cover

རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

གླེགས་བམ། ཟ༽

ངག་དབང་བློ་བཟང་རྒྱ་མཚོ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་གསུང་འབུམ་པོད་ནང་མ་ཀ་པའི་དཀར་ཆག


GLG022_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་གསུང་འབུམ་པོད་ནང་མ་ཀ་པའི་དཀར་ཆག་བཞུགས་སོ།


GLG022_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

༧རྒྱལ་དབང་ཐམས་ཅད་མཁྱེན་པ་ཕྱར་ན་པདྨོ་ཀུན་གཟིགས་ལྔ་པ་ཆེན་པོའི་གསུང་འབུམ་ནང་མ་པོད་༼ཀ༽པར་བཀའ་བརྒྱད་བདེ་གཤེགས་འདུས་པའི་ལས་བྱང་ཁྲག་འཐུང་རོལ་པའི་གད་རྒྱངས་ལ་ཤོག་གྲངས། ༢༢ གཏེར་ཁ་གོང་མའི་དྲག་པོ་བདེ་འདུས་ཀྱི་བསྙེན་ཡིག་མེ་རླུང་འཁྲུགས་པའི་ཚ་ངར་ལ་ཤོག་གྲངས། ༧ བཀའ་བརྒྱད་གསང་རྫོགས་ཀྱི་ལས་བྱང་ལྷན་ཐབས་དགོས་པ་ཀུན་འབྱུང་ལ་ཤོག་གྲངས། ༡༥ ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་གྲུབ་ཆེན་གྱི་རེ་གཟིགས་འཁྲུལ་བྲལ་མཐོང་བའི་རེ་སྐོང་ལ་ཤོག་གྲངས། ༡༡ ཉང་ལུགས་དྲག་པོ་བདེ་གཤེགས་འདུས་པའི་རྒྱུན་འཁྱེར་རིག་འཛིན་བརྒྱུད་པའི་ཞལ་ལུང་ལ་ཤོག་གྲངས། ༤ གསང་རྫོགས་སྒྲུབ་ཆེན་དང་སྨན་སྒྲུབ་གྱི་ཟིན་བྲིས་གངྒཱའི་ཆུ་རྒྱུལ་ལ་ཤོག་གྲངས། ༥ བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལས་བྱང་


GLG022_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བཀླག་ཆོག་དགོས་པ་ཀུན་ཚང་ལ་ཤོག་གྲངས། ༢༩ བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དབང་བསྐུར་དུས་སྒྲིབ་འབུམ་དང་དབང་འབུམ་བསྡེབས་ནས་ཆུ་བབས་སུ་བཀོད་པ་ཡོངས་འདུའི་འཁྲི་ཤིང་ལ་ཤོག་གྲངས། ༩༢ བཀའ་བརྒྱད་བདེ་འདུས་ཀྱི་དབང་དང་ཁྲོ་རོལ་གྱི་ཟིན་བྲིས་ཀུན་བཟང་དགོངས་པའི་རོལ་མཚོ་ལ་ཤོག་གྲངས། ༩ བཀའ་བརྒྱད་ཡོངས་རྫོགས་ཀྱི་ལས་གཞུང་གི་བྱང་བུ་ལ་ཤོག་གྲངས། ༡༢ བཀའ་བརྒྱད་ཡོངས་རྫོགས་ཀྱི་ཞི་བའི་སྦྱིན་སྲེག་རིག་འཛིན་ཀུནྡའི་འདོད་འཇོ་ལ་ཤོག་གྲངས། ༡༡ བཀའ་བརྒྱད་གསང་རྫོགས་ཀྱི་བྲིས་ཐང་འབྲི་བའི་གསལ་བྱེད་གསང་གསུམ་མི་ཟད་དཀྱིལ་འཁོར་ལ་ཤོག་གྲངས། ༧ སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་ཡང་དག་ཟླ་གམ་དགུ་པའི་འཕྲིན་ལས་ཀྱི་རིམ་པ་རྒྱུད་དོན་སྣང་འབྱེད་ལ་ཤོག་གྲངས། ༣༦ སངས་རྒྱས་ཐམས་ཅད་དང་


GLG022_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་སྦྱོར་བ་དཔལ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་གྱི་ཆོ་ག་ཧཱུྃ་མཛད་ཞལ་ལུན་ལ་ཤོག་གྲངས། ༥༨ བྱུང་གཏེར་ཐུགས་སྒྲུབ་འབྲིང་པོའི་འཕྲིན་ལས་རིན་ཆེན་ཕྲེང་བར་ཤོག་གྲངས། ༡༦ ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལས་བྱང་དངོས་གྲུབ་ཡོངས་འདུའི་གཏེར་མཛོད་ལ་ཤོག་གྲངས། ༡༡ ཐུགས་སྒྲུབ་ཡི་ལས་བྱང་ནོར་བུའི་ཅོད་པན་ལ་ཤོག་གྲངས། ༡༡ རིག་འཛིན་གདུང་སྒྲུག་ཀྱི་འཕྲིན་ལས་བཀླག་ཆོག་མཐོང་བ་དོན་ལྡན་དུ་བཀོད་པ་ལ་ཤོག་གྲངས། ༢༠ དྲང་སྲོང་དྲི་མེད་ཞི་ཁྲོའི་རིག་གཏག་ཀྱི་ཆོག་སྒྲིག་ཐུགས་ཐིགས་སྙིང་བུམ་གཡས་འཁྲིལ་ལ་ཤོག་གྲངས། ༧ གཞུང་ཆེན་བདེ་གཤེགས་འདུས་པའི་སྙིང་པོའི་དོན་ཀུན་ཚང་བར་འདུས་པའི་ཐུགས་སྒྲུབ་ཐོག་མདའི་ཚ་དབལ་ལ་ཤོག་གྲངས། འཆི་བདག་ཟློག་བྱེད་ཀྱི་གྱེར་གཞུང་འཆི་བདག་གཡུལ་ལས་རྒྱལ་བའི་རུ་མཚོན་ལ་ཤོག་གྲངས། ༩ ཞིང་སྐྱོང་སེངྒེ་གདོང་ཅན་གྱི་ལས་བྱང་གནམ་ལྕགས་སྤུ་གྲི་ལ་ཤོག་གྲངས། ༦ ལྷ་མཆོག་འབར་བ་རྩལ་གྱི་འཕྲིན་ལས་བརྒྱ་ཕྲག་ཉི་དངོས་འཛིན་པའི་སྣང་གསལ་ལ་ཤོག་གྲངས། ༢༥ ལྷ་ཆེན་རྡོ་རྗེ་འབར་བ་རྩལ་གྱི་སྲོག་གཏད་ཀྱི་རྗེས་གནང་མུ་ཐི་ལའི་ཕྲེང་བ་ལ་ཤོག་གྲངས། ༦ རྡོ་རྗེ་འབར་བ་རྩལ་གྱི་བསྙེན་སྒྲུབ་བསྐང་མདོས་ཀྱི་ལག་ལེན་དྲན་པའི་གསལ་འདེབས་ལ་ཤོག་གྲངས། ༦ རྡོ་རྗེ་འབར་བ་རྩལ་གྱི་རྟེན་མདོས་བསྐང་མདོས་


GLG022_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་མདོས་ཀྱི་རིམ་པ་རྒྱ་འབག་མིག་གི་རྣམ་འཕྲུལ་ལ་ཤོག་གྲངས། ༡༦ ཁྱོན་བསྡོམས་ཤོག་གྲངས། ༤༥༦

བཀའ་བརྒྱད་བདེ་གཤེགས་འདུས་པའི་ལས་བྱང་ཁྲག་འཐུང་རོལ་བའི་གད་བརྒྱངས།


GLG022_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་བདེ་གཤེགས་འདུས་པའི་ལས་བྱང་ཁྲག་འཐུང་རོལ་བའི་གད་བརྒྱངས་བཞུགས་སོ། །


GLG022_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤནྟཤྩ་ཀྲོ་དྷཱ་ནཱཾ་དེ་ཝ་ས་མཱ་ཛ་སྱ་ཙཀྲཱ་ཡ། ཆོས་སྐུ་གདོད་ནས་འདུ་མ་བྱས་པ་ཀ་ནས་ཡོངས་དག་རིག་རྩལ་གདངས། །འགག་མེད་རྣམ་དག་མཁའ་དབྱིངས་ངོས་སུ་ཞི་ཁྲོའི་དཀྱིལ་འཁོར་ལོངས་སྤྱོད་རྫོགས། །གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་གར་མཁན་བདེ་བཤེགས་ཀུན་འདུས་བཀའ་བརྒྱད་ལྷ། །སྤྲོ་དང་སྡུད་མཛད་རིགས་བརྒྱའི་ཁྱབ་བདག་པདྨ་ཐོད་འཕྲེང་གཏན་གྱི་སྐྱབས། །ཆེ་མཆོག་བདུད་རྩིའི་བཀའ་བབས་གཉགས་བན་རྗེ། །གདུལ་དཀའི་འགྲོ་ལ་རྗེས་ཆགས་གཤེས་གཉེན་ཚུལ། །ཟུར་ཆེན་ཆོས་དབྱིངས་རང་གྲོལ་ཐམས་ཅད་མཁྱེན། །རྩ་བའི་བླ་མ་སྙིང་དབུས་པད་མཚོར་བཞུགས། །བག་ཡོད་ཞིག་པོར་མཚར་འཛིན་ཕག་རྒོད་ཁྱུ། །རིགས་མཐུན་རྨོངས་པའི་ནགས་སུ་རྒྱུ་མིན་པར། །ཆོས་ཀྱི་རྒྱལ་པོ་མངའ་བདག་ཉང་རལ་གཏེར། །ཐོས་བསམ་སྒོམ་པ་བསོད་ནམས་ཟོང་གི་བསྒྲུབས། །སྒྲུབ་ཆེན་སྐབས་ཀྱི་དུས་བཞིར་གྱེར་བ་དང་། ཁྲོ་བོ་རོལ་པ་སོགས་ལ་ཉེར་མཁོ་བ། །ལས་བྱང་གཏེར་བྱུང་དགོངས་དོན་མ་འཆུགས་པར། །ཚིག་ཉུང་དོན་རྒྱས་བློ་གསལ་མགུལ་པའི་རྒྱན། ཁོ་བོའི་བློ་གྲོས་ཕྲ་ཡང་བརྒྱུད་ལྡན་གྱི། །གསུང་འཕྲོས་ཅུང་ཟད་ཟིན་ཕྱིར་འདྲི་བ་ལ། །འབར་མ་སྡེ་དཔོན་སུམ་ཅུ་གཏེར་(༢ན)


GLG022_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་སོགས། །དམ་ཅན་རྒྱ་མཚོ་དགྱེས་མགུར་གནང་བ་སྩོལ། །ལས་བྱང་འབྲིང་པོའི་དོན་བསྡུས་སྦྱོར་དངོས་རྗེས། །སྦྱོར་བ་སྐྱབས་སེམས་ཚོགས་བསག་རྡོར་བཟླས་དང་། །མཚམས་གཅོད་བརྡ་སྒོ་བརྡ་ཕྱག་བཤགས་དམ་བཅའ། །དབབ་བརླབ་རིམ་པའི་དང་པོ་སྐྱབས་འགྲོ་ནི། །བདག་དང་ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས། །དེང་ནས་ཀུན་བཟང་རང་ངོ་མ་འཕྲོད་བར། །རྒྱལ་བ་དགོངས་རྒྱུད་རིགས་འཛིན་བརྡ་བརྒྱུད་དང་། །གང་ཟག་སྙན་བརྒྱུད་སྨོན་ལམ་དབང་བསྐུར་བརྒྱུད། །གཏད་རྒྱ་ལུང་བསྟན་ལས་འཕྲོ་གཏེར་གྱི་བརྒྱུད། །ཤོག་སེར་ཚིག་གི་བརྒྱུད་པ་ལ་སོགས་པའི། །དངོས་དང་བརྒྱུད་པའི་བླ་མ་མ་ལུས་པ། །བྱིན་རླབས་རྩ་བར་ངེས་པས་སྐྱབས་སུ་མཆི། །ཞི་བ་བཞི་བཅུ་གཤིན་རྗེ་དབང་ཆེན་དང་། །ཡང་དག་ཆེ་མཆོག་ཕུར་པ་མངོན་རྫོགས་རྒྱལ། །དྲེགས་འདུལ་སྟོབས་ལྡན་ཡི་དམ་ཞི་ཁྲོའི་ཚོགས། །དངོས་གྲུབ་རྩ་བར་ངེས་ནས་སྐྱབས་སུ་མཆི། །གནས་གསུམ་དཔའ་བོ་མཁའ་འགྲོ་མ་ལུས་དང་། །འབར་མ་ཆེན་མོ་དྲེགས་པའི་སྡེ་དཔོན་སོགས། །ཆོས་སྐྱོང་གཏེར་བདག་དམ་ཅན་རྒྱ་མཚོ་རྣམས། །བར་ཆད་སེལ་བར་ངེས་ནས་སྐྱབས་སུ་མཆི། །མདོར་ན་བསྐྱབ་(༢བ)


GLG022_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྐྱབ་བྱེད་མ་ལུས་པ། །རང་བྱུང་རང་ཤར་རིག་པའི་རང་རྩལ་ཏེ། །གནས་ལུགས་རང་ངོ་ཤེས་པའི་ངང་ཉིད་ནས། །དཀོན་མཆོག་རྩ་བ་གསུམ་ལ་སྐྱབས་སུ་མཆི། །གཉིས་པ་གཞན་དོན་བྱང་ཆུབ་སེམས་བསྐྱེད་པ། །ཡེ་ནས་ཆོས་སྐུ་རང་རིག་ཀུན་དུ་བཟང་། །རང་ངོ་མ་འཕྲོད་འཁོར་འཕྱན་འགྲོ་བ་རྣམས། །རྐང་འཁྱམས་རྒྱལ་བུ་རྒྱལ་སར་འདོན་པ་ལྟར། །རང་ངོ་སྤྲོད་ཕྱིར་བྱང་ཆུབ་སེམས་བསྐྱེད་དོ། །གསུམ་པ་བསོད་ནམས་ཚོགས་ཆེན་སྤེལ་བ་ནི། །རང་ཉིད་དཔལ་ཆེན་ཞལ་གཅིག་ཕྱག་གཉིས་པར། །གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །བླ་མ་སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་རྣམས། །འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་ཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་སྟོན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱི་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་བའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་གྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམ་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་བ་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །བཞི་པ་སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་ནི། །རང་ཉིད་ཐ་མལ་གནས་པའི་སྤྱི་བོ་རུ། །པད་ཟླའི་གདན་ལ་ཧཱུཾ་དཀར་ལས་བྱུང་བའི། །རྡོ་རྗེ་སེམས་དཔའ་ཡུམ་དང་མཉམ་སྦྱོར་བ། །རྡོ་རྗེ་དྲིལ་འཛིན་རིན་ཆེན་རུས་པའི་རྒྱན། །(༣ན)


GLG022_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དར་ཟབ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུས་མཛེས། །ཐུགས་གར་ཟླ་སྟེང་ཧཱུཾ་དཀར་ཡིག་བརྒྱས་བསྐོར། །དེ་ལས་བདུད་རྩི་མུ་ཏིག་ཕྲེང་ལྟ་བུ། །སྦྱོར་མཚམས་ནས་བབས་སྤྱི་གཙུག་ལམ་བརྒྱུད་དེ། །རྐང་མཐིལ་འོག་ནས་འཐོན་ན་སྔོན་བསགས་ཀྱི། །སྡིག་ལྟུང་ནད་གདོན་ཉེས་ཚོགས་མ་ལུས་པ། །དུད་སོལ་ཁུ་བ་རྣག་ཁྲག་སྲོག་ཆགས་ཀྱི། །རྣམ་པ་ཀུན་བཀྲུས་དྭངས་ཤེལ་ལྟ་བུར་གྱུར། །ཧེ་རུ་ཀའི་ཡི་གེ་བརྒྱ་པ་ཅི་ནུས་བཟླས་པའི་མཐར། །མགོན་པོ་བདག་གི་སྡིག་སྒྲིབ་མ་ལུས་པ། །དག་པ་ཐུགས་རྗེ་བསྐུལ་བའི་གདུང་ཤུགས་ཀྱིས། །ཡབ་ཡུམ་འོད་ཞུ་སྤྱི་གཙུག་ནས་ཐིམ་པའི། །དབྱེར་མེད་ངོ་བོ་གཅིག་ཏུ་ས་མཱ་དྷི། །ལྔ་པ་མཚམས་གཅོད་སྔོན་འགྲོར་ང་རྒྱལ་བཟུང་། །བཀའ་བསྒོ་དངོས་བསྟན་གསུམ་གྱི་དང་པོ་ནི། །སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་ཉི་ཟླའི་སྟེང་རང་སེམས་ཧཱུཾ་ཡིག་མཐིང་ནག་ཡོངས་གྱུར་ལས། །ཞེ་སྡང་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་རྩ་ཞལ་སྐུ་མདོག་ནག །གཡས་གསུམ་རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་། །གཡོན་གསུམ་ཐོད་ཁྲག་ལྕགས་སྒྲོག་དྲིལ་བུ་འཛིན། །དུར་ཁྲོད་ཆས་བརྒྱད་རུས་པ་སྦྲུལ་གྱི་བརྒྱན། ཁྲོ་གཏུམ་འཇིགས་རུང་བཟོད་དཀའི་དྲག་ཤུལ་ཅན། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་ཚུལ་གྱིས་འགྱིང་། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས། །གཉིས་པ་བགེགས་གཏོར་གཏོང་ཞིང་བཀའ་བགོ་བ། །ཧཱུཾཿ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡི། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །དེ་བས་རང་རང་གནས་སུ་དེངས། །ཧཱུཾ། བཞིའི་(༣བ)


GLG022_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུཾ་ཞེས་ཟླ་ཞིང་རོལ་མོ་དང་ཐུན་བྲབ་ཀྱི་ཚ་རྔམ་བྱ། གསུམ་པར་ཕྱི་ནང་གསང་ལས་དང་པོ་ནི། །རྒྱས་པར་སྒྲུབ་ཆེན་གཞུང་བཞིན་འཁྱེར་བདེ་བ། །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །རྒྱལ་ཆེན་སྡེ་བཞི་བཙུན་མོ་སྲས་བློན་སོགས། །གྲངས་མེད་འཁོར་ཚོགས་མཐའ་དག་འདིར་བྱོན་ནས། །དགྱེས་པའི་གདན་ལ་བརྟེན་པར་བཞུགས་སུ་གསོལ། །ཨཱོཾ་དྷྀ་ཊ་ར་ཥྚ། བི་རུ་ཌྷ་ཀ །བི་རུ་པ་ཀྵ། །བཻ་ཤྲ་ཝ་ཎ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་གོང་གི་སྔགས་གཤམ་དུ། ཨི་དཾ་བྷ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་ལན་གསུམ་གྱིས་ཕུལ། བདག་སོགས་འཕྲིན་ལས་རྣམ་བཞི་བསྒྲུབ་པ་ལ། །ཕྱི་ཡི་བར་ཆད་ནང་དུ་མི་གཏོང་ཞིང་། །ནང་གི་དངོས་གྲུབ་ཕྱི་རུ་མི་འཆོར་བའི། །སྲུང་བ་མཚམས་ཀྱི་ཕྲིན་ལས་མཛད་དུ་གསོལ། །གཉིས་པར་ལྔ་ལས་དང་པོ་ལྟ་སྟངས་མཚམས། །ཧཱུཾ། བདག་ཉིད་ལས་ཀྱི་ཧེ་རུ་ཀཿ། །རྔམ་བརྗིད་ཁྲོས་པ་རབ་བསྒོམ་ཏེ། །སྤྱན་མིག་གཡས་གཡོན་ཉི་ཟླར་བསྐྱེད། །རྡོ་རྗེའི་འགྲོས་ཀྱི་རབ་བསྐོར་ཞིང་། ཁྲོ་བོའི་སྡང་མིག་རབ་ཏུ་བལྟ། །འགྱིང་བག་ཚུལ་དུ་རབ་ཏུ་བརྗིད། །ཞལ་ནས་ཧཱུཾ་ཕཌ་འབྲུག་སྒྲ་སྒྲོག །སྤྱན་ལས་འཕྲོས་པའི་འོད་ཟེར་གྱིས། །བར་ཆད་བགེགས་དཔུང་སྲེག་པར་བྱེད། །ཨཱོཾ་སཱུ་ཪྻ་ཙནྡྲ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཌ། །གཉིས་པ་སྲུང་བ་འཁོར་ལོའི་མཚམས་གཅོད་ནི། ཧཱུཾ། བདག་ཉིད་དཔལ་གྱི་ཐུགས་ཀ་ནས། ཁྲོ་རྒྱལ་ཊཱཀྐི་རཱ་ཛ་འཕྲོས། །དམར་སྐྱ་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་ཐོ་བ་ལྕགས་ཀྱུ་ཐོགས། །འཕྲོས་པ་ཕྱོགས་བཅུར་རབ་འཕྲོས་པས། །ཆོས་སྐྱོང་བཅུ་པོ་བཀུག་ནས་ནི། །ཕྱོགས་བཅུ་ཀུན་ཏུ་གདན་དུ་(༤ན)


GLG022_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

གཏིང་། །ཕོ་མོ་གན་རྒྱལ་ཁ་བུབ་བསྣོལ། །ཧཱུཾ་བཞིའི་སྔགས་མཐར། །ཨཱོཾ་ཨིནྡྲཱ་ཡ། ཨགྣ་ཡེ། ཡ་མཱ་ཡ། ནཻ་རི་ཏྱཻ། ཝ་རུ་ཎཱ་ཡ། ཝ་ཡ་ཝེ། །ཀུ་བེ་རཱ་ཡ། ཨཱི་ཤ་ནཱ་ཡ། སཱུཪྻ་ཙནྡྲ་པྲ་ཏི་བྷྱ་ཏིར་བཾ་ཛཿཧཱུཾ་བཾ་ཧོཿ ཧཱུཾ། བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །ཕྱོགས་སྐྱོང་བཅུ་ཡི་གདན་སྟེང་དུ། །འབར་བའི་ཧཱུཾ་བཅུ་འཕྲོས་པ་ལས། །འཕྲོས་འདུས་ཁྲོ་བོ་བཅུ་རུ་གྱུར། །ཧཱུཾ་ཀར་རྣམ་རྒྱལ་དབྱུག་སྔོན་རྒྱལ། །གཤིན་རྗེ་མི་གཡོ་རྟ་འགྲིན་རྒྱལ། །འདོད་རྒྱལ་བདུད་རྩིི་ཁམས་གསུམ་རྒྱལ། །སྟོབས་པོ་ཆེ་རྣམས་རིམ་བཞིན་བསྒོམ། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །སྐུ་མདོག་ཁྲོ་ཚུལ་མཚོན་ཆ་འཛིན། །དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན། །སྐུ་སྨད་ལྕགས་ཕུར་ཟུར་གསུམ་འབར། །ཕྱོགས་སྐྱོང་བཅུ་ཡི་སྙིང་གར་བཏབ། །མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །སྤྲུལ་པ་ཡང་སྤྲུལ་གྲངས་ལས་འདས། །བར་ཆད་བགེགས་དཔུང་མ་ལུས་པ། །རྡུལ་ཕྲན་བཞིན་དུ་བརླག་པར་བྱ། །ཨཱོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ་བར་ཆད་འབྱུང་པོ་གྷ་རྫ་གྷ་རྫ་ཧཱུཾ་ཕཊ། །ཨཱོཾ་བཛྲ་ཀྲོ་དྷ་བི་ཛ་ཡེ་ཧཱུཾབར་ཆད་འབྱུང་པོ་ཧ་ན་ཧ་ན་ཧཱུཾ་ཕཊ། །ཨཱོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་བར་ཆད་འབྱུང་པོ་ད་ཧ་ད་ཧ་ཧཱུཾ་ཕཌ། །ཨཱོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། །བར་ཆད་འབྱུང་པོ་པ་ཙ་པ་ཙ་ཧཱུཾ་ཕཊ། །ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལམ་ཧཱུཾ། །བར་ཆད་འབྱུང་པོ་བནྡྷ་བནྡྷ་ཧཱུཾཕཊ། །ཨོཾབཛྲ་ཀྲོ་དྷ་ཧ་ཡ་གྷྲཱིི་ཝ་ཧཱུཾ་ཕཊ། བར་ཆད་འབྱུང་པོ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཙིཏྟ་ཧཱུཾ། བར་ཆད་འབྱུང་པོ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། བར་ཆད་འབྱུང་པོ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོདྷ་ཏྲཻ་ལོ་ཀྱ་བི་ཛ་ཡེ་ཧཱུཾ། བར་ཆད་འབྱུང་པོ་བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོདྷ་མཧཱ་བ་ལ་ཧཱུཾ། (༤བ)


GLG022_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་འབྱུང་པོ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། གསུམ་པ་སྲེག་པར་བྱེད་པ་མེ་ཡི་མཚམས། །ཧཱུཾ། བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །ཡེ་ཤེས་ལྔ་ཡི་མེ་འབར་བས། །སྟོང་གསུམ་ཕྱོགས་བཅུའི་འཇིག་རྟེན་ཀུན། །བསྐལ་པའི་མེ་དཔུང་ཆེན་པོ་བཞིན། །འུར་འུར་ཆེམ་ཆེམ་རབ་ཏུ་འབར། །རྡོ་རྗེའི་ཚ་ཚ་ཞུགས་སུ་འཕྲོ། །སྲིད་པ་གསུམ་ཡང་སྲེག་བྱེད་ན། །བར་གཅོད་བདུད་རྣམས་སྨོས་ཅི་དགོས། །ཨཱོཾ་བཛྲ་ཛྭ་ལ་རཾ་རཾ་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ། །བཞི་པ་མཚོན་ཆ་འཆོལ་བའི་མཚམས་གཅོད་པ། །ཧཱུཾ། ཐུགས་ལས་ཨཱོཾ་ཧཱུཾ་ཕཊ་ཨེ་ཛ༔། སྤྲོས་པའི་རྡོ་རྗེ་འཁོར་ལོ་དང་། །ཕུར་བུ་ཐོ་བ་རལ་གྲིར་གྱུར། །སྟེང་ཡང་མཚོན་ཆའི་བླ་བྲེ་ལ། །མཚོན་ཆའི་ཐོག་དང་སེར་ཆེན་འབེབས། །འོག་ཀྱང་མཚོན་ཆའི་ས་གཞི་ལ། །མཚོན་ཆའི་འཕྲོ་འདུ་མེ་ལྟར་འབར། །ཕྱོགས་མཚམས་མཚོན་ཆས་གཏམས་པ་ལ། །མཚོན་ཆའི་ཚ་ཚ་སྐར་ལྟར་འཕྲོ། །མཚོན་ཆ་རྣམ་ལྔས་མཚམས་བཅད་པས། །བར་གཅོད་བདུད་དཔུང་བརླག་པར་བྱ། །ཨོཾ་བཛྲ་ཙ་ཀྲ་ཀཱི་ལཱ་ཡ་མུངྒ་ར་ཨ་ཀོ་ཊ་ཡ་ཏིཀྵྞ་ཧཱུཾ་ཕཊ། །ལྔ་པ་ཁྲོ་བོ་རོལ་པའི་མཚམས་གཅོད་ནི། ཧཱུཾ། མི་བཟད་ཁྲོ་གཏུམ་རྔམ་པའི་ཚོགས། ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་། ཁྲོ་མོའི་སྤྲུལ་པས་ས་གཞི་གང་། །བར་སྣང་ཁྲོ་ཆུང་སྤྲུལ་པས་ཁྱབ། །ཕོ་ཉ་ལས་བྱེད་དུ་མར་བཅས། །ཕྱོགས་བཅུ་ཀུན་ཏུ་རབ་ཏུ་གཏམས། །ཨཱོཾ་ལོ་ཀ་སརྦ་མཧཱ་ཀྲོདྷ་ཡ་མཱནྟ་ཀ་པདྨཱནྟ་ཀྲྀཏ་ཀརྨ་ཀྲོདྷ་མ་མ་རུ་ལུ་སརྦ་དུཥྚཾ་ཧཱུཾ་ཕཊ། །གོང་གི་གསུམ་པ་གསང་བའི་མཚམས་གཅོད་ནི། ཧཱུཾ། མ་བཅོས་ཐིག་ལེ་ཀློང་ཡངས་ནས། །འཁོར་འདས་ཆོས་རྣམས་མ་ལུས་པ། །སེམས་ཉིད་བདེ་ཆེན་དག་པའི་ཀློང་། །དེ་ལྟར་གསལ་བར་རབ་རྟོག་ནས། །བགེགས་ཞེས་བྱ་བའི་མིང་ཡང་མེད། །མཚམས་(༥ན)


GLG022_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ས་མ་ཡ་ཨ། དྲུག་པ་ཡེ་ཤེས་བརྡ་ཡི་སྒོ་དབྱེ་བ། ཧཱུཾ། སྣང་སྲིད་འཁོར་འདས་གདོད་མ་ནས། །རྣམ་དག་ལྷུན་གྲུབ་རྒྱལ་བའི་ཞིང་། །མ་རྟོགས་གཉིས་འཛིན་སྒྲིབ་གཡོགས་སྒོ། །རང་རིག་བརྡ་ཡིས་དབྱེ་བར་བྱ། །བྷྲཱུཾ་པྲ་ཝེ་ཤ་ཡ་ཕཊ། བདུན་པ་ཡེ་ཤེས་བརྡ་ཕྱག་འཚལ་བ་ནི། ཧཱུཾ། ཁམས་གསུམ་ཡེ་ནས་རང་བྱུང་བའི། །བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་ཉིད། །བརྡ་དང་གར་གྱིས་མཚོན་ནས་ཀྱང་། །གཉིས་སུ་མེད་པར་ཕྱག་བགྱིའོ། །ཨ་ལ་ལ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏཱཙྪི་ཧོཿ བརྒྱད་པ་སྡིག་ལྟུང་ཉེས་ཚོགས་གཤགས་པ་ནི། ཧཱུཾ། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོ་དང་། །ཕྱི་ནང་ཌཱ་ཀྐི་དམ་ཅན་མ་ལུས་པ། །རང་སྣང་དག་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །རིག་འཛིན་སྒྲུབ་མཆོག་བདག་ལ་དགོངས་སུ་གསོལ། །རྣལ་འབྱོར་བདག་ཅག་མ་རིག་དབང་གྱུར་ནས། །ཐེག་མཆོག་གསང་བའི་ལྟ་སྤྱོད་དུ་མ་རྣམས། །གཞུང་བཞིན་མ་རྟོགས་དང་དུ་མ་བླང་པས་། །ཉམས་ཆག་འགལ་འཁྲུལ་གྱུར་བ་ཅི་མཆིས་པ། །སེམས་ཉིད་གནས་ལུགས་ངང་དུ་གཉིས་མེད་ཀྱང་། །ཀུན་རྫོབ་སྒྱུ་མ་ཙམ་གྱི་རོལ་པ་ལས། །རང་སྣང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དམ་པ་ཞེས་ནས་ཀྱང་། །སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ་བ་དང་། །སྐུ་ལྔ་ཡེ་ཤེས་ལྔ་ཡི་འབྲས་བུ་མཆོག །འབད་རྩོལ་མེད་པར་དུས་འདིར་འགྲུབ་པར་མཛོད། །དགུ་པ་སྲོག་ཕྱིར་མི་གཏོང་དམ་བཅའ་ནི། །ཧོཿ ཁམས་གསུམ་སེམས་ཅན་མ་ལུས་པ། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །ལོག་རྟོགས་དབང་གི་འཁོར་བར་འཁྱམས། །སྙིང་རྗེའི་ཡུལ་དུ་གྱུར་པ་རྣམས། །སངས་རྒྱས་(༥བ)


GLG022_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་འགོད་བྱའི་ཕྱིར། །སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས། །སྔོན་ནས་བདག་གི་ཡི་དམ་ལྷ། །ད་ལྟ་བདག་དང་གཉིས་སུ་མེད། །སྲོག་གི་ཕྱིར་ཡང་མི་སྤོང་ཞིང་། །རྩེ་གཅིག་ཡིད་ཀྱིས་བསྒྲུབ་པར་བྱ། །ཨ་ལ་ལ་ཧོཿ ས་མ་ཡ་བྷོ་དྷི་ཙིཏྟ་ཨཿ བཅུ་པ་བདག་རྟེན་རྫས་ལ་བྱིན་དབབ་པ། ཧཱུཾ། དུས་གསུམ་བདེ་གཤེགས་རྒྱལ་བ་རྣམས། །ཆོས་སྐུ་སྐྱེ་བ་མེད་པ་ལས། །གཟུགས་སྐུ་འགྲོ་བའི་དོན་མཛད་ཕྱིར། །གཉིས་མེད་དབྱིངས་ནས་སྐུ་བཞེངས་ལ། །རྣལ་འབྱོར་རིག་འཛིན་སྒྲུབ་པ་པོ། །དངོས་གྲུབ་མ་ལུས་ཐོབ་བྱའི་ཕྱིར། །ལྷ་དང་རིག་འཛིན་སྲུང་མའི་ཚོགས། །སྤྲུལ་པ་འཁོར་དང་བཅས་པ་རྣམས། །མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་། །དངོས་གྲུབ་མ་ལུས་ཆར་ལྟར་ཕོབ། །དབང་ཆོག་མ་ལུས་བདག་ལ་བསྐུར། །སྐུ་ཡི་གར་སྟབས་གློག་ལྟར་འཁྱུག །གསུང་གི་ང་རོ་འབྲུག་ལྟར་སྒྲོགས། །ཐུགས་ཀྱི་བརྩེ་བས་བདག་ལ་དགོངས། །དཀྱིལ་འཁོར་འདི་ལ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་ཞིག་བསྐུར། །སྒྲུབ་རྫས་འདི་ལ་བྱིན་ཕོབ་ལ། །གཞལ་ཡས་འདི་ལ་བརྟན་པར་བཞུགས། །མཐུ་དང་རྩལ་གྱི་ནུས་པ་ཐོན། །རྟགས་དང་མཚན་མ་བསྟན་དུ་གསོལ། །ཐུགས་དམ་གཉེན་པོའི་དུས་ལ་བབ། །ས་མ་ཡ་ཨ་ཝེ་ཤ་ཡ་ཧཱུཾ་ཧཱུཾ། །བཅུ་གཅིག་སྨན་རཀ་མཆོད་གཏོར་བརླབ་པ་ལ། །ནང་གསེས་བདུན་ལས་དང་པོ་ཕྱི་མཆོད་ནི། མཆོད་པའི་རྫས་ཀྱི་མ་དག་སྐྱོན་རྣམས་ཀུན། །ཐུགས་ཀའི་ཧཱུཾ་ལས་རཾ་བྱུང་མེ་ཡི་བསྲེགས། །ཡཾ་ལས་རླུང་གིས་གཏོར་ཞིང་ཁཾ་ཡིག་གི །ཆུས་བཀྲུས་མི་དམིགས་སྟོང་པའི་ངང་ཉིད་ལས། །ཨ་ལས་བྷནྡྷ་འབར་བའི་སྣོད་རྣམས་སུ། །ཧཱུཾ་ལས་ཆུ་གཉིས་ཉེར་སྤྱོད་རོལ་མོ་བཅས། །དབང་པོའི་ཡུལ་དུ་ཟག་མེད་བདེ་སྟེར་བ། །ནམ་མཁའ་(༦ན)


GLG022_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཀྱི་སྒོ་འཕར་ཕྱེ་བར་གྱུར། །ཨཱོཾ་བཛྲ་ཨརྒྷཾ་ནས་ཤབྟའི་བར་བརྗོད། གཉིས་པ་བདུད་རྩི་སྨན་ཕུད་བརླབ་པ་ནི། ཡཾ་རཾ་ཀཾ་ལས་རླུང་མེ་ཐོད་སྐམ་གྱི། །སྒྱེད་བུའི་སྟེང་དུ་མ་ལས་ཐོད་པའི་ནང་། །གསེར་འཁོར་རྩིབས་བརྒྱད་སྟེང་དུ་ཉི་མ་ལ། །གྷོ་ཏ་ཀུ་ད་ཧ་ན་ལས་ཤ་ལྔ་དང་། །བི་ནུ་མ་ར་ཤུ་ལས་བདུད་རྩི་ལྔ། །དབྱངས་གསལ་གྱིས་མཚན་ཟླ་དཀྱིལ་ཁ་གཅོད་ཀྱི། །ལྟེ་བར་སྣ་ཚོགས་རྡོ་རྗེའི་ཁོང་སེང་དུ། །འབྲུ་གསུམ་གྱིས་མཚན་རླུང་གི་མེ་སྦར་ཏེ། །རྫས་འཁོལ་རླངས་པ་ཟླ་ཕྱེད་རྡོ་རྗེར་འཕོག །འོད་འཕྲོས་ཞི་ཁྲོ་རབ་འབྱམས་ཐུགས་རྒྱུད་བསྐུལ། །སླར་བཀུག་དམ་ཚིག་བདུད་རྩི་ལ་འདུས་པས། །ཨཱོཾ་ཨཱཿཧཱུཾ་སྭཱཧཱ་ལས་ཕྱག་མཚན་ལྔ། །དེ་ཡིས་ཡུ་བ་བྱས་པའི་དྲིལ་བཅས་གྱུར། །ཧཱུཾ་བཛྲ་དྷྲྀཀ །མཱུཾ་དྷཱ་ཏྭཱི་ཤྭ་རཱི། ཨཱོཾ་ཛི་ན་ཛི་ཀ །ལཱཾ་དེ་ཥ་ར་ཏི། སྭཱ་རཏྣ་དྷྲྀ་ཀ །མཱཾ་མོ་ཧ་ར་ཏི། ཨཱོཾ་ཨ་རོ་ལི་ཀ །པཱཾ་ར་ག་ར་ཏི། ཧཱ་པྲ་ཛྙཱ་དྷྲྀ་ཀ །ཏཱཾ་བཛྲ་ར་ཏི། བརྗོད་པས་རིགས་ལྔ་ཡབ་ཡུམ་མཉམ་སྦྱོར་གྱུར། ཨཱོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋ། ཞེས་པའི་སྒྲས་བསྐུལ་ཡབ་ཡུམ་སྙོམ་ཞུགས་པའི། །བདེ་བའི་འོད་ཀྱིས་སྲས་བཅས་སངས་རྒྱས་མཆོད། །འོད་ཞུ་ཞལ་དུ་ཞུགས་པའི་བྱང་ཆུབ་སེམས། །སྐུ་ཡི་དབྱིབས་བརྒྱུད་མཁའ་གསང་ནས་བབས་པ། །དམ་ཚིག་རྫས་དང་དབྱེར་མེད་བདུད་རྩིར་འཁྱིལ། །མཐེབ་སྲིན་སྦྱར་བས་རྡོ་རྗེའི་ལྟེ་བ་རུ། །ཧྲཱིཿམ་ལས་བྱུང་རྟ་མགྲིན་ཡབ་ཡུམ་གྱི། །གཙུག་ནས་བདུད་རྩི་ཀུན་འདུས་སྦྱོར་མཚམས་ནས། །བབས་པའི་ཐོད་པའི་ནང་ཀུན་བདུད་རྩི་ཡིས། །གང་བས་མུ་ཏིག་ཕྲེང་བ་ལྟ་བུར་གྱུར། །བདུད་རྩིའི་སྔགས་བདུན་བརྗོད་རྗེས་རཀྟ་ནི། །ཨོཾ་པདྨ་བྷ་ཝ་མཎྜལ་བྷྲུཾ། བརྗོད་པས་ཡུམ་གྱི་མཁའ་དབྱིངས་གྲུ་གསུམ་ནང་། །མ་(༦བ)


GLG022_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཉི་དཀྱིལ་སྟེང་དུ་ར་ཡིག་ལས། །རཀྟཱའི་མཚོ་འཁྲུག་སྥ་ར་ཎ་ཕཊ་ཀྱིས། །ཆགས་པའི་འོད་འཕྲོས་སཾ་ཧ་ར་ཎ་ཧཱུཾ། །གདུག་ཅན་ཚུར་འདུས་ཧཱུཾ་ཧཱུཾཿབཛྲ་ཕཊ། །ཡབ་ཀྱི་གསང་གནས་རྡོ་རྗེའི་ཐོ་བ་ཡིས། །བརྡུངས་པས་ཉོན་མོངས་བག་ཆགས་མ་ལུས་པ། །སྦྱངས་ནས་ཞིང་གི་ལྷུ་དུམ་རབ་འཕྱོ་ཞིང་། །ཟེགས་མའི་ཚོགས་ལས་འདོད་ཡོན་ལྷ་མོ་ནི་། །མཁའ་ལ་སྤྲིན་ཕུང་ལྟ་བུར་གཏིབས་པར་གྱུར། །ཨཱོཾ་ཨཿཧཱུཾ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུཾ་ཧྲཱིཿཋ། །ལན་བདུན་བརྗོད་རྗེས་གཏོར་མ་བརླབ་པ་ནི། །ཐོད་པར་གྷོ་ཀུ་ད་ཧ་ན་ལས་ཤ །བི་ནུ་མ་ར་ཤུ་ལས་བདུད་རྩི་ལྔ། །སྟེང་དུ་རིགས་ལྔ་ཡབ་ཡུམ་ས་བོན་མཚན། །དེ་ལས་འོད་འཕྲོས་རླུང་གི་མེ་སྦར་བས། །བདུད་རྩི་ཁོལ་བས་མ་དག་ཀུན་སྦྱང་ཏེ། །ཟག་མེད་རོ་བརྒྱ་ལྡན་པའི་ཕུང་པོར་གྱུར། །ཨོཾ་ཨཱཿཧཱུཾ་མ་ཧཱ་བྷ་ལིནྟ་ཏེ་ཛྭ་བྷ་ལིནྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུཾ་ཧྲཱིཿཋ། སྔགས་ནི་བདུན་བཟླས་ཛ་གད་བརླབ་པ་ནི། ཛ་གད་བུམ་པ་གཞལ་ཡས་འོད་ཀྱི་ནང་། །མཱཾ་ལས་མཱ་མ་ཀི་སྔོན་བུམ་འཛིན་པས། །སྟོང་གསུམ་འབྱུང་ལྔའི་བཅུད་རྣམས་མ་ལུས་པ། །བསྡུས་ནས་ཛ་གད་ཉིད་ལ་ཐིམ་པར་གྱུར། །ཨཱོཾ་མཱ་མ་ཀི་རི་ཀི་རི་ཏིཥྛ་ཛྙཱ་ན་མཾ་སྭཱཧཱ། འཛབ་ནི་བཟླས་རྗེས་ཟླ་གམ་བརླབ་པ་ནི། ཧཱུཾ་མཱུཾ་གཉིས་ལས་ཐབས་ཤེས་ཉི་ཟླ་ཟུང་། །མཉམ་པར་སྦྱར་བས་བདེ་སྟོང་ཡེ་ཤེས་ཀྱི། །བྱང་སེམས་བདུད་རྩི་ཆེས་ཆེར་འཕེལ་བ་ཡི། །ཟག་མེད་དགའ་བཞི་རྒྱས་པའི་ནུས་ལྡན་གྱུར། །ཨཱོཾ་བོ་དྷི་ཙིཏྟ་མཧཱ་སུ་ཁ་ཧོཿ འཛབ་བཟླས་མཇུག་ཏུ་ཚེ་ཟན་བརླབ་པ་ནི། བྷྲཱུཾ་ལས་ཚེ་བུམ་རིན་ཆེན་གཞལ་ཡས་ཁང་། །འདབ་བརྒྱད་ལྟེ་བར་ཧྲཱིཿལས་ཚེ་དཔག་མེད། །དམར་པོ་མཉམ་གཞག་སྟེང་ན་ཚེ་བུམ་འཛིན། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་ཡོངས་བསྐོར་བ། །བཛྲ་ས་མཱ་ཛཿཡིས་སྤྱན་དྲངས་ནས། །ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་(༧ན)


GLG022_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། །ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་འཁོར་འདས་ཀྱི། །ཚེ་བཅུད་ཀུན་བསྡུས་བུམ་ནང་བསྐྱིལ་བར་གྱུར །ཨཱོཾ་ཨཱ་ཡུ་ཛྙཱ་ན་ཚེ་བྷྲཱུཾ་ཧཱུཾ། །གཉིས་པ་དངོས་གཞིར་ཏིང་འཛིན་རྣམ་པ་གསུམ། །གཞལ་ཡས་གདན་ལྷ་དབང་བསྐུར་སྤྱན་དྲངས་བཞུགས། །ཕྱག་མཆོད་བསྟོད་པ་འཛབ་སྟེ་བཅུ་གསུམ་གྱི། །དང་པོ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། །ཧཱུཾ། རྣམ་དག་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །གདོད་ནས་མ་སྐྱེས་ཡེ་བརྡལ་གཏིང་མཐའ་མེད། །མི་གནས་མི་དམིགས་སྤྲོས་པ་མེད་པའི་ངང་། །བརྗོད་མེད་བསམ་འདས་མཉམ་ཉིད་དབྱིངས་སུ་རྫོགས། །ཨཱོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། གཉིས་པ་ཀུན་ཏུ་སྣང་བའི་ཏིང་འཛིན་ནི། །ཐམས་བཅད་སྙིང་པོ་བྱང་ཆུབ་སེམས་ཉིད་ལས། །གཟུང་འཛིན་མཚན་མ་རྡུལ་ཙམ་མི་དམིགས་ཀྱང་། །རྩོད་མེད་དབྱིངས་ལས་འགག་པ་མེད་པའི་ཕྱིར། །སྒྱུ་མའི་ཕྱག་རྒྱ་བྱེ་བྲག་ཅིར་ཡང་གསལ། །ཨཱཿདྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གསུམ་པ་དབྱེར་མེད་རྒྱུ་ཡི་ཏིང་འཛིན་ནི། །ཆོས་ཉིད་ཐམས་བཅད་དབྱིངས་སུ་སངས་རྒྱས་ཤིང་། །སྐྱེ་མེད་བདེ་ཆེན་ངང་དུ་རོ་གཅིག་ཀྱང་། །སྐྱེ་བའི་ཆོ་འཕྲུལ་འབར་བའི་བྱིན་རླབས་ཀྱིས། །རང་རིག་ཡེ་ཤེས་ཆོས་སྐུ་མངོན་དུ་ཤར། །ཧཱུཾ་བཛྲ་ཙིཏྟ་ཧཱུཾ། ཧཱུཾ་ལས་རཾ་ཡཾ་ཁཾ་འཕྲོས་སྣོད་བཅུད་སྦྱངས། །དངས་མའི་ཧཱུཾ་ཡིག་རྡོ་རྗེ་རྩེ་ལྔར་གྱུར། །དེ་ལས་རྒྱུ་ཡི་ཁྲག་འཐུང་ཡེ་ཤེས་སེམས། །མཐིང་གསལ་རང་སྣང་ཡུམ་བཅས་མཁའ་ལ་གསལ། །བཞི་པ་རྟེན་གྱི་གཞལ་ཡས་ཁང་བསྐྱེད་པ། །ནམ་མཁར་གནས་པའི་ཁྲག་འཐུང་ཐུགས་ཀ་ནས། །ཨེ་ཡཾ་རཾ་སུཾ་ཀཾ་རཾ་ཆད་པ་ལས། །ཨེ་ཨཱ་ཀཱ་ཤ་མཎྜ་ལ། །ཡཾ་ཝཱ་ཡུ་མཎྜ་ལ། རཾ་རཀྟ་མཎྜ་ལ། སུཾ་ཏི་ར་མཎྜ་ལ། ཀེཾ་ནི་རི་ཏི་མཎྜ་ལ། རཾ་ཛྭ་ལ་(༧བ)


GLG022_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜ་ལ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨེ་ལས་ནམ་མཁའ་མཐིང་ནག་འབྱམ་ཀླས་དབྱིངས། །ཡཾ་ལས་རླུང་དཀྱིལ་ལྗང་ནག་རྒྱ་གྲམ་གཡོ། །དེ་སྟེང་རཾ་ལས་ཁྲག་མཚོ་དམར་ཟླུམ་འཁྲུག །སུཾ་ལས་ཞིང་ཆེན་ས་གཞི་གྲུ་བཞིར་བརྡལ། །ཀེཾ་ལས་རུས་པའི་རི་རབ་བང་རིམ་བཞི། །རཾ་ལས་བསྐལ་པའི་མེ་ཆེན་འབར་བའི་ཀློང་། །བཾ་ལས་འདབ་སྟོང་པདྨའི་གེ་སར་ལ། །ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་སྲ་ཞིང་བརྟན། །དེ་སྟེང་མཁའ་ལ་བྷྲུཾ་ཡིག་ལྔ་ལྡན་བབས། །བྷྲཱུཾ་བི་ཤྭ་བི་ཤུ་དྡྷ་རཏྣ་བྷཉྫཱ་ཛྙཱ་ན་ཙཀྲ་མཎྜལབྷྲུཾ། །བྷྲཱུཾ་ཡིག་ཡོངས་གྱུར་རིན་ཆེན་གཞལ་མེད་ཁང་། །གྲུ་བཞི་སྒོ་བཞི་ཤེལ་གསེར་རཱ་ག་དང་། །མརྒད་བཻཌཱུཪྻ་ཡི་རང་བཞིན་ཅན། །རྡོ་རྗེ་ནོར་བུའི་རྩིག་སྟེང་རིན་པོ་ཆེའི། །ཕ་གུ་སེར་པོ་དེ་སྟེང་མུ་ཏིག་གི །དྲ་བ་དྲ་ཕྱེད་ཤར་བུ་མདའ་ཡབ་མཛེས། ཁང་བརྩེགས་ཕྱུར་བུར་རྡོ་རྗེ་ནོར་བུའི་ཏོག །སྣ་ཚོགས་རིན་ཆེན་འོད་འཕྲོ་རྨང་གི་གཞིར། །འདོད་སྣམ་དམར་པོར་གཟུང་མ་བཅུ་དྲུག་འཁོད། །སྒོ་བཞིར་ཀ་བ་བཞིས་བཏེག་ཏོ་ར་ཎ། །བང་རིམ་བརྒྱད་ལྡན་ཆོས་འཁོར་རི་དྭགས་གདུགས། །ངོ་མཚར་ཀུན་ཏུ་བཟང་པོའི་རྒྱན་བཀོད་པའི། །གཞལ་མེད་ཁང་ནང་རྡོ་རྗེའི་གདུང་བཞི་ཡིས། །མིག་མང་རིས་བྲེས་སོ་སོའི་ནང་ཁོངས་སུ། །དུར་ཁྲོད་རོལ་པའི་གཞལ་མེད་ཁང་པ་དགུ། །རིམ་གསུམ་ཐོད་པའི་རྩིག་པར་ཁྲ་ཞག་འབབ། །ཤ་ཆེན་འདོད་སྣམ་ཕ་གུར་ཐོད་པས་དཀྲིགས། །རྐང་ལག་ཤར་བུ་སྒལ་ཚིགས་མདའ་ཡབ་ཅན། །རྒྱུ་རློན་རུས་པའི་དྲ་ཕྱེད་ཐོད་ཚལ་འཕྱང་། །མི་རོའི་རྒྱལ་མཚན་འཕན་གདུགས་ཙིཏྟཱའི་ཏོག །ལྷ་ཀླུའི་ཀ་གདུང་གཟའ་སྐར་དྲལ་ཕྱམ་བྱས། །ཞིང་ལྤགས་ཐོག་ཕུབ་ཉ་སྦྲུལ་ཟ་ར་ཚགས། །རབ་འཇིགས་ཕོ་བྲང་ཀུན་ནང་མཐིང་ནག་ཨེ། །རྩིབས་བཞི་མུ་(༨ན)


GLG022_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུད་གྲུ་ཆད་ཁྱམས་དང་བཅས། །ཀུན་གྱི་ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད། །མཆོད་རྟེན་ཤིང་མེ་སྤྲིན་ཆུ་གྲུབ་པ་བརྒྱད། །ལྷ་ཀླུ་ཕྱོགས་སྐྱོང་མ་མོ་ཞིང་སྐྱོང་དང་། །ཤ་ཟ་རོ་ལངས་གསར་རྙིང་བམ་རོའི་ཚལ། །དེ་མཐར་གཞོམ་མེད་རྡོ་རྗེའི་སྲུང་བའི་གུར། །མི་ཕྱེད་རབ་འབར་ཕྲེང་བ་འཁྲིགས་པས་བསྐོར། །ལྔ་པ་ཕོ་བྲང་སོ་སོར་གདན་བསྐྱེད་པ། རུ་དྲ་ཀྲོ་དྷཱི་ཏི་ར་བཾ། བཾ་པདྨ་མཎྜལ། མ་སཱུཪྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཕོ་བྲང་ལྟེ་བར་བཻཌཱུར་རང་བཞིན་བྲག །འགྲོ་དྲུག་སྣ་ཚོགས་པདྨའི་གེ་སར་ལ། །རབ་འབར་ཉི་མ་དཀར་གསལ་ཟླ་བའི་དཀྱིལ། །དབང་པོ་ཚངས་པ་དབང་ཕྱུག་ཁྱབ་འཇུག་དང་། །ཉེ་དབང་གཞོན་ནུ་བྷྲྀང་གི་ཚོགས་བདག་དང་། །མཐའ་ཡས་འཇོག་པོ་དུང་སྐྱོང་སྟོབས་ཀྱི་རྒྱུ། །པདྨ་པད་ཆེན་ནོར་རྒྱས་རིག་ལྡན་ཀླུ། །བསྣོལ་མར་བརྫིས་སྟེང་སེང་གེ་སྟག་ཟིག་དོམ། །གླང་ཆེན་མ་ཧེེ་ཆུ་སྲིན་སྦྲུལ་གྱི་ཁྲིར། །གསེར་འཁོར་བཅུ་གཉིས་རྩིབས་ལྡན་ལྟེ་བ་རུ། །མ་ཧཱ་དེ་ཝ་ཨུ་མ་དེ་ཝིར་བཅས། །ཕྱོགས་མཚམས་བརྒྱད་པོར་པདྨ་ཉི་ཟླའི་སྟེང་། །ཤར་དུ་དྲག་པོ་ལྷོ་ཕྱོགས་མ་ཧེ་ནུབ། །ཆུ་བདག་བྱང་དུ་ལྷ་ཆེན་མེར་མ་མོ། །བདེན་བྲལ་དར་ཟབ་རླུང་དུ་དྲེགས་པ་དང་། །དབང་ལྡན་དགྲ་བགེགས་ཀུན་ཀྱང་ཆུང་མར་བཅས། །ཕོ་རྣམས་ཁ་སྦུབ་མོ་རྣམས་གན་རྐྱལ་བསྣོན། །དྲུག་པ་བརྟེན་པ་ལྷ་ཚོགས་བསྐྱེད་པ་ནི། །ནམ་མཁར་གནས་པའི་རྒྱུ་ཡི་ཧེ་རུ་ཀཿ། །ཡབ་ཡུམ་དཀྱིལ་འཁོར་དབུས་ཀྱི་གདན་ལ་འཁོད། །སྙོམ་པར་ཞུགས་པའི་དགའ་བས་འཕགས་པ་མཆོད། །སེམས་ཅན་དོན་བྱས་ཚུར་འདུས་སྐུ་ལ་འདུས། །བདེ་ཆེན་བྱང་སེམས་ངོ་བོར་གྱུར་པ་ལས། །དབྱིངས་ཕྱུག་མ་ཡིས་སྟོང་པའི་སྒྲས་བསྐུལ་ཏེ། །སྟོང་པ་(༨བ)


GLG022_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་མཛད་དགོངས་སུ་གསོལ། །ཧེ་རུ་ཀཿདཔལ་ཁྱོད་བདག་སྐལ་བ་བཟང་། །བསྐུལ་བའི་རྐྱེན་གྱིས་ཐིག་ལེ་མཐིང་ནག་ཧཱུཾ། །ཡོངས་གྱུར་རྡོ་རྗེ་རྩེ་ལྔ་ཧཱུཾ་གིས་མཚན། །སྥ་ར་ཎ་ཕཊ་བརྗོད་པའི་འོད་ཟེར་འཕྲོས། །སྲས་བཅས་རྒྱལ་མཆོད་སེམས་ཅན་དོན་ཀུན་བྱས། །སཾ་ཧ་ར་ཎ་ཧཱུཾ་གིས་ཚུར་ལ་བསྡུས། །དེ་ཉིད་ཡོངས་གྱུར་བདག་ཉིད་ཁྲོ་རྒྱལ་ཀུན། །ཡོངས་འདུས་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀཿ། །མཐིང་ནག་དབུ་དགུ་ཕྱག་ནི་བཅོ་བརྒྱད་གདེངས། །རྩ་གཞལ་གཡས་དཀར་གཡོན་དམར་དབུས་ཐིང་ནག །བར་མ་གཡས་དཀར་གཡོན་ལྗང་དབུས་ཞལ་སྔོ། །སྟེང་ཞལ་དབུས་གནག་གཡས་དཀར་གཡོན་པ་དམར། །ཞལ་དགུར་དམར་ལ་ཟླུམ་པའི་སྤྱན་གསུམ་ལྡན། །ཞལ་གདངས་མཆེ་གཙིགས་གློག་ལྟར་འཁྱུགས་པའི་ལྗགས། །རྡོ་རྗེའི་གད་རྒྱངས་ཁྲོ་གཉེར་བསྡུས་པ་ཡི། །ཤངས་བུག་རྣམས་ནས་དུས་མཐའི་རླུང་ཆེན་འཚུབ། །རྫི་མ་སྨིན་མ་སྨ་རར་མེ་ཆེན་འབར། །དབུ་སྐྲ་ཁམ་ནག་ནམ་མཁའི་སྤྲིན་ལྟར་གཏིབས། །སྐུ་ཆེ་ཡན་ལག་རགས་ཤིང་འགྱུར་བག་ལྡན། །བཅོ་བརྒྱད་ཕྱག་གི་དང་པོས་རྡོ་རྗེ་དང་། །དུང་ཁྲ་བཟུང་ནས་ཤེས་རབ་ཡུམ་ལ་འཁྱུད། །ལྷག་མ་གཡས་རྣམས་རིམ་བཞིན་ཁ་ཊྭཱཾ་ཀ །ཅང་ཏེ་འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲི་དགྲ་སྟ་ཞགས་པ་གཡོན་རྣམས་ཀྱིས། །ཞིང་དབྱུག་ཐོང་གཤོལ་ཉི་ཟླ་རི་རབ་དང་། ཁྲག་མཚོ་མེ་རླུང་རླུང་ནག་འཚུབ་མ་བསྣམས། །ཞབས་བརྒྱད་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་ཀྱིས། །ལྷ་ཆེན་ཕོ་མོའི་མགོ་དང་ནུ་མ་བརྫིས། །ཐོད་སྐམ་དབུ་རྒྱན་སྐམ་རློན་རྙིང་པ་ཡི། །ཐོད་པ་རྒྱུ་མར་རྒྱུས་(༩ན)


GLG022_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོ་ཤལ་འཕྱང་། །ཞིང་གླང་སྟོད་གཡོགས་སྟག་ཤམ་རུས་པའི་རྒྱན། ཁྲག་གི་ཐིག་ལེ་ཞག་གི་སོར་རིས་དང་། །ཐལ་ཆེན་ཚོམ་བུ་སྦྲུལ་ལྔའི་གདུ་བུ་ཅན། །རྡོ་རྗེའི་ཁྱུང་ཤོག་ལ་སོགས་དཔལ་གྱི་ཆས། །བཅུ་ལྡན་སྒེག་ཅིང་དཔའ་བ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་རུང་སྙིང་རྗེ་དང་། །རྔམ་ཞི་གར་དགུ་རོལ་པས་བཞུགས་པའི་པང་། །གནམ་ཞལ་དབྱིངས་ཕྱུག་སྔོན་མོ་ཞལ་གཅིག་མ། །ཕྱག་གཉིས་ཁཊྭཱཾ་ཐོད་ཁྲག་འཛིན་པས་འཁྱུད། ཁྲོ་མོའི་ཆས་ཀུན་མ་ལུས་ཡོངས་རྫོགས་ཤིང་། །གཡས་བརྐྱང་གཡོན་བསྐུམ་ཡབ་ཀྱི་སྐུ་ལ་འཁྲིལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཟུང་འཇུག་པ། །ཡབ་ཡུམ་གཉིས་ཀ་ཉི་མ་འབུམ་ཕྲག་གི ། གཟི་འབར་བསྐལ་པའི་མེ་དཔུང་དབུས་ན་བཞུགས། །ཡབ་ཀྱི་གསང་གནས་ཧཱུཾ་ལས་རྩེ་ལྔ་པའི། །རྡོ་རྗེའི་དབྱིབས་ཅན་ཟླ་བར་ཨཱོཾ་གྱིས་མཚན། །ཡུམ་གྱི་མཁའ་གསང་པཾ་ལས་འདབ་བརྒྱད་ཀྱི། །པདྨའི་ཟེའུ་འབྲུར་ཉི་མར་མཱུཾ་གྱི་མཚན། །ཡབ་ཀྱིས་ས་མ་ཧོཿཡི་བརྡས་བསྐུལ་བ། །ཡུམ་གྱིས་ས་མ་ཡ་སྟཾ་ལན་བཏབ་པར། །ཡབ་ཀྱིས་རཱ་ག་ཡ་ཧོའི་བརྡ་སྦྱར་བ། །ཡུམ་གྱིས་རཱ་ག་ཡ་མིའི་བརྡ་ཡིས་བསྐུལ། །ཨ་ལ་ལ་ཧོཿ ཛཿཧ྄ཱུཾ་བཾ་ཧོཿ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། ཨོཾ་ཨཱཿཧཱུཾ། བརྗོད་པས་ལྕགས་ཀྱུའི་ཕྱག་རྒྱས་དཔུང་ནས་བཟུང་། །ཞགས་པའི་ཕྱག་རྒྱས་ཕན་ཚུན་སྟོད་སྨད་འཁྱུད། །ལྕགས་སྒྲོག་ཕྱག་རྒྱས་དབང་པོའི་སྒོ་གཉིས་སྤྲས། །དྲིལ་བུའི་ཕྱག་རྒྱས་རྡོ་རྗེ་པདྨར་ཞུགས། །བྱང་སེམས་ལན་གཅིག་བབས་པའི་ཡུམ་གྱི་མཁར། །གཞལ་ཡས་ཁང་གྱུར་གཉིས་པས་གདན་གཏིང་ཞིང་། །གསུམ་པས་ས་བོན་ཧཱུཾ་ཡིག་སྤྲོད་པར་གྱུར། །རྡོ་རྗེ་པདྨ་བདེ་བ་རྒྱས་མཛད་ནས། །ཡབ་ཡུམ་གཉིས་མེད་སྦྱོར་(༩བ)


GLG022_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བས་དགྱེས་པར་ཚིམ། །བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན་སྤྲོས་པས། །སྟོང་གསུམ་ཁྲོ་བོའི་ཚོགས་ཀྱི་དཀྱིལ་འཁོར་སྤྲོ། །ཧཱུཾ་ཧཱུཾ་ཧཱུཾ་ཞེས་སྙོམ་པར་ཞུགས་པ་ཡི། །བྱང་སེམས་ཧཱུཾ་གི་རང་བཞིན་ཁྲོ་བོའི་ཚོགས། །སྟེང་འོག་ཕྱོགས་མཚམས་སྤྲོས་པས་དྲེགས་པ་ཅན། །སྡེ་དང་བཅས་པ་ཚར་བཅད་དབང་དུ་བསྡུས། །ཐམས་ཅད་དཔལ་དགུའི་དཀྱིལ་འཁོར་ལྷ་ཚོགས་སུ། །བཀོད་ནས་ཚུར་འདུས་སྙོམ་འཇུག་བདེ་བ་ཆེ། །ཞུ་བ་འབར་བའི་ཧཱུཾ་ཡིག་བརྒྱད་དུ་གྱུར། །ཧཱུཾ། འཇིག་རྟེན་སྟོང་ཁམས་གང་བའི་ཁྲག་འཐུང་རྣམས། །རང་ལ་བསྡུ་བའི་སྦྱོར་བས་ཀུན་བསྡུས་ཏེ། །དབྱིངས་སུ་ཐིམ་ནས་ཡིག་འབྲུ་ཕྱག་མཚན་དགུ། ཁྲོ་བོར་གྱུར་ཏེ་ཕྱོགས་འཚམས་ཀུན་ཏུ་འཁོད། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། དབུས་ཕྱོགས་མ་འགྱུར་མཐིང་ནག་ཨེ་དབྱིངས་སུ། །ཆེ་མཆོག་ཡབ་ཡུམ་མཁའ་ལས་ཕྱིར་སྤྲོད་ནས། །རྩིབས་བཞིར་རིགས་བཞིར་ཁྱམས་ལ་ཁྲོ་བོ་བཅུ། །སྒོ་བཞིར་མཐར་བྱེད་མུ་རན་ཅེ་སྤྱང་བརྒྱད། །ཨཱོཾ་བཛྲ་ཀྲོདྷ་མཧཱ་ཤྲཱི་ཧེ་རུ་ཀཿཧཱུཾ་ཕཊ། ཧཱུཾ། ཤར་ཕྱོགས་དཀྱིལ་འཁོར་དབུས་སུ་རུ་དྲའི་སྟེང་། །ཡང་དག་མཐིང་ནག་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས། །དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན་ན་བསྣམས། །ཀྲོ་ཏི་ཤྭ་རཱི་ཁ་ཊྭཱཾ་ཐོད་འཛིན་འཁྱུད། །རྩིབས་བཞིར་རིགས་བཞི་ཁྱམས་ལ་གཽ་རི་སོགས། །མ་མོ་བཅུ་དྲུག་སྒོ་བཞིར་གདོང་ཅན་བཞི། །མུ་རན་དབང་ཕྱུག་ཉི་ཤུ་རྩ་བརྒྱད་འཁོད། །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ། ལྷོ་ཕྱོགས་དཀྱིལ་འཁོར་དབུས་སུ་ཆུ་གླང་སྟེང་། །གཤིན་རྗེ་སེར་ནག་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་བེ་ཅོན་རལ་གྲི་དགྲ་སྟ་གཡས། །བྷན་དམར་སྡིགས་འཛུབ་མདུང་ཐུང་གཡོན་ན་བསྣམས། །བཻ་ཏ་དགྲ་སྟ་བྷན་དམར་(༡༠ན)


GLG022_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབ་པས་འཁྱུད། །རལ་གཅིག་རྩེ་གསུམ་ཐོད་འཛིན་གཡས་སུ་འཁོད། །རྩིབས་བཞིར་གཤེད་བཞི་ཁྱམས་ལ་འཆི་བདག་ནི། །བཅུ་གཉིས་སྒོ་བཞིར་གདོང་ཅན་མུ་རན་ལ། །གིང་བདུད་རྩིས་པ་བཤན་པ་ལ་སོགས་འཁོད། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་བྷ་ཉྫ་ཧཱུཾ་ཕཊ། ཧཱུཾ། ནུབ་ཕྱོགས་དཀྱིལ་འཁོར་དབུས་སུ་ཀླུ་ཆེན་སྟེང་། །རྟ་མགྲིན་དམར་ནག་གཡས་དཀར་གཡོན་སྔོ་ཞལ། །ཕྱག་དྲུག་རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་གཡས། །དྲིལ་བུ་དུང་དམར་ལྕགས་སྒྲོག་གཡོན་ན་བསྣམས། །པདྨ་ཟིལ་གནོན་ཁ་ཊྭཱཾ་ཐོད་འཛིན་འཁྱུད། །གཡས་གཡོན་ཕྲ་མེན་བྱི་ལ་པུ་ཤུད་གདོང་། །རྩིབས་བཞིར་རིགས་བཞིར་ཁྱམས་ལ་ཟིལ་གནོན་བརྒྱད། །སྒོ་བཞི་ལས་བཞི་མུ་རན་ཁམ་རྒྱ་དྲུག །དམུས་ལོང་ཁྱི་སྤྱང་ཕོ་ཉ་འབྲུག་བཞིར་བཅས། །ཨཱོ་ཧྲཱིཿཔདྨཱནྟ་ཀྲི་ཏ་བཛྲ་ཀྲོདྡྷ་ཧ་ཡ་གྷཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཧཱུཾ། བྱང་ཕྱོགས་དཀྱིལ་འཁོར་དབུས་སུ་ལྷ་ཆེན་སྟེང་། །ཕུར་པ་ལྗང་ནག་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་གཡས་གཉིས་རྩེ་དགུ་རྩེ་ལྔ་དང་། །གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་མཐའ་གཉིས་ཀྱིས། །ཕུར་བུ་བསྒྲིལ་འདེབས་རྡོ་རྗེའི་གཤོག་པ་གདེངས། །འཁོར་ལོ་རྒྱས་འདེབས་ཁ་ཊྭཱཾ་ཐོད་འཛིན་འཁྱུད། །རྩིབས་བཞིར་སྲས་བཞི་ཁྱམས་ལ་ཁྲོ་བོ་བཅུ། །ཡབ་ཡུམ་ཟ་གསོད་སྒོ་བཞིར་སྒོ་སྲུང་བཞི། །མུ་རན་ཕུར་སྲུང་དམ་ཅན་བཅུ་དྲུག་འཁོད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི་གྷཱན་བཾ་ཧཱུཾ་ཕཊ། ཧཱུཾ། ཤར་ལྷོའི་དཀྱིལ་འཁོར་དབུས་སུ་མ་མོའི་སྟེང་། །བླ་མེད་ཁྲག་འཐུང་མཐིང་ནག་དཀར་དམར་ཞལ། །ཕྱག་དྲུག་རྡོ་རྗེ་ཁྱུང་ཆེན་སྦྲུལ་ཞགས་གཡས། །བྷན་དམར་ཞིང་དབྱུགས་ཐོད་པའི་གའུ་གཡོན། །མུ་ཁ་མཐིང་ནག་ཞལ་ལྔ་དཀར་སེར་(༡༠བ)


GLG022_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དམར། །ལྗང་གུ་མཐིང་ག་ཕྱག་དྲུག་རྡོ་རྗེ་དང་། །གྲི་ཞགས་བུམ་པ་གཡས་འཛིན་དྲིལ་བུ་དང་། །བྷན་དམར་གཡང་གཞིས་ཡབ་འཁྱུད་ཞབས་བརྒྱད་བགྲད། །རྩིབས་བཞིར་མ་ལྔ་འཁྱམས་ལ་རྗེ་མོ་ནི། །བཅུ་གཉིས་སྨན་མོ་ང་བརྒྱད་སྒོ་བཞི་རུ། །སྲིད་བཞི་མུ་རན་རོ་ཁ་མ་སོགས་འཁོད། །ཨཱོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿགུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སྟྭཾ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཧཱུཾ། ལྷོ་ནུབ་དཀྱིལ་འཁོར་དབུས་ན་སེང་གེའི་ཁྲིར། །གསང་བའི་བདག་པོ་རིག་འཛིན་རྡོ་རྗེ་ཆོས། །དཀར་གསལ་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །དབུ་སྐྲ་ཐོར་ཚུགས་རིན་ཆེན་ཅོད་པན་ཅན། །ཟི་ལྡིར་སྨད་གཡོགས་རུས་པའི་རྒྱན་དྲུག་གསོལ། །རྣལ་འབྱོར་མ་མོ་རང་འདྲའི་ཆས་ལྡན་འཁྱུད། །རྩིབས་བཞིར་རིགས་བཞི་ཁྱམས་ལ་རིགས་འཛིན་བརྒྱད། །སྒོ་བཞིར་སློབ་དཔོན་མུ་རན་མཁའ་འགྲོས་བསྐོར། །ཨཱོཾ་བཛྲ་མཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ་ཕཊ། ཧཱུཾ། ནུབ་བྱང་དཀྱིལ་འཁོར་དབུས་སུ་དྲེགས་པའི་སྟེང་། །དྲེགས་འདུལ་མཐིང་ནག་གཡས་སེར་གཡོན་སྨུག་ཞལ། །ཕྱག་དྲུག་རྡོ་རྗེ་ལྷ་བརྒྱད་མགོ་བོ་གཡས། །བྷན་དམར་ཀླུ་བརྒྱད་མགོ་བོ་གཡོན་ན་བསྣམས། ཁམས་གསུམ་སྤྱི་འདུལ་ཁ་ཊྭཱཾ་ཐོད་འཛིན་འཁྱུད། །རྩིབས་བཞི་ཁྱམས་སྒོར་སྡེ་དཔོན་སུམ་ཅུ་དང་། །མུ་རན་སྣང་སྲིད་དྲེགས་པའི་ཚོགས་ཀུན་འཁོར་། །ཨཱོཾ་བཛྲ་ཙཎྜ་ས་རྦ་དུ་ཥྚཱཾ་ཧཱུཾ་ཕཊ། ཧཱུཾ། བྱང་ཤར་དཀྱིལ་འཁོར་དབུས་སུ་དགྲ་བགེགས་སྟེང་། །སྟོབས་ལྡན་ནག་པོ་ཞལ་གསུམ་མིག་སྨན་མདོག །ཕྱག་དྲུག་རྡོ་རྗེ་ལྷ་བརྒྱད་ཙིཏྟ་གཡས། །བྷན་དམར་ཀླུ་བརྒྱད་ཙིཏྟ་གཡོན་ན་བསྣམས། །འབྱུང་ལྔའི་བདག་མོ་མཐིང་ནག་ཕག་གཉིས་ཀྱིས། །གཟུགས་ཁམས་མཁར་འདེགས་འདོད་ཁམས་ས་གཞིར་གནོན། །རྩིབས་བཞི་ཁྱམས་སྒོར་སྡེ་དཔོན་(༡༡ན)


GLG022_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་བརྒྱད་དང་། །མུ་རན་ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་འཁོར། །ཨཱོཾ་བཛྲ་སརྦ་དུ་ཋཱཾ་ཧཱུཾ་ཕཊ། རིགས་འཛིན་མ་གཏོགས་དཔལ་ཆེན་ཁྲག་འཐུང་ཀུན། །དབུ་གསུམ་ཕྱག་དྲུག་ཞབས་བཞི་མི་བཟད་གཟུགས། །གར་དགུའི་རྣམ་རོལ་ཞལ་གདངས་མཆེ་བ་གཙིགས། །དམར་ཟླུམ་སྤྱན་ལྡོག་སྨིན་མ་ཨག་ཚོམ་འབར། །ཞིང་ཆེན་གླང་ལྤགས་སྟོད་གཡོགས་སྟག་ཤམ་འཕྱང་། །ཚར་གསུམ་ཐོད་ཕྲེང་སྦྲུལ་བརྒྱད་ཕྱག་རྒྱ་དྲུག །རཀྟ་ཞག་དང་ཐལ་ཆེན་མཚན་མས་སྤྲས། །དཔལ་ཆེན་ཆས་རྫོགས་ཡུམ་རྣམས་ཁྲོ་ཆགས་ཚུལ། །རྔམ་བརྗིད་རྒྱན་ལྡན་རང་རང་ཡབ་དང་སྦྱོར། །གཙོ་འཁོར་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས། །དེ་ནང་ཉི་སྟེང་རྡོ་རྗེ་ལྟེ་བར་ཧཱུཾ། །སོ་སོའི་སྔགས་འཕྲེང་འབར་བས་གཡས་སུ་འཁོར། །དཀྱིལ་འཁོར་ཕྱི་ཁྱམས་ཤར་སོགས་ཕྱོགས་བཞི་རུ། །ཞི་རྒྱས་དབང་དྲག་མ་མོ་དྲུག་དྲུག་དང་། །སྒོ་བཞི་སྒོ་སྐྱོང་ཀུན་ཀྱང་ཕྱོགས་ཀྱི་མདོག །འཇིགས་གཟུགས་དུར་ཁྲོད་ཆས་ལྡན་རང་རྟགས་འཛིན། །ཕྱི་ཡི་མུ་ཁྱུད་མཁའ་འགྲོ་སུམ་ཅུ་གཉིས། །གིང་ཆེན་བཅོ་བརྒྱད་ལིངྒ་དྲུག་ཅུ་དང་། །འབར་མ་མ་བརྒྱད་ས་བདག་སུམ་ཅུ་གཉིས། །མ་བདུན་སྲིང་བཞི་ཕོ་ཉ་དྲུག་ཅུ་བཞི། མཁའ་འགྲོ་དྲེགས་བྱེད་ཕྱོགས་སྐྱོང་རྒྱལ་ཆེན་སོགས། །དཔལ་གྱིས་ཕོ་ཉ་བསམ་གྱི་མི་ཁྱབ་པ། །ཉི་དཀྱིལ་ལས་ནི་འོད་ཟེར་ཇི་བཞིན་དུ། །རབ་འབྱམས་ནམ་མཁའི་ཁམས་ཀུན་གང་བར་གྱུར། །ཨོཾ་བཛྲ་ཡ་ཀྵ་ས་མ་ཡ་ཧཱུཾ་ཕཊ། །བདུན་པ་བྱིན་རླབས་དབང་བསྐུར་རིམ་པ་ནི། ཧཱུཾ། བདག་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ཁྲོ་བོའི་རྒྱལ་པོ་ཡེ་ནས་ཡིན་པའི་ཕྱིར། །སྐུ་དང་གསུང་དང་ཐུགས་སུ་བྱིན་བརླབ་ཅིང་། །ཡེ་ཤེས་རྣམ་པ་ལྔ་ཡི་དབང་བསྐུར་རོ། །(༡༡བ)


GLG022_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །དེ་བཞིན་དུ་ཝཱ་ཀ་དང་ཙིཏྟ་ཡང་སྦྱར། །སྤྱི་བོར་ཟླ་བ་མགྲིན་པར་པདྨ་དང་། །སྙིང་གར་ཉི་སྟེང་ཨཱོཾ་དཀར་ཨཱཿདམར་ཧཱུཾ། །མཐིང་ག་ལས་འཕྲོས་འོད་ཀྱིས་བདེ་གཤེགས་ཀྱི། །རྒྱུད་བསྐུལ་རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས། །ནམ་མཁའི་ཁམས་ཀུན་གང་བ་སྤྱན་དྲངས་ནས། །ཡི་གེ་གསུམ་ལ་ཐིམ་པ་ཡོངས་གྱུར་པས། །རྣམ་སྣང་སྣང་མཐའ་མི་བསྐྱོད་ལོངས་སྤྱོད་རྫོགས། །རང་རྟགས་ཕྱག་མཚན་འཛིན་པའི་སྐུ་རུ་གྱུར། །ཨོཾ་མཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །དེ་བཞིན་དུ་ཤཱུ་ནྱ་ཏཱའི་ཚབ་ཏུ་ཨཱོཾ་དར་ཤ་དང་མཧཱ་དང་ཕྲ་ཏྱ་བེཀྵ་ཎ་དང་ཀྲྀ་ཏྱ་ཨ་ནུ་ཥྛ་རྣམས་འབྱིན་འཇུག་བྱེད། །རིགས་ལྔ་རྗེས་ཆགས་ཀྱིས་ཞུ་ཡེ་ཤེས་ལྔའི། །ཆུ་ཡི་དབང་བསྐུར་ཉོན་མོངས་ལྔ་དག་ནས། །ཕུང་པོ་སངས་རྒྱས་ལྔ་རུ་གནས་གྱུར་ཏེ། །དབང་རྟགས་རྒྱལ་བ་རིགས་ལྔས་དབང་བསྐུར་གྱུར། །བརྒྱད་པ་ཡེ་ཤེས་ལྷ་ཚོགས་སྤྱན་དྲང་བ། ཧཱུཾ། ཐུགས་གའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟར། །འཕྲོས་པས་ཡེ་དག་རིག་རྩལ་འོག་མིན་ནས། །སྒྲུབ་སྡེ་བརྒྱས་ཀྱི་དཀྱིལ་འཁོར་ལྷ་ཚོགས་ཀུན། །ཐོག་མེད་བཛྲ་ས་མཱ་ཡ་ཛ༔ཛ༔ ཧཱུཾ། འོག་མིན་ཆོས་དབྱིངས་དབུས་མཐའ་མེད་པ་ནས། །བདེ་གཤེགས་ཞི་བའི་ལྷ་ཚོགས་དབྱིངས་ནས་བཞེངས། །ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུ་སྤྲུལ་པ། །ཡབ་ཡུམ་འཁོར་བཅས་གནས་འདིར་ཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་དབུས་ཕྱོགས་ཕོ་བྲང་ནས། །ཆེ་མཆོག་ཡོན་ཏན་ལྷ་ཚོགས་༝། །ཆོས་དབྱིངས་༝། །ཡབ་ཡུམ་༝། །འོག་མིན་ཆོས་དབྱིངས་ཕྱོགས་མཚམས༝། །སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས༝། །ཆོས་ཀྱི་༝། །ཡབ་ཡུམ༝། །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་ནས། །བཀའ་སྡོད་ཕོ་ཉའི་ལྷ་ཚོགས་༝། །(༡༢ན)


GLG022_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་༝། །ཡབ་ཡུམ༝། །ཨཱོཾ་ཤྲཱི་བཛྲ་ཀྲོ་དྷ་ཧེ་རུ་ཀཿས་པ་རི་ཝཱ་ར་ཨེ་ཨ་ར་ལི་ཧྲི་ཧྲི་ཛཿཧཱུཾ་བཾ་ཧོཿ དགུ་པ་ལྷ་ཚོགས་བཞུགས་སུ་གསོལ་བ་ནི། ཧཱུཾ། ཕོ་བྲང་དགུའི་ཀློང་འབར་བའི་ཨེ་དབྱིངས་སུ། །ལྷ་བརྒྱད་ཀླུ་བརྒྱད་བྱོལ་སོང་གཙོ་བོ་བརྒྱད། །རུ་ཀྲ་གཤིན་རྗེ་ཆུ་བདག་ལྷ་ཆེན་པོ། །མ་མོ་དར་ཟབ་དྲེགས་པ་དགྲ་གེགས་གདན། །མ་ཆགས་པདྨ་ཐབས་ཤེས་ཉི་ཟླ་ལ། །དཔལ་ཆེན་གཙོ་དགུའི་ལྷ་ཚོགས་བཞུགས་སུ་གསོལ། །ས་མ་ཡ་ཨཱཿཝེ་ཤ་ཡ་ཏི་ཥྛ་ལྷན། །བཅུ་པ་དཀྱིལ་འཁོར་ལྷ་ལ་ཕྱག་ཚལ་བ། ཧཱུཾ། ཆོས་སྐུར་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེས་གཟུགས་སྐུར་རྒྱུ་མའི་སྐུ་བཞེངས་པ། །ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་གཙོ། །དཔལ་ཆེན་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿཔྲ་ཏི་ཙྪ་ཧོཿ བཅུ་གཅིག་མཆོད་པའི་སྨན་ཕུང་དངོས་གྲུབ་བླང་། །ཕྱི་མཆོད་ཕྱག་རྒྱ་དམ་རྫས་འདོད་ཡོན་ལྷ། །བདུད་རྩི་རཀྟ་སྦྱོར་སྒྲོལ་གཉིས་མེད་ལས། །དང་པོ་མྱོང་གྲོལ་བདུད་རྩིའི་སྨན་མཆོད་ནི། །ཧཱུཾ། རང་བྱུང་གདོད་ནས་རྣམ་པར་དག་པ་སྟེ། །རྩ་བརྒྱད་ཡན་ལག་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་རྣམ་པ་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས་ཆེན་པོ། །ཉོན་མོངས་གདུང་བ་སེལ་བའི་བདུད་རྩི་འདི། །རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་རྗེ་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀཿ། །རྡོ་རྗེ་ཆོས་དང་ལས་ཀྱི་དབང་མོ་ཆེ། །རིགས་འཛིན་རྣམས་བརྒྱད་པདྨ་ཐོད་འཕྲེང་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ༝།རྗེ་འབངས་དགུ་དང་གཏེར་སྟོན་མངའ་(༡༢བ)


GLG022_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉང་། ཐུགས་སྲས་འགྲོ་བའི་མགོན་པོ་སྐུ་མཆེད་གཉིས། །རྫོགས་ཆེན་མཆེད་གཉིས་དེ་ཝ་པ་ཏྲི་ལ། །སྨན་མཆོད་འབུལ་༝། །སརྦ་༝། ཆོས་ཀྱི་རིན་ཆེན་སུམ་ལྡན་ཡབ་སྲས་དང་། །འཇམ་དབྱངས་རིན་ཆེན་ཟུར་ཧྭང་ཆོས་ཀྱི་རྗེ། །ཕ་ལ་ཤྲི་ཤཱཀྱ་བཤེས་གཉེན་ལ། །སྨན་མཆོད་འབུལ་ལོ་༝། །སརྦ་༝། རྒྱལ་སྲས་ཆོས་རྗེ་རྒྱུད་འཛིན་ལེགས་པ་དཔལ། །འཇམ་དབྱངས་རྒྱལ་མཚན་པཎ་ཆེན་པདྨ་དབང་། །ལེགས་ལྡན་རྡོ་རྗེ་གནམ་ལྕགས་མེ་འབར་ལ། །སྨན་མཆོད་འབུལ་ལོ་༝། །སརྦ་པཉྩ༝། །བཀྲ་ཤིས་རྒྱ་མཚོ་དུ་མ་རང་གྲོལ་རྗེ། །དེ་དབོན་ངག་གི་དབང་པོ་ཡེ་ཤེས་གྲུབ། །ཟུར་ཆེན་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་ལ། །སྨན་མཆོད་འབུལ་ལོ་༝། །སརྦ་༝། གནམ་ལྕགས་མེ་འབར་མན་ཁོ་བོས་ཐོབ་པ་ལྟར་བྲིས་པ་ཡིན་གྱིས། དེ་མན་འབྲི་གུང་དང་རྡོ་རྗེ་བྲག་སོགས་སེལ་མེད་ཀྱི་བརྒྱུད་པ་མི་དབར་ཁྱིས་མ་ཆོད་པ་ཞིག་བཙལ་ནས་དབྲི་བསྣན་བྱའོ། །ཆེ་མཆོག་ཡང་དག་གཤིན་རྗེ་པདྨ་དབང་། །ཕུར་པ་རྦོད་གཏོང་རིགས་འཛིན་དྲེགས་འདུལ་དང་། །དྲག་སྔགས་དཔལ་ཆེན་བཀའ་བརྒྱད་གཙོ་འཁོར་ལ། །སྨན་མཆོད་༝། །སརྦ་༝། ནག་པོ་ཆེན་པོ་ཡབ་ཡུམ་བཀའ་སྡོད་བརྒྱད། །གནས་གསུམ་མཁའ་འགྲོ་དམ་ཅན་གཏེར་བདག་དང་། །གནས་བདག་གཏེར་བདག་དཀར་ཕྱོགས་སྐྱོང་རྣམས་ལ། །སྨན་མཆོད་འབུལ་ལོ་༝། །སརྦ་༝། གཉིས་པ་བདུད་རྩིའི་དངོས་གྲུབ་བླང་བ་ནི། ཧཱུཾ། དོན་དམ་ཐིག་ལེ་བདེ་བ་ཆེན་པོ་ལས། །མཚུངས་པ་མེད་པ་བྷནྡྷའི་སྣོད་ནང་དུ། །ཡེ་ཤེས་ལྔ་རྫོགས་བདུད་རྩི་རིན་ཆེན་གཏེར། །དངོས་པོ་མེད་ལས་དངོས་གྲུབ་བླང་བར་བྱ། །ཀཱ་ཡ་སིདྡྷི་ཨཱོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། །གསུམ་པ་ཕྱི་ཡི་མཆོད་པའི་རིམ་པ་ནི། །ཧཱུཾ། (༡༣ན)


GLG022_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དངས་བསིལ་རྙོག་མེད་ཡིད་འོང་མཆོད་ཡོན་སྦྲེང་། །དག་བྱེད་ཞབས་བསིལ་དྲི་ལྡན་གངྒཱའི་རྒྱུན། །ཐང་སྐྱེས་ཆུ་སྐྱེས་རྣམ་བཀྲའི་མེ་ཏོག་ཚལ། །ལྷན་ཅིག་སྐྱེས་དང་ཡོངས་སྦྱར་བདུག་པའི་སྤྲིན། །མར་མེ་ཉི་མོར་བྱེད་པའི་གཟུགས་གསར་པ། །དྲི་ཆབ་དམ་པ་མཆོག་བསྐྱེད་རོལ་མཚོར་སྤེལ། །ཞལ་ཟས་ལྷ་ཡི་བདུད་རྩི་རོ་བརྒྱའི་བཅུད། །རོལ་མོ་སྙན་འཇེབས་ཡན་ལག་རྒྱ་མཚོའི་སྒྲ། །ངོ་མཚར་མཆོད་པའི་སྤྲིན་ཕུང་བསམ་ཡས་པས། །རམ་འབྱམས་ནམ་མཁའི་ཁྱོན་རྣམས་བཀང་སྟེ་འབུལ། །ཨཱོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟཔཱུཛཿཧོཿ ཧཱུཾ།ཛམྦུའི་གསེར་འཁོར་ཡིད་བཞིན་ནོར་བུ་མཆོག །ཡིད་འོང་བཙུན་མོ་བློ་ལྡན་ཁྱིམ་བདག་སྟེ། །སྟོབས་ལྡན་གླང་པོ་ཅང་ཤེས་རྟ་ཡི་མཆོག །ཕས་རྒོལ་མཐར་བྱེད་དམག་དཔོན་རིན་ཆེན་བདུན། །མཛེས་སྡུག་གཟུགས་དང་སྙན་བརྗིད་རོལ་མོའི་སྒྲ། །དྲི་ཞིམ་ངད་ལྡང་བཅུད་ལྡན་བདུད་རྩིའི་ཟས། །འཇམ་གཉེན་རེག་བྱ་བཀྲ་ཤིས་རྟགས་རྫས་སོགས། །སྲིད་ཞིའི་འབྱོར་ཚོགས་ནམ་མཁའ་མཛོད་དུ་འབུལ། །ཨཱོཾ་ཤྲཱི་བཛྲ་ཧེ་རུ་ཀཿས་པ་རི་ཝཱ་ར་སཔྟ་མཧཱ་རཏྣ་པཉྩ་ཀཱ་མ་གུ་ཎ་པཱུ་ཛཿཧོ༔། བཞི་པ་ཕྱག་རྒྱ་གར་གྱི་མཆོད་པ་ནི། ཧཱུཾ། ཁྲག་འཐུང་རྒྱལ་པོ་གར་ལ་དགྱེས། །སྐུ་མདོག་ཞལ་ནི་རྣམ་པར་འགྱུར། །སྐུ་ཡི་གར་སྟབས་གློག་འཁྱུག་པའི། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །མ་ཧཱ་མུ་དྲ་པཱུ་ཛ༔ཧོ༔། ལྔ་པ་དམ་རྫས་རྒྱུ་ཡི་མཆོད་པ་ནི། ཧཱུཾ། གདུག་པ་ཅན་རྣམས་ཚར་བཅད་པའི། །དབང་པོའི་མེ་ཏོག་ཕྲེང་བར་སྤེལ། །ཚིལ་ཆེན་གསུར་གྱི་དུད་པའི་སྤྲིན། །མི་བཟད་མུན་པ་ལྟ་བུར་འཚུབ། །ཞུན་མར་མཆོག་གི་སྒྲོན་མེ་ནི། །དུས་མཐའི་ཞུགས་ཀྱི་ཕུང་པོར་འབར། ཁྲག་མཁྲིས་(༡༣བ)


GLG022_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་དང་ཡོངས་སྦྱར་བའི། །ལྦུ་འཕྲེང་རབ་འཁྲུག་བྱུག་པའི་མཚོ། །ཤ་ཁྲག་རུས་པ་དོན་སྙིང་ཚོགས། །ལྷུན་པོར་སྤུངས་པའི་ཞལ་ཟས་མཆོག །ཐོད་ལྔ་རྐང་གི་གླིང་བུ་དང་། །རབ་འཇིགས་སྒྲ་དབྱངས་རྒྱ་མཚོར་བཅས། །དུར་ཁྲོད་མཆོག་གིས་མཆོད་སྤྲིན་འདི། །གཤིན་རྗེའི་འདུན་ས་བཞིན་དུ་འབུལ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ༔ས་པ་རིཝཱ་ར་མཧཱ་ཤྨ་ཤཱ་ན་པུཥྤཾ་དྷཱུ་པཾདཱིཔཾགྷནྡྷཾ་ནེ་ཝིདྱེ་ཤཔྟ་པཱུ་ཛཿཧོཿ། །དྲུག་པ་འདོད་ཡོན་ལྷ་མོའི་མཆོད་པ་ནི། ཧཱུཾ། རྡོ་རྗེ་སྒེག་མོ་གཟུགས་མཛེས་མ། །འཕྲེང་བ་མ་ནི་རྒྱན་འཕྲེང་འཛིན། །གླུ་མ་གླུ་ལེན་པི་ཝཾ་བརྡུང་། །གར་མ་མཛེས་པའི་གར་བསྒྱུར་མ། །བདུག་པ་མ་ནི་སྤོས་སྤྲིན་སྤྲོ། །མེ་ཏོག་མ་ནི་མེ་ཏོག་འཐོར། །མར་མེ་མ་ནི་སྣང་གསལ་འཛིན། །དྲི་མ་དྲི་མཆོག་བྱུག་པ་འབུལ། །བརྒྱད་ཀ་གཟུགས་མཛེས་ལྟ་ན་སྡུག །ཡིད་འོང་གར་བསྒྱུར་གླུ་ལེན་མ། །འཆི་མེད་བུ་མོ་ལྟ་བུ་ཡིས། །ཕྱོགས་བཅུའི་འཇིག་རྟེན་བཀང་སྟེ་འབུལ། །ཨོཾ་བཛྲ་ལཱ་སྱེ་ཧཱུཾ། དེ་བཞིན། མཱ་ལེ་ཏྲཾ། གཱི་ཏི་ཧྲཱིཿ། ནཱིརྟི་ཨཱཿ། པུཥྤེ་ཧཱུཾ། དྷཱུཔེཏྲཾ། ཨ་ལོ་ཀེ་ཧྲཱི། གྷནྡྷེ་ཨཱཿ། བདུན་པ་ཛ་གད་དཔའ་བོའི་མཆོད་པ་ནི། ཧཱུཾ། རྒྱུ་གཉིས་རྐྱེན་སྦྱར་བདུད་རྩི་འདི། །དུག་ལྔ་སྨན་བསྒྱུར་ཡེ་ཤེས་རྫས། །ཛ་གད་དཔའ་བོའི་ཕུད་ཀྱི་མཆོག །དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ། །མཧཱ་པཉྩ་ཨ་མྲི་ཏ་ཁཱ་ཧི། བརྒྱད་པ་བྷ་ལིང་གཏོར་མའི་མཆོད་པ་ནི། དམ་རྫས་རྨད་བྱུང་གཏོར་ཆེན་པོ། །ཆོས་ཉིད་སྐྱེ་མེད་ཀློང་ནས་སྤྲུལ། །འདོད་ཡོན་རྣམས་ལྔས་རབ་ཏུ་སྤྲས། །དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ། །མཧཱ་བྷ་ལིངྟ་ཁཱ་ཧི། དགུ་པ་དམར་ཆེན་རཀྟཱི་མཆོད་པ་ནི། ཉོན་མོངས་རྩ་བ་འཁོར་བའི་ཁྲག །ཁམས་གསུམ་འཁོར་བ་སྟོངས་བྱའི་ཕྱིར། །དུང་ཆེན་སྣོད་དུ་(༡༤ན)


GLG022_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཆེན་བསྐྱིལ། །དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ། མཧཱ་རཀྟ་ཁཱ་ཧི། བཅུ་པ་བདེ་ཆེན་སྦྱོར་བའི་མཆོད་པ་ནི། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །ཐབས་དང་ཤེས་རབ་གཉིས་སུ་མེད། །གཉིས་མེད་སྦྱོར་བ་བདེ་བའི་མཆོག །དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ། །བྷོ་དྷི་ཙིཏྟ་མཧཱ་སུ་ཁ་ཨ་ནུ་ར་ག་ཡ་མི། །བཅུ་གཅིག་ལོག་འདྲེན་བསྒྲལ་མཆོད་ནི། །ཡང་དག་རྟོག་པའི་མཚོན་བྱ་ཡིས། །མ་རྟོགས་སེམས་ཅན་དབྱིངས་སུ་བསྒྲལ། །སྒྲོལ་བ་ལས་ཀྱི་མཆོད་པ་ཆེ། །དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ། །སརྦ་ཤ་ཏྲཱུན་མཱ་ར་ཡ་རྦད། བཅུ་གཉིས་སྤྲོས་བྲལ་མཆོད་པ་ནི། །གདོད་ནས་རང་རིག་ལྷ་རུ་དག །མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན། །མི་དམིགས་སྤྲོས་པ་ཕྱག་རྒྱ་ཆེ། །དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ། །དྷརྨ་དྷཱ་ཏུ་མ་ཧཱ་མུ་དྲ་པཱུ་ཛཿཧོཿ། །བཅུ་གཉིས་དཀྱིལ་འཁོར་ལྷ་ཚོགས་ལ་བསྟོད་པ། ཧཱུཾ། བདེ་གཤེགས་སྐུ་ལྔ་ཡོན་ཏན་རྫོགས་པའི་ལྷ། །འགྲོ་དྲུག་དུག་ལྔའི་བག་ཆགས་རྒྱུད་སྦྱོང་ཞིང་། །མཚན་དང་དཔེ་བྱད་འབར་བའི་སྐུར་སྣང་བ། །བདེ་གཤེགས་ཞི་བའི་ལྷ་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་ཡོན་ཏན་མ་ལུས་རྫོགས་པའི་ལྷ། །འགྲོ་དྲུག་ཀུན་གཞིའི་བག་ཆགས༝། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༝། །ཆེ་མཆོག་ཡོན་ཏན་ལྷ་ལ༝། །བདེ་གཤེགས་ཐུགས་ཀྱི་ཡོན་ཏན་རྫོགས་པའི་ལྷ། །འགྲོ་དྲུག་སེམས་ཀྱི་བག་ཆགས༝། །མེ་ལོང་ལྟ་བུའི༝། །ཡང་དག་ཐུགས་ཀྱི་ལྷ་ཡི༝། །བདེ་གཤེགས་སྐུ་ཡི༝། །འགྲོ་དྲུག་ལུས་ཀྱ༝། །མཉམ་པ་ཉིད་ཀྱི༝། །འཇམ་དཔལ་སྐུ་ཡི༝། །བདེ་གཤེགས་གསུང་གི༝། །འགྲོ་དྲུག་ངག་གི༝། །སོ་སོར་རྟོག་པའི༝། །པདྨ་(༡༤བ)


GLG022_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི༝། །བདེ་གཤེགས་འཕྲིན་ལས༝། །འགྲོ་དྲུག་སྒོ་ལྔའི༝། །བྱ་བ་གྲུབ་པའི༝། །ཕུར་པ་འཕྲིན་ལས༝། །བདེ་གཤེགས་རྦོད་གཏོང་ཡོན་ཏན་རྫོགས་པའི་ལྷ། །འགྲོ་དྲུག་སྒྲོལ་མཛད་ཡུམ་གྱི་བྷ་གའི་ཀློང་། །མ་དང་སྲིང་མོའི་ཚུལ་དུ་སྐུར་སྟོན་པ། །མ་མོ་རྦོད་གཏོང་༝། །བདེ་གཤེགས་ཕྱག་རྒྱའི༝། །འགྲོ་དྲུག་སེམས་ཅན་ཀུན་གྱི་དོན་ལ་དགོངས། །ཕྱག་རྒྱ་ཆེན་པོའི་ཚུལ་དུ༝། །རིགས་འཛིན་སློབ་དཔོན༝། །བདེ་གཤེགས་བཀའ་ཡི་བསྟན་པ་གསུང་བའི་ཕྱིར། །ང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །གཟུགས་སྐུ་དྲེགས་པའི་ཚུལ་དུ༝། །འཇིག་རྟེན་མཆོད་བསྟོད༝། །བདེ་གཤེགས་བསྟན་པའི་དགྲ་བགེགས་བསྒྲལ་བའི་ཕྱིར། །ཆོས་ཀྱི་དབྱིངས་ལས་སྒྱུ་མའི་སྐུར་བཞེངས་ནས། །སྔགས་བདག་དྲེགས་པའི་ཚུལ་དུ་སྐུར་སྟོན་པ། །དམོད་པ་དྲག་སྔགས༝། །བདེ་གཤེགས་སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་པ་བཞིས། །ཚར་གཅོད་རྗེས་འཛིན་མཐུ་སྟོབས་རྩལ་མངའ་བའི། །དཔལ་གྱི་བཀའ་སྡོད་འཁོར་དང་བཅས་ལ་བསྟོད། །བཅུ་གསུམ་བསྙེན་སྒྲུབ་འཛབ་འདས་རིམ་པ་ནི། །བདག་ཉིད་དཔལ་ཆེན་ཙི་ཏ་རིན་པོ་ཆེ། །མཆོང་སྨུག་གུར་ཁང་ཕུབ་པ་ལྟ་བུའི་ནང་། །པདྨ་ཉི་ཟླའི་སྟེང་ན་རང་འདྲ་བའི། །ཡེ་ཤེས་སེམས་པ་མཚོན་གང་ཐུགས་ཀ་རུ། །ཉི་ཟླར་རྡོ་རྗེ་སྔོན་པོ་ནས་འབྲས་ཙམ། །ལྟེ་བར་ཉི་མ་ཡུངས་འབྲུ་ཙམ་གྱི་སྟེང་། །ཧཱུཾ་ཡིག་སྦུ་ཤད་མཐའ་སྐོར་སྔགས་ཀྱི་བསྐོར། །ཀློག་ཚུལ་གྱིས་བཟླས་གཡས་སུ་འཁོར་བ་ལས། །འོད་ལྔའི་ཟེར་འཕྲོས་བ་སྤུའི་བུའི་གའི་མཐར། །ཧཱུཾ་ཡིག་གིས་ཁྱབ་དེ་ལས་ཁྲོ་བོའི་ཚོགས། །མཚོན་གང་ཙམ་གྱིས་བར་མཚམས་མེད་པར་གཏིབས། །སླར་ཡང་འོད་ལྔ་འཕྲོས་པས་སྣོད་བཅུད་(༡༥ན)


GLG022_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །རྟེན་དང་བརྟེན་པར་བསྒྱུར་ཞིང་རང་སྔགས་སྒྲས། །ཕྱི་ནང་ལྷ་ཚོགས་ཀྱིས་ཁྱབ་ཞལ་ནས་ཀྱང་། །འབྲུག་སྒྲ་ལྟར་སྒྲོག་འོད་ཀྱིས་བདེ་གཤེགས་རྣམས། །རྒྱུད་བསྐུལ་དབང་དང་དངོས་གྲུབ་བྱིན་རླབས་བསྡུས། །སེམས་ཅན་ལ་ཕོགས་སྡིག་སྒྲིབ་རབ་སྦྱངས་ནས། །ཞི་དང་ཁྲོ་བོའི་གོ་འཕང་དག་ལ་བཀོད། །སླར་ཡང་འོད་ཟེར་དཀར་ལྗང་དམར་པོ་དང་། །མཐིང་ནག་ཚ་ཞིང་རྩུབ་པར་དཔག་མེད་ཕྲོས། །བདག་དང་རྒྱུ་སྦྱོར་དམིགས་ཡུལ་བཅས་པ་ཡི། །ནད་གདོན་སྒྲིབ་སྦྱངས་ཚེ་དང་བསོད་ནམས་རྒྱས། །དགྲ་བགེགས་ཚར་བཅད་འཕྲིན་ལས་རྣམ་བཞི་ཀུན། །བསྒྲུབ་པའི་དམིགས་པ་དང་བཅས་འཛབ་བཟླ་བ། ཨཱོཾ་བོ་དྷི་ཙིཏྟ་མཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ། ཨཱོཾ་བཛྲ་ཀྲོ་དྷ་མཧཱ་ཤྲི་ཧེ་རུ་ཀཿཧཱུཾ་ཕཊ། ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷ་ཉྫ་ཧཱུཾ་ཕཊ། ཨཱོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྷི་ཝ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡཱ་སརྦ་བྷི་གྷྣཱན་བཾ་ཧཱུཾ་ཕཊ། ཨཱོཾ་གུ་ཡ་ཛྙཱ་ན་ཤྲི་ཧེ་རུ་ཀཿ གུ་ཡ་ཛྙཱ་ན་ཀྲོ་དྷི་ཤྭ་རི་སྟཾ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཨཱོཾ་བཛྲ་མཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ་ཕཊ། ཨཱོཾ་བཛྲ་ཙཎྜ་སརྦ་དུ་ཥཾ་ཧཱུཾ་ཕཊ། ཧཱུཾ་བཛྲ་སརྦ་དུ་ཥྚཱཾ་ཧཱུཾ་ཕཊ། ཨཱོཾ་བཛྲ་སརྦ་ཡཀྵ་ས་མ་ཡ་ཧཱུཾ་ཕཊ། ཨཱོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལཱ་ཡ་མཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུཾ་ཕཊ། སྟོང་ཚིག་གི་མཆོད་པ་ནི། ཧཱུཾ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆགས་བཤགས། །མཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི། །ཐིག་ལེའི་རྣལ་འབྱོར་སྙིང་གའི་འཁོར་ལོ་ལས། །སྔགས་འཕྲེང་ཕྱིར་འཕྲོས་ཡབ་ཀྱི་ཞལ་ནས་འཐོན། །ཡུམ་གྱི་ཞལ་ཞུགས་དབྱིབས་བརྒྱུད་པདྨ་ནས། །ནོར་བུའི་ལམ་བརྒྱུད་(༡༥བ)


GLG022_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

མགལ་མེ་ལྟར་འཁོར་བའི། །ངང་ལས་བཟླས་པས་བདེ་སྟོང་དབྱེར་མེད་ཀྱི། །རྟོགས་པའི་བོགས་འབྱིན་བླ་ན་མེད་པའོ། །རྩ་བའི་གསུམ་པ་མཇུག་ལ་བརླབ་དྲང་མཆོད། །བཤགས་བསྒྲལ་ལྷག་མ་བསྐུལ་ཆད་བསྟན་མ་བྲོ། །དངོས་གྲུབ་མཆོད་བསྟོད་བཤགས་གཤེགས་རྒྱུན་སྤྱོད་སྲུང་། །སྨོན་ལམ་ཤིས་བརྗོད་བཅུ་བདུན་དང་པོ་ནི། ཧཱུཾ། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །ཆོས་ཀུན་སྒྱུ་མར་རིག་པ་ལས། །རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ། །རཾ་ལས་མེ་འབར་དངོས་འཛིན་བསྲེགས། །ཡཾ་ལས་རླུང་གཡོས་བག་ཆགས་གཏོང་། ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས། །རཾ་ཡཾ་ཁཾ་སྥ་ར་ཎ་ཕཊ། །སླར་ཡང་བྷྲཱུཾ་ཨཱོཾ་ཨཱཿཧཱུཾ་ཧྲཱིཿ། །འཕྲོས་པས་ཚད་ལྡན་ཀ་པཱ་ལར། །བྷྲཱུཾ་གྱིས་འདོད་ཡོན་ཚོགས་སུ་སྦྱར། །ཨཱོོཾ་གྱིས་དངོས་འཛིན་དྲི་མ་སྦྱངས། །ཨཱཿཡིས་ནམ་མཁའ་གང་བར་སྤེལ། །ཧཱུཾ་གྱིས་གང་མོས་དེ་ལྟར་བསྒྱུར། །ཧྲཱིཿཡིས་ཟག་མེད་བདུད་རྩིར་ཞུ། །ཕུན་ཚོགས་འདོད་ཡོན་ལོངས་སྤྱོད་ཚོགས། །བདེ་གཤེགས་རིགས་ལྔའི་དམ་ཚིག་རྫས། །རྒྱ་ཆེན་གཏིང་ཟབ་ལྷུན་སྡུག་པ། །ངོ་མཚར་མཆོད་སྤྲིན་ཆེན་པོར་གྱུར། །ཨཱོོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ གཉིས་པ་ཚོགས་ཀྱི་ཞིང་དུ་སྤྱན་དྲང་བ། ཧཱུཾ། ཆོས་དབྱིངས་འགྱུར་མེད་འོག་མིན་ཞིང་ཁམས་ནས། །བདེ་གཤེགས་ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་རྣམས། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འདོད་པའི་ཡོན་ཏན་ལྔ་ཡི་ཚོགས་མཆོད་འབུལ། །ཚོགས་ཀྱི་མཆོད་པ་དམ་པ་བཞེས་ནས་ཀྱང་། །ཚེ་དང་དབང་གི་དངོས་གྲུབ་སྩལ་དུ་གསོལ། །བཛྲ་ས་མ་ཡ་ཛཿཛཿཧཱུཾ་བཾ་ཧོཿ། གསུམ་པ་ལོངས་སྤྱོད་ཚོགས་མཆོད་ནི། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་(༡༦ན)


GLG022_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཅི་བདེར་བཞེས་སུ་གསོལ། ཨོཾ་གྷ་ན་ཙཀྲ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱི་ཙྪ་སྭཱཧཱ། བཞི་པ་ཉེས་པའི་ཚོགས་རྣམས་རབ་བཤགས་པ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་སྤྱོད་པས་དམ་ལས་འདས་གྱུར་ཏེ། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་ཅི་འགལ་བ། །འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །ཡིག་བརྒྱ་བཟླ། ལྔ་པ་ཉ་བོ་བསྒྲལ་ཞིང་སྟོབ་པ་ནི། ཨེ་ལས་གནམ་ལྕགས་འབར་བའི་ཁང་སྒྲོམ་ནང་། །ནྲྀ་དང་ཏྲི་ལས་གནོད་བྱེད་དགྲ་བགེགས་རྣམས། །ཡན་ལག་ལྕགས་སྒྲོག་གིས་བཅིངས་ཉམ་ཐག་པ། །མངོན་གསུམ་ལྟ་བུར་གསལ་བ་ཉིད་དུ་གྱུར། །ན་མཿརྩ་བརྒྱུད་བླ་མ་སྒྲུབ་སྡེ་བརྒྱད་ཀྱི་ལྷ། ཁྱད་པར་སྡེ་དཔོན་སུམ་ཅུ་ལས་བྱེད་ཚོགས། །ཏིང་འཛིན་སྔགས་དང་ཕྱག་བརྒྱའི་ནུས་མཐུ་ཡིས། །དགྲ་བགེགས་ཐམས་ཅད་ཁུག་ཅིག་གཟུགས་ལ་ཕོབ། །ཨཱོཾ་བཛྲ་ཀྲོ་དྷ་མཧཱ་ཤྲཱི་ཧེ་རུ་ཀཿཧཱུཾ་ཕཊ། དགྲ་བགེགས་ནྲཱི་ཏྲེ་བཛྲ་ཨཾ་གུ་རུ་ཤ་ཛ༔། ཞེས་ལྕགས་ཀྱུའི་ཕྱག་རྒྱས་དགུག །བཛྲ་པཱ་ཤ་ཧོཿཞགས་པའི་ཕྱག་རྒྱས་གཞུག །བཛྲ་སྤོ་ཏྲ་བཾ། ལྕགས་སྒྲོག་གི་ཕྱག་རྒྱས་བཅིངས། བཛྲ་ཨ་ཝེ་ཤཱ་ཡ་ཨ་ཨཿ དྲིལ་བུའི་ཕྱག་རྒྱས་དབབ། དེ་བཞིན་ཡང་དག་གི་སྔགས་དང་། དགྲ་བགེགས་ནྲྀ་ཏྲི་སརྦ་ཨ་པ་ན་ཡ་ཧཱུཾ་ཕཊ། དབབ་པའི་ཕྱག་རྒྱས་མཐུ་དང་རྫུ་འཕྲུལ་ཕྲོགས། །འཇམ་དཔལ་རྩ་སྔགས་དང་འབྱེད་པའི་ཕྱག་རྒྱས། དགྲ་བགེགས་ནྲྀ་ཏྲི་ཧ་ས་ན་ཧྲི་དྷ་ཡ་ཧཱུཾ་ཕཊ། ཅེས་པས་ལྷ་དང་དབྱེ། རྟ་མགྲིན་གྱི་རྩ་སྔགས་དང་དབབ་པའི་ཕྱག་རྒྱས། དགྲ་བགེགས་ནྲྀ་ཏྲི་སརྦ་ཨ་ཝེ་ཤཱ་ཡ་ཨ་ཝེ་ཤཱ་ཡ་ཧཱུཾ་ཕཊ། ཕུར་པའི་རྩ་སྔགས་དང་། བཅིང་པའི་ཕྱག་རྒྱས། དགྲ་བགེགས་ནྲྀ་ཏྲི་ཏྲི་ཏྲི་ཧ་ན་ཧཱུཾ་ཕཊ། མ་མོའི་རྩ་སྔགས་དང་(༡༦བ)


GLG022_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱལ་ཞིང་འཁྲུག་པའི་ཕྱག་རྒྱས། དགྲ་བགེགས་ནྲྀ་ཏྲི་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཅེས་དྲན་མེད་སྨྱོས་སུ་བཅུག་པ། དྲག་པའི་རྩ་སྔགས་དང་བརྡུང་བའི་ཕྱག་རྒྱས། དགྲ་བགེགས་ནྲྀ་ཏྲི་ཏ་ཐ་ཡ་ཏ་ཐ་ཡ་ཧཱུཾ་ཕཊ། ཕུར་བུས་རྡུལ་དུ་བརླག་པའོ། །དེ་ནས་དྲེག་སྔགས་ཕུར་པས་ཉ་བོ་བསྒྲལ་ཏེ། དམོད་པ་དྲག་སྔགས་ཀྱི་རྩ་སྔགས་དང་ཕྱག་རྒྱས་སྟོན་པའི་ཚུལ་གྱིས། དགྲ་བགེགས་བཱི་ན་ཡ་བཱི་ན་ཡ་ཧཱུཾ་ཕཊ། ཕུང་པོ་ཤ་ཁྲག་ཏུ་དམིགས་ལ་སྟོབ་པ་ནི། དགྲ་བགེགས་གདུག་པ་བསྒྲལ་བའི་ཤ་ཁྲག་རུས། །དུག་གསུམ་དབྱིངས་སུ་སྦྱང་བ་མཆོད་པའི་སྤྲིན། །ཟག་མེད་བདུད་རྩིར་སྦར་ནས་འབུལ་ལགས་ན། །རྔམ་པའི་སྟབས་ཀྱིས་དགྱེས་པར་བཞེས་སུ་གསོལ། །མཾ་ས་རཀྟ་ཀིཾ་ནི་རི་ཏི་ཨ་མྲྀ་ཏ་པཱུ་ཛཿཁཱ་ཧི། དྲུག་པ་ཚོགས་ཀྱི་ལྷག་མ་བཏང་བ་ནི། ཧཱུཾ། དང་པོ་ཕུད་ཀྱིས་མི་མཆོད་དུ། །དཔལ་ཆེན་ལྷ་ཚོགས་ཕུད་ཀྱི་བདག །བར་དུ་སྤྲིན་ལྟར་མི་གཏིབ་ཏུ། །དགེ་བའི་བཤེས་གཉེན་གཉན་གྱི་བཀའ། །ཐ་མ་གཅིག་ཏུ་མི་བསྲེ་རུ། །མ་ཚོགས་དབང་ཕྱུག་ལྷག་མའི་གནས། །ལྷག་མ་ཁ་ཆུས་མིག་གདབ་ཏུ། ཁྱེད་དང་དེང་གཉིས་དམ་ཚིག་གཅིག །ཡེ་ནས་འདུ་འབྲལ་མེད་དོན་དུ། །འདུས་ལ་ལས་རྣམས་ཀུན་བྱོས་ཤིག །ཧཱུཾ། བདེ་གཤེགས་ཞི་ཁྲོ་དཔལ་ཆེན་དགུའི། །བཀའ་ཉན་རོལ་པའི་ཕོ་ཉ་ལྷག་སྡུད་རྣམས། །སྔགས་ཚིག་བཤུག་པའི་སྒྲ་ཡིས་མཚོན་ནས་ཀྱང་། །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞིང་ཆེན་གཡར་མོའི་བརྡ་ཡིས་མཚོན་ནས་ཀྱང་། །མ་ལུས་འཁོར་དང་བཅས༝། །གླུ་གར་ཕྱག་རྒྱ་རོལ་མོས་མཚོན་ནས་ཀྱང་། །མ་ལུས༝། །དམར་ཆེན་ཁྲག་དང་བདུད་རྩིས་མཚོན་ནས་ཀྱང་། །མ་ལུས༝། །མཁའ་འགྲོ་གིང་ལང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་(༡༧ན)


GLG022_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལྷག་སྡུད་ཚོགས། །དཔལ་གྱི་ཕམ་ཕབས་འདི་གསོལ་ལ། །སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཨཱོཾ་ཨུཙྪིཥྛ་བ་ལིཾ་ཏ་བྷཀྵ་སི་སྭཱཧཱ། བདུན་པ་ཞི་ཁྲོའི་ལྷ་ཚོགས་བསྐུལ་བ་ནི། ཧཱུཾ། མི་མངོན་དབྱིངས་ན་བཞུགས་པ་རྒྱལ་བ་ཞི་ཁྲོའི་ཚོགས། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ། །མཛོད་ཅིག་མཛོད་ཅིག་དྲག་པོའི་འཕྲིན་ལས་མཛོད། །ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་པ། །ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཞི་ཁྲོ་དང་། །སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་ཅན། །མི་མངོན་དབྱིངས་ནས་འདིར་གཤེགས་ཐུགས་དམ་བསྐུལ། །དྲག་པོའི་འཕྲིན་ལས་མཛད་པའི་དུས་ལ་བབ། །ཐུགས་དམ་ཐུགས་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །བརྒྱད་པ་སྔོན་གྱི་ཆད་མཐོ་སྒྲག་པ་ནི། བྷྱོ། སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ། །འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀས། །བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་བཤད་པའི་ཚེ། །རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་གྱིས། །སོ་སོའི་སྐུ་གསུང་ཐུགས་སུ་བསྟན་ནས་ཀྱང་། །ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ། །མཆོད་གཏོར་བཞེས་ལ་འཕྲིན་ལས་སྒྲུབ་པར་མཛོད། །དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ། །མི་མངོན་རིག་པ་འཛིན་པའི་གནས་མཆོག་ཏུ། །རིགས་འཛིན་གཙོ་བོ་རྡོ་རྗེ་ཆོས་ཅན་གྱི། །རྒྱུད་ཀྱི་ཚིག་དོན་བསྡུ་བ་མཛད་པའི་ཚེ། །གསང་སྔགས་བཀའ་ཡི་སྲུང་མའི་ཚོགས་རྣམས་ཀྱིས། །སོ་སོའི་སྐུ་གསུང་ཐུགས་སུ༝། །ཇི་ལྟར་ཁས་བླངས༝། །(༡༧བ)


GLG022_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཏོར་བཞེས༝། །དེ་འོག་བར་གྱི་བསྐལ་པའི་ཐ་མ་ལ། །ལྷ་གནས་གསུམ་དུ་དྲགས་པའི་གནས་མཆོག་ཏུ། །རིག་པ་འཛིན་པ་རིགས་འཛིན་མཆོག་རྣམས་ཀྱིས། །གསང་སྔགས་རྒྱུད་སྡེ་ཡི་གེར་བཀོད་པའི་ཚེ། །གསང་སྔགས་རྡོ་རྗེ་ཐེག་པའི་བཀའ་སྲུང་གིས། །སོ་སོའི་སྐུ་གསུང་ཐུགས་སུ༝། ཇི་ལྟར༝། །མཆོད་གཏོར༝། །དེ་རྗེས་རྩོད་པའི་དུས་ལ་སླེབ་པའི་ཚེ། །དུར་ཁྲོད་རོ་གླིང་བསིལ་བའི་ཚལ་ཆེན་དུ། །མཁའ་འགྲོ་ཆེན་མོ་ལས་ཀྱི་དབང་མོ་ཆེ། །གསང་སྔགས་རྒྱུད་སྡེ་གཏེར་དུ་སྦས་པའི་ཚེ། །བཀའ་ཡི་སྲུང་མ་ལྷ་སྲིན་སྡེ་བརྒྱད་ཀྱིས། །སོ་སོའི་གནས་ནས་རྫུ་འཕྲུལ༝། །ཇི་ལྟར༝། །མཆོད་གཏོར༝།དེ་རྗེས་སྙིགས་མའི་དུས་ལ་བབས་པའི་ཚེ། །མཆོད་རྟེན་ཆེན་པོ་བདེ་བྱེད་ལེགས་ཚལ་དུ། །གྲུབ་པ་བརྙེས་པའི་སློབ་དཔོན་བརྒྱད་རྣམས་ཀྱིས། །དགུང་འདུན་དགོངས་པ་མཛད་ནས་གཟིགས་པའི་ཚེ། །དྲེགས་པ་ཅན་གྱིས་གཏེར་སྒྲོམ་བཏོན་ནས་ཀྱང་། །སོ་སོའི་སྐུ་གསུང་༝། །ཇི་ལྟར༝། །མཆོད་གཏོར༝། །དེ་རྗེས་གདུལ་བྱ་དུས་ལ་བབ་པའི་ཚེ། །བོད་ཡུལ་ཁ་བ་ཅན་གྱི་ཡུལ་ལྗོངས་སུ། །སློབ་དཔོན་པདྨ་འབྱུང་གནས་བྱོན་པའི་ཚེ། །བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་ཀྱིས། །རང་རང་མཐུ་རྩལ་ཆེ་བར་བསྟན་ནས་ཀྱང་། །སོ་སོའི༝། །ཇི་ལྟར༝། །མཆོད་གཏོར༝། །དེ་ལྟར་བསྒྲུབ་པའི་རྣལ་འབྱོར་བདག་ཅག་གིས། །མཁའ་འགྲོ་དམ་ཅན་འདུ་བའི་གནས་མཆོག་འདིར། །ཚེ་འདིར་སངས་རྒྱས་སྐུ་གསུང་བསྒྲུབས་པའི་ཚེ། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །སོ་སོའི༝། །ཇི་ལྟར༝། །མཆོད་གཏོར་བཞེས༝། །དགུ་པ་བསྟན་མ་བཅུ་གཉིས་སྐྱོང་བ་ནི། ཧཱུཾ། ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །(༡༨ན)


GLG022_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྤྱོན་དམ་སྐོང་འཕྲིན་ལས་མཛོད། །བསྟན་མ་བཅུ་གཉིས་འཁོར་དང་བཅས། ཁྱེད་ཅག་སྔོན་གྱི་ཡལ་གམ་ཅན། །སློབ་དཔོན་པདྨ་ཐོད་འཕྲེང་དང་། །སློབ་མ་གླང་ཆེན་དཔལ་སེང་གིས། །མོན་ཁ་སྣ་རིང་རྫོང་གསུམ་དུ། །ཞིང་ཆེན་བསྒྲལ་བའི་གདན་སྟེང་དུ། །རྣལ་འབྱོར་གྲལ་ལ་བཞག་ནས་ནི། །ཐར་པ་ཐོབ་པའི་མཚན་ཡང་བཏགས། །སྒྲུབ་པ་པོ་ལ་ཕན་གདགས་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་ན། །དམ་ལས་མ་འདའ་ད་ཚུར་སྤྱོན། །བཀའ་ཡི་གཏོར་མ་འདི་ལོང་ལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བཅུ་པ་དམ་སྲི་མནན་ཅིང་རྟ་བྲོ་བརྡུང་། །ཧཱུཾ། ཡ་མ་བྱ་བའི་དམ་སྲི་ཁྱོད། །མནན་ནོ་རི་རབ་འོག་ཏུ་མནན། །བསྐྱུར་རོ་རྒྱ་མཚོའི་གཏིང་དུ་སྐྱུར། །བསྲེག་གོ་མེ་དཔུང་ཀློང་དུ་སྲེགས། །བསྐྱོན་ནོ་འཁོར་ལོའི་རྩིབས་ལ་བསྐྱོན། །གཏད་དོ་འཆི་བདག་ལག་ཏུ་གཏད། །བྱང་ཆུབ་སེམས་ནི་མ་སྐྱེས་བར། །ནམ་ཡང་བཏང་བར་མི་བྱའོ། །ཨཱོཾ་ལཾ་ཧཱུཾ་ལཾ་སྟཾ་བྷ་ཡ་ནན། ཧཱུཾ། དགྲ་བགེགས་བསྒྲལ་བའི་མ་རིག་སེམས། །ཕུང་ཁམས་སྐྱེ་མཆེད་བཅས་པ་ལ། །བདེ་གཤེགས་འདུས་པའི་བྲོ་བརྡུངས་པས། ཁྲོ་བོ་ཁྲོ་མོ་སྤྲིན་ལྟར་གཏིབས། ཁྲོ་ཆུང་ཚོགས་ནི་སྐར་ལྟར་འཁྲུག །བྲོ་ནི་བར་ཆད་མེད་པའི་བྲོ། །གླུ་ནི་འདུ་འབྲལ་མེད་པའི་གླུ། །ཚིག་ནི་སྙིང་པོ་འཛབ་ཏུ་བཟླ། །དགྲ་རྣམས་ཐལ་བར་བརླག་པའི་བྲོ། །བགེགས་རྣམས་ཕྱེ་མར་འཐག་པའི་བྲོ། །རྒྱུད་དྲུག་གནས་ནས་འདྲེན་པའི་བྲོ། །རིགས་དྲུག་གཡང་ས་གཅོད་པའི་བྲོ། །འཇིགས་པའི་བདུད་བཞི་འཇོམས་པའི་བྲོ། །གསང་བའི་དགྲ་གསུམ་གསོད་པའི་བྲོ། །བྲོ་ནི་སྐྱེ་བ་མེད་པར་བརྡུང་། །གླུ་ནི་འགག་པ་མེད་པར་ལེན། །ཚིག་ནི་སྙིང་པོ་འཛབ་ཏུ་བཟླ། །དགྲ་བགེགས་དུག་ལྔ་དབྱིངས་(༡༨བ)


GLG022_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དག །རྫོགས་པ་ཆེན་པོའི་ཀློང་དུ་ཐིམ། །བཅུ་གཅིག་མཆོག་ཐུན་དངོས་གྲུབ་ལེན་པ་ནི། ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ནས། །དཔལ་ཆེན་ཆེ་མཆོག་སྒྲུབ་པ་བཀའ་བརྒྱད་ལྷ། །ཕོ་ཉ་བཀའ་སྡོད་འཁོར་དང་བཅས་པ་རྣམས། །ཐུགས་དམ་དབང་གིས་བདག་ལ་དགོངས་སུ་གསོལ། །བདག་ཅག་གསང་བའི་སྒོར་ཞུགས་དམ་ཚིག་ཅན། །བསྙེན་སྒྲུབ་མཐར་ཕྱིན་སྒྲུབ་པའི་ཞག་གྲངས་རྫོགས། །དང་བའི་ཤུགས་ཀྱིས་ཐུགས་དམ་རྒྱུད་བསྐུལ་ན། །དཔལ་ཆེན་ཧེ་རུ་ཀ་ཡི་གོ་འཕང་མཆོག །དཀའ་བ་མེད་པར་ཚེ་འདིར་གྲུབ་པ་དང་། །འཕྲིན་ལས་རྣམ་བཞིས་རིས་མེད་འགྲོ་བ་རྣམས། །ཕན་བདེའི་ལམ་ལ་འགོད་པའི་དངོས་གྲུབ་སྩོལ། །སརྦ་སིདྡྷི་ཕ་ལ་ཧོཿ། བཅུ་གཉིས་གཏང་རག་མཆོད་བསྟོད་རིམ་པ་ནི། ཧཱུཾ། མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་དྲི། །ཞལ་ཟས་སྒྲ་སྙན་ལ་སོགས་མཆོད་པའི་སྤྲིན། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ནས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨཱོཾ་ཤྲཱི་བཛྲ་ཧེ་རུ་ཀཿས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡ་པཱུ་ཛཿཧོཿ ཧཱུཾ། བདེ་གཤེགས་ཐམས་ཅད་མཉམ་ཉིད་ཐུགས་ཀྱི་ངང་། །ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །ཐབས་ལ་མཁས་པས་སོ་སོར་སྐུར་སྟོན་པ། །སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་བསྟོད། །བཅུ་གསུམ་མ་རིག་ཉེས་ཚོགས་བཤགས་པ་ནི། ཧཱུཾ། དུས་གསུམ་བདེ་གཤེགས་ཡོན་ཏན་སྐུ་གསུང་ཐུགས། །འཕྲིན་ལས་མངོན་རྫོགས་ལྷུན་གྲུབ་མངོན་སྤྱོད་སྤྲུལ། །ཆོ་འཕྲུལ་བདེ་གཤེགས་འདུས་པའི་ལྷ་ཚོགས་ཤར། །མ་རིག་དབང་གིས་ཕྱོགས་རིས་སོ་སོར་བཟུང་། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་ཉམས་ཆགས་འགལ་འཁྲུལ་(༡༩ན)


GLG022_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དང་། །ཏིང་འཛིན་མ་གསལ་སྔགས་དང་ཕྱག་རྒྱ་ནོར། །ལྟ་སྤྱོད་དགོངས་པ་ཀློང་དུ་མ་གྱུར་པས། །རྒྱལ་བའི་དགོངས་སྤྱོད་ཟབ་མོ་གཏིང་མ་ཕྱིན། །ཐབས་དང་ཤེས་རབ་ཡ་བྲལ་བླང་དོར་བཅད། །འབྲས་བུའི་འདོད་ཆེན་བསྒྲུབས་པའི་རྒྱུར་གྱུར་པ། །བདེ་གཤེགས་རྒྱལ་བའི་བཀའ་ལ་བཟོད་པར་གསོལ། །དབྱེར་མེད་མཉམ་པའི་ངང་ལ་མཐོལ་ལོ་བཤགས། །གཉིས་མེད་དོན་གྱི་འབྲས་བུ་སྩལ་དུ་གསོལ། །ཡི་གེ་བརྒྱ་པ་བཟླ། བཅུ་བཞི་ལྷ་ཚོགས་གཤེགས་ཤིང་བསྡུ་བ་ནི། ཧཱུཾ། འཁོར་གྱི་འཇིག་རྟེན་ལྷ་ཚོགས་རང་གནས་སུ། །བཛྲ་མུཿས་གཤེགས་སྟོབས་ལྡན་ནག་པོ་ནས། །རིམ་གྱིས་གཅིག་ལ་གཅིག་ཐིམ་གཙོ་བོ་ལ། །གཙོ་བོ་ཡེ་ཤེས་སེམས་དཔའ་དེ་ཧཱུཾ་ལ། །དེ་ཡང་ཞབས་ཀྱུ་ནས་བཟུང་ནཱ་དའི་བར། །མེ་ལོང་ཧས་བཏབ་རིམ་ཡལ་སྤྲོས་བྲལ་གྱུར། །བཅོ་ལྔ་རྒྱུན་སྤྱོད་སྲུང་བ་བྱ་བ་ནི། ཕཊ་ཕཊ་ཕཊ་ཅེས་བརྗོད་པའི་ངང་ཉིད་ལས། །བདག་ཉིད་ཆུ་ལས་ཉ་འཕར་ཚུལ་དུ་ནི། །ཆེ་མཆོག་ཁྲག་འཐུང་རྡོ་རྗེ་དུང་ཁྲག་འཛིན། །དཔལ་དང་དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །གནས་གསུམ་ཨཱོཾ་དཀར་ཨཱཿདམར་ཧཱུཾ་མཐིང་མཚན། །རྡོ་རྗེའི་བཞུ་བླུགས་ལུས་ཀུན་ཁྱབ་པར་གྱུར། །ཅིས་ཀྱང་མི་ཚུགས་མི་ཤིགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་ཡུལ་ཀུན་བཅོམས་ནས་ནི། །ཐམས་ཅད་དུ་ནི་རྒྱས་པར་གནས། །ཨཱོཾ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་ཧཱུཾ། བཅུ་དྲུག་སྨོན་ལམ་རྣམ་དག་གདབ་པ་ནི། ས་མཆོག་འོད་གསལ་རྡོ་རྗེ་རྩེ་མོ་རུ། །བདག་ཅག་དམ་ཆེན་རྣལ་འབྱོར་བཞུགས་སོ་འཚལ། །བར་ཆད་མེད་པར་བསྟན་པ་མཐར་ཕྱིན་ནས། །ཀུན་བཟང་ཆེ་མཆོག་ཧེ་རུ་ཀཿཐོབ་ཤོག །བཅུ་བདུན་བཀྲ་ཤིས་ཆར་དུ་དབབ་པ་ནི། ཧོ། སྐུ་ལྔ་ལྷུན་གྲུབ་དེ་(༡༩བ)


GLG022_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་སྐུ། །ཡེ་ཤེས་ལྔ་རྫོགས་མཚན་དཔེའི་འོད་ཀྱིས་སྤྲས། །འགྲོ་བའི་དུག་ལྔ་དབྱིངས་སུ་ཞི་མཛད་པའི། །བདེ་གཤེགས་ཞི་བའི་ལྷ་ཚོགས་བཀྲ་ཤིས་ཤོག །དུས་གསུམ་རྒྱལ་བའི་ཡོན་ཏན་བཞིར་གྱུར་ཏེ། །བདེ་ཆེན་ལྷུན་གྲུབ་ཆོས་དབྱིངས་ཡེ་ཤེས་སྐུ། །འགྲོ་བའི་གཏི་མུག་མུན་པ་སེལ་མཛད་པའི། །ཆེ་མཆོག་ཡོན་ཏན་ལྷ་ཚོགས༝། །དུས་གསུམ་བདེ་གཤེགས་ཐུགས་མཆོག་སྤྲོས་དང་བྲལ། །དྲི་བྲལ་གསལ་དག་མེ་ལོང་ཡེ་ཤེས་སྐུ། །འགྲོ་བའི་ཞེ་སྡང་མེ་ཚོགས་ཞི་མཛད་པ། །ཡང་དག་ཐུགས་ཀྱི་ལྷ་ཚོགས༝། །དུས་གསུམ་བདེ་གཤེགས་སྐུ་ཡི་བདག་ཉིད་མཆོག །རང་བཞིན་མི་འགྱུར་མཉམ་ཉིད་ཡེ་ཤེས་སྐུ། །འགྲོ་བའི་ང་རྒྱལ་རི་བོ་འཇོམས་མཛད་པ། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་བཀྲ་ཤིས་ཤོག །དུས་གསུམ་བདེ་གཤེགས་གསུང་གི་དབང་ཕྱུག་གཙོ། །སོ་སོའི་ཀུན་ཏུ་རྟོག་པའི་ཡེ་ཤེས་སྐུ། །འགྲོ་བའི་འདོད་ཆགས་རྒྱ་མཚོ་སྐེམས་མཛད་པ། །པདྨ་གསུང་གི་ལྷ་ཚོགས༝། །དུས་གསུམ་བདེ་གཤེགས་འགྲོ་འདུལ་འཕྲིན་ལས་གཙོ། །ལྷུན་གྲུབ་བྱ་བ་གྲུབ་པའི་ཡེ་ཤེས་སྐུ། །འགྲོ་བའི་ཕྲག་དོག་རླུང་འཚུབ་ཞི་མཛད་པ། །ཕུར་པ་འཕྲིན་ལས་ལྷ་ཚོགས༝། །དུས་གསུམ་བདེ་གཤེགས་དབྱིངས་ཀྱི་མ་མོའི་གཙོ། །མངོན་རྫོགས་མི་འགྱུར་ཡེ་ཤེས་རྡོ་རྗེའི་སྐུ། །སྣང་སྲིད་འཁོར་འདས་འབྱུང་བ་མ་མོའི་ཡུམ། །མ་མོ་རྦོད་གཏོང་ལྷ་ཚོགས༝། །དུས་གསུམ་བདེ་གཤེགས་རིག་པ་འཛིན་པའི་གཙོ། །ལྷུན་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྐུ། །འགྲོ་རྣམས་བདེ་ཆེན་ས་ལ་འགོད་མཛད་པའི། །རིགས་འཛིན་སློབ་དཔོན་ལྷ༝། །དུས་གསུམ་བདེ་གཤེགས་དྲེགས་པ་ཀུན་འདུལ་གཙོ། །ཁྲོ་གཏུམ་རབ་འཇིགས་དཔའ་བོ་མཆོག་གི་སྐུ། །འཕྲིན་ལས་དྲག་པོས་སངས་རྒྱས་བསྟན་པ་བསྲུང་། །(༢༠ན)


GLG022_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མཆོད་བསྟོད་ལྷ་ཚོགས༝། །དུས་གསུམ་བདེ་གཤེགས་དྲག་སྔགས་ཀུན་འདུལ་གཙོ། །སྟོབས་ལྡན་ནག་པོ་འཇིགས་བྱེད་འབར་བའི་སྐུ། །ཞིང་བཅུ་སྒྲོལ་མཛད་སྔགས་ཀྱི་དངོས་གྲུབ་སྩོལ། །དམོད་པ་དྲག་སྔགས་ལྷ་ཚོགས༝། །དུས་གསུམ་བདེ་གཤེགས་རྣམས་ཀྱི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི། །དམ་ཆེན་སྒྲུབ་པའི་གྲོགས་བྱེད་དམ་ཉམས་སྒྲོལ། །ཕོ་ཉ་བཀའ་སྡོད་སྲུང་མའི་བཀྲ་ཤིས་ཤོག །བཀའ་བརྒྱུད་བླ་མའི་བྱིན་རླབས་དང་། །བདེ་གཤེགས་འདུས་པའི་ཐུགས་རྗེ་དང་། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །སྐལ་ལྡན་རྣལ་འབྱོར་སྨོན་ལམ་གྱིས། །སྒྲུབ་པར་བར་ཆད་མེད་པ་དང་། །དཀྱིལ་འཁོར་བཟང་པོར་བྱིན་ཆགས་ཏེ། །སློབ་དཔོན་སྐུ་ཚེ་རིང་བ་དང་། །མཆེད་ལྕམ་ནད་མེད༝། །ནད་གདོན་ཞི་བའི་བཀྲ་ཤིས་ཤོག །ཚེ་དཔལ་རྒྱས་པའ༝། །མོས་པ་དབང་སྡུད༝། །དགྲ་བགེགས་ཚར་གཅོད༝། །འདོད་དགུ་འབྱུང་ཞིང་བསམ་པ་འགྲུབ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས། །ཐམས་ཅད་མཁྱེན་ཐོབ་བཀྲ་ཤིས་ཤོག །ཁྲོ་མཁར་རྫོང་འཕྲང་གིས་མཚོན་བཀའ་མ་ཡིས། །གནུབས་གནགས་ཉང་སོགས་རིམ་བྱོན་བརྒྱུད་ཚུལ་དང་། །གོང་འོག་རྡོར་གླིང་ལྷ་བྲག་ལ་སོགས་པ། །གཏེར་བྱོན་བཀའ་བརྒྱད་ཆོས་ཚུལ་ཕ་མཐའ་ཡས། །བདེ་གཤེགས་འདུས་པ་འོ་མའི་རྒྱ་མཚོ་ཆེར། །སྲོལ་གཞན་གནད་ཀྱི་མར་བཅུད་ཚང་བའི་ཕྱིར། །རབ་འབྱམས་ཞི་ཁྲོའི་དཀྱིལ་འཁོར་མ་ལུས་པའི། །ཡང་རྩེ་མངའ་བདག་ཆོས་ཀྱི་རྒྱལ་པོའི་གཏེར། །བསྐྱེད་རྫོགས་ལས་བྱང་སྒྲུབ་ཁོག་རྒྱས་བསྡུས་འབྲིང་། །མང་ལས་དབང་དང་ལས་སྦྱོར་རྒྱུན་ཁྱེར་དིང་། །བསྟར་བར་(༢༠བ)


GLG022_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཅང་རྒྱས་དང་ཉུང་བའི་མཐར། །མ་ལྷུངས་དབུ་མར་གནས་པའི་ཀླུ་དབང་བཞིན། །ལུགས་མང་ཐོས་ཉུང་བློ་གྲོས་ན་ཕྲ་ཡང་། །རྡོ་རྗེ་འཆང་དངོས་ཡོངས་འཛིན་འགའ་བསྟན་མཐུས། །སྔ་འགྱུར་རྒྱུད་དང་རྒྱ་གཞུང་མན་ངག་ལ། །བལྟ་བའི་མིག་བུ་ཅུང་ཟད་ཡངས་པས་བཀོད། །དགེ་འདིས་རང་རིག་ཆེ་མཆོག་ཧེ་རུ་ཀཿ སྙིང་དབུས་འོག་མིན་ཞིང་དུ་སངས་རྒྱས་ནས། །སྣ་ཚོགས་ཐབས་ཀྱིས་འགྲོ་ཀུན་ཐར་པ་དང་། །ཐམས་ཅད་མཁྱེན་པའི་ས་ལ་འགོད་ནུས་ཤོག །དེ་ཡང་མངའ་རིས་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་ལས། རྙིང་མ་ཚད་ལྡན་ཞིག་བྱེད་ན་བཀའ་མས་ཁོག་ཕུག་གཏེར་མའི་མན་ངག་གིས་བརྒྱན་པ་ཞིག་དགོས་ཞེས་གསུང་བ་དང་། རྡོ་རྗེ་འཆང་ཕ་བོང་ཁ་པས་ཀྱང་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་མཛད་པའི་ཕུར་པ་འདི་ལ། སྦྱང་གཞི་སྦྱོང་བྱེད་སོགས་ལམ་གྱི་འགྲོས་རྣམས་སྔ་འགྱུར་གྱི་གསུང་རབ་གོང་མ་རྣམས་ཀྱི་དགོངས་པའི་གནད་ཚང་ཞིང་། གསར་མའི་རྒྱས་བཀབ་མ་ཡིན་པའི་རྙིང་ཉམས་ཆེན་པོ་ཞིག་ཡང་གསུང་པ་ཡང་ཡང་ཐོས་ཤིང་། བཀའ་མའི་རྒྱུད་དང་སྒྲུབ་ཐབས་རྣམས་ལ་བལྟས་ཀྱང་དེ་ཁོ་ན་ལྟར་སྣང་ལ། གཏེར་ཁ་གོང་འོག་གཉིས་ཀྱང་བཀའ་མ་དང་མཐུན་ཆས་ཆེ་བ་མང་། གྲུབ་ཐོབ་མེ་ལོང་རྡོ་རྗེའི་ཆོག་སྒྲིགས་དེར་མཁས་པ་མང་པོས་ལེགས་སོ་མཛད་མོད། ཨྱོན་ཆེན་པོས་དུས་གསུམ་བསྒྲིབས་མེད་དུ་གཟིགས་པས་གདུལ་བྱའི་བློ་མཆོག་དམན་བར་གསུམ་དང་བསྟུན་པའི་གཏེར་ཁ་སོ་སོར་དུས་སྐབས་དང་བསྟུན་པའི་རྒྱས་བསྡུས་སྣ་ཚོགས་ཡོང་བར་གོར་མ་ཆག་རུང་། དེང་སང་རྙིང་རློམ་རྒྱལ་ཁམས་མ་མཐོང་ཨ་མའི་གསང་གནས་ལ་མཚར་འཛིན་དུ་མས་གཏེར་གཞུང་ཚིག་ཉུང་ཚོ་དང་མཐུན་ན་རྙིང་མ་ཡིན་ལ། དེ་མིན་གསར་མ་ནས་ལྷད་བཅུག་གོ་སྙམ་པའི་ལོག་རྟོག་(༢༡ན)


GLG022_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དང་བགྲོས་གླེང་བ་མང་མོད། ལྷ་སྲས་རྣམ་སྤྲུལ་ཆོས་ཀྱི་རྒྱལ་པོ་འབྲི་གུང་པ་རིན་ཆེན་ཕུན་ཚོགས་ཀྱིས་པཎ་ཆེན་རིན་པོ་ཆེར་བདེ་འདུས་རྩ་བའི་དབང་ཙམ་དང་། མི་འགྱུར་ཀུན་དགའ་དཔལ་བཟང་ལ་ཁྲོ་རོལ་སོགས་ལས་ཚོགས་སྐོར་མང་ཙམ་ལས་ཚང་བར་གསན་མ་ཐུབ་པས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལེགས་ལྡན་རྡོ་རྗེའི་དྲུང་དུ་རྫོགས་པར་གསན་ཅིང་། དཔོན་སློབ་གཉིས་བཀའ་བགྲོས་པའི་ཐོག་ནས་བསྐྱེད་རྫོགས་འབྲིང་པོའི་ཐོག་ནས་བསྐྱེད་རྫོགས་འབྲིང་པོའི་ཆོག་སྒྲིགས་མཛད་པ་འདི་ཁུངས་བཙུན་ཀྱང་། སྒྲུབ་ཆེན་གྱི་དུས་བཞིར་ལས་བྱང་གྱེར་བ་དང་ཁྲོ་རོལ་སོགས་ཀྱི་སྐབས་ཅུང་ཟད་འཁྱོངས་དཀའ་བའི་སྐྱོན་སྣང་བས་དགོངས་དོན་གྱི་སྙིང་པོ་གཞིར་བཟུང་། ཆོས་རྒྱལ་གཏེར་བདག་གླིང་པས་མཛད་པའི་ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ། གཏེར་གཞུང་གི་དགོངས་དོན་གྱི་གནད་རྣམས་བསྡུས་པ་ལས་ཐུགས་བཟོ་སོགས་གཏན་མེད་པས་ཟུར་བརྒྱན། ལས་བྱང་གྱེར་པ་ལ་ཚིགས་བཅད་སྟབས་བདེ་གཤིས་ཚིགས་ལྷུག་རྣམས་ཚིགས་བཅད་དུ་བསྡབས་པ་ཙམ་མ་གཏོགས་ཡིག་རྙིང་རྣམས་བྱིན་རླབས་ཀྱི་ཚན་ཁ་ཆེ་བས་རང་སོར་བཞག །བར་གྱི་མཚམས་སྦྱོར་དང་ལག་ལེན་བྱེད་ཚུལ་སོགས་གཞན་ནས་ཁོག་ཕུག་པའི་དབང་དུ་བཏང་སྟེ་མ་བྲིས་པའི་ལས་བྱང་ཁྲག་འཐུང་རོལ་པའི་གད་བརྒྱངས་འདི་ནི་འཕྱོང་རྒྱས་དཔལ་རི་སྒྲུབ་སྡེའི་སློབ་དཔོན་ལེགས་ལྡན་འོད་ཟེར་སོགས་སྤྱི་ཚོགས་ཀྱིས་འབད་པ་ཆེན་པོས་བསྐུལ་བ་དང་། རོང་ཆོས་སྡིངས་པ་རིགས་འཛིན་ཕུན་ཚོགས་གླིང་སོགས་བདེ་འདུས་བྱེད་པ་མང་པོར་ཕན་པའི་ལྷག་བསམ་གྱིས་ཀུན་ནས་བླངས་ཏེ་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་དྲུང་དུ་གཏེར་ཁ་གོང་འོག་བྱང་གཏེར་གྱི་བཀའ་བརྒྱད་གསུམ་ཚང་བ་དང་། ཁྱབ་བདག་ཁྲ་(༢༡བ)


GLG022_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་པ་ཆེན་པོར་གསང་རྫོགས་བསྐྱར་བ་ལྡབས་ཤིན་ཏུ་རྒྱས་པ། ཆོས་རྒྱལ་གཏེར་བདག་གླིང་པར་རྒྱལ་སྲས་རྡོ་རྗེ་གླིང་པའི་གསང་རྫོགས་སོགས་ཀྱི་བཀའ་དྲིན་ནོས་ཤིང་ཡུལ་ལྷོ་རྒྱུད་དུ་སྐྱེས་པའི་ཟ་ཧོར་གྱི་སྔགས་འཆང་ཆེ་མཆོག་འདུས་པ་རྩལ་ལམ་ཨྱོན་ཡབ་ཡུམ་གྱི་བཏགས་པ་རྡོ་རྗེ་ཐོགས་མེད་རྩལ་དུ་འབོད་པས་རབ་བྱུང་བཅུ་གཅིག་པའི་དྲག་པོ་ཞེས་པ་ལྕགས་ཕོ་སྤྲེའུའི་ལོ་ཐ་སྐར་ཟླ་བའི་ཚེས་བཅུའི་དུས་དགེ་བར་ཕོ་བྲང་ཆེན་པོ་རྒྱལ་ཁབ་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་སྭསྟི་བྷ་ཝནྟུ། །སརྦ་མངྒ་ལཾ། །

གཏེར་ཁ་གོང་མའི་དྲག་པོ་བདེ་འདུས་ཀྱི་བསྙེན་ཡིག་མེ་རླུང་འཁྲུག་པའི་ཚ་ངར།


GLG022_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཁ་གོང་མའི་དྲག་པོ་བདེ་འདུས་ཀྱི་བསྙེན་ཡིག་མེ་རླུང་འཁྲུག་པའི་ཚ་ངར་བཞུགས་སོ། །


GLG022_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཔདྨཱ་ཀཱ་རཱ་ཡ། སྣང་སྲིད་དྲེགས་པ་ཀུན་གྱི་སྲོག་སྙིང་ལ། །དབང་སྒྱུར་ཧེ་རུ་ཀ་དཔལ་པདྨ་འབྱུང་། །སངས་རྒྱས་ཀུན་དངོས་ཁྱོད་ཉིད་རང་རིག་ཏུ། །རང་ངོ་འཕྲོད་མིན་དེ་སྲིད་ཐུགས་རྗེས་སྐྱོངས། །ཐུགས་སྒྲུབ་དྲག་པོའི་གཏེར་ཁ་འོ་མའི་མཚོ། །ཡང་ཟབ་མར་གྱི་ཉིང་ཁུ་སྲིན་སྦར་མ། །མཁའ་འགྲོའི་ཁ་རླངས་མ་ཉམ་ཟིལ་དངར་བཅུད། །འཐུང་བའི་སྔགས་འཆང་ཚོགས་རྣམས་སྐལ་བཟང་དཔྱིད། །དེ་ཕྱིར་ཕྱོགས་འདིར་ཐུགས་སྒྲུབ་ལུགས་གསུམ་གྱི། །རབ་རྒྱས་གཞུང་ཆེན་བདེ་གཤེགས་འདུས་པ་ཡི། །གཏེར་གཞུང་གསལ་བྱེད་ལྷན་ཐབས་བསྙེན་ཡིག་དག །འདྲི་ལ་མ་མགོན་སྡེ་བརྒྱད་གནང་བ་སྩོལ། །དེ་ལ་འདིར་ཨཽཌྜི་ཡ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན་སྲིད་པ་གསུམ་ན་ཆེ་བའི་བརྟུལ་ཞུགས་གྲུབ་པའི་དབང་པོ་དེས་ལྷ་སྲིན་སྡེ་བརྒྱད་ཀྱི་གཉེན་པོར་དབང་དྲག་པདྨ་ཧེ་རུ་ཀའི་རྣམ་པར་བསྟན་པའི་ཟབ་མོ་ཐུགས་ཀྱི་སྒྲུབ་པ་མ་འོངས་སྙིགས་མའི་དུས་སུ་སྡེ་བརྒྱད་རླུང་ལྟར་འཚུབ་ཅིང་ཁྱད་པར་ཀླུ་དང་ས་བདག་རྒྱལ་བསེན་རྣམས་མེ་ལྟར་འབར་བའི་དུས་སུ་སེམས་ཅན་རྣམས་སྡུག་བསྔལ་དེ་དག་ལས་སྐྱོབ་པའི་དོན་དུ་གཏེར་ཁ་མང་པོར་ཕྱག་(༢ན)


GLG022_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཏབ་པ་ལས། ཟབ་པའི་མཐར་ཐུག་བྲག་སྲིན་མོ་སྦར་རྗེས་ནས་མངའ་བདག་སྐུའི་སྤྲུལ་པ་ཉང་རལ་པ་ཅན་གྱིས་སྤྱན་དྲངས་པའི་བླ་མ་དྲག་པོའི་ཆོས་སྐོར་འདི་ཉིད་གངས་ཅན་གྱི་ལྗོངས་འདིར་མིང་ཙམ་རླུང་ལྟར་གྲགས་ཀྱང་། སྔགས་གསར་མ་བ་ཕལ་ཆེར་གྱིས་གསར་མའི་རྗེས་གནང་རྒྱས་འགེབས་ཀྱི་བློས་བྱས་ཁོ་ན་དང་། ས་འབྲུག་གི་ཕྱོགས་ནས་འདི་ལ་ཅུང་ཟད་འདྲིས་རློམ་འགས་ཀྱང་འབྲིང་པོ་མེའི་སྤུ་གྲིའི་དབང་ལ་ཉང་ལུགས་ཀྱི་དྲག་པོའི་དབང་ཞེས་པ་ཙམ་ལས་རྒྱས་འབྲིང་བསྡུས་གསུམ་གྱི་དབྱེ་བ་མ་ཕྱེད་ཅིང་། ལུགས་འདི་ཀའི་རང་སྐད་མེད་པའི་རྙིང་མ་སྤྱི་འགྲོའི་ལས་བྱང་གི་རྒྱས་འགེབས་ལ་གསར་མའི་ལྷད་ཆེན་པོ་བཅུག་པའི་གསར་རྩོམ་རྣམས་ལ་ཡིད་བརྟན་མི་འདུག་ཅིང་། སྔགས་རྙིང་མའི་ཕྱོགས་སུ་ཡང་ཟབ་གནད་འདི་སྐོར་ལ་དབྱར་ཆུའི་དྲོད་ཙམ་ལས་མེད་པ་མང་བས། མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་དང་རིགས་འཛིན་ལེགས་ལྡན་རྡོ་རྗེ་གཉིས་ཀྱི་གདམས་པའི་ཆུ་རྒྱུན་ཆད་པ་མེད་པར་མངའ་བའི་བླ་མ་དམ་པའི་ཕྱག་བཞེས་ལྟར་བསྙེན་ཡིག་ལྷན་ཐབས་ཀྱི་ཚུལ་དུ་འདྲི་བ་ལ། གཏེར་ཁ་འདི་ཉིད་ལ་སྨིན་བྱེད་དབང་དང་བྱིན་རླབས་ཀྱི་རིམ་པ་མང་དུ་ཡོད་ནའང་། རྒྱས་པ་བདེ་(༢བ)


GLG022_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་འདུས་པ་ལ་སྨིན་ལམ་དབང་གི་རྒྱལ་པོ་སྣང་སྲིད་ལྷ་འདྲེའི་སྲོག་དབང་འདི་ཉིད་གཙོ་ཆེ་ཞིང་། དབང་ཆོག་རྡོ་རྗེ་སྤྱི་བླུགས་འདི་ཅུང་ཟད་གྲགས་ཆུང་བས། ལ་ལ་རྡོ་རྗེ་གླིང་པའི་གཏེར་ཁ་ནས་འཕྱུགས་སམ་སྙམ་པའི་སོམ་ཉི་བྱེད་པ་ཡོད་འདུག་ཀྱང་། འཇམ་དབྱངས་མཁྱེན་བརྩེའི་ཞབས་ཀྱིས་དབང་འདི་རིགས་འཛིན་ཆེན་པོ་ལ་ངེས་པར་གསན་པས་ཐེ་ཚོམ་མ་དགོས། འབྲིང་བ་མེའི་སྤུ་གྲིའི་དབང་ཆོག་སྐུ། ཐོད། མེ་ལོང་། བུམ་པ་བཞི་ལ་བརྟེན་ནས་བསྐུར་བའི་མཐའ་རྟེན་འཕྲིན་ལས་རྣམ་བཞིའི་རྗེས་གནང་ཅན་དེ་ཡིན། བསྡུས་པ་དཔའ་བོ་ལྷ་གསུམ་ལ་སྒེར་དུ་དབང་མེད་ཅིང་། བྱིན་རླབས་ལུ་གུ་རྒྱུད་སོགས་སྤྱི་ཁྱབ་ཏུ་མཛད་པར་འདུག་པས། དེ་ཡང་མཚན་ལྟས་ལས། མོས་གུས་དམ་ཚིག་ལྡན་པའི་རྣལ་འབྱོར་པས༔ དང་པོ་བཀའ་ལུང་དབང་རྣམས་ཐོབ་པར་བྱ༔ ཞེས་པའི་དོན་ལྟར་དབང་ལུང་མན་ངག་ཕྱག་བཞེས་དང་བཅས་པ་ལེགས་པར་ནོས་ཏེ་བསྙེན་པའི་རིམ་པ་ཉམས་སུ་བླང་བ་ལ། གནས་ཁང་བྱི་དོར་བྱ། བླ་མ་ཞི་དྲག་གི་སྐུ་འབག་སོགས་དཀོན་མཆོག་གི་རྟེན་དགྲམ། སྨན་རག་གཏོར་མ། ཕྱི་མཆོད། ནང་མཆོད། ཚོགས། མ་མགོན་སྡེ་བརྒྱད་དང་ལེགས་རྩལ་སྤུན་གསུམ་གྱི་གཏོར་མ་བཤམས། ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས། ཐོགས་མར་བགེགས་གཏོར་བཏང་ནས་གུ་གུལ་ཐུན་དང་བཅས་བགེགས་བསྐྲད་པ་སྤྱི་འགྲོ་ལྟར་དང་། ཆབ་གཏོར་བསྔོས་ཏེ་བར་ཆད་ཞི་བའི་འཕྲིན་ལས་བཅོལ། དེ་ནས་བླ་མ་དྲག་པོ་སྐྱབས་ཡུལ་དུ་དམིགས་པ་ལ་བདེ་གཤེགས་འདུས་པའི་ཉམས་ལེན་དངོས་གཞི་ནས། བརྒྱུད་པའི་རྩ་བ་བླ་མ་རྗེ༔ ཞེས་སོགས་ཀྱི་སྐྱབས་སེམས་རྒྱུད་དང་འདྲེས་ངེས་བྱ། ཚོགས་ཞིང་ནི། མདུན་གྱི་ནམ་མཁའ་ལ་(༣ན)


GLG022_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

པཾ་པདྨ་མཎྜལ་ཧཱུཾ། ཞེས་སོགས་ཡན་ལག་བདུན་པ་ཚིག་དང་དམིགས་པ་བསྟུན་ནས་རྒྱས་པར་བྱ། དེ་རྗེས་མདུན་གྱི་ལྷ་རྣམས་བདག་གི་སྤྱི་བོར་བྱོན་ནས༔ ཞེས་པ་ནས་བཟུང་སྟེ། མགར་མལ་གྱི་ཚ་ཚ་ལྟ་བུ་འོད་ཟེར་གྱི་ཚ་ཚ་སྤུང་ངེ་བྱེད་པ་ཞིག་ཏུ་གྱུར༔ ཅེས་པའི་བར་འདོན་ཆ་དཀྱུས་བཞིན་ལ། སེམས་ཅན་གྱི་རྣམ་ཤེས་དབང་དུ་བསྡུ་ལུགས་དང་། སྡེ་བརྒྱད་ཀྱི་ཚེ་སྲོག་དབང་དུ་བསྡུ་བ་གཉིས་ལ་མན་ངག་ཞལ་ལས་ཤེས་ཤིང་། བདེ་བར་གཤེགས་པའི་སྐབས་ཧཱུཾ་ལས་འཕྲོས་པའི་འོད་ཟེར་ཀྱི་སྣེ་ལ་མཆོད་ལྷ་སྤྲོ་བ་དང་། སྐུ་སྐུ་གཟུགས། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་པ་འོད་ཟེར་གྱི་རྣམ་པར་ཞུ་ནས་རང་ལ་ཐིམ་པ་དང་། དཔའ་བོ་མཁའ་འགྲོའི་སྐབས་ཀྱང་བྱིན་རླབས་འོད་དུ་ཞུ་ནས་རང་ལ་བསྟིམ་པ་ཡིན་ནོ། །ཧུཾ་དེ་ལས་ཆུ་ལས་ཉ་འཕར་བའི་ཚུལ་དུ༔ ཞེས་པ་ནས། སྟོང་གསུམ་རྩད་ནས་བཅད་ཅིང་འཁོར་ལོའི་དཔལ་ལ་ལྕགས་བསྲེགས་ཀྱི་སྡིག་པས་མཚན་པ་ཞིག་བསྐྱེད༔ ཅེས་པའི་བར་དཀྱུས་བཞིན་ལ། དེའི་མཇུག་ཏུ་ཁྲོ་བཅུ་རྒྱན་གྱི་ཤོག་དྲིལ་ནས། གསེར་གྱི་འཁོར་ལོ་རྩིབས་བཅུ་ལ༔ ཞེས་པ་ནས་བཟུང་སྟེ། གདུག་པ་མ་ལུས་འདུལ་བར་བསམ༔ ཞེས་པའི་བར་སྦྱར། དམིགས་པའི་གོ་རིམ་དཀྱུས་མ་དང་མི་འདྲ་བའི་གཞལ་ཡས་ཁང་གི་ལྟེ་བའི་ལྷའི་གདན་བསྐྱེད། རིམ་པ་བཞིན་དུ་ཆོས་འབྱུང་གྲུ་གསུམ་ཟླ་གམ་དམར་པོ་སུམ་ལྡན་ལ་བསྐོར་བའི་ཐོད་རྭ་ཟླུམ་པོ་ཐོག་དང་མི་མགོའི་ཏོག་དང་བཅས་པ་གཞལ་ཡས་ཁང་གི་འོག་གཞིའི་འབྱུང་བ་ལྔ། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། གཞལ་ཡས་ཁང་གི་ཕྱིའི་གསེར་གྱི་འཁོར་ལོ་ཕྱོགས་མཚམས་ཀྱི་རྩིབས་བརྒྱད་སྟེང་འོག་གི་རྩིབས་གཉིས་དང་བཅས་པའི་སྲུང་འཁོར་ཁྲོ་བཅུ་(༣བ)


GLG022_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་བསྐྱེད་པ་ཡིན་ནོ། །ཡང་ཧཱུཾ་དེ་ལས་འོད་ཟེར་དམར་པོའི་ཚོགས་འཕྲོསཿ ཞེས་པ་ནས་བཟུང་སྟེ། མེའི་ཁྲོ་བོ་དཔག་ཏུ་མེད་པའི་ཚ་ཚ་འཕྲོ་བ༔ ཞེས་པའི་བར་དཀྱུས་བཞིན། དམིགས་པ། མེའི་འཁོར་ལོའི་ས་བོན་ཀྱང་རཾ་གྱིས་བྱེད། མེའི་འཁོར་ལོ་དེ་ཁོག་སྟོང་ལྟེ་བ་ཤིན་ཏུ་ལྡིར་ཞིང་རྩ་རྩེའི་བར་དུ་རིམ་གྱིས་ཕྲ་རུ་སོང་བ་རྩིབས་རྣམས་ཕྱིར་མི་མངོན་པར་ནང་ནས་རྩིབས་ལོག་གི་ཚུལ་དུ་ཡོད་པ་ཞིག་བསྒོམ་མོ། །གཞལ་ཡས་ཁང་དེའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ༔ ཞེས་པ་ནས་བཟུང་སྟེ། རྡོ་རྗེའི་རྭ་བར་ནས་དྲག་པོའི་ཚ་ཚ་སིལ་ལི་ལི་ཁོལ་བ༔ ཞེས་པའི་བར་ངག་འདོན་དཀྱུས་བཞིན། ཕྱིས་ཀྱི་གཏེར་ཁ་མང་པོར་སྡིག་པ་བཟུང་བའི་རྣམ་པ་དང་བཤད་ཚོད་ཡོད་ཀྱང་། ལུགས་འདི་ལ་པེ་དཀར་གྱིས་སྤྲུལ་པའི་སྡིག་པ་དེའི་གཉེན་པོར་སྡིགས་མཛུབ་ཀྱི་རྩེ་ནས་སྡིག་པ་ཕར་འགྱེད་པའི་ཚུལ་ཡིན། དེ་རྗེས་ལྷ་ཐེམས་གསལ་བའི་སྒྲོན་མེ་ནས། བདག་ཉིད་ཟིལ་གནོན་པདྨ་ཡེ༔ ཞེས་པ་ནས་བཟུང་སྟེ། དབང་རྣམས་ཐམས་ཅད་ཐོབ་པར་བསམ༔ ཞེས་པའི་བར་གྱི་འདོན་ཆ་རྣམས་དཀྱུས་བཞིན་ལ། དེ་ཡང་གོ་ཆའི་ལྷ་བསྐྱེད་པ་ལ་དམིགས་པ་ཟུར་པ་མེད་ཀྱང་ཡེ་ཤེས་པ་སྤྱན་འདྲེན་པ་སྐབས་འདི་ལ་དམིགས་པའི་ཟུར་ཁྱད་ཅུང་ཟད་ཡོད་པ་ཞལ་ལས་འདྲི། དེའི་མཇུག་ཏུ་ངག་འདོན་མེད་པར་དམིགས་པས་ཐུགས་ཀའི་ཧཱུཾ་ལས་འཕྲོས་པའི་འོད་ཟེར་གྱིས་ཁྲོ་བོ་བཅུ་སྤྱན་དྲངས་ཏེ་དམ་ཚིག་པ་ལ་ཐིམ་པར་མོས། ཡང་བདེ་འདུས་ཀྱི་ཉམས་ལེན་དངོས་གཞིའི་ནང་གི །བདག་གི་ཐུགས་ཀའི་ཧཱུཾ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ལས་བྱེད་ཀྱི་ཁྲོ་བོ་ཡགྴ་མེ་དབལ་ཞེས་པ་ནས་བཟུང་སྟེ། བསྲུང་བྱ་ཐམས་ཅད་གཞལ་ཡས་ཁང་གི་ནང་དུ་ཆུད་པར་(༤ན)


GLG022_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། དེ་རྣམས་ཀྱང་ལྷའི་རྣམ་པ་ཞེས་པའི་བར་ངག་འདོན་དཀྱུས་བཞིན་ལ། ཡགྴ་མེ་དབལ་གྱི་དམིགས་པ་དང་བསྲུང་བྱའི་དམིགས་པ་ཞལ་ལས་འདྲི། གོ་ཆའི་ལྷ་རྣམས་ཀྱི་སྐུ་ལ་དྲག་པོའི་ཚ་ཚ་འུར་འུར་འབར་བ་ལ་བརྟེན་ནས་སྡིག་སྒྲིབ་བསྲེག་པར་མ་ཟད་ལུས་ཀྱི་ནང་ཀུན་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་གསལ་ཞིང་གཟི་བརྗིད་ཕུན་སུམ་ཚོགས་པ་ཁྲོ་བོ་ཀུན་གྱི་རྗེ་བཙན་འགྲན་ཟླ་དང་བྲལ་བར་བསམ། དེ་ནས་བཟླས་པ་བྱ་བ་ནི། བདག་གི་ཐུགས་རིན་པོ་ཆེ༔ ཞེས་པ་ནས་བཟུང་སྟེ། སྒོར་རེ་འཁོར་བར་བསམ༔ ཞེས་པའི་བར་གྱི་དམིགས་པ་ཀློག་ཚུལ་དང་སྒྲ་ལ་སེམས་འཛིན་པ། མེ་དབལ་སྤྲོ་བ། བདག་བྱིན་རླབས་ཀྱི་དམིགས་པ། གོ་ཆའི་ལྷའི་སྐུ་ལས་འཕྲོས་པའི་མེས་བདག་གི་སྡིག་སྒྲིབ་བསྲེག་པ་སོགས་ཀྱི་དམིགས་པ་རྣམས་ལ་གཙོ་བོ་ནན་ཏན་བྱེད་ཅིང་། གཞན་ཡང་མེ་གསེར་གྱི་འཁོར་ལོའི་བར་དུ་དགྲ་བགེགས་གཏུབས། ལས་བཞིའི་དམིགས་པ་སྤྱི་འགྲོ་རྣམས་ཀྱང་སྐབས་དང་སྦྱར། སྡེ་བརྒྱད་དབང་དུ་འདུ་བའི་དམིགས་པ་ཟབ་མོ་ཡང་ཞལ་ཤེས་ལྟར་བསྙེན་སྔགས་ལ་ཡང་འདྲ་མིན་མང་དུ་ཡོད་པའི་འཁྲུལ་མེད་ཀྱི་ཕྱག་ལེན་མ་ནོར་བ་གནད་ཆེའོ། །དེ་ཡང་བླ་མ་དྲག་པོའི་རིགས་ལ་གོང་གནོན་གྱི་བསྙེན་པ་སྔོན་དུ་མ་སོང་ན་ལྷ་སྲིན་འཚུབས་པའི་སྐྱོན་གྱིས་སྒྲུབ་པ་པོར་སྨྱོ་འབོག་སོགས་འཚུབ་ཆ་ཆེར་འོང་བར་གྲགས་ཤིང་། གསར་མ་བ་འདྲས་སྒྲུབ་ཐབས་འཁྱར་པ་ལ་བརྟེན་ནས་བསྙེན་པ་བྱས་པས་འཚུབ་ཀྱི་དབང་དུ་སོང་བ་མང་། བརྒྱུད་ལྡན་གྱི་གསུང་སྒྲོས་ལ། པདྨ་གླིང་པའི་གཏེར་ཁའི་དྲག་པོ་ལ་ཐོག་མར་ཕྱི་སྒྲུབ་ནས་རིམ་གྱིས་མཛད་པས་འཇམ་པར་གྲགས་ཤིང་། རཏྣ་གླིང་པའི་གཏེར་ཁའི་དྲག་པོའི་ཕྱི་ནང་གསང་གསུམ་གའི་སྒྲུབ་པ་དྲག་པོ་ཁོ་ན་ཡིན་པས་(༤བ)


GLG022_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བསྙེན་པ་སྔོན་དུ་མཛད་པ་ཕྱག་ལེན་ཁུངས་མར་འདུག་མོད། ལུགས་འདི་ལ་དེ་རིགས་ཀྱི་སྤྲོས་པ་མི་དགོས་པར་གོང་གི་སྒྲུབ་ཐབས་ཀྱི་དམིགས་རིམ་རྣམས་གསལ་བཏབ་པའི་མཇུག་ཏུ་ཟོན་སྐྱོར་ཙམ་གྱི་གོང་གནོན་དང་། ཤིན་ཏུ་རྩུབ་ན་དྲག་པོའི་བསྙེན་པ་བྱེད་པ་དང་ལྷན་དུ་རྒྱུད་འཇམ་པར་བྱེད་པའི་ཉམས་ལེན་གྱི་གནད་ཟབ་མོ་བླ་མའི་ཞལ་ལས་བླང་བར་བྱའོ། །ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། ཐུན་པར་གཏོར་མའི་ཤོག་དྲིལ་གྱི་ནང་ནས། ཏྲཾ་མཎྜལ༔ ཞེས་པ་ནས་བཟུང་། ཏི་ར་བཾ་མཎྜལ༔ ཞེས་པའི་བར་དཀྱུས་བཞིན་ལ། གཏོར་མའི་ཤོག་དྲིལ་གྱི་ངག་འདོན་ནས། ཧཱུཾ་དུར་ཁྲོད་མེ་རི་སྨུག་ནག་འབར་བའི་ཀློང་དཀྱིལ་ནས༔ ཞེས་པ་ནས་བཟུང་སྟེ། བསྟོད་ཅིང་གསོལ་བ་བཏབ་པའི་བར་དཀྱུས་བཞིན། མཚམས་འདིར་བཀའ་སྲུང་མ་མགོན་སྡེ་བརྒྱད་ཀྱི་གསང་སྒྲུབ་ནས་མཆོད་གཏོར་རྒྱས་བསྡུས་ཇི་ལྟར་རིགས་པ་ཕུལ། སྤྱིར་བདེ་འདུས་ཀྱི་སྲུང་མ་མ་མགོན་སྡེ་བརྒྱད་དང་། མེའི་སྤུ་གྲིའི་སྲུང་མ་ལེགས་རྩལ་སྤུན་གསུམ་ལ་ངོས་འཛིན་ཅིང་། སྡེ་བརྒྱད་ཀྱི་ནང་དུ་བདུད་བཙན་ཀླུ་གསུམ་ཡང་དོན་གྱིས་ཚང་བས་རྒྱུན་དུ་དེ་ཙམ་གྱིས་ཆོག་ཅིང་། བསྙེན་པའི་དུས་བདུད་བཙན་ཀླུ་གསུམ་ལ་ཡང་སྒེར་གསོལ་རེ་བྱེད། ནུབ་དང་པོ་དངོས་གྲུབ་ཚོགས་ཀྱི་ཤོག་དྲིལ་ནས་ཚོགས་ཀྱི་མཆོད་པ་རྒྱ་ཆེར་འབུལ། གཏོར་མའི་ངག་འདོན་གྱི་བསྐུལ་བྱ། ནུབ་དང་པོ་ལ་ཚོགས་ཡོད་པས་དེ་ཙམ་གྱིས་ཆོག་མོད། གཞན་དུ་བསྐུལ་གྱི་མཇུག་ཏུ་དཔལ་མགོན་བདུན་ཅུ་རྩ་གཉིས་སོགས་ལ་གཏོར་མ་བསྔོ་བ་ཐུན་བར་གཏོར་མའི་ཤོག་དྲིལ་ནས་བཤད་པ་དེ་ཡང་བྱེད། མཐར་རྫོགས་རིམ་ཀ་དག་གི་ངང་དུ་ཅུང་ཟད་མཉམ་པར་བཞག་སྟེ། དེ་ལས་ལངས་པའི་སྤྱོད་ལམ་སོགས་སྤྱི་དང་(༥ན)


GLG022_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། དེ་ལྟ་བུའི་ཐུན་བཞིར་བཅད་དེ་ཉམས་སུ་བླང་བའི་ཚད་ནི། གཞུང་ཆེན་ལས། བསྙེན་པའི་ཚད་ནི་གསུམ་ཡིན་ཏེ། དུས་དང་གྲངས་དང་རྟགས་གསུམ་ལས༔ དུས་ན་ཟླ་དྲུག་བསྒོམས་པ་ཡིས༔ སྡེ་བརྒྱད་བཀའ་ཡི་བྲན་དུ་འགྱུར༔ གྲངས་ནི་འབུམ་ཕྲག་དྲུག་གིས་ནི༔ ནུས་པ་པདྨ་ཉིད་དང་མཉམཿ རྟགས་ནི་ལྷ་འདྲེ་ཐུབ་རྟགས་དང་༔ ཡེ་ཤེས་ལྷ་ཡི་རྟགས་གཉིས་སོ༔ ཞེས་བཤད་པས་དུས་ལས་གྲངས་གཙོ༔ དེ་ལས་ཀྱང་རྟགས་གཙོ་བས་ཞིབ་ཏུ་བྱས་ན་མཚན་ལྟས། གསལ་བའི་མེ་ལོང་ལས། དབང་པོ་རབ་ཀྱི་ཟླ་བ་གསུམ་གྱིས་འགྲུབ༔ འབྲིང་གིས་ཟླ་བ་དྲུག་གིས་འགྲུབ་པར་འགྱུར༔ ཐ་མས་ཟླ་བ་བཅུ་གཉིས་དག་གིས་ནི༔ ངེས་པར་འགྲུབ་འགྱུར་གུ་རུ་ཉིད་ཀྱིས་གསུང་༔ ཞེས་སྒྲུབ་པ་པོ་དབང་པོའི་ཁྱད་པར་གྱིས་ཟླ་བའི་གྲངས་ཀྱང་མཐའ་གཅིག་ཏུ་མ་ངེས་ཤིང་། འབུམ་ཕྲག་དྲུག་གིས་རང་ལུས་བྱིན་གྱིས་རློབ༔ འབུམ་ཕྲག་བཅུ་ཡིས་ལས་ཚོགས་ཐམས་ཅད་འགྲུབ༔ བྱེ་བ་གཅིག་དང་འབུམ་ཕྲག་གསུམ་གྱིས་ནི༔ ནུས་པ་ཨྱོན་པདྨ་ཉིད་དང་མཉམ༔ ཞེས་གྲངས་ཀྱང་མང་བའི་ཕྱོགས་བྱུང་ཞིང་རབ་ནི་ཞལ་མཐོང་དབང་བསྐུར་བྱིན་གྱིས་རློབ༔ ཐོད་རྔ་རྐང་དུང་སྒྲ་སྒྲོག་ལུང་སྟོན་འབྱུང་༔ ཞིང་སྐྱོང་མཁའ་འགྲོས་དངོས་སུ་གཏོར་མ་ལེན༔ བཀའ་སྲུང་ཆོས་སྐྱོང་ཐམས་ཅད་སྤྲིན་ལྟར་འདུ༔ སྣང་སྲིད་ལྷ་འདྲེ་ཀུན་གྱི་རང་སྲོག་འབུལ༔ གང་བརྩམས་ལས་རྣམས་ཐོགས་མེད་འགྲུབ་པར་འགྱུར༔ འབྲིང་གིས་ཉམས་དགའ་བག་དྲོ་བྱིན་ཆེན་འཐིབས༔ སྨན་རག་གཏོར་མ་ཁོལ་དང་རླངས་པ་འབྱུང་༔ རང་ལུས་སྦྲིད་ཅིང་འཕར་འདར་རང་དབང་མེད༔ དབེན་ཁང་དྲིས་གང་འཁོར་ལ་མཁའ་འགྲོ་འབབ༔ ལེགས་(༥བ)


GLG022_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་སྨྲ་ཞིང་སྒྲ་སྐད་སྣ་ཚོགས་འབྱིན༔ ཐ་མ་རྨི་ལམ་མཚན་མ་འདི་ལྟར་འབྱུང་༔ ཞེས་སོགས་སྒྲིབ་པ་དག་པ། བར་ཆད་ལས་རྒྱལ་བ། ལྷ་སོ་སོའི་འགྲུབ་རྟགས་གསལ་བར་གསུངས་ཤིང་། མི་འདོད་གནོད་བྱེད་བགེགས་ཀྱི་མཚན་མ་ནི༔ ཞེས་སོགས་བར་ཆད་ཀྱི་གླགས་ལྟ་བའི་རིགས་རྣམས་ལ། དེ་རྣམས་འདུལ་ཞིང་གཅུན་གཟིར་གྱི་མན་ངག་རིགས་འཛིན་བརྒྱུད་པའི་ཞལ་ལུང་ལས་བླང་བར་བྱ། དོན་དྲིལ་ན་བཟང་པོ་དགེ་བའི་མཚན་མ་ཅི་བྱུང་ཡང་༔ དགའ་སྤྲོ་རློམ་སེམས་འཁྲི་བ་རྩད་ནས་གཅོད༔ ངན་པའི་མཚན་མ་ལྟས་རྣམས་ཅི་བྱུང་ཡང་༔ བག་ཆགས་འཁྲུལ་སྣང་ཡིན་པས་ལམ་དུ་ཁྱེར༔ ཐམས་ཅད་སེམས་ལས་བྱུང་བས་སྤྲོས་པ་གཅོད༔ སེམས་ཉིད་ཆོས་སྐུ་ཆེན་པོར་ལ་ཟླའོ༔ ཞེས་རང་བཞིན་རྫོགས་པ་ཆེན་པོ་ཀ་དག་གི་གནས་ལུགས་ལ་མཉམ་པར་འཇོག་པ་ནི་གནད་ཀྱི་དམ་པའོ། །བསྙེན་པ་ཐེམས་པའི་སྔགས་ཐུན་ལ་ཚོགས་དང་དངོས་གྲུབ་ལེན་ཆོག་སོགས་སྤྱི་ལྟར་བྱའོ། །དེ་ལྟར་བསྙེན་པ་ཐེམས་པའི་སྔགས་སྨྱོན་རྣམས་ལ་དགོས་པའི་དོན་ནི་གཉིས་ཏེ། གཞུང་ཆེན་ལས། ཕྱི་མར་སློབ་དཔོན་པདྨ་ཡི༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་ནས་ཀྱང་༔ བདེ་འདུས་བླ་མའི་གོ་འཕང་ཐོབ༔ ཅེས་མཆོག་གི་དངོས་གྲུབ་དང་༔ དེ་ལྟར་མཚན་ལྟས་རབ་རྫོགས་ནས༔ རང་དང་གཞན་ཉིད་བསྲུང་བ་དང་༔ ཞེས་པ་ནས་བཟུང་སྟེ། གང་བསམས་ལས་རྣམས་འགྲུབ་པར་འགྱུར༔ ཞེས་པའི་བར་གྱིས་མཚོན་ཏེ་རྒྱས་པར་བྱུང་བས་མཆོག་ཐུན་གྱི་དངོས་གྲུབ་དབང་གི་རྒྱལ་པོ་ལ་ལོངས་སྤྱོད་པར་འགྱུར་རོ༔ སྨྲས་པ། གཏེར་སྟོན་རྒྱུ་སྐར་དབུས་ན་ཉི་ཟླ་ལྟར། །ཟླ་བྲལ་གོང་འོག་གཉིས་སུ་ཉེར་གྲགས་པའི། །ཉང་རལ་གཏེར་བཅུད་ཐུགས་སྒྲུབ་དྲག་པོའི་ལམ། །ཉམས་སུ་ལེན་འདི་བསོད་ནམས་(༦ན)


GLG022_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བས་བསྒྲུབས། །བཟང་རྫུ་འུག་པ་སྦོས་ལྟར་རབ་འགྱིངས་པའི། །བན་སྔགས་འབྱུང་པོའི་བྱ་ཚོགས་ཆེས་མང་ཡང་། །ལེགས་བཤད་འོད་སྣང་སྤྲོས་ཚེ་ཟབ་དོན་གཟུགས། །བལྟ་བའི་རྣམ་དཔྱོད་མིག་ལྡན་རེ་རེ་ཙམ། །ཟབ་ལས་ཆེས་ཟབ་གཉན་ལས་ཆེས་གཉན་པ། །མེ་ལོང་བྱད་ལྟར་གསལ་བ་ཡི་གེ་རུ། །སྔོན་ཆད་བཀོད་པ་མེད་མོད་རིགས་འཛིན་མཆོག །ཆོས་ཀྱི་བདག་པོར་བསམས་ནས་ལེགས་པར་བྲིས། །དཔེ་འདི་བཀའ་རྒྱས་དམ་དུ་མ་བཅིངས་ན། །ལས་འབྲས་རྒྱབ་ཏུ་བོར་བའི་ཧམ་ཅན་འགས། །བརྒྱུད་པ་མེད་ཀྱང་སྤེལ་ནས་རང་གཞན་ཀུན། །འགལ་མེ་ལྟ་བུར་མགོ་བོ་བསྐོར་གྱི་དོགས། ཁ་རྦད་གཞན་སྣང་བསྒྱུར་ཚིག་མ་ཡིན་པའི། །དོན་ལྡན་ངེས་རྙེད་པདྨ་ཐོད་ཕྲེང་བཀའ། །ཚུལ་བཞིན་ཉམས་སུ་བསྟར་བས་འདི་ཕྱིའི་དོན། །བསྒྲུབ་ལ་བདེན་པར་ཡིད་ཆེས་ད་གདོད་འོང་། །དེ་སྐད་དྲག་པོ་བདེ་གཤེགས་ཀུན་འདུས་པའི། །བསྙེན་ཡིག་མེ་རླུང་འཁྲུག་པའི་ཚ་ངར་འདི། །བཀོད་པས་ནག་ཕྱོགས་བདུད་ཀྱི་སྡེའི་གཡུལ་ལས། །རྣམ་པར་རྒྱལ་བའི་རུ་མཚོན་བསྒྲེང་བར་ཤོག །དེས་བླ་མ་མངའ་བདག་ཆེན་པོ་ཉང་གི་གཏེར་བྱོན་དྲག་པོ་བདེ་གཤེགས་འདུས་པའི་བསྙེན་ཡིག་མེ་རླུང་འཁྲུག་པའི་ཚ་ངར་ཞེས་བྱ་བ་འདི་ནི། ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པའི་ཟློས་གར་རིགས་འཛིན་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེས་ཡང་རྫོང་དྲག་སྔགས་ཕུག་ཏུ་ལོ་གསུམ་གྱི་བཅད་རྒྱའི་སྐབས་ཐུགས་ཀྱི་བཞེད་པ་ལྟར་རྡོ་རྗེའི་རྣལ་འབྱོར་སྤེལ་བའི་ཆེད་དུ་མཁས་གྲུབ་ཆེན་པོ་རིགས་འཛིན་མ་ཏིའི་མཚན་ཅན་གྱི་དྲིན་ལས་གཏེར་ཁ་གོང་འོག་གི་ཟབ་ཆོས་རྣམས་ལ་མི་འཇིགས་པའི་སྤོབས་པ་དགེ་བ་ཟ་ཧོར་སྔགས་སྨྱོན་གྱིས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །མངྒ་ལཾ།།

བཀའ་བརྒྱད་གསང་རྫོགས་ཀྱི་ལས་བྱང་ལྷན་ཐབས་དགོངས་པ་ཀུན་འབྱུང་།


GLG022_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་གསང་རྫོགས་ཀྱི་ལས་བྱང་ལྷན་ཐབས་དགོངས་པ་ཀུན་འབྱུང་བཞུགས་སོ། །


GLG022_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤནྟ་ཀྲོ་དྷ་པ་རི་ས་མནྟ་དེ་ཝེ་བྷྱཿ ཞི་ཁྲོ་ཡོངས་རྫོགས་བཀའ་བརྒྱད་ལྷ། །ཀ་དག་རིག་པའི་རྣམ་འཕྲུལ་ཅན། །གདོད་མའི་མགོན་ལ་གུས་བཏུད་ནས། །གྱེར་སྒོམ་ཉེར་མཁོའི་ལྷན་ཐབས་འདྲི། །འདིར་བཀའ་བརྒྱད་གསང་རྫོགས་ཀྱི་ལས་བྱང་གི་ལྷན་ཐབས་མེད་དུ་མི་རུང་བ་རྣམས་བཀོད་པ་ལ། སྐྱབས་སེམས་ལྷན་ཐབས་ནི། །ཐོག་མར་ཚིག་བདུན་གསོལ་འདེབས་ཀྱི་འཇུག་ཏུ། སྒྲུབ་ཁོག་ལས། བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་ཅོག་རྣམ་གསུམ་ལ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ་བརྗོད། ཡན་ལག་བརྒྱད་པའི་ལྷན་ཐབས་ནི། ཏྲཱཾ་རཏྣ་མཎྜལ། པཾ་པདྨ་མཎྜལ། མ་སཱུཪྻ་མཎྜལ། ཨ་ཙནྡྲ་མཎྜལ། བཛྲ་ས་མ་ཡ་ཛཿ རྙིང་མ་བཀའ་མའི་རྒྱུད་ལས། རྡོ་རྗེ་སློབ་(༢ན)


GLG022_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སངས་རྒྱས་དཔལ༔ སོགས་བྱ། བརྒྱུད་འདེབས་ནི། དཔལ་ལྡན་རྩ་བའི་བླ་མ། ཤློ་ཀ་གཅིག་གི་རྗེས་སུ་སྨན་མཆོད་ལྷན་ཐབས་ཀྱི་བླ་བརྒྱུད་རྣམས་ཀྱི་ཚིག་རྐང་བཞི་པ་གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ་ཞེས་འདོན་པ་བསྒྱུར་ནས་མཇུག་ཏུ། ཕྱི་དཀྱིལ་སྨིན་བྱེད་ལམ་གྱི་ལྷ་སྐུར་ཤར། །ལུས་དཀྱིལ་དབང་གི་རྩ་ཁམས་བདེ་དྲོད་འབར། །ཕྱག་རྒྱ་ལ་བརྟེན་དགའ་བཞིའི་བདེ་ཆེན་རྒྱས། །རང་སེམས་ཀ་དག་ཀུན་བཟང་མངོན་གྱུར་ཤོག །རྡོར་དྲིལ་རྔ་བྱིན་རླབས་ནི། སྒོམ་ཁོག་གི་ཚིག་ཅུང་ཟད་བདེ་རུ་བཏང་བ། རྡོ་རྗེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཡར་གྱི་རྭ་ལྔ་རིགས་ལྔ་ཡབ་ལྔ་དང་། མར་གྱི་རྭ་ལྔ་རིགས་ལྔ་ཡུམ་ལྔར་གསལ་བའི་ལྟེ་བ་མཁའ་གསང་བྱང་ཆུབ་ཀྱི་སེམས་སུ་འཁྱིལ་བ་ལས་འོད་འཕྲོས་པས་འཕགས་པ་མཆོད་ཅིང་འགྲོ་དོན་འབྱུང་བར་གྱུར། ཨཱོཾ་ཨཱཿཧཱུཾ་བཛྲ་ཏིཥྛ་ཛྙཱ་ན་ས་མ་ཡ་ཧཱུཾ། དྲིལ་བུ་མི་དམིགས༝། མུཾ་ལས་བྱུང་བའི་དྲིལ་བུ་ཡུམ་གྱི་མཁའ་ནང་དུ་ཡབ་ཀྱི་རྡོ་རྗེ་དྲིལ་ལྕེར་གྱུར་པས་སྦྱོར་བ་བྱས་པས་བྱང་ཆུབ་ཀྱི་སེམས་ཆོས་ཉིད་ཀྱི་རང་སྒྲས་སྟོང་གསུམ་གང་བར་གྱུར། མུཾ་ཀུ་ལནྡྷ་རི་གནྡྷེ་(༢བ)


GLG022_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ༔ རྔ་རྔ་ལྕག་དང་བཅས་པ་མི་དམིགས་པས༝། ཨ་ལས་རྔ་ཀུན་ཏུ་བཟང་མོའི་མཁའ་ལ་རྔ་ལྕག་ཀུན་ཏུ་བཟང་པོས་སྦྱོར་བ་བྱས་པས་བྱང་ཆུབ་ཀྱི་སེམས་ནམ་མཁའི་མཐའ་ཀླས་པར་བླ་མེད་སྙིང་པོའི་ཆོས་སྒྲས་གང་བར་གྱུར། དྷརྨ་དྷཱ་ཏུ་ཧཱུཾ་ཧཱུཾ་བཾ་ཀྵཾ་ས་མ་ཡ་ཧོཿ བགེགས་གཏོར་ལྷན་ཐབས་ནི། རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུཾ། ཨོཾ་ཨ་ཀཱ་རོ་སོགས། སྒྲུབ་ཁོག་ལས། ཡང་དག་དོན་ལ་མི་མོས་ཤིང་༔ མི་དང་མི་མིན་ལོག་འདྲེན་བགེགས༔ ལན་ཆགས་རེ་གཏོར་འདི་ཁྱེར་ལ༔ གནས་འདིར་ཁོར་ཡུག་ཚུན་ཆད་དུ༔ སྐད་ཅིག་ཙམ་ཡང་འདའ་མ་བྱེད༔ གལ་ཏེ་ང་ཡི་བཀའ་འདས་ན༔ བདེ་གཤེགས་མཁའ་འགྲོ་ཀུན་འདུས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ མཚམས་གཅོད་ཀྱི་ལྷན་ཐབས་ནི༔ སྒོམ་ཁོག་གི་ཚིག་བདེ་རུ་ཅུང་ཟད་བཏང་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ནམ་མཁའ་ལྟ་བུའི་ཀློང་ནས། རང་ཉིད་སྐད་ཅིག་དྲན་རྫོགས་སུ་བཀའ་བརྒྱད་ཚོམ་བུ་དགུའི་ཁྲོ་བོའི་ཚོགས་ཀྱི་སྐུར་གྱུར་པ་མེ་དཔུང་འབར་བའི་ཀློང་དུ་གསལ་བ་ལས། སྤྲུལ་པ་ཡང་སྤྲུལ་གྱི་ཁྲོ་ཚོགས་སྐར་ལྟར་འཁྲུགས་པས་བགེགས་ཐམས་ཅད་སྲན་ཕུང་ལ་རྡོ་བརྒྱབ་པ་ལྟར་བསྐྲད་པར་༼ཨ༽འགྱུར༔ ༼ཨཱི༽སྲུང་འཁོར་མཇུག་གི་ལྷན་ཐབས་ནི། སྒོམ་ཁོག་གི་ཚིག་ཅུང་ཟད་བདེ་རུ་བཏང་། སླར་ཡང་ཐུགས་ཀའི་ཧཱུཾ་ལས་ཁྲོ་བོ་འཆོལ་པ་ཊཱཀྐི་རཱ་ཛ་སྐུ་མདོག་མཐིང་ནག་གཡས་ཐོ་བ་དང་གཡོན་ཞགས་པ་བསྣམས་པ་རབ་འཇིགས་གཏུམ་པོ་དཔག་ཏུ་མེད་པ་སྤྲོས༔ ཕྱོགས་སྐྱོང་བཅུ་བཀུག་སྟེ་སྟེང་འོག་ཕྱོགས་མཚམས་སུ་བསྣོལ་བའི་སྟེང་དུ་ཧཱུཾ་བཅུ་འཕྲོས་པར་༼ཨུ༽གྱུར། བྱིན་༼རཱྀ༽འབེབས་ཀྱི་ལྷན་ཐབས་ནི། གཏེར་གཞུང་བཅོས་མེད། ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ རུ་ཏྲའི་(༣ན)


GLG022_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་དང་སྟོབས་བཟང་རོ༔ ཤར་ཕྱོགས་དུར་ཁྲོད་བསིལ་བའི་ཚལ༔ ཉ་ཡི་ཤིང་གྱོན་ཞིང་སྐྱོང་ནི༔ གནམ་འཕྲོདཀར་པོ་གླང་མགོ་ཅན༔ གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས༔ ཕྱོགས་སྐྱོང་བརྒྱ་བྱིན་སྐུ་མདོག་སེར༔ གླང་ཆེན་སྟེང་ན་རྡོ་རྗེ་བསྣམས༔ མཚོ་ནང་མཐའ་ཡས་ཀླུ་དབང་དཀར༔ སྦྲུལ་མགོ་གདེངས་ཤིང་ཐལ་མོ་སྦྱར༔ ཤར་སྤྲིན་དཀར་ལ་ཤིང་སྡོང་སེར༔ མཆོད་རྟེན་མདངས་ལྡན་བདེ་བྱེད་བརྩེགས༔ ཀེ་རི་བན་དམར་གྱིས་དབྱུག་མཐིང་༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་མཁས་ཤིང་སྙིང་སྟོབས་ཆེ༔ ཧཱུཾ་ཀཱ་ར་ཡིས་བྱིན་ཕོབ་ཅིག༔ གུ་རུ་དེ་ཝ་ཌཱ་ཀི་ས་མ་ཡ་སརྦ་ཧྲིཾ་ཧྲིཾ་ཨཱཿ ཞེས་པའི་སྐབས་སུ་སྒྲའི་ཚོགས་བསྒྲག་ཅིང་བྱའོ༔ སྔགས་ཀུན་ལ་སྦྱར་རོ། །ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ལྷ་ཆེན་མགོ་དང་འཆི་བདག་རོ༔ ལྷོ་ཕྱོགས་དུར་ཁྲོད་སྐུ་ལ་རྫོགས༔ ཤིང་ཆེན་བཀྲ་ཤིས་ཙཱུ་ཏ་སྔོ༔ ཞིང་སྐྱོང་འཚོ་བྱེད་མ་ཧེའི་གདོང་༔ ཕྱོགས་སྐྱོང་གཤིན་རྗེ་སྔོ་ནག་བརྗིད༔ ཐོད་དབྱུག་ཐོགས་ནས་མ་ཧེ་ཞོན༔ ཀླུ་ཆེན་འཇོག་པོ་གསེར་མཚོ་འཛིན༔ སྤྲིན་ཆེན་གནམ་སྡུད་སྔོ་སྐྱ་འཁྱིལ༔ མཆོད་རྟེན་ཏ་ལ་རིན་ཅེན་བརྩེགས༔ ཙེའུ་རི་མདའ་གཞུ་འགེངས་མ་སེར༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་རང་བྱུང་རྫུ་འཕྲུལ་ལྡན༔ འཇམ་དཔལ་བཤེས་གཉེན་བྱིན་ཕོབ་ཅིག༔ གུ་རུ་དེ་ཝ༝༔ ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ལྷ་ཆེན་ནང་ཁྲོལ་དབང་ཕྱུག་རོ༔ ནུབ་ཕྱོགས་དུར་ཁྲོད་ལང་ཀ་བརྩེགས༔ ཤིང་ཆེན་ཨ་ཏ་ཨ་ལི་ཀ༔ ཞིང་ཆེན་རོལ་ཆེན་ཆུ་སྲིན་གདོང་༔ ཕྱོགས་སྐྱོང་ཆུ་ལྷ་དམར་སྐྱ་སྦྲུལ༔ ཆུང་མ་དང་བཅས་ཆུ་སྲིན་ཞོན༔ ཀླུ་རྒྱལ་དུང་སྐྱོང་མཚོ་དམར་སྐྱ༔ སྤྲིན་སྒྲོགས་འཇིགས་པ་དམར་(༣བ)


GLG022_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ནག་འཁྲུག༔ མཆོད་རྟེན་བདེ་རྒྱས་ཁམས་གསུམ་སྒྲོལ༔ པྲ་མ་ཆུ་སྲིན་རྒྱལ་མཚན་དམར༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་ཆོས་འཆད་འབྱོར་པ་ལྡན༔ ཀླུ་སྒྲུབ་སྙིང་པོས་བྱིན་ཕོབ་ཅིག༔ གུ་རུ་དེ་བ་ཌཱ་ཀི༔། ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ལྷ་ཆེན་མཚན་མ་ཁྱབ་འཇུག་རོ༔ བྱང་ཕྱོགས་དུར་ཁྲོད་པདྨ་བརྩེགས༔ ཨར་པུ་ཏ་ན་མཛེས་པའི་ཤིང་༔ ཞིང་སྐྱོང་དུད་ཀ་རྟ་མགོ་ལྗང་༔ ཕྱོགས་སྐྱོང་གནོད་སྦྱིན་དབྱུག་ཐོགས་ལྗང་༔ ཆུང་མར་བཅས་ཏེ་རྟ་དམར་ཞོན༔ ཀླུ་རྒྱལ་སྟོབས་རྒྱུ་མཚོ་ཆེན་ལྗང་༔ རྨུགས་བྱེད་མྱོས་སྤྲིན་ལྗང་གུར་འཐིབས༔ མཆོད་རྟེན་དོན་ཡོད་འཕྲིན་ལས་གཏེར༔ པེ་ཏ་མཐིང་ནག་རྡོ་རྗེ་འཕྱར༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་མྱང་འདས་མཐུ་རྩལ་ཆེ༔ པྲ་ཆེན་ཧསྟིས་བྱིན་ཕོབ་ཅིག༔ གུ་རུ་དེ་ཝ༔། ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ལྷ་ཆེན་ལག་གཡས་དགའ་དབང་རོ༔ ཤར་ལྷོ་དུར་ཁྲོད་ལྷུན་གྲུབ་གཏེར༔ ཤིང་ཆེན་ནྱ་ཡ་གྲོ་ཏ་བཟང་༔ ཞིང་སྐྱོང་འཇུངས་པ་ར་གདོང་སེར༔ ཕྱོགས་སྐྱོང་མེ་ལྷ་ཞུགས་བུམ་ཅན༔ ཆུང་མར་བཅས་ཏེ་ར་ལ་ཞོན༔ ཀླུ་རྒྱལ་པད་ཆེན་མཚོ་བཅས་སྔོ༔ གདུང་བྱེད་སྤྲིན་ཆེན་དམར་སེར་འཁྱིལ༔ མཆོད་རྟེན་གོའུ་ཏེ་ཤན་ཏི༔ པུ་ཀ་དམར་སེར་ཞིང་རྒྱུ་འདྲེན༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་རོལ་རྩེད་ཟས་བཅུད་ཆེ༔ བི་མཱ་མི་ཏྲས་བྱིན་ཕོབ་ཅིག༔ གུ་རུ་དེ་ཝ༝༔ ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ལྷ་ཆེན་ལག་གཡོན་ཚོགས་བདག་རོ༔ ལྷོ་ནུབ་དུར་ཁྲོད་གསང་ཆེན་རོལ༔ ཤིང་ཆེན་ཞི་ཁྲོ་རྫོགས་ལྡན་འོད༔ ཞིང་སྐྱོང་སྤྲུལ་པ་མི་གདོང་སྔོ༔ ཕྱོགས་སྐྱོང་སྲིན་པོ་གྲི་ཐོགས་སྨུག༔ ཆུང་མར་བཅས་ཏེ་མི་ལ་ཞོན༔ ཀླུ་ཆེན་ཧུ་ལུ་མཚོར་བཅས་སྨུག༔ སྤྲིན་ཆེན་གྷ་(༤ན)


GLG022_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ན་སེར་ཁྲ་འཁྱིལ༔ མཆོད་རྟེན་རྨད་གྲགས་ཀ་ནི་ཀ༔ ཀས་མ་དུང་དམར་དཀྲུག་འཐུང་ལྗང་༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་བདུད་འདུལ་བྱིན་རླབས་ཅན༔ དྷ་ན་སཾ་སྐྲྀ་ཏས་བྱིན་ཕོབ་ཅིག༔ གུ་རུ་དེ་ཝ༝༔ ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ལྷ་ཆེན་རྐང་གཡོན་འབྲིང་གི་རོ༔ ནུབ་བྱང་དུར་ཁྲོད་ཧེ་ཆེན་བརྡལ༔ ཤིང་ཆེན་ཏཛྷ་ནག་པོ་འཁྲིལ༔ ཞིང་སྐྱོང་ལྟོ་འཕྱང་ཤ་བའི་མགོ༔ ཕྱོགས་སྐྱོང་རླུང་ལྷ་བ་དན་འཕྱར༔ དུད་ཀ་ཆུང་བཅས་ཤ་བ་ཞོན༔ ཀླུ་ཆེན་རིགས་ལྡན་མཚོར་བཅས་ལྗང་༔ སྤྲིན་པ་རབ་ལྡན་ཆར་འབེབས་སེར༔ མཆོད་རྟེན་དགེ་ལྡན་མ་ཧཱ་བྷ༔ སྨེ་ཤ་ནག་མོ་ཙིཏྟ་ཟ༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་ཁབ་བཞེས་བཙུན་མོར་ལྡན༔ རོམ་བུ་གུ་ཧྱས་བྱིན་ཕོབ་ཅིག༔ གུ་རུ་དེ་ཝ༝༔ ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ལྷ་ཆེན་རྐང་གཡས་སྨིན་དྲུག་རོ༔ བྱང་ཤར་དུར་ཁྲོད་འཇིག་རྟེན་བརྩེགས༔ ཤིང་ཆེན་ཏ་ལ་འོད་འབར་འཁྱིལ༔ ཞིང་སྐྱོང་དྲེགས་པ་ཅེ་སྤྱང་གདོང་༔ དབང་ལྡན་ལྗང་སྐྱ་རྩེ་གསུམ་ཅན༔ ཆུང་མར་བཅས་ཏེ་ཅེ་སྤྱང་ཞོན༔ ཀླུ་ཆེན་བ་སུ་མཚོར་བཅས་དཀར༔ སྤྲིན་ཆེན་ཉ་ཅན་ནག་པོར་འཁྲུག༔ མཆོད་རྟེན་ཀླུ་གནས་ཤིང་ཀུན་ཏེ༔ ཙནྡྷ་སེར་སྐྱ་མཆོག་ལུས་འབྲལ༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་ཆོ་འཕྲུལ་བཟོ་ལ་མཁས ཤཱནྟིཾ་གརྦྷས་བྱིན་ཕོབ་ཅིག༔ གུ་རུ་དེ་ཝ་ཌཱ་ཀི་ནཱི༝༔ ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ཕྱོགས་བཞི་མཚམས་བརྒྱད་དུར་ཁྲོད་བདག༔ ཞིང་སྐྱོང་མ་མོ་ཀུན་གྱི་རྗེ༔ རིགས་འཛིན་གྲུབ་ཐོབ་བརྒྱད་ཀྱི་གཙོ༔ གླུ་སོགས་སྡེ་བརྒྱད་ཀུན་གྱི་གཉན༔ མཆོད་རྟེན་ཤིང་ཆེན་ཀུན་ཏུ་བཞུགས༔ སྟོན་པ་མཐུ་སྟོབས་ལྷ་(༤བ)


GLG022_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་འདུལ༔ ཨྱོན་པདྨས་བྱིན་ཕོབ་ཅིག༔ མ་དང་མཁའ་འགྲོ་གཤེགས་སུ་གསོལ༔ གནས་འདིར་བྱིན་ཕོབ་བདག་དབང་བསྐུར༔ བགེགས་དང་ལོག་འདྲེན་བར་གཅོད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་༼ལྀ༽སྩོལ༔ ༼ཨཻ༽མཆོད་པ་སྨན་གཏོར་རཏྐ་བརླབ་པའི་ལྷན་ཐབས་ནི། སྒོམ་ཁོག་གི་ཚིག་བདེ་རུ་ཅུང་ཟད་བཏང་བ། བདག་གི་ཐུགས་ཀའི་ཧཱུཾ་ལས་རཾ་ཡཾ་ཁཾ་འཕྲོས་པས་ཕྱི་ནང་གསང་བའི་མཆོད་རྫས་རྣམས་ཀྱི་མ་དག་པའི་སྐྱོན་རྣམས་ཡེ་ཤེས་ཀྱི་མེས་བསྲེགས། ཆོས་ཉིད་ཀྱི་རླུང་གིས་གཏོར། ཚད་མེད་ཀྱི་ཆུས་བཀྲུས་ཏེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བདུག་སྤོས་མ་སྔོན་མོ་སྤོས་ཁང་འཛིན་པ། མེ་ཏོག་མ་དམར་མོ་མེ་ཏོག་འཛིན་པ། དྲི་ཆབ་མ་དཀར་མོ་དྲིའི་དུང་ཆོས་འཛིན་པ། མར་མེ་མ་དམར་སེར་སྣང་གསལ་འཛིན་པ། ཞལ་ཟས་མ་དཀར་མོ་བཤོས་གཙང་འཛིན་པ། རོལ་མོ་མ་ལྗང་གུ་སིལ་སྙན་འཛིན་པ་དེ་རྣམས་རེ་རེ་ལས་ཀྱང་རང་འདྲའི་ལྷ་མོ་དཔག་ཏུ་མེད་པ་དཔལ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ནམ་མཁའ་མཛོད་ལྟ་བུར་ཟད་མི་ཤེས་པས་ཁྱབ་པར་༼ཨོཾ༽གྱུར༔ ༼ཨཿ༽སྨན་ཕུད་ཀྱི་སྣོད་བཅུད་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱིད་བུ་གསུམ་གྱི་སྟེང་དུ་ཨཱཿལས་བནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་བྱང་སེམས། སེང་གེའི་ཤ །སྨན་བཟང་པོ་དྲུག །ཤར་གྱི་རྩིབས་ལ་དྲི་ཆེན། གླང་པོ་ཆེའི་ཤ །ཛཱ་ཏི། ལྷོའི་རྩིབས་ལ་ཤ་ཆེན། རྟའི་ཤ །ཀ་ཀོ་ལ། ནུབ་ཀྱི་རྩིབས་ལ། པདྨ་རཀྟ། རྨ་བྱའི་ཤ །ལི་ཤི །བྱང་གི་རྩིབས་ལ་དྲི་ཆུ། ཁྱུང་ཤ །གུར་ཀུམ་རྣམས་(༥ན)


GLG022_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གིས་མེ་སྦར་ཏེ་ཞུ་བ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་བཅུ་སོ་སོའི་ལྟེ་བར་ཧཱུཾ་ཨཱོཾ་སྭཱ་ཨཾ་ཧཱ་མུཾ་ལཾ་མཾ་པྱཾ་ཏཾ་གྱི་མཚན་པ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་རིགས་ལྔ་ཡབ་ཡུམ་ལྔར་གྱུར་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྒྱུན་བབས་པའི་སྟེང་དུ་རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་༼ཀ༽གྱུར། གྷ་གཏོར་མའི་སྣོད་བཅུད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་ཐོད་པ་དུམ་བུ་གཅིག་པ་སྟོང་གསུམ་དང་མཉམ་པའི་ནང་དུ་ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷའི་ཞལ་ཟས་འདོད་ཡོན་ལྔའི་ལྷ་མོ་སྤྲིན་གྱི་ཕུང་པོ་འཁྲིགས་པར་༼ང༽གྱུར། ༼ཛ༽རཀྟའི་སྣོད་བཅུད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་པདྨ་འབར་བའི་སྣོད་ཆེན་པོར། ར་ལས་རྡོ་རྗེ་སྒེག་མོ་དམར་མོ་ཁ་ནས་ཁྲག་བབས་ཏེ་ཉོན་མོངས་པ་བག་ཆགས་དང་བཅས་པ་འཇོམས་པའི་རཀྟའི་རྒྱ་མཚོ་རྦ་ཀློང་རྒྱ་མདུད་ཀྱི་ཚུལ་དུ་འཁྲུགས་པ་ལ། ལྷ་མོ་ཉིད་འོད་དུ་ཞུ་ནས་ཐིམ་པས་འཁོར་བ་སྟོངས་པར་༼ཛྷ༽གྱུར། ༼ཋ༽རྒྱུའི་ཏིང་ངེ་འཛིན་གྱི་ལྷན་ཐབས་ནི། སྒོམ་ཁོག་གི་ཚིག་ལྷུག་པ་ཚིགས་བཅད་དུ་བསྡེབས་པ། རང་སེམས་རྒྱུ་ཡིག་ཧཱུཾ་སྔོན་པོ། །འོད་འབར་རང་བྱུང་ཆོས་ཀྱི་དབྱིངས། །མཁའ་ལ་ཟླ་བ་ལྡིང་བ་བཞིན། །རྒྱུ་ཡི་ཡི་གེ་ཧཱུཾ་དེ་ལས། །རཾ་ཡཾ་ཁཾ་གསུམ་རིམ་བཞིན་འཕྲོས། །མེ་ཡིས་འཇིག་རྟེན་དངོས་འཛིན་བསྲེགས། །རླུང་གིས་རྣམ་རྟོག་གཟུང་འཛིན་གཏོར། །ཆུ་ཡིས་བག་ཆགས་ཞེན་སྣང་༼ཌ༽བཀྲུས། །༼ཏ༽གཙོ་བོ་བསྐྱེད་པའི་ལྷན་ཐབས་ནི། །སྒོམ་ཁོག་གི་དོན་ཉུང་ངུར་བསྡུས་པ། །སྤྲོ་ཞིང་བསྡུས་ནས་འོད་དུ་ཞུ། །དེ་ཉིད་རྡོ་རྗེ་རྩེ་དགུར་༼ཐ༽གྱུར། །༼ན༽མཁའ་གསང་བྱིན་རླབས་ཀྱི་ལྷན་ཐབས་ནི། །མ་(༥བ)


GLG022_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སཱུཪྻ་མཎྜལ་སོགས་༼པ༽སོ། །༼ལ༽དབང་བསྐུར་བའི་ལྷན་ཐབས་ནི། སྒོམ་ཁོག་གི་ཚིག་བདེ་རུ་ཅུང་ཟད་བཏང་བ། ཚོམ་བུ་དགུའི་ལྷ་ཚོགས་རྣམས་ཀྱི་དུང་ཁང་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རྣམ་སྣང་དཀར་པོ་ཐུགས་ཀར་ཨཱོཾ་གྱིས་མཚན་པ། ལྗགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་སྣང་བ་མཐའ་ཡས་དམར་པོ་ཐུགས་ཀར་ཨཱཿས་མཚན་པ། ཐུགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་རྡོ་རྗེ་སེམས་དཔའ་མཐིང་ག་ཐུགས་ཀར་ཧཱུཾ་གིས་མཚན་པས་དུས་གསུམ་བདེ་གཤེགས་བླ་མ་རིགས་འཛིན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོངས་སུ་རྫོགས་པ་ཐོབ། ཚོམ་བུ་དགུའི་ལྷ་ཚོགས་རྣམས་ཀྱི་གཙུག་ཏོར་གྱི་སྟེང་དུ་ཧཱུཾ་མཐིང་ག །དཔྲལ་བར་ཨོཾ་དཀར་པོ། རྣ་གོང་གཡས་སུ་སྭཱ་སེར་པོ། སྟག་པར་ཧྲཱིཿདམར་པོ། སྙན་གོང་གཡོན་དུ་ཧཱ་ལྗང་གུ་ལས་རིགས་ལྔ་སོགས་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྟུག་གཟི་བརྗིད་འབར་བ་སྟེ་ཞི་བའི་ཚུལ་དགུ་འབར་བར་བཞུགས་ནས་དབང་ཆེན་རབ་འབྱམས་ཀྱི་དབང་བསྐུར་བ་ཐོབ་སྟེ་འགྲོ་དོན་ལ་དཔའ་བར་༼ཝ༽གྱུར།༼ས༽སྨན་མཆོད་ཀྱི་ལྷན་ཐབས་ནི། གསལ་སྒྲིགས། ཀུན་བཟང་རིགས་ལྔ་དམ་པ་ཏོག་དཀར་པོ། །ཕྱི་ནང་གསང་བའི་སྤྲུལ་པ་རྣམ་པ་གསུམ། །གསང་བདག་དམ་པའི་རིགས་ཅན་གྲ་མ་ལྔར། །དམ་རྫས་མྱོང་གྲོལ་སྨན་མཆོད་འབུལ་གྱིས་བཞེས། །ཨཱོཾ་མཧཱ་སརྦ་པཉྩ་ཨམྲྀ་ཏ་ཁ་རཾ་ཁཱ་ཧི། ལས་ཀྱི་དབང་མོ་དབང་ཆུའི་བརྒྱུད་པ་དྲུག །རྒྱ་གར་རིགས་འཛིན་བརྒྱད་དང་པདྨ་འབྱུང་། །བོད་ཀྱི་རྗེ་འབངས་ཉི་ཤུ་རྩ་ལྔ་ལ།༝༝།འགྲོ་མགོན་མངའ་བདག་མྱང་ཆེན་ཡབ་སྲས་དང་༔ གཏེར་སྟོན་ཆོས་དབང་བཀའ་བབས་སྨན་ལུང་པ། །དགས་སྟོན་གཉན་སྟོན་སེ་སྡིངས་(༦ན)


GLG022_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས་ལ།༝༝།གུ་རུ་ཆོས་འོད་མཚུངས་མེད་དཔལ་འབྱོར་དབང་། །ཆོས་ཀྱི་དབང་པོ་ཀརྨ་གུ་རུའི་མཚན། །དེ་སྲས་དབང་འབྱོར་རིག་པའི་རྡོ་རྗེ་ལ།༝༝།སླར་ཡང་ལེགས་ལྡན་རྡོ་རྗེ་མཁྱེན་བརྩེའི་ཞབས། །དབང་ཕྱུག་རབ་བརྟན་འཇམ་མགོན་བསོད་ནམས་མཆོག །ཟུར་ཆེན་ཀུན་མཁྱེན་རྩ་བའི་བླ་མ་ལ།༝༝།བཅོམ་ལྡན་བདེ་གཤེགས་ཞི་བའི་ལྷ་ཚོགས་དང་། །དཔལ་ཆེན་ཆེ་མཆོག་ཡོན་ཏན་ཡང་དག་ཐུགས། །འཇམ་དཔལ་སྐུ་དང་པདྨ་གསུང་གི་ལྷར།༝༝།ཕུར་པ་འཕྲིན་ལས་མ་མོ་རྦོད་གཏོང་ཚོགས། །རིགས་འཛིན་སློབ་དཔོན་འཇིག་རྟེན་མཆོད་བསྟོད་དང་། །དམོད་པ་དྲག་སྔགས་དཔལ་གྱི་བཀའ་སྲུང་༼ཧ༽ལ།༝༝། ༼ཁི༽བསྟོད་པའི་ལྷན་ཐབས་ནི། གཏེར་གཞུང་བཅོས་མེད་ཞི་ཁྲོ་སྤྱིར་དྲིལ་ནས་བསྟོད་པ། ཧཱུཾ་བཅོམ་ལྡན་བདེ་གཤེགས་ཀུན་བཟང་རིགས་ལྔ་ཡབ༔ གདུག་པ་འདུལ་ཕྱིར་ཁྲག་འཐུང་སྐུ་ལྔར་སྟོན༔ བཟང་མོ་ལ་སོགས་ཀྲོ་དྷཱི་ཡུམ་རྣམས་འཁྲིལ༔ སེམས་དཔའ་ལྕམ་དྲལ་མཐར་བྱེད་ཐུབ་པ་དྲུག༔ དྲེགས་པ་འཇོམས་མཛད་གཏུམ་རྔམ་ཚོགས་དང་བཅས༔ ཞི་ཁྲོ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་ཚོམ་བུ་དགུ་ལ་སོ་སོར་བསྟོད་པ་ནི། ཧཱུཾ་བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ གཉིས་མེད་བདེ་སྦྱོར་གནམ་ཞལ་དབྱིངས་ཕྱུག་འཁྲིལ༔ རིགས་བཞི་ཧེ་རུ་ཀ་ཡབ་ཡུམ་ཡོན་ཏན་སྲས༔ སྤྲུལ་པའི་ཁྲོ་བཅུ་སྒོ་སྐྱོང་འཁོར་གྱིས་བསྐོར༔ བདེ་གཤེགས་དགོངས་འདུས་ཆེ་བའི་ཡོན་ཏན་རྒྱས༔ ཆེ་མཆོག་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ ཆགས་མེད་བདེ་སྦྱོར་ཀྲོ་ཏི་ཤྭ་རཱི་འཁྲིལ༔ ཁྲག་འཐུང་རིགས་བཞི་ཡབ་ཡུམ་ཐུགས་ཀྱི་སྲས༔ གནས་དང་ཡུལ་གྱི་མ་ཚོགས་སྒོ་མར་བཅས༔ དྲི་མེད་རྣམ་དག་ཐུགས་མཆོག་འགྱུར་པ་མེད༔ ཡང་དག་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ སྐུ་ལྔ་སྦྱོར་དང་དུག་ལྔ་སྒྲོལ་ཡུམ་འཁྲིལ༔ གཤེད་བཞི་ཡབ་(༦བ)


GLG022_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་སྐུ་ཡི་སྲས་དང་བཅས༔ ཕྱོགས་སྐྱོང་གིང་བདུད་སྒོ་བཞི་ཕྲ་མེན་བསྐོར༔ རབ་འཇིགས་རྔམ་པའི་སྐུ་མཆོག་ཁྱད་པར་ཆེ༔ གཤིན་རྗེ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་རྟ་མགྲིན་པདྨ་དབང་༔ པདྨ་གཟི་ལྡན་བདེ་ཆེན་ཡུམ་མཆོག་འཁྲིལ༔ དབང་ཆེན་རིགས་བཞི་ཡབ་ཡུམ་གསུང་གི་སྲས༔ ཕྲ་མེན་ཟིལ་གནོན་ཁྲོ་རྒྱལ་སྒོ་བར་བཅས༔ གསུང་གི་དབང་ཕྱུག་རྟ་སྐད་ཕྱོགས་བཅུར་སྒྲོག༔ དབང་ཆེན་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ གསང་ཆེན་དགྱེས་མཛད་འཁོར་ལོ་རྒྱས་འདབས་འཁྲིལ༔ འཕྲིན་ལས་སྲས་བཞི་ཁྲོ་བཅུ་ཡབ་ཡུམ་བཅས༔ ཟ་གསོད་མ་ཚོགས་མིང་པོ་སྒོ་བས་བསྐོར༔ འཕྲིན་ལས་བདག་ཉིད་རྩལ་ཆེན་འགྲོ་བ་འདུལ༔ ཕུར་བ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་ཆེ་བཙན་མངོན་རྫོགས་སྐུ༔ དགྱེས་མཛད་ཡུམ་ཆེན་ཉིད་ཞི་མུ་ཁ་འཁྲིལ༔ རྟག་རྒྱལ་མ་ལྔ་བདེ་ཆེན་ཀུན་གྱི་སྲས༔ ཡེ་ཤེས་རྗེ་མོ་སྨན་མོ་སྒོ་སྐྱོང་བཅས༔ ལས་ཀྱི་བདག་མོ་རྦོད་གཏོང་ཕོ་ཉར་འགྱེད༔ མ་མོ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་རིགས་འཛིན་ཐོད་པ་རྩལ༔ མི་དམིགས་རྡོ་རྗེ་རྣལ་འབྱོར་གསང་ཡུམ་འཁྲིལ༔ ཐུགས་ཀྱི་སྲས་མཆོག་སློབ་དཔོན་རིགས་བཞི་སྟེ༔ དཔའ་བོ་དཔའ་མོ་སྒོ་བཞི་སྲུང་མཛད་བཅས༔ རྒྱུད་ལུང་མན་ངག་མངའ་བདག་རིག་པ་འཛིན༔ བླ་མ་ཡོངས་རྫོགས་ལྷ་ལ་༝༔ ཧཱུཾ། དྲེགས་པ་ཀུན་འདུལ་ཁྲོ་རྒྱལ་མི་བཟད་པ༔ ཁམས་གསུམ་སྲིད་པ་སྤྱི་འདུལ་ཡུམ་མཆོག་འཁྲིལ༔ ཐུགས་སྲས་ཕོ་ཉ་སྡེ་བཞི་ཡབ་ཡུམ་བཅས༔ སྡེ་དང་དཔོན་བཅས་སྒོ་སྐྱོང་དྲེགས་པའི་ཚོགས༔ (༧ན)


GLG022_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་རྒྱས་དབང་དྲག་ལས་རྣམས་ཅི་བཅོལ་སྒྲུབ༔ འཇིག་རྟེན་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུཾ། མཐུ་སྟོབས་རྩལ་ལྡན་རབ་གཏུམ་ཁྲོ་བོའི་རྒྱལ༔ ཀུན་གྲོལ་འབྱུང་བ་ལྔ་བདག་ཡུམ་མཆོག་འཁྲིལ༔ ཐུགས་སྲས་དྲེགས་པ་ལས་མཁན་ཡབ་ཡུམ་བཞི༔ དམ་ཚིག་དབང་གིས་བསྟན་སྲུང་སྔགས་བདག་ཚོགས༔ དྲག་པོ་བཅོ་བརྒྱད་གདུག་པའི་མཚོན་ངར་ཅན༔ དྲག་སྔགས་ཡོངས་རྫོགས་ལྷ་ལ༝༔ བཀའ་སྲུང་གི་བསྟོད་པ་ནི། ཧཱུཾ། དུས་གསུམ་བདེ་གཤེགས་ཡོངས་རྫོགས་སྤྱན་སྔ་རུ༔ དམ་ནོས་རང་རྟགས་སྲོག་གི་སྙིང་པོ་ཕུལ༔ བཀའ་སྩལ་གཉེར་བླངས་རྫུ་འཕྲུལ་གར་གྱི་བདག༔ མ་ལྟར་བྱམས་ཤིང་སྲིང་ལྟར་དུངས་སེམས་ཀྱིས༔ དཀྱིལ་འཁོར་མིང་འཛིན་རྣལ་འབྱོར་ཡོངས་ལ་སྐྱོབ༔ བཀའ་སྲུང་ཡོངས་རྫོགས་ལྷ་ལ༝༔ དོན་གྱི་བསྟོད་པ་ནི། ཧཱུཾ། རྣམ་དག་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ༔ འགྲོ་དོན་འདོད་དགུར་བསྒྱུར་ཞིང་གཙོ་དང་འཁོར༔ ཇི་ལྟར་སྤྲུལ་ཡང་ཡེ་ཤེས་རིག་པའི་རྩལ༔ རང་ཤར་རང་གྲོལ་བདེ་གཤེགས་གཡུང་དྲུང་ལྷ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི༔ ཐམས་ཅད་ཆོས་སྐུ་ཡོངས་རྫོགས་ལྷ་༼གི༽ལ་བསྟོད༔ ཚོགས་༼ཛི༽བྱིན་རླབས་ཀྱི་ལྷན་ཐབས་ནི། སྒོམ་ཁོག་གི་ཚིག་དོན་ཚིགས་བཅད་དུ་བསྡེབས་པ༔ ཚོགས་ཀྱི་ཡོ་བྱད་སྟོང་པའི་ངང་༔ ཨ་དང་མ་ལས་ཉི་ཟླ་ཡི༔ སྣོད་དུ་འབྲུ་གསུམ་ཞུ་བ་ལས༔ འདོད་ཡོན་ལྔ་ལྡན་ཕུང་པོར་གྱུར༔ བསྐང་རྫས་བྱིན་རླབས་ཀྱི་ལྷན་ཐབས་ནི། གསར་སྒྲིགས། གཞན་ཡང་ཐུགས་དམ་སྐོང་བའི་རྫས་སུ་གྱུར་པ། བདུད་རྩི་སྨན་གྱི་མཆོད་པ། རཀྟ་དམར་གྱི་ཨརྒྷཾ། རྨད་དུ་བྱུང་བའི་གཏོར་མ། ཤ་ཆེན་ལང་ལིང་སྣ་ཚོགས་སུ༔ ཞུན་ཆེན་མར་མེའི་སྣང་གསལ། (༧བ)


GLG022_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཆེན་གསུང་གི་དུད་པ། ཐོད་པ་ལྟག་སྤྲོད། རྔ། དུང་ཆེན། རྐང་གི་གླིང་བུ། ཐུན་མོང་མཆོད་པ་སྣ་ཚོགས། རྨད་བྱུང་དམ་རྫས་མདངས་ལྡན། རི་རབ་གླིང་བཞིའི་མདོས་ཆེན་སོགས་དངོས་སུ་འབྱོར་བ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པའི་སྤྲིན་ཕུང་ཕྱི་འདོད་ཡོན་གྱི་ལྷ་མོ། ནང་ཡེ་ཤེས་ཀྱི་བདུད་རྩི། གསང་བ་བྱང་ཆུབ་སེམས་ཀྱི་རང་བཞིན། རྒྱ་ནམ་མཁའི་མཐའ་དང་མཉམ་ཞིང་དུས་འཁོར་བ་ཇི་སྲིད་ཀྱི་བར་དུ་འབྱུང་བར་༼ཛྷི༽གྱུར། བསྐང་༼ཋི༽བའི་ལྷན་ཐབས་ནི། གཏེར་གཞུང་བཅོས་མེད། དང་པོ་དགོངས་སུ་གསོལ་བ་ནི། ཧཱུཾ། ཞི་ཁྲོ་རྒྱལ་བ་ཡོངས་རྫོགས་ལྷ༔ འགྲོ་ལ་ཕན་མཛད་ཐུགས་རྗེའི་བདག༔ སེམས་ཅན་ཀུན་གྱི་གཉེན་གཅིག་པུ༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ ཞེས་བརྗོད་པས་ཆོས་སྐུ་ལས་གཟུགས་སྐུར་བཞེངས་པར་བསམ་མོ༔ དེ་ནས་བཤགས་པ་བྱ་བ་ནི། ཧཱུཾ། ཤར་ནས་བཛྲ་ཨ་ཀྵོ་བྷྱཿ རྡོ་རྗེ་རིགས་ཀྱི་ཐུགས་དམ་ལ༔ ཞེ་སྡང་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཧཱུཾ། ལྷོ་ནས་རཏྣ་སཾ་བྷ་ཏྲཱཾཿ རིན་ཅེན་རིགས་ཀྱི་ཐུགས་དམ་ལ༔ ང་རྒྱལ་དམ་ཚིག་འགྲེ༝༔ འདི་ཡང་མི་འཆབ༝༔ ཧཱུཾ། ནུབ་ནས་པདྨ་དེ་བ་ཧྲཱི༔ པདྨ་རིགས་ཀྱི་ཐུགས་དམ་ལ༔ འདོད་ཆགས་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མ༝༔ ཧཱུཾ། བྱང་ནས་ཨ་མོ་གྷ་སིདྡྷི༔ ལས་ཀྱི་རིགས་ཀྱི་ཐུགས་དམ་ལ༔ ཕྲག་དོག་དམ་ཚིག༝༔ འདི་ཡང་༝༔ ཧཱུཾ། དབུས་ན་བཻ་རོ་ཙ་ན་བཞུགས༔ དེ་བཞིན་རིགས་ཀྱི་ཐུགས་དམ་ལ༔ གཏི་མུག་དམ་ཚིག༝༔ འདི་ཡང་མི་འཆབ༝༔ དེ་ནས་བསྐང་རྫས་དང་རང་རྟགས་བརྗོད་པ་ནི། མཆོད་རྫས་རྣམས་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་ཞིང་འདི་སྐད་དོ༔ ཧཱུཾ། བསྐང་ངོ་བསྐལ་བས་ཐུགས་དམ་བསྐང་༔ (༨ན)


GLG022_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ལས་སྦྱོར༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་རྫས་རྣམས་ནི༔ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་དང་༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་༔ འཁོར་བ་རྒྱུ་ལས་བསྒྲལ་བའི་རཏྐ་དང་༔ རྣམ་དག་རྒྱུ་བསྒྲལ་བམ་ཆེན་རྫས་མཆོག་དང་༔ འབྲུ་བཅུད་སྟོང་ལས་སྦྱར་བའི་ཛ་གད་དང་༔ ཕྱི་ནང་གསང་བའི་ལོངས་སྤྱོད་སྣ་ཚོགས་ཀྱིས༔ བསྐང་ངོ་བསྐང་པས་ཐུགས་དམ་བསྐང་༔ དེ་ནས་བྱེ་བྲག་ཚོམ་བུར་བསྐང་བ་ནི། ཞི་བ་ལྷུན་གྱིས་སྤྱི་བསྐུལ་ལྟར་མཚན་བཤར། གྲུབ་པའི་དཀྱིལ་འཁོར་ནས༔ ཞེས་པ་ནས། བཞི་བཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ དམ་ཚིག་དབང་གིས་དཀྱིལ་འཁོར་བརྟན་པར་བཞུགས༔ གཉིས་སུ་མེད་པར་ཕྱག་འཚལ་མཆོད་པ་འབུལ༔ ཐུགས་དམ་སྐོང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཞེས་ཚོམ་བུ་དགུའི་ལྷ་ཐམས་ཅད་ལ་འགྲེས་སུ་ཤེས་པར་བྱ་སྟེ། མཚན་དོན་བྱེ་བྲག་ཏུ་བསྐང་བའོ༔ སྐབས་སུ་དམ་རྫས་དང་རང་རྟགས་གོང་བཞིན་བརྗོད་ལ་བསྐང་ངོ་། །དེ་རྗེས་སུ་སྒོས་དམིགས་འདོད་གསོལ་གདབ་པ་ནི། ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛོད༔ ཚེ་དབང་ལོངས་སྤྱོད་ཐམས་ཅད་རྒྱས་པར་མཛོད༔ ཁམས་གསུམ་སྲིད་གསུམ་གདུལ་བྱ་དབང་དུ་སྡུས༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ ཅེས་དམིགས་པ་དང་། སྒོས་ཁུང་སའི་ལྷ་དང་། རང་བསྟེན་པའི་(༨བ)


GLG022_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མ་རྣམས་ལ་ཡང་བསྐང་གསོ་མཚན་ནས་བརྗོད་དེ་བྱའོ། །དེ་ནས་རྐྱེན་བཟློག་བྱོལ་གདབ་པ་ནི། ལྷའི་ང་རྒྱལ་དང་ལྡན་པས་ཐལ་མོ་བརྡབ་ཅིང་འདི་སྐད་དོ། །ཧོཿ དེ་ལྟར་བསྐང་བསྐང་གསོ་གསོ་ནས༔ ད་འདི་ལྟར་ཁོ་ནར་བཟློག་བསྒྱུར་མཛོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཡས་ཀྱི་བདུད་དུ་གཡོས་པ་བཟློག༔ མས་ཀྱི་སྲི་རུ་ལངས་པ་བཟློག༔ ཕ་ཚན་ནང་གི་རྒྱ་འདྲེ་བཟློག༔ དར་ཚན་ནང་གི་སྟོང་འདྲེ༝༔ གཡས་ན་ཕོ་བརྒྱ་མདའ་བརྡར་བཟློག༔ གཡོན་ན་མོ་བརྒྱ་དུག་གཡོས༝༔ རྒྱབ་ནི་མི་གསུམ་གྲོས་བྱེད༝༔ མདུན་ན་རྟ་གསུམ་སྲབ་འཆའ༝༔ འུག་པ་སྤོ་ལ་རྒོད་པ༝༔ སྲིན་བྱ་གོང་ཁར་འབོད་པ༝༔ ལོགས་ལ་ཝ་སྤྱང་བརྒྱལ་བ༝༔ སྲོད་ལ་ཁྱིམ་བྱ་འཚེར་བ༝༔ ཐོ་རངས་སྒོ་ཁྱི་ངུ་བ༝༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག༔ བན་བོན་ངན་སྔགས་ཟོར་ཁ༝༔ ལོ་སྐག་ཟླ་སྐག་ཀི་ཀང་སྐེག༔ གློ་བུར་བརྒྱད་ཅུ་རྩ་གཅིག༝༔ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ༝༔ བཞི་བརྒྱ་རྩ་བཞིའི་ནད་རྣམས༝༔ དུས་མིན་འཆི་བ་རྣམ་བརྒྱད༝༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས༝༔ རྩིས་བྱས་རྡེའུ་ནག་པོ༝༔ མོ་ངན་རྨི་ལམ་ངན་པ༝༔ མི་ནག་སྐྱེ་བོའི་ཡ་ག༝༔ བྲན་ཁོལ་ངན་པའི་དམོད་མཆུ་བཟློག༔ ཕོ་བྷྱོ་དེ་ནི་གཡས་སུ་བྷྱོ༔ མོ་བྱོལ་དེ་ནི་གཡོན་དུ་བྱོལ༔ ཕྱི་བདུད་དེ་ནི་མཁའ་ལ་བྱོལ༔ ངན་པ་ཐམས་ཅད་སྡང་བའི་དགྲ་ལ༝༔ དགྲ་དང་བགེགས་ལ་བྷྱོ་བྷྱོ་བྷྱོ༔ ཞེས་ཐལ་མོ་བརྡབ་༼ཌི༽བོ། །བསྐུལ་༼མི༽གྱི་ལྷན་ཐབས་ནི། ཧཱུཾ། མི་མངོན་དབྱིངས་ན་བཞུགས་པ་རྒྱལ་བ་ཞི་ཁྲོའི་ཚོགས༔ ཨཱཿ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཨཱོཾ། བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ༔ ཧྲཱིཿ མཛོད་ཅིག་མཛོད་ཅིག་བཅོལ་བའི་འཕྲིན་ལས་མཛོད༔ ཨཱཿ ཆོས་སྐུ་(༩ན)


GLG022_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་མེད་པའི་ངང་ཉིད་ལས༔ ཨཱོཾ། སྐྱེ་བའི་ཆོ་འཕྲུལ་ལོངས་སྤྱོད་རྫོགས་པའི་སྐུ༔ ཧཱུཾ། སྤྲུལ་སྐུ་འགྲོ་བ་སེམས་ཅན་དོན་མཛད་པ༔ ཧྲཱིཿ ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་ཅན༔ ཨཱོཾ། གཟུགས་སྣང་ཐམས་ཅད་སྐུ་ཡི་རང་བཞིན་ལ༔ ཨཱཿ སྒྲ་བསྒྲགས་ཐམས་ཅད་གསུང་གི་ངོ་བོར་སྣང་༔ ཧཱུཾ། དྲན་རྟོག་ཐམས་ཅད་ཐུགས་ཀྱི་དགོངས་པར་འདུས༔ ཧྲཱིཿ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་བཅོམ་ལྡན་འདས༔ ཧཱུཾ། ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ སེང་གེ་གླང་ཆེན་རྟ་ཁྱུང་རྨ་བྱའི་ཁྲི༔ རིན་ཅེན་ཉི་ཟླ་པདྨ་འོད་འབར་སྟེང་༔ དཔལ་འབར་ཞི་བ་ཡོངས་རྫོགས་ལྷ་ཚོགས་ནི༔ རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་གཙོ༔ ནམ་མཁའ་ཀུན་བཟང་བདེ་གཤེགས་ཡུམ་ཆེན་སྦྱོར༔ རྣམ་སྣང་རིན་འབྱུང་མཐའ་ཡས་དོན་ཡོད་གྲུབ༔ སངས་རྒྱས་སྤྱན་དང་མཱ་མ་གོས་དཀར་སྒྲོལ༔ ས་སྙིང་ནམ་སྙིང་སྤྱན་རས་ཕྱག་རྡོར་དཔལ༔ ལཱ་སེ་མཱ་ལེ་གཱིརྟི་ནཱིརྟི་མ༔ བྱམས་པ་སྒྲིབ་སེལ་ཀུན་བཟང་འཇམ་པའི་དབྱངས༔ དྷཱུ་པེ་པུཥྤེ་ནཱི་པེ་གནྡྷེ་མ༔ ཀུན་བཟང་ཡིད་ལ་བཟང་མོ་ཆོས་དབྱིངས་ཡུམ༔ ལྷ་དབང་བརྒྱ་བྱིན་ཐགས་བཟང་ཤཱཀྱ་ཐུབ༔ སེང་གེ་དམ་བརྟན་ཁ་འབར་ཆོས་ཀྱི་རྒྱལ༔ རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་སོགས༔ བཞི་བཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་གནས་འདིར་སྐུ་སྐྱོད་ཅིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ ཧོཿ བདེ་གཤེགས་ཞི་བའི་ལྷ་ཚོགས་ཐུགས་དམ་ཅན༔ ཁྱེད་རྣམས་ལ་མཆོད་པ་འབུལ་བ་ནི། ཕྱི་ནང་གསང་བ་སྨན་རག་གཏོར་མའི་མཆོད་པ་བཞེས་ཤིག༔ མཧཱ་པཉྩ་བྷ་ལིཾ་ཏ་(༩བ)


GLG022_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟ་སརྦ་པཱུ་ཙ་ཁཱ་ཧི༔ བཤགས་པར་གསོལ་བ་ནི། སྤྱི་དང་ཁྱད་པར་རྩ་བ་ཡན་ལག་གི་དམ་ཚིག་ལ་ཉམས་ཆགས་དང་འགལ་འཁྲུལ་དུ་གྱུར་པ་མཐོལ་ཞིང་བཤགས་སོ༔ ས་མ་ཡ་ཨཱཿ འཕྲིན་ལས་སུ་བཅོལ་བ་ནི། ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་བཞི་བདག་གི་ཡིད་བཞིན་དུ་སྒྲུབས་ལ་ལོག་ལྟ་གདུག་པ་ཅན་ཐམས་ཅད་མྱུར་དུ་ཚར་ཆོད་ཅིག འཇིགས་བརྒྱད་ཤནྟིང་ཀུ་རུ་ཡེ་སྭཱཧཱ༔ འབྱོར་དྲུག་པུཥྚི་ང་༝༔ ཁམས་གསུམ་བ་ཤཾ་ཀུ་རུ་ཡེ་སྭཱཧཱ༔ དགྲ་བགེགས་མཱ་ར་ཡ་རྦད༔ དུས་མིན་འཆི་བའི་ནད་གདོན་བར་ཆད་རྦོད་ཟོར་ལྟས་ངན་བཟློག་བྷྱོ༔ དེ་ལྟར་མཆོད་བཤགས་བཅོལ་གསུམ་འོག་མ་ཚོམ་བུ་དགུ་ཆར་ལ་མཚན་འགྲེས་སུ་ཤེས་པར་བྱའོ༔ ཧཱུཾ། ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ བྱོལ་སོང་གཙོ་བརྒྱད་ལྷ་ཆེན་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ ཆེ་མཆོག་ཡོན་ཏན་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་འཁྲིལ༔ རཀྴ་གུ་ཡ་བི་ཤ་ཡགྴ་སྟེ༔ ཧེ་རུ་ཀ་བཞི་ཀྲོ་ཏི་ཡུམ་དང་བཅས༔ ལྷ་དང་དྲི་ཟ་མེ་ལྷ་གཤིན་རྗེ་སྲིན༔ ཆུ་བདག་རླུང་ལྷ་གནོད་སྦྱིན་བགེགས་སའི་བདག༔ ཕྱོགས་སྐྱོང་འདུལ་བྱེད་ཁྲོོ་བོ་ཆེན་པོ་བཅུ༔ པྲཛྙ་ཡ་མ་པདྨ་བི་གྷན་ཏེ༔ ཏ་ཀྲྀཏ་སྒོ་སྐྱོང་ཅེ་སྤྱང་མ་བརྒྱད་སོགས༔ སུམ་ཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་༝༝༝༔ ཧོཿ ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཐུགས་དམ་ཅན་ཁྱེད་རྣམས་ལ་ཞེས་འགྲེ། ཧཱུཾ། ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ དྲེགས་པ་རུ་ཏྲ་བསྣོལ་བའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ ཐུགས་མཆོག་ཡང་དག་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་(༡༠ན)


GLG022_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་བཛྲ་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཀྲོ་ཏི་ཤྭ་རཱི་འཁྲིལ༔ བུདྡྷ་རཏྣ་པདྨ་ཀརྨ་སྟེ༔ ཧེ་རུ་ཀ་བཞི་ཀྲོཏཱི་ཡུམ་དང་སྦྱོར༔ ཀོའུ་རི་ཙེའུ་རི་པྲ་མ་པེ་ཏ་ལི༔ པུ་ཀ་གྷསྨ་སྨ་ཤ་ཙནྡྷ་ལི༔ སིངྷ་བྱ་གྷྲི་སྲི་ལ་ཤྭ་ན་མ༔ ཀྲི་ཏ་ཀངྐ་ཁ་ཁཱ་ཧུ་ལུ་མ༔ གནས་ཡུལ་ཀོ་སིང་བཅུ་དྲུག་མ་ཚོགས་དང་༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ སྒོ་བཞིར་རབ་རྔམ་ཡེ་ཤེས་སྒོ་མ་བཞི༔ བཀའ་སྡོད་དབང་ཕྱུག་ཉེར་བརྒྱད་ལ་སོགས་ཏེ༔ ལྔ་བཅུ་རྩ་བརྒྱད་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས༝༝༝༔ ཧཱུཾ། གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཆུ་གླང་ཟུང་བཞི་བཤིབས་པའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ སྐུ་མཆོག་གཤིན་རྗེ་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ སྦྱོར་སྒྲོལ་ཡུམ་ཆེན་པེ་ཏ་ཛ་ཏི་འཁྲིལ༔ ཡ་མ་རཱ་ཙ་རལ་གཅིག་མྱོས་བྱེད་གཏུམ༔ ཨཱཪྻ་འོད་ཟེར་ཚར་དགུ་རེ་མ་ཏཱི༔ སྐུ་སྲས་གཤེད་བཞི་ཡབ་དང་ཡུམ་དུ་བཅས༔ ནག་འཇོམས་རེ་ཏཱི་ཕྱ་སངས་གདོང་དགུ་མ༔ བྲག་འཇོམས་ཤེལ་མིག་གླང་མགོ་མཆེ་གཙིགས་མ༔ ཡ་བ་རྔམ་སྟབས་མིག་དམར་ཁྲག་རལ་ཅན༔ དམིགས་པ་ཀླུ་མོ་ཏེལ་པ་སྤྱན་གཅིག་མ༔ བདུད་འཇོམས་རལ་གཅིག་ཆོས་རྒྱལ་རལ་པ་ཅན༔ རྗེ་མར་རལ་ནག་ཐོད་དབྱུག་ཕག་མགོ་མ༔ ཕྱོགས་སྐྱོང་གཤེད་ཆེན་བཅུ་གཉིས་ཡུམ་དང་བཅས༔ རྒོད་སྟག་ཀང་ཀ་སྤྱང་མགོ་སྒོ་སྐྱོང་བཞི༔ གྲི་ཐོགས་གིང་བཞི་ཁམ་ཐོགས་བདུད་པོ་བཞི༔ ཤོད་ཐོགས་རྩིས་བཞི་སྲོག་གཅོད་བཤན་པ་བཞི༔ གདུག་པ་གཟའ་གདོང་ཡི་དྭགས་ལ་སོགས་ཏེ༔ ལྔ་བཅུ་རྩ་ལྔ་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས༝༝༝༔ ཧོཿའཇམ་དཔལ་སྐུའི་ལྷ་ཚོགས་ཐུགས་དམ་ཅན་སོགས་འགྲེ། ཧཱུཾ། པདྨ་རོལ་པའི་དུར་ཁྲོད་(༡༠བ)


GLG022_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ནས༔ ཀླུ་རྒྱལ་གདུག་པ་ཕོ་མོའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ གསུང་མཆོག་པདྨ་ཡོངས་རྫོགས་ལྷ་ཚོགས་ན༔ བཅོམ་ལྡན་དཔལ་ཆེན་པདྨ་དབང་གི་གཙོ༔ གཉིས་མེད་ཡུམ་ཆེན་པདྨ་གཟི་ལྡན་འཁྲིལ༔ སྐུ་ལས་སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ རྡོ་རྗེ་རིན་ཅེན་པདྨ་ལས་དབང་ཆེན༔ དབང་ཕྱུག་རིགས་བཞི་ཡུམ་བཅས་གསུང་གི་སྲས༔ ཞི་ཁྲོ་ཟིལ་གནོན་མི་ཕམ་ཁྲོ་གཉེར་མ༔ མ་ཁྱུང་ཟིལ་གནོན་རོ་ལངས་སྤྱན་གཅིག་མ༔ ཕོ་མོ་ཟིལ་གནོན་ཁྲོ་མོ་གཤིན་རྗེ་མོ༔ གཟའ་ཀླུ་ཟིལ་གནོན་ཀླུ་མོ་གནོད་སྦྱིན་མོ༔ ཟིལ་གནོན་ཁྲོ་བོ་ཡབ་ཡུམ་བརྒྱད་རྣམས་དང་༔ འགུགས་འདྲེན་སྡོམ་བརྡེག་ཡེ་ཤེས་སྒོ་མ་བཞི༔ ཁམས་བརྒྱ་མ་དྲུག་དམུས་ལོང་རྒྱབ་འགྲེལ་བཞི༔ ཡེ་ཤེས་དཔལ་གྱི་སྤྱང་བརྒྱད་ཁྱི་བརྒྱད་དང་༔ ཕོ་ཉ་མཆེ་གཤོག་ངུར་འབྲུག་དབང་ཕྱུག་སོགས༔ དྲུག་ཅུ་རྩ་གསུམ་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས༝༝༝༔ ཧོཿ པདྨ་གསུང་གི་ལྷ་ཚོགས་སོགས་འགྲེ། ཧཱུཾ། ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ མཧཱ་དེ་ཝ་བསྣོལ་བའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ འཕྲིན་ལས་ཕུར་པ་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་འཁྲིལ༔ སྲས་མཆོག་བུདྡྷ་རཏྣ་པདྨ་དང་༔ ཀརྨ་ཀཱི་ལཱ་ཡ་སོགས་ཡུམ་དང་བཅས༔ ཧཱུཾ་ཀཱ་ར་རྣམ་རྒྱལ་དབྱུག་སྔོན་གཤིན་རྗེ་གཤེད༔ མི་གཡོ་རྟ་མགྲིན་འདོད་རྒྱལ་བདུད་རྩི་འཁྱིལ༔ ཁམས་གསུམ་རྣམ་རྒྱལ་སྟོབས་ཆེན་ཁྲོ་བོ་བཅུ༔ སྒྲ་འབྱིན་བསྙེམས་མ་སྡེར་མ་དུར་ཁྲོད་བདག༔ གཏུན་ཁུང་གཏུམ་མོ་མདའ་བསྙེམས་རླུང་འབྱིན་མ༔ གསོད་མ་སྐུལ་བྱེད་ལ་སོགས་ཁྲོ་བོ་བཅུ༔ ཕག་དང་རྨིགས་བུ་སྟག་དང་(༡༡ན)


GLG022_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རྒོད་མགོ༔ གཡག་དང་བྱ་རོག་ཤ་བ་འུག་པའི་མགོ༔ གཟིག་དང་ཁྭ་ཏ་བྱི་ལ་པུ་ཤུད་མགོ༔ སྤྱང་མོ་ཁྲ་དང་སེང་གེ་ཕ་ཝང་མགོ༔ དོམ་དང་སྲེ་མོ་དྲེད་དང་བྱི་བའི་མགོ༔ ཟ་བྱེད་གསོད་བྱེད་ཕྲ་ཐབས་ཉི་ཤུའི་ཚོགས༔ པུ་ཤུད་སྐྱ་ཀ་སྲིན་བྱ་ཁྲ་མགོ་མ༔ སྒོ་སྐྱོང་ཕྲ་མེན་ཆེན་མོ་བཞི་རྣམས་དང་༔ ཤྭ་ན་ཤྭ་ན་སྲི་ཀ་སྲི་ལ་མ༔ རི་ཏི་རི་ཏི་རེ་ཛ་རེ་མ་ཛུ༔ ཡ་བྱིན་དེ་བྱིན་བསེ་བྱིན་ཕག་བྱིན་མ༔ བསེ་ཡི་སྐྱེས་བཞི་ལྕགས་ཀྱི་སྐྱེས་བུ་བཞི༔ དུང་གི་སྐྱེས་བུ་བཞི་དང་འབྱུང་པོ་སེར༔ བདུན་ཅུ་རྩ་བརྒྱད་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས༝༝༝༔ ཧོཿ ཕུར་པ་འཕྲིན་ལས་ཀྱི་ལྷ་ཚོགས་ཐུགས་དམ་ཅན་སོགས་འགྲེ། ཧཱུཾ། མ་མོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ སྲིད་པའི་མ་མོ་འབུམ་བསྣོལ་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ རྦོད་གཏོང་མ་མོ་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཉིད་ཞུ་མུ་ཁ་འཁྲིལ༔ སྣང་གསལ་འོད་གསལ་མཉེན་གསལ་ཡང་གསལ་གཡོས༔ བཀྲག་གསལ་ལ་སོགས་དབྱིངས་ཀྱི་ཡུམ་ཆེན་དྲུག༔ བདེ་འགྲོ་ཐོད་འཕྲེང་ཁྲག་འཐུང་མ་མོ་དང་༔ སྲིད་པ་བདེ་སྦྱོར་ཁམས་གསུམ་འཚོ་བྱེད་དྲུག༔ མིག་གཅིག་མྱོས་བྱེད་ཟ་བྱེད་ཚེ་འཕེལ་བཞི༔ དབྱིངས་ཕྱུག་བདག་ཉིད་གཅིག་པུ་རྒྱན་རྒྱལ་བཞི༔ ཆགས་བྱེད་ཆ་སྙོམས་རལ་གཅིག་མཐུ་མོ་ཆེ༔ དབང་སྒྱུར་སྲིད་འདེགས་གར་དབང་པདྨ་གར༔ ཀུན་གྲགས་ཀུན་བཟང་དྲེགས་བསྙེམས་ཡེ་ཤེས་མཆོག༔ འོད་གསལ་གཡུ་སྒྲོན་གསལ་འཁྲོ་ཆེན་མོ་བདུན༔ མཆེ་གཙིགས་ཁ་འཕྱང་མཆུ་འཇིབ་རྐང་བལྡག་བཞི༔ ཧར་ཏིང་དུན་ཏིང་ཤན་ཏིང་གྲུབ་ཏིང་བཞི༔ མགྱོགས་མ་ཁྱུང་ལྡིང་གཡག་ཐོད་སྡེར་ཆེན་བཞི༔ (༡༡བ)


GLG022_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་མོ་དབུ་དགུ་དབུ་ལྔ་ཙ་མུན་ཏི༔ ཁྲམ་གཏོང་གླིང་དབང་ཐིག་ཆེན་རྒྱ་མཚོ་བཞི༔ སྟག་སྲིན་བམ་སྲིན་ཀོང་སྲིན་འབྲོག་སྲིན་བཞི༔ རོ་ཁ་ཙན་ཏྲི་ཛ་མུན་ཛ་ཏི་བཞི༔ རོ་ལངས་ནག་མོ་འཇིག་རྟེན་ཕུང་གསུམ་དང་༔ གསང་བའི་མ་གསུམ་གསང་བའི་ཕོ་ཉ་གསུམ༔ བདུན་ཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས༝༝༝༔ ཧོཿ མ་མོ་རྦོད་གཏོང་ལྷ་ཚོགས་ཐུགས་དམ་ཅན་སོགས་འགྲེ། ཧཱུཾ། རིགས་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ དར་ཆེན་ལྟབ་ཁྲི་བརྩེགས་པའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ གདུང་འཚོབ་རིགས་འཛིན་ཡོངས་རྫོགས་ལྷ་ཚོགས་ནི༔ དཔལ་ཆེན་རིགས་འཛིན་གཙོ་མཆོག་ཐོད་པ་རྩལ༔ མི་དམིགས་ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་འཁྲིལ༔ ལྷུན་གྲུབ་ཕྱག་རྒྱ་ཚེ་དབང་རྣམ་སྨིན་བཞི༔ ཡང་དག་རིགས་འཛིན་རྡོ་རྗེ་བསམ་གྲུབ་རྩལ༔ འཇམ་དཔལ་རིགས་འཛིན་རྡོ་རྗེ་གྲུབ་པ་རྩལ༔ གསུང་གི་རིགས་འཛིན་རྡོ་རྗེ་དྲག་པོ་རྩལ༔ ཕུར་པའི་རིགས་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ༔ ཡོན་ཏན་རིགས་འཛིན་རྡོ་རྗེ་གྲོ་ལོད་རྩལ༔ རྦོད་གཏོང་རིགས་འཛིན་རྡོ་རྗེ་དབང་སྡུད་རྩལ༔ མཆོད་བསྟོད་རིགས་འཛིན་རྡོ་རྗེ་གཤོག་རྒོད་རྩལ༔ དྲག་སྔགས་རིགས་འཛིན་རྡོ་རྗེ་མཐེབ་གཤོག་རྩལ༔ སྒོ་བཞི་སྐྱོང་མཛད་རྡོ་རྗེ་སློབ་དཔོན་ནི༔ དམ་ཚིག་དབང་གི་སློབ་དཔོན་ཆེན་པོ་དང་༔ མན་ངག་ལུང་གི་སློབ་དཔོན་ཆེན་པོ་དང་༔ ཤེས་རབ་རྒྱུད་གྲོལ་སློབ་དཔོན་ཆེན་པོ་དང་༔ ཉམས་ཆགས་སྐོང་བའི་སློབ་དཔོན་ཆེན་པོ་བཞི༔ རྡོ་རྗེ་རིན་ཅེན་པདྨ་ལས་མཁའ་འགྲོ༔ རྡོ་རྗེ་རིན་ཅེན་པདྨ་ལས་ཀྱི་གིང་༔ དཔའ་བོ་དཔའ་མོ་ལ་སོགས་ཉི་ཤུ་དྲུག༔ བླ་མ་རིགས་འཛིན་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས༝༝༝༔ ཧོཿ རིགས་འཛིན་སློབ་དཔོན་(༡༢ན)


GLG022_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་ཅན་སོགས་འགྲེ། ཧཱུཾ། འཇིག་རྟེན་རོལ་བའི་དུར་ཁྲོད་ཆེན་པོ་ནས༔ དྲེགས་པ་ཕོ་མོ་བསྣོལ་བའི་ཁྲི་སྟེང་དུ༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ མཆོད་བསྟོད་བསྟན་སྲུང་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་ཆེ༔ གཉིས་མེད་ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་འཁྲིལ༔ ལྷ་ཆེན་ཡབ་ཡུམ་ཐུགས་སྲས་དྲེགས་པ་འདུལ༔ གཤིན་རྗེ་གསོད་བྱེད་སྐོས་རྗེ་བདུད་མོ་དང་༔ གློག་ཕྲེང་སྦལ་མགོ་གནོད་སྦྱིན་གནོད་སྦྱིན་མོ༔ ཤམྦྷ་གནམ་ཐེ་སྤྱི་མདུད་དཀར་པོ་གསུམ༔ སྲིད་རྒྱལ་སྔགས་སྲུང་མཁའ་འགྲོ་ནག་མོ་གསུམ༔ བདུད་འདུལ་སྲོག་ཟན་ཡམ་ཤུད་དམར་པོ་གསུམ༔ གུ་ལང་བགེགས་རྒྱལ་དམུ་བདུད་ནག་པོ་གསུམ༔ སྒོ་བཞིར་སྲོག་བདག་པེ་ཧར་མ་སངས་དང་༔ མགོན་ནག་ལ་སོགས་དབང་ཆེན་སྡེ་བཞི་དང་༔ གཟའ་བདུད་གནམ་སྨན་ཀླུ་བདུད་ཀླུ་མོར་བཅས༔ གིང་ཆེན་བདུད་ནག་གཟའ་ཀླུ་སྲིན་པོ་དང་༔ གནོད་སྦྱིན་མ་མོ་ལ་སོགས་སྡེ་བརྒྱད་ཚོགས༔ སུམ་ཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་༝༝༝༔ ཧོཿ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས་དམ་ཅན་སོགས་འགྲེ། ཧཱུཾ། དྲག་སྔགས་རོལ་བའི་དུར་ཁྲོད་ཆེན་པོ་ནས༔ དགྲ་བགེགས་ཕོ་མོ་བསྣོལ་བའི་ཁྲི་སྟེང་དུ༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ དམོད་པ་དྲག་སྔགས་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ཆེ༔ གཉིས་མེད་ཡུམ་ཆེན་འབྱུང་ལྔའི་བདག་མོ་འཁྲིལ༔ འཆི་བདག་སྲོག་བདག་བདུད་ཕོ་བདུད་མོ་དང་༔ སྲིན་ནག་འཇོམས་བྱེད་གངས་བཟང་ཤ་ཟ་མོ༔ ལྷ་ཆེན་མགོན་ནག་ཐར་པ་དམུ་རྗེ་དང་༔ སྒོ་སྐྱོང་རྒྱལ་པོ་ཡབ་ཤུད་རྡོ་རྗེ་ལེགས༔ ཁུ་ལེ་ལག་དགུ་ལ་སོགས་བཀའ་ཉན་དང་༔ ཁྱབ་འཇུག་ཆེན་པོ་ཀླུ་རྒྱལ་གཞོན་ནུ་གཏུམ༔ བཤན་པ་ལྷ་(༡༢བ)


GLG022_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་སྡེ་བརྒྱད་ལ་སོགས་ཏེ༔ ཉི་ཤུ་རྩ་བརྒྱད་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་གནས་འདིར་སྐུ་བསྐྱེད་ལ། དམ་རྫས་བདུད་རྩི་འབར་བ༝༔ ཐུགས་དམ་རྒྱུད་བསྐུལ༝༔ ཧོཿ དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས་དམ་ཅན་སོགས་འགྲེ༔ ཧཱུཾ། དཀྱིལ་འཁོར་ཆེན་པོའི་བར་ཁྱམས་འཁོར་ཡུག་ནས༔ བཀའ་སྲུང་ཕོ་ཉ་ཡོངས་རྫོགས་ལྷ་ཚོགས་ནི༔ དབང་ཕྱུག་ཉེར་བརྒྱད་མཁའ་འགྲོ་སུམ་ཅུ་གཉིས༔ གིང་ཆེན་བཅོ་བརྒྱད་ལངྐ་བཅུ་དྲུག་དང་༔ འབར་མ་བརྒྱད་དང་ཡེ་ཤེས་མ་མོ་བདུན༔ སྲིང་མོ་རྣམ་བཞི་རྟོག་བྱེད་འཇོམས་བྱེད་མ༔ གདབ་ཕུར་བརྒྱ་རྩ་བརྒྱད་པོ་མཐུ་རྩལ་ཅན༔ སྟག་གདོང་དཀར་མོ་ཕག་གདོང་ནག་མོ་དང་༔ སྤྲེལ་གདོང་དམར་མོ་སྤྱང་གདོང་ལྗང་གུ་སྟེ༔ འཛིན་འཆིང་སྡོམ་བརྡེག་ཡེ་ཤེས་སྒོ་མ་བཞི༔ ལྕགས་རི་སྐྱོང་མཛད་ཕོ་ཉ་དྲུག་ཅུ་བཞི༔ ས་བདག་ཆེན་མོ་སུམ་ཅུ་རྩ་གཉིས་དང་༔ རིགས་འདུས་མཁའ་འགྲོ་འབུམ་ཕྲག་ཉི་ཤུ་དང་༔ མ་ཡམས་བསྟན་མ་བཅུ་གཉིས་ལ་སོགས་ཏེ༔ ཕོ་ཉ་ཡོངས་རྫོགས་དགྲ་འདུལ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་གནས་འདིར་སྐུ་བསྐྱོད་ཅིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ ཧོཿ དཔལ་གྱི་བཀའ་སྡོད་ལྷ་ཚོགས་ཐུགས་དམ་ཅན་ཁྱེད་རྣམས་ལ་མཆོད་པ་འབུལ་བ་ནི་སོགས་རིགས་འགྲེ། ཚོགས་ཐ་མའི་ལྷན་ཐབས་ནི་གཏེར་གཞུང་བཅོས་མེད། ཧཱུཾ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་འཕྲིན་ལས་མཛོད༔ ཧཱུཾ། ང་ནི་ཆེ་མཆོག་ཧེ་རུ་ཀ༔ སྲས་དང་སྤྲུལ་པ་བྱ་བ་འབུམ༔ (༡༣ན)


GLG022_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ ཆེ་མཆོག་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་བཟུང་ལ་ཕུར་པས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཧཱུཾ། ང་ནི་བཛྲ་ཧེ་རུ་ཀ༔སྲས་དང་སྤྲུལ་པ་མན་ཆད་འགྲེའོ། །ཧཱུཾ། ང་ནི་འཇམ་དཔལ་གཤིན་རྗེ་གཤེད༔ ཧཱུཾ། ང་ནི་རྟ་མགྲིན་པདྨ་དབང་༔ ཧཱུཾ། ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ཧཱུཾ། ང་ནི་བླ་མེད་ཧེ་རུ་ཀ༔ ཧཱུཾ། ང་ནི་རིགས་འཛིན་ཐོད་པ་རྩལ༔ ཧཱུཾ། ང་ནི་དྲེགས་པ་ཀུན་འདུལ་རྗེ༔ ཧཱུཾ། ང་ནི་སྟོབས་ལྡན་ནག་པོ་ཆེ༔ སྲས་དང་སྤྲུལ་པ་ལ་སོགས་འགྲེས་སུ་སྦྱོར༔ དྲག་སྔགས་སོ་ལྔ་པ་དང་བཅས་ཏེ་ཚེ་ལུང་ཁྲུས་ལུང་གི་དགོངས་པས་ཕུར་བ་གདབ་༼དྷི༽བོ༔ ཧཱུཾ། ༼ཕི༽ཆེ་མཆོག་འཁོར་བཅས་རོལ་པའི་བྲོ༔ དགྲ་བགེགས་དམ་སྲིའི་སྲོག་ལ་བརྡུང་༔ བཛྲ་ཧེ་རུ་ཀ༝༔ དགྲ་བགེགས་དམ་སྲིའི་སྙིང་ལ་བརྡུང་༔ གཤིན་རྗེ་གཤེད་པོ༝༔ དགྲ་བགེགས་དམ་སྲིའི་དཔྲལ་བར་བརྡུང་༔ རྟ་མགྲིན་དབང་ཆེན༝༔ དགྲ་བགེགས་དམ་སྲིའི་མགྲིན་པར་བརྡུང་༔ རྡོ་རྗེ་གཞོན་ནུ༝༔ དགྲ་བགེགས་དམ་སྲིའི་ལྟེ་བར་བརྡུང་༔ བླ་མེད་ཧེ་རུ་ཀ༝༔ དགྲ་བགེགས་དམ་སྲིའི་གསང་བར་བརྡུང་༔ རིགས་འཛིན་ཐོད་རྩལ༝༔ དགྲ་བགེགས་དམ་སྲིའི་སྤྱི་བོར་བརྡུང་༔ དྲེགས་པ་ཀུན་འདུལ༝༔ དགྲ་བགེགས་དམ་སྲིའི་བརླ་གཡས༝༔ སྟོབས་ལྡན་ནག་པོ༝༔ དགྲ་བགེགས་དམ་སྲིའི་བརླ་གཡོན༝༔ ཞི་ཁྲོ་བཀའ་བརྒྱད༝༔ གཡས་སུ་བསྐོར་ཏེ་དགྲ་ལ་བརྡུང་༔ དགྲ་ཡང་ཕྱེ་མར་འཐག་པའི་བྲོ༔ གཡོན་དུ་བསྐོར་ཏེ་བགེགས་ལ་བརྡུང་༔ བགེགས་ཀྱང་དུམ་བུར་གཏུབ་པའི་བྲོ༔ གཡས་གཡོན་ཐབས་དང་ཤེས་རབ་བྲོ༔ རུ་ཏྲ་དམ་སྲི་ཐལ་བར་རློག༔ ཨོཾ་ལཾ་ཧཱུཾ་(༡༣བ)


GLG022_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ལཾ་སྟཾ་བྷ་ཡ་༼བི༽ནནཿ ཚེ་༼ཡི༽འགུགས་དངོས་གྲུབ་ལེན་པ། སྒྲུབ་ཁོག་ལས། ཧཱུཾ། བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས་དམ་དང་༔ སྦྱོར་ལམ་ཚོགས་ལམ་གནས་པའི་དམ་ཅན་ཚོགས༔ རྣལ་འབྱོར་བདག་ལ་སྔོན་གྱི་ཐུགས་དམ་གྱི༔ ཚེ་དང་ཆོས་དང་ལས་བཞི་མྱུར་སྒྲུབ་དང་༔ རྐང་མགྱོགས་མིག་སྨན་རིལ་བུ་མཁའ་སྤྱོད་དང་༔ སྲིད་ནོར་ཟས་སོགས་མཐུ་རྩལ་དངོས་གྲུབ་སྩོལ༔ ཨ་ལ་ལ་ཧོ༔ བདུད་རྩི་འཐུང་། ཧཱུཾ། ཆོས་སྐུ་མཆོག་ལས་ཀུན་འབྱུང་ལོངས་སྤྱོད་རྫོགས༔ འགྲོ་དོན་ལྷུན་གྲུབ་སྤྲུལ་སྐུ་གཅིག་གི་ངང་༔ མ་བཅོས་གཉིས་མེད་སྐུ་གསུམ་ལྷུན་གྱིས་རྫོགས༔ མཆོག་གི་དངོས་གྲུབ་བདག་ལ་སྩལ་དུ་གསོལ༔ བཤགས་པ་ནི། སྒྲུབ་ཁོག་ལས། ཨཱོཾ་ཨཱཿཧཱུཾ། རྒྱལ་བ་ཞི་ཁྲོ་རྡོ་རྗེ་སློབ་དཔོན་དང་༔ བདེ་གཤེགས་ཡོངས་རྫོགས་སྲུང་མ་དམ་ཚིག་ཅན༔ སྐུ་གསུང་གདུང་འཚོབ་རྡོ་རྗེ་ལྕམ་དྲལ་མཆེད༔ དབང་གྱུར་སྐྱབས་མཆོག་མ་ལུས་དགོངས་སུ་གསོལ༔ བདག་ནི་མ་རིག་ལུས་དང་ངག་སེམས་ཀྱིས༔ རྡོ་རྗེ་སློབ་དཔོན་མཆེད་སོགས་ངན་སྨྲས་ཤིང་༔ ཡི་དམ་སྔགས་དང་ཕྱག་རྒྱ་གསང་བ་བསྒྲགས༔ རྩ་བའི་དམ་ལས་འགལ་གྱུར་མཐོལ་ཞིང་བཤགས༔ ཤེས་བྱ་ལྔ་དང་སྤྱད་པར་བྱ་བ་ལྔ༔ མི་སྤང་ལྔ་དང་བསྒྲུབ་པ་བྱ་རྒྱུ་ལྔ༔ དང་ལེན་ལྔ་སོགས་ཡན་ལག་དམ་ཚིག་ཀུན༔ ཉམས་གྱུར་རང་གནོང་འགྱོད་པས་མཐོལ་ཞིང་བཤགས༔ སྔགས་ལ་ཐེ་ཚོམ་བླ་མེད་ཐེག་པ་སྨད༔ ལྟ་སྤྱོད་ཡ་བྲལ་བསྙེན་སྒྲུབ་གཞུང་མ་སྲོངས༔ ལོང་ཡོད་ལེ་ལོས་དུས་ཀྱི་མཆོད་པ་ཆག༔ སྡོམ་གསུམ་ཐུན་མོང་དམ་ཉམས་མཐོལ་ཞིང་བཤགས༔ རིག་པའི་རྩལ་ཆུང་སྙིང་པོའི་དོན་མ་རྟོགས༔ སྒོམ་པ་སྲན་ཆུངས་གནས་ལུགས་སོ་མ་ཐུབ༔ བློ་ཡི་(༡༤ན)


GLG022_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆུངས་སྤྱོད་པ་བོགས་མ་ཐོན༔ ལེགས་བསམ་སྤྱད་ཀྱང་དོན་ལོག་ཐུགས་འགལ་བསགས༔ འབྲས་བུ་ཡིད་སྨོན་གྱུར་པ་མཐོལ་ཞིང་༼རི༽བཤགས༔ བཀྲ་ཤིས་ལྷན་ཐབས་ནི། གཏེར་གཞུང་བཅོས་མེད། ཧཱུཾ། མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོར་གསལ༔ གདོད་ནས་མ་སྐྱེས་རང་བྱུང་མཐའ་དབུས་བྲལ༔ ཀུན་ཁྱབ་རྣམ་དག་ལྷུན་གྲུབ་ཀུན་ཏུ་བཟང་༔ ཆོས་སྐུའི་བཀྲ་ཤིས་དམ་པས་བདེ་ལེགས་ཤོག༔ རྣམ་སྣང་བཀྲ་ཤིས་ཆོས་དབྱིངས་ཡེ་ཤེས་སྐུ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ རྡོར་སེམས་བཀྲ་ཤིས་མེ་ལོང་ཡེ་ཤེས་སྐུ༔ བཀྲ་ཤིས༝༔ རིན་འབྱུང་བཀྲ་ཤིས་མཉམ་མེད་ཡེ་ཤེས་སྐུ༔ བཀྲ་ཤིས༝༔ མཐའ་ཡས་བཀྲ་ཤིས་ཀུན་རྟོག་ཡེ་ཤེས་སྐུ༔ བཀྲ་ཤིས༝༔ དོན་གྲུབ་བཀྲ་ཤིས་ནན་ཏན་ཡེ་ཤེས་སྐུ༔ བཀྲ་ཤིས༝༔ ཧཱུཾ། ཆེ་མཆོག་ཧེ་རུ་ཡོན་ཏན་ལྷུན་གྲུབ་དཔལ༔ ཡིད་བཞིན་གཏེར་གྱི་བཀྲ་ཤིས་དེང་འདིར་སྩོལ༔ བཛྲ་ཧེ་རུ་རང་བྱུང་ཐུགས་ཀྱི་དཔལ༔ སྐྱེ་མེད་ཐུགས་ཀྱི་བཀྲ་ཤིས་དེང་འདིར་སྩོལ༔ འཇམ་དཔལ་གཤིན་རྗེ་སྣང་སྲིད་སྐུ་ཡི་དཔལ༔ འགྱུར་མེད་སྐུ་ཡི༝༔དབང་ཆེན་རྟ་མགྲིན་ཆོས་སྒོ་འདུས་པའི་དཔལ༔ འགགས་མེད་གསུང་ག༝༔ རྡོ་རྗེ་གཞོན་ནུ་མཐུ་སྟོབས་ཡོངས་རྫོགས་དཔལ༔ འཕྲིན་ལས་ཐོགས་མེད༝༔ བླ་མེད་ཧེ་རུ་མ་མོ་འདུས་པའི་དཔལ༔ མ་ཚོགས་ལས་ལ་འཁོལ་བའི༝༔ རིགས་འཛིན་གཙོ་མཆོག་རྒྱུད་ལུང་མན་ངག་དཔལ༔ ཤེས་རབ་གསུམ་ལ་མངའ་བརྙེས་བཀྲ་ཤིས་ཤོག༔ དྲེགས་པ་ཀུན་འདུལ་བདུད་དཔུང་འཇོམས་པའི་དཔལ༔ སྡེ་བརྒྱད་བྲན་དུ་འཁོལ་བའི་བཀྲ་ཤིས་ཤོག༔ (༡༤བ)


GLG022_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ལྡན་ནག་པོ་སྣང་སྲིད་སྲོག་བདག་དཔལ༔ དགྲ་བགེགས་ཐལ་བར་རློག་པའི༝༔ ཞི་ཁྲོ་ཡོངས་རྫོགས་དངོས་གྲུབ་རྒྱ་མཚོའི་དཔལ༔ བསྙེན་སྒྲུབ་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག༔ འཇམ་རོལ་དང་བཅས་མེ་ཏོག་སིལ་མས་ཀུན་ཏུ་ཁྱབ་པར་བྱའོ༔ ཞི་ཁྲོ་ཡོངས་རྫོགས་ཁ་སྐོང་ལྷན་ཐབས་རྣམས། །ཀླུ་བདུད་ལྟོ་བའི་ཟབ་གཏེར་དགོངས་དོན་ཚོགས། འཁྲུལ་མེད་བརྒྱུད་པའི་ཕྱག་ལེན་གསུང་རྒྱུན་བཞིན། ཟ་ཧོར་རིག་སྔགས་འཆང་བས་ཡི་གེར་བཀོད། དགེ་དེས་བདེ་གཤེགས་ཞི་ཁྲོ་མ་ལུས་པའི། གསང་གསུམ་མི་ཟད་འཁོར་ལོའི་བང་མཛོད་ལས། མཆོག་ཐུན་དངོས་གྲུབ་འདོད་དགུའི་ཆར་ཆེན་པོས། སྐལ་བཟང་གདུལ་བྱའི་རེ་བ་སྐོང་གྱུར་ཅིག །རང་རིག་ངོ་བོ་ཀ་དག་ཀུན་ཏུ་བཟང་། །རང་བཞིན་ལྷུན་གྲུབ་ཞི་ཁྲོ་སྒྱུ་འདྲའི་གར། །ཐུགས་རྗེ་ཀུན་ལ་ཁྱབ་པའི་འཕྲིན་ལས་ཀྱིས། །དོན་གཉིས་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་བཀའ་བརྒྱད་གསང་རྫོགས་ཀྱི་ལས་བྱང་གཏེར་བྱོན་མའི་ལྷན་ཐབས་གཏེར་ཁ་འདི་ཉིད་ནས་ཁ་སྐོང་དགོས་པ་ལ་རྗེས་འཇུག་འགའ་ཞིག་གིས་ཧ་ཅང་མངས་པ་དང་། དགོས་ངེས་ཁུངས་མ་ཆོད་པའི་འཁྲུལ་པའི་ལམ་དུ་འཕྱན་པའི་མཐའ་གཉིས་ཀྱི་སྐྱོན་སྤངས་ཏེ། དཔལ་ཨྱོན་ཆེན་པོའི་དགོངས་པ་གཏེར་སྟོན་གྱི་ཕྱག་ལེན་འཕྱུགས་མེད་ཟབ་ཆོས་ཀྱི་བཀའ་བབས་མཁས་གྲུབ་ཤཱཀྱ་འོད་སོགས་བརྒྱུད་ལྡན་དམ་པའི་གསུང་རྒྱུན་ལས་འོངས་པ་ལྟར། མཧཱ་ཡོ་གའི་སྒོམ་ཁོག་མ་གཏོགས་པའི་གཏེར་གཞུང་གི་ཚིག་བཅོས་ལྷད་མེད་པར་རང་སོར་བཞག །སྒོམ་ཁོག་གི་ཚིག་ལྷུག་འདོན་མི་བདེ་བ་རྣམས་ཅུང་ཟད་ཚིག་སྣ་རིང་དུ་བཏང་ནས་འགོ་མཇུག་(༡༥ན)


GLG022_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིགས་པའི་ལྷན་ཐབས་དགོས་པ་ཀུན་ཚང་འདི་ནི་བཞད་པ་རྩལ་གྱིས་བཀོད་པའི་ཡི་གེ་པ་ནི་འཇམ་དཔལ་ལོ། །སརྦ་མཾག ལ་ཀུརྦནྟུ། །

ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་སྒྲུབ་ཆེན་གྱི་རེག་ཟིག་འཁྲུལ་བྲལ་མཐོང་བས་རེ་སྐོང་།


GLG022_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་སྒྲུབ་ཆེན་གྱི་རེག་ཟིག་འཁྲུལ་བྲལ་མཐོང་བས་རེ་སྐོང་བཞུགས་སོ།།


GLG022_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་གྷུ་རུ་པདྨ་སིདྡྷི་ཧཱུཾ། གསང་རྫོགས་སྒྲུབ་ཆེན་ལ་སྟ་གོན་བཅུ་ཅིག་ཡོད་་པའི་ས་བཅད་གསུམ་པ་འདི་ཐོག་མར་ཡོང་བས། ༼ནུ༽དཀོན་མཆོག་སྤྱི་མཆོད་བཏང་བས་དེའི་ཐོག་མའི་སྐྱབས་སེམས་བྱེད་པའི་གོ་ཆོད། ༼པུ༽ཆ་གསུམ་རྒྱས་པའམ་ཡང་ན་བསྡུས་པ། ༼ཤི༽ཚ་ཚ་གཞུང་ངམ་མ་འགྲུབ་ན་སྤྱི་འགྲོས་འཐུས། ༼བུ༽ཆུ་གཏོར་རམ་མ་འགྲུབ་ན་གཏོར་མ་བརྒྱ་རྩ་ཡོངས་གྲགས་ཀྱིས་འཐུས་པ་མཛད། གསུང་སྒྲོག །བཤགས་འབུམ་ནི་དྲི་མེད་བཤགས་རྒྱུད་ཀློག །བྱིས་སྟོན་བྱ། སྦྱིན་སྲེག་ནི་སྐབས་འདིར་མི་མཛད། ཕུད་ནི་འགྲུབ་ན་བདེ་འདུས་ནས་མཆོད་པ་ཕུད་སྐོང་མཛད། མ་འགྲུབ་ན་བསངས་དང་གསེར་སྐྱེམས་ཀྱིས་འཐུས་པ་མཛད། འདི་ཡན་ལ་ཕྱི་བཤགས་ཟེར་ཉིན་དང་པོ་དཔོན་སློབ་ཚོ་བགོས་ནས་མཛད། འདི་ཉིན་ལས་མི་མཛད། སྟ་གོན་གྱི་ས་བཅད་དང་པོ་ས་ཆོག་ལ་ས་བརྟག་པ་ནི་ལྟོ་འཕྱེ་བརྟག་མྱོང་བའི་གནས་རྙིང་པར་མི་དགོས། འོན་ཀྱང་སྔར་ལྟོ་འཕྱེ་བརྟག་མ་མྱོང་བའི་ཁང་པ་ལྟ་བུར་ལྟོ་འཕྱེ་ཉེ་སྐོར་གྱི་ས་རྗེན་པར་ཐིག་བཏབ། དེ་ནས་བརྐོས་པའི་ས་ནང་གི་ཞལ་བའི་སྟེང་དུ་གཏོར། ༼ལྀ༽ས་བྱང་སྐོལ་བའི་ལག་ལེན་ཚོ་དང་ལྷག་ཏུ་གུས་པ་དེ་མཛད། །མི་སྣང་བར་བླང་བ་ལ་ཆབ་གཏོར་(༢ན)


GLG022_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

༼བུ༽ནས་ལེན་ནམ་བརྒྱ་རྩ་གང་རུང་། སྐྱོབ་པ་སངས་རྒྱས་ཐམས་ཅད་སོགས་ཤློ་ཀ་གཅིག་གི་གཤམ་དུ་ཇི་ལྟར་སྔོན་གྱི་དབང་མཛད་ལྟར་སོགས། བུམ་གཏེར་སྟེགས་བུ་བཤིག་མི་དགོས་པའི་རིགས་ལ་དབུས་དང་ཕྱོགས་བཞིར་སྦ། དེ་མིན་སྒྲུབ་ཁང་གི་གྱང་ངམ་རི་བྲག་སོགས་གང་འོས་སུ་སྦ། བུམ་པའང་མ་འབྱོར་ན་གཅིག་གིས་ཆོགས་བཟུང་བ་ལ་སྒྲུབ་ཁོག་ཏུ་གསལ་བ་ལྟར་ཕུར་པ་གཅིག་ལག་ཏུ་བཟུང་བ་ངག་འདོན་ཟིན་པའི་མཐར་ས་རྗེན་པ་ལ་བརྒྱག །ཞལ་བ་ལྟ་བུ་ལ་ཕུར་གདན་དགོས། ས་སྦྱང་བ་ནི་སྒྲུབ་ཁོག་ལྟར་ལ་མཇུག་ཏུ་ལས་བྱང་གི་ཕྱག་རྒྱ་གར་མཆོད་བྱེད། གྲུབ་ན་ཕུར་པའི་སྐབས་ཀྱི་སློབ་དཔོན་ཕྱོགས་བཞི་ནས་ཞུ་བ་དང་རྩ་འཆམས་བྱས་ན་ཤིན་ཏུ་ལེགས། སྟ་གོན་གྱི་ས་བཅད་གཉིས་པ་སྟེགས་བུ་བརྩིགས་ནས། ལས་ཐིག་ལ་བྱིན་རླབས་མ་བྱས་པར་ཐིག་རྩ་ལྟར་ཡོངས་རྫོགས་བརྒྱག །བྱིན་རླབས་སླར་མེ་ཐིག་འོག་ཏུ་ཡོད་པ་དེས་འཐུས། དེར་དྲི་ཐིག་ཚོམ་བུ་བཀོད། སྟ་གོན་གྱི་ས་བཅད་བཞི་པ། སྒྲོམས་ཁྲི་དང་ལྡིང་ཁྲི་འདི་དུས་མི་མཛད་པར་ཐིག་དང་ཚོམ་བུའི་སྟེང་དུ་མཉྫི་ལྟ་བུའི་ཁར་ཀ་ཋོ་ར་ལྟ་བུ་ནས་ཀྱིས་བཀང་བའི་སྟེང་དུ་བུམ་ཐོད་རྟེན་དགུ་ཕུར་པ། མར་མེ་སོགས་(༢བ)


GLG022_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མ་ལོག་པར་ཁ་ཡིག་ལྟར་བཀོད་ནས་མཛོད། མདའ་གྲི་སོགས་ས་བཅད་བཞི་པ་ནས་བཤད་པའི་སྒྲུབ་རྫས་མཆོད་རྫས་རྣམས་ལམ་ཙམ་བཤམ་ཞིང་མདའ་སོགས་ཉལ་སྟབས་སུ་འཇོག་པ་ལས་མི་སློང་། ཕྱོགས་བཞིར་ལས་བུམ་འཇོག་དགོས་པས་མནལ་ལམ་ལྟར་རྡོ་རྗེ་སེམས་དཔའ། སྒྲུབ་ཁོག་ལྟར་རྣམ་འཇོམས། མངའ་རིས་པཎ་ཆེན་བཞེད་པ་སྨེ་བརྩེགས་དང་བདུད་རྩི་འཁྱིལ་པ་ཡང་བསྣོན་པས་བཞི་ག་བསྒྲུབས་པ་ལེགས། སློབ་དཔོན་གྱི་དབང་གི་སྐབས་བགེགས་བསང་བ་བྱེད་དགོས་བྱུང་ཚེ་མཆོད་གཡོག་གིས་རྡོར་སེམས་ཀྱི་བུམ་པ་ལེན། ཐོག་མ་དང་གུང་གཉིས་ལ་སློབ་མར་ཁྲུས་ཆུ་བུམ་པ་བཞི་ག་ནས་སྣོད་གཅིག་ཏུ་བསྲེས་ཀྱང་ཡོང་། མི་ལྕོགས་ན་བུམ་པ་བཞི་ག་ཁྱེར་ནས་བཏང་ཡང་ཡོང་ངོ་། །སྟ་གོན་གྱི་ས་བཅད་ལྔ་པ་བགེགས་སྐྲོད་ལས་བྱང་སྒྲུབ་ཁོག་གི་གི་བགེགས་སྐྲོད་ཇི་ལྟ་བ་མེ་ཐུན་ཆུ་ཐུན་ཡུངས་ཀར་གསིལ་མ་གིང་པས་ཕུར་པ་གདེངས་ཧཱུཾ་སྒྲོགས། ཉིན་རྗེས་མ་ཚོ་མི་དང་རྫས་གསར་པ་ཕྱི་སྒོ་ནས་སྒྲུབ་ཁང་དུ་ཡོང་མཁན་ཡོད་ན་མ་གཏོགས། ནང་མི་ཡོང་བཞིན་པར་མི་དགོས། སྟ་གོན་གྱི་ས་བཅད་དྲུག་པ་སློབ་མ་ཁྲུས་ནས་དབྱུང་བ་ཉིན་དང་པོར་མ་ཟད་ཉིན་སྟར་གུང་གཉིས་ལ་བྱེད། སྟ་གོན་གྱི་ས་བཅད་བདུན་པ་ལ། མཎྜལ། སྔོན་འགྲོའི་ཆོས་སྐོར། སྒྲུབ་ཁོག་གི་དབུའི་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ནས་བཟུང་སྟེ། རྒྱལ་བ་དགོངས་བརྒྱུད། རིགས་འཛིན་བརྡ་བརྒྱུད། མཁའ་འགྲོ་གཏད་བརྒྱུད། གྲུབ་ཐོབ་རྣལ་འབྱོར་བརྒྱུད་ཡན་སོང་རྗེས། དབང་བུམ་ནས། དང་པོ་དབང་གི་ཆུ་བོ་རྒྱུན་མ་ཆད་པའི་བབས་སོ་བསྟན་པ་ནི་ཞེས་པ་ནས། རྡོ་རྗེ་དབྱིངས་ཀྱི་དབང་སྒོ་བི་མ་ལ་ལ་ཕྱེ་ནས་བསྐུར་རོའི་བར། དེ་ནས་སྒྲུབ་ཁོག་ནས། གང་ཟག་སྙན་ཁུང་བརྒྱུད་པའི་ཉམས་ལེན་སྐོར་དགུ་པོ་དང་བཅས་ཞུས་སོ་ཡན་གྱི་རྗེས་ལ། (༣ན)


GLG022_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བུམ་ནས་ཕྱི་མའི་དུས་སུ་ཡང་ཞེས་སོགས་ཀྱི་ལུང་བསྟན་ཚང་བར་བྱེད། དེ་ནས་ཡང་སྒྲུབ་ཁོག་ནས། དོན་དྲུག་པ་རྩོམ་པ་པོའི་རྣམ་ཐར་ནས་བཟུང་སྟེ་ཕུན་སུམ་ཚོགས་པ་བདུན་གྱིས་སྒྲུབ་ཆེན་གྱི་གཞི་གཟུང་ངོའི་བར་ཤར་མར་བྱེད། དབང་ཞུ་བ་ཚོར་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས་རྣམས་འཆད། འདི་སྐོར་ཨ་ཏིའི་དོན་འཁྲིད་ལྟར་བཤད་ན་ལེགས། སྒྲུབ་ཁོག་གི་སྐྱབས་སེམས་འབོགས། མཆོད་པ་རྣམ་ལྔ་བཤམ། སྟ་གོན་གྱི་ས་བཅད་བདུན་པའི་ཡན་ལག་བཅུ་པའི་རྗེས་ཟློས་དང་བཅས་དཔོན་སློབ་ལྷན་ཅིག་ཏུ་མཆོད་པ་དེ་ཕུལ། རྡོར་སེམས་ཀྱི་སྒོམ་བཟླས་ཕོག །ལྷ་སྟ་གོན་དང་བསྙེན་པ་ཁ་གསོ་བའི་རིང་དམིགས་པ་བསྒོམ་པ་དང་ཡིག་བརྒྱ་འདྲེན་ནོ། །སྟ་གོན་གྱི་ས་བཅད་བརྒྱད་པ་ལྷ་སྟ་གོན་ལས་གཞུང་བསྲང་། སྟ་གོན་གྱི་ས་བཅད་དགུ་པ་བསྙེན་པ་ཁ་གསོ་ན་ལྷ་སྟ་གོན་དང་སྦྲེལ་ནས་བྱེད། ས་བཅད་བརྒྱད་དགུའི་སྐོར་དུ་བུམ་པ་སྒྲུབ་སྲོལ་འདུག་ཀྱང་དཀྱིལ་འཁོར་འདྲི་བའི་སྐབས་བསྒྲུབ་པ་འཇུག་པ་བདེ་ཞིང་ལེགས། སྟ་གོན་གྱི་ས་བཅད་བཅུ་པ་སློབ་མ་འཇུག་པའི་ཆོ་ག་ནི་ཞེས་པ་ནས། ལྷག་པར་གནས་པ་ཚུལ་བཞིན་བྱ་བོའི་བར། དེ་ནས་ས་བཅད་དེ་གའི་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་སུ་གཞུག་པ་ནས། རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ་གྱི་བར། དེ་ནས་ས་བཅད་དེ་གའི་སོ་ཤིང་ནས་བཟུང་། རྨི་ལམ་བརྟག་པའི་བར་གྱི་མཇུག་ཏུ་ནུས་པའི་དབང་ལྔ་བསྐུར་བའི་ལུགས་ཡོད་པ་མང་ཡང་སྐབས་འདིར་དེའི་ཚབ་ལ་དབང་རྒྱུན་མི་ཆད་པ་དང་བདེ་འདུས་དང་ཡང་མཐུན་ཁྱད་ནས་མགྱོགས་དབང་བུམ་པའི་རྒྱ་ཅན་སྟ་གོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་ཀྱང་འགལ་བ་མེད། དེ་ནས་ས་བཅད་བཅུ་པ་དེ་གའི། ཧོ་(༣བ)


GLG022_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སློབ་དཔོན་དགོངས་སུ་གསོལ་ནས། ཨཱོཾ་ཨཱཿཧཱུཾ་གི་བར་དང་། ཞི་བ་དྲིལ་སྒྲུབ། ཁྲོ་བོ་དྲིལ་སྒྲུབ་ཐུབ་ན་ལེགས་ཀྱང་། ད་ལྟ་འཇུག་པ་བདེ་བ། དཔལ་ཆེན་དྲིལ་སྒྲུབ་ཀྱི་ལུང་ཕབ་སྔགས་འདྲེན་འཇུག་པ་མཛད། ཡང་རིགས་གསུམ་མགོན་པོ་ལྟ་བུ་ལྷ་གཞན་ལ་མོས་ན་ཡང་དེ་གའི་སྒོམ་ལུང་བྱས་ཆོག་གོ །སྟ་གོན་གྱི་ས་བཅད་བཅུ་གཅིག་པས་སྟ་གོན་གྱི་ལྷ་ནམ་མཁར་བཏེག །རྨི་ལམ་བརྟགས་ངན་ན་སྦྱིན་སྲེག་བྱ། དངོས་གཞི་ལ་ས་བཅད་སོ་བརྒྱད་ཡོད་པའི་དང་པོ་རྒྱལ་ཆེན་ལ་མངོན་རྟོགས་བསྐྱེད་པ། འཕྲིན་ལས་འཆོལ་བ་སོགས་གསང་རྫོགས་གཞུང་ན་མེད་པ་ཚོ་བདེ་འདུས་དང་ས་ཕུར་རྟོགས་སླ་ནས་གང་ལེགས་ཁ་སྐོང་། རྒྱལ་མཐོ་བསྡམས་ནས་ནང་དུ་ཡོང་ཞོར་དཔོན་སློབ་བྱིངས་ཀྱིས་དམ་སྲི་གནོན་ཅིང་། ལས་ཀྱི་སློབ་དཔོན་ཞིག་གིས་སྒྲུབ་ཁང་ཐོག་ཏུ་མནལ་ལམ་རྟ་དཀར་མ་ནས་བཤད་པའི་བརྒྱ་བྱིན་སོགས་ཀྱི་རྟ་བསྡེམ། ལ་དངོས་གཞིའི་ས་བཅད་གཉིས་པ། དམ་སྲིའི་ལིངྒ་བྱ་མཆུ་ཅན་བྲིས་པ་དོང་ཟུར་གསུམ་གྱི་ནང་དུ་ཁ་ཡར་བསྟན་བཞག །བསྐྱེད་དགུག་ཕུར་ཐུན་ཚོམ་བསྐུལ་ཚོགས་ལས་ལྟར་བྱས་ནས་ལིངྒ་ཁ་མར་སྦུབ། ཐུན་དགུ་པོ་རྒྱག་སྲོལ་ཡོད་འདུག་ཀྱང་ཀ་དཔེ་མ་མ་བྱས་ཀྱང་འཐུས། དམ་སྲི་བྱ་བའི་ལས་ངན་འདི་སོགས་ཀྱི་ཚིག་དང་བསྟུན་ཐུན་བརྒྱག །རི་རབ་བརྗིད་པའི་འོག་ཏུ་མནན་གྱི་དུས་རི་རབ་གླིང་བཞིས་མནན། དེ་ནས་ས་རེ་གཡོག་པ་དང་རྡོ་རྗེའི་རི་མོ་འདྲི་བའམ། ཡང་ན་གཡམ་པ་བཅུ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས། གཅིག་ནི་བརྗེད་མད་ཉག་གཅིག་རྒྱ་སོགས་དང་བསྟུན་ནས་གནོན་བྲོ་བརྡུང་། དངོས་གཞིའི་ས་བཅད་གསུམ་པ་སྒོ་བྱང་ནི། དམ་སྲི་མནན་ཚུར་ལམ་སྒྲུབ་ཁང་གི་ཕྱི་སྒོའི་ཡ་ཐེམ་ལ་ར་སོག་ཕུར་པ་གཤིན་རྗེའི་སྐུ་བཏགས། ཤོག་བྱང་ལ་གསང་ཆེན་ལྷུན་གྲུབ་མ་བྲིས་པ་སྒོ་ལ་སྦྱོར་རམ་འདོགས། ལྷ་བསྐྱེད་མཆོད་བསྟོད་ཁ་འགེང་དང་བཅས་བྱ། དེ་ནས་ནང་དུ་བྱོན་སྒོ་བཅད(༤ན)


GLG022_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་འཁྱིལ་པ་ལུག་སོག་ཕུར་པ་ཡ་ཐེམ་དང་སྒོ་ལ་ཁྲོ་རྒྱལ་བདུད་རྩི་སོགས་ཤོག་བུར་བྲིས་པ་སྦྱོར། མཆོད་གཏོར་འཕྲིན་ལས་བཅོལ། དངོས་གཞིའི་ས་བཅད་བཞི་པ་མ་ཏྲཾ་ལ་དཀྱུས་ལྟར་ལ། གཉིས་མེད་རལ་གྲིས་སྒོ་དབྱེ་བའི་ཚེ་གྲིས་ལྟོ་བ་གཤོག །དེ་ནས་སློབ་དཔོན་གྱིས་མཆན་བུ་ལྟར། སྙིང་ཤར་དུར་ཁྲོད་བསིལ་བའི་ཚལ་སོགས་ཀྱི་ཚིག་དང་བསྟུན་སྙིང་སོགས་ཕྱོགས་སུ་བསྐྱུར། དེའི་རིང་དམངས་མ་སིམ་མེ་སྡོད། རྡོ་རྗེའི་འགྲོས་ཡན་སོང་ནས་བདེ་འདུས་ཀྱི་བསྙེན་སྒྲུབ་པྲ་ཁྲིད་ཀྱི་རུ་ཏྲའི་ལོ་རྒྱུས་ཀྱི་ལུང་མཛད། དེ་ནས་མ་ཏྲྀ་ནང་མཚམས་ཀྱི་ཕུར་པ་དཀྱིལ་འཁོར་འདྲི་སར། གདབ། དེ་སླར་དཀྱིལ་འཁོར་གྱི་མཐར་འགོད། དངོས་གཞིའི་ས་བཅད་ལྔ་པ་ནི་སློབ་དཔོན་གྱིས་ཏིང་ངེ་འཛིན་ཙམ་གྱིས་སོ། །སྣང་སྲིད་སྣོད་བཅུད་སྟོང་པར་བརླབ། ཁང་པ་གཞལ་ཡས་ཁང་དུ་བརླབ། བཅུད་རྣམས་ལྷར་བརླབ་མཆོད་རྫས་བརླབ། སྦྱོར་སྒྲོལ་བརླབ་པའི་དོན་ནོ། །དངོས་གཞིའི་ས་གཅད་དྲུག་པ་སྨན་མཆོད་ཀྱི་ཀ་པཱ་ལ་འཁྱེར་ནས་ཐོར་ཡབ་ཀྱིས་གདབ། དངོས་གཞིའི་ས་བཅད་བདུན་པ་ཐིག་སྐུད་སྣ་ལྔ་བསྒྲིལ་ཟིན་པ་གཟུང་མ་འམ་ལས་ཀྱི་རྡོ་རྗེའི་ལག་གཡོན་གྱི་ཐིག་སྣེ་བཟུང་བའི་སོར་མོ་རྣམས་སྤྱི་བོར་གཏད། དེ་བཞིན་དུ་སློབ་དཔོན་གྱིས་ཀྱང་བྱས་ནས་ལས་བྱང་མཁའ་གསང་བྱིན་རླབས་ཀྱི་སྔགས་བརྗོད། མཚན་ལྡན་བཀྲ་ཤིས་སོགས་ཀྱི་མཇུག་ཏུ་གནམ་ཐིག་འོག་ནས་གསུམ་འདེབས། ཤར་ནུབ་མ་གཏོགས་གཞན་མི་འདེངས། སྙིང་གར་ཐེབ་ནས་བར་ཐིག་ཀྱང་གོང་འདྲ་ཚིག་བདེ་ཆེན་སྤྲོས་བྲལ་མ། དཔོན་སློབ་གཉིས་ཀས་སྔར་གྱི་ལས་ཐིག་བཏབ་པའི་ཐིག་སྟེང་དུ། དུར་ཁྲོད་གསང་བ་སོགས་ཀྱིས་ཤར་ནུབ་ཀྱི་ཚང་ཐིག་སྟེང་དུ་གསུམ་གདབ་སྤང་བྱ་སོགས་སྤྱི་དང་འདྲ། ཐིག་སྐུད་བྱིན་རླབས་མཁའ་གསང་བྱིན་རླབས་(༤བ)


GLG022_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འཐུས་ཀྱང་རིགས་ལྔའི་བྱིན་རླབས་བྱས་པ་ལེགས། དངོས་གཞིའི་ས་བཅད་བརྒྱད་པ་ཚོན་འགྱེད་པ་ཕུར་ཤུལ་དུ་ཚོན་ལྡུགས་པ་ནི་དཀྱིལ་འཁོར་གྱི་སྒོ་རུ་ཐིག་འདེབས་དུས་དཀྱིལ་དུ་ཕུར་པ་བཙུགས་ནས་དེའི་སྐྱོང་མོར་ལྡུགས་རྒྱུ་རེད་ཀྱང་ད་ལྟ་ཕུར་པ་མི་འཛུགས་པས་དཀྱིལ་དུ་ཚོན་རིམ་བརྩེགས་ཀྱི་རྟེན་འབྲེལ་ཚོན་བྱེད་ལས་མི་བྱེད། ཚོན་པྲ་བརྟག་པ་བརྟག་བྱང་བཀོལ་བ་ནས་ལེན། བྲིས་ཟིན་ཕྲལ་གཞལ་ཡས་དོན་བསྟོད་བྱེད། དབང་བུམ་གྱི་བུམ་པའི་ཆས་ནས་རྫས་ལྡུག་ཅིང་སོ་སོའི་སྔགས་བརྒྱ་ཙམ་བཟླས་ནས་བསྒྲུབ། བུམ་པར་བསྐྱེད་ཆོག་མི་བྱེད་དབུ་རྒྱན་རིགས་ལྔ་བུམ་པའི་ཁར་བསྡམ། དངོས་གཞིའི་ས་བཅད་དགུ་པ་རྒྱན་འགོད་གཞུང་ལྟར་རོ། །ཆེ་མཆོག་ཐོད་སྐུའི་ཁ་ཁྱེར་ལ་དཔལ་དགུའི་སྙིང་པོ་བྱུང་ན་བྲི་ལྷའི་དབུ་ལྟག་པའི་ཕྱོགས་ལ་གཏོད། ཐོག་མ་ནས་སྨན་ཅུང་ཟད་ལྡུགས། དར་གྱི་ན་བཟའ་གསུམ་རིམ་ལ་དར་ཁང་དུ་མིང་བཏགས། སྐུ་རྟེན་ཙཀ་ལི་འགོད་པའི་ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལ་སོགས་ཀྱིས་དབང་ཙཀ་མིན་པའི་ཞི་བ་ཞེ་གཉིས་ཁྲོ་བོ་རྣམས་ཀྱི་སྐུ་སྨན་བླའི་ཕོ་བྲང་ལྟར་འགོད། རབ་ཏུ་གཙོ་ཕུར་དགུ་སྲས་རིགས་བཞི་རྣམས་ལ་ཞལ་ཡོད་བ་ལྷ་གནས་སུ་འགོད། གདབ་ཕུར་རྒྱ་མདུད་མ་བརྒྱ་དང་བརྒྱད་པོ་ཐོད་ར་གྲུ་བཞིའི་ཕྱི་སྒོའི་ཁྱམས་རྩིག་པ་དངོས་གཞིའི། ནང་གི་ཁྱམས་ལ་འགོད། ཁྱམས་དེ་གར་གདབ་ཕུར་བརྒྱ་དང་བརྒྱད་ཀྱི་ཕྱི་རོལ་དུ་སྒོ་བ་ཡབ་ཡུམ་བརྒྱད་ལ་ཕུར་པ་བརྒྱད། གཉིས་གཉིས་འགོད་པ་ཞལ་ཡོད་པ་འགོད། དབང་ཕྱུག་དང་བསྟན་མའི་རྩངས་ཉེར་བརྒྱད་དང་བཅུ་གཉིས་ལ་སོ་སོའི་སྔགས་ཀྱང་སྔགས་བྱང་སྐོར་ལྡེའི་རྒྱ་ཅན་ནས་བྲིས་པ་སྲིན་མོ་འགྲོས་སུ་དུར་ཁྲོད་ཀྱི་མཐའི་ལྕགས་རི་ནག་པོར་འགོད་པ་འདི་ག་ཕྱག་ལེན་ཡིན། བདེ་འདུས་ལྟར་བཀའ་སོ་སོར་སྒོ་རྫོགས་བྱེད་ན་གདབ་ཕུར་བགོ་ཤ་རྒྱག་ལུགས་སྒྲུབ་ཁོག་ན་གསལ་པོ་ཡོད། ཐུན་ཕུར་གང་(༥ན)


GLG022_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བདེར་འཇོག །ཐོད་པའི་ནང་དུ་བཞུགས་རྒྱུའི་བཀའ་དགུའི་ཙཀ་ལི་དང་སྙིང་པོའི་སྔགས་བཅུ་གཅིག་པོ་ཆུང་ངུ་བྲིས་ནས་གཞུག །ཤེལ་ལ་ཨ་བྲིས་པ་སོགས་དགོས། འོག་ཏུ་ཕུར་པ། དེ་སྟེང་མར་མེ། དེ་སྟེང་ཐོད་དགུ་རྟེན་དགུ། དེ་སྟེང་བུམ་བཞི། རྒྱན་བཀོད་ལ་རྗེས་ཟློས་མཛད་ཀྱི་ཡོད་འདུག །ས་བཅད་འོག་གི་བཅོ་ལྔ་པ་ཡར་བླངས་ནས་ལྷ་བརྐོས་ལ་གདབ་པའི་དོན་ནམ་མཁར་བཏེག་པའི་ལྷ་མར་ཕབ་གྲལ་ལ་འགོད་པ་ཡིན། སྟ་གོན་གྱི་ས་བཅད་བཅུ་པ་སློབ་མ་འཇུག་པའི་ཨ་ཁཾ་ཐཱི་ར་ཧཱུཾ་གིས་མིག་དར་བཅིང་། ཨཱཿཁཾ་བཱི་ར་ཧཱུཾ་གིས་མེ་ཏོག་གཏོད། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ་ནས། དབང་ཆེན་རབ་མཆོག་བསྐུར་དུ་གསོལ་གྱི་བར། དེ་ནས་ལས་བྱང་བརྡ་སྒོ་དབྱེ། བརྡ་ཕྱག་འཚལ། སྐྱབས་སེམས་ཕོག །ཐུགས་རྗེས་བཟུང་བ། འཁོར་བའི་སེམས་ཅན་ཐམས་ཅད་ཀུན་སོགས་ཀྱིས་ནང་དུ་འཁྲིད། དེ་རྗེས་དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱས། མེ་ཏོག་དོར་བའི་སྟང་ཀ་བྱ། སློབ་དཔོན་གྱིས་མེ་ཏོག་སྤྱི་བོར་བཅིང་། ཡེ་ཤེས་དབབ་པ་བདེ་གཤེགས་འདུས་པའི་བྱིན་འབེབས་ཆེན་མོ་ལེན། སྤྱན་དབྱེ། མཧཱ་ཡོ་གའི་སྒོམ་ཁོག་ནས་གཞལ་ཡས་ཁང་དང་བཅས་པའི་དོན་རྟགས་ངོ་སྤྲོད། སློབ་དཔོན་གྱིས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི་ཞེས་སོགས་གསུང་། དེ་ནས་དམ་ཚིག་སྟོན་པ་རྒྱུད་ཀྱི་ལེའུ་བཅུ་གཅིག་པའི་འདིར་མཛད། སློབ་བུས་རྡོ་རྗེ་སློབ་དཔོན་བཀའ་དྲིན་ཆེ་སོགས་ཀྱི་རྗེས་ཟློས་བྱེད། དེ་ནས་དངོས་གཞིའི་ས་བཅད་བཅུ་གཅིག་པ་སྲེ་མནན་ནི། རྒྱུ་ལམ་འབྲས་བུ་སོགས་ལ་རྗེས་ཟློས། ཇི་སྙེད་སངས་རྒྱས་སོགས་ཀྱི་དམ་མ་འདྲེས་པའི་གསར་པ་ཚོར་བདུད་རྩི་སྦྱིན། རྣམ་དག་ལྟ་སྤྱོད་སོགས་ཀྱིས་རྙིང་པ་དམ་འདྲེས་ཟིན་པ་ཚོར་སྦྱིན། འདི་ནས་གྲལ་འཛིན་བྱེད། དེ་ནས་(༥བ)


GLG022_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

༼དི༽ནུས་དབང་ལྔ་བསྐུར། ཡང་ན་མགྱོགས་དབང་གི་ཚབ་ལ་བསྐུར། དངོས་གཞིའི་ས་བཅད་བཅུ་གཉིས་པ་སློབ་དཔོན་དང་རྒྱལ་ཚབ་གཉིས་ལ་ཆས་ལྡན་དུ་འབུལ། ཡུམ་ཆས་བུ་མོ་མེད་ན་ཐིག་སྣ་འཛིན། སྨན་བརྡུང་མི་ལ་འབུལ། གིང་ཆས་ཉུལ་ལེ་སྐྲོད་མི་ལ་འབུལ་དམངས་མར་མི་མཛད། དངོས་གཞིའི་ས་བཅད་བཅུ་གསུམ་པ་མངའ་གསོལ་ལ་མ་ད་ན་ཀ་པཱ་ལ་གང་ཁྱེར་སློབ་དཔོན་གྱི་ཕྱག་ཏུ་ཕུལ་ནས་ཐུར་མགོས་གསོལ་གྲལ་པ་ཀུན་ལའང་ཚིག་དང་བསྟུན་ཐུར་མགོ་རེ་འགྱེད། ཚིག་ནི་སློབ་དཔོན་གྱི་རྗེས་ཟློས་ཀུན་གྱིས་བྱེད། འདྲེན་མཁན་ལས་ཀྱི་རྡོ་རྗེས་བྱེད། དངོས་གཞིའི་ས་བཅད་བཅུ་བཞི་པ། སྨན་སྒྲུབ་བྱེད་ན་འདི་ནས་བཟུང་སྨན་སྒྲུབ་ཁྲོལ་བུ་ཞག་གསུམ་གྱི་བར་ཁྲོ་བོའི་དཀྱིལ་འཁོར་མ་གྲུབ་པར་ཞི་བའི་དཀྱིལ་འཁོར་སྨན་སྒྲུབ་ཀྱི་ཉིན་སྤོ་ཚུལ་ཡོད་པ་དེས་འཐུས། དེ་གྲུབ་ནས་བཀའ་བརྒྱད་ལས་གཞུང་བསྲངས་ཏེ་ཕྱེ་མ་སྒྲུབ་པ་ཡིན། སྨན་སྒྲུབ་མི་བྱེད་པར་དབང་རྐྱང་བསྐུར་ཚེ། ཆེ་མཆོག་གི་རྟེན་ཐོད་དུ་སྨན་ཅུང་ཟད་བླུག །དེ་ཉིན་སྒྲུབ་མི་དགོས་སང་སྒྲུབ་པའི་ལས་གཞུང་བསྲངས་ནས། འཛབ་ཀྱི་དུས་སྨན་ལ་དམིགས་ནས་ཞི་བ་དང་ཁྲོ་བོའི་དམིགས་པ་དང་སྔགས་བཟླ་བ་ཅུང་ཟད་བྱེད་པ་ཡིན་ནོ། །དངོས་གཞིའི་ས་བཅད་བཅུ་དྲུག་ནས་ཉེར་གཉིས་ཀྱི་བར་མན་ངག་ལས་བདུན་ཚར་གཅིག་བྱེད་པ་དཔོན་སློབ་ཐམས་ཅད་ཀྱི་ལྷན་ཅིག་ཏུའམ། བློར་ཟིན་པ་དང་དཔེ་ཆ་མ་འབྱོར་ན་རྗེས་ཟློས་ཡིན། བཅུ་དགུ་པའི་དམ་བཅའ་ལ། ༼ཋ༽དམ་བཅའ་བཅུ་གཉིས་པ་བསྣན་སྲོལ་ཀྱང་ཡོད་ཅིང་ལ་ལས་མི་མཛད་མོད། ཐོག་མཐའ་ལ་དམ་བཅའ་བཅུ་གཉིས་པ་བྱས་རྒྱུན་དུ་མ་བྱས་ཀྱང་འཚམ་པ་འདྲ། བྱིན་འབེབས་ལ་ཚིག་བདུན་གསོལ་འདེབས་དང་། སྟོང་གསུམ་སྟོང་གི་སྟེང་དུ་དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་མཛད། དངོས་གཞིའི་ས་བཅད་ཉེར་གསུམ་པ་འཕྲུལ་འཁོར་(༦ན)


GLG022_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་པ་དང་དེའི་མཇུག་གི་དགེ་སྦྱོར་ལ་བསྐུལ་བ་མཛད། སྨན་སྒྲུབ་ཡོད་ན་འདི་ཉིན་ནས་ཉིན་གསུམ་གྱི་བར་ཞི་བའི་དཀྱིལ་འཁོར་ལ་བརྟེན་ནས་སྔགས་རྒྱུན་འཛིན་དགོས་པ་གོང་དུ་བཤད་པ་ལྟར་རོ། །དངོས་གཞིའི་ས་བཅད་ཉེར་བཞི་པ་ལ་སྨན་སྒྲུབ་མི་བྱེད་ཚེ་སང་ཞོགས་ལས་བྱང་གཞུང་བསྲངས་ནས་གྱེར་ཏེ་དཀྱིལ་འཁོར་སྒྲུབ་འཛབ་ནས་སྔགས་རྒྱུན་བྱེད། ཉིན་གསུམ་གྱི་བར་བུམ་པ་ལ་གཟུངས་བཏགས་ནས་དབང་བུམ་གྱིས་བུམ་པའི་བསྐྱེད་ཆོག་བྱས། བཀའ་སོ་སོའི་སྔགས་གཤམ་དུ་བུམ་དབང་ནས་གསུངས་པའི་བུམ་སྒྲུབ་ཀྱི་ཤམ་བུ་སྦྱར་ནས་ཉིན་གསུམ་སོ་སོའི་དམིགས་པ་ཡང་བསྒྱུར་ནས་རང་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པའི་མདུན་དུ་བུམ་པ་བསྐྱེད། སྨན་སྒྲུབ་ཡོད་ན་ཉིན་གཉིས་གསུམ་ཙམ་ཁྲོལ་བུར་སྒྲུབ་རིང་བཀའ་བརྒྱད་ཀྱི་ལས་བྱང་དངོས་གཞི་མ་གཏོང་བས་བུམ་པ་མི་སྒྲུབ། ཕྱེ་མར་བསྒྲུབ་པ་ནས་བཟུང་ཞག་གསུམ་གྱི་བར་ཐུན་པ་ཁག་གཅིག་གིས་སྨན་སྒྲུབ་དང་ཁག་གཅིག་གིས་བུམ་པ་བསྒྲུབ་དགོས། ཞག་གྲངས་དཔེ་ཙམ་ཡིན། དངོས་གཞི་རྒྱུན་རིང་ཐུང་ཙམ་བྱེད་ལ་རག་ལུས། དཔེར་ན་བུམ་པ་བསྒྲུབས་ཟིན་ནས་དབང་ལ་ཞག་གྲངས་དྲུག་ཙམ་བྱེད་ན་པྲ་ཁྲིད་ཀྱི་དགོངས་དམིགས་དང་བཅས་ཞག་གཉིས་ལ་བསྙེན་པ། ཞག་གཉིས་ལ་སྒྲུབ་པ། ཞག་གཅིག་ལ་སྒྲུབ་པ་ཆེན་པོ། ཞག་གཅིག་ལ་ལས་སྦྱོར་གྱི་དམིགས་པ་དང་སྦྲགས་ནས་སྒྲོལ་དབང་དང་འགྲིག་རྩིས་མཛད། ཞི་ཁྲོ་གང་གི་ཡང་སྒྲུབ་པ་ཚུགས་ནས་བཟུང་མན་ངག་ལས་བདུན་ཉིན་སྟར་བྱེད། འཁྲུལ་འཁོར་བརླབ་པ། དགེ་སྦྱོར་བསྐུལ་བ་ཚ་རྟིང་ངམ་དགོངས་ཇ་ལྟ་བུ་སྐབས་གང་འགྲིག་ལ་ཉིན་རེ་ཚར་རེ་མཛད། ལས་བྱང་རབ་དུས་བཞི་མ་གྲུབ་ན་དུས་གསུམ་བྱེད། དངོས་གཞིའི་ས་བཅད་ཉེར་ལྔ་པ་ཉུལ་ལེ་ནི། དུས་སོ་སོར་(༦བ)


GLG022_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཤས་ཀྱིས་གིང་དང་བཅས་སྐྲོད། དཔོན་སློབ་ཐམས་ཅད་ཀྱི་དགོངས་སྟར་སྲོད་ལ་ཀུན་ཐུབ་རྒྱལ་མོ་བསྐུལ་ནས་སྐྲོད་དོ། །དངོས་གཞིའི་ས་བཅད་ཉེར་དྲུག་པ་རྒྱུན་གྱི་དངོས་གྲུབ་ལས་བྱང་ཁ་སྐོང་ལྟར་བྱེད་པ་ལས་བྱང་ཚོགས་འཁོར་དང་བཅས་བྱེད་པའི་དགོངས་ཐུན་ལ་འགྲིག་པ་ཡོངས། དངོས་གཞིའི་ས་བཅད་ཉེར་བདུན་པ་དང་ཉེར་བརྒྱད་པ་གཉིས་ལ་ཁྲིགས་བྱེད་རྒྱུ་མེད། དངོས་གཞིའི་ས་བཅད་ཉེར་དགུ་པ་དབང་བསྐུར་བ་ལ་དབང་བུམ་ནས། སྤྱི་དོན་གཉིས་པ་དབང་གི་ཆུ་ངོ་བོ་ཟེར་རྒྱུ་ཡིན། བོ་གང་ཞེ་ན་ཞེས་སོགས་དང་ཅོད་པན་གྱི་དབང་བསྐུར། གོང་དུ་འཇུག་པའི་དུས་ཀྱང་མེ་ཏོག་དོར་བ་དང་འཕྱི་བ་བྱུང་རུང་འདིར་བྱེད་སྲོལ་ཡོད་པ་ཀ་ཋོ་ར་འབྲུས་བཀང་བར་དཔལ་དགུའི་ཙཀླི་སྒོར་མོར་བཀྲམ་ནས་དེར་དོར། དེ་ནས་དབང་བུམ་ལས། རྒྱུ་ངན་ཕ་མའི་ཁུ་ཁྲག་ལ་སོགས་ཀྱིས་ལྷར་བསྐྱེད་དོ། །ཡུངས་ཀར་ཙམ་དཀར་ཤར་ཤར་སོགས་ཀྱིས་བྱིན་འབེབས། སློབ་མ་རིག་པའི་དབང་ལྔ་གར་ཆེ་མཆོག་ཏུ་བསྐྱེད་པས་རིགས་ཀུན་གྱི་ཁྱབ་བདག་ཡིན་པས་ལེགས། དབང་རྫས་ནི་གསར་མ་བ་ཚོ་ཡང་ལྷ་དེ་དང་དེ་འོད་དུ་ཞུ་བའི་རྫས་ཀྱི་རྣམ་པར་བྱེད་པས། འདིར་ཡང་ལྷ་དེའི་ངོ་བོར་མོས་པས་ཁྱབ་བོ་དེ་ཡང་བུམ་པ་བཟང་པོ་སོགས་ཀྱི་མཇུག་ཏུ། ཞེས་བརྗོད་པས་གོང་གི་ཡིག་འབྲུ་ལྔ་ཞེས་པ་གོང་གི་རྒྱུ་ངན་ཕ་མའི་ཁུ་ཁྲག་སོགས་ཀྱི་ནང་དུ་སློབ་བུའི་གཙུག་ཏུ་ཨཱོཾ་ཨཱཿཧཱུཾ་ཧྲཱི་ཧཱ་ལྔ་ཡིན་ནོ། །ཐལ་མོ་བཀན་པའི་ཕྱག་རྒྱ་ནི་གཡས་ཀྱི་སོར་མོ་ལྔ་རིགས་ལྔ་ཡབ། གཡོན་སོར་ལྔ་ཡུམ་དུ་གསལ་བའི་དབང་དུ་བཏང་ནས་སོར་མོ་ལྔ་རྩེ་བསྣོལ་བའི་ཕྱག་རྒྱ་མགོ་བོའི་གནས་ལྔར་གཏུག །བུམ་ཆུ་སྤྱི་བོར་བླུག་ཟེར་བར་ཀུ་ཤས་ལྡུགས། བུམ་ཆུས་དབང་བསྐུར་བྱང་ཆུབ་སེམས་སོགས་ཀྱིས་བུམ་ཆུ་སྟེར། དེའི་རྗེས་མ་གཉིས་ལ་བུམ་པ་མགོར་འཇོག །བདུད་རྩིའི་ཆུ་རྒྱུན་དག་(༧ན)


GLG022_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པས་དབང་བསྐུར་བ་སོགས་ཀྱིས་ཀྱང་བུམ་ཆུ་སྟེར། འདི་མན་ཚང་མ་བུམ་པ་རང་མགོར་འཇོག །གྲལ་ཕྱི་ནང་མང་པོ་ཡོད་ན་གྲལ་རེ་ལ་བུམ་པ་གཉིས་རེ་བསྐོར། གྲལ་གཅིག་ལས་མེད་ན་ཡང་དག་དང་གཤིན་རྗེའི་བུམ་པ་བསྐོར་རྗེས། རྟ་མགྲིན་དང་ཕུར་པའི་བུམ་པ་བསྐོར་བ་སོགས་བརྒྱད་ཀ་བསྐོར་རོ། །བུམ་སྐོར་མགོར་མི་འཇོག་ལག་པར་འཇོག །དེ་ནས་སྐུ་གསུང་ཐུགས་དབང་ཡན་སོང་བའི་རྗེས་སུ་སྒྲུབ་ཁོག་གི་སྒྲུབ་པ་ལུང་དབང་གི་ཐུགས་ཀྱི་དབང་ཆེན་ཡོངས་རྫོགས་གྱུར་གྱི་བར་གནང་། དེ་ནས་དབང་བུམ་གྱི་ཡེ་ཤེས་ལྔ་དང་། རབ་གནས། མངའ་གསོལ། དེ་ནས་དྲེགས་པའི་སྲོག་དབང་བསྐུར་བ་ལ། ཐོག་མར་སྡེ་དཔོན་སུམ་ཅུ་གསོལ་བ་ལ། གཏོར་མ་བང་རིམ་བཞི་པ། དང་པོ་དབང་ཕྱུག་དང་མདུན་དུ་ཨུ་མའི་གཏོར་མ། གཡས་གཡོན་དུ་མར་མེ། བང་རིམ་གཉིས་པའི་ལོགས་བཞིར་གཏོར་མ་རེ། བང་རིམ་གསུམ་པའི་ལོགས་བཞིར་གཏོར་མ་གཉིས་རེ། བཞི་པའི་ལོགས་རེར་གཏོར་མ་བཞི་རེ་སྟེ། གཏོར་མ་སུམ་ཅུ་པོ་ཟུར་གསུམ་ཤ་ཁྲག་མཐེབ་སྐྱུས་བརྒྱན་པ། སྨན་རག་གཤམ། དྲག་སྔགས་སོ་ལྔ་པ་ནས་མཱ་ར་ཡ་རྦད་ཀྱི་བར་༼ཊུ༽ནང་ཇི་ལྟ་བ་ལ། མཧཱ་དེ་ཝ་ཨེ། ཨུ་མ་དེ་བཱ་ཨེ། ཡ་མ་རཱ་ཙ་ཡ། ཡ་མ་དནྟི་ཡ། མ་མ་རུ་ལུ་མ། ཨེ་ཀ་ཛ་ཏི་ཏྲག །དུ་ཕྲག་དུ། དུནྟིང་དུ། རཱ་ཙ་ཙ། གིང་ཀར་ཏྲི། བཛྲ་ས་ཏུ་ཏི། རཱ་ཧུ་ལ་པ། རགྴ་ར། རགྨོ་ར། ཡཀྵ་ཀྵ། ཡཀྨོ་ཀྵ། མཧཱ་ཀཱ་ལ་ཀྵི། རུ་ཏྲ་དྷྲི། མུ་ན་མུ་ན་པ། ཏི་ར་ཏི་ཀ་ཐ། དེ་ཝ་ཨ། ཨ་སེ་ལ་ཨ། ཏིཥྞ་དྲི་ཏུཾ་ཙ་ཨ་པི་ཤུ་ཀྵུ། ཏྲི་པ་ཤ་ལི་ཏྲི། ཧཾ་ཤཾ་ཏྲི། བྱི་ན་ཡ་ཀ་ཨུ། ཌ་ཀི་ནི་མཾ། ནཱ་ག་ཕུཿ ནཱ་ག་ཀྲོ་ཏི་ཤྭ་རི་ཕུཿ སརྦ་དུ་ཥྚན་ཧྲིང་ཧྲིང་ཛ་ཛས་སྤྱན་དྲངས། ཐོད་པར་ཙཀླི་བཀྲམ་པར་བསྟིམ། རང་ཆེ་མཆོག་ཏུ་གསལ་བའི་མདུན་དུ་སྔགས་བདག་རྣམས་རང་གཟུགས་མཚོན་ཆ་ཐོགས་པར་བསྐྱེད། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ་(༧བ)


GLG022_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རི་རབ་འདོད་ཡོན་སྣ་ཚོགས་སུ་བསམ། སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པ། །དབང་ཕྱུག་ཆེ་སོགས་ལྷ་སྲིན་སྡེ་བརྒྱད་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །མཐུ་རྩལ་དྲག་པོའི་དངོས་གྲུབ་སྩལ་དུ་གསོལ། །འདོད་ཡོན་རྒྱན་གྱིས་བརྒྱན་པའི་གཏོར་མ་དང་། །ལས་ངན་ཉམས་པ་བསྒྲལ་བའི་རཀྟ་དང་། །དུག་གསུམ་རྣམ་དག་ཤ་ཁྲག་རུས་པའི་ཚོགས། །དྲེགས་པའི་འཁོར་དང་བཅས་པ་རྣམས་ལ་འབུལ། །དགྲ་བོ་གདུག་པ་བསྒྲལ་ཕྱིར་བཞེས་སུ་གསོལ། །ལྷ་སྲིན་སྡེ་བརྒྱད་ཁྱེད་རྣམས་མཆོད་པའི་དམ་རྫས་ནི། །དཀར་དམར་ལ་སོགས་ཁ་དོག་བྱེ་བྲག་རྣམས། །ལྷ་སྲིན་སྡེ་བརྒྱད་སྐུ་ལ་མཆོད་པར་འབུལ། །སྙན་དང་མི་སྙན་སྒྲ་ཡི་བྱེ་བྲག་རྣམས། །ལྷ་སྲིན་སྡེ་བརྒྱད་གསུང་ལ་མཆོད་པར་འབུལ། །ཙིཏྟ་སྨུག་པོ་རྫ་ལྟར་སྤུངས་པ་ཡང་། །ལྷ་སྲིན་སྡེ་བརྒྱད་ཐུགས་ལ༝། །སྐུ་གསུང་ཐུགས་ཀྱི་མཆོད་པ་འདི་བཞེས་ལ། །སྒྲོལ་གིང་ཕོ་མོས་ལས་རྣམས་གྲུབ་པར་མཛོད། །ལྷ་སྲིན་སྡེ་བརྒྱད་འདིར་སྤྱོན་ཤ་ལ་སྤྱོན། །དམ་ཉམས་དགྲ་བོའི་ཤ་འདི་ཟན་པས་ཞིམ། །ལྷ་སྲིན་སྡེ་བརྒྱད་འདིར་སྤྱོན་ཁྲག་ལ་སྤྱོན། །དམ་ཉམས་དགྲ་བོའི་ཁྲག་ནི་ཆང་བས་ཞིམ། །ལྷ་སྲིན་སྡེ་བརྒྱད་འདིར་སྤྱོན་རུས་ལ་སྤྱོན། །དམ་ཉམས་དགྲ་བོའི་རུས་ནི་མར་བས་ཞིམ། །ལྷ་སྲིན་སྡེ་བརྒྱད་རྣམས་ལ་དུག་གསུམ་མཆོད་པར་འབུལ། །དུག་གསུམ་བཞེས་ལ་དགྲ་བགེགས་བསྒྲལ་དུ་གསོལ། །ཨོཾ་མཧཱ་དེ་ཝ་ཨེ་མཧཱ་བ་ལིཾ་ཏ་ཁཱ་ཧི། མཧཱ་པཉྩ༝། མཧཱ་རཀྟས་འོག་མ་ཀུན་ལ་འགྲེ། ཨཱོཾ་ཨཱཿཧཱུཾ་ས་མ་ཡ་ཨ་མྲྀ་ཏ་ཁཱ་ཧི། ཧོ་སྙིང་ཉེ་བྲན་ཕོ་བྲན་མོའི་ཚོགས་ནས། རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་སྒྲོལ་བའི་བར་དབང་བུམ་ནས་ལེན། །ཕོ་ཉ་སྒོས་བསྐུལ་ནས། ཧཱུཾ། བཀྲ་ཤིས་དམ་ལྡན་མཐུ་ཆེ་བ། །སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས། །དབང་ཕྱུག་མཧཱ་དེ་ཝ་(༨ན)


GLG022_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བཙུན་མོ་ཨུ་མ་དེ་ཝ་བཞེངས། །ཞེས་པའི་མཇུག་གི་ཚིག་ཅུང་ཟད་བསྒྱུར་ནས། འདོད་ཡོན་མཆོད་གཏོར་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །དེས་གཞན་ཚོ་ལའང་འདོན་པ་བསྒྱུར། གོང་གི་བཀྲ་ཤིས་དམ་ལྡན་གྱི་ཚིག་རྐང་གཅིག་པོ་ཡང་ཐོལ་ཡིན། །ཤིན་ཏུ་རྒྱས་པར་བྱེད་ན་དྲེགས་པའི་སྡེ་དཔོན་གྱི་ལས་བྱང་ཆེན་མོའི་མ་ལྕོགས་ན་གོང་གི་ཁ་སྐོངས་སུ་ལས་བྱང་ཆེན་མོའི། མཇུག་གི་བསྐུལ་བསྐུལ་འདི་ཤིན་ཏུ་གཉན་ནོ། །བྱེད། དེང་སང་འདི་ཡན་སོང་ནས་སླར་ཙཀླི་ལ་སྡེ་བརྒྱད་བསྟིམ་པ་འདུག་ཀྱང་གོང་མ་འབྲེལ་ཆགས། དྲེགས་པའི་སྲོག་སྔགས་བཟླ་བ་ནས། རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་སྒྲོལ་གྱི་བར། བླ་མའི་འཕྲེང་བ་དྲེགས་པའི་ཆོས་སྐོར་ཙཀླི་ཚད་མའམ་གང་མོས་པ་དེའི་སྐུ་རྣམས་ལག་ཏུ་གཏོད་ཅིང་ཨེ་མ་རིགས་མཆོག་ནས། དེ་ཕྱིར་ཐུབ་དབང་གཅེས་པར་བཟུང་གི་བར་བརྗོད་༼ཌྷི༽པའི་ནང་གི་ཁྱིམ་གསུམ་ཚང་བར་ཀློག །དཔལ་མགོན་མ་ནིང་གི་ཙཀླི་དེ་གོང་གི་དྲེགས་པ་སྡེ་བརྒྱད་ཀུན་འདུས་སུ་བསམས་ནས། དྲེགས་པའི་སྲོག་དབང་ཆིག་སྒྲིལ་གྱི་དབང་། དེ་རྗེས་ཞལ་གདམས་ཀྱི་དབང་། དེ་རྗེས་སློབ་ནུས་པའི་དབང་བརྒྱད་དང་མེ་དབང་བསྐུར། དབང་དུམ་གྱི་འཕྲིན་ལས་སྦྱོར་ནུས་པའི་དབང་དེ་འོག་ཏུ་སྒྲོལ་དབང་དང་བསྟུན་འོག་ཏུ་བྱེད་པའི་ལུགས་ལྟར་ན། བཀའ་རབ་འབྱམས་ནུས་པའི་དབྱངས་གསལ་གྱི་དབང་ཡིག་འབྲུ་སྤྱི་བོར་བསྟིམ་པའི་མཐར་སྙིང་གར་པད་འདབ་ལ་ཡིག་འབྲུ་གསལ་བ་དེ་ག་དག་ཏུ་སྦྱོང་། སྒྲུབ་པ་ལུང་དབང་གི་རྟགས་གདབ་པ་ནས་ཞབས་རྗེས་བར་འདིར་བྱས་ན་ཡོང་། ཡང་དཀྱུས་དེ་གར་ཡང་རུང་ངོ་། །རྒྱལ་སྲིད་སྣ་བདུན་ནས་རིགས་བརྒྱུད་ཀྱི་དབང་གི་བར་བསྐུར། ༼ཋི༽བུམ་དབང་གི་ཐ་རམས་བརྗོད་མཧཱའི་སྒོམ་ཁོག་བཤད། གསང་དབང་གི་ཡུམ་དང་སློབ་མ་སྦྱོང་བའི་དམིགས་(༨བ)


GLG022_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེད་པ་དང་དངོས་དབང་ཡིན་ཀྱང་ཡེ་ཤེས་ཀྱི་ཕྱག་རྒྱར་བརྟེན་ནས་བྱེད། དེ་རྗེས་མཎྜལ་གསོལ་གདབ་མན་གཞུང་ལྟར། གསང་དབང་གི་ཐ་རམས། ཨ་ནུའི་སྒོམ་ཁོག་བཤད། ཤེས་རབ་ཡེ་ཤེས་ལ། མཎྜལ། བྱིན་འབེབས། ལས་བྱང་གི་ཕྱག །གཟུང་མར་མེ་ཏོག་དོར་དཀྱུས་ལྟར་བསྐུར། ཐ་རམས། ཆགས་ལམ་གྱི་ཁྲིད་ལུང་བྱེད། ལྟ་བ་སྤྱི་འབྱམས་ཀྱི་དབང་། རྒྱལ་ཐབས་སྤྱི་བླུག་གི་དབང་། ཐ་རམས། ཨ་ཏིའི་སྒོམ་ཁོག་བཤད། རྒྱུད་ལུང་མན་ངག་ཐམས་ཅད་རྫོགས་པའི་རྩལ་དབང་། དངོས་གཞིའི་ས་བཅད་སུམ་ཅུ་པ་བྲོ་ནི་རྡོ་རྗེ་ལུ་གུ་བརྒྱུད་དུ་སྦྲེལ། རྐང་པ་ཡང་ཕྱི་ནང་དུ་སྤོ་རེས་དང་བཅས་བསྐོར་ཅིང་བློ་འདོན་ནམ་རྗེས་ཟློས་གང་རུང་། དངོས་གཞིའི་ས་བཅད་སོ་གཅིག་པ་བཤགས་པ། དངོས་གཞིའི་ས་བཅད་སོ་གཉིས་པ་དངོས་གྲུབ་བླང་བ་ནི། དབང་ཡོངས་རྫོགས་བསྐུར་ན་སྨོས་མ་དགོས། སྒྲུབ་པ་ལུང་དབང་ཙམ། སྒྲུབ་ཁོག་གི་ཁོག་ཕུག་ཕྱིན་བྱེད་དགོས་པས་ན་དབང་རྫས་ཚེ་དངོས་གྲུབ་ཀྱི་རྫས་སུ་མི་བྱེད་པར། དངོས་གྲུབ་ཀྱི་རྫས་གསར་པ་སྒྲུབ་ཁོག་ལྟར་སྟ་གོན་བྱས་ན་དཀྱིལ་འཁོར་མདུན་དུ་བཤམ། བགེགས་སྐྲོད། བྱིན་འབེབས། བྱིན་རླབས་སོགས་བདེ་གཤེགས་འདུས་པ་ལྟར་བྱ། མདུན་དུ་ཁྲག་གི་སྣོད་ཀ་པཱ་ལ་དང་། ཆང་བདུད་རྩི་བསྲེས་པའི་ཀ་པཱ་ལ་བཤམ། ཚིག་རིས་ལ་རཀྟ་རང་གཙོ་ཆེ་བ་འདྲ་འདུག་ཀྱང་། ཁམས་གསུམ་འོད་དུ་ཞུ་ཚིག་དེ་རཀྟ་དང་། སངས་རྒྱས་ཀྱི་བྱང་སེམས་ཀྱི་ཚིག་ཆང་ལ་སྦྱར། དེ་འོག་གི་ཚིག་ཐམས་ཅད་ལ་རཀྟ་འཐོར་བ་ལྕེ་ཐོག་གནས་གསུམ་རེག་པའི་སྐབས་ཆང་ཡང་ཚིག་དེ་གས་འཐུས་པ་བྱེད་རྒྱུ་ཡིན། དངོས་གཞིའི་ས་བཅད་སོ་གསུམ་པ་དཔོགས་ཆོག་གནད་འབེབས་ད་ལྟ་ནི་ཡེ་མི་མཛད། ལྟས་བཟང་པོ་མ་བྱུང་ན་བྱེད་རྒྱུ་ཡིན། དེའི་བདུད་རྩི་བུམ་གཅིག་ཟེར་བ་ཆེ་མཆོག་གི་སྐུ་རྟེན་ཐོད་པའོ། །དངོས་གཞིའི་ས་(༩ན)


GLG022_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་སོ་བཞི་པ་བཀྲ་ཤིས་དཀྱུས་ལྟར། སོ་ལྔ་པ་ནི་ལུང་བསྟན་ནི་ཚར་གཅིག་གསུང་བ་དེ་གའོ། །སོ་དྲུག་པ་ནི་བཏང་སྙོམས་སུ་འཇོག་གོ །དེ་ཡང་གཞུང་གི་དགོངས་པ་ལྟར་ན་བསྙེན་པ། སྒྲུབ་པ། སྒྲུབ་པ་ཆེན་པོ་གསུམ་པོ་སོང་ནས་དབང་བསྐུར་རྒྱུ་ཡིན་འདུག་ཀྱང་། ད་ལྟ་ཧ་ཅང་འགོར་ཆེས་དོགས་བསྙེན་སྒྲུབ་སྒྲུབ་ཆེན་གསུམ་དང་དབང་བསྐུར་ཞག་གྲངས་འཚམ་པར་གསང་དབང་ལ་ཨ་ནུ། ཤེར་དབང་ལ་རྩ་རླུང་། རྩལ་དབང་ལ་ཨ་ཏིའི་དམིགས་པ་བསྒྱུར་བ་མ་གཏོགས་སྔགས་རྒྱུན་སྦྲགས་ནས་མཛད་པས། སྒྲུབ་པ་ཆེན་པོ་སོང་བ་དང་དངོས་གྲུབ་ལེན་པ་འཐད་ཅེས་འདི་ལྟར་མཛད་ནས་དེར་རྗེས་སྒྲོལ་དབང་མཛད། ཡང་ལུགས་གཅིག་ལ། རྩ་རླུང་གི་དབང་གི་རྗེས་སུ་སྒྲོལ་དབང་གནང་། དེ་ནས་དབྱངས་གསལ་ནས་གཏད་རྒྱའི་བར་ཤར་མ། དེ་རྗེས་དངོས་གྲུབ་ཀྱི་སྐོར་མཛད་པའང་ཡོད། དེ་ལྟར་མཛད་ཚེ་རྩ་ལུང་ཡན་ལ་སྒྲུབ་པ་ཆེན་པོ་ཡན་སོང་བ་བྱས་ནས། དེ་རྗེས་ལས་སྦྱོར་བྱས་ནས་བསྒྲལ་དབང་བསྐུར་བས། དེ་མན་ལ་སྔགས་རྒྱུན་མཛད་ཐེབས་མེད་པས་དངོས་གྲུབ་བླང་བའི་བར་ལ་སྔགས་རྒྱུན་མེད་པར་དོགས་པ་ཅུང་ཟད་འདུག །བསྒྲལ་དབང་ལ། འཁོར་ལོ་བྲིས་པ་ཟན་ལིང་གི་སྟེང་དུ་འཇོག་པ་སྒྲུབ་ཁོག་ནས་བཤད། ལ་ལ་འབྲུབ་ཁུང་དུ་འཁོར་ལོ་འདིང་དེ་སྟེང་ཟན་ལིང་འཇོག །ཕལ་ཆེར་འཁོར་ལོ་མི་འདྲི་བ་མང་། གང་ལྟར་ཧོམ་ཁུང་། འཁོར་ལོ། ལིང་ག་སོགས་བཤམ། སྒྲུབ་ཁོག་གི་དམིགས་པ་ཁ་བསྒྱུར་ལུགས་དང་དྲག་སྔགས་སོ་ལྔ་པ་འདྲེན། ལས་བྱང་གི་མཇུག་ཏུ་སྤྱི་བསྐུལ་སྒོས་བསྐུལ་བཏང་ནས་དགྲ་བགེགས་འགུགས། དགུག་གཞུག་ཚད་ལྡན་གྱིས་བཀུག་ཀྱང་ཡོང་བ་འདྲ་སྙམ། དབང་བསྐུར་ཉིན་རྒྱལ་བ་སྤྱི་བསྐུལ་ནས་དགུག་གཞུག་གི་བར་ཁྲོ་རོལ་ཇི་ལྟ་བ་ལ་དྲག་སྔགས་སོ་ལྔ་པའི་ཤམ་བུ་ཪྣྲི་ཏྲི་སོགས་སྒྲུབ་ཁོག་ལྟར། (༩བ)


GLG022_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗེས་ཉམས་ལེན་གནད་གདམས་ཀྱི། །དམ་ཉམས་དགྲ་བོ་སྡིག་ཅན་ལ། །འགོ་བར་བྱེད་པའི་ལྷ་ཁྱོད་ཉོན་སོགས་དང་། སྒྲུབ་ཁོག་གི་སྔགས་བརྗོད། བྱུག་བདུག་བྲབ་གསུམ་བྱེད། དབང་བུམ་གྱི་བསྐུར་ཚིག །དཔལ་ཆེན་ཡོངས་རྫོགས་སོགས་ནས་སྨོན་ལམ་གྱི་བར་བརྗོད། སློབ་མར་ཕུར་པ། གཙོ་བོ་གཅིག་ལ་གཏོད། གཙོ་ཕུར་གཞན་བུད་མེད་མིན་པ་ཀུན་ལ་གང་འདེངས་གཏོད། སློབ་མ་གསུམ་བཞི་ལ་མེད་ཚེ་གཙོ་ཕུར་ནས་གདབ་ཕུར། བརྒྱ་དང་བརྒྱད་སོགས་ཚང་མ་རྒྱག་དགོས་པས་ཕུར་པ་ལག་ཏུ་བཟུང་བཅུག །ཚེ་ཁྲུས་ཀྱི་དམིགས་པ་སྤྲོད། གཙོ་ཕུར་སྙིང་གར་བཏབ་ནས་རྣམ་ཤེས་སྤར། སླར་གནས་སོ་སོར་སྔགས་རིང་སོ་སོ་དང་བཅས་འདེབས་འཇུག །ད་ལྟ་ནི་དྲག་སྔགས་སོ་ལྔ་པས་གོ་གཅོད་པ་མང་། ཕུར་པ་བསྡུས་ནས་ཐུན་ཀྱང་བརྒྱག །དེ་ནས་དབང་བུམ་ནས་དམ་ཚིག་བསྒྲག །དབང་ཐོབ་པའི་ཕན་ཡོན། ཡོན་ཕུལ་ནས་དབང་རྟགས་འདོགས་པ་བྱེད། དེ་རྗེས་གཏད་རྒྱའི་དབང་ལ། ང་ནི་ཆེ་མཆོག་ཧེ་རུ་ཀ་སོགས་ལ་རྗེས་ཟློས། ཀྱེ་ཧོ་བུ་མཆོག་སོགས་བླ་མས་གསུང་། དངོས་གཞིའི་ས་བཅད་སོ་བརྒྱད་པ་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་འགྲུབ་ན་གོང་གི་ལིངྒའི་སྟོད་བསྟབ་པ་དང་སྨད་དྲག་པོའི་སྲེག་རྫས་དང་མནན་པ་བྱེད། མཇུག་ཆོག་གི་ས་བཅད་དང་པོ་བཞག་ནས་ཁྲོ་རོལ་མི་བྱེད་ན་སྒྲུབ་གཏོར་གྱི་ལྷ་རང་ལ་བསྡུས་གཏོར་མ་ནས་གཏེར་སྦེད་ལ་ཅུང་ཟད་འཇོག །གསེར་སྐྱེམས་དང་སྒོ་དབྱེ་ནས་གཏོར་མ་དཔག་ཚོགས་ལྷག་དང་བཅས་བྱིན་གྱིས་བརླབས་ཚོགས་ལྷག་བཏང་། ཆད་མཐོ་བཏང་ནས་གོ་གསར་པ་སྔོན་དུ་བྱས་གཏོར་མ་བསྒུལ། ཕྱི་རོལ་དུ་དཔང་གཟུག །ཆོས་ཀྱི་དབྱིངས་ན་རང་བྱུང་གྲུབ་པའི་ལྷ་སོགས་དང་། ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ་སོགས་ཀྱིས་དཔུང་བསྐྱེད། སྡང་བའི་དགྲ་(༡༠)


GLG022_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་དམ་སྲི་འདི་སོགས་ཀྱིས་ཟོར་འཕེན། བསྟན་མ་བསྐྱང་། ཕྱི་རྙོགས། བྲོ། ཚེ་འགུགས། གཏེར་སྦེད་ལ་སྟེགས་བུ་ཡོད་ན་དེའི་ཕྱོགས་ལ་སྦེད། མེད་ན་ཁང་པའི་ཕྱོགས་ལ་སྦེད། བླའི་གཏང་རག །མར་མེའི་སྨོན་ལམ་དཀྱིལ་འཁོར་ལ་གཏང་རག །བཤགས་པ། དཀྱིལ་འཁོར་བསྡུ་ལུས་བསྲུང་། མཆེད་ལྕམ་ནང་བཤགས། བཀྲ་ཤིས། མཐོ་གྲོལ་ལོ། །ཞེས་ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་སྒྲུབ་ཆེན་གྱི་རེག་གཟིག་འཁྲུལ་བྲལ་མཐོང་བས་རེ་སྐོང་འདིའང་ཟ་ཧོར་གྱི་བནྡེས་བྲིས། །སརྦ་མངྒ་ལཾ།། །།

ཉང་ལུགས་དྲག་པོ་བདེ་གཤེགས་འདུས་པའི་རྒྱུན་ཁྱེར་རིགས་འཛིན་བརྒྱུད་པའི་ཞལ་ལུང་།


GLG022_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཉང་ལུགས་དྲག་པོ་བདེ་གཤེགས་འདུས་པའི་རྒྱུན་ཁྱེར་རིགས་འཛིན་བརྒྱུད་པའི་ཞལ་ལུང་བཞུགས་སོ། །


GLG022_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་གི །ཐུགས་སྒྲུབ་ཟབ་པའི་མཐར་ཐུག་མངའ་བདག་གཏེར། །ཤིན་ཏུ་ཁྱེར་བདེའི་རྣལ་འབྱོར་ཉུང་ངུའི་ཚིག །འདྲི་བར་མཁའ་འགྲོ་གཏེར་སྲུང་གནང་བ་སྩོལ། །སྐྱབས་སེམས་ནི། བརྒྱུད་པའི་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་བའི་ཡི་དམ་ལྷ༔ ལེགས་པར་བྱིན་བརླབ་མཁའ་འགྲོའི་ཚོགས༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ བདག་གཞན་གཉིས་མེད་དོན་ཕྱིར་དུ༔ དྲག་པོ་ཁྲོ་རྒྱལ་ཀུན་བསྒྲུབས་ནས༔ སྙིང་པོ་བླ་མེད་མཆིས་པ་དང་། །གཞན་དོན་དབྱེར་མེད་སེམས་བསྐྱེད་དོ༔ ཚོགས་ཞིང་ནི། དབང་དྲག་པདྨའི་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ། །གུས་པས་ཕྱག་འཚལ་ཕྱི་ནང་གསང་མཆོད་འབུལ། །ཉེས་བཤགས་དུག་གསུམ་འདུལ་ལ་རྗེས་ཡི་རང་། །མྱ་ངན་མི་འདའ་ཆོས་འཁོར་བསྐོར་བར་བསྐུལ། །དགེ་བ་འདི་ཡིས་བྱང་ཆུབ་མཆོག་ཐོབ་ཤོག །དངོས་གཞི་ནི། ལྷ་ཚོགས་ཐིམ་པས་རང་ལུས་འོད་དུ་ཞུ། །རང་སེམས་ཧཱུཾ་ལས་འོད་དམར་དཔག་མེད་སྤྲོས། །སེམས་ཅན་ལ་ཕོག་བདེ་གཤེགས་མཆོད་པས་མཉེས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་བསྐུལ། །ཚུར་འདུས་གཟི་(༢ན)


GLG022_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མཚོན་ཆའི་ཚོགས་སྤྲོས་པས། །གདོན་བགེགས་ཚར་བཅད་དྲེགས་ལས་ལ་བཀོལ། །སླར་འདུས་རཾ་འཕྲོས་དུར་ཁྲོད་འབར་བའི་དབུས། །ཀེཾ་ལས་ཐོད་མཁར་ཟླུམ་དབུས་པད་ཟླའི་གདན། །དེ་སྟེང་ཧཱུཾ་ལས་ས་བོན་རིམ་འཕྲོས་པས། །འབྱུང་བཞི་རིམ་བརྩེགས་ཀེཾ་རུས་རི་རབ་སྟེང་། །ཐོད་པ་སྐམ་རློན་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་དུར་ཁྲོད་རྒྱན་གྱིས་བརྗིད། །སླར་ཡང་འོད་ཟེར་སེར་དམར་ཚོགས་འཕྲོས་པས། །གསེར་མེའི་འཁོར་ལོ་གཡས་གཡོན་དྲག་ཏུ་འཁོར། །དབལ་ལས་ལྕགས་བསྲེགས་སྡིག་པའི་ཚ་ཚ་འཕྲོ། །ཕྱི་རོལ་རྡོ་རྗེའི་གུར་ཁང་མེ་དཔུང་དང་། །ཁྱུང་དམར་ཁྲོ་བོ་བུ་ཡུག་ལྟ་བུར་འཚུབ། །གཞལ་ཡས་དབུས་སུ་པཾ་ལས་པདྨ་དང་། །ཨ་ལས་ཟླ་བ་མ་ལས་ཉི་དཀྱིལ་སྟེང་། །རང་རིག་ཧཱུཾ་དམར་འོད་དུ་ཞུ་བ་ལས། །བདེ་གཤེགས་འདུས་པ་པདྨ་དྲག་པོ་དམར། །ཞལ་བགྲད་མཆེ་གཙིགས་སྤྱན་གསུམ་སྡང་མིག་གཟིགས། །དབུ་སྐྲ་ཕྱེད་བརྫེས་ཐོད་སྐམ་ལྔ་ཡིས་བརྒྱན། །ཨག་ཚོམ་དམར་སེར་ཕྱག་གཡས་རྩེ་དགུ་པའི། །གསེར་རྡོར་ཧཱུཾ་རཾ་དགུས་མཚན་མེ་འབར་འཕྱར། །གཡོན་པ་སྡིགས་མཛུབ་རྩེ་ལས་ལྕགས་སྲེགས་ཀྱི། །འཇིགས་རུང་སྡིག་པ་ཁ་དགུ་མིག་(༢བ)


GLG022_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་འགྱེད། །སྟག་ཤམ་ཞིང་ལྤགས་རྐེད་བཅིངས་གླང་ལྤགས་ཀྱིས། །སྟོད་གཡོགས་རིགས་བཞིའི་ཀླུ་ཡིས་ཡན་ལག་དཀྲིས། །བྱུག་པའི་རྫས་གསུམ་རིན་ཅེན་རུས་པ་དང་། །ཐོད་རློན་ལྔ་བཅུའི་རྒྱན་གྱིས་རབ་ཏུ་སྤྲས། །བརྗིད་གཏུམ་རྔམ་ཁྲོ་ཁམས་གསུམ་དབང་དུ་སྡུད། །སྲིད་གསུམ་ཟིལ་གནོན་གཡས་བསྐུམ་གཡོན་བརྐྱང་གིས། །དྲེགས་པའི་སྟེང་བཞུགས་བ་སྤུའི་བུ་ག་ནས། །གསེར་རྡོར་ར་དབར་ཚ་ཚ་ཆིལ་ཆིལ་ཁོལ། །དུང་ཁང་སེར་པོ་གཡས་རལ་གྲི་དང་གཡོན་སྡིགས་མཛུབ། འཇམ་དཔལ་མགྲིན་པར་རྟ་དམར་པོ་གཡས་དབྱུག་པ་དང་གཡོན་སྡིགས་མཛུབ། མགྲིན་དབང་། །ཐུགས་ཀར་ཕྱག་མཐིང་ནག་གཡས་གསེར་རྡོར་གཡོན་སྡིགས་མཛུབ། རྡོར་ལྟེ་བར་མཁའ་འགྲོ་དམར་མོ་གཡས་གྲི་གུག །གཡོན་ཐོད་ཁྲག་ཁ་ཊྭཱཾ་ག །འཁོར་རྣམས་རིགས་བཞིའི་ཚུལ། ལྔ། །སྤྱིར་བོར་བྱ་ཁྱུང་མཐིང་ནག་སྦྲུལ་འཛིན་པ་རྭ་ཕྲག་རིགས་ཀྱི་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་བྱད་ཅན། བདག །གསེར་འཁོར་རྩིབས་ལ་གཏུམ་མཐིང་ནག་གཡས་ཐོ་བ་དང་གཡོན་ལྕགས་ཀྱུ་འཛིན་པ། ཆེན་ཁྲོ་བོ་བཅུ། །བསྲུང་དང་བཟློག་པ་གོ་བགོའི་འཕྲིན་ལས་མཛད། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ལྷ་ཚོགས་རྣམས། །ཐོགས་མེད་བྱོན་ནས་དམ་ཚིག་པ་ལ་ཐིམ། །ས་བོན་སྔགས་འཕྲེང་བ་སྤུའི་བུ་ག་ནས། །མེ་དབལ་སྤྲོས་པས་ཕྱི་ནང་སྟེང་འོག་ཁྱབ། །གནོད་བྱེད་གདོན་བགེགས་ཐལ་བའི་རྡུལ་དུ་བརླག །བསྲུང་དང་བཟློག་པའི་འཕྲིན་ལས་མ་ལུས་མཛད། །གོ་ཆའི་ལྷ་ལས་འོད་འཕྲོས་སྡིག་སྒྲིབ་བསྲེག །སྒོ་གསུམ་བདེ་ལྡན་ཆེ་བཙན་འགྲན་ཟླ་བྲལ། །པུ་རིའི་ནང་གི་གསང་བདག་ཐུགས་ཀ་རུ། །ཉི་མའི་གདན་ལ་ཧཱུཾ་མཐར་སྔགས་ཀྱི་ཕྲེང་། །མགལ་མེ་ལྟ་བུར་འཁོར་ལས་འོད་འཕྲོས་པས། །འཕྲིན་ལས་མཐའ་དག་ལྷུན་གྱིས་གྲུབ་པར་གྱུར། །གཏོར་མ་འབུལ་བ་ནི། རཾ་ཡཾ་(༣ན)


GLG022_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཁཾ། ཨོཾ་ཨཱཿཧཱུཾ་མཧཱ་བྷ་ལིཾ་ཏ། ཏེ་ཛོ་བྷ་ལིཾ་ཏ། བྷ་ལ་བྷ་ཏེ། གྷུ་ཧྱ་ས་མ་ཡེ་སྭཱཧཱ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ་པོ། །དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ནས། །པདྨ་ཐོད་འཕྲེང་འཁོར་བཅས་འདིར་གཤེགས་བཞུགས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་པའི་ཚོགས། །འབུལ་གྱིས་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུཾ་མཧཱ་མཾ་ས་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། མཧཱ་བྷ་སུ་ཏ་ཁཱ་ཧི། དབང་པོ་ལྔ་ཁཱ་ཧི། གོ་རོ་ཙ་ན་ཁཱ་ཧི། ཞེས་འབུལ། བསྟོད་ཅིང་འཕྲིན་ལས་གསོལ་བ་ནི། སྣང་བ་མཐའ་ཡས་སྐུ་གསུང་ཐུགས་ཀྱི་སྤྲུལ། །མཐུ་སྟོབས་དབང་ཕྱུག་པདྨ་དྲག་པོ་རྩལ། །སྣ་ཚོགས་སྤྲུལ་པ་འཇིགས་བྱེད་ཁྲོ་བཅུར་བཅས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །བདག་ཅག་བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་ཀུན། །གཏུམ་ཆེན་ཁྱོད་ཀྱིས་ཞལ་དུ་རབ་བཞེས་ནས། །དྲག་པོའི་ལས་ཀྱིས་འདུལ་བའི་འཕྲིན་ལས་མཛོད། །ཐུན་བར་དུ་གསོལ་བ་འདེབས་པ་ནི་ཚིག་བདུན་གསོལ་འདེབས་ལྟ་བུས་ཀྱང་འཐུས། །བཀའ་སྐྱོང་གཏེར་སྲུང་མཆོད་པ་ནི། དབང་དྲག་པདྨའི་བཀའ་སྲུང་མཐུ་རྩལ་ཅན། །མཧཱ་ཀཱ་ལ་ལྷ་མོ་རེ་མ་ཏཱི། །སྡེ་བརྒྱད་དྲེགས་པའི་འཁོར་གྱིས་བསྐོར་བ་དང་། །ལེགས་རྩལ་སྤུན་གསུམ་འདིར་སྤྱོན་གདན་ལ་བཞུགས། །ཨོཾ་བཛྲ་མཧཱ་ཀཱ་ལ། བཛྲ་རེ་མ་ཏཱི། ཨ་ཡ་མ་དུ་རུ་ཙ་ཤ་ན། ཨོཾ་བདུད་ཏྲི་ས་མ་ཡ། ཨོཾ་ཤུ་ལ་རཱ་ཛ། ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་མཧཱ་བྷ་ལིཾ་ཏ། མཧཱ་པཉྩ། མཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་པས་འབུལ། བཀའ་སྐྱོང་གཏེར་གྱི་སྲུང་མ་འཁོར་བཅས་ཀྱིས། །དམ་རྫས་གཏོར་མ་འདི་ལོང་རིགས་འཛིན་བདག །པདྨ་དྲག་པོའི་ཐུགས་སྒྲུབ་ཉམས་ལེན་པའི། །འགལ་རྐྱེན་(༣བ)


GLG022_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཞིང་མཐུན་རྐྱེན་སྒྲུབ་པར་མཛོད། །ཅེས་འཕྲིན་ལས་བཅོལ། བཛྲ་མུཿ ས་རང་གནས་སུ་གཤེགས། །རྫོགས་རིམ་འོད་གསལ་དུ་བསྡུས། སླར་ཡང་ལྷའི་ང་རྒྱལ་ལ་གནས་པས་བསྔོ་བ་སྨོན་ལམ་ཤིས་བརྗོད་ཅི་རིགས་པ་བྱའོ། །མངའ་བདག་གཏེར་བྱོན་བདེ་གཤེགས་འདུས་པ་ཡི། །རྒྱུན་ཁྱེར་རིགས་འཛིན་བརྒྱུད་པའི་ཞལ་ལུང་བཞིན། །མཁའ་འགྲོའི་ཁ་རླངས་མ་ཉམས་བཀོད་པ་ལས། །གཏེར་ཁ་གཞན་དང་གསར་མའི་བསྲེ་བསླད་མེད། །གང་འདི་རིགས་བརྒྱའི་ཁྱབ་བདག་ཞ་ལུ་པ། །རིན་ཅེན་བསོད་ནམས་མཆོག་གྲུབ་དཔལ་བཟང་པོའི། །ཐུགས་དམ་སྤེལ་སླད་ཟ་ཧོར་སྔག་སྨྱོན་གྱིས། །བཀོད་པའི་ཡིག་མཁན་གནས་བཙུན་འཇམ་དབྱངས་སོ། །

གསང་རྫོགས་སྒྲུབ་ཆེན་དང་སྨན་སྒྲུབ་ཀྱི་ཟིན་བྲིས་གངྒཱའི་ཆུ་རྒྱུན།


GLG022_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གསང་རྫོགས་སྒྲུབ་ཆེན་དང་སྨན་སྒྲུབ་ཀྱི་ཟིན་བྲིས་གངྒཱའི་ཆུ་རྒྱུན་བཞུགས་སོ།།


GLG022_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གསང་རྫོགས་སྒྲུབ་ཆེན་ལ། ཕྱི་བཤགས་རྣམས་སོང་ཟིན་པ་བྱས། ཉིན་དང་པོ་ལས་བྱང་བཏང་། མི་སྣང་བ་ལ་ས་བསླང་པའི་ཆབ་གཏོར། ས་བཟུང་བ། སྦྱང་བ། སྟེགས་བྱང་ཤར་དམའ་བ་བྱེད་ཟེར་བ་ཅུང་ཟད་ལས་མི་བྱེད། བུ་བརྩིག །ལས་ཐིག་འདེབས། ཚོམ་བུ། སྒྲོམ་ཁྲི་བཙུགས། ཁྱད་པར་རྟེན་དགུ། གཙོ་དགུའི་ཕུར་པ། མཆོད་གཏོར་མདའ་གྲི་སོགས་རྒྱན་བཀོད། མཆོད་པ་སྨན་རཀ་གཏོར་མ་སོགས་ལམ་ཙམ་བཤམ། ཡོལ་བས་བཅད། ཁྲུས་བུམ་བསྒྲུབས། སློབ་མ་ལ་བགེགས་བསྐྲད། ཁྲུས་ནས་ཕྱུང་། མཎྜལ། ཐུན་མོང་ཆོས་བཤད། ལོ་རྒྱུས་ཕུན་ཚོགས་བདུན་ཡན་བཤད། སྐྱབས་སེམས་འབེབས། བླ་མ་བདེ་གཤེགས་མཁའ་འགྲོ་གནས་རྗེས་ཟློས། འདིར་གཤེགས་སོགས་ཀྱིས་ཕྱི་མཆོད་སྣ་ལྔ་བཤམས་པ་འབུལ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཕོག །དམངས་མ་དལ་འབྱོར་རྙེད་དཀའ་སོགས་དང་ཡིག་བརྒྱ་འདོན་འཇུག །དཔོན་སློབ་རྣམས་ཀྱིས་ལས་གཞུང་ཞུགས་སྒྲུབ་ཡིན། བསྲངས་ནས་ལྷ་སྟ་གོན་བྱེད། བསྙེན་པ་ཁ་གསོ་ན་ལྷ་སྟ་གོན་ལ་བརྟེན་ནས་བྱེད། རྣམ་རྒྱལ་གྱི་བུམ་སྒྲུབ་ཀྱང་འདིར་བྱས་ན་འགྲིག །དེ་ནས་སློབ་མ་སྟ་གོན་ནི། བླ་མ་སློབ་དཔོན་དགོངས་སུ་གསོལ་ནས། ལྷག་པ་གནས་པ་ཚུལ་བཞིན་བྱའོའི་བར། བུ་ཁྱོད་འཁོར་བའི་སྡུག་བསྔལ་ལས་ནས། ཀུ་ཤ་གཏད་པའི་བར། དེར་རྗེས་ནུས་པའི་དབང་ལྔ་(༢ན)


GLG022_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཚན་ལོགས་སུ་ཡོད་པ་བསྐུར། སྒྲུབ་ལུང་ཞུ་བ་ནི། ཧོ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ་ནས། ཨཱོཾ་ཨཱཿཧཱུཾ་གི་བར་དང་། སྔར་ནས་ཡི་དམ་གྱི་ཉམས་ལེན་མེད་པ་ཚོར་ཞི་ཁྲོ་གང་རུང་གི་བསྒོམ་བཟླས་འབེབས་ཤིང་སློབ། དུས་གསུམ་རྒྱལ་བ་འདུས་པའི་སྐུ་ནས། སྟ་གོན་ལ་ནི་གནས་པར་མཛོད་ཅེས་པའི་བར་གྱིས་སྟ་གོན་ལ་གནས་པར་གསོལ་བསྙན་པ་ཁ་མི་གསོ་ན་ལྷ་སྟ་གོན་གྱི་ལས་བྱང་གཏོང་བ་ནས་འདིའི་བར་ལ་ཉིན་གཅིག །བ་འདེབས། རྨི་ལམ་བརྟག །ངན་ན་སྦྱིན་སྲེག །ཉིན་གཉིས་པ་རྒྱལ་ཆེན། དམ་སྲི། སྒོ་བྱང་། མ་ཏྲི། སྒྲུབ་པའི་ཡོ་བྱད་བྱིན་རླབས་ནས། ཡུམ་དུ་བསྐྱེད་པར་བྱའོའི་བར་མ་ཏྲཾ་གི་ཁོག་པར་བསྒོམ་རྒྱུ་སློབ་དཔོན་གྱི་དམིགས་པ་ཙམ་ཡིན། དཀྱིལ་འཁོར་ཆག་ཆག །ཐིག་འདེབས། ཚོན་བྱིན་རླབས། ཚོན་འགྱེད། གཞལ་ཡས་དོན་བསྟོད། ཐིག་ཚོན་གཉིས་ཀ་རིགས་ལྔར་བསྐྱེད་ཆོག་བྱས་ན་ལེགས། སྨན་ལུང་སངས་རྒྱས་རིན་ཆེན་ཡང་ཚོན་བྱིན་རླབས་ཟུར་པ་མཛད། དཀྱིལ་འཁོར་རྒྱན་འགོད། ཧཱུཾ་རང་བཞིན་ལྷུན་གྲུབ་གཞལ་ཡས་ཁང་ནས། ཨཱ་བ་ཤ་ཡ་ཨའི་བར་གྱིས་ལྷ་སྐོས་ལ་གདབ་ཉིན་གསུམ་པ་མིག་དར། ཨ་ཁཾ་བཱི་ར། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ་ནས། བརྡ་ཕྱག་བྱ་བའི་རིམ་པ། ལས་བྱང་ནས་སྐབས་འདིར་ལེན་གྱི་བར། མེ་ཏོག་འདོར་བ། བྱིན་འབེབས། སྤྱན་དབྱེ། དཀྱིལ་འཁོར་སྟོན་པ། དམ་ཚིག །རྡོ་རྗེ་སློབ་དཔོན་ནས། ན་རཀ་སྐན་གྱི་བར། (༢བ)


GLG022_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྲེ་བ། ཆས་གོས། མངའ་གསོལ། སྨན་བསྡུ། སྨན་སྒྲུབ་མི་བྱེད་ཀྱང་དགོས། ༡བརྡ་སྒོ། མན་ངག་ལས་བདུན་ཟེར་བ་སྨན་སྒྲུབ་ཡོད་ན་ཉིན་སྟར་བྱེད། མེད་ན་ཚང་མར་ལས་བྱང་ཡོད་ཚེ་བྱིན་འབེབས་རྒྱས་པ་དང་། བཤགས་པ་དམ་བཅའ་རྣམས་ལས་བྱང་དཀྱུས་ལ་བྱས་ནས། ཐོག་མར་ས་བཅད་ཀྱི་མན་ངག་ལ་བདུན་ཚར་གཅིག་བྱས་ནས་རྒྱུན་དུ་མ་བྱས་ཀྱང་ཆོག་པ་འདྲ་སྙམ་ཀྱང་། ད་ལྟ་སྨན་སྒྲུབ་ལ་མ་བལྟོས་པའི་མན་ངག་ལས་བདུན་རྒྱུན་དུ་མཛད་དོ། །༢བརྡ་ཕྱག ༣བཏགས་གདབ། ༤དམ་བཅའ། ༥བཤགས་པ། ༦བྱིན་འབེབས། ༧ཕུད་གཏོར་བརླབ། འཕྲུལ་འཁོར་བསླབ་བྱ། དགེ་སྦྱོར་ལ་བསྐུལ། ཉིན་དང་པོ་ཁྲིགས་ལྟར་རྗེས་མ་ཚར་སྐབས་གང་འོས་ལ་བྱེད། ཉིན་བཞི་པ་སྒྲུབ་སྤྲ་ཁྲིད་སྲོག་གཟེར་སྤྱན་གྱི་རྒྱ་ཅན་ནས་བཤད་པའི་དམིགས་པ་དང་བཅས་ཞག་གྲངས་དུམ་བུ་གསུམ་བྱས་པའི་གཉིས་པ་བསྙེན་སྒྲུབ། གཅིག་ལ་སྒྲུབ་པ་ཆེན་པོ་དང་ལས་སྦྱོར། བྱེད་པའི་ལོང་ཡོད་སྒྲུབ་པ་གཙོ་བོར་བྱེད་ན་ཞག་དྲུག་ལ་མཚོན་ན་བཞི་ལ་བསྙེན་སྒྲུབ། ཞག་གཉིས་ཀྱི་དང་པོ་ལ་སྒྲུབ་པ་ཆེན་པོ་བྱེད་རྒྱུ་ཡིན་ཀྱང་། སྒྲུབ་པ་ཆེན་པོ་མཚན་དང་སྔ་དགོངས་བྱས། ཉིན་མོ་དབང་བསྐུར། ཉིན་ཙམ་འཐོགས་མི་མང་ཉུང་ལ་འགྲོ། དྲག་པོ་སྒྲོལ་དབང་ལ་སླེབས་ནས་ཉིན་གཅིག་ལས་སྦྱོར་གྱི་འཛབ་བྱེད། དེའི་སང་ནས་ལས་སྦྱོར་མན་བྱེད། ཞག་གྲངས་སྐབས་དང་བསྟུན། ལས་སྦྱོར་གྱི་ལས་བྱང་སྔགས་སྒྲུབ་བྱས་ན་ལྷ་ཐམས་ཅད་སྐུ་མདོག་ནག་པོར་བསྒྱུར་བ་ལ་འབྲེལ་ཆགས། པ་དངོས་གཞིའི་ལས་བྱང་། དུས་བཞིའམ་གཉིས་ལ་ཉུང་མཐའ་བྱས་ནས་ལས་བྱང་གཏོང་། ཉུལ་ལེ། ཀུན་ཐུབ་ནུབ་རེ་སྟར་བྱ། དུས་དྲུག་གི་དེ་གིང་པ་དང་ཉུང་བསྡུས་ཀྱི་དུས་སོ་སོར་བྱེད། རྒྱུན་གྱི་དངོས་གྲུབ། འདི་སྒྲུབ་པའི་རིང་ཉིན་སྟར་བྱེད་པ་ཡིན་ཅིང་རྒྱུན་གྱི་ལས་བྱང་ལ་ཆད་མཐས་ཟོར་དང་བསྟན་སྐྱང་བཟློག་པ་གང་འོས་ཚེ་འགུགས། རྒྱུན་གྱི་དངོས་གྲུབ་རྣམས་བྱེད་སྲོལ་ཡོད། བགེགས་སེལ། ལྟས་བརྟག །མེ་དབང་གི་ལོ་རྒྱུས་དཔེ་ནང་ལྟར་འདིར་མཛད་ཀྱང་འགོར་མཛད་ན་ལེགས། ཏོག་ཅོད་པན་ནས་སྐུ་གསུང་ཐུགས་དབང་བར་དབང་བུམ་ནས་ལེན། རྟགས་ཀང་ནས་ཞབས་རྗེས་ཀྱི་བར་གྱི་དབང་གནང་ཚེ་འདི་གའི་མཇུག་ཏུ་བྱ། དེ་ནས་སྒྲུབ་པ་ལུང་དབང་། དེ་ནས་ཡེ་ཤེས་ལྔའི་དབང་ནས་རྩ་རླུང་གི་བར་དབང་བུམ་ལྟར། སྒྲུབ་ཁོག་ནང་གི་སྒྲོལ་(༣ན)


GLG022_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། དབང་བུམ་གྱི་བཀའ་རབ་འབྱམས་ནུས་དབང་ནས་གཏད་རྒྱའི་བར་ཤར་མ། དངོས་གྲུབ་བགེགས་སེལ་གྱི་བྲོ། རྒྱུན་བཤགས། དངོས་གྲུབ་དངོས། གནད་དབབ་པ། བཀྲ་ཤིས། དུས་བྱང་། སྦྱིན་སྲེག་མ་འདྲེས་ཡོངས་རྫོགས་ལས་ཞི་རྒྱས། སྒོ་དབྱེ་ནས་བྲོའི་བར། ཚེ་འགུགས། གཏེར་སྦེད། བླ་མ་ལ་གཏང་རག །མར་མེའི་སྨོན་ལམ། དཀྱིལ་འཁོར་ལ་གཏང་རག །ཡིག་བརྒྱ་སོགས་ཀྱིས་ལྷ་ལ་བཤགས་པ། དཀྱིལ་འཁོར་བསྡུ། ཧཱུཾ་ངར་འཛིན་རྣམ་དག་སྒྱུ་ལུས་འཇའ་འདྲ་འདི་སོགས་ཀྱིས་རྒྱུན་སྤྱོད་ལྷར་ལྡང་། རང་ལུས་བསྲུང་། མཆེད་ལྕམ་ནང་བཤགས། བཀྲ་ཤིས། མཐོ་འགྲོལ་ལོ། དབང་གིས་དུས་སྔོན་འགྲོ་རྒྱལ་བ་རྒྱ་མཚོ་དང་མཉམ་ཉིད་མ། དངོས་གཞི་མཇུག་གསུམ་གྱི་ས་བཅད་འཁྲུགས་སྡེབ་བྱས་པའི་སྟབས་ཀྱིས་གོང་འོག་མ་གཅིག་པ་མ་གཏོགས་མ་ཆད་ཙམ་ཚར་གཅིག་མཛད་སྲོལ་འདུག །སྨན་སྒྲུབ་ནི། ཁྲོལ་བུ་ལ་སྒྲུབ་ཆེན་གྱི་ལྡིང་ཁྲིའི་ཁྱད་པར་རྟེན་དགུའི་དབུས་སུ་པདྨ་འདབ་བརྒྱད་ཁྱམས་སྒོ་མུ་ཁྱུད་སོགས་བྲིས་པའི་སྟེང་དུ་འོག་ཐོད་ཐོད་པ་ཁྲོལ་ཡོད་ན་ཐོད་པར་བྲིས་ཆོག་ཀྱང་། ཁྲོལ་མེད་ན་རིགས་བརྒྱ་རིགས་ལྔ་རིགས་གཅིག་རྣམས་རིམ་པར་བསྒྲུབ་དགོས་པས་ཤོག་བུར་བྲིས་བཀོག་ཆོག་པ་བྱེད་ལ་གྷི་ཧང་གིས་པད་འདབ་བརྒྱ་པ་བྲི། སྟེང་ཐོད་ལ་མི་དགོས། འདི་རིགས་བརྒྱའི་དཀྱིལ་འཁོར་ཡིན། རིགས་ལྔའི་དཀྱིལ་འཁོར་ལ་འོག་ཏུ་འཁོར་ལོ་རྩིབས་བཞི་མུ་ཁྱུད་སྒོ་རྫོགས། ཐོད་པ་གཉིས་ཀ་ལ་འཁོར་ལོ་རྩིབས་བཞི་མུ་ཁྱུད་ཅན་སྟེང་ཐོད་ལ་ཨཱོཾ་ཨཱཿཧཱུཾ་སྭཱཧཱ། འོག་ཐོད་ལ། མཱུཾ་ལཱཾ་མཱཾ་པྱཾ་ཏཱཾ་བྲི། རིགས་གཅིག་གི་དཀྱིལ་འཁོར་ལ་འོག་ཏུ་རིན་ཆེན་ཟུར་བརྒྱད། འོག་ཐོད་ལ་ཟླ་གམ་སྒོ་གཅིག་པ་ལྟེ་བར་ཧཱུཾ་བྲི། སྨན་རྫས་རྣམས་ཁྲོལ་བུར་བྱས་ཏེ་ཐོད་པར་བླུག །ཁ་སྦྱར་ཚོན་སྐུད་ཀྱིས་ལམ་ཙམ་འཆིང་། གཟུངས་ཐག་ཀྱང་གཏོང་། ཕྱེ་མའི་དུས་ཀྱི་ཞིབ་ཆ་མི་དགོས། ཆུ་ཆང་འོ་མ་སོགས་ཀྱང་བཤམ། (༣བ)


GLG022_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཆེན་ལྟར་ཡོངས་རྫོགས་གཞུང་བསྲང་སྤྱི་ལྟར་འཛབ་བཟླས། མན་ངག་ལས་བདུན་བྱས་ནས། སྨན་གྱི་རྟོག་པ་གསལ་བ་སྣོད་ཅིག་ཏུ་ཆང་ལ་སྨན་སྒྲུབ་རྙིང་པ་བཏབ་པ་བཞག་ནས་ལྷ་དང་དྲང་སྲོང་ཚོར་འབུལ། དེ་ནས་ཡོངས་རྫོགས་ལས་གཞུང་བསྲང་རྒྱུའི་ཡི་གེ་ཧཱུཾ་རང་དཀྱིལ་འཁོར་དུས་ཀྱི་ཆེ་མཆོག་ཏུ་གསལ་བའི་སེམས་ཀྱི་ཆ་ཤས་ཨ་དཀར་དུ་སོང་བ་ལས་ཞི་བའི་རྟེན་བརྟེན་པ་བསྐྱེད་པ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་མདུན་བསྐྱེད་དུ་བྱེད། མི་བྱེད་པར་ཨ་དཀར་བྱེད་པ་སོགས་བསྒྱུར་ཁྲོ་བོའི་མངོན་རྟོགས་ཀྱི་ཚབ་ལ་དོན་བཀོལ་བ་ནས་རིགས་བརྒྱའི་གཞུང་བྱ། སྤྱན་འདྲེན་མཆོད་བསྟོད་ཀྱི་བར་བཀའ་བརྒྱད་སོར་གནས་བྱེད། སྨན་རྣམས་རིགས་བརྒྱར་བསྐྱེད་པ་ཙམ་ལས་སྤྲོ་བསྡུ་གཞན་མེད། རིགས་བརྒྱའི་སྙིང་པོ་ཨཱ་ལི་ཀཱི་ལ་དང་། སྔགས་མཇུག་ཏུ་སྨན་ལ་ལྷ་ཐིམ་པར་མོས། ཞེ་གཉིས་པའི་སྙིང་པོ་བོདྷི་ཙིཏྟ་ཅུང་ཟད་བཟླ། ཡིག་འབྲུ་ཉེར་ལྔ་ཨཱོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ས་ཡན་ཏ་ན་ཛ་ལ་གྷུ་ཧྱ་སིདྡྷི་ཧཱུཾ་ཧྲཱིཿཐ། པ་ལ་སྔགས་རྒྱུན་མཛད། ཉུལ་ལེ་སོགས་སྒྲུབ་པ་སྤྱི་དང་མཐུན། ཞག་གྲངས་དཔེར་ན་ཁྲོལ་བུ་ཞག་གསུམ་བྱེད་ན་ཞག་གཅིག་བསྒྲུབ། དེ་ནས་དཀྱིལ་འཁོར་རྗེས་སྨན་ཀྱང་ཐོད་པར་ཕྱོགས་དགོས། རགས་རིམ་འཇོག་ཕྲ་མོའི་དབྱེ་འབྱེད་མི་དགོས། ནས་འཇོག །ཆང་ཆུ་སོགས་ཀྱང་ཕྱོགས་བཞིར་འཇོག་པ་གཞུང་ལྟར། ལས་མན་ངག་ལས་བདུན་རྟོག་པ་བསལ་ལ་ཡོངས་རྫོགས་ལས་བྱང་ལ་མངོན་རྟོགས་རིགས་ལྔའི་མཚན་དོན་བཀོལ་བ་ནས་བླངས་ཏེ་འབྱིན་འཇུག་བྱེད་པ་གོང་ལྟར་རོ། །གཞུང་གོང་ལྟར་ལ་མཚན་དོན་ནས་བསྒྱུར་བཀོད་བྱེད། འཛབ་ཀྱི་དུས་ཡིག་འབྲུ་ཀེཾ་གསུམ་ལ་སོགས་ཀྱི་བསྐྱེད་ཆོག་གི་མཇུག་ཏུ་རིགས་ལྔ་སྙོམ་འཇུག་གིས་བྱང་སེམས་སུ་ཞུ་ནས་རྫས་ལ་ཐིམ། ནས་སྤྱན་ལྷ་སྤྱན་དྲངས་པ་རྫས་བདུད་རྩིར་གྱུར་པར་བསྟིམ། འདྲེན་ཆང་ཆུ་སོགས་མཆོད་རིགས་ལྔ་ཞུ་བའི་བདུད་རྩི་ལ་འབུལ་རྒྱུ། པ་འདུག་པ་རྣམས་བྱེད། སྔགས་བཟླ་རྒྱུ་དངོས་གཞི་ཡིག་འཇུ་འདུལ་གྱི་དུས་དེ་གར་སྔགས་རྒྱུན་བྱས་ནས་ཨཱོཾ་ཨཱཿཧཱུཾ་སྭཱཧཱ་ནས། རཏྣི་ཙིཏྟའི་བར་སྔགས་རྒྱུན་བཟུང་ཚར་ནས་བྱེད། (༤ན)


GLG022_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་བཅུ་པ་དེ་ག་ཨཱོཾ་བཛྲ་ཨ་མྲྀ་ཏ་ཨཱོཾ་ཨཱཿཧཱུཾ་ཧྲཱིཿཐ། ཡིན། དམིགས་པ་ཡབ་ཡུམ་ཞུ་ནས་ཐིམ་སྔགས་དངོས་གཞིའི་སྒྲུབ་པའི་དུས་ལྷར་མི་གསལ་བར་བདུད་རྩི་དེ་ག་ཡིན་ནོ། །པ་དེ་ག་ཡིན། ཞག་གསུམ་པར་དཀྱིལ་འཁོར་སྤོས། སྨན་དབུས་སུ་སྦྱར། ལས་བྱང་མན་ངག་ལས་བདུན་རྟོག་པ་བསལ་བ། སོགས་མངོན་རྟོགས་བསྒྱུར་བ་མ་གཏོགས་གོང་ལྟར། འཛབ་དངོས་འབྲུ་བཅུ་ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ། བཞི་པ་ཡིན། དམིགས་པ་ཡང་ལྷ་འོད་ཞུ་སོགས་དེ་གའི་དམིགས་པ་ལྟར་རོ། །སྨན་ཁྲོལ་བུའི་མཇུག་དོན་གྱི་ཆང་ལ་སྨན་སྒྲུབ་རྙིང་པ་བཏབ་པ་དེ་ག །མཆོད། བསྟོད་པ། དངོས་གྲུབ་བླང་ཞིང་བསྡུ་བ་དཀྱུས་ལྟར། རིགས་ལྔའི་དཀྱིལ་འཁོར་རྡུལ་ཚོན་ཡིན་ན་བསྡུས་པ་སྐོར་ཅིག་ཚགས་བྱས་ནས་དཀྱིལ་འཁོར་དངོས་གཤེགས་དུས་ཆུར་གཤེགས། ཕྱི་མའི་སྐབས་གཡང་གཞི་ལ་དཀར་དམར་དཀར་དམར་བསྲེས་པའི་ཐིག་ལེ་ལྔ་ཚོམས། ཐིག་ལེ། བརྡུང་བའི་ཚེ་ཕན་ཚུན་རྐང་བ་བསྣོལ། ཡབ་ཀྱིས་ཡུམ་གྱི་ལག་མགོ་བསྡམས་ནས་སྨན་བརྡུང་གཞན་སྦོལ་བའི་བར་དཀྱུས་ལྟར། དཀྱིལ་འཁོར་བསྒྱུར་བ་བཀའ་བརྒྱད་དཀྱིལ་འཁོར་མེད་པའི་དབང་དུ་བྱས་པ་ཡིན། སྒྲུབ་ཆེན་དང་འབྲེལ་ན་མི་དགོས། དེ་ནས་སློབ་དཔོན་ཆས་སུ་ཞུགས་ནས་སྨན་རང་དགའི་རྟོག་པ་སྦྱོང་བ་བྱེད། སྟེང་དུ་ཧྲི་ཧཱུཾ་དང་ཕྱོགས་ཚོར་རིགས་ལྔའི་ཕྱག་མཚན་སོགས་ཤོག་བུར་བྲིས་ནས་སྦྱོར། གསང་རྡོར་མི་བྱེད། རྡོར་དྲིལ་བྱུང་ན་སྟེང་དུ་དགོས། ཐིག་གུས་བསྡམ་རང་ཕྱོགས་ཀྱི་གཟུངས་ཐག་གི་སྣེ་ལ་ཕུར་བ་དགོས། གླུ་བྲོ་ཟེར་བ་ལས་བྱང་གི་ཕྱག་རྒྱ་གར་མཆོད་མཇུག་གི་དེ་ཡིན། གཞན་དྲིལ་བུར་གཞལ་བ་སོགས་ཞིབ་ཆ་རྣམས་ཆེ་མཆོག་བདུད་རྩི་འཁྱིལ་བའི་སྐུའམ་ཡང་ན་སྐུ་དངོས་གཞི་བྲིས་ཀྱང་ཡོང་སྟེང་ཐོད་ལ་འདྲི་འོག་ཐོད་ལ་རིགས་ལྔའི་ས་བོན་འདྲི། ལྟར་བྱེད། དེ་ནས་སྨན་དཀྱིལ་འཁོར་ལ་བཀོད། མན་ངག་ལས་བདུན་རྟོག་པ་བསལ་བ། ཁྲོབོའི། ལས་བྱང་གི་བདག་མདུན་མེ་རི་འདབ་འབྲེལ་དུ་བསྐྱེད། མཆོད་བསྟོད་བྱ། (༤བ)


GLG022_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སླར་གནས་འགྱུར་ཐོད་པ་དང་ཆེ་མཆོག་བདུད་རྩི་འཁྱིལ་འཇུ་འདུལ་བྱེད་པས་ལས་བྱང་ཕྱི་མ་ཚོར་མཆོད་རྟེན་ལས་དཀྱིལ་འཁོར་ཡོངས་རྫོགས་སུ་མི་བསྐྱེད་འཇུ་འདུལ་གྱི་དམིགས་པས་མཐུས། པར་བསྐྱེད་པའི་དམིགས་པ་དང་བཅས་བཅུ་དྲུག་པར་སྔགས་རྒྱུན་བྱེད། སྒྲུབ་ཆེན་དང་མི་འབྲེལ་ན་སྒྲུབ་ཆེན་ནས་བཤད་པའི་དངོས་གྲུབ་ལེན། སྨན་རྟེན་དགུའི་དབང་ཐོབ་པས་འདི་སྒེར་དུ་མ་ཐོབ་ཀྱང་བསྐུར་ཆོག །དབང་བླ་མ་རང་གིས་བླངས་དེ་ནས་སློབ་མ་ལ་བསྐུར། བུམ་པ་ཁ་ཅུང་ཟད་ཕྱེ་ཟེར་བ་དར་དམར་གྱི་ཁུག་མ་ནས་སྨན་ལེན་སྒྲུབ་སྨན་གསར་བ་ནས་ཅུང་ཟད་བླངས་ཏེ་ཆང་ལ་བཏབ་རང་དང་སློབ་མ་འཐུང་། ཐུབ་ངེས་ཁ་འབྱེ། གསང་མཚན་བཏགས་ནས་དཀྱིལ་འཁོར་ལ་སྨན་ཕུད་འབུལ། བཅང་ཐབས་དང་ངོ་སྤྲོད་གཞུང་ལྟར་བྱེད་སྨན་མང་ན་ཐོད་པ་ལྔ་བྱེད་པ་སྒྲུབ་རྟེན་གྱི་ཐོད་པ་དགུ་ལ་མི་ཐེ་བ་དགོས། མ་ཤོང་ན་ལྡིང་ཁྲི་ལ་ཐོག་གཅིག་ཐོལ་ལ་བྱེད་སྲོལ་ཀྱང་སྣང་ངོ་། །རིན་ཅེན་ཁྲོ་ཆུའི་གདེངས་ཅན་ལྟོ་བའི་བཅུད། སྨིན་བྱེད་ཉང་སྟོན་བརྒྱུད་པའི་ཕྱག་ལེན་ལྟར། །ཟ་ཧོར་བནྡེས་ཟིན་ཐོར་བཀོད་པའི་དགེས། །བཀའ་བརྒྱད་ཆོས་ཀྱི་ཉི་འོད་རབ་གསལ་ཤོག །བཀྲ་ཤིས། །

བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལས་བྱང་བཀླགས་ཆོག་དགོས་པ་ཀུན་ཚང་།


GLG022_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལས་བྱང་བཀླགས་ཆོག་དགོས་པ་ཀུན་ཚང་བཞུགས་སོ། །


GLG022_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤཱནྟ་ཀྲོ་དྷ་པ་རི་ས་མཔྟ་དེ་ཝེ་བྷྱཿ ངོ་བོ་ཆོས་སྐུ་ཀ་ནས་ཡེ་དག་ཀུན་བཟང་སྣང་བ་མཐའ་ཡས་གདངས། །འགག་མེད་རང་བཞིན་ལྷུན་གྲུབ་ལོངས་སྐུ་འཇའ་ཚོན་ལྟར་བཀྲ་བཀའ་བརྒྱད་ལྷ། །ཐུགས་རྗེ་སྤྲུལ་སྐུ་རིགས་འཛིན་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་གཟུགས་གཞན་དུ། །ཡོངས་བསྒྱུར་དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོ་ཟུར་ཆེན་ཆོས་དབྱིངས་རང་གྲོལ་རྒྱལ། །ནུས་མཐུའི་ནོར་རྒྱས་ཞགས་བཅིངས་མཁྱེན་བརྩེའི་རི། །རྒྱུད་ལུང་མན་ངག་རྒྱ་མཚོར་བསྒྲིལ་བ་ལས། །གནད་གསང་བདུད་རྩི་སྟེར་བའི་འཆི་མེད་གཙོ། །མྱང་སྟོན་བློ་གྲོས་མཆོག་གི་རྡོ་རྗེ་བསྔགས། །སྤྱི་དང་བྱེ་བྲག་ཞི་ཁྲོའི་སྨིན་གྲོལ་ལམ། །མ་དང་མཁའ་འགྲོའི་ཞལ་ལུང་རྒྱུད་མང་གླུ། །རྣ་བར་ལེན་ལ་ཟླ་བྲལ་བཀའ་དྲིན་ཅན། །འགྲོ་འདུལ་གཏེར་བདག་གླིང་པ་ཕྱག་གི་ཡུལ། ཕྱི་རོལ་སྣོད་བཅུད་ཞི་ཁྲོར་ཤར་བའི་རྩལ། །ནང་དུ་རང་བྱུང་ལུས་ལ་ཡོངས་ཚང་བ། །གསང་བ་རིག་པའི་ཆེ་མཆོག་བརྗོད་བྲལ་ལྷ། །གཞན་ནས་འཚོལ་(༢ན)


GLG022_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མིན་གཏན་གྱི་སྐྱབས་དེས་སྐྱོངས། །སྒྲུབ་ཆེན་གསང་རྫོགས་འཕྲིན་ལས་ཁ་སྐོང་རྣམས། །བསྐྱེད་པ་མཧཱ་ཡོ་གའི་སྒོམ་ཁོག་ནས། །འགེང་འོས་དམ་པའི་ཞལ་ལུང་ཇི་བཞིན་དུ། །འདྲི་བར་ཆོས་སྲུང་གཏེར་བདག་གནང་བ་སྩོལ། །དེ་ཡང་མངའ་བདག་གསུང་གི་སྤྲུལ་པ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་གནམ་སྐས་ཅན་ནས་སྤྱན་དྲངས་པའི་ཀླུ་བདུད་ལྟོ་བའི་ཟབ་གཏེར་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལས་བྱང་ལ་ལྷན་ཐབས་སྒོམ་ཁོག་སོགས་ནས་ལེན་འོས་མེད་དུ་མི་རུང་བ་རྣམས་ཆུ་བབས་སུ་བཀོད་པ་ལ། ཞི་ཁྲོ་གསང་བ་ཡོངས་རྫོགས་ཀྱི༔ སྒྲུབ་ཆེན་ལས་གཞུང་བསྲང་བ་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་ཐུན་མོང་ལས་བདུན་ཏེ༔ མཚམས་བཅད་བརྡ་སྒོ་བརྡ་ཕྱག་འཚལ༔ དམ་བཅའ་བྱིན་དབབ་མཆོད་བཤགས་བྱ༔ ཞེས་གསུངས་པ་ལྟར། ཐོག་མར་སྐྱབས་འགྲོའི་ལྷན་ཐབས་ཚིག་བདུན་གསོལ་འདེབས་ནི། ཨོ་རྒྱན་ཡུལ་ནི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་(༢བ)


GLG022_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྒྲུབ་ཁོག་ལས། བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་ཅོག་རྣམ་གསུམ་ལ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ ལན་གསུམ། སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ་བརྗོད། ཡན་ལག་བརྒྱད་པའི་ལྷན་ཐབས་ནི། ཏྲཾ་རཏྣ་མཎྜ་ལ། པཾ་པདྨ་མཎྜ་ལ། མ་སཱུཪྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། བཛྲ་ས་མ་ལ་ཛ༔ རྙིང་མ་བཀའ་པའི་རྒྱུད་ཀྱི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་བྱ། བརྒྱུད་འདེབས་ནི། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་གཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །གསར་སྒྲིགས། ཀུན་བཟང་རིགས་ལྔ་དམ་པ་ཏོག་དཀར་པོ། །ཕྱི་ནང་གསང་བའི་སྤྲུལ་པ་རྣམ་པ་གསུམ། །གསང་བདག་དམ་པའི་རིགས་ཅན་དྲ་མ་ལྔར། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ལས་ཀྱི་དབང་མོ་དབང་ཆུའི་བརྒྱུད་པ་དྲུག །རྒྱ་གར་རིགས་འཛིན་བརྒྱད་དང་པདྨ་(༣ན)


GLG022_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །བོད་ཀྱི་རྗེ་འབངས་ཉི་ཤུ་རྩ་ལྔ་ལ། །གསོལ་བ་༝། །འགྲོ་མགོན་མངའ་བདག་མྱང་ཆེན་ཡབ་སྲས་དང་། །གཏེར་སྟོན་ཆོས་དབང་བཀའ་བབས་སྨན་ལུང་པ། །དྭགས་སྟོན་གཉན་སྟོན་སེ་སྡིངས་ཡབ་སྲས་ལ། །གསོལ་བ་༝། །གུ་རུ་ཆོས་འོད་མཚུངས་མེད་དཔལ་འབྱོར་དབང་། །ཆོས་ཀྱི་དབང་པོ་ཀརྨ་གུ་རུའི་མཚན། །དེ་སྲས་དབང་འབྱོར་རིག་པའི་རྡོ་རྗེ་ལ། །གསོལ་བ་༝། །སླར་ཡང་ལེགས་ལྡན་རྡོ་རྗེ་མཁྱེན་བརྩེའི་ཞབས། །དབང་ཕྱུག་རབ་བརྟན་འཇམ་མགོན་བསོད་ནམས་མཆོག །ཟུར་ཆེན་ཀུན་མཁྱེན་རྩ་བའི་བླ་མ་ལ། །གསོལ་བ་༝། །ཕྱི་དཀྱིལ་སྨིན་བྱེད་ལམ་གྱིས་ལྷ་སྐུར་ཤར། །ལུས་དཀྱིལ་དབང་གིས་རྩ་ཁམས་བདེ་དྲོད་འབར། །ཕྱག་རྒྱ་ལ་བརྟེན་དགའ་བཞིའི་བདེ་ཆེན་རྒྱས། །རང་སེམས་ཀ་དག་ཀུན་བཟང་མངོན་གྱུར་ཤོག །རྡོར་དྲིལ་རྔ་བྱིན་རླབས་ནི། སྒོམ་ཁོག་གི་ཚིག་ཅུང་ཟད་བདེ་རུ་བཏང་བ། རྡོ་རྗེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཡར་གྱི་རྭ་ལྔ་རིགས་ལྔ་ཡབ་ལྔ་དང་། མར་གྱི་རྭ་ལྔ་རིགས་ལྔ་ཡུམ་ལྔར་གསལ་བའི་ལྟེ་བ་མཁའ་གསང་བྱང་ཆུབ་ཀྱི་སེམས་སུ་འཁྱིལ་བ་ལས་འོད་འཕྲོས་པས་འཕགས་པ་མཆོད་ཅིང་འགྲོ་དོན་འབྱུང་བར་གྱུར། ཨཱོཾ་ཨཱཿཧཱུཾ་བཛྲ་ཏིཥྛ་ཛྙཱ་ན་ས་མ་ཡ་ཧཱུཾ། དྲིལ་བུ་མི་དམིགས་༝། །མུཾ་ལས་བྱུང་བའི་དྲིལ་བུ་ཡུམ་གྱི་མཁའ་ནང་དུ་ཡབ་ཀྱི་རྡོ་རྗེ་དྲིལ་ལྕེར་གྱུར་པས་སྦྱོར་བ་བྱས་པས་བྱང་ཆུབ་ཀྱི་སེམས་ཆོས་ཉིད་ཀྱི་རང་སྒྲས་སྟོང་གསུམ་གང་བར་གྱུར། (༣བ)


GLG022_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མུཾ་ཀུ་ལནྡྷ་རི་གྷཎྚེ་ཧཱུཾ༔ རྔ་རྔ་ལྕག་དང་བཅས་པ་མི་དམིགས་པ༝། ཨ་ལས་རྔ་ཀུན་ཏུ་བཟང་མོའི་མཁའ་ལ་རྔ་ལྕག་ཀུན་བཟང་ཡབ་ཀྱི་རྡོ་རྗེས་སྦྱོར་བ་བྱས་པས་བྱང་ཆུབ་ཀྱི་སེམས་ནམ་མཁའི་མཐའ་ཀླས་པར་བླ་མེད་སྙིང་པོའི་ཆོས་སྒྲས་གང་བར་གྱུར། དྷརྨ་དྷཱ་ཏུ་ཧཱུཾ་ཧཱུཾ་བཾ་ཀྵཾ་ས་མ་ཡ་ཧོ༔ བགེགས་གཏོར་ལྷན་ཐབས་ནི། རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུཾ། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོ། སྒྲུབ་ཁོག་ལས། ཡང་དག་དོན་ལ་མི་མོས་ཤིང་༔ མི་དང་མི་མིན་ལོག་འདྲེན་བགེགས༔ ལན་ཆགས་རེ་གཏོར་འདི་ཁྱེར་ལ༔ གནས་འདི་ཁོར་ཡུག་ཚུན་ཆད་དུ༔ སྐད་ཅིག་ཙམ་ཡང་འདའ་མ་བྱེད༔ གལ་ཏེ་ང་ཡི་བཀའ་འདས་ན༔ བདེ་གཤེགས་མཁའ་འགྲོ་ཀུན་འདུས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ མཚམས་གཅོད་ཀྱི་ལྷན་ཐབས་ནི། སྒོམ་ཁོག་གི་ཚིག་བདེ་རུ་ཅུང་ཟད་བཏང་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ནམ་མཁའ་ལྟ་བུའི་ཀློང་ནས། རང་ཉིད་སྐད་ཅིག་དྲན་རྫོགས་སུ་བཀའ་བརྒྱད་ཚོམ་བུ་དགུའི་ཁྲོ་བོའི་ཚོགས་ཀྱི་སྐུར་གྱུར་པ་མེ་དཔུང་འབར་བའི་ཀློང་དུ་གསལ་བ་ལས། སྤྲུལ་པ་ཡང་སྤྲུལ་གྱི་ཁྲོ་ཚོགས་སྐར་ལྟར་འཁྲུག་པས་བགེགས་ཐམས་ཅད་སྲན་ཕུང་ལ་རྡོ་བརྒྱབ་པ་ལྟར་བསྐྲད་པར་གྱུར། མཚམས་བཅད་པ་ནི། ཧཱུཾ། རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་དུ༔ སྣང་སྲིད་རྣམ་དག་ཡེ་ཤེས་ལྷ་ཡི་ཚོགས༔ ཀུན་བཟང་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ རིག་རྩལ་རྣམ་དག་ཐབས་ཤེས་གཡུང་དྲུང་ལྷ༔ འདི་ལ་ལོག་པར་ལྟ་བའི་དགྲ་དང་བགེགས༔ བདུད་(༤ན)


GLG022_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་དཔུང་བཅས་ཐམས་ཅད་ཕྱིར་དེངས་ཤིག༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ༔ གྲྀཧྞ་གྲྀཧྞ་ཧཱུཾ༔ གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ༔ ཨཱ་ན་ཡ་ཧོ༔ བྷ་ག་བཱན་བི་དྱ་རཱ་ཛ་ཧཱུཾ་ཕཊ༔ ཧཱུཾ། བདག་ཉིད་དཔལ་ཆེན་ཁྲག་འཐུང་ཐུགས་ཀ་ནས༔ དྲག་པོའི་བྱིན་རླབས་མཚོན་ཆའི་འོད་ཟེར་འཕྲོ༔ མཚོན་ཆའི་གུར་ཆེན་ཡེ་ཤེས་མེ་དཔུང་འབར༔ ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཁྱབ་པར་བསྲུང་༔ ཧཱུཾ་བཛྲ་ཙཀྲ་ཏཱིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ༔ སྲུང་འཁོར་མཇུག་གི་ལྷན་ཐབས་ནི། སྒོམ་ཁོག་གི་ཚིག་ཅུང་ཟད་བདེ་རུ་བཏང་བ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་ཁྲོ་བོ་འཆོལ་པ་ཌཱཀྐི་རཱ་ཛ་སྐུ་མདོག་མཐིང་ནག་གཡས་ཐོ་བ་དང་གཡོན་ཞགས་པ་བསྣམས་པ་རབ་འཇིགས་གཏུམ་པོ་དཔག་ཏུ་མེད་པ་སྤྲོས༔ ཕྱོགས་སྐྱོང་བཅུ་བཀུག་སྟེ་སྟེང་འོག་ཕྱོགས་མཚམས་སུ་བསྣོལ་བའི་སྟེང་དུ་ཧཱུཾ་བཅུ་འཕྲོས་པར་གྱུར༔ ཧཱུཾ། དྲེགས་པ་ལྷ་ཆེན་ཕྱོགས་སྐྱོང་བསྣོལ་བའི་སྟེང་༔ ཆེ་མཆོག་ལ་སོགས་དཔལ་ཆེན་ཁྲོ་རྒྱལ་ཚོགས༔ གར་དགུའི་ཚུལ་གྱིས་ཧཱུཾ་སྒྲ་སྒྲོག་ཅིང་བཞུགས༔ བར་ཆད་འབྱུང་པོ་ཐམས་ཅད་རྡུལ་དུ་རློག༔ ཨཱོཾ་བཛྲ་ཀྲོདྷ་སྭ་བྷཱ་ཝ་ས་མ་ཡ་རུ་ལུ་རུ་ལུ་ཧཱུཾ་ཕཊ༔ ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཙཀྲ་ཛྭ་ལ་མཎྜ་ལ་ཧ་ལ་ཧ་ལ་ཧཱུཾ་ཕཊ༔ བརྡ་སྒོ་དབྱེ་བ་ནི། ཧཱུཾ། སྣང་སྲིད་ཐམས་ཅད་བདེ་ཆེན་གཞལ་ཡས་ཁང་༔ གཟུགས་སྣང་ཐམས་ཅད་རང་རིག་ཡེ་ཤེས་ལྷ༔ དེ་ཉིད་མ་རྟོགས་མ་རིག་སྒོ་བཅད་པས༔ རང་གསལ་ཡེ་ཤེས་འཆར་སྒོ་ད་ཕྱེ་ཞིག༔ བྷྲཱུཾ་པྲ་བེ་ཤ་ཡ་ཕཊ༔ བརྡ་ཕྱག་འཚལ་བ་ནི། ཧཱུཾ། རང་བྱུང་ཡེ་ཤེས་སྙིང་པོ་སེམས་ཀྱི་ལྷ༔ མ་(༤བ)


GLG022_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་རང་ངོ་རང་གིས་མ་ཤེས་པས༔ ཡེ་ནས་རང་དང་འགྲོགས་ཀྱང་ཞལ་མ་མཇལ༔ རང་གསལ་བརྡ་ཡི་དོན་དང་མཇལ་ཕྱག་འཚལ༔ ཧཱུཾ་ཧེ་རུ་ཀ་ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོ༔ དམ་བཅའ་ནི། ཧཱུཾ། དུས་གསུམ་བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ཚོགས༔ བསྐལ་པ་སྔོན་འདས་དུས་ནས་ཡི་དམ་ལྷ༔ ད་ལྟ་གཉིས་མེད་དོན་དམ་རང་ངོ་ཤེས༔ སྲོག་གི་ཕྱིར་ཡང་མི་བཏང་བསྒྲུབ་ལགས་སོ༔ ཧཱུཾ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ། བྱིན་དབབ་ནི། ཧཱུཾ། ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཕོ་བྲང་ནས༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ ལོངས་སྐུ་རིགས་ལྔ་ཞི་ཁྲོ་འཁོར་དང་བཅས༔ སྤྲུལ་སྐུ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་ཞིག་ཕོག༔ ཁྱེད་ཀྱི་ཐུགས་རྗེ་མཆོག་གིས་གཟུང་དུ་གསོལ༔ ཨཱོཾ་ཤྲཱི་བཛྲ་ཀྲོདྷ་ཧེ་བ་དེ་བ་སརྦ་དུཥྚཾ་ཌཱ་ཀི་ནཱི་ས་མ་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཨཱ་བེ་ཤ་ཡ་ཨ་ཨཱཿབྱིན་འབེབས་ཀྱི་ལྷན་ཐབས་ནི། གཏེར་གཞུང་བཅོས་མེད། ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ཕྱོགས་བཞི་མཚམས་བརྒྱད་དུར་ཁྲོད་བདག༔ ཞིང་སྐྱོང་མ་མོ་ཀུན་གྱི་རྗེ༔ རིགས་འཛིན་གྲུབ་ཐོབ་བརྒྱད་ཀྱི་གཙོ༔ ཀླུ་སོགས་སྡེ་བརྒྱད་ཀུན་གྱི་གཉེན༔ མཆོད་རྟེན་ཤིང་ཆེན་ཀུན་ཏུ་བཞུགས༔ སྟོན་པ་མཐུ་སྟོབས་ལྷ་སྲིན་འདུལ༔ ཨྱོན་པདྨས་བྱིན་ཕོབ་ཅིག༔ མ་དང་མཁའ་འགྲོ་གཤེགས་སུ་གསོལ༔ གནས་འདིར་བྱིན་ཕོབ་བདག་དབང་(༥ན)


GLG022_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར༔ བགེགས་དང་ལོག་འདྲེན་བར་གཅོད་སོལ༔ མཆོག་དང་མཐུན་མོང་དངོས་གྲུབ་སྩོལ༔ གྷུ་རུ་དེ་ཝ་ཌཱ་ཀི་ནི་ས་མ་ཡ་སརྦ་ཧྲིཾ་ཧྲིཾ་ཨཿ མཆོད་བརླབ་ནི། ཧཱུཾ། རང་དང་གཉིས་མེད་ལྷ་ཚོགས་གསལ༔ མར་མེ་སྨན་གཏོར་རཀྟ་དང་༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ཐུགས་དམ་བསྐང་ཕྱིར་འདུལ་གྱིས་བཞེས༔ མཆོད་པ་སྨན་གཏོར་རཀྟ་བརླབ་པའི་ལྷན་ཐབས་ནི༔ སྒོམ་ཁོག་གི་ཚིག་བདེ་རུ་ཅུང་ཟད་བཏང་བ། བདག་གི་ཐུགས་ཀའི་ཧཱུཾ་ལས་རཾ་ཡཾ་ཁཾ་འཕྲོས་པས་ཕྱི་ནང་གསང་བའི་མཆོད་རྫས་རྣམས་ཀྱི་མ་དག་པའི་སྐྱོན་རྣམས་ཡེ་ཤེས་ཀྱི་མེས་བསྲེགས། ཆོས་ཉིད་ཀྱི་རླུང་གིས་གཏོར། ཚད་མེད་ཀྱི་ཆུས་བཀྲུས་ཏེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་ཨཱོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། བདུག་སྤོས་མ་སྔོན་མོ་སྤོས་ཁང་འཛིན། མེ་ཏོག་མ་དམར་མོ་མེ་ཏོག་འཛིན། དྲི་ཆབ་མ་དཀར་མོ་དྲིའི་དུང་ཆོས་འཛིན། མར་མེ་མ་དམར་སེར་སྣང་གསལ་འཛིན། ཞལ་ཟས་མ་དཀར་མོ་བཤོས་གཙང་འཛིན། རོལ་མོ་མ་ལྗང་གུ་སིལ་སྙན་འཛིན་པ་དེ་རྣམས་རེ་རེ་ལས་བྱང་རང་འདྲའི་ལྷ་མོ་དཔག་ཏུ་མེད་པ་དཔལ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ནམ་མཁའ་མཛོད་ལྟ་བུར་ཟད་མི་ཤེས་པས་ཁྱབ་པར་གྱུར། ཨཱོཾ་ཨཱཿཧཱུཾ་བཛྲ་དྷཱུ་པེ་ཧཱུཾ༔ བཛྲ་པུཥྤེ་ཧཱུཾཿ བཛྲ་ཨཱ་ལོ་ཀེ་ཧཱུཾ༔ བཛྲ་གནྡྷེ་ཧཱུཾཿ བཛྲ་ནཻ་བིདྱཱ་ཧཱུཾ༔ བཛྲ་ཤབྡ་ཧཱུཾ༔ བཛྲ་སརྦ་པཱུ་ཛ་མེ་གྷ་ཧཱུཾཿ སྨན་ཕུད་ཀྱི་སྣོད་བཅུད་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། (༥བ)


GLG022_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨཱཿལས་བནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འཁོར་ལོ་རྩིབས་བཞི་བའི་ལྟེ་བར་བྱང་སེམས། སེང་གེའི་ཤ །སྨན་བཟང་པོ་དྲུག །ཤར་གྱི་རྩིབས་ལ་དྲི་ཆེན། གླང་པོ་ཆེའི་ཤ །ཛཱ་ཏི། ལྷོའི་རྩིབས་ལ་ཤ་ཆེན །རྟའི་ཤ །ཀ་ཀོ་ལ། ནུབ་ཀྱི་རྩིབས་ལ་པདྨ་རཀྟ། རྨ་བྱའི་ཤ །ལི་ཤི །བྱང་གི་རྩིབས་ལ་དྲི་ཆུ། ཁྱུང་ཤ །གུར་གུམ་རྣམས་རླུང་གིས་མེ་སྦར་ཏེ་ཞུ་བ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་བཅུ་སོ་སོའི་ལྟེ་བར་ཧཱུཾ་ཨཱོཾ་སྭཱ་ཨཾ་ཧཱ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་རིགས་ལྔ་ཡབ་ཡུམ་ལྔར་གྱུར་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྒྱུན་བབས་པའི་སྟེང་དུ་རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཿ ལན་གསུམ། གཏོར་མའི་སྣོད་བཅུད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་ཐོད་པ་དུམ་བུ་གཅིག་པ་སྟོང་གསུམ་དང་མཉམ་པའི་ནང་དུ། ཨཱོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷའི་ཞལ་ཟས་འདོད་ཡོན་ལྔའི་ལྷ་མོ་སྤྲིན་གྱི་ཕུང་པོ་ལྟ་བུར་འཁྲིགས་པར་གྱུར། ཨཱོཾ་ཨཱཿཧཱུཾ་མཧཱ་བ་ལིཾ་ཏ་ཧེ་ཛྭ་བ་ལིཾ་ཏ་བ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱཧཱ། ལན་གསུམ། རཀྟའི་སྣོད་བཅུད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་པདྨ་འབར་བའི་སྣོད་ཆེན་པོར། ར་ལས་རྡོ་རྗེ་སྒེག་མོ་དམར་མོའི་མཁའ་ནས་ཁྲག་བབས་ཏེ། ཉོན་མོངས་པ་བག་ཆགས་དང་བཅས་པ་འཇོམས་པའི་(༦ན)


GLG022_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟའི་རྒྱ་མཚོ་རྦ་ཀློང་རྒྱ་མདུད་ཀྱི་ཚུལ་དུ་འཁྲུགས་པ་ལ་ལྷ་མོ་ཉིད་འོད་དུ་ཞུ་ནས་ཐིམ་པས་འཁོར་བ་སྟོངས་པར་གྱུར། ཨཱོཾ་ཨཱཿཧཱུཾ་མཧཱ་རཀྟ་ས་མནྟ་མཎྜ་ལ་ཧཱུཾ་ཕཊ༔ ལན་གསུམ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཿ མཧཱ་པཉྩ༔ མཧཱ་བ་ལིཾ་ཏ༔ མཧཱ་རཀྟ༔ ཨ་ཧོ་སུ་ཁ་ས་མ་ཡེ་སྭཱཧཱ༔ བཤགས་པ་ནི། ཧཱུཾ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དགོངས༔ བསྐལ་པ་སྔོན་ནས་ད་ལྟའི་དུས་ཡན་ཆད༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆགས་སོགས༔ རང་གནོང་འགྱོད་སེམས་དྲག་པོས་མཐོལ་ཞིང་བཤགས༔ ཨཱོཾ་ཨཱཿཧཱུཾ་སྭཱཧཱ། བཛྲ་ས་མ་ཡ་ཛཿ ན་ར་ཀ༔ པྲེ་ཏ་ཀ༔ ཏིཪྻ་ཀ༔ ནི་བི་ཤ༔ དེ་བ་ཨ་ལི་བི་ཤུདྡྷེ༔ དཀྵ་ཀ་ཤུདྡྷེ་ཤུདྡྷེ་སྭཱཧཱ༔ ཨཱོཾ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ། །གཉིས་(༦བ)


GLG022_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཨཱཿ ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་གྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨ་འཁྱིལ་བ་ལ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་བསྟངས་འཛིན་དམ་ཚིག་རྗེས་སྤྱོད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཧཱུཾ། ཐུགས་རྗེའི་གདུང་འཚོབ་རིག་འཛིན་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་འགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་(༧ན)


GLG022_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཉན་གྱི་གཏེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་། །དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་ཕྲད་པར་མི་བྱ་ཞེས། །བཀའ་ལས་འབྱུང་ཞིང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་གསལ་དཀས་པ་དང་། །མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མ་འཛེམས་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ། །དམིགས་མེད་བཏང་(༧བ)


GLG022_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་ངང་དུ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །དོན་དམ་བརྗོད་མེད་སྤྲོས་ལས་འདས་པ་ན། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང་། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པ་མཆིས་ན་རབ་ནོངས་བཟོད་པར་གསོལ། །ཞེས་གདུང་ཤུགས་དྲག་པོའི་སྒོ་ནས་བརྗོད། དངོས་གཞི་ལས་རིམ་ཉེར་ལྔ་སྟེ༔ ཏིང་འཛིན་རྣམ་གསུམ་འབྱུང་རིམ་བརྩེགས༔ གཞལ་ཡས་ལྷ་བསྐྱེད་བྱིན་བརླབས་བསྐུར༔ རང་བཞིན་སྤྱན་དྲང་བརྟན་པར་བཞུགས༔ ཕྱག་དང་ཕྱག་རྒྱ་གླུས་མཆོད་ཅིང་༔ ཕྱི་དང་ནང་དང་གསང་མཆོད་བྱ༔ དུག་གསུམ་སྨན་གཏོར་རཀྟ་དང་༔ བདུད་རྩི་གསང་ནན་སྦྱོར་སྒྲོལ་མཆོད༔ བསྟོད་བཤགས་ཛཱབ་བཟླས་དངོས་གྲུབ་བླངས༔ ཞེས་གསུངས་པ་ལྟར་ཏིང་འཛིན་རྣམ་གསུམ་ནི། ཧཱུཾ། སྤྲོས་མེད་ཡང་དག་དེ་བཞིན་ཉིད༔ མཉམ་ཡངས་ཕྱོགས་བྲལ་ཀུན་ཏུ་གདལ༔ མ་ནོར་མ་བཅོས་ཆོས་ཀྱི་སྐུ༔ རང་བཞིན་ལྷུན་གྲུབ་ངང་གིས་གསལ༔ ཨཱོཾ་མཧཱ་ཤཱུ་ནྱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔ ཧཱུཾ། དེ་བཞིན་ཀུན་ཁྱབ་ཀུན་ཏུ་སྣང་༔ མ་རིག་འཁྲུལ་སྣང་འཁོར་བའི་ཀློང་༔ གཟུང་འཛིན་བག་ཆགས་རབ་ཏུ་འཐས༔ མ་རྟོགས་སེམས་ཅན་སྙིང་རེ་རྗེ༔ ཨཱོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་བི་ཤུདྡྷེ་མཎྜལ་ཧཱུཾ༔ ཧཱུཾ། ཆོས་རྣམས་རང་བྱུང་རྟེན་འབྲེལ་ཏེ༔ རྒྱུ་ལས་མ་བྱུང་གང་ཡང་མེད༔ ཧཱུཾ་ནི་ཐམས་ཅད་བསྐྱེད་པའི་རྒྱུ༔ དགོས་འདོད་འབྱུང་བའི་ཡི་གེ་བསྒོམ༔ ཙིཏྟ་བཛྲ་ས་མཱ་དྷི་ཧཱུཾ༔ རྒྱུའི་ཏིང་འཛིན་གྱི་ལྷན་ཐབས་ནི། (༨ན)


GLG022_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཁོག་གི་ཚིག་ལྷུག་པ་ཚིགས་བཅད་དུ་བསྡེབས་པ། རང་སེམས་རྒྱུ་ཡིག་ཧཱུཾ་སྔོན་པོ། །འོད་འབར་རང་བྱུང་ཆོས་ཀྱི་དབྱིངས། །མཁའ་ལ་ཟླ་བ་ལྡིང་བ་བཞིན། །རྒྱུ་ཡི་ཡི་གེ་ཧཱུཾ་དེ་ལས། །འབྱུང་བ་རིམ་བརྩེགས་ནི། རཾ་ཡཾ་ཁཾ་གསུམ་རིམ་བཞིན་འཕྲོས། །མེ་ཡིས་འཇིག་རྟེན་དངོས་འཛིན་བསྲེགས། །རླུང་གིས་རྣམ་རྟོག་གཟུང་འཛིན་གཏོར། །ཆུ་ཡིས་བག་ཆགས་ཞེན་སྣང་བཀྲུས། །རཾ་ཡཾ་ཁཾ༔ ཧཱུཾ། བསྐལ་པ་གསུམ་གྱིས་འཇིག་རྟེན་སྟོངས༔ ཡེ་ནས་དག་པའི་ངང་ཉིད་ལས༔ སྣོད་བཅུད་སྦྱང་ཕྱིར་འབྱུང་རིམ་བརྩེགས༔ རྣམ་དག་ཡུམ་ལྔའི་མཁའ་ཀློང་གསལ༔ ཧཱུཾ་ཨེ་ཡཾ་རུ་སཾ་ཀེཾ་རཾ་བྷྲཱུཾ༔ ཧཱུཾ། ཨེ་ལས་ནམ་མཁའ་མཐའ་དབུས་མེད༔ ཡཾ་ལས་རླུང་གི་དཀྱིལ་འཁོར་སྟེང་༔ ར་ལས་རཏྐའི་རྒྱལ་མཚོ་འཁྱིལ༔ སུཾ་ལས་ཞིང་ཆེན་ས་གཞི་བརྡལ༔ ཀེཾ་ལས་རུས་པའི་རི་རབ་སྟེང་༔ རཾ་ལས་བསྐལ་པའི་མེ་དཔུང་འབར༔ གཞལ་ཡས་ཁང་བསྐྱེད་པ་ནི། ཧཱུཾ། བྷྲཱུཾ་ལས་རིན་ཅེན་གཞལ་ཡས་ཁང་༔ དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་བསྐྱེད༔ ཟླ་གམ་ཡེ་ཤེས་འཆར་སྒོའི་དབུས༔ ཆོས་སྐུ་འགྱུར་མེད་ཨེ་རུ་གསལ༔ བྷཉྫ་སྐམ་རློན་ཕོ་བྲང་བརྩིགས༔ རིན་ཅེན་མཛེས་པའི་དཀྱིལ་འཁོར་དགུ༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས༔ རང་བྱུང་ལྷུན་གྲུབ་ངོ་མཚར་ཆེ༔ དྲེགས་པ་པདྨ་ཉི་ཟླའི་གདན༔ གཙོ་དང་འཁོར་ལོ་འཚམ་པར་གསལ༔ བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བྷཉྫ་ཛྙཱ་ན་ཨེ་ཙཀྲ་མཎྜ་ལ་བྷྲཱུཾ༔ རུ་དྲ་ཀྲོ་དྷིསྠི་ར་བཾ༔ མ་སཱུཪྻ་མཎྜ་ལ༔ ཨ་(༨བ)


GLG022_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཙཎྜ་མཎྜ་ལ༔ པཾ་པདྨ་མཎྜ་ལ༔ ལྷ་བསྐྱེད་པ་ནི། ཧཱུཾ། རྒྱུ་ཡི་ཡི་གེ་གདན་ལ་བབས༔ གཙོ་བོ་བསྐྱེད་པའི་ལྷན་ཐབས་ནི། སྒོམ་ཁོག་གི་དོན་ཉུང་ངུར་བསྡུས་པ། སྤྲོས་ཤིང་བསྡུས་ནས་འོད་དུ་ཞུ། །དེ་ཉིད་རྡོ་རྗེ་རྩེ་དགུར་གྱུར། །སྤྲོ་བསྡུའི་སྦྱོར་བས་དཔལ་ཆེན་སྐུ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་ཧཱུཾ༔ སྤྱན་དགུ་ཞལ་བགྲད་མཆེ་བ་གཙིགས༔ གཡས་ཀྱི་ཕྱག་གསུམ་རྡོ་རྗེ་གསོར༔ གཡོན་གྱི་ཕྱག་གསུམ་བྷན་དམར་འཛིན༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ གནམ་ཞལ་ཡུམ་ཆེན་ཀུན་བཟང་འཁྲིལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་༔ གཡས་པ་གཙོར་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པ་དུང་དམར་གཙོ་ལ་སྟོབ༔ མཁའ་གསང་བྱིན་རླབས་ནི། མ་སཱུཪྻ་མཎྜ་ལ༔ ཧཱུཾ་བཛྲ་ཨཱོཾ༔ ཨ་ཙནྡྲ་མཎྜ་ལ༔ ཨེ་ཨཾ༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭཾ༔ ར་ཧོ་ཧཾ༔ རཱ་ག་ཡཱ་མི༔ ཛཿཧཱུཾ་བཾ་ཧོ༔ ས་མ་ཡ་མུ་དྲ༔ པྲ་པེ་ཤ་ཡ་ཕཊ༔ ཨཱོཾ་ཨཱོཾ་ཨཱོཾ༔ ཧཱུཾ་ཧཱུཾ་ཧཱུཾ༔ ཕཊ་ཕཊ་ཕཊ༔ སྥ་ར་ཎ་ཕཊ༔ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ ཨཱོཾ་བཛྲ་ཀྲོ་དྷ་མཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ མཧཱ་ཀྲོ་དྷཱ་ཤྭ་ཏྭ་རི་སྟྭཾ༔ ཧཱུཾ། དཔལ་ཆེན་ཡབ་ཡུམ་ཐུགས་ཀ་ནས༔ ཕྱོགས་བཞི་མཚམས་བཞི་དཀྱིལ་འཁོར་དུ༔ མཐིང་ནག་ཧཱུཾ་ཆེན་ཡིག་འབྲུ་སྤྲོ༔ (༩ན)


GLG022_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཐུང་ཡབ་ཡུམ་སྲས་བཅས་བསྐྱེད༔ མཁའ་འགྲོ་བརྡ་ཡིག་ཞིག་ཡོད། ཧཱུཾ། ཤར་དུ་བཛྲ་ཧེ་རུ་ཀ༔ བཛྲ་ཀྲོདྷཱི་ཤྭ་རཱི་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ༔ཧཱུཾ་ཕཊ༔ ཧཱུཾ། ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད༔ ཟ་བྱེད་བཻ་ཏཱ་ནག་མོ་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ༔ ཧཱུཾ། ནུབ་ཏུ་དབང་ཆེན་རྟ་མཆོག་དཔལ༔ པདྨ་གཟི་ལྡན་ཁྲོ་མོ་ཡུམ༔ རིགས་བཞི་ལ་སོགས༝། །ཨཱོཾ་པདྨཱནྟ་ཀྲྀ་ཏ་མཧཱ་ཀྲོ་དྷཱ་ཧ་ཡ་གྷྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཧཱུཾ། བྱང་དུ་རྡོ་རྗེ་གཞོན་ནུ་ཆེ༔ འཁོར་ལོ་རྒྱས་འདེབས་དཔལ་གྱི་ཡུམ༔ རིགས་བཞི་ལ་སོགས༝། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཾ་བཾ་ཧཱུཾ་ཕཊ༔ ཧཱུཾ། ཤར་ལྷོར་བླ་མེད་ཧེ་རུ་ཀ༔ ཉིད་བཞི་བདེ་མཆོག་ཆེན་མོ་ཡུམ༔ མ་ལྔ་ལ་སོགས༝། །ཨཱོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སྟྭཾ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ༔ ཧཱུཾ། ལྷོ་ནུབ་རིགས་འཛིན་ཐོད་པ་རྩལ༔ རྡོ་རྗེ་རྣལ་འབྱོར་གསང་བའི་ཡུམ༔ རིགས་བཞི་ལ་སོགས༝། །ཨཱོཾ་བཛྲ་མཧཱ་གུ་རུ་སརྦ་ཧཱུཾ་ཕཊ༔ ཧཱུཾ། ནུབ་བྱང་དྲེགས་པ་ཀུན་འདུལ་དཔལ༔ ཁམས་གསུམ་སྲིད་པ་སྤྱི་འདུལ་ཡུམ༔ རིགས་བཞི་ལ་སོགས༝། །ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུཾ་ཕཊ༔ ཧཱུཾ། བྱང་ཤར་སྟོབས་ལྡན་ནག་པོ་ཆེ༔ འབྱུང་བ་ལྔ་ཡི་བདག་མོ་ཡུམ༔ རིགས་བཞི་ལ༝། །ཨཱོཾ་བཛྲ་སརྦ་དུཥྚཾ་ཨེ་ཛ་བྷྱོ་ཧཱུཾ་ཕཊ༔ ཧཱུཾ། ཉི་མ་དང་ནི་འོད་ཟེར་བཞིན༔ དཔལ་ཆེན་སོ་སོའི་སྤྲུལ་འཁོར་(༩བ)


GLG022_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བཅས༔ ཕྱི་རོལ་སྒོ་བ་རིགས་བཞི་ནི༔ ཡ་མཱན་པྲ་ཛྙཱ་ན་པདྨཱན་བིག༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ མ་འདྲེས་ཡོངས་སུ་རྫོགས་པར་གསལ༔ ཛཿཧཱུཾ་བཾ་ཧོཿ ཧཱུཾ། ཕྱི་རོལ་ལྕགས་རི་ཁོར་ཡུག་ལ༔ མཁའ་འགྲོ་དབང་ཕྱུག་གིང་ལངྒ༔ འབར་མ་མ་སྲིང་བཀའ་སྡོད་ཚོགས༔ བསམ་གྱིས་མི་ཁྱབ་ཡོངས་རྫོགས་གཏིབས༔ མཧཱ་མུ་དྲ་ས་མ་ཡ་ཧོ༔ བྱིན་གྱིས་བརླབ་པ་ནི། ཧཱུཾ། རང་བྱུང་དཀྱིལ་འཁོར་དཔལ་ཆེན་རྫོགས༔ མཐུ་རྩལ་ཡོངས་སུ་རྫོགས་བྱའི་ཕྱིར༔ སྐུ་གསུང་ཐུགས་སུ་བྱིན་རློབས་ལ༔ ཡེ་ཤེས་རྣམ་ལྔས་དབང་བསྐུར་ཅིག༔ ཨཱོཾ་ཨཱཿཧཱུཾ༔ དབང་བསྐུར་བ་ནི། ཨཱོཾ་ཧཱུཾ་སྭཱ་ཧྲཱིཿཧཱ༔ དབང་གི་ལྷན་ཐབས་སྒོམ་ཁོག་གི་ཚིག་བདེ་རུ་ཅུང་ཟད་བཏང་བ། ཚེམ་བུ་དགུའི་ལྷ་ཚོགས་རྣམས་ཀྱི་དུང་ཁང་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རྣམ་སྣང་དཀར་པོ་ཐུགས་ཀར་ཨཱོཾ་གྱིས་མཚན་པ། ལྗགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་སྣང་བ་མཐའ་ཡས་དམར་པོ་ཐུགས་ཀར་ཨཱཿས་མཚན་པ། ཐུགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་རྡོ་རྗེ་སེམས་དཔའ་མཐིང་ཁ་ཐུགས་ཀར་ཧཱུཾ་གིས་མཚན་པས་དུས་གསུམ་བདེ་གཤེགས་བླ་མ་རིགས་འཛིན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོངས་སུ་རྫོགས་པ་ཐོབ། ཚོམ་བུ་དགུའི་ལྷ་ཚོགས་རྣམས་ཀྱི་གཙུག་ཏོར་གྱི་སྟེང་དུ་ཧཱུཾ་མཐིང་ཁ། དཔྲལ་བར་ཨཱོཾ་དཀར་པོ། རྣ་གོང་གཡས་སུ་སྭཱ་སེར་པོ། ལྟག་པར་ཧྲཱིཿདམར་པོ། སྙན་གོང་གཡོན་དུ་ཧཱ་ལྗང་གུ་ལས་རིགས་ལྔ་སོགས་ཞི་བ་བཞི་བཅུ་(༡༠ན)


GLG022_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གཉིས་ཀྱི་ལྷ་ཚོགས་མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར་བ་སྟེ། ཞི་བའི་ཚུལ་དགུ་དང་ལྡན་པར་བཞུགས་ནས་དབང་ཆེན་རབ་འབྱམས་ཀྱི་དབང་བསྐུར་བ་ཐོབ་སྟེ་འགྲོ་དོན་ལ་དཔའ་བར་གྱུར། ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་ཛྙཱ་ན་པཉྩ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ༔ སྤྱན་འདྲེན་ནི། ཧཱུཾ། རྣམ་དག་ཆོས་དབྱིངས་མཉམ་ཉིད་ལས༔ ཞི་ཁྲོ་ཡོངས་རྫོགས་སྐུ་བཞེངས་ལ༔ སྲིད་གསུམ་གདུག་པའི་ཚོགས་བསྒྲལ་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨཱོཾ་ཨེ་ཧྱེ་ཧི་ས་མ་ཡ༔ ཛཿཧཱུཾ་བཾ་ཧོ༔ ཧྲིཾ་ཧྲིཾ་ཛཿ བརྟན་བཞུགས་ནི། ཧཱུཾ། བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ དུ་མ་རོ་གཅིག་བརྟན་པར་བཞུགས༔ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྠ་སྟྭཾ༔ ཕྱག་ནི། ཧཱུཾ། ཆོས་རྣམས་རང་བཞིན་ཡེ་ནས་དག༔ རྟོག་འཁྲུལ་འཇིག་རྟེན་སེམས་ཅན་ལ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་སྟོན༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ ན་མཿཧྲཱིཾ༔ གར་མཆོད་ནི། ཧཱུཾ། གདུལ་བྱའི་མོས་བློ་ཐ་དད་པས༔ ཞི་དང་ཁྲོ་དང་འདྲེས་པའི་ཚུལ༔ སྐུ་མདོག་ཞལ་ཕྱག་བསམ་འདས་ཀྱང་༔ ལྷ་རྣམས་གསལ་འདེབས་གར་མཆོད་འབུལ༔ ཧཱུཾ། དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་ཀྱི་ཕྱག་(༡༠བ)


GLG022_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྡོ་རྗེ་གདེངས་༔ གཡོན་གྱི་ཕྱག་གསུམ་བྷན་དམར་འཛིན༔ ཡུམ་ཆེན་གནམ་ཞལ་ཀུན་བཟང་འཁྲིལ༔ གཡས་པས་གཙོར་འཁྱུད་ཁ་ཊྭཱཾ་ཀ༔ གཡོན་པ་ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུཾ། དཔལ་ཆེན་བཛྲ་ཧེ་རུ་ཀ༔ དབུ་གསུམ༝། །གཡས་དཀར༝། །རིགས་ལྔས༝། །གཡས་གསུམ་རྩེ་དགུ་ཁ་ཊྭཱཾ་རྔ༔ གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་བསྣམས༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་མ༔ གཡས་པས༝། །གཡོན་པ༝། །ཡབ་ཡུམ༝། །ཕྱག་རྒྱ༝། །ཧཱུཾ། དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ དབུ་གསུམ༝། །གཡས་དཀར༝། །རིགས་ལྔས༝། །གཡས་གསུམ་བེ་ཅོན་རལ་གྲི་སྟ༔ གཡོན་གསུམ་སྡིགས་མཛུབ་མདུང་བྷན་དམར༔ ཡུམ་ཆེན་བཛྲ་བཻ་ཏཱ་ལཱི༔ གཡས་པས༝། །གཡོན་པ༝། །ཡབ་ཡུམ༝། །ཕྱག་རྒྱ༝། །ཧཱུཾ། དཔལ་ཆེན་རྟ་མགྲིན་པདྨ་དབང་༔ དབུ་གསུམ༝། །གཡས་དཀར་གཡོན་སྔོ་དབུས་དམར་ཞལ༔ དབུ་གཙུག་རྟ་སྐད་ཕྱོགས་བཅུར་སྒྲོག༔ རིགས་ལྔས༝། །གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་ཞགས༔ གཡོན་གསུམ་དྲིལ་བུ་བྷན་དམར་སྒྲོག༔ ཡུམ་ཆེན་ཨེ་ཀ་ཛཱ་ཊི་མ༔ གཡས་པས༝། །གཡོན་པ༝། །ཡབ་ཡུམ༝། །ཕྱག་རྒྱ༝། །ཧཱུཾ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ དབུ་གསུམ༝། །གཡས་དཀར༝། །རིགས་ལྔས༝། །གཡས་གཉིས་རྩེ་དགུ་རྩེ་ལྔ་སྟེ༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་ཀ༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ གཡས་པས༝། །གཡོན་པ༝། །ཡབ་ཡུམ༝། །ཕྱག་རྒྱ༝། །(༡༡ན)


GLG022_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། དཔལ་ཆེན་བླ་མེད་ཧེ་རུ་ཀ༔ དབུ་གསུམ༝། །གཡས་དཀར༝། །རིགས་ལྔས༝། །གཡས་གསུམ་རྡོ་རྗེ་ཁྱུང་སྤྲུལ་ཞགས༔ གཡོན་གསུམ་དུང་དམར་ཞིང་གའུ༔ ཡུམ་ཆེན་ཉིད་བཞི་མུ་ཁ་ལེ༔ གཡས་པས༝། །གཡོན་པ༝། །ཡབ་ཡུམ༝། །ཕྱག་རྒྱ༝། །ཧཱུཾ། དཔལ་ཆེན་རིགས་འཛིན་ཐོད་པ་རྩལ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད༔ སྐུ་མདོག་དཀར་དམར་རུས་རྒྱན་མཛེས༔ རིགས་ལྔས༝། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བསྒྱུར༔ ཡུམ་ཆེན་ཆོས་དབྱིངས་རྣལ་འབྱོར་མ༔ གཉིས་མེད་འཁྲིལ་སྦྱོར་བདེ་ཆེན་བསྐྱེད༔ ཡབ་ཡུམ༝། །ཕྱག་རྒྱ༝། །ཧཱུཾ། དཔལ་ཆེན་དྲེགས་པ་ཀུན་འདུལ་ཆེ༔ དབུ་གསུམ༝། །གཡས་དཀར༝། །རིགས་ལྔས༝། །གཡས་གསུམ་རྡོ་རྗེ་ལྷ་བརྒྱད་མགོ༔ གཡོན་གསུམ་བྷན་དམར་ཀླུ་བརྒྱད་མགོ༔ ཡུམ་ཆེན་སྲིད་པ་སྤྱི་འདུལ་མ༔ གཡས་པས༝། །གཡོན་པ༝། །ཡབ་ཡུམ༝། །ཕྱག་རྒྱ༝། །ཧཱུཾ། དཔལ་ཆེན་སྟོབས་ལྡན་ནག་པོ་ཆེ༔ དབུ་གསུམ༝། །སྐུ་མདོག་མཐིང་ནག་འཇིགས་པ་ལ༔ རིགས་ལྔས༝། །གཡས་གསུམ་རྡོ་རྗེ་ལྷ་བརྒྱད་སྙིང་༔ གཡོན་གསུམ་བྷན་དམར་ཀླུ་བརྒྱད་སྙིང་༔ ཡུམ་ཆེན་འབྱུང་བ་ལྔ་ཡི་བདག༔ གཡས་པས་གཟུགས་ཁམས་མཁའ་ལ་འདེགས༔ གཡོན་པས་འདོད་ཁམས་ས་ལ་གནོན༔ ཡབ་ཡུམ༝། །ཕྱག་རྒྱ༝། །ཧཱུཾ། སོ་སོའི་རིགས་བཞི་འཁོར་ཚོགས་རྣམས༔ ཞལ་དང་ཕྱག་མཚན་ཅིར་ཡང་བསྒྱུར༔ བདེ་གཤེགས་ཐམས་ཅད་གར་གྱི་བདག༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ མཧཱ་མུ་དྲ་པཱུ་ཛ་ཧོ༔ གླུ་མཆོད་ནི། (༡༡བ)


GLG022_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། སྟོང་པའི་རང་བཞིན་ཅིར་ཡང་སྣང་༔ སྣང་བའི་མཚན་ཉིད་སྐྱེ་བ་མེད༔ གླུ་ནི་འདུ་འབྲལ་མེད་པའི་གླུ༔ བྲོ་ནི་བར་ཆད་མེད་པར་བརྡུང་༔ ཨཱོཾ་མཧཱ་ཛྙཱ་ན་ཏེ་ན་ཧཱུཾ་ཏེ་ཏེ་ཧཱུཾ༔ ཕྱི་མཆོད་ནི། ཧཱུཾ། རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ བདུག་སྤོས་མེ་ཏོག་མར་མེ་དྲི༔ ཞལ་ཟས་སིལ་སྙན་མཆོད་པའི་སྤྲིན༔ དབྱིངས་ནས་བཏོན་ཏེ་དབྱིངས་སུ་འབུལ༔ ཨཱོཾ་པ་ན་པེཾ༔ པེ་ནུ་སུ་རི་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐ་ག་ཏ་སིདྡྷི་ས་མ་ཡ་ཧོ༔ ཨཱོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་ཧཱུཾ༔ པུཥྤེ་ཏྲཱཾ༔ ཨཱ་ལོ་ཀེ་ཧྲཱི༔ གྷནྡྷེ་ཧོ༔ ནཻ་བི་དྱཱ་ཨ༔ གཱི་ཏི་ཤབྡ་ཧཱུཾ༔ ནང་མཆོད་ནི། ཨཱོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་གཏིབས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་ལྔ་ལྡན་མཆོད་པར་བཞེས༔ ཨཱོཾ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ གསང་མཆོད་ནི། ཧཱུཾ། འདོད་ཆགས་ཞེ་སྡང་གཏི་མུག་ཆེ༔ ང་རྒྱལ་ཕྲག་དོག་ཉོན་མོངས་ལྔ༔ ཡེ་ནས་རིགས་ལྔའི་རང་བཞིན་ཡིན༔ སྦྱོར་སྒྲོལ་ཏིང་འཛིན་དམ་མཆོད་བཞེས༔ ཧ་ལ་པཉྩ་པཱུ་ཛ་ཧོ༔ དུག་གསུམ་མཆོད་པ་ནི། ཧཱུཾ། ཤ་ཁྲག་རུས་པ་རྣམ་པ་གསུམ༔ དུག་གསུམ་མཆོད་པ་བླ་ན་མེད༔ ཡེ་ནས་སྐུ་གསུམ་རང་བཞིན་ཏེ༔ རང་གྲོལ་ཉིད་དུ་མཆོད་པར་བཞེས༔ མཧཱ་མཱཾ་ས༔ མཧཱ་རཀྟ༔ མཧཱ་ཀེཾ་ནྲྀ་ཏི་ཁཱ་ཧི༔ སྨན་མཆོད་ནི། ཧཱུཾ། རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔ་སེམས་ཅན་ཀུན་བསྒྲལ་ཕྱིར༔ དུག་(༡༢ན)


GLG022_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སེལ་བའི་བདུད་རྩི་ཆེ༔ ཨཱོཾ་ཨཱཿཧཱུཾ་ས་རྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋ༔ ཧཱུཾ། རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ ཐུན་མོང་མཆོག་དང་ཁྱད་འཕགས་འདི༔ དུས་གསུམ་བླ་མ་ཡི་དམ་ལྷ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ སྨན་མཆོད་ཀྱི་ལྷན་ཐབས་ནི་གསར་བསྒྲིགས། ཚིག་སྔ་མ་གསུམ་པོ་བརྒྱུད་འདེབས་ལྟར་ལ། དམ་རྫས་མྱོང་གྲོལ་སྨན་མཆོད་འབུལ་གྱིས་བཞེས། ཨཱོཾ་མཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཞེས་ཀུན་ལ་སྦྱར་བའི་མཐར། བཅོམ་ལྡན་བདེ་གཤེགས་ཞི་བའི་ལྷ་ཚོགས་དང་། །དཔལ་ཆེན་ཆེ་མཆོག་ཡོན་ཏན་ཡང་དག་ཐུགས། །འཇམ་དཔལ་སྐུ་དང་པདྨ་གསུང་གི་ལྷར། །དམ་རྫས༝། །ཨཱོཾ༝། །ཕུར་པ་འཕྲིན་ལས་མ་མོ་རྦོད་གཏོང་ཚོགས། །རིགས་འཛིན་སློབ་དཔོན་འཇིག་རྟེན་མཆོད་བསྟོད་དང་། །དམོད་པ་དྲག་སྔགས་དཔལ་གྱི་བཀའ་སྲུང་ལ། །དམ་རྫས༝། །ཨཱོཾ༝། །ཧཱུཾ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལ༔ དམ་ཚིག་ཅན་གྱིས་ཧཱུཾ་བསྒོམས་ཏེ༔ མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས༔ མྱངས་ན་དངོས་གྲུབ་མཆོག་ཐོབ་འགྱུར༔ ཀཱ་ཡ་སིདྡྷི་ཨཱོཾ༔ ཝཱཀྶིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ༔ སརྦ་སིདྡྷི་ཧྲཱི༔ གཏོར་མ་ནི། ཧཱུཾ། དམ་རྫས་རྨད་བྱུང་གཏོར་ཆེན་པོ༔ འདོད་ཡོན་ལྔ་ཡི་ཕུང་པོར་འབར༔ ཐམས་ཅད་ཚིམ་བྱེད་མཆོད་སྦྱིན་ཆེ༔ ཞི་ཁྲོ་ཡོངས་རྫོགས་ཐུགས་དམ་བསྐང་༔ མཧཱ་བ་ལིཾ་ཏ་ཁཱ་ཧི༔ རཀྟ་(༡༢བ)


GLG022_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཧཱུཾ། རུ་དྲ་བསྒྲལ་བའི་ཁྲག་ཆེན་པོ༔ ལྕང་ལོར་བཅས་པའི་བྷཉྫར་བསྐྱིལ༔ འཁོར་བ་དབྱིངས་སུ་དག་བྱའི་ཕྱིར༔ དཔལ་ཆེན་ཚོགས་ཀྱི་ཞལ་དུ་འབུལ༔ མཧཱ་རཀྟ་ཁཱ་ཧི༔ བདུད་རྩི་གསང་ནན་ནི། ཧཱུཾ། རྒྱུ་གཉིས་རྐྱེན་སྦྱར་འབྲུ་བཅུད་འདི༔ དུག་ལྔ་སྨན་གྱུར་དམ་པའི་རྫས༔ ཛ་གད་དཔའ་བོའི་བདུད་རྩི་འདིས༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་༔ མཧཱ་པཉྩ་ཨ་མྲྀ་ཏ་ཛ་གད་ཁཱ་ཧི༔ སྦྱོར་མཆོད་ནི། ཧཱུཾ། དབྱིངས་རིག་གཉིས་མེད་སྦྱོར་བ་ཡིས༔ འཁོར་འདས་ཉིས་སུ་མེད་པར་སྦྱོར༔ གཉིས་མེད་རྟོགས་པའི་སྦྱོར་མཆོད་འདིས༔ རྒྱལ་བ་ཡབ་ཡུམ་མཉེས་གྱུར་ཅིག༔ ཛཿཧཱུཾ་བཾ་ཧོ༔ པདྨ་ཡོ་གི་ནཱི་ས་མ་ཡ་པྲ་བེ་ཤ་ཡ་ཕཊ༔ སྒྲོལ་མཆོད་ནི། ཧཱུཾ། ཡང་དག་དོན་རྟོགས་བློ་ཡིས་ནི༔ མ་རྟོགས་སེམས་ཅན་གནས་སུ་བསྒྲལ༔ དུས་གསུམ་བདེ་གཤེགས་དེ་ལ་མཉེས༔ མཆོག་གི་མཆོད་པ་ཆེན་པོ་བཞེས༔ ཨཱོཾ་མཧཱ་ཤྲཱི་ཧེ་རུ་ཀ་མ་ཏྲཾ་རུ་དྲ་པྲ་བྷཉྫ་ཙཀྲ་ཧཱུཾ་ཕཊ༔ པྲ་བེ་ཤ་ཡ་ཕཊ༔ ཏི་ཧཱུཾ་ཨ་ཡཾ་སྥ་ར་ཎ་ཕཊ༔ བསྟོད་པ་ནི། ཨཱོཾ། མཉམ་ཉིད་ཆོས་སྐུའི་རང་བཞིན་ལས༔ ཀུན་བཟང་ཟག་པ་མེད་པར་བདེན༔ སེམས་ཅན་དོན་ལ་དེ་བཞིན་གཤེགས༔ ཐུགས་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱཿ རྩོལ་མེད་རང་བྱུང་ཆོས་སྐུའི་སྒྲ༔ མ་འགགས་རང་གསལ་འཛིན་པ་མེད༔ ཆགས་མེད་སྐྱོན་བྲལ་པདྨའི་གསུང་༔ ཡང་དག་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུཾ། སྤྲོས་པ་མེད་པ་དབྱིངས་ཀྱི་ངང་༔ མ་སྐྱེས་འཇིགས་མེད་རྡོ་རྗེའི་ཐུགས༔ བླང་དོར་མེད་པ་ཆོས་ཀྱི་དབྱིངས༔ འགྱུར་མེད་(༡༣ན)


GLG022_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ལ་ཕྱག་འཚལ་བསྟོད༔ སྭཱ། ཆོས་དབྱིངས་རོལ་པ་ཆེན་པོ་ལས༔ རྩལ་དང་རོལ་པར་མི་དམིགས་ཀྱང་༔ ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་གྱིས༔ ཡོན་ཏན་རེ་སྐོང་ཕྱག་འཚལ་བསྟོད༔ ཧཱ། རང་བཞིན་ཅིར་ཡང་མ་ངེས་ཀྱང་༔ དཀྱིལ་འཁོར་ཆེན་པོའི་ཆ་བཟུང་ནས༔ རྟོག་མེད་དྲེགས་པ་ངང་གིས་འདུལ༔ འཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ ཨཱོཾ་ཨཱཿཧཱུཾ་སྭཱཧཱ༔ ན་མོ་ཧྲྀ་ད་ཡ༔ ཨཱོཾ་ན་མཿ བསྟོད་པའི་ལྷན་ཐབས་ནི། གཏེར་གཞུང་བཅོས་མེད་ཞི་ཁྲོ་སྤྱིར་དྲིལ་ནས་བསྟོད་པ། ཧཱུཾ། བཅོམ་ལྡན་བདེ་གཤེགས་ཀུན་བཟང་རིགས་ལྔ་ཡབ༔ གདུག་པ་འདུལ་ཕྱིར་ཁྲག་འཐུང་སྐུ་ལྔར་སྟོན༔ བཟང་མོ་ལ་སོགས་ཀྲོ་དྷཱི་ཡུམ་རྣམས་འཁྲིལ༔ སེམས་དཔའ་ལྕམ་དྲལ་མཐར་བྱེད་ཐུབ་པ་དྲུག༔ དྲེགས་པ་འཇོམས་མཛད་གཏུམ་རྔམ་ཚོགས་དང་བཅས༔ ཞི་ཁྲོ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་ཚོམ་བུ་དགུ་ལ་སོ་སོར་བསྟོད་པ་ནི། ཧཱུཾ། བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ གཉིས་མེད་བདེ་སྦྱོར་གནམ་ཞལ་དབྱིངས་ཕྱུག་འཁྲིལ༔ རིགས་བཞི་ཧེ་རུ་ཀ་ཡབ་ཡུམ་ཡོན་ཏན་སྲས༔ སྤྲུལ་པའི་ཁྲོ་བཅུ་སྒོ་སྐྱོང་འཁོར་གྱིས་བསྐོར༔ བདེ་གཤེགས་དགོངས་འདུས་ཆེ་བའི་ཡོན་ཏན་རྒྱས༔ ཆེ་མཆོག་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ ཆགས་མེད་བདེ་སྦྱོར་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ ཁྲག་འཐུང་རིགས་བཞི་ཡབ་ཡུམ་ཐུགས་ཀྱི་སྲས༔ གནས་དང་ཡུལ་གྱི་མ་ཚོགས་སྒོ་(༡༣བ)


GLG022_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མར་བཅས༔ དྲི་མེད་རྣམ་དག་ཐུགས་མཆོག་འགྱུར་བ་མེད༔ ཡང་དག་ཡོངས་རྫོགས༝། །ཧཱུཾ། བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ སྐུ་ལྔ་སྦྱོར་དང་དུག་ལྔ་སྒྲོལ་ཡུམ་འཁྲིལ༔ གཤེད་བཞི་ཡབ་ཡུམ་སྐུ་ཡི་སྲས་དང་བཅས༔ ཕྱོགས་སྐྱོང་གིང་བདུད་སྒོ་བཞི་ཕྲ་མེན་བསྐོར༔ རབ་འཇིགས་རྔམ་པའི་སྐུ་མཆོག་ཁྱད་པར་ཆེ༔ གཤིན་རྗེ་ཡོངས་རྫོགས༝། །ཧཱུཾ། བཅོམ་ལྡན་དཔལ་ཆེན་རྟ་མགྲིན་པདྨ་དབང་༔ པདྨ་གཟི་ལྡན་བདེ་ཆེན་ཡུམ་མཆོག་འཁྲིལ༔ དབང་ཆེན་རིགས་བཞི་ཡབ་ཡུམ་གསུང་གི་སྲས༔ ཕྲ་མེན་ཟིལ་གནོན་ཁྲོ་རྒྱལ་སྒོ་བར་བཅས༔ གསུང་གི་དབང་ཕྱུག་རྟ་སྐད་ཕྱོགས་བཅུར་སྒྲོག༔ དབང་ཆེན་ཡོངས་རྫོགས༝། །ཧཱུཾ། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ གསང་ཆེན་དགྱེས་མཛད་འཁོར་ལོ་རྒྱས་འདེབས་འཁྲིལ༔ འཕྲིན་ལས་སྲས་བཞི་ཁྲོ་བཅུ་ཡབ་ཡུམ་བཅས༔ ཟ་གསོད་མ་ཚོགས་མིང་པོ་སྒོ་བས་བསྐོར༔ འཕྲིན་ལས་བདག་ཉིད་རྩལ་ཆེན་འགྲོ་བ་འདུལ༔ ཕུར་པ་ཡོངས་རྫོགས་ལྷ་ལ༝། །ཧཱུཾ། བཅོམ་ལྡན་དཔལ་ཆེན་ཆེ་བཙན་མངོན་རྫོགས་སྐུ༔ དགྱེས་མཛད་ཡུམ་ཆེན་ཉིད་བཞི་མུ་ཁ་འཁྲིལ༔ རྟག་རྒྱལ་མ་ལྔ་བདེ་ཆེན་ཀུན་གྱི་སྲས༔ ཡེ་ཤེས་རྗེ་མོ་སྨན་མོ་སྒོ་སྐྱོང་བཅས༔ ལས་ཀྱི་བདག་མོ་རྦོད་གཏོང་ཕོ་ཉར་འགྱེད༔ མ་མོ་ཡོངས་རྫོགས༝། །ཧཱུཾ། བཅོམ་ལྡན་དཔལ་ཆེན་རིགས་འཛིན་ཐོད་པ་རྩལ༔ མི་དམིགས་རྡོ་རྗེ་རྣལ་འབྱོར་གསང་ཡུམ་འཁྲིལ༔ ཐུགས་ཀྱི་སྲས་མཆོག་སློབ་དཔོན་རིགས་བཞི་སྟེ༔ དཔའ་བོ་དཔའ་མོ་སྒོ་བཞི་སྲུང་(༡༤ན)


GLG022_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་བཅས༔ རྒྱུད་ལུང་མན་ངག་མངའ་བདག་རིག་པ་འཛིན༔ བླ་མ་ཡོངས་རྫོགས༝། །ཧཱུཾ། དྲེགས་པ་ཀུན་འདུལ་ཁྲོ་རྒྱལ་མི་བཟད་པ༔ ཁམས་གསུམ་སྲིད་པ་སྤྱི་འདུལ་ཡུམ་མཆོག་འཁྲིལ༔ ཐུགས་སྲས་ཕོ་ཉ་སྡེ་བཞི་ཡབ་ཡུམ་བཅས༔ སྡེ་དང་དཔོན་བཅས་སྒོ་སྐྱོང་དྲེགས་པའི་ཚོགས༔ ཞི་རྒྱས་དབང་དྲག་ལས་རྣམས་ཅི་བཅོལ་བསྒྲུབ༔ འཇིག་རྟེན་ཡོངས་རྫོགས༝། །ཧཱུཾ། མཐུ་སྟོབས་རྩལ་ལྡན་རབ་གཏུམ་ཁྲོ་བོའི་རྒྱལ༔ ཀུན་གྲོལ་འབྱུང་བ་མངའ་བདག་ཡུམ་མཆོག་འཁྲིལ༔ ཐུགས་སྲས་དྲེགས་པ་ལས་མཁན་ཡབ་ཡུམ་བཞི༔ དམ་ཚིག་དབང་གིས་བསྟན་བསྲུང་སྔགས་བདག་ཚོགས༔ དྲག་པོ་བཅོ་བརྒྱད་གདུག་པའི་མཚོན་ངར་ཅན༔ དྲག་སྔགས་ཡོངས་རྫོགས༝། །བཀའ་སྲུང་གི་བསྟོད་པ་ནི། ཧཱུཾ། དུས་གསུམ་བདེ་གཤེགས་ཡོངས་རྫོགས་སྤྱན་སྔ་རུ༔ དམ་མནོས་རང་རྟགས་སྲོག་གི་སྙིང་པོ་ཕུལ༔ བཀའ་སྩལ་གཉེར་བླངས་རྫུ་འཕྲུལ་གར་གྱི་བདག༔ མ་ལྟར་བྱམས་ཤིང་སྲིང་ལྟར་དུངས་སེམས་ཀྱིས༔ དཀྱིལ་འཁོར་མིང་འཛིན་རྣལ་འབྱོར་ཡོངས་ལ་སྐྱོབ༔ བཀའ་སྲུང་ཡོངས་རྫོགས༝། །དོན་གྱི་བསྟོད་པ་ནི། ཧཱུཾ། རྣམ་དག་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ༔ འགྲོ་དོན་འདོད་དགུར་བསྒྱུར་ཞིང་གཙོ་དང་འཁོར༔ ཇི་ལྟར་སྤྲུལ་ཡང་ཡེ་ཤེས་རིག་པའི་རྩལ༔ རང་ཤར་རང་གྲོལ་བདེ་གཤེགས་གཡུང་དྲུང་ལྷ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི༔ ཐམས་ཅད་ཆོས་སྐུར་ཡོངས་རྫོགས་ལྷ་ལ་བསྟོད༔ བཤགས་(༡༤བ)


GLG022_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཧཱུཾ། ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་དགོངས༔ སྔོན་ནས་རང་དང་མཉམ་ཉིད་དོན༔ མ་རྟོགས་རིགས་མཚན་སོ་སོར་བཟུང་༔ དབྱེར་མེད་རྣམ་དག་ཀློང་དུ་བཤགས༔ ས་མ་ཡ་ཨེ་ཧོ་ཤུདྡྷེ་ཨཱ༔ ཨཱོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་བ༔ སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ༔ སུ་པོ་ཥྱོ་མེ་བྷ་བ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙཏྟིཾ་ཤྲེ་ཡ་ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝ་ན༔ བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ༔ ཧེ་རུ་ཀོ་བྷ་བ༔ མཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ༔ ཛཱབ་ནི། རྒྱུད་ལས༔ ཞི་བར་བསྙེན་ཅིང་ཁྲོ་བོར་བསྒྲུབ༔ ཅེས་པས་ཞི་བསྙེན་ཛཱབ་བསྐུལ་བ་ནི༔ ཧཱུཾ། གསང་བ་ཡོངས་རྫོགས་དཀྱིལ་འཁོར་དུ༔ ཆེ་མཆོག་དཔལ་དགུའི་དབུ་རྒྱན་ནང་༔ ཐབས་ཤེས་ཉི་ཟླ་པདྨའི་སྟེང་༔ མི་བསྐྱོད་རྣམ་པར་སྣང་མཛད་དང་༔ རིན་འབྱུང་སྣང་མཐའ་དོན་ཡོད་གྲུབ༔ ཡུམ་ཆེན་ཀུན་བཟང་སངས་རྒྱས་སྤྱན༔ མཱ་ཀི་གོས་དཀར་དམ་ཚིག་སྒྲོལ༔ རྒྱལ་བ་ཡབ་ཡུམ་ཕྱག་མཚན་བཅས༔ ཀུན་བཟང་ཡབ་ཡུམ་དགྱེས་པར་སྦྱོར༔ སྲས་མཆོག་སེམས་དཔའ་སེམས་མར་བཅས༔ སྤྲུལ་སྐུ་ཐུབ་དྲུག་མཐར་བྱེད་བརྒྱད༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར༔ དབུ་རྒྱན་ཅོད་པན་འཕྲེང་བ་དང་། དོ་ཤལ་དཔུང་རྒྱན་སེ་མོ་དོ༔ རིན་ཅེན་དར་དཔྱངས་ཆས་རྣམས་རྫོགས༔ གསུང་ནི་ཡང་སྙིང་སྔགས་སྒྲ་སྒྲོག༔ ཐུགས་ནི་རང་བྱུང་ཡེ་ཤེས་གསལ༔ ཛཱབ་ཀྱིས་སྐུ་གསུང་ཐུགས་རྒྱུད་བསྐུལ༔ སྤྲོས་པས་སྟོང་(༡༥ན)


GLG022_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྐུ་ཡིས་གང་༔ སྐུ་ལས་གསུང་བྱོན་སྔགས་འབྲུག་ལྡིར༔ བསྡུས་པས་ཆོས་དབྱིངས་མཁའ་ལ་ཐིམ༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་བཏང་ངོ་༔ ཨཱོཾ་ཨཱ་ལི་ཀཱ་ལི་ཛྙཱ་ན་པཉྩ་སཏྭ་ཀྲོ་དྷ་མུ་ན་ཡེ་སྭཱཧཱ༔ ཨཱོཾ་བོ་དྷི་ཙིཏྟ་མཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཿ ཨཱོཾ་ཨཱཿཧཱུཾ་སྭཱཧཱ༔ མཱུཾ་ལཱཾ་མཱཾ་བཱཾ་ཏཱཾ༔ སྙིང་པོ་བརྒྱ་སྟོང་བཟླས་རྗེས་སུ༔ རྟགས་དང་སྦྱར་ལ་སྟོང་ཚིགས་མཆོད༔ ཧཱུཾ། དབུས་ཕྱོགས་འཁོར་ལོའི་གཞལ་ཡས་སུ༔ ཟླ་གམ་དབང་ཆེན་ཨེ་དཀྱིལ་དུ༔ བྱོལ་སོང་གཙོ་བརྒྱད་དྲེགས་པའི་སྟེང་༔ ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨའི་གེ་སར་ལ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་མ༔ གཉིས་མེད་འཁྲིལ་སྦྱོར་ཆ་ལུགས་ནི༔ སྒེག་པ་དཔའ་བ་འཇིགས་སུ་རུང་༔ རྒོད་དང་གཤེ་དང་སྙིང་རྗེ་རྔམ༔ འབར་ཁྲོ་ཞི་སོགས་གར་དགུར་ལྡན༔ སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་དྲག་པོའི་སྔགས་སྒྲ་སྒྲོག༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཱབ་ཀྱིས་སྐུ་གསུང་ཐུགས་རྒྱུད་བསྐུལ༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང་༔ བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ གསང་བའི་སྦུབས་ནས་ཐུགས་ཀར་ཐིམ༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་བཏང་ངོ་༔ ཨཱོཾ་བཛྲ་ཀྲོ་དྷ་མཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ༔ ཨཱོཾ་ཧྲཱི༔ཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ༔ ཨཱོཾ་ཧ་ཡ་གྷྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ༔ ཨཱོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་(༡༥བ)


GLG022_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཕཊ༔ ཨཱོཾ་བཛྲ་མཧཱ་གུ་རུ་སརྦ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚཱ་ན་ཧཱུཾ་ཕཊ༔ ཨཱོཾ་བཛྲ་སརྦ་དུཥྚཱ་ན་ཨེ་ཛ་བྷྱོ་ཧཱུཾ་ཕཊ༔ ཧཱུཾ། ཡང་སྤྲུལ་ཁྱུང་ཆེན་བཀའ་སྡོད་ཚོགས༔ བཟླས་བརྗོད་བསྙེན་པའི་མཆོད་པ་བཞེས༔ ཁྲོཾ་ག་རུ་ཌ་ཧཱུཾ་ཕཊ༔ སརྦ་ཌཱ་ཀ་ནི་ས་མ་ཡ་ཧྲིཾ་ཧྲཱིཾ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་མཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལཱ་ཡ་མཧཱ་ཡཀྴ་ཀྵ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུཾ་ཕཊ༔ ཧཱུཾ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་ཚོགས་མཆོད་འབུལ༔ སྐུ་གསུམ་ཐུགས་ཡོན་འཕྲིན་ལས་བསྟོད༔ ཉམས་ཆགས་འགལ་འཁྲུལ་ཅི་མཆིས་བཤགས༔ ཨཱོཾ་ཨཱཿཧཱུཾ་མཧཱ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ ཞེས་སྟོང་ཚིགས་མཆོད་པ་བྱ་ཞིང་༔ རྟགས་སམ་གྲངས་བསྙེན་བདུན་འབུམ་ཉི་ཁྲིར་སྦྱར་ཞིང་བཟླས་སོ༔ དངོས་གྲུབ་བླང་བ་ནི། ཧཱུཾ། ལྷ་དང་རིགས་འཛིན་མཁའ་འགྲོ་དགོངས༔ འདིར་འདུས་རིགས་འཛིན་བདག་ཅག་རྣམས༔ སྨིན་གྲོལ་གཉིས་ཀྱི་རྒྱུད་སྦྱང་ཞིང་༔ བསྐྱེད་རྫོགས་གཉིས་ཀྱི་ལས་གཞུང་བསྲངས༔ བསྙེན་སྒྲུབ་རྣམ་གསུམ་མཐའ་རུ་ཕྱིན༔ ལས་དང་ཐུགས་རྗེ་མཐུན་པ་ཡི༔ ཞི་རྒྱས་དབང་དྲག་ཡིད་བཞིན་གཏེར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུཾ་ཀཱ་ཡ་ཝཱཀྩིཏྟ་སིདྡྷི་ཧཱུཾ་ཨ༔ རྗེས་ཀྱིས་ལས་ཁྲིགས་བཅུ་གཅིག་སྟེ༔ ཆེ་བ་བསྐྱེད་ཅིང་འཕྲིན་ལས་བསྐུལ༔ ཚོགས་དང་ལྷག་ཆོག་གཏོར་སྐྱོང་བྱ༔ གཏོར་ཟོར་བསྟན་མ་རྣམ་བཞིའི་བྲོ༔ དཀྱིལ་འཁོར་བསྡུ་བསྐང་རྒྱུན་སྤྱོད་བྱ༔ དེ་དག་ལས་གཞུང་རྩ་ཐོར་སྡེབས༔ སྐལ་བ་ཅན་དང་འདི་ཕྲད་ཤོག༔ ཅེས་གསུངས་(༡༦ན)


GLG022_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚོགས་ནི། ཡོ་བྱད་བདུད་རྩིས་བསང་ཞིང་། ཨཱོཾ་ཨུ་ཙྪུཤྨ་བཻ་ཏཱ་ལཱི་ཀྲོ་དྷ་ནི་སརྦ་དྲ་བྱཾ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་སྭཱཧཱ༔ ཧཱུཾ། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་ཀུན་ཐམས་ཅད་སྒྱུ་མར་རིག༔ རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ༔ ཚོགས་ཀྱི་དངོས་པོ་བསྲེག་སྦྱང་བཀྲུ༔ རཾ་ཡཾ་ཁཾ༔ ཚོགས་བྱིན་རླབས་ཀྱི་ལྷན་ཐབས་ནི། སྒོམ་ཁོག་གི་ཚིག་དོན་ཚིགས་བཅད་དུ་བསྡེབས་པ། ཚོགས་ཀྱི་ཡོ་བྱད་སྟོང་པའི་ངང་། །ཨ་དང་མ་ལས་ཉི་ཟླ་ཡི། །སྣོད་དུ་འབྲུ་གསུམ་ཞུ་བ་ལས། །འདོད་ཡོན་ལྔ་ལྡན་ཕུང་པོར་གྱུར། །བསྐང་རྫས་བྱིན་རླབས་ཀྱི་ལྷན་ཐབས་ནི། གསར་བསྒྲིགས། གཞན་ཡང་ཐུགས་དམ་སྐོང་བའི་རྫས་སུ་གྱུར་བ། བདུད་རྩི་སྨན་གྱི་མཆོད་པ། རཀྟ་དམར་གྱི་ཨརྒྷཾ། རྨད་དུ་བྱུང་བའི་གཏོར་མ། ཤ་ཆེན་ལང་ལིང་སྣ་ཚོགས། ཞུན་ཆེན་མར་མེའི་སྣང་གསལ། ཤ་ཆེན་གསུར་གྱི་དུད་པ། ཐོད་པ་ལྟག་སྤྲོད། རྔ། དུང་ཆེན། རྐང་གི་གླིང་བུ། ཐུན་མོང་མཆོད་པ་སྣ་ཚོགས། རྨད་བྱུང་དམ་རྫས་མདངས་ལྡན། རི་རབ་གླིང་བཞིའི་མདོས་ཆེན་སོགས་དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པའི་སྤྲིན་ཕུང་ཕྱི་འདོད་ཡོན་གྱི་ལྷ་མོ། ནང་ཡེ་ཤེས་ཀྱི་བདུད་རྩི། གསང་བ་བྱང་ཆུབ་སེམས་ཀྱི་རང་བཞིན། རྒྱ་ནམ་མཁའི་མཐའ་དང་མཉམ་ཞིང་དུས་འཁོར་བ་ཇི་སྲིད་ཀྱི་བར་དུ་འབྱུང་བར་གྱུར། ཨཱོཾ་ཨཱཿཧཱུཾ༔ ཧཱུཾ། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་ཚོགས་ལ་གཤེགས༔ དམ་ཚིག་དཀྱིལ་འཁོར་གནས་འདིར་བཞུགས༔ བདག་དད་གུས་པས་ཕྱག་འཚལ་ལོ༔ (༡༦བ)


GLG022_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ མཛེས་སྙན་དྲི་ཞིམ་རོ་བདའ་ཞིང་༔ རེག་བདེ་གླུ་གར་ཆོས་ཡིད་ཚིམ༔ འདོད་ཡོན་མཆོད་པས་ཐུགས་དམ་བསྐང་༔ བསྐང་བའི་ལྷན་ཐབས་ནི། གཏེར་གཞུང་བཅོས་མེད། དང་པོ་དགོངས་སུ་གསོལ་བ་ནི༔ ཧཱུཾ། ཞི་ཁྲོ་རྒྱལ་བ་ཡོངས་རྫོགས་ལྷ༔ འགྲོ་ལ་ཕན་མཛད་ཐུགས་རྗེའི་བདག༔ སེམས་ཅན་ཀུན་གྱི་གཉེན་གཅིག་པུ༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ ཞེས་བརྗོད་པས་ཆོས་སྐུ་ལས་གཟུགས་སྐུར་བཞེངས་པར་བསམ་མོ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུཾ། ཤར་ནས་བཛྲ་ཨཀྵོ་བྷྱ༔ རྡོ་རྗེ་རིགས་ཀྱི་ཐུགས་དམ་ལ༔ ཞེ་སྡང་དམ་ཚིགས་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཧཱུཾ། ལྷོ་ནས་རཏྣ་སཾ་བྷ་ཏྲཱཾ༔ རིན་ཆེན་རིགས་ཀྱི༝། །ང་རྒྱལ༝། །འདི་ཡང་༝། །ཧཱུཾ། ནུབ་ནས་པདྨ་དྷེ་བ་ཧྲཱི༔ པདྨ་རིགས་ཀྱི༝། །འདོད་ཆགས༝། །འདི་ཡང་༝། །ཧཱུཾ། བྱང་ནས་ཨ་མོ་གྷ་སིདྡྷི༔ ལས་ཀྱི་རིགས་ཀྱི༝། །ཕྲག་དོག༝། །འདི་ཡང་༝། །ཧཱུཾ། དབུས་ན་བཻ་རོ་ཙ་ན་བཞུགས༔ དེ་བཞིན་རིགས་ཀྱི༝། །གཏི་མུག༝། །འདི་ཡང་༝། །དེ་ནས་བསྐང་རྫས་རང་རྟགས་བརྗོད་པ་ནི། མཆོད་རྫས་རྣམས་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་ཞིང་འདི་སྐད་དོ། །ཧཱུཾ། བསྐང་ངོ་བསྐལ་པའི་བར་དུ་ཐུགས་དམ་བསྐང་༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ལ་སྦྱོར༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་(༡༧ན)


GLG022_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་རྫས་རྣམས་ནི༔ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་དང་༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་༔ འཁོར་བ་རྒྱུ་ལས་བསྒྲལ་བའི་རཀྟ་དང་༔ རྣམ་དག་རྒྱུ་བསྒྲལ་བཾ་ཆེན་རྫས་མཆོག་དང་༔ འབྲུ་བཅུད་སྟོང་ལས་སྦྱར་བའི་ཛཱ་གད་དང་༔ ཕྱི་ནང་གསང་བའི་ལོངས་སྤྱོད་སྣ་ཚོགས་ཀྱིས༔ བསྐང་ངོ་བསྐལ་པའི་བར་དུ་ཐུགས་དམ་བསྐང་༔ དེ་ནས་བྱེ་བྲག་ཚོམ་བུར་བསྐང་བ་ནི། ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ ཞེས་པ་ནས། བཞི་བཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ དམ་ཚིག་དབང་གིས་དཀྱིལ་འཁོར་བརྟན་པར་བཞུགས༔ གཉིས་སུ་མེད་པར་ཕྱག་འཚལ་མཆོད་པར་འབུལ༔ ཐུགས་དམ་སྐོང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཞེས་ཚོམ་བུ་དགུའི་ལྷ་ཐམས་ཅད་ལ་འགྲེས་སུ་ཤེས་པར་བྱ་སྟེ། མཚན་དོན་བྱེ་བྲག་ཏུ་བསྐང་བའོ། །སྐབས་སུ་དམ་རྫས་རང་རྟགས་གོང་བཞིན་བརྗོད་ལ་བསྐང་ངོ་། །དེ་རྗེས་སུ་སྒོས་དམིགས་འདོད་གསོལ་གདབ་པ་ནི། ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛོད༔ ཚེ་དབང་ལོངས་སྤྱོད་ཐམས་ཅད་རྒྱས་པར་མཛོད༔ ཁམ་གསུམ་སྲིད་གསུམ་གདུལ་བྱ་དབང་དུ་སྡུས༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ ཅེས་སྦྱར་རོ། །སྒོས་ཁུད་པའི་ལྷ་དང་རང་བསྟེན་པའི་སྲུང་མ་རྣམས་ལའང་བསྐང་གསོ་མཚན་ནས་བརྗོད་དེ་བྱའོ་ཞེས་པ་ལྟར། མ་ནིང་གི་གསོལ་མཆོད་ནི། ཧཱུཾ། དད་པ་དང་ནི་(༡༧བ)


GLG022_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ༔ མཧཱ་ཀཱ་ལ་མཐུ་བོ་ཆེ༔ གསང་བའི་ཁྲོ་རྒྱལ་སྟོབས་པོ་ཆེ༔ འཆོལ་བའི་ཁྲོ་རྒྱལ་དགྲ་བགེགས་གཤེད༔ མ་ནིང་ནག་པོ་ཀུན་གྱི་རྗེ༔ འོག་མིན་གནས་མཆོག་དམ་པ་དང་༔ གསང་ཆེན་ལྷུན་གྲུབ་གཙུག་ལག་ཁང་༔ དུར་ཁྲོད་རབ་འཇིགས་གཞལ་ཡས་ནས༔ གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བྷ་ག་ཝཱན་ཤྲཱི་མཧཱ་ཀཱ་ལ་ག་ཎ་གུ་ཧྱ་ཛཿཛ༔ ཧཱུཾ། དུར་ཁྲོད་རབ་འཇིགས་གཞལ་ཡས་དམ་པ་འདིར༔ དྲེགས་པ་རུ་དྲ་བསྣོལ་བའི་ཁྲི་ཡི་སྟེང་༔ ཉི་ཟླ་པདྨ་བརྩེགས་པའི་གདན་སྟེང་དུ༔ ཁྲོ་རྒྱལ་མ་ནིང་འཁོར་བཅས་བརྟན་པར་བཞུགས༔ ཧཱུཾ། ཆོས་དབྱིངས་སྐྱེ་བ་མེད་པའི་ཕོ་བྲང་ནས༔ སྐྱེ་བའི་ཆོ་འཕྲུལ་ཁྲོ་རྒྱལ་མ་ནིང་སྐུ༔ མཉམ་མེད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར༔ རུ་དྲ་འཇོམས་མཛད་བདུད་དཔུང་ཐལ་བར་རློག༔ མཐར་བྱེད་གཞོན་ནུ་འཇོམས་པའི་གད་བརྒྱངས་ཅན༔ མཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་ལོ༔ ཁྱོད་ལ་མཆོད་པ་དམ་པ་འབུལ་བ་ནི༔ ཐོད་ཆེན་བནྡྷ་རློན་པའི་སྣོད་མཆོག་ཏུ༔ བ་ལིཾ་གཏོར་མའི་ཚོགས་ནི་རོངས་སེ་རོང་༔ མཧཱ་མཾ་ས་ལ་སོགས་ཤ་སྣ་སྟོང་༔ མཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང་༔ བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང་༔ འདོད་ཡོན་ལྔ་ཡི་མཆོད་པ་དམ་པ་འདིས༔ ཆེ་མཆོག་ཧེ་རུ་ཀ་ཡི་ཐུགས་དམ་བསྐང་༔ དཔལ་མགོན་མ་ནིང་ནག་པོའི་ཐུགས་དམ་བསྐང་༔ (༡༨ན)


GLG022_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་འཁོར་ཉི་ཁྲི་ཆིག་སྟོང་ཐུགས་དམ་བསྐང་༔ འཁོར་དང་བཅས་པའི་ཐུགས་དམ་སྐོངས་གྱུར་ཅིག༔ ཨཱོཾ་ཤྲཱི་མཧཱ་ཀཱ་ལ་ག་ཎ་ཧྱ་རཾ་སིདྡྷི་ཧཱུཾ་ཛ་མཧཱ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་སརྦ་པཱུ་ཙ་ཁཱ་ཧི༔ ཞེས་པ་ཙམ་མམ། སྤྲོ་ན་བསྟོད་པ་འདིར་བྱ་ཞིང་། ཡང་ན་བསྟོད་པ་ཁོ་ནས་ཀྱང་ཆོག་པར་གསུངས་པ་འདི་ལྟར། ཧཱུཾ་ཧཱུཾ། འཇིག་རྟེན་འདས་པའི་དུས་ནས་སྔོན་བྱུང་བ༔ ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས༔ སྲིད་རྩ་བདག་འཛིན་རུ་དྲ་སྡེ་གསུམ་འདུལ༔ རྩལ་ཆེན་འཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ དཔལ་ཆེན་དངོས་སྤྲུལ་ནག་པོ་ཆེན་པོའི་སྐུ༔ འཆོལ་པའི་ཁྲོ་རྒྱལ་མ་ནིང་དགྲ་བགེགས་གཤེད༔ ལྷ་ཆེན་དཔལ་འབར་ཆོས་སྐྱོང་ཡོངས་ཀྱི་རྗེ༔ དམག་དཔོན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུཾ། དུར་ཁྲོད་ཐོད་མཁར་མེ་རླུང་འཚུབ་དཀྱིལ་ནས༔ རྣལ་འབྱོར་དཔལ་མགོན་ཁྱོད་ཀྱི་ཆ་ལུགས་ནི༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྐུ་གསུམ་ལྡན་ཕྱིར་སྤྱན་གསུམ་གྱེན་ཐུར་གཟིགས༔ རབ་འཇིགས་ཁྲོ་གཉེར་སུམ་ལྡན་གཏུམ་ལ་རྔམ༔ རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ སྦྲུལ་ནག་རལ་པ་ནག་པོས་ས་གཞི་ཁྱབ༔ གཡས་པ་རུ་མཚོན་གཡོན་པ་སྙིང་ཞགས་བསྣམས༔ ཙནྡན་བེང་ཆེན་སྐེད་བཙུགས་ལྷ་དམག་འགྱེད༔ ཐོད་པ་སྐམ་རློན་སྙིང་འཕྲེང་སྦྲུལ་ཆུན་སྤྲས༔ དར་ནག་བེར་གསོལ་གསེར་སྐེད་མི་ལྤགས་བཅིངས༔ ལས་ལ་འཆས་ཚེ་སྲོག་བདུད་ཆ་ལུགས་འཛིན༔ སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བྲང་ལ་ཤར༔ དམག་དཔོན་(༡༨བ)


GLG022_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་འགྱེད་སྤྱན་བཞིས་ལྷུ་ཚིགས་བརྒྱན༔ སྟག་རལ་གཟིགས་ཤུབས་བཏགས་ནས་རྟ་ནག་ཞོན༔ བདུད་མདའ་དགྲ་སྙིང་གཟེར་ནས་གླིང་བཞིར་རྒྱུག༔ སྤྱན་ནས་ཁྲག་འཛག་མེ་ཡི་ཁ་རླངས་འབར༔ ཁ་ཊྭཱཾ་གྲི་གུག་ལྕགས་པར་ཐོགས་ནས་ནི༔ སྣང་སྲིད་ཕོ་རྒྱུད་ཐམས་ཅད་ཕོ་ཉར་འགྱེད༔ ཅི་བཅོལ་ལས་རྣམས་སྐད་ཅིག་ཡུད་ཀྱིས་བསྒྲུབ༔ རྟག་ཏུ་གྲོགས་མཛད་མགོན་པོ་ནག་པོའི་སྐུ༔ མ་བསྐུལ་བར་ཡང་བརྣག་པའི་དགྲ་བགེགས་སྒྲོལ༔ ལྟག་ནས་སྤྱན་གཅིག་མ་ཚོགས་དམག་དཔུང་འགྱེད༔ གར་བསྐུལ་ས་རུ་མི་རོའི་ཚར་མ་རྩེར༔ བཟློག་པས་མི་བཟློག་སྔགས་བཟློག་མཁན་གྱི་གཤེད༔ སྡེ་བརྒྱད་བྲན་འཁོལ་སྟག་ཤམ་མི་ལྤགས་བརྒྱན༔ གཙུག་ལག་ཁང་བསྲུང་དཀོར་རྐུན་རྩད་ནས་གཅོད༔ དྲེགས་པ་ཀུན་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ དྲེགས་པའི་སྡེ་དཔོན་སུམ་ཅུའི་གསོལ་ཀ་ནི། དྲག་སྔགས་སོ་ལྔ་པའི་མཇུག་དུ༔ བཛྲ་སརྦ་དུཥྚཾ་ཨེ་ཛ་བྷྱོ༔ ཤ་ཏྲུཾ་ཧུར་ཐུཾ་ཛ་མཱ་ར་ལ་རྦད༔ མཧཱ་དེ་ཝ་ཨེ། ཨུ་མ་དེ་ཝཱི་ཨེ། ཡ་མ་རཱ་ཙ་ཡ། ཡ་མ་དནྟི་ཡ། མ་མ་རུ་ལུ་མ། ཨེ་ཀ་ཛ་ཏི་ཏྲག །དུ་ཁྲག་དུ། དུནྟིང་དུ། རཱ་ཙ་ཙ། གིངྐ་ར་ཏྲི། བཛྲ་སཱ་དྷུ་ཏྲི། རཱ་ཧུ་ལ་ས། རཀྴ་ར། རཀྨོ་ར། ཡཀྵ་ཀྵ། ཡཀྨོ་ཀྵ། མཧཱ་ཀཱ་ལ་ཀྵིཾ། རུ་དྲ་དྷི། མུན་མུན་པ། ཏིརྟི་ཀ་ཐ། དེ་ཝ་ཨ། ཨ་སེ་ལ་ཨ། ཏིཥྞ་དྲི་ཏུཾ་ཙ། ཨ་པི་ཤུཀྵུ། ཏྲི་པ་ཤ་ལི་ཏྲི། (༡༩ན)


GLG022_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཧཾ་ཤཾ་ཏྲི། བྱི་ན་ཡ་ཀ་ཨུ། ཌཱ་ཀི་ནཱི་མཾ། ནཱ་ག་ཕུ༔ ནཱ་ག་ཀྲོ་ཏཱི་ཤྭ་རི་ཕུ༔ སརྦ་དུཥྚཾ་ཧྲིཾ་ཧྲིཾ་ཛཿཛཿས་སྤྱན་དྲངས༔ རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུཾ་གིས་རི་རབ་འདོད་ཡོན་སྣ་ཚོགས་སུ་བསམ། སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པ༔ དབང་ཕྱུག་ཆེ་སོགས་ལྷ་སྲིན་སྡེ་བརྒྱད་ལ༔ རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ མཐུ་རྩལ་དྲག་པོའི་དངོས་གྲུབ་སྩལ་དུ་གསོལ༔ འདོད་ཡོན་རྒྱན་གྱིས་བརྒྱན་པའི་གཏོར་མ་དང་༔ ལས་ངན་ཉམས་པ་བསྒྲལ་བའི་རཀྟ་དང་༔ དུག་གསུམ་རྣམ་དག་ཤ་ཁྲག་རུས་པའི་ཚོགས༔ དྲེགས་པ་འཁོར་དང་བཅས་པ་རྣམས་ལ་འབུལ༔ དགྲ་བོ་གདུག་པ་བསྒྲལ་ཕྱིར་བཞེས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་ཁྱེད་རྣམས་མཆོད་པའི་དམ་རྫས་ནི༔ དཀར་དམར་ལ་སོགས་ཁ་དོག་བྱེ་བྲག་རྣམས༔ ལྷ་སྲིན་སྡེ་བརྒྱད་སྐུ་ལ་མཆོད་པར་འབུལ༔ སྙན་དང་མི་སྙན་སྒྲ་ཡི་བྱེ་བྲག་རྣམས༔ ལྷ་སྲིན་སྡེ་བརྒྱད་གསུང་ལ༝༔ ཙིཏྟ་སྨུག་པོ་རྫ་ལྟར་སྤུངས་པ་ཡང་། ལྷ་སྲིན་སྡེ་བརྒྱད་ཐུགས་ལ༝༔ སྐུ་གསུང་ཐུགས་ཀྱི་མཆོད་པ་འདི་བཞེས་ལ། །སྒྲོལ་གིང་ཕོ་མོས་ལས་རྣམས་སྒྲུབ་པར་མཛོད༔ ལྷ་སྲིན་སྡེ་བརྒྱད་འདིར་སྤྱོན་ཤ་ལ་སྤྱོན༔ དམ་ཉམས་དགྲ་བོའི་ཤ་ནི་ཟན་པས་ཞིམ༔ ལྷ་སྲིན་སྡེ་བརྒྱད་འདིར་སྤྱོན་ཁྲག་ལ་སྤྱོན༔ དམ་ཉམས་དགྲ་བོའི་ཁྲག་ནི་ཆང་བས་ཞིམ༔ ལྷ་སྲིན་སྡེ་བརྒྱད་འདིར་སྤྱོན་རུས་ལ་སྤྱོན༔ དམ་ཉམས་དགྲ་བོའི་རུས་ནི་མར་བས་ཞིམ༔ ལྷ་སྲིན་སྡེ་བརྒྱད་རྣམས་ལ་དུག་གསུམ་མཆོད་པར་འབུལ༔ དུག་གསུམ་བཞེས་ལ་དགྲ་བགེགས་བསྒྲལ་དུ་གསོལ༔ (༡༩བ)


GLG022_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་མ་ཧཱ་དེ་ཝ་ཨེ་སོགས་ཀྱི་མཐར། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་པཉྩ༝། །མ་ཧཱ་རཀྟ༝། །ལན་གསུམ་གྱི་རྗེས་སུ་ཨཱོཾ་ཨཱཿཧཱུཾ་ས་མ་ཡ་ཨ་མྲྀ་ཏ་ཁཱ་ཧི༔ སྙིང་ཉེ་བྲན་ཕོ་བྲན་མོའི་ཚོགས༔ དམ་ལས་མ་འདའ་ས་མ་ཡ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་ཅོག་དབུ་འཕང་ཁྱེད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་སྒྲོལ༔ ཧཱུཾ། བཀྲ་ཤིས་དམ་ལྡན་མཐུ་ཆེ་བ༔ སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ དབང་ཕྱུག་མཧཱ་དེ་ཝ་དང་༔ བཙུན་མོ་ཨུ་མ་དེ་ཝཱི་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ ཧཱུཾ། བཀྲ་ཤིས་དམ་ལྡན༝། །སྣང་སྲིད་དྲེགས་པའི༝༔ འཆི་བདག་ཡ་མ་རཱ་ཙ་དང་༔ སྐྱེ་འགྲོ་སྲོག་གི་མ་མོ་བཅས༔ འདོད་༝། །བཅོལ་བའི་༝། །ཧཱུཾ། བཀྲ་ཤིས་༝། །མ་མོ་སྲིད་པའི་རྒྱལ་མོ་དང་༔ སྔགས་སྲུང་ཨེ་ཀ་ཛཱ་ཊཱི་བཅས༔ འདོད་༝། །བཅོལ་༝། །ཧཱུཾ། བཀྲ་ཤིས་༝། །སྣང་སྲིད་༝། །བདུད་པོ་སྐོས་རྗེ་བྲང་དཀར་དང་༔ བདུད་མོ་ནག་མོ་རི་ཏཱི་བཅས༔ འདོད་༝། །བཅོལ་༝། །ཧཱུཾ། བཀྲ་ཤིས་༝། །སྣང་སྲིད་༝། །རྒྱལ་པོ་ཆེན་པོ་པེ་ཀར་དང་༔ སྲོག་བདག་ཚངས་པ་དཀར་པོ་བཅས༔ འདོད་༝། །བཅོལ་༝། །ཧཱུཾ། བཀྲ་ཤིས་༝། །སྣང་སྲིད་༝། །སྐྱེས་མཆོག་རྡོ་རྗེ་ལེགས་པ་དང་༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ འདོད་༝། །བཅོལ་༝། །ཧཱུཾ། བཀྲ་ཤིས་༝། །སྣང་སྲིད་༝། །སྲིན་པོ་ནག་པོ་གློག་འཕྲེང་དང་༔ སྲིན་མོ་སྦལ་མགོ་ཁྲག་མིག་བཅས༔ འདོད་༝། །བཅོལ་༝། །ཧཱུཾ། བཀྲ་ཤིས་༝། །སྣང་(༢༠ན)


GLG022_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་༝། །གནོད་སྦྱིན་ཡཀྴ་མེ་དབལ་དང་༔ གནོད་སྦྱིན་མོན་མོ་ནག་མོ་བཅས༔ འདོད་༝། །བཅོལ་༝། །ཧཱུཾ། བཀྲ་ཤིས་༝། །སྣང་སྲིད་༝། །མགོན་ནག་མ་ཧཱ་ཀཱ་ལ་དང་༔ བན་ཆེན་རྡོ་རྗེ་བདུད་འདུལ་བཅས༔ འདོད་༝། །བཅོལ་༝། །ཧཱུཾ། བཀྲ་ཤིས་༝། །སྣང་སྲིད་༝། །རྨུ་བདུད་ནག་པོ་བཀྲག་མེད་དང་༔ མུ་སྟེགས་གུ་ལང་ནག་པོ་བཅས༔ འདོད་༝། །བཅོལ་༝། །ཧཱུཾ། བཀྲ་ཤིས་༝། །སྣང་སྲིད་༝། །སྲིད་པའི་ལྷ་རབས་ཤམ་པོ་དང་༔ གནམ་སྨན་ཐོག་གི་བུ་ཡུག་བཅས༔ འདོད་༝། །བཅོལ་༝། །ཧཱུཾ། བཀྲ་ཤིས་༝། །སྣང་སྲིད་༝། །མ་སངས་གཡའ་སྤང་སྐྱེས་གཅིག་དང་༔ བྲག་བཙན་སྲོག་ཟན་དམར་པོ་བཅས༔ འདོད་༝། །བཅོལ་༝། །ཧཱུཾ། བཀྲ་ཤིས་༝། །སྣང་སྲིད་༝། །སྲོག་བདག་གནམ་ཐེའུ་དཀར་པོ་དང་༔ བཙན་འགོང་ཡམ་ཤུད་དམར་པོ་བཅས༔ འདོད་༝། །བཅོལ་༝། །ཧཱུཾ། བཀྲ་ཤིས་༝། །སྣང་སྲིད་༝། །བགེགས་རྒྱལ་བི་ན་ཡ་ག་དང་༔ དཔལ་ལྡན་ནག་མོ་མགྱོགས་བྱེད་བཅས༔ འདོད་༝། །བཅོལ་༝། །ཧཱུཾ། བཀྲ་ཤིས་༝། །སྣང་སྲིད་༝། །ཀླུ་བདུད་ནག་པོ་མགོ་དགུ་དང་༔ ཀླུ་མོ་ནག་མོ་གདུག་བྱེད་བཅས༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ གཏེར་བདག་གི་གསོལ་ཀ་ནི། དགེ་བསྙེན་ཤེའུ་ཁ་རི་དང་༔ ཇོ་བོ་ཀླུ་བདུད་མགོ་དགུ་དང་༔ སྙོན་ཀ་ནག་པོ་ཏི་པ་ཙ༔ གཏེར་སྲུང་ཚོགས་རྣམས་གནས་འདིར་སྤྱོན༔ ཉེར་སྤྱོད་འདོད་ཡོན་གཏོར་མ་སོགས༔ མཐུན་པའི་དམ་རྫས་ཚོགས་ཀྱིས་མཆོད༔ ཉམས་ཆགས་འགལ་འཁྲུལ་ཅི་མཆིས་བཤགས༔ (༢༠བ)


GLG022_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་སྐོང་ངོ་དངོས་གྲུབ་སྩོལ༔ ཨ་ཀཱ་རོ་ལན་གསུམ་གྱིས་གཏོར་མ་བསྔོ༔ དེ་ཝ་ནཱ་ག་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་བརྗོད༔ དེ་ནས་རྐྱེན་བཟློག་བྱོལ་གདབ་པ་ནི། ལྷའི་ང་རྒྱལ་དང་ལྡན་པས་ཐལ་མོ་བརྡབ་ཅིང་འདི་སྐད་དོ། །ཧོ། དེ་ལྟར་བསྐང་བསྐང་གསོ་གསོ་ནས༔ འདི་ལྟར་ཁོ་ནར་བཟློག་བསྒྱུར་མཛོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཡས་ཀྱིས་བདུད་དུ་གཡོས་པ་བཟློག༔ མས་ཀྱིས་སྲི་རུ་ལངས་པ༝༔ ཕ་ཚན་ནང་གི་རྒྱ་འདྲེ༝༔ དར་ཚན་ནང་གི་སྟོང་འདྲེ༝༔ གཡས་ན་ཕོ་བརྒྱ་མདའ་བརྡར༝༔ གཡོན་ན་མོ་བརྒྱ་དུ་གཡོས༝༔ རྒྱབ་ན་མི་གསུམ་གྲོས་བྱེད༝༔ མདུན་ན་རྟ་གསུམ་སྲབ་འཆའ༝༔ འུག་པ་སྤོ་ལ་རྒོད་པ༝༔ སྲིན་བྱ་གོང་ཁར་འབོད་པ྾༔ ལོགས་ལ་ཝ་སྤྱང་བརྒྱལ་བ༝༔ སྲོད་ལ་ཁྱིམ་བྱ་འཚེར་བ༝༔ ཐོ་རང་སྒོ་ཁྱི་ངུ་བ༝༔ ལྟས་ངན་བརྒྱད་ཅུ་རྩ་གཅིག༝ བན་བོན་ངན་སྔགས་ཟོར་ཁ༝༔ ལོ་ཀེག་ཟླ་ཀེག་ཀི་ཀང་༝༔ གློ་བུར་བརྒྱད་ཅུ་རྩ་གཅིག༝༔ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ༝༔ བཞི་བརྒྱ་རྩ་བཞིའི་ནད་རྣམས༝༔ དུས་མིན་འཆི་བ་རྣམ་བརྒྱད༝༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས༝༔ རྩིས་བྱས་རྡེའུ་ནག་པོ་༝༔ མོ་ངན་རྨི་ལམ་ངན་པ༝༔ མི་ནག་སྐྱེ་བོའི་ཡ་ག༝༔ བྲན་འཁོལ་ངན་པའི་དམོད་མཆུ༝༔ ཕོ་བྷྱོ་དེ་ནི་གཡས་སུ་བྷྱོ༔ མོ་བྱོལ་དེ་ནི་གཡོན་དུ་བྱོལ༔ སྤྱི་བདུད་དེ་ནི་མཁའ་ལ་བྱོལ༔ ངན་པ་ཐམས་ཅད་སྡང་བ་དགྲ་ལ་བྷྱོ༔ དགྲ་དང་བགེགས་ལ་བྷྱོ་བྷྱོ་བྷྱོ༔ ཞེས་བརྗོད། ཚོགས་ཕུད་རིམ་པ་གསུམ་སྤྲོས་ཏེ༔ ཧཱུཾ། བླ་མེད་(༢༡ན)


GLG022_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་མཆོད་སྦྱར་བས༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ འདོད་ཡོན་ལྷ་མོས་རབ་བརྒྱན་འབུལ༔ དམ་སྐོངས་དབང་དང་དངོས་གྲུབ་སྩོལ༔ ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ༔ ལན་གསུམ། ཧཱུཾ། མ་རིག་བདག་ཅག་ལུས་ངག་སེམས༔ བག་མེད་དམ་འགལ་འབྱོར་ཚོགས་ཆུངས༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ ཐུགས་དང་འགལ་གྱུར་བཟོད་པར་གསོལ༔ ཨ་ཧོ་མ་ཧཱ་སུ་ཁ་ས་མ་ཡ་ཧོ༔ ཆེ་བ་བསྐྱེད་པ་ནི། ཧཱུཾ། སྣང་སྲིད་ཐམས་ཅད་གཞལ་ཡས་ཁང་༔ གཟུགས་སྣང་ཐམས་ཅད་ཧེ་རུ་ཀ༔ ཐམས་ཅད་ཐམས་ཅད་བྲན་དུ་ཁོལ༔ ང་ལས་ཆེ་བ་སུ་ཡང་མེད༔ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ༔ འཕྲིན་ལས་བསྐུལ་བ་ནི། ཧཱུཾ། ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་བཞེངས༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས༔ བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ ཧཱུཾ་ཧཱུཾ་ཧཱུཾ། བཛྲ་སརྦ་དུཥྚན༔ ཨཱོཾ་ཤཱནྟིཾ༔ སྭཱ་བུཥྚིཾ༔ ཨཱ༔ཝ་ཤྱཾ༔ ཧཱ་མཱ་ར་ཡ་ཕཊ༔ སརྦ་སིདྡྷི་ཀུ་རུ་ཧཱུཾ༔ རྦོད་ཟོར་སརྦ་བཟློག་བྷྱོ༔ བསྐུལ་གྱི་ལྷན་ཐབས་ནི། ཧཱུཾ། མི་མངོན་དབྱིངས་ན་བཞུགས་པ་རྒྱལ་བ་ཞི་ཁྲོའི་ཚོགས༔ ཨཱཿ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཨཱོཾ། བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ༔ ཧྲཱིཿ མཛོད་ཅིག་མཛོད་ཅིག་བཅོལ་བའི་འཕྲིན་ལས་མཛོད༔ ཨཱཿ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཨཱོཾ། སྐྱེ་བའི་ཆོ་འཕྲུལ་ལོངས་སྤྱོད་རྫོགས་པའི་སྐུ༔ (༢༡བ)


GLG022_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། སྤྲུལ་སྐུས་འགྲོ་བ་སེམས་ཅན་དོན་མཛད་པ༔ ཧྲཱིཿ ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་ཅན༔ ཨཱོཾ། གཟུགས་སྣང་ཐམས་ཅད་སྐུ་ཡི་རང་བཞིན་ལ༔ ཨཱཿསྒྲ་གྲག་ཐམས་ཅད་གསུང་གི་ངོ་བོར་སྣང་༔ ཧཱུཾ། དྲན་རྟོག་ཐམས་ཅད་ཐུགས་ཀྱི་དགོངས་པར་འདུས༔ ཧྲཱིཿ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་བཅོམ་ལྡན་འདས༔ ཧཱུཾ། ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ སེང་གེ་གླང་ཆེན་རྟ་ཁྱུང་རྨ་བྱའི་ཁྲི༔ རིན་ཆེན་ཉི་ཟླ་པདྨ་འོད་འབར་སྟེང་༔ དཔལ་འབར་ཞི་བ་ཡོངས་རྫོགས་ལྷ་ཚོགས་ནི༔ རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་གཙོ༔ ནམ་མཁའ་ཀུན་བཟང་བདེ་གཤེགས་ཡུམ་ཆེན་སྦྱོར༔ རྣམ་སྣང་རིན་འབྱུང་མཐའ་ཡས་དོན་ཡོད་གྲུབ༔ སངས་རྒྱས་སྤྱན་དང་མཱ་མ་གོས་དཀར་སྒྲོལ༔ ས་སྙིང་ནམ་སྙིང་སྤྱན་རས་ཕྱག་རྡོར་དཔལ༔ ལཱ་སེ་མཱ་ལེ་གཱི་ཏི་ནི་རྟི་མ༔ བྱམས་པ་སྒྲིབ་སེལ་ཀུན་བཟང་འཇམ་པའི་དབྱངས༔ དྷཱུ་པེ་པུཥྤེ་དཱི་པེ་གྷནྡྷེ་མ༔ ཀུན་བཟང་ཡིད་ལ་བཟང་མོ་ཆོས་དབྱིངས་ཡུམ༔ ལྷ་དབང་བརྒྱ་བྱིན་ཐགས་བཟང་ཤཱཀྱ་ཐུབ༔ སེང་གེ་རབ་བརྟན་ཁ་འབར་ཆོས་ཀྱི་རྒྱལ༔ རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་སོགས༔ བཞི་བཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་གནས་འདིར་སྐུ་སྐྱོད་ཅིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ ཧོ། བདེ་གཤེགས་ཞི་བའི་ལྷ་ཚོགས་ཐུགས་དམ་ཅན་ཁྱེད་རྣམས་(༢༢ན)


GLG022_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཆོད་པ་འབུལ་བ་ནི༔ ཕྱི་ནང་གསང་བ་སྨན་རག་གཏོར་མའི་མཆོད་པ་བཞེས་ཤིག༔ མ་ཧཱ་པཤྩ་བྷ་ལིཾ་ཏ་རཀྟ་སརྦ་པཱུ་ཙ་ཁཱ་ཧི༔ བཤགས་པར་གསོལ་བ་ནི། སྤྱི་དང་ཁྱད་པར་རྩ་བ་ཡན་ལག་གི་དམ་ཚིག་ལ་ཉམས་ཆགས་དང་འགལ་འཁྲུལ་དུ་གྱུར་པ་མཐོལ་ཞིང་བཤགས་སོ༔ ས་མ་ཡ་ཨཱ༔ འཕྲིན་ལས་སུ་བཅོལ་བ་ནི། ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་བཞི་བདག་གི་ཡིད་བཞིན་དུ་སྒྲུབས་ལ་ལོག་ལྟ་གདུག་པ་ཅན་ཐམས་ཅད་མྱུར་དུ་ཚར་ཆོད་ཅིག༔ འཇིགས་བརྒྱད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ༔ འབྱོར་དྲུག་པུཥྚིཾ྾༔ ཁམས་གསུམ་པ་ཤཾ༝༔ དགྲ་བགེགས་མཱ་ར་ཡ་རྦད༔ དུས་མིན་འཆི་བའི་ནད་གདོན་བར་ཆད་རྦོད་ཟོར་ལྟས་ངན་བཟློག་བྷྱོ༔ དེ་ལྟར་མཆོད་བཤགས་བཅོལ་གསུམ་འོག་མ་ཚོམ་བུ་དགུ་ཆར་ལ་མཚན་བསྒྱུར་འགྲེས་སུ་ཤེས་པར་བྱའོ༔ ཧཱུཾ། ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ བྱོལ་སོང་གཙོ་བརྒྱད་ལྷ་ཆེན་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ ཆེ་མཆོག་ཡོན་ཏན་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་འཁྲིལ༔ རཀྴ་གུ་ཧྱ་བི་ཤ་ཡཀྴ་སྟེ༔ ཧེ་རུ་ཀ་བཞི་ཀྲོ་ཏཱི་ཡུམ་དང་བཅས༔ ལྷ་དང་དྲི་ཟ་མེ་ལྷ་གཤིན་རྗེ་སྲིན༔ ཆུ་བདག་རླུང་ལྷ་གནོད་སྦྱིན་བགེགས་སའི་བདག༔ ཕྱོགས་སྐྱོང་འདུལ་བྱེད་ཁྲོ་བོ་ཆེན་པོ་བཅུ༔ པྲཛྙ་ཡ་མ་པདྨ་བིག་ནན་ཏེ༔ ཏ་ཀྲྀཏ་སྒོ་སྐྱོང་ཅེ་སྤྱང་མ་བརྒྱད་སོགས༔ སུམ་ཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན༝༔ དམ་རྫས༝༔ ཐུགས་དམ༝༔ ཧོ། ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཁྱེད་རྣམས་ལ༝༔ ཧཱུཾ། ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ དྲེགས་པ་རུ་དྲ་བསྣོལ་བའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་(༢༢བ)


GLG022_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་གེ་སར་སྟེང་༔ ཐུགས་མཆོག་ཡང་དག་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཀྲོ་ཏཱི་ཤྭ་རཱི་འཁྲིལ༔ བུདྡྷ་རཏྣ་པདྨ་ཀརྨ་སྟེ༔ ཧེ་རུ་ཀ་བཞི་ཀྲོ་ཏཱི་ཡུམ་དང་སྦྱོར༔ ཙེའུ་རི་ཙོའུ་རི་པྲ་མོ་པེ་ཏཱ་ལི༔ པུ་ཀ་ཀསྨ་སྨ་ཤ་ཙནྡྷ་ལི༔ སིངྷ་བྱ་གྷྲི་སྲི་ལ་ཤོ་ན་མ༔ ཀྲྀ་ཏ་ཀངྐ་ཁཱ་ཁ་ཧུ་ལུ་མ༔ གནས་ཡུལ་ཀེ་སིང་བཅུ་དྲུག་མ་ཚོགས་དང་༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ སྒོ་བཞིར་རབ་རྔམས་ཡེ་ཤེས་སྒོ་མ་བཞི༔ བཀའ་སྡོད་དབང་ཕྱུག་ཉེར་བརྒྱད་ལ་སོགས་ཏེ༔ ལྔ་བཅུ་རྩ་བརྒྱད་རྒྱལ་བ༝༔ མི་མངོན༝༔ དམ་རྫས༝༔ ཐུགས་དམ༝༔ ཧོ། ཡང་དག་ཐུགས་ཀྱི་ལྷ་ཚོགས༝༔ཧཱུཾ། གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཆུ་གླང་ཟུང་བཞི་གཤིབས་པའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ སྐུ་མཆོག་གཤིན་རྗེ་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་བཤེད༔ སྦྱོར་སྒྲོལ་ཡུམ་ཆེན་པེ་ཏ་ཛ་ཏི་འཁྲིལ༔ ཡ་མ་རཱ་ཙ་རལ་གཅིག་མྱོས་བྱེད་གཏུམ༔ ཨཱཪྻ་འོད་ཟེར་ཚར་དགུ་རེ་མ་ཏཱི༔ སྐུ་སྲས་གཤེད་བཞི་ཡབ་དང་ཡུམ་དུ་བཅས༔ ནག་འཇོམས་རེ་ཏཱི་ཧྱ་སངས་གདོང་དགུ་མ༔ བྲག་འཇོམས་ཤེལ་མིག་གླང་མགོ་མཆེ་གཙིགས་མ༔ ཡ་བ་རྔམ་སྟབས་མིག་དམར་ཁྲག་རལ་ཅན༔ དམིགས་པ་ཀླུ་མོ་ཏེལ་པ་སྤྱན་གཅིག་མ༔ བདུད་འཇོམས་རལ་གཅིག་ཆོས་རྒྱལ་རལ་བ་ཅན༔ རྗེ་དམར་རབ་ནག་ཐོད་དབྱུག་ཕག་མགོ་མ༔ ཕྱོགས་སྐྱོང་གཤེད་ཆེན་བཅུ་གཉིས་ཡུམ་དང་བཅས༔ རྒོད་སྟག་ཀངྐ་སྤྱང་མགོ་(༢༣ན)


GLG022_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་སྐྱོང་བཞི༔ གྲི་ཐོགས་གིང་བཞི་ཁྲམ་ཐོགས་བདུད་བོ་བཞི༔ ཤོད་ཐོགས་རྩིས་བཞི་སྲོག་གཅོད་བཤན་པ་བཞི༔ གདུག་པ་གཟའ་གདོང་ཡི་དྭགས་ལ་སོགས་ཏེ༔ ལྔ་བཅུ་རྩ་ལྔ་རྒྱལ་བ༝༔ མི་མངོན་༝༔ དམ་རྫས༝༔ ཐུགས་དམ༝༔ ཧོ། འཇམ་དཔལ་སྐུའི་ལྷ་ཚོགས༝༔ ཧཱུཾ། པདྨ་རོལ་བའི་དུར་ཁྲོད་ཆེན་པོ་ནས༔ ཀླུ་རྒྱལ་གདུག་པ་ཕོ་མོའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ གསུང་མཆོག་པདྨ་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་པདྨ་དབང་གི་གཙོ༔ གཉིས་མེད་ཡུམ་ཆེན་པདྨ་གཟི་ལྡན་འཁྲིལ༔ སྐུ་ལས་སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ རྡོ་རྗེ་རིན་ཅེན་པདྨ་ལས་དབང་ཆེན༔ དབང་ཕྱུག་རིགས་བཞི་ཡུམ་བཅས་གསུང་གི་སྲས༔ ཞི་ཁྲོ་ཟིལ་གནོན་མི་ཕམ་ཁྲོ་གཉེར་མ༔ མ་ཁྱུང་ཟིལ་གནོན་རོ་ལངས་སྤྱན་གཅིག་མ༔ ཕོ་མོ་ཟིལ་གནོན་ཁྲོ་མོ་གཤིན་རྗེ་མོ༔ གཟའ་ཀླུ་ཟིལ་གནོན་ཀླུ་མོ་གནོད་སྦྱིན་མོ༔ ཟིལ་གནོན་ཁྲོ་བོ་ཡབ་ཡུམ་བརྒྱད་རྣམས་དང་༔ འགུགས་འདྲེན་སྡོམ་བརྡེག་ཡེ་ཤེས་སྒོ་མ་བཞི༔ ཁམས་རྒྱ་མ་དྲུག་དམུས་ལོང་རྒྱབ་འབྲེལ་བཞི༔ ཡེ་ཤེས་དཔལ་གྱི་སྤྱང་བརྒྱད་ཁྱི་བརྒྱད་དང་༔ ཕོ་ཉ་མཆེ་གཤོག་ངུར་འབྲུག་དབང་ཕྱུག་སོགས༔ དྲུག་ཅུ་རྩ་གསུམ་རྒྱལ་བ༝༔ མི་མངོན༝༔ དམ་རྫས༝༔ ཐུགས་དམ༝༔ཧོ། པདྨ་གསུང་གི་ལྷ་ཚོགས༝༔ ཧཱུཾ། ཕུར་བ་རོལ་བའི་དུར་ཁྲོད་ཆེན་པོ་ནས༔ མ་ཧཱ་དེ་ཝ་བསྣོལ་བའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ འཕྲིན་ལས་ཕུར་བ་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་(༢༣བ)


GLG022_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གཞོན་ནུའི་སྐུ༔ གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་འཁྲིལ༔ སྲས་མཆོག་བྷུདྡྷ་རཏྣ་པདྨ་དང་༔ ཀརྨ་ཀཱི་ལ་ཡ་སོགས་ཡུམ་དང་བཅས༔ ཧཱུཾ་ཀཱར་རྣམ་རྒྱལ་དབྱུག་སྔོན་གཤིན་རྗེ་གཤེད༔ མི་གཡོ་རྟ་མགྲིན་འདོད་རྒྱལ་བདུད་རྩི་འཁྱིལ༔ ཁམས་གསུམ་རྣམ་རྒྱལ་སྟོབས་ཆེན་ཁྲོ་བོ་བཅུ༔ སྒྲ་འབྱིན་བསྙེམས་མ་སྡེར་མོ་དུར་ཁྲོད་བདག༔ གཏུན་ཁུང་གཏུམ་མོ་མདའ་བསྙེམས་རླུང་འབྱིན་མ༔ གསོད་མ་བསྐུལ་བྱེད་ལ་སོགས་ཁྲོ་མོ་བཅུ༔ ཕག་དང་རྨིགས་བུ་སྟག་དང་བྱ་རྒོད་མགོ༔ གཡག་དང་བྱ་རོག་ཤ་བ་འུག་པའི་མགོ༔ གཟིག་དང་ཁྭ་ད་བྱི་ལ་པུ་ཤུད་མགོ༔ སྤྱང་མོ་ཁྲ་དང་སེང་གེ་ཕ་ཝང་མགོ༔ དོམ་དང་སྲེ་མོ་དྲེད་དང་བྱི་བའི་མགོ༔ ཟ་བྱེད་གསོད་བྱེད་ཁྲ་ཐབས་ཉི་ཤུའི་ཚོགས༔ པུ་ཤུད་སྐྱེ་ཀ་སྲིན་བྱ་ཁྲ་མགོ་མ༔ སྒོ་སྐྱོང་ཕྲ་མེན་ཆེན་མོ་བཞི་རྣམས་དང་༔ ཤོ་ན་ཤ་ན་སྲི་ཀ་སྲི་ལ་མ༔ རེ་ཏི་རི་ཏི་རེ་ཛ་རེ་མ་ཛུ༔ ཡ་བྱིན་དེ་བྱིན་བསེ་བྱིན་ཕག་བྱིན་མ༔ བསེ་ཡི་སྐྱེས་བཞི་ལྕགས་ཀྱི་སྐྱེས་བུ་བཞི༔ དུང་གི་སྐྱེས་བུ་བཞི་དང་འབྱུང་པོ་སེར༔ བདུན་ཅུ་རྩ་བརྒྱད་རྒྱལ་བ༝༔ མི་མངོན་༝༔ དམ་རྫས༝༔ ཐུགས་དམ༝༔ ཧོ། ཕུར་བ་འཕྲིན་ལས་ལྷ་ཚོགས༝༔ ཧཱུཾ། མ་མོ་རོལ་བའི་དུར་ཁྲོད་ཆེན་པོ་ནས༔ སྲིད་པའི་མ་མོ་འབུམ་བསྣོལ་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ རྦོད་གཏོང་མ་མོ་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཉིད་བཞི་མུ་ཁ་འཁྲིལ༔ སྣང་གསལ་འོད་གསལ་གཉེན་གསལ་ཡང་གསལ་གཡོས༔ བཀྲག་གསལ་(༢༤ན)


GLG022_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་དབྱིངས་ཀྱི་ཡུམ་ཆེན་དྲུག༔ བདེ་འགྲོ་ཐོད་འཕྲེང་ཁྲག་འཐུང་མ་མོ་དང་༔ སྲིད་པ་བདེ་སྦྱོར་ཁམས་གསུམ་འཚོ་བྱེད་དྲུག༔ མིག་གཅིག་མྱོས་བྱེད་ཟ་བྱེད་ཚེ་འཕེལ་བཞི༔ དབྱིངས་ཕྱུག་བདག་ཉིད་གཅིག་པུ་རྒྱན་རྒྱལ་བཞི༔ ཆགས་བྱེད་ཆ་སྙོམས་རལ་གཅིག་མཐུ་མོ་ཆེ༔ དབང་སྒྱུར་སྲིད་འདེགས་གར་དབང་པདྨ་གར༔ ཀུན་གྲགས་ཀུན་བཟང་གྲགས་བསྙེམས་ཡེ་ཤེས་མཆོག༔ འོད་གསལ་གཡུ་སྒྲོན་གསལ་འཕྲོ་ཆེན་མོ་བདུན༔ མཆེ་གཙིགས་ཁ་འཕྱང་མཆུ་འཇིབ་རྐང་ལྡག་བཞི༔ ཧར་ཏིང་དུན་ཏིང་ཤན་ཏིང་གྲུབ་ཏིང་བཞི༔ མགྱོགས་མ་ཁྱུང་ལྡིང་གཡག་ཐོད་སྡེར་ཆེན་བཞི༔ དཔལ་མོ་དབུ་དགུ་དབུ་ལྔ་ཙ་མུཎྚི༔ ཁྲམ་གཏོང་གླིང་དབང་ཐེག་ཆེན་རྒྱ་མཚོ་བཞི༔ སྟག་སྲིན་བམ་སྲིན་གོང་སྲིན་འབྲོག་སྲིན་བཞི༔ རོ་ཁ་ཙཎྚི་ཛ་མུན་ཛ་ཏི་བཞི༔ རོ་ལངས་ནག་མོ་འཇིག་རྟེན་ཕུང་གསུམ་དང་༔ གསང་བའི་མ་གསུམ་གསང་བའི་ཕོ་ཉ་གསུམ༔ བདུན་ཅུ་རྩ་གཉིས་རྒྱལ་བ༝༔ མི་མངོན༝༔ དམ་རྫས༝༔ ཐུགས་དམ༝༔ ཧོ། མ་མོ་རྦོད་གཏོང་ལྷ་ཚོགས༝༔ ཧཱུཾ། རིགས་འཛིན་རོལ་བའི་དུར་ཁྲོད་ཆེན་པོ་ནས༔ དར་ཆེན་ལྷབ་ཁྲི་བརྩིགས་པའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ གདུང་འཚོབ་རིགས་འཛིན་ཡོངས་རྫོགས་ལྷ་ཚོགས་ནི༔ དཔལ་ཆེན་རིགས་འཛིན་གཙོ་མཆོག་ཐོད་པ་རྩལ༔ མི་དམིགས་ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་འཁྲིལ༔ ལྷུན་གྲུབ་ཕྱག་རྒྱ་ཚེ་དབང་རྣམ་སྨིན་བཞི༔ ཡང་དག་རིགས་འཛིན་རྡོ་རྗེ་བསམ་གྲུབ་རྩལ༔ འཇམ་དཔལ་རིགས་(༢༤བ)


GLG022_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རྡོ་རྗེ་གྲུབ་པ་རྩལ༔ གསུང་གི་རིགས་འཛིན་རྡོ་རྗེ་དྲག་པོ་རྩལ༔ ཕུར་པའི་རིགས་འཛིན་རྡོ་རྗེ་ཐོད་འཕྲེང་རྩལ༔ ཡོན་ཏན་རིགས་འཛིན་རྡོ་རྗེ་གྲོ་ལོད་རྩལ༔ རྦོད་གཏོང་རིགས་འཛིན་རྡོ་རྗེ་དབང་སྡུད་རྩལ༔ མཆོད་བསྟོད་རིགས་འཛིན་རྡོ་རྗེ་གཤོག་རྒོད་རྩལ༔ དྲག་སྔགས་རིགས་འཛིན་རྡོ་རྗེ་མཐེབ་གཤོག་རྩལ༔ སྒོ་བཞི་སྐྱོང་མཛད་རྡོ་རྗེ་སློབ་དཔོན་ནི༔ དམ་ཚིག་དབང་གི་སློབ་དཔོན་ཆེན་པོ་དང་༔ མན་ངག་ལུང་གི་སློབ་དཔོན་ཆེན་པོ་དང་༔ ཤེས་རབ་རྒྱུད་གྲོལ་སློབ་དཔོན་ཆེན་པོ་དང་༔ ཉམས་ཆགས་སྐོང་བའི་སློབ་དཔོན་ཆེན་པོ་བཞི༔ རྡོ་རྗེ་རིན་ཅེན་པདྨ་ལས་མཁའ་འགྲོ༔ རྡོ་རྗེ་རིན་ཅེན་པདྨ་ལས་ཀྱི་གིང་༔ དཔའ་བོ་དཔའ་མོ་ལ་སོགས་ཉི་ཤུ་དྲུག༔ བླ་མ་རིགས་འཛིན་རྒྱལ་བ༝༔ མི་མངོན༝༔ དམ་རྫས༝༔ ཐུགས་དམ༝༔ ཧོ། རིགས་འཛིན་སློབ་དཔོན་ལྷ་ཚོགས༝༔ ཧཱུཾ། འཇིག་རྟེན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ དྲེགས་པ་ཕོ་མོ་བསྣོལ་བའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ མཆོད་བསྟོད་བསྟན་སྲུང་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་ཆེ༔ གཉིས་མེད་ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་འཁྲིལ༔ ལྷ་ཆེན་ཡབ་ཡུམ་ཐུགས་སྲས་དྲེགས་པ་འདུལ༔ གཤིན་རྗེ་གསོད་བྱེད་སྐོས་རྗེ་བདུད་མོ་དང་༔ གློག་ཕྲེང་སྦལ་མགོ་གནོད་སྦྱིན་གནོད་སྦྱིན་མོ༔ ཤམ་པོ་གནམ་ཐེ་སྤྱི་བདུད་དཀར་པོ་གསུམ༔ སྲིད་རྒྱལ་སྔགས་སྲུང་མཁའ་འགྲོ་ནག་མོ་གསུམ༔ བདུད་འདུལ་སྲོག་ཟན་ཡམ་ཤུད་དམར་པོ་གསུམ༔ གུ་(༢༥ན)


GLG022_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལང་བགེགས་རྒྱལ་རྨུ་བདུན་ནག་པོ་གསུམ༔ སྒོ་བཞིར་སྲོག་བདག་པེ་ཧར་མ་སངས་དང་༔ མགོན་ནག་ལ་སོགས་དབང་ཆེན་སྡེ་བཞི་དང་༔ གཟའ་བདུད་གནམ་སྨན་ཀླུ་བདུད་ཀླུ་མོར་བཅས༔ གིང་ཆེན་བདུད་ནག་གཟའ་ཀླུ་སྲིན་པོ་དང་༔ གནོད་སྦྱིན་མ་མོ་ལ་སོགས་སྡེ་བརྒྱད་ཚོགས༔ སུམ་ཅུ་རྩ་གཉིས་རྒྱལ་བ༔ མི་མངོན༝༔ དམ་རྫས༝༔ ཐུགས་དམ༝༔ ཧོ། འཇིག་རྟེན་མཆོད་བསྟོད་ལྷ་ཚོགས༝༔ ཧཱུཾ། དྲག་སྔགས་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ དགྲ་བགེགས་ཕོ་མོ་བསྣོལ་བའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ དམོད་པ་དྲག་སྔགས་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ཆེ༔ གཉིས་མེད་ཡུམ་ཆེན་འབྱུང་ལྔའི་བདག་མོ་འཁྲིལ༔ འཆི་བདག་སྲོག་བདག་བདུད་ཕོ་བདུད་མོ་དང་༔ སྲིན་ནག་འཇོམས་བྱེད་གང་བཟང་ཤ་ཟ་མོ༔ ལྷ་ཆེན་མགོན་ནག་ཐར་པ་རྨུ་རྗེ་དང་༔ སྒོ་སྐྱོང་རྒྱལ་པོ་ཡམ་ཤུད་རྡོ་རྗེ་ལེགས༔ ཁུ་ལེ་ལག་དགུ་ལ་སོགས་བཀའ་ཉན་དང་༔ ཁྱབ་འཇུག་ཆེན་པོ་ཀླུ་རྒྱལ་གཞོན་ནུ་གཏུམ༔ བཤན་པ་ལྷ་སྲིན་སྡེ་བརྒྱད་ལ་སོགས་ཏེ༔ ཉི་ཤུ་རྩ་བརྒྱད་རྒྱལ་བ༝༔ མི་མངོན༝༔ དམ་རྫས༝༔ ཐུགས་དམ༝༔ ཧོ། དམོད་པ་དྲག་སྔགས་ལྷ་ཚོགས༝༔ ཧཱུཾ། དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ཁོར་ཡུག་ནས༔ བཀའ་སྲུང་ཕོ་ཉ་ཡོངས་རྫོགས་ལྷ་ཚོགས་ནི༔ དབང་ཕྱུག་ཉེར་བརྒྱད་མཁའ་འགྲོ་སུམ་ཅུ་གཉིས༔ གིང་ཆེན་བཅོ་བརྒྱད་ལངྐ་བཅུ་དྲུག་དང་༔ འབར་མ་བརྒྱད་དང་ཡེ་ཤེས་མ་(༢༥བ)


GLG022_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བདུན༔ སྲིང་མོ་རྣམ་བཞི་རྟོག་བྱེད་འཇོམས་བྱེད་མ༔ གདབ་ཕུར་བརྒྱ་རྩ་བརྒྱད་པོ་མཐུ་རྩལ་ཅན༔ རྟ་གདོང་དཀར་མོ་ཕག་གདོང་ནག་མོ་དང་༔ སྤྲེལ་གདོང་དམར་མོ་སྤྱང་གདོང་ལྗང་གུ་སྟེ༔ འཛིན་འཆིང་སྡོམ་བརྡེག་ཡེ་ཤེས་སྒོ་མ་བཞི༔ ལྕགས་རི་སྐྱོང་མཛད་ཕོ་ཉ་དྲུག་ཅུ་བཞི༔ ས་བདག་ཆེན་པོ་སུམ་ཅུ་རྩ་གཉིས་དང་༔ རིགས་འདུས་མཁའ་འགྲོ་འབུམ་ཕྲག་ཉི་ཤུ་དང་༔ མ་ཡམ་བསྟན་མ་བཅུ་གཉིས་ལ་སོགས་ཏེ༔ ཕོ་ཉ་ཡོངས་རྫོགས་དགྲ་འདུལ་ཐུགས་དམ་ཅན༔ མི་མངོན༝༔ དམ་རྫས༝༔ ཐུགས་དམ༝༔ ཧོ། དཔལ་གྱི་བཀའ་སྡོད་ལྷ་ཚོགས༝༔ ཚོགས་ཐ་མའི་ལྷན་ཐབས་ནི། ཨེ་ཪྣྲི་ཏྲི་ཛ༔ ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི༝༔ དགེ་འདུན་གྱི༝༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི༝༔ བཀའ་སྲུང་ཕོ་ཉ་ལས་མཁན་རྣམས་ཀྱི༝༔ གཞན་ཡང་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་འཆང་བདག་གི་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་བདེན་པའི་སྟོབས་ཀྱིས་བདག་ཅག་རྣལ་འབྱོར་པ་དཔོན་སློབ་ཡོན་མཆོད་དགེ་སྡེ་གྲ་ཚན་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ །གཟུགས་མེད་ཀྱི་བགེགས། བར་ཆད་ཀྱི་རྐྱེན། ཁྱད་པར་དུ་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་རྣམས། མགོན་བྱེད་ཀྱི་ལྷའམ། ཚེ་དང་དབང་ཐང་ངམ་བསོད་ནམས་དང་དུས་ཀྱི་དབང་དུ་མ་བཏང་བར། ད་ལྟ་ཉིད་དུ་ལིངྒ་འདི་ལ་ཁུག་ཅིག །དྲག་སྔགས་སོ་ལྔ་པའི་གཤམ་བུར། ཪྣྲི་ཏྲི་(༢༦ན)


GLG022_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཧུར་ཐུཾ་ཛཿ ཛཿཧཱུཾ་བཾ་ཧོཿ ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་ལན་གསུམ་བརྗོད། གཏེར་གཞུང་བཅོས་མེད། ཧཱུཾ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་འཕྲིན་ལས་མཛོད༔ ཧཱུཾ། ང་ནི་ཆེ་མཆོག་ཧེ་རུ་ཀ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ ཆེ་མཆོག་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་བཟུང་ལ་ཕུར་པས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཧཱུཾ། ང་ནི་བཛྲ་ཧེ་རུ་ཀ༔ སྲས༝༔ བཀའ༝༔ ཡང་དག་ལྷ༝༔ གཡས༝༔ གཡོན༝༔ ལྕགས༝༔ གནོད༝༔ ཧཱུཾ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ སྲས༝༔ བཀའ༝༔ གཤིན་རྗེའི༝༔ གཡས༝༔ གཡོན༝༔ ལྕགས༝༔ གནོད༝༔ ཧཱུཾ། ང་ནི་རྟ་མགྲིན་པདྨ་དབང་༔ སྲས༝༔ བཀའ༝༔ རྟ་མགྲིན༝༔ གཡས༝༔ གཡོན༝༔ ལྕགས༝༔ གནོད༝༔ ཧཱུཾ། ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ སྲས༝༔ བཀའ༝༔ ཕུར་པའི༝༔ གཡས༝༔ གཡོན༝༔ ལྕགས༝༔ གནོད༝༔ ཧཱུཾ། ང་ནི་བླ་མེད་ཧེ་རུ་ཀ༔ སྲས༝༔ བཀའ༝༔ མ་མོའི༝༔ གཡས༝༔ གཡོན༝༔ ལྕགས༝༔ གནོད༝༔ ཧཱུཾ། ང་ནི་རིགས་འཛིན་ཐོད་པ་རྩལ༔ སྲས༝༔ བཀའ༝༔ རིགས་འཛིན༝༔ གཡས༝༔ གཡོན༝༔ ལྕགས༝༔ གནོད༝༔ ཧཱུཾ། ང་ནི་དྲེགས་པ་ཀུན་འདུལ་རྗེ༔ སྲས༝༔ བཀའ༝༔ མཆོད་བསྟོད༝༔ གཡས༝༔ གཡོན༝༔(༢༦བ)


GLG022_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས༝༔ གནོད༝༔ ཧཱུཾ། ང་ནི་སྟོབས་ལྡན་ནག་པོ་ཆེ༔ སྲས༝༔ བཀའ༝༔ དྲག་སྔགས༝༔ གཡས༝༔ གཡོན༝༔ ལྕགས༝༔ གནོད༝༔ དྲག་སྔགས་སོ་ལྔ་པའི་གཤམ་དུ་དགྲ་བགེགས་གནོད་བྱེད་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུཾ་ཕཊ༔ ཅེས་བརྗོད་དེ་ཚེ་ལུང་ཁྲུས་ལུང་གི་དགོངས་པས་ཕུར་པ་གདབ་བོ༔ ཧཱུཾ། དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཞལ་ཕྱེ་ཞིག༔ བག་ཆགས་ཀུན་སྦྱོང་འཁོར་བའི་ལམ་དགག་ཕྱིར༔ དགྲ་བགེགས་བསྒྲལ་བའི་དུག་གསུམ་ཤ་ཁྲག་རུས༔ ཟ་བྱེད་མི་འགྱུར་ཆོས་ཉིད་ཀློང་དུ་རོལ༔ བཛྲ་ཡཀྵ་ཀྲོ་དྷ་བི་ཛ་ཡ་ཁཱ་ཧི༔ ཧོ། ཞལ་ཟས་ཚོགས་ཀྱི་མཆོད་པ་འདི༔ འདོད་ཡོན་མ་སྤངས་ལོངས་སྤྱོད་བརྒྱན༔ དངོས་གྲུབ་སྣ་ཚོགས་འདི་ལས་འབྱུང་༔ རྣལ་འབྱོར་དགྱེས་པར་ཚོགས་ལ་རོལ༔ སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཧཱུཾ། སྔོན་ནས་ད་ལྟ་ཡན་ཆད་དུ༔ རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས༔ བསོད་ནམས་དགེ་བའི་ཚོགས་འཁོར་གྱིས༔ ཚེ་དབང་ལོངས་སྤྱོད་བརྟན་རྒྱས་ཤོག༔ ལྷག་ཆོག་ནི། གསེར་སྐྱེམས། བྱིན་རླབས་གཏེར་མཛོད་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཞི་ཁྲོ་བཀའ་བརྒྱད་ལྷ༔ བར་ཆད་ཀུན་སེལ་དཔའ་བོ་མཁའ་འགྲོའི་ཚོགས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་སྤྱི་དང་། ཁྱད་པར་དཔལ་མགོན་ནག་པོ་མ་ནིང་ཆེ། །དྲེགས་པའི་སྡེ་དཔོན་སུམ་ཅུ་འཁོར་བཅས་རྣམས། །གསེར་སྐྱེམས༝། ཚེ་རབས་རིགས་བརྒྱུད་ལ་བརྟེན་སྲུང་མ་དང་། །འགོ་བའི་ལྷ་(༢༧ན)


GLG022_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་ཚེས་ཕྱོགས་མཚམས་སྒོ་འཕྲང་ལྷ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །ཧཱུཾ། ཆོས་དབྱིངས་སྐྱེ་མེད་རྣམ་དག་ལས༔ སྐྱེ་བའི་ཆོ་འཕྲུལ་ཞི་ཁྲོའི་ཚོགས༔ འདིར་སྤྱོན་རྒྱན་གྱི་མཆོད་གཏོར་བཞེས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཧཱུཾ། དང་པོ་ཕུད་ཀྱིས་མི་མཆོད་དུ༔ བཀའ་བརྒྱད་ཡོངས་རྫོགས་ལྷ་རྣམས་གཉན༔ བར་དུ་ལྷག་མས་མི་མཆོད་དུ༔ མ་དང་མཁའ་འགྲོ་ལྷག་ལ་དགྱེས༔ ཐ་མ་གཅིག་ཏུ་མི་བསྲེ་རུ༔ ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག༔ ཧཱུཾ། དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ རིགས་བཞི་མཁའ་འགྲོ་ཤུགས་འགྲོར་བཅས༔ དབང་ཕྱུག་ཆེན་མོ་ཉེར་བརྒྱད་དང་༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་རྣམས༔ གནས་བཟང་དེ་ནི་དུར་ཁྲོད་འཛིན༔ གོས་བཟང་དེ་ནི་ཞིང་ཆེན་གྱོན༔ སྐྱོགས་བཟང་དེ་ནི་བྷཉྫ་ཐོགས༔ ཟས་བཟང་དེ་ནི་མཾ་ས་གསོལ༔ སྐྱེམས་བཟང་དེ་ནི་རཀྟ་འཐུང་༔ དམ་ཚིག་བསྲུང་ཞིང་མཁའ་ལ་འགྲོ༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་དཔལ་གྱི་བཀའ་བཞིན་དུ༔ བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ ཧཱུཾ། དཔལ་གྱི་བཀའ་ཉན་ལྷག་སྡུད་ནི༔ སྐྱེས་མཆོག་གིང་ཆེན་བཅོ་བརྒྱད་པོ༔ དབུ་ལ་རལ་ཕུར་ཤར་ར་ར༔ ཕྱག་ན་གྲི་ཐོགས་ཟིངས་སེ་ཟིང་༔ གིང་ཕོ་དགུ་ནི་ཤར་ར་ར༔ གིང་མོ་དགུ་ནི་སིལ་ལི་ལི༔ ཐམས་ཅད་རུ་མཚོན་ཆེམས་སེ་ཆེམ༔ དམ་ཚིག༝༔ ཟས་སུ༝༔ ལས་(༢༧བ)


GLG022_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སུ༝༔ ཤ་ཁྲག༝༔ སྔོན་ཚེ༝༔བཅོལ་བའི༝༔ ཧཱུཾ། དཔལ་གྱི་བཀའ་ཉན་ལྷག་སྡུད་མ༝༔ མ་མོ་བདུན་དང་སྲིང་མོ་བཞི༔ འབར་མ་ཆེན་མོ་བརྒྱད་རྣམས་དང་༔ ཕོ་ཉ་དྲུག་ཅུ་རྩ་བཞི་རྣམས༔ མཛེས་པའི་སྐུ་ལ་སྒེག་ཚུལ་ཅན༔ དུར་ཁྲོད་རྒྱན་ཆ་སྤུངས་སེ་སྤུང་༔ རྣལ་འབྱོར་ཀུན་གྱི་དྲོད་མྱུལ་ཞིང་༔ སྒྲུབ་པ་པོ་ཡི་གྲོགས་མཛད་མ༔ དམ་ཚིག༝༔ ཟས་སུ༝༔ ལས་སུ༝༔ ཤ་ཁྲག༝༔ སྔོན་ཚེ༝༔ བཅོལ་བའི༝༔ ཧཱུཾ། དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ ལངྐ་དུར་ཁྲོད་བདག་མོ་དང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་༔ དུར་ཁྲོད་རྫས་ལ་ལོངས་སྤྱོད་ཅིང་༔ བསྟན་པའི་དགྲ་བགེགས་གཡེན་པོར་ཆེ༔ དམ་ཚིག༝༔ ཟས་སུ༝༔ ལས་སུ༝༔ ཤ་ཁྲག༝༔ སྔོན་ཚེ༝༔ བཅོལ་བའི༝༔ ཨཱོཾ་མཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ་དེ་ཝཱི་ཀྲོ་དྷ་སརྦ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨཱོཾ་ཨཱཿཧཱུཾ་ཨུཙྪིཥྚ་བཛྲ་ཨ་དྷིཥྛ་ས་མུ་དྲ་ཀྲཱ་མ་ས་མ་ཡ་ཧཱུཾ་ཕཊ༔ ཧཱུཾ་ཧཱུཾ་ཧཱུཾ༔ ཧྲཱི་ཧྲཱི་ཧྲཱི༔ བྷྱོ་བྷྱོ་བྷྱོ༔ ཨ་ར་ལི་ཛ༔ གཏོར་སྐྱོང་ནི། ཧཱུཾ། སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ༔ འོག་མིན་དགའ་ལྡན་གནས་མཆོག་དམ་པ་རུ༔ བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་ཆེན་པོ་ཡིས༔ སྣང་སྲིད་མ་མོ་དམ་ལ་བཏགས་པའི་ཚེ༔ གཽ་རི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིདྷ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔(༢༨ན)


GLG022_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་བའི་འཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ བལ་ཡུལ་ཡང་ལེ་ཤོད་ཀྱི་དབེན་གནས་སུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ སློབ་མ་མཁས་པ་བི་མ་མི་ཏྲ་ཡིས༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ཆེ༔ རྡོ་རྗེ་རིགས་ཀྱི་སྲུང་མ་ཡོངས་འདུས་ནས༔ སོ་སོའི༝༔ བཀའ་ཡི༝༔ རྣལ་འབྱོར༝༔ བཅོལ་བའི༝༔ སྔོན་ཚེ༝༔ ཤ་ཁྲག༝༔ ཐུགས་དམ༝༔ དེ་འོག་བསྐལ་པ་དུས་ཀྱི་ཐ་མ་ལ༔ བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཏུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ སློབ་མའི་དངས་མ་རྗེ་འབངས་གྲོགས་གསུམ་གྱིས༔ ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ སྒྲུབ་པ་བཀའ་བརྒྱད་དམ་ཅན་ཡོངས་འདུས་ནས༔ སོ་སོའི༝༔ བཀའ་ཡི༝༔ རྣལ་འབྱོར༝༔ བཅོལ་བའི༝༔ སྔོན་ཚེ༝༔ ཤ་ཁྲག༝༔ ཐུགས་དམ༝༔ དེ་འོག་ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ༔ སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་དང་༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ཆོས་དབང་གིས༔ གསང་བ་སྒྲུབ་ཆེན་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་ཡིས༔ སོ་སོའི༝༔ བཀའ་ཡི༝༔ རྣལ་འབྱོར༝༔ བཅོལ་བའི༝༔ སྔོན་ཚེ༝༔ ཤ་ཁྲག༝༔ ཐུགས་དམ༝༔ གཏོར་ཟོར་ནི། ཧཱུཾ་མཉེས་དཔང་དུ་དཀོན་མཆོག་བཞུགས༔(༢༨བ)


GLG022_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་མ་གཏོགས་སྐུ་གཟུར་ཅིག༔ བཀའ་བརྒྱད་ལྷ་ཚོགས་དམག་དཔུང་བསྐྱེད༔ དགྲ་བགེགས་སྙིང་ལ་གཏོར་ཟོར་རྒྱོབ༔ བཛྲ་སརྦ་དུཥྚ་ན་ཏྲིག་ནན༔ ཨེ་ཧཱུར་ཐུམ་ཛ༔ དགྲ་བགེགས་ཪྣྲི་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད༔ བསྟན་སྐྱོང་ནི། ཧཱུཾ། བསྟན་པ་སྐྱོང་མཛད་མ་དང་སྲིང་༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་སྟག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤཱནྟིཾ་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པའི༔ བསྟན་མ་བཅུ་གཉིས་གཏོར་མ་ལོང་༔ མི་མཐུན་གནོད་པའི་ཕྱོགས་རྣམས་བཟློག༔ ཨཱོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཁཱ་ཧི༔ མ་མ་ཧྲིཾ་མ་མ་ཧྲིཾ་ཁཱ་ཧི་ཁཱ་ཧི༔བྲོ་ནི། ཧཱུཾཿ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་འཕྲིན་ལས་རྫོགས་པའི་དཔལ༔ གཏི་མུག་བུདྡྷ་རྡོ་རྗེ་ལ༔ ཞི་བའི་ལྷ་དང་ལྷ་མོས་བསྐོར༔ དངུལ་ལམ་དཀར་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་མོ་ཟླུམ༔ ངོས་ལ་ཞི་བའི་ལྷ་བཀོད་དེ༔ བཏབ་པས་འཇིགས་བརྒྱད་ཞི་བར་འགྱུར༔ ཞི་བར་མ་གྱུར་གང་ཡང་མེད༔ ཞི་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ ཨཱོཾ་ཨཱོཾ་ཨཱོཾ་མི་མཐུན་ཕྱོགས་རྣམས་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ༔ ཧཱུཾ། སངས་རྒྱས༝༔ ཡོན་ཏན༝༔ འདོད་ཆགས་པདྨ་རྡོ་རྗེ་ལ༔ དབང་གི༝༔ ཟངས་སམ་དམར་པོའི༝༔ མགོ་བོ་རྒྱ་མདུད་རྩེ་ཟླ་གམ༔ ངོས་ལ༝༔ བཏབ་པས་སྣང་སྲིད་དབང་དུ་འགྱུར༔ དབང་དུ༝༔ དབང་མཛད༝༔ ཧྲཱིཾ་ཧྲཱིཾ་ཧྲཱིཾཿལྷ་འདྲེ་མི་གསུམ་ཝ་ཤྱཾ་ཀུ་རུ་ཡེ་སྭཱཧཱ། ཧཱུཾ། སངས་རྒྱས༝༔ ཡོན་ཏན༝༔ ཕྲག་དོག་ཀརྨ༝༔ དྲག་པོའི༝༔ ལྕགས་སམ་(༢༩ན)


GLG022_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོའི༝༔ མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ༔ ངོས་ལ་དྲག་པོའི༝༔ བཏབ་པས་དགྲ་བགེགས་བརླག་པར་འགྱུར༔ ཨཱཿ བརླག་པར༝༔ བརླག་མཛད༝༔ ཧཱ་ཧཱ་ཧཱ་གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཧཱུཾ་ཕཊ༔ ཧཱུཾ། ཆེ་མཆོག་འཁོར་བཅས་རོལ་པའི་བྲོ༔ དགྲ་བགེགས་དམ་སྲིའི་སྲོག་ལ་བརྡུང་༔ བཛྲ་ཧེ་རུ་ཀ༝༔ དགྲ་བགེགས་དམ་སྲིའི་སྙིང་ལ་བརྡུང་༔ གཤིན་རྗེ་གཤེད་པོ༝༔ དགྲ་བགེགས་དམ་སྲིའི་དཔྲལ་བར་བརྡུང་༔ རྟ་མགྲིན་དབང་ཆེན༔ དགྲ་བགེགས་དམ་སྲིའི་མགྲིན་པར་བརྡུང་༔ རྡོ་རྗེ་གཞོན་ནུ༝༔ དགྲ་བགེགས་དམ་སྲིའི་ལྟེ་བར་བརྡུང་༔ བླ་མེད་ཧེ་རུ་ཀ༝༔ དགྲ་བགེགས་དམ་སྲིའི་གསང་བར་བརྡུང་༝༔ རིགས་འཛིན་ཐོད་རྩལ༝༔ དགྲ་བགེགས་དམ་སྲིའི་སྤྱི་བོར་བརྡུང་༔ དྲེགས་པ་ཀུན་འདུལ༝༔ དགྲ་བགེགས་དམ་སྲིའི་བརླ་གཡས་བརྡུང་༔ སྟོབས་ལྡན་ནག་པོ༝༔ དགྲ་བགེགས་དམ་སྲིའི་བརླ་གཡོན་བརྡུང་༔ ཞི་ཁྲོ་བཀའ་བརྒྱད༝༔ གཡས་སུ་བསྐོར་ཏེ་དགྲ་ལ་བརྡུང་༔དགྲ་ཡང་ཕྱེ་མར་འཐག་པའི་བྲོ༔ གཡོན་དུ་བསྐོར་ཏེ་བགེགས་ལ་བརྡུང་༔ བགེགས་ཀྱང་དུམ་བུར་གཏུབ་པའི་བྲོ༔ གཡས་གཡོན་ཐབས་དང་ཤེས་རབ་བྲོ༔ རུ་དྲ་དམ་སྲི་ཐལ་བར་རློག༔ ཨཱོཾ་ལཾ་ཧཱུཾ་ལཾ་སྟཾ་བྷ་ཡ་ནན༔ ཧཱུཾ། སངས་རྒྱས༝༔ ཡོན་ཏན༝༔ ང་རྒྱལ་རིན་ཅེན༝༔ རྒྱས་པའི༝༔ གསེར་རམ་སེར་པོའི༝༔ མགོ་བོ་རྒྱ་མདུད་རྩེ་ཟུར་བཞི༔ ངོས་ལ༝༔ བཏབ་པས་འབྱོར་དྲུག་རྒྱས་པར་འགྱུར༔ རྒྱས་པར༝༔ རྒྱས་མཛད༝༔(༢༩བ)


GLG022_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་སྭཱ་སྭཱ་ཚེ་དང་བསོད་ནམས་པུཥྚིཾ་ཀུ་རུ་ཡེ་སྭཱཧཱ༔ ཨཱོཾ་སུམྦྷ་སོགས་བརྗོད། ཚེ་འགུགས་ནི། ཨཱོཾ་ཨཱཿཧཱུཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ཨཱོཾ་སརྦ་སཾསྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བིཾ་ཤུདྡྷེ་མཧཱ་ན་ཡ་པ་རི་ཝཱ་ར་སྭཱཧཱ༔ ཎི་བྷྲཱུཾ་བཛྲ་ཨཱ་ཡུ་ཤེ་ཨཱ་ཡུརྫྙཱ་ན་སིདྡྷི་ཨ་བྷྲུཾ༔ ཅི་མང་བཟླས་རྗེས། ཧཱུཾ། བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ འབྱུང་བ་ལྔ་ལ་དབང་སྒྱུར་ལྷ་མོའི་ཚོགས༔ རྣལ་འབྱོར་བདག་གི་ཚེ་དང་གཡང་སྤེལ་ཅིག༔ སྟེང་འོག་ཕྱོགས་བཅུ་སྣོད་ཀྱི་འཇིག་རྟེན་ལ༔ འཕྲོས་དང་འཁྱམས་དང་ཡར་བའི་ཚེ་ཁུག་ཅིག༔ སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་ཚོགས་རྣམས་ཀྱིས༔ བརྐུས་དང་ཕྲོགས་དང་བཞམས་པའི་ཚེ་ཁུག་ཅིག༔ འབྱུང་བ་དགྲ་གཤེད་འཁྲུགས་པའི་ལས་སྦྱོར་གྱིས༔ ཉམས་དང་ཟད་དང་འཐོར་བའི་ཚེ་གསོས་ཤིག༔ ཡིད་ཀྱིས་དངངས་དང་ཧད་ཀྱིས་བརྒྱལ་བ་དང་༔ ཧུད་ཀྱིས་འདྲོགས་པའི་ཚེ་དང་གཡང་སྤེལ་ཅིག༔ ཚེ་ཁུག་གཡང་སྐྱོབས་དངོས་གྲུབ་བདག་ལ་སྩོལ༔ འབྱུང་ལྔ་འོད་ལྔ་འབར་བའི་ཚེ་བཅུད་སྡུས༔ འཆི་མེད་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཨཱ་ཡུརྫྙཱ་ན་བྷིནྡུ་བྷྲཱུཾ། ཪྣྲི་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཨཱ་ཡུཿཛྙཱ་ན་སིདྡྷི་ཨ་བྷྲཱུཾ། སྒྲུབ་ཁོག་ལས། ཧཱུཾ། བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས་དམ་དང་༔ སྦྱོར་ལམ་ཚོགས་ལམ་གནས་པའི་དམ་ཅན་ཚོགས༔ རྣལ་འབྱོར་བདག་ལ་སྔོན་གྱི་ཐུགས་དམ་གྱིས༔ ཚེ་དབང་ཆོས་དང་ལས་བཞི་མྱུར་(༣༠ན)


GLG022_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་དང་༔ རྐང་མགྱོགས་མིག་སྨན་རིལ་བུ་མཁའ་སྤྱོད་དང་༔ སྲིད་ནོར་ཟས་སོགས་མཐུ་རྩལ་དངོས་གྲུབ་སྩོལ༔ ཨ་ལ་ལ་ཧོ༔ བདུད་རྩི་འཐུང་། ཧཱུཾ། ཆོས་སྐུ་མཆོག་ལས་ཀུན་འབྱུང་ལོངས་སྤྱོད་རྫོགས༔ འགྲོ་དོན་ལྷུན་གྲུབ་སྤྲུལ་སྐུ་གཅིག་གི་ངང་༔ མ་བཅོས་གཉིས་མེད་སྐུ་གསུམ་ལྷུན་གྱིས་རྫོགས༔ མཆོག་གི་དངོས་གྲུབ་བདག་ལ་སྩལ་དུ་གསོལ༔ བཤགས་པ་ནི། སྒྲུབ་ཁོག་ལས༔ ཨཱོཾ་ཨཱཿཧཱུཾ༔ རྒྱལ་བ་ཞི་ཁྲོ་རྡོ་རྗེ་སློབ་དཔོན་དང་༔ བདེ་གཤེགས་ཡོངས་རྫོགས་སྲུང་མ་དམ་ཚིག་ཅན༔ སྐུ་གསུང་གདུང་འཚོབ་རྡོ་རྗེ་ལྕམ་དྲལ་མཆེད༔ དཔང་གྱུར་སྐྱབས་མཆོག་མ་ལུས་དགོངས་སུ་གསོལ༔ བདག་ནི་མ་རིག་ལུས་དང་ངག་སེམས་ཀྱིས༔ བླ་མ་རྡོ་རྗེ་མཆེད་ལ་ངན་སྨྲས་ཤིང་༔ ཡི་དམ་སྔགས་དང་ཕྱག་རྒྱ་གསང་བ་བསྒྲགས༔ རྩ་བའི་དམ་ལས་འགལ་གྱུར་མཐོལ་ཞིང་བཤགས༔ ཤེས་བྱ་ལྔ་དང་སྤྱད་པར་བྱ་བ་ལྔ༔ མི་སྤང་ལྔ་དང་བསྒྲུབ་པར་བྱ་རྒྱུ་ལྔ༔ དང་ལེན་ལྔ་སོགས་ཡན་ལག་དམ་ཚིག་ཀུན༔ ཉམས་གྱུར་རང་གནོང་འགྱོད་པས་མཐོལ་ཞིང་བཤགས༔ སྔགས་ལ་ཐེ་ཚོམ་བླ་མེད་ཐེག་ལ་སྨད༔ ལྟ་སྤྱོད་ཡ་བྲལ་བཤེན་སྒྲུབ་གཞུང་མ་སྲོངས༔ ལོང་ཡོད་ལེ་ལོས་དུས་ཀྱི་མཆོད་པ་ཆག༔ སྡོམ་གསུམ་ཐུན་མོང་དམ་ཉམས་མཐོལ་ཞིང་བཤགས༔ རིག་པའི་རྩལ་ཆུངས་སྙིང་པོའི་དོན་མ་རྟོགས༔ སྒོམ་པ་སྲན་ཆུངས་གནས་ལུགས་སོ་མ་ཐུབ༔ བློ་ཡི་སྟོབས་ཆུངས་སྤྱོད་པ་བོགས་མ་ཐོན༔ ལེགས་སམ་སྤྱད་ཀྱང་དོན་ལོག་ཐུགས་(༣༠བ)


GLG022_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བསགས༔ འབྲས་བུ་ཡིད་སྨོན་གྱུར་པ་མཐོལ་ཞིང་བཤགས༔ ཚངས་པ་བཞེས་ནས་དངོས་གྲུབ་སྩལ་དུ་གསོལ༔ འདིར་ཆོས་སྐྱོང་རྣམས་ལ་གཏང་རག་བྱ། ལྷག་ཆད་བསྐང་བ་ནི། ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨཿ ཀ་ཁ་ག་གྷ་ང་༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཡི་གེ་བརྒྱ་པ་བརྗོད། དཀྱིལ་འཁོར་བསྡུ་བ་ནི། ཧཱུཾ། དང་པོ་ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགྲོ་དོན་སྐྱེ་བའི་ཆོ་འཕྲུལ་ཚོམ་བུ་དགུར༔ ཞི་ཁྲོ་ཡོངས་རྫོགས་འགྲོ་བ་ཀུན་བཏུལ་ནས༔ སླར་ཡང་ཆོས་དབྱིངས་རྣམ་དག་ཀློང་དུ་བསྡུ༔ ཨཱོཾ་ཨཱཿཧཱུཾ་བཛྲ་མུཿ རྒྱུན་སྤྱོད་ནི། ཧཱུཾ། ངར་འཛིན་རྣམ་དག་སྒྱུ་ལུས་འཇའ་འདྲ་འདི༔ དཔལ་ཆེན་སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་སྟེ༔ བདེན་པ་དབྱེར་མེད་ལྟ་སྤྱོད་ཟུང་འབྲེལ་བས༔ རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱའོ༔ ཨཱོཾ་ཨཱཿཧཱུཾ་བཛྲ་ཧྲཱིཾ༔ སྨོན་ལམ་ནི། ཧོ། བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐུ་བྱིན་གྱིས༔ བདག་གཞན་འགྲོ་བ་མ་ལུས་ཐམས་ཅད་ཀུན༔ ཞི་རྒྱས་དབང་དྲག་འཕྲིན་ལས་མངའ་བརྙེས་ཤིང་༔ སྐུ་གསུམ་ལྷུན་གྲུབ་འགྲོ་དོན་མཐར་ཕྱིན་ཤོག༔ བཀྲ་ཤིས་ལྷན་ཐབས་ནི། གཏེར་གཞུང་བཅོས་མེད༔ ཧཱུཾ། མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོར་གསལ༔ གདོད་ནས་མ་སྐྱེས་རང་བྱུང་མཐའ་དབུས་བྲལ༔ ཀུན་ཁྱབ་རྣམ་དག་ལྷུན་གྲུབ་ཀུན་ཏུ་བཟང་༔ ཆོས་སྐུའི་བཀྲ་ཤིས་དམ་པས་བདེ་ལེགས་ཤོག༔ རྣམ་སྣང་བཀྲ་ཤིས་(༣༡ན)


GLG022_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་ཡེ་ཤེས་སྐུ༔ བཀྲ་ཤིས་དེས་ཀྱང་དེང་འདིར༝༔ རྡོར་སེམས་བཀྲ་ཤིས་མེ་ལོང་ཡེ་ཤེས་སྐུ༔ བཀྲ་ཤིས༝༔ རིན་འབྱུང་བཀྲ་ཤིས་མཉམ་ཉིད་ཡེ་ཤེས་སྐུ༔ བཀྲ་ཤིས༝༔ མཐའ་ཡས་བཀྲ་ཤིས་ཀུན་རྟོག་ཡེ་ཤེས་སྐུ༔ བཀྲ་ཤིས་དེས་ཀྱང་༝༔ དོན་གྲུབ་བཀྲ་ཤིས་ནན་ཏན་ཡེ་ཤེས་སྐུ༔ བཀྲ་ཤིས༝༔ ཧཱུཾ། ཆེ་མཆོག་ཧེ་རུ་ཡོན་ཏན་ལྷུན་གྲུབ་དཔལ༔ ཡིད་བཞིན་གཏེར་གྱི་བཀྲ་ཤིས་དེང་འདིར་སྩོལ༔ བཛྲ་ཧེ་རུ་རང་བྱུང་ཐུགས་ཀྱི་དཔལ༔ སྐྱེ་མེད་ཐུགས་ཀྱི༝༔ འཇམ་དཔལ་གཤིན་རྗེ་སྣང་སྲིད་སྐུ་ཡི་དཔལ༔ འགྱུར་མེད་སྐུ་ཡི༝༔ དབང་ཆེན་རྟ་མགྲིན་ཆོས་སྒོ་འདུས་པའི་དཔལ༔ འགག་མེད་གསུང་གི༝༔ རྡོ་རྗེ་གཞོན་ནུ་མཐུ་སྟོབས་ཡོངས་རྫོགས་དཔལ༔ འཕྲིན་ལས་ཐོགས་མེད༝༔ བླ་མེད་ཧེ་རུ་མ་མོ་འདུས་པའི་དཔལ༔ མ་ཚོགས་ལས་ལ་འཁོལ་བའི་བཀྲ་ཤིས་ཤོག༔ རིགས་འཛིན་གཙོ་མཆོག་རྒྱུད་ལུང་མན་ངག་དཔལ༔ ཤེས་རབ་གསུམ་ལ་མངའ་བརྙེས༝༔ དྲེགས་པ་ཀུན་འདུལ་བདུད་དཔུང་འཇོམས་པའི་དཔལ༔ སྡེ་བརྒྱད་བྲན་དུ་འཁོལ་བའི༝༔ སྟོབས་ལྡན་ནག་པོ་སྣང་སྲིད་སྲོགས་བདག་དཔལ༔ དགྲ་བགེགས་ཐལ་བར་རློག་པའི༝༔ ཞི་ཁྲོ་ཡོངས་རྫོགས་དངོས་གྲུབ་རྒྱ་མཚོའི་དཔལ༔ བསྙེན་སྒྲུབ་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག༔ འཇམ་རོལ་དང་བཅས་མེ་ཏོག་སིལ་མས་ཀུན་ཏུ་ཁྱབ་པར་བྱའོ༔ ཞི་ཁྲོ་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་ཆེན་ལས་གཞུང་སྲོང་བའི་ཆོག་ཁྲིགས་ཨྱོན་པདྨ་ཐོད་ཕྲེང་(༣༡བ)


GLG022_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་བདག་གི་ཕྱག་བཞེས༔ ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་༔ གནུབས་ནམ་མཁའི་སྙིང་པོ་དང་༔ མཁར་ཆེན་བཟའ་འཚོ་རྒྱལ་གསུམ་ལ་ཟབ་པར་གདམས་པའོ༔ ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་ཆེན་ལས་གཞུང་སྲོང་བའི་རིམ་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་ཕྲད་པར་ཤོག༔ བྲག་གནམ་སྐས་ཅན་ནས་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གཏེར་ནས་བཏོན་པའོ༔ བཀའ་བརྒྱད་ཡོངས་རྫོགས་ཁ་སྐོང་ལྷན་ཐབས་རྣམས། །འཕྲིན་ལས་གཞུང་དང་སྦྱར་ནས་སྤེལ་ལེགས་སུ། །འཁྲུལ་མེད་བརྒྱུད་པའི་ཕྱག་ལེན་གསུང་རྒྱུན་བཞིན། །ཟ་ཧོར་རིག་སྔགས་འཆང་བས་ཡི་གེར་བཀོད། །དགེ་དེས་བདེ་གཤེགས་ཞི་ཁྲོ་མ་ལུས་པའི། །གསང་གསུམ་མི་ཟད་འཁོར་ལོའི་བང་མཛོད་ལས། །མཆོག་ཐུན་དངོས་གྲུབ་འདོད་དགུའི་ཆར་ཆེན་པོས། །སྐལ་ལྡན་གདུལ་བྱའི་རེ་བ་སྐོང་གྱུར་ཅིག །རང་རིག་ངོ་བོ་ཀ་དག་ཀུན་ཏུ་བཟང་། །རང་བཞིན་ལྷུན་གྲུབ་ཞི་ཁྲོ་སྒྱུ་དྲའི་གར། །ཐུགས་རྗེ་ཡོངས་ལ་ཁྱབ་པའི་འཕྲིན་ལས་ཀྱིས། །དོན་གཉིས་འབད་མེད་གྲུབ་པའི་བཀྲ་ཤིས་ཤོག །ཅེས་བཀའ་བརྒྱད་གསང་རྫོགས་ཀྱི་ལས་བྱང་གཏེར་བྱོན་མའི་ལྷན་ཐབས་གཏེར་ཁ་འདི་ཉིད་ནས་ཁ་སྐོང་དགོས་པ་ལ་རྗེས་འཇུག་འགའ་ཞིག་གིས་ཧ་ཅང་མངས་པ་དང་། དགོས་ངེས་ཁུངས་མ་ཆོད་པས་འཁྲུལ་ལམ་དུ་འཕྱན་པའི་མཐའ་གཉིས་ཀྱི་སྐྱོན་སྤངས་ཏེ། དཔལ་ཨྱོན་ཆེན་པོའི་དགོངས་པ་གཏེར་སྟོན་གྱི་ཕྱག་ལེན་(༣༢ན)


GLG022_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱུགས་མེད་ཟབ་ཆོས་ཀྱི་བཀའ་བབས་མཁས་གྲུབ་ཤཱཀྱ་འོད་ལ་སོགས་པའི་གསུང་རྒྱུན་དྲིན་ཅན་བླ་མ་རིགས་འཛིན་བློ་མཆོག་རྡོ་རྗེའི་ཞལ་ལུང་ལས་འོངས་པ་ལྟར་མཧཱ་ཡོ་གའི་སྒོམ་ཁོག་གི་ཚིག་ལྷུག་འདོན་མི་བདེ་བ་རྣམས་ཅུང་ཟད་ཚིག་སྣ་རིང་དུ་བཏང་། གཞན་གཏེར་གཞུང་གི་ཚིག་ཟུར་ཙམ་མིན་པ་བཅོས་བསླད་མེད་པར་རང་སོར་བཞག །ལས་བྱང་དྭགས་པོ་རྩེ་ལེའི་བར་མ་ཡོད་པས་ཟོར་ཡང་བའི་ཆེད་ཆུ་ཡོས་ཟུར་དུ་བཀོད་ཀྱང་པར་དེ་ཅུང་ཟད་འཁྲུགས་པའི་ཀ་ཐོ་བསྒྲིག་དཀའ་བས་འཇུག་པ་བདེ་ཕྱིར་ལྕགས་ཕོ་སྤྲེའུའི་ལོ་མ་བུ་ཆུ་བབས་སུ་བསྒྲིགས་པ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལས་བྱང་བཀླགས་ཆོག་དགོས་པ་ཀུན་ཚང་འདི་ནི་གཡོ་རུ་ལྷོ་རྒྱུད་དུ་སྐྱེས་པའི་སྔགས་པ་རྒན་པོ་ཆེ་མཆོག་འདུས་པ་རྩལ་གྱིས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བ་མཆོག་ཐུན་དངོས་གྲུབ་ཐམས་ཅད་ལྷུན་གྱིས་གྲུབ་པར་གྱུར་ཅིག །

བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དབང་བསྐུར་དུས་སྒྲུབ་འབུམ་དང་དབང་འབུམ་བསྡེབས་ནས་ཆུ་བབས་སུ་བཀོད་པ་ཡོངས་འདུའི་འཁྲི་ཤིང་།


GLG022_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དབང་བསྐུར་དུས་སྒྲུབ་འབུམ་དང་དབང་འབུམ་བསྡེབས་ནས་ཆུ་བབས་སུ་བཀོད་པ་ཡོངས་འདུའི་འཁྲི་ཤིང་བཞུགས། །


GLG022_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཛི་ན་ཤནྟ་ཀྲོདྷཱ་ནཱཾ་དེ་ཝཱ་ཡ། མཐའ་ཀླས་ཞིང་ཁམས་རྒྱ་མཚོར་རིགས་བརྒྱ་ལ་སོགས་ཞི་དང་ཁྲོའི། །དཀྱིལ་འཁོར་མགོན་པོ་ཆོས་དབྱིངས་རང་གྲོལ་ཁྱབ་བདག་ཁྲ་ཚང་པ། །བྱང་ཆུབ་བར་དུ་འབྲལ་མེད་སྙིང་གའི་པདྨར་ལེགས་བཞུགས་ནས། །གསང་གསུམ་སྒྱུ་འཕྲུལ་དྲ་བའི་རོལ་པ་ཡིད་ངོར་རྟག་འཆར་མཛོད། །གདོད་ནས་རྣམ་དག་མཁའ་ཁྱབ་སྤྲོས་བྲལ་ཆོས་སྐུ་ཡི། །རང་གདངས་དབང་གཞུ་ལྟར་བཀྲ་ལོངས་སྤྱོད་ཡོངས་རྫོགས་པ། །རིས་མེད་སྐྱེ་དགུར་ཉེར་གཟིགས་ཐུགས་རྗེ་སྤྲུལ་པའི་སྐུ། །བཀའ་བརྒྱད་ལྷ་ཡིས་མཆོག་ཐུན་དངོས་གྲུབ་ཡིད་བཞིན་སྩོལ། །ལེགས་བྱས་རབ་བསགས་གྲངས་མེད་སྐྱེ་བའི་མཚོར། །ཐུགས་རྗེའི་ཟླ་སྣང་མ་འགགས་ཉེར་ཤར་ཏེ། །ས་ལམ་ཡོན་ཏན་ཚེ་འདིར་སྟེར་མཛད་པ། །སླུ་མེད་གཏན་གྱི་སྐྱབས་ལ་སུ་ཞིག་བསྙོན། །ཧེ་རུ་ཀཿདཔལ་གངས་ཅན་ལྟོར། །གོས་དཀར་ཚུལ་འཆང་སྤང་སྟོན་རྗེ། །ཆོས་ཀྱི་དབང་ཕྱུག་སྙན་གྲགས་རྔ། །སྲིད་པའི་རྩེ་མོའི་བར་དུ་ལྡིར། །སྐལ་ལྡན་སྒྲིབ་གཉིས་དྲི་མ་བཞི། །དབང་བཞིའི་ཆབ་ཀྱིས་རབ་བཀྲུས་ནས། །སྐུ་བཞིའི་དབང་ཕྱུག་ཀུན་བཟང་གི །གོ་འཕང་ཅི་བདེར་མྱོང་འདི་མཚར། །དེའང་གནམ་སྐས་ཀླུ་བདུད་ལྟོ་བའི་ཟབ་ཆོས་གསང་བ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བར་སྣོད་ལྡན་སློབ་མས་རྒྱང་རིང་པོ་ནས་གསོལ་བ་བཏབ་དོན་བཞིན་གནས་དུས་ཡོ་བྱད་ཕུན་སུམ་ཚོགས་ནས་དེ་ལ་འདིར་བཀའ་བརྒྱད་གསང་བ་ཡོངས་(༢ན)


GLG022_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སྒྲུབ་ཆེན་དང་འབྲེལ་བའི་ཕྱག་ལེན་ལ་སྒྲུབ་ཁོག་དང་དབང་འབུམ་གཉིས་ཀ་སྡེབ་དགོས་ཤིང་ས་བཅད་ཀྱང་ཁ་ཡར་འཁྲུགས་པ་སྡེབ་དགོས་པས་ཕྱག་ལེན་མི་མཐུན་པ་དང་དག་མི་དག་སོགས་སྣ་ཚོགས་སྣང་བ་འདིར་ཁྱབ་བདག་སྨན་ལུང་པ་བློ་མཆོག་རྡོ་རྗེའི་ཕྱག་བཞེས་ཇི་ལྟ་བ་ནག་པོ་འགྲོ་ཤེས་སུ་བཀོད་པ་ལ་སྒྲུབ་ཁོག་གི་སྟ་གོན་ལ་ཆོས་བཅུ་གཅིག་ཡོད་པའི་ས་བཅད་གསུམ་པ་ཐོག་མར་ལེན་དགོས་པས། དཀོན་མཆོག་སྤྱི་མཆོད་བཏང་བས་དེའི་ཐོག་མའི་སྐྱབས་སེམས་ཀྱིས་སྐྱབས་སེམས་བྱེད་པའི་གོ་བཅད་དེ་ཟུར་པ་མི་དགོས། ཆ་གསུམ་གཏེར་གཞུང་རྒྱས་པའམ་ཡང་ན་བསྡུས་པ། སཱ་ཙྪ་གཞུང་ངམ་མ་གྲུབ་ན་སྤྱི་འགྲོ། ཆུ་གཏོར་རམ་མ་གྲུབ་ན་གཏོར་མ་བརྒྱ་རྩ་ཡོངས་གྲགས། གསུང་སྒྲོག །བཤགས་འབུམ་ནི་དྲི་ལས་གཞུང་གྱེར་དགོས་རྒྱས་པར་སྤྲོ་ན་སྒྱུ་འཕྲུལ་དོང་སྤྲུག་མཛད་སྐད། མེད་གཞུང་མེད་བཤགས་རྒྱུད་ཀློག །བྱིས་སྟོན་བྱ། སྦྱིན་སྲེག་སྐབས་འདིར་མི་མཛད་ཕུད་གྲུབ་ན་བདེ་འདུས་ནས་མཆོད་པ་ཕུད་སྐོང་ལེན་མ་གྲུབ་ན་བསངས་དང་སྐྱེམས་གཏོང་། འདི་ཡན་ལ་ཕྱི་བཤགས་ཟེར་ཉིན་དང་པོར་དཔོན་སློབ་(༢བ)


GLG022_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་བགོས་ནས་མཛད་པ་ཕྱག་ལེན་ཡིན་ཞིང་ཉིན་ཕྱི་མ་ཚོར་བལྡབ་མི་དགོས། ས་བཅད་དང་པོ་ས་ཆོག་ལ་ལྟོ་འཕྱེ་དང་སའི་བདག་པོའི་མི་ལ་རིན་གཞལ་མི་དགོས་པ་ཤས་ཆེ། མི་སྣང་བ་ལ་བླང་བ་གཏེར་གཞུང་ལྟར་གྱི་ཆབ་བརྒྱ་རྩ་དང་ཀླུ་གཏོར་ཕྱོགས་གང་བདེ་ཞིག་ཏུ་བཤམ་པ་མཛད། གཏོར་རམ་བརྒྱ་རྩ་ཡོངས་གྲགས་གང་རུང་བཏང་རྗེས། ས་དེར་ཚོམ་བུ་སྒོར་མཆོད་མཛད། དཀར་གཏོར་རྩི་སྨན་བྲན་པ་གཅིག་དང་ས་ལྷའི་རྫས་བུམ་གཏེར་གཅིག་ཁྱེར་ལ་སྔགས་དྲུག་ཕྱག་རྒྱ་དྲུག་ལ་སོགས་པས་བྱིན་གྱིས་བརླབ། རང་གི་ལག་པ་ས་ལ་བརྡབས་ཏེ་སའི་ལྷ་མོ་གསེར་མདོག་སྐུ་སྟོད་ལྟེ་བ་ཡན་ཆད་སའི་སྟེང་དུ་འཐོན་པ། གཡོན་དུ་གསེར་བུམ་གཡས་མཆོག་སྦྱིན་ཕྱག་རྒྱ་ཅན་འཁོར་ས་བདག་གིས་བསྐོར་བ་ལ་བསྔོས་ལ་འདི་སྐད་དོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་ཡང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཞེས་ཁ་འགེང་། ཧཱུཾ་ཇི་ལྟར་སྔོན་གྱི་དཔང་མཛད་ལྟར། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་བྱང་ཆུབ་ངེས་བསྒྲུབ་པས། །མཆོད་འབུལ་དཔང་མཛོད་ས་འདི་ཞུ། །བཅུ་གཉིས་ལོ་ཡི་རྟ་ལ་ཞོན། །ཀོ་ལོང་སྡོམ་པའི་ལྷ་དགུ་སོགས། །འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན། །ས་གླུད་མཆོད་སྦྱིན་གཏེར་བཞེས་ལ། །ས་ཕྱོགས་འདི་དག་བདག་ལ་ཞུ། །འབྱུང་པོ་ས་ཡི་བདག་པོ་ཀུན། །གནས་རྟེན་གཞན་དུ་ཁྱེད་སྤོས་ལ། །ས་འདི་བཀྲ་ཤིས་མཛད་དུ་གསོལ། །སརྦྦ་བྷུ་ཏ་པཱུ་ཙ་གྷྲི་ཧ་ཁཱ་ཧི་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཆོས་བྱིན་བཤད་པ་བདེན་བདར་ནི། ཡེ་དྷར་དང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་སོགས་ཀྱི་ཆོས་བཤད། ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གི་བདུད་(༣ན)


GLG022_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་འདྲི། །དེ་ཡི་དཔང་གྱུར་ལྷ་མོས་ཀྱང་། །ས་གཞི་བྱིན་གྱིས་བརླབ་ཏུ་གསོལ། །སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པས་བདུད་བཏུལ་ནས་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ཡང་ས་གཞི་རིན་པོ་ཆེའི་སྟེང་དུ་མཛད་ཅིང་ལྷ་མོ་ཁྱོད་ཀྱིས་ས་བྱིན་པར་བྱས་པ་ཡིན་པས། དེའི་རྗེས་འཇུག་སྒྲུབ་པ་པོ་བདག་ཆེ་གེས་ཀྱང་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱང་བའི་སླད་དུ་གནས་འདིར་རྒྱལ་བ་ཞི་ཁྲོ་དཀའ་བརྒྱད་རིགས་འཛིན་བཀའ་སྡོད་ཡོངས་རྫོགས་ཀྱི་ཕོ་བྲང་འདེབས་པར་འཚལ་བས། སའི་བདག་པོ་འཁོར་དང་བཅས་པ་ཁྱེད་རྣམས་གླུད་ཆེན་པོ་འདི་ཁྱེར་ལ་གནས་འདི་བརྟན་ཅིང་བཀྲ་ཤིས་བྱིན་བཙན་པར་མཛོད་ཅིག །ཅེས་བརྗོད་ཅིང་སྟེགས་བུ་གཏན་དུ་འཇོག་ན་དེའི་ཕྱོགས་བཞིར་བུམ་པ་སྦ། དེ་མིན་སྒྲུབ་ཁང་གི་བྱང་ངམ་རི་བྲག་སོགས་སུ་གཞུག་བསྡུ་ན་བུམ་པ་གཅིག་གིས་ཆོག་གོ །དེ་ནས་ས་བཟུང་བ་ནི། དེ་མ་ཐག་ཏུ་ཡི་དམ་ཁྲོ་བོའི་ང་རྒྱལ་གྱི་ཐུགས་ཀ་ནས་ཁྲོ་བོ་བཅུ་པོས་ས་གཞི་གང་། ཕུར་པ་ཞིག་ལག་ཏུ་གསོར་ཞིང་དེ་ལ་ཁྲོ་བོའི་ཚོགས་འདུས་ཤིང་ཐིམ་པ་དེ་ཉིད་སྟོད་ཞལ་གསུམ་ཕྱག་དྲུག་སྨད་ལྕགས་ཀྱི་ཕུར་པ་དབལ་ཟུར་གསུམ་དུ་བསམས་ཏེ། རྡོ་རྗེ་སྡེར་མོའི་སྔགས་འདི་ལན་གསུམ་དུ་བརྗོད་ལ་གཟུགས་སོ། །ཨོཾ་གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྚཾ་བཛྲ་དྷ་རོད་ཨཛྙཱ་པ་ཡ་ཏི་སརྦྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་བཏབ་པས་ཕུར་པའི་མེ་འོད་ཀྱིས་ས་གཞི་དབང་ཚད་ཁེབས་པར་བསམ་མོ། །ཕུར་པ་གཅིག་གིས་འཐུས་ཤིང་སྔགས་བརྗོད་པ་དང་མཉམ་དུ་ས་རྗེན་པའམ་ཁང་པའི་ནང་དུ་ཕུར་གདན་ལ་གདབ། ས་སྦྱང་བ་ནི། རང་ཡི་དམ་དུ་གསལ་བའི་(༣བ)


GLG022_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་ཡི་གེ་བྷྲཱུཾ་སྨུག་ནག་གཅིག་བསམས་ལ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་རྣམས་ལ་ཕོག་སྲས་སུ་དགོངས། སེམས་དཔའ་ཁྲོ་བོ་ལྕམ་དྲལ་རྣམས་ལ་ཕོག་པས་སྤུན་གྲོགས་སུ་དགོངས། མ་མོ་མཁའ་འགྲོ་རྣམས་ལ་ཕོག་པས་རིགས་ཀྱི་གཙོ་བོར་མཐོང་སེམས་ཅན་རྣམས་ལ་ཕོག་པས་སྒྲིབ་པ་སྦྱངས། འོད་ཟེར་སླར་འདུས་མ་ཐག་ཏུ་ས་གཞི་གཟུང་བ་སྟེ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་གྲུབ་པའི་ས་གཞི་མཉམ་ཞིང་བདེ་བའི་སྟེང་དུ་རིན་པོ་ཆེའི་གཞལ་ཡས་ཁང་དང་ལྡན་པར་བསམས་ཏེ་རྡོ་རྗེ་སློབ་དཔོན་ལ་འཁོར་གྱི་ལས་བྱང་གི་ཕྱག་རྒྱ་གར་མཆོད་བྱེད་ཅིང་རྒྱས་པར་སྤྲོ་ན་ཕྱོགས་བཞི་ནས་གསོལ་གདབ་དང་བཅས་ཁྲག་འཐུང་གི་གར་འཆམས་བྱས་ན་ལེགས་ཞེས་གསུང་ལས་བྱང་གི་སྟོང་པའི་རང་བཞིན་ཅིར་ཡང་སྣང་ཞེས་སོགས་ཀྱིས་གླུ་བྲོས་ཀྱང་བྱིན་གྱིས་བརླབ། འདི་ཡན་ཉིན་དང་པོ། སྟ་གོན་གྱི་ས་བཅད་གཉིས་པ་སྒྲུབ་ཁོག་གི་གཞུང་བཞིན་སྟེགས་དིང་སང་ཞལ་བར་མཛད་པ་ཤས་ཆེ། བུ་ཤར་ངོས་ཅུང་ཟད་དམའ་བར་བྱས་པར་ལས་ལས་ཐིག་འདེབས་པའི་སྔོན་དུ་སྒྲུབ་ཁོག་གི་ལོ་རྒྱུས་སོང་བ་བྱས་ནས་ཚོགས་བསག་དཀྱིལ་འཁོར་གྱི་ཚོམ་བུ་རྒྱན་མཆོད་སོགས་དགོད། དེ་ནས་ཚོགས་བསག་ལས་བྱང་གི་གཞུང་བསྲངས་ཏེ་བདག་མདུན་སོ་སོར་བསྒྲུབ་ཅིང་བསྙན་པ་ཁ་གསོ་རྣམ་འཇོམས། སྨེ་བརྩེགས། བདུད་རྩི་འཁྱིལ་པ་གསུམ་གྱི་བུམ་པ་སྒྲུབ། དེ་ནས་ས་བཅད་ལྔ་པ་བགེགས་བསྐྲད་དང་དྲུག་པ་ཁྲུས་དབྱུང་གཉིས་ལེན་སློབ་མ་སྟ་གོན་དུ་ཚོགས་པ་དང་རྡོར་སེམས་ཀྱི་བུམ་པ་བསྒྲུབ། ཐིག་རྫོགས་པར་གདབ་གླིང་དགུར་བསྐོར་བར་དྲི་ཐིག་ཚོམ་བུ་དགོད། སྟ་གོན་གྱི་ས་བཅད་བཞི་པ་ཚོམ་བུའི་སྟེང་དུ་མཉྫིའི་ཁར་རིན་པོ་ཆེའི་གཞོང་བ་འབྲུས་བཀང་བ་བུམ་ཐོད་རྟེན་དགུ་ཕུར་པ་མར་མེ་སོགས་ཕྱོགས་མ་ལོག་པར་ཁ་ཡིག་ལྟར་བཀོད་ནས་འཇོག །མདའ་གྲི་སོགས་སྒྲུབ་རྫས་མཆོད་རྫས་རྣམས་ལམ་ཙམ་བཤམ་ཞིང་མདའ་སོགས་ཉལ་སྟབས་སུ་འཇོག་པ་ལས་མི་སློང་། ཕྱོགས་བཞིར་ལས་(༤ན)


GLG022_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་འཇོག་དགོས་པས་མནལ་ལམ་ལྟར་རྡོ་རྗེ་སེམས་དཔའ། སྒྲུབ་ཁོག་ལྟར་རྣམ་འཇོམས། མངའ་རིས་པཎ་ཆེན་གྱི་བཞེད་པའི་སྨེ་བརྩེགས་དང་བདུད་རྩི་འཁྱིལ་པ་ཡང་བསྣན་པའི་གཞི་ག་བསྒྲུབ་པ་ལེགས། ས་བཅད་དྲུག་པའི་སྒྲུབ་ལུགས་ལས་བུམ་པ་བཞིར་ཁྲུས་ཆུ། དྲི་མཆོག་རྫས་ལྡན་དམིགས་མེད་ངང་ལས་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་ཧཱུཾ་ལས་འོད་འབར་དཀྲོང་བསྐྱེད་དུ་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྒྱ་གྲམ་གཡོན་དྲིལ་བུ། འོད་ཀྱི་མེ་ཀློང་ན་བཞུགས་པའི་ཐུགས་ཀར་ཧཱུཾ་ལ་སྙིང་པོས་བསྐོར་བར་དམིགས་ཏེ་ཉེ་སྙིང་བརྒྱ་རྩ་བརྗོད། སྔགས་འཕྲེང་ལས་བདུད་རྩི་བུམ་པར་འཁྱིལ། ལྷ་བདག་ལ་བསྡུ། གཞན་གསུམ་གྱི་སྒྲུབ་ཚུལ་ཁོག་ཏུ་མི་གསལ་བ་གཞན་ནས་ལེན་ཆུས་མཆེད་རྣམས་ཁྲུས་ནས་དབྱུང་ངོ་། །སློབ་དཔོན་གྱི་དབང་གི་སྐབས་བགེགས་བསང་བ་བྱེད་དགོས་བྱུང་ཚེ་མཆོད་གཡོག་གིས་རྡོར་སེམས་ཀྱི་བུམ་པ་ལེན། སྟ་གོན་གྱི་ས་བཅད་ལྔ་པ་བགེགས་སྐྲོད་པ་ལ་གཏོར་མ་ཆ་གསུམ་ལ་སོགས་བགེགས་གཏོར་ཆུ་གཏོར་བཏང་ལ་བདེན་པའི་བཀའ་བསྒོ་ཞིང་བགེགས་བསྐྲད་པ་ནི་ལས་བྱང་གི་ཧཱུཾ་ཡང་དག་དོན་ལ་མི་མོས་པ། །མི་དང་མི་མིན་ལོག་འདྲེན་བགེགས། །ལན་ཆགས་རེ་གཏོར་འདི་ཁྱེར་ལ། །གནས་འདིའི་ཁོར་ཡུག་ཚུན་ཆད་དུ། །སྐད་ཅིག་ཙམ་ཡང་འདའ་མ་བྱེད། །གལ་ཏེ་ང་ཡི་བཀའ་འདས་ན། །བདེ་གཤེགས་ཁྲོ་བོ་ཀུན་འདུས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཧཱུཾ་བཞི་དང་ཁྲོ་བཅུའི་སྔགས་བཟླ་བཞིན་པའི་ངང་ནས་མེ་ཐུན་ཆུ་ཐུན་ཡུངས་ཀར་སིལ་མ་གིང་གིས་གྲི་ཕུར་གདེང་། ཧཱུཾ། སྒྲ་སྒྲོག་གུ་གུལ་ནག་པོས་བདུག་པ་སོགས་ཚ་རྔམ་བྱའོ། །སྟ་གོན་གྱི་ས་བཅད་(༤བ)


GLG022_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་སློབ་མ་ཁྲུས་ནས་དབྱུང་བ་ནི། ཉིན་དང་པོའི་ཐོག་མ་དང་གུང་གཉིས་ལ་སློབ་མར་ཁྲུས་ཆུ་བུམ་པ་བཞི་ག་ནས་སྣོད་གཅིག་ཏུ་བསྲེས་ཀྱང་ཡོང་། མིས་ལྕོགས་ན་བུམ་པ་བཞི་ག་ཁྱེར་ནས་བཏང་ཀྱང་ཡོང་ཞིང་ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱེད། སྟ་གོན་གྱི་ས་བཅད་བདུན་པ་ཚོགས་བསག་པ་ནི་བླ་མ་ལ་ཡོན་དུ་མཎྜལ་འབུལ། བླ་མས་ཉན་པར་གདམས་ནས་ཐུན་མོང་སྔོན་འགྲོའི་ཆོས་བཤད་ལ་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་འབྲས་རྣམ་གཞག་མདོར་བསྡུས་ཙམ་ཨ་ཏིའི་དོན་འཁྲིད་ནས་བཤད་ན་ལེགས། ཡིད་ཆེས་པའི་ལོ་རྒྱུས་ལ། སྒྲུབ་ཁོག་གི་དབུའི་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ནས་བཟུང་སྟེ་རྒྱལ་བ་དགོངས་བརྒྱུད། རིགས་འཛིན་བརྡ་བརྒྱུད། མཁའ་འགྲོ་གཏད་བརྒྱུད། གྲུབ་ཐོབ་རྣལ་འབྱོར་བརྒྱུད་ཡན་སོང་རྗེས་དབང་བུམ་འདི་ཉིད་སྤེལ་བ་དང་སོ་སོར་མཛད་སྲོལ་གཉིས་འདུག་པ་ལས་ཕྱི་མ་གན་གཙང་བར་སྣང་། ནས། དང་པོ་དབང་གི་ཆུ་བོ་རྒྱུན་མ་ཆད་པའི་བབས་སོ་བསྟན་པ་ནི་ཞེས་པ་ནས་རྡོ་རྗེ་དབྱིངས་ཀྱི་དབང་སྒོ་བི་མཱ་ལ་ལ་ཕྱེ་ནས་བསྐུར་རོའི་བར། དེ་ནས་སྒྲུབ་ཁོག་ནས་གང་ཟག་སྙན་ཁུང་བརྒྱུད་པའི་ཉམས་ལེན་སྐོར་དགུ་པོ་དང་བཅས་པ་ཞུས་སོ་ཡན་གྱི་རྗེས་ལ་དབང་བུམ་ནས་ཕྱི་མའི་དུས་སུ་ཡང་ཞེས་སོགས་ཀྱི་ལུང་བསྟན་ཚང་བར་མནལ་ལམ་རྟ་དཀར་མའི་ལུང་མཛད། བྱེད། དེ་ནས་ཡང་སྒྲུབ་ཁོག་ནས་དོན་དྲུག་པ་རྩོམ་པ་པོའི་རྣམ་ཐར་ནས་བཟུང་སྟེ་ཕུན་སུམ་ཚོགས་པ་བདུན་གྱིས་སྒྲུབ་ཆེན་གྱི་གཞི་བཟུང་ངོའི་བར་ཤར་མར་བྱེད། སྒྲུབ་ཁོག་གི་སྐྱབས་བླ་མ་སངས་རྒྱས་འཁོར་དང་བཅས། ཀུན་ནས་བདག་ལ་དགོངས་སུ་གསོལ། བླ་མ་དཀོན་ཅོག་རྣམ་གསུམ་ལ། བྱང་ཆུབ་མ་ཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི། སེམས་འབོགས། ཕྱི་མཆོད་ལྔ་བཤམས་ལ་ཡན་ལག་བདུན་པ་ནི་རྗེས་ཟློས་དང་བཅས། བླ་མ་བདེ་གཤེགས་མཁའ་འགྲོ་གནས་(༥ན)


GLG022_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཤེགས། །ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་གྱིས་མཆོད། །སྔོན་ནས་ད་བར་མི་དགེ་ཅི་བསགས་བཤགས། །དུས་གསུམ་དགེ་སྤྱོད་མཛད་ལ་ཡི་རང་འབུལ། །བདག་གཞན་ཡོངས་སྒྲོལ་ཆོས་འཁོར་བསྐོར་དུ་གསོལ། །འགྲོ་མགོན་མྱ་ངན་མི་འདའ་བཞུགས་སུ་གསོལ། །སྒོ་གསུམ་དགེ་སྤྱད་མ་ལུས་བྱང་ཆུབ་བསྔོ། །མཁའ་མཉམ་འགྲོ་རྣམས་སྐུ་གསུམ་མངོན་གྱུར་ཤོག །ཅེས་དཔོན་སློབ་ལྷན་ཅིག་པས་མཆོད་པ་ཕུལ། རྡོར་སེམས་ཀྱི་སྒོམ་བཟླས་འབེབས་སོ། །སྟ་གོན་གྱི་ས་བཅད་བརྒྱད་པ་ལྷ་སྟ་གོན་ལ་ཆོག་ཤེས་པ་རྣམས་ཀྱིས་ལས་བྱང་གཞུང་བསྲངས་ནས་བསྒྲུབ། མི་ཤེས་པ་ཚོས་སྔོན་འགྲོའི་དམིགས་པ་བསྒོམ་ཞིང་ཡིག་བརྒྱ་བཟླ། སྟ་གོན་གྱི་ས་བཅད་དགུ་པ་བསྙེན་པ་གསོ་ན་ལྷ་སྟ་གོན་དང་སྦྲེལ་ནས་མཛད། ས་བཅད་བརྒྱད་དགུ་འདི་གཉིས་ཀྱི་སྐབས་བུམ་པ་བསྒྲུབ་སྲོལ་འདུག་པ་སློབ་དཔོན་དཀྱིལ་འཁོར་འདྲི་ན་མགྱོགས་དབང་བསྐུར་ན་རྣམ་བུམ་འདི་གར་ངེས་པར་བསྒྲུབ་དགོས། སྐབས་འདིར་བྱ་ལ་མི་འདྲི་ན་དཀྱིལ་འཁོར་འདྲི་བའི་རིང་བྱ། སྟ་གོན་གྱི་ས་བཅད་བཅུ་པ་སློབ་མ་འཇུག་པ་ལ་དེ་ཡང་སྒྲུབ་མཆོད་གསར་རྙིང་བསྲེས་ཀྱང་རུང་དབང་བསྐུར་བའི་ཕྱིར་འཇུག་ན་ཡང་ཤིན་ཏུ་འཇུག་ཆོག་གལ་ཆེ་བས་གོང་ལྟར་ལྷ་བསྐྱེད་མཆོད་བཟླས་ཚར་བའི་སྐབས་སུ་དཀྱིལ་འཁོར་ཡོལ་བས་བསྒྲིབས་ཏེ་སློབ་བུ་གསར་པ་དེ་སྒོ་དྲུང་ནས་དབྱུང་ཞིང་བགེགས་བསྐྲད་ནང་དུ་བོས་ཏེ་ལས་ཀྱི་རྒྱས་ཐེབས་ཀྱིས་སྣ་དྲངས་ཏེ་སྤྱན་དར་སྤྱན་ཡོན་བཅས་ཏེ་དཀྱིལ་འཁོར་ལན་གསུམ་བསྐོར་ཏེ་ཤར་སྒོ་ནས་ཕྱག་བྱ་པུས་བཙུགས་ཏེ་བླ་མ་སྟ་གོན་ལ་གནས་པར་གསོལ་བ་གདབ་པ་ནི། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །ཞི་ཁྲོ་(༥བ)


GLG022_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་རྫོགས་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ཀྱིས་བཟུང་སླད་ཕྱིར། །ལྷག་པར་གནས་པར་མཛད་དུ་གསོལ། །ལན་གསུམ་ཞུས་རྗེས་སུ་གནང་བ་སྦྱིན་པ་ནི་བླ་མས། སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད། །ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་དུ། །དབང་བསྐུར་བྱིན་རླབས་སྒྲུབ་ཆེན་ཕྱིར། །ལྷག་པར་གནས་པ་ཚུལ་བཞིན་བྱ། །ཞེས་བརྗོད་དོ། །དེ་ནས་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་སུ་གཞུག་སྟེ་བླ་མས་འདི་སྐད་བརྗོད། བུ་ཁྱོད་འཁོར་བའི་སྡུག་བསྔལ་ལས། །ཐར་པའི་མགོན་གྱུར་དཀོན་མཆོག་གསུམ། །ཡིད་ཀྱིས་དམིགས་ཏེ་ཕྱག་འཚལ་ལོ། །སྐྱབས་སོང་སྡིག་པ་བཤགས་པར་བགྱི། །དེ་ནས་སློབ་བུས་མཎྜལ་ཕུལ། ཕྱག་བཙལ་ཏེ་མེ་ཏོག་དབུལ་བླ་མས་སྐྱབས་འགྲོ་སེམས་བསྐྱེད་འབོགས་པ་ནི། བླ་མ་སངས་རྒྱས་འཁོར་དང་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བླ་མ་དཀོན་མཆོག་གསུམ་པོ་ལ། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ཞེས་ལན་གསུམ་དམ་བཅས་ཏེ་སྡོམ་པ་འབོགས་པར་བྱའོ། །དེ་ནས་ཐུགས་རྗེས་བཟུང་སྟེ་ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། ཧཱུཾ། ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །རྒྱུ་དྲུག་ལམ་གྱི་སྒོ་བཅད་ནས། །མཐོ་རིས་ཐར་པའི་སྒོ་ཕྱེ་སྟེ། །དང་པོ་ཡང་སྙིང་འབྲུ་ལྔ་ཡིས། །བླ་མེད་མཆོག་གི་གནས་སུ་དྲངས། །ཨཱོཾ་ཨཱཿཧཱུཾ་སྭཱཧཱ་ས་མཱ་ཛཿཛཿ དེ་ནས་སྒྲིབ་པ་ཆེ་ཆུང་དང་ལྷ་(༦ན)


GLG022_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་རིགས་སུ་བརྟག་ཕྱིར་སོ་ཤིང་དོར་ཏེ། དྲི་ལྡན་ཤིང་རྩ་སོར་བརྒྱད་པ་མེ་ཏོག་གིས་བརྒྱན་པ་སློབ་བུ་ལ་གཏད་ལྷ་ངོ་གཟུང་སྟེ། ཧོ་བླ་མས་གནང་བའི་སོ་ཤིང་འདི། །ཞི་ཁྲོ་ཡི་དམ་ལྷ་བརྟག་ཕྱིར། །མཎྜལ་དབུས་སུ་བདག་དོར་གྱིས། །གང་ཡིན་སྐལ་ལྡན་དེར་འབབ་ཤོག །ཨོཾ་བཛྲ་ཧ་ས་ཧ་ཞེས་ནས་ཀྱི་མཎྜལ་ལ་རིགས་ལྔའི་ཙཀླི་བཅས་པའི་སྟེང་དུ་དོར་རོ། །མ་ཚུད་བར་དུ་ལན་གསུམ་བསྐྱར་རོ། །དེ་ནས་བར་ཆད་བསྲུང་ཕྱིར་སྲུང་སྐུད་ཚོན་སྣ་ལྔ་ལ་འདོམ་གང་གསུམ་བལྟབ་སྐུ་གསུམ་སྔགས་མདུད་ཅན་གཡོན་གྱི་དཔུང་པར་འཆིང་བར་བྱ་སྟེ། ཧཱུཾ། ཡེ་ཤེས་ལྔ་ལྡན་སྲད་བུ་འདི། །སྐུ་གསུང་ཐུགས་ཀྱི་མདུད་པར་ལྡན། །གཡོན་གྱི་དཔུང་པར་བཅིངས་པ་ཡིས། །སྒོ་གསུམ་བར་ཆད་གེགས་བསྲུང་ཤོག །ཨཱོཾ་བཛྲ་མཧཱ་ཀྲོ་ཏ་པདྨ་ཀྲོ་ཏཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལཱ་ཡ། མཧཱ་ཡཀྵ་ཀཱ་ལ་རཱུ་པ། ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུཾ་ཕཊ། དེ་ནས་ལས་འཕྲོའི་རྨི་ལམ་བརྟག་ཕྱིར་ཀུ་ཤ་གཙང་མ་དྲིས་བསངས་ཏེ་གཏད་པ་ནི། ཧོ་ལས་འཕྲོ་སྐལ་ལྡན་རིགས་ཀྱི་བུ། །ཁྱོར་ཆུ། ཨཱོཾ་ཀྲོ་ཏི་ཤྭ་རི་སརྦ་ཏྲ་བྱཾ་སཾ་ཤྭ་དྷ་ཡ་ཧཱུཾ་ཕཊ་ཀྱིས། གེགས་བསངས། ཨཱོཾ་ཧཱུཾ་ཧྲཱིཿསུ། ཀུ་ཤ་གཙང་མ་རྩྭ་མཆོག་འདི། །དངོས་གྲུབ་རྟགས་མཚན་གསལ་བྱའི་ཕྱིར། ཁྱོད་ཉིད་ཉལ་བའི་སྔས་སྟན་གྱིས། །ཞེས་ཕྱག་རྒྱ་བསྣོལ་བཛྲ་ཏིཀྵ་མར་གནང་བ་སྦྱིན་པ། མཁའ་འགྲོ་གསང་རྫོགས་ལས་བྱུང་བ་འདི་ལྟ་སྟེ། ཧཱུཾ་ཨུ་དུམ་ཝ་རའི་མེ་ཏོག་འདིཿ བརྒྱ་ལམ་ན་ནི་རེས་འགའ་ཞིག༔ སངས་རྒྱས་འཇིག་རྟེན་འབྱུང་བ་ལས༔ གཞན་གྱི་ཚེ་ནི་མི་འབྱུང་ལྟར༔ དེ་བཞིན་གསང་སྔགས་ཟབ་མོའི་ཆོས༔ ཚེ་འདི་ཉིད་ལ་སངས་རྒྱས་པས༔ ལས་ཅན་སྐལ་ལྡན་མ་ཡིན་པ༔ སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་མིན༔ སྤྲོ་བ་བསྐྱེད་ལ་གུས་པར་གྱིས༔ ཞེས་སོ། །གཏད་དོ། །དེ་ནས་ནུས་པའི་དབང་ལྔ་བསྐུར་བའི་ལུགས་མང་ཡང་དེའི་ཚབ་ལ་དབང་རྒྱུན་མི་ཆད་ཅིང་བདེ་འདུས་ཀྱི་ཕྱག་ལེན་དང་མཐུན་པའི་ཆེད་དུ་མགྱོགས་དབང་བུམ་པའི་རྒྱ་ཅན་(༦བ)


GLG022_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་གོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བ་སྒྲོས་གཙང་། སྟ་གོན་གྱི་ས་བཅད་བཅུ་གཅིག་པ་ལྷ་རྣམས་སྟ་གོན་ལ་གནས་པར་གསོལ་བ་གདབ་པ་ནི། མཆེད་རྣམས་གྲལ་གསུམ་རིམ་དུ་ཐལ་མོ་སྦྱར་ཏེ་ལངས་ནས་འདི་སྐད་དོ། །ཧོ། དུས་གསུམ་སངས་རྒྱས་འདུས་པའི་གཙོ། །ཐུགས་རྗེའི་བྱིན་རླབས་བྱང་སེམས་ལྡན། །དགོངས་བརྡ་རྣ་བརྒྱུད་ཐུགས་བཅུད་མངའ། །རྒྱུད་གྲོལ་བྱང་ཆུབ་ལམ་ལ་འཛུད། །དུས་གསུམ་བླ་མ་སྐུ་དྲིན་ཅན། །ཐམས་ཅད་གསན་ཅིང་དགོངས་སུ་གསོལ། །རང་བཞིན་ལྷུན་གྲུབ་ཕོ་བྲང་ནས། །ཞི་ཁྲོ་རྒྱལ་བ་ཡོངས་རྫོགས་ལྷ། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་དང་། །མ་མོ་རིགས་འཛིན་འཇིག་རྟེན་ལྷ། །བདག་ལ་གསན་ཅིང་དགོངས་སུ་གསོལ། །མ་དང་མཁའ་འགྲོ་དམ་ཚིག་ཅན། །སངས་རྒྱས་བསྟན་པ་འཛིན་སྐྱོང་བསྲུང་། །དམོད་པ་དྲག་སྔགས་མཐུ་དང་ལྡན། །སྒྲུབ་མཆོག་སྐྱོང་མཛད་རྣམས་ཀྱང་དགོངས། །དཀྱིལ་འཁོར་བཟང་པོ་ངས་བྲིས་ནས། །བདག་ཅག་བསྙེན་སྒྲུབ་ལས་གཞུང་སྲོང་། །སྟ་གོན་ལ་ནི་གནས་པར་ཕྱག་རྒྱ་དང་བཅས་ཨཱོཾ་བཛྲ་ཨུཏྟིཥྛ། མཛོད། །ཅེས་བརྗོད་ལ་དཀྱིལ་འཁོར་གྱི་ལྷ་རྣམས་བར་སྣང་ལ་འོད་ཀྱི་དྲ་བར་བཞུགས་པར་བསམ། དེ་ནུབ་སློབ་མ་རྣམས་ཉལ་ཞིང་རྨི་ལམ་བརྟག་ངན་ན་སྦྱིན་སྲེག་བྱ་ཕྱག་ལེན་ལ་ལར་འདིའི་རྗེས་སུ་ནུས་དབང་ལྔ་དང་སྒྲུབ་དབང་སྣང་ཡང་ལེགས་པར་མི་སེམས། འདི་ཡན་གཉིས་པ། དངོས་གཞི་ས་བཅད་སོ་བརྒྱད་ཡོད་པའི་དང་པོ་ཕྱི་མཚམས་རྒྱལ་པོ་བཞི་ལ་གཏད་པ་ནི། གནས་ཀྱི་ཕྱོགས་བཞིར་མཐོ་བརྩིགས་དེ་ལ་སོ་སོའི་ཙཀླི་རྒྱབ་ཏུ་སྙིང་པོ་འདོད་གསོལ་དང་བཅས་བྲིས་པ་བཀོད་དཀར་གཏོར་དང་མཆོད་པ་བཤམ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་(༧ན)


GLG022_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམས་ཏེ། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱ་བྱ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝ་བརྗོད། སྐུ་གཟུགས་དང་མཐོ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲིའི་སྟེང་དུ་ཤར་དུ་དྷེཾ། ལྷོར་བཾ། ནུབ་ཏུ་པཾ། བྱང་དུ་བཻ་རྣམས་ཡོངས་སུ་གྱུར་པ་ལས། ཡུལ་འཁོར་བསྲུང་དཀར་པོ་པི་ཝང་བསྒྲེང་བ། འཕགས་སྐྱེས་པོ་སྔོན་པོ་གཡས་རལ་གྲི་དང་གཡོན་བེ་ཅོན་བསྣམས་པ། མིག་མི་བཟང་དམར་སྨུག་གཡས་རིན་ཆེན་དང་གཡོན་སྦྲུལ་ཞགས་འཛིན་པ། རྣམ་ཐོས་སྲས་སེར་པོ་གཡས་རིན་ཆེན་གཏེར་སྒྲོམ་དང་གཡོན་བེ་ཅོན་འཛིན་པ་རྣམས་ཀྱི་དཔྲལ་བར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་བསམ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་ཨཱོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཤར་ཕྱོགས་སྐྱོང་བའི་ཡུལ་འཁོར་བསྲུང་། །ལྷོ་ཕྱོགས་སྐྱོང་བའི་འཕགས་སྐྱེས་པོ། །ནུབ་ཕྱོགས་སྐྱོང་བའི་སྤྱན་མི་བཟང་། །བྱང་ཕྱོགས་སྐྱོང་བའི་རྣམ་ཐོས་སྲས། །བཙུན་མོ་སྲས་དང་བློན་པོར་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་མཧཱ་ཌྷྲྀ་ཏ་རཱཥྚ་བི་རུ་ཌྷ་ཀ་བི་རཱུ་པཀྵ་བཻ་ཤྲ་མ་ཎ་ས་པ་རི་ཝཱ་ར་ཨེ་ཧི། ཛཿཧཱུཾ་བཾ་ཧོཿས་བསྟིམ། པདྨ་ཀ་མ་ལ་ཡ་སྟཾ་གྱིས་གདན་ཕུལ། གོང་གི་སྔགས་གཤམ་དུ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། སྔགས་གཤམ་དུ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བ་ཤྭ་སོགས་བཏགས་ཏེ་ལན་གསུམ་གྱིས་གཏོར་མ་འབུལ། ཧཱུཾ། སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་ཆོས་སྐྱོང་དཔལ། །མཐུ་ཆེན་རྒྱལ་པོ་(༧བ)


GLG022_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བཞི། །འདིར་གཤེགས་མཆོད་སྦྱིན་གཏོར་མ་ལོང་། །རི་རབ་གླིང་བཞིའི་ངོས་བཞི་ནས། །ཕྱག་ན་རྡོ་རྗེ་དབང་གི་མཐུས། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །རྒྱལ་པོ་ཆེན་པོ་སྡེ་བཞི་རྣམས། །བདག་ཅག་རེ་བ་བསྐང་བའི་ཕྱིར། །མ་དག་འཁོར་རྣམས་མཚམས་ཆོད་ཅིག །ཧཱུཾ། ཤར་ཕྱོགས་རྒྱལ་ཆེན་ཡུལ་འཁོར་བསྲུང་། །ཞི་བའི་འཕྲིན་ལས་མཐར་ཕྱིན་སྐུ་མདོག་དཀར། །ཐུགས་རྗེའི་དབང་གིས་འགྲོ་དོན་པི་ཝང་བསྣམས། །ཤར་ཕྱོགས་དྲི་ཟའི་ཚོགས་རྣམས་མཚམས་ཆོད་ཅིག །ཨཱོཾ་ཌྷྲྀ་ཏ་རཱཥྚ་ཡེ་སྭཱཧཱ། ཧཱུཾ། ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། །མངོན་སྤྱོད་ཚུལ་གྱིས་འགྲོ་དོན་སྐུ་མདོག་སྔོ། །དུག་གསུམ་འཇོམས་མཛད་བེ་ཅོན་རལ་གྲི་བསྣམས། །ལྷོ་ཕྱོགས་གཤིན་རྗེའི་འཁོར་ཚོགས་མཚམས་ཆོད་ཅིག །ཨཱོཾ་བི་རུ་ཌྷ་ཀ་ཡེ་སྭཱཧཱ། ཧཱུཾ། ནུབ་ཕྱོགས་རྒྱལ་ཆེན་སྤྱན་མི་བཟང་། །སྐུ་མདོག་དམར་སྨུག་དབང་ལྡན་འཇིགས་པའི་སྐུ། །བསོད་ནམས་ཚོགས་རྫོགས་རིན་ཆེན་སྦྲུལ་ཞགས་བསྣམས། །ནུབ་ཕྱོགས་ཀླུ་དབང་འཁོར་ཚོགས་མཚམས་ཆོད་ཅིང་། །ཨཱོཾ་བི་རཱུ་པཀྵ་ཡེ་སྭཱཧཱ། ཧཱུཾ། བྱང་ཕྱོགས་རྒྱལ་ཆེན་རྣམ་ཐོས་སྲས། །ཆེ་བའི་ཡོན་ཏན་མཐར་ཕྱིན་ལྗང་གུར་ལྡན། །རིན་ཆེན་གཏེར་དང་བེ་ཅོན་ནེའུ་ལེ་བསྣམས། །བྱང་ཕྱོགས་གནོད་སྦྱིན་ཚོགས་རྣམས་མཚམས་ཆོད་ཅིག །ཨཱོཾ་བཻ་ཤྲ་མ་ཎ་ཡེ་སྭཱཧཱ། ཏིཥྛ་བཛྲ་ཞེས་བརྗོད་ཅིང་མེ་ཏོག་གཏོར། ཞེས་བརྗོད་གཏོར་མ་བཏང་། རྣལ་འབྱོར་པ་རྣམས་མཐོ་ཁོངས་ལས་ཕྱིར་མི་རྒྱུ། ཕྱི་མི་རྣམས་ཚུར་མི་བཏང་། དངོས་གྲུབ་ནོར་རྫས་སྐྱེལ་ན་རུང་། ཕྱི་གིང་ལས་པ་ཕྱིར་འགྲོ་སྲིད་ན། ཕུར་བ་རེ་བསྐུལ་ཚུལ་སྡོད་དུས་མཚམས་གཅོད་རེ་བྱའོ། །རྒྱལ་མཐོ་བསྡམས་ནས་ནང་དུ་ཡོང་པའི་ཞོར་(༨ན)


GLG022_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དཔོན་སློབ་བྱིངས་ཀྱི་དངོས་གཞིའི་ས་བཅད་གཉིས་པ་དམ་སྲི་གནོན་ཞིང་དེའི་རིང་ལས་ཀྱི་སློབ་དཔོན་ཞིག་སྒྲུབ་ཁང་ཐོག་ཏུ་མནལ་ལམ་རྟ་དཀར་མ་ནས་བཤད་པའི་ལྷ་མི་ཕྱག་སྦྲེལ་གྱི་གཏའ་བསྡམ་ལུགས་ལོགས་སུ་གསལ། དམ་སྲི་ལ་དུག་ཤོག་ལིངྒ་བྱ་མཆུ་ཅན་གྱི་སྙིང་གར་ཡ་མ་དམ་སྲི་ག་པ་རི་མཱ་ར་ཡ་ཛཿཛཿནན་ཏྲིའུ་ཏྲིའུ་ཡ་ན་མ་ཤོ་ཛཿ ཁུག་ནན་སོགས་འདྲེ་ལིང་མཚན་ཉིད་པ་བྲིས་ཏེ་ཐེམ་པའི་ཕྱིའམ་ལམ་རྒྱ་གྲམ་ལྟ་བུར་ཁ་ཡར་བསྟན་གསེར་སྐྱེམས་ཨེ་ལིང་བསྐྱེད་པ་དགུག་གཞུག །ཕུར་ཐུན་ཚོམ་བསྐུལ་ཚོགས་ལས་ལྟར་བྱས་ནས་ལིངྒ་ཁ་སྦུབ་བསྡུ་ན་འདི་ཙམ་གྱིས་འཐུས་རྒྱས་པར་སྤྲོ་ན་ཐུན་དགུ་གང་རྒྱག་རྒྱས་བསྡུས་མང་ཡང་ཐུན་རྒྱག་པའི་བསྐུལ་ཚིག་ནི། ཧཱུཾ། དམ་སྲི་བྱ་བའི་ལས་ངན་འདི། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། །རྡོ་རྗེ་མཆེད་ལ་བར་ཆད་བྱས། །རྣལ་འབྱོར་བདག་ལ་གནོད་བྱེད་ཅིང་། །རྒྱལ་ཁམས་ཡོངས་སུ་གནོད་པ་བྱས། །སྦྱོར་སྒྲོལ་མང་པོའི་སྒོ་ཡང་བཀག །བཀའ་ལས་འདའ་བྱེད་དམ་སྲི་རྣམས། །ནམ་ཡང་བཏང་བར་མ་གསུངས་པས། །རྡོ་རྗེ་ཁྲོ་བོའི་ཕུར་པས་གདབ། །ལྕགས་ཕྱེ་རྡོ་ཕྱེ་ཟངས་ཕྱེས་བྲབ། །གུ་གུལ་སྦྱར་བའི་དུད་པས་བདུག །ཐུན་གྱིས་བྲབ་ཅིང་མཚོན་ཆས་གཏུབས། །རྡོ་རྗེ་སྲིན་པོའི་ཞལ་དུ་སྟོབས། །མ་མོ་མཁའ་འགྲོའི་ཚོགས་ལ་སྦྱིན། །རི་རབ་བརྗིད་པའི་འོག་ཏུ་མནན། །ཞེས་བརྗོད་ཅིང་རོ་གཡམ་ལ་རི་རབ་གླིང་བཞི་བྲིས་པས་མནན། དེ་ནས་ཚིག་དང་བསྟུན་ནས་ས་རེ་གཡོགས་པར་རྡོ་རྗེའི་རི་མོ་འདྲི་བ་ཚར་བཅུ་བྱེད་སྲོལ་འདུག་རུང་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་ཕྱག་ལེན་དུ་གཡམ་པ་བཅུ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པ་བཅུ་སྟོན་བྱས་ནས། ཧཱུཾ། གཅིག་ནི་ཏིང་འཛིན་རྩེ་གཅིག་རྒྱ། །(༨ན)


GLG022_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི་ཐབས་དང་ཤེས་རབ་རྒྱ། །གསུམ་ནི་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་ནི་ཚད་མེད་རྣམ་བཞིའི་རྒྱ། །ལྔ་ནི་ཡེ་ཤེས་ལྔ་ཡི་རྒྱ། །དྲུག་ནི་ཕ་རོལ་ཕྱིན་དྲུག་རྒྱ། །བདུན་ནི་ཡན་ལག་བདུན་གྱི་རྒྱ། །བརྒྱད་ནི་རྣམ་ཐར་བརྒྱད་ཀྱི་རྒྱ། །དགུ་ནི་ཐེག་པ་རིམ་དགུའི་རྒྱ། །བཅུ་ནི་ས་བཅུ་དབང་བཅུའི་རྒྱ། །དོན་དང་བརྡ་སྦྱར་རྟགས་ཀྱི་ཚུལ། །གཉིས་སུ་མེད་པའི་རྒྱས་གདབ་བོ། །ཨཱོཾ་ལཾ་ཧཱུཾ་ལཾ་སྟཾ་བྷ་ཡ་ནན། དེ་ནས་བྲོ་ར་བཅས་ཏེ། ཧཱུཾ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རྫོགས་པའི་དཔལ། །གཏི་མུག་བདེ་གཤེགས་འཁོར་དང་བཅས། །དེ་བཞིན་རིགས་མཆོག་མ་ལུས་ཀྱི། །འཇིག་རྟེན་ཁམས་ན་རབ་འབྱམས་ནས། །ཞི་བའི་ཐུགས་རྗེ་ཆེན་པོ་ཡི། །ཞི་བར་མ་གྱུར་གང་ཡང་མེད། །ཞི་མཛད་ལྷ་ལ་ཕྱག་འཚལ་ལོ། །ནད་གདོན་རྣམ་རྟོག་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། །ཧཱུཾ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་དེས་འགྲེའོ། །ང་རྒྱལ་བདེ་གཤེགས། རིན་ཆེན་རིགས། འཇིག་རྟེན། ཤིན་ཏུ་དབུལ་བའི་སེམས་ཅན་ཀུན། །ཚེ་དང་ལོངས་སྤྱོད་རྒྱས་པར་བྱེད། །རྒྱས་པར་མ་གྱུར། རྒྱས་མཛད་ལྷ་ལ། ཚེ་དང་བསོད་ནམས་པུཥྚིཾ་ཀུ་རུ་ཡེ་སྭཱཧཱ། །ཧཱུཾ། སངས་རྒྱས། ཡོན་ཏན། འཇིག་རྟེན། འདོད་ཆགས། བདེ་གཤེགས། པདྨ་རིགས་མཆོག་འཇིག་རྟེན། ཤིན་ཏུ་ཆགས་པའི་སེམས་ཅན་ཀུན། །ཐམས་ཅད་དབང་དུ་འདུས་པར་མཛོད། །དབང་དུ་མ་འདུས་གང་ཡང་མེད། །དབང་མཛད་ལྷ་ལ༝།ལྷ་འདྲེ་མི་གསུམ་ཝ་ཤཾ་ཀུ་རུ་ཡེ་སྭཱཧཱ། ཧཱུཾ། སངས་རྒྱས། ཡོན་ཏན། བདེ་གཤེགས། ཞེ་སྡང་། རྡོ་རྗེ་རིགས༝། འཇིག་རྟེན། རྡུལ་དུ་མ་བརླག་གང་(༩ན)


GLG022_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད། །བརླག་མཛད་ལྷ་ལ༝། དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུཾ་ཕཊ། སྒྲུབ་ཁོག་ན་བྲོ་བརྡུང་འདི་བཞིན་འདུག་ཀྱང་ལས་བྱང་གཞུང་བཞིན་བྱས་ན་འཇུག་པ་བདེ་བར་མངོན། དངོས་གཞིའི་ས་བཅད་གསུམ་པ་སྒོ་བྱང་གདགས་པ་ནི། དམ་སྲི་མནན་པའི་ཚུར་ལམ་སྒྲུབ་ཁང་གི་ཕྱི་སྒོར་ར་སོག་ལ་གཤིན་རྗེའི་སྐུ་བྲིས་པ་ཕུར་པ་གཅིག་དང་བཅས་པ་ལྷན་ཅིག་ཏུ་ཡ་ཐེམ་ལ་བཏགས། གསང་ཆེན་ལྷུན་གྲུབ་མ་བྲིས་པ་སྦྱོར་རམ་ཤོག་བྱང་འདོགས་པ་གང་རུང་བྱེད། མཆོད་གཏོར་སྨན་རཀ་བཤམ། སྨན་རཀ་མཆོད་གཏོར་ལས་བྱང་བཞིན་རྒྱས་བསྡུས་གང་རུང་གིས་བྱིན་གྱིས་བརླབས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་གཤིན་རྗེ་ནག་པོ་ཞལ་གཅིག་ཕྱག་གཉིས་པ། སྲིན་པོའི་གཟུགས་ཅན་གཡས་བེ་ཅོན་དང་གཡོན་མཚོན་ཆའི་འཁོར་ལོ་བསྐོར་བ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཨཱོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། ཨཱོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྔགས་མཇུག་ཏུ་སྨན་རག་གཏོར་གསུམ་གྱི་སྔགས་བཏགས་ཏེ་དབུལ། གཉེར་དུ་གཏད་པ་ནི། ཧཱུཾ། གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས། །ལས་ཀྱི་གཤིན་རྗེའི་རྒྱལ་པོ་ལ། །བཅོམ་ལྡན་རྡོ་རྗེས་བཀའ་སྩལ་ལྟར། །དེ་བཞིན་རིགས་འཛིན་སྒྲུབ་པ་པོས། །བཀའ་གསང་གཞུང་ཆེན་འདི་བསྒྲུབས་པས། །ཡང་དག་དོན་ཆེན་མ་མཐོང་བར། །(༩བ)


GLG022_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་གནོད་ཅིང་བར་གཅོད་པའི། །ལྷ་སྲིན་འབྱུང་པོ་སྡེ་བརྒྱད་ཀུན། ཁྱོད་ཀྱི་འཁོར་དང་གཡོག་ལགས་པས། །རྣམ་པར་སྨིན་པའི་ཆོས་གཤོང་ལ། །བླ་མེད་འབྲས་བུ་མ་ཐོབ་བར། །ས་འདི་ཡན་ཆད་བགེགས་མ་བཏང་། །དཔལ་ཆེན་མི་ཕམ་བཀའ་མ་འདའ། །བདག་ཅག་གཉིས་མེད་དབྱིངས་སུ་གཅིག །ཅེས་བརྗོད་ཅིང་མེ་ཏོག་གཏོར། སྒོའི་ནང་དུ་འོངས་ནས་སྒོ་བཅད་ལུགས་སོགས་ལ་བདུད་རྩི་འཁྱིལ་བའི་སྐུ་བྲིས་པ་ཕུར་པ་ཁྲོ་རྒྱལ་བདུད་རྩི་འཁྱིལ་བའི་ཤོག་བྱང་དང་བཅས་པ་ཡ་ཐེམ་ལ་ཞལ་ནས་བསྟན་ཏེ་གདགས། མཆོད་གཏོར་བཤམ་པ་དང་བརླབ་པ་སྔར་ལྟར་བྱའོ། །སྭ་བྷཱ་ཝས་སྦྱངས་སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་ཧཱུཾ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་གུ་གཡས་རྒྱ་གྲམ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པའི་གནས་གསུམ་བྱིན་བརླབས་དང་བསྟིམས་གོང་ལྟར་བྱེད། ཨ་མྲྀ་ཏ་ལ་མཆོད་པ་སྨན་རཀ་གཏོར་མའི་སྔགས་བཏང་སྟེ་དབུལ། །གཉེར་གཏད་པ་ནི། ཧཱུཾ། ཁྲོ་བོ་བདུད་རྩི་འཁྱིལ་པའི་སྐུ། །སྤྲུལ་པའི་འོད་ཟེར་དགྲ་བགེགས་འདུལ། །དངོས་གྲུབ་བདུད་རྩིའི་རྒྱ་མཚོ་བསྐྱིལ། །དམ་སྲི་ཐལ་བའི་རྡུལ་དུ་རློག །ཨཱོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཚིནྡྷ་ཚིནྡྷ་དམ་སྲི་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་མེ་ཏོག་གཏོར། །དངོས་གཞིའི་ས་བཅད་བཞི་པ་མ་ཏྲཾ་བསྒྲལ་བ་ལ། །སྦྱིན་པའི་ས་ལ་མ་ཏྲཾ་རུ་ཏྲའི་གཟུགས་བྱས་ལ། གན་རྐྱལ་དུ་མགོ་ལྷོ་ནུབ་ཏུ་བསྟན་ལ་དཀྱིལ་འཁོར་དབུས་སུ་བཞག་སྟེ། ཐོག་མར་ཀ་དག་གི་ངང་ནས་ཆོས་ཉིད་ཀྱིས་བསྒྲལ་བ་ནི། རང་ཆེ་མཆོག་ཏུ་གསལ་བས་འདི་སྐད་དོ། །ཧཱུཾ། མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད། །སྔོན་ཡང་སྒྲུབ་པ་ཀུན་ལ་བསྒྲིབས། །དེ་ཚེ་དཔལ་ཆེན་ཧེ་རུ་ཀས། །བསྒྲལ་ནས་(༡༠ན)


GLG022_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཆེན་པོར་བྱས། ཁུངས་བཅད་རྩད་བཅད་གང་ནས་བྱུང་། ཁུངས་དང་རྩད་བཅད་བདག་ལས་བྱུང་། །བདག་མེད་སྟོང་པའི་ཐོ་བས་གཞོམ། །ཨཱོཾ་མཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག །ཆོ་གས་བསྒྲལ་བ་ནི་གསེར་སྐྱེམས་བསྐྱེད་དགུག་རྒྱས་པར་བྱ། དེ་ཡང་སྔོན་བྱུང་གི་རྣམ་ཐར་དང་ཚུལ་མཐུན་པ་ཙམ་ལས་དོན་དུ་སྒྲུབ་པོ་ལ་བར་དུ་གཅོད་པའི་གདོན་བགེགས་དམ་སྲི་དགུག །མ་ཏྲཾ་ཀ་རུ་ཏྲ་ཛཿ ཨ་ཀྲཪྴ་རུ་ཏྲ་ཛཿ ཁ་ཊྭཱཾ་ཀ་རུ་ཏྲ་ཛཿཛཿ མ་ཏྲཾ་རུ་ཏྲ་པྲབྷཉྫཙཀྲ་ཧཱུཾ་ཕཊ་པྲ་བེ་ཤ་ཡ་ཕཊ། ཏི་ཧཱུཾ་ཨ་ཡཾ་ཎ་སྥ་ར་ཎ་ཕཊ། ཅེས་རལ་གྲིས་བསྒྲལ་ཏེ། ཧཱུཾ། དྲེགས་པ་བསྒྲལ་བའི་ཕུང་པོ་འདི། །རྣལ་འབྱོར་མཆོག་གི་གནས་སུ་བྱ། །སྒོ་ནི་གཟུང་འཛིན་རྟོག་པས་བཅད། །གཉིས་མེད་རང་གྲོལ་སྒོ་ཕྱེའོ། །ཞེས་བརྗོད་ཅིང་རལ་གྲིས་ལྟོ་བ་གཤག །ཧཱུཾ། སྙིང་ཤར་དུར་ཁྲོད་བསིལ་བའི་ཚལ། །མགོ་ལྷོར་དུར་ཁྲོད་སྐུ་ལ་རྫོགས། །ནང་གྲོལ་ནུབ་ཏུ་དུར་ཁྲོད་ལངྐ་བརྩེགས། །མཚན་མ་བྱང་དུ་དུར་ཁྲོད་པདྨ་བརྩེགས། །ལག་གཡས་ཤར་ལྷོ་དུར་ཁྲོད་ལྷུན་གྲུབ་གཏེར། །ལག་གཡོན་ལྷོ་ནུབ་དུར་ཁྲོད་གསང་ཆེན་རོལ། །རྐང་གཡོན་ནུབ་བྱང་དུར་ཁྲོད་ཧེ་ཆེན་གདལ། །རྐང་གཡས་བྱང་ཤར་དུར་ཁྲོད་འཇིག་རྟེན་བརྩེགས། །གནས་བརྒྱད་ངོ་མཚར་ཨེ་མ་ཧོ། །རོ་བརྒྱད་བྲིས་པའི་སྟེང་དུ་དགྲམ་སྟེ་གནས་བརྒྱད་དུ་བསམ་མོ། །དེ་ནས་མནན་ཏེ། ཧཱུཾ། མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད། །རོལ་པའི་སྟོབས་ཀྱིས་མནན་པ་ནི། །འཇིགས་བྱེད་ཆེན་པོ་ཧེ་རུ་ཀས། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་དུ་བསྟན། ཁྲོ་རྒྱལ་ཞལ་ནི་གཡས་གཡོན་གྱི། །གྱད་ཀྱི་དོར་སྟབས་ཚུལ་གྱིས་མནན། ཨཱོཾ་མཧཱ་ཤྲཱི་ཧེ་རུ་ཀ །(༡༠བ)


GLG022_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོ་ཏཱི་ཤྭ་རཱི་ས་མ་ཡ་སྟྭཾ། མཧཱ་དེ་བ་རུ་ཛ་ཛ་ཧཱུཾ། ཞེས་སྙིང་དུར་ཁྲོད་བསིལ་བའི་ཚལ་དུ་བསྒྱུར་བ་སོགས་བྱིན་འབེབས་ཀྱི་ཚིག་དང་མཐུན་པར་སློབ་དཔོན་གྱིས་དོར། །རྡོ་རྗེའི་འགྲོས་བྱ་ཞིང་ཁོག་པ་གཞལ་ཡས་ཁང་དུ་བརླབ་པ་ནི། བྷྲཱུཾ་ཛྙཱ་ན་ཙཀྲ་མཎྜལ་ཧཱུཾ། བདག་གི་ཐུགས་ཀའི་ཧཱུཾ་ལས་བྷྲཱུཾ་གྲངས་མེད་པ་འཕྲོས་པས། མ་ཏྲཾ་གི་ཁོག་པ་ལ་ཕོག་སྟེ། དེ་ཉིད་དུར་ཁྲོད་ཀྱི་གཞལ་ཡས་ཁང་ནམ་མཁའི་མཐའ་དང་མཉམ་པ། བྷནྡྷ་གསར་རྙིང་གི་རྩིག་པ་བྱས་པ། གནམ་ལྕགས་ཀྱི་གཟེར་བཏབ་པ་ལས་རཀྵའི་ཞམ་ཆུ་འབབ་པ། བྷནྡྷ་ལྕང་ལོ་ཅན་གྱི་ཁ་བད་བཏེག་པ། དྲེགས་པ་ཅན་རྣམས་ཀྱི་ཀ་བ་བཙུགས་པ། ལྷ་ཆེན་བརྒྱད་ཀྱི་གདུང་མ་བྱས་པ། ལྷ་བྲན་མང་པོའི་དྲལ་མ་བྱས་པ། ཞིང་ལྤགས་ཀྱི་ཐོག་ཕུབ་པ། རིན་ཆེན་རྣམ་བཞིའི་སྒོ་མོ་བཅད་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ནང་ཕོ་བྲང་རྩིབས་བཅུ་པ་ཕྱི་དུར་ཁྲོད་ཀྱི་གནས་བརྒྱད་ཀྱིས་བརྒྱན་པ། དེའི་ཕྱི་རིམ་ལྕགས་རི་དང་མེ་རིས་བསྐོར་བར་གྱུར། །གཉིས་པ་སྒོ་དབྱེ་བ་ནི། ཁུ་ཚུར་དང་བཅས་པའི་སྡིགས་མཛུབ་བསྒྲེང་ཞིང་། བྷྲུཾ་པྲ་པེ་ཤ་ཡ་ཕཊ། ལན་བདུན་བརྗོད། ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ། ཕཊ་ཕཊ་ཕཊ། ཅེས་བརྗོད་ཅིང་བསྐོར་རོ། །དེ་ནས་མ་ཏྲཾ་ནས་མཚམས་བཅད་དེ། ཧཱུཾ། བདག་ཉིད་དཔལ་གྱི་ཐུགས་ཀ་ནས། ཁྲོ་རྒྱལ་ཊཱཀྐི་རཱ་ཛ་འཕྲོས། །དམར་སྐྱ་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་ཐོ་བ་ལྕགས་ཀྱུ་ཐོགས། །འཕྲོས་པས་ཕྱོགས་བཅུར་རབ་འཕྲོས་པས། །ཕྱོགས་སྐྱོང་བཅུ་པོ་བཀུག་ནས་ནི། །ཕྱོགས་བཅུ་ཀུན་ཏུ་གདན་དུ་བཏིང་། །ཕོ་མོ་གན་རྐྱལ་ཁ་སྦུབ་བསྣོལ། །ཨཱོཾ་སུཾ་བྷ་སོགས་དང་། རྗེས་སུ། ཨིནྡྲ་ཡེ་ཏི་ར་བཾ། ཨགྣ་ཡེ། ཡ་མ་ཡེ། ནི་རི་ཏི་ཡེ། བཱ་རུ་ཎ་ཡེ། (༡༡ན)


GLG022_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བཱ་ཡ་བེ། ཀུ་བཻ་ར། ཨི་ཤྭ་ཎ་ཡེ། སུཪྻ་ཙནྡྲ། པྲ་ཏི་བྷྱ་ཏི་ར་བཾ། ཛཿཧཱུཾ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་བགེགས་རྣམས་བཀུག །ཕུར་བ་དར་ནག་ཅོད་པན་ཅན་བཅུ་ལ། བདག་ནི་དཔལ་གྱི་ཐུགས་ཀ་ནས། ཧཱུཾ་བཅུ་སྤྲོས་བསྟིམ་ཁྲོ་བཅུར་སྔགས་ཀྱིས་བསྐྱེད་ལ་བསྐུལ་བ་ནི། ཧཱུཾ། སྟེང་འོག་ཕྱོགས་མཚམས་འཇིག་རྟེན་ཀུན། །ཞེ་སྡང་རྡོ་རྗེ་བླ་ན་མེད། །སྐུ་གསུང་ཐུགས་སྤྲུལ་སྟོབས་དང་ལྡན། །ཏ་ཀྲྀ་ཏ་ཁྲོ་རྒྱལ་ཁྲག་འཐུང་བཅུ། །འཇིགས་ཚུལ་རྔམ་པའི་ལྟ་སྟངས་ཀྱིས། །གདུག་པའི་ཚོགས་རྣམས་བརླག་པར་མཛོད། །དུར་ཁྲོད་གསང་བའི་གནས་མཆོག་འདིར། །རང་བྱུང་ཁྲོ་རྒྱལ་ཆེན་པོ་བཅུ། །ལོག་འདྲེན་བདུད་དང་མཚམས་བཅད་ཕྱིར། །ཕྱོགས་བཅུར་ཕུར་པ་གདབ་པར་བྱའོ། །གནས་ཀྱི་ཕྱོགས་བཅུར་སྔགས་ཀྱིས་གདབ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་མཧཱ་ཀྲོ་ཏ་ཧཱུཾ་ཕཊ། ཧཱུཾ་ཀ་ར་ཧཱུཾ། གནོད་བྱེད་འབྱུང་པོ་གཏྫ་གཏྫ་ཧཱུཾ་ཕཊ། བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ནཱི་ལ་དཎྜ་ཧཱུཾ། གནོད་བྱེད་ད་ཧ་ད་ཧ་ཧཱུཾ་ཕཊ། ཡ་མཱནྟ་ཀ་ཧཱུཾ། གནོད་བྱེད་པ་ཙ་པ་ཙ་ཧཱུཾ་ཕཊ། ཨཱཪྻ་ཨ་ཙ་ལ་ཧཱུཾ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཧ་ཡ་གྷྲཱི་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨ་པ་ར་ཙིཏྟ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨ་མྲྀ་ཧ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། མཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། རྗེས་སུ་ཆེ་མཆོག་འཁོར་བཅས་རོལ་པའི་བྲོ་སོགས་ཀྱིས་བྲོ་བརྡུང་ངོ་། །དངོས་གཞིའི་ས་བཅད་ལྔ་པ་སྒྲུབ་པའི་ཡོ་བྱད་བྱིན་གྱིས་བརླབ་པ་ནི། ས་མ་ཏི་ལྔ་སྟེ། དང་པོ་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་བྱིན་གྱིས་བརླབས་ཏེ། བདག་རྡོ་རྗེ་རྒྱལ་པོའི་ཐུགས་ཀ་ནས་འོད་ཟེར་ལྔ་འཕྲོས་པས་གུར་ཁང་འོད་དུ་ཞུ། འོད་ཀྱང་(༡༡བ)


GLG022_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་འདུས་བདག་ཀྱང་འོད་དུ་ཞུ། དེ་ཉིད་མཐའ་ནས་དབུས་སུ་ཐིམ་ནས་སྟོང་པར་བྱིན་གྱིས་བརླབ་བོ། །དེ་ནས་དབང་བསྐུར་ཐབས་ཀྱི་ཏིང་ངེ་འཛིན་གྱི་གནས་བྱིན་གྱིས་བརླབ་སྟེ། སྟོང་ཉིད་ཀྱི་ངང་ནས་ཡི་དམ་ལྷ་བསྐྱེད་པའི་ཐུགས་སྲོག་ཧཱུཾ་ལས། ཨེ་འཕྲོས་ཤིང་འདུས་པས་ནམ་མཁའ་གྲུ་གསུམ་དུ་གྱུར། ཡཾ་འཕྲོས་རླུང་གི་དཀྱིལ་འཁོར་དུ་གྱུར། ར་ལས་རཀྟའི་རྒྱ་མཚོར་གྱུར། སུཾ་ལས་ཤ་ཆེན་ས་གཞིར་གྱུར། ཀེཾ་ལས་རུས་པའི་རི་རབ་ཏུ་གྱུར། རཾ་ལས་མེ་དཔུང་དུ་གྱུར། དེའི་སྟེང་དུ་བྷྲུཾ་ལས་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ་བོ། །དེ་ནས་ལྷག་པར་མོས་པའི་ས་མ་ཏིས་ལྷར་བྱིན་གྱིས་བརླབ་པ་ནི། བདག་ཉིད་ལྷར་མོས་པ་ཙམ་གྱིས་ཡོངས་རྫོགས་དཔལ་ཆེན་འཁོར་བཅས་སུ་བསྐྱེད། དེ་ནས་ཚོགས་ཆེན་འདུས་པའི་ཏིང་ངེ་འཛིན་གྱིས་མཆོད་རྫས་བྱིན་གྱིས་བརླབ་པ་ནི། མཆོད་རྫས་ཤ་ལྔ་བདུད་རྩི་ལྔར་དམིགས་ལ། དེ་ནས་རཾ་ཡཾ་ཁཾ་གསུམ་གྱིས་སྦྱངས་ཏེ། ཨ་ཏྲཾ་ལས་བདུད་རྩི་དང་རིན་པོ་ཆེར་བསམ་མོ། །དེ་ནས་གིང་ཆེན་སྒྲོལ་བའི་ས་མ་ཏིས་རྒྱུ་དང་ཡུམ་བྱིན་གྱིས་བརླབ་པ་ནི། རྒྱུ་བསྒྲལ་ལོ་མཚལ་གྱི་གནས་ལྔར་རིགས་དྲུག་ས་བོན་ཨ་ནྲྀ་སུ་ཏྲི་པྲེ་དུ་དགོད། སྒྲོལ་ན་འཁོར་བ་དོང་སྤྲུག་གོ །ཡུམ་གྱི་གནས་ལྔར་དཔའ་བོ་འབྲུ་ལྔ་བཀོད་དེ་སྤྲོ་བསྡུས་རིགས་ཀྱི་ཡབ་ཡུམ་དུ་བསྐྱེད་པར་བྱའོ། །ས་བཅད་ལྔ་པ་སློབ་དཔོན་ཁོ་ནས་མཛད་ཅིང་དེ་ཡང་ཏིང་ངེ་འཛིན་ཙམ་གྱིས་སྲོང་དགོས་དོན་ནི་སྣང་སྲིད་སྣོད་བཅུད་སྟོང་པར་བརླབ། ཁང་པ་གཞལ་ཡས་ཁང་དུ་བརླབ། བཅུད་རྣམས་ལྷར་བརླབ། མཆོད་རྫས་བརླབ། སྦྱོར་སྒྲོལ་བརླབ་པའི་དོན་ནོ། །དངོས་གཞིའི་ས་བཅད་དྲུག་པ་དཀྱིལ་འཁོར་ཆག་ཆག་གདབ་པ་ནི། ཀ་པཱ་ལར་བདུད་རྩི་ལྔ་ཆང་(༡༢ན)


GLG022_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྦྱར་ཏེ། རིགས་ལྔ་ཡབ་ཡུམ་བདུད་རྩིར་ཞུ་བར་བསམས་ནས། འཐོར་ཡབ་ཀྱིས་འཐོར་ཞིང་འདི་སྐད་དོ། །ཧཱུཾ། རྣམ་རྟོག་དངོས་གཞི་རྩ་བ་ལྔ། །དུག་ལྔ་འཁོར་བའི་རྟགས་ཀྱི་རྒྱ། །ཡེ་ཤེས་ལྔ་རུ་རབ་སྦྱངས་ནས། །དཀྱིལ་འཁོར་རྣམས་ལ་ཡོངས་སུ་རྫོགས། །གུ་ཧྱ་ཙཀྲ་ཛྙཱ་ན་མཎྜ་ལ་ཧཱུཾ། ཞེས་བདེ་གཤེགས་བཞུགས་གནས་གཞལ་ཡས་ཁང་རཏྣ་ལྔའི་མཎྜལ་མཉམ་ཡངས་སུ་བསམས་ཏེ། མཐར་ཐོན་ལ་འཇམ་པར་བྱའོ། །དངོས་གཞིའི་ས་བཅད་བདུན་པ་ཐིག་རྣམས་རིམ་པར་གདབ་པ་ནི། ཐིག་སྐུད་མཁའ་གསང་བྱིན་རླབས་ཀྱིས་ཐིག་སྐུད་བྱིན་གྱིས་བརླབ་རུང་ཡང་ཐིག་ཚོན་ལྷན་ཅིག་བྱིན་རླབས་མཛད་པ་ཕྱག་ལེན་གཙང་བས་སྟེགས་ཀྱི་ཁར་ཚོན་གྱི་སྟེང་དུ་རང་རང་གི་ཚོན་དང་མཐུན་པའི་ཐིག་སྐུད་བཞག་སྨན་རག་མཆོད་གཏོར་བཤམ་ཞིང་བྱིན་གྱིས་བརླབ། ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་ཐིག་ཚོན་རྣམས་མི་དམིགས་པ་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ་དབུས་སུ་ཨཱོཾ་དཀར་པོ། ཤར་དུ་ཧཱུཾ་ནག་པོ། ལྷོར་སྭཱ་སེར་པོ། ནུབ་ཏུ་ཨཾ་དམར་པོ། བྱང་དུ་ཧཱ་ལྗང་གུ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་བུདྡྷ་ཧེ་རུ་ཀ་དཀར་སྨུག་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་འཁོར་ལོ་འཛིན་པ། ཤར་དུ་བཛྲ་ཧེ་རུ་ཀ་མཐིང་ཁ་གཡས་རྡོ་རྗེ་འཛིན་པ། ལྷོར་རཏྣ་ཧེ་རུ་ཀ་སེར་པོ་གཡས་རིན་པོ་ཆེ་འཛིན་པ། ནུབ་ཏུ་པདྨ་ཧེ་རུ་ཀ་དམར་པོ་གཡས་པདྨ་འཛིན་པ། བྱང་དུ་ཀརྨ་ཧེ་རུ་ཀ་ལྗང་གུ་གཡས་རྒྱ་གྲམ་འཛིན་པ་ལྔ་གའང་གཡོན་དུང་ཁྲག་བསྣམས་པའི་དྲིལ་བུ་བསྣམས་པ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རྡོ་རྗེའི་གཤོག་པ་སོགས་དཔལ་གྱི་ཆས་དགུ་དང་ལྡན་པ་ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ། (༡༢བ)


GLG022_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་རྡོ་རྗེ་དང་ཐོད་ཁྲག་འཛིན་པ། ཁྲོ་མོའི་ཆས་རྣམས་ཀྱིས་བརྒྱན་པ་སྐུ་མདོག་ཡབ་དང་མཚུངས་པས་འཁྱུད་པ་ནི། དཔྲལ་བར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་རང་འདྲའི་ཡེ་ཤེས་པ་ཨཱོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། ཨཱོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད། སྔགས་གཤམ་དུ་སྨན་རག་གཏོར་གསུམ་གྱི་སྔགས་བཏགས་ཏེ་འབུལ། ལྷ་ལྔའི་གནས་གསུམ་གྱི་ཨཱོཾ་ཨཱཿཧཱུཾ་ལས་འོད་ཟེར་འཕྲོས། སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་རྣམས་སྤྱན་དྲངས་ཏེ་ཐིམ་པར་བསམས་ལ། འབྲུ་ལྔ་བཟླ་ཞིང་ཆེ་མཆོག་སོགས་ལྷ་སོ་སོའི་སྔགས་གཤམ་དུ་སུ་ཏྲཾ་མ་ཏྲི་ཀྲ་མ་ཧཱུཾ་ཞེས་འདོགས། ཡང་ན་དྲག་སྔགས་སོ་ལྔ་པའི་རྗེས་སུ་འདོགས། ཨཱོཾ་ཨཱཿཧཱུཾ་བརྒྱ་རྩ་བརྗོད། དེ་ནས་སློབ་མ་དང་གཟུངས་མའམ་ལས་ཀྱི་རྡོ་རྗེ་གཉིས་ཀྱིས་བསྒྲིལ་ནས་ལས་ཀྱི་རྡོ་རྗེའི་ལག་གཡོན་གྱི་ཐིག་སྣེ་བཟུང་བའི་སོར་མོ་རྣམས་སྤྱི་བོར་གཏད། དེ་དང་འདྲ་བ་སློབ་དཔོན་གྱིས་ཀྱང་བྱས་ཏེ་ལས་བྱང་གི་མཁའ་གསང་བྱིན་རླབས་ཀྱི་སྔགས་བརྗོད་པས། གཉིས་མེད་སྦྱོར་བའི་བྱང་སེམས་དཀར་དམར་མཁའ་ལ་བསྒྲེང་པས་བར་སྣང་ལ་བདེ་གཤེགས་རྟེན་གནས་སུ་གྱུར་པར་བསམས་ཏེ། ཧཱུཾ། མཚན་ལྡན་བཀྲ་ཤིས་གཟུངས་མའི་མཆོག །གཞུང་དང་མཐུན་པར་མཛེས་ཤིང་བརྗིད། ཁ་ནས་ཨུཏྤལ་ངད་ལྡན་ཞིང་། །སྐད་ཀྱང་ངང་པ་གཞོན་ནུ་འདྲ། །སྙན་པར་སྨྲ་ཞིང་ངང་ཚུལ་བཟང་། །མཉེན་ལྕུག་འཁྲིལ་ནས་དབྱེར་མི་ཕྱེད། །རྡོ་རྗེ་ལས་ཀྱི་དོན་གྲུབ་མ། །གསང་བ་རྡོ་རྗེ་ཐིག་འདེབས་མ། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །བྷྲུཾ་སཾ་ཏྲི་ཏ་ཛྙཱ་ན་མཎྜལ་(༡༣ན)


GLG022_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཞེས་གནམ་ཐིག་འོག་ནས་གྱེན་ལ་གསུམ་འདེབས་ཐིག་སྐུད་སྙིང་གའི་ཐད་ནས་བཟུང་སྟེ། བདེ་གཤེགས་རྟེན་ནས་ཆོས་དབྱིངས་ངང་ལས་རང་བཞིན་ཏིང་ངེ་འཛིན་དཀྱིལ་འཁོར་ཤར་བར་བསམས་ཏེ། ཧཱུཾ། བདེ་ཆེན་སྤྲོས་བྲལ་ཆོས་དབྱིངས་སུ། །རིག་པ་ཡེ་ཤེས་རྡོ་རྗེའི་ཐིག །ཐབས་ཤེས་གཉིས་མེད་བྱང་ཆུབ་སེམས། །དུས་གསུམ་འགྱུར་མེད་གདབ་པར་བྱ། །དུར་ཁྲོད་གསང་བ་མཆོག་གི་གནས། །ཕྱོགས་མཚམས་ཡེ་ཤེས་དགུ་དང་ལྡན། །བདེ་གཤེགས་ཡོངས་རྫོགས་ཕོ་བྲང་གསལ། །བྷྲཱུཾ་ཛྙཱ་ན་ཤྲཱི་ལྷན་ཀྲ་ཡ་སྭཱཧཱ། ཞེས་གོང་ལྟར་འོག་ནས་འཐེན་ཏེ་གྱེན་དུ་ལན་གསུམ་འདེབས་འདི་གཉིས་ལས་ཤར་ནུབ་མ་གཏོགས་ཐིག་གཞན་རྣམས་མི་གདབ། དཀྱིལ་འཁོར་ཤར་ནུབ་ཕྱེད་ཚལ་གདབ། །སྟེང་དུ་འཐེན་ལ། ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བྷ་ག་ཡབ་ཡུམ་ས་གཞི་ལ། །བྱང་ཆུབ་སེམས་ཀྱི་ཐིག་སྤྲོས་པས། །ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་ནི། །ཕོ་བྲང་ཚོམ་བུ་དགུ་རུ་ཤར། །བྷྲཱུཾ་ཛྙཱ་ན་མཎྜལ་ཧཱུཾ་བྷྲཱུཾ། དཔོན་སློབ་གཉིས་ཀས་སྔར་གྱིས་ལས་ཐིག་བཏབ་པའི་སྟེང་དུ། ཤར་ནུབ་ཀྱི་ཚངས་ཐིག་ལན་གསུམ་གདབ་ཅིང་དེས་མཚོན་ཕྱོགས་མཚམས་ལོགས་ཐིག་རྣམས་ཀྱང་འདེབས་ཤིང་སྤང་བྱ་ཡང་སྤྱི་ལྟར་མཐུན་པར་བྱེད་པ་ཡེ་ཤེས་ཀྱི་ས་ཐིག་གོ །དངོས་གཞིའི་ས་བཅད་བརྒྱད་པ་ཚོན་བཀྱེ་བ་ནི། ཕུར་ཤུལ་དུ་ཚོན་ལྡུགས་པར་བཤད་པ་སྒོར་ཐིག་འདེབས་དུས་དཀྱིལ་དུ་ཕུར་པ་བཙུགས་ཤུལ་ཡིན་ནའང་ད་ལྟ་ཕུར་པ་མི་འཛུགས་པས་རྟེན་འབྲེལ་ཙམ་གྱི་དབུས་སུ་ཚོན་རིམ་བརྩེགས་ཅུང་ཟད་བྱེད། བརྟག་བྱང་བཀོལ་བ་ནས་ཚོན་པྲ་བརྟག་པ་ལེན། དཀྱིལ་འཁོར་གཞུང་དང་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་འདྲི། བྲིས་གྲུབ་(༡༣བ)


GLG022_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲལ་གཞལ་ཡས་ཁང་དོན་བསྟོད་བྱ། དཀྱིལ་འཁོར་འདྲི་བའི་བར་དེར་བུམ་པ་བསྒྲུབ་དགོས་པས། བུམ་པ་དབང་འབུམ་ལས། ཇི་ལྟ་བུ་ཞེ་ན། སྤྱིར་སྟ་གོན་སྐབས་སུ་བསྟན་པ་བཞིན་ལ། རྒྱུ་ནི་རབ་གསེར། འབྲིང་དངུལ། ཐ་མ་ཟངས་སམ་ས་རིན་པོ་ཆེ་ཡང་རུང་སྟེ། དབྱིབས་ནི་དཔག་བསམ་གྱི་ཤིང་འབྲུ་ལྟར་ལྟོ་ལྡིར་བ། སྟོད་རྒྱས་པ། སྨད་ཞོལ་ལ་མ་ཞུམ་པ་ཁ་ལྟེབ་ཞབས་ལྟེབ་ཆ་མཉམ་པ་ལ་ཞབས་སོར་གཉིས་ཀྱིས་ཆེ་བ་ནང་དུ་སྒྲུབ་པ་པོའི་སྙིམ་པ་བཅོ་བརྒྱད་ཤོང་བ། རྐེད་དཔངས་ཞབས་དཔངས་སོར་ལྔ་པའམ་བཞི་པ་ཁ་དོག་ཆོས་སྐུ་དྲི་མ་མེད་པའི་རྟགས་སུ་དཀར་རམ་མི་འགྱུར་རྟགས་སུ་མཐིང་བ་ཡང་རུང་། རིགས་ལྔའི་ཕྱག་མཚན་བྲིས་པའི་བུམ་པ་དགུའམ་གཅིག་ཏུ་བསྡུ་ཡང་རུང་སྟེ། དེའི་ནང་དུ་གུ་གུལ་ནག་པོས་བདུག་ཅིང་བདག་ལས་ཀྱི་ཧེ་རུ་ཀ་གསང་བའི་བདག་པོར་བསྐྱེད་ནས་རྡོ་རྗེ་གོ་ཆའི་ཕྱག་རྒྱ་བཅས་ནས་བུམ་པ་ལ་གཏུགས་ཏེ། བུམ་པ་དགུ་ཀར་ལ་འདི་རྣམས་སྦྱར་རོ། །དེ་ནས་ཨཱོཾ་ན་མཿས་མནྟ་བུདྡྷཱ་ནཱན་བཛྲ་ཀཱ་བ་ཙ་ཧཱུཾ་ཕཊ་རྡོ་རྗེའི་གོ་ཞུ་བཞུ་ལུགས་སུ་གསོལ་བར་བསམ། ཡུངས་ཀར་བྲབ་ཅིང་ཧཱུཾ་བཞིའི་སྔགས་ཀྱིས་བགེགས་བསྐྲད་དེ། དེ་ནས་དྲི་ཆབ་ཀྱིས་བུམ་པའི་ནང་བསལ་ཅིང་ཆོས་ཉིད་རྣམ་དག་སྔགས་འདི་བཟླས་སོ། །ཨཱོཾ་སྭ་བྷཱ་ཝ་བི་ཤུ་དྡྷོ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། དེ་ནས་སྤོས་སྦྱར་དྲི་ཞིམ་པོས་བདུག་ཅིང་། ཨཱོཾ་ཤཱུ་པ་ཀ་རི་སི་ཏི་ཧཱུཾ་ཞེས་བུམ་པ་མཐུ་བྱིན་བསྐྱེད། དེ་ནས་བུམ་པའི་ངོས་བཞི་དང་ཁ་ནས། ཨཱོཾ་ཙ་དུར་མཧཱ་མུ་དྲ་ཀ་ལ་ཤ་སཾ་དན་སུ་མི་སི་ཏི་ཧཱུཾ་ཨཱོཾ་སྭཱ་ཨཾ་ཧཱ་ཞེས་བྱིན་བརླབ་བོ། །དེ་ནས་ནང་དངོས་གྲུབ་ཡོན་ཏན་ལྡན་པར་བྱིན་གྱིས་བརླབས་ཏེ། ཨཱོཾ་ཨཾ་ཧཱུཾ་སྭཱཧཱ་ཨཾ་ཀ་ལ་ཤ་སརྦ་གྷུ་ན་སི་ཏི་ཧཱུཾ། དེ་ནས་བཀྲ་ཤིས་(༡༤ན)


GLG022_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གངས་དང་འབྲེལ་བའི་གཙང་ཆབ་ཁྱེའུ་བཀྲ་ཤིས་པས་བླངས་ཏེ་བུ་མོ་མཚན་ལྡན་གཙང་མས་བླུག་སྟེ། ཆུའི་སྔགས་ནི་ཁཾ་ཛྙཱ་ན་སྨི་མཧཱ་ཀ་རུ་ཎི་ཀ་པ་ར་ཤ་སི་ཏི་ཧཱུཾ་ཨ། དེ་ནས་གསེར། བྱུ་རུ། མུ་ཏིག །དངུལ། མུ་མེན། རྙེད་ན་ནོར་བུ་རཏྣ་དང་ལྔ་ལ། ཨོཾ་རཏྣ་གརྦ་སི་ཏི་ཧཱུཾ་ཞེས་བླུག་ག །དེ་ནས་ཆུའི་སྙིང་པོ་ལན་ཚྭ། རྩི་ཏོག་གི་སྙིང་པོ་མར། ཤིང་ཏོག་གི་སྙིང་པོ་བུ་རམ། མེ་ཏོག་གི་སྙིང་པོ་སྦྲང་རྩི། འབྲུའི་སྙིང་པོ་ཏིལ་མར་དང་ལྔ་ལ། ཨཱོཾ་པཉྩ་ཙིཏྟ་མ་ལ་སི་ཏི་ཧཱུཾ། དེ་ནས་དབང་པོ་ལག་པ། སླེ་ཏྲེས། ཙན་དན་དཀར་པོ། ཤུ་དག་དཀར་པོ། ཀན་དྷ་ཀ་རི་དང་ལྔ་ལ། ཨཱོཾ་པཉྩ་ཏྲཾ་བི་ཤ་ད་ར་ས་ཧཱུཾ། དེ་ནས་འབྲས། ནས། ཏིལ། གྲོ །མོན་སྲན་དང་ལྔ་ལ། ཨཱོཾ་པཉྩ་བྱ་ཙ་ལ་སོ་མ་ལ་སི་ཏི་ཧཱུཾ། དེ་ནས་གུར་ཀུམ། ཙན་དན་སྨུག་པོ། དུ་རུ་ཀ །ཛཱ་ཏི། ག་པུར་དང་ལྔ་ལ། ཨཱོཾ་པྲཛྙ་པ་ར་མི་ཏ་དྷུ་པ་ཧཱུཾ། དེ་ནས་དར་སྣ་ལྔ་ལ། ཨཱོཾ་སུ་དར་ཙན་ཌ་སི་ཏི་ཧཱུཾ་ཞེས་བླུག་གོ །དེ་ནས་འོ་མ་ལ། ཨཱོཾ་བོ་དེ་ཙིཏྟ་སི་ཏི་ཧཱུཾ། ཞེས་བླུག་གོ །དེ་ནས་ཡུངས་ཀར་གྱི་ཐུམ་བུ་དང་ལྷ་ལྔ་ལ། ཨཱོཾ་ཤྲཱི་བཻ་རོ་ཙ་ན་ཨ་ཡུ་ཤེ་ཧཱུཾ། ཨཱོཾ་བཛྲ་ཨཀྵོ་བྷྱཿཏེ་ཤྭ་ར་ཏི་ཨ་ཡུ་ཤེ་ཧཱུཾ། ཨཱོཾ་རཏྣ་སམ་བྷ་བ་མཱ་མ་ཀི་ཨ་ཡུ་ཤེ་ཏྲཾ། ཨཾ་ཨ་མི་དེ་བ་མན་དྷ་ས་ར་ནི་ཧཱུཾ་ཨ་ཡུ་ཤེ་ཧྲཱིཿ ས་མ་ཡ་དྷ་ར་ཨ་མོ་གྷ་སི་ཏི་ལོ་ཀི་ཤྭ་ར་ཙ་ཧཱུཾ། ཨཱོཾ་ཨཾ་ཧཱུཾ་སྭཱཧཱ། ཞེས་ཁ་རྒྱན་རིགས་ལྔ་བཞུགས་སོ། །དེ་ནས་འབྲས་བུ་ཅན་གྱི་ཤིང་ཁ་ཆིངས་སུ་གཞུག་སྟེ། ཨཱོཾ་ཀལྤ་བྲྀཀྵ་ཧཱུཾ། དེ་ནས་མགུལ་ཆིངས་རས་གཙང་མ་ཁ་ཚར་མ་ཉམས་པ་པྲོག་ལྔ་ལ། ཨཱོཾ་པཉྩ་ལི་ཀ་ཧཱུཾ་ཞེས་བཅིངས། དེ་ནས་གཟུངས་ཐག་ཚོན་སྣ་ལྔ་དྲིལ་སྣེ་ལ་རྡོ་རྗེ་རྩེ་ལྔ་བཅས་པ་ལ། ཨཱོཾ་ཨ་ཡུ་བ་རི་སུ་ར་ཀ་བ་ཤེ་མི་ཏ་ཧཱུཾ། ཀ་རུ་ཧཱུཾ་བཛྲ་རཀྵ་ཀུ་རུ་ཧཱུཾ་ཞེས་(༡༤བ)


GLG022_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་ལོ། །ཨ་རུ་ར་གསེར་མདོག་ཟུར་བརྒྱད་རྩེ་དང་དགུ་པ་གཅིག །དཔལ་ཆེན་དགུའི་རྩ་སྔགས་བརྗོད་ལ་སྩལ་ལོ། །དེ་ནས་རྟེན་འབྲེལ་ཡོངས་རྫོགས་བུམ་པ་དེ་ཡི་གེ་བྷྲཱུཾ་དུ་གསལ་བ་ལས་འོད་སྤྲོས་སངས་རྒྱས་སྐུ་གསུམ་མཉེས་ཚུར་འདུས་པས། སྣོད་བཅུད་ཡོངས་རྫོགས་ལྷའི་གཞལ་ཡས་ཁང་ལྷར་བཅས་པ་བསྐྱེད་ལ་དཀྱིལ་འཁོར་ལྷའི་བསྙེན་པ་ཚར་དགུ་བཟླས་སོ། །སྤྱིར་སྔགས་གོང་མ་རྣམས་ཀྱང་རེ་རེ་ལ་བརྒྱ་རྩ་བརྒྱད་དམ། ཉེར་རེ་རེའམ། ཐ་ན་བདུན་བདུན་བཟླས་སོ། །དེ་ནས་གཙོ་བུམ་གྱི་ཁར་དབུ་རྒྱན་བསྡམ་འོག་ཏུ་ལྷ་བསྐོས་ལ་གདབ་པའི་ཞི་བའི་ཚིགས་བཅད་ཀྱང་དབུ་རྒྱན་ལ་དམིགས་པ་གཏོད་རྒྱུ་ཡིན་ནོ། །དངོས་གཞིའི་ས་བཅད་དགུ་པ་ལྷའི་སྟན་དང་རྒྱན་དགོད་པའི་རིམ་པ་ནི་སྒྲུབ་ཁོག་ནས་བཤད་པའི་ཕུར་པའི་རྒྱུ་དང་ཚད་དང་མཚན་ཉིད་ཚང་བ་རྣམས་ལ་བྱུག་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་ནས། ཧཱུཾ། ཆོས་སྐུ་གཅིག་ལས་སྣ་ཚོགས་སྤྲུལ། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་རྫོགས། ཁམས་གསུམ་མ་ལུས་བསྒྲལ་བའི་ཕྱིར། །བདུད་འདུལ་ཕུར་པའི་ཚུལ་དུ་བཞུགས། །ས་མ་ཡ་ཏིཥྛ་ལྷན་ཞེས་རྡུལ་ཚོན་གྱི་དཀྱིལ་འཁོར་གླིང་དགུ་སོ་སོར་གཙོ་ཕུར་དགུ་ལ་སྲས་རིགས་བཞིས་བསྐོར་བ། ཐོད་ར་གྲུ་བཞིའི་ཕྱིའི་ཁྱམས་རྩིག་པ་དངོས་གཞིའི་ནང་དུ་གདབ་ཕུར་རྒྱ་མདུད་མ་བརྒྱ་དང་བརྒྱད་ཕྱོགས་རེར་ཉེར་བདུན་རེ་དགོད། བདེ་འདུས་ལྟར་བཀའ་སོ་སོར་སྒོ་རྫོགས་བྱེད་ན་ཆེ་མཆོག་གི་ཁྱམས་ལ་ཉེར་བརྒྱད་དང་གཞན་རྣམས་ལ་བཅུ་བཅུ་དགོད། ལྷ་ཞལ་ཡོད་པའི་སྒོ་བ་ཡབ་ཡུམ་བརྒྱད་པོ་སྒོ་བཞིར་གཉིས་གཉིས་དགོད། དབང་ཕྱུག་གི་རྩང་ཉེར་བརྒྱད་བསྟན་མ་བཅུ་གཉིས་ཀྱི་རྩང་དང་བཅས་བཞི་བཅུ་ཐམ་པ་སོ་སོར་སྔགས་(༡༥ན)


GLG022_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྔགས་བྱང་སྐོར་ལྡེའི་རྒྱ་ཅན་ནས་བྲིས་པ་སྲིན་མོ་འགྲོས་སུ་ཕྱོགས་རེར་ལྔ་ལྔ་དུར་ཁྲོད་ཀྱི་མཐའི་ལྕགས་རི་ནག་པོར་འཛུགས། ཐུན་ཕུར་ནི་ས་ཡུལ་གང་བདེར་འཇོག །དེའི་སྟེང་དུ། ཨཱོཾ། རང་བྱུང་ཡེ་ཤེས་མར་མེ་དབུས་སུ་བཞུགས། མེ་ལོང་ཡེ་ཤེས་མར་མེ་ཤར་དུ་བཞུགས། །མཉམ་ཉིད་ཡེ་ཤེས་མར་མེ་ལྷོ་རུ་བཞུགས། །ཀུན་རྟོག་ཡེ་ཤེས་མར་མེ་ནུབ་ཏུ་བཞུགས། །ནན་ཏན་ཡེ་ཤེས་མར་མེ་བྱང་དུ་བཞུགས། །སྟོང་ཉིད་ཡེ་ཤེས་མར་མེ་ཤར་ལྷོར་བཞུགས། །འདའ་ཀ་ཡེ་ཤེས་མར་མེ་ལྷོ་ནུབ་བཞུགས། །དབྱིངས་གྲོལ་ཡེ་ཤེས་མར་མེ་ནུབ་བྱང་བཞུགས། །ཀློང་གྲོལ་ཡེ་ཤེས་མར་མེ་བྱང་ཤར་བཞུགས། །ཕོ་བྲང་གླིང་ནི་དགུ་རུ་ཡེ་ཤེས་གསལ། །ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན། དེའི་སྟེང་དུ་ཐོད་པ་མཚན་ལྡན་དགུ་དགོས་པའི་དབུས་ཆེ་མཆོག་གི་ཐོད་པའི་ཁ་ཁྱེར་ལ་དཔལ་དགུའི་སྙིང་པོ་གན་རྐྱལ་དུ་བཞག་ཚེ་སྔགས་དབུ་ཞབས་མི་ལྡོག་པ་བྲི། དེའི་ནང་དུ་བདུད་རྩི་ཆོས་སྨན་དང་བཟང་དྲུག་སོགས་སྨན་སྣ་ཚོགས་ཀྱི་རིལ་བུའམ་ཁྲོལ་བུས་བཀང་། སྨན་སྒྲུབ་དང་མ་འབྲེལ་ཡང་རིགས་ལྔའི་བསྐྱེད་ཆོག་དམིགས་བཟླས་སྨན་གཞུང་ནས་བླངས་ཏེ་ཅུང་ཟད་བྱེད་དར་ནག་གི་ཁ་བཅད་པའི་སྟེང་དུ་ཞི་བའི་རྟེན་ཤེལ་དཀར་ཨ་བྲིས་པ་རྡོར་དྲིལ་རྩེ་ལྔ་གཟུངས་ཐག་དང་བཅས་པ་བཤམ། ཕྱོགས་ཀྱི་བྷནྡྷུ་བརྒྱད་ཀྱི་ནང་དུ་རྟེན་དགུའི་ལྷག་མ་རྣམས་གཞུག །དབང་ཙཀ་ལི་མི་ཐེ་བའི་སོ་སོའི་ཙཀ་ལི་དང་སྙིང་པོ་དགོད། ཐོད་པ་རྣམས་ཀྱི་མཐར་དར་གྱི་ན་བཟའ་སུམ་རིམ་དུ་གསོལ་བས་དར་ཁང་དུ་གྲགས་པ་བཞུགས་སུ་གསོལ་བ་ནི། ཧཱུཾ། བཀྲ་ཤིས་མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །འཕྲུལ་བཞད་ཡིད་བཞིན་དགོས་འདོད་འབྱུང་བའི་(༡༥བ)


GLG022_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར། །སྐལ་ལྡན་དངོས་གྲུབ་འདོད་ཚད་སྟེར་བའི་ལྷ། །ཕོ་བྲང་སྣོད་བཅུད་རྟགས་ལྡན་རྒྱན་དུ་བཞུགས། །ཧཱུཾ། ཆེ་མཆོག་སྐུ་རྟེན་ཐོད་སྐུ་ཨ་མྲྀ་ཏ། །ཡང་དག་ཐུགས་རྟེན་མེ་གཅིག་གསལ་འགྲིབ་མེད། །འཇམ་དཔལ་སྐུ་མཆོག་ཁྲམ་གཅིག་སྲིད་གསུམ་གསལ། །པདྨ་དབང་ཆེན་རྟ་ཞལ་གསུང་གི་བདག །ཞེ་སྡང་བདུད་འདུལ་འཕྲིན་ལས་ཕུར་གཅིག་མ། །མ་མོ་ཡོངས་འདུས་སྙིང་གཅིག་གསང་བའི་རྟེན། །ཐུགས་རྗེས་རབ་བསྐུལ་རིགས་འཛིན་རྒྱལ་པོའི་སྐུ། །སྡེ་བརྒྱད་དྲེགས་པའི་གཙོ་མཆོག་ཀུན་འདུལ་སྐུ། །དགྲ་བགེགས་ཡོངས་སྒྲོལ་དྲག་སྔགས་བྱང་བུ་གཅིག །ཐབས་ཤེས་ཞི་ཁྲོ་ཡོངས་རྫོགས་རྡོ་རྗེ་དྲིལ། །དངོས་གྲུབ་ཀུན་འབྱུང་བསྙེན་སྒྲུབ་རྟེན་དུ་བཞུགས། །ཏིཥྛ་ལྷན་ཞེས་བརྗོད་ཅིང་གནས་སུ་དགོད། །དེའི་སྟེང་དུ་ཧཱུཾ་ཕྱི་ནང་རྟེན་རྣམས་ཡོངས་རྫོགས་བུམ་པ་བཟང་། །ཡི་དམ་ལྷ་རྣམས་ཡོངས་རྫོགས་བཞུགས་པའི་གནས། །དབང་བསྐུར་བྱིན་གྱིས་བརླབས་མཛད་རྟེན་མཆོག་ཏུ། །མངའ་གསོལ་དགྱེས་བཞུགས་དབང་དང་དངོས་གྲུབ་སྩོལ། །བཛྲ་ཏིཥྛ་སིང་པདྨ་ས་མ་ཡ་ལྷན་ཞེས་དར་གྱི་གྲིལ་ནས་བཞུགས་སུ་གསོལ། །སྐུ་རྟེན་ཞི་ཁྲོའི་ཙཀ་ལི་རྣམས། །ཧཱུཾ། ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས། །སྐྱེ་བའི་ཆོ་འཕྲུལ་ཞི་དང་ཁྲོ་གར་བསྒྱུར། །འགྲོ་འདུལ་ཞི་ཁྲོ་ཡོངས་རྫོགས་ལྷ་རྣམས་དང་། །རྣམ་གྲོལ་མཚོན་ཕྱིར་དཀྱིལ་འཁོར་གནས་སུ་བཞུགས། །ཨཱོཾ་ཨཱ་ལི་ཀཱ་ལི་ཛྙཱ་ན་ས་ཏྭ་ཀྲོ་ཏ་མུ་ན་ཡེ་སྭཱཧཱ། ཨཱོཾ་བྷོ་ཏི་ཙིཏྟ་མཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨཱོཾ་ཨཱཿཧཱུཾ་སྭཱཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། དྲག་སྔགས་སོ་ལྔ་པ་རྣམས་ཀྱི་མཇུག་ཏུ་ས་མ་ཡ་ཏིཥྛ་ལྷན་ཞེས་བརྗོད་ནས་སྨན་ལྷའི་ཕོ་བྲང་ལྟར་དཀྱིལའཁོར་གྱི་ཕྱི་ལ་རྒྱན་དུ་དགོད། དེ་ནས་མངའ་སོགས་དགོད་པ་ནི། མདའ་(༡༦ན)


GLG022_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་མེ་ལོང་རེ་ལ་དར་སྣ་རེ་བཏགས་པ་དང་། ལས་བུམ་བཞི་དང་། གྲི་བཞི། མཚམས་ཕུར་བཞི་ཐོགས་ལ་འདི་སྐད་དོ། །ཧཱུཾ། མ་རིག་ཡེ་ཤེས་ལོག་ཏོག་དྲ་བ་གཅོད་པའི་གྲི། །ཤེས་རབ་ཐབས་ལྡན་མ་རིག་འབིགས་པའི་མདའ། །སྒྲིབ་མེད་རང་གསལ་སྐུ་གསུམ་མེ་ལོང་མཛེས། །རིགས་བཞི་རབ་མཚོན་དར་ཚོན་སྣ་ལྔ་འཕུར། །མ་རིགས་བག་ཆགས་ཀུན་འཁྲུང་ཁྲུས་བུམ་བཞི། །བདུད་བཞི་ཚར་གཅོད་ཡེ་ཤེས་ཕུར་པས་འཇིགས། །ཡོངས་རྫོགས་དཀྱིལ་འཁོར་བྱིན་རླབས་རྒྱན་དུ་བཞུགས། །ཨཱོཾ་མཧཱ་ཛྙཱ་ན་ཤ་ཕྱ་ཏིག་ན་ཨ་ཧ་རི་ཤ་ཀི་ལ་ཡ་དྷ་མ་ཀ་ཡ་ས་མ་ཡ་ཧོ། ཞེས་ཟུར་བཞིར་བསྒྲལ་ལོ། །དེ་ནས་ཚོན་སྐུད་དྲ་བ་དང་དར་དཔྱངས་གཟུངས་ཐག་དར་ཟབ་ཞིང་གི་བླ་བྲེ་རྒྱུ་མའི་དྲ་ཕྱེད། རྒྱལ་མཚན་འཕན་ཡོལ་བ་ཤ་སྣ་སྙིང་འཕྲེང་སྟག་ཤམ་མགོ་རྒྱན་དགབ་འཁོར་མེ་ཏོག་ཆུན་འཕྱང་དེ་རྣམས་དགྲམ་སྟེ། ཧཱུཾ། རིག་པ་ཡེ་ཤེས་ཐབས་ཤེས་དབྱེར་མེད་གཟུགས། །ཡེ་ཤེས་ལྔ་ལྡན་ཚོན་སྐུད་དྲ་བ་དང་། །ཀུན་བཟང་ཀུན་ཁྱབ་བླ་རེ་གུར་ཆེན་པོ། །སྙིང་པོ་མི་ནུབ་རྟགས་ཀྱི་རྒྱལ་མཚན་བརྒྱད། །འགྲོ་དྲུག་སྙིང་རྗེས་སྐྱོབས་པའི་འཕན་བཀྲ་དང་། །ཤེས་སྐྱོབ་དར་ཡོལ་དར་ཁང་སུམ་རིམ་མཛེས། །སྲིད་པ་ཡོངས་གྲོལ་སྙིང་འཕྲེང་ཤ་རྣམས་འཕྱང་། །དཔའ་སྙོམས་སྟག་ཤམ་དགབ་འཁོར་གསུམ་གནོན་དང་། །རིག་རྩལ་སྣ་ཚོགས་དཔའ་བའི་མེ་ཏོག་འཕྲེང་། །ཕོ་བྲང་བཀྲ་ཤིས་རྒྱན་དུ་གསལ་བར་བཞུགས། །དེ་ནས་མཆོད་རྫས་དགྲམ་སྟེ། སྨན་གཏོར་རཀྟ། ཕྱི་ནང་གསང་མཆོད་འདོད་ལྔ་ཚོ་བཀྲ་ཤིས་རྫས་བརྒྱད་དང་དུར་ཁྲོད་རྫས་དགྲམ་སྟེ། ཧཱུཾ། ཡེ་ཤེས་ཕྱག་རྒྱ་གཏོར་ཆེན་ཐུགས་དམ་བསྐང་། །རྣམ་རྟོག་བདུད་འཇོམས་ཡེ་ཤེས་བདུད་རྩི་ཆེ། །འཁོར་བ་ཡོངས་(༡༦བ)


GLG022_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་ཐུགས་རྗེས་ཆགས་པའི་ཁྲག །རྣམ་རྟོག་མུན་སེལ་ཡེ་ཤེས་མར་མེ་གསལ། །བསོད་ནམས་ཡོངས་རྫོགས་ཕྱི་ནང་གསང་བའི་མཆོད། །མི་འགྱུར་བརྟན་བྱེད་རྡོ་རྗེ་ཨཱ་ཡུཿཚེ། །རྟེན་འབྲེལ་ཕུན་ཚོགས་རྫས་བརྒྱད་རིན་ཆེན་བདུན། །སྣང་སྲིད་ལོངས་སྤྱོད་མཆོད་སྤྲིན་བསམ་མི་ཁྱབ། །དཀྱིལ་འཁོར་བྱིན་ཆེན་མཆོད་པའི་རྫས་སུ་བཞུགས། །དེ་ནས་རྡོ་རྗེ་རྩེ་ལྔ་དང་། དྲིལ་བུ་དང་། རྔ་དང་། ཌཱ་མ་རུ་དང་། པི་ཝང་དགོད། ཧཱུཾ། ཆོས་སྐུ་མི་འགྱུར་ཐབས་ཀྱི་རྡོ་རྗེ་རྩེ་ལྔ་དང་། །ཆོས་དབྱིངས་ཀློང་ཡངས་ཤེས་རབ་དྲིལ་བུ་དང་། །ཆོས་སྐུ་སྟོང་གསུམ་ཀུན་ཁྱབ་རྔ་མཆོག་དང་། །མ་ཚོགས་ཕོ་ཉ་འབོད་པའི་གླིང་བུ་དང་། །དམ་ཅན་ཌཱ་ཀི་སྡུད་བྱེད་དྷ་མ་རུ། །ཚངས་པའི་གསུང་ལྡན་ཆོས་ཀྱི་འབྲུག་སྒྲ་སྒྲོག །རྒྱལ་བ་རྒྱ་མཚོ་མཆོད་པའི་རྫས་སུ་གཞག །ཨཱོཾ་ཨཱཿཧཱུཾ་བཛྲ་ཏི་ཐ་ཛྙཱ་ན་ས་མ་ཡེ་ཧཱུཾ་མུཾ་ཀུ་ལན་དྷ་རི་ཀ་ཏ་ཧཱུཾ། དྷརྨཱ་དྷཱ་ཏུ་ཧཱུཾ་བ་ཀ །ཞེས་རྣལ་འབྱོར་པ་ཀུན་ངག་གཅིག་ཏུ་དབྱངས་སྙན་པས་བསྒྲལ་ཞིང་རོལ་མོའི་ཚོགས་ཀྱང་བསྒྲག །ས་མ་ཡ་ཧོ། ཞེས་རྒྱན་དགོད་ཚིག་ལ་རྗེས་ཟློས་བྱེད་ཅིང་དཔེ་ཆུང་དེ་བློར་ཡོད་ན་གསུང་རམ་བྱས་ཀྱང་ཆོག །སྟ་གོན་གྱི་ལྷ་ཡར་བཏེག་པ་དཀྱིལ་འཁོར་ལ་འབེབས་པར་འོག་གི་དངོས་གཞིའི་ས་བཅད་བཅོ་ལྔ་པ་ལྷ་བསྐོས་ལ་གདབ་པ་ནི། རྣལ་འབྱོར་པ་རྣམས་མགྲིན་གཅིག་ཏུ་དབྱངས་སྙན་པས་ལྷ་བསྐོས་ལ་གདབ་སྟེ། དེ་ཡང་ཞི་བའི་ལྷ་ཚོགས་རྣམས་ཚོམ་བུའི་ཐོག་བར་ལ་གསེར་དང་འོད་ཀྱི་ཚོམ་བུར་གསལ་བར་དམིགས་པས་བསྐོས་གདབ་པ་ནི། ཧཱུཾ། རང་བཞིན་ལྷུན་གྲུབ་གཞལ་ཡས་ཁང་། །ཏིང་འཛིན་གཟུགས་བརྙན་གཉིས་མེད་གཞུག །འཁོར་ལོ་རྩིབས་བཞི་འོད་ཀྱི་དཀྱིལ། །སེང་གེ་གླང་ཆེན་རྟ་རྨ་བྱ། །(༡༧ན)


GLG022_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཤང་ཤང་རིན་ཆེན་ཁྲི་བཟང་སྟེང་། །ཉི་ཟླ་པད་གདན་འོད་གསལ་དབུས། །ཡེ་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་རྣམ་སྣང་སངས་རྒྱས་སྤྱན། །བཅོམ་ལྡན་མི་བསྐྱོད་ཀུན་བཟང་མོ། །བཅོམ་ལྡན་རིན་འབྱུང་མཱ་མ་ཀི །བཅོམ་ལྡན་མཐའ་ཡས་གོས་དཀར་མོ། །བཅོམ་ལྡན་དོན་གྲུབ་དམ་ཚིག་སྒྲོལ། །རང་བཞིན་སྤྱན་འདྲེན་གནས་འདིར་བཞུགས། །ཨཱོཾ་ལཱཾ། ཧཱུཾ་མཱུཾ། སྭཱ་མཾ། ཨ་པྱཱཾ། ཧ་ཏཱཾ། ས་མ་ཡ་ཏ་ཐེཾ་ལྷན། ཕྱོགས་མཚམས་ཀུན་ནས་རང་བྱུང་ལྷ། །ས་སྙིང་ནམ་སྙིང་སྤྱན་རས་གཟིགས། །ཕྱག་རྡོར་མཻ་ཏྲི་སྒྲིབ་པ་སེལ། །ཀུན་བཟང་འཇམ་དཔལ་སེམས་དཔའ་བརྒྱད། །ལཱ་སེ་མཱ་ལེ་གཱི་རྟི་མ། །ནི་རྟི་དྷཱུ་པེ་པུཥྤེ་མ། །ཨཱ་ལོ་ཀེ་དང་གྷནྡྷེ་བརྒྱད། །ཀུན་ཏུ་བཟང་དང་ཀུན་བཟང་མོ། །ལྷ་དབང་ཤཱཀ་ཐུབ་ཐག་བཟང་རིས། །སེང་དམ་ཁ་འབར་ཆོས་རྒྱལ་དྲུག །སྟོབས་ཆེན་གཤིན་རྗེ་རྟ་མགྲིན་དང་། །བདུད་རྩི་འཁྱིལ་སོགས་ཁྲོ་ཆེན་བཞི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཉི་མ་དང་ནི་འོད་ཟེར་ཚུལ། །ཞི་ཁྲོ་ཡོངས་རྫོགས་བརྟན་པར་བཞུགས། །ས་མ་ཡ་ཏིཥྛ་ལྷན། དེ་འོག་ཚོམ་བུའི་ལྷ་བསྐོས་ལ་གདམ་པ་ནི། ཧཱུཾ། དཀྱིལ་འཁོར་ཡོངས་རྫོགས་ཕོ་བྲང་དགུ། །དབུས་ཕྱོགས་འཁོར་ལོ་རྩིབས་བཞི་དཀྱིལ། །ཉི་ཟླ་པདྨ་ལྷ་ཆེན་སྟེང་། །རང་བྱུང་ལྷུན་གྱིས་གྲུབ་པའི་ལྷ། །བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །གནམ་ཞལ་ཀྲོ་ཏི་ཡུམ་དང་བཅས། །རང་བཞིན་སྤྱན་འདྲེན་གནས་འདིར་བཞུགས། །ཤར་ནས་རང་བྱུང་གྲུབ་པའི་ལྷ། ཁྱུ་མཆོག་ཉི་ཟླ་པདྨའི་སྟེང་། །རཀྴ་ཧེ་རུ་ཡབ་ཡུམ་བཞུགས། །ལྷོ་ནས་རང་བྱུང་༝། །སྟག་གཟིག་ཉི་ཟླ་པདྨའི་སྟེང་། །གུ་ཧྱ་ཧེ་རུ་ཡབ་ཡུམ་བཞུགས། །(༡༧བ)


GLG022_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ནས༝། །མ་ཧེ་ཉི་ཟླ་པདྨའི་སྟེང་། །བི་ཤྭ་ཧེ་རུ་ཡབ་ཡུམ་བཞུགས། །བྱང་ནས༝། །དོམ་ཆེན་ཉི་ཟླ་པདྨའི་སྟེང་། །ཡཀྴ་ཧེ་རུ་ཡབ་ཡུམ་བཞུགས། །ཉི་མ་དང་ནི་འོད་ཟེར་བཞིན། །ཆེ་མཆོག་འཁོར་བཅས་བརྟན་པར་བཞུགས། །ཧཱུཾ། ཤར་ཕྱོགས་འཁོར་ལོའི་གཞལ་ཡས་སུ། །ཉི་ཟླ་པདྨ་རུ་ཏྲའི་སྟེང་། །རང་བྱུང་ལྷུན་གྱིས་གྲུབ་པའི་ལྷ། །བཅོམ་ལྡན་བཛྲ་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཡུམ་དང་བཅས། །རང་བཞིན༝། །དེས་འགྲེ། ཧཱུཾ། བཞི་འཁོར་ལོ་རྩིབས་བཞིའི་དབུས། །དྲི་ཟ་གཤིན་རྗེ་ཀླུ་གནོད་སྦྱིན། །ཉི་ཟླ་པདྨའི་གདན་སྟེང་དུ། །རིགས་བཞི་ཧེ་རུ་ཡབ་ཡུམ་བཞུགས། །ཉི་མ་དང་༝། །ཐུགས་མཆོག་འཁོར་བཅས་བརྟན་པར་བཞུགས། །ཧཱུཾ། ལྷོ་ཕྱོགས་འཁོར་ལོའི༝། །ཉི་ཟླ་པདྨ་ཆུ་གླང་སྟེང་། །རང་བྱུང་༝། །བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད། །སྒྲོལ་དང་སྦྱོར་བྱེད་ཀུན་ཏུ་བཅས། །རང་བཞིན༝། །ཕྱོགས་བཞི༝། །མ་ཧེ་དཀར་སེར་དམར་ལྗང་ཁྲི། །ཉི་ཟླ༝། །སྲས་མཆོག་གཤེད་བཞི་ཡབ་ཡུམ་བཞུགས། །ཉི་མ་དང་༝། །སྐུ་མཆོག༝། །ནུབ་ཕྱོགས་འཁོར་ལོའི༝། །ཉི་ཟླ་པདྨ་ཀླུ་རྒྱལ་སྟེང་། །རང་བྱུང་༝། །བཅོམ་ལྡན་དཔལ་ཆེན་རྟ་མགྲིན་དང་། །ཨེ་ཀ་ཙ་ཏི་ཡུམ་དང་བཅས། །རང་བཞིན་༝། །ཕྱོགས་བཞི་འཁོར་ལོ༝། །ཀླུ་རིགས་གདུག་པ་རྣམ་བཞི་བསྒྱེལ། །ཟིལ་གནོན་ཁྲོ་བཞི་ཡབ་ཡུམ་བཞུགས། །ཉི་མ༝། །གསུང་མཆོག༝། །ཧཱུཾ། བྱང་ཕྱོགས་འཁོར་ལོ༝། །ཉི་ཟླ་པདྨ་ལྷ་ཆེན་སྟེང་། །རང་བྱུང་༝། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །འཁོར་ལོ་རྒྱས་འདེབས་ཡུམ་དང་བཅས། །རང་བཞིན༝། །ཕྱོགས་བཞི༝། །དགྲ་བགེགས་བཞི་བསྣོལ་དྲེགས་(༡༨ན)


GLG022_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡུམ། །ཉི་ཟླ༝། །སྲས་མཆོག་རིགས་བཞི་ཡབ་ཡུམ་བཞུགས། །ཉི་མ་དང་ནི༝། །འཕྲིན་ལས་འཁོར་བཅས་བརྟན་པར་བཞུགས། །ཧཱུཾ། ཤར་ལྷོ༝། །ཉི་ཟླ་པདྨ་མི་ཡི་སྟེང་། །བཅོམ་ལྡན་བླ་མེད་ཧེ་རུ་ཀ །ཉིད་བཞི་བདེ་མཆོག་ཡུམ་དང་བཅས། །རང་བཞིན་༝། །ཕྱོགས་བཞི་འཁོར་རྩིབས་དབུས་ཟུར་དུ། །བདུད་གཤིན་གནོད་སྦྱིན་བརྒྱ་བྱིན་བསྒྱེལ། །དབྱིངས་ཀྱི་ཡུམ་ཆེན་སྡེ་དྲུག་བཞུགས། །ཉི་མ་དང་ནི་༝། །རྦོད་གཏོང་ཡོངས་རྫོགས་བརྟན་པར་བཞུགས། །ཧཱུཾ་ལྷོ་ནུབ་༝། །ཉི་ཟླ་པདྨ་གདན་ཁྲིའི་སྟེང་། །རང་བྱུང་༝། །བཅོམ་ལྡན་རིགས་འཛིན་ཐོད་པ༝། །མི་དམིགས་རྡོ་རྗེ་རྣལ་འབྱོར་བཅས། །རང་བཞིན་༝། །ཕྱོགས་བཞི་༝། །དར་གྱི་ཕོ་བྲང་བཞི་ཡི་ཁྲི། །གྲུབ་པའི་རིགས་འཛིན་སྡེ་བཞི་པོ། །ཉི་མ་དང་ནི་༝། །རིགས་འཛིན་ཡོངས་རྫོགས་བརྟན་པར་བཞུགས། །ཧཱུཾ། ནུབ་བྱང་འཁོར་ལོའི་༝། །ཉི་ཟླ་པདྨ་ལྷ་ཆེན་སྟེང་། །རང་བྱུང་༝། །བཅོམ་ལྡན་དྲེགས་པ་ཀུན་འདུལ་དང་། ཁམས་གསུམ་སྤྱི་འདུལ་ཡུམ་དང་བཅས། །རང་བཞིན༝། །ཕྱོགས་བཞི༝། །དགྲ་བགེགས་དམ་སྲི་གནོད་བྱེད་བསྒྱེལ། །ཉི་ཟླ་པདྨ༝། །དབང་ཆེན་སྡེ་བཞི་ཡབ་ཡུམ་བཞུགས། །ཉི་མ་དང་༝། །དེད་དཔོན་སུམ་ཅུ༝། །ཧཱུཾ། བྱང་ཤར་༝། །ཉི་ཟླ་པདྨ་དྲེགས་པའི་སྟེང་། །རང་བྱུང་༝། །བཅོམ་ལྡན་སྟོབས་ལྡན་ནག་པོ་དང་། །འབྱུང་བ་མངའ་བདག་ཡུམ་དང་བཅས། །རང་བཞིན༝། །ཕྱོགས་བཞི༝། །མི་རྟ་ཁྱི་སྲིན་རོ་བཞི་བསྒྱེལ། །ཉི་ཟླ༝། །སྔགས་བདག་དྲེགས་པ་ཡབ་ཡུམ་བཞུགས། །ཉི་མ་དང་ནི༝། །དྲེགས་པ་ཡོངས་རྫོགས་བརྟན་པར་བཞུགས། །ཧཱུཾ། གཞལ་ཡས་བར་ཁྱམས་(༡༨བ)


GLG022_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཁོར་ཡུག་ཏུ། །དགྲ་བགེགས་གདུག་པ་བསྒྱེལ་བའི་སྟེང་། །བཀའ་སྡོད་རབ་འཇིགས་གདབ་ཕུར་ཚོགས། །འཕྲིན་ལས་ཀུན་སྒྲུབ་བརྟན་པར་བཞུགས། །ཧཱུཾ། ཤར་ལྷོ་ནུབ་བྱང་སྒོ་བཞི་རུ། །ཞིང་ཆེན་བྱེ་ལྟར་བཏིང་བའི་སྟེང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཏ་ཀྲིཏ་སྒོ་སྐྱོང་བརྟན་པར་བཞུགས། །ཧཱུཾ། བྱིན་ཆེན་ངོ་མཚར་དུར་ཁྲོད་གནས་བརྒྱད་དུ། །སྤྲུལ་སྐུ་གྲུབ་ཐོབ་ཚུལ་འཛིན་སློབ་དཔོན་བརྒྱད། །ཕྱོགས་སྐྱོང་ཀླུ་དང་ཞིང་སྐྱོང་མ་ཆེན་བརྒྱད། །བཀའ་བརྒྱད་རིགས་འཛིན་མ་ལུས་བརྟན་པར་བཞུགས། ཧཱུཾ། དཀྱིལ་འཁོར་ཆེན་པོའི་མུ་རན་ལ། །དབང་ཕྱུག་མ་མོ་ཉེར་བརྒྱད་སོགས། །བཀའ་བརྒྱད་ཡོངས་རྫོགས་ཕོ་ཉའི་ཚོགས། །སྒྲུབ་མཐར་དབྱུང་ཕྱིར་བརྟན་པར་བཞུགས། །ས་མ་ཡ་ཧོ། ས་མ་ཡ་སྟཾ། ཏིཥྛ་ལྷན། ཨཱོཾ་ཨ་བེ་ཤ་ཡ་ཨ། འདིར་གོང་གི་སྟ་གོན་གྱི་ས་བཅད་བཅུ་པ་སློབ་མ་འཇུག་པ་ལ། ཨ་ཁཾ་ཝཱི་ར་ཧཱུཾ་གིས་མིག་དར་བཅིངས། སྔགས་དེ་ཉིད་ཀྱི་ཅོད་པན་གཏད། དེ་ནས་དཀྱིལ་འཁོར་དུ་འཇུག་པར་ཞུས་ཏེ། ཀྱེ་ཧོ། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ། །སངས་རྒྱས་ཀུན་དང་གཉིས་མེད་དཔལ། བླ་མ་རྡོ་རྗེ་སློབ་དཔོན་དགོངས། །བདག་ཅག་སྒོ་འདིར་འཇུག་པར་ཞུ། །ཞེས་ལན་གསུམ་བྱའོ། །བླ་མས་འདི་སྐད་དོ། །སྔོན་སྦྱངས་སྐལ་བར་མ་ལྡན་ན། །འཇུག་པ་དཀའ་ལ་ཉེས་དམིགས་ཆེ། །བཀའ་འདས་འདིར་སྡུག་ཕྱི་མར་བརླག །ལས་འཕྲོ་མེད་ན་ཕྱིར་དེངས་ཤིག །ཅེས་བརྗོད་དོ། །སློབ་བུས་འདི་སྐད་ལན་སྦྱར་ཏེ། ཧོ། བདག་ཅག་སྐལ་ལྡན་རིགས་ཀྱི་བུ། །བྱང་ཆུབ་སྙིང་པོ་མཆིས་བར་དུ། །བཀའ་བསྒྲུབ་དབང་ཞུ་དམ་བསྲུང་ལགས། །གསང་བའི་དཀྱིལ་འཁོར་འཇུག་པར་ཞུ། །(༡༩ན)


GLG022_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་ཞུས་རྗེས་སུ། བླ་མས། ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་དུ། །འཇུག་སྤྲོ་དངོས་གྲུབ་སྩལ་བ་ལ། །ལྷ་དང་སྙིང་པོ་སྒྲུབ་པ་ཡི། །དམ་ཚིག་གཉེན་པོ་བསྲུང་ནུས་སམ། །ཞེས་དྲི། སློབ་བུས་ཁས་བླངས་ཏེ། བླ་མས་ཅི་གསུང་བཀའ་བཞིན་དུ། །ཡི་དམ་གསང་བའི་དཀྱིལ་འཁོར་གྱི། །དངོས་གྲུབ་རྣམ་གཉིས་ནོད་འཚལ་ཕྱིར། །དམ་ཚིག་གཉན་པོ་ཤིན་ཏུ་བསྲུང་། །བླ་མས་གནང་བ་སྦྱིན་པ་ནི། །ཧོ། དཀྱིལ་འཁོར་ལྷ་ཚོགས་མ་ལུས་དགོངས། །སེམས་ཅན་སྡུག་བསྔལ་བསྒྲལ་བའི་ཕྱིར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་དཀྱིལ་འཁོར་ཡོངས་རྫོགས་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །སློབ་བུས་སྒོ་དབྱེ་བར་ཞུ་བ། ཧོ། ཡེ་ཤེས་དཀྱིལ་འཁོར་སྒོ་བཞི་རུ། །བདག་ནི་འཇུག་པར་འཚལ་ལགས་ཀྱིས། །ཡོངས་རྫོགས་ལྷ་དང་ཞལ་མཇལ་ཞིང་། །དབང་ཆེན་རབ་འབྱམས་བསྐུར་དུ་གསོལ། །བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ་བ་ནི། །ཧཱུཾ། སྣོད་བཅུད་ཐམས་ཅད་བདེ་ཆེན་གཞལ་ཡས་ཁང་། གཟུགས་སྣང་ཐམས་ཅད་རང་རིག་ཡེ་ཤེས་ལྷ། །དེ་ཉིད་མ་རྟོགས་མ་རིག་སྒོ་བཅད་པས། །རང་གསལ་ཡེ་ཤེས་འཆར་སྒོ་ད་ཕྱེ་ཞིག །བྷྲུཾ་པྲ་བེ་ཤ་ཡ་ཕཊ། ཧཱུཾ། རང་བྱུང་ཡེ་ཤེས་སྙིང་པོ་སེམས་ཀྱི་ལྷ། །མ་རྟོགས་རང་ངོ་རང་གིས་མ་ཤེས་པས། །ཡེ་ནས་རང་དང་འགྲོགས་ཀྱང་ཞལ་མ་མཇལ། །རང་གསལ་བརྡ་ཡི་དོན་དང་མཇལ་ཕྱག་འཚལ། །ཧཱུཾ་ཨ་ཧི་པུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་སུ་གཞུག་སྟེ། །བླ་མས་འདི་སྐད་བརྗོད། བུ་ཁྱོད་འཁོར་བའི་སྡུག་བསྔལ་ལས། །ཐར་(༡༩བ)


GLG022_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མགོན་གྱུར་དཀོན་མཆོག་གསུམ། །ཡིད་ཀྱིས་དམིགས་ཏེ་ཕྱག་འཚལ་ལོ། །སྐྱབས་སོང་སྡིག་པ་བཤགས་པར་བགྱི། །དེ་ནས་སློབ་བུས་མཎྜལ་ཕུལ། ཕྱག་བཙལ་ཏེ་མེ་ཏོག་དབུལ། བླ་མས་སྐྱབས་འགྲོ་སེམས་བསྐྱེད་དཔོག་པ་ནི། བླ་མ་སངས་རྒྱས་འཁོར་དང་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བླ་མ་དཀོན་མཆོག་གསུམ་པོ་ལ། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨན་པའི་བྱང་ཆུབ་སེམས་ནི་བསྐྱེད། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ཞེས་ལན་གསུམ་དམ་བཅས་ཏེ་སྡོམ་པ་དཔོག་པར་བྱའོ། །དེ་ནས་ཐུགས་རྗེས་བཟུང་སྟེ། ལྕགས་ཀྱུའི་ཕྱག་རྒྱ་བྱས་ཏེ། ཧཱུཾ། ཁམས་གསུམ་འཁོར་བའི་སེམས་ཅན་ཀུན། །རྒྱུད་དྲུག་ལམ་གྱི་སྒོ་བཅད་ནས། །མཐོ་རིས་ཐར་པའི་སྒོ་ཕྱེ་སྟེ། །དཔའ་བོ་ཡང་སྙིང་འབྲུ་ལྔ་ཡིས། །བླ་མེད་མཆོག་གི་གནས་སུ་དྲངས། །ཨཱོཾ་ཨཱཿཧཱུཾ་སྭཱཧཱ་ས་མཱ་ཛཿཛཿ དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ་ཤར་སྒོ་ནས་མེ་ཏོག་ཅོད་པན་བཟུང་སྟེ། ཧོ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རིན་ཆེན་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི། །སྐུ་གསུང་ཐུགས་ཀྱི་དབྱིག་ཏུ་བདག་འབུལ་གྱིས། །དངོས་གྲུབ་རྣམ་གཉིས་བདག་ལ་སྩལ་དུ་གསོལ། །བྷོ་དྷི་ཙིཏྟ་ཨ། པྲ་ཏི་པཱུ་ཙ་ཧོ། བླ་མས་འདི་སྐད་དོ། །ཧཱུཾ། རྩ་བ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་ཕུལ་བའི་བྱིན་རླབས་ཀྱིས། །སྐུ་གསུང་ཐུགས་ལ་(༢༠ན)


GLG022_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བསྟིམ་ནས་ཀྱང་། །དངོས་གྲུབ་རྣམ་གཉིས་ཁྱོད་ལ་སྦྱིན་པར་བྱ། །ཀཱ་ཡ་ཝཱཀྐ་ཙིཏྟ་ཞེས་མེ་ཏོག་གང་བབས་སར་རྩ་བའི་ལྷ་བསྟིམ་སྟེ་དེར་བཅིང་ངོ་། །བྱིན་བརྒྱུད་པའི་གསོལ་འདེབས་ཀྱི་མན་ངག། འབེབས་རྒྱས་པར་སྤྲོ་ན་བདེ་གཤེགས་འདུས་པའི་བྱིན་འབེབས་ཆེན་མོ་ཀློང་ཆེན་མ་ལེན། གཞན་ལས་བྱང་རང་གི་བྱིན་འབེབས་ཆེ་ཆུང་གང་རུང་མཛད་པས་ཁྱབ། དེ་ནས་སློབ་བུས་སྤྱན་དབྱེ་བར་བསྐུལ་བ། ཧཱུཾ། བདག་ཅག་ལས་ཀྱིས་བསྐལ་གྱུར་ཏེ། མ་རིག་རྨོངས་པའི་ལིང་ཏོག་གིས། །ཤིན་ཏུ་མདོངས་པར་གྱུར་པས་ན། །ཉོན་མོངས་སྒྲིབ་པ་བསལ་དུ་གསོལ། །ཨ་ས་མེ་ཧཱུཾ། བླ་མས་སྤྱན་དབྱེ་བ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །ཐུར་མས་ལིང་ཏོག་བསལ་བ་ལྟར། །མ་རིག་མདོངས་པའི་ལིང་ཏོག་རྣམས། །རྒྱལ་བའི་དགོངས་པས་བསལ་བར་བྱའོ། །ཙཀྵུ་པྲ་བེ་ཤ་ཕཊ། ཅེས་མིག་དར་བཤུས་ལ་དཀྱིལ་འཁོར་བསྟན་ཏེ། ཧཱུཾ། བུ་ཁྱོད་རྩོལ་སེམས་མ་ཆུང་བར། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། དངོས་གྲུབ་ཐམས་ཅད་འདིར་ཐོབ་འགྱུར། །ཞེས་སྤྱན་དབྱེ་ནས་མ་ཧཱ་ཡོ་གའི་སྒོམ་ཁོག་གི་གཞལ་ཡས་ཁང་ལྷ་དང་བཅས་པའི་དོན་རྟགས་ངོ་སྤྲད། དེ་ནས་དམ་བསྒྲག་པ་ནི། དམ་ཚིག་གི་རྡོ་རྗེ་རྩེ་གཅིག་གི་ཕྱག་རྒྱ་སློབ་དཔོན་དང་སློབ་མ་ཐམས་ཅད་ཀྱིས་བྱས་ཏེ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །ད་ལྟ་འདི་རུ་བཅས་པ་བཞིན། །སྲོག་ལ་བབས་ཀྱང་མ་བཏང་ཞིག །རྩ་ལག་དམ་ཚིག་རྟག་ཏུ་སྲུངས། །ས་མ་ཡ་རཀྵ་ཧཱུཾ་ཞེས་བརྗོད། རྒྱུད་ཀྱི་ལེའུ་བཅུ་གཅིག་པ་བཅུ་གཉིས་པ་དམ་ཚིག་སྟོན་པ་ཡིན། ནས་དམ་ཚིག་རྣམས་སྟོན། སློབ་བུས་དམ་བཅའ་བ་ནི། རྡོ་རྗེ་སློབ་(༢༠བ)


GLG022_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་བཀའ་དྲིན་ཆེ། །བཀའ་བཞིན་བགྱིད་དོ་དམ་ཚིག་བསྲུང་། །རྟག་ཏུ་ཐུགས་རྗེས་བཟུང་བ་དང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ས་མ་ཡ་ན་ར་སྐན། །དངོས་གཞིའི་ས་བཅད་བཅུ་གཅིག་པ་བསྲེག་མནན་བྱ་བ་ནི། སྔར་དམ་བསྲེས་པ་རྣམས་སྟ་གོན་སྐབས་སུ་མཇུག་ཆོག་ཚར་ནས་སྐབས་འདིར་འདི་སྐད་དོ། །ཧཱུཾ། རྒྱུ་ལམ་འབྲས་བུ་དབྱེར་མེད་པའི། །རིན་ཆེན་གྲུ་གཟིངས་ལྟ་བུའི་ལམ། །ཐེག་མཆོག་སྒོ་འདིར་འདུས་སོ་ཅོག །ལྟ་སྤྱོད་དྲི་མེད་དམ་བསྲེའོ། །བླ་མས་རྡོ་རྗེས་བདུད་རྩི་བླངས་ཏེ། ཧོ། ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དང་རྡོ་རྗེ་འཛིན། །དེ་བཞིན་སྒྲུབ་པའི་རྣལ་འབྱོར་ལ། །གལ་ཏེ་སྙིང་རིངས་བསྙས་གྱུར་ན། །ཡཀྴ་རྡོ་རྗེ་གནོད་སྦྱིན་གྱིས། ཁྱོད་ཀྱི་སྙིང་ཁྲག་བཞོས་ཏེ་འཐུང་། །སྙིང་ལ་ཡང་དག་རབ་གནས་པའི། །འདི་ནི་སེམས་ཅན་དམྱལ་བའི་ཆུ། །དམ་བསྲུངས་མཆོག་ཐོབ་ཉམས་ན་བརླག །ས་མ་ཡ་ཨི་དན་ཏེ་ན་ར་སྐན་བཀྵ་སི་ཡཀྴ་ཧཱུཾ། ཞེས་དམ་མ་འདྲེས་པའི་གསར་བ་ཚོར་བདུད་རྩི་སྟེར་གཞུག་གོ །དེ་ནས་སྔར་འདྲེས་ས་ལ་གནོན་པ་ནི། ཧོ། རྣམ་དག་ལྟ་སྤྱོད་བླ་མའི་བཀའ། །རྒྱུ་དང་མི་འགལ་དམ་ཚིག་ནོར། །འདི་ནས་ཀུན་མཁྱེན་མ་ཐོབ་བར། །སྲོག་ཕྱིར་མི་གཏོང་དངོས་གྲུབ་གསོལ། །སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་སིདྡྷི་ཧཱུཾ། ཨ་མྲྀ་ཏ་རེ་བཞག་གོ །དེ་ནས་གྲལ་བསྲེ་ཞིང་གྲལ་འཛིན་བྱེད། །དབང་བྱང་བཀོལ་བ་ནས་ནུས་པའི་དབང་ལྔ་ལེན། དེ་ནས་སྒྲུབ་ལུང་ཞུ་སྟེ། ཧོ། བླ་མ་སློབ་དཔོན་དགོངས་སུ་གསོལ། །བདག་ཅག་འཁོར་བའི་རྒྱ་མཚོ་ལས། །བྱང་ཆུབ་སྐམ་སར་བསྒྲལ་བའི་ཕྱིར། །ཞི་ཁྲོ་ཡོངས་རྫོགས་སྒྲུབ་ལུང་ཞུ། །ཞེས་ལན་གསུམ་གསོལ་བ་གདབ་བོ། །བླ་མས་(༢༡ན)


GLG022_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལ་ལུང་ཞུ་སྟེ། ཧཱུཾ། ཞི་ཁྲོ་ལྷ་རྣམས་ཡོངས་རྫོགས་དགོངས། །སྐལ་ལྡན་སློབ་མ་འདི་རྣམས་ཀུན། །འཁོར་བའི་གནས་ནས་བསྒྲལ་བའི་ཕྱིར། །སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས། །དེ་ནས་ལུང་སྦྱིན་ཏེ། ཞི་ཁྲོ་གསང་བ་ཡོངས་རྫོགས་ལྷ། །དུས་གསུམ་འགྲོ་སྐྱོབས་འདྲེན་པའི་དཔལ། །བསྙེན་ཅིང་བསྒྲུབས་ན་མཆོག་གྲུབ་ཕྱིར། །སྣོད་ལྡན་ཁྱོད་ལ་བསྒོ་བར་བྱ། །ཨཱོཾ་ཨཱཿཧཱུཾ། ལུང་འབོགས་པ་ནི་རྒྱས་པར་སྤྲོ་ན། ཞི་ཁྲོ་སོ་སོའི་དྲིལ་སྒྲུབ་དང་ད་ལྟ་འཇུག་པ་བདེ་བ་དཔལ་ཆེན་དྲིལ་སྒྲུབ་ཀྱི་ལུང་ཕོག་ནས་འཛབ་འདྲེན་འཇུག་རིགས་གསུམ་མགོན་པོ་ལྟ་བུར་ལྷ་གཞན་ལ་མོས་ན་དེ་ཀའི་བསྒོམ་ལུགས་བྱས་ཀྱང་ཆོག་གོ །དངོས་གཞིའི་ས་བཅད་བཅུ་གཉིས་པ་ཆས་གོས་དབུལ་བ་ནི། ཞི་རྒྱན་ཁྲོ་ཆས་ཡོངས་སུ་གསོལ་ཏེ། གསེར་ལ་བཟོ་བྱས་རིགས་ལྔའི་དབུ་རྒྱན་ཞི་ཆས་པྲོག་ཞུ་དང་། ཐོར་ཚུགས་ཅོད་པན་སྙན་ཆ་མགུར་ཆུ་སེ་མོ་དོ་དང་། དཔུང་རྒྱན་ཕྱག་ཞབས་གདུ་བུ་དང་། དོ་ཤལ་ཟ་འོག་སྟོད་གཡོགས་དར་གྱི་ཤམ་ཐབས་དྲི་བཟང་བྱུགས་པ་དང་། རཏྣའི་འཕྲེང་བ་བཤམ། ཁྲོ་ཆས་ནི་ཁྲོ་འབག་ལག་པར་བགོ་བ་བྱ། ཐོད་ཚལ་ལྔའི་དབུ་རྒྱན། བེའུ་ཁྲ་མོའི་གླང་ཆེན་ཀོ་རློན་ཚུལ། ཞིང་ཆུང་སྲབ་མོའི་ཞིང་གོས། སྦྲུལ་ལྤགས་མཉེན་པོའི་སྙན་ཆ་ལྷུ་རྒྱན། སྟག་ཕྲུག་ལྤགས་པའི་ཤམ་བུ། གཟིགས་ཕྲུག་ཡུམ་གྱི་ཤམ་བུ། ཞག་ཆེན་ཟོ་རིས། ཁྲག་ཆེན་ཐིག་ལེ། ཐལ་ཆེན་ཚོམ་བུ། ཐོད་པ་སྐམ་ནེམ་རློན་གསུམ་ག་ཤའོ། །དར་མཐིང་ནག་གི་གོས་ཤ་དྲིལ་བ་ལ་གསེར་དངུལ་གྱིས་བྲིས་ཏེ། རྡོ་རྗེ་གོ་ཁྲབ་ཀྱི་ཆས་སོ། །དེ་ཡང་ལྷ་སྟ་གོན་བསྙེན་དུས་ཞི་ཆས་སྒྲུབ་དུས་སུ་ཆས་གོས་གཡོབ་བམ་སྤེལ་ཡང་མི་འགལ་ལོ། །གིང་ལ་རུས་པའི་(༢༡བ)


GLG022_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་རྒྱན་དྲུག །ཡུམ་རྣམས་རུས་ཆེན་ཞི་རྒྱན་གསོལ་བ་འཐད་དོ། །རྒྱན་ཆས་གསོལ་ཞིང་བསྐུལ་བ་ནི། ཧཱུཾ། རྣལ་འབྱོར་དབང་ཕྱུག་འབྲས་བུའི་ལམ་ཞུགས་པ། །རྟགས་ཀྱི་ཕྱག་རྒྱས་བདེ་གཤེགས་དངོས་སུ་གསལ། །དབུ་རྒྱན་ཅོད་པན་འཕྲེང་བ་དང་། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །སྟོད་གཡོགས་སྨད་དཀྲིས་ཤམ་བུར་ལྡན། །ཕྱག་གདུབ་ཞབས་གདུབ་རབ་ཏུ་སྤྲས། །དྲི་མཆོག་ངད་ལྡན་རྒྱན་པའོ། །འདོད་ཡོན་མ་སྤངས་རང་གྲོལ་རྒྱན་དུ་བཞེས། ཁྲོ་ཆས་འདི་སྐད་གསོལ་ཏེ། ཧཱུཾ་ཧཱུཾ་དོན་དམ་སྤྲོས་མེད་སྒྱུ་མའི་ཁོང་གསེང་ཅན། །ཡེ་ཤེས་ལྔ་ལྡན་ཐོད་པའི་དབུ་རྒྱན་བཞེས། །ཐེག་མཆོག་དོན་ལྡན་གླང་ཆེན་ཀོ་རློན་གསོལ། །འཁོར་བ་མི་སྤོང་མི་ལྤགས་གཡང་གཞི་གསོལ། །ཞེ་སྡང་ཉིད་འཇོམས་སྦྲུལ་ནག་ཆུན་པོ་གསོལ། །འཕྲིན་ལས་རྣམ་བཞི་ལྷུན་གྲུབ་སྟག་ཤམ་གསོལ། །འཁོར་བའི་བཅུད་བཞེས་ཞག་གི་སོར་རིས་གསོལ། །ཆགས་པ་དབང་ཕྱུག་རཀྟའི་ཐིག་ལེ་གསོལ། །སྐྱེ་ཤི་རྩད་གཅོད་ཐལ་ཆེན་ཚོམ་བུ་གསོལ། །སྐུ་གསུམ་ལྷུན་གྲུབ་ཐོད་འཕྲེང་ཆར་གསུམ་གསོལ། །ཅིས་ཀྱང་མི་ཤིགས་རྡོ་རྗེའི་གོ་ཁྲབ་གསོལ། །མ་རིག་ནགས་བསྲེག་ཡེ་ཤེས་མེ་དཔུང་གསོལ། །བཞི་བཅུས་ཡོངས་སྒྲོལ་དཔལ་གྱི་ཆས་བཅུ་འདི། །དབང་ཕྱུག་ཆེན་པོ་སྐུ་ཡི་རྒྱན་དུ་བཞེས། །ཡུམ་ཆས་གསོལ་བ། ཧོ། ཕ་རོལ་ཕྱིན་དྲུག་དོན་དྲུག་རུས་རྒྱན་ལྡན། །ཤེས་རབ་སྤྲོས་བྲལ་གཟིག་གི་ཤམ་བུ་འདི། །འགྲོ་དྲུག་བསྒྲལ་ཕྱིར་ཡུམ་གྱི་རྒྱན་དུ་བཞེས། །གིང་ཆས་གསོལ་བ། ཧཱུཾ། རྒྱུད་དྲུག་ཡེ་ཤེས་དྲུག་ཏུ་སྒྲོལ་ཅིང་སྤོར། །སྟག་ཆེན་རུས་པའི་རྒྱན་དྲུག་སྙིང་འཕྲེང་གྲི །རྡོ་རྗེ་གསང་བའི་གིང་ཆེན་སྐུ་ལ་འབུལ། །ཞེས་ཆས་གོས་རིམ་པར་གསོལ་ལོ། །རྡོ་རྗེ་སློབ་དཔོན་དང་རྒྱལ་(༢༢ན)


GLG022_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཚབ་གཉིས་ལ་ཆས་ལྷན་དུ་འབུལ་ཞིང་ཡུམ་ཆས་བུ་མོ་མེད་ན་ཐིག་སྣ་འཛིན་མཁན་དང་སྨན་བརྡུང་མི་གིང་ཆས་ཉུལ་ལེ་སྐྲོད་མཁན་ལ་འབུལ་ཞིང་དམངས་མར་ཆས་སོགས་འབུལ་མི་དགོས། དངོས་གཞིའི་ས་བཅད་བཅུ་གསུམ་པ་མངའ་གསོལ་བ་ནི། མར་ཆང་སྐྱོགས་བཀང་རིམ་པར་དྲངས་ཤིང་འདི་སྐད་དོ། །ཧཱུཾ། སངས་རྒྱས་གདུང་གསོབ་རྡོ་རྗེ་རྒྱལ་པོ་འདི། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་རྫོགས། །དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས། །སྟོན་པའི་སྒྲོན་མར་མངའ་གསོལ་དགྱེས་པར་བཞུགས། །སྐྱེམས་དྲང་ངོ་། །ཀུན་ལ་དེས་འགྲེའོ། །ཧཱུཾ། བླ་མའི་གདུང་གསོབ་སྐུ་གསུང་ཐུགས་ཀྱི་སྲས་གྱུར་པ། །དམ་ཆོས་ཆར་འབེབས་ཚེ་དང་བསོད་ནམས་སྤེལ། །དབང་བསྐུར་འཕྲིན་ལས་རྣམ་བཞི་མཐར་ཕྱིན་པ། །རྒྱལ་ཐེབ་སྟོན་པར་མངའ་གསོལ་དགྱེས་པར་བཞུགས། །གཉིས་མེད་བདེ་བསྐྱེད་མཚན་ཉིད་རབ་ཏུ་བཟང་། །ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས། །ཕྱི་ནང་མཚམས་གཅོད་བར་ཆད་ཐམས་ཅད་བསྲུང་། །རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས། །འཕྲིན་ལས་གཞུང་སྲོང་གཟུགས་ཕུང་ལྷ་ལ་སྟོབ། །རྡོ་རྗེ་གིང་ཆེན་མཆོག་ཏུ་མངའ་གསོལ་ལོ། །དངོས་གྲུབ་དགྲ་བགེགས་གཉིས་སུ་དྲོད་ཚད་མཁྱེན། །ཡེ་ཤེས་སྤྱན་མར་མངའ་གསོལ༝། །ཕུར་གཙང་བགོ་མཁས་ཕྱི་ནང་རྩ་འབྱེད་མཁས། །གིང་གི་ཕྱག་ཚང་ཆེན་པོར་མངའ་གསོལ་བ། །གཡོས་མཁས་ལྷག་ཆར་མེད་ཅིང་གཙང་སྦྲ་ལྡན། །རྡོ་རྗེ་བྱན་མོར་མངའ་གསོལ༝། །གསལ་དག་འཛབ་མཁས་དད་ལྡན་བརྩོན་པར་བྱ། །གསེར་འཕྲེང་མཆེད་རྣམས་མངའ༝། །ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུལ་ལེ་སྐྲོད། །རྡུལ་ཕྱག་(༢༢བ)


GLG022_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུར་མངའ་གསོལ་དགྱེས་པར་བཞུགས། །ལས་ཀྱི་རྡོ་རྗེ་མ་ད་ན་ཐོད་པ་གང་སློབ་དཔོན་གྱི་ཕྱག་ཏུ་ཕུལ་བས་ཚིག་དང་བསྟུན་ཏེ་སྒྲོན་སྐྱོགས་ཀྱིས་བཅུས་ནས་ཕུལ་རིམ་གྱི་གྲལ་པ་རྣམས་ལ་སོ་སོའི་མངའ་གསོལ་དང་བསྟུན་ཏེ་འགྱེད། ཚིག་ནི་སློབ་དཔོན་གྱི་རྗེས་ཟློས་བྱ། དངོས་གཞིའི་ས་བཅད་བཅུ་བཞི་པ་སྨན་སྒྲུབ་བྱེད་ན་འདི་ནས་བཟུང་སྨན་ཁྲལ་བུ་ཞག་གསུམ་གྱི་བར་ཞི་བའི་དཀྱིལ་འཁོར་དུ་བསྒྲུབས་ནས། དེ་རྗེས་བཀའ་བརྒྱད་ལས་གཞུང་བསྲངས་ཏེ་ཕྱེ་མ་བསྒྲུབ་པ་སོགས་གཞུང་དང་ཕྱག་ལེན་མན་ངག་ལས་ཤེས། དབང་རྐྱང་པ་བསྐུར་ཚེ་ཆེ་མཆོག་གི་རྟེན་ཐོད་དུ་སྨན་ཅུང་ཟད་བླུག་སྟེ་ཉིན་བསྒྲུབ་མི་དགོས་པར་སང་ལས་གཞུང་བསྲངས་ནས་འཛབ་ཀྱི་དུས་སྨན་ལ་དམིགས་ཏེ་ཞི་ཁྲོའི་དམིགས་སྔགས་བཟླས་བརྗོད་ཅུང་ཟད་བྱེད་པ་ཡིན་ནོ། །དངོས་གཞིའི་ས་བཅད་བཅུ་དྲུག་པ་བརྡ་སྒོ་དབྱེ་བ་འདི་ནས་བཟུང་བྱིན་འབེབས་ཡན་ལ་མན་ངག་ལས་བདུན་དུ་གྲགས་པའི་དང་པོ་ནི། རྣལ་འབྱོར་པ་རྣམས་ཕྱག་རྒྱ་བསྒྱུར་ཞིང་བཞེངས་ལ་འདི་སྐད་དོ། །ཧོ། ཡེ་ནས་རྣམ་དག་ཀུན་ལྡན་པ། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ། །ལྷ་དང་སློབ་དཔོན་རྡོ་རྗེ་མཆེད། །ཕྱོགས་བཅུ་ཀུན་ནས་འདུས་པ་རྣམས། །གསལ་ལ་དོན་རྟོགས་རྣལ་འབྱོར་པས། །མ་བུའི་འདུ་ཤེས་ཉེར་བཞག་སྟེ། །རྣལ་འབྱོར་སྤྱོད་མཆོག་ཕྱག་བགྱིད་པ། །བྱམས་དང་སྙིང་རྗེ་དགའ་བཏང་སྙོམས། །ཤར་ལྷོ་ནུབ་བྱང་སྒོ་ཕྱེ་ཞིག །བྷྲཱུཾ་པྲ་བེ་ཤ་ཡ་ཕཊ། ཅེས་སྒོ་ཞིང་ཞི་ཁྲོ་ཡོངས་རྫོགས་ལྷ་དང་མཇལ་བར་བསམ་མོ། །དངོས་གཞིའི་ས་བཅད་བཅུ་བདུན་པ་བརྡ་ཕྱག་བཅལ་བ་ནི། ཧོ། བླ་མ་ཡི་དམ་མཁའ་འགྲོ་དགོངས། །ཞི་ཁྲོ་ཡོངས་རྫོགས་ལྷ་ཚོགས་ལ། །སྒོ་གསུམ་དང་(༢༣ན)


GLG022_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བས་བརྡ་ཕྱག་འཚལ། །རང་དང་གཉིས་མེད་མཇལ་ཕྱག་བཞེས། །ཨ་ཏི་པུ་ཧོ། ཞེས་ལྷ་ཚོགས་མཚན་དོན་ནས་ཕྱག་མང་དུ་བྱས་ཏེ། ལུས་འཕར་རྐྱང་བྱའོ། །དངོས་གཞིའི་ས་བཅད་བཅོ་བརྒྱད་པ་རྟགས་བཏབ་པ་དཔོན་སློབ་ཚང་མར་བྱེད་དགོས་པས། གོང་གི་ཆས་གོས་གསོལ་བས་ཀྱང་ཆོག་སྟེ། ནན་ཏན་ཐུགས་རྗེས་འཛིན་པར་བྱ་བ་ནི། སྐོང་བུ་ཁ་གསུམ་པར། ཞུན་ཆེན། རཀྟ། ཐལ་ཆེན་སྦྱར་ཏེ། ཧཱུཾ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དབང་ཆེན་བསྐུར་དང་བྱིན་བརླབ་ཕྱིར། །དཔལ་ཆེན་མཁའ་འགྲོ་གིང་གསུམ་དང་། །རྣམ་ཐར་གཅིག་ཏུ་བསྲེ་བའི་ཕྱིར། །ཞུན་ཆེན་རཀྟ་ཐལ་བས་ཚོན། །སྔོན་གྱི་ཐ་ཚིག་རྟགས་ཀྱི་རྒྱ། །ཨཱོཾ་སརྦ་ན་ལེརྒ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་ཞག་གི་ཟོ་རིས་རཀྟའི་ཐིག་ལེ། ཐལ་ཆེན་ཚོམ་བུ་གདབ་བོ། །དངོས་གཞིའི་ས་བཅད་བཅུ་དགུ་པ་དམ་བཅའ་བ་ནི། རྣལ་འབྱོར་བ་རྣམས་དཀྱིལ་འཁོར་ལ་བསྐོར་ཟེར་ཡང་དེང་སང་མི་བསྐོར། གཅིག་གི་འཕྲེང་བ་གཅིག་ལ་སྦྲེལ་ཏེ་འདི་སྐད་དོ། །ཧཱུཾ། དུས་གསུམ་རྒྱལ་བའི་དགོངས་སྤྱོད་ཅི་འདྲ་བར། །དེ་འདྲ་ཁོ་ནར་བདག་ཀྱང་འགྲུབ་གྱུར་ཅིག །སྐུ་གསུམ་ལྷུན་གྲུབ་ཡེ་ཤེས་ལྔ་རྫོགས་པའི། །གཉིས་མེད་བཀའ་དང་མཐུན་པའི་སྒྲུབ་ཐབས་འདི། །སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་ལགས་ཀྱི། །རྡོ་རྗེ་རྒྱལ་པོས་བྱིན་གྱིས་བརླབ་ཏུ་གསོལ། །ལྔ་བརྒྱ་ཐ་མ་དུས་ཀྱི་འཇིག་རྟེན་འདིར། །སངས་རྒྱས་མཛད་པ་མ་ལུས་བདག་གིས་བཤད། །བདག་གི་བསམ་པ་མ་ལུས་འགྲུབ་གྱུར་ཅིག །འདའ་ཀ་ཁྱེད་ཀྱི་དམ་ཚིག་རྟག་ཏུ་བསྲུང་། །དམ་ཚིག་གཟུངས་ཀྱིས་བསྡུས་པའི་འཕྲེང་ཐག་ལ། །རིག་པ་སྲོག་གིས་བསྡུས་པའི་ལུ་གུ་རྒྱུད། །རྟགས་དང་(༢༣བ)


GLG022_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་དམ་ཚིག་མི་འབྲལ་བཟུང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ཐོབ་བར། །ལུས་དང་སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ས་མ་ཡ་ཧཱུཾ། དམ་བཅའ་བཅུ་གཉིས་པ་ཟེར་བ་ལོགས་སུ་ཡོད་པ་ཡང་ལེན་ཞིང་ཐོག་མཐའ་གཉིས་ལ་བྱ་རྒྱུན་དུ་བཞག་ན་རྒྱས་བསྡུས་རན་པ་ཡོང་། དངོས་གཞིའི་ས་བཅད་ཉི་ཤུ་པ་བཤགས་པ་བྱ་བ་ནི། ཡེ་ཤེས་སྐུ་མཆོག །འཁོར་བ་དོང་སྤྲུགས་དྲི་མེད་བཤགས་རྒྱུད་ནས་ལེན། ཆོས་ཚན་ནང་གི་རྒྱུན་བཤགས་ནར་མ་བྱའོ། །དངོས་གཞིའི་ས་བཅད་ཉེར་གཅིག་པ་བྱིན་དབབ་པ་དཀྱིལ་འཁོར་དང་སྨན་ལ་བྱིན་འབེབས་རྒྱུ་སྨན་སྒྲུབ་མེད་ན་ཚང་མར་ལས་བྱང་ཡོད་ཚེ་ཉིན་དང་པོ་དཀྱུས་ལྟར་དེ་ནས་ལས་བྱང་ལ་བྱིན་འབེབས་རྒྱས་པ་ཡེ་ཤེས་སྐུ་མཆོག་སོགས་སྦྱོར་བས་འཐུས་པ་འདྲ་ཡང་ད་ལྟ་རྒྱུན་དུ་མཛད་པ་ནི། བདག་ཉིད་དད་པས་དུང་སེམས་ཀྱིས་སྙིང་གའི་ཧཱུཾ་ལས་འོད་འཕྲོས། ཕྱོགས་བཅུའི་བདེ་གཤེགས་ཡོངས་རྫོགས་འདུས་ནས། དཀྱིལ་འཁོར་བྱིན་རློབ་བདག་ལ་དབང་བསྐུར་དམ་ཅན་གྱིས་དངོས་གྲུབ་ཆར་འབེབས་བར་ཆད་ཐམས་ཅད་སེལ་བར་བསམས་ཏེ། རྣལ་འབྱོར་པ་ཀུན་རོལ་མོ་སྣ་ཚོགས་བསྒྲག་ཅིང་གུ་གུལ་ནག་པོ་དང་གསུར་ཆེན་སྦྱར་ཏེ་དཀྱིལ་འཁོར་གཡོན་དུ་ལན་གསུམ་བསྐོར་ཅིང་འདི་སྐད་དོ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཕྱོགས་བཅུ་སྟོང་གི་འཇིག་རྟེན་ནས། །རང་བཞིན་མཎྜལ་ཆེན་པོ་ནས། །ཞི་ཁྲོ་ཡོངས་རྫོགས་གཤེགས་སུ་གསོལ། །དཀྱིལ་འཁོར་བྱིན་ཕོབ་བདག་དབང་བསྐུར། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་། །འོག་མིན་ལྷུན་གྲུབ་གནས་མཆོག་ནས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་བདག །ལྷ་དང་རིགས་འཛིན་དམ་ཅན་གྱིས། །མཎྜལ་བྱིན་རློབས་བདག་(༢༤ན)


GLG022_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར། །ཞི་ཚོགས་འོད་དང་ལམ་སེ་ལམ། ཁྲོ་ཚོགས་ཧཱུཾ་སྒྲ་དིར་རི་རི། །རིགས་འཛིན་བྱིན་ཆེན་ཐིབས་སེ་ཐིབ། །མཁའ་འགྲོ་གར་སྟབས་ཤིགས་སེ་ཤིག །ཆོས་སྐྱོང་རུ་མཚོན་ལྷུབས་སེ་ལྷུབ། །རྟགས་དང་མཚན་མ་བསྟན་པ་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨ་ལ་ལ་ཧོ། ཨ་བེ་ཤ་ཡ་ཨ་ཨ། ཞེས་བྱིན་ཐིབས་མ་བྱུང་བར་དུ་བསྐྱར་ཏེ་དབབ་བོ། །གཞན་ཡང་ཚིག་བདུན་གསོལ་འདེབས། དུར་ཁྲོད་ཆས་བརྒྱད་ཀྱི་རིགས་འཛིན་ཌཱ་ཀི་ཡར་བྱིན་དབབ་བོ། །དངོས་གཞིའི་ས་བཅད་ཉེར་གཉིས་པ་ཕུད་གཏོར་བརླབ་ཅིང་དྲངས་པ་ལས་བྱང་ཀུན་གྱིས་ཤེས་ན་དང་ཕལ་ཆེན་གྱིས་མི་ཤེས་ན་བླ་མ་གཅིག་པུས་བྱིན་གྱིས་བརླབ་པ་ནི། བྱིན་རླབས་སྒྲུབ་ཁོག་བཞིན་བྱ་སྟེ་རྒྱལ་ཐབས་ཀྱིས་རྫས་རིམ་པར་བླངས་ཏེ། བླ་མ་ལ་འབུལ་ཅིང་དཀྱིལ་འཁོར་མཐར་དགོད་དོ། །ཧཱུཾ། བཀའ་གསང་རྨད་བྱུང་དཀྱིལ་འཁོར་དུ། །བླ་མ་ཡི་དམ་ལྷ་ཚོགས་ཡོངས་རྫོགས་ལ། །རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཀོང་བུ་རུ། །རིག་པ་ཡེ་ཤེས་མར་མེ་གཏམས་ཏེ་འབུལ། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ། །སྐུ་ལྔ་ཡེ་ཤེས་ཡོངས་རྫོགས་འབུལ། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །གཞོང་པ་རྣམ་དག་གཏོར་མ་ལྷ། །འདོད་ཡོན་ཡོངས་སུ་རྫོགས་པར་འབུལ། །འཁོར་བ་ཡོངས་བསྒྲལ་མཁའ་དབྱིངས་དག །ཆགས་མེད་རཀྟའི་མཉེས་མཆོད་འབུལ། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །འབྲུ་བཅུད་སྟོང་སྦྱར་དཔའ་བོའི་རྫས། །གཟི་བརྗིད་བསྐྱེད་ཕྱིར་ཛ་གད་འབུལ། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །དངོས་གཞིའི་ས་བཅད་ཉེར་གསུམ་པ་འཕྲུལ་འཁོར་བསླབ་བྱ་བསྟན་པ་ནི། དཔལ་གསང་(༢༤བ)


GLG022_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་རྒྱུད་ལས། ཡེ་ཤེས་ལྷ་ལ་རང་རྒྱུད་པ། །རྩིས་གདབ་ཁྲིགས་སུ་བཅད་པ་མེད། །གདུལ་བྱའི་མོས་བློ་དང་མཐུན་པར། །ཆོས་སྐུའི་རང་རྩལ་ཅིར་ཡང་སྣང་། །ཡང་ན་ཞི་ཁྲོ་སྒོས་སྒྲུབ་བམ། །དྲང་བའི་དོན་དུ་འཁྲུལ་ཤེས་བྱ། །ཞེས་དང་། ཡང་ལེའུ་དགུ་པ་ལས། གདུལ་བྱའི་བློ་རིག་ཐ་དད་པས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི། །བྱེ་བྲག་སྒྲུབ་ལ་མོས་ན་ཡང་། །འདི་ཡིས་བསྙེན་སྒྲུབ་སྐབས་ལ་སྦྱོར། །བདེ་བར་གཤེགས་ལ་རང་རྒྱུད་མེད། །གང་ལྟར་མོས་བསམ་དེ་ལྟར་འགྲུབ། །ཅེས་པས་སྤྱིར་གསང་སྒྲུབ་ཆེན་མོ་འདི། །ཞི་ཁྲོ་བཀའ་བརྒྱད་ཐམས་ཅད་ཀྱི་སྤྱི་ཁོག་སྐྱེད་བྱེད་མ་ལྟ་བུ་ཡིན་པས། སྔོན་རྗེས་ཆོག་ཁྲིགས་འདི་སྦྱིན་ལ། །འདོད་ལྷའི་མཚན་དང་རྫས་གར་དགོས་སུ་བཅུག་སྟེ། བར་འདིར་རང་གི་སྒྲུབ་གཞུང་ཞི་ཁྲོ་ཡང་ཕུར་བདུད་རྩི་མ་མོ་པདྨ་ཐུགས་རྗེ་ཆེན་པོ། །ཕྱག་རྡོར་གང་བྱེད་འདིའི་སྒྲོམས་ནས་འདོན་པས། །ཁྱད་པར་མཆོག་ཏུ་འགྱུར་རོ། །དཀྱིལ་འཁོར་ནི་འདིའི་བསྙེན་སྒྲུབ་ལས་གསུམ་གྱི་བཀོད་པ་རྫོགས་པས། ཕོ་བྲང་བསྒྱུར་མི་དགོས། སྐབས་སུ་གསོ་བར་འཐད་དོ། །གཞན་རང་གཞུང་ལྟར་བསྒྱུར་རོ། །ཞལ་གདམས་འདི་རྣམས་ཀྱང་ཀུན་ཏུ་འཕྲུལ་ཤེས་པར་བྱའོ། །རྒྱུད་ལས་འཕྲུལ་འཁོར་བདེ་ལ་དོན་མི་འགྱུར། །ཞེས་པ་ཡང་དེ་ཉིད་ལས་སྒྲུབ་ཆེན་ཁོག་ནས་སྒྲུབ་འཕྲིན་ཀུན་ཕྱུངས་པས་མ་ཚང་བ་ཁ་སྐོངས་དངོས་གྲུབ་ཚར་རོ། །སྒྲུབ་ཆེན་འདི་ལྟ་བུའམ་སྒྲུབ་ཆེན་གཅིག་གྲུབ་ནས་བདེ་བར་གཤེགས་པ་གང་ནས་ཐམས་ཅད་ཀྱི་ལས་ཚོགས་སྤྱད་པས་འགྲུབ་བོ། །སྤྱིར་ལས་ཚོགས་མན་ངག་ཐམས་ཅད་བཀའ་རྒྱ་སྤྱི་ཁོངས་འཕྲུལ་ཤེས་པར་བྱའོ། །སྒྲུབ་ཆེན་འདིའམ་གཞན་ཡང་ཕུར་པ་ལ་སོགས་སྐབས་འདིར་སྦྱར་ཡང་(༢༥ན)


GLG022_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རུང་སྟེ། སྔོན་འགྲོ་དང་བཅས་པའི་བསྐྱེད་རྫོགས་ལས་གཞུང་ཚར་ཏེ། ཉིན་མཚན་རེ་རེ་མ་ཆག་པར་བྱའོ། །ནང་ནུབ་ཀྱང་ལས་བྱང་ཚར་རེ་ཚོགས་ཡན་ཆད་བྱ། ལས་གཞུང་ནམ་སྲོང་རེས་གཏོར་མ་གསར་པ་རེ་ཡང་བཤམ། སྨན་རཀ་མཆོད་པ་ཡང་གསོ། གཙོ་བོའི་འཛབ་བམ་དྲིལ་འཛབ་ལ་གསུང་མི་ཆད་བྱ། སྤྱིར་འཛབ་ལ་བརྩོན་པ་ཏིང་ངེ་འཛིན་དང་མཐུན་པར་བྱའོ། །རྡོ་རྗེ་རྒྱལ་པོས་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྒྲུབ་པའི་བར་དུ་བསྒོམ་པ་ནི་གནད་ཀྱི་གདམས་པའོ། །བསྐྱེད་རིམ་མཆོད་བསྟོད་བསྐུལ་ལ་སོགས་པ་ཡང་རྣམ་རྟོག་རང་ག་མར་མ་ཤོར་བར་ཏིང་ངེ་འཛིན་འབྲེལ་བས་ཆུ་ཟླའམ་འཇའ་ཚོན་ལྟར་སྣང་ལ་རང་བཞིན་མེད་པ་ངོ་བོ་སྟོང་། རང་བཞིན་གསལ། མཚན་ཉིད་གཉིས་སུ་མེད་པ་དབྱེར་མེད་ཙམ་དུ་ཡང་ཡིད་ཀྱིས་མ་བཅིངས་པར་ཉམས་སུ་བླངས་ཏེ། དེ་ཡང་སྟོང་པ་ཆོས་སྐུ། སྣང་བ་སྤྲུལ་སྐུ། དབྱེར་མེད་དུ་ལོངས་སྤྱོད་པ་ལོངས་སྐུ། སྐུ་གསུམ་ཡོངས་རྫོགས་བདེན་པ་དབྱེར་མེད། ཡིད་རྟོག་གིས་མ་བཅིངས་པར་གོམས་པར་སྦྱངས་པས། ཅི་སྤྱད་གྲོལ་ལམ་ཆེན་པོར་འགྱུར་བས། སྒྲུབ་པ་དབུ་ཞབས་ཀྱི་ཆོག་ཁྲིགས་ནས་སྤྱོད་ལམ་རྣམ་བཞིར་འབྲེལ་བ་གལ་ཆེའོ། །དེ་ཡང་འགའ་ཞིག་སྤྲོས་པ་ལ་མི་དགའ་བ་སྙོམ་ལས་ཅན་གྱི་བློ་ལ་ཆོ་ག་རིམ་པ་མང་བར་སྣང་བས་བློ་སུན་ཅིང་ཁམས་གཟིངས་པར་སྣང་ན་ཡང་ལོག་ལྟ་མི་རུང་སྟེ། ཁྲིགས་དུམ་སྤུངས་པར་ཡང་ཏིང་ངེ་འཛིན་དང་མོས་པ་ཙམ་ལ་བརྟན་ཀྱང་མི་འགལ་ལོ། །བློ་དང་ཁམས་ཀྱི་ནུས་ཚད་ཀྱི་གཞུང་རྒྱས་པར་ཁྲིགས་བརྐྱང་ན། ངེས་པར་དངོས་གྲུབ་ཆེ་ལ་མྱུར་རོ། །ཅིའི་ཕྱིར་ཞེ་ན། ཆོ་ག་ཕྲ་མོ་ཡན་ཆད་ཀྱང་ཕལ་ཆེར་རྒྱུད་ལ་བྱུང་ཞིང་། འགའ་ཞིག་ནི་བླ་མ་སྒྲུབ་པ་བརྙེས་པའི་བཀའ་སྲོལ་ཕྱག་(༢༥བ)


GLG022_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་དང་ཌཱ་ཀི་མའི་ལུང་དང་ཨྱོན་ང་ཉིད་ཀྱིས་ཡང་ལེ་ཤོད་དུ་ཉམས་དང་སྦྱར་བ་ཡིན་པས། ཀུན་ཏུ་ཐེ་ཚོམ་སྤོངས་ལ་སྒྲུབས་ཤིག །གང་ཐེ་ཚོམ་ཅན་དང་རྒྱུ་བླང་སྟེ། དེས་ཆོག་གཟུ་ལུམ་མཁན་ལ་དངོས་གྲུབ་ཏིལ་འབྲུ་ཙམ་ཡང་མེད་དོ། །དད་མོས་ཁོ་ནས་ཉམས་སུ་བླང་བར་བྱའོ། ཁམས་ཀྱི་མ་ནུས་པ་དང་། མོས་པ་དག་པ་ཐད་ཀའི་ཏིང་ངེ་འཛིན་དྲན་པ་ལ་རྒྱས་བསྡུས་སྣང་ངོ་། །ལར་ལྟ་བས་ཟིན་ཅིང་འཕྲུལ་ཤེས་པ་གནད་ཆེའོ། །རྡོ་རྗེ་རྒྱལ་པོས་སྒྲུབ་མཆེད་རྣམས་ལ་ཆེར་བསྐྱེད་དེ། ནང་རེ་ནུབ་རེ་ཀུན་དགེ་སྦྱོར་ལ་འདི་སྐད་བསྐུལ། ཧོ། སྐལ་བ་དང་ལྡན་པའི་མཆེད་རྣམས་དང་རྣལ་འབྱོར་པ་རྣམས། སློབ་དཔོན་ནི་ཡི་དམ་ལྷའི་དངས་མར་བཟུང་ཞིག །བླ་མ་ལ་མིའི་འདུ་ཤེས་བསྐྱེད་དུ་མི་རུང་ངོ་། །སྐུ་གསུམ་ལྷུན་གྲུབ་སྙིང་པོར་སྒོམས་ཤིག །དེ་དང་མཉམ་པའི་ཡོན་ཏན་འབྱུང་ངོ་། །མཆེད་ལྕམ་རྣམས་ཡེ་ཤེས་ལྷ་དང་ལྷ་མོར་སོམས་ཤིག །འཇིག་རྟེན་གྱི་འཁྲུལ་གཏམ་དང་ངན་རྟོག་སྤོངས་ཤིག །བཞད་གད་དང་བྲེ་མོའི་གཏམ་དང་སྨྱོ་འཐབ་དང་གཟི་བཅོས་དང་དྲེགས་སྤྱོད་བཙོག་སྤྱོད་མ་བྱེད་ཅིག །བདུད་ཀྱི་གླགས་འཚོལ་ནི་མང་ངོ་། །དངོས་གྲུབ་སད་ལ་མ་བསྐུར་ཅིག །གཞན་ཡང་འཇིག་རྟེན་འདིའི་ཆེད་དུ་འཇུག་སྙམ་པའི་སེམས་མ་བྱེད་ཅིག །གཅིག་ལ་གཅིག་ཟུར་དམོད་འཆའི་སེམས་གཏོང་ཞིང་ཁྲོ་ཚིག་མ་བྱེད་ཅིག །བསྐྱེད་རྫོགས་ཏིང་ངེ་འཛིན་སྐབས་སུ་སྒྲ་ངན་མ་འདོན་ཁུས་མ་འདེབས། སློབ་དཔོན་རྣམས་ཀྱིས་ཕ་ལྟ་བུའི་སེམས་བསྐྱེད་ལ། བརྩེ་བའི་སྙིང་རྗེ་བྱམས་པས་མི་ཤེས་པ་རྣམས་ལ་སློབས་ཤིག །མཆེད་ལྕམ་རྣམས་ཀྱིས་ཀྱང་རྒྱལ་ཐེབས་ལས་ཀྱི་སློབ་དཔོན་དུ་སྤྱི་གཙུག་གི་རཏྣར་ཁུར་ཅིག །སྒོས་མཐུན་ནང་བསྡེབས་ཕྱོགས་རིས་དང་ཕག་ཁ་ཉེ་རིང་མ་བྱེད་ཅིག །གཟུངས་མ་རྣམས་ཀྱིས་ཀྱང་བཟའ་(༢༦ན)


GLG022_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཤུག་སུ་འདུ་བར་མ་སེམས་པར་མཐོང་ངོ་དང་ཆགས་སེམས་དང་མིག་སེར་དང་ཕྲག་དོག་སྤོངས་ཤིག །སྒོས་མཛའ་དང་གཡོ་ཁྲམ་མ་བྱེད་པར་གང་ལ་གང་དགྱེས་བཞེད་པ་སྐོང་ཞིག །ལྕམ་དྲལ་རྣམས་གཅིག་ལ་གཅིག་བརྙས་བཅོས་མི་རུང་། རེ་ཆེ་དང་ཞེ་བཞག་མ་བྱེད་ཅིག །འཛབ་བཟླས་ཀྱི་སྒྲ་མི་བཅག་ཆང་དབང་དང་གཉིད་དབང་དང་ལེ་ལོའི་ཚོད་ཡོད་ཡེངས་མ་ལམ་དུ་དུས་མ་འདའ་བར་སྒྲུབ་པ་ལ་བརྩོན་ཞིག །བཀའ་བསྒོ་བ་དེ་དག་ལ་གང་སུ་འདས་པ་དེ་ནི་བདུད་དབང་དུ་འགྱུར་རོ། །བདུད་དབང་དུ་སོང་བ་ལ་དངོས་གྲུབ་མེད་པས་སྒྲིམས་ཤིག །བྱམས་པའི་ངག་དང་རྒྱལ་བའི་བཀའ་ཉོན་ཅིག །རྒྱུད་ལས་འཁོར་ལ་བཀའ་བསྒོ་དགེ་སྦྱོར་བསྐུལ་ཅེས་པས་ཡང་ཡང་དུ་བསྒོའོ། །སྨན་སྒྲུབ་ཡོད་ན་འདི་ཉིན་ནས་ཉིན་གསུམ་གྱི་བར་ཞི་བའི་དཀྱིལ་འཁོར་ལ་བརྟེན་ནས་སྔགས་རྒྱུན་འཛིན་དགོས་པ་གོང་དུ་བཤད་པ་ལྟར་རོ། །དངོས་གཞིའི་ས་བཅད་ཉེར་བཞི་པ་ལ་སྨན་སྒྲུབ་མི་བྱེད་ཚེ་སང་ཞོགས་ལས་བྱང་གཞུང་བསྲངས་ནས་གྱེར་ཏེ་དཀྱིལ་འཁོར་སྒྲུབ་འཛབ་ནས་སྔགས་རྒྱུན་བྱེད། ཉིན་གསུམ་གྱི་བར་བུམ་པ་ལ་གཟུངས་ཐག་བཏགས་ཏེ་དབང་བུམ་གྱི་བུམ་པའི་བསྐྱེད་ཆོག་བྱས། བཀའ་སོ་སོའི་སྔགས་གཤམ་དུ་བུམ་དབང་ནས་གསུངས་པའི་བུམ་སྒྲུབ་ཀྱི་ཤམ་བུ་སྦྱར་ནས་ཉིན་གསུམ་སོ་སོའི་དམིགས་པ་ཡང་བསྒྱུར་ནས་རང་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པའི་མདུན་དུ་བུམ་པ་བསྐྱེད། སྨན་སྒྲུབ་ཡོད་ན་ཉིན་གཉིས་གསུམ་ཙམ་ཁྲོལ་བུར་བསྒྲུབ་རིང་བཀའ་བརྒྱད་ཀྱི་ལས་བྱང་དངོས་གཞི་མི་གཏོང་བས་བུམ་པ་མི་བསྒྲུབ། ཕྱེ་མར་བསྒྲུབ་པ་ནས་བཟུང་ཞག་གསུམ་གྱི་བར་ཐུན་པ་ཁག་གཉིས་བྱས་ནས་ཁག་གཅིག་གིས་སྨན་སྒྲུབ་དང་ཁག་གཅིག་གི་བུམ་པ་བསྒྲུབ་(༢༦བ)


GLG022_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། ཞག་གྲངས་དཔེ་ཙམ་ཡིན། དངོས་གཞི་རྒྱུན་རིང་ཐུང་ཙམ་བྱེད་ལ་རག་ལུས། དཔེར་ན་བུམ་པ་བསྒྲུབས་ཟིན་ནས་དབང་ལ་ཞག་གྲངས་དྲུག་ཙམ་བྱེད་ན་སྤྲ་ཁྲིད་ཀྱི་དགོངས་དམིགས་དང་བཅས་ཞག་གཉིས་ལ་བསྙེན་པ། ཞག་གཉིས་ལ་སྒྲུབ་པ། ཞག་གཅིག་ལ་སྒྲུབ་པ་ཆེན་པོ། ཞག་གཅིག་ལ་ལས་སྦྱོར་གྱི་དམིགས་པ་དང་སྦྲགས་ནས་སྒྲོལ་དབང་དང་འགྲིག་རྩིས་མཛད། ཞི་ཁྲོ་གང་ཡིན་ཡང་སྒྲུབ་པ་ཚུགས་ནས་བཟུང་མན་ངག་ལས་བདུན་ཉིན་སྟར་བྱེད། འཕྲུལ་འཁོར་བསླབ་པ། དགེ་སློང་བསྐུལ་བ་ཚ་རྟིང་ངམ་དགོངས་ཇ་ལྟ་བུ་སྐབས་གང་འགྲིག་ལ་ཉིན་རེ་ཚར་རེ་མཛད། ལས་བྱང་། རབ་དུས་བཞི་མ་གྲུབ་ན་དུས་གསུམ་བྱེད། ཆེ་བ་བསྐྱེད་ལ་བསྐུལ་ཚོགས་ལྷག་ཡན་བྱ། ལྷག་མ་བཙོན་དུ་བཟུང་། ཆད་མཐོ། བསྟན་སྐྱོང་། ཟོར་གཏོར། བྲོ་བརྡུང་གི་བར་ཉིན་རེ་བཞིན་བྱེད། དངོས་གཞིའི་ས་བཅད་ཉེར་ལྔ་པ་བར་ཆད་ཉུལ་ལེ་བསྐྲད་པ་ནི། བར་ཆད་འབྱུང་བའི་དུས་བཤད་པ་དང་བསྟུན་ཁ་ཡར་གྱི་གིང་ཆས་སོགས་སྤྲོད། སྲོད་ལ་དཔོན་སློབ་ཐམས་ཅད་ཀྱི་ཀུན་ཐུབ་རྒྱལ་མོའི་བསྐུལ་དང་བཅས་རྒྱས་པར་མཛད་པ་ལ། སྒྲུབ་པ་ལ་བཞུགས་ནས་དགོངས་མོ་ཉི་མ་ནུབ་ཀ་ཟེར་ལ་ཉུལ་ལེ་བྱ་རོག་སྐད་བསྒྱུར་མ་འོང་སྟེ། རྟགས་སུ་ཉམས་མི་དགའ། གཉིད་འཐིབ་པ་ཡོང་། སྲོད་ལ་བྲང་རྐུན་ནག་མོ་འོང་སྟེ། མར་མེ་བཀྲག་ཉམས་ཆགས་པ་སྐྱེ་དབང་མེད་གཉིད་དུ་འགྲོ། ནམ་ཕྱེད་ན་འདོད་ཆགས་དམར་པོ་ར་ནུ་ཅན་འོང་སྟེ། རྟགས་སུ་དཀྱིལ་འཁོར་སྟེང་དུ་ཞིང་ལྤགས་མགོ་ཐུར་ལ་གཏད་པ་གོན་ནས། སྲུང་མར་བརྫུས་ཏེ་ཆགས་པ་སྤྱོད་ཚུལ་སྟོན་དུ་འོང་ངོ་། །ཕྱེད་ཡོལ་ནམ་སྨད་དུན་རྩེར་འོང་སྟེ། ཉམས་སེང་སེང་བྱིན་(༢༧ན)


GLG022_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་གཅིག་འོང་ངོ་། །ཐོ་རེངས་སྐྱ་རེངས་ཤར་ཙ་ན། །ལག་བསེ་མགོ་མ་འོང་སྟེ། རྟགས་སུ་རིག་པ་འཕྲོག་ཡོང་ངོ་། །ཉི་མ་རྩེ་ཤར་ཙ་ན་གནམ་ཐེ་ནག་པོ་འོང་སྟེ་རྟགས་ཤེས་པ་འཕྱོར་འོང་ངོ་། །འོད་འོང་། ཉི་མ་དྲོས་པ་ལ་ཀླུ་སྲིན་སྔོན་མོ་འོང་སྟེ། རྟགས་སུ་སྙིང་བཅུ་ཧྲིལ་བྱེད། སྒྲུབ་མཆེད་ལ་ནད་དྲག་པོ་གཏོང་ངོ་། །ཉི་མ་ཕྱེད་ཚལ་ཀླུ་ཆེན་འོང་སྟེ། རྟགས་ཉལ་སྙིང་འདོད། གདུག་སེམས་སྐྱེ། དཀར་དམར་སྙིང་ལ་འདོད་པའོ། །ཉི་མ་ཕྱེད་ཡོལ་ནས་བདག་མ་ཡམས་འོང་སྟེ། རྟགས་སུ་ཉམ་ཆུང་ཞིང་བྱིང་བྱིང་བྱེད་པ་འོང་། ཉི་མ་མྱུར་སྨད་ལ་བདུད་ཐེ་བྲང་འོང་སྟེ། རྟགས་སུ་ཚིག་པ་ཟ་རྣམ་སྨིན་མི་དྲན་སྡིག་བྱེད་འདོད་པ་འོང་། དེ་ཡན་ཆད་ནི་དུས་བཅུའི་ཉུལ་ལེ་མ་བར་ཆོད་བྱེད་པའི་ལྟས་ཡིན་ལ། མདོར་ན་དམ་སྲི་རྒྱལ་འགོང་། ས་སྲིན། ཀླུ་སྲིན། སྔགས་པ་དམ་ཉམས། བཙུན་པ་སྡོམ་ཉམས། བོན་པོ་མཐར་ལྷུང་ལ་སོགས་ཤི་འདྲེ་ཉམས་པ་རྣམས་བདུད་ཀྱིས་བསྐུལ་ནས། དུས་ཐམས་ཅད་དུ་ཡང་བར་ཆད་རྩོམ། བཟང་པོར་སྟོན་ཡང་ཉམས་མི་དགའ་བ་དམ་སྲི། དགོངས་ཀ་བྱ་མཆུ་ནག་མོ་འོང་བ་ཤས་ཆེ་བས། དེ་དག་གི་ལྟས་དྲི་ཟློག་པ་ཏིང་ངེ་འཛིན་མི་གསལ་བྱིན་ཆུང་ཉམས་སེང་། སྙིང་མི་དགའ་ཆོས་སྤྱོད་བྱེད་སྙིང་མི་འདོད། ཐེ་ཚོམ་ཕྱོགས་མེད་དུ་སྐྱེ། བླ་མ་མཆེད་ལ་སྣང་བ་ལྡོག །གླུ་གཞས་ལ་རྩི། སེམས་ལས་སུ་མི་རུང་བ་ཐམས་ཅད་དོ། །དེ་ཚེ་ཉུལ་ལེ་བསྐྲད་པ་ནི། རྡོ་རྗེ་མཚམས་པ་ལས་ས་དུས་པས་གིང་ཆས་དཀར་ནག་འཇིགས་པར་ཞུགས་ཏེ་མི་རྐང་མི་ལྤགས་ལྕག་འབྲས་ཅན་སྔགས་ལྡན་དང་འུག་མགོ་བཀལ་བའི་ཐོ་བ་དང་། གུ་གུལ་དུད་པ་ཡང་བཤམས་ཏེ། དྲག་(༢༧བ)


GLG022_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བརྡུང་ཞིང་ཨེ་གྲུ་གསུམ་དམ་སྲིའི་ལིངྒ་གཅིག་ནང་དུ་ཉུལ་ལེ་རྣམས་ཀྱིས་མིང་གིས་སྲི་ལ་བསྐོར་བ་བྲིས་ལ་དགུག་གཞུག་བྱ་ཕོ་ཉ་བཏང་། ཕུར་པ་ཡན་པ་མང་པོ་བླངས་ཏེ། ཨཱོཾ་གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཱཾ་བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན། ཀཱ་ཡ་ཝཱ་ཀྩིཏྟ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་ཧཱུཾ་བཞིའི་སྔགས་དང་སྦྲེལ་ཏེ། ཕུར་བུ་ལིངྒ་ལ་གདབ་པའམ་བོང་མཇིས་བརྡུང་། ལྕག་གི་མཆེད་ཐམས་ཅད་ལ་བྲབ་ཅིང་བསྐྲད་པར་བྱའོ། །གལ་པོ་ནས་ཉུལ་ལེ་རེ་ལ་གཉེན་པོ་རེ་བསྐུལ་ཐབས་ཡོད་ནའང་འདིར་དྲིལ་ནས་བསྟན་པ་ཡིན་ནོ། །ནན་ཏར་ཆོ་འཕྲུལ་ཆེ་ན་འཆམས་སྟབས་སྡང་མིག་ཏུ་བལྟ་ཞིང་། ཆེ་བ་བསྐྱེད་དེ་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་པོ་བསྐུལ་བ་ནི། ཧཱུཾ། ཤར་ཕྱོགས་དཀར་པོ་དུང་གི་གཞལ་ཡས་སུ། ཁྲག་མདོག་དམར་མོ་བསེ་ཡི་ལན་འཕྲན་ཅན། སྤྱན་རྩ་དམར་པོ་ཉི་ཟླ་ལྟར་དུ་འཕྲོ། །སྨིན་མ་གློག་འཁྱུག་བར་སྣང་གོ་སྐབས་འབྱེད། །བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུག །བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས། །རྔམ་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར། །ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་བསྲེག །བསྐལ་པའི་འབྲུག་སྒྲ་སྙན་ནས་གསུང་སྒྲ་སྒྲོག །ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམ། །སེན་མོ་ལྕགས་ཀྱུའི་རྩེ་ལ་བསྐལ་མེ་འབར། །ཐབས་ཀྱི་གནམ་ལྕགས་བཞུན་མའི་རྡོ་རྗེ་འཁྲུག །སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུའི་ཆར་འབེབས་ཤིང་། ཞལ་གྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར། །རལ་པའི་གསེབ་ནས་ཁྲག་གི་ཆར་ཆེན་འབེབས། །ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ། །སྲིན་པོའི་སྙིང་འབྱིན་འཆང་བར་བཅུག་ནས་གསོལ། །ཤིན་ཏུ་མི་བཟད་འབར་(༢༨ན)


GLG022_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐུ་གཅིག་མ། །དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ། ཁྲོས་པའི་ཞལ་མདོག་ཁྲག་གི་མཚན་པ་ཁ། །ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ། །ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་མནན། །དུས་ལ་བབ་ན་སྙིང་ཁྲག་དྲོན་མོ་འཐུང་། །སྲི་ལ་བབ་ན་སྲོག་རྩ་དམར་པོ་གཅོད། །དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས། །བགེགས་ལ་བབ་ན་རཱུ་པ་རྡུལ་དུ་རློག །དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ། །དམ་ཉམས་དགྲ་དང་འབྱུང་པོ་བགེགས་ལ་སོགས། །ཕུང་པོ་དུམ་བུར་གཏུབ་ལ་དོན་སྙིང་བསྲེགས། །གྲུམ་བུ་ཨ་པ་རྩེ། རཱུ་པ་རྩེ་ན་རེ། རྩ་མེད་ཐུན་ཐུན་ངན་ཤ་སྟམྦྷ་ཡཀྴ །བི་ན་ཡ་ག །ཕྱེ་མ་ཕྱེ་མ་རྡུལ་ཕྲན་རྡུལ་ཕྲན། ཙིཏྟ་རྦད་ནན་ཅེས་བརྡུང་ངོ་། །སྐབས་སུ་བྲོ་ཡང་གཟིར་རོ། །དགེ་སྦྱོར་གང་ལ་འཇུག་ཀྱང་། ཉུལ་ལེའི་བར་ཆད་འདུལ་བ་འདི་གནད་ཟབ་བོ། །དངོས་གཞིའི་ས་བཅད་ཉེར་དྲུག་པ་རྒྱུན་དུ་འབྱུང་བའི་དངོས་གྲུབ་བླང་བ་དངོས་གྲུབ་ཀྱི་ལྟས་བྱུང་བ་དང་བསྟུན་ལེན་པར་བཤད་ཀྱང་ད་ལྟར་ཕྱག་ལེན་ལ་ཉིན་རེ་བཞིན་ཚོགས་འཁོར་དང་བསྟུན་ནས་ལེན་པ་ནི། ཚུལ་བཞིན་བསྒྲུབ་པའི་གང་ཟག་ལ། དམ་ཅན་དངོས་གྲུབ་རྒྱུན་དུ་སྐྱེལ་བ་ནི། ཉི་མ་དམར་ཐག་ལྷ་སྲིན་སྡེ་བརྒྱད་ཀྱི་དངོས་གྲུབ་སྐྱེལ། དེ་བཞིན་དུ་མུན་ནག་ལ་སྲིན་པོ་དམ་ཅན། གུང་ལ་སྲིད་པ་མ་མོ། ནམ་ཕྱེད་ལ་རེ་མ་ཏི། ཕྱེད་ཡོལ་ལ་མ་བདུན། ནམ་ལངས་ཚེ་དཀར་མོ་བདེ་བཞི། ཐོ་རངས་གིང་བཅོ་བརྒྱད། ཉི་མ་རྩེ་ཤར་རྡོ་རྗེ་སྲིན་པོ། ཉི་དྲོས་ཧ་ལུ་མནྡྷ། ཉིན་ཕྱེད་ཀླུ་དམ་ལྡན། དགོངས་མོ་ཀླུ་སྨན་མཚོ་སྨན་གྱི་དངོས་གྲུབ་སྐྱེལ་དུ་འོང་ངོ་། །གཞན་ཡང་རྒྱུན་དུ་རིགས་འཛིན་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྣམས་དངོས་གྲུབ་ཁྱེར་(༢༨བ)


GLG022_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འོང་སྟེ། ཆོས་དང་ཚེ་རིང་བ་དང་། དབང་དང་མཐུ་དང་སྲིད་དང་ནོར་དང་འབྲུ་ཟས་དང་ལས་སྣ་ཚོགས་པས་དངོས་གྲུབ་གང་ཡོད་སྟེར་རོ། །དངོས་གྲུབ་ལྟས་སུ་སྒྲ་སྙན་གཟུགས་མཛེས་འོད་འདུ་དྲི་ཞིམ་པ་བརྩོན་འགྲུས་རྩོམ་སྙིང་འདོད་པ། ཆོ་ག་ལ་སྤྲོ་བ་ཏིང་ངེ་འཛིན་གསལ་བ། ཉམས་དགའ་བ་བྱིན་ཆེ་གཟེང་མཐོ་དཔའ་བ། སྤོབས་པ་སྐྱེ་བ། སེམས་དཔའ་བ། སེམས་ལས་སུ་རུང་ན། དངོས་གྲུབ་དེ་དག་ལ་དགའ་བྲོད་ཀྱང་མི་བྱ། རྒྱུ་འབྲས་སུ་བལྟ། གོང་དུ་བསྟན་པའི་ཉུལ་ལེ་བར་ཆད་ལྟས་ངན་པ་མཐོང་ཡང་མི་དགའ་བར་མི་བྱ། དེ་བཞིན་ཉིད་ཀྱི་རྩལ་དུ་བལྟས་ཏེ། དྲན་རྟོག་རང་སར་དག་པར་བསྒྲལ་ལོ། །དངོས་གྲུབ་མཚན་ལྟས་བྱུང་ཚེ་ཀ་པཱ་ལ་མཚན་ལྡན་དུ་ཆང་ལ་ཨ་མྲྀ་ཏ་བྲན་ལ་བདུད་རྩི་འཁྱིལ་པར་བསམས་ཏེ་འདི་སྐད་བསྐུལ་ལོ། །ཧཱུཾ། བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་དམ་དང་། །སྦྱོར་ལམ་ཚོགས་ལམ་གནས་པའི་དམ་ཅན་ཚོགས། །རྣལ་འབྱོར་བདག་ལ་སྔོན་གྱི་ཐུགས་དམ་གྱི། །ཚེ་དང་ཆོས་དང་ལས་བཞི་མྱུར་འགྲུབ་དང་། །རྐང་མགྱོགས་མིག་སྨན་རི་ལུ་མཁའ་སྤྱོད་དང་། །སྲིད་ནོར་ཟས་ཚོགས་མཐུ་རྩལ་དངོས་གྲུབ་སྩོལ། །ཨ་ལ་ལ་ཧོ། བདུད་རྩི་བཏུང་བར་བྱའོ། །རྐྱེན་དེ་ལ་བརྟེན་ནས་རྒྱུན་གྱི་དངོས་གྲུབ་ཐོབ་པར་ངེས་སོ། །དངོས་གཞིའི་ས་བཅད་ཉེར་བདུན་པ་སྒྲུབ་པའི་གེགས་བསལ་བ་དང་། དངོས་གཞིའི་ས་བཅད་ཉེར་བརྒྱད་པ་དངོས་གྲུབ་ཀྱི་ལྟས་བརྟག་པ་གཉིས་སྒྲུབ་ཁོག་ཏུ་གསལ། དངོས་གཞིའི་ས་བཅད་ཉེར་དགུ་པ་དབང་བསྐུར་བ་ལ་དབང་བུམ་ནས། སྤྱི་དོན་གཉིས་པ་དབང་གི་ཆུ་བོ་གང་ཞེ་ན་ཞེས་སོགས་དང་ཅོད་པན་གྱི་དབང་བསྐུར་གོང་དུ་འཇུག་པའི་དུས་(༢༩ན)


GLG022_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མེ་ཏོག་དོར་བ་དང་འཕྱི་བ་བྱུང་རུང་འདིར་བྱེད་སྲོལ་ཡོད་པ་ཀ་ཊོ་ར་འབྲུས་བཀང་བར་དཔལ་དགུའི་ཙཀ་ལི་སྣོར་མོར་བཀྲམ་ནས་དེར་དོར། དེ་ནས་དབང་བུམ་ལས། རྒྱུ་ངན་ཕ་མའི་ཁུ་ཁྲག་ལ་སོགས་ཀྱི་ལྷར་བསྐྱེད་དོ། །ཡུངས་ཀར་ཙམ་དཀར་ཤར་ཤར་གྱི་བྱིན་འབེབས། སློབ་མ་རིག་པའི་དབང་ལྔ་གར་ཆེ་མཆོག་ཏུ་བསྐྱེད་པས། རིགས་ཀུན་གྱི་ཁྱབ་བདག་ཡིན་པས་ལེགས། དབང་རྫས་ནི་གསར་མ་བ་ཚོ་ཡང་ལྷ་དེ་དང་དེ་འོད་དུ་ཞུ་བའི་རྫས་ཀྱི་རྣམ་པར་བྱེད་པས། འདིར་ཡང་ལྷ་དེའི་ངོ་བོར་མོས་པས་ཁྱབ་བོ། །དེ་ཡང་བུམ་པ་བཟང་པོ་སོགས་ཀྱི་མཇུག་ཏུ། ཞེས་བརྗོད་པས་གོང་གི་ཡིག་འབྲུ་ལྔ་ཞེས་པ་གོང་གི་རྒྱུ་ངན་ཕ་མའི་ཁུ་ཁྲག་སོགས་ཀྱི་ནང་དུ་སློབ་བུའི་གཙུག་ཏུ་ཨཱོཾ་ཨཱཿཧཱུཾ་ཧྲཱིཿཧཱ་ལྔ་ཡིན་ནོ། །ཐལ་མོ་བསྟན་པའི་ཕྱག་རྒྱ་ནི་གཡས་ཀྱི་སོར་མོ་ལྔ་རིགས་ལྔ་ཡབ། གཡོན་གྱི་སོར་མོ་ལྔ་ཡུམ་དུ་གསལ་བའི་དབང་དུ་བཏང་ནས་སོར་མོ་ལྔ་རྩེ་བསྣོལ་བའི་ཕྱག་རྒྱ་མགོ་བོའི་གནས་ལྔར་གཏུགས། བུམ་ཆུ་སྤྱི་བོར་བླུག་ཟེར་བར་ཀུ་ཤས་ལྡུགས། བུམ་ཆུས་དབང་བསྐུར་བྱང་ཆུབ་སེམས་སོགས་ཀྱི་བུམ་ཆུ་སྟེར། དེའི་རྗེས་མ་གཉིས་ལ་བུམ་པ་མགོར་འཇོག །བདུད་རྩིར་ཆུ་རྒྱུན་དག་པས་དབང་བསྐུར་བ་སོགས་ཀྱིས་ཀྱང་བུམ་ཆུ་སྟེར། འདི་མན་ཚང་མར་བུམ་པ་རང་མགོར་འཇོག །གྲལ་ཕྱི་ནང་མང་པོ་ཡོད་ན་གྲལ་རེ་ལ་བུམ་པ་གཉིས་རེ་བསྐོར། གྲལ་གཅིག་ལས་མེད་ན་ཡང་དག་དང་གཤིན་རྗེའི་བུམ་པ་བསྐོར་རྗེས། རྟ་མགྲིན་དང་ཕུར་པའི་བུམ་པ་བསྐོར་བ་སོགས་བརྒྱད་ཀ་བསྐོར་རོ། །བུམ་བསྐོར་མགོར་མི་འཇོག་ལག་པར་འཇོག་པ་བླ་མ་དམ་པའི་ཕྱག་ལེན་དང་གསུང་རྒྱུན་(༢༩བ)


GLG022_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་བློར་ངེས་པར་བྱས་ལ། སྤྱི་དོན་གཉིས་བུམ་དབང་གི་ལོ་རྒྱུས་རྣམས་འདི་གར་མཛད་ན་ལེགས། པ་དབང་གི་ཆུ་བོ་གང་ཞེ་ན། རང་རིག་གཞན་དབང་དུ་མ་གྱུར་པའི་ཆོས་སྐུ་རང་ཚུགས་ཐུབ་པའོ། །སྤྱི་དོན་གསུམ་པ་དབང་གི་ངེས་ཚིག་གང་ཞེ་ན། རིག་པའི་རྩལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བྱན་ཚུང་དབང་སྒྱུར་བའི་ཕྱིར་དབང་ཆེན་བྱའོ། །སྤྱི་དོན་བཞི་པ་དབང་གི་དབྱེ་བ་བསྟན་པ་ལ་གཉིས་ཏེ། ཁྱད་པར་ཡེ་ཤེས་ཀྱི་དབང་བསྐུར་བ་དང་། ཐུན་མོང་ཐུགས་རྗེའི་དབང་ངོ་། །དང་པོ་ཁྱད་པར་ཡེ་ཤེས་ཀྱི་དབང་ལ་བཅོ་ལྔ་སྟེ། ཕྱི་མཚོན་བྱེད་དཀྱིལ་འཁོར་བུམ་རྫས་ལ་སོགས་པ་ལ་བརྟེན་ནས་ཀྲི་ཡོག་ཡར་ལྡན་གྱི་དབང་རིམ་བརྒྱད་དང་། ནང་ལྷ་དབང་ཡོངས་རྫོགས་ལ་བརྟེན་ནས་མ་ཧཱ་ཨ་ནུ་དྲེགས་པའི་མཐུ་དབང་ལ་སོགས་བྱིན་རླབས་ཡོངས་རྫོགས་ཀྱི་དབང་རིམ་དགུ་དང་། གསང་བ་ཡབ་ཡུམ་སྦྱོར་དབང་བདེ་མཆོག་ལ་བརྟེན་ནས་བྱང་སེམས་ཡོངས་རྫོགས་ས་ལམ་མྱུར་མགྱོགས་ཀྱི་དབང་གསུམ་དང་། ཡང་གསང་དེ་ཁོ་ན་ཉིད་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ལ་བརྟེན་ནས་ཨ་ཏིཡོ་ག་ཡོངས་རྫོགས་ཀྱི་དབང་རིམ་དྲུག་སྟེ་དབང་རིམ་བཅོ་ལྔའོ། །གཉིས་པ་ཐུན་མོང་ཐུགས་རྗེའི་དབང་ལ་གཉིས་ཏེ། བཀའ་རབ་འབྱམས་ནུས་པའི་དབང་དང་། ཐུན་མོང་ནུས་པའི་དབང་ངོ་། །དེ་ལ་ནུས་པའི་དབང་ལ་རིམ་པ་བརྒྱད། ཐུན་མོང་གི་དབང་རིམ་ལྔའོ། །དེ་ལྟར་རྩ་བའི་དབང་རིམ་ཉེར་བརྒྱད་ལ། ཕྲ་མོར་ཕྱེ་ན་དབང་ལྔ་བཅུ་རྩ་དྲུག །སྒྲུབ་ལུང་ཚུར་དྲིལ་བས་ཉིས་བརྒྱ་སོ་བདུན་ལ་དབང་ཡོངས་སུ་རྫོགས་པར་བསྟན་ནོ། །སྤྱི་དོན་ལྔ་པ་དབང་ཡོངས་རྫོགས་བསྐུར་ཐབས་དངོས་བསྟན་པ་ལ་གཉིས་ཏེ། དབང་རྫོང་བསྙེན་སྒྲུབ་ཀྱིས་(༣༠ན)


GLG022_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཁོག་དབུབ་པ་དང་། ཇི་ལྟར་དབང་བསྐུར་ཐབས་ཀྱི་ངོ་ཏིའི་རིམ་པའོ། །དང་པོ་དབང་རྫོང་ནི་དབང་གི་བླ་མ་ཕུན་སུམ་ཚོགས་པ་བཅུ་ལྡན་དང་། སློབ་མ་ཕུན་ཚོགས་སྣོད་ལྡན་དང་། དེ་བཞིན་དུ་གནས་གྲོགས་ཡོ་བྱད་དུས་སྒྲུབ་ཆོས་ཕུན་སུམ་ཚོགས་པ་ལ་སོགས་པ། ཕུན་ཚོགས་བདུན་གྱིས་གཞི་བཟུང་སྟེ་སྟ་གོན་གྱི་ལས་ཁྲིགས་བཅུ་གཅིག་གིས་སྔོན་འགྲོ་བྱས་པ་ནི་ཉན་རང་བྱང་སེམས་ཐེག་པ་ཐུན་མོང་གི་དབང་རང་བཞིན་གྱིས་ཐོབ་པར་བྱེད་དོ། །གཞུང་གི་ལས་ཁྲིགས་སོ་བརྒྱད་ཀྱིས་བསྙེན་སྒྲུབ་བྱས་པས་ཚོགས་གཉིས་རྫོགས་ནས་དབང་རྫོང་འཆོས་པར་བྱེད་དོ། །རྗེས་ཀྱི་ལས་ཁྲིགས་བཅོ་བརྒྱད་ཀྱིས་མཐའ་བསྐྱང་པས་དངོས་གྲུབ་ཀྱི་རྒྱུན་བསྲིང་བར་བྱེད་དེ་སྒྲུབ་ཆེན་གཞུང་བཙུགས་དབང་རྫོང་ཆེན་པོ་བཅའོ། །ཇི་ལྟར་དབང་བསྐུར་ཐབས་ཀྱི་ངོ་ཏི་རིམ་པ་ནི། གཞུང་གི་ལས་ཁྲིགས་རྩ་དགུ་པ་དབང་བསྐུར་བའི་སྐབས་སུ་བབ་པ་ཡང་དབང་བསྐུར་བྱ་སྟེ། དེ་ཡང་ཇི་ལྟར་བསྐུར་བའི་ཐབས་ཀྱི་རིམ་པའི་ཁྲིགས་ལ་མདོ་ལེའུ་རྣམ་དྲུག་སྟེ། དང་པོ་ཕྱིའི་དབང་རིམ་བརྒྱད་བསྐུར། གཉིས་པ་ནང་གི་དབང་རིམ་དགུ་བསྐུར། གསུམ་པ་ནུས་པའི་དབང་རིམ་བརྒྱད་བསྐུར། བཞི་པ་ཐུན་མོང་གི་དབང་རིམ་ལྔ་བསྐུར། ལྔ་པ་གསང་ཆེན་གྱི་དབང་རིམ་གསུམ་བསྐུར། དྲུག་པ་ཡང་གསང་སྤྱི་འབྱམས་ཀྱི་དབང་རིམ་དྲུག་བསྐུར་བར་བྱའོ། །དང་པོ་ཕྱིའི་དབང་རིམ་བརྒྱད་ལ། ཐོག་མར་ཅོད་པན་མིང་དུ་བཅས་པའི་དབང་བསྐུར་ཏེ་ཅོད་པན་ཇི་ལྟ་བུ་ཞེ་ན། དར་སྣ་ལྔ་སོར་ལྔ་པར་གཏུབས་ཏེ་ལྔ་དཀྱུས་ལ་སྐུ་ལྔ་ཡེ་ཤེས་ལྔར་བྱིན་གྱིས་བརླབས་ལ་སློབ་བུ་རྣམས་ཀྱིས་ཐལ་མོའི་བར་དུ་བཟུང་སྟེ། ཤར་སྒོ་(༣༠བ)


GLG022_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འདི་སྐད་ཅེས་ཕོ་བྲང་དབུས་སུ་མིག་བཙུམ་ལ་དོར་བར་བྱ་སྟེ། ཧོ། སྔོན་ཚེ་ཚེ་རབས་གྲངས་མེད་ནས། །དགེ་བའི་སྟོབས་ཀྱིས་བསྟེན་པའི་ལྷ། །ཡི་དམ་ལྷ་མཆོག་གང་ཡིན་ལ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཨཱོཾ་བཛྲ་པྲ་ཏི་གྷྲི་ན་ཧོ། ཅོད་པན་དེ་ལྷ་གང་ལ་བབ་པའི་རིགས་མཚན་ལས་གྲས་ཏེ། གསང་མཚན་གདགས་ཏེ་དབུས་སུ་བབ་ན། །རྡོ་རྗེ་ཆེ་མཆོག་འདུས་པ་རྩལ། །ཤར་དུ་རྡོ་རྗེ་ཐུགས་མཆོག་འདུས་པ་རྩལ། །ལྷོ་རུ་རིན་ཆེན་ཡོན་ཏན་འདུས་པ་རྩལ། །ནུབ་ཏུ་པདྨ་ཆེ་མཆོག་འདུས་པ་རྩལ། །བྱང་དུ་ཀརྨ་བཛྲ་དྲག་པོ་རྩལ། །ཤར་ལྷོར་བླ་མེད་རྡོ་རྗེ་གསང་བ་རྩལ། །ལྷོ་ནུབ་རིགས་འཛིན་རྡོ་རྗེ་ཐོད་པ་རྩལ། །ནུབ་བྱང་དྲེགས་པ་རྡོ་རྗེ་མེ་ཏོག་རྩལ། །བྱང་ཤར་དྲག་པོ་རྡོ་རྗེ་སྟོབས་མཆོག་རྩལ། །ཞེས་མིང་གི་དབང་བསྐུར་ཏེ། །ཨཱོཾ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་ན་མ་ཨ་བྷི་ཥིཉྩ་ཨཱོཾ་རྡོ་རྗེ་ཆེ་གེ་མོས་ཡི་དམ་ཆེ་གེ་མོའི་གསང་མཚན་གྱི་དབང་དམ་པ་ཐོབ་པར་གྱུར་ཅིག་ཅེས་མེ་ཏོག་བབས་པའི་ལྷ་དེ་ཡི་དམ་དུ་དཔོག་པར་བྱའོ། །དེ་ནས་བླ་མས་ཅོད་པན་གདགས་ཤིང་དབང་བསྐུར་ཏེ། ཧཱུཾ། ཅོད་པན་འདི་ནི་དཔའ་བོའི་རྟགས། །སྨོན་ལམ་མཐུན་པའི་ལྷས་བྱིན་བརླབས། །བར་ཆད་ཀུན་གྱིས་མི་ཚུགས་ཤིང་། །འཁོར་བའི་སྐྱོན་གྱིས་མ་གོས་ཤོག །ཧོ། རྡོ་རྗེ་ཆེ་གེ་མོ་ལ་ཅོད་པན་མིང་དུ་བཅས་པའི་དབང་བསྐུར་བས་ཁམས་གསུམ་སྲིད་གསུམ་མཆོག་གསུམ་རྒྱལ་བའི་ཞིང་དུ་ཆོས་ཀྱིས་གྲགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་གཙུག་ཏུ་གདགས་དེ་ལྟར་མཆེད་ཀུན་ལ་ཚར་རྗེས་སུ། མཚན་སྟོན་གྱི་ཚོགས་འཁོར་ཡང་བྱའོ། །འོག་བཞིན་རབ་གནས་ཀྱང་བྱའོ། །དེ་ནས་ཐོ་རངས་དབང་བསྐུར་ཏེ། དེ་(༣༡ན)


GLG022_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྒྱུ་ངན་ཕ་མའི་ཁུ་ཁྲག་ལས་གྲུབ་པའི་ཐ་མའི་ལུས་རྫ་ཤིང་ལས་གྲུབ་པའི་སྣོད་ལྟ་བུས་དབང་བཅུད་སེང་གེའི་འོ་མ་ལྟ་བུ་འདི་མི་ཐུབ་པས་སྣོད་ལྡན་སྦྱང་བའི་དབང་ནི། སློབ་བུའི་སྤྱི་གཙུག་ཏུ་ཉི་ཟླའི་དཀྱིལ་འཁོར་ལྔ་བཀོད་སྟེང་དུ་ཨཱོཾ་ཨཱཿཧཱུཾ་ཏྲཾ་ཧྲཱིཿཧཱ་དང་ལྔ་བསྒོམ་སྟེ་བཛྲ་སུཪྻ་ཙནྡྲ་ཐ་ཕཊ་ཡི་གེ་ལྔ་ལས་འོད་ཟེར་ལྕགས་བསྲེགས་ཀྱི་ཚ་ཚ་ལྟ་བུ་འཕྲོས་ནས་སློབ་བུའི་ལུས་ལ་ཐིམ་པས་རྒྱུ་ཕ་མའི་ཁུ་ཁྲག་མི་གཙང་བ་ཐམས་ཅད་དང་ལུས་ངན་དྲི་མ་དང་། སེམས་ཀྱི་རྟོག་སྒྲིབ་དང་དྲི་མ་མ་རིག་བག་ཆགས་ཐམས་ཅད་བྱ་སྤུ་མེས་འཚིག་པ་ལྟར་བསྲེག་པར་བསམ། བཛྲ་ཨ་བེ་ཤ་ཨ་ཞེས་བརྗོད་པས་མདུན་གྱི་ནམ་མཁའ་ལ་ཡེ་ཤེས་ཀྱི་ལྷ་དཀྱིལ་འཁོར་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དབྱིག་ནས་བྱིན་རླབས་ཡུངས་ཀར་ཙམ་དཀར་ཤར་ར་ར་བྱོན་ནས་སློབ་བུ་རྣམས་ཀྱི་སྤྱི་བོར་ཐིམ་པར་བསམ། དེ་ནས་རང་ཡི་དམ་གང་མོས་སུ་གསལ་བས་དབང་ཞུའོ། །ཐ་མལ་གྱིས་ཞུས་ཀྱང་དབང་མི་ཆགས་སོ། །དེའི་ཕྱིར་རང་ཆེ་མཆོག་ལྟ་བུར་བསྐྱེད་ལ་ཞུའོ། །དེ་ནས་བུམ་པ་ཆེན་མོ་སྤྱན་དྲངས་གཙུག་ཏུ་བཞག་སྟེ། ཧཱུཾ། བུམ་པ་བཟང་པོ་གཞལ་ཡས་ཁང་། །ཞི་ཁྲོ་ཡོངས་རྫོགས་ལྷ་ཚོགས་བཞུགས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ལུས་ངག་ཡིད་གསུམ་སྨིན་གྱུར་ན། །སྐུ་གསུང་ཐུགས་སུ་ལྷུན་གྲུབ་ཤོག །ཨཱོཾ་ཨཱཿཧཱུཾ་སྭཱཧཱ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་སྭཱཧཱ། ཞེས་བརྗོད་པས་གོང་གི་ཡིག་འབྲུ་ལྔ་ལས་རིགས་ལྔའི་ཕྱག་མཚན་ལྔར་བསམ། དེ་ནས་རྒྱལ་ཐེབས་ཀྱིས་བུམ་པ་འཛིན་དུ་བཅུག་ལ་བླ་མས་རིགས་ལྔ་འཁྲིལ་སྦྱོར་ཕྱག་རྒྱ་བཅས་ཏེ་སློབ་བུའི་དཔྲལ་གཙུག་ཏུ་གཏུགས་ལ། ཨཱོཾ་(༣༡བ)


GLG022_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བྷུདྡྷ་མུ་ཏྲ་ཨ་བྷི་ཥིཉྩ་ཨཱོཾ། བཛྲ་མུ་ཏྲ་བ་བྷི་ཥིཉྩ་ཧཱུཾ། རཏྣ་མུ་ཏྲ་ཨ་བྷི་ཥིཉྩ་ཏྲཱཾ། པདྨ་མུ་ཏྲ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་མུ་ཏྲ་ཤ་བྷི་ཥིཉྩཧཱ། ཞེས་སྤྱི་བོར་བླུག་སྟེ། ཧཱུཾ། ཕྱག་རྒྱས་དབང་བསྐུར་བཀའ་འདུལ་བ། །རང་སྣང་དམ་ཚིག་གསུམ་བརྩེགས་པ། །ཉམས་པ་རྡུལ་ཙམ་མེད་དག་པའི། །དབང་མཆོག་དམ་པ་ཐོབ་གྱུར་ཅིག །བྷུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱོཾ། བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ། པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱ། ཧཱུཾ་བུམ་བཅུད་དབང་བསྐུར་བྱང་ཆུབ་སེམས། །བདུད་རྩིས་སྒྲིབ་གཉིས་ཀུན་བྱང་སྟེ། །ཆོས་ཀྱི་བདུད་རྩི་ཆེན་པོ་ལ། །དུས་གསུམ་མངའ་མཉེས་དབང་ཐོབ་ཤོག །ཨཱོཾ་ལཱཾ་ཧཱུཾ་མཱུཾ་སྭཱ་མཱཾ་ཨཱཾ་པྱཱཾ་ཧཱ་ཏཱཾ། བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨ། དེ་ནས་བུམ་པ་རྒྱལ་ཐབས་ཀྱིས་བཟུང་ལ་བུམ་དབང་བྱེ་བྲག་ཡོན་ཏན་ཡོངས་རྫོགས་ཀྱིས་དབང་བསྐུར་ཏེ། ཧཱུཾ། བུམ་པ་དབང་བསྐུར་རྟག་ཏུ་དཔལ་གནས་ཤིང་། །མཛེས་པས་དབང་བྱེད་རྫོགས་པས་ཀ་ལ་ཤ །སྤྱི་བོར་བཞུགས་པས་པདྨ་རཱ་གའི་མདོག །དག་ཅིང་དྲི་མེད་རེས་ཀྱིས་མགུལ་དཀྲིས་ཤིང་། །འབྲས་བུ་རྒྱས་པས་ཤིང་གིས་ཁ་བརྒྱན་ཏེ། །གཟུངས་ཐག་རྣམ་པ་ལྔ་དང་རབ་ལྡན་པ། ཁ་དོག་ཐེགས་བསྒྱུར་མེ་ཏོག་སྣ་ཚོགས་ལྡན། །འབྲུ་ལྔ་སྤོས་ལྔ་རིན་ཆེན་སྙིང་པོ་ལྔ། །སྨན་དར་ལྔ་ལྡན་བུམ་པའི་དབང་བསྐུར་བས། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཨཱོཾ་ཤུ་པ་ཀ་རི་སི་ཏི་ཧཱུཾ། བུམ་པ་ཁ་རྒྱན་མགུལ་ཆིངས་ལ་སོགས་ཏེ་མཛེས་པའི་རྒྱན་གྱིས་བརྒྱན། འབྲུ་ལྔ་སྨན་ལྔ་སྤོས་ལྔ་རཏྣ་ལྔ་དང་ལྔ་ལ་སོགས་ཏེ། ཡིད་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་(༣༢ན)


GLG022_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་བས་དེ་བཞིན་གཤེགས་པའི་རང་བཞིན་ཡོན་ཏན་དབང་ཐོབ་པར་གྱུར་ཅིག །ཧཱུཾ། བཀྲ་ཤིས་རྒྱལ་བྱེད་བུམ་པས་དབང་བསྐུར་བས། །ཡེ་ཤེས་དབང་བཅུ་དག་ལ་དབང་བྱས་ཏེ། །ལོག་འདྲེན་བདུད་བཞི་དགྲ་ལས་རྣམ་རྒྱལ་ནས། །རྣམ་པ་ཀུན་མཁྱེན་གོ་འཕང་ཐོབ་པར་ཤོག །ཨོཾ་ཀ་ལ་ཤ་མཧཱ་མུ་ཏྲ་སརྦ་གྷུ་ན་སི་ཏི་ཧཱུཾ། བུམ་པ་བྷྲཱུཾ་ལས་གཞལ་ཡས་ཁང་དུ་བསྒོམས་པའི་ནང་དུ་ལྷའི་དཀྱིལ་འཁོར་གཞུང་བཞིན་གསལ་བར་བསྒོམས་དེ་ཚུལ་བཞིན་སྤྱན་དྲངས་མཆོད་པ་ཕུལ། བཟླས་བརྗོད་དག་པར་བྱས་ཏེ་དབང་བསྐུར་བས་རིགས་ལྔའི་དབང་ཡོངས་རྫོགས་སུ་ཐོབ་པར་གྱུར་ཅིག །ཧཱུཾ། བདུད་རྩི་ཆུ་རྒྱུན་དག་པས་དབང་བསྐུར་བས། །སྐྱེ་འགྲོ་ཀུན་གསོ་ཉོན་མོངས་སྒྲིབ་འཇོམས་ཤིང་། །རིགས་གསུམ་མགོན་པོའི་ཡོན་ཏན་ཡོངས་རྫོགས་ཏེ། །ལས་དང་ཉོན་མོངས་སྒྲིབ་པ་དག་གྱུར་ཅིག །ཨཱོཾ་མཧཱ་པ་ནི་ཀ་རུ་བྷི་ཤུད་དྷེ་ཧཱུཾ། བུམ་པའི་ནང་གི་ཆུས་དབང་བསྐུར་བས་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་ཆུས་སྤྱི་བོ་དང་ཡན་ལག་ཐམས་ཅད་ཁྱབ་སྟེ། ལུས་སེམས་ལ་ཡོད་པའི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཧཱུཾ། འབྲུ་མཆོག་རྣམ་པ་ལྔ་ཡིས་དབང་བསྐུར་བས། །དགེ་བའི་རྩ་བ་རྒྱུ་ཚོགས་ཆུང་ན་ཡང་། །དགེ་བའི་མཆོག་གིས་སངས་རྒྱས་འབྲས་བུ་སྨིན། །མ་འདྲེས་སངས་རྒྱས་ཆོས་དང་ལྡན་པར་ཤོག །ཨཱོཾ་པཉྩ་སྟཾ་བ་སི་ཏི་ཧཱུཾ། བུམ་པའི་ནང་ན་འབྲུ་རྣམ་པ་ལྔ་གནས་པའི་དབང་བསྐུར་བས་མུ་གེའི་བསྐལ་བ་ལས་ཐར་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་མི་ཟད་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག །ཧཱུཾ། སྨན་མཆོག་རྣམ་པ་ལྔ་ཡིས་དབང་བསྐུར་བས། །འཇིག་རྟེན་ནད་སེལ་སྨན་གྱི་རྒྱལ་པོ་ལྟར། །(༣༢བ)


GLG022_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བརྒྱ་རྩ་བཞིའི་ནད་རྣམས་ཕྱིར་བསལ་ཏེ། །སྟོང་ཕྲག་བཤེགས་ལས་རབ་ཏུ་ཐར་བར་ཤོག །ཨཱོཾ་ཨ་མྲྀ་ཏ་པཉྩ་ད་ར་སྨི་མཧཱ་ཀ་རུ་ཧཱུཾ། བུམ་པའི་ནང་ན་སྨན་ལྔ་གནས་པའི་དབང་བསྐུར་བས། ལུས་ལ་འབུལ་བ་རྣམ་བཞི་ལས་གྱུར་པ་ཕྱི་ནང་གི་ནད་ཐམས་ཅད་བྱང་ཞིང་དག་ནས་འགྲོ་བ་གཞན་གྱི་ནད་སེལ་བའི་ཐབས་སྟོན་པར་གྱུར་ཅིག །ཧཱུཾ། སྤོས་མཆོག་རྣམ་པ་ལྔ་ཡིས་དབང་བསྐུར་བས། །དྲི་ཞིམ་སྤོས་ཀྱིས་ས་དང་གདུང་སེལ་ལྟར། །ཚུལ་ཁྲིམས་ལ་སོགས་ཆེན་པོ་ལྔས། །ཉོན་མོངས་དུག་ལྔའི་གདུང་སེལ་ཤོག །ཨཱོཾ་དུ་པ་པཉྩ་ཨ་པ་ཏ་ཤེ་མཧཱ་པ་ཏ་ཤེ་མཧཱ་པ་ཏི་སདྡྷི་ཏེ་ཧཱུཾ། བུམ་པའི་ནང་ན་སྤོས་རྣམ་པ་ལྔ་གནས་པས་དབང་བསྐུར་བས་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དང་བྲལ་ནས། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་སེལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཧཱུཾ། རིན་ཆེན་རྣམ་པ་ལྔ་ཡིས་དབང་བསྐུར་ནས། །ཡིད་བཞིན་ནོར་བུས་རེ་བ་ཀུན་སྐོངས་ལྟར། །འགྲོ་དོན་བསམ་པ་ཡིད་བཞིན་འགྲུབ་པ་དང་། །འདོད་ཡོན་རྣམ་པ་ལྔ་ལ་ལོངས་སྤྱོད་ཤོག །ཨཱོཾ་པཉྩ་རཏྣ་སི་ཏི་ས་ར་ཧཱུཾ། བུམ་པའི་ནང་རཏྣ་རྣམ་པ་ལྔ་གནས་པའི་དབང་བསྐུར་བས། ཡོན་ཏན་ཡིད་བཞིན་མཆོག་དང་ལྡན་ནས་མཚོན་གྱི་བསྐལ་པ་ཞི་བ་དང་། མི་འཇིགས་པའི་དབང་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་རེ་བ་སྐོང་བར་གྱུར་ཅིག །ཧཱུཾ། སྙིང་པོ་རྣམ་པ་ལྔ་ཡིས་དབང་བསྐུར་བས། །ལྷ་ཡི་རྒྱལ་པོས་བདེ་བ་མཆོག་གྲུབ་ལྟར། །དངོས་གྲུབ་སྙིང་པོ་མྱུར་དུ་འབྱུང་བ་དང་། །སྐུ་ལྔ་ལྷུན་གྱིས་གྲུབ་པའི་དབང་ཐོབ་ཤོག །ཨཱོཾ་པཉྩ་ཙིཏྟ་ཨུ་པ་ཏ་སི་ཏི་ཧཱུཾ། བུམ་པའི་ནང་ན་སྙིང་པོ་རྣམ་ལྔ་གནས་པའི་དབང་བསྐུར་བས། །མཆོག་ཐུན་མོང་གི་བཅུད་རྒྱུད་ལ་རྒྱས་པ་དང་(༣༣ན)


GLG022_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལྔ་ལྷུན་གྱིས་གྲུབ་ནས་འགྲོ་བ་ཐམས་ཅད་འདུལ་བའི་སྟོན་པར་གྱུར་ཅིག །ཧཱུཾ། དར་སྣ་རྣམ་པ་ལྔ་ཡིས་དབང་བསྐུར་བས། །བར་སྣང་འཇའ་མོས་འགྲོ་བའི་ཡིད་འདྲེན་ལྟར། །ཡེ་ཤེས་ལྔ་པོ་མ་འགགས་རབ་གསལ་ཏེ། །སྤྲུལ་པ་མང་པོས་སེམས་ཅན་དོན་བྱེད་ཤོག །ཨཱོཾ་སུ་ད་ར་ཙ་ན་ཏ་སི་ཏི་ཧཱུཾ། བུམ་པའི་ནང་ན་དར་སྣ་རྣམ་པ་ལྔ་གནས་པའི་དབང་བསྐུར་བས་ཕུང་པོ་ལྔ་ཡེ་ཤེས་སུ་གསལ་ཏེ་འགྲོ་བའི་མ་རིག་མུན་པ་སེལ་བའི་སྒྲོན་མེར་གྱུར་ཅིག །ཧཱུཾ། ཁ་རྒྱན་ཤིང་ཏོག་རྩ་འབྲས་དབང་བསྐུར་བས། །དཔག་བསམ་ཤིང་ཆེན་རེ་བ་ཀུན་སྐོང་ལྟར། །དྲན་པ་ཉེར་གཞག་རྣམས་ཀྱི་བྱང་ཆུབ་ཕྱོགས། །སུམ་ཅུ་རྩ་བདུན་ཆོས་ཀྱི་དབང་ཐོབ་ཤོག །ཨཱོཾ་ཀ་ལ་བྲྀཀྵ་སུ་མེ་ས་ཏ་གྷུ་ན་ཧཱུཾ། བུམ་པའི་ཁ་རྒྱན་གྱི་དབང་བསྐུར་བས། །རྟེན་འབྲེལ་བཅུ་གཉིས་དང་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་ཀྱི་དོན་རྟོགས་ནས། སྐུ་མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲུ་ཆགས་པར་གྱུར་ཅིག །ཧཱུཾ། མགུལ་ཆིངས་ཅོད་པན་སྲོག་ལྔའི་དབང་བསྐུར་བས། །རྒྱལ་ཐེབས་གཙོ་བོ་ལྟ་བུར་དབང་སྒྱུར་ཏེ། །ཡེ་ཤེས་རྣམ་པ་ལྔ་པོ་རྫོགས་གྱུར་ནས། །བདེ་གཤེགས་རིགས་ལྔ་ཡོངས་ཀྱི་དབང་ཐོབ་ཤོག །ཨཱོཾ་ད་ན་རྨེ་ཏེ་བ་ཀ་ཤི་ཀ་སི་ཏི་ཧཱུཾ། མགུལ་ཆིངས་ཀྱི་དབང་བསྐུར་བས། སློབ་བུ་ཁྱེད་ལྷའི་ན་བཟའ་པཉྩ་ལི་ཀ་ལ་ལོངས་སྤྱོད་ཅིང་ཐུགས་རྗེ་གདུགས་དང་འདྲ་བར་སེམས་ཅན་གྱི་དུཿཁ་ཚད་པ་དང་འདྲ་བ་ལས་སྐྱོབ་ཅིང་བླ་ན་མེད་པའི་བྱང་ཆུབ་ཀྱི་ཚོགས་རྫོགས་པར་གྱུར་ཅིག །ཧཱུཾ། གཟུངས་ཐག་རྣམ་པ་ལྔ་ཡིས་དབང་བསྐུར་བས། །དོན་གཟུངས་ཚིག་གི་གཟུངས་ལ་སོགས། །བདེ་གཤེགས་སྐུ་ལྔ་ཡེ་ཤེས་(༣༣བ)


GLG022_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། །མངོན་དུ་མི་ལྡན་གཟུངས་ལྡན་ཤོག །ཨཱོཾ་ཨུ་པ་ཡ་བ་རི་སུ་ར་ག་པ་ཤ་མི་ཏ་ཀུ་རུ་ཧཱུཾ། བུམ་པའི་གཟུངས་ཐག་གིས་དབང་བསྐུར་བས། དེང་འདིར་སློབ་བུ་རྣམས་གཟུངས་དང་ཏིང་ངེ་འཛིན་སྐུ་དང་ཡེ་ཤེས་དངོས་སུ་མི་གཏོང་ཞིང་ཡོངས་སུ་འབྲེལ་བར་གྱུར་ཅིག་དེ་ནས་ཨ་རུ་ར་ཟུར་བརྒྱད་པ་ཕྱུང་ལ་དགུའི་རྩ་སྔགས་ལ་ཛྙཱ་ན་པཉྩ་མཧཱ་སི་ཏི་ཧཱུཾ་ཧཱུཾ་ཞེས་བརྗོད་དེ་རྡོ་རྗེ་སློབ་དཔོན་གྱིས་གསོལ་བས་དབང་ཉམས་གསོ་ཞིང་སྟོབས་བསྐྱེད་པའོ། །དེ་ནས་རྣམ་རྒྱལ་བུམ་པ་མ་གཏོགས་བུམ་པ་བརྒྱད་གྲལ་གཡས་གཡོན་དུ་བསྣོལ་ཏེ་བསྐོར་ཞིང་སྨོན་ལམ་གདབ་སྟེ། ན་མོ་བུམ་པའི་སྨོན་ལམ་དུ་གསོལ་བ་ནི། ཧོ་བུམ་པ་ཟླུམ་པོར་འདུག་པ་ནི་ཆོས་ཀྱི་སྐུ་སྤྲོས་པ་དང་མཚན་མ་དང་བྲལ་བའི་རང་བཞིན་ནོ། །རྡོ་རྗེ་རྒྱལ་ཐེབས་ལས་ཀྱི་སློབ་དཔོན་བརྒྱད་ལ་མངོན་དུ་དབང་བསྐུར་ཏེ་ཧེ་རུ་ཀ་བརྒྱད་དུ་གསལ་བས་སོ་སོའི་རང་སྔགས་ཤམ་བུར་ཨ་བྷི་ཥིཉྩ་ཨ་ཞེས་གྲལ་ལ་བསྣོལ་ལ་བསྐོར་ཅིང་བསྐུར་རོ། ཁ་ཁྱེར་ཉིས་བརྩེགས་སུ་བྱུང་བ་ནི། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ། །ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྲུལ་པའི་སྐུ་བྱུང་སྟེ། སྐུ་གསུམ་དང་ལྡན་པའི་བུམ་པ་འདི། དེང་གི་སློབ་མ་འཁོར་དང་བཅས་པ་ལ་དབང་བསྐུར་ཞིང་ཁྲུས་ཆབ་གསོལ་བས་སྐུ་གསུམ་གྱི་དོན་རྟོགས་ཤིང་ཐོས་པའི་དབང་དང་ལྡན་པར་གྱུར་ཅིག །བུམ་པའི་ནང་ན་ཆུ་གནས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་ལ་སོགས་པས་དེང་ཡོན་བདག་གི་སྨོན་ལམ་ཅི་བཏབ་པ་རྣམས་ཆུ་བོའི་རྒྱུན་དང་འདྲ་བར་ཚེ་དང་དབང་ཐང་རྒྱུན་མི་ཆད་པར་གྱུར་ཅིག །བུམ་པའི་ནང་ན་རིན་པོ་ཆེ་གནས་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་འགྲོ་བ་མཐའ་དག་གི་འདོད་པ་ཐམས་ཅད་ཡིད་(༣༤ན)


GLG022_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འགྲུབ་པ་དང་འདྲ་བར་དེང་གི་ཡོན་བདག་གི་རེ་བ་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །བུམ་པའི་ནང་ན་འབྲུ་རྣམ་པ་ལྔ་གནས་པ་ནི། བཅོམ་ལྡན་འདས་ཀྱིས་འགྲོ་བ་སེམས་ཅན་ཐམས་ཅད་ཟས་ཀྱིས་འཕོངས་ཤིང་ཉམ་ཐག་པ་རྣམས་ཟས་དང་འབྲུའི་བཅུད་ཀྱིས་འཕོངས་པ་བོར་ཏེ་ནོར་གྱི་མཛོད་མི་ཟད་པའི་གཏེར་དུ་གྱུར་ཅིག །བུམ་པའི་ནང་ན་སྙིང་པོ་ལྔ་གནས་པ་ནི་དོན་དང་ནོར་གྱི་སྙིང་པོ་ལ་སོགས་པ་ནི་གསེར་ལ་སོགས་པ་ཡིན་པས་ཟས་ནོར་ཐམས་ཅད་ཀྱི་མཆོག་ཆེ་བའི་ཡོན་ཏན་འདུས་ནས། དེང་གི་ཡོན་བདག་ལ་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་དེང་མཉམ་པར་གྱུར་ཅིག །བུམ་པའི་ནང་ན་སྨན་རྣམ་པ་ལྔ་གནས་པ་ནི་སྨན་གྱི་རྒྱལ་པོ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོ་ལྟ་བུའི་དབང་ཐོབ་པར་གྱུར་ཏེ། དེང་གི་སློབ་མ་ནད་བཞི་བརྒྱ་རྩ་བཞི་དང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་བྱིན་གྱིས་བརླབས་པས། ཉོན་མོངས་པའི་ནད་རྣམས་དང་རྟོག་པའི་བགེགས་ཐམས་ཅད་ལས་ཐར་བར་གྱུར་ཅིག །བུམ་པའི་ནང་ན་དར་སྣ་ལྔ་གནས་པ་དང་། བུམ་པའི་ན་བཟའ་མགུལ་རྒྱན་ནི། སློབ་མའི་ལུས་ལ་རེག་པ་ཙམ་གྱིས་ངོ་ཚ་ཁྲེལ་འཛེམ་དང་ཆོག་ཤེས་པའི་གོས་དང་ལྡན་པར་གྱུར་ཅིག །གཟུངས་ཐག་ནི་ཐུགས་རྗེའི་གཟུངས་ཐག་ལ་སོགས་པས། དེང་གི་སློབ་མ་དང་འགྲོ་བ་མཐའ་དག་འཁོར་བའི་རྒྱ་མཚོ་དང་ཁམས་གསུམ་གྱི་བཙོན་དོང་ནས་བཏོན་ཏེ་ཐུགས་རྗེའི་གཟུངས་ཀྱིས་ཟིན་པར་གྱུར་ཅིག །བུམ་པའི་ཁ་རྒྱན་ནི་དཔག་བསམ་གྱི་ཤིང་ལྟ་བུར་བྱིན་གྱིས་བརླབས་ཏེ་སུམ་ཅུ་རྩ་གསུམ་གྱི་ལོངས་སྤྱོད་ཀྱི་རྒྱན་འབྲས་བུ་ཡིད་བཞིན་གྱི་ཟས་ནང་བླངས་ན་ནང་སྐྱེ་ནུབ་བླངས་ན་ནུབ་སྐྱེ་བ་དང་འདྲ་བར་སློབ་མ་དང་དེང་ཡོན་བདག་(༣༤བ)


GLG022_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་ཚེ་དང་དབང་ཐང་དང་དཔལ་དང་གཟི་བརྗིད་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་འདེབས་ཤིང་བུམ་སྐོར་བྱས་པས་བུམ་བདུད་མཆེད་གང་གི་སྤྱི་བོར་འཛོམ་པ་དེ་ལ་བཀྲ་ཤིས་དངོས་གྲུབ་འབྱུང་བར་ངེས་སོ། །དེ་ལྟར་བུམ་པའི་དབང་ཡོངས་རྫོགས་ཐོབ་ཕན་ཆད་སྔགས་ཕྱི་པའི་དབང་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་ངེས་ཤེས་བསྐྱེད་པར་བྱའོ། །དེ་ནས་དབུ་རྒྱན་གྱི་དབང་བསྐུར་ཏེ་དབུ་རྒྱན་གང་ཞེ་ན། རིན་པོ་ཆེའི་ཟུར་ཕུད་གྱེན་དུ་གཟིངས་པ་ལྔའི་དབུས་ན་ཕྱི་རིགས་ལྔའི་ཕྱག་མཚན་སྙིང་པོར་བཅས་པ་པྲོག་ཞུའི་ཚུལ་གཅིག་སློབ་བུའི་མགོ་ལ་བཀོན་ཏེ། ཀྱེ་ཧོ་རྡོ་རྗེ་སློབ་དཔོན་དགོངས། །བདག་ཅག་ལས་དང་སྐལ་པར་ལྡན། །ཆེ་གེའི་དབང་མཆོག་བསྐུར་དུ་གསོལ། །ཞེས་དབང་ཕྲན་ཀུན་ལ་ཡང་སྦྱར་རོ་གསུང་། མེ་ཏོག་གཏོར་ཁྲུས་ནས་དབྱུང་། གུ་གུལ་བདུག །ཧཱུཾ། སངས་རྒྱས་བཞུགས་གནས་རིན་ཆེན་འོད། །རྡོ་རྗེ་འཁོར་ལོ་རིན་ཆེན་མཛེས། །པདྨ་རྒྱ་གྲམ་དམ་ཚིག་གནས། །དབུ་རྒྱན་ཟེ་པྲོག་དབང་བསྐུར་རོ། །ཨཱོཾ་བཛྲ་བུདྡྷ་རཏྣ་པདྨ་ཀརྨ་མ་གུ་ཏ་ཏྲཱཾ་ཨ་བྷི་ཥིཉྩ་ཨ། དབུ་རྒྱན་གྱིས་དབང་བསྐུར་བས་སྣོད་ཀྱི་འཇིག་རྟེན་ཕྱོགས་བཞི་དབུས་དང་ལྔ་གནས་གྱུར་ཏེ། རྡོ་རྗེ་ལ་སོགས་པའི་ཁང་བུ་ལྔར་གྱུར་ནས་རིགས་ལྔ་ཡེ་ཤེས་ལྔའི་བཞུགས་གནས་བྱིན་རླབས་ཀུན་འབྱུང་ཞིང་བྱ་བ་ཐམས་ཅད་ལ་མ་རྨོངས་པར་དབང་སྒྱུར་བ་ཡེ་ཤེས་ཀྱི་སྐུ་དང་ལྡན་པར་གྱུར་ཅིག །དེ་ནས་ཞི་བའི་ཆས་དབང་བཅུ་ལས། དབུ་རྒྱན་གོང་དུ་བསྟན་ནས་ཆས་བརྒྱད་ནི། འཕྲེང་བ་སྙན་ཆ་མགུར་ཆུ་དང་། དོ་ཤལ་དཔུང་རྒྱན་སེ་མོ་དོ། སྟོད་གཡོགས་སྨད་དཀྲིས་གདུ་བུ་རྣམས། །གསེར་དང་དངུལ་ལ་བཟོ་བྱས་རབ། །ཚོན་ཁ་བསྒྱུར་འབྲིང་། ཐ་མ་བྲིས་ཚོན་ལ་བརྟེན་ནས། ཧཱུཾ། (༣༥ན)


GLG022_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མི་བརྗེད་གཟུང་འཛིན་རིན་ཆེན་འཕྲེང་། །སྐུ་གསུང་ཐུགས་རྟེན་འཕྲེང་དབང་བསྐུར་ཐོབ་ཤོག །ཧཱུཾ། བདུད་དཔུང་ཟིལ་གནོན་གསུང་རབ་ཆོས་ཀུན་དཔའ། །མི་སྙན་སྐྱོན་སྤངས་སྙན་ཆའི་དབང་བསྐུར་རོ། །ཧཱུཾ། ཡེ་ཤེས་རབ་མཛེས་རྣམ་དག་དབྱིངས་སུ་འཁོར། །རཏྣ་གསེར་གྱི་མགུར་ཆུས་དབང་བསྐུར་རོ། །ཧཱུཾ། དབྱིངས་རིག་ཡོངས་འབྲེལ་སྤྲུལ་སྐུ་སྣ་ཚོགས་སྟོན། །དོ་ཤལ་ཨུཏྤལ་བསྒྲིགས་པའི་དབང་བསྐུར་རོ། །ཧཱུཾ། ཐབས་ཤེས་དཔུང་ལྡན་ཉོན་མོངས་ཟིལ་གནོན་དཔལ། །རིན་ཆེན་དཔུང་རྒྱན་འབར་བས་དབང་བསྐུར་རོ། །ཧཱུཾ། གསང་སྔགས་རྨད་བྱུང་ཡེ་ནས་ཐུགས་གསལ་བ། །རེ་སྐོང་ཟེ་ཁབ་སེ་མོ་དོས་དབང་བསྐུར། །ཧཱུཾ། ལྟ་སྤྱོད་རྣམ་དག་སྤྱི་དང་བྱེ་བྲག་ཁྱབ། །ན་བཟའ་སྟོད་གཡོགས་སྨད་དཀྲིས་དབང་བསྐུར་རོ། །ཧཱུཾ། རྟག་ཏུ་སྙིང་པོ་དོན་གྱི་ཆོས་འཁོར་བསྐོར། །ཕྱག་ཞབས་གདུ་བུ་རྣམ་བཞིས་དབང་བསྐུར་རོ། །སརྦ་རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སློབ་བུའི་གནས་སུ་རྒྱན་དགོད་པར་བྱའོ། །དེས་ནི་དཔེར་ན་བློན་པོར་དབང་བསྐུར་ཚེ་བསམ་རྒྱུད་མདུན་གྲོས་ལ་གཏོང་བ་ཇི་བཞིན་དུ། ཞི་བའི་ཆས་དབང་བསྐུར་ཚེ་ཞི་བའི་སྐུ་གསུང་ཐུགས་དང་མི་འབྲལ་བར་མཛད་འགྲོ་བ་འདུལ་བའི་གོ་ཆ་བགོ་བར་བྱའོ། །དེ་ནས་དཔལ་གྱི་ཆས་བཅུའི་དབང་བསྐུར་ཏེ། ཆོས་བཅུ་གང་ཞེ་ན། རྒྱན་དགོད་སྐབས་སུ་སྨོས་པ་ལྟར་རབ་དངོས་འབྲིང་བཅོས་པ་ཐ་མ་ཤོག་བུ་ལ་བྲིས་ཏེ་ཚོན་བསྒྱུར་རྒྱབ་ཡིག་ཅན་དུ་བྱས་པ་ཐོགས་ལ། ཧཱུཾ། ང་རྒྱལ་མ་སྤངས་རང་གྲོལ་སྐུ་ལྔ་འགྲོ་དོན་མཛད། །ཡེ་ཤེས་ལྔ་ལྡན་ཐོད་འཕྲེང་དབང་བསྐུར་རོ། །ཧཱུཾ། གཏི་མུག་མ་སྤངས་རང་གྲོལ་ཤེས་རབ་འགྲོ་དོན་མཛད། །(༣༥བ)


GLG022_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བྲལ་གླང་ཆེན་ཀོ་རློན་དབང་བསྐུར་རོ། །ཧཱུཾ། ཞེ་སྡང་མ་སྤངས་རང་གྲོལ་ཐབས་ཀྱི་འགྲོ་དོན་མཛད། །ཀུན་གྲོལ་སྦྲུལ་གྱི་ཆུན་པོས་དབང་བསྐུར་རོ། །ཧཱུཾ། ཕྲག་དོག་མ་སྤངས་ཚད་མེད་འགྲོ་དོན་མཛད། །འཕྲིན་ལས་བཞི་ལྡན་ཞིང་གོས་དབང་བསྐུར་རོ། །ཧཱུཾ། འདོད་ཆགས་མ་སྤངས་དཔའ་བས་འགྲོ་དོན་མཛད། ཁམས་གསུམ་སྒྲོལ་མཛད་སྟག་ཤམ་དབང་བསྐུར་རོ། །ཧཱུཾ། མཁའ་དབྱིངས་རྣམ་དག་རཀྟས་གདུག་པ་སྒྲོལ། ཁམས་གསུམ་དབང་སྡུད་ཁྲག་ཆེན་དབང་བསྐུར་རོ། །ཧཱུཾ། བསོད་ནམས་ཚོགས་ཆེན་རྒྱུད་དྲུག་འཁོར་བའི་བཅུད། །བྱང་ཆུབ་ཞག་གི་ཟོ་རིས་དབང་བསྐུར་རོ། །ཧཱུཾ། སྐྱེ་ཤི་རྩད་གཅོད་འཁོར་བ་ཐམས་ཅད་སྒྲོལ་མཛད་པ། །གདུག་པ་ཀུན་འདུལ་ཐལ་ཆེན་དབང་བསྐུར་རོ། །ཧཱུཾ། མི་འགྱུར་མི་བཤིགས་སྲིད་གསུམ་འཇོམས་མཛད་པ། །ཅིས་ཀྱང་མི་ཚུགས་གོ་ཁྲབ་དབང་བསྐུར་རོ། །ཧཱུཾ། ཡེ་ཤེས་མེ་འབར་འཁོར་བའི་རྒྱ་མཚོ་སྐེམས། །མ་རིག་མུན་སེལ་མེ་དཔུང་དབང་བསྐུར་རོ། །ཧཱུཾ། ཕར་ཕྱིན་དྲུག་ལྡན་ཤེས་རབ་ཡུམ་དགུའི་རྒྱན། །རུས་པའི་རྒྱན་དྲུག་གཟིག་ཤམ་དབང་བསྐུར་རོ། །ཨཱོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱཧཱ། དྷརྨ་དྷ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ། ཞེས་ཆས་བཅུ་སློབ་བུའི་གནས་སུ་རིམ་པར་དགོད་དོ། །དེས་ནི་དཔེར་ན་ཁྲབ་སོགས་གོ་ཆ་གྱོན་ཚེ་བསམ་སྦྱོར་འཁྲུག་པ་འཐབ་པ་ལ་བྱེད་པ་ལྟར་དུ་དཔལ་གྱི་སྐུ་གསུང་ཐུགས་ཆས་སུ་བཞུགས་ཏེ་འགྲོ་བ་རྣམས་སྒྲོལ་བའི་གོ་ཆ་བགོ་བར་བྱའོ། །དེ་ནས་དམ་རྫས་ཀྱི་དབང་བསྐུར་ཏེ། དམ་རྫས་གང་ཞེ་ན། དཔལ་གྱི་སྒྲུབ་གཏོར་དང་ཨ་མྲྀ་ཏ་དང་རཀྟ་རྔ་བོ་ཆེས་དབང་བསྐུར་ཏེ། ཧཱུཾ། སྨན་རག་གཏོར་ཆེན་སྒྲུབ་རྫས་ལྔ། །མཆོད་རྫས་དམ་པའི་དབང་བསྐུར་(༣༦ན)


GLG022_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ལྷ་དང་དམ་ཅན་རྟེན་མཆོད་ཅིང་། །གསང་སྔགས་སྤྱོད་པའི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་དྷ་མ་ཏུ་སརྦ་པུ་ཙ་ས་མ་ཡ་ཨ་བྷི་ཥིཉྩ་སི་ཏི་ཨ་བེ་ཤ་ཡ་ཨ་ཨཿ ཞེས་རིམ་པར་སྤྱི་བོར་དབང་བསྐུར་རོ། །དེ་ནི་ཡོ་བྱད་ཕུན་སུམ་ཚོགས་ལ་བྱིན་གཏེར་གཏད་པ་ལྟ་བུས་ཏེ་མཆོད་པ་ལ་བརྩོན་པར་བྱའོ། །དེ་ནས་ཞི་བའི་ཕྱག་མཚན་གྱིས་དབང་བསྐུར་ཏེ། ཕྱག་མཚན་གང་ཞེ་ན་ཞི་བ་རིགས་ལྔ་སྟེ། རྡོ་རྗེ་འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ། ཕྱག་མཚན་ལྔ་པོ་རབ་དངོས། འབྲིང་བཅོས། ཐ་མ་བྲིས་པ་རྣམས་རིམ་པར་གཏད་དེ། ཧཱུཾ། རྡོ་རྗེ་རྩེ་ལྔས་བདུད་དཔུང་འཛོམས། །རྡོ་རྗེ་སེམས་དཔའི་རྟེན་དབང་བསྐུར། །ཧཱུཾ། འཁོར་ལོ་རྩིབས་བརྒྱད་རྣམ་རྟོག་གཅོད། །རྣམ་པར་སྣང་མཛད་རྟེན་དབང་བསྐུར། །ཧཱུཾ། རིན་ཆེན་འབར་བས་རེ་བ་བསྐོངས། །རིན་ཆེན་འབྱུང་ལྡན་རྟེན་དབང་བསྐུར། །ཧཱུཾ། པདྨ་རབ་མཛེས་སྐྱོན་དང་བྲལ། །སྣང་བ་མཐའ་ཡས་རྟེན་དབང་བསྐུར། །ཧཱུཾ། རྡོ་རྗེ་རྒྱ་གྲམ་འཕྲིན་ལས་སྒྲུབ། །དོན་ཡོད་གྲུབ་པའི་རྟེན་དབང་སྐུར། །ཧཱུཾ། ཤེས་རབ་དྲིལ་བུ་ཆོས་སྒྲ་སྒྲོག །རིགས་ཀྱི་ཡུམ་ལྔའི་རྟེན་དབང་བསྐུར། །ཨཱོཾ་མཧཱ་ཛྙཱ་ན་པཉྩ་ཤཔྟ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་དབང་བསྐུར་རོ། །དེས་ནི་བཟོ་མཁན་ལ་ཕྱག་ཆའི་སྒྲོམ་བུ་གཏད་པ་ལྟར་གང་ལ་དཔའ་བ་རྣམས་སྤྱོད་པའི་དབང་ཐོབ་པར་ངེས་ཤེས་བསྐྱེད་དོ། །དེ་ནས་ཁྲོ་བོའི་ཕྱག་མཚན་དབང་བསྐུར་ཏེ། གང་ཞེ་ན། རྡོ་རྗེ་རྩེ་དགུ །ཐོད་ཁྲག །རྡོ་རྗེ་དྲིལ་བུ། འཁོར་ལོ་རྩིབས་བརྒྱད། སྡིགས་མཛུབ། རྡོ་རྗེ་རྩེ་ལྔ་དྲིལ་བུ། རྡོ་རྗེ་རྩེ་དགུ་མེ་དཔུང་། རྡོ་རྗེ་རྩེ་ལྔ་བ་དན། རྡོ་རྗེ་རྩེ་ལྔ་དྲིལ་བུ། (༣༦བ)


GLG022_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དུང་ཁྲག་ཡུམ་ཐམས་ཅད་ཁ་ཊྭཱཾ་བན་དམར། རབ་དངོས་འབྲིང་བཅོས་ཐ་མ་བྲིས་པ་བྱས་ཏེ། ཧཱུཾ། ཐེག་པ་དགུ་རྫོགས་འཁོར་མཚོ་སྐེམས། །རྡོ་རྗེ་ཐོད་ཁྲག་དབང་བསྐུར་རོ། །ཧཱུཾ། ས་དགུ་འཇོམས་མཛད་ཡང་དག་གསུང་། །རྡོ་རྗེ་དྲིལ་བུ་དབང་བསྐུར་རོ། །ཧཱུཾ། ལས་ཀུན་རྒྱུན་གཅོད་བདུད་བཞི་གཟིར། །འཁོར་ལོ་སྡིགས་མཛུབ་དབང་བསྐུར་རོ། །ཧཱུཾ། ཡེ་ཤེས་སྔགས་བདག་ཆགས་བྲལ་གསུང་། །རྡོ་རྗེ་དྲིལ་བུས་དབང་བསྐུར་རོ། །ཧཱུཾ། ཐེག་མཆོག་དོན་ལྡན་ཁམས་གསུམ་བསྲེག །རྡོ་རྗེ་མེ་དཔུང་དབང་བསྐུར་རོ། །ཧཱུཾ། སྐྱེ་མཆེད་དོན་སྟོན་འདོད་ཆགས་འཇོམས། །རྡོ་རྗེ་དུང་དམར་དབང་བསྐུར་རོ། །ཧཱུཾ། སྐུ་ལྔ་རིགས་འཛིན་ཤེས་རབ་ལྡན། །རྡོ་རྗེ་དྲིལ་བུའི་དབང་བསྐུར་རོ། །ཧཱུཾ། དྲེགས་པ་ཀུན་འདུལ་སྙིང་ཁྲག་རོལ། །རྡོ་རྗེ་བན་དམར་དབང་བསྐུར་རོ། །ཧཱུཾ། སྟོབས་ཆེན་ཀུན་སྒྲོལ་དུག་གསུམ་འཇོམས། །རྡོ་རྗེ་ཐོད་ཁྲག་དབང་བསྐུར་རོ། །ཧཱུཾ། སྐུ་གསུང་ཐུགས་སྦྱོར་ཉོན་མོངས་སྐེམས། ཁ་ཊྭཱཾ་བན་དམར་དབང་བསྐུར་རོ། །ཨཱོཾ་མཧཱ་མུ་ཏྲ་སརྦ་ཨ་བེ་ཤ་ཥིཉྩ་ཧཱུཾ། ཞེས་རིམ་པར་བསྐུར་རོ། །དེ་ནི་སྐྱེས་བུ་གོ་གྱོན་ལ་མཚོན་གཏད་པས་དགྲ་ལ་འབེབས་ཤིང་སྒྲོལ་བ་ལྟར་དགྲ་བགེགས་ཉོན་མོངས་བདུད་དཔུང་ཚར་གཅོད་གནས་སུ་སྟོབ་པའི་དབང་ཐོབ་པའི་ངེས་ཤེས་བསྐྱེད་དོ། །དེ་ཡན་ཆད་ཀྱིས་ཕྱིའི་དབང་རིམ་བརྒྱད་བྱེ་བྲག་ཕྲ་མོ་དྲུག་ཅུ་ཐམ་པས་བསྟེན་ནོ། །རབ་གནས་ཚོགས་འཁོར་བྱའོ། །དེ་ནས་ལྷ་དབང་ཡོངས་རྫོགས་ཀྱི་དབང་རིམ་དགུ་ལས། དང་པོ་ཞི་བའི་ལྷ་ཐམས་ཅད་རིགས་ལྔར་ཡོངས་སུ་རྫོགས་པའི་དབང་བསྐུར་ཏེ། དབང་རྟེན་པྲོག་ཞུ་མགོ་ལིང་ལྔ་པ་གཅིག་ལ། ཕྱིར་ཞི་བ་རིགས་ལྔ་ལེགས་པར་བྲིས་(༣༧ན)


GLG022_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ཁྲག་འཐུང་རིགས་ལྔ་ལེགས་པར་བྲིས་པ་གཅིག་ལ་དམིགས་རྟེན་བྱས་ནས། རེ་རེ་འདོད་འཇུག་བཏུབ་པ་བྱས་ལ། དོན་ཏིང་ངེ་འཛིན་གྱིས་ལྷ་སོ་སོར་སློབ་བུ་ལ་བསྟིམ་པ་ཡིན་ནོ། །ཧཱུཾ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །རྡོ་རྗེ་དབྱིངས་ཕྱུག་ཡུམ་དང་སྦྱོར། །ལྷ་དབང་ཐམས་ཅད་ཀྱི་སྔོན་དུ་ལས་བྱང་ལྟར་བྱིན་དབབ་རང་བཞིན་དགུག་གོ །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །རྡོ་རྗེ་ཐུགས་ཀྱི་དབང་ཡང་སྦྱིན། །བཛྲ་སཏྭ་ཨ་བྷི་ཥིཉྩ་ཨ། ཧོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་དབང་བསྐུར་བ། ཀུན་ལ་འགྲེའོ། །རིགས་ཀྱི་བུ་ཁྱོད་ཞེ་སྡང་གནས་སུ་དག་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ལྷུན་གྱིས་གྲུབ་ཅིང་། མཐར་ཕྱིན་ནས་ཐུགས་ཡང་དག་པའི་དངོས་གྲུབ་ཐོབ་སྟེ། དཔལ་རྡོ་རྗེ་སེམས་དཔའ་དང་ཡུམ་རྡོ་རྗེ་དབྱིངས་ཕྱུག་མའི་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་གྱུར་ཅིག །རྣམ་པར་སྣང་མཛད་དེ་བཞིན་གཤེགས། །སངས་རྒྱས་དབྱིངས་མ་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །རྡོ་རྗེ་སྐུའི་དབང་ཡང་སྦྱིན། །བུདྡྷ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ། རྣམ་པར་སྣང་མཛད་ཡབ་ཡུམ་གྱིས་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་གནས་སུ་དག་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཐར་ཕྱིན་ཅིང་ལྷུན་གྱིས་གྲུབ་སྟེ་སྐུ་མི་ཟད་པ་རྒྱན་གྱི་དངོས་གྲུབ་ཐོབ་ནས། དཔལ་རྣམ་པར་སྣང་མཛད་དང་ཡུམ་སངས་རྒྱས་དབྱིངས་ཕྱུག་མའི་དབང་དམ་པ་ཐོབ་པར་གྱུར་ཅིག །རིན་ཆེན་འབྱུང་ལྡན་དེ་བཞིན་གཤེགས། །རིན་ཆེན་དབྱིངས་ཕྱུག་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ལས། །ཡོན་ཏན་རྒྱ་མཚོའི་དབང་ཡང་སྦྱིན། །རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ། རིན་ཆེན་འབྱུང་(༣༧བ)


GLG022_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཡབ་ཡུམ་གྱི་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་གནས་སུ་དག་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་མཐར་ཕྱིན་ཅིང་ལྷུན་གྱིས་གྲུབ་སྟེ་ཡོན་ཏན་རིན་པོ་ཆེའི་དངོས་གྲུབ་ཐོབ་ནས། དཔལ་རིན་ཆེན་འབྱུང་ལྡན་དང་། རིན་ཆེན་དབྱིངས་ཕྱུག་མའི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། སྣང་བ་མཐའ་ཡས་དེ་བཞིན་གཤེགས། །པདྨ་དབྱིངས་ཕྱུག་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །གསུང་རབ་རྒྱ་མཚོའི་དབང་ཡང་སྦྱིན། །པདྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ། སྣང་བ་མཐའ་ཡས་ཡབ་ཡུམ་གྱིས་དབང་བསྐུར་བས་ཉོན་མོངས་པའི་འདོད་ཆགས་གནས་སུ་དག་ནས་སོ་སོར་རྟོག་པའི་ཡེ་ཤེས་མཐར་ཕྱིན་ཅིང་ལྷུན་གྱིས་གྲུབ་ནས་གསུང་དབྱངས་མི་ཟད་སྒྲོག་པའི་དབང་ཐོབ་ནས། དཔལ་སྣང་བ་མཐའ་ཡས་དང་། པདྨ་དབྱིངས་ཕྱུག་མའི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། དོན་ཡོད་གྲུབ་པ་དེ་བཞིན་གཤེགས། །ལས་ཀྱི་དབྱིངས་ཕྱུག་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །འཕྲིན་ལས་རྒྱ་མཚོའི་དབང་ཡང་སྦྱིན། །ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ། དོན་ཡོད་གྲུབ་པ་ཡབ་ཡུམ་གྱིས་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་གནས་སུ་དག་ནས་བྱ་བ་ནན་ཏན་གྱི་ཡེ་ཤེས་ལྷུན་གྱིས་གྲུབ་ཅིང་མཐར་ཕྱིན་ཏེ། དཔལ་དོན་ཡོད་གྲུབ་པ་དང་ལས་ཀྱི་དབྱིངས་ཕྱུག་མའི་དབང་ཐོབ་པར་གྱུར་ཅིག །ཅེས་སློབ་བུའི་སྤྱི་གཙུག་དཔྲལ་བ་སྙན་གོང་གཡས་ལྟག་པ་གཡོན་དུ་རིགས་ལྔ་བསྟིམ་པར་བྱའོ། །དེས་ནི་དཔེར་ན་ལུས་ཐོབ་པ་ལས་ཡན་ལག་ཡོངས་སུ་རྫོགས་པ་ལྟར་ཞི་བ་ཡོངས་རྫོགས་ཀྱི་དབང་ཐོབ་པར་ངེས་ཤེས་བསྐྱེད་དོ། །རབ་གནས་ཚོགས་འཁོར་བྱའོ། །གལ་ཏེ་སྤྲོས་པ་ལ་དགའ་བའི་དོན་དུ། བཞི་བཅུ་རྩ་གཉིས་རྫོགས་པར་བསྐུར་ཏེ། ལྷ་སོ་སོའི་(༣༨ན)


GLG022_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དོན་སྦྱར་ཏེ། ཧཱུཾ། སེམས་དཔའ་ཆེ་གེ་དེ་བཞིན་གཤེགས། །སེམས་མ་ཆེ་གེ་ཡུམ་དང་སྦྱོར། །གཉིས་སུ་མེད་པར་དབང་བསྐུར་རོ། །བོ་དེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་སྦྱོར། ཧཱུཾ། ཀུན་ཏུ་བཟང་པོ་དེ་བཞིན་གཤེགས། །ཀུན་ཏུ་བཟང་མོ་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་དབང་བསྐུར་རོ། །བོ་དེ་ཙིཏྟ་འགྲེ། ཧཱུཾ། ལྷ་དབང་བརྒྱ་བྱིན་དེ་བཞིན་གཤེགས། །ལྷ་རྣམས་འདུལ་བྱེད་དབང་བསྐུར་རོ། །བོ་དེ་ཙིཏྟ༝། ཧཱུཾ། བདུད་འདུལ་ཁྲོ་རྒྱལ་གཤིན་རྗེས་གཤེད། །རྡོ་རྗེ་ལྕགས་ཀྱུ་ཡུམ་དང་སྦྱོར། །གཉིས་སུ་མེད་པའི༝། བོ་དེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། ཧོ་སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི་དབང་ཡོངས་སུ་རྫོགས་པར་བསྐུར་བས། རྟོག་ཚོགས་བཞི་བཅུ་རྩ་གཉིས་རྣམ་པར་དག་ནས། མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་ཁྲོ་བོ་ཐམས་ཅད་ཁྲག་འཐུང་རིགས་ལྔར་ཡོངས་སུ་རྫོགས་པའི་དབང་བསྐུར་ཏེ། དབང་རྟེན་གོང་གི་རིགས་ལྔའི་ནང་ལོགས་ཧེ་རུ་ཀཿལྔ་ལ་དམིགས་རྟེན་བྱས་ལ་ཀླད་པ་དུང་ཁང་ནང་དུ་ཁྲག་འཐུང་ལྔ་བསྟིམ་པ་ནི། ཧཱུཾ། ཁྲག་འཐུང་བཛྲ་ཧེ་རུ་ཀཿ །བཛྲ་ཀྲོ་ཏི་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །ཐུགས་མཆོག་ཁྲོ་རྒྱལ་དབང་ཡང་སྦྱིན། །བཛྲ་ཤྲི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ཨ་བྷི་ཥི་ཉྩ་ཨ། ཧོ་བཛྲ་ཧེ་རུ་ཀཿཡབ་ཡུམ་གྱིས་དབང་བསྐུར་བས་རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་ནས་ཐུགས་མི་འགྱུར་བ་ཆོས་ཉིད་ཀྱི་དབང་ཐོབ་པར་གྱུར་ཅིག །ཧཱུྃ། ཁྲག་འཐུང་བུདྡྷ་ཧེ་རུ་ཀཿ། བུདྡྷ་ཀྲོ་ཏི་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །སྐུ་ཡི་ཁྲོ་རྒྱལ་དབང་ཡང་སྦྱིན། །བྷུདྡྷ་ཤྲཱི་ཧེ་རུ་ཀ་བྷུདྡྷ་ཀྲེ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཨ་(༣༨བ)


GLG022_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བྷུདྡྷ་ཧེ་རུ་ཀ་ཡབ་ཡུམ་གྱི་དབང་བསྐུར་བས། གཟུགས་ཀྱི་ཕུང་པོ་གནས་སུ་དག་ནས། སྐུ་མི་འགྱུར་བ་ཆོས་ཉིད་ཀྱི་དབང་ཐོབ་བར་གྱུར་ཅིག །ཧཱུཾ། ཁྲག་འཐུང་རཏྣ་ཧེ་རུ་ཀ །རཏྣ་ཀྲོ་ཏཱི་ཤྭ་རཱི་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །ཡོན་ཏན་ཁྲོ་བོའི་དབང་ཡང་སྦྱིན། །རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཨ། རཏྣ་ཧེ་རུ་ཀ་ཡབ་ཡུམ་གྱིས་དབང་བསྐུར་བས། །ཚོར་བའི་ཕུང་པོ་གནས་སུ་དག་ནས་ཡོན་ཏན་མི་འགྱུར་བ་ཆོས་ཉིད་ཀྱི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། ཁྲག་འཐུང་པདྨ་ཧེ་རུ་ཀ །པདྨ་ཀྲོ་ཏི་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །གསུང་གི་ཁྲོ་བོའི་དབང་ཡང་སྦྱིན། །པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏཱི་ཤྭ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཨ། པདྨ་ཧེ་རུ་ཀ་ཡབ་ཡུམ་གྱིས་དབང་བསྐུར་བས། འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་ནས་གསུང་མི་འགྱུར་བ་ཆོས་ཉིད་ཀྱི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། ཁྲག་འཐུང་ཀརྨ་ཧེ་རུ་ཀ །ཀརྨ་ཀྲོ་ཏི་ཡུམ་དང་སྦྱོར། །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །ལས་ཀྱི་ཁྲོ་བོའི་དབང་ཡང་སྦྱིན། །ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཨ། ཀརྨ་ཧེ་རུ་ཀ་ཡབ་ཡུམ་གྱིས་དབང་བསྐུར་བས། འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་ནས། འཕྲིན་ལས་མི་འགྱུར་བ་ཆོས་ཉིད་ཀྱི་དབང་ཐོབ་པར་གྱུར་ཅིག །དབང་དེས་ནི་དཔེར་ན་འོད་སྟོང་ཉི་མའི་སྙིང་པོ་ལ་རྫོགས་པ་ལྟར་དུ་ཞི་ཁྲོ་ཡོངས་རྫོགས་ཀྱི་དབང་ཐོབ་པར་ངེས་ཤེས་བསྐྱེད་པར་བྱའོ། །རབ་གནས་ཚོགས་འཁོར་བྱའོ། །དེ་ནས་སྐུ་བཞི་ཡོངས་རྫོགས་ཀྱི་དབང་བསྐུར་ཏེ། དབང་རྟེན་འཇམ་དབྱངས་སྤྱན་རས་གཟིགས་རྡོ་རྗེ་སེམས་དཔའ་ཀུན་བཟང་དྲུག་པ་རྡོ་རྗེ་འཆང་དང་བཞིའི་སྐུ་རེ་རེ་ལ་མཚོན་ཏེ་སློབ་བུའི་གནས་བཞིར་ས་མ་ཏིས་བསྟིམ་པ་ནི། ཧཱུཾ། སྤྱི་བོར་འཇམ་(༣༩ན)


GLG022_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་བཞུགས། །ཕུང་པོའི་བདུད་ལས་རྒྱལ་བར་ཤོག །མགྲིན་པར་སྤྱན་རས་གཟིགས་དབང་བཞུགས། །ལྷ་བུའི་བདུད་ལས་རྒྱལ་བར་ཤོག །སྙིང་གར་རྡོ་རྗེ་སེམས་དཔའ་བཞུགས། །ཉོན་མོངས་བདུད་ལས་རྒྱལ་བར་ཤོག །ལྟེ་བར་རྡོ་རྗེ་འཆང་ཆེན་བཞུགས། །འཆི་བདག་བདུད་ལས་རྒྱལ་བར་ཤོག །རྒྱལ་བ་རིགས་བཞིས་དབང་བསྐུར་བས། །བདུད་བཞི་རབ་འཇོམས་དབང་ཐོབ་ནས། །སྐུ་བཞི་ལྷུན་གྱིས་གྲུབ་པར་ཤོག །ཨཱོཾ་ཝཱ་གཱི་ཤྭ་རི་མུཾ། ཨཱཪྻཱ་པ་ལོ་ཀི་ཏེ་ཤྭ་རཱ་ཡ། བཛྲ་སཏྭ་ཧཱུཾ། མཧཱ་བཛྲ་དྷ་ར་ཨ་བྷི་ཥིཉྩ་ཨ། དེས་ནི་དཔེར་ན་བཙན་པོའི་མཁར་དུ་ཞུགས་པ་ལྟར། སྐུ་བཞིའི་བདག་ཉིད་ཆེན་པོ་བདུད་ལས་རྒྱལ་བའི་དབང་ཡོངས་སུ་རྫོགས་པར་ངེས་ཤེས་བསྐྱེད་དོ། །དེ་ནས་རྩལ་ཆེན་ཡོངས་རྫོགས་བྱ་ཁྱུང་སྤྲུལ་པའི་དབང་བསྐུར་ཏེ། དབང་རྟེན་ནི་བྱ་རྒོད་རྒྱལ་མཚན་ནམ་ཁྱུང་པོ་ཁྱུང་མོ་རིས་སུ་བྲིས་པ་གཅིག་མཚོན་ཏེ། ཧཱུཾ། སྤྲུལ་པའི་བྱ་ཁྱུང་གྷ་རུ་ཌ། །བདེ་གཤེགས་ནུས་མཐུ་རྩལ་ཆེན་རྫོགས། །ཀླུ་འདུལ་ཁྱུང་པོ་ཁྱུང་མོའི་ཚུལ། །གཙུག་ན་རིན་ཆེན་རྡོ་རྗེའི་མཆུ། །རལ་གྲིའི་གཤོག་རྒྱས་ལྕགས་ཀྱུའི་སྡེར། །ཡང་སྤྲུལ་རིགས་ལྔའི་ཁྱུང་སྤྲུལ་བསྐོར། །གདུག་པ་འདུལ་བྱེད་ཁྱུང་དབང་བསྐུར། །བདེན་པ་དབྱེར་མེད་དོན་རྟོགས་ཤོག །ཨཱོཾ་ཨཱཿཧཱུཾ་ཁྲོམ་གྷ་རུ་ཌ་ཧཱུཾ་ཕཊ་སརྦ་ཨ་བྷི་ཥིཉྩ་ཨ། ཞེས་དཔུང་པ་གཉིས་སུ་བསྟིམ། དེས་ནི་སྒོང་ཆག་ཁྱུང་བཞིན་ཇི་མི་མཉམ་པའི་རྩལ་དབང་ཐོབ་པར་ངེས་ཤེས་བསྐྱེད་དོ། །རབ་གནས་ཚོགས་བྱ། དེ་ནས་བདེ་གཤེགས་ཞི་ཁྲོ་བཀའ་བརྒྱད་ཡོངས་རྫོགས་ཚོམ་བུ་དགུའི་དབང་བསྐུར་ཏེ། དབང་རྟེན་ཕོ་བྲང་གི་ཙཀླི་ཀུན་གྱིས་མཚོན་ཅིང་དམིགས་པས་བསྟིམ་པར་བྱ་སྟེ། ཧཱུཾ། བཅོམ་ལྡན་དཔལ་ཆེན་(༣༩བ)


GLG022_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་མཆོག་ཧེ་རུ་ཀ །མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་གསུམ་རྡོ་རྗེ་རྩེ་དགུ་རྩེ་ལྔ་རྩེ་གསུམ་བསྣམས། །གཡོན་གསུམ་བན་དམར་དུང་དམར་ཐོད་ཁྲག་བསྣམས། །གནམ་ཞལ་ཡུམ་འཁྲིལ་དུར་ཁྲོད་ཆས་རྣམས་རྫོགས། །རིགས་བཞི་ལ་སོགས་ཆེ་མཆོག་ཡོངས་རྫོགས་ལྷ། །སྐལ་ལྡན་དབང་བསྐུར་ཡོན་ཏན་ལྷུན་གྲུབ་ཤོག །ཨཱོཾ་བཛྲ་ཀྲོ་ཏ་མཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨ། ཞེས་སྤྱི་བོར་བསྟིམ། ཧཱུཾ། བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད། །མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་གསུམ་འཁོར་ལོ་རལ་གྲི་དགྲ་སྟ་བསྣམས། །གཡོན་གསུམ་སྡིགས་མཛུབ་མདུང་དང་བན་དམར་བསྣམས། །སྦྱོར་སྒྲོལ་ཡུམ་དང་དུར་ཁྲོད་ཆས་རྣམས་རྫོགས། །རིགས་བཞི་ལ་སོགས་གཤིན་རྗེ་ཡོངས་རྫོགས་ལྷས། །སྐལ་ལྡན་དབང་བསྐུར་སྐུ་ལྔ་ལྷུན་གྲུབ་ཤོག །ཨཱོཾ་ཧྲཱིཿཥྚྲཱི་ཝི་ཀྲི་ཏཱ་ན་ན་ཧཱུཾ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧྲཱིཿ། དཔྲལ་བར་བསྟིམ་མོ། །ཧཱུཾ། བཅོམ་ལྡན་དཔལ་ཆེན་རྟ་མཆོག་དབང་གི་རྒྱལ། །དམར་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་སྣམས། །གཡོན་གསུམ་དྲིལ་བུ་བན་དམར་ལྕགས་སྒྲོག་བསྣམས། །གཟི་ལྡན་ཡུམ་འཁྲིལ་དུར་ཁྲོད་ཆས་རྣམས་རྫོགས། །རིགས་བཞི་ལ་སོགས་དབང་ཆེན་ཡོངས་རྫོགས་ལྷས། །སྐལ་ལྡན་དབང་བསྐུར་གསུང་དབྱངས་ལྷུན་གྲུབ་ཤོག །ཨཱོཾ་ཧ་ཡ་གྷྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨ། མགྲིན་པར་བསྟིམ་མོ། །ཧཱུཾ། བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ །མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་བསྣམས། །གཡོན་གསུམ་(༤༠ན)


GLG022_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་བྷན་དམར་རྒྱུ་ཞགས་བསྣམས། །ཀྲོ་ཏི་ཡུམ་འཁྱུད་དུར་ཁྲོད་ཆས་རྣམས་རྫོགས། །རིགས་བཞི་ལ་སོགས་ཡང་དག་ཡོངས་རྫོགས་ལྷས། །སྐལ་ལྡན་དབང་བསྐུར་ཐུགས་མཆོག་ལྷུན་གྲུབ་ཤོག །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨ། སྙིང་གར་བསྟིམ་མོ། །ཧཱུཾ། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་གཉིས་རྡོ་རྗེ་རྩེ་ལྔ་བསྣམས། །གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་རྩེ་གསུམ་བསྣམས། གཡས་གཡོན་མཐའ་གཉིས་རི་རབ་ཕུར་བུ་འདྲིལ། །རྒྱས་འདེབས་ཡུམ་འཁྱུད་དུར་ཁྲོད་ཆས་རྣམས་རྫོགས། །རིགས་བཞི་ལ་སོགས་ཕུར་པ་ཡོངས་རྫོགས་ལྷས། །སྐལ་ལྡན་དབང་བསྐུར་འཕྲིན་ལས་ལྷུན་གྲུབ་ཤོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨ། ལྟེ་བར་བསྟིམ་མོ། །ཧཱུཾ། བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ །མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་གསུམ་རྡོ་རྗེ་ཁྱུང་ཁྲ་སྦྲུལ་ཞགས་བསྣམས། །གཡོན་གསུམ་བན་དམར་ཞིང་དབྱུག་གའུ་བསྣམས། །ཀུན་བཟང་ཡུམ་འཁྱུད་དུར་ཁྲོད་ཆས་རྣམས་རྫོགས། །ཡུམ་དྲུག་ལ་སོགས་མ་མོ་ཡོངས་རྫོགས་ལྷས། །སྐལ་ལྡན་དབང་བསྐུར་མ་མོ་ལྷུན་གྲུབ་ཤོག །ཨཱོཾ་གྷུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ཧཱུཾ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨ། གསང་གནས་སུ་བསྟིམ་མོ། །ཧཱུཾ། བཅོམ་ལྡན་དཔལ་ཆེན་རིགས་འཛིན་ཐོད་པ་རྩལ། །སྐུ་མདོག་མ་ངེས་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་གཡོན་པ་དྲིལ་བུ་བསྣམས། །ཞབས་གཉིས་བརྐྱང་བསྐུམ་ཞི་དང་ཁྲོ་གར་མཛད། །རྣལ་འབྱོར་ཡུམ་བཅས་རུས་པའི་རྒྱན་དྲུག་སྤྲས། (༤༠བ)


GLG022_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་བཞི་སོགས་རིགས་འཛིན་ཡོངས་རྫོགས་ལྷས། །སྐལ་ལྡན་དབང་བསྐུར་བྱིན་རླབས་ལྷུན་གྲུབ་ཤོག །ཨཱོཾ་བཛྲ་མཧཱ་གྷུ་རུ་སརྦ་ཧཱུཾ་སརྦ་མ་ཡ་ཨ་བྷི་ཥིཉྩ་ཨ། སྤྱི་བོར་བསྟིམ། ཧཱུཾ། བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་ནི། །མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་གཡོན་དང་པོ་རྡོ་རྗེ་དུང་ཁྲག་འཁྲུག །གཡས་ཀྱི་འོག་གཉིས་ལྷ་བརྒྱད་མགོ་བོ་བསྣམས། །གཡོན་གྱི་འོག་གཉིས་ཀླུ་བརྒྱད་མགོ་བོ་བསྣམས། །སྤྱི་འདུལ་ཡུམ་འཁྱུད་དུར་ཁྲོད་ཆས་རྣམས་རྫོགས། །རིགས་བཞི་ལ་སོགས་དྲེགས་པ་ཡོངས་རྫོགས་ལྷས། །སྐལ་ལྡན་དབང་བསྐུར་ཆོས་སྐྱོང་ལྷུན་གྲུབ་ཤོག །ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚཱ་ན་ཧཱུཾ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨ། དཔུས་མོ་གཡས་སུ་བསྟིམ་མོ། །ཧཱུཾ། བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ཆེ། །མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་གཡོན་དང་པོ་རྡོ་རྗེ་ཐོད་ཁྲག་དཀྲུག །གཡས་གཉིས་ལྷ་བརྒྱད་ཙིཏྟ་རྩད་ནས་བསྣམས། །གཡོན་གཉིས་ཀླུ་བརྒྱད་ཙིཏྟ་སྒོང་ལྟར་འདྲིལ། །འབྱུང་ལྔ་ཡུམ་འཁྲིལ་དུར་ཁྲོད་ཆས་རྣམས་རྫོགས། །རིགས་བཞི་ལ་སོགས་སྔགས་བདག་ཡོངས་རྫོགས་ལྷས། །སྐལ་ལྡན་དབང་བསྐུར་དགྲ་བགེགས་ཚར་གཅོད་ཤོག །ཨཱོཾ་བཛྲ་སརྦ་དུཥྚཱན་ཨེ་ཛ་བྷྱོ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨ། པུས་མོ་གཡོན་དུ་བསྟིམ་མོ། །དེ་ནས་རིགས་བཞི་སོ་སོའི་འཁོར་རྣམས་ལ། ཁྲག་འཐུང་འཇིགས་བྱེད་ཆེ་གེ་མོས། །དབང་ཆེན་བསྐུར་བས་མཐུ་སྟོབས་ཡོངས་རྫོགས་ཤོག །སྙིང་པོ་བརྗོད་ཅེས་ཨ་བྷི་ཥིཉྩ་ཨ། ཞེས་དབང་བསྐུར་རོ། །དེ་ནས་ཚོམ་བུའི་ལྷ་ཚོགས་ཀྱི་སྨོན་ལམ་གྱི་དབང་བསྐུར་ཏེ་མེ་ཏོག་ཕྱོགས་བཅུར་འཐོར་ཞིང་། ཧོ།དཔལ་(༤༡ན)


GLG022_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་ཡབ་ཡུམ་སྲས་འཁོར་བཅས་པའི་དབང་བསྐུར་བས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག །ཧོ། པདྨ་དབང་ཆེན་ཡབ་ཡུམ་སྲས། །འགྲེའོ། །བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་། ཧོ་དཔལ་བཛྲ་ཧེ་རུ་ཀ་སྲས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས། ཧོ་དཔལ་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་སྲས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་ཡོངས་སུ། ཧོ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ཡོངས་སུ། ཧོ། དཔལ་བླ་མེད་ཧེ་རུ་ཀ་ཡབ་ཡུམ་སྲས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གཟི་བརྗིད་ཡོངས་སུ། ཧོ། དཔལ་རིགས་འཛིན་ཐོད་པ་རྩལ་ཡབ་ཡུམ་སྲས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཆོས་སྒོ་ཡོངས་སུ། ཧོ། དཔལ་དྲེགས་པ་ཀུན་འདུལ་ཡབ་ཡུམ་སྲས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཐུ། ཧོ། དཔལ་སྟོབས་ལྡན་ནག་པོ་ཡབ་ཡུམ་སྲས་འཁོར་བཅས་པའི་དབང་བསྐུར་བས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྟོབས་ཡོངས་སུ་རྫོགས་པའི་དབང་ཆེན་པོ་ཐོབ་པར་གྱུར་ཅིག །དབང་དེས་ནི་དཔེར་ན་ནམ་མཁར་འབྱུང་བཞི་ཡོངས་སུ་རྫོགས་པ་ལྟར་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་གཟི་བརྗིད་རྒྱུད་མཐུ་སྟོབས་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ། །རབ་གནས་ཚོགས་འཁོར་གྱིས་མངའ་འབུལ་ལོ། །དེ་ནས་སྐུ་གསུང་ཐུགས་ནན་ཏན་གྱིས་དབང་བསྐུར་ཏེ། དབང་རྟེན་ནི་མཐིང་ཤོག་ལ། ཨཱོཾ་དཀར་པོ། ཨཱཿདམར་པོ། ཧཱུཾ་མཐིང་ནག་གསུམ་བྲིས་ཏེ། ཨཱོཾ་སྐུ་ནི་མི་འགྱུར་(༤༡བ)


GLG022_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུ། །འཁོར་ལོ་རྩིབས་བརྒྱད་ཨཱོཾ་དཀར་གསལ། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་ཡི་ཕྱག་རྒྱས་དབང་བསྐུར་རོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཧོ། སྐུའི་ཕྱག་རྒྱས་དབང་བསྐུར་བས་ལུས་སུ་འཛིན་པ་རྣམ་པར་དག་ནས་བདེ་བར་གཤེགས་པའི་སྐུའི་བདག་ཉིད་དུ་གྱུར་ཅིག །ཨཱཿསྱ་ནེ་མི་འགག་ཆོས་ཀྱི་གསུང་། །པདྨ་འདབ་བརྒྱད་ཨཾ་དམར་གསལ། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །གསུང་གི་ཕྱག་རྒྱས་དབང་བསྐུར་རོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་བ་ག་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཧོ་གསུང་གི་ཕྱག་རྒྱས༝། ངག་ཏུ་འཛིན་པ༝། བདེ་བར་གཤེགས་པའི་གསུང་གི་བདག་ཉིད་དུ་གྱུར་ཅིག །ཧཱུཾ། ཐུགས་ནི་མི་སྐྱེ་ཆོས་ཉིད་ཐུགས། །རྡོ་རྗེ་རྒྱ་གྲམ་ཧཱུཾ་མཐིང་གསལ། །དུས་གསུམ་བདེ༝། ཐུགས་ཀྱི༝། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཧོ། ཐུགས་ཀྱི་ཕྱག་རྒྱས་དབང་བསྐུར་བས་སེམས་སུ་འཛིན་པ་རྣམ་པར་དག་ནས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་དུ་གྱུར་ཅིག །ཅེས་སྤྱི་གཙུག་མགྲིན་པ་སྙིང་ག་གསུམ་དུ་བསྟིམ་མོ། །སྒྲུབ་པ་ལུང་གི་དབང་སྐབས་འདིར་བསྐུར་རོ། །དབང་དེས་ནི་ལྕགས་ལ་ངར་བླུད་པ་ལྟར་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ངར་ཐོགས་པ་ཡིན་ནོ། །བྱེ་བྲག་ཏུ་སྒྲུབ་ལུང་གནས་སྐབས་ཀྱི་དབང་བསྐུར་བ་ནི། བླ་མ་ལ་སེང་གེའི་ཁྲི་བཅས་ཏེ་བཞུགས། སློབ་བུ་རྣམས་ཀྱིས་མེ་ཏོག་གཏོར་ཏེ། དབང་གི་ཞུ་བ་འདི་སྐད་དོ། །ཧོ། རང་བཞིན་བུམ་པ་བན་དྷའི་ལྕང་ལོ་ཅན། །བདུད་རྩིས་བཀང་བ་དབང་གི་རང་བཞིན་ལ། །བདག་ཉིད་མདུན་འདུག་ཡེ་ཤེས་ལྷ་རྣམས་ཀྱིས། །སྐུ་གསུང་ཐུགས་(༤༢ན)


GLG022_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་མཆོག་སྩལ་དུ་གསོལ། །ཞེས་ཕོ་བྲང་གི་ཞུ་དབུལ།བླ་མས་གནང་བ་སྦྱིན་པ་ནི། ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བྱང་ཆུབ་རྡོ་རྗེའི་ལམ་ལ་དྲངས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྦྱིན་པར་བྱ། དེ་ནས་སློབ་མ་དབང་སྟེགས་འདབ་མ་བརྒྱད་པའི་སྟེང་དུ་བཞག་སྟེ་ཕོ་བྲང་བན་དྷ་རྣམ་ལྔས་དབང་བསྐུར་བ་ནི། ཧཱུཾ། མཐིང་ནག་གྲུ་གསུམ་འགྱུར་བ་མེད་པའི་སྐུ། །རྟག་ཏུ་ཧཱུཾ་ཆེན་ཀློང་ན་འཁྱིལ་བ་ཡི། །བདེ་ཆེན་བྱང་ཆུབ་སེམས་སུ་མངོན་རྫོགས་ཏེ། །རྡོ་རྗེ་རིགས་ཀྱི་བན་དྷས་དབང་བསྐུར་རོ། །དཀར་པོ་ཆོས་ཉིད་ཡངས་ཤིང་གསལ་བའི་སྐུ། །མཁའ་མཉམ་དབྱིངས་ཕྱུག་མ་བརྒྱད་རྟག་རོལ་ཅིང་། །སྲིད་པའི་ཆོས་ལ་ཡིད་བཞིན་དབང་སྒྱུར་བའི། །དེ་བཞིན་རིགས་ཀྱི་བན་དྷས༝། །སེར་པོ་ཡིད་བཞིན་ཡོན་ཏན་རྒྱས་པའི་སྐུ། །རི་རབ་སྤྱི་སྒོ་བརྒྱད་དང་རོལ་པའི་ས། །འདོད་དགུ་ཡིད་བཞིན་རེ་བ་སྐོང་མཛད་པ། །རིན་ཆེན་རིགས་ཀྱི༝། །ཆགས་པས་མི་གཏོང་དབང་གི་རྒྱལ་པོ་སྟེ། །དབང་ཕྱུག་གཏེར་ལྡན་ལྔ་དང་འཁྲིལ་བ་ཡིས། །འཁོར་བ་མ་ལུས་མྱ་ངན་འདས་བསྡུས་ནས། །པདྨ་རིགས་ཀྱི༝། །ལྗང་གུ་འཕྲིན་ལས་ཅིར་ཡང་བསྒྱུར་བའི་སྐུ། །བསྙེན་པའི་གནས་དང་གདན་དང་ངེས་པའི་ས། །ལས་ཀྱི་རིགས་ཀྱི་བན་དྷས་དབང་བསྐུར་རོ། །རིགས་ལྔ་ཡེ་ཤེས་ལྔ་ཡི་བྱིན་རླབས་ཀྱིས། །སྐལ་ལྡན་འདི་ལ་དབང་མཆོག་བསྐུར་དུ་གསོལ། །སྐུ་ལྔ་ཡེ་ཤེས་ལྔ་པོ་དབྱེར་མེད་སྐུ། །རྟོགས་པས་ཁམས་གསུམ་མ་ལུས་སྦྱོང་མཛད་པ། །ཐུགས་རྗེའི་བྱིན་རླབས་དངོས་གྲུབ་མཆོག་གསོལ་བས། །དུག་ལྔ་གནོད་པའི་མཐུ་དང་རབ་ལྡན་ཤོག །ཅེས་རིགས་ལྔའི་དབང་ཚར་(༤༢བ)


GLG022_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཁྱད་པར་རྟེན་དགུའི་དབང་བྱ་སྟེ། སྐུ་གསུམ་ཐུགས་ཡོན་ཏན་འཕྲིན་ལས་གནས་སྔར་གཏུག་ཅིང་དབུས་ཀྱི་ཐོད་སྐུ་བདུད་རྩི་བུམ་དབང་ནས་རིམ་པར་བསྐུར་ཏེ། ཧཱུཾ། ཆེ་མཆོག་ཡོངས་རྫོགས་བདུད་རྩི་བུམ་པའི་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་ཐོབ་ཤོག །ཧཱུཾ། ཡང་དག་ཡོངས་རྫོགས་མེ་གཅིག་ཐུགས་ཀྱི་དབང་། །སྐལ་ལྡན་རིགས་ཀྱི༝། །ཧཱུཾ། གཤིན་རྗེ་ཡོངས་རྫོགས་སྐུ་རྟེན་ཁྲམ་གཅིག་དབང་། །སྐལ་ལྡན༝། །ཧཱུཾ། པདྨ་ཡོངས་རྫོགས་གསུང་རྟེན་རྟ་ཞལ་དབང་། །སྐལ་ལྡན༝། །ཧཱུཾ། འཕྲིན་ལས་ཡོངས་རྫོགས་རྡོ་རྗེ་ཕུར་གཅིག་དབང་། །སྐལ་ལྡན༝། །ཧཱུཾ། མ་མོ་ཀུན་འདུས་སྙིང་གཅིག་དམ་རྫས་དབང་། །སྐལ་ལྡན༝། །ཧཱུཾ། རིགས་འཛིན་ཀུན་འདུས་ཐོད་རྩལ་སྐུ་གཅིག་དབང་། །སྐལ་ལྡན༝། །ཧཱུཾ། འཇིག་རྟེན་ཀུན་འདུས་དྲེགས་པ་སྐུ་གཅིག་དབང་། །སྐལ་ལྡན༝། །ཧཱུཾ། དྲག་སྔགས་ཀུན་འདུས་སྔགས་ཀྱི་བྱང་གཅིག་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་ཐོབ་ཤོག །དེ་ཡན་ཆད་ཀྱིས་རིགས་ལྔ་ཕོ་བྲང་དགུའི་དབང་སྟེ་སྐུའི་དབང་ངོ་། །གསུང་སྙིང་པོས་དབང་བསྐུར་ཏེ། །ཨོཾ་བོ་དྷི་ཙིཏྟ་མཧཱ་སུ་ཁ་ཛྙ་ན་དྷཱ་ཏུ་ཨཱཿ། གསང་འདུས་སྙིང་པོ་འདི་བརྗོད་པས། །ཞི་བའི་ལྷ་ཚོགས་ཡོངས་བསྙེན་ཅིང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །འགྲོ་དོན་ནུས་པའི་དབང་ཐོབ་ཤོག །ཨཱོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། གསང་བའི་སྙིང་པོ་འདི་བརྗོད་པས། ཆེ་མཆོག་ཡོངས་རྫོགས་རབ་བསྙེན་ཅིང་། །སྐུ་གསུང་ཐུགས་ཀྱི་༝། །འགྲོ་དོན་ནུས་པའི་དབང་ཐོབ་ཤོག །ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། གསང་བའི༝། །ཡང་དག༝། །སྐུ་གསུང་ཐུགས༝། །(༤༣ན)


GLG022_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དོན་ནུས་པའི༝། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། གསང་བའི༝། །གཤིན་རྗེ༝། །སྐུ་གསུང་ཐུགས༝། །འགྲོ་དོན་ནུས༝། །ཨཱོཾ་པད་མཱནྟ་ཀྲི་ཏ་མཧཱ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུཾ་ཕཊ། གསང་བའི༝། །དབང་ཆེན་ལྷ་ཚོགས༝། །སྐུ་གསུང་ཐུགས༝། །འགྲོ་དོན་ནུས༝། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། གསང་བའི༝། །ཕུར་བའི༝། །སྐུ་གསུང་ཐུགས༝། །འགྲོ་དོན་ནུས༝། །ཨཱོཾ་གྷུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀི་ཀྲོ་ཏི་ཤྭ་རཱི་ཧཱུཾ་ཕཊ། གསང་བའི༝། །མ་མོའི༝། །གསུང་ཐུགས༝། །འགྲོ་དོན་ནུས༝། །ཨཱོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུཾ་ཕཊ། གསང་བའི༝། །རིགས་འཛིན་ཡོངས་རྫོགས༝། །སྐུ་གསུང་ཐུགས༝། །འགྲོ་དོན་ནུས༝། །ཨཱོཾ་བཛྲ་ཙིཎྜ་སརྦ་དུཥྚཱན་ཧཱུཾ་ཕཊ། གསང་བའི་འཇིག་རྟེན༝། །སྐུ་གསུང་ཐུགས༝། །འགྲོ་དོན་ནུས༝། །ཨཱོཾ་བཛྲ་སརྦ་དུཥྚཱན་ཧཱུཾ་ཕཊ། གསང་བའི་སྙིང་པོ་འདི་བརྗོད་པས། །དྲག་སྔགས་ཡོངས་རྫོགས་རབ་བསྙེན་ཅིང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །འགྲོ་དོན་ནུས་པའི་དབང་ཐོབ་ཤོག །དེ་ཡན་ཆད་གསང་བ་སྙིང་པོ་དགུའི་དབང་སྟེ་གསུང་གི་དབང་ངོ་། །ཐུགས་དབང་ནི་བུམ་པས་བསྐུར་ཏེ། ཧཱུཾ། ཐུགས་ལས་བརྟོལ་བའི་མན་ངག་གསང་ཆེན་པོ། །སྤྲོས་བྲལ་སྟོང་གསལ་ཆོས་སྐུ་འཛིན་པ་མེད། །སྐལ་ལྡན་མཆོག་གི་དངོས་པོ་དམ་པའི་གཟུངས། །ཐོགས་མེད་མཐུ་མངའ་རྫས་མཆོག་དམ་པ་འདི། །དབང་བསྐུར་གཉིས་མེད་ཐུགས་ཀྱི་དབང་ཐོབ་ཤོག །ཐུགས་ཀྱི་དབང་ཆེན་ཡོངས་རྫོགས་འགྱུར། །དེ་ནས་སྒྲུབ་རྫས་ཀྱི་དབང་བསྐུར་ཏེ། །རྟགས་གོང་ཐོགས་ལ། ཧཱུཾ། ལྷག་པའི་དུར་ཁྲོད་ཐལ་ཆེན་ཞག་(༤༣བ)


GLG022_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟ། །ཧེ་རུ་ཀའི་གནས་བཅུ་དུར་ཁྲོད་གནས་བརྒྱད་དུ། །དཔལ་ཆེན་གིང་དང་མཁའ་འགྲོ་ཀུན་དང་གཅིག །དབང་ཆེན་ཐབས་ཀྱིས་མཐུ་དང་རྫུ་འཕྲུལ་བསྐྱེད། །བདག་ཉིད་ཆེན་པོར་རབ་ཏུ་འབྱོར་པའི་རྟགས། །སྔོན་གྱི་ཐུགས་དམ་རྟགས་དང་ཕྱག་རྒྱའི་དབང་འདིས་ནི་མ་མོ་མཁའ་འགྲོ་རྣམས་ཀྱིས་ཀྱང་། །ནང་མིང་དང་ནི་ཇོ་བོར་འཛིན་པར་ཤོག །ཅེས་རྟགས་གསུམ་གདབ། དེ་ནས་ཨ་མྲྀ་ཏས་དབང་བསྐུར་ཏེ། ཧཱུཾ། དུག་ལྔ་མ་སྤངས་སྐུ་ཡི་རྒྱན་དུ་གནང་། །འཁོར་བ་ཐུགས་རྗེས་བཟུང་ཕྱིར་ཞལ་དུ་གསོལ། །བདུད་རྩི་ཨ་མྲྀ་ཏ་ཡི་དབང་བསྐུར་བས། །དུག་ལྔ་སྒྲོལ་བའི་དབང་དང་ལྡན་པར་ཤོག །དེ་ནས་གཏོར་མས་དབང་བསྐུར་ཏེ། ཧཱུཾ། གཞོང་པ་ཆོས་དབྱིངས་གཏོར་མ་ཕྱག་རྒྱའི་ལྷ། །དམ་སྐོངས་མཉེས་མཆོད་མཧཱ་བྷ་ལིཾ་ཏ། །འདོད་ཡོན་བདུད་རྩིའི་ཕུང་པོས་དབང་བསྐུར་བས། །མི་ཟད་རིན་ཆེན་གཏེར་ལ་ལོངས་སྤྱོད་ཤོག །དེ་ནས་བྱང་སེམས་རཀྟས་དབང་བསྐུར་ནི། །ཧཱུཾ། སྲིད་གསུམ་མ་ལུས་ཡུམ་གྱི་མཁའ་ལ་སྦྱོར། །འདོད་ཆགས་གནས་སུ་དག་པ་པདྨའི་རིགས། །ཀུན་ཏུ་བཟང་མོ་ཡུམ་གྱི་བྷ་ག་ལ། །བདེ་ཆེན་མི་འགྱུར་ཐིག་ལེའི་དབང་ཐོབ་ཤོག །དེ་ནས་དུར་ཁྲོད་རྫས་དབང་ནི། འཁོར་བ་མ་སྤངས་ཞིང་ཆེན་གཡང་གཞི་དང་། །ཤ་ཆེན་རྐང་རུས་ཐོད་པ་སྤྲུལ་པའི་སྐུ། ཁྲག་གི་རྒྱ་མཚོ་ཐུགས་རྗེའི་དྲི་ཆུ་དང་། །ཉ་ཆེན་འཕན་དང་སྦྲུལ་ནག་ཟ་ར་ཚགས། །གླང་ཆེན་ཀོ་བ་སྟག་གཟིག་རུ་ཏྲའི་ཤུན། ཁམས་གསུམ་མ་ལུས་དབང་སྡུད་དབང་ཐོབ་ཤོག །ཡུངས་ཀར་རྫས་དབང་ནི། ཧཱུཾ། སྒྲུབ་རྫས་ཡུངས་ཀར་མཆོག་གི་དབང་བསྐུར་བས། །ཕྲ་མོའི་ཏིང་འཛིན་ལས་སུ་རུང་བ་དང་། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་འདུལ་ཕྱིར། །(༤༤ན)


GLG022_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་མང་པོ་འགྱེད་པའི་དབང་ཐོབ་ཤོག །དེ་ནས་རྡོ་རྗེ་དྲིལ་བུས་དབང་བསྐུར་བ། །ཧཱུཾ། གསུང་རབ་བཅུ་གཉིས་བསྟན་པའི་སྒྲ་སྒྲོག་ཅིང་། །ཡེ་ཤེས་དག་པ་ཆོས་ཀྱི་དབྱིངས་ཉིད་ཀྱིས། །རྒྱལ་བ་ཡབ་ཡུམ་མཉེས་པར་མཛད་པ་ཡི། །དྲིལ་བུ་འདི་ཡང་སྐལ་ལྡན་ཁྱོད་ལ་བྱིན། །ཧཱུཾ། དཔའ་བོ་དཔའ་མོ་ཐབས་ལ་མཁས་ཤིང་བརྙེས། །ཐུགས་རྗེའི་བྱིན་རླབས་ཕུན་སུམ་ཚོགས་པ་ཡི། །ཡེ་ཤེས་རྣམ་པ་ལྔ་ཡི་རང་བཞིན་མཆོག །རྡོ་རྗེ་འདི་ཡང་སྐལ་ལྡན་ཁྱོད་ལ་བྱིན། །དེ་ནས་ཕུར་པས་དབང་བསྐུར་བ། ཧཱུཾ། ཆོས་ཉིད་རྟོགས་པར་བྱེད་པའི་ཡེ་ཤེས་དང་། །ཕུར་བུ་དོན་གྱི་ལྟ་བའི་རང་བཞིན་དང་། །ཕུར་པ་ཆོས་སྐུར་རྟོགས་པའི་གདེངས་ལྡན་གྱིས། །དོན་དམ་གཉིས་མེད་རྟོགས་པའི་དབང་ཐོབ་ཤོག །དེ་ནས་འཕྲེང་བས་དབང་བསྐུར་བ། །སྒྲུབ་རྫས་རིན་ཆེན་འཕྲེང་བས་དབང་བསྐུར་བས། །བཅོམ་ལྡན་ལྷ་རྣམས་དངོས་སུ་གྲུབ་པ་དང་། །འཁོར་གྱི་མ་དང་མཁའ་འགྲོ་ཆོས་སྐྱོང་རྣམས། །ཐམས་ཅད་འདུ་ཞིང་འཁོལ་ནུས་དབང་ཐོབ་ཤོག །དེ་ནས་ཚེ་དབང་བསྐུར་བ་ནི། ཧཱུཾ། རྡོ་རྗེ་ཚེ་མཆོག་མི་འགྱུར་བརྟན་པའི་དབང་། །འདི་བསྐུར་རྡོ་རྗེ་སེམས་དང་ཚེ་མཉམ་ཤོག །རྫས་ཐུན་མོང་བས་བསྐུར་བ། ཧཱུཾ། མདའ་ཡིས་དབང་བསྐུར་ཉོན་མོངས་བདུད་བཞི་འབིགས་པར་ཤོག །རལ་གྲིས་དབང་བསྐུར་གསང་བའི་དགྲ་འཇོམས་ཤོག །མེ་ལོང་དབང་བསྐུར་ཡེ་ཤེས་རབ་གསལ་ཤོག །རྒྱལ་མཚན་དབང་བསྐུར་བདུད་ལས་རྒྱལ་གྱུར་ཅིག །འཕན་དར་དབང་བསྐུར་བྱམས་པའི་སྤྲིན་འཕེལ་ཤོག །འཇམ་དེས་དབང་བསྐུར་བྱང་ཆུབ་སེམས་ལྡན་ཤོག །ཟླ་རྒྱས་དབང་བསྐུར་ཚོགས་གཉིས་གཏེར་རྒྱས་ཤོག །ཛ་གད་དབང་བསྐུར་(༤༤བ)


GLG022_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཀུན་འདུལ་ཤོག །པུ་ཏིས་དབང་བསྐུར་ཤེས་རབ་གསུམ་ལྡན་ཤོག །ཞབས་ཀྱི་དབང་བསྐུར་བླ་མའི་ས་ནོན་ཤོག །དེ་ནས་ཡེ་ཤེས་ལྔའི་དབང་བསྐུར་ཏེ། །དབང་རྟེན་ནི་མན་ཤེལ་དྭངས་པོ་གཅིག་ཉི་ཟེར་ལ་སྤྲད་དེ། ཧཱུཾ། ཀུན་གཞི་རྣམ་ཤེས་གནས་གྱུར་ཏེ། །བག་ཆགས་མ་ལུས་གཏན་སྤངས་ནས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །དབང་མཆོག་དམ་པར་དབང་བསྐུར་རོ། །ཨཱོཾ་མཧཱ་ཤུ་ཛྙཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨ་བྷི་ཥིཉྩ་ཨ། ཧོ། ཆོས་ཀྱི་དབྱིངས་ཡེ་ཤེས་ཀྱིས་དབང་བསྐུར་བས། །དངོས་དང་མཚན་མ་མེད་པའི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། སེམས་ཀྱི་རྣམ་ཤེས་གནས་གྱུར་ཏེ། །བག་ཆགས་མ་ལུས་གཏན་སྤངས་ནས། །མེ་ལོང་ལྟ་བུའི་ཡེ་ཤེས་སུ། །དབང་མཆོག་དམ་པར་དབང་བསྐུར་རོ། །ཨཱོཾ་མཧཱ་ཨ་དྷ་རི་ཤ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨ་བི་ཥིཉྩ་ཨ། ཧོ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་དབང་བསྐུར་བས། །གསལ་ལ་འཛིན་པ་མེད་པའི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། ཉོན་མོངས་རྣམ་ཤེས་གནས་གྱུར་ཏེ། །བག་ཆགས་མ་ལུས་གཏན་སྤངས་ནས། །མཉམ་པ་ཉིད་ཀྱི་ཡེ་ཤེས་སུ། །དབང་མཆོག་དམ་པར་དབང་བསྐུར་རོ། །ཨཱོཾ་མཧཱ་ས་མནྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨ་བྷི་ཥིཉྩ་ཨ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དབང་བསྐུར་བས། །ཆོས་ཐམས་ཅད་ང་དང་བདག་ཏུ་རྟོག་པ་མེད་པའི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། ཡིད་ཀྱི་རྣམ་ཤེས་གནས་གྱུར་ཏེ། །བག་ཆགས༝། །སོ་སོར་རྟོག་པའི་ཡེ་ཤེས་སུ། །དབང་མཆོག་དམ་པར་དབང་བསྐུར་རོ། །ཨཱོཾ་མཧཱ་ས་མནྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨ་བྷི་ཥིཉྩ་ཨ། སོ་སོར་རྟོག་པའི་ཡེ་ཤེས་དབང་བསྐུར་བས། །ཆོས་ཐམས་ཅད་(༤༥ན)


GLG022_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལ་མ་འདྲེས་པར་ས་ལེ་མཐོང་བའི་དབང་ཐོབ་པར་གྱུར་ཅིག །ཧཱུཾ། སྒོ་ལྔའི་རྣམ་ཤེས་གནས་གྱུར་ཏེ། བག་ཆགས༝། །བྱ་བ་ནན་ཏན་ཡེ་ཤེས་སུ། །ཨོཾ་མཧཱ་ཀྲི་ཧ་ཨ་ནུ་ཏ་ཉྫཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨ་བྷི་ཥིཉྩ་ཨ། བྱ་བ་ནན་ཏན་ཡེ་ཤེས་ཀྱི་དབང་བསྐུར་བས། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན་མཐར་ཕྱིན་ཅིང་ཆོས་སྐུ་མྱུར་བར་མངོན་དུ་གྱུར་པའི་དབང་ཐོབ་པར་གྱུར་ཅིག །ཅེས་ཤེལ་སྤྱི་བོར་བཞག་ལ་ཆོས་སྐུ་རྣམ་དག་སྤྲོས་བྲལ་ལས། །རྩལ་མ་འགགས་ཡེ་ཤེས་ལྔར་འཆར་བ་ནི་ཤེལ་ལྟ་བུའོ། །ཞེས་ངོ་སྤྲད་དོ། །དབང་དེས་ནི་ལྷ་ཁང་སྒོ་ཕྱེ་བ་དང་འདྲ་བར་རྣམ་མཁྱེན་འཆར་བའི་རྒྱུ་ཡིན་ནོ། །ཚོགས་རབ་གནས་བྱའོ། །དེ་ནས་ལྷ་དབང་ཡོངས་སུ་རྫོགས་པ་དེ་རབ་ཏུ་གནས་པར་དབང་བསྐུར་ཏེ། དབང་རྟེན་ནི་སློབ་བུ་རྣམས་ལ་མེ་ལོང་བསྟན་ལ། དྲི་བཟང་ཁྲུས་ནས་དབྱུང་། ས་མ་ཏི་གསལ་བཏབ་ལ་བཞག །སློབ་དཔོན་གྱིས་མེ་ཏོག་དཀར་པོ་ནས་དཀར་མོ་དང་བསྲེས་ཏེ་རྟེན་འབྲེལ་བརྒྱ་རྩ་བརྒྱད་བསྙེན་ལ་སློབ་བུ་ལ་གཏོར་ཅིང་། མ་ཧཱའཱི་བསྒོམ་ཁོག་གིས་སྒོ་གསུམ་ལྷར། ཧཱུཾ། དབང་བསྐུར་བྱིན་རླབས་ཡོངས་རྫོགས་སྲས། །ལུས་ངག་ཡིད་གསུམ་ལྷར་གྱུར་ཏེ། །འཁོར་འདས་ཆོས་ལ་དབང་སྒྱུར་བའི། །དབང་དང་དངོས་གྲུབ་རབ་གནས་ཤོག །ཅེས་བརྗོད་ལ་མེ་ཏོག་དོར། འདིས་ཀྱང་རབ་ཏུ་གནས་སོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་མ་ནི་ཤ་ཏ་ཏི་པ་ཡེ་སྭཱཧཱ། དྷརྨ་དྷཱ་ཏུ་གརྦྷེ་ཧྲྀ་ད་ཡ་སྭཱཧཱ། རབ་ཏུ་གནས་པའི་ཡང་སྙིང་བརྗོད་ལ་མེ་ཏོག་གཏོར་རོ། །འདིས་ཀྱང་རབ་ཏུ་གནས་ཏེ། ཨཱོཾ་ཨཾ་ཧཱུཾ་སྭཱཧཱ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ད་ཏྲ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མཧཱ་ཤྲ་མ་ཎཿསྭཱཧཱ། (༤༥བ)


GLG022_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་མཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་གྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཐིམ་པར་གྱུར་ཅིག །གསལ་བར་གྱུར་ཅིག །མཆོད་པར་གྱུར་ཅིག །འབར་བར་གྱུར་ཅིག །རྒྱས་པར་གྱུར་ཅིག །དབང་དུ་གྱུར་ཅིག །ཧོ། སྨིན་འཛོམ་རིག་ན་རྟོགས་པར་གྱུར་ཅིག །སྨིན་འཛོམ་རིག་ན་བརྟན་པར་གྱུར་ཅིག །སྨིན་འཛོམ་རིག་ན་གྲོལ་བར་གྱུར་ཅིག །ས་མ་ཡ་ཧོ་ཞེས་ལན་བདུན་གཏོར། གང་ཟག་བདག་མེད་ནས་ཆོས་ཉིད་རྣམ་དག་འགྱུར་མེད་དུ་རབ་ཏུ་གནས་སོ། །རྒྱལ་ཐོབ་ཀྱི་བཀྲ་ཤིས་བརྗོད། དབང་དེས་ནི་གསེར་གྱི་ས་གཞི་ལ་གསེར་གྱི་རི་རབ་བཞག་པ་ལྟར་དབང་ཡོངས་སུ་རྫོགས་ནས་རབ་ཏུ་གནས་པར་འགྱུར་རོ། །འབྲང་རྒྱས་བཅས་ཏེ་སྒྲ་སྙན་སྒྲོག །དེ་རྗེས་མངའ་གསོལ་དབང་བསྐུར་བའི་ཕྱིར་ཞལ་ཟས་བཟང་པོ་སྣ་ཚོགས་སྤོད་ཀྱིས་བྲན་ཛ་གད་ལ་རྒྱས་ཕུལ་ཏེ། ཧཱུཾ། བཟའ་དང་བཅའ་དང་བཏུང་བའི་ཚོགས། ཁ་མངར་སྐྱུར་རྩུབ་ལན་ཚྭ་སྤོད། །ཛ་གད་ཟླ་རྒྱས་ཟླ་ཕྲོམ་དང་། །ཚེ་འཛིན་མཾ་ས་ཀུན་ཏུ་རྒྱུ། །འཇམ་ངེས་འཛག་ཏི་ལ་སོགས་ཏེ། །འདོད་ཡོན་ལྔ་ཡི་ལོངས་སྤྱོད་སྣ་ཚོགས་ལ། །དུས་རྣམས་ཀུན་ཏུ་ལོངས་སྤྱོད་ཤོག །ཨཱོཾ་བཛྲ་ཤཱ་ཡུ་ཤེ་ཧཱུཾ་བྷྲུཾ་ཎི་ཛ། ཨ་བྷི་ཥཉྩི་ཨ། སརྦ་སི་ཏི་ཀུན་ཕ་ལ་ཨ་ཤེ་ཤ་ཡ་ཨ། ཧོ། ཞལ་ཟས་ཚོགས་ཀྱིས་དབང་བསྐུར་བས། །སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་ཏེ། །དུས་རྟག་ཏུ་ལོངས་སྤྱོད་དང་ལྡན་ནས་རོལ་པའི་དབང་ཐོབ་པར་གྱུར་ཅིག །ཅེས་ཚོགས་འཁོར་བྱ། བླ་མ་ལ་གསེར་གྱི་མཎྜལ་དབུལ། ཕུད་གཏོར། ལྷ་ལ་བསྐང་གསོ་བྱའོ། །དབང་དེས་ནི་རྒྱུ་སྤྱི་སྤུངས་ལ་རྒྱན་སྒོས་སུ་གཏད་པ་ལྟར་ཐམས་ཅད་རྭ་ཆོད་མེད་པར་ལོངས་སྤྱད་པས་ཆོག་གོ ། (༤༦ན)


GLG022_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཤམ་བུར་དྲེགས་པ་སྡེ་བརྒྱད་ཀྱི་སྲོག་དབང་བསྐུར་བར་བྱ་སྟེ། དབང་རྟེན་དྲེགས་པ་སྡེ་བརྒྱད་ཀྱི་རང་གཟུགས་སྲོག་སྙིང་དུ་བཅས་པ་གསར་ལ། དྲེགས་པའི་སྲོག་དབང་ནི་ཐོད་ངན་ནང་དུ་དབང་རྟེན་དྲེགས་པ་སྡེ་བརྒྱད་ཀྱི་གཟུགས་བརྙན་སྲོག་སྙིང་དང་བཅས་པར་བཤམས་པའི་མདུན་དུ་མཆོད་གཏོར་བང་རིམ་བཞི་པའི་དང་པོ་དབང་ཕྱུག་དང་མདུན་དུ་དབུ་མའི་གཏོར་མ། གཡས་གཡོན་དུ་མར་མེ། བང་རིམ་གཉིས་པའི་ལོགས་བཞིར་གཏོར་མ་རེ། བང་རིམ་གསུམ་པའི་ལོགས་བཞིར་གཏོར་མ་གཉིས་རེ། བཞི་པའི་ལོགས་རེར་གཏོར་མ་བཞི་རེ་སྟེ་གཏོར་མ་སུམ་ཅུ་ཟུར་གསུམ་ཤ་ཁྲག་མཐེ་བསྐྱུས་བརྒྱན་པ། སྨན་རཀ་བཤམ། སྔོན་དུ་སློབ་དཔོན་གྱིས་ལྷ་སྲིན་བཀའ་སྡོད་དུ་དབང་དུ་བསྡུ་ཞིང་ཟིལ་གྱིས་མནན་པ་ཞེས་ཏེ། ཅིའི་ཕྱིར་ཞེ་ན་རང་གི་རྣམ་ཤེས་ཚོགས་བརྒྱད་མ་དག་པའི་ཕྱིར་གཟུང་འཛིན་དྲེགས་པར་བྱུང་བ་ཡིན་ལ། ཚོགས་བརྒྱད་རྣམ་པར་དག་ཚེ་རིགས་ལྔ་ཡེ་ཤེས་ལྔ་ཁོ་ནར་བས། སློབ་དཔོན་གི་སྡེ་བརྒྱད་དབང་དུ་བསྡུ་ཞིང་ཟིལ་གྱིས་མནན་ཏེ། རང་ཉིད་ཆེ་མཆོག་ཡོངས་རྫོགས་ཀྱི་སྐུར་གསལ་ཞིང་ལྟ་བ་དང་ལྡན་པས། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་སྡེ་བརྒྱད་རྣམས་བཀུག་པར་བསམས་ལ་དྲག་སྔགས་སོ་ལྔ་པར་སྡེ་དཔོན་སུམ་ཅུའི་སྔགས་བཏགས་པ་བརྗོད་ནས་སྤྱན་དྲངས་ཏེ་སྐུ་སོ་སོ་ལ་ཐིམ་པས་དེ་དག་དངོས་སུ་གྱུར་པར་བསམས་ནས་སྲོག་སྔགས་བཟླ། སྡེ་བརྒྱད་ཀྱི་ཉོན་མོངས་པའི་དུག་གཞོམ་པའི་ཕྱིར་བསྒྲལ་བ་ནི། ཕུར་པ་ཐོགས་ནས། སྡེ་བརྒྱད་གཟུགས་རྣམས་རང་དང་སློབ་བུའི་དབུས་སུ་ཐོད་པར་བཀོད་དེ་སྡེ་བརྒྱད་སོ་སོའི་སྐུར་བསྐྱེད་བསྟིམ་སོ་སོའི་སྲོག་སྔགས་བཟླས་ཤིང་བསྟིམ་ལ་དེ་ཡང་སྡེ་བརྒྱད་ཀྱི་(༤༦བ)


GLG022_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པའི་དུག་གཞོམ་པའི་ཕྱིར་བསྒྲལ་བར་བྱ་སྟེ། ཧཱུཾ། ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་ཟ་བར་བྱའོ། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་ཟ་བར་བྱའོ། །གཤིན་རྗེ་མ་མོ་རྒྱལ་པོ་དང་། །དགྲ་ལྷ་བཙན་དང་གནོད་སྦྱིན་དང་། །ཀླུ་དང་གཟའ་དང་ལྷ་སྲིན་རྣམས། །གདུལ་དཀའ་མ་ལུས་འདུལ་པའི་ཕྱིར། །མངོན་མཐོང་སྟོབས་ཀྱིས་བསྒྲལ་བར་བྱ། །ང་ནི་དཔལ་ཆེན་ཟ་བྱེད་ཡིན། །ཤ་རུས་ལ་སོགས་ཟ་བར་བྱའོ། །བཛྲ་སརྦ་དུཥྚཱ་ན་ཏྲིག་ནན་ཨེ་ཧུར་ཐུམས་ཛ་མཱ་ར་ཡ་རྦད། ཅེས་བཟླས་ཤིང་བསྒྲལ་བར་བསམས་ཏེ་ཤ་ཁྲག་རུས་པ་ཐམས་ཅད་ཟོས་ཉོན་མོངས་དྲེགས་པ་ཚར་གཅོད་པར་བསམ། ཁོང་པ་ཆོས་ཀྱི་དབྱིངས་ནས་བརྒྱུད་དེ། དཔལ་གྱི་ལྷུམས་སྣམ་ཞལ་གྱིས་ནམ་མཁའ་ནས་སྡེ་བརྒྱད་རྣམ་ཤེས་བྱུང་ནས། ཙཀླིའི་གཟུགས་ལ་སོ་སོར་བསྟིམ་སྟེ། སློབ་བུའི་སྲུང་མར་གཏད་དེ། སྐབས་དེར་སློབ་བུས་གཞུ་དབུལ་ཏེ། རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུཾ་གིས་རི་རབ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་ལྔ་དང་ལྡན་པ་སྨན་རཀ་གི་རྒྱ་མཚོ་ཆེན་པོར་བསམས་ལ། ཧཱུཾ། སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པ་ཞེས་སོགས་ཀྱི་གསོལ་གའི་མཐར། ཨཱོཾ་མཧཱ་དེ་ཝ་ཨེ་ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི། མཧཱ་པཉྩ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི་ཞེས་པ་འོག་མ་ཀུན་ལ་འགྲེ། ཧཱུཾ། བཀྲ་ཤིས་དམ་ལྡན་མཐུ་ཆེ་བ་ཞེས་སོགས་ཀྱི་འཕྲིན་ལས་བཅོལ། ཕོ་ཉ་སྒོས་བསྐུལ་གྱི་ནང་གི་བསྐུལ་གཏོང་། སྡེ་དཔོན་གྱི་ལས་བྱང་ཆེན་མོ་བྱས་ཀྱང་ཆོག་མོད་ཧ་ཅང་མང་སྐྱོན་ཡོང་། དེ་ནས་སྲུང་མར་བསྟོད་པའི་ཆེད་དུ་གསོལ་བ་གདབ་པ་ནི། ཧོ། རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །དྲེགས་པ་རྣམས་ལ་དབང་སྒྱུར་བའི། །སྒྲུབ་(༤༧ན)


GLG022_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྣལ་འབྱོར་བདག་ལ་དགོངས། །བདག་ཅག་བྱང་ཆུབ་སེམས་བསྐྱེད་ཅིང་། །འཕགས་མཆོད་འགྲོ་དོན་བགྱིད་དགོངས་པས། །བདུད་དང་འབྱུང་པོ་ལོག་འདྲེན་དང་། །མི་ནག་སྲིན་པོ་གདོང་དམར་གྱིས། །བྱང་ཆུབ་བར་གཅོད་བསྟན་པ་འཇིག །དེ་ཡི་གཉེན་པོར་དྲེགས་པའི་ཚོགས། །ཆོས་སྐྱོང་སྲོག་དབང་མཐུ་རྩལ་ཞུ། །ཞེས་ལན་གསུམ་ཡོན་ཅིག་དབུལ། །དེ་ནས་བླ་མས་འདི་སྐད་དུ། །ཧོ། ཞི་ཁྲོ་ཡོངས་རྫོགས་ལྷ་བསྙེན་ན། །ཆོས་སྐྱོང་རྣམས་ཀྱང་བྲན་འཁོལ་བྱེད། །འོན་ཀྱང་ཞུ་བ་དེ་བཞིན་དུ། །སྣང་སྲིད་དྲེགས་པའི་གཙོ་སྡེ་བརྒྱད། །བྲན་དུ་གཏད་ཀྱིས་དམ་གཙང་སྲུངས། །ཞེས་གནང་བ་སྦྱིན་ནོ། །དེ་ཡང་བདག་ངན་ལ་ཁྱི་བཙོངས་ཀྱང་མི་ཆུན་པ་དང་འདྲ་བས་སློབ་བུ་ཉིད་རང་བཞིན་བདེ་གཤེགས་ཡོངས་རྫོགས་ལ་རྣམ་པ་ཕྱག་རྡོར་བསྒོམས་ལ་རྡོ་རྗེ་དྲིལ་བུ་གཏད་དེ། ཧཱུཾ། དུས་མཆོག་བཟང་པོ་དེ་ནས་ནི། ཁྱོད་ཀྱང་ཕྱག་རྡོར་སྐུ་རུ་བསྒྱུར། །དཔལ་ཆེན་ཕྱག་ན་རྡོ་རྗེ་ཡི། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །འཕྲིན་ལས་ལྔ་རུ་དབང་ཡང་བསྐུར། ཁྱོད་ཀྱང་ཕྱག་རྡོར་སྐུར་གྱུར་ནས། །དྲེགས་པ་ཀུན་གྱི་གཉེན་པོ་སྟེ། །ཐམས་ཅད་དབང་སྡུད་ཚར་གཅོད་ཤོག །ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ཧོ། བུ་ཁྱོད་དཔལ་ཕྱག་ན་རྡོ་རྗེའི་དབང་བསྐུར་བས། ལུས་ངག་ཡིད་གསུམ་མཐུ་སྟོབས་ཀྱི་བདག་པོའི་སྐུ་གསུང་ཐུགས་སུ་གྱུར་ནས་དྲེགས་པ་སྡེ་བརྒྱད་དབང་དུ་སྡུད་ཟིལ་གྱིས་གནོན་བྲན་དུ་འཁོལ་བའི་དབང་ཐོབ་པར་གྱུར་ཅིག །དེས་ནི་ཇོ་བོས་ཇོ་བོ་ལ་བྲན་གཏད་པ་དང་འདྲ་སྟེ། སྡེ་བརྒྱད་ཁོལ་ནུས་པ་ཡིན་ནོ། །དེ་ནས་ཙཀླི་རྣམས་སྦམས་ཏེ་སློབ་(༤༧བ)


GLG022_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་སྲུང་མར་གཏད་པ་ནི། ཧཱུཾ། ཞེ་སྡང་དབང་གི་དྲེགས་པ་ནི། །གཤིན་རྗེ་བདུད་ཀྱི་རྒྱལ་པོ་ཡིན། །དབང་བསྡུས་ཟིལ་གྱིས་མནན་ནས་ནི། །བྲན་དང་ཁོལ་པོ་ཡང་གཡོག་དང་། །འབངས་ཀྱི་ཚུལ་དུ་ཁྱོད་ལ་གཏད། །གཉེན་པོའི་སྒྲུབ་པ་ཡུན་མ་ཐུང་། །བཀའ་དང་དམ་ལ་གནས་པར་འགྱུར། །ཡ་མ་རཱ་ཛ་ས་མ་ཡ་ཛཿཔ་ཤཾ་ཀུ་རུ་ཧཱུཾ་ཕཊ། ཅེས་གཤིན་རྗེ་གཏད་ལ། སློབ་བུའི་ཞབས་འོག་གཏད་དེས་འགྲེའོ། །ཧཱུཾ། འདོད་ཆགས་དབང་གི་དྲེགས་པ་ནི། །མ་མོ་མཁའ་འགྲོའི་རྒྱལ་མོ་ཡིན། །དབང་བསྡུས་༝། །བྲན་དང་༝། །འབངས་ཀྱི་༝། །གཉེན་པོའི་༝། །བཀའ་དང་དམ་༝། །ཏྲག་རག་ཤ་ཁ་མུན་ཏྲ་ཛ། པ་ཤཾ་ཀུ་རུ་ཧཱུཾ་ཕཊ། ཧཱུཾ། ང་རྒྱལ་དབང་གི་དྲེགས་པ་ནི། །རྒྱལ་པོ་གིང་གི་ཚོགས་ཡིན་ཏེ། །དབང་བསྡུས༝། །བྲན་དང་༝། །འབངས༝། །གཉེན་པོའི༝། །བཀའ་དང་༝། །ཏྲི་དུ་རུ་ཧྲིང་དུ་རུ་ཧར་ཏི་ཛ་པ་ཤཾ་ཀུ་རུ་ཧཱུཾ་ཕཊ། ཧཱུཾ། ཕྲག་དོག་དབང་གི་དྲེགས་པ་ནི། །རྨུ་དང་བཙན་གྱི་ཚོགས་ཡིན་ཏེ། །དབང་དུ༝། །བྲན་དུ༝། །འབངས༝། །གཉེན༝། །བཀའ༝། །ག་ཤུ་ལ་རཱ་ཙ་ཙ་ཏི་ན་ཏྲ་ཤ་ཡ་ཛ། པ་ཤཾ་ཀུ་རུ་ཧཱུཾ་ཕཊ། ཧཱུཾ། ལས་ཀྱི་དབང་གི་དྲེགས་པ་ནི། །དགྲ་ལྷ་མ་སངས་ཚོགས་ཡིན་ཏེ། །དབང་དུ། །བྲན་དུ། །འབངས། །གཉེན། །བཀའ། །བཛྲ་ས་དུ་ས་མ་ཡ་རཱ་ཛ་ཏྲི་ཛ་པ་ཤཾ་ཀུ་རུ་ཧཱུཾ་ཕཊ། ཧཱུཾ། ང་རྒྱལ་སྟོབས་ཀྱི་དྲེགས་པ་ནི། །གནོད་སྦྱིན་སྲིན་པོའི་ཚོགས་ཡིན་ཏེ། །དབང་༝། །བྲན༝། །འབངས༝། །གཉན༝། །བཀའ༝། །ཧྲི་བཛྲ་ཡཀྵ་བཛྲ་ཧྲིཾ་ཧྲིཾ་ཛ་པ་ཤཾ་ཀུ་རུ་ཧཱུཾ་ཕཊ། །ཧཱུཾ། གཏི་མུག་དབང་གི་དྲེགས་པ་ནི། །ཀླུ་དང་ཀླུ་བདུད་ཚོགས་ཡིན་ཏེ། །དབང་༝། །(༤༨ན)


GLG022_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བྲན༝། །འབངས༝། །གཉེན༝། །བཀའ༝། །ནཱ་ག་རཱ་ཛ་ས་མ་ཡ་ཕུ་ཛ་པ་ཤཾ་ཀུ་རུ་ཧཱུཾ་ཕཊ། ཧཱུཾ། འཇིག་རྟེན་ལས་ཤུགས་དྲེགས་པ་ནི། །གཟའ་དང་གདོང་མོའི་ཚོགས་ཡིན་ཏེ། །དབང༝། །བྲན༝། །འབངས༝། །གཉེན༝། །བཀའ་དང་༝། །རཱ་ཧུ་ལ་མ་མ་ཏྲིག་ཛ་པ་ཤཾ་ཀུ་རུ་ཧཱུཾ་ཕཊ། ཅེས་ཞབས་འོག་ལན་རེ་ཕྱུང་སྟེ་ཐོད་པར་བཀྲམ་ལ་ཨ་མྲྀ་ཏས་གསོ་བ་ནི། ཨཱོཾ་ཨཾ་ཧཱུཾ་ས་མ་ཡ་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི། སྙིང་ཉེ་བྲན་ཕོ་བྲན་མོའི་ཚོགས། །དམ་ལས་མ་འདའ་ས་མ་ཡཱ། །བདག་གི་སྲུང་མར་མངའ་གསོལ་ལོ། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་སྟོད། །རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་སྒྲོལ། །ཞེས་སྲུང་མར་བཟུང་ཞིང་གཏོར་མ་མ་ཆག་པར་བཏང་ངོ་། །སྲོག་དབང་དུ་འདུས་པར་དབང་བསྐུར་བ་ནི། གོང་གི་སློབ་བུས་ཞུ་ཕུལ་ཕྱག་རྡོར་གྱི་དབང་ཚར་བའི་རྗེས་སུ་བླ་མས་དཔེ་རྒྱུད་སྒྲུབ་ཐབས། འཕྲེང་བ་དྲེགས་པ་སྡེ་བརྒྱད་དམ་གང་མོས་སྐུ་རྣམས་སློབ་བུའི་སྤྱི་བོར་བཞག་སྟེ། ཨེ་མ་རིགས་མཆོག་གསང་བའི་བུ། །འཇིག་རྟེན་དྲེགས་པ་སྡེ་བརྒྱད་ཚོགས། །ཡོངས་རྫོགས་དཔལ་གྱི་བཀའ་སྲུང་སྟེ། །དེ་རིང་ཁྱོད་ཀྱི་རྒྱུད་ལ་བསྒོ། །དྲེགས་པའི་སྲོག་ཤིང་ཁྱོད་ལ་སྦྱིན། །བསད་གསོད་དབབ་བཅད་བསྲུང་དང་བཟློག །དྲག་པོའི་ལས་ཀུན་ཁྱོད་གྱིས་ཤིག །ཅེས་དྲེགས་པ་གང་སྟོད་སྲོག་སྙིང་མཇུག་ཏུ། ཨཱོཾ་ཨ་ཛ་ལི་སི་ཏི་ཧཱུཾ་ཨཱཿ ས་ལ་ཏེ་སི་ཏི་སི་ཏི་ཨ་ཧཱུཾ། སརྦ་ཀརྨ་སི་ཏི་ཧཱུཾ། ཧོ། དེ་ལྟར་དབང་ཐོབ་དྲེགས་པ་དངོས། །ཁྱོད་དང་ཁྱད་པར་ཅི་ཡང་མེད། །དབང་མ་ཐོབ་ན་འབྲས་བུ་མེད། །ས་བོན་མེད་པའི་སོ་ནམ་འདྲ། །དེ་ཕྱིར་(༤༨བ)


GLG022_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་དབང་སྲོག་སྦྱིན་ཟུང་། །ཞེས་བསྐུར་རོ། །དེ་ནས་གནད་ཀྱི་ཁྱིམ། སྲོག་གི་ཁྱིམ། མི་སླུ་བ་རྡོ་རྗེའི་ཁྱིམ་གསུམ་ཚར་གཅིག་བཟླས། དེ་ནས་དྲེགས་པའི་སྲོག་ཆིག་དྲིལ་གྱི་དབང་བསྐུར་ཏེ། ཧཱུཾ། འཇིག་རྟེན་ཁམས་ཀྱི་དྲེགས་པ་རྣམས། །རང་གི་རྟོག་ཚོགས་ཁོ་ན་སྟེ། །ཕོ་མོ་སྟོང་གི་དྲ་བར་འདུས། །སྟོང་དྲ་སྡེ་དཔོན་སུམ་ཅུར་འདུས། །དེ་ཉིད་སྔགས་བདག་བཅོ་བརྒྱད་འདུས། །དེ་ནས་དྲེགས་པ་བཅུ་གཉིས་འདུས། །དེ་ནི་ལྷ་སྲིན་སྡེ་བརྒྱད་འདུས། །དེ་ཡང་འབྱུང་ལྔའི་ལྷ་འདྲེར་འདུས། །དེ་ཉིད་ཕོ་མོ་ཀླུ་གསུམ་འདུས། །དེ་ཡང་ཕོ་མོ་གཉིས་སུ་འདུས། །དེ་ཉིད་མ་ནིང་ནག་པོ་སྟེ། །འདི་ནི་ཀུན་གྱི་མི་ཐུབ་སྟེ། །གཞན་གྱིས་སྲུང་བཟློག་མི་ནུས་པས། །ངར་འཛིན་རུ་ཏྲའི་རྒྱལ་པོ་སྟེ། །ཡོངས་རྫོགས་གཞལ་ཡས་ཁང་གི་གདན། །གཅིག་ཤུར་དུར་ཁྲོད་བདག་པོ་སྟེ། །མ་རིག་ན་ནི་རང་གི་བདུད། །རིག་ན་རྣམ་དག་ཧེ་རུ་ཀཿ། །སྟོང་སྲོག་རང་རིག་ཆོས་སྐུར་བཅད། །རང་རྩལ་མཐུ་སྟོབས་དབང་བསྐུར་རོ། །ཨེ་ཧུར་ཐུམས་ཛ་རྦད་ཨ་བྷི་ཤིན་ཙ་ཨ། ཞེས་སྲོག་དབང་དེས་ནི་དམག་དཔོན་རིན་པོ་ཆེ་ཆས་པ་ལྟར། དྲེགས་པའི་ཚོགས་ལ་རང་དབང་མེད་པར་དབང་དུ་འདུའོ། །དེ་ནས་ཞལ་གདམས་ཀྱི་དབང་བསྐུར་བ་ནི། །ཧོ། འཇིག་རྟེན་ལྷ་སྲིན་འདི་དག་ཀྱང་། །ལ་ལས་བདེ་གཤེགས་ཞལ་མཐོང་བས། །དགོངས་པ་མྱ་ངན་འདས་མོད་ཀྱང་། །སྤྱོད་པ་འཇིག་རྟེན་པ་ཡི་ཚུལ། །དམ་ལ་བཏགས་པའི་དབང་གི་བུ། །ད་རུང་འཇིག་རྟེན་བྱ་མ་བཏང་། །དགེ་བའི་ལས་ལ་མོས་པ་དང་། །དམ་ལས་མ་ཐོགས་ལས་ངན་པས། །ས་བོན་རྩུབ་པས་ཕན་གནོད་ཆེ། །འགའ་ཞིག་བདེ་གཤེགས་ཞལ་མ་གཟིགས། །ཆོས་ལ་མི་དད་ནག་པོའི་ཚོགས། །རིང་ཐུང་ཆད་འཕེལ་ལེགས་ཉེས་སྤྲུལ། །(༤༩ན)


GLG022_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མེད་ཟས་སུ་ཕུད་གཏོར་ཉུལ། །དེ་འདྲ་འཇིག་རྟེན་ཚོགས་མ་བསགས། །གདོལ་པ་རྒོད་ཀྱི་རིགས་མངས་བས། །ཨེ་མ་རྣལ་འབྱོར་བུ་ཁྱོད་ཀྱང་། །དྲོད་སོགས་རིམ་གྱིས་མ་ཐོབ་པར། །མངལ་སྐྱེས་ལུས་ལ་བརྟན་ནས་ནི། །དཔའ་བསྙེམས་བརྟུལ་ཞུགས་ང་རྒྱལ་གྱིས། །ལྷ་སྲིན་དྲེགས་པ་གདུལ་མི་བྱ། །བསོད་ནམས་རླུང་རྟ་གུད་དུས་སུ། ཁོངས་སུ་ཡལ་བར་ཅི་ལ་འཇོག །རྒྱུ་འབྲས་ཆོས་ཉིད་རང་སྣང་ཡིན། །སྤྱོད་པ་མ་རྩིང་རྣལ་འབྱོར་པ། །མོས་སྤྱོད་ཆོས་སྒོར་བཞུགས་པས་ཀྱང་། །ལྷ་སྲིན་སྡེ་བརྒྱད་ལ་སོགས་པ། །བླ་མའི་ཆོས་གཞུང་སྲུང་མ་དང་། །གནས་དེར་གནས་བསམ་ཡུལ་གྱི་ལྷ། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །གསོལ་ཀ་མཆོད་པ་བྱས་ན་ཤིས། །བླ་མ་སངས་རྒྱས་རྟག་ཏུ་མཆོད། །མཆོད་རྟེན་དམོད་མོ་གང་སྒྲུབ་ཀྱང་། །མཉེས་བྱས་སྒྲུབ་ཐབས་ཚང་བར་ཞུ། །ཕལ་དུ་སྤྱི་མཐུན་རིགས་མ་འདས། །འདོད་ཡོན་མཆོད་གཏོང་བཟང་ན་འགྲུབ། །ལེགས་ཉེས་བསྟང་འཛིན་དངོས་གྲུབ་ནི། །དམ་ཚིག་དགོངས་པ་ལས་འཕྲོ་དང་། །སྒྲུབ་ཐབས་ཟབ་དང་མི་ཟབ་དང་། །གང་ནུས་དངོས་གྲུབ་རིམ་པར་འབྱུང་། །ཡིད་གཉིས་བློ་རྒོད་ལྷངས་སྐྱེས་ན། །ལས་མི་འགྲུབ་པས་ཐེ་ཚོམ་སྤོངས། །ད་ལྟར་བྱས་པས་མ་གྲུབ་ན། །སྤོགས་པའི་ཆོ་གས་ཨར་ལ་གཏད། །དེས་ནི་འཇིག་རྟེན་དངོས་གྲུབ་ཐོབ། །སྤྱི་བསྟན་སྲུངས་ཤིག་རྣལ་འབྱོར་པ། །ལྷ་མ་བསྙེན་པས་འདྲེ་མ་སྒྲུབ། །རང་རྒྱུད་འགྲོགས་ཀྱང་མི་བདེ་བས། །སྐྱོན་ཡང་ཤིན་ཏུ་མང་བར་གསུངས། །ཐམས་ཅད་ཆོས་སྐུའི་རང་རྩལ་དུ། །དགོངས་པ་བསྐྱེད་ཅིང་ཟབ་པར་བྱ། །འདི་དག་བྲན་དུ་བཀོལ་པ་ཡང་། །རྒྱུད་ལ་བྱིན་(༤༩བ)


GLG022_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཐོབ་པ་ཡང་། །རྟོག་ཚོགས་ཉེ་བར་གྱུར་པ་དང་། །གཉིས་མེད་གནས་ལུགས་གཏིང་ནས་རྟོགས། །ཟག་ཟད་འབྱུང་བ་དབང་དུ་འདུས། །བདེན་མཐོང་ཆོས་ཉིད་རང་ལ་རྙེད། །དེ་ལྟ་བུ་ཡི་རྣལ་འབྱོར་པས། །ལས་ལ་བརྩོན་ན་དངོས་གྲུབ་ནི། །དགོངས་པ་དག་ལ་མི་སྒྲིབ་པར། །བདེ་བར་གཤེགས་པ་ཉིད་དང་མཚུངས། །འདས་དང་མ་འོངས་དངོས་གྲུབ་ཀུན། །བླ་མའི་ཐུགས་རྒྱུད་མཉེས་ལས་འབྱུང་། །མཆོག་ཏུ་དམ་ཚིག་གཙོར་བཟུང་ཞིག །ས་མ་ཡ་ཧོཿཞེས་དོན་བཀྲོལ་ལ་བཤད། །དབང་དེ་རྣམས་ཀྱིས་བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་བར་འགྱུར་རོ། །སྐབས་འདིར་ཚོགས་འཁོར་དང་རབ་གནས་བྱའོ། །དེ་ཡན་ཆད་ཀྱིས་ནང་གི་དབང་རིམ་དགུ་ཕྲ་མོ་ཞེ་བདུན་ཚར་རོ། །དེ་ནས་ཐུན་མོང་སློབ་དཔོན་ནུས་པའི་དབང་རིམ་བརྒྱད་ལས། དང་པོ་རྡོ་རྗེ་རྒྱལ་པོ་ནུས་པའི་དབང་བསྐུར་ཏེ། །དབང་རྟེན་ལ་སེང་གེའི་ཁྲི་བཤམ། །རྡོ་རྗེ་དྲིལ་བུ་གདུགས་རྒྱལ་མཚན། །ཨཱ་ལི་དང་ཀཱ་ལིའི་ཡི་གེ་བཤམས་ནས་སློབ་བུ་ཁྲི་ལ་བཞག་སྟེ། ཧཱུཾ། བདེ་གཤེགས་སྲས་པོ་སྐྱེས་བུ་དམ་པའི་མཆོག །སྔོན་གྱི་ཐུགས་དམ་བཀའ་དང་མི་འགལ་ཞིང་། །དགོངས་པ་ཡིད་བཞིན་ནམ་མཁའི་མཐའ་དང་མཉམ། །འཕྲིན་ལས་ཐབས་ཀྱི་རྡོ་རྗེ་སློབ་དཔོན་མཆོག །འགྲོ་བ་མ་ལུས་ཀུན་གྱི་རེ་བ་སྐོང་། སྟོན་མའི་སྒྲོན་མེས་མ་ལུས་ཁ་ལོ་འདྲེན། །ཤེས་རབ་ཐབས་རྫོགས་ཡོན་ཏན་ལྷུན་གྱིས་གྲུབ། །སྡུག་བསྔལ་སྐྱབས་མཛད་མ་རིག་སེམས་ཅན་འདྲེན། །ཆོས་ཉིད་དོན་ལ་མ་ལུས་སངས་རྒྱས་སྦྱོར། །སངས་རྒྱས་གདུང་སོབ་རྡོ་རྗེ་སློབ་དཔོན་མཆོག །གང་ཡིན་སྔོན་དུ་གྱུར་པ་ལྷུན་གྲུབ་པའི། །(༥༠ན)


GLG022_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་ཡོངས་རྫོགས་ཁྱོད་ཀྱིས་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་གྷུ་ཧྱ་ཤྭ་རཱ་བཛྲ་སྭ་ཨཱཏྨ་ཀོ྅ཧཾ། གྷུ་རུ་དྷརྨ་ཤྭ་ར་ཨ་བྷི་ཥིཉྩ་ཨ། རྡོ་རྗེ་སློབ་དཔོན་ནུས་པའི་དབང་ཆེན་པོ་བསྐུར་བས། དམ་ཚིག་དབང་གི་སློབ་དཔོན་ནུས་པའི་དབང་ཐོབ་པར་གྱུར་ཅིག །ཤེས་རབ་རྒྱུད་ཀྱི་སློབ་དཔོན་ནུས་པའི་དབང་། །མན་ངག་ལུང་གི་སློབ་དཔོན་ནུས་པའི༝། །ཉམས་པ་སྐོང་བའི་༝། །བཀའ་བརྒྱུད་ལུང་སྟོན་༝། །རང་བྱུང་མཐའ་བྲལ་དོན་གྱི་སློབ་དཔོན་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་གདུགས་ཕུབ་སྟེ། ཧཱུཾ། གདུགས་མཛེས་གསེར་གྱི་ཡུ་བར་ལྡན། །སྐྱབས་ཆེན་བྱམས་པ་ཆེན་པོ་སྟེ། །ཉོན་མོངས་གདུང་བ་སལ་བ་ཡི། །བཀྲ་ཤིས་གདུགས་ཀྱི་དབང་བསྐུར་ཏེ། ཨཱོཾ་སཱུརྱ་རཏྣ་ཨ་བྷི་ཥིཉྩ་ཧོ། །ཧ་གདུགས་ཀྱི་དབང་བསྐུར་བས། ཉོན་མོངས་པའི་ཚད་པ་སེལ་ཏེ། །ཡེ་ཤེས་ཀྱི་སྣང་བ་སྐྱེས་ནས། །ཐུགས་རྗེ་ཆེན་པོས་འཁོར་བ་ལས་སྐྱབ་པའི་དབང་ཐོབ་པར་གྱུར་ཅིག །དེ་ནས་རྡོ་རྗེ་ཕྱག་གཡས་སུ་གཏད་དེ། ཧཱུཾ། མཆོད་པའི་རྡོ་རྗེ་རྩེ་ལྔ་པ། །སྐུ་ལྔ་ཆོས་ལྔ་དབྱེར་མེད་ཡེ་ཤེས་ལྔ། །ཉོན་མོངས་དུག་ལྔ་འཇོམས་པའི་རྡོ་རྗེ་སྟེ། །ཐབས་མཆོག་རྡོ་རྗེའི་དབང་བསྐུར་ཐོབ་པར་ཤོག །ཛྙཱ་ན་པཉྩ་བཛྲ་ཨ་བྷི་ཥིཉྩ་ཨ་ཨ། ཧོ་རྡོ་རྗེ་རྩེ་ལྔ་པས་དབང་བསྐུར་བས་སྐུ་ལྔ་ཡེ་ཤེས་ལྔའི་དབང་ཐོབ་པར་གྱུར་ཅིག །དེ་ནས་གཡོན་དུ་དྲིལ་བུ་གཏད་དེ། ཧཱུཾ། རྣམ་དག་ཆོས་སྒྲ་དྲིལ་བུ་འདིས། །གསུང་རབ་བཅུ་གཉིས་སྒྲ་བསྒྲགས་པས། །ཡེ་ཤེས་ཆེན་པོ་ཆོས་ཀྱི་དབྱིངས། །ཤེས་རབ་རིག་པར་དབང་བསྐུར་རོ། །དྷརྨ་དྷཱ་ཏུ་ཤབྟ་ཨ་བྷི་ཥིཉྩ་ཨ། ཧོ་དྲིལ་བུས་དབང་བསྐུར་བས། (༥༠བ)


GLG022_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་སྒྲ་སྙན་ལྟ་བུའི་ཡེ་ཤེས་ལས་ཐབས་ཤེས་རབ་དབྱེར་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་རྒྱལ་མཚན་བསྒྲེངས་ཏེ། ཧཱུཾ། འཇིག་རྟེན་གསུམ་མགོན་ཆོས་ཀྱི་རྟོག །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །གསང་སྔགས་སྙིང་པོ་མི་ནུབ་ཕྱིར། །ཡེ་ཤེས་རྒྱལ་མཚན་དབང་བསྐུར་རོ། །ཨཱོཾ་རཱ་ཛ་དྷརྨ་ཤྭ་ར་ཧོ། ཧོ། རྒྱལ་མཚན་གྱིས་དབང་བསྐུར་བས་འཁོར་བའི་རྒྱ་མཚོར་མི་ནུབ་ཅིང་ཐེག་པའི་ཡང་རྩེར་ཆོས་ཀྱི་རྒྱལ་མཚན་བསྒྲེང་བའི་དབང་ཐོབ་པར་གྱུར་ཅིག །དབང་དེས་ནི་རྒྱལ་བུ་ཐང་འཁྱམས་རྒྱལ་སར་ཕྱུང་བ་ལྟར་རྡོ་རྗེ་སློབ་དཔོན་གྱིས་ཟིན་པར་བསྐྱེད་དོ། །དེ་ནས་ཉན་ནུས་པའི་དབང་བསྐུར་ཏེ། དབང་ལྡན་དུ་པུ་ཏི་གཏད་དེ། ཧཱུཾ། ཤེས་རབ་རྣམ་གསུམ་དག་པ་ཡིས། །སྟོན་པའི་སྒྲོན་མར་འགྱུར་བའི་ཕྱིར། །བདེ་གཤེགས་བཀའ་ཡི་བྱིན་རླབས་ལས། །གསང་ཆེན་ཐུགས་ཀྱི་མན་ངག་དང་། །ཐེག་པ་ཕྱི་ནང་མཐའ་དག་ཀུན། །རྣ་བའི་དབང་པོས་ཉན་པ་དང་། །ཤེས་རབ་བློ་ཡིས་འཛིན་པ་དང་། །ཐོས་གྲོལ་ཉན་པའི་དབང་ཐོབ་ཤོག །ཨཱོཾ་དྷརྨ་ཁ་ན་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཉན་པའི་དབང་བསྐུར་བས་བསམ་གྱིས་མི་ཁྱབ་པའི་ཆོས་ལས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ལ་མཐུན་འཇུག་ཉན་པའི་དབང་ཐོབ་པར་གྱུར་ཅིག །ཆགས་ཤིང་གིས་བདུད་རྩི་རྣ་བ་གཉིས་སུ་བཏིག་གོ །དེ་ནས་འདྲི་ནུས་པའི་དབང་བསྐུར་ཏེ། དབང་རྟེན་བྲིས་ཆ་གཏད་དེ། ཧཱུཾ། བདེ་གཤེགས་གསུང་སྒྲོས་བཀའ་རྒྱུད་རྣམས། །ཐེག་པ་ཕྱི་ནང་མཐའ་དག་བསྟན། །ཚིག་དང་ཡི་གེར་གནས་པ་ཡིས། །མི་ནུབ་སྤུན་གྱི་བཙས་སུ་འགྱུར། །འདྲི་ཞིང་ཀློག་པའི་དབང་བསྐུར་རོ། །དྷ་མ་ཁ་ན་ཨཱ་ལི་ཀཱ་ལི་སྭ་བྷཱ་བ་(༥༡ན)


GLG022_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཏྨ་ཀོ྅་ཧཾ། ཧོ། འདྲི་ཀློག་ནུས་པའི་དབང་བསྐུར་བས། ཆོས་ཐམས་ཅད་མི་མཉེལ་བའི་གཟུངས་དང་ལྡན་ཏེ། སྤྲུལ་སྐུ་འགྲོ་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཨ་མྲྀ་ཏས་མཐེབ་མཛུབ་ལ་ཐིག་ལེ་བྱ་ཞིང་། སྣག་སྨྱུག་ཤོག་བུ་གཏད་དོ། །དེ་ནས་ཆོས་འཆད་ནུས་པའི་དབང་སྐུར་ཏེ། དབང་རྟེན་ཀ་པཱ་ལི་བཤད་ཆོས་བཞུགས་པ་གཏད་དེ། ཧཱུཾ། ཤེས་རབ་རྣམ་གསུམ་ཡོངས་རྫོགས་པས། །འདྲེན་པ་བླ་མེད་སྐྱེས་བུར་སྟོན། །ཐེག་པ་མཐའ་དག་སྒྲུབ་མཐུ་མངའ། །ཤེས་རབ་རིག་པའི་མཛོད་ཁ་ཕྱེ། །ཚངས་པའི་གསུང་དབྱངས་ཀུན་གྱིས་གོ །ཆོས་བཀའ་ཐེག་པ་ཡོངས་རྫོགས་པ། །འཆད་པར་ནུས་པའི་དབང་བསྐུར་རོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཤཔྟ་དྷརྨ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཧོ། ཆོས་བཤད་ནུས་པའི་དབང་བསྐུར་བས། གསུང་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་རྒྱུ་འབྲས་གང་འདུལ་ཆོས་ཀྱི་དད་ལྡན་སྐྱེས་བུའི་ཡིད་ཚིམ་པར་སྒྲོག་ནུས་པའི་དབང་ཐོབ་པར་གྱུར་ཅིག །ཨ་མྲྀ་ཏ་ལྕེ་ལ་བཞག་ག །དེ་ནས་སྒྲུབ་ནུས་པའི་དབང་བསྐུར་ཏེ། །དབང་བརྟེན་ཙཀ་ལི་བམ་པོ་ཕྲེང་བར་དྲིལ་ལ། །ཧཱུཾ། རྣལ་འབྱོར་ཆེན་པོ་སྐུ་གསུང་ཐུགས་ཀྱི་བདག །སྡུག་བསྔལ་གནས་ཉིད་བྱང་ཆུབ་བདེ་བསྒྲུབ་ཕྱིར། །རྫས་ཉིད་ཡེ་ཤེས་ལྔར་བསྒྲུབ་ཕྱག་རྒྱའི་ཚོགས། །རྣམ་ཤེས་ཕུང་པོ་རྣམ་ལྔ་དཀྱིལ་འཁོར་ཆེ། །སྐྱེ་མཆེད་ཁམས་རྣམས་སངས་རྒྱས་མང་པོའི་ལྷ། །བདེ་གཤེགས་ཐབས་ཀྱི་འབྲས་བུས་གང་ཡིན་པ། །བདེ་གཤེགས་ལྷ་རྣམས་སྒྲུབ་བྱེད་དབང་ཐོབ་ཤོག །ཨཱོཾ་ཡོ་ག་སརྦ་དྷརྨ་མཧཱ་ཏ་ཐཱ་ག་ཏ་མཧཱ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྒྲུབ་པའི་དབང་བསྐུར་བས་ཁྱོད་ཀྱི་ཕུང་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོའི་རང་བཞིན་དུ་གྱུར་ནས་(༥༡བ)


GLG022_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་གྱི་ལྷ་བསྙེན་ཅིང་བསྒྲུབ་པའི་དབང་ཐོབ་པར་གྱུར་ཅིག །དེ་ནས་སྒོམ་པའི་དབང་བསྐུར་ཏེ། རྫས་ནི་བྱང་སེམས་དཀར་དམར། །ཚ་བ་གསུམ། ཚ་སྣ་གསུམ། སུཀྨེལ་བུ་རམ་གྱིས་མགོ་བསྡུས་པའི་རིལ་བུ་བཅུ་གསུམ་ཀ་པཱ་ལ་ཆང་དང་སྦྱར་ཏེ། ཧཱུཾ། ལུས་ལ་རྩ་རླུང་ཐིག་ལེའི་བྱང་སེམས་གནས། །དེ་དག་སངས་རྒྱས་ཀུན་གྱི་རང་བཞིན་ཏེ། གཞན་དུ་བསྒོམ་བྱ་སྒོམ་བྱེད་ག་ལ་ཡོད། །དབུ་མ་སྙིང་པོའི་རྩ་རུ་སེམས་གནས་ཕྱིར། །རྩ་རླུང་ཐིག་ལེ་དྲོད་ཀྱིས་དབང་བསྐུར་རོ། །ཨཱོཾ་བཛྲ་ཙཎྜ་ལི་རཾ་སརྦ་ཏ་ཐཱ་ག་ཏ་ཤ་རཱི་རཾ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཧོ། རྩ་རླུང་ཐིག་ལེ་དྲོད་ཀྱི་དབང་བསྐུར་བས། བདེ་དྲོད་རྟོགས་པ་ཡོངས་སུ་རྫོགས་ནས་ཕྱིར་མི་ལྡོག་པའི་དབང་ཐོབ་པར་གྱུར་ཅིག །ཅེས་ཆང་རིལ་རྫོགས་པར་བླུད་དེ། རས་དམར་པོ་གཅིག་བཀོན་ལ་སྟོང་ར་དམར་པོ་རྒྱ་རྫ་བསྲེགས་པ་ལྟ་བུ་ཞག་བདུན་དུ་བསྒོམ་དུ་བཅུག་ལ། གཏུམ་མོ་རྩ་རླུང་ཁྲིད་རིམ་གདབ་བོ། །དབང་དེས་ནི་རྩ་རླུང་ཐིག་ལེ་ཡོངས་རྫོགས་སུ་བསྒོམ་པའི་དབང་ཐོབ་པ་ཡིན་ནོ། །དེ་ནས་དབང་རྟེན་བཀའ་རབ་འབྱམས་ནུས་པའི་དབང་བསྐུར་ཏེ། དབང་རྟེན་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་དབྱངས་ཡིག་བཅུ་དྲུག་དང་། ཀ་ཁ་ག་གྷ་ང་། །ཙ་ཚ་ཛ་ཛྷ་ཉ། །ཊ་ཋ་ཌ་ཌྷ་ཎ། །ཏ་ཐ་ད་དྷ་ན། །པ་ཕ་བ་བྷ་མ། །ཡ་ར་ལ་ཝ། །ཤ་ཥ་ས་ཧ་ཀྵ། ཞེས་པ་གསལ་བྱེད་སུམ་ཅུ་སོ་བཞི་སྟེ། ལྔ་བཅུ་པོ་མཚོན་བསྒྱུར། བྱང་བུ་ལ་བཀོད་པ་ནི་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བའི་རང་བཞིན་ཏེ། བཀའ་རབ་འབྱམས་ཆོས་སྒོ་ཐམས་ཅད་ཀྱི་རྩ་བ། གཟུགས་སུ་སྣང་ཅིང་། ངོ་བོ་སྟོང་པ། སྒྲར་སྣང་ཞིང་གྲག་སྟོང་དབྱེར་མེད། (༥༢ན)


GLG022_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་རྟོག་ཏུ་སྣང་ཞིང་རང་བཞིན་མེད་པ། བློ་ལས་འདས་ཤིང་བློ་ངོ་བོ་ཉིད་དུ་གྲོལ་བ། སྐུ་གསུམ་ལྷུན་གྱིས་གྲུབ་པའི་དབང་བསྐུར་ཏེ། སློབ་བུ་ལ་ཡི་གེ་རིམ་པར་གཏད་ཅིང་འདི་སྐད་དོ། །ཨ། སྐྱེ་མེད་བློ་འདས་དེ་བཞིན་ཉིད། །ཨཱ་དངོས་མེད་རང་བཞིན་སྤྲོས་བྲལ་ཅིར་ཡང་སྣང་། ཨི།རང་བཞིན་སྐྱེ་མེད་དབྱིངས་སུ་ཐིམ། ཨཱི།འཁོར་འདས་གཉིས་མེད་ཀ་ནས་དག །ཨུ། སེམས་ཉིད་ངང་གདངས་ཅིར་ཡང་སྣང་། ཨཱུ། ཐ་སྙད་མཚོན་དཔེ་ཀུན་ལས་འདས། །རྀ་བསམ་བརྗོད་བློ་ཡུལ་ཀ་ནས་དག །རཱྀ་འཕོ་འགྱུར་མེད་པ་སྙིང་པོའི་ཀློང་། །ལྀ་སྐྱེ་འཇིག་མེད་པའི་ཆོས་སྐུར་རྫོགས། །ལཱྀ་རང་རྩལ་སྐུ་གཉིས་འགྲོ་བ་སྒྲོལ། །ཨེ་སྐྱེ་འགག་གཉིས་མེད་རྣམ་པར་དག །ཨཻ་འོད་གསལ་ཡེ་ཤེས་ཀློང་རེ་ཡངས། །ཨོ་དྲན་མེད་ཡིད་ལ་བྱ་བ་མེད། །ཨཽ་ཡིད་གཉིས་རྩད་ཆོད་སྐྱེ་ཤི་བྲལ། །ཨཾ་བག་ཆགས་འཁྲུལ་པ་དབྱིངས་སུ་ཟད། །ཨཿཟངས་ཐལ་འགྱུར་མེད་ཡེ་སངས་རྒྱས། །ཨཱ་ལི་བཅུ་དྲུག་དབྱངས་ཀྱི་དབང་། །ཆོས་ཀུན་ཕྱི་མོའི་དབང་ཐོབ་ཤོག །ཅེས་ཀ་ཕྱི་མོའི་དབང་བསྐུར་རོ། །ཀ །ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། ཁ། རྩལ་ཟེར་དང་གདངས་སྙིང་པོ་ཐིམ། ག །ཟངས་ཐལ་ཡེ་ཤེས་རང་སར་གྲོལ། །གྷ། མུན་སངས་འོད་གསལ་ཀ་དག་ཉིད། །ང་། གཞི་རྩ་མེད་པའི་སེམས་ཉིད་བདེ། །ཙ། ཡིད་རིག་འགྱུར་མེད་དྲན་པ་དག །ཚ། འཕྲུལ་རྐྱེན་གཡོ་རླུང་རང་སར་གྲོལ། །ཛ། འགྲོ་དྲུག་གཡང་ས་དེ་རུ་གྲོལ། །ཛྷ། ཐམས་ཅད་ཡིད་གཉིས་གཟུང་འཛིན་ཆོད། །ཉ། གསང་བའི་སྒྲ་གསུམ་རང་སར་བསྒྲལ། །ཊ། རིག་མེད་རང་གྲོལ་གཞི་རྩ་དག །ཋ། འཛིན་པའི་བདུད་བཞི་དུས་གཅིག་བཅོམ། །(༥༢བ)


GLG022_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཌ། འགྱུར་རིག་བརྟགས་སྣང་ཆོས་སྐུར་དག །ཌྷ། ཐམས་ཅད་འཛིན་མེད་རྒྱས་ཐེབས་པ། །ཎ། བརྗོད་མེད་ཤེས་རབ་སྙིང་པོ་ཐོབ། །ཏ། སྟོང་ལས་དྲན་ཤར་རང་སར་བརླག །ཐ། སེམས་ལས་རྟོགས་བྱུང་ངང་དུ་དངས། །ད། སྒོ་ལྔ་ཡུལ་ལ་འཛིན་མེད་གྲོལ། དྷ། འཛིན་མེད་དོན་གྱི་སྙིང་པོ་སྡུད། །དྷ། བསྡུས་ཀྱང་འཕེལ་འགྲིབ་མེད་པར་གནས། །ན། སྤྲོས་པ་ཐམས་ཅད་གཞི་ཐོག་ཆོད། །པ། རིག་པ་དྲི་མེད་རྣམ་པར་དག །ཕ། སྙིང་པོ་མཐའ་བྲལ་དབུས་མ་གྲུབ། །བ། མ་བཅོས་བསམ་འདས་ངང་མདངས་ཉིད། །བྷ། སྐྱེ་མེད་ཀ་དག་ཟངས་ཐལ་ཉིད། །མ། རྟོལ་སྐྱེས་ངང་མདངས་རང་སར་ཐིམ། །ཡ། ཅང་མེད་དངོས་མེད་མུ་མཐའ་ཡས། །ཝ། རྣམ་དག་དཔེ་མེད་གཟའ་གཏད་བྲལ། །ར། བློ་ཡུལ་མཚོན་ཆ་མཚོན་བྱེད་དག །ལ། དུས་གསུམ་ཟངས་ཐལ་ཐོད་རྒལ་མཆོག །ཤ །མི་རེ་མི་དོགས་ལྟ་དགོངས་རྩིས་ལས་འདས། ཥ། མ་རིག་ཡེ་ཤེས་དབྱེར་མེད་གནས། །ས། དབྱེ་གསལ་རྩིས་གདབ་འགྱུར་མེད་བསྟན། །ཧ། རང་སངས་གཞན་སངས་ཐམས་ཅད་སངས། །ཀྵ། ངར་འཛིན་དག་པས་ཆོས་སྒོ་རབ་འབྱམས་རྫོགས། །ཀཱ་ལི་སུམ་ཅུ་ཡེ་ཤེས་དབང་། །ཆོས་སྒོ་ཡོངས་རྫོགས་དབང་ཐོབ་ཤོག །ཧོ། སྣང་བ་ཐམས་ཅད་ཀྱང་རྒྱལ་བའི་བཀའ་སྟེ་ཡི་གེར་མ་གྱུར་པའི་སྐུ་གཟུགས་རྡུལ་ཙམ་ཡང་མེད་དོ། །གྲག་པ་ཐམས་ཅད་ཀྱང་རྒྱལ་བའི་བཀའ་སྟེ་ཡི་གེར་མི་གྲགས་པའི་གསུང་སྒྲ་ལྷང་ཙམ་ཡང་མེད་དོ། །དྲན་རིག་ཐམས་ཅད་ཀྱང་རྒྱལ་བའི་བཀའ་སྟེ། །ཡི་གེར་མི་དྲན་པའི་འཕྲོ་འདུ་རྟོག་པ་འགྱུ་ཙམ་ཡང་མེད་དོ། །ཐམས་ཅད་བཀའ་ལས་འདའ་བ་མེད་པས་བཀའ་རབ་འབྱམས་ཀྱི་དབང་ངོ་། །འདབ་པ་མེད་པའི་རབ་(༥༣ན)


GLG022_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་ནི། །ཡི་གེ་ཉིད་དང་ཡི་གེ་མེད་པའི་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུའོ། །ཞེས་ངོ་སྤྲད་རྗེས་སུ། ཨཱ་ལི་ཀཱ་ལི་ཚར་གསུམ་བརྗོད་དེ། སློབ་བུའི་སྙིང་པདྨ་འདབ་བརྒྱད་དུ་གསལ་བ་ལ་བཀོད་པར་བསམ་མོ། །དེ་ལས་འོད་འཕྲོསམཁའ་ཁྱབ་ཆོས་སྒྲ་ཐེག་པ་སྣ་ཚོགས་ཆོས་སྒོ་མཐའ་ཡས་གྲགས་པར་བསམ། སླར་འདུས་པས་སྟོང་གསལ་བརྗོད་མེད་ཤེས་རབ་སྙིང་པོ་འགྱུར་བ་མེད་པའི་ངང་དུ་བསྒོམ། དབང་དེས་ནི་ཆོས་སྒོ་མཐའ་དག་གི་བཀའ་ལ་རབ་འབྱམས་པའི་དབང་ཐོབ་བོ། །དཔེར་ན་འཇམ་དབྱངས་ཀྱི་ཆོས་སྒོ་ཐམས་ཅད་ལ་མངའ་བརྙེས་ཏེ་བཤད་དབང་ཐོབ་པ་ལྟ་བུའོ། །དབང་དེ་ཡན་ཆད་ཀྱིས་རཏྣ་ལྔ་ལྡན་གྱི་ཐོག་ལྟ་བུས་ས་ཐམས་ཅད་ཡོངས་སུ་རྫོགས་ཤིང་། ཆོས་རྒྱལ་ཀུན་ཏུ་བཟང་པོའི་དབང་ཐོབ་པར་ངེས་ཤེས་བསྐྱེད་དོ། །དེ་ཡན་ཆད་ཀྱིས་ནུས་པའི་དབང་རིམ་བརྒྱད་ལས་ཕྲ་མོར་ཕྱེ་བས་དྲུག་ཅུ་རྩ་གཉིས་ཀྱིས་བསྟན་ནོ། །ཚོགས་འཁོར་རབ་གནས་བྱའོ། །དེ་ནས་ཐུན་མོང་ཕན་པའི་དབང་རིམ་ལྔ་བསྐུར་བ་ལ། དང་པོ་ཕུན་སུམ་ཚོགས་པ་རིན་པོ་ཆེ་སྣ་བདུན་གྱི་ཕན་དབང་བསྐུར་བ་སྟེ། དབང་རྟེན་མཐིང་ཤོག་ལ་གསེར་གྱིས་རིན་པོ་ཆེ་སྣ་བདུན་བྲིས་ལ། །ཆོ་ག་རྒྱབ་ཏུ་བཀོད་དེ། རིམ་པར་བསྐུར་བ་ནི། ཧཱུཾ། འཁོར་ལོ་རིན་ཆེན་དབང་བཅུར་ལྡན། །འཁོར་བའི་འཁོར་རྒྱུན་རབ་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིང་། །ས་བཅུའི་འབྲས་བུའི་དབང་ཐོབ་ཤོག །ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཨ། །ཧཱུཾ། བཙུན་མོའི་རིན་ཆེན་བསོད་ནམས་གཏེར། །ཕ་རོལ་ཕྱིན་བཅུ་གཟུངས་དང་ལྡན། །ཚེ་དབང་ལོངས་སྤྱོད་རྒྱས་གྱུར་ཅིག །ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག །པྲཛྙ་པ་ར་མི་ཏ་ཨ་བྷི་ཥིཉྩ་ཨ། ཧཱུཾ། ནོར་བུ་རིན་(༥༣བ)


GLG022_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མཆོག་གསུམ་གནས། །འཁོར་བའི་སྐྱོན་སེལ་བདེ་བ་འབྱུང་། །ཡིད་བཞིན་རེ་སྐོང་གཏེར་མངའ་ཞིང་། །ལྷག་མཐོང་ཤེས་རབ་དབང་ཐོབ་ཤོག །ཙིནྟ་རཏྣ་ཨ་བྷི་ཥིཉྩ་ཨ། ཧཱུཾ། ཁྱིམ་བདག་རིན་ཆེན་ནོར་བདུན་ལྡན། །གང་ལ་ཅི་འདུལ་དཔག་བསམ་འདྲ། །གཞན་དོན་ཚོགས་གཉིས་མྱུར་རྫོགས་ཤིང་། །ཤེས་བྱ་ཐོག་མེད་དབང་ཐོབ་ཤོག །མཧཱ་མ་ཏི་རཏྣ་ཨ་བྷི་ཥི་ཉྩ་ཨ། ཧཱུཾ། བློན་པོ་རིན་ཆེན་དམག་དཔོན་ཆེ། །རྩོན་འགྲུས་གོ་དགོས་འཁོར་ཡུལ་འཇོམས། །ཐབས་ལྡན་མི་འཇིགས་སྐྱབས་སྦྱིན་ཅིང་། །འཇིག་ཚོགས་ལྟ་འཇོམས་དབང་ཐོབ་ཤོག །མཧཱ་ཏི་ར་རཏྣ་ཨ་བྷི་ཥིཉྩ་ཨ། ཧཱུཾ། རྟ་མཆོག་རིན་ཆེན་ས་ལམ་བགྲོད། །འཁོར་བའི་མཚོ་སྒྲོལ་སྤྲིན་ཤུགས་འཆང་། །མི་གནས་ཡེ་ཤེས་གནས་བགྲོད་ཅིང་། །རྫུ་འཕྲུལ་རྐང་བཞིའི་དབང་ཐོབ་ཤོག །ཀརྨ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་ཨ། །ཧཱུཾ། གླང་པོ་རིན་ཆེན་དོན་དམ་ཐེག་པ་ཆེ། །བདུད་སྡེ་དཔུང་བཅས་རབ་འཇོམས་སྟོབས་དང་ལྡན། །སྟོབས་བཅུས་བདག་གཞན་དོན་མཛད་ཅིང་། །ཡང་དག་སྙིང་པོའི་དབང་ཐོབ་ཤོག །ཧ་སྟི་རཏྣ་ཨ་བྷི་ཥིཉྩ་ཨ། །ཧོ། རིན་ཆེན་བདུན་གྱིས་དབང་བསྐུར་བས། སློབ་བུ་རྣམས་ཕུན་སུམ་ཚོགས་པ་བདུན་དང་ལྡན་ནས། དོན་གྱི་སྙིང་པོ་མཐར་ཕྱིན་པར་གྱུར་ཅིག །དབང་དེས་ནི་འཁོར་ལོ་སྒྱུར་རྒྱལ་གྱིས་རྒྱལ་བུ་ལ་ཕོགས་གཏད་པ་ལྟར་ཆོས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ནས་བཀྲ་ཤིས་པར་བྱེད་པ་རྫས་བརྒྱད་ཀྱི་ཕན་དབང་བསྐུར་ཏེ། དབང་རྟེན་དུ་ཡུངས་ཀར། དུར་པ། བིལ་བ་ལང་ཏང་རྩེ། ལི་ཁྲི། གྷི་ཧཾ། ཞོ། མེ་ལོང་། འབུད་དུང་། དེ་རྣམས་རིམ་པར་བསྐུར་ཏེ། ཧཱུཾ། ཡུངས་ཀར་རྒྱལ་(༥༤ན)


GLG022_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཤ་རི་རམ། །བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་བརླབས། །སྟོང་ཕྲག་བརྒྱད་ཅུའི་བགེགས་དཔུང་འཇོམས། །དཔའ་བོ་སྟོབས་ཀྱི་བཀྲ་ཤིས་དབང་ཐོབ་ཤོག །ཧཱུཾ། བཀྲ་ཤིས་རྩྭ་མཆོག་དུར་བ་ནི། །ལྷ་ཡི་དབང་པོས་བྱིན་གྱིས་བརླབས། །ནད་གདོན་གནོད་པ་ཀུན་ལས་རྒྱལ། །སྡུག་བསྔལ་ཞི་བྱེད་བཀྲ་ཤིས་དབང་ཐོབ་ཤོག །ཧཱུཾ། རྫས་མཆོག་བིལ་བ་ལང་ཏང་ཙེ། །རྒྱུ་ཆུང་འབྲས་བུས་འཕེལ་སྟོབས་ཆ། །སྟོབས་དང་མི་འཇིགས་སྐུ་ལྔ་རྫོགས། །སྨིན་རྒྱས་འཕེལ་བའི་བཀྲ་ཤིས་དབང་ཐོབ་ཤོག །ཧཱུཾ། ལི་ཁྲི་མཚལ་ཆེན་ཆུ་ལས་སྐྱེས། །སེམས་དཔའ་བྱིན་རླབས་ཚན་པོ་ཆེན། ཁམས་གསུམ་ལྷ་མི་ཀུན་དབང་སྡུད། །ཐུགས་རྗེ་གཞན་ཕན་བཀྲ་ཤིས་དབང་ཐོབ་ཤོག །ཧཱུཾ། གྷི་ཧཾ་ཁྱུ་མཆོག་ལས་བྱུང་རྫས། །དཀར་བའི་ཆོས་རྣམས་མ་ལུས་འཛིན། །བཞི་བརྒྱ་རྩ་བཞིའི་ནད་ཀུན་སྒྲོལ། །ཤེས་བཅུ་རབ་ལྡན་བཀྲ་ཤིས་དབང་ཐོབ་ཤོག །ཧཱུཾ། ཞོ་ནི་སྙིང་པོ་བཅུད་ཀྱི་གཞི། །དབང་པོ་གཟི་མདངས་བཅུད་ཀུན་སྤེལ། །བསམ་གཏན་ཏིང་འཛིན་ཡོན་ཏན་བསྐྱེད། །སེམས་ཉིད་དྲི་མེད་བཀྲ་ཤིས་དབང་ཐོབ་ཤོག །ཧཱུཾ། མེ་ལོང་ཟླུམ་གསལ་སྐུ་གསུམ་མཚོན། །ཆོས་རྣམས་གཟུགས་བརྙན་རྣམ་དག་ཅིང་། །མ་རིག་བག་ཆགས་རང་སངས་ནས། །མངོན་རྫོགས་སངས་རྒྱས་བཀྲ་ཤིས་དབང་ཐོབ་ཤོག །ཧཱུཾ། དུང་མཆོག་གཡས་འཁྱིལ་རིན་པོ་ཆེ། །གསུང་དབྱངས་ཡན་ལག་དྲུག་ཅུར་ལྡན། །ཡོན་ཏན་རྒྱ་མཚོ་ཚངས་པའི་གསུང་། །ཆོས་སྒྲ་ཀུན་ཁྱབ་བཀྲ་ཤིས་དབང་ཐོབ་ཤོག །སྭསྟི་སརྦ་སྭསྟི། །དྷརྨ་སྭསྟི། བྲུཾ་བྲུཾ་བྲུཾ་ཨ་བྷི་ཥིཉྩ་ཨ། དབང་དེས་ནི་དགའ་ལྡན་(༥༤བ)


GLG022_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཕྲུག་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཀྲ་ཤིས་ལ་དབང་བར་འགྱུར་རོ། །དེ་ནས་ཞི་རྒྱས་དབང་དྲག་ལས་བཞིའི་སྤྱོད་པའི་དབང་བསྐུར་ཏེ། དབང་རྟེན་དུ་ཞི་བ་ལ་རས་སམ་ཤོག་ཤོག་ལ་དུང་ཐལ་ས་དཀར་བྱུགས་ཏེ། ཟླ་བའི་སྟེང་དུ་བུམ་པ་ཨཱོཾ་གྱིས་མཚན་པ་འདྲི། །རྒྱས་པ་ལ་བཀྲ་ཤིས་ས་སེར་བྱུགས་ཏེ་རཏྣ་ཟུར་བརྒྱད་ཏྲཾ་གིས་མཚན་པ་འདྲི། དབང་ལ་རྟག་ཏུ་ཁྲོམ་འདུ་བའི་ས་དམར་པོར་བྱུགས་ལ་ཟླ་གམ་སྟེང་དུ་པདྨ་འདབ་བཞི་ཧྲིང་གིས་མཚན་པ་འདྲི། དྲག་པོ་ལ་དུར་ཁྲོད་ས་ནག་བྱུགས་ལ་ཟུར་གསུམ་སྟེང་དུ་ཕཊ་ཀྱིས་མཚན་པ་འདྲི་སྟེ། དེ་བཞིན་འབྲང་རྒྱས་བཞི་ལ་བཙུགས་ཏེ་སྙིང་གར་དབང་བསྐུར་བ་ནི། ཧཱུཾ། དབྱིངས་ནས་འབར་བའི་སྐུར་སྟོན་པ། །འདོད་པ་བསྒྲུབ་པའི་དཔལ་དུ་ཤར། །ཐམས་ཅད་ཡོངས་རྫོགས་རྒྱས་པའི་ལྷ། །ཞི་བ་ཆེན་པོས་དབང་བསྐུར་རོ། །ཨ་བྷི་ཥིཉྩ་ཨཾ་ཨཱོཾ་ཧཱུཾ་སྭཱ་ཧྲཱི་ཧཱ། སྔགས་འཆང་འདི་ལ་མེའི་འཇིགས་པ་ཞི་བར་གྱུར་ཅིག །འགྲེའོ། །ཆུའི། ནད་ཀྱི། མུ་གེའི། དམག་གི །མཚོན་གྱི། རྒྱལ་པོ་ཆད་པའི། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བསྐུར་རོ། །ཧཱུཾ། དབྱིངས་ནས༝། །འདོད་པ༝། །ཐམས་ཅད་ཡོངས་རྫོགས་རྒྱས་པའི་ལྷ། །རྒྱས་པ་ཆེན་པོའི་དབང་༝། །ཨ་བྷི་ཥིཉྩ་སྭཱ་ཨཱོཾ་ཧཱུཾ་སྭཱ་ཧྲཱིཿཧཱ། ཞེས་བསྐུར་རོ། །སྔགས་འཆང་ཆེ་གེ་མོའི་ཚེ་རྒྱས་པར་གྱུར་ཅིག །བསོད་ནམས༝། །དཔལ༝། །གཟི་བརྗིད་རྒྱས་པར༝། །ལོངས་སྤྱོད༝། །འཁོར་རྒྱས་པར་གྱུར་ཅིག །པུཥྚིཾ་ཀུ་རུ་ཡེ་སྭཱཧཱ། ཧཱུཾ། དབྱིངས་ནས༝། །འདོད་པ༝། །ཐམས་ཅད་ཡོངས་རྫོགས་དབང་གི་(༥༥ན)


GLG022_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ། །དབང་ཆེན་རབ་འབྱམས་དབང་བསྐུར་རོ། །ཨ་བྷི་ཥིཉྩ་ཧྲཱིཿ། ཨཱོཾ་ཧཱུཾ་སྭཱ་ཧྲཱིཿཧཱ། སྔགས་འཆང་འདི་ལ་ལྷ་འདྲེ་མི་གསུམ་བླ་མར༝། །ཕ་མར་མཐོང་ནས༝། །པ་ཤཾ་ཀུ་རུ་ཡེ་སྭཱཧཱ། ཞེས་དབང་བསྐུར་རོ། །ཧཱུཾ། དབྱིངས་ནས༝། །འདོད་པ༝། །ཐམས་ཅད་ཡོངས་རྫོགས་དྲག་པོའི་ལྷ། །མངོན་སྤྱོད་ནུས་པའི་དབང་བསྐུར་རོ། །ཨ་བྷི་ཥིཉྩ་ཧཱ། སྔགས་འཆང་འདིས་དགྲ་བགེགས་རུ་ཏྲ་དམ་སྲི་ཚར་གཅོད་རྡུལ་དུ་རློག་པའི་མཐུ་དང་ལྡན་པར་གྱུར་ཅིག །དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ། ཅེས་བསྐུར་རོ། །དབང་དེས་ནི་འཕྲིན་ལས་བཞི་མྱུར་དུ་འགྲུབ་པར་བྱེད་པ་ཡིན་ནོ། །དེ་ནས་ཚེ་རིང་བའི་དབང་བསྐུར་ཏེ། །དབང་རྟེན་ཚེ་བུམ་བཅས་ནས་ཚེ་དབང་རྒྱས་པར་བསྐུར་བ་སྒྲུབ་ཐབས་སུ་ཤེས་སོ། །བསྡུ་ན་ཚེ་བུམ་སྤྱི་བོར་བཞག་སྟེ། ཧཱུཾ། རྒྱལ་བ་ཞི་ཁྲོ་ཚེ་དབང་བདག །ཅིས་ཀྱང་མི་འགྱུར་མི་ཤིགས་པ། །ཚེ་སྲོག་བླ་ཁུག་རྒྱས་ཐོབ་ལ། །འཆི་མེད་ཚེ་དབང་འདིར་གསོལ་ཅིག །ཨཱོཾ་ཨཱཿཧཱུཾ་སྭཱཧཱ། ཨཱ་ཡུཿཛྙཱ་གཡུ་ཚེ་ཨ་པ་ར་ན་ཡ་ཧཱུཾ་བྷྲཱུཾ་སྭཱཧཱ། ཨཱ་ཡུཿཨ་བྷི་ཥིཉྩ་ཨོཾ་ཨཾ་ཧཱུཾ་སི་ཏི་ཕ་ལ་ཧཱུཾ། ཧོ་ཆེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །ཚེ་སྲོག་རྡོ་རྗེའི་བྲག་བས་སྲ་བར་གྱུར་ཅིག །བརྟན་པར་གྱུར་ཅིག །ཅེས་བསྐུར་རོ། །དབང་དེས་ནི་དུས་མ་ཡིན་པར་འཆི་བ་བཟློག་པར་ངེས་ཤེས་བསྐྱེད་དེ། དེ་ནས་རིགས་བརྒྱུད་འཕེལ་བའི་དབང་བསྐུར་ཏེ། དབང་རྟེན་ནི་ཕན་བཀྲ་(༥༥བ)


GLG022_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ཁང་པ་ལ་མ་རྡལ་དཀར་པོ་གྲུ་བཞི་བྱང་སེམས་དཀར་དམར་ཁྱེའུ་ཞོ་འཐུང་འོ་མས་ཆག་ཆག་གདབ། ཁྱེའུ་བཞི་བསྣོལ་གཟུགས་བྲིས་ལ་དེའི་སྟེང་དུ་གང་ཡིན་ཁྲུས་བྱས་རྒྱན་བཏགས་ལ་བཞག་སྟེ། རྡོ་རྗེ་བརྩེགས་པའི་གཟུངས་གཅིག་སྙིང་གར་གདགས་ཤིང་། ཧཱུཾ། བདེ་གཤེགས་རིག་འཛིན་སྲས་དང་བཅས། །མཁའ་གསང་དབྱིངས་ནས་བྱང་སེམས་ཕོབ། །མི་མོ་འདི་ལ་རིགས་བརྒྱུད་སྤེལ། །བྱང་སེམས་རྡོ་རྗེ་དབང་ཆེན་བསྐུར། །ཨཱོཾ་ཨཾ་ཧཱུཾ་སྭཱ་ཧཱ། ཧཱུཾ། བཛྲ་བཛྲ་སི་ཏི་སི་ཏི། ཨ་བེ་ཤ་ཡ་ཨ་ཨ་པུ་ཏྲ་ཛྙཱ་ན་གཡུ་ཚེ་བྲུཾ་སྭཱཧཱ། པུཥྚིཾ་ཀུ་རུ་ཡེ་སྭཱཧཱ། བླ་མའི་དབང་རྟེན་དུ་ཞག་གསུམ་དབུལ་ལོ། །དབང་དེས་ནི་རྣལ་འབྱོར་པའི་ཆོས་རྒྱུད་མཐའ་རྒྱས་པར་འགྱུར་རོ། །དེ་ཡན་ཆད་ཀྱིས་ཕན་པའི་དབང་རིམ་ལྔ་ལ་ཕྲ་མོ་ཉེར་གཅིག་ཏུ་བསྟན་ནོ། །སྐབས་འདིར་ཚོགས་འཁོར་རབ་གནས་བྱའོ། །དངོས་གཞིའི་ས་བཅད་སོ་དྲུག་པ་སྦྱོར་བའི་ལས་མཐའ་ནི་གཞན་དུ་ཤེས། དངོས་གཞིའི་ས་བཅད་སོ་བདུན་པ་སྒྲོལ་བའི་ལས་མཐའ་ནི་དུར་ཁྲོད་ཀྱིས་ལས་གྲུབ་པའི་འབྲུབ་ཁུང་བང་རིམ་སུམ་ལྡན་དུ་དུག་ཁྲག་རོ་སོལ་གྱིས་ཕྱི་ནག་ནང་དམར་སྲིན་མོ་འགྲོས་སུ་བཙུགས་པའི་ལྟེ་བར་ལིངྒ་མིང་རུས་སོགས་དྲག་སྔགས་སྤྱི་སྡོམ་ནས་བཤད་པ་རྣམས་འཁྲུལ་མེད་དུ་འདྲི། དེའི་ཕྱིར་ཙཀྲ་རྩིབས་སོགས་བརྒྱད་པ་ལ་དམོད་པ་དྲག་སྔགས། རྩིབས་མཚན་ལ་མིང་རུས། དེའི་ཕྱི་རིམ་ལ་རྩིབས་ལོགས་དྲུག་པ་ལ་འཇིག་རྟེན་མཆོད་བསྟོད། །དེའི་ཕྱི་རིམ་མུ་ཁྱུད་ལ་སྒྲུབ་སྡེ་དྲུག་གི་སྔགས་དམོད་པ་སོགས་བྲིས་པ་མན་ངག་ལྟར་ལྟེ་བ་ལ་ཟན་ལིང་དབང་པོ་སྐྱེ་མཆེད་དོད་པའི་ཁོང་པར་བཅུག །དགྲ་དམིགས་(༥༦ན)


GLG022_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསལ་བ་ཡོད་ན་དྲི་མ་དྲུག་ཀྱང་དགོས་པ། མཚོན་གཞི་བཅའ་ནི། སྙིང་གཟེར་ནག་པོར། དམིགས་གཏད་འབེམ་ལ་བཅའ་བའི་དགོངས་གཏད་ཡིན། དེ་ནས་ཉམས་ལེན་དངོས་དོན་གསུམ་གྱིས་བསྟན་པ་ནི། ལས་བྱང་ལ་བརྟེན་ནས་ལྷའི་ཆ་ལུགས་བསྒྱུར་ཏེ། བདག་དཔལ་དུ་གསལ་བའི་དགོངས་པ་དང་གཅིག །བཟླས་པའི་འཛབ་བསྒྱུར་ཏེ་ཕུར་པ་ཡཀྵ་ཀྲོ་དྷར་གསལ་བའི་དགོངས་པ་དང་གཉིས། ཨེའི་དབུས་སུ་ལིངྒ་བཅས་ཏེ་བཟས་པ་པོ་མངོན་སུམ་དུ་གསལ་བས་ཚེས་ཁྲུས་གྲུབ་མཐའ་གཅིག་པའི་དགོངས་པས་གདབ་པའོ། །དང་པོ་ནི་ལས་བྱང་ལྷ་བསྐྱེད་པའི་སྐབས་སུ་ཕོ་བྲང་གླིང་དགུའི་གཙོ་འཁོར་ཐམས་ཅད་ཆོས་ཉིད་དོན་ལ་མི་འགྱུར་བའི་བརྡར། སྐུ་མདོག་མཐིང་ནག་པ། ཆོས་ཐམས་ཅད་གཉིས་མེད་ངོ་བོར་གཅིག་པར་བསྐྱེད། ཐབས་ཤེས་གཉིས་སུ་མེད་པར་སྦྱོར་ཅིང་། ཆོས་སྐུར་ཟངས་ཐལ་བས་ཕུར་པ་འདྲིལ་ཞིང་འདེབས་པར་སྒོམ་མོ། །ཤིན་ཏུ་གསལ་བ་ནི་གནད་ཆེའོ། །དེ་མ་ཡིན་པ་ལས་བྱང་དུས་བཞིར་བསང་། འཛབ་ལས་སྦྱོར་ལུགས་སུ་བགྲང་ངོ་། །གཉིས་པ་འཛབ་བསྒྱུར་བ་ནི། ཏིང་ངེ་འཛིན་གོང་ལྟར་གསལ་བས་དུར་ཁྲོད་ཆས་གོན། ཕུར་བུ་རེ་འདྲིལ་ཞིང་ཁྲོ་རྒྱལ་ཡོངས་རྫོགས་འདུས་པའི་དྲག་སྔགས་གནམ་ཐོག་དང་འདྲ་བ་སོ་ལྔ་པ་འདི་ཀུན་གྱིས་བཟླས་ཏེ། གསལ་དག་ངར་དང་བཅས་པས་འདི་སྐད་དོ། །ཨཱོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨོ་ཀྲོ་ཏཱི་ཤྭ་རཱི། བཛྲ་ཀཱི་ལཱི་ཀཱི་ལཱ་ཡ། མ་ཧཱ་ཡཀྴ་ཀ་ལ་རཱུ་པ། ཀརྨ་རཾ་རཾ། ཛྭ་ལ་རཾ། དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བཟླས་པས་ཞལ་ནས་མེ་འབར། མེ་དཔུང་ཀློང་(༥༦བ)


GLG022_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཚུབ་པ་ཁ་ཆུ་ལྕགས་ཀྱི་ཚ་ཚར་འཕྲོས་པས་དགྲ་བགེགས་བསྒྲུབ་བྱ་རྡུལ་དུ་བརླག་པར་བསམ་མོ། །ཕོ་བྲང་གི་ལྷ་ཕུར་ལ་སྔགས་ཀྱི་འོད་ཟེར་གྱིས་བསྐུལ་བས་ཕུར་པ་ཐམས་ཅད་ཀྱང་ཡེ་ཤེས་ཁྲོ་བོ་ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ་ཞིང་འདེབས་པ། །སྐུ་སྨད་ལྕགས་ཕུར་སོལ་མལ་ནས་འཐོན་པར་ལྟར་ཚ་ཚ་ལྟར་འཁྲུག །རེག་པས་དགྲ་བགེགས་ཐལ་བར་གཏོར་བར་བསམ་ཞིང་བཟླས་པ་དྲག་ཏུ་བྱ། གདབ་སྔགས་དགུལ་ཐུན་དུ་བྱ་ཞེས་གཞུང་དུ་གསུངས་པ་རྣལ་འབྱོར་པ་ཀུན་གྱིས་མ་གྲུབ་ན། སྔགས་རྒྱུན་པ་བཞི་ཙམ་གྱི་ངག་བཅད་དེ་གདབ་སྔགས་དགུ་འུར་འདོན་དུ་བྱ། རྡོ་རྗེ་རྒྱལ་པོས་བདག་ཕུར་འབེམ་གསུམ་སྒྲུབ་མཐའ་གཅིག་པའི་དགོངས་པ་ལས་མ་གཡོས་པའི་ངང་ནས། རྒྱལ་ཐེབས་མཆེད་དང་བཅས་པས། གོང་གི་དམིགས་པ་དང་བཅས་སོ་ལྔ་པ་ཁོ་ན་འུར་འདོན་བྱ། སྐབས་སུ་བསྟོད་པ་བྱ་ཞེས་གསུངས་པ། བསྟོད་པ་མང་དུ་ཡོད་ཀྱང་གཙོ་བོར་བཅོམ་ལྡན་བདེ་གཤེགས་ཞེས་སོགས་ཞི་ཁྲོ་སྤྱིར་བསྟོད་པ་དང་། ཚོམ་བུ་དགུ་ལ་བསྟོད་པ། བཀའ་སྲུང་ལ་བསྟོད་པ། དོན་བསྟོད་རྣམས་རེ་རེ་ལའང་ཚིག་རྐང་དྲུག་རེ་ཡོད་པས། ཡོངས་རྫོགས་དྲུག་བསྟོད་དུ་གྲགས་པ་ཐུན་བཞིའམ་དྲུག་གི་ཐུན་མཚམས་སུ་བྱ། དེ་བཞིན་དུ་མཆོད་བྱང་བཀོལ་བ་ཞེས་པ་ནས་གསུངས་པའི་གཏོར་མ་བཤམས་ཏེ། ཧོ་འདི་ལྟར་སྣང་སྲིད་འཁོར་འདས་ཀྱི་ཞེས་པ་ནས་བཟུང་རྟ་མགྲིན་གྱི་སྒོ་ནས། རྣམ་ཤེས་གཟུགས་ལ་དབབ་པའི་བར་ཁྲོ་བོ་རོལ་པའི་ཆོག་སྒྲིགས་ཇི་ལྟ་བ་བཞིན་དུ་བྱས་པས་དངོས་ཉམས་རྨི་ལམ་དུ་བླ་རྟགས་སྲིད་པའི་གཏེར་ཁྱིམ་སོགས་ནས་བཤད་པ་ལྟར་གསལ་བར་ཡིད་ཆེས་པ་བྱུང་བ་དང་། ནུབ་ཕྱི་མ་རྣམས་(༥༧ན)


GLG022_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསད་རྟགས་ཀྱང་ཐོ་རེ་བ་ཡོང་བས། ཕུར་པའི་སྒོ་ནས་མི་འཆོར་གྱང་དུ་གཞུག།མ་མོའི་སྒོ་ནས་དྲན་མེད་སྨྱོ་རུ་གཞུག་གོ །གསུམ་པ་ནི། རྒྱས་པར་སྤྲོ་ན་བཤད་མ་ཐག་པ་རྣམས་ཚར་གཅིག་གི་སྟེང་ཕུར་པའི་གཟི་བྱིན་བསྐྱེད་པ་ནས་དམོད་པ་དྲག་སྔགས་ཀྱི་སྟོབས་བྱེད་པ་ཡན་དཀྱུས་བཞིན་གྱི་ཁར་ཕྱིར་མི་བཟློག་པའི་དཔལ་དགུའི་གདབ་ཕུར་འདེབས་དུས་འོག་ནས་འབྱུང་བའི་དཔལ་དགུའི་སྔགས་རིང་རྣམས་བསྣན་པས་ཁྱབ་ཀྱང་ཧ་ཅང་རྒྱས་དྲགས་པས་དབང་གི་དུས་བསྒྲལ་དབང་རྒྱས་བསྡུས་འཚམ་པ་གོང་གི་ས་བཅད་དང་པོ། །གཉིས་པའི་འཛབ་བསྒྱུར་བའི་སྐབས་ཀྱི་དགྲ་བགེགས་ཐལ་བར་བསམ་ཞིང་ཞེས་པ་ཡན་གྱི་ངག་འདོན་དང་དྲག་སྔགས་སོ་ལྔ་པའི་བཟླས་པ་ཅུང་ཟད་བྱས། དེ་རྗེས་འདི་ལྟར་སྣང་སྲིད་འཁོར་འདས་ཞེས་སོགས་ཀྱིས་ཆེ་བའི་ང་རྒྱལ་བསྐྱེད། དེའི་དོན་བརྡ་ས་སྤྲོད་ནི། ཧཱུཾ། གསུམ་ཚན་གསུམ་གྱི་དགོངས་དོན། དཔའ་གསུམ། གདེངས་གསུམ། ངར་གསུམ་སྟེ། ཧཱུཾ་ཧཱུཾ་ཧཱུཾ་སྟེ་དང་པོ་གསུམ་གྱི་དགོངས་དོན། ལུས་སྣང་སྟོང་དུ་དཔའ་བ། ངག་བརྗོད་བྲལ་དུ་དཔའ་བ། སེམས་སྐྱེ་མེད་དུ་དཔའ་བའོ། །ཡང་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བར་པ་གསུམ་ནི་གདེངས་གསུམ་སྟེ། མཐའ་དང་བྲལ་བ་ལྟ་བའི་གདེངས། །བློ་ལས་འདས་པ་སྒོམ་པའི་གདེངས། །ཤུགས་ཀྱི་འབྱུང་བ་སྤྱོད་པའི་གདེངས་སོ། །ཡང་ཧཱུཾ་ཧཱུཾ་ཧཱུཾ་གསུམ་ནི་ངར་གསུམ་སྟེ། རིག་པ་མདུང་ལྟར་རྣོ་བས་ཕྱིའི་རྣམ་རྟོག་འབིགས་པའི་ངར། རིག་པ་གསེགས་བརྡར་ངར་མ་ལྟ་བུས་ནང་ཉོན་མོངས་པ་བརྡར་བའི་ངར། རིག་པའི་རྩལ་གྱིས་རྣམ་རྟོག་སྤྲིན་རླུང་གིས་བདས་པ་ལྟ་བུའི་ངར་གྱིས་འཁྲུལ་པས་གླགས་མི་(༥༧བ)


GLG022_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པའོ། །དེ་ནས་བདག་ཉིད་ཚོམ་བུ་དགུའི་ལྷ་ཚོགས་ཞེས་སོགས་རྒྱལ་བ་སྤྱི་བསྐུལ། ཕོ་ཉ་སྒོས་བསྐུལ། གསེར་སྐྱེམས་གཟུ་དཔང་གདོད་ནས་མ་སྐྱེས་མ། འགྲུབ་ཁུང་ལིངྒ་བསྐྱེད་པ་དགུག་གཞུག་གི་བར་དཀྱུས་ལྟར་བྱ། དེ་ནས་ལྷ་དང་ཕྲལ་བའི་ཆེད་དུ་ཡང་དག་གི་མཐུ་དང་རྫུ་འཕྲུལ་དབྲོག་པའི་ཁོངས་ཀྱི། ཧཱུཾ། དམ་ཉམས་དགྲ་བོ་སྡིག་ཅན་ལ། །འགོ་བར་བྱེད་པའི་ལྷ་ཁྱོད་ཉོན་ཞེས་སོགས་བཏང་། །དེ་ནས་ཕུར་གདབ་ཀྱི་ཉམས་ལེན་གྱི་དམིགས་པ་ངོ་སྤྲད་པ་ནི་དེ་ཡང་། དེ་ནས་དགོངས་པ་ནི་གཙོ་བོའི་ཕུར་པ་ལག་ཏུ་འདྲིལ་ཞིང་གདབ་སྟེ། དེ་ཡང་བདག་ཡེ་ཤེས་ལྷ་ཡོངས་རྫོགས་སྐུར་གསལ་བ་དང་། ཕུར་པ་དགྲ་བགེགས་ཀྱི་གཤེད་མ་ཡཀྴ་ཀྲོ་དྷ་ར་གསལ་བ་དང་། བཟས་པའི་གཟུགས་དེ་དངོས་སུ་གསལ་བ་གསུམ་ཡང་གཞི་ཆོས་སྐུ་གཅིག་ལས་ཐ་དད་མ་ཡིན། ལམ་གཉེན་པོ་གཤེད་སྲོག་གསུམ་སེམས་ཉིད་རྩལ་ལས་ཐ་དད་པ་མ་ཡིན། འབྲས་བུ་རང་གྲོལ་ཕུར་པ་སྤྲོས་བྲལ། དགྲ་ཆོས་དབྱིངས་སུ་སྒྲོལ་བས་ཐ་མི་དད་པ་ནི། གསང་སྔགས་ཀྱི་མཐའ་སྟེ་ལྟ་བའི་རྫོང་ཡིན་ནོ། །གསལ་བ་གསུམ་དང་ལྡན་པ་དེ་སྒོམ་པའི་འཕྲང་། ཚེ་ཁྲུས་དགོངས་པས་ཕུར་བ་འདེབས་པ་ནི་སྲོག་འཕྲོག་པ་སྟེ། རྫོང་འཕྲེང་སྲོག་གསུམ་ཤེས་པ་གནད་ཡིན་ནོ། །ད་ནི་གསལ་བ་གསུམ་དང་ལྡན་པས་གདབ་སྟེ། གོང་ལྟར་རྫོང་འཕྲང་སྲོག་གསུམ་གྱི་དོན་ཅི་རིགས་ཤེས་པས། རིག་པ་ཡེ་ཤེས་ཀྱི་ཕུར་པ་ཡིན་ལ། དེ་ལྟར་སེམས་ཅན་ཀུན་གྱི་མ་རིག་པས་ཀུན་སྙིང་རྗེ་ལ། ཁྱད་པར་དུ་དགྲ་བགེགས་རུ་ཏྲ་ལོག་པར་ལྟ་བས་མ་རིག་པ་ལ་སྙིང་རྗེ་ཕུར་ཚུགས་སུ་སྐྱེ། གཉིས་མེད་དུ་སྒྲོལ་བའི་ཐུགས་རྗེ་སྐྱེ་བས་ཚད་མེད་ཐུགས་(༥༨ན)


GLG022_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཕུར་པའོ། །བདག་ཉིད་དཔལ་ཆེ་མཆོག་སྐུ་ལ་བདེ་གཤེགས་ཡོངས་རྫོགས་སུ་གསལ་བའི་ཕྱག་གཡས་པའི་སོར་མོ་ལྔ་ཁྲག་འཐུང་ཡབ་ལྔ། གཡོན་གྱི་སོར་མོ་ལྔ་ཁྲོ་མོ་ཡུམ་ལྔར་གསལ་བས་ཐལ་མོ་སྦྱར་བས། ཕུར་པ་འདྲིལ་བ་ནི། སྦྱོར་མཚམས་བྱང་ཆུབ་སེམས་ཀྱི་ཕུར་པ་ཡིན་ནོ། །དངོས་པོ་རྫས་ལ་གྲུབ་པས། མཚན་མ་རྫས་ཀྱི་ཕུར་པ་སྟེ། དྲིལ་ཞིང་སོ་སོའི་གདབ་སྔགས་བཟླས་ཤིང་ལིངྒ་གཟས་པ་པོ་དངོས་སུ་གསལ་བའི་སྙིང་གའི་ནང་ནས། སྲོག་གི་དངོས་པོ་ཁྲག་དངས་མ་བྱེ་མགོ་ཙམ་གཅིག་གི་དབུས་ན། ཨ་དཀར་པོ་འོད་ཀྱི་རང་བཞིན་གྱི་དཀྱིལ་ན་ནྲྀ་ལྗང་གུ་གཅིག་ཡོད་པས་གསལ་བཏབ་ལ། ཕུར་རྩེ་ཟུར་གསུམ་དུ་རྩེ་དགབ་ཏུ་ཕཊ་གསུམ་རྩེ་ལ་ཧཱུཾ་གསུམ་བསམས་ཏེ། སོ་ལྔ་པས་གཙོ་ཕུར་གདབ་ཕྱིར་ཕུར་སྐོར་བྱ་བ་ནི། ཨཱོཾ་བཛྲ་མ་ཧཱ་ཀྲོ་ཏ་ཞེས་བསྲུང་ཕྱིར་ཀླད་ལ་ལན་གསུམ་ནང་སྐོར་པདྨ་ཀྲོ་ཏཱི་ཤྭ་རཱི་ཞེས་རང་ལ་མི་བཟློག་པར་བྱར་ཕྱི་བསྐྱེད་ལ་ལན་གསུམ་ཕྱི་ལ་བསྐོར་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཞེས་གཟིར་ཕྱིར་ལན་གསུམ་མདུན་དུ་དྲིལ། མ་ཧཱ་ཡཀྴ་ཞེས་ཕོ་རྒྱུད་དགུག་ཕྱིར་གཡས་སུ་ཚམ་རྔམ་བྱ་ཀཱ་ལ་རཱུ་པ་ཞེས་དབང་དུ་བསྡུ་ཕྱིར་མདུན་དུ་ལན་གསུམ་དྲིལ། ཀརྨ་རཾ་རཾ་ཞེས་མོ་རྒྱུད་དགུག་ཕྱིར་གཡོན་དུ་ཚ་ངམ་བྱ། ཛྭ་ལ་རཾ་དགྲ་བགེགས་འབྱུང་པོ་མ་ར་ཡ་ཧཱུཾ་ཕཊ། ཅེས་སྤྱིར་དྲིལ་ཞིང་གདབ་པའི་བསྒྲལ་བའི་ལས་སོ། །དེ་ལྟར་ཕུར་པ་གཅིག་པོ་ཐེབས་པས་ཀུན་གཞི་རྩད་ཆོད་དེ་ལྷག་མ་བརྒྱད་ནི་སྐྱེ་བའི་སྒོ་ལྔ་འགེགས་ཤིང་ཚོགས་བརྒྱད་ལ་སོགས་བསྒྲལ་ནས་ཕྱིར་མི་ལྡོག་པའི་གནད་དོ། །ཞེས་གསུངས་ལ། གཙོ་ཕུར་བཟས་པ་པོའི་སྙིང་གར་ནྲྀ་ལྗང་གུ་ལ་(༥༨བ)


GLG022_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པས་ནྲྀ་དང་ཨར་བཅས་ཕུར་བའི་རྩེ་ལ་དཀར་ཡེར་འདུས་པ་དེ། ཚུར་བསྟན་པས་ཐུགས་ཀའི་ཧཱུཾ་ལ་འདུས་པས་བདག་བཀྲག་དང་གཟི་མདངས་སྐྱེས་པར་བསམས་ཏེ་ཚེ་ལུང་དགོངས་པའོ། །དགྲ་སྲོག་ནྲྀ་ཕུར་རྩེའི་ཧཱུཾ་གསུམ་ལ་ཐིམ་ནས། ཧཱུཾ། གསུམ་རྩེ་དགབ་ཀྱི་ཕཊ་གསུམ་གྱི་འཕངས། འོག་མིན་དཔལ་གྱི་ཐུགས་ཀར་ཐིམ་པས། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཧཱུཾ་དེ་ཉིད་དུ་ཞུ། ཡང་འཕྲོས་མགྲིན་པའི་ཨཱཿལ་ཕོག །ཡང་ཧཱུཾ་འོད་དུ་ཞུ། སྤྱི་གཙུག་ཨཱོཾ་ལ་ཕོག །ཡང་ཧཱུཾ་གཅིག་འོད་དུ་ཞུ། འོད་གསུམ་གཅིག་ཏུ་འདྲིལ། སྒལ་ཚིགས་རྟ་བརྒྱུད། གསང་བ་ནས་ཡུམ་གྱི་མཁར་ཕབ་རྒྱལ་བའི་སྲས་སུ་བསྐྱེད་པ་ནི་གནས་སྤར་བ་སྟེ་བདག་གི་རྩོལ་སྒྲིབ་དག །དགྲ་བོའི་ལས་ངན་བག་ཆགས་ཉོན་མོངས་པ་དག་པས་ཁྲུས་ལུང་གི་དགོངས་པའོ། །ཚེ་ཁྲུས་ནི་གནད་ཆེ་བས་ཚོགས་པ་རྣམས་ལ་བརྡ་འཕྲོད་པར་བྱས་ལ་ལག་ལེན་ནི། གུ་གུལ་སྦྱར་བའི་རྫས་མཆོག་དམ་པ་འདི་ཞེས་པ་ནས་བཟུང་སཾ་ཧ་ར་ཧཱུཾ་ཞེས་པའི་བར་དཀྱུས་བཞིན་དང་དྲག་སྔགས་སོ་ལྔ་པར་གདངས་དང་བསྟུན་སློབ་དཔོན་གྱིས་ཕུར་སྐོར་བྱས་ནས་སློབ་མའི་ལག་ཏུ་གཏད་པའི་བསྐུར་ཚིག་ནི། ཧཱུཾ། དཔལ་ཆེན་ཡོངས་རྫོགས་ཕུར་པའི་སྐུ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། ཁམས་གསུམ་སྲིད་པ་མཐའ་ཡས་པར། །བདེ་གཤེགས་འཕྲིན་ལས་མཛད་པའི་ཕྱིར། ཁྲབ་འཐུང་ཡབ་ཡུམ་སྦྱོར་བ་ལས། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས། །རྒྱལ་བའི་སྲས་མཆོག་སྟོང་གསུམ་གང་། །རིག་པ་ཡེ་ཤེས་ཕུར་པ་ཡིས། །ཆོས་ཀྱི་དབྱིངས་སུ་ཧྲིལ་ལི་ལི། །ཚད་མེད་སྙིང་རྗེའི་ཕུར་པ་ཡིས། །འགྲོ་དྲུག་ཁྱད་པར་ལྗིབས་(༥༩ན)


GLG022_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སེ་ལྗིབ། །མཚན་མ་རྫས་ཀྱི་ཕུར་པ་ཡིས། །དགྲ་བགེགས་གཞོབ་ཏུ་ཐུལ་ལུ་ལུ། །ཡོངས་སུ་རྫོགས་པའི་ཕུར་པ་ཡིས། །སྐུ་ལྔ་ཡེ་ཤེས་ཡལ་ལ་ལ། །ཕུར་བའི་འཕྲིན་ལས་ངོ་མཚར་ཆེ། །ཞི་བའི་ཚུལ་གྱིས་འཇིགས་བརྒྱད་སྐྱོབ། །རྒྱས་པའི་ཚུལ་གྱིས་སྦྱོར་དྲུག་སྤེལ། །དབང་གིས་མོས་པ་རྣམ་བཞི་བཏུད་། །དྲག་པོས་དགྲ་བགེགས་ཚར་ཡང་གཅོད། །སྒྲུབ་ཕུར་རྣམས་ཀྱིས་དབང་བསྐུར་བས། །ཏ་ན་གྷ་ནའི་ལས་སྦྱོར་རྫོགས། །ནུས་པ་ཡོངས་རྫོགས་དབང་བསྐུར་རོ། །ཞེས་རྩ་སྔགས་རེ་བརྗོད་རྗེས་སུ། བཛྲ་ཀཱི་ལཱ་ཡ་སརྦ་ཨ་བྷི་ཥིཉྩ་ཧཱུཾ། ཨ། ཞེས་བརྗོད་ཅིང་གཏད་དེ་ཕུར་བསྐོར་བྱའོ། །ཧོ། དེ་ལྟར་འཕྲིན་ལས་ཡོངས་སུ་རྫོགས་པར་ནུས་པའི་དབང་བསྐུར་བས་ཕུར་བུ་རྣམ་བཞི་གནས་སུ་ཐེབས་ནས་ཞི་རྒྱས་དབང་དྲག་འཕྲིན་ལས་བཞི་མཐར་ཕྱུང་ནས་རྣལ་འབྱོར་དབང་ཕྱུག་ཆེན་པོ་འཕྲིན་ལས་ཡོངས་རྫོགས་ལྷུན་གྱིས་གྲུབ་པའི་དབང་ཐོབ་པར་གྱུར་ཅིག །རབ་གནས་ཚོགས་འཁོར་བྱའོ། །ཞེས་ཆེ་མཆོག་གི་ཕུར་པ་སློབ་མ་གཙོ་བོ་དང་གཞན་རྣམས་བུད་མེད་མིན་པ་ཀུན་ལ་གང་འདངས་གཏོད། དེ་ནས་དྲག་སྔགས་སོ་ལྔ་པ་ཕུར་སྐོར་བཅས་བརྡེག་ཏུ་བཅུག་ལ་རྣམ་ཤེས་སྤར་བས་ཚེ་འདིའི་སྲོག་དབང་འགགས་ཀྱང་སླར་འཁོར་བ་ལས་ཕྱིར་མི་བཟློག་པར་བྱ་བའི་ཕྱིར་སྐྱེ་བའི་སྒོ་ལྔ་བཅད། རྣམ་ཤེས་ཚོགས་བརྒྱད་བསྒྲལ་ཏེ། དཔལ་དགུའི་སྙིང་པོ་དྲག་སྔགས་དགུ་པོ་སོ་སོར་བཟླས་ཏེ། ཕུར་པ་འདྲིལ་ཞིང་གདབ་པ་ནི། ཆེ་མཆོག་སྲས་བཅས་གདབ་པ་ནི། ཨཱོཾ་ཤྲཱི་མ་ཧཱ་ས་མ་ཡ་བཛྲ་ཡཀྴ་ཧེ་ཧ་ཧཱུཾ། ཨ་བཛྲ་བི་ཤ་ཀྲོ་དྷ་ཛ་ལ་མཎྜལ་ཧཱུཾ། མ་ཧཱ་སྲོག་ཤ་ལ་ཐུན། ཧ་ལ་ཧ་ལ་ཧཱུཾ་ཕཊ་(༥༩བ)


GLG022_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཛཿ ཆེ་གེ་མོ་ནྲྀ་དུཥྚཱན་མཱ་ར་ཡ་ཧཱུཾ་ཕཊ། བཛྲ་ཧསྟ་ཀྲིཾ། གརྫ་གརྫ་ཧཱུཾ་ཕཊ། བཛྲ་བི་ཤ་ཀྲོ་དྷ་ཛ་ལ་མཎྜལ། ཧ་ལ་ཧ་ལ་མནྡྷ་ལ། མ་མ་ཏྲག་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བཛྲ་ཡཀྴ་མ་ར་ཏྲག་ཤ་ཧུང་ཏེ་ཧ་ར་ཧུང་བྷྱོ། ན་ག་ག་ནེ་ཛཿཛཿམཱ་ར་ཡ་ཛཿཛཿཏྲག་རཀྴ་བཾ་རིལ། ཙ་ཆ་པ་ཏ་ས་ཏུ་བ་ནི་ཛཿཛཿ ཨཱོཾ་བཛྲ་ཨཱརྱ་མ་མཉྫུ་ཤྲཱི་མ་ཏྲ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཀཱ་ལ་རཱུ་བ་ཧཱུཾ་ཕཊ། ཨ་ཧ་ཧ་ཛ་ཛ་ཧ་ཏ་ཧ་ཀྲིཾ་རྦད་ཀཱི་ལི་ཀཱི་ལཱ་ཡ་ནི་རྦད། ཅེས་པ་རྩ་ལ་གདབ་བོ། །སྲས་བཞི་དེའི་ཕྱོགས་བཞིར་གདབ་བོ། །དེ་ནས་བཛྲ་ཧེ་རུ་ཀ་སྲས་བཅས་གདབ་སྟེ། ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱོཾ་ཨཾཿཧཱུཾ་ཧ་ཧེ་ཕཊ། ཧཱུཾ་ནི་མ་ཙི་ཏ་མ། རྡུལ་ཕྲན་རྡུལ་ཕྲན། ཀེཾ་ཀེཾ་རཀྟ་མ་རི་ཙ་སྙིང་ལ་ཤད་ཤད། ཙིཏྟ་མ་རུས་ལ་ཀེཾ་ཀེཾ །རུ་ཏྲི་ཤ་རྦད། ཛཿཧཱུཾ་བཾ་ཧོཿ དབུགས་ལ་འུབ་འུབ། ཨ་ཧཱུཾ་ཧེ་མ་མ་བྷྱོ་ཛཿ རུ་ལུ་རུ་ལུ་རགྨོ་བྷྱོ་ཛཿ ཀཱི་ལི་ཀཱི་ལཱ་ཡ་ནྲྀ་རྦད། ཅེས་བཛྲ་ཧེ་རུ་ཀ་སྙིང་ལ་གདབ། སྲས་བཞི་དེའི་ཕྱོགས་བཞིར་གདབ། དེ་ནས་གཤིན་རྗེ་སྲས་བཅས་གདབ་སྟེ། ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཨཱོཾ་ས་མ་ཡ་མཉྫུ་ཤྲཱི་ཡ་མཱནྟ་ཀ །ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཊི་ཛ་ཛཿ ཏྲག་རཀྴ་ཁ་མུན་ཏྲ་སྙིང་ཁ་རགྨ་བྷྱོ་བྷྱོ། རགྨོ་ཏེ་ཀུམ་ཛ་ཛཿ ཁ་ལ་མ་ཧི་བྷྱོ་བྷྱོཿ མ་མ་ལོན་མོན་ཙི་དྷ་ན་མ་ལ་བྷྱོ་ཛཿ སྙིང་ཁ་རག་སྲོག་ལ་བྷྱོ་བྷྱོ། ཨཱོཾ་ཡ་མཱན། ཨཱོཾ་རྣལ་མ་རྣལ་ཏེ་སྲོག་ལ་རྔམ། སྲོག་ལ་མེར་སྲིས་ལ་ཆུམ། ཐུཾ་པིས་ཐུཾ་པིས། ལྕགས་ཀྱི་སྒྲ་ཅིག་མས་དགྲ་བོའི་སྙིང་ཕྱུང་། མཱ་ར་ཡ་རྦད། ཀཱི་ལི་ཀཱི་ལཱ་ཡ་ནྲྀ་རྦད། ཅེས་གཤེད་ཕུར་དཔྲལ་བར་གདབ། སྲས་བཞི་ཕྱོགས་བཞིར་གདབ་པོ། །དེ་ནས་པདྨ་དབང་ཆེན་སྲས་བཅས་གདབ་སྟེ། ཨཱོཾ་པདྨཱནྟ་ཀྲྀ་ཏ་ཧ་ཡགྷྲཱི་བ་མ་ཧཱ་ཀྲོ་ཏ་ཨེ་ཀ་ཛཱ་(༦༠ན)


GLG022_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཊཱི་ས་མ་ཡ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨ་ར་ལི་ཛ། ཨཱོཾ་ཐུབ་ཐུབ། མྱགས་མྱགས། མུག་མུག་ཤར་ཤར། ཞར་བར་བྱའོ། །ཞི་བར་བྱའོ། །ད་ད་ཀླག་ཀླག་དུ་ད་དུ་ད། རྦད་རྦད་ཛ་ཛ་བྷྱོ་བྷྱོ། ཧཱུཾ་ཧཱུཾ་མྱགས་རྦད་མྱོགས་རྦད། མོ་དུ་སོད་མོ་དུ་ར་ཡག་ཆོད། སྲོག་གི་དབང་པོ་སྙིང་ཁ་ལ་རཀྟ་ཙ་ར་ཡ་ཏདྱ་ཐཱ། སྙིང་རྦད་ཡ་ཁྲག་རི་མ་རོ། མ་རི་ཁྲག་ཤ་ཡ། མགོ་ཁྲག་ཛ་ནྲི་ཆོད། ཤ་ལ་ཀྱི་ཁྱེར། དགྲ་བོའི་སྙིང་སྲོག་རྩད་ནས་ཕྱུངས་ཤིག་སྭཱཧཱ། ཞེས་དབང་ཆེན་ལྕེ་ལ་གདབ། སྲས་བཞི་ཕྱོགས་བཞིར་གདབ་པོ། །དེ་ནས་རྡོ་རྗེ་གཞོན་ནུ་སྲས་བཅས་གདབ་སྟེ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣན་བཾ་ཧཱུཾ་ཕཊ། མ་རགྨོ་ཡགྨོ་ཀཱ་ལ་རཱུ་པ་སྙིང་རྩ་ལ་ཡཾ་ཡཾ། སྲོག་རྩ་ལ་ཡཾ་ཡཾ། སྙིང་རྩ་ལ་ཁྲིལ་ཁྲིལ། སྲོག་རྩ་ལ་ཆུམ་ཆུམ། ཙིཏྟ་སྲོག་ཏུང་ཏུང་། སྙིང་ཁྲག་ཤད་ཐུམས་རིལ་ལི་ལི། སྙིང་རྩེག་རྩེག་འུར་འུར་ཤིག་ཤིག །གུལ་གུལ། མྱགས་མྱགས། དྷ་ཏི་མ་མ་ཀརྨ་ཤི་ཏྲཾ་ཀ་ར་ཡེ། མ་ར་པ་ནི་པྲ་མ་ཏ་ནི་ཏྲི་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཀཱི་ལི་ཀཱི་ལཱ་ཡ་ནྲྀ་ཛཿ ཞེས་ལྟེ་བར་རྡོ་རྗེ་གཞོན་ནུ་གདབ་བོ། །དེའི་ཕྱོགས་བཞིར་སྲས་བཞི་གདབ་བོ། །དེ་ནས་བླ་མེད་ཧེ་རུ་ཀ་མ་དྲུག་གིས་བཏབ་སྟེ། ཨཱོཾ་གྷུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གྷུ་ཧྱ་ཛྙཱ་ན་ཀྲོ་ཏཱི་ཤྭ་རཱི་སྟྲཾ་མ་མ་ཡོ་གི་ནི། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཨཱོཾ་བཛྲ་ནི་ལ་ཁ་ཏྲཾ་ཀྲོ་ཏཱི་ཤྭ་རཱི་བྷ་ག་པདྨ་རྒྱས་བདེ་ཀློང་ཤོ་ན་མ་ཛ་ཛ༝྾༔བྷྱོཿ མ་མ་རཀྴ། མ་མ་རཀྴ། རུ་ལུ་རུ་ལུ་རགྨོ་སྙིང་ཁྲག་ལ་བྷྱོཿ ཏྲག་རཀྴ་མ་སིབ་ཐུན་བྷྱོ། ཆེ་གེ་མོ་ནྲྀ་དུཥྚཱ་ན་མཱ་ར་ཡ་ཕཊ། བཛྲ་ཧསྟ་ཀྲིཾ། རྨུགས་ཤ །རྨུགས་ཤ །རྦད་དྷ་ར་རྦད་དྷ་ར། མུག་གི་མྱོགས་ཤ་སོད། ཙི་སིབ་སྙིང་རི་ཡ་ཡ། སྲོག་རི་ཡ་ཡ། མིག་དཀྱུས་ནས་ཕྱུངས་ཤིག །རྒྱུས་པ་རྩད་ནས་ཆོད་ཅིག །ལྕེ་ལྐོག་ནས་དྲོངས་ཤིག །ཨཱོཾ་མ་མ་རཀྨོ་ཙེ་ཙེ་སྙིང་ཁ་རག་རྦད་དུ་བྷྱོ། རགྨོ་རགྨོ་རྦད་བུ་ཆེམ་མཱ་རཱ་ཡ་ཆོམ། རྦད་མཱ་ར་ཡ་རྦད། སོད་(༦༠བ)


GLG022_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་ར་ཡ་སོད། ཐུམས་རིལ་ཡ། ཏྲག་རཱཀྴ་རྦད་ཡ། གཏུབས་གཏུབས་དུམ་བུ་བཾ་བཾ། དགྲ་བགེགས་ཀྱི་སྲོག་ལ་མཱ་ར་ལ་རྦད། ཀཱི་ལི་ཀཱི་ལཱ་ཡ་ནྲྀ་རྦད། ཅེས་བླ་མེད་ཧེ་རུས་གསང་གནས་སུ་གདབ། མ་མོ་ལྔས་ཕྱོགས་བཞིར་གདབ་བོ། །དེ་ནས་རིགས་འཛིན་ཐོད་པ་རྩལ་སྲས་བཅས་གདབ་སྟེ། ཨཱོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུཾ་ཕཊ། ཀཱ་ལ་རཱུ་པ་དགྲ་བགེགས་ཆེ་གེ་མོའི་སྲོག་ལ་མཱ་ར་ཡ་ཕཊ། ཀཱི་ལི་ཀཱི་ལཱ་ཡ་ནྲྀ་རྦད། ཅེས་ཐོད་པ་རྩལ་གྱིས་གཙུག་ཏུ་གདབ། སྲས་བཞི་ཕྱོགས་བཞིར་གདབ་བོ། །དེ་ནས་དྲེགས་པ་ཀུན་འདུལ་དབང་ཆེན་བཞིར་བཅས་པ་གདབ་སྟེ། ཨཱོཾ་བཛྲ་སརྦ་དུཥྚཱན་ཨེ་ཛ་བྷྱོ། དགྲ་བགེགས་ཤ་ཏྲུཾ་ཧུར་ཐུམས་ཛ་མཱ་ར་ཡ་རྦད། གིངྐ་ར་གིངྐ་ར་སརྦ་ཏྲི་ཛ་བྷྱོ། ཆེ་གེ་མོ་ཤ་ཏྲཱུཾ་ཧུར་ཐུམས་ཛ་མཱ་ར་ཡ་རྦད། མུད་ཏྲི་མཱ་ར་དུཿ སརྦ་དུ་ཛཿབྷྱོཿ ཆེ་གེ་མོ་ཤ་ཏྲུཾ་ཧུར་ཐུམས་ཛ་མཱ་ར་ཡ་རྦད། ཨ་བྷི་ཤུ་སརྦ་ཙ་ཚ་བྷྱོཿ ཆེ་གེ་མོ་ཤ་ཏྲཱུཾ་ཧུར་ཐུམས་ཛ་མཱ་ར་ཡ་རྦད། པ་ཤ་མི་ཀི་སརྦ་པ་ཛ་བྷྱོཿ ཆེ་གེ་མོ་ཤ་ཏྲཱུཾ་ཧུར་ཐུམས་ཛ་མཱ་ར་ཡ་རྦདཿ ནཱ་ག་སརྦ་ཕུཿཛ་བྷྱོཿ ཆེ་གེ་མོ་ཤ་ཏྲཱུཾ་ཧུར་ཐུམས་ཛ་མཱ་ར་ཡ་རྦད་ཡཀྴ་སརྦ་ཀྵ་ཛ་བྷྱོ་ཆེ་གེ་མོ་ཤ་ཏྲཱུཾ་ཧུར་ཐུམས་ཛ་མཱ་ར་ཡ་རྦད། རཀྴ་སརྦ་རཱ་ཛ་བྷྱོཿ ཆེ་གེ་མོ་ཤ་ཏྲཱུཾ་ཧུར་ཐུམས་ཛ་མཱ་ར་ཡ་རྦད། མ་མ་སརྦ་མ་ཛ་བྷྱོཿ ཆེ་གེ་མོ་ཤ་ཏྲཱུཾ་ཧུར་ཐུམས་ཛ་མཱ་ར་ཡ་རྦདཿ ཀཱི་ལི་ཀཱི་ལཱ་ཡ་དགྲ་བོ་ནྲྀ་རྦད། ཅེས་ཀུན་འདུལ་བརླ་གཡས་དཀྱིལ་དུ་གདབ། འཁོར་ཕྱོགས་བཞིར་གདབ་བོ། །དེ་ནས་སྟབས་ལྡན་སྔགས་བདག་སྡེ་བཞི་གདབ་སྟེ། ཨཱོཾ་བཛྲ་སརྦ་དུཥྚཱན་ཨ་ཙི་ཏ་ཧྲིཾ་ཧྲིཾ་ཛཿ ཆེ་གེ་མོ་ནྲྀ་ཧུར་ཐུམས་ཛ་མཱ་ར་ཡ་རྦད། ཡ་མ་སརྦ་ཙིཏྟ་ཧྲིཾ་ཧྲིཾ་ཛཿ ཆེ་གེ་མོ། མ་མ་སརྦ་ཙིཏྟ་ཧྲིཾ་ཧྲིཾ་ཛཿ ཆེ་གེ་མོ། (༦༡ན)


GLG022_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ག་རཀྴ་སརྦ་ཙིཏྟ་ཧྲིཾ་ཧྲིཾ་ཛཿ ཆེ་གེ་མོ། དེ་བ་རཀྴ་སརྦ་ཙིཏྟ་ཧྲིཾ་ཧྲིཾ་ཛཿ ཆེ་གེ་མོ། རཱ་ཧུ་ལ་རཀྴ་སརྦ་ཙིཏྟ་ཧྲིཾ་ཧྲིཾ་ཛཿ ཆེ་གེ་མོ། ཡཀྴ་རཀྴ་སརྦ་ཙིཏྟ་ཧྲིཾ་ཧྲིཾ་༝། །ཆེ་གེ་མོ་༝། །དྷ་ཤ་གྲཱི་བ་སརྦ་ཙིཏྟ་ཧྲིཾ་ཧྲིཾ་ཛཿ ཆེ་གེ་མོ་ནྲྀ་ཧུར་ཐུམས་ཛ་མཱུ་ར་ཡ་རྦད། ཀཱི་ལི་ཀཱི་ལཱ་ཡ་ནྲྀ་རྦད། ཅེས་སྟོབས་ལྡན་བརླག་ཡོན་དཀྱིལ་དུ་གདབ། འཁོར་བཞི་ཕྱོགས་བཞིར་གདབ་བོ། །དེ་ནས་ཕུར་པ་གཞན་ཐམས་ཅད་དྲག་སྔགས་སོ་ལྔ་པ་ལ། ཆེ་གེ་མོ་ཧུར་ཐུམས་ཛ་མཱ་ར་ཡ་རྦད། ཀཱི་ལི་ཀཱི་ལཱ་ཡ་ནྲྀ་རྦད། ཅེས་གདབ་སྟེ། སྒོ་བ་ཡབ་ཡུམ་བརྒྱད་ཡན་ལག་བཞིའི་ཚིགས་བཞི་ལ་གདབ། གདབ་ཕུར་གྱིས་ལྷུ་བརྒྱད་ལ་གདབ་བོ། །རྩང་ཕུར་རྣམས་མཐིལ་བཞི་ལ་གདབ་བོ། །ཐུན་གྱིས་ཀྱང་བྲབ། མདོར་ན་ཕུར་པ་གང་འདེབས་ཀྱང་ཕྱིའི་ལྷ་དང་དམ་ཅན་སྲོག་སྔགས་ལ་མ་སོང་བར་གདབ་བོ། །དེ་ནས་ཕུར་པ་རྣམས་མཆེད་རིམ་པར་བསྐོར་ཏེ། སོ་ལྔ་པ་སོ་སོའི་སྒོས་དགྲ་ལ་གདབ་བོ། །སླར་རལ་གྲིས་དུམ་བུར་གཏུབས་པའི་སྟོད་ཀྱི་དུམ་བུ་རྣམས་སྟོབ་པ་ནི། ཧཱུཾ། དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་རྣམས་ཞེས་སོགས་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཕུལ་བས་དགྱེས་པར་བསམ། སྨད་ལས་སྦྱིན་སྲེག་བྱས་པའི་ཐལ་བ་ལ་ཆ་ནན་པ་བྱ། དེ་ཡང་བདག་ཆོས་དབྱིངས་ཀྱི་རིག་རྩལ་དཔལ་དུ་ཤར་བ་དང་གཅིག །ཕུར་པ་ཆོས་སྐུའི་རང་རྩལ་དགྲ་བགེགས་ཀྱི་གཉེན་པོར་སྣང་བ་དང་གཉིས། དགྲ་བགེགས་ཆོས་ཉིད་མ་རིག་པའི་ངན་རྩལ་བླ་མེད་གནས་སུ་ཚེ་ཁྲུས་དགོངས་པས་བསྒྲལ། ཕུང་པོ་ལ་ཕྱིར་མི་བཟློག་པའི་ཆེད་དུ་གདབ། གཅོད་སྟོབ་སྲེག་མནན་པ་བྱ་སྟེ། བྱང་ཆུབ་རྣམ་པ་གསུམ་གྲུབ་མཐའ་གཅིག་སྟེ། བདག་ཆོས་སྐུ། ཕུར་པ་ལོངས་སྐུ། གཟས་པ་པོ་རྒྱལ་སྲས་(༦༡བ)


GLG022_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་གསུམ་ཆོས་དབྱིངས་སྐྱེ་མེད་གཅིག་པའོ། །གདབ་ཕུར་འབེམ་གསུམ་གྲུབ་མཐའ་གཅིག་ཅེས་པའི་དོན་ནོ། །དེ་ཡང་སྒྲུབ་ཁོག་ཏུ་དངོས་གྲུབ་བླང་བ་སོགས་སོང་ཟིན་པའི་ས་བཅད་སོ་བདུན་པར་བསྒྲལ་དབང་ཡོད་ཅིང་། དབང་འབུམ་ན་མེ་དབང་གི་མཇུག་ཏུ་སྦྱོར་སྒྲོལ་གྱི་དབང་མཛད། ཕྱག་ལེན་ལུགས་གཅིག་ལ་ཕན་པའི་དབང་རིམ་ལྔ་རྫོགས་ནས་མཛད་པའི་ལུགས་གསུམ་བྱུང་བ་དང་པོའི་དགོངས་པ་ནི། བསྙེན་པ། སྒྲུབ་པ། སྒྲུབ་པ་ཆེན་པོ། ལས་སྦྱོར་དང་བཞིར་བཤད་པའི། རྒྱུད་ལས། དེ་ནས་ལས་སྦྱོར་སུམ་ཆ་ཡི། །དགོངས་པ་གསུམ་གྱི་མཐའ་བསྒྱུར་ཏེ། །ཞེས་བཀྲ་ཤིས་ཡན་ཆོད་ལ་བསྙེན། སྒྲུབ། སྒྲུབ་ཆེན་གསུམ་རྫོགས་པར་སུམ་ཆ་གཉིས་དང་ལས་སྦྱོར་ལ་སུམ་ཆ་གཅིག་ཡིན་པའི་རྒྱུ་མཚན་གྱིས་སྒྲུབ་པ་ཆེན་པོའི་ཁོངས་གསང་དབང་ལ་ཨ་ནུ། ཤེར་དབང་ལ་རྩ་རླུང་། རྩལ་དབང་ལ་ཨ་ཏིའི་དམིགས་པ་བསྒྱུར་བ་མ་གཏོགས་སྔགས་རྒྱུན་ནར་མར་མཛད་པས་སྒྲུབ་པ་ཆེན་པོ་སོང་མཚམས་དངོས་གྲུབ་ལེན་པ་འཐད་ཅིང་། དེ་ནས་ལས་སྦྱོར་གྱི་སྔགས་རྒྱུན་དང་སྦྲགས་བསྒྲལ་དབང་མཛད་པ་འོས། ལུགས་གཞན་གཉིས་ལྟར་ན། བསྒྲལ་དབང་མན་ཆད་ལ་སྔགས་རྒྱུན་མ་བྱུང་བས། དེ་ན་དངོས་གྲུབ་ལེན་པའི་བར་ལ་སྒྲུབ་པ་མ་བྱས་པའི་སྐྱོན་དུ་འགྱུར་གསུང་བ་ཞིག་ཏུ་འཐད་མདོག་ཁ་ཡང་། སྒྲོལ་དབང་བུམ་དབང་གི་ཆ་ལག་ནུས་དབང་གི་སྡེབས་ཡིན་པ་དབང་ཕྱི་མ་རྣམས་ཀྱང་སོང་ནས་བསྐུར་བའི་རྐྱེན་དང་ཁྱད་པར་དངོས་གྲུབ་བླང་རྗེས་བསྐུར་བ་འཐད་པར་མི་སེམས། དེ་ཡན་ལ་ལས་སྦྱོར་ཡན་གྱི་སྒྲུབ་པ་བྱེད་པ་དངོས་གཞི་རྫོགས་རུང་དབང་ཕྱི་མ་རྣམས་ལ་སོ་སོའི་ཁ་བསྒྱུར་དང་སྒྲགས་པའི་སྔགས་(༦༢ན)


GLG022_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན། ལྷག་ཏུ་དངོས་གྲུབ་ལེན་པའི་འཛབ་བཟླ་དགོས་པས་སྔགས་རྒྱུན་མ་བྱུང་དོགས་པའི་སོམ་ཉི་མི་འཚལ། འོ་ན་བསྙེན། སྒྲུབ། སྒྲུབ་ཆེན། ལས་སྦྱོར་བཞི་ག་སོང་ནས་སླར་ཡང་སྒྲུབ་པ་ཡོང་བ་ཅི་ཞེ་ན་བཞི་པོ་དེ་ནི་བུམ་དབང་བསྐྱེད་རིམ་གྱི་ལམ་ལ་གཙོ་བོར་སྦྱར་གྱི། དབང་ཕྱི་མ་རྣམས་ཀྱི་དེས་བུམ་དབང་གི་སྒྲུབ་པ་ལྷག་པོ་ཞིག་འབྱུང་བའི་དོགས་མི་བྱ། གཏེར་གཞུང་ལྟར་རྩ་རླུང་གི་རྗེས་སུ་བསྒྲལ་དབང་བསྐུར་ན་ལས་བཞིའི་ཐ་མ་མངོན་སྤྱོད་ཡིན་པས་ནུས་དབང་ནས་གསང་དབང་གི་བར་ལ་སྔགས་རྒྱུན་བྱ་རུ་མེད་པའི་དོགས་པ་དང་། གལ་ཏེ་འཇམ་པོ་གསུམ་བྱས་ན་གོ་རིམ་བཟློག་པའི་ཉེས་པ་ནས་ཞི་རྒྱས་དབང་གསུམ་གྱི་ལས་སྦྱོར་གྱི་རྗེས་སུ་དྲག་པོ་འབྱུང་བ་ནུས་དབང་གི་རྗེས་ལ་བསྒྲལ་དབང་། ཕན་དབང་རྣམས་ཀྱི་མཐར་བསྐུར་བ་ཕྱག་ལེན་ཁུངས་མར་མངོན་ནོ། །བཅའ་གཞི་རྣམས་ཐོག་མ་ཉིད་ནས་དགོངས་ཀྱང་ཨེའི་དབུས་སུ་ལིངྒ་བཅས་ཏེ་གཟས་པ་པོ་ཞེས་པའི་ཚིག་ལ་བརྟེན་ཁུགས་རྟགས་བསད་རྟགས་བྱུང་བའི་མཇུག་ཏུ་དམིགས་རྟེན་བཅའ་བ་སྲིད་པའི་གཏེར་ཁྱིམ་དང་སྙིང་གཟེར་སོགས་ཀྱི་དགོངས་པ་དང་མི་མཐུན་དོགས་པས་ས་བཅད་སོ་བདུན་པའི་སྐོར་འདིར་ཁྱབ་བདག་བློ་མཆོག་རྡོ་རྗེའི་གསུང་ཚད་མའི་དཔང་པོར་བྱས་པ་ལ་ཆོས་རྒྱལ་འབྲི་གུང་པ་རིན་ཆེན་ཕུན་ཚོགས། ཁྲི་སྲོང་རྣམ་འཕྲུལ་བཀྲ་ཤིས་སྟོབས་རྒྱལ། ཡུག་ནོར་བུ་དབང་རྒྱལ་སོགས་སྡེ་བརྒྱད་བྲན་དུ་བཀོལ་ནུས་པའི་སྔགས་རྒན་རལ་པ་ཅན་རྣམས་ཀྱི་མངོན་སྤྱོད་ཀྱི་གསུང་རྒྱུན་དྲིན་ཅན་བླ་མ་ཆོས་དབྱིངས་རང་གྲོལ་ལས་ཐོས་པས་ཅུང་ཟད་ཁ་བཀང་ངོ་། །བུམ་དབང་ཐ་རམས་ཕྱི་ལ་བཤད་དོ། །མཧཱ་ཡོ་གའི་སྒོམ་ཁོག་བཤད། དེ་ནས་གསང་དབང་ཡོངས་(༦༢བ)


GLG022_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་དབང་ལ་གསུམ་གྱི་སྟོན་པ་གསང་དབང་གི་ཡུམ་དང་སློབ་མ་སྦྱོང་བའི་དམིགས་པ་བྱེད་པ་དངོས་དབང་ཡིན་ཡང་ཡེ་ཤེས་ཀྱི་ཕྱག་རྒྱར་བརྟེན་ནས་བྱེད་པས། དང་པོ་ཡབ་ཡུམ་གསང་བ་བྱང་སེམས་དབང་བསྐུར་ཏེ། དབང་རྟེན་ནི་ལས་རྒྱ་དང་བྱང་སེམས་ཏེ། པདྨ་ཅན་ནམ། དུང་ཅན་ནམ། གླང་སྣ་ཅན་ནམ། རིགས་ལྡན་རྩ་ལྡན་ཞིང་སྐྱེས་སོགས་གང་རྙེད་བཙལ་ཏེ། བླ་མའི་ཡུམ་དང་དབང་རྟེན་སློབ་བུ་ལ་གཏད་པའི་ལས་རྒྱ་གཉིས་སོ། །དེ་ཡང་བཀྲ་ཤིས་ཡིད་དུ་འོང་བ། ལོ་ནི་བཅུ་དྲུག་ནས་རྩ་ལྔ་ཚུན་ཆད་ལོན་པ་ཞིག་རྒྱུད་སྦྱངས་དབང་བསྐུར་སྔགས་ལ་སྤྲོ་བ་བསྐྱེད། རྣམ་རྟོག་བསལ་ལ་ཁྲུས་བྱས་རྒྱན་བཏགས་རིགས་ཀྱི་ཡུམ་དུ་བསྐྱེད་ལ་གདན་ཁར་བཞག །སློབ་དཔོན་ཆེ་མཆོག་ཡབ་ཡུམ་དུ་གསལ་བར་བསྒོམས་ཏེ། མཁའ་གསང་སྒོམ་ཁོག་ལྟར་བྱིན་གྱིས་བརླབ། བརྡའ་དང་ཕྱག་རྒྱ་བཞི་སོགས་ཀྱིས་སྙོམ་པར་འཇུག་སྟེ། དཀྱིལ་འཁོར་གྱིས་སྲུབས་ལ་བདེ་བ་བསྐྱང་། གནམ་ཞལ་ཀུན་བཟང་ལྟ་བུ་ཡབ་ཡུམ་གཉིས་སུ་མེད་པའི་བདེ་ཉམས་སྐྱེ་བས་བདེ་བ་ཧཱུཾ་དུ་བསམས་ཏེ། ཧཱུཾ་རིང་ཧུཾ་ཐུང་སྣ་ནས་དྲངས། མཁའ་གསང་བར་ནས་ཧཱུཾ་སྤྲོས་ལ་སློབ་བུ་གཟུངས་མར་བཅས་པའི་སྙིང་གར་བསྟིམ་པས་ཤེས་རྒྱུད་དག་པར་བསྒོམ། དེ་ནས་ཡུལ་གསུམ་གྱི་ཉམས་རྟགས་ཏེ། ཕྱི་ལུས་ཀྱི་ཡུལ་དུ་བདེ་བ་སྐྱེ། ཐ་མལ་ལུས་སུ་ཚོར་བ་མེད་པ་འབྱུང་། ནང་ཡིད་ཀྱི་ཡུལ་དུ་རྟོག་པ་འགག་ཅིང་དབུགས་རྒྱུ་བ་མི་ཚོར་བ་འབྱུང་། གསང་བ་སེམས་ཀྱི་ཡུལ་དུ་བདེ་སྟོང་འབར་ཏེ་ཐ་མལ་འདོད་ཆགས་བདེ་སྟོང་ཡེ་ཤེས་སུ་འབར་ཏེ། ཐ་མལ་འདོད་ཆགས་ཉོན་མོངས་ཞི་བ་འབྱུང་ངོ་། །དེ་རྩ་ན་གསང་བའི་དགྲ་གསུམ་ཡང་གསོད་དེ། ཕྱོགས་བྲལ་དམིགས་འཛིན་(༦༣ན)


GLG022_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་ཕྱིའི་དགྲ་གཟུང་འཛིན་བསད། འདོད་ཆགས་བདེ་ཆེན་ཡེ་ཤེས་སུ་འབར་རོ། །ནང་དགྲ་དུག་ལྔ་དུག་གསུམ་བསད་ནས། རྣམ་རྟོག་མཚན་མོའི་བག་ཆགས་ཞི་བ་འབྱུང་། གསང་དགྲ་བདག་ཏུ་རྟོག་པ་བསད་དེ་སྐྱེ་ཤིར་འཛིན་པའི་འཕྲང་རང་སར་གྲོལ། ཏིང་ངེ་འཛིན་དེ་ཡིས་འཇིགས་པའི་བདུད་བཞི་ཆོམས་ཏེ། ཡབ་ཡུམ་སྐུ་ལ་བལྟོས་པ་མེད་པར་རེག་བྱ་ཕུང་པོའི་བདུད་བཅོམ། །བདེ་བ་སྐྱེས་པ་ལྷ་སྟེ་དགའ་བྲོད་བཅས་པ་ལ་དོར་འཛིན་མེད་པས་ལྷའི་བུའི་བདུད་བཅོམ། ཡབ་ཡུམ་ཐབས་ཤེས་རབ་དབྱེར་མེད་རྡོ་རྗེའི་སྐུར་རྟོགས་པས་སྐྱེ་ཤི་མེད་པས་འཆི་བདག་བདུད་བཅོམ། དེ་ཙམ་ན་ལས་དང་བག་ཆགས་རྣམ་རྟོག་རང་སེམས་རྣམ་དག་ཧེ་རུ་ཀའི་དོན་དང་ལྡན་པས། སྐྱེ་བའི་རང་དབང་ཐོབ། འགྲོ་དྲུག་གཡང་ས་ཆོད་པའོ། །དེའི་རྗེས་སུ་ཕྱི་ནང་དབང་རྫོགས་པའི་སློབ་བུས་ཡུལ་བླ་མ་ཡབ་ཡུམ་ལ་བྱང་སེམས་དབང་ཞུ་པར་གསོལ་བ་གདབ། ཨ་ནུའི་སྒོམ་ཁོག་གིས་ལུས་ཀྱི་དཀྱིལ་འཁོར་ལྷར་བཅས་ངོ་སྤྲད་དེ། ཡེ་ནས་དཀྱིལ་འཁོར་རང་གནས་མཆོད་པ་དང་བཅས་པར་ཤེས་ཤིང་ཁོང་དུ་ཆུད་པར་བྱའོ། །རླུང་བུམ་པ་ཅན་དང་མེ་རླུང་གྱེན་རྫོགས་དཔེ་ངེས་ཤེས་བསྐྱེད་དོ། །དེ་ནས་བླ་མ་ཡབ་ཡུམ་གོང་ལྟར་ཆས་སུ་ཚུད་པའི་མདུན་དུ་རས་ཀྱི་ཡོལ་བས་བཅད་པའི་ཕྱི་རོལ་དུ་སློབ་བུ་གདོང་དར་གྱིས་བཀབ་སྟེ། མེ་ཏོག་ཐོགས་ལ་འདི་སྐད་དུ། ཧོ། བླ་མ་ཡབ་ཡུམ་གསང་བའི་བདག །གསང་བའི་དཀྱིལ་འཁོར་བདག་ལ་སྟོན། །བདེ་བ་ཆེན་པོའི་དངོས་གྲུབ་ནོད། །གསང་བའི་དབང་ཆེན་བསྐུར་དུ་གསོལ། །ཞེས་ལན་གསུམ་རྗེས་སུ་སྐོར་བ་བྱས་ཏེ། བླ་མ་ཡབ་ཡུམ་གཉིས་ཀ་ལ་མེ་ཏོག་བཟང་པོ་དབུལ། གསང་(༦༣བ)


GLG022_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དམ་ཚིག་དབབ་བྱིན་དབབ་མིག་ཕྱེ་ལ་ཡུམ་གྱི་གསང་བའི་དཀྱིལ་འཁོར་བསྟན། དེ་ནས་བླ་མ་ཡབ་ཡུམ་གྱི་བྱང་སེམས་འཁོར་ལོ་བཞི་ནས་དབབ་པའི་སྦྱོར་བ་བྱ། ཕྱི་དབང་ནང་ལ་རྫོགས་པར་ངོ་སྤྲད་དེ། དེ་ཉིད་ཡུམ་གྱི་མཁའ་གསང་ནས་ལྕེས་ལེན་པར་བྱ་བའམ། ཡང་ན་ཡུམ་གྱི་ཁ་སྤུབ་ལ་མེ་ལོང་རང་ཡུ་ཅན་དུ་བྱང་སེམས་གཏིགས་ལ་ཀ་པཱ་ལར་མངར་གསུམ་ག་བུར་ཙན་དན་བདུད་རྩི་ལྔ་དང་ཛ་གང་དུ་སྦྱར་ཏེ་བླ་མ་རིགས་འཛིན་ལྷ་ཚོགས་ཀྱི་སྦྱོར་མཚམས་ནས་བྱང་སེམས་ཡོངས་རྫོགས་སུ་དབབ་བསྟིམ་ནས་སློབ་བུའི་ངག་ཏུ་བསྐུར་བ་ནི། ཨཱོཾ་དྲི་མེད་སྐྱོན་བྲལ་ཤེས་སྒོང་མུ་ཏིག་འདྲ། །པདྨ་རཀྟ་ཆགས་པ་ཆེན་པོའི་གནས། །ཆོས་ཉིད་དག་པའི་འགྲོ་དོན་མཐར་ཕྱིན་ཅིང་། །བྱང་ཆུབ་སེམས་ཀྱི་དབང་ཆོག་ཐོབ་བྱའི་ཕྱིར། །བོ་དྷི་ཙིཏྟ་ཡབ་ཀྱི་བྱང་ཆུབ་སེམས། །དོན་དམ་དབྱེར་མེད་བྱང་ཆུབ་ཆེན་པོའི་དབང་། །སིནྡྷུར་དམར་པོ་ཡུམ་གྱི་བྱང་ཆུབ་སེམས། །དོན་དམ་དབྱེར་མེད་བྱང་ཆུབ་ཆེན་པོའི་ངང་། །ཐར་པའི་ལམ་མཆོག་བདེ་བའི་ལམ་འདྲེན་ཅིང་། །འཁོར་བའི་ལམ་ལས་ཀུན་རྒྱལ་དབང་ཐོབ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་དབང་ཐོབ་ཤོག །བོ་དྷི་ཙིཏྟ་ཀ་མ་ལ་སི་ཏི་ཧཱུཾ་མཧཱ་སུ་ཁ་ཧོ། ཞེས་བླུད་དེ། ཧོ་ཡབ་ཡུམ་གཉིས་སུ་མེད་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས་ཐབས་ཤེས་རབ་གཉིས་སུ་མེད་པར་འབྱོར་ནས་དབྱིངས་ཡེ་ཤེས་གཉིས་སུ་མེད་པ་དང་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསང་དབང་དེ་ཉིད་དུ་དབང་བཞི་ལྡན་ཚུལ་ཀྱང་ཡབ་ཡུམ་ལུས་ཀྱི་བུམ་པ་ནས་བྱང་སེམས་ཀྱི་ཆུ་བྱུང་བས་བུམ་དབང་། ལྕེ་ཐོག་ཏུ་མྱངས་པས་གསང་དབང་། གཙང་རྨེའི་རྟོག་པ་མེད་དེ་བདེ་ལམ་ཐོབ་པས་ཤེས་རབ་ཡེ་ཤེས། གཉིས་(༦༤ན)


GLG022_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མངོན་དུ་མཐོང་བས་བཞི་པའོ། །དེ་ལྟར་ངག་ཏུ་བསྟིམ་པས་བླ་མ་ཡབ་ཡུམ་སློབ་མ་གསུམ་སེམས་ཉིད་ཡུལ་གསུམ་གཅིག་ཏུ་འདྲེས་དྲི་མེད་ཐོབ་པའི་ཐབས་སོ། །ངག་སྒྲིབ་སྦྱངས་པད་མ་ཅན་གྱི་སར་སྤོར་བའོ། །དེ་ནས་གྲོལ་ལམ་དུ་མ་བསྟན་པའི་རྩ་རླུང་སྟེང་སྒོའི་མན་ངག་བསྟན་པ་ཨ་ནུའི་སྒོམ་ཁོག་བཤད། ལྷ་ཡབ་ཡུམ་གཉིས་སུ་མེད་པའི་ཤེས་པ་བསྐྱེད། ཞི་ཁྲོ་ཡབ་ཡུམ་འཁྲིལ་བའི་སྐུ་བརྡར་བསྟན་ཏེ་དོན་དེ་ཉིད་ལ་དགོངས་པར་བསྟན། རྩ་བ་ཡན་ལག་ཏུ་བཅས་པའི་ལོངས་སྤྱོད་དང་དུ་བླངས། །སེམས་མཚོན་གཉིས་འདིས་བདེ་ཞིང་གསལ་བ། སངས་རྒྱས་ཐམས་ཅད་དང་དབྱེར་མེད་སྦྱོར་བའི་ཏིང་འཛིན་བསམ། དེ་ལྟར་དབང་ཐོབ་ནུས་པས་ནི་བདུད་བཞི་འཇོམས། འབྲས་བུ་རྣམ་སྨིན་འབྲས་འཇོམས་དྲི་མེད་གཉིས་མེད་རིག་པར་བྱེད་དོ། །སྐབས་འདིར་ཚོགས་བྱའོ། །ཐ་རབས་ཕྱེ་ལ་བཤད་དོ། །ཨ་ནུའི་སྒོམ་ཁོག་བཤད། དེ་ནས་སྦྱོར་བ་ཆགས་ལམ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་མཎྜལ། བྱིན་འབེབས། ལས་བྱང་གི་ཕྱག་གཟུང་མར་མེ་ཏོག་གཏོར་ནས། རང་གཞན་ལུས་ཀྱི་དཀྱིལ་འཁོར་ལ་བརྟན་ཅེས་པས། བུམ་གསང་ཚར་རྗེས་སུ་འོག་སྒོ་བདེ་ཆེན་ལ་མོས་པའི་སློབ་བུས་བླ་མ་ཡབ་ཡུམ་ལ་གསོལ་བ་གདབ་སྟེ། གཉིས་མེད་ཡེ་ཤེས་བདེ་ཆེན་པོ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །རླུང་སེམས་བསྲ་བའི་ཐབས་ཆེན་པོ། །འཁོར་ལོ་བདེ་མཆོག་དབང་ཆེན་བསྐུར། །བྱིན་དབང་ཕྱག་འཚལ་མེ་ཏོག་དོར། །ཤེས་རིག་མི་ཕྱེ་ལ་ཡུམ་གྱི་ལུས་ཀྱི་དཀྱིལ་འཁོར་མ་ལུས་རྫོགས་པར་བསྟན་ཏེ། ཡུམ་དེས་འདི་སྐད་དོ། །ཧོ། བདེ་མཆོག་འདོད་པའི་སྐལ་བ་ཅན། །ང་ཡི་བྷ་ག་ཆོས་ཀྱི་དབྱིངས། །དུས་གསུམ་རྒྱལ་སྲས་འདི་ལས་བྱུང་། །ལུས་ཀྱི་དཀྱིལ་(༦༤བ)


GLG022_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བདེ་བ་ཆེ་ཧོ། །ཞེས་བསྟན་ནོ། །དེ་ནས་བླ་མས་སློབ་བུ་ཉིད་ཀྱི་ལས་རྒྱར་རུང་བ་བླ་མས་གཏད་དེ། ཧཱུཾ། ཤེས་རབ་བཀྲ་ཤིས་མཚན་ལྡན་ཡུམ། །སྐྱེ་མེད་ཆོས་དབྱིངས་རིག་པའི་རྒྱ། །ཕྲིན་ལས་བཞི་ལྡན་མཆོག་གི་རྒྱ། །ཡབ་ཡུམ་གཉིས་མེད་རོལ་བ་ལས། །ལྷག་པ་བྱང་སེམས་དཀྱིལ་འཁོར་སྤྲོ། །འཕགས་ལམ་བདེ་སྒྲུབ་འབྲས་བུ་སྙེམས། །བདེན་པ་དབྱེར་མེད་བདེ་ཆེན་བསྐྱེད། །འཁོར་ལོའི་གནས་བཞིར་དབབ་བཟུང་ལ། །བརྟེན་ནས་ཆོས་ཉིད་དོན་རྟོགས་བྱོས། །གཉིས་མེད་དོན་སྤྱོད་དག་པའི་རྒྱན། །དགྱེས་པའི་རོ་མཆོག་ཆོས་ཉིད་དབང་མཆོག་འདི། །སྐལ་ལྡན་ཁྱེད་ལ་བསྐུར་ཐོབ་ཤོག །ཨཱོཾ་སརྦ་ཏ་ཐཱ་ག་ཏ་གྷུ་ཧྱ་པྲ་ཛྙཱ་ཤ་ར་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོ་སུ་ཁ་བྷཉྫ་མོཀྵ་ཧོ། ཧོ་ཤེས་རབ་ཡུམ་གྱི་དབང་ཆེན་གསང་བར་བསྐུར་བས། ཐབས་ཤེས་གཉིས་སུ་མེད་པའི་དབང་ཐོབ་སྟེ་དགྱེས་པའི་རོ་བསྟར་བས་ཉོན་མོངས་པ་ཡེ་ཤེས་སུ་ཤར་ནས་ཤེས་རབ་དབྱིངས་ཀྱི་ཡུམ་ལ་དབང་ཐོབ་པར་གྱུར་ཅིག །དེ་ནས་སློབ་བུ་ལས་རྒྱར་བཅས་པ་ཡོལ་བའི་ཕྱིར་འབོལ་བའི་གདན་ལ་བཞག་ལ། ལྷ་ཡབ་ཡུམ་དུ་གསལ་གདབ་ལ་མཁས་གསང་བྱིན་གྱིས་བརླབས་ཏེ་ཆགས་ཆེན་བསྐྱེད་པའི་གཏམ་བརྗོད་སྐད་ཅིག་དགའ་བཞིས་རྒྱུན་དབབ་སྒྲོམ་དུ་ཞུགས་ལ་དབང་སྒོ་སྦྱོར་ཧཾ་ཕཊ་ཅེས་བརྗོད། གཅིག་ལ་གཅིག་བལྟ་འཁྱུད་ལ་གསང་སྒོ་སྦྱར་ནུ་མ་མཉེ་བསྐྱོད་ཅིང་སྙོམས་པར་འཇུག་ཅིང་བྱང་སེམས་དབབ། ཕྱི་ནང་གསང་བའི་ཚུལ་གྱིས་བརྟག་དབང་བཞི་འདིར་ལྡན་བདེ་ཆེན་སྙིང་ནས་ལུས་ཀྱིས་མྱོང་བུད་མེད་ལ་བརྟེན་རྩ་རླུང་བཟུང་བའི་ཐབས་ཆེན་དེས་ནི་ཟག་མེད་བདེ་བ་སྐད་ཅིག་མཚོན་ཅིང་སེམས་སྒྲིབ་སྦྱངས་ཏེ་མ་ཆགས་པདྨ་སྤྱན་པ་ལ་སླེབ་མན་ངག་དམ་པ་རྒྱན་དུ་ཆེ། ཐིག་(༦༥ན)


GLG022_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་དབབ་ཚེ་བདེ་མཆོག་ལྷན་ཅིག་སྐྱེས་པ་བརྗོད་བྲལ་རང་འབྱུང་ཉམས་སུ་འཆར་བ་ངོས་བཟུང་སྟེ། བདེ་བ་ལ་བཟུང་སྟོང་ལ་སྦྱང་དབྱེར་མེད་དུ་རྒྱས་གདབ། །སེམས་ཀྱི་དྲི་མ་འདག་པས་སྨིག་རྒྱུ་དུ་བ་སྲིན་བུ་ནམ་མཁའ་ལྟ་བུའི་ཉམས་འབྱུང་སྐད་ཅིག་བཞི་བརྡ་བསྟན། རང་རིག་བདུད་རྩི་ལྔར་ལོངས་སྤྱོད། འཁོར་ལོ་བཞི་དང་རྫོགས་རིམ་བསྒོམས་པས། སྒྲིབ་འཇོམས་ཕྱག་རྒྱའི་བདེ་ཐོབ་ནུས། །སྤྲུལ་སྐུ་བདེ་ཆེན་རྣམ་སྨིན་རྒྱུ་མཐུན་ཆོས་སྐུ་དྲི་མེད་བདུད་བཞི་འཇོམས་པའོ། །གོང་ལྟར་ཡུལ་གསུམ་གསལ་ལམ་མི་གསལ་སྒྲ་གསུམ་སོད་དམ་མ་སོད། བདུད་བཞི་ཆོམས་སམ་མ་ཆོམས། འགྲོ་དྲུག་གཡང་ས་ཆོད་དམ་མ་ཆོད། བླ་མའི་ཉམས་ཚད་དང་ལྡན་ནམ་བརྟགས་ཏེ། ལྡན་ན་ཉོན་མོངས་པ་སྤངས་རང་སར་དག་སྟེ་རང་བྱུང་ཡེ་ཤེས་རྒྱུད་ལ་ཤར་ཏེ། པདྨ་ཅན་པ་རྣམས་ནོན་ནས་ཕྱིར་མི་ལྡོག་གོ །མི་ལྡན་ནའང་བདེ་ཆེན་ལམ་བསྒོམ་མན་ངག་སྦྱིན་ཅིང་དབབ་བཟུང་བཟློག་དགྲམ་རྒྱས་གདབ་འཕྲུལ་འཁོར་གྱིས་གོ་འཕངས་བགྲོད་པར་ངེས་སོ། །ཤེར་དབང་གི་ཐ་རམ་དང་ཆགས་ལམ་གྱི་འཁྲིད་ལུང་བྱེད། དེ་ནས་རིག་པའི་ཡེ་ཤེས་བདེ་ཆེན་ལྟ་བ་སྤྱི་འབྱམས་ཀྱི་དབང་བསྐུར་ཏེ། དབང་འདིའི་མེ་ཏོག་ཏུ། རང་ལུས་བུ་དང་ཆུང་མ་ནོར་གྱི་དབྱིག་ཐོགས་ཏེ་ཞུ་བ། བསྡུས་པ་དང་རྒྱས་པ་གཉིས་འདི་བསྡུས་པའོ། །ཧོ། གསང་ཆེན་རོལ་བའི་གཞལ་ཡས་འདིར། །བཀའ་དྲིན་བསམ་འདས་བླ་མ་ལ། །རྒྱུ་གསོག་རབ་སྤངས་མེ་ཏོག་འབུལ། །ཡང་དག་སྙིང་པོ་བསྟན་དུ་གསོལ། །ཞེས་ལན་གསུམ་ཞུའོ། །དབང་རྟེན་ནི་ལག་ཏུ་རྡོ་རྗེ་དྲིལ་བུ་གཏད་མདུན་དུ་མེ་ལོང་ཤེལ་བཅས་འཕྱར་ཏེ། དེ་ཡང་ཚིག་གི་དོན་མཚོན་དུ་ངོ་སྤྲོད་དུ་བསྐུར་བར་བྱ་བ་ནི། ཧཱུཾ། རང་རིག་ཡེ་ཤེས་(༦༥བ)


GLG022_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་འབྱམ། །ཐུགས་མཆོག་འགྱུར་མེད་དེ་ལ་གནས། །དུས་གསུམ་དུས་མེད་དུས་ཀྱི་མཆོག །སེམས་ཉིད་གང་ཤེས་བླ་མར་མོས། །བསམ་གྱིས་མི་ཁྱབ་ཁྱེད་ཀྱི་སྲས། །གཉིས་མེད་ཡེ་ཤེས་དཀྱིལ་འཁོར་ཆེ། །རང་རིག་རང་མཐོང་རང་རིག་གསལ། །དེ་ཉིད་གང་མཐོང་སྤྱན་ཕྱེད་པ། །གོམ་སྟོབས་ལ་ནུས་དཀྱིལ་འཁོར་མཐོང་། །ཀུན་ལ་དབང་སྒྱུར་རང་རིག་ཆེ། །རྩལ་ཆེན་རྫོགས་པ་རང་དབང་མཆོག །ལྟ་བ་ཐེག་པ་སྤྱི་འབྱམས་ཉིད། ཁོང་དུ་ཆུད་པའི་རྣམ་གྲངས་ཡིན། །འདི་ཉིད་གསང་བ་བླ་མེད་དེ། །གསུམ་སྩོགས་བརྗོད་པ་ཀུན་ཡོངས་རྫོགས། །མཉམ་ཉིད་ཡེ་ཤེས་ཆེན་པོ་སྟེ། །གཅིག་དང་དུ་མར་འཛིན་ལས་གྲོལ། །འོད་གསལ་བཞི་དང་ལམ་འབྲས་བུ། །སེམས་ཉིད་ཆོས་ཉིད་ངོ་བོ་ཉིད། །ཐབས་གསུམ་དང་ནི་ཤེས་རབ་གསུམ། །སྣང་བ་གསུམ་དང་སྟོང་པ་གསུམ། །མ་ལུས་ཟུང་འཇུག་དབྱེར་མེད་ཕྱིར། །འདི་ལ་སྒྲིབ་དང་མི་སྒྲིབ་མེད། །དབྱེར་མེད་ཡེ་ཤེས་བླ་མ་སྟེ། །རྫོགས་པ་ཆེན་པོའི་ས་ཞེས་བྱའོ། །དེ་ལ་བསྟན་བྱ་ཡོད་མིན་ཅིང་། །སྟོན་པ་བྱེད་པ་མེད་ཉིད་བསྟན། །རྟགས་རྣམས་ཀུན་གྱི་མཆོག་གྱུར་ཅིང་། །སྣང་དང་སྲིད་པ་ཇི་སྙེད་བརྡ། །རྣམ་པར་རྟོག་པ་ཐམས་ཅད་རྫས། །དེ་དགོངས་སེལ་མེད་ལྷག་མ་མེད། །འགྲན་ཟླ་མེད་པར་དེ་ཡིས་ནུས། །ཀུན་གྱི་མཆོག་གྱུར་འབྲས་བུ་ཡིན་ཧོ། །ཞེས་པའི་དོན་བཀྲོལ་ངོ་སྤྲད་དེ། ནན་ཏན་ཚིག་གི་རྗེས་གནང་བྱིན་པ་ནི། །ཧཱུཾ། སེམས་ཉིད་གསལ་ལ་འཛིན་རྟོག་མེད། །ཀ་དག་ལྷུན་གྲུབ་ཡེ་ཤེས་སྐུ། །གཉིས་མེད་འཛིན་བྲལ་ཐུགས་རྗེའི་གསུང་། །རང་རིག་ཡང་དག་རྡོ་རྗེའི་ཐུགས། །རང་བྱུང་རིག་པར་དབང་བསྐུར་རོ། །ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ཨ། ཧོ། རིག་པ་ཡེ་ཤེས་ཀྱི་དབང་བསྐུར་བས། རང་(༦༦ན)


GLG022_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྐུ་གསུམ་ལྷུན་གྲུབ་ཡེ་ཤེས་ལྔ་ལ་ལོངས་སྤྱོད་པར་གྱུར་ཅིག །ཅེས་དཔེ་དོན་བསྐུར་ཚིག་གིས་ངོ་སྤྲད་དོ། །མན་ངག་ཨ་ཏིའི་སྒོམ་ཁོག་སྐབས་འདིར་བཤད་དོ། །དེ་ལྟར་གསང་བ་ཡོངས་སུ་རྫོགས་པས་ཉོན་མོངས་པ་སྤངས་རང་སར་དག་པར་འགྱུར་རོ། །དེ་ཡན་ཆད་ཀྱིས་གསང་བའི་དབང་བསྟན་པའོ། །གོང་དུ་བསྟན་པའི་དབང་རྣམས་ཀྱིས་མ་སྨིན་པ་སྨིན་པར་བྱས་པའི་དབང་ཡིན་ལ་སྨིན་ནས་གྲོལ་ལམ་དུ་སྒྲུབ་པར་བྱ་དགོས་སོ། །དེ་ནས་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་སྤྱི་འབྱམས་ཀྱི་དབང་ཞིབ་མོ་ལ་རིམ་པ་དྲུག་གིས་སྟོན་པ་ལས། དང་པོ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ཏེ། གསང་འདུས་རྒྱུད་ལས། དེ་ལྟར་གསང་དབང་ཡོངས་རྫོགས་ནས། །ཡང་གསང་ལྟ་བ་སྤྱི་འབྱམས་དབང་། །ཡོངས་རྫོགས་རྒྱལ་ཐབས་འདི་ཉིད་དེ། །ཤེས་རབ་མིག་ལྡན་གཅིག་ལ་བསྐུར། །ཞེས་གསུངས་པའི་དོན་གང་ཞེ་ན། དེ་ལྟར་གསང་བ་ཡོངས་རྫོགས་ཞེས་པའི་དོན་ནི་གསང་དབང་ཡན་ཆད་ཀྱི་སྔགས་ཕྱི་ནང་མཧཱ་ཨ་ནུ་ཡན་ཆད་ཀྱི་དབང་རྫོགས་པ་ནི་འདིའི་སྔོན་དུ་འགྲོ་བ་ཡིན། ཅིའི་ཕྱིར་ཞེ་ན་མཁར་ལན་གྱི་རྩོལ་གྲུབ་མ་མཐོང་ན་མཁར་ཕོག་པ་དགར་མ་ཚོར་བ་བཞིན་ནོ། །ཡང་གསང་ཞེས་པ་ནི། ཀུན་གྱིས་སངས་རྒྱས་རང་མ་མཐོང་བས་སོ། །ལྟ་བ་སྤྱི་འབྱམས་ཞེས་པ་ནི། འདིས་ཐེག་པ་ཀུན་གྲོལ་ཅིང་ཁྱབ་པས་སོ། །ཡོངས་རྫོགས་ནི་ཐེག་པ་ཐམས་ཅད་ཨ་ཏིར་ཡོངས་སུ་རྫོགས་པས་སོ། །རྒྱལ་ཐབས་ཞེས་པ་ནི། རྒྱལ་བུ་རྐང་འཁྱམས་རྒྱལ་སར་འདོན་པ་དང་མཚུངས་པས་སོ། །ཤེས་རབ་མིག་ལྡན་ཅེས་པ་ནི། ཤེས་རབ་དམན་ཅིང་ལོག་ལྟ་ཆེ་བས་མི་རིགས་ལ། ཤེས་རབ་མིག་ལྡན་སློབ་བུས་རིག་པས་སྣོད་(༦༦བ)


GLG022_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའོ། །བསྐུར་ཐབས་དངོས་ལ་གཉིས་ཏེ། རྒྱལ་ཐབས་དཔེར་བརྗོད་ལ་བརྟེན་ནས་བསྐུར་བ་དང་། རིག་པ་རྩལ་དབང་ཆོ་གས་ངོ་སྤྲད་དེ་བསྐུར་བའོ། །དང་པོ་རྒྱལ་ཐབས་དཔེར་བརྗོད་ཀྱི་དབང་གང་ཞེ་ན། སྔོན་རྒྱ་གར་གྱི་ཡུལ་གྱི་མགོ་ཕར་འདས་ཨྱོན་གྱི་ཡུལ་དབུས་ཞིག་ན། རིན་ཆེན་ཁང་པ་སྒོ་ལྔ། ལོངས་སྤྱོད་ཟད་མི་ཤེས་པའི་ཕོ་བྲང་ན། རྒྱལ་པོ་ཆེན་པོ་ནམ་མཁའི་སྙིང་པོ་ཞེས་བྱ་བ། རྒྱལ་འབངས་བརྒྱད་ཁྲི་བཞི་སྟོང་འབངས་དུ་མ་ལ་དབང་བྱེད་པ། བཙུན་མོ་དྲི་མེད་འོད་ལྡན་ཡིད་འོང་མ་བྱ་བ་ལ། སྲས་རྒྱལ་བུ་འོད་ཟེར་བྱ་བ་ཤེད་མ་བྱེ་བ་རྨུགས་སེ་བ་ཞིག་ཡོད་སྐད། བློན་པོ་རིག་པ་ཅན་ཉི་མའི་འོད་ཟེར་བྱ་བ་དང་། མདོར་ན་འཁོར་སྲིད་མངའ་ཐང་ལོངས་སྤྱོད་ཕུན་སུམ་ཚོགས་པ་བདོག་པ་ལ། དུས་ལན་ཅིག་ཙ་ན། རྒྱལ་པོའི་ཕོ་བྲང་ལ་ཉེ་བའི་ཚོང་དུས་ཆེན་པོ་ཞིག་ཡོད་པ་དེ་རུ། ལྟད་མོ་རབ་ཏུ་ཆེ་བ་ཞིག་བྱུང་ནས། རྒྱལ་བུ་འོད་ཟེར་འཁོར་བཅས་ལྟད་མོ་གཟིགས་སུ་བྱོན་པ་ལས། སྒྱུ་མ་མཁན་གྱིས་སྒྱུ་མ་ལ་སོགས་ལྟད་མོ་སྣ་ཚོགས་ལ་རྒྱལ་བུ་ལྟར་འགྲོ་འགྲོ་ནས་ཡེངས། འཁོར་དང་བྲལ། ཕོ་བྲང་དུ་འོང་བའི་ལམ་འཁྲུགས། སྒོ་སྟོར་ནས་མི་རིགས་མི་གཅིག་པའི་ཡུལ་དུ་རྒྱལ་བུ་རྐང་འཁྱམས་ཏེ། སྤྲང་པོར་གྱུར་རང་ཡུལ་བརྗེད་དེ། གྲོང་ཁྱེར་ཐམས་ཅད་ཀྱི་སྒོ་རེ་མོས་སུ་འཁྱམས་ཤིང་། སྤྲང་ཟས་ཟོས། སྤྲང་གོས་ངན་པ་གོན། དམངས་སྤྲང་རྣམས་དང་འགྲོགས་སྐས་སྒོ་སྒོ་ཁང་ཀུན་ཏུ་ཉལ། རབ་ཏུ་སྡུག་བསྔལ་མྱོང་ཞིང་ལོ་ཟླ་མང་པོ་ལོན་ཅིང་རྒྱལ་སྲིད་ཀྱང་རྒྱལ་བུ་སྟོར་བས་ཞིག་ཏུ་ཉེ། རྒྱལ་བ་ནམ་མཁའ་སྙིང་པོ་གདུང་ཆད་ཀྱིས་དོགས་པར་གྱུར་ཅེ་ན། དེར་རྒྱལ་བུ་སྤྲང་ཕྲུག་དེས་གྲོང་ཁྱེར་ཐམས་ཅད་ཀྱི་སྒོ་འགྲིམས་སྟོབས་(༦༧ན)


GLG022_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། བློན་པོ་རིག་པ་ཅན་ཉི་མའི་འོད་ཟེར་གྱི་སྒོ་རྩར་འཁོར་བ་ལ། བློན་པོས་རྒྱལ་བུ་ཡིན་པར་ངོ་ཤེས་ནས། འོ་སྔོན་ངེད་ཀྱི་རྒྱལ་བུ་སྟོར་བ་འདིར་བྱུང་བས། ཁྱེད་སྤྲང་མི་དགོས་ཕོ་བྲང་དུ་འདེང་ཟེར་ཏེ་ཁྲིད་པ་ལས། རྒྱལ་སྤྲང་གིས་སྨྲས་པ། ང་ནི་རྒྱལ་བུ་མ་ཡིན་ཏེ། དྲན་པ་རྙེད་ནས་སྤྲང་པོ་ཁོ་ན་ཡིན་པས། ཕོ་བྲང་དུ་ཁྲིད་ཀྱང་རྒྱལ་པོ་མི་བཏུབ་མི་འགྲོ་ཟེར་བ་ལ། ཡང་བློན་པོས་སྨྲས་པ། ཁྱོད་ནི་རྒྱལ་བུ་ཆུང་ངུའི་དུས་ཁ་རྨུས་པ་ཤེད་མ་བྱེ་བ་གཅིག་ཚོང་འདུས་སུ་སྒྱུ་མ་མཁན་གྱི་ལྟད་མོ་ལྟར་ཕྱིན་པས་ལྟད་མོས་ཡེངས་ནས་ཕོ་བྲང་སྲིད་དང་བྲལ་ཏེ་འཁྱམས་པ་ཡིན་ནོ། །ད་ལྟ་སྤྲང་ཡང་རྒྱལ་བུ་ཡིན་པས་རྒྱལ་ས་གཏོད་པ་ཡིན་གྱིས། གལ་ཏེ་ཁྱོད་ཐེ་ཚོམ་པ་ལྟར་རྒྱལ་བུ་མ་ཡིན་ནམ་སྙམ་ན། ཁྱོད་ཀྱིས་དང་པོའི་ཡུལ་གང་ཡིན། ཕོ་བྲང་གང་། གྲོང་གང་། ཁྱིམ་ལ། རིགས་གང་། ཕ་མ། འཁོར་བྱེད་སྤྱོད་གང་ཡིན་དྲིས་པས། སྤྲང་པོས་སྨྲ་རྒྱུ་མ་རྙེད་པར་སྐྱེངས་ནས། འོ་ན་ངའི་དེ་དག་ཐམས་ཅད་ཡིན་ལུགས་ཞིབ་ཏུ་སྨྲོས་ལ་སྤྲོད་ཅིག་ཟེར་བ་ལས། བློན་པོས་མིང་དོན་སྦྱར་ཏེ། ཡུལ་བསྟན། དེ་བཞིན་དུ། གནས་ཕོ་བྲང་དང་། གྲོང་། ཁྱིམ་མལ། རིགས། ཕ་མ། རྒྱལ་བུ། ཐམས་ཅད་བརྗོད་དེ། རིག་པ་ཅན་གྱི་བྲམ་ཟེས་རྒྱལ་བུ་ཁྲུས་ནས་བཏོན། ཁྲི་ལ་བཞག །ཕོ་བྲང་ནང་དུ་བཅུག །ཅོད་པན་བཏགས། དབུ་རྒྱན་བཀོན། རྒྱལ་གོས་བཀོན། མངའ་རིས་ལོངས་སྤྱོད་ཕོག །དགའ་སྟོན་མངའ་གསོལ་བྱས། རྒྱལ་སྲིད་གཏད། རྒྱལ་སར་དུས་གཅིག་ཏུ་ཕྱུང་། ཡབ་དང་འདྲ་བར་གྱུར་ཏེ། སྐད་ཅིག་ལ་སྤྲང་པོ་མ་སྤངས་ལ། སྤྲང་ཚུལ་མི་གནས། སྤྲང་བའི་སྡུག་བསྔལ་རང་སངས་ཏེ། རྒྱལ་སྲིད་དང་མངའ་རིས་ཐམས་ཅད་མ་(༦༧བ)


GLG022_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པར་མངར་འདུས་ཏེ། བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་སྐད། དཔེ་མཐུན་དོན་བསྡུས་སུ་ངོ་སྤྲད་པའི་ལུང་ནི། དཔལ་ཆེན་གསང་བ་ཡོངས་རྫོགས་ལེའུ་བཅུ་གསུམ་པ་ནས། ཐོག་མར་ཀུན་བཞི་བཅོས་བསླད་མེད། །ཅིར་ཡང་རྒྱ་ཆད་ཕྱོགས་ལྷུང་བྲལ་སྟོང་ཁྱབ་ནམ་མཁའ་ལྟ་བུ་ལས། །རང་རྩལ་འགྱུ་བྱེད་རླུང་གིས་གཡོས། །མ་རིག་རྟོག་པའི་གཟུང་འཛིན་གྱིས། །ནན་གྱིས་མཁའ་ལ་མདུད་པ་དོར། །རྩལ་ལ་རང་དབང་མ་ཐོབ་པར། །འགྱུས་དྲན་འཛིན་དང་ཆགས་དབང་གིས། ཁམས་གསུམ་འཁོར་ཅིང་རང་རྒྱུད་བསྲེག །མ་རྟོགས་ལོག་པར་རྟོག་པ་ལས། །རྩལ་ལ་དབང་ཐོབ་ཀུན་བཟང་གིས། །གྲོལ་ཐབས་ཐེག་པ་སྣ་ཚོགས་བསྟན། །ཅེས་པས། ཐབས་གོང་དུ་བསྟན་པའི་དབང་བཀའ་ཐམས་ཅད་ཐེག་པ་བརྒྱད་ཀྱི་ཆོས་ཐམས་ཅད་དེ། ཁྱད་པར་དུ་རྒྱལ་ཐབས་དཔེས་མཚོན་དོན་མཐོང་གི་ཐབས་དེ་དག་ཐམས་ཅད་བསྡུ་ན་རྒྱལ་པོའི་ཕོ་བྲང་ལྟ་བུའི་ཀུན་གཞི་ལ། རྒྱལ་བུ་རྐང་འཁྱམས་དཔེ་འཁྲུལ་ཚུལ་བརྗོད་པ་དང་། བློན་པོས་རྒྱལ་སར་ཕྱུང་སྟེ། སངས་རྒྱས་རང་ངོ་སྤྲད་པ་དང་། རྩལ་སྤྱི་འབྱམས་རིམ་པར་བསྐུར་བའི་བར་གྱིས་རིག་རྩལ་འཁོར་འདས་ཆོས་ལ་རང་དབང་ཐོབ་པར་བྱ་བའི་ཐབས་ཁྲིད་གནད་ཤིན་ཏུ་ཆེ་བར་བསྟན་པར་གོ་བར་བྱའོ། །རྒྱལ་ཐབས་དཔེ་དོན་རིགས་ཆད་རྗེས་སུ་བཟུང་ཐབས་ཀྱི་བརྡ་ནི་གོང་གི་རྒྱལ་བུ་དེ་ཉིད་སྤྲང་གི་བར་དུ་སྤྲང་མོ་དང་འདུས་མནའ་མཐོ་བྱས་སྤྲང་ཕྲུག་ལ་ཆགས་ན་རྒྱལ་སར་དབྱུང་དུ་མི་རུང་བས། སྤྲང་ཁྱུ་ནས་བཏོན་ཙམ་གྱིས་དམངས་སུ་ལོངས་སྤྱོད་ཕན་བཏགས་ནས་འཇོག་པ་དང་འདྲ་བར་བློ་དམན་ཆགས་སྡང་ཨ་འཐས་ཐེག་དམན་ཞེན་པས་རྩལ་དབང་མི་ཐོབ་པས་དེ་དང་མཐུན་པའི་ཆོས་བསྟན། (༦༨ན)


GLG022_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་ཐར་ཙམ་བྱས་ལ་བཞག་གོ །དེ་ནས་རིག་པའི་རྩལ་དབང་སྤྱི་འབྱམས་ཆོ་གས་ངོ་སྤྲད་དེ་ཡོངས་སུ་རྫོགས་པར་རང་དབང་ཐོབ་པར་བྱ་བ་ནི། སྙིང་པོ་སྐྱེ་མེད་རང་བྱུང་རྟོལ་སྐྱེས་རྒྱལ་ཐབས་ཀྱི་ངོ་འཕྲོད་ནས་སྤྱི་བླུགས་ཀུན་ཁྱབ་ཡོངས་རྫོགས་སུ་ནན་གྱིས་སྤྲད་དེ་ཆོས་མིན་རང་སར་གྲོལ་བ་ནི་འདི་དག་གོ །དེ་ཡང་དབང་རྟེན་ནི་སྣོད་བཅུད་འཛོམ་པ་གཅེས་པས། བླ་མ་ཡབ་ཡུམ་གཉིས་དང་སློབ་བུ་ཡབ་ཡུམ་ཐམས་ཅད་ཀུན་བཟང་ཡབ་ཡུམ་དུ་གསལ་གདབ། དེ་མིན་ན་དབང་བཅུད་ཐུབ་པར་དཀའ་བས་སོ། །དེ་ནས་སློབ་བུས་འཁོར་གསུམ་ཡོངས་དག་བྱས་རྗེས་སུ། ནོར་བུ་རིན་པོ་ཆེ་ཕྱག་རྟེན་དུ་ཐོགས་གཞན་གང་གིས་ཀྱང་འདི་ཡི་དབང་ཡོན་མི་སྤོགས་པས་སོ། །བླ་མའི་ཕྱག་གཡས་མཐིལ་དུ་ཨ་དཀར་ལ་འཚེར་བ་ཞིག་བཞག་དོན་གྱི་སྙིང་པོ་རང་བྱུང་སྟོན་པའི་བརྡའོ། །དེ་ལྟར་བརྡ་ཨ་དང་ཆོ་ག །རྟགས་རང་སེམས་ཆོས་སྐུ། སྒྲ་ངོ་སྤྲོད་ཀྱི་གསུང་། དོན་རང་གི་རྩལ་དབང་། བརྡ་རྟགས་སྒྲ་དོན་སྦྱར་འདི་སྐད་དོ། །ཧཱུཾ། ཐམས་ཅད་ལྷུན་གྲུབ་ཀུན་ཏུ་བཟང་པོ་དངོས། །རང་བཞིན་བརྗོད་མེད་ཀུན་ཏུ་བཟང་མོའི་ངང་། །གཉིས་མེད་ཐབས་ཀྱི་རྒྱལ་པོ་ཡོངས་ལ་ཁྱབ། །དབྱེར་མེད་ཆོས་ཀྱི་དབྱིངས་སུ་དབང་བསྐུར་བས། །ཀུན་ཏུ་བཟང་པོ་རང་བྱུང་བཅོམ་ལྡན་འདས། །ཆོས་ཀྱི་དབྱིངས་ལ་གཅིག་ཏུ་བཞུགས་པ་ཡིས། །རང་རིག་བྱང་ཆུབ་སེམས་ཀྱི་ལྷ་ཡིན་ཏེ། །དོན་དམ་སེམས་ཀྱི་ལྷ་ལ་བདག་ཕྱག་འཚལ། །དེ་ནས་ཕྱག་གཡས་ཨར་བཅས་སློབ་བུའི་སྤྱི་བོར་བཞག་སྟེ། ཧཱུཾ། ཀུན་ཏུ་བཟང་པོ་དྲི་མ་མེད་པ་ཡིས། །ཡོངས་ལ་དབང་སྒྱུར་ཡེ་ཤེས་རྒྱལ་པོར་ཤར། །རང་སེམས་རྣམ་དག་ལྟ་བའི་རྒྱལ་པོར་ཤར། །བྱང་(༦༨བ)


GLG022_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སྙིང་པོ་བདེ་བ་ཆེན་པོར་ཤར། །ཐམས་ཅད་མ་ལུས་ལྷུན་གྲུབ་ཆོས་ཀྱི་སྐུ། །ཆོས་རྣམས་ཐམས་ཅད་རང་གི་སེམས་སུ་འདུས། །སེམས་ཀྱི་བདག་ཉིད་ཅི་ཡང་མ་ཡིན་པས། །ཐིག་ལེ་སྤྲོས་པ་མེད་པའི་རང་བཞིན་ཉིད། །མཉམ་པའི་རྒྱལ་པོ་ཀུན་ལ་དབང་སྒྱུར་ཏེ། །ཆོས་ཉིད་རིག་པའི་རྒྱལ་པོ་རྫོགས་པ་ཆེ། །མ་འདྲེས་ཅིར་ཡང་སྟོན་པ་ཐེག་པའི་མཆོག །དེ་དག་མ་ལུས་མྱུར་དུ་རྫོགས་བྱའི་ཕྱིར། །སྤྱི་བླུགས་ལྟ་བའི་དབང་མཆོག་འདི་བསྐུར་བས། །ཡོངས་ལ་དབང་སྒྱུར་ལྟ་བའི་རྒྱལ་པོར་འགྱུར། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་པ་ལ་བྷ་ཏྲ་གྷུ་ཧེ་ར་ཙ་ཏ་ན་ཤ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨ་ཉེར་གཅིག་བཟླས་ཏེ། སྤྱི་བོར་ཨ་བསྟིམ་མོ། །དེ་ནས་ལྟ་བའི་དབང་བསྐུར་བ་ནི། དབང་རྟེན་ནི། སློབ་བུའི་མིག་འབྲས་སྣ་རྩེ་ནས་མགོ་གང་ནམ་མཁའ་ལ་གཏོད་དུ་བཅུག་ལ། ཧཱུཾ། ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ། །མདུན་གྱི་ནམ་མཁའ་འདི་ལ་ལྟོས། །གསལ་ལ་དངས་པ་མཐའ་དང་བྲལ། །གང་ལ་འཛིན་མེད་བདེ་ཆེན་འདི། །ལྟ་བ་ཕྱོགས་ལྷུང་མཐའ་བྲལ་ཡིན། །འདི་ཉིད་དོན་ལ་གནས་པར་གྱིས། །དུས་གསུམ་སངས་རྒྱས་དགོངས་པ་ཡིན། །ཨ་ཏི་ཧོ། དེ་ནས་སྒོམ་པའི་དབང་བསྐུར་ཏེ། །དབང་རྟེན་ནི་མར་མེ་གཅིག་བཏེག་ལ། །ལྟོས་ཤིག་ལྟོས་ཤིག་སྐལ་ལྡན་བུ། །རང་གི་སེམས་ལ་ནང་དུ་ལྟོས། །གསལ་ལ་མི་རྟོག་མ་ཡེངས་པ། །མར་མེ་རླུང་གིས་མ་བསྐྱོད་འདྲ། །སྒོམ་པ་རང་གསལ་འཛིན་པ་མེད། །འདི་ཡི་དོན་ལ་རྟག་ཏུ་བསྒོམ། །དུས་གསུམ་སངས་རྒྱས་དགོངས་ཉམས་ཡིན། །ཨ་ཏི་ཧོ། དེ་ནས་འབྲས་བུའི་དབང་བསྐུར་ཏེ། །དབང་རྟེན་ནི་བདུད་རྩི་ཛ་གད་སྦྱར་བས་ཁ་བསྐང་སྟེ་མ་འདི་པ་ལ་ཕཊ་ཀྱིས་བྱས་པས་སྨྲ་བརྗོད་མི་ཤེས། གསེར་(༦༩ན)


GLG022_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སེང་གེ་གཅིག་གཏད་ལ། ཧཱུཾ། ལྟོས་ཤིག་ལྟོས་ཤིག་སྐལ་ལྡན་བུ། །ཆོས་སྐུ་འགྱུར་མེད་དོན་ལ་ལྟོས། །སྨྲ་བསམ་བརྗོད་པའི་མཐའ་ལས་འདས། །མཁུར་བ་ཆུས་བཀང་སྨྲ་འདོད་འདྲ། །གང་ཡང་མ་གྲུབ་སྟོང་པའི་ངང་། །མི་སྐྱེ་མི་འགག་ཆོས་ཀྱི་སྐུ། །འབྲས་བུས་མི་འགྱུར་གདེངས་ལྡན་ཡིན། །འདི་ཡི་དོན་ལ་གནས་པར་གྱིས། །དུས་གསུམ་སངས་རྒྱས་འདི་ལ་གནས། །ཨ་ཏི་ཧོ། དེ་ནས་སྤྱོད་པའི་དབང་བསྐུར་ཏེ། དབང་རྟེན་ནི་གར་སྟབས་བྱེད་དུ་བཅུག་ལ། ཧཱུཾ། ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །རང་བྱུང་ཡེ་ཤེས་རོལ་པ་ལས། །མ་འགགས་ཐབས་ཀྱི་རྒྱལ་པོ་ཡིས། །གང་སྣང་སངས་རྒྱས་མཛད་སྤྱོད་ལ། །ཅི་བདེར་སྤྱོད་པས་རང་སར་གྲོལ། །སྤྱོད་པ་སྤྱི་འབྱམས་ཡང་དོག་མེད། །དུས་གསུམ་སངས་རྒྱས་སྤྱོད་པ་ཡིན། །ཨ་ཏི་ཧཱུཾ། དབང་གི་ཐ་རམ་དང་ཨ་ཏིའི་སྒོམ་ཁོག་བཤད། དེ་ནས་རྒྱུད་ལུང་མན་ངག་ཐམས་ཅད་ཡོངས་སུ་རྫོགས་པའི་རྩལ་དབང་བྱ་སྟེ། དབང་རྟེན་པདྨ་འདབ་མ་དྲུག་པའི་སྟེང་དུ་ཤེལ་གྱི་མཆོད་རྟེན་བང་རིམ་དགུ་པ་རྒྱུ་འབྲས་ཡོངས་སུ་རྫོགས་པ་གཅིག་གཏད་དེ། ཧཱུཾ། དེ་ལྟར་ལྟ་སྒོམ་སྤྱོད་འབྲས་བཞི། །སུས་མཐོང་དོན་ལ་རབ་གནས་ན། །ཐེག་པ་སྤྱི་འབྱམས་དབང་ཆེན་ཐོབ། །དབང་རྣམས་དེ་ལས་རབ་ཏུ་འཕྲོས། །དེ་ཕྱིར་དབང་གི་རྒྱལ་པོ་ཡིན། །ཧཱུཾ། བསྐྱེད་དང་རྫོགས་དང་རྫོགས་པ་ཆེ། །འདི་ལས་འཕྲོས་པ་གྲོལ་ལམ་སྟེ། །ཏིང་འཛིན་རྣམ་གསུམ་དབང་ཆེན་གསུམ། །ཆོ་ག་གསུམ་དང་ལྷ་གསལ་འདེབས། །བྱིན་རླབས་དབང་བསྐུར་ཡེ་ཤེས་བསྟིམ། །ཕྱི་ནང་གསང་བའི་ཕྱག་རྒྱས་མཆོད། །བསྟོད་བསྐུལ་འཛབ་བསྙེན་དབུལ་ལ་སོགས། །བསྐྱེད་རིམ་འགྲོལ་བའི་ལམ་ཡིན་(༦༩བ)


GLG022_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། །རང་སེམས་རྩལ་སྦྱོང་ཆེན་པོའོ། །ཧཱུཾ། ལྷ་རྣམས་གནས་སུ་རྫོགས་རིམ་ནི། །ཡིད་ནི་ཡབ་ལ་ཆོས་ནི་ཡུམ། །ཕུང་པོ་ཡབ་ལ་འབྱུང་བ་ཡུམ། །རྣམ་ཤེས་ཡབ་ལ་ཡུམ་ལྔ་ཡུམ། །དབང་པོ་ཡབ་ལ་དུས་བཞི་ཡུམ། །ཉོན་མོངས་དྲུག་ནི་སྤྲུལ་པའི་སྐུ། །ལུས་ཆོས་ཡབ་ལ་མུ་བཞི་ཡུམ། །ཐབས་ནི་ཡབ་ལ་ཤེས་རབ་ཡུམ། །རང་བཞིན་དེ་ལྟར་ཤེས་པས་ན། །མ་བཀག་མ་བསྒྲུབས་རང་ལྷར་གནས། །རང་བྱུང་གནས་གྱུར་རྫོགས་རིམ་ཡིན། །ཧཱུཾ། རང་བྱུང་ལྷུན་གྲུབ་རྫོགས་ཆེན་ནི། །སངས་རྒྱས་ཐབས་མཁས་ཐུགས་རྗེ་ཡིས། །ཐེག་སྒོ་བསམ་མི་ཁྱབ་གསུངས་ཀྱང་། །ཐམས་ཅད་བློ་ཡི་བྲིད་ཐབས་ཡིན། །ཆོས་རྣམས་ཐམས་ཅད་སེམས་ལ་རྫོགས། །ཆོས་ཀུན་བདེན་པ་དབྱེར་མེད་པས། །ཐམས་ཅད་ཡིད་ལ་གང་ཡང་མིན། །སངས་རྒྱས་མཐར་ཐུག་ཆོས་ཀྱི་སྐུ། །ཀུན་ལ་རྫོགས་ཏེ་ངོ་མ་ཤེས། །ཧོ། འཁོར་བ་དང་ནི་མྱ་ངན་འདས། །འཁྲུལ་སྣང་འཛིན་པ་གཉིས་སུ་བྱུང་། །ཡང་དག་དོན་ལ་དབྱེ་བ་མེད། །གཉིས་ཀར་རང་རིག་སེམས་ལ་རྫོགས་ཧོ། །ཆོས་སུ་འཛིན་པ་ཐམས་ཅད་ནི། །སྤྲོས་པ་བློའི་ཆོས་ཡིན་ཕྱིར། །སྐུ་གསུམ་རང་ཡང་གྲངས་སུ་ཟད། །འདུས་བྱས་ཆོས་ཀྱི་སངས་མི་རྒྱ། །ཧོ། །སངས་རྒྱས་ཆོས་སུ་འཛིན་ཚད་ནི། །མཐར་ཐུག་འཁྲུལ་བློ་ཆེན་པོ་ཡིན། །སངས་རྒྱས་ཆོས་གཅིག་ན་གཅིག་གིས་རྒྱ། །བློ་འདས་རྫོགས་པ་ཆེན་པོ་ཡིན། །ཧོ། །རྒྱས་བསྡུས་རིམ་པར་རང་ལུས་བཞིན། །རིམ་པ་དབང་གིས་བགྲོད་པར་བྱ། །ས་མ་ཡ་ནི་ཤེལ་སྒོང་ལྟར། །གཞི་ནི་དམ་ཚིག་གཙང་མས་བཟུང་། །ཏིང་འཛིན་ལུས་དང་གྲིབ་མ་ལྟར། །ཉམས་སུ་ཏིང་ངེ་འཛིན་གྱིས་ལོང་། །མན་(༧༠ན)


GLG022_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གར་ཆང་འཐུངས་པ་ལྟར། །དོན་ནི་མན་ངག་ཟབ་མོས་བསྒྲུབ། །ལྟ་བ་ནམ་མཁའི་མདུང་བསྐོར་བཞིན། །ཐག་དང་འཕང་ནི་ལྟ་བས་བཅད། །སྦྱོར་བ་མི་ཤ་འདོན་པ་བཞིན། །ལ་ནི་སྤྱོད་པས་དོར་བར་བྱ། །ཟུང་དུ་འབྲེལ་ལ་གོལ་ས་མེད། །ཚིག་ཏུ་རྟོགས་ལ་མ་བརྟེན་པར། །སྐུ་གསུམ་དོན་པོ་གཅིག་ཏུ་དྲིལ། །མཐའ་དྲུག་རྒྱུད་ལ་རྫོགས་པར་གྱིས། །མཐར་ཐུག་དོན་དམ་ནང་ནས་འཆང་། །ནམ་མཁའ་ལ་ནི་ནམ་མཁའ་བཞིན། །ཐམས་ཅད་སྟོང་པའི་ངང་ལ་གནས་ཧོ། །མ་རྩལ་ཡེ་ནས་རྫོགས་པའི་དབང་། །བསྐུར་ཐོབ་མཚོན་པའི་མཐའ་བཞི་གྲོལ། །དབང་བཞི་བསྐུར་བས་དྲི་བཞི་དག །ལྷན་སྐྱེས་ཀུན་བརྟགས་བསམ་བརྗོད་ཞེན། །བློ་དངོས་མུ་མཐའ་རང་སར་གྲོལ། །གྲོལ་མ་གྲོལ་ཀྱང་རྣམ་པར་དག །བསྐུར་ཐོབ་རང་དག་ངོ་མཚར་ཆེ། །ཆོས་ཉིད་མཐའ་ཡས་དཀྱིལ་འཁོར་ན། །རང་བྱུང་འོད་གསལ་ལྷ་ཚོགས་བཞུགས། །དེ་ལ་བདེ་གཤེགས་ཡོངས་རྫོགས་པས། །སྣང་སྲིད་འཁོར་བའི་སེམས་ཅན་ལ། །མུ་མཐའ་ཡོངས་གྲོལ་དབང་བསྐུར་བས། །རང་རིག་ཆོས་སྐུར་རྩལ་དབང་རྫོགས་སོ། །རྒྱུད་ལས་ཀྱང་། ཇི་སྙེད་པ་ཡི་བདེ་བར་གཤེགས། །རང་རིག་སེམས་ཀྱི་རྒྱུད་ལ་འདུས། །དེ་ཕྱིར་ཡོངས་སུ་རྫོགས་ཞེས་བྱ། །གཞི་ལམ་འབྲས་བུའི་གསང་རྫོགས་པས། །གསང་བ་ཡོངས་རྫོགས་རྒྱུད་དུ་ཟུང་། །ཞེས་པས་དབང་ཐམས་ཅད་ཡོངས་སུ་རྫོགས་པའི་དོན། །དེ་ནས་ཤེལ་གྱི་མཆོད་རྟེན་བསྟན་ཏེ། འོ་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་སྐུ་གསུམ་ལྷུན་གྱིས་གྲུབ་པ་ཁོ་ནའོ་ཞེས་ངོ་སྤྲད་དོ། །སྤྲོས་ཆོས་རྩ་རྒྱུད་ལས་ཀྱང་། །ཀུན་གྱི་སྤྱི་བསྡུས་སེམས་ཀྱི་(༧༠བ)


GLG022_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། །དབང་སེམས་གཉིས་སུ་མེད་པར་འབྲེལ། །གཉིས་མེད་གཅིག་ཏུ་འདྲེས་ཙམ་ན། །དབང་ནི་ཆོས་སྐུ་སྐྱེ་འཇིག་མེད། །བསྐུར་ནི་འཕོ་འགྱུར་མེད་པར་བསྐུར། །ཐོབ་ནི་འགྱུར་མེད་སྙིང་པོ་ཐོབ། །མཚན་མའི་དབང་བསྐུར་ཇི་སྙེད་པ། །ད་སོགས་དབང་གི་སྡེ་ཚན་རྣམས། །ཡིད་ལ་བྱར་མེད་སྤྲོས་པ་ཆོད། །ཅེས་པས། སྙིང་པོ་ཆོས་མིན་མིང་མེད་ཡུལ་འདས་ཀུན་བྲལ་ཡོངས་སུ་རྫོགས་པའོ། །རྒྱལ་ཐབས་སྤྱི་འབྱམས་རྩལ་དབང་དེ་དག་གིས་ནི་ཀུན་ཁྱབ་ངང་དངས་ནམ་མཁའི་ཀློང་། །ཉི་ཟླ་གཟའ་སྐར་འབྱུང་བཞི་ཕྱི་ནང་སྣོད་བཅུད་ཡོངས་སུ་རྫོགས་པ་ལྟར་དུ། རྣལ་འབྱོར་གྱི་རྣལ་འབྱོར་ཤིན་ཏུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་དབང་ཐོབ་པར་བྱས་པ་ཡིན་ནོ། །དེ་ཡན་ཆད་ཀྱིས་རྒྱལ་ཐབས་སྤྱི་འབྱམས་ཀྱི་དབང་རིམ་དྲུག་ལས། ཕྲ་མོར་གསིལ་ནས་བཅུ་གསུམ་གྱིས་བསྟན་ནོ། །མདོར་ན་ཡོངས་རྫོགས་ཀྱི་དབང་གི་རྣམ་གྲངས་རྩ་བ་དང་བཅས་པ། ཕྲ་མོར་རིལ་བས་ཉིས་བརྒྱ་སུམ་ཅུ་རྩ་བདུན་གྱིས་ཡོངས་སུ་རྫོགས་པར་བསྟན་ནོ། །ཚོགས་འཁོར་བྱའོ། །ཐ་རམ་དང་ཨ་ཏིའི་སྒོམ་ཁོག་སྤྱི་དོན་དྲུག་པ་དབང་དྲུག་པ་དབང་སྲོག་དམ་ཚིག་གིས་བཟུང་བར་བསྟན་པ་ནི་སྤྱིར་ཆོས་བསམ་གྱིས་མི་ཁྱབ་ནའང་། འདིར་གསང་འདུས་རྒྱུད་ལས། རྒྱུད་དོན་དམ་ཚིག་བསྲུང་བྱ་བ། །རྩ་བ་ཡན་ལག་ཉམས་མི་བྱ། །ཡང་ན་མཉམ་རྫོགས་རྒྱལ་པོར་གནས། །ཞེས་གསུངས་པས། དམ་ཚིག་ལ་དྲུག་སྟེ། ངོ་བོ། ངེས་ཚིག །དབྱེ་བ། སྲུང་ཐབས། ཉམས་སྐྱོན། བསྲུངས་པའི་དགོས་ཆེད་དོ། །ངོ་བོ་ནི་འདའ་དཀའ་བྱང་ཆུབ་སེམས་སོ། །ངེས་ཚིག་ནི་བསྲུང་བྱ་མ་ཉམས་ན་འཁོར་བའི་བུད་ཤིང་འཚིག་ལ། ཉམས་ན་རང་རྒྱུད་(༧༡ན)


GLG022_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བར་འཚིག་ག །འོན་ཏེ་ལྟ་བའི་སོ་མ་ཉམས་ན། །མ་རིག་འཚིག་ཅིང་སྐྱེ་མེད་དོན་དམ་མོ། །དབྱེ་བ་ལ་བཞི། རྩ་བ་གསུམ། ཡན་ལག་ཉེར་ལྔ། སྤྱིའི་བཅུ་གཅིག །ཁྱད་པར་གྱི་གཅིག་གོ །ཇི་ལྟར་དམ་ཚིག་བསྲུང་ཐབས་རིམ་པ་ནི། །སྐུའི་དམ་ཚིག་ཏུ་རྡོ་རྗེ་སློབ་དཔོན་དང་མཆེད་དང་ལྕམ་དྲལ་ལ་བསྲུང་བྱའི་མདོ་ནི། བརྡེག་བརྩོག་དང་རྐུ་འཕྲོག་སྤྱ་སེམས་སྐུར་པ་འདེབས་པ་དང་ངན་སེམས་དང་ཐུགས་འགལ་ཐམས་ཅད་བསྲུང་བར་བྱའོ། །གསུང་བར་དམ་ཚིག་ཏུ། དབང་ཐོབ་ཡི་དམ་དཀྱིལ་འཁོར་ལྷ་ལ་བསྲུང་བྱའི་མདོ་ནི། སྐུ་ཕྱག་རྒྱ་བསྒོམ་པ་དང་། གསུང་སྙིང་པོ་འདྲེན་པ་དང་། ཐུགས་ཏིང་འཛིན་འཕྲོ་འདུ་བྱེད་པ་དང་། ཐུགས་དམ་བཀང་སོགས་རབ་ཆུ་རྒྱུན་བཞིན་སྤྱད། འབྲིང་ཉིན་མཚན་ལན་གསུམ་གསུམ་མམ་ཐུན་བཞི་མི་བཅུག་ཅིང་། ཐ་མ་ཉིན་ཞག་ཕྲུགས་རེ་ལ་ལན་རེ་མི་བཅག་པར་བསྲུང་བར་བྱའོ། །ཐུགས་ཀྱི་དམ་ཚིག་ཏུ་བསྲུང་བྱའི་མདོ་ནི། སྒྲུབ་རྫས་ལག་ཆ་ཐམས་ཅད་དམ་མ་འདྲེས་པ་རྣམས་ལ་གསང་བ་དང་། དེ་བཞིན་དུ་སྨན་གཏོར་རཀྟ་ནང་གི་མཆོད་རྫས་གསང་བ་དང་། སྤྱི་འཛབ་རྩ་བའི་སྙིང་པོ་རྣམས་གསང་བ་དང་། ཕྱག་རྒྱ་དང་མཚོན་དཔེ་གསང་བ་དང་། སྦྱོར་སྒྲོལ་གྱི་ཕྱག་བཞེས་གསང་བ་དང་། །འཕྲིན་ལས་མཛད་སྤྱོད་གསང་བ་དང་། རྒྱུད་དང་སྒྲུབ་ཐབས་མན་ངག་གསང་བ་དང་། མདོར་ན་བླ་མ་མཆེད་ཀྱི་ཚང་ངམ། ཆོས་སྤྱོད་ལ་སོགས་པ་གསང་བར་འོས་པ་ཀུན་གསང་བ་དང་། བླ་མ་དང་མཆེད་ཀྱི་ཆེད་དུ་མན་ངག་གམ་གསང་གཉེར་གཏད་པ་ཀུན། གསང་བའི་དམ་ཚིག་བཅུ་པོ་དག་གསང་ཞེས་བསྲུང་བར་བྱའོ། །རྩ་བའི་དམ་ཚིག་དེ་དག་མ་བསྲུངས་(༧༡བ)


GLG022_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ན། བསྐལ་པ་ལྔར་རྡོ་རྗེའི་དམྱལ་བར་འགྲོ་བར་རྒྱུད་ལས་གསུངས་སོ། །དེ་ནས་ཡན་ལག་གི་དམ་ཚིག་ཉེར་ལྔ་བསྲུང་བར་བྱ་བའི་མདོ་ནི། ཤེས་པར་བྱ་བའི་དམ་ཚིག་ནི། ཕུང་པོ་ལྔ་དང་། འབྱུང་བ་ཆེན་པོ་ལྔ་དང་། ཡུལ་ལྔ་དང་། དབང་པོ་ལྔ་དང་། ཡེ་ཤེས་ལྔ་དང་། རིགས་ལྔ་ཡབ་ཡུམ་དུ་སྦྱོར་ཤེས་པར་བྱའོ། །སྤྱད་པར་བྱ་བའི་དམ་ཚིག་ལྔ་ནི། སྦྱོར་བ་དང་། སྒྲོལ་བ་དང་། མ་བྱིན་པར་ལེན་པ་དང་། རྫུན་དུ་སྨྲ་བ་དང་། ཚིག་གླང་པོ་ཉོན་མོངས་པ་ལྔ་པོ་གཉིས་མེད་མཉམ་པའི་ངང་ནས་འགྲོ་དོན་སྤྱད་པར་བྱའོ། །མི་སྤང་བྱ་བའི་དམ་ཚིག་ལྔ་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་ལྔ་ནི་ཡེ་ནས་རིགས་ལྔའི་རང་བཞིན་དུ་རྟོགས་པར་བྱ་ཞིང་མི་སྤང་བར་རང་སར་གྲོལ་ལོ། །སྒྲུབ་པར་བྱ་བའི་དམ་ཚིག་ལྔ་ནི། རྡོ་རྗེའི་རིགས་དང་། དེ་བཞིན་གཤེགས་པའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་ལྔ་པོ་རྣམས་བསྒྲུབ། ཏིང་ངེ་འཛིན་ལེ་ལོ་མེད་པར་བརྩོན་པས་བསྒྲུབ་པར་བྱའོ། །དང་དུ་བླང་བར་བྱ་བའི་དམ་ཚིག་ལྔ་ནི། དྲི་ཆེན་དང་། དྲི་ཆུ། དམར་ཆེན་དང་། བྱང་སེམས་དཀར་པོ་དང་། མདངས་ཆེན་པདྨ་རཀ་ཏ་དང་། རྣམ་པ་ལྔ་ནི་འཛིན་རྟོག་མེད་པར་དང་དུ་བླང་བར་བྱའོ། །དེ་ལྟར་ཡན་ལག་དམ་ཚིག་ཉེར་ལྔ་འདས་ན་མནར་མེད་པའི་དམྱལ་བར་ལྟུང་བ་གསང་རྒྱུད་ལས་བཤད། ཐུན་མོང་སྤྱིའི་དམ་ཚིག་ཏུ་བླ་མ་བཀུར་ཅིང་གསུང་ཟུར་ཙམ་ཡང་མི་བཅག་པ་དང་། བླ་མེད་ཐེག་པ་མི་སྤང་བ་དང་། །ཐུན་བཞིའི་རྣལ་འབྱོར་མི་ཡེངས་པ་དང་། སྔགས་དང་ཆོས་སྤྱི་ལ་ཐེ་ཚོམ་སྤང་བ་དང་། མཆེད་ལྕམ་གདུང་སེམས་ཀྱིས་བསྐྱང་བ་དང་། སེམས་(༧༢ན)


GLG022_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་སྙིང་རྗེས་དྲང་བ་དང་། ཉོན་མོངས་རང་དགར་མི་བཏང་བ་དང་། ཐེག་པ་དང་ཆོས་ཀྱི་ཞལ་ཟིན་ཕྱིར་གཞན་ལ་མི་སྨད་པ་དང་། ལེ་ལོ་གཉིད་དང་ཆང་དབང་སྤང་བ་དང་། ལྟ་སྤྱོད་ཟུང་དུ་འབྲེལ་བས་བསྙེན་སྒྲུབ་མཐར་དབྱུང་བར་བྱའོ། །ཞེས་རྒྱུད་ལས་གསུངས་པ་དེ་བཞིན་དུ་བསྲུང་བར་བྱའོ། །ཡང་ན་མཉམ་རྫོགས་རྒྱལ་པོར་གནས། །ཞེས་གསུངས་པ་ནི། ཁྱད་པར་མཆོག་གི་དམ་ཚིག་སྟེ། །རྒྱུད་ལས། ཡང་དག་དོན་གྱི་དམ་ཚིག་ཏུ། །འཁོར་འདས་ཆོས་རྣམས་རང་རིག་སེམས། །གདོད་ནས་རང་བྱུང་ཆོས་སྐུའི་ངང་། །དེ་ཉིད་ངེས་ན་བསྲུང་ཉམས་ནི། །མི་བསྲུང་བློ་ཡིས་དོར་དུ་མེད། །ཉམས་སྐྱོན་ཐོབ་བྱའི་རེ་བ་མེད། །མ་སྤངས་མི་གནས་གཟུང་འཛིན་འདས། །སྐྱེ་མེད་སྙིང་པོས་མི་ཤིགས་སམ། །མུ་སྟེགས་བདག་ཏུ་འཛིན་པ་འཚིག །ཅེས་གསུངས་པས་རྟོགས་པའི་དོན་ལས་མི་འདའ་བར་བསྲུང་ངོ་། །མི་བསྲུང་བའི་བསྲུང་བ་ཆེན་པོར་བསྟན་ནོ། །དམ་ཚིག་ཉམས་སྐྱོན་ནི། སྐབས་སུ་བརྗོད་པ་ཡང་ཡིན་ཏེ། སོ་མཁའི་མཁར་སྤེའུ་ཤོར་བ་ལྟར་རང་ཕུང་སྲིད་ཕུང་དུ་འགྲོ་བ་ཡིན། ཕལ་ཆེར་ཚེ་འདི་ཉིད་ནས་རྒྱུ་འབྲས་ཡིད་དུ་མི་འོང་བ་སྣ་ཚོགས་འདུ་སྟེ། བརླག་ནས་ཕྱི་མ་མནར་མེད་པའི་རྡོ་རྗེའི་དམྱལ་བར་ཐར་བ་མེད་པར་འགྱུར་རོ། །འོན་ཏེ་དགེ་བ་མཐའ་རྫོགས་ཀྱི་ལས་ངན་པོ་འགའ་ཞིག་ཚེ་འདིར་སྐྱིད་པ་ལྟར་སྣང་བ་ནི། སྔ་མའི་བཟང་ལས་ཐམས་ཅད་འདིར་ཟད་ཕྱི་མ་དམྱལ་བ་མཐའ་མེད་དུ་ལྟུང་བར་རྒྱུད་ཀུན་ནས་བཤད་དོ། །གལ་ཏེ་དམ་ཚིག་ཉམས་སྲིད་ན་བཤགས་ཐབས་ནི། སྐུའི་དམ་འགལ་ན་ན་རག་ལ་བརྟེན་པའི་ཕྱག་དང་བསྐང་ཚོགས་ཀྱིས་བཤགས། གསུང་གྱི་དམ་འགལ་ཡིག་བརྒྱ་འབུམ་བསྙེན་བརྗོད་(༧༢བ)


GLG022_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་བཤགས། ཐུགས་ཀྱི་དམ་འགལ་བླ་མ་མཉེས་བྱས་དོན་ཁྲིད་ཞུས་ཏེ་ལྟ་བས་བཤགས། ཐུན་མོང་དུ་དབང་བསྙེན་སྒྲུབ་ཆེན་པོས་བཤགས། རྒྱུན་དུ་རྒྱུན་བཤགས་ནར་མས་སྐོངས་བར་འགྱུར་རོ། །བསྐང་བཤགས་ལ་བརྩོན་པ་ནི་མན་ངག་གི་དམ་པའོ། །དེ་རྗེས་དམ་བཅའ་རྒྱུན་པས་དམ་བཅའོ། །དམ་ཚིག་བསྲུང་བའི་དགོས་ཆེད་ནི། ཡོངས་རྫོགས་རྒྱུད་ལས། སྔར་བས་འདས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ཏེ་རྒྱས། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་རབ་ཏུ་གནས་སླད་ནས་འབྱོན་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ནས་རྒྱའོ། །ཞེས་པ་དང་། ཐུན་མོང་ཉིད་ཐོབ་མཆོག་ལ་སྦྱོར། །ཡིད་བཞིན་རཏྣ་བསྟེན་པ་འདྲ། །ཞེས་པས་ཚེ་འདི་ཉིད་དུ་འབྲས་བུ་ལ་རེག་པ་དང་། ཕུན་སུམ་ཚོགས་པའི་དངོས་གྲུབ་འབྱུང་ངོ་། །གལ་ཏེ་སྡུག་བསྔལ་འཕེལ་བ་ལྟར་སྣང་ནའང་མི་དགེ་བའི་ལས་མཐར་ཟད་བཅས་བྱ་སྟེ། སྔར་གྱི་ལས་སྒྲིབ་ཐམས་ཅད་དམ་ཚིག་གི་བྱིན་རླབས་ཀྱིས་ཚེ་འདིར་སྨིན་ནས་ཕྱི་མ་བདེ་བ་མཐའ་འབྱམས་ལ་སྦྱོར་བའི་ལྟས་སོ། །དཔེར་ན་དེ་རིང་སྤྲིན་འདུ་ཚབས་ཆེ་ཞིང་བརླན་འབབ་དྲག་ན་སང་ཉིན་ནམ་དངས་ཉི་མ་གསལ་བ་བཞིན་ནོ། །ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དབང་གི་སྲོག་དམ་ཚིག་གཙང་མར་བསྲུང་བ་གལ་ཆེའོ། །སྤྱི་དོན་བདུན་པ་དབང་ཆེན་མ་ཐོབ་པར་བསྐྱེད་རྫོགས་ལྷ་བསྒོམ་གསང་སྔགས་ལ་འཇུག་པའི་སྐྱོན་ནི། རྒྱུད་ལས། དབང་མ་ཐོབ་པའི་ཉེས་པ་ནི། ཤེས་རབ་གསུམ་སོགས་རློམ་ན་ཡང་། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་པས། དབང་མ་ཐོབ་ན་ཐེག་པ་མཐའ་དག་ཐོབ། བསམས། བསྒོམས། བསྒྲུབས་ཀྱང་འབྲས་བུ་མི་འབྱུང་བའི་སྟེང་དུ་(༧༣ན)


GLG022_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བརླག་པར་གསུངས་སོ། །དབང་ཡོན་མ་ཕུལ་ཤིན་ཏུ་ཉམས་ཞེས་གསུངས་པས་དབང་ཞུས་ནས་ཡོན་མ་ཕུལ་ན་དམ་ཚིག་ཉམས་པའི་ཉེས་ལྟུང་ཐམས་ཅད་འབྱུང་བར་རྒྱུད་ལས་བཤད་དོ། །སྤྱི་དོན་བརྒྱད་པ་དབང་ཆེན་ཡོངས་རྫོགས་སུ་ཐོབ་པའི་དགོས་ཆེད་དམ་རྟགས་སམ་ཡོན་ཏན་ནི། རྩ་རྒྱུད་ལས། དེ་ལྟར་དབང་རྣམས་ཡོངས་རྫོགས་པར། །བསྐུར་བའི་ཡོན་ཏན་བསམ་མི་ཁྱབ། །གསང་སྔགས་དངོས་གྲུབ་དབང་ལས་འབྱུང་། །ཐོབ་རྟགས་མཁའ་འགྲོས་ལུང་སྟོན་ཅིང་། །ཐུན་མོང་མཐར་ཐུག་སིདྡྷི་ཐོབ། །གཟུང་འཛིན་ཉོན་མོངས་རྟོག་པའི་བདུད་རྣམས་འཇོམས། །ལྟས་སུ་ཡིད་བཞིན་རཏྣ་གཙུགས་ན་འཆང་། །མགོ་ལ་ཉི་ཤར་དམག་དཔོན་བྱེད། །མགོ་དང་རོ་སྟོད་ལྕི་ལ་བདེ། །བུམ་བཅུད་འཐུངས་རྨི་ཟས་བཅུད་ཟོས། །རང་རིག་རང་རྩལ་དབང་བསྒྱུར་ནས། །ཞེས་པ་དང་། རིམ་པའང་དབང་གིས་བགྲོད་པ་ཡིན། ཅེས་པས། དེ་ལྟར་དབང་རིམ་ཡོངས་སུ་རྫོགས་པར་ཐོབ་ནས་མ་སྨིན་པ་ཐམས་ཅད་སྨིན་པར་བྱེད་ངེས་ལ་སྨིན་པ་གྲོལ་བར་བྱེད་པ་སྒྲུབ་པ་ལ་རག་ཅིང་། སྒྲུབ་པའི་སྲོག་དམ་ཚིག་གིས་བཟུང་བར་བསྟན་པས་སྙིང་པོའོ། །དོན་མཐར་འབྱིན་ནོ། །དང་པོ་འཇུག་པའི་ཆོ་ག་སྐྱབས་འགྲོ་སེམས་བསྐྱེད་ནས། དཀྱིལ་འཁོར་དུ་ཞུགས་པ་ཡན་ཆད་ཀྱིས་ཉན་རང་བྱང་སེམས་ཐེག་པ་གསུམ་གྱི་དབང་ཡར་ལྡན་དུ་ཐོབ་པ་ཡིན། ཕྱི་བུམ་དབང་ལ་སོགས་པ་བརྒྱད་བསྐུར་བས་ཀྲི་ཡ་ཨུ་པ་ཡོ་གའི་ཐེག་པ་གསུམ་གྱི་དབང་ཡར་ལྡན་དུ་ཐོབ་པ་ཡིན། ནང་ལྷ་དབང་ལ་སོགས་དགུ་བསྐུར་བས་མཧཱ་ཨ་ནུའི་ཐེག་པ་གཉིས་ཀྱི་དབང་ཐོབ་པ་ཡིན། གསང་དབང་གསུམ་སྤྱི་འབྱམས་དྲུག་ཕན་ནུས་ཀྱི་དབང་རྣམས་བསྐུར་བ་ཨ་ཏི་ཡོ་གའི་ཐེག་(༧༣བ)


GLG022_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་ཐུན་མོང་ཁྱད་པར་མ་ལུས་པའི་དབང་ཐོབ་ཅིང་། མདོར་ན་བཀའ་རབ་འབྱམས་ཀྱི་དབང་ཐོབ་པ་ཡིན་པས་དབང་ཡོངས་རྫོགས་སུ་ཐོབ་པ་དང་སངས་རྒྱས་དགོངས་པ་ལོན་པ་དུས་མཉམ་པར་འབྱུང་ངོ་། །དེའི་ཕྱིར་ན་ཐེག་པ་ཡོངས་རྫོགས་དབང་བཀའ་འདི་ཐོབ་པའི་དགོས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །སྤྱི་དོན་དགུ་པ་དབང་ཡོན་དབུལ་བར་བསྟན་པ་ནི། རྒྱུད་ལས། བྱིན་རླབས་དབང་གི་བླ་མ་ལ། །རྒྱལ་སྲིད་ཡུལ་འཁོར་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག་དབུལ་ཞེས་གསུངས་པས། འཁོར་གསུམ་ཡོངས་དག་ལན་གསུམ་བྱ། །སྒྱུ་ལུས་བླ་མའི་བྲན་དུ་དབུལ་བར་བྱའོ། །དེ་ནས་རྟགས་སྦྱིན་ཏེ། སྐུའི་དབང་ཐོབ་རྟགས་སུ་ཨཱོཾ་དཀར་པོ་དང་གསུང་གི་དབང་ཐོབ་རྟགས་སུ་ཨཱཿདམར་པོ་གཅིག །ཐུགས་ཀྱི་དབང་ཐོབ་རྟགས་སུ་ཧཱུཾ་མཐིང་ཁ་གཅིག །ཡོན་ཏན་གྱི་དབང་རྟགས་སུ་ཨ་མྲྀ་ཏ་ཚོམས་གཅིག །འཕྲིན་ལས་ཀྱི་དབང་རྟགས་སུ་ཕུར་པ་སོར་བཞི་པ་དང་ལྔ་པོ་དེ་སྤྱི་གཙུག་དབང་རལ་ལ་གདགས་པར་བྱའོ། །དེས་ནི་རྒྱལ་པོས་རྟགས་བཏབ་པ་དང་འདྲ་སྟེ། མི་ནུབ་རྒྱལ་མཚན་དུ་འགྱུར་རོ། །གཏང་རག་མཆོད་ཚོགས་སྒྲུབ་ཁོག་བཞིན་བྱའོ། །སྤྱི་དོན་བཅུ་པ་དབང་གི་གཏད་རྒྱ་བསྟན་པ་ནི། དེ་ཡང་སློབ་བུ་མཚན་ཉིད་བཅུ་ལྡན་གསུམ་ལ་བཀའ་གཏད་དེ། དེས་ཀྱང་འགྲོ་བ་འདུལ་བར་མངའ་གསོལ་ཅིང་། ལྷ་སྲིན་ཟིལ་གྱིས་མནན། དབང་དུ་བསྡུས་ཏེ་བཀའ་གཏད་ཕྱིར། །དཔལ་ཆེན་དགྱེས་པའི་གླུ་བྲོ་བྱ་སྟེ། རྣལ་འབྱོར་པ་ཐམས་ཅད་དཀྱིལ་འཁོར་ལ་གྲལ་བསྒྲིགས་གསུམ་དུ་བསྐོར་ཏེ། རྡོ་རྗེ་གཤོག་པའི་ཕྱག་རྒྱ་བྱས་ཏེ་འདི་སྐད་དོ། །ཧཱུཾ། ང་ནི་ཆེ་མཆོག་ཧེ་རུ་ཀཿ། །ཞི་ཁྲོ་བདེ་གཤེགས་ཡོངས་(༧༤ན)


GLG022_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སྐུ། །རྡོ་རྗེའི་གླུ་གཅིག་གནམ་ནས་ལེན། །སྟེང་གི་ལྷ་རྣམས་ཟིལ་གྱིས་གནོན། །རྡོ་རྗེའི་གླུ་གཅིག་ས་ནས་ལེན། །ཀླུ་གཉན་ས་བདག་ཟིལ་གྱིས་གནོན། །རྡོ་རྗེའི་གླུ་གཅིག་ཕྱོགས་བཅུར་སྒྲོགས། །ཕྱོགས་སྐྱོང་དྲེགས་པ་ཞབས་འོག་གཟིར། །རྡོ་རྗེའི་གླུ་སྐད་རྩེར་རེ་རེ། །ཧཱུཾ་གི་འབྲུག་སྒྲ་དིར་རི་རི། །ཕཊ་ཀྱི་གནམ་ལྕགས་ཚལ་ལེ་ཚལ། །དྲག་པོའི་བཤུག་གླུས་ཁམས་གསུམ་གཡོ། །ཤངས་ཀྱི་རླུང་སྒྲས་སྲིད་གསུམ་སྒྲོལ། །སྙན་ནས་འབྲུག་སྒྲས་སྟོང་གསུམ་འགེངས། །ལྗགས་ལས་གློག་འགྱུ་བར་སྣང་ཁྱབ། །སྤྱན་ནས་ཆུ་བྱུང་སྟོང་གསུམ་འཁྲུད། །ཞལ་ནས་མཆེ་གཙིགས་བདུད་བཞི་སྒྲོལ། །གླུ་བྲོ་འཁོར་གསུམ་ཆེམས་སེ་ཆེམ། །གླུ་བྲོ་འཁོར་གཅིག་དང་པོ་ཡིས། །གཟུགས་མེད་མུ་བཞི་ཟིལ་གྱིས་གནོན། །གླུ་བྲོ་འཁོར་གཉིས་བར་པ་ཡིས། །གཟུགས་ཁམས་བཅུ་བདུན་ཟིལ་གྱིས་གནོན། །གླུ་བྲོ་འཁོར་གསུམ་ཐ་མ་ཡིས། །འདོད་ཁམས་ཉི་ཤུ་ཟིལ་གྱིས་གནོན། །རྡོ་རྗེ་ཟིལ་གནོན་གླུ་བྲོ་ཡིས། །ལྷ་སྲིན་སྡེ་བརྒྱད་དབང་དུ་སྡུད། །དྲེགས་པའི་ཚོགས་རྣམས་འབུབ་ཅིང་རྒྱལ། །རྡོ་རྗེའི་འགྲོས་སྟབས་ལམས་སེ་ལམ། ཁྲོ་བོའི་གར་སྟབས་ལོག་གེ་ལོག །དྲག་པོའི་རྐན་སྒྲ་ཆེམས་སེ་ཆེམ། །བྲོ་ནི་དྲེགས་པ་ཀུན་འདུལ་བྲོ། །གླུ་ནི་ཁམས་གསུམ་དབང་སྡུད་གླུ། །ཚིག་ནི་དོན་དམ་རྟོགས་པའི་ཚིག །ཞབས་གཉིས་ཐབས་ཀྱི་བྲོ་བརྡུངས་པས། །བདུད་བཞི་ཕྱེ་མར་འཐག་པའི་བྲོ། །དགྲ་ནི་དུམ་བུར་གཏུབ་པའི་བྲོ། །དམ་སྲི་ཐལ་བར་རློག་པའི་བྲོ། །ཨཱོཾ་ལཾ་ཧཱུཾ་ལཾ་སྟཾ་བྷ་ཡ་རཀྴ་ནན། ཞེས་ཆོས་ཀྱི་བར་ཆད་ལོག་ལྟའི་དྲེགས་པ་གཟིར་ཞིང་ཚར་བཅད་རྗེས་སུ། །ཀྱེ་ཧོ་བུ་མཆོག་རྡོ་རྗེ་འཛིན་པ་ཉོན། །ཚོགས་ཀྱི་དཀྱིལ་འཁོར་ཆེན་(༧༤བ)


GLG022_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདི། །ཕྱི་དང་ནང་ངམ་གསང་ཚུལ་དུ། །ཡིད་ལ་ཟུང་ལ་ཉམས་སུ་ལོང་། །ཡིད་བཞིན་རཏྣའི་གཏེར་འདྲ་བ། །ཞི་ཁྲོ་བཀའ་བརྒྱད་ཡོངས་རྫོགས་བཀའ། །སྙིང་ནོར་ཡིན་ནོ་མིག་འབྲས་ཡིན། །གདམས་སོ་གཏད་དོ་ཐུབ་པར་ཆོངས། །དམ་ཉམས་རྣམས་ལ་ཤོར་སྲིད་དོ། །ལོག་ལྟ་ཅན་ལ་ཤོར་སྲིད་དོ། །ཐེ་ཚོམ་ཅན་ལ་ཤོར་སྲིད་དོ། །རྟོག་གེ་བ་ལ་ཤོར་སྲིད་དོ། །སྣོད་མིན་རྣམས་ལ་ཤོར་སྲིད་དོ། །བསྟན་པའི་སྙིང་འདི་ཐུབ་པར་སྲུངས། །གཏད་རྒྱ། གསང་རྒྱ། གཏེར་རྒྱ། ཟབ་རྒྱ། བཀའ་རྒྱ། མཆོག་རྒྱ། སྤྱིར་རྒྱ། གཉན་རྒྱ། ཞེས་རྒྱ་བརྒྱད་བརྗོད་དེ། བཀའ་རྒྱུད་གསུམ་ལ་གཏད་དོ། །དངོས་གཞིའི་ས་བཅད་སུམ་ཅུ་པ་དངོས་གྲུབ་ལེན་པའི་སྔོན་འགྲོ་གེགས་སེལ་གྱི་བྲོ་ནི། མཆེད་རྣམས་ཀྱི་དཀྱིལ་འཁོར་ལ་གསུམ་རིམ་དུ་བསྐོར་བའམ། མང་ཉུང་དང་སྦྱར་ཏེ་དུར་ཁྲོད་ཆས་ཀུན་གསོལ། དཔལ་ཆེན་ཡོངས་རྫོགས་ང་རྒྱལ་དང་ལྡན་པར་བྱ་སྟེ། དགྲ་བགེགས་རུ་ཏྲ་རྡུལ་དུ་རློག་པར་བསམས་ཏེ། དང་པོ་ལྟ་སྟངས། ལག་པ་ལུ་གུ་རྒྱུད་དུ་སྦྲེལ། གྲལ་ཚགས་བྱ། རྐང་པ་རྡོ་རྗེ་རྒྱ་གྲམ་འགྲོས་སམ་རྡོ་རྗེ་རང་ལུགས་སུ་བྲོ་བརྡུང་སྟེ། དང་པོ་གླུས་སྤྱན་དྲངས་པ་ནི། ཧཱུཾ། ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་དུ། །དཔལ་ཆེན་ཆེ་མཆོག་སྐུ་སྤྲུལ་ནས། །མཁའ་འགྲོའི་ཚོགས་དང་རོལ་པ་ནི། །ཐབས་ཤེས་གཉིས་སུ་མེད་པར་སྦྱར། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། ཁྲོ་བོ་ཁྲོ་མོའི་སྤྲིན་འཕྲོས་ནས། །གླུ་བྲོ་གར་གྱི་ཐུགས་དམ་སྟེ། །རྒྱུན་ཆད་མེད་པར་བསྟེན་པར་བྱ། །བྲོ་ནི་འབར་བའི་ཕྱག་རྒྱ་སྟེ། །རྒྱལ་བ་སྟོང་དང་མཉམ་པར་སྦྱོར། །གླུ་ནི་ཚངས་པ་དབྱངས་ཀྱིས་འདྲེན། །མ་དང་མཁའ་འགྲོའི་ཐུགས་དམ་བསྐུལ། །ཚིག་ནི་དོན་དམ་རྟོགས་པའི་(༧༥ན)


GLG022_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག །ཆོས་སེམས་གཉིས་སུ་མེད་པར་རྟོགས། །འདི་ནི་གླུ་བྲོ་གར་གྱི་བརྡ། །གར་ནི་ཁྱབ་བརྡལ་ཆེན་པོའི་གར། །ཕྱོགས་བཅུའི་ཞིང་ཁམས་ཁྱབ་པར་བྱེད། །ཕྱག་རྒྱ་སྣ་ཚོགས་ལུ་གུ་རྒྱུད། །དུས་གསུམ་རྒྱལ་བ་ཞི་ཁྲོ་བསྐུལ། ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ནས། །ཆེ་མཆོག་ཡབ་ཡུམ་སྲས་དང་བཅས། །ཌཱ་ཀི་འཁོར་བཅས་མ་ལུས་ཀུན། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །གླུ་བྲོ་གར་ལ་གཤེགས་སུ་གསོལ། །ཧཱུཾ་ཧཱུཾ་ཧཱུཾ་བཛྲ་མཧཱ་ཀྲོདྷ་སརྦ་ཨ་བེ་ཤ་ཡ་ཛཿཧཱུཾ་བཾ་ཧོཿ ཞེས་རང་ལུགས་སུ་འཆམ་ཞིང་བསྐོར་རོ། །དེ་ནས་བྲོ་སྐོར་གྱིས་གཟིར་བ་རྡོ་རྗེ་འགྲོས་སུ་བྱ་སྟེ། ཧཱུཾ། ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་འདིར། ཁྲག་འཐུང་རོལ་པའི་བྲོ་ཞིག་བརྡུངས། །ཕྱོགས་བཅུའི་ནམ་མཁའི་ཁམས་བཀང་ནས། ཁྲོ་བོ་ཁྲོ་མོའི་བྲོ་བརྡུངས་པས། །ལ་ལ་ཐབས་དང་ཤེས་རབ་བྲོ། །ལ་ལ་རྡོ་རྗེ་པདྨའི་བྲོ། །ལ་ལ་དབང་པོ་ཡུམ་གྱི་བྲོ། །ལ་ལ་འཇིག་རྟེན་དབང་སྡུད་བྲོ། །ལ་ལ་འདུལ་སྦྱོང་རྟགས་ཀྱི་བྲོ། །ལ་ལ་དྲེགས་པ་ཀུན་འདུལ་བྲོ། །ལ་ལ་མོས་པ་རྐྱེན་གྱི་བྲོ། །ལ་ལ་ལོངས་སྤྱོད་དཔལ་གྱི་བྲོ། །ལ་ལ་སྤོར་བྱེད་གནས་ཀྱི་བྲོ། །ལ་ལ་སྡུད་བྱེད་ཐབས་ཀྱི་བྲོ། །བྲོ་ལ་རྣམ་གྲངས་བསམ་མི་ཁྱབ། །གླུ་ལ་ཡོན་ཏན་བརྗོད་མི་ལང་། །ཚིག་ལ་མན་ངག་སྣ་ཚོགས་བསལ། །བྲོ་ནི་འཕྲིན་ལས་རྒྱ་མཚོའི་བྲོ། །གླུ་ནི་ལྟ་བ་རྒྱ་མཚོའི་གླུ། །ཚིག་ནི་འདུ་འབྲལ་མེད་པའི་ཚིག །བྲོ་ཡི་མིང་ནི་སྟམྦྷ་ནན། །ཀླུ་ཡི་མིང་ནི་པཱ་ཤ་ཧཱུཾ། །ཚིག་གི་མིང་ནི་ཨཾ་གུ་ཤ །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ཀུན་གྱི་ཐུགས་དམ་ཆེན་པོ་ཡིན། །ཧྲིཿཧྲིཿཧྲིཿ ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། དེ་ནས་ལས་ཀྱི་བྲོས་ཚར་བཅད་དེ། ཧཱུཾ། གསང་(༧༥བ)


GLG022_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡུམ་གྱི་མཁའ་དབྱིངས་སུ། །བདེ་ཆེན་རོལ་པའི་བྲོ་ཞིག་བརྡུང་། །སྣ་ལ་པདྨ་རོལ་པའི་བྲོ། །ཆགས་པ་མེད་པའི་ཚུལ་གྱིས་བརྡུང་། །དེ་ནས་རྡོ་རྗེ་རོལ་པའི་བྲོ། །ཞེ་སྡང་མེད་པའི་ཚུལ་གྱིས་བརྡུང་། །དེ་ནས་ཐབས་དང་ཤེས་རབ་བྲོ། །བྷ་གའི་དཀྱིལ་དུ་དགྲ་བགེགས་བརྡུང་། །དེ་ནས་དབང་པོ་ཡུམ་གྱི་བྲོ། །ལྷ་མོ་བརྒྱད་དང་ཐབས་གཅིག་རོལ། །དེ་ནས་རྡོ་རྗེ་པདྨའི་བྲོ། །ཕྱག་རྒྱ་ཆེན་པོར་རྒྱས་འདེབས་སོ། །དེ་ནས་འདུལ་བྱ་དྲག་པོའི་བྲོ། ཁྲག་འཐུང་རྒྱལ་པོས་འཁོར་ལ་བརྡུང་། །དེ་ནས་མོས་པ་རྐྱེན་གྱི་བྲོ། །མ་སྲིང་རྒྱ་མཚོ་འཁོར་ལ་བརྡུང་། །དེ་ནས་འདུལ་བྱེད་ཐབས་ཀྱི་བྲོ། །ཕྱོགས་བཅུ་རྣལ་འབྱོར་མ་ལུས་བརྡུངས། །དེ་ནས་སྤོར་བ་གནས་ཀྱི་བྲོ། །འགྲོ་དྲུག་སེམས་ཅན་དབྱིངས་སུ་བརྡུང་། །ཐབས་དང་ཤེས་རབ་ལྡན་བྱས་ནས། །གླུ་བྲོ་དམ་ཚིག་རྒྱལ་པོ་ཡིན། །བདེན་པར་བདུད་བཞི་འདུལ་བའི་བྲོ། །བྲོ་ནི་བར་ཆད་མེད་པར་བརྡུང་། །ལྟ་བ་དྲན་པར་བྱ་བའི་ཕྱིར། །གླུ་ནི་འདུ་འབྲལ་མེད་པར་བླང་། །དཀྱིལ་འཁོར་རང་ལ་གསལ་བའི་ཕྱིར། །ཚིག་ནི་སྙིང་པོ་འཛབ་ཏུ་བཟླས། །ཡེ་ཤེས་དཔལ་གྱི་བྲོ་ར་ཚུགས། །བདུད་དང་བར་ཆད་མིང་ཡང་མེད། །ཨ་ལ་ལ་ཧོ་དགེས་པ་ཆེ། །དེ་ལྟར་བྲོ་ལ་སྤྱན་དྲངས་གཟིར། །ཚར་བཅད་ནས་ཡོངས་སུ་རྫོགས་པའི་མཐར་དབྱུང་སྟེ། ཧཱུཾ་ཧཱུཾ་ཧཱུཾ། ཆེ་མཆོག་འཁོར་བཅས་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་སྲོག་ལ་བརྡུང་། །བཛྲ་ཧེ་རུ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་སྙིང་ལ་བརྡུང་། །གཤིན་རྗེ་གཤེད་པོ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་ཀླད་ལ་བརྡུང་། །རྟ་མགྲིན་རྒྱལ་པོ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་ལྕེ་ལ་བརྡུང་། །རྡོ་རྗེ་གཞོན་ནུ་རོལ་པའི་བྲོ། །དགྲ་(༧༦ན)


GLG022_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་དམ་སྲིའི་ལྟེ་བར་བརྡུང་། །བླ་མེད་ཧེ་རུ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་གསང་བ་བརྡུང་། །རིགས་འཛིན་ཐོད་རྩལ་འདུས་པའི་བྲོ། །དགྲ་བགེགས་དམ་སྲིའི་སྤྱི་བོར་བརྡུང་། །དྲེགས་པ་ཀུན་འདུལ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་བརླ་གཡས་བརྡུང་། །སྟོབས་ལྡན་ནག་པོ་རོལ་པའི་བྲོ། །དགྲ་བགེགས་དམ་སྲིའི་བརླ་གཡོན་བརྡུང་། །ཞི་ཁྲོ་བཀའ་བརྒྱད་རོལ་པའི་བྲོ། །གཡས་སུ་བསྐོར་ཏེ་དགྲ་ལ་བརྡུང་། །དགྲ་ཡང་དུམ་བུར་གཏུབ་པའི་བྲོ། །གཡོན་དུ་བསྐོར་ཏེ་བགེགས་ལ་བརྡུང་། །བགེགས་ཀྱང་ཕྱེ་མར་འཐག་པའི་བྲོ། །གཡས་གཡོན་ཐབས་དང་ཤེས་རབ་བྲོ། །རུ་ཏྲ་དམ་སྲི་ཐལ་བར་རློག །ཧཱུཾ་སྟམྦྷ་རཀྵ་ནན་བདུད་སྲི་མཱ་ར་ཡ་རྦད་ནན། ཁ་ལ་ཛ་མ་ལི་རྦད་ནན། ཤིག་ཤིག་དུམ་དུམ་རྦད་ནན། ཁྲམ་ཁྲམ་བྷྱོ་རྦད་ནན། རྨུགས་རྨུགས་རྦད་ནན། ཏིར་ཏིར་རྦད་ནན། ཚལ་དུ་ཚལ་དུ་རྦད་ནན། ཞེས་རྩ་སྔགས་དང་སྦྲེལ་ལ་བདུན་ནམ་ཉེར་གཅིག་བཟླས་ལ་ཕྱག་རྒྱ་དགྲོལ་ལོ། །དེས་ནི་བདུད་བགེགས་ཕུར་ཁ་དམ་སྲི་ཐམས་ཅད་ཐུབ་མྱོས་ཐུལ་ལོ། །སོ་གཅིག་པ་དངོས་གྲུབ་ཀྱི་སྣ་སེལ་དུ་རྒྱུན་བཤགས་ནར་མ་བྱ་བ་ནི། ཨཱོཾ་ཨཱཿཧཱུཾ། རྒྱལ་བ་ཞི་ཁྲོ་རྡོ་རྗེ་སློབ་དཔོན་དང་། །བདེ་གཤེགས་ཡོངས་རྫོགས་སྲུང་མ་དམ་ཚིག་ཅན། །སྐུ་གསུམ་གདུང་འཚོབ་རྡོ་རྗེ་ལྕམ་དྲལ་མཆེད། །དཔང་གྱུར་སྐྱབས་མཆོག་མ་ལུས་དགོངས་སུ་གསོལ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །སློབ་དཔོན་མཆེད་སོགས་སྐུ་སྨད་ཐུགས་དཀྲུགས་ཤིང་། །ཡི་དམ་སྔགས་དང་ཕྱག་རྒྱ་གསང་བ་བསྒྲགས། །རྩ་བའི་དམ་ལས་འགལ་གྱུར་མཐོལ་ཞིང་བཤགས། །ཤེས་བྱ་ལྔ་དང་སྤྱད་པར་བྱ་བ་ལྔ། །མི་སྤང་ལྔ་དང་བསྒྲུབ་པར་བྱ་བ་ལྔ། །(༧༦བ)


GLG022_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལེན་ལྔ་དང་ཡན་ལག་དམ་ཚིག་ཀུན། །ཉམས་གྱུར་རང་མནོང་འགྱོད་པས་མཐོལ་ཞིང་བཤགས། །སྔགས་ལ་ཐེ་ཚོམ་བླ་མེད་ཐེག་པ་སྨད། །ལྟ་སྤྱོད་ཡ་བྲལ་བསྙེན་སྒྲུབ་གཞུང་མ་སྲོང་། །ལོང་ཡོད་ལེ་ལོས་དུས་ཀྱི་མཆོད་པ་ཆག །སྡོམ་གསུམ་ཐུན་མོང་དམ་ཉམས་མཐོལ་ཞིང་བཤགས། །རིག་པའི་རྩལ་ཆུངས་སྙིང་པོའི་དོན་མ་རྟོགས། །སྒོམ་པའི་སྲན་ཆུངས་གནས་ལུགས་སོ་མ་ཐུབ། །བློ་ཡི་སྟོབས་ཆུངས་སྤྱོད་པས་བོགས་མ་ཐོན། །ལེགས་བསམ་སྤྱད་ཀྱང་དོན་ལོག་ཐུགས་འགལ་བསགས། །འབྲས་བུ་ཡིད་སྨོན་འགྱུར་བ་མཐོལ་ཞིང་བཤགས། །ཞེས་གོང་འོག་ཐམས་ཅད་ཀྱི་སྐབས་སུ་བཤགས་པ་བྱའོ། །སོ་གཉིས་པ་དངོས་གྲུབ་ཆེན་པོ་བླང་བ་ནི། །དོན་གཉིས་སུ་ཤེས་པར་བྱ་སྟེ། བཤམས་པའི་རྫས་དང་། དངོས་གྲུབ་བླང་ཐབས་དམིགས་པ་བསྐུལ་ཚིག་དང་བཅས་པའོ། །དང་པོ་དངོས་གྲུབ་རྫས་བཤམས་པ་ནི། ཀ་པཱ་ལ་མཚན་ལྡན་ཁ་སྦྱར་གཅིག་གི་ནང་དུ་ཕྱེ་མར་དཀར་གསུམ་མངར་གསུམ་སྦྱར་བའི་ལྡེ་གུའི་རྒྱུ་ལ། ཨ་མྲྀ་ཏ་ཚོམ་གཅིག་བཏབ་ལ། རིན་པོ་ཆེ་འབར་བའི་ཟུར་བརྒྱད་པ། ཨཱོཾ་ཨཱཿཧཱུཾ་གིས་མཚན་པ་གཅིག་བཅུག་ལ། དར་མཐིང་ནག་གིས་གྲིལ། གཟུངས་ཐག་བཏགས་ལ་ཕོ་བྲང་དབུས་སུ་གཙོ་བོའི་མདུན་དུ་བཞག་ག །གཞན་ཡང་རྒྱུ་དེ་ལ་སྤོད་བཏབ་བརྣལ་ཤ་ཆོད་པར་བྱས་ཏེ། ཚེའི་འབྲེང་རྒྱས་ཟླུམ་བརྗིད་བརྟན་པར་བྱ། མར་གྱིས་བརྒྱན། ཚེ་རིལ་གྱིས་བསྐོར། ཚེའི་སྲུང་མར་མར་དང་ཨ་མྲྀ་ཏ་སྦྱར་བའི་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ། ཡི་དམ་དུ་བསྐྱེད་པར་གཟུགས་སམ། ཡང་ན་རྟ་ཞལ་གཅིག་རྟ་མགྲིན་དུ་བསྐྱེད་ལ་བཞག །བུམ་ཆང་ལ་མཆེད་གྲངས་ཀྱི་མར་རིལ་(༧༧ན)


GLG022_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་ལ་བཏབ་པའི་ནང་དུ་གཟུངས་ཐག་བཏགས་ལ་བཞག །གཞན་ཡང་དངོས་གྲུབ་རྣམ་བཞི་མཚོན་ཕྱིར་ཟླུམ་༼ཨ༽པོ། །གྲུ་༼ས༽བཞི། ཟླ་༼ཨ༽གམ། གྲུ་༼ཧ༽གསུམ་དེ་དག་ཀྱང་རབ་རེ་རེ་མཆེད་གྲངས་ཐིམ་པ། འབྲིང་བཞི་སྡོངས་མཆེད་གྲངས་ཐིམ་པའམ། ཐ་མ་གསུམ་གསུམ་རྒྱུ་དེ་ཉིད་ལ་གཞན་ཡང་དྲིལ་བུ་དང་། ནས་འདྲ་དང་། ཡིད་ལ་འདོད་པའི་གཟུགས་བཅས་ཏེ། བསེ་ཁབ་བརྒྱད་དུ་སྩལ་ཏེ། དཔལ་གྱི་སྒོ་རྒྱན་གཡས་གཡོན་དུ་བཤམས། དེ་རྣམས་ཀྱི་ཟླ་ལ་ཤ་ཡིབས་ལ་སོགས་པ་བཙོས་པ། མངར་གསུམ་མདེའུ། ཤིང་ཏོག་སྨིན་པ་བདུད་རྩི་ཐོད་པ་གང་བ་བཞི་རྣམས་བཤམ་མོ། །དེ་འཛབ་དངོས་གྲུབ་སྙིང་པོ་ཀཱ་ཡ་སིདྡྷི་ཨཱོཾ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་སྟོང་ལ་སོགས་པ་བཟླས། སྟོང་ཚིགས་མཆོད་པ་ལ་བརྟེན་ནས། དངོས་གྲུབ་བླང་བ་ནི། སློབ་དཔོན་གྱི་དྲུང་དུ་སྣོད་བཟང་པོར་ཁྲག་གཙང་མ་ཆང་དང་སྦྱར་ལ། ཨ་མྲྀ་ཏ་སྦྱར་ལ། སློབ་དཔོན་བདག་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས། ཨཱ་དམར་པོ་འཕྲོས་རཀྟ་ལ་ཕོག་པས་བདུད་རྩི་དམར་པོར་གྱུར། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། ཁམས་གསུམ་མ་ལུས་བདུད་རྩིར་དམར་མེར་ཞུ། སླར་འདུས་བདག་ལ་ཐིམ་པས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ཞིང་། སྙིང་གའི་ཐད་ཀར་རཀྟ་བརླབས་ནས། ལྷ་མོ་པྲ་མོ་ཧ་ལ་སོགས་པས་དངོས་གྲུབ་སྟེར་བ། འདི་སྐད་བསྐུལ་ཏེ། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །དུག་གསུམ་རྩ་བ་བཅད་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དབྱིག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གསོལ། །དེ་ནས་བདག་ལྷའི་ང་རྒྱལ་དང་ལྡན་པའི་ཐུགས་ཀ་ནས། འོད་ཟེར་ལྕགས་ཀྱུ་ལྟ་(༧༧བ)


GLG022_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དུ་མ་སྤྲོས་ནས། འོག་མིན་ནས་བདེ་གཤེགས་ཐམས་ཅད་དཀྱིལ་འཁོར་དུ་སྤྱན་དྲངས། བཞུགས་པར་བསམས་ཏེ། དབྱངས་ཚིག་གསལ་བས་སྤྱན་དྲངས་ཏེ། ཧཱུཾ། འོག་མིན་དགའ་ལྡན་གནས་མཆོག་ནས། །བདེ་གཤེགས་སྲས་དང་བཅས་པ་རྣམས། །ཛཿཧཱུཾ་བཾ་ཧོཿས་སྤྱན་འདྲེན་ན། །འདིར་གཤེགས་འབར་བའི་གདན་ལ་བཞུགས། །ས་མ་ཡ་ཧེ། ས་མ་ཡ་སྟྭཾ། སརྦ་བུདྡྷ་སཏྭ་ཛཿ དེ་ནས་བདེ་གཤེགས་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས། བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ཕྱོགས་བཅུར་འཕྲོས་པ་ལས། འཕགས་པ་ཀུན་མཆོད། སླར་འདུས་མདུན་གྱི་ནམ་མཁའ་ལ་བདེ་གཤེགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཐིམ་རབ་ཏུ་དགེས་པར་བསམས་ཏེ། ཚིག་འདིས་མཆོད། ཧཱུཾ། བདེ་གཤེགས་སྲས་བཅས་ཡབ་ཡུམ་རྣམས། །གཉིས་མེད་རོལ་པའི་མཁའ་དབྱིངས་སུ། །རཀྟ་དམར་དང་བདུད་རྩིས་མཆོད། །འཛབ་རྫོགས་མཆོད་འབུལ་དངོས་གྲུབ་གསོལ། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། སརྦ་བུདྡྷ་ས་ཏྭ་ཛཿ མཧཱ་རཀྟ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་འཐེབ་སྲིན་གྱིས་གཏོར་བས་གསོལ་བར་བསམ་མོ། །དེ་ནས་རཀྟའི་ལྷག་མ་ཀ་པཱ་ལ་གཅིག་བྱོ་ཞིང་། སླར་བླུག་པས། བདེ་གཤེགས་རྣམས་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་མང་པོ་འདུས། བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ཞིང་བསྐུལ་བ་ནི། ཧཱུཾ། བདེ་གཤེགས་སྲས་བཅས་ཡབ་ཡུམ་རྣམས། །དང་པོ་ཡེ་ཤེས་བསྙེན་པའི་ལྷ། །བར་དུ་བདག་གི་ཡི་དམ་ལྷ། །ད་ལྟར་རང་དང་གཉིས་སུ་མེད། །གཉིས་མེད་རོལ་པའི་མཁའ་དབྱིངས་སུ། །དམ་ཚིག་གྲངས་ཀྱི་མཆོད་པ་དང་། །འཛབ་རྫོགས་(༧༨ན)


GLG022_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་འབུལ་དངོས་གྲུབ་གསོལ། །ཞེས་བཟླས་པ་ཅི་རིགས་བྱ། རཀྟ་གོང་ལྟར་དབུལ་ལོ། །ཧཱུཾ། བདེ་གཤེགས་སྲས་བཅས་ཡབ་ཡུམ་གྱིས། །སྒྲུབ་མཆོག་རྣལ་འབྱོར་བདག་ཅག་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་གསོལ། །འབྲལ་མེད་གཟུངས་ཀྱི་དངོས་གྲུབ་གསོལ། །ཐུན་མོང་དངོས་གྲུབ་སྣ་ཚོགས་གསོལ། །གཉིས་མེད་མཆོག་གི་དངོས་གྲུབ་གསོལ། །དངོས་གྲུབ་ངོ་བོ་མི་དམིགས་ཀྱང་། །སྔོན་གྱི་ཐུགས་དམ་དབང་གིས་ན། །ད་ལྟ་ཉིད་དུ་དངོས་གྲུབ་གསོལ། །དེ་ནས་རཀྟའི་སྣོད་དུ་བདེ་གཤེགས་ཡོངས་རྫོགས་སུ་གསལ་བའི་སྦྱོར་མཚམས་ནས། ཨཱོཾ་དཀར་པོ་ཨཾ་དམར་པོ་ཧཱུཾ་མཐིང་ཁ་དང་བཅས་པ་གནས་པར་བསམས་ཏེ། །བདག་གི་མཐེབ་སྲིན་ཉི་ཟླའི་དཀྱིལ་འཁོར་དུ་གསལ་བས་ལྕེ་ཐོག་ཏུ་བཞག་སྟེ། ཧཱུཾ། དཔལ་ལྡན་རྡོ་རྗེའི་སྐུ་འཆང་བ། །མི་ཕྱེད་རྡོ་རྗེའི་སྐུ་དང་ལྡན། །ད་ལྟ་བདག་བྱིན་རླབས་ནས་སུ། །རྡོ་རྗེའི་སྐུ་ཡི་དངོས་གྲུབ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ལན་གཅིག་བཞག་པས། ཨཱོཾ་དཀར་པོ་སྤྱི་བོར་ཐིམ་པས། དཔལ་རྣམ་པར་སྣང་མཛད་མཚོན་གང་ཀླད་པའི་རྒྱས་སུ་བསམ། ཧཱུཾ། དཔལ་ལྡན་རྡོ་རྗེ་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུང་དང་ལྡན། །ད་ལྟ་བདག་བྱིན་རླབས་ནས་སུ། །རྡོ་རྗེའི་སྐུ་ཡི་དངོས་གྲུབ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀྐ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ལྕེ་ལ་བཞག་པས། ཨཾ་དམར་པོ། མགྲིན་པར་ཐིམ་པས་ལྕེ་རྩར་འོད་དཔག་མེད་མཚོན་གང་པ་གཅིག་གནས་པར་བསམ་མོ། །ཧཱུཾ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །མི་ཕྱེད་རྡོ་རྗེ་ཐུགས་དང་ལྡན། །ད་ལྟབདག་བྱིན་རླབས་ནས་སུ། །རྡོ་རྗེའི་སྐུ་ཡི་དངོས་གྲུབ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་(༧༨བ)


GLG022_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ལན་གཅིག་བླངས་པས་སྙིང་གའི་གནས་སུ་རྡོ་རྗེ་སེམས་དཔའ་མཚོན་གང་པ་གཅིག་གནས་པར་བསམ་མོ། །དེ་ནས་སྨོན་ལམ་བཏབ་པ་ནི། སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་ལྷུན་གྱིས་གྲུབ་པའི་དངོས་གྲུབ། བདག་གསང་མཚན་ཆེ་གེ་མོ་ལ་ཚེ་ཕྱི་མའམ་དུས་ཕྱི་མར་མ་འགྱངས་པར་ད་ལྟ་ཉིད་དུ་ཐོབ་པར་གྱུར་ཏེ། བདུད་དང་བར་ཆད་ཅིས་ཀྱང་མི་ཚུགས་པར། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་ཅིག །ཅེས་པའི་རྗེས་སུ་རཀྟ་ལྷག་མ་རྣམས་བསྡུས་ཏེ་བཞག་གོ །དེ་ཡན་ཆད་ཀྱིས་སྟོང་ཚིགས་ཀྱིས་མཆོད་པ་ལ་བརྟེན་ནས་དངོས་གྲུབ་བླངས་པའོ། །དེ་ནས་དངོས་གྲུབ་ཡོངས་རྫོགས་བླང་བར་བསྐུལ་བ་ནི། ཧཱུཾ། བདེ་གཤེགས་ཡོངས་རྫོགས་དགོངས་སུ་གསོལ། །དེང་སང་སྐྱ་རེངས་དང་པོ་ཤར་དུ་ཉེ། །རྡོ་རྗེ་སྲིན་པོའི་ནམ་ཡང་ལངས་སུ་ཉེ། །བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ཐེམས་ལགས་སོ། །བསྙེན་སྒྲུབ་ཞག་གྲངས་ཚང་ངོ་དངོས་གྲུབ་གསོལ། །ཐུན་མོང་མ་ཡིན་ཁྱད་པར་གཅིག་པ་ཡི། །རྒྱལ་བའི་དཔལ་མགོན་ཐུགས་ཀྱི་དཔལ་བེའུ་ནས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་འོད་འཕྲོ་ཞིང་། །སྐལ་ལྡན་བདག་ལ་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ། ནམ་མཁའི་མཐའ་དང་མཉམ་པའི་སྐུ་མངའ་བ། །མི་འཇིགས་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཆགས་མེད་པདྨ་ལྟ་བུའི་ལྗགས་མངའ་བ། །འགག་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ། །འགྲོ་དྲུག་ཐུགས་རྗེས་ཡོངས་སྒྲོལ་ཐུགས་མངའ་བ། །སྐྱེ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །འགྲོ་བའི་རེ་སྐོང་རིན་ཆེན་ལྟ་བུ་ཡིས། །ཡོན་ཏན་རིན་ཆེན་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །འགྲོ་དོན་ལྷུན་གྲུབ་གཉིས་མེད་ངང་དུ་སྒྲོལ། །འཕྲིན་ལས་ཐོགས་མེད་དངོས་གྲུབ་སྩལ་དུ་གསོལ། །དངོས་གྲུབ་(༧༩ན)


GLG022_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་དང་སྩོལ་བར་མི་དམིགས་ཀྱང་། །སྔོན་གྱི་ཐུགས་དམ་ཆེན་པོའི་བྱིན་རླབས་ཀྱིས། །དུས་ལས་མི་འདའ་རྡོ་རྗེ་དམ་ཚིག་ཅན། །སྐྱབས་ལ་མི་གཡེལ་གཡར་དམ་གཅིག་པའི་མཆེད། །ཡེ་ཤེས་ལྷ་ཁྱེད་བདག་ལ་དངོས་གྲུབ་གསོལ། །ཧཱུཾ། ཆེ་མཆོག་ཡོན་ཏན་ཡོངས་རྫོགས་འདིར་གཤེགས་དགོངས། །ཡོན་ཏན་དོན་ནི་མ་བཙལ་ཡེ་གྲུབ་ཅིང་། །ཧེ་རུ་ཀཿདཔལ་སྐུ་གསུང་ཐུགས་མཆོག་དང་། །བདག་དང་འགྲོ་རྣམས་ལུས་དང་ངག་ཡིད་རྣམས། །ཡེ་ནས་དབྱེར་མེད་དབྱིངས་སུ་རོ་གཅིག་ཀྱང་། །མ་རྟོགས་འཁྲུལ་པས་འཁོར་བར་འཁྱམས་ལགས་ན། །འཁོར་བ་ཉིད་ཀྱང་ཡེ་ནས་མྱ་ངན་འདས། །སྐྱེ་ཤི་གཉིས་ཀྱང་ཡེ་ནས་བྱང་ཆུབ་ལམ། །མཉམ་ཉིད་དོན་ལ་མ་སྐྱེས་ཆོས་ཀྱི་སྐུ། །ཆེ་མཆོག་དཀྱིལ་འཁོར་དངོས་གྲུབ་དམ་པ་དེ། །སྒྲུབ་མཆོག་རྫས་ལ་བརྟེན་ནས་ད་ལྟ་སྩོལ། །ཧཱུཾ། ཡང་དག་ཐུགས་ལྷ་ཡོངས་རྫོགས་འདིར་གཤེགས་དགོངས། །ཡང་དག་དོན་འདི་འགྲེ། ཧེ་རུ་ཀ་༝། །བདག་དང་འགྲོ་རྣམས་༝། །ཡེ་ནས་༝། །མ་རྟོགས་༝། །འཁོར་བ་༝། །སྐྱེ་ཤི་༝། །མཉམ་ཉིད་༝། །ཐུགས་ཀྱི་དཀྱིལ་འཁོར་དངོས་གྲུབ་དམ་པ་དེ། །སྒྲུབ་མཆོག་རྫས་ལ་༝། །ཧཱུཾ། འཇམ་དཔལ་སྐུ་ལྔ་ཡོངས་རྫོགས་༝། །སྐུ་མཆོག་དོན་འདི་འགྲེས་ཤེས་པར་བྱའོ། །ཧཱུཾ། པདྨ་ཡོངས་རྫོགས་ལྷ་ཚོགས་༝། །ཧཱུཾ། འཕྲིན་ལས་ཕུར་ལྷ་ཡོངས་རྫོགས་ལྷ་༝། །ཧཱུཾ། མ་མོ་རྦོད་གཏོང་ཡོངས་རྫོགས་ལྷ་༝། །མ་ནི་སྐྱེ་མེད་མོ་ནི་འགག་པ་མེད། །སྐྱེ་འགག་གཉིས་མེད་བླ་མེད་ཧེ་རུ་ཀཿ། །སྣང་སྲིད་མ་མོ་དབང་འདུས་དངོས་གྲུབ་སྩོལ། །ཧཱུཾ། རིགས་འཛིན་སློབ་དཔོན་ཡོངས་རྫོགས་༝། །རིགས་ནི་མ་ནོར་འཛིན་ནི་མ་བཅོས་པ། །མ་ནོར་མ་བཅོས་རིགས་འཛིན་ཐོད་(༧༩བ)


GLG022_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྩལ། །ཆོས་སྒོ་མཐའ་དག་ཡོངས་རྫོགས་དངོས་གྲུབ་སྩོལ། །ཧཱུཾ། འཇིག་རྟེན་མཆོད་ལྷ་ཡོངས་རྫོགས་འདིར་གཤེགས་དགོངས། །ཀུན་ནི་འཁོར་འདས་མ་ལུས་འདུལ་ཟང་ཐལ། །འཁོར་འདས་ཟང་ཐལ་དྲེགས་པ་ཀུན་གྱི་གཙོ། །སྡེ་བརྒྱད་བྲན་དུ་འཁོལ་བའི་དངོས་གྲུབ་སྩོལ། །ཧཱུཾ། སྟོབས་ལྡན་སྔགས་ལྷ་ཡོངས་རྫོགས་༝། །རྟོགས་པའི་སྟོབས་ལས་ཡེ་ཤེས་མངོན་གྱུར་ལྡན། །རྟོག་པ་མངོན་གྱུར་སྟོབས་ལྡན་ནག་པོ་ཡིས། །དགྲ་བགེགས་མྱུར་དུ་སྒྲོལ་བའི་དངོས་གྲུབ་སྩོལ། །སྒོས་སྒྲུབ་ལ་མོས་པ་རང་རང་གི་ལུགས་བཞིན་འཕྲུལ་བས་ཆོག་གོ །དེ་ནས་ཕོ་བྲང་དགུ་འདུས་ཀྱི་དངོས་གྲུབ་བླང་བ་ནི། །རྣལ་འབྱོར་པ་རྣམས་དཀྱིལ་འཁོར་བསྐོར་ཞིང་འདི་སྐད་དོ། །ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཡེ་ཤེས་འབར་བའི་ཀློང་གི་དཀྱིལ་འཁོར་དགུ། །དཔལ་ཆེན་ཀློང་གི་དཀྱིལ་འཁོར་ཆེན་པོ་ནས། །དཔལ་ཆེན་ཧེ་རུ་དགུ་ནི་དབྱིངས་ནས་བཞེངས། །ཡུམ་ཆེན་ཁྲོ་མོ་དགུ་ནི་སྐུ་ལ་འཁྲིལ། །ཐིག་ལེ་དགུ་ནི་དབྱིངས་ནས་གསལ་བར་འདྲེན། །བྷནྡྷ་མཚན་ལྡན་དགུ་ནི་ལྕང་ལོར་བཅས། །ཟླ་གམ་དགུ་ནི་རཀྟ་འཁྲུག་པའི་དཀྱིལ། །མར་མེ་དགུ་ནི་ཡེ་ཤེས་འོད་གསལ་འབར། །རྡོ་རྗེ་དགུ་ནི་མཛེས་པའི་གུར་དང་ལྡན། །རྩེ་དགུ་ནས་ནི་ཉི་ཟླ་དགུ་ཡང་འཆར། །སུ་ལ་མ་ཤར་སྒྲུབ་མཆོག་བདག་ལ་ཤར། །སེམས་ཉིད་གསལ་བའི་ཉི་མ་ཐུགས་སུ་ཤར། །བཀའ་གསང་ཐུགས་ཀྱི་དཀྱིལ་འཁོར་དམ་པ་འདིར། །བམ་རིམ་བཟང་པོ་དག་ལ་རྟེན་བཅས་ནས། །ཟླ་གམ་དམར་པོའི་སྟེང་དུ་དབང་ནོས་ཤིང་། །མར་མེ་དགུ་པ་དག་ལ་མདངས་ཕྱུངས་ཏེ། །མཚན་ལྡན་བྷནྡྷ་དག་ལ་ཐ་ཚིག་དགོད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །(༨༠ན)


GLG022_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་གམ་དམར་པོ་དབང་གི་དཀྱིལ་འཁོར་དུ། །གསང་བ་ཡུམ་ཆེན་དགུ་ཡི་མཁའ་དབྱིངས་ནས། །མ་ཆགས་རང་གསལ་ཡེ་ཤེས་མར་མེ་དགུ། །དཔལ་ཆེན་དགུ་ཡི་ཐུགས་དམ་བསྐང་བའི་ཕྱིར། །གཙོ་མཆོག་དགུ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཐབས་དགུ་ཡུལ་དགུ་ཕྱག་རྒྱ་དགུ་རུ་སྤེལ། །ཐབས་དང་ཤེས་རབ་ཚུལ་དུ་མཆོད་པར་འབུལ། །ཟླ་གམ་ཚུལ་དུ་འོད་ཟེར་འཕྲོ་ཞིང་བསྣོལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ནམ་མཁའི་མཐའ་ཀླས་ཆོས་ཀྱི་དབྱིངས་ལ་མཁས། །མ་ཆགས་སྤྱན་སྔར་གྲུབ་པས་སེམས་ཅན་གཟིགས། །ཀུན་ནས་འདུས་པ་མ་ལུས་འདིར་གཤེགས་ཤིག །སྐྱ་རེངས་དང་པོ་ཤར་དུ་ཉེ་བའི་དུས། །ལས་ཀྱི་སེམས་དཔའི་དངོས་གྲུབ་ད་སྩོལ་ཅིག །རྡོ་རྗེ་ནམ་མཁར་གསལ་བ་རྒྱུ་དུས་འདིར། །ཡེ་ཤེས་སེམས་དཔའི་དངོས་གྲུབ་ད་སྩོལ་ཅིག །རྡོ་རྗེ་སྒྲུབ་པའི་ནམ་ནི་ལངས་ལ་ཁད། །རྡོ་རྗེ་དབྱིངས་ཀྱི་དངོས་གྲུབ་འོང་རེ་རན། །རྡོ་རྗེ་སྒྲུབ་པའི་ནམ་ནི་ལངས་སུ་ཉེ། །ཆེ་མཆོག་དཔལ་དགུའི་དངོས་གྲུབ་འོང་རེ་རན། །བཟླས་བརྗོད་གྲངས་ཚང་བསྙེན་སྒྲུབ་ཞག་ཀྱང་ཐེམས། །རྡོ་རྗེ་ནམ་ལངས་ཡོངས་རྫོགས་དངོས་གྲུབ་བསྡུས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨ་བེ་ཤ་ཡ་ཨཿ བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་ཀྱི་ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་དངོས་གྲུབ་ཀྱི་རང་བཞིན་ཨཱོཾ་དཀར། ཨཾ་དམར། ཧཱུཾ་མཐིང་། འོད་དང་བཅས་ཏེ་རང་གི་སྤྱི་གཙུག་མགྲིན་པ་སྙིང་གར་ཐིམ་ནས། ལྷ་དང་གཉིས་མེད་དུ་མོས་པར་བྱའོ། །སོ་གསུམ་པ་དཔོགས་ཆོག་གི་དངོས་གྲུབ་ནན་གྱིས་བླང་བ་ནི། བསྙེན་སྒྲུབ་ཀྱི་རྟགས་བཟང་པོ་གང་ཡང་རུང་བ་མ་བྱུང་ན། བསྙེན་པ་ནས་དངོས་གྲུབ་བླང་(༨༠བ)


GLG022_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བར་ཡན་ཆད་ལན་གསུམ་དཔོགས་ལ་གནད་འབེབས་འདིའི་རྗེས་སུ་བྱའོ། །ལྟས་བཟང་ངམ་དུས་བསྙེན་ཡིན་ན་གོང་གི་དངོས་གྲུབ་བསྐུལ་བ་རྫོགས་རྗེས་སུ། ལྷ་གནད་ལ་དབབ་ཅིང་དངོས་གྲུབ་བསྐུལ་ཏེ། རྣལ་འབྱོར་པ་ཐམས་ཅད་དཀྱིལ་འཁོར་ལ་བསྐོར་ཞིང་གདུང་སེམས་བསྐྱེད་ལ་རོལ་མོ་བསྒྲགས་ཤིང་འདི་སྐད་དོ། །ཧཱུཾ། ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །ཐུགས་ཀྱི་འཁོར་ལོ་རབ་སྒྱུར་ཞིང་། །རྡོ་རྗེ་རིགས་འཛིན་འཁོར་དང་བཅས། །ཐུགས་དམ་དབང་གིས་སྤྱན་འདྲེན་ནོ། །དམ་ཚིག་དབང་གིས་ཚུལ་བཞིན་གཤེགས། །དམ་ཚིག་ཚུལ་བཞིན་མ་གཤེགས་སམ། །གྲུབ་མཆོག་དངོས་གྲུབ་མ་སྩལ་ན། །སྐུ་གསུང་ཐུགས་དང་འགལ་བར་འགྱུར་རོ། །ཞིག་པར་འགྱུར་བར་གདོན་མི་ཟ། །ཧཱུཾ། ང་ནི་དཔལ་ལྡན་འཁོར་ལོ་འཆང་། །སྐུའི་བདེ་གཤེགས་དེས་འགྲེ། ཧཱུཾ། ང་ནི་དཔལ་ལྡན་རིན་ཆེན་འཆང་། །རིན་ཆེན། རིན་ཆེན་རིགས། ཧཱུཾ། ང་ནི་དཔལ་ལྡན་པདྨ་འཆང་། །གསུང་གི་༝། །པདྨ་རིགས། ཧཱུཾ། ང་ནི་དཔལ་ལྡན་རྒྱ་གྲམ་འཆང་། །ལས་ཀྱི་འཁོར་ལོ། ཡུམ་རྣམས་བསྐུལ་ཏེ་དངོས་གྲུབ་བསྡུ་བ་ནི། ཧཱུཾ། ཤར་ཕྱོགས་པ་ཡི་རྟོག་པ་རྣམ་དག་མ། །རྟ་གདོང་དཀར་མོ་དུང་གི་མཆེ་གཤོག་ཅན། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་མཐའ་ནས་བསྡུས། །གྲུབ་མཆོག་རྣལ་འབྱོར་བདག་ལ་སྩལ་དུ་གསོལ། །ཧཱུཾ། ལྷོ་ཕྱོགས་ཆུ་ཡི་རྣམ་དག་མ། །གཡུ་གདོང་སྔོན་མོ་གཡུའི་མཆེ་གཤོག་ཅན། །རིན་ཆེན་རིགས་༝། །སྒྲུབ་མཆོག་༝། །ཧཱུཾ། ནུབ་ཕྱོགས་མེ་ཡི་རྣམ་རྟོག་༝། །བསེ་གདོང་དམར་མོ་བསེའི་༝། །པདྨ་རིགས་༝། །གྲུབ་མཆོག་༝། །ཧཱུཾ། བྱང་ཕྱོགས་རླུང་གི་རྣམ་རྟོག་༝། །མུ་མེན་ལྗང་གདོང་མུ་མེན་(༨༡ན)


GLG022_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

མཆེ་གཤོག་ཅན། །ལས་ཀྱི་༝། །སྒྲུབ་མཆོག་༝། །དེས་ཐུན་མོང་དངོས་གྲུབ་བསྐུལ་བ་ནི། །ཞི་རྒྱས་དབང་དྲག་ལས་བཞི་གང་འདོད་དང་། །མིག་སྨན་རིལ་བུ་རྐང་མགྱོགས་རོ་ལངས་དང་། ཚེ་རིང་ཆོས་སྲིད་ནོར་དང་ཟས་ལ་སོགས་ཐུན་མོང་དངོས་གྲུབ་མ་ལུས་བདག་ལ་སྩོལ། །དེ་ནས་མཆོག་གི་དངོས་གྲུབ་བསྐུལ་བ་ནི། །ཧཱུཾ། ཆོས་སྐུ་མཆོག་ལས་ཀུན་འབྱུང་ལོངས་སྤྱོད་རྫོགས། །འགྲོ་དོན་ལྷུན་གྲུབ་སྤྲུལ་སྐུ་གཅིག་གི་ངང་། །མ་བཅོས་གཉིས་མེད་སྐུ་གསུམ་ལྷུན་གྱིས་རྫོགས། །མཆོག་གི་དངོས་གྲུབ་བདག་ལ་སྩལ་དུ་གསོལ། །དེ་ནས་བདུད་རྩི་བུམ་གཅིག་ལ་དམིགས་ཏེ། རྣལ་འབྱོར་པ་རྣམས་ལངས་ཏེ། ལག་པ་གཡས་གཡོན་གྱི་མཐེབ་སྲིན་རྩེ་སྤྲད། ལྷག་མ་གསུམ་བསྒྲེང་། རྩེ་གསུམ་ཕྱག་རྒྱ་བཅའ། གཡས་འཕྲེང་བ་བགྲང་ཞིང་དངོས་གྲུབ་བདུད་རྩི་སྦྱངས་ཕྱིར་ཀུན་ཀྱང་མགྲིན་གཅིག་སྔགས་འདི་ཉེར་རེའམ་གང་ལྕོགས་བཟླས་ཏེ། ཨཱོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཛྙཱ་ན་ཨ་ཛ་སྥ་ར་ན་ཕཊ། སཾ་ཧ་ར་ན་ཧཱུཾ་ཧྲཱིཿཐ། འབྲུ་ལྔ་མོས་བསྐོར། སྦྱར་ལ་འབྲུས་པའི་ཏིང་ངེ་འཛིན་ནི་དངོས་གྲུབ་ཀྱི་སྣོད་ཀ་པཱ་ལ་ཁོར་ཡུག་ཙམ་གྱི་ནང་དུ། ཉི་ཟླའི་སྟེང་དུ་དབུས་བྱང་སེམས། ཤར་དྲི་ཆེན། ལྷོ་མཾ་ས། ནུབ་རཀྟ། བྱང་དྲི་ཆུ། དེ་ལས་ཨཱོཾ་ཨཱཿཧཱུཾ་སྭཱཧཱ། བཀོད་དོ། །དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་ཀུན་གྱི་དོན་བྱས། སླར་འདུས་པས་རིགས་ལྔའི་ཕྱག་མཚན་དུ་གྱུར། །ཡང་འོད་འཕྲོས་འདུས་པས་སྐུ་ལྔར་གྱུར། །དེ་ལས་ཀྱང་འོད་འཕྲོས་འདུས་པས་དངོས་གྲུབ་ཀྱི་ངོ་བོའི་བདུད་རྩི་དཀར་པོ་དྲི་མ་མེད་པར་བསམ། དེ་ནས་དངོས་གྲུབ་བསྐྱིལ་བ་ནི། བདུད་རྩི་ཐལ་(༨༡བ)


GLG022_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་གྱི་ཕྱག་རྒྱ་བཅས་ཏེ་ཐམས་ཅད་མགྲིན་གཅིག་ཏུ་བསྡེབས་ཏེ། ཨཱོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཧྲཱིཿཐ་ཞེས་ཅི་ནུས་བཟླས་ཤིང་ཏིང་ངེ་འཛིན་ནི་དངོས་གྲུབ་ཀྱི་རྫས་ཐམས་ཅད་ཀྱི་ཐད་ཀ་བར་སྣང་ལ་ལྷ་རྣམས་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས། འོད་ཟེར་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་པས། སོ་སོའི་ཡུམ་གྱི་མཁར་དངོས་གྲུབ་ཀྱི་ངོ་བོ་བདུད་རྩི་དཀར་པོའི་ཁུ་བ་མང་པོར་འཁྱིལ་བར་བསམ་མོ། །དེ་ནས་ཀ་པཱ་ལའི་རྫས་ལ་བདུད་རྩིའི་དངོས་གྲུབ་དབབ་པར་བྱ་སྟེ། རྣལ་འབྱོར་པ་རྣམས་ཕྱག་རྒྱ་ནམ་མཁའ་ནས་རྫས་ལ་དབབ་པའི་བརྡ་བྱ་སྟེ། མགྲིན་གཅིག་ཏུ་འདི་སྐད་དོ། །ཨཱོཾ་ཨཱཾཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མེ་པྲ་བེ་ཤ་ཡ་སིདྡྷི་ཕེབས་ཕེབས་ཧཱུཾ་ཧྲཱིཿཐ། ཞེས་ཉེར་གཅིག་བཟླས་ཤིང་ཏིང་ངེ་འཛིན་ནི་ཡུམ་གྱི་བྷ་ག་ནས་དངོས་གྲུབ་ཀྱི་ངོ་བོ་བདུད་རྩིའི་ཆར་བཞིན་བབས་ནས་རྫས་ལ་སིབ་སིབ་ཐིམ་པར་བསམ་མོ། །དེ་ནས་བགེགས་བརླགས་རྩོད་པ་བསྲུང་ཕྱིར་རྣལ་འབྱོར་པ་རྣམས་གུང་མོ་དང་། སྲིན་ལག་མཐེབ་ཏུ་སྤྲད་དེ། རྟ་མགྲིན་དུ་བསྐྱེད། དེ་ནས་རྐང་པ་བྲོ་འཁྲིག་ཅིང་། ཨཱོཾ་ཨཱཾཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྲཱྀ་བ་པདྨ་པདྨ་ཧྲཱིཿ བནྡྷ་བནྡྷ་ཧྲཱིཿཧཱུཾ་ཧྲཱིཿཐ། ཞེས་དཔལ་རྟ་མགྲིན་གྲངས་མེད་པས་དཀྱིལ་འཁོར་དང་གནས་ཕྱི་ནང་མེད་པར་ཁེངས་ནས་བར་ཆད་བསྲུང་བར་བསམ་མོ། །དེ་ནས་དངོས་གྲུབ་བདག་ལ་བསྡུ་བ་ནི། རྣལ་འབྱོར་པ་རྣམས་ཐལ་སྦྱོར་གྱེན་དུ་བཟེད་ལ། གྲལ་གཞིབས་ཏེ་ཕྱག་བརྡ་ནང་དུ་གཡོབ་ཅིང་འདི་སྐད་དོ། །ཨཱོཾ་ཨཱཾཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ར་ས་ཡ་ན། ཏ་ན་ཛ་ཡ། གུ་ཡ་སིདྡྷི་སརྦ་སིདྡྷི་སིདྡྷི་ཧཱུཾ་ཧྲཱིཿཐ། ཉེར་གཅིག་བཟླས་ཤིང་ཏིང་ངེ་འཛིན་ནི། (༨༢ན)


GLG022_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀྱི་ངོ་བོ་བདུད་རྩིའི་རྒྱ་མཚོ་ཐམས་ཅད། བདག་གི་ཐུགས་ཀར་འུབ་འུབ་འདུས་ཤིང་ཐིམ་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཡོངས་རྫོགས་སུ་ཐོབ་པར་བསམ་མོ། །ངེས་པར་ཡང་ཐོབ་པར་བསམ་མོ། །དེ་མ་ཐག་ཏུ་མཚམས་གཅོད་དམིགས་པས། ཁྲོ་བཅུའི་སྔགས་བཟླས་ཤིང་། བགེགས་བསྐྲད་དེ། རིངས་པར་རིངས་པར་དངོས་གྲུབ་ཀྱི་རྫས་ཟས་ཕུད་ཅུང་ཟད་གཅིག་ཞལ་དུ་གསོལ་ལོ། །གྲལ་རིམ་པར་བསྡད་དེ་ཀ་པཱ་ལ་ཁ་སྦྱར་བླངས་ཏེ་ཀ་པཱ་ལ་གཉིས་པོ་དངོས་གྲུབ་ཀྱི་ཆང་གིས་བཀང་ལ། ཨ་མྲྀ་ཏ་ཅུང་ཟད་གཅིག་ཕུད་ལ་སྩལ་ཏེ། ཕྱག་རྒྱ་བསྒྱུར་ཅིང་སྲིན་མཐེབ་ཀྱིས་ཡོངས་རྫོགས་ལྷ་ཚོགས་ལ་སྨན་མཆོད་བྱའམ། སོ་སོའི་སྔགས་ཀྱི་ཤམ་བུར་མཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་གཏོར་རྗེས་སུ། ཀཱ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ་ཞེས་བདུད་རྩི་བཏུང་། ཕྱག་རྒྱ་བསྣོལ་ཞིང་ལན་གསུམ་བསྐོར་ཞིང་བཏུང་། བསྣོལ་ཚིག་གང་ལ་དབབ་པར་བཟང་། དེ་ནས་ཞལ་ཟས་འབྲང་རྒྱས་ལ་སོགས་པ་རྣམས་བགོས་ཏེ། ཆ་གཅིག་བླ་མ་ལ་དྲངས། ཆ་གཅིག་རིགས་འཛིན་ལ་ཕུད་དུ་བཞག །ཆ་གཅིག་ཐམས་ཅད་མཉམ་པོར་བགོས་ཏེ། ཡོག་ཚད་དུ་རོལ་བ་ལས་མི་ལ་མི་སྦྱིན་པ་གལ་ཆེའོ། །རྗེས་ཏིང་ངེ་འཛིན་ནི་རང་དངོས་གྲུབ་ཐམས་ཅད་འདུས་པའི་ལུས་རྣམས་ལྷ་རྣམས་ཡོངས་སུ་རྫོགས་པར་གཉིས་མེད་སྐུ་བསྒོམ། རྡོ་རྗེའི་གོ་གོན་མེ་དཔུང་ཀློང་ན་བཞུགས་པར་བསམ་མོ། །གཏང་རག་ཏུ་སྨན་ཆེ་བའི་ཡོན་ཏན་བརྗོད་དེ་སྨན་མཆོད་བྱའོ། །སོ་བཞི་པ་བཀྲ་ཤིས་བྱ་བ་ནི། མཆེད་རྣམས་གཡས་མདའ་དར་གཡོན་མར་ཆང་ཞལ་བུ་རེ་ཐོགས་ལ་འཆམ་ཞིང་འདི་(༨༢བ)


GLG022_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དོ། །ཧོ་རྣམ་སྣང་བཀྲ་ཤིས་ཆོས་དབྱིངས་ཡེ་ཤེས་སྐུ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྡོར་སེམས་བཀྲ་ཤིས་མེ་ལོང་ཡེ་ཤེས་སྐུ། །བཀྲ་ཤིས་༝། །རིན་འབྱུང་བཀྲ་ཤིས་མཉམ་ཉིད་ཡེ་ཤེས་སྐུ། །བཀྲ་ཤིས་༝། །མཐའ་ཡས་བཀྲ་ཤིས་ཀུན་རྟོག་ཡེ་ཤེས་སྐུ། །བཀྲ་ཤིས་༝། །དོན་གྲུབ་བཀྲ་ཤིས་ནན་ཏན་ཡེ་ཤེས་སྐུ། །བཀྲ་ཤིས་༝། །ཧོ་ཆེ་མཆོག་ཧེ་རུ་ཡོན་ཏན་ལྷུན་གྲུབ་དཔལ། །ཡིད་བཞིན་གཏེར་གྱི་བཀྲ་ཤིས་བདག་ལ་ཤོག །བཛྲ་ཧེ་རུ་རང་བྱུང་ཐུགས་ཀྱི་དཔལ། །སྐྱེ་མེད་ཐུགས་ཀྱི་༝། །འཇམ་དཔལ་གཤིན་རྗེ་སྣང་སྲིད་སྐུ་ཡི་དཔལ། །འགྱུར་མེད་སྐུ་ཡི་བཀྲ་ཤིས་བདག་ལ་ཤོག །དབང་ཆེན་རྟ་མཆོག་ཆོས་སྒོ་འདུས་པའི་དཔལ། །འགག་མེད་གསུང་གི་༝། །རྡོ་རྗེ་གཞོན་ནུ་མཐུ་སྟོབས་ཡོངས་རྫོགས་དཔལ། །འཕྲིན་ལས་ཐོགས་མེད་བཀྲ་ཤིས་༝། །བླ་མེད་ཧེ་རུ་མ་མོ་འདུས་པའི་དཔལ། །མ་ཚོགས་ལས་ལ་འཁོལ་བའི་༝། །རིགས་འཛིན་གཙོ་མཆོག་རྒྱུད་ལུང་མན་ངག་དཔལ། །ཤེས་རབ་གསུམ་ལ་མངའ་བརྙེས་༝། །དྲེགས་པ་ཀུན་འདུལ་བདུད་དཔུང་འཇོམས་པའི་དཔལ། །སྡེ་བརྒྱད་བྲན་དུ་འཁོར་བའི་བཀྲ་ཤིས་༝། །སྟོབས་ལྡན་ནག་པོ་སྣང་སྲིད་སྲོག་བདག་དཔལ། །དགྲ་བགེགས་ཐལ་བར་རློག་པའི་བཀྲ་ཤིས་ཤོག །ཞི་ཁྲོ་ཡོངས་རྫོགས་དངོས་གྲུབ་རྒྱ་མཚོའི་དཔལ། །བསྙེན་སྒྲུབ་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག །སརྦ་སིདྡྷི་བྲུཾ། ཞེས་རོལ་ལོ། །རྩ་བའི་ས་བཅད་སོ་ལྔ་པ་ལུང་བསྟན་པ་ནི། རྒྱུད་ལས་དེ་ལྟར་བསྙེན་སྒྲུབ་རིམ་པར་དག །རབ་ཏུ་ལོ་སྒྲུབ་རྟགས་ལ་སྦྱར། །ཞེས་པ་དེ་ནི་བདག་དོན་སྒྲུབ་པ་ཐོབ་དགོས་པར་སྟོན་པའོ། །འབྲིང་དུ་ཟླ་སྒྲུབ་གྲངས་དང་སྦྱར། ཞེས་པ་(༨༣ན)


GLG022_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གོང་ལྟར་མ་དཔོགས་སམ་འོན་ཏེ་དབང་བསྐུར་བའི་སྔོན་འགྲོ་ལ་དགོངས་པ་ཡིན་ནོ། །ཐ་མ་ཞག་བདུན་ཞག་ལྔ་རུ། །ཞེས་པ་ནི། དེས་གྲུབ་པ་མ་ཡིན་ཡང་། གཞན་དོན་སོ་སོ་གཡེངས་ཤིང་མི་ལོན་པའི་དོན་ནམ་འོན་ཏེ་རང་གི་དམ་བཅའ་མི་ལྕོགས་པ་དང་བསྐང་གསོའི་ཆེད་དོ། །ཡང་རྒྱུད་ལས། དད་བརྩོན་དྲག་པོས་བསྒྲུབས་གྱུར་ན། །མཚམས་མེད་ལྔ་སྤྱད་ཟིན་མིས་ཡང་། །དངོས་གྲུབ་ཐོབ་པ་གསང་སྔགས་ཁྱད། །ཐེག་པའི་ཁྱད་དེ་ཐེག་ཆུང་གི །འབྲས་བུ་སྙམས་པ་བས་སྔགས་ལ་མོས་པ་དངོས་གྲུབ་ཆེ་བར་བསྟན་པ་དམ་ལྡན་ངེས་པར་འགྲུབ་པའི་ལུང་བསྟན་ཡིན་ནོ། །རྒྱས་པར་སྤྲོ་ན་དུས་བྱང་ཀོལ་བ་ལས་ཤེས་པར་བྱའོ། །དངོས་གཞིའི་ས་བཅད་སོ་བདུན་པ་འཕྲིན་ལས་བཞིའི་སྦྱིན་སྲེག་ནི་གཏེར་གཞུང་ཁྱབ་བདག་ཁྲ་ཚང་པ་ཆེན་པོས་མཛད་པའི་ཡིག་ཆ་སོགས་ལས་ཤེས་པར་བྱའོ། །དངོས་གཞིའི་ས་བཅད་སོ་བརྒྱད་པ་མད་དན་མཐར་རྒྱས་རྗེས་ཀྱི་ལས་ཁྲིགས་ལ་བཅོ་བརྒྱད་ཡོད་པའི་ས་བཅད་དང་པོ་རེ་ཞིག་བཏང་སྙོམས་སུ་འཇོག་དགོས་པའི་རྒྱུ་མཚན་སྒྲུབ་ཆེན་དང་འབྲེལ་བའི་ཁྲོ་རོལ་མཛད་པ་ཉུང་བས་སྒྲུབ་གཏོར་གྱི་ལྷ་རང་ལ་བསྡུས་གཏོར་མ་ནས་གཏེར་ལ་སྦེད་རྒྱུ་ཅུང་ཟད་འཇོག་དགོས་པས་འཇུག་པ་བདེ་བའི་དབང་དུ་འཇུག་གི་ས་བཅད་གཉིས་པ་འདི་ཟོར་ལས་ཡིན་པས་ཁྲོ་རོལ་མི་གཏོང་ཕྱིན་སྒྲུབ་གཏོར་ལས་བཟློག་གཏོར་གསར་དུ་མི་བཅའ། ལས་བྱང་གཞུང་བསྲངས་ནས་ཚོགས་ལྷག་ཡན་སོང་རྗེས་ས་བཅད་བཅུ་བདུན་པ་མཚམས་གྲོལ་བའི་རྒྱལ་ཆེན་བཞི་བདུད་རྩི་འཁྱིལ་པ་གཤིན་རྗེ་རྣམས་ལ་མཆོད་གཏོར་བཤམས་སྔོན་འགྲོའི་སྐབས་བཞིན་བྱིན་རླབས་དང་མཆོད་བྱ། ཧཱུཾ། རྒྱལ་ཆེན་སྡེ་བཞི་འཁོར་བཅས་(༨༣བ)


GLG022_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །སྒྲུབ་པའི་བགེགས་རྣམས་བསྲུང་བ་ཡི། །ལས་བསྒྲུབས་གཏང་རག་མཆོད་སྦྱིན་འབུལ། །སླར་ཡང་སྟོང་གྲོགས་འཕྲིན་ལས་མཛོད། །འདི་ནི་གཟུགས་དང་ལྷན་ཅིག་ཏུ་ཞེས་སོགས་ཀྱིས་ཡེ་ཤེས་པ་རྟེན་ལ་བརྟན་བཞུགས་བྱེད། མཐོ་བསྡུ། སྒོ་སྲུང་གཉིས་ལ་ཡང་འདོན་པ་བསྒྱུར། སྒོ་དབྱེ་བ་ནི། བདག་དཔལ་དུ་གསལ་བའི་སྒོ་མ་ལ་ལམ་འབྱེད་པའི་བཀའ་བསྒོ་བ། བཟློག་པས་འདི་སྐད་དོ། །ཧཱུཾ། ཤར་གྱི་སྒོ་མ་རྟ་གདོང་དཀར། །ཐབས་ཤེས་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེ། །གཏོར་མའི་ཟོར་ལམ་དགྲ་ལ་བྷྱོཿ། །ལྷོ་ཡི་སྒོ་མ་ཕག་གདོང་མ། །ཐབས་ཤེས་ཞགས་པའི་༝། །ལྷོ་ཕྱོགས་གསེར་སྒོ་སེར་པོ་ཕྱེ། །གཏོར་མའི་ཟོར་ལམ་༝། །ནུབ་ཀྱི་སྒོ་མ་དྲེད་གདོང་དམར། །ཐབས་ཤེས་ལྕགས་སྒྲོག་༝། །ནུབ་ཕྱོགས་ཟངས་སྒོ་དམར་པོ་ཕྱེ། །གཏོར་མའི་༝། །བྱང་གི་སྒོ་མོ་སྤྱང་གདོང་སྔོ། །ཐབས་ཤེས་དྲིལ་བུའི་༝། །བྱང་ཕྱོགས་གཡུ་སྒོ་སྔོན་པོ་ཕྱེ། །གཏོར་མའི་ཟོར་ལམ་དགྲ་ལ་བྷྱོ། །བཛྲ་རཏྣ་པདྨ་ཀརྨ་པྲ་བེ་ཤ་ཡ་ཕཊ། ཅེས་དབྱེའོ། །གསུམ་པ་གཏོར་མ་བསྐྱང་ཞིང་བཏང་བ་ནི། གཏོར་མ་སྒོ་ཕྱོགས་སུ་གསར་ཏེ། །གཏོར་ཕུད་ཆ་གསུམ་དུ་བགོས་ལ། ཆ་གཅིག་མི་ཟད་གཏེར་དུ་གོང་ལྟར་སྤ། ཆ་གཅིག་སྦྱིན་སྲེག་གསེབ་ཏུ་བཏང་། ཆ་གཅིག་གཏོར་མ་དང་ལྷག་གཏོར་ཐམས་ཅད་བཏང་བ་ནི། དར་འཕྱར་དུང་བུས། ཕུད་དང་། མས་སྣ་དྲངས། ཆོས་སྐྱོང་གི་རཱུ་པ་འཕྱར། རྔ་དང་རོལ་མོར་བཅས་ཏེ། བསྐུལ་བྱང་ལྟར་བསྐུལ་བཏང་། གཏོར་སྐྱོང་ཆད་མཐོ་བྱ། དམོད་བྱང་ལྟར་དམོད་མོ་བྱ། བཞི་པ་དཔང་གཟུག་པ་ནི། ཕུད་ཕྱོགས་བཅུར་གཏོར་ཞིང་རྣལ་འབྱོར་(༨༤ན)


GLG022_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཞལ་བཅམས་ཏེ་འདི་སྐད་དོ། །ཧཱུཾ། གཟུ་དང་དཔང་དུ་དཀོན་མཆོག་བདེ་གཤེགས་བཞུགས། །བདག་གིས་མ་ཉེས་མ་ཡོ་ཡོ། །གསེར་སྐྱེམས་འདི་གསོལ་བསྟང་མ་བཟུང་དུ་གསོལ། །དགྲ་དང་བགེགས་ལ་ཆད་པ་འབབ་པར་རིགས། །འགྲོ་མགོན་ཤཱཀ་ཐུབ་ལྷས་བྱིན་ངན་པས་བརྙས། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ལ། །རྫོགས་པའི་སངས་རྒྱས་ཐོབ་པ་དོན་མ་ཆུང་། །གཡུ་འབྲུག་སྔོན་མོར་མེ་ཏོག་བུང་བས་བརྙས། །སུ་བདེན་ཀུན་མཁྱེན་༝། །སྟོང་གསུམ་སྒྲ་ཡིས་བཀང་བ་དོན་མ་ཆུང་། ཁྱུང་ཆེན་རྒོད་པོར་ལྟས་ངན་སྲིན་བྱས་བརྙས། །སུ་བདེན་༝། །བར་སྣང་རླབས་ཀྱིས་ཆོད་པ་དོན་མ་ཆུང་། །སེང་གེ་དཀར་མོར་ཀུ་ཀུ་ཁྱི་ཡིས་བརྙས། །སུ་བདེན་༝། །རྩལ་གསུམ་ལུས་ལ་རྫོགས་པ་དོན་མ་ཆུང་། །ས་བདག་སྤྱི་རྗེ་མཐའ་འཁོབ་འབངས་ཀྱིས་བརྙས། །སུ་བདེན་༝། །རྒྱལ་སྲིད་ཆོས་བཞིན་བསྐྱངས་པ་དོན་མ་ཆུང་། །རྡོ་རྗེ་སློབ་དཔོན་དམ་ཉམས་སློབ་མས་བརྙས། །སུ་བདེན་༝། །ཤེས་རབ་གསུམ་ལ་མངའ་བརྙེས་དོན་མ་ཆུང་། །ཡིད་བཞིན་ནོར་བུ་གོར་མ་རྡོ་ཡིས་བརྙས། །སུ་བདེན་༝། །རེ་བ་ཡིད་བཞིན་བཀང་བ་དོན་མ་ཆུང་། །ཆོས་སྤྱོད་བདག་འདྲ་དགྲ་དང་བགེགས་ཀྱིས་བརྙས། །སུ་བདེན་༝། །རྒྱལ་བ་ཡོངས་རྫོགས་བསྒྲུབས་པ་དོན་མ་ཆུང་། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཕུད་བཞེས་ལ། །མ་ཉེས་རྣལ་འབྱོར་བདག་གི་བསྟང་མ་བཟུང་། །ཟོར་གྱི་ལམ་ཕྱེ་དམ་སྣ་དགྲ་ལ་དྲོངས། །ཕྱོགས་མཚམས་ཀུན་ན་སྲིད་པའི་ལྷ་དང་འདྲེ། །སྟེང་ལྷ་འོག་ཀླུ་བར་གྱི་གཉན། །ཕྱོགས་སྐྱོང་བཅུ་ལ་ཟོར་མི་འཕེན། །གསེར་སྐྱེམས་འདི་གསོལ་ཟོར་ལམ་ཕྱེ། །མཐོ་བ་ཞབས་བསྐུམས་དམའ་བ་དབུ་ཆུམས་ཤིག །ཟོར་འདི་དགྲ་བགེགས་སྲི་ལ་འཕེན། །ཀུན་ཀྱང་གྲོགས་མཛོད་དམག་དཔུང་བསྐྱེད། །ཅེས་གསེར་སྐྱེམས་གཏོར་ཞིང་བཀའ་བསྒོ་བར་བྱའོ། །ལྔ་པ་གོ་གསར་བ་ནི། ཕོ་ཉའི་(༨༤བ)


GLG022_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་བཅའ་སྟེ། རྡོ་རྗེ་སློབ་དཔོན་གྱིས་ལྟ་བའི་རྫོང་བསྐྱེད། ལྷའི་ང་རྒྱལ་གྱིས་གོ་བཅའོ། །རྣལ་འབྱོར་པ་རྣམས་ནི་རྒྱལ་ཐེབ་ལ་སོགས་སྔགས་འཆང་རྣམས། །དར་ནག་དར་དམར་གྱི་གོས་གྱོན། །རལ་པའི་ཐོད་གདེངས་བཅའ་ཕྱག་གཡས་སུ་རྡོ་རྗེ་བེ་ཅོན་ཕུར་པ་འཕྱར། གཡོན་ལྕགས་ཀྱུ་དང་ཐུན་ཐོགས་ལ། གུང་གྲལ་བཅས་ཏེ་དོར་སྟོབས་བྱ། །མཆེད་ཕོ་ཐམས་ཅད་གདོང་དམར་ནག་བྱུགས་ལ། །ཞིབ་བཅའ་མདའ་སྟོངས་ཏེ་ཕྱིར་འདུར་ནང་འདུར་གཡས་གྲལ་ནས་བྱ། མོ་རིགས་རྣམས་གདོང་ལ་ཁྲག་དང་ཕོ་ཚོས་ལ་ཆུ་བྱུགས་ཏེ། གཡས་དུལ་ནག་རེ་རེ་ཐོགས། གཡོན་དུ་གཏོར་མ་ཐོད་པ་རེ་ཐོགས་ལ་མདུན་ཤན་ཐུལ་ཐབས་གཡོན་གྲལ་ནས་བཅའ། གིང་དཀར་ནག་དམར་ཁྲ་བཞི་གཡས་སུ་རལ་གྲི་ཟངས་ཡག་རེ། གཡོན་དུ་སྙིང་གི་གཟུགས་རེ་ཐོགས་ལིངྒ་ལ་གྲི་བསྐོར། གིང་འཆམས་མདུན་ནས་བྱ། གཏོར་མ་རྣམས་དབུས་གླིང་དུ་རེ་འཕྱང་། ཁྱོགས་ལ་བཏེགས་ལ་འདེགས་པ་ཐམས་ཅད་ཀྱང་། ཁྲོ་བོའི་ཏིང་ངེ་འཛིན་གསལ་བར་རིག་པ་ངར་བསྐྱེད་དེ། ཨཱོཾ་སརྦ་དུཥྚཱཾ་ཨེ་ཛཿབྷྱོ། དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་དིར་རི་རི་བཟླས་ཤིང་ལམ་དུ་བཞུག་ག །དྲུག་པ་ཟོར་འཕང་བ་ནི། དེ་ཡང་གོང་ལྟར་གོ་བཅས་རྗེས་སུ་སྔགས་འཆང་ཕུར་པ་ཐོགས་པ་རྣམས་ཀྱི་ས་མ་ཏི་ནི། རྒྱུད་ལས། ཡེ་ཤེས་ལྷ་ལ་རང་རྒྱུད་པར། །རྩིས་གདབ་ཁྲིགས་སུ་བཅད་པ་མེད། །ཅེས་དང་ལེའུ་དགུ་པ་ནས། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀུན། །ཆོས་ཉིད་དོན་ལ་འགྱུར་མེད་ཕྱིར། །ཐམས་ཅད་སྐུ་མདོག་མཐིང་ནག་ལ། །རྡོ་རྗེ་ཕུར་པ་འདྲིལ་ཞིང་འདེབས། །དགྲ་བགེགས་ལས་རྒྱུན་གཅད་པར་བསམ། ཞེས་འབྱུང་བ་དང་། (༨༥ན)


GLG022_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྟོང་སྟོང་ཚིགས་སུ་ཁྲོ་རྒྱལ་བསྐུལ་ཞེས་པས། ཁྲོ་བོ་ཐམས་ཅད་སྐུ་མདོག་མཐིང་ནག་ལ། རྡོ་རྗེ་ཕུར་པ་འདྲིལ་ཞིང་དགྲ་བགེགས་སྙིང་ལ་འདེབས་པར་བསམ་མོ། །ལྕགས་ཀྱུས་བཀུག་ཅིང་ཕུར་པས་འདེབས་ཚུལ་བྱ། རྐང་པ་དོར་སྟབས་སུ་འཆམ་ཞིང་འདི་སྐད་དོ། །ཧཱུཾ། ཆོས་ཉིད་དབྱིངས་ཉིད་རང་བྱུང་གྲུབ་པའི་ལྷ། །ཞེས་པ་ནས་ཕུར་ཐུན་ཚོམ་བསྐུལ་ཚར་རྗེས་ལ། །ཧཱུཾ། ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ། །ང་ནི་བདེ་གཤེགས་ཀུན་གྱི་གཙོ། །ང་ནི་གཤིན་རྗེ་ཀུན་གྱི་གཤེད། །ང་ནི་མ་མོ་ཀུན་གྱི་ཡབ། །ང་ནི་མཁའ་འགྲོ་ཀུན་གྱི་རྗེ། །ང་ནི་གིང་ཆེན་ཀུན་གྱི་རྒྱལ། །འཁོར་གྱི་མཁའ་འགྲོ་དམ་ལ་འདུ། །དམ་ཅན་རྒྱ་མཚོ་དམག་ལ་འཆོས། །ཊཱ་ཀི་འབུམ་ཚོགས་ཕུངས་སེ་ཕུང་། །ཞུབ་ཅན་སྟོང་སྡེ་སིལ་ལི་ལི། །དཔའ་བོའི་མདའ་སྒྲ་སྦྲེངས་སེ་སྦྲེང་། །དཔའ་མོའི་དུལ་སྟབས་ཆེམས་སེ་ཆེམ། །དར་གྱི་རུ་མཚོན་ལྷུབས་སེ་ལྷུབ། །མཚོ་རྩེ་ཕུར་རྩེ་རོངས་སེ་རོང་། །ཡུངས་ཀར་རྦབ་འདྲིལ་ཤར་ར་ར། །མཚེ་ཡི་བདེ་ཐུང་ཐལ་ལ་ལ། །གཏོར་མའི་སྒྱོགས་རྡེག་ཆེམས་སེ་ཆེམ། ཁྲག་ཐུན་དུག་རླངས་ཆིལ་ལི་ལི། །དགྲ་བགེགས་གནོད་བྱེད་རྡུལ་དུ་རློག །ཅེས་གདབ་སྔགས་ནི། ཨཱོཾ་བཛྲ་མཧཱ་ཀྲོ་དྷ་པདྨ་ཀྲོ་ཏཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལཱ་ཡ་མཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛ་ལ་རཾ་ཧཱུཾ་ཕཊ། དམ་ཉམས་དགྲ་བགེགས་གནོད་བྱེད་ཤ་ཧྲཱུཾ་ཧུར་ཐུམས་མཱ་ར་ཡ་རྦད། ཅེས་འཛིན་གིང་གཉིས་ཀྱིས་འཇག་མའི་ལིངྒ་བཟུང་ལ། དགུག་གཞུག་གདབ་ལས་བྱའོ། །དེ་ནས་གཡས་གཡོན་གྱི་མདའ་ཟོར་དུལ་ཐབས་དང་། གིང་གི་གྲི་ཤན་གཏོར་ཟོར་དུ་བསྟུན་ཏེ། ལིངྒ་ལ་བརྡེག་ཅིང་འདི་སྐད་དོ། །ཧཱུཾ་ཧཱུཾ་བྷྱོ། སྡང་བའི་དགྲ་བགེགས་དམ་སྲི་འདི། །དང་པོ་མ་རིག་གཏི་མུག་འཐིབས། །བར་དུ་གཟུང་དང་འཛིན་(༨༥བ)


GLG022_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྐྱེད། །ཐ་མ་ལས་ངན་དབང་གིས་འཁོར། །ཞེ་སྡང་ཕ་ཡི་རྒྱུ་ལས་བྱུང་། །འདོད་ཆགས་མ་ཡི་མངལ་དུ་སྐྱེས། །ང་རྒྱལ་ཕྲག་དོག་ལས་ངན་སྤྱོད། །ལྔ་ཕུང་རྩད་ནས་བཅད་པའི་ཕྱིར། །སྲོག་པའི་རྩ་ལ་ཕུར་ཟོར་རྒྱོབ། །ཞེ་སྡང་སྙིང་ལ་གཏོར་ཟོར་ཡ། །གཏི་མུག་ཤ་ལ་མདའ་ཟོར་རྒྱོབ། །འདོད་ཆགས་ཁྲག་ལ་ཐུན་ཟོར་ཡ། །ཞེ་སྡང་རུས་ལ་རྡོ་ཟོར་རྒྱོབ། ཁྲག་དོག་དབུགས་ལ་དུལ་ཟོར་ཡ། །ལྔ་ཕུང་ལུས་ལ་གྲི་ཟོར་རྒྱོབ། །རྡོ་རྗེ་སློབ་དཔོན་སྐུ་དགྲ་དང་། །མཆེད་དང་ལྕམ་དྲལ་སྤྱི་ཡི་དགྲ། །རྣལ་འབྱོར་བདག་གི་སྒོས་དགྲ་དང་། །གཟུགས་མེད་དམ་སྲི་གནོད་བྱེད་རྣམས། །ཡོངས་རྫོགས་ཟོར་གྱིས་རྡུལ་དུ་རློག །དཔལ་ཆེན་རྔམ་པའི་ཞལ་དུ་བསྟབ། །འཁོར་གྱི་ཁྲོ་ཚོགས་མཆོད་པར་བཞེས། །མ་མོ་མཁའ་འགྲོའི་ཚོགས་ལ་སྦྱིན། །གིང་ཆེན་རལ་པའི་རྔམས་ཟས་མཛོད། །སེམས་ནི་རྒྱལ་བའི་གནས་སུ་སྤོར། ཞེས་གདབ་སྔགས་དགུས་ཕུར་ཐུན་དང་། དུག་མཐུན་ཐམས་ཅད་ཀྱིས་གདབ། བྷྱོས་གདབ་ཕྱི་མིག་མི་ལྟ་བར་ཚུར་ལོག་ནས་བསྭོས་གདབ་བོ། །གཏོར་སྣོད་བཤལ་ཆུ་འབྲུ་དང་བཅས་ཏེ་བསྟན་མ་སྐྱོང་། བདུན་པ་ཕྱི་སྙོག་བཟློག་པ་ནི། སློབ་དཔོན་གྱིས། ཧཱུཾ་ཁྲོཾ་བཛྲ་ག་རུ་ཌ་བྷྱོ་བཟློག །ཅེས་བརྗོད་པས་ཡེ་ཤེས་ཀྱི་ཁྱུང་ནག་གཅིག་གིས་མཚམས་བཅད་དེ། ཚུར་མི་ལྡོག །ཕར་ཐེབས་པར་བསམ། ཧཱུཾ་ཧཱུཾ་ཧཱུཾ། བདུད་པྲ་མཱ་ར་ཡ་རྦད་ནན། ཁ་ལ་ཛམ་ལི་རྦད་ནན། ཤིག་ཤིག །དུམ་དུམ་རྦད་ནན། ཁྲམ་ཁྲམ་བྷྱ་རྦད་ནན། རྨུགས་རྨུགས་རྦད་ནན། ཏིར་ཏིར་རྦད་ནན། ཚལ་དུ་ཚལ་དུ་རྦད་ནན། ཞེས་བདུན་ནམ་ཉེར་གཅིག་བཟླས་སོ། །བརྒྱད་པ་གཏོར་གཞོང་མནན་པ་ནི། སྒོ་མདུན་དུ་བྲོ་ར་བཅས་ཏེ། ས་མ་ཏི་ནི། (༨༦ན)


GLG022_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་གཞོང་འོག་ཏུ་ཨ་གྲུ་གསུམ་གྱི་དོང་གཏིང་རིང་བའི་ནང་དུ་དགྲ་དང་། དམ་སྲིའི་རཱུ་པ་དྲག་པོའི་སྦྱིན་སྲེག་ཐལ་བ་ལ་བྱས་ཏེ་གཞུག །དགྲ་བགེགས་དམ་སྲི་ཕྱག་རྒྱ་བཞིས་དགུག །ཁུགས་བར་གསལ་བའི་ཚེ། ཧཱུཾ་ཉིས་སྦྲེལ་གྱིས་སྟེང་ནས་མནན་པས་མཚོར་རྡོ་བོར་བ་བཞིན་བསྟིམ་བསྟིམ་སོང་ནས་ཆུ་སྲིན་གྲེ་བར་ཆུད་པར་བསམ། དོང་ཁ་རི་རབ་ཀྱིས་ཆོད་པའི་སྟེང་དུ། དཔལ་གྱི་བྲོ་ར་བཅས་པར་བསམ། དེའི་སྟེང་དུ་འཕྲིན་ལས་བཞིའི་བྲོ་གོང་ལྟར་བརྡུང་། དེ་ནས་དཔལ་དགུའི་སྒོས་ཀྱི་བྲོས་ཀྱང་བརྡུངས་ཏེ་མནན་ནོ། །དགུ་པ་ཚེ་འགུགས་པ་ཟོར་ཡང་བྱེད་ཚེ་ལྷོ་བྱང་གི་གཏེར་མའི་ཚེ་འགུགས་གང་ཡང་རུང་བ་དང་རྒྱས་པར་སྤྲོ་ན་རྫོང་ཆེན་ཚེ་དབང་མཛད་འདུག །སྒྲུབ་ཁོག་གི་འདི་ལ་ལུང་རྒྱུན་ཙམ་མ་གཏོགས་མི་མཛད། ས་བཅད་བཅོ་བརྒྱད་པ། དང་པོ་མི་ཟད་གཏེར་ཆེན་སྦ་བའི་ཆོ་ག་ནི་རྒྱུད་ལས། ས་ཡི་ལྷ་མོ་མཁའ་དབྱིངས་སུ། །གཏེར་སྦེད་ཆོ་ག་རྒྱས་པར་བྱ། །ཞེས་གསུངས་པས། ས་སྦྱིན་པོ་ལ་རཏྣ་ལྔ་བརྡར་ཏེ། བུམ་པ་ལྔ་བྱ་སྟེ། སོ་བཏང་བའི་ནང་དུ་སྙིང་པོ་ལྔ། དར་སྣ་ལྔ། འབྲུ་ལྔ། རིན་ཆེན་སྣ་ལྔ། སྒྲུབ་གཏོར་གྱི་ཕུད་ཆ་གཅིག་ཡང་སྩལ་ཏེ། འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན། མགུལ་ཆིངས་བྱ། ཁ་དོག་ལྔ་བསྒྱུར། མར་མེ་གཉིས་གཙུགས་ལ་ལག་ཏུ་ཐོགས་སོ། །རྡོ་རྗེ་ལས་བས་གསེར་གྱི་འཇོར་དངུལ་གྱི་ཁྱེམ་ཐོགས་ཏེ། དཀྱིལ་འཁོར་གྱི་ལོགས་བཞི་དབུས་དང་ལྔར་གཏེར་ཁུང་བྲུས་ཏེ། སའི་ལྷ་མོའི་མཁའ་དབྱེ་བར་བསམ་སྟེ། སྒྲུབ་ཁང་ས་ཆོག་ལྟ་བུ་བྱེད་ཀྱང་སྦྱར་རོ། །སློབ་དཔོན་གྱི་དབུ་དྲངས་རྣལ་འབྱོར་པ་ཀུན་གྱི་དཀྱིལ་འཁོར་ལ་བསྐོར་ཏེ། ཞྭ་དང་ཕྱི་གོས་གསར་པ་གྱོན་རྒྱན་བཏགས་ཏེ་ལག་(༨༦བ)


GLG022_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བུམ་པ་བཟུང་། །ལག་གཡས་སྨོན་ལམ་གྱི་མེ་ཏོག་འཐོར་ཞིང་སྔོན་ལ་ཤར་ཕྱོགས་ནས་འདི་སྐད་དོ། །ཧཱུཾ། སྐྱོབ་པ་སངས་རྒྱས་བཅོམ་ལྡན་འདས། །ས་ཡི་ལྷ་མོའི་མཁའ་ཕྱེ་ཞིག །ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །སྒྲུབ་པ་ལས་ཀྱི་གཏེར་སྦེད་དོ། །བཛྲ་ཧེ་རུ་ཀས་གཏེར་སྦེད་དོ། །རིན་ཆེན་སྣ་ལྔའི་གཏེར་སྦེད་དོ། །སྙིང་པོ་ལྔ་ཡི་གཏེར་སྦེད་དོ། །དར་སྣ་ལྔ་ཡི་གཏེར་སྦེད་དོ། །སྨན་སྣ་ལྔ་ཡི་གཏེར་སྦེད་དོ། །རིན་ཆེན་སྣ་ལྔའི་གཏེར་སྦེད་དོ། །དམ་རྫས་གཏོར་མའི་གཏེར་སྦེད་དོ། །ཡིད་བཞིན་གཏེར་ཆེན་འདི་སྦས་པས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནམ་ཞིག་འཆི་བའི་དུས་བྱུང་ཚེ། །གཏེར་ཆེན་ཁྱོད་ཀྱིས་མདུན་ནས་བསུས། །འདོད་ཡོན་ལྔ་ལ་ལོངས་སྤྱོད་ཤོག །སྙིང་པོ་ལྔ་ཡི་གཏེར་སྦས་པས། །སྐུ་ལྔ་ལྷུན་གྱིས་གྲུབ་པར་ཤོག །དར་སྣ་ལྔ་ཡི༝། །ཡེ་ཤེས་ལྔ་དང་ལྡན་པར་ཤོག །སྨན་སྣ་ལྔ་༝། །ནད་ཀྱི་བསྐལ་པ་ཞི་བར་ཤོག །འབྲུ་སྣ་ལྔ་ཡི་༝། །མུ་གེའི་བསྐལ་བ་ཞི་བར་ཤོག །རིན་ཆེན་ལྔ་ཡི་གཏེར་༝། །མཚོན་གྱི་བསྐལ་པ་ཞི་བར་ཤོག །དམ་རྫས་གཏོར་མའི་གཏེར་སྦས་པས། །མི་ཟད་གཏེར་གྱི་མདུན་བསུས་ཤིག །ཕྱག་རྒྱ་ལྔ་ཡི་རྒྱ་འདེབས་སོ། །བཛྲ་ཨ་ཡུཿསིདྡྷི་བྷྲཱུཾ། ཞེས་བུམ་པ་མཐིང་ག་ཤར་དུ་སྦས་ཏེ། ཧོཿརིན་ཆེན་བུམ་པའི་གཏེར་སྦས་པས། །རྣལ་འབྱོར་པ་འདིར་ཚོགས་ཐམས་ཅད་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་སྟེ། ཚེ་དབང་ཕུན་སུམ་ཚོགས་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །ཅེས་བརྗོད་དོ། །གཏོར་ཆོག་བཞིན་དུ་རིམ་གྱིས་འཕྲུལ་ཤེས་པར་བྱ་སྟེ། ཧེ་རུ་ཀའི་མཚན་ལྔས་གཏེར་སྦེད་དོ། །ཞེས་པ་དང་། རཏྣ། པདྨ། ཀརྨ། བུདྡྷ་ཨཱ་ཡུཿསིདྡྷི་ཧཱུཾ། ཞེས་པའི་འགྲེས་དང་། སྨོན་ལམ་གྱི་སྐབས་སུ་(༨༧ན)


GLG022_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་སོ་སོར་དངོས་གྲུབ་ཐོབ་སྟེ། ཞེས་པའི་འགྲེས་སུ་ཤེས་སོ། །རྗེས་སུ་རིགས་ལྔའི་ཕྱག་མཚན་ལྔ་གཏེར་སྟེང་དུ་བྲིས་ལ་རྒྱས་གདབ། ཡོན་ཏན་ནི་ཚེ་འདིར་ཡང་ཚེ་རིང་། ལོངས་སྤྱོད་འཕེལ་ཞིང་ས་བདག་གཞི་བདག་གི་ཀོ་ལོང་ཞི་བ་དང་། གནས་མལ་དེར་ཡང་བཀྲ་ཤིས་པར་འགྱུར་རོ། །སྒྲུབ་ཕྲན་ཀུན་ལ་ཡང་འདི་སྦྱར་རོ། །ཕྱི་མ་སྐུ་ལྔ་ཡེ་ཤེས་ལྔའི་རྒྱུར་གྱུར། ནད་དང་མུ་གེའི་མཚོན་གྱི་བསྐལ་པ་གསུམ་ལས་ཐར་ཏེ། མི་ཟད་གཏེར་བདག་ཏུ་འགྱུར་རོ། །སྔར་གྱི་བསྒྲུབས་གཏོར་དང་ལྷན་དུ་བཞག་ནས་སྟེགས་བུ་ཡོད་ན་དང་མེད་ན་སྒྲུབ་ཁང་གི་རྩིབས་ལོགས་ལ་སྦེད། སྔར་ས་ཆོག་དུས་ཀྱི་བུམ་གཏེར་དེ་ཡང་ཐོག་མ་ནས་བུམ་པ་བཟོས་གྲུབ་པ་ཡིན་ན་འདིའི་ཁྲོད་ནས་ལེན་པ་ཡིན། ས་བཅད་བཅུ་དགུ་པ། བཅུ་བཞི་པ་སྨོན་ལམ་གདབ་པ་ནི། རྣལ་འབྱོར་པ་མར་མེ་སྤོས་རེང་དུ་བཅས་པ་རེ་ཐོགས་ལ། དཀྱིལ་འཁོར་ལ་བསྐོར་ཞིང་མགྲིན་གཅིག་ཏུ་འདི་སྐད་དོ། །ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རྡོ་རྗེ་སློབ་དཔོན་གཉེན་གྱིས་དབུ་བཟུང་ནས། །རྒྱལ་བའི་གདུང་གསོབ་མཆེད་དང་ལྕམ་དྲལ་རྣམས། །བརྩེ་དུངས་མི་འབྲལ་སེམས་ཅན་འདི་ཀུན་ཀྱང་། །ནམ་ཞིག་བྱང་ཆུབ་ལམ་དུ་ཞུགས་པའི་ཚེ། །འཁོར་བའི་གཡང་ས་ཆེན་པོར་མི་བཏང་ཞིང་། །མ་རིག་མུན་པའི་དབང་དུ་མི་བཏང་ལ། །གཅོང་རོང་ཟབ་མོའི་གནས་སུ་མི་སྐྱེ་དང་། །དམྱལ་བ་ཟངས་ཁའི་ནང་དུ་མི་ལྟུང་ཞིང་། །གཅན་གཟན་གདུག་པའི་སྒྲ་སྐད་མི་གྲག་དང་། །མཚོན་ཆེན་གདུག་པའི་དབལ་གྱིས་མི་འཕོག་ཤོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་། །དམ་ཚིག་གཅིག་པའི་རྡོ་རྗེ་མཆེད་ལྕམ་རྣམས། །(༨༧བ)


GLG022_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་འབྲེལ་བའི་མཚན་ལྡན་གཟུང་མ་གསུམ། །ཚེ་རབས་འདི་དང་ཚེ་བརྒྱུད་ཐམས་ཅད་དུ། །མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས། །ས་བཅུ་རིམ་གྱིས་ཁྱད་པར་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ཚེ། །ཞེ་སྡང་དབང་གི་དམྱལ་བར་ལྷུང་སྲིད་ན། །སྣང་གསལ་མར་མེས་ཚ་གྲང་སྡུག་བསྔལ་གཞིལ། །ཕྲག་དོག་དབང་གིས་ལྷ་མིན་ཡུལ་འཁྱམས་ན། །སྣང་གསལ་མར་མེས་གདུག་པའི་མཚོན་ཁ་བསྣོལ། །འདོད་ཆགས་དབང་གིས་ཀླ་ཀློའི་མིར་སྐྱེས་ཀྱང་། །སྣང་གསལ་མར་མེས་ཤེས་རབ་གསུམ་ལ་སྦྱོར། །ང་རྒྱལ་དབང་གིས་ཚེ་རིང་ལྷར་གྱུར་ན། །སྣང་གསལ་མར་མེས་འཕོ་ལྟུང་སྡུག་བསྔལ་ཆོམས། །གཏི་མུག་དབང་གིས་བྱོལ་སོང་གནས་འགྲིམས་ན། །སྣང་གསལ་མར་མེས་ཤེས་རིག་སྒྲོན་མེ་ཐེག །སེར་སྣའི་དབང་གིས་ཡི་དྭགས་གནས་སྐྱེས་ན། །སྣང་གསལ་མར་མེས་བཀྲེས་སྐོམ་སྡུག་བསྔལ་སོལ། །རྒྱུ་འདི་ཡིས་ནི་ས་བཅུ་ཡོངས་བགྲོད་ཚེ། །ཤེས་བྱའི་སྒྲིབ་བྱང་ཕྱིར་མི་བཟློག་པར་ཤོག །སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདིས། །བདེ་གཤེགས་ཡོངས་ལ་ཕུལ་བའི་མཐུ་བྱིན་གྱིས། །ས་བཅུ་འདས་ཏེ་ས་རྣམས་ཡོངས་རྫོགས་ཤོག །ཀུན་ཏུ་འོད་དང་མ་ཆགས་པདྨ་ཅན། །འཁོར་ལོ་ཚོགས་ཆེན་སྟུག་པོ་བཀོད་པའི་ས། །དེ་པ་ཀུན་འདུས་ཀུན་བཟང་དབྱེར་མེད་པ། །རྡོར་སེམས་ཕྱི་པ་ལྕང་ལོ་ཅན་གྱི་ས། །བླ་མའི་ས་དང་སྲིད་གསུམ་ངང་རྫོགས་པ། །སྤྲོས་བྲལ་ཐིག་ལེའི་ས་ལ་ལྷུན་གྲུབ་ནས། །གཟུགས་སྐུ་ཉིད་ཀྱིས་འགྲོ་དོན་ཡོངས་རྫོགས་ཤོག །ས་བཅད་བཅུ་གཅིག་པ་དབྱངས་གསལ་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བཀང་། ལས་གཞུང་ནས་མཆོད་(༨༨ན)


GLG022_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་ཇི་ལྟར་རིགས་པའི་སྒོ་ནས་གཏང་རག་གཏོང་། ས་བཅད་བཅུ་པ་དཀྱིལ་འཁོར་བསྡུ་བ་ནི། རྡོ་རྗེ་ཐལ་མོའི་བར་དུ་བཟུང་སྟེ། ཧཱུཾ་ཧཱུཾ་ཧཱུཾ། ཞེས་བརྗོད་པས་སྣང་སྲིད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་བསྡུ། གཞལ་ཡས་ཁང་ཡང་འོད་དུ་ཞུ་ལྷ་ཚོགས་ལ་བསྡུ། ལྷ་རྣམས་གཙོ་བོ་ལ་བསྡུ། གཙོ་བོ་ཉིད་ཀྱང་འོད་ཀྱི་རང་བཞིན་དུ་ཐུགས་ཀའི་ཧཱུཾ་ལ་བསྡུ། ཧཱུཾ་ཉིད་ཀྱང་གྱེན་རྫོགས་སུ་ཐིག་ལེར་བསྡུས་ཏེ་དེ་ཉིད་ཀྱང་མཐའ་ནས་དབུས་སུ་དག་སྟེ། སྤྲོས་བྲལ་མྱ་ངན་ལས་འདས་པའི་ངང་དུ་མ་བཅོས་ལྷུན་གྲུབ་ཏུ་སོལ་ལེ་རྟོག་མེད་དུ་ལྷན་གྱིས་བཞག་ག །རྡོ་རྗེས་མཎྜལ་མཐའ་ནས་བསྡུའོ། །དེ་ནས་འདི་སྐད་དོ། །ཧཱུཾ། གསང་བ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ། །རྣལ་འབྱོར་སྒྲུབ་མཆོག་འཁོར་དང་བཅས་པ་ཡིས། །རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་བསྙེན་ཅིང་བསྒྲུབས། །དངོས་གྲུབ་མཆོག་བླང་འཕྲིན་ལས་རྣམ་བཞི་སྤྱད། །སྣོད་བཅུད་སྙིང་པོ་བྱང་ཆུབ་སེམས་སུ་བསྡུ། །ཀུན་གཞི་སྐྱེ་མེད་ཡེ་ནས་མྱ་ངན་འདས། །མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །ཡེ་ཤེས་འོད་ཟེར་སླར་བསྡུ་ཡལ་ལ་ལ། །བདེ་ཆེན་ཐིག་ལེའི་ཀློང་དུ་བཛྲ་མུཿ། །དེ་ནས་སྐད་ཅིག་མ་ལ་ཡི་དམ་གྱི་ལྷར་བསྐྱེད་དེ། །བྱ་བ་ལ་འཇུག་པ་ནི་ལས་ཀྱི་ལྷའོ། །ཡེ་ཤེས་ནི་རང་བཞིན་བསྟིམ་གྱི་བར་དུའོ། །ཡི་དམ་ཡེ་ཤེས་པ་མི་བསྐོལ་བའི་ཐ་ཚིག་གོ །བཅུ་དྲུག་པ་རང་ལུས་སྲུང་བ་ནི། མེ་དཔུང་ཀློང་དུ་རང་ཡི་དམ་དུ་གསལ་བས་གོང་ལྟར་རྒྱུན་སྤྱོད་ཀྱི་ལྷར་ལྡང་བ་ངར་འཛིན་རྣམ་དག་ཅེས་སོགས་བརྗོད་ལ། ཨཱོཾ་བཛྲ་རཀྵ་ཧཱུཾ། ཨཱོཾ་བཛྲ་ཀ་བ་ཙ་ཧཱུཾ། བཛྲ་བཛྲ་བཛྲ་ཧཱུཾ་ཕཊཿ རྡོ་རྗེའི་ཞུ་ལུགས་སུ་གཏམས་པར་(༨༨བ)


GLG022_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་མོ། །དེ་ཡང་ངོ་བོ་སྟོང་ཞིང་བདག་མེད་དོན་ལ་གནས་པས། ཨ་ཅིས་ཀྱང་མི་འགྱུར་མི་ཤིགས་པས། སྟོང་པའི་གོ་ཆ་བླ་ན་མེད། །ཆོས་སྐུ་སྐྱེ་མེད་རྡོ་རྗེ་ཡིས། །མཚན་མའི་སྤྱོད་ཡུལ་ཀུན་བཅོམས་ནས། །ཆོས་ཀྱི་དབྱིངས་ཀྱི་རྒྱས་གདབ་ལ། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན། །གནོད་བྱེད་བགེགས་ཀྱིས་ག་ལ་ཚུགས། །ཧཱུཾ་ཧཱུཾ་ཧཱུཾ། དེ་ལྟར་དགོངས་པ་དང་ལྡན་པས། །སྤྱོད་ལམ་རྣམ་བཞིར་ཡི་དམ་ང་རྒྱལ་དང་མི་འབྲལ་བར་བྱའོ། །བཅུ་གཉིས་པ་བཟོད་པར་གསོལ་བ་ནི། རྣལ་འབྱོར་པ་རྣམས་དཀྱིལ་འཁོར་ལ་ཕྱག་གསུམ་བྱ་སྟེ་སྐོར་ལ་ཞེས་པ་ཙམ་ལས་འདིར་མ་བྱུང་ཡང་། བཀའ་བརྒྱད་བདེ་འདུས་ནས་མཆེད་ནང་བཤགས་ཞེས་འབྱུང་བ་ལྟར། སྒྲུབ་པ་དབུ་བཙུགས་ནས་བཟུང་། རྡོ་རྗེ་རྒྱལ་ཐེབ་དང་། མཆེད་རྣམས་ཕན་ཚུན་དུ་ཐུགས་འགལ་སོགས་སེལ་ཞུགས་པ་ཡོད་ན། སོ་སོར་དག་པར་བྱ་བའི་ཕྱིར་ཕན་ཚུན་དུ་བཤགས་པ་འབུལ་བ་སྟེ། ཕྱག་ལེན་འདུལ་བའི་གསོ་སྦྱོང་ལྟར། རྒྱལ་ཐེབ་ནས་བཟུང་གྲལ་གཡས་གཡོན་དུ་བཤམས་ཏེ། གཡོན་གྲལ་རྣམས་ཀྱི་གཡས་གྲལ་ལ་ཕྱག་བཙལ་ནས་བཤགས་པ་ལན་གསུམ་དུ་བྱས་པ། གཡས་གྲལ་བས་དང་དུ་བླངས་ནས། སླར་གཡས་གྲལ་བས་གཡོན་གྲལ་ལ་ཕྱག་གསུམ་བཙལ་ནས་གོང་བཞིན་བཤགས་པ་ལན་གསུམ་བྱས་ལ་ཐམས་ཅད་འཁོན་མེད་དུ་དགྱེས་པ་ཆེན་པོས་ཉམས་བསྒྱུར་ཞིང་འབེལ་གཏམ་ཇི་ལྟར་རིགས་པར་མཛད་དོ། །འདི་ལ་འདུལ་བའི་གསོ་སྦྱོང་དུ་མཁན་པོའང་གཡས་གཡོན་གང་རིགས་སུ་ཕེབས་སྲོལ་འདུག་ཀྱང་། འདིར་རྡོ་རྗེ་རྒྱལ་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལས་གཡོ་བ་མེད་ན་ཕེབས་པའི་བྱ་རྩོལ་(༨༩ན)


GLG022_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་སམ་སྙམ་མོ། །དེ་ལྟར་གོ་དོན་ཕྱག་བཞེས་ངེས་པར་བྱས་ནས་ཕན་ཚུན་དུ་བཤགས་པ་བྱ་བ་ནི། འདི་སྐད་དོ། །ཧོཿཐམས་ཅད་རྡོ་རྗེ་མཆེད་དང་ལྕམ་དྲལ་ཏེ། །བདེ་བར་གཤེགས་པའི་སློབ་མར་དམ་ནོས་ནས། །ཀུན་ཀྱང་མཐུན་པར་སྤྱོད་པའི་དམ་ཚིག་ལ། །མཉམ་ཉིད་ངང་ལ་ལེགས་ཉེས་དབྱེར་མེད་ཀྱང་། །ལུས་ངག་རྣམ་པར་མ་དག་ཚུལ་ཙམ་དུ། །གཞུང་ལས་ཉམས་དང་ཐུགས་དང་འགལ་བ་རྣམས། །རྣམ་དག་བསམ་པས་མི་གནས་ཚིག་འདིས་བཤགས། །འཛིན་མེད་ངང་དུ་བཟོད་པར་བཞེས་མཛོད་ལ། །རང་བཞིན་དག་པའི་ཚངས་པར་སྩལ་དུ་གསོལ། །ཨ་ཨ་ཨ། ཞེས་དག་པར་བསྒོམ། བཅུ་གསུམ་པ་གཏང་རག་གཏང་བ་ནི། གོས་བསྡུས་བླ་མའི་ཁྲི་བསྟོད་དེ། རྣལ་འབྱོར་པ་མཆེད་ལྕམ་ཐམས་ཅད་གྲལ་བྱ་སྟེ། གསེར་དངུལ་སྐྱོགས་སུ། འབྲས་ཆང་རྒུན་ཆང་བཤམས་པ་དང་། །ན་བཟའ་དར་ཆེན་མཛེས་པ་ཐོགས་ཏེ་འདི་སྐད་དོ། །ཧོཿ ཡང་གསང་བླ་མེད་ལྷ་ཡི་དཀྱིལ་འཁོར་དུ། །ཞི་ཁྲོ་བཀའ་བརྒྱད་རིགས་འཛིན་དང་བཅས་པའི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར། །སྒྲུབ་པ་ཟབ་མོར་གནང་བ་བཀའ་དྲིན་ཆེ། །སངས་རྒྱས་ཡིན་ཕྱིར་སྐུ་གསུང་ཐུགས་ཐོབ་པའི། །བན་དྷ་ལྕང་ལོ་བསྟན་པ་བཀའ་དྲིན་ཆེ། །ཡེ་ཤེས་ལྷ་དང་སྐུ་ལྔའི་དོན་མཚོན་ཕྱིར། །འཁོར་ལོ་རྩིབས་བཞི་བསྟན་པ་༝། །ཐེག་པ་རིམ་དགུ་ནང་དུ་འདུས་པ་ལས། །དཀྱིལ་འཁོར་གླིང་དགུར་བསྟན་པ་༝། །མ་རིག་མུན་པའི་ནང་དུ་འཐོམས་པ་ལས། །མར་མེ་དགུ་པ་བསྟན་པ་༝། །(༨༩བ)


GLG022_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྟོགས་སྐྱོན་གྱི་གྲིབ་མས་ཁྱབ་པ་ལ། །ཐུགས་རྗེ་ཉི་མ་བསྟན་པ་༝། །སངས་རྒྱས་ཐམས་ཅད་སེམས་ལས་མི་འདའ་ཕྱིར། །འདའ་ཀ་དམ་ཚིག་བསྟན་པ་༝། །རྡོ་རྗེ་སློབ་དཔོན་སྐུ་ཚེ་གཡུང་དྲུང་ནི། །འགྱུར་བ་མེད་པར་མཆོག་ཏུ་བརྟན་པར་སྨོན། །མཆེད་ལྕམ་དུས་གསུམ་རྟག་ཏུ་འགྲོགས་པ་དང་། །ཕོ་བྲང་ཆེན་པོ་གཡུང་དྲུང་ཚུགས་པར་སྨོན། །བདུད་རྩི་རྣམ་ལྔ་རོ་མཆོག་རྒྱས་པ་དང་། །ཞེན་བྲལ་འདོད་ཡོན་ལྔ་ལ་ལོངས་སྤྱོད་སྨོན། །ཞལ་ཟས་བདུད་རྩིའི་རོ་ལྡན་གསེར་དངུལ་སྐྱོགས། །ཕྱག་ཏུ་བཞེས་ནས་དགྱེས་པ་སྐོང་བར་སྨོན། །ལྷ་ཡི་ན་བཟའ་པཉྩ་ལི་ཀ་འདི། །སྐུ་ལ་གསོལ་ནས་འཁོར་འདབ་རྒྱས་པར་སྨོན། །ཞེས་སྐྱེམས་དྲངས། ན་བཟའ་གསོལ། སྒྲུབ་ཡོན་ནམ་དབང་ཡོན་དངོས་པོ་དག་པ་དབུལ། དེ་རྗེས་སུ་གཏང་རག་གི་བཟོད་པར་གསོལ་བ་ནི། །ཧོ། རྡོ་རྗེ་སློབ་དཔོན་ཆེན་པོ་དཔལ་མཆོག་ལྡན། །གསུང་རབ་རྒྱ་མཚོ་ལྷ་མི་འདྲེན་པའི་དཔལ། །ཡང་དག་དོན་སྟོན་འཁོར་བའི་སྡུག་བསྔལ་སྐྱོབ། །འཇིག་རྟེན་འདི་ནས་ཕ་མའི་ཚུལ་ལས་ཁྱད། །བཀའ་དྲིན་བཟང་ཡང་བསྙེན་བཀུར་རྔོ་མ་ཐོགས། །སྡོམ་གསུམ་བསྲུང་བྱ་དམ་ཚིག་གང་ཉམས་ཀྱང་། །ཉེས་ལྟུང་སྒྲིབ་པར་མི་འགྱུར་དག་བྱའི་ཕྱིར། །མཐོལ་བཤགས་བཟོད་པར་གསོལ་གྱིས་ཚངས་པར་མཛོད། །ཅེས་ཞབས་སྤྱི་བོར་བླངས་ཤིང་བླ་མ་གཙུག་དང་བྲལ་མེད་དུ་བཟུང་ངོ་། །བཅོ་ལྔ་པ་བཀྲ་ཤིས་གསོལ་བ་ནི། རྣལ་འབྱོར་པ་རྣམས་མེ་ཏོག་འཐོར་ཞིང་འདི་སྐད་དོ། །ཧཱུཾ། མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོར་གསལ། །གདོད་ནས་མ་སྐྱེས་རང་བྱུང་མཐའ་དབུས་གྲོལ། །ཀུན་(༩༠ན)


GLG022_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་རྣམ་དག་ལྷུན་གྲུབ་ཀུན་ཏུ་བཟང་། །ཆོས་སྐུའི་བཀྲ་ཤིས་དམ་པ་བདེ་ལེགས་ཤོག །རྣམ་པར་སྣང་མཛད་བཀྲ་ཤིས་དོན་གྱི་ལྷ། །བདེ་གཤེགས་སྐུ་ཡི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྣང་བ་མཐའ་ཡས་བཀྲ་ཤིས་དོན་གྱི་ལྷ། །བདེ་གཤེགས་གསུང་གི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྡོ་རྗེ་སེམས་དཔའ་བཀྲ་ཤིས་དོན་གྱི་ལྷ། །བདེ་གཤེགས་ཐུགས་ཀྱི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་བཀྲ་ཤིས་བདེ་ལེགས་ཤོག །རིན་ཆེན་འབྱུང་ལྡན་བཀྲ་ཤིས་དོན་གྱི་ལྷ། །བདེ་གཤེགས་ཡོན་ཏན་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དོན་ཡོད་གྲུབ་པ་བཀྲ་ཤིས་དོན་གྱི་ལྷ། །བདེ་གཤེགས་འཕྲིན་ལས་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འཕྲིན་ལས་རྣམ་བཞི་བཀྲ་ཤིས་དོན་གྱི་ལྷ། །སོ་སོའི་ཡིད་ལ་རེ་སྐོང་བཀྲ་ཤིས་ཤོག །རྒྱལ་པོ་རྒྱལ་ཐེབ་བཀྲ་ཤིས་དོན་གྱི་ལྷ། །དམ་ཆོས་དབང་ལུང་ཡོངས་རྫོགས་བཀྲ་ཤིས་ཤོག །རྡོ་རྗེ་མཆེད་ལྕམ་བཀྲ་ཤིས་དོན་གྱི་ལྷ། །གསེར་མདོག་རྒྱུད་འབྲེལ་འགྲོགས་པའི་བཀྲ་ཤིས་ཤོག །སྣོད་བཅུད་ཡོངས་རྫོགས་བཀྲ་ཤིས་དོན་གྱི་ལྷ། །སྒྲུབ་ཆེན་དོན་དང་ལྡན་པའི་བཀྲ་ཤིས་ཤོག །ཅེས་མེ་ཏོག་གཏོར་རོ། །བཅོ་བརྒྱད་པ་གནས་བསྲུང་བ་ནི། ཞག་གསུམ་དུ་ལས་བྱང་གི་གཏོར་མ་རེ་རེ་བཏང་། ཐག་རིང་པོར་མི་འགྲོ། གནས་སུ་དམེ་ཡུགས་མཛེ་སྤྲང་མི་བཏང་ངོ་། །དེ་ནས་སྤྲུལ་པའི་ཡོ་བྱད་ལྷག་མ་རྣམས་ཆ་གསུམ་དུ་བགོས་ཏེ། ཆ་གཅིག་བླ་མ་ལ་དབུལ། (༩༠བ)


GLG022_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་གཅིག་རྒྱལ་ཐེབ་ལ་སོགས་པ་རྣམས་ལ་དབུལ། ཆ་གཅིག་ཚར་སྟོན་བྱ་སྟེ། དགེ་སློང་བཞི་སྡེ་བྱ། བོན་རྩིས་སྨན་བཟོ་བཞི་སོགས་བྱ་སྟེ། རྒྱལ་རྗེ་བློན་འབངས་བཞི་སྡེ། བྱིས་པ་སྟོན་མོ་ལ་སོགས་ཆང་ཐེམ་པར་བཀྱེའོ། །དེ་རྗེས་བསྔོ་བ་ནི། ཧོཿ དགེ་བ་དྲི་མེད་རྒྱ་ཆེན་འདིས། །མཐའ་ཡས་སེམས་ཅན་མ་ལུས་ཀུན། །སྒྲིབ་པ་ཀུན་བྲལ་ཚོགས་གཉིས་རྫོགས། །ས་ལམ་མ་ལུས་ཡོངས་རྫོགས་ནས། །སྐུ་གསུམ་དབྱེར་མེད་ལྷུན་གྲུབ་སྟེ། །ཆུབ་པ་མྱ་ངན་འདས་པའི་ས། །མཆོག་གི་དངོས་གྲུབ་མྱུར་ཐོབ་ཤོག །ཨཱོཾ་སཏྭ་བྷྲུཾ་བྷྲུཾ་ཧཱུཾ། ཧོཿ བསྙེན་སྒྲུབ་རྣམ་བཞི་མཐར་ཆུབ་པའི་བྱིན་རླབས་ཀྱིས། ཡུལ་ཕྱོགས་འདིར་ཡང་བཀྲ་ཤིས་ཏེ། མི་ནད་དང་ཕྱུགས་ནད་རྒྱུན་ཆད་ནས། །ཆར་ཆུ་དུས་སུ་ཕེབས་པ་དང་། ལོ་ལེགས་པ་དང་། མཚོན་དང་མུ་གེའི་བསྐལ་པ་ཞི་བར་གྱུར་ཅིག །གནས་མལ་འདིར་ཡང་བྱིན་བཙན་ཏེ། ཕྱི་རབས་ཀྱི་བརྒྱུད་འཛིན་སུ་དང་སུས་བསྒྲུབས་ཀྱང་། །སྒྲུབ་པ་མྱུར་དུ་ཐོན་ནས། མཆོག་དང་མཐུན་མོང་གི་དངོས་གྲུབ་ལ་ལོངས་སྤྱད་པར་གྱུར་ཅིག །ཅེས་པའི་བསྔོ་བ་སྨོན་ལམ་ཚར་ནས། བསྒྲུབ་མཆེད་རྣམས་ལ། དམ་ཚིག་བསླབ་བྱ་དང་། ཆོས་བཤད་ཐེམས་པར་བཤད། ཞི་ཁྲོ་བཀའ་བརྒྱད་ཡོངས་སུ་རྫོགས་པའི་སྤྲ་ཁྲིད། གསང་སྔགས་སྤྱིའི་སྒྲུབ་ཁོག་དཔལ་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་ཆེན། །ཨྱོན་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱིས། རྗེ་འབངས་གྲོགས་གསུམ་གྱི་དོན་དུ་མཛད་པ་རྫོགས་སོ། །མནྟ་གུ་ཡ། རྒྱ་རྒྱ་རྒྱ། ས་མ་ཡ། ཤེས་རབ་བློ་ལྡན་སྙིང་རྗེ་ཆེ། །སྐལ་ལྡན་ཞིག་དང་འཕྲད་པར་ཤོག །ཐྭ། ཐྭ། ཐཱ། ཞཱ། གྭཱ༔ཀྭཱབསན། ཐས༔ག༽ ཧ༽ ཁཱམ༔ཐཱ། ཐ།༔ (༩༡ན)


GLG022_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ལྡན་མགོན་པོའི་དྲི་མེད་ཡེ་ཤེས་སྤྱན། །ཡོངས་གཟིགས་མཚོ་སྐྱེས་རྡོ་རྗེ་འཛམ་གླིང་འདིར། །རིག་སྔགས་འཆང་གཙོ་ནུས་རྩལ་གངས་ཅན་འགྲོར། །ལེགས་བྱིན་བཀའ་དྲིན་ཕ་མཐའ་སུ་ཡིས་འཇལ། །དེ་ཕྱིར་ཅལ་སྒྲོག་གྲགས་རྗེས་འབྲང་བྱེད་པའི། །རྨོངས་པ་ཙམ་མིན་མགོན་ཁྱོད་སྙིང་དབུས་སུ། །གཞོན་ནུ་བུམ་སྐུར་རང་ངོ་མ་འཕྲོད་བར། །རབ་བཞུགས་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་ཤོག །གསུང་སྤྲུལ་ཟབ་ཆོས་ཡོངས་འདུའི་འཁྲི་ཤིང་ཆེ། །ཡལ་འདབ་མེ་ཏོག་རྒྱས་པའི་གྲིབ་མ་རུ། །སྤྱི་དང་ཁྱད་པར་གངས་ལྗོངས་ཡིད་ཅན་རྣམས། །བདེ་སྐྱིད་རྫོགས་ལྡན་གསར་པའི་འབྲས་མྱོང་ཤོག །ཅེས་ཆུ་བྱི་ཧོར་ཟླ་བརྒྱད་པའི་ནང་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་སོགས་ལ་ཞི་ཁྲོ་ཀུན་འདུས་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དབང་བསྐུར་དུས་སྒྲུབ་འབུམ་དང་དབང་འབུམ་བསྡེབས་ནས་ཆུ་འབབས་སུ་བཀོད་པའི་ཟིན་བྲིས་ཡོངས་འདུའི་འཁྲི་ཤིང་འདིའང་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །མངྒལཾ།།

བཀའ་བརྒྱད་བདེ་འདུས་ཀྱི་དབང་དང་། ཁྲོ་རོལ་གྱི་ཟིན་བྲིས་ཀུན་བཟང་དགོངས་པའི་རོལ་མཚོ།


GLG022_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་བདེ་འདུས་ཀྱི་དབང་དང་། ཁྲོ་རོལ་གྱི་ཟིན་བྲིས་ཀུན་བཟང་དགོངས་པའི་རོལ་མཚོ་བཞུགས་སོ།།


GLG022_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བདེ་གཤེགས་འདུས་པའི་དབང་གི་ཕྱག་ལེན་ཁྱབ་བདག་པདྨ་དབང་གི་གསུང་རྒྱུན་ཟིན་བྲིས་སུ་བཀོད་པ་ལ། ས་བརྟག་པ་དང་སྣང་བ་ལ་ས་བསླང་བ་གནས་ཁང་རྙིང་པར་བཏང་སྙོམས་སུ་འཇོག །ཉིན་དང་པོ་ལ་ལས་བྱང་འཛབ་ཀྱི་བར་གཞུང་བསྲང་། ཅོག་ཙེའི་སྟེང་དུ། ས་ལྷ་ལ་གཏོར་མ་ཟླུམ་པོ་པད་འདབ་མ། ཕྱོགས་སྐྱོང་ལ་དེ་འདྲ་བ་ལ་ཆངས་བུ་ཡོད་པ། མཆོད་པ་རྣམས་ལྔ་ཚར་རེ་བཤམས་ནས་མི་སྣང་བར་ས་བསླང་། དེ་ནས་ཕྱོགས་སྐྱོང་དམིགས་པས་བཀུག་ཨིནྡྲ་ཎ་སོགས་ཀྱི་མཐར་གཏོར་སྔགས་ཀྱིས་བསྔོ། ས་ལྷ་དང་ཕྱོགས་སྐྱོང་གཉིས་ཀའི་གཏོར་སྣོད་ཆང་གིས་བཤལ་བར་ནས་བླུགས་ཏེ་ས་བདག་ཕྲན་ཚེགས་ཚོར་བསྔོ། ས་དབང་དུ་བྱས་སྒྲུབ་ཁང་དུ་ལྟོ་འཕྱེ་མི་དགོས་སྔགས་དང་ཕྱག་རྒྱས་སྦྱང་བ། ཏིང་ངེ་འཛིན་གྱིས་སྦྱང་བ་རྣམས་དཀྱུས་ལྟར། ས་གཞི་བཟུང་ཞིང་བགེགས་བསྐྲད་པ་ནི་ཁྲོ་བཅུའི་སྔགས་དང་བཅས་ཕུར་པ་ས་ལ་འདེབས་ཚུལ་བྱེད་པས་མཚམས་བཟུང་བ་ཡིན། ཕྱོགས་སྐྱོང་ལ་གདབ་པ་མིན། ས་གསར་པ་མིན་པའི་སྒྲུབ་ཁང་རྙིང་པར་འདིའི་ཚབ་ལ་འོག་གི་ཕུར་གདབ་དངོས་གཞི་བླངས་ཀྱང་རུང་། བསོད་ནམས་ཀྱི་དཔུང་བསྐྱེད་པ་དབང་ཞུ་མཁན་རྣམས་ཀྱིས་བྱེད། འདིར་སྐོངས་ཀྱི་ཆོ་ག་བྱས་ཀྱང་རུང་མོད། དེས་(༢ན)


GLG022_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཆོད་ཡུལ་བུམ་པར་བསྐྱེད་དགོས་པས་ཅུང་ཟད་ཉོག་པོར་འགྲོ་བས་འོག་ཏུ་བྱེད་པ་འཇུག་པ་བདེ། རྒྱལ་ཆེན་ལ་མཐོ་སོ་སོར་སྐུ་བཙུགས་པའི་མདུན་དུ་པདྨ་འདབ་བཞིའི་སྟེང་མེ་ཏོག་གི་ཚོམ་བུ་ལྔ་འགོད་དཀར་གཏོར་པདྨ་འདབ་བཞི་པ་རེ་རེ་བཤམ་དགོས། དམ་སྲི་དཀྱུས་ལྟར། སྒོ་བྱང་རའི་སོགས་པའི་ཕྱི་ལ་གཤིན་རྗེ། ནང་ལ་རྟ་མགྲིན་དང་བདུད་རྩི་འཁྱིལ་པ་གཤིབས་ནས་འདྲི། ཕུར་པ་ཟེར་ཡང་མདའ་དར་ནག་པོ་ལ་འདོགས། ཕུར་པ་གཞན་གཅིག་ལ་ཤོག་དྲིལ་བཏགས་ནས་དམ་སྲིའི་ལིངྒར་འཛུགས་ཟེར་བ་མི་དགོས། བདུད་རྩི་འཁྱིལ་བ་དང་རྟ་མགྲིན་ལ་སྣོད་གཅིག་ཏུ་གཏོར་མ་གཉིས་བཤམས་པ་བསྐྱེད་བསྟིམ་བྱས་ནས་རང་སྔགས་ཀྱིས་བསྔོ། གཤིན་རྗེ་ལ་དམར་གཏོར་གྲུ་གསུམ་བྱེད། འདི་གཉིས་ལ་གཏོར་གདན་པད་འདབ་ཚོམ་བུ་མི་དགོས། མ་ཏྲཾ་མགོ་གསུམ་ལག་པ་གཉིས་བྱེད། ནང་མཚམས་གསང་མཚམས་གཅོད་མཚམས་གཅོད་གཉིས་སྒྲུབ་ཁང་རྙིང་པར་ས་མཚམས་འཛིན་པའི་སྐབས་བྱས་ན་དེས་མཐུས་འདིར་མི་དགོས། ཆོས་སྐྱོང་དང་བྱེ་བྲག་དྲེགས་པའི་བསྐང་གསོ་བཏང་། བདག་བསྐྱེད་ཉེར་བསྡུ་བྱ། ཉིན་གཉིས་པ་ལ་ཆག་ཆག་གདབ། ཐིག་སྐུད་བྱིན་རླབས་བྱས་ནས་སྔོན་མ་ས་ཐིག་གི་ཐིག་ཆེན་བརྒྱད་(༢བ)


GLG022_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ། དེ་ནས་གནམ་ཐིག་བཏབ་རྗེས་ལྷ་གྲངས་ཀྱི་དྲི་དང་ཚོམ་བུ་བཀོད་ཕྱི་ནང་གི་མཆོད་པ་བཤམས་ནས་ལས་བྱང་འཛབ་ཀྱི་བར་བཏང་ལྷ་ནམ་མཁར་བཏེག་འདིར་དཀྱིལ་འཁོར་འདྲི་ན་ཐིག་གདབ་ཚོན་བྱིན་གྱིས་བརླབ། སློབ་དཔོན་གྱིས་སྟ་གོན་བཞི་པོ་གྲུབ་རྗེས་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བུམ་པ་དགུ། དེའི་སྟེང་དུ་དུང་ཆོས་གཟུངས་ཐག་མཐར་མཆོད་པ་དང་བཅས་གཞུང་ལྟར་བསྒྲུབ། དེ་ནས། བླ་མ་རྒྱལ་བ་ཞི་ཁྲོ་སོགས་ནས་ལས་ཀྱི་མཆོད་པས་བདག་འགྱེད་དངོས་གྲུབ་སྩོལ་ཞེས་པའི་བར་གྱི་ཞུ་བ་ཞུ་ལན་བྱས་ནས། བླ་མས་བཟླས་པ་ཅུང་ཟད་དང་སློབ་མས་ཡིག་བརྒྱ་ཅུང་ཟད་བརྗོད་པས་བསག་སྦྱང་གི་དོད་བྱས་ཏེ་སློབ་མ་སྟ་གོན་དཀྱུས་ལྟར་བྱ། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་ན་ལྷ་སྟ་གོན་བྱས་རྗེས་དཀྱིལ་ཐང་བཀྲམ་སྒྲོམ་བཙུགས་སྒྲུབ་རྫས་དཀྱུས་ལྟར་བཤམས་ནས་འཕྲིན་ལས་གཞུང་བསྲངས་ནས་བསྒྲུབ་པའི་ཞོར་ལ་བུམ་སྒྲུབ་ཀྱང་བྱེད་པ་ཡིན་ནོ། །ཡང་དཀྱིལ་འཁོར་འདྲི་བ་སློབ་མ་སྟ་གོན་གྱི་རྗེས་སུ་དཀྱུས་ལྟར་བྱས་ཀྱང་ཆོག་གོ །ཉིན་གཉིས་པ་ནས་དཀྱིལ་འཁོར་བྲིས་པར་བརྟེན་ཉིན་གསུམ་པའི་བྱ་བ་ལ་བམ་རོ་ནི་བམ་སྒྲུབ་སྟེ་ད་ལྟ་མི་དགོས་རྒྱན་དགུའི་མནྡྷ་དགུ་ལ་ལྷ་སོ་སོར་བྲིས་ཏེ་ལྟེ་བར་བདེ་གཤེགས་བཀའ་འཁོར་སོ་སོར་ཕྲལ་ནས་འདྲི། དེའི་ནང་དུ་སོ་སོའི་སྒྲུབ་རྟེན་སྨན་གྱི་ཟེའུ་མར་མེའི་ཀུང་ཟླ་གམ་སྒོ་གཅིག་པའི་དབྱིབས་ཅན། ཁྲམ་ཤིང་མདུན་གྱི་ཁྲམ་བར་དུ་ཨ་ཀྲོ་འབྲུ་བཅུ་བདུན་པ་རྒྱབ་ཏུ་ལིངྒ་མཚོན་ཆའི་སྔགས་བཀོད་པ། རྟ་དམར་ཞུར་ཅན་གྱི་དཔྲལ་ཐོད་ལ་ཞལ་གསུམ་པ་རྟ་མགོས་མཚན་པ། ལྕགས་ཕུར་འཆང་བཟུང་རྡོ་རྗེ་མ་ཞལ་གསུམ་མ། སྨད་ཕུར་པ་ལ་རྒྱ་མདུད་མ་ཞལ་གྱི་ཚབ་ཏུ་བྱང་བུ་ལ་བླ་མ་རིགས་འཛིན་གྱི་སྐུ་བྲིས་པ། ཕུར་པ་རྒྱ་(༣ན)


GLG022_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་རྩེར་སྙིང་གཟུགས། ཕུར་པ་རྒྱ་མདུད་ཀྱི་རྩེར་ཁྲམ་ཤིང་གི་གཟུགས། །ཕུར་པ་རྒྱ་མདུད་མ་གཅིག་རྣམས། ཆེ་མཆོག །ཡང་དག །གཤིན་རྗེ། རྟ་མགྲིན། ཕུར་པ། རིགས་འཛིན། མ་མོ། མཆོད་བསྟོད། དྲག་སྔགས་རྣམས་ཀྱི་རྟེན་བཙུགས་པ་རྣམས་སྒྲོམ་ཁྲིའི་སྟེང་དུ་འགོད་དངོས་སུ་མ་འབྱོར་ན་ཙཀ་ལིར་བྲིས་པས་གོ་ཆོད་པ། འཕྲུལ་བཞད་ཡིད་བཞིན་སོགས་ཀྱིས་བསང་རྫས་ཀྱི་ཐོད་པ་དགུ་པོ་དགྲམ་པ་ཡིན། ཕུར་པ་སྔར་གདབ་ཕུར་གྱི་བཅུ་པོ་ཡིན་ཀྱང་དེ་ལ་ཚིག་བརྗོད་མི་དགོས་པས་དུར་ཁྲོད་ཀྱི་ཕྱི་རྡོ་རའི་ནང་གི་ཁྲག་འཁྱམས་ལ་འཛུགས། ཚང་ལ་མངའ་མཛད་སོགས་ཀྱི་སྒྲུབ་རྟེན་གྱི་གཙོ་ཕུར་རྣམས་འགོད། རལ་གྲི་སོགས་དཀྱུས་ལྟར་མར་མེ་གཅིག་སྒྲོམ་སྟེང་དང་། བརྒྱད་པོ་ཁྲག་ཁྱམས་ཀྱི་ཕྱོགས་མཚམས་ལ་འགོད། མཆོད་པ་དང་མཆོད་གཏོར་བཤམ་པ་གཞུང་ལྟར་སྒྲོམ་ཁྲི་ལ་དབང་རྫས་འགོད་ལུགས་དཀྱིལ་འཁོར་དུ་སྒྲུབ་ཕུར་དགུ་དེའི་སྟེང་བུམ་པ་དགུ། དེའི་ཐོག་སྟེང་ཐོད་པ་དགུ། སྟེང་ཐོག་སྔར་གྱི་ཐོད་སྐུ་ཡོད་ན་དང་མེད་ནའང་ཙཀ་ལི་སྡེ་ཚན་བཅུ་གཅིག །ཁྱད་པར་གཙོ་དགུའི་ཙཀ་ལི་རོ་རས་ལ་བྲིས་པ་སྐུ་རྟེན། ཞལ་ཁེབས་དར་དམར་ལ་རང་སྔགས་བྲིས་པ་གསུང་རྟེན། ཐུགས་རྟེན་ནི་འོག་ཏུ་བཀོད་པའི་ཕུར་པ་སྒྲུབ་གཏོར་དགུ། བཀྲ་ཤིས་ཚེའི་གཏོར་མ་ནི་ཚེ་བུམ་སྣ་ཚོགས་རྡོ་རྗེས་མཚན་པ། ཛ་གད་ཀྱི་བུམ་པ་གཡའ་མེད་དཀར་ཡོལ་གྱི་བུམ་པ་ལྟ་བུར་ཆང་བུ་རམ་སྦྲང་བཏབ་པ་མར་གྱི་རིལ་བུ་དང་ཉི་ཟླའི་གཟུགས་བཀོད་པ། ཟླ་གམ་སྟེང་དཀར་པོ་འོག་དམར་པོ་ཁ་སྦྱོར་ན་ཚེ་རིལ་གྱིས་གང་བ་རྩེར་རྡོ་རྗེ་ཕྱེད་པས་མཚན་པ། མཆོད་གཏོར་དབྱིབས་གྲུ་གསུམ་དམར་པོ། དུག་གཏོར་གྲུ་གསུམ་ནག་པོ་དུག་བསྲེས་པ། ལས་བཞིའི་གཏོར་མ་དཀར་པོ་ཟླུམ་པོ་སུམ་(༣བ)


GLG022_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་ཀྱི་སྟེང་ཟླུམ་གཏོར། དེས་མཚོན་གཞན་གསུམ་གྱི་མདོག་དབྱིབས་བརྩེགས་པ་སོགས་རིགས་འགྲེ། དབུ་རྒྱན་དགུ། རྡོར་དྲིལ་དགུ། རུས་རྒྱན་རྣམས་འགོད། རྫས་དབང་གཞན་རྣམས་དཀྱིལ་འཁོར་གྱི་མཐའི་ཕྱོགས་གཞན་ལ་འགོད། གཟི་བྱིན་བསྐྱེད་པ་སྒྲུབ་རྫས་ཀུན་ལ་བྱེད། དེ་ནས་བཀོད་གྲུབ་རྗེས་དབུས་ནས་རང་བྱུང་གྲུབ་པ་སོགས་ཡིན། དཔལ་གྱི་ཆས་སུ་གཞུག་པ་ནས་གཟུང་དངོས་གཞི་དབང་ཆོག་ལྟར་ལ་ལས་ཚན་སྐོ་བཞག་དང་ཆས་འཇུག་ཚར་ཕྲལ་བདེ་གཤེགས་བཀའི་བྱོན་ཚུལ་བྱེད། སྨན་བསྡུ་བ་དང་བྱིན་རླབས་གཉིས་སྨན་སྒྲུབ་མི་བྱེད་ན་མི་དགོས། སློབ་མའི་ཉེས་སྐྱོན་བསལ་བ་ལ་དྲུག་ཡོད་པའི་དང་པོ་དཀྱིལ་འཁོར་སྐད་ཅིག་གིས་གསལ་གདབ། ལས་བྱང་ནས་སྨན་མཆོད་དང་དངོས་གྲུབ་བླང་། བསྲེ་མནན་དབང་མ་ཐོབ་པ་འགའ་ཞིག་ལ་མི་དགོས། ཞུ་མྱོང་མ་མྱོང་འདྲེས་ཚེ་མྱོང་བ་དང་མ་མྱོང་བ་གཉིས་བསྲེ་བ་ཡིན། བསྲེ་ལུགས། སློབ་དཔོན་གྱིས་ནང་མཆོད་བྱིན་གྱིས་བརླབས་སྨན་མཆོད་ཅིག་ཕུལ། དབང་གྲལ་ལ་དབང་ཐོབ་པ་རེ་གྲལ་མག །མ་ཐོབ་པ་རེ་གྲལ་མཇུག་བྱས་སྤེལ་ནས་ཕན་ཚུན་སྲིན་ལག་སྦྲེལ་ནས། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ་སོགས། གསུང་དང་ཐུགས་ལ་འདོན་པ་བསྒྱུར་ནས་གསོལ་བ་བཏབ། སློབ་དཔོན་གྱིས་ལན་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སློབ་དཔོན་དང་སོགས་ཀྱིས་ལན་བཏབ་ནས་ནང་མཆོད་སྦྱིན། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་སོགས་བརྗོད་ནས། གསར་པ་གྲལ་མགོ་དང་རྙིང་པ་གྲལ་མཇུག་ཏུ་སྤོ། འདི་ནས་གྲལ་འཛིན་བྱེད། དེ་ནུབ་ནས་ཐུན་འཛིན་དགོས་པས་བགེགས་གཏོར་ཉུལ་ལེ་བསྐྲད། ཡར་ལོག་ནས་བཞེངས་ཏེ་བྱིན་དབབ། བཞུགས་ནས་ཆད་མཐོ་བསྟན་སྐྱོང་བཏང་། སློབ་དཔོན་ལ་ལས་ཀྱི་རྡོ་རྗེས་གཟུངས་ཐག་གཏད་ནས། གསང་བའི་དཀྱིལ་(༤ན)


GLG022_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སོགས་ཀྱིས་འཛབ་བསྐུལ། ཞི་བའི་ལྷ་དབང་མ་རྫོགས་པར་ཞི་བའི་སྔགས། དེ་ནས་རིགས་འགྲེ། ཉིན་བཞི་པ་ནས་རྣལ་འབྱོར་རྒྱུན་དབང་བསྐུར། བླ་མས་ཀྱང་འདི་ནས་བཟུང་རྣལ་འབྱོར་རྒྱུན་དབང་ལེན། རྫས་དབང་ལ་ཉི་མ་ཙམ་དགོས་སྐབས་སྦྱར། ཞི་བ་ནས་བཀའ་སྲུང་བར་གྱི་ལྷ་དབང་ཉིན་རེ་ལ་ལྷ་དབང་སྡེ་ཚན་གཉིས་གསུམ་ཟིན་ན་བྱ་རུང་། མི་གྲུབ་ན་ཉིན་རེ་ལ་ཚན་པ་རེ་རེ་ཟིན་དགོས། ཆེ་མཆོག་ལྟ་བུའི་ལྷ་དབང་གི་ཕྱེད་ལ་བཞག་མི་ཆོག །སྨན་སྒྲུབ་མེད་ན་ཆེ་མཆོག་གི་ལྷ་དབང་ཟིན་ནས་གཡང་གཞིའི་སྟེང་དུ་མཉྫིའི་ཁར་སྨན་མཆོད་བཞག་རྔ་འཆམས་བྱས་སྨན་བྱིན་གྱིས་བརླབས། ལས་ཀྱི་རྡོ་རྗེས་སྨན་ཕུད་འཐོར་ཞིང་སྨན་མཆོད་ཕུལ། ལྷག་འགྱེད། སྨན་སྒྲུབ་ཡོད་ན་འོག་ཏུ་དངོས་གྲུབ་ལེན་ཆོག་གི་སྔོན་དེར་བྱེད། ཕུར་པའི་ལྷ་དབང་ཚར་རྗེས་བསྒྲལ་ལས་དོན་བརྒྱད་མ་དང་བཅས་བསྒྲལ་དབང་འཆམས་དང་བཅས་བྱ། རྒྱལ་ཐབས་སྤྱི་བླུག་ཡན་གཞུང་ལྟར་ཡིན། དངོས་གྲུབ་ལེན་པར་རྟེན་ཁེབས་སོགས་གདན་གཞིའི་ཁར་དཀྱིལ་འཁོར་ལ་བཀོད་པའི་སྒྲུབ་རྫས་ཐམས་ཅད་བླངས་ཏེ་བཀོད། ཤ་མར་སོགས་བཟའ་བཏུང་སྣ་ཚོགས་ཀྱང་གསར་དུ་བཤམ། བགེགས་སྐྲོད་བྱིན་འབེབས་བཀའ་སོ་སོའི་སྔགས་མཐར་སརྦ་པཉྩ་བཏགས་པས་བྱིན་གྱིས་བརླབས། ལྷ་གནད་ལ་དབབ་པ་སོང་རྗེས་བཟེད་ཞལ་གཉིས་སུ་ཆང་དང་རཀྟས་སོ་སོར་འབུལ་བས་ཧཱུཾ་གསུམ་དང་བཅས་རཀྟ་ལན་གསུམ་འཕྱར་བ་འདྲ་བ་ཞིག་ཆང་ལ་ཡང་བྱེད། རཀྟ་བཟེད་ཞལ་དུ་ལྡུགས་པ་ལྟ་བུ་ཆང་ལ་བྱེད། ཁྲག་ཆང་འཕྱར་འབུལ་རྣམས་ཞི་བར་བྱས་པ་ཇི་ལྟ་བ་དམོད་པ་དྲག་སྔགས་ཀྱི་བར་ཀུན་ལ་བྱེད། ཀཱ་ཡ་སིདྡྷི་ཨཱོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ་དང་བཅས་བདུད་རྩི་གནས་གསུམ་དུ་(༤བ)


GLG022_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་པ་བཀའ་སོ་སོ་ཐམས་ཅད་ལ་དགོས་ཤིང་། བདུད་རྩི་གསང་རྫས་ནས་བྱེད། ཁྲག་ཆང་བཀའ་སྲུང་གི་གཏོར་མར་སྦྲེངས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དུས་འདིར་སྩོལ་ཞེས་པའི་མཇུག་ཏུ་འཕྱར་བའི་ཆང་དག་ནས་གནས་གསུམ་དུ་རེག །བདུད་རྩི་གནས་གསུམ་དུ་རེག་པ་ཐམས་ཅད་སློབ་དཔོན་ནས་གཟུང་སྒྲུབ་པ་པོ་ཀུན་གྱིས་བྱེད། སྐབས་འདིར་དངོས་གྲུབ་ཀྱི་རྫས་ལ་མི་རོལ། གཞན་དོན་སློབ་མ་ལ་སྒྲུབ་རྫས་ཀྱི་དབང་བསྐུར་བ་ཐམས་ཅད་ཀྱང་ཐོག་མར་སློབ་དཔོན་གྱི་ཕྱག་ཏུ་ལས་ཀྱི་རྡོ་རྗེས་བྷནྡྷ་སོགས་ཕུལ་རིམ་གྱི་སློབ་དཔོན་རང་ལ་བྱིན་རླབས་ཞུས་ཏེ་དབང་བླངས་ནས་སློབ་མ་ལ་བསྐུར་བ་ཡིན། འཕྲེང་བའི་སྐབས་བཀའ་སོ་སོའི་དབང་གི་རྗེས་ཟློས་ཀྱང་བྱེད་དགོས་པས། བཀའ་རེ་རེ་བཞིན་འཕྲེང་བའི་དབང་གནང་བར་འབྱོན་དགོས། བཅུ་གཉིས་པ་ཚེའི་དབང་གི་སྐབས་སྒྲུབ་གཏོར་སོགས་བཟའ་བཏུང་ཐམས་ཅད་ཀྱིས་འགྲིམ་པ་མཛད། འདི་རྣམས་དབང་ཞུ་བ་མཚམས་ཁོག་ཏུ་ཡོད་པ་ཁོ་ནར་བྱེད། ཁྲོམ་པ་དམངས་མར་དབང་གནང་བ་སློབ་དཔོན་ཁྲོམ་གྱི་ཁྲི་ཁར་བྱོན་ཚེ་བུམ་བཤམ་བླ་མས་སྔོན་འགྲོ་དབང་བཤད་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ་སོགས་ཤློ་ཀ་གཅིག་གིས་གསོལ་བ་བཏབ། སྐྱབས་སེམས་བྱ། དངོས་གྲུབ་བསྐུལ་ཚིག་གི་དམངས་མ་བཞག་སྟེ་ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་སོགས་དང་། དུར་ཁྲོད་གསང་བ་མཆོག་སོགས་ཐོག་མཐའི་རྗེས་ཟློས་མཛད། དེ་སྐབས་ལས་ཀྱི་རྡོ་རྗེ་སོགས་ཀྱིས་ཞྭ་གྱོན་འཕན་གདུགས་རོལ་ཆ་དང་བཅས་སྒྲུབ་ཁང་ནས་དངོས་གྲུབ་ཀྱི་རྫས་རྣམས་གདན་དྲངས་ནས་སླེབས་པ་དང་རྡོ་རྗེ་སློབ་དཔོན་གྱིས་ཚེ་བུམ་བསྣམས་ནས་ཁྲོམ་ལ་དབང་བསྐུར། སླར་བླ་མ་ཁྲི་ཁར་བཞུགས་དངོས་གྲུབ་ཀྱི་རྫས་ཁྱེར་པ་ཚོ་ཁྲོམ་(༥ན)


GLG022_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཐའ་བསྐོར་ནས་མར་མེའི་སྨོན་ལམ་ཚར་གཅིག་བྱ། བཀྲ་ཤིས་ཀྱི་མེ་ཏོག་འཐོར། དེ་ནས་བླ་མ་སོགས་ནང་དུ་བྱོན་ནས་རྫས་ཆ་ལྔར་བགོས་ཟེར་ཡང་། ཆ་དགུ་བགོས་ཏེ། མེ་ལྷ། ས་ལྷ། ཆུ་ལྷ། ཕྱིའི་མཁའ་འགྲོ་རྣམས་སོ། །བགོད་ལུགས་ཐོག་མར་སྒྲུབ་རྫས་ཀུན་ནས་བླ་མས་ཕུད་རེ་བླངས་དེ་རྗེས་བུམ་ཆུ་གསང་རྫས་སོགས་ཀྱི་ཁུ་བ་བྱས་གཏོར་མ་སོགས་སྦོལ་ནས། ལྷ་དང་རིགས་འཛིན་བརྒྱུད་པ་ལ་ཕུད་ཕུལ། རྡོ་རྗེ་སློབ་དཔོན་གྱི་སྐལ་བ་སྔོན་མས་གོ་ཆོད། གཟུང་མའི་སྐལ་བ་བླ་མ་རང་ལ་སྤྲོད། མེ་ལྷའི་སྐལ་བ་མེ་ཐབ་ཆུང་ངུ་གཅིག་ཏུ་འཇིག་རྟེན་པའི་མེ་ལྷ་བསྐྱེད་ནས་འབུལ། མཆེད་ལྕམ་དང་ཁྲོམ་ལ་འགྱེད། བདུད་རྩི་སྨན་སྒྲུབ་བྱས་ན་ཡང་སྐལ་བ་གཏོང་ལུགས་འདྲ། ཆང་ཀ་པཱ་ལ་གང་ལ་འཕྲིན་ལས་གཞུང་ལྟར་བྱིན་གྱིས་བརླབས། དེ་འཐུང་བ་དང་བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར། སྔར་དངོས་གྲུབ་རོལ་བའི་སྨོན་ལམ་ཧོ་བདེ་བར་གཤེགས་པ་སོགས་ཀྱིས་གདབ། འདི་གཏོར་མ་ཆ་གསུམ་དུ་བགོས་ཟེར་ཡང་སྔར་གྱི་དངོས་གྲུབ་ཀྱི་རྫས་དེ་ག་ཡིན་པས། ཆ་གཅིག་སྦྱིན་སྲེག་བྱེད་ཟེར་བ་སྔར་མེ་ལྷར་བསྔོས་ཟིན། སྔར་གྱི་ལྷའི་སྐལ་བ་དེ་འབྲུ་སྨན་རིན་པོ་ཆེ་སོགས་དང་བཅས་བུམ་གཏེར་བྱས་ལ་འོག་ཁང་དུ་དཀྱིལ་འཁོར་བཞེངས་ན་དཀྱིལ་འཁོར་བྲིས་པའི་འོག་ཏུ་སྦ། སྟེང་ཁང་དུ་བཞེང་ན་དགོན་གནས་གང་ཡིན་དེའི་ས་གནད་ཆེ་སར་སྦ། ཆུའི་སྐལ་བ་ཆུར་གནས་ཀྱི་སེམས་ཅན་དོན་དུ་ཆུ་བོ་ལ་དོར། ལྷག་མའི་ཆ་དེ་ཕྱི་རོལ་དུ་མཁའ་འགྲོ་སོགས་ལ་གཏོང་། དཀྱིལ་འཁོར་བསྡུ་བ་མན་གཞུང་ལྟར་རོ། །ཞི་བའི་སྦྱིན་སྲེག་བྱེད་ན་སློབ་མ་སྟ་གོན་གྱི་སྐབས་སློབ་མའི་སྡིག་པ་སྦྱོང་བའི་ཚེ་བྱེད། རྒྱས་པའི་སྦྱིན་སྲེག་བྱེད་ན་དངོས་གྲུབ་ལེན་ཆོག་གི་(༥བ)


GLG022_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་བྱེད། སྐོང་བཤགས་བྱེད་ན་རྒྱས་པའི་སྦྱིན་སྲེག་བྱེད་ཅིང་དངོས་གྲུབ་མ་བླངས་པའི་བར་དེར་བྱེད། བྱེད་ཚུལ་ས་སྟེགས་བང་རིམ་བཞིའམ་ཡང་ན་རྡོ་ཚོན་གྱིས་བྲིས། འབུལ་ཡུལ་གྱི་དཀྱིལ་འཁོར་ཡོད་པས་བུམ་པ་མ་དགོས་སྟེང་དུ་གཏོར་མ། བང་རིམ་དང་པོར་མར་མེ། གཉིས་པར་ལྷ་བཤོས། གསུམ་པར་སྨན། བཞི་པར་རཀྟ། ལྔ་པར་ཚོགས། དེ་མཐར་ལིངྒ་སྟེ་དྲུག་པོ་བརྒྱ་རྩ་བཤམ། ཚོགས་རྒྱས་པ་ཞིག་ཀྱང་དགོས། ཕྱོགས་བཞིར་ཉེར་མཆོད་བཤམ། བྱིན་རླབས་ལས་བྱང་ལྟར་བྱས། དེ་ནས་འགྱོད་ཚང་བཤགས་པའི་སྐོངས་ནས་བྱུང་བ་རྣམས་བཏང་རྗེས་ཚོགས་ལ་དམིགས་ནས་མ་བསྐང་གཏོར་ཚོགས་ཆེ་བ་ནས་ཀྱང་སྦྲོན། ཕུར་པའི་བསྐང་བའི་དུས་ལིངྒ་རྣམས་སློབ་དཔོན་གྱི་ཕུར་པ་གདེང་ཙམ་དང་དངོས་གཞི་ལས་ཀྱི་རྡོ་རྗེས་བསྒྲལ། དེ་རྗེས་དྲི་མེད་བཤགས་རྒྱུད་ཀྱི་ཕྱག་འཚལ་གསུང་ཞིང་སློབ་མ་རྣམས་ཀྱི་ཕྱག་བརྒྱ་བཙལ་རྗེས་སུ་བླ་མས་བཤགས་ཚིག་གསུང་ཞིང་སློབ་མ་རྣམས་ཀྱིས་རྗེས་ཟློས་བྱེད། ཁྲོ་རོལ་གྱི་ཞལ་ཤེས་ལ། ཟློག་དཀྱིལ་དཔེ་ཆུང་ལྟར་ལ་མ་ཏྲཾ་མགོ་དཀྱིལ་འཁོར་ལྷོ་ནུབ་ཏུ་ཡོང་བ་བྱེད། རྩིབས་བརྒྱད་ཀྱི་རྩེར་གཏོར་ཆུང་རེ་རེ། དབུས་ཀྱི་གྲུ་གསུམ་གྱི་ནང་དུ་གཡས་གཡོན་དུ་གཏོར་མ་གཉིས་རེ་བཀའ་དགུ་དང་ཞི་བའི་ཟོར་གཏོར་ཡིན་རྩིབས་མཆན་ལ་ཕུར་གདན་བཀོད་ནས་ལྷ་ཕུར་རྒྱ་མདུད་མ་བརྒྱད་བཀོད། དབུས་ནི་གཏོར་མ་གཉིས་པོའི་བར་དུ་ཕུར་པ་གཅིག་བགོད། ཟླ་གམ་གསུམ་ལ་ལིངྒ་རེ་འཇོག །མཉྫི་བཙུགས་པའི་སྟེང་དཔལ་གཏོར་བཞག །བྱང་ཤར་དུ་བཀའ་སྲུང་གི་གཏོར་མ་བཞག །བཟློག་འཁོར་མཚོན་ཆ་ལྟེ་བ་གཏོར་མ་ལ་ཆ་གསུམ་དུ་བྱས་པའི་སྨད་ཆར་མགོ་ཞབས་མ་ལོག་པར་འཇུག །གཏོར་མའི་སྟེང་དུ་བླ་བྲེ་ལྟར་སྤྲིན་ཆེན་གྱི་(༦ན)


GLG022_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་མ་ཏྲཾ་གྱི་ལྟོ་བར་བྲིས་པ་དེ་ཕུབ། དེ་སྟེང་བདེ་གཤེགས་བཀའ་འཁོར་རྒྱས་ཤོས་སམ་རིགས་ལྔ་ཡོད་པ་དེའམ། བདག་ཉིད་སྲུང་བའི་འཁོར་ལོ་ཕུབ། སྤྲིན་ཆེན་ཞལ་ཁེབས་ཟེར་བ་ལྟེ་བར་ཆོས་འབྱུང་བསྣོལ་བ་མུ་ཁྱུད་ལྔ་པ་དཀྱིལ་ལ་མེ་རི་དང་མཐའ་ལ་མེ་རི་ཡོད་པ་དེ་མདུན་ནས་ཙཀ་ལི་ལྟར་འགྲམ། གཏོར་མའི་ཞབས་ནས་ཁ་ཡར་བསྟན་ནས་ལྟེ་བར་ཆོས་འབྱུང་བསྣོལ་མ་ཡོད་པའི་མུ་ཁྱུད་གསུམ་པ་དེ་འདིང་། ཁྱུང་གི་སྤྱི་མགྲིན་སྙིང་གསང་བཞིར་དྲེགས་འཇོམས་སྐུ་འཁོར་ཡེ་ཤེས་བསྐྱེད་པ་གསུང་འཁོར། རྦད་འདྲེ་བཟློག་པ་ཐུགས་འཁོར། ལྟས་ངན་བཟློག་པ་འཕྲིན་ལས་འཁོར་ལོ་བཞི་འཇུག །ལྟེ་བར་ཁྱུང་འཁོར། ཟུར་བཞིར་གཏོར་མ་པདྨ་རལ་གྲི་རྡོ་རྗེ་ཡོད་པ་དེ་དང་། ཁྱུང་གི་ལྟོ་བར་བྲིས་པའི་འཁོར་ལོ་དེ་ཁྱུང་འབུར་སྐུས་གོ་བཅད་ནས་འཁོར་ལོ་རྐྱང་པ་རྫོང་། བུདྡྷ་ག་རུ་ཌའི་སྔགས་རྐྱང་པར་ཁ་བསྒྱུར་དགོས། ཡང་ལུགས་གཅིག་ལ་ཁྱུང་ལྟོ་འཁོར་མ་དེ་ཙཀ་ལི་ལྟར་ཁྱུང་དངོས་གཞིའི་རྒྱབ་ནས་འཇུགས་ཟེར་ཡང་ཅུང་མི་བདེ། ཟུར་གཞི་གཏོར་མ་གཉིས་དང་རལ་གྲི་གཉིས་བྲིས་པ་ཞིག་ཡོད་པ་འདྲ་མེན་ཡིན་པས་མི་དགོས། ཕོ་རྒྱུད་མོ་རྒྱུད་བཟློག་པའི་འཁོར་ལོ་གཉིས་པོ་ཙཀ་ལི་ལྟར་བྱས་ནས་གཤོག་པ་གཡས་གཡོན་གྱི་རྒྱབ་ཏུ་རྒྱོང་། ཁྱུང་གི་གཤོག་པར་ཤོག་རྫར་རྔ་མོ་ཁྱུང་ཞོན་དང་འདྲ་སྔགས་མི་གཅིག་པ་དེ་མི་དགོས། བསད་ལིང་རིགས་གསུམ་ཡོད་པ་དགྲ་བགེགས་དམིགས་བསལ་བྱུང་དུས་བར་དུ་དགྲ་དང་རྒྱལ་བསན་སོགས་ཀྱི་ལིངྒ་འཁོར་ལོ་བཅུག་ནས་མཚོན་ཆ་ལྟབ་བྱས་ཏེ་གཏོར་མའི་སྨད་ཆ་བཟློག་འཁོར་གྱི་འོག་ཙམ་དུ་གྲུ་གསུམ་བྲུས་པའི་ནང་དུ་ཟན་ལིང་གི་ཁོག་པར་བཅུག་ན་རྫོང་རྗེས་མནན་སྲེག་གང་རུང་བྱེད། བཟློག་(༦བ)


GLG022_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཀྱུས་མར་མི་དགོས་ཤིང་། བཟློག་བསད་ཁ་སྦྱོར་ཟེར་བ་དང་གཏོར་ཞབས་སུ་འཇུག་ཟེར་བ་མ་དག་གོ །ཡང་ཁྱུང་དགུ་མ་བྱེད་ན་མ་ཏྲཾ་གྱི་ལྟོ་བ་གྲུ་བཞིར་བཅད་དེའི་ནང་གླིང་དགུར་བྱས་པའི་གླིང་རེ་རེར་ལྟེ་བའི་ཆོས་འབྱུང་ནས་མེ་རིའི་བར་གླིང་གཅིག་མའི་མ་ཏྲཾ་གྱི་དཔེ་ལྟར་བྱས་པ་ལ་རྩིབས་བཞི་བྱེད། བཀའ་སྲུང་གི་ཟོར་གཏོར་ལ་མ་ཏྲཾ་ཞིག་ལོགས་སུ་བྲིས་པའི་སྟེང་དུ་ནས་ནག་གི་ཚོམ་བུ་དབུས་སུ་གཅིག་ལ་ཉེར་བརྒྱད་ཀྱིས་བསྐོར་བ་བྱ། སོ་སོའི་ཆོས་འབྱུང་གི་དབུས་སུ་ཕུར་པ་རེ་དང་ཟོར་གཏོར་རེ་འཇོག་ཆེ་མཆོག་ལ་ཞི་བའི་གཏོར་མ་དེ་དགོས། དཔལ་གཏོར་དགུ་པའི་སྨད་ཆར་བཟློག་འཁོར་སོ་སོའི་སྔགས་དང་ཕྱག་མཚན་བྲིས་འདོན་པ་བསྒྱུར་ན་འཇུག་གོ །གཏོར་ཞབས་སུ་འདིང་རྒྱུ་སྔར་དང་འདྲ་བ་དགུ་བྱེད། སྤྲིན་ཆེན་འཁོར་ལོས་མདུན་དང་སྤྲིན་ཆེན་ཞལ་ཁེབས་འཁོར་ལོས་རྒྱབ་བྱས་ནས་ཙཀ་ལི་ལྟར་ཆེ་མཆོག་གི་གཏོར་མའི་མདུན་དུ་འཛུགས་གཞན་བརྒྱད་ལ་མི་དགོས། སྟེང་དུ་བླ་བྲེ་ལྟར་འབུབས་རྒྱུ་བཀའ་སོ་སོ་ལ་འཁོར་ལོ་མུ་ཁྱུད་གསུམ་པ་རྩིབས་བཞི་པ་རྩིབས་མཆན་ལ་སོ་སོའི་ཕྱག་མཚན་ཡོད་པ་དེ་ཡིན། བདེ་གཤེགས་བཀའ་འཁོར་ཆེ་མཆོག་གཅིག་པུ་ལ་བྱས་པས་ཆོག །ཁྱུང་ཆེ་མཆོག་ལ་སྔར་ལྟར་རྒྱས་པ་དེ་ག་འགྲུབ་ན་ཁྱུང་འཁོར་ཟུར་པ་མི་དགོས་གཞན་བརྒྱད་ལ་འཁོར་ལོ་མུ་ཁྱུད་བཞི་པ་དེ་ཁྱུང་གི་ལྟོ་བར་འཇུག་གོ །ཁྱུང་གི་ལྟོ་བར་བྲིས་པ་དེ་ཆེ་མཆོག་ལ་བུདྡྷིའི་ཁྱུང་སྔགས་དགོས་པ་སྔར་ལྟར་ལ་ཡང་དག་ལ་བཛྲ། གཤིན་རྗེ་ལ་རཏྣ། རྟ་མགྲིན་ལ་པདྨ། ཕུར་པ་ལ་ཀརྨའི་སྔགས་ལྟེ་བ་དང་རྩིབས་ཐམས་ཅད་ལ་བྲིས་པའི་རེ་རེ་རྫོང་གཞན་རིགས་འཛིན་སོགས་བཞི་ལ་མ་བསྒྱུར་བའི་དཀྱུས་མ་རྫོང་། སྟེང་ནས་འབུབས་པའི་འཁོར་ལོ་དང་། ཁྱུང་གི་ལྟོ་བར་(༧ན)


GLG022_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་བའི་འཁོར་ལོ་གཉིས་འདྲ་འདྲ་ལ་སརྦ་དུཥྚཾ་གྱི་སྔགས་ཡོད་པའི་མུ་ཁྱུད་གཅིག་གི་ལྟོ་བར་འཇུག་རྒྱུ་མང་། ཁྱུང་དགུ་མའི་སྐབས་བཟློག་འཁོར་བསྡུས་པ་ལྟེ་བར་ཆོས་འབྱུང་བསྣོལ་བ་མུ་ཁྱུད་བཞི་པ་ཞིག་བྱུང་། མིང་ལ་སྲུང་འཁོར་ཟེར་བ་ཡོད་ཀྱང་འགྲུབ་ན་རྒྱས་པ་ཁ་བསྒྱུར་བ་དེ་ག་ལེགས། བདེ་གཤེགས་བཀའ་འཁོར་ཤིན་ཏུ་རྒྱས་པ་དང་ཡང་པདྨ་འདབ་བརྒྱད་ཡོད་པ་གཉིས་སོགས་བྱུང་ཡང་ལྟེ་བར་ཆོས་འབྱུང་བསྣོལ་མ་ཡོད་པ་སྔོན་མས་གོ་ཆོད་དངོས་གཞི་འདམ་ཀ་ཡིན་ནོ། །བདེ་གཤེགས་བཀའ་འཁོར་སྤྲིན་ཆེན་ཞལ་ཁེབས་གཉིས་པོ་རྗེས་སུ་རང་དང་སྦྱིན་བདག་ལ་འདོགས། སྤྲིན་ཆེན་སྒོ་ལ་སྦྱོར་སྟེང་ནས་འབུབས་པའི་འཁོར་ལོ་དགུ་པོ་རྗེས་སོར་ལྡབ་རུང་ངོ་། །ཁྲམ་བཟློག་བྱེད་ན་བཀའ་སོ་སོའི་ཁྲམ་རྒྱབ་ཡིག་མ་ཐེམ་མེད་ལྟར་བཟོས་ནས་གཏོར་མའི་མདུན་ཕྱོགས་ཙཀ་ལིའི་འོག་ཏུ་འཛུགས། ཁྲམ་བཟློག་མི་བྱེད་ན་མི་དགོས། དབང་ཕྱུག་མའི་མདོས་བསྡུས་པའང་རིམ་བཞིའི་སྟེང་དུ་གཙོ་མོ་དང་། གཉིས་པར་དབང་ཕྱུག་ཉེར་བརྒྱད་ཀྱི་སྐུ་གཟུགས། གསུམ་པ་ལ་གཏོར་མ་ཉེར་བརྒྱད། བཞི་པ་ལ་ཁྲག་ཀོང་ཉེར་བརྒྱད། དེ་འོག་ཟན་གྲུ་གསུམ་ཉེར་བརྒྱད། དམར་རྒྱན་མཚེ་ཡུངས་ཁྲག་སོགས་ཀྱིས་བརྒྱན་ཅིང་ལྡུགས། རྔ་མོ་ཁྱུང་ཞོན་གྱི་ཁྱུང་འབུར་སྐུའི་རྒྱབ་ཏུ་ཤོག་བུ་ལ་རལ་པ་དང་གཤོག་པ་བྲིས་པའི། རལ་པ་ལ་དྲེད་གཉིས་རལ་པར་འཆངས་ནས་འཛིང་བ། གཡས་གཤོག་ལྔ་ལ་སེང་སྔོན་དང་འབྲུག་སྔོན་འཐབ་པ། སྟག་སེང་གཉིས་འཐབ་པ། བུད་མེད་གཉིས་རལ་པ་ནས་འཆངས་ཏེ་འཛིང་བ། ནོར་བུ་སྔོན་པོ་མིག་གསུམ་པ་རི་རབ་ལྷུན་པོ་ལ་མེ་འབར་ཚུལ། གཡོན་གཤོག་བཞི་ལ་མཚོའི་དཀྱིལ་དུ་སྦྲུལ་ནག་འཁྱིལ་(༧བ)


GLG022_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བ། སྟག་གནམ་ལ་མཆོང་ཚུལ། བྱ་རྒོད་གཉིས་སྡེར་འཛིངས་བྱེད་པ། ཤ་བ་སྔོན་པོ་གཉིས་འཛིང་བ། གཤོག་ཟུར་ལྔ་ལ་སྤུ་གྲི་མདུང་རྨ་བྱ་གར་བྱེད་པ། སྒོ་ང་སྔོན་པོ་འགྲིལ་བ། སེར་བ་བབས་ཚུལ་ལ་སེར་རྡོག་སྔོན་པོ། ཕོ་མོ་འཁྲིག་པ། སྒོ་ང་དམར་པོ་འགྲིལ་བ། མཚོན་ཆའི་འཁོར་ལོ་ཉི་མའི་ཕྱེད་ཙམ་སྤྲིན་གྱིས་བསྒྲིབ་པ། སྤྲིན་པ་དམར་པོ། ཕོ་དབང་བསྒྲེང་བ་ནས་བྱང་སེམས་འཛག་པ། ཐལ་རླུང་ལངས་པ། གངས་རིའི་སྟོད་ནས་སེང་གེ་ལྷུངས་ཚུལ། མཇུག་སྒྲོལ་གྲུ་བཞི་ལ་གླིང་བཞིར་བཅད་དར་དཀར་སེར་དམར་སྔོའི་མདོག་བསྒྱུར་བ། མི་གཟུགས་ཀྱི་ཟོར་བས་ཤིང་གསར་བརྔ་བའི་ཚུལ། ཁང་སྟེང་འུག་པ་བབས་ཚུལ་རྣམས་འདི་ཟན་གྱི་གླུད་ཆུང་དགུ་སྨྱུག་མ་ལ་བསྐྱོན་ནས་རྔ་མོའི་གྲུ་སྟེང་དུ་བཙུགས་པ་མཇུག་སྒྲོའི་རྒྱབ་ཏུ་སླེབ་ཙམ་གྲོད་པ་ནང་དུ་ཆུ་དང་ཁྲག་བླུག་ཁ་མིག་བྲིས་པ་དབྱུག་པས་གདབ་ནས་དམོད་མོ་བྱེད་དེ་ནས་རྔ་མོའི་སྐེ་ལ་འདོགས། དགེ་སློང་མདོ། སྔགས་པས་སྔགས། སྐྱེས་པས་བསྭོ། བོན་པོས་བསྭོ་སྒྲ། བྱེད། ཟོར་དགུ་ལ། ཆེ་མཆོག །ཡང་དག་གོ །གཤིན་རྗེ། རྟ་མགྲིན། ཕུར་པ། རིགས་འཛིན། མ་མོ། མཆོད་བསྟོད། དྲག་སྔགས་རྣམས་ལ་རིམ་བཞིན། གཏོར་ཟོར། རྡོ་རྗེའི་ཟོར། མདའ་ཟོར། ཆུ་ཟོར། ཕུར་ཟོར། ཐོད་ཟོར། ཁྲག་ཟོར། རྡོ་ཟོར། དུག་ཟོར་རྣམས་ཡིན། མཆོད་པ་ལ། དཔལ་དགུའི་མཆོད་སྒྲུབ་ཀྱི་གཏོར་མ། བླ་མའི་ལས་བྱང་གང་བྱེད་ཀྱི་གཏོར་མ། རང་གི་ཆོས་སྐྱོང་གང་ཡིན་གྱི་གཏོར་མ། སྒེར་སྲུང་དྲེགས་པའི་གཏོར་མ། སྨན་རག་གོ །ཕྱི་མཆོད་ཚར་བཅུ། ལས་བྱང་འཛབ་ཚོགས། ཡི་དམ་ཆོས་སྲུང་གི་བསྐང་གསོ་ཚོགས་ལྷག་བར་བཏང་། དེ་ནས་བཟློག་གཞུང་ཡོངས་རྫོགས་སམ་རེ་མོས་སྐབས་སྦྱར་བཏང་། རྗེས་རྩར་གྱེར། ཁྱུང་བསྐྱེད་པ་ནས་བཟླས་པའི་བར་བྱ། རྒྱས་པ་བྱེད་ན། བཀའ་སོ་སོའི་སྨོན་ལམ་བཏབ་པའི་རྗེས་(༨ན)


GLG022_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སོ་སོའི་ཁྱུང་གི་ལས་བྱང་གཏོར་འབུལ་སོགས་བྱའོ། །ཁྲམ་ཡོད་ན་ཁྲམ་བཟློག་གཏོང་། རྒྱལ་མཚན་དགུའི་བཟློག་པ། ཆད་མཐོ་བསྟན་སྐྱོང་བྱ། ནུབ་ཐ་མ། ཁྱུང་གི་བཟླས་པ་སོང་རྗེས་ཁྱུང་བཟློག་བྱ། རྒྱལ་མཚན་དགུ་དབང་ཕྱུག་མའི་མདོས་གཞུང་གྱེར། རྔ་མོ་ཁྱུང་ཞོན་ཁྲམ་ཡོད་ན་ཁྲམ་བཟློ་གོ ། གཏོར་ལམ་འཐེན། གཏོར་ཞལ་ཅུང་ཟད་ཕྱིར་བསྒྱུར། བཟློག་སྔགས་ཟ་ལམ་བསྟན། དེ་ནས་ཆས་སུ་ཞུགས། གཏོར་དྲིལ་བཏང་། སྒོ་དབྱེ་བ་དང་གཏོར་མ་དཔགས། ཕྱི་རོལ་ཏུ་གསེར་སྐྱེམས། ཟོར། དབང་ཕྱུག་ཞུ་ལན། སྲིན་མོ་ཟ་ལམ་བྱ། དེ་རྗེས་གོམ་པ་བདུན་ཅུའི་བར་ཁྱེར་གསེར་སྐྱེམས་བཏང་། བདེ་གཤེགས་ཞི་བའི་ལྷ་ཚོགས་ཐུགས་དམ་ཅན། ཆེ་མཆོག་ཡོན་ཏན་༝། ཡང་དག་ཐུགས་། འཇམ་དཔལ་༝། རྟ་མགྲིན་༝། ཕུར་པ་༝། རིགས་འཛིན་༝། མ་མོ༝། འཇིག་རྟེན་༝། དམོད་པ་༝། དཔལ་གྱི་བཀའ་སྲུང་ལྷ་ཚོགས་ཐུགས་དམ་ཅན། སྲོད་ལ་དམ་ཅན་གཤེགས་པའི་ཚེ་སོགས་བྱེད། །འདི་ནི་རིགས་འཛིན་ཆེན་པོ་མངའ་རིས་པ་ལེགས་ལྡན་བདུད་འཇོམས་རྡོ་རྗེའི་བཀའ་སྲོལ་མ་ཉམ་པ་འབྲི་གུང་པ་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་ཀྱི་ཕྱག་བཞེས། སྣང་གསལ་ཆོས་རྗེ་ཀུན་དགའ་ཚེ་མཆོག་ཡབ་སྲས་ལས་བརྒྱུད་པའི་རིག་སྔགས་འཆང་བའི་དབང་ཕྱུག་ཟུར་ཆེན་པདྨ་དབང་གི་གསུང་ལས། ཁོ་བོ་ཟ་ཧོར་གྱི་བནྡྷེས་མན་ངག་ཕྱག་བཞེས་དམར་ཁྲིད་དུ་མནོས་པ་རྣམས་བརྗེད་ངས་ཀྱི་འཇིགས་པ་སྤང་ཕྱིར་ཟིན་བྲིས་སུ་བཏབ་པའོ། །སརྦ་མངྒ་ལཾ།།

བཀའ་བརྒྱད་ཡོངས་རྫོགས་ཀྱི་ལས་གཞུང་གི་བྱང་བུ།


GLG022_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཡོངས་རྫོགས་ཀྱི་ལས་གཞུང་གི་བྱང་བུ་བཞུགས་སོ། །


GLG022_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཞི་ཁྲོ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ ཞི་ཁྲོ་གསང་བ་ཡོངས་རྫོགས་ཀྱི༔ སྒྲུབ་ཆེན་ལས་གཞུང་བསྲང་བ་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་ཐུན་མོང་ལས་བདུན་ཏེ༔ མཚམས་བཅད་བརྡ་སྒོ་བརྡ་ཕྱག་འཚལ༔ དམ་བཅའ་བྱིན་དབབ་མཆོད་བཤགས་བྱ༔ དངོས་གཞི་ལས་རིམ་ཉེར་ལྔ་སྟེ༔ ཏིང་འཛིན་རྣམ་གསུམ་འབྱུང་རིམ་བརྩེགས༔ གཞལ་ཡས་ལྷ་བསྐྱེད་བྱིན་བརླབས་བསྐུར༔ རང་བཞིན་སྤྱན་དྲང་བརྟན་པར་བཞུགས༔ ཕྱག་བདར་ཕྱག་རྒྱ་གླུས་མཆོད་ཅིང་༔ ཕྱི་དང་ནང་དང་གསང་མཆོད་བྱ༔ དུག་གསུམ་སྨན་གཏོར་རཀྟ་དང་༔ བདུད་རྩི་གསང་ནན་སྦྱོར་སྒྲོལ་མཆོད༔ བསྟོད་བཤགས་འཛབ་བཟླས་དངོས་གྲུབ་བླང་༔ རྗེས་ཀྱི་ལས་ཁྲིགས་བཅུ་གཅིག་སྟེ༔ ཆེ་བ་བསྐྱེད་ཅིང་འཕྲིན་ལས་བསྐུལ༔ ཚོགས་དང་ལྷ་ཆོག་གཏོར་སྐྱོང་བྱ༔ གཏོར་ཟོར་བསྟན་མ་རྣམ་བཞིའི་བྲོ༔ དཀྱིལ་འཁོར་བསྡུ་བསྐང་རྒྱུན་སྤྱོད་བྱ༔ དེ་དག་ལས་གཞུང་རྩ་ཐོར་བསྡེབས༔ སྐལ་བ་ཅན་དང་འདི་འཕྲད་ཤོག༔ རྩ་ཐོ་ཨི་ཏི༔ ས་མ་ཡཱ་རྒྱ་རྒྱ་རྒྱ༔ ཐུགས་དམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ གསང་བ་སྒྲུབ་ཆེན་གྱི་གཞུང་སྲོང་བ་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་མོ༔ ༼ཨ༽སྔོན་འགྲོ་ཐུན་མོང་གི་ལས་བདུན་ནི༔ ཧཱུཾ། རྒྱལ་བ་ཞི་ཁྲོ་ཡོངས་(༢ན)


GLG022_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་དཀྱིལ་འཁོར་དུ༔ སྣང་སྲིད་རྣམ་དག་ཡེ་ཤེས་ལྷ་ཡི་ཚོགས༔ ཀུན་བཟང་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ རིག་རྩལ་རྣམ་དག་ཆགས་ཤེས་གཡུང་དྲུང་ལྷ༔ འདི་ལ་ལོག་པར་ལྟ་བའི་དགྲ་དང་བགེགས༔ བདུད་སྡེ་དཔུང་བཅས་ཐམས་ཅད་ཕྱིར་དེངས་ཤིག༔ ཨཱོཾ་སུམྦྷ་ནི་སུམྦྷ་ཧཱུཾ༔ གྲྀཧྞ་གྲྀཧྞ་ཧཱུཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ༔ ཨཱ་ན་ཡ་ཧོཿ བྷ་ག་བཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ༔ ཧཱུཾ། བདག་ཉིད་དཔལ་ཆེན་ཁྲག་འཐུང་ཐུགས་ཀ་ནས༔ དྲག་པོའི་བྱིན་རླབས་མཚོན་ཆའི་འོད་ཟེར་འཕྲོ༔ མཚོན་ཆའི་གུར་ཆེན་ཡེ་ཤེས་མེ་དཔུང་འབར༔ ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཁྱབ་པར་སྲུངས༔ ཧཱུཾ་བཛྲ་ཙཀྲ་ཏཱི་ཀྵྞ་ཀརྨ་ཀཱི་ལཱ་ཡ་ཛྭ་ལ་༼ཨི༽རཾ་ཧཱུཾ་༼ཨཱུ༽ དྲེགས་པ་ལྷ་ཆེན་ཕྱོགས་སྐྱོང་བསྣོལ་བའི་སྟེང་༔ ཆེ་མཆོག་ལ་སོགས་དཔལ་ཆེན་ཁྲོ་རྒྱལ་ཚོགས༔ གར་དགུའི་ཚུལ་གྱིས་ཧཱུཾ་སྒྲ་སྒྲོག་ཅིང་བཞུགས༔ བར་ཆད་འབྱུང་པོ་ཐམས་ཅད་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོདྷ་སྭ་བྷཱ་ཝ་ས་མ་ཡ་རུ་ལུ་རུ་ལུ་ཧཱུཾ་ཕཊ༔ ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཙཀྲ་ཛྭ་ལ་མཎྜལ་ཧ་ལ་ཧ་ལ་ཧཱུཾ་ཕཊ༔ ཧཱུཾ། སྣང་སྲིད་ཐམས་ཅད་བདེ་ཆེན་གཞལ་ཡས་ཁང་༔ གཟུགས་སྣང་ཐམས་ཅད་རང་རིག་ཡེ་ཤེས་ལྷ༔ དེ་ཉིད་མ་རྟོགས་མ་རིག་སྒོ་བཅད་པས༔ རང་གསལ་ཡེ་ཤེས་འཆར་སྒོ་ད་ཕྱེ་ཞིག༔ བྷྲུཾ་པྲ་བེ་ཤ་ཡ་ཕཊ༔ ཧཱུཾ། རང་བྱུང་ཡེ་ཤེས་སྙིང་པོ་སེམས་ཀྱི་ལྷ༔ མ་རྟོགས་རང་ངོ་རང་གིས་མ་ཤེས་པས༔ (༢བ)


GLG022_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་རང་རང་འགྲོགས་ཀྱང་ཞལ་མ་མཇལ༔ རང་གསལ་བརྡ་ཡི་དོན་དང་མཇལ་ཕྱག་འཚལ༔ ཧཱུཾ་ཧེ་རུ་ཀ་ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུཾ། དུས་གསུམ་བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ཚོགས༔ བསྐལ་པ་སྔོན་འདས་དུས་ནས་ཡི་དམ་ལྷ༔ ད་ལྟ་གཉིས་མེད་དོན་དམ་རང་ངོ་ཤེས༔ སྲོག་གི་ཕྱིར་ཡང་མི་བཏང་བསྒྲུབ་ལགས་སོ༔ ཧཱུཾ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ༔ ཧཱུཾ། ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཕོ་བྲང་ནས༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ ལོངས་སྐུ་རིགས་ལྔ་ཞི་ཁྲོ་འཁོར་དང་བཅས༔ སྤྲུལ་སྐུ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ ཁྱོད་ཀྱི་ཐུགས་རྗེ་མཆོག་གིས་བཟུང་དུ་གསོལ༔ ཨཱོཾ་ཤྲཱི་བཛྲ་ཀྲོ་དྷ་ཧེ་བ་དེ་བ་སརྦ་དུཥྚཱན་ཌཱ་ཀི་ནཱི་ས་མ་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཨ་བེ་ཤ་ཡ་ཨ་༼རྀ༽ཨཱཿཧཱུཾ༼ལཱྀ༽། རང་དང་གཉིས་མེད་ལྷ་ཚོགས་ལ༔ མར་མེ་སྨན་གཏོར་རཀྟ་དང་༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ཐུགས་དམ་བསྐང་ཕྱིར་འབུལ་གྱིས་བཞེས༔༼ཨེ༽ ཨཱོཾ་༼ཨཽ༽ཨཱཿཧཱུཾ་བཛྲ་དྷཱུ་པེ་ཧཱུཾ༔ བཛྲ་པུཥྤེ་ཧཱུཾ༔ བཛྲ་ཨཱ་ལོ་ཀེ་ཧཱུཾ༔ བཛྲ་གནྡྷེ་ཧཱུཾ༔ བཛྲ་ནཻ་བཻ་དྱེ་ཧཱུཾ༔ བཛྲ་ཤབྡ་ཧཱུཾ༔ བཛྲ་སརྦ་པཱུ་ཛ་མེ་གྷ་ཧཱུཾ། ཨཱོཾ་༼ཁ༽ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿ༼ག༽ཋ༔ ཨཱོཾ་ཨཱཿཧཱུཾ་མཧཱ་བ་ལིནྟ་བ་ལ་བྷ་ཏེ་གུ་ཧྱ་ས་ཡེ་༼ཚ༽སྭཱཧཱ༔ ཨཱོཾ་ཨཱཿཧཱུཾ་མཧཱ་རཀྟ་ས་མནྟ་མཎྜལ་ཧཱུཾ་ཕཊ༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ༔ མཧཱ་པཉྩ། མཧཱ་བ་ལིནྟ། མཧཱ་རཀྟ། ཨ་ཧོ་སུ་ཁ་ས་མ་ཡེ་སྭཱཧཱ༔ ཧཱུཾ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དགོངས༔ བསྐལ་པ་སྔོན་ནས་ད་ལྟའི་དུས་ཡན་ཆད༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆགས་སོགས༔ རང་གནོང་འགྱོད་སེམས་དྲག་པོས་མཐོལ་ཞིང་བཤགས༔ ཨཱོཾ་ཨཱཿཧཱུཾ་སྭཱཧཱ་བཛྲ་ས་མ་ཡ་ཛ༔ ན་ར་ཀ༔ པྲེ་ཏ་ཀ །ཏིརྱ་ཀ །ནི་བི་ཤ །དེ་བ་ཨ་(༣ན)


GLG022_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལི་བི་ཤུད་དྷེ༔ དཀྵ་ཀ་ཤུད་དྷེ་སྭཱཧཱ༔ དངོས་གཞི་ལས་རིམ་ཉེར་ལྔ་བསྟན་པ་ནི༔ ཧཱུཾ། སྤྲོས་མེད་ཡང་དག་དེ་བཞིན་ཉིད༔ མཉམ་ཡངས་ཕྱོགས་བྲལ་ཀུན་ཏུ་བརྡལ༔ མ་ནོར་མ་བཅོས་ཆོས་ཀྱི་སྐུ༔ རང་བཞིན་ལྷུན་གྲུབ་ངང་གིས་གསལ༔ ཨོཾ་མཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔ ཧཱུཾ། དེ་བཞིན་ཀུན་ཁྱབ་ཀུན་ཏུ་སྣང་༔ མ་རིག་འཁྲུལ་སྣང་འཁོར་བའི་ཀློང་༔ གཟུང་འཛིན་བག་ཆགས་རབ་ཏུ་འཐས༔ མ་རྟོགས་སེམས་ཅན་སྙིང་རེ་རྗེ༔ ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་བི་ཤུདྡྷེ་མཎྜ་ལ་ཧཱུཾཿ ཧཱུཾ། ཆོས་རྣམས་རང་བྱུང་རྟེན་འབྲེལ་ཏེ༔ རྒྱུ་ལས་མ་བྱུང་གང་ཡང་མེད༔ ཧཱུཾ་ནི་ཐམས་ཅད་བསྐྱེད་པའི་རྒྱུ༔ དགོས་འདོད་འབྱུང་བའི་ཡི་གེ་བསྒོམ༔ ཙིཏྟ་བཛྲ་ས་མཱ་དྷི་ཧཱུཾ༔༼ཊ༽རཾ༼ཌྷ༽ཡཾ་ཁཾ། ཧཱུཾ། བསྐལ་པ་གསུམ་གྱི་འཇིག་རྟེན་སྟོངས༔ ཡེ་ནས་དག་པའི་ངང་ཉིད་ལས༔ སྣོད་བཅུད་སྦྱང་ཕྱིར་འབྱུང་རིམ་བརྩེགས༔ རྣམ་དག་ཡུམ་ལྔའི་མཁའ་ཀློང་གསལ༔ ཧཱུཾ་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲུཾ༔ ཧཱུཾ། ཨེ་ལས་ནམ་མཁའ་མཐའ་དབུས་མེད། ཡཾ་ལས་རླུང་གི་དཀྱིལ་འཁོར་སྟེང་༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ སུཾ་ལས་ཞིང་ཆེན་ས་གཞི་བརྡལ༔ ཀེཾ་ལས་རུས་པའི་རི་རབ་སྟེང་༔ རཾ་ལས་བསྐལ་པའི་མེ་དཔུང་འབར༔ ཧཱུཾ། བྷྲུཾ་ལས་ཡེ་ཤེས་གཞལ་ཡས་ཁང་༔ དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་བསྐྱེད༔ ཟླ་གམ་ཡེ་ཤེས་འཆར་སྒོའི་དབུས༔ ཆོས་སྐུ་འགྱུར་མེད་ཨེ་རུ་གསལ༔ བྷཉྫ་སྐམ་རློན་ཕོ་བྲང་བརྩིགས༔ རིན་ཆེན་མཛེས་པའི་དཀྱིལ་འཁོར་དགུ༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས༔ རང་བྱུང་ལྷུན་གྲུབ་ངོ་མཚར་ཆེ༔ དྲེགས་པ་པདྨ་ཉི་ཟླའི་གདན༔ གཙོ་དང་འཁོར་ལ་འཚམ་པར་གསལ༔ བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བྷཉྫ་ཛྙཱ་ན་ཨེ་ཙཀྲ་མཎྜ་ལ་བྷྲུཾ༔ རུ་དྲ་ཀྲོ་དྷི་སྠི་ར་བཾ༔ མ་སཱུཪྻ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ པཾ་པདྨ་མཎྜ་ལ༔ ཧཱུཾ། རྒྱུ་ཡི་ཡི་གེ་(༣བ)


GLG022_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་བབས༼ཎ༽༔ ༼ད༽སྤྲོ་བསྡུའི་སྦྱོར་བས་དཔལ་ཆེན་སྐུ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔ་དབུ་བརྒྱན་ཐུགས་སྲོག་ཧཱུཾ༔ སྤྱན་དགུ་ཞལ་བགྲད་མཆེ་བ་གཙིགས༔ གཡས་ཀྱི་ཕྱག་གསུམ་རྡོ་རྗེ་གསོར༔ གཡོན་གྱི་ཕྱག་གསུམ་བྷན་དམར་འཛིན༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ གནམ་ཞལ་ཡུམ་ཆེན་ཀུན་བཟང་འཁྲིལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་༔ གཡས་པ་གཙོར་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པ་དུང་དམར་གཙོ་ལ་༼དྷ༽སྟོབ༔ ཡབ་༼དྷ༽ཡུམ་སྦྱོར་བའི་བྱིན་རླབས་ལས༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ ཨཱོཾ་བཛྲ་ཀྲོ་དྷ་མཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ མཧཱ་ཀྲོ་དྷི་ཤྭ་རི་སྟྭ ༼མ༽༔ མ༼ཕ༽སཱུཪྻ་མཎྜལ༔ ཧཱུཾ་བཛྲ་ཨཱོཾ། ཨ་ཙནྡྲ་མཎྜ་ལ། ཨེ་ཨཾ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ར་ཧོ་ཧཾ། ར་ག་ཡ་མི། ཛཿཧཱུཾ་བཾ་ཧོཿ ས་མ་ཡ་མུ་དྲ། པྲ་བེ་ཤ་ཡ་ཕཊ༔ ཨཱོཾ་ཨཱོཾ་ཨཱོཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ༔ སྥ་ར་ན་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ༔ ༼བ༽ ཧཱུཾ། ༼ཡ༽དཔལ་ཆེན་ཡབ་ཡུམ་ཐུགས་ཀ་ནས༔ ཕྱོགས་བཞི་མཚམས་བཞི་དཀྱིལ་འཁོར་དུ༔ མཐིང་ནག་ཧཱུཾ་ཆེན་ཡིག་འབྲུ་སྤྲོ༔ ཁྲག་འཐུང་ཡབ་ཡུམ་སྲས་བཅས་བསྐྱེད༔ ༼མཁའ་འགྲོའི་བརྡ་ཡིག་ཞིག་ཡོད།༽ ཧཱུཾ། ཤར་དུ་བཛྲ་ཧེ་རུ་ཀ༔ བཛྲ་ཀྲོ་དྷི་ཤྭ་རཱི་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ༔ ཧཱུཾ། ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད༔ ཟ་བྱེད་བཻ་ཏཱ་ནག་མོ་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷ་ཉྫ་ཧཱུཾ་ཕཊ༔ ཧཱུཾ། ནུབ་ཏུ་དབང་ཆེན་རྟ་མཆོག་དཔལ༔ པདྨ་གཟི་ལྡན་ཁྲོ་མོ་ཡུམ༔ རིགས་བཞི་ལ་སོགས་༝༔ ཨཱོཾ་པདྨཱནྟ་ཀྲྀ་ཏ་མཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཧཱུཾ། བྱང་དུ་རྡོ་རྗེ་གཞོན་ནུ་ཆེ༔ འཁོར་ལོ་རྒྱས་འདེབས་དཔལ་གྱི་ཡུམ༔ རིགས་བཞི་ལ་སོགས་༝༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་(༤ན)


GLG022_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ ཧཱུཾ། ཤར་ལྷོ་བླ་མེད་ཧེ་རུ་ཀ༔ ཉིད་ཞི་བདེ་མཆོག་ཆེན་མོ་ཡུམ༔ མ་ལྔ་ལ་སོགས་༝༔ ཨཱོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷི་ཤྭ་རཱི་སྟྭཾ་མ་མ་ཡོ་ཀི་ནི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། ཧཱུཾ། ལྷོ་ནུབ་རིགས་འཛིན་ཐོད་པ་རྩལ༔ རྡོ་རྗེ་རྣལ་འབྱོར་གསང་བའི་ཡུམ༔ རིགས་བཞི་ལ་སོགས་༝༔ ཨཱོཾ་བཛྲ་མཧཱ་གུ་རུ་སརྦ་ཧཱུཾ་ཕཊ༔ ཧཱུཾ། ནུབ་བྱང་དྲེགས་པ་ཀུན་འདུལ་དཔལ༔ ཁམས་གསུམ་སྲིད་པ་སྤྱི་འདུལ་ཡུམ༔ རིགས་བཞི་ལ་སོགས་༝༔ ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུཾ་ཕཊ༔ ཧཱུཾ། བྱང་ཤར་སྟོབས་ལྡན་ནག་པོ་ཆེ༔ འབྱུང་བ་ལྔ་ཡི་བདག་མོ་ཡུམ༔ རིགས་བཞི་ལ་སོགས་༝༔ ཨཱོཾ་བཛྲ་སརྦ་དུཥྚཱ་ཨེ་ཛ་བྷྱོ་ཧཱུཾ་ཕཊ༔ ཧཱུཾ། ཉི་མ་དང་ནི་འོད་ཟེར་བཞིན༔ དཔལ་ཆེན་སོ་སོའི་སྤྲུལ་འཁོར་བཅས༔ ཕྱི་རོལ་སྒོ་བ་རིགས་བཞི་ནི༔ ཡ་མཱན་པྲ་ཛྙཱ་ན་པདྨཱ་ན་བི་གྷ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ མ་འདྲེས་ཡོངས་སུ་རྫོགས་པར་གསལ༔ ཛཿཧཱུཾ་བཾ་ཧོ༔ ཧཱུཾ། ཕྱི་རོལ་ལྕགས་རི་ཁོར་ཡུག་ལ༔ མཁའ་འགྲོ་དབང་ཕྱུག་ཀིང་ལངྒ༔ འབར་མ་མ་སྲིང་བཀའ་སྡོད་ཚོགས༔ བསམ་གྱིས་མི་ཁྱབ་ཡོངས་རྫོགས་གཏིབས༔ མཧཱ་མུ་དྲ་ས་མ་ཡ་ཧོ༔ ཧཱུཾ། རང་བྱུང་དཀྱིལ་འཁོར་དཔལ་ཆེན་རྫོགས༔ མཐུ་རྩལ་ཡོངས་སུ་རྫོགས་བྱའི་ཕྱིར༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ལ༔ ཡེ་ཤེས་རྣམ་ལྔས་དབང་བསྐུར་ཞིག༔ ཨཱོཾ་ཨཱཿཧཱུཾ། ཨཱོཾ་ཧཱུཾ་སྭཱ་ཧྲཱིཿཧཱ༔༼ར༽༼ཤ༽ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་པཉྩ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔ ཧཱུཾ། རྣམ་དག་ཆོས་དབྱིངས་མཉམ་ཉིད་ལས༔ ཞི་ཁྲོ་ཡོངས་རྫོགས་སྐུ་བཞེངས་ལ༔ སྲིད་གསུམ་གདུག་པའི་ཚོགས་བསྒྲལ་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨཱོཾ་ཨེ་ཧྱེ་ཧི་ས་མ་ཡ་ཛཿ ཧཱུཾ་བཾ་ཧོཿཧྲི་ཧྲི་ཛཾ༔ ཧཱུཾ། བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ ཆུ་ལ་ཆུ་(༤བ)


GLG022_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ཇི་བཞིན་དུ༔ དུ་མ་རོ་གཅིག་བརྟན་པར་བཞུགས༔ ས་མ་ཡ་ཨ་བེ་ཤ་ཡ་ཏིཥྛ་སྟྭཾ༔ ཧཱུཾ། ཆོས་རྣམས་རང་བཞིན་ཡེ་ནས་དག༔ རྟོག་འཁྲུལ་འཇིག་རྟེན་སེམས་ཅན་ལ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་སྟོན༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ ན་མ་ཧྲིཾ༔ ཧཱུཾ། གདུལ་བྱའི་མོས་བློ་ཐ་དད་པས༔ ཞི་དང་ཁྲོ་དང་འདྲེས་པའི་ཚུལ༔ སྐུ་མདོག་ཞལ་ཕྱག་བསམ་འདས་ཀྱང་༔ ལྷ་རྣམས་གསལ་འདེབས་གར་མཆོད་འབུལ༔ ཧཱུཾ། དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་ཀྱི་ཕྱག་གསུམ་རྡོ་རྗེ་གདེངས༔ གཡོན་གྱི་ཕྱག་གསུམ་བྷན་དམར་འཛིན༔ ཡུམ་ཆེན་གནམ་ཞལ་ཀུན་བཟང་འཁྲིལ༔ གཡས་པས་གཙོར་འཁྱུད་ཁ་ཊྭཱཾ་ག༔ གཡོན་པ་ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུཾ། དཔལ་ཆེན་བཛྲ་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག༝༔ གཡས་དཀར་གཡོན་དམར༝༔ རིགས་ལྔས་དབུ་བརྒྱན༝༔ གཡས་གསུམ་རྩེ་དགུ་ཁ་ཊྭཱཾ་རྔ༔ གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་བསྣམས༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རི་མ༔ གཡས་པ༝༔ གཡོན་པ༝༔ ཡབ་ཡུམ་༝༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུཾ། དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ དབུ་གསུམ༝གཡས་དཀར༝༔ རིགས་ལྔས༝༔ གཡས་གསུམ་བེ་ཙོན་རལ་གྲི་སྟེ༔ གཡོན་གསུམ་སྡིགས་མཛུབ་མདུང་བྷན་དམར༔ ཡུམ་ཆེན་བཛྲ་བཻ་ཏཱ་ལཱི༔ གཡས་པ༝༔ གཡོན་པ༝༔ ཡབ་ཡུམ༝༔ ཕྱག་རྒྱ༝༔ ཧཱུཾ། དཔལ་ཆེན་རྟ་མགྲིན་པདྨ་དབང་༔ དབུ་གསུམ་ཕྱག་དྲུག་༔ གཡས་དཀར་གཡོན་སྔོ་དབུས་དམར་ཞལ༔ དབུ་གཙུག་རྟ་སྐད་ཕྱོགས་བཅུར་སྒྲོག༔ རིགས་ལྔས་དབུ་བརྒྱན་༝༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་ཞགས༔ གཡོན་གསུམ་དྲིལ་བུ་(༥ན)


GLG022_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བྷན་དམར་སྒྲོག༔ ཡུམ་ཆེན་ཨེ་ཀ་ཛཱ་ཊཱི་མ༔ གཡས་པ༝༔ གཡོན་པ༝༔ ཡབ་ཡུམ༝༔ ཕྱག་རྒྱ༝༔ ཧཱུཾ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ དབུ་གསུམ༝༔ གཡས་དཀར༝༔ རིགས་ལྔས༝༔ གཡས་གཉིས་རྩེ་དགུ་རྩེ་ལྔ་སྟེ༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་ག༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ གཡས་པ༝༔ གཡོན་པ༝༔ བ་ཡུམ༝༔ ཕྱག་རྒྱ་གར༝༔།ཧཱུཾ། དཔལ་ཆེན་བླ་མེད་ཧེ་རུ་ཀ༔ དབུ་གསུམ༝༔ གཡས་དཀར༝༔ རིགས་ལྔས༝༔ གཡས་གསུམ་རྡོ་རྗེ་ཁྱུང་སྦྲུལ་ཞགས༔ གཡོན་གསུམ་དུང་དམར་ཞིང་གའུ༔ ཡུམ་ཆེན་ཉིད་ཞི་མུ་ཁ་ལེ༔ གཡས་པ༝༔ གཡོན་པ༝༔ ཡབ་ཡུམ༝༔ ཕྱག་རྒྱ་གར་གྱི༝༔ ཧཱུཾ། དཔལ་ཆེན་རིགས་འཛིན་ཐོད་པ་རྩལ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད༔ སྐུ་མདོག་དཀར་དམར་རུས་རྒྱན་མཛེས༔ རིགས་ལྔས༝༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བསྒྱུར༔ ཡུམ་ཆེན་ཆོས་དབྱིངས་རྣལ་འབྱོར་མ༔ གཉིས་མེད་འཁྲིལ་སྦྱོར་བདེ་ཆེན་བསྐྱེད༔ ཡབ་ཡུམ༝༔ ཕྱག་རྒྱ་གར་གྱི་༔ ཧཱུཾ། དཔལ་ཆེན་དྲེགས་པ་ཀུན་འདུལ་ཆེ༔ དབུ་གསུམ་༝༔ གཡས་དཀར་གཡོན་༝༔ རིགས་ལྔས་༝༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་མགོ༔ གཡོན་གསུམ་བྷན་དམར་ཀླུ་བརྒྱད་མགོ༔ ཡུམ་ཆེན་སྲིད་པ་སྤྱི་འདུལ་མ༔ གཡས་པ༝༔ གཡོན་པ༝༔ ཡབ་ཡུམ༝༔ ཕྱག་རྒྱ༝༔ ཧཱུཾ། དཔལ་ཆེན་སྟོབས་ལྡན་ནག་པོ་ཆེ༔ དབུ་གསུམ༝༔ སྐུ་མདོག་མཐིང་ནག་འཇིགས་པ་ལ༔ རིགས་ལྔས༝༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་སྙིང་༔ གཡོན་གསུམ་བྷན་དམར་ཀླུ་བརྒྱད་སྙིང་༔ ཡུམ་ཆེན་འབྱུང་བ་ལྔ་ཡི་བདག༔ གཡས་པ་གཟུགས་ཁམས་མཁའ་ལ་འདེགས༔ གཡོན་པ་འདོད་ཁམས་ས་ལ་གནོན༔ ཡབ་ཡུམ༝༔ ཕྱག་(༥བ)


GLG022_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ༝༔ ཧཱུཾ། སོ་སོའི་རིགས་བཞི་འཁོར་ཚོགས་རྣམས༔ ཞལ་དང་ཕྱག་མཚན་ཅིར་ཡང་བསྒྱུར༔ བདེ་གཤེགས་ཐམས་ཅད་གར་གྱི་བདག༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ མཧཱ་མུ་དྲ་པཱུ་ཛ་ཧོ༔ ཧཱུཾ། སྟོང་པའི་རང་བཞིན་ཅིར་ཡང་སྣང་༔ སྣང་བའི་མཚན་ཉིད་སྐྱེ་བ་མེད༔ གླུ་ནི་འདུ་འབྲལ་མེད་པའི་གླུ༔ བྲོ་ནི་བར་ཆད་མེད་པར་བརྡུང་༔ ཨཱོཾ་མཧཱ་ཛྙཱ་ན་ཏེ་ན་ཧཱུཾ་ཏེ་ན་ཏེ་ཏེ་ཧཱུཾ༔ ཧཱུཾ། རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ བདུག་སྤོས་མེ་ཏོག་མར་མེ་དྲི༔ ཞལ་ཟས་སིལ་སྙན་མཆོད་པའི་སྤྲིན༔ དབྱིངས་ནས་བཏོན་ཏེ་དབྱིངས་སུ་འབུལ༔ ཨཱོཾ་བ་ན་བེཾ། པེ་ནུ་སུ་ར་ཏོ། ཏེ་པུ་པ་ར་མུཿ སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་ཧོ༔ ཨཱོཾ་ཤྲཱི་བཛྲ་རཱ་ག་དྷུ་པེ་ཧཱུཾ༔ པུཥྤེ་ཏྲཱཾ། ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་ཧོ༔ ནཻ་བི་དྱ་ཨཱ༔ གཱིརྟི་ཤབྡ་ཧཱུཾ༔ ཨཱོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་གཏིབས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་ལྔ་ལྡན་མཆོད་པར་བཞེས༔ ཨཱོཾ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ ཧཱུཾ། འདོད་ཆགས་ཞེ་སྡང་གཏི་མུག་ཆེ༔ ང་རྒྱལ་ཕྲག་དོག་ཉོན་མོངས་ལྔ༔ ཡེ་ནས་རིགས་ལྔའི་རང་བཞིན་ཡིན༔ སྦྱོར་སྒྲོལ་ཏིང་འཛིན་དམ་མཆོད་བཞེས༔ ཧ་ལ་པཉྩ་པཱུ་ཛ་ཧོ༔ ཧཱུཾ། ཤ་ཁྲག་རུས་པ་རྣམ་པ་གསུམ༔ དུག་གསུམ་མཆོད་པ་བླ་ན་མེད༔ ཡེ་ནས་སྐུ་གསུམ་རང་བཞིན་ཏེ༔ རང་གྲོལ་ཉིད་དུ་མཆོད་པར་བཞེས༔ མཧཱ་མཱཾ་ས༔ མཧཱ་རཀྟ༔ མཧཱ་ཀེཾ་ནྲྀ་ཏི་ཁཱ་ཧི༔ ཧཱུཾ། རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔ་སེམས་ཅན་ཀུན་བསྒྲལ་ཕྱིར༔ དུག་ལྔ་སེལ་བའི་བདུད་རྩི་ཆེ༔ ཨཱོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋ༔ ཧཱུཾ། རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ ཐུན་མོང་མཆོག་དང་ཁྱད་འཕགས་འདི༔ དུས་གསུམ་བླ་མ་ཡི་དམ་ལྷ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ རྣམ་དག་བདུད་རྩི་དམ་(༦ན)


GLG022_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་མཉེས་མཆོད་འབུལ༔ ཐུགས་རྗེ་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཧཱུཾ། ༼ཀྵ༽ལྕེ་ཡི་དམ་ཚིག་རྡོ་རྗེ་ལ༔ དམ་ཚིག་ཅན་གྱི་ཧཱུཾ་བསྒོམས་ཏེ༔ མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས༔ མྱངས་ན་དངོས་གྲུབ་མཆོག་ཐོབ་འགྱུར་༔ ཀཱ་ཡ་སིདྡྷི་ཨཱོཾ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། སརྦ་སིདྡྷི་ཧྲཱི༔ ཧཱུཾ། དམ་རྫས་རྨད་བྱུང་གཏོར་ཆེན་པོ༔ འདོད་ཡོན་ལྔ་ཡི་ཕུང་པོར་འབར༔ ཐམས་ཅད་ཚིམ་བྱེད་མཆོད་སྦྱིན་ཆེ༔ ཞི་ཁྲོ་ཡོངས་རྫོགས་ཐུགས་དམ་བསྐང་༔ མཧཱ་མ་ལིནྟ་ཁཱ་ཧི༔ ཧཱུཾ། རུ་ཏྲ་བསྒྲལ་བའི་ཁྲག་ཆེན་པོ༔ ལྕང་ལོར་བཅས་པའི་བྷཉྫར་བསྐྱིལ༔ འཁོར་བ་དབྱིངས་སུ་དག་བྱའི་ཕྱིར༔ དཔལ་ཆེན་ཚོགས་ཀྱི་ཞལ་དུ་འབུལ༔ མཧཱ་རཀྟ་ཁཱ་ཧི༔ ཧཱུཾ། རྒྱུ་གཉིས་རྐྱེན་སྦྱར་འབྲུ་བཅུད་འདི༔ དུག་ལྔ་སྨན་གྱུར་དམ་པའི་རྫས༔ ཛ་གད་དཔའ་བོའི་བདུད་རྩི་འདིས༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་༔ མཧཱ་པཉྩ་ཨ་མྲྀ་ཏ་ཛ་གད་ཁཱ་ཧི༔ ཧཱུཾ། དབྱིངས་རིག་གཉིས་མེད་སྦྱོར་བ་ཡིས༔ འཁོར་འདས་གཉིས་སུ་མེད་པར་སྦྱོར༔ གཉིས་མེད་རྟོགས་པའི་སྦྱོར་མཆོད་འདིས༔ རྒྱལ་བ་ཡབ་ཡུམ་མཉེས་གྱུར་ཅིག ཛཿཧཱུཾ་བཾ་ཧོ༔ པདྨ་ཡོ་གི་ནཱི་ས་མ་ཡ་པྲ་བེ་ཤ་ཡ་ཕཊ༔ ཧཱུཾ། ཡང་དག་དོན་རྟོགས་བློ་ཡིས་ནི༔ མ་རྟོགས་སེམས་ཅན་གནས་སུ་བསྒྲལ༔ དུས་གསུམ་བདེ་གཤེགས་དེ་ལ་མཉེས༔ མཆོག་གི་མཆོད་པ་ཆེན་པོ་བཞེས༔ ཨཱོཾ་མཧཱ་ཤྲཱི་ཧེ་རུ་ཀ་མ་ཏྲཾ་རུ་ཏྲ་པྲ་བྷཉྫ་ཙཀྲ་ཧཱུཾ་ཕཊ༔ པྲ་བེ་ཤ་ཡ་ཕཊ༔ ཏི་ཧཱུཾ་ཨ་ཡཾ་སྥ་ར་ཎ་ཕཊ༔ ཨཱོཾ། མཉམ་ཉིད་ཆོས་སྐུའི་རང་བཞིན་ལས༔ ཀུན་བཟང་ཟག་པ་མེད་པར་བདེ༔ སེམས་ཅན་དོན་ལ་དེ་བཞིན་གཤེགས༔ ཐུགས་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱཿ རྩོལ་མེད་རང་བྱུང་ཆོས་སྐུའི་སྒྲ༔ མ་འགགས་རང་གསལ་འཛིན་པ་མེད༔ ཆགས་མེད་སྐྱོན་བྲལ་པདྨའི་(༦བ)


GLG022_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་༔ ཡང་དག་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུཾ། སྤྲོས་པ་མེད་པ་དབྱིངས་ཀྱི་ངང་༔ མ་སྐྱེས་འཇིགས་མེད་རྡོ་རྗེའི་ཐུགས༔ བླང་དོར་མེད་པ་ཆོས་ཀྱི་དབྱིངས༔ འགྱུར་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ སྭཱ། ཆོས་དབྱིངས་རོལ་པ་ཆེན་པོ་ལས༔ རྩལ་དང་རོལ་པར་མི་དམིགས་ཀྱང་༔ ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་གྱིས༔ ཡོན་ཏན་རེ་སྐོང་ཕྱག་འཚལ་བསྟོད༔ ཧཱ། རང་གཞིན་ཅིར་ཡང་མ་ངེས་ཀྱང་༔ དཀྱིལ་འཁོར་ཆེན་པོའི་ཆེ་བཟུང་ནས༔ རྟོག་མེད་དྲེགས་པ་ངང་གིས་འདུལ༔ འཕྲིན་ལས་མཛད་པ་ཕྱག་འཚལ་བསྟོད༔ ཨཱོཾ་ཨཱཿཧཱུཾ་སྭཱཧཱ༔ ན་མོ་ཧྲི་ད་ཡ༔ ཨཱོཾ་ན་མ༔ ༼ཀི༽ ཧཱུཾ།༼གྷི༽ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་དགོངས༔ སྔོན་ནས་རང་དང་མཉམ་ཉིད་དོན༔ མ་རྟོགས་རིགས་མཚན་སོ་སོར་བཟུང་༔ དབྱེར་མེད་རྣམ་དག་ཀློང་དུ་བཤགས༔ ས་མ་ཡ་ཨེ་ཧོ་ཤུདྡྷེ་ཨ༔ ཨཱོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ་བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ༔ དྲྀཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡ༔ ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱ་ན༔ བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ༔ ཧེ་རུ་ཀོ་བྷ་བ། མཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ༔ རྒྱུད་ལས་ཞི་བར་བསྙེན་ཅིང་ཁྲོ་བོར་བསྒྲུབ༔ ཅེས་པས་ཞི་བསྙེན་འཛབ་བསྐུལ་བ་ནི༔ ཧཱུཾ། གསང་བ་ཡོངས་རྫོགས་དཀྱིལ་འཁོར་དུ༔ ཆེས་མཆོག་དཔལ་དགུའི་དབུ་རྒྱན་ནང་༔ ཐབས་ཤེས་ཉི་ཟླ་པདྨའི་སྟེང་༔ མི་བསྐྱོད་རྣམ་པར་སྣང་མཛད་དང་༔ རིན་འབྱུང་སྣང་མཐའ་དོན་ཡོད་གྲུབ༔ ཡུམ་ཆེན་ཀུན་བཟང་སངས་རྒྱས་སྤྱན༔ མཱ་ཀི་གོས་དཀར་དམ་ཚིག་སྒྲོལ༔ རྒྱལ་བ་ཡབ་ཡུམ་ཕྱག་མཚན་བཅས༔ཀུན་བཟང་ཡབ་ཡུམ་དགྱེས་པར་སྦྱོར༔ སྲས་མཆོག་སེམས་དཔའ་སེམས་མར་བཅས༔ སྤྲུལ་སྐུ་ཐུབ་དྲུག་མཐར་བྱེད་བརྒྱད༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ (༧ན)


GLG022_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་འཚེར་ལྷུན་སྟུག་གཟི་བརྗིད་འབར༔ དབུ་རྒྱན་ཅོད་པན་ཕྲེང་བ་དང་༔ དོ་ཤལ་དཔུང་རྒྱན་སེ་མོ་དོ༔ རིན་ཅེན་དར་དཔྱངས་ཆས་རྣམས་རྫོགས༔ གསུང་ནི་ཡང་སྙིང་སྔགས་སྒྲ་སྒྲོག༔ ཐུགས་ནི་རང་བྱུང་ཡེ་ཤེས་གསལ༔ འཛབ་ཀྱིས་སྐུ་གསུང་ཐུགས་རྒྱུད་བསྐུལ༔ སྤྲོས་པས་སྟོང་གསུམ་སྐུ་ཡིས་གང་༔ སྐུ་ལས་གསུང་བྱོན་སྔགས་འབྲུག་ལྡིར༔ བསྡུས་པས་ཆོས་དབྱིངས་མཁའ་ལ་ཐིམ༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་བཏང་ངོ་༔ ཨཱོཾ་ཨ་ལི་ཀཱ་ལི་ཛྙཱ་ན་པཉྩ་ཀྲོ་དྷ་མུ་ན་ཡེ་སྭཱཧཱ༔ ཨཱོཾ་བོ་དྷི་ཙིཏྟ་མཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ ཨཱོཾ་ཨཱཿཧཱུཾ་སྭཱཧཱ༔ མུཾ་ལཱཾ་མཱཾ་པཱཾ་ཧཱཾ༔ སྙིང་པོ་བརྒྱ་སྟོང་བཟླས་རྗེས་སུ༔ རྟགས་དང་སྦྱར་ལ་སྟོང་ཚིགས་མཆོད༔ ཧཱུཾ། དབུས་ཕྱོགས་འཁོར་ལོའི་གཞལ་ཡས་སུ༔ ཟླ་གམ་དབང་ཆེན་ཨེ་དཀྱིལ་དུ༔ བྱོལ་སོང་གཙོ་བརྒྱད་དྲེགས་པའི་སྟེང་༔ ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨའི་གེ་སར་ལ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་མ༔ གཉིས་མེད་འཁྲིལ་སྦྱོར་ཆ་ལུགས་ནི༔ སྒེག་པ་དཔའ་བ་འཇིགས་སུ་རུང་༔ རྒོད་དང་གཤེ་དང་སྙིང་རྗེ་རྔམ༔ འབར་ཁྲོ་ཞི་སོགས་གར་དགུ་ལྡན༔ སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་དྲག་པོའི་སྔགས་སྒྲ་སྒྲོག༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ འཛབ་ཀྱི་སྐུ་གསུང་ཐུགས་རྒྱུད་བསྐུལ༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང་༔ བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ གསང་བའི་སྦུབས་ནས་ཐུགས་ཀར་ཐིམ༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་བཏང་ངོ་༔ ཨཱོཾ་བཛྲ་ཀྲོདྷ་མཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ༔ ཨཱོཾ་ཧྲཱི༔ཥྚཱི༔ཝི་ཀྲི་ཧཱ་ན་ན་ཧཱུཾ་ཕཊ༔ ཨཱོཾ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ༔ ཨཱོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་དྷི་ཤྭ་རཱི་ཧུཾ་ཕཊ༔ ཨཱོཾ་བཛྲ་མཧཱ་གུ་རུ་ས་(༧བ)


GLG022_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུཾ་ཕཊ༔ ཨཱོཾ་བཛྲ་སརྦ་དུཥྚཱན་ཨེ་ཛཿབྷྱོ་ཧཱུཾ་ཕཊ༔ ཧཱུཾ། ཡང་སྤྲུལ་ཁྱུང་ཆེན་བཀའ་སྡོད་ཚོགས༔ བཟླས་བརྗོད་བསྙེན་པའི་མཆོད་པ་བཞེས༔ ཁྲོཾ་ག་རུ་ཌ་ཧཱུཾ་ཕཊ༔ སརྦ་ཌཱ་ཀི་ནཱི་ས་མ་ཡ་ཧྲིཾ་ཧྲིཾ་ཧཱུཾ་ཕཊ༔ ཧཱུཾ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་ཚོགས་མཆོད་འབུལ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་བསྟོད༔ ཉམས་ཆགས་འགལ་འཁྲུལ་ཅི་མཆིས་བཤགས༔ ཨཱོཾ་ཨཱཿཧཱུཾ་མཧཱ་པཉྩ་བ་ལིནྟ་རཀྟ་ཁཱ་ཧི༔ ཞེས་སྟོང་ཚིགས་མཆོད་པ་བྱ་ཞིང་༔ རྟགས་སམ་གྲངས་བསྙེན་བདུན་འབུམ་ཉི་ཁྲི་སྦྱར་ཞིང་བཟླས་སོ༔ ཧཱུཾ། ལྷ་དང་རིགས་འཛིན་མཁའ་འགྲོ་དགོངས༔ འདིར་འདུས་རིགས་འཛིན་བདག་ཅག་རྣམས༔ སྨིན་གྲོལ་གཉིས་ཀྱིས་རྒྱུད་སྦྱང་ཞིང་༔ བསྐྱེད་རྫོགས་གཉིས་ཀྱིས་ལས་གཞུང་བསྲང་༔ བསྙེན་སྒྲུབ་རྣམ་གསུམ་མཐའ་རུ་ཕྱིན༔ ལས་དང་ཐུགས་རྗེ་མཐུན་པ་ཡི༔ ཞི་རྒྱས་དབང་དྲག་ཡིད་བཞིན་གཏེར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུཾ་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཧཱུཾ་ཨ༔ ཧཱུཾ། སྣང་སྲིད་ཐམས་ཅད་གཞལ་ཡས་ཁང་༔ གཟུགས་སྣང་ཐམས་ཅད་ཧེ་རུ་ཀ༔ ཐམས་ཅད་ཐམས་ཅད་བྲན་དུ་འཁོལ༔ ང་ལས་ཆེ་བ་སུ་ཡང་མེད༔ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་བཞེངས༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུཾ་ཧཱུཾ་ཧཱུཾ་བཛྲ་སརྦ་དུཥྚཱན༔ ཨཱོཾ་ཤཱནྟིཾ༔ སྭཱ་པུཥྚིཾ། ཨཱཿཝ་ཤྱཾ། ཧཱ་མཱ་ར་ཡ་ཕཊ༔ སརྦ་སིདྡྷི་ཀུ་རུ་ཧཱུཾ༔ བོད་ཟོར་སརྦ་བཟློག་བྷྱོ༔༼ཐི༽ ༼ཙི༽ཚོགས་ཀྱི་ཡོ་བྱད་བདུད་རྩིས་བསང་ཞིང་༔ ཨཱོཾ་ཨུཙྪུཤྨ་བཻ་ཏཱ་ལཱི་ཀྲོ་དྷ་ནཱི་སརྦ་དྲ་བྱཾ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་སྭཱཧཱ༔ ཧཱུཾ། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་ཀུན་ཐམས་ཅད་སྒྱུ་མར་རིག༔ རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ༔ ཚོགས་ཀྱི་(༨ན)


GLG022_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་བསྲེག་སྦྱང་བཀྲུ༔ རཾ་ཡཾ་ཁཾ༔ ཨཱོཾ་ཨཱཿཧཱུཾ༔ ཧཱུཾ། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་ཚོགས་ལ་གཤེགས༔ དམ་ཚིག་དཀྱིལ་འཁོར་གནས་འདིར་བཞུགས༔ བདག་དང་གུས་པས་ཕྱག་འཚལ་ལོ༔ ཧཱུཾ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ མཛེས་སྙན་དྲི་ཞིམ་རོ་བདའ་ཞིང་༔ རེག་བདེ་གླུ་གར་ཆོས་ཡིད་ཚིམ༔ འདོད་ཡོན་མཆོད་པས་ཐུགས་དམ་བསྐང་༔ ཚོགས་ཕུད་རིམ་པ་གསུམ་སྤྲོས་ཏེ༔ ཧཱུཾ། བླ་མེད་མཆོག་གི་མཆོད་སྦྱར་བས༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ འདོད་ཡོན་ལྷ་མོས་རབ་བརྒྱན་འབུལ༔ དམ་སྐོངས་དབང་དང་དངོས་གྲུབ་སྩོལ༔ ཨཱོཾ་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁ་བྷྱ༔ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ༔ ཧཱུཾ། མ་རིག་བདག་ཅག་ལུས་ངག་སེམས༔ བག་མེད་དམ་འགལ་འབྱོར་ཚོགས་ཆུངས༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ ཐུགས་དང་འགལ་གྱུར་བཟོད་པར་གསོལ༔ ཨ་ཧོ་མཧཱ་སུ་ཁ་ས་མ་ཡ་ཧོ༔༼ཎི༽ཧཱུཾ།༼ནི༽དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཞལ་ཕྱེ་ཞིག༔ བག་ཆགས་ཀུན་སྦྱོང་འཁོར་བའི་ལམ་འགག་ཕྱིར༔ དགྲ་བགེགས་བསྒྲལ་བའི་དུག་གསུམ་ཤ་ཁྲག་རུས༔ ཟ་བྱེད་མི་འགྱུར་ཆོས་ཉིད་ཀློང་དུ་རོལ༔ བཛྲ་ཡཀྵ་ཀྲོ་དྷ་བི་ཛ་ཡེ་ཁཱ་ཧི༔ ཧོ། ཞལ་ཟས་ཚོགས་ཀྱི་མཆོད་པ་འདི༔ འདོད་ཡོན་མ་སྤངས་ལོངས་སྤྱོད་བརྒྱན༔ དངོས་གྲུབ་སྣ་ཚོགས་འདི་ལས་འབྱུང་༔ རྣལ་འབྱོར་དགྱེས་པར་ཚོགས་ལ་རོལ༔ སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཧཱུཾ། སྔོན་ནས་ད་ལྟ་ཡན་ཆད་དུ༔ རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས༔ བསོད་ནམས་དགེ་བའི་ཚོགས་འཁོར་བགྱིས༔ ཚེ་དབང་ལོངས་སྤྱོད་བསྟན་རྒྱས་ཤོག༔ ཧཱུཾ། ཆོས་དབྱིངས་སྐྱེ་མེད་རྣམ་དག་ལས༔ སྐྱེ་བའི་ཆོ་འཕྲུལ་ཞི་ཁྲོའི་ཚོགས༔ འདིར་སྤྱོན་རྒྱན་གྱི་མཆོད་གཏོར་བཞེས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཧཱུཾ། དང་པོ་ཕུད་ཀྱིས་(༨བ)


GLG022_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཆོད་དུ༔ བཀའ་བརྒྱད་ཡོངས་རྫོགས་ལྷ་རྣམས་གཉན༔ བར་དུ་ལྷག་མས་མི་མཆོད་དུ༔ མ་དང་མཁའ་འགྲོ་ལྷག་ལ་དགྱེས༔ ཐ་མ་གཅིག་ཏུ་མི་བསྲེ་རུ༔ ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག༔ ཧཱུཾ། དཔལ་གྱི་བཀའ་ཉན་ལྷག་སྡུག་མ༔ རིགས་བཞི་མཁའ་འགྲོ་ཤུགས་འགྲོར་བཅས༔ དབང་ཕྱུག་ཆེན་མོ་ཉེར་བརྒྱད་དང་༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་རྣམས༔ གནས་བཟང་དེ་ནི་དུར་ཁྲོད་འཛིན༔ གོས་བཟང་དེ་ནི་ཞིང་ཆེན་གྱོན༔ སྐྱོགས་བཟང་དེ་ནི་བྷཉྫ་ཐོགས༔ ཟས་བཟང་དེ་ནི་མཾ་ས་གསོལ༔ སྐྱེམས་བཟང་དེ་ནི་རཀྟ་འཐུང་༔ དམ་ཚིག་བསྲུང་ཞིང་མཁའ་ལ་འགྲོ༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་དཔལ་གྱི་བཀའ་བཞིན་དུ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུཾ། དཔལ་གྱི་བཀའ་ཉན་ལྷག་སྡུག་ནི༔ སྐྱེས་མཆོག་གིང་ཆེན་བཅོ་བརྒྱད་པོ༔ དབུ་ལ་རལ་ཕུར་ཤར་ར་ར༔ ཕྱག་ན་གྲི་ཐོགས་ཟིངས་སེ་ཟིང་༔ གིང་ཕོ་དགུ་ནི་ཤར་ར་ར༔ གིང་མོ་དགུ་ནི་སིལ་ལི་ལི༔ ཐམས་ཅད་རུ་མཚོན་ཆེམས་སེ་ཆེམ༔ དམ་ཚིག་བསྲུང་ཞིང་༝༔ ཟས་སུ་ཤ་དང་ཁྲག་༝༔ ལས་སུ་གསོད་དང་༝༔ ཤ་ཁྲག་གཏོར་མ་༝༔ སྔོན་ཚེ་དཔལ་༝༔ ཅོལ་བའི་༝༔ ཧཱུཾ། དཔལ་གྱི་བཀའ་ཉན་ལྷག་སྡུད་མ་༔ མ་མོ་བདུན་དང་སྲིང་མོ་བཞི༔ འབར་མ་ཆེན་མོ་བརྒྱད་རྣམས་དང་༔ ཕོ་ཉ་དྲུག་ཅུ་རྩ་བཞི་རྣམས༔ མཛེས་པའི་སྐུ་ལ་སྒེག་ཚུལ་ཅན༔ དུར་ཁྲོད་རྒྱན་ཆ་སྤུངས་སེ་སྤུང་༔ རྣལ་འབྱོར་ཀུན་གྱི་དྲོད་མྱུལ་ཞིང་༔ སྒྲུབ་པ་པོ་ཡི་གྲོགས་མཛད་མ༔ དམ་ཚིག་བསྲུང་ཞིང་༝༔ ཟས་སུ་ཤ་༝༔ ལས་སུ་གསོད་༝༔ ཤ་ཁྲག་གཏོར་མ༝༔ སྔོན་ཚེ་དཔལ་༝༔ བཅོལ་བའི་༝༔ ཧཱུཾ། དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ ལངྐ་དུར་ཁྲོད་བདག་མོ་དང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་༔ དུར་ཁྲོད་རྫས་ལ་ལོངས་(༩ན)


GLG022_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཅིང་༔ བསྟན་པའི་དགྲ་བགེགས་གཡེན་པོར་ཆེ༔ དམ་ཚ༝༔ ཟས་སུ་༝༔ ལས་སུ་༝༔ ཤ་ཁྲག་གཏོར་མ་༝༔ སྔོན་ཚེ་དཔལ་༝༔ བཅོལ་བའི་༝༔ ཨཱོཾ་མཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ་དེ་ཝཱི་ཀྲོདྷ་སརྦ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨཱོཾ་ཨཱཿཧཱུཾ་ཨུ་ཙིཏ་བཛྲ་ཨ་དྷཱིཥྛ་ས་མུ་ཀྲཱ་མ་ས་མ་ཡ་ཧཱུཾ་ཕཊ༔ ཧཱུཾ་ཧཱུཾ་ཧཱུཾ༔ ཧྲཱི་ཧྲཱི་ཧྲཱི༔ བྷྱོ་བྷྱོ་བྷྱོ༔ ཨ་ར་ལི་ཛ༔ ཧཱུཾ། སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ༔ འོག་མིན་དགའ་ལྡན་གནས་མཆོག་དམ་པ་རུ༔ བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་ཆེན་པོ་ཡིས༔ སྣང་སྲིད་མ་མོ་དམ་ལ་བཏགས་པའི་ཚེ༔ གཽ་རི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་འཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་ལ་དབུས་མ་ལ༔ བལ་ཡུལ་ཡང་ལེ་ཤོད་ཀྱི་དབེན་གནས་སུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ སློབ་མ་མཁས་པ་བི་མཱ་མི་ཏྲ་ཡིས༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ རྡོ་རྗེ་རིགས་ཀྱི་སྲུང་མ་ཡོངས་འདུས་ནས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ བཀའ་ཡི་༝༔ རྣལ་འབྱོར་ཚེ་༝༔ དེ་འོག་བསྐལ་པ་དུས་ཀྱི་ཐ་མ་ལ༔ བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཏུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ སློབ་མའི་དངས་མ་རྗེ་འབངས་གྲོགས་གསུམ་གྱིས༔ ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ སྒྲུབ་པ་བཀའ་བརྒྱད་དམ་ཅན་ཡོངས་འདུས་ནས༔ སོ་སོའི་གཟུགས༝༔ བཀའ་ཡི༝༔ དེ་འོག་ལྔ་བརྒྱ་(༩བ)


GLG022_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་སྙིགས་མ་ལ༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ༔ སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་དང་༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ཆོས་དབང་གིས༔ གསང་བ་སྒྲུབ་ཆེན་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་ཡིས༔ སོ་སོའི་༝༔ བཀའ་ཡི་༝༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ ཧཱུཾ། མ་ཉེས་དཔང་དུ་དཀོན་ཅོག་བཞུགས༔ དགྲ་བགེགས་མ་གཏོགས་སྐུ་གཟུར་ཞིག༔ བཀའ་བརྒྱད་ལྷ་ཚོགས་དམག་དཔུང་སྐྱེད༔ དགྲ་བགེགས་སྙིང་ལ་གཏོར་ཟོར་རྒྱོབ༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཨེ་ཧུར་ཐུམས་ཛ༔ དགྲ་བགེགས་ནྲྀ་ཏྲི་ཤ་ཏྲཾ་མཱ་ར་ཡ་རྦད༔ ཧཱུཾ། བསྟན་པ་སྐྱོང་མཛད་མ་དང་སྲིང༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་སྟག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤཱནྟིཾ་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པའི༔ བསྟན་མ་བཅུ་གཉིས་གཏོར་མ་ལོང་༔ མི་མཐུན་གནོད་པའི་ཕྱོགས་རྣམས་བཟློག༔ ཨཱོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཁཱ་ཧི༔ མ་མ་ཧྲིཾ་མ་མ་ཧྲིཾ་ཁཱ་ཧི་ཁཱ་ཧི༔ ཧཱུཾ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་འཕྲིན་ལས་རྫོགས་པའི་དཔལ༔ གཏི་མུག་བུདྡྷ་རྡོ་རྗེ་ལ༔ ཞི་བའི་ལྷ་དང་ལྷ་མོས་བསྐོར༔ དངུལ་ལམ་དཀར་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་མོ་ཟླུམ༔ ངོས་ལ་ཞི་བའི་ལྷ་བཀོད་དེ༔ བཏབ་པས་འཇིགས་བརྒྱད་ཞི་བར་འགྱུར༔ ཞི་བར་མ་གྱུར་གང་ཡང་མེད༔ ཞི་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ ཨཱོཾ་ཨཱོཾ་ཨཱོཾ། མི་མཐུན་ཕྱོགས་རྣམས་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ༔ ཧཱུཾ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན༝༔ ང་རྒྱལ་རིན༝༔ རྒྱལ་པའི༝༔ གསེར་རམ་སེར་པོའི་༝༔ མགོ་བོ་རྒྱ་མདུད་རྩེ་ཟུར་བཞི༔ ངོས་ལ་རྒྱས་པའི༝༔ བཏབ་པས་འབྱོར་དྲུག་རྒྱས་པར་འགྱུར༔ རྒྱལ་མཛད་༝༔ སྭཱ་སྭཱ་སྭཱ་ཚེ་དང་བསོད་ནམས་པུཥྚིཾ་ཀུ་རུ་ཡེ་སྭཱཧཱ༔ (༡༠ན)


GLG022_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། སངས་རྒྱས༝༔ ཡོན་ཏན༝༔ འདོད་ཆགས་པདྨ་༝༔ དབང་གི༝༔ ཟངས་སམ་དམར་པོའི༝༔ མགོ་བོ་རྒྱ་མདུད་རྩེ་ཟླ་གམ༔ ངོས་ལ་དབང་༝༔ བཏབ་པས་སྣང་སྲིད་དབང་དུ་འགྱུར༔ དབང་དུ༝༔ དབང་མཛད༝༔ ཧྲཱིཾ་ཿཧྲཱིཾཿཧྲིཾ༔ ལྷ་འདྲེ་མི་གསུམ་ཝ་ཤྱཾ་ཀུ་རུ་ཡེ་སྭཱཧཱ༔ ཧཱུཾ། སངས་རྒྱས༝༔ ཡོན་ཏན༝༔ ཕྲག་དོག་ཀརྨ༝༔ དྲག་པོའི་ལྷ་དང་ལྷ༝༔ ལྕགས་སམ་ནག་པོའི༝༔ མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ༔ ངོས་ལ་དྲག་པོའི་ལྷ་༝༔ བཏགས་པས་དགྲ་བགེགས་བརླག་པར་འགྱུར༔ བརླག་པར་མ་གྱུར་གང་༝༔ རླག་མཛད་ལྷ་ལ༝༔ ཧཱ་ཧཱ་ཧཱ༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་༼པི༽ཧཱུཾ་ཕཊ༔ ༼བྷི༽ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ༔ ཞེས་སོགས་༼མི༽བརྗོད༔ ཧཱུཾ། ༼ཤི༽དང་པོ་ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགྲོ་དོན་སྐྱེ་བའི་ཆོ་འཕྲུལ་ཚོམ་བུ་དགུར༔ ཞི་ཁྲོ་ཡོངས་རྫོགས་འགྲོ་བ་ཀུན་བཏུལ་ནས༔ སླར་ཡང་ཆོས་དབྱིངས་རྣམ་དག་ཀློང་དུ་བསྡུ༔ ཨཱོཾ་ཨཱཿཧཱུཾ་བཛྲ་མུ༔ ཨི་ཨཱི༔ ཨུ་ཨཱུ།རྀ་རཱྀ། ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨཿ ཀ་ཁ་ག་གྷ་ང་༔ ཙ་ཚ་ཛ་ཛྙ་ཉ༔ ཊ་ཋ་ཌ་ཌྷ་ན༔ ཏ་ཐ་ད་དྷ་ནཿ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཡི་གེ་བརྒྱ་པ་བརྗོད༔ ༼ལྦི༽ ཧཱུཾ། ༼སི༽ངར་འཛིན་རྣམ་དག་སྒྱུ་ལུས་འཇའ་འདྲ་འདི༔ དཔལ་ཆེན་སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་སྟེ༔ བདེན་པ་དབྱེར་མེད་ལྟ་སྤྱོད་ཟུང་འབྲེལ་བས༔ རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱའོ༔ ཨཱོཾ་ཨཱཿཧཱུཾ་བཛྲ་ཧྲཱི༔ ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐུ་བྱིན་གྱིས༔ བདག་གཞན་འགྲོ་བ་མ་ལུས་ཐམས་ཅད་ཀུན༔ ཞི་རྒྱས་དབང་དྲག་འཕྲིན་ལས་མངའ་བརྙེས་ཤིང་༔ སྐུ་གསུམ་ལྷུན་གྲུབ་འགྲོ་དོན་མཐར་ཕྱིན་ཤོག༔ ཞི་ཁྲོ་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་ཆེན་ལས་གཞུང་སྲོང་བའི་ཆོག་ཁྲིགས༔ ཨྱོན་པདྨ་ཐོད་འཕྲེང་རྩལ་བདག་གི་ཕྱག་བཞེས༔ ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་༔ གནུབས(༡༠བ)


GLG022_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་སྙིང་པོ་དང་། མཁར་ཆེན་བཟའ་འཚོ་རྒྱལ་གསུམ་ལ་ཟབ་པར་གདམས་པའོ༔ ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་ཆེན་ལས་གཞུང་སྲོང་བའི་རིམ་པ་རྫོགས་སོ༔ ༈ ༔ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ བྲག་གནམ་སྐས་ཅན་ནས༔ གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གཏེར་ནས་བཏོན་པའོ༔ དྭགས་སྟོན་གྱི་པར་ནས་བཤུས་པའོ༔ བཀྲ་ཤིས།། །།

བཀའ་བརྒྱད་ཡོངས་རྫོགས་ཀྱི་ཞི་བའི་སྦྱིན་སྲེག་རིགས་འཛིན་ཀུནྡའི་འདོད་འཇོ།


GLG022_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཡོངས་རྫོགས་ཀྱི་ཞི་བའི་སྦྱིན་སྲེག་རིགས་འཛིན་ཀུནྡའི་འདོད་འཇོ་བཞུགས་སོ། །


GLG022_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཀུན་འདུས་རིགས་འཛིན་ཐོད་འཕྲེང་རྩལ། །དབྱེར་མེད་ཟུར་ཆེན་ཆོས་དབྱིངས་རང་གྲོལ་དང་། ཁྱབ་བདག་ཉང་སྟོན་བློ་མཆོག་རྡོ་རྗེའི་དཔལ། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་བཞུགས། །བདེ་གཤེགས་མ་ལུས་འདུས་པ་འོ་མའི་མཚོའི། །སྙིང་པོ་མར་གྱི་ཉིང་ཁུ་ཡོངས་རྫོགས་ཞེས། །གནམ་སྐས་ཀླུ་བདུད་ལྟོ་བའི་ཟབ་གཏེར་གྱི། །བསྐྱེད་རྫོགས་རྫོགས་ཆེན་རྣལ་འབྱོར་རྙེད་དཀའི་ལམ། །གང་དེའི་འཕྲིན་ལས་ཆུ་གཏེར་ལས་འོངས་པ། །ཞི་བའི་སྦྱིན་སྲེག་རི་དྭགས་མཚན་མ་ཅན། །རྣམ་དཔྱོད་ཤར་གྱི་རི་དབང་ལས་ཐོན་ནས། །ཉེས་བརྒྱའི་སྨག་རུམ་སེལ་འདིར་སྤྲོ་དགའ་བྱོས། །དེ་ལ་འདིར་ཨྱོན་གྱི་མཁན་པོ་པདྨཱ་ཀ་རའི་ཐུགས་ཀྱི་ཉིང་ཁུ་ཞི་ཁྲོ་ཡོངས་རྫོགས་ཀྱི་འཕྲིན་ལས་ཇི་སྙེད་པའི་ནང་ནས་བསྲེག་པའི་སྦྱོར་བ་ནི། རྒྱུད་གསང་བ་འདུས་པ་ལས། མེ་ཡི་ལས་ཀུན་མྱུར་དུ་འགྲུབ༔ ཅེས་དང་། བདེ་འདུས་ཞི་བའི་སྦྱིན་སྲེག་གི་རྩ་བ་ལས། སྡིག་པ་ཞི་དང་བསོད་ནམས་འཕེལ༔ སྒྲུབ་པ་པོ་ལ་ཕན་གདགས་དང་༔ སྔགས་ཀྱི་ལས་རྣམས་བསྒྲུབ་བྱའི་ཕྱིར༔ སྦྱིན་སྲེག་ཆོ་ག་བཤད་པར་བྱ༔ ཞེས་ལས་བཞི་མཐའ་དག་རྫས་སྔགས་ཏིང་འཛིན་གྱི་ཁ་བསྒྱུར་ལ་བརྟེན་ནས་གང་འདོད་དུ་བསྒྲུབས་(༢ན)


GLG022_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་པའི་ཕན་ཡོན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ཞིང་། དེ་རྣམས་ཀྱི་ནང་ནས་ཞི་བའི་སྦྱིན་སྲེག་གི་རིམ་པ་ཉམས་སུ་བསྟར་བ་ལ། ཞི་བའི་འཕྲིན་ལས་སྒྲུབ་པ་ལ་ཤིས་པའི་གཟའ་སྐར་ཚེས་གྲངས་དུས་སྦྱོར་སོགས་དང་བསྟུན། བདེ་འདུས་སྲེག་ལས། ཤར་དུ་ཁ་ལྟས་འབྱུང་པོ་ལ༔ ཡིད་དང་མཐུན་པའི་གཏོར་མ་སྦྱིན༔ ཧཱུཾ་གི་སྔགས་ཀྱིས་སྦྱང་བར་བྱ༔ ཞེས་དང་། ཕྱོགས་སྐྱོང་ས་ཡི་ལྷ་མོ་དང་༔ ས་བདག་སོགས་ལ་མཆོད་པ་བྱ༔ ཞེས་འབྱུང་བ་ལྟར། སྔོན་ཆད་མ་དུལ་བའི་ས་ཡིན་ན། སྒྲུབ་ཆེན་སོགས་ལས་འབྱུང་བ་ལྟར་ས་ཆོག་བྱ། གནས་ཁང་རྙིང་པ་སྔོན་ནས་ལོངས་སྤྱོད་བཞིན་པར་སྤྲོས་པ་རྒྱས་པར་བྱེད་པ་ཕུན་སུམ་ཚོགས་པའི་ཡན་ལག་དང་། མི་སྤྲོ་ནའང་ཆད་ལྷག་ཏུ་མི་འགྱུར་ཞིང་། གཞི་བགེགས་ལ་བཀའ་བསྒོ་བ་དང་། སྡེ་བརྒྱད་ཆ་སྙོམས་པའི་གསེར་སྐྱེམས་བྱ། སྒྲུབ་པ་སོགས་དང་འབྲེལ་བའི་མཐོ་མ་བཀྲོལ་བའི་ནང་དུ་བྱེད་ན་དེ་དག་གང་ཡང་མི་དགོས་སོ། །དེ་ཡང་གནས་ཁང་དུ་ཕྱག་བདར་བྱ། ཤིན་ཏུ་གཙང་ཞིང་བཀྲ་ཤིས་པའི་ས་ལ་སྟེགས་བུ་བརྩིགས། སྟེང་དུ་ཐིག་ཆེན་བརྒྱད་བཏབ། རྒྱར་ལྟེ་བ་ནས་མཐོ་གང་བསྐོར་བའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་། (༢བ)


GLG022_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་གྲི་གུག །རྩེ་གསུམ། བེ་ཅོན། དབྱུག་ཏོ། རལ་གྲི། ཐོ་བ། ཕུར་པ། ལྕགས་ཀྱུ་རྣམས་རིམ་བཞིན་འདྲི་བའམ། བསྡུ་ན་ཚོམ་བུ་འགོད། ལྟེ་བའི་མུ་ཁྱུད་ནས་སོར་བཞིའི་ཚད་ཀྱི་ཟླུམ་པོར་ལན་གཉིས་སུ་བསྐོར་བའི་ཁ་ཁྱེར་ལ་པད་འདབ་བཅུ་དྲུག །ལྟེ་བའི་པདྨའི་མུ་ཁྱུད་དང་། མུ་རན་ལ་རྡོ་རྗེའི་འཕྲེང་བ། ཕྱིའི་ཟུར་བཞིར་ཟླ་ཕྱེད་ལ་གནས་པའི་རྡོ་རྗེ་ཕྱེད་པ་འདྲི་དེའི་སྟེང་དུ་བུད་ཤིང་ནི་གསང་རྫོགས་ཀྱི་ལས་བཞིའི་སྦྱིན་སྲེག་ལས། བྱང་ཆུབ་སྐྱེར་ལྡེང་དུག་ཤིང་སོགས༔ ལས་མཐུན་ཤིང་བརྩིགས་བསྲེག་པའི་རྫས༔ ཞེས་པ་ལྟར་བྱང་ཆུབ་ཀྱི་ཤིང་། ཙནྡན་དཀར་པོ། འོ་མ་ཅན་གྱི་ཤིང་གི་རིགས་གང་རུང་ངམ། བཟོ་དབྱིབས་བདེ་བར་བྱེད་ན་འབྲོག་དགོན་པའི་ལྕི་བ་སྐམ་པོ་སྲོག་ཆགས་མེད་པ་ལྟ་བུ་ལས་གྲུབ་པའི་ཐབ་ཟླུམ་པོ་རྒྱར་ཁྲུ་གང་པ་དཔངས་སུ་དེའི་ཕྱེད་པ་ཅན་བརྩིགས་པ་ལ། ཙནྡན་དཀར་པོའི་ཆུའམ། མ་རྙེད་ན་འབྲས་དཀར་རམ་ས་དཀར་འབྱུག །ཤར་ལྷོ་མཚམས་སུ་མེའི་ཚང་བཅའ་ཞིང་ཏིང་ལོ་གཞུག །ཐབ་དང་སྒྲུབ་པ་པོའི་བར་དུ་མེ་ཡོལ་གངས་རི་དང་ས་བོན་སོགས་ཕྱོགས་མ་ལོག་པར་བྲིས། ཐབ་ཀྱི་རྒྱུར་བཤད་པ་དང་བལ་བུ་དཀར་པོ་གང་བརྙེད་གས་ཆག་མེད་ཅིང་རུལ་བ་དང་སྲིན་འབུས་ཟོས་པ་མིན་པའི་ཡམ་ཤིང་སྲིད་དུ་སོར་བཅུ་གཉིས། སྦོམས་སུ་མཐེའུ་ཆུང་དང་མཉམ་པ་མར་དང་འོ་མ་དང་སྦྲང་རྩིས་རྩ་རྩེ་གཉིས་སྤགས་ཤིང་། བདུད་རྩི་དང་ཙནྡན་དཀར་པོའི་ཆུས་བྱུགས་པ། རང་མདོག་ཅན་གྱི་མར་ཁུ་སོགས་རྫས་ཆེན་བཅུ་གཉིས་རང་རྫས་ཀྱིས་སྦགས་ཤིང་། འབྲས་དཀར་རླངས་བཙོས་རྫས་སྣ་བརྒྱད་དང་ལྡན་པའི་ཟས་མཆོག །ཁྱད་པར་གྱི་རྫས། འབྲུ་སྣ་ལྔ། ཏིལ་དཀར། དཀར་གསུམ། བིལ་ཝ། སྤང་རྒྱན། མེ་ཏོག་དཀར་པོ། སི་ལ། ག་པུར། (༣ན)


GLG022_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མར་དཀར། འདོད་གསོལ་བྲིས་པའི་ཤིང་བྱང་རྣམས་དམ་རྫས་ལྔས་སྦགས་པའི་ཤིང་བྱང་མ་གཏོགས་པ་རྣམས་སོ་སོར་བཤམ་པའམ་རིལ་བུར་དྲིལ་བ་སྐབས་དང་སྦྱར་བའི་རྫས་རྣམས། ཉ་ཕྱིས། དུང་ཕོར། རིན་པོ་ཆེ། ཁམས་དཀར་པོའི་སྣོད་དུ་འདས་ལྷ་ལ་མང་བ་དང་འཇིག་རྟེན་པར་ཉུང་བ་བྱས་ཏེ་གཡས་སུ་ལས་མཐུན་གྱི་སྟན་ལ་གོ་རིམ་མ་འཁྲུགས་པར་དགོད། རང་རྫས་དང་ལྡན་པའི་འདས་མ་འདས་ཀྱི་གཏོར་མ། མཆོད་ཡོན་སྔོན་དུ་འགྲོ་བའི་ཕྱིའི་ཉེར་སྤྱོད་དང་ནང་གི་ཉེར་སྤྱོད་ཚར་གཉིས་རེ་གཡོན་དུ་བསྒྲིག །མདུན་དུ། དུང་ཆོས། མེ་ཏོག །ཐོད་རྔ་། རྡོ་རྗེ། དགང་བླུགས་ཁ་སྦྱར། དྲིལ་བུ། སྨན་རཀ །ཀུ་ཤ་བརྒྱད། དཔལ་འབར། རླུང་གཡབ་རི་མོ་ཅན། སོ་རྩི། གོས་ཟུངས་སོགས་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་བཀོད། དེ་ནས་སྒྲུབ་པ་པོ་ཞི་བའི་གར་ཆས་སམ། མ་འབྱོར་ན་འཁོར་ལོས་མཚན་པའི་རྒྱན་ཆས་དཀར་པོ་གྱོན། སྟན་དཀར་ཟླུམ་པོ་ནང་ཚངས་ཅན་སོགས་ཀྱི་སྟེང་དུ་པདྨའི་འདུག་སྟངས་ཀྱིས་ཁ་ཤར་དུ་ཕྱོགས་ཤིང་སྨྲ་བ་བཅད་དེ་སྔོན་དུ་ལས་བྱང་མ་གྲུབ་ན་གཞུང་བསྲང་བ་ནས་ཚོགས་ལས་ཀྱི་བར་བྱ། རྡོར་དྲིལ་བཅངས་ཏེ་ད་ཉིད་དང་རྔ་བྱིན་རླབས་ལྷན་ཐབས་ལྟར་དང་། གཟར་བུ་གཉིས་བརླབ་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཁྲོས་ཡེ་ཤེས་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། བྱིན་རླབས་རྣམས་འོད་ཟེར་གྱི་ཚུལ་དུ་བཀུག་ནས་གཟར་བུ་གཉིས་ལ་ཐིམ་སྟེ་ཞུ་བ་ལས་ཧཱུཾ་ལས་བླུགས་གཟར་རྡོ་རྗེ་དང་། ཨ་ལས་དགང་གཟར་དྲིལ་བུའི་རྣམ་པ་ཅན་ཡོངས་སུ་གྱུར་པ་ལས་ཆེ་མཆོག་ཧེ་རུ་ཀ་མཐིང་ནག་རྡོར་དྲིལ་འཛིན་པ་དང་། གནམ་ཞལ་སྔོན་མོ་ཁཊྭཱཾ་དུང་དམར་འཛིན་པ་སྙོམས་པར་ཞུགས་པའི་རྐྱེན་གྱིས་འོད་དུ་ཞུ་ནས་བླུགས་གཟར་དང་དགང་གཟར་གྱི་རྣམ་པར་བསམ། སུམྦྷ་བརྗོད་ཅིང་(༣བ)


GLG022_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་དང་གནས་རྫས་ཐམས་ཅད་ལ་ཡུངས་ཀར་གཏོར། གུ་གུལ་གྱིས་བདུག །གསང་ཆུ་ནི། དྲི་བཟང་གིས་གང་བའི་དུང་ཆོས་ལ་དམིགས་ཏེ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཆུའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་ལྟེ་བར་ཨ་དཀར་པོ་གསལ་ལ་འཚེར་བ། དེ་ལས་འོད་འཕྲོས། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་བདུད་རྩིའི་རྣམ་པར་བཀུག་སྟེ་ཨ་ལ་ཐིམ། དེ་ཞུ་ནས་ཆུ་དང་རོ་གཅིག་ཏུ་གྱུར་པས་མ་དག་པའི་དྲི་མ་རྣམས་སྦྱོང་བའི་ནུས་པ་དང་ལྡན་པར་བསམ། ཨཱོཾ་ཤོ་དྷ་ནི་ཤོ་དྷ་ན་ཡེ་སྭཱཧཱ། ཞེས་བཟླ་ཞིང་བྱིན་གྱིས་བརླབ། གཏོར་མ་བརླབ་པ་ནི། ཨཱོཾ་ཀྲོ་ཏི་ཤྭ་རི་སརྦ་དྲ་བྱཾ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་སྭཱཧཱ་ཨཱོཾ་ཨཱཿཧཱུཾ་གིས་བསངས། གཏོར་མའི་སྣོད་བཅུད་ཅེས་པ་ནས་གུ་ཧྱ་ས་མ་ཡ་སྭཱཧཱའི་བར་བྱ། མཆོད་པ་བརླབ་པ་ནི། གཡས་སྐོར་གྱིས་བསང་ཆུ་དང་སྨན་ཕུད་ནས་ཀྱང་གཏོར། ཨ་མྲྀ་ཏ་དང་ཨཱོཾ་ཀྲོ་ཏི་ཤྭ་རི་སརྦ་དྲ་བྱཾ་སོགས་ཀྱིས་བསངས། བདག་གི་ཐུགས་ཀའི་ཧཱུཾ་ལས་རཾ་ཡཾ་ཁཾ་ཞེས་པ་ནས་སརྦ་པཱ་ཛ་མེ་གྷ་ཧཱུཾ་གི་བར་བརྗོད། སྲེག་རྫས་བརླབ་པ་ནི། གོང་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་སྲེག་རྫས་རྣམས་དངས་ཤིང་ཐོགས་པ་མེད་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་ཤིང་རང་རང་གི་ཞི་བའི་ལས་རབ་འབྱམས་མ་ལུས་པ་སྒྲུབ་པའི་ནུས་པ་དང་ལྡན་པར་མོས་ལ་ཕྱག་རྒྱ་དང་བཅས་ཏེ། ཨཱོཾ་ཨཱོཾ་སྭཱཧཱས་རྫས་རྣམས་བཀྲུ། ཨཱོཾ་ཨཱཿསྭཱ་ཧཱས་ཡམ་ཤིང་། ཨཱོཾ་ཤྲཱིཾ་སྭཱཧཱས་མར། ཨཱོཾ་ཛྲིཾ་སྭཱཧཱས་འབྲུ། ཨཱོཾ་ཀུ་རུ་ཀུ་རུ་སྭཱཧཱས་རྫས་གཞན་རྣམས་བརླབ། ཨཱོཾ་ཨཱཿཧཱུཾ་འཇིགས་པ་བརྒྱད་ལ་སོགས་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱཿཞེས་ནུས་ལྡན་གྱི་བདུད་རྩིར་བསམ་མོ། །མེ་སྒྲུབ་པ་ནི། (༤ན)


GLG022_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཐབ་ཀྱི་དབུས་སུ་རཾ་དཀར་པོ། །དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་མེ་འབར་བར་བསམས་ལ། ལས་སྔགས་བརྗོད་ཅིང་། གཞུང་ནས་འབྱུང་བའི་མེ་ལས་སྦར་བའི་ལྕེ་ལྡེ་ཐལ་མོ་སྦྱར་བའི་བར་དུ་བཟུང་ནས་ལན་གསུམ་བསྐོར་བ་དང་ལྷན་ཅིག་པར་དྲག་སྔགས་སོ་ལྔ་པ་ལན་གསུམ་བཟླ་ཞིང་ཏིང་ལོ་སྦར་བ་དང་བཅས་ཨཱོཾ་ཛྭ་ལ་རཾ་ཛྭ་ལ་རཾ་ཧཱུཾ་ཧཱུཾ་ཕཊ༔ ཅེས་བརྗོད་ཅིང་རྩྭ་ཅུང་ཟད་བཅུག །བཤད་མ་ཐག་པའི་སྔགས་དང་བཅས་བླུགས་གཟར་གསུམ་གྱིས་མེ་གསོ་ཞིང་། རླུང་གཡབ་ཅུང་ཟད་གཡོབ། མེ་པྲ་ངན་པ་བྱུང་ན་བཟློག་ཐབས་བྱ། ཐབ་སྔར་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ལས་བྱུང་བའི་ཞི་བའི་ཐབ་ཁུང་ཟླུམ་པོ་ཁ་ཁྱེར་ལ་པད་འདབ་དང་མུ་རན་ལ་རྡོ་རྗེའི་འཕྲེང་བས་ཟླུམ་པོར་བསྐོར་བ། ཕྱི་རོལ་གྱི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དངས་ཤིང་ཐོགས་པ་མེད་པ་པཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་གྱི་རང་བཞིན་དུ་གྱུར་པ་མེ་འབར་བའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རྡོ་རྗེའི་འཕྲེང་བས་བསྐོར་བའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་འོད་འཕྲོས་འདུས་ཏེ་གུནྡྷི་གཅིག་ཏུ་གྱུར་པ་འོད་དུ་ཞུ་བ་ལས་མེ་ལྷ་སཱ་བ་ཀ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་གསུས་པ་ཆེ་བ། རལ་པའི་ཐོར་ཚུགས་བཅིངས་པའི་ཅོད་པན་ལ་རྣམ་པར་སྣང་མཛད་བཞུགས་པ། སྨ་རའི་ཨག་ཚོམ་དང་ཚངས་པའི་སྐུད་པ་འཕྱང་བ། ཕྱག་དང་པོ་གཉིས་རང་འདྲའི་ཤེས་རབ་མ་ལ་འཁྱུད་ཅིང་། བར་པ་གཉིས་གུནྡྷི་དང་དབྱུ་གུ། ཐ་མ་གཉིས་སྐྱབས་སྦྱིན་དང་བགྲང་འཕྲེང་བསྣམས་པ། རིན་པོ་ཆེ་དཀར་པོའི་རྒྱན་དང་དར་དཀར་གྱི་ན་བཟའ་གསོལ་བ། རྭ་སྐྱེས་དཀར་པོའི་སྟེང་ན་ཕྱེད་སྐྱིལ་གྱིས་བཞུགས་པ། སྐུའི་བ་སྤུའི་བུ་ག་ནས་བདུད་རྩིའི་ཆུ་རྒྱུན་འབབ་ཅིང་(༤བ)


GLG022_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དཀར་པོ་འཕྲོ་བ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བའི་དཔྲལ་བར་ཨཱོཾ། མགྲིན་པར་ཨཱཿ ཐུངས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས་རི་རབ་ཀྱི་མེ་མཚམས་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿརྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ་ཞིང་། རྩེ་གསུམ་གྱི་ཕྱག་རྒྱས་གཡབས་ཏེ། ཧཱུཾ། དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་དྲང་སྲོང་མཆོག༔ རང་གི་དམ་ཚིག་ཚུལ་བཞིན་དུ༔ འབར་བའི་ནང་དུ་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་ཨགྣ་ཡེ་དེ་བ་ས་མ་ཡ་ཧོཿས་མ་ཡ་སྟྭཾ། ཞེས་དམ་ཚིག་པ་ལ་ཡེ་ཤེས་པ་བསྟིམ། གཟི་བརྗིད་འབར་བ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་སྒྲུབ་མཛད་ཅིང་༔ ཐུགས་རྗེ་ཞི་བའི་དོན་མཛད་པ༔ འབར་བའི་ནང་འདིར་བཞུགས་སུ་གསོལ༔ ཨཱོཾ་ཨགྣ་ཡེ་དེ་ཝ་པདྨ་ཀ་མ་ལ་ས་མ་ཡ་སྟྭཾ༔ ཞེས་གདན་འབུལ། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ཞི་བའི་དོན་ལ་དམ་ཚིག་དགོངས༔ གཟི་བརྗིད་ཆེ་ཞིང་ཐུགས་རྗེར་ལྡན༔ བདག་ཅག་གུས་པས་ཁྱོད་ཕྱག་འཚལ༔ ཨཱོཾ་ཨགྣ་ཡེ་དེ་བ་ཨ་ཏི་བུ་ཧོ་པྲ་ཏི་ཛ་ཧོ༔ ཞེས་ཕྱག་བྱ། ཧཱུཾ། རང་གི་སྙིང་ག་ནས་འཕྲོས་འོད་ཟེར་གྱིས། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ གསོལ་བ་བཏབ་པས་བྱང་ཆུབ་སེམས་ཀྱི་ཆུས། །གང་བའི་བུམ་པ་ཐོགས་པའི་ལྷ་མོའི་ཚོགས། །དཔག་མེད་ཐུགས་ལས་སྤྲོས་ཏེ་ནམ་མཁར་བྱོན། །བཀྲ་ཤིས་གླུ་ལེན་ཁྲུས་གསོལ་དབང་བསྐུར་གྱུར། ཧཱུཾ། ཨགྣིའི་སྐུ་ལ་ཉོན་མོངས་མི་མངའ་ཡང་༔ བདག་གི་མི་མཐུན་ཕྱོགས་རྣམས་སྦྱང་སླད་དུ༔ སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས༔ མི་གཙང་སྐྱོན་གྱི་དྲི་མ་དག་གྱུར་ཅིག༔ ཨཱོཾ་བཛྲ་ཨགྣ་ཡེ་དེ་ཝ་པྲ་ཝ་ར་སཏྐ་རཾ་པྲ་ཏི་བྷྱཿསྭཱཧཱ། ཞེས་དྲི་བཟང་གི་ཆུས་བཟེད་ཞལ་དུ་མེ་ལོང་ལ་སྐུ་ཁྲུས་གསོལ། སླར་ཡང་ལྷ་མོ་རྣམས་ཀྱིས་ལེགས་ཐོགས་པའི། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན་(༥ན)


GLG022_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། །ཅེས་རྒྱན་དབུལ། ཧཱུཾ། ལོ་ཀ་འདི་དང་གཞན་དག་ན༔ ཨརྒྷཾ་ཇི་སྙེད་ཡོད་པ་ཀུན༔ ཨགྣིའི་སྐུ་ལ་མཆོད་པར་འབུལ༔ ཞི་བའི་དོན་དུ་བཞེས་སུ་གསོལ༔ ཨཱོཾ་ཨགྣ་ཡེ་དེ་ཝ་ཨ་ཧ་ར་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ། ཧཱུཾ། ལོ་ཀ༝། །བདུག་སྤོས་༝། །ཨགྣིའི་ཤངས་༝། །ཞི་བའི་དོན་༝། །ཨཱོཾ་ཨགྣ་ཡེ་དེ་བ་ཨ་ཧ་ར་དྷཱུ་པེ་༝། །ཐོག་མཐའི་ཚིག་རྐང་གཉིས་པོ་གོང་ལྟར་ལ་བདུག་སྤོས་ཀྱི་གནས་སུ་མེ་ཏོག །སྣང་གསལ། དྲི་ཆབ། ཞལ་ཟས། སིལ་སྙན་དང་། ཤངས་ཀྱི་ཚབ་ཏུ་དབུ། སྤྱན། ཐུགས། ཞལ། སྙན། དྷཱུ་པེའི་གནས་སུ་པུཥྤེ། ཨཱ་ལོ་ཀེ །གནྡྷེ། ནཻ་བི་ཏྱེ། ཤབྟ་རྣམས་བཅུག་སྟེ་འབུལ། ཧཱུཾ། ཏིང་འཛིན་དབང་སྒྱུར་ཞལ་ཟས་བདུད་རྩི་ལྔ༔ དྲང་སྲོང་ཆེན་པོས་སྔོན་ཆད་མ་བསྟར་བའི༔ དག་ཅིང་གཙང་མར་སྦྱར་བ་འབུལ་ལགས་ཀྱི༔ ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ༔ ཨཱོཾ་བཛྲ་ཀྲོ་ཏ་ཨགྣ་ཡེ་དེ་བ་པཱུ་ཛ་ཁཱ་ཧཱི༔ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧཱི༔ མཧཱ་བ་ལིཾ་ཏ་ཁཱ་ཧཱི༔ མ་ཧཱ་རཀྟ་ཁཱ་ཧཱི༔ ཞེས་ཕྱི་ནང་གི་མཆོད་པ་བྱ། ཧཱུཾ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་མི་ཟད་ནམ་མཁའ་མཛོད། །ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཨཱོཾ་བཛྲ་ཀྲོ་ཏ་ཨགྣ་ཡེ་ག་ན་ཙཀྲ་པཱུ་ཛ་ཁཱ་ཧིས་ཚོགས་ནས་ཀྱང་འབུལ། ཧཱུཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་གསལ་མཛད་པའི༔ ཞི་བའི་དོན་གྲུབ་པ་ལ་ཞུགས༔ འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད༔ ཅེས་བསྟོད། བདེ་འདུས་ཞི་བའི་སྦྱིན་སྲེག་རྩ་བ་ལས། ཐབས་ཀྱི་ཁོ་ར་ཁོར་ཡུག་ཏུ༔ ཀུ་ཤའི་རྩེ་མོ་ཕྱིར་ལ་བསྟན༔ ཞེས་པ་ལྟར། ཀུ་ཤའི་ཆུན་པོ་བརྒྱད་པོ་གཡོན་དུ་བཟུང་། སྔར་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་དང་ས་(༥བ)


GLG022_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཐོགས་པ་མེད་པ་ཞི་བའི་ལས་རབ་འབྱམས་སྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱིས་དག་བྱེད་དེ། །ཚངས་པ་ཡིས་ཀྱང་དག་བྱེད་ཡིན། །འདི་ཡིས་བདག་ལ་བགེགས་མེད་ཅིང་། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བཛྲ་སཏྭ་ཨ། ཞེས་ཀུ་ཤ་རྣམས་རྩེ་མོ་ཆོས་སྐོར་དུ་བསྟན་ཏེ་ཕྱི་མའི་རྩ་བས་སྔ་མའི་རྩེ་ནོན་པར་དགྲམ། བྱོན་ཟན་འབུལ་བ་ནི། མེ་ལྷའི་ཞལ་འཛུམ་ཞིང་ཅུང་ཟད་གདངས་པའི་ལྕེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་དང་། དགང་བླུགས་ཀྱི་རྩེ་ཁ་རཾ་ཡིག་གིས་མཚན་པར་མོས་ནས། ཨཱོཾ་ཨགྣེ་ཡེ་སྭཱཧཱ། བརྗོད་ཅིང་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་ལག་གཉིས་པུས་མོའི་ཁོང་ལས་མི་འདའ་བས་རྡོ་རྗེ་ཁུ་ཚུར་རམ་བྱང་ཆུབ་མཆོག་གི་ཕྱག་རྒྱས་གཟར་བུ་གཉིས་ཁ་སྦྱར་ཏེ་གཡས་སུ་སྐོར་ཞིང་། ཨཱོཾ་ཨགྣ་ཡེ་དེ་ཝ་ན་མཿས་མནྟ་བུདྡྷཱ་ནཾ་པུརྦ་ཧྲིཿཥྚྲཱི་མནྟྲ་ཨཱོཾ་ཨཱཿཧཱུཾ། བདག་ཅག་གི་ཏིང་འཛིན་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་ལན་གསུམ་གྱིས་འབུལ། སྐབས་འདིར་ཡང་མེ་པྲ་བརྟག་ཅིང་ངན་ན་སྲུང་བ་བྱེད། ཧཱུཾ། མེ་ལྷའི་ཐུགས་ནས་འོད་འཕྲོས་པས། །བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་སོགས། །མི་མཐུན་ཕྱོགས་ཀུན་དུད་ཁུ་དང་། །རྣག་ཁྲག་སྲོག་ཆགས་གཟུགས་བརྙན་ཚུལ། །བ་སྤུའི་བུ་ག་ཐམས་ཅད་ནས། །ཕྱིར་ཐོན་སྲེག་རྫས་རྣམས་ལ་ཐིམ། །ཞེས་བརྗོད་ཅིང་། དེ་ནས། ཧཱུཾ། ཨགྣི་དེ་བ་མེ་ཡི་ལྷ༔ འདོད་པའི་དོན་རྣམས་རབ་སྒྲུབ་ཅིང་༔ ཐུགས་རྗེས་ཞི་བའི་ལས་མཛད་པ༔ སྦྱིན་སྲེག་མཆོད་པ་བཞེས་སུ་གསོལ༔ ཚེ་དཔལ་བསོད་ནམས་སྟོབས་འབྱོར་དང་། །ལུང་རྟོགས་ཆོས་སྲིད་ལེགས་ཚོགས་ལ། །བར་དུ་གཅོད་པའི་གདོན་བགེགས་དགྲ། །གཏད་སེལ་མནན་དབྱེ་རྦོད་(༦ན)


GLG022_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བྱད། དབུལ་ཕོངས་ནད་རིམས་དུས་མིན་འཆི། །སྡིག་སྒྲིབ་ཉེས་ལྟུང་ཇི་སྙེད་པ། །མ་ལུས་བྱང་ཞིང་དག་འགྱུར་བའི། །ཞི་བའི་འཕྲིན་ལས་དུས་ལ་བབ། །ཅེས་བརྗོད་དེ། མར་ཁུ་ནི། ཨཱོཾ་ཨགྣ་ཡེ་དེ་ཝ་ན་མཿས་མནྟ་བུདྡྷཱ་ནཾ་པུ་རྦ་ཧྲིཿཥྚྲཱི་མནྟྲ་ཨཱོཾ་ཨཱཿཧཱུཾ། བདག་ཅག་གིས་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་སོགས་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་པ་ཐོག་མཐའ་གཉིས་སུ་ཇི་ལྟར་འོས་པ་དང་རྫས་སྔགས་རྐྱང་པས་བདུན་ནམ་ཉེར་གཅིག་སོགས་མང་ཉུང་སྐབས་དང་བསྟུན་ཏེ་འབུལ། བསྙེན་པ་ཁ་སྐོང་གི་སྤེལ་ཚིག་དོད་ལ་ལས་གཞན་གྱིས་ཁ་བསྒྱུར་གང་དགོས་ཞལ་ཤེས་ལྟར་བྱ། སྲེག་རྫས་ཀྱི་སྣོད་ལག་པ་གཡོན་པས་བཟུང་། གཡས་པའི་མཐེབ་སྲིན་གྱིས་བླངས་ཏེ་འོག་ནས་སྐོར་ཞིང་མཆོག་སྦྱིན་གྱི་ཕྱག་རྒྱས་ཡམ་ཤིང་ནི་སྔགས་རིང་གོང་ལྟར་ལ། ཨཱོཾ་བཛྲ་ཡཱ་ཛྙཱ་ཡ། འབྱོར་པའི་གནས་སུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་ཞེས་འཇུག་དགོས་པ་ཀུན་ལ་རིག་པས་དཔག །སོ་བ་ནི། ཨོཾ་བཛྲ་བི་ཛཱ་ཡ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ། སྲན་མ་ནི། ཨཱོཾ་བཛྲ་མཧཱ་བ་ལཱ་ཡ། སྟོབས་ཕུན་སུམ་ཚོགས་པ་ལ། ཏིལ་མི། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ། དགེ་བ་ཕུན་སུམ་ཚོགས་པ་ལ། འབྲས་ནི། ཨཱོཾ་བཛྲ་པུཥྚ་ཡེ། བསོད་ནམས་ཕུན་སུམ་ཚོགས་པ་ལ། ནས་ནི། ཨཱོཾ་བཛྲ་མཧཱ་བེ་གཱ་ཡ། ཤུགས་ཕུན་སུམ་ཚོགས་པ་ལ། ཞོ་ཟན་ནི། ཨཱོཾ་བཛྲ་སརྦ་སཾ་བྷ་དེ། བདེ་བ་ཕུན་སུམ་ཚོགས་པ་ལ། གྲོ་ནི། ཨཱོཾ་བཛྲ་གྷ་སྨ་རེ། རིམས་མེད་པ་ཕུན་སུམ་ཚོགས་པ་ལ། ཀུ་ཤ་ནི། ཨཱོཾ་ཨ་པྲ་ཏི་ཧ་ཧ་ཏ་བཛྲཱ་ཡ། སྲུང་བ་ཕུན་སུམ་ཚོགས་པ་ལ། དཱུརྦ་ནི། ཨཱོཾ་བཛྲ་ཨཱ་ཡུ་ཤེ། ཚེ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཤིང་ནི། ཨཱོཾ་(༦བ)


GLG022_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་བོ་དྷི་བྲྀཀྵཱ་ཡ། ཉམས་རྟོགས་ཕུན་སུམ་ཚོགས་པ་ལ། མངར་གསུམ་ནི། ཨཱོཾ་བཛྲ་མ་ལེ་པུསྟཱ་ཡ། མོས་པ་ཕུན་སུམ་ཚོགས་པ་ལ། སྨན་སྣ་ཚོགས་ནི། ཨཱོཾ་བཛྲ་མ་ཧཱ་ཤྲི་ཡཾ་པ་ཏ་ཡེ། ནད་མེད་པ་ཕུན་སུམ་ཚོགས་པ་ལ། ཤིང་ཏོག་སྣ་ཚོགས་ནི། ཨཱོཾ་བཛྲ་མཧཱ་ཤོ་པ་ལེ། རིགས་བརྒྱུད་ཕུན་སུམ་ཚོགས་པ་ལ། འབྲུ་མར་ནི། ཨཱོཾ་བཛྲ་ཚེ་ཏཱ་ཡ། ས་ལམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལ། ཁྱད་པར་གྱི་རྫས་སྤྱི་རྣམས། ཨཱོཾ་ཨགྣ་ཡེ་དེ་ཝ་ན་མཿས་མནྟ་བུདྡྷཱ་ནི་པུརྦ་ཧྲིཿཥྚྲཱི་མནྟྲ་ཨཱོཾ་ཨཱཿཧཱུཾ། བདག་ཅག་གིས་ཏིང་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ་དང་། བྱང་བུ་ནི་སྔགས་གོང་བཞིན་ལ། བདག་ཅག་ལ་བར་དུ་གཅོད་པའི་མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། ནད་ཀྱི་འཇིགས་པ་དང་། མུ་གེའི་འཇིགས་པ་དང་། ཕ་རོལ་དམག་ཚོགས་ཀྱི་༝། གདོན་གྱི་༝། མཚོན་གྱི་༝། དུས་མ་ཡིན་པར་འཆི་བའི་འཇིགས་པ་བརྒྱད་པོ་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་པས་གྲངས་སྔར་ལྟར་འབུལ། ཧཱུཾ། སྲེག་རྫས་མཆོད་པས་མེ་ཡི་ལྷ། །མཉེས་ཏེ་སྐུ་ལས་འོད་ཟེར་འཕྲོས། །བསྒྲུབ་བྱའི་སྙིང་གར་ཕོག་པ་ཡིས། །སླར་ཡང་སྒོ་གསུམ་སྡིག་སྒྲིབ་བསྲེགས། །འོད་ཟེར་བདུད་རྩིའི་ཆུ་རྒྱུན་ལྟར། །བབས་པས་ནད་གདོན་སྡིག་སྒྲིབ་སོགས། །མི་མཐུན་ཕྱོགས་རྣམས་རབ་བཀྲུས་ཏེ། །བཤང་གཅིའི་སྒོ་ནས་ཐོན་པར་གྱུར། །ཅེས་བརྗོད། ཨཱོཾ་ཨགྣ་ཡེ་དེ་བ་བཛྲ་ཨརྒྷི་དྷཱུ་པེ་ནས་ཤབྡའི་བར་གྱིས་མཆོད། བསྟོད་པས་བསྟོད། བཅོམ་ལྡན་འདས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་མེའི་བདག་ཉིད་འབྱུང་བ་ཆེན་པོ་མེའི་རང་བཞིན་ཨགྣི་ཆེན་པོ་ཁྱེད་ཀྱིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་སྐྱེ་བ་འདི་དང་བརྒྱུད་མར་བདེ་ཞིང་སྐྱིད་པ་དང་། མཐར་ཐུག་ཁྱབ་བདག་ཀུན་བཟང་ཧེ་རུ་ཀའི་གོ་འཕང་ཐོབ་པ་ལ་བར་དུ་གཅོད་པའི་ནད་རིམས་(༧ན)


GLG022_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་བགེགས་དགྲ་དཔུང་མཐུ་བྱད་དབུལ་ཕོངས་འཐབ་རྩོད་དུས་མིན་འཆི་བ་སྡིག་སྒྲིབ་ཉེས་ལྟུང་མི་མཐུན་པའི་ཕྱོགས་ཐམས་ཅད་ཛྭ་ལ་རཾ་ཤནྟིཾ་ཀུ་རུ་སྭཱཧཱ། མཆོད་རྫས་རྣམས་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སྟོབ་པའི་འཕྲིན་ལས་མཛད་དུ་གསོལ༔ ཅེས་གསོལ་བ་བཏབ། མར་བླུགས་གཟར་གང་ཐབ་ཏུ་བླུག་ལ་དྲག་སྔགས་སོ་ལྔ་པའི་མཐར། བཛྲ་ཛྭ་ལ་རཾ་ཞེས་བརྗོད་པས་མེ་ལྷ་མེ་དེ་ཉིད་ལ་ཐིམ་ནས་མེ་འབར་བའི་རྣམ་པ་ཅན་དུ་བསམ་མོ། །འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། ཡེ་ཤེས་མེ་དཔུང་འབར་བའི་དབུས། །བྷྲཱུཾ་ལས་ཡེ་ཤེས་གཞལ་ཡས་ཁང་༔ ནས། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་པཉྩ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔ ཞེས་པའི་བར་ལས་བྱང་ལྟར་བྱ། དེ་ཡང་། རྒྱུ་ཡི་ཡི་གེ་གདན་ལ་བབས༔ ཞེས་པ། གདན་སྟེང་རྒྱུ་ཡིག་ཧཱུཾ་མཐིང་ནག༔ དང་། བདག་ཉིད་ཆེ་མཆོད་ཧེ་རུ་ཀ༔ ནི། ཆེ་བའི་ཆེ་མཆོག་ཧེ་རུ་ཀ༔ ཞེས་པར་བསྒྱུར། གཙོ་འཁོར་ཀུན་ཀྱང་སྐུ་མདོག་རྩ་བའི་ཞལ། །རབ་དཀར་ཞི་མ་ཁྲོ་ཡི་འཛུམ་མདངས་ཅན། །དཀར་ལ་འཚེར་བའི་འོད་ཟེར་འཕྲོ་བ་ཡི། །ཞི་བའི་ལས་ཀུན་མཛད་པའི་རྣམ་པར་གྱུར། །ཧཱུཾ། བདག་ཅག་དད་དང་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་ཡོངས་རྫོགས་ལྷ༔ ཞི་བའི་འཕྲིན་ལས་སྒྲུབ་སླད་དུ༔ སྦྱིན་སྲེག་འབུལ་བའི་གནས་འདིར་སྦྱོན༔ ཨེ་ཧྱེ་ཧ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨོཾ་རུ་ལུ་རུ་ལུ་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤ་ཧོ༔ ཛཿཧཱུཾ་བཾ་ཧོཿས་སྤྱན་དྲངས་ལ་བསྟིམ། ཧཱུཾ། འབར་བའི་རྒྱལ་པོ་དབང་གི་ཚོགས༔ ཞི་བའི་འཕྲིན་ལས་རབ་ཏུ་བསྒྲུབ༔ ཐུགས་རྗེས་འགྲོ་བ་ཀུན་དོན་ཕྱིར༔ ཞི་བའི་གཞལ་ཡས་གནས་འདིར་བཞུགས༔ ས་མ་ཡ་ཏིཥྛ་ལྷན་གྱིས་བཞུགས་སུ་གསོལ། ཧཱུཾ། མེ་ཡི་རྒྱལ་པོ་ཞི་ཁྲོའི་ཚོགས༔ སྟོབས་དང་མཐུ་བྱིན་བསམ་མི་ཁྱབ༔ ཡིད་བཞིན་རེ་སྐོང་ལྷ་ཚོགས་ལ༔ སྒོ་གསུམ་དད་པས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿཔྲ་ཏི་ཛ་ཧོཿས་ཕྱག་བྱ། ཧཱུཾ། རང་གི་སྙིང་ག་(༧བ)


GLG022_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཕྲོས་འོད་ཟེར་གྱིས། །ཞེས་པ་ནས། བཀྲ་ཤིས་གླུ་ལེན་ཁྲུས་གསོལ་དབང་བསྐུར་གྱུར། །གྱི་བར་བརྗོད། ཧཱུཾ། ཡེ་ཤེས་སྐུ་ལ་དྲི་མ་མེད༔ ཁྲུས་གཙང་མཆོད་གསོལ་མི་འཚལ་ཡང་༔ འགྲོ་རྣམས་ཉོན་མོངས་སྦྱང་སླད་དུ༔ ཁྲུས་གཙང་འདི་གསོལ་སྒྲིབ་སྦྱང་ཤོག༔ ཨཱོཾ་པྲ་ཝ་ར་སཏྐ་རཾ་པྲ་ཏི་བྷྱཿསྭཱཧཱས་ཁྲུས་གསོལ། སླར་ཡང་ལྷ་མོ་ཞེས་པའི་ཚིག་རྐང་གཉིས་ཀྱིས་རྒྱན་དབུལ། ཧཱུཾ། ལོ་ཀ་ཁམས་ནི་ཐམས་ཅད་དུ༔ མེ་ཏོག་བདུག་སྤོས་མར་མེ་དང་༔ དྲི་ཆབ་ཞལ་ཟས་སིལ་སྙན་སྒྲ༔ ལྷ་རྫས་ཀུན་གྱིས་ཡོངས་སུ་མཆོད༔ ཨཱོཾ་བཛྲ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ་ཞེས་པ་ནས་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ་གི་བར་གྱིས་ཕྱི་མཆོད་འབུལ། ཧཱུཾ། དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས༔ ཤ་ཆེན་པདྨ་རཀྟ་དང་༔ དབང་པོ་རྣམ་ལྔ་ཞུན་ཆེན་མེ༔ ཁྱད་པར་རྨད་བྱུང་ཀུན་གྱིས་མཆོད༔ མ་ཧཱ་སརྦ་པཱུ་ཙ་ཧོ༔ ཧཱུཾ། ཡེ་ཤེས་མཆོག་གི་དཀྱིལ་འཁོར་མཆོག༔ གསལ་བ་གཟི་བྱིན་འབར་བ་ལ༔ ཞི་བའི་འཕྲིན་ལས་སྒྲུབ་པའི་ཕྱིར༔ ཞི་ཁྲོའི་ཚོགས་ལ་ནང་རྫས་འབུལ༔ མཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི་ཁཱ་ཧིཿས་ནང་གི་མཆོད་པ་འབུལ། ཧཱུཾ། བླ་མེད་མཆོག་གི་མཆོད་སྦྱར་བས་སོགས་ཀྱིས་ཚོགས་ནས་ཀྱང་དབུལ། ཞི་ཁྲོ་སྤྱི་དྲིལ་གྱིས་བསྟོད། བྱོན་ཟན་འབུལ་བ་ནི། ཡེ་ཤེས་པའི་ལྷ་ཚོགས་རྣམས་ཀྱི་ཞལ་འཛུམ་ཞིང་ཅུང་ཟད་གདངས་པའི་ལྗགས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པར་ཧཱུཾ་དང་དགང་བླུགས་ཀྱི་རྩེ་ལ་རཾ་ཡིག་གིས་མཚན་པར་མོས་ནས་ཕྱག་རྒྱ་སོགས་སྔར་ཇི་བཞིན་པས་དྲག་སྔགས་སོ་ལྔ་པ་བདུན་བརྗོད་ཅིང་བླུགས་གཟར་བདུན་གྱིས་དགང་གཟར་འགེང་བ་སོགས་མེ་ལྷའི་སྐབས་ལྟར་བྱས་ཏེ། ཨཱོཾ་ཨགྣ་ཡེ་དེ་བ་ན་མཿས་མནྟ་ནས་བཟུང་སྟེ་ནད་གདོན་སྡིག་སྒྲིབ་མི་མཐུན་བའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱའི་བར་གྱིས་སྔར་ལྟར་ལན་(༨ན)


GLG022_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འབུལ། མེ་ལྷའི་ཐུགས་ནས་འོད་འཕྲོས་པས། །ཞེས་པའི་རྐང་པ་དང་པོ། འདས་ལྷའི་ཐུགས་ནས་ཞེས་པར་བསྒྱུར་ཏེ་ཚང་བར་བྱ། ཐོག་མར་ཆེ་མཆོག་ལ། ཧཱུཾ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོང་ཁུང་འདིར༔ དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི༔ ཆེ་མཆོག་ཡོངས་རྫོགས་ལྷ་ལ་མཆོད་པ་འབུལ༔ འཇིག་རྟེན་འཇིག་རྟེན་འདས་པའི་ཕུན་ཚོགས་ལ། །གནོད་བྱེད་དགྲ་བགེགས་གནོད་བྱེད་ནད་རིམས་བྱུར། །དབུལ་ཕོངས་སྐལ་ངན་སྐེག་སྲི་དུས་མིན་འཆི། །ཆགས་ཆེ་ཉམ་ང་ཉེས་ལྟུང་སྡིག་སྒྲིབ་ཀུན། །ཞི་བའི་འཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད༔ ཨཱོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨགྣ་ཡེ་དེ་བ་ནས་བཟུང་སྟེ་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་འཇིག་རྟེན་པའི་སྐབས་བཞིན་མར་འབུལ། ཡམ་ཤིང་མན་ཆད་ལ་ལྷ་སྔགས་ཀྱི་རྗེས་སུ་ཨགྣི་དེ་ཝ་བོར་ནས་ན་མཿས་མནྟ་མན་བཏགས་ཏེ་རྫས་སྔགས་སོགས་དང་སྦྱར་ནས་འབུལ་ལུགས་སྔར་དང་འདྲ། ཡེ་ཤེས་པའི་སྐབས་འདིར་བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་ལ་རྫས་སྔགས་གཅིག་ལ་བརྟེན་ནས་སྟོང་ཁྲི་སོགས་སྐབས་དང་བསྟུན་ཏེ་འབུལ་བ་ཕྱག་ལེན་ལྟར་བྱེད། དེ་བཞིན་དུ་དམིགས་བསལ་གྱི་ལས་གང་སྒྲུབ་འདོད་པ་དེ་གའི་རྫས་སྔགས་ལ་ཆིག་དྲིལ་དུ་བྱ་བའང་ཕྱག་ལེན་ལས་ཤེས་པར་བྱའོ། །དེ་ནས་ཡང་དག་སོགས་བཀའ་གཞན་རྣམས་ལ་གོང་གི་ཤློ་ཀ་གཉིས་པོའི་ཚིག་རྐང་གསུམ་པ་ཡང་དག་ཡོངས་རྫོགས་ལྷ་ལ་མཆོད་པར་འབུལ། དེ་བཞིན་དུ་གཤིན་རྗེ་ཡོངས་རྫོགས། དབང་ཆེན་ཡོངས་རྫོགས། ཕུར་པ་ཡོངས་རྫོགས། མ་མོ་ཡོངས་རྫོགས། རིགས་འཛིན་ཡོངས་རྫོགས། འཇིག་རྟེན་ཡོངས་རྫོགས། དྲག་སྔགས་ཡོངས་རྫོགས་སུ་བསྒྱུར་ཞིང་། གཏེར་གཞུང་དུ་མི་གསལ་ཡང་དཔལ་གྱི་བཀའ་སྲུང་རྣམས་ལའང་འབུལ་བར་འཐད་པས་ཕོ་ཉ་ཡོངས་རྫོགས་ཞེས་ཀྱང་བྱ། ཆེ་མཆོག་གི་སྔགས་ཀྱི་ཚབ་ཏུ། ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ༔ (༨བ)


GLG022_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ༔ ཨཱོཾ་པདྨཱཏྣ་ཀྲྀ་ཏ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱ་ནཾ་བཾ་ཧཱུཾ་ཕཊ༔ ཨཱོཾ་གྷུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷི་ཤྭ་རི་སྟྭཾ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུཾ་ཕཊ༔ ཨཱོཾ་བཛྲ་སརྦ་དུཥྚན་ཨེ་ཛ་བྷྱོ་ཧཱུཾ་ཕཊ༔ ཁྲོཾ་ག་རུ་ཌ་ཧཱུཾ་ཕཊ༔ སརྦ་ཌཱ་ཀི་ནི་ས་མ་ཡ་ཧྲིཾ་ཧྲིཾ་ཧྲཱུཾ་ཕཊཿ ཅེས་པ་རྣམས་བཅུག་སྟེ་རྫས་ཆེན་བཅོ་ལྔ་དང་ཁྱད་པར་གྱི་རྫས་རྣམས་བདུན་ནམ་ཉེར་གཅིག་ཙམ་དང་། དམིགས་བསལ་གྱི་རྫས་ཆེ་མཆོག་གི་བཅུ་ཆ་འབུལ། ཡང་རྫས་ཉུང་བ་དང་ལོང་ཆུང་བ་སོགས་ཀྱི་སྐབས་བསྡུས་པར་འདོད་ན། ཡང་དག་གཤིན་རྗེ་རྟ་མགྲིན་ཕུར་པ་དང་། །མངོན་རྫོགས་རིགས་འཛིན་དྲེགས་པ་སྟོབས་ལྡན་ནག །དཔལ་གྱི་བཀའ་སྲུང་བཅས་ལ་མཆོད་པར་འབུལ། །ཞེས་བར་གྱི་ཚིག་རྐང་གཅིག་པོ་ཚིག་རྐང་གསུམ་དུ་བཏང་ནས་སོ་སོའི་ལྷ་སྔགས་དྲག་སྔགས་སོ་ལྔ་པས་གོ་བཅད་དེ་གོང་ལྟར་བྱ། སྲེག་རྫས་མཆོད་པས་མེ་ཡི་ལྷ། །ཞེས་པའི་ཚིག་རྐང་དང་པོ། སྲེག་རྫས་མཆོད་པས་ཡེ་ཤེས་ལྷར་བསྒྱུར་ནས་རྫོགས་པར་བརྗོད། སྔར་བྱོན་ཟན་གྱི་དུས་ལྟར་དགང་བླུགས་བདུན་ཚན་གསུམ་གཤེགས་སྐྱེམས་སུ་འབུལ། ཧཱུཾ། ལོ་ཀ་ཁམས་ནི་ཐམས་ཅད་དུ༔ ཞེས་པ་ནས་མཧཱ་རཀྟ་ཞེས་པའི་བར་གྱིས་ཕྱི་ནང་གི་མཆོད་པ་གོང་བཞིན་འབུལ། གཏོར་མ་ལས་བྱང་གི་ལྷན་ཐབས་ལྟར་བྱིན་གྱིས་བརླབས། དམ་རྫས་རྨད་བྱུང་གཏོར་ཆེན་ནོ༔ ཞེས་སོགས་ཀྱིས་འབུལ། སོ་རྩི་ནི། ཨཱོཾ་བཛྲ་ཏམྦུ་ལ་ཡེ་སྭཱཧཱ་དང་། གོས་ཟུངས་ནི། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་དབུལ། བསྟོད་པ་ནི་རྒྱས་པར་སྤྲོ་ན་དྲུག་བསྟོད་ཆེན་མོ་དང་། བསྡུ་ན་ཞི་ཁྲོ་སྤྱི་དྲིལ་གྱིས་བསྟོད། དེ་ནས་འདོད་དོན་ལ་གསོལ་བ་གདབ་པ་ནི། མཁྱེན་བརྩེ་ནུས་མངའ་སྒྲུབ་པ་བཀའ་བརྒྱད་ལྷས། བསྟན་པ་རྒྱས་དང་དེ་འཛིན་ཚོགས་རྣམས(༩ན)


GLG022_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །སྐུ་ཚེ་འཕྲིན་ལས་སྐྱེ་དགུའི་བདེ་སྐྱིད་ལ། །བར་དུ་གཅོད་པ་ཐམས་ཅད་ཞི་མཛད་གསོལ། ཁྱད་པར་རིགས་འཛིན་བདག་ཅག་དཔོན་སློབ་དང་། །ཡོན་མཆོད་འཁོར་དང་བཅས་པ་མ་ལུས་པའི། །སྔོན་ལས་འཕྲལ་རྐྱེན་ལས་བྱུང་དགྲ་བགེགས་གདོན། །ནད་རིམས་དབུལ་ཕོངས་འཐབ་རྩོད་༝། །ཕྱི་ནང་དྲང་སྲོང་དམོད་པ་མཐུ་བྱད་དང་། །བྱུར་དང་སྐལ་ངན་མི་ཤིས་དུས་མིན་འཆི། །སྐེག་སྲི་ལངས་སོགས་ཆགས་ཆེ་ཉམ་ང་བའི། །འགལ་རྐྱེན་བར་གཅོད་ཐམས་ཅད་༝། །འཕྲིན་ལས་ཆད་ལྷག་དམ་རྫས་མ་ཚང་ཉམས། །བསྙེན་སྒྲུབ་གཡེལ་ཞིང་དུས་ཀྱི་མཆོད་པ་ཆག །ཏིང་འཛིན་མི་གསལ་གསང་སྔགས་སྒྲ་ཉམས་སོགས། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་༝། །ཚེ་དཔལ་སྟོབས་འབྱོར་དབང་ཕྱུག་ཕུན་སུམ་ཚོགས། །ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་སོགས། །འཁོར་འདས་དངོས་གྲུབ་ཀུན་དང་ཁྱད་པར་དུ། །དཔལ་ཆེན་ཀུན་བཟང་ཚེ་འདིར་མངོན་གྱུར་མཛོད། །ཅེས་འདོད་དོན་གསོལ་གདབ་བྱ། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བཀང་། །ཧོ། བདེ་གཤེགས་ཡོངས་རྫོགས་མ་ལུས་ལ༔ སྦྱིན་སྲེག་མཆོད་པ་འདི་འབུལ་གྱི༔ བདག་གིས་འགལ་འཁྲུལ་ཅི་བྱས་པ༔ དེ་དག་ཐམས་ཅད་བཟོད་པར་གསོལ༔ ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ༔ ཞེས་ནོངས་པ་བཟོད་པར་གསོལ། ཧོ། བདེ་གཤེགས་རྒྱལ་བ་ཁྱེད་རྣམས་ཀྱིས༔ འཕྲིན་ལས་ཞི་བའི་ལས་ཀུན་མཛད༔ སྦྱིན་སྲེག་མཆོད་པ་འདི་ཕུལ་བས༔ གྲུབ་པའི་འབྲས་སྩལ་ཅི་བདེར་གཤེགས༔ ཨཱོཾ་བཛྲ་མུ༔ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་མེའི་རྣམ་པར་བསམ། ཧཱུཾ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཞེས་སོགས་ལས་བཞིའི་ནང་ཚན་གྱི་ཞི་བའི་བྲོ་ཟླུམ་པོར་བརྡུང་བ་ལས་བྱང་ལྟར་བྱ། སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ཨཱོཾ་(༩བ)


GLG022_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཨགྣ་ཡེ་ཛྭ་ལ་རཾ་ཞེས་བརྗོད་ཅིང་མར་བླུགས་གཟར་གང་ཕུལ་བའི་རྐྱེན་གྱིས། མེ་ལྷ་མེ་འབར་བའི་རྣམ་པ་ལས་སྐད་ཅིག་གིས་རང་གཟུགས་སུ་བཞེངས་པར་བསམས་ལ། ཧཱུཾ། ལོ་ཀ་འདི་དང་གཞན་དག་ན༔ ཞེས་པ་ནས། འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད༔ ཀྱི་བར་གྱིས་མཆོད་བསྟོད་བྱ། ཧཱུཾ་ཨགྣ་དེ་བ་མེ་ཡི་ལྷ༔ ཞེས་པ་ནས་ཁྱད་པར་བའི་རྫས་ཡན་སྔར་བཞིན་དང་གཤེགས་སྐྱེམས་སུ་དགང་བླུགས་བདུན་ཚན་གསུམ་བྱོན་ཟན་ལྟར་འབུལ་ཞིང་། སོ་རྩི་དང་གོས་ཟུངས་ནི་ཏམྦུ་ལ་དང་ཝ་སྟྲས་དཀྱུས་བཞིན་དབུལ། གཏོར་མ་འདས་གཏོར་ལྟར་བརླབས་ཏེ། ཨཱོཾ་ཨགྣ་ཡེ་དེ་བ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི། ཞེས་ལན་གསུམ་གྱིས་འབུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལས། །ཞེས་པ་ནས་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་བརྗོད། བཅོམ་ལྡན་འདས་དུས་གསུམ་གྱི་དེ་བཞིན་གཤེགས་པ་སོགས་ཀྱིས་འདོད་དོན་ལ་གསོལ་བ་གདབ། ཨོཾ་ཨགྣ་ཡེ་དེ་བ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཡིག་བརྒྱ་དང་མ་འབྱོར་བ་སོགས་ཀྱིས་བཟོད་པར་གསོལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་ཚུར་སྤྱོན་ཞིག །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨཱོཾ་ཨགྣ་ཡེ་ཡ་ཧི་གཙྪ། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། །དམ་ཚིག་པ་མེའི་རྣམ་པར་གྱུར་པ་སླར་ཡང་འདས་མ་འདས་ཀྱི་དམ་ཚིག་པ་གཉིས་སུ་མེད་པ་ཚོམ་བུ་དགུའི་རྣམ་པར་གྱུར་པའི་བྱང་ཤར་གྱི་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་ནུབ་བྱང་གི་ལྷ་ཚོགས་ལ་ཐིམ། དེ་བཞིན་དུ་མཚམས་གསུམ་པོ་ཡང་གཡོན་སྐོར་དུ་འོད་ཀྱི་རྣམ་པར་ཞུ་ནས་ཕུར་པའི་ལྷ་ཚོགས་ལ་ཐིམ། ཕྱོགས་རྣམས་ཀྱང་གཡོན་སྐོར་གྱིས་གཙོ་བོ་ལ་ཐིམ། དེ་ཡང་ཧཱུཾ་ལ་ཐིམ་རིམ་བཞིན་ཞབས་ཀྱུའི་ཧ། ཧ་ཟླ་ཚེས། དེ་ཐིག་ལེ། ཐིག་ལེ་སྟོང་པ་རང་སེམས་སྐྱེ་མེད་ཀྱི་ཀློང་དུ་བསམ། བསྔོ་བ་སྨོན་ལམ་བཀྲ་ཤིས་བྱ་ཞིང་ཕྱོགས་(༡༠ན)


GLG022_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་མེ་ཏོག་གི་ཆར་དབབ། རྒྱུན་གྱི་སྤྱོད་ལམ་ལ་འཇུག་གོ །སྦྲེལ་ནས་བྱེད་ན་བྱས་ཟིན་པའི་ཤུལ་གྱི་ཐལ་བ་མ་དཀྲུགས་པར་ཅུང་ཟད་བཅགས་པའི་སྟེང་དུ་ཨོང་ཀོང་བརྩིགས་ནས་ཕྱག་བཞེས་དཀྱུས་བཞིན་ཉམས་སུ་ལེན། མེ་མ་ཤི་བར་དུ་བསྒུལ་སྐྱོད་མི་བྱ་ཞིང་། གལ་ཏེ་ཡུལ་དུས་ཀྱིས་རྩོལ་བས་སྒྲུབ་དགོས་ཡོད་ན་འོ་མ་སོགས་ཀྱིས་གཞིལ་བར་བྱ། ཐལ་བ་ནི་ཆུ་བོ་ཆེན་པོར་དོར་བས་དེ་འཐུང་བའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་འབྱང་བར་འགྱུར་ལ། དགོས་པ་སྐབས་དོན་ལ་ལོངས་སྤྱོད་པའི་ཆེད་དུ་ཚགས་བྱ་བར་ཡང་ཉེས་པ་མེད་དོ། །ཐབ་ཀྱི་ཉེ་འཁོར་ཀུན་ཏུ་དྲི་བཟང་པོ་བྱུགས་ཤིང་ལས་ཀྱི་རྗེས་མི་མངོན་པར་བྱ་བ་ནི་གསང་སྔགས་སྤྱིའི་ཕྱག་ལེན་ལྟར་རོ། །ཞི་ཁྲོ་ཡོངས་རྫོགས་འདུས་པའི་དཀྱིལ་འཁོར་ལྷ། །སྲེག་བླུགས་མཆོད་པས་འཁོར་འདས་ཉེས་བརྒྱའི་མུན། །བསངས་བྱེད་ཞི་བའི་འཕྲིན་ལས་འོད་དཀར་ཅན། །རིགས་འཛིན་ཀུནྡའི་འདོད་འཇོ་དེང་འདིར་ཤར། །གསང་རྫོགས་གཏེར་གཞུང་བུམ་བཟང་ཁ་རྒྱན་དུ། །ཉང་རལ་རྒོད་ཀྱི་ལྡེམ་ཕྲུའི་གཏེར་མ་སོགས། །སྔར་འགྱུར་རིང་ལུགས་ཀུ་ཤའི་ཆུན་པོ་ལས། །གསར་དད་རྨ་བྱའི་མདོངས་ཀྱིས་བརྒྱན་པ་མིན། །གཏེར་བྱོན་རྡོ་རྗེའི་ཚིག་རྣམས་འཁྲུལ་མེད་བཀོད། །འཐོར་དང་གབ་འཁྲུགས་བསྡེབས་ཤིང་མངོན་དུ་ཕྱུངས། །རིགས་འཛིན་བརྒྱུད་པའི་དམར་ཁྲིད་ཕྱག་བཞེས་ཀྱིས། །བརྒྱན་འདི་མཁས་རྣམས་དགའ་བ་སྐྱེད་པའི་གནས། །སྐྱེ་མང་རྙིང་བསྟན་ལ་སྦྱངས་སྙན་གྲགས་དང་། །སྔགས་བརྒྱུད་རིགས་ཀྱི་བསྙེམས་པ་ཆེས་མང་ཡང་། །སྨིན་གྲོལ་གདམས་པའི་འཕྲང་ལ་བཅུར་བ་ན། །རྔུལ་ཆུའི་ཐིགས་པ་འགྲམ་པར་འཕྱང་བ་མང་། །སྟོང་འུར་ཆེར་རློམ་རྣམས་ཀྱི་མུན་པའི་མདའ། །རྟོག་གེའི་རྩལ་བཤད་ཚིག་གི་དབུ་བའི་འཕྲེང་། །རྒྱུན་མེད་འཆད་ཉན་ཉམས་སུ་ལེན་པ་སོགས། །ཡང་དག་བསྟན་པའི་བགྲང་བྱར་འོས་པ་མིན། །དེ་ཕྱིར་རྙེད་དཀའི་དལ་བ་དོན་ལྡན་དུ། །སྒྲུབ་འདོད་བློ་ཡིས་རབ་འབད་རྡོ་རྗེ་(༡༠བ)


GLG022_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་། །ཡོངས་འཛིན་གཟུགས་སུ་བྱོན་རྣམས་བསྟེན་པའི་མཐུས། །ཐེག་མཆོག་དགོངས་དོན་སྨྲ་བའི་སྤོབས་པ་ཐོབ། །གྲགས་འདོད་ཀུན་སློང་ངན་པས་དབྱེན་བཅོས་ཏེ། །ཉོན་མོངས་དུག་དང་འདྲེས་པའི་བརྩམས་ཆོས་དག །མ་ཡིན་ཐེག་པ་མཆོག་འདིའི་རིགས་སད་པའི། །བློ་གསལ་སྐལ་བཟང་མང་པོར་ཕན་ཕྱིར་བཀོད། །ཀུནྡ་ལྟར་དཀར་དགེ་ཚོགས་གངྒཱའི་རྒྱུན། །མཁའ་མཉམ་སྐྱེ་དགུའི་ཉོན་མོངས་དྲི་མ་ཀུན། །སྦྱངས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཡི། །མི་ཟད་རྒྱ་མཚོའི་ཀློང་དུ་རོ་གཅིག་ཤོག །ཅེས་ཀླུ་བདུད་ལྟོ་བའི་ཟབ་གཏེར་ཞི་ཁྲོ་གསང་བ་ཡོངས་རྫོགས་ཀྱི་ཞི་བའི་སྦྱིན་སྲེག་རིགས་འཛིན་ཀུནྡའི་འདོད་འཇོ་ཞེས་བྱ་བ་འདི་ནི་དཔང་སྟོན་རིག་སྔགས་འཆང་བ་བློ་བཟང་ངག་དབང་། དགེ་སློང་འཇམ་དབྱངས་གྲགས་པ་གཉིས་ཀྱིས་ཞི་ཁྲོ་ཡོངས་རྫོགས་ཀྱི་བསྙེན་ཆེན་དང་དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོས་བྱང་གཏེར་ཕུར་པ་ལྷ་ནག་གི་བསྙེན་ཆེན་བཏང་བའི་དུས་ཁ་སྐོང་དུ་ཉེ་བར་མཁོ་བའི་སྦྱིན་སྲེག་ངག་འདོན་ཞིག་དགོས་ཞེས་བསྐུལ་བས་མཚམས་སྦྱར། ཟབ་ཆོས་འདི་ཉིད་ཉམས་སུ་ལེན་པའི་བློ་ལྡན་མང་པོར་ཕན་པའི་ཕྱིར་ལྷག་བསམ་གྱིས་ཀུན་ནས་བླངས་ཏེ་གཏེར་ཁ་འདི་ཉིད་ཀྱི་སྦྱིན་སྲེག་སྤྱི་སྒྲུབ་ཆེན་མོ་དང་། ཞི་བའི་སྦྱིན་སྲེག་གི་ཆོ་ག་མ་འདྲེས་ཡོངས་རྫོགས་གཉིས་ལ་གཞི་བྱས། བཀའ་བརྒྱད་བདེ་འདུས་དང་བྱང་གཏེར་སོགས་སྔ་འགྱུར་རང་ལུགས་ཀྱི་ཡི་གེ་རྣམས་ནས་ཁ་འགེང་དགོས་པ་རྣམས་བཀང་། ཅུང་ཟད་མི་གསལ་བའི་ཚིག་ཕྲད་སོགས་མེད་དུ་མི་རུང་བ་རྣམས་ཀུན་མཁྱེན་རྡོ་རྗེ་གདན་པ་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་སྦྱིན་སྲེག་ལ་ཞིབ་མོར་དཔྱད་ནས་མཛེས་རྒྱན་དུ་བྱས་ཏེ་ཟུར་ཐམས་ཅད་མཁྱེན་པ་དང་ཁྱབ་བདག་ཁྲ་ཚང་པ་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས་


GLG022_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་མཆོག་གི་ཚུལ་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པའི་ཟ་ཧོར་གྱི་རིག་སྔགས་འཆང་བ་ཆེ་མཆོག་འདུས་པ་རྩལ་གྱིས་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །སརྦ་མངྒ་ལཾ།།

བཀའ་བརྒྱད་གསང་རྫོགས་ཀྱི་བྲིས་ཐང་འདྲི་བའི་གསལ་བྱེད་གསང་གསུམ་མི་ཟད་རྒྱན་འཁོར།


GLG022_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་གསང་རྫོགས་ཀྱི་བྲིས་ཐང་འདྲི་བའི་གསལ་བྱེད་གསང་གསུམ་མི་ཟད་རྒྱན་འཁོར་ཞེས་བྱ་བ་བཞུགས་སོ།།


GLG022_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་མཆོག་ནི། བྲག་རིའི་སྟེང་དུ་འཁོར་ལོ། སེང་གེ །གླང་ཆེན། སྟག་གཟིག །མ་ཧེ། དོམ། ཆུ་སྲིན། སྦྲུལ་རྣམས་ཀྱིས་བཏེག་པའི་སྣ་ཚོགས་པདྨ་ཟླ་བ་བྲིས་དཔེར་ཉི་གདན་ལ་གསེར་གྱི་མེ་ཏོག་བྲིས་འདུག་པ་འབྲེལ་ཆུང་བས་ལི་ཁྲིའི་རང་མདོག་གིས་ཐུས། ཉི་མ། དེའི་སྟེང་དུ་དབང་ཕྱུག་སྔོན་པོ། ཨུ་མ་དམར་མོ། གཉིས་ཀའང་ཞི་མ་ཁྲོའི་རྣམ་པ་དར་གྱི་སྟོད་གཡོགས་སྨད་གཡོགས་རིན་པོ་ཆེ་དང་སྦྲུལ་རྒྱན་སོགས་ཡོད་པ་བསྣོལ་བའི་སྟེང་དུ་ཆེ་མཆོག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་དཀར་གཡོན་དམར་དབུས་མཐིང་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། རིན་པོ་ཆེའི་པྲོག་ཞུ་དང་བཅས་པའི་ཐོད་སྐམ་ལྔའི་དབུ་རྒྱན་སྦྲུལ་དཀར་བྲིས་དཔེར་ཆད་གྱི་ཐག་ཐོད་སྐམ་ཀྱི་རྒྱུད་ཐག་གམ་གདན་མ་གསེར་ལི་ཁྲི་སོགས་ཀྱིས་བྱས་པ་བྲིས་དཔེ་ཚོར་ཡོང་གི་འདུག་པ་གང་ལེགས་བྱས་ཆོག་པ་འདུག་རུང་། པ་ལ་བརྒྱུས་པ། ཐོད་སྐམ་གྱི་ཁ་ནས་རུས་པའི་དྲ་བ་བྲིས་དཔེར་ཆད་དྲ་ཕྱེད་འཕྱང་བ། སྙན་གཉིས་ཀྱི་གོང་དུ་བྲིས་དཔེར་ཆད་ཨུཏྤལ་སྔོན་པོ་རེས་མཚན་པ། ཞལ་གདངས་ལྗགས་འགྲིལ་མཆེ་བ་གཙིགས། སྤྱན་གསུམ་སྡང་མིག་ཏུ་བགྲད་པ། སྨིན་མ་ཨག་ཚོམ་སེར་པོ་གྱེན་དུ་འཁྱིལ་བ། ཕྱག་གཡས་ཕྱག་མདུན་མར་ངོས་འཛིན། དང་པོ་རྡོ་རྗེ་རྩེ་དགུ་དང་གཡོན་པས་བན་དྷ་ལྕང་ལོ་ཅན་ཁྲག་གིས་(༢ན)


GLG022_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གང་བ་ཐུགས་ཀ་སྟེང་འོག་ཏུ་བཟུང་ནས་ཡུམ་ལ་འཁྱུད་པ། གཡས་བར་པས་རྡོ་རྗེ་རྩེ་ལྔ། ཐ་ཕྱག་རྒྱབ་མ། མས་རྡོ་རྗེ་རྩེ་གསུམ་པ། གཡོན་བར་པས་ཐོད་རློན་ལྕང་ལོ་ཅན་དམར་གྱིས་གང་བ། ཐ་མས་སྐྲ་མེད་ཐོད་སྐམ་ཁྲག་གིས་གང་བ་བསྣམས་པ། བྲིས་དཔེ་འདིར། ཕྱག་དྲུག་གི་ཕྱག་མཚན་འཛིན་ལུགས་རྣམས་ཕྱག་མདུན་མ་ལ་དང་པོ་བཅོལ། རྒྱབ་མ་ཐ་མ་བཅོལ་བའི་མངོན་རྟོགས་ཀྱི་གོ་རིམ་དང་མཐུན་པ་མེད་པར་རེས་རྒྱབ་མ་ལ་དང་པོ་བཅོལ་བ་དང་། རེས་བར་པ་ལ་དང་པོ་བཅོལ་བ་སོགས་སྣ་ཚོགས་འདུག་པ། དེ་འདྲར་མ་སོང་བའི་གོ་རིམ་མ་འཕྱུགས་པ་རང་ངེས་པར་གལ་ཆེ། ཞབས་གཡས་གཉིས་བསྐུམ་ཞིང་གཡོན་གཉིས་བརྐྱང་རྒྱུད་དང་སྒོམ་ཁོག་ཚོར་བཀའ་བརྒྱད་པོའི་ཞབས་མདུན་མ་གཉིས་གཡས་བརྐྱང་གཡོན་བསྐུམ། རྒྱབ་མ་གཉིས་གཡས་བསྐུམ་གཡོན་བརྐྱང་བྱེད་པ་བཤད་ཀྱང་། ལྟ་སྣང་ལ་མི་ལེགས་པས་བྲིས་ཆ་ལ་འདི་ག་བྱེད། བ། གོང་གི་ཐོད་སྐམ་སོགས་རུས་པའི་རྒྱན་དྲུག །སྙན་དང་ཕྱག་ཞབས་ཀྱི་ལྷུ་ཚིགས་ལ་རིན་པོ་ཆེའི་རྒྱན། སྦྲུལ་དཀར་ཁྲས་སྙན་རྒྱན། སེར་ཁྲས་ཕྱག་གདུབ། དམར་ཁྲས་བྲིས་དཔེར་ཆད་སྐ་རགས། ལྗང་གུ་ཞབས་གདུབ། ནག་པོས་སེ་རལ་ཁ། ཐོད་པ་སྐམ་པོ་རློན་པ་རྙིད་རྙིད་པ་བྲིས་དཔེར་ཆད། པའི་འཕྲེང་བ་གསུམ་ཚར་ཅན། གླང་ལྤགས་དང་ཞིང་ལྤགས་ཀྱི་སྟོད་གཡོགས། སྟག་ལྤགས་ཀྱི་ཤམ་རཀྟའི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། ལྕགས་ཁྲབ་བསེ་ཁྲབ་སོགས་(༢བ)


GLG022_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་རིམ་ལ་ཡོད་ཀྱང་བྲིས་ཆ་ལ་བདེ་མོ་ཞིག་མི་ཡོང་འདུག་པ་བཏང་སྙོམས་སུ་འཇོག །ཐབ། ཁྱུང་གཤོག་གཡས་གཡོན་དུ་གདེངས་པའི་གཡས་ཀྱི་གཤོག་པའི་ངོས་རྣམས་ལ་བྲིས་དཔེར་ཆད། ཕྱི་སྒྲོམ་གཏགས་ནང་གི་སྒྲོམ་ཆུང་རྣམས་ལ་མི་དགོས། རྡོ་རྗེ་དང་གཡོན་གྱི་གཤོག་པའི་ངོས་རྣམས་རིན་པོ་ཆེས་མཚན་པ། དཔུང་པ་གཡས་སུ་ཁྱུང་དཀར་པོ་བྲིས་དཔེར་ཆད། དང་གཡོན་དུ་ནག་པོ་རེ་ལྡིང་བ། སྟག་ཤམ་གྱི་འོག་ནས་གསང་དགབ་དར་དཔྱང་སྙན་དར་ལྟ་བུའི་དར་ཚོན་དང་། དར་དཔྱངས། ལྕེ་ལེ་སོགས་གང་མཛེས་ཤིག་བྱས་ཆོག །ལྔའི་བྲིས་དཔེར་ཆད། རྩེར་ཕུར་པ་གསུམ་གྱིས་མཚན་པ། སྟ་ཟུར་གཉིས་ནས་དར་དཔྱངས་གསུམ་གསུམ་གཡོ་བ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཡུམ་རྒྱུད་དང་སྒོམ་ཁོག་ན་མཐིང་ནག་འདུག་ཀྱང་ཡབ་ཀྱི་མདོག་དང་ཟློས་པའི་ཁྱད་ཀྱིས་འདི་ལྟར་མཛད་པར་བྲིས་དཔེ་ཁུང་མར་འདུག །སྔོན་མོ་གཡས་ཁ་འཁྱུད་པའི་སྟབས་ཀྱིས་གཡས་ཞལ་གྱི་ཐད་ནས་ཕྱག་མཚན་གྱི་ཕྱེད་ཙམ་མཐོང་བ་བྱས་ན་ཉམས་དོད་པ་འདྲ། གསར་མ་དང་མི་འདྲ་བའི་སྨད་ཁ་ཊྭཱཾ་ག་ལ། མགོ་བོར་རྡོ་རྗེ་ཕྱེད་པའི་ཚབ་ལ་རྩེ་གསུམ་ཡོད་པ་འདི་ཁ་ཊྭཱཾ་ག་དང་ཁ་ཊྭཱཾ་རྩེ་གསུམ་ཟེར་ཚད་ལ་དགོས་ཤིང་ཁ་ཊྭཱཾ་གྱི་བརྗོད་བྱ་མེད་པའི་རྩེ་གསུམ་ཟེར་བ་བྱུང་ན་མདུང་རྩེ་གསུམ་པ་རང་ཡིན་པས་དེ་གཉིས་མ་ནོར་བ་དགོས་སོ། །ཊྭཱཾ་རྩེ་གསུམ་པ་གཡོན་བན་དྷ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། ཐོད་སྐམ་གྱི་དབུ་རྒྱན་སོགས་རུས་པའི་རྒྱན་སེ་རལ་ཁ་མེད་པའི། ལྔ་དང་། སྦྲུལ་རྒྱན། ཕྱག་ཞབས་ལ་རིན་པོ་ཆེའི་རྒྱན། སྙན་གོང་ལ་ཨུཏྤལ། གཟིག་གི་ཤམ་ཐབས། ཞབས་གཡོན་ཡབ་ལ་འཁྲིལ་ཞིང་གཡས་བརྐྱང་པའོ། །ཁྱུང་གཉིས་ཀྱིས་བཏེག་པའི་པད་ཟླ་ཉི་མའི་གདན་ལ་རགྴ་ཧེ་རུ་ཀ་སྨུག་ནག་གཡས་འཁོར་ལོ་འཛིན་པ། སྟག་གཟིག་གཉིས་ཀྱིས་བཏེག་པའི་པད་ཟླ་ཉི་མའི་གདན་ལ་གུ་ཧྱ་ཧེ་རུ་ཀ་སེར་ནག་བྲིས་དཔེར་ཤིན་ཏུ་རིང་བས་མི་ལེགས་པ་འདུག་ཅིང་། དེ་སྟེང་ཡུམ་གྱི་རུས་པའི་འོག་པག་ཡོང་དགོས་རྒྱུ་ཡང་ཆད། གཡས་རིན་པོ་ཆེ་བསྣམས་པ།(༣ན)


GLG022_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧེ་གཉིས་ཀྱིས་བཏེག་པའི་པད་ཟླ་ཉི་མའི་གདན་ལ་བི་ཤ་ཧེ་རུ་ཀ་དམར་ནག་གཡས་པདྨ་བསྣམས་པ། ༸དོམ་གཉིས་ཀྱིས་བཏེག་པའི་པད་ཟླ་ཉི་མའི་གདན་ལ་ཡགྴ་ཧེ་རུ་ཀ་ལྗང་ནག་གཡས་སྣ་ཚོགས་བྲིས་དཔེ་ན་གསེར་རྐྱང་བྱས་པ་མ་དག་པས། ལྟེ་བ་མཐིང་ནག་ལ་རྭ་རྣམས་དཀར་སེར་དམར་ལྗང་བྱེད། རྡོ་རྗེ་བསྣམས་པ། གཞི་ཀའང་གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ། རང་དང་སྐུ་མདོག་ཕྱག་མཚན་འདྲ་བའི་ཡུམ་གྱིས་འཁྱུད་པ། ཡབ་རྣམས་གཙོ་བོ་དང་ཡུམ་རྣམས་གཙོ་མོའི་རྒྱན་ཆ་ལུགས་ཁྱུང་གཤོག་དང་ཁྱུང་མི་དགོས། ཞབས་ཀྱི་བཞུགས་ཚུལ་ཇི་ལྟ་བའོ། །བྲག་རིའི་སྟེང་དུ་རུ་ཊ་ཕོ་མོ་མདོག་ནག་པ་ཁྲོས་པའི་གཟུགས་ལ་དབུ་རྒྱན་སོགས་རུས་པའི་རྒྱན་དྲུག་དང་། སྟག་ཤམ་སོགས་ཀྱི་རྒྱན་དང་ལྡན་པ། ཡབ་ཡུམ་བསྣོལ་བས་བཏེག་པའི་སྣ་ཚོགས་པདྨ་ཟླ་ཞབས་དང་ཉི་གདན་གྱི་བར་ལ་ཆེ་མཆོག་ལུགས་ཀྱི་ལྷའི་གཟུགས་ཀྱི་གདན་དགོས་པ་འདི་མན་ཀུན་ལ་འགྲེ། ཉིའི་གདན་ལ་ཡང་དག་མཐིང་ནག་ཞལ་གསུམ་ཕྱག་དྲུག །གཡས་དཀར་གཡོན་དམར་དབུས་མཐིང་བ། གཡས་དང་པོའི་རྡོ་རྗེ་དགུ་པ་དང་། གཡོན་བར་པའི་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་བར་པས་ཁ་ཊྭཱཾ་རྩེ་གསུམ། ཐ་མས་ཐོད་རྔ་ཡུ་བ་ཅན། གཡོན་དང་པོས་དྲིལ་བུ། ཐ་མས་རྒྱུ་ཞགས། ཡུམ་སྔོན་མོ་གཡས་ཁ་ཊྭཱཾ་ག །གཡོན་ཐོད་ཁྲག་བསྣམས་པས་འཁྱུད་པ། ༸དྲི་ཞི་ཉམས་ཅན་དཀར་པོ་དར་གྱི་སྟོད་གཡོགས་སྨད་གཡོགས་རིན་པོ་ཆེའི་རྒྱན་སོགས། ཟ་ཕོ་མོ་གཉིས་ཀྱི་བཏེགས་པའི་པད་ཉི་ཟླ་གདན་ལ་བུདྡྷ་ཧེ་རུ་ཀ་སྨུག་ནག་གཡས་རྡོ་རྗེ། གཡོན་རྒྱུ་ཞགས། ༸གཤིན་ནག་པོ་ཁྲོས་པ་སྦྲུལ་དང་རུས་རྒྱན་སྟག་ཤམ་སོགས་རྗེ་ཕོ་མོས་བཏེག་པའི་པདྨ་ཟླ་ཉིའི་སྟེང་དུ་རཏྣ་ཧེ་རུ་ཀ་སེར་ནག་གཡས་རིན་པོ་ཆེ། གཡོན་སྟོང་གསུམ་འཇིག་རྟེན། བྲིས་དཔེ་ན་ཐོད་པ་འདུག་ཀྱང་མི་ལེགས་པས་དཔེ་འདི་བཞིན་བྱེད། ༸ཀླུ་(༣བ)


GLG022_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དམར་པོ་གདེངས་ཀ་སྦྲུལ་མཇུག་དར་སྟོད་རིན་པོ་ཆེ་དང་སྦྲུལ་རྒྱན་སོགས་ཡོད་པ། ཕོ་མོས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་པདྨ་ཧེ་རུ་ཀ་དམར་ནག་གཡས་པདྨ་གཡོན་མི་རོའི་རྐང་པ་ནས་འཇུས་པ་ལས་འོག་སྒོའི་ཐད་ནས་དབྱུག་པ་ལ་བརྒྱུས་ཏེ་ཡུ་བ་དང་བཅས་བཟུང་བ་ལེགས། ཞིང་དབྱུག །༸གནོད་སྦྱིན་སྔོན་པོ་ཁྲོ་ཉམས་ཅན་དར་གྱི་སྟོད་གཡོགས་སྨད་གཡོགས་རིན་པོ་ཆེ་དང་སྦྲུལ་རྒྱན། ཕོ་མོས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་ཀརྨ་ཧེ་རུ་ཀ་ལྗང་ནག་གཡས་སྣ་ཚོགས་རྡོ་རྗེ། གཡོན་རི་རབ། ཡུམ་རྣམས་སྐུ་མདོག་ཡབ་དང་འདྲ་བ་ལ་གཡས་ཡབ་ལ་འཁྱུད་བྲིས་དཔེ་ན། བུདྡྷ་ཀྲོ་ཏི་ཤྭ་རི་གཡས་རྩེ་གསུམ་ཁྱེར་བ་དང་། ཙག་ལི་འགའ་རེར་འཁོར་ལོ་ཡོད་པ་ནི་རྒྱུད་དང་སྒོམ་ཁོག་གཉིས་ཀ་དང་མི་མཐུན། ཅིང་གཡོན་ཐོད་ཁྲག་སྟོབ་པ། གཙོ་འཁོར་ཐམས་ཅད་ཀྱི་རྒྱན་ཆ་ལུགས་ཆེ་མཆོག་ཇི་ལྟ་བའོ། །༸བྲག་རིའི་སྟེང་དུ་ཆུ་གླང་ཉིས་གཤིབས་གཉིས་ཀྱིས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་གཤིན་རྗེ་མཐིང་ནག་ཞལ་གསུམ་ཕྱག་དྲུག །ཞབས་བཞི་པ། གཡས་དཀར་གཡོན་དམར་བ། གཡས་དང་པོས་རྒྱུད་དུ་འཁོར་ལོ་དང་སྒོམ་ཁོག་ཏུ་འདམ་ང་འདུག་ཀྱང་། བརྒྱུད་ལྡན་གྱི་ཕྱག་ལེན་རྣམས་མཐུན་པར་བེ་ཅོན་བྱུང་། བེ་ཅོན་དང་གཡོན་ཐ་མའི་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་བར་པས་རལ་གྲི། ཐ་མས་དགྲ་སྟ། གཡོན་དང་པོས་སྡིགས་མཛུབ། བར་པས་མདུང་། སྦྱོར་ཡུམ་སྔོ་ནག་གཡས་དགྲ་སྟ་གཡོན་ཐོད་ཁྲག་འཛིན་པས་འཁྱུད་པ། སྒྲོལ་བྲིས་དཔེར་རྩ་ཆད། ཡུམ་མཐིང་ནག་གཡས་རྩེ་གསུམ་གཡོན་ཐོད་ཁྲག་བསྣམས་པ། ཞབས་གཡོན་པའི་མཐིལ་གཡས་པའི་བརླ་ལ་བསྟན་པའི་གར་སྟབས་ཀྱིས་ཡབ་དང་གདན་གཅིག་པར་གཡས་ཕྱོགས་ནས་ཡབ་ལ་གཟིགས་ཏེ་བཞུགས་པ། ༸མ་ཧེ་དཀར་པོ་གཉིས་ཀྱིས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་ཡ་མ་ར་ཙ་མ་མཐིང་ནག་གཡས་འཁོར་ལོ་གཡོན་དགྲ་སྟ། ༸མ་ཧེ་སེར་པོ་གཉིས་ཀྱིས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་མྱོས་བྱེད་(༤ན)


GLG022_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་སེར་ནག་གཡས་བེ་ཅོན་གཡོན་ཐོད་ཁྲག །༸མ་ཧེ་དམར་པོ་གཉིས་ཀྱིས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་མ་རུ་རྩེ་དམར་ནག་གཡས་དབྱུག་ཏོ་གཡོན་ཐོད་ཁྲག །༸མ་ཧེ་ལྗང་གུ་གཉིས་ཀྱིས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་རལ་པ་ཚར་དགུ་ལྗང་ནག་གཡས་གཏུན་སྒོམ་ཁོག་ཏུ་བེ་ཅོན་བཤད་ཀྱང་རྒྱུད་དུ་གཏུན་ཤིང་འདུག་པས་འགལ་བ་མེད། ཤིང་གཡོན་ཐོད་ཁྲག །ཡུམ་རྣམས་སྐུ་མདོག་ཡབ་དང་མཚུངས་ཤིང་གཡས་ཡབ་འཁྱུད་གཡོན་ཐོད་ཁྲག་སྟོབ་པ། གཙོ་འཁོར་ཐམས་ཅད་བཞུགས་སྟང་རྒྱན་ཆ་ལུགས་ཆེ་མཆོག་ཇི་ལྟ་བ། བྲག་རིའི་སྟེང་དུ་ཀླུ་རྒྱལ་ཕོ་མོ་གདེངས་ཀ་སྦྲུལ་མཇུག་དར་གྱི་སྟོད་གཡོགས་རིན་པོ་ཆེའི་རྒྱན་སོགས་དང་ལྡན་པས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ། རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་དཀར་གཡོན་སྔོ་བ། ཕྱག་གཡས་དང་པོས་རྡོ་རྗེ་རྩེ་ལྔ་པ་དང་། གཡོན་དང་པོས་དྲིལ་བུ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་བར་པས་ཁ་ཊྭཱཾ་ག །ཐ་མས་སྦྲུལ་ཞགས། གཡོན་བར་པས་བན་དྷ་ཁྲག་གིས་གང་བ། ཐ་མས་ལྕགས་སྒྲོག །རྩ་ཞལ་གཡས་གཡོན་གཉིས་ཀྱི་གཙུག་ན་རྟ་མགོ་མེད་པས་བྲིས་དཔེར་གསུམ་འདུག་པ་མ་དག །ཞལ་གྱི་དབུ་གཙུག་ནས་རྟ་མགོ་ལྗང་གུ་རྔོག་མ་དམར་སེར། ཞུར་དཀར་པོ། ཡུམ་དམར་མོ་གཡས་ཁ་ཊྭཱཾ་ག་གཡོན་བན་དམར། ༸ཀླུ་རྒྱལ་མདོག་དཀར་ཞི་ཉམས་གདེངས་ཀ་སྦྲུལ་མཇུག །དར་གྱི་སྟོད་གཡོགས། སྦྲུལ་དང་རིན་པོ་ཆེའི་རྒྱན་དགོས་ཤིང་འོག་མ་རྣམས་ལའང་རིགས་འགྲེ། རིགས་ཕོ་མོས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་རྡོ་རྗེ་དབང་ཆེན་དཀར་པོ་གཡས་རྡོ་རྗེ། ༸ཀླུ་རྗེ་མདོག་སེར་ཞི་ཉམས། རིགས་ཕོ་མོས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་རིན་ཆེན་དབང་ཆེན་སེར་པོ་གཡས་རིན་པོ་ཆེ་འབར་བ། ༸ཀླུ་བྲམ་མདོག་དམར་ཆགས་ཉམས། ཟེའི་རིགས་ཕོ་མོས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་(༤བ)


GLG022_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དབང་ཆེན་དམར་པོ་གཡས་པད་དཀར། ༸ཀླུ་དམངས་མདོག་ལྗང་ཁྲོ་ཉམས་ཅུང་ཟད། རིགས་ཕོ་མོས་བཏེག་པའི་པདྨ་ལ་ཉིའི་གདན་ལ་ཀརྨ་དབང་ཆེན་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ། བཞི་ཀའང་གཡོན་པ་ཐོད་ཁྲག །ཡུམ་རྣམས་སྐུ་མདོག་ཡབ་དང་འདྲ་བ་ལ་གཡས་ཁ་རྒྱུད་ན་ཕྱག་མཚན་མི་གསལ་ཡང་སྒོམ་ཁོག་ནས་བྱུང་། ཊྭཱཾ་འཛིན་པས་ཡབ་ལ་འཁྱུད་ཅིང་གཡོན་ཐོད་ཁྲག་སྟོབ་པ། གཙོ་འཁོར་ཐམས་ཅད་ཀྱི་རྒྱན་ཆ་ལུགས་ཆེ་མཆོག་ཇི་ལྟ་བ། བྲག་རིའི་སྟེང་དུ་དབང་ཕྱུག་ཡབ་རྒྱན་ཆ་ལུགས་ཆེ་མཆོག་གི་ཞབས་འོག་གི་དེ་དང་མཐུན། ཡུམ་གྱིས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ། རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གསུམ་ཕྱག་དྲུག །ཞབས་བཞི་པ། གཡས་དཀར་གཡོན་དམར་བ། གཡས་དང་པོ་རྡོ་རྗེ་རྩེ་དགུ། བར་པས་རྡོ་རྗེ་རྩེ་ལྔ། གཡོན་དང་པོས་སྡིགས་མཛུབ་ཀྱི་རྩེ་ལ་མེ་དཔུང་འབར་བ། བར་པས་ཁ་ཊྭཱཾ་ག །ཐ་མས་ཕྱག་གཉིས་རི་རབ་ཀྱི་ཕུར་པ་བསྒྲིལ་བ། ཡུམ་སྔོན་མོ་གཡས་ཁ་སྒོམ་ཁོག་ཏུ་ཨུཏྤལ་བཤད་ཀྱང་རྒྱུད་དུ་འདི་ལྟར་བྱུང་ཞིང་། ཕྱག་ལེན་ཁུངས་མ་མང་པོར་ཡང་འདི་ལྟར་བྱུང་། ཊྭཱཾ་ག །གཡོན་ཐོད་པ་འཛིན་པས་འཁྱུད་པ། ༸དགྲ་བགེགས་སྤྱི་འཆིངས་སུ་བསྣོལ་བས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་བུདྡྷ་ཀཱི་ལཱ་ཡ་དཀར་པོ་གཡས་ཕུར་པ། ༸གོང་འདྲའི་གདན་གྱི་སྟེང་དུ་རཏྣ་ཀཱི་ལཱ་ཡ་སེར་པོ་གཡས་དགྲ་སྟ། ༸གོང་འདྲའི་གདན་གྱི་སྟེང་དུ་པདྨ་ཀཱི་ལཱ་ཡ་དམར་པོ་གཡས་གྲི་གུག །༸གོང་འདྲའི་གདན་གྱི་སྟེང་དུ་ཀརྨ་ཀཱི་ལཱ་ཡ་ལྗང་གུ་གཡས་མདུང་ཐུང་། བཞི་ཀའང་གཡོན་ཐོད་ཁྲག །ཡུམ་རྣམས་སྐུ་མདོག་ཡབ་དང་འདྲ་བ་ལ་གཡས་བྲིས་ཐང་ན་གྲི་གུག་དང་དགྲ་སྟ་སོགས་འདུག་པ་མ་དག །དྲིལ་བུ་གཡོན་ཐོད་ཁྲག་འཛིན་པས་འཁྱུད་པ། གཙོ་འཁོར་ཐམས་ཅད་རྒྱན་ཆ་ལུགས་ཆེ་མཆོག་ལྟར། བྲག་(༥ན)


GLG022_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་སྟེང་དུ་པདྨ་ཟླ་བ་ཉི་མའི་གདན་ལ། མ་མོ་ཁྲོས་པ་ནག་མོ་དབུ་རྒྱན་སོགས་རུས་རྒྱན་དང་། རེ་ལྡེའི་སྨད་གཡོགས་ཅན་བསྣོལ་བའི་སྟེང་ན་མངོན་རྫོགས་རྒྱལ་པོ་མཐིང་ནག་ཞལ་གསུམ་ཕྱག་དྲུག །ཞབས་བཞི་པ། གཡས་དཀར་གཡོན་དམར་བ། གཡས་དང་པོས་རྡོ་རྗེ་དང་། གཡོན་དང་པོས་བན་དམར་ཐུགས་ཀར་སྟེང་འོག་ཏུ་བསྣམས་པ། གཡས་བར་པས་ཁྱུང་ཁྲ། ཐ་མས་སྦྲུལ་ཞགས། གཡོན་བར་པས་ཞིང་དབྱུག །ཐ་མས་ཐོད་སྐམ་ཁ་སྦྱར་དར་སྔོན་པོས་རྐེད་པ་ནས་ཅུང་ཟད་བསྡམས་པ། ཡུམ་སྔོན་མོ་གཡས་དྲིལ་བུ་གཡོན་བན་དམར་འཛིན་པས་འཁྱུད་པ། ༸བདུད་ནག་པོ་ཁྲོས་ཉམས་རུས་རྒྱན་སྟག་ཤམ་སོགས། ཕོ་མོས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་རྣམ་སྣང་དཀར་མོ་གཡས་རྡོ་རྗེ། ༸གཤིན་རྗེ་ནག་པོ་ཁྲོ་ཉམས་རུས་པ་སྦྲུལ་རྒྱན་སྟག་ཤམ། ཕོ་མོས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་འོད་གསལ་འབར་སེར་མོ་གཡས་རིན་པོ་ཆེ། ༸གནོད་སྦྱིན་ལྗང་གུ་ཞི་མ་ཁྲོ་དར་གྱི་སྟོད་གཡོགས་སྨད་གཡོགས་རིན་པོ་ཆེ་དང་སྦྲུལ་རྒྱན། ཕོ་མོས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་གཉེན་གསལ་འབར་དམར་པོ་གཡས་པདྨ། བརྒྱ་བྱིན་ཞི་བ་དཀར་པོ་དར་གྱི་སྟོད་གཡོགས་སྨད་གཡོགས་རིན་པོ་ཆེའི་རྒྱན་ཅན། ཕོ་མོས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་ཡང་གསལ་གཡོན་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ། ༸བགེགས་དུད་ཁ་ཁྲོ་ཉམས་དར་གྱི་སྟོད་གཡོགས་སྨད་དཀྲིས་སྦྲུལ་གྱིས་བརྒྱན་པ། ཀྱིས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་བཀྲག་གསལ་བྲིས་དཔེར་རྩ་ཆད། མཉམ་མཐིང་ནག་གཡས་འཁོར་ལོ། ལྔ་གའང་གཡོན་ཐོད་ཁྲག །གཙོ་འཁོར་ཐམས་ཅད་རྒྱན་ཆ་ལུགས་ཆེ་མཆོག་ལྟར། བྲག་རིའི་སྟེང་དུ་སེང་གེས་བཏེག་པའི་ཁྲི་དར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྤྱིར་བཏང་གི་སྟེང་དུ་དར་ཚོན་སྣ་ལྔའི་གདན་བརྩེགས་པའམ། དར་ཚོན་སྣ་ལྔ་རྨོག་གཅུས་ལྟར་བསྒྲིམས་པ་འདྲ་བའི་གདན་གང་རུང་། གྱི་སྟན་དང་(༥བ)


GLG022_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཟླ་ཉིའི་གདན་ལ་རིགས་འཛིན་སྐུ་མདོག་སྔོན་པོ་དྲང་སྲོང་ཁྲོས་པའི་རྣམ་པ་ཅན། ཞལ་གཅིག་ཕྱག་གཉིས་ཞབས་གཉིས་པ། དབུ་སྐྲ་ནག་པོ་རལ་པའི་ཐོར་བྲིས་དཔེ་ན་ཁྲོ་བོའི་རལ་པ་དམར་སེར་གྱེན་དུ་ལངས་པ་འདུག་པ་མི་ལེགས། ཚུགས་དར་དམར་གྱི་རྐེད་བྲིས་དཔེར་ཆད་འདུག །འཆིངས་དང་སྤྱི་བོར་ནོར་བུས་མཚན་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྟོད་པའི་ཚུལ་གྱིས་འཛིན་པ། གཡོན་དྲིལ་བུ་དཀུར་བརྟེན་པ་ཡུམ་སྐུ་མདོག་ཕྱག་མཚན་ཡབ་དང་འདྲ་བས་འཁྱུད་པ། ཁྱུང་གཤོག་སྦྲུལ་རྒྱན་རྣམས་སྤངས་པའི་གཞན་རྒྱན་རྣམས་ཆེ་མཆོག་ཇི་ལྟ་བ་ལ། ཆེ་མཆོག་ལ་མེད་པའི་དར་ལྗང་གུའི་ཡུག་གྱོན་པ། ཡུམ་གྱི་དབུ་སྐྲ་ནག་པོ་སྐུ་རྒྱབ་ཏུ་གསིལ་བ། ༸པདྨ་ཟླ་ཉིའི་གདན་ལ་ལྷུན་གྱིས་གྲུབ་པའི་རིགས་འཛིན་སྐུ་མདོག་དཀར་པོ། ༸ཕྱག་རྒྱ་ཆེན་པོའི་རིགས་འཛིན་སེར་པོ། ༸ཚེ་ལ་དབང་བའི་རིགས་འཛིན་དམར་པོ། ༸རྣམ་པར་སྨིན་པའི་རིགས་འཛིན་ལྗང་གུ། བཞི་ཀའང་ཡུམ་མེད་ཅིང་རྒྱན་ཆ་ལུགས་ཕྱག་མཚན་གཙོ་བོ་ཇི་ལྟ་བ། བྲག་རིའི་སྟེང་དུ་ལྷ་ཆེ་མཆོག་གི་ཞབས་འོག་གི་ལྷ་ཆེན་ཇི་ལྟ་བ། ཆེན་བསྣོལ་བས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་དྲེགས་པ་ཀུན་འདུལ་མཐིང་ནག་གཡས་དཀར་གཡོན་དམར། ཕྱག་གཡས་དང་པོས་རྡོ་རྗེ་རྩེ་ལྔ་དང་གཡོན་དང་པོས་བན་དྷ་སྟེང་འོག་ཏུ་བསྣམས་པ། གཡས་ལྷག་མ་གཉིས་ཀྱིས་རིན་པོ་ཆེའི་དབུ་རྒྱན་སྙན་རྒྱན་སོགས་དགོས། ལྷ་བརྒྱད་ཀྱི་མགོ་བྲིས་དཔེ་ན་མགོ་བོའི་ཁ་གྲངས་འཆོལ་མར་འདུག་རུང་ཕྱག་རེ་རེས་མགོ་བཞི་བཞི་འཛིན་སྐེ་བཅད་མཚམས་ནས་ཁྲག་འབབ་པའི་ཚུལ་བྱེད། བོ་སྐྲ་ནས་གཟུང་བ། གཡོན་ལྷག་མ་གཉིས་ཀྱིས་ཀླུ་བརྒྱད་ཀྱི་མགོ་བོ་སྐེ་སྐེ་ནས་བཟུང་བའི་དགོས་པ་སྦྲུལ་མགོ་སོགས་མ་ཉམས་པར་ཡོང་བའི་ཆེད་ཡིན། ནས་བཟུང་བ། ཡུམ་སྔོན་མོ་གཡས་རྡོ་རྗེ་རྩེ་གསུམ་པ་དང་། གཡོན་(༦ན)


GLG022_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཁྲག་འཛིན་པས་འཁྱུད་པ། ༸དྲེགས་པ་དམ་སྲི་ཕོ་མོ་བསྣོལ་བས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་ཡ་མ་ར་ཙ་གཡས་བེ་ཅོན་གཡོན་དབྱུག་ཏོ། ཡུམ་འཁོར་ལོ་ཐོད་ཁྲག་འཛིན་པས་འཁྱུད་པ། ༸གདན་གོང་འདྲའི་སྟེང་དུ་བདུད་སྐོས་རྗེ་བྲང་དཀར་ཁྲམ་ཤིང་སྒོམ་ཁོག་ན་དགྲ་སྟ་འདུག་ཀྱང་རྒྱུད་དང་མི་མཐུན། ཐོད་ཁྲག །ཡུམ་ཁྲམ་ཤིང་ནད་རྐྱལ་འཛིན་པས་འཁྱུད་པ། གདན་གོང་འདྲའི་སྟེང་དུ་སྲིན་པོ་གློག་འཕྲེང་གཡས་གློག་གི་འཕྲེང་བ་དང་གཡོན་བྲིས་དཔེ་ལ་ཐ་སྙད་ཆེར་མི་འདུག་པས་དཔེ་འདི་ལྟར་བྱེད། སེར་བ། ཡུམ་ཕུར་པ་མི་མགོ་སྐྲ་ནས་བཟུང་ན་ཉམས་དོད། ཐོགས་པས་འཁྱུད་པ། ༸གདན་གོང་འདྲའི་སྟེང་དུ་གནོད་སྦྱིན་མེ་དབལ། གཡས་རིན་པོ་ཆེ་དང་གཡོན་ཟངས་གྲི་བྲིས་དཔེ་ན་གསེར་གྱི་སྤུ་གྲི་འདུག་པ་མ་དག །བསྣམས་པ། ཡུམ་སྔོ་ནག་གཡས་སྤུ་གྲི་གཡོན་གཡུ་སྤྱང་ཐོགས་པས་འཁྱུད་པ། ཡབ་བཞི་དང་ཡུམ་སྔོན་མ་གསུམ་པོ་སྐུ་མདོག་ནག་པོ་རྒྱན་ཆ་ལུགས་བཞུགས་སྟངས་སོགས་ཆེ་མཆོག་ཇི་ལྟ་བ། བྲག་རིའི་སྟེང་དུ་དགྲ་བགེགས་ཕོ་མོས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་སྟོབས་ལྡན་ནག་པོ་དབུས་ཞལ་མཐིང་ནག །གཡས་བྲིས་དཔེ་ན་གཡས་གཡོན་གཉིས་དུད་ཁ་བྱས་པ་མ་དག །ནག །གཡོན་ཤིན་ཏུ་ནག་ཅིང་འཚེར་བ། ཕྱག་གཡས་དང་པོས་རྡོ་རྗེ་དང་གཡོན་དང་པོས་བན་དམར་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་ལྷག་མ་གཉིས་ཀྱིས་ལྷ་བརྒྱད་ཕྱག་རེ་རེས་སྙིང་བཞི་བཞི་འཛིན་དགོས། ཀྱི་སྙིང་། གཡོན་ལྷག་མ་གཉིས་ཀྱིས་ཀླུ་བརྒྱད་ཀྱི་སྙིང་། ཡུམ་སྔོན་མོ་གཡས་གཟུགས་ཁམས་འདེགས་གཡོན་བྲིས་དཔེ་ལ་ཕྱག་མཚན་མི་འདུག་དཔེ་འདི་ལྟར་བྱེད། འདོད་ཁམས་གནོན་པ། ༸དགྲ་བགེགས་ཕོ་མོས་བཏེག་པའི་པདྨ་ཟླ་ཉིའི་གདན་ལ་འཆི་བདག་ནག་པོ་གཡས་གྲི་གུ་བྲིས་དཔེར་བེ་ཅོན་དང་ཐོད་པ། གཡོན་(༦བ)


GLG022_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཁྲག །ཡུམ་ནག་མོ་གྲི་དང་སྙིང་འདུག་པ་མ་དག །ཐོགས་པ། ༸གདན་གོང་འདྲའི་སྟེང་དུ་བདུད་ནག་པོ་མེའི་ཁ་རླངས་ཅན་གཡས་ཁ་ཊྭཱཾ་གཡོན་རྩེ་གསུམ། ཡུམ་ནག་མོ་ཁྲམ་ཤིང་བྲིས་དཔེར་མགོ་རློན་འདུག་པས་མ་དག །མགོ་དང་ཐོད་པ་ལ་སྤྱི་བྱེ་བྲག་གི་ཁྱད་ཡོད་པས་དབྱེ་བ་ཕྱེད་དགོས། ཐོད་རློན་ཐོགས་པས་འཁྱུད་པ། ༸གདན་གོང་འདྲའི་སྟེང་དུ་སྲིན་པོ་སྨུག་ནག་གཡས་རལ་གྲི་གཡོན་ཐོད་ཁྲག །ཡུམ་ནག་མོ་གྲི་གུག་དང་ཐོད་པ་ཐོགས་པས་འཁྱུད་པ། གདན་གོང་འདྲའི་སྟེང་དུ་གནོད་སྦྱིན་གང་བ་བཟང་པོ་སྔོན་པོ་གཡས་རལ་གྲི་དང་གཡོན་རུ་བྲིས་དཔེར་མཇལ་དར་བཟུང་བ་འདྲ་དེ་མི་ལེགས་དར་ལྕོག་ནག་པོ་ཡིན། དར་ནག་པོ་འཕྱར་བ། ཡུམ་སྔོན་མོ་གཡས་རུ་བྲིས་དཔེར་མཇལ་དར་བཟུང་བ་འདྲ་དེ་མི་ལེགས་དར་ལྕོག་ནག་པོ་ཡིན། དར་ནག་པོ་དང་གཡོན་མི་ལྤགས་ཐོགས་པས་འཁྱུད་པ། གཙོ་འཁོར་ཐམས་ཅད་རྒྱན་ཆ་ལུགས་བཞུགས་སྟངས་སོགས་ཆེ་མཆོག་ཇི་ལྟ་བའོ། །བཀའ་བརྒྱད་གསང་རྫོགས་ཀྱི་བྲིས་ཐང་འདྲི་བའི་གསལ་བྱེད་གསང་གསུམ་མི་ཟད་རྒྱན་འཁོར་ཞེས་པའང་ཟ་ཧོར་གྱི་བནྡེས་བཀོད། །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ།།

སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་ཡང་དག་ཟླ་གམ་དགུ་པའི་འཕྲིན་ལས་ཀྱི་རིམ་པ་རྒྱུད་དོན་སྣང་བྱེད།


GLG022_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་ཡང་དག་ཟླ་གམ་དགུ་པའི་འཕྲིན་ལས་ཀྱི་རིམ་པ་རྒྱུད་དོན་སྣང་བྱེད་བཞུགས་སོ།།


GLG022_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་སམྦཛྲ་ཧེ་རུ་ཀ་སྱ་དེ་ཝཱ་ཡ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་ཡང་དག་ཟླ་གམ་དགུ་པའི་འཕྲིན་ལས་ཀྱི་རིམ་པ་རྒྱུད་དོན་སྣང་བྱེད་ཅེས་བྱ་བ། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དྲིན་ཅན་རྩ་བའི་བླ་མ་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་དང་རྡོ་རྗེ་ཁྲག་འཐུང་དབྱེར་མ་མཆིས་པའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། ཀུན་ཁྱབ་ཀུན་གྱི་རང་བཞིན་གདོད་ནས་དྲི་བྲལ་སེམས་ཉིད་ཆོས་ཀྱི་སྐུ། །འོག་མིན་ཞིང་གི་གཙོ་བོར་ཡན་ལག་བདུན་ལྡན་མཚན་དཔེ་རབ་རྒྱས་ལོངས་སྤྱོད་རྫོགས། །གྲངས་མེད་དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་རྡོ་རྗེ་ཁྲག་འཐུང་སྤྲུལ་པའི་གར། །རང་རིག་དོན་གྱི་ཡང་དག་རང་ངོ་མ་འཕྲོད་དེ་སྲིད་བསྒྲུབ་བྱའི་ཡུལ། །འཇིགས་མེད་ཧཱུཾ་སྒྲ་སེང་གེའི་ང་རོ་ཡིས། །ཡིད་སྲུབས་གླང་ཆེན་སྤྱི་བོ་འགེམས་མཛད་པ། །འཕགས་ཡུལ་གྲུབ་པའི་འཁོར་སྒྱུར་ཞབས་སེན་ཟླས། །བདག་ཡིད་ཀུནྡ་བཞད་པའི་དགའ་སྟོན་སྩོལ། །བདེ་(༢ན)


GLG022_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞིང་གི་མགོན་པོ་གར་གྱི་དབང་། །འཛམ་བུའི་གླིང་ན་ཆེ་བའི་རིག་སྔགས་ཀྱི། །བརྟུལ་ཞུགས་སྤྱོད་པས་སྣང་སྲིད་ཟིལ་གནོན་པ། །པདྨ་ཐོད་འཕྲེང་བསླུ་མེད་གཏན་གྱི་སྐྱབས། །གང་གི་ཞལ་ལུང་དངར་པོར་འཐུལ་བའི་རོ། །བཏུངས་པས་ལམ་འདིའི་སྒོ་ནས་གྲུབ་བརྙེས་པ། །འཁོན་སྟོན་རིམ་པར་བྱོན་དང་སྨིན་གྲོལ་གྱི། །བཀའ་བབས་བརྒྱུད་ལྡན་བླ་མའི་ཚོགས་རྣམས་རྒྱལ། བསྙེན་སྒྲུབ་སྒྲུབ་ཆེན་དབང་འཁྲིད་ལས་སྦྱོར་སོགས། །ཀུན་གྱི་ཐོག་མར་ང་རྒྱལ་སེམས་འཛིན་པའི། །བསྐྱེད་པའི་རིམ་པ་གསལ་བར་བྱེད་པའི་སྒོ། །ལས་བྱང་སྔོན་བྱོན་དམ་པའི་ལུགས་བཞིན་འགོད། །དེ་ལ་འདིར་འཕགས་ཡུལ་གྲུབ་པའི་དབང་ཕྱུག་སློབ་དཔོན་ཆེན་པོ་ཧཱུཾ་ཀཱ་རའི་བཞེད་སྲོལ་དཔལ་ཡང་དག་མར་མེ་དགུ་པའི་འཕྲིན་ལས་ཀྱི་རིམ་པ་འདྲི་བ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། །དང་པོར་སྐྱབས་སེམས་ཚོགས་ཞིང་མཚམས། །བཤགས་པ་བརྡ་སྒོ་དབྱེ་ཕྱག་འཚལ། །དམ་བྱིན་མཆོད་བརླབ་བཅུ་ཡི་ཁྲིགས། །དེ་ཡང་རྒྱུད་དང་(༢བ)


GLG022_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཞལ་ལུང་ལས་བྱུང་བའི་མཚན་ཉིད་དང་ལྡན་པའི་གནས་བཀྲ་ཤིས་ཤིང་ཡིད་དུ་འོང་བར་ཆུ་གཉིས་སྔོན་དུ་འགྲོ་བའི་ཕྱི་ནང་གི་ཉེར་སྤྱོད་རོལ་མོ་སྨན་རཀ་གཏོར་བདག་ཆེན་སྔགས་འཆང་ཆེན་པོ་ཀུན་དགའ་རིན་ཅེན་པས་གཏོར་མ་ཟླུམ་པོ་སྟོད་སུམ་གཉིས་ལ་དཔལ་བཏོད་པ་ཞེས་གསུང་པ་ཏནྟྲ་ཧེ་རུ་ཀ་གལ་པོའི་རྒྱུད་ལས། གཏོར་མ་དཀར་པོ་ཟླུམ་པོ་ནི། །འདི་ནི་ཞི་བའི་གཏོར་མ་ལ། །གཏོར་མ་གྲུ་བཞི་སེར་པོ་ནི། །རྒྱས་པའི་གཏོར་མ་ཡིན་པར་བཤད། །གཏོར་མ་དམར་པོ་ཟླ་གམ་ནི། །དབང་གི་གཏོར་མ་ཡིན་པར་བཤད། །གཏོར་མ་ནག་པོ་གྲུ་གསུམ་ནི།། དྲག་པོའི་ལས་ལ་རབ་ཏུ་ཤིས་ཞེས་ལས་སྒྲུབ་ཚུལ་གྱི་དབང་གིས་གཏོར་མ་ལ་མཐའ་གཅིག་ཏུ་ངེས་པ་མེད་ཅིང་དྲག་པོ་ལ་ཡང་གྲུ་གསུམ་དང་སྙིང་བཟོ་སོགས་རྣམ་གྲངས་མང་བའི་གསང་སྔགས་རྙིང་མར་དཔལ་བཤོས་དྲེགས་བཤོས་རྩ་བས་འབྱེད་ཅེས་ཡང་ཕུར་སོགས་སྒྲུབ་སྡེ་བརྒྱད་ཀྱི་གཏོར་མ་རྣམས་དཔལ་བཤོས་སུ་མཛད་པ་ཡོངས་སུ་གྲགས་པས་གཏོར་ཟླུམ་ལ་དཔལ་འདོན་ལུགས་ཀྱི་གཏི་ཐུག་ཁྲིགས་དེ་འདྲ་ཅི་དགོས། དེ་ལྟར་ན་སྣོད་ཀྱི་ནང་དུ་ཕྱེ་ལ་ཆུ་ལྡུགས་ལུགས་སོགས་ཀྱང་དགོས་པ་འདྲ། རཀྟ་ལ་གྲི་ཁྲག་དང་རང་བྱུང་གི་ཁྲག་སོགས་དགོས་པར་བཤད་མོད། ཆང་ལ་ཤ་བཏབ་པའི་རཀྟ་དེ་འདྲ་གསང་སྔགས་རྙིང་མ་རྣམས་ལ་ནི་མ་གྲགས་ཤིང་གསར་མ་ཕྱོགས་ལ་དེ་འདྲའི་རྣམ་གཞག་འོང་དོན་ཡང་མེད་པས་འཇམ་དཔལ་འཁོན་གྱི་གདུང་བརྒྱུད་དྲི་མ་མེད་པ་རྣམས་ཀྱི་ཞབས་ལ་ཐག་པ་མི་འདོགས་པ་ཞུ། གསུམ་སོགས་མཁོ་བའི་ཡོ་བྱད་རྣམས་མངོན་པར་འདུ་བྱས། དང་པོ་དཀོན་ཅོག་སྐྱབས་འགྲོ་བ། །བཀླགས་པས་དོན་གྲུབ་ལས། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་(༣ན)


GLG022_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ་སོགས་ལོང་སྐབས་དང་བསྟུན་ཏེ་ཇི་ལྟར་རིགས་པ་བརྗོད་ནས་སྐྱབས་ཡུལ་རྣམས་རང་ལ་བསྡུས་ཏེ་སྤྲོས་བྲལ་གཉིས་མེད་ཀ་དག་གི་ཀློང་དུ་རང་བབས་སུ་བཞག་གོ །གཉིས་པ་སྨན་འཇུག་སེམས་བསྐྱེད་པ། །དཔལ་ཁྲག་འཐུང་གལ་པོ་ཆེའི་རྒྱུད་ལས། །བདེ་གཤེགས་སེམས་ཀྱི་སྙིང་པོ་ལས། །མ་རྟོགས་འཁོར་བའི་སེམས་ཅན་རྣམས། །སངས་རྒྱས་ས་ལ་འགོད་པའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པ་ཅི་རིགས་པ་བརྗོད་ཅིང་དེ་དོན་ཡིད་ལ་ནན་ཏན་དུ་བསམ། གསུམ་པ་བསོད་ནམས་ཚོགས་གསོག་པ། །རང་ཉིད་རྡོ་རྗེ་ཁྲག་འཐུང་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྩ་བའི་བླ་མ་བཛྲ་ཧེ་རུ་ཀའི་རྣམ་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་མ་ཚང་བ་མེད་པས་བསྐོར་ཏེ་མཁའ་ཁྱབ་ཀྱི་འཁོར་ལོར་བཞུགས་པ་ཐམས་ཅད་ཨོཾ་བཛྲ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ས་མཱ་ཛཿས་སྤྱན་དྲངས། རྙིང་མ་བཀའ་མར་གྲགས་ཆེ་བའི་མཐར་བཀླགས་པས་དོན་གྲུབ་ཏུ་ཚད་མེད་ཚིགས་བཅད་བཏགས་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་རྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་(༣བ)


GLG022_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དགོས་པ་གསུམ་གྱི་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་བདུན་རྣམ་དག་དང་ཚད་མེད་བཞི་བསྒོམ། །བཞི་པ་མཚམས་གཅོད་བསྲུང་བའི་གུར། །སྔགས་དང་ཚིགས་བཅད་རྣམས་རྒྱུད་དང་ལྷུག་པ་དང་ཕྱག་རྒྱ་བཀླགས་པས་དོན་གྲུབ་ཀྱི་དོན་འཁྱེར་བདེར་སྦྱར་བ་ནི། ཨོཾ་བཀླགས་པས་དོན་གྲུབ་ཏུ་ཡེ་ཤེས་ཚོགས་གསོག་དང་མཚམས་གཅོད་གཉིས་ས་བཅད་སོ་སོར་མཛད་ཀྱང་མཚམས་གཅོད་ཀྱི་ཁོངས་སུ་བསྡུས་པ་འཇུག་པ་བདེ། མ་ཧཱ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་པདྨ་ཉི་ཟླ་དབང་ཕྱུག་ཆུང་མ་དང་བཅས་པའི་གདན་གྱི་སྟེང་དུ་རང་གི་རྣམ་པར་ཤེས་པ་ཧཱུཾ་སྔོན་པོ། སྥ་ར་ཎ་ཕཊ། འོད་ཟེར་ཕར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སཾ་ཧ་ར་ཎ་ཧཱུཾ། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་དགུ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་འོད་དུ་ཞུ་བ་ལས། དཔལ་ཆེན་པོ་བཛྲ་ཧེ་རུ་ཀཿམཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲང་པ། དུར་ཁྲོད་དང་དཔལ་གྱི་ཆས་རྣམས་ཀྱིས་བརྒྱན་པ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་དང་མཉམ་པར་སྦྱོར་བའི་སྐུ་ཅན་དུ་བསམ། མ་སཱུརྱ་མཎྜ་ལ། རང་གི་ལག་མཐིལ་གཡས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ཨ་ཙནྡྲ་མཎྜ་ལ། གཡོན་པའི་མཐིལ་དུ་(༤ན)


GLG022_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་པདྨ་ཨས་མཚན་པ། གཡས་ཀྱི་སོར་མོ་ལྔ་ཨོཾ་ཧཱུཾ་སྭཱ་ཨཾ་ཧཱས་རིགས་ལྔ་ཡབ་ལྔ་དང་། གཡོན་གྱི་སོར་མོ་ལྔ་མུཾ་མཾ་ལཾ་པཾ་ཏཾ་ལས་ཡུམ་ལྔར་བསམ། ས་མ་ཡ་སྟྭཾ། མཉམ་པའི་ཐལ་མོ་སྦྱར་བས་སྙོམ་འཇུག་ལ་བསྐུལ། བཛྲ་ཨཉྩ་ལི་ཧཱུཾ། རྡོ་རྗེ་ཐལ་མོ་རྗེས་སུ་ཞུགས། བཛྲ་བནྡྷ་བཛྲ་སཉྫ་ལི་ཛཿ རྡོ་རྗེ་བསྡམས་པས་ཕན་ཚུན་རོ་གཅིག་ཏུ་བསམ། རིགས་ལྔའི་སྦྱོར་མཚམས་ནས་སྤྲོས་པའི་ཁྲོ་བོའི་ཚོགས་བྱུང་བ་ལག་མཐིལ་གྱི་ཧཱུཾ་དང་ཨ་ལ་ཐིམ། ཕཊ། རྡོ་རྗེ་ཐལ་མོ། ཁྲོ་བོ་སྤྲིན་རབ་འབྱམས་འཕྲོ་བར་བསམས་ལ། རོལ་མོ་དབྱངས་དང་བཅས་ཏེ་བཀའ་བསྒོ་བ་ནི། དཔལ་ཁྲག་འཐུང་གལ་པོ་ཆེའི་རྒྱུད་ལས། ཧཱུཾ། ཡང་དག་དོན་ལ་མི་བརྩོན་ཞིང་། །བྱང་ཆུབ་དོན་ལ་མི་གནས་པའི། །མི་དང་མི་མིན་གང་ཡང་རུང་། །ཐམས་ཅད་གཅིག་ཏུ་བསྡུས་ནས་ནི། །རྡུལ་ཕྲན་བཞིན་དུ་བརླག་པ་དང་། །སེམས་ཉིད་ཐེག་པ་ཆེན་པོ་ཡི། །རྣམ་ཐར་དག་ལ་འགོད་པ་ནི། །ཡེ་ཤེས་འཕྲིན་ལས་ཅན་གྱིས་མཛོད། །བཛྲ་ས་མ་ཡ་ཛཿཛཿ རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །ཐམས་ཅད་ཐུགས་རྗེས་བསྐྱངས་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང་། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་བརྒྱུད་རིགས་ཀྱང་བརླག་པར་འགྱུར། །ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཕཊ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུཾ་བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། (༤བ)


GLG022_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ་བིནྡྷ་བིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཨོཾ་བྲུཾ་ཧཱུཾ་བྲུཾ་ཏྲཾ་བྲུཾ་ཧྲིཿབྲུཾ་ཨཿབྲུཾ་ཨོཾ་ཛྭ་ལ་བཛྲ་མནྡྷ་སུམྦྷ་ནི་མནྡྷ་ཛྭ་ལ་བཛྲ། བཛྲ་ཛྭ་ལ་བཛྲ་ཧཱུཾ་ཕཊ། ཅེས་མཚམས་བཅད་དོ། །ཧཱུཾ། ཁྲོ་བོ་རྣམས་རང་གི་ཐུགས་ཀར་ཐིམ་པར་བསམ། ཡང་ཐུགས་ཀའི་ཧཱུཾ་ལས་མཚོན་ཆ་སྣ་ཚོགས་པ་འཕྲོས་པ་སྣ་བུག་ནས་འཐོན། གཡས་བསྐོར་གྱིས་བགེགས་ཀྱི་ཚོགས་བསྐྲད་ཅིང་ས་ཞིང་བརྟན་པའི་བསྲུང་བའི་གུར་དུ་བསམས་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར། མཐེའུ་ཆུང་སྦྲེལ། གུང་མཛུབ་བརྐྱང་བའི་ཕྱག་རྒྱ་བསྐོར་ཞིང་། ལ། ཧཱུཾ་ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་སྲུངས། །ཨོཾ་བཛྲ་ཨཱ་ཡུརྡྷ་རཀྵ་ཧཱུཾ་ཕཊ། ཡང་ཕྱག་རྒྱ་གོང་བཞིན་བཅས། གཡོན་དུ་བསྐོར་ཞིང་། ཧཱུཾ། ང་ཡི་དཀྱིལ་འཁོར་ནས་བཟུང་རཀྵ་ཧཱུཾ་གི་བར་བརྗོད། ཧཱུཾ། སྟེང་ཡང་རྡོ་རྗེ་བསྡམས་པའི་མཐེ་བོང་མཐེའུ་ཆུང་གུང་མོ་གསུམ་མཉམ་སྟེ་སྒྲེང་། མཛུབ་མོ་བཀུག་པའི་རྩེ་མོ་གཉིས་གུང་མོའི་ཚིགས་གསུམ་པར་བཙུགས་པའི་ཕྱག་རྒྱ། རྡོ་རྗེའི་བླ་རེ་ལ། །འོག་ཀྱང་རྡོ་རྗེའི་ས་གཞི་སྟེ། །ཕྱོགས་མཚམས་རྡོ་རྗེ་འབར་བས་གཏམས། །རྡོ་རྗེའི་མཚམས་ལས་མ་འདའ་ཞིག །བཛྲ་བཛྲ་རཀྵ་ཧཱུཾ། སྟེང་ཡང་འཁོར་ལོ་སོགས་འདོན་པ་བསྒྱུར། ཨོཾ་ཛྙཱ་ན་ཙཀྲ་རཀྵ། སྟེང་ཡང་ལག་གཉིས་མཐེ་བོས་མཛུབ་མོ་བཀུག་ནས་མནན་པའི་ཕྱག་རྒྱ། རལ་གྲི་སོགས་ཀྱི་མཐར། ཨོཾ་ཏཱིཀྵྞ་ཚིནྡྷ་རཀྵ། སྟེང་ཡང་སོར་མོའི་རྩེ་མོ་རྣམས་བཀུག་སྟེ་མགོ་བོ་ལྟ་བུའི་ཕྱག་རྒྱ། དབྱུག་ཏོ་སོགས་ཀྱི་མཐར། ཨཱ་ཀོ་ཊ་ཡ་མངྒ་ར་རཀྵ། སྟེང་ཡང་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་གཤིབས་ཏེ་བརྐྱང་བ། ཕུར་པ་སོགས་ཀྱི་མཐར། ཀཱི་ལི་ཀཱི་ལཱ་ཡ་རཀྵ། (༥ན)


GLG022_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ཡང་ཐལ་མོ་ནང་བསྡམས་ཕྱེ་བ་ལས་མཐེ་བོང་དང་མཛུབ་མོ་སོ་སོར་རྩེ་སྤྲད། མེ་ཡི་སོགས་ཀྱི་མཐར། ཨགྣེ་ཛྭ་ལ་རཾ་རཀྵ།ཧཱུཾ། མཚམས་བཅད་ནང་འདི་ཚུན་ཆད་དུ། །སུ་ཡང་འདའ་བར་མ་བྱེད་ཅིག །ཅི་སྟེ་བཀའ་ལས་འདས་གྱུར་ན། །ཐོ་བ་ལྕགས་ཀྱུ་འབར་བ་ཡིས། །སྙིང་ནས་དྲངས་ཤིང་བརྡུང་བར་བྱོས། །ཞེས་གདུག་པ་ཅན་རྣམས་ཕྱིར་བསྐྲད་དེ་བསྲུང་བའི་ས་མ་དྷི་ལ་གནས་པར་བྱའོ། །ལྔ་པ་སྡིག་ལྟུང་ཚོགས་བཤགས་པ། །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བླ་མ་རིགས་འཛིན་ཁྲག་འཐུང་ལྷ་དགུ་དམ་ཅན་སྲུང་མར་བཅས་པ་ཨོཾ་རྡོ་རྗེ་བསྡུ་བའི་ཕྱག་རྒྱས། བཛྲ་ས་མ་ཛཿས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མཿཤྲཱི་བཛྲ་ཧེ་རུ་ཀ་མཎྜལ་ས་པ་རི་ཝཱ་རེ་བྷྱཿ ཞེས་བླ་མ་དང་ལྷ་ལ་ཕྱག་བྱ། དྲི་མེད་བཤགས་བདག་ཆེན་སྔགས་འཆང་པས་འདིར་གུར་ལས་བྱུང་བའི་རྒྱུན་བཤགས་ལེན་པར་མཛད་པ་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་གི་ཡི་གེ་ས་ལོས་མཛད་པ་དེ་ཐུགས་ལ་ཡོད་པའི་ཉམས་ཀྱི་རྣམ་དཔྱོད་ཆེ་བར་བྱུང་ལགས། རྒྱུད་ལས། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། ཐུགས་རྗེས་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བཞུགས་ཤིང་བདག་ལ་དགོངས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་བ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་(༥བ)


GLG022_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ངང་དུ་རོ་གཅིག་པར། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བས་བཀོད་པའི་དཀྱིལ་འཁོར་འདིར། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །བྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཆེན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨར་འཁྱིལ་བའི་སྐུ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་ཆེན་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུམ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཐུགས་རྗེ་གདུང་འཚོབ་རྡོ་རྗེ་བདག་ཅག་གི །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་ཀ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལས། །(༦ན)


GLG022_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ཕྱིར་ནོངས་ཤིང་གཉེར་དུ་སྨྲའོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ལ། །དོན་ལ་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །བཟོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །གློང་དུ་མ་གྱུར་བཙལ་ཤུགས་ཆུངས་པ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་ཕྲད་པར་མི་བྱ་ཞེས། །བཀའ་ལས་འབྱུང་ཡང་དེ་ལྟར་མ་རྟོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་གསལ་དཀའ་བ་དང་། །མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བཀང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་ཀུན། །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་བསྒྲིབས་གྱུར་ཏེ། །རབ་ནོངས་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ། །མི་དམིགས་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །དོན་དམ་གཉིས་མེད་སྤྲོས་ལས་འདས་པ་ལ། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པ་མཆིས་ན་རབ་ནོངས་བཟོད་པར་གསོལ། །གཞན་ཡང་བཀླགས་པས་དོན་གྲུབ་ལས། །སྡོམ་གསུམ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། །རྩ་བ་ཡན་ལག་ཉེས་བྱས་ཕྲ་མོ་(༦བ)


GLG022_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དམ་ཚིག་ཆེ་ཆུང་ཚོར་དང་མ་ཚོར་དང་། །ཟླ་དང་ཞོར་གྱིས་དམ་ཚིག་ཉམས་པ་དང་། ཁས་ལེན་ཆེ་ལ་ཉམས་ལེན་ཆུང་བ་དང་། བཀའ་ལྟར་མ་བགྱིས་གཞུང་ལྟར་མ་བསྲུངས་དང་། །ཏིང་འཛིན་གློད་གྱུར་འཛབ་བཟླས་ཉུང་བ་དང་། །ཡི་དམ་ལྷ་ཡི་སྒོམ་པ་གཡེལ་ལ་སོགས། །ཉམས་གྲིབ་ཉེས་པའི་ཚོགས་རྣམས་མ་ལུས་ཀུན། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་དང་། །བླ་མ་དཔའ་བོ་མཁའ་འགྲོ་རྣལ་འབྱོར་མ། །དཔལ་ཆེན་ཡང་དག་དཀྱིལ་འཁོར་ལྷ་ཚོགས་དང་། །དུར་ཁྲོད་བརྒྱད་གནས་དམ་ཅན་མཁའ་འགྲོ་ལ། །སྔར་བྱས་འགྱོད་དང་ཕྱིན་ཆད་སྡོམ་སེམས་ཀྱིས། །སྒྱུ་མ་ལྟ་བུའི་ངང་དུ་བཤགས་པར་བགྱི། །མཐོལ་བཤགས་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་སྟོབས་བཞི་དང་ལྡན་པའི་སྒོ་ནས་བཤགས་ཏེ་ལྷ་ཚོགས་རྣམས་རང་གི་སྙིང་གར་ཐིམ་པར་མོས། དྲུག་པ་བརྡ་ཡི་སྒོ་དབྱེ་བ། དཔལ་ཁྲག་འཐུང་གལ་པོ་ཆེའི་རྒྱུད་ལས། ཨེ་མ་ཧོ། དུར་ཁྲོད་གསང་བ་ཆེན་པོ་ཡི། །རྨད་བྱུང་ཞིང་ཁམས་དགའ་ཚལ་འདིར། །སྐལ་ལྡན་དབང་ཕྱུག་རྒྱལ་བའི་སྲས། །འདུས་པ་ཚོགས་པའི་རིགས་འཛིན་རྣམས། །ཨེ་མ་ཧོ་དགའ་མཆོག་བདེ་ཆེན་གྲོགས། །དམ་ཚིག་སྲོག་གི་ལུ་གུ་རྒྱུད། །སྤྲུལ་པའི་གཤོག་དྲུག་གྲ་རྒྱས་པ། །ཆོས་ཉིད་མཁའ་ལ་ལྡིང་བར་རིགས། །དེ་རིང་ཚུན་ཆད་རྒྱལ་བའི་སྲས། །དབང་ཕྱུག་ཡིན་པས་ཅི་བདེར་སྤྱོད། །རྣལ་འབྱོར་གསང་བའི་བརྡ་སྒོ་རྣམས། །བྱ་བའི་ལས་རྣམས་ཐམས་ཅད་ཀུན། །བརྡ་ཡིས་སྨྲ་ཞིང་བརྡ་བར་བྱ། །དེ་ཕྱིར་དོན་དམ་ཆོས་དབྱིངས་ཀྱི། །གསང་མཆོག་ལྷུན་གྲུབ་དཀྱིལ་འཁོར་ལ། །ཚད་མེད་བཞི་ཡི་སྒོ་ཕྱེ་ཞིག །བྷྲུཾ་པྲ་བེ་ཤ་ཡ་ཕཊ། བདུན་པ་བརྡ་ཡི་ཕྱག་འཚལ་བ། །དེ་ཉིད་ལས། ཧཱུཾ། རིགས་ལྔའི་(༧ན)


GLG022_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བཅོམ་ལྡན་འདས། །ཞི་ཞིང་ཕྲ་ལ་བརྟག་དཀའ་སྟེ། །དབང་ཕྱུག་ཆེན་པོ་མཆོག་གི་ལྷ། །རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །མ་ཧཱ་ཡོ་གི་ནི་ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོ། ཨ་ལ་ལ་ཧོ༔ བརྒྱད་པ་མི་གཡོ་དམ་བཅའ་བ། །དེ་ཉིད་ལས། ཧཱུྃ། རིགས་འདུས་པ་ཡི་རྣལ་འབྱོར་རྣམས། །ཡང་དག་སྒྲུབ་པར་དམ་བཅས་དང་། །ཏིང་འཛིན་ས་ལ་གནས་འགྱུར་བས། །ཕྱག་རྒྱ་ཆེན་པོར་བདག་གྱུར་ཅིག །བྷོ་དྷི་ཙིཏྟ་ས་མ་ཡ་སྟྭཾ། དགུ་པ་བྱིན་ཆེན་འདི་ལྟར་དབབ། །རྐང་གླིང་ཐོད་རྔ་སོགས་སྣ་ཚོགས་རོལ་མོའི་ཤུག་གླུ་གཡབ་དར་སྤོས་སྦྱོར་དབྱངས་དང་བཅས་ཏེ། ཁྲག་འཐུང་གལ་པོ་ལས། ཧཱུཾ། ཡང་དག་ཁྲག་འཐུང་སྐུ་དང་གསུང་། །ཐུགས་ཀྱི་འོད་ཟེར་འཕྲིན་ལས་མཆོག །སྟོང་གསུམ་ཕྱོགས་བཞིའི་འཇིག་རྟེན་ན། །འབྲུ་བརྒྱད་ཡོན་ཏན་བསམ་མི་ཁྱབ། །དཔལ་ཆེན་ཡབ་ཡུམ་འཁོར་དང་བཅས། །ཡུན་རིང་དུས་ནས་བསྙེན་བསྙེན་པ། །ཉེ་བའི་དུས་སུ་མཆོད་མཆོད་པ། །བསྙེན་མཆོད་འབྲས་བུ་མཆིས་པར་མཛོད། །དཀྱིལ་འཁོར་འདི་ལ་བྱིན་ཕོབ་ལ། །བདག་ཅག་རྣམས་ལ་དངོས་གྲུབ་སྩོལ། །སྒྲུབ་རྫས་གནས་ལ་བྱིན་ཕོབ་ལ། །རེ་བའི་འབྲས་བུ་མ་ལུས་སྩོལ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་དེ་ཝ་ག་ན་ཨ་དྷིཥྛ་ན་ཨ་བེ་ཤ་ཡ་ཨ་ཨཱཿ བཅུ་པ་མཆོད་རྫས་བྱིན་བརླབ་པ། སུམྦྷས་བསངས། ཤུ་ནྱཱ་ཏས་སྦྱངས། སྟོང་པའི་ངང་ལས་རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཨཾ་པཾ་པུཾ་དྷུཾ་ཨཱཾ་ཀཾ་ནཻཾ་ཤཾ་རྣམས་སྥ་ར་ཎ་ཕཊ་ཀྱིས་སྤྲོས་པས་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོའི་ཚོགས། སཾ་ཧ་ར་ཎ་ཧཱུཾ། ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱཧཱ། ཨོཾ་ཤྲཱི་བཛྲ་རཱ་ག་ཨརྒྷཾ་ཨ། པཱ་(༧བ)


GLG022_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དྱཾ་པཱ། པུཥྤེ་པུ། དྷཱུ་པེ་དྷཱུ། ཨཱ་ལོ་ཀེ་ཨཱ། གནྡྷེ་ག །ནཻ་ཝི་དྱ་ནཻ། ཤཔྡ་ཤ །མཆོད་ཡོན་མ་ལ་སོགས་པའི་མཆོད་པའི་ལྷ་མོ་ཁ་དོག་སྣ་ཚོགས་པ་རིན་པོ་ཆེའི་རྒྱན་དང་ལྷ་རྫས་ཀྱི་ན་བཟའ་ཅན། ཁྲུས་གཞོང་དང་མེ་ཏོག་གི་སྣོད་སོགས་ཐོགས་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པར་བསམ། ཁྲག་འཐུང་གལ་པོ་ལས་བྱུང་བའི་སྔགས་ནི། ཨོཾ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ཧཱུཾ་ཕཊ་སྭཱ་ཧཱ། བསངས་སྦྱངས་སྟོང་པའི་ངང་ལས་ཨ་ལས་བྱུང་བའི་བྷནྡྷ་ལྕང་ལོར་བཅས་པའི་ནང་དུ་ཨ་སུ་དྷཱུ་ཨཱ་ག་ནཻ་ཤ་རྣམས་འོད་དུ་ཞུ་བ་རྣམ་པ་དུར་ཁྲོད་ཀྱི་རྫས་ལས་བྱུང་བའི་ཁྲག་གི་མཆོད་ཡོན། དབང་པོའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། གཞན་ཡང་རྐང་གླིང་ཐོད་རྔ་གསང་བའི་རྔེའུ་ཆུང་སོགས་ཀྱིས་ས་གཞི་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་གང་བར་བསམ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ། པུཥྤེ་ནས་ཤཔྟའི་བར་བརྗོད། སྨན་གཏོར་རཀྟ་གསུམ་བྱིན་བརླབ་བཀླགས་པས་དོན་གྲུབ་ལས། སུམྦྷས་བསངས། རང་གི་ཐུགས་ཀ་ནས་རཾ་དམར་པོ་སྤྲོས་པའི་མེས་བདུད་རྩིའི་སྣོད་སྨན་གཏོར་རཀྟ་མཆོད་རྫས་ཀྱི། ལ་རེག་པས་མི་གཙང་བ་བསྲེགས། ཡཾ་སྤྲོས་པའི་རླུང་གིས་གཏོར། ཁཾ་སྤྲོས་པའི་ཆུས་བཀྲུས་ཏེ་དག་པར་བྱས། བྷྲུཾ་སྤྲོས་པས་བྷནྡྷ་འབར་བའི་སྣོད་ཆེན་པོར་གྱུར། ཨོཾ་སྤྲོས་པས་མཆོད་རྫས་རྣམས་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་གང་བར་བསམ། ཕུད་དང་གཏོར་མ་སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེའི་སྟེང་དུ། ཀཾ་ལས་མི་མགོའི་སྒྱིད་བུ་གསུམ་གྱི་སྟེང་དུ། ཨ་ལས་བྱུང་(༨ན)


GLG022_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐོད་པ་ཡངས་པར་ཧཱུཾ་ཨོཾ་སྭཱ་ཨ་ཧཱ་ལས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་ངོ་བོར་བསྐྱེད། རླུང་གཡོས་མེ་སྦར་རྫས་རྣམས་འོད་དུ་ཞུ་བའི་རླང་པ་ཧཱུཾ་ཨོཾ་སྭཱ་ཨ་ཧཱ་ལས་ཕྱག་མཚན་ལྔར་གྱུར་པ། ཧཱུཾ་བཛྲ་དྷྲྀ་ཀ །ཨོཾ་ཛི་ན་ཛིཀ །སྭཱ་རཏྣ་དྷྲྀཀ །ཨ་ཨ་རོ་ལིཀ །ཧཱ་པྲཛྙཱ་དྷྲྀཀ །ཅེས་བརྗོད་པས་ཧེ་རུ་ཀ་ཡབ་ཡུམ་བཅུར་གྱུར། ས་མ་ཡ་ཧོཿཞེས་བརྗོད་པས་སྦྱོར་བའི་མེས་འོད་དུ་ཞུ་ཨོཾ་ཨཱཿཧཱུཾ་དུ་གྱུར། དེ་ལས་འོད་འཕྲོས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདུད་རྩི་བཀུག་ནས་ཐིམ། འོག་གི་བདུད་རྩི་དང་འདྲེས་པས་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་བསམ་ཞིང་། ཨོཾ་ཨཱཿཧཱུཾ་སརྦ་པནྩ་ཨ་མྲྀ་ཏ་ཧཱུཾ་ཧྲིཿཋ་ཞེས་བརྒྱ་རྩ་བརྒྱད་དང་། ཨོཾ་ཨཱཿཧཱུཾ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་སིདྡྷི་ས་མ་ཡ་ཧཱུཾ་ཧྲིཿཋ་ཞེས་པ་བདུན་གྱིས་བྱིན་གྱིས་བརླབ། རཏྐའི་སྣོད་ཨ་ལས་ཐོད་པ་ཡངས་པར་རཾ་ལས་དགྲ་བགེགས་བསྒྲལ་བའི་ཁྲག་ལས་བྱུང་བའི་བདུད་རྩིར་བྱིན་གྱིས་བརླབས་ལ། མ་སཱུརྱ་མཎྜ་ལ། ར་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨོཾ་ཨཱཿཧཱུཾ། མཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲིཿཐ། ཞེས་པས་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ཏིང་འཛིན་གསུམ། །འབྱུང་རིམ་ཞིར་བསྙེན་ཁྲོ་རྟེན་གདན། །བརྟེན་སྙན་འདྲེན་བཞུགས་དམ་བརླབ་དབང་། །བསྟིམ་ཕྱག་ཕྱི་མཆོད་སྨན་གཏོར་རཀ །དུག་གསུམ་མདངས་སྐོངས་སྦྱོར་སྒྲོལ་མཆོད། །གླུ་གར་བསྟོད་པ་བསྐུལ་ཞིང་འཛབ། །སྟོང་ཚིགས་མཆོད་པ་ཉེར་བརྒྱད་ཁྲིགས། །ཏིང་འཛིན་རྣམ་གསུམ་རྒྱུད་དང་སློབ་དཔོན་ཧཱུཾ་ཀཱ་རས་མཛད་པའི་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་སྒྲུབ་ཐབས་རྒྱ་གར་གྱི་མཁན་པོ་བྷི་དྷ་ཀ་ར་སིངྷ་དང་ལོ་ཙཱ་བ་བནྡེ་ལྷ་རིན་པོ་ཆེས་བསྒྱུར་བ། དེས་མཛད་པའི་ཡང་དག་གི་རྩ་བ་སོ་དྷརྨ་(༨བ)


GLG022_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོས་མཆན་བུར་བཀྲོལ་བ་རྣམས་ཀྱི་དགོངས་དོན་བརྗོད་བདེར་བཀོད་པར། དང་པོ་དེ་བཞིན་ཉིད་ཏིང་འཛིན། །ཧཱུཾ། ཆོས་རྣམས་ཐམས་ཅད་རང་གི་སེམས་ཉིད་དེ། །གདོད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ། །མ་བཅོས་སྤྲོས་པ་མེད་པ་ཀ་ནས་དག །ཆོས་སྐུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། །ཨོཾ་མ་ཧཱ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཉིས་པ་ཀུན་སྣང་ཏིང་ངེ་འཛིན། །ཧཱུཾ། དེ་ལྟར་མ་རྟོགས་མ་རིག་འཁྲུལ་པ་ཡི། །རྒྱུད་དྲུག་འགྲོ་བ་མི་བཟོད་སྡུག་བསྔལ་རྒྱུ། གཅོད་འདོད་སྙིང་རྗེ་ཆེན་པོས་ཡོངས་ཁྱབ་པ། །ལོངས་སྐུ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། །ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གསུམ་པ་རྒྱུ་ཡི་ཏིང་འཛིན་ནི། །ཧཱུཾ། སྟོང་པ་ཉིད་དང་བརྩེ་བའི་སྙིང་རྗེ་ཆེ། །ཟུང་འཇུག་ནམ་མཁའི་དབྱིངས་ལས་མ་འགགས་གདངས། །རང་གི་རིག་པ་ཡི་གེ་ཨ་དཀར་པོར། །པདྨ་ཐོད་འཕྲེང་གི་བཞེད་པ། གསལ་བ་སྤྲུལ་སྐུ་རྒྱུ་ཡི་ཏིང་ངེ་འཛིན། །ཙིཏྟ་བཛྲ་ས་མ་དྷི་ཧཱུཾ། ཧཱུཾ་ཀཱ་རའི་སྒྲུབ་ཐབས་སུ་སྔགས་འདི་མ་བྱུང་ཡང་བཀའ་མ་གཞན་ནས་ཁ་བསྐངས། བཞི་པ་འབྱུང་བ་རིམས་བསྐྱེད་པ། །དཔལ་ཧེ་རུ་ཀཿ ཐུགས་ཀྱི་གལ་པོའི་རྒྱུད་ཀྱི་ལེའུ་གསུམ་པ་དང་ཁྲག་འཐུང་གལ་པོའི་རྒྱུད་ཀྱི་བརྟག་པ་བཅུ་གཉིས་པར་སྙིང་པོ་ཙམ་གསུངས་པ་དང་སོ་ལུགས་ཀྱི་རྩ་མཆན་གྱི་དོན་ལེགས་པར་བཀྲལ་ཏེ། ཧཱུཾ། རྒྱུ་ཡིག་དཀར་པོ་རྡུལ་བྲལ་ཟླ་བའི་མདོག །ནམ་མཁའི་དབྱིངས་སུ་འོད་ཟེར་འབར་བ་ལས། ཨོཾ་ཨཱ་ཀཱ་ཤ་མཎྜ་ལ། གཏི་མུག་རྣམ་དག་མཐིང་སྐྱ་ཨེ་ཆད་པ། །ཆོས་དབྱིངས་ཀུན་བཟང་ནམ་མཁའ་ཆོས་འབྱུང་དབྱིབས། །ཡཾ་ཀརྨ་རཀྴ་ཧཾ། དེ་ནང་ཕྲག་དོག་རྣམ་དག་ཡཾ་ལྗང་གུ །བྱ་གྲུབ་སྒྲོལ་མ་རླུང་དཀྱིལ་རྒྱ་གྲམ་གཟུགས། །ར་རཀྟ་ཛྭ་ལ་ས་མུ་དྲ། དེ་སྟེང་འདོད་ཆགས་རྣམ་དག་ར་དམར་པོ། །སོར་རྟོག་མཱ་ཀཱི་རཀྟའི་རྒྱ་མཚོ་ཟླུམ། །བཾ་སྨིནྟ་ཛྭ་ལ་མཎྜ་ལ། དེ་སྟེང་(༩ན)


GLG022_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་རྣམ་དག་བཾ་སེར་ནག །མཉམ་ཉིད་སྤྱན་མ་ཞིང་ས་གྲུ་བཞིར་ཆགས། །ཀེཾ་ནྲི་ཏི་ཛྭ་ལ་མཎྜ་ལ། དེ་སྟེང་ང་རྒྱལ་རྣམ་དག་ཀེཾ་དཀར་པོ། །མཉམ་ཉིད་སྤྱན་མ་ཀེཾ་རུས་རི་རབ་བརྗིད། །རཾ་ཛྭ་ལ་མཎྜ་ལ། དེ་སྟེང་ཞེ་སྡང་རྣམ་དག་རཾ་དམར་པོ། མེ་ལོང་ཡེ་ཤེས་གོས་དཀར་མེ་དཔུང་འབར། །འབྱུང་བཞིའི་དཀྱིལ་འཁོར་བཀླགས་པས་དོན་གྲུབ་ཏུ་ཆུ་དཀྱིལ་ལོགས་སུ་གསུངས་པ། གཞུང་ལུགས་སྤྱི་དང་མཐུན་ཞིང་འདི་གའི་སྒྲུབ་ཐབས་སུ་ཡང་དེ་དང་མཐུན་པར་བྱུང་བ་མི་འཐད་པ་མ་ཡིན་ཀྱང་གསང་ཆེན་རྙིང་མའི་རང་སྐད་གཙོ་བོར་བྱས་ཤིང་ས་དཀྱིལ་གྱི་ས་བོན་བཾ་གྱི་བྱེད་པའང་རྒྱུད་དང་སོ་མཆན་དུ་དམིགས་ཀྱིས་བཀར་རོ། །དེ་ཡང་སངས་རྒྱས་མཉམ་སྦྱོར་ཧེ་རུ་ཀཿ རིགས་བསྡུས་པའི་དཀྱིལ་འཁོར་སློབ་དཔོན་སངས་རྒྱས་གསང་བས་པཎ་ཆེན་བི་མཱ་ལར་གནང་བ་རྨ་རིན་ཅེན་མཆོག་ལས་ཉེ་བར་བརྒྱུད་དེ་དིང་སང་ས་ཞལ་ལ་དར་རྒྱས་ཆེ་བའི་དབུས་ཧེ་རུ་ཀཿཤར་རྣམ་སྣང་། ལྷོ་རྡོ་རྗེ་ཉི་མ། ནུབ་པདྨ་གར་དབང་། བྱང་རྟ་མཆོག་རོལ་པ། བྱང་ཤར་རྡོ་རྗེ་སེམས་དཔའ་སྟེ་དཀྱིལ་འཁོར་དྲུག་གའི་རྒྱུ་རྡོ་རྗེ་སེམས་དཔར་བསྐྱེད་ནས། འབྲས་བུ་སོ་སོའི་གཙོ་བོར་བསྐྱེད་པར་གསུངས་པ་དང་སྒྲུབ་ཐབས་སུ་རྡོ་རྗེ་སེམས་དཔའ་རྗེས་ཆགས་ཀྱིས་འོད་དུ་ཞུ་བར་ལྷ་མོ་བཞིས་བསྐུལ་བ་ལ་བརྟེན་ནས་ཁྲོ་བོའི་སྐུར་བཞེངས་པར་གསུངས་པ་ཞུ་བསྐུལ་ཙམ་མ་གཏོགས་དབྱིབས་མཚུངས་ཤིངས་། དཔལ་མཆོག་དང་པོ་གནས་འགྱུར་ནས། སྤྲུལ་པའི་ཏིང་འཛིན་ལ་གནས་མཛད། །ཅེས་དང་། འོད་ཟེར་ལྔ་ཡི་འཕྲོ་འདུ་ཡིས། །དཀྱིལ་འཁོར་དྲུག་གི་ལས་མཛད་ནས། །ཞེས་པའང་རིགས་བསྡུས་དང་ཕྱོགས་འདྲ་བྱུང་། སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་གནུབས་ནམ་མཁའི་སྙིང་པོར་གནང་བ་དཔལ་མོ་བྱ་མངས་ཕུག་ནས་སྤྲུལ་པའི་གཏེར་སྟོན་(༩བ)


GLG022_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱིས་སྤྱན་དྲངས་པའི་ཀུན་བཟང་ཐུགས་གཏེར་གྱི་ཞི་ཁྲོའི་སྒྲུབ་ཐབས་དང་ལས་བྱང་གི་དགོངས་དོན་རྒྱུ་རྡོ་རྗེ་འཛིན་པ་ཁོ་ནའི་དབང་དུ་མ་བྱས་པར་ཐོག་མར་ཞི་བར་བསྐྱེད་ཅིང་བསྒྲུབས་ནས་སླར་ཁྲོ་བོར་བསྒྱུར་བར་གསུངས་ཤིང་དབང་ཆོག་དངོས་གྲུབ་རྒྱུན་འབྱུང་དུའང་དཀྱིལ་འཁོར་གཅིག་པུ་དེ་གའི་སྟེང་ནས་ཐོག་མར་ཞི་བའི་རྟེན་བརྟེན་པར་བསྒྲུབས་ཏེ་དབང་བསྐུར། སླར་ཁྲོ་བོའི་རྟེན་བརྟེན་པར་གནས་བསྒྱུར་ཏེ་ཁྲག་འཐུང་གི་དབང་བསྐུར་བར་གསུངས། རྩ་མཆན་དུ་བསྙེན་པའི་དོན་དུ་ཞི་བའི་དཀྱིལ་འཁོར་བསྐྱེད་ནས་དངོས་གྲུབ་ལེན་པའི་བར་སོང་རྗེས་ཁྲོ་བོར་བསྒྲུབ་པ་བསྟན་པ་ལྟར་ན་ཁྲག་འཐུང་གལ་པོའི་བརྟག་པ་དགུ་པར་ཞི་བའི་སྒྲུབ་པ་བཤད་པའི་མཐར། ཚོགས་དང་བསྐང་བཤགས་གུང་ཚོགས་མཆོད། སྨོན་ལམ་ཡོངས་སུ་གདབ་པར་བྱ། །ཞེས་ཞི་བའི་སྒྲུབ་པ་སྦྱོར་དངོས་རྗེས་ཚང་ནས་བརྟག་པ་བཅུ་པར་ཁྲོ་བོའི་སྒྲུབ་པ་གསུངས་པས་དྲིལ་སྒྲུབ་དང་སྒོས་སྒྲུབ་གཉིས་ཀའི་ཁུངས་སུ་འགྲོ་ལ། འཕགས་པ་རྡོ་རྗེ་རྣོན་པོས་བཀྲལ་བའི་མཉམ་སྦྱོར་མཁའ་འགྲོ་སྒྱུ་མ་བདེ་བ་མཆོག་གི་སྙིང་པོ་ལྷ་དགུའི་དཀྱིལ་འཁོར་ཧཱུཾ་ཀཱ་རས་གཉགས་ལ་གནང་ཞིང་དེ་ནས་གནུབས་ཆེན་བརྒྱུད་དེ་ཁུ་ལུང་པས་ཟུར་པོ་ཆེར་སྩལ་བ་དང་མཁའ་འགྲོ་རྒྱུན་གཏོར་དུ་གྲགས་པ་སློབ་དཔོན་ཧཱུཾ་མཛད་ལ་གནུབས་ནམ་མཁའི་སྙིང་པོས་ཞུས་ཤིང་དེ་ནས་ཇོ་མོ་འཚོ་རྒྱལ་སོགས་ལ་བརྒྱུད་པར་ཁྲོ་རྐྱང་གི་སྒྲུབ་པ་བཤད་པས་མཐའ་གཅིག་ཏུ་མ་ངེས་ནའང་ནམ་མཁའི་སྙིང་པོས་གྲི་གུས་ཐུགས་ཀ་གཤགས་ཏེ་ཁ་ཕྱེ་ནས་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་བསྟན་པ་སོགས་སྒྲུབ་ཐབས་དང་ལོ་རྒྱུས་ཕལ་ཆེར་ལ་ཞི་བར་བསྙེན་ཅིང་ཁྲོ་བོར་སྒྲུབ་པ་ཧཱུཾ་ཀཱ་ར་དང་པདྨ་ཐོད་འཕྲེང་གི་དགོངས་པའི་གཙོ་བོར་སྣང་བ་ནས་དེ་དོན་ལྟར་མདོར་བསྡུས་ཙམ་བཀོད་(༡༠ན)


GLG022_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཐད་པས། ལྔ་པ་ཞི་བར་བསྙེན་པ་ནི། །དེ་སྟེང་ཁ་དོག་ལྔ་ལྡན་བྷྲཱུཾ་ཡིག་བབས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་བྷཉྫ་ཛྙཱ་ན་མཎྜ་ལ་བྷྲཱུཾ། བྷྲཱུཾ་ཡིག་འོད་ཞུ་ཡེ་ཤེས་ལྔའི་རང་བཞིན། །རིན་ཅེན་ལྔ་ལས་གྲུབ་པའི་གཞལ་མེད་ཁང་། །གྲུ་བཞི་སྒོ་བཞི་མཚན་ཉིད་ཀུན་ལྡན་དབུས། །པད་ཟླའི་གདན་སྟེང་རྒྱུ་ཡིག་བབས་པ་དེ། །ཡོངས་གྱུར་ཨཱ་ལི་ཕྲག་གཉིས་ལས་གྲུབ་པའི། །ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་གང་བ། །ཡ་ར་ལ་ཝ་ཌ་ཌྷས་ལྷག་པ་ཡི། །གསལ་བྱེད་ཕྲག་གཉིས་ཞུ་བ་ཉི་དཀྱིལ་བར། །རྩེ་ལྔ་རྡོ་རྗེ་དཀར་པོ་ལྟེ་བར་ཧཱུཾ། །དེ་ལས་འོད་ཟེར་སྣ་ལྔའི་འཕྲོ་འདུ་ཡིས། །དཀྱིལ་འཁོར་དྲུག་གི་འཕྲིན་ལས་ཡོངས་མཛད་ནས། །དབྱེར་མེད་འདྲེས་ལས་མངོན་བྱང་ལྔའི་བདག་ཉིད། །རྡོ་རྗེ་སེམས་དཔའ་ཟླ་བའི་མདོག་ལྟ་བུ། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་འཛིན་པ། །རང་སྣང་ཡུམ་དང་མཉམ་སྦྱོར་ཟུང་འཇུག་སྐུ། །ཞི་བའི་ན་བཟའ་རྒྱན་ཚུལ་མ་ལུས་རྫོགས། །དཀྱིལ་འཁོར་དྲུག་དང་ཞེ་གཉིས་སྐུ་ལ་ཤར། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ཡི། །ཧཱུཾ་ལས་འོད་འཕྲོས་ཞི་བའི་ལྷ་ཚོགས་རྣམས། །ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ཏེ། །ཐོགས་པ་མེད་པར་བཛྲ་ས་མཱ་ཛཿ། ཁྲག་འཐུང་གལ་པོ་ལས། ཧཱུཾ། དམིགས་མེད་མཁའ་ལྟར་དག་པས་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུ་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨོཾ་བཛྲ་སཏྭ་ཨེ་ཧྲེ་ཧི་ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པར་བསམ། ཁྲག་འཐུང་གལ་པོ་ལས། ཧཱུཾ། ཆོས་སྐུ་སྐྱེ་བ་མེད་པའི་རང་བཞིན་ལས། །གཟུགས་སྐུ་སྒྱུ་མར་སྐྱེ་བའི་སྐུར་བསྟན་ནས། །ཐུགས་རྗེས་ཀུན་(༡༠བ)


GLG022_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱབ་པའི་དོན་བྱེད་པ། །རྒྱལ་བ་བཞི་བཅུ་རྩ་གཉིས་ལ་ཕྱག་འཚལ། །ཨརྒྷཾ་རྩ་བར། ཞི་བའི་མཆོད་པས་མཉེས་པ་དག །ཅེས་པར་སོ་མཆན་དུ་ལུས་ངག་ཡིད་གསུམ་གུས་པ་ཕྱག་གི་མཆོད་པ་དང་ཕྱག་རྒྱ་གར་དང་སྣ་ཚོགས་ཀུན་ཏུ་བཟང་པོའི་ཕྱི་ནང་གསང་བ་གསུམ་གྱི་དང་བདུད་རྩི་སྨན་དང་ཁྱད་པར་རྨད་དུ་བྱུང་བ་གཏོར་མ་དང་བསྟོད་པ་གླུ་དང་ཕན་པ་སྨོན་ལམ་གྱི་མཆོད་པ་དང་བརྒྱད་དོ། །མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་བཤོས་དང་སྒྲ། །ཕྱི་ནང་གསང་བར་སྦྱར་བ་རྣམས། །བདག་དང་མཉམ་པའི་ཚོགས་ལ་འབུལ། །ཚོགས་གཏོར་པཉྩ་ཨ་མྲྀ་ཏ། །ཏ་གན་ལ་སོགས་ཅི་འབྱོར་པ། །ཏིང་འཛིན་ཡིད་ཀྱི་མཆོད་པ་འདི། །རྒྱལ་བ་རྒྱ་མཚོས་བཞེས་སུ་གསོལ། །ཨོཾ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨི་དཾ། ཨརྒྷཾ། པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ། བ་ལིཾ་ཏ་པྲ་ཏཱིཙྪ་ཧོཿ ཤྲཱི་པཉྩ། ཁ་ཁ། ཁཱ་ཧི། ཁཱ་ཧི། ཛཿཧཱུཾ་བཾ་ཧོཿ མཧཱ་པཉྩ་ཨ་མྲྀ་ཏ། བ་ལིཾ་གྲྀཧྞ་ཧོ་ཁཱ་ཧི་ཁཱ་ཧི། པི་བ་ཧོ། ཨ་ལ་ལ་ཧོ། ཨ་མྲྀ་ཏ་ཁཱ་ཧི། སྒྲུབ་ཐབས་ལས། ཧཱུཾ་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། ཨོཾ་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་གནས་ལྔར་རེག་ལ། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་འཛབ་ནི། ཨོཾ་བོ་དྷི་ཙིཏྟ་མཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿཞེས་ཅི་རིགས་པའི་བསྙེན་པ་བྱ། ཧཱུཾ་ལས་ཡབ་ཀྱི་གསང་གནས་རྡོ་རྗེ་དང་། །ཨ་ལས་ཡུམ་གྱི་མཁའ་གསང་པདྨ་ཡི། །ནོར་བུ་ཟེའུ་འབྲུ་རྩེ་མོར་ཕཊ་ཀྱིས་མཚན། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། རཱ་ཧོ་ཧཾ། རཱ་ག་ཡ་མི། ཛཿཧཱུཾ་བཾ་ཧོཿ ས་མ་ཡ་མུ་དྲ་པྲ་བེ་ཤ་ཡ་ཕཊ། ཨོཾ་ཨོཾ་ཨོཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སྥ་ར་ཎ་ཕཊ། བདེ་ཆེན་འབར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས། །རྒྱལ་བ་སྲས་བཅས་མཉེས་པའི་མཆོད་པ་ཕུལ། །འགྲོ་བའི་སྒྲིབ་སྦྱངས་རྡོར་སེམས་གོ་འཕང་བཀོད། །སླར་འདུས་བ་སྤུའི་བུ་ག་ཀུན་ནས་ཐིམ། །(༡༡ན)


GLG022_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་འདོད་ཆགས་ཆེན་པོའི་མེ་ཡིས་ཞུ། །རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པས། །ཡབ་ཡུམ་བདེ་ཆེན་འོད་ཀྱི་ཐིག་ལེར་བསམ། །སྤྲུལ་པའི་ལྷ་མོ་བཞིས་བསྐུལ་བར་བསམས་ཏེ། སྒྲུབ་ཐབས་ལས། སྟོང་པ་ཤིན་ཏུ་རྣལ་འབྱོར་མེད། །མཁའ་ཉིད་དམ་ཚིག་ཉེ་བར་གནས། །བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་བཞེངས། །ཡེ་ཤེས་གསང་བའི་རྒྱུད་བསྐུལ་ནས། །ཐུགས་རྗེས་འགྲོ་ལ་གཟིགས་པར་མཛོད། །ཅེས་གླུས་བསྐུལ་བའི་རྐྱེན་གྱིས་བཞེངས་པར་བསམ་པའི་དོན། རྩ་བར། སྔ་མ་དག་གི་གནས་བསྒྱུར་ཏེ། །བསྐལ་པའི་མེ་དཔུང་འཁྲིགས་པ་བཞིན། །འབར་བའི་ཚོགས་ནི་རྣམ་པར་བསམ། །ཞེས་པར་སོ་མཆན་དུ་གཙོ་བོ་བསྐྱེད། འཁོར་བསྐྱེད། ད་ལྟའི་དཀྱིལ་འཁོར་གསལ་གདབ། ཅེས་བྱུང་བས་ཞི་སྒྲུབ་ལས་ཁྲོ་བོར་བསྒྱུར་བ་བསྟན་པས། དྲུག་པ་ཁྲོ་སྒྲུབ་གཞལ་ཡས་ཁང་། །བསྐུལ་བས་ཐིག་ལེ་མཐིང་ནག་འོད་དུ་འབར། །ཞི་བའི་དཀྱིལ་འཁོར་སྐད་ཅིག་གནས་འགྱུར་ཏེ། ཁྲག་འཐུང་གཞལ་ཡས་ཡེ་ཤེས་ལྔ་ཡི་གདངས། །སྣ་ཚོགས་རིན་ཅེན་ལས་གྲུབ་ཕོ་བྲང་ཆེ། །གྲུ་བཞི་སྒོ་བཞི་སྒོ་འཁྱུད་གློ་འབུར་ཚུལ། །བྷཉྫ་བསྐམ་རློན་རྙིད་པ་བསྒྲིགས་པ་ལ། །ཚེས་ལྔ་རིན་པོ་ཆེས་ཁྲག་མཚོ་ཐོད་པའི་རྩིག་པ་སོགས་རྙིང་མ་བ་ཚོས་གང་དྲན་དྲན་གྱི་འཇིགས་འཇིགས་བྱས་ཞེས་བསྟིང་ཚིག་དང་བཅས་ཆོས་རྗེའི་གསུང་བཙན་པར་བྱ་གསུང་བ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལྟ་བུའི་ཐམས་ཅད་མཁྱེན་པ་ལ་འཁྲུལ་པ་ག་ལ་སྲིད། རིན་པོ་ཆེའི་གཞལ་ཡས་ཁང་སྔ་འགྱུར་མང་པོར་བཤད་ཅིང་རྭ་བའི་འཇིགས་བྱེད་ཀྱི་དཀྱིལ་འཁོར་དབུས་སུ་ཐོད་རྭ་དང་ཁྲག་མཚོ་ཡོད་པས་གསར་མ་ལའང་མཐའ་ཅི་བཀའ། ས་ཆེན་གྱིས་ཕུར་པའི་མངོན་རྟོགས་ལས་ཞི་བའི་ཕོ་བྲང་དུ་བསྐྱེད་དེ་གསུངས་པའི་ཤུགས་ལ་དྲག་པོ་ཡོད་པ་དོན་གྱིས་འཐོན་པར་སྣང་། རྩེ་ལུགས་ལས་བྱུང་(༡༡བ)


GLG022_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁུངས་སུ་མཛད་པའི་དཔྱལ་ཕུར་དུ་དུར་ཁྲོད་ཆེན་པོ་འབར་བའི་གཞལ་ཡས་ཁང་། ཞེས་སོགས་རྒྱས་པར་ཡོད་པ་འགོ་མཇུག་ཚང་མར་སྤྱན་ཟུར་ལྷུངས་ལ་ཆེ། འོན་ཀྱང་འཕྲིན་ལས་རྒྱ་མཚོའི་ཟུར་ཟ་དེ་ལྟར་ན་ཡང་ཕུར་གྱི་རྒྱུད་ཕལ་ཆེར་ལ་ལོག་རྟོག་ཏུ་སོང་བས་རྒྱུད་མི་འདོད་པར་དེ་ནས་བཤད་པའི་ལྷ་ཡི་དམ་དུ་བསྟེན་པའང་ཕག་གྲུས་ས་ཆེན་གྱི་དམ་ཚིག་དང་འགལ་བའི་རིགས་བརྒྱུད་སྔ་མའི་རྗེས་སུ་འབྲང་མི་འཚལ་ལོ། །གནམ་ལྕགས་ཨུར་མོའི་གཟེར་གྱིས་འགྱུར་མེད་གདམས། །ཕ་གུ་སེར་པོ་རབ་ཏུ་བསྒྲིགས་པའི་སྟེང་། །ཐོད་པའི་བྲེ་ཕུལ་བརྩེགས་མར་རོ་སྐྲ་ཡི། །སྐེ་རགས་ལ་བརྒྱུས་རྒྱུ་མའི་དྲ་བ་དང་། །དྲ་ཕྱེད་ལ་འཕྱང་མགོ་བོ་དབང་པོ་ལྔ། །ཡན་ལག་སྐྲ་ཡི་རྒྱན་དང་དར་དཔྱངས་གཡོ། །གསལ་བྱེད་མེ་ལོང་དྲིལ་བུ་གཡེར་ཁ་འཁྲོལ། །ནང་དུ་ཀླུ་ཆེན་བརྒྱད་ཀྱི་ཀ་གདན་སྟེང་། །ལྷ་ཆེན་བརྒྱད་ཀྱི་ཀ་བ་བཙུགས་པ་ལ། །གཟའ་ཆེན་བརྒྱད་ཀྱི་ཀ་གཞུ་བཀལ་བའི་སྟེང་། །ཞིང་ཆེན་བཅུ་དྲུག་གདུང་མ་ཕྱོགས་བཅུར་བྲིས། །གཟའ་སྐར་དྲལ་ལྕམ་རུ་དྲའི་པགས་ཐོག་ཕུབ། །མ་རིག་མུན་སེལ་ཉི་ཟླའི་མཐོངས་ཁུང་ཤར། །དམ་རྫས་བདུད་རྩི་ལྔ་ཡི་ཞལ་བ་བྱས། །རྐང་ལག་ལྷུ་དུམ་མདའ་ཡབ་ཤར་བུ་ཅན། །རུས་པའི་པུ་ཤུ་མཆོད་རྟེན་རྣམ་པས་བསྐོར། །མཆོག་ཆེན་རུས་པའི་རྒྱ་ཕིབས་འདིའི་ཚབ་མཆོད་རྟེན་གྱིས་བྱེད་པ་དང་མི་བྱེད་པའི་ལུགས་བཀའ་གཏེར་ཚོར་རྣམ་གྲངས་མང་ནའང་འདིར་རྒྱ་ཕིབས་གཙོ་ཆེ་བར་བྱས། རྩེ་མོ་རུ། །མི་སྙིང་ཁྲོ་བོའི་རྡོ་རྗེའི་ཏོག་གིས་མཛེས། །སྒོ་བཞིར་རྟ་བབས་རུས་པའི་དྲ་བ་དང་། །ཆུ་སྲིན་རྒྱན་དང་སྟེང་ན་ཆོས་འཁོར་ལོ། ཁྲག་སྒྲུབ་ཐབས་སུ། རིན་ཅེན་ཐོད་པ་སྣ་ཚོགས་དང་ཞེས་དང་། ཞིང་འཕྲུལ་ཚངས་པའི་གཡང་གཞི་སོགས། །དུར་ཁྲོད་རྒྱན་གྱིས་འཇིགས་པར་བརྒྱན། །ཞེས་གཞལ་ཡས་ཁང་དུར་ཁྲོད་ལས་གྲུབ་པར་རྒྱུད་ཀྱི་དགོངས་པ་བཞིན་མཛད་ཅིང་། རྩ་བར། འོད་ཟེར་དེ་དག་འདུས་བྱས་ཀྱང་། །དུར་ཁྲོད་ས་རུ་བརྟག་པར་བྱ། །ཞེས་པར་སོ་མཆན་དུ་དུར་ཁྲོད་ཀྱི་རྒྱན་རྣམས་དང་གཞལ་ཡས་ཁང་གི་ཆེ་བའི་ཡོན་ཏན་ཞེས་བཤད་ལ་གནུབས་ཀྱང་དེ་དང་མཐུན། འཛག་མི་(༡༢ན)


GLG022_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ལྤགས་རློན་པའི་བ་དན་གདུགས། །རྒྱལ་མཚན་ལ་སོགས་རྒྱན་གྱི་བཀོད་པས་བརྗིད། །ཐབས་ཤེས་ཟུང་འཇུག་ཟླ་ཕྱེད་རྡོ་རྗེས་མཚན། །རྩིག་པའི་རྩ་བར་འདོད་སྣམ་དམར་པོ་ལ། །ཕྱི་ནང་གསང་མཆོད་ལྷ་མོ་ཟློས་གར་བསྒྱུར། །དེ་བཞིན་གཤེགས་པ་བཞི་འོད་ཁ་དོག་གིས། །ཕྱོགས་རྣམས་རབ་མཛེས་ཡེ་ཤེས་རང་སྣང་ཞིང་། །དབུས་དང་ཕྱོགས་མཚམས་བརྒྱད་དུ་གནམ་གནུབས་ལུགས་སུ་ཟླ་གམ་སྒོ་གཅིག་གི་ནང་དུ་འཁོར་ལོ་རྩིབས་བརྒྱད་དང་རྒྱུད་ཚོར་ཡང་རྩིབས་བཤད་དོ། །སྒོ་ཅན། །ཟླ་གམ་ཐབས་ཤེས་ཟུང་དུ་བཅུག་པའི་གདངས། །དཀར་དམར་མདངས་འོད་འདྲེས་པའི་ཕོ་བྲང་ཆེ། །དུར་ཁྲོད་ནི་བཀླགས་པས་དོན་གྲུབ་ལས། ཕྱི་རོལ་དུར་ཁྲོད་ཕྱོགས་སྐྱོང་ཞིང་སྐྱོང་ཀླུ། །ཤིང་མེ་མཆོད་རྟེན་ཆུ་བོ་གྲུབ་པོ་བརྒྱད། །དཔའ་བོ་མཁའ་འགྲོ་གནོད་སྦྱིན་སྲིན་པོ་དང་། །ཤ་ཟ་སྨྱོ་བྱེད་བརྗེད་བྱེད་རོ་ལངས་དང་། །མདུང་དང་གསལ་ཤིང་རྩེ་ཡིས་ཕུག་པའི་རོ། །རོ་དུམ་ཐོད་ཚལ་ཤ་ཁྲག་རུས་པས་དཀྲིགས། །ཝ་དང་ཅེ་སྤྱང་ཁྭ་འུག་བྱ་རྒོད་དང་། །ཀཾ་ཀ་ལ་སོགས་ཕེཾ་སྒྲ་སྒྲོགས་པས་གང་། །སྲ་སྒྲུབ་ཐབས་སུ། རྡོ་རྗེའི་རྒྱ་གྲམ་ས་གཞི་ལ་ཞེས་སོགས་ཀྱི་དོན། ཞིང་བརྟན་པ་རྡོ་རྗེའི་གུར་ཁང་གི །ཕྱི་རོལ་ཁ་དོག་སྣ་ལྔའི་མེ་དཔུང་འབར། །བདུན་པ་གདན་རྣམས་གསལ་འདེབས་པ། །པེ་པདྨ་མཎྜ་ལ། དབུས་དང་ཕྱོགས་བཞི་མཚམས་བཞིའི་ཟླ་གམ་ནང་། །པཾ་གནུབས་ལུགས་སུ། རུ་དྲ་ཕོ་མོ་བསྣོལ་བ་ལ། ཉི་ཟླ་པདྨ་བརྩེགས་པའི་གདན། །ཞེས་ལས་མར་བསྒོམ་ཚུལ་གསལ་བར་བསྟན། ཆད་སྣ་ཚོགས་པདྨ་འདབ་བརྒྱད་སྟེང་། །ཨ་ཙནྡྲ་མཎྜལ། དབུས་ཀྱི་པདྨའི་སྟེང་དུ་ཨ་ཆད་པས། །ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་གང་བ། །མ་སཱུཪྻ་མཎྜལ། དབུས་ཀྱི་ཟླ་དང་ཕྱོགས་མཚམས་པདྨའི་སྟེང་། །མ་ཆད་ཉི་མའི་དཀྱིལ་འཁོར་ཚ་ཟེར་འབར། །ཛཿདམར་(༡༢བ)


GLG022_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་ལས་ལྕགས་ཀྱུ་ལྟ་བུ་ཡིས། །དྲག་པོ་འཇིགས་བྱེད་ཆུང་མར་བཅས་པ་བཀུག །མ་ཧཱ་དེ་ཝ་ཛཿ ཨུ་མ་དེ་ཝཱི་ཛཿ དབུས་ཀྱི་དཀྱིལ་འཁོར་གདན་གསུམ་བརྩེགས་པའི་སྟེང་། །ལྷ་ཆེན་དབང་ཕྱུག་ཡབ་ཡུམ་བྱི་ཆིངས་བསྣོལ། །མ་ཏྲཾ་ཛཿ ཕྱོགས་དང་མཚམས་ཀྱི་ཉི་མའི་དཀྱིལ་འཁོར་སྟེང་། །བམ་ཆེན་སྒྱེལ་བའི་གདན་དང་བཅས་པར་བསམ། །བརྒྱད་པ་ཁྲག་འཐུང་ལྷ་བསྐྱེད་པ། །དཀྱིལ་འཁོར་དབུས་ཀྱི་མཁའ་ལ་ཧཱུཾ་མཐིང་ནག །ཟླ་གམ་དབུས་མའི་གདན་གྱི་སྟེང་དུ་བབས། །སྥ་ར་ཎ་ཕཊ། འོད་འཕྲོས་བདེ་གཤེགས་ཀུན་གྱི་ཐུགས་རྒྱུད་བསྐུལ། །སེམས་ཅན་རྣམས་ཀྱི་སྒྲིབ་གཉིས་མ་ལུས་སྦྱངས། །སཾ་ཧ་ར་ཎ་ཧཱུཾ། སངས་རྒྱས་བྱིན་རླབས་ཚུར་འདུས་ཧཱུཾ་ཡིག་ལ། །ཐིམ་པ་འོད་ཀྱི་གོང་བུར་ཡོངས་གྱུར་ལས། །བཛྲ་ཧཱུཾ། དེ་ཉིད་རྡོ་རྗེ་སྔོན་པོ་རྩེ་དགུར་གསལ། །འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས། །ཚོགས་གཉིས་ཡོངས་སུ་རྫོགས་པའི་དཔལ་ཆེན་པོ། ཁྲག་འཐུང་བཛྲ་ཧེ་རུ་ཀ་རུ་བསམ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དཔལ་ཧེ་རུ་ཀཿཐུགས་ཀྱི་གལ་པོའི་རྒྱུད་ཀྱི་ལེའུ་བདུན་པ་དང་། ཏནྟྲ་ཧེ་རུ་ཀཿགལ་པོའི་ལེའུ་བཅུ་བཞི་པ་ནས་གཙོ་འཁོར་གྱི་མངོན་རྟོགས་སྙིང་པོ་ཙམ་བསྟན་པ་བཞིན། ཧཱུཾ། དཔལ་ཆེན་ཡང་དག་བཛྲ་ཧེ་རུ་ཀཿ། །མུན་པའི་མདོག་ཅན་དབུ་གསུམ་ཁྲག་འཐུང་གལ་པོའི་བརྟག་པ་བཅུ་གཅིག་པར་ཞལ་བཞི་ཕྱག་བརྒྱད་པ། ཞལ་བརྒྱད་ཕྱག་བཅུ་དྲུག་པ་སོགས་གདུལ་བྱའི་སྣང་ངོར་རྣམ་འགྱུར་སྣ་ཚོགས་བཤད། ཕྱག་དྲུག་པ། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱངས་དོར་སྟབས་བགྲད། །རྩ་ཞལ་མཐིང་ནག་ཁྲོ་ཞིང་གཏུམ་ལ་རྔམས། །གཡས་དཀར་ཅུང་ཟད་བཞད་པ་ཞི་བའི་ཉམས། །གཡོན་དམར་གཤེ་བ་འགྲོ་ལ་རྗེས་ཆགས་བརྩེ། །དུས་ཀྱི་མེ་ལྟར་འབར་བའི་སྤྱན་དགུ་བགྲད། །(༡༣ན)


GLG022_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་མ་སྨ་ར་གློག་འཁྱུག་ཤངས་བུག་ནས། །ཧཱུཾ་འབྱིན་ཞལ་གདངས་མཆེ་བ་ཟུར་གསུམ་གཙིགས། །ཕཊ་ཕཊ་འཇིགས་པའི་གད་རྒྱངས་ཕྱོགས་བཅུར་དགོད། །ཉི་ཁྲི་ཆིག་སྟོང་དམར་སེར་དབུ་སྐྲ་བརྫེས། །རྡོ་རྗེའི་བ་སྤུ་བྱེ་བ་ཐེར་འབུམ་གཏམས། །ཕྱག་དྲུག་གཡས་གསུམ་རྡོ་རྗེ་རྩེ་དགུ་དང་། ཁ་ཊྭཱཾ་རྩེ་གསུམ་རྡེའུ་ཆུང་སྒྲ་དབྱངས་སྒྲོགས། །གཡོན་གསུམ་དྲིལ་ཁྲག་འཐུང་གལ་པོའི་བརྟག་པ་བཅུ་གཅིག་པར་འདི་དང་མཐུན་ཡང་ཧེ་རུ་ཀཿཐུགས་ཀྱི་གལ་པོར། དུང་དམར་རྒྱུ་ཞགས་ཀྱུང་ཁྲ་གཡོན། ཞེས་བཤད། བུ་དུང་དམར་རྒྱུ་ཞགས་འཛིན། །ཐོད་བསྐམ་དབུ་རྒྱན་ཁྲག་འཐུང་རིགས་ལྔ་བཞུགས། །བསྐམ་རློན་རྙིད་པའི་དོ་ཤལ་ཚར་གསུམ་འཕྱང་། །གླང་ཆེན་སྒྲུབ་ཐབས་སུ། ལྷ་ཆེན་དཔའ་བོའི་གཡང་གཞི་དང་། ཞེས་བྱུང་། མི་ལྤགས་གཡང་གཞི་སྟོད་དུ་གསོལ། །སྟག་ལྤགས་ཤམ་ཐབས་རཀྟའི་རྩ་བར། ལྷག་པར་རྟགས་ཀྱིས་ཀུན་མཚན་ནས། ཞེས་པར་སོ་མཆན་དུ་དགོས་ཆེད་གསུམ་ཡོད་པས་ཀྲྀ་ཡོག་མན་ཆད་ལ་མི་དགོས་པའི་དོན་གྱིས་ལྷག་པ་བྱུག་རྫས་གསུམ་ལ་ངོས་བཟུང་། ཐིག་ལེ་དང་། །ཞག་གི་སོར་རིས་ཐལ་ཆེན་ཚོམ་བུ་བྱུགས། །རུས་པའི་རྒྱན་དྲུག་རིན་ཅེན་གདུ་བུ་དང་། །སྦྲུལ་སྔགས་གསར་མའི་ཕྱོགས་ལ་རུས་རྒྱན་དང་སྦྲུལ་རྒྱན་ལྷན་ཅིག་ཏུ་མི་འཐད་པའི་དཔྱད་པ་མཛད་མཁན་མང་ནའང་མི་ཐུབ་ཟླ་བའི་སྒྲུབ་ཐབས་བདུད་རྩི་འཛག་པ་དང་མངོན་བརྗོད་འབྲོག་མི་དང་ལོ་ཆུང་གི་འགྱུར། ལྭ་བ་པའི་བདེ་མཆོག་རྒྱུད་འགྲེལ་སོགས་མང་པོར་རྒྱན་གཉིས་ཀ་བཤད་པས་མཐའ་གཅིག་ཏུ་མ་ངས་ལ་ཁྱད་པར་གསང་སྔགས་རྙིང་མ་ལ་དཔལ་གྱི་ཆས་བརྒྱད་དམ་དགུར་བཤད་པས་སོམ་ཉི་ཙམ་ཡང་བགྱིད་མི་འཚལ་ལོ། །ཆུན་མཐིང་ནག་དར་གྱི་ཅོད་པན་འཕུར། །རྡོ་རྗེ་ཁྱུང་གཤོག་བསྐལ་པའི་མེ་དཔུང་སོགས། །དཔལ་གྱི་ཆས་བརྒྱད་མ་ལུས་སྐུ་ལ་རྫོགས། །གར་དགུའི་ཉམས་ལྡན་རྡོ་རྗེ་ཁྲག་འཐུང་སྐུར། །ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། གཉིས་མེད་མཉམ་སྦྱོར་ཀྲོ་དྷཱི་ཤྭ་རཱི་ནི། སྐུ་མདོག་(༡༣བ)


GLG022_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་མ། ཁྲོ་ཞིང་སྒེག་ཉམས་གཡས་པ་ཁྲག་འཐུང་གལ་པོའི་བརྟག་པ་བཅུ་གཅིག་པ་དང་ཐུགས་ཀྱི་གལ་པོའི་ལེའུ་བདུན་པར། གཡས་པ་ཤེས་རབ་ཐབས་ལ་བརྟེན། ཞེས་པ་ཙམ་ལས་ཕྱག་མཚན་མི་གསལ་ཞིང་། དོང་སྤྲུག་ཏུ་གཡས་དྲིལ་བུར་ཡང་བཤད། ཏནྟྲ་ཧེ་རུ་ཀའི་ལེའུ་བཅུ་བཞི་པར། གཡས་པ་རྡོ་རྗེ་རྩེ་གསུམ་བསྣམས་པ་ཇི་ལྟར་ལགས། ཞེས་པའི་ལན་དུ། ཡུམ་གྱི་ཁ་ཊྭཱཾ་སྐུ་གསུང་ཐུགས་ལྡན་ཞིང་། ཞེས་བྱུང་བ་བདེ་འདུས་གསང་རྫོགས་སོགས་དང་མཐུན་ལ། སྒྲུབ་ཐབས་སུ་རྡོ་རྗེ་བྱུང་བ་རྩེ་གསུམ་ལ་དེའི་སྒྲས་བཏགས་པར་མངོན་ཞིང་ས་ལོའི་མེ་གཅིག་གི་སྒྲུབ་ཐབས་སུ་བཤད་པའང་དེ་དང་དགོངས་པ་གཅིག་གམ་སྙམ། རྩེ་གསུམ་འཛིན། །བྷན་དམར་ཁྲག་བཀང་གཡོན་གྱིས་ཡབ་ལ་སྟོབ། །སྤྱན་གསུམ་ཞལ་བགྲད་མཆེ་གཙིགས་སྨ་ར་དང་། །སྨིན་མ་དབུ་སྐྲ་དམར་སེར་རབ་ཏུ་འབར། །ཕྱག་རྒྱ་ལྔ་དང་ཐོད་འཕྲེང་གཟིག་ཤམ་སྒྲུབ་ཐབས་སུ་མི་གསལ་ཡང་དོང་སྤྲུག་སོགས་སུ་གཟིག་ཤམ་བཤད། སྦྲུལ། ཁྲོ་མོའི་ཆས་རྫོགས་གཡས་བརྐྱངས་གཡོན་པའི་ཞབས། །ཡབ་ཀྱི་རྐེད་འཁྲིལ་བདེ་སྟོང་གློང་དཀྱིལ་བཞུགས། །གཙོ་བོའི་ཐུགས་དབྱིབས་མཆོང་སྨུག་ཟླུམ་པོའི་གུར། །ཉི་མའི་གདན་ལ་རང་འདྲའི་ཡེ་ཤེས་སེམས། །ཐུགས་གསང་དཔལ་བེའུ་རིན་ཅེན་ཟུར་བརྒྱད་སྟེང་། །རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུཾ་ཡིག་འབར། །ཟུར་བརྒྱད་སྟེང་ན་སྲོག་གི་སྙིང་པོ་ནི། །ཡི་གེ་འབྲུ་བརྒྱད་འོད་ཟེར་གསེར་ཞུན་གྱི། །འཕྲོ་འདུ་བ་ཐག་གཟིངས་བ་ལྟ་བུར་གསལ། །དཔལ་ཁྲག་འཐུང་གལ་པོའི་རྒྱུད་ཀྱི་བརྟག་པ་བཅུ་གཅིག་སྒྲུབ་ཐབས་ལས། ཡབ་ཡུམ་མཁའ་གསང་ཧཱུཾ་དང་ཨ། རྡོ་རྗེ་པདྨ་བསྐྱེད་བྱ་སྟེ། ཞེས་བྱུང་བ་དང་དོན་གཅིག་ཀྱང་རྒྱས་བསྡུས་ཅུང་ཟད་བྱུང་བ་རྒྱུད་ཀྱི་རྗེས་སུ་འབྲངས། པ་ནས་བྱུང་བའི་དགོངས་དོན་བསྡེབས་པ་ནི། ཧཱུཾ་ཏིཥྛ་རཏྣ་སཱུཪྻ་ཨོཾ། ཡབ་ཀྱི་གསང་བར་ཉི་མའི་དཀྱིལ་འཁོར་སྟེང་། །རྡོ་རྗེ་རིན་ཅེན་ལྟེ་བར་ཨོཾ་དཀར་མཚན། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ་པདྨ་དྷ་ར་ཨ། ཡུམ་གྱི་གསང་གནས་པདྨ་འདབ་བརྒྱད་སྟེང་། །(༡༤ན)


GLG022_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་དབྱིངས་གྲུ་གསུམ་ཨཾ་ཡིག་དམར་པོས་མཚན། །ཡུམ་གྱིས་ས་མ་ཡ་ཧོས་བསྐུལ་བ་ལས། །ཡབ་ཀྱིས་ས་མ་ཡ་སྟྭཾ་རྗེས་སུ་གནང་། །རཱ་ཧོ་ཧཾ་ལན་རཱ་ག་ཡ་མིས་བཀང་། ཛཿཧཱུཾ་བཾ་ཧོཿས་ལྷ་མོ་བཞི་སྤྲོས་ཏེ། །འགུགས་འཆིང་སྡོམ་ཞིང་མྱོས་པའི་ཕྱག་རྒྱ་ཡིས། །གསང་བའི་གནས་གཉིས་སྤྲད་སྦྱར་བསྡམས་ཤིང་བསྐུལ། །ས་མ་ཡ་མུ་དྲ་པྲ་བེ་ཤ་ཡ་ཕཊ། དམ་ཚིག་དབང་གིས་དགྱེས་པར་ལོངས་སྤྱད་པས། །ཨོཾ་ཨོཾ་ཨོཾ་གྱིས་བྱང་སེམས་ཧཾ་ལས་ཕབ། །ཧཱུཾ་ཧཱུཾ་ཧཱུཾ་གིས་དྷཱུ་ཏཱིའི་ལམ་ནས་བརྒྱུད། །ཕཊ་ཕཊ་ཕཊ་ཀྱིས་ཡུམ་གྱི་པདྨར་འཕང་། །སྥ་ར་ཎ་ཕཊ་བྱང་སེམས་དཀར་དམར་འདྲེས། །གསང་གནས་ཧྲཱིཿཡིག་ཡོངས་གྱུར་ཧེ་རུ་ཀའི། །ཐུགས་ཀའི་ཧཱུཾ་ལས་ཆུ་ལས་ཆུ་ལྦུར་བཞིན། །སྲས་ས་ཕུར་གྱི་ཁྲོ་བཅུ་ཕྲ་ཕྱག་རྣམས་ཐུགས་ཀ་ནས་སྤྲོ་བའི་ལུགས་བཞིན་བདག་པོ་སྔགས་འཆང་པས་འདིར་ཡང་དེ་ཁའི་གཡག་མགོ་ཤོ་བཞག་ཏུ་སོང་འདུག་པ་གདོང་ཁ་བ་དང་རྩེ་བསྟུན་ནས་འདར་ཕྱོགས་སུ་དཔུང་འཇུག་གི་ཐུགས་བྲེལ་དང་བཅས་རྒྱུད་ཁུངས་གཟིགས་ལོང་མ་བྱུང་བ་ཐུགས་མད་ཅིང་སྒྲུབ་ཐབས་སུ་ཡབ་ཡུམ་མཁའ་གསང་ཧཱུཾ་དང་ཨ་ཞེས་སོགས་བྱུང་བའང་མ་གཟིགས་པར་མཆིས་སོ། །ཀྱི་ས་བོན་གཾ་ཙཾ་པྲཾ་བཾ་པཾ། །གྷཾ་སྨཾ་ཙཾ་བརྒྱད་སོ་སོའི་གདན་སྟེང་དུ། །ཆད་པ་གནས་འགྱུར་ཡོངས་སུ་གསལ་བ་ནི། །ཨོཾ་བཛྲ་གཽ་རཱི་ཧཿ ཤར་དུ་གཽ་རཱི་སྔོན་རིགས་བསྡུས་སུ་དམར་སེར་ཞལ་བཞི་ཕྱག་བརྒྱད་མ། གནུབས་ལུགས་ལྷ་དགུར་དཀར་མོ་མདའ་གཞུ་འཛིན་པ། སྒྲུབ་ཐབས་སུ་སྔོན་མོ་མདའ་གཞུ་འཛིན་པ་བྱུང་བ་ཟླ་གམ་དགུ་པའི་སྒྲུབ་ཐབས་མིན་པས་གཅིག་ཏུ་རྒྱས་མ་ཁེབས་ཤིང་ཁྲག་འཐུང་གལ་པོའི་བརྟག་པ་བཅུ་གཅིག་པ་དང་ཧེ་རུ་ཀཿཐུགས་ཀྱི་གལ་པོའི་ལེའུ་བདུན་པར་བྱུང་བ་ལྷ་མོ་བརྒྱད་ཀྱི་ཕྱག་མཚན་དང་ཕྱོགས་མཚམས་ལས་བྱང་དང་ཞུས་དག་ལམ་ཙམ་ཕེར། མོ་ཕྱག་གཡས་ཀྱིས། །འཁོར་བའི་སྡུག་བསྔལ་མཐར་བྱེད་ཞིང་དབྱུག་འཕྱར། །དེ་བཞིན་ཉིད་རྟོགས་རཀྟ་སྤྲོས་(༡༤བ)


GLG022_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་གྱི། །དུང་ཆེན་སྣོད་དུ་བསྐྱིལ་ནས་ཐུགས་ཀར་འཛིན། །ཨོཾ་བཛྲ་ཙཽ་རཱི་ཧཿ ལྷོ་རུ་ཙཽ་རཱི་སེར་མོ་ཕྱག་རིགས་བསྡུས་སུ་དམར་སེར་གཡས་འཁོར་ལོ་དང་ཁ་ཊྭཱཾ་ག་གཡོན་ལྕགས་ཀྱུ། གནུབས་ལུགས་སུ་དམར་སེར་གཡས་འཁོར་ལོ་དང་གཡོན་ཁ་ཊྭཱཾ། སྒྲུབ་ཐབས་སུ་དམར་སེར་གཡས་འཁོར་ལོ་དང་གཡོན་ལྕགས་ཀྱུར་བཤད། གཉིས་ཀྱིས། །ཨེ་ཝཾ་ཟུང་དུ་འཇུག་པའི་མདའ་དང་གཞུ། །རྣ་བའི་བར་དུ་བཀང་སྟེ་འཁྲུལ་པའི་ཚོགས། །མ་ལུས་སྟོང་ཆེན་ཆོས་ཀྱི་དབྱིངས་སུ་འབིགས། །ཨོཾ་བཛྲ་པྲ་མོ་ཧེ་ཧཿ ནུབ་ཏུ་པྲ་མོ་རིགས་བསྡུས་སུ་དམར་ནག་ཕྱག་བཞི། གནུབས་ལུགས་དང་སྒྲུབ་ཐབས་སུ་དམར་མོ་ཕག་ཞལ་སྟེང་ཅན། གཡས་རྡོ་རྗེ་དང་གཡོན་ཐོད་ཁྲག་འཛིན་པར་བཤད། ཧ་དམར་ཕྱག་གཡས་ཀྱིས། །བདུད་བཞི་བཅོམ་རྟགས་ཆུ་སྲིན་རྒྱལ་མཚན་འཕྱར། །གཡོན་པ་འདོད་ཆགས་དག་པ་རཀྟའི་རྒྱུན། །དུང་ཆེན་སྣོད་ནང་བཀང་བ་ཞལ་དུ་གསོལ། །ཨོཾ་བཛྲ་བཻ་ཏྟ་ལི་ཧཿ བྱང་དུ་བཻཏྟ་ལཱི་རིགས་བསྡུས་སུ་དཀར་མོ་གཡས་རྡོ་རྗེ་དང་གཡོན་བ་དན་གྱི་ཕྱག་རྒྱ། གནུབས་ལུགས་དང་སྒྲུབ་ཐབས་སུ་དཀར་ལྗང་གཡས་ཐོད་པ་དང་གཡོན་བ་དན་འཛིན་པར་བཤད། ནག་ཕྱག་གཡས་ཀྱིས། །ཡེ་ཤེས་དགུ་ལྡན་རྡོ་རྗེ་མཁའ་ལ་གདེངས། །གཡོན་པའི་ཕྱག་གིས་བྱིས་པའི་བམ་བཟུང་ནས། །བཟང་ངན་རྟོག་ཚོགས་དང་བྲལ་མགོ་བོ་ཟ། །ཨོཾ་བཛྲ་པུཀྐ་སཱི་ཧཿ ཤར་ལྷོར་པུཀྐ་དམར་སེར་འཁོར་བའི་འདམ། །ཆུད་རྣམས་འདྲེན་ཕྱིར་གཡོན་པས་ཞིང་ཆུང་གི །རྒྱུ་མ་བཟུང་བ་གཡས་པས་འདོམ་འཇལ་དུ། །སྒྲུབ་ཐབས་གསུམ་དུ་སྣ་ཚོགས་མདོག་ཅན་གཡས་རྡོ་རྗེ་དང་གཡོན་དཔག་བསམ་གྱི་ཤིང་འཛིན་པར་བཤད། དྲངས་པའི་ཚུལ་གྱིས་རོ་བཅུད་ཞལ་དུ་གསོལ། །ཨོཾ་བཛྲ་གྷསྨ་རཱི་ཧཿ ལྷོ་ནུབ་གྷསྨ་རཱི་རིགས་བསྡུས་དང་སྒྲུབ་ཐབས་སུ་སེར་ནག་གཡས་རལ་གྲི་དང་གཡོན་མེ་ཐབ་འཛིན་ཅིང་ཕྱོགས་ཀྱང་ནུབ་བྱང་། གནུབས་ལུགས་སུ་ལྗང་གུ་ཕྱག་མཚན་གོང་འདྲ་ལྷོ་ནུབ་ཏུ་གནས་པར་བཤད། ལྗང་བྷནྡྷ་རུ། །འཁོར་བ་ཆོས་ཀྱི་དབྱིངས་སུ་(༡༥ན)


GLG022_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཁྲག །འཁྱིལ་བ་གཡོན་པས་ལེགས་བཏེག་ཕྱག་གཡས་ཀྱིས། །རྡོ་རྗེས་དཀྲུགས་ནས་རྗེས་ཆགས་གདངས་ཀྱིས་འཐུང་། །ཨོཾ་བཛྲ་སྨ་ཤ་ནཱི་ཧཿ ནུབ་བྱང་སྨ་རིགས་བསྡུས་སུ་མཐིང་ནག་ཕྱག་བཞི་མ། གནུབས་ལུགས་དང་སྒྲུབ་ཐབས་སུ་མཐིང་ནག་གཡས་རྡོ་རྗེ་དང་གཡོན་ཐོད་ཁྲག་འཛིན་ཅིང་གསུམ་ག་བྱང་ཤར། བདག་པོ་སྔགས་འཆང་པའི་དེར་དཔག་བསམ་གྱི་ཤིང་ཟེར་བ་གོང་མ་གསུམ་གྱི་པུཀྐ་སཱིའི་ཕྱག་མཚན་དང་འཁྲུལ་གཞི་བྱུང་བ་འདྲ། ས་ལོའི་ཟིན་བྲིས་ལ་ཁུངས་བཅོལ་འདུག་ཀྱང་དེ་ལ་མཛད་བྱང་མི་འདུག་ཅིང་ས་ཆེན་གྱི་ཕུར་པའི་ལས་བྱང་དུའང་དཔག་བསམ་གྱི་ཤིང་སོགས་མེད་ཕྱིར་མ་མཐུན་པས་མི་མཁས་པ་ཞིག་གིས་ཁ་གཡར་བ་འདྲ་བས་ཡིད་བརྟན་དཀའོ། །ཤ་མཐིང་ནག་ཡེ་དག་པ། །འགྱུར་མེད་ཆོས་དབྱིངས་ཐུགས་སུ་ཆུད་མཚོན་པའི། །བྱིས་རོ་རངས་པོའི་མགོ་རྐང་ནས་བཟུང་སྟེ། །དོན་སྙིང་དམར་པོ་ཧུབ་ཀྱིས་དྲངས་ནས་ཟ། །ཨོཾ་བཛྲ་ཙཎྜ་ལི་ཧཿ བྱང་ཤར་ཙཎྜི་རིགས་བསྡུས་སུ་སྔོ་ནག་གཡས་མདུང་དང་གཡོན་ཏྲི་ཤུལ་འཛིན་ཅིང་ལྷོ་ནུབ། གནུབས་ལུགས་སུ་ནག་མོ་གཡས་རྩེ་གསུམ་དང་གཡོན་བྱིས་རླིད་ནུབ་བྱང་། སྒྲུབ་ཐབས་སུ་ནག་མོ་གཡས་རྡོ་རྗེ་དང་གཡོན་རྩེ་གསུམ། ལྷོ་ནུབ་མར་བཤད་ཅིང་རྩེ་གསུམ་རྒྱུད་དང་བཀའ་བརྒྱད་ཚོར་མི་གསལ་ཡང་གོང་དུ་སྒྲུབ་ཐབས་གསུམ་གར་བྱུང་ཞིང་ཁྱད་པར་གནུབས་ལུགས་དང་ཤིན་ཏུ་མཐུན་ནོ། །སེར་སྐྱ་དུག་གསུམ་ཚོགས། །འབིགས་པའི་རྩེ་གསུམ་གཡས་པས་འཛིན་པ་དང་། །ལྷན་ཅིག་དམིགས་མེད་རང་བཞིན་བམ་སྟོད་སྨད། །འབྲལ་བའི་སྟང་ཀ་དང་བཅས་སྟེང་དུ་འཕྱར། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཁྲོ་མོའི་ལ། །སྤྱན་གསུམ་ཞལ་གདངས་མཆེ་གཙིགས་སྨིན་མ་དང་། །སྨ་ར་དབུ་སྐྲ་དམར་སེར་མེ་ལྟར་འབར། །ཕྱག་རྒྱ་ལྔ་དང་ཐོད་འཕྲེང་རྒྱན་གྱིས་བརྒྱན། །མི་ལྤགས་ལྡིང་སྟབས་སྟག་ལྤགས་ཤམ་ཐབས་དཀྲིས། །ཡེ་ཤེས་མེ་དཔུང་འབར་(༡༥བ)


GLG022_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཀློང་དཀྱིལ་ན། །ཞབས་གཉིས་གཡོན་བརྐྱངས་རོལ་པའི་ཚུལ་གྱིས་འགྱིང་། །སྒྲུབ་ཐབས་སུ། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི། །མིག་ལ་རྣམ་པར་སྣང་མཛད་དོ། །ཞེས་སོགས་ཀྱི་དགོངས་དོན་ལྟར། ལྷ་ཚོགས་རྣམས་ཀྱི་མིག་ཏུ་ཁཾ་ཡིག་ལས། །སྣང་མཛད་དཀར་པོ་དཀར་སེར་ལྗང་རྒྱབ་དམར། །ཕྱག་བཞིའི་དང་པོ་ཆོས་གོས་ལྷུང་བཟེད་དང་། །འོག་མ་གཉིས་ཀྱིས་འཁར་གསིལ་གླེགས་བམ་འཛིན། །འཁོར་སྒྱུར་ཆ་ལུགས་རང་འོད་སངས་རྒྱས་སྤྱན། །འཁོར་ལོ་ཐོད་པ་འཛིན་དང་ཐབས་ཤེས་འཁྲིལ། །ཞི་རྒྱན་དང་བཅས་པད་ཟླར་གར་གྱིས་འགྱིང་། །རྣ་བར་ཏྲཾ་ལས་རྡོ་རྗེ་ཉི་མ་སེར། །ཞལ་བཞི་ཕྱག་བཞི་གཡས་ན་མདའ་དང་གྲི །གཡོན་པ་གཞུ་དང་རྡོ་རྗེ་ཉི་མ་འཛིན། །དམར་མདངས་འོད་ཟེར་ཁ་དོག་སྣ་ལྔས་བསྐོར། །འཛུམ་བཅས་སྤྱན་གཡོན་གྱེན་བཏེག་ཞབས་གཉིས་པོ། །པད་ཟླར་སྐྱིལ་ཀྲུང་མཱ་ཀི་མཐིང་ཞུན་མདོག །རིན་ཅེན་ཐོད་འཛིན་གྱིས་འཁྱུད་རྒྱན་གོས་མཛེས། ཁ་ལ་ཧྲཱིཿལས་པདྨ་གར་གྱི་དབང་། །དཀར་དམར་བཞད་ཆགས་ཞལ་མང་བརྒྱ་ཕྱེད་ཕྱག །གཡས་རྣམས་པདྨ་རྡོ་རྗེ་འཁོར་ལོ་དང་། །རིན་ཅེན་དབྱུག་སོགས་གཡོན་རྣམས་པད་སྡོང་འཛིན། །སྣ་ཚོགས་པད་ཟླར་བཀྲ་ཤིས་སྐྱིལ་ཀྲུང་མཛད། །གོས་དཀར་དཀར་མོ་པད་ཐོད་བཟུང་སྟེ་འཁྱུད། །གཉི་གའང་དར་དང་རིན་ཅེན་མཚན་དཔེས་སྤྲས། །སྣ་ལ་ཧཱ་ལས་རྟ་མཆོག་རོལ་པ་ལྗང་། །དབུས་དམར་གཡས་ནག་གཡོན་དཀར་རྟ་ཞལ་སྟེང་། །དམར་བའི་ཕྱག་བརྒྱད་གཡས་བཞི་བ་དན་དང་། །སྣ་ཚོགས་རྡོ་རྗེ་རལ་གྲི་མདའ་འཛིན་ཅིང་། །གཡོན་པ་ཁུ་ཚུར་སྣ་ཚོགས་པདྨ་མདུང་། །དབྱུག་པ་གཞུ་འཛིན་ནག་པོའི་ཞབས་བཞི་ཡི། །གཡས་ཀྱི་དང་པོས་གྲོལ་དཀའ་དཔལ་མོ་དང་། །གཉིས་(༡༦ན)


GLG022_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པས་གྲོལ་མ་དགའ་མ་ཉེ་བར་མནན། །གཡོན་གྱི་དང་པོས་མིག་གསུམ་ཁྱབ་འཇུག་དང་། །གཉིས་པས་ཚངས་པ་རབ་དགའ་རྣམ་པར་གནོན། ཁྲོ་རྟགས་རེ་གཅིག་འབར་བའི་རྒྱན་གྱིས་བརྗིད། །དམ་ཚིག་སྒྲོལ་མ་ལྗང་སེར་འཇོ་སྒེག་ཅན། །སྣ་ཚོགས་རྡོ་རྗེ་ཐོད་པ་ཐོགས་པས་འཁྲིལ། །ལུས་ལ་ཧི་ལས་ཁྲག་འཐུང་མཐིང་ནག་མདོག །ཞལ་བཞི་ནག་དཀར་སེར་དང་རྒྱབ་ཞལ་དམར། ཁྲོ་ཞིང་གཏུམ་ལ་གར་དགུའི་ཉམས་དང་ལྡན། །དང་པོའི་ཕྱག་གཉིས་རྡོ་རྗེ་ཁ་ཊྭཱཾ་དྲིལ། །འཛིན་པས་ཡུམ་འཁྱུད་གཉིས་པས་འཇིགས་བྱེད་ཀྱི། །པགས་རློན་གོས་གྱོན་གསུམ་པས་མདའ་དང་གཞུ། །བཞི་པས་ཁྲག་སྙིང་གིས་གང་དུང་ཆེན་བསྣམས། །པདྨ་དྲག་པོའི་སྟེང་ན་བརྐྱངས་བསྐུམས་བཞུགས། །དུར་ཁྲོད་ཆས་རྫོགས་ཁྲོ་མོའི་དབང་ཕྱུག་མ། །ཐོད་པ་བ་དན་གསུམ་པའི་ཕྱག་རྒྱས་འཁྲིལ། ཁ་ཊྭཱཾ་གར་བརྟེན་རིན་པོ་ཆེ་ཡིས་བརྒྱན། །ཡིག་ལ་ཧཱུཾ་ལས་རྡོར་སེམས་དཀར་དམར་མདངས། །དཀར་མཐིང་གསེར་མཆོག་དམར་བའི་ཞལ་བཞི་པ། །ཕྱག་བཞིའི་གཡས་ཀྱི་དང་པོས་ཐུགས་ཀ་རུ། །བསྙེམས་པ་དང་བཅས་རྡོ་རྗེ་རྩེ་ལྔ་འཛིན། །གཡོན་པ་ཁ་ཊྭཱཾ་ག་ངོས་དྲིལ་བུ་ནི། །བ་དན་བཅས་འཁྲོལ་མཐའ་གཉིས་མདའ་གཞུ་བསྣམས། །མཚན་དཔེས་སྤྲས་ཤིང་ཞི་བའི་རྒྱན་དགུ་ལྡན། །ལྷ་མོ་བདེ་མཆོག་དཀར་མོ་མདའ་གཞུ་དང་། །བཅས་ཏེ་ཡབ་འཁྱུད་པད་དཀར་རོལ་རྩེད་བཞུགས། །ཟླ་གམ་གཅིག་པའི་སྒྲུབ་ཐབས་སུ་ལུས་དཀྱིལ་ཞིག་འདུག་པ་འཇམ་དབྱངས་ས་ལོས་བདག་ཆེན་རྡོ་རྗེ་འཆང་གི་སྙན་བརྒྱུད་ཀྱི་བསྟན་པ་མ་ཟིན་ཡང་གནས་ལྔ་རིག་པ་མཁྱེན་པའི་ཚད་ཐུབ་ཀྱི་མཁས་པ་ཡིན་པས་ཁུངས་མི་བཙུན་པ་མིན་ནའང་རྒྱུད་སྒྲུབ་ཐབས་རྩ་མཆན་སོགས་སུ་ཟིན་སོ་གསལ་བར་མ་རྙེད་པས་བཏང་སྙོམས་སུ་བཞག་གོ །དགུ་པ་སྙན་གསན་(༡༦བ)


GLG022_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དབབ་པ་ནི། །སྒྲུབ་ཐབས་ལས། །ཧཱུཾ་ཡེ་ཤེས་སྤྱན་གྱི་སྤྱོད་ཡུལ་ནས། ཁྲག་འཐུང་གལ་པོ་དང་སྔགས་མ་གཏོགས་ཕལ་ཆེར་ཞུས་དག་ཕེར་ཞིང་། སྒྲུབ་ཐབས་སུ་གསུམ་པོ་འདི་སྤྱན་འདྲེན་དུ་མཛད་ནས་སྐུ་གསུམ་དང་སྦྱར་བའི་ངོ་བོ་ཆོས་སྐུ། དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །སེམས་ཅན་དོན་སླད་དམ་ཚིག་དགོངས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ་ཞེས་པ་འདིར་འདོན་པ་བསྒྱུར་གྱིས། རྩ་བར་ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། ཞེས་པར་སོ་མཆན་དུ་སྙན་གསན་དབབ་པ་དང་ཞེས་བྱུང་བས་གསལ་བྱེད་དུ་སོང་། བཞེངས་སུ་གསོལ། །ཕེཾ་མཐེ་བོང་དང་གུང་མོ་སོ་སོར་རྩེ་སྤྲད་མཛུབ་མོ་བསྣོལ་ལྷག་མ་རྣམས་བརྐྱངས་ཏེ་འབར་བའི་ཕྱག་རྒྱ་སྨིན་མཚམས་སུ་གཡོན་དུ་བསྐོར། ཛཿཧཱུཾ་བཾ་ཧོཿཤྲཱི་ཧེ་རུ་ཀ་མཧཱ་བཛྲ། ཨ་གྷཊྚཱ་ཡ་ཨ་བྷཊྚཱ་ཡ། པྲ་བེ་ཤཱ་ཡ་པྲ་བེ་ཤཱ་ཡ། བྷནྡྷཱ་ཡ་བྷནྡྷཱ་ཡ། ཏོ་ཤཱ་ཡ་ཏོ་ཤཱ་ཡ། བཛྲ་ཌཱ་ཀི་ནི། ཧྲི་ད་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤྲཱི་ཧེ་རུ་ཀ་མཧཱ་བཛྲ་སརྦ་དུཥྚཱཾ་ས་མ་ཡ་མུ་དྲ་པྲ་བན་ཙཀྲ་ཧཱུཾ་ཕཊ། ཅེས་གང་འདུལ་གྱི་མོས་པའི་དབང་གིས་སད་པར་བསམ། བཅུ་པ་ལྷ་ཚོགས་སྤྱན་དྲང་བ། །དེ་ཉིད་ལས། ཧཱུཾ། དད་པ་དང་རང་བཞིན་ལོངས་སྐུ། ནི་དམ་ཚིག་གིས། །ཚུར་སྤྱོན་ཚུར་སྤྱོན་ཧེ་རུ་ཀཿ། །ཆོས་སྐུ་ཞི་བའི་ངང་ལས་ཀྱང་། །གཟུགས་སྐུ་འཇིགས་ཚུལ་བསྟན་དུ་གསོལ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་བདག །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །སྤྲུལ་པ་མང་པོའི་ཚོགས་བཅས་གཤེགས། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝ་ན། པདྨའི་ཕྱག་རྒྱ་གཡས་སུ་བསྐོར་ཏེ་གར་དང་བཅས་ཐལ་མོ་ལན་གསུམ་བརྡབ། ཛཿཧཱུཾ་བཾ་ཧོཿ རུ་ལུ་རུ་ལུ། ཛཿཧཱུཾ་བཾ་ཧོཿ ཨེ་ཧྱེ་ཧི་ཏྲི་ཤ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨོཾ་ཨེ་ཨ་ར་ལི་ཧོ། ཧྲིཾ་ཧྲིཾ་ཧྲིཾ། བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། ཐུགས་རྗེ་སྤྲུལ་སྐུ། འགྲོ་བ་མ་ལུས་དོན་(༡༧ན)


GLG022_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕྱིར། །སེམས་ཅན་དོན་དུ་དགོངས་ནས་ཀྱང་། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཨོཾ་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་དཔུང་པ་གཡོན་ནས་གཡས་སུ་བསྐོར་བ་ཐོད་འཕྲེང་གི་རྒྱ་བཅའ། ཤྲཱི་ཧེ་རུ་ཀ་མཧཱ་བཛྲ་སརྦ་དུཥྚཱཾ། ས་མ་ཡ་མུ་དྲ། པྲ་བེ་ཤཱ་ཡ་ཤྲཱི་ཧེ་རུ་ཀཿཧཱུཾ་ཕཊ། ཛཿཧཱུཾ་བཾ་ཧོཿཤྲཱི་ཧེ་རུ་ཀཿམཧཱ་བཛྲ། སརྦ་དུཥྚཱཾ། ས་མ་ཡ་མུ་དྲ། པྲ་བན་ཙཀྲ་ཤྲཱི་ཧེ་རུ་ཀཿཛཿ གསང་བ་མེ་དཔུང་ཐུགས་ཀྱི་རྒྱུད་ལས། སྙིང་ནི་དུར་ཁྲོད་བསིལ་པའི་ཚལ། །རྒྱ་གར་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་གཽ་རཱི་མ། །རོལ་པའི་སྟབས་ཀྱིས་གཤེགས་སུ་གསོལ། །ལག་གཡས་ལི་ཡུལ་གྲུབ་པའི་ཚལ། །ལི་ཡི་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་ཙཽ་རཱི་མ། །རོལ་པའི་སྟབས་ཀྱིས་བཞུགས་སུ་གསོལ། །ལག་གཡོན་བལ་ཡུལ་གྲུབ་པའི་ཚལ། །བལ་པོའི་ཡུལ་ནས་གཤེགས་སུ་གསོལ། །མ་མོ་ཆེན་མོ་པྲ་མོ་ཧ། །རོལ་པའི་སྟབས་ཀྱིས་གཤེགས་སུ་གསོལ། །རྐང་གཡས་ཐོ་གར་དུར་ཁྲོད་ཚལ། །ཐོ་གར་ཡུལ་ནས་གཤེགས་སུ་གསོལ། །མ་མོ་ཆེན་མོ་བཻཏྟ་ལཱི། །རོལ་པའི་སྟབས་ཀྱིས་གཤེགས་སུ་གསོལ། །རྐང་གཡོན་ཟ་ཧོར་གྲུབ་པའི་ཚལ། །ཟ་ཧོར་ཡུལ་ནས་གཤེགས་སུ་གསོལ། །མ་མོ་ཆེན་མོ་པུཀྐ་སཱི། །རོལ་པའི་སྟབས་ཀྱིས་གཤེགས་སུ་གསོལ། །ལྟེ་བ་ཨྱོན་གྲུབ་པའི་ཚལ། །ཨྱོན་ཡུལ་ནས་གཤེགས་སུ་གསོལ། །མ་མོ་ཆེན་མོ་གྷསྨ་རཱི། །རོལ་པའི་སྟབས་ཀྱིས་གཤེགས་སུ་གསོལ། །ཕོ་མཚན་སིངྷ་གྲུབ་པའི་ཚལ། །སིངྷའི་ཡུལ་ནས་གཤེགས་སུ་གསོལ། །མ་མོ་ཆེན་མོ་སྨ་ཤ་ནཱི། །རོལ་པའི་སྟབས་ཀྱིས་གཤེགས་སུ་གསོལ། །མཁལ་མ་དུར་ཁྲོད་གླིང་དགུའི་ཚལ། །གླིང་དགུའི་ཡུལ་ནས་གཤེགས་སུ་གསོལ། །མ་མོ་ཆེན་མོ་ཙཎྜ་ལཱི། །རོལ་པའི་སྟབས་ཀྱིས་གཤེགས་སུ་གསོལ། །(༡༧བ)


GLG022_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ལུ་འབྲུ་བརྒྱད་ཀྱི་རྗེས་སུ་ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝ་ན་ས་མ་ཡ་ཛཿཛཿ ཞེས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཞུགས་པར་བསམ། བཅུ་གཅིག་བཞུགས་སུ་གསོལ་གདབ་པ། སྒྲུབ་ཐབས་ལས། ཧཱུཾ་སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང་། ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །མི་གནས་དོན་ཕྱིར་དངོས་གྲུབ་མཆོག་གི་གནས། །བདག་ལ་སྩལ་ཞིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་ཤྲཱི་རྡོར་ཐལ་བསྐྱོད་པའི་ཚུལ་བྱ། ཧེ་རུ་ཀ་མཧཱ་བཛྲ། ས་མ་ཡ་ཧི། སརྦ་དུཥྚཱཾ། ས་མ་ཡ་མུ་དྲ་པྲ་བན་ཙཀྲ་ཧཱུཾ། ཀཱ་ཡ་ཝཱཀ་ཙིཏྟ་ཏིཥྛ་བཛྲ། བཅུ་གཉིས་དམ་བསྒྲག་ཟིལ་གནོན་པ། རྩ་མཆན་ལས། སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་པའི་དམ་ཚིག་དང་འགལ་ལོ་ཞེས་དམ་བདར་ཞིང་འཁོར་བཀའ་ལ་མི་ཉན་པ་རྣམས་ཟིལ་གྱིས་གནོན་པར་གསུངས་པའི་དོན་བཞིན། སྒྲུབ་ཐབས་ལས། ཧཱུཾ། ཆེ་མཆོག་མཉམ་སྦྱོར་འབར་བའི་གློང་དཀྱིལ་ནས། །ཐུགས་རྗེ་ཁྲོས་པས་གདུག་པ་འདུལ་མཛད་པ། །གསང་སྔགས་རྨད་བྱུང་དྲག་པོའི་འཕྲིན་ལས་རྣམས། །ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཤྲཱི་རྡོ་རྗེ་ཁུ་ཚུར་བཅིངས་པ་ལས་མཐེ་བོང་དང་མཐེའུ་ཆུང་སོ་སོར་བསྒྲེང་། ཧེ་རུ་ཀཿ མཧཱ་བཛྲ་སརྦ་དུཥྚཱཾ། ཡཾ་ཡ་དཾཥྚ། ཨ་པཥྚ་ས་མ་ཡ་ཧཱུཾ་ཕཊ། དམ་ཚིག་པ་ལས་བཞེངས་པ་ཡིན། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །དམ་ཚིག་ཚུལ་བཞིན་གནས་པ་ལ། །གྲུབ་པའི་མཆོག་དག་སྩལ་དུ་གསོལ། །སྐུ་གསུང་ཐུགས་དང་ཅི་འགལ་བ། །ཞིག་པར་འགྱུར་བ་གདོན་མི་ཟ། །ཨོཾ་བཛྲ་གུ་ཧྱ་ཧཱི་ཤ །མཉམ་པའི་ཐལ་མོ་ལས་མཛུབ་སྲིན་བསྣོལ་བ། མཉམ་པའི་ཐལ་མོ་ཁ་ཕྱེ་བ་ལས་མཐེ་བོང་དང་མཐེའུ་ཆུང་སོ་སོར་སྦྱར། མཉམ་པའི་ཐལ་མོ་ལས་མཛུབ་སྲིན་གྱི་རྩེ་ཅུང་ཟད་བསྣོལ་བའི་དམ་རྒྱ་གསུམ་བཅའ། ས་མ་ཡ་སྟྭཾ། ཨོཾ་བཛྲ་གུ་ཧྱ་ཧྲཱིཿས་མ་(༡༨ན)


GLG022_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཕཊ། སྐུ་གསུང་ཐུགས་སུ་བདག་སྦྱོར་བས། །ཕོ་བྲང་དཀྱིལ་འཁོར་རང་ལས་སྦྲུལ། །བདག་ནི་ཁྲག་འཐུང་རྒྱལ་པོ་ཡིན། །མཁའ་འགྲོའི་ཚོགས་བཅས་ངས་བསྡུའོ། །ཛཿཧཱུཾ་བཾ་ཧོཿཤྲཱི་ཧེ་རུ་ཀ་མཧཱ་བཛྲ། སརྦ་དུཥྚཱཾ། ས་མ་ཡ་མུ་དྲ། པྲ་བན་ཙཀྲ། བ་ག་ཤཱ་ཡ་བ་ག་ཤཱ་ཡ། བྷི་ཏཾ་པཱ་ཡ་བྷི་ཏཾ་པཱ་ཡ། ཧེ་བྷ་ག་ཝ་ན། བུ་ཏཀྵ་ཏི་པྲ་ཏིཥྚཾ་ས་མ་ཡ་ཧཱུཾ་ཕཊ། བཅུ་གསུམ་གནས་སྒྲུབ་ཐབས་སུ། ཆེ་མཆོག་མཉམ་སྦྱོར་འབར་བའི་གློང་དཀྱིལ་ནས། །ཞེས་པ་ནས། མཁའ་འགྲོའི་ཚོགས་བཅས་ངས་བསྡུའོ། །ཞེས་པའི་བར་ཕྱོགས་འདྲ་བསྟན་ཀྱང་རྒྱུད་དང་ཡང་ཕུར་གཞན་གྱི་ལུགས་འཇུག་པ་བདེ་བར་མངོན། གསུམ་བྱིན་བརླབ་པ། །ཟིལ་གནོན་གསུང་བཞིན་བསྡིགས་པའི་ཕྱིར། །ལས་ཀྱི་ཕྱག་རྒྱ་རྣམ་གསུམ་འཆིང་། །ཞེས་པ་ལྟར་འཁོར་ལོ་དང་རྡོ་རྗེའི་རྒྱ་སྲུང་འཁོར་ལྟར་དང་པད་རྒྱ་གང་བཞིན་བཅའ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿས་མཚན་པ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་དམར་པོ་པདྨ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། གསུམ་གའང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རང་འདྲའི་ཡུམ་ལ་འཁྱུད་ཅིང་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པར་བསམ། དཔལ་སྙིང་རྗེ་རོལ་པའི་རྒྱུད་ལས། ཨོཾ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་དང་ལྡན། །དེང་བདག་སངས་རྒྱས་སྐུ་འཛིན་པ། །བྱིན་གྱིས་བརླབ་པའི་གནས་མཛོད་ཅིག །ཨོཾ་སརྦ་ཏ་ཐཱ་(༡༨བ)


GLG022_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨཱཿ དཔལ་ལྡན་སངས་རྒྱས་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་དང་ལྡན། །དེང་བདག་སངས་རྒྱས་གསུང་འཛིན་པ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཧཱུཾ། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་དང་ལྡན། །དེང་བདག་སངས་རྒྱས་ཐུགས་འཛིན་པ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ལུས་ངག་ཡིད་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་དུ་གྱུར་པར་མོས། །བཅུ་བཞི་དབང་བསྐུར་རྒྱས་གདབ་པ། །ནམ་མཁར་བཞུགས་པའི་ཡེ་ཤེས་ཀྱི་ལྷ་ཚོགས་ལ་དམིགས་ཏེ། རྩ་དུམ་ལས། ཧཱུཾ། ཐབས་ཀྱི་སྤྱོད་པས་སེམས་ཅན་དོན། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་འཕྲིན་ལས་རྫོགས་པར་མཛོད། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་གསོལ་བ་བཏབ་པས། ཧཱུཾ་ཨོཾ་ཏྲཾ་ཧྲཱི༔ཨཿ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨྨ་སིདྡྷིཿཨ་བྷི་ཥིཉྩ་ཧཱུཾ། ཞེས་ཡེ་ཤེས་ཀྱི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་སྔ་འགྱུར་ལ་ལར་སྤྱན་འདྲེན་གྱི་གོང་དུ་དབང་བསྐུར་ཞིང་རིགས་ཀྱི་མཚན་མ་བྱ་བ་ཡོད་ཀྱང་སྒྲུབ་ཐབས་སུ། རང་གསལ་དཀྱིལ་འཁོར་སྤྱན་དྲངས་ནས། དབང་བསྐུར་རིགས་ཀྱི་མཚན་མ་བསམ། །ཞེས་པ་དང་དགོངས་པ་མཐུན། བོར་ཧཱུཾ་ལས་བཛྲ་ཧེ་རུ་ཀཿསྔོན་པོ་གཡས་རྡོ་རྗེ་འཛིན་པ། དཔྲལ་བར་ཨོཾ་ལས་བུདྡྷ་ཧེ་རུ་ཀཿདཀར་པོ་གཡས་འཁོར་ལོ་འཛིན་པ། རྣ་གོང་གཡས་སུ་ཏྲཾ་ལས་རཏྣ་ཧེ་རུ་ཀཿསེར་པོ་གཡས་རིན་པོ་ཆེ་འཛིན་པ། ལྟག་པར་ཧྲཱིཿལས་པདྨ་ཧེ་རུ་ཀཿདམར་པོ་གཡས་པདྨ་འཛིན་པ། རྣ་གོང་གཡོན་དུ་ཨཿལས་ཀརྨ་ཧེ་རུ་ཀཿ ལྗང་གུ་རྒྱ་གྲམ་འཛིན་པ། གཡོན་པ་ཐམས་(༡༩ན)


GLG022_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རང་རྟགས་ཀྱིས་ཡུམ་བྱས་པའི་དྲིལ་བུ་བསྣམས་པ། རང་སྣང་གི་ཡུམ་དང་མཉམ་པར་སྦྱོར་བ། དུར་ཁྲོད་ཀྱི་ཆས་ཀྱིས་སྤྲས་ཤིང་ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བའི་གར་གྱིས་བཞུགས་པར་བསམ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀཿབཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀཿབུདྡྷ་ཀྲོ་དྷཱི་ཤྭ་རཱི་ཨོཾ། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀཿརཏྣ་ཀྲོ་དྷཱི་ཤྭ་རཱི་ཏྲཾ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀཿཔདྨ་ཀྲོ་དྷཱི་ཤྭ་རཱི་ཧྲཱིཿ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀཿཀརྨ་ཀྲོ་དྷཱི་ཤྭ་རཱི་ཨཿ ཞེས་བརྗོད། བཅོ་ལྔ་ཡེ་ཤེས་ལྷ་བསྟིམ་པ། ཁྲག་འཐུང་གལ་པོ་ལས། ཧཱུཾ། ཐུགས་རྗེའི་ལྕགས་ཀྱུས་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་སྤྱན་ཡང་འདྲེན། །བཀའ་ཡི་ལྕགས་སྒྲོག་ཕོ་ཉས་བཏབ། །བདེ་གཤེགས་དྲིལ་བུས་དགྱེས་པ་བསྐྱེད། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །ཐུགས་རྗེའི་མགོན་གྱུར་མ་ལུས་རྣམས། །མི་ཕྱེད་དབྱིངས་ལ་འགོད་མཛད་པ། །བདག་ལ་དགྱེས་ཤིང་ཐིམ་པར་བཞུགས། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜ་ཧོཿ ཞེས་དགུག་གཞུག་བཅིང་མཉེས་བྱ། བཅུ་དྲུག་སྒོ་གསུམ་ཕྱག་བྱ་བ། ཁྲག་འཐུང་གལ་པོའི་རྒྱུད་ལས། ཧཱུཾ། དབྱིངས་ཀུན་རང་བཞིན་རྣམ་པར་དག་པ་ལས། ཐུགས་རྗེའི་དབང་གིས་སྤྲུལ་པའི་སྐུར་བཞེངས་པ། །དཔལ་ཆེན་ཁྲག་འཐུང་གོ་རཱི་མ་བརྒྱད་སོགས། །རང་སྣང་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །སྒྲུབ་ཐབས་ལས། ཨོཾ་ཤྲཱི་པ་ར་མུ་ཁ། ཤཱ་ར་ཎཱ་ཡཿ ཨོཾ་ཤྲཱི་ད་ག་ས་མ་ལཱ་ཡ་ན་མཿ ཨོཾ་ཤྲཱི་བཛྲ་ཁ་ཊྭཱཾ་ག་པྲ་ཛ་ལཱ་ཡ་ན་མཿ ཨོཾ་ཤྲཱི་བཛྲ་གྷནྜེ་པྲ་ཛ་ལཱ་ཡ་ན་མཿ ཨ་ཏི་པུ་ཧོཿ སརྦ་ཏ་ཐཱ་ག་ཏ། བནྡྷ་ནཾ་ཀ་རོ་མི། མ་ཧཱ་ཡོ་གི་ནི། ཨ་ལ་ལ་ཧོ། བཀླགས་པས་དོན་གྲུབ་ཏུ་བདག་མདུན་གཉིས་ཀ་མཆོད་པར་བཞེད་ཅེས་མཆོད་ཡུལ་སྤྱན་འདྲེན་པ་སྔ་འགྱུར་བཀའ་གཏེར་ཕལ་ཆེར་ལ་མི་སྣང་(༡༩བ)


GLG022_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འཁོན་སྟོན་སྔགས་འཆང་རྣམས་ཀྱི་ཕྱག་ལེན་ཟུར་པ་ཞིག་ལས་འོས་མ་མཆིས། ཡང་དག་གི་རྒྱུད་རྒྱ་བོད་ཀྱི་གཞུང་བཀའ་གཏེར་གང་དུའང་མི་འདུག་པར་བདག་པོ་སྔགས་འཆང་པས་ཕུར་པ་ལ་དཔེ་བླངས་ནས་བྲིས་པ་རྗེ་བཙུན་གོང་མའི་བཞེད་པར་མ་སོང་མོད། འོན་ཀྱང་ཕུག་རོན་འཕོངས་ནས་ཨ་ཀོར་འབྱུང་། རྣ་ཆ་འདོགས་མཁན་རྣམས་ལ་མི་ཕན་ཀྱང་། ཕུག་རོན་ཁོ་རའི་བྱེད་ལུགས་ཨ་རེ་སྡུག་གི་དཔེར་གདའོ། །བཅུ་བདུན་ཕྱི་སྒྲུབ་ཐབས་སུ། རྡོ་རྗེ་ཐལ་མོ་གྱེན་དུ་དབྱེ། ཞེས་སོགས་ཕྱི་ནང་གསང་མཆོད་དང་། རྩ་མཆན་དུ་ཕྱག་དུག་སྨན་རག་སྦྱོར་སྒྲོལ་སོགས་རགས་རིམ་བསྟན་ནོ། །མཆོད་རིམ་འབུལ་བ། ཁྲག་འཐུང་གལ་པོ་ལས། ཧཱུཾ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །སྲིད་རྩ་དབྱིངས་སུ་ཤར་བའི་མཆོད་རྫས་དེ། །དེ་ཉིད་མ་བཅོས་ཡུམ་གྱི་ཐིག་ལེར་ཤར། །ཆགས་ཡུལ་བདེ་བའི་འོད་ཕུང་དམར་ལ་འཁྱིལ། །ཉོན་མོངས་དབྱིངས་སུ་བསྟིམ་ཕྱིར་ཨརྒྷཾ་བཞེས། །འབྱུང་བ་ལྔ་ཉིད་ཡེ་ཤེས་བཅུད་ཤར་བ། །སྣང་སྲིད་མདངས་ལྡན་རང་རིག་མེ་ཏོག་གསལ། །གཉིས་མེད་ངང་ལས་ཁ་དོག་ཅིར་ཡང་གསལ། །འབྲས་བུ་བཅུད་ལྡན་མེ་ཏོག་འོད་ཕུང་འབར། །མ་བཅོས་རང་བྱུང་དམ་རྫས་སྤོས་མཆོག་འདི། ཁ་དོག་དབྱིབས་གསལ་དབང་པོ་ཚིམ་བྱེད་པ། །སྟོང་གསུམ་དྲི་བསུང་དར་བའི་བདུད་རྩི་འདི། །འབར་བའི་ཤངས་ལ་མཆོད་པས་མཉེས་གྱུར་ཅིག །སྣོད་བཅུད་དབྱེར་མེད་ཡབ་ཡུམ་དག་པ་ལ། །འབྲས་བུ་རང་བྱུང་ཡེ་ཤེས་མི་ཤར་གནས། །མཐའ་དབུས་མེད་པར་གསལ་བའི་འོད་འབར་འདི། །འཁོར་བའི་མུན་ཁང་གཞོམ་ཕྱིར་བཞེས་སུ་གསོལ། །གཉིས་མེད་མཁའ་དབྱིངས་དག་པའི་ཕོ་བྲང་དུ། །ཉོན་མོངས་སྐྱོན་བྲལ་དག་(༢༠ན)


GLG022_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱང་ཆུབ་སེམས། །ཅིར་ཡང་འཆར་ཕྱིར་དྲི་ཡི་འོད་ཕུང་འབུལ། །ཞལ་གྱི་དབྱིངས་སུ་ཐིམ་ནས་མཉེས་གྱུར་ཅིག །ནམ་མཁའ་ཀུན་བཟང་དབྱིངས་ནས་ཅིར་ཡང་འབྱུང་། །འབྱུང་བའི་འབྲས་བུ་འདོད་པའི་ཡོན་ཏན་ལྔ། །ལྷ་བཤོས་རིན་ཆེན་ཡིད་བཞིན་ལོངས་སྤྱོད་འདི། །སྐུ་གསུང་ཐུགས་ཀྱི་ངང་དུ་ཐིམ་པར་བཞེས། །སྒྲ་ཡི་དངོས་པོར་སྣང་བ་ཡང་། །ཡོད་པ་མ་ཡིན་ཤིན་ཏུ་གྲག །སྒྲ་ཡིས་རབ་ཏུ་ཚིམ་གྱུར་ཀྱང་། །སྒྲ་ཉིད་རང་བཞིན་གང་ཡང་མེད། །སྒྲར་འབྱུང་རང་བཞིན་མཆོད་པར་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ། ཤྲཱི་བཛྲ་པུཥྤེ་པུ། །ཤྲཱི་བཛྲ་བྷཱུ་པེ་དྷཱུ། ཤྲཱི་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཤྲཱི་བཛྲ་གནྡྷེ་གན། ཤྲཱི་བཛྲ་ནཻ་ཝི་དྱ་ནཻ། ཁ་ཁ་ཁཱ་ཧི། ཁཱ་ཧི། ཤྲཱི་བཛྲ་གཱིརྟི་ཧྲཱིཿ ཨོཾ། འདོད་ཡོན་ལྔ་ཡི་ཏིང་འཛིན་ལྷ་མོ་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །བླ་མེད་མཆོག་གི་མཆོད་པ་སྦྱར་བ་འདི། །ཉོན་མོངས་དུག་སེལ་ཡིད་བཞིན་བདུད་རྩིའི་མཆོག །ཆོས་ཉིད་དག་པས་རིགས་ལྔའི་དམ་ཚིག་ལྔ། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འགྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ཨོཾ་རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤཪྴ་ཧཱུཾ། སྒྲུབ་ཐབས་ལས། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། རྒོད་དང་གཤེ་དང་འཇིགས་པར་བྱེད་པ་དང་། །སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པའི། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིན། །གར་བྱས་སྒྲུབ་པོ་རྣལ་འབྱོར་པ། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཾ་ས་ལ་སོགས་བྲོ་མཆོག་སྩོལ། །མེ་ཏོག་(༢༠བ)


GLG022_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཙན་དན་འཕྲེང་། །བཟང་དགུ་དབུལ་ལོ་ཞེས་སུ་གསོལ། །ཨོཾ་སརྦ་བི་ཤྭ་པཱུ་ཛ་ཧོ། །ཞེས་ཀུན་ཏུ་བཟང་པོའི་མཆོད་པས་མཉེས་པར་བསམ། བཅོ་བརྒྱད་བདུད་རྩི་སྨན་འབུལ་བ། ཁྲག་འཐུང་གལ་པོ་ལས། ཧཱུཾ་རང་བྱུང་གདོད་ནས་དག་པའི་རྫས། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རཱ་ས་ཡ་ན་ལ་སོགས་རྫས། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །བླ་མ་ཁྲག་འཐུང་ལྷ་དགུ་དང་། །མཁའ་འགྲོ་དམ་ཅན་འཁོར་བཅས་ལ། །རྣམ་དག་བདུད་རྩི་མཉེས་མཆོད་འབུལ། །ཐུགས་རྗེས་བཞེས་ཏེ་དགྱེས་མཛོད་ལ། །ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩོལ། །མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧཱུཾ། ཆོས་སྐུ་ཀུན་བཟང་དཔལ་ཆེན་ཧེ་རུ་ཀཿ། །རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང་། །འཇམ་དཔལ་བཤེས་གཉེན་རོ་ལངས་བདེ་བ་ལ། །སྨན་མཆོད་འབུལ་གྱི་དབང་དང་དངོས་གྲུབ་སྩོལ། །མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། བུདྡྷ་གུ་ཧྱ་སློབ་དཔོན་ཧཱུཾ་ཀཱ་ར། །པདྨ་ཐོད་འཕྲེང་བི་མཱ་ལ་མི་ཏྲ། །ཤཱི་ལ་མཉྫུ་རྡོ་རྗེ་འདུད་འཇོམས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། གཉགས་ཆེན་ཛྙཱ་ན་འཁོན་སྟོན་ཀླུ་དབང་སྲུང་། །འདིས་སློབ་དཔོན་པདྨ་ལ་དངོས་སུ་གསན་པའི་ཉེ་བརྒྱུད་ཡིན་ཞིང་འཁོན་རྡོ་རྗེ་རིན་ཅེན་གྱིས་གཉགས་དང་ཀླུ་དབང་སྲུང་གཉིས་ཀར་གསན་པས་འདིར་བཅུག་པ་ཡིན་ནོ། །རྡོ་རྗེ་རིན་ཅེན་ཡོན་ཏན་ཀུན་མཁྱེན་རྡོ་རྗེ་གདན་པ་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་གསན་ཡིག་ན་ཤེས་རབ་ཡོན་ཏན་གྱི་ཚབ་ལ་འདི་བཞིན་བྱུང་བའི་རྗེས་སུ་འབྲངས། འབྱུང་གནས་དང་། །ཚུལ་ཁྲིམས་རྒྱལ་པོ་གཙུག་ཏོར་ཤེས་རབ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །མཧཱ་པཉྩ་ཨ་མྲྀ་ཏཱ་ཁཱ་ཧི། (༢༡ན)


GLG022_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འཁོན་རིགས་དགེ་སྐྱབས་འཁོན་སྟོན་རྡོ་རྗེ་གདན་པ་དང་རྗེ་མཁྱེན་བརྩེའི་གསན་ཡིག་ན་བལ་པོ་སྔོན་དུ་བྱུང་བའི་རྗེས་སུ་འབྲངས། བལ་པོ་དང་། །འཁོན་རིགས་དགེ་མཐོང་ཤཱཀྱ་བློ་གྲོས་ཞབས། །ཤེས་རབ་ཚུལ་ཁྲིམས་དཀོན་ཅོག་རྒྱལ་པོ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། བརྩེ་བ་ཆེན་པོ་སློབ་དཔོན་རིན་པོ་ཆེ། །རྗེ་བཙུན་གྲགས་པ་ཆོས་རྗེ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་འོད་ལྡན་ཁའུ་པར། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། བུ་ལུང་ཀུན་རྡོར་ལོ་ཆེན་མཆོག་ལྡན་པ། །དགའ་ལྡན་ཀུན་བསོད་གན་པ་རིན་རྒྱལ་རྗེ། །བསོད་ནམས་རྒྱལ་མཚན་ཤེས་རབ་རྡོ་རྗེ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཆོས་དཔལ་ཤེས་རབ་སེང་གེ་རྒྱལ་མཚན་དང་། །ཀླུ་པ་བསོད་དར་དམར་སྟོན་རྒྱལ་མཚན་འོད། །ནམ་མཁའ་བློ་གྲོས་ཆག་ལོ་གསུམ་པ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ས་ལོ་འཇམ་རྡོར་རྗེ་བཙུན་ཀུན་དགའ་ལགས། །མཁྱེན་བརྩེའི་ཞབས་དང་དབང་ཕྱུག་རབ་བརྟན་དཔལ། །ས་ཆེན་ཀུན་བསོད་འཇམ་དཔལ་རྡོ་རྗེ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཛིན། །རིན་ཅེན་བསོད་ནམས་མཆོག་གྲུབ་དཔལ་བཟང་པོ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། རྡོ་རྗེ་ཁྲག་འཐུང་ཁྲོ་མོ་དབང་ཕྱུག་ཡུམ། །གཽ་རཱི་ལ་སོགས་འཁོར་གྱི་མ་མོ་བརྒྱད། །དཀྱིལ་འཁོར་ལྷ་ཚོགས་དམ་ཅན་སྲུང་མ་(༢༡བ)


GLG022_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། སྨན་ཕུད་ཕུལ་བས་ལྷ་རྣམས་བདེ་བ་ཆེན་པོའི་རོས་མཉེས་པར་བསམས་ནས་བདུད་རྩི་གནས་གསུམ་དུ་རེག་ལ། ཁྲག་འཐུང་གལ་པོ་ལས། ཧཱུཾ། ལྕེ་ཡི་རྡོ་རྗེ་དམ་ཚིག་ལ། །རྡོ་རྗེ་ཅན་གྱིས་ཧཱུཾ་བསྒོམས་ཏེ། །མཐེ་བོང་དང་ནི་སྲིན་ལག་རྩེས། །ཐབས་དང་ཤེས་རབ་འབྲེལ་བ་ཡི། །བདུད་རྩི་རྣམ་ལྔར་སྦྱར་བ་ལ། །མྱང་ན་བྱང་ཆུབ་སེམས་ཐོབ་འགྱུར། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུཾ། ཞེས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། །བཅུ་དགུ་གཏོར་མས་དགྱེས་བྱེད་པ། ཁྲག་འཐུང་གལ་པོ་ལས། ཧཱུཾ། རྨད་དུ་བྱུང་བའི་གཏོར་མ་དང་། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །ཆོས་ཉིད་སྐྱེ་བ་མེད་དབྱིངས་ལས། །ཇི་ལྟར་དམིགས་པ་བཞིན་དུ་འབུལ། །མ་ཧཱ་བ་ལིནྟ་ཁ་རཾ་ཁཱ་ཧི། འདོད་ཡོན་ལྔའི་ལོངས་སྤྱོད་ཀྱིས་ཐུགས་དམ་སྐོང་བར་བསམ། ཉི་ཤུ་དམར་ཆེན་རཀྟ་སྦྲེང་། །ཧཱུཾ། ལྕང་ལོར་བཅས་པའི་དུང་ཆེན་སྣོད་ནང་དུ། །ཉོན་མོངས་རྩ་བ་བཅད་པའི་ཁྲག་རྒྱུན་གྱིས། །གཏམས་ནས་དཔལ་ཆེན་ལྷ་ཚོགས་ཞལ་དུ་འབུལ། ཁམས་གསུམ་འཁོར་བ་དབྱིངས་སུ་དག་པར་མཛོད། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། དམར་ཆེན་གྱི་རཀྟ་ཕུལ་བས་འཁོར་བ་གནས་སུ་སྟོངས་པར་བསམ། ཉེར་གཅིག་དུག་གསུམ་མཆོད་པ་ནི། །ཏནྟྲ་ཧེ་རུ་ཀའི་གལ་པོའི་རྒྱུད་ཀྱི་ལེའུ་གསུམ་པ་ནས་བཤད་པའི་དོན་བཞིན། ལོ་ཆེན་བསོད་ནམས་རྒྱ་མཚོས་མཛད་པའི་ཕུར་པ་སྤུ་གྲིའི་ལས་བྱང་ལས། ཧཱུཾ། གཏི་མུག་ཤ་ཆེན་ཕུངས་སེ་ཕུང་། །འདོད་ཆགས་ཁྲག་མཚོ་མེར་རེ་རེ། །ཞེ་སྡང་རུས་གྲམ་ཉིལ་ལི་ལི། །དཔལ་ཆེན་མཁའ་འགྲོའི་ཚོགས་ལ་འབུལ། །མཧཱ་མཾ་ས་རཀྟ་ཀེཾ་ནྲི་ཏི་ཁ་རཾ་ཁཱ་ཧི། །(༢༢ན)


GLG022_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གསུམ་རང་གནས་སུ་དག་པར་བསམ། ཉེར་གཉིས་མདངས་ཀྱིས་དམ་བཀང་པ། ཁྲག་འཐུང་གལ་པོ་ལས། ཧཱུཾ། དབྱིངས་དང་ཡེ་ཤེས་ཏིང་འཛིན་ནི། །ཀོང་བུ་ཆོས་དབྱིངས་ཡུམ་གྱི་མཁའ། །མར་མེ་ཡེ་ཤེས་ཡབ་ཀྱི་འོད། །སྐུ་གསུམ་འགྲོ་བའི་དོན་ཡང་མཛད། །ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ནས། །ཡེ་ཤེས་ཆེན་པོ་སྐུ་གསུམ་གྱིས། །འཁོར་བའི་མ་རིག་མུན་བསལ་ནས། །འཁོར་ལོ་ཚོགས་ཆེན་གསལ་ལེར་གསལ། །ཨོཾ་ཨཱ་ལོ་ཀེ་ཛྭ་ལ་དཱི་པ་ཧཱུཾ་ཧཱུཾ། ཐབས་ཤེས་ཟུང་འཇུག་གི་མར་མེ་སྦར་བས་མ་རིག་པའི་མུན་པ་སེལ་བར་བསམ། ཉེར་གསུམ་སྦྱོར་མཆོད་བདེ་བསྐྱེད་པ། ཁྲག་འཐུང་གལ་པོ་ལས། ཧཱུཾ། སྦྱོར་བ་གནས་ཀྱི་ཏིང་འཛིན་ནི། །གླིང་བཞི་ཕྱི་ཡི་སྦྱོར་བ་དང་། །སྒོ་བཞི་ནང་གི་སྦྱོར་བ་དང་། །དཀྱིལ་འཁོར་བཞི་ནི་གསང་བ་ལ། །བདེ་བ་བཞི་ནི་དེ་ཁོ་ན། །མ་ལུས་ཐམས་ཅད་བདེ་སྟོང་གཅིག །ཤིན་ཏུ་བསྒྱིངས་པའི་དཔའ་བོ་སྒེག་པ་དང་། །བཀྲ་ཤིས་མཚན་ལྡན་མི་མོས་བརྒྱན་པ་གཉིས། །དཔའ་བོ་དགྱེས་པའི་སྦྱོར་མཆོད་བདེ་བ་ཡང་། །སྐལ་ལྡན་རྣམས་ལ་འབུལ་ལོ་རབ་སྤྲུལ་ཅིག །ཤེས་རབ་དབྱིངས་མ་ཡུམ་གྱི་གཞལ་ཡས་སུ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་མཆོག་བཀོད་དེ། །ཐབས་དང་ཤེས་རབ་ལྡན་པའི་སྦྱོར་མཆོད་ཀྱིས། །འཕགས་པ་ཐམས་ཅད་མཉེས་པའི་མཆོད་པ་འབུལ། །མཉམ་ཉིད་དབྱིངས་སུ་རྟོགས་པའི་ཡེ་ཤེས་ཀྱི། །བདེ་མཆོག་ལོངས་སྤྱོད་རྫོགས་པ་སྐུ་ཡི་རྒྱན། །འདོད་རྒུ་ཡོན་ཏན་མཛེས་པས་རབ་བརྒྱན་པ། །རྣལ་འབྱོར་ཡེ་ཤེས་རྒྱན་དུ་བཞེས་སུ་གསོལ། །ཨོཾ་ཨ་ནུ་རཱ་ག་ཎ་པཱུ་ཛ་མེ་གྷ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ཧཱུཾ་ཕཊ་སྭཱ་ཧཱ། མཉམ་པར་སྦྱོར་བའི་མཆོད་པས་དགའ་བཞིའི་ཡེ་ཤེས་(༢༢བ)


GLG022_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས་པར་བསམ། ཉེར་བཞི་ཉོན་རྩ་བར། དམ་ཚིག་མཆོག་གི་མཆོད་པ་དང་། ཞེས་པར་སོ་མཆན་དུ་སྦྱོར་སྒྲོལ་གྱི་རྟེན་དུ་བདུད་རྩི་སྦྱོར་བ་དང་རཀྟ་བཤོམ་པ་དེ་གཉིས་བསྲེས་པ་ཞེས་བྱུང་བ་ཕུར་པ་ལ་བདུད་རྩི་དང་ཁྲག་བསྲེས་པར་བསྒྲལ་བའི་དམིགས་རྟེན་བྱེད་པར་བཤད་པ་དང་མཐུན་ནམ་སྙམ། སྔགས་རྙིང་མའི་གཞུང་ལ་ལར་ལིངྒར་བདུད་རྩི་འཐོར་མི་རུང་བར་བཤད་པས་སྔགས་རྒན་རལ་པ་ཅན་རྣམས་ཀྱི་ས་དཔྱད་དོ། །མོངས་སྒྲོལ་མཆོད་པ། ཁྲག་འཐུང་གལ་པོ་ལས། ཧཱུཾ། སྒྲོལ་བ་གནས་ཀྱི་ཏིང་འཛིན་ཆེན་པོ་ནི། །དཔའ་བོ་འབྲུ་ལྔ་རླུང་ལྷའི་རྟ་ལ་ཞོན། །ཨ་ནྲྀ་སུ་ཏྲི་པྲེ་དུ་དྲུག་རྣམས་བསྲེགས། །གནས་སྦྱོར་ཏིང་འཛིན་རྒྱུ་རྣམས་བྱིན་གྱིས་བརླབས། །སྡུག་བསྔལ་མང་པོས་གཟིར་བའི་འགྲོ་བ་ལ། །སྙིང་རྗེས་ཤུགས་ཀྱིས་སྡུག་བསྔལ་བཟློག་པའི་ཕྱིར། །ཉོན་མོངས་ཀུན་བསལ་རྒྱུད་དྲུག་ལམ་བཀག་ནས། །བྱང་ཆུབ་བགྲོད་ཕྱིར་འཕགས་ལམ་རྣམ་ཐར་བསྟན། །དམ་རྫས་བདུད་རྩི་ལྔ་དང་ཞལ་ཟས་ལྔ། །སྐུ་ལྔ་ཆོས་ལྔ་དབྱེར་མེད་རང་བཞིན་གཅིག །དེ་ཕྱིར་དག་པས་དག་པ་ཉིད་མཆོད་དེ། །ཆོས་ཉིད་ལ་ཡང་ཆོས་ཉིད་ཐིམ་པར་མཆོད། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ་པར་མཆོད། །དམ་ཚིག་མཆོག་གི་མཆོད་པ་དམ་པ་འདིས། །རྒྱལ་བ་སྲས་བཅས་རིགས་ཀྱི་ཡུམ་རྣམས་དང་། །ཕྱག་བརྙན་གཏུམ་ཆེན་རྔམས་པའི་ཚོགས་ལ་སོགས། །རྣལ་འབྱོར་གྲུབ་པའི་ཚོགས་དང་རིག་འཛིན་དང་། །རྣལ་འབྱོར་རྣམ་ལྔའི་ཚོགས་ལ་མཆོད་པ་འབུལ། །ཨོཾ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། འཁོར་བར་སྐྱེ་བའི་རྒྱུའི་ཉོན་མོངས་ས་བོན་བག་ཆགས་དང་བཅས་པ་བསྒྲལ་ནས་འདོད་ཡོན་དུ་དམིགས་ཏེ་རོ་གཅིག་པར་ཕུལ་བས་མྱ་ངན་ལས་འདས་པའི་ས་ལ་སྦྱོར་བར་བསམ། ཉེར་ལྔ་གླུ་གར་གྱིས་མཆོད་པ། ཁྲག་འཐུང་གལ་པོ་ལས། (༢༣ན)


GLG022_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཤིན་ཏུ་སྒེག་པའི་གཟི་བརྗིད་འབར། །ཡིད་བཞིན་རིན་ཅེན་འཕྲེང་བ་འཕྲོ། །དབྱངས་སྙན་ཡིད་འཕྲོག་གཟི་ལྡན་འབར། །གཟུགས་མཛེས་བསྐྱོད་པས་ཕྱོགས་བཅུར་གཡོ། །ཧཱུཾ་ཏྲཾ་ཧྲཱི། ཨ་ས་མ་ཡ་ཧཱུཾ། ཀུན་ཏུ་ཚིམ་བྱེད་བྲོ་གསུང་ཐིམ། །ལྷ་མཛེས་རིན་ཅེན་ཕུང་པོ་འཕྲོ། །འོད་གསལ་འཚེར་བས་ཀུན་ཏུ་གསལ། །བདུད་རྩི་བསིལ་དྲོ་འཇམ་པའི་དབྱངས། །དུ་བུ་ཨ་ག་ས་མ་ཡ་ཧཱུཾ་ཧོ། རིག་པའི་རླབས་ལས་བྱུང་བ་ཡི། །ལྷ་མོའི་ཚོགས་ཀྱི་མཆོད་པ་ནི། །གར་དང་དབྱངས་སུ་བྱས་ནས་ཀྱང་། །གཟུགས་དང་དབྱིབས་སུ་འབུལ་ལགས་ཀྱིས། །སྦྱོར་ཆེན་ཚུལ་དུ་བཞེས་སུ་གསོལ། །གཞན་ཡང་ཐབས་ཚུལ་མཐའ་ཡས་པའི། །མཆོད་སྤྲིན་བླ་མེད་ཕྱོགས་བཅུར་འབུལ། །ནམ་མཁའ་མཛོད་ཀྱི་གཏེར་ལ་སོགས། །བླ་མེད་མཆོད་སྤྲིན་རབ་འབྱམས་རྣམས། །དད་པས་དམིགས་ཏེ་འབུལ་ལགས་ཀྱིས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ། །དཀྱིལ་འཁོར་རྒྱན་དུ་བཞེས་སུ་གསོལ། །ཨོཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཡེ་ཧཱུཾ། ཧཱུཾ། སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ནི། །ཞི་གནས་དང་ནི་ལྷག་མཐོང་ཟུང་དུ་འབྲེལ། །བདེ་བ་ལས་འཁྲུངས་རྡོ་རྗེ་འཆང་བ་ཡི། །དངོས་པོ་དངོས་མེད་འབྱུང་གནས་ཆེན་པོར་མཁྱེན། །གསུང་སྙན་ཡི་གེས་ཀུན་ལ་ཁྱབ་པ་ཡིས། །སྤྲོས་མེད་གསུང་དུ་འཇིག་རྟེན་དབང་ཕྱུག་བཞུགས། །མི་གསུང་ལྷ་མོར་དམ་བཅས་འདུལ་མཛད་པ། །སྒྱུ་འཕྲུལ་ཚུལ་མངའ་ལྡན་པ་འགའ་མ་མཆིས། །གང་དུ་བདེ་ཆེན་རང་བཞིན་རྗེས་ཆགས་པའི། །ན་ཆུང་དག་དང་ལྷན་ཅིག་བཞད་མཛད་དེ། །གཡས་ཀྱི་ཕྱག་གིས་རྡོ་རྗེ་གསོར་ནས་ཀྱང་། །གཡོན་པ་ཡིས་ནི་དྲིལ་བུའི་སྒྲ་སྙན་འཁྲོལ། །(༢༣བ)


GLG022_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་མཐའ་དག་བཙུན་མོར་གྱུར་པ་ཡིས། །དམ་ཚིག་རྣམས་ཀྱི་བྱ་བ་བྱས་པར་འགྱུར། །གཅིག་གི་ལག་པས་ཀུན་ལ་འཁྱུད་པ་སྟེ། །གཉིས་པས་རྗེས་སུ་ཆགས་ཕྱིར་བདེ་བའི་མཐུ། །གསུམ་པ་མི་ཟད་མེ་ཏོག་འཕྲེང་བ་འཐོར། །བཞི་པ་བདེ་བ་ཡི་ནི་མདའ་ཡང་འཕེན། །གང་ཞིག་གླུ་ནི་ལེན་པར་བྱེད་པ་དེ། །བདེ་བ་རྡོ་རྗེ་ཅན་དང་མཉམ་པར་འགྱུར། །རྡོ་རྗེ་གསོར་བ་སྙིང་རྗེ་ཆེན་པོ་ཡིན། །དྲིལ་བུ་གསིལ་པ་ཤེས་རབ་སྟོང་པ་ཉིད། །གར་གྱིས་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །བདེ་ཆེན་རོལ་པ་ཆེ་ལ་དགོངས་སུ་གསོལ། །ཨོཾ་བཛྲ་དྷཱ་ཏུ་ཧོ། མཆོད་པའི་སྤྲིན་ཕུང་ཟད་མི་ཤེས་པས་ཞི་ལྷག་ཟུང་འབྲེལ་གྱིས་མཉེས་པར་བསམ། ཉེར་དྲུག་ལྷ་ཚོགས་ལ་བསྟོད་པ། ཁྲག་འཐུང་གལ་པོ་ལས། ཧཱུཾ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེ་དགྲ་ཟིན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མི་གནས་མི་དམིགས་ཆོས་སྐུ་དག་པ་ལས། །བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྤྲུལ་པ། །ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ། །བཅོམ་ལྡན་ཁྲོ་རྒྱལ་ལ་ཡང་ཕྱག་འཚལ་ལོ། ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང་། །ཐབས་དང་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་འདིར། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་བ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །གསང་བ་མེ་དཔུང་གི་རྒྱུད་ལས། །ཧཱུཾ། ལོག་ཏོག་འཁོར་བ་རྡུལ་དུ་བརླག་སླད་དུ། །དུར་ཁྲོད་ཞིང་གི་དབྱུག་པ་ཕྱག་ན་བསྣམས། །སྲིད་གསུམ་དབང་མཛད་སྔོན་མོ་གཽ་རཱི་མ། །བསིལ་བའི་ཚལ་གྱི་མ་མོ་ལ་ཕྱག་འཚལ། །ལོག་རྟོག་ལས་ཀྱི་སྐྱོན་རྣམས་འབུགས་སླད་དུ། །ཐབས་དང་ཤེས་རབ་(༢༤ན)


GLG022_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་མདའ་འཕེན་ཅིང་། །དབྱིངས་ཀྱི་ངང་སྦྱོར་སེར་མོ་ཙཽ་རཱི་མ། །ལི་ཡུལ་ཚལ་གྱི་མ་མོ་ལ་ཕྱག་འཚལ། ཁོར་བ་མང་པོ་ཐུགས་རྗེས་བསྒྲལ་སླད་དུ། །མི་ནུབ་ཆུ་སྲིན་རྒྱལ་མཚན་ཕྱག་ན་བསྣམས། །སངས་རྒྱས་སྲིད་གཙོ་དམར་མོ་པྲ་མོ་ཧ། །བལ་ཡུལ་ཚལ་གྱི་མ་མོ་ལ་ཕྱག་འཚལ། །ས་དགུའི་རྟོག་འཇོམས་རྡོ་རྗེ་རྩེ་དགུ་འཕྱར། །རུ་དྲ་སྒྲོལ་མཛད་ཡེ་ཤེས་དབྱིངས་ལ་སྦྱོར། །ནག་མོ་འཇིགས་ཚུལ་སྟོན་མཛད་བཻཏྟ་ལཱཾ། །ཐོ་གར་ཚལ་གྱི་མ་མོ་ལ་ཕྱག་འཚལ། །རྒྱུད་དྲུག་འཁོར་བ་གནས་ནས་དྲང་སླད་དུ། །དུར་ཁྲོད་ཞིང་གི་རྒྱུ་ཞགས་ཕྱག་ན་བསྣམས། །ཆོས་ཀྱི་དབྱིངས་སྦྱོར་དམར་སེར་པུཀྐ་སཱི། །ཟ་ཧོར་ཚལ་གྱི་མ་མོ་ལ་ཕྱག་འཚལ། །ཡེ་ཤེས་ལྔ་དང་ལྡན་པ་མཛད་སླད་དུ། །དབང་ལྔའི་ཐོད་ཁྲག་ཡེ་ཤེས་རྡོ་རྗེས་དཀྲུག །ཐུགས་རྗེ་ཐབས་མཁས་སྔོ་ལྗང་གྷསྨ་རཱི། །ཨྱོན་ཚལ་གྱི་མ་མོ་ལ་ཕྱག་འཚལ། །ཞེ་སྡང་ཆེན་པོ་གཏན་ནས་འཇོམས་སླད་དུ། །ཞིང་མཆོག་ཙིཏྟ་དམར་པོ་ཚེམས་ཀྱིས་འདྲེན། །ང་རྒྱལ་སེར་སྣ་སྦྱོང་མཐིང་སྨ་ཤ་ནཱི། །སིངྒཱའི་ཚལ་གྱི་མ་མོ་ལ་ཕྱག་འཚལ། །ལོག་རྟོག་སྐྱོན་རྣམས་སོ་སོར་བསྒྲལསླད་དུ། །ཐུགས་རྗེ་ཐབས་ཀྱིས་མགོ་ལུས་སོ་སོར་འབྲལ། །སེར་སྐྱ་འཇིགས་པའི་ཚུལ་ཅན་ཙཎྜ་ལཱི། །གླིང་དགུའི་ཚལ་གྱི་མ་མོ་ལ་ཕྱག་འཚལ། ཁྲག་འཐུང་གལ་པོ་ལས། ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་དྷརྨ་ཀཱ་ཡ་ན་མོ། སམྦྷོ་ཀཱ་ཡ་ན་མོ། ནིརྨཱ་ཎ་ཀཱ་ཡ་ན་མོ། ཛྙཱ་ན་པཉྩ་ཀཱ་ཡ་ན་མོ། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཧྲི་ད་ཡ་ན་མཿསརྦ་ཏ་ཐཱ་ག་ཏ་ན་མོ་ན་མ༔ དཀྱིལ་འཁོར་གྱི་(༢༤བ)


GLG022_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་ལ་བདག་ལས་མི་གཞན་པར་བསྟོད་དོ། །ཉེར་བདུན་བསྐུལ་ཞིང་འཛབ་བཟླ་བ། ཁྲག་འཐུང་གལ་པོ་ལས། ཧཱུཾ། དུར་ཁྲོད་ཆེན་པོའི་གཞལ་ཡས་སུ། །དྲེགས་པ་ཁྱོ་ཤུག་ཕོ་མོ་དང་། །ཞིང་ཆེན་བསྣོལ་དང་བརྐྱངས་པའི་སྟེང་། །དཔལ་ཆེན་བཛྲ་ཧེ་རུ་ཀའི། །དུང་ཁང་དཀར་པོའི་གཞལ་ཡས་ཁང་། །མགྲིན་པ་པདྨའི་གསང་ཆེན་དང་། །ཐུགས་ཀ་གསང་བའི་དཀྱིལ་འཁོར་དུ། །རང་སེམས་བྱང་ཆུབ་འབྲུ་བརྒྱད་ཉིད། །རུ་ལུ་གསེར་འཕྲེང་རིན་པོ་ཆེ། །གཅིག་ལས་མ་སྤྲོས་དགུ་རུ་ལྡན། །བསམ་འཕེལ་འབྲུ་བརྒྱད་རིན་པོ་ཆེ། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་དབྱིག །གདོད་ནས་ཡེ་ཤེས་སྙིང་པོ་བས། །བྱིན་རླབས་འབྲུ་བརྒྱད་ཕྱག་རྒྱར་གསལ། །དྲོད་ཚད་རྟགས་དང་ལྡན་པ་ཡིས། །དེ་བཞིན་ཉིད་དུ་ཤེས་པར་བྱ། །འབྲུ་བརྒྱད་ཡེ་ཤེས་མཁའ་ལ་སྤོས། །སྐུ་གསུམ་འབར་བའི་རྒྱ་མཚོ་ནི། །སྲོག་གི་སྙིང་པོ་འབྲུ་བརྒྱད་གསལ། །གཉིས་མེད་སྐུ་གསུང་ཐུགས་ཀྱི་ངང་། །དཔལ་ཆེན་རིན་ཅེན་ཟུར་བརྒྱད་ལ། །རུ་ལུ་འབྲུ་བརྒྱད་འཕྲོ་འདུ་སྤྲོ། །གསེར་གྱི་བ་ཐག་གཟིངས་པ་བཞིན། །ཕར་འཕྲོས་པས་ནི་ཐུགས་དམ་བསྐུལ། །ཚུར་འདུས་པས་ནི་དཔལ་བེའུ་གང་། །དཔལ་བེའུ་རིན་ཅེན་ཟུར་བརྒྱད་ལས། །རུ་ལུ་རིན་ཅེན་འབྲུ་བརྒྱད་འཕྲོ། །མགལ་མེ་ཀླད་ལ་བསྐོར་བ་བཞིན། །ཕར་འཕྲོས་པས་ནི་སྐུ་ལ་ཐིམ། །སླར་འདུས་པས་ནི་འབྲུ་བརྒྱད་གང་། །ཡིད་བཞིན་རིན་ཆེན་ཟུར་བརྒྱད་ལས། །རུ་ལུ་རིན་ཅེན་འབྲུ་བརྒྱད་འཕྲོ། །ལྕགས་ཀྱི་ཚ་ཚ་གཏམས་པ་ཡིས། །ཕར་འཕྲོས་པས་ནི་ལྗགས་ལ་ཐིམ། །སླར་འདུས་པས་ནི་དཔལ་བེའུ་གང་། །ཀུན་གཞིའི་རྣམ་ཤེས་ཡུལ་སྐུར་གསལ། །ཡབ་ཡུམ་གཉིས་མེད་སྐུ་གསུང་ཐུགས། །ཐུགས་ཀྱི་ཡོན་ཏན་འབྱུང་བའི་(༢༥ན)


GLG022_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར། །ཐུགས་མཆོག་ཧེ་རུ་ཀ་ཡབ་ཡུམ། །ཐུགས་ནི་རིན་ཅེན་ཟུར་བརྒྱད་ལ། །རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུ། །ཕར་འཕྲོས་པས་ནི་ཐུགས་དམ་བསྐུལ། །ཡེ་ཤེས་ལྷ་ལ་བསྙེན་པ་འབུལ། །སླར་འདུས་ཐུགས་ཀྱི་དཔལ་བེའུ་གང་། །རྣམ་ཤེས་ཁྲོ་མོའི་སྐུར་སྣང་བ། །ཕྱག་རྒྱ་ཆ་ལུགས་མ་ངེས་ཀྱང་། །གདུལ་བྱའི་དབང་གིས་ཅིར་ཡང་སྤྲུལ། །གཽ་རཱི་ལ་སོགས་བརྒྱད་རྣམས་ལ། །དཔལ་བེའུ་རིན་ཅེན་ཟུར་བརྒྱད་སྟེང་། །རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུ། །ཕར་འཕྲོས་པས་ནི་ཐུགས་དམ་བསྐུལ། །ཡེ་ཤེས་ལྷ་ལ་བསྙེན་པ་འབུལ། །སླར་འདུས་ཐུགས་ཀྱི་དཔལ་བེའུ་གང་། །དངོས་གྲུབ་མཆོག་གི་གཏེར་དུ་བསམ། །ཞེས་པའི་དོན་ལྟར་དམིགས་པའི་འཕྲོ་འདུ་དང་བཅས། ཨོཾ་རྩ་བ་ལས། སྒོམ་དབྱངས་ཡི་གེ་འབྲུ་བརྒྱད་བསྟན། ཞེས་གསུངས། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཁྱད་པར་ཅན་གྱི་སྙིང་པོ་རྩ་བའི་སྔགས་ཉེར་དྲུག་པ་སྒྲུབ་ཐབས་ལས་བྱུང་བ། ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ས་མ་ཡ་ཧི། ཀྲོ་དྷི་སརྦ་དུཥྚཱཾ་ས་མ་ཡ་མཱུ་དྲ། པྲ་སཾ་ཛཀ་ཧཱུཾ་ཕཊ། ཨོཾ་བཛྲ་གཽ་རཱི་ཧཿཧཱུཾ་ཕཊ། ཨོཾ་བཛྲ་ཙཽ་རཱི་ཧཿཧཱུཾ་ཕཊ། ཨོཾ་བཛྲ་པྲ་མོ་ཧེ་ཧཿཧཱུཾ་ཕཊ། ཨོཾ་བཛྲ་བཻཏྟ་ལཱི་ཧཿཧཱུཾ་ཕཊ། ཨོཾ་བཛྲ་པུཀྐ་སཱི་ཧཿཧཱུཾ་ཕཊ། ཨོཾ་བཛྲ་གྷསྨ་རཱི་ཧཿཧཱུཾ་ཕཊ། ཨོཾ་བཛྲ་སྨ་ཤ་ནཱི་ཧཿཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜ་ལཱི་ཧཿཧཱུཾ་ཕཊ། ཅེས་གཙོ་བོ་ཡབ་ཡུམ་དང་འཁོར་བརྒྱད་ཀྱི་སྔགས་ཅི་ནུས་བཟླ། ཉེར་བརྒྱད་མཆོད་ཅིང་དངོས་གྲུབ་བླང་། ཁྲག་འཐུང་གལ་པོ་ལས། ཧཱུཾ། ཏིང་ངེ་འཛིན་གྱིས་སྤྲོས་པས་མཆོད་པའི་གཏེར། མེ་ཏོག་བདུག་སྤོས་ལྷ་བཤོས་མར་མེ་བཅས། །བླ་བྲེ་རྒྱལ་མཚན་ན་བཟའ་འཕན་དང་གདུགས། །སིལ་སྙན་རྔ་དུང་ནོར་བུ་མུ་ཏིག་(༢༥བ)


GLG022_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་། །གཟུགས་སྒྲ་དྲི་རོ་རེག་སོགས་ལྷ་མོའི་ཚོགས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་མཆོད་སྤྲིན་རྣམས། །དངོས་སུ་བཤམས་ཤིང་ཡིད་ཀྱིས་མངོན་སྤྲུལ་ནས། །ཡེ་ཤེས་རང་སྣང་ཞི་ཁྲོའི་དཀྱིལ་འཁོར་ལ། །འབྲུ་བརྒྱད་འཕྲོ་འདུས་འབུལ་ནི་མཆོད་པར་བཞེས། །སྐུ་མཆོག་གང་འདོད་གཟུགས་སུ་དེ་བཞིན་སྣང་། །གསུང་མཆོག་རྣམ་པ་སྔགས་ཀྱི་ཡིག་འབྲུར་གསལ། །ཐུགས་མཆོག་ཡེ་ཤེས་དམ་ཚིག་ཕྱག་རྒྱར་གནས། །ཡོན་ཏན་རིན་ཅེན་བདག་གཞན་དགོས་འདོད་སྐོང་། །འཕྲིན་ལས་རྣམ་བཞིས་འགྲོ་དྲུག་རྣམ་པར་སྒྲོལ། །ལེགས་པ་མཆོག་རྣམས་ཡོན་ཏན་མངའ་མཛད་ལ། །དང་བས་རབ་བསྟོད་འབྲུ་བརྒྱད་དག་པས་མཆོད། །ཅེས་འཛབ་སྟོང་ཕྲག་རེའི་མཚམས་སུ་དངོས་འབྱོར་ཡིད་སྤྲུལ་གང་རུང་གི་མཆོད་པ་འབུལ་བ་ཁྲོ་བོ་པུཎྜ་རཱི་ཀ་ལས་ལྷ་རེ་རེ་ལ་བསྙེན་པ་སྟོང་རྩ་བརྒྱད་དབུལ་ལོ། །འཛབ་རྫོགས་པ་དང་སྟོང་ཚིགས་ཀྱི་མཆོད་པ་འབུལ། ཞེས་རྒྱུད་ཀྱི་དགོངས་པ་ཡིན་ཞིང་ཞར་བྱུང་དངོས་གྲུབ་ཀྱང་ལེན་པར་བཤད་པས་ཁྲག་འཐུང་གལ་པོ་ལས། ཧཱུཾ། བྱམས་མགོན་ཐུགས་ལ་བྱ་རྩོལ་མི་མངའ་ཡང་། །བདག་ཅག་རེ་སྨོན་གྲུབ་པར་མཛད་སླད་དུ། །འཕྲིན་ལས་རྣམ་བཞིའི་འདུལ་ཐབས་ཇི་བཞིན་པས། །གདུལ་བྱ་རབ་འབྲིང་ཐ་མར་གྱུར་པ་རྣམས། །བཟང་ངན་ཕན་གནོད་རྩེ་གཅིག་སེམས་དཔའ་ཡི། །ལྷ་བགེགས་ལེགས་ཉེས་བྱད་པ་གང་ཡང་རུང་། །སྦྱོར་བ་ངན་པའི་བག་ཆགས་གཏན་སྤངས་ནས། །བྱང་ཆུབ་སེམས་མཆོག་སྐྱེ་བར་སྒྲུབ་པ་དང་། །ཐུགས་རྗེའི་ཞིང་གྱུར་འགྲོ་དྲུག་སེམས་ཅན་རྣམས། །འཁོར་བའི་མཐའ་རིང་མཚོ་ལས་བསྒྲལ་སླད་དུ། །བཟླས་བརྗོད་འཕྲོ་འདུས་བསྐུལ་ན་འཕྲིན་ལས་མཛོད། །སྐྱེ་(༢༦ན)


GLG022_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་མེད་པ་ཚེ་ཡི་དངོས་གྲུབ་དང་། །འདུ་འབྲལ་མེད་པ་གཟུངས་ཀྱི་དངོས་གྲུབ་དང་། །འཕོ་འགྱུར་མེད་པ་གནས་ཀྱི་དངོས་གྲུབ་སྩོལ། །ཞེས་བརྗོད། ཁྲག་འཐུང་གལ་པོ་ལས། རྡོ་རྗེའི་བཟླས་དང་སེམས་ལ་དམིགས། །བདག་བྱིན་བརླབ་དང་འོད་གསལ་དང་། །ཟུང་དུ་འཇུག་དང་འདི་ལྔ་ལ། །རེ་རེ་ལ་ཡང་གསུམ་གསུམ་ཡིན། །ཞེས་རིམ་པ་ལྔའི་རྫོགས་རིམ་གྱི་རྣལ་འབྱོར་ཉམས་སུ་བླང་བ་ནི་ལོགས་སུ་ཤེས་པར་བྱའོ། །གསུམ་པ་མཇུག་ཆོག་ཚོགས་བརླབ་དྲང་། །རྟོག་བསལ་སྤྱིར་འབུལ་ཐོག་མ་དང་། །བར་མཐའ་ལྷག་མ་སྒོ་དབྱེ་དཔང་། །བསྟན་སྐྱོང་ཆད་མཐོ་ཟོར་འཕེན་བྲོ། །དངོས་གྲུབ་གཏད་གསོལ་བསྡུ་དང་བསྲུང་། །སྨོན་ལམ་ཤིས་བརྗོད་བཅུ་དགུའི་ཁྲིགས། །དང་པོ་ཚོགས་རྫས་བྱིན་བརླབ་ནི། །སྟེགས་ཀྱི་ཁར་གཅན་གཟན་གྱི་པགས་པ་ལྟ་བུའི་གདན་ལ། མཾ་ས་དང་མ་དན་གཙོ་བོར་གྱུར་པའི་བཟའ་བཅའི་རིམ་པ་རྣམས་བཀོད་པ་ལ་དམིགས་ཏེ། ཁྲག་འཐུང་གལ་པོ་ལས། ཨོཾ་དབང་གཞུང་དུ་ཀྲོ་དྷཱི་ཤྭ་རཱི་མས་བྱིན་གྱིས་བརླབས་པའི་དྲིས་བསང་བར་བཤད་པ་དང་དགོངས་པ་མཐུན། ཀྲོ་དྷཱི་ཤྭ་རི་སརྦ་དྲ་བྱཾ་ཤོ་དྷཱ་ཡ་ཧཱུཾ་ཕཊ། ཨཱཿཡིས་རང་བཞིན་བདུད་རྩི་ཆུ། །རྫས་ལ་སྤྲོས་ཏེ་ཐིམ་པས་ནི། །གཟུང་འཛིན་མཚན་མ་ཐམས་ཅད་ཀུན། །ཆོས་ཀྱི་དབྱིངས་སུ་རྣམ་པར་དག །རཾ་གྱིས་རྟོག་པ་མེ་ཡིས་བསྲེགས། །ཡེ་ཤེས་རླུང་གིས་གཏོར་བྱས་ནས། །ཆུ་ཡིས་རྣམ་པར་དག་པ་ནི། །རཾ་ཡཾ་ཁཾ་གི་མཐུ་ལས་བྱུང་། །རིན་ཅེན་གཞོང་པ་ཧྲཱིཿལས་གྲུབ། །ཏྲཾ་ལས་ཞལ་ཟས་རིན་པོ་ཆེ། །ཨོཾ་ཏྲཾ་རཏྣ་ཏྲེ་ལོཀྱ་སྥ་ར་ཎ་ཕཊ། །ཧཱུཾ་གི་འཕྲོ་འདུས་དག་པར་སྦྱངས། །ཨཱཿལས་བདུད་རྩི་དྲི་མ་མེད། །ཨོཾ་ལས་འདོད་ཡོན་ལྷ་མོ་ཡིས། །ནམ་མཁའི་(༢༦བ)


GLG022_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀུན་གང་བར་བསམ། །ཨོཾ་ཨཱཿཧཱུཾ། ཞེས་བརྗོད། གཉིས་པ་མཆོད་ཡུལ་སྤྱན་དྲང་བ། ཧཱུཾ། དཔལ་ཆེན་ཡང་དག་ཧེ་རུ་ཀཿ། །གཽ་རཱི་ལ་སོགས་ལྷ་མོ་བརྒྱད། །ཟླ་གམ་དགུ་པའི་དཀྱིལ་འཁོར་པ། །མ་ལུས་ཚོགས་ལ་སྤྱན་འདྲེན་གཤེགས། །རུ་ལུ་སོགས་སྤྱན་འདྲེན་དུས་ཀྱི་སྔགས་དང་བཅས་སྤྱན་དྲངས། སྒྲུབ་གཏོར་ལ་བསྟིམ་པ་སྔ་འགྱུར་སྤྱི་སྐད་དང་མཐུན། གསུམ་པ་རྣམ་རྟོག་བསལ་བ་ནི། །མཾ་ས་དང་མ་ད་ན་སོགས་བཏེག་ལ། ཁྲག་འཐུང་གལ་པོ་ལས། ཧཱུཾ། གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ལ་གསོལ། །ཞེས་དྲངས། ཨ་ལ་ལ་ཧོཿ ཧཱུཾ། བདེ་བར་གཤེགས་སོ་ཆོས་ཀྱི་མཆོག །གཟུང་འཛིན་དྲི་མ་མེད་པ་ཡི། །འདོད་ཆགས་དྲི་མ་དང་བྲལ་བ། །དེ་ཁོ་ན་ཉིད་བདག་ཅག་འཚལ། །ཨ་ཧོ་མཧཱ་སུ་ཁ་ཧོཿ བཞི་པ་རྩ་གསུམ་སྤྱིར་མཆོད་པ། ཁྲག་འཐུང་གལ་པོ་ལས། ཧཱུཾ། སྤོས་དང་མེ་ཏོག་མར་མེ་དྲི། །ཡེ་ཤེས་བཞི་ལས་ཤར་བ་ཡི། །མེ་ལོང་འཕྲེང་བ་གླིང་བུ་གར། །གཟུགས་ནི་རྣམ་སྣང་མཛད་ལ་འབུལ། །དྲི་ནི་རིན་ཅེན་འབྱུང་ལྡན་ལ། །སྒྲ་ནི་སྣང་བ་མཐའ་ཡས་ཉིད། །རོ་ནི་དོན་ཡོད་གྲུབ་པ་སྟེ། རེག་ནི་རྡོ་རྗེ་སེམས་དཔར་འབུལ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། རཱུ་པ། ཤཔྟ། གནྡྷེ། རཱ་ས། སྤཪྴ། དྷརྨ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་པྲ་ཏཱིཙྪ་ཧོཿ ཞེས་སྤྱིར་མཆོད་པའི་ཞར་ལ། ཚོགས་ཀྱི་ཡོ་བྱད་ཐུན་མོང་དུ་བཏེག་ལ། ཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །བླ་མ་ཡི་དམ་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་ཁཱ་ཧི། ཞེས་བརྗོད།(༢༧ན)


GLG022_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ཕུད་གསུམ་ཐོག་མ་ནི། ཧཱུཾ། ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་མཆོད་པའི་སྤྲིན། །ས་དང་བར་སྣང་ནམ་མཁའི་ཁྱོན་བཀང་སྟེ། །ཡང་དག་ཐུགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་དང་། །དམ་ཅན་བཀའ་སྡོད་སྲུང་མའི་ཚོགས་ལ་འབུལ། །ཨོཾ་བཛྲ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མཱ་ཡ་ཤྲི་ཡེ་ཧཱུཾ། ཞེས་ཡབ་ཀྱི་གཡོན་ཞལ་གཙོ་བོར་བྱས་ཏེ་ལྷ་ཚོགས་ཐམས་ཅད་ལ་ཕུལ་བས་དགྱེས་པ་ཆེན་པོས་མཉེས་ནས་བདག་ལ་དངོས་གྲུབ་རྣམ་གཉིས་སྩོལ་བར་བསམ། དྲུག་པ་བར་པ་བཤགས་པ་ནི། ཁྲག་འཐུང་གལ་པོ་ལས། ཧཱུཾ། ཀུན་གཞིའི་གློང་ནས་རང་བྱུང་ཡེ་ཤེས་ཤར། །ཇི་ལྟར་སྣང་བ་ལྷ་ཡི་དཀྱིལ་འཁོར་དུ། །ནོངས་པའི་ལས་སུ་གྱུར་པ་ཐམས་ཅད་ཀུན། །གཉིས་སུ་མེད་པའི་ངང་དུ་བཤགས་པར་བགྱི། །ཡིག་བརྒྱ་བརྗོད། བདུན་པ་ཐ་མ་ཉ་བོ་བསྒྲལ། ཁྲག་འཐུང་གལ་པོའི་རྒྱུད་ཀྱི་བརྟག་པ་བཅུ་གསུམ་པ་ནས་བསྒྲལ་ལས་མདོ་ཙམ་གསུངས་པའི་དོན་བཞིན་འབྲུབ་ཁུང་ཕུར་པ་སྒྲོལ་གྲི་སོགས་འདུ་བྱས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨེ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་ཁ་དོག་ཅིང་མཐིལ་ཡངས་པ་འཇིགས་སུ་རུང་བའི་ནང་དུ་ནྲྀ་དང་ཏྲི་ལས་གནོད་བྱེད་དགྲ་བགེགས་ཀྱི་ཚོགས་རྣམས་ཡན་ལག་ལྕགས་སྒྲོག་གིས་བསྡམས་ཤིང་ཉམ་ཐག་མྱ་ངན་གྱི་འདུག་སྟངས་ཅན་དུ་བསམས་ལ། དགུག་པ་གཞུག་བཀླགས་པས་དོན་གྲུབ་ལས། འདོད་རྒྱལ་གྱི་ཕྱག་རྒྱ་བཅས་ལ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་བཀའ་བདེན་པ་དང་། འཇམ་དཔལ་སྐུ། པདྨ་(༢༧བ)


GLG022_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་འཕྲིན་ལས། མ་མོ་རྦོད་གཏོང་། དམོད་པ་དྲག་སྔགས། འཇིག་རྟེན་མཆོད་བསྟོད། འདུས་པ་མདོ། སྒྱུ་འཕྲུལ་རྒྱན། འཆི་མེད་ཚེ། ལྷུན་གྲུབ་རིགས་འཛིན། སྙིང་པོ་ཕྱག་རྒྱ། གསང་སྔགས། རིག་སྔགས། གཟུངས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བཀའ་སྡོད་ཆོས་སྐྱོང་། མ་མོ་མཁའ་འགྲོ། དམ་ཅན་རྒྱ་མཚོ། རིགས་འཛིན་རྣལ་འབྱོར། ཆོས་ཉིད་རྣམ་པར་དག་པའི་བཀའ་བདེན་པ་དང་། བདེན་པ་ཡང་དག་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། བླ་མའི་སྐུ་དགྲ། བསྟན་པ་ཡོངས་དགྲ། དམ་ཚིག་ཅན་གྱི་སྡང་དགྲ། སེམས་ཅན་ཡོངས་ལ་འཚེ་བའི་གནོད་བྱེད། གདུག་པ་ཅན་གང་ཅི་མཆིས་པ་དེ་དག་ཐམས་ཅད་བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜ་ཧོཿ བཛྲ་ཨ་བེ་ཤ་ཡ། སརྦ་ཤ་ཏྲཱུཾ་ནཱ་ཤ་ཡ། ཛམྦྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ། བྷནྡྷ་ཡ། མཱ་ར་ཡ། ཞེས་ཅི་རིགས་པ་བརྗོད་རྗེས། བསྐུལ་བ་ནི། ཁྲག་འཐུང་གལ་པོ་ལས། ཧཱུཾ། རཀྟའི་རྒྱ་མཚོ་ཆེན་པོ་འཁྱིལ་བའི་དབུས། །ཀེང་རུས་ཆེན་པོའི་རི་རབ་བརྩིགས་པའི་སྟེང་། །རྡོ་རྗེ་བྲག་ཆེན་གཏམས་པའི་ས་གཞི་ལ། །རབ་འཇིགས་རྡོ་རྗེ་འབར་བའི་གཞལ་ཡས་ཁང་། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔལ་ཆེན་འཁོར་ཚོགས་མཐའ་ཡས་བཞུགས་པ་ནི། །ཡེ་ཤེས་ཚད་མེད་སྤྲུལ་པའི་ཐབས་མངའ་བས། །གང་མོས་དག་ལ་དེ་བཞིན་སྐུར་སྣང་ཞིང་། །ཅི་ལ་ཅི་འདུལ་བཞིན་དུ་ཆ་ལུགས་སྟོན། །ཐུགས་མཚན་སྣ་ཚོགས་མཚོན་ཆའི་ཆར་འབེབས་ཤིང་། །རུ་ལུའི་སྔགས་ཀྱི་སྒྲ་སྒྲོགས་འབྲུག་སྟོང་ལྡིར། །གཟི་བརྗིད་སྤྱན་ལྡོག་མེ་སྟག་ཚ་ཚ་འཕྲོ། །ཞལ་གདངས་མཆེ་གཙིགས་དུག་གསུམ་ཞལ་དུ་རྔུབ། །མངགས་པའི་ཕོ་ཉ་མགྱོགས་(༢༨ན)


GLG022_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་གློག་སྟོང་འགྱུ། །བདུད་རྩི་དམར་གྱི་ཨརྒྷཾ་རྒྱུན་གྱིས་མཆོད། །འཛབ་དབྱངས་སྔགས་ཀྱི་འཕྲེང་བས་རྒྱུད་བསྐུལ་ན། །འདུལ་འོས་བསྒྲལ་བའི་ཞིང་དུ་གྱུར་ཏོ་འཚལ། །བྱིན་རླབས་ཚམ་རྔམ་དྲག་པོས་གདུག་པ་སྒྲོལ། །རུ་ལུའི་མཐར། ཨོཾ་ལཾ་ཧཱུཾ་ལཾ། སྟམྦྷ་ནཾ། མོ་ཧ་གྷ་ཏ་ཡ། བྷ་ག་ཝཱ་ན། ཧྲཱིཿཥྚྲཱི་ཝི་ཀྲི་བཛྲ་ཧཱུཾ་ཀཱ་ར་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལཱ་ཡ། ཛཿཧཱུཾ་བཾ་ཧོཿ སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཅེས་ཕུར་པ་བསྒྲིལ་ཞིང་སྙིང་དཀར་ནག་གི་མཚམས་སུ་བཏབ་སྟེ་རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་སྤར། ཚེ་ལྷག་ཚུར་བསྡུས་པས་ཚེ་ལ་དབང་བའི་རིགས་འཛིན་བརྙེས་པར་བསམ། སླར་ཡང་སྔགས་དང་བཅས་རྐང་པ་གཡས་པ་ནས་རིམ་བཞིན་གཏུབས་ཏེ་སྨན་རཀ་སྦྲན་ཞིང་སྟོབ་པ་ནི། ཁྲག་འཐུང་གལ་པོ་ལས། ཧཱུཾ། དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་བཞེས། །ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཞེས་དགྲ་བགེགས་ཀྱི་ཤ་ཁྲག་ཞལ་དུ་བསྟབས་པས། ཧཱུཾ། ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ཞེས་གསོལ་བས་དགྱེས་པ་ཆེན་པོས་ཚིམ་པར་བསམས་ལ། རྣལ་འབྱོར་པ་རྣམས་སྲེད་པ་སོགས་གསོག་འཇོག་དང་བྲལ་ཞིང་འདོད་ཡོན་ལམ་དུ་བྱེད་པའི་མོས་པས་ཚོགས་ལ་རོལ། བརྒྱད་པ་ལྷག་མ་གཏོང་བ་ནི། །ལྷག་མ་རྣམས་བསྡུས་ལ་ཅུང་ཟད་སྤགས། །ལྷག་ཕུད་སོ་སོར་སྨན་རཀ་སྦྲན། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་གུ་རུ་ཀྲོ་དྷཱ་རཏྣ་ས་མ་ཡ་པི་ཤ་པུརྦ་བུདྡྷ་ཀྵེ་ཏྲ་པཱ་ལ་ཀྵ་བྷ་ཀཱ་ར་ཧཱུཾ་ཕཊ། (༢༨བ)


GLG022_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་འདོད་ཡོན་ལྔའི་བདུད་རྩིར་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ལྷག་ཕུད་ལ་དབང་བའི་ཌཱ་ཀི་རྣམས་སྤྱན་དྲངས་པར་བསམས་ལ། འཕྲིན་ལས་རྒྱ་མཚོ་ལས། ལས་ཀྱི་རྡོ་རྗེ་བྱེད་པར་དབང་བསྐུར་བའི། །དབང་ཕྱུག་མཁའ་འགྲོ་རྡོ་རྗེ་གིང་གི་ཚོགས། །སྔོན་གྱི་ཐུགས་དམ་དམ་ཚིག་རྗེས་དགོངས་ལ། །དམ་ཅན་ལྷག་མའི་ལྷ་ཚོགས་འདིར་འདུས་ཤིག །ཨེ་ཨ་ར་ལི་ཧྲིཾ་ཧྲིཾ། ཞེས་བརྗོད་པས་བྱོན། ཁྲག་འཐུང་གལ་པོ་ལས། ཧཱུཾ་ཧ་ཧེ་ཕཊ་བྷྱོ། དབྱིངས་ནས་རྣམ་པར་བསྐུལ་བ་དང་། །བྱིན་གྱིས་ཡང་དག་བརླབས་པ་དང་། །ཐབས་ཆེན་ཡབ་ཏུ་བསྟན་པ་དང་། །ཤེས་རབ་ཡུམ་དུ་གནས་པ་དང་། ཁྲོ་མོ་གཽ་རཱི་བརྒྱད་རྣམས་དང་། །ཡུལ་གྱི་ཕྲ་མེན་ཆེན་མོ་དང་། །ཡེ་ཤེས་སྒོ་མ་བཞི་པོ་རྣམས། །ཡར་གྱི་གནས་བདུན་དཀྱིལ་འཁོར་མཆོད། །ཨོཾ་བཛྲ་ཌཱ་ཀི་ནི་པྲ་ཏཱིཙྪ་ཨི་མཾ་བ་ལིན་ཧཱུཾ། ཨོཾ་བུདྡྷ་ཌཱ་ཀི་ནི་པྲ་ཏཱིཙྪ་ཨི་མཾ་བ་ལིན་ཨོཾ། ཨོཾ་རཏྣ་ཌཱ་ཀི་ནི་པྲ་ཏཱིཙྪ་ཨི་མཾ་བ་ལིན་ཏྲཾ། ཨོཾ་པདྨ་ཌཱ་ཀི་ནི་པྲ་ཏཱིཙྪ་ཨི་མཾ་བ་ལིན་ཧྲཱིཿ ཨོཾ་ཀརྨ་ཌཱ་ཀི་ནི་པྲ་ཏཱིཙྪ་ཨི་མཾ་བ་ལིན་ཨཿ ཞེས་འབུལ། བཀླགས་པས་དོན་གྲུབ་པས། ཧཱུཾ། དང་པོར་ཕུད་ཀྱིས་མི་མཆོད་དུ། །ཧེ་རུ་ཀ་ནི་ཕུད་ཀྱི་བདག །བར་དུ་ཚོགས་ལ་མི་རོལ་དུ། །མ་ཚོགས་དབང་ཕྱུག་ཚོགས་ཀྱི་བདག །བཀའ་ཡི་ཕམ་ཕབས་མི་གསོལ་དུ། ཁྱེད་རྣམས་ངེད་ཀྱི་བྲན་དང་གཡོག །ལྷག་མ་ཁ་ཕྲུས་མི་བཏབ་ཏུ། །རྗེ་དང་འབངས་སུ་ཁྱད་པར་ཆེ། །རྣམ་གསུམ་གཅིག་ཏུ་མི་བསྲེ་རུ། །ལྷག་མའི་གནས་སུ་ཁྱད་པར་མེད། །ཡེ་ཤེས་སྒྱུ་མའི་སངས་རྒྱས་དང་། །ལོག་རྟོག་སྒྱུ་མའི་སེམས་ཅན་རྣམས། །ཡེ་ཤེས་ལོག་རྟོག་ཁྱད་ཆེ་ཡང་། །སྒྱུ་མར་སངས་རྒྱས་སེམས་ཅན་མཉམ། །ཞེས་བརྗོད། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱཧཱ། (༢༩ན)


GLG022_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལྷག་མ་ལ་ཁ་ཆུས་བྲན། རུ་ལུ་འབྲུ་བརྒྱད་དང་ཁྱུང་གཤོག་གི་ཕྱག་རྒྱས་ཟིལ་གྱིས་མནན། ཁྲག་འཐུང་གལ་པོ་ལས། ཧཱུཾ། རྫུ་འཕྲུལ་མཁའ་ལ་འགྲོ་བའི་སུམ་ཅུ་གཉིས། །སྦྱོར་དང་སྒྲོལ་ལ་དགའ་བའི་གིང་ཆེན་བརྒྱད། །ལངྐ་ཚར་གསུམ་རྟོགས་ཚད་འབུལ་བ་དང་། །ལུས་ངག་ཡིད་ཀྱིས་གནོད་པའི་འབར་མ་བརྒྱད། །བདུད་སྲིན་མ་མ་བདུན་དང་སྲིང་མོ་བཞི། །དྲུག་ཅུ་རྩ་བཞི་དག་གི་ཕོ་ཉ་རྣམས། །ལྷག་མ་དག་ལ་དབང་བའི་གནས་དྲུག་ཡིན། །ཉི་ཤུ་རྩ་བརྒྱད་ཕུད་ལྷག་དག་ལ་དབང་། །མར་གྱི་གནས་བདུན་སོ་སོའི་གཏོར་མ་ལོང་། །བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །ཙོད་ཏོར་ཙོད་ཏོར། །ཤེ་ས་ཤེ་ས། པར་པ་ཏི་པར་པ་ཏི། རེ་མ་མ་ར། ཏྲ་མ་མུ་ཏི་ཧཱུཾ། ཁཱ་ཧི་ཁཱ་ཧི། ཀིང་ཀ་ར་ཀིང་ཀ་ར། པ་ཏྲ་པ་ཏྲ། ཤུ་ལ་ཤུ་ལ། ཀརྨ་རག་ཤ །པི་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་མ་མ་བྷྱོ་ཛ། ཏྲག་རཀྴ་སེ་ཏ་ཙ་ར་ས་མ་ཡ་བྷྱོ་ཏྲག་རཀྴ་ཏྲག་རཀྴ་མ་མ་བྷྱོ་མ་མ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཛྭ་ལ་ཛྭ་ལ་ས་མ་ཡ་རུ་ལུ་བྷྱོ། དུ་ནེ་དུ་ནེ་ས་མ་ཡ་རུ་ལུ་རུ་ལུ་བྷྱོ། མཧཱ་པཉྩ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོ། ཞེས་བརྗོད། དགུ་པ་སྒོ་དབྱེ་ལམ་བསྟན་པ། །ཧཱུཾ་དཀྱིལ་འཁོར་ཕྱོགས་མཚམས་བསྲུང་བ་ཡི། །ཕྲ་མན་སྣ་ཚོགས་མཚོན་ཆ་འཛིན། །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། །ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་། །བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །རང་རང་སྡེ་དཔུང་འཁོར་དང་བཅས། །སྒོ་འཕྲང་ལམ་གྱི་ལྷ་ཀླུ་རྣམས། །གཞན་དུ་སྐུ་གཟུགས་གཏོར་མ་ཕྱེ། །དྲག་པོ་ཟོར་གྱི་དམག་སྣ་དྲོངས། །དགྲ་དང་བགེགས་ཀྱི་དཔུང་ཚོགས་སྟེང་། །མངོན་སྤྱོད་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་བརྗོད། བཅུ་པ་དཔང་དང་གཟུ་གསོལ་བ། །ཧཱུཾ། རྩ་བ་བརྒྱུད་པའི་(༢༩བ)


GLG022_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་བླ་མ་དང་། །སྒྲུབ་པ་སྡེ་བརྒྱད་ཡི་དམ་དཀྱིལ་འཁོར་ལྷ། ཁྱད་པར་ཁྲག་འཐུང་ཡང་དག་ལྷ་ཚོགས་རྣམས། །སྒྲིབ་བྲལ་ཡེ་ཤེས་སྤྱན་གྱིས་ཉེ་བར་དགོངས། །བསྒྲལ་བའི་ཡུལ་གྱུར་དམ་ཉམས་དགྲ་བགེགས་འདི། །འགྲོ་ལ་བདེ་སྐྱིད་འབྱུང་བའི་ཕན་བདེའི་སྒོ། །སངས་རྒྱས་བསྟན་པ་འཇིག་པའི་རྩ་བ་བྱས། །བྱེ་བྲག་ངེས་གསང་རྡོ་རྗེ་ཐེག་པ་ཡི། །གཙུག་ལག་ཆོས་འཁོར་ཐོས་བསམ་སྒོམ་གྲྭ་གཏོར། །མཚན་ལྡན་རྡོ་རྗེའི་སློབ་དཔོན་སྐུ་ལ་བསྔོས། །དཀོན་ཅོག་གསུམ་གྱི་དབུ་འཕང་གཉན་པོ་སྨད། །རིགས་འཛིན་སྒྲུབ་པ་པོ་རྣམས་ཡོངས་ལ་བརྙས། །ཡི་དམ་ཆོས་སྐྱོང་སྲུང་མ་ཁྱད་དུ་བསད། །འདིས་ནི་འགྲོ་བ་མང་པོ་འཕུང་དུ་བཅུག །མཚམས་མེད་ལྔ་དང་ཉེ་བའི་ལས་མང་བསགས། །ཞིང་བཅུ་ཚང་བའི་མི་བསྲུན་གདུག་ཅན་འདི། །རིང་པོར་འཚོ་ན་རང་གཞན་མཐའ་དག་འཕུང་། །དེ་ཕྱིར་འདི་ཡི་ཚེ་བསྟུངས་སྲོག་རྩ་ཆོད། །རྣམ་ཤེས་ཡབ་ཡུམ་མཁར་འཕངས་སྲས་སུ་བསྐྲུན། །ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས་རོལ་ནས། །རྣལ་འབྱོར་བདག་གི་མགོན་སྐྱབས་དཔུང་གཉེན་ཆེད། །དཔལ་ཆེན་ཁྲག་འཐུང་ཐུགས་རྗེ་རྒྱང་མ་རིང་། །ཆོས་སྐྱོང་སྡེ་བརྒྱད་ཚོགས་རྣམས་རྩལ་མ་ཞན། །དགྲ་བོ་མི་ནོར་སྡེ་བཅས་ལྷ་སྲུང་དང་། །ཕྲོལ་ལ་གནོད་བྱེད་གཤེད་མའི་ལག་ཏུ་སྤྲོད། །ལོ་ཟླར་མ་འཇོག་དྲག་པོའི་ལས་ཀྱིས་སྒྲོལ། །བཅུ་གཅིག་བསྟན་རྙིང་མ་ཕལ་ཆེར་ལ་གཏོར་མ་ཆད་མཐོས་བསྐུལ་ནས་འཕངས་ཟིན་པའི་བཤལ་ཆུས་བསྟན་མ་སྐྱོང་བ་དང་ལ་ལར་བསྟན་སྐྱོང་གི་གཏོར་མ་ཟུར་དུ་བྱེད་པ་མང་ནའང་བཀླགས་པས་དོན་གྲུབ་དང་འཕྲིན་ལས་རྒྱ་མཚོ་ཁ་སྐོང་དང་བཅས་པའི་རྗེས་སུ་འབྲངས་ནས་བཀོད་པ་ཡིན། སྐྱོང་ཆད་མཐོ་བསྒྲག །གཏོར་མ་རྣམས་ཐེབས་ཕྱོགས་སུ་བཏེག །བཀླགས་པས་དོན་གྲུབ་ལས། ཧོ། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་དཔལ་ཆེན་པོའི་ཕམ་ཕབས་ལས་མནོས་ཏེ། རྣལ་(༣༠ན)


GLG022_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པའི་སྟོང་གྲོགས་ལ། ནག་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་ཆེན་མོ་བཞི་དང་། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་ཆེན་མོ་བཞི་དང་། དཀར་ཤམ་བཞིན་བཟང་གི་བུ་མོ་སྨན་བཙུན་མ་ཆེན་པོ་བཞི་རྣམས་སྔོན་གྱི་ཐུགས་དམ་ལས་མ་འདའ་བར་འདིར་གཤེགས་ཤིག །ཛཿཧཱུཾ་བཾ་ཧོཿ ཌཱ་ཀི་ནི་ཧཱུཾ་ཛཿ ཨེ་ཨ་ར་ལི། ཧྲིཾ་ཧྲིཾ། ཞེས་པས་དགུག །ཁྱུང་གཤོག་གི་ཕྱག་རྒྱས་ཟིལ་གྱིས་མནན་ལ། ཧཱུཾ། བཀའ་ཡི་བྲན་གཡོག་ཚོགས་དང་བཅས་ཉིད་དུ། །དཔལ་ལྡན་ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་བསྟན་པ་སྐྱོང་བ་རྣམས། །སྔོན་གྱི་ཐུགས་དམ་དམ་ཚིག་རྗེས་དགོངས་ལ། །འདིར་གཤེགས་དམ་དགོངས་མཆོད་སྦྱིན་གཏོར་མ་བཞེས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་ཀྱི་བུ་མོ་ཆེན་མོ་ཁྱེད་བཞི་ཡང་། །སྔོན་གྱི་ཐུགས་དམ་དམ་ཚིག་རྗེས་དགོངས་ལ། བྲན་དང་གཡོག་འཁོར་མང་པོའི་ཚོགས་དང་བཅས། །ལྷབ་ལྷུབ་རིན་ཅེན་མང་པོའི་རྒྱན་དང་བཅས། །འདིར་གཤེགས་དམ་དགོངས་མཆོད་སྦྱིན་གཏོར་མ་བཞེས། །རྣལ་འབྱོར་བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །གངས་དཀར་ཤ་མེད་རྡོ་རྗེ་གཡུ་བུན་མ། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གསེར་ཆེན་མཁའ་རྒྱུ་རྡོ་རྗེ་རླུང་མོ་དང་། །སྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །གནོད་སྦྱིན་བུ་མོ་ཆེན་མོ་ཁྱེད་བཞི་ཡང་། །སྔོན་གྱི་སོགས་(༣༠བ)


GLG022_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གོང་བཞིན་སྦྱར། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། །གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ། །སྨན་བཙུན་བུ་མོ་ཆེན་མོ་ཁྱེད་བཞི་ཡང་། །སྔོན་སོགས་སྦྱར། ཆེ་ཞེས་ཆེན་མོ་ཁྱེད་རྣམས་ཀྱང་། །རྡོ་རྗེ་ཐོད་འཕྲེང་སྤྱན་སྔ་རུ། །ཞིང་ཆེན་ཚོགས་ཀྱིས་མཆོད་བཀྲམ་ནས། །རྣམ་ལྔ་བདུད་རྩིའི་ལོངས་སྤྱོད་ཀྱིས། །དབང་བསྐུར་མིང་བཏགས་དམ་མནོས་ཏེ། །ཐར་པ་ཐོབ་པའི་མིང་བཏགས་ནས། །ལག་ཏུ་རྡོ་རྗེ་བྱིན་ནས་ནི། །རྡོ་རྗེ་འཆང་གི་གྲལ་དུ་བཞག །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱོས་ཤིག །དགྲ་བགེགས་ཐམས་ཅད་འདུལ་བ་དང་། །ནད་རྣམས་ཐམས་ཅད་བཟློག་པ་དང་། །བསམ་པ་ཐམས་ཅད་བསྒྲུབ་བྱའི་ཕྱིར། །བཀའ་ཡི་གཏོར་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །དམ་ཚིག་འདི་ལས་མ་འདའ་ཞིག །དམ་ཚིག་འདི་ལས་འདས་གྱུར་ན། །རྡོ་རྗེ་ཡཀྵ་ཁྲོས་པ་ཡིས། །སྙིང་གི་དཀྱིལ་ནས་ཁྲག་དྲངས་ནས། །འོ་དོད་འབོད་པར་གདོན་མི་ཟ། །དེ་བས་བདག་གིས་བཅོལ་བ་ཡི། །འཕྲིན་ལས་ཐམས་ཅད་གྲུབ་པར་མཛོད། །ཅེས་བསྟན་མ་དང་ཆད་མཐོ་ནི། །ཧཱུཾ། སློབ་དཔོན་ཆེན་པོ་ཧཱུཾ་ཆེན་ཀཱ་ར་དང་། །སངས་རྒྱས་གཉིས་པ་པདྨ་ཐོད་འཕྲེང་སོགས། །རིགས་འཛིན་གྲུབ་བརྙེས་སྤྱན་སྔར་ཞལ་བཞེས་པའི། །གནས་ཀྱི་མ་མོ་ཡུལ་གྱི་ཕྲ་མེན་བརྒྱད། །མགོན་པོ་བདུན་ཅུ་མཁའ་འགྲོ་སུམ་ཅུ་གཉིས། །མ་བདུན་སྲིང་བཞི་དབང་ཕྱུག་ཉི་ཤུ་བརྒྱད། །བསྟན་མ་བཅུ་གཉིས་ལ་སོགས་ཧེ་རུ་ཀའི། །ཕམ་ཕབས་གཏོགས་(༣༡ན)


GLG022_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་ནས་རྩེ་ལུགས་ཁ་སྐོང་ཧུ་ལུན་ཏའི་ཆུ་རྒྱུན་དུ་བྱང་ཆུབ་ལམ་སྒྲོན་ནས་བླངས་པ་ཚིག་རིང་ཐུང་ཡོད་པ་རྣམས་ཅུང་ཟད་བཅོས་པ་འདི་ལྟར། བྷྱོ། སྔོན་གྱི་བསྐལ་པ་དང་པོའི་དུས་ཉིད་ན། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །དཔལ་ཆེན་གར་གྱི་དབང་ཕྱུག་ཆེན་པོ་དེས། །སྲིད་པའི་མ་མོ་དམ་ལ་བཏགས་པའི་ཚེ། །གཽ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད། །སིངྷ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད། །རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །འདིར་སྤྱོན་རྨད་བྱུང་བཀའ་ཡི་གཏོར་མ་ལོང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བྷྱོ། དུས་སྐབས་དེ་ཉིད་འདས་པའི་འོག་རོལ་ཏུ། །རྒྱ་གར་རྡོ་རྗེ་གདན་གྱི་གཙུག་ལག་ཏུ། །སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ཡིས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །མགོན་པོ་ཆེན་པོ་བདུན་ཅུ་རྩ་གཉིས་དང་། །མཁའ་འགྲོ་ཆེན་མོ་སུམ་ཅུ་རྩ་གཉིས་ཀྱིས། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །འདིར་སྤྱོན་རྨད་བྱུང་བཀའ་ཡི་གཏོར་མ་ལོང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བྷྱོ། དུས་སྐབས་དེ་ཉིད་འདས་པའི་འོག་རོལ་ཏུ། །ལྷོ་བྲག་མཁར་ཆུ་དཔལ་གྱི་དབེན་གནས་སུ། །སློབ་དཔོན་(༣༡བ)


GLG022_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ནམ་མཁའི་སྙིང་པོ་ཡིས། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །གནམ་ལྕགས་ཕུར་པ་བྲག་ལ་བཏབ་ནས་ཀྱང་། །མ་བདུན་སྲིང་བཞི་འཁོར་དང་བཅས་རྣམས་ཀྱིས། །སོ་སོའི་གཟུགས་མཆོག་དམ་ལ་བསྟན་ནས་ཀྱང་། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །འདིར་སྤྱོན་རྨད་བྱུང་བཀའ་ཡི་གཏོར་མ་ལོང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བྷྱོ། དུས་སྐབས་དེ་ཉིད་འདས་པའི་འོག་རོལ་ཏུ། །སྤ་གྲོ་སྟག་ཚང་སེང་གེའི་བྲག་ཕུག་ཏུ། །སློབ་དཔོན་ཆེན་པོ་དཔལ་གྱི་སེང་གེ་ཡིས། །ཡང་དག་ལྷ་དགུའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ཀྱིས། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །བཅོལ་བའི་འཕྲིན་ལས་གྲུབ་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །འདིར་སྤྱོན་རྨད་བྱུང་བཀའ་ཡི་གཏོར་མ་ལོང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བྷྱོ། དུས་སྐབས་དེ་ཉིད་འདས་པའི་འོག་རོལ་ཏུ། །གཡོ་རུ་ཡར་ཀླུངས་གད་ཀྱི་ཕུགས་རིང་དེར། །སློབ་དཔོན་ཆེན་པོ་ཛྙཱ་ན་ཀུ་མཱ་རས། །ཕུན་སུམ་ཚོགས་པའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །ཅེ་སྤྱང་མ་སོགས་འཁོར་དང་བཅས་རྣམས་ཀྱིས། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །འདིར་སྤྱོན་རྨད་བྱུང་བཀའ་ཡི་གཏོར་མ་(༣༢ན)


GLG022_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བྷྱོ། དུས་སྐབས་དེ་ཉིད་འདས་པའི་འོག་རོལ་ཏུ། །བྲག་དམར་བསམ་ཡས་ཆུ་རྒྱུན་ནེའུ་གསིང་དུ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །མན་ངག་ལྟ་བའི་རྫོང་འཕྲེང་བཤད་པའི་ཚེ། །དམ་སྲི་རྣམ་གསུམ་རྡུལ་དུ་བརླག་ནས་ཀྱང་། །བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ཀྱིས། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །རང་རང་སྲོག་གི་སྙིང་པོ་ཕུལ་ནས་སུ། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །འདིར་སྤྱོན་རྨད་བྱུང་བཀའ་ཡི་གཏོར་མ་ལོང་། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །མཧཱ་པཉྩ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མཧཱ་བ་ལིནྟ་ཁཱ་ཧི། ཞེས་འཕྲིན་ལས་བཅོལ། བཅུ་གཉིས་ཟོར་གྱི་ལས་སྦྱོར་ནི། བཀླགས་པས་དོན་གྲུབ་ལས་ཅུང་ཟད་ཁ་བསྒྱུར་བ། འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཀྱིས། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །དེ་བཞིན་དུ། པདྨ་གསུང་གི་ལྷ། ཡང་དག་ཐུགས་ཀྱི་ལྷ། བདུད་རྩི་ཡོན་ཏན། ཕུར་པ་འཕྲིན་ལས། མ་མོ་རྦོད་གཏོང་། རིགས་འཛིན་སློབ་དཔོན། འཇིག་རྟེན་མཆོད་བསྟོད། དམོད་པ་དྲག་སྔགས། ཁྱད་པར་ཁྲག་འཐུང་ཧེ་རུ་ཀས། །ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་མས། །འཁོར་གྱི་མ་མོ་བརྒྱད་རྣམས་ཀྱིས། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱིས། །སྤྲུལ་པ་ཡང་སྤྲུལ་ཕོ་ཉ་ཡིས། །ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས། །རིགས་འཛིན་རྩལ་ཅན་འཁོར་བཅས་ཀྱིས། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །(༣༢བ)


GLG022_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ནུབ་ཟོར་ཁ་གཉན་པོ་འདི། །སྟེང་གི་ལྷ་ལ་མི་ཟོར་རོ། །ལྷ་གཤེགས་གངས་དཀར་རྩེ་ལ་གཤེགས། །ཟོར་ལམ་གཉན་པོ་ད་ཕྱེ་ཞིག །དེ་བཞིན་དུ་འདོན་པ་བསྒྱུར་ཏེ། དོ་ནུབ། བར་གྱི་བཙན་ལ། བཙན་གཤེགས་བྲག་དམར་ངོས་ལ། དོ་ནུབ་༝། །འོག་གི་ཀླུ་ལ༝། །རྒྱ་མཚོའི་གཏིང་དུ༝། །དོ་ནུབ་ཟོར་ཁ་གཉན་པོ་འདི། །ཡས་ཀྱི་བདུད་གཡོས་ཤིག་ལ་ཟོར། །དེ་བཞིན་དུ། མས་ཀྱི་སྲི་ལངས་། ཕ་ཚན་རྒྱ་འདྲེ་ཅན་། མ་བུའི་བྱུར་འདྲེ་ཅན་། ཡུལ་མི་གདོང་འདྲེ་ཅན་ལ། སྡང་དགྲ་གནོད་པའི་བགེགས། ཕུང་སྲིའི་སྙིང་གི་དཀྱིལ་དུ། བྱུར་སྲིའི་ཀླད་པའི་དཀྱིལ་དུ། ཉམས་པའི་སྙིང་གི་དཀྱིལ་དུ། རྨི་ལམ་ངན་སྡིགས་བྱེད་ལ་ཟོར། །མོ་ངན་མཐུ་སྡིགས་བྱེད་ལ་ཟོར། །ཞེས་བསྐུལ་བས་གཏོར་མ་དུག་ཐུན་དུ་བསམས་ཏེ་དགྲའི་རྣམ་ཤེས་མར་མེ་ལྟ་བུ་ལ་ཕོག་པས་བསད་ཅིང་བསྒྲལ་བར་བསམས་ལ། ཐེབས་ཕྱོགས་དང་བསྟུན་ནས་གཏོར་མ་འཕང་། བསྒྲལ་མཆོད་ཀྱི་སྔགས་སྦྱོར། བཅུ་གསུམ་སོ་མཆན་དུ་ཁམས་གསུམ་ཡོངས་སུ་བསྒྲལ་ཞིང་སྲིད་གསུམ་དབང་དུ་བསྡུ་བའི་ཕྱིར་ན་གླུ་བྲོ་བརྡུང་ཞེས་འབྱུང་། པ་བྲོ་བརྡུང་བྱ་བ་ནི། གཏོར་སྣོད་ཁ་སྤུབ་སྟེ། ཁྲག་འཐུང་གལ་པོའི་བརྟག་པ་བཅུ་པར་ཡོད་པ་དང་ཕུར་པའི་བྲོ་འདྲ་མིན་འདུག་པ་བརྗོད་བདེ་ཁྱད་ནས་བཀླགས་པས་དོན་གྲུབ་ལས། ཧཱུཾ། དང་པོ་གཏི་མུག་ཉིད་ལས་བྱུང་། །བར་དུ་གཏི་མུག་ཉིད་ཀྱིས་འཁོར། །ཐ་མར་གཏི་མུག་ཉིད་ཀྱིས་འདུལ། །གཏི་མུག་རྡོ་རྗེ་འཁོར་བཅས་ཀྱིས། །དངུལ་ལམ་དཀར་པོའི་ཤིང་དག་ལ། །མགོ་བོ་རྒྱ་མདུད་རྩེ་མོ་ཟླུམ། །ལོགས་ལ་ཞི་བའི་ལྷ་བསྒོམས་ཏེ། ཁོང་སྟོང་བྱང་ཆུབ་སེམས་(༣༣ན)


GLG022_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན། །རྩེ་མོ་ཟླུམ་པོ་བཏབ་པ་ཡིས། །ཐམས་ཅད་མ་ལུས་ཞི་བར་འགྱུར། །ཞི་བར་མ་གྱུར་གང་ཡང་མེད། །ཞི་མཛད་ལྷ་ལ་ཕྱག་འཚལ་ལོ། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་འདོན་པ་བསྒྱུར་ལ། དང་པོ་ང་རྒྱལ། བར་དུ། ཐ་མ། ང་རྒྱལ་རྡོ་རྗེ། གསེར་རམ་སེར་པོའི། མགོ་བོ་རྒྱ་མདུད་རྩེ་ཟུར་བཞི། ལོགས་ལ་རྒྱས། ཁོང་སྟོང་། རྩེ་མོ་ཟུར་བཞི། ཐམས་ཅད་མ་ལུས། རྒྱས་པར། རྒྱས་མཛད། རུ་ལུའི་མཇུག་ཏུ་ཨཱ་ཡུ་ཥེ་པུཥྚིཾ་ཀུ་རུ་ཨོཾ། དང་པོ་འདོད་ཆགས། བར་དུ། ཐ་མ། འདོད་ཆགས་རྡོ་རྗེ། ཟངས་སམ་དམར་པོའི། མགོ་བོ་རྒྱ་མདུད་རྩེ་ཟླ་གམ། ལོགས་ལ་དབང་གི །ཁོང་སྟོང་། རྩེ་མོ་ཟླ་གམ། ཐམས་ཅད། དབང་དུ། དབང་སྡུད་ལྷ་ལ། རུ་ལུའི་མཇུག་ཏུ་ཏྲཻ་དྷཱ་ཏུ་ཝ་ཤཾ་ཀུ་རུ་ཧོ། དང་པོ་ཞེ་སྡང་། བར་དུ། ཐ་མ། ཞེ་སྡང་རྡོ་རྗེ། ལྕགས་སམ་ནག་པོའི། མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། ལོགས་ལ་དྲག་པོའི། ཁོང་སྟོང་། རྩེ་མོ་ཟུར་གསུམ། ཐམས་ཅད་མ་ལུས་བརླག་པར་འགྱུར། བརླག་པར་མ་གྱུར། དྲག་པོའི་ལྷ་ལ། རུ་ལུའི་མཇུག་ཏུ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ལས་བཞིའི་བྲོ་བརྡུང་ངོ་། །བཅུ་བཞི་ཚེ་འགུགས་དངོས་གྲུབ་བླང་། །ཁྲག་འཐུང་གལ་པོ་ལས། ཧཱུཾ། ཡེ་ཤེས་ལྷ་དང་རིགས་འཛིན་མཁའ་འགྲོའི་ཚོགས། །ད་ནི་སྒྲུབ་པའི་ཞག་གྲངས་ཚང་ལགས་སོ། །ད་ནི་སྒྲུབ་པའི་ནམ་ཡང་ལངས་ལགས་སོ། །བཟླས་བརྗོད་བསྙེན་པའི་གྲངས་ཀྱང་ཚང་ལགས་སོ། །ཕྱི་ནང་མཆོད་པའི་གྲངས་ཀྱང་ཚང་ལགས་སོ། །ཞག་གྲངས་དམ་བཅས་བསྙེན་པ་མཐར་དབྱུང་སྟེ། །ཡེ་ཤེས་འོད་ཟེར་འཁྲུགས་(༣༣བ)


GLG022_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་མཆོག་བསྣོལ་ནས། །བཟླས་བརྗོད་བསྙེན་པའི་གྲངས་ནི་ཁྱེད་ལ་འབུལ། །དམིགས་བསམ་འགྲུབ་པའི་དངོས་གྲུབ་བདག་ལ་སྩོལ། །མཁས་རྟོགས་ཆོས་ཀྱི་དངོས་གྲུབ་བདག་ལ་སྩོལ། །གཡུང་དྲུང་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ། །དབང་ཐང་བུ་ཚའི་དངོས་གྲུབ་བདག་ལ་སྩོལ། །མཛོད་ལྡན་ནོར་གྱི་དངོས་གྲུབ་བདག་ལ་སྩོལ། །རྒྱ་མཚོའི་ཀླུ་ཡི་དངོས་གྲུབ་བདག་ལ་སྩོལ། །མཐུ་དང་རྩལ་གྱི་དངོས་གྲུབ་བདག་ལ་སྩོལ། །སྤྲུལ་པ་འགྱེད་པའི་དངོས་གྲུབ་བདག་ལ་སྩོལ། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་བདག་ལ་སྩོལ། །དཔལ་ཆེན་སྐུ་དང་གསུང་དང་ཐུགས་དང་གསུམ། །ཆོས་ཀྱི་སྐུ་དང་ལོངས་སྐུ་སྤྲུལ་པའི་སྐུ། །ངོ་བོ་ཉིད་སྐུའི་དངོས་གྲུབ་བདག་ལ་སྩོལ། །སིདྡྷི་ཕ་ལ་ཨ་ལ་ལ་ཧོ། ཞེས་སྒྲུབ་ཆེན་གྱི་ཚེ་དངོས་གྲུབ་ཀྱི་རྫས་རྣམས་བཅས། རྒྱས་པར་ལེན་པ་དཀྱིལ་ཆོག་གི་མཇུག་གི་ས་བཅད་གཉིས་པས་མ་སྤྲོས་ཤིང་འདིར་ཉེ་བར་མཁོ་བ་ནི་ཚེ་རྫས་ཙམ་དང་བཅས་ཚེ་འགུགས་ཀྱི་ཚུལ་དུ་ལེན་པ་སྔགས་རྙིང་མ་ལ་དྲག་ལས་ཀྱི་མཇུག་ཏུ་ཚེ་འགུགས་པར་བཤད་པས་འགྲེལ་ཆགས། བཅོ་ལྔ་གཏང་རག་བཟོད་གསོལ་བ། །ཧཱུཾ། ཡང་དག་ཁྲག་འཐུང་ལྷ་དགུའི་ཚོགས་རྣམས་ལ། །ཕྱི་ནང་ཉེར་སྤྱོད་སྨན་གཏོར་རཀྟ་སོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ། །བརྩེ་བས་བཞེས་ཏེ་དངོས་གྲུབ་རྣམ་གཉིས་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དང་། མཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིནྟ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་དང་། དེ་རྗེས་བཀླག་པས་དོན་གྲུབ་ལས་བྱུང་བ་ལྟར། ཡིག་བརྒྱའི་མཐར། མ་འབྱོར་བ་དང་ནས། བཟོད་(༣༤ན)


GLG022_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། ཁྱེད་ཀྱིས་སེམས་ཅན་གྱི་ཁམས་ལ་རྗེས་སུ་བརྩེ་བས་བཀའ་སྩལ་ཞིང་དཀྱིལ་འཁོར་བྱིན་གྱིས་བརླབས་ཏེ། སེམས་ཅན་གྱི་དོན་མཛད་ན་སོ་སོ་སྐྱེ་བོ་རྣལ་འབྱོར་ལ་དབང་མ་ཐོབ་པ་རྣམས་བསྐྱུད་ངེས་པའམ། ཡོ་བྱད་མ་ཚང་བ་ལ་སོགས་པ་ཉེས་པ་གང་ཅུང་ཟད་ཅི་མཆིས་པ་དེ་དག་བཟོད་པར་མཛད་དུ་གསོལ། ཅེས་བརྗོད་དོ། །བཅུ་དྲུག་དཀྱིལ་འཁོར་ཉེར་བསྡུ་ནི། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་མཐར་སརྦ་ས་མ་ཡ་ས་པ་རི་ཝཱ་ར་གཙྪ་ཞེས་གཏོར་མགྲོན་དུ་སྤྱན་དྲངས་པ་སོགས་དམ་ཅན་རྣམས་གཤེགས་སུ་གསོལ། གསང་བ་མེ་དཔུང་འབར་བའི་ལེའུ་བཅོ་བརྒྱད་པར། དཀྱིལ་འཁོར་བསྡུ་ཆོག་རྒྱས་པར་གསུངས་པ་ཧ་ཅང་མང་དྲགས་པས་དོན་གྱི་སྙིང་པོ་བརྗོད་བདེ་བ། བཀླགས་པས་དོན་གྲུབ་ལས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པ་སྣོད་བཅུད་ཐམས་ཅད་ལ་ཕོག་པས་འོད་ཀྱི་རྣམ་པར་འདུས། སྲུང་འཁོར་དུར་ཁྲོད་གཞལ་ཡས་ཁང་ལ། དེ་དག་དཀྱིལ་འཁོར་གྱི་ལྷ་ལ། དེ་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ་བསྡུས་པས། རང་གཙོ་བོའི་ང་རྒྱལ་གྱིས་སྤྱོད་ལམ་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །བཅུ་བདུན་བདག་ཉིད་ལུས་བསྲུང་བ། སྔགས་ཅུང་ཟད་ཁ་བསྒྱུར་བའི་དངོས་གཞི་བཀླགས་པས་དོན་གྲུབ་ལས། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཀྲོ་དྷ་རཀྵ་ཧཱུཾ་ཕཊ། ཅེས་བརྗོད་པས། རང་གཟི་བརྗིད་དང་ལྡན་པར་གྱུར། ཨོཾ་བཛྲ་ཀ་པ་ཙ་ཧཱུཾ་ཕཊ། ཅེས་ལུས་ལ་རྡོ་རྗེའི་གོ་གྱོན་པས་བར་ཆད་ཀྱིས་མི་ཚུགས་པར་བསམ། དེ་ནས། རང་བཞིན་སེམས་ཀྱི་ཆོས་ཉིད་ནི། །མ་བཅོས་ལྷུག་པར་གནས་པའི་དོན། །རྟག་ཆད་ངོ་བོ་མཐའ་སྤངས་ཤིང་། །བརྗོད་བྲལ་(༣༤བ)


GLG022_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

མུ་བཞི་ལས་འདས་པ། །རྩོལ་མེད་གནས་པའི་ཆོས་ཉིད་དེ། །ངོ་བོ་ཉིད་ཀྱིས་མཚོན་པའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱི་ཨཱདྱ་ནུདྤནྣ་ཏྭཱཏ། ཅེས་པས་ཆོས་ཐམས་ཅད་གདོད་ནས་མ་སྐྱེས་པའི་དེ་ཁོ་ན་ཉིད། བདག་མེད་རྟོགས་པའི་ལྟ་བས་རྒྱས་གདབ་བོ། །བཅོ་བརྒྱད་སྨོན་ལམ་གདབ་པ་ནི། །ཐེག་མཆོག་རྣལ་འབྱོར་ཟབ་མོ་ཉམས་བླངས་པས། །ཚེ་འདིར་རླུང་སེམས་དག་པའི་རྡོ་རྗེ་སེམས། ཁ་སྦྱོར་བདུན་ལྡན་ཟུང་འཇུག་ཧེ་རུ་ཀར། །མངོན་འཚང་རྒྱས་ནས་འགྲོ་ཀུན་འདྲེན་པར་ཤོག །བཅུ་དགུ་ཕུན་ཚོགས་ཤིས་པ་བརྗོད། །ཆོས་ལོངས་སྤྲུལ་གསུམ་ཧཱུཾ་ཆེན་ཀཱ་ར་དང་། །པདྨ་ཐོད་འཕྲེང་གཉགས་ཆེན་ཛྙཱ་ནའི་ཞབས། །ཀླུ་དབང་སྲུང་སོགས་འཁོན་སྟོན་གསང་སྔགས་འཆང་། །རིགས་འཛིན་བརྒྱུད་པ་རྣམས་ཀྱི་བཀྲ་ཤིས་ཤོག །དྲན་པ་ཙམ་གྱིས་སྲིད་ཞིའི་གདུང་སེལ་ཞིང་། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་འབེབས་པ། །དཔལ་ཆེན་ཡང་དག་ཁྲག་འཐུང་ལྷ་དགུ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །དགའ་རབ་དབང་ཕྱུག་སྡེ་བཅས་མ་ལུས་པ། །ཕྱེ་མར་འཐག་མཛད་གནམ་ལྕགས་རྡོ་རྗེའི་ཐོག །ཕྲ་མེན་མ་སྲིང་དབང་ཕྱུག་ཉེར་བརྒྱད་སོགས། །བཀའ་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །གཞན་ཡང་ཤིས་བརྗོད་ཀྱི་རིམ་པ་ཅི་རིགས་པ་བྱའོ། །སྒྲུབ་སྡེ་བརྒྱད་ལས་ཐུགས་མཆོག་ཧེ་རུ་ཀཿ། །དཔལ་ཆེན་ཡང་དག་ཉམས་བསྟར་འཕྲིན་ལས་གཞུང་། །ཧཱུཾ་ཆེན་ཀཱ་ར་པདྨ་ཐོད་འཕྲེང་སོགས། །འཕགས་ཡུལ་གྲུབ་དབང་བཞེད་སྲོལ་ཕ་མཐའ་ཡས། །ལྗོངས་འདིར་རྒྱ་ཆེ་བཀའ་དང་ཟབ་མོའི་གཏེར། །དར་ལས་འཁོན་སྟོན་རིག་སྔགས་འཆང་བའི་ལུགས། །ས་སྐྱའི་འཇམ་མགོན་རིམ་བྱོན་ཡི་དམ་དུ། །མཛད་པ་མཁས་རྣམས་ཡིད་ཆེས་དགའ་(༣༥ན)


GLG022_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་གནས། །འོན་ཏེ་རྒྱུད་འགྲེལ་མན་ངག་ནམ་མཁའི་མཐའ། །མཁྱེན་པའི་ཕ་ཝང་གཤོག་པས་མ་ཆོད་པར། །ཕུར་བའི་ལྷ་སྔགས་འབྱིན་འཇུག་མུན་ཁུང་ལ། །སྐྱབས་སུ་བསྟེན་ཏེ་རང་མཚང་ངོམས་པ་བཞིན། །གོང་མའི་སྙན་བརྒྱུད་རྒྱལ་པོའི་ཁྲི་མ་ནོན། །ངོར་རྫོང་ཞང་བློན་དྲ་མའི་ཤུལ་བོར་ནས། །སྣ་བོའི་ཡབ་ཆོས་ཡང་ཕུར་མཁན་པོ་རུ། །རློམ་ཡང་སྔ་འགྱུར་བརྡ་ལ་མ་འདྲིས་ནོངས། །འཇམ་དབྱངས་རིགས་ཀྱི་ཐིག་ལེ་སྣུམ་པོའི་ས། །ངན་སྤྱོད་རྡུལ་གྱིས་སྐྱ་བོར་སྒྱུར་བྱེད་པའི། །སྔགས་འཆང་ཆེན་པོར་བསྙེམས་དེ་བཞི་ཐོག་ཁྲིར། །ཕུད་བཞེས་སྨར་ཞིང་ཅི་བདེར་གཟིམས་འཇམ་མཛོད། །དགའ་ལྡན་བསྟན་ལ་ཚུལ་འདི་གྲགས་ཆུང་ཞིང་། །ཟ་ཧོར་བརྒྱུད་པའི་ཕ་ཆོས་མ་ཡིན་ཀྱང་། །བཀའ་གཏེར་རིང་ལུགས་ལ་ལྟའི་མིག་ཡངས་པས། །རྒྱུད་དོན་སྣང་བའི་ཉིན་བྱེད་འདི་ན་ཤར། །གསང་ཆེན་རྙིང་མར་མཁས་ཤིང་གྲུབ་བརྙེས་པའི། །བཤེས་གཉེན་དུ་མའི་ཞབས་རྡུལ་གཙུག་ཏོར་རྩེར། །བསྟེན་པས་གསར་མའི་ལྷན་པར་མི་རེ་བའི། །སྔ་འགྱུར་རང་སྐད་གཙང་མའི་གོས་འདི་བཙེམས། །དགེ་འདིས་ཐུགས་ཀྱི་རྡོ་རྗེ་ཧེ་རུ་ཀའི། །བསྐྱེད་རྫོགས་རྫོགས་ཆེན་ནོར་བུའི་ཐེམ་སྐས་ལ། །འཛེགས་ནས་བླ་མེད་སྐུ་བཞིའི་གྲོང་ཁྱེར་ཆེར། །མྱུར་ཞུགས་ལུས་ཅན་མཐའ་དག་འདྲེན་པར་ཤོག །གང་སྣང་ཁྲག་འཐུང་ལྷ་དགུའི་གཟུགས་སུ་ཤར། །སྒྲ་ཀུན་རུ་ལུ་གསེར་འཕྲེང་གདངས་སུ་སྒྲོགས། །དྲན་རྟོག་བདེ་ཆེན་ཟུང་འཇུག་རྣམ་པར་རོལ། །གསང་གསུམ་རྒྱན་གྱི་འཁོར་ལོའི་བཀྲ་ཤིས་ཤོག །སྒྲུབ་སྡེ་ཆེན་པོ་བརྒྱད་ལས་ཡང་དག་ཐུགས་ཀྱི་རྒྱུད་མན་ངག་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་པ་སློབ་དཔོན་ཆེན་པོ་ཧཱུཾ་ཀཱ་ར་དང་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་གཉིས་ཀྱི་བཞེད་སྲོལ་གནུབས་ནམ་མཁའི་སྙིང་པོ། སྣ་ནམ་རྡོ་རྗེ་བདུད་(༣༥བ)


GLG022_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས། གཉགས་ཛྙཱ་ན་ཀུ་མཱ་ར་སོགས་རིག་པ་འཛིན་པ་དུ་མས་དར་བར་མཛད་པའི་བཀའ་གཏེར་གྱི་ལུགས་སྲོལ་མཐའ་ཡས་པའི་ནང་ནས་འཁོན་སྟོན་རིག་སྔགས་འཆང་བ་རྣམས་ལས་བརྒྱུད་དེ་ས་སྐྱའི་རྗེ་བཙུན་གོང་མ་རྡོ་རྗེ་འཆང་ཞལ་གཉིས་པ་རྣམས་ཀྱི་ཐུགས་དམ་ཀྱི་གཙོ་བོར་མཛད་ནའང་སྒྲུབ་མཆོད་སོགས་ཀྱི་སྲོལ་རྒྱས་པ་མི་སྣང་བས་བསྟན་པ་རིན་པོ་ཆེའི་བཙས་སུ་རྒྱུད་སྡེ་བཞིའི་སྨིན་གྲོལ་གར་ཐིག་དབྱངས་རོལ་སོགས་ཀྱི་འབྱུང་གནས་གོང་དཀར་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་སྒྲུབ་མཆོད་འཛུགས་པའི་མཐུན་རྐྱེན་དུ་བྱང་ཐང་སེར་གྲོལ་དགོན་རྟེན་གསུམ། མཆོད་རྫས། ཐབ་གདན་ཆས། ལག་འབབ་ཉིས་བརྒྱ་སྐོར། སྤྱིལ་འཛིན་ཐེམ་ཆུང་ལྔ་དང་བཅས་ས་སྤྲེལ་སྦྱོར་འཇགས་བྱས་རྗེས་དཔལ་ཡང་དག་ཟླ་གམ་དགུ་པའི་འཕྲིན་ལས་ཀྱི་རིམ་པ་རྒྱུད་དོན་སྣང་བྱེད་ཅེས་པ་འདི་ནི་ཆོས་སྡེའི་བླ་སྤྱི། ཟུར་འཆང་པ། གྲྭ་དམངས་སོགས་སྤྱི་ཚོགས་ཀྱིས་འབད་པ་ཆེན་པོས་བསྐུལ་བ་ལ་བརྟེན་ནས་གོ་རིམ་རྙིང་མ་བཀའ་གཏེར་གྱི་ལུགས་སྲོལ་སོར་བཞག་ལ། ཅུང་ཟད་གསར་རྩོམ་དགོས་པ་ཚོར་ཁུངས་མ་སྨོས་ཤིང་དེ་ཕྱིན་ཁུངས་བཙུན་པ་དང་བྱིན་རླབས་ཀྱི་མཚན་ཁ་ཆེ་བའི་སླད་དུ་ཡང་དག་བཀའ་མའི་རྒྱུད་རྣམས་ལ་གཙོ་བོར་བཟུང་ངོས་ཚེག་བར་དང་ཤད་བར་ཐེངས་སོ་རྣམས་ཀྱི་ཟུར་ཅུང་ཟད་བཟོས། ཧཱུཾ་མཛད་སྒྲུབ་ཐབས་དང་རྩ་བ་སོ་མཆན་གཉིས་ཀྱི་དགོངས་པ་བླངས། རྗེ་བཙུན་བརྩེ་བ་ཆེན་པོ་ནས་ས་ལོ་ཐམས་ཅད་མཁྱེན་པའི་བར་གྱི་གདུང་བརྒྱུད་རྗེས་འབྲངས་དང་བཅས་པའི་ཡིག་ཆ་ཡིན་ངེས་དཀོན་ཞིང་བདག་པོ་སྔགས་འཆང་བའི་མངོན་རྟོགས་དེར་ས་ལོའི་ཟླ་གམ་གཅིག་པའི་སྒྲུབ་ཐབས་དང་ལྷ་མོ་བརྒྱད་ཀྱི་མངོན་རྟོགས་སོགས་ཐོར་བུ་ཡོད་ཚུལ་ཙམ་ལས་གཞན་རྣམས་ལ་ཁུངས་སྐྱེལ་རྒྱུ་མི་འདུག་པའི་ཟླ་གམ་(༣༦ན)


GLG022_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་མ་གཏོགས་གཞན་མི་ཤེས་པ་ཞིག་གིས་ས་ལོར་ཁ་གཡར་བ་འདྲ་སྙམ་ཡིད་ཆེས་ཀྱི་གནས་སུ་མ་གྱུར་པ་ནས། ཁ་ཅུང་ཟད་འགེངས་དགོས་རྣམས་འཇུག་པ་བདེ་ཕྱིར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་ལ་འཁྲུལ་པ་མི་མངའ་བས་བཀླགས་པས་དོན་གྲུབ་དང་རྩེ་ལུགས་ཀྱི་ཕུར་པའི་ལས་བྱང་མ་བུ་སོགས་ཁུངས་སྨོས་པ་རྣམས་ཀྱིས་བརྒྱན་ཏེ་ཁྱབ་བདག་མཁན་ཆེན་ཞ་ལུ་པ་ཆེན་པོ་རིན་ཅེན་བསོད་ནམས་མཆོག་གྲུབ་ཀྱིས་དཀྱིལ་འཁོར་འདི་ཉིད་དུ་ལེགས་པར་སྨིན་པར་མཛད་ཅིང་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་སོགས་ཡོངས་འཛིན་རྡོ་རྗེ་འཆང་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས་གསང་སྔགས་སྔ་འགྱུར་གྱི་དགོངས་དོན་ཕྱོགས་ཙམ་རིག་པའི་ཟ་ཧོར་གྱི་སྔགས་འཆང་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་བག་ཡོད་ཀྱི་ལོ་གྲོ་བཞིན་ཅན་གྱི་དཀར་ཆའི་བཟང་པོ་གཉིས་པའི་ཚེས་ལ་རང་བྱུང་འཕགས་པའི་གཙུག་ལག་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པའོ། །མངྒ་ལཾ།།

སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་གྱི་ཆོ་ག་ཧཱུཾ་མཛད་ཞལ་ལུང་།


GLG022_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་གྱི་ཆོ་ག་ཧཱུཾ་མཛད་ཞལ་ལུང་བཞུགས་སོ། །


GLG022_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྩ་སཏྭ་སྱ་བཛྲ་མཧཱ་ཤྲི་ཡ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་གྱི་ཆོ་ག་ཧཱུཾ་མཛད་ཞལ་ལུང་ཞེས་བྱ་བ། རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་བདག་ཉིད་མཁན་ཆེན་ཞ་ལུ་པ་ཚེ་དབང་ལྷུན་གྲུབ་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་དང་ཁྲག་འཐུང་ཐུགས་ཀྱི་རྡོ་རྗེ་དབྱེར་མ་མཆིས་པར་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་་ཆེན་པོས་རྗེས་སུ་གཟུང་དུ་གསོལ། མཐོ་རིས་དབང་གི་ཆུ་རྒྱུན་ཆད་མེད་བདག་བློའི་ཞིང་སར་རབ་དྲངས་ནས། །སྐུ་བཞིའི་ས་བོན་ཡོངས་སུ་དར་དྲག་ལྔ་ལྡན་ཡེ་ཤེས་འབྲས་བུའི་ཁུར། །དུད་མཛད་དཀྱིལ་འཁོར་རྒྱ་མཚོའི་བྱེད་པོ་དྲིན་ཅན་རྩ་བའི་བླ་མ་དང་། །དབྱེར་མེད་ཡང་དག་ཐུགས་ཀྱི་ལྷ་ཀྱེ་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །འཕགས་ཡུལ་གྲུབ་པའི་གཙུག་རྒྱན་ཧཱུཾ་ཀཱ་ར། །སངས་རྒྱས་གཉིས་པ་པདྨ་ཐོད་འཕྲེང་རྩལ། །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་བི་མཱ་ལ། །རིག་འཛིན་རིམ་(༢ན)


GLG022_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱོན་རྣམས་ཕྱག་གི་གནས། །སྣ་ནམ་གཉགས་དང་སོ་ཟུར་གནུབས་འཁོན་སོགས། །ལྷ་སྔགས་ཡེ་ཤེས་འཁོར་ལོའི་བདག་ཉིད་ཅན། །ཧེ་རུ་ཀཿདཔལ་མི་ཡི་སྒྱུ་དྲའི་གར། །སྔགས་འཆང་རལ་པའི་ཁུར་ལྡན་ཚོགས་ཀུན་རྒྱལ། །ཤེས་རབ་སྟོང་ཉིད་དག་པའི་ཨེ་དབྱིངས་སུ། །ཐབས་མཆོག་བདེ་བའི་ཝཾ་དབྱིབས་ཟུང་འཇུག་ལས། །དྷཱིཿཡིག་ཞུན་མའི་གསང་གསུམ་འཁོར་ལོའི་རྒྱན། །ས་སྐྱའི་བླ་ཆེན་བརྒྱུད་པར་བཅས་ལ་འདུད། །བཀའ་དྲིན་ཟེར་གྱིས་བདག་བློ་པདྨའི་ཚལ། །བཞད་པས་སྔ་འགྱུར་ཆོས་ཀྱི་ཟེའུ་འབྲུའི་བཅུད། །སྨིན་གྲོལ་སྦྲང་རྩི་འཛད་མེད་བྱེད་པ་པོའི། །ཡོངས་འཛིན་ཉིན་མོའི་མགོན་རྣམས་གཙུག་ན་བསྟེན། །གསར་འགྱུར་དབང་གི་ཆོ་ག་རས་བྲིས་ལ། །ཉེར་བསྟེན་ལག་ལེན་ས་མཱ་ཛཿས་དྲངས་པ། །ཧཱུཾ་ཆེན་ཀཱ་ར་པདྨ་ཐོད་འཕྲེང་སོགས། །སྔོན་རབས་དམ་པའི་ཐུགས་ལ་མ་ཤར་དྲང་། །ལྷ་ཙམ་ངོ་སྤྲོད་རྒྱུ་མཚན་བཤལ་ཆུ་ཡིས། །མ་ངོམས་ཡང་དག་རྒྱུད་དང་རྒྱ་(༢བ)


GLG022_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གར་གཞུང་། །རིག་འཛིན་བཞེད་སྲོལ་འོ་མའི་བཅུད་མྱངས་མཐུས། །དཀྱིལ་འཁོར་ཆོ་ག་ཧཱུཾ་མཛད་ཞལ་ལུང་འདྲི། །དེ་ལ་འདིར་དཔལ་ཡང་དག་མར་མེ་དགུ་པའི་དཀྱིལ་འཁོར་གྱི་ཆོ་ག་ལ་སྔོན་དུ་འགྲོ་བ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་ཕུན་སུམ་ཚོགས་པ་ཁྲོ་བོ་པུཎྜ་རཱི་ཀའི་ལེའུ་དང་པོར་ཕུན་སུམ་ཚོགས་པ་བཞིར་བཤད་ཅིང་དེ་དང་མཐུན་པར་ཧཱུཾ་ཀཱ་རས་མཛད་པའི་རྩ་བར་ཕུན་སུམ་ཚོགས་པ་བཞི་ལྡན་ནས་ཞེས་བྱུང་ལ། དེ་ཉིད་ཀྱིས་མཛད་པའི་དབང་ཆོག་ཏུ། གནས། འཁོར། ཡུམ། ཡོ་བྱད། རྒྱན་ཕུན་སུམ་ཚོགས་པར་བཤད་ནའང་འདིར་བཀའ་བརྒྱད་སོགས་སྤྱི་དང་མཐུན་པར་བྱས། ལྔས་གཞི་བཟུང་བ། སའི་ཆོ་ག །སྟ་གོན་གྱི་ཆོ་ག་དང་གསུམ་ལས། དང་པོ་ལ། སྟོན་པ། འཁོར། གནས། སྒྲུབ་རྫས། ཆོས་ཏེ་ལྔ་ལས། དང་པོ་སྟོན་སོ་མཆན་དུ་ཤེས་པ་ཕུན་སུམ་ཚོགས་པ་ཟེར། པ་ཕུན་སུམ་ཚོགས་པ་ནི། །དཔལ་ཁྲག་འཐུང་གལ་པོ་ཆེའི་རྒྱུད་ལས། ཤེས་པ་ཕུན་སུམ་ཚོགས་པ་ནི། །རྡོ་རྗེ་བླ་མ་སློབ་དཔོན་ནི། །རྒྱུད་ལུང་མན་ངག་རབ་འབྲིང་ཐ། །མི་འཁྲུག་སྦྱོར་བའི་སྒྱུ་རྩལ་ཤེས། །ཞེས་དང་། ཏནྟྲ་ཧེ་རུ་ཀ་ལས། ཚོགས་ཀྱི་སློབ་དཔོན་བྱ་བ་ཡང་། །ཀུན་གྱིས་བྱ་བར་མ་གསུངས་ཏེ། །ལྟ་བ་གཉིས་མེད་རྩོལ་དང་བྲལ། །སྤྱོད་པ་གསང་བའི་བཀའ་དང་ལྡན། །ཐབས་མཁས་འཕྲིན་ལས་ཐོགས་རྡུགས་མེད། །དམ་ཚིག་འཇིགས་མེད་འབར་བཞིན་བསྲུང་། །དབང་རྣམས་རིམ་པར་བརྩེགས་པ་དེས། །རིག་པའི་རྒྱལ་པོ་རང་དབང་ཐོབ། །དེ་ནི་ཚོགས་ཀྱི་སློབ་དཔོན་ཡིན། །ཞེས་དང་། དབང་གི་སློབ་དཔོན་བྱ་བ་ཡང་། །ཀུན་གྱིས་བྱ་བར་མ་གསུངས་ཏེ། །རིགས་དང་མཁས་(༣ན)


GLG022_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྒྱུད་བཙུན་དང་། །རྡོ་རྗེ་ཟམ་པ་མ་ཆད་ལེགས། །དེ་དག་རྣམས་དང་ལྡན་པ་ནི། །འཇིག་རྟེན་འདི་ན་མཐུ་དབང་ཆེ། །མ་མོ་མཁའ་འགྲོ་བྲན་བཞིན་འཁོལ། །དེ་ནི་དབང་གི་སློབ་དཔོན་ཡིན། །ཞེས་དང་། སློབ་དཔོན་ཀུན་སྙིང་གིས། །བརྟན་ཞིང་དུལ་བ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་པ། །འདི་ནི་སློབ་དཔོན་ཡིན་ཞེས་བྱ། དེ་ཡིས་བསྟན་པའི་གསང་སྔགས་རྣམས། །འགྲུབ་འགྱུར་འདི་ནི་ཐེ་ཚོམ་མེད། །ཅེས་པ་ལྟར་ལྟ་་བ་ཐག་ཆོད་པས་ཏིང་ངེ་འཛིན་གསལ་བ། སྤྱོད་པ་ལ་དོར་བས་མན་ངག་ལ་མཁས་པ། དགོངས་པ་ཟབ་་མོ་རྣམ་པར་དག་པ། དམ་ཚིག་གཙང་ཞིང་ཐོས་པས་རྒྱུད་གྲོལ་བ། །ཐུགས་རྗེ་ཆེན་པོས་འགྲོ་བ་འདུལ་བ་ལ་མཁས་པའི་རྡོ་རྗེ་སློབ་དཔོན་ནོ། །གཉིས་པ་འཁོར་སོ་མཆན་དུ་ཐོས་བསམ་སྒོམ་པ་གསལ་བ་དང་བཅས་ཤེས་རབ་བཞི་དང་ངེས་པ་གསུམ་སོགས་དགོས་པར་བཤད། ཕུན་སུམ་ཚོགས་པ་ནི། ཏནྟྲ་ཧེ་རུ་ཀ་ལས། ཚོགས་ཀྱི་རྒྱལ་ཚབ་བྱ་བ་ཡང་། །དཔེར་ན་རྒྱལ་པོས་བཀའ་བསྒོ་བ། །དེ་ནི་བློན་པོས་བསྲུང་བ་བཞིན། །དགོངས་སྤྱོད་དོན་དང་ལྡན་པ་དང་། །གཞན་འདྲེན་ནུས་པའི་ཐབས་མཁས་དང་། །སློབ་དཔོན་སྐུ་མཉེལ་ཐུན་པོ་པའི། །ཞལ་ཚབ་གཞན་པ་ཆོས་སྟོན་པ། །ཚོགས་ཀྱི་རྒྱལ་ཚབ་ཡིན་པར་བཤད། །ཚོགས་ཀྱི་གིང་ཞེས་བྱ་བ་ནི། །རང་གི་སྒོས་ཆེད་མི་ལེན་པར། །རྣལ་འབྱོར་སྤྱི་ཆེད་དག་ལ་བརྩོན། །ཞིང་བཅུར་གྱུར་པ་སྒྲོལ་བྱེད་ཅིང་། །དགོངས་པའི་ལས་རྒྱུད་བསྟན་པར་བྱ། །ཚོགས་(༣བ)


GLG022_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡུམ་ཞེས་བྱ་བ་ཡང་། །ཀུན་གྱིས་བྱ་བར་མ་གསུངས་ཏེ། །གཙོ་བོ་ཡབ་ཀྱི་དགོངས་པ་སྐོང་། །ཡངས་་པ་ཆེ་ལ་ནོགས་པ་ཆུང་། །གསང་སྒོ་སྡོམ་དང་དམ་ལ་གནས། །དད་པས་མོས་དང་རྟོག་པ་ཆུང་། །མཚན་གྱི་རྒྱན་དང་སེམས་བཟང་དང་། །རྒྱུ་དང་ལྡན་པ་མ་གཏོགས་པ། །ཀུན་གྱིས་བྱ་བར་ངས་མ་བཤད། །ཅེས་དང་། དབང་གི་སློབ་མ་བྱ་བ་ཡང་། །ཤེས་པ་སྒོ་ཡངས་ཐོས་པ་ཆེ། །བསྒོ་བ་བྲན་བཞིན་ཉན་པ་དང་། །འདི་ལ་དབང་རྣམས་བསྐུར་བར་བྱ། །ཞེས་དང་། ཁྲག་འཐུང་གལ་པོ་ལས། ཉན་བཤད་དབྱེ་བ་རྣམ་པ་གཉིས། །ཚོགས་དང་སློབ་མ་དག་ཏུ་འདོད། །སྣོད་ཀྱི་གང་ཟག་རྣམ་པ་ལྔ། །ཨུཏྤལ་པདྨ་དཀར་དམར་དང་། །ཙན་དན་རིན་པོ་ཆེ་ཡི་དཔེ། །ཞེས་དང་། སྐྱེད་བྱེད་མ་དང་སྲིང་མོ་གཉིས། །ལས་དང་ཕྱག་རྒྱ་ལེན་པའི་འཁོར། །སྒོམ་འཆད་ལས་དང་སྒྲོལ་བ་དང་། །གིང་གཡོག་གཙུག་ལག་བརྡ་ཤེས་པ། །ལུས་ངག་ཡིད་དང་ཡི་གེའི་བརྡ། །འཁོར་རྣམས་ཕུན་སུམ་ཚོགས་འགྱུར་པ། །དགྱེས་པ་བསྐྱེད་པའི་གཟུང་མ་དང་། །མཆོད་སྟོབ་ཕྱག་ཚང་བྱན་གཡོས་མ། །ཐུགས་དང་འཐད་པའི་སེམས་ཟིན་ཅན། །རྡུལ་ཕྱགས་སྐྱེས་བུ་ལྡན་པར་བྱ། །ཞེས་བློ་བརྟན་ཞིང་སྒམ་ལ་བརྩོན་འགྲུས་དང་ཤེས་རབ་ཆེ་བ། དབང་པོ་དུལ་ཞིང་དམ་ཚིག་དང་སྡོམ་པ་ལ་ནན་ཏན་དུ་བྱ་བའི་འཁོར་སྤྱི་དང་བྱེ་བྲག་ཏུ་རྡོ་རྗེ་རྒྱལ་ཚབ། རྡོ་རྗེ་རྒྱལ་ཐབས། གཟུང་མ་རྡོ་རྗེ་ཀརྨ། རྡོ་རྗེ་གིང་མཚམས་པ། རྡོ་རྗེ་སྤྱན་མ། རྡོ་རྗེ་དུས་འཛིན། རྡོ་རྗེ་གཡོས་མ། རྡོ་རྗེ་རྡུལ་ཕྱགས་སོགས་ཚོམ་བུར་འབྲེལ་བའོ། །གསུམ་པ་ཁྲོ་བོ་པུཎྜ་རཱི་ཀར་ཡང་ས་བཅད་ཙམ་བསྟན། གནས་ཕུན་སུམ་ཚོགས་པ་(༤ན)


GLG022_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཁྲག་འཐུང་་གལ་པོ་ལས། གནས་མཆོག་ཕུན་སུམ་ཚོགས་པ་བཙལ། །ཏིང་འཛིན་ཡེ་ཤེས་མཆོག་གི་གནས། །བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་ཉམས་ནི་རྣམ་པར་དགའ། །དེ་ནི་གནས་ཀྱི་མཆོག་ཡིན་ཏེ། །ཡོན་ཏན་མ་ལུས་ཀུན་ལྡན་པ། །དགོས་པར་བྱ་བ་གནས་ཀྱི་གཞི། །སྒྲུབ་པ་དུས་ཀྱི་གནས་སུ་བྱ། །ཞེས་དང་། ཕྱོགས་མཚམས་ལེགས་པར་རབ་བརྟག་ཅིང་། །ནགས་ཚལ་སྐྱེད་མོས་ཚལ་དུ་ནི། །དགོན་པ་རབ་དགའ་ཀུན་དགའ་ར། །ཡུལ་དང་ལྗོངས་སུ་བརྟག་པར་བྱ། །ཞེས་དང་། དཔལ་ཧེ་རུ་ཀའི་ཐུགས་ཀྱི་རྒྱུད་གལ་པོ་ལས། ཞི་བའི་དགོན་གནས་ལྷ་ཡི་གནས། །རི་བོ་ཆེན་པོ་འདུས་པའི་རྩེ། །གངས་དཀར་ཤེལ་གྱི་གཏམས་པའི་འདབས། །གསང་ཆེན་ཁྲོས་པའི་གནས་དང་ནི། །ཙན་དན་ནགས་དང་མེ་ཏོག་ཚལ། །ཡིད་འོང་དབེན་པར་རབ་ཏུ་བཤད། ཁྲོ་བོའི་དགོན་གནས་སྲིན་པོའི་གནས། །རི་བོ་ཆེན་པོ་བཙན་པའི་ངོས། །བྲག་དམར་གཏམས་པའི་དཀྱིལ་ངོས་ལ། །སྟག་དྲེད་འཐབ་པའི་གནས་སུ་བྱ། །མ་མོའི་དགོན་གནས་དུར་ཁྲོད་དང་། །ཤིན་ཏུ་དབེན་པའི་ས་ཕྱོགས་ན། །གསར་རྙིང་དབུགས་བྲལ་མ་བདུན་ཁྱིམ། །རྡོ་རྗེ་རིགས་ཀྱི་དགོན་གནས་ནི། །དུར་ཁྲོད་དང་ནི་ལྷ་རྟེན་དང་། །མ་མོའི་ཁྱིམ་དང་ཡིད་དུ་འོང་། །ཞེས་དང་། བཀའ་བརྒྱད་གསང་རྫོགས་ཀྱི་རྒྱུད་ལས། བཀྲ་ཤིས་གངས་བརྒྱུད་རི་བཟང་འདབས། །གནམ་ས་པད་འཁོར་ཁ་སྦྱར་འདྲ། །སྔོན་ཡང་གྲུབ་ཐོབ་རྐྱེན་ཐུབ་སར། །སྒྲུབ་ཁང་ཕོ་བྲང་ལྟ་བུར་བརྩིག །ཅེས་བྱུང་བ་ལྟར་སྐྱེ་བོའི་ཡ་ཁ་དང་། །རྗེ་དཔོན་ལྷ་འདྲེ་གདུག་པ་ཅན། མི་རྒོད། གཅན་གཟན་སོགས་ཀྱིས་འཚེ་བ་(༤བ)


GLG022_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ། ས་པདྨ་འདབ་བརྒྱད། ལོགས་བཀྲ་ཤིས་རྟགས་བརྒྱད། གནམ་དབང་ཆོག་ཏུ་དམིགས་བསལ་གྱིས་བཤད་ཅིང་ཤར་དང་བྱང་གཞོལ་ཞིང་ཕྱོགས་གཞན་མཐོ་བའང་རྒྱུད་གཞན་ནས་བཤད་པ་དང་མཐུན། འཁོར་ལོ་རྩིབས་བརྒྱད་དང་ལྡན་པ་སྟེ་གནས་སྤྱིའི་བཀྲ་སོ་མཆན་དུ་གྲུབ་ཐོབ་ཀྱི་ཞབས་ཀྱིས་བཅགས་པ་ལ་ཟེར། ཤིས་དགེ་མཚན་དང་ལྡན་ཞིང་བྱེ་བྲག་འཕྲིན་ལས་བཞི་གང་སོ་མཆན་དུ་མན་ངག་་གི་སྣོད་ཏིང་འཛིན་ཡེ་ཤེས་མཆོག་གི་གནས་ཞེས་ཟེར། སྒྲུབ་སྐབས་ཐེབ་ཀྱི་དབྱེ་དགོས་ནའང་གཙོ་ཆེ་བའི་དབང་དུ་བྱས་ནས་དྲག་པོའི་གནས་གནམ་ས་གྲུ་གསུམ་པ་དུར་ཁྲོད་དམ་ཤིང་དྲུང་གཅིག་པ་རི་སོག་པོ་ཁྲོས་པ་ལྟ་བུ། གཅན་གཟན་འདུ་ཞིང་ཤིང་ཚེར་མ་ཅན་གྱི་མཚན་ཉིད་དང་ལྡན་པའོ། །བཞི་པ་སྒྲུབ་རྫས་ཕུན་སུམ་ཚོགས་པ་ནི། ཁྲག་འཐུང་གལ་པོ་ལས། ཡོ་བྱད་ཕུན་སུམ་ཚོགས་པ་ནི། །འཚེ་བ་ཟས་ཀྱི་ཡོ་བྱད་ཀྱིས། །བཀྲེས་དང་སྐོམ་པའི་དབུལ་བ་སེལ། །རྐྱེན་སོ་མཆན་དུ་བསྒྲལ་བའི་ཞིང་བཅུ་སྒྲོལ་བའི་དྲག་རྫས་ཀྱང་བཤད། ཟློག་སྨན་གྱི་ཡོ་བྱད་ཀྱིས། །ནད་ཁམས་དགྲ་བགེགས་བར་གཅོད་སེལ། །སྒྲུབ་པ་རྫས་ཀྱི་ཡོ་བྱད་ཀྱིས། །རྨད་བྱུང་གསང་བའི་རྫས་རྣམས་ཚང་། །མཆོད་པ་རྫས་ཀྱི་ཡོ་བྱད་ཀྱིས། །ལྷ་རྣམས་ཐུགས་དམ་སྐོང་བར་འགྱུར། །བཀྲ་ཤིས་གཙང་མའི་རྫས་ཚོགས་ནི། །རིགས་ནི་བཟང་པོ་རབ་ཏུ་བཙལ། །དག་པ་ལྷ་ཡི་རྫས་བཙལ་བ། །སྐྱེ་སོ་མཆན་དུ་རིགས་བཞི་བྱད་བཟང་སྨིན་དཀྱུས་རིང་བ་མིག་དཀར་ནག་ཕྱེད་པ། སྐྲ་ནག་ཅིང་འཚེ་བ། དུང་སོ་འཁོར་བ་ལ་བཀྲ་ཤིས་གཙང་མའི་རྫས་སུ་བཤད་ཅིང་ཤེལ་མིག་དང་རྐན་ན་སོ་ལྷག་པོ་ཡོད་པ་ལ་ཡང་བཤད། བདུན་བྱ་རྐང་གྲིབ་མ་བདུན། །སྒྲུབ་པ་མཆོག་སོ་མཆན་ལས་སྐྱེས་པ་གཞོན་ནུ་དཔལ་རྩལ་དང་ལྡན་པ་གཡུལ་ངོར་གསང་བའི་རྫས་ལ་ངོས་བཟུང་། གི་རྫས་བཙལ་བ། །ཞེས་ཐོད་སྐུ། རྡོ་རྗེ་ལ་སོགས་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྟེན། (༥ན)


GLG022_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་གསང་བའི་མཆོད་རྫས། ཚེ་དང་གལ་སོགས་དངོས་གྲུབ་ཀྱི་རྫས། འཚོ་བའི་ཟས་སྐོམ། དགྲ་ཟློག་པའི་གོ་མཚོན། ནད་ཟློག་པའི་སྨན། བགེགས་སེལ་བའི་རྫས་འཁོར་ལོ་སོགས་ཡོ་བྱད་མ་ཚང་བ་མེད་པ་སྟ་གོན་དུ་བྱའོ། །ལྔ་པ་ཆོས་ཕུན་སུམ་ཚོགས་པ་ནི། ཁྲག་འཐུང་གལ་པོ་ལས་ཨ་ཧོ། ལུང་ཆེན་ཟབ་མོའི་འཁོར་ལོ་འདི། །དགོངས་བརྒྱུད་སྦས་པའི་རྒྱུད་ཆེན་པོ། །ལུང་གི་མདོ་ཆོག་སྔ་མ་བདུན། །དེ་བཞིན་ཕྱི་མ་བདུན་ནས་ཕྱུང་། །སྐུ་རྣམས་སྟོན་པའི་སྡུད་པ་པོ། །གསང་བདག་ཕྱག་ན་རྡོ་་རྗེ་ཉིད། །བདག་གཞན་ཕྱི་རབས་གྲོལ་མཛད་པ། །རྡོ་རྗེ་སྙིང་པོ་ཉིད་ཀྱིས་ཕྱུངས། །ཕུང་པོ་རྡོ་རྗེ་རིགས་ལྔ་ཉིད། །ཉོན་མོངས་ཡེ་ཤེས་ཆེན་པོར་གསལ། །བར་ཆད་དངོས་གྲུབ་ཉིད་དུ་གྲོལ། །རྡོ་རྗེའི་སྐུ་ལ་འཆི་བདག་མེད། །ཅེས་དང་། ཡང་དག་གསང་བའི་ཐུགས་མཆོག་ལ། །སྒྲུབ་པའི་རྣལ་འབྱོར་དབང་ཕྱུག་རྣམས། །མི་ཚེ་གཅིག་ལ་མངོན་འཚང་རྒྱ། །ལུས་མ་བོར་བར་ལྷ་སྐུར་འགྱུར། །ཞེས་དང་། རྩ་བ་ལས། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པས། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་ཉམས་སུ་བླང་བྱའི་ཆོས་སྤྱིར་བསྐྱེད་པ་མཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་པ་ཨ་ཏི་ཡོ་ག་གསུམ་དང་བྱེ་བྲག་ཏུ་སྒྲུབ་པ་སྡེ་བརྒྱད། ཁྱད་པར་དཔལ་ཡང་དག་གི་སྒོ་ནས་མཆོག་ཐུན་གྱི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་བས་རྒྱུད་ལུང་མན་ངག་ལ་ཐོས་བསམ་གྱི་གོམས་འདྲིས་ནན་ཏན་དུ་བྱ་བའི་གནས་སོ། །དེ་ལྟར་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་ནས། དུས་ཀྱང་ཇི་སྐད་དུ། སྤྱིར་ན་ལོ་ཟླ་གཟའ་(༥བ)


GLG022_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་དང་། ཞག་དུས་དར་དང་ཡར་ངོ་གཅེས། །བྱེ་བྲག་ཞི་རྒྱས་དབང་དྲག་གམ། །བསྙེན་སྒྲུབ་ལས་སྦྱོར་ཀུན་ལ་བརྩི། །ཞེས་དང་། ཏནྟྲ་ཧེ་རུ་ཀ་ལས། དབང་གི་དུས་ཚོད་དུས་བཤད་པ། །དབྱར་དགུན་སྟོན་དཔྱིད་ར་བའམ། །སྟོན་རའི་སོ་མཆན་ལས། རུ་སྙིང་པོ་ནི། བཏབ་པ་རང་ལ་བྱ་སྟེ་ཚེས་བརྒྱད་ལྟ་བུའོ་ཞེས་བྱུང་། ཉ་ལ་བསྐུར་བར་བྱ། །ཞེས་པ་ལྟར་ལོ་དང་ཟླ་བ་མི་རྩུབ་ཅིང་ཞག་དུས་ཚོད་གཟའ་སྐར་སྦྱོར་བྱེད་ཐམས་ཅད་འཕྲིན་ལས་གང་བསྒྲུབ་དང་བསྟུན་ཏེ་ཉམས་སུ་བླང་བ་གནད་ཡིན་ནོ། །གཉིས་པ་སའི་ཆོ་ག་ལ་བརྟག་པ། བསླང་བ་རྟོགས་པར་སླ་བར་འདིར་སྔོན་དུ་བྱུང་ཡང་པུཎྜ་རཱི་ཀའི་རྒྱུད་དང་། དབང་གཞུང་གཉིས་ཀྱི་རྗེས་སུ་འབྲངས། བསོད་ནམས་ཚོགས་གསོག །སྦྱང་བ། བྱིན་བརླབ། གཟུང་བ། བསྲུང་བ་སྟེ་བདུན་ལས། དང་པོ་ས་བརྟག་པ་ལ་ཁྲོ་བོ་པུཎྜ་རཱི་ཀ་ལས། རྫས་དང་ས་གཞི་བརྟག་པར་བྱ་་ཞེས་བྱུང་བ་ལྟར། ལྟོ་འཕྱེ་ཆུ་ས་བཀྲ་དང་གསུམ་ལས། དང་པོ་ལྟོ་འཕྱེ་བརྟག་པ་ནི། ལྟོ་འཕྱེ་ལ་རྒྱུད་་་སྡེ་དང་ནག་རྩིས་ནས་བཤད་པ་སོགས་རྣམ་གྲངས་མང་ནའང་འདིར་རྒྱུད་ནས་གསུངས་པ་ཉིད་གཙོ་ཆེ་བས་ཆོས་རྗེ་ཐམས་ཅད་མཁྱེན་པས་རྟོགས་པར་སླ་བར་མདོར་བསྡུས་ཙམ་གསུངས་པར་ཡིད་གཏན་དུ་བྱ་ཞིང་། ཞིབ་ཆ་ཁུངས་བཙུན་གྱི་ཡི་གེ་དུ་མ་ནས་འབྱུང་བ་ལས་ཤེས་དགོས་ལ་སྙིང་པོ་མཆན་གྱི་མདུན་ནས་ཐོག་མར་ས་འཁྲུ་གང་བརྐོ་དབང་གཞུང་དུ་ས་པུས་མོ་ནུབ་ཙམ་བརྐོས་ལ་སླར་དེས་དགང་ཞེས་བཤད། ཞིང་། རྒྱུད་དང་ནག་རྩིས་སོ་སོའི་ཟླ་འགོ་ངོས་འཛིན་གྱིས་མཚོན་གནད་གསང་ཕྲ་མོ་རྣམས་དེང་སང་གི་སྔགས་རློམ་ཕལ་ཆེར་གྱིས་རྟོགས་པར་དཀའ་ཞིང་དཀྱིལ་འཁོར་ཡང་གཙུག་ལག་ཁང་སོགས་གནས་དུ་མར་བྱེད་པ་ཤས་ཆེ་བས་ཞིབ་པ་མ་བཀོད་དོ། །


GLG022_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཆུས་བརྟག་པ་ནི། ཆུ་དྲི་རྟོགས་སླར་བདུད་རྩི་ལྔའི་ཆུ་ཟར། དབང་གཞུང་ན་འདི་ལྟར་བྱུང་མོད། བཟང་པོ་དང་བཅས་པས་ས་བརྐོས་པའི་ཤུལ་བཀང་རྟོགས་སར་དེ་ནས་ཆུ་སྐྱོགས་གང་ཁྱེར་ནས་ཤར་ཕྱོགས་སུ་གོམ་པ་བདུན་པོར། སླར་ལོག་སྟེ་བལྟས་པས་ངན་ན་དྲག་པོའི་སྦྱིན་སྲེག་ལྡུགས་པར་བཤད། ནས། རྡོར་དྲིལ་བཟུང་སྟེ་རུ་ལུའི་མཐར་སིདྡྷཾ་ཧཱུཾ་ཞེས་བརྗོད་བཞིན་པས་གོམ་པ་མི་དྲག་པར་བརྒྱའི་བར་ཕྱིན་ཏེ་ཕྱིར་ལོག་ནས་བལྟས་པས་གཡས་སུ་འཁྱིལ་ན་དངོས་གྲུབ་དང་དེ་ལས་ལོག་ན་མི་འགྲུབ་བོ། །གསུམ་པ་ས་བཀྲ་བརྟག་དབང་གཞུང་དུ་པྲ་ས་ན་ལ་སོགས་པས་བརྟག་གོ་ཞེས་བཤད་ཅིང་ངན་ན་སྦྱིན་སྲེག་ཀྱང་སྐབས་འདིའི་མཇུག་ཏུ་བྱ་བར་གསུངས། པ་ནི། རྟོགས་པར་སླ་བ་ལས་རིན་པོ་ཆེའི་བུམ་པར་རིན་པོ་ཆེ། འབྲུ། སྨན། སྙིང་པོ་ལྔས་བཀང་བ་ཁུང་བུའི་དབུས་སུ་གཞུག་ཅིང་། ས་ཡི་ལྷ་མོ་འཁོར་དང་བཅས། སྔོན་གྱི་རྒྱལ་བ་རྣམས་ཀྱིས་བསྔགས། །བྱང་ཆུབ་སེམས་ཀྱི་གཏེར་བུམ་འདི། །དཀྱིལ་འཁོར་འདྲི་ཕྱིར་གཏེར་དུ་འབུལ། །ཞེས་བརྗོད་དེ་སྦས་ལ་སྐྲ་དང་ཕུབ་མ་ཐལ་བ་ལ་སོགས་པ་ས་རོ་མེད་པའི་སས་སླར་བཀང་བས་ལྷག་ཅིང་དབུས་མཐ་ོན་དངོས་གྲུབ་མཆོག་འགྲུབ་མ་ཁེངས་ན་རུ་ལུའི་མཐར་པྲ་བེ་ཤ་སྟམྦྷ་ནི་ཧཱུཾ་ཕཊ། ཅེས་པས་མཚན་མ་ངན་པ་བསལ་ལོ། །གཉིས་གསང་འདུས་གཤེད་སྐོར་བཀའ་བརྒྱད་སོགས་ལ་ས་བསླང་པ་རྗེས་སུ་བྱུང་ནའང་ཀྱེ་རྡོར་ལ་སྔོན་དུ་བྱུང་ཞིང་གསར་རྙིང་ཀུན་ལ་མཐའ་གཅིག་ཏུ་མ་ངེས་པས་ལྟོ་འཕྱེའི་སྔོན་དུ་གཏོར་མ་གཏོང་དགོས་པ་ལྟར་ན་རྟོགས་པར་སླ་བའི་ས་བཅད་བཞིན་བྱས་ན་འཇུག་པ་བདེ་བར་མངོན་ནོ། །པ་ས་བསླང་བ་ལ། སྣང་བ་དང་མི་སྣང་བ་གཉིས་ལས། དང་པོ་སྣང་བ་ལ་བསླང་བ་ནི། ཁྲོ་བོ་པུཎྜ་རཱི་ཀ་ལས། ས་བདག་རྣམས་ལས་རིན་གཞལ། བསླང་དང་སྦྱང་བ་ཚུལ་བཞིན་བྱ་(༦བ)


GLG022_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱུང་བ་བཞིན་ཡུལ་གྱི་རྗེ་དང་ཁྱིམ་བདག་སོགས་ས་དེ་དབང་བ་ལ་གཏམ་འཇམ་པོ་དང་བདོག་པའི་རིན་གྱིས་ཉོ་བ་སོགས་ཇི་ལྟར་རིགས་པ་བྱ། གཉིས་པ་མི་སྣང་བ་ལ་བསླང་བ་ནི། དེ་ཉིད་ལས། འཇིག་རྟེན་ས་བདག་ལྷ་ཀླུ་ལ། ས་རིན་གཞལ་ཏེ་ས་བསླང་ངོ་། །ཞེས་པ་ལྟར་དབང་གཞུང་དུ་གཏོར་མ་བཏང་སྟེ་མགྲོན་ཚོགས་རྣམས་ཚིམ་ནས་ལས་བསྒོ་ཞིང་དེ་ལས་ཁྱད་པར་སའི་ལྷ་མོ་ལ་བསླང་བར་བཤད་པས་རྟོགས་པར་སླ་བ་ལས། གཞི་བདག་དཀར་དམར་གང་ལ་དགའ་བའི་གཏོར་མ་བཤམས་ལ། རཾ་ཡཾ་ཁཾ་རཏྣ་བྷཉྫ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་པས་བསྲེགས་གཏོར་བཀྲུས་རིན་པོ་ཆེའི་སྣོད་བདུད་རྩིས་གང་བར་བསྐྱེད་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ས་མཱ་ཛཿ ཞེས་པས་གནས་དེའི་གཞི་བདག་མདུན་དུ་སྤྱན་དྲངས་ལ། ས་པ་རི་ཝཱ་རའི་རྗེས་སུ་ཨ་ཀཱ་རོ་བཏགས་པས་ཕུལ་ལ་རྡོ་རྗེ་དྲིལ་བུ་བཟུང་སྟེ། ས་བདག་ལྷ་ཀླུ་འཁོར་དང་བཅས། །གཏོར་མ་དམ་པ་འདི་བཞེས་ལ། །བདག་གི་སྒྲུབ་པ་མ་ཐོན་བར། །ཁྱེད་ལ་གནས་འདི་བདག་གཡར་གྱི། །ཅི་བདེ་བར་ནི་གཞན་དུ་སོང་། །ས་པ་རི་ཝཱ་རའི་རྗེས་སུ་གཙྪ་བཏགས་ལ་གནས་གཞན་དུ་དེངས་པར་བསམ་མོ། །གསུམ་དབང་གཞུང་དུ་བསོད་ནམས་ཀྱི་ཚོགས་ཀྱི་སྣོད་དག་པར་བྱ་བའི་ཕྱིར་ཞེས་སོགས་གསུངས་པའི་རྗེས་སུ་འབྲངས་ཏེ་ས་བཅད་འདིར་བཀོད་ཀྱིས་ས་བརྟག་པའི་སྔོན་དུ་བྱས་ཀྱང་འཇུག་པ་བདེ་ལ། པུཎྜ་རཱི་ཀའི་རྒྱུད་དུ་གོ་རིམ་མི་གསལ་ཡང་། དཔང་སྐོང་བཀླགས་པ་དང་སཱཙཱ་སོགས་དགེ་རྩ་ཆེར་བྱ་བར་བཤད། པ་བསོད་ནམས་ཀྱི་དཔུང་བསྐྱེད་པ་ནི། ཁྲག་འཐུང་གལ་པོ་ལས། འབྱུང་པོའི་གཏོར་མ་བཏང་ནས་ཀྱང་། །གསང་བའི་དོན་གྱི་ལས་རྣམས་བྱ། །ཐུབ་པའི་བཀའ་རྣམས་སྒྲོག་པ་དང་། བདེ་གཤེགས་སྐུ་གཟུགས་གདབ་པ་དང་། །(༧ན)


GLG022_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཆགས་ཚེ་ཡང་བསྐྱབ་པར་བྱ། །ལམ་འཕྲང་དག་ཀྱང་ལེགས་པར་འཆོས། །ཞེས་པ་ལྟར་དཀོན་ཅོག་མཆོད་ཅིང་འབྱུང་པོ་ལ་གཏོར་མ་ཕོངས་པ་ལ་སྦྱིན་གཏོང་། གསུང་རབ་བཀླག །སཱཙྪ་གདབ། ཉེའུ་འདོན་པ་སོགས་འདུས་བྱས་ཀྱི་དགེ་བ་གྲུབ་ཚད་བྱའོ། །བཞི་པ་ས་སྦྱང་པ་ལ་རྫས་དང་ཏིང་འཛིན། ཆོས་ཉིད། བྱིན་གྱིས་བརླབ་པ་དང་གསུམ་ལས། དང་པོ་རྫས་དང་ཏིང་ངེ་འཛིན་གྱིས་སྦྱང་བ་ནི། དབང་གཞུང་དུ་སྔགས་དང་བཅས་དྲི་ཆབ་འཐོར་ཞིང་དཀྱིལ་འཁོར་གྱི་རྒྱ་ཇི་ལྟར་འདོད་པ་ས་ཐུར་དུ་བརྐོས་པའི་ཚད་འཕང་དུ་རྩིག་པ་ཙམ་ལས་མ་བྱུང་ནའང་རྟོགས་པར་སླ་བའི་ཕྱིའི་སྦྱང་བའི་རྗེས་སུ་འབྲངས་ཏེ། སུམྦྷའི་སྔགས་ཀྱིས་དྲི་ཞིམ་པོའི་ཆུས་ཆག་ཆག་གདབ། དྲི་ཞིམ་པོའི་མེ་ཏོག་བཀྲམ་པའི་དབུས་སུ་བདག་ཉིད་འདུག་ནས། བདག་བསྐྱེད་བཟླས་པ་ཡན་ཆད་རྫོགས་པར་བྱས། དཀྱིལ་འཁོར་བསྡུས་ཏེ་རང་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དུ་གནས་པའི་མིག་གཉིས་སྒྲུབ་ཐབས་འབྲིང་པོ་ནས་བསྐངས། མ་དང་ཨ་ལས་ཉི་ཟླའི་དཀྱིལ་འཁོར་དུ་བསམས་ཤིང་། མིག་གཡས་པའི་ཉི་མའི་འོད་ཀྱིས་སྣང་བའི་དངོས་པོ་བསྲེགས་པར་བསམས་ལ། ཧཱུཾ། གཡས་ཧེ་རུ་ཀཿཐུགས་ཀྱི་ལེའུ་གསུམ་པར་འདིའི་ཁུངས་གསལ་བར་བཤད། པའི་སྤྱན་ཟུར་ལས་བྱུང་བའི། །མ་ལས་ཉི་མའི་དཀྱིལ་འཁོར་གྱི། །འོད་ཀྱིས་སྣང་བའི་དངོས་པོ་ཀུན། །ཐམས་ཅད་མ་ལུས་བསྲེག་པར་བྱ། །མ་སཱུཪྻ་མཎྜ་ལ་ད་ཧ་ད་ཧ་བྷ་སྨིན་ཀུ་རུ་ཧཱུཾ་ཨེ་སྥ་ར་ཎ༔ ཞེས་བརྗོད་པས་ཐུགས་ཀའི་ཧཱུཾ་ལས་ཡཾ་སྤྲོས་པ་ལས་བྱུང་བའི་རླུང་གིས་ཐལ་པ་རྣམས་གཏོར་བར་བསམས་ཤིང་། སྤྲོ་ན་ཐུགས་ཀའི་ཧཱུཾ་ལས་བྱུང་བ་ཡི། །ཡཾ་ལས་རླུང་གི་དཀྱིལ་འཁོར་གྱིས། །(༧བ)


GLG022_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཀུན་བསྲེགས་པའི་ཐལ་བ་ཡང་། །ཐམས་ཅད་མ་ལུས་གཏོར་བར་བྱ། །ཡཾ་བཱ་ཡུ་མཎྜ་ལ་བྷཀྵ་རེ་ཎ་ཀུ་རུ། དེ་ནས་མིག་གཡོན་པའི་ཟླ་བའི་དཀྱིལ་འཁོར་ལས་བྱུང་བའི་ཆུས་ལྷག་མ་ཐམས་ཅད་བཀྲུས་པར་བསམས་ཤིང་། གཡོན་པའི་སྤྱན་ཟུར་ལས་བྱུང་བའི། །ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི། །འོད་ཀྱིས་སྣང་བའི་དངོས་པོ་ཀུན། །ཐམས་ཅད་མ་ལུས་བཀྲུ་བར་བྱ། །ཨ་ཙནྡྲ་མཎྜ་ལ་ཎ་པ་ཀུ་རུ། ཞེས་དང་། དེ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམས་ཤིང་། ཨོཾ་ཤུ་ནྱཱ་ཏ་སརྦྦ་དྷརྨྨཱ་སྭ་བྷཱ་བ་ཤུ་དྡྷོ྅ཧཾ། ཞེས་བརྗོད། གཉིས་པ་ཆོས་ཉིད་ཀྱིས་སྦྱང་བ་ནི། སྣ་ཚོགས་འདི་དག་འཁྲུལ་པ་ལས་སྣང་ཡང་དོན་དམ་པར་ཆོས་ཀྱི་དབྱིངས་ཉིད་དོ། །ཨོཾ་སྭ་བྷཱ་བ་རྟོགས་སླ་དང་མ་མཐུན་ཀྱང་དབང་གཞུང་དུ་འདི་བཞིན་བྱུང་། རྟོགས་པར་སླ་བར་གསང་བའི་སྦྱང་བ་བྱུང་བ་ལེགས་ནའང་དབང་གཞུང་དུ་མ་བྱུང་བས་བཏང་སྙོམས་སུ་བཞག་གོ །ཤུདྡྷ་སརྦྦ་དྷརྨྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། གསུམ་པ་བྱིན་གྱིས་བརླབ་པའི་སྦྱང་བ་ནི། དབང་གཞུང་ལས། རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་ཨོཾ་བྷྲུཾ་ག་ག་ན་ཁཾ་ཨཱཿཧཱུཾ། ས་གཞི་ནམ་མཁའ་སྟོང་པའི་རང་བཞིན་ལས་འབྱུང་ལྔའི་དཀྱིལ་འཁོར་རི་རབ་དང་བཅས་པས་བརྟན་པར་གྱུར་པའི་རྡོ་རྗེའི་ས་གཞི། ར་བ། གུར། མེ་དཔུང་འབར་བའི་འོད་དང་ལྡན་པར་བསམ། སྣ་ཚོགས་རྡོ་རྗེའི་ཕྱག་མཉམ་པའི་ཕྱག་རྒྱ་ལས་སྲིན་ལག་ནང་དུ་བཀུག་སོར་མོ་གཞན་རྣམས་བགྲད་པའོ། །རྒྱ་ས་ལ་རེག་ལ། ཨོཾ་མེ་དི་ནི་བཛྲི་བྷཱ་ཝ་བཛྲ་བནྡྷ་ཧཱུཾ། ཞེས་བརྗོད། ལྔ་པ་ས་གཞི་བྱིན་གྱིས་བརླབ་པ་ནི། རྟོགས་པར་སླ་བ་ལས་མཎྜལ་གྱི་དབུས་སམ་མདུན་དུ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བཀོད་ལ། པཾ་པདྨ་མཎྜ་ལ་ཞེས་པས་པདྨའི་གདན་དུ་བསྐྱེད་དེ། བདག་གི་ཐུགས་ཀའི་ཧཱུཾ་(༨ན)


GLG022_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་པས་་་སའི་ལྷ་མོ་ས་འོག་ནས་སྤྱན་དྲངས་པར་བསམས་ཤིང་། སྐྱོབ་པ་ཚིགས་བཅད་རྣམས་དབང་གཞུང་དུ་འདྲ་མིན་འདུག་ཀྱང་་འཇུག་པ་བདེ་ཁྱད་ནས་རྟོགས་སླ་དང་འདྲ་བ་བྱས། སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཅེས་བརྗོད་ཅིང་ཐལ་མོ་ས་ལ་ལན་གསུམ་བརྡབས་པས་ས་འོག་ནས་སའི་ལྷ་མོ་འཐོན་ཏེ་པདྨའི་གདན་ལ་བཞུགས་པ་སྐུ་མདོག་སེར་མོ་རྒྱན་གྱིས་བརྒྱན་་པ་ཕྱག་ན་བུམ་པ་སེར་པོ་བསྣམས་པ་རྣལ་འབྱོར་བཀའ་སྩལ་ཇི་ལྟར་བགྱི་ཞེས་སྨྲ་བར་བསམས་ལ། ཨོཾ་བཛྲ་ཨཱ་ཧ་ར་ཧཱུཾ། ཨོཾ་བཛྲ་དྷུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་ཨུཏྟ་པ་ལ་ཡེ་ཧཱུཾ། ཨོཾ་བཛྲ་བི་སྥུ་ར་ཡེ་ཧཱུཾ། ཞེས་དང་། ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱ་སྟེ་དཀྱིལ་འཁོར་བྲི། །དེ་ཕྱིར་དཔང་གྱུར་ལྷ་མོས་ཀྱང་། །ས་གཞི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་བརྗོད་པས། ལྷ་མོས་དགའ་བའི་མདངས་ཕྱུང་སྟེ། ཁྱོད་ནི་སློབ་དཔོན་དམ་པ་ཡིན། །སེམས་ཅན་དོན་ཕྱིར་དཀྱིལ་འཁོར་བྲིས། །ཞེས་གནང་བ་བྱིན་ནས་ས་དེ་ཉིད་དུ་ཐིམ་པས་གསེར་གྱི་ས་གཞིར་གྱུར་པར་བསམ་མོ། །དྲུག་པ་ས་གཟུང་བ་ལ་བློ་དང་སྟང་སྟབས་གཉིས་ལས། དང་པོ་བློས་གཟུང་བ་ནི། རྟོགས་སླ་ལས། བདག་གིས་སེམས་ཅན་དོན་བྱའི་ཕྱིར། །ལྷ་མོ་ཁྱོད་ཀྱིས་དཔང་གྱིས་ཤིག །རིན་ཅེན་སྣ་ཚོགས་ཕྱེ་བཏགས་པས། །བདག་གི་དོན་ཡོད་དཀྱིལ་འཁོར་བྲི། །ཞེས་བརྗོད་ཅིང་དོན་བསམ་མོ། །གཉིས་པ་སྟང་སྟབས་ཀྱིས་(༨བ)


GLG022_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཟུང་བ་ལ་གསོལ་གདབ་དང་། བགེགས་སྐྲོད་གཉིས་ལས། དང་པོ་གསོལ་བ་གདབ་པ་ནི། ཁྲག་འཐུང་གི་གར་འཆམ་བྱེད་ན་དཔོན་སློབ་ཐམས་ཅད་བསེ་ཞུ་ཕོད་ཀ་སོགས་ཀྱི་ཆས་གཞུག་བྱ། མི་བྱེད་ན་སློབ་དཔོན་གར་གོས་སྔོན་པོ། རྒྱན་དྲུག་གིས་སྤྲས་ཤིང་རྡོར་དྲིལ་ཐོགས། ཕྱོགས་བཞིར་གཽ་རཱི་མ་སོགས་ལྷ་མོའི་ང་རྒྱལ་འཛིན་པའི་སློབ་མ་རྣམས་རྡོར་དྲིལ་དང་བཅས་མཆོད་རྫས་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷནྡྷ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་དངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བ་བསམ་གྱིས་མི་ཁྱབ་པར་བསམ། ཨོཾ་ཨ་ཧ་ར་ནས་ཨོཾ་བཛྲ་བི་སྤུ་ར་ཡེ་ཧཱུཾ་གི་བར་བརྗོད། ལས་བྱང་ནས། ཧཱུཾ་རང་བྱུང་གདོད་ནས་དག་པའི་རྫས་ཞེས་པ་ནས་མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི་བར་གྱིས་སྨན་མཆོད་དབུལ། རོལ་མོ་དབྱངས་དང་བཅས་ཏེ། ཤར་ནས། དབང་གཞུང་ལས། ཨོཾ། བྱམས་ཆེན་ནམ་མཁའི་རིགས་སྦྱོར་བ། །འཇིག་རྟེན་འཛིན་རྒྱལ་འཇིགས་པའི་སྐྱབས། །རྣམ་འབྱེད་གསལ་བའི་ཆོས་མཆོག་ཅན། །ཡང་དག་ཡེ་ཤེས་སྤྱོད་པ་གྲོལ། །ཨ་ལ་ལ་ཧོཿ ལྷོ་ནས། སྭཱ། ཐུགས་རྗེའི་གནས་མཆོག་དག་པའི་ངོས། །མཉམ་ཉིད་ཆོས་ཀུན་འབྱུང་བའི་ཞིང་། །ཡོན་ཏན་རིན་ཅེན་མཛོད་སྟོན་པའི། །རྣམ་འཕྲུལ་ཆོས་ལ་རབ་ཏུ་གྲོལ། །ཨ་ལ་ལ་ཧོཿ ནུབ་ནས། ཨཾ། དགའ་བའི་པདྨོ་མཚན་ལྡན་པ། །ཀུན་རྟོགས་དངོས་གསལ་ཆགས་པ་མེད། །རྡོ་རྗེ་གསང་གསུམ་སྔགས་འདོན་པའི། །བརྗོད་འབྱུང་ཚིག་ལས་འདས་པའོ། །ཨ་ལ་ལ་ཧོཿ བྱང་ནས། ཧཱ། བཏང་སྙོམས་གནས་ངན་དྲ་བ་ལེན། །(༩ན)


GLG022_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་བདག་པོ་སྟོབས་རྫོགས་པ། །བྱ་བའི་ཡེ་ཤེས་མཐར་མཛད་ཅིང་། །སྤྲུལ་པའི་དཀྱིལ་འཁོར་བསྟེན་དུ་གསོལ། །ཨ་ལ་ལ་ཧོཿ དེ་ནས་ཐམས་ཅད་ཀྱི་མགྲིན་གཅིག་ཏུ། །ཨོ། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གཙོ། །སྡིག་པ་ཐམས་ཅད་ལས་གྲོལ་ཞིང་། །བསོད་ནམས་དངོས་གྲུབ་ཀུན་འབྱུང་བའི། །རྒྱལ་བ་ཀུན་གྱི་འབྱུང་གནས་མཆོག །མཐོང་དཀའ་མཐོང་བས་གྲོལ་བྱེད་པ། །ལམ་མཆོག་གསང་བ་ཆེན་པོའི་ཚོགས། །བདག་ཉིད་ཆེན་པོས་བསྟན་དུ་གསོལ། །ཨ་ལ་ལ་ཧོཿ ཞེས་བསྟོད་ཅིང་གསོལ་བ་གདབ། གཉིས་པ་བགེགས་སྐྲོད་པ་ལ་བྱིན་བརླབ། བཀའ་བསྒོ། སྟང་སྟབས་དང་གསུམ་ལས། དང་པོ་བྱིན་གྱིས་བརླབ་པ་ནི། དབང་གཞུང་གི་དགོངས་པ་དང་ཕལ་ཆེར་མཚུངས་པས་རྟོགས་སླ་ལས། ཛི་མཉམ་སྦྱོར་རིགས་་བསྡུས་ནས་བཤད། ཧ་ཧི་ཧི་ཛཿཛིཿཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་འབྲུ་བཅུ་དང་སུམྦྷ་བརྗོད་པས་སྐྱེ་མཆེད་བྱིན་བརླབ་ནས་བྱུང་བའི་རྟ་དབང་གཞུང་གི་དམིགས་བསལ། མཆོག་རོལ་པའི་ང་རྒྱལ་གཟུང་། མ་སུཪྻ་མཎྜལ། ཨ་ཙནྡྲ་མཎྜ་ལ། ཞེས་པས་མིག་གཡས་གཡོན་གཉིས་བྱིན་གིས་བརླབ། སྣའི་རྩེ་མོར་ཡཾ་དབང་གཞུང་ལས་བྱུང་། ལྗང་གུ་དང་རྐང་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེ་རེར་བསམས་ལ། ཧཱུཾ་བི་ཤྭ་བཛྲ་ཞེས་བརྗོད་པས་བྱིན་གྱིས་བརླབས་ལ། སྤྲོ་ན། གཡས་གཡོན་སྤྱན་ཟུར་མ་ཨ་ལས། །བྱུང་བའི་ཉི་ཟླའི་དཀྱིལ་འཁོར་ལས། །སྤྲོས་པའི་འོད་དང་སྣ་རྩེའི་ཡཾ། །ལས་འཕྲོས་རླུང་གིས་བགེགས་སོགས་ཀུན། །མ་ལུས་ཐམས་ཅད་བསྐྲད་པར་བྱ། །བཛྲ་དྲྀཥྚི་མ་ཨ། ཡང་གཡས་སུ་བསྐོར་བས་ཕྱོགས་མཚམས་སྟེང་འོག་(༩བ)


GLG022_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྡོ་རྗེའི་ར་གུར་དུ་གྱུར་པར་བསམས་ཤིང་། གཡས་གཡོན་མིག་གཉིས་མ་ཨ་ལས། །བྱུང་བའི་ཉི་ཟླའི་དཀྱིལ་འཁོར་ལས། །སྤྲོས་པའི་རྡོ་རྗེ་རབ་འབར་བས། །ཕྱོགས་ཀུན་རྡོ་རྗེའི་རྭ་བར་གྱུར། །ཀྲོ་དྷ་དྲྀཥྚི་མ་ཨ། ཞེས་བརྗོད་ཅིང་དོན་བསམ་མོ། །གཉིས་པ་བཀའ་བསྒོ་བ་ནི། གཡས་རྡོ་རྗེ་གསོར། གཡོན་དྲིལ་བུ་གསིལ་ཏེ་རུ་ལུ་དང་འབྲུ་བཅུ་བརྗོད་ཅིང་རྡོ་རྗེའི་འགྲོས་ཀྱིས་བྱང་ཤར་དུ་སོང་ལ། དབང་གཞུང་ལས། ཧཱུཾ། ལྷ་ཀླུ་གནོད་སྦྱིན་འབྱུང་པོ་དང་། །དྲི་ཟ་སྲིན་པོ་ཤ་ཟའི་ཚོགས། །གཤིན་རྗེ་མ་མོ་མཁའ་འགྲོ་གདུག །གནོད་བྱེད་དྲག་པོ་མ་ལུས་རྣམས། །གང་དག་ས་གཞི་འདིར་གནས་པ། །སྲུང་བྱེད་ས་ཡི་བདག་པོའི་བཀའ། །ཐོས་པ་ཙམ་གྱིས་མྱུར་དུ་དེངས། །ང་ཡི་བཀའ་ལས་འདའ་མ་བྱེད། །གང་ཞིག་གནས་པའི་མཐུ་བོ་ཆེ། །རྡོ་རྗེ་ཐོ་བ་ཁ་ཊྭཱཾ་གིས། །ཐལ་བའི་ཐོག་བཞིན་གཤེག་པར་བྱེད། །རབ་འབར་ཁྲོ་བོས་གནས་འཇོམས་པ། །རྡོ་རྗེ་འབར་བའི་གཟུགས་འདི་ཡིས། །གལ་ཏེ་གང་གིས་དམ་ཚིག་བཅག །འདོད་གསུམ་སྐྱེས་རྣམས་དག་བྱས་ཏེ། །འཇིག་པར་འགྱུར་ཞིང་གཞན་འདིས་མེད། །ཅེས་ལན་གསུམ་བརྗོད་ལ་རུ་ལུ་འབྲུ་བཅུ་སུམྦྷ་བཟླ། སཏྫ་རཱ་ཛའི་སྤོས་ཀྱིས་བདུག །རོལ་མོའི་སྔ་འགྱུར་སྒྲུབ་ཆེན་ལྟར་བྱེད་ན་མཐུན། ཆུ་ཐུན། ཡུངས་ཀར་སིལ་མ། གྲི་ཤིང་སོགས་ཀྱིས་ཚམ་ངམ་ཆེ་བར་བྱེད། སྒྲ་རྒྱ་ཆེར་བྱ། དེ་ནས་རྡོ་རྗེའི་འགྲོས་ཀྱིས་གཡས་སྐོར་དུ་ལན་གསུམ་བསྐོར་ཞིང་ཧཱུཾ་གི་སྒྲ་དྲག་ཏུ་བསྒྲགས་པས། ཉི་མ་ཟླ་བ་རྡོ་རྗེ་ལས་འོད་ཟེར་བྱུང་བས་གདུག་པ་ཅན་རྣམས་བསྲེགས་བཅོམ་རླུང་གིས་གཏོར་ལྷག་མ་རྣམས་གཞན་དུ་བྱེར་བར་བསམ་མོ། །གསུམ་པ་སྟང་སྟབས་དངོས་བྱ་བ་ནི། བྱང་ཤར་ནས་སློབ་དཔོན་དབུས་དང་སློབ་མ་ཕྱོགས་བཞིར་འཁོད་དེ། ཤར་དུ་གཡས་བརྐྱང་། ལྷོར་(༡༠བ)


GLG022_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བརྐྱང་། ནུབ་ཏུ་ས་ག །བྱང་དུ་ཟླུམ་པོ། དབུས་སུ་མཉམ་པ། ཁ་སྦྱོར། རུས་སྦལ་རྩེ་གཅིག །བུང་བའི་དྲ་བ་སྟེ་སྟང་སྟབས་བརྒྱད་བྱ་ལ། སྤྲོས་པ་ཆེ་བར་འདོད་ན། ཕུར་པའི་རྩ་འཆམས་ལ་ལྷ་འབྱིན་འཇུག་བྱས་ན་སྤྱིར་བཀའ་བརྒྱད་དབྱིབས་གཅིག་པ་དང་། ཁྱད་པར་ཡང་ཕུར་ཟུང་འབྲེལ་ཡིན་པས་རིག་བཟོའི་མགོན་མང་ལ་བློ་བཟོའི་ཕུར་འཆམས་འགེབས་པ་དང་ནི་མི་འདྲའོ། །བདུན་པ་བསྲུང་བ་བྱ་བ་ལ་ཕུར་གདབ་དང་བསྲུང་འཁོར་གཉིས་ལས། དང་པོ་ཕུར་བུས་གདབ་པ་ནི། ཁྲག་འཐུང་གལ་པོ་ལས། ཕུར་པ་དར་གྱི་ཅོད་པན་ཅན། །ངོས་ལ་ཧཱུཾ་བཅུ་བྲིས་པ་ཡང་། །ཁྲོ་བོ་བཅུ་རུ་བྱིན་བརླབས་ནས། །ཞེས་དང་། དབང་པུཎྜ་རཱི་ཀར་མཚམས་ཀྱི་དུས་ཕུར་བུ་དར་གྱི་ཅོད་པན་ཅན་བཏགས་ལ་ཞེས་བྱུང་། གཞུང་ལས། ཁྲོ་བོ་ཆེན་པོ་སྟོབས་ཆེན་དག་སྤྲིན་སྒྲ་ལ་སོགས་པའི་ཕུར་བུས་གདབ། ཅེས་དང་། དེ་ནས་བསྲུང་བའི་འཁོར་ལོའི་སྦྱོར་བས་མཚམས་ཀྱི་ལས་བྱས་ཏེ། ཕུར་བུ་དར་གྱི་ཅོད་པན་ཅན་བཅུ་ཁྲོ་བོ་ཆེན་པོར་བསྐྱེད་ཅིང་ཡེ་ཤེས་ཀྱི་ཁྲོ་བོ་དགུག་གཞུག་གཉིས་སུ་མེད་པར་བྱས་ནས། མཆོད་ཅིང་བསྟོད་དེ་བཟླས་བརྗོད་རྫོགས་པར་ཕུལ་བས་མཉེས་ཤིང་བརྟན་པར་བྱས་ནས། ཕྱོགས་སྐྱོང་གི་གཟུགས་ལ་གདུག་པའི་སེམས་ཕབ་སྟེ་གདབ་པར་བྱའོ་ཞེས་པ་ཙམ་ལས་མ་བྱུང་ཡང་། རང་ཉིད་རྟ་མཆོག་ཧཱུཾ་མཛད་ཀྱི་རྣམ་པར་བསྒྱུར་པ་ནི། ཁྲག་འཐུང་གལ་པོ་ལས། ཧཱུཾ། ཉི་མའི་དཀྱིལ་འཁོར་དབུས་གནས་པས། །དབྱར་གྱི་སྤྲིན་ཕུང་ལྟ་བུ་ཉིད། །བསྐལ་པའི་མེ་དཔུང་རབ་ཏུ་འབར། །གཡས་བརྐྱང་བར་ནི་རབ་ཏུ་གནས། །སྨིན་མཚམས་ཁྲོ་གཉེར་དམར་བའི་སྤྱན། །ཞལ་གསུམ་མཆེ་གཙིགས་རྣམ་པར་བསྒྱུར། །ཕྱག་གཉིས་ཧཱུཾ་གི་རྒྱ་བཅིངས་པའི། །(༡༠བ)


GLG022_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རྡོ་རྗེ་དྲིལ་བུ་འཛིན། །གཡས་གཉིས་ལྕགས་ཀྱུ་རལ་གྲི་དང་། །གཡོན་གཉིས་དགྲ་སྟ་ཞགས་པ་བསྣམས། །གཏུམ་ཆེན་ཁྲོ་བོ་འབར་བའི་གཟུགས། །བཟོད་པར་དཀའ་བའི་གཟི་ལྡན་བསམ། །ཧཱུཾ་ཀཱ་ར་བཛྲ་མཧཱ་ཀྲོ་དྷ་ཧཱུཾ། ཞེས་པས་རང་ཉིད་ཧཱུཾ་མཛད་ཀྱི་བསྐྱེད་རིམ་གསལ་བཏབ། མཚན་ཉིད་དང་ལྡན་པའི་ཕུར་པ་བཅུར། རཀྟའི་ཐིག་ལེ་སོགས་བྱུག་པའི་རྫས་གསུམ་འབྱུག །གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་བནྡྷ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་མཐུ་བསྐྱེད། སྭ་བྷཱ་ཝས་སྦྱངས། དེ་ཉིད་ལས། ཧཱུཾ། རྡོ་རྗེ་ཕུར་བུ་ཉིད་གནས་པས། །ཨུཏྤལ་སྔོན་པོའི་འདབ་འདྲ་བ། །འབར་བའི་འཕྲེང་བ་འཁྲིགས་པའི་འོད། །ལྟེ་བ་མན་ཆད་ཆ་རྣམས་ནི། །རྩེ་མོ་ལྟ་བུར་རྣམ་པར་བསམ། །སྐུ་སྟོད་ཁྲོ་བོ་ལྟ་བུ་ཉིད། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །དཔལ་དང་དུར་ཁྲོད་ཆས་བརྒྱན་བསམ། ཁྲོ་བོ་བཅུའི་སྔགས་བརྗོད། ཨེ་སྥ་ར་ཎ་ཕཊ། ཕུར་གདན་གྲུ་གསུམ་འབར་བར་བསམ། །རྒྱུད་ཀྱི་དགོངས་དོན་ཉུང་ངུར་བསྡུས་ཏེ། རང་ཉིད་ཧཱུཾ་མཛད་དུ་གསལ་བས་ཁྲོ་བོ་འདོད་པའི་རྒྱལ་པོ་ལ་བཀའ་བསྒོས་པས། སཱུཪྻ་ཙནྡྲཱ་ཡ། ཨིནྡྲཱ་ཡ། ཨགྣ་ཡེ། ཡ་མཱ་ཡ། ནྲྀ་ཏ་ཡེ། ཝ་རུ་ཎཱ་ཡ། ཝཱ་ཡ་བེ། ཀུ་བེ་རཱ་ཡ། ཨཱི་ཤ་ནཱ་ཡ། ནཱ་གེ་བྷྱཿ ཕྱོགས་སྐྱོང་གདན་དུ་བཏང་བར་བསམ། །སླར་ཡང་ཧཱུཾ་མཛད་ཀྱིས་གནོད་མཛེས་ལ་བཀའ་བསྒོས་པས། སྤྲུལ་པའི་གནོད་མཛེས་ཕྱོགས་བཅུར་སྤྲོས་ཏེ་བགེགས་རྣམས་བཀུག་པར་བསམ། སུམྦྷ་བརྗོད་ཅིང་ཛཿཧཱུཾ་བཾ་ཧོཿས་བསྟིམ། ཕུར་པ་བསྒྲིལ་ཞིང་ཀཱི་ལཱ་ཡ་ཉེར་གཅིག་སོགས་བཟླས་ནས་གནོད་མཛེས་ཀྱི་ཕྱག་གཡོན་གྱི་ཕུར་བུ་བགེགས་ཚོགས་ཀྱི་སྤྱི་བོར་བཙུགས། གཡས་ཀྱི་ཐོ་བས་བརྡུངས་པས་རྐང་མཐིལ་གྱི་བར་ཕུག་སྟེ་དབང་(༡༡ན)


GLG022_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གསེར་གྱིས་གཞི་ལ་ཐུག་གི་བར་སོང་བར་བསམ། ཨོཾ་གྷ་གྷ་གྷཱ་ཏ་ལ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཕཊ་ཀཱི་ལཱ་ཡ་ཀཱི་ལཱ་ཡ་ཕཊ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ། བཛྲ་ཀཱི་ལཱ་ཡ། བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ལ་ཝཱ་ཀྩིཏྟ། བཛྲ་ཀཱི་ལཱ་ཡ་ཧཱུཾ་ཕཊ་ཅེས་བརྗོད་དེ་ཕུར་གདབ་བྱའོ། །གཉིས་པ་བསྲུང་འཁོར་དངོས་ནི། ལས་བྱང་གི་ཐུགས་ཀའི་ཧཱུཾ་ལས་མཚོན་ཆ་སྣ་ཚོགས་ཞེས་སོགས་ཀྱིས་བསྲུང་འཁོར་རྫོགས་པར་བསྒོམ། གསུམ་པ་སྟ་གོན་ལ་གཏོར་མ། རྒྱལ་ཆེན། དམ་སྲི། སྒོ་བྱང་། མ་ཏྲཾ། ཆག་ཆག །ཐོག་འདེབས། ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་ཏེ་བཅུ་ལས་དང་པོ་གཏོར་མ་སྐབས་འདིར་མགྲོན་རིགས་རྣམས་ལ་གཏོར་མ་གཏོང་བ་དབང་གཞུང་དུ་བྱུང་བའི་རྗེས་སུ་འབྲངས་པུཎྜ་རཱིཀཱའི་་རྒྱུད་དུའང་གཏོར་མ་ཆ་གསུམ་གཏོང་བར་བཤད་ཅིང་སོ་མཆན་དུ་རབ་ཆ་བཅོ་ལྔ་འབྲིང་ཆ་གསུམ་མཐའ་མ་ཆུ་གཏོར་ཞེས་བྱུང་། གཏོང་བ་ནི། མཎྜལ་གྱི་སྟེང་དུ་དྲི་དང་བཅས་པའི་ཚོམ་བུ་བཀོད། མཆོད་པ་དང་གཏོར་མ་བཞི་བཤམས་ཏེ། ས་སློང་བའི་སྐབས་ལྟར་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དཀོན་ཅོག་སྲི་ཞུའི་མགྲོན། མགྲོན་པོ་ཡོན་ཏན་གྱི་མགྲོན། རིགས་དྲུག་སྙིང་རྗེའི་མགྲོན། ལན་ཆགས་བགེགས་རིགས་ཀྱི་མགྲོན་དང་བཅས་པ་ཐམས་ཅད་སྐད་ཅིག་གིས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སྟྭཾ་གྱིས་གདན་ཕུལ། ཨརྒྷཾ་ནས་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཁྲག་འཐུང་གལ་པོ་ལས། ཧཱུཾ། སངས་རྒྱས་སྐུ་གསུམ་རྣམ་པར་དག །དོན་དམ་བསྒྲུབ་དང་བསྟན་པའི་ཆོས། །ཉན་རང་བྱང་ཆུབ་སེམས་དཔའ་ལ། །མཆོད་སྦྱིན་གཏོར་མ་འབུལ་གྱིས་བཞེས། །གཙོ་བོ་སྣང་མཛད་སྣང་མཐའ་ཡས། །ས་སྤྱན་གོས་དཀར་མཱ་མ་(༡༡བ)


GLG022_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱི། །འཇམ་དཔལ་སྤྱན་རས་ཕྱག་རྡོར་དང་། །གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ། །རྩེ་མོ་རྣོན་པོ་ཀཱི་ལཱ་ཡར། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱིས། །ཨོཾ་ཨ་རྡོ་རྗེ་ཐལ་་མོ་ཁ་ཕྱེ་བའི་ཕྱག་རྒྱ་དང་བཅས། ཀཱ་རོ་མུ་ཁཾ། སརྦྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་གསུམ་གྱིས་དབུལ། ཧཱུཾ། གནོད་སྦྱིན་ནོར་བུ་བཟང་པོ་དང་། །ནོར་བཟང་གནོད་སྦྱིན་གནོད་སྦྱིན་ཆེ། །རྒྱལ་བ་འཁྱིལ་པ་རོལ་པའི་འཕྲེང་། །སྒོ་དབང་སྤྱོད་དབང་གནོད་སྦྱིན་བརྒྱད། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱིས། །བཞེས་ལ་སྒྲུབ་པའི་འཕྲིན་ལས་མཛོད། །ཨོཾ་ཡཀྵེ་ཤྭ་ར་ཡེ་སྭཱ་རྒྱུད་ལས། ཐལ་མོ་བཀན་ཏེ་གུང་མོ་སྒྲེང་། གཡོན་པ་མཛུབ་བཀུག་གནོད་སྦྱིན་རྒྱ། །ཞེས་བཤད། ཧཱའི་མཐར་གོང་གི་གཏོར་སྔགས་སྦྱོར། ཧཱུཾ། དབང་ཕྱུག་ཆེ་དང་བིཥྞུ་དང་། བྷྲིངྒི་རི་ཏི་དགའ་བྱེད་དང་། །གཞོན་ནུ་སྨིན་དྲུག་ཚོགས་ཀྱི་བདག །སྟོབས་བཟང་ལེགས་ལྡན་ལྷ་ཆེན་བརྒྱད། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱིས། བཞེས་ལ་སྒྲུབ་པའི་འཕྲིན་ལས་མཛོད། །ཨོཾ་དེ་ཝ་པྲ་ས་ནཱ་ཡ་ཁོང་སྟོད་གུང་མོ་གཤིབས་ལ་བསྣོལ། མཛུབ་བཀུག་མཐེ་བོང་སྟེང་བཞག་ལྷ། ཞེས་སོ། །སྭཱཧཱའི་མཐར་གཏོར་སྔགས་སྦྱོར། ཧཱུཾ། མཐའ་ཡས་དང་ནི་འཇོག་པོ་དང་། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་། །ནོར་རྒྱས་བུ་དང་དུང་སྐྱོང་དང་། །པདྨ་ཆུ་ལྷ་ཀླུ་ཆེན་བརྒྱད། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱིས། །བཞེས་ལ་སྒྲུབ་པའི་འཕྲིན་ལས་མཛོད། །ཨོཾ་རེ་རེ་ན་ཏི་ནཱ་ཐལ་མོ་སྦྲུལ་མགོའི་གདེངས་ཀ་ལྟར། བཟུང་བ་ཀླུ་རྣམས་ཕྱག་རྒྱ་ཡིན། །ཞེས་སོ། །ག་ལི་རི་ལི་རི་ཕུ་ཏ་ཏ་རེ་ཙེ་ཏེ་སྭཱ་ཧཱའི་མཐར་གཏོར་སྔགས་སྦྱོར། ཧཱུཾ། པ་ཝ་སངས་དང་མིག་དམར་དང་། །ཕུར་བུ་དང་ནི་སྒྲ་གཅན་འཛིན། །ཟླ་བ་དང་ནི་ཉི་མ་དང་། །གཟའ་ལྷག་སྤེན་པ་གཟའ་ཆེན་བརྒྱད། །མཆོད་སྦྱིན་གཏོར་མ་འདི་(༡༢ན)


GLG022_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་གྱིས། །བཞེས་ལ་སྒྲུབ་པའི་འཕྲིན་ལས་མཛོད། །ཨོཾ་གཟའ་རྣམས་ལག་གཉིས་གཅིག་ཏུ་སྦྱར། མཐེ་བོང་གཉིས་ནི་གཤིབས་ཏེ་བསྒྲེང་། ཞེས་སོ། །གྲ་ཧེ་ཤྭ་རི་ཏྱ་པྲ་བ་ཏ་ཛོ་ཏི་མཱ་ཡ་སྭཱ་ཧཱའི་མཐར་གཏོར་སྔགས་སྦྱོར། ཧཱུཾ། སྨིན་དྲུག་དང་ནི་སྣར་མ་དང་། །མགོ་དང་ལག་དང་ནབས་སོ་དང་། །རྒྱལ་དང་སྐག་ནི་ཤར་ན་གནས། །མཆུ་དང་གྲེ་དང་སྦོ་དང་ནི། །མེ་བཞི་ནག་པ་ས་རི་དང་། །ས་ག་བདུན་ནི་ལྷོ་ན་གནས། །ལྷ་མཚམས་གཟི་བརྗིད་ཆེན་མོ་དང་། །དེ་བཞིན་སྣྲོན་དང་སྣུབས་དང་ནི། །ཆུ་སྟོད་དང་ནི་ཆུ་སྨད་དང་། །གྲོ་བཞིན་བྱི་བཞིན་ནུབ་ན་གནས། །མོན་གྲུ་དང་ནི་མོན་དྲེ་དང་། །དེ་བཞིན་ཁྲུམས་སྟོད་ཁྲུམས་སྨད་དང་། །ནམ་གྲུ་དང་ནི་ཐ་སྐར་དང་། །བྲ་ཉེ་བདུན་ནི་བྱང་ན་གནས། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱིས། །བཞེས་ལ་སྒྲུབ་པའི་འཕྲིན་ལས་མཛོད། །ཨོཾ་ནཀྵ་ཏྲ་ནི་རན་པ་ནི་ཡེ་སྭཱ་ཧཱའི་རྒྱུ་སྐར་རྣམས་ཀྱི་དེ་ཉིད་ལས། །གུང་མོ་མཐེ་བོང་གཉིས་ལྡོག་སྦྱར། །ཞེས་སོ། །མཐར་གཏོར་སྔགས་སྦྱོར། ཧཱུཾ། ལྷ་དང་ཀླུ་དང་དྲི་ཟ་དང་། །མིའམ་ཅི་དང་ལྟོ་འཕྱེ་དང་། །འདབ་བཟང་གྲུལ་བུམ་སྲིན་པོ་བརྒྱད། །ཧ་རི་ཀ་དང་པཉྩི་ཀར། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱིས། །བཞེས་ལ་སྒྲུབ་པའི་འཕྲིན་ལས་མཛོད། །ཨོཾ་སྭ་ས་མཆོད་སྦྱིན་གྱི་རྒྱ་སྭཱ་ཧཱ། ཨོཾ་ནཱ་ག་སྭཱ་ཧཱ། ཨོཾ་བི་ཤུདྡྷེ་སྭ་ར་ཧི་ནི་སྭཱ་ཧཱ། ཨོཾ་མཧཱ་ས་ནན་བི་ཧ་ས་ནན་སྭཱཧཱ། ཨོཾ་ག་ར་ལན་བི་ར་ལན་སྭཱཧཱ། ཨོཾ་ཧྲི་ཧ་སྭཱ་ཧཱ། ཨོཾ་བི་ཤུདྡྷི་སྭཱ་ཧཱ། ཨོཾ་རཀྵ་ནི་སྭཱ་ཧཱའི་མཐར་གཏོར་སྔགས་སྦྱོར།ཧཱུཾ། ལྷ་ཡི་གདོན་དང་འབྱུང་པོའི་གདོན། །ཚངས་པ་གནོད་སྦྱིན་དྲི་ཟའི་གདོན། །སྲིན་པོའི་གདོན་དང་ཀླུ་ཡི་གདོན། །ལོག་འདྲེན་གདོན་དང་བརྗེད་བྱེད་གདོན། །སྨྱོ་བྱེད་གདོན་དང་ལྷ་(༡༢བ)


GLG022_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན། །ཤ་ཟའི་གདོན་དང་སྲུལ་པོའི་གདོན། །བེ་ས་ར་ཡི་གདོན་དང་ནི། །ནམ་གྲུའི་གདོན་དང་བྱ་ཡི་གདོན། །སྐེམ་བྱེད་གདོན་དང་གཞོན་ནུའི་གདོན། །མཆོད་གཏོར་འདི་ལོང་འཕྲིན་ལས་མཛོད། །ཨོཾ་དེ་བ་གཡས་པས་མཆོད་སྦྱིན་འདེབས་པ་ལས། །གཡོན་པས་མཆོད་སྦྱིན་མིག་ལ་གཏད། །ཅེས་སོ། །ག་ཎེ་བྷྱཿསྭཱ་ཧཱ། ནཱ་བ་ག་ཎེ་བྷྱཿསྭཱཧཱ། ཨ་སུ་ར་ག་ཎེ་བྷྱཿསྭཱཧཱ། མ་རུ་ཏ་ག་ཎེ་བྷྱཿསྭཱཧཱ། ག་རུ་ཌ་ག་ཎེ་བྷྱཿསྭཱཧཱ། གནྡྷ་རྦ་ག་ཎེ་བྷྱཿསྭཱཧཱ། ཀིཾ་ན་ར་ག་ཎེ་བྷྱཿསྭཱཧཱ། མ་ཧོ་ར་ག་ག་ཎེ་བྷྱཿསྭཱཧཱ། ཡཀྵ་ག་ཎེ་བྷྱཿསྭཱཧཱ། རཱཀྵ་ས་ག་ཎེ་བྷྱཿསྭཱཧཱ། པྲེ་ཏ་ག་ཎེ་བྷྱཿསྭཱཧཱ། པི་ཤཱ་ཙ་ག་ཎེ་བྷྱཿསྭཱཧཱ། བྷཱུ་ཏ་ག་ཎེ་བྷྱཿསྭཱཧཱ། ཀུམྦྷཎྜ་ག་ཎེ་བྷྱཿསྭཱཧཱ། པུཏ་ག་ཎ་བྷྱཿསྭཱཧཱ། ཀ་ཏ་བྷཱུ་ཏ་ག་ཎེ་བྷྱཿསྭཱཧཱ། ཀནྡ་ག་ཎེ་བྷྱཿསྭཱཧཱ། ཨུནྣནྟ་ག་ཎེ་བྷྱཿསྭཱཧཱ། ཙ་ཡཾ་ག་ཎེ་བྷྱཿསྭཱཧཱ། ཨ་པ་སྨཱ་རཱ་ག་ཎེ་བྷྱཿསྭཱཧཱ། ཨི་ཏ་ར་ག་ག་ཎེ་བྷྱཿ སྭཱཧཱའི་མཐར་གཏོར་སྔགས་སྦྱོར། ཧཱུཾ། འགྲོ་བ་རིགས་དྲུག་ལ་སོགས་པ། །ལན་ཆགས་སྙིང་རྗེའི་མགྲོན་ཚོགས་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྣམས། །མཆོད་སྦྱིན་འདི་ཡིས་ཚིམ་པར་བྱོས། ཨ་སུ་ནྲྀ་ཏྲི་པྲེ་དུ་ཛ། གུངྐ་ར་གུངྐ་ལག་པ་གཡོན་པ་ཁུ་ཆུར་བཅང་། མཛུབ་མོ་བསྒྲེང་ལ་གཏོར་མ་བཏང་། །ཞེས་སོ། །ར་སྭཱཧཱ། པི་ཙི་པི་ཙི་སྭཱཧཱ། ར་ར་ས་ས། ཏྲི་ཏྲི། ག་གུཾ་གུཾ། ཛཿཧཱུཾ་བཾ་ཧོཿ ཨོཾ་ཏྲངྐ་རེ་ཏྲངྐ་རི་སྭཱ་ཧཱ། པི་ཙི་པི་་ཙི་སྭཱཧཱ། གུངྐ་རི་གུངྐ་རི་སྭཱཧཱ། ཨ་མནྟ་ཏིཀྵ་རཱ་ཛཱ་ནཱན་སྭཱཧཱ། བོ་བུ་ཏ་མཱན་སྭཱཧཱ། བ་ལ་ཏ་ལ་བ་ས་ནཱན་སྭཱཧཱ། མི་ཏྲི་ནཱན་སྭཱཧཱ། གྲ་ཧ་ནཱན་སྭཱཧཱའི་མཐར་གཏོར་སྔགས་སྦྱོར། ཞེས་བསྔོས་ཏེ་འཇིག་རྟེན་པའི་གཏོར་མ་རྣམས་ཕྱིར་དོར་རོ། །གཉིས་པ་རྒྱལ་རྟོགས་པར་སླ་བར་འོག་ཏུ་བྱུང་བ་ཐམས་ཅད་མཁྱེན་པ་ལ་འཁྲུལ་པ་མི་མངའ་ཞིང་རྙིང་མ་ཕྱོགས་ལ་མཐའ་གཅིག་ཏུ་ངེས་པ་མི་འདུག་རུངས་འདིར་དབང་གཞུང་དང་བཀའ་བརྒྱད་(༡༣ན)


GLG022_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྔ་འགྱུར་ཕལ་ཆེར་མཐུན་པར་བྱུང་བའི་རྗེས་སུ་འབྲངས་ཤིང་སོ་མཆན་དུ་རྒྱལ་ཆེན་གྱི་གཏོར་མ་གོང་གི་འབྱུང་པོའི་ཁོངས་སུ་བསྡུས། ཆེན་མཐོ་འཛུགས་ནི། ཁྲོ་བོ་པུཎྜ་རཱི་ཀཱའི་ལེའུ་དང་པོར། ས་བཅད་ཙམ་དང་དབང་གཞུང་དུ་ཁྱད་པར་གྱི་གཏོར་མ་བཞི་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་འབུལ་ཟེར་བའི་ཁུངས་ཙམ་ལས་མ་བྱུང་ཞིང་ཁྲག་འཐུང་གལ་པོ་ཆེ་ལས། ཕྱོགས་བཞིར་མཐོ་བཞི་བཙུགས་ནས་ཀྱང་། །རྒྱལ་པོ་ཆེན་པོ་སྡེ་བཞི་ལ། །ཕྱི་མཚམས་གཅོད་པའི་འཕྲིན་ལས་འཆོལ། །ཞེས་པ་ལྟར་བྱུང་ནའང་དོན་ལ་ཁྱད་པར་མེད་ཕྱིན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་རྟོགས་པར་སླ་བ་ལས། ཕྱོགས་བཞིར་མཐོ་བཞི་བརྩིགས་ལ་རྒྱལ་ཆེན་བཞིའི་ཙཀ་ལི་གཟུགས། ཐོག་མར་ཤར་གྱི་རྩར་དྲིའི་མཎྜལ་བྱས་མཆོད་པ་ལྔ་དང་དཀར་གསུམ་དངར་གསུམ། འབྲུ་སྣ་ཚོགས་པའི་གཏོར་མ་བཤམས་ལ། རང་ཡང་དག་སྔ་དྲོ་ལས་བྱང་གྱེར་ཡོད་ན་འདི་དང་སྐྱབས་སེམས་མི་དགོས་པ་འདྲའོ། །ཏུ་གསལ་བཏབ་ལ་སྭ་བྷཱ་ཝས་སྦྱངས་སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷ་རྫས་ལས་གྲུབ་པའི་མཆོད་གཏོར་དངས་ཤིང་ཐོགས་པ་མེད་པ་ས་དང་ནམ་མཁའ་བར་སྣང་ཐམས་ཅད་ཁྱབ་པ་ཀུན་ཏུ་བཟང་པོའི་་རྣམ་འཕྲུལ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པར་བསམ། སྐྱབས་འགྲོ་སེམས་བསྐྱེད། སྟོང་ཉིད་བསྒོམ་པ་སྔོན་དུ་འགྲོ་བས་སྐུའམ་མཐོ། རིན་པོ་ཆེའི་ཁྲིའི་སྟེང་དུ་ཌྷྲྀ་ལས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ལྗང་གུ་ཕྱག་གཉིས་ཀྱིས་པི་ཝཾ་བསྒྲེང་བ། དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་བསྐྱེད། གནས་གསུམ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ། རང་གི་ཐུགས་ཀ་ནས་འོད་འཕྲོས་གྲོང་ཁྱེར་ཡུལ་འཁོར་(༡༣ན)


GLG022_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་ནས་ཡེ་ཤེས་པ་སྤྱན་དྲངས་པར་བསམས་ཤིང་། དྲི་ཟ་དག་གི་བདག་པོའི་རྒྱལ། །ཤར་གྱི་ཕྱོགས་རྣམས་སྐྱོང་བྱེད་པ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །ཡུལ་འཁོར་སྲུང་ནས་གཤེགས་སུ་གསོལ། །ཨོཾ་མཧཱ་རཱ་ཛཱ་ཌྷྲྀ་ཏ་རཱཥྚ་ས་པ་རི་ཝཱ་ར་ཨེ་ཧྱེ་ཏི་ཞེས་བརྗོད། པདྨ་ཀ་མ་ལ་ཡི་སྟྭཾ་གྱིས་གདན་དབུལ། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། གཙང་ཞིང་གཙང་མར་སྦྱར་སྐྱེས་པའི། །ལྷ་རྫས་དམ་པའི་མཆོད་རྫས་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགེས་པར་མཛོད། །ས་པ་རི་ཝཱ་རའི་རྗེས་སུ། ཨི་དཾ། ཨརྒྷཾ། པཱ་དྱཾ། པུཥྤཾ། དྷཱུ་པཾ། དཱི་པཾ། གནྡྷཾ། ཨ་ཧ་ར། ཤཔྟ། པྲ་ཏཱིཙྪ་སྭཱཧཱས་མཆོད་ལ། ས་པ་རི་ཝཱ་རའི་རྗེས་སུ། ལག་པ་པདྨའི་ཐལ་མོ་སྦྱར་བས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལིཾ་ཏེ་སྭཱཧཱ་བཏགས་པས་གཏོར་མ་དབུལ། ཤར་ཕྱོགས་ན་ནི་གནས་སྲུང་པོ། །འཇིག་རྟེན་སྐྱོང་བ་གཟི་བརྗིད་ལྡན། །ཤར་ཕྱོགས་དག་ནི་སྐྱོང་བྱེད་པ། །རྫུ་འཕྲུལ་ཆེ་ལ་སྟོབས་ཀྱང་ཆེ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བར་ཆད་ཐམས་ཅད་ཞི་བ་དང་། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ན་མོ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་རྒྱལ་པོ་ཆེན་པོ་གནས་སྲུང་པོ་འཁོར་དང་བཅས་པ་ལ་འབུལ་ལོ། །གསོལ་ལོ་བསྔོའོ། །སྔོན་གྱི་ཐུགས་དམ་ལ་གནོས་ཏེ་བདག་ཅག་གི་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་འདིར་བརྟན་པར་བཞུགས་ནས་ཕྱིའི་དགྲ་བགེགས་ནང་དུ་མི་བཏང་ཞིང་བར་ཆད་ཐམས་ཅད་ཞི་བ་དང་ཕྱི་མཚམས་སྲུང་ཞིང་དངོས་གྲུབ་མ་ལུས་པ་(༡༤ན)


GLG022_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་་པའི་འཕྲིན་ལས་དམ་པ་མཛད་དུ་གསོལ། ཞེས་བརྗོད་ཅིང་ཏིཥྛ་བཛྲས་བརྟན་པར་བཞུགས་པར་བསྒོམ། དེ་བཞིན་དུ་ལྷོར་གཞན་འདྲ་བ་ལས་བི་ལས་འཕགས་སྐྱེས་པོ་སྔོན་པོ་གཡས་རལ་གྲི་གཡོན་གདན་ལ་བརྟེན་པ་གྲུལ་བུམ་གྱི་ཚོགས་ཀྱིས་བསྐོར་བར་བསྐྱེད། གནས་གསུམ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ། གྲོང་ཁྱེར་འཕགས་པར་སྐྱེས་ནས་ཡེ་ཤེས་པ་སྤྱན་དྲངས་བར་བསམས་ཤིང་། གྲུལ་བུམ་དག་གི་བདག་པོའི་རྒྱལ། །ལྷོ་ཡི་ཕྱོགས་རྣམས་སྐྱེད་བྱེད་པ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །འཕགས་པར་སྐྱེས་ནས་གཤེགས་སུ་གསོལ། །ཨོཾ་མ་ཧཱ་རཱ་ཛཱ་བི་རུ་ཌྷ་ཀ་ས་པ་རི་ཝཱ་ར་ནས་མཆོད་པའི་བར་དང་གཏོར་སྔགས་སུ། ཌྷྲྀ་ཏ་རཱཥྚའི་གནས་སུ་བི་རུ་ཌྷ་ཀ་གཞུག །དབུལ་བ་ནི། ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ཞེས་དང་། ལས་འཆོལ་དུས་འཕགས་སྐྱེས་པོ་ཞེས་གོ་བརྗེ། ནུབ་ཕྱོགས་སུ། བི་ལས་མིག་མི་བཟང་དམར་པོ་གཡས་སྦྲུལ་ཞགས། གཡོན་མཆོད་རྟེན་འཛིན་པ་ཀླུའི་ཚོགས་ཀྱིས་བསྐོར་བར་བསྐྱེད། གྲོང་ཁྱེར་སྣ་ཚོགས་གཟུགས་ནས་སྤྱན་དྲངས་པར་བསམས་ཤིང་། ཀླུ་རྣམས་ཀྱི་ནི་བདག་པོའི་རྒྱལ། །ནུབ་ཀྱི་ཕྱོགས་རྣམས་སྐྱོང་བྱེད་པ། །རྒྱལ་པོ་ཆེན་པོ་མིག་མི་བཟང་། །སྣ་ཚོགས་གཟུགས་ནས་གཤེགས་སུ་གསོལ། །ཨོཾ་མཧཱ་རཱ་ཛཱ་བི་རུ་པཱཀྵ་ས་པ་རི་ཝཱ་ར་ནས་མཆོད་པའི་བར་དང་གཏོར་སྔགས་སུ། བི་རུ་པཱཀྵ་གཞུག །དབུལ་བར། ནུབ་ཕྱོགས་ན་ནི་མིག་མི་བཟང་། །ཞེས་དང་། ལས་འཆོལ་བའི་སྐབས་སུ་མིག་མི་བཟང་ཞེས་འདོན་པ་བསྒྱུར། བྱང་ཕྱོགས་སུ། བཻ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་བུ་སེར་པོ་གཡས་རིན་པོ་ཆེས་མཚན་པའི་དབྱུག་(༡༤བ)


GLG022_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །གཡོན་ནེའུ་ལེ་འཛིན་པ་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བར་བསྐྱེད་ལ། གྲོང་ཁྱེར་ལྕང་ལོ་ཅན་ནས་ཡེ་ཤེས་པ་སྤྱན་དྲངས་པར་བསམས་ཤིང་། གནོད་སྦྱིན་རྣམས་ཀྱི་བདག་པོའི་རྒྱལ། །བྱང་གི་ཕྱོགས་རྣམས་སྐྱོང་བྱེད་པ། རྒྱལ་པོ་ཆེན་པོ་རྣམ་ཐོས་བུ། །ལྕང་ལ་ཅན་ནས་གཤེགས་སུ་གསོལ། །ཨོཾ་མ་ཧཱ་རཱ་ཛཱ་བེ་ཤྲ་ཝ་ཎ་ས་པ་རི་ཝཱ་ར་ནས་མཆོད་པའི་བར་དང་གཏོར་སྔགས་སུ། བཻ་ཤ་ཝ་ཎ་གཞུག་ཅིང་། དབུལ་བར། བྱང་ཕྱོགས་ན་ནི་ལུས་ངན་པོ། །ཞེས་དང་། འཕྲིན་ལས་ཀྱི་སྐབས་སུ་རྣམ་ཐོས་ཞེས་འདོན་པ་བསྒྱུར་རོ། །གསུམ་པ་དམ་སྲི་གནོན་པ་ནི། དབང་གཞུང་དུ་མི་གསལ་ཡང་ཁྲག་འཐུང་གལ་པོ་ལས། མཎྜལ་ནག་པོ་གྲུ་གསུམ་དུ། །བར་ཆད་དམ་སྲི་མནན་བྱས་ཏེ་ཞེས་དང་། ཁྲོ་བོ་པུཎྜ་རཱི་ཀར། དུར་ཁྲོད་མནན་པའི་ཐོད་པ་ལ། །ནང་དུ་དམ་སྲི་བྲིས་ནས་ནི། །ཞེས་སོགས་དང་། གསང་བའི་དོན་གྱི་ལས་རྣམས་བྱ། །ཞེས་པའོ། །སོ་མཆན་དུ་དམ་སྲི་གནོན་ཞེས་མདོ་ཙམ་གསུངས་པའི་དོན། ཤོག་བུ་ལ་དམ་སྲིའི་ལིངྒ་ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་སྔགས་དང་དམོད་བྱང་སོགས་ཕྱག་ལེན་མཚན་ཉིད་དང་ལྡན་པ་བྲིས་ལ་འབྲུབ་ཁུང་དུ་བཅུག་པ་མདུན་དུ་བཤམས་ཏེ་གསེར་སྐྱེམས་བཏང་། འབྲུབ་ཁུང་བསྐྱེད་ཆོག་ནས་བདེན་པ་ཆེན་པོའི་བྱིན་རླབས་ཀྱི་བར་ཚོགས་མཐའ་མ་ལྟར་ལ། དེ་ནས་བསྟན་འགྲོའི་ཕན་བདེ་དང་རྣལ་འབྱོར་པ་ཆོས་བསྒྲུབ་པ་ལ་བར་དུ་གཅོད་ཅིང་ཁྱད་པར་སྒྲུབ་པ་འདིའི་དངོས་གྲུབ་འཕྲོག་པར་བྱེད་པའི་དམ་སྲི་འབྱུང་པོ་གདུག་པ་ཅན་ཅི་མཆིས་པ་དེ་དག་ཐམས་ཅད་བཛྲ་ཨངྐུ་ཤ་སོགས་དང་བསྐུལ་ནས་ཕུར་གདབ་ཀྱི་བར་དཀྱུས་ལྟར་བྱས་རྗེས། ལིངྒ་རིང་ཆས་(༡༥ན)


GLG022_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་ཐོད་པར་བཅུག་མནན་ཆས་མཚན་ཉིད་དང་ལྡན་པ་བྱས་ནས་ཐེམ་འོག་གམ་ལམ་རྒྱ་གྲམ་སོགས་སུ་དོང་བྲུས་ལ། ཁྲག་འཐུང་གལ་པོ་ལས། ཧཱུཾ། དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ། །སྤྲུལ་པའི་རྦོད་གཏོང་ཆེན་པོ་དང་། །ཟ་བྱེད་ཆེན་པོའི་རྔམ་སྟབས་ཀྱིས། །མནན་པའི་ལས་རྣམས་དུས་ལ་བབ། །ཧཱུཾ་མཛད་ཨཱཪྻ་ཨ་ཙ་ལ། །སྤྲུལ་པའི་འོད་ཟེར་རྔམ་མདངས་ལྡན། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོག་ཅིང་། །དགྲ་བགེགས་ཚོགས་ཆོམས་མི་གཡོ་མགོན། །འཕུང་བྱེད་དམ་སྲི་འབྱུང་པོ་འདི། །རི་རབ་ཆེན་པོའི་རྨང་དུ་སྦ། །ཡ་མ་རཱ་ཛའི་ཟས་སུ་སྦྱིན། །ཆུ་སྲིན་འབར་བའི་ཁ་རུ་བརྫངས། འཁོར་ལོ་འབར་བའི་ཕྱག་རྒྱས་མནན། །བདུན་བརྒྱུད་རིགས་ནི་བརླག་འགྱུར་ན། །ནམ་ཡང་ལྡང་བར་མི་འགྱུར་ཏེ། །བྱང་ཆུབ་སེམས་ནི་སྐྱེས་ན་བཏང་། །ཧཱུཾ་ཨཱཪྻ་ཨ་ཙ་ལ་བནྡྷ་བནྡྷ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ། སརྦ་སྟཾ་བྷ་ཡ་ནན་ཞེས་བསྐྱུར་ཞིང་རོ་གཡམ་དང་སས་སྦྱིབས་པའི་སྟེང་དུ་འཕྲིན་ལས་བཞིའི་བྲོ་བརྡུང་ངོ་། །བཞི་པ་སོ་མཆན་དུ་སྒོ་བྱང་གདགས་ཞེས་བྱུང་། སྒོ་བྱང་གདགས་པ་ནི། དབང་གཞུང་དུ་མི་གསལ་ཡང་ཁྲོ་བོ་པུཎྜ་རཱི་ཀ་ལས། དེ་ནས་ར་སོག་གཡས་པ་ལ། ཁྲག་གི་ཡི་གེ་བྲིས་ནས་ནི། །གཞལ་ཡས་སྒོ་ལ་གདགས་པར་བྱ། །ཞེས་པའི་དོན་ལྟར། ར་སོག་ལ་ཁྲོ་བོ་བདུད་རྩི་འཁྱིལ་པ་དང་ལུག་སོག་ལ་གཤིན་རྗེའི་སྐུ་མངོན་རྟོགས་བཞིན་བྲིས་པའི་སྔ་མ་སྒོ་གོང་གི་ནང་དང་རྗེས་མ་ཕྱི་ལ་བཏགས་སོ་སོར་དམར་གྱི་གཏོར་མ་དང་མཆོད་པ་བཤམ། སྒོའི་ཕྱི་ནས་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ལས་གྲུབ་པའི་མཆོད་(༡༥བ)


GLG022_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བཟང་ཞིང་གྱ་ནོམ་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། སྐུ་རྟེན་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མ། དགྲ་བགེགས་བསྣོལ་པའི་གདན་ལ་ཡ་ལས་གཤིན་རྗེ་ནག་པོ་ཁྲོ་ཞིང་གཏུམ་པ་ཞལ་གཅིག་ཕྱག་གཉིས་པ། གཡས་བེ་ཅོན་འཕྱར་ཞིང་གཡོན་འཁོར་ལོ་བསྐོར་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་བསམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་འཆི་བདག་གི་གྲོང་ཁྱེར་ནས་གཤིན་རྗེ་འཁོརདང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སྟྭཾ་གྱིས་གདན་དབུལ། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པར་བསམ། ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛཱ་ས་པ་རི་ཝཱ་ར་ཨི་དཾ། ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། སྔགས་མཐར་འབྲུ་གསུམ་བཏགས་ཏེ་ནང་མཆོད་དང་། ས་པ་རི་ཝཱ་རའི་རྗེས་སུ་ན་མཿསརྦ་སོགས་རྒྱལ་ཆེན་གྱི་སྐབས་ལྟར་བཏགས་ནས་གཏོར་མ་དབུལ། ཁྲག་འཐུང་གལ་པོ་ལས། ཧཱུཾ། གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས། །ལས་ཀྱི་གཤིན་རྗེའི་བདག་པོ་ལ། །བཅོམ་ལྡན་ཆོས་རྗེས་བཀའ་སྩལ་ལྟར། །དེ་བཞིན་རིགས་འཛིན་སྒྲུབ་པ་པོ། །བཀའ་གསང་གཞུང་ཆེན་འདི་བསྒྲུབ་ཅིང་། །ཡང་དག་དོན་ལ་ངེས་འཇུག་ན། །འདི་དག་ནོར་བུ་རིན་ཅེན་ཏེ། །འདི་ལ་གནོད་ཅིང་བར་གཅོད་པའི། །ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། ཁྱེད་ཀྱི་འཁོར་དང་གཡོག་ལགས་ཀྱི། །རྣམ་པར་སྨིན་པའི་ཆོས་ཤོད་ལ། །གསང་བ་མཆོག་གི་རྣལ་(༡༦ན)


GLG022_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ། །བླ་མེད་འབྲས་བུ་མ་ཐོབ་པར། །ས་འདི་ཡན་ཆད་མ་བཏང་ཞིག །དཔལ་ཆེན་མི་ཕམ་བཀའ་མ་འདའ། །བདག་ཅག་ཡེ་ནས་གཉིས་སུ་མེད། །ཕྱི་འཁོར་སྐྱོང་བའི་མུ་རན་ལ། །རྡོ་རྗེའི་ཡལ་གམ་ཐུབ་པར་མཛོད། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ་ཀྲྀཥྞ་ཡ་མཱ་རི་ས་མ་ཡ་སྟྭཾ། དེ་ཉིད་ལས། ཕྱི་ནང་བགེགས་རྣམས་བསྐྲད་པ་ཡི། །གསང་སྔགས་འཕྲེང་བ་བཤད་ཀྱི་ཉོན། །ཞེས་འདི་དང་བདུད་རྩི་འཁྱིལ་པའི་བསྲུང་སྔགས་རིང་མོ་གཉིས་སྦྱར་ན་ལེགས་མོད་ཀྱང་ཆད་ལྷག་ཏུ་མི་འགྱུར་བས་མ་སྤྲོས། ན་མོ་མཆོད་སྦྱིན་གྱི་གཏོར་མ་ཞེས་པ་ནས། བརྟན་བཞུགས་ཀྱི་བར་རྒྱལ་ཆེན་ལྟར་ལ། རྒྱལ་པོ་ཆེན་པོ་གནས་སྲུང་པོ་དང་ཕྱི་མཚམས་གཉིས་ལས་ཀྱི་གཤིན་རྗེ་དང་ནང་མཚམས་སུ་འདོན་པ་བསྒྱུར་རོ། །སྒོའི་ནང་ནས་མཆོད་གཏོར་སྔར་བཞིན་བརླབ། སྐུ་རྟེན་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མ། བགེགས་ཀྱི་རྒྱལ་པོའི་སྟེང་དུ་ཧཱུཾ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་གུ་ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ། གཡས་ལྷག་མས་ནོར་བུ་དང་རལ་གྲི། གཡོན་ལྷག་མས་པདྨ་དང་རྒྱ་གྲམ་འཛིན་པ། སྦྲུལ་གྱིས་སྤྲས་ཤིང་ཐོད་རློན་དང་ཚངས་སྐུད་འཆང་བ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་མེ་དཔུང་རབ་ཏུ་འབར་བའི་གློང་དཀྱིལ་ན་བཞུགས་པའི་དཔྲལ་བར་ཨོཾ་ནས། གཏོར་མ་འབུལ་བའི་བར་གོང་དང་འདྲ་བ་ལ་ལྷའི་མཚན་བདུད་རྩི་འཁྱིལ་བ་དང་སྔགས། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལིར་བསྒྱུར། དེ་ཉིད་ལས། ཧཱུཾ། བསྐལ་(༡༦བ)


GLG022_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེ་དཔུང་འབར་འདྲའི་གློང་། །འཆི་མེད་ཁྲོ་བོ་ཆེན་པོའི་སྐུ། །ཞལ་གཡས་རབ་ཏུ་བཞད་པ་ནི། །ཛམྦུ་ནཱ་དའི་གསེར་འོད་འདྲ། །དབུས་མ་མརྒད་ལྗང་གུའི་མདངས། །གཡོན་པ་པདྨ་རཱ་ག་འདྲ། །དབུ་ཡི་ཐོར་ཚུགས་རྒྱ་གྲམ་མཛེས། །རིགས་བདག་དོན་ཡོད་གྲུབ་པ་བཞུགས། །ཐབས་མཆོག་སྙིང་རྗེའི་རྡོ་རྗེ་དང་། །ཤེས་རབ་དྲིལ་བུ་ཐུགས་ཀར་བསྣོལ། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །མཚོན་ཆའི་རྒྱལ་པོ་རལ་གྲི་གཡས། །ཆགས་མེད་སྐྱོན་བྲལ་པདྨ་དང་། །ལས་ཀྱི་རྡོ་རྗེ་རྒྱ་གྲམ་གཡོན། །གདུག་པ་སྦྲུལ་གྱི་ཕྱག་ཞབས་བརྒྱན། །ཐོད་འཕྲེང་ཚངས་སྐུད་དོ་ཤལ་མཛད། །དཔའ་བོ་སྟག་ལྤགས་ཤམ་ཐབས་ཅན། །བགེགས་ཆེན་བསྣོལ་་བའི་གདན་སྟེང་ན། །འཕྲིན་ལས་ཐོག་སེར་བགེགས་ལ་འབེབས། །དངོས་གྲུབ་བར་ཆད་སྲུང་དུ་གསོལ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཚིནྡྷ་ས་མ་ཡ་སྟྭཾ། ན་མོ་མཆོད་སྦྱིན་གྱི་གཏོར་མ་སོགས་རིགས་འགྲེ་སྦྱོར། ལྔ་པ་མ་ཏྲཾ་སྒྲོལ་བ་ནི། དེ་ཡང་རྟོགས་སླར་མ་ཏྲཾ་ངམ་དམ་སྲི་མནན་པ་ཞེས་དོན་གཅིག་ཏུ་མཛད་པ་སོ་མཆན་ལས། བདུད་རུ་དྲས་ཚེ་འདི་ལ་བར་དུ་གཅོད། །གཤིན་རྗེ་རུ་དྲས་སྲིད་པ་བར་དོར་གནོད། །དམ་སྲི་རུ་དྲས་ཆོས་འཁོར་གཉན་པོ་འཇིག །ལུས་ཀྱི་ངར་འཛིན་མ་ཏྲཾ་ཀ་རུ་དྲ། །ངག་གི་ངར་འཛིན་ཨ་ཀཪྴ་རུ་དྲ། །སེམས་ཀྱི་ངར་འཛིན་ཁ་ཏྲཾ་ཀ་རུ་དྲ། །ཞེས་བཤད། མ་ཏྲཾ་རུ་དྲའམ་ཐར་པ་ནག་པོ་དེ་སྲིན་ཡུལ་དུ་མངལ་ལས་སྐྱེས་པས་དམ་སྲིར་མི་གཏོགས་ཤིང་སྔར་ནས་བསྒྲལ་ཟིན་པ་སླར་སྒྲོལ་རྒྱུ་མེད་ཀྱང་སྔོན་བྱུང་གི་རྣམ་ཐར་དང་མཐུན་པའི་ཆེད་དུ་དེའི་གཟུགས་ལ་དགྲ་བགེགས་སྤྱི་དང་ཁྱད་པར་སྒྲུབ་པའི་གེགས་བྱེད་དམ་སྲི་རུ་དྲ་བཀུག་སྟེ་(༡༧ན)


GLG022_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བས་དེ་ཉིད་དོན་གཅིག་མཛད་པ་མི་འཐད་པ་མ་ཡིན་ནའང་སྔགས་རྙིང་མའི་ཕྱག་་ལེན་ལ་རུ་དྲའི་ཁོག་པར་དཀྱིལ་འཁོར་བཞེང་པ་དང་བཅས་སོ་སོར་མཛད་པའི་ཕྱག་བཞེས་ལྟར་བཀོད་ཀྱི། ཀརྨ་པ་མི་བསྐྱོད་རྡོ་རྗེས་དམ་སྲི་མིར་ངོས་བཟུང་བ་ནག་རྩིས་ཀྱི་སྲིའི་རྣམ་གཞག་ཙམ་ཡང་མ་མཁྱེན་པའི་འཛམ་གླིང་རྒྱན་གཅིག་གི་བརྟུལ་ཞུགས་ཁོ་ནའོ། །དེ་ལ་ཡང་ཆོ་ག །ཆོས་ཉིད། བྱིན་གྱིས་བརླབ་པ་དང་གསུམ་ལས། དང་པོ་ཆོ་གས་སྒྲོལ་བ་ནི། དབང་གཞུང་ལས། དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བདག་ལ་བསྡུས་ནས། དམིགས་པ་མེད་པའི་དོན་ལ་གནས་པ་ལས། ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་དག་གིས་སློང་བར་བསམས་ནས། རྡོ་རྗེ་སེམས་དཔའི་སྐུར་བཞེངས་ཏེ་འདི་བརྗོད་དོ། །ཧཱུཾ། རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་ནི། །འབྱུང་བ་ལྔ་ཡི་མཚན་ཉིད་པས། །ཞི་བ་ལས་ནི་ལྷན་ནེ་བའི། །ཐུགས་རྗེས་འགྲོ་ཀུན་དེ་ལས་སྐྱེས། །དེའི་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཁྲོ་དག་གཏུམ་པར་འགྱུར། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་གཏི་མུག་ཆེ་བར་འགྱུར། །དེ་ལྟར་དུག་གསུམ་བདོ་བ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཉི་མ་ལས། །རྣམ་པར་རྒྱལ་ཕྱིར་རབ་ཏུ་དྲག །ཨོཾ་མཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ། ཀྲོ་དྷ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཅེས་བརྗོད་ནས། ཐམས་ཅད་གཅིག་ཏུ་འདུས་པ་ལས་རྔམས་པའི་སྒྲ་སྒྲོགས་ཏེ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཧཱུཾ། མི་རྟག་མཚན་ཉིད་བསྟན་པའི་ཕྱིར། །ནམ་མཁའི་ཁྲོ་བོ་ཟ་བྱེད་ཆ། །འཇིགས་པའི་མཚོན་ཆ་འོད་ཕུང་འཁྲིགས། །ཞལ་དུ་སྟོང་ཁམས་མ་ལུས་ཐིམ། །ཟད་པར་(༡༧བ)


GLG022_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང་སྟོངས་པར་བྱེད། །རྒས་རྒུད་རླག་པར་བྱེད་པའོ། །གློག་གི་འཁོར་ལོ་ཞེས་བྱ་བ། །མྱུར་བའི་ཟ་བྱེད་ཆེན་པོ་ལྔས། །སྐྱེ་རྒ་ན་འཆི་འཇོམས་བྱེད་ཅིང་། །རླག་པར་བྱེད་ཅིང་སྟོངས་པར་བྱེད། །རིན་ཆེན་ཟ་བྱེད་ཁྲོས་པའི་ཚེ། །སྐུ་ནི་སྔོ་སྐྱ་ཐལ་བའི་མདོག །འོད་ཟེར་དམར་པོ་རབ་ཏུ་འཁྲིགས། །རུ་ལུ་རུ་ལུས་མ་ལུས་ཟ། །འབར་བའི་འཁོར་ལོ་ཚོགས་བཅས་པས། །སྲེག་ཅིང་འཇིག་ལ་འཐོར་ཞིང་འཁྲུ། །གང་འདིར་བསྐལ་པས་ཀུན་བརླག་ཅིང་། །གཞན་ཞིག་འོང་འཇིག་མ་ཡིན་ཏེ། །ཟ་བྱེད་ཁྲོས་པ་ལྔ་པོ་ཡི། །ཞལ་དུ་སྟོང་ཁམས་མ་ལུས་ཐིམ། །ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཨོཾ་ཨོཾ་ཧ་ཧ་ཧཱུཾ་ཕཊ། དབུ་ལ་དེ་བཞིན་གཤེགས་པའི་ཁྲོ་བོ་དཀར་པོ་ཕྱག་གཡས་ན་འཁོར་ལོ་དང་གཡོན་ཐོད་ཁྲག་འཛིན་པ་གྲངས་མེད་པའི་ཚོགས་རྣམས་སྤྲུལ་པ་དང་བཅས་པ་གནས་པར་བསམ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ས་མ་ཡེ་ཀྲོ་དྷ་ཧཱུཾ་ཧཱུཾ་རུ་རུ་ཧཱུཾ་ཕཊ། ལག་པ་གཡས་པ་ལ་རྡོ་རྗེ་ཁྲོ་བོ་སྔོན་པོ་ལག་ན་རྡོ་རྗེ་རྩེ་ལྔ་དང་ཁ་ཊྭཱཾ་ག་ཐོགས་པ་གྲངས་མེད་པའི་ཚོགས་རྣམས་སྤྲུལ་པ་དང་བཅས་པ་གནས་པར་བསམ། ཨོཾ་རཏྣ་ཤྲཱི་་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཏྲཾ་ཏྲཾ་ཧེ་ཧེ་ཧཱུཾ་ཕཊ། ལག་པ་གཡོན་པ་ལ་རིན་ཅེན་ཁྲོ་བོ་སེར་པོ་དབྱུག་ཏོ་དང་རལ་གྲི་་་ཐོགས་པ་གྲངས་མེད་པའི་ཚོགས་རྣམས་སྤྲུལ་པ་དང་བཅས་པ་གནས་པར་བསམ། །པདྨ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཧྲཱིཿཧྲཱི༔ད་ཧ་ན་ཧཱུཾ་ཕཊ། རྐང་པ་གཡོན་པ་ལ་པདྨའི་ཁྲོ་བོ་དམར་ནག་ཕྱག་ན་རལ་གྲི་རྩེ་གསུམ་དང་གཏུན་ཤིང་ཐོགས་པ་གྲངས་མེད་པའི་ཚོགས་རྣམས་སྤྲུལ་པ་དང་བཅས་པ་གནས་པར་བསམ། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཧ་ཧ་ཏྲཀྴ་ཀ་ཧཱུཾ་ཕཊ། རྐང་པ་གཡས་པ་ལ་ལས་(༡༨ན)


GLG022_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁྲོ་བོ་ལྗང་ནག་ཕྱག་ན་རྡོ་རྗེ་དང་ལྕགས་ཀྱུ་ཐོགས་པ་གྲངས་མེད་པའི་ཚོགས་རྣམས་སྤྲུལ་པ་དང་བཅས་པ་གནས་པར་བསམ། ཨོཾ་་ཤྲཱི་བེ་ར་བ་ཧཱུཾ་མཧཱ་དེ་ཝ་ཧཱུཾ་ཕཊ། མཚན་མ་ལ་ལྷ་ཆེན་པོ་མདོག་དཀར་པོ་ཕྱག་ན་ཏྲི་ཤཱུ་ལ་དང་ཐོད་པ་ཐོགས་པ་འཁོར་དང་བཅས་པ་གནས་པར་བསམ། ཨོཾ་བིཥྞུ་ཀཾ་ས་མ་ཙཀྲ་ཧཱུཾ་ཕཊ། སྙིང་གར་ཁྱབ་འཇུག་མཐིང་ནག་ཕྱག་ན་འཁོར་ལོ་དང་ཐོད་པ་ཐོགས་པ་འཁོར་དང་བཅས་པ་གནས་པར་བསམ། ཨོཾ་རཀྴ་གྲཱི་བ་ཧཱུཾ་ཕཊ། མགྲིན་པར་སྲིན་པོའི་རྒྱལ་པོ་སྔོ་ལྗང་ལག་ན་དགྲ་སྟ་དང་ཐོད་པ་ཐོགས་པ་འཁོར་དང་བཅས་པ་གནས་པར་བསམ། ཨོཾ་མ་ཧཱ་པ་ཤ་ཧ་ལ་ཧཱུཾ་ཕཊ། སྐུའི་གནས་སུ་ཞགས་པ་ནག་པོ་སྔོ་སྐྱ་ལག་ན་ཞགས་པ་དང་ཐོད་པ་ཐོགས་པ་འཁོར་དང་བཅས་པ་གནས་པར་བསམ། ཨོཾ་བཛྲ་བྷེ་ར་བ་ཧཱུཾ་ཕཊ། བརླ་གཉིས་ལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇིགས་པ་ལྗང་སྐྱ་རྡོ་རྗེ་རྩེ་གསུམ་པ་དང་ཐོད་པ་ཐོགས་པ་འཁོར་དང་བཅས་པ་གནས་པར་བསམ། དེ་དག་ཀུན་ཀྱང་རང་རང་གི་ཡུམ་དང་འཁྲིལ་བའི་ཚུལ་དུ་གནས་པར་བསམ། ལག་པའི་སོར་མོ་ཁྲག་འཐུང་གལ་པོ་ལས། ལག་པ་གཡས་པའི་མཁྲིག་མ་ལ། ཁྲ་དང་སྤྱང་ཀི་འུག་པ་གནས། ལག་པ་གཡོན་པའི་མཁྲིག་མ་ལ། ཀཾ་ཀ་བྱ་རོག་སྲེ་མོ་ཝ། ཞེས་བཤད། བཅུ་ལ་མཆེ་བ་ཅན་དང་སྡེར་མོ་ཅན་དག་སྔགས་འདིས་གསལ་བར་བྱའོ། །ཨོཾ་མཧཱ་དྷེ་ཀི་ཤ་རི་བི་ཀ་ཤ་རི་བི་ཀ་མ་རུ་ཤྱ་ཧ་ཧ་ཧེ་ཧེ་རུ་ལུ་རུ་ལུ་ཧཱུཾ་ཕཊ། ལྷ་ཚོགས་བསྐུལ་བ་ནི། ཧཱུཾ། ཡེ་ཤེས་གློག་གི་འཁོར་ལོ་དང་། །འཇིགས་པའི་ཁྲོ་བོ་གཏུམ་པའི་ཚོགས། །ཅིར་ཡང་འགྱུར་བའི་མཚོན་ཆ་ཡིས། །སྡུག་བསྔལ་གནས་རྣམས་རབ་ཏུ་ཆོམས། །མ་རུངས་དུར་ཁྲོད་(༡༨བ)


GLG022_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཞིག་པའི་ཕྱིར། །སྟོང་གསུམ་གནས་རྣམས་བསྒྲལ་བར་བྱ། །འཇིགས་བྱེད་དྲག་ཤུལ་ཆེན་པོ་ཡིས། ཁམས་གསུམ་གཅིག་པར་བསྒྲལ་ནས་ཀྱང་། །ཟ་བྱེད་ཆེན་པོའི་ཞལ་དུ་ནི། །འགྲོ་ཀུན་ཡུད་ཙམ་གཅིག་ལ་འདྲེན། །འགྲོ་དང་མི་འགྲོ་སྣོད་བཅུད་འདི། །འཇིགས་བྱེད་ཁྱེད་ལྔས་ཀུན་ཟ་ན། །དངོས་པོར་གྱུར་བའི་བགེགས་འདི་ཀུན། །ངས་སྟོབ་ཁྱེད་ཀྱིས་ཡུད་ལ་གསོལ། །ངན་སོང་གསུམ་གྱི་འཇིགས་བྱེད་དུ། །སེམས་ཅན་ཉོན་མོངས་སྡང་བྱེད་པས། །དེ་ཕྱིར་ང་ནི་རྡོ་རྗེ་ཆེ། །ཞེ་སྡང་ཞེས་ནི་གྲགས་པ་ཡིན། །ངན་སོང་འཇིགས་བྱེད་ཆེན་པོ་རུ། །སེམས་ཅན་ཐམས་ཅད་རྨོངས་བྱེད་པས། །དེ་ཕྱིར་ང་ནི་གཏི་མུག་ཆེ། །རྟག་ཏུ་ཐུབ་པ་མཆོག་ཡིན་ནོ། །སྲིད་པ་འདོད་ཆགས་མྱོས་པ་རྣམས། །འདོད་ཆགས་ཉིད་ཀྱིས་མཚམས་་སྦྱོར་བས། །དེ་ཕྱིར་ཆོས་ཀྱི་རྡོ་རྗེ་ང་། །འདོད་ཆགས་ཆེན་པོའི་མཆོག་ཡིན་ནོ། །བདེ་ཆེན་སྦྱིན་པའི་སྤྲིན་གྱིས་ནི། །སེམས་ཅན་ཐམས་ཅད་ང་རྒྱལ་བསྐྱེད། །ནམ་མཁའ་བདེ་བས་བསྡུས་པའི་ཕྱིར། །བདེ་ཆེན་འདོད་པ་ང་ཡིན་ནོ། །རོ་ལ་སོགས་པ་མཉམ་སྦྱོར་བས། །ཕྲག་དོག་རྡོ་རྗེ་གདོན་མི་ཟ། །སྣ་ཚོགས་ལས་ཀྱི་ཁྲོ་བོའི་སྐུ། །ཕྲག་དོག་ཆེན་པོའི་མཆོག་ཡིན་ནོ། །ང་ནི་དུས་གསུམ་བཞུགས་པ་ཡིན། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཡེ་ཤེས་རྣོ་དབལ་མཚོན་ཆ་ཡིས། །ལོག་རྟོག་འཁོར་བའི་རྒྱུན་བཅད་དེ། ཆོས་དབྱིངས་མཉམ་ཉིད་ནམ་མཁའ་ལ། །ཡེ་ཤེས་གློག་གི་འོད་འཕྲོ་བ། །གནས་མེད་དམིགས་པ་ཡོད་མ་ཡིན། །རྩ་བ་མེད་ཅིང་བརྟེན་པ་མེད། །ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀཱ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀཱ་ག་ཏི་(༡༩ན)


GLG022_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིཪྻ་ཀཱ་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་སརྦ་དུརྒ་ག་ཏི་སརྦ་ཀརྨ། སརྦ་ཀླེ་ཤ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། པ་ར་བི་དན་ཚིནྡྷ་ཧཱུཾ་ཕཊ། པ་ར་བི་ད་ཁཌྒ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཨོཾ་ཏྲི་བི་ཤ་མུ་ལ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། དཔལ་ཆེན་འབར་བ་རྒྱལ་པོའི་སྐུ། །རྔམས་བརྗིད་ཁྲོས་པའི་ཆ་ལུགས་འབར། །གར་དགུ་དུར་ཁྲོད་རྒྱན་གྱིས་བརྗིད། །ཤེས་རབ་སྐུ་དང་འཁྲིལ་སྦྱོར་ཞིང་། །འཇོ་ཚུལ་གར་མཛད་ལྟ་བ་ཡིས། །བདུད་དང་སྲིན་པོ་འདུལ་བར་མཛད། །མ་ཏྲཾ་ལ་སོགས་དྲེགས་བྱེད་རྣམས། །གཟུགས་དང་བཅས་པའི་ཚོགས་བསྡུས་ཏེ། །པྲ་ཏི་ཏཱ་ཡི་ཕྱག་རྒྱ་ཡིས། །ངེས་པར་གཟུགས་་ལ་དབབ་པར་བྱ། །གཟུགས་བརྙན་བྲིས་པ་ལ་སོགས་དང་། །ཕྱག་རྒྱ་བྲིས་པ་ལ་སོགས་ལ། །ཕྱག་རྒྱ་བཞི་ཡིས་ངས་བྱས་ནས། །སྔགས་ཀྱི་འོད་འཕྲོ་ཕྱག་རྒྱ་ཡིས། །དེ་ཡི་འཁོར་ཚོགས་བསྡུ་བར་བྱ། །གསེར་སྐྱེམས་བཏང་། །ལས་བྱང་བཞིན་འབྲུབ་ཁུང་བསྐྱེད། དེའི་ནང་དུ་ངོ་བོ་གནོད་བྱེད་དགྲ་བགེགས་ལ་རྣམ་པ་རུ་དྲའི་གཟུགས་མགོ་གསུམ་ལག་པ་དྲུག །རྐང་པ་བཞི་པ། གཤོག་པ་བརྒྱངས་པ། མྱ་ངན་གྱི་འདུག་སྟངས་ཅན་དུ་བསམ། བདེན་བདར་དམ་སྲིའི་དུས་བཞིན་བྱས་པའི་མཐར་དགུག་སྔགས་དང་དུར་ཁྲོད་ཀྱི་བསྐོར་དབང་གཞུང་མི་བདེ་བས་ཁྲག་འཐུང་གལ་པོ་ལས། མ་ཏྲཾ་ཀ་རུ་དྲ་ཛཿ ཁ་ཏྲཾ་ཀ་རུ་ད་ཛཿ ཨ་ཀཪྴ་རུ་དྲ་ཛཿ ཨོཾ་མ་ཧཱ་དབང་གཞུང་ནས་བྱུང་། ཀཾ་པ་ལ་དྷ་རི་ཤ་ཡ་ཧཱུཾ་ཨ་ཀརྵ་ཡ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ ལན་གསུམ་བརྗོད། རྡོ་རྗེ་གཤོག་པའི་ཕྱག་རྒྱས་ཟིལ་གྱིས་མནན་ཅིང་བསྟིམ། དེ་ཉིད་ལས། ཧཱུཾ། མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད། །(༡༩བ)


GLG022_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཡང་དཔལ་ཆེན་ཧེ་རུ་ཀས། །བསྒྲལ་ནས་དུར་ཁྲོད་ཆེན་པོར་མཛད། །དེ་ཡང་རྣལ་འབྱོར་དབང་ཕྱུག་ངས། །བསྒྲལ་ནས་དུར་ཁྲོད་ཆེན་པོར་བྱ། །ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱཾ་ས་མ་ཡ་མུ་དྲ་པྲ་བན་ཙཀྲ་ཧཱུཾ་ད་ཧཱུཾ་ན་ཧཱུཾ་ཕཊ། ཅེས་ཁ་ཊྭཱཾ་ག་དང་ཕུར་མཚོན་བཏབ་སྟེ་རྣམ་ཤེས་སྦར། ཁྲོ་བོ་པུཎྜ་རཱི་ཀ་ལས། ཧཱུཾ། མགོ་ནི་ལྷོ་ནུབ་དབང་གཞུང་དུ། རོ་ཡང་ལྷོ་ཡི་འཛམ་གླིང་དུ། །བོར་ནས་ས་གཞིར་གྱུར་པ་ནི། །ཞེས་བྱུང་། མཚམས་སུ་བསྒྲལ། །རྐང་པ་བྱང་ཤར་མཚམས་སུ་བསྒྲལ། །ཡན་ལག་གླིང་བཞིའི་ཡུལ་དུ་བསྒྲལ། །ལག་པ་གཡས་པའི་དུར་ཁྲོད་ནི། །རྒྱ་སོ་མཆན་དུ་རྒྱ་གར་སོགས་ཕྱིའི་དུར་ཁྲོད་ཀྱི་གནས་ཕྱེད་བརྒྱད། མགོ་བོ་སོགས་ནག་གི་དུར་ཁྲོད་ཕྱེད་བརྒྱད། མིག་གི་རྣམ་ཤེས་སོགས་གསང་བའི་དུར་ཁྲོད་ཕྱེད་བརྒྱད་རྣམས་བཤད། གར་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་གཽ་རཱི་མ། མཐིང་ནག་འབར་བའི་རལ་པ་ཅན། དུར་ཁྲོད་ལག་པ་གཡོན་པ་ནི། །ལི་ཡི་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་ཙཽ་རཱི་མ། །སེར་མོ་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་རྡེབ་དུར་ཁྲོད་སྒྲོལ། །དུར་ཁྲོད་རྐང་པ་གཡས་པ་ནི། །བལ་པོའི་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་པྲ་མོ་ཧ། །དམར་མོ་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་རྡེབ་དུར་ཁྲོད་སྒྲོལ། །དུར་ཁྲོད་རྐང་པ་གཡོན་པ་ནི། །ཐོ་གར་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་བཻཏྟ་ལཱི། །ནག་མོ་འབར་བ་རལ་པ་ཅན། །མཆེ་གཙིགས་རྐན་རྡེབ་དུར་ཁྲོད་སྒྲོལ། །དུར་ཁྲོད་འདི་ཡི་མགོ་བོ་ནི། །ཟ་ཧོར་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་པུཀྐ་སཱི། །དམར་སེར་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་རྡེབ་དུར་ཁྲོད་སྒྲོལ། །དུར་ཁྲོད་མཁལ་མ་གཡོན་པ་ནི། །ཨྱོན་ཡུལ་དུ་བསྒྲལ་བར་བྱ། །(༢༠ན)


GLG022_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་བདག་མོ་གྷསྨ་རཱི། །དཀར་ལྗང་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་རྡེབ་དུར་ཁྲོད་སྒྲོལ། །དུར་ཁྲོད་འདི་ཡི་ཕོ་མཚན་ནི། །སིངྒ་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་སྨ་ཤ་ནཱི། །མཐིང་ནག་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་རྡེབ་དུར་ཁྲོད་སྒྲོལ། །དུར་ཁྲོད་མཁལ་མ་གཡས་པ་ནི། །གླིང་དགུའི་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་ཙཎྜ་ལཱི། །ལྗང་སེར་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་རྡེབ་དུར་ཁྲོད་སྒྲོལ། །དུར་ཁྲོད་དཔུང་མགོ་གཡས་གཡོན་ནི། །ཕྲ་མེན་སྟག་དང་སེང་གེའི་རྫས། །དུར་ཁྲོད་བརླ་ནི་་གཡས་དང་གཡོན། །ཕྲ་མེན་ཝ་སྤྱང་བྱ་རོག་འུག །ཕོ་ཉའི་རྒྱལ་མོ་དེ་ཡི་རྫས། །དུར་ཁྲོད་ཐར་པ་རྐང་ལག་བཞི། །ཕོ་ཉ་འགུགས་མ་དེ་བཞིའི་རྫས། །དུར་ཁྲོད་བདག་པོ་སྤྱན་དྲངས་ཏེ། །བགེགས་ཀྱི་རྒྱལ་པོ་རུ་དྲ་བསྒྲལ། །བདེ་བ་ཆེན་པོའི་ངང་ཡིན་ཏེ། །ང་ནི་དུར་ཁྲོད་དབང་ཕྱུག་སྟེ། །སངས་རྒྱས་སྐུ་སྟེ་ཡེ་ཤེས་ཡིན། །འཇམ་དཔལ་རྣོན་པོའི་མཚོན་ཆ་ཡིས། །ལོག་རྟོག་འཁོར་བའི་རྒྱུན་བཅད་དེ། །དབང་གཞུང་ལས། ཨོཾ་སརྦ་པཱ་པཾ་ཀ་ར་ཧེ། ཏི་པ་ཏི་བིཥྚ་མ་ཏྲཾ་ཀ་རུ་དྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་ཀཱ་རེ་ཧེ་པཱ་པཾ་བིཥྚ་ཁ་ཧྲཾ་ཀ་རུ་དྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་ར་གེ་ཧ་ཏ་པ་བིཥྚ་ཨ་ཀཱརྵ་རུ་དྲ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་མགོ་བོ་དང་ཡན་ལག་རྣམས་ཚིག་དང་བསྟུན་ནས་ཕྱོགས་མ་ལོག་པར་འཇོག་ཅིང་འཕྲིན་ལས་བཞིའི་བྲོ་བརྡུང་། སོ་མཆན་དུ་བཤད། ལས་བྱང་གི་བསྲུང་འཁོར་ཚར་གཅིག་བརྗོད། གཉིས་པ་ཆོས་ཉིད་ཀྱིས་སྒྲོལ་བ་ནི། དབང་གཞུང་ལས། ཤར་ཕྱོགས་འཇིག་རྟེན་ལས་སྒོ་ནས། །ཡང་དག་ཐར་ལམ་གཅོད་བྱེད་པ། །འབྱུང་པོ་གཏུམ་པོ་ང་རྒྱལ་ཅན། ཁྱོད་ནི་སྒྲིབ་པས་(༢༠བ)


GLG022_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་བསྒྲིབས། །ཡང་དག་ཐར་ལམ་ཡེ་ཤེས་ཀྱིས། ཁུངས་རྟགས་རྩད་བཅད་བདག་ལས་བྱུང་། །བདག་འཛིན་དག་གི་རྟོག་པ་རྣམས། །བདག་མེད་སྟོང་པའི་ཐོ་བས་གཞོམ། །ཨཱཏྨ་ན་ཧི། མཧཱ་ཤུ་ནྱཱ་ཏ་བརྗོད། ཆོས་ཀུན་རྟག་ཏུ་རང་གི་ངོ་བོས་སྟོངས། །རྒྱལ་བའི་སྲས་ཀྱི་བདེན་འཛིན་རྣམ་པར་འཇིག །སྲིད་པ་ཇི་བཞིན་ཐམས་ཅད་སྟོང་པ་སྟེ། །ཉི་ཚེའི་ཉིང་ཉིད་མུ་སྟེགས་ཅན་གྱིའོ།། གང་དག་སྟོང་ཉིད་མི་ཤེས་པ། །དེ་ཡི་མྱ་ངན་འདས་མི་ཤེས། །དེ་ཕྱིར་དངོས་པོ་དངོས་མེད་པས། །འཇིག་པས་སྟོང་ཉིད་ཤེས་པར་བྱ། །སྟོང་པ་ཆེན་པོ་ཞེས་བྱ་བ། །ཀུན་མཁྱེན་ཡེ་ཤེས་རྫོགས་བྱེད་པ། །དེ་བས་རྣམ་པ་ཐམས་ཅད་དུ། །སྟོང་ཉིད་རྗེས་སུ་དྲན་པར་བྱ། །ཨོཾ་དྷརྨཱ་དྷཱ་ཏུ་བཛྲསྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་མཚན་མའི་རྟོག་ཚོགས་ཀུན་མི་རྟོག་པའི་ཡེ་ཤེས་ཀྱིས་གཞོམ་པར་བྱའོ། །མཁས་པ་ཆེན་པོ་ཆག་ལོ་ཆོས་རྗེ་དཔལ་སོགས་ཀྱི་རྙིང་རྒྱུད་རྣམས་རྫུན་མར་མཛད་ནས་ཕུར་པ་རྩ་དུམ་དང་ཨྱོན་ཆེན་པོས་མཛད་པའི་རྡོ་རྗེ་ལས་རིམ། ཧཱུཾ་ཀཱ་རས་མཛད་པའི་ཡང་དག་གི་སྒྲུབ་དཀྱིལ་སོགས་ཚད་མར་བཟུང་བའི་ལུགས་ཀྱི་ཡང་ཕུར་རྣམ་པར་དག་གོ་གསུང་བའི་ཧཱུཾ་མཛད་ཀྱི་གཞུང་དུ་མ་ཏྲཾ་གྱི་སྐོར་སོགས་སྔ་འགྱུར་གྱི་བརྡ་ཆད་ངོ་མཚར་བ་མང་བས་རྙིང་མ་ལ་ཐུགས་སྡང་སེམས་དང་འཕགས་པ་རིན་པོ་ཆེས་བོད་ཆོལ་ཁ་གསུམ་ལ་མངའ་སྒྱུར་བར་ངོ་འཛིན་གྱི་གྱ་གྱུ་མ་མཛད་པར་ཀེ་རི་པི་རིའི་ཐལ་རྩེད་ལ་བརྩོན་པར་ཞུ། གསུམ་པ་མ་ཏྲཾ་གི་ཁོག་པ་བྱིན་གྱིས་བརླབ་པ་ནི། ཁྲག་འཐུང་གལ་པོ་ལས། ཁོག་པ་བྷྲཱུཾ་ལས་གྱུར་པ་ཡི། །ཞེས་སོགས་ཀྱི་དོན་བསྡུས་ཏེ། བྷྲཱུཾ་ཛྙཱ་ན་ཙཀྲ་མཎྜལ་ཧཱུཾ། བདག་གི་ཐུགས་ཀའི་ཧཱུཾ་ལས་བྷྲཱུཾ་གྲངས་མེད་པ་སྤྲོས་པས། (༢༡ན)


GLG022_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཏྲཾ་གི་ཁོག་པ་ལ་ཕོག་སྟེ་དེ་ཉིད་དུར་ཁྲོད་ཀྱི་གཞལ་ཡས་ཁང་ནམ་མཁའི་མཐའ་དང་མཉམ་པ་བྷནྡྷ་གསར་རྙིང་གི་རྩིག་པ་བྱས་པ། གནམ་ལྕགས་ཀྱི་གཟེར་བཏབ་པ་ལ་རཀྟའི་ཞལ་ཆུ་འབབ་པ། བྷནྡྷ་ལྕང་ལོ་ཅན་གྱི་ཁ་བད་བཏང་བ། ལྷ་ཆེན་བརྒྱད་ཀྱི་ཀ་བ་བཙུགས་པ། གཟའ་ཆེན་བརྒྱད་ཀྱི་ཀ་གཞུ་བཀལ་པ། ཞིང་ཆེན་གྱི་གདུང་མ་བྲེས་པ། གཟའ་སྐར་མང་པོར་དྲལ་མ་བྱས་པ། ཞིང་ལྤགས་ཀྱི་ཐོག་ཕུབ་པ། རིན་ཅེན་རྣམ་བཞིའི་སྒོ་མོ་བཅད་པ། རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ནང་ཕོ་བྲང་ཟླ་གམ་དགུ་པ། ཕྱི་དུར་ཁྲོད་ཀྱི་གནས་བརྒྱད་ཀྱིས་བརྒྱན་པ། དེའི་ཕྱི་རིམ་ལྕགས་རི་དང་མེ་རིས་བསྐོར་བར་བསམ། ཁུ་ཚུར་དང་བཅས་པའི་སྡིགས་མཛུབ་བསྒྲེང་ཞིང་། བྷྲཱུཾ་བཛྲ་ཁ་ཏ་ལི་པྲ་པེ་ཤ་ཡ་ཕཊ། ཅེས་ལན་བདུན་བརྗོད་པས་སྒོ་ཕྱེ། ཧཱུཾ་ཧཱུཾ་ཧཱུཾ། ཞེས་ནང་དུ་བལྟ་བར་གཞུག །བཛྲ་ཨ་ཧཾ་གིས་སྒོ་བཅད་ནས། ཧཱུཾ་ཧཱུཾ་ཧཱུཾ། ཞེས་བརྗོད་པས་ཁང་པ་མེ་དཔུང་འབར་བའི་རང་བཞིན་དུ་བསམ། དབང་གཞུང་ལས། ཁ་ཊྭཱཾ་ག་ལ་རྒྱབ་བརྟེན་བཅས། །ནམ་མཁའི་ཕྱག་རྒྱ་རྣལ་འབྱོར་བཅས། །ནམ་མཁའ་ཀུན་ལས་འགྲོ་བ་ཀུན། །དངོས་པོ་ཐམས་ཅད་མཁའ་འབྱིན་པ། །མཁའ་ལས་སྒྱུ་མ་ཀུན་བླངས་ནས། །ལུས་པ་མེད་པར་དེར་ཟའོ། །གྷཎྜེ་ཧོ་ཡིས་སྒྲོལ་བར་མཛོད། །ལ་ལར་མཁས་པའི་གཟུགས་ཀྱང་འཛིན། །ལ་ལར་ཚངས་པ་བཞིན་དུ་ཞི། །ལ་ལར་གཤིན་རྗེ་བཞིན་དུ་རྔམས། ལ་ལར་དུས་མཐའི་མེ་ལྟར་འབར། །འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །མི་སྡུག་རིགས་ཀྱི་གཟུགས་འཛིན་པའི། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། མ་ལུས་ལུས་པ་མེད་པར་སྒྲོལ། །ཞེས་(༢༡བ)


GLG022_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གླུ་བླངས། ཧཱུཾ། བསྟབ་བོ་གསོལ་ཞིག་ཧེ་རུ་ཀཿ། །གང་ལ་བྱ་བའི་དངོས་པོ་འདི། །ཕྲ་མེན་གཤེད་མ་ཐམས་ཅད་ཀྱིས། །དབང་དང་རིག་སྔགས་བྱིན་བརླབས་ཏེ། །རིག་སྔགས་ཀྱིས་ནི་རྨོངས་མཛད་ནས། །དྲག་པོ་ལས་ཀྱི་སྒྲུབ་བྱེད་ཅིང་། །འདི་ལ་སོགས་པ་རྣམས་པ་ཡང་། །དེ་དག་ལོངས་སྤྱོད་རྐྱེན་དུ་འབུལ། །ཤ་དང་རྐང་ཁྲག་འདོད་པ་རྣམས། །རིག་སྔགས་ཀྱིས་ནི་བྱིན་བརླབས་ནས། །འཚོ་བ་ཕྲོགས་ནས་ཅི་བདེ་བར། ཁྱོད་ཀྱིས་དེ་ལ་ལོངས་སྤྱོད་ཅིག །བྷནྡྷ་བཅུད་ཡངས་ཟབ་པ་ན། ཁོར་ཡུག་གཏོགས་པའི་དངོས་པོ་འདི། །བདུད་རྩིའི་རང་བཞིན་ཡིན་པའི་ཕྱིར། །འཇིགས་བྱེད་བཀའ་བཟློག་དགྱེས་ཤིང་རོལ། །རྡོ་རྗེ་གསུམ་འབར་སྐུ་གསུང་ཐུགས། །སྲིད་གསུམ་འཇོམས་མཛད་ཏྲི་ཤུ་ལ། །དུག་གསུམ་རྩད་ནས་གཅོད་པའི་ཕྱིར། ཁམས་གསུམ་ཅིག་ཅར་བསྒྲལ་བར་བྱ། །འཇིགས་བྱེད་དྲག་ཤུལ་ཆེན་པོ་ཡིས། ཁམས་གསུམ་ཅིག་ཅར་བསྒྲལ་ནས་ཀྱང་། །ཟ་བྱེད་ཆེན་པོའི་ཞལ་དུ་ནི། །འགྲོ་ཀུན་ཡུད་ཙམ་ཞིག་ལ་འདྲེན། །འགྲོ་དང་མི་འགྲོའི་སྣོད་བཅུད་འདི། །འཇིགས་བྱེད་ཁྱེད་ལྔས་ཀུན་ཟ་ན། །དངོས་པོར་གྱུར་པའི་བགེགས་འདུ་ཀུན། །ངས་བསྟབ་ཁྱོད་ཀྱིས་ཡུད་ལ་བཞེས། །ཨོཾ་མཧཱ་ཤྲཱི་ཧེ་རུ་ཀ་ཧ་ཧ་ཧ་ཧ། རུ་ལུ་རུ་ལུ། ཧཱུཾ་བྷྱོ་ཧཱུཾ་བྷྱོ། ཁཱ་ཧི་ཁཱ་ཧི། ཞེས་ཞལ་དུ་བསྟབ་བོ། །དྲུག་པ་ཆག་ཆག་རྟོགས་པར་སླ་བར་ས་ཆོག་གི་ཁྲོད་དུ་བྱུང་བ་མི་འཐད་པ་མ་ཡིན་ཀྱང་དབང་གཞུང་སོགས་རྙིང་མ་སྤྱི་དང་མཐུན་པར་བྱས། གདབ་པ་ནི། ཁྲག་འཐུང་གལ་པོའི་བརྟག་པ་བདུན་པ་དང་པུཎྜ་རཱི་ཀའི་ལེའུ་གསུམ་པོ་ནས་བཤད་པ་དང་དོན་གཅིག་པས་འཇུག་པ་བདེ་ཕྱིར་རྟོགས་པར་སླ་བ་ལས། དེར་སྟེགས་བུ་གྲུ་བཞི་དབང་གཞུང་ལས། སྟེགས་དུ་ལ་བ་(༢༢ན)


GLG022_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ལྔ། སྨན་སྤོས། བདུད་རྩི་ལྔ་འབྱུག་པ་དང་སོ་མཆན་དུ་སྟེགས་བུ་རྩིགས་དཀྱིལ་འཁོར་བྱིན་དང་ལྡན་པའི་ཕྱིར་ཆག་ཆག་གདབ་ཅེས་བྱུང་། པ་བརྩིག་པའམ་མ་གྲུབ་ན་བདུད་རྩི་ལྔའི་སྐྱང་ནུལ་བྱ་ཞིང་སུམྦྷ་བརྗོད་པའམ་སྤྲོ་ན། ཆོས་དབྱིངས་དག་པའི་བདུད་རྩི་མི་བསྐྱོད་པས། །རྒྱལ་བའི་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཕྱིར། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །གསང་བའི་དཀྱིལ་འཁོར་ཆེན་པོར་ཆག་ཆག་འདེབས། །ཨོཾ་མཧཱ་མཱུ་ཏྲཾ་མཎྜ་ལ་ཧཱུཾ། དེ་བཞིན་དུ་འདོན་པ་བསྒྱུར་ཏེ། མེ་ལོང་དག་པའི་བདུད་རྩི་རྣམ་སྣང་འདིས། །རྒྱལ་བའི་སྐུ་ཡི༝། །བཀའ་གསང་སོགས་འགྲེ། ཨོཾ་མཧཱ་བི་ཏྲ་མཎྜ་ལ་ཨོཾ། མཉམ་ཉིད་དག་པའི་བདུད་རྩི་རཀྟ་འདིས། །རྒྱལ་བའི་ཡོན་ཏན་སོགས། ཨོཾ་མ་ཧཱ་རུ་དྷི་ར་མཎྜ་ལ་སྭཱ། ཀུན་རྟོག་དག་པའི་བདུད་རྩི་བྱང་སེམས་འདིས། །རྒྱལ་བའི་གསུང་གི་སོགས། ཨོཾ་མཧཱ་ཤུཀླ་མཎྜ་ལ་ཨཾ། བྱ་གྲུབ་དག་པའི་བདུད་རྩི་ཤ་ཆེན་འདིས། །རྒྱལ་བའི་འཕྲིན་ལས་སོགས། ཨོཾ་མཧཱ་མཾ་ས་མཎྜ་ལ་ཧཱ། ཞེས་བརྗོད་དེ་བདུད་རྩི་ལྔའི་སྐྱང་ནུལ་བྱ་ཞེས་འབྱུང་བས་སོ། །བདུན་པ་ཐིག་འདེབས་ལ་ལས་ཐིག་དང་ཡེ་ཐིག་གཉིས་ལས་དབང་གཞུང་དུ་ལྷ་རྣམས་ཀྱི་གནས་སུ་རེག་པའི་ཐིག་གདབ་ཅིང་། ཞེས་པ་ཙམ་ལས་འདིར་མི་གསལ་ཡང་སློབ་མ་སྟ་གོན་གྱི་འོག་ཏུ་ཡེ་ཐིག་བཤད་ཅིང་དེར་གསལ། དང་པོ་ལས་ཐིག་སོ་མཆན་དུ་ལས་བྱ་བ་གོ་བདེ་བ་བྱ་བའི་ཕྱིར་ཐིག་གདབ། ཅེས་བྱུང་། ཁྲག་འཐུང་གལ་པོའི་བརྟག་པ་བདུན་པ། པུཎྜ་རཱི་ཀའི་ལེའུ་གཉིས་པ། སྙིང་རྗེ་རོལ་པའི་ལེའུ་དང་པོ་རྣམས་ནས་ཕྱི་ནང་གི་ཐིག་འདེབས་ཚུལ་གསུངས་ཤིང་ཟླ་གམ་རྣམས་རྩིབས་ཀྱི་ནང་དུ་འབྲི་བར་བཤད་ཚོད་འདུག་ཅིང་དེང་སང་མི་མཛད་པ་མང་། གདབ་པ་ནི། ནང་ཐིག་མ་གཏོགས་རྟོགས་སླ་ལས། སྦོམས་སུ་སྒོའི་ཉི་ཤུ་ཆ་དཀྱུས་དཀྱིལ་འཁོར་ལས་གཉིས་སྦོམ་དང་རིང་ཐུང་དབང་གཞུང་དང་མཐུན། འགྱུར་(༢༢བ)


GLG022_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་རིང་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་ཐིག་སྐུད་ཀྱིས་ཐིག་གདབ་སྟེ་དཀྱིལ་འཁོར་ཇི་ཙམ་བྱེད་པ་དེའི་ཕྱེད་མ་བས་ཅུང་ཟད་རིང་བའི་སྐུད་པས་ལྷོ་བྱང་ནས་དབུས་སུ་ཉ་བྲིས་ལ་ཁ་མཇུག་ཏུ་ཐིག་སྐུད་ཐེན་པས་ཤར་ནུབ་ཀྱི་ཚངས་ཐིག་འབྱུང་། དེའི་དབུས་ནས་ཇི་ཙམ་རིགས་པའི་ཟླུམ་པོ་བསྐོར་ཏེ་ཟླུམ་པོའི་ཐིག་དང་ཚངས་ཐིག་འཛོམ་པ་ནས་སྔར་གྱི་ཟླུམ་པོའི་ཕྱེད་ཀྱི་ཚད་ཀྱི་ཟླུམ་པོ་བསྐོར། དེ་གཉིས་ཀྱི་དཀྱིལ་དྲང་པོར་བཏབ་པས་ཚངས་ཐིག་གཉིས་པ་འབྱུང་། དེ་བཞིན་དུ་ལྷོ་བྱང་གི་ཟླུམ་པོ་ཚངས་ཐིག་གཉིས་པ་དང་འཛོམ་པའི་ས་ནས་ཟླུམ་པོ་སྔར་བཞིན་བསྐོར་བས་མཚམས་བཞིར་ཉ་བཞི་འབྱུང་། དེའི་ཁ་ནས་ཐིག་སྐུད་ཐེན་པས་ཟུར་ཐིག་བཞི་འབྱུང་། དེ་ནས་དཀྱིལ་འཁོར་ཇི་ཙམ་བྱེད་པའི་ཟུར་གྱི་མཚན་མ་ཟུར་ཐིག་སྟེང་དུ་བྱ། གཞན་ནས་འབྱུང་བའི་ཆ་ཆེན་བཅུ་དྲུག་དང་ཆ་ཆུང་གི་ཆ་དབྱེ་བ་རྣམས་བྱས་ལ། ལྟེ་བ་ནས་ཕྱི་རོལ་ཏུ་ཆ་ཆེན་གཅིག་དང་ཆ་ཆེན་གསུམ་ཕྱིན་ཏེ་ཟླུམ་པོར་བསྐོར། དེའི་ཕྱིར་ཆ་ཆེན་རེ་རེ་ཡོད་པ་ལན་གཉིས་སུ་བསྐོར། ཟླུམ་ཐིག་ཕྱི་མའི་ཕྱེད་ཆ་ནས་ཐིག་བརྒྱད་པདྨའི་གཅུས་ཐིག་བཞིན་གདབ། ཕྱོགས་མཚམས་ཀྱི་ལྟེ་བ་ནས་གཙོ་བོའི་གནས་ལ་མ་རེག་ཙམ་གྱི་ཟླུམ་ཐིག་རེ་བསྐོར། གཙོ་བོའི་སྒོ་ཟླུམ་ཐིག་གི་ཤར་ནས་ཆ་ཆུང་གཉིས་ནང་དུ་ཕྱིན་ཏེ་བཅད་པས་གྲུབ། དེ་རྗེས་གཅུས་ཐིག་གི་བཅད་ཁ་ནས་སྒོ་དང་སྒོ་ཁྱུད་སྒོ་ལོགས་མཉམ་པ་བྲི། ཕྱི་རོལ་ཏུ་སྣ་ཚོགས་རྡོ་རྗེ་འདེད་པ་ལྟར་ན་པདྨ་དང་། མི་འདོད་པ་ལྟར་ན་ཟུར་ཐིག་གི་རྩེ་ནས་ཟླུམ་ཐིག་གཅིག་དང་། དེ་ནས་ཆ་ཆེན་གཅིག་དོར་བར་དམ་ཅན་གྱི་གནས་དང་ཡང་ཆ་ཆེན་གཅིག་དོར་བར་དུར་ཁྲོད་དང་། ཡང་ཆ་ཕྲན་གཉིས་ཀྱིས་རྡོར་ར་དང་། ཆ་ཆེན་གཅིག་གིས་མེ་རིའི་ཟླུམ་བསྐོར་བྱའོ། །གཉིས་(༢༣ན)


GLG022_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡེ་ཤེས་ཀྱི་ཐིག་གདབ་པ་ལ། གནམ་ཐིག་དང་ས་ཐིག་གཉིས་ལས། དང་པོ་གནམ་ཐིག་གདབ་པ་ནི། ཁྲག་འཐུང་གལ་པོ་ལས། རས་བལ་པདྨའི་རྒྱུས་པ་དང་། ཤི་བའི་སྐྲ་ཡི་སྐུད་པའམ། བྷ་སུ་ཏ་ཡི་ཐིག་སྐུད་བྱ་ཞེས་བྱུང་བའི་སྐུད་པའི་རྒྱུ་དང་འཁེལ་མཁན། ཁྲོ་བོ་པུཎྜ་རཱི་ཀ་ལས། གཟུང་མ་མཚན་དང་ལྡན་པ་གཅིག །ལས་ཀྱི་རྡོ་རྗེ་མོར་དབང་བསྐུར། །ཐིག་སྐུད་འཁེལ་དུ་གཞུག་པའོ། །ཞེས་དང་། གསང་བ་མེ་དཔུང་ཐུགས་ཀྱི་རྒྱུད་ལས། ཤེས་རབ་མཚན་དང་ལྡན་པས་བཀལ་བ་ཡི། །ཐིག་སྐུད་བྱང་ཆུབ་སེམས་དང་ལྡན་པས་གདབ། །ཅེས་པ་ལྟར་རས་བལ་གྱི་ཐིག་སྐུད་སྣ་ལྔ་སོ་སོར་འཁེལ་དུ་བཅུག་སྟེ་འདུ་བྱས་པ་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར་བཀོད། ཚོན་གྱི་ཆོ་ག་འོག་ཏུ་བྱུང་ཡང་འཇུག་པ་བདེ་ཕྱིར་ཏིང་ཕོར་ལྔར་ཚོན་ལ་རིགས་ལྔའི་ས་བོན་བྲིས་པ་དང་ཐིག་སྐུད་ལྔ་ཕྱོགས་མཚུངས་སུ་བཞག་ལ་མཆོད་པ་བཤམས། སུམྦྷས་དབང་གཞུང་དུ། རིགས་ཀྱི་ཡི་གེས་ལྷར་བསྐྱེད་ཅིང་དགུག་གཞུག་མཆོད་བསྟོད་བྱ་ཚུལ་ཕྱོགས་མཚུངས་ཤིང་ཁྲག་འཐུང་གལ་པོའི་བརྟག་པ་བདུན་པར་ཚོན་བྱིན་བརླབ་བཤད། བསངས། སྭ་བྷཱ་ཝས་ཐིག་ཚོན་སྦྱངས། སྟོང་པའི་ངང་ལས་དབུས་དང་ཕྱོགས་བཞིར་པཾ་པདྨ་མཎྜལ། ཨ་ཙནྡྲ་མཎྜ་ལ། མ་སཱུཪྻ་མཎྜ་ལ། མཧཱ་དེ་ཝ་ཛཿ ཨུ་མ་དེ་ཝཱི་ཛཿ ཨིནྡ་ཛཿཡ་མ་ཛཿ ཝ་རུ་ཎ་ཛཿ ཀུ་བཻ་ར་ཛཿ ཞེས་པདྨ་དང་ཟླ་ཉིའི་གདན་གྱི་དབུས་སུ་དབང་ཕྱུག་ཡབ་ཡུམ་དང་ཕྱོགས་བཞིར་རང་རང་གི་ཕྱོགས་སྐྱོང་རྣམས་བཀུག་སྟེ་གནས་པར་བསམ། ལས་བྱང་ནས་བྱུང་བའི་ཧཱུཾ་ཏིཥྛ་རཏྣ་སཱུཪྻ་ཨོཾ་ཞེས་པ་ནས་བཟུང་སྟེ། སྥ་ར་ཎ་ཕཊ་བྱང་སེམས་དཀར་དམར་འདྲེས་ཞེས་པའི་བར་དཀྱུས་ལྟར་ལ། སྲས་ཀྱི་ས་བོན་ཧཱུཾ་ཨོཾ་སྭཱ་ཨཾ་ཧཱ། ལྔར་གྱུར་ཡུམ་གྱི་མཁའ་ནས་གདན་སྟེང་དུ། བབས་པ་ཞུ་སྟེ་ཐིག་ཚོན་(༢༣བ)


GLG022_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲེས་པས། དབུས་སུ་བཛྲ་ཧེ་རུ་ཀཿསྔོན་པོ། ཤར་དུ་བུདྡྷ་ཧེ་རུ་ཀཿདཀར་པོ། ལྷོ་རུ་རཏྣ་ཧེ་རུ་ཀཿསེར་པོ། ནུབ་ཏུ་པདྨ་ཧེ་རུ་ཀཿདམར་པོ། བྱང་དུ་ཀརྨ་ཧེ་རུ་ཀཿལྗང་གུ །ཞལ་གཅིག་ཕྱག་གཉིས་གཡས་པ་རྡོ་རྗེ་དང་། འཁོར་ལོ་རིན་ཅེན་པདྨ་རྒྱ་གྲམ་བསྣམས། གཡོན་པ་རང་རྟགས་ཡུ་བ་བྱས་པ་ཡི། །དྲིལ་བུ་བཟུང་ནས་ཡུམ་དང་མཉམ་པར་སྦྱོར། །དུར་ཁྲོད་ཆས་ཅན་ཞབས་གཡོན་བརྐྱངས་ཏེ་བཞུགས། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་བསམ། །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །རང་འདྲའི་ཡེ་ཤེས་སེམས་དཔའ་ས་མཱ་ཛཿས་སྤྱན་དྲངས་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་བསམ། ཨོཾ་བཛྲ་ཨ་ཧ་ར་སོགས་ཀྱིས་མཆོད། ལྷ་རྣམས་འོད་དུ་ཞུ་ནས་ཐིག་ཚོན་སོ་སོ་ལ་ཐིམ་པས་སྲད་བུ་དང་ཚོན་གྱི་རྣམ་པར་བསམ། རུ་ལུ་འབྲུ་བརྒྱད་ཀྱི་རྗེས་སུ་སུ་ཏྲཾ་མ་ཏིཀྲ་མ་ཧཱུཾ། ཞེས་པ་བརྒྱ་རྩ་བཟླས་པ་སྲད་བུ་དང་ཙི་ཏྲ་མ་ཏི་བཛྲ་ས་མ་ཡ་ཧཱུཾ་ཨཱཿ ཞེས་བརྒྱ་རྩ་བརྒྱད་ཀྱིས་ཚོན་བརླབ་ཐིག་ཚོན་ཨོཾ་ཨཱཿཧཱུཾ་གིས་མཚན་པའི་འོད་ཀྱིས་སྐུ་གསུང་ཐུགས་ཀྱི་ལྷ་ཐམས་ཅད་སྤྱན་དྲངས། ཡིག་འབྲུ་ལ་ཐིམ། འོད་དུ་ཞུ་བས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ་ཚོན་རྣམས་རིན་པོ་ཆེའི་རང་བཞིན་དུ་བསམས་ལ་ཨོཾ་ཨཱཿཧཱུཾ་མང་དུ་བཟླ། དེ་ནས་བདག་གི་ཐུགས་ཀ་ནས་རྟ་མཆོག་རོལ་པ་སྤྲུལ་པར་བསམས་ཤིང་། ཀརྨ་བཛྲ་ཧཱ་ཞེས་པ་དང་ཨོཾ་དཱིབྟ་པཥྚ་ཏིཥྛ་ཨཾ་ཀུ་ཤ་དབང་གཞུང་ནས་བཤད། ཛྫཿཛྫཿཛྫཿཛྫཿཛྫཿཛྫཿཞེས་བརྗོད་དེ་ཐིག་སྐུད་རྣམས་ཤར་ནས་ནུབ་ཏུ་རྩ་བར། དཀྱིལ་འཁོར་ནུབ་ཕྱོགས་དེ་བཞིན་བཞེད། །ཅེས་པར་སོ་མཆན་དུ་སློབ་དཔོན་གྱིས་དགོངས་པ་ནུབ་ནས་མཛད་པར་ངོས་བཟུང་། རིམ་བཞིན་བརྐྱངས་ལ་ཐབས་ཀྱི་གསང་གནས་སུ་དྲངས་ཏེ་ཨོཾ་ཨཱཿཧཱུཾ་ཛྫཿཛྫཿཛྫཿཛྫཿ དཔོན་སློབ་གཉིས་ཀྱིས་གཅིག་ཏུ་བསྒྲིལ་ཞིང་། འཇིག་རྟེན་ཁམས་ནི་མ་ལུས་པའི། །སེམས་ཅན་རྣམས་ཀྱི་དོན་བྱའི་ཕྱིར། །(༢༤ན)


GLG022_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་མ་ལུས་ཀུན། །བྱང་ཆུབ་སེམས་ནི་གཅིག་ཏུ་བསམ། །ཨ་ནྱོ་ནྱ་ཨ་ནུ་གཱ་ཏཱཿསརྦྦ་དྷརྨྨཱཿསྥ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨྨཱ་ཨ་དྱནྟ་ཨ་ནུ་པྲ་བིཥྚཿསརྦྦ་དྷརྨྨཱ་ཞེས་བརྗོད། བདུད་རྩི་ལྔའི་ཆུས་བྱུགས་ཤིང་ཨོཾ་ཨཱཿཧཱུཾ་བཟླས་ལ། རྡོ་རྗེ་དྲིལ་བུ་ཐོགས་ཏེ། སློབ་དཔོན་ནུབ། སློབ་མ་ཤར་དུ་འདུག་པས། ཁྲག་འཐུང་གལ་པོ་ལས། ཧཱུཾ། བཀྲ་ཤིས་མཚན་ལྡན་གཟུང་མ་ཡུམ། །ཞལ་ནས་ཨུཏྤལ་ངད་ལྡང་ཞིང་། །སྐད་ཀྱང་ངང་པ་གཞོན་ནུ་འདྲ། །སྙན་པར་སྨྲ་ཞིང་ཚུལ་དང་ལྡན། །བཀྲ་ཤིས་མཚན་ལྡན་ཡིད་དུ་འོང་། །མཉེན་ལྕུག་འཁྲིལ་ལྡེམ་དབྱེར་མི་ཕྱེད། །རྡོ་རྗེ་ལས་ཀྱི་དངོས་གྲུབ་མ། །གཉིས་མེད་སྦྱོར་བའི་བྱིན་རླབས་ཀྱི། །གསང་བའི་དཀྱིལ་འཁོར་ཐིག་འདེབས་ཀྱི། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ ཐབས་དང་ཤེས་རབ་ལྡན་པའི་བྱིན་རླབས་ལས། །གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་འདིར། །གསང་བའི་བྱང་ཆུབ་སེམས་ཀྱི་ཐིག་བཏབ་པས། །ཡེ་ཤེས་གཞལ་ཡས་ཕོ་བྲང་ལྷུན་གྱིས་གྲུབ། །ཨོཾ་གུ་ཧྱ་ཨ་གྲ་ཛྙཱ་ན་མཎྜ་ལ་ཧཱུཾ། དབང་གཞུང་ལས། སྟོབས་ཆེན་དཔའ་བོ་དགོངས་སུ་གསོལ། །རྡོ་རྗེ་ཐིག་ལེ་སྒྲ་ལྡན་པས། །ནམ་མཁར་དཀྱིལ་འཁོར་ལེགས་གྲུབ་ཅིང་། །འགྲོ་བའི་དོན་ལ་བསྐུལ་བར་བྱ། །ཨོཾ་བོ་དྷི་ཙིཏྟ་སརྦ་སཏྭ་ཧཱུཾ། ཞེས་ཚངས་ཐིག་དང་པོ་ནམ་མཁར་འོང་ནས་སྟེང་དུ་གདབ་ལ་སངས་རྒྱས་ཐམས་ཅད་བྱོན་ནས་ཐིག་ལ་ཐིམ་པར་བསམ་མོ། །གཉིས་པ་ས་ཐིག་གདབ་པ་ནི། ཁྲག་འཐུང་གལ་པོ་ལས། ཧཱུཾ། ཐབས་དང་ཤེས་རབ་ལྡན་པའི་བྱིན་རླབས་ལས། །གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་འདིར། །གསང་བ་བྱང་ཆུབ་སེམས་ཀྱི་ཐིག་བཏབ་པས། །དུར་ཁྲོད་བརྡལ་བའི་གཞལ་ཡས་ལྷུན་གྱིས་གྲུབ། །ཨོཾ་བཛྲ་སྔགས་འདིས་ས་ཐིག་གདབ་ཁྲོ་བོ་པུཎྜ་རཱི་ཀའི་ལེའུ་དང་པོ་ནས་བཤད། སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ། ཞེས་ཤར་ནུབ་ཀྱི་ཚངས་ཐིག་དང་པོ་གདབ། དེ་བཞིན་དུ་སློབ་དཔོན་ལྷོ། སློབ་མ་བྱང་(༢༤བ)


GLG022_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་པས་ཚངས་ཐིག་གཉིས་པ་གདབ། སློབ་དཔོན་མེ། སློབ་མ་དབང་ལྡན་དུ་གནས་པས་ཤར་ཕྱོགས་གདབ། སློབ་དཔོན་ནུབ་བྱང་། སློབ་མ་སྲིན་པོར་གནས་པས་ནུབ་ཕྱོགས་གདབ། སློབ་དཔོན་དེ་ཉིད། སློབ་མ་དབང་ལྡན་དུ་གནས་པས་བྱང་ཕྱོགས་གདབ། སློབ་དཔོན་མེ། སློབ་མ་བདེན་བྲལ་དུ་གནས་པས་ལྷོ་ཕྱོགས་གདབ། སློབ་དཔོན་དེ་ཉིད། སློབ་མ་ལུང་དུ་གནས་པས་ཟུར་ཐིག་དང་པོ། སློབ་དཔོན་བདེན་བྲལ། སློབ་མ་དབང་ལྡན་དུ་གནས་པས་ཟུར་ཐིག་གཉིས་པ་གདབ། འབྲོས་འདེད་ཀྱི་ཚུལ་གྱི། དེ་ནས་དཔོན་སློབ་གཉིས་ནུབ་དང་ཤར་དུ་གནས་པས་ཐིག་སྐུད་བསྡུ། དབང་གཞུང་གི་དགོངས་དོན་བསྡུས་པ་ཡེ་ཐིག་ལ་མཆོད་བསྟོད་བསྡུས་པ་ཞིག་བྱས་ཏེ་གཤེགས་སུ་གསོལ། རང་ལྷར་གསལ་བའི་མིག་གཉིས་ཉི་ཟླར་བསམ། ཧི་ཞེས་ལྟ་སྟངས་དང་བཅས་རྡོ་རྗེ་སློང་བའི་ཕྱག་རྒྱ་དང་ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། ཞེས་དཀྱིལ་འཁོར་གྱི་ནང་དུ་ཞུགས་ཤིང་སྒོ་དབྱེ། དེ་ནས་ཕྱོགས་མཚམས་ཐམས་ཅད་ནས་མཉམ་པ་ཉིད་དུ་དམིགས་ནས་ཚིག་འདིས་དག་པར་བྱའོ། །ཨོཾ་ཐམས་ཅད་རྣམ་འཕྲུལ་རང་བཞིན་མཆོག །དངོས་མེད་ཞི་བའི་འོད་ལྡན་གསལ། །རྡོ་རྗེ་འཛིན་པ་གཏེར་ཆེན་འཛིན། །དཀྱིལ་འཁོར་དག་པར་བྱིན་གྱིས་རློབས། །མཉམ་པའི་སྔགས་བློ་རྣམ་གསལ་བས། །ཉེས་པའི་ཟུག་རྔུ་དག་པར་བྱ། །ཞེས་བརྗོད་ཅིང་ཐམས་ཅད་ལྷའི་རང་བཞིན་དུ་ལྟའོ། །བརྒྱད་པ་ལྷ་སྟ་གོན་ལ་ལྷ་བསྐྱེད། མཆོད་བསྟོད། སྙན་གསན་དང་གསུམ་ལས། དང་པོ་ལྷ་བསྐྱེད་པ་ནི། ཏིང་འཛིན་རྣམ་གསུམ་སྔ་འགྱུར་ཕལ་ཆེར་ལས་བྱང་གི་སྔོན་འགྲོ་རྣམས་ཀྱང་མཛད་པ་ཤས་ཆེ་ཞིང་དབང་གཞུང་དུའང་སྦྱོང་བ་དང་སྲུང་བ་བྱིན་གྱིས་བརླབ་པ་ཞེས་བྱུང་བ་ལྟར་བྱས་ཀྱང་མི་ལེགས་པ་མ་ཡིན་མོད་འདིར་རྟོགས་པར་སླ་བ་དང་ཕྱོགས་མཚུངས་པར་བྱས། བསྒོམ་པ་ནས་ཕྱི་རོལ་ཁ་དོག་སྣ་ལྔའི་མེ་དཔུང་འབར་ཞེས་པ་ཡན་ལས་དབང་གཞུང་དུ་གཞིའི་ཏིང་ངེ་འཛིན་རང་རྟེན་གྱི་ཏིང་ངེ་འཛིན་དང་བརྟེན་པའི་ཏིང་ངེ་འཛིན་གྱི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གསལ་བར་བྱ། ཞེས་ཀྱང་། བྱང་ལྟར་བསྐྱེད། དེ་ནས་རང་(༢༥ན)


GLG022_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྔགས་ལན་བདུན་རེ་བརྗོད་ཅིང་གཙོ་བོར་གྲུ་བཞི་དང་གཞན་དབང་གཞུང་དུའང་འདི་བཞིན་བྱུང་། རྣམས་ལ་ཟླུམ་པོར་དིའི་ཐིག་ལེ་བྱ། པཾ་པདྨ་མཎྜལ་ཞེས་མེ་ཏོག་གི་ཚོམ་བུ་སྒོམ་མཆོད་ལྷ་སོ་སོའི་མདུན་དུ་མར་མེ་གཡས་སུ་ཞལ་ཟས། གཡོན་དུ་སྤོས་བཀོད་པའི་ནང་གི་ཤར་མཆོད་ཡབ། ནུབ་མཆོད་ཡུམ། ནུབ་ཕྱི་མ་གཽ་རཱི་མ། འདོད་སྣམ་གྱི་ཐད་ནས་གཡས་སྐོར་དུ་ཕྱི་མཆོད། སྨན་རཀ་གཏོར་གསུམ་སོགས་བཤམ། སྒོས་མཆོད་ངོར་རྫོང་གི་ལུགས་ལྟར་ཞིབ་ཏུ་བྲིས་མོད། དབང་གཞུང་དུའང་མཆོད་པའི་ཚོགས་དགྲམ་ཞེས་བཤད། དགོད། ཨ་ཙནྡྲ་མཎྜལ། མ་སཱུཪྻ་མཎྜལ། མཧཱ་དེ་ཝ་ཛཿ ཨུ་མ་དེ་ཝཱི་ཛཿ མ་ཏྲཾ་ཛཿ ཞེས་རང་རང་གི་གདན་བསྐྱེད། ཧཱུཾ། དཔལ་ཆེན་ཡང་དག་བཛྲ་ཧེ་རུ་ཀཿཞེས་པ་ནས། འཕྲོ་འདུ་བ་ཐག་གཟིངས་པ་ལྟ་བུར་གསལ་གྱི་བར་ལ་ཡུམ་གྱི་སྔགས་དོར། ཤར་དུ་གཽ་རཱི་སྔོན་མོ་ཕྱག་གཡས་ཀྱི་ཞེས་སོགས་ལྷ་མོ་བརྒྱད་ཀྱི་སྔགས་རྣམས་དོར་བའི་ཚིགས་བཅད་དཀྱུས་བཞིན་དང་སྙན་གསན་དབབ་པ་ནས་ཕྱག་འཚལ་བའི་བར་བྱ། གཉིས་པ་མཆོད་བསྟོད་བྱ་བ་ནི། ལས་བྱང་གི་མཆོད་རྫས་བྱིན་རླབས་བྱས་རྗེས་ཕྱི་མཆོད་ནས་བསྟོད་པའི་བར་བརྗོད། གསུམ་པ་སྙན་གསན་དབབ་པ་ནི། དབང་གཞུང་ལས། དེ་ནས་པུས་མོ་བཙུགས་ཏེ་གཡས་སྤོས་སྣོད་ཐོགས་ལ་གཡོན་པས་དྲིལ་བུ་འཁྲོལ་ཞིང་ཚིག་འདི་བརྗོད་དོ། །ཧཱུཾ། ཐུགས་རྗེ་ཆེན་པོ་བཅོམ་ལྡན་འདས། །མ་ལུས་སེམས་ཅན་དོན་མཛད་པའི། །རྒྱལ་བའི་དཀྱིལ་འཁོར་སྲས་དང་བཅས། །སྟོབས་མཆོག་རྒྱལ་ཆེན་རྣམས་ལ་བསྟོད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཡང་དག་བསྒྲུབ་པ་གཅིག་པུ་ཉིད། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་ནི། །མགོན་གྱུར་ལས་རྣམས་གྲུབ་པའི་ཕྱིར། །རྡོ་རྗེ་གསང་བ་བདག་གིས་བྲི། །བརྩེ་བས་སློབ་མ་རྣམས་ཕྱིར་དང་། །བདག་ཉིད་རྣམས་ལ་མཆོད་པའི་ཕྱིར། །བཅོམ་ལྡན་ཁྱོད་ལ་བདག་གུས་ཏེ། །དགྱེས་མཛད་འོས་པར་གྱུར་པ་ལས། །བདག་ཅག་རྣམས་ལ་དགོངས་སུ་གསོལ། །བྱ་བ་ཆེན་པོའི་འཁོར་ལོའི་ཕྱིར། །འབྲས་གནས་བྱང་ཆུབ་སེམས་ཚོགས་དང་། །གསང་སྔགས་(༢༥བ)


GLG022_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་ལྷ་ཉིད་དང་། །འབྱུང་ཚོགས་འཇིག་རྟེན་སྐྱོང་བ་དང་། །རྫོགས་སངས་རྒྱས་ཀྱི་རྗེས་དགའ་བ། །བསྟན་ལ་དགའ་བའི་འགྲོ་བ་དག །ཡང་དག་རྡོ་རྗེའི་སྤྱན་ལྡན་པ། །རིགས་རྣམས་འདུལ་བའི་དཀྱིལ་འཁོར་གཙོ། །དོན་གྲུབ་གསང་བ་བདག་གིས་བརྩམ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །གནང་བར་མཛད་དུ་གསོལ་ལགས་སོ། །ཞེས་ལན་གསུམ་གསོལ་བ་བཏབ་ཨ་ཧ་ར་སོགས་ཀྱིས་སླར་ཡང་མཆོད་ཅིང་བསྟོད་པའི་ཐོག་མཐའི་ཤོ་ལོ་ཀ་གཉིས་ཀྱིས་བསྟོད་དོ། །དབང་གཞུང་དུ་མཆོད་རྫས། རྣལ་འབྱོར་པའི་རྒྱན་ཆས། སྦྱིན་སྲེག །རྡོ་རྗེ་སེམས་དཔའི་སྦྱོར་བས་ལུས་ངག་ཡིད་གསུམ་གྱི་མཐུ་བསྐྱེད་པར་གསུངས་པ་ནི་བཀའ་བརྒྱད་ལ་ལྷ་སྟ་གོན་གྱི་སྐབས་དཀྱིལ་འཁོར་རྒྱན་དགོད་ཀྱི་མདའ་སོགས་ཉལ་སྟབས་ཀྱི་བཤམས། ལས་གཞུང་བསྲངས་ཏེ་བསྙེན་པ་བྱེད་པར་གསུངས་པ་དང་དགོངས་པ་གཅིག་ཅིང་རྙིང་ལུགས་ཚོར་ཕྱག་ལེན་དར་ནའང་འདིར་བདེ་ཁྱད་དུས་ཕུར་ལྷ་ཁྲ་དང་ཕྱོགས་མཐུན་དུ་བཞག །ཚོགས་གསོག་པར་བཤད་པ་སྔར་གོང་དུ་བསགས་པས་གོ་ཆོད། ཚོགས་མཆོད་དང་བཀང་བཤགས་ནི་དངོས་གཞིའི་སྐབས་སུ་འབྱུང་བས་སོ། །དགུ་པ་བུམ་པ་བསྒྲུབ་པ་ནི། དབང་གཞུང་དུ། བུམ་པ་མགྲིན་རིང་ལྟོ་བ་ཟླུམ། ཞེས་སོགས་བུམ་པ། ཁ་རྒྱན། གཟུངས་ཐག །བུམ་རྫས། སྒྲུབ་ལུགས་སོགས་ཀྱི་སྡོམས་མདོ་ཙམ་བྱུང་བ་དང་རྟོགས་སླ་དགོངས་པ་མཐུན་པ་བརྗོད་བདེར་བཀོད་པ་ནི། འབྱོར་ན་རིན་པོ་ཆེའམ་མ་འབྱོར་ན་རྒྱུས་ལ་སོགས་པ་ལ་བྱས་པའི་བུམ་པ་བཅུ་ཁ་དོག་དཀར་པོར་བསྒྱུར། རས་ཚོན་ལྔས་མགུལ་བཅིངས། ཤིང་འོ་མ་ཅན་ལོ་འབྲས་དང་བཅས་པས་ཁ་བརྒྱན། ནང་དུ་སྨན་ལྔ། འབྲུ་ལྔ། དྲི་ལྔ། རིན་ཅེན་ལྔ། སྙིང་པོ་ལྔ། བདུད་རྩི་དང་ཆུ་སྲོག་ཆགས་མེད་པས་བཀང་། དེ་ནས་པདྨ་འདབ་བརྒྱད་བྲིས་པར་མེ་ཏོག་གི་ཚོམ་བུ་བཀོད་པའི་དབུས་དང་འདབ་མར་འགོད་ཅིང་ལས་བུམ་ལོགས་སུ་བཞག་གོ །སུམྦྷས་བསངས། སྭ་བྷཱ་ཝས་(༢༦ན)


GLG022_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་དཀར་པོ་ལས་བྱུང་བའི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་ཀྱི་བུམ་པའི་ལྟེ་བ་དང་ཕྱོགས་མཚམས་བརྒྱད་དུ་པཾ་པདྨ་མཎྜ་ལ་ནས། མ་ཏཾ་ཛཿའི་བར། ཕྱོགས་མཚམས་ཀྱི་བུམ་པ་བརྒྱད་དུ་མ་སཱུཪྻ་མཎྜ་ལ། མ་ཏཾ་ཛཿ ལས་བུམ་དུ་པཾ་པདྨ་མཎྜ་ལ། མ་སཱུཪྻ་མཎྜ་ལ། ཞེས་གདན་རྣམས་བསྐྱེད། དབུས་ཀྱི་གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། ནང་དང་ཕྱིའི་ཕྱོགས་མཚམས་ཀྱི་གདན་ལ་གཾ་ཙཾ་པྲཾ་བཾ་པཾ་གྷཾ་སྨཾ་ཙཾ་དང་ལས་བུམ་གྱི་ནང་དུ་ཧཱ་རྣམས་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཧཱུཾ་དཔལ་ཆེན་ཡང་དག་བཛྲ་ཧེ་རུ་ཀཿནས། སེམས་དཔའ་གསུམ་བརྩེགས་ཀྱི་བར་དང་ལྷ་མོ་བརྒྱད་བསྐྱེད་པ་སོགས་ལས་བྱང་བཞིན་ལ་སོ་སོའི་སྔགས་རྣམས་དོར། ལས་དབང་གཞུང་ལས་བདུད་རྩིར་བྱིནགྱིས་བརླབས་པའི་ཆུ་འཐོར་ཞིང་རྟ་མཆོག་གི་སྔགས་ཀྱིས་བསྲུང་ཞེས་ཁུངས་དང་འབྲེལ། བུམ་ནང་དུ་ཧཱ་ལས་བདག་ཆེན་སྔགས་འཆང་པས། ས་ཕུར་ནས་འཁྱིལ་བ་གཡར་པོ་མཛད་འདུག་ཀྱང་འདི་གའི་སྒོས་ལྷ་རྟ་མཆོག་རོལ་པ་ཡོད་པས་དོག་འཚང་མི་མཛད་པ་ཞུ། རྟ་མཆོག་ལྗང་ཞེས་པ་ནས། སྣ་ཚོགས་རྡོ་རྗེ་ཐོད་པ་ཐོགས་པས་འཁྲིལ་ཞེས་པའི་མཇུག་ཏུ། ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས། །སྙན་གསན་དབབ་པ་ནས་བཟུང་ཕྱག་འཚལ་བའི་བར་དང་ཨརྒྷཾ་མེ་ཏོག་ཅེས་སོགས་ཞི་སྒྲུབ་ལྟར་ལ་སྔགས་བཛྲ་ས་ཏྭའི་ཚབ་ཤྲཱི་ཧེ་རུ་ཀར་བསྒྱུར། བསྟོད་པ་ཐོག་མཐའི་ཤློ་ཀ་གཉིས་ཀྱིས་བསྟོད། གཟུངས་ཐག་ནས་བཟུང་སྟེ་གཙོ་བོའི་སྔགས་བརྒྱ་སྟོང་སོགས་ཇི་ལྟར་རིགས་པ་དག་དེ་ལས་རིམ་གྱིས་ཕྲི་བའི་འཁོར་གྱི་སྔགས་དང་ལས་ཐམས་ཅད་བཛྲི་ཧ་སོགས་དང་སུམྦྷ་བཟླ་ཞིང་མཐར་རུ་ལུ་དང་ཧཱུཾ་བརྗོད་པས་རྣམ་རྒྱལ་(༢༦བ)


GLG022_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷ་ཐམས་ཅད་འོད་དུ་ཞུ། བྱང་ཆུབ་ཀྱི་སེམས་ཀྱི་ཆུས་ཡོངས་སུ་གང་བར་བསམ། ལས་བུམ་ལ་དམིགས་ཏེ། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་རྣམས་མཐར་མ་ཕྱིན་གྱི་བར་བགེགས་བཟློག་པའི་འཕྲིན་ལས་མཛད་དུ་གསོལ། ཅེས་འཕྲིན་ལས་གཞོལ། དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་རས་ཡུག་གི་སྟེང་དུ་མེ་ཏོག་དཀར་པོ་གཅལ་དུ་བཀྲམ་པའི་སྟེང་དུ་གཙོ་བུམ་ཤར་དང་གཞན་རྣམས་རང་རང་གི་ཕྱོགས་སུ་བཞག །ལས་བུམ་བྱང་ཤར་དུ་དགོད་དོ། །བཅུ་པ་སློབ་འདི་ནས་སློབ་མ་སྟ་གོན་མ་རྫོགས་ཀྱི་བར་ཁུངས་སྨོས་པ་དང་འཚམས་སྦྱོར་མ་གཏོགས་དབང་གཞུང་བཞིན་ནོ། །མ་སྟ་གོན་ལ་སྤྲོ་བ་སྐྱེད། སྡོམ་གཟུང་། བྱིན་བརླབ། སོ་ཤིང་། དྲི་ཆུ། ཀུ་ཤ །སྲུང་སྐུད། ཆོས་བཤད། གཏོར་མ། མཆོད་བསྟོད། རྨི་ལམ་སྟེ་བཅུ་གཅིག་ལས། དང་པོ་སྤྲོ་བ་བསྐྱེད་པ་ནི། བགེགས་གཏོར་བསྔོ་ཞིང་ཐུན་གྱིས་བྲབ། སརྫ་རཱ་ཛའི་སྤོས་ཀྱིས་བདུག །སློབ་མ་རྣམས་ཁྲུས་བྱས། ཕྱག་བཙལ། རྩ་བར། སྲོག་ལུས་མན་ཆད་རྫས་ཀྱི་རྣམ། །བླ་མ་མཉེས་པར་བྱ་ཕྱིར་དབུལ། །ཞེས་པའི་སོ་མཆན་དུ། དགོངས་འདུས་ཀྱི་ལུང་དྲངས་པར། སྐྱོ་དུབ་མེད་པའི་དད་པ་དང་། གྱོང་སེམས་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་རྒྱུ་མེད་པའི་དྲང་བརྟན་དང་། ཁ་གསག་མེད་པའི་རང་རྒྱུད་དང་། །རྨོངས་པ་མེད་པའི་ཤེས་རབ་དང་། །དྲི་མ་མེད་པའི་ལྷག་སེམས་བརྒྱད། །དམ་པ་དེ་ལ་རྫོགས་པར་དབུལ། །ཞེས་པ་ལྟར། སྔོན་དུ་མཎྜལ་འབུལ་དགོས་པས་དྲི་བཟང་གི་ཆུ་དང་མེ་ཏོག་བཀྱེ་བསྡུ་སོགས་ཕྱག་ལེན་ལྟར་བྱས་རྗེས། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུཾ། གཞི་དབང་ཆེན་དག་པ་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ། ཕྱི་ལྕགས་རི་ཁོར་ཡུག་མུ་ཁྱུད་ཀྱིས་བསྐོར་བའི་དབུས་སུ་ཧཱུཾ་རིའི་རྒྱལ་པོ་རི་(༢༧ན)


GLG022_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཞབས་དྲུང་དུ། སློབ་མ་སྟ་གོན་གྱི་ཆོས་ཟབ་མོ་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་མཎྜལ་ཕུལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་མདུན་དུ་འདུག་ལ། བུ་ཁྱོད་ཚུལ་ལྡན་སྣོད་ཡིན་པས། །ཐེག་ཆེན་གསང་བའི་གཞུང་བཞིན་ཉོན། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་སངས་རྒྱས་ཚོགས་འདས་རྣམས་དང་། །དེ་བཞིན་གང་དག་མ་བྱོན་དང་། །དེ་ལྟར་བྱུང་བ་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་གནས་བཞུགས་ལ། །དེ་ཀུན་གསང་སྔགས་ཟབ་མོ་ཡི། །ཆོ་ག་ཟབ་མོ་འདི་རྟོགས་ནས། །སྐྱེས་མཆོག་རང་གི་གནས་ཉིད་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །བཅོམ་ལྡན་ཆེ་གེའི་དཀྱིལ་འཁོར་གྱིས། །བདུད་ཚོགས་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་མཐའ་དག་རྣམ་བཅོམ་པས། །དེ་ཕྱིར་ཀུན་མཁྱེན་ཡེ་ཤེས་ཕྱིར། །བུ་ཁྱོད་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ་དོན་བཤད། གཉིས་པ་སྡོམ་པ་གཟུང་བ་ལ་སྐྱབས་སུ་འགྲོ་ཞིང་དམ་བཅའ་བ། སྡིག་བཤགས། ཡི་རང་། སེམས་བསྐྱེད། སྡོམ་གཟུང་དངོས་དང་ལྔ་ལས། དང་པོ་སྐྱབས་སུ་འགྲོ་ཞིང་དམ་བཅའ་བ་ནི། སློབ་མས་སྦྱོར་དང་དངོས་གཞི་ཡི། །དང་པོ་ཡན་ལག་རྣམས་བཀོད་དེ། །ཞེས་པ་ལྟར། དབང་པོ་དུལ་ཞིང་(༢༧བ)


GLG022_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་མ་ཡེངས་པས་པུས་མོ་བཙུགས། ཐལ་མོ་སྦྱར། མགོ་བོ་འདུད་དེ། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་སྐྱབས་སུ་འགྲོ་བར་བགྱི། །རྣལ་འབྱོར་མཁའ་འགྲོ་གསང་སྔགས་ཅན། །རིགས་ཀྱི་དཀྱིལ་འཁོར་སོ་སོ་ཡི། །འཁོར་ལོ་བཞུགས་པའི་བདག་ཉིད་རྣམས། །ཀུན་ལ་སྐྱབས་སུ་འགྲོ་བར་བགྱི། །དཔའ་བོ་ཕོ་མོ་འཁོར་བཅས་དང་། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། ཁྱད་པར་དུ་ཡང་སློབ་དཔོན་ལ། ཁྱོད་ཀྱིས་སྐྱབས་སུ་འགྲོ་བར་བགྱི། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཀྱིལ་འཁོར་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་སྟེ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །བདག་གི་སྡོམ་པ་མ་ལུས་གཟུང་། །ཞེས་ལན་གསུམ་གྱིས་སྡོམ་པ་གཟུང་བར་ཁས་བླངས། གཉིས་པ་སྡིག་པ་བཤགས་པ་ནི། དཀོན་ཅོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་ཅོག་གསུམ་པོ་གཟུང་བར་བྱ། །བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་སྩལ་རྗེས་སུ་ཡི་རང་བ། །མགོན་པོའི་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཞེས་པའི་རྗེས་ཟློས་བྱེད་དུ་གཞུག །གསུམ་པ་རྗེས་སུ་ཡི་རང་བ་ནི། རྒྱལ་བ་སྲས་བཅས་ཚོགས་རྣམས་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱིས། །བསྒོམ་བཟླས་ལ་སོགས་བསོད་ནམས་ལ། །དད་པས་རབ་ཏུ་ཡི་རང་ངོ་། །ཞེས་བརྗོད་དུ་གཞུག་གོ །བཞི་པ་སེམས་བསྐྱེད་པ་ནི། དགེ་བའི་ཚོགས་མང་སྤེལ་བའི་ཕྱིར། །བྱང་ཆུབ་གཉིས་མེད་དོན་བསྐྱེད་ནས། །འགྲོ་རྣམས་དེ་རིང་དོན་དུ་གཉེར། །སངས་རྒྱས་གྱུར་ནས་བདག་གིས་ནི། །འགྲོ་རྣམས་སྲིད་པའི་གནས་ལས་འདོན། །ཞེས་ཁས་ལེན་དུ་གཞུག །ལྔ་པ་སྡོམ་པ་གཟུང་བ་ནི། སེམས་(༢༨ན)


GLG022_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་སྐོར་བྱེད་ཅིང་། །ཚོགས་སྤྱོད་བྱང་ཆུབ་སེམས་དཔའ་ལ། །བདག་གིས་གུས་པས་སྐྱབས་སུ་མཆི། །སངསརྒྱས་རྣམ་འབྱུང་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །ཐུབ་མཆོག་བྱང་ཆུབ་རྒྱ་ཆེན་པོ། །འགྲོ་བ་རྒྱ་ཆེན་དོན་ལ་དམིགས། །མགོན་རྣམས་བདག་ལ་དགོངས་སུ་གསོལ། །མ་ལུས་ཕྱོགས་བཞུགས་དཀྱིལ་འཁོར་རྣམས། །དུས་འདི་ཉིད་ནས་སངས་རྒྱས་ལ། །བླ་མེད་རྒྱ་ཆེན་དང་བར་གཟིགས། །ཇི་ལྟར་དུས་གསུམ་བདེ་གཤེགས་རྣམས། །བྱང་ཆུབ་མཆོག་ཏུ་ངེས་མཛད་ནས། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་ཅོག་གསུམ། །དེང་ནས་བརྩམས་ཏེ་བཟུང་ནས་ནི། །ནམ་དུ་ཡང་ནི་མི་སྤང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཅེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བྱ། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་མཆོག་(༢༨བ)


GLG022_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སེམས་བསྐྱེད་ཅིང་། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་གྲོལ་བ་རྣམས་གྲོལ་བར་བྱ། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །ཐམས་ཅད་མྱ་ངན་འདས་ལ་འགོད། །དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་སངས་རྒྱས་མྱུར་འགྲུབ་ནས། །འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་གནས་པར་བགྱི། །ཞེས་རིག་པ་འཛིན་པའི་སྡོམ་པ་ལེན་དུ་གཞུག །གསུམ་པ་བྱིན་གྱིས་བརླབ་པ་ནི། གནས་གསུམ་མཚན་མ་ཡི་གེར་བཅས། །རྡོ་རྗེ་སྔགས་བཅས་དྲི་ཡིས་བྱུགས། །ཞེས་པའི་དོན་བཞིན། སློབ་མ་རྣམས། སུམྦྷས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་ཟླ་ཉི་ལྷ་ཆེན་ཡབ་ཡུམ་གྱི་སྟེང་དུ་ཧཱུཾ་ལས་སློབ་མ་རྣམས་བཛྲ་ཧེ་རུ་ཀཿནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ། གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔུའུ་ཆུང་། གཡོན་གསུམ་དྲིལ་བུ་དུང་དམར་རྒྱུ་ཞགས་འཛིན་པ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་དང་མཉམ་པར་སྦྱོར་བའི་སྐུ་ཅན་དུ་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུཾ་དཀར་དམར་མཐིང་གསུམ་གསལ་གདབ། སློབ་དཔོན་རྡོར་དྲིལ་འཛིན་པའི་ལག་པ་གཡས་ཀྱིས་སློབ་མའི་གནས་གསུམ་དུ་དྲི་ཆུས་རེག་ཅིང་འབྲུ་གསུམ་བརྗོད་པའི་རྐྱེན་གྱིས་སློབ་མའི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཞེས་པ་ནས། གཡོན་བརྐྱང་གིས་བཞུགས་པའི་བར་ལས་བྱང་བཞིན། དེ་ལྟར་གྱུར་པ་མཆོད་པའི་ཡུལ་དུ་བཟང་བས་དབུ་ལ་མེ་ཏོག །ཤངས་ལ་བདུག་སྤོས། སྤྱན་ལམ་དུ་མར་མེ། ཐུགས་ཀར་དྲིའི་བྱུག་པ་རྣམས་སོ་སོའི་སྔགས་ཀྱིས་དབུལ། བདག་པོ་སྔགས་འཆང་པས་མ་ཏྲཾ་གི་སྐབས་ལུས་དང་ཡན་ལག་ལ་བཀོད་པའི་ལྷ་ཐོར་བུ་འགོད་ས་ནོར་བ་ཞིག་(༢༩ན)


GLG022_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བླངས་འདུག་པ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་རྐང་ལག་ལ་ལྷ་འགོད་པ་གསར་རྙིང་ཕལ་ཆེར་ལ་མ་གྲགས་པའི་གསེར་གར་བླུག་ལས་གྲུབ་པའི་དངུལ་སྐུ་མཐོང་བ་དོན་ལྡན་ཡིན་པ་འདུག་ཅིང་། གནས་གསུམ་མཚན་མ་ཡི་གེར་བཅས། །ཞེས་པ་ལས་བདག་པོ་ཀུན་རིན་པའི་མཁྱེན་རབ་དེ་འདྲ་ཧཱུཾ་ཀཱ་རའི་ཐུགས་ལ་མ་ཤར་བར་སྣང་། བཞི་པ་སོ་ཤིང་སྦྱིན་པ་ནི། ཨུ་དུམྦཱ་ར་ལ་སོགས་ཤིང་། །དྲང་པོ་གས་མེད་འབུ་རྗེས་བྲལ། །སོར་ཚད་བཅུ་གཉིས་དྲི་ཡིས་བྱུགས། །རྩེ་མོར་མེ་ཏོག་བཅས་པ་ལ། །ཞེས་པ་ལྟར་སློབ་དཔོན་གྱིས་རིག་སྔགས་མང་དུ་བཟླས་ཏེ་མཚན་ཉིད་དང་ལྡན་པའི་སོ་ཤིང་དོར་བའི་གཞི་ཡང་། ས་གཞི་བ་ཡི་ཀོ་བའི་ཚད། །རྣམ་ལྔ་མཎྜལ་བྱས་པ་རུ།། ཞེས་གཤིན་རྗེའི་ཕྱོགས་སུ་མཎྜལ་ལ་བ་བྱུང་ལྔ་ཀོ་བའི་སྲབ་འཐུག་ཙམ་བྱུགས་ནས། པདྨ་འདབ་བརྒྱད་བྲིས་པར་སློབ་མ་བཞག་པ་ལ་སྦྱིན། ཤར་ཕྱོགས་ཁ་བལྟས་མི་སྨྲ་བར། །བཅའ་ཞིང་ལྕེ་ཡི་སྐྱོན་བསལ་ནས། །ཞེས་པའི་དོན་ལྟར་ཁ་ཤར་དུ་བསྟན་ལ་རྩ་བ་མ་འཆོས་པར་དོར་དུ་བཅུག་པས་མཚན་ལྟས་ཀྱང་། རྩེ་མོ་བདག་ལ་བསྟན་པ་དང་། །རྩེ་མོ་གྱེན་ལ་ཕྱོགས་གྱུར་ན། །མཆོག་གི་དངོས་གྲུབ་མཚན་མ་ཡིན། །མཚམས་དང་བྱང་དུ་ཁ་བལྟས་ན། འཇིག་རྟེན་པ་ཡི་ལས་འགྲུབ་འགྱུར། །རྩེ་མོ་ཐུར་དུ་བསྟན་པས་ནི། །ས་འོག་དངོས་གྲུབ་ངེས་པར་འགྲུབ། །ཕྱོགས་བཞི་རྩེ་མོ་བྱེ་བྲག་གིས། །ལས་བཞིའི་མཚན་མ་ཤེས་པ་ར་བྱ། །ཞེས་པའི་དོན་བཤད། ལྔ་པ་དྲི་ཆུ་བླུད་པ་ནི། དྲི་ཆབ་བྱིན་བརླབས་སྔགས་ལྡན་པའི། །འཐོར་འཐུང་ཁྱོར་ཆུས་ཁ་བཤལ་བྱ། །ཞེས་པ་ལྟར་སློབ་མའི་ཕྱི་ནང་གི་དྲི་མ་ཐམས་ཅད་དག་པར་བྱེད་པའི་ཆུ། (༢༩བ)


GLG022_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨཱཿཔཱ་པཾ་ནཱི་ཙ་སྱ། སཾ་ཤོ་དྷཱ་ཡ་སརྦ་པི་ཀལྤཱན་ཨ་པ་ན་ཡ་ཧཱུཾ། ཞེས་བླུད་པས་དྲི་མ་རྣམས་དག་པར་བསམ། དྲུག་པ་ཀུ་ཤ་སྦྱིན་པ་ནི། ཀུ་ཤ་སྔས་དང་སྟན་དུ་སྦྱིན་ཞེས་པ་ལྟར་ཀུ་ཤ་རྩ་བ་དང་རྩེ་མོ་མ་ཉམས་པ་ཆེ་ཆུང་གཉིས། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ལ་སློབ་མ་རྣམས་ཀྱིས་རྨི་ལམ་མི་འཁྲུགས་པར་བྱ་བའི་ཕྱིར་ཆུང་བ་སྔས་དང་ཆེ་བ་སྟན་དུ་སྦྱིན། བདུན་པ་སྲུང་སྐུད་ནི། སྲུང་སྐུད་མདུད་པ་གསུམ་ལྡན་པ། །ཀུ་ཤ་གསུམ་འགྱུར་སྦོམ་ཕྲའི་ཚད། །དཔུང་པར་བསྲུང་བའི་དོན་དུ་སྦྱིན། །ཞེས་པ་ལྟར་སྐུད་པ་ཁ་དོག་སྣ་ལྔ་པ་བསྒྲིལ་བ་ལུས་ཚད་དང་མཉམ་པ་ལ་རྡོ་རྗེའི་མདུད་པ་ལྔ་དབང་གཞུང་དུ་མདུད་པ་གསུམ་བྱུང་ཡང་སྔགས་རྟོགས་སླའི་དགོངས་པ་དང་མཐུན། བྱས་པར་ཧཱུཾ་ཨོཾ་སྭཱ་ཨ་ཧཱ་ལྔ་བཀོད། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རིགས་ལྔ་སྤྱན་དྲངས་ཡིག་འབྲུ་ལ་བསྟིམ། དེ་ཞུ་བ་སྐུད་པར་ཐིམ་པས་རིགས་ལྔའི་ངོ་བོར་བསམས་ལ། ས་བོན་ལྔ་བཟླས་པས་བྱིནགྱིས་བརླབ། ཧཱུཾ་ཨ། ཨོཾ་ཨ་ཧྲཱིཿཨ་ཏྲཾ་ཨ་ཧཱ་ཨཿ ཨོཾ་སརྦ་ཏུདྡྷེ་ཀུ་རུ་ཀུ་རུ་སྭཱཧཱ་དང་ཨོཾ་ཨཱཿཧཱུཾ་བཟླས་པས་བྱིན་གྱིས་བརླབས་ལ་སྐྱེས་པའི་གཡས་དང་བུད་མེད་ཀྱི་གཡོན་དུ་འཆིང་ཞིང་སུམྦྷ་བཟླས་པས་བགེགས་རྣམས་བསྲུང་བར་བསམ། བརྒྱད་པ་ཆོས་བཤད་པ་ནི། ཀུན་མཁྱེན་འཇིག་རྟེན་ཁམས་འབྱུང་བ། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་ཚུལ་ཟབ་མོ་འདི། །དེ་བས་ཀྱང་ནི་རྙེད་པར་དཀའ། །གང་གིས་སེམས་ཅན་དཔག་མེད་དོན། །མྱ་ངན་མི་འདའ་བྱེད་ནུས་པའི། །བསྐལ་པ་བྱེ་བ་གྲངས་མེད་དུ། །གང་གིས་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་བས་ནི། །དེ་(༣༠ན)


GLG022_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐམས་ཅད་ཟད་པར་འགྱུར། །སྔགས་སྤྱོད་ཚུལ་ལ་གནས་པ་ཡི། །མཉམ་པར་གྱུར་པ་གཞན་གང་ཡོད། །ཚེ་འདི་ཉིད་ལ་སྔགས་བཟླས་པས། །བླ་མེད་གནས་སུ་འགྲོ་འགྱུར་ཏེ། །སྡུག་བསྔལ་ཀུན་འབྱུང་ཉམ་ཐག་པའི། །ངན་འགྲོའི་སྡུག་བསྔལ་སྤོང་བར་འགྱུར། །དེས་ན་སྤྱོད་མཆོག་ཚུལ་འདི་ལ། །བློ་གྲོས་ཤིན་ཏུ་བརྟན་པས་ན། །དེ་རིང་ཁྱོད་ནི་རྙེད་པ་མཆོག །བདག་ཉིད་ཆེན་པོ་ཐོབ་པར་འགྱུར། །གང་གིས་རྒྱལ་བ་ཐམས་ཅད་ནི། །སྲས་བཅས་རྣམས་ཀྱི་བསྟན་པ་འདི། །བློ་མཆོག་ལྡན་པས་ཡོངས་གཟུང་སྟེ། །གནས་ཤིང་བདག་ཉིད་ཆེན་པོ་ལ། །ཐེག་ཆེན་གསང་བའི་གནས་དག་ཏུ། །དེ་རིང་འགྲོ་བར་འགྱུར་བ་ཡིན། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཐེག་ཆེན་སྣང་བ་ཆེར་འབྱུང་བས། ཁྱོད་ནི་འགྲོ་བར་གྱུར་པས་ནི། །དེ་བཞིན་གཤེགས་པ་འབྱུང་བར་འགྱུར། །ཞེས་པའི་དོན་བཤད་དོ། །དགུ་པ་གཏོར་མ་གཏོང་བ་ནི། སྟ་གོན་གནས་མཆོག་འདི་ཉིད་དུ། །མཆོད་འབུལ་གཏོར་མ་བཏང་བྱས་ལ། །ཞེས་པའི་དོན་བཞིན་རྟོགས་སླ་ལས། ཕྱོགས་སྐྱོང་བཅུའི་གཙོ་བོ་ལ་དཀར་གཏོར། འཁོར་རྣམས་ལ་དམར་གཏོར་འབུལ་བར་འདོད་ལ། ཚུལ་ནི་ཐོག་མར་ཕྱི་རོལ་གྱི་བྱང་ཤར་དུ་སོང་ནས། དྲིའི་མཎྜལ་གྱི་སྟེང་དུ་ཚོམ་བུ་བཀོད་མཆོད་པ་དང་གཏོར་མ་བཤམས་ཏེ། མཆོད་གཏོར་གོང་ལྟར་བྱིན་གྱིས་བརླབས་ལ། །ཐུགས་ཀའི་ཧཱུཾ་གི་འོད་ཀྱིས་སྤྱན་དྲངས་པར་བསམས་ཤིང་། བྱང་ཤར་འབྱུང་པོའི་བདག་པོ་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །རབ་ཏུ་དགེས་པའི་ཡིད་ཀྱིས་བཞེས་ནས་ཀྱང་། །རང་གི་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་(༣༠བ)


GLG022_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་འདུན་དང་། །ནད་མི་དམག་དང་དཔུང་བཅས་ལྷན་ཅིག་ཏུ། །འཕྲེང་བ་མེ་ཏོག་དྲི་དང་བྱུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་བཞེས་ཤིང་ལེགས་པར་སྣོམས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཨོཾ་ཨཱི་ཤ་ནཱ་ཡ་ས་པ་རི་ཝཱ་ར་ས་མཱ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སྟྭཾ་གྱིས་གདན་ཕུལ་ནས་ཨརྒྷཾ་ལ་སོགས་པས་མཆོད་པའི་རྗེས་སུ་ལངས་ཏེ་ལག་པ་པདྨའི་ཐལ་མོ་སྦྱར་བས་གཏོར་མ་གཟུང་ལ་ས་པ་རི་ཝཱ་རའི་རྗེས་སུ། ན་མཿསརྦ་ནས་བ་ལིཾ་ཏེ་སྭཱཧཱའི་བར་ལན་གསུམ་གྱིས་གཏོར་མ་ཕུལ་ལ། དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བར་ཆད་ཐམས་ཅད་ཞི་བ་དང་། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་པས་ཕུལ། ས་པ་རི་ཝཱ་རའི་རྗེས་སུ་གཙྪ་བཏགས་ལ་གཤེགས་སུ་གསོལ། །དེ་བཞིན་དུ་ཤར་ཕྱོགས་སུ་སོང་ལ། གཞན་སྔར་དང་འདྲ་བ་ལས། སྤྱན་འདྲེན་ལ། ཤར་ཕྱོགས་དབང་པོའི་ལྷ་ཚོགས་འཁོར་དང་བཅས། །ཞེས་དང་། ཨཱི་ཤ་ནའི་གནས་སུ། ཨིནྡྲཱ་ཡ་བཅུག་པ་དང་བསྟོད་པའི་སྐབས་སུ། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ། ཞེས་དང་། ཤར་ཕྱོགས་ཞེས་ཁ་སྤོས་ལ། ཤར་ལྷོར། ཤར་ལྷོ་དྲང་སྲོང་ལྷ་ཚོགས། ཨིནྡྲའི་གནས་སུ་ཨགྣ་ཡེ་བཅུག་པ་དང་བསྟོད་པའི་སྐབས་སུ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་ཞེས་དང་། ཤར་ལྷོ་ཞེས་འདོན་པ་སྤོ། ལྷོར། ལྷོ་ཕྱོགས་གཤིན་རྗེའི་ལྷ་ཚོགས་འཁོར་དང་བཅས། །ཨགྣ་ཡེའི་གནས་སུ་ཡ་མཱ་ཡ་བཅུག་པ་དང་(༣༡ན)


GLG022_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པའི་སྐབས་སུ། གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ། ལྷོ་ཕྱོགས། ལྷོ་ནུབ་ཏུ། ལྷོ་ནུབ་སྲིན་པོའི་ལྷ་ཚོགས། ཞེས་དང་། ཡ་མའི་གནས་སུ་ནི་རི་ཏ་ཡེ་བཅུག་པ་དང་བསྟོད་པའི་སྐབས་སུ། བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ། ལྷོ་ནུབ་སྲིན་པོའི། ནུབ་ཏུ། ནུབ་ཕྱོགས་ཆུ་བདག་ལྷ་ཚོགས། ཞེས་དང་། བ་རུ་ཎཱ་ཡ། ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ། ནུབ་ཕྱོགས། རླུང་དུ། ནུབ་བྱང་རླུང་བདག་ལྷ་ཚོགས། བཱ་ཡ་བཻ། རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ། ནུབ་བྱང་། བྱང་དུ། བྱང་ཕྱོགས་ནོར་བདག་ལྷ་ཚོགས། ཀུ་བཻ་རཱ་ཡ། གནོད་སྦྱིན་ལག་ན་དབྱུག་ཏོ་ཐོགས། །ནོར་སྐྱོང་རྒྱལ་པོ། བྱང་ཕྱོགས། ཡང་ཤར་དུ། སྟེང་ཕྱོགས་ཚངས་པའི་ལྷ་ཚོགས། ཨཱུརྡྷཾ་བྲཧྨ་ཎེ། སཱུཪྻ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ། ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །དེ་ནས་ནུབ་ཏུ། འོག་ཕྱོགས་ས་བདག་ལྷ་ཚོགས། ཨདྡྷོ་བྲྀ་ཐི་པི་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿ འོག་གི་ཀླུ་དེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །ཞེས་སོགས་འདོན་པ་བསྒྱུར་ལ་བྱ། བསྡུ་ན་གཏོར་མ་གཅིག་ལ་ཆ་གསུམ་གྱི་ཕྱོགས་སྐྱོང་གི་གཏོར་མ་ལྟར་བཏང་ཡང་རུང་ངོ་། །བཅུ་པ་མཆོད་བསྟོད་བྱ་བ་ནི། སློབ་དཔོན་ནང་དུ་མཉམ་གཞག་པས། །དཀྱིལ་འཁོར་མཆོད་ཅིང་བསྟོད་པར་བྱ། །ཞེས་པ་ལྟར། ནང་དུ་སོང་ལ་དཀྱིལ་འཁོར་ལ་ལན་གསུམ་བསྐོར། ཕྱི་ནང་གི་མཆོད་པས་མཆོད་ཅིང་བསྟོད་དོ། །བཅུ་གཅིག་པ་རྨི་ལམ་བརྟག་པ་ནི། ཀུ་ཤའི་སྔས་སྟན་ལེགས་པ་ལ། །མི་སྨྲ་དགེ་དེའི་(༣༡བ)


GLG022_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བཅས་ཀྱིས། །སེང་གེའི་ཉལ་སྟབས་ལེགས་བྱས་ཏེ། །རྨི་ལྟས་མཚན་མ་བརྟག་པར་བྱ། །ཞེས་པའི་དོན་ལྟར་རྟོགས་སླ་ལས་སློབ་མ་རྣམས་ཀུ་ཤའི་གདན་ལ་མི་སྨྲ་བར་སེང་གེའི་ཉལ་སྟབས་ཀྱིས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་ལ་མོས་པ་རྩེ་གཅིག་པར་ཉོལ་ལ་རྨི་ལམ་གང་མཐོང་བ་ནངས་པར་ང་ལ་སྨྲོས་ཤིག་ཅེས་བསྒོས་ལ་རྨི་ལམ་བརྟག་ཏུ་གཞུག་གོ །དེ་ལས། རང་གི་སེམས་ལ་དབང་ཐོབ་དང་། །སྣ་ཚོགས་སྤྲུལ་པ་ལྟ་བུ་དང་། །འགྲོ་གང་དབང་དུ་འདུས་པ་དང་། །རྫུ་འཕྲུལ་དག་གིས་འགྲོ་བ་དང་། །ས་ལ་མི་ཐོགས་ཆུར་མི་འབྱིང་། །ནམ་མཁའ་དག་ལ་བྱ་བཞིན་འཕུར། །སེམས་ཅན་མང་པོ་བསྒྲལ་བ་དང་། །གཡུལ་ངོ་དག་ལས་རབ་རྒྱལ་བ། །ཞེས་སོགས་ལྟས་བཟང་ན་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་ཅིང་ངན་པའི་ལྟས་བྱུང་ན་སྦྱིན་སྲེག་སོགས་བྱ་བས། དེ་མཐར་མཚན་མ་བཟང་མཐོང་ནས། །ཡི་རང་དངོས་གྲུབ་རབ་འབྲིང་བསྟན། །ངན་པའི་ལྟས་དག་སྦྱིན་སྲེག་བྱ། །གཏོར་མ་སྔགས་དང་ཕྱག་རྒྱས་བཟློག །ཅེས་བྱུང་བ་ལྟར་གྱི་ལུང་སྟོནད་ཏོ། །མཇུག་ཆོག་རྒྱས་བསྡུས་ཅི་རིགས་པ་བྱས་ཏེ་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་དང་ཨོཾ་བཛྲ་རྟོགས་སླར་དཀྱིལ་འཁོར་སྒྲུབསྐབས་སྟ་གོན་གྱི་ལྷ་བསྲེ་བའི་གསལ་ཁ་མ་བྱུང་ཞེས་གདམ་ངར་མཛད་ཀྱང་ཁྲོ་བོ་པུཎྜ་རཱི་ཀའི་ལེའུ་གསུམ་པ་དང་བཀའ་བརྒྱད་སོགས་མང་པོར་བསྐོས་གདབ་ཅེས་བསྲེ་བར་བཤད་པས་བཞེད་པ་ཕྱི་མ་ལྟར་བྱས་སོ། །ཨུཏྟིཥྛ་ཞེས་སྟ་གོན་གྱི་ལྷ་ནམ་མཁར་བྱོན་པར་བསམ། སྲིད་པ་གསུམ་ན་མགྲན་ཟླ་དང་བྲལ་བ་ལྟ་བུའི་ཆོས་ཀྱི་རྫས་རྟོགས་སླར་སོ་ཤིང་དོར་བའི་སྔགས་སོགས་རྡོ་རྗེ་ལས་རིམ་དུ་མི་གསལ་བ་རྣམས་ཐུགས་བཅད་མ་ནུས་པ་བདག་པོ་སྔགས་འཆང་པས་གསར་མ་ཡོངས་གྲགས་ཐེ་ཚོམ་མེད་(༣༢ན)


GLG022_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྣན་པ་ཆོས་ལ་དབང་ཟ་བའི་རྣམ་ཐར་དུ་དོགས་ཤིང་གསུང་བཤད་དུ་རྒྱུན་བཤད་ནུབ་གསུང་བ་ཐུགས་བདེན་ཤས་ཆེ་ཡང་ཆོ་གའི་ལག་ལེན་དང་དབང་བསྐུར་ནུབ་གསུང་བ་བདེ་འདུས་དང་གསང་རྫོགས་ཀྱིས་ཐོག་དྲངས་པའི་སྒྲུབ་ཆེན་སྟོད་སྨད་ཀུན་ཏུ་དར་བ་ཆོས་ཀྱི་རྒྱལ་པོ་འཕགས་པའི་དུས་ཀྱི་གཉྫི་ར་བོད་ཡུལ་དུ་ཆེ་བར་གྲགས་པ་དེ་ཤོད་དུ་འབེབས་པ། མགོན་པོའི་གཟུངས་བཞུགས་ཀྱི་མུ་ཏིག་འདོན་པ་ཐམས་ཅད་མཁྱེན་པ་བུ་སྟོན་དང་དཔལ་ལྡན་བླ་མ་དམ་པ་ཞལ་བརྒྱས་ཀྱིས་བཞེངས་པའི་རྡོར་དབྱིངས་བློས་བསླང་འཇིག་པ་སོགས་ཐུགས་བྲེལ་འགང་ཆེས་བས་མ་གསན་པ་འདྲ་ལ་རྒྱུད་སྡེའི་དབྱེ་བའི་སྐབས། ཨ་ནུ་ཡོ་ག་ལ་ཏནྟྲ་སྡེ་བཅོ་བརྒྱད་གསུང་བ་རྙིང་མ་བཀའ་གཏེར་གང་ལའང་མ་གྲགས། རྩ་བའི་རྒྱུད་ལྔ་འདྲེན་སྐབས་ཟླ་གསང་ཐིག་ལེ་སྐུ་དང་སངས་རྒྱས་མཉམ་སྦྱོར་གསུང་དུ་མཛད་པ་གོ་ལོག་ཅིང་ཡོན་ཏན་ལ་ཡང་དཔལ་མཆོག་གི་ཚབ་བདུད་རྩི་མཆོག་གིས་མཛད་འདུག་པ་གཙོ་ཆེ་ཆུང་མ་དགོངས་པ་འདྲ་སྟེ་གསང་སྔགས་རྙིང་མ་ལ་ཡོ་ག་རྣམ་པ་གསུམ་དུ་གྲགས་པའི་གསུམ་པ་མཧཱ་ཡོ་ག་ལ་རྩ་བར་གྱུར་པ་སྒྱུ་འཕྲུལ། བཤད་པ་དང་ཆ་མཐུན་པ་ཏནྟྲ་སྡེ་བཅོ་བརྒྱད། བྱེ་བྲག་པ་སྒྲུབ་པ་བཀའ་བརྒྱད་ཅེས་གསུམ་དུ་ངོས་འཛིན་ཅིང་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ལ་རྩ་བ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལྔར། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ། གསང་བ་འདུས་པ། དཔལ་མཆོག་དང་པོ། ཀརྨ་མཱ་ལེ་སྟེ་ལྔར་རིམ་གྱིས་ངོས་འཛིན་པས་ཐུབ་བསྟན་ཡོངས་སུ་རྫོགས་པའི་ཚད་ཐུབ་ཀྱི་བཤེས་གཉེན་ཆེན་པོ་འགོས་ལོ་ཡེ་བཟང་རྩེ་པས་དེབ་སྔོན་དུ། ཏནྟྲ་སྡེ་ཆེན་པོ་བཅོ་བརྒྱད་ཅེས་(༣༢བ)


GLG022_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་ཐོག་མ་གསུམ་ནི། དཔལ་གསང་བ་འདུས་པ། ཟླ་གསང་ཐིག་ལེ། སངས་རྒྱས་མཉམ་སྦྱོར་རྣམས་ལ་ཐུགས་གསུང་སྐུའི་རྒྱུད་ཅེས་བྱས་ནས། ཞེས་གསུངས་པས་ཀྱང་རྟོགས་པར་ནུས་ཤིང་སྒྲུབ་པའི་ལག་ལེན་སྟོན་པའི་རྒྱུད་ལྔའི་སྐབས་སུ་ཡོན་ཏན་གྱི་རྒྱུད་བདུད་རྩི་རོལ་པའམ་བདུད་རྩི་མཆོག་ཏུ་གྲགས་པར་ངོས་འཛིན་ཅིང་སྤྱོད་པའི་ཡན་ལག་གི་རྒྱུད་ལྔའི་སྐུ་ལ་གླང་པོ་ཆེ་རབ་འབོགས་ཀྱིས་མཚོན་པ་རྣམས་རིམ་བཞིན་བཤད། རྗེ་སྒྲོལ་མ་བའི་གསུང་རྒྱུན་གྱི་ཁོག་འབུབ་ཏུ་རྣམ་སྣང་སྒྱུ་དྲ། ཐབས་ཀྱི་ཞགས་པ། དམ་ཚིག་ས་མ་ཡ་འབུམ་སྡེ་བཀོད་པ་སྟེ་སྤྱི་རྒྱུད་གསུམ་དུ་བཤད་ཅིང་སྔ་མ་གཉིས་མ་ཚང་བ་ཁ་སྐོང་བའི་རྒྱུད་དུའང་ངོས་འཛིན་པས་ཀོང་ཡུལ་དུ་མ་ཕྱིན་པའི་ཀོང་བཤད་ཀྱི་དཔེས་ས་ལོ་འཇམ་དཔལ་རྡོ་རྗེ་ཡན་གྱི་ཞབས་ལ་ཐག་པ་ཅུང་ཟད་བཏགས་ཀྱང་གདུང་བརྒྱུད་དུ་སོང་གཤིས་བུ་བརྒྱ་སྐྱེས་པའི་རབས་ཆད་ལ་ཐབས་ཅི་ཡོད། དེ་ལས་རྒྱ་ནག་རི་བོ་རྩེ་ལྔར་མགོན་པོ་འཇམ་དཔལ་དབྱངས་བཞུགས་པ་ལ་བསྙོན་ཟློས་མི་མཛད་པར་གསོལ་བ་འདེབས་སོ། །རྩ་བའི་ས་བཅད་གཉིས་པ་དངོས་གཞི་ལ་སྒྲུབ་པ་དང་དབང་བསྐུར་བ་གཉིས་ལས། དང་པོ་དཀྱིལ་འཁོར་བསྒྲུབ་པ་ལ་འདྲི་བ། བྱིན་བརླབ། ཏིང་འཛིན་དང་གསུམ་གྱི། དང་པོ་དཀྱིལ་འཁོར་འདྲི་བ་ལ་ཚོན་བཀྱེ། མཚན་མ་དགོད་པ། རྫས་དགོད། བསྲེ་བསྣན། ཆས་འབུལ། མངའ་གསོལ་བ་སྟེ་དྲུག་ལས། དང་པོ་སོ་མཆན་ལས། དམིགས་པ་གསལ་བའི་ཕྱིར་ན། ཚོན་བཀྱེ། ཞེས་བྱུང་། ཚོན་བཀྱེ་བ་ནི། ཁྲག་འཐུང་གལ་པོ་ལས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྫས། །སྐུ་ཤ་རཱ་ག་གསེར་དང་ནི། །པདྨ་རཱ་ག་མརྒད་ཏ། །ཨིནྡྲ་ནཱི་ལ་ཚོན་དུ་སྦྱར། །མི་ཡི་དབང་པོ་ནས་སམ་འབྲས། །(༣༣བ)


GLG022_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བྲའོ་རམ་བུ་ནས་དམར་དང་། །ལྗང་བུ་སྲན་མ་ལ་སོགས་པ། །འབྲིང་ངམ་ཞི་བའི་ཚོན་དུ་བཤད། །དུར་ཁྲོད་ཐལ་ཆེན་ལྡོང་རོས་དང་། །དེ་ཡི་སོ་ཕག་དཱུརྦ་དང་། །སོལ་བས་བྲི་བ་ཁྲོ་བ་ཡི། །དཀྱིལ་འཁོར་དག་ལ་རབ་ཏུ་ཤིས། །རྡོ་ཐལ་ས་སེར་བ་བླ་ལྡོང་། །རྒྱ་སྐྱེགས་དམར་པོ་བྱ་བ་དང་། །རམས་ལས་བྱས་དང་འབྲུ་བསྲེགས་པ། །ཐ་མའི་རྡུལ་ཚོན་དག་ཏུ་བཤད། །ཅེས་དང་། དབང་གཞུང་དུ་རིན་པོ་ཆེ་སྣ་ལྔའི་ཚོན་རྩེ་གང་ཡང་རུང་བ་དག་སྣོད་ལྔའི་ནང་དུ་བླུག་སྟེ་ཞེས་བྱུང་བ་ལྟར་ཚོན་རྩི་མངོན་པར་འདུ་བྱས་ལ་བྱིན་བརླབ་ནི། འཇུག་པ་བདེ་བའི་དབང་དུ་བྱས་ཏེ་སྔར་ཐིག་དང་ལྷན་ཅིག་ཏུ་ཟིན་ཅིང་སོ་སོར་སྤྲོད་ན་ཚོན་བརླབ་པ་འདིར་བྱ། བུམ་པ་དང་མཆོད་རྫས་རྣམས་གཞན་དུ་བསལ། སློབ་དཔོན་གྱིས་ལག་པ་གཡོན་པས་བྱང་ཤར་ནས་བརྩམས་ཏེ་གཡས་བསྐོར་གྱི་མཛུབ་གང་གི་བར་དུ་རྩིག་པ་དྲངས་ཏེ། དེ་ཉིད་ལས། འདི་ནི་ཆོས་དབྱིངས་རྣམ་དག་པར། །སེམས་ཅན་རྣམས་ནི་རབ་སྒྲོལ་བྱེད། །དཔལ་ལྡན་རྒྱལ་པོ་ཆེ་གེ་མོའི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཡང་དག་བདེན་པའི་བྱིན་རླབས་ཀྱིས། །དཀྱིལ་འཁོར་ལས་རྣམས་ཤིས་པར་མཛོད། །ཅེས་བརྗོད་ཅིང་རྩིག་པའི་གོ་རིམ་ནི། ནང་ནས་རིམ་བཞིན་དཀར་མཐིང་དམར་སེར་ལྗང་གུ་བྱ་བར་དབང་གཞུང་ལས་བྱུང་། རྟོགས་སླར་ནག་དཀར་དམར་སེར་ལྗང་གུ་དང་གཞན་དང་བསྟུན་ན་ནག་ལྗང་དམར་སེར་དཀར་པོའམ་ནག་དཀར་སེར་དམར་ལྗང་གུ་སོགས་གདམ་ངར་གསུངས་ཤིང་གཙོ་བོའི་སྐུ་མདོག་དང་བསྟུན་ནག་པོ་བྱས་ན་འཐད་དམ་སྙམ། སྟེང་ནས་ཐོད་པས་ཁ་བཅད་རྩིག་པ་སྦྲེལ་རན་པ་ན་ཐོད་པ་ཁ་ཕྱེ་ནས་ཚོན་བཀྲ་བརྟག་(༣༣བ)


GLG022_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབང་གཞུང་ལས། དེ་ཡང་ཐིག་ནི་ཕྱི་ནས་གདབ་ཅིང་ཚོན་ནི་ནང་ནས་བཀྱེ་སྟེ་དང་པོ་རྡོ་རྗེ་རྒྱལ་ཐེབས་ཀྱིས་འབྲི་ཞིང་ཕྱི་ནས་ཅི་དགའ་ཤེས་པས་བྲི་སྟེ་མཐོ་ཞིང་དྲང་བར་བྱའོ། །གང་ཞིག་རེ་ཁཱ་དམའ་བ་དང་ཡོ་བ་དང་ཆད་པ་དང་འཁྲུལ་པ་དག་གིས་ནི་མི་འགྲུབ་བོ། །ཞེས་བྱུང་ཞིང་རྟོགས་སླར་དམའ་ན་དངོས་གྲུབ་མེད་ཅིང་ཡོ་ན་བགེགས་ཞུགས་ལ། ཆད་ན་སློབ་དཔོན་དང་སློབ་མ་འཆི་བས། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་ཤ་ཏྲཱུཾ་ཧཱུཾ་ཕཊ། ཅེས་མཚན་མ་ངན་པ་ལ་ཕུར་བུ་གདབ་པར་གསུངས་སོ། །ཚོན་བཀྱེ་ཚུལ་ནི། ཟླ་གམ་དགུ་དམར་སྐྱ། ལྷ་སྣམ་ཕྱོགས་མདོག །པད་རའི་ཕྱི་རོལ་ཏུ་དབང་པུཎྜ་རཱི་ཀ་ལས། དེ་ཡི་ཕྱི་རིམ་དམར་ནག་ལས། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དགོད། །ཅེས་བྱུང་། ཕྱུག་གམ་དམ་ཅན་གྱི་གནས་སྣམ་བུ་དམར་ནག །གཞན་སྤྱི་དང་འདྲ། རྒྱས་པར་སྤྲོ་ན། དཀྱིལ་འཁོར་གྱི་རྒྱན་སོགས་ལས་བྱང་ནས་བྱུང་བ་ལྟར་དུར་ཁྲོད་ཀྱི་རྫས་དང་མཐུན་དབང་གཞུང་དུ་དུར་ཁྲོད་ཆེན་པོ་བརྒྱད་འབོད་དེ་ཞེས་པ་ནས། ཞིང་སྐྱོང་ལ་སོགས་པའི་གཟུགས་འབྲི་བར་བྱའོ་ཞེས་པའི་བར་དུར་ཁྲོད་བརྒྱད་ཀྱི་རྣམ་གཞག་ཀྱང་བཤད། པ་འདྲིའོ། །རྩ་བར། ཁམས་གསུམ་ཁྲག་ཏུ་དམིགས་ནས་ཀྱང་། །ཞེས་པའི་སོ་མཆན་དུ་ཁྲག་གིས་ཆགས་པ་མཚོན་པས་ཐུགས་རྗེ་ཆེན་པོ་དང་། དུར་ཁྲོད་ཀུན་ཏུ་ཁྱབ་པར་བསམ། ཞེས་པ་ལ་རོ་མང་པོ་ཡོད་པར་དུར་ཁྲོད་ཟེར་བ་བཞིན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རྟག་ཆད་ཀྱི་མཐར་ཤི་བས་གཏི་མུག་གི་རོ་ཞེས་བྱུང་བ་དུར་ཁྲོད་ལ་གྲངས་ངེས་ཀྱིས་དབྱེ་བར་མངོན། །གཉིས་པ་མཚན་མ་དགོད་པ་ནི། ཕུར་ཆ་མ་འབྱོར་ན། དབུས་སུ་པདྨ་དང་ཟླ་ཉི་ལྷ་ཆེན་ཡབ་ཡུམ་གྱི་སྟེང་དུ་རྡོ་རྗེ་དྲིལ་བུ། ཟླ་གམ་བརྒྱད་ལ་ཉི་མ་དང་ཞིང་རྐྱང་གི་གདན་ལ་(༣༤ན)


GLG022_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་གི་ཕྱག་མཚན་གཡས་པ་འདྲི་ཞིང་སོ་སོར་མེད་པ་ལ་ངོ་ཐོག་འགོད། གསུམ་པ་རྫས་དགོད་པ་ལ་རྟེན་རྫས། རྒྱན་མཆོད་ཚེ་རྫས། དབང་རྫས་དང་བཞིའི། དང་པོ་རྟེན་རྫས་ལ་ཕུར་པ། མར་མེ། ཐོད་སྐུ། བུམ་པ་དང་བཞི་ལས། དང་པོ་ཕུར་པ་དགོད་པ་ནི། དབང་གཞུང་དུ་དེའི་གནས་རྣམས་སུ་སྟེང་གི་མཚན་མ་གང་རུང་གཞག་གོ ། ཞེས་བྱུང་། རྩ་བར་སྣང་བའི་འོད་དང་བཅས་པ་དགྲམ། ཞེས་པར་སོ་མཆན་དུ་ཐུགས་མཁྱེན་པའི་ཡེ་ཤེས་དགུ་མ་འགགས་པར་ཤར་བའི་རྟགས་སུ་མར་མེ་དགུ་དགོད་ཅིང་གོང་མ་རྣམས་མེ་བཀྲ་བརྟག་གསུང་། སྒྲུབ་སྡེ་བརྒྱད་མཐའ་དག་ལ་རྒྱས་པར་བྱེད་ན་ཕུར་ཆ་འགོད་སྲོལ་ཡོད་པས་གོང་གི་མཚན་མ་དགོད་པའི་ཚབ་ལ་ཕུར་རྩ་བར་དམིགས་ཀྱི་རྟེན་ཡང་མངོན་པར་འདྲི་ཞེས་པའི་སོ་མཆན་དུ་གསེར་དངུལ་ལ་ལུགས་སུ་བླུགས་པའི་ལྷའི་གཟུགས་བརྙན་དང་ཤིང་འབུར་དོད་དམ་དར་རས་ལ་རི་མོར་བྲི་གསུངས་པའང་དབྱིབས་མཚུངས། པ་དགུ་པོ་སྦྱངས། མཐུ་བསྐྱེད། རང་སྔགས་ཀྱིས་ལྷར་གསལ། ལས་བྱང་ལྟར་ཡེ་ཤེས་པ་དགུག་གཞུག་དང་དབང་བསྐུར་བྱ། དེ་ནས་ཁྲག་འཐུང་གལ་པོ་ལས། ཧཱུཾ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་བཛྲ་ཧེ་རུ་ཀཿ། །བཛྲ་ཀྲོ་དྷཱི་ཤྭ་རཱི་གཉིས། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། །དུར་ཁྲོད་ཆེན་པོའི་གནས་མཆོག་དང་། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་འདིར། །ལྷ་ཆེན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཡབ་ཡུམ་གྱི་སྔགས་མཐར་བཛྲ་ས་མ་ཡ་ཏིཥྛནྟུ། ཞེས་གཙོ་ཕུར་དགོད། ཧཱུཾ། ཕྱོགས་མཚམས་རང་བྱུང་གྲུབ་པའི་ལྷ། །མ་མོ་ཆེན་མོ་མེ་འབར་མ། །རྡོ་རྗེ་ཐུགས་ཀྱི་ཁྲོ་བོ་བརྒྱད། །དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་(༣༤བ)


GLG022_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

འདིར། །མཆོག་ཕྲན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཞིང་བརྟན་པར་བཞུགས་སུ་གསོལ། །ལྷ་མོ་སོ་སོའི་སྔགས་གཤམ་དུ་བཛྲ་ས་མ་ཡ་ཏིཥྛནྟུ་ཞེས་ཕྱོགས་མཚམས་བརྒྱད་དུ་དགོད་དོ། །གཉིས་པ་མར་མེ་དགུ་ཁྲག་འཐུང་གལ་པོའི་བརྟག་པ་བདུན་པ་ནས་གསལ་བར་བསྟན། དགོད་པ་ནི། དབང་གཞུང་ལས། ཧཱུཾ་ཞུན་ཆེན་མར་མེ་གསལ་བ་ནི། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་དོན། །སྐྱེ་བ་མེད་པའི་ཆོས་དབྱིངས་ནས། །མ་རིག་མུན་པ་སེལ་བྱེད་པ། །ཡེ་ཤེས་གསལ་བྱེད་དོན་དུ་དགོད། །དཀྱིལ་འཁོར་རྒྱན་དུ་བཞུགས་སུ་གསོལ། །ཨོཾ་ཛྙཱ་ན་དཱི་པ་བཛྲ་ས་མ་ཡ་ཏིཥྛནྟུ། གསུམ་ཁྲག་འཐུང་གལ་པོའི་བརྟག་པ་བདུན་པ་ནས་གསལ་བར་བསྟན། པ་ཐོད་སྐུ་དགོད་པ་ནི། དེ་ཉིད་ལས། བྷནྡྷ་མཚན་ལྡན་དུམ་བུ་གཅིག་པ་ལ་སྐུའམ་སྔགས་ས་བོན་གང་རུང་བྲིས་པ་ཐོགས་ཏེ། ཧཱུཾ། ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གཙོ། །ཡེ་ཤེས་མཚན་ལྡན་ཀ་པཱ་ལ། །དཔལ་ཆེན་ཡབ་ཡུམ་རྫས་སུ་དགོད། །ཨོཾ་བཛྲ་ཀ་པཱ་ལ་ཨ་བོ་དྷི་ཙིཏྟ་ཧཱུཾ་བཛྲ་ས་མ་ཡ་ཏིཥྛནྟུ། བཞི་པ་བུམ་པ་དགོད་པ་ནི། ལས་ཀྱི་རྡོ་རྗེས་སྣ་དྲངས་ཏེ་བུམ་པ་ཐོགས་པ་རྣམས་ཀྱིས་དཀྱིལ་འཁོར་ལ་བསྐོར་ཏེ། ཧཱུཾ། ལྟོ་ལྡིར་མགྲིན་རིང་ཁ་གཡེལ་མཆུ་འཕྱང་བ། །སྣ་ཚོགས་བཅུད་གཏམས་ལྗོན་པའི་ཁ་རྒྱན་ཅན། །གོས་ཟུངས་ཀྱིས་དཀྲིས་སྲོག་བདུན་དང་ལྡན་པ། །རྣམ་པར་རྒྱལ་བའི་བུམ་བཟང་བཞུགས་སུ་གསོལ། །ཨོཾ་བཛྲ་ཀ་ལཱ་ཤ་ས་མ་ཡ་ཏིཥྛནྟུ། གཉིས་པ་རྒྱན་མཆོད་དབང་བཞུང་དུ་རྒྱན་དང་མཆོད་པ་གཏོར་མ་སོགས་བརླབས་ཏེ་འཇོག་པར་བཤད་ཅིང་དཀྱིལ་འཁོར་གྱི་སྟེང་དུ་གཡང་གཞིའི་བླ་བྲེ་དང་ཟུར་བཞིར་རྒྱལ་མཚན་རྒྱུ་མའི་ལྡ་ལྡི་དང་དྲ་ཕྱེད། ཕྱོགས་བཞིར་ཡོལ་བ། དེའི་ཕྱི་རོལ་ཏུ་རོ་རས་ཀྱིས་ཡོལ་བ་(༣༥ན)


GLG022_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཐམས་ཅད་བསྐོར་རོ་ཞེས་དང་། པུཎྜ་རཱི་ཀའི་ལེའུ་དྲུག་པ་ནས་མདོ་ཙམ་བསྟན་ཞིང་རྩ་བར་རྫས་ཀྱིས་མཛེས་པར་འཁོར་བར་བཞག །ཅེས་པའི་སོ་མཆན་དུ་མཆོད་རྫས་བརྒྱད་དགོད་ཅེས་བྱུང་། ཚེ་རྫས་དགོད་པ་ནི། ཁྲག་འཐུང་གལ་པོ་ལས། ཧཱུཾ། ཞིང་བཅུ་རུ་དྲའི་ཚོགས་རྣམས་བསྒྲལ་བྱས་ནས། །ཤ་ཆེན་ལང་ལིང་རྐང་གི་དུམ་བུ་དང་། །ཞིང་གི་རས་རོས་དུར་ཁྲོད་རྫས་ཆེན་རྣམས། །དཔལ་གྱི་གསང་བའི་དཀྱིལ་འཁོར་བསྐོར་བར་བྱ། །སྲིད་པ་གསུམ་གྱི་གདུག་པ་ཀུན་བསྒྲལ་ཏེ། །ཤེས་རབ་ཟབ་མོ་ཡུམ་གྱི་མཁའ་དབྱིངས་སུ། །མཐའ་དང་དབུས་མེད་དཀྱིལ་འཁོར་རང་བཞིན་ཏེ། །ཕྱི་ནང་མེད་པར་ལྷུན་གྱིས་གྲུབ་པའི་རྫས། །ཡིད་བཞིན་ལོངས་སྤྱོད་འདོད་དགུ་འབྱུང་བའི་རྒྱུ། །ཡེ་ཤེས་ཆེན་པོ་བཞི་དང་ལྡན་པའི་རྟགས། །ཕྲག་དོག་མ་སྤངས་ཞིང་གི་གཡང་གཞི་འདི། །དཀྱིལ་འཁོར་ཆེན་པོའི་བླ་བྲེར་དགྲམ་པར་བྱ། །མཆོག་ཕུར་བཞི་དང་ལྕགས་ཕུར་བཞི། །ཕྱོགས་བཞི་མཚམས་བཞིར་གཟུག་པ་དང་། །མཐའ་མ་རྩངས་ཀྱི་སྲིན་མོ་འགྲོས། །བ་སུ་ཏ་ཡི་ཞགས་པས་བསྐོར། །དཔལ་བཤོས་ཟླ་གམ་རཀྟ་ཡི། །ཐིག་ལེ་དགུ་པ་འབུལ་བ་དང་། །རྨད་དུ་བྱུང་བའི་གཏོར་མ་དང་། །དམར་གྱི་ཨརྒྷཾ་ཆེན་པོ་དང་། །འཆི་མེད་བདུད་རྩིའི་བུམ་པ་དང་། །མཆོད་པ་རྣམ་པ་ལྔ་པོ་དང་། །ཟབ་མོ་མཆོག་གི་ཚེ་གཟན་དང་། །མདའ་དང་དར་སྣ་རྒྱལ་མཚན་གྱིས། །གསང་བའི་དཀྱིལ་འཁོར་མཐའ་མ་བསྐོར། །མཛེས་རྒྱན་མཆོད་པའི་རྟེན་བཞུགས་གསོལ། །བཛྲ་ས་མ་ཡ་ཏིཥྛནྟུ་ཞེས་དགོད་ཅིང་སྔགས་རྙིང་མའི་ཕྱག་ལེན་ལ་སྒོམ་ཁྲིའམ་ལྡིང་ཁྲི་ལ་བུམ་ཐོད་མར་མེ་ཚེ་རྫས་སོགས་འགོད་ནའང་འདིར་ས་ཕུར་ལྷ་ཁྲ་ལྟར་དེ་རིགས་ཀྱི་སྤྲོས་པ་དོར་བའི་


GLG022_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་ན་སྣམ་བུ་རྣམས་དང་ཕྱོགས་མཚམས་སུ་གཞན་རྣམས་ཀྱང་འགོད་པར་རིགས་སམ་སྙམ། གསུམ་པ་དབང་རྫས་དགོད་པ་ནི། དབང་ཆོག་ལས་ཇི་ལྟར་བྱུང་བ་རྣམས་གོ་རིམ་མ་འཆོལ་བར་བསྒྲིག་གོ །བཞི་པ་བསྲེ་བསྣན་བྱ་བ་ནི། ཁྲག་འཐུང་གལ་པོ་ལས། དམ་ཚིག་བསྲེ་བསྣན་མ་བྱས་ན། །གསར་རྙིང་མཆེད་རྣམས་གང་ལ་འདྲེས། །ཞེས་དང་། དབང་གཞུང་ལས། གང་དག་དམ་ཚིག་མ་འདྲེས་པ་རྣམས་ནི་བསྲེ་བསྣན་བྱ་ཞིང་ཞེས་བྱུང་བའི་བསྲེ་བསྣན་ནི། ཁྲག་འཐུང་གལ་པོར། དཀྱིལ་འཁོར་བྲི་བའི་སྔ་རོལ་ཏུ། །བསྲེ་བསྣན་ཆོ་ག་རབ་ཏུ་བྱ། །མ་འདྲེས་པ་རྣམས་ཡོལ་བས་གཅོད། །ཅེས་དཀྱིལ་འཁོར་འདྲི་བའི་སྔ་རོལ་ཏུ་བྱེད་པར་བཤད་པ་དང་དབང་གཞུང་དུ་ལྷ་སྟ་གོན་གྱི་མཇུག་ཏུ་བཤད་པ་སོགས་རྣམ་གྲངས་མང་ཡང་རྒྱུད་ཀྱི་དགོངས་པའི་གཙོ་བོ། འདྲེས་བསྣན་པ་ལ་མཚམས་དང་བཤགས། །ལྷ་གཤེར་མིང་གཤེར་བརྗེད་ན་དབྲོག །སྨན་བསྡུས་བྱིན་བརླབ་དཀྱིལ་འཁོར་བསྐྱེད། །ཅེས་སྨན་སྒྲུབ་ཀྱི་གོང་དུ་བྱ་བར་བཤད་པ་དང་བཀའ་བརྒྱད་ལ་དཀྱིལ་འཁོར་བཞེངས་ཟིན་ནས་སྨན་སྒྲུབ་ཀྱི་གོང་དུ་བྱེད་པ་ཤས་ཆེ་བས་སྐབས་འདིར་བྱ་བ་འཐད་པར་མངོན་ཞིང་བྱེད་པར་སྤྲོ་ན་བཀའ་གཏེར་གྱི་གཞུང་གཞན་ནས་བླངས་པས་ཁྱབ་ལ། འདིར་ས་ཕུར་གྱི་ཕྱག་ལེན་དང་ཕྱོགས་མཚུངས་སུ་མ་བྱས་ཀྱང་སྐྱོན་དུ་མི་འགྱུར་རོ། །ལྔ་པ་ཆས་འབུལ་བྱ་བ་ནི། དབང་གཞུང་ལས། དཔལ་ཆེན་ཧེ་རུ་ཀའི་ང་རྒྱལ་གྱིས་གླང་པོ་ཆེའི་སྟོད་གཡོགས་ཞེས་སོགས་ཁྲོ་བོའི་ཆས་གཞུག་མདོ་ཙམ་བསྟན་ཅིང་བྱེད་པར་སྤྲོ་ན་གཞན་ནས་བླངས་པས་ཁྱབ་ཅིང་འདིར་མ་སྤྲོས་སོ། །དྲུག་པ་རྒྱལ་ཐེབས་(༣༦ན)


GLG022_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་རྩ་མཆན་ནས་ཀྱང་བསྟན། གསོལ་ནི། དབང་གཞུང་ལས། རྡོ་རྗེ་རྒྱལ་པོ་དེར། རྒྱལ་ཐེབས་དང་། ལས་ཀྱི་ཕྱག་རྒྱ་དང་། བརྡ་སྦྱོར་དང་། རྡུལ་ཕྱགས་ལ་སོགས་པ་སོ་སོར་ཕྱེ་སྟེ། སོ་སོར་གདན་བཤམས་ཤིང་བཀོད་པར་བྱའོ། །ཞེས་རྡོ་རྗེ་རྒྱལ་པོ་ནས་རྡུལ་ཕྱགས་ཀྱི་བར་མངའ་གསོལ་བ་བཀའ་གཏེར་ཕལ་ཆེར་དགོངས་པ་མཐུན་པས་སྤྲོ་ན་གཞན་ནས་ཁ་འགེང་དུ་རུང་ནའང་བསྲེ་བསྣན་དང་དབྱིབས་མཚུངས་པས་བཏང་སྙོམས་སུ་བཞག་གོ །གཉིས་པ་བྱིན་གྱིས་བརླབ་པ་ལ། ལྷག་ཆད་བསྐང་བ་དང་གསེལ་གདབ་གཉིས་ལས། དང་པོ་ལྷག་ཆད་ཁ་དབང་གཞུང་དུ་རྣལ་འབྱོར་ཕོ་མོ་རྣམས་རྒྱན་དང་བཅས་རྡོར་དྲིལ་ཐོགས་ཏེ་སྟང་སྟབས་བཅའ་ཞིང་བསྐོར་བར་བྱ་ཞེས་བཤད། བསྐང་བ་ནི། རོལ་མོའི་སྒྲ་དང་བཅས་པས་སློབ་དཔོན་གྱིས་སྣ་དྲངས་དཔོན་སློབ་རྣམས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ། ཡིག་བརྒྱ་བརྗོད་ཅིང་ནོངས་པའི་ཚོགས་བཟོད་པར་གསོལ། གཉིས་པ་གསོལ་བ་གདབ་པ་ནི། རྟོགས་སླ་ལས། སློབ་དཔོན་ཤར་དུ་འདུག་ནས། ཧཱུཾ། ཆོས་དབྱིངས་དག་པའི་ངོ་བོ་ལས། །སྐུ་གསུམ་རྣམ་པར་བྱུང་ནས་ནི། །སེམས་ཅན་རྣམས་ཀྱི་དོན་བྱའི་ཕྱིར། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །དུས་གསུམ་བདེ་བར་གཤེགས་པ་རྣམས། །ངོ་བོ་ཉིད་ཀྱིས་མེད་ཀྱང་ནི། །བདག་གིས་སློབ་མ་དབང་བསྐུར་ཕྱིར། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཞེས་བརྗོད། གསུམ་པ་ཏིང་ངེ་འཛིན་བསྒོམ་པ་ནི། ཁྲག་འཐུང་གལ་པོ་ལས། མཆོད་རྫས་བྱིན་གྱིས་བརླབས་པ་དང་། །ལུས་ངག་སྒྲིབ་པ་བཤགས་བྱས་ནས། །བདག་(༣༦བ)


GLG022_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡི་དམ་ཞི་ཁྲོ་བསྒོམ། །བཟའ་བ་ཚོགས་ཀྱི་འཁོར་ལོ་བསྐོར། །བཟླས་བརྗོད་བསྙེན་པའི་འཕྲོ་འདུ་བྱ། །ལྷག་མ་བསྐྱང་ཞིང་དཀྱིལ་འཁོར་བསྡུ། །སྒྲུབ་ཆེན་དབང་བསྐུར་སིདྡྷི་ལེན། །ཡི་དམ་ནུབ་གཅིག་ཆོ་ག་རྫོགས། །ཞེས་དང་། དབང་གཞུང་ལས། གཞན་དབང་གཞུང་ཆེན་པོའི་ཏིང་ངེ་འཛིན་ལས་བྲུཾ་གྱི་འཕྲོ་འདུས། གནས་བྱིན་གྱིས་བརླབ་པ་དང་། རྣལ་འབྱོར་པ་ཐམས་ཅད་རང་རང་གི་ལྷར་བསྒོམ་པ་དང་། སྒྲུབ་རྫས་ཐམས་ཅད་ཡི་གེ་གསུམ་གྱིས་བསྲེགས་ཤིང་སྦྱངས་ནས་བྱིན་གྱིས་བརླབ་པ་དང་ལྷ་མོ་ཀྲོ་དྷཱི་ཤྭ་རིས་བྱིན་གྱིས་བརླབ་པའི་དྲི་ཆབ་ཀྱིས་དག་པར་བྱ་བ་དང་བདུད་རྩི་སྦྱང་བ་དང་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་རྫོགས་པར་བྱས་ནས་སྒྲུབ་པའི་དཀྱིལ་འཁོར་གྱི་སོ་སོའི་གནས་སུ་དགྲམ་པར་བྱའོ། །ཞེས་དང་། རྩ་བར། མི་དམིགས་ཆོས་ལ་བློ་བརྟན་ཅིང་། །ཡེ་ཤེས་ཅན་གྱི་བྱིན་སྟོབས་ཀྱིས། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབ། །ཞེས་པར་སོ་མཆན་དུ། དབང་སྒྱུར་ཆེན་པོའི་ས་མཱ་དྷིས་གནས་ཁང་། མུ་དྲ་ཆེན་པོའི་ས་མཱ་དྷིས་འདུས་པ་ཕོ་མོ། རྣལ་འབྱོར་པའི་ས་མཱ་དྷིས་དཀྱིལ་འཁོར། འབྱུང་བ་བཅུད་ལེན་གྱི་ས་མཱ་དྷིས་ཛ་གད། ཡིད་བཞིན་ནོར་བུའི་ས་མཱ་དྷིས་རྫས་དང་ཡོ་བྱད། དབྱིངས་དང་ཡེ་ཤེས་ཀྱི་ས་མཱ་དྷིས་མར་མེ་བདུད་རྩི་བུམ་པའི་ས་མཱ་དྷིས་སྨན། ཁྱད་པར་རྨད་བྱུང་གི་ས་མཱ་དྷིས་གཏོར་མ། ཐུགས་རྗེ་ཆགས་པའི་ས་མཱ་དྷིས་རཀྟ། གྲོལ་བ་གནམ་ཀྱི་ས་མཱ་དྷིས་རྒྱུ་དང་ཡུམ་བྱིན་གྱིས་བརླབ། ཅེས་བྱུང་བ་ལྟར། འཕྲིན་ལས་གྱེར་བ། གཏོར་མ་གཏོང་བ། ལྷག་ཆད་ཁ་བསྐང་བ་དང་གསུམ་ལས། དང་པོ་འཕྲིན་ལས་གྱེར་བ་ནི། དགོངས་(༣༧ན)


GLG022_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་དུས་སུ་དཀྱིལ་འཁོར་གྱི་འགྲམ་དུ་ཆག་ཆག་གདབ། སློབ་དཔོན་ཁྲུས་བྱས་ལུས་ལ་དྲི་ཞིམ་པོས་བྱུགས་རྒྱན་གྱིས་བརྒྱན་ཏེ་ཤར་ཕྱོགས་སུ་སྟན་རྩ་བར་སློབ་དཔོན་ཇི་བཞིན་སྟན་བདེར་གནས་ཞེས་པར་སོ་མཆན་དུ་གདན་གསུམ་གྱི་དགོས་པ་སྟན་བདེ་ན་ལུས་བདེ། ལུས་བདེ་ན་སེམས། སེམས་བདེ་ན་ཏིང་ངེ་འཛིན་གསལ་ཞེས་བྱུང་། བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་ནས་ཚོགས་མཐའ་མའི་བར་དཀྱུས་ལྟར་གཏོང་བ་ལས་ཁྱད་པར་ཏིང་འཛིན་རྣམ་གསུམ་ནས་བཟུང་རྡུལ་ཚོན་ལ་དམིགས་པ་ཆེད་དུ་གཏད་དེ་བསྒྲུབ་པ་ཡིན། སྒོམ་ལུགས་ཀྱང་ཏནྟྲ་ཧེ་རུ་ཀ་ལས། མ་ཧཱ་ཡོ་གའི་དཀྱིལ་འཁོར་ནི། །བསམ་མི་ཁྱབ་སྟེ་སྐུ་གསུང་ཐུགས། །ཨ་ནུ་ཡོ་གའི་དཀྱིལ་འཁོར་ནི། །བསམ་གྱིས་མི་ཁྱབ་གཉིས་སུ་མེད། །ཨ་ཏི་ཡོ་གའི་དཀྱིལ་འཁོར་ནི། །རང་སེམས་གདོད་ནས་རྣམ་པར་དག །བུ་གཅིག་མ་རྩོལ་བདེ་བར་གནས། །བསྐྱེད་དང་མངོན་རྫོགས་རྫོགས་ཆེན་ལ། །རྣམ་པར་རྟོག་པ་མི་བྱེད་ཀྱང་། །ཞེས་ཡོ་ག་གསུམ་གྱི་སྒོམ་པའི་གནད་སོ་ཟུར་གནུབས་སོགས་སྔར་གྱི་སྔགས་རྒན་རལ་པ་ཅན་རྣམས་ལ་གྲགས་པས་གསར་མའི་རྒྱས་འགེབས་ཀྱིས་མི་ཆོག་ག །སྔ་འགྱུར་སྤྱིར་གྲགས་པ་ལྟར་ཁྲོ་བོ་པུཎྜ་རཱི་ཀར། འོག་མིན་ཆོས་ཀྱི་ཕོ་བྲང་ནས། །དགུ་ཀློང་འབར་བའི་བསྐོས་ལ་སྤྱོན། །ཞེས་སོགས་བསྐོས་ཀྱི་རྣམ་གཞག་གསུངས་པ་ཕལ་ཆེར་བསྲེ་བསྣན་གྱི་སྔོན་དུ་ཡོད་པ་ཤས་ཆེ་ཡང་དོན་སྟ་གོན་གྱི་ལྷ་འབེབས་པ་ཡིན་པས་འཇུག་བདེའི་དབང་དུ་བྱས་ཏེ་ཉིན་དང་པོའི་ཡེ་ཤེས་པ་དང་ལྷན་ཅིག་བསྟིམ་མོ། །སྔ་འགྱུར་གྱི་སྒྲུབ་ཆེན་མཚན་ཉིད་པར་འདི་ནས་བཟུང་། དུས་བཞིའམ་གསུམ་ཅི་རིགས་པར་འཕྲིན་ལས་གྱེར་ཞིང་འཛབ་ཀྱི་སྔགས་རྒྱུན་བཅས་ནས་བསྙེན་སྒྲུབ། སྒྲུབ་ཆེན། ལས་སྦྱོར་སོགས་(༣༧བ)


GLG022_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་ཁ་བསྒྱུར་ཏེ་མཛད་པ་ནི་ཧེ་རུ་ཀཿ འདུས་རྒྱུད་ཧཱུཾ་ཀ་རའི་ཟླ་གམ་གཅིག་པའི་སྒྲུབ་པར་ཡང་བསྙེན་སྒྲུབ་ཀྱི་རྣམ་གཞག་རྒྱས་པར་གསུངས། ཀྱི་ཕྱི་མ་ལས། དམ་ཚིག་དབང་དང་ལྡན་པ་བཅས། །རྫས་དང་ཆོ་ག་ཚང་བ་ཡིས། །བག་ཆགས་དག་ཅིང་སྣོད་རུང་བ། །འདི་ནི་བསྙེན་པའི་ཆོ་གར་བཤད། །མཆོད་དང་བཤགས་དང་བཟླས་བསྐུལ་བས། །རྩེ་གཅིག་བསྒོམ་དང་ལྷ་ཉེ་བ། །འདི་ནི་ཉེ་བའི་བསྙེན་པ་སྟེ། བར་ཆད་མེད་པར་རབ་དང་བས། །ཉིན་མཚན་མེད་པར་རབ་བསྒྲུབ་པར། །བྱིན་རླབས་རྟགས་དང་ཆོ་འཕྲུལ་འབྱུང་། །འདི་ནི་བསྒྲུབ་པ་ཞེས་བཤད་དོ། །ཆུ་དང་མེ་ལོང་དངས་གསལ་ལ། །གཟུགས་བརྙན་སྣ་ཚོགས་སྣང་བ་ལྟར། །རྣལ་འབྱོར་རང་རྒྱུད་དག་པ་ལས། །དངོས་གྲུབ་སྣ་ཚོགས་རང་ལ་འཆར། །རྟགས་དང་མཚན་མ་གང་བྱུང་བ། །བར་གཅོད་ཐབས་ཀྱིས་བསལ་བྱས་ཏེ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །དངོས་གྲུབ་ཡུམ་གྱི་མཁའ་ལ་བླང་། །འདི་ནི་སྒྲུབ་པ་ཆེན་པོར་བཤད། །ཅེས་སོགས་རྒྱས་པར་གསུངས་མོད། དེང་སང་ས་ཕུར་ལྟར་ན་སློབ་དཔོན་གྱིས་བཟླས་བརྗོད་ཇི་ལྟར་རིགས་པ་བགྱིས་པས་ཁྱབ་བོ། །སྒྲུབ་ཆེན་གྱི་དུས་འཛབ་འབུལ་གལ་ཆེ་བས། ཁྲག་འཐུང་གལ་པོ་ལས། ཧཱུཾ་ཀུན་བཟང་མཁའ་དབྱིངས་ཡངས་པའི་གཞལ་ཡས་སུ། །འབྱུང་བ་ཡུམ་རྣམས་འདུས་པའི་དཀྱིལ་འཁོར་གྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པའི་མཆོག་བཀོད་ནས། །རཀྟའི་རྦ་ཀློང་འཁྱིལ་ཅིང་འཁྲུག་པའི་དབུས། །ཀེང་རུས་གསར་རྙིང་བརྩེགས་པའི་རི་རབ་སྟེང་། །རྡོ་རྗེ་བྲག་ཆེན་གཏམས་པའི་ས་གཞི་ལ། །བྷན་དྷ་གསར་རྙིང་བརྩེགས་པའི་གཞལ་ཡས་ཁང་། །ཡོན་ཏན་རྒྱ་ཆེར་གྲུ་བཞི་ལྷམ་པའི་དབྱིབས། །གནམ་ལྕགས་ཨུར་མོའི་གཟེར་ཆེན་ཏ་ལ་ལ། །ཀ་བ་མཆོག་བརྒྱད་ལྡན་པའི་རེའུ་འཆང་དགུ། རབ་འཇིགས་དུར་ཁྲོད་ཆེན་པོའི་རྒྱན་དང་བཅས། །(༣༨ན)


GLG022_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པའི་མེ་ལྟར་འབར་བའི་འོད་ཟེར་འཕྲོ། །ཆགས་བྱས་ཟླ་གམ་པདྨ་དབང་གི་ཚུལ། །རིན་ཅེན་འཁོར་ལོ་རྩིབས་བརྒྱད་རྒྱས་པའི་དབུས། །པདྨ་འདབ་བརྒྱད་དབུས་ཀྱི་དཀྱིལ་འཁོར་དུ། །དྲེགས་པ་ཁྱོ་ཤུག་བསྣོལ་བའི་ཞིང་རྐྱང་བཏིང་། །རབ་གསལ་ཉི་ཟླ་འབར་བའི་གནས་བཤམས་ལ། །བསོད་ནམས་མཐུས་གྲུབ་ཏིང་འཛིན་སྟོབས་ཀྱིས་བསྐྱེད། །ཡེ་ཤེས་རང་སྣང་དཀྱིལ་འཁོར་དམ་པ་ལས། །བདག་གིས་རྣམ་སྤྲུལ་ཉིད་ཀྱི་མཐུས་བཞེངས་ཤིག །དངས་པའི་མཚོ་དང་གསལ་བའི་ནམ་མཁའ་བཞིན། །མཚན་མ་གཏན་སྤངས་རྣམ་དག་ཐུགས་མངའ་བ། །ཡེ་ཤེས་ཆོས་ཀྱི་དབྱིངས་ལས་མི་གཡོ་ཡང་། །སྨོན་ལམ་དབང་དང་འཕྲལ་གྱི་དུས་མཁྱེན་པས། །མཚོ་ལས་རླབས་དང་མཁའ་ལས་ཉི་ཟླ་བཞིན། །ལུས་དང་ཕྱག་ཞབས་སྟོང་ཁམས་རྡུལ་སྙེད་ཀྱི། །འཇིགས་བྱེད་ཁྲོ་རྒྱལ་འབར་བའི་སྐུར་སྟོན་པ། ཁྲོ་ཞི་ལ་སོགས་ཚུལ་དང་རྔམ་བརྗིད་བཅས། །ཐོད་སྦྲུལ་གཡང་གཞི་ལ་སོགས་རྒྱན་ཆས་ལྡན། །རྡོ་རྗེ་དུང་ཆེན་ཁ་ཊྭཱཾ་ལ་སོགས་བསྣམས། །རབ་འཇིགས་དུར་ཁྲོད་བསྐལ་པའི་མེ་དཀྱིལ་ནས། །སྔོན་མོ་ལ་སོགས་ཚོགས་ཀྱི་དཀྱིལ་འཁོར་མཛེས། །བཀའ་ཉན་མངག་གཞུག་ཕོ་ཉ་གཡོག་འཁོར་བཅས། །དུས་ངན་ཐ་མ་འདུལ་བའི་རྒྱུད་སྦྱོང་བའི། །དཔལ་ཆེན་དཔའ་བོ་ཡབ་ཡུམ་འཁོར་བཅས་ལ། །སྔགས་ཚིག་འབྲུ་བརྒྱད་ལེགས་པའི་མཆོད་པ་དབུལ། །བདག་ལ་དགོངས་བཞེས་བྱིན་རླབས་དངོས་གྲུབ་སྩོལ། །ཞེས་བརྗོད། གཉིས་པ་གཏོར་མ་བཏང་བ་ནི། མཆོད་གཏོར་བཤམ་པ་དང་བྱིན་རླབས་གོང་གི་ཕྱོགས་སྐྱོང་སྐབས་ལྟར་བྱས་ལ། ཤར་ཕྱོགས་(༣༨བ)


GLG022_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ལ། །ས་ས་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་མན་གོང་གི་སྟ་གོན་གྱི་དུས་བཤད་པའི་བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད་ཀྱི་བར་བྱས་ལ། ཨ་ཧ་ར་ནས་ཤཔྟའི་བར་གྱིས་མཆོད། བདག་ཅག་ལ་བགེགས་མེད་པར་མཛོད་ཅིག །ཅེས་གཏོར་མ་དོར་རོལ་མོ་ཡང་བྱའོ། །གསུམ་པ་བཟོད་པར་གསོལ་བ་ནི། སོ་མཆན་དུ་རུས་གར་གྱིས་འབྲོས་སྐོར་ཞེས་པ་བཞིན་གོང་ལྟར་རོ། །དབང་བསྐུར་བ་ལ་འཇུག་པ་བདེ་བར་དགོས་པའི་སྐབས་ལས་བྱང་གནས་ཁང་རྙིང་པར་སྟ་གོན་མན་ཆད་ལ་བརྟེན་པའི་ཆོ་ག་ལས་ལྷ་བཏང་བའི་གཤིན་པོས་ནད་པར་ས་སློང་མི་དགོས་ཀྱང་བདག་པོ་སྔགས་འཆང་པས་བྲིས་འདུག་པ་བགེགས་སྐྲོད་དང་ནོར་བ་འདྲ། སྲུང་འཁོར་སྔོན་དུ་བགེགས་གཏོར་བཏང་བས་ཐུས་སོ། །གྱེར་རྗེས། ས་ལྷ། བགེགས་སྐྲོད། ཕུར་གདབ། སྲུང་འཁོར་བསྒོམ་པ། མགྲོན་རིགས་རྣམས་ལ་གཏོར་མ་གཏོང་བ། རྒྱལ་ཆེན། ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་རྣམས་ཀྱི་མཇུག་ཏུ་ལྷ་སྟ་གོན་གྱི་ཚོམ་བུ་བསྡུས་པའི་ཤུལ་དུ། ཁྲག་འཐུང་གལ་པོ་ལས། བུ་མོ་མཁས་པས་ལེགས་བཀལ་བའི། །ཐགས་བཟང་ཕྲ་རས་དྲི་ཤུན་གོས། །དུར་ཁྲོད་མགལ་པས་བརྒྱངས་ནས་ནི། །ཚོན་རྩི་སྤྱིན་མེད་བཟང་པོ་ཡིས། །ཐོད་པ་ལྔ་ཡི་ཀོང་བུའི་ནང་། །དཔའ་བོ་འབྲུ་ལྔ་ཡེ་ཤེས་ཀྱི། །དམ་ཚིག་ལྡན་ཞིང་དབང་ཐོབ་(༣༩ན)


GLG022_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ལྷ་བཟོ་མཁས་པས་བྲིས་པའི་སྐུ། །ལྷ་དགུའི་དཀྱིལ་འཁོར་བཟང་པོ་ནི། །སྒྲུབ་པ་པོ་རྣམས་བསྒོམ་པ་ཡང་། །ཏིང་འཛིན་གསལ་ཕྱིར་དམིགས་རྟེན་དགྲམ། །ཞེས་པ་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པ་སྔ་འགྱུར་ལུགས་ཀྱི་སྒྲུབ་ཚུལ་རྡུལ་ཚོན་བསྡུས་པ་བྱེད་ན་འདིའི་སྟེང་དུ་ཐིག་ཚོན་གྱི་ཆོ་ག་བསྣན་པས་འགྲུབ་བོ། །རྒྱས་པ་ལ་འདི་ཙམ་ཞིག་དགོས་པར་བདག་པོ་སྔགས་འཆང་བའི་དེར་གསར་མའི་པར་བཀབ་དྲགས་པར་མངོན་ཞིང་བསྡུས་པ་ལ་ས་ལྷ་དང་ལྷ་སྟ་གོན་གཉིས་ཀྱང་མི་མཛད་པས་སོ་སོའི་ལུགས་སྲོལ་མ་འཕྱུགས་པར་ཁོང་དུ་ཆུད་པ་གནད་དུ་ཆེའོ། །ཁྲོ་བོ་པུཎྜ་རཱི་ཀའི་ལེའུ་དྲུག་པར་སྨན་ཁྲོལ་བུ་དང་བདུན་པར་ཕྱེ་མའི་བསྒྲུབ་ཚུལ་གསུངས་ཤིང་ལེའུ་བདུན་པ་ནས་བརྡ་སྒོ་སོ་མཆན་དུ་བརྡ་སྒོ་བརྡ་ཕྱག །ཅེས་བྱུང་བ་འདིར་མ་ཟད་ལས་བྱང་གི་བརྡ་སྒོ་བརྡ་ཕྱག་ཀྱང་བསྟན་ནོ། །སོགས་མན་ངག་ལས་བདུན་ཕལ་ཆེར་དང་ཉུལ་ལེ་སྐྲོད་རྩ་བར་བར་ཆད་བྱེད་པའི་བགེགས་ཆེན་ཡང་ཞེས་པར་སོ་མཆན་དུ་ཉུལ་ལེ་མ་དྲུག་དང་འབྱུང་པོ་ཕལ་པ་ཞེས་བྱུང་། པ། དངོས་གྲུབ་ལེན་པ་རྣམས་གསུངས་པ་དབང་གཞུང་ལས། མཆོད་ཅིང་བསྟོད་ནས་མཚན་ལྟས་བྱུང་བའི་དུས་སུ་དངོས་གྲུབ་གང་ཡིན་པའི་སྒོ་ནས་བླངས་ཏེ་དབང་བསྐུར་བར་བྱ་ཞེས་པ་ལས། ཧ་ཅང་གི་མི་གསལ་ཡང་གསང་སྔགས་སྔ་འགྱུར་གྱི་སྒྲུབ་ཆེན་མཚན་ཉིད་དང་ལྡན་པ་བྱེད་ན་རྒྱུད་དང་གཞུང་གཞན་དག་ནས་ཁ་འགེང་བ་ཡིན་ནོ། །གཉིས་པ་དབང་བསྐུར་བ་ལ་བདག་འཇུག་དང་སློབ་མ་རྗེས་འཛིན་གཉིས་ལས། དང་པོ་བདག་ཉིད་འཇུག་པ་ནི། སོ་མཆན་དུ་གུ་རུས་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་བྱ་ཞིང་ལྷ་ལ་གསོལ་བ་གདབ་པར་བཤད། ཁྲག་འཐུང་གལ་པོ་ལས། ཤར་ནས་རྡོ་རྗེ་ཤུགས་ཀྱིས་འདེགས། །དང་པོ་རྣལ་འབྱོར་དབང་ཕྱུག་འཇུག །(༣༩བ)


GLG022_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ལྟར་རང་གཙོ་བོ་དང་ཐ་མི་དད་པའི་ངང་ནས་གཙོ་བོ་ལས་གཉིས་པར་བྱེ་སྟེ་དཀྱིལ་འཁོར་གྱི་གཙོ་བོ་བླ་མར་མོས་པ་ལ་དབང་བཞི་རྫོགས་པར་བླངས་ནས་དམ་ཚིག་རྣམས་གསོ། རྡོར་དྲིལ་སྤོས་དང་བཅས་འགེངས་ལ། དེ་ཉིད་ལས། རང་བྱུང་ཡེ་ཤེས་ལྷ་རྣམས་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །ཕྱི་མའི་དུས་ལས་མི་བཞེངས་པར། །ད་ལྟ་ཉིད་དུ་བདག་ལ་སྩོལ། །ཞེས་གནང་བ་ཞུ། གཉིས་རྩ་བར་རྡོ་རྗེའི་ཚུལ་དུ་དབང་དག་སྦྱིན་ཞེས་པར་སོ་མཆན་དུ། དབང་གི་ནུས་པ་འཇིག་བྲལ་མེད་པར་བཤད་པ་ལྟར་གྱི་དབང་བསྐུར་བ་ལ། པ་སློབ་མ་རྗེས་སུ་འཛིན་པ་ནི། དེ་ནས་དབང་བསྐུར་བའི་ཕྱིར་གང་གི་དཀྱིལ་འཁོར་དུ་འཇུག་པ་ཙམ་ལས་མ་བྱས་པ་དག་ལ་ནི་སྔ་མའི་དུས་སུ་བར་མཚམས་སུ་བཞག་ནས་རིག་པའི་དབང་ནས་བསྐུར་བ་དང་དེ་བཞིན་དུ་གང་ཐོབ་པ་ནས་བརྩམས་ཏེ་རྫོགས་པའི་བར་དུ་སྤྱད་པར་བྱའོ། །དེ་དག་གི་རིམ་པ་ནི་འདི་ལྟར་ཡིན་ཏེ་དང་པོ་གོང་རོལ་ཏུ་འཇུག་པའི་ཆོ་ག་ལ་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབས་ཆོ་ག་རྫོགས་པས་སློབ་མ་ཡོངས་སུ་སྦྱངས་པ། བར་ཁང་གི་སྒོ་མཚམས་སུ་མཎྜལ་བཤམས་ལ་བཞག་སྟེ་བྱང་གི་སྒོ་དྲུང་ན་གནས་པའི་བུམ་པ་བསངས་ནས་རིགས་ཀྱི་ལྷ་ལ་མཆོད་ཅིང་གསོལ་བ་བཏབ་ནས་ཤིས་པར་བྱའོ། །ཞེས་བྱུང་བ་ལྟར་ཡོལ་བའི་ཕྱི་འཇུག་དང་ནང་འཇུག་གཉིས་ཀྱི། དང་པོ་ཕྱི་ནས་འཇུག་པ་ལ་གདོང་གཡོགས། དྲི་བ་དང་དྲི་ལན། གསོལ་གདབ། གནང་བ་ཞུ་བ་དང་བཞི་ལས། དང་པོ་གདོང་གཡོགས་འཆིང་བ་ནི། འདི་ནས་བཟུང་ཕྱི་འཇུག་རྣམས་འཚམས་སྦྱོར་མ་གཏོགས་དབང་གཞུང་། རང་གཙོ་བོ་ལ་བསྟིམས་ནས་གཙོ་བོ་དང་ཐ་མི་དད་དུ་མོས་ཏེ། སྔར་དབང་བསྐུར་མ་ཐོབ་པ་ཡིན་ན། དཀྱིལ་འཁོར་ཡོལ་(༤༠ན)


GLG022_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བས་བཅད། སློབ་མ་རྣམས་ལ་ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ཕྱག་བྱས་གྲལ་ལ་འཁོད། བགེགས་གཏོར་གཏོང་། དབང་གཞུང་དུ་རས་དམར་པོའམ་དཀར་པོ་ཞེས་བཤད་ཅིང་རྟོགས་སླར་དར་དམར་པོའམ་རིགས་དང་བསྟུན་ན་ནག་པོ་སློབ་མའི་མིག་ལ་དགབ་གསུང་བ་དཀར་ནག་གི་མཚམས་ལ་དགོངས་པ་ཅུང་ཟད་མི་མཐུན་ཀྱང་དར་དམར་པོ་ལས་སྔགས་ཀྱིས་བསངས། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ཏེ་ཨཱ་ཁཾ་ཝཱི་ར་ཧཱུཾ་གིས་གདོང་འཆིང་། དེའི་ཞར་བྱུང་དུ་རྟོགས་སླར་དྲི་ཞིམ་པོའི་མེ་ཏོག་གཏོད་པར་གསུངས་ཤིང་དབང་གཞུང་དུ་རིན་པོ་ཆེའི་འཕྲེང་བ་ཐོགས་ཏེ་ཞེས་བྱུང་བ་རྙིང་མའི་ཕྱག་ལེན་ལ་དར་སྣ་ལྔ་གཏུབས་པའི་མེ་ཏོག་དང་གསར་མ་བ་རྣམས་ཙམ་པ་ཀའི་མེ་ཏོག་གཏོད་པ་གང་ལྟར་ཀྱང་གོང་གི་སྔགས་ཀྱིས་མེ་ཏོག་གི་འཕྲེང་བ་སྦྱིན། གཉིས་པ་དྲི་བ་དང་དྲི་ལན་བྱ་བ་ནི། ཐེག་པ་ཆེན་པོའི་རིགས་སད་པའི་སློབ་མ་ལ། ཀྱེ་ཁྱོད་ཅི་ལ་དགའ་བས་འདིར་འཇུག་པ་ཡིན། ཞེས་དྲི། སློབ་མས། བདག་སྐལ་བ་བཟང་པོ་ལ་དགའ་བས་འདིར་འཇུག་པའོ་ཞེས་ལན་གདབ། ཡང་དེས་ཁྱོད་ལ་ཅི་དགོས་ཞེས་དྲི། རྡོ་རྗེ་འཛིན་པའི་དངོས་གྲུབ་འདོད་པའི་ཕྱིར་རོ། །ཞེས་ལན་འདེབས། གསུམ་པ་གསོལ་ཁྲག་འཐུང་གལ་པོའི་བརྟག་པ་དྲུག་པར་ཡང་བཤད་ཅིང་རྩ་བར་དངོས་གྲུབ་འདོད་པས་གསོལ་བ་གདབ་ཅེས་བྱུང་། བ་གདབ་པ་ནི། སྟ་གོན་གྱི་མཎྜལ་ལྟར་ལ་དཀྱིལ་འཁོར་དུ་འཇུག་པ་ཞུ་བའི་སོགས་ཀྱིས་མཎྜལ་ཕུལ་ལ། བདེ་གཤེགས་སྲས་བཅས་དམ་ཚིག་པས། །ཡོན་དབུལ་ཐུགས་རྗེས་བདག་ལ་དགོངས། །སངས་རྒྱས་སྐུ་གསུམ་རང་བཞིན་མཆོག །སློབ་དཔོན་མགོན་ལ་བདག་(༤༠བ)


GLG022_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མཆི། །སྐལ་བཟང་ལྷ་མོ་ཚོགས་བཅས་པའི། །དཀྱིལ་འཁོར་ཚོགས་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །བཞི་པ་གནང་བ་ཞུ་བ་ནི། སློབ་དཔོན་གྱིས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་ཏེ་ཞྭ་ཕུད་རྡོར་དྲིལ་བཟུང་ནས། རྒྱལ་བ་ཀུན་གྱི་གནས་བཞུགས་པའི། །དཀྱིལ་འཁོར་ཆེན་པོ་ཉམས་དགའ་བ། །སྙིང་པོའི་གོ་ཁྲབ་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་ལན་གསུམ་བརྗོད། གཉིས་པ་ནང་དུ་འཇུག་པ་ལ་ཕྱག་བྱ་བ། རྣལ་འབྱོར་དུ་སེམས་བསྐྱེད་པ། སྐྱབས་སུ་འགྲོ་ཞིང་དམ་བཅའ་བ། སྡིག་བཤགས། ཡི་རང་། སེམས་བསྐྱེད། གསང་བར་གདམས་པ། ཡེ་ཤེས་དབབ་པ། དཀྱིལ་འཁོར་བསྟན་པ་སྟེ་དགུ་ལས། དང་པོ་ཕྱག་བྱ་བ་ནི། སུམྦྷ་དང་དཔའ་བོ་འབྲུ་ལྔ་བརྗོད་ཅིང་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ་ཡོལ་བ་བསལ་ནས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་བསམས་ཤིང་ཤར་སྒོ་ནས། རྟོགས་སླ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་མཆོག །བདེ་གཤེགས་རྒྱལ་བ་འཁོར་བཅས་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་ཕྱག་ལན་གསུམ་བྱེད་དུ་གཞུག་གོ །གཉིས་པ་རྣལ་འབྱོར་དུ་སེམས་བསྐྱེད་པ་ནི། སློབ་མའི་སྙིང་གར་སྨོན་འཇུག་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་རྡོ་རྗེ་རྩེ་ལྔ་པའི་རྣམ་པར་གསལ་བར་བསམ་དུ་བཅུག་ལ། དབང་གཞུང་ལས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མི་ཧཱུཾ་ཞེས་བརྗོད་དུ་གཞུག །སྐྱབས་འགྲོ། སྡིག་བཤགས། ཡི་རང་། སེམས་བསྐྱེད་བཞི་སྟ་གོན་གྱི་སྐབས་ལྟར་(༤༡ན)


GLG022_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། དྲུག་པ་གསང་བར་གདམས་པ་ནི། དེ་ཉིད་ལས། མེ་ཏོག་དང་བཅས་རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་བདེ་གཤེགས་ཀུན་གྱིས་ཁྱོད་ཉིད་དེ། །དེ་རིང་བྱིན་གྱིས་བརླབས་པས་ན། །དེ་བཞིན་གཤེགས་པའི་གསང་ཆེན་འདི། །དཀྱིལ་འཁོར་དག་ཏུ་མ་ཞུགས་ཤིང་། །དད་པ་མེད་པའི་མི་རྣམས་ལ། །ནམ་ཡང་སྨྲ་བར་བྱ་བ་མིན། །ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་ཞར་བྱུང་དུ་སེམས་བསྐྱེད་བརྟན་པར་བྱ། བདུན་པ་ཡེ་ཤེས་དབབ་པ་ལ་དམ་བཞག །སྡོམ་བཟུང་གསོལ་གདབ། ཡེ་ཤེས་དབབ་པ་དངོས་དང་བཞིའི། དང་པོ་དམ་ལ་བཞག་པ་ལ་ཕན་ཡོན། ཉེས་དམིགས། གཉི་ག །བཀའ་གཉན་པ་དང་བཞི་ལས། དང་པོ་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྟོགས་སླ་ལས་མགོ་བོར་རྡོ་རྗེ་བཞག་ལ། རིགས་ཀྱི་བུ་མཆོག་ཚུར་ཉོན་ཅིག །དེང་ཁྱོད་བདེ་གཤེགས་འཁོར་བཅས་ཀྱི། །ནང་དུའང་ཁྱོད་ཀྱིས་ཞུགས་པ་ཡིན། །སློབ་དཔོན་ལུང་བསྟན་ངས་ཀྱང་ནི། །བཅོམ་ལྡན་ཁྲག་འཐུང་ཧེ་རུ་ཀའི། །ཡེ་ཤེས་ཁྱོད་ལ་བསྐྱེད་པར་བྱ། །རྣལ་འབྱོར་བུ་མཆོག་ཁྱོད་ཀྱི་ཀྱང་། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། ཁྱོད་ཀྱི་དཀྱིལ་འཁོར་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །གལ་ཏེ་སྨྲ་བར་གྱུར་ན་ནི། །དམ་ཚིག་ཉམས་ཏེ་དམྱལ་བར་འགྲོ། །ཞེས་བརྗོད། གཉིས་པ་ཡེ་ཤེས་དབབ་པ་མ་བསམས་པའི་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་ཁར་བཞག་ལ། ས་བཅད་ཕྱི་མ་གསུམ་དང་(༤༡བ)


GLG022_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དབབ་པའི་གསོལ་འདེབས་དབང་གཞུང་ལས། ཨོཾ། རྡོ་རྗེ་སེམས་དཔའ་ཁྱོད་ཉིད་ཀྱི། །སྙིང་ལ་ཡང་དག་ཞུགས་མཛད་དེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །ཨོཾ་ས་མ་ཡ་ཨུཏྟ་ག་ཐཱ། ཞེས་བརྗོད། གསུམ་པ་དམ་ཚིག་བསྲུངས་བ་དང་མ་བསྲུངས་པའི་ཕན་ཡོན་ཉེས་དམིགས་གཉི་གའི་སྒོ་ནས་དམ་ལ་བཞག་པ་ནི། ཐོད་པའི་སྣོད་དུ་བདུད་རྩི་ལྔ་སྦྱར་བའི་ཆུ་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ། བཛྲ་ཨུ་ད་ག་ཧྲཱིཿཋཱ། ཞེས་བརྗོད། བཞི་པ་སློབ་དཔོན་བཀའ་གཉན་པའི་སྒོས་ནས་དམ་ལ་བཞག་པ་ནི། མགོ་བོར་རྡོ་རྗེ་བཞག་ལ། དེ་རིང་ཕྱིན་ཆད་ཁྱོད་ཉིད་ཀྱི། །རྡོ་རྗེ་སེམས་དཔའ་ང་ཡིན་པས། །གང་ཞིག་བསྒོ་བའི་ལས་རྣམས་བྱོས། །ང་ལ་བརྙས་པར་མ་བྱེད་ཅིག །གལ་ཏེ་ཅུང་ཞིག་བརྙས་བྱས་ན། །དུས་མིན་འཆི་ཞིང་དམྱལ་བར་ལྟུང་། །ཞེས་བརྗོད། གཉིས་པ་སྡོམ་པ་བཟུང་བ་ལ་དམ་བསྒྲགས་པ་དང་དངོས་གཉིས་ལས། དང་པོ་དམ་བསྒྲགས་པ་ནི། རྟོགས་སླ་ལས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་ཅོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཤེས་རབ་དྲིལ་བུ་ཞེས་ཀྱང་གྲགས། །སློབ་དཔོན་ཁྱོད་ཀྱིས་གཟུང་བར་གྱིས། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ལ་བརྙས་པར་མ་བྱེད་ཅིག །འདི་ནི་རྡོ་རྗེའི་རིགས་དག་པའི། །རྡོ་རྗེ་དམ་ཚིག་(༤༢ན)


GLG022_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་གྲགས། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །རིན་ཅེན་རིགས་ཀྱི་དམ་ཚིག་གོ །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང་། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་གྱིས། །ཞེས་བརྗོད། གཉིས་པ་སྡོམ་པ་གཟུང་བ་དངོས་ནི། སྟ་གོན་བཞིན་བྱ། དབང་གཞུང་དུ་ཚོགས་གསོག་ཟུར་པ་ཞིག་དཀྱུས་འདིར་བྱུང་ཡང་སྟ་གོན་གྱི་སྐབས་ལས་དགོས་དོན་ལྷག་པོ་མི་འདུག་པས་མ་བྲིས། གསུམ་པ་ཡེ་ཤེས་དབབ་པའི་གསོལ་འདེབས་ནི། མཎྜལ་རི་རབ་གླིང་བཞི་ཉི་ཟླ་ཟུང་གཅིག་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་སོགས་ཀྱིས་མཎྜལ་ཕུལ་ཏེ། རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས། །སྐུ་དང་གསུང་འཕྲུལ་ལས་མཛད་པ། །ཕྱག་རྒྱའི་ཆོ་ག་གང་དག་གིས། །དེ་རིང་བདག་ལ་དབབ་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། ལས་སྔགས་ཀྱིས་བསངས། སློབ་མ་རྣམས་སྟ་གོན་གྱི་གནས་གསུམ་བྱིན་རླབས་ཀྱི་སྐབས་ལྟར་གཙོ་བོ་ཡབ་ཡུམ་དུ་བསྐྱེད་པའི་སྤྱི་བོར་ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་ལ་ཧཿ། སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཟུར་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་(༤༢བ)


GLG022_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཧཱུཾ། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྣོ་ཞིང་འབར་བ་ལ་ཨཱཿ། རྐང་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་གཡོ་བའི་བ་དན་གྱིས་མཚན་པ་ལ་ཛྷཻཿ། དྲག་ཅིང་བཟོད་དཀའ་བའི་གཟུགས་ཅན་རླུང་གིས་བསྐྱོད་པ་རྐང་མཐིལ་ནས་ཞུགས། ལྟེ་བའི་མེ་དང་འདྲེས་ནས་འབར་བས་སྙིང་གའི་ས་བསྲེགས། སྤྱི་བོའི་ཆུ་ཁོལ་བ་ལས་བདུད་རྩིའི་ཚོགས་བབས་པས་ཚིམ་པར་གྱུར་ཅིང་རྐང་འོག་གི་རླུང་གིས་འདེགས་བཞིན་པར་བསམ། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ལས་གནོད་སྦྱིན་མ་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། རང་བཞིན་གྱི་གནས་ནས་ཡང་དག་སྦྱོར་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་པ་རྣམས་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་ཀྱང་། དེ་འདྲ་བ་ཚད་མེད་པ་འཕྲོས་པས་སློབ་མའི་སྙིང་གར་པད་ཉིའི་སྟེང་དུ་ཧཱུཾ་ལ་ཐིམ་པར་བསམས་པའི་འོད་ཀྱིས་ནང་གང་བས་སྡིག་སྒྲིབ་ཐམས་ཅད་སྦྱངས། དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཞུགས་པར་བསམ། རོལ་མོ་དབྱངས་དང་བཅས་པས་ལས་བྱང་གི་བྱིན་འབེབས་གྱེར། སུམྦྷ་བརྗོད་ཅིང་བགེགས་བསྐྲད། ཨོཾ་ཛྙཱ་ན་ཨ་བེ་ཤ་ཡ། སྟམྦྷ་ཡ། སྟམྦྷ་ཡ། ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ། ཧཱུཾ་ཨཱཿཧཿཛྷཻཿ ཞེས་བརྒྱ་རྩ་བཟླས། སརྫ་རཱ་ཛ་དང་བདུད་རྩི་ལྔ་ལ་སོགས་པའི་སྤོས་ཀྱིས་བདུག་ཅིང་རོལ་ཆེན་ཟད་མཐར་འབེབས། དབང་གཞུང་ལས། ནམ་ཞིག་ཡེ་ཤེས་བབས་པའི་ཚེ་ནི་སྐུ་གསུང་ཐུགས་ཀྱི་རྟགས་སྟོན་པར་འགྱུར་རོ་ཞེས་པ་ལྟར། སྐུ་ཕེབས་ན་འཕར་གཡོ། གསུང་(༤༣བ)


GLG022_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་ན་སྨྲ་རྒོད། ཐུགས་ཕེབས་ན་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བ་ལ་སོགས་པ་ལུས་ངག་ཡིད་གསུམ་གྱི་ཉམས་ལ་དཔགས་ཏེ་ངོ་སྤྲད་དོ། །ཡང་ཕུར་གྱི་གཞུང་གཉིས་ན་མི་གསལ་ཡང་རྙིང་མ་སྤྱི་ལུགས་ལྟར་ཏིཥྛ་བཛྲ་ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ་བོ། །ཡེ་ཤེས་དབབ་པའི་དམིགས་པ་དབང་གཞུང་གི་དགོངས་དོན་ལྟར་ལ། སུམ་མདོར་འབྱུང་བ་འགོད་པ་མི་གསལ་ཞིང་མགྲིན་པར་སྣང་བ་དམིགས་པ་མ་བདེ་བས་གསང་སྔགས་སྤྱི་གཞུང་ལྟར་བཀོད་ལ། བདག་པོ་སྔགས་འཆང་པའི་དེར་སྤྱི་བོར་རླུང་གི་དཀྱིལ་འཁོར་འདུག་པ་འདི་དང་མཉམ་སྦྱོར་རིགས་བསྡུས་སོགས་ཡི་གེ་གཞན་དུའང་མ་བྱུང་བས་འདིའི་ཕྱོགས་སུ་མི་གཏོགས་པའི་དཔེ་འདྲ་གཟིགས་པ་དང་ཆང་གིས་ཐུགས་བད་པ་ཐུག་པ་ནི་མིན་ལས་ཆེའོ། །དགུ་པ་དཀྱིལ་འཁོར་བསྟན་པ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི། དང་པོ་སྔོན་འགྲོ་ལ་བདེན་བརྗོད། གནང་བ་འདྲི་བ། མེ་ཏོག་དོར་བ། མེ་ཏོག་འཕྲེང་བ། མིག་དབྱེ་བ་དང་ལྔ་ལས། དང་པོ་བདེན་པ་བརྗོད་པ་ནི། སློབ་དཔོན་འགྲེངས་ལ་ཞྭ་ཕུད་རྡོར་དྲིལ་བཟུང་དཀྱིལ་འཁོར་ལ་འདུད་པ་དང་བཅས་ཏེ། དབང་གཞུང་ལས། མགོན་མཆོག་གསང་བའི་དཀྱིལ་འཁོར་འདིར། །སློབ་མ་མཆོག་འདི་གཞུག་པར་བགྱི། །རིགས་ཀྱི་ལྷ་ཡི་བྱེ་བྲག་དང་། །བསོད་ནམས་གང་ཡིན་དེ་བཞིན་ཤོག །དེ་བཞིན་དངོས་གྲུབ་མཚན་མ་དག །སྙིང་པོའི་གནས་འདིར་ལེགས་པར་སྟོན། །ཞེས་བརྗོད། གཉིས་པ་སྣང་བ་འདྲི་བ་ནི། ཁྱེད་ཀྱི་མིག་ལ་ཇི་ལྟར་སྣང་། །ཞེས་དྲིས་པས། དཀར་སེར་དམར་ནག་ཏུ་མཐོང་ན་འཕྲིན་ལས་བཞི་དང་ལྗང་གུའམ་


GLG022_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲ་བོ་སྣང་ན་ལས་སྣ་ཚོགས་འགྲུབ་ཅེས་ལུང་སྟོན་ནོ། །གསུམ་པ་མེ་ཁྲག་འཐུང་གལ་པོའི་བརྟག་པ་བདུན་པར་བཤད་ཅིང་བརྟག་པ་བཅུ་བཞི་པར་དུར་ཁྲོད་རྫས་ཀྱི་མེ་ཏོག་དོར་བ་ཡང་གསལ། ཏོག་དོར་བ་ནི། སྔར་བྱིན་པའི་མེ་ཏོག་གི་འཕྲེང་བ་ཐལ་མོ་སྦྱར་བའི་བར་དུ་བཟུང་ནས་རང་གི་རིགས་ཀྱི་ལྷ་ལ་ཕུལ་བར་མོས་ཤིག་ཅེས་བསྒོ་ལ། ཟླ་འདི་ནས་དཀྱིལ་འཁོར་བལྟ་བར་བསྐུལ་བའི་བར་མཚམས་སྦྱོར་མ་གཏོགས་དབང་གཞུང་། གམ་དགུ་ཟླ་གམ་གཅིག་པ་ཞེས་པ་འདོན་པ་བསྒྱུར་བ་ཡིན། པའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་དོར་བས། །སྔོན་ཚེ་ཡེ་ཤེས་མཁྱེན་པའི་ལྷ། །གང་ཡིན་དེ་ལ་འབབ་པར་ཤོག །ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ། ཞེས་ཟློ་ཞིང་དཀྱིལ་འཁོར་ལ་མེ་ཏོག་དོར་དུ་གཞུག །དེ་ནས་གང་ལ་ཕོག་པའི་ལྷ་ནི་འདིའོ་ཞེས་སློབ་དཔོན་གྱིས་ངོས་གཟུང་སྟེ་ལུང་བསྟན་ཚུལ། ལྷ་གང་ལ་བབས་པ་དེ་ཡི་དམ་དུ་བླང་བར་བྱའོ། །དེ་ཡང་གཙོ་བོ་ལ་ཕོག་ན་ནི། མཆོག་གི་དངོས་གྲུབ་འགྲུབ་ཅིང་བར་མཚམས་དག་གིས་ནི་འབྲིང་པོའི་ལས་འགྲུབ་ན། ར་བ་ལས་འདས་པ་དག་ནི་སླར་བསྐྱར་ཏེ་ལན་གསུམ་དོར་ཞིང་གང་ཞིག་དཀྱིལ་འཁོར་ལ་མ་བབས་པ་དག་ནི་ཆུས་ཤིས་པར་བྱས་ཏེ་སླར་གཏང་བར་བྱའོ། །ཞེས་བྱུང་ངོ་། བཞི་པ་མེ་ཏོག་ཁྲག་འཐུང་གལ་པོའི་བརྟག་པ་བདུན་པར་གསལ། འཕྲེང་བའི་དབང་ནི། མེ་ཏོག་གི་འཕྲེང་བ་དེ་ཉིད་སློབ་དཔོན་གྱིས་གཙོ་བོའི་དབུ་ནས་བླངས་ཏེ། མེ་ཏོག་རིན་ཅེན་འཕྲེང་བ་འདི། །གང་ལ་བབས་ལ་རིགས་ཀྱི་ལྷ། ཁྲག་འཐུང་ཡབ་ཡུམ་ཁྱོད་ཀྱི་ལྷ། །རྟག་ཏུ་མི་འབྲལ་བསྒོམ་པར་བྱ། །ཀྱེ་རྡོ་རྗེ་སེམས་དཔའ་ཆེན་པོའི་འཕྲེང་བ་འདི་དང་མ་བྲལ་བར་གྱིས་ཤིག །ཨོཾ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཾ། ཞེས་མགོ་ལ་འཆིང་ངོ་། །ལྔ་པ་མིག་དབྱེ་བ་ནི། ཁྲག་འཐུང་(༤༤ན)


GLG022_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གལ་པོའི་བརྟག་པ་བདུན་པར་བཤད། ཡི་གེ་ཨོཾ་ལས་སྐྱེས་པའི་གསེར་གྱི་ཐུར་མས་མཚན་མའི་དྲི་མ་བསལ་ཞེས་དབང་གཞུང་ལས་བྱུང་ཡང་འཇུག་པ་བདེ་བ་རྡོ་རྗེས་མིག་དབྱེ་བའི་སྟང་ཀ་དང་བཅས། ཨོཾ་རྡོ་རྗེ་སེམ་དཔའ་ཁྱོད་ཉིད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །སྒྲིབ་གཡོགས་ལིང་ཏོག་ཀུན་བསལ་ནས། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ཙཀྵུ་ཛྙཱ་ན་པྲ་བེ་ཤ་ཕཊ། ཅེས་བརྗོད་ལ་གདོང་གཡོགས་བཀྲོལ། ཁྱོད་ཀྱི་མི་ཤེས་པའི་རབ་རིབ་དག་པས་ཡེ་ཤེས་ཀྱི་མིག་ཐོབ་སྟེ་ཐར་པ་ཆེན་པོའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་བསམ། ཞེས་བསྒོའོ། །གཉིས་པ་དཀྱིལ་འཁོར་བསྟན་པ་དངོས་ནི། བུ་ཁྱོད་དཀྱིལ་འཁོར་ལེགས་པར་ལྟོས། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མེ་ཏོག་གང་ལ་བབས་པ་ནི། །དེ་ཉིད་ཁྱོད་ཀྱི་རིགས་ཀྱི་ལྷ། །ཞེས་ལྟ་བར་བསྐུལ་ནས། རྟོགས་སླ་ལས། དཀྱིལ་འཁོར་ལྟར་བཅུག་སྟེ་ཁྱོད་ཀྱིས་མཐོང་ཞིང་ཞུགས་པའི་དཀྱིལ་འཁོར་འདི་ནི། འདི་ལྟ་བུ་མཐོང་བར་ཡིད་ལ་གྱིས་ཤིག །ཅེས་བསྐོས་ལ། སྲུང་འཁོར་ནས་གདན་གྱི་བར་དུ་གཞལ་ཡས་ཁང་དང་གཙོ་བོ་ནས་དུར་ཁྲོད་ཀྱི་བར་དུ་ལྷ་རྣམས་ཇི་ལྟར་བྲིས་ཤིང་རང་གིས་བསྒོམས་པ་དང་མཐུན་པར་གསལ་བར་བཤད་དོ། །དབང་གཞུང་ལས། སློབ་མས། བདག་གི་གཞུང་དུ་བཟའ་བཏུང་ལ་སོགས་པས་ལྷ་དང་སློབ་དཔོན་མཉེས་པར་མཛད། སྐལ་ཅེས་པ་དཀྱིལ་འཁོར་མཐོང་བའི་དགའ་སྟོན་ཡིན་ནའང་དིང་སང་བོད་དུ་དར་སོ་ཆུང་། བ་ཇི་ལྟར་ལགས་པ་བསྟན་དུ་གསོལ། ཞེས་པའི་ལན་དུ། བུ་ཁྱོད་དད་པས་རབ་གུས་བསྐྱེད། །དཀྱིལ་འཁོར་བཟང་པོ་ལེགས་པར་ལྟོས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །ཡང་(༤༤བ)


GLG022_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དག་གྲུབ་པ་གཅིག་པུ་ཉིད། །མཁའ་འགྲོ་སྒྱུ་མའི་རིགས་མཆོག་འཛིན། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང་། །དངོས་རྣམས་ཐམས་ཅད་མངོན་དུ་གྱུར། །དམ་ཚིག་ཏིང་འཛིན་རྗེས་ཆགས་དང་། །གསང་སྔགས་སྙིང་པོ་འཛིན་པར་གྱིས། །ཞེས་བརྗོད། རྟོགས་སླ་ལས། དེ་ལྟར་འཇུག་པ་རྣམ་པ་གཉིས་ཀྱི་སྒོ་ནས་ཁྱོད་ཀྱི་དཀྱིལ་འཁོར་དུ་ཞུགས་པས་རྒྱུད་ལ་ལམ་ལྔ་ལས་ཚོགས་ལམ་གྱི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་པ་ཡིན་ནོ། །ཞེས་བརྗོད། གཉིས་པ་དབང་བསྐུར་བ་དངོས་ལ། བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་དང་བཞི་ལས། དང་པོ་བུམ་པའི་དབང་ལ་སྔོན་འགྲོ། དངོས་གཞི། དབང་དོན་བཤད་པ་དང་གསུམ་ལས། དང་པོ་སྔོན་དུ་འགྲོ་བ་ནི། མཎྜལ་ཡེ་ཤེས་དབབ་པ་ལྟར་ལ་བུམ་པའི་དབང་བསྐུར་ཞེས་ཁ་བསྒྱུར། གསོལ་གདབ་ནི། དབང་གཞུང་ལས། རྒྱལ་བ་ཀུན་གྱི་གསང་བའི་ལམ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །མཁའ་འགྲོ་མ་ཡི་འཁོར་ལོ་མཆོག །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །དེ་རིང་དབང་བསྐུར་གནང་བ་ཡི། །དུས་ལ་བབ་པར་མཁྱེན་པ་ལེགས། །དཔའ་བོ་ཆེན་པོས་མི་ལྡོག་པའི། །དབང་བསྐུར་རིམ་པ་བདག་ལ་སྩོལ། །རིག་པ་ཆེན་པོའི་ལས་བསྒྲུབས་ནས། །དངོས་པོ་མཆོག་རྣམས་ཤིས་པ་དང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་རྡོ་རྗེ་སློབ་དཔོན་གཟུང་། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ཉིད་ལས། དེ་ནས་ཤར་ཕྱོགས་ཀྱི་སྒོ་དྲུང་དུ་ཁྲུ་དོ་ཙམ་གྱིས་ཆོད་པར་དབང་སྟེགས་དཀྱིལ་འཁོར་གྱི་ལྟེ་བ་དང་(༤༥ན)


GLG022_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་བརྩིགས་ཏེ་པདྨ་འདབ་བརྒྱད་སྒོ་དང་བཅས་པ་བྲིས་ཤིང་སེང་དབང་སྟེགས་བརྩིག་པ་དང་སེང་ཁྲི་རྟོགས་སླར་མི་གསལ། གེའི་ཁྲི་ལ་པདྨས་མཚན་པའི་གདན་བཤམས་པར་སློབ་མ་བཞག་སྟེ། རྟོགས་སླ་ལས། སྟེང་དུ་གདུགས་དཀར་པོ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་བསྒྲེང་། མདུན་དུ་མཆོད་པ་སྣ་ཚོགས་པས་གང་བར་བསམ། ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དབང་སྟེགས་ཀྱི་སྟེང་དུ་སློབ་མ་ཧཱུཾ་ལས་དཔལ་དབང་གཞུང་དུ་རིགས་ཀྱི་ལྷ་དང་རྟོགས་སླར་མེ་ཏོག་ཕོག་པའི་ལྷ་ཞེས་བྱུང་། ཡང་དག་ཞལ་གསུམ་ཕྱག་དྲུག་པ་ཡུམ་ཀྲོ་དྷཱི་ཤྭ་རཱི་མ་དང་མཉམ་པར་སྦྱོར་བའི་གནས་གསུམ་ཨོཾ་ཨཱཿཧཱུཾ་གི་ཡི་གེས་མཚན་པར་བསམ། བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པར་བསམ། རང་གི་ཐུགས་ཀའི་ཧཱུཾ་ལས་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་བར་དུ་གཅོད་པའི་བགེགས་རྣམས་བསྐྲད་པར་བསམ། འབྲུ་བརྒྱད་དང་ཧཱུཾ་བཞིའི་སྔགས་བརྗོད་དེ་ཡུངས་ཀར་གྱིས་བྲབ་དབང་གཞུང་དུ་ཡུངས་ཀར་གྱི་སྦྱིན་སྲེག་བྱ་ཞེས་བཤད། བོ། །གཉིས་པ་འདི་ནས་བཟུང་མིང་དབང་གི་བར་ཁུངས་སྨོས་པའི་སྒོས་ཆོས་དང་། གསལ་བྱེད་ཀྱི་མཚམས་སྦྱོར་ཅུང་ཟད་མ་གཏོགས་དེ་ཕྱིན་འཇུག་པ་བདེ་ཆེད་དུ་རྟོགས་པར་སླ་བ་སོར་བཞག་བཀོད་དོ། །དབང་དངོས་ལ་སློབ་མ་དང་སློབ་དཔོན་གཉིས་ལས། དང་པོ་ཐུན་མོང་བ་སློབ་མའི་དབང་ལ་རིགས་ལྔ། མནའ་བསྒག་ཅིང་སྡོམ་པ་སྦྱིན་པ། བདག་པོའི་དབང་དང་གསུམ་ལས། དང་པོ་རིགས་ལྔའི་དབང་ནི། འདིར་དཀྱིལ་ཆོག་ཏུ་སློབ་མ་ལྷར་བསྐྱེད་པའི་གསལ་ཁ་མ་བྱུང་བས་མ་བསྐྱེད་ཀྱང་ཆོག་པར་གསལ་ཞིང་གཞན་(༤༥བ)


GLG022_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྐྱེད་པ་མང་དུ་སྣང་བས་བསྐྱེད་ཀྱང་མི་འགལ་ལམ་སྙམ་ཞེས་རྟོགས་སླར་གསུངས་པ་འདིར་ཡང་རིགས་འགྲེ་བས། དེ་ཡང་ཐོག་མར་བུམ་པ་གཞན་གྱི་ཆུ་རྣམས་རྣམ་རྒྱལ་དུ་བསྡུས་ལ། ལས་སྔགས་ཀྱི་བསངས། སྭ་བྷཱ་ཝས་སྦྱངས། སློབ་མ་དང་དབང་རྫས་བུམ་པ་མི་དམིགས་ཏེ་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་མི་བསྐྱོད་པ་རྡོར་དྲིལ་འཛིན་པར་བསྐྱེད། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་སེམས་དཔའ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པར་བསམ། ཨ་ཧ་ར་སོགས་ཀྱིས་མཆོད། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེའི་ཐུགས་ནི་བླ་ན་མེད། །སྐྱེ་མེད་སྤྲོས་བྲལ་ངོ་བོ་ཉིད། །མི་བསྐྱོད་པ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དེ་དབང་རྫས་ཀྱི་ལྷ་འོད་དུ་ཞུ་བས་ཆུར་གྱུར་པར་བསམ། དེ་ནས་བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་དབང་བསྐུར་གྱི་ལྷ་དཔག་ཏུ་མེད་པ་སྤྱན་དྲངས། དེ་རྣམས་དང་དཀྱིལ་འཁོར་གྱི་ལྷ་ལ་དབང་བསྐུར་བར་སློབ་མས་གསོལ་བ་བཏབ་པས། གཙོ་བོས་གཙོ་མཛད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། མི་བསྐྱོད་པའི་རང་བཞིན་ཆུའི་དབང་བསྐུར་བར་བསམས་ཤིང་། བུམ་པ་སློབ་མའི་མགོ་བོར་བཞག་ལ། དབང་གཞུང་ལས། ཏིལ་གྱི་གང་བུ་བཞིན་གང་བའི་ཁྲག་འཐུང་གལ་པོའི་བརྟག་པ་བཅུ་པར་སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི་ཞེས་དང་བཅུ་གསུམ་པར་ཆོས་དབྱིངས་ཡུམ་གྱི་བུམ་པ་ན་ཞེས་སོགས་སྣང་། རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་ལ་ནི་(༤༦ན)


GLG022_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བས། །བག་ཆགས་མ་ལུས་དག་གྱུར་ཅིག །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ཅིང་བུམ་ཆུ་གཏོར། སྤྱན་དྲངས་པའི་ཡེ་ཤེས་ཀྱི་དབང་ལྷ་ཡབ་ཡུམ་གཉིས་སུ་མེད་པར་རོལ་པ་མཛད་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་བུམ་པ་ཡོངས་སུ་བཀང་བས་དབང་བསྐུར་བར་མོས་ཏེ། དབང་གཞུང་ལས། ཨོཾ། ལྷ་ཡི་ཆུ་ནི་རྣམ་དག་པས། །རྡོ་རྗེ་གསང་གསུམ་གནས་ལས་བྱུང་། །རིག་པའི་ལྷ་མོ་ཚོགས་ལྡན་པའི། །རང་བཞིན་གཅིག་ཏུ་གྱུར་པ་ཡིན། །ཨོཾ་བཛྲ་ཨ་བྷི་ཥིཉྩ་མི། ཞེས་བརྗོད་པས་དབང་བསྐུར་བའི་ཆུ་རྒྱུན་གྱིས་སློབ་མའི་ལུས་ཐམས་ཅད་གང་། སྡིག་སྒྲིབ་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམས་ལ། པུཥྤེ་ནས་ཤཔྡའི་བར་གྱིས་མཆོད་ནས། དེ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་བཅོམ་ལྡན་འདས་མེ་བསྐྱོད་ཧེ་རུ་ཀའི་བྱང་ཆུབ་སེམས་ཀྱི་ངོ་བོ་ཆུའི་དབང་ཐོབ་པར་མོས་པ་གྱིས་ཤིག །ཅེས་བསྒོ། དེ་ནས་བྲིས་པ་དང་བརྐོས་པ་ལ་སོགས་པའི་དབུ་རྒྱན་སྭཱ་ལས་བྱུང་བའི་རིན་པོ་ཆེ་སྭཱས་མཚན་པ་ལས། རིན་འབྱུང་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་བསྐྱེད། གཞན་སྔ་མ་དང་འདྲ་བ་ལས་བསྟོད་པའི་སྐབས་སུ། ལྟ་བ་ངན་པ་འཇོམས་མཛད་པའི། །རིན་ཅེན་རྒྱལ་པོ་ཡོན་ཏན་གཙོ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །རིན་ཅེན་འབྱུང་ལ་ཕྱག་འཚལ་བསྟོད། །ཅེས་དང་། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བས་རིན་པོ་ཆེའི་དབུ་རྒྱན་དུ་གྱུར་པ་དང་། དབང་གཞུང་ལས། ཨོཾ། སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། བརྟག་པ་བཅུ་པར་སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི་ཞེས་དང་། བཅུ་གསུམ་པར་སངས་རྒྱས་ཀུན་གྱི་རིན་ཅེན་ཆེ་(༤༦བ)


GLG022_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་སྣང་། རིན་ཅེན་ལས་བྱུང་དབུ་རྒྱན་ཆེ། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པའི། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་དབང་གཞུང་ན་མི་གཅིག་པ་ཞིག་འདུག་ཀྱང་རྒྱུད་དང་འདི་མཐུན། རཏྣ་མུ་ཀཱུ་ཊ་ཨ་བྷི་ཥིཉྩ་སྭཱ། ཞེས་བརྗོད་ཅིང་མགོ་ལ་བསྐོན། དེ་ནས་ཐོད་སྐམ་ལྔའི་རྩ་ཆིངས། དབང་གཞུང་ལས། ཨོཾ། སངས་རྒྱས་མ་རྒྱུད་ཀྱི་སྐབས་སུ་ཐོད་སྐམ་ལྔའི་རྩ་ཆིངས་མཛད་པ་གསར་མ་ཕྱོགས་ལ་མང་བ་དང་མཐུན་གྱི་ཐོད་སྐམ་ལ་རྩ་ཕྲན་གྱིས་སྤྲས་པའི་དགུ་རྒྱན་མཚན་ཉིད་པ་ནི་མ་ཡིན་ནོ། །ཀུན་གྱི་ཡེ་ཤེས་རྟགས། །ཐོད་པའི་འཕྲེང་བའི་དབུ་རྒྱན་ནི། །རྡོ་རྗེ་སེམས་དཔའ་དག་མངོན་བསྐྱེད། །རིགས་ཀྱི་ཡེ་ཤེས་མཚན་མའི་རྟགས། །ཧཱུཾ་བཛྲ་ཀ་པཱ་ལ་ཨ་བྷི་ཥིཉྩ་མི་ཞེས་དབུ་རྒྱན་གྱིས་རྩ་བ་ནས་འཆིང་ངོ་། །ཏིལ་གི་གང་བུ་ནས། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་པས་དབང་བསྐུར་བའི་ཆུ་རྒྱུན་མན་སྦྱར་ནས་ཁྱད་པར། རིན་འབྱུང་གིས་དབུ་བརྒྱན་ཞེས་འདོན་པ་བསྒྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དཔལ་རྡོ་རྗེ་ཉི་མའི་བྱང་ཆུབ་སེམས་ཀྱི་ངོ་བོ་ཅོད་པན་གྱི་དབང་ཐོབ་པར་མོས་པ་གྱིས་ཤིག །ཅེས་འདོན་པ་ཁ་སྤོ། དེ་བཞིན་འོག་མ་རྣམས་ལའང་བསྒྲེས་ཏེ་ཤེས་པར་བྱའོ། །ཡང་ཨཱཿལས་པདྨ་ཨཱཿས་མཚན་པ་ལས། སྣང་མཐའ་པད་དྲིལ་འཛིན་པར་བསྐྱེད། རྡོ་རྗེ་གསུང་གི་དཔག་མེད་པའི། །དེ་བཞིན་གཤེགས་པའི་གསུང་མཆོག་པ། །རྡོ་རྗེ་གསུང་དེ་ཀུན་འབྱུང་བ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །ཅེས་དང་། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བས་རྡོ་རྗེར་གྱུར་པ་དང་། དེ་ཉིད་ལས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། བརྟག་པ་བཅུ་གཉིས་པར། རྡོ་རྗེ་དྲིལ་བུ་རིག་པ་འཛིན། །ཞེས་སོགས་དབང་ཕྱི་མ་གསུམ་ཐུན་མོང་དུ་བསྟན་(༤༧ན)


GLG022_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བཅུ་པར། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་ཞེས་སོགས་བཤད། རྡོ་རྗེ་གསང་བ་ཆེན་པོ་ཡིས། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་གྲུབ་ཕྱིར་བཟུང་བར་བགྱི། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་ལག་གཡས་སུ་གཏད་པ་ལན་གསུམ་གསོར་ཞིང་སྙིང་གར་འཛིན་དུ་བཅུག་ལ། དེ་ཉིད་ལས། ཨོཾ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་བརྗོད་ཅིང་དོན་བསམ། སྣང་མཐས་དབུ་བརྒྱན། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་པདྨ་གར་གྱི་དབང་ཕྱུག་གི་ངོ་བོ་མཚོན་པར་བྱེད་པ་རྡོ་རྗེའི་དབང་ཐོབ་པར་མོས་པ་གྱིས་ཤིག །ཅེས་བསྒོ། ཧཱ་ལས་བྱུང་བའི་རལ་གྲི་ཧྭས་མཚན་པ་ལས་དོན་གྲུབ་རལ་གྲི་དང་དྲིལ་བུ་འཛིན་པར་བསྐྱེད། རྡོ་རྗེ་ལས་རབ་ཀུན་གྱི་མཆོག །སེམས་ཅན་ཀུན་གྱི་དོན་གྲུབ་དཔལ། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །ལས་ཀྱི་གཙོ་བོ་ཕྱག་འཚལ་བསྟོད། །ཅེས་དང་། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བས་དྲིལ་བུར་གྱུར་པ་དང་། དབང་གཞུང་ལས། འདི་ནི་བརྟག་པ་བཅུ་པར་འདི་ནི་ཤེས་རབ་དྲིལ་བུའི་དབང་ཞེས་སོགས་བྱུང་། རྣལ་འབྱོར་མ་ཚོགས་ཀྱི། །ཤེས་རབ་དབྱངས་ཀྱིརྗེས་འགྲོར་བཤད། ཁྱོད་ཀྱིས་བརྟག་ཏུ་བཅང་བར་གྱིས། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཨོཾ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མཾ་ཞེས་དྲིལ་བུ་གཡོན་དུ་གཏད་དེ་དཀྲོལ་ནས་དཀུ་གཡོན་པར་རྟེན་དུ་གཞུག །དེ་ཉིད་ལས། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ཅན་རྣམས། །དམ་པའི་སྲིད་པ་བྱེད་པར་(༤༧བ)


GLG022_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་བརྗོད། དོན་གྲུབ་ཀྱིས་དབུ་རྒྱན། བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་རྟ་མཆོག་རོལ་པའི་ངོ་བོ་མཚོན་པར་བྱེད་པ་དྲིལ་བུའི་དབང་ཐོབ་པར་མོས་པ་གྱིས་ཤིག །ཅེས་བསྒོ། ཡང་། ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་འཁོར་ལོ་དང་དྲིལ་བུ་འཛིན་པར་བསྐྱེད། རྡོ་རྗེའི་སྐུ་ནི་དགའ་ཆེན་པོ། །ཐམས་ཅད་ཞི་བའི་མཆོག་ཉིད་གསལ། །རང་གི་ངང་གི་འོད་གསལ་མཆོག །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་དང་། དེ་ཞུ་བ་ལས་བྱུང་བའི་རྡོར་དྲིལ་དུ་གྱུར་པ་དང་། དབང་གཞུང་ལས། ཨོཾ། གང་ཕྱིར་ཆོས་བརྟག་པ་བཅུ་པར་རྣམ་པར་སྣང་མཛད་སྟོན་པ་ཡི་ཞེས་སོགས་བྱུང་། རྣམས་རྣམ་དག་པར། །སངས་རྒྱས་ཡེ་ཤེས་རང་བཞིན་ཉིད། །དབང་པོའི་སྤྱོད་ལམ་གང་དང་གང་། །བདེ་མཆོག་སྒྱུ་མའི་དཀྱིལ་འཁོར་ཉིད། །ཨོཾ་དཔལ་ཆེ་གེ་མོ་ཨ་བྷི་ཥིཉྩ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཞེས་བརྗོད། རྣམ་སྣང་གིས་དབུ་བརྒྱན། ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་དཔལ་རྣམ་སྣང་གི་ངོ་བོ་མཚོན་པར་བྱེད་པ་སོ་མཆན་དུ་སྒྲུབ་པ་ནར་མའི་དབང་དང་དབང་ཉིད་གཙོ་བོར་བྱས་པའི་དབང་བསྐུར་ཏེ་མིག་གི་དབང་ཡི་དམ་སྙིང་པོའི་དབང་གྲལ་གྱི་གསང་མཚན་གྱི་དབང་བསྐུར་དང་ལྔའོ། །ཞེས་རིག་པའི་དབང་བསྟན་ནོ། །མིང་གི་དབང་ཐོབ་པར་མོས་པ་གྱིས་ཤིག །ཅེས་བརྗོད། དབང་གཞུང་ལས། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །ཡང་དག་སྒྲུབ་པ་གཅིག་པུ་ཉིད། །མཁའ་འགྲོ་སྒྱུ་མའི་ཚོགས་ཀྱིས་ཀྱང་། །རྒྱལ་མི་ཐེབས་ཤིང་མི་རྨོངས་ཏེ། །དེ་ལ་གནོད་པར་མི་འགྱུར་རོ། །ཞེས་རིག་པའི་དབང་ལྔའི་ཕན་ཡོན་བརྗོད། གཉིས་པ་མནའ་བསྒག་ཅིང་སྡོམ་པ་སྦྱིན་པ་ནི། (༤༨ན)


GLG022_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ཀྱི་མགྲིན་གཅིག་གིས་གསུངས་པར་མོས་ཏེ། དབང་གཞུང་ལས། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །སྡོམ་པ་ཉམས་པར་ཁྱེད་བྱེད་ན། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་རྡོ་རྗེ་འཛིན། །ལྷ་རྣམས་དང་ནི་མི་དག་དང་། །དེ་བཞིན་རྣལ་འབྱོར་སྒྲུབ་པ་པོ། །དེ་དག་ལ་ནི་སྙིང་རིང་ནས། །སྙིང་ལས་ཁྲག་ཆེན་འཐུང་བ་ཞིག །སེམས་ཅན་ཁམས་ནི་མ་ལུས་དོན། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །མི་འགོག་ཆོས་ཉིད་སྦྱོར་བ་ཡིས། །རྟག་པ་ཉིད་དུ་བསྒྲུབ་པར་བྱ། །རང་གི་ངོ་བོ་ཡོངས་སྤོངས་ཤིང་། །དཀའ་ཐུབ་ཀྱིས་ནི་གཟིར་མི་བྱ། །ཅི་བདེ་བར་ནི་བདེ་བར་སྤྱོད། །འདི་ནི་ཕྱི་དུས་སངས་རྒྱས་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་པ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྡིག་མེད་སྟོབས་ཀྱིས་ཁྱེད་མ་འཇིགས། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་བརྗོད་ཅིང་སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམ་གསུམ་ཁྲག་འཐུང་གལ་པོའི་བརྟག་པ་བདུན་པར་རྡོ་རྗེ་སློབ་དཔོན་གཙོ་བོ་ཉིད་ཅེས་སོགས་གསལ་བར་གསུངས། རྒྱས་པར་བསྟན་ནོ། །གསུམ་པ་འདི་ནང་གི་དབང་རྣམས་ཁྲག་འཐུང་གལ་པོའི་བརྟག་པ་བདུན་པར་བཤད་ཅིང་བསྐུར་ཚིག་རྣམས་དབང་གཞུང་། བདག་པོའི་དབང་ནི། པདྨ་དང་ཉི་མའི་གདན་ལ་ཧཱུཾ་ལས་སློབ་མ་དང་ཐོད་སྐུ་ཡང་དག་ཏུ་བུམ་དབང་གི་སྔོན་འགྲོའི་སྐབས་བཞིན་བསྐྱེད་ནས། ཡེ་ཤེས་པ་བསྟིམ་པའི་བར་བྱ། ཐོད་སྐུ་ནི། སངས་རྒྱས་ཀུན་གྱི་སྐུ་ཡི་དབང་། །ཕྱག་མཚན་རྡོ་རྗེ་ཀ་པཱ་ལ། །སྐུ་ཡི་དངོས་གྲུབ་ཐོབ་བྱེད་པ། ཁྲག་འཐུང་ཡབ་ཡུམ་དབང་བསྐུར་རོ། །ཨོཾ་ཀ་པཱ་ལ་


GLG022_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སིདྡྷི་ཧེ་རུ་ཀ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཨོཾ། ཞེས་ཀ་པཱ་ལ་སྤྱི་བོར་བཞག་སྟེ་ཧེ་རུ་ཀཿཡབ་ཡུམ་བསྟིམ། སྐུ་སྣང་ལ་རང་བཞིན་མེད་པར་ཆུ་ཟླ་ལྟ་བུའོ། །སྐུ་ཡི་དངོས་གྲུབ་ཐོབ་སྟེ་སྐུའི་དབང་ངོ་། །དྲིལ་བུ་ནི། སངས་རྒྱས་ཀུན་གྱི་གསུང་གི་དབང་། །ཤེས་རབ་གསུང་གི་སྒྲ་སྒྲོགས་པ། །མཁའ་འགྲོ་སྒྱུ་མའི་སྙིང་པོ་འདི། །གྲག་སྟོང་གསུང་གི་དངོས་གྲུབ་ཐོབ། །ཝཱཀ་སིདྡྷི་ཨ་བྷི་ཥིནྩ་ཨཱཿ། རུ་ལུ་བརྗོད། དྲིལ་བུ་གཏད་དེ། གསུང་གྲག་སྟོང་སྐྱེ་བ་མེད་པར་ཤེས་པར་བྱའོ། །གསུང་གི་དངོས་གྲུབ་ཐོབ་སྟེ་གསུང་གི་དབང་ངོ་། །རྡོ་རྗེ་ནི། སངསརྒྱས་ཀུན་གྱི་ཐུགས་ཀྱི་དབང་། །གཉིས་མེད་ཡེ་ཤེས་སྐྱེད་པ་པོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །ཙིཏྟ་སིདྡྷི་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་རྡོ་རྗེ་གཏད་དེ་སེམས་མ་སྐྱེས་རྟོག་པ་དང་བྲལ་བས་བརྗོད་དུ་མེད་པ་ནམ་མཁའི་དཀྱིལ་ལྟར་བཞག་པའོ། །ཐུགས་ཀྱི་དངོས་གྲུབ་ཐོབ་སྟེ་སྐྱེ་བ་མེད་པའི་དོན་རྟོགས་ཐུགས་ཀྱི་དབང་ངོ་། །ཐབས་དང་ཤེས་རབ་གཉིས་མེད་པའི། །དམ་ཚིག་རྡོ་རྗེ་དྲིལ་བུ་འདི། །ཡོན་ཏན་འཕྲིན་ལས་སྒྲུབ་པའི་ཕྱིར། །འཕྲིན་ལས་རྫོགས་བྱེད་དབང་བསྐུར་རོ། །ཨོཾ་བཛྲ་གྷཎྜེ་ཨ་བྷི་ཥྀཉྩ་མཾ། ཞེས་རྡོ་རྗེ་དྲིལ་བུ་ཟུང་འཇུག་ཏུ་གཏད་ནས། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་སྟེ་ཡོན་ཏན་འཕྲིན་ལས་ཀྱི་དབང་ངོ་། །ཕྱག་མཚན་ནི། ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ཡི་ཌཱ་མ་རུ། །དཔའ་བོ་ཆེན་པོས་བླང་བར་བགྱི། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། ཁ་ཊྭཱཾ་ཆོས་ཉིད་སྟོང་པ་ལས་སྒྲ་གྲག་སྟོང་ཤེས་པ་ཕྱག་མཚན་གྱི་དབང་ངོ་། །(༤༩ན)


GLG022_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཕྱག་མཚན་གཉིས་ལག་ཏུ་གཏད་དོ། །མར་མེ་དགུ་ནི། །སྐྱེ་མེད་དབྱིངས་ལས་ཡེ་ཤེས་ཆེ། །སེམས་ཅན་མ་རིག་མུན་པ་སེལ། །སེམས་ཉིད་འོད་གསལ་ཆོས་ཀྱི་དབྱིངས། །གསལ་བྱེད་མར་མེས་དབང་བསྐུར་རོ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཛྙཱ་ན་ཨ་བྷི་ཥིཉྩ་མཾ། ཞེས་མར་མེའི་དབང་བསྐུར་བས། དབང་དེ་དག་ཐམས་ཅད་སེམས་ཉིད་འོད་གསལ་ཆོས་ཀྱི་སྐུ་ཐོབ་པར་བྱེད་པ་སྟེ་མ་རིག་མུན་པ་སེལ་བར་བྱེད་པ་མར་མེའི་དབང་ངོ་། །རྟོགས་སླ་ལས་དེ་ལྟར་དབང་རྣམ་པ་དྲུག་གིས་ཀུན་གཞིའི་དྲི་མ་སེལ་ཞིང་མ་རིག་པ་ཉོན་མོངས་པའི་དྲི་མ་དྲུག་དག་ནས། རིག་པ་རིགས་དྲུག་གི་དབང་མཆོག་ཐོབ་པ་ཡིན་ནོ། །ཞེས་བརྗོད་དོ། །དབང་འདི་རྣམས་ཟླ་གམ་གཅིག་པའི་གཞུང་ན་ཡོད་ཀྱང་སྐབས་འདིར་ལེན་དགོས་པ་སྔོན་གྱི་སྔགས་འཆང་རྣམས་ཀྱིས་མཆན་བུ་གསལ་བར་མཛད་པའི་རྗེས་སུ་འབྲངས་ཀྱིས་རང་བཟོས་བཅུག་པ་ནི་མིན་ནོ། །ཆོས་རྗེ་ཐམས་ཅད་མཁྱེན་པ་ལྟ་བུའི་རྩོད་མེད་ཀྱི་མཁས་པ་ཆེན་པོ་དེས་ཀྱང་རྡོ་རྗེ་ལས་རིམ་སོར་བཞག་ལས་གསར་མའི་རྒྱས་འགེབས་མ་མཛད་ནའང་བདག་པོ་སྔགས་འཆང་པས་རྒྱུད་དང་རྒྱ་གཞུང་ལ་གཟིགས་པ་མ་ཆུག་པའི་ཀྱེ་རྡོར་སོགས་གསར་མའི་དཀྱིལ་ཆོག་གཞན་གྱི་པར་བཤུས་བཀབ་བྲིས་ཤིང་། འདི་ཁའི་སྒོས་ཆོས་ཀྱི་བརྡ་ཆད་ཅི་ཡང་མེད་པ་འདི་འདྲ་ཡང་དག་གི་མུ་གེ་ཆེན་པོ་ཞིག་བྱུང་བར་མངོན། ཁྲག་འཐུང་གལ་པོའི་བརྟག་པ་བཅུ་བཞི་པར། བདེ་བར་གཤེགས་པའི་སྒྲུབ་རྫས་དྲི་ཆེན་འདི་ཞེས་པས་མཚོན་པའི་བདུད་རྩི་ལྔ། སྨན། སྒྲོལ་དབང་། ཡུངས་ཀར། བྱུག་རྫས་(༤༩བ)


GLG022_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། མཆོད་རྫས། མཆོད་ཡོན། ཚེ་དབང་སོགས་དང་པུཎྜ་རཱི་ཀའི་ལེའུ་གསུམ་པར་དབང་གོང་མཚུངས་ཕྲན་བུ་དང་ལྷ་དབང་། གསང་བ་མེ་དཔུང་ཐུགས་ཀྱི་ལེའུ་བཅུ་བདུན་པར་གདུགས། རྒྱལ་མཚན། བཟའ་བཏུང་། སྙིང་པོ་ལྔའི་དབང་སོགས་སྔགས་རྙིང་མ་བཀའ་གཏེར་སྤྱི་དང་མཐུན་པའི་དབང་སོ་ཟུར་གནུབས་གསུམ་གྱིས་མཚོན་པར་གྲགས་ཆེ་ཞིང་འཁོན་རིགས་གོང་མ་རྣམས་ཀྱི་དུས་རྒྱས་པར་ཡོད་མེད་ཆ་མ་འཚལ་ཡང་དབང་གཞུང་དུ་མི་གསལ་བས་མ་སྤྲོས་མོད། ཡང་དག་གསར་མ་རུ་བསྡུ་མཁན་རྣམས་ཀྱིས་གསན་ན་ཁྲོན་པའི་སྦལ་ཆུང་བཞིན་ཐུགས་འགས་པར་གྱུར་པའི་ཉེན་མཆིས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་སློབ་དཔོན་གྱི་དབང་ལ་གསོལ་གདབ། དམ་ཚིག །རྗེས་གནང་དང་གསུམ་ལས། དང་པོ་གསོལ་བ་འདི་དང་དམ་ཚིག་གསུམ་སྦྱིན་པའི་བསྐུར་ཚིག་དབང་གཞུང་མཚམས་སྦྱོར་རྟོགས་སླ། གདབ་པ་ནི། མཎྜལ་གོང་བཞིན་ལ་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་ཞེས་འདོན་པ་བསྒྱུར། མགོན་ཁྱོད་ཐུགས་རྗེའི་བཀའ་དྲིན་གྱིས། །སློབ་དཔོན་དབང་བསྐུར་བདག་ལ་སྩོལ། །བདག་གཞན་དོན་དུ་བྱ་བ་རྣམས། །འགྲུབ་བྱེད་དབང་བསྐུར་བདག་ལ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དམ་ཚིག་གསུམ་དམ་ཚིག་གསུམ་སྦྱིན་པའི་ཚིག་ཁྲག་འཐུང་གལ་པོའི་བརྟག་པ་བཅུ་པར་ཕྱོགས་འགྲོ་བཤད། སྦྱིན་པ་ནི། སློབ་མ་ཧཱུཾ་ལས་དཔལ་ཡང་དག་སྦྱོར་བ་ཡུམ་དང་བཅས་པའི་སྐུར་བསམ། ཧཱུཾ་དང་ཨ་ལས་རྡོར་དྲིལ་རྡོར་སེམས་ཡབ་ཡུམ་ཞུ་བའི་རྡོར་དྲིལ་དུ་བསྐྱེད་དེ། སློབ་མའི་ལག་པ་གཡས་གཡོན་དུ་གཏད་ལ། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཆེ། །ཟུངས་(༥༠ན)


GLG022_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཡང་དག་གཟུང་བར་བགྱི། །དེ་རིང་རྡོ་རྗེ་སློབ་དཔོན་ཆེ། །སློབ་མའི་ཚོགས་རྣམས་བསྡུ་བར་མཛོད། །འདི་ཉིད་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་བསྣམས། །རྟག་ཏུ་ཁྱོད་ཀྱིས་ཀྱང་བཟུང་སྟེ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་མ་ཧཱ་བཛྲ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ས་མཱ་ཡ་ཏིཥྛ། དེ་ལྟར་རྡོ་རྗེ་གཏད་པ་ནི། སེམས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་སུ་བྱིན་གྱིས་བརླབ་པ་ནི་ཐུགས་ཀྱི་དམ་ཚིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་མཆོག་ཏུ་རྒྱལ་བ་བཞེད། །ཨོཾ་བཛྲ་གྷཎྜེ་ཨཿ། ཨེ་ཥ་སྟྭཾ་དྷ་ར་ཡ་མི། ཧི་ཧི་ཧི་ཧི་ཧོ། དྲིལ་བུ་གཏད་པ་ནི། ངག་ཤེས་རབ་སྟོང་པ་ཉིད་ཀྱི་སྒྲ་སྒྲོག་པའི་གསུང་དབྱངས་ཡན་ལག་དྲུག་ཅུའི་དམ་ཚིག་ཏུ་བྱིན་གྱིས་བརླབ་པ་གསུང་གི་དམ་ཚིག །ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །དམ་ཚིག་ཕྱག་རྒྱ་ཞེས་བྱར་བརྗོད། །ལུས་ཀུན་བརྟན་བྱེད་གང་ཞིག་ནི། །ཕྱག་རྒྱར་རབ་ཏུ་གྲགས་པ་ཡིན། །ཨོཾ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ས་མ་ཡ་ཧཱུཾ། རང་ལྷ་སྐུར་གསལ་བ་ཕྱག་རྒྱ་ཆེན་པོའི་དམ་ཚིག་སྟེ་དམ་ཚིག་གསུམ་ཐོབ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་གཏད་པ་དང་མཉམ་པར་སྦྱར་བ་ལས་བདེ་བའི་ཡེ་ཤེས་མྱོང་བས་དོན་གྱི་བུམ་པའི་དབང་ཐོབ་པར་མོས་པ་གྱིས་ཤིག །ཅེས་བསྒོས་ལ། རྟོགས་སླ་ལས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲཱི་བྷ་བ་(༥༠བ)


GLG022_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད། དེ་ལྟར་དབང་བསྐུར་བས་ལུས་ཐམས་ཅད་བདུད་རྩིས་གང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པ་ལ་ལྷ་ཐམས་ཅད་ཀྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བར་མོས་ཤིག །ཅེས་བསྒོ་ཞིང་། སུ་པྲ་ཏིཥྛ་བཛྲ་ཞེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་རྒྱ་ཆེར་བསྒྲོག་གོ ། གསུམ་པ་རྗེས་སུ་གནང་བ་ལ་ལས་བསྒྲུབ། མིག་སྨན། དྲིལ་བུ། མེ་ལོང་། མདའ་འཕེན། སྤྱིའི་ཆོས། བྱེ་བྲག་གི་ཆོས། ལུང་བསྟན། དབུགས་དབྱུང་། དམ་ཚིག །རྟེན་བརྟེན་པའི་རྣམ་དག་དང་བཅུ་གཅིག་ལས་མཐའ་རྟེན་གྱི་ས་བཅད་བཅུ་གཅིག་པོ་མཚམས་སྦྱོར་དང་ས་བཅད་རྗེས་མ་མ་གཏོགས་དབང་གཞུང་སོར་བཞག །དང་པོ་ལས་བསྒྲུབ་པའི་རྗེས་གནང་ནི། བདག་གཞན་དོན་བསྒྲུབ་ལས་ཀྱི་ཚོགས། །ཐུན་མོང་འབྲིང་པོ་མཆོག་གྱུར་པའི། །ཞི་རྒྱས་དབང་དྲག་དགུག་པ་དང་། །སྡང་གནོད་རེངས་པའི་ལས་ཀུན་དང་། །དབྱེ་རྨོངས་བསྐྲད་པའི་ཆོ་ག་རྣམས། །ཐོགས་པ་མེད་པར་སྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང་། །ཐོགས་མེད་མི་འབྱིང་སྐས་འཛེག་དང་། །གསེར་འགྱུར་རིལ་བུ་ཉི་ཟླ་བཟུང་། །ཆར་དབབ་ལ་སོགས་ལས་ཀྱི་ཚོགས། །རྣམ་ཤེས་བསྒྲུབ་དང་ཡེ་ཤེས་བསྒྲུབ། །ཕྱག་རྒྱ་ཆེན་པོའི་དོན་བསྒྲུབ་དག །ཐམས་ཅད་བསྒྲུབ་ཅིང་འགྲོ་བ་ཡི། །དོན་ཉིད་ཡང་དག་སྦྱོར་བར་གྱིས། །རྒྱལ་བ་ཀུན་གྱི་གནས་འཇུག་ཅིང་། །སྐུ་གསུང་ཐུགས་མཆོག་ཡོན་ཏན་རྒྱན། །འཕྲིན་ལས་བདག་གཞན་གནས་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དངོས་གྲུབ་སྒྲུབས། །(༥༡ན)


GLG022_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད། གཉིས་པ་མིག་སྨན་ནི། གསེར་དངུལ་སོགས་ཀྱི་ཀོང་བུར་སྦྲང་རྩི་དང་མིག་སྨན་སྦྱར་བ། གསེར་དྲུག་ནམ་ལས་བྱས་པའི་ཐུར་མའམ་མེད་ན་རྡོ་རྗེས་བླངས་ཏེ་རུ་ལུ་བཟླ་ཞིང་། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །མིག་ནད་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ཀྱང་མི་ཤེས་པའི། །ལིང་ཏོག་རྒྱལ་བས་སེལ་བར་མཛོད། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པྲ་ཊ་ལཾ་ཧྲི་སྲཾ། ཞེས་བརྗོད་ལ་མིག་ལ་འབྱུག་པའི་ཚུལ་བྱའོ། །མིག་ཕྱེ་ནས་གང་ལ་བལྟ་ན། ཆོས་རྣམས་ཀུན་རྫོབ་སྒྱུ་མ་ལྟ་བུར་སྣང་བ་ལ་རྗེས་སུ་སྤྱོད་ཅིག་པའི་ཆེད་དུ་མེ་ལོང་བསྟན་ཏེ། ཆོས་རྣམས་མེ་ལོང་དང་པོ་ཟེར། གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་དྲི་མ་མེད། །གཟུང་འཛིན་རྣམ་བྲལ་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་བྱུང་། །རང་བཞིན་མེད་ཅིང་བདག་མེད་པ། །ཆོས་རྣམས་དེ་བཞིན་ཤེས་བྱས་ནས། །སེམས་ཅན་དོན་ནི་ཡང་དག་བྱོས། །དེ་ནས་སངས་རྒྱས་སྲས་སུ་སྐྱེ། །ཞེས་བརྗོད། །གསུམ་པ་དྲིལ་བུ་ནི། དོན་དམ་པ་ཡི་དམ་གྱི་ལྷར་གནས་པའི་མཚན་ཉིད་སྟོན་པ་དྲིལ་བུའི་སྒྲས་བསྟན་པའི་ཕྱིར། དྲིལ་བུ་དཀྲོལ་དུ་གཞུག་སྟེ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དག་དང་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཆོས་རྣམས་ཀུན་རྫོབ་སྒྱུ་མ་ལྟ་བུར་སྣང་བ་ལ་རྗེས་སུ་སྤྱོད་པར་སྣང་བའོ། །བཞི་པ་མེ་ལོང་བསྟན་པ་ནི། སྔར་བྱིན་ཕབ་པའི་མྱོང་བ་དེ་དང་སངས་རྒྱས་རྣམས་ཀྱི་གསང་བ་གསུམ་སྣང་ལ་རང་བཞིན་མེད་པའི་ཚུལ་དུ་བཞུགས་པ་(༥༡བ)


GLG022_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པའི་ཕྱིར་མེ་ལོང་བསྟན་ཏེ། ཨོཾ། རྡོ་རྗེ་སེམས་དཔའ་མེ་ལོང་གཉིས་པ་ཟེར། མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའ་རང་བཞིན་གཙོ། །ཞེས་བརྗོད། ལྔ་པ་མདའ་འཕེན་པ་ནི། རང་དོན་ཡིད་བྱེད་ཀྱི་སེམས་དང་བྲལ་བ་ཞིག་དགོས་ཞེས་བསྟན་པའི་ཕྱིར་ལྷ་མོ་མདའ་འཛིན་མས་བྱིན་གྱིས་བརླབས་པའི་མདའ་གཞུ། དེ་བཞིན་གཤེགས་པ་ཐམས་ཅད་ལ་རྗེས་སུ་ཆགས་པ་བྱོས་ཤིག །ཅེས་སྦྱིན་ནས་བདུད་བཞི་དང་ཉན་རང་ཡིད་བྱེད་ལ་དམིགས་ཏེ་ཕྱོགས་བཞི་དང་སྟེང་འོག་ཏུ་འཕེན་ཚུལ་བྱེད་དུ་གཞུག་གོ །དྲུག་པ་སྤྱིའི་ཆོས་བཤད་པ་ནི། ཆོས་ཀྱི་འཁོར་ལོ་སྐོར་ཞིག་པའི་བརྡར་བྱིན་གྱིས་བརླབས་པའི་འཁོར་ལོའི་སྟན་ལ་བཞག་ཅིང་། དུང་གི་སྒྲས་གདུལ་བྱ་བསྡུས་ཏེ་ཆོས་འདི་ཤོད་ཅིག་པའི་བརྡར་ལག་པ་གཡས་སུ་གླེགས་བམ་དང་གཡོན་དུ་དུང་བྱིན་ཏེ། ཨོཾ། ཕ་རོལ་ཕྱིན་དྲུག་ལས་རྣམས་ཀྱིས། །སེམས་ཅན་དོན་ཀུན་མཉམ་སྦྱོར་ཞིང་། །འཁོར་བའི་རྒྱུན་གཅོད་མྱ་ངན་འདས། །ཆོས་ཀྱི་འཁོར་ལོ་ཆེན་པོ་སྐོར། །ཐེ་ཚོམ་རྟོག་ཚོགས་གཅོད་མཛད་པའི། །ཆོས་ཀྱི་དུང་ནི་སྒྲ་བསྒྲགས་པས། །གསང་སྔགས་སྙིང་པོ་གསང་ཆེན་དོན། །སྣོད་ལྡན་ཀུན་ལ་རབ་ཏུ་ཤོད། དེས་ནི་རྒྱལ་བ་ཐམས་ཅད་ལ། །ཕན་འདོགས་དྲིན་ལན་མཛད་པ་ཡིན། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གྱིས། ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། །ཅེས་བརྗོད། བདུན་པ་བྱེ་བྲག་གི་ཆོས་བཤད་པ་ནི། སློབ་མ་རྣམས་རིགས་ལྔ་སོ་སོར་བསྒོམ་དུ་གཞུག་ལ། རིགས་(༥༢ན)


GLG022_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་ཕྱག་མཚན་རིམ་བཞིན་གཏད་དེ། མདོར་ན་འཇིག་རྟེན་ཁམས་རྣམས་སུ། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་སུ། །རྡོ་རྗེའི་འཁོར་ལོ་སྐོར་དུ་གསོལ། །དེ་བཞིན་དུ། རྡོ་རྗེའི་གནས་སུ་ཆོས་ཀྱི། རིན་ཅེན། པདྨ། རལ་གྲི་བཅུག་ཅིང་དབང་གཞུང་ན་རིགས་ལྔའི་ཕྱག་མཚན་ཟེར་བ་ཙམ་ལས་ཁ་མི་གསལ་ཞིང་རྟོགས་སླར་འདི་བཞིན་བྱུང་ཡང་རྙིང་ལུགས་ལ་སྣ་ཚོགས་རྡོ་རྗེ་འབྱུང་བ་ཤས་ཆེ། བརྗོད། བརྒྱད་པ་ལུང་བསྟན་པ་ལ་སློབ་དཔོན། སངས་རྒྱས་རྣམས། སླར་གསང་བར་གདམས་ཏེ་ལུང་བསྟན་པ་དང་གསུམ་ལས། དང་པོ་སློབ་དཔོན་གྱིས་ལུང་བསྟན་པ་ནི། སློབ་དཔོན་གྱིས་སྣམ་སྦྱར་གྱོན་ལག་པ་གཡོན་པས་ཆོས་གོས་གྱི་གྲྭ་སེང་གེའི་རྣ་བ་ལྟར་བྱས་ལ་བཟུང་ཞིང་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་སློབ་མའི་མགོ་བོར་བཞག་ལ། འདི་ལྟར་ང་ཡིས་ཁྱོད་ལུང་བསྟན། །རྡོ་རྗེ་དཔལ་ལྡན་གསང་བའི་བདག །དངོས་པོ་མཆོག་ཏུ་བསྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་གནས་ལས་གྲོལ། །ཀྱེ་ཆེ་གེ་མོ་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སྟྭཾ་བྷུར་བྷུ་ཝ་སྭ། ཞེས་བརྗོད། གཉིས་པ་སངས་རྒྱས་རྣམས་ཀྱིས་ལུང་སྟན་པ་ནི། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་ཕྱོགས་བཅུ་ནས་གསུང་དབྱངས་མཐུན་པའི་སྒྲ་སྐད་ཀྱིས་ལུང་སྟོན་པར་མཛད་དེ། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱི་སྲིད་པ་མཐའ་མ་ནི་འདི་ཡིན་ཏེ་གསང་བ་བླ་ན་མེད་པའི་ཐེག་པ་ལ་ཞུགས་པས་ཕྱག་རྒྱ་ཆེན་པོ་དང་སྔགས་ཀྱི་མཐུས་རིགས་ཀྱི་དཀྱིལ་འཁོར་དུ་གནས་པར་འགྱུར་རོ། །ཞེས་གསུངས་པར་བསམ་མོ། །གསུམ་པ་སླར་ཡང་སློབ་དཔོན་གྱིས་གསང་བར་གདམས་ཏེ་ལུང་སྟོན་པ་ནི། (༥༢བ)


GLG022_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་ཆགས་པ་དང་མི་འབྲལ་བར་བྱ་སྟེ་དེ་དག་ནི་ལས་ལ་སྦྱར་བར་བྱའོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། ཁྱོད་ཀྱིས་ནམ་ཡང་བྱ་བ་མིན། །མ་ཧཱ་ས་མ་ཡ་ཧཱུཾ་ཕཊ། དེ་རིང་དཀྱིལ་འཁོར་སློབ་དཔོན་དང་། །སྔགས་སོགས་རྒྱུད་རྣམས་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུང་། །སེམས་ཅན་ཀུན་ལ་རྗེས་བརྩེ་བ། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །རྩེ་གཅིག་ནན་ཏན་བསྐྱེད་ནས་ནི། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བརྗོད། དགུ་པ་དབུགས་དབྱུང་ལ་ཕན་ཡོན་དང་གཟེངས་བསྟོད་པ་གཉིས་ལས། དང་པོ་དཀྱིལ་འཁོར་མཐོང་བའི་ཕན་ཡོན་བརྗོད་པ་ནི། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞུགས་ཤིང་མཐོང་བ་སོགས་པ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། ཁྱེད་རྣམས་རབ་ཏུ་དགེ་བར་གནས། ཁམས་གསུམ་པ་ནི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་དབང་བསྐུར་ཞིང་། །བདུད་རྣམས་ཀུན་ལས་རྣམ་པར་རྒྱལ། །ཕོ་བྲང་མཆོག་ཏུ་ཞུགས་པ་ཡིན། །དབང་བསྐུར་རྗེས་ཐོགས་དབུགས་ཕྱུང་བས། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་བློ་གྲོས་དམ་ཚིག་ལྡན། །བརྟན་གཡོ་མཐའ་ཡས་རྣམ་པར་གྲོལ། །ལམ་མཆོག་འཇུག་སྟོབས་དབུགས་ཕྱུང་སྟེ། །ངལ་བའི་གནས་ངན་ཀུན་སྤངས་སོ། །ཞེས་བརྗོད། གཉིས་པ་དེ་དོན་སྤྱད་པས་ཕན་ཡོན་གྱི་གཟེངས་བསྟོད་པ་ནི། བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱི་ནས་འཆི་བ་(༥༣ན)


GLG022_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་མོད་ཅིང་། །མཚུངས་མེད་ཐུབ་པར་མི་འགྱུར་ཏེ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ལས་འདས་སོ། །འདི་ཡི་ཁྱེད་རྣམས་དུས་འདི་རུ། །སངས་རྒྱས་ཐོབ་པར་ཐེ་ཚོམ་མེད། །ཅེས་བརྗོད། བཅུ་པ་དེ་དག་གི་དམ་ཚིག་བཤད་པ་ནི། རྡོ་རྗེ་བླ་མ་མི་སྤང་ཞིང་། །བྱང་ཆུབ་སེམས་ནི་ཡོངས་མི་སྤོང་། །རྡོ་རྗེ་ཞེས་བྱ་ཕྱག་རྒྱ་ཆེ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་དག་མི་སྨད་ཅིང་། །མ་གུས་སྤང་ཞིང་དོར་མི་བྱ། །མི་ཤེས་སྣོད་མིན་རྨོངས་པ་ལ། །ནམ་ཡང་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་མི་སྤང་སྟེ། །སློབ་དཔོན་དག་ལ་གུས་པར་གྱིས། །ཞེས་བརྗོད། བཅུ་གཅིག་པ་རྣམ་དག་ལ་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་གཉིས་ལས། དང་པོ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི། ཞུགས་པའི་དཀྱིལ་འཁོར་འདི་རྣམས་བསྒོམས་པས་རབ་ཏུ་ཅི་ཞིག་མངོན་དུ་གྱུར་ཅེ་ན། དབང་གཞུང་གི་དེ་ཧ་ཅང་མངས་པས་དོན་ལ་ཁྱད་མེད་ཕྱིན། ཧེ་རུ་ཀ་ཐུགས་ཀྱི་གལ་པོ་ལས། གཞལ་ཡས་ཁང་ཆེན་ཡེ་ཤེས་ཏེ། །འཁོར་འདས་མཉམ་པ་གྲུ་བཞི་པ། །སྒོ་བཞི་དྲན་པ་ཉེར་གཞག་བཞི། །རྣམ་ཐར་བརྒྱད་དང་རྟ་བབས་སོ། །རིན་ཆེན་སྒོ་སྟེ་ཐུགས་རྗེའི་ངང་། །ཡང་དག་སྤོང་བཞི་ཏོ་ར་ཎ། །དྲན་པ་ཉེར་གཞག་སྒོ་འཁྱུད་དང་། །རྫུ་འཕྲུལ་རྐང་བཞི་སྒོ་ཁྱམས་དང་། །འཕྲེང་བ་བྱང་ཆུབ་ཡན་ལག་བདུན། །འཕགས་ལམ་བརྒྱད་ཀྱི་ཁ་བས་མཛེས། །ལམ་གྱི་ཡེ་ཤེས་རྔ་ཡབ་དང་། །ཉོན་མོངས་(༥༣ན)


GLG022_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འཇོམས་མུ་ཏིག་འཕྲེང་། །དྲིལ་བུ་བ་དན་རླུང་བསྐྱོད་པ། །ཤེས་རབ་ཆོས་ཀྱི་སྒྲ་སྒྲོགས་དང་། །ཆེ་བའི་ཡོན་ཏན་འདུས་པའི་རྟགས། །བདུད་བཞི་འཇོམས་པའི་རྒྱལ་མཚན་དང་། །ཐོད་འཕྲེང་སྐུ་གསུམ་ཐོབ་པའི་རྟགས། །གཞལ་ཡས་ཁང་མཆོག་དམ་པའོ། །ཞེས་བརྗོད། གཉིས་པ་ལྷའི་དེ་ཁོ་ན་ཉིད་ནི། །དེ་ལྟ་ནའང་ནང་གི་ལྷ་རྣམས་ནི་སྤང་བྱ་དང་ལམ་གྱི་ཆོས་གང་རྣམ་པར་དག་པའི་འབྲས་བུ་ཡིན་སྙམ་ན་ཧེ་རུ་ཀ་ཐུགས་ཀྱི་གལ་པོ་ལས། བཅུ་ལྡན་ཡེ་ཤེས་དཔལ་ལ་དགའ་གཉིས་ལྡན་ཟག་མེད་ཡུམ་གྱི་སྐུ། །ཀུན་རྒྱུད་དུ། རྣམ་ཤས་བརྒྱད་དག་མཁའ་འགྲོ་བརྒྱད། ཅེས་བྱུང་བ་འདི་དཀྲོལ་བ་ཡིན་ནོ། །གཞི་རྣམ་དག་གཽ་རཱི་མ། །ཡིད་ཤེས་རྣམ་དག་ཙཽ་རཱི་མ། །ཉོན་ཡིད་རྣམ་དག་པྲ་མོ་ཧཱ། །ལུས་ཤེས་རྣམ་དག་བཻཏྟ་ལཱི། །མིག་ཤེས་རྣམ་དག་པུཀྐ་སཱི། །རྣ་བའི་རྣམ་ཤེས་གྷསྨ་རཱི། །སྣ་ཤེས་རྣམ་དག་སྨ་ཤ་ནཱི། །ལྕེ་ཤེས་རྣམ་དག་ཙཎྜ་ལཱི། །ཡེ་ཤེས་བརྒྱད་ཀྱི་ངོ་བོར་རྫོགས། །སྣོད་བཅུད་འདི་མན་རྒྱུད་ཚིག །ལྷ་དང་གཞལ་ཡས་ཁང་། །ཕུང་པོ་ལྔ་ལ་སོགས་པའི་ཆོས། །དེ་ནི་སྤང་བར་བྱ་བ་མིན། །ཐེག་པ་གསུམ་ནི་སྤང་བ་མིན། །ཀ་ཏི་ལི་བཞིན་ཡོངས་སུ་གཟུང་། །ཞེས་པ་ལྟར་ཤེས་པར་གྱིས་ཤིག །ཅེས་ངོ་སྤྲད་དོ། །རྟོགས་སླ་ལས་དེ་ལྟ་ན་ཁྱོད་དཀྱིལ་འཁོར་བྲི་བསྒྲུབ་དབང་བསྐུར་འཕྲིན་ལས་ཐམས་ཅད་བསྒྲུབ་པ་ལ་སོགས་པ་སློབ་དཔོན་གྱི་བྱ་བ་ཐམས་ཅད་ལ་དབང་བས་སློབ་དཔོན་གྱི་དབང་ཐོབ་བོ། །ཞེས་བསྒོའོ། །གསུམ་པ་དབང་དོན་བཤད་པ་ནི། དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ་པས་བསྐྱེད་པའི་རིམ་པ་བསྒོམ་(༥༤ན)


GLG022_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དབང་ཞིང་ལམ་ལྔ་ལས་སྦྱོར་ལམ་གྱི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་ལ། དེས་ལུས་ཀྱི་དྲི་མ་དག་སྟེ། སྤྲུལ་སྐུ་འགྲུབ་དབང་གཞུང་དུ་ཡོན་འབུལ་བར་བཤད་པ་ནི་དབང་ཕྱི་མ་རྣམས་མི་བསྐུར་བའི་དབང་དུ་བྱས་པར་མངོན། པའི་རྟེན་འབྲེལ་འགྲིག་གོ །ཞེས་བརྗོད་དོ། །གཉིས་པ་གསང་དབང་བསྐུར་བ་ལ་དབང་གཞུང་ལས། ད་ནི་ཉེ་བའི་བསྙེན་པའི་གནས་སུ་སྔོན་དུ་དབང་རྫོགས་པར་མ་བྱས་པ་དང་གང་ཞིག་རྫོགས་པ་དག་གིས་བསྟན་པར་འདོད་ན། དབེན་པའི་གནས་སུ་དྲིས་ལེགས་པར་བྱུགས་པའི་མཎྜལ་ལ་མེ་ཏོག་སྣ་ཚོགས་བཀྲམ་ཞིང་བདེ་བའི་སྟན་བརྩེགས་པ་ལ་བླ་མ་བཞུགས་ནས་ཤེས་རབ་རྩ་བར་གཡོན་ཕྱོགས་གནས་ནས་ཚུལ་བཞིན་དུ་ཞེས་པར་སོ་མཆན་དུ་ཡུམ་ཁྲུས་བྱས་སྤོས་ཆུ་ལ་སོགས་པའི་དྲི་ངད་བསྐྱེད། ཞི་ཁྲོ་གང་བྱེད་ཀྱི་རྒྱན་འདོགས་ཞེས་བཤད། མ་མཚན་དང་ལྡན་པ་དག་ཕུལ་ཏེ། མཆོད་པ་དང་སྨོན་ལམ་ལ་སོགས་པའི་ལོངས་སྤྱོད་ཀྱིས་དགྱེས་པར་བྱས་ནས། རས་ཀྱི་ཡོལ་བ་ལ་སོགས་པས་བར་ཆོད་པའི་རྒྱབ་ནས་གསོལ་བ་གདབ་པར་བྱའོ། །ཞེས་བྱུང་བ་ལྟར་གསོལ་གདབ་དང་དབང་བསྐུར་བ་གཉིས་ལས། དང་པོ་གསོལ་བ་གདབ་པ་ནི། མཎྜལ་གོང་བཞིན་ལ་གསང་བའི་དབང་བསྐུར་ཞུ་བའི་ཞེས་འདོན་པ་བསྒྱུར། དེ་ཉིད་ལས། དཔལ་ཁྲག་འཐུང་གལ་པོའི་བརྟག་པ་བཅུ་པར་བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། ཞེས་སོགས་བྱུང་། ལྡན་མགོན་པོ་བདེ་བ་ཆེ། །བདེ་བ་ཆེན་པོའི་གནས་ལ་བཞུགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མའི་བདེ་མཆོག་མཛད། །བྱང་ཆུབ་སེམས་དཔའ་ཚེ་རྣམས་ཀྱི། །ཡང་དག་དོན་མཆོག་རྣམ་(༥༤བ)


GLG022_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡི། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་སོགས་འགྲོ་ཀུན་གྱི། །སྡུག་བསྔལ་རྣམས་ནི་སེལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མ་རིག་རྟོག་པའི་རབ་རིབ་སེལ། །གང་གི་བྱང་ཆུབ་བླ་ན་མེད། །དེ་རིང་བདག་གིས་ཐོབ་པར་མཛོད། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་གྱིས་དེ་ཉིད་ལས། བུ་ཁྱོད་ཇི་ལྟར་འདོད་པ་བཞིན། །རྒྱལ་བ་ཀུན་གྱི་བདེ་ཆེན་སྦྱིན། །ཏིང་འཛིན་སྦྱོར་སྔགས་གསལ་བ་ནི། །རང་གི་གནས་སུ་ལེགས་པར་བསྟོད། །ཅེས་ཁས་བླང་ངོ་། །གཉིས་པ་དབང་བསྐུར་བ་ལ་སྔོན་འགྲོ་དངོས་གཞི། ང་རྒྱལ་དབང་དོན་དང་བཞི་ལས། དང་པོ་སྔོན་དུ་འགྲོ་བ་ནི། རྟོགས་སླ་ལས། སློབ་མའི་ཤེས་རབ་མ་ལང་ཚོ་དར་ལ་བབ་ཅིང་རྒྱན་གྱིས་བརྒྱན་པ་བླ་མ་ལ་ཕུལ་བར་མོས་ལ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །དོན་ཆེན་ཟབ་མོས་ཉོན་མོངས་འཇོམས། །དེ་རིང་བདག་ལ་དབབ་པར་མཛོད། །ཅེས་པས་གསོལ་བ་གདབ། གདོང་འཆིང་། འབྲུ་གསུམ་བརྗོད། བདུད་རྩི་གཏོར་བས་བསྲུང་ངོ་། །གཉིས་པ་དངོས་གཞི་ནི། དབང་གཞུང་ལས། དམ་ཚིག་གི་ལྷ་མོ་སྦྱངས་ནས་སྔགས་དང་བཅས་པའི་ཡུངས་ཀར་གྱིས་བགེགས་བསྐྲད་ཅིང་སྦྱོར་བ་དང་རྗེས་སུ་སྦྱོར་བས་ཡབ་ཡུམ་གཉིས་ཀྱི་སྐུ་བསྐྱེད་པར་བྱའོ། །ཡང་དབང་བསྐུར་བ་དང་བྱིན་གྱིས་བརླབ་པ་དག་རྫོགས་པར་བྱས་ནས་རོལ་མོའི་སྒྲས་བསྐུལ་ཞིང་སྤྲོ་བ་བསྐྱེད་དེ་རིགས་ཀྱི་ང་རྒྱལ་མ་ཉམས་པའི་སྒོ་ནས་གཉིས་(༥༥ན)


GLG022_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་སློབ་མའི་ལྕེ་ལ་གཞག་པར་བྱའོ། །རྟོགས་ལ་ལས། སློབ་དཔོན་དཔལ་ཡང་དག་ཏུ་གསལ་བའི་རྩ་བར་པདྨ་རིན་ཅེན་ལྡན་བྱས་ནས་ཞེས་བྱུང་། གསང་གནས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ནོར་བུར་ཨོཾ་རྩེ་མོར་ཕཊ་དང་བཅས་པ། ཕྱག་རྒྱ་ཀྲོ་དྷཱི་ཤྭ་རཱི་མར་གསལ་བའི་མཁའ་ཨ་ལས་པདྨ་ཨས་མཚན་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། ཐུགས་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། ཡུམ་གྱི་མཁར་བབས་པ་མཐེབ་སྲིན་ཀྱིས་བཟུང་ནས་སློབ་མའི་ལྕེ་ལ་བཞག་པར་བསམས་ཤིང་དབང་གཞུང་ལས། ཇི་ལྟར་རྒྱལ་བརྟག་པ་བཅུ་པར་ཇི་ལྟར་རྒྱལ་བ་སྲས་བཅས་ཀྱིས་ཞེས་སོགས་བྱུང་། བ་བདེ་གཤེགས་ཀྱིས། །རང་གི་སྲས་ཚོགས་དབང་བསྐུར་ཞིང་། །བྱང་ཆུབ་སེམས་བདེ་དག་པའི་ཆུས། །རྣམ་རྟོག་དྲི་མ་དག་པར་བྱ། །ཨོཾ་མ་ཧཱ་བོ་དྷི་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ཅིང་བླུད་དོ། །གསུམ་པ་ང་རྒྱལ་གཟུང་བ་ནི། སློབ་མས་ཀྱང་། ཨ་ཧོ་མ་སོ་མཆན་དུ། ལྕེ་རྩེ་ནས་ལྕེ་རྩ་ལ་བསྐུར་བར་བྱ་དང་བྱེའུ། མཁའ་ནས་ལྕེས་ལེན་པ་བ་དང་བེའུ། སྲིན་ལག་གིས་སྟེར་བ་བུང་བ་དང་མེ་ཏོག །སྣོད་དུ་ཀ་ར་ལྟ་བུ་དང་སྦྱར་ནས་སྦྱིན་པ་དུང་དང་ཉ་ཕྱིས་ཀྱི་ཚུལ་དུ་དབང་བསྐུར་བར་གསུངས། ཧཱ་སུ་ཁ། རྟོགས་སླ་ལས། ད་ནི་སངས་རྒྱས་ཀུན་དང་མཉམ། །བདག་ནི་བསོད་ནམས་སྐལ་བ་ཆེ། །ཡོན་ཏན་ཀུན་གྱིས་བདག་བརྒྱན་ཏེ། །ཡང་དག་སྦྱོར་བའི་བདག་ཉིད་དོ། །ཞེས་བརྗོད་ལ་བཏང་། དེས་ལུས་གང་བས་(༥༥བ)


GLG022_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་ཉེས་པ་དག་ནས་གསུང་རྡོ་རྗེར་གྱུར་པར་བསམ་ཞིང་མིག་དར་འགྲོལ། བཞི་པ་དབང་དོན་བཤད་པ་ནི། དེ་ཉིད་ལས། ཡུམ་གྱི་བྷ་ག་ནས་གསང་བའི་དབང་ཐོབ་པས་རང་བྱིན་གྱིས་བརླབ་པ་བསྒོམ་པ་ལ་དབང་ཞིང་ལམ་ལྔ་ལས་མཐོང་བའི་ལམ་ས་དང་པོའི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་ལ། ངེས་ངག་གི་དྲི་མ་དག་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ཡོན་དབུལ་བར་བཤད་པ་ནི་ཕྱི་མ་གཉིས་མི་བསྐུར་བ་ལ་དགོངས། རྟེན་འབྲེལ་འགྲིག་གོ །ཞེས་བརྗོད་དོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་དབང་གཞུང་ལས། རྫོགས་པའི་རིམ་པ་ཐོབ་པར་འདོད་པས་རྡོ་རྗེ་བླ་མ་མཆོག་ཏུ་གྱུར་པ་ལ་གསོལ་བ་གདབ་པར་བྱ་སྟེ། མཎྜལ་དང་མཆོད་པའི་ཚོགས་ཀྱིས་རྡོ་རྗེ་བླ་མ་དང་ཕྱག་རྒྱ་མཚན་ལྡན་མཉེས་པར་བྱས་ནས་ཞེས་བྱུང་བ་ལྟར། གསོལ་གདབ། སྔོན་འགྲོ། དངོས་གཞི། དབང་དོན་དང་བཞི་ལས། དང་པོ་གསོལ་བ་གདབ་པ་ནི། མཎྜལ་གོང་ལྟར་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཞེས་འདོན་པ་བསྒྱུར། དབང་གཞུང་ལས། ཀྱེ་ཀྱེ་མགོན་བརྟག་པ་བཅུ་པར་མགོན་པོ་སྤྲུལ་རུ་དྲ་ཁྱོད་ཅེས་སོགས་བྱུང་། པོ་བདེ་བ་ཆེ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང་། ཕྱག་རྒྱ་མི་ཕྱེད་རབ་བསྒྲུབ་པ། །མངོན་སུམ་ཉམས་མྱོང་བསྐྱེད་པའི་ཕྱིར། །བདག་ཉིད་ཆེན་པོ་ཇི་ལྟ་བར། །གཙོ་བོས་བདག་ལ་བཀའ་དྲིན་མཛོད། །རྟོག་པའི་དྲི་མས་བསྒྲིབས་པ་རྣམས། །བྱང་ཆུབ་ཆུ་ཡིས་དག་པར་མཛོད། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། གཉིས་པ་དབང་གི་སྔོན་འགྲོ་ནི། བླ་མས་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་ཀྲོ་དྷཱི་ཤྭ་རཱི་མར་བསྐྱེད་པ། (༥༦ན)


GLG022_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་ལ་གཏད་པར་དཔོན་སློབ་གཉིས་ཀས་བསམས་ཤིང་། དེ་ཉིད་ལས། དགའ་བའི་གནས་བརྟག་པ་བཅུ་པར། དགའ་བདེའི་གནས་སྟེར་ལྷ་མོ་ནི། ཞེས་སོགས་བྱུང་། ཆེན་ལྷ་མོ་འདི། །ལེགས་པར་ཟུངས་ཤིག་བློ་གྲོས་ཅན། །དགའ་བདེའི་མཆོད་པ་རབ་ཏུ་གྱིས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །འགྲོ་བ་ཐམས་ཅད་འདི་ལས་བྱུང་། །དེ་བས་ཁྱོད་ཀྱིས་འདི་ཉིད་དང་། །ནམ་ཡང་འབྲལ་བར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད། དེ་ནས་རིག་མ་དེ་གྲོགས་ལ་དགའ་བའི་འཛུམ་གྱིས་བལྟས་ཏེ། དེ་ཉིད་ལས། ཁྱོད་ཀྱིས་ནུས་སམ་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུའི་བཟའ་བཏུང་དང་། །རཀྟ་ག་པུར་མྱང་བ་དང་། །བུད་མེད་རྣམས་ལ་རྟག་གུས་དང་། །བྷ་གར་འོ་བྱེད་མི་རྟོག་པར། །སྨྲོས་ཤིག་གྲོགས་པོ་བདེ་བ་ཅན། །ཞེས་དྲིས་པའི་ལན་དུ། སློབ་མས། ཁུ་ཁྲག་ལ་སོགས་ཟ་བ་དང་། །བུད་མེད་རྣམས་ལ་རྟག་གུས་ཤིང་། །བྷ་གའི་པདྨར་འོ་བགྱིད་དོ། །ཞེས་བརྗོད། དེ་ནས་རིག་མ་དེ་ལུས་གཅེར་བུར་ཕྱུང་མེ་ཏོག་གི་འཕྲེང་བ་མགོ་ལ་བཅིངས། བྷ་ག་ཕྱག་གིས་བསྟན་ནས། དེ་ཉིད་ལས། རྨད་བྱུང་གསང་བའི་པདྨ་འདི། །ཐམས་ཅད་བདེ་བར་ཡང་དག་ལྡན། །རྟག་ཏུ་འདི་བཞིན་འདི་སྤྱོད་ན། །དེ་ཉིད་བདེ་ཆེན་འབྲལ་མི་འགྱུར། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཐམས་ཅད་རྣམ་པར་གྲོལ། །བདེ་ཆེན་རྒྱལ་པོ་འདི་ཉིད་ནི། །དངོས་པོ་ཀུན་གྱི་རང་བྱུང་གནས། །ནང་གི་རྩ་ཡི་འཁོར་ལོ་ལ། །པདྨ་ལ་(༥༦བ)


GLG022_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་རབ་ཏུ་རྒྱས། །བྷ་གའི་མཁའ་དབྱིངས་ནམ་མཁའི་དབྱིངས། །འབྱུང་བ་བཞི་པོ་རྒྱན་བཞིན་བཀོད། །ལྟེ་བའི་ཟེའུ་འབྲུ་གེ་སར་ཟླུམ། །པདྨ་འདབ་མ་རྣམ་པར་མཛེས། །དེ་ཡི་དབུས་སུ་གནས་པ་ནི། །དེ་ཉིད་བདུད་རྩི་བདེ་ཆེན་གཟུགས། །བྷཉྫ་མོཀྵ་ཧོཿ། ཞེས་བརྗོད། རྟོགས་སླ་ལས། དེ་ནས་རིག་མའི་ལག་པ་གཡོན་སློབ་མའི་ལག་པ་གཡས་པར་གཏད་པར་སྒོམས་ཤིག །ཅེས་བསྒོ་ལ། ཤེས་རབ་དམ་པ་འདི་ཡིས་ནི། ཁྱོད་ཀྱི་ཡེ་ཤེས་སྐྱེད་བྱེད་པ། །འདི་དང་ཁྱོད་གཉིས་རྟག་ཏུ་ཡང་། །དད་པས་རྟག་ཏུ་འགྲོགས་པར་གྱིས། །འདི་ལ་རྟག་ཏུ་རོལ་མོ་གྱིས། །ཞེས་བརྗོད། དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཞེས་བརྗོད་དེ། བསྒོམ་ལམ་ས་བཅུའི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་པ་ཡིན་ནོ། །ཞེས་བསྒོའོ། །གསུམ་པ་དངོས་གཞི་ནི། དབང་གཞུང་ལས། དེ་ནས་གནས་དབེན་པར་རྒྱན་བཟང་པོ་བྲེས་ཤིག་དྲི་ཞིམ་པོའི་ཆུ་གཏོར། སྟན་བདེ་བ་ལ་གནས་ཏེ་ཁང་པའམ་ཡོལ་བ་ལ་སོགས་པ་གང་ཡང་རུང་བས་བསྒྲིབས་ལ། ཐབས་དང་ཤེས་རབ་ཀྱི་སྦྱོར་བའི་ཏིང་ངེ་འཛིན་དང་སྦྱོར་བ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་དེ་དག་རིམ་པ་བཞིན་དུ་བསྒོམ་པར་བྱའོ། །ཞེས་བྱུང་བ་ལྟར། མིག་དར་འཆིང་ཞིང་བསྲུང་རྟོགས་སླ་ལས། སློབ་མ་དཔལ་ཡང་དག་སྦྱོར་བར་གསལ་བའི་གསང་གནས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ནོར་བུར་ཨོཾ། ཕྱག་རྒྱ་ཀྲོ་དྷཱི་ཤྭ་རཱི་མར་གསལ་བའི་མཁའ་ཨ་ལས་པདྨ་ཨས་མཚན་པ། ཡབ་ཀྱི་རྡོ་རྗེ་ནོར་བུའི་རྩ་བར་རྩ་གསུམ་འདུས་(༥༧ན)


GLG022_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩ་གཡས་ལ་ཨོཾ་དཀར་པོ། རྩ་གཡོན་ལ་ཨཱཿདམར་པོ། དབུས་སུ་ཧཱུཾ་མཐིང་ཁ། རྩེ་མོར་ཕཊ་ཡིག་སེར་པོ་དམིགས། ཡབ་ཡུམ་ལ་འཁྱུད་པ་དང་ཙུམྤ་དང་། གསང་གནས་སྦྱར་བས་འདོད་ཆགས་ཆེན་པོའི་མེས་དྲོད་སྐྱེས་ཏེ་དངས་མ་རྣམས་བཞུ། གསང་གནས་མཉམ་པར་སྦྱར་བས་ཁམས་དངས་མ་ཐམས་ཅད་སྤྱི་བོ་ནས་རིམ་བཞིན་འཁོར་ལོ་བཞིར་བརྒྱུད་དེ་རྡོ་རྗེའི་རྩ་བར་ཕྱིན་པས་དགའ་བ། དབུས་སུ་ཕྱིན་པས་མཆོག་དགའ་རྩ་གསུམ་འདོམས་པའི་དབུས་སུ་བྱོན་པས་ཁྱད་དགའ། ནོར་བུའི་རྩེ་མོར་བྱོན་ཏེ་སྟེང་འོག་གི་རླུང་ཁ་སྦྱར་བས་མི་གཡོ་བར་གྱུར་ནས་བདེ་སྟོང་གི་ཡེ་ཤེས་སྐྱེས་པ་ལྷན་སྐྱེས་དེ་ཆེར་འཕེལ་བས་བྱང་སེམས་རྒྱས་ཏེ་ལྟེ་སྙིང་མགྲིན་སྤྱིར་ཕྱིན་ཏེ་བརྟན་པས། མས་བརྟན་གྱི་དགའ་བ་བཞི་སྐྱེས་པར་བསམས་ཤིང་ངོས་འཛིན་དུ་གཞུག །དབང་གཞུང་ལས། དེ་ནས་འདོད་པའི་གཙུག་རྩ་བར། བདེ་མཆོག་སྒྱུ་མའི་བརྔས་མཚོན་ཏེ་ཞེས་པར་སོ་མཆན་དུ་ངག་གི་བརྡ་དང་ལུས་ཀྱི་བརྡ་ལ་སོགས་པ་ཞེས་བྱུང་། ལག་དང་མཐུན་པའི་བདེ་བའི་ཡེ་ཤེས་བསྐྱེད་ཅིང་ཤིས་པ་དང་མི་ཤིས་པའི་མཚན་མ་དག་ཡི་གེ་ལྔ་བཅུའི་གནས་གང་ལ་བབས་པའི་སྒོ་ནས་བརྟག་སྟེ། མ་ནིང་གི་ཡི་གེ་དག་ལ་བབ་པ་ནི་བསྐྱར་རྩ་བར། དུལ་བའི་སེམས་སུ་བཞག་ནས་ཀྱང་། །ཞེས་པས་སོ་མཆན་དུ་ཡུན་དུ་ཉོན་མོངས་པའི་དབང་དུ་མ་སོང་བར་ཤིན་ཏུའང་སྤྱོད་ལམ་དགེ་སློང་གསར་པའམ་བག་མ་གསར་པ་ལྟར། ཞེས་བྱུང་། བར་བྱའོ། །དེ་ལྟར་བདེ་བ་ཆེན་པོའི་དོན་བྱང་ཆུབ་ཀྱི་སེམས་བབས་ནས། ཚིགས་སུ་བཅད་པ་འདིས་བཏུང་(༥༧བ)


GLG022_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །ཞེས་བྱུང་བ་ལྟར། རྡོ་རྗེ་སྙིང་པོ་མཁའ་འདྲ་ཞིང་། །རྡུལ་བྲལ་ཐར་པ་ཞི་བའི་མཆོག །རང་གི་རང་བཞིན་དེ་ཉིད་དོ། །ཞེས་བརྗོད། རྟོགས་སླ་ལས། གདོང་གཡོགས་བཀྲོལ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་བ་ཡིན་ནོ། །ཞེས་ངོ་སྤྲད་དོ། །བཞི་པ་དབང་དོན་བཤད་པ་ནི། དེ་ཉིད་ལས། དེ་ལྟར་ཕྱག་རྒྱ་གཏད་དེ་བདེ་སྟོང་གི་ཡེ་ཤེས་སྐྱེས་པས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་དཀྱིལ་འཁོར་འཁོར་ལོ་སྒོམ་པ་ལ་དབང་། ལམ་ལྔ་ལས་རྒྱུའི་ཐེག་པའི་མཐར་ཕྱིན་ལམ་ཀུན་ཏུ་འོད་ཀྱི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས། དེས་ཡིད་ཀྱི་དྲི་མ་དག་སྟེ་ཆོས་སྐུ་འགྲུབ་ཡོན་དབུལ་བར་བཤད་པ་ནི་བཞི་པ་མི་བསྐུར་བའི་དབང་དུ་གཏང་། པའི་རྟེན་འབྲེལ་འགྲིག་གོ །ཞེས་བརྗོད་དོ། །བཞི་པ་ཚིག་གི་དབང་བསྐུར་ལ། དབང་གཞུང་ལས། དབང་བཞི་པ་དག་བླ་མ་དམ་པའི་གདམས་ངག་ལས་བྱུང་བའི་དོན་བཞིན་དུ་ཕྱག་རྒྱ་རྣམ་པ་གསུམ་གང་ཡང་རུང་བ་ལ་བརྟེན་ཏེ་རང་གིས་ཉམས་སུ་མྱོང་བས་མེ་ལོང་གི་དཀྱིལ་འཁོར་བཞིན་དུ་གནས་པ་ལ་ཡུན་རིང་དུ་གསལ་བར་བརྟག་གོ །དེས་ཟག་པ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོའི་སྐུ་སྐྱེ་བར་འགྱུར་རོ། །ཞེས་བྱུང་བའི་དོན་བཞིན། གསོལ་གདབ། སྔོན་འགྲོ། དངོས་གཞི། དབང་དོན་དང་བཞི་ལས། དང་པོ་གསོལ་བ་གདབ་པ་ནི། མཎྜལ་གོང་ལྟར་ལ་ཚིག་དབང་རིན་པོ་ཆེ་ཞུ་བའི་(༥༨ན)


GLG022_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འདོན་པ་བསྒྱུར། རྟོགས་སླ་ལས། ཁྱད་ཞབས་པདྨོའི་བཀའ་དྲིན་བརྟག་པ་བཅུ་པར་བྱུང་བ་དང་ཚིག་འདྲ། གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཅེན་བཞི་པ་ཡང་། །གཙོ་བོས་བདག་ལ་བཀའ་དྲིན་སྐྱོབས། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སྔར་བཞིན་གདོང་འཆིང་ཞིང་བསྲུང་། གཉིས་པ་སྔོན་དུ་འགྲོ་བ་ནི། དབང་གཞུང་ལས། རྣལ་ཁྲག་འཐུང་གལ་པོའི་བརྟག་པ་བཅུ་པར། ཞེས་པ་ལུས་ངག་གི་ཡིད་དང་ནི་ཞེས་སོགས་རྒྱས་བཤད་སྣང་། འབྱོར་བདེ་བ་ཐམས་ཅད་ཀྱི། །དབང་བསྐུར་བདེ་ཆེན་ལས་བྱུང་བ། །རིན་ཅེན་ཚོགས་རྣམས་ཐམས་ཅད་ཀྱིས། །རབ་ཏུ་མྱོས་པར་དབང་བསྐུར་འགྱུར། །འདི་མན་རྟོགས་སླ་ལས། ཇི་ལྟར་སྣང་བ་ཐམས་ཅད་ཀུན། །སྐད་ཅིག་གཅིག་ལ་དམིགས་མེད་པ། །བརྗོད་པའི་ཐ་སྙད་ཀུན་དང་བྲལ། །རང་བྱུང་ཡེ་ཤེས་ཞེས་བརྗོད་དོ། །ཞེས་པའི་རང་བྱུང་གི་ཡེ་ཤེས་གསལ་ལ་མི་རྟོག་པ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཏིང་ངེ་འཛིན་བཞི་པ་སྟེ་དེ་ལ་ཡུན་རིང་དུ་གོམས་པས་བརྟན་པའི་ནང་རྟགས་ལུས་འགུལ་བསྐྱོད། ངག་དབུགས་འགྱུ་བ་སེམས་ལ་བདེ་སྡུག་གང་གིས་ཀྱང་ཉོན་མི་མོངས་ཤིང་བདེ་བ་ཆེན་པོའི་ཡེ་ཤེས་ལས་མི་འགྱུར་བ་དང་། ཕྱི་རྟགས་སྣང་བ་ཐམས་ཅད་སྒྱུ་མ་ལྟར་ཤེས་ཤིང་མཚན་འཛིན་དང་བྲལ་བ་འབྱུང་བས། དེ་ལ་འབད་དེ་གོམས་པར་གྱིས་ཤིག །ཅེས་བརྗོད། གསུམ་པ་དངོས་གཞི་ནི། སློབ་མ་ལུས་(༥༨བ)


GLG022_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྣང་གི་ཆོས་བདུན་དང་ལྡན་པས་སྔར་གྱི་བདེ་སྟོང་གི་ཡེ་ཤེས་དྲན་དུ་བཅུག་ལ། དེའི་ངང་ལ་མཉམ་པར་འཇོག་ཏུ་གཞུག་གོ །དེ་ལས་མི་རྟོག་པའི་ཡེ་ཤེས་སྐྱེས་པས་ན་ཁྱོད་ཀྱིས་བཞི་པའི་ཡེ་ཤེས་ཉམས་སུ་མྱོང་བས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་བ་ཡིན་ནོ། །ཞེས་བརྗོད་ལ། གདོང་གཡོགས་དགྲོལ་ལོ། །བཞི་པ་དབང་དོན་བཤད་པ་ནི། ཁྱོད་ཀྱིས་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ་པས་ལམ་རང་བྱུང་གི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་ཞིང་ལམ་ལྔ་ལས། འབྲས་བུའི་ཐེག་པའི་མཐར་ཕྱིན་ལམ་བཅུ་གསུམ་རྡོ་རྗེ་འཛིན་པའི་ཐེག་པའི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་ལ། དེས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག་སྟེ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་གོ །ཞེས་བརྗོད་དོ། །རྩ་བའི་གསུམ་པ་རྗེས་ཀྱི་ཆོ་ག་ལ་དམ་ཚིག །དངོས་གྲུབ། སྦྱིན་སྲེག །གཏེར་སྤ། ལྷག་མ། སྒོ་དབྱེ། དཔང་གཟུ། བསྟན་སྐྱོང་། ཆད་མཐོ། ཟོར། བྲོ། ཚེ་འགུགས། མཆོད་གཏོར། རྒྱལ་མཐོ། སྒོ་བྱང་། མར་མེ། གཏང་རག་དང་བཟོད་གསོལ། དཀྱིལ་འཁོར་བསྡུ་བ། རྡུལ་ཚོན་སྐྱེལ་བ། ཕུར་ཤུལ་བཀྲུ་བ། ལུས་བསྲུང་། བཟོད་གསོལ། གཏང་རག །སྨོན་ལམ། བཀྲ་ཤིས་ཏེ་ཉེར་ལྔའི་དང་པོ་དམ་ཚིག་ལ་ཁྱད་པར་དང་སྤྱི་གཉིས་ལས་དང་པོ་ཁྱད་པར་གྱི་དམ་ཚིག་ནི། དབང་གཞུང་ལས། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །མ་བྱིན་(༥༩ན)


GLG022_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་བླང་བར་བྱ། །འདོད་པས་ལོག་པར་གཡེམ་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་འགྱུར། །རྡོ་རྗེ་བླ་མ་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་མི་གཏད་ཞིང་། །དྲན་པ་གསལ་བས་བཟུང་བྱས་ནས། །ལྷག་པའི་ལྷ་བཞིན་རིན་ཅེན་ཏོག །ཅེས་བརྗོད་དོ། །གཉིས་པ་སྤྱིའི་དམ་ཚིག་བསྒྲག་པ་ནི། རྟོགས་སླ་ལས། འགའ་ཞིག་ཏུ་གསང་བ་སྤྱི་རྒྱུད་དུ་འབྱུང་བའི་སྤྱིའི་དམ་ཚིག་ཉེར་བརྒྱད། ཁྱད་པར་བསྲུབ་བྱའི་དམ་ཚིག་ཉི་ཤུ། གནས་བྱ་ལྷག་པའི་དམ་ཚིག་ཉི་ཤུ་རྩ་གཉིས་བཤད། ཡང་རྩ་བའི་དམ་ཚིག་གསུམ། ཡན་ལག་གི་དམ་ཚིག་བཅོ་ལྔ། ཞེས་བཤད་པ་ལ་རྐང་གྲངས་མི་སྣང་ཡང་རྣམ་སྣང་ལ་གསུམ། མི་བསྐྱེད་པ་ལ་བཞི། རིན་འབྱུང་ལ་བཞི། སྣང་མཐའ་ལ་གསུམ། དོན་གྲུབ་ལ་གཅིག་དང་བཅོ་ལྔ། བསླབ་པ་རྣམ་པ་གསུམ་ལ་འདོད་པ་ཡིན་ནམ་སྙམ། གཙོ་བོ་ནི་གསར་རྙིང་ཐམས་ཅད་དུ་འབྱུང་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཡིན་པས་ཁྱོད་ཀྱིས་ཟབ་མོའི་དཀྱིལ་འཁོར་དུ་ཞུགས་དབང་བསྐུར་བ་ཐོབ་པས་རིག་པ་འཛིན་པའི་སློབ་དཔོན་དུ་གྱུར་པའི་ཕྱིར་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་དགོས་ལ། དེ་དག་གང་ཞེ་ན། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུང་། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །རྡོ་རྗེ་སྤུན་ལ་ཁྲོས་པ་ནི། །ཉེས་(༥༩བ)


GLG022_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྗོད་པ་གསུམ་པ་ཡིན། །སེམས་ཅན་རྣམས་ལ་བྱམས་པ་སྤོང་། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེ་རྟོག་པ་དེ་བཅུ་གཅིག་པ། །སེམས་ཅན་དད་དང་ལྡན་པ་ལ། །སེམས་ཀུན་འབྱིན་པ་བཅུ་གཉིས་པ། །དམ་ཚིག་ལས་ནི་ཇི་བཞིན་རྙེད། །མི་བསྟེན་པ་དེ་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །སྔགས་པས་དེ་དག་སྤངས་ན་ནི། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་གཟུང་བར་འགྱུར། །དེ་བས་སྡུག་བསྔལ་མྱོང་འགྱུར་ཏེ། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །དེ་བས་ང་རྒྱལ་ཀུན་བཅོམ་སྟེ། །བདག་ཉིད་མ་འཁྲུལ་ཤེས་པར་བྱ། །མཉམ་པར་བཞག་པའི་བླ་མ་ལ། །ཅི་འབྱོར་པ་ཡིས་མཆོད་པར་བྱ། །གསུམ་པ་སྐྱབས་འགྲོར་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་(༦༠ན)


GLG022_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་འདོད་ན། །སྔགས་པས་འབད་དེ་གཟུང་བར་བྱ། །དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང་། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང་། །གསང་བའི་ཆོས་ནི་སྟོན་པ་དང་། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང་། །ཉན་ཐོས་དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་འདས་པ་དང་། །སྦྱོར་བ་ངེས་པར་མ་བྱས་པར། །སྐལ་མིན་གསང་བ་སྟོན་པ་དང་། །གང་ཞིག་ཕྱག་རྒྱ་མི་མཁས་ལ། །ལུས་ཀྱི་ཕྱག་རྒྱ་སྟོན་པ་དང་། །བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང་། །སྡོམ་པ་གཉིས་ཀྱི་བཅས་པ་ལ། །དགོས་པ་མེད་པར་འདའ་བ་རྣམས། ཁ་ན་མ་ཐོ་བཅས་གྱུར་ཏེ། །སྔགས་པ་དེ་ཡི་དམ་ཚིག་ཟད། །ཟད་པས་འགྲུབ་པར་མི་འགྱུར་ཞིང་། །བདུད་དང་སྡུག་བསྔལ་མང་དུ་འཕེལ། །ཉིན་དང་མཚན་མོ་དུས་དྲུག་ཏུ། །ཉིན་རེ་བཞིན་ཡང་བཟླས་པར་བྱ། །གལ་ཏེ་ཉམས་གྱུར་རྣལ་འབྱོར་པ། ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཞེས་གསུངས་པ་རྣམས་སོ། །ཞེས་བརྗོད་ལ་དམ་ཚིག་བསྲུང་བའི་སེམས་ཀྱིས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིས། །ཞེས་ལན་གསུམ་གྱིས་ཁས་ལེན་དུ་གཞུག་གོ །སྒྲུབ་ཆེན་ཚད་ལྡན་གྱི་ལུགས་སུ་བྱེད་ན་ཡོན་དབུལ་བ་འོག་ཏུ་འབྱུང་ཡང་ས་ཕུར་དང་བསྟུན་འཇུག་བདེར་བྱ་བ་ཞར་བྱུང་དུ་མཎྜལ་གོང་བཞིན་ལ་དབང་བསྐུར་ཟབ་མོ་ཐོབ་པའི་བཀའ་དྲིན་བཏང་རག་གི་ཞེས་(༦༠བ)


GLG022_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་པ་བསྒྱུར། དེ་ཉིད་ལས། སློབ་མས་བླ་མའི་ཞབས་ལ་ཕྱག་བྱས་ལ། གསེར་དངུལ་བྱུ་རུ་རིན་པོ་ཆེ། །གླང་ཆེན་མ་ཧེ་ནོར་བུར་བཅས། །ཡིད་ལ་གཅེས་པ་རྣམས་ཀྱང་དབུལ། །ཞེས་པ་ལྟར་ཡོན་དང་ལུས་ཀྱང་ཕུལ་ལ། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱོད་ལ་བདག་ནི་འབུལ་ལགས་ན། ཁྱོད་ཀྱིས་སློབ་མར་བཟུང་བ་དང་། །བདག་གི་ལུས་ཀྱང་བཞེས་སུ་གསོལ། །ཅེས་བརྗོད། སློ་དཔོན་གྱིས་ཀྱང་། །སློབ་མ་དམ་པ་དམ་ཚིག་ཆེ། ཁྱོད་ཀྱིས་འབྱོར་ཚོགས་ཤིན་ཏུ་བཟང་། །དད་མོས་ཆེ་བས་དངོས་གྲུབ་ཐོབ། །དད་མོས་མེད་པས་མི་འགྲུབ་བོ། །ཞེས་བསྒོའོ། །གཉིས་པ་དངོས་གྲུབ་ལེན་པ་ནི། རྩ་བར། ཞག་གྲངས་དུས་ནི་བརྟག་པའམ། །མཚན་མ་བཟང་པོ་བྱུང་བ་ན། །ཞེས་པར་སོ་མཆན་དུ་རྣལ་འབྱོར་པ་ཐ་མ་ལས་དང་པོ་པས་རབ་སྐུ་མངོན་དུ་མཐོང་བའམ་མངོན་དུ་གཤེགས་པ། འབྲིང་སྒྲ་གྲག་པ། ཐ་མ་སྐུ་གཟུགས་འགུལ་བའོ། །ཞེས་འབྱུང་བའི་དུས་དང་བསྟུན། ཁྲག་འཐུང་གལ་པོའི་བརྟག་པ་བཅུ་དྲུག་པ་ལས། ཁྱད་པར་ཆེན་པོ་བསྒྲུབ་པ་རྒྱལ་བའི་བཀའ། །རྒྱུ་གཉིས་རྐྱེན་གསུམ་སྦྱར་བའི་བདུད་རྩི་འདི། །སྣང་སྲིད་སྣང་བ་ཆེན་པོར་ཤར་བའི་རྫས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །སྣང་སྲིད་རཀྟའི་རྒྱ་མཚོ་དབང་གི་རྫས། །རོ་མཆོག་བརྒྱ་ལྡན་བདུད་རྩི་ཆེན་པོར་གནས། །ཞེས་བྱུང་བ་ལྟར་དངོས་གྲུབ་ལེན་ཚུལ་རྒྱས་པར་འདོད་ན་བཀའ་བརྒྱད་སོགས་གཞན་དུ་ཤེས་པར་བྱའོ། །གསུམ་(༦༡ན)


GLG022_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྦྱིན་སྲེག་བྱ་བ་དབང་གཞུང་ལས། འཕྲིན་ལས་གཞན་བརྩམས་པའམ་ཡང་ན་སྦྱིན་སྲེག་གི་ཤིས་པ་བྱ་བར་བཤད། ནི། གསང་བ་མེ་དཔུང་ཐུགས་ཀྱི་རྒྱུད་སོགས་ནས་རྒྱས་པར་གསུངས་ཤིང་མདོར་བསྡུ་ན་རྟོགས་པར་སླ་བའི་སྦྱིན་སྲེག་ཉིད་ཁ་བསྒྱུར་རོ། །བཞི་པ་གཏེར་སྦ་བྱ་བ་ནི། པུཎྜ་རཱི་ཀའི་ལེའུ་བཞི་པ་དང་གསང་བ་ཐུགས་ཀྱི་མེ་དཔུང་གི་དགུ་པར་གྱེར་ཚིག་གསལ་བར་བྱུང་ཞིང་ལག་ལེན་བཀའ་གཏེར་མང་པོར་བཤད་པས་དེ་དག་ལས་ཤེས་པར་བྱའོ། །ས་བཅད་ལྔ་པ་ནས་བཅུ་གཉིས་པའི་བར་ལས་བྱང་ལྟར་བྱ་ཞིང་། ཁྲག་འཐུང་རོལ་པའི་གཏོར་བཟློག་བྱ་བར་སྤྲོ་ན་རྒྱུད་གཞུང་མན་ངག་གཞན་ལས་ཤེས་པར་བྱ། །བཅུ་གསུམ་དབང་གཞུང་ལས། མགྲོན་གྱི་ཚོགས་རྣམས་ལ་གཏོར་མ་སྦྱིན་ཞིང་དཀྱིལ་འཁོར་བསྡུ་ཞེས་བཤད། པ་མཆོད་གཏོར་འབུལ་བ་ནི། ཕྱི་རོལ་བའི་དུས་ཀྱི་ཕྱོགས་སྐྱོང་ལ་མཆོད་གཏོར་འབུལ་ཚུལ་ལེན། །བཅུ་བཞི་པ་རྒྱལ་མཐོ་འགྲོལ་བ་ནི། མཆོད་གཏོར་བརླབས་ལ། གཙང་ཞིང་གཙང་མར་སྦྱར་སྐྱེས་པའི་ཞེས་པ་ནས་བཟུང་རྫུ་འཕྲུལ་ཆེ་ལ་སྟོབས་པོ་ཆེར་ཞེས་པའི་བར་སྟ་གོན་གྱི་སྐབས་ལྟར་ལ་སྒྲུབ་པའི་བར་ཆད་བསྲུངས་པ་ཡི། སྔར་བཅོལ་ལེགས་པའི་གཏང་རག་ཏུ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ་ཞེས་པ་ནས། དངོས་གྲུབ་མ་ལུས་སྩལ་དུ་གསོལ་གྱི་བར་བརྗོད། མ་འབྱོར་པ་སོགས་ཀྱིས་བཟོད་པར་གསོལ། ཨོཾ་བཛྲ་མུཿས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམས་ཤིང་ཙཀ་ལི་ཡོད་ན་བརྟན་བཞུགས་བྱ། དེ་(༦༡བ)


GLG022_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རྒྱལ་ཆེན་གཞན་ལའང་སྦྱོར། བཅོ་ལྔ་པ་སྒོ་བྱང་འགྲོལ་བ་ནི། མཆོད་གཏོར་བརླབས་ལ། ཨོཾ་བཛྲ་ཀརྨ་ཡ་མ་ནས་བཟུང་། ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན་ཞེས་པ་ཡན་དཀྱུས་ལྟར་ལ། བདག་གི་སྒྲུབ་པ་མ་ཐོན་པར། །བསྲུངས་པའི་འཕྲིན་ལས་མཛད་པ་ལ། །གཏང་རག་མཆོད་པས་མཉེས་པར་མཛོད། །ཅེས་བརྗོད། ནོངས་པ་གསོལ་བ་སོགས་གོང་བཞིན་བྱ། མཆོད་གཏོར་འབུལ་བ་ནས། འཕྲིན་ལས་ཐོག་སེར་བགེགས་ལ་འབེབས་ཡན་གོང་ལྟར་ལ། དངོས་གྲུབ་བར་ཆད་བསྲུངས་པ་ཡི། །གཏང་རག་ཕུལ་བས་དགྱེས་བསྐྱེད་ནས། །སླར་ཡང་འཕྲིན་ལས་མཛད་དུ་གསོལ། །ཅེས་བརྗོད། ནོངས་པ་གསོལ་བ་སོགས་གོང་དང་འདྲའོ། །བཅུ་དྲུག་པ་མར་མེའི་སྨོན་ལམ་ནི། དབང་གཞུང་དུ། དེ་ནས་དཀྱིལ་འཁོར་གྱི་མཐའ་ལ་བསྐོར་ཞིང་འདི་དང་ཕྱི་མར་མི་འབྲལ་བའི་སྨོན་ལམ་གདབ་ཅེས་པ་དང་བཀའ་གཏེར་གྱི་གཞུང་ཕལ་ཆེར་དུ་མར་མེའི་སྨོན་ལམ་མཛད་པ་མང་བས། སློབ་དཔོན་རྣམས་ཀྱིས་མར་མེ་ཐོགས་ལ་དཀྱིལ་འཁོར་གྱི་མཐའ་བསྐོར་ཏེ། ཁྲོ་བོ་པུཎྜ་རཱི་ཀ་ལས། ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། འཕྲུལ་ཞལ་ཡིད་བཞིན་བྷནྡྷའི་རྫས་མཆོག་དང་། །མ་རིག་མུན་སེལ་མེ་མར་དགུ་པ་དང་། །ཟླ་གམ་དགུ་པ་གསང་བའི་གནས་འདི་རུ། །ངན་སོང་འཁོར་བ་རྣམས་ཀྱང་བསྒྲལ་ལགས་ལ། །དུས་གསུམ་རྒྱལ་བ་རྣམས་ཀྱང་མཆོད་ལགས་ལ། །དཔལ་ཆེན་ཧེ་རུ་ཀ་ཡང་བསྒྲུབ་ལགས་ལ། །མ་སྲིང་རྒྱ་མཚོ་རྣམས་ཀྱང་བསྒྲུབ་ལགས་ལ། །དངོས་གྲུབ་དབྱིངས་མཆོག་(༦༢ན)


GLG022_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་བླངས་ལགས་ལ། །མི་གནས་ཡེ་ཤེས་ཐུགས་ཀྱང་བསྒྲུབ་ལགས་ཀྱིས། །དང་པོ་གནས་དང་ཆོས་ཀྱི་དབྱིངས་སུ་གཤེགས། །མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ་དང་། །རབ་འབྱམས་རྒྱལ་བའི་བཀའ་ལ་དབང་ཐོབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག །འདི་ལྟ་བུ་ཡི་མན་ངག་ལུང་སྟོན་པའི། །བཀའ་དྲིན་ཆེ་བའི་དགེ་བའི་བཤེས་གཉེན་དང་། །སྲོག་གི་ལུ་གུ་རྒྱུད་ཀྱིས་འབྲེལ་བ་རྣམས། །འོག་མིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ། །དུས་གསུམ་འདུ་འབྲལ་མེད་པར་འགྲོགས་པ་དང་། །གསང་བ་ཆེན་པོ་ཐུགས་ཀྱི་དཀྱིལ་འཁོར་དུ། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ། ས་ཕུར་ལྷ་ཁྲ་དང་ཕྱོག་མཐུན་པར་མ་བྱས་ཀྱང་འགལ་བ་མེད་དམ་སྙམ། །བཅུ་བདུན་པ་གཏང་རག་དང་བཟོད་གསོལ་ནི། ལས་བྱང་གི་གཏང་རག་མཆོད་པ་དང་བསྟོད་པ་ཅི་རིགས་བྱ་ཞིང་ཡིག་བརྒྱའི་མཐར་མ་འབྱོར་བ་སོགས་ལེན། །བཅོ་བརྒྱད་པ་དཀྱིལ་འཁོར་བསྡུ་བ་ནི། པུཎྜ་རཱི་ཀའི་ལེའུ་གསུམ་པར། ད་ནི་དཀྱིལ་འཁོར་མཐའ་ནས་བསྡུ་ཞེས་སོགས་དང་། གསང་བ་མེ་དཔུང་ཐུགས་ཀྱི་རྒྱུད་ནས་ཀྱང་གསུངས་པའི་དོན་ཁྱེད་ཀྱི་སེམས་ཅན་སོགས་ནས་བཟུང་བཛྲ་མུཿའི་བར་ལས་བྱང་ལྟར་བརྗོད་པས་དཀྱིལ་འཁོར་གྱི་ཡེ་ཤེས་པ་གཤེགས་པར་བསམས་ཤིང་ཛཿཧཱུཾ་བཾ་ཧོཿ ས་དམ་ཚིག་པ་རང་ལ་ཐིམ་པར་བསམ། དཀྱིལ་འཁོར་ལ་ཕུར་ཆ་མེད་ན་


GLG022_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་ལུགས་འདི་བཞིན་དང་ཡོད་ན་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་སོགས་བརྗོད་ནས་ཡེ་ཤེས་པ་རྣམས་ཕུར་པ་ལ་བརྟན་བཞུགས་མ་བྱས་ན་ཕུར་པའི་རབ་གནས་ཀྱང་འཇིག་པར་དོགས་ཤིང་རྟོགས་སླར་ཕུར་ཆ་དང་ལྷ་མཚན་གདམ་ངར་གསུངས་པ་གཤེགས་གསོལ་འདི་ལྷ་མཚན་ལ་དགོངས་པ་འདྲའོ། །སརྦ་ས་མ་ཡ་སོགས་ཀྱིས་གཏོར་མགྲོན་གྱི་དམ་ཅན་རྣམས་གཤེགས་པར་བསམ། རང་གཙོ་བོའི་ང་རྒྱལ་གྱིས་ལྷའི་མཚན་མ་དང་གདན་རྣམས་བསྡུ། དེ་ནས་ཚངས་ཐིག་ནས་བརྩམས་ཏེ་ལྟེ་བའི་བར་གྱི་རྡུལ་ཚོན་བསུབ་ཅིང་ཨ་ཀཱ་རོ་བཟླས་པས་དཀྱིལ་འཁོར་བསྡུའོ། །བཅུ་དགུ་པ་དབང་གཞུང་ལས། དངོས་གྲུབ་ཀྱི་རྫས་སུ་འཇོག་གམ། ཆུ་བོར་འདོར་བ་གདམ་ངར་བཤད། རྡུལ་ཚོན་སྐྱེལ་བ་ནི། རྟོགས་སླ་ལས། རྡུལ་ཚོན་བུམ་པ་ལ་སོགས་པར་བླུག་སྟེ་མཆོད་རྫས་དམན་མ་ལ་སོགས་པ་དང་ལྷན་ཅིག་ཏུ་རྒྱ་མཚོར་འབབ་པའི་ཆུ་བོར་དོར། བུམ་པ་ཆུས་བཀང་ལ་ནང་དུ་ཁྱེར་ཏེ་དཀྱིལ་འཁོར་གྱི་ཁང་པར་བཞག་གོ །ཉི་ཤུ་པ་ཕུར་ཤུལ་འཁྲུ་བ་དབང་གཞུང་ལས། ཁྲོ་བཅུ་ལ་མཆོད་ཅིང་བསྟོད་དེ། ཕུར་པ་བསྡུས་ལ་ཅོད་པན་བཀྲེལ་ཞིང་ཁྲུས་བྱ་བར་བཤད། ནི། དེ་ཉིད་ལས། སྔར་གྱི་བུམ་པའི་ཆུ་བདུད་རྩི་ལྔ་དང་བསྲེས་པས་དཀྱིལ་འཁོར་གྱི་ཁང་པར་ཆག་ཆག་གདབ། ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་སུམྦྷས་ཕུར་བུ་ཐམས་ཅད་བཏོན་ལ། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ་སརྦ་ཨརྠ་གཱ་དྷ་ནི་སྭཱཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་བུ་དང་བགེགས་ཀྱི་གཟུགས་བརྙན་ཡོད་ན་བཀྲུ། བུ་ག་ཡང་བཀང་ལ་མཉམ་པོར་བྱའོ། །ཉེར་(༦༣ན)


GLG022_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་ལུས་བསྲུང་བ་ནི་ལས་བྱང་བཞིན་བྱེད། ཉེར་གཉིས་པ་མཆེད་ལྕམ་ནང་གི་བཟོད་གསོལ་ནི་བྱེད་པར་སྤྲོ་ན་བཀའ་བརྒྱད་སོགས་གཞུང་གཞན་ནས་ལེན། ཉེར་གསུམ་པ་རྡོ་རྗེ་སློབ་དཔོན་ལ་གཏང་རག་འབུལ་ཞིང་བཟོད་པར་གསོལ་བ་ནི། ཁྲག་འཐུང་གལ་པོ་ལས། སྟོན་པ་རྡོ་རྗེ་སློབ་དཔོན་འདི། །བདག་ཅག་རྣམས་ཀྱི་ཕ་ལགས་སོ། །བདག་ཅག་རྣམས་ཀྱི་མ་ལགས་སོ། །བུ་དང་བུ་མོ་སྲིང་གཉེན་ལགས། །ལམ་སྟོར་རྣམས་ཀྱི་ལམ་མཁན་ལགས། །ལོང་བ་རྣམས་ཀྱི་དམིགས་བུ་ལགས། །ཆུ་བོ་སྒྲོལ་བའི་གྲུ་ཆེན་ལགས། །རིན་ཅེན་ལེན་པའི་རྫིངས་ཆེན་ལགས། །འདོད་པ་བསྒྲུབས་པའི་དེད་དཔོན་ལགས། །མ་ལུས་འགྲོ་བའི་ལམ་ཆེན་ལགས། །མུན་པ་སེལ་བའི་སྒྲོན་མེ་ལགས། །གསེར་འགྱུར་རྩི་ཡི་མཁན་པོ་ལགས། །དུག་སྒྱུར་མ་གི་ཏ་ཆེན་ལགས། །སྤྲུལ་པ་འབྱུང་བའི་སྒྱུ་མཁན་ལགས། །གཡུལ་ངོ་བཟློག་པའི་དཔའ་བོ་ལགས། །ནད་གཅོང་འབྱིན་པའི་སྨན་པ་ལགས། །འདོད་པ་སྟེར་བའི་ཡིད་བཞིན་ལགས། །ལྷ་ཡི་དཔག་བསམ་ཤིང་ཆེན་ལགས། །གནོད་སྦྱིན་བུམ་པ་བཟང་པོ་ལགས། །ནམ་མཁའ་ལྟ་བུར་འབྱུང་བ་ལགས། །རྒྱ་མཚོ་ལྟ་བུར་གནས་པ་ལགས། །རི་བོ་ལྟ་བུར་བརྟན་པ་ལགས། །ཉི་ཟླའི་སྐུ་དང་ལྡན་པ་ལགས། །འབྲུག་སྒྲ་ཆོས་དང་གསུང་སྒྲ་ལགས། །འགྱུར་མེད་རྡོ་རྗེའི་ཐུགས་ཅན་ལགས། །ཡོན་ཏན་ས་གཞི་མངའ་བ་ལགས། །འཕྲིན་ལས་གར་མཁན་གློག་འདྲ་ལགས། །ཟིལ་གནོན་སེང་གེ་འདྲ་བ་ལགས། །སྒྲོ་འདོགས་ཡོངས་(༦༣བ)


GLG022_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཅོད་པ་ལགས། །རང་བྱུང་ཡེ་ཤེས་སྟོན་པ་ལགས། །ལྷན་ཅིག་སྐྱེས་པའི་དགོངས་པ་ལགས། །ཆོས་རྣམས་དེ་ཉིད་སྟོན་པ་ལགས། ཁམས་གསུམ་གནས་ཀྱི་དབང་ཕྱུག་འདིས། །ལྷ་དང་བཅས་པའི་འཇིག་རྟེན་འདིར། །རྣལ་འབྱོར་དབང་ཕྱུག་ཆེན་པོ་འདི། །བདག་ཅག་རྣམས་ཀྱི་སྟོན་པའོ། །ཞེས་ཆེད་དུ་བརྗོད་ནས། གསང་རྫོགས་ལས། །རྡོ་རྗེ་སློབ་དཔོན་སྐུ་ཚེ་གཡུང་དྲུང་ནི། །འགྱུར་བ་མེད་པར་མཆོག་ཏུ་བརྟན་པར་སྨོན། །མཆེད་ལྕམ་དུས་གསུམ་རྟག་ཏུ་འགྲོགས་པ་དང་། །ཕོ་བྲང་ཆེན་པོ་གཡུང་དྲུང་ཆུགས་པར་སྨོན། །བདུད་རྩི་རྣམ་ལྔ་རོ་མཆོག་རྒྱས་པ་དང་། །ཞེན་བྲལ་འདོད་ཡོན་ལྔ་ལ་ལོངས་སྤྱོད་སྨོན། །ཞལ་ཟས་བདུད་རྩིའི་རོ་ལྡན་གསེར་དངུལ་སྐྱོགས། །ཕྱག་ཏུ་བཞེས་ནས་དགྱེས་པ་སྐྱོང་བར་སྨོན། །ལྷ་ཡི་ན་བཟའ་པཉྩ་ལི་ཀ་འདི། །སྐུ་ལ་བཞེས་ནས་འཁོར་འདབ་རྒྱས་པར་སྨོན། །ཞེས་བརྗོད། དབང་གཟུང་ལས། ལྷ་དང་སློབ་དཔོན་ལ་ཅི་འབྱོར་པའི་ཡོན་གྱིས་མཆོད་ཅིང་རྗེས་སུ་ཡི་རང་དབུལ་བར་བྱའོ། །ཞེས་དང་། ཏནྟྲཧེ་རུ་ཀ་ལས། རྟ་དང་གླང་པོ་མ་ཧེ་དང་། །གསེར་དངུལ་ལ་སོགས་རིན་ཅེན་གཡུ། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་དང་། རྒྱལ་བའི་སྐུ་ལ་བཀྲེས་སྐྱེམས་མི་མངའ་ཡང་། །དགའ་དང་གུས་པས་ཕུལ་བའི་བསོད་ནམས་ཀྱིས། །སྒྲིབ་པ་གཉིས་བྱང་ཚོགས་གཉིས་རྫོགས་གྱུར་ནས། །རྡོར་སེམས་མཚན་སོགས་ས་ལ་ཕྱིན་པར་འགྱུར། །ཞེས་དང་། དགོངས་(༦༤ན)


GLG022_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ལས། རྗེས་སུ་རིག་པ་འཐད་པའི་ཡོན། །ནོར་གྱི་དབྱིག་དང་ཟས་ཀྱི་མཆོག །བརྩེ་མཆོག་འཆི་མེད་ཟས་མཆོག་རྣམས། །དབུལ་དང་གསོལ་བས་མཉེས་པར་བྱ། །ཞེས་པ་ལྟར། ཞལ་དུ་སྐྱེམས་དྲངས་སྐུ་ལ་ན་བཟའ་གསོལ། །སྒྲུབ་པ་དག་དབང་གི་ཡོན་རྒྱས་པར་དབུལ། །ཡེ་ཤེས་སྐུ་མཆོག་མ་བརྗོད་ནས་ནོངས་པ་ཐམས་ཅད་བླ་མ་ལ་བཤགས། །ས་བཅད་འདི་མི་སྤྲོ་ན་སྔར་མཎྜལ་སོགས་སོང་ཟིན་པ་དེས་ཆོག་གོ །ཉེར་བཞི་པ་བསྔོ་སྨོན་དང་ཉེར་ལྔ་པ་བཀྲ་ཤིས་དབང་གཞུང་ལས། གླུ་གར་དང་བཀྲ་ཤིས་བརྗོད་པར་བཤད། ནི་ལས་བྱང་ལྟར་བྱའོ། །མ་ནུབ་དབང་བཞིའི་ཆུ་བོའི་ས་བོན་རྣམས། །གྲོ་ལམ་སྐྱེད་རྫོགས་དྲོད་གཤེར་གྱིས་སྨིན་ནས། །ཟུང་འཇུག་སྐུ་བཞིའི་སྙེ་མ་གཡུར་ཟ་བ། །གསང་ཆེན་བླ་མེད་ཐེག་པའི་དགོངས་པ་ཡིན། །མཆོག་གི་དངོས་གྲུབ་སྙིགས་དུས་ཚེ་གཅིག་ལ། །སྟེར་བའི་ཡི་དམ་ཡང་དག་ཧེ་རུ་ཀའི། །རྒྱུད་དང་རྒྱ་གཞུང་འཕགས་ཡུལ་ཁ་སྤུ་ཅན། །ཚད་ལྡན་པཎ་གྲུབ་མང་ཞིག་གཤེགས་པའི་བཤུལ། །བྱེ་བྲག་བཀའ་བབས་ཧཱུཾ་ཆེན་ཀཱ་ར་དང་། །ལམ་འདིས་གྲུབ་བརྙེས་པདྨ་ཐོད་འཕྲེང་རྩལ། །རྗེས་འབྲངས་སོ་གཟུར་གནུབས་འཁོན་རིག་སྔགས་འཆང་། །བརྟུལ་ཞུགས་སྤྱོད་པའི་དབང་པོས་ལྗོངས་འདི་ཁེངས། ཁྱད་པར་འཇམ་པའི་རྡོ་རྗེ་ངུར་སྨྲིག་དང་། །དཀར་པོའི་གོས་ཀྱིས་གཅིག་ལས་དུ་མའི་གར། །ས་སྐྱའི་བླ་ཆེན་བརྒྱུད་པའི་ཐུགས་གསང་གི །དཔལ་བེར་གཡས་འཁྱིལ་ཟབ་བཞེས་འདི་ཀོ་མཚར། །འོན་ཏེ་གསར་མའི་དཀྱིལ་ཆོག་མཚམས་སྦྱོར་གྱི། །བཤད་(༦༤བ)


GLG022_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ནག་འགྲོས་བྲིས་ལ་ཡང་དག་ཅེས། །ཉ་ཕྱིས་སྲད་བུར་བརྒྱུས་ནས་མུ་ཐི་ལའི། །འཕྲེང་བརྫུས་ཁ་པོའི་མགུལ་པར་བརྒྱན་མིན་ནམ། །མ་སྨྲས་མི་ཕོའི་རྫོང་དུ་གྲགས་པ་ལྟར། །སྦུབས་བཟང་འགྱིང་བག་འགྲོས་ཀྱི་མཐོན་པོའི་ཁྲིར། །ཀུན་དགའི་མཚན་ཅན་སྔགས་འཆང་ཆེ་བཞུགས་ན། །ས་སྐྱའི་བསྟན་ཞབས་འདྲེན་མིན་མཛེས་པ་ཙམ། །ཀོང་ཡུལ་མ་ཕྱིན་ཀོང་བཤད་མི་འབྱུང་བཞིན། །སྔ་འགྱུར་སྒྲུབ་འཕྲིན་སྨིན་གྲོལ་འཆད་པ་ལ། །བསླབས་སྦྱངས་གོམས་པའི་ཞལ་འདྲིས་ཐོགས་དགོས་ཀྱིས། །རྣ་ཐོས་དཔེ་ཤིག་བསྒྲུབས་པས་ག་ལ་རྟོགས། །མཁས་པའི་གྲལ་ཁྱུར་ཆུད་པའི་བློ་དམན་ཡང་། །རྡོ་རྗེ་སློབ་དཔོན་མང་བསྟེན་བཀའ་གཏེར་རྒྱུད། །གཞུང་དང་གདམས་པར་འདྲིས་པའི་གདེངས་ཙམ་གྱིས། །བཀོད་འདི་འཁྲུལ་མེད་ལམ་སྲོལ་ཡིན་ནམ་སྙམ། །དགེ་བས་ནམ་མཁའི་མཐའ་བཞིན་ཚད་བཟུང་དང་། །བྲལ་བའི་མ་རྒན་རྒྱུད་ལྔའི་འགྲོ་བ་རྣམས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར་བ་ཡི། །དཔལ་ཆེན་ཁྲག་འཐུང་གོ་འཕང་ཉེར་ཐོབ་ཤོག །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་གྱི་ཆོ་ག་ཧཱུཾ་མཛད་ཞལ་ལུང་འདི་ནི་དབུས་འགྱུར་གསང་ཆེན་རྒྱུད་སྡེ་བཞིའི་ཆོས་གྲྭ་ཆེན་པོ་གོང་དཀར་རྡོ་རྗེ་གདན་དུ་འཛུགས་པའི་སྟ་གོན་གྱི་ཚེ་འདུས་པའི་ཚོགས་ཀྱིས་ཆོག་སྒྲིགས་ཤིག་དགོས་ཞེས་གསུང་གིས་བསྐུལ་བ་དང་དུ་བླངས་ནས་སློབ་དཔོན་ཆེན་པོ་ཧཱུཾ་ཀཱ་རའི་དབང་གཞུང་ཉིད་གཙོ་བོར་བཟུང་། དེས་མཛད་པའི་རྩ་བ་དང་སོ་(༦༥ན)


GLG022_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

མཆན། ཁྲག་འཐུང་གལ་པོ་སོགས་ཡང་དག་གི་རྒྱུད་རྣམས་ལ་ཞིབ་མོར་དཔྱད། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་ཕུར་པའི་དཀྱིལ་ཆོག་རྟོགས་པར་སླ་བ་དང་མཐུན་པ་རྣམས་འཇུག་པ་བདེ་བའི་ཕྱིར་དེ་ཁོ་ན་ཉིད་དུ་སྦྱར་ཞིང་རྐང་པ་སྐོང་བ་དང་ཚིག་སྣ་བསྲིང་བ་སོགས་ཅུང་ཟད་ལས་ཕལ་ཆེར་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་ཕྱིར་ཡིག་རྙིང་རྣམས་སོར་བཞག་སྟེ། ཆོས་ཀྱི་རྒྱལ་པོ་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་སོགས་རྡོ་རྗེ་འཆང་དང་ཞལ་གཉིས་པའི་ཡོངས་འཛིན་དུ་མའི་བཀའ་དྲིན་ལས་གསང་ཆེན་རྙིང་མའི་ཆོས་ལ་བློ་མིག་ཡངས་པའི་ཟ་ཧོར་གྱི་སྔགས་བཙུན་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་མཚོའི་སྡེས་བག་ཡོད་ཅེས་པ་ཆུ་མོ་གླང་གི་ལོ་གྲོ་བཞིན་ཅན་གྱི་ཕྱི་མའི་ཕྱོགས་ཀྱི་ཁྲག་འཐུང་རྣམ་པར་རོལ་པའི་ཚེས་ལ་རང་བྱུང་འཕགས་པའི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་རིག་པ་འཛིན་པ་འཇམ་དབྱངས་གྲགས་པས་བགྱིས་སོ། །སརྦ་མངྒ་ལཾ།། །།

བྱང་གཏེར་ཐུགས་སྒྲུབ་འབྲིང་པོའི་འཕྲིན་ལས་རིན་ཅེན་འཕྲེང་བ།


GLG022_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གཏེར་ཐུགས་སྒྲུབ་འབྲིང་པོའི་འཕྲིན་ལས་རིན་ཅེན་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །


GLG022_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་སིདྡྷི་ཧཱུཾ་ཧྲཱིཿ བྷོ་ཊ་དེ་ཤེ་སརྦ་སུ་ཁ་ཤརྨ་པྲ་ཡཙྪ། མཁྱེན་བརྩེ་ནུས་པའི་འཕྲིན་ལས་མཁའ་མཉམ་འགྲོར། །ཆད་མེད་འཇུག་ཀྱང་ཁྱད་པར་གངས་ཅན་འདིར། །ཐུགས་རྗེའི་མཐུ་དཔུང་དུས་གསུམ་རྒྱལ་གཞན་གྱིས། །སྒྲུན་མིན་པདྨཱ་ཀཱ་རས་རྟག་ཏུ་སྐྱོངས། །སིནྡྷུ་རྒྱ་མཚོར་འདབ་སྟོང་ཀེ་ས་རར། །རྫུས་སྐྱེས་མཚན་དཔེའི་གཟི་འབར་སྤྲུལ་པའི་སྐུ། །རྒྱ་གར་པཎ་ཆེན་ཚུལ་གྱིས་འཛམ་གླིང་ན། །བརྟུལ་ཞུགས་ཆེ་བའི་རིག་སྔགས་འཆང་དེ་རྒྱལ། །སྲིད་གསུམ་དྲེགས་པ་ཡོངས་ཀྱི་གཤེད་མ་རུ། །སྒྲུབ་པ་སྡེ་བརྒྱད་ལྷ་ཡི་ཚོགས་རྣམས་ཀུན། །ལུས་ཀྱི་དཀྱིལ་འཁོར་ལ་རྫོགས་དྲག་པོ་རྩལ། །རྩ་གསུམ་འདུས་པའི་བདག་ཉིད་ཁྱོད་ཁོ་ན། །རྩེ་གཅིག་ཉམས་སུ་བླངས་པས་བླ་མ་དང་། །ཡི་དམ་མཁའ་འགྲོ་ཆོས་སྲུང་ཡོངས་འགྲུབ་པ། །གསང་ཆེན་ཐེག་མཆོག་མན་ངག་བཅུད་ཕྱུང་བ། །པད་འབྱུང་དགོངས་པའི་བཞེད་ཕུགས་གཞན་དུ་མེད། །དེ་ཕྱིར་སྔོན་འགྲོ་གནད་ཀྱི་གཟེར་ལྔ་སོགས། །ལྷན་(༢ན)


GLG022_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་འཕྲིན་ལས་འབྲིང་པོར་ཡོངས་བསྡེབས་པ། །རིན་ཅེན་འཕྲེང་བ་ཕྱག་བཞེས་འཁྲུལ་བྲལ་གྱི། །སྲད་བུར་བརྒྱུས་ནས་སྐལ་ལྡན་རྒྱན་དུ་སྤེལ། །དེ་ལ་འདིར་མཛོད་ལྔ་འདུས་པའི་ཟབ་གཏེར་གྱི་ནང་ཚན་ལྷོ་གསེར་མཛོད་སེར་པོ་ནས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིགས་འཛིན་རྒོད་ཀྱི་ལྡེམ་ཕྲུས་སྤྱན་དྲངས་པའི་ཐུགས་སྒྲུབ་དྲག་པོ་རྩལ་གྱི་འཕྲིན་ལས་འབྲིང་པོ་ལྷན་ཐབས་དང་སྦྱར་ཏེ་ཁྲིགས་ཆགས་སུ་བཀོད་པ་ལ། སྔོན་འགྲོ་རིན་ཅེན་གནད་ཀྱི་གཟེར་ལྔ་ནི། ན་མོ། ཀུན་བཟང་ཐུགས་ལ་ཕྱག་འཚལ་ལོ༔ དང་པོ་དད་ལྡན་སྐྱེས་བུ་རྣམས༔ འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས༔ ཡང་དག་སྙིང་པོའི་དོན་འཚོལ་ན༔ ལེགས་པར་ངན་སོང་སྡུག་བསྔལ་བསམ༔ དབེན་པའི་གནས་སུ་ཡོ་བྱད་བསགས༔ བདེ་བའི་སྟན་ལ་འདུག་པར་བྱ༔ རིན་ཅེན་གནད་ཀྱི་གཟེར་ལྔ་བརྩིས༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ བདག་དང་ཁམས་གསུམ་སེམས་ཅན་ཀུན༔ ལོག་པའི་ལམ་ལས་ལྡོག་ནས་ཀྱང་༔ དཀོན་ཅོག་གསུམ་ལ་སྐྱབས་སུ་འགྲོ༔ ཉོན་མོངས་དབང་གྱུར་སྡུག་བསྔལ་(༢བ)


GLG022_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ ཐར་བར་བྱ་ཕྱིར་སེམས་བསྐྱེད་དོ༔ བདག་གི་སྤྱི་བོར་ནམ་མཁའི་ཁམས༔ ཉི་ཟླ་པདྨའི་གདན་སྟེང་དུ༔ བླ་མ་བཀྲག་དང་གཟི་མདངས་ལྡན༔ མཛེས་པའི་ན་བཟའ་སྐུ་ལ་གསོལ༔ ཞལ་འཛུམ་མདངས་དང་ལྡན་པར་བསམ༔ ཤར་ཕྱོགས་མདུན་གྱི་ནམ་མཁའ་ལ༔ ཤཱཀྱ་སེང་གེ་ལ་སོགས་པའི༔ ཡི་དམ་ལྷ་ཚོགས་ཐམས་ཅད་ཀུན༔ ཁ་དོག་ལྔར་གསལ་རྣམ་དག་བསམ༔ ལྷོ་ཕྱོགས་བདེ་བར་གཤེགས་པའི་གསུང་༔ གླེགས་བམ་ཡི་གེའི་རྣམ་པ་ལ༔ དམ་ཆོས་མ་ལུས་འདུས་པར་བསམ༔ ནུབ་ཕྱོགས་བྱང་ཆུབ་སེམས་དཔའི་ཚོགས༔ རིགས་གསུམ་མགོན་པོ་བྱམས་པ་དང་༔ འགྲོ་དོན་མཛད་པ་ཐམས་ཅད་བསམ༔ བྱང་ཕྱོགས་དམ་ཆོས་སྐྱོང་བ་ཡི༔ ཆོས་སྐྱོང་མཁའ་འགྲོ་དམ་ཅན་རྣམས༔ བཀའ་ཉན་ལས་བྱེད་ཕོ་ཉར་བསམ༔ འོག་ཏུ་རིགས་དྲུག་སེམས་ཅན་རྣམས༔ སྙིང་རྗེའི་སེམས་ཀྱིས་ཀུན་བསྡུས་ནས༔ ལས་ལ་འགྱོད་པས་སེམས་བསྐྱེད་བསམ༔ རྩེ་གཅིག་གུས་པས་སྐྱབས་འགྲོ་བྱ༔ཀྱེ་མ། ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་ཀུན༔ བླ་མེད་དཀོན་ཅོག་གསུམ་ལ་སྐྱབས་སུ་མཆི༔ མ་རིག་མུན་པས་བསྒྲིབས་པའི་ལས་ངན་སྦྱངས༔ དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལ༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ བྱང་ཆུབ་མ་ཐོབ་བར་དུ་ཐུགས་རྗེས་གཟིགས༔ ཡོན་ཏན་ཀུན་འབྱུང་དངོས་གྲུབ་མཆོག་གི་གནས༔ བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི༔ གང་ལ་གང་འདུལ་འགྲོ་བའི་དོན་མཛད་པའི༔ ཡི་དམ་ལྷ་ཚོགས་རྣམས་ལ༝༔ སངས་རྒྱས་གསུང་ལས་སྤྲུལ་(༣ན)


GLG022_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡི་གེར་བྱོན༔ ཉོན་མོངས་འཇོམས་བྱེད་ཆོས་ལ༝༔ ཐུགས་རྗེ་ཆེན་པོས་འགྲོ་དོན་སྟོབས་ཆེན་མཛད༔ བྱང་ཆུབ་སེམས་དཔའི་ཚོགས་ལ༝༔ གདུལ་བྱའི་དོན་དུ་དྲག་པོའི་སྐུར་སྟོན་པ༔ ཆོས་སྐྱོང་དམ་ཅན་རྣམས་ལ༝༔ ཡོན་ཏན་ཀུན་འབྱུང་མ་ནས་འདི་བར་ཚར་གསུམ། བདག་གིས་དུས་གསུམ་བསགས་པའི་དགེ་བ་ཡིས༔ འགྲོ་བ་མ་ལུས་བྱང་ཆུབ་མཆོག་ཐོབ་ཤོག༔ རང་བྱུང་རིག་པ་རང་ཤར་ཆོས་ཀྱི་སྐུ༔ ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག༔ བདག་ནི་དུས་འདི་ནས་བཟུང་ཚེ་རབས་སུ༔ འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག༔ ཚར་གསུམ། དབང་པོ་རབ་འབྲིང་ཐ་མ་ཡིས༔ ཞག་གསུམ་ལྔའམ་བདུན་གྱི་བར༔ རིམ་པར་སྐྱབས་འགྲོ་སེམས་བསྐྱེད་བྱ༔ གཉིས་པ་བདག་འཛིན་བཀྲོལ་བ་ནི༔ བསོད་ནམས་ཚོགས་གཉིས་བསག་པའི་ཕྱིར༔ ཟས་དང་ལོངས་སྤྱོད་ཅི་འབྱོར་པ༔ འཕངས་དང་སྙིང་བརྩེ་ཐམས་ཅད་ཀུན༔ བདེ་གཤེགས་མཆོད་ཅིང་སྦྱིན་པར་བཏང་༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཎྜལ་འབུལ༔ ཞེས་གསུངས་པ་ལྟར། ཕྱིའི་མཎྜལ་ནི། ན་མོ། དབང་ཆེན་གཞལ་ཡས་དབུས་ཀྱི་ལྟེ་བ་ལ༔ རི་རྒྱལ་ལྷུན་པོ་བརྗིད་ཅིང་འགྱིང་བག་ལྡན༔ གསེར་གྱི་རི་བདུན་རོལ་བའི་མཚོ་བདུན་རྣམས༔ མཉེན་ལྕུག་སྲ་བརྟན་རིན་ཅེན་རྩིག་པར་གཏམས༔ གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་ཕྱོགས་མཚམས་བསྐོར༔ ལྷ་དང་མི་ཡི་འདོད་ཡོན་རྒྱན་གྱིས་གང་༔ ཉི་ཟླའི་འོད་ཀྱིས་འཇིག་རྟེན་མུན་པ་སེལ༔ ལྕགས་རི་མུ་ཁྱུད་མཐའ་ནས་ལེགས་པར་བསྐོར༔ (༣བ)


GLG022_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ལྟར་སྣོད་ཀྱི་འཇིག་རྟེན་སྣང་བ་འདི༔ བླ་མེད་དཀོན་ཅོག་གསུམ་ལ་གུས་པས་འབུལ༔ བདག་གཞན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས༔ ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག༔ ནང་གི་མཎྜལ་ནི༔ ན་མོ། འཇིག་རྟེན་ལས་ཀྱིས་འདུས་པའི་བར་དོ་རུ༔ བདག་ལུས་ཤིན་ཏུ་གཅེས་པར་བཟུང་བ་ཡི༔ ཡུལ་འཁོར་ལོངས་སྤྱོད་འདོད་པའི་ར་བར་བཅས༔ བྱམས་པའི་ཕ་མ་མཛའ་བའི་གྲོགས་དང་ནི༔ བུ་དང་བུ་མོ་གཅེས་པའི་འཁོར་གྱིས་བསྐོར༔ ཟས་ནོར་གོས་དང་ལོངས་སྤྱོད་རྒྱན་དང་ལྡན༔ བཀྲག་མདངས་མཛེས་པའི་ཁ་དོག་རང་འོད་བཅས༔ འཛིན་པའི་སེམས་ཀྱིས་གཅེས་པར་བཟུང་བ་ཡི༔ བདག་གི་འཇིག་རྟེན་འདི་ཡི་གཅེས་པ་ཀུན༔ གུ་རུ་རཏྣ་སྤྲུལ་པའི་སྐུ་ལ་འབུལ༔ བདག་གི་ཉོན་མོངས་འཛིན་པའི་ཡུལ་དག་ནས༔ དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལ༔ གསང་བའི་མཎྜལ་ནི། ཧཱུཾ། བདག་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་དུ༔ སེམས་ཀྱི་རྟེན་གནས་ཙིཏྟ་འབར་བ་ལ༔ དབང་པོ་སྒོ་ལྔའི་རྟེན་གྱིས་མཐའ་བརྟེན་བྱས༔ རྣམ་ཤེས་ཚོགས་བརྒྱད་འཁོར་གྱིས་རབ་ཏུ་བརྒྱན༔ ཤ་ཁྲག་རུས་པ་ནང་འཁྲོལ་སྣ་ཚོགས་ལྡན༔ མིག་གཉིས་དངས་མའི་འོད་ཀྱིས་མུན་པ་སེལ༔ བདག་ལུས་ལོངས་སྤྱོད་རྒྱས་པའི་སྒྱུ་ལུས་འདི༔ ངེས་པའི་དོན་སྟོན་བླ་མ་ཉིད་ལ་འབུལ༔ བདག་གི་ལམ་གྱི་འཁྲུལ་སྣང་ཀུན་དག་ནས༔ རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལ༔ གསུམ་པ་སྒྲིབ་སྦྱོང་བཤགས་པའི་གཟེར༔ ལས་ཀྱི་སྒྲིབ་པ་མ་དག་པར༔ ཡང་དག་སྙིང་པོ་མི་རྟོགས་པས༔ རང་གི་སྒྱུ་ལུས་བེམ་པོ་འདིའི༔ སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ ཨཱཿལས་རྡོ་རྗེ་སེམས་(༤ན)


GLG022_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཉིད༔ དུང་མདོག་ཞལ་གཅིག་ཕྱག་གཉིས་པ༔ རིན་ཅེན་རྒྱན་གྱིས་མཛེས་པར་བརྒྱན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་མཛད༔ དེ་ཡི་ཐུགས་ཀར་ཡི་གེ་ཨཱཿ ཨཱཿལས་འོད་འཕྲོས་མདངས་དང་ལྡན༔ ཨཱཿལས་བདུད་རྩིའི་ཆུ་རྒྱུན་བབས༔ བདག་གི་སྤྱི་གཙུག་རྐང་མཐིལ་བར༔ ཕྱི་ནང་ལུས་བཀྲུས་དག་པར་བསམ༔ ཡི་གེ་བརྒྱ་པ་དང་། ཨཱོཾ་བཛྲ་སཏྭ་ཧཱུཾ་ཨཱཿ ཐུན་བཞི་ཐུན་དྲུག་གང་བདེའི་བར༔ ཡང་སྙིང་གཟུངས་དང་བཅས་པ་བཟླས༔ དབང་པོ་རབ་འབྲིང་ཐ་མ་ཡིས༔ ཞག་གསུམ་བདུན་ནམ་ཉེར་གཅིག་གམ༔ རིམ་པར་སྒྲིབ་སྦྱོང་ལས་ལ་འབད༔ བཞི་པ་མི་རྟག་བསྐུལ་འདེབས་གཟེར༔ རང་གི་ཡུལ་འཁོར་ཁང་ཁྱིམ་དང་༔ ས་རྡོ་རི་བྲག་འཇིག་རྟེན་ཁམས༔ བརྩིག་དང་གནས་དང་འཇིག་པ་དང་༔ དུས་ཀྱི་འཕོ་འགྱུར་ལེགས་པར་བསམ༔ བར་དུ་རང་གི་དགྲ་དང་གཉེན༔ སྲོག་ཆགས་ཀུན་དང་རང་གི་ལུས༔ སྐྱེ་དང་གསོན་དང་འཆི་བར་བསམ༔ ཐ་མ་འཁོར་བ་རིགས་དྲུག་གི༔ སྡུག་བསྔལ་རིམ་པར་བརྟག་ཅིང་བསམ༔ ཐུན་དུ་བཅད་ལ་མི་རྟག་བསྒོམ༔ མི་རྟག་བསྒོམས་པས་ཆོས་ལ་འཇུག༔ ལྔ་པ་བླ་མའི་རྣལ་འབྱོར་ནི༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཐུགས་རྗེས་འགྲོ་བའི་དོན་མཛད་ཀྱང་༔ བདག་ནི་འཁོར་བའི་གནས་སུ་འཁྱམས༔ ད་ལྟ་ངེས་པའི་དོན་སྟོན་པའི༔ བླ་མ་དེ་ནི་སངས་རྒྱས་ཀྱི༔ སྤྲུལ་པ་ཡིན་ཏེ་སྐུ་དྲིན་ཆེ༔ དཔེར་ན་ཡིད་བཞིན་ནོར་བུ་(༤བ)


GLG022_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

དེ༔ འབྱུང་བ་ལྔ་ཡི་བཅུད་ཡིན་ཀྱང་༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ༔ རྩོལ་བ་མེད་པར་གྲོགས་སུ་འབྱུང་༔ རྒྱལ་པོ་དགུང་དུ་གཤེགས་པའི་ཚེ༔ ས་རྡོ་གཞན་གྱིས་མི་ཐུབ་པར༔ འབྱུང་བ་ལྔ་ལ་ཟང་ཐལ་དུ༔ གཤེགས་ཏེ་རྒྱ་མཚོ་ཆེན་པོའི་ནང་༔ རིན་ཅེན་གསེར་གྱི་ས་གཞི་ལ༔ ནོར་བུ་རིན་ཅེན་ཆགས་པར་འགྱུར༔ དེ་བཞིན་མན་ངག་ཟབ་མོའི་ཆོས༔ ངེས་དོན་སྟོན་པའི་བླ་མ་དེ༔ སངས་རྒྱས་ཀུན་གྱི་སྤྲུལ་པ་ཡིན༔ བདག་ལ་སངས་རྒྱས་དངོས་ལས་ལྷག༔ ལས་ཅན་གང་ཟག་ཡོད་པའི་སར༔ རྩོལ་བ་མེད་པར་འབྱུང་བར་འགྱུར༔ དད་མེད་ལོག་ལྟ་སྡིག་སྤྱོད་གནས༔ དེར་ནི་བཞུགས་པར་མི་འགྱུར་ཏེ༔ དག་པའི་ཞིང་དུ་གཤེགས་པར་འགྱུར༔ གསང་སྔགས་ངེས་པའི་དོན་འདོད་ན༔ བླ་མའི་རྣལ་འབྱོར་བསྒོམ་པར་བྱ༔ ཞེས་གསུངས་སོ༔ ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ གསང་མཚན་ཐུགས་སྒྲུབ་བླ་མ་ཡི༔ རྣལ་འབྱོར་པདྨ་བདག་གིས་བཤད༔ ཧཱུཾ། རང་ལུས་དེར་འཛིན་མེད་པ་ཡི༔ སྤྱི་བོར་པདྨ་ཉི་ཟླ་དང་༔ དར་ཆེན་ལྟབ་ཁྲི་བརྩེགས་པའི་གདན༔ དེ་སྟེང་གུ་རུ་དྲག་པོ་རྩལ༔ མཐིང་ནག་འཇིགས་པའི་ཆ་ལུགས་ལ༔ ཞལ་གཅིག་ཕྱག་གཉིས་བརྗིད་པའི་སྐུ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་གདེངས༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་དོར་སྟབས་རུ་དྲ་བརྫིས༔ ཞལ་བགྲད་མཆེ་གཙིགས་ཨག་ཚོམས་འབར༔ སྤྱན་གསུམ་ཉི་ཟླ་ལྟ་བུར་གཟིགས༔ དབུ་སྐྲའི་ཐོར་ཚུགས་དར་གྱིས་བཅིངས༔ རིགས་ལྔའི་སངས་རྒྱས་དབུ་ལ་བརྒྱན༔ རིན་ཅེན་རུས་རྒྱན་དུར་ཁྲོད་ཆས༔ ཐམས་ཅད་སྐུ་ལ་ལེགས་པར་(༥ན)


GLG022_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན༔ ཟབ་ཆེན་བརྗིད་པའི་ན་བཟའ་གསོལ༔ གར་དགུའི་ཉམས་དང་ལྡན་པ་ལ༔ འགྱིང་བག་རོལ་པའི་སྟབས་སུ་བཞུགས༔ ཞལ་ནས་ཧཱུཾ་གི་སྒྲ་ཆེན་སྒྲོག༔ ཐུགས་ནི་དྲག་པོའི་ངར་དང་ལྡན༔ དུས་གསུམ་སངས་རྒྱས་ཡི་དམ་ལྷ༔ རྣམ་དག་བརྒྱུད་པའི་བླ་མ་རྣམས༔ བཀྲག་མདངས་འོད་དུ་མེར་རེ་རེ༔ མ་ཧཱ་གུ་རུའི་སྐུ་ལ་འདུས༔ ཀུན་འདུས་བླ་མའི་ངོ་བོ་ལ༔ རྩེ་གཅིག་དད་པས་ཕྱག་འཚལ་ལོ༔ གཉིས་མེད་རོལ་པའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ དེ་ནས་བརྒྱུད་པའི་གསོལ་བ་གདབ༔ ཨཱོཾ་ཨཱཿཧཱུཾ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ལ་གསོལ་བ་འདེབས༔ རང་བྱུང་རྣམ་པར་དག་པའི་གཞལ་ཡས་སུ༔ ལོངས་སྐུ་རྒྱལ་བ་རིགས་ལྔ་ལ༝༔ ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་རུ༔ གསང་བདག་ཕྱག་ན་རྡོ་རྗེ་ལ༝༔ བྱང་ཆུབ་སེམས་ཀྱི་གཞལ་ཡས་ཆེན་པོ་རུ༔ སྨུག་ནག་དབང་གི་མཁའ་འགྲོ་ལ༝༔ གནས་ཆེན་རི་རྒྱལ་ལྷུན་པོའི་རྩེ་མོ་རུ༔ ཚངས་པའི་རྒྱལ་པོ་གདོང་གསུམ་ལ༝༔ སྟེང་ཕྱོགས་རྣམ་པར་རྒྱལ་བའི་ཁང་བཟང་དུ༔ རིགས་འཛིན་ལྷ་དབང་བརྒྱ་བྱིན་ལ༝༔ སིནྡྷུ་རྒྱ་མཚོ་རོལ་པའི་མཚོ་གླིང་དུ༔ རིགས་འཛིན་ཀླུ་རྒྱལ་འཇོག་པོ་ལ༝༔ རི་རྒྱལ་མ་ལ་ཡ་ཡི་རྩེ་མོ་རུ༔ སྐལ་ལྡན་རྒྱལ་པོ་ཛ་ལ༝༔ ཟ་ཧོར་ཡུལ་གྱི་གནས་མཆོག་དམ་པ་རུ༔ མཁས་པ་ཤཱཀྱ་པྲ་བྷ་ལ༝༔ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ རིགས་འཛིན་པདྨ་འབྱུང་གནས་ལ༝༔ ཆུ་བོ་ཆེན་པོ་གངྒཱའི་རྩ་བ་རུ༔ མཁས་པ་བི་མཱ་མི་ཏྲ་ལ༝༔ (༥བ)


GLG022_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

མ་བལ་ནགས་ཀྱི་རི་ཡི་རྩ་བ་རུ༔ བལ་པོ་ཤཱི་ལ་མཉྫུ་ལ༝༔ ལྷོ་ཕྱོགས་མོན་ཁ་སེང་གེའི་ཡང་རྫོང་དུ༔ མཁར་ཆེན་བཟའ་ཡི་འཚོ་རྒྱལ་ལ༝༔ རོང་ཞེས་གྲགས་པའི་བྲག་དམར་ཀེའུ་ཚང་དུ༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ལ༝༔ གནས་ཆེན་རི་རྒྱལ་བཀྲ་བཟང་ཤར་འདབས་སུ། །གཏེར་སྟོན་རིགས་འཛིན་ཡབ་སྲས་ལ༝། །ཐུགས་རྗེ་འགྱུར་མེད་གཞལ་ཡས་ཆེན་པོ་རུ། །དྲན་མཆོག་རྡོ་རྗེའི་མཚན་ཅན་ལ༝། །མཁའ་སྤྱོད་དག་པ་ཆེན་པོའི་གཞལ་ཡས་སུ། །སྔགས་འཆང་རྡོ་རྗེ་མགོན་པོ་ལ༝། ཤྲཱི་བྱང་རྫོང་དཔལ་གྱི་སྒྲུབ་ཁང་དུ། །མཚན་ལྡན་བྱམས་པ་བཤེས་གཉེན་ལ༝། །གནས་ཆེན་རྡོ་རྗེ་ཕུར་པའི་གཞལ་ཡས་སུ། །མཚན་ལྡན་ངག་དབང་གྲགས་པ་ལ༝། །བྱང་ཕྱོགས་སྐྱ་བོ་ཁ་གདངས་གནས་མཆོག་ཏུ། །ཆོས་རྗེ་སངས་རྒྱས་དཔལ་བཟང་ལ༝། །བདེ་གྲོལ་གསང་སྔགས་ཆོས་གླིང་ཕོ་བྲང་དུ། །ཐུགས་སྲས་ནམ་མཁའ་རྒྱལ་མཚན་ལ༝། སྦས་ཡུལ་ཡོལ་མོ་གངས་ཀྱི་ར་བ་རུ། །སྔགས་འཆང་ཤཱཀྱ་བཟང་པོ་ལ༝། །དཔལ་ཆེན་ཆུ་བོ་རི་ཡི་གནས་མཆོག་ཏུ། །མངའ་རིས་རིགས་འཛིན་ཆེན་པོ་ལ༝། །གུ་རུ་པདྨའི་ཨེ་ཝཾ་ལྕོག་སྒར་དུ། །ཆོས་རྒྱལ་དབང་པོའི་སྡེ་ཉིད་ལ༝། །སྨོན་ཐང་དཔལ་གྱི་དབེན་གནས་དམ་པ་རུ། །རིགས་འཛིན་ངག་གི་དབང་པོ་ལ༝། །བདེ་བའི་རྡོ་རྗེའི་མི་འགྱུར་ཕོ་བྲང་དུ། ཁྱབ་བདག་ཆོས་དབྱིངས་རང་གྲོལ་ལ༝། །གར་བཞུགས་དག་པའི་ཞིང་ཁམས་སོ་སོ་ན། །སྣ་ཚོགས་བརྒྱུད་པའི་བླ་མ་ལ༝། །ཐེག་མཆོག་ཆོས་ཀྱི་ཕོ་བྲང་ཆེན་པོ་ན། །ཆོས་རྒྱལ་གཏེར་བདག་གླིང་པ་ལ༝། །འབྲལ་མེད་སྙིང་ག་ཆོས་ཀྱི་ཕོ་བྲང་དུ། །(༦ན)


GLG022_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ཅན་རྩ་བའི་བླ་མ་ལ༝། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་རུ༔ རང་རིག་མ་ཧཱ་གུ་རུ་ལ༝༔ གཏེར་མཛོད་བསེ་སྒྲོམ་སྨུག་པོའི་གཞལ་ཡས་སུ༔ གསང་སྔགས་སྙིང་པོའི་མཐར་ཐུག་ལ༝༔ སྨུག་ནག་གྲུ་གསུམ་དབང་གི་གཞལ་ཡས་སུ༔ བཀའ་སྲུང་ཨེ་ཀ་ཛཱ་ཊཱི་ལ༝༔ རྩ་དང་ཐིག་ལེའི་གཞལ་ཡས་ཆེན་པོ་རུ༔ མ་དང་ཡེ་ཤེས་མཁའ་འགྲོ་ལ༝༔ བཀའ་དང་དམ་ཚིག་ཆེན་པོའི་གཞལ་ཡས་སུ༔ བཀའ་སྲུང་ཆོས་སྐྱོང་གཏེར་བདག་ལ༝༔ རང་སྣང་དག་པ་ཆེན་པོའི་གཞལ་ཡས་སུ༔ མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་ལ༝༔ དངོས་དང་བརྒྱུད་པའི་བླ་མ་ཁྱེད་རྣམས་ལ༔ རབ་གུས་རྩེ་གཅིག་གདུང་བས་གསོལ་བ་འདེབས༔ རང་རིག་མ་བཅོས་བླ་མའི་ངོ་བོ་རུ༔ ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས༔ དཔལ་ལྡན་རྩ་བའི་བླ་མ་བཀའ་དྲིན་ཆེ༔ མཆོག་གི་མཆོག་གྱུར་སྐུ་གསུང་ཐུགས་ཀྱི་དབྱིག༔ གསོལ་འདེབས་བརྒྱུད་འཛིན་སྐལ་ལྡན་བདག་ཅག་ལ༔ འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ བླ་མ་འོད་དུ་མེར་གྱི་ཞུ༔ བདག་གི་སྤྱི་བོར་ཐིམ་པ་ལས༔ ཐ་མལ་ལུས་འདི་འོད་དུ་ཞུ༔ བདག་གི་ལུས་ངག་ཡིད་གསུམ་པོ༔ མ་ཧཱ་གུ་རུའི་ངོ་བོར་གྱུར༔ རང་རིག་བླ་མའི་ངང་དེར་ནི༔ དར་ཅིག་མ་ཡེངས་གློང་ལ་བཞག༔ དེ་ནས་བླ་མའི་རྣམ་པར་ལྡང་༔ ཐམས་ཅད་སྐུ་གསུམ་བླ་མར་བལྟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨཱོཾ་ཨཱཿཧཱུཾ། མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། འཇིག་རྟེན་སྣང་བ་སྒྱུ་མར་གོ་ལགས་ཀྱང་། །འཕྲལ་སྣང་འདི་ལ་ད་དུང་བདག་འཛིན་(༦བ)


GLG022_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས། །བདག་གི་ཉོན་མོངས་བག་ཆགས་མ་སྟོངས་བར། །ཆགས་ཞེན་རྩད་ནས་ཆོད་པར་བྱིན་གྱིས་རློབས། །ཨཱོཾ༝། སྙིགས་མའི་ལས་ངན་མི་རྟག་རང་གཟུགས་ལ། །ངེས་འབྱུང་སྐྱེས་ནས་ཆགས་ཞེན་ཡུལ་བོར་ཡང་། །ཕྱིས་ནས་རང་བདེའི་ཡུལ་འདོད་དུཿཁས་མནར། །འདོད་སེམས་རྩད་ནས་ཆོད་པར༝། ཨཱོཾ༝། དུག་གསུམ་ཉོན་མོངས་སེལ་བའི་ཐབས་ཆེན་པོ། །རྒྱལ་བས་ལུང་བསྟན་མང་པོར་གསུངས་ལགས་ཀྱང་། །སྤོང་དཀའི་བག་ཆགས་དབང་དུ་ཤས་ཆེར་ཤོར། །ལས་ངན་རྩད་ནས་ཆོད་པར༝། །ཨཱོཾ༝། ཕྱི་རྐྱེན་ནང་རྐྱེན་དེ་མ་ཐག་པའི་རྐྱེན། །ཐམས་ཅད་བསྐྱེད་པའི་རྩ་བ་གཉིས་འཛིན་དུ། །ད་གཟོད་གོ་ཡང་མདུད་པའི་རྩ་མ་གྲོལ། །རང་སེམས་གཅེར་བུར་འཆར་བར༝། ཨཱོཾ༝། །གཉིས་འཛིན་སྒྲོག་ལས་གྲོལ་བར་བྱིན་གྱིས་རློབས། །ཤེས་པ་བཟོ་མེད་རང་ལུགས་ལྷུག་པ་ལ། །མཁས་ཀྱང་ལེགས་པའི་རང་བཟོ་མ་བྱས་ཤིང་། །བྱིང་འཐིབས་གཡེང་བའི་བཙོན་རར་མ་བཅིངས་པར། །བཀྲག་མདངས་རང་འོད་འཚེར་བའི་རིག་པ་འདི། །ཆོས་ཉིད་ཡངས་པའི་མ་དང་བུ་འཕྲད་ནས། །ལེ་ལོ་རྐྱེན་གྱི་གྲོགས་ཕྱིར་མ་འཐོམས་པར། །ལེགས་པའི་ཁང་བུར་གཅེས་པའི་གཉེར་བྱས་ཏེ། །མྱུར་དུ་ཆོས་ཉིད་མ་དང་བུ་འཕྲད་ནས། །ཕྱིན་ཆད་འགྲོ་དོན་སྟོབས་ཆེན་བྱེད་པར་ཤོག །བྱང་ཆུབ་སེམས་དཔའི་སྤྱོད་པ་བྱེད་པར་ཤོག །གཞན་དོན་དགེ་བ་རླབས་ཆེན་འགྲུབ་པར་ཤོག །འཁོར་བ་དོང་ནས་སྤྲུག་པའི་མཐུ་ཐོབ་ཤོག །ཅེས་པ་འདི་ནི་སྤྲུལ་སྐུ་རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་(༧ན)


GLG022_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱིས་མཛད་པའོ། །ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། ཐུགས་སྒྲུབ་ལས་བྱང་ཁ་བསྐང་ཕྱིར༔ བདག་ཉིད་ལྷ་ཡི་བསྒོམ་ཐབས་ལ༔ ལྷ་ཡི་དཀྱིལ་འཁོར་བསྒོམ་པ་ནི༔ སྟན་བདེ་བ་ལ་ལུས་ཙོག་པུར་འདུག༔ ལྷ་ཐམས་ཅད་ཀྱི་སྐུའི་ངོ་བོ་རྡོ་རྗེ་སློབ་དཔོན་ལ་འདུས་པས། བདག་ཉིད་ཀྱིས་ཧཱུཾ་ཧཱུཾ་ཞེས་བརྗོད་པས༔ སྐད་ཅིག་དྲན་རྫོགས་སུ་མ་ཧཱ་གུ་རུ་པདྨ་འབྱུང་གནས་རྡོ་རྗེ་དྲག་པོ་རྩལ་ཞེས་བྱ་བ། སྐུ་འཇིགས་པའི་ཆ་ལུགས་སུ་བསྟན་པ༔ གསུང་རྔམ་པའི་ང་རོ་སྒྲོག་པ༔ ཐུགས་དྲག་པོའི་ངར་དང་ལྡན་པ༔ འགྱིང་བག་དང་རོལ་པའི་སྟང་སྟབས་སུ་བཞུགས་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་འཕྱར་བ། གཡོན་པ་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན་པ། རུས་པའི་རྒྱན་དྲུག་དང་རིན་པོ་ཆེའི་དབུ་རྒྱན་དང་། སྦྲུལ་གྱི་གདུ་བུས་བརྒྱན་པ། ཁྲོ་གཏུམ་བརྗིད་པའི་གར་དགུ་དང་ལྡན་པ། སྤྱན་གསུམ་ཉི་ཟླ་འཁྱིལ་བ་ལྟར་གཟིགས་པ། ཚེམས་གངས་རི་གཏམས་པ་ལྟར་བཞད་པ༔ ཨག་ཚོམས་དུས་མཐའི་མེ་ལྟར་འབར་བ། ཞལ་ནས་ཧཱུཾ་གི་སྒྲ་འབྲུག་ལྟར་སྒྲོག་པ༔ ཟ་འོག་གི་བེར་སྨུག་པོ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། དབུ་སྐྲའི་ཐོར་ཚུགས་རུས་པས་བརྒྱན་པ། ཞབས་གཉིས་སྟང་སྟབས་སུ་བགྲད་དེ་ཉི་ཟླ་པདྨའི་སྟེང་དུ་རཀྴ་སྲིན་པོ་ཕོ་མོ་བརྫིས་པའི་གདན་ལ་བཞུགས་པ༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན་འགྱིང་བག་ཏུ་བརྗིད་པ༔ ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་གྱུར༔ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། བརྒྱ་ཙམ་བཟླ༔ ཐུགས་(༧བ)


GLG022_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལས་བྱང་ཁ་བསྐང་ཕྱིར། རྒྱལ་ཆེན་སྡེ་བཞིའི་མཆོད་ཐབས་ལ། ཧཱུཾ། བདག་ཉིད་ལྷ་ཡི་ཐུགས་ཀ་ནས། དཀར་སེར་དམར་ལྗང་ཧཱུཾ་ཆེན་བཞི། འཕྲོས་འདུས་འོད་དུ་ཞུ་བ་ལས། ཡེ་ཤེས་རྒྱལ་པོ་བཞི་རུ་གྱུར། ཨཱོཾ་ཛྙཱ་ན་རཱ་ཛ་ས་མ་ཡ་ཧཱུཾ་ཛཿ ཧཱུཾ། རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ན། ཕོ་བྲང་ཆེན་པོ་སྤོས་ངད་ལྡན། ཟབ་ཅིང་རྒྱ་ཆེ་གཟིགས་འཕགས་པོ། རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུང་། སྐུ་མདོག་དཀར་པོ་པི་ཝཾ་འཛིན། བཙུན་མོ་སྲས་དང་བློན་པོར་བཅས། འཁོར་ནི་དྲི་ཟ་འབུམ་གྱི་བསྐོར། སྡེ་བོ་ཆེ་ལ་སྟོབས་པོ་ཆེ། མཆོད་གཏོར་འདི་བཞེས་ཤར་ཕྱོགས་ཀྱི། གདོན་རྣམས་བཟློག་ཅིང་ཕྱི་མཚམས་སྲུངས། ཧཱུཾ། རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ན། ཕོ་བྲང་ཆེན་པོ་བཻ་ཌཱུཪྻ། ཟབ་ཅིང་༝། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། སྐུ་མདོག་སེར་པོ་རལ་གྲི་འཛིན། བཙུན་མོ༝། འཁོར་ནི་གྲུལ་བུམ༝། སྡེ་བ༝། མཆོད་གཏོར་འདི་བཞེས་ལྷོ་ཕྱོགས་ཀྱི། གདོན་རྣམས༝། ཧཱུཾ། རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ན། ཕོ་བྲང་ཆེན་པོ་རྒྱ་མཚོའི་རྦ། ཟབ་ཅིང་༝། རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། སྐུ་མདོག་དམར་པོ་སྦྲུལ་ཞགས་འཛིན། བཙུན་མ༝། འཁོར་ནི་ཀླུ་དབང་༝། སྡེ་བོ་ཆེ་ལ་སྟོབས་པོ་ཆེ། མཆོད་གཏོར་འདི་བཞེས་ནུབ་ཕྱོགས་ཀྱི། གདོན་རྣམས༝། ཧཱུཾ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན། ཕོ་བྲང་ཆེན་པོ་ལྕང་ལོ་ཅན། ཟབ་ཅིང་༝། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། སྐུ་མདོག་ལྗང་གུ་རྒྱལ་མཚན་འཛིན། བཙུན་མོ༝། འཁོར་ནི་གནོད་སྦྱིན༝། སྡེ་བོ༝། མཆོད་གཏོར་འདི་བཞེས་བྱང་ཕྱོགས་ཀྱི། གདོན་རྣམས༝། (༨)


GLG022_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། རྒྱལ་པོ་ཆེན་པོ་སྡེ་བཞི་པོ། དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། གསང་སྔགས་བསྟན་པ་བསྲུང་བའི་ཕྱིར། བར་ཆད་འདུལ་བར་མཛད་དུ་གསོལ། ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ། བདག་འདྲ་པད་མ་འབྱུང་གནས་ཀྱིས། ལྔ་བརྒྱ་ཐ་མ་ཤར་བའི་ཚེ། རི་བོ་བཀྲ་བཟང་ཤར་འདབས་སུ། ལས་ཅན་སྦས་པའི་རྣལ་འབྱོར་པ། རྒོད་ཀྱི་ལྡེམ་ཕྲུ་ཅན་ཞིག་འབྱུང་། དེ་ཕྱིར་ང་ཡི་ཐུགས་སྒྲུབ་བཞག །ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་ཡིན། ནོར་སྒྲུབ་རིན་ཅེན་སྤུངས་པ་ཡིན། སྡེ་བརྒྱད་འདུལ་བའི་གཉེན་པོ་ཡིན། སྒྲུབ་ཆེན་བཀའ་བརྒྱད་འདུས་པ་ཡིན། པདྨ་འབྱུང་གནས་སྙིང་ཐིག་ཡིན། མཁའ་འགྲོ་རྣམས་ཀྱི་སྙིང་ཁྲག་ཡིན། ཀུན་བཟང་ཐུགས་ཀྱི་དགོངས་པ་ཡིན། ལས་ཅན་བུ་ཡི་དངོས་གྲུབ་ཡིན། ང་ཡི་རྗེས་འཇུག་རྣལ་འབྱོར་པ། མན་ངག་འདི་དང་འཕྲད་པའི་ཚེ། བརྩོན་འགྲུས་དྲག་པོས་བར་ཆད་སྤོངས། ཉམས་ལེན་དྲག་པོས་དངོས་གྲུབ་ཐོབ། ཐེ་ཚོམ་སྤོངས་ལ་སྒྲུབ་པ་མཛོད། བུ་ཁྱོད་ཡི་དམ་འདི་ལ་མཛོད། བདག་དང་གཞལ་མཇལ་ལུང་སྟོན་ངེས། ཨེ་མ་ཧོ། འདི་ཉིད་སྒྲུབ་པའི་རྣལ་འབྱོར་པས། དབེན་པའི་གནས་སུ་མཎྜལ་བཤམ། མདུན་དུ་པདྨ་ང་ཡི་སྐུ། རབ་གནས་ལྡན་པ་བཞུགས་སུ་གསོལ། ཐུགས་སྒྲུབ་སེམས་ལ་ལོངས་སྤྱོད་ཕྱིར། སྒྲུབ་རྫས་མཆོད་གཏོར་བཤམ་མི་འཚལ། སྤྱན་འདྲེན་མཆོད་བསྟོད་བསྐུལ་མི་དགོས། དཀྱིལ་འཁོར་གསུམ་གྱི་སྒྲུབ་པ་བྱ། དེ་ནས་བསྙེན་པའི་རྟགས་རྫོགས་ནས། དངོས་གྲུབ་བླང་བའི་ཆོ་ག་བྱ། མཆོད་རྫས་སྤྱན་གཟིགས་སྣ་ཚོགས་(༨བ)


GLG022_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

བཤམ། ཐུགས་སྒྲུབ་འཕྲིན་ལས་ཏིང་འཛིན་ནི། ཧཱུཾ། དང་པོ་རང་ཉིད་དབེན་པའི་གནས་སུ་འདུག །ཕྱི་ནང་སྣོད་བཅུད་སྣང་བ་ཐམས་ཅད་ཀུན། རང་རིག་སེམས་ལས་བྱུང་བའི་ཆོ་འཕྲུལ་ཏེ། །སེམས་ཉིད་དངོས་པོ་གཟུང་འཛིན་བྲལ་བའི་ངང་། དེ་ལྟར་རྟོགས་ན་བགེགས་རྣམས་རང་སར་གྲོལ། ཧཱུཾ། དེ་ཉིད་ངང་ལས་སྐད་ཅིག་དྲན་རྫོགས་སུ། འཇིགས་བྱེད་ཆེན་པོ་རྡོ་རྗེ་དྲག་པོ་རྩལ། བསྐལ་པའི་མེ་འབར་རྡོ་རྗེའི་ཚ་ཚ་འཕྲོ། འཇིག་རྟེན་ཐམས་ཅད་རྨང་ནས་ལྡེག་ཅིང་འཁྲུག །བདུད་དང་དམ་སྲི་བགེགས་རིགས་བརླག་པར་བྱེད། བཤགས་པ་བྱ་བ་ནི། ཧཱུཾ། དུས་གསུམ་བདེ་གཤེགས་མཁའ་འགྲོ་དམ་ཅན་རྣམས། ཏིང་འཛིན་རྩེ་གཅིག་དད་པས་སྤྱན་དྲངས་ནས། བསྐལ་པ་དཔག་མེད་དུས་ནས་ད་ལྟའི་བར། དུག་ལྔའི་དབང་གྱུར་ངན་སོང་གསུམ་གྱི་ལས། ལུས་ངག་ཡིད་གསུམ་སྡིག་སྒྲིབ་མཐོལ་ལོ་བཤགས། བྱིན་དབབ་པ་ནི། ཧཱུཾ། བདག་ཉིད་སྡིག་སྒྲིབ་དག་པའི་ཕུང་པོ་ལ། ལྷ་རྣམས་དགྱེས་ཤིང་འོད་ཟེར་སྟོང་གསུམ་གང་། བདག་ལ་ཐིམ་པས་ཡི་དམ་ལྷར་གྱུར་ཏེ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡི། མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཆེན་ཕོབ། བདུད་རྩི་བྱིན་རླབས་ནི། ཧཱུཾ། བདག་ལས་འོད་འཕྲོས་བྷནྡྷ་གཞལ་ཡས་ཁང་། གཡས་གཡོན་ཐབས་དང་ཤེས་རབ་ཕྱག་རྒྱ་ལས། རིགས་ལྔ་ཡབ་ཡུམ་སྦྱོར་མཛད་བྱང་ཆུབ་སེམས། བདུད་རྩི་མུ་ཏིག་དཀར་པོ་ཆར་ལྟར་བབས། སྣོད་བཅུད་ཐམས་ཅད་བདུད་རྩིའི་རྒྱ་མཚོས་གང་། ཧྲཱིཿམ། མཐེབ་སྲིན་སྦྱར་བ་རྟ་མགྲིན་ཡུམ་བཞིར་བཅས། བདུད་


GLG022_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་འཁྱིལ་ཞིང་དངོས་གྲུབ་སྟེར་མཛད་ལྷ། བདག་ལ་རེག་པས་དམ་ཚིག་ཉམས་སྒྲིབ་དག །རྫས་ལ་གཏོར་བས་མ་དག་སྐྱོན་རྣམས་སྦྱངས། བགེགས་ལ་ཕོག་པས་བདུད་དང་དམ་སྲི་བསྐྲད། གཏོར་མ་བྱིན་རླབས་ནི། ཧཱུཾ། སྣོད་ཀྱི་འཇིག་རྟེན་དུར་ཁྲོད་ཁོག་པ་རུ། སྙིང་ཁྲག་ཤ་རུས་ཆུ་སེར་ཉོན་མོངས་ལྔ། རྣམ་དག་ཡེ་ཤེས་ལྔ་དང་འདོད་ཡོན་དྲུག། བཅུད་ཀྱི་འཇིག་རྟེན་ལྷ་མོ་དྲུག་གིས་ཁེངས། དམ་རྫས་གཏོར་མ་མཆོད་པར་བྱིན་གྱིས་བརླབས། རཀྟ་བྱིན་རླབས་ནི། ཧཱུཾ། བྷནྡྟ་འབར་བ་རཀྟ་དམར་གྱི་སྣོད། ཁམས་གསུམ་འཁོར་བའི་རྒྱུ་ནི་འདོད་ཆགས་ཏེ། རྣམ་ཤེས་ཚོགས་བརྒྱད་འདུས་པའི་རྩ་ཆེན་ཁྲག །རཀྟ་ཆོས་ཉིད་སྐྱེ་བ་མེད་པ་ལ། གསང་བ་ཡུམ་གྱི་ཐིག་ལེ་བདེ་བའི་ངང་། ཕྱི་མཆོད་བྱིན་རླབས་ནི། ཧཱུཾ། ཨརྒྷཾ་བདུག་སྤོས་མེ་ཏོག་མར་མེ་དང་། དྲི་ཆབ་ཕྱི་ཡི་མཆོད་པ་རྣམ་པ་ལྔ། ཡིད་འོང་མཛེས་པའི་ལྷ་མོ་རྣམ་པ་ལྔས། རྣམ་དག་གཙང་མར་སྦྱར་ཏེ་བསྣམས་ནས་ཀྱང་། ཡི་དམ་ལྷ་དང་མཁའ་འགྲོ་མཆོད་པའི་རྫས། དངོས་གཞི་ལ། དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། ཧཱུཾ། འདི་ལྟར་སེམས་ཀྱི་རྩལ་སྣང་མ་འགགས་པ། སྣ་ཚོགས་སྣང་བ་འདི་ནི་ཡེ་ཤེས་ཏེ། སྣང་བའི་དུས་ན་ངོ་བོ་སྟོང་པའི་ངང་། ཆོས་ཀྱི་དབྱིངས་ཉིད་སྤྲོས་དང་བྲལ་བར་གནས། དབྱེར་མེད་བྱང་ཆུབ་སེམས་ནི་བདེ་བ་ཆེ། ཀུན་ཏུ་སྣང་བའི་ཏིང་འཛིན་ནི། །ཧཱུཾ། དེ་ལྟར་མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས། སྙིང་རྗེ་ཆེན་པོ་བྱམས་པའི་ཏིང་འཛིན་གྱིས། རང་རིག་འོད་ཟེར་ཁ་དོག་ལྔ་དང་ལྡན། (༩བ)


GLG022_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་འཚེར་སྣང་བ་མ་འགགས་དངས་པ་ལ། ངོ་བོ་བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ། རྒྱུའི་ཏིང་འཛིན་ནི། ཧཱུཾ། དེ་ལས་འོད་ལྔ་འདུས་པའི་ཡི་གེ་ནི། ཧཱུཾ་ཆེན་སྔོན་པོ་འབར་བ་ཉི་ཟླ་བཞིན། སྣང་སྟོང་དབྱེར་མེད་ངང་དུ་གསལ་བར་ཤར། སྐར་ཆེན་ཐང་ལ་བབས་པའི་ཚུལ་བཞིན་དུ། འབྲས་བུ་རྒྱུ་ཡི་ཡི་གེ་ཧཱུཾ་དུ་ཤར། འབྱུང་བ་རིམ་བརྩེགས་ནི། ཧཱུཾ། ཡི་གེ་ཧཱུཾ་ལས་ཧཱུཾ་ལྔ་འཕྲོས་པ་ལས། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། གངས་ལ་ཐིག་པ་བབ་པ་བཞིན་དུ་ཆགས། དེ་ལས་འོད་འཕྲོས་འབྱུང་བ་ཆེན་པོ་ལྔ། འོག་གཞི་དབང་ཆེན་གཞལ་ཡས་གསལ་བར་བསྒོམ། ཡེ་ཤེས་ལྔ་དང་ཡུམ་ལྔ་རྣམ་དག་ཀློང་། ཧཱུཾ། ནམ་མཁའ་མཐིང་ནག་གྲུ་གསུམ་གདལ་བ་ལ། རླུང་ནག་རྡོ་རྗེ་རྒྱ་གྲམ་རབ་ཏུ་གཡོ། མེ་དཔུང་བསྐལ་པ་དུས་མཐའི་མེ་ལྟར་འབར། རཀྟའི་རྦ་རླབས་རྒྱ་མཚོའི་ཀློང་ལྟར་འཁྱིལ། ཀེང་རུས་ཆེན་པོའི་རི་རབ་ལྷུན་སྡུག་བརྗིད། ཧཱུཾ། རྒྱུ་ཡི་ཡི་གེ་ཉིད་ལས་འོད་འཕྲོས་པས། སྣང་བ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀུན། བདག་གི་གཟུགས་ཀྱི་ཕུང་པོ་གཞལ་ཡས་ཁང་། ཙིཏྟའི་གའུ་རིན་ཅེན་ཕོ་བྲང་མཛེས། རྩ་ཆེན་རྩ་ཕྲན་ཀ་གདུང་རྒྱན་དང་ལྡན། བྷནྡྷའི་རྩིག་པ་ནང་ཁྲོལ་དྲ་བར་ལྡན། རྣམ་ཤེས་ཚོགས་བརྒྱད་གཟེར་གྱིས་རབ་ཏུ་གཏམས། གསལ་བྱེད་མིག་གཉིས་ཉི་ཟླའི་མཐོངས་ཁུང་ལ། སྟེང་འོག་རྒྱུ་ལམ་བཞི་ལ་སྒོ་བཞི་གནས། བྱང་ཆུབ་སེམས་ལས་ཀུན་འབྱུང་གཞལ་ཡས་ཁང་།ཧཱུཾ། རྒྱུ་ཡི་ཡི་གེ་འོད་འཕྲོས་འདུས་པ་ལས། མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང་། སྲིན་པོ་རུ་དྲ་བརྫིས་པའི་གདན་སྟེང་དུ། མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ། (༡༠ན)


GLG022_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་རང་བྱུང་རང་ཤར་གསལ་བར་བསྒོམ། ཧཱུཾ། སྐུ་མདོག་མཐིང་ནག་འཇིགས་པའི་ཆ་ལུགས་ལ། ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་བསྣམས། ཕྱག་གཡོན་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན། རིན་ཅེན་རུས་རྒྱན་ཟབ་ཆེན་བེར་ལ་སོགས། མཁའ་འགྲོ་དམ་ཅན་དབང་སྡུད་རྒྱན་གྱིས་བརྒྱན། དུར་ཁྲོད་ཆས་བརྒྱད་བརྗིད་པའི་གར་དགུ་ལྡན། སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིས། ལྷ་ཚོགས་ཐམས་ཅད་ཉིད་ཀྱི་སྐུ་ལ་རྫོགས། བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ། ཞབས་གཉིས་གྱད་ཀྱི་འགྱིང་བག་སྟབས་སུ་བཞུགས། སྤྱི་བོ་ཚངས་པའི་བུ་གའི་རྩ་འདབ་སྟེང་། མགོན་པོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྫོགས། ཀླད་པ་དུང་ཁང་རྩ་ཡི་འཁོར་ལོ་ལ། འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐམས་ཅད་རྫོགས། མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབ་ལ། པདྨ་གསུང་གི་ལྷ་ཚོགས་ཐམས་ཅད་རྫོགས། སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ལ། རྡོ་རྗེ་ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་རྫོགས། ལྟེ་བ་འཁོར་ལོ་འདུས་པའི་རྩ་འདབ་ལ། བདུད་རྩི་ཡོན་ཏན་ལྷ་ཚོགས་ཐམས་ཅད་རྫོགས། གསང་གནས་བདེ་སྐྱོང་འཁོར་ལོའི་རྩ་འདབ་ལ། ཆེ་མཆོག་མ་མོའི་ལྷ་ཚོགས་ཐམས་ཅད་རྫོགས། རྩ་ཆེན་རྩ་ཕྲན་སྟོང་གི་འཁོར་ལོ་ལ། མཁའ་འགྲོ་འབུམ་ཕྲག་མང་པོའི་ལྷ་ཚོགས་རྫོགས། དབུ་ལ་རྒྱལ་བ་རིགས་ལྔས་དབང་བསྐུར་མཛད། སྐུ་ནི་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས། ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་ལ། འཇིགས་བྱེད་ཁྲོ་བཅུའི་ལྷ་ཚོགས་ཐམས་ཅད་རྫོགས། ཕྱག་གཡོན་གསེར་(༡༠བ)


GLG022_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དྲིལ་བུ་ཁྲོ་མོ་བཅུ། ཞབས་གཉིས་བརྐྱང་བསྐུམ་རུ་དྲ་བརྫིས་པ་ལ། ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་སྲོག་རྩ་འདུས། དེ་ནས་རོལ་མོའི་སྒྲ་དང་བཅས། གདུང་བའི་དབྱངས་ཀྱིས་སྤྱན་དྲང་བ་ནི། ཧཱུཾ། སྔོན་གྱི་བསྐལ་པའི་དང་པོ་ལ། ཨྱོན་ཡུལ་གྱི་ནུབ་བྱང་མཚམས། པདྨ་གེ་སར་སྡོང་པོ་ལ། ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། པདྨ་འབྱུང་གནས་ཞེས་སུ་གྲགས། འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱོད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི། བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། ཧཱུཾ། དྷ་ན་ཀོ་ཤའི་མཚོ་གླིང་དུ། དྲག་པོའི་བརྟུལ་ཞུགས་མཛད་པའི་ཚེ། སངས་རྒྱས་ཀུན་གྱིས་དབང་བསྐུར་མཛད། མཁའ་འགྲོ་དམ་ཅན་དབང་དུ་བསྡུས། རྡོ་རྗེ་ཕག་མོ་ཡུམ་དང་རོལ། ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ། བདུད་དང་ལོག་འདྲེན་ཐམས་ཅད་བསྒྲལ། གསང་མཚན་རྡོ་རྗེ་དྲག་པོ་རྩལ། རྡོ་རྗེ་སྲིན་པོའི་ལྷ་ཚོགས་རྣམས། གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། ཧཱུཾ། མ་གཡེལ་མ་གཡེལ་རིགས་འཛིན་ཚོགས། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡི། བླ་མ་ཀུན་འདུས་ཐོད་ཕྲེང་རྩལ། གནས་འདིར༝། ཧཱུཾ། མ་གཡེལ་མ་གཡེལ་ཡི་དམ་ལྷ། སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ཀྱི། ཡི་དམ་ཀུན་འདུས་བྲག་པོ་རྩལ། གནས་འདིར༝། ཧཱུཾ། མ་གཡེལ་མ་གཡེལ་དམ་ཅན་ཚོགས། མཁའ་འགྲོ་གིང་དང་བཀའ་ཉན་རྣམས། སྔོན་གྱི་དམ་ཚིག་རྗེས་དགོངས་ལ། གནས་འདིར༝། ཧཱུཾ། བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས། དགོངས་ཤིག་ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས། རྗེ་བཙུན་ཆེན་པོ་(༡༡ན)


GLG022_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཐོད་འཕྲེང་རྩལ། རིགས་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ། དབུ་སྐྲ་མཛེས་པའི་ཐོར་ཚུགས་ཤིགས་སེ་ཤིག །རིན་ཆེན་རྒྱན་ཆ་མང་པོ་སིལ་ལི་ལི། དུར་ཁྲོད་རུས་པའི་རྒྱན་ཆ་ཁྲོལ་ལོ་ལོ། སྒྲ་དང་རོལ་མོ་མང་པོ་འུར་རུ་རུ། ཡི་དམ་ལྷ་ཚོགས་ཧཱུཾ་སྒྲ་དིར་རི་རི། མཁའ་འགྲོ་སྡེ་ལྔའི་གར་བྱེད་ཤིགས་སེ་ཤིག །གིང་ཆེན་དཔའ་བོའི་བྲོ་རྡུང་ཁྲབས་སེ་ཁྲབ། མ་མོ་མཁའ་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ། ཕྱོགས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུགས་སེ་ཁྱུག །ཞུབ་ཅན་སྟོང་གི་སྒྲ་སྐད་སིལ་ལི་ལི། གཡས་ན་ཕོ་རྒྱུད་ཐམས་ཅད་ཤར་ར་ར། གཡོན་ན་མོ་རྒྱུད་ཐམས་ཅད་ཤར་ར་ར། བར་སྣང་ཐམས་ཅད་དར་དུ་ལྷབས་སེ་ལྷབ། དྲི་ཞིམ་སྤོས་ཀྱི་ངད་པ་ཐུལ་ལུ་ལུ། མཁའ་འགྲོ་གསང་བའི་བརྡ་སྐད་དིར་རི་རི། གྱིང་ཆེན་དཔའ་བོའི་བཤུག་གླུ་ཀྱུར་རུ་རུ། ཧཱུཾ་གི་སྣང་གླུ་མང་པོ་དིར་རི་རི། ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང་། བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། ཐུགས་རྗེས་གཟིགས་ལ་གནས་འདིར་གཤེགས་སུ་གསོལ། གནས་འདིར་ཐུགས་རྗེས་དགོངས་ཏེ་གཤེགས་ནས་ཀྱང་། བདག་གིས་བྱང་ཆུབ་སྙིང་པོ་མ་ཐོབ་བར། བགེགས་དང་ལོག་འདྲེན་བར་ཆད་འདུལ་བ་དང་། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། ཧཱུཾ། སྐྱེ་འགག་འགྱུར་མེད་འཕྲིན་ལས་ཐམས་ཅད་རྫོགས། རང་བྱུང་ཐུགས་རྗེས་འགྲོ་དྲུག་སྒྲོལ་བར་མཛད། ཡིད་བཞིན་ནོར་བུའི་དངོས་གྲུབ་ཆར་ལྟར་འབེབས། རྡོ་རྗེ་ཐོད་འཕྲེང་རྩལ་ལ་ཕྱག་འཚལ་བསྟོད། ཧཱུཾ། བླ་མ་ཡི་དམ་མཁའ་འགྲོ་ལ། ལྷ་རྫས་ཕྱི་མཆོད་འབུལ་(༡༡བ)


GLG022_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། ཨརྒྷཾ་བདུག་སྤོས་མེ་ཏོག་དང་། མར་མེ་དྲི་ཆབ་ཞལ་ཟས་དང་། སྙན་པའི་རོལ་མོ་མཆོད་པར་འབུལ། ཧཱུཾ། བླ་མ་ཡི་དམ་མཁའ་འགྲོ་ལ། རང་བྱུང་ནང་མཆོད་འབུལ་བ་ནི། དབང་པོ་ལྔ་ཡི་མེ་ཏོག་མཆོད། གསུར་ཆེན་དུད་པའི་དྲི་ཡིས་མཆོད། ཞུན་ཆེན་སྣང་གསལ་མར་མེས་མཆོད། རྡོ་རྗེ་དྲི་ཆུ་བྱུག་པས་མཆོད། བདུད་རྩི་དྲི་ཆེན་ཞལ་ཟས་མཆོད། རྐང་གླིང་ཐོད་རྔའི་སྒྲ་ཡིས་མཆོད། དུག་གསུམ་སྐུ་གསུང་ཐུགས་སུ་མཆོད། དུག་ལྔ་ཡེ་ཤེས་ལྔ་རུ་མཆོད། སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད། མཆོད་བཞེས་དབང་དང་དངོས་གྲུབ་སྩོལ། ཧཱུཾ། བླ་མ་ཡི་དམ་མཁའ་འགྲོ་ལ། གཉིས་མེད་གསང་མཆོད་འབུལ་བ་ནི། ཡབ་ཡུམ་གཉིས་མེད་མཁའ་གསང་ནས། བྱང་སེམས་དཀར་དམར་བདེ་བའི་མཆོག །བདེ་བ་ཆེན་པོ་མཆོད་པར་འབུལ། སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ། ཧཱུཾ། བླ་མ་ཡི་དམ་མཁའ་འགྲོ་ལ། དྲག་པོའི་བསྒྲལ་མཆོད་འབུལ་བ་ནི། ཆེ་མཆོག་པདྨ་ཐོད་འཕྲེང་རྩལ། ཕྱག་གཡས་རྡོ་རྗེ་རྩེ་དགུ་གདེངས། ཕྱག་གཡོན་ཕུར་བུས་དགྲ་སྙིང་གཟིར། གནོད་བྱེད་ཐལ་བའི་རྡུལ་དུ་རློག། དགྲ་བགེགས་ཤ་རུས་མཆོད་པར་བཞེས། ཧཱུཾ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བ་བརྒྱད་ལ་ཡན་ལག་སྟོང་། བདུད་རྩི་སྨན་གྱི་མཆོད་པ་འདི། བླ་མ་ཡི་དམ་མཁའ་འགྲོ་དང་། དམ་ཅན་ཆོས་སྐྱོང་རྣམས་ལ་འབུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། ཧཱུཾ། བླ་མ་ཡི་དམ་མཁའ་འགྲོ་ལ། རྒྱུད་དྲུག་བསྒྲལ་བའི་རཀྟ་འདི། འདོད་ཆགས་རྩད་ནས་བཅད་པའི་ཕྱིར། སྐྱེ་མེད་དོན་གྱི་མཆོད་པ་(༡༢ན)


GLG022_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། ཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། ལས་ཅན་འདི་དང་འཕྲད་པ་རྣམས། དཀྱིལ་འཁོར་གསུམ་པོ་གསལ་བཏབ་ལ། ཉིན་མཚན་དུས་དྲུག་ཐམས་ཅད་དུ། བསྙེན་པ་ཆུ་བོའི་གཞུང་བཞིན་བཟླས། དམ་རྫས་ཕྱི་ནང་གསང་བའི་རྫས། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ། དུས་དང་གཟའ་སྐར་བཟང་པོ་ལ། དབུ་བཙུགས་ཧཱུཾ་གི་འཕྲིན་ལས་ནི། བླ་མ་མཆོད་ཕྱིར་རྒྱུན་དུ་འབུལ། རྟགས་དང་དོན་གྱི་བསྟོད་པ་ནི། འཛབ་བསྙེན་འཕྲིན་ལས་སྐབས་སུ་འབུལ། ཧཱུཾ། དུར་ཁྲོད་ཆེན་པོ་འཇིགས་པའི་གད་བརྒྱངས་ཅན། བསྐལ་པའི་མེ་འབར་རྡོ་རྗེའི་ཚ་ཚ་འཕྲོ། མ་མོ་མཁའ་འགྲོ་སྤྲིན་ལྟར་འདུ་བའི་གནས། ཤ་ཟ་སྲིན་པོ་བརྒྱལ་ཞིང་རེངས་པའི་གནས། ཨྱོན་མཁའ་འགྲོའི་གླིང་ནས་ཟབ་མོའི་བཀའ། བསམ་གྱིས་མི་ཁྱབ་གསུང་གི་སྙིང་ཐིག་འདི། དྲག་པོའི་ཐུགས་ཀྱི་སྒྲུབ་པ་འདི་ཙམ་སྟེ། གཏེར་དུ་སྦེད་དོ་ནམ་ཞིག་བསྟན་པའི་མཐར། ལས་ཅན་ང་ཡི་བུ་དང་འཕྲད་པར་ཤོག །རྟགས་བསྟོད་འདི་ལྟར་དུ་དགོངས་ལ་རྟགས་ཀྱི་བསྟོད་པའོ། །ཧཱུཾ། དུར་ཁྲོད་ཆེན་པོ་རབ་ཏུ་འཇིགས་པའི་ཚལ། ཉོན་མོངས་འཇོམས་མཛད་མེ་དཔུང་འབར་བའི་ཀློང་། ཆགས་མེད་པདྨ་ཐབས་ཤེས་ཉི་ཟླའི་གདན། དྲེགས་པ་སྲིན་པོ་བརྫིས་པའི་གདན་སྟེང་དུ། འཇིགས་བྱེད་ཆེན་པོ་རྡོ་རྗེ་དྲག་པོ་རྩལ། སྐུ་མདོག་མཐིང་ནག་འབར་བའི་གར་དགུ་ལྡན། སྤྱན་(༡༢བ)


GLG022_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བགྲད་མཆེ་གཙིགས་ཨག་ཚོམས་མེ་ལྟར་འབར། གྱད་ཀྱི་དོར་སྟབས་འགྱིང་བག་སྟབས་སུ་བཞུགས། དབུ་སྐྲའི་ཐོར་ཚུགས་ནམ་མཁའི་སྤྲིན་ལྟར་གཏིབས། རིགས་ལྔའི་སངས་རྒྱས་རྣམས་ཀྱིས་དབུ་ལ་བརྒྱན། རིན་ཆེན་འབར་བས་དབུ་དང་ཕྱག་ཞབས་སྤྲས། ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་འཕྱར། ཕྱག་གཡོན་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན། དུར་ཁྲོད་ཆས་བརྒྱད་སྐུ་ལ་ལེགས་པར་བརྒྱན། ཟབ་ཆེན་བེར་སྨུག་དབང་གི་ན་བཟའ་གསོལ། རུས་པའི་རྒྱན་དྲུག་རྟགས་ཀྱིས་མཛེས་པར་བརྒྱན། བདེ་གཤེགས་ཐམས་ཅད་འདུས་པའི་སྐུ་གསུང་ཐུགས། མཁའ་འགྲོ་འབུམ་ཕྲག་མང་པོའི་སྡེ་དཔོན་མཛད། རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད། སྐབས་འདིར་སུམ་བརྒྱ་ཉེར་གཅིག་གི་འཛབ་བཟླ། ཧཱུཾ། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ། ཀུན་བཟང་ཆེ་མཆོག་ཧེ་རུ་ཀ །འགྲོ་བའི་དོན་དུ་སྐུ་བཞེངས་ལ། ཆོས་ཉིད་སྟོང་པའི་རང་སྒྲ་སྒྲོག །བདག་ཀྱང་ཁྱེད་ཀྱི་རྗེས་སུ་འཇུག །རིགས་འཛིན་བླ་མ་ཚོས་བྱིན་གྱིས་རློབས་མཛོད་ཅིག །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། རང་བྱུང་རྣམ་དག་གཞལ་ཡས་སུ། ཡེ་ཤེས་ལྔ་ལྡན་རྒྱལ་བ་ལྔ། ལྕང་ལོ་ཅན་གྱི་གནས་མཆོག་ཏུ། གསང་བདག་ཕྱག་ན་རྡོ་རྗེ་ཡང་། བྱང་ཆུབ་སེམས་ཀྱི་གཞལ་ཡས་སུ། སྨུག་ནག་དབང་གི་མཁའ་འགྲོ་ཡང་། འགྲོ་བའི༝། ཆོས༝། བདག༝། རིགས༝། ཧཱུཾ༝། རི་རྒྱལ་ལྷུན་པོའི་རྩེ་མོ་རུ། ཚངས་པའི་རྒྱལ་པོ་གདོང་གསུམ་ཡང་། རྣམ་པར་རྒྱལ་བའི་ཁང་བཟང་དུ། རིགས་འཛིན་ལྷ་དབང་བརྒྱ་བྱིན་ཡང་། སིནྡྷུ་རྒྱ་མཚོའི་མཚོ་གླིང་དུ། རིགས་འཛིན་ཀླུ་རྒྱལ་འཇོག་


GLG022_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡང་། འགྲོ་བའི༝༝༝། མ་ལ་ཡ་གནམ་ལྕགས་རྩེ་མོ་རུ། བསོད་ནམས་བསགས་པའི་རྒྱལ་པོ་ཛ། ཟ་ཧོར་ཡུལ་གྱི་གནས་མཆོག་ཏུ། མཁས་པ་ཤཱཀྱ་པྲ་བྷ་ཡང་། ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། རིགས་འཛིན་པདྨ་འབྱུང་གནས་ཀྱང་། འགྲོ་བའི༝༝༝། ཆུ་བོ་གངྒཱའི་རྩ་བ་རུ། མཁས་པ་བི་མཱ་མི་ཏྲ་ཡང་། མ་བལ་ནགས་ཀྱི་རྩ་བ་རུ། བལ་པོ་ཤཱི་ལ་མཉྫུ་ཡང་། མོན་ཁ་སེང་གེ་ཡང་རྫོང་དུ། མཁར་ཆེན་བཟའ་ཡི་འཚོ་རྒྱལ་ཡང་། །འགྲོ་བའི༝༝༝། །རོང་གི་བྲག་དམར་ཀེའུ་ཚང་དུ། །སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱང་། །རི་བོ་བཀྲ་བཟང་ཤར་འདབས་སུ། གཏེར་སྟོན་རིགས་འཛིན་ཡབ་སྲས་ཀྱང་། ཐུགས་རྗེ་འགྱུར་མེད་གཞལ་ཡས་སུ། །དྲན་མཆོག་རྡོ་རྗེའི་མཚན་ཅན་ཡང་། །འགྲོ་བའི༝༝༝། །མཁའ་སྤྱོད་དག་པའི་ཞིང་ཁམས་སུ། །སྔགས་འཆང་རྡོ་རྗེ་མགོན་པོ་ཡང་། །ཤྲཱི་བྱང་རྫོང་སྒྲུབ་ཁང་དུ། །མཚན་ལྡན་བྱམས་པ་བཤེས་གཉེན་ཡང་། །རྡོ་རྗེ་ཕུར་པའི་གཞལ་ཡས་སུ། །མཚན་ལྡན་ངག་དབང་གྲགས་པ་ཡང་། །འགྲོ་བའི༝༝༝། །སྐྱ་བོ་ཁ་གདངས་གནས་མཆོག་ཏུ། །ཆོས་རྗེ་སངས་རྒྱས་དཔལ་བཟང་ཡང་། །བདེ་གྲོལ་གསང་སྔགས་ཆོས་གླིང་དུ། །ཐུགས་སྲས་ནམ་མཁའ་རྒྱལ་མཚན་ཡང་། །ཡོལ་མོ་གངས་ཀྱི་ར་བ་རུ། །སྔགས་འཆང་ཤཱཀྱ་བཟང་པོ་ཡང་། །འགྲོ་བའི༝༝༝མ། །ཆུ་བོ་རི་ཡི་བྲག་ཕུག་ཏུ། །རིགས་འཛིན་བདུད་འཇོམས་རྡོ་རྗེ་ཡང་། །པདྨའི་ཨེ་ཝཾ་ལྕོག་སྒར་དུ། །ཆོས་རྒྱལ་དབང་པོའི་སྡེ་ཉིད་ཀྱང་། །ཐུབ་བསྟན་རྡོ་རྗེའི་བྲག་སྟེང་དུ། །རིགས་འཛིན་ངག་གི་དབང་པོ་ཡང་། །འགྲོ་བའི༝༝༝། །ཐེག་(༡༣བ)


GLG022_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསང་སྔགས་ཕོ་བྲང་དུ། །ཟུར་ཆེན་ཆོས་དབྱིངས་རང་གྲོལ་ཡང་། །བདེ་ཆེན་ཆོས་སྐུའི་ཀློང་ཡངས་སུ། །བརྒྱུད་པ་ཀུན་འདུས་ཚོགས་རྣམས་ཀྱང་། །ཨོ་རྒྱན་སྨིན་གྲོལ་གླིང་མཆོག་ཏུ། །སྤྲུལ་སྐུ་གཏེར་བདག་གླིང་པ་ཡང་། །འབྲལ་མེད་སྙིང་གའི་ཕོ་བྲང་དུ། །དྲིན་ཆེན་རྩ་བའི་བླ་མ་ཡང་། །འགྲོ་བའི༝༝༝། །རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །རང་རིག་མ་ཧཱ་གུ་རུ་ཡང་། །གཏེར་མཛོད་བསེ་སྒྲོམ་སྨུག་པོ་རུ། གསང་སྔགས་སྙིང་པོའི་མཐར་ཐུག་ཀྱང་། །སྨུག་ནག་གྲུ་གསུམ་གཞལ་ཡས་སུ། བཀའ་སྲུང་ཨེ་ཀ་ཛཱ་ཊི་ཡང་། འགྲོ་བའི༝༝༝། །རྩ་དང་ཐེག་ལེའི་གཞལ་ཡས་སུ། །མ་དང་ཡེ་ཤེས་མཁའ་འགྲོ་ཡངཿ བཀའ་དང་དམ་ཚིག་གཞལ་ཡས་སུཿ བཀའ་སྲུང་ཆོས་སྐྱོང་གཏེར་བདག་ཀྱངཿ དམ་ཚིག་གཙང་མའི་གཞལ་ཡས་སུཿ མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་ཀྱངཿ འགྲོ་བའི་དོན་དུ྾༔ ཆོས་ཉིད྾༔ བདག་ཀྱང་྾༔ རིགས་འཛིན་བླ་མ་ཚོས་བྱིན་གྱིས་རློབས་མཛོད་ཅིགཿ ཧཱུཾ༝། ལུས་ལ་བདེ་བ་བྱིན་གྱིས་རློབསཿ ངག་ལ་ནུས་པ་བྱིན་གྱིས་རློབསཿ སེམས་ལ་རྟོགས་པ་བྱིན་གྱིས་རློབས། ལུས་ངག་ཡིད་གསུམ་ལ་བྱིན་གྱིས་རློབས་མཛོད་ཅིག །ཧཱུཾ། ཕྱི་ཡི་བར་ཆད་ཕྱི་རུ་གསོལཿ ནང་གི་བར་ཆད་ནང་དུ་སོལཿ གསང་བའི་བར་ཆད་དབྱིངས་སུ་སོལཿ ཕྱི་ནང་གསང་གསུམ་གྱི་བར་ཆད་སོལ་མཛོད་ཅིགཿ ཧཱུཾ༝། །མི་མཐུན་རྐྱེན་དང་བར་ཆད་སོལཿ མཐུན་པའི་ལམ་སྣ་ཆོས་ལ་དྲོངསཿ མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་མཛོད་ཅིགཿ ཧཱུཾ༝། །འོག་གི་དངོས་གྲུབ་ཀྱི་འཛབ་འདིར་བླངས་ཏེ་(༡༤ན)


GLG022_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཙམ་བཟླཿ གསོལ་འདེབས་འཛབ་དང་འབྲེལ་བ་ཡིན་ཞེས་གསུངས་པས་སྐབས་འདིར་ལེའུ་བདུན་མ་འདོནཿ དོན་གྱི་བསྟོད་པ་ནི། ཧཱུཾ། སྐྱེ་འགག་མེད་པ་ཆོས་ཉིད་དབྱིངས་ཀྱི་ངངཿ འདུ་འབྲལ་མེད་པ་བདེ་ཆེན་ཕོ་བྲང་ནསཿ རང་བྱུང་རང་ཤར་ཐུགས་རྗེ་ཆེན་པོའི་སྐུཿ བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལཿ རང་རིག་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོཿ གསལ་འགྲིབ་མེད་པ་བདེ་བ་ཆེན་པོའི་སྐུཿ རང་རིག་རང་གདངས་མ་འགགས་གསལ་བ་ལཿ རྩོལ་སྒྲུབ་བྲལ་བས་བྱ་བྱེད་གོལ་ས་ཆོདཿ མ་བཅོས་རང་ཤར་འཛིན་མེད་སྤྲོས་དང་བྲལཿ རིག་པ་རང་གསལ་ངང་ལ་ཕྱག་འཚལ་ལཿ རིག་པའི་ཆོ་འཕྲུལ་ཅིར་ཡང་འཆར་བ་ལཿ རྒྱ་ཆད་ཕྱོགས་ལྷུང་མེད་པས་འཁྲུལ་པ་བྲལཿ ཅིར་སྣང་འཛིན་མེད་གྲོལ་བས་བདེ་བ་ཆེཿ གསལ་འཚེར་དངས་པ་སྐྱོན་བྲལ་རིག་པའི་གདངསཿ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལཿ འབྱུང་བ་བཞི་ལ་བརྟེན་པའི་ཕུང་པོ་ལཿ བཅིངས་འཐུམས་རྡུགས་པ་མེད་པར་ཕྱོགས་བཅུར་འཆརཿ གང་ཤར་རྟག་ཆད་བྲལ་བའི་ཟང་ཐལ་ལཿ འཁྲུལ་སྣང་ངར་གསོས་མི་གདབ་རང་སོར་བཞགཿ རང་བྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོཿ རང་རིག་ཁ་དོག་ངོས་འཛིན་མ་གྲུབ་པཿ སྣང་སྟོང་ཕྱོགས་ལྷུང་ཡེ་ནས་བྲལ་བ་ལཿ མ་འགགས་གསལ་འཚེར་དངས་པ་ཆོས་ཉིད་དངཿ རང་རིག་གོ་བོ་མ་བཅོས་ཐོད་ཕྲེང་རྩལཿ རང་རིག་བླ་མའི་མཆོག་ལ་ཕྱག་འཚལ་ལོཿ སྐབས་འདིར་བསྟན་སྲུང་ཡོངས་རྫོགས་སོགས་གཏེར་སྲུང་གི་གསོལ་མཆོད་རྣམས་མཛད། དེ་ལྟར་(༡༤བ)


GLG022_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་གི་འཕྲིན་ལས་ཟབ་མོ་འདིཿ ལས་ཅན་བུ་དང་འཕྲད་ནས་བསྒྲུབས་པའི་ཚེཿ གསང་སྔགས་ཟབ་མོའི་ཚིག་དང་དོན་དུ་བསྡེབསཿ དོན་བསྟོད་སྔགས་ཀྱི་ལས་བྱང་ནང་དུ་ལྟོསཿ མཚམས་གཅོད་བཤགས་པ་བྱིན་དབབ་གསུམ་གྱི་དབྱངསཿ ནམ་མཁའི་འབྲུག་ལྟར་དྲག་ལ་ངར་དང་ལྡནཿ སྤྱན་འདྲེན་མཆོད་འབུལ་བསྟོད་པ་གསུམ་གྱི་དབྱངསཿ སྙན་ལ་གདངས་ཆགས་དྲིལ་བུའི་སྒྲ་ལྟར་བརྗོདཿ ཏིང་འཛིན་རྣམ་གསུམ་ལ་སོགས་གཞུང་གི་དབྱངསཿ ནམ་མཁའ་དངས་པའི་ཀློང་ལྟར་གཏིང་ཟབ་གསལཿ ལྷག་མ་ལ་སོགས་མཇུག་གི་ཆོ་ག་རྣམསཿ རྒྱལ་པོའི་བཀའ་ལྟར་གསལ་ལ་བརྗིད་ཆགས་པཿ ཐུགས་སྒྲུབ་དྲག་པོའི་སྐུ་གསུང་ཐུགས་ཀྱི་བཅུདཿ ནམ་མཁའ་ལྟ་བུའི་རྡོ་རྗེ་སྒྲུབ་པའི་སྒོརཿ ལས་ཅན་དམ་ཚིག་ཅན་དང་འཕྲད་པར་ཤོགཿ རྗེས་ལ། ཚོགས་བྱ་བ་ནི། རཾ་ཡཾ་ཁཾ་ཏྲཾ་ཧཱུཾཿ ཨཱོཾ་ཨཱཿཧཱུཿ ཧཱུཾ། ཚོགས་ཀྱི་ཡོ་བྱད་ཐམས་ཅད་ཀུནཿ རྣམ་རྟོག་དངོས་འཛིན་བག་ཆགས་སྦྱངསཿ རཏྣའི་སྣོད་ལ་བདུད་རྩིའི་བཅུདཿ འདོད་ཡོན་ལྷ་མོ་སྤྲིན་ལྟར་གཏིབསཿ ཧཱུཾ་ཧཱུཾ། རྗེ་བཙུན་པདྨ་ཐོད་འཕྲེང་རྩལཿ གདུང་བ་དྲག་པོས་བདག་དུངས་ཤིངཿ མཁའ་འགྲོའི་ཚོགས་དང་བཅས་པ་ལཿ འདོད་ཡོན་ལྔ་ལྡན་མཆོད་པ་འབུལཿ བ་ལིཾ་རྒྱན་གྱི྾༔ བདུད་རྩི་སྨན་གྱི྾༔ རཀྟ་དམར་གྱི྾༔ ཞལ་ཟས་ཚོགས་ཀྱི྾༔ ཏིང་འཛིན་རྩེ་གཅིག྾༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། ཧཱུཾ། སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུཿ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱརཿ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་(༡༥ན)


GLG022_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

འདཿ རི་རབ་ལྷུན་པོ་བས་ཀྱང་དཔངས་རེ་མཐཿ མ་མོའི་གཏོར་མ་པདྨས་བསྐོར་བ་འདཿ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགསཿ དཀར་གྱི་ཐིག་བཏབ་དམར་གྱི་གུར་ཕུབ་བཿ གསེར་གྱི་རི་བདུན་བས་ཀྱང་བརྗིད་རེ་ཆེཿ རཀྟ་དམར་གྱི་ཨརྒྷཾ་སྦྲེང་བ་འདིཿ རྒྱ་མཚོའི་མཆིང་ནམ་བས་ཀྱང་རྒྱ་རེ་ཆེཿ བདུད་རྩི་སྨན་གྱིས་གཏོར་མ་བྲན་པ་འདཿ ལྷ་ཡི་ཞལ་ཟས་བས་ཀྱང་རོ་དེ་བདའཿ དཀར་རྩི་དམར་རྩི་ཤ་ཆེན་དྲི་ཆེན་དངཿ དྲི་ཆུ་བྱུག་པའི་རྫས་དེ་རྣམ་པ་ལྔཿ སེང་གེ་རྟ་དང་གླང་ཆེན་བ་ལང་དངཿ མཆོག་ཆེན་མི་ལ་སོགས་ཏེ་རྣམ་པ་ལྔཿ མ་ཧཱ་མཾ་ས་ལ་སོགས་ཤ་སྣ་སྟོངཿ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོངཿ དབང་པོ་ལྔ་དང་གོ་རོ་ཙ་ན་དངཿ བྷ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔཿ ཤིང་ཏོག་མེ་ཏོག་འབྲུ་སྣ་སྨན་སྣ་དངཿ ཟན་དང་འཁུར་བ་ཐུག་པའི་བྱེ་བྲག་དངཿ མར་ཐུད་ཕྲུམ་དང་ཞོ་དང་འོ་མར་བཅསཿ ཙི་དང་ཙ་རུ་ཙི་ཆེན་གོ་སྙོད་དངཿ སྒ་དང་ལན་ཚ་སྤོད་ཀྱི་བྱེ་བྲག་དངཿ རི་སྒོག་ཀླུངས་སྒོག་ཤ་མོ་སྣ་ཚོགས་དངཿ བཟའ་དང་བཅའ་བ་བཏུང་བའི་བྱེ་བྲག་དངཿ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགསཿ འདོད་ཡོན་ལྔ་ཡི་མཆོད་པ་སྣ་ཚོགས་ཀུནཿ ཐོགས་མེད་བློ་ཡིས་ཐམས་ཅད་ཀུན་བསྡུས་ནསཿ ཏིང་འཛིན་དགོངས་བརྒྱུད་དག་པས་བྱིན་བརླབས་ཏེཿ བདུད་རྩིར་གྱུར་པའི་གཏོར་མ་ཆེན་པོ་འདིསཿ རྡོ་རྗེ་སློབ་དཔོན་ཐུགས་དམ་སྐོངས་གྱུར་ཅིགཿ ཡི་དམ་ལྷ་ཚོགསཿ མཁའ་འགྲོ་སྡེ་བཞིའི྾༔ དཔའ་བོ་གིང་བཞིའི྾༔ དམ་ཅན་སྲུང་མའི྾༔ མཆོད་པར་འོས་པའི྾༔ འདིར་རྩ་(༡༥བ)


GLG022_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བསྐང་གསོ་གཏོངཿ དེ་ནས། ཧོ། ཞལ་ཟས་ཚོགས་ཀྱི་མཆོད་པ་འདིཿ འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱནཿ དངོས་གྲུབ་སྣ་ཚོགས་འདི་ལས་འབྱུངཿ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལཿ སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ཚོགས་ལ་རོལ་རྗེསཿ ཧོ། བདག་དང་རྡོ་རྗེ་སློབ་དཔོན་དངཿ མཆེད་དང་ལྕམ་དྲལ་རྣམས་ཀྱིས་མ་ཧཱ་མཾ་ས་གསོལ་བས་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་ལ་མངའ་བརྙེས་པར་གྱུར་ཅིགཿ ཛ་གད་དཔའ་བོ་གསོལ་བས་འགྲོ་བ་མང་པོ་དབང་དུ་འདུ་བར་གྱུར་ཅིགཿཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བསཿ སྒྲུབ་པ་པོའི་མཐུ་དང་རྫུ་འཕྲུལ་དང་དངོས་གྲུབ་ལ་མངའ་བརྙེས་པར་གྱུར་ཅིག ཿདེའི་དགེ་བའི་རྩ་བས་སྒྲིབ་པ་རྣམ་པ་གཉིས་བྱང་ཚོགས་རྣམ་པ་གཉིས་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་འཐོབ་པར་གྱུར་ཅིག ཿཅེས་བརྗོད་ལྷག་མར་རང་ལྷ་རུ་གསལ་བའི་ཁ་ཆུས་བྲན་ལ་འདི་སྐད་དོ། །ཧཱུཾ། སྔོན་ཚེ་ཁྲག་འཐུང་ཧེ་རུ་ཀའིཿ སྤྱན་སྔར་ཁས་བླངས་དམ་བཅས་ཤིངཿ བར་དུ་པདྨ་འབྱུང་གནས་ཀྱིཿ སྤྱན་སྔར་ཁས་བླངས་དམ་བཅས་པཿ ད་ལྟ་རིགས་འཛིན་བདག་ཅག་གིཿ བྲན་དང་ཕོ་ཉར་ཁས་བླངས་པའིཿ སྒྲུབ་སྡེ་བརྒྱད་ཀྱི་བཀའ་སྲུང་དངཿ གསང་སྔགས་ཐེག་པའི་བཀའ་སྲུང་རྣམསཿ བཀའ་ཡི་ཕམ་ཕབས་འདི་བཞེས་ལཿ སྔོན་གྱི་དམ་ཚིག་དྲན་པར་གྱིསཿ གསང་སྔགས་བསྟན་པ་རྒྱས་པར་སྤེལཿ བདུད་དང་དམ་སྲི་རྡུལ་དུ་རློགཿ བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོདཿ དེ་ནས་ཆད་མཐོ་བྱ་བ་ནི། ཧཱུཾ། སྔོན་གྱི་བསྐལ་པ་དང་པོ་འདས་པའི་དུསཿ འོག་(༡༦ན)


GLG022_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དགའ་ལྡན་ཞེས་བྱའི་གནས་མཆོག་ཏུཿ བཅོམ་ལྡ་དཔལ་ཆེན་ཁྲག་འཐུང་ཆེན་པོ་ཡིས། སྣང་སྲིད་མ་མོ་དམ་ལ་བཏགས་པའི་ཚེཿ གཽ་རི་ལ་སོགས་གནས་ཀྱི་ཁྲོ་མོ་བརྒྱདཿ སིངྷ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱདཿ རྟ་གདོང་ལ་སོགས་སྒོ་མ་བཞི་རྣམས་ཀྱིསཿ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱངཿ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམཿ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམཿ བཅོལ་བའི་འཕྲིན་ལས་སྒྲུབ་པར་མ་ཆད་དམཿ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བརཿ དཔལ་ཆེན་བཀའ་ཡི་གཏོར་མ་འདི་ལོང་ལཿ བདག་གིས་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོདཿ བསྐལ་པ་བར་མ་གསང་སྔགས་དར་བའི་དུསཿ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུཿ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དངཿ ལས་ཅན་བལ་མོ་ཤཱཀྱ་དེ་བ་ཡིསཿ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ཚཿ གཙང་རིས་དཔལ་མགོན་བདུན་དུ་རྩ་ལྔ་ཡིསཿ སོ་སོའི་བཀའ་ཡི྾༔ རྣལ་འབྱོར་྾༔ བཅོལ་བའི྾༔ སྔོན་ཚེ྾༔ སློབ་དཔོན་བཀའ་ཡི྾༔ བདག་གིས྾༔ དེ་འོག་ལྔ་བརྒྱ་ཐ་མ་བོད་ཀྱི་ཡུལཿ བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུཿ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དངཿ མངའ་བདག་རྒྱལ་པོ་ལ་སོགས་གྲུབ་ཆེན་བརྒྱདཿ སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེ་ཚེཿ བཀའ་ཡི་སྲུང་མ་དྲེགས་པ་སྡེ་བརྒྱད་ཀྱིསཿ སོ་སོའི྾༔ བཀའ་ཡི྾༔ རྣལ་འབྱོར྾༔ བཅོལ་བའི྾༔ སྔོན་ཚེ྾༔ སློབ་དཔོན་བཀའ་ཡི྾༔ བདག་གིས྾༔ དེ་འོག་ལྔ་བརྒྱ་ཐ་མ་བོད་ཀྱི་ཡུལཿ བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུཿ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དངཿ མངའ་བདག་རྒྱལ་པོ་ལ་སོགས་གྲུབ་ཆེན་བརྒྱདཿ སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེ་ཚེཿ བཀའ་ཡི་སྲུང་མ་དྲེགས་པ་སྡེ་བརྒྱད་ཀྱིསཿ སོ་སོའི྾༔ བཀའ་ཡི྾༔ རྣལ་འབྱོར྾༔ བཅོལ་བའི྾༔ སྔོན་ཚེ྾༔ དམ་ཚིག་བཀའ་ཡི྾༔ བདག་གིས྾༔ དེ་ནས་བསྟན་མ་བསྐྱང་བ་ནིཿ ཧཱུཾ། ཨ་(༡༦བ)


GLG022_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ར་ཡི་བྲག་ཕུག་ཏུཿ ཨྱོན་པདྨ་འབྱུང་གནས་ཀྱིཿ སྤྱན་སྔར་ཁས་བླངས་དམ་བཅས་པའིཿ བོད་ཡུལ་བསྟན་མ་བཅུ་གཉིས་དངཿ ཕྱི་གཏོར་དབང་བར་ཁས་བླངས་རྣམསཿ ཆོད་སྦྱིན་གཏོར་མ་འདི་བཞེས་ལཿ བདུད་དཔུང་ཐུལ་ལ་ཞིང་བཅུ་སྒྲོལཿ དལ་ཁ་ཆིངས་ལ་འབྲུ་བཅུད་སྤེལཿ དམག་དཔུང་ཆོམས་ལ་མཚོན་རྩེ་ཐུལཿ བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོདཿ དངོས་གྲུབ་བླང་བ་ནི། ཧཱུཾ། བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བའིཿ འཇིག་རྟེན་སྐྱབས་གྱུར་པདྨ་རྒྱལ་པོ་ནཿ རིགས་ནི་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངསཿ ཨྱོན་ཡུལ་དུ་སྒྲོ་འདོགས་མ་ལུས་བཅདཿ བསིལ་བའི་ཚལ་དུ་དངོས་གྲུབ་ཐམས་ཅད་བརྙེསཿ ཁ་བ་ཅན་དུ་བསྟན་པ་རྒྱས་པར་མཛདཿ ལྷོ་ནུབ་མཚམས་སུ་སྲིན་པོའི་ཁ་གནོན་མཛདཿ མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུཿ སྐུ་གསུམ་ཆེ་མཆོག་བཛྲ་ཧེ་རུ་ཀཿ མཉམ་མེད་བླ་མ་མཆོག་དེ་དུས་འདིར་དྲནཿ འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ལཿ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལཿ མཆོག་དང་ཐུན་མོང་གི་དངོས་གྲུབ་ཞུ་བ་ལགས་སོཿ ཨཱོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾཿ ཧཱུཾ། ཤར་གྱི་ཕྱོགས་ནས་དངོས་གྲུབ་བསྐུལ་བའི་ལྷཿ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལཿ ཞི་བའི་རང་བཞིན་སྐུ་མདོག་དཀར་ལ་འཚེརཿ ན་བཟའ་དཀར་པོ་ཤིན་ཏུ་མཛེས་པར་གསོལཿ ཕྱག་མཚན་རྡོ་རྗེ་ལྕགས་ཀྱུ་ཌཱ་མ་རུཿ རྡོ་རྗེ་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ལོཿ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལཿ ནད་གདོན་སྡིག་སྒྲིབ་ཞི་བའི་དངོས་གྲུབ་ཞུ་བ་ལགས་སོཿ ཨཱོཾ྾༔ ཧཱུཾ། ལྷོ་ཡི྾༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལཿ རྒྱས་པའི་རང་བཞིན་སྐུ་མདོག་སེར་ལ་(༡༧ན)


GLG022_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

འཚེརཿ ན་བཟའ་སེར་པོ་ཤིན་ཏུ་མཛེས་པར་གསོལཿ ཕྱག་མཚན་རིན་ཅེན་ཞགས་པ་ཌཱ་མ་རུཿ རིན་ཅེན་མཁའ་འགྲོའི་ཐུགས་དམ྾༔ བདག་ཅག྾༔ ཚེ་དང་བསོད་ནམས་རྒྱས་པའི་དངོས་གྲུབ་ཞུ་བ་ལགས་སོཿ ཨཱོཾ྾༔ ཧཱུཾ། ནུབ་ཀྱི྾༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལཿ དབང་གི་རང་བཞིན་སྐུ་མདོག་དམར་ལ་འཚེརཿ ན་བཟའ་དམར་པོ་ཤིན་ཏུ་མཛེས་པར་གསོལཿ ཕྱག་མཚན་པདྨ་ལྕགས་སྒྲོག་ཌཱ་མ་རུཿ པདྨ་མཁའ་འགྲོའི྾༔ བདག་ཅག྾༔ ཁམས་གསུམ་དབང་སྡུད་ཀྱི་དངོས་གྲུབ་ཞུ་བ་ལགས་སཿ ཨཱོཾ྾༔ ཧཱུཾ། བྱང་གི྾༔ དྲག་པོའི་ལས་མཛད་ཀརྨ་ཐོད་འཕྲེང་རྩལཿ དྲག་པོའི་རང་བཞིན་སྐུ་མདོག་ལྗང་ལ་འཚེརཿ ན་བཟའ་ལྗང་གུ་ཤིན་ཏུ་མཛེས་པར་གསོལཿ ཕྱག་མཚན་རྒྱ་གྲམ་དྲིལ་བུ་ཌཱ་མ་རུཿ ལས་ཀྱི་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ལོཿ བདག་ཅག྾༔ དགྲ་བགེགས་ཚར་གཅོད་ཀྱི་དངོས་གྲུབ་ཞུ་བ་ལགས་སོ། ཨཱོཾ་ཨཱཿཧཱུཾ་བཛྲ༝། ཧཱུཾ། དབུས་ཀྱི྾༔ སྐུ་ལྔ་ལྷུན་གྲུབ་བུདྡྷ་ཐོད་འཕྲེང་རྩལཿ ལྷུན་གྲུབ་རང་བཞིན་སྐུ་མདོག་སྨུག་ལ་འཚེེརཿ ན་བཟའ་སྨུག་པོ་ཤིན་ཏུ་མཛེས་པར་གསོལཿ ཕྱག་མཚན་འཁོར་ལོ་དྲིལ་བུ་ཌཱ་མ་རུཿ སངས་རྒྱས྾༔ དག་ཅག྾༔ མཆོག་དང་ཐུན་མོང་གི་དངོས་གྲུབ་ཞུ་བ་ལགས་སོཿ ཨཱོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ་ཧཱུཾ་ཧཱུཾཿ ན་ན་ཁ་དྷེ་སིདྡྷི་ཧཱུཾ་ཧཱུཾ་ཧཱུཾཿ སརྦ་སིདྡྷི་དྷ་ནཾ་དྷི་མེ་དྷི་ཧྲཱིཿ ཨཱ་ཡུཿསིདྡྷི་ས་མ་ཡ་སྡུས་སྡུསཿ ཞེས་ལན་གསུམ་བརྗོད། དངོས་གྲུབ་བསྐུལ་བའི་ཆོ་གའོ། ལྷག་ཆད་ཁ་བསྐང་། དེ་ནས་དཀྱིལ་འཁོར་བསྡུ་བ་ནི། ཧཱུཾ། ད་ནི་དཀྱིལ་འཁོར་གསལ་བཏབ་ལཿ ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུནཿ ཡིག་འབྲུ་ཧཱུཾ་ལ་ཧྲིལ་གྱི་བསྡུཿ ཧཱུཾ་ཡང་མི་དམིགས་འཇའ་ལྟར་(༡༧བ)


GLG022_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཡལཿ དེ་ནས་བདག་ཉིད་ལྷ་རུ་གསལཿ རྟག་ཆད་གཉིས་ཀྱི་མཐའ་གསལ་ལོཿ སྨོན་ལམ་ཤིས་བརྗོད་བླ་མ་གསང་འདུས་ལྟར་བྱཿ ཐུགས་སྒྲུབ་ཧཱུཾ་གི་འཕྲིན་ལས་འདིཿ མ་འོངས་སྙིགས་མ་ལྔ་བརྒྱ་ལཿ ལས་ཅན་བུ་དང་འཕྲད་པར་ཤོགཿ ཏན་ཉནྐསྭ་ལྟཿ ཐུགས་སྒྲུབ་དྲག་པོ་ཧཱུཾ་གི་འཕྲིན་ལས་ནཿ རྒྱས་པར་བྱེད་ན་ཚིག་དང་དོན་དུ་བསྡེབསཿ བསྡུས་པར་བྱེད་ན་རང་གཞུང་སོ་སོར་བྱཿ ས་མ་ཡཿ སྐུའི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་ལྷོ་གསེར་མཛོད་སེར་པོ་ནས་རིགས་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱིས་གདན་དྲངས་པའོ། །འདི་བསྒྲུབས་དུས་གསུམ་རྒྱལ་བ་ཡིན་ནོ་ཅོག །ཅིག་ཅར་འགྲུབ་པ་རིགས་འཛིན་བླ་མ་ཡི། །དྲག་པོ་ཧཱུཾ་གི་འཕྲིན་ལས་ཉམས་བསྟར་བ། །བསྐལ་མང་བསོད་ནམས་བསགས་པའི་མཐུ་ལས་ཅི། །བགྲང་ཡས་ཞི་ཁྲོ་སྣང་སྟོང་ལུས་དཀྱིལ་ནས། །ཧཱུཾ་གི་གླུ་དབྱངས་གྲག་སྟོང་སྔགས་ཀྱི་སྒྲ། །ཀ་དག་རང་རྩལ་གསལ་སྟོང་ཆོས་ཉིད་ཀློང་། །འབྱམས་སུ་ཀླས་པས་རིག་སྟོང་རང་ངོ་འཕྲོད། །ཀུན་བཟང་གོ་འཕང་ཚེ་འདིར་སྒྲུབ་ཞར་ལ། །ཞི་རྒྱས་དབང་སོགས་ཐུན་མོང་དངོས་གྲུབ་ཀུན། །འབྲས་དཀར་ལོ་ལེགས་རྩྭ་ཕུབ་འབད་མེད་དུ། །འབྱུང་འདིས་ཐེག་དགུའི་ཟབ་གསང་གནད་ཀུན་རྫོགས། །གསེར་མིན་གསེར་དུ་བརྫུ་བའི་རྫུན་པོའི་གཏེར། །ཞིག་མིན་ཞིག་པོར་རློམས་པས་ཉེར་སྤེལ་ནས། །རིགས་མིན་རིགས་པར་འབད་པས་བསྒྲུབ་པ་ལ། །མཚུངས་མིན་མཚུངས་བྲལ་སྔ་འགྱུར་ཟབ་མོའི་ཆོས། །འཕྲིན་ལས་ལྷན་ཐབས་བསྡེབས་པའི་རིན་ཅེན་འཕྲེང་། །བཀོད་པས་སྐྱེ་བར་མཚོ་སྐྱེས་རྡོ་རྗེ་ཡིས། །རྗེས་བཟུང་གངས་(༡༨ན)


GLG022_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བསྟན་འགྲོའི་ཕན་བདེ་རྣམས། །སྤེལ་ལ་པདྨ་ཐོད་ཕྲེང་དང་མཚུངས་ཤོག །ཐུགས་སྒྲུབ་དྲག་པོ་རྩལ་གྱི་འཕྲིན་ལས་འབྲིང་པོ་ཆ་ལག་ཚང་བ་ཞིག་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ཞལ་འདོན་དུ་ཐོག་མ་ནས་འཛུགས་རྩིས་ཡོད་ཀྱང་གཞན་རྐྱེན་གྱིས་གླེང་བརྗོད་སོགས་ལ་བརྟེན་རིམ་འགྱངས་སུ་ལུས་པ་ཡི་དམ་འདི་ཉིད་ཀྱི་སྒོ་ནས་བོད་འབངས་བདེ་ཐབས་སོགས་མང་དུ་བསྟར་དགོས་པས་གལ་ཆེ་ངེས་སུ་མཐོང་ཞིང་སྒྲིག་རྩོམ་ཀྱང་སྟོད་ཕྱོགས་ནས་ལྷད་ཡོད་མེད་སྣ་ཚོགས་ཤིག་མཐོང་བ་མཆོག་གི་སྤྲུལ་སྐུ་རིགས་འཛིན་མངའ་རིས་པ་ཆེན་པོ་དང་མཉམ་མེད་ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན་སོགས་ཚད་ཐུབ་ཀྱི་དམ་པ་དུ་མའི་གསུང་གི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་པ་ཁྲི་སྲོང་རྣམ་འཕྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་ཕྱག་བཞེས་འཁྲུལ་མེད་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱིས་གསུང་ལས་ཉེ་བར་ཐོས་པ་བརྗེད་ངས་ཀྱི་སོམ་ཉི་རྣམས་རིགས་འཛིན་མཆོག་སྤྲུལ་པདྨ་འཕྲིན་ལས་ལ་དོགས་དཔྱོད་ཞིབ་མོར་ཞུས་པའི་རེག་ཟིག་གི་དོན་ལྟར་ལ་ཚོགས་མཆོད་ཀྱི་སྐབས་སྣང་བ་སྣོད་བཅུད་མ་ལེ་བརྒྱད་མ་དང་འདྲ་མིན་ཅུང་ཟད་བྱུང་བ་འདོན་བདེ་ཁྱེད་ནས་གཏེར་ཁ་འོག་མ་སོར་བཞག་དང་དེ་ཕྱིན་བཅོས་བསླད་མེད་པའི་འཕྲིན་ལས་རིན་ཅེན་འཕྲེང་བ་འདི་ནི་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོ་ཧོར་ཟླ་བདུན་པའི་ཡར་ཚེས་ལྔ་ལ་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱིས་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་དམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། །།

ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལས་བྱང་དངོས་གྲུབ་ཡོངས་འདུའི་གཏེར་མཛོད།


GLG022_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལས་བྱང་དངོས་གྲུབ་ཡོངས་འདུའི་གཏེར་མཛོད་བཞུགས་སོ། །


GLG022_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿསརྦ་ཛ་ཡ་ས་མ་ས་པདྨཱ་ཀ་རཱ་ཡ། ཚེ་ཡི་གཡུང་དྲུང་ལྕགས་སྲོག་རྩར་འཁྱིལ་འོད་དཔག་མེད་པ་ཆོས་ཀྱི་སྐུ། །འགྲོ་ལ་རྗེས་བརྩེའི་སྙིང་སྟོབས་མཆོག་མངའ་ཕྱག་ན་པད་དཀར་ལོངས་སྤྱོད་རྫོགས། །སིནྡྷུའི་དངས་མཚོར་པདྨ་ལས་འཁྲུངས་རྒྱ་གར་པཎ་ཆེན་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་རྒྱལ་ཀུན་འདུས་པས་བྱང་ཆུབ་བར་དུ་བདག་རྗེས་བཟུང་། །བརྟུལ་ཞུགས་སྤྱོད་པའི་རྣམ་རོལ་གར་དགུའི་ཉམས། །དཔལ་ཆེན་ཁྲག་འཐུང་ལུས་ཀྱི་དཀྱིལ་འཁོར་དུ། །སྒྲུབ་སྡེ་བརྒྱད་རྫོགས་རྡོ་རྗེ་དྲག་པོ་རྩལ། །ཀུན་གོ་གཅིག་ཆོད་ཟླ་མེད་གཏན་གྱི་སྐྱབས། །གང་གི་འཕྲིན་ལས་ཚིག་ཉུང་དོན་གསལ་བ། །རྣམ་དཔྱོད་གཤེར་གྱིས་བསྐྱེད་པའི་ཟབ་གཏེར་དོན། །སྙིང་པོར་དྲིལ་བའི་ས་བོན་དར་དྲག་ལས། །འདོད་པའི་རེ་སྐོང་ཡོངས་འདུའི་ལྗོན་འདི་བསྐྲུན། །དེ་ལ་འདིར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་འཕྲིན་ལས་འབྲིང་པོའི་དགོངས་དོན་ལ་གཞི་བྱས་ཏེ་ཉམས་ལེན་འཇུག་པ་བདེ་བའི་ཆེད་དུ་བཀོད་པར་སྔོན་འགྲོ་ལ། དང་པོ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་གཟེར་ནི། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས(༢ན)


GLG022_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱབས་སུ་མཆི། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ལན་གསུམ་བརྗོད། གཉིས་པ་ཚོགས་གསོག་པ་མཎྜལ་གྱི་གཟེར་ལ་གསུམ་ལས་དང་པོ་ཕྱིའི་མཎྜལ་ནི། ནོར་འཛིན་ལྷུན་པོ་རི་ཕྲན་ཉི་ཟླ་མཚོ། །གླིང་བཞི་གླིང་ཕྲན་མུ་ཁྱུད་ལྷ་དང་མིའི། །འདོད་ཡོན་དང་བཅས་དཀོན་ཅོག་གསུམ་ལ་འབུལ། །ཚོགས་རྫོགས་རང་བྱུང་ཡེ་ཤེས་མྱུར་རྟོགས་ཤོག །ནང་གི་ཡུལ་མཁར་ལོངས་སྤྱོད་བྱམས་པའི་མཛའ་གྲོགས་སོགས། །བདག་གི་འཇིག་རྟེན་འདི་ཡི་གཅེས་པ་ཀུན། །བླ་མར་འབུལ་གྱི་ཉོན་མོངས་འཛིན་པའི་ཡུལ། །དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལ། །གསང་བའི། བདག་(༢བ)


GLG022_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་ཤེས་དབང་པོ་ཚོགས་བརྒྱད་དང་། །སྒྱུ་ལུས་ཕྱི་ནང་དྲིན་ཅན་བླ་མ་ལ། །འབུལ་ལོ་ལམ་གྱི་འཁྲུལ་སྣང་ཀུན་དག་ནས། །རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལ། །གསུམ་པ་སྒྲིབ་སྦྱོང་བཤགས་པའི་གཟེར་ནི། སྤྱི་བོར་གདན་སྟེང་ཨ་ལས་རྡོར་སེམས་དཀར། །རྡོ་རྗེ་དྲིལ་འཛིན་སེམས་པའི་སྐྱིལ་ཀྲུང་མཛད། །ཐུགས་ཀའི་མདངས་ལྡན་ཨ་ལས་བདུད་རྩིའི་རྒྱུན། །བབས་པས་ཕྱི་ནང་ལུས་བཀྲུས་དག་པར་གྱུར། །ཡིག་བརྒྱ་གྲངས་སྐབས་སྦྱར་བརྗོད། །བཞི་པ་མི་རྟག་པ་བསྐུལ་འདེབས་ཀྱི་གཟེར་ནི། སྣོད་ཀྱི་འཇིག་རྟེན་མ་ལུས་མཐར་འཇིག་ཅིང་། །རིགས་དྲུག་བཅུད་ཀྱི་སེམས་ཅན་སྐྱེ་རྒ་དང་། །ན་འཆི་འཁོར་བའི་སྡུག་བསྔལ་ལེགས་བསམས་ནས། །མི་རྟག་སྣང་ཚུལ་ཐུན་དུ་བཅད་ནས་བསྒོམ། །ལྔ་པ་བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་གྱི་གཟེར་ནི། དུས་གསུམ་སངས་རྒྱས་རྣམས་ལས་རང་ཉིད་ལ། །སྨིན་གྲོལ་གདམས་པ་སྟོན་པའི་བླ་མ་ཉིད། །བཀའ་དྲིན་ཆེ་ཕྱིར་གསང་སྔགས་ལམ་གྱི་གནད། །ཟབ་མོ་བླ་མའི་རྣལ་འབྱོར་བསྒོམ་པར་བྱ། །སྤྱི་བོར་སུམ་རྩེགས་གདན་དང་དར་ཆེན་ཁྲི། །བརྩེགས་སྟེང་མཐིང་ནག་གུ་རུ་དྲག་པོ་རྩལ། །རྡོར་དྲིལ་འཛིན་ཞིང་དུར་ཁྲོད་ཆས་བརྒྱད་རྫོགས། །ཟབ་ཆེན་བེར་གསོལ་གར་དགུའི་ཉམས་ཀྱིས་བཞུགས། །དུས་གསུམ་རྒྱལ་བ་ཡི་དམ་བླ་མའི་ཚོགས། །འོད་ཞུ་མ་ཧཱ་གུ་རུའི་སྐུ་ལ་ཐིམ། །ཀུན་འདུས་བླ་མར་ཕྱག་འཚལ་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨཱོཾ་ཨཱཿཧཱུཾ། རྒྱལ་བ་དགོངས་བརྒྱུད་རིགས་འཛིན་བརྡ་བརྒྱུད་དང་། །གང་ཟག་སྙན་བརྒྱུད་རྩ་བའི་བླ་(༣ན)


GLG022_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཐུགས་དམ་དབྱིངས་ནས་བསྐུལ་ལོ་བྱིན་གྱིས་རློབས། །ཡི་དམ་མཁའ་འགྲོ་ཆོས་དང་དེའི་སྲུང་མ། །མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་བཅས་པ་ལ། །སྙིང་ནས༝། །ཐུགས་དམ༝། །དེ་ལྟར་དངོས་དང་བརྒྱུད་པའི་བླ་མ་ལ། །འགྱུར་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །རང་རིག་མ་བཅོས་བླ་མའི་ངོ་བོ་དུ། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །ཨཱོཾ་ཨཱཿཧཱུཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། འདི་སྣང་སྒྱུ་མར་གོ་ཞིང་འཁོར་བ་ལ། །ངེས་པར་ཡིད་འབྱུང་རྒྱལ་བའི་གསུང་རབ་ཐོས། །ཀུན་གྱི་རྩ་བ་གཉིས་འཛིན་དུ་ཤེས་ཀྱང་། །ཉོན་མོངས་བག་ཆགས་དབང་དུ་ཤས་ཆེར་ཤོར། །ཆགས་ཞེན་འདོད་སྲེད་ལས་ངན་རྩད་བཅད་ནས། །གཉིས་འཛིན་སྒྲོག་ལས་གྲོལ་བར་བྱིན་གྱིས་རློབས། །ཨཱོཾ་ཨཱཿཧཱུཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། མ་བཅོས་རང་ལ་གདོད་ནས་ལྷུན་གྲུབ་པའི། །རང་བྱུང་རིག་པ་གཉུག་མ་ལྷན་ཅིག་སྐྱེས། །མངོན་དུ་གྱུར་ནས་མར་གྱུར་འགྲོ་བ་རྣམས། །ཀུན་བཟང་ས་ལ་འགོད་པའི་མཐུ་ལྡན་ཤོག །ལྷའི་དཀྱིལ་འཁོར་སྒོམ་པ་ནི། བདག་ཉིད་ཀྱིས་ཧཱུཾ་ཧཱུཾ་ཞེས་བརྗོད་པས་སྐད་ཅིག་དྲན་རྫོགས་སུ་མ་ཧཱ་གུ་རུ་པདྨ་འབྱུང་གནས་རྡོ་རྗེ་དྲག་པོ་རྩལ་ཞེས་བྱ་བ། སྐུ་འཇིགས་པའི་ཆ་ལུགས་སུ་བསྟན་པ། གསུང་རྔམ་པའི་ང་རོ་སྒྲོག་པ། ཐུགས་དྲག་པོའི་ངར་དང་ལྡན་པ། འགྱིང་བག་དང་རོལ་པའི་སྟང་སྟབས་སུ་བཞུགས་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་འཕྱར་བ། གཡོན་པ་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན་པ། (༣བ)


GLG022_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

རུས་པའི་རྒྱན་དྲུག་དང་རིན་པོ་ཆེའི་དབུ་རྒྱན་དང་། སྦྲུལ་གྱི་གདུ་བུས་བརྒྱན་པ། ཁྲོ་གཏུམ་བརྗིད་པའི་གར་དགུ་དང་ལྡན་པ། སྤྱན་གསུམ་ཉི་ཟླ་འཁྱིལ་བ་ལྟར་གཟིགས་པ། ཚེམས་གངས་རི་གཏམས་པ་ལྟར་བཞད་པ། ཨག་ཚོམ་དུས་མཐའི་མེ་ལྟར་འབར་བ། ཞལ་ནས་ཧཱུཾ་གི་སྒྲ་འབྲུག་ལྟར་སྒྲོག་པ། ཟ་འོག་གི་བེར་སྨུག་པོ་དང་། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། དབུ་སྐྲའི་ཐོར་ཚུགས་རུས་པས་བརྒྱན་པ། ཞབས་གཉིས་སྟང་སྟབས་སུ་བགྲད་དེ་ཉི་ཟླ་པདྨའི་སྟེང་དུ་རཀྴ་སྲིན་པོ་ཕོ་མོ་བརྫིས་པའི་གདན་ལ་བཞུགས་པ། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན་འགྱིང་བག་ཏུ་བརྗིད་པ། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་གྱུར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། བརྒྱ་ཙམ་བཟླས། རྒྱལ་ཆེན་གྱི་གཏོར་མ། བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཨོཾ་ལས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྒྱལ་པོ་སྡེ་གཞི་འཁོར་བཅས་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམས་ལ། ཨཱོཾ་དྷྲྀ་ཏ་རཱཥྚ་བི་རུ་ཌྷྲ་ཀ་བི་རཱུ་པཀྵ་བཻ་ཤྲ་ཝ་ཎ་ས་པ་རི་ཝཱ་ར་ཨི་དཾ་བ་ལིནྟ་ཁ་ཁ་ཁྭ་ཧི་ཁྭ་ཧི་ལན་གསུམ་གྱིས་འབུལ། གོང་གི་སྔགས་གཤམ་དུ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུཾ། རི་རྒྱལ་ལྷུན་པོའི་ཕྱོགས་བཞི་ན། །རྒྱལ་པོ་ཆེན་པོ་སྡེ་བཞི་པོ། །བཙུན་མོ་སྲས་བློན་འཁོར་བཅས་ཀྱིས། །(༤ན)


GLG022_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞིའི་གདོན་བཟློག་ཕྱི་མཚམས་སྲུངས། །ཧཱུཾ། རྒྱལ་པོ་ཆེན་པོ་སྡེ་བཞི་པ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། །གསང་སྔགས་བསྟན་པ་བསྲུང་བའི་ཕྱིར། །བར་ཆད་འདུལ་བར་མཛད་དུ་གསོལ། །ཐུགས་སྒྲུབ་འཕྲིན་ལས་ཏིང་འཛིན་ནི། ཧཱུཾ། དང་པོ་རང་ཉིད་དབེན་པའི་གནས་སུ་འདུག །ཕྱི་ནང་སྣོད་བཅུད་སྣང་བ་ཐམས་ཅད་ཀུན། །རང་རིག་སེམས་ལས་བྱུང་བའི་ཆོ་འཕྲུལ་ཏེ། །སེམས་ཉིད་དངོས་པོ་གཟུང་འཛིན་བྲལ་བའི་ངང་། །དེ་ལྟར་རྟོགས་ན་བགེགས་རྣམས་རང་སར་གྲོལ། །ཧཱུཾ། དེ་ཉིད་ངང་ལས་སྐད་ཅིག་དྲན་རྫོགས་སུ། །འཇིགས་བྱེད་ཆེན་པོ་རྡོ་རྗེ་དྲག་པོ་རྩལ། །བསྐལ་པའི་མེ་འབར་རྡོ་རྗེའི་ཚ་ཚ་འཕྲོ། །འཇིག་རྟེན་ཐམས་ཅད་རྨད་ནས་ལྡེག་ཅིང་འཁྲུག །བདུད་དང་དམ་སྲི་བགགས་རིགས་རླག་པར་བྱེད། །བཤགས་པ་བྱ་བ་ནི། ཧཱུཾ། དུས་གསུམ་བདེ་གཤེགས་མཁའ་འགྲོ་དམ་ཅན་རྣམས། །ཏིང་འཛིན་རྩེ་གཅིག་དད་པས་སྤྱན་དྲངས་ནས། །བསྐལ་པ་དཔག་མེད་དུས་ནས་ད་ལྟའི་བར། །དུག་ལྔའི་དབང་གྱུར་ངན་སོང་གསུམ་གྱི་ལས། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་མཐོལ་ལོ་བཤགས། །བྱིན་དབབ་པ་ནི། ཧཱུཾ། བདག་ཉིད་སྡིག་སྒྲིབ་དག་པའི་ཕུང་པོ་ལ། ལྷ་རྣམས་དགྱེས་ཤིང་འོད་ཟེར་སྟོང་གསུམ་གང་། །བདག་ལ་ཐིམ་པས་ཡི་དམ་ལྷར་གྱུར་ཏེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡི། །མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཆེན་ཕོབ། །བདུད་རྩི་བྱིན་རླབས་ནི། ཧཱུཾ། བདག་ལས་འོད་འཕྲོས་བྷནྡྷ་གཞལ་ཡས་ཁང་། །གཡས་གཡོན་ཐབས་དང་ཤེས་རབ་ཕྱག་རྒྱ་ལས། །རིགས་ལྔ་ཡབ་ཡུམ་(༤བ)


GLG022_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་མཛད་བྱང་ཆུབ་སེམས། །བདུད་རྩི་མུ་ཏིག་དཀར་པོ་ཆར་ལྟར་བབས། །སྣོད་བཅུད་ཐམས་ཅད་བདུད་རྩིའི་རྒྱ་མཚོས་གང་། །ཧྲཱིཿམ། མཐེབ་སྲིན་སྦྱར་བ་རྟ་མགྲིན་ཡུམ་བཞིར་བཅས། །བདུད་རྩི་འཁྱིལ་ཞིང་དངོས་གྲུབ་སྟེར་མཛད་ལྷ། །བདག་ལ་རེག་པས་དམ་ཚིག་ཉམས་སྒྲིབ་དག །རྫས་ལ་གཏོར་བས་མ་དག་སྐྱོན་རྣམས་སྦྱངས། །བགེགས་ལ་ཕོག་པས་བདུད་དང་དམ་སྲི་བསྐྲད། །གཏོར་མ་བྱིན་རླབས་ནི། ཧཱུཾ། སྣོད་ཀྱི་འཇིག་རྟེན་དུར་ཁྲོད་ཁོག་པ་རུ། །སྙིང་ཁྲག་ཤ་རུས་ཆུ་སེར་ཉོན་མོངས་ལྔ། །རྣམ་དག་ཡེ་ཤེས་ལྔ་དང་འདོད་ཡོན་དྲུག །བཅུད་ཀྱི་འཇིག་རྟེན་ལྷ་མོ་དྲུག་གིས་ཁེངས། །དམ་རྫས་གཏོར་མ་མཆོད་པར་བྱིན་གྱིས་བརླབས། །རཀྟ་བྱིན་རླབས་ནི། ཧཱུཾ། བྷནྡྷ་འབར་བ་རཀྟ་དམར་གྱི་སྣོད། ཁམས་གསུམ་འཁོར་བའི་རྒྱུ་ནི་འདོད་ཆགས་ཏེ། །རྣམ་ཤེས་ཚོགས་བརྒྱད་འདུས་པའི་རྩ་ཆེན་ཁྲག །རཀྟ་ཆོས་ཉིད་སྐྱེ་བ་མེད་པ་ལ། །གསང་བ་ཡུམ་གྱི་ཐིག་ལེ་བདེ་བའི་ངང་། །ཕྱི་མཆོད་བྱིན་རླབས་ནི། ཧཱུཾ། ཨརྒྷཾ་བདུག་སྤོས་མེ་ཏོག་མར་མེ་དང་། །དྲི་ཆབ་ཕྱི་ཡི་མཆོད་པ་རྣམ་པ་ལྔ། །ཡིད་འོང་མཛེས་པའི་ལྷ་མོ་རྣམ་པ་ལྔས། །རྣམ་དག་གཙང་མར་སྦྱར་ཏེ་བསྣམས་ནས་ཀྱང་། །ཡི་དམ་ལྷ་དང་མཁའ་འགྲོ་མཆོད་པའི་རྫས། །དངོས་གཞི་ལ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། ཧཱུཾ། འདི་ལྟར་སེམས་ཀྱི་རྩལ་སྣང་མ་འགགས་པ། །སྣ་ཚོགས་སྣང་བ་འདི་ནི་ཡེ་ཤེས་ཏེ། །སྣང་བའི་དུས་ན་ངོ་བོ་སྟོང་པའི་ངང་། །ཆོས་ཀྱི་དབྱིངས་ཉིད་སྤྲོས་དང་བྲལ་བར་གནས། །དབྱེར་མེད་བྱང་ཆུབ་སེམས་ནི་བདེ་བ་ཆེ། །ཀུན་ཏུ་སྣང་བའི་ཏིང་འཛིན་ནི། །(༥ན)


GLG022_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། དེ་ལྟར་མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས། །སྙིང་རྗེ་ཆེན་པོ་བྱམས་པའི་ཏིང་འཛིན་གྱིས། །རང་རིག་འོད་ཟེར་ཁ་དོག་ལྔ་དང་ལྡན། །གསལ་འཚེར་སྣང་བ་མ་འགགས་དངས་པ་ལ། །ངོ་བོ་བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ། །རྒྱུའི་ཏིང་འཛིན་ནི། ཧཱུཾ། དེ་ལས་འོད་ལྔ་འདུས་པའི་ཡི་གེ་ནི། །ཧཱུཾ་ཆེན་སྔོན་པོ་འབར་བ་ཉི་ཟླ་བཞིན། །སྣང་སྟོང་དབྱེར་མེད་ངང་དུ་གསལ་བར་ཤར། །སྐར་ཆེན་ཐང་ལ་བབས་པའི་ཚུལ་བཞིན་དུ། །འབྲས་བུ་རྒྱུ་ཡི་ཡི་གེ་ཧཱུཾ་དུ་ཤར། །འབྱུང་བ་རིམ་བརྩེགས་ནི། ཧཱུཾ། ཡི་གེ་ཧཱུཾ་ལས་ཧཱུཾ་ལྔ་འཕྲོས་པ་ལས། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། གངས་ལ་ཐིགས་པ་བབས་པ་བཞིན་དུ་ཆགས། །དེ་ལས་འོད་འཕྲོས་འབྱུང་བ་ཆེན་པོ་ལྔ། །འོག་གཞི་དབང་ཆེན་གཞལ་ཡས་གསལ་བར་བསྒོམ། །ཡེ་ཤེས་ལྔ་དང་ཡུམ་ལྔ་རྣམ་དག་ཀློང་། ཧཱུཾ། ནམ་མཁའ་མཐིང་ནག་གྲུ་གསུམ་གདལ་བ་ལ། །རླུང་ནག་རྡོ་རྗེ་རྒྱ་གྲམ་རབ་ཏུ་གཡོས། །མེ་དཔུང་བསྐལ་པ་དུས་མཐའི་མེ་ལྟར་འབར། །རཀྟའི་རྦ་རླབས་རྒྱ་མཚོའི་ཀློང་ལྟར་འཁྱིལ། །ཀེང་རུས་ཆེན་པོའི་རི་རབ་ལྷུན་སྡུག་བརྗིད། །ཧཱུཾ། རྒྱུ་ཡི་ཡི་གེ་ཉིད་ལས་འོད་འཕྲོས་པས། །སྣང་བ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀུན། །བདག་གི་གཟུགས་ཀྱི་ཕུང་པོ་གཞལ་ཡས་ཁང་། །ཙིཏྟའི་གའུ་རིན་ཅེན་ཕོ་བྲང་མཛེས། །རྩ་ཆེན་རྩ་ཕྲན་ཀ་གདུང་རྒྱན་དང་ལྡན། །བྷནྡྷའི་རྩིག་པ་ནང་ཁྲོལ་དྲ་བར་གནས། །རྣམ་ཤེས་ཚོགས་བརྒྱད་གཟེར་གྱིས་རབ་ཏུ་གཏམས། །གསལ་བྱེད་མིག་གཉིས་ཉི་ཟླའི་མཐོངས་ཁུང་ལ། །སྟེང་འོག་རྒྱུ་ལམ་བཞི་ལ་སྒོ་བཞི་གནས། །བྱང་ཆུབ་སེམས་ལས་ཀུན་འབྱུང་གཞལ་ཡས་ཁང་། །ཧཱུཾ། རྒྱུ་ཡི་(༥བ)


GLG022_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་འོད་འཕྲོས་འདུས་པ་ལས། །མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང་། །སྲིན་པོ་རུ་དྲ་བརྫིས་པའི་གདན་སྟེང་དུ། །མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ། །རང་རིག་རང་བྱུང་རང་ཤར་གསལ་བར་བསྒོམ། །ཧཱུཾ། སྐུ་མདོག་མཐིང་ནག་འཇིགས་པའི་ཆ་ལུགས་ལ། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་བསྣམས། །ཕྱག་གཡོན་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན། །རིན་ཅེན་རུས་རྒྱན་ཟབ་ཆེན་བེར་ལ་སོགས། །མཁའ་འགྲོ་དམ་ཅན་དབང་སྡུད་རྒྱན་གྱིས་སྤྲས། །དུར་ཁྲོད་ཆས་བརྒྱད་བརྗིད་པའི་གར་དགུ་ལྡན། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །ལྷ་ཚོགས་ཐམས་ཅད་ཉིད་ཀྱི་སྐུ་ལ་རྫོགས། །བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ། །ཞབས་གཉིས་གྱད་ཀྱི་འགྱིང་བག་སྟབས་སུ་བཞུགས། །སྤྱི་བོ་ཚངས་པའི་བུ་གའི་རྩ་འདབ་སྟེང་། །མགོན་པོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྫོགས། །ཀླད་པ་དུང་ཁང་རྩ་ཡི་འཁོར་ལོ་ལ། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐམས་ཅད་རྫོགས། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབ་ལ། །པདྨ་གསུང་གི་ལྷ་ཚོགས་ཐམས་ཅད་རྫོགས། །སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ལ། །རྡོ་རྗེ་ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་རྫོགས། །ལྟེ་བ་འཁོར་ལོ་འདུས་པའི་རྩ་འདབ་ལ། །བདུད་རྩི་ཡོན་ཏན་ལྷ་ཚོགས་ཐམས་ཅད་རྫོགས། །གསང་གནས་བདེ་སྐྱོང་འཁོར་ལོའི་རྩ་འདབ་ལ། །ཆེ་མཆོག་མ་མོའི་ལྷ་ཚོགས་ཐམས་ཅད་རྫོགས། །རྩ་ཆེན་རྩ་ཕྲན་སྟོང་གི་འཁོར་ལོ་ལ། །མཁའ་འགྲོ་འབུམ་ཕྲག་མང་པོའི་ལྷ་ཚོགས་རྫོགས། །དབུ་ལ་རྒྱལ་བ་རིགས་ལྔས་དབང་བསྐུར་མཛད། །སྐུ་ནི་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་ལ། །འཇིགས་བྱེད་ཁྲོ་(༦ན)


GLG022_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་ལྷ་ཚོགས་ཐམས་ཅད་རྫོགས། །ཕྱག་གཡོན་གསེར་གྱི་དྲིལ་བུ་ཁྲོ་མོ་བཅུ། །ཞབས་གཉིས་བརྐྱང་བསྐུམ་རུ་དྲ་བརྫིས་པ་ལ། །ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་སྲོག་རྩ་འདུས། །དེ་ནས་རོལ་མོའི་སྒྲ་དང་བཅས། །གདུང་བའི་དབྱངས་ཀྱིས་སྤྱན་དྲང་བ་ནི། ཧཱུཾ། སྔོན་གྱི་བསྐལ་པའི་དང་པོ་ལ། །ཨྱོན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱོད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཧཱུཾ། དྷ་ན་ཀོ་ཤའི་མཚོ་གླིང་དུ། །དྲག་པོའི་བརྟུལ་ཞུགས་མཛད་པའི་ཚེ། །སངས་རྒྱས་ཀུན་གྱིས་དབང་བསྐུར་མཛད། །མཁའ་འགྲོ་དམ་ཅན་དབང་དུ་བསྡུས། །རྡོ་རྗེ་ཕག་མོ་ཡུམ་དང་རོལ། །ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ། །བདུད་དང་ལོག་འདྲེན་ཐམས་ཅད་བསྒྲལ། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །རྡོ་རྗེ་སྲིན་མོའི་ལྷ་ཚོགས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཕྱག་འཚལ་བ་ནི། ཧཱུཾ། །སྐྱེ་འགག་འགྱུར་མེད་འཕྲིན་ལས་ཐམས་ཅད་རྫོགས། །རང་བྱུང་ཐུགས་རྗེས་འགྲོ་དྲུག་སྒྲོལ་བར་མཛད། །ཡིད་བཞིན་ནོར་བུའི་དངོས་གྲུབ་ཆར་ལྟར་འབེབས། །རྡོ་རྗེ་ཐོད་འཕྲེང་རྩལ་ལ་ཕྱག་འཚལ་བསྟོད། །ཕྱི་ནང་གསང་གསུམ་བསྒྲལ་མཆོད་ནི། །རྩ་གསུམ་སྤྱན་སྔར་མཆོད་ཡོན་མེ་ཏོག་སྤོས། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་བཤམས། །དབང་ལྔ་ཚིལ་ཆེན་ཞུན་ཆེན་དྲི་ཆེན་ཆུ། །རྐང་གླིང་ཐོད་པའི་རྔ་སྒྲ་བརྗིད་བག་ལྡན། །དུག་གསུམ་(༦བ)


GLG022_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་དུག་ལྔ་ཡེ་ཤེས་ལྔ། །སྣང་སྲིད་ཕྱག་རྒྱ་བཞིར་མཆོད་ཡབ་ཡུམ་མཁའི། །བྱང་སེམས་དཀར་དམར་དགྲ་བགེགས་བསྒྲལ་བའི་ཤ །ཕྱི་ནང་གསང་བ་བསྒྲལ་བའི་མཆོད་པ་འབུལ། །སྨན་མཆོད་ནི། ཧཱུཾ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བ་བརྒྱད་དང་ཡན་ལག་སྟོང་། །བདུད་རྩི་སྨན་གྱི་མཆོད་པ་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་ཆོས་སྐྱོང་རྣམས་ལ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །རཀྟ་ནི། ཧཱུཾ། བླ་མ་ཡི་དམ་མཁའ་འགྲོ་ལ། །རྒྱུད་དྲུག་བསྒྲལ་བའི་རཀྟ་འདི། །འདོད་ཆགས་རྩད་ནས་བཅད་པའི་ཕྱིར། །སྐྱེ་མེད་དོན་གྱི་མཆོད་པ་བཞེས། །གཏོར་མ་ནི། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །རྟགས་བསྟོད་ནི། ཧཱུཾ། དུར་ཁྲོད་འཇིགས་དབུས་ཆགས་མེད་ཐབས་ཤེས་གདན། །དྲེགས་སྲིན་སྟེང་དུ་འཇིགས་བྱེད་དྲག་པོ་རྩལ། །མཐིང་ནག་སྤྱན་བགྲད་མཆེ་གཙིགས་དབུ་སྐྲ་འབར། །སྣ་ཚོགས་རྒྱན་སྤྲས་རྡོ་རྗེ་དྲིལ་བུ་འཛིན། །གར་དགུའི་ཉམས་ལྡན་བེར་སྨུག་ན་བཟའ་གསོལ། །རུས་པའི་རྒྱན་དྲུག་རྟགས་ཀྱིས་མཛེས་པར་བརྒྱན། །བདེ་གཤེགས་གསང་གསུམ་ཀུན་འདུས་མཁའ་འགྲོའི་གཙོ། །རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད། །སྐབས་འདིར་སུམ་བརྒྱ་ཉེར་གཅིག་གི་འཛབ་བཟླ། ཧཱུཾ། དག་པའི་ཞིང་དང་རྒྱ་གར་ཡུལ་རྣམས་ནས། །ཀུན་ཏུ་བཟང་པོ་རིགས་ལྔ་གསང་བའི་བདག །དབང་གི་མཁའ་འགྲོ་ཚངས་པའི་རྒྱལ་པོ་དང་། །བརྒྱ་བྱིན་(༧ན)


GLG022_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་རྒྱལ་འཇོག་པོ་རྒྱལ་པོ་ཛ། །ཤཱཀྱ་པྲ་བྷ་རིགས་འཛིན་པདྨ་འབྱུང་། །བི་མ་མི་ཏྲ་ཤཱི་ལ་མཉྫུ་རྣམས། །འགྲོ་དོན་སྐུར་བཞེངས་ཆོས་དབྱིངས་རང་སྒྲ་སྒྲོགས། །བདག་ཀྱང་རྗེས་འཇུག་ཁྱེད་ཀྱིས་བྱིན་གྱིས་རློབས། །ཧཱུཾ་ཧཱུཾ་ཧཱུཾ། དབུས་གཙང་རུ་བཞིའི་གནས་མཆོག་སོ་སོ་ནས། །མཁར་ཆེན་འཚོ་རྒྱལ་རྡོ་རྗེ་བདུད་འཇོམས་དང་། །གཏེར་སྟོན་ཡབ་སྲས་སྔགས་འཆང་རྡོ་རྗེ་དཔལ། །རྡོ་རྗེ་མགོན་དང་བྱམས་པ་བཤེས་གཉེན་རྗེ། །ངག་དབང་གྲགས་པ་སངས་རྒྱས་དཔལ་བཟང་ཞབས། །མེས་སྟོན་ནམ་མཁའ་ཡོལ་མོ་ཤཱཀྱ་བཟང་། །འགྲོ་དོན༝། །བདག་ཀྱང་༝། །ལེགས་ལྡན་རྡོ་རྗེ་ཆོས་རྒྱལ་དབང་པོའི་སྡེ། །ངག་གི་དབང་པོ་ཆོས་དབྱིངས་རང་གྲོལ་དཔལ། །བརྒྱད་པ་ཀུན་འདུས་བླ་མའི་ཚོགས་སྤྱི་དང་། །ཐུགས་མཆོག་འོད་འབར་སྤྲུལ་སྐུ་གཏེར་བདག་གླིང་། །གང་ཤར་རང་སར་གྲོལ་བའི་རིག་པ་འཛིན། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རྣམས༝༝། །ཕྱོགས་མེད་དག་སྣང་འབྱམས་ཀླས་ཞིང་ཁམས་ནས། །མ་ཧཱ་གུ་རུ་གསང་སྔགས་མཐར་ཐུག་ཆོས། །བཀའ་སྐྱོང་གཙོ་མོ་ཨེ་ཀ་ཛཱ་ཊཱི་མ། །གནས་ཡུལ་དུར་ཁྲོད་མྱུལ་བའི་མཁའ་འགྲོའི་ཚོགས། །མཛོད་ལྔ་འདུས་པའི་ཆོས་སྐྱོང་གཏེར་བདག་དང་། །མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་བཅས་པ་རྣམས།༝༝། ལུས་ངག་ཡིད་གསུམ་བྱིན་རློབས་ཕྱི་དང་ནང་། །གསང་བའི་བར་ཆད་སོལ་ལ་བྱིན་གྱིས་རློབས། །མི་མཐུན་རྐྱེན་སོལ་ལམ་སྣ་ཆོས་ལ་དྲོངས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་ཧཱུཾ་ཧཱུཾ། འོག་གི་དངོས་གྲུབ་ཀྱི་འཛབ་འདིར་བླངས་ཏེ་སུམ་ཙམ་བཟླ། གསོལ་འདེབས་འཛབ་དང་འབྲེལ་བ་ཡིན་ཞེས་(༧བ)


GLG022_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས་སྐབས་འདིར་རྟེན་བསྐྱེད་ལེའུ་བདུན་བསམ་པ་ལྷུན་གྲུབ་མ་སོགས་ཟུར་དུ་བསལ་བ་ལྟར་འདོན། དོན་གྱི་བསྟོད་པ་ནི། ཧཱུཾ། སྐྱེ་འགག་མེད་པ་ཆོས་ཉིད་དབྱིངས་ཀྱི་ངང་། །འདུ་འབྲལ་མེད་པ་བདེ་ཆེན་ཕོ་བྲང་ནས། །རང་བྱུང་རང་ཤར་ཐུགས་རྗེ་ཆེན་པོའི་སྐུ། །བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ། །རང་རིག་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །གསལ་འགྲིབ་མེད་པ་བདེ་བ་ཆེན་པོའི་སྐུ། །རང་རིག་རང་གདངས་མ་འགགས་གསལ་བ་ལ། །རྩོལ་སྒྲུབ་བྲལ་བས་བྱ་བྱེད་གོལ་ས་ཆོད། །མ་བཅོས་རང་ཤར་འཛིན་མེད་སྤྲོས་དང་བྲལ། །རིག་པ་རང་གསལ་ངང་ལ་ཕྱག་འཚལ་ལོ། །རིག་པའི་ཆོ་འཕྲུལ་ཅིར་ཡང་འཆར་བ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་པས་འཁྲུལ་པ་བྲལ། །ཅིར་སྣང་འཛིན་མེད་གྲོལ་བས་བདེ་བ་ཆེ། །གསལ་འཚེར་དངས་བ་སྐྱོན་བྲལ་རིག་པའི་གདངས། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །འབྱུང་བ་བཞི་ལ་བརྟེན་པའི་ཕུང་པོ་ལ། །བཅིངས་ཐུམས་རྡུགས་པ་མེད་པ་ཕྱོགས་བཅུར་འཆར། །གང་ཤར་རྟག་ཆད་བྲལ་བའི་ཟང་ཐལ་ལ། །འཁྲུལ་སྣང་ངར་གསོས་མི་གདབ་རང་སོར་བཞག །རང་བྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །རང་རིག་ཁ་དོག་དངོས་འཛིན་མ་གྲུབ་པ། །སྣང་སྟོང་ཕྱོགས་ལྷུང་ཡེ་ནས་བྲལ་བ་ལ། །མ་འགགས་གསལ་འཚེར་དངས་པ་ཆོས་ཉིད་དང་། །རང་རིག་ངོ་བོ་མ་བཅོས་ཐོད་འཕྲེང་རྩལ། །རང་རིག་བླ་མའི་མཆོག་ལ་ཕྱག་འཚལ་ལོ། །བཀའ་སྲུང་བརྒྱད་མཆོད་ནི། ཧཱུཾ། ཀུན་བཟང་ཐུགས་སྤྲུལ་སངས་རྒྱས་ཀུན་གྱི་ཡུམ། །ཞལ་གཅིག་ཕྱག་གཉིས་ཁ་ཊྭཱཾ་བྷནྡྷ་ཐོགས། །སྨུག་ནག་སྤྲིན་དཀར་འཇའ་ཡི་མཐའ་ཅན་གྱོན། (༨ན)


GLG022_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

།ཨེ་ཀ་ཛཱ་ཊཱི་རལ་གཅིག་གཤེགས་སུ་གསོལ། །དུར་ཁྲོད་བརྒྱད་དབུས་མ་མོ་རོ་ཁ་མ། །ནམ་གྲུ་ཙ་མུནྟི་གསུམ་གཤེགས་སུ་གསོལ། །ཉི་མ་བྱང་ཕྱོགས་གནས་ནས་རེ་མ་ཏཱི། །མ་གཅིག་དཔལ་ལྡན་གནས་འདིར་གཤེགས་སུ་གསོལ། །དམར་ནག་པདྨ་ཁྲོས་པའི་དུར་ཁྲོད་ནས། །དབང་གི་མ་མོ་མཆེད་བདུན་གཤེགས་སུ་གསོལ། །རི་ལུང་ཐང་དམར་ཟངས་མཁར་དམར་པོ་ནས། །སྒྲོལ་གིང་ཆེན་པོ་བཙན་རྒོད༝། །སྟེང་ཕྱོགས་ནམ་མཁའ་འོད་ཀྱི་གཞལ་ཡས་ནས། །ལེགས་ལྡན་ཆེན་པོ་གནས་འདིར༝། །སྙིང་ཉེ་བཀའ་ཉན་གཏེར་བདག་གཤོག་རྒོད་རྩལ། །དམ་ཅན་རྡོ་རྗེ་ལེགས་པ༝། །དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ། །སྔོན་གྱི་དམ་ཚིག་དགོངས་ལ༝། ཁ་བ་ཅན་གྱི་ཡུལ་བདག་སྲུང་མ་ཆེ། །བསྟན་མ་བཅུ་གཉིས་འཁོར་བཅས༝། །བཀྲ་བཟང་རི་བོའི་གནས་ནས་ཉེ་བའི་དབང་། །རི་དེའི་ཕྱོགས་བཞིར་ལྷ་བདུད་བཙན་ཀླུ་ཡི། །དགེ་བསྙེན་ཁྲོམ་པ་སྐྱེས་བཞི་མཚམས་བཞི་ནས། །ཀླུ་སྲས་བུ་ལེ་དཀར་པོ་རྒྱལ་ཐང་དཀར། །ཀླུ་བཙན་སྤུན་གསུམ་རྣོ་མྱུར་ནག་པོ་སོགས། །གཏེར་སྲུང་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨཱོཾ་བཛྲ་ཏྲག་རཀྴ་ཨེ་ཀ་ཛཱ་ཊཱི་མ་མ་རཀྨོ་ཏྲ་ཏྲ་ཏྲག །མ་ཧཱ་ཡཀྴ་ནག་མོ་པདྨ་ཌཱ་ཀི་ནཱི་ཡ་མ་ཤུ་ཏྲི་མ་ཧཱ་ཀཱ་ལ། བཛྲ་སཱ་དྷུ། བཛྲ་ཐང་ཀ་ར། མ་མ། ཁ་ཁ། ལ་ལ། ལེ་ལེ། ཏ་ཏ། ཏེ་ཏེ། དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ དེ་ནས་མཆོད་འབུལ་ནི། ཧཱུཾ། བཀའ་སྲུང་འཁོར་དང་བཅས་པའི་སྤྱན་ལམ་དུ། །རཀྟ་གསུར་ཆེན་དུད་པ་ཚིལ་ཆེན་སྒྲོན། །ཤ་རུས་ཞལ་ཟས་ཐོད་རྔ་རོལ་མོའི་སྒྲ། །དམ་(༨བ)


GLG022_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་གཏོར་མ་བདུད་རྩི་ཨ་མྲྀ་ཏ། །དྲི་ཟའི་རྒྱལ་པོ་བཤོས་དང་གཡའ་གངས་ཆུ། །སྤོས་དཀར་དུད་པ་རིན་ཅེན་རྣམ་པ་ལྔ། །དར་དང་ཟ་འོག་འབྲས་དཀར་གཙང་མ་དང་། །གསང་ལུག་ལ་སོགས་རང་རང་མཐུན་པའི་རྫས། །ཀླུ་རྣམས་དཀར་གསུམ་བདུད་རྩི་རིན་ཅེན་ལྔ། །ཀླུ་སྨན་ལ་སོགས་རང་རང་དགྱེས་པ་ཡི། །འདོད་པའི་ལོངས་སྤྱོད་ཚོགས་རྣམས་རབ་འབུལ་གྱི། །དགའ་བདེར་སྤྱོད་ལ་མཐུན་པའི་ལས་རྣམས་སྒྲུབས། །གོང་གི་སྔགས་གཤམ་དུ་ས་པ་རི་ཝཱ་རའི་མཇུག་ཏུ། མ་ཧཱ་པཉྩ་ཨ་མྲྀ་ཏ། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟོད་པ་ནི། བཀའ་སྲུང་སྡེ་བརྒྱད་མཆེད་ཟླ་བྲན་གཡོག་རྣམས། །རྒྱལ་བའི་བསྟན་དང་རྣལ་འབྱོར་མ་གཡེལ་སྲུངས། དགྲ་བོ་ལ། །བསད་བསྐྲད་རེངས་རྨོངས་རྫུ་འཕྲུལ་སྣ་ཚོགས་སྟོན། །བོད་ཁམས་རུ་བཞི་ནད་འཁྲུག་ཉེར་འཚེ་ལས། །སྐྱོབས་ལ་གནས་ཆེན་བྱིན་རླབས་ཟབ་གཏེར་སྲུངས། །མདོར་ན་བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད། །མཇུག་ལ་ཚོགས་ནི། བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །ཚོགས་ཀྱི་གཉིས་འཛིན་རྣམ་རྟོག་ཀུན་སྦྱངས་ནས། །རིན་ཅེན་ཡངས་པའི་སྣོད་དུ་བདུད་རྩིའི་བཅུད། །འདོད་ཡོན་ལྔ་ཡི་མཆོད་པས་ཁྱབ་པར་གྱུར། །སྤྱན་འདྲེན་པ་ནི། ཧཱུཾ། རབ་འབྱམས་དག་པའི་རང་སྣང་གཞལ་ཡས་ནས། །མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཡི་འཁོར་ལོའི་ཚོགས། །འགྱིང་བག་གར་གྱི་རྣམ་འགྱུར་ཤིགས་སེ་ཤིག །འཇིགས་རུང་གསུང་གི་ང་རོ་ལྡིར་རི་རི། །ཐུགས་རྗེ་ནུས་(༩ན)


GLG022_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

མཐུའི་བྱིན་རླབས་ཐིབས་སེ་ཐིབ། །གནས་འདིར་བརྩེར་དགོངས་ཚོགས་ཀྱི་མཆོད་པ་ལ། །ཐོགས་མེད་རྫུ་འཕྲུལ་ལྡན་པས་གཤེགས་སུ་གསོལ། །འབུལ་བ་ནི། རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་ལ། །སྨན་རག་གཏོར་མ་ཤ་སྣ་དབང་པོ་ལྔ། །བཟའ་དང་བཅའ་བ་བཏུང་བའི་བྱེ་བྲག་སོགས། །སོ་སོར་དགྱེས་པའི་ཇི་སྙེད་མཆོད་པའི་ཚོགས། །བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་བརླབས་འདིས། །རྩ་བརྒྱུད་བླ་མ་ཐུགས་དམ་སྐོངས་གྱུར་ཅིག །བཀའ་བརྒྱད་ལྷ་ཚོགས༝། །ཆོས་སྲུང་གཏེར་བདག༝། །དེ་ནས་ཧོ། ཞལ་བསྡུས་པའི་སྐབས་སུ་བཞག་ཀྱང་ཆོག །ཟས་ཚོགས་ཀྱི་མཆོད་པ་འདི། །འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན། །དངོས་གྲུབ་སྣ་ཚོགས་འདི་ལས་འབྱུང་། །ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། །སིདྡྷི་ཕ་ལ་ཨ་ལ་ལ་ཧོ། །ཚོགས་ལ་རོལ་རྗེས་ཧོ། །བདག་དང་རྡོ་རྗེ་སློབ་དཔོན་དང་མཆེད་དང་ལྕམ་དྲལ་རྣམས་ཀྱིས་མ་ཧཱ་མཾ་ས་གསོལ་བས་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་ལ་མངའ་བརྙེས་པར་གྱུར་ཅིག །ཛ་གད་དཔའ་བོ་གསོལ་བས་འགྲོ་བ་མང་པོ་དབང་དུ་འདུ་བར་གྱུར་ཅིག །ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས་སྒྲུབ་པ་པོའི་མཐུ་དང་རྫུ་འཕྲུལ་དང་དངོས་གྲུབ་ལ་མངའ་བརྙེས་པར་གྱུར་ཅིག །དེའི་དགེ་བའི་རྩ་བས་སྒྲིབ་པ་རྣམ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་གྱུར་ཅིག །ཅེས་བརྗོད། ལྷག་མ་ནི། རང་ལྷར་གསལ་བའི་ཁ་ཆུས་བྲན་ལ་འདི་སྐད་དོ། །ཧཱུཾ། སྔོན་ཚེ་ཁྲག་འཐུང་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་ཤིང་། །བར་དུ་པདྨ་འབྱུང་གནས་ཀྱི། །སྤྱན་(༩བ)


GLG022_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ཁས་བླངས་དམ་བཅས་པ། །ད་ལྟ་རིགས་འཛིན་བདག་ཅག་གི །བྲན་དང་ཕོ་ཉར་ཁས་བླངས་པའི། །སྒྲུབ་སྡེ་བརྒྱད་ཀྱི་བཀའ་སྲུང་དང་། །གསང་སྔགས་ཐེག་པའི་བཀའ་སྲུང་རྣམས། །བཀའ་ཡི་ཕམ་ཕབས་འདི་བཞེས་ལ། །སྔོན་གྱི་དམ་ཚིག་དྲན་པར་གྱིས། །གསང་སྔགས་བསྟན་པ་རྒྱས་པར་སྤེལ། །བདུད་དང་དམ་སྲི་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཆད་མཐོ་ནི། ཧཱུཾ། སྔོན་ཚེ་བསྡུས་པའི་སྐབས་སུ་བཞག་ཀྱང་ཆོག །བསྐལ་བ་དང་པོ་འོག་མིན་དུ། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ་པ་ཡིས། །སྣང་སྲིད་མ་ཚོགས་དམ་ལ་བཏགས་པའི་ཚེ། ཁྲོ་མོ་སིངྷ་སྒོ་མ་བཞི་སོགས་ཀྱིས། །སོ་སོའི་གཟུགས་བསྟན་བཀའ་ཡི་གཏོར་མ་ལེན། །བཅོལ་བའི་ལས་ཀུན་བསྒྲུབ་སོགས་ཁས་བླངས་པ། །དུས་འདིར་མ་གཡེལ་གཏོར་མ་འདི་བཞེས་ལ། །ཞི་རྒྱས་དབང་དྲུག་འཕྲིན་ལས་ཐམས་ཅད་སྒྲུབས། །བསྐལ་པ་བར་མ་བལ་ཡུལ་ཡང་ཤོད་དུ། །པདྨཱ་ཀཱ་ར་ཤཱཀྱ་དེ་ཝ་ཡིས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས། །བདུན་ཅུ་རྩ་ལྔའི་མགོན་པོ་དམ་བཏགས་ཚེ། །སོ་སོའི་གཟུགས་བསྟན༝། །བཅོལ་བའི་ལས་ཀུན༝། །དུས་འདིར་མ་གཡེལ༝།།ཞི་རྒྱས་དབང་དྲག༝། །བསྐལ་པ་ཐ་མ་བསམ་ཡས་མཆིམས་ཕུ་རུ། །སློབ་དཔོན་ཆེན་པོ་རྗེ་འབངས་གྲོགས་དགུ་ཡིས། །བཀའ་བརྒྱད་ལྷ་ཡི་དཀྱིལ་འཁོར་ཞལ་ཕྱེ་ནས། །དྲེགས་པ་སྡེ་བརྒྱད་དམ་ལ་བཏགས་པའི་ཚེ། །སོ་སོའི་གཟུགས་བསྟན་བཀའ་ཡི་གཏོར་མ་ལེན། །བཅོལ་བའི་ལས་ཀུན་བསྒྲུབ་སོགས་ཁས་བླངས་པ། །དུས་འདིར་མ་གཡེལ་གཏོར་མ་འདི་བཞེས་ལ། །ཞི་རྒྱས་དབང་དྲག་འཕྲིན་ལས་(༡༠ན)


GLG022_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྒྲུབས། །དེ་ནས་བསྟན་མ་སྐྱོང་བ་ནི། ཧཱུཾ། ཨ་སུ་ར་ཡི་བྲག་ཕུག་ཏུ། །ཨྱོན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །བོད་ཡུལ་བསྟན་མ་བཅུ་གཉིས་དང་། པུང་ཐུལ་ལ་ཞིང་བཅུ་སྒྲོལ། ས་སྒྲུབ་པར་མཛོད། །དངོས་གྲུབ་བསྐུལ་བ་ནི། །ཕྱོགས་བཞིའི་དབུས་ནས་དངོས་གྲུབ་བསྐུལ་བའི་ལྷ། །རྡོ་རྗེ་རཏྣ་པདྨ་ཀརྨ་དང་། །བུདྷ་ཐོད་འཕྲེང་རྩལ་ལྔ་རང་རྟགས་ཀྱི། །སྐུ་མདོག་ཕྱག་མཚན་ན་བཟའ་རྒྱན་འཕྲེང་འཚེར། །མཆེད་ལྔའི་རྒྱུད་བསྐུལ་བདག་ཅག་རྒྱུ་སྦྱོར་གྱི། །ནད་གདོན་ཀུན་ཞི་ཚེ་དང་བསོད་ནམས་རྒྱས། །མཐུན་རྐྱེན་དབང་སྡུས་གནོད་བྱེད་དགྲ་བགེགས་སྒྲོལ། །ཐམས་ཅད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཞུ། །ཨཱོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ་ཧཱུཾ་ཧཱུཾ། ན་ན་ཁ་དྷེ་སིདྡྷི་ཧཱུཾ་ཧཱུཾ་ཧཱུཾ། སརྦ་སིདྡྷི་དྷ་ནཾ་མེ་དྷི་ཧྲཱིཿ ཨཱ་ཡུཿསིདྡྷི་ས་མ་ཡ་སྡུས་སྡུས། ཞེས་ལན་གསུམ་བརྗོད། ལྷག་ཆད་ཁ་བཀང་། དཀྱིལ་འཁོར་བསྡུ་བ་ནི། སྣོད་བཅུད་མ་ལུས་ཡི་གེ་ཧཱུཾ་དུ་གྱུར། ཧཱུཾ་ཡང་འཇའ་ལྟར་དམིགས་མེད་སྟོང་པའི་ངང་། །རང་ཉིད་མཧཱ་གུ་རུ་དྲག་པོ་རྩལ། །འཇིགས་མེད་རྡོ་རྗེ་འབར་བའི་སྐུ་རུ་གྱུར། །སྨོན་ལམ་ནི། སངས་རྒྱས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ། །འཕྲིན་ལས་གཞུང་བཞིན་ཉམས་སུ་བླངས་པའི་མཐུས། །སྡེ་(༡༠བ)


GLG022_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་འཚུབ་ལྷོངས་མཐུ་བྱང་ནད་གདོན་རིམས། །གེག་སྲི་དགྲ་བགེགས་བར་ཆོད་ཞི་བར་ཤོག །བསྐལ་པར་འཚོ་བ་སྲོག་གི་རྒྱ་མདུད་ཐེབས། །དཔལ་འབྱོར་མངའ་ཐང་རྣམ་ཐོས་བུ་ལ་འགྲན། །ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་པ། །འབད་རྩོལ་མེད་པར་བླ་ནས་བླར་འཕེལ་ཤོག །སྐྱེ་བ་ཀུན་ཏུ་པདྨ་ཐོད་འཕྲེང་གིས། །རྗེས་བཟུང་རྔ་ཡབ་དཔལ་རིའི་ཕོ་བྲང་དུ། །ཐེག་མཆོག་ཆོས་ལ་སྤྱད་ནས་འགྲོ་བ་ཀུན། །འདྲེན་པའི་དེད་དཔོན་ཆེན་པོར་འགྱུར་བར་ཤོག །ཤིས་བརྗོད་ནི། ཤེས་བྱའི་དོན་ལ་མ་རྨོངས་པའི། །བླ་མ་དམ་པའི་བཀྲ་ཤིས་ཤོག །གང་ལ་བསམས་པ་དེ་འགྲུབ་པའི། །དོན་འགྲུབ་མཆོག་གི་བཀྲ་ཤིས་ཤོག །སྐུ་གསུང་ཐུགས་ཀྱི་བྷ་ག་ནས། །ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །གཞན་ཡང་ཤིས་བརྗོད་ཅི་རིགས་བྱའོ། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །འབད་མེད་སྩོལ་བ་རིགས་འཛིན་བླ་མ་ཡི། །དཀྱིལ་འཁོར་གཅིག་ཏུ་ཞི་ཁྲོ་ཀུན་འདུས་པ། །ཡིད་བཞིན་དབང་གི་རྒྱལ་པོ་གཉིས་པ་བཞིན། །འཕྲིན་ལས་ཚིག་གི་སྤྲོས་པར་མ་འཆོལ་ཞིང་། །དོན་ཀུན་ཆད་པ་མེད་པར་ལེགས་ཚང་བ། །དངོས་གྲུབ་ཡོངས་འདུའི་གཏེར་མཛོད་ཡི་གེ་རུ། །བཀོད་ལ་མཁའ་འགྲོ་གཏེར་སྲུང་བཟོད་པར་གསོལ། །བསོད་ནམས་བྱས་འབྲས་ཐོག་མེད་ནས་བསགས་པའི། །རྣམ་དཀར་དགེ་ཚོགས་རྣམས་དང་ཆབས་ཅིག་ཏུ། །ནམ་མཁའི་མཐའ་བསྙེག་མ་རྒན་སེམས་ཅན་རྣམས། །རང་རིག་ཀུན་བཟང་རང་ངོ་འཕྲོད་རྒྱུར་བསྔོ། །ཞེས་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལས་བྱང་སྔོན་འགྲོ་གཟེར་ལྔ་དང་བཅས་ཆ་ཚང་ལ་(༡༡ན)


GLG022_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱེར་བདེ་བ་དངོས་གྲུབ་ཡོངས་འདུའི་གཏེར་མཛོད་འདི་ནི་ལྷ་སྲས་ཀྱི་སྤྲུལ་པར་ལུང་གིས་ཟིན་པ་ས་སྐྱོང་གྲོང་སྨད་པ་སངས་རྒྱས་རྒྱ་མཚོས་སྤྲེལ་ཟླ་ནས་བཟུང་ཡར་ངོའི་ཚེས་བཅུ་བྱུང་ངོ་ཅོག་གི་མཆོད་པའི་ཉམས་ལེན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་ལྕགས་སྤྲེལ་ས་ག་ཟླ་བའི་དམར་ཆའི་གྲལ་ཚེས་དགེ་བར་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་ཐར་རྒྱས་པ་བློ་བཟང་དབང་པོའོ། །སརྦ་མངྒ་ལཾ། །

ཐུགས་སྒྲུབ་ཀྱི་ལས་བྱང་ནོར་བུའི་ཅོད་པན།


GLG022_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཀྱི་ལས་བྱང་ནོར་བུའི་ཅོད་པན་ཞེས་བྱ་བ་བཞུགས་སོ། །


GLG022_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཝེ། ཕུལ་བྱུང་ཟག་བྲལ་བདེ་ཆེན་མཁའ་ཀློང་དབྱིངས་སུ་རྟག་རོལ་འགྱུར་བ་མེད་པ་ཆོས་ཀྱི་སྐུ་དེ་ལས། །ཞི་དང་ཁྲོ་སོགས་འཁོར་ལོའི་མགོན་པོ་ལོངས་སྤྱོད་རྫོགས་སྐུའི་གར་གྱིས་རྣམ་རོལ་རྡོ་རྗེ་དྲག་པོ་རྩལ། །བསིལ་ལྡན་ལྗོངས་འདིར་བཀའ་དྲིན་ཟླ་མེད་སྩོལ་མཛད་ཡེ་ནས་གདོད་མའི་སངས་རྒྱས་པདྨ་སཾ་བྷ་ཝ། །སྐུ་གསུམ་དབྱེར་མེད་ངང་དུ་རོལ་ཀྱང་སྐལ་ལྡན་སྨིན་མཛད་རྩ་བརྒྱུད་བླ་མའི་ཞབས་པད་སྤྱི་བོས་བསྟེན། །ངོ་མཚར་གནས་སུ་རྒྱ་ཡིས་ལེགས་སྤྲས་པའི། །ཡིད་བཞིན་ནོར་ལྟའི་ཐུགས་སྒྲུབ་ཟབ་མོའི་ལམ། །ཐོག་མར་སྒོ་འབྱེད་དངོས་གྲུབ་རྒྱལ་མཚན་ནས། །གསང་ཆེན་ཆོས་འདིའི་འཕྲིན་ལས་སྒོ་བརྒྱ་པ། །སྤེལ་མཛད་པདྨས་བྱིན་བརླབས་རིགས་འཛིན་ཚོགས། ཁྱད་པར་གདུལ་བྱའི་དོན་དུ་ཀུན་བཟང་མགོན། །དཀའ་སྤྱད་གྲུབ་པ་མཆོག་བརྙེས་རིགས་འཛིན་རྗེའི། །རྣམ་རོལ་དྲིན་ཅན་བླ་མའི་ཞབས་ལ་འདུད། །གང་ཞིག་ཡི་དམ་ཆོས་སྲུང་རྒྱ་མཚོ་ལ། །མཆོད་བསྟོད་སྒྲུབ་ལ་སྔོན་དུ་མེད་མི་རུང་། །དངོས་གྲུབ་ཀུན་གྱི་གཏེར་གྱུར་བླ་མ་མཆོག །ཉེར་བསྒྲུབ་འཕྲིན་ལས་རྟ་ལྗང་དབང་པོ་འདིས། །གངས་ལྡན་ཕན་བདེའི་པད་ཚལ་བཞད་པ་དང་། །རྡོ་རྗེ་ཐེག་པའི་ལེགས་བཤད་རྒྱ་མཚོའི་གླིང་། །ཕུན་ཚོགས་(༢ན)


GLG022_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྟོན་སྤེལ་ཕྱིར་འདྲི་བྱེད་ན། །མཐུ་ལྡན་གཏེར་སྲུང་དུས་འདིར་གནང་བ་སྩོལ། །སྐྱབས་འགྲོ་ནི། བདག་སོགས་འགྲོ་ཀུན་བྱང་ཆུབ་མ་ཐོབ་བར། །མཆོག་གསུམ་ཀུན་ལ་སྐྱབས་འགྲོ་དུས་གསུམ་དགེས། །རང་བྱུང་རིག་པ་རང་ཤར་ཆོས་ཀྱི་སྐུ། །ཡང་དག་སྙིང་པ་མྱུར་དུ་རྟོགས་པར་ཤོག །ཕྱིའི་མཎྜལ། ནོར་འཛིན་ལྷུན་པོ་རི་ཕྲན་ཉི་ཟླ་མཚོ། །གླིང་བཞི་གླིང་ཕྲན་མུ་ཁྱུད་ལྷ་དང་མིའི། །འདོད་ཡོན་དང་བཅས་དཀོན་ཅོག་གསུམ་ལ་འབུལ། །ཚོགས་རྫོགས་རང་བྱུང་ཡེ་ཤེས་མྱུར་རྫོགས་ཤོག །ནང་གི །ཡུལ་མཁར་ལོངས་སྤྱོད་བྱམས་པའི་མཛའ་གྲོགས་སོགས། །བདག་གི་འཇིག་རྟེན་འདི་ཡི་གཅེས་པ་ཀུན། །བླ་མར་འབུལ་གྱི་ཉོན་མོངས་འཛིན་པའི་ཡུལ། །དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལ། །གསང་བའི། བདག་གི་རྣམ་ཤེས་དབང་པོ་ཚོགས་བརྒྱད་དང་། །སྒྱུ་ལུས་ཕྱི་ནང་དྲིན་ཅན་བླ་མ་ལ། །འབུལ་ལོ་ལམ་གྱི་འཕྲུལ་སྣང་ཀུན་དག་ནས། །རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལ། །རྡོར་སེམས་སྒོམ་བཟླས་ནི། སྤྱི་བོར་གདན་སྟེང་ཨཱཿལས་རྡོར་སེམས་དཀར། །རྡོ་རྗེ་དྲིལ་འཛིན་སེམས་དཔའི་སྐྱིལ་ཀྲུང་མཛད། །ཐུགས་ཀའི་མདངས་ལྡན་ཨཱཿལས་བདུད་རྩིའི་རྒྱུན། །བབས་པས་ཕྱི་ནང་ལུས་བཀྲུས་(༢བ)


GLG022_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་གྱུར། །ཡིག་བརྒྱ་གྲངས་སྐབས་སྦྱར་བརྗོད། བླ་མའི་རྣལ་འབྱོར་ནི། སྤྱི་བོར་སུམ་བརྩེགས་གདན་དང་དར་ཆེན་ཁྲི། །བརྩེགས་སྟེང་མཐིང་ནག་གུ་རུ་དྲག་པོ་རྩལ། །རྡོར་དྲིལ་འཛིན་ཅིང་དུར་ཁྲོད་ཆས་བརྒྱད་རྫོགས། །ཐབ་ཆེན་བེར་གསོལ་གར་དགུའི་ཉམས་ཀྱིས་བཞུགས། །དུས་གསུམ་རྒྱལ་བ་ཡི་དམ་བླ་མའི་ཚོགས། །འོད་ཞུ་མ་ཧཱ་གུ་རུའི་སྐུ་ལ་ཐིམ། །ཀུན་འདུས་བླ་མར་ཕྱག་འཚལ་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨཱོཾ་ཨཱཿཧཱུཾ། རྒྱལ་བ་དགོངས་བརྒྱུད་རིགས་འཛིན་བརྡའ་བརྒྱུད་དང་། །གང་ཟག་སྙན་བརྒྱུད་རྩ་བའི་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཐུགས་དམ་དབྱིངས་ནས་བསྐུལ་ལོ་བྱིན་གྱིས་རློབས། །ཡི་དམ་མཁའ་འགྲོ་ཆོས་དང་དེའི་སྲུང་མར། །མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་བཅས་པ་ལ། །སྙིང་ནས༝། །ཐུགས་དམ༝། །དེ་ལྟར་དངོས་དང་བརྒྱུད་པའི་བླ་མ་ལ། །འགྱུར་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །རང་རིག་མ་བཅོས་བླ་མའི་ངོ་བོ་རུ། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །ཨཱོཾ་ཨཱཿཧཱུཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། འདི་སྣང་སྒྱུ་མར་གོ་ཞིང་འཁོར་བ་ལ། །ངེས་པར་ཡིད་འགྱུར་རྒྱལ་བའི་གསུང་རབ་ཐོས། །ཀུན་གྱི་རྩ་བ་གཉིས་འཛིན་དུ་ཤེས་ཀྱང་། །ཉོན་མོངས་བག་ཆགས་དབང་དུ་ཤས་ཆེར་ཤོར། །ཆགས་ཞེན་འདོད་སྲེད་ལས་ངན་རྩར་བཅད་ནས། །གཉིས་འཛིན་སྒྲོག་ལས་གྲོལ་བར་བྱིན་གྱིས་རློབས། །ཨཱོཾ་ཨཱཿཧཱུཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། མ་བཅོས་རང་ལ་གདོད་ནས་ལྷུན་གྲུབ་པའི། །རང་བྱུང་རིག་པ་གཉུག་མ་ལྷན་ཅིག་སྐྱེས། །མངོན་དུ་གྱུར་ནས་མར་གྱུར་འགྲོ་བ་རྣམས། །ཀུན་བཟང་ས་ལ་འགོད་པའི་མཐུ་ལྡན་ཤོག །རྒྱལ་ཆེན་མཚམས་གཅོད་ནི། ཧཱུཾ་ཧཱུཾ། པདྨ་ཉི་ཟླ་རཀྴ་སྲིན་པོ་ཡི། །གདན་སྟེང་སྐད་ཅིག་ངང་ལས་བདག་(༣ན)


GLG022_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི། །རྡོ་རྗེ་དྲག་རྩལ་ཁམས་གསུམ་དབང་སྡུད་ཅིང་། །སྲིད་གསུམ་ཟིལ་གྱིས་གནོན་པ་ཉིད་དུ་གྱུར། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཨཱོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ། ན་ན་བ་དྷེ་སིདྡྷི་སརྦ་སིདྡྷི་དྷ་ནཾ་མེ་དྷི་ཧྲིཿ ཨཱ་ཡུཿསིདྡྷི་ས་མ་ཡ་སྡུས་སྡུས། ཐུགས་ཀ་ལས་བྱུང་དཀར་སེར་དམར་ལྗང་ཧཱུྃ། །ཡོངས་གྱུར་རྒྱལ་ཆེན་སྡེ་བཞི་འཁོར་བཅས་རྣམས། །གཏོར་མ་འདི་བཞེས་ཕྱོགས་ཀྱི་གདོན་སྲུངས་ལ། །མཐུན་པའི་རྐྱེན་རྣམས་ཡིད་བཞིན་གྲུབ་པར་མཛོད། །ནང་མཚམས་གཅོད་པ་ནི། ཧཱུྃ། ཕྱི་ནང་སྣོད་བཅུད་སྣང་བ་ཐམས་ཅད་ཀུན། །རང་རིག་སེམས་ལས་བྱུང་བའི་ཆོ་འཕྲུལ་ཏེ། །སེམས་ཉིད་ངོ་བོ་གཞི་རྩ་བྲལ་བའི་ངང་། །དེ་ལྟར་རྟོགས་ན་བགེགས་རྣམས་རང་སར་གྲོལ། །གསང་མཚམས་ནི། ཧཱུྃ། དེ་ཉིད་ངང་ལས་སྐད་ཅིག་དྲག་པོ་རྩལ། །བསྐལ་པའི་མེ་འབར་རྡོ་རྗེའི་ཚ་ཚ་འཕྲོ། །འཇིག་རྟེན་ཐམས་ཅད་རབ་ཏུ་ལྡེག་ཅིང་འཁྲུག །བདུད་དང་དམ་སྲི་བགེགས་རིགས་བརླག་པར་བྱེད། སྒྲིབ་སྦྱོང་བཤགས་དཀྱིལ། ཏིང་འཛིན་གདུང་བའི་མོས་པས་མདུན་གྱི་མཁར། །ཐོགས་མེད་བྱོན་པའི་རྩ་གསུམ་སྤྱན་སྔ་རུ། །དུག་ལྔའི་དབང་གིས་བསགས་པའི་སྡིག་སྒྲིབ་ཀུན། །ཟོལ་མེད་སྙིང་གི་དཀྱིལ་ནས་མཐོལ་ལོ་བཤགས། །བྱིན་དབབ་ཐུགས་དཀྱིལ། སྡིག་སྒྲིབ་རྣམ་དག་ཕུང་པོར་ལྷ་རྣམས་ཀུན། །དགྱེས་ཤིང་སྟོང་གསུམ་གང་འོད་བདག་ཐིམ་པས། །ཡི་དམ་ལྷར་གྱུར་ཐུགས་གསུང་སྐུའི་དངོས་གྲུབ། །རབ་ཐོབ་མཆོག་ཐུན་དངོས་གྲུབ་བྱིན་ཆེན་ཕོབས། །མཆོད་གཏོར་བྱིན་རླབས། བདག་ཉིད་ལྷར་གསལ་ངང་ནས་འོད་འཕྲོས་པས། །སྨན་རག་གཏོར་གསུམ་ཕྱི་ནང་མཆོད་པ་ཡི། །མི་གཙང་ཉེས་པའི་སྐྱོན་ཀུན་རབ་སྦྱངས་ནས། །ཟག་མེད་བདུད་རྩིའི་རོ་ལྡན་ངོ་བོར་གྱུར། །ཧཱུྃ་ཨཱོཾ་སྭཱ་ཨཾ་ཧཱ་ཧྲིཿམ། ཨཱོཾ་བཛྲ་ཡཀྴ་ཀྲོ་ཏ་ཧཱུཾ་ཕཊ། ཨཱོཾ་ཨཱཿཧཱུྃ། རཀྟ་མཎྜ་ལ་ཧཱུྃ། (༣བ)


GLG022_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་དྷཱུ་པུ་ཨཱ་ག་ཧཱུྃ། དེ་ཏིང་། སེམས་ཀྱི་སྣ་ཚོགས་སྣང་འདི་ཡེ་ཤེས་ཏེ། །སྣང་བའི་དུས་ན་ངོ་བོ་སྟོང་པའི་ངང་། །ཆོས་ཀྱི་དབྱིངས་ཉིད་སྤྲོས་དང་བྲལ་བར་གནས། །དབྱེར་མེད་བྱང་ཆུབ་སེམས་ནི་བདེ་བ་ཆེ།ཀུན་ཏིང་། མ་རྟོགས་འཁྲུལ་པའི་འགྲོ་ལ་སྙིང་རྗེ་ཆེ། །བྱམས་པའི་ཏིང་ངེ་འཛིན་གྱི་རང་རིག་འོད། ཁ་དོག་ལྔ་ལྡན་གསལ་འཚེར་དངས་པ་ལ། །ངོ་བོ་བདེ་བའི་སྙིང་རྗེ་ཆེན་པོར་གྱུར། རྒྱུའི་ཏིང་། འོད་ལྔ་འདུས་པའི་ཧཱུྃ་སྔོན་རབ་འབར་བ། །སྣང་སྟོང་དབྱེར་མེད་ངང་དུ་གསལ་བར་ཤར། །སྐར་ཆེན་ཐང་ལ་ཕེབས་པའི་ཚུལ་བཞིན་དུ། །འབྲས་བུ་རྒྱུ་ཡི་ཡི་གེ་ཧཱུྃ་དུ་གྱུར། །དཀྱིལ་འཁོར་དངོས། གངས་ལས་ཐིགས་པ་བབས་ལྟར་ཧཱུྃ་ཡིག་ལས། །ཧཱུྃ་ལྔ་རབ་འཕྲོས་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། །དེ་ལས་འོད་འཕྲོས་འོག་བཞིའི་དཀྱིལ་འཁོར་ལྔ། །བརྩེགས་སྟེང་རྒྱུ་ཡིག་ཉིད་ལས་ཧཱུྃ་འཕྲོས་པས། །སྣོད་ཀྱི་རྟེན་དང་བདག་ཕུང་གཞལ་ཡས་ཁང་། །ཙིཏྟ་རིན་ཅེན་ཕོ་བྲང་རྩའི་ཀ་གདུང་། །བནྡྷའི་རྩིག་པ་ནང་ཁྲོལ་དྲ་བར་ལྡན། །ཚོགས་བརྒྱད་གཟེར་བཏབ་མིག་གཉིས་ཉི་ཟླ་ཡི། །མཐོངས་ཁུང་སྟེང་འོག་རྒྱུ་ལམ་བཞི་ནི་སྒོ། །བྱང་ཆུབ་སེམས་ལས་ཀུན་འབྱུང་གཞལ་ཡས་ཁང་། །རྒྱུ་ཡི་ཡི་གེ་འོད་འཕྲོས་འདུས་པ་ལས། །པད་ཉི་ཟླ་གདན་སྲིན་པོ་རུ་དྲའི་སྟེང་། །རྡོ་རྗེ་དྲག་རྩལ་མཐིང་ནག་རབ་ཁྲོས་པ། །གཡས་པ་གནམ་ལྕགས་རྡོ་རྗེ་གསེར་དྲིལ་གཡོན། །དཀུར་བརྟེན་ཟབ་ཆེན་བེར་གསོལ་རིན་ཅེན་རྒྱན། །དུར་ཁྲོད་ཆས་རྫོགས་བརྗིད་པའི་གར་དགུར་ལྡན། །ཞབས་གཉིས་གྱད་ཀྱི་འགྱིང་བག་སྟབས་བཞུགས་སྐུའི། །སྤྱི་བོ་ཚངས་བྲག་གི་རྩ་གནས། ཀླད་པ་དུང་ཁང་གི་རྩ་འཁོར། མགྲིན་པ་ལོངས་སྤྱོད་ཀྱི་རྩ་འཁོར། སྙིང་ག་ཆས་ཀྱི་འཁོར་ལོའི་རྩ་འདབ། ལྟེ་བ་དང་འཁོར་ལོ་འདུས་པའི་རྩ་འདབ། གསང་གནས་བདེ་ཆེན་འཁོར་ལོ། རྩ་ཆེན་རྩ་ཕྲན་སྟོང་གི་འཁོར་ལོ། རྣམས་ལ་རིམ་པ་བཞིན། དམར་པོ་མཉམ་གཞག་བུམ་(༤ན)


GLG022_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛིན། ཚེ་དཔག་མེད་སྐུ་ནག་པོ་བེ་ཅོན་སྡིགས་མཛུབ་མཛད། འཇམ་དཔལ་དམར་ནག་པདྨ་སྡིགས་མཛུབ་མཛད། པདྨ་གསུང་། མཐིང་ནག་རྡོ་རྗེ་དུང་དམར་འཛིན། རྡོ་རྗེ་ཐུགས་ཡོན་སྨུག་ནག་རྡོ་རྗེ་དྲིལ་བུ་འཛིན། བདུད་རྩི་མཐིང་ནག་རྡོ་རྗེ་དུང་དམར་འཛིན། ཚེ་མཆོག་དང་། མཐིང་ནག་ཕྱག་གཉིས་ཕུར་བུ་བསྒྲལ། མཁའ་འགྲོ་འབུམ་སྡེའི་ལྷ་ཚོགས་དང་བཅས་རྫོགས། །སྐུ་ནི་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས། །རིགས་ལྔས་དབང་བསྐུར་ཕྱག་མཚན་ཁྲོ་རྡོ་རྗེ་ལ་ཡབ་དང་དྲིལ་བུ་ལ་ཡུམ། བཅུ་རྫོགས། །ཞབས་གཉིས་བརྐྱང་བསྐུམ་རུ་དྲ་བརྫིས་པ་ལ། །ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་སྲོག་རྩ་འདུས། སྤྱན་འདྲེན་ནི། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། ཞེས་པ་ནས། བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཧཱུྃ། དྷ་ན་ཀོ་ཤའི་མཚོ་གླིང་དུ། །དྲག་པོའི་བརྟུལ་ཞུགས་མཛད་པའི་ཚེ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་མཛད། །མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས། །རྡོ་རྗེ་ཕག་མོ་ཡུམ་དང་རོལ། །ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ། །བདུད་དང་ལོག་འདྲེན་ཐམས་ཅད་བསྒྲལ། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །རྡོ་རྗེ་སྲིན་པོའི་ལྷ་ཚོགས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ལྷུན་གྲུབ་བདེ་བ་ཆེན་པོའི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་པདྨ་ཐོད་ཕྲེང་རྩལ། །རིགས་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །ཐོགས་མེད་ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །ཧཱུྃ། མ་གཡེལ་མ་གཡེལ་རྩ་གསུམ་དཀྱིལ་འཁོར་ཚོགས། །བླ་མ་ཡི་དམ་མཁའ་འགྲོའི་ལྷ་ཚོགས་རྣམས། །ཀུན་འདུས་བླ་མ་རྡོ་རྗེ་དྲག་པོ་རྩལ། །གནས་འདིར་སྤྱན་འདྲེན་གཤེགས་ཤིང་བཞུགས་སུ་གསོལ། །བཞེངས་ཤིག་པདྨ་འབྱུང་གནས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཕྱག་མཆོད་ནི། རིགས་(༤བ)


GLG022_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང་། །ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད། །རྡོ་རྗེ་འཆང་དབང་བློ་བཟང་གྲགས་པའི་དཔལ། །སྣ་ཚོགས་སྤྲུལ་པའི་གར་མཛད་དེ་ལ་འདུད། །ཕྱི་ནང་གསང་གསུམ་བསྒྲལ་མཆོད་ནི། །རྩ་གསུམ་སྤྱན་སྔར་མཆོད་ཡོན་མེ་ཏོག་སྤོས། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་བཤམས། །དབང་ལྔ་ཚིལ་ཆེན་ཞུན་ཆེན་དྲིཆེན་ཆུ། །རྐང་གླིང་ཐོད་པའི་རྔ་སྒྲ་བརྗིད་བག་ལྡན། །དུག་གསུམ་སྐུ་གསུམ་དུག་ལྔ་ཡེ་ཤེས་ལྔ། །སྣང་སྲིད་ཕྱག་རྒྱ་བཞིར་མཆོད་ཡབ་ཡུམ་མཁའི། །བྱང་སེམས་དཀར་དམར་དགྲ་བགེགས་བསྒྲལ་བའི་ཤ །ཕྱི་ནང་གསང་བ་བསྒྲལ་བའི་མཆོད་པ་སྟེ། །ཕྱི་ཡི་མཆོད་པ་ས་དང་བར་སྣང་གང་། །ནང་གི་མཆོད་པ་ཟག་མེད་བདུད་རྩིའི་མཚོ། །གསང་བ་བདེ་ཆེན་སྨྲ་བསམ་བརྗོད་ལས་འདས། །འགྲོ་བའི་དོན་ཕྱིར་དགྱེས་བཞིན་བཞེས་སུ་གསོལ། །སྨན་མཆོད་ནི། རང་བྱུང་གདོད་ནས་རྣམ་པར་དག །རྩ་བ་བརྒྱད་དང་ཡན་ལག་སྟོང་། །བདུད་རྩི་སྨན་གྱི་མཆོད་པ་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་ཆོས་སྐྱོང་རྣམས་ལ་འབུལ། །རཀྟ་ནི། བླ་མ་ཡི་དམ་མཁའ་འགྲོ་ལ། །ཞིང་བཅུ་རྒྱུད་དྲུག་བསྒྲལ་བའི་ཁྲག །གསང་བ་ཡུམ་གྱི་རཀྟ་འདི། །འདོད་ཆགས་རྩད་ནས་བཅད་ཕྱིར་འབུལ། །སྐྱེ་མེད་དོན་གྱི་མཆོད་པ་བཞེས་གཏོར་མ་ནི། བླ་མ་མཆོག་གི་མཆོད་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །རྟགས་བསྟོད་ནི། དུར་ཁྲོད་འཇིགས་དབུས་ཆགས་མེད་ཐབས་ཤེས་གདན། །དྲེགས་སྲིན་སྟེང་དུ་འཇིགས་བྱེད་དྲག་པོ་རྩལ། །མཐིང་ནག་སྤྱན་བགྲད་མཆེ་གཙིགས་དབུ་སྐྲ་འབར། །སྣ་ཚོགས་རྒྱན་སྤྲས་རྡོ་རྗེ་དྲིལ་བུ་འཛིན། །གར་དགུའི་ཉམས་ལྡན་བེར་སྨུག་ན་བཟའ་གསོལ། །རུས་པའི་རྒྱན་དུག་རྟགས་ཀྱིས་མཛེས་པར་བརྒྱན། །བདེ་གཤེགས་གསང་གསུམ་ཀུན་འདུས་མཁའ་(༥ན)


GLG022_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་གཙོ། །རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད། །དེ་ནས་བཟླས་པ་དངོས་ནི། གནད་ཀྱི་དམིགས་པའི་ཟབ་གནད་ཞལ་ལས་ཤེས། །ཨཱོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། ཞི་ཁྲོ་དབང་དང་དངོས་གྲུབ་བླང་བ་ཡི། །བཟླ་ཚུལ་མན་ངག་ཕྱག་ལེན་ལྟར་བྱ་སྟེ། །ཧཱུྃ། ཆོས་ཀྱི། དབྱིངས་ཀྱི་ཕོ་བྲང་། རང་བྱུང་རྣམ་དག་ཞིང་ཁམས། ལྕང་ལོ་ཅན་རྣམས་ནས། །ཀུན་བཟང་ཧེ་རུ་ཀ །རྒྱལ་བ་ལྔ་དང་གསང་བའི་བདག །འགྲོ་དོན་སྐུར་བཞེངས་ཆོས་ཉིད་རང་སྒྲ་སྒྲོགས། །བདག་ཀྱང་རྗེས་འཇུག་ཐུགས་རྗེས་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཚིག་རྐང་ཕྱི་མ་གཉིས་ཧཱུྃ་བདུན་དང་བཅས་པ་འོག་མ་ཀུན་ལ་སྦྱོར། བགྲོད་དཀའ་མཚོ་གླིང་མ་ལ་ཡའི་རྩེ་མོ་སོགས། གནས་མཆོག །དམ་པ་སོ་སོ་ནས། སྨུག་ནག་དབང་གི་རཱ་གི་ཚངས་པའི་རྒྱལ་པོ་གདོང་གསུམ། ལྷ་དབང་བརྒྱ་བྱིན། ཀླུ་རྒྱལ། འཇོག་པོ་ཛ། རྒྱལ་པོ། འགྲོ་དོན་བསྐུར་བཞེངས༝།བདག་ཀྱང་༝། །ཧཱུྃ༝༝༝། །ཟ་ཧོར་ཡུལ་ཡང་ལེ་ཤོད། ཆུ་བོ་གངྒཱའི་རྩ་བ། མཎྜལ་སོགས་རྒྱ་གར་གནས་རྣམས་ནས། ཤཱཀྱ་པྲ་བྷ་རིགས་འཛིན་ཆེན་པོ་པད་འབྱུང་བི་མཱ་ལ་མི་ཏྲ། བལ་པོ་ཤཱི་ལ།མཉྫུ། འགྲོ་དོན༝། །བདག་ཀྱང་༝། །ཧཱུྃ༝༝༝། མོན་ཁ་སེང་རྫོང་རི་བོ། བཀྲ་བཟང་བོད་སོགས། ཀྱི་གནས་རྣམས་ནས། མཁར་ཆེན། བཟའ། སྣ་ནམ་རྡོ་རྗེ་བདུད་འཇོམས། སྤྲུལ་སྐུ་རིགས་འཛིན་རྒོད་ལྡེམ། རྗེ། །འགྲོ་དོན༝། །བདག་ཀྱང་༝། །ཧཱུྃ༝༝༝། །རྡོ་རྗེ་མགོན་དང་བྱམས་པ་བཤེས་གཉེན་དཔལ། །ངག་དབང་གྲགས་པ་སངས་རྒྱས་དཔལ་བཟང་ཞབས། །༝༝༝ནམ་མཁའ་རྒྱལ་མཚན་སྔགས་འཆང་ཤཱཀྱ་བཟང་། །བདུད་འཇོམས་རྡོ་རྗེ་མཁའ་འགྲོ་ཡོངས་གྲུབ་རྩལ༝༝། །བསྟན་པའི་རྒྱལ་མཚན་རྗེ་བཙུན་རྡོ་རྗེ་འཛིན། །བཀའ་དྲིན་སུམ་ལྡན་ཟིལ་གནོན་དྲག་རྩལ་རྗེ། །༝༝༝། འབྲལ་མེད་སྙིང་གའི་ཕོ་བྲང་རང་ལུས་རྒྱལ་བའི་དཀྱིལ་འཁོར(༥བ)


GLG022_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་མཛོད། བསེ་སྒྲོམ་སྨུག་པོ། སྨུག་ནག་གྲུ་གསུམ་གཞལ་ཡས་རྣམས། ནས། །རྩ་བའི་བླ་མ་གུ་རུ་གསང་སྔགས་རང་རིག་མཧཱ། སྲུང་སྙིང་པོའི་མཐར་ཐུག །བཀའ། ཨེ་ཀ་ཛཱ་ཊི། །༝༝༝། རྩ་དང་། ཐིག་ལེ་དང་། དགའ་དང་དམ་ཚིག་གི །གཞལ་ཡས་རྣམས་ནས། །མཁའ་མདང་མ་ཤེས། འགྲོ་བཀའ་སྲུང་ཆོས་སྐྱོང་གཏེར་བདག །རྡོ་རྗེ་སྤུན་གྲོགས་རྣམས། །༝༝༝། །ལུས་ངག་ཡིད་གསུམ་བྱིན་རློབས་ཕྱི་དང་ནང་། །གསང་བའི་བར་ཆད་སོལ་ལ་བྱིན་གྱིས་རློབས། །མི་མཐུན་རྐྱེན་རྣམས་སོལ་ལམ་སྣ་ཆོས་ལ་ཡེ་ཤེས་དྲོངས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། དོན་བསྟོད་ནི། ཧཱུྃ། སྐྱེ་འགག་མེད་པ་ཆོས་ཉིད་དབྱིངས་ཀྱི་ངང་། །འདུ་འབྲལ་མེད་པ་བདེ་ཆེན་ཕོ་བྲང་ནས། །རང་བྱུང་རང་གསལ་ཐུགས་རྗེ་ཆེན་པོའི་སྐུ། །བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ། །རང་རིག་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །གསལ་འགྲིབ་མེད་པ་བདེ་བ་ཆེན་པོའི་སྐུ། །རང་རིག་རང་གདངས་མ་འགགས་གསལ་བ་ལ། །རྩོལ་གྲུབ་བྲལ་བས་བྱ་བྱེད་གོལ་ས་ཆོད། །མ་བཅོས་རང་ཤར་འཛིན་མེད་སྤྲོས་དང་བྲལ། །རིག་པ་རང་གསལ་ངང་ལ་ཕྱག་འཚལ་ལོ། །རིག་པའི་ཆོ་འཕྲུལ་ཅིར་ཡང་སྣང་བ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་པས་འཕྲུལ་པ་བྲལ། །ཅིར་སྣང་འཛིན་མེད་གྲོལ་བས་བདེ་བ་ཆེ། །གསལ་འཚེར་དངས་པ་སྐྱོན་བྲལ་རིག་པའི་གདངས། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །འབྱུང་བ་བཞི་ལ་བརྟེན་པའི་ཕུང་པོ་ལ། །བཅིངས་ཐུམས་རྡུགས་པ་མེད་པར་ཕྱོགས་བཅུར་འཆར། །གང་ཤར་རྟག་ཆད་བྲལ་བས་ཟངས་ཐལ་ལ། །འཁྲུལ་སྣང་རང་སོས་མི་བཏབ་རང་སོར་བཞག །རང་བྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །རིག་པ་དངོས་འཛིན་ཁ་དོག་མ་གྲུབ་པས། །སྣང་སྟོང་ཕྱོགས་ལྷུང་ཡེ་ནས་བྲལ་བ་ལ། །མ་འགགས་གསལ་འཚེར་དངས་པ་ཆོས་ཉིད་དང་། །རང་རིག་ངོ་བོ་མ་བཅོས་ཐོད་ཕྲེང་རྩལ། །རང་རིག་བླ་མའི་མཆོག་ལ་(༦ན)


GLG022_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །དེ་ལྟར་ཚོགས་དང་གཏེར་སྲུང་མཆོད་པ་ལ་སོགས་པ་རྣམས་ནི། ཐུགས་སྒྲུབ་དང་། རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་ཀྱིས་མཛད་པའི་ཡིག་ཆ་དང་། ཁ་སྐོངས་ཀྱི་ཡི་གེ་གཞན་དག་ལ་གསལ་བས་འདིར་མ་སྤྲོས། ཟིལ་གནོན་ལས་བྱང་ཆེན་མོ་དང་ཟུང་དུ་སྦྲེལ་ཏེ་ཉམས་སུ་ལེན་པ་ལ་འདི་ཙམ་འཁྱེར་བདེ་ཞིང་། མཇུག་ཆོག་ཀྱང་ཤུགས་ལས་འབྱུང་བ་ཡིན་ནོ། །འདི་ཉིད་ཀྱང་ཟིལ་གནོན་ལས་བྱང་ལྟར་བཀའ་རྒྱ་དམ་ཞིང་། གཏེར་སྲུང་བཀའ་གཉན་པས། དབང་མ་ཐོབ་པ་དང་བཀའ་རྒྱ་མ་ཁྲོལ་པ་ལ་སྟོན་པ་དང་ཉམས་སུ་ལེན་པ་ནི་རང་གཞན་གཉིས་ཀ་ལ་བར་ཆད་དུ་འགྱུར་བས་གསང་ཞིང་སྦ་བར་བྱའོ། །སྨྲས་པ། གང་ཞིག་ལྗོངས་འདིར་བསྟན་ལ་ལེགས་ཞུགས་པ། །ལ་ལ་གཞན་ངོ་ཙམ་དུ་དུལ་བར་སྟོན། །འགའ་ཞིག་ཁུངས་མེད་དཔེ་ཧྲུལ་ཕན་ཚུན་བསྲེ། །དྲེགས་ལྡན་ཐོས་བསམ་བྲལ་བ་དམ་པར་རློམ། ཁ་ཅིག་མཐོན་པོའི་ཁྲི་དང་རིགས་ཙམ་བསྟེན། །མང་ཞིག་རྟོག་གེའི་རིག་པ་འགའ་ཤེས་པས། །སྔོན་ཆད་མཐོང་ཐོས་མེད་ལའང་བཤད་པ་བྱེད། །འབྲེལ་མེད་རང་བཟོའི་ཚིག་དང་འདི་མི་འདྲ། །འདི་ནི་རབ་འབྱམས་རྒྱལ་བའི་སྤྱི་གཟུགས་མཆོག །མཚོ་སྐྱེས་ཐུགས་སྒྲུབ་ཀུན་གྱི་ཡང་སྙིང་བཅུད། །སྐལ་བཟང་ཉམས་སུ་བླངས་པས་ཚེ་གཅིག་ལ། །སྐུ་གསུམ་གོ་འཕང་ཐོབ་པའི་ལག་རྗེས་མང་། །དེ་ཕྱིར་ཐུགས་སྒྲུབ་དོན་ཀུན་འདུས་པ་ལ། །རྣམ་མང་ཚིག་གི་སྦུན་པས་མ་རྙོགས་པའི། །ལས་བྱང་ཡིད་བཞིན་ནོར་བུ་འདི་ལྟ་བུ། །གཞན་དུ་བྱེད་པོ་ཡོད་ན་ཐལ་མོ་སྦྱོར། །དེ་ལྟར་རྣམ་པར་དགེ་བའི་ཉིན་བྱེད་དབང་། །ཟབ་དོན་ཆོས་ཀྱི་འོད་སྟོང་འབར་བ་ཡིས། །བདུད་རིགས་ནག་པོའི་ཕྱོགས་རྣམས་རབ་བཅོམས་ནས། །ངེས་དོན་ཉིན་མོའི་སྣང་བ་རྒྱས་པར་ཤོག །ཅེས་ཐུགས་སྒྲུབ་ཀྱི་ལས་བྱང་ནོར་བུའི་ཅོད་པན་ཞེས་བྱ་བ་འདི་ཡང་། རྗེ་བཙུན་དམ་(༦བ)


GLG022_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱལ་བ་པུ་ཎྱ་སཱ་ག་རའི་དགོངས་གཞི་སོགས་དགོས་པ་དུ་མ་མཐོང་བས་བསྒྲིག་པའི་འདུན་པ་མངོན་དུ་གྱུར་པ་དང་། དོན་གཉེར་ཅན་མང་པོས་ཉེ་བར་བསྐུལ་བ་ལ་བརྟེན་ནས་ཤཱཀྱའི་བཙུན་པ་ཟིལ་གནོན་དྲག་རྩལ་དུ་འབོད་པས་རང་ལོ་ཉེར་དྲུག་པ་གྲོ་ཞུན་ཅན་གྱི་དཔའ་བོ་མཁའ་འགྲོ་འདུ་བའི་ཚེས་བཟང་པོ་ལ་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །བཀའ་སྲུང་བརྒྱད་ཀྱི་གཏོར་མ་སོ་སོར་རམ་མདོར་བསྡུས་འཁྱེར་བདེ་བྱེད་པ་ཕྱག་ལེན་ལྟར་སྐབས་ཐོབ་དང་སྦྱར་ཏེ་བཤམས་ལ། ཧཱུཾ། ཀུན་བཟང་ཐུགས་སྤྲུལ་སངས་རྒྱས་ཀུན་གྱི་ཡུམ། །ཞལ་གཅིག་ཕྱག་གཉིས་ཁ་ཊྭཱཾ་བྷནྡྷ་ཐོགས། །སྨུག་ནག་སྤྲིན་དཀར་འཇའ་ཡི་མཐའ་ཅན་གྱོན། །ཨེ་ཀ་ཛཱ་ཊི་རལ་གཅིག་གཤེགས་སུ་གསོལ། །དུར་ཁྲོད་བརྒྱད་དབུས་མ་མོ་རོ་ཁ་མ། །ནམ་གྲུ་ཙ་མུནྟྲི་གསུམ༝། །ཉི་མ་བྱང་ཕྱོགས་གནས་ནས་རེ་མ་ཏཱི། །མ་གཅིག་དཔལ་ལྡན་གནས་འདིར༝། །དམར་ནག་པདྨ་ཁྲོས་པའི་དུར་ཁྲོད་ནས། །དབང་གི་མ་མོ་མཆེད་བདུན༝། །རི་ལུང་ཐང་དམར་ཟངས་མཁར་དམར་པོ་ནས། །སྒྲོལ་གིང་ཆེན་པོ་བཙན་རྒོད༝། །སྟེང་ཕྱོགས་ནམ་མཁའ་འོད་ཀྱི་གཞལ་ཡས་ནས། །ལེགས་ལྡན་ཆེན་པོ་གནས་འདིར༝། །སྙིང་ཉེ་བཀའ་ཉན་གཏེར་བདག་གཤོག་རྒོད་རྩལ། །དམ་ཅན་རྡོ་རྗེ་ལེགས་པར༝། །དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ། །སྔོན་གྱི་དམ་ཚིག་དགོངས་ལ༝། ཁ་བ་ཅན་གྱི་ཡུལ་བདག་སྲུང་མ་ཆེ། །བསྟན་མ་བཅུ་གཉིས་འཁོར་བཅས༝། །བཀྲ་བཟང་རི་བོའི་གནས་ནས་ཉེ་བའི་དཔང་། །རི་དེའི་ཕྱོགས་བཞིར་ལྷ་བདུད་བཙན་ཀླུ་ཡི། །དགེ་བསྙེན་ཁྲོམ་པ་སྐྱེས་བཞི་མཚམས་བཞི་ནས། །ཀླུ་སྲས་བུ་ལེ་དཀར་པོ་རྒྱལ་ཐང་དཀར། །ཀླུ་བཙན་སྤུན་གསུམ་རྣོ་མྱུར་ནག་པོ་སོགས། །གཏེར་སྲུང་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨཱོཾ་བཛྲ་ཏྲག་རཀྴ་ཨེ་ཀ་ཛཱ་ཊཱི་མ་(༧ན)


GLG022_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

མ་རཀྨོ་ཏྲ་ཏྲ་ཏྲ་ག །མ་ཧཱ་ཡཀྴ་ནག་མོ། པདྨ་ཌཱ་ཀི་ནཱི་ཡ་མ་ཤུ་ཏྲི། མ་ཧཱ་ཀཱ་ལ། བཛྲ་སཱ་དྷུ། བཛྲ་ཐང་ཀ་ར། མ་མ། ཁ་ཁ། ལ་ལ། ལེ་ལེ། ཏ་ཏ། ཏེ་ཏེ། དྷ་རྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ དེ་ནས་མཆོད་འབུལ་ནི། ཧཱུཾ། བཀའ་སྲུང་འཁོར་དང་བཅས་པའི་སྤྱན་ལམ་དུ། རཀྟ་གསུར་ཆེན་དུད་པ་ཚེལ་ཆེན་སྒྲོན། །ཤ་རུས་ཞལ་ཟས་ཐོད་རྔ་རོལ་མོའི་སྒྲ། །དམ་རྫས་གཏོར་མ་བདུད་རྩི་ཨ་མྲྀ་ཏ། །དྲི་ཟའི་རྒྱལ་པོ་བཤོས་དང་གཡའ་གངས་ཆུ། །སྤོས་དཀར་དུད་པ་རིན་ཅེན་རྣམ་པ་ལྔ། །དར་དང་ཟ་འོག་འབྲས་དཀར་གཙང་མ་དང་། །གསང་ལུག་ལ་སོགས་རང་རང་མཐུན་པའི་རྫས། །ཀླུ་རྣམས་དཀར་གསུམ་བདུད་རྩི་རིན་ཅེན་ལྔ། །ཀླུ་སྨན་ལ་སོགས་རང་རང་དགྱེས་པ་ཡི། །འདོད་པའི་ལོངས་སྤྱོད་ཚོགས་རྣམས་རབ་འབུལ་གྱི། །དགའ་བདེར་སྤྱོད་ལ་མཐུན་པའི་ལས་རྣམས་སྒྲུབས། །གོང་གི་སྔགས་གཤམ་དུ་ས་པ་རི་ཝཱ་རའི་མཇུག་ཏུ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ། ཁཱ་ཧི་ཁཱ་ཧི། མ་ཧཱ་བྷ་ལིཾ་ཏ་ཁ་ཁ། ཁཱ་ཧི་ཁཱ་ཧི། བསྟོད་པ་ནི། བཀའ་སྲུང་སྡེ་བརྒྱད་མཆེད་ཟླ་བྲན་གཡོག་རྣམས། །རྒྱལ་བའི་བསྟན་དང་རྣལ་འབྱོར་མ་གཡེལ་སྲུང་། ཁྱད་པར་གསང་སྔགས་ཟབ་མོའི་ཆོས་འདི་སྐྱོངས། །ལོག་པར་འདྲེན་པའི་དམ་ཉམས་དགྲ་བོ་ལ། །བསད་བསྐྲད་རེངས་རྨོངས་རྫུ་འཕྲུལ་སྣ་ཚོགས་སྟོན། །བོད་ཁམས་རུ་བཞི་ནད་འཁྲུག་ཉེར་འཚེ་ལས། །སྐྱོབས་ལ་གནས་ཆེན་བྱིན་བརླབས་ཟབ་གཏེར་སྲུང་། །མདོར་ན་བཅོལ་བའི་ལས་ཀུན་སྒྲུབ་པར་མཛད། །ཅེས་རྡོ་རྗེ་དྲག་པོ་རྩལ་གྱི་གཏེར་སྲུང་རྣམས་ལ་མཆོད་གཏོར་འབུལ་ཚུལ་མདོར་བསྡུས་འདི་ཡང་། མེད་དུ་མི་རུང་བའི་ཕྱིར་ཐུགས་སྒྲུབ་ཆ་ལག་ཏུ་བཀོད་པའོ། །རྩ་གསུམ་ལྷ་ལ་གུས་བཏུད་ནས། །བོད་ཡུལ་བསྟན་དང་འགྲོ་བ་ཡི། །ཕན་བདེ་རྒྱས་ཤིང་ས་སྤྱོད་ཀྱི། །ཆོས་སྲིད་ཡུན་དུ་གནས་པ་ལ། །པདྨས་ཞལ་བཞེས་མི་བསླུ་ཕྱིར། །ཐུགས་(༧བ)


GLG022_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་མཇུག་གི་བྱ་བ་ཀུན། །བྲི་ལ་གཏེར་སྲུང་གདུག་ཅན་གྱིས། །སྐབས་ཕྱེ་སྣོད་མིན་རྣམས་ལ་གསོངས། །ལས་བྱང་ནོར་བུའི་ཕྲེང་བའི་ཁ་སྐོངས། །དུས་ཀྱི་མཆོད་པའི་སྐབས་གཞན་དུ་ཡང་རུང་བའི་གསོལ་འདེབས་དང་ཚོགས་གཉིས་ལས། གསོལ་འདེབས་ཐུན་དྲུག་ཏུ་བྱེད་པ་ནི་གཞན་དུ་ཤེས་ལ། དཀྱུས་གཅིག་ཏུ་གཏོང་བའི་དབང་དུ་བྱས་ན། ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། གསོལ་བ་འདེབས་པའི་རྟེན་བསྐྱེད་པ་ནི། རང་ལུས་འཛིན་མེད་སྤྱི་བོ་ཡི། །པདྨ་ཉི་ཟླའི་གདན་སྟེང་དུ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྤྲུལ་པའི་རིགས་འཛིན་ན། །པདྨ་འབྱུང་གནས་རྒྱལ་བའི་སྐུ། །སྐུ་མདོག་དཀར་དམར་སྐྱིལ་ཀྲུང་མཛད། །གཞོན་ནུ་ལོ་བརྒྱད་ལོན་པའི་ཚུལ། །སྔགས་པའི་ཆ་ལུགས་མཐིང་ནག་གོས། །རབ་བྱུང་ཆ་ལུགས་ཆོས་གོས་དམར། །རྒྱལ་པོའི་ཆ་བྱད་ཟབ་བེར་གསོལ། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པ་མཉམ་གཞག་ཀ་པཱ་ལ། །དབུ་ལ་པདྨའི་གཉེན་ཞུ་གསོལ། །སྣ་ཚོགས་རིན་ཅེན་རྒྱན་གྱིས་མཛེས། །བཀྲག་དང་གཟི་མདངས་ལྡན་པ་ལ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་གཏེར་བདག་ཚོགས། །མ་ལུས་འཁོར་གྱིས་བསྐོར་བར་བསམ། །ཡེ་ཤེས་པ་སྤྱན་དྲང་བ་ནི། ཧཱུྃ། ཨྱོན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་གྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །མཆོད་པ་འབུལ་བ་ནི། ཧཱུྃ། མེ་ཏོག་བདུག་སྤོས་མར་མེ་དང་། །ལྷ་བཤོས་དྲི་ཆབ་མཆོད་པར་བཤམས། །བླ་བྲེ་རྒྱལ་མཚན་ན་བཟའ་དང་། །བ་དན་གདུགས་དང་རོལ་མོའི་ཚོགས། །རིན་པོ་ཆེ་དང་མེ་ཏོག་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །ཆོས་དང་མདངས་ཆེན་བྱང་ཆུབ་སེམས། །མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ། །(༨ན)


GLG022_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་བརྒྱུད་པའི་བླ་མ་དང་། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང་། །ཆོས་བདག་དཔའ་བོ་མཁའ་འགྲོའི་ཚོགས། །དམ་ཅན་ཆོས་སྐྱོང་རྣམས་ལ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །དེ་ནས་གསོལ་འདེབས་ལེའུ་བདུན་པ་དཀྱུས་བཞིན་བྱེད། །བརྒྱུད་འདེབས་ནི། བདེ་ཆེན་ཆོས་སྐུའི་ངོ་བོ་འོད་དཔག་མེད། །ལོངས་སྤྱོད་རྫོགས་སྐུའི་རྣམ་རོལ་པད་དཀར་ཅན། །གྲངས་མེད་སྤྲུལ་པའི་ཟློས་གར་པདྨ་འབྱུང་། །ནམ་མཁའི་སྙིང་པོ་འཚོ་རྒྱལ་ཁྲི་སྲོང་ལྡེ། །རྡོ་རྗེ་བདུད་འཇོམས་མུ་ཁྲི་བཙན་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཚུལ་འདིའི་སྒོ་འབྱེད་གཏེར་སྟོན་བཟང་པོ་གྲགས། །བཀའ་བབས་དངོས་གྲུབ་རྒྱལ་མཚན་རྡོ་རྗེ་དཔལ། །བྱམས་པ་བཤེས་གཉེན་བུདྡྷ་ཤྲཱིའི་ཞབས། །མེས་སྟོན་ནམ་མཁའི་མཚན་ཅན་ཤཱཀྱ་བཟང་། །བདུད་སྡེའི་དཔུང་འཇོམས་རྡོ་རྗེ་འཛིན་པ་ལ། །གསོལ་བ༝། །སྔ་འགྱུར་སྲོག་ཤིང་ཆེ་མཆོག་འདུས་པ་རྩལ། །རྡོ་རྗེ་བདུད་འཇོམས་སྤྲུལ་པའི་ཟློས་གར་ཅན། །ཐེག་མཆོག་ཆོས་ཀྱི་རྒྱལ་པོ་རིག་སྔགས་འཆང་། །ཀུན་བཟང་སྒྱུ་འཕྲུལ་དྲ་བའི་རོལ་གར་ཅན། །འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་འཁོར་ལོའི་མགོན། །གསོལ་བ༝། །རུ་ལག་གྲོམ་པ་རྒྱ་དང་ཡོན་པོ་ལུང་། །གཏིང་ཟབ་སྒྲོམ་བུར་མི་མངོན་ཕྱག་རྒྱ་ཡི། །རྒྱས་བཅིངས་གསང་བ་ཟབ་མོ་གཏེར་གྱི་ཆོས། །དཔལ་ལྡན་ལྷ་མོ་དགེ་བསྙེན་ནོར་བུ་བཟང་། །གཏེར་གནས་སྲུང་མར་བཅས་པའི་ཚོགས་རྣམས་ལ། །གསོལ་བ༝། །མཆོག་ཐུན་དངོས་གྲུབ་མ་ལུས་འབྱུང་བའི་གནས། །ཚིག་དོན་ཡང་ཟབ་གསོལ་འདེབས་ཚངས་པའི་དབྱངས། །ཤེས་ལྡན་གཡེལ་བ་མེད་པར་ཉམས་ལེན་ན། །ཐུགས་རྗེ་ནུས་པའི་མཐུ་དཔུང་བསྐྱེད་དུ་གསོལ། །ཞེས་པ་སྤྲོས་བྲལ་ཆོས་དབྱིངས་མའི་སྐབས་སུ་འོས་པར་བྱ་ཞིང་། །ཨྱོན་རྗེས་འཇུག་འཁོར་བ་སྤོང་འདོད་རྣམས། །དད་གུས་མོས་པས་རྒྱུན་དུ་གསོལ་བ་


GLG022_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །རྩེ་གཅིག་གདུང་བའི་དབྱངས་ནི་འདི་ལྟ་སྟེ། ཁྱེའུ་ཕ་མར་འབོད་འདྲའི་གདུངས་དབྱངས་ལ། །པི་ཝང་གླིང་བུའི་གདངས་ལྟར་སྙན་པ་ཡིས། །ཉིན་མཚན་དུས་དྲུག་རྣམས་སུ་གསོལ་བ་ཐོབ། །ཅེས་གསུངས་སྔོན་གྱི་ཐུགས་དམ་ཞལ་བཞེས་བཞིན། །བསྐུལ་ཕྱིར་གདུང་ཤུགས་དྲག་པོས་གསོལ་འདེབས་བར། །ཀྱེ་མ་ཐུགས་རྗེས་གཟིགས་ཤིག་མ་ཧཱ་གུ་རུ། །བྱིན་གྱིས་རློབས་ཤིག་རྗེ་བཙུན་ཐོད་ཕྲེང་རྩལ། །བར་ཆད་ཀུན་སོལ་བདུན་བདུལ་དྲག་པོ་རྩལ། །དངོས་གྲུབ་མཆོག་སྩོལ་ཨྱོན་རིན་པོ་ཆེ། །ད་ལྟ་རྩོད་དུས་ལྔ་བརྒྱའི་སྙིགས་དུས་འདིར། །འབྱུང་པོས་རྒྱུད་དཀྲུགས་སྐྱེ་བོས་ལོག་པར་འཚེ། །མཐའ་ཡི་དམག་དཔུང་ནད་མཚོན་མུ་གེ་སོགས། །བྱུར་དང་ལྟས་ངན་གནོད་པ་ཀུན་ཞི་ཞིང་། །རྒྱལ་བའི་བསྟན་དང་ཁྱད་པར་ཐེག་དགུའི་སྲོལ། །དེ་འཛིན་ཚོགས་རྣམས་དར་སྨིན་རྒྱས་གྱུར་ཅིག །ཕུན་ཚོགས་བསམ་ཡས་ལྷུན་གྲུབ་ཕོ་བྲང་ནས། །པདྨ་འབྱུང་གནས་ལམ་བཟང་མཆོག་སྟོན་པ། །ཐེག་ཆེན་རྒྱལ་སྲིད་རིན་ཅེན་བདུན་ལྡན་ཆོས། །སྐལ་ལྡན་ལས་ཅན་དག་པ་རྣམ་ལྔའི་འཁོར། །འོད་དཀར་རྒྱལ་གྱིས་གང་བའི་བཀྲ་ཤིས་དུས། །དེང་འདིར་བསམ་པ་ལྷུན་གྲུབ་བཀྲ་ཤིས་ཤོག །དོན་བསྟོད་ཀྱི་རྗེས་སུ་ཚོགས་ནི། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །ཚོགས་ཀྱི་གཉིས་འཛིན་རྣམ་རྟོག་ཀུན་སྦྱངས་ནས། །རིན་ཅེན་ཡངས་པའི་སྣོད་དུ་བདུད་རྩིའི་བཅུད། །འདོད་ཡོན་ལྔ་ཡི་མཆོད་པས་ཁྱབ་པར་གྱུར། །ཞེས་བྱིན་རླབས་འདི་རྡོ་རྗེ་སློབ་དཔོན་ཙམ་གྱིས་བྱ། དེ་ནས་རོལ་མོ་དང་བཅས་ཏེ། ཧཱུྃ། རབ་འབྱམས་དག་པའི་རང་སྣང་གཞལ་ཡས་ནས། །མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཡི་འཁོར་ལོའི་ཚོགས། །འགྱིང་བག་གར་གྱི་རྣམ་འགྱུར་ཤིགས་སེ་ཤིག །འཇིགས་རུང་གསུང་གི་ང་རོ་ལྡིར་རི་རི། །ཐུགས་རྗེ་ནུས་མཐུའི་བྱིན་རླབས་ཐིབས་སེ་ཐིབ། །གནས་འདིར་བརྩེར་དགོངས་ཚོགས་ཀྱི་མཆོད་པ་ལ། །(༩ན)


GLG022_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མེད་རྫུ་འཕྲུལ་ལྡན་པས་གཤེགས་སུ་གསོལ། །འབུལ་བ་ནི། །རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་ལ། །སྨན་རཀ་གཏོར་མ་ཤ་སྣ་དབང་པོ་ལྔ། །གཟའ་དང་བཅའ་བ་བཏུང་བའི་བྱེ་བྲག་སོགས། །སོ་སོར་དགྱེས་པའི་ཇི་སྙེད་མཆོད་པའི་ཚོགས། །བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་བརླབས་འདིས། །རྩ་བརྒྱུད་བླ་མ་ཐུགས་དམ་སྐོང་གྱུར་ཅིག །བཀའ་བརྒྱད་ལྷ་ཚོགས་ཐུགས་དམ༝། །ཆོས་སྲུང་གཏེར་བདག་ཐུགས་དམ༝། །བཤགས་པ་ནི། མཆོག་དང་ཐུན་མོང་དངོས་གྲུབ་གངྒཱའི་རྒྱུན། །ཞེས་སོགས་གནམ་ལྕགས་འཁོར་ལོ་ལྟར་རོ། །གདབ་པ་ནི། ཧཱུྃ་ལས་ཕོ་ཉ་ཁྲོ་བོའི་ཚོགས་སྤྲོས་པས། །ཐར་མེད་འབྲུབ་ཁུང་ལྕགས་མཁར་འབར་བའི་ནང་། །དགྲ་དང་བགེགས་ཀྱི་དམིགས་རྟེན་ལིངྒ་ལ། །སྐར་མདའ་འཕངས་པ་བཞིན་དུ་འདིར་ཁུག་ཅིག །བཛྲ་ཨཾ་གུ་ཤ་ཛཿབཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜ་ཧོཿ། གནམ་ལྕགས་གྲུ་གསུམ་འབར་བའི་ཕུར་བུ་ཡིས། །སྙིང་གར་བཏབ་པས་མར་མེ་བསད་ལྟར་གྱུར། །དུར་ཏྲི་ཨ་མོ་གྷ་ཏྲི་ག་ནན་མྱགས་ཐུཾ་ཛ་མཱ་ར་ཡ་རྦད། རྣམ་ཤེས་ཕུར་རྩེར་བླངས་ནས་ཐུགས་ཀར་བསྡུ། །གནམ་ལྕགས་རལ་གྲིས་ཤ་ཁྲག་རབ་གཏུབས་ནས། །རྡོ་རྗེ་དྲག་རྩལ་འཁོར་དང་བཅས་ལ་འབུལ། །རྒྱལ་བའི་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །མ་ཧཱ་མཾ་ས། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བྷ་སུ་ཏ། མ་ཧཱ་གོ་རོ་ཙ་ན། མ་ཧཱ་ཀཾ་ནི་རི་ཏི་ཁཱ་ཧི། ཚོགས་ལ་རོལ་རྗེས། སློབ་དཔོན་མཆེད་དང་ལྕམ་དྲལ་ཚོགས་རྣམས་ཀྱིས། །མ་ཧཱ་མཾ་ས་གསོལ་བས་རྡོར་སེམས་ལྟར། །སྐུ་ཚེ་ལང་ཚོ་རྒྱས་པའི་མངའ་བརྙེས་ཤོག །ཛ་གད་དཔའ་བོས་འགྲོ་བ་དབང་སྡུད་ཅིང་། །ཞལ་ཟས་རོ་བརྒྱའི་ཟས་ལ་ལོངས་སྤྱད་པས། །ཞི་དང་ཁྲོ་བོའི་དབང་རྣམས་ཐོབ་པར་ཤོག །ཅེས་པ་ཡང་རྡོ་རྗེ་སློབ་དཔོན་ཙམ་གྱིས་བྱེད་དོ། །ལྷག་མ་ནི། ཧཱུྃ། སྔོན་ཚེ་ཁྲག་མཐུང་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་དང་། །བར་(༩བ)


GLG022_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

དུ་པདྨ་འབྱུང་གནས་ཀྱི། སྤྱན་སྔར་ཁས་བླངས་དམ་བཅས་དང་། །ད་ལྟ་རིགས་འཛིན་བདག་ཉིད་ཀྱི། །བྲན་དང་ཕོ་ཉར་ཁས་བླངས་པའི། །སྒྲུབ་སྡེ་བརྒྱད་ཀྱི་བཀའ་སྲུང་དང་། །གསང་སྔགས་ཐེག་པའི་བཀའ་སྲུང་རྣམས། །བཀའ་ཡི་ཕམ་ཕབས་འདི་བཞེས་ལ། །སྔོན་གྱི་དམ་ཚིག་དྲན་པར་གྱིས། །གསང་སྔགས་བསྟན་པ་རྒྱས་པར་མཛོད། །བདུད་དང་དམ་སྲི་རྡུལ་དུ་རློག །ཆད་མཐོ་བསྟན་སྐྱོང་ནི། སྔོན་ཚེ་བསྐལ་པ་དང་པོ་འོག་མིན་དུ། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ་དཔལ་གྱིས། །སྣང་སྲིད་མ་ཚོགས་དམ་ལ་བཏགས་པའི་ཚེ། ཁྲོ་མོ་བཞི་དང་སྒོ་མ་བཞི་སོགས་ཀྱིས། །སོ་སོའི་གཟུགས་བསྟན་བཀའ་ཡི་གཏོར་མ་བླངས། །བཅོལ་བའི་ལས་ཀུན་བསྒྲུབ་སོགས་ཁས་བླངས་པ། །དུས་འདིར་མ་གཡེལ་གཏོར་མ་འདི་བཞེས་ལ། །ཞི་རྒྱས་དབང་དྲག་ཕྲིན་ལས་ཐམས་ཅད་སྒྲུབས། །བསྐལ་པ་བར་མ་བལ་ཡུལ་ཡང་ཤོད་དུ། །པདྨ་ཀཱ་ར་ཤཱཀྱ་དེ་ཝ་ཡིས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས། །བདུན་ཅུ་རྩ་ལྔའི་མགོན་པོ་དམ་བཏགས་ཚེ། །སོ་སོའི་གཟུགས་བསྟན༝། །བཅོལ་བའི་ལས་ཀུན༝། །དུས་འདིར་མ་གཡེལ༝། །ཞི་རྒྱས་དབང་དྲག༝། །བསྐལ་པ་ཐ་མ་བསམ་ཡས་མཆིམས་ཕུ་རུ། །སློབ་དཔོན་ཆེན་པོ་རྗེ་འབངས་གྲོགས་དགུ་ཡིས། །བཀའ་བརྒྱད་ལྷ་ཡི་དཀྱིལ་འཁོར་ཞལ་ཕྱེ་ནས། །དྲེགས་པ་སྡེ་བརྒྱད་དམ་ལ་བཏགས་པའི་ཚེ། །སོ་སོའི་གཟུགས་བསྟན༝། །བཅོལ་བའི་ལས་ཀུན༝། །དུས་འདིར་མ་གཡེལ༝། །ཞི་རྒྱས་དབང་དྲག༝། །པདྨ་ཐོད་འཕྲེང་སྤྱན་སྔར་སྲོག་སྙིང་ཀུན། །ཕུལ་ཏེ་དམ་བཅས་བསྟན་མ་བཅུ་གཉིས་པོ། །གཏོར་མ་འདི་ལོང་གནོད་བྱེད་དགྲ་བགེགས་ཐུལ། །བཅོལ་བའི་འཕྲིན་ལས་མ་ལུས་བསྒྲུབ་པར་མཛོད། །དངོས་གྲུབ་བསྐུལ་བ་ནི། ཕྱོགས་བཞིར་བུས་ནས་དངོས་གྲུབ་བསྐུལ་བའི་ལྷ། །རྡོ་རྗེ་རཏྣ་པདྨ་ཀརྨ་དང་། །བུདྡྷ་ཐོད་ཕྲེང་རྩལ་ལྔ་རང་རྟགས་ཀྱི། །སྐུ་(༡༠ན)


GLG022_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ཕྱག་མཚན་ན་བཟའ་རྒྱན་འཕྲེང་འཚེར། །མཆེད་ལྔའི་རྒྱུད་བསྐུལ་བདག་ཅག་རྒྱུ་སྦྱོར་གྱི། །ནད་གདོན་ཀུན་ཞི་ཚེ་དང་བསོད་ནམས་རྒྱས། །མཐུན་རྐྱེན་དབང་སྡུས་གནོད་བྱེད་དགྲ་བགེགས་སྒྲོལ། །ཐམས་ཅད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཞུ། །ཨཱོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། དཀྱིལ་འཁོར་བསྡུ་བ་ནི། སྣོད་བཅུད་མ་ལུས་ཡི་གེ་ཧཱུྃ་དུ་གྱུར། །ཧཱུྃ་ཡང་འཇའ་ལྟར་དམིགས་མེད་སྟོང་པའི་ངང་། །རང་ཉིད་མ་ཧཱ་གུ་རུ་དྲག་པོ་རྩལ། །འཇིགས་མེད་རྡོ་རྗེ་འབར་བའི་སྐུ་རུ་གྱུར། །སྨོན་ལམ་ཤིས་བརྗོད་གནམ་ལྕགས་འཁོར་ལོ་ལྟར་རོ། །དེ་ལྟར་ཐུགས་སྒྲུབ་མཇུག་ཆོག་འདི་ཡང་སྔོན་དུ་བགྱིས་པའི་ལས་བྱང་ཆ་ལག་ཚང་བའི་ཆེད་ཙམ་དུ་མ་ཟད་དུས་ཀྱི་བསྐལ་བ་དང་བསྟུན་པའི་དགོས་པའི་ཚོགས་དུ་མ་མཐོང་སྟེ་ཟིལ་གནོན་དྲག་རྩལ་གྱིས་ཤིང་སྤྲེལ་སྤྲེའུ་ཟླ་བའི་ཚེས་བཅུར་སྦྱར། །སརྦ་མངྒ་ལཾ།། །།

རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་ཀླག་ཆོག་མཐོང་བ་དོན་ལྡན་དུ་བཀོད་པ།


GLG022_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་ཀླག་ཆོག་མཐོང་བ་དོན་ལྡན་དུ་བཀོད་པ་བཞུགས་སོ། །


GLG022_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་གསང་བ་རབ་འབྱམས་འཁོར་ལོའི་མགོན། །མཚོ་སྐྱེས་རྡོ་རྗེའི་ཐུགས་རྗེའི་འོད་ཟེར་གྱིས། །གངས་ཅན་སྐྱེ་དགུའི་བསོད་ནམས་པདྨའི་ཚལ། །རབ་རྒྱས་ཕན་བདེའི་སྦྲང་རྩིར་སྤྱོད་གྱུར་ཅིག །ཟབ་གཏེར་བསྟན་པ་རྒྱས་མཛད་རྒོད་ལྡེམ་ཅན། །བདུད་སྡེའི་གཡུལ་ལས་རྒྱལ་བའི་མངའ་རིས་པ། །པདྨའི་རྣམ་སྤྲུལ་བཀྲ་ཤིས་སྟོབས་ཀྱི་རྒྱལ། །རིག་འཛིན་བརྒྱུད་པའི་ཚོགས་ཀུན་སྤྱི་བོར་བསྟེན། ཁྱད་པར་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ །བཤེས་གཉེན་གར་གྱིས་རོལ་བ་རྡོ་རྗེ་འཛིན། །བཀའ་དྲིན་མཉམ་མེད་པདྨ་བཛྲ་ཞབས། །འབྲལ་མེད་སྙིང་གི་ཟེའུ་འབྲུར་རྟག་ཏུ་རོལ། །རིག་འཛིན་རྒྱལ་བ་མ་ལུས་འདུས་པའི་གདུང་། །ཚུལ་བཞིན་སྒྲུབ་པའི་རིམ་པ་ལྷ་བྲག་གཏེར། །མཐོང་བ་དོན་དང་ལྡན་པའི་ལས་བྱང་འདི། །སྐལ་བཟང་སྔགས་འཆང་ཚོགས་ཀྱི་དོན་དུ་བྲི། །དེ་ལ་འདིར་རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་ཁྲིགས་ཆགས་སུ་བཀོད་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ནང་གཏོར་མ་ལ་བརྟེན་ཏེ་བླ་མ་མཆོད་པའི་འཕྲིན་ལས་བྱ་བ་ནིཿ གནས་དབེན་པར་མཎྜལ་པདྨ་བཅུ་དྲུག་དང་ལྡན་པ་སྒོ་རྒྱན་རྫོགས་པར་བྲིཿ གཏོར་སྣོད་ཡངས་ཤིང་གཙང་བའི་ནང་དུ་གཏོར་མ་རིན་(༢ན)


GLG022_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་འབར་བ་བཅའཿ དཀར་གསུམ་གྱིས་བརྒྱན། མངར་གསུམ་གྱི་བཅུད། འཛའ་གད་དཔའ་བ། རཀྟ། བླ་རེ། འཕན་གདུགསཿ རོལ་མོ་རྣམས་བསག་གོ ཿདང་པོ་སྐྱབས་འགྲོ་སེམས་བསྐྱེད་ནིཿ བདག་དང་ཁམས་གསུམ་སེམས་ཅན་ཀུནཿ ལོག་པའི་ལམ་ལས་བཟློག་ནས་ཀྱངཿ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོཿ ཉོན་མོངས་དབང་གྱུར་སྡུག་བསྔལ་ལསཿ ཐར་པར་བྱ་ཕྱིར་སེམས་བསྐྱེད་དོཿ བདག་གི་སྤྱི་བོ་ནམ་མཁའི་ཁམསཿ ཉི་ཟླ་པདྨའི་གདན་སྟེང་དུཿ བླ་མ་བཀྲག་དང་གཟི་མདངས་ལྡནཿ མཛེས་པའི་ན་བཟའ་སྐུ་ལ་གསོལཿ ཞལ་འཛུམ་མདངས་དང་ལྡན་པར་བསམཿ ཤར་ཕྱོགས་མདུན་གྱི་ནམ་མཁའ་ལཿ ཤཱཀྱ་སེང་གེ་ལ་སོགས་པའཿ ཡི་དམ་ལྷ་ཚོགས་ཐམས་ཅད་ཀུནཿ ཁ་དོག་ལྔར་གསལ་རྣམ་དག་བསམཿ ལྷོ་ཕྱོགས་བདེ་བར་གཤེགས་པའི་གསུངཿ གླེགས་བམ་ཡི་གེའི་རྣམ་པ་ལཿ དམ་ཆོས་མ་ལུས་འདུས་པར་བསམཿ ནུབ་ཕྱོགས་བྱང་ཆུབ་སེམས་དཔའི་ཚོགསཿ རིགས་གསུམ་མགོན་པོ་བྱམས་པ་དངཿ འགྲོ་དོན་མཛད་པ་ཐམས་ཅད་བསམཿ བྱང་ཕྱོགས་དམ་ཆོས་སྐྱོང་བ་ཡིཿ ཆོས་སྐྱོང་མཁའ་འགྲོ་དམ་ཅན་རྣམསཿ བཀའ་ཉན་ལས་བྱེད་ཕོ་ཉར་བསམཿ འོག་ཏུ་རིགས་དྲུག་སེམས་ཅན་རྣམསཿ སྙིང་རྗེའི་སེམས་ཀྱིས་ཀུན་བསྡུས་ནསཿ ལས་ལ་འགྱོད་པའི་སེམས་སྐྱེད་བསམཿ (༢བ)


GLG022_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་གུས་པས་སྐྱབས་འགྲོ་བྱ། ཀྱེ་མཿ ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་ཀུནཿ བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིཿ མ་རིག་མུན་པས་བསྒྲིབས་པའི་ལས་ངན་སྦྱངསཿ དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལཿ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལཿ བྱང་ཆུབ་མ་ཐོབ་བར་དུ་ཐུགས་རྗེས་གཟིགསཿ ཡོན་ཏན་ཀུན་འབྱུང་དངོས་གྲུབ་མཆོག་གི་གནསཿ བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆཿ གང་ལ་གང་འདུལ་འགྲོ་དྲུག་དོན་མཛད་པའིཿ ཡི་དམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆཿ སངས་རྒྱས་གསུང་ལས་སྤྲུལ་པའི་ཡི་གེར་བྱོནཿ ཉོན་མོངས་འཇོམས་མཛད་ཆོས་ལ་སྐྱབས་སུ་མཆིཿ ཐུགས་རྗེ་ཆེན་པོས་འགྲོ་དོན་སྟོབས་ཆེན་མཛདཿ བྱང་ཆུབ་སེམས་དཔའི་ཚོགས་ལ་སྐྱབས་སུ་མཆིཿ གདུལ་བྱའི་དོན་དུ་དྲག་པོའི་སྐུར་སྟོན་པཿ ཆོས་སྐྱོང་དམ་ཅན་རྣམས་ལ་སྐྱབས་སུ་མཆིཿ བདག་གིས་དུས་གསུམ་བསགས་པའི་དགེ་བ་ཡིསཿ འགྲོ་བ་མ་ལུས་བྱང་ཆུབ་ཐོབ་པར་ཤོགཿ རང་བྱུང་རིག་པ་རང་ཤར་ཆོས་ཀྱི་སྐུཿ ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོགཿ བདག་ནི་དུས་འདི་ནས་བཟུང་ཚེ་རབས་སུཿ འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོགཿ ཕྱིའི་མཎྜལ་ནི། ན་མོཿ དབང་ཆེན་གཞལ་ཡས་དབུས་ཀྱི་ལྟེ་བ་ལཿ རི་རྒྱལ་ལྷུན་པོ་བརྗིད་ཅིང་འགྱིང་བག་ལྡནཿ གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་རྣམསཿ གཉེན་ལྕུག་སྲ་བརྟན་རིན་ཆེན་རྩིག་པར་བལྟམསཿ གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་ཕྱོགས་མཚམས་བསྐོརཿ ལྷ་དང་མི་ཡི་འདོད་ཡོན་རྒྱན་གྱིས་གངཿ ཉི་ཟླའི་འོད་ཀྱིས་འཇིག་རྟེན་མུན་པ་སེལཿ ལྕགས་རི་མུ་ཁྱུད་མཐའ་ནས་ལེགས་པར་བསྐོརཿ ཕྱི་ལྟར་སྣོད་ཀྱི་འཇིག་རྟེན་སྣང་བ་འདིཿ བླ་མེད་དཀོན་མཆོག་གསུམ་ལ་གུས་པས་འབུལཿ བདག་གཞན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་(༣ན)


GLG022_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ནསཿ ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོགཿ ནང་གི་མཎྜལ་ནི། ན་མོཿ འཇིག་རྟེན་ལས་ཀྱིས་འདུས་པའི་བར་དོ་རུཿ བདག་ལུས་ཤིན་ཏུ་གཅེས་པར་བཟུང་བ་ཡིཿ ཡུལ་མཁར་ལོངས་སྤྱོད་འདོད་པའི་ར་བར་བཅསཿ བྱམས་པའི་ཕ་མ་འཛའ་བའི་གྲོགས་དང་ནིཿ བུ་དང་བུ་མོ་གཅེས་པའི་འཁོར་གྱིས་བསྐོརཿ ཟས་ནོར་གོས་དང་ལོངས་སྤྱོད་རྒྱན་དང་ལྡནཿ བཀྲག་མདངས་མཛེས་པའི་ཁ་དོག་རང་འོད་བཅསཿ འཛིན་པའི་སེམས་ཀྱིས་གཅེས་པར་བཟུང་བ་ཡིཿ བདག་གི་འཇིག་རྟེན་འདི་ཡི་གཅེས་པ་ཀུནཿ གུ་རུ་རཏྣ་སྤྲུལ་པའི་སྐུ་ལ་འབུལཿ བདག་གི་ཉོན་མོངས་འཛིན་པའི་ཡུལ་དག་ནསཿ དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལཿ གསང་བའི་མཎྜལ་ནི། ཧཱུྃ། བདག་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་དུཿ སེམས་ཀྱི་རྟེན་གནས་ཙིཏྟ་འབར་བ་ལཿ དབང་པོ་སྒོ་ལྔའི་རྟེན་གྱིས་མཐའ་རྟེན་བྱསཿ རྣམ་ཤེས་ཚོགས་བརྒྱད་འཁོར་གྱིས་རབ་ཏུ་བརྒྱནཿ ཤ་ཁྲག་རུས་པ་ནང་ཁྲོལ་སྣ་ཚོགས་ལྡནཿ མིག་གཉིས་དངས་པའི་འོད་ཀྱིས་མུན་པ་བསེལཿ བདག་ལུས་ལོངས་སྤྱོད་རྒྱལ་པོའི་སྒྱུ་ལུས་འདཿ ངེས་པའི་དོན་སྟོན་བླ་མ་ཉིད་ལ་འབུལཿ བདག་གི་ལམ་གྱི་འཁྲུལ་སྣང་ཀུན་དག་ནསཿ རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལཿ རང་གི་སྒྱུ་ལུས་བེམ་པོ་འདིཿ སྤྱི་གཙུག་པདྨ་ཉི་ཟླའི་སྟེངཿ ཨཱཿལས་རྡོ་རྗེ་སེམས་དཔའ་ཉིདཿ དུང་མདོག་ཞལ་གཅིག་ཕྱག་གཉིས་པཿ རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱནཿ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིནཿ གཡོན་པ་དྲིལ་བུ་དཀུ་ལ་བརྟེནཿ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་མཛདཿ དེ་ཡི་ཐུགས་ཀར་ཡི་གེ་ཨཿ ཨ་ལས་འོད་འཕྲོས་མདངས་དང་ལྡནཿ ཨ་ལས་བདུད་རྩིའི་ཆུ་རྒྱུན་བབསཿ བདག་གི་སྤྱི་གཙུག་རྐང་མཐིལ་བརཿ ཕྱི་ནང་(༣བ)


GLG022_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་བཀྲུས་དག་པར་བསམཿ ཨཱོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། ཌི་དྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟ་ཤྲཱི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨ། རང་གི་ཡུལ་མཁར་ཁང་ཁྱིམ་དངཿ ས་རྡོ་རི་བྲག་འཇིག་རྟེན་ཁམསཿ བརྩིགས་དང་གནས་དང་འཇིག་པ་དངཿ དུས་ཀྱི་འཕོ་འགྱུར་ལེགས་པར་བསམཿ བར་དུ་རང་གི་དགྲ་དང་གཉེནཿ སྲོག་ཆགས་ཀུན་དང་རང་གི་ལུསཿ སྐྱེ་དང་གསོན་དང་འཆི་བ་བསམཿ ཐ་མ་འཁོར་བ་རིགས་དྲུག་གོཿ སྡུག་བསྔལ་རིམ་པ་བརྟག་ཅིང་བསམཿ ཐུན་དུ་བཅད་ལ་མི་རྟག་བསྒོམཿ མི་རྟག་མཐོང་ནས་ཆོས་ལ་འཇུགཿ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིཿ ཐུགས་རྗེས་འགྲོ་བའི་དོན་མཛད་ཀྱངཿ བདག་ནི་འཁོར་བའི་གནས་སུ་འཁྱམསཿ ད་ལྟ་ངེས་པའི་དོན་སྟོན་པའིཿ བླ་མ་དེ་ནི་སངས་རྒྱས་ཀྱིཿ སྤྲུལ་པ་ཡིན་ཏེ་བཀའ་དྲིན་ཆེཿ དཔེར་ན་ཡིད་བཞིན་ནོར་བུ་དེཿ འབྱུང་བ་ལྔ་ཡི་བཅུད་ཡིན་ཏེཿ འཁོར་ལོས་སྒྱུར་བའི་རྒྱལ་པོ་ལཿ རྩོལ་བ་མེད་པར་གྲོགས་སུ་འབྱུངཿ རྒྱལ་པོ་དགུང་དུ་གཤེགས་པའི་ཚེཿ ས་རྡོ་གཞན་གྱིས་མི་ཐུབ་པརཿ འབྱུང་བ་ལྔ་ལ་ཟང་ཐལ་དུཿ གཤེགས་ཏེ་རྒྱ་མཚོ་ཆེན་པོའི་ནངཿ རིན་ཆེན་གསེར་གྱི་ས་གཞི་ལཿ ནོར་བུ་རིན་ཆེན་ཆགས་པར་འགྱུརཿ དེ་བཞིན་མན་ངག་ཟབ་མོའི་ཆོསཿ ངེས་དོན་སྟོན་པའི་བླ་མ་དེཿ སངས་རྒྱས་ཀུན་གྱི་སྤྲུལ་པ་ཡིནཿ བདག་ལ་སངས་རྒྱས་ཀུན་ལས་ལྷགཿ ལས་བྱུང་གང་ཟག་ཡོད་པའི་སརཿ རྩོལ་བ་མེད་པར་འབྱུང་བར་འགྱུརཿ དད་མེད་ལོག་ལྟ་སྡིག་སྤྱོད་གནསཿ དེར་ནི་བཞུགས་པར་མི་འགྱུར་ཏེཿ (༤ན)


GLG022_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཞིང་དུ་གཤེགས་པར་འགྱུར། གསང་སྔགས་ངེས་པའི་དོན་འདོད་ནིཿ བླ་མའི་རྣལ་འབྱོར་བསྒོམ་པར་བྱཿ བླ་མའི་རྣལ་འབྱོར་ནི། རང་ལུས་འཛིན་མེད་སྤྱི་བོ་ཡིཿ པདྨ་ཉི་ཟླའི་གདན་སྟེང་དུཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིཿ ཐུགས་ལས་སྤྲུལ་པའི་རིག་འཛིན་ནིཿ པདྨ་འབྱུང་གནས་རྒྱལ་བའི་སྐུཿ སྐུ་མདོག་དཀར་དམར་སྐྱིལ་ཀྲུང་བཞུགསཿ གཞོན་ནུ་ལོ་བརྒྱད་ལོན་པའི་ཚུལཿ སྔགས་པའི་ཆ་ལུགས་མཐིང་ནག་གོསཿ རབ་བྱུང་ཆ་ལུགས་ཆོས་གོས་དམར། རྒྱལ་པོའི་ཆ་བྱད་ཟབ་བེར་གསོལཿ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིནཿ གཡོན་པ་མཉམ་གཞག་ཀ་པཱ་ལཿ དབུ་ལ་པདྨའི་གཉེན་ཞུ་གསོལཿ སྣ་ཚོགས་རིན་ཆེན་རྒྱན་གྱིས་བརྒྱནཿ བཀྲག་དང་གཟི་མདངས་ལྡན་པ་ལཿ རྩ་བརྒྱུད་བླ་མ་ཡི་དམ་ལྷཿ མཁའ་འགྲོ་དཔའ་བོ་དམ་ཅན་དངཿ ཆོས་སྐྱོང་བཀའ་སྲུང་གཏེར་བདག་ཚོགསཿ མ་ལུས་འཁོར་གྱིས་བསྐོར་བར་བསམཿ ཡེ་ཤེས་པ་སྤྱན་དྲང་བ་ནི། ཧཱུྃ། ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་མཆོག་གི་དངོས་གྲུབ་བརྙེསཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཁོར་དུ་མཁའ་འགྲོ་མང་པོས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིཿ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལཿ མཆོད་པ་འབུལ་བ་ནི། ཧཱུྃ། མེ་ཏོག་བདུག་སྤོས་མར་མེ་དངཿ ལྷ་བཤོས་དྲི་ཆབ་མཆོད་པར་བཤམསཿ བླ་བྲེ་རྒྱལ་མཚན་ན་བཟའ་དངཿ བ་དན་གདུགས་དང་རོལ་མོའི་ཚོགསཿ རིན་པོ་ཆེ་དང་མེ་ཏོག་དངཿ གཟུགས་སྒྲ་དྲི་རོ་རེག་བྱ་དངཿ ཆོས་དང་མདངས་ཆེན་བྱང་ཆུབ་སེམསཿ མཆོད་སྤྲིན་བསམ་གྱིས་མི་ཁྱབ་པཿ རྩ་བ་བརྒྱུད་པའི་བླ་མ་དངཿ ཡི་དམ་ཞི་ཁྲོའི་ལྷ་ཚོགས་དངཿ ཆོས་བདག་དཔའ་(༤བ)


GLG022_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བོ་མཁའ་འགྲོའི་ཚོགསཿ དམ་ཅན་ཆོས་སྐྱོང་རྣམས་ལ་འབུལཿ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལཿ ཨཱོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལསཿ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ་རུ་ཤརཿ རང་བྱུང་ཡེ་ཤེས་འོད་གསལ་ཆེན་པོའི་ངངཿ ཆོས་སྐུ་ཀུན་དུ་བཟང་པོས་བྱིན་གྱིས་རློབསཿ ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་འོདཿ སྐུ་ལྔ་གསལ་འཚེར་བཀྲག་དང་གཟི་མདངས་ལྡནཿ ཡེ་ཤེས་རང་སྣང་ལྷུན་གྱིས་གྲུབ་པ་པོཿ ལོངས་སྐུ་རྒྱལ་བ་རིགས་ལྔས་བྱིན་གྱིས་རློབསཿ ཐུགས་རྗེ་རྒྱུན་ཆད་མེད་པས་ཐབས་ཀྱིས་བཞེངསཿ ཁམས་གསུམ་སེམས་ཅན་ཀུན་གྱི་མགོན་གྱུར་པཿ སྲིད་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུཿ གསང་བདག་སྤྲུལ་པའི་སྐུ་ཡིས་བྱིན་གྱིས་རློབསཿ རང་བྱུང་ལྷུན་གྲུབ་རྫོགས་པ་ཆེན་པོའི་ངངཿ དམིགས་གཏད་མེད་པར་ལྟ་བ་མཁའ་ལྟར་དགཿ སྐྱེ་འགག་མེད་པས་འཛིན་པ་རང་སར་གྲོལཿ དགའ་རབ་རྡོ་རྗེ་ལྟ་བས་བྱིན་གྱིས་རློབསཿ བློ་བྲལ་ཡངས་པས་ཏིང་འཛིན་འཕེལ་འགྲིབ་མེདཿ ཉོན་མོངས་རླབས་དང་བྲལ་བས་མི་གཡོ་བཿ དམིགས་མེད་རང་རིག་ངོ་བོ་ཡེ་རེ་གནསཿ ཤྲཱི་སིང་ཧ་སྒོམ་པས་བྱིན་གྱིས་རློབསཿ འཛིན་ཆགས་མེད་པས་སྣང་སྲིད་ཐམས་ཅད་གྲོལཿ ཐོགས་ཐུག་མེད་པས་ཅི་ལ་ཡ་མི་ངཿ བླང་དོར་མེད་པས་རོལ་པ་ཆེན་པོའི་ངངཿ རྒྱལ་པོ་ཛ་ཡི་སྤྱོད་པས་བྱིན་གྱིས་རློབསཿ ཟག་མེད་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ལཿ ཡེ་ཤེས་ལོངས་སྐུ་མཚན་དཔེས་རབ་བརྒྱན་ཅིངཿ འཁོར་འདས་གཉིས་མེད་རང་རིག་སེམས་ལ་རྫོགསཿ ཨིནྡྲ་བྷཱུ་ཏི་འབྲས་བུས་བྱིན་གྱིས་རློབསཿ མཉམ་ཉིད་དགོངས་པ་རྣམ་པར་དག་པ་ལཿ ཐམས་ཅད་རང་རིག་བྱང་ཆུབ་སེམས་ཀྱི་ངངཿ ཡེ་ཤེས་རང་གསལ་འགག་པ་མེད་པར་གསལཿ པདྨ་འབྱུང་གནས་ཐུགས་(༥ན)


GLG022_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་བྱིན་གྱིས་རློབསཿ འཁོར་འདས་ཐམས་ཅད་རིག་ན་སངས་རྒྱས་ཏེཿ མ་རིག་འཁྲུལ་པའི་རྩོལ་བ་བྲལ་ནས་སངསཿ གསེར་འགྱུར་རྩི་ལྟར་ཡེ་ཤེས་རང་གནས་མཐོངཿ མཁས་པ་བི་མ་མི་ཏྲས་བྱིན་གྱིས་རློབསཿ ཐུགས་ཀྱི་རིག་འཛིན་རྡོ་རྗེ་སེམས་དཔའི་སྲསཿ ཉི་ཟླ་ལྟ་བུར་མ་རིག་མུན་པ་སེལ། སྟོང་ཉིད་སྙིང་རྗེས་འགྲོ་བའི་དོན་མཛད་པའིཿ སློབ་དཔོན་ཧཱུྃ་ཆེན་ཀ་རས་བྱིན྾༔ སྐུ་ཡི་རིག་འཛིན་རྣམ་སྣང་མཛད་ཀྱི་སྲསཿ རི་རྒྱལ་ལྷུན་པོ་ལྟ་བུར་གཟི་བརྗིད་ཆེཿ དྲག་ཤུལ་ཐབས་ཀྱིས་འགྲོ་བའི་དོན་མཛད་པའིཿ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བྱིནཿ གསུང་གི་རིག་འཛིན་སྣང་བ་མཐའ་ཡས་སྲསཿ ཀ་ལ་པིང་ཀ་ལྟ་བུར་སྒྲ་དབྱངས་སྙནཿ ཞི་བ་བྱམས་པས་འགྲོ་བའི་དོན་མཛད་པའིཿ སློབ་དཔོན་ནཱ་ག་རྫུ་ནས་བྱིན྾༔ འཕྲིན་ལས་རིག་འཛིན་རྡོ་རྗེ་གཞོན་ནུའི་སྲསཿ འཇའ་ཚོན་ལྟ་བུ་འཕྲིན་ལས་མ་འདྲེས་གསལཿ ལས་བཞི་ལྷུན་གྱིས་གྲུབ་པས་འགྲོ་དོན་མཛདཿ སློབ་དཔོན་པྲ་ཝ་ཧ་ཏིས་བྱིན྾༔ དབྱིངས་དང་རིག་པ་དབྱེར་མེད་བདེ་བའི་སྲསཿ ཐབས་ཀྱི་རང་བཞིན་རྩ་རླུང་རྣམ་པར་དགཿ ཤེས་རབ་རང་བཞིན་མཚན་མ་སྤྲོས་དང་བྲལཿ དྷ་ན་སང་ཀྲྀ་ཏ་ཡིས་བྱིན྾༔ འཆི་མེད་གྲུབ་པ་ཚེ་དཔག་མེད་ཀྱི་སྲསཿ ས་དང་ལམ་ལ་སྦྱངས་ནས་འབྲས་བུ་ཐོབཿ རང་བཞིན་ལྷུན་གྱིས་གྲུབ་པའི་དགོངས་པ་བརྙེསཿ ཚེ་དབང་རིག་འཛིན་ཆེན་པོས་བྱིན༝ ནུས་པ་ཐོགས་མེད་ཕྱག་ན་རྡོ་རྗེའི་སྲསཿ རྫུ་འཕྲུལ་སྟོབས་ལྡན་སྡེ་བརྒྱད་བྲན་དུ་འཁོལཿ ཀུན་ལ་དབང་སྒྱུར་འཁོར་འདས་སལ་ལེར་གཟིགསཿ རོམ་བུ་གྷུ་ཡ་ཙནྡྲས་བྱིན྾༔ དྲག་སྔགས་མངོན་གྱུར་སྟོབས་ལྡན་ནག་པོའི་སྲསཿ མཐུ་རྩལ་ཆེན་པོ་གནམ་ལྕགས་ཐོག་ལྟར་འབེབསཿ ཞིང་བཅུ་ཚར་གཅོད་སྒྲོལ་(༥བ)


GLG022_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཐབས་ལ་མཁསཿ སློབ་དཔོན་ཤནྟིང་གརྦྷས་བྱིན་གྱིས྾༔ པདྨ་འབྱུང་གནས་ཐུགས་རྗེས་བྱིན་བརླབས་པའཿ རྡོ་རྗེ་ཕག་མོ་ཡུམ་གྱི་སྲས་མཆོག་སྟེཿ རྡོ་རྗེ་བདུད་འཇོམས་སྐུ་ཡི་སྤྲུལ་པ་པོཿ སྤྲུལ་སྐུ་རིག་འཛིན་ཆེན་པོས྾༔ རྒྱལ་བས་ལུང་བསྟན་མཚན་དང་དཔེ་བྱད་ལྡནཿ སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིསཿ ལས་ཅན་རྣམས་ལ་ཡེ་ཤེས་མངོན་སུམ་སྟོནཿ རིག་འཛིན་རྣམ་རྒྱལ་མགོན་པོས་བྱིན྾༔ གུ་རུས་ལུང་བསྟན་སྦས་པའི་ཚུལ་དུ་བྱོནཿ གསང་སྔགས་ཐབས་མཁས་མངོན་སུམ་ཡེ་ཤེས་སྟོནཿ ལས་ཅན་མ་ལུས་ཐར་པའི་ལམ་ལ་འདྲེནཿ དྲན་མཆོག་སངས་རྒྱས་དབོན་ཆེན་གྱིས྾༔ རྒྱལ་བའི་གདུང་འཛིན་སྙིགས་དུས་འགྲོ་བའི་དཔལཿ ལས་ཅན་རྣམས་ལ་གསང་སྔགས་སྙིང་པོའི་དོནཿ ཅིག་ཅར་སྟོན་མཛད་དྲིན་ཅན་སྤྲུལ་པའི་སྐུཿ མཚན་ལྡན་བྱམས་པ་བཤེས་གཉེན་གྱིས྾༔ དུས་གསུམ་སངས་རྒྱས་འཕྲིན་ལས་གཅིག་བསྡུས་ནསཿ འགྲོ་བའི་དོན་མཛད་མངོན་སུམ་དོན་སྟོན་ཅིངཿ ཁམས་གསུམ་སེམས་ཅན་ཐར་པའི་ལམ་ལ་འདྲེནཿ དྲིན་ཅན་སངས་རྒྱས་དཔལ་བཟང་གིས་བྱིན་གྱིས་རློབསཿ ཐུགས་རྗེའི་བདག་ཉིད་ཨུ་རྒྱན་པདྨ་ཡིཿ ཞལ་གཟིགས་མཆོག་དང་ཐུན་མོང་དངོས་གྲུབ་བརྙེསཿ འཕྲིན་ལས་དྲག་པོས་གདུལ་བྱ་སྨིན་གྲོལ་མཛདཿ སྔགས་འཆང་ཆོས་རྒྱལ་བསོད་ནམས་ཀྱི྾༔ ཐུགས་རྗེའི་བདག་ཉིད་ཨུ་རྒྱན་པདྨ་ཡིཿ བསྟན་ལ་རབ་ཞུགས་ཉམས་དང་རྟོགས་པའི་བདགཿ འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པཿ རིག་འཛིན་སངས་རྒྱས་བསྟན་པས྾༔ ཨུ་རྒྱན་ལུང་བསྟན་གསང་སྔགས་ཆོས་ཀྱི་བདག྾༔ བཀའ་བབས་ལུང་བཞིན་སྦས་ཡུལ་གནས་སྒོ་ཕྱེ྾༔ ཆོས་བློན་པདྨ་གུང་བཙན་སྤྲུལ་པའི་སྐུཿ སྔགས་འཆང་ཤཱཀྱ་བཟང་པོས་བྱིན་གྱིས་རློབསཿ ལུང་ཐོབ་བཀའ་བབས་བླ་མའི་གསུང་བཞིན་དུཿ འགྲོ་མང་དོན་དུ་གནས་ཕྱིན་དཀའ་སྤྱད་མཛདཿ རྒྱལ་དབང་པདྨའི་གདུང་གསོབ་མངའ་རིས་རྗེཿ རིག་འཛིན་ལེགས་ལྡན་རྡོ་རྗེས་བྱིན་གྱིས་རློབསཿ སྒོ་གསུམ་གུས་པས་བླ་མ་(༦ན)


GLG022_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་མེད་བསྟེནཿ ཨུ་རྒྱན་ལུང་བསྟན་གསང་སྔགས་ཆོས་ཀྱི་བདགཿ བཀའ་བབས་ལུང་བསྟན་བླ་མའི་ཐུགས་སྲས་མཆོགཿ ཆོས་རྒྱལ་མངྒའི་མཚན་གྱིས྾༔ ལྗང་ལྷར་བྲག་གི་ཟབ་མོའི་གཏེར་ཁ་ལསཿ དྲག་སྔགས་གྲུབ་པའི་དབང་པོར་ལུང་བསྟན་ཅིངཿ རིག་འཛིན་གོང་མའི་གདུང་གསོབ་ངག་གི་དབངཿ ཆོས་རྒྱལ་བསྟན་པའི་རྒྱལ་མཚན་གྱིས྾༔ དཔལ་གྱི་མཆིམས་ཕུར་ངོ་མཚར་རྫུ་འཕྲུལ་གྱིསཿ གྲུབ་པའི་རྟགས་བསྟན་ཛྙཱ་ན་ཀུ་མཱ་རཿ བསམས་བཞིན་སྲིད་འདིར་སྤྲུལ་པའི་ཟློས་གར་མཁནཿ པདྨ་དབང་གི་གྲོང་ཁྱེར་གྱིས྾༔ བདུད་འཇོམས་རྡོ་རྗེ་ཆོས་རྒྱལ་དབང་པོའི་རྗེསཿ རྨི་ལམ་ཚུལ་དུ་ཟབ་གཏེར་གདམས་པའི་བཀའཿ ལེགས་གཏད་ཟ་ཧོར་སྔགས་སྨྱོན་དྲག་པོ་རྩལཿ རིག་འཛིན་གང་ཤར་རིང་གྲོལ་གྱིས་བྱིན་གྱིས་རློབསཿ སྐུ་གསུམ་བརྒྱུད་པའི་བླ་མ་དམ་པ་རྣམསཿ ཆོས་ཀྱི་དབྱིངས་ནས་བདག་ལ་བརྩེར་དགོངས་ནསཿ ཐུགས་བརྒྱུད་རང་གྲོལ་མཆོག་གི་དངོས་གྲུབ་སྩོལཿ མི་མཐུན་རྐྱེན་དང་བར་ཆད་བསལ་དུ་གསོལཿ མཐུན་པའི་ལམ་སྣ་ཆོས་ལ་དྲང་དུ་གསོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ ཕྱིའི་མཚམས་མཐོ་རྒྱལ་ཆེན་བཞི་རུ་བསྐྱེད་ལ་བཞགཿ དང་པོ་ཧཱུྃ་ཞེས་བརྗོད་པས་སྟོང་ཉིད་ཀྱི་ངང་ལ་ཐུན་གཅིག་བཞགཿ དེ་ནས་ཡི་དམ་ལྷའི་ང་རྒྱལ་དང་ལྡན་པས་རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུྃ་ཞེས་པས་མཆོད་གཏོར་རྣམས་བྱིན་གྱིས་བརླབས་ལ་འདི་སྐད་དོ། ཧཱུྃ། བདག་ཉིད་ལྷ་ཡི་ཐུགས་ཀ་ནསཿ དཀར་སེར་དམར་ལྗང་ཧཱུྃ་ཆེན་བཞིཿ འཕྲོ་འདུས་འོད་དུ་ཞུ་བ་ལསཿ ཡེ་ཤེས་རྒྱལ་པོ་བཞི་རུ་གྱུརཿ ཨཱོཾ་ཛྙཱ་ན་རཱ་ཛ་ས་མ་ཡེ་སྭཱཧཱ། ཧཱུྃ་རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ནཿ ཕོ་བྲང་ཆེན་པོ་སྤོས་ངད་ལྡནཿ ཟབ་ཅིང་རྒྱ་ཆེ་གཟི་འཕགས་པཿ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུངཿ སྐུ་མདོག་(༦བ)


GLG022_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་པི་ཝང་འཛིནཿ བཙུན་མོ་སྲས་དང་བློན་པོར་བཅསཿ འཁོར་ནི་དྲི་ཟ་འབུམ་གྱིས་བསྐོརཿ སྡེ་བོ་ཆེ་ལ་སྟོབས་པོ་ཆེཿ མཆོད་གཏོར་འདི་བཞེས་ཤར་ཕྱོགས་ཀྱིཿ གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངསཿ ཧཱུྃ། རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ནཿ ཕོ་བྲང་ཆེན་པོ་བཻ་ཌཱུཪྱཿ ཟབ་ཅིང་རྒྱ་ཆེ་གཟི་འཕགས་པོཿ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོཿ སྐུ་མདོག་སེར་པོ་རལ་གྲི་འཛིནཿ བཙུན་མོ་སྲས་དང་བློན་པོར་བཅསཿ འཁོར་ནི་གྲུལ་བུམ་འབུམ་གྱི་བསྐོརཿ སྡེ་བོ་ཆེ་ལ་སྟོབས་པོ་ཆེཿ མཆོད་གཏོར་འདི་བཞེས་ལྷོ་ཕྱོགས་ཀྱིཿ གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངསཿ ཧཱུྃ། རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ནཿ ཕོ་བྲང་ཆེན་པོ་རྒྱ་མཚོའི་སྣཿ ཟབ་ཅིང་རྒྱ་ཆེ་གཟི་འཕགས་པོཿ རྒྱལ་པོ་ཆེན་པོ་སྤྱན་མི་བཟངཿ སྐུ་མདོག་དམར་པོ་སྦྲུལ་ཞགས་འཛིནཿ བཙུན་མོ་སྲས་དང་བློན་པོར་བཅསཿ འཁོར་ནི་ཀླུ་དབང་འབུམ་གྱིས་བསྐོར྾༔ སྡེ་བོ་ཆེ་ལ་སྟོབས་པོ་ཆེཿ མཆོད་གཏོར་འདི་བཞེས་ནུབ་ཕྱོགས་ཀྱིཿ གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངསཿ ཧཱུྃ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནཿ ཕོ་བྲང་ཆེན་པོ་ལྕང་ལོ་ཅནཿ ཟབ་ཅིང་རྒྱ་ཆེ་གཟི་འཕགས་པཿ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲསཿ སྐུ་མདོག་ལྗང་བུ་རྒྱལ་མཚན་འཛིནཿ བཙུན་མོ་སྲས་དང་བློན་པོར་བཅསཿ འཁོར་ནི་གནོད་སྦྱིན་འབུམ་གྱིས་བསྐོརཿ སྡེ་བོ་ཆེ་ལ་སྟོབས་པོ་ཆེཿ མཆོད་གཏོར་འདི་བཞེས་བྱང་ཕྱོགས་ཀྱིཿ གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངསཿ ཧཱུྃ། རྒྱལ་པོ་ཆེན་པོ་སྡེ་བཞི་པོཿ དོན་གྱིས་སངས་རྒྱས་ཡིན་མོད་ཀྱངཿ གསང་སྔགས་བསྟན་པ་བསྲུང་བའི་ཕྱིརཿ བར་ཆད་འདུལ་བར་མཛད་དུ་གསོལཿ ཨཱོཾ་དྷྲི་ཌྷ་རཥྚ་ཡེ་སྭཱཧཱཿ བེ་རུ་ཏ་ཀ་ཡེ་སྭཱཧཱཿ བེ་རུ་བྷཀྵ་ཡེ་སྭཱཧཱཿ བཻ་ཤྲ་མ་ཎ་ཡེ་སྭཱཧཱཿ ནང་གི་མཚམས་གཅད་པ་ནི། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ཀུནཿ སངས་རྒྱས་(༧ན)


GLG022_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ་ཡིས་གངཿ རིག་འཛིན་བླ་མའི་རྣལ་འབྱོར་པསཿ སྔོན་ཚེ་དགྲ་བགེགས་བཏུལ་བ་བཞིནཿ ཕོ་ཉ་མང་པོ་བཀྲམ་ནས་ཀྱངཿ སྟེང་འོག་ཕྱོགས་མཚམས་མཚོན་ཆས་གངཿ བདུད་དང་དམ་སྲི་བསྒྲལ་བར་བྱཿ གསང་བའི་དཀྱིལ་འཁོར་གཉན་པོ་འདིརཿ བར་ཆད་བྱེད་པའི་འབྱུང་པོ་རྣམསཿ མ་འདུག་རང་རང་གནས་སུ་དེངསཿ ཅི་སྟེ་བཀའ་ལས་འདས་གྱུར་ནཿ ཐལ་བ་བཞིན་དུ་རླག་པར་བྱེད། ཨཱོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷ་ཤྭ་ར་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་རཾ་ཧཱུྃ་ཕཊ། བཤགས་པ་བྱ་བ་ནི། ཧཱུྃ། གྲུབ་པའི་རིག་འཛིན་ཐམས་ཅད་དགོངས་སུ་གསོལཿ མ་རིག་འཁྲུལ་པའི་ལས་ཀྱི་དབང་གྱུར་བསཿ རྩ་བ་ཡན་ལག་དམ་ཚིག་ཉམས་པ་དངཿ སྒྲུབ་པ་ཡུན་ཐུང་ཡི་དམ་ལྷ་མི་གསལཿ ལེ་ལོ་གཉིད་རྨུགས་གཡེང་བའི་ལས་ཀྱིས་མནརཿ རིག་འཛིན་གདུང་གསོབ་རྣམས་ཀྱི་བརྒྱུད་མ་ཟིནཿ བཀའ་ལས་འདས་པའི་སྤྱོད་པ་ཅི་བྱས་རྣམསཿ བླ་མ་སྐུ་གསུམ་བརྒྱུད་པའི་སྤྱན་སྔ་རུཿ ཤིན་ཏུ་གནོང་ཞིང་འགྱོད་པས་མཐོལ་ཞིང་བཤགསཿ བྱིན་དབབ་པ་ནི། ཧཱུྃ། ཡེ་ཤེས་གཞལ་ཡས་བསྐྱེད་པ་རྒྱ་ཆེ་ཡངསཿ སེང་གེ་གླང་ཆེན་ཁྲི་བཤམས་སྤངས་རེ་མཐོཿ ཉི་ཟླ་པདྨའི་གདན་བཤམས་བརྗིད་རེ་ཆེཿ ཡེ་ཤེས་ལྷ་མཆོག་སྒྲུབ་པ་འདུ་འབྲལ་མེདཿ མ་མོ་མཁའ་འགྲོ་མཆོད་པས་དམ་ལ་འདུཿ རྡོ་རྗེ་སློབ་དཔོན་བཀུར་བས་བྱིན་རླབས་ཆེཿ ཆོས་སྐྱོང་དམ་ཅན་བསྟེན་པས་མཐུ་རྩལ་ཆེཿ མ་གཡེལ་མ་གཡེལ་རིག་འཛིན་གྲུབ་པ་རྣམསཿ དཀྱིལ་འཁོར་གྲུབ་པའི་རྫས་ལ་བྱིན་གྱིས་རློབསཿ རྣལ་འབྱོར་བདག་ལ་དབང་དང་དངོས་གྲུབ་སྩོལཿ ས་མ་ཡ་སིདྡྷི་ཧཱུྃ་ཧཱུྃཿ དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་བྷྲུཾ་བི་ཤ་བི་བུདྡྷི་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲུཾཿ ཧཱུྃ་ཨཱོཾ་སྭཱ་ཨཾ་ཧཱཿ མུཾ་ལཾ་མཾ་སྱཾ་ཏཿ ས་མ་ཡ་ཧོཿ (༧བ)


GLG022_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་སྟྭཾཿ ཛཿཧཱུཾ་བཾ་ཧོཿ ཨཱོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཧ་ཧཱུྃ་ཧྲཱིཿཐཿ ཨཱོཾ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བྷ་ཏེ་གྷུ་ཡ་ས་མ་ཡེ་སྭཱཧཱཿ རཀྟ་ས་མཏྣ་མན་དྷ་ཧཱུྃཿ ཧཱུྃ། འབྲུ་བཅུད་སྟོང་ལས་སྦྱར་བའི་ཛ་གད་དངཿ དམ་རྫས་རྨད་དུ་བྱུང་བའི་གཏོར་མ་དངཿ ཉོན་མོངས་རྒྱུད་དྲུག་བསྒྲལ་བའི་རཀྟ་དངཿ ཐབས་དང་ཤེས་རབ་སྦྱར་བའི་ཟླ་གམ་དངཿ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་དངཿ མ་རིག་མུན་པ་སེལ་བའི་སྒྲོན་མེ་དངཿ རིག་འཛིན་གྲུབ་པ་རྣམས་ཀྱི་ཚེ་མཆོག་དངཿ ཞལ་ཟས་སྣ་ཚོགས་སྦྱར་བའི་མཆོད་པ་རྣམསཿ བླ་མ་ཡི་དམ་མཁའ་འགྲོ་མཆོད་པ་དངཿ དམ་ཚིག་བསྐང་བའི་རྫས་སུ་བྱིན་གྱིས་བརླབསཿ ཨཱོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཙ་ཨ་ཧོ་སུ་ཀ་ས་མ་ཡ་ཨ་ཧོཿ དེ་ནས་ཏིང་འཛིན་རྣམ་གསུམ་བསྒོམ་པ་ནི། ཧཱུྃ། གཟུང་འཛིན་སྤྲོས་དང་བྲལ་བ་ལསཿ ཞེན་མེད་ཤེས་པ་རང་སོར་གནསཿ མ་བཅོས་རང་དངས་དེ་བཞིན་ཉིདཿ རང་ལུགས་བསྟན་ན་ཆོས་ཀྱི་སྐུཿ ཨཱོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧཾཿ ཧཱུྃ། དེ་ལྟར་གནས་པའི་གསལ་གདངས་ནཿ རང་བཞིན་འོད་གསལ་ཡེ་ཤེས་ལྔཿ སོ་སོར་མ་འདྲེས་སལ་ལེ་མཐོངཿ རང་གསལ་ལོངས་སྤྱོད་རྫོགས་པའི་སྐུཿ ཨ་དྷརྨ་དྷཱ་ཏུ་ཙཀྵུ་མཎྜ་ལ་ཨ། ཧཱུྃ། མ་རིག་འཁྲུལ་སྣང་འཁོར་བའི་རྒྱུཿ གཟུང་འཛིན་བལྟས་ལས་སྙིང་རེ་རྗེཿ འགྲོ་བ་རིགས་དྲུག་དྲང་བའི་ཕྱིརཿ ཐུགས་རྗེས་སྤྲུལ་པའི་སྐུ་རུ་བཞེངསཿ ཧཱུྃ་བོ་དྷི་ཙིཏྟ་བཛྲ་ཧཱུྃཿ ཧཱུྃ། འཇིག་རྟེན་ཡུལ་སྣང་འབྱུང་བ་ལྔཿ སྟེང་འོག་རིམ་པར་ཆགས་པ་ནིཿ ཨེ་ལས་ནམ་མཁའ་མཐའ་དབུས་མེདཿ ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོསཿ རཾ་ལས་བསྐལ་པའི་མེ་ཆེན་འབརཿ ལཾ་ལས་ཆུ་ཡི་རྒྱ་མཚོ་འཁྱིལཿ སུཾ་ལས་ས་འཁྲེགས་ས་གཞི་ཆགསཿ ལཾ་ལས་རིན་ཆེན་རི་རབ་བརྗིདཿ ཨེ་ཡཾ་རཾ་བཾ་སུཾ་ལཾ། ཧཱུྃ། འོག་གི་འབྱུང་བ་ལྔ་ཡི་སྟེངཿ བྷྲུཾ་ལས་ཡེ་ཤེས་གཞལ་(༨ན)


GLG022_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁངཿ རྣམ་དག་འོད་ལྔའི་ཕོ་བྲང་མཛེསཿ ལྷུན་གྲུབ་རིན་པོ་ཆེ་ཡི་དཀྱིལཿ བྷྲུཾ་བྷི་ཤ་བི་ཤུདྡྷི་རཏྣ་ཛྙཱ་ན་པདྨ་མཎྜལ་བྷྲུཾ། ཧཱུྃ། དབུས་ན་པདྨ་འདབ་མ་བཞིཿ ཕྱི་རིམ་པདྨ་འདབ་བརྒྱད་བསྐོརཿ ཀུ་བཞི་སྒོ་བཞི་རྩིག་པ་ལྔཿ འདོད་ཡོན་ཕ་གུ་དྲ་བ་དངཿ དྲ་ཕྱེད་མདའ་ཡབ་རྟ་བབས་དངཿ ཆོས་ཀྱི་འཁོར་ལོ་གདུགས་དང་ཏོགཿ རྡོ་རྗེ་ར་བ་མེ་རིས་བསྐོརཿ རིན་ཆེན་ཕོ་བྲང་གསལ་བར་བསྒོམཿ རཏྣ་མཎྜལ་བྷྲཱུཾཿ ལྷ་བསྐྱེད་པ་ནི། ཧཱུྃ། དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལཿ པདྨ་ཉི་ཟླའི་གདན་སྟེང་དུཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིཿ ཐུགས་ཀྱི་སྤྲུལ་པའི་རིག་འཛིན་ནིཿ པདྨ་འབྱུང་གནས་རྒྱལ་བའི་སྐུཿ སྐུ་མདོག་དཀར་དམར་སྐྱིལ་ཀྲུང་མཛདཿ གཞོན་ནུ་ལོ་བརྒྱད་ལོན་པའི་ཚུལཿ སྔགས་པའི་ཆ་ལུགས་མཐིང་ནག་གོསཿ རབ་བྱུང་ཆ་བྱད་ཆོས་གོས་དམརཿ རྒྱལ་པོའི་ཆ་བྱད་ཟབ་བེར་གསོལཿ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིནཿ གཡོན་པ་མཉམ་གཞག་ཀ་པཱ་ལཿ དབུ་ལ་པདྨའི་གཉེན་ཞུ་གསོལཿ སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེསཿ བཀྲག་མདངས་གཟི་མདངས་ལྡན་པར་བསྐྱེདཿ རིག་འཛིན་པདྨ་འབྱུང་གནས་ཀྱིཿ སྤྱི་གཙུག་པདྨ་འདབ་བཞི་ཡིཿ དབུས་སུ་འོད་ལྔའི་ཐིག་ལེ་ལཿ འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ཅནཿ དབུས་སུ་ཉི་ཟླའི་གདན་སྟེང་དུཿ མགོན་པོ་འོད་མི་འགྱུར་བའི་སྐུཿ མཐིང་ཁ་མཚན་དང་དཔེ་བྱད་ལྡནཿ སྐྱིལ་ཀྲུང་མཉམ་གཞག་ཕྱག་རྒྱ་ཅནཿ རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེསཿ ཀུན་བཟང་ཡུམ་དང་གཉིས་སུ་མེདཿ གཡས་སུ་སངས་རྒྱས་རྡོ་རྗེ་འཆངཿ མཐིང་ཁ་རྡོ་རྗེ་དྲིལ་བུ་བསྣམསཿ བདག་མེད་མ་དང་གཉིས་སུ་མེདཿ རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགསཿ གཡོན་ན་རྣམ་པར་སྣང་མཛད་མཐིངཿ འཁོར་ལོ་རྩིབས་བརྒྱད་དྲིལ་བུ་བསྣམསཿ དབྱིངས་(༨བ)


GLG022_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ཡུམ་དང་གཉིས་སུ་མེདཿ ཤར་གྱི་ཐིག་ལེ་དཀར་པོའི་སྟེངཿ རྡོ་རྗེ་སེམས་དཔའ་སྐུ་མདོག་དཀརཿ རྡོ་རྗེ་རྩེ་ལྔ་དྲིལ་བུ་བསྣམསཿ སངས་རྒྱས་སྤྱན་དང་གཉིས་སུ་མེདཿ ལྷོ་ཕྱོགས་ཐིག་ལེ་སེར་པོའི་སྟེངཿ རིན་ཆེན་འབྱུང་ལྡན་སྐུ་མདོག་སེརཿ རིན་ཆེན་འབར་བ་དྲིལ་བུ་བསྣམསཿ མཱ་མ་ཀི་དང་གཉིས་སུ་མེདཿ ནུབ་ཕྱོགས་ཐིག་ལེ་དམར་པོའི་སྟེངཿ སྣང་བ་མཐའ་ཡས་སྐུ་མདོག་དམརཿ པདྨ་འདབ་བརྒྱད་དྲིལ་བུ་བསྣམསཿ གོས་དཀར་ཡུམ་དང་གཉིས་སུ་མེདཿ བྱང་ཕྱོགས་ཐིག་ལེ་ལྗང་གུའི་སྟེངཿ དོན་ཡོད་གྲུབ་པ་སྐུ་མདོག་ལྗངཿ རྡོ་རྗེ་རྒྱ་གྲམ་དྲིལ་བུ་བསྣམསཿ སྒྲོལ་མ་ཡུམ་དང་གཉིས་སུ་མེདཿ ཐམས་ཅད་རིན་ཆེན་རྒྱན་དང་ལྡནཿ སྐྱིལ་ཀྲུང་ཉི་ཟླའི་གདན་ལ་བཞུགསཿ དེ་ཡི་ཕྱོགས་བཞིར་པདྨའི་སྟེངཿ ཉི་ཟླ་པདྨའི་གདན་སྟེང་དུཿ ཤར་དུ་དགའ་རབ་རྡོ་རྗེ་དཀརཿ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣམསཿ སྤྲུལ་སྐུའི་ན་བཟའ་ཆོས་གོས་གསོལཿ རྒྱལ་བ་རིགས་ལྔས་དབུ་ལ་བརྒྱནཿ ཞབས་གཉིས་སྐྱིལ་ཀྲུང་མཛད་དེ་བཞུགསཿ ལྷོ་རུ་འཕགས་པ་འཇམ་དཔལ་ནིཿ དམར་སེར་རལ་གྲི་ཨུཏྤལ་བསྣམསཿ ནུབ་ཏུ་འཕགས་པ་སྤྱན་རས་གཟིགསཿ དཀར་པོ་པདྨའི་ཕྲེང་བ་བསྣམསཿ བྱང་དུ་ཕྱག་ན་རྡོ་རྗེ་ལྗངཿ རྡོ་རྗེ་རྩེ་ལྔ་དྲིལ་བུ་བསྣམསཿ ཐམས་ཅད་རིན་ཆེན་རྒྱན་དང་ལྡནཿ མོས་ཤིང་དད་པས་བསྒོམ་པར་བྱཿ གཙོ་བོའི་ཤར་ཕྱོགས་པདྨའི་སྟེངཿ ཉི་མ་ཟླ་བའི་གདན་སྟེང་དུཿ སྤྲུལ་སྐུ་སྐལ་ལྡན་རྒྱལ་པོ་ཛཿ ཟབ་ཆེན་ལྗང་དམར་སྐུ་ལ་གསོལཿ ཕྱག་གཉིས་ཐུགས་ཀར་གླེགས་བམ་འཛིནཿ དབུ་ལ་དར་དང་རིན་ཆེན་བརྒྱནཿ སྐུ་མདོག་དཀར་པོ་སྐྱིལ་ཀྲུང་མཛདཿ བརྗིད་ལྡན་རྒྱལ་པོའི་སྐུ་རུ་བསྐྱེདཿ ལྷོ་ཕྱོགས་པདྨ་ཉི་ཟླའི་སྟེངཿ རྒྱལ་སྲས་(༩ན)


GLG022_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཨིནྡྲ་བྷཱུ་ཏི་ནཿ དཀར་པོ་ཟབ་བེར་སྦྲགས་མ་གསོལཿ དབུ་ལ་དར་ལྔའི་ཐོད་དང་ལྡནཿ ཕྱག་ན་བདུད་རྩིའི་བུམ་པ་བསྣམསཿ ཞབས་གཉིས་སྐྱིལ་ཀྲུང་མཛད་པ་བསྐྱེདཿ ནུབ་ཕྱོགས་པདྨ་ཉི་ཟླའི་སྟེངཿ རིག་འཛིན་ཤྲཱི་སིང་ཧ་ནིཿ ཕྱག་གཉིས་མཉམ་གཞག་ཕྱག་རྒྱ་ཅནཿ དབུ་ལ་གཉེན་ཞུ་མཛེས་པས་བརྒྱནཿ སྐུ་ལ་དབང་གི་ཆོས་གོས་གསོལཿ ཐུགས་རྗེ་ཅན་གྱི་སྐུ་རུ་བསྐྱེདཿ བྱང་ཕྱོགས་པདྨ་ཉི་ཟླའི་སྟེངཿ མཁས་པ་བི་མ་མི་ཏྲ་ནཿ ཕྱག་གཉིས་མཉམ་གཞག་བུམ་པ་འཛིནཿ སྐུ་ལ་གཉེན་ཞུ་ཆོས་གོས་གསོལཿ ཨཱ་ཙཪྻ་ཡི་ཆ་བྱད་ཅནཿ ཞབས་གཉིས་སྐྱིལ་ཀྲུང་མཛད་པ་བསྐྱེདཿ དེ་ཡི་ཕྱི་རིམ་འདབ་བརྒྱད་ལཿ པདྨ་ཉི་ཟླའི་གདན་སྟེང་དུཿ སྤྲུལ་པའི་རིག་འཛིན་ཆེན་པོ་བརྒྱདཿ ཐམས་ཅད་སྐུ་མདོག་དཀར་པོ་ལཿ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལཿ དབུ་ལ་མཛེས་པའི་གཉེན་ཞུ་གསོལཿ ཞབས་གཉེན་སྐྱིལ་ཀྲུང་མཛད་པ་བསྐྱེདཿ ཤར་དུ་རིག་འཛིན་ཧཱུྃ་ཀ་རཿ རྡོ་རྗེ་སེམས་དཔའ་གསང་གོས་ནཿ དུང་མདོག་ཕྱག་རྒྱའི་ཕུ་དུང་ཅནཿ ཐུགས་ཀར་རྡོ་རྗེ་དྲིལ་བུ་བསྣམསཿ ལྷོ་རུ་འཇམ་དཔལ་བཤེས་གཉེན་ནིཿ གཤིན་རྗེ་གཤེད་པོ་གསང་བའི་གོསཿ མཐིང་ནག་ཕྱག་རྒྱའི་ཕུ་དུང་ཅནཿ བེ་ཅོན་ཕྱར་ནས་སྡིགས་མཛུབ་མཛདཿ ནུབ་ཏུ་ནཱ་གཱ་རྫུ་ན་ནིཿ པདྨ་དབང་གི་གསང་བའི་གོས། དམར་སྨུག་ཕྱག་རྒྱའི་ཕུ་དུང་ཅན། གསེག་ཤང་བདུད་རྩིའི་ལྷུང་བཟེད་བསྣམསཿ བྱང་དུ་པྲ་བ་ཧ་ཏི་ནཿ འཕྲིན་ལས་ཕུར་པའི་གསང་གོས་ནཿ ལྗང་ནག་ཕྱག་རྒྱའི་ཕུ་དུང་ཅནཿ རྡོ་རྗེ་རྒྱ་གྲམ་པོ་ཏི་བསྣམསཿ ཤར་ལྷོར་དྷ་ན་སཾ་ཀྲྀ་ཏཿ དབྱིངས་དང་རིག་པའི་གསང་གོས་ནཿ སྨུག་ནག་ཕྱག་རྒྱའི་ཕུ་དུང་ཅནཿ ཐོད་པའིརྔེའུ་ཆུང་བདུད་རྩི་བསྣམསཿ ལྷོ་ནུབ་རིག་འཛིན་རྡོ་རྗེ་ཆོསཿ མཐིང་ནག་རྡོ་རྗེ་དྲིལ་བུ་འཛིནཿ དབུ་(༩བ)


GLG022_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲའི་ཐོར་ཚུགས་དར་གྱིས་བརྒྱནཿ སྐུ་ལ་རུས་པའི་རྒྱན་དྲུག་གསོལཿ རིན་ཆེན་རྒྱན་སྤྲས་སྐྱིལ་ཀྲུང་མཛདཿ ཡུམ་ཆེན་རྣལ་འབྱོར་སྐུ་ལ་འཁྲིལཿ ནུབ་བྱང་གྷུ་མ་ཙནྡྲ་ནིཿ འཇིག་རྟེན་དབང་སྡུད་གསང་བའི་ཡོསཿ ལྡིང་དམར་ཕྱག་རྒྱའི་ཕུ་དུང་ཅནཿ ཕྱག་ན་ལྕགས་ཀྱུ་ཞགས་པ་བསྣམསཿ བྱང་ཤར་ཤནྟིང་གརྦྷ་ནིཿ དྲག་པོ་སྒྲོལ་བའི་གསང་གོས་ནཿ མཐིང་ནག་ཕྱག་རྒྱའི་ཕུ་དུང་ཅནཿ ཕྱག་ན་ཐོག་དང་གྲི་གུག་བསྣམསཿ ཕྱི་རིམ་པདྨའི་གོང་རས་ལཿ ལྷུན་གྱིས་གྲུབ་པའི་རིག་འཛིན་དངཿ ཕྱག་རྒྱ་ཆེན་པོའི་རིག་འཛིན་དངཿ ཚེ་ལ་དབང་བའི་རིག་འཛིན་དངཿ རྣམ་པར་སྨིན་པའི་རིག་འཛིན་སོགསཿ རིག་འཛིན་ཐམས་ཅད་བསྐྱེད་ཅིང་བསྒོམཿ དཀྱིལ་འཁོར་དེ་ཡི་བར་ཁྱམས་ལཿ དམ་ཚིག་དབང་གི་སློབ་དཔོན་དངཿ མན་ངག་ལུང་གི་སློབ་དཔོན་དངཿ ཤེས་རབ་རྒྱུད་ཀྱི་སློབ་དཔོན་དངཿ ཉམས་ཆགས་སྐོང་བའི་སློབ་དཔོན་དངཿ མཁའ་འགྲོ་རིགས་ལྔ་དཔའ་བོ་ལྔཿ རིགས་བཞི་གིང་བཞི་བསྐྱེད་པར་བྱཿ དཀྱིལ་འཁོར་དེ་ཡི་སྒོ་བཞི་རུཿ ཏ་ཀྲིང་བཞི་དང་སྒོ་མ་བཞིཿ ཕྱི་རུ་རྒྱལ་ཆེན་སྡེ་བཞི་བསྐྱེདཿ དེ་ནས་དབང་བསྐུར་བྱིན་རླབས་བྱཿ ཧཱུྃ། ཀུན་ཏུ་བཟང་པོའི་ཐུགས་ཀ་ནསཿ འོད་ལྔའི་གཟེར་ལས་ཡིག་འབྲུ་རྣམསཿ ཆར་བཞིན་བབས་པས་དབང་བསྐུར་རཿ ཆོས་སྐུའི་ས་བོན་ཡི་གེ་གསུམཿ ཨཱོཾ་ཨཱཿཧཱུྃ། སྐུ་གསུང་ཐུགས་ཀྱིས་དབང་བསྐུར་རཿ ལོངས་སྤྱོད་རྫོགས་སྐུའི་ཡི་གེ་ལྔཿ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཡེ་ཤེས་ལྔ་ཡིས་དབང་བསྐུར་རོཿ སྤྲུལ་སྐུའི་ཡི་གེ་ལྔ་བཅུ་ཡིསཿ སྣ་ཚོགས་དོན་བྱེད་དབང་བསྐུར་རོཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། (༡༠ན)


GLG022_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་ཨཽ། ཨཾ་ཨཿ ཨ་བྷི་ཥིཉྩ་ཨ། དེ་ནས་སྤྱན་དྲང་བ་ནི། སྙན་པའི་དབྱངས་དང་རོལ་མོ་ཐོགས་ལཿ ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་ལཿ ཀུན་གཞི་མ་བཅོས་ཡེ་སངས་རྒྱསཿ ཡེ་ཤེས་ལྔ་ཡི་འོད་དང་ལྡནཿ ཐོག་མའི་སངས་རྒྱས་འོད་མི་འགྱུརཿ རིགས་བདག་ཆེན་པོ་རྡོ་རྗེ་འཆངཿ རྒྱལ་བ་རིགས་ལྔ་ཡབ་ཡུམ་དངཿ ལྷུན་གྱིས་གྲུབ་པའི་རིག་འཛིན་རྣམསཿ འོག་མིན་ཆོས་དབྱིངས་ཕོ་བྲང་ནསཿ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་དགའ་ལྡན་བརྩེགསཿ ཐུགས་རྗེའི་དབང་གིས་སྐུ་བཞེངས་པའཿ འཕགས་པ་འཇམ་དཔལ་སྤྱན་རས་གཟིགསཿ གསང་བའི་བདག་པོ་རྡོ་རྗེ་འཛིནཿ རིག་འཛིན་ཆེན་པོ་རྡོ་རྗེ་ཆོསཿ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལཿ ལྷ་དང་ཀླུ་དང་གནོད་སྦྱིན་དངཿ མི་ཡི་རིག་འཛིན་འཁོར་དང་བཅསཿ ཕྱག་རྒྱ་ཆེན་པོའི་རིག་འཛིན་རྣམསཿ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་ཟ་ཧོར་ཡུལཿ འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་སུཿ ཤཱཀྱ་ཐུབ་པའི་རྒྱལ་ཚབ་མཆོགཿ གསང་བའི་བདག་པོས་བྱིན་བརླབས་པའིཿ མཚན་མ་བདུན་ཐོབ་ལུང་བསྟན་མཐོངཿ གླེགས་བམ་པོ་ཏིའི་ཆར་པ་བབསཿ དེ་ཕྱིར་སྐལ་ལྡན་རྒྱལ་པོ་ཛཿ བསྟན་པ་མཐའ་རྒྱས་མངོན་སངས་རྒྱསཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། སྤྲུལ་སྐུ་རྒྱལ་པོ་དེ་ཡི་སྲསཿ འཇིག་རྟེན་ཁམས་ལ་མངའ་མཛད་པའིཿ མཁའ་འགྲོ་སྡེ་ལྔའི་དབང་བསྐུར་བསཿ རྒྱལ་བུ་ཨིནྡྲ་བྷཱུ་ཏི་ཞེས། བསྟན་པའི་མངའ་བདག་འགྲོ་བའི་མགོནཿ རིག་འཛིན་རྒྱལ་བའི་ཞིང་དུ་གཤེགསཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱི་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། (༡༠བ)


GLG022_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱི་མིང་ནི་རྒྱ་གར་ཡུལཿ བྷུ་ཏའི་ཕོ་བྲང་དགུ་རིམ་དུཿ ཆོས་རྣམས་ཀུན་གྱི་སྙིང་པོའི་དོནཿ མ་ལུས་ཐུགས་སུ་ཆུད་པ་ཡིཿ རིག་འཛིན་ཆེན་པོ་སྤྲུལ་པའི་སྐུཿ ཤྲཱི་སིང་ཧ་ཞེས་སུ་གྲགསཿ སྐྱེ་ཤི་མེད་པའི་དངོས་གྲུབ་ཐོབཿ གཤེགས་ནི་ཆོས་ཀྱི་དབྱིངས་སུ་གཤེགསཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་ཨུ་རྒྱན་ཡུལཿ སིནྡྷུ་རྒྱ་མཚོའི་མཚོ་གླིང་དུཿ དཔལ་ཆེན་ཁྲག་འཐུང་ཐུགས་ཀྱི་སྲསཿ ཡབ་དང་ཡུམ་མེད་བརྡ་ཡིས་བྱོནཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཇིག་རྟེན་ཐམས་ཅད་འོད་ཀྱིས་བཀངཿ སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེདཿ འཆི་མེད་ཚེ་ཡི་རིག་འཛིན་མཆོགཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་རྒྱ་གར་ཡུལཿ རྡོ་རྗེ་གདན་གྱི་ཕོ་བྲང་དུཿ ཕྱི་ནང་ཐེག་པ་མ་ལུས་པའིཿ ཆོས་རྣམས་ཐམས་ཅད་ཐུགས་སུ་ཆུདཿ མཁས་པ་ཆེན་པོར་ཡོངས་སུ་གྱུརཿ བི་མ་མི་ཏྲ་ཞེས་སུ་གྲགསཿ འཆི་མེད་ཚེ་ཡི་རིག་འཛིན་ཐོབཿ སངས་རྒྱས་སྟོང་གི་འཕྲིན་ལས་མཛདཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་རྒྱ་གར་ཡུལཿ བསིལ་བ་རུ་ཏྲའི་སྙིང་བབས། རང་བྱུང་མཆོད་རྟེན་བདེ་བྱེད་མ་མོ་ཀི་རིའི་གནས། ཚལ་གྱི་དུར་ཁྲོད་དུ། སློབ་དཔོན་ཆེན་པོ་ཧཱུྃ་ཀ་རསཿ ཡང་དག་ཐུགས་ཀྱི་དངོས་གྲུབ་ཐོབཿ བདག་ཀྱང་ཁྱེད་ཀྱི་གདུང་གསེབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་སིང་གའི་ཡུལཿ སྐུ་ལ་རྫོགས་པའི་དུར་ཁྲོད་རུ་ཏྲའི་འགྲོ་འོངས་ལ། རྒྱ་མཚོའི་གླིང་ལ་ཡོད། མཆོད་རྟེན་རི་བོ་ཏ་ལ་བྱོན། མཚོ་མོ་ཙིའུ་རི་གནས། དུཿ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིསཿ གཤིན་རྗེ་གཤེད་པོའི་དངོས་གྲུབ་ཐོབཿ བདག་ཀྱང་ཁྱེད་ཀྱི་གདུང་(༡༡ན)


GLG022_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་བལ་པོའི་ཡུལཿ ལྷུན་གྲུབ་བརྩེགས་པའི་རུ་ཏྲའི་ལག་གཡས་བབས། མཆོད་རྟེན་བྱ་རི་ཁ་ཤོར། མ་མོ་སུ་ཀ་སི་རྡས། དུར་ཁྲོད་དུཿ སློབ་དཔོན་ནཱ་གཱ་རྫུ་ན་ཡིསཿ པདྨ་དབང་གི་དངོས་གྲུབ་ཐོབཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་ཟ་ཧོར་ཡུལཿ ལང་ཀ་བརྩེགས་ཀྱི་རུ་ཏྲའི་ནང་ཀྲོལ་བབས། མཆོད་རྟེན་བདེ་བྱེད་གཞོན་ནུ་བྱོན། མ་མོ་སྨ་ཤ་ནི་གནས། ཟ་ཧོར་དང་རྒྱ་མཚོའི་གླིང་ནས་བརྒྱུད་ནས་སྲིན་པོའི་ཡུལ་དང་འབྲེལ་ཡོད། དུར་ཁྲོད་དུཿ སློབ་དཔོན་པྲ་པ་ཧ་ཏི་ཡིསཿ འཕྲིན་ལས་ཕུར་པའི་དངོས་གྲུབ་ཐོབཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་ས་ལའི་ཡུལཿ གསང་ཆེན་རོལ་པའི་རུ་ཏྲའི་ལག་པ་གཡོན་པ་བབས། སྲིན་པོ་གྱད་ཀྱི་ཡུལ་ཡིན། མཆོད་རྟེན་གྷོ་མ་ས་དང་། མ་མོ་བེ་ཏ་ལི་གནས་སོ། །དུར་ཁྲོད་དུཿ སློབ་དཔོན་དྷ་ན་སཾ་ཀྲྀ་ཏསཿ སྲིད་པ་མ་མོའི་དངོས་གྲུབ་ཐོབཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་ཨུ་རྒྱན་ཡུལཿ པདྨ་རུ་ཏྲའི་མཚན་མ་བབས། མཆོད་རྟེན་དྷརྨ་ཙཀྲ། མ་མོ་ཀསྨ་རི་གནས་སོ། །བརྩེགས་པའི་དུར་ཁྲོད་དུཿ སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ སྒྲུབ་པ་མཐར་ཕྱིན་དངོས་གྲུབ་ཐོབཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་ཁ་ཆེའི་ཡུལཿ ཧེ་ཆེན་བརྡལ་བའི་འདིར་རུ་ཏྲའི་རྐང་གཡས་བབས། མཆོད་རྟེན་ཀ་ནི་ཀ །མ་མོ་ཕྲ་མོ་གནས་སོ། །དུར་ཁྲོད་དུཿ སློབ་དཔོན་གྷུ་ཡ་ཙནྟྲ་ཡིསཿ དྲེགས་པ་ཚར་གཅོད་དངོས་གྲུབ་ཐོབཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་(༡༡བ)


GLG022_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ནི་ལི་ཡི་ཡུལཿ ལང་ཀ་བརྩེགས་པའི་འདིར་རུ་ཏྲའི་རྐང་གཡོན་བབས། མཆོད་རྟེན་གེའུ་དེ་ཤན་དང་། མ་མོ་ཙན་དྷ་ལི་གནས་སོ། །དུར་ཁྲོད་དུཿ སློབ་དཔོན་ཤནྟིང་གརྦྷ་ཡིསཿ བདུད་དཔུང་འདུལ་བའི་དངོས་གྲུབ་ཐོབཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཀ་དག་ལྷུན་གྲུབ་དགོངས་པ་ཡིསཿ མཛད་པ་མཐར་ཕྱིན་དངོས་གྲུབ་ཐོབཿ ཚེ་ལ་དབང་བའི་རིག་འཛིན་རྣམསཿ བདག་ཀྱང་྾༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ རྒྱལ་བའི་བཀའ་བཞིན་སྒྲུབ་པ་ཡིཿ ས་དང་ལམ་ལ་རབ་གནས་པའིཿ རྣམ་པར་སྨིན་པའི་རིག་འཛིན་རྣམསཿ སྨོན་ལམ་དབང་གིས་གཤེགས་སུ་གསོལཿ ཨཱོཾ་ཨེ་ཧྱ་ཧི་བྷ་ག་ཝ་ན་མ་ཧཱ་ཀཱ་རུ་ཎི་ཀ་ཏྲི་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཱཿ ཛཿཧཱུཾ་བཾཿཧོཿ ས་མ་ཡ་ཧཱུྃ་ཧྲཱིཾ་ཧྲཱིཾ་ཛཿཛཿ དེ་ནས་བཞུགས་སུ་གསོལ་བ་ནི། ཧཱུྃ། རང་བཞིན་འོད་གསལ་ཆེན་པོའི་ཕོ་བྲང་འདིརཿ རྣམ་དག་པདྨ་འོད་ཀྱི་གདན་སྟེང་དུཿ རིག་འཛིན་རྣམ་བཞིའི་བླ་མ་བརྒྱུད་པ་རྣམསཿ བདག་ལ་དགྱེས་བཞིན་བརྟན་པར་བཞུགས་སུ་གསོལཿ ས་མ་ཡ་ཨ་བེ་ཤ་ཡ་ཏིཥྛ་བཛྲཿ དེ་ནས་ཕྱག་མཆོད་ནི། ཧཱུྃ། རང་བྱུང་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནསཿ གཞི་ནས་རང་བྱུང་རིག་པའི་དོན་རྟོགས་པའིཿ རང་བཞིན་རྣམ་དག་བླ་མ་ཆོས་ཀྱི་སྐུཿ ཀུན་བཟང་རིགས་ལྔའི་ཚོགས་ལ་ཕྱག་འཚལ་ལོཿ རྒྱལ་བའི་ཐུགས་ལས་འགྲོ་དོན་མཛད་པའི་ཕྱིརཿ སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིཿ སྤྲུལ་པ་འཇིག་རྟེན་འདུལ་བའི་དོན་དུ་བསྟནཿ མཆོག་གི་སྒྲུབ་པ་ལྔ་ལ་ཕྱག་འཚལ་ལོཿ ཐུགས་རྗེའི་དབང་གིས་འཇིག་རྟེན་འདིར་བྱོན་ནསཿ གདུལ་བྱའི་སྟོབས་ཀྱིས་འཕྲིན་ལས་སོ་སོར་མཛདཿ རིག་འཛིན་རྒྱལ་བའི་ཞིང་དུ་གཤེགས་མཛད་པའིཿ རྣལ་འབྱོར་དབང་ཕྱུག་རྣམས་ལ་ཕྱག་འཚལ་ལོཿ སྒྲུབ་པའི་གནས་ཆེན་བཞུགས་གནས་སོ་སོ་ནསཿ (༡༢ན)


GLG022_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་བཀའ་བཞིན་སྒྲུབ་པའི་རྣལ་འབྱོར་པསཿ འབྲས་བུ་གྲུབ་པའི་ས་ལ་རབ་གནས་པའིཿ རིག་འཛིན་གྲུབ་པ་རྣམས་ལ་ཕྱག་འཚལ་ལོཿ ཨ་ཏི་བུ་ཧོ། པྲ་ཏི་ཛཿཧོཿ ན་མ་ཡ་ཏི། དེ་ནས་མཆོད་པ་འབུལ་བ་ནི། ཧཱུྃ། ལྷུན་གྱིས་གྲུབ་པའི་རིག་འཛིན་ནིཿ སངས་རྒྱས་ཀུན་གྱི་ཐོག་མ་ཡིནཿ དེ་ལ་མཆོད་པ་འབུལ་བ་ནིཿ རིག་པ་རང་བྱུང་དངས་པ་ལཿ ཡེ་ཤེས་ལྔ་ཡི་བཀྲག་མདངས་འཚེརཿ འཛིན་མེད་མཆོད་པ་ཆེན་པོར་འབུལ། ཀུན་བཟང་མཆོད་སྤྲིན་སྣ་ཚོགས་ཀྱིསཿ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནཿ བཞུགས་པའི་སངས་རྒྱས་མཉེས་གྱུར་ཅིགཿ ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿའི་ཤྭ་མུ་ཥེ་བྷྱཿ སརྦ་ཏད་ཁཾཿ ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ཧཱུྃ། རང་བཞིན་དག་པའི་ཞིང་ཁམས་ནཿ བཞུགས་པའི་སངས་རྒྱས་བྱང་ཆུབ་སེམསཿ འགྲོ་དོན་མཛད་པ་ཐམས་ཅད་ལཿ ཟུང་འཇུག་བདེ་ཆེན་མཆོད་པ་འབུལཿ མ་ཧཱ་བོ་དྷི་ཙིཏྟ་པཱུ་ཛ་ཧོཿ དེ་ནས་གཏོར་མ་འབུལ་བ་ནི། ཧཱུྃ། གདོད་ནས་དག་པའི་དམ་ཚིག་རྫསཿ ཡེ་ཤེས་ལྔ་ཡི་བདུད་རྩི་དངཿ འབྲུ་བཅུད་ཛ་གད་དཔའ་བོ་དངཿ བ་ལིཾ་ཏ་ཡི་གཏོར་མ་དངཿ དམར་དངས་སྐྱེད་བྱེད་རཀྟ་དངཿ དངོས་གྲུབ་ཞལ་ཟས་སྣ་ཚོགས་ཀྱིསཿ བླ་མ་རྣམས་ཀྱི་ཐུགས་དམ་བསྐངཿ ཡི་དམ་ལྷ་ཡི་ཐུགས་དམ་བསྐངཿ མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐངཿ དཔའ་བོ་རྣལ་འབྱོར་ཐམས་ཅད་ཀྱིཿ ཐུགས་དམ་གཏོར་མས་བསྐངས་གྱུར་ཅིགཿ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧིཿ མ་ཧཱ་བ་ལིཾ་ཏ་ཁཱ་ཧིཿ མ་ཧཱ་རཀྟ་ཁཱ་ཧིཿ མ་ཧཱ་སརྦ་པཱུ་ཛ་ཁཱ་ཧིཿ དེ་ནས་བདུད་རྩིའི་དངོས་གྲུབ་བླང་བ་ནི། ཧཱུྃ། གྲུབ་པའི་རིག་འཛིན་ཐམས་ཅད་ཀྱིསཿ བདག་ལ་བྱིན་གྱིས་བརླབ་ཏུ་གསོལཿ རྐྱེན་དང་བར་གཅོད་ཕྱི་ལ་ཟློགཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ས་མ་ཡ་སིདྡྷི་ཧཱུྃ་ཧཱུྃཿ ཧཱུྃཿ སྐུ་གསུང་ཐུགས་རྫོགས་པདྨ་འབྱུང་གནས་ནིཿ རྒྱལ་བའི་(༡༢བ)


GLG022_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་གསོབ་འཁོར་བའི་གཡུལ་ངོ་ཟློགཿ ཐུགས་རྗེ་ཆེན་པོས་འགྲོ་བ་འདྲེན་མཛད་པའིཿ སྤྲུལ་སྐུ་འགྲོ་བ་འདྲེན་ལ་ཕྱག་འཚལ་ལོཿ རྒོད་ཀྱི་རྩེ་ལྡེམ་དབུ་ལ་བཙུགས་པ་ནིཿ སྒྲུབ་པ་མཐར་ཕྱིན་ཡེ་ཤེས་རྒྱས་པའི་རྟགསཿ དཔལ་ཆེན་ཤ་བའི་དབྱིབས་ཞུ་གསོལ་བ་ནིཿ ཐེག་ཆེན་ལྟ་བའི་དོན་དང་ལྡན་པའི་རྟགསཿ དབུ་སྐྲ་ཐོར་ཚུགས་རྒྱན་དུ་བཅིངས་པ་ནིཿ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་རྟགསཿ སྤྱན་གསུམ་དྲག་པོས་འགྲོ་ལ་གཟིགས་པ་ནིཿ ཐུགས་རྗེ་ཆེན་པོས་འགྲོ་བ་འདྲེན་པའི་རྟགསཿ འཛུམ་པའི་ཞལ་རས་མདངས་དང་ལྡན་པ་ནིཿ བྱམས་དང་སྙིང་རྗེས་འགྲོ་བ་འདྲེན་པའི་རྟགསཿ ཟ་འོག་བེར་ཆེན་སྐུ་ལ་གསོལ་བ་ནིཿ སྒྲུབ་པ་བཀའ་བརྒྱད་སྐུ་ལ་རྫོགས་པའི་རྟགསཿ ལེབ་བརྒན་དམར་པོའི་ཆོས་གོས་གསོལ་བ་ནིཿ ཚུལ་ཁྲིམས་རྣམ་དག་སྡོམ་དང་ལྡན་པའི་རྟགསཿ བརྗིད་པའི་བེར་ཆེན་སྐུ་ལ་གསོལ་བ་ནིཿ སྲིད་གསུམ་འགྲོ་བ་ཟིལ་གྱིས་གནོན་པའི་རྟགསཿ ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས་པ་ནཿ ཡེ་ཤེས་ལྔ་ལྡན་ལོག་འདྲེན་འཇོམས་པའི་རྟགསཿ ཕྱག་གཡོན་བདུད་རྩིའི་ཐོད་པ་བསྣམས་པ་ནིཿ སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི་རྟགསཿ ཁ་ཊྭཾ་རྩེ་གསུམ་སྐུ་ལ་བརྟེན་པ་ནིཿ ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་རྟགསཿ མི་འགྱུར་ཞབས་གཉིས་སྐྱིལ་ཀྲུང་མཛད་པ་ནཿ ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པའི་རྟགསཿ ཉི་ཟླ་པདྨའི་གདན་ལ་བཞུགས་པ་ནིཿ འཁོར་བའི་ཉོན་མོངས་རྣམ་པར་དག་པའི་རྟགསཿ དྲག་པོ་ཧཱུྃ་རིང་ཧུྃ་ཐུང་སྒྲོག་པ་ནིཿ མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་རྟགསཿ འཇའ་ཡི་གུར་ཕུབ་འོད་ཟེར་འགྲོ་བ་ནིཿ ཐུགས་རྗེ་ཐབས་ཀྱིས་འགྲོ་བ་འདྲེན་པའི་རྟགསཿ སངས་རྒྱས་འདུས་པའི་རྒྱལ་སྲས་པདྨ་འབྱུངཿ སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདྲེན་མཛད་པཿ པདྨ་འབྱུང་གནས་སྐུ་ལ་(༡༣ན)


GLG022_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོཿ ཞེས་སློབ་དཔོན་པདྨའི་རྟགས་བསྟོད་རྫོགས་སོཿ དེ་ནས་བཟླས་པ་བྱ་བ་ནི། འཛབ་སྐོངས་ཟུར་ན་གསལ་ཞེས་པའི་དགོངས་དོནཿ ཕྱི་ནང་གསང་བ་གསུམ་ལས་ནིཿ ཕྱི་ལྟར་གསོལ་འདེབས་ཚུལ་བཟླས་ནསཿ ཞེས་སོགས་གཏེར་གཞུང་ལས་གསུངས་པའི་རང་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་དམིགས་པ་མན་ངག་ནས་འབྱུང་བ་ལྟར་ཞལ་ནས་བླང་ཞིངཿ ནང་དང་གསང་བའི་དམིགས་པ་ནི་ཚེས་བཅུ་དཀྱུས་མ་ལ་མི་དགོས་སོཿ ཨཱོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལཿ བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃཿ ཞེས་བརྒྱ་འམ་སྟོང་བཟླཿ དགོངས་པ་ཟུར་དུ་བལྟའོཿ དེ་ནས་རྒྱུད་འཛབ་ནི། བླ་མའི་རྣལ་འབྱོར་གྱི་སྐབས་ཀྱི་རང་བཞིན་རྣམ་དག་མ་ལེན་ནོཿ སྐབས་འདིར་གསོལ་འདེབས་ལེའུ་བདུན་མ་བསམས་པ་ལྷུན་གྲུབ་མ་དང་བཅས་པ་སྔོན་འགྲོ་རྟེན་སྐྱེད་ནས་བཟུང་བརྒྱུད་འདེབས་སོགས་ཆོས་རྒྱལ་མངྒའི་མཚན་ཅན་ཡབ་སྲས་ཀྱི་ཕྱག་ལེན་ལྟར་བྱཿ དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱཿ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེཿ མི་མཇེད་འཇིག་རྟེན་ཁམས་སུ་བྱོནཿ མཛད་པ་མཐར་ཕྱིན་མངོན་སངས་རྒྱསཿ སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོཿ ཧཱུྃ། རྡོ་རྗེ་ཁྲག་འཐུང་ཐུགས་ཀྱི་སྲསཿ སྐུ་ནི་རྒྱ་མཚོའི་ཀློང་ནས་འཁྲུངསཿ འཕྲིན་ལས་འཛམ་གླིང་ཁྱབ་པར་མཛདཿ ཐུགས་རྗེས་བོད་ཀྱི་ཡུལ་དུ་གཟིགསཿ སྤྱོད་པ་སྲིན་པོའི་ཡུལ་དུ་མཛདཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཁོར་དུ་མཁའ་འགྲོ་མང་པོས་བསྐོརཿ སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོཿ ཧཱུྃ། སིང་ག་ལ་ཡི་ནགས་ཚལ་དུཿ འཇམ་དཔལ་སྐུ་ཡི་དངོས་གྲུབ་ཐོབཿ མ་ག་དྷཱ་ཡི་བྲག་ཕུག་ཏུཿ པདྨ་གསུང་གི་དངོས་གྲུབ་ཐོབཿ (༡༣བ)


GLG022_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལེ་ཤོད་ཀྱི་བྲག་ཕུག་ཏུཿ ཡང་དག་ཐུགས་ཀྱི་དངོས་གྲུབ་ཐོབཿ ཨ་སུ་ར་ཡི་བྲག་ཕུག་ཏུཿ འཕྲིན་ལས་ཕུར་པའི་དངོས་གྲུབ་ཐོབཿ བསིལ་བའི་ཚལ་གྱི་དུར་ཁྲོད་དུཿ བདུད་རྩི་ཡོན་ཏན་དངོས་གྲུབ་ཐོབཿ མ་མོ་རོལ་པའི་དུར་ཁྲོད་དུཿ སྦོད་གཏོང་མ་མོའི་དངོས་གྲུབ་ཐོབཿ དཀྱིལ་འཁོར་དྲུག་ལ་མངའ་བརྙེས་པའིཿ དངོས་གྲུབ་རྒྱལ་པོ་ཉིད་ལ་བསྟོདཿ ཧཱུྃ། དུས་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོཿ རིག་འཛིན་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོཿ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོཿ རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལསཿ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ་རུ་ཤརཿ རང་བྱུང་ཡེ་ཤེས་འོད་གསལ་ཆེན་པོའི་ངངཿ བླ་མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོདཿ ཐམས་ཅད་མཉམ་ཉིད་ངོ་བོ་ཆོས་ཀྱི་སྐུཿ གཉིས་མེད་འོད་གསལ་ལོངས་སྤྱོད་རྫོགས་པའི་སྐུཿ གཉིས་སྣང་ཀུན་ཁྱབ་རང་རིག་བྱང་ཆུབ་སེམསཿ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོདཿ དུས་གསུམ་སངས་རྒྱས་ཀུན་གྱི་སྤྲུལ་པ་ནཿ ཁམས་གསུམ་སེམས་ཅན་ཀུན་གྱི་མགོན་དུ་གྱུརཿ འཁོར་བ་ཐམས་ཅད་ཐར་པའི་ལམ་ལ་འདྲེནཿ བླ་མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོདཿ རང་བྱུང་ལྷུན་གྲུབ་རྫོགས་པ་ཆེན་པོའི་ངངཿ མཉམ་ཉིད་ཀུན་ཁྱབ་ཕྱོགས་སུ་འཛིན་པ་མེདཿ སྐྱེ་འགག་མེད་པས་རྣམ་རྟོག་རང་སར་གྲོལཿ ལྟ་བ་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལཿ བློ་གྲོས་ཆེན་པོས་ཏིང་འཛིན་འཕེལ་འགྲིབ་མེདཿ ཉོན་མོངས་རླབས་དང་བྲལ་བས་མི་གཡོ་བཿ དམིགས་མེད་ཡེངས་མེད་རང་རིག་ངོ་བོར་གནསཿ སྒོམ་པ་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལཿ འཛིན་ཆགས་མེད་པར་སྣང་སྲིད་ཐམས་ཅད་གྲོལཿ ཐོགས་བརྡུགས་སྟེན་པས་ཅི་ལའང་ཉམ་ང་མེདཿ བླང་དོར་མེད་པས་རོལ་པ་ཆེན་པོའི་ངངཿ སྤྱོད་པ་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལཿ ཐམས་ཅད་ཡེ་ནས་སངས་རྒྱས་ཡིན་པ་ལཿ མ་རིག་རྟོག་(༡༤ན)


GLG022_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་གིས་འཁོར་བར་འཁྱམསཿ རིག་པ་རང་ངོ་ཤེས་ནས་འཁྲུལ་པ་བྲལཿ གསེར་འགྱུར་རྩི་ལྟར་ཡེ་ཤེས་རང་སྣང་མཐོངཿ འབྲས་བུ་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལཿ རི་རྒྱལ་ལྷུན་པོ་ལྟ་བུར་གཟི་བརྗིད་ཆེཿ ཀ་ལ་པིང་ཀ་ལྟ་བུས་སྒྲ་དབྱངས་སྙནཿ ཡིད་བཞིན་ནོར་བུ་ལྟ་བུར་དགོས་འདོད་འབྱུངཿ ཐུགས་རྗེ་ཕྱོགས་རིས་མེད་པར་འགྲོ་དོན་མཛདཿ འཕྲིན་ལས་ཐོགས་པ་མེད་པར་སྤྲུལ་པ་འགྱེདཿ སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་ཐོད་ཕྲེང་རྩལཿ འདས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་སྲསཿ ད་ལྟ་བཞུགས་པའི་སངས་རྒྱས་སྐུ་ཡི་ཆབཿ མ་འོངས་སངས་རྒྱས་ཐམས་ཅད་སྐུལ་བའི་དཔལཿ ཡོན་ཏན་ལྷུན་གྱིས་གྲུབ་པའི་བླ་མ་མཆོགཿ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོདཿ དེ་ནས་ཚོགས་ཀྱི་ཡོ་བྱད་བཤམས་ལཿ ཨཱོཾ་སྭ་བྷཱ་ཝ་བི་ཤུདྡྷེ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾཿ ཞེས་དག་པར་སྦྱངསཿ རཾ་ཡཾ་ཁཾ་གིས་སྟོང་པར་སྦྱངསཿ ཨཱོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབསཿ དེ་ནས་སྤྱན་དྲང་བ་ནི། ཧཱུྃ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནསཿ ཡེ་ཤེས་ལྔ་རྫོགས་ལྷུན་གྱིས་གྲུབ་པ་ཡིཿ སངས་རྒྱས་ཐམས་ཅད་སྤྱན་འདྲེན་གཤེགས་སུ་གསོལཿ ཕྱོགས་བཅུ་དག་པའི་ཞིང་ཁམས་སོ་སོ་ནསཿ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པའིཿ ཡེ་ཤེས་སྤྲུལ་པའི་ཚོགས་རྣམས་གཤེགས་སུ་གསོལཿ སྒྲུབ་པའི་ས་དང་ལམ་ལ་རབ་གནས་པའིཿ རིག་འཛིན་རྩལ་འཆང་ཐམས་ཅད་གཤེགས་སུ་གསོལཿ ཡི་དམ་ལྷ་དང་མཁའ་འགྲོ་དམ་ཚིག་ཅནཿ བཀའ་སྲུང་དམ་ཅན་ཐམས་ཅད་གཤེགས་སུ་གསོལཿ གུ་རུ་དེ་ཝ་ཌཱ་ཀི་ནི་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛཿ དེ་ནས་ཚོགས་གསུམ་དུ་བཅད་ལཿ དང་པོ་མཆོད་པ་འབུལ་བ་ནི། ཧཱུྃ། ཀུན་དུ་བཟང་པོ་རྡོ་རྗེ་འཆངཿ རྒྱལ་བ་རིགས་ལྔ་ཡབ་ཡུམ་ལཿ ཡེ་ཤེས་ལྔ་ཡི་ཚོགས་མཆོད་(༡༤བ)


GLG022_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

འབུལཿ སྤྲུལ་སྐུ་འགྲོ་དོན་མཛད་པ་ཡིཿ རིག་འཛིན་བླ་མའི་ཚོགས་རྣམས་ལཿ འདོད་ཡོན་ལྔ་ཡི་མཆོད་པ་འབུལཿ མ་མོ་མཁའ་འགྲོ་ཐམས་ཅད་ལཿ བདེ་བ་ཆེན་པོའི་མཆོད་པ་འབུལཿ ཆོས་སྐྱོང་བཀའ་སྲུང་ཐམས་ཅད་ལཿ ཚོགས་མཆོད་གཏོར་མའི་མཆོད་པ་འབུལཿ མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཀེང་ནི་རི་ཏི་ཁཱ་ཧི། ཞེས་དབུལ། བར་པ་བཤགས་པ་བྱ་བ་ནི། ཧཱུྃ། མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུཿ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེཿ པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུཿ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོཿ ཧཱུྃ། ཆོས་སྐུ་དྲི་མེད་སྤྲོས་བྲལ་ངང་ཉིད་ལསཿ འགྲོ་དོན་བསྒྲུབ་ཕྱིར་ཞི་ཁྲོ་གཙོ་དང་འཁོརཿ ཐུགས་རྗེའི་ངང་ལས་སྒྱུ་མའི་སྐུར་བཞེངས་པའིཿ ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོཿ ཧཱུྃ། ཐབས་ཤེས་བདེ་ཆེན་གཉིས་སུ་མེད་པ་ལཿ མ་འགགས་རང་རྩལ་ཡེ་ཤེས་ལས་གྲུབ་ཚོགསཿ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའིཿ དམ་ཅན་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོདཿ ཧཱུྃ། དགོངས་ཤིག་བླ་མ་ཡི་དམ་མཁའ་འགྲོ་དངཿ རྡོ་རྗེ་སློབ་དཔོན་རྒྱལ་བ་ཞི་ཁྲོའི་ལྷཿ དུས་གསུམ་བདེ་གཤེགས་སྒྲུབ་པ་དམ་ཚིག་ཅནཿ སྐུ་གསུམ་གདུང་གསོབ་རྡོ་རྗེ་ལྕམ་དྲལ་མཆེདཿ དཔང་གྱུར་སྐྱབས་མཆོག་མ་ལུས་དགོངས་སུ་གསོལཿ བདག་ནི་མ་རིག་ལུས་དང་ངག་སེམས་ཀྱིསཿ སློབ་དཔོན་མཆེད་སོགས་སྐུ་སྨད་ངན་སྨྲས་དངཿ ཡི་དམ་སྔགས་དང་ཕྱག་རྒྱ་མ་གསལ་བཿ རྩ་བའི་དམ་ལས་འདས་གྱུར་མཐོལ་ལོ་བཤགསཿ ཤེས་བྱ་ལྔ་དང་བཅས་པར་བྱ་བ་ལྔཿ མི་སྤང་ལྔ་དང་བསྒྲུབ་པར་བྱ་རྒྱུ་ལྔཿ དང་བླང་ལ་སོགས་ཡན་ལག་དམ་ཚིག་ཀུནཿ ཉམས་གྱུར་རང་མནོང་འགྱོད་པས་མཐོལ་ཞིང་བཤགསཿ སྔགས་ལ་ཐེ་ཚོམ་བླ་མེད་ཐེག་པ་སྨདཿ ལྟ་སྤྱོད་(༡༥ན)


GLG022_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་བྲལ་བསྙེན་སྒྲུབ་གཞུང་མ་བསྲངསཿ ལོག་སྤྱོད་དབང་སོང་དུས་ཀྱི་མཆོད་པ་བཅགཿ སྡོམ་གསུམ་ཐུན་མོང་དམ་ཚིག་ཉམས་པ་བཤགསཿ རིག་པའི་རྩལ་ཆུང་སྙིང་པོའི་དོན་མ་རྟོགསཿ སྒོམ་པའི་སྲན་ཆུང་གནས་ལུགས་སོ་མ་ཐུབཿ བློ་ཡི་སྟོབས་ཆུང་སྤྱོད་པས་བོགས་མ་ཐོནཿ ལེགས་བསམས་བཤད་ཀྱང་དོན་ལོག་ཐུགས་འགལ་གྱུརཿ འབྲས་བུ་ཡིད་སྨོན་གྱུར་པ་མཐོལ་ལོ་བཤགསཿ ཞེས་བཤགས་ཤིང་འདི་རྒྱུན་བཤགས་བྱས་ན་ཡང་ཤིན་ཏུ་ཟབཿ ཧཱུྃ། སེམས་ཅན་མ་རིག་འཁྲུལ་པའི་བློཿ ཉམས་རྟགས་འཁྲུལ་པའི་དབང་དུ་ཤོརཿ གསང་སྔགས་དཀྱིལ་འཁོར་ཆེན་པོ་ཡིཿ སྒོ་རུ་ཞུགས་ཀྱང་དམ་ལས་འགལཿ རྩ་བ་ཡན་ལག་དམ་ཚིག་ལཿ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པཿ སྐུ་གསུམ་བླ་མའི་སྤྱན་སྔར་བཤགསཿ ཚོགས་དང་གཏོར་མ་མ་དག་པཿ མཁའ་འགྲོ་སྲུང་མའི་སྤྱན་སྔར་བཤགསཿ ཞེས་བརྗོད་དེ་དབུལ། ཐ་མ་གདབ་པ་བྱ་བ་ནི། ཟན་ལ་དགྲ་བགེགས་ཀྱི་རཱུ་པ་བྱས་ལཿ ཕྱག་རྒྱ་བཞིས་འགུགསཿ གྷཱ་ཏ་ཡས་གཏུགསཿ ཞག་པ་ནི། ན་མ་ས་མནྟ། ཀ་ཡ་ཝཱ་ཀ་ཙིཏྟ་བཛྲ་ན། ཨཱོཾ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྚཾ། གནོད་བྱེད་དགྲ་བགེགས་མ་ར་ཡ། ཀཱི་ལ་ཡ། སརྦ་པཱ་བཾ། ཧཱུྃ་ཧཱུྃ། ཧཱུྃ་བཛྲ་ཀཱི་ལི་ཀཱི་ལཱ་ཡ། བཛྲ་དྷ་རོད་ཨད་ཛྙཱ་པཱ་ཡ་ཏི། ཀཱ་ཡ་ཝ་ག་ཙིཏྟ་བཛྲ་ཀི་ལི་ཀཱི་ལཱ་ཡ་ཧཱུྃ་ཕཊ། ཧཱུྃ། ཉོན་མོངས་ལོག་པའི་སེམས་ཅན་རྣམསཿ དགྲ་བགེགས་གཟུགས་སུ་ལས་ཀྱིས་གྲུབཿ བསྟན་པའི་རུ་ཏྲ་བསྒྲལ་བའི་ཕྱིརཿ མྱུར་མགྱོགས་ཐུགས་རྗེའི་ལྕགས་ཀྱུས་བཀུགཿ རྣོ་མྱུར་ཡེ་ཤེས་མཚོན་གྱིས་བསྒྲལཿ ཨོཾ་བཛྲ་ཀྲོ་དྷ་སརྦ་ནྲི་ཏྲི་ས་མུ་ཀ་མ་ར་ཡ་རྦདཿ ཧཱུྃ། ཤ་ནི་གཏི་མུག་ཆེན་པོ་སྟེཿ བསྒྲལ་བས་རིག་པའི་ཡེ་ཤེས་འཆརཿ ཁྲག་ནི་འདོད་ཆགས་རབ་བཞིན་ཏེཿ བསྒྲལ་བས་བདེ་བའི་མཆོད་པར་(༡༥བ)


GLG022_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུརཿ རུས་པ་ཞེ་སྡང་རང་བཞིན་ཏེཿ བསྒྲལ་བས་ཡེ་ཤེས་རང་ལ་གསལཿ དུག་གསུམ་བསྒྲལ་བའི་མཆོད་པ་འདཿ བླ་མ་ཡི་དམ་མཁའ་འགྲོ་དངཿ དམ་ཅན་སྲུང་མའི་ཞལ་དུ་གདབ། མ་ཧཱ་མཾ་ས་ཁཱ་ཧིཿ མ་ཧཱ་རསྟ་ཁཱ་ཧིཿ མ་ཧཱ་ཀེང་ནི་རི་ཏི་ཁཱ་ཧི། ཞེས་གཏུབས་ཏེ་དབུལ་ལོཿ རྩ་གསུམ་བསྐང་གསོ་གཏོང་བར་འདོད་ན་ཟུར་ནས་འབྱུང་བ་བཞིན་གཏང་ངོ་ཿ གཏེར་སྲུང་བརྒྱད་མཆོད་སྐབས་འདིའམ་དོན་བསྟོད་ཀྱི་མཇུག་གང་འོས་ལ་བྱཿ རང་ཉིད་ཚོགས་ལ་རོལཿ དེ་ནས་ལྷག་མ་རྣམས་རྡོ་རྗེ་སློབ་དཔོན་གྱི་ཁ་ཆུས་བྲན་ནསཿ ཧཱུྃ། སྔོན་ཚེ་ཁྲག་འཐུང་ཧེ་རུ་ཀའིཿ སྤྱན་སྔར་ཁས་བླངས་དམ་བཅས་དངཿ བར་དུ་པདྨ་འབྱུང་གནས་ཀྱིཿ སྤྱན་སྔར་ཁས་བླངས་དམ་བཅས་དངཿ ད་ལྟ་རིག་འཛིན་བདག་ཉིད་ཀྱིཿ བྲན་དང་ཕོ་ཉར་ཁས་བླངས་པའིཿ སྒྲུབ་སྡེ་བརྒྱད་ཀྱི་བཀའ་སྲུང་ངངཿ གསང་སྔགས་ཐེག་པའི་བཀའ་སྲུང་རྣམསཿ བཀའ་ཡི་ཕཾ་ཕབས་འདི་བཞེས་ལཿ སྔོན་གྱི་དམ་ཚིག་དྲན་པར་གྱིསཿ གསང་སྔགས་བསྟན་པ་རྒྱས་པར་མཛོདཿ བདུད་དང་དམ་སྲི་རྡུལ་དུ་རློགཿ ཅེས་ལྷག་མ་བཏང་སྟེ་གཏོར་མ་ཤོད་དུ་ཕབ་ལ་རང་སློབ་དཔོན་པདྨར་གསལ་བས་འདི་སྐད་དོཿ ཧཱུྃ། རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལཿ རྒྱལ་ཚབ་སྤྲུལ་སྐུ་མང་པོ་བྱོན་པ་ཡིསཿ བཀའ་དང་དམ་ལ་བཏགས་པའི་སྲུང་མ་རྣམསཿ དམ་ཚིག་ཚུལ་བཞིན་མཆོད་ཀྱིས་གཤེགས་སུ་གསོལཿ ས་མ་ཡ་ཛཿཛཿ ཧཱུྃ། གྲུབ་པའི་རིག་འཛིན་ཐམས་ཅད་ཀྱིསཿ དམ་ལ་བཏགས་པའི་སྲུང་མ་རྣམསཿ བཀའ་ཡི་གཏོར་མ་འདི་ལོང་ལཿ ཁས་བླངས་བཞིན་དུ་འཕྲིན་ལས་མཛོདཿ སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ སིནྡྷུ་རོལ་བའི་མཚོ་གླིང་དུཿ ནམ་མཁའི་གཟའ་རྣམས་དམ་ལ་བཏགསཿ རྒྱ་དང་བལ་པོའི་སོ་མཚམས་སུཿ བར་ནས་ལྷ་སྲིན་དམ་ལ་བཏགསཿ བཀའ་ཡི་གཏོར་མ་འདི་ལོང་ལཿ ཁས་(༡༦ན)


GLG022_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་བཞིན་དུ་འཕྲིན་ལས་མཛོདཿ གཡའ་རི་གོང་གི་བྲག་ཕུག་ཏུཿ བདག་ཉིད་ཆེན་མོ་དམ་ལ་བཏགསཿ ཨ་སུ་ར་ཡི་བྲག་ཕུག་ཏུཿ ཤྭ་ན་མཆེད་བཞི་དམ་ལ་བཏགསཿ བྱང་ཆུབ་རིས་ཀྱི་ཆུ་མིག་ཏུཿ བསེ་ཡི་ལྷ་མོ་དམ་ལ་བཏགསཿ བཀའ་ཡི་གཏོར་མ་འདི་ལོང་ལཿ ཁས་བླངས་བཞིན་དུ་འཕྲིན་ལས་མཐོངཿ སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ མང་ཡུལ་བྱམས་སྤྲིན་ལྷ་ཁང་དུཿ རྒྱལ་པོ་དཔོན་གཡོག་དམ་ལ་བཏགསཿ དཔལ་མོའི་ལྷ་མཚོ་སྲིན་མཚོ་རུཿ བསྟན་མ་བཅུ་གཉིས་དམ་ལ་བཏགསཿ བྱང་རྒྱུད་བྱང་ལམ་བར་པ་རུཿ གནོད་སྦྱིན་ཐང་ལྷ་དམ་ལ་བཏགསཿ བྱང་སྟོད་བྱང་སྨད་སོ་མཚམས་སུཿ ཕོ་ཉ་སུམ་བརྒྱ་དྲུག་ཅུ་དངཿ འབྲོག་མོ་ཐམས་ཅད་དམ་ལ་བཏགསཿ གནམ་གྱི་ཤུ་ཐོག་གླང་ཐོད་དུཿ ཕོ་བདུད་ཉེར་གཅིག་དམ་ལ་བཏགསཿ མལ་གྲོ་གཟི་ཆེན་མཚོ་འགྲམ་དུཿ ཀླུ་རིགས་རྣམ་ལྔ་དམ་ལ་བཏགསཿ ཧས་པོ་རི་ཡི་རྩ་བ་རུཿ བོད་ཀྱི་ལྷ་སྲིན་ཐམས་ཅད་ཀུནཿ དམ་ལ་མ་བཏགས་གཅིག་ཀྱང་མེདཿ བསམ་ཡས་དབུ་རྩེ་རིགས་གསུམ་དུཿ རྒྱལ་པོ་ཐམས་ཅད་དམ་ལ་བཏགསཿ སྤ་གྲོ་ཅལ་གྱི་བྲག་དམར་དུཿ ཀྱི་མཐིང་གཡུ་སྒྲོན་དམ་ལ་བཏགསཿ བཀའ་ཡི་གཏོར་མ་འདི་ལོང་ལཿ ཁས་བླངས་བཞིན་དུ་འཕྲིན་ལས་མཛོདཿ སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ རྒྱ་གར་ཟ་ཧོར་ལང་ཀའི་ཡུལཿ སིང་ང་ས་ལ་ཨུ་རྒྱན་ཡུལཿ ཁ་ཆེ་བལ་པོ་ལི་ཡི་ཡུལཿ དུར་ཁྲོད་བརྒྱད་ཀྱི་ལྷ་སྲིན་རྣམསཿ དམ་ལ་མ་བཏགས་གཅིག་ཀྱང་མེདཿ གོང་གོང་ཆུམ་ཆུམ་དམ་ལ་འདུཿ དམ་ཚིག་གཏོར་མ་འདི་ལོང་ལཿ སློབ་དཔོན་པདྨའི་ཆོས་རྒྱུད་སྐྱོངསཿ གལ་ཏེ་བཀའ་ལས་འདས་གྱུར་ནཿ སློབ་དཔོན་པདྨ་འབྱུང་གནས་དཿ ཁྲོ་བོ་ཡཀྴ་མེ་དཔལ་ཡིནཿ ཁྱེད་ཀྱི་སྙིང་ཁྲག་བརྔུབས་ནས་ཀྱངཿ རི་རབ་འོག་ཏུ་(༡༦བ)


GLG022_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པར་འགྱུརཿ དེ་བས་དམ་ལས་མ་འདའ་བརཿ ཁས་བླངས་བཞིན་དུ་འཕྲིན་ལས་མཛོདཿ ཨ་ཡ་མ་དུ་རུ་ཅ་ཤ་ལ་ནཿ ས་ཙ་ག་ཕུདཿ རཀྨོ་ཡཀྨཿ ས་མ་ཡ་ན་ར་ཁ་ནཿ བ་ལིཾ་ཏ་ཁཱ་ཧཿ རཀྟ་ཁཱ་ཧིཿ ཨ་མྲྀ་ཏ་ཁཱ་ཧིཿ ཞེས་བསྟན་མ་གཏོར་མའི་བཤལ་ཆུས་བསྐྱང་སྟེ་ཆད་མདོ་བསྟན་སྐྱོད་ལྷན་ཅིག་ཏུ་གཏངཿ དངོས་གྲུབ་ལེན་པ་ནི། ཧཱུྃ། ཤར་གྱི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷཿ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལཿ ཞི་བའི་རང་བཞིན་སྐུ་མདོག་དཀར་ལ་འཚེརཿ ན་བཟའ་དཀར་པོ་ཤིན་ཏུ་མཛེས་པ་གསོལཿ ཕྱག་གཉིས་རྡོ་རྗེ་ལྕགས་ཀྱུ་ཌ་མ་རུཿ རྡོ་རྗེའི་མཁའ་འགྲོའི་ཐུགས་དམ་རྒྱུན་བསྐུལ་ནསཿ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལཿ ནད་གདོན་བགེགས་དང་བར་ཆད་ཞི་བར་མཛོདཿ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཧཱུྃ། ལྷོ་ཡི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷཿ རྒྱས་པའི་ལས་མཛད་རིན་ཆེན་ཐོད་ཕྲེང་རྩལཿ རྒྱས་པའི་རང་བཞིན་སྐུ་མདོག་སེར་ལ་འཚེརཿ ན་བཟའ་སེར་པོ་ཤིན་ཏུ་མཛེས་པ་གསོལཿ ཕྱག་གཉིས་རིན་ཆེན་ཞགས་པ་ཌ་མ་རུཿ རིན་ཆེན་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནསཿ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལཿ ཚེ་དང་བསོད་ནམས་རྒྱས་པའི་འཕྲིན་ལས་མཛོདཿ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཧཱུྃ། ནུབ་ཀྱི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷཿ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལཿ དབང་གི་རང་བཞིན་སྐུ་མདོག་དམར་ལ་འཚེརཿ ན་བཟའ་དམར་པོ་ཤིན་ཏུ་མཛེས་པ་གསོལཿ ཕྱག་གཉིས་པདྨ་ལྕགས་སྒྲོག་ཌ་མ་རུཿ པདྨ་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནསཿ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལཿ ཁམས་གསུམ་དབང་དུ་བསྡུ་བའི་འཕྲིན་ལས་མཛོདཿ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཧཱུྃ། བྱང་གི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷཿ (༡༧ན)


GLG022_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལཿ དྲག་པོའི་རང་བཞིན་སྐུ་མདོག་ལྗང་ལ་འཚེརཿ ན་བཟའ་ལྗང་གུ་ཤིན་ཏུ་མཛེས་པ་གསོལཿ ཕྱག་གཉིས་རྒྱ་གྲམ་དྲིལ་བུ་ཌ་མ་རུཿ ལས་ཀྱི་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནསཿ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱིཿ དགྲ་བགེགས་བར་ཆད་ཐམས་ཅད་ཚར་གཅོད་མཛོདཿ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཧཱུྃ། དབུས་ཀྱི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷཿ སྐུ་ལྔ་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལཿ སྐུ་ལྔའི་རང་བཞིན་སྐུ་མདོག་སྨུག་ལ་འཚེརཿ ན་བཟའ་སྨུག་པོ་ཤིན་ཏུ་མཛེས་པ་གསོལཿ ཕྱག་མཚན་འཁོར་ལོ་རྒྱ་གྲམ་ཌ་མ་རུཿ སངས་རྒྱས་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནསཿ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལཿ ཐམས་ཅད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལཿ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། མི་ལ་ཚེ་ཡི་དངོས་གྲུབ་སྩོལཿ ནོར་ལ་གཡང་གི་དངོས་གྲུབ་སྩོལཿ ཟས་ལ་བཅུད་ཀྱི་དངོས་གྲུབ་སྩོལཿ དེ་ནས་དཀྱིལ་འཁོར་བསྡུ་བ་ནི། ཧཱུྃ། ད་ནི་དཀྱིལ་འཁོར་གསལ་བཏབ་ལཿ ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུནཿ ཡི་གེ་ཧཱུྃ་ལ་ཧྲིལ་གྱི་བསྡུཿ ཧཱུྃ་ཡང་མི་འཇིགས་འཇའ་ལྟར་ཡལཿ ཞེས་པ་སྟེ་རྟག་མཐའ་གསལ་བའོཿ སླར་ཡང་དེ་ཉིད་ལྷ་རུ་གསལཿ ཞེས་ཆད་མཐའ་གསལ་བའོཿ ཞེས་དཀྱིལ་འཁོར་བསྡུཿ རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱའོཿ སྨོན་ལམ་ནི། བླ་མ་ཡི་དམ་མཁའ་འགྲོ་མཆོད་ལ་སོགསཿ སྤྱད་དང་བསྐུལ་དང་ཡི་རང་ལས་བྱུང་བའིཿ བསོད་ནམས་དགེ་ཚོགས་དཔག་མེད་དེ་དག་གིསཿ ཚེ་འདིར་བླ་མེད་བྱང་ཆུབ་འབྲས་ཐོབ་ནསཿ སྐུ་གསུམ་བདེ་ཆེན་ཞིང་དུ་སྤྱོད་བྱེད་ཅིངཿ གཟུགས་སྐུས་འགྲོ་དོན་རླབས་ཆེན་སྤྱོད་པར་ཤོགཿ ཧཱུྃ། ཕྱི་ཡི་བླ་མ་སྣ་ཚོགས་སྤྲུལ་པའི་སྐུཿ ནང་གི་བླ་མ་ཀུན་བཟང་ཧེ་རུ་ཀཿ གསང་བའི་བླ་(༡༧བ)


GLG022_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

མ་རང་རིག་གཉུག་མའི་གཤིསཿ ཚེ་འདིར་མངོན་དུ་མཇལ་བར་བྱིན་གྱིས་རློབསཿ རིག་པའི་ངོ་བོ་གསལ་སྟོང་འཛིན་པ་མེདཿ རྗེན་པར་མཐོང་བ་ཡེ་སྟོང་ཀ་ནས་དགཿ སྒྲོན་དྲུག་ལམ་ལ་བརྟེན་ནས་ཟག་བཅས་ཀྱིཿ ཕུང་པོ་འཇའ་ལུས་རྡོ་རྗེར་འགྲུབ་པར་ཤོགཿ སྐལ་བ་དམན་ན་བར་དོའི་གནས་སྐབས་དངཿ སྐྱེ་བའི་སྲིད་པ་འཛིན་ཚེ་པདྨ་འབྱུངཿ བྱོན་ནས་མངོན་པར་མཐོ་དང་ངེས་ལེགས་ཀྱིཿ ཡང་དག་ལམ་དུ་འཁྲིད་པར་བྱིན་གྱིས་རློབསཿ ཕན་བདེའི་རྩ་ལག་རྒྱལ་བའི་བསྟན་པ་དངཿ མཐའ་ཀླས་སྐྱེ་དགུའི་བདེ་སྐྱིད་མ་ལུས་པཿ ཡར་ངོའི་ཟླ་བ་ལྟ་བུར་རབ་རྒྱས་ཤིངཿ མི་མཐུན་ཉེས་པའི་ཚོགས་ཀུན་ཞི་གྱུར་ཅིགཿ ཁྱད་པར་གངས་ཀྱི་ར་བས་ཡོངས་བསྐོར་བའིཿ དབུས་གཙང་རུ་བཞིའི་རྒྱལ་ཁམས་འདི་ཉིད་དུཿ ནད་རིམས་མུ་གེ་སད་སེར་ཐན་པ་དངཿ འཁྲུག་རྩོད་མཐའ་དམག་གནོད་པ་ཞི་བར་ཤོགཿ ཐུགས་རྗེས་འགྲོ་ཀུན་ཡོལ་མེད་རྗེས་འཛིན་ཀྱངཿ བོད་འབངས་ལྷག་པར་སྐྱོང་བའི་ཞལ་བཞེས་བཀའཿ ཁྲི་སྲོང་རྒྱལ་པོར་སྩལ་བའི་སྙིང་པོའི་དོནཿ རེ་བ་ཇི་བཞིན་སྐོང་བའི་དུས་ལ་བབཿ དེ་ཕྱིར་སྡེ་བཞིའི་དཔག་བསམ་ཡོངས་འདུའི་ལྗོནཿ མཚོ་སྐྱེས་བྱིན་རླབས་དཔྱིད་ཀྱི་མ་མ་ཡིསཿ ཉེ་བར་བསྐྱངས་ལས་གྲུབ་པའི་དོན་གཉིས་འབྲསཿ ལོངས་སུ་སྤྱོད་པའི་དགའ་སྟོན་རྒྱས་གྱུར་ཅིགཿ བཀྲ་ཤིས་ནི། དུས་གསུམ་བླ་མ་སྐུ་གསུམ་བདག་ཉིད་ཅནཿ དབྱེར་མེད་རང་ལ་རྟོགས་པའི་བཀྲ་ཤིས་ཤོགཿ ཐབས་ཤེས་དབྱེར་མེད་ཟུང་འཇུག་ཡི་དམ་ལྷཿ དོན་དམ་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོགཿ འཁོར་འདས་ཆོས་ལ་དབང་སྒྱུར་མཁའ་འགྲོའི་ཚོགསཿ ཕྱི་ནང་བར་ཆད་ཞི་བའི་བཀྲ་ཤིས་ཤོགཿ ཨེ་མ་ཧོ། གདོད་ནས་མ་སྐྱེས་སྤྲོས་དང་བྲལ་བའི་སྐུཿ སྲིད་ཞི་མཉམ་ཉིད་འཁོར་འདས་ཀུན་གྱི་དཔལཿ ཀ་དག་སྙིང་པོ་ཆོས་སྐུའི་བཀྲ་ཤིས་ཤོགཿ བུདྡྷ་ཐོད་ཕྲེང་སངས་(༡༨ན)


GLG022_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འདུས་པའི་སྐུཿ གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངངཿ ཐམས་ཅད་ཡོངས་རྫོགས་གྲུབ་པའི་བཀྲ་ཤིས་ཤོགཿ པདྨ་ཐོད་ཕྲེང་སངས་རྒྱས་འདུས་པའི་གསུངཿ འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་ངངཿ སྣང་སྲིད་དབང་དུ་བསྡུ་བའི་བཀྲ་ཤིས་ཤོགཿ རྡོ་རྗེ་ཐོད་ཕྲེང་སངས་རྒྱས་འདུས་པའི་ཐུགསཿ ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་ངངཿ མི་མཐུན་རྐྱེན་རྣམས་ཞི་བའི་བཀྲ་ཤིས་ཤོགཿ རཏྣ་ཐོད་ཕྲེང་སངས་རྒྱས་ཡོན་ཏན་བདགཿ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ངངཿ ཚེ་དབང་ལོངས་སྤྱོད་རྒྱས་པའི་བཀྲ་ཤིས་ཤོགཿ ཀརྨ་ཐོད་ཕྲེང་སངས་རྒྱས་འཕྲིན་ལས་བདགཿ ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ངངཿ དགྲ་བགེགས་ཚར་གཅོད་དྲག་པོའི་བཀྲ་ཤིས་ཤོགཿ རྡོ་རྗེ་སློབ་དཔོན་རྡོ་རྗེ་རྒྱས་འདེབས་དངཿ མཆེད་དང་ལྕམ་དྲལ་སྔགས་དང་ཕྱག་རྒྱའི་མཐུསཿ སྤྲུལ་སྐུ་འགྲོ་འདུལ་ཡོངས་རྫོགས་བཀྲ་ཤིས་ཤོགཿ རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་རྡོ་རྗེ་གདན་དུ་རིག་འཛིན་རྣམས་གྱིས་བཀའ་བགྲོས་ནས་མཛད་པ་བོད་ཡུལ་དུ་སློབ་དཔོན་པདྨས་རྒྱལ་པོ་རྗེ་འབངས་བདུན་ལ་གཏད་པ་མ་འོངས་པའི་དོན་དུ་བྱང་ཟང་ཟང་ལྷ་བྲག་གི་རྐེད་ལ་སྦས་སོཿ ས་མ་ཡ། རྒྱ་རྒྱ་རྒྱ། བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་བཏོན་པའོ། །རིག་འཛིན་གདུང་སྒྲུབ་ཀྱི་ལས་བྱང་གི་ཁྲིད་རིམ་འཐོར་བ་དང་གབ་པ་དང་མི་གསལ་བ་རྣམས་བསྡེབས་ནས་བརྒྱུད་འདེབས་ཀྱི་མཇུག་དང་སྨོན་ལམ་གྱི་རིམ་པས་ཁ་བཀང་སྟེ་བཀླགས་ཆོག་མཐོང་བས་དོན་ལྡན་འདི་ནི་ཚུལ་འདི་ཉམས་སུ་ལེན་པའི་སྐལ་ལྡན་རྣམས་ལ་ཕན་པའི་ཆེད་དང་། ཁྱད་པར་བོད་ཡུལ་གངས་ཅན་གྱི་ལྗོངས་ཀྱི་བསྟན་འགྲོའི་ཕན་བདེའི་ཆེད་དུ་དབུས་གཙང་སྟོད་སྨད་ཀུན་གྱི་ཚེས་བཅུའི་མཆོད་པ་སྔར་སྲོལ་ཡོད་པ་རྣམས་དར་རྒྱས་དང་། མེད་པ་གསར་དུ་བསྐྲུན་པ། དེ་(༡༨བ)


GLG022_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རྫོང་འགོ་སོ་སོར་ཡང་ཚེས་བཅུའི་མཆོད་པ་འཛིན་པ་ཞིག་གྲུབ་ན་ལེགས་ཚུལ་ཕྱག་མཛོད་ས་སྐྱོང་བསོད་ནམས་རབ་བརྟན་ལ་བྱས་སྐབས་ཚུལ་དེ་སྒྲུབ་པར་བཞེད་པས་ཡུལ་གྲུ་ཁ་ཡར་དུ་རང་གང་མོས་ཀྱི་གཏེར་ཁའི་ཚེས་བཅུ་གང་དར་བྱེད་དགོས་པའི་བརྡ་བརྒྱག་དང་མཐུན་རྐྱེན་སོགས་མཛད་ཅིང་། རྫོང་གཞིས་རྣམས་སུ་འདོན་རྒྱུ་བདེ་བ་གཅིག་དགོས་གསུངས་པར་བརྟེན་འདིའི་དབུ་བཙུགས་གྲུབ་འཚམས་ལ་རཏྣ་གླིང་པའི་གཙང་ལ་ཕན་པའི་ཞལ་ཆེམས་ཀྱི་ལུང་བསྟན་ཐོག་ཏུ་བབས་པའི་བརྗོད་བྱ་སྣ་ཚོགས་ཤིག་བྱུང་བའི་འགལ་རྐྱེན་གློ་བུར་བ་ཞིག་ལ་བརྟེན་ད་ཆ་བྱེད་མི་བདེ་བ་འདུག་གསུང་ཡང་ཆོག་བསྒྲིགས་འདི་ཉིད་སླད་ནས་རིག་འཛིན་པདྨའི་ཐུགས་རྗེའི་གཟི་བྱིན་གྱིས་བསིལ་ལྡན་གྱི་ཡུལ་ཀུན་སྐལ་བ་བཟང་པོར་འགྱུར་བའི་དགའ་སྟོན་གྱི་རྟེན་འབྲེལ་དུ་ལྕགས་སྟག་དབྱུག་གུ་ཟླ་བའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་ཟ་ཧོར་གྱི་རིགས་ལས་སྔགས་སྨྱོན་གང་ཤར་རང་གྲོལ་གྱིས་དགའ་ལྡན་ཕོ་བྲང་དུ་བཀོད་པའི་དགེ་བས་སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་བདེ་ཞིང་། བདེ་བའི་ཐབས་ཚུལ་སྒྲུབ་པར་མཛད་པ་པོ་རྣམས་ཀྱི་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་གྲུབ་པར་གྱུར་ཅིག །མངྒ་ལཾ།། །།

དྲང་སྲོང་དྲི་མེད་ཞི་ཁྲོའི་རིག་གཏད་ཀྱི་ཆོག་སྒྲིགས་ཐུགས་ཐིགས་སྙིང་བུམ་གཡས་འཁྱིལ།


GLG022_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་དྲི་མེད་ཞི་ཁྲོའི་རིག་གཏད་ཀྱི་ཆོག་སྒྲིགས་ཐུགས་ཐིགས་སྙིང་བུམ་གཡས་འཁྱིལ་ཅེས་བྱ་བར་བཞུགས་སོ། །


GLG022_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་དེ་ཝ་རྀ་ཥི་བི་མ་ལཱ་ཡ། གསང་འཛིན་ལག་ན་རྡོ་རྗེས་བྱང་ཆུབ་བར། །འབྲལ་མེད་རྗེས་འཛིན་ཐུགས་རྗེའི་ལྕགས་ཀྱོ་ཆེ། །འདེབས་བྱེད་འཕྲུལ་གྱི་སྒོ་འབྱེད་རིག་གཏད་གཞུང་། །གནམ་སྐས་ཀླུ་བདུད་ལྟོ་བའི་ཟབ་མོའི་གཏེར། །ཡིད་སྲུབས་ལས་རྒྱལ་སྲ་གོ་རྣོ་བའི་མཚོན། །འཆི་མེད་སྲོག་གི་རྒྱ་མདུད་བདུད་རྩིའི་བཅུད། །དཔལ་འབྱོར་དབང་ཐང་རྒྱས་པའི་དཔག་བསམ་ལྗོན། །ཕན་བདེའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཡིན། །དེ་ཕྱིར་བླ་མ་ཡི་དམ་མཁའ་འགྲོ་ལ། །འདུད་པའི་གཙུག་ཏོར་ས་ལ་ཉེར་བཀོད་དེ། །བདག་བྱིན་བརླབས་པའི་ཐུགས་ཀྱི་ཐིགས་པའི་རྒྱུན། །རང་སྙིང་བུམ་པ་བཟང་པོར་གཡས་སུ་འཁྱིལ། །དེ་ཡང་བྲམ་ཟེའི་སྔགས་རྒོད་དྲང་སྲོང་ཆེན་པོ་དྲི་མེད་འོད་ཟེར་ཞི་ཁྲོའི་རིག་པ་གཏད་པའི་ལག་ལེན་གྱི་རིམ་པ་ཉམས་སུ་ལེན་པ་ལ་གནས་ཡིད་དུ་འོང་བར་སྐྱང་ནུལ་བྱ། ཅོག་ཙེའི་སྟེང་དུ་མཎྜལ་གྱི་ཁར་འབྲས་ཀྱི་ཚོམ་བུ་གཅིག་བཀོད། དེ་སྟེང་མཉྫིའི་ཁར། དཀར་གསུམ་གྱིས་སྦྲུས་པའི་གཏོར་ཟླུམ་དཀར་པོ་པད་འདབ་བཞི་པ་མཐར་འབྲུ་སྣ་མངར་གསུམ་ཤིང་ཏོག་སྣ་ཚོགས་ཀྱིས་བསྐོར་བ་དྲང་སྲོང་ཞི་དྲག་གི་ཙཀ་ལི་བཙུགས་པ་བཤམས་པར་ཆུ་ཆང་སྦྲན། གཡས་སུ་ཐོབ་དང་གཡོན་དུ་རལ་གྲི་དངོས་སམ་ཙཀ་ལི། མདུན་ནས་བརྩམས་ཏེ་སྒོར་(༢ན)


GLG022_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དམ་ཐད་མཆོད་གང་རུང་ལ་ཆུ་གཉིས་ཉེར་སྤྱོད་ལྔ། དྲག་པོའི་ཆུ་གཉིས་དང་ཉེར་སྤྱོད་ལྔ། སྨན་རཀ་གཏོར་གསུམ། གཏེར་བསྲུང་དགེ་བསྙེན་ཤེའུ་ཁ་རི་ལ་ཟླུམ་གཏོར། ཀླུ་བདུད་མགོ་དགུ་དང་། སྙོན་ཁ་གཉིས་ལ་ཟླུམ་གཏོར་གཉིས་སྦྲུལ་གྱི་དཀྲིས་པར་ཀླུ་སྨན་བཏབ་པ། རྒྱལ་པོ་ཤེལ་གིང་ལ་འཕྱི་ཤོས། ཚོགས་ཆས། ཆང་བུ་བརྒྱད། བགེགས་གཏོར། གུ་གུལ། ཡུངས་ཐུན། རོལ་ཆེན། སློབ་དཔོན་གྱི་ཅོག་ཙེའི་སྟེང་དུ་རྡོར་དྲིལ། ལས་བུམ། མེ་ཏོག་སོགས་མཁོ་བའི་ཡོ་བྱད་རྣམས་མངོན་པར་འདུ་བྱས། ལས་བྱང་གི་གཞུང་བསྲངས་ཏེ་བདག་མདུན་གཉིས་ཀ་ཞེ་སྡང་རྡོ་རྗེ་སྤྱི་བོར་དྲི་མེད་འོད་ཟེར་སོགས་མངོན་རྟོགས་ཇི་ལྟ་བ་བསྒོམས་པའི་སྒྲུབ་མཆོད་བཟླས་པ་ཚོགས་མཐའ་མའི་བར་བྱ། ལས་བུམ་དུ་རྡོ་རྗེ་སེམས་དཔའ་དང་བདུད་རྩི་འཁྱིལ་པ་བསྐྱེད་སྒྲུབ་བྱེད། ཏིང་ངེ་འཛིན་ཙམ་གྱི་སྒོ་ནས་རིག་གཏད་དམིགས་པར་ལེན། སློབ་མ་རྣམས་ཁྲུས་ནས་དབྱུང་། ཡོན་དུ་རལ་གྲི་སོགས་ཁབ་ཀྱིས་མཐའ་བརྟེན་པའི་མཚོན་ཆ་འབུལ། ཕྱག་བྱས་ཏེ་གྲལ་ལ་འཁོད། བགེགས་གཏོར་བཏང་། ཐུན་མོང་སྔོན་དུ་འགྲོ་བའི་ཆོས་བཤད་ནས་མཎྜལ་འབུལ་དུ་(༢བ)


GLG022_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག །སྟེང་གོས་མགོ་མཇུག་རིགས་འཛིན་ཀརྨ་གུ་རུ་སོགས་ཀྱི་རྒྱུན་ལ་བྱ་རོག་གི་ཞྭ་གོན་ཡང་འབྲི་གུང་ཕྱོགས་སུ་སྒྲུབ་པའི་སྐབས་མ་གཏོགས་པར་བཀབ་མི་མཛད་པས་མི་དགོས། ལྡོག་སྟེ་གྱོན། ལག་ཏུ་མེ་ཏོག་ཐོགས་ལ་གསོལ་བ་གདབ་པ་ནི། སློབ་དཔོན་བདག་ནི་མུ་སྟེགས་བྱེད་དང་ནི། །སྡེ་བརྒྱད་འགོང་པོའི་དབང་དུ་སོང་བ་ལ། །དྲང་སྲོང་དམོད་པས་བཟློག་པའི་ཐབས། །ངོ་མཚར་ཅན་དུ་ག་ཏྲི་གནང་དུ་གསོལ། །ཞེས་ལན་གསུམ་བརྗོད། དེ་ནས་ཡིད་ཆེས་ཤིང་ཁུངས་བཙུན་པའི་ཕྱིར། ལོ་རྒྱུས་ནི། ལྷོ་ཕྱོགས་ཨིནྡྲའི་ཡུལ་ན་རྒྱལ་པོ་དྷརྨ་ཨ་ཤྭ་ཀ་བྱ་བ་ཞིག་ཡོད་པས། ཡུལ་མི་རྣམས་ཀྱིས་རྒྱལ་ཁྲིམས་བཤིག་པས་རྒྱལ་པོ་ཐུགས་མ་བདེ་ནས་ཡུལ་གྱི་གཙོ་བློན་རྣམས་ལ་ཐུགས་ཁྲོས་ཏེ། སྡེ་བརྒྱད་གཟིར་ཅིང་ཁྱད་པར་དུ་གཏད་ཁྲམ་བྱས་པས་རྒྱལ་ཁྲིམས་བཤིག་པ་ཐམས་ཅད་ཕུང་བར་བྱས་སོ། །དེ་ནས་རྒྱལ་ཁྲིམས་ཤིན་ཏུ་གཉན་པར་བྱས་སོ། །དེར་རྒྱལ་པོ་ལ་རང་བསྲུང་གི་གདམས་པ་མེད་པས། ཀླུ་ལ་སོགས་སྡེ་བརྒྱད་ཀྱི་བསྙགས་བྱུང་ནས་མཛེ་བྱུང་། གློ་སྙིང་མེར་འབར་ཁ་ནས་ཁྲག་བསྐྱུགས། ཤིན་ཏུ་ནད་ཀྱིས་གདུངས་པ་ལས། མོ་དང་པྲ་མང་དུ་བྱས་ཙ་ན། ནགས་ཚལ་དྲ་བ་ཅན་གྱི་ཕུག་ན་དྲང་སྲོང་དྲི་མེད་འོད་ཟེར་ཞེས་བྱ་བ་དཀའ་ཐུབ་ལ་གནས་པ་དམོད་པ་བཙན་པ་ཟས་སུ་ཤིང་ཏོག་གསོལ་བ་ཞིག་བཞུགས་ཀྱི་དེ་སྤྱན་དྲངས་ནས་བྱིན་རླབས་ཞུས་ན་ཕན། གཞན་ཅིས་ཀྱང་མི་ཕན་ཟེར་བས་དེ་རྒྱུས་ཡོད་པའི་མི་སུ་ཡོད་དྲིས་པས། བྲམ་ཟེ་རྒན་པོ་ཞིག་ན་རེ། ནགས་ཚལ་དྲ་བ་ཅན་གྱི་ཕུག་ཏུ་སྟག་གཟིག་དོམ་དྲེད་ཀྱང་མི་ཐར་ན་མི་དག་ལྟ་ཅི་སྨོས། དྲང་སྲོང་དྲི་མེད་འོད་ཟེར་ནི་ཟླ་བ་ཉའི་ཉིན་པར་རི་བོ་ཀུན་འདུས་ཀྱི་རྩེ་མོར་དྲང་སྲོང་འབུམ་ཕྲག་དུ་མ་ལ་ཆོས་སྟོན་དུ་ཡོང་བ་ཡིན་ནོ་ཟེར་བས། དེའི་ཉིན་པར་རི་བོ་ཀུན་འདུས་(༣ན)


GLG022_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྩེ་མོར་རྒྱུག་བཅུག་པས། དྲང་སྲོང་རྒན་པོ་ལུས་ཅུང་ཟད་རིད་པ། མདོག་སྔོ་བ། ཨག་ཚོམས་ཆེ་བ། རས་དཀར་པོའི་སྨད་དཀྲིས་གསོལ་བ་ཞིག་བྱུང་བ་ལ་ཞུ་བ་ཕུལ་ཏེ་ཤིང་རྟ་ལ་བསྐྱོན་ནས་སྤྱན་དྲངས་ཏེ་རྒྱལ་པོའི་ཕོ་བྲང་དུ་གདན་དྲངས་ལ་བཞུགས་སུ་གསོལ་ནས་ཞལ་ཟས་སྣ་ཚོགས་དྲངས་ཏེ་རྒྱལ་པོས་ཕྱག་དང་ཞེ་ས་བྱས་ནས། བདག་གིས་རྒྱལ་ཁྲིམས་ཤོར་བ་ལ་ཐུག་ནས། ཀླུ་དང་ས་བདག་ལ་སོགས་སྡེ་བརྒྱད་ལ་གཏད་ཁྲམ་བྱས་པས་ལྷ་འདྲེའི་བསྙགས་བྱུང་ནས་འདི་ལྟ་བུའི་ནད་ཀྱིས་ཟིན་པ་ལ་བདག་ལ་ཐུགས་རྗེས་གཟིགས་ནས་བྱིན་གྱིས་བརླབ་ཏུ་གསོལ་ཞུས་པས། དྲང་སྲོང་གི་ཞལ་ནས། རྒྱལ་པོ་ཆེན་པོ་སྡིག་པ་མི་དགེ་བ་བཅུ་སྤོངས། འབྲུ་དང་ཟན་གྱི་གཏོར་མ་རྒྱ་ཆེན་པོ་ཤོམས་ཤིག །དྲང་སྲོང་འབུམ་ཕྲག་ལ་གཏོར་མ་གཏོང་གསུངས་ནས། དྲང་སྲོང་རྣམས་ཀྱིས་སྨོན་ལམ་བཏབ་བོ། །དྲང་སྲོང་ཆེན་པོ་ཉིད་ཀྱིས་དམོད་པའི་སྔགས་རྒོད་འདི་ལན་ཅིག་བརྗོད་པས། དེ་ཅུང་ཟད་བདེ་ཟེར། དེ་བཞིན་དུ་ལན་བདུན་བརྗོད་པས་སྙུན་མི་བདེ་བ་མེད་པར་ཕན་པར་གྱུར་ཏོ། །དེ་ནས་དྲང་སྲོང་ལ་མཆོད་གནས་སུ་བཞུགས་པར་ཞུས་ཀྱང་མ་གནང་ནས། ནགས་ཚལ་དྲ་བ་ཅན་དུ་བཞུད་དོ། །དེ་ནས་རྒྱལ་པོ་དྷརྨ་ཨ་ཤྭ་ཀས་བྲམ་ཟེ་ལེགས་གྲུབ་ལ་གནང་། དེས་རྒྱ་གར་པྲ་ཧ་སྟི་ལ་གནང་། དེས་ཤཱནྟིཾ་གརྦྷ་ལ་གནང་། དེས་སློབ་དཔོན་པདྨ་ལ་གནང་། དེ་ཡང་གངས་ཅན་བོད་ཀྱི་བཙད་པོ་ལྷ་གཅིག་ཁྲི་སྲོང་ལྡེ་བཙན་གྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྲོལ་བཙུགས་པ། ལྷ་སྲིན་རྣམས་ཀྱིས་མཛད་དུ་མ་སྟེར་བ་དེའི་གཉེན་པོར་འཛམ་བུའི་གླིང་ན་ཆེ་བའི་རིག་སྔགས་གྲུབ་པ་སངས་རྒྱས་གཉིས་པ་ཨོ་རྒྱན་ཆེན་པོ་གདན་དྲངས་པའི་དུས་སློབ་དཔོན་པདྨས། རྒྱུད། གཞུང་། མན་ངག །མདེའུ་ཐུང་། ནད་གསོ་བ་སོགས་ལྷོ་བྲག་མཁོ་མཐིང་ལྷ་ཁང་དུ་གཏེར་དུ་སྦས་པ་མངའ་(༣བ)


GLG022_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱི་སྐྱེ་བ་བཅུ་གསུམ་པ་ཉང་ཉི་མ་འོད་ཟེར་གྱིས་སྤྱན་དྲངས་ཏེ་རིགས་ཀྱི་སྲས་ཐུགས་རྗེ་ཆེན་པོའི་སྤྲུལ་པ་མངའ་བདག་འགྲོ་མགོན་ལ་གནང་། དེས་བླ་མ་མངའ་བདག་པ་ཆེན་པོའི་ཡང་སྲིད་གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག་ལ་གནང་། གདམས་སྐོར་འདིའི་ལས་ཚོགས། འཕྲིན་ལས། རིག་གཏད། སྙིང་འགྲེལ། སྙན་བརྒྱུད་སོགས་མན་ངག་ཕལ་ཆེར་གནམ་སྐས་བྲག་གི་ཀླུ་བདུད་ལྟོ་བར་གཏམས་ཤིང་བཅུད་ཕུར་སོགས་འགའ་ཞིག་པ་ཀོར་བཻ་རོ་ཙ་ནས་བཻཌཱུཪྻའི་ཤོག་བུ་ལ་གསེར་གྱིས་བྲིས་ནས་བསེའི་སྒྲོམ་བུར་བཅུག་སྟེ་མཁོ་མཐིང་ལྷ་ཁང་དུ་སྦས་པའི་གཏེར་ཁ་གཉིས་ཆོས་དབང་རིན་པོ་ཆེས་གདན་དྲངས། ཐུགས་ཀྱི་སྲས་པདྨ་དབང་ཆེན་དང་ཀ་ཐོག་པ་རྒྱལ་བ་བཟང་པོ་གཉིས་ལ་གནང་། དེ་ནས་སོ་སོར་བརྒྱུད་པ་གྱེས་པ་མཐར་ཆུ་བོ་གཅིག་ཏུ་བླ་མ་མཁའ་དབྱིངས་རྡོ་རྗེ་ལ་འདྲེས། དེས་ལྷ་སྲས་མུ་ཏིག་བཙན་པོའི་སྐྱེ་བ་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་ལ་གནང་། རྗེ་ཟུར་པས་རྒྱལ་པོ་མྱ་ངན་མེད་དུ་སྐྱེ་བ་བཞེས་པ་གསལ་བར་དྲན་ཞིང་ཡི་དམ་འདི་དངོས་སུ་འགྲུབ་པས་དྷརྨ་ཨ་ཤྭ་ཀ་ནས་རྗེ་གནམ་ལྕགས་མེ་འབར་ལ་ཉེ་བརྒྱུད་དུ་བྱས་ཀྱང་ཆོག་པ་ཡིན། རྗེ་ཟུར་པ་ལ་འཁྲུལ་མེད་ཀྱི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེས་གསན། གཉིས་ཀ་ལ་དཔལ་འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས་ཀྱིས་གསན། དེས་རང་གི་རིགས་སྲས་བཀྲ་ཤིས་ཕུན་ཚོགས་ལ་གནང་། དེ་ལ་ཁོ་བོའི་འདྲེན་པ་དམ་པ་གཉགས་ཛྙཱ་ན་ཀུ་མཱ་རའི་སྤྲུལ་པའི་ཟློས་གར་ཟུར་ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱིས་རིག་གཏད་གསན། ལུང་རགས་རིམ་ཕྱག་བཞེས་དང་བཅས་པ་རྗེ་ཟུར་པ་ལ་རས་ཆུང་རྣམ་སྤྲུལ་སྣང་གསལ་བ་བཀྲ་ཤིས་རྒྱ་མཚོས་གསན། དེས་རིགས་སྲས་ཀུན་དགའ་ཆེ་མཆོག །དེས་ཟུར་ལྷུན་གྲུབ་རྡོ་རྗེ། དེས་ཡབ་གཞོན་ནུ་དོན་གྲུབ། དེ་ལ་སྲས་རྩ་བའི་(༤ན)


GLG022_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མས་གསན་ཅིང་བདག་ལ་སྩལ་བ་ལྟར། སྲེག་པ་མེའི་ལས་སྦྱོར་ལ་བརྟེན་ནས་དམ་སྲི་འབྱུང་པོའི་ཚ་ངར་བཅག་པའི་ཡིད་ཆེས་ཀྱི་ངེས་པ་རྙེད། ཡང་རིག་གཏད་ལུང་དང་བཅས་པ་ཡོངས་སུ་རྫོགས་པ་རྗེ་ཆོས་རྒྱལ་ཕུན་ཚོགས་ནས་རཏྣའི་མཆོག་སྤྲུལ་དབུར་སྨྱོན་ཆོས་ཀྱི་གྲགས་པ། དེས་མངའ་རིས་པ་སྔགས་འཆང་ཆེན་པོ་དཀོན་ཅོག་ལྷུན་གྲུབ། དེས་དྲིན་ཅན་སྤྲུལ་པའི་སྐུ་མཆོག་ཆོས་རྒྱལ་གཏེར་བདག་གླིང་པ། དེས་བདག་ལ་སྩལ་ཞིང་མན་ངག་ཕྱག་ལེན་དམར་འཁྲིད་ཤིན་ཏུ་མཐའ་ཆོད་པ་མཁས་གྲུབ་དཀོན་ཅོག་ལྷུན་གྲུབ་ཉིད་ལ་ཁོ་བོས་ནོས་ཤིང་། གཞན་ཡང་ལུང་རྒྱུན་འགའ་ཞིག་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ནས་རིགས་འཛིན་ཡོལ་མོ་བ་ཆེན་པོ་ལས་ཟུར་ཐམས་ཅད་མཁྱེན་པས་གསན་ཅིང་རིག་གཏད་དང་ལུང་ཁ་ཡར་ཁྱབ་བདག་ཁྲ་ཚང་པ་ཆེན་པོ་ལ་ཡང་བདག་གིས་ཞུས་པ་ལགས་པས། སྟེང་ནས་རིགས་འཛིན་བརྒྱུད་པའི་བྱིན་བརླབས་ཀྱི་ཆུ་བོ་མ་ནུབ། བར་དུ་མན་ངག་མཁའ་འགྲོའི་ཁ་རླངས་ཀྱི་ཚ་ངར་མ་ཡལ། ལྷ་སྔགས་ཡེ་ཤེས་སྣང་གྲག་རིག་གསུམ་དུ་གསལ་བའི་འཆར་སྒོ་མ་འགགས། འོག་ཏུ་དམ་རྫས་གཏོར་མའི་རི་བོ་མ་ཉིལ་ཞིང་སྨན་རག་གི་རྒྱ་མཚོ་མ་སྐམས། བརྒྱུད་པ་དམ་ཉམས་འདྲེ་ཁྱེར་བསྲེ་བསླད་ཀྱིས་མི་དབར་ཁྱིས་མ་ཆོད་པ་ལགས། དེ་ཡང་མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་ལྷ་ཚོགས་གསལ་ལེགས་པར་བཏབ་པ་ལ། རྒྱུད་དག་པར་བྱ་བའི་སླད་དུ་སྐྱབས་སེམས་ཀྱི་རྗེས་ཟློས་ལས་བྱང་བཞིན་ལན་གསུམ་བྱ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་ནི། གསང་བའི་བདག་པོ་རྡོ་རྗེ་འཛིན། །བདག་ལ་ཐུགས་རྗེས་དགོངས་ནས་ཀྱང་། །བར་ཆད་རྐྱེན་ལས་རྒྱལ་བའི་ཕྱིར། །དྲང་སྲོང་དྲི་མེད་བཤེས་གཉེན་གི །སྐུ་གསུང་(༤བ)


GLG022_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དང་ཡོན་ཏན་རྣམས། །རྫོགས་པར་བདག་ལ་སྩལ་དུ་གསོལ། །ལན་གསུམ་རྗེས་ཟློས་བྱེད། དེ་ནས་ལས་བྱང་གི་ཚིག་བརྗོད་པ་དང་མཉམ་དུ་སློབ་མ་རྣམས་དྲང་སྲོང་ཞི་བ་དྲི་མེད་འོད་ཟེར་དུ་བསྐྱེད་ཅིང་བརྡ་སྤྲད། གནས་གསུམ་བྱིན་གྱིས་བརླབ། སྙིང་གའི་དྷཱིཿསེར་པོ་ལས་འོད་ཟེར་འཕྲོས་པས་རྒྱ་གར་ལྷོ་ཕྱོགས་ཨིནྡྲའི་ཡུལ་ནགས་ཚལ་དྲ་བ་ཅན་ནས། ལྷའི་བུ་དྲང་སྲོང་དྲི་མེད་རས་དཀར་པོའི་ན་བཟའ་མནབས་པ། རལ་པ་སྔོ་སྐྱ། ཨག་ཚོམས་བྲང་དུ་སླེབ་པ། ཕྱག་གཉིས་ན་རིལ་བ་སྤྱི་བླུགས་དང་ལུང་ཐང་ཕྲེང་བ་འཇིན་པ། འཁོར་དྲང་སྲོང་འབུམ་གྱི་ཚོགས་དང་བཅས་པ་བྱོན་པར་བསམས་ནས། ཧཱུཾ། དད་པ་དང་ནི་དམ་ཚིག་གིས་ཞེས་པ་ནས་བཟུང་སྟེ་སེམས་ཅན་དོན་ལ་གཤེགས་སུ་གསོལ་གྱི་བར་དང་ཨོཾ་ཧ་ལ་ཧ་ལ་ཧི་ལི་ཧི་ལི་ཧེ་ཧེ་དྲུང་དྲུང་། ཛཿཛཿབྷྱོ་བྷྱོ། བཟློག་བཟློག་ཅེས་དང་ཏྲང་དུ་ཉེར་གཅིག་བརྗོད་ལ། ནགས་ཚལ་དྲ་བ་ཅན་ནས་དྲང་སྲོང་དྲི་མེད་འོད་ཟེར་ལ་རང་འདྲ་འབུམ་གྱིས་བསྐོར་བ་ནམ་མཁའ་ལ་སྤྲིན་འཐིབས་པ་བཞིན་བྱོན་ནས་ཐིམ་པར་བསམ། སྤོས་རོལ་བྱ་ཞིང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ་ཏིཥྛ་བཛྲ་ཞེས་བརྗོད་ནས་བརྟན་པར་བྱ། དེ་ལྟར་ཐིམ་པའི་རྐྱེན་གྱིས་སློབ་མ་དྲང་སྲོང་ཞི་བར་གསལ་བ་གནས་འགྱུར་ཏེ་ཁྲོ་བོ་ཞེ་སྡང་རྡོ་རྗེར་ལས་བྱང་གི་མངོན་རྟོགས་ལྟར་ཚར་གཅིག་བརྗོད་དེ་གསལ་བཏབ། བསྙེན་སྔགས་ལོག་ཏྲི་དང་དྲག་སྔགས་སྤུ་གྲི་རིང་མོ་ཚར་གཅིག་ལས་བྱང་གི་ཆེ་བའི་ང་རྒྱལ་བསྐྱེད་པ་རྣམས་བརྗོད། དམོད་པ་ཚར་གཅིག་དང་བཅས་ཐལ་མོ་བརྡབ། དབང་དངོས་ལ་མདུན་གྱི་གཏོར་མ་ལྷར་གསལ་བ་ལས་ཞེ་སྡང་རྡོ་རྗེ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སློབ་མའི་སྤྱི་བོར་བྱོན་པར་བསམས་ལ། ཁྲོ་བོའི་སྐུ་གཟུགས་སྤྱི་བོར་བཞག་སྟེ། ཧཱུཾ། ལྷ་ཡི་དྲང་སྲོང་དྲི་མེད་འདི། །གསང་བདག་དངོས་(༥ན)


GLG022_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྱད་པར་མེད། །ང་ཡིས་ཁྱོད་ལ་གཏད་པ་ཡིན། །སྡེ་བརྒྱད་བཀའ་ལས་མ་འདའ་ཞིག །ཨཱོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛཿཛཿཨ་བྷི་ཥིཉྩ་ཧཱུཾ། ཞེས་ལྷ་སྤྱི་བོ་ནས་བསྟིམ། བསྙེན་སྔགས་དང་སྤུ་གྲི་རིང་མོ་གཉིས་དམོད་པ་དང་བཅས་པ་བརྗོད་ཅིང་ཐལ་མོ་བརྡབ། ལག་པ་གཡོན་དུ་རལ་གྲི་གཏད་ལ། དབང་གཞན་རྣམས་ཀྱི་རིགས་ལ་ལྷའི་ཕྱག་མཚན་གཡས་ནས་གཏོད་པའི་འཁྲུལ་གཞི་ལ་བརྟེན་རལ་གྲིར་ངོས་བཟུང་སྟེ་ཙཀ་ལིར་བྲིས་པ་ཡོང་འདུག་པ། ཅུང་ཟད་མི་འཐད་པས་ངེད་ཀྱི་ཨ་ཕ་དང་ཨ་མའི་དུས་ལ་ཡོད་ཅེས་འཁྲ་བཞག་མི་མཛད་པ་ཞུ། ཨོཾ་བསམ་ཆོད་རལ་གྲི་ཁྱོད་ལ་གཏད། །ཕ་རོལ་ལོག་རྟོག་ངན་པ་རྣམས། །བཅད་གཏུབ་མིང་ཡང་མེད་པ་དང་། །གཏན་ནས་བརླག་པའི་འཕྲིན་ལས་མཛོད། །ཨཱོཾ་ཏྲང་དུ་ཏྲི་ན་ཁངྒ་ཨ་བྷི་ཥིཉྩ་ཧཱུཾ། བསྙེན་སྔགས་བརྗོད་ལག་གཡས་སུ་ཐོ་བ་གཏད་དེ། ཨཱཿ གནམ་ལྕགས་ཐོ་ཆེན་འབར་བ་འདིས། ཁྱོད་ལ་གདུག་སེམས་ལྡན་པ་ཀུན། །སྤྱི་བོ་ཆོམས་ལ་ཐལ་བར་ཐོང་། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །ཨོཾ་ཏྲང་དུ་ཏྲི་ན་ཏིཥྛ་ཨ་བྷི་ཥིཉྩ་ཧཱུཾ། བསྙེན་སྔགས་བརྗོད། ཡོན་ཏན་འཕྲིན་ལས་གཏོར་མའི་བྱིན་རླབས་ཀྱི་སྔོན་དུ། ཆང་རྗེས་བརྒྱད་ལྷོ་རྒྱུད་ཀྱི་སྔགས་འཆང་རྣམས་སློབ་མ་རེ་ལ་ཆང་རྗེས་བརྒྱད་པ་རེ་མཛད་འདུག་རུང་འབྲི་གུང་གི་རྒྱུན་ལ་མེད་ཅིང་དེ་ལྟར་ན་སློབ་མ་རེ་ལ་བགེགས་གཏོར་རེ་ཡང་དགོས་པའི་རིག་པ་དོད་མཚུངས་པར་མངོན། ཕྱག་ལེན་ལ་ལར་ཐོག་མར་དྲང་སོང་ལ་ཆབ་གཏོར་ཕུལ། དེ་རྗེས་བགེགས་ལ་ཆབ་གཏོར་གཏོང་བའང་དཔྱད་བཟོད་པར་མི་སྣང་ངོ་། །ཆབ་ཀྱིས་སྦྲན། འབྲུ་གསུམ་གྱིས་བརླབ། སམྦྷ་རའམ་ཨ་ཀཱ་རོ་ལན་གསུམ་གྱིས་སྡེ་བརྒྱད་ལ་བསྔོ། ལྷ་སྲིན་སྡེ་བརྒྱད་ཁྱེད་རྣམས་ཀྱིས་ད་ཕྱིན་ཆད་སློབ་མ་འདི་ལ་གནོད་པ་མ་བྱེད་པར་བསྲུང་སྐྱབ་མཛོད་ཅིག །ཅེས་བཀའ་བསྒོ། གཏོར་མ་གཙང་སར་དོར། དེ་ནས(༥བ)


GLG022_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཞེ་སྡང་རྡོ་རྗེར་གསལ་བའི་སྤྱི་གཙུག་ཏུ་ཞི་བ་དྲི་མེད་བཤེས་གཉེན་བཞུགས་པའི་གཏོར་མ་སྤྱི་བོར་བཞག་སྟེ། ཧཱུཾ། དྲང་སྲོང་ཆེན་པོ་དྲི་མ་མེད། །ལྷ་ཡི་དྲང་སྲོང་འབུམ་དང་བཅས། །སློབ་མ་བྱང་ཆུབ་མ་ཐོབ་བར། །བསྲུང་བ་ཆེན་པོ་མཛད་དུ་གསོལ། །ཨཱོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛཿཛཿབ་ལིནྟ་ཨ་བྷི་ཥིཉྩ་ཧཱུཾ། དྲང་སྲོང་དྲི་མེད་དང་གསང་བདག་དོན་གཅིག་པ་ཡིན་པས། ད་ཕྱིན་ཆད་དྲེགས་པ་ཕྱི་ནང་སུས་ཀྱང་མི་གནོད་ཅིང་བཀའ་ལས་འདའ་བར་མི་ཕོད་པ་ཡིན་པས་སོ། །བསྙེན་སྔགས་བརྗོད་རྗེས་འདི་ལ་གནོད་པར་བྱེད་པའི་མཐུ་བྱད་ནད་གདོན་སོགས་གང་དགོས་པ་ཁ་བསྒྱུར་ཏེ་བསྲུང་བའི་བཀའ་བསྒོ་དྲག་ཏུ་བྱེད། སྤུ་གྲི་རིང་མོ་དང་དམོད་པ་ཚར་གཅིག་གིས་ཐལ་བརྡབ་བྱ། ཕྱིན་ཆད་ཀྱང་དེ་བཞིན་དུ་མཛོད་ཅིག་ཅེས་བཀའ་གཏད། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོར་བསམས་ཏེ་དངོས་གྲུབ་ཏུ་རོལ། བདུད་རྩི་ནས་ཀྱང་སྟེར། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པ་དང་བཅས། རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །བདག་ནི་རྩེ་གཅིག་གུས་གདུང་བས། །མ་ལུས་བདག་གིས་བསྒྲུབས་ལགས་ན། །བརྩེ་བས་རྗེས་བཟུང་བྱིན་གྱིས་རླབས་ཞེས་ལན་གསུམ་གྱི་རྗེས་ཟློས་བྱ། མཎྜལ་འབུལ། ལྷག་མ། ཆད་མཐོ། སྟན་སྐྱོང་། རྟ་བྲོ། གཏང་རག །ལྷག་ཆད་བཀང་བ། ཉེར་བསྡུ། སྨོན་ལམ་ཤིས་བརྗོད་སོགས་གཞུང་ལྟར་བྱའོ། །ཁྱོད་ཞབས་དྲན་པའི་མོད་ལ་སྲིད་དང་ཞིའི། །གདུང་མུན་ཕ་མཐར་བྱེད་པའི་དྲང་སྲོང་ཆེ། །སྔོན་མེད་ཟླ་བ་གསར་པའི་དཀྱིལ་འཁོར་ནས། །བྱིན་རླབས་ག་པུར་གཟེགས་མ་ཆལ་ཆིལ་འཛག །ཕལ་ཆེར་བདག་བསྐྱེད་མེད་པའི་རིག་གཏད་བྱེད། །ལ་ལ་ཝལ་གྱིས་བསྒོམ་ཞེས་གཞན་སྣང་འདྲིད། །འགའ་ཞིག་འཆོལ་པའི་(༦ན)


GLG022_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལེན་སྣ་ཚོགས་སྦྱོང་། །རིགས་འཛིན་བརྒྱུད་པའི་རིང་ལུགས་མིང་ཙམ་གྱུར། །དེ་ཕྱིར་གངས་ཅན་ལྷ་གཅིག་མུ་ཏིག་བཙན། །གོས་དཀར་ལྕང་ལོའི་ཚུལ་འཛིན་འབྲི་གུང་པ། །གནམ་ལྕགས་མེ་འབར་བཞེད་སྲོལ་ཇི་བཞིན་དུ། །བཀོད་འདིས་གཟུང་གནས་བློ་གསལ་འདོད་པ་འཇོ། །འབད་པའི་ལེགས་བྱས་མཐུ་ལས་སྐྱེ་བ་རུ། །ཟབ་གཏེར་འདི་དང་དེ་སྟོན་ཡོངས་འཛིན་རྣམས། །འབྲལ་མེད་ལྷ་སྔགས་ཡེ་ཤེས་རྣལ་འབྱོར་ལ། །བརྟེན་ནས་ཡིད་སྲུབས་གཡུལ་ལས་རྒྱལ་བར་ཤོག །གདོད་ནས་སྒྲིབ་བྲལ་རང་རིག་ཀུན་བཟང་ཞལ། །མངོན་སུམ་རྗེན་པར་མཐོང་མིན་དེ་སྲིད་དུ། །འཆི་མེད་དྲང་སྲོང་ཆེ་དེས་རྗེས་བཟུང་ནས། །མཆོག་ཐུན་དངོས་གྲུབ་ཆར་ཆེན་འབེབས་གྱུར་ཅིག །ཅེས་དྲང་སྲོང་དྲི་མེད་ཞི་ཁྲོའི་རིག་གཏད་ཀྱི་ཆོག་སྒྲིགས་ཐུགས་ཐིགས་སྙིང་བུམ་གཡས་འཁྱིལ་ཞེས་པ་འདི་ནི་ལས་བྱང་སྒྲིག་རྩོམ་གྱི་སྐབས་དགེ་སློང་འཇམ་དབྱངས་གྲགས་པས་རིག་གཏད་འདི་ལ་ཆོག་སྒྲིགས་ཤིག་བྱུང་ན་ཞེས་འབད་པས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བསྐུལ་བ་པོ་ཉིད་ཀྱིས་བགྱིས་པའི་དགེ་བས་འགྲོ་བ་རྣམས་བདུད་བཞིའི་འཆིང་བ་ལས་གྲོལ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

གཞུང་ཆེན་བདེར་གཤེགས་འདུས་པའི་སྙིང་པོའི་དོན་ཀུན་ཚང་བར་བསྡུས་པའི་ཐུགས་སྒྲུབ་ཐོག་མདའི་ཚ་དབལ།


GLG022_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ཆེན་བདེར་གཤེགས་འདུས་པའི་སྙིང་པོའི་དོན་ཀུན་ཚང་བར་བསྡུས་པའི་ཐུགས་སྒྲུབ་ཐོག་མདའི་ཚ་དབལ་བཞུགས་སོ། །


GLG022_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཔདྨཱ་ཀཱ་ར་ཀྲོ་དྷེནྡྲཱ་ཡ། མཐུ་སྟོབས་གནམ་ལྕགས་ཚ་ཚ་ཁོལ་བའི་ཐོག །སྡེ་བརྒྱད་བྲག་རི་ཕྱེར་འཐག་དྲག་རྩལ་ནུས། །དྲན་པས་བདུད་བཞིའི་དཔུང་འཇོམས་བླ་མ་དང་། །ཡི་དམ་དབྱེར་མེད་ཁྱོད་ཞབས་གཙུག་ན་བསྟེན། །ཉང་རིགས་རལ་པའི་ཁུར་ལྡན་མངའ་བདག་གཏེར། །ཟབ་ཆོས་བྱེ་བའི་གདམས་པ་སྩོལ་བ་ལ། །བཀའ་དྲིན་ཟླ་མེད་རྗེ་བཙུན་ཁྲ་ཚང་པ། །བློ་མཆོག་རྡོ་རྗེ་ཀུན་བཟང་ཧེ་རུ་ཀཿ། །དྲག་དམར་ཉི་མའི་དཀྱིལ་འཁོར་ཡོངས་འབར་བའི། །བྱིན་རླབས་བདེ་གཤེགས་འདུས་པའི་འོད་ཟེར་གྱིས། །ཉེས་བརྒྱའི་སྨག་རུམ་རབ་སེལ་རྒྱུན་འཁྱེར་གྱི། །ཐུགས་སྒྲུབ་མཁའ་འགྲོའི་ཞལ་གྱི་དྲོད་རླངས་འདྲི། །དེ་ཡང་བླ་མ་མངའ་བདག་ཆེན་པོ་ཉི་མ་འོད་ཟེར་གྱི་ཟབ་གཏེར་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་གི་ཐུགས་སྒྲུབ་དྲག་དམར་རྒྱས་འབྲིང་བསྡུས་གསུམ་ཐེམས་མེད་དང་བཅས་པ་མཐའ་ཀླས་པའི་ནང་ནས་གཞུང་ཆེན་བདེར་གཤེགས་འདུས་པའི་ཉམས་ལེན་རྒྱས་པར་སྤྲོ་ན་བླ་མའི་མན་ངག་གིས་གུང་བསྒྲིགས་ཏེ་གཏེར་གཞུང་ཁ་འཐོར་བ་ཁྲིགས་སུ་བསྡེབས་ནས་བཅོས་བསླད་མེད་པ་བྱིན་རླབས་ཀྱི་ཚན་ཁ་ཆེ་བས་དེ་དག་གི་བྱེད་ཚུལ་ཁོ་བོས་བརྩམས་པའི་བསྙེན་ཡིག་མ་རླུང་འཁྲུག་པའི་ཚ་ངར་ལས་ཤེས་པར་བྱ་(༢ན)


GLG022_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ནའང་ཧ་ཅང་རྒྱས་དྲགས་པས་བསྙེན་པ་ཚུགས་འགྲོལ་གྱི་ཐོག་མཐའ་གཉིས་ཙམ་མ་གཏོགས་བར་གྱི་ཐུན་བཞི་ཚོར་འཛབ་ཀྱི་གྲངས་ལ་གནོད་ཅིང་རྒྱུན་འཁྱེར་ལ་འཇུག་པ་བདེ་བ་སོགས་ཀྱི་ཆེད་དུ་ཇི་ལྟར་འོས་པ་སྙིང་པོ་བསྡུས་ཏེ་དགོད་པ་ལ། སྐྱབས་སེམས་ནི། བརྒྱུད་པའི་རྩ་བ་བླ་མ་རྗེ། །དངོས་གྲུབ་འབྱུང་བའི་ཡི་དམ་ལྷ། །ལེགས་པར་བྱིན་བརླབ་མཁའ་འགྲོའི་ཚོགས། །རྩ་བ་གསུམ་ལ་སྐྱབས་སུ་མཆི། །བདག་གཞན་གཉིས་མེད་དོན་ཕྱིར་དུ། །དྲག་པོ་ཁྲོ་རྒྱལ་ཀུན་བསྒྲུབས་ནས། །སྙིང་པོ་བླ་མེད་མཆིས་པ་དང་། །གཞན་དོན་བྱེད་པར་སེམས་བསྐྱེད་དོ། །ཞེས་སོ་སོར་ལན་གསུམ་སོགས་ཅི་རིགས་བརྗོད། ཚོགས་ཞིང་ནི། མདུན་གྱི་ནམ་མཁར་པཾ་པདྨ་མཎྜལ་ཧཱུཾ། ཨ་ཙནྡྲ་མཎྜ་ལ་ཧཱུཾ། མེ་སུཪྻ་མཎྜལ་ཧཱུཾ། ཧཱུཾ། དུར་ཁྲོད་རིན་ཅེན་འབར་བའི་ཕོ་བྲང་ནས། །འཇིགས་བྱེད་ཆེ་མཆོག་བཛྲ་ཧེ་རུ་ཀཿ། །དབང་དྲག་པདྨ་བཀའ་ཡི་འཁོར་དང་བཅས། །དབང་དྲག་ལས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ རྔམ་བརྗིད་དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ། །དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་ལོ། །དབང་དྲག་པདྨའི་སྐུ་ལ་མཆོད་པ་འབུལ། །དབང་དྲག་པདྨའི་སྐུ་ལ་བཟོད་པར་གསོལ། །དུག་གསུམ་ཞལ་དུ་གསོལ་ལ་ཡི་རང་ངོ་། །མྱ་ངན་(༢བ)


GLG022_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདར་བདག་ལ་ཐུགས་རྗེས་གཟིགས། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །བདག་དང་སེམས་ཅན་བྱང་ཆུབ་ཐོབ་པར་ཤོག །ཅེས་གཏེར་གཞུང་གི་ཚིག་རྐང་ཐ་མ་བསྡུས་པ་སྟེ་སྒོམ་དོན་ལྟར་ཚོགས་བསགས། གཞལ་ཡས་ཁང་སྲུང་འཁོར་བཅས་པ་ནི། །ཚོགས་ཞིང་འོད་ཞུ་སྤྱི་གཙུག་ནས་ཐིམ་པས། ཐ་མལ་ལུས་ཀྱང་འོད་ཞུ་རྣམ་ཤེས་ཀྱི། །ངོ་བོ་ཧཱུཾ་ཡིག་དམར་པོ་ཞིག་ཏུ་གྱུར། །དེ་ལས་འོད་ཟེར་དམར་པོས་འཇིག་རྟེན་ཁྱབ། །སེམས་ཅན་ལ་ཕོག་ལས་དང་བག་ཆགས་སྦྱངས། །རྣམ་ཤེས་དབང་བསྡུས་སླར་ཡང་བདེར་གཤེགས་མཆོད། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདག་ལ་ཐིམ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐུགས་རྒྱུད་བསྐུལ། །དབང་དང་དངོས་གྲུབ་བྱིན་རླབས་ནུས་ཀུན་བསྡུས། །ཧཱུཾ་ཡིག་སྔར་བས་གཟི་བརྗིད་བཀྲག་དང་ལྡན། །འོད་དམར་ཚ་རྩུབ་རྣམ་པ་མཚོན་ཆའི་དབྱིབས། །རྒྱོབ་གསོད་བརླག་སྒྲར་བཅས་པ་གྲངས་མེད་འཕྲོས། །སྣང་སྲིད་ལྷེམ་གང་སྡེ་བརྒྱད་གནོད་བྱེད་ལ། །ཕོག་པས་བྱ་སྒྲོ་མེར་བསྲེགས་ལྟ་བུར་བརླག །ཚེ་དབང་མཐུ་ནུས་རྫུ་འཕྲུལ་འོད་ཚུལ་བསྡུས། །སྔར་གྱི་གཟི་བྱིན་གྲོགས་གྱུར་འོད་ཟེར་དང་། །དྲག་པོའི་སྒྲ་ཡིས་སྟོང་གསུམ་རབ་གང་བ། །སླར་འདུས་ཤིན་ཏུ་གཟི་འབར་མགར་མལ་གྱི། །ཚ་ཚ་ལྟ་བུར་འཕྲོ་ཞིང་འཁྲུག་པར་གྱུར། །ཧཱུཾ་ལས་རཾ་ཆད་དམར་སྨུག་དུར་ཁྲོད་མེ། །སྣ་ཚོགས་པད་ཟླ་དྲེགས་སྟེང་ས་བོན་བབས། །ཀཾ་འཕྲོས་མེ་རི་གདན་དང་བཅས་པ་རྣམས། །འོད་ཞུ་ཐོད་སྐམ་ཟླུམ་པོའི་གཞལ་ཡས་ཁང་། །ཧཱུཾ་ལས་ཨེ་ཡཾ་རཾ་ར་སུཾ་ཀེཾ་ཆད། །ནམ་མཁའ་རླུང་མེ་ཁྲག་མཚོ་མཾ་སའི་གཞིར། །རུས་པའི་རི་རབ་སྟེང་ན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན། །ཐོད་རྩིག་ཞིང་ཆེན་ཀ་བ་ཞིང་ཆུང་གཞུ། །ཚངས་གདུང་མཆོག་ཕྲན་(༣ན)


GLG022_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་སྐར་དྲལ་མ་བཀབ། །ཤ་ཆེན་ནག་ལེབ་ཉི་ཟླའི་མཐོངས་ཁུང་བཏོད། །ཞིང་ལྤགས་བླ་བྲེ་གསུར་ཆེན་དུད་པ་འཐུལ། །ཐོད་སྐམ་ཕ་གུ་པདྨ་དྲ་བ་ཕྱེད། །མདའ་ཡབ་པུ་ཤུ་རུས་ཆེན་མཆོད་རྟེན་ཁྲིགས། །ཞིང་ལྤགས་རྒྱལ་མཚན་བ་དན་རྒྱན་ཀུན་སྤྲས། །སེར་པོའི་འོད་འཕྲོས་ཕྱི་རོལ་གསེར་འཁོར་རྩིབས། །བརྒྱད་པ་གཡས་འཁོར་དཔལ་ལ་ལྕགས་སྡིག་མཚན། །ཕྱིར་འོད་དམར་ལས་མེ་འཁོར་གཡོན་འཁོར་བ། །ནང་བསྟན་རྩིབས་སྟོང་དཔལ་ལས་ལྕགས་སྡིག་འཕྲོ། །དེའི་ཕྱིར་རྡོ་རྗེའི་གུར་ཁང་སྨུག་ནག་མར། །མེ་ཡི་ཁྲོ་བོ་བྱ་ཁྱུང་དཔག་མེད་འཚུབ། །གདན་དང་ལྷ་བསྐྱེད་པ་ནི། །གཞལ་ཡས་དབུས་སུ་པཾ་ཨ་མ་ཡིག་ལས། །སྣ་ཚོགས་པདྨ་ཟླ་ཉིའི་གདན་སྟེང་ན། །རང་སེམས་ཧཱུཾ་ཞུ་འོད་ཕུང་འཁྱིལ་བ་ལས། །བདག་ཉིད་དྲག་པོ་པདྨ་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ལ་ཟླུམ། །ཞལ་གདངས་མཆེ་གཙིགས་ཨག་ཚོམ་མེ་ལྟར་འབར། །དབུ་སྐྲ་དམར་སེར་ཕྱེད་བརྫེས་ལྷག་རིང་འཕྱང་། །ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ། ཧཱུཾ་དགུ་རཾ་དགུས་མཚན་ལས་མེ་དཔུང་འཕྲོ། །ལྕགས་བསྲེགས་སྡིག་པ་ཁ་དགུ་མིག་དགུ་པ། །འཇིགས་རུང་གཡོན་པའི་སྡིགས་མཛུབ་རྩེ་ནས་འགྱེད། །ཞིང་ཆེན་རྐེད་དཀྲིས་ལ་སོགས་དུར་ཁྲོད་ཆས། །རིན་ཅེན་རུས་རྒྱན་ཀླུ་རིགས་བཞི་ཡི་སྦྲུལ། །ཡན་ལག་རབ་བཅིངས་བརྗིད་གཏུམ་རྔམས་ཤིང་ཁྲོས། ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །གཡས་བསྐུམ་གཡོན་བརྐྱང་དྲེགས་པ་ཕོ་མོ་བརྫིས། །བ་སྤུའི་བུ་གར་གསེར་རྡོར་ནས་འབྲས་ཙམ། །རྭ་དབར་ཚ་ཚ་ཁོལ་བའི་གོ་ཁྲབ་གྱོན། །དུང་ཁང་ནང་དུ་འཁོར་ལོ་རྩིབས་བཞིའི་དབུས། །སྐུ་ཡི་ངོ་བོ་(༣བ)


GLG022_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གསེར་མདོག་ཅན། །ཁྲོ་ཚུལ་གཡས་པ་རལ་གྲི་ཀླད་ལ་བསྐོར། །གཡོན་པ་ཐུགས་ཀར་སྡིགས་མཛུབ་སེམས་སྐྱིལ་བཞུགས། །རིན་ཅེན་རྒྱན་སྤྲས་དར་གྱི་ན་བཟའ་གསོལ། །མགྲིན་པར་འདབ་བཞིར་ཧྲཱིཿསྒྲའི་ངོ་བོ་ལས། །རྟ་མགྲིན་དམར་པོ་སྤྱི་གཙུག་རྟ་སྐད་སྒྲོག །གཡས་པ་རྡོ་རྗེ་དབྱུག་པ་གཡོན་སྡིགས་མཛུབ། ཁྲོ་གཏུམ་དུར་ཁྲོད་ཆས་རྫོགས་ཞབས་དོར་སྟབས། །ཐུགས་ཀར་རྒྱ་གྲམ་སྟེང་ན་ཐུགས་ཀཀྞི། །གསེར་མདོག་བང་རིམ་གསུམ་པ་བུམ་བྲེ་འཁོར། །གདུགས་བཅས་ལྟེ་བར་དྲན་རིག་ངོ་བོ་ནི། །ཕྱག་རྡོར་མཐིང་ནག་གསེར་རྡོར་སྡིགས་མཛུབ་མཛད། །སྟག་ཤམ་སྦྲུལ་སོགས་ཁྲོ་ཆས་ཞབས་དོར་སྟབས། །ལྟེ་བར་ཆོས་འབྱུང་པདྨ་བཾ་རོའི་སྟེང་། །ཕག་མོ་དམར་མོ་གཅེར་བུ་སྐྲ་གྲོལ་བ། །གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་གྲུ་མོར་བརྟེན། །གཡས་པའི་རྟིང་པ་བྷ་གར་བསྟད་པ་ཡི། །བཞེངས་པའི་གར་སྟབས་རུས་པའི་རྒྱན་གྱིས་མཛེས། །དཀར་སེར་དམར་ལྗང་རང་འདྲའི་རིགས་བཞིས་བསྐོར། །རིམ་བཞིན་ཐུགས་ཀར་འབྲུ་གསུམ་མ་ཡིས་མཚན། །སྤྱི་བོར་འཕྲིན་ལས་ངོ་བོ་བྱ་ཁྱུང་རྒྱལ། །མཐིང་ནག་མེ་གཤོག་རྡོ་རྗེའི་མཆུ་སྡེར་གྱིས། །ཀླུ་གཉན་ཞལ་གསོལ་སྦྲུལ་དང་རིན་ཆེན་བརྒྱན། །ཐུགས་ཀར་ཁྲོམ་མཐིང་འོད་འབར་རྭ་དབར་དུ། །ཉི་ཟླ་པད་སྟེང་རིགས་བདག་སྣང་མཐའ་ཡས། །དམར་པོ་མཉམ་གཞག་མཚོན་གང་སྤྲུལ་སྐུའི་ཆས། །རྩིབས་བཅུར་ཧཱུཾ་མཛད་ལ་སོགས་ཁྲོ་བཅུ་ནག །ཞལ་གཅིག་ཕྱག་གཉིས་ཐོ་བ་ལྕགས་ཀྱུ་འཛིན། །བརྐྱང་བསྐུམ་ཞབས་གཉིས་དྲེགས་བརྫིས་རང་འདྲ་བའི། །སྤྲུལ་པ་འགྱེད་ཅིང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྒྲས། །གདུག་པ་ཀུན་འདུལ་མེ་དཔུང་ཀློང་ན་བཞུགས། སྤྱན་འདྲེན་ནི། ཧཱུཾ་ལས་འོད་འཕྲོས་ཨྱོན་གནས་མཆོག་ནས། །དབང་དྲག་པདྨ་ཐོད་ཕྲེང་རྩལ་གཤེགས་ཤིག །དམ་ཚིག་པ་(༤ན)


GLG022_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་གཉིས་མེད་གྱུར། །ཨོཾ་ལས་འོད་སེར་འཕྲོས་པས་སྐུ་ཡི་ལྷ། །དཔག་མེད་བྱོན་པ་དུང་ཁང་ལྷ་ལ་ཐིམ། །མི་ཤིགས་རྡོ་རྗེ་སྐུ་ཡི་དབང་ཐོབ་གྱུར། །ཨཱཿལས་འོད་དམར་འཕྲོས་པས་གསུང་གི་ལྷ། །དཔག་མེད་བྱོན་པ་མགྲིན་པའི་ལྷ་ལ་ཐིམ། །འགགས་པ་མེད་པ་གསུང་གི་དབང་ཐོབ་གྱུར། །ཧཱུཾ་ལས་འོད་སྔོན་འཕྲོས་པས་ཐུགས་ཀྱི་ལྷ། །དཔག་མེད་བྱོན་པ་ཐུགས་ཀའི་ལྷ་ལ་ཐིམ། །སྐྱེ་མེད་དོན་དམ་ཐུགས་ཀྱི་དབང་ཐོབ་གྱུར། །མ་ལས་འོད་དམར་འཕྲོས་པས་ཡོན་ཏན་ལྷ། །དཔག་མེད་བྱོན་པ་ལྟེ་བའི་ལྷ་ལ་ཐིམ། །མ་ལུས་རྫོགས་པའི་ཡོན་ཏན་དབང་ཐོབ་གྱུར། ཁྲོམ་ལས་འོད་མཐིང་འཕྲོས་པས་འཕྲིན་ལས་ལྷ། །དཔག་མེད་བྱོན་པ་དབུ་གཙུག་ཁྱུང་ལ་ཐིམ། །ཐོགས་པ་མེད་པའི་འཕྲིན་ལས་དབང་ཐོབ་གྱུར། །ཡིག་འབྲུ་ལྔ་ལས་འོད་ཟེར་རྣམ་ལྔ་འཕྲོས། །སྣང་མཐའ་ལ་སོགས་བདེ་གཤེགས་ཐམས་ཅད་ཀུན། །སྤྱན་དྲངས་འོད་དཔག་མེད་ལ་ཐིམ་པ་ཡིས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་དབང་ཐོབ་གྱུར། ཁྲོ་བཅུ་གྲངས་མེད་སྤྱན་དྲངས་སོ་སོར་ཐིམ། །ཧཱུཾ་དང་སྔགས་ཕྲེང་བ་སྤུའི་བུ་ག་ནས། །མེ་དབལ་མཐིང་ནག་ལྕགས་ཀྱི་ཐོ་བ་དང་། །མེ་ཡི་ཞགས་ཐོགས་ཁྲོ་གཏུམ་གློག་ལྟ་བུར། །འཁྱུགས་པ་འཇིག་རྟེན་ཁམས་ཁྱབ་གནོད་བྱེད་རྣམས། །བསད་བཅད་གཏུབས་ནས་ཐལ་བའི་རྡུལ་བཞིན་བརླག །ཕྱི་ནང་ཀུན་གང་སྲུང་དང་བཟློག་པའི་ལས། །བདག་ཉིད་སྔར་བས་ཆེ་བཙན་འགྲན་ཟླ་བྲལ། །ལུས་དཀྱིལ་ལྷ་ཡི་སྐུ་ལས་འབར་བའི་མེས། །ལུས་གང་ནད་གདོན་སྒྲིབ་པའི་དྲི་མ་བསྲེགས། །ལུས་ནང་མར་མེ་སྦར་ལྟར་ལྷ་རྣམས་གསལ། །ལུས་ངག་ཡིད་གསུམ་བདེ་བའི་ཉམས་དང་ལྡན། །ཕྱི་ནང་འཁོར་བའི་རྩིབས་བར་དགྲ་བགེགས་ཀྱི། །སྐེ་གཏུབས་བྲུལ་ཞིང་ཤ་ཁྲག་དམར་ཉོག་བཏགས། །འཛབ་ནི། གཞལ་(༤བ)


GLG022_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ནང་དུ་བསྲུང་བྱ་ལྷའི་རྣམ་པ། །ཕྱག་རྡོར་ཐུགས་ཀར་ཟླ་ཉིའི་སྟེང་དུ་ཧཱུཾ། །དམར་པོའི་མཐའ་ནས་གཡས་སུ་སྔགས་ཀྱིས་བསྐོར། །མགལ་མེའི་འཁོར་ལོ་ལྟ་བུར་འཁོར་བར་གྱུར། །རྩ་སྔགས་ལ་ཤམ་བུ་འདོགས་ལུགས་མན་ངག་ལྟར་བྱས་ཏེ་བསྙེན། །ཐུན་མཚམས་སུ་གཏོར་མ་འབུལ་ཚུལ་ཤོག་དྲིལ་ལས་ཉེ་བར་བསྡུས་ཏེ། རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུཾ་མ་ཧཱ་བྷ་ལིནྟ། ཏེ་ཛྭ་བྷ་ལིནྟ། བྷ་ལ་བྷ་ཏེ། གུ་ཧྱ་ས་མ་ཡེ་སྭཱཧཱ། ལན་གསུམ་གྱིས་བརླབ། མདུན་གྱི་ནམ་མཁར་པཾ་པདྨ་མཎྜ་ལ་ནས། །དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་པའི་བར་ཚོགས་ཞིང་ལྟར། ཧཱུཾ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །བྱང་ཆུབ་བསྒྲུབ་ལ་བར་གཅོད་བྱེད་པ་དང་། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ལ་སོགས། །དྲག་པོས་བསྒྲལ་བའི་ཤ་ཁྲག་རུས་པའི་ཚོགས། །དབང་དྲག་པདྨའི་སྐུ་ལ་མཆོད་པར་འབུལ། །ཨཱོཾ་ཨཱཿཧཱུཾ་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བྷ་སུ་ཏ་ཁཱ་ཧི། དབང་པོ་ལྔ་ཁཱ་ཧི། གོ་རོ་ཙ་ན་ཁཱ་ཧི། བསྟོད་ཅིང་འཕྲིན་ལས་འཆོལ་བ་གཏེར་གཞུང་ལས་བཏུས་པ་ནི། ཧཱུཾ། ཁམས་གསུམ་གནས་ནས་སྟོབས་ལྡན་རྫུ་འཕྲུལ་ཅན། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །སྣང་བ་མཐའ་ཡས་སྐུ་གསུང་ཐུགས་ལས་སྤྲུལ། །ངོ་མཚར་རྨད་བྱུང་བཛྲ་ཧེ་རུ་ཀཿ། །འཇིགས་བྱེད་ཁྲོ་རྒྱལ་རྡོ་རྗེ་ཐོད་ཕྲེང་རྩལ། །དྲག་པོ་པདྨའི་ལྷ་ཚོགས་རྣམས་ལ་བསྟོད། །ཧཱུཾ། དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་ནས། །རྔམ་བརྗིད་སྟོབས་ལྡན་པདྨ་ཐོད་ཕྲེང་བསྐུལ། །བདག་ནི་བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །ལམ་ལ་བར་དུ་གཅོད་པའི་དགྲ་བགེགས་རྣམས། །དབང་དྲག་པདྨ་འཁོར་དང་བཅས་པ་ཡིས། །ཐུགས་རྗེས་(༥ན)


GLG022_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་སྟོབས་ཀྱིས་བསྒྲལ་ནས་ཀྱང་། །གྲུ་གསུམ་མཐིང་ནག་འབར་བའི་ཞལ་དུ་དྲོངས། །གསུང་དབྱངས་དྲུག་ཅུ་ལྡན་པའི་མགུར་དུ་བསྒྲིལ། །དོན་དམ་སྐྱེ་མེད་ཐུགས་ཀྱི་དཀྱིལ་དུ་བསྟིམ། །རྣལ་འབྱོར་བདག་གི་འདོད་པའི་དོན་རྣམས་ནི། །དབང་དྲག་པདྨ་འཁོར་དང་བཅས་པ་ཡིས། །གྲུབ་པར་མཛོད་ཅིག་བཛྲ་ས་མ་ཡ། །མ་མགོན་སྡེ་བརྒྱད་ལ་གཏོར་མ་བསྔོ་བ་ནི། ཧཱུཾ། ཉི་མ་ཕྱོགས་ཕྱོགས་ཕ་གི་ན། །སུམ་ཅུ་རྩ་གསུམ་ལྷ་གནས་ཀྱི། །རྣམ་པར་རྒྱལ་བའི་ཁང་བཟང་གི ། བྱང་སར་མཚམས་ཀྱི་ཕྱོགས་དག་ན། །རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ནས། །མ་ཧཱ་ཀཱ་ལ་གཤེགས་སུ་གསོལ། །བྷྱོ། ཉི་མ་ཕྱོགས་ཕྱོགས་ཕ་གི་ན། །ཆོས་བཟང་ལྷ་ཡི་འདུན་ས་ཡི། །བྱང་ཤར་མཚམས་ཀྱི་འཇིག་རྟེན་ན། །ཡོངས་འདུ་ཤིང་གི་རྩ་བ་ན། །མུ་ལེ་དིང་གི་ནག་ཤེད་ནས། །དཔལ་ལྡན་ལྷ་མོ༝། །ཤར་ནས་ལྷ་ཡི་གཙོ་བོ༝། །ལྷོ་ནས་ཡ་མ་རཱ་ཙ༝། །ནུབ་ནས་སྲིད་པའི་རྒྱལ་མོ༝། །བྱང་ནས་བསྐོས་རྗེ་བྲང་དཀར༝། །ཤར་ལྷོའི་སྲོག་ཟན་དམར་པོ༝། །ལྷོ་ནུབ་པེ་དཀར་རྒྱལ་པོ༝། །ནུབ་བྱང་ཀ་ལ་ཡཀྴ༝། །བྱང་ཤར་ཀླུ་བདུད་མགོ་དགུ༝། །དུར་ཁྲོད་གཞལ་ཡས་ཆོས་འབྱུང་རྩིབས་བརྒྱད་སྟེང་། །པདྨ་ཉི་མ་རོ་ཡི་གདན་ལ་བཞུགས། །ཤ་ཁྲག་བདུད་རྩིའི་གཏོར་མ་རྒྱ་མཚོའི་ཚོགས། །འབུལ་གྱི་འཁོར་དང་བཅས་པ་དགྱེས་པར་རོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་བཛྲ་རེ་མ་ཏཱི། །ཨ་ཡ་མ་དུ་རུ་ཙ་ཤ་ན་མ་ཧཱ་བྷ་ལིངྟ་ཁཱ་ཧི། མགོན་པོ་བེར་ནག་ཐོད་ཅན་ཁྲམ། །རུ་མཚོན་འཛིན་ཅིང་རྟ་ནག་བཅིབས། །སྲིང་མོ་པགས་གྱོན་རལ་གྲི་དང་། །ནད་རྐྱལ་ཐོགས་ནས་དྲེལ་རྟ་ཞོན། །སྡེ་བརྒྱད་འཁོར་དང་བཅས་པ་རྣམས། །རླུང་ནས་མགྱོགས་པར་མྱུར་དུ་རྒྱུག །སྲོད་ལ་དགྲ་བོའི་བླ་ཁུག་ལ། །ནམ་ཕྱེད་དམ་ཉམས་(༥བ)


GLG022_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱལ་དུ་ཆུག །ཐོ་རེངས་དགྲ་བོའི་སྲོག་རྩ་ཆོད། །སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ། །བསྟན་པའི་རུ་དྲ་སྡིག་ཅན་ནི། །མྱུར་དུ་བསྒྲལ་བའི་དུས་ལ་བབ། །ཅེས་བསྐུལ་ཞིང་བདུད་རྩི་སྦྲེང་། །རཀྟ་འཕྱར། གཏོར་མ་བཏང་། བཤགས་པ་བྱ། བཀྲ་ཤིས་བརྗོད། བསྔོ་བ་སྨོན་ལམ་བྱའོ། །གཏེར་ཁ་གོང་མའི་དྲག་སྒྲུབ་བདེ་འདུས་ལ། །རྙིང་མར་མཁས་འགའ་སྔ་འགྱུར་ལུགས་སྤྱི་འགེབས། །གསར་མ་བ་དག་ཕྱི་འགྱུར་སྒྲུབ་ཐབས་ཀྱི། །ཞྭ་དཔེ་ལྷམ་གྱིས་བྱེད་མཐོང་ཆིག་དགོད་འཆོར། །མདོ་སྔགས་ཡོངས་ལ་སྦྱངས་པའི་ཡུས་པོ་ཆེ། །མིན་ཀྱང་གཏེར་བྱོན་སོ་སོའི་བཞེད་པའི་སྲོལ། །མ་འདྲེས་བླ་མའི་དྲིན་གྱིས་རྟོགས་པའི་ཚེ། །མུན་ནག་མདའ་འཕེན་མ་དགོས་བློ་རེ་བདེ། །དགེ་འདིས་སྐྱེ་བ་ཀུན་ཏུ་ཐོད་ཕྲེང་རྩལ། །སྙིང་གི་ཟེའུ་འབྲུར་བཞུགས་ལ་བཤེས་མཛད་དེ། །རང་རིག་བླ་མའི་ངོ་བོ་ཡོངས་གྲོལ་ཞིང་། །གནས་སྐབས་ལས་བཞིའི་འཕྲིན་ལས་མྱུར་འགྲུབ་ཤོག །མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐྱེ་བ་བཅུ་གསུམ་པ་ཉང་ཉི་མ་འོད་ཟེར་གྱི་ཟབ་གཏེར་དྲག་པོ་གཞུང་ཆེན་བདེར་གཤེགས་འདུས་པའི་སྙིང་པོའི་དོན་ཀུན་ཚང་བར་བསྡུས་པའི་ཐུགས་སྒྲུབ་ཐོག་མདའི་ཚ་དབལ་ཞེས་པ་འདི་ནི་རང་ཉིད་ཀྱི་རྒྱུན་ཁྱེར་དང་སྣོད་ལྡན་འགའ་ལའང་ཕན་པར་འགྱུར་རམ་སྙམ་པའི་ལྷག་བསམ་གྱིས་ཡིད་དྲངས་ནས་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་དང་ཁྱབ་བདག་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེའི་བཀའ་དྲིན་ལས་ཟབ་ལམ་འདི་ལ་ཐོས་བསམ་སྒོམ་པའི་བློ་ཅན་ཟ་ཧོར་གྱི་སྔགས་སྨྱོན་རྡོ་རྗེ་ཐོགས་མེད་རྩལ་གྱིས་ཀུན་དགའི་ལོ་མགོས་ཉ་བའི་དམར་ཆའི་དགའ་བ་དང་པོ་ལ་རི་བོ་གྲུ་འཛིན་གྱི་གཞལ་མེད་ཁང་དུ་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ།། །།

འཆི་བདག་བཟློག་བྱེད་ཀྱི་གྱེར་གཞུང་འཆི་བདག་གཡུལ་ལས་རྒྱལ་བའི་རུ་མཚོན།


GLG022_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བདག་བཟློག་བྱེད་ཀྱི་གྱེར་གཞུང་འཆི་བདག་གཡུལ་ལས་རྒྱལ་བའི་རུ་མཚོན་ཞེས་བྱ་བ་བཞུགས་སོ།།


GLG022_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏ་སིདྡྷི་པྲ་ཡཙྪ། མཁྱེན་བརྩེ་ནུས་པའི་འོད་ཟེར་འབུམ་ཕྲག་གིས། །འཆི་བདག་མུན་པའི་སྨག་རུམ་མཐར་མཛད་པའི། །ཚེ་དབང་རིགས་འཛིན་བརྙེས་པའི་པདྨ་འབྱུང་། །ལུས་ཅན་ཀུན་ལ་འཆི་མེད་དངོས་གྲུབ་སྩོལ། །གང་གི་ཟབ་གཏེར་ཨ་མྲའི་ཚལ་ཆེན་ལ། །ལྷ་བྲག་གཏེར་གྱི་འབྲས་བུ་སྨིན་པའི་བཅུད། །སྐལ་ལྡན་འགྲོ་ལ་སྟེར་མཁས་རྒོད་ལྡེམ་ཅན། །བརྒྱུད་པར་བཅས་པའི་རིག་སྔགས་འཆང་རྣམས་རྒྱལ། ཁྱད་པར་གཉགས་བན་ཛྙཱ་ན་ཀུ་མཱ་ར། །བཤེས་གཉེན་ཟོལ་ལ་བརྟེན་པའི་རྡོ་རྗེ་འཛིན། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་ཨཱ་ནནྡ། །དུས་ཀུན་རིགས་ཀྱི་བདག་པོར་བརྟན་གྱུར་ཅིག །འཁྲུལ་མེད་དམ་པའི་སྤུ་གྲི་རྣོན་པོ་ཡིས། །འཆི་བདག་ཕོ་ཉའི་ཞགས་པ་རབ་བཅད་དེ། །འཛད་མེད་ཚེ་ལ་རིང་དུ་ལོངས་སྤྱོད་པའི། །མི་འཇིགས་སྦྱིན་པའི་སྒོ་འཕར་འདིར་ཕྱེ་ན། །འགོང་པོའི་གདོན་གྱིས་ཟིན་མིན་གཟུ་བོའི་བློ། །ལྡན་རྣམས་འདིར་འདུས་ཅི་གར་ལོངས་སྤྱོད་དང་། །བསམས་པའི་རེ་བ་ཡོངས་སུ་སྐོང་བྱེད་པའི། །བདུད་རྩིའི་བུམ་བཟང་ལག་ཏུ་ཐོབ་པར་ངེས། །དེ་ཡང་འཆི་བདག་འཇོམས་པའི་ཆོ་གའི་རིམ་པ། །གཏེར་ཁ་སོ་སོར་རྣམ་གྲངས་མང་དུ་མཆིས་པ་ལས། །འདིར་རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱིས་བྱང་ཟང་ཟང་ལྷ་བྲག་གི་(༢ན)


GLG022_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

རྐེད་བསེ་སྒྲོམ་སྨུག་པོའི་ལྷོ་གསེར་མཛོད་སེར་པོ་ནས་གདན་དྲགས་པའི་འཆི་བདག་ནག་པོ་བཟློག་བྱེད་ཀྱི་གྱེར་གཞུང་གི་རིམ་པ་ཁྲིགས་སུ་བསྡེབས་པ་ནི། ལག་ལེན་དང་ཆོ་གའི་ཆ་ལག་རྣམས་བླ་མའི་ཕྱག་ལེན་གྱིས་བརྒྱན་ཏེ་མངོན་པར་འདུ་བྱས་ལ། ངག་འདོན་དངོས་ནི། ཐུགས་སྒྲུབ་ཀྱི་ལས་བྱང་གཞུང་བསྲང་། བཀའ་སྲུང་གི་བསྐང་གསོ། །ཚོགས་ཐམ་རྩ་གསུམ་བསྐང་གསོ་དང་བཅས་པ་བཏང་རྗེས། གླུད་བསྔོ་བ་ནི། ཧཱུཾ། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་དག་པའི་ཁྲུས། །ཡིད་བཞིན་སྤྲིན་ཕུང་མཁའ་ལ་ཆར་འབེབས་པས། །མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིག །ཨཱོཾ་ཤུདྡྷེ་ཤུདྡྷེ་ཤོདྷ་ན་ཡེ་སྭཱཧཱ། ཧཱུཾ། པད་སྡོང་འདབ་དྲུག་ཁྲི་འཕང་བཞིན། །ཉི་མ་ཟླ་བའི་གདན་སྟེང་དུ། །བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ། །དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན། །དར་དང་རིན་ཆེན་དུ་མས་སྤྲས། །སྤྱི་གཙུག་བླ་མ་ཀུན་བཟང་མཐིང་། །མཚན་དཔེས་སྤྲས་པ་ཡུམ་དང་སྦྱོར། །སྐུ་ཡི་གནས་སུ་ཞི་ཁྲོའི་ལྷ། །ཆུ་ནང་ཟླ་བ་ལྟ་བུར་གསལ། །ཨཱོཾ་བཛྲ་སཏྭ་ཧཱུཾ། འདབ་དྲུག་ཤར་གྱི་པད་འདབ་ལ། །སྦྱོང་བའི་ལྷ་ནི་ཤཱཀ་ཐུབ་སེར། །ཕྱག་གཉིས་ས་གནོན་ལྷུང་(༢བ)


GLG022_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

བཟེད་བསྣམས། །མཚན་དང་དཔེ་བྱད་ལྡན་པར་བཞུགས། །ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང་། །ཨ་དཀར་འོད་འཕྲོས་དངོས་འཛིན་སྦྱངས། །ཨཱོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱ༔སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྔགས་འདི་ལན་བདུན་བརྗོད་པའི་མཐུས། །སྣོད་བཅུད་དངོས་འཛིན་དག་གྱུར་ཅིག །དེ་ཡི་མཚམས་ཀྱི་པད་འདབ་ལ། །སྤེལ་བའི་ལྷ་ནི་རྣམ་སྣང་དཀར། །ཕྱག་ན་འཁོར་ལོ་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད༝། །ཐལ་མོ་ཚིགས་བཅག་ཕྱག་རྒྱའི་ནང་། ཁཾ་སྔོན་འོད་འཕྲོས་སྣོད་བཅུད་སྤེལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། སྔགས་འདི་ལན་བདུན༝། །སྣོད་བཅུད་ལེགས་ཚོགས་སྤེལ་གྱུར་ཅིག །དེ་ཡི་མཚམས་ཀྱི་པད་འདབ་ལ། །བསྒྱུར་ལྷ་བདུད་རྩི་འཁྱིལ་བ་ལྗང་། །ཕྱག་མཚན་རྒྱ་གྲམ་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད༝། །ཐལ་མོ་ཁ་གྱེར་ཕྱག་རྒྱའི་ནང་། །ཛ་དམར་འོད་འཕྲོས་བདུད་རྩིར་བསྒྱུར། །ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། སྔགས་འདི་ལན་བདུན༝། །སྣོད་བཅུད་ཟག་མེད་བདུད་རྩིར་གྱུར། །དེ་ཡི་མཚམས་ཀྱི་པད༝། །ཐོབ་ལྷ་རིན་འབྱུང་སྐུ་མདོག་སེར། །ཕྱག་ན་རིན་ཆེན་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད༝། །མཆོག་སྦྱིན་ཕྱག་རྒྱ་ཏྲཾ་སེར་ལས། །འོད་འཕྲོས་ཀུན་གྱིས་འབད་མེད་ཐོབ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། སྔགས་འདི་ལན་བདུན༝། །མགྲོན་རྣམས་ཀུན་གྱིས་ཐོབ་གྱུར་ཅིག །དེ་ཡི་མཚམས་ཀྱི༝། །ཚིམ་ལྷ་དོན་ཡོད་གྲུབ་པ་ལྗང་། །ཕྱག་མཚན་རལ་གྲི་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད་ལྡན་པར་བཞུགས། ཁུ་ཚུར་མཆོག་སྦྱིན་ཕྱག་རྒྱའི་ནང་། །ཧ་ལྗང་འོད་འཕྲོས་མགྲོན་མཉེས་བསམ། །ཨཱོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མསྶ་མནྟ་སྥ་ར་(༣ན)


GLG022_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཎ་ར་སྨི་བྷ་ཝ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛ་ལ་ནི་སྭཱཧཱ། སྔགས་འདི་ལན་བདུན༝། མགྲོན་ཀུན་དགྱེས་ཤིང་ཚིམ་གྱུར་ཅིག །དེ་ཡི་མཚམས་ཀྱི༝། །དབང་ཆེན་ཕྱག་རྡོར་ལྗང་དམར་ནི། །ཕྱག་མཚན་རྡོ་རྗེ་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད་ལྡན་པར་བཞུགས། །སོར་བསྣོལ་ཕྱག་རྒྱ་ཛ་དམར་ལས། །འོད་འཕྲོས་མགྲོན་བཞིའི་མཐུ་སྟོབས་བསྡུས། །ན་མསྶ་མནྟ་བུདྡྷཱ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷཉྫ་ན་མཧཱ་ས་མ་ཡ་ཧཱུཾ་ཕཊ། སྔགས་འདི་ལན་བདུན་བརྗོད་པའི་མཐུས། དབང་བསྡུས་འཕྲིན་ལས་ཀུན་འགྲུབ་ཤོག །ཅེས་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ཏེ། ཧཱུཾ། འཆི་བདག་ནག་པོ་གཤིན་རྗེའི་གཙཿ བགེགས་ཀྱི་རྒྱལ་པོ་ཆེན་པོ་དངཿ སྟེང་གདོན་ལྷ་སྲིན་དྲེགས་པ་ཅནཿ འོག་གདོན་ཀླུ་སྲིན་ཀླུ་གཉན་དངཿ བར་གདོན་བདུད་དང་རྒྱལ་པོ་བཙནཿ སྲིད་པའི་ཕོ་འདྲེ་མོ་འདྲེ་དངཿ མགོན་པོ་དམ་སྲི་མ་ནིང་གདོནཿ གཤིན་རྗེ་ཕོ་ཉ་འབུམ་བྲག་དངཿ དྲེགས་པ་སྡེ་བརྒྱད་མ་ལུས་པཿ དཔོན་དང་གཡོག་འཁོར་བཅས་པ་ལཿ བདག་གཞན་གྱི་ཆེད་དུ་ཡིན་ན། མི་ལས་ལྷག་པའི་ཞེས་བསྒྱུར། ལས་ལྷག་པའི་གཟུགས་དང་གླུདཿ སྔགས་དང་ཕྱག་རྒྱས་བྱིན་རླབས་ནསཿ སྲིད་པའི་ལྷ་སྲིན་ཀུན་ལ་འབུལཿ ཁྱེར་ཅིག་ཁྱེར་ཅིག་གདོན་གྱི་ཚོགསཿ འདོད་སྲེད་ཆགས་སྡང་བྲལ་བར་བགྱིཿ མཐོང་དག་རེག་པའི་བསམ་ངན་རྟུལཿ གཟུང་བ་ཐོང་ལ་བཅིངས་པ་གློདཿ འཛིན་པའི་ཞེན་པ་དང་གྲོལ་ཅིགཿ སྔོན་གྱི་ལན་ཆགས་ཤ་འཁོན་དངཿ བུ་ལོན་འཕྲལ་གྱི་རྐྱེན་རྣམས་ཀུནཿ ཐམས་ཅད་མ་ལུས་འཁོར་བར་གྱིསཿ བདག་གི་བསམ་པའི་སྟོབས་དང་ནིཿ དེ་བཞིན་གཤེགས་པའི་སྦྱིན་སྟོབས་དངཿ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིསཿ གདོན་བགེགས་མ་ལུས་ཐམས་ཅད་ཀྱིཿ བསམ་པ་ཡིད་(༣བ)


GLG022_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འགྲུབ་གྱུར་ཅིགཿ ལན་གསུམ་བརྗོད་དེ་གཞུང་བཞིན་རྫོངཿ རྒྱས་པར་སྤྲོ་ན་གླུད་རབས་གཞན་ནས་འབྱུང་བ་ལྟར་བྱས་ཀྱང་རུང་བར་སེམས་སོ། །སློབ་དཔོན་གྱིས་སྲུང་སྔགས་བཟླ་ཞིང་སྲུང་འཁོར་བསྒོམ། །བླ་མ་གཤིན་རྗེ་གཤེད་དུ་གསལ་གདབ་པ་ནི། རང་ཉིད་བླ་མ་རྡོ་རྗེ་དྲག་རྩལ་དུ། །གསལ་བ་སྐད་ཅིག་ཙམ་གྱིས་གནས་འགྱུར་ཏེ། །གྲུ་གསུམ་མཐིང་ནག་མཁའ་སྟེང་རླུང་ནག་འཁྲུག །བསྐལ་པའི་མེ་འབར་སྟེང་ན་རྒྱ་མཚོ་ཆེ། །མཐིང་ནག་རྦ་ཀློང་འཁྱིལ་བ་མཁའ་ལ་འཕྱོ། །སྲ་བརྟན་རྡོ་རྗེའི་ས་གཞི་རྣམ་པར་བཀྲ །གསལ་བ་དེ་སྟེང་དུ་ཡ་རགྴ་ནན། །ཞེས་པའི་སྔགས་ཀྱི་གཤིན་རྗེ་ཕོ་མོ་ནི། །ཟུང་ལྔ་བསྒྱེལ་བའི་སྟེང་དུ་པདྨ་དང་། །ཟླ་ཉི་བརྩེགས་སྟེང་ཡ་མ་མེ་ད་ཀྵེ། །ཡི་གེ་ཁ་དོག་རྣམ་པ་ལྔར་འབོར་བས། །འོད་ཟེར་འཕྲོ་འདུ་ཡོངས་སུ་གྱུར་བ་ལས། །དབུས་ཀྱི་མཐིང་ནག་ཡ་ལས་བདག་ཉིད་སྐུ། །ངོ་བོ་རིགས་འཛིན་བླ་མ་རྣམ་པ་ནི། །བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །སྐུ་ཆེ་རགས་པ་རི་རབ་ལྷུན་པོར་བསྙེས། །དབུ་ཡིས་ཚངས་པའི་འཇིག་རྟེན་ཐང་དུ་སླེབས། །སྡང་མིག་སྤྱན་གཟིགས་ཞལ་གདངས་མཆེ་བ་གཙིགས། །སྨིན་མ་སྨ་ར་ཨག་ཚོམ་མེ་ལྟར་འབར། ཁམ་ནག་དབུ་སྐྲ་གྱེན་དུ་རྣམ་པར་འཁྱིལ། །ཕྱག་གཡས་ཞིང་གི་བེ་ཅོན་མཁའ་ལ་འཕྱར། །གཡོན་པ་ཞགས་པ་དང་བཅས་སྡིགས་མཛུབ་མཛད། །རིགས་ལྔའི་སངས་རྒྱས་དབུ་བརྒྱན་དུར་ཁྲོད་ཀྱི། །ཆས་བརྒྱད་མ་ལུས་སྐུ་ལ་ཡོངས་སུ་རྫོགས། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་ཚུལ་དུ་བཞུགས། །མདུན་གྱི་གདན་སྟེང་མ་ཡིག་ཡོངས་གྱུར་ལས། །ཡ་མ་རཱ་ཛ་སྨུག་ནག་གཡས་པ་ན། །ལྕགས་ཀྱི་བེ་ཅོན་གཡོན་པ་འཁོར་ལོ་འཛིན། །གཡས་ཀྱི་གདན་སྟེང་མེ་ཡིག་ཡོངས་གྱུར་ལས། །མྱོས་(༤ན)


GLG022_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་འབར་བ་སེར་ནག་གཡས་པ་ན། །གསེར་གྱི་བེ་ཅོན་གཡོན་པ་འཁོར་ལོ་འཛིན། །རྒྱབ་ཀྱི་གདན་སྟེང་དུ་ད་ཡིག་ཡོངས་གྱུར་ལས། ཁྲོ་བོ་ཨརྱ་དམར་པོ་གཡས་པ་ན། །ཟངས་ཀྱི་བེ་ཅོན་གཡོན་པ་འཁོར་ལོ་འཛིན། །གཡོན་གྱི་གདན་སྟེང་ཀྵེ་ཡིག་ཡོངས་གྱུར་ལས། །རལ་པ་ཚར་དགུ་ལྗང་ནག་གཡས་པ་ན། །གཡུ་ཡི་བེ་ཅོན་གཡོན་པ་འཁོར་ལོ་འཛིན། །རྣམ་འགྱུར་རྒྱན་ཆ་གཙོ་བོ་དང་མཚུངས་གྱུར། །ཨཱོཾ་ཡ་མཱནྟ་ཀ་ཡ་མ་མེ་ད་ཀྵེ། རཱ་ཛ་ས་ཧོ། རུ་ན་ཡོ་ནི། ར་ཡ་ཙ་ནི་ཧཱུཾ་ཕཊ། དུ་རཾ་ཧྲི་ཡང་འདྲིད་བྱུང་ཧ་གཟེར་བྱུང་། །གཤིན་རྗེ་འཆི་བདག་ནག་པོའི་གནོད་པ་ཨེ་ཧུར་ཟུམ་ཛ། ཁཾ་ཤག་རོ་མྱགས་མུགས་ཏི་རྦད་ཡ། ཞེས་གོང་བསྙེན་གྱི་འཛབ་ཅི་ནུས་སུ་བཟླ། མདུན་བསྐྱེད་ནི། །ཨཱོཾ་སྭ་བྷཱ་ཝ་བི་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་བི་ཤུདྡྷོ་྅ཧཾ། ཆོས་རྣམས་མི་དམིགས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་ཨེ་རཾ་ཡོངས་གྱུར་པས། །འོག་བཞི་ལྕགས་མཁར་གྲུ་གསུམ་ནག་པོ་ལ། །བསྐལ་པ་དུས་མཐའི་མེ་དཔུང་འུར་འུར་འབར། །དེ་ཡི་ནང་དུ་སྲོག་ཆགས་འབུམ་ཕྲག་གི །བཾ་རོ་གསར་རྙིང་བརྩིགས་པའི་ཁྲི་སྟེང་དུ། །སྐད་ཅིག་ཙམ་གྱིས་ཡི་གེ་ཡ་དག་དུ། །མཐིང་ནག་འོད་ཟེར་འཕྲོ་འདུ་ཡོངས་གྱུར་ལས། །འཇིག་རྟེན་ལས་ལ་གྲུབ་པའི་འཆི་བདག་ནི། །སྲིད་གསུམ་ཟ་བའི་གཤིན་རྗེ་མ་རུངས་པ། །མུན་པ་བྱེ་བས་བྱུགས་པ་ལྟར་གནག་པའི། །མདོག་ཅན་སྲིན་པོ་དྲག་ཏུ་ཁྲོས་པའི་གཟུགས། ཁྲོ་གཉེར་གཡོ་ཞིང་མིག་གསུམ་སྡང་མིག་བལྟ། །དམར་སེར་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས། །སྨིན་མ་སྨ་ར་དུས་མཐའི་མེ་ལྟར་འབར། །གནམ་ས་གདངས་པ་ཙམ་གྱི་ཁ་ནང་དུ། །རབ་དཀར་མཆེ་བ་གངས་རི་ལྟ་བུ་གཙིགས། །ལྕེ་ནི་གློག་འཕྲེང་འཁྲིགས་པ་བཞིན་དུ་འཁྱུག །ཡན་ལག་རྣམས་(༤བ)


GLG022_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཉྭ་སུམ་རེ་རེ་ལ། །རྒྱང་གྲགས་གསུམ་གྱི་ཚད་དང་རྣམ་པར་ལྡན། །ཡན་ལག་བཞི་ཡི་སེན་མོ་རྣོ་ངར་ཅན། །ལྕགས་ཀྱུ་བཀུག་པ་ལྟ་བུར་རབ་ཏུ་འཇིགས། །གཡས་པ་འཇིག་རྟེན་མ་ལུས་འདེགས་ནུས་པའི། །ཕུང་བར་བྱེད་པའི་བདུད་ཀྱི་ཁྲམ་ཤིང་དང་། །སྐྱེ་འགྲོ་འཆིང་བའི་ཞགས་པ་ནག་པོ་ཐོགས། །གཡོན་པ་སྲོག་རྩ་མ་ལུས་གཅོད་བྱེད་པའི། །རལ་གྲི་སོ་གཅིག་པ་ནི་འཛིན་ཞིང་འཕྱར། །ཐོད་སྐམ་དབུ་བརྒྱན་རུས་པའི་རྒྱན་ཆས་དང་། །སྦྲུལ་གྱི་གདུ་བུ་པགས་རློན་གོས་སུ་གྱོན། །རོ་སྨད་སྟག་ལྤགས་རློན་པའི་ཤམ་ཐབས་དཀྲིས། །ལྟོ་བ་རབ་ཡངས་སྲིད་པའི་གྲོང་ཁྱེར་བཅས། །རྒྱ་མཚོ་ཆེན་པོའི་ཕ་མཐའ་འགེབས་ནུས་པའི། །འཇིགས་རུང་མ་ཧེ་ནག་པོའི་སྟེང་ན་འགྱིང་། །རྒྱབ་ཏུ་ལས་ཀྱི་འཚུབ་མའི་ཕུང་པོ་འཁྱིལ། །འཆི་བདག་མདུན་དུ་ཞེ་སྡང་ལས་གྲུབ་པའི། །གཤིན་རྗེ་ནག་པོ་ཁ་གདངས་མཆེ་བ་གཙིགས། །ཉྭ་སུལ་རགས་ཤིང་ཡན་ལག་རྣམ་པར་བགྲད། །མཐོང་བ་ཙམ་གྱིས་སྐྱེ་འགྲོའི་སྲོག་དབུགས་འཕྲོག །གཡོན་དུ་ཕྲག་དོག་འཁྲུགས་པ་ལས་བྱུང་བདུད། །སྡིག་པ་ནག་པོ་རྭ་དང་ཁ་མིག་གདངས། །ཡན་ལག་བགྲད་ཅིང་མཇུག་མ་ལྕགས་ཀྱུ་ལྟར། །བཀུག་ཅིང་མཐོང་བ་ཙམ་གྱིས་འཇིགས་པར་བྱེད། །རྒྱབ་ཏུ་གཏི་མུག་འཐིབས་པ་ལས་བྱུང་བདུད། །སྲ་མཁྲེགས་ལྕགས་ལས་རྣམ་པར་གྲུབ་པ་ཡི། །རུ་དང་གཤོག་པ་གདེངས་པའི་ཕྱེ་མ་ལེབ། །ཚུལ་ཅན་སྐྱེ་འགྲོའི་སྲོག་ལ་རྣམ་པར་རྒོལ། །གཡོན་དུ་འདོད་ཆགས་ཞེན་པ་ལས་བྱུང་བའི། །སྲོག་དབུགས་ཤ་ཁྲག་ཟ་ལ་རབ་རྔམ་པའི། །འཇིགས་སུ་རུང་བའི་དྲེད་མོ་དམར་ནག་གཟུགས། །མཆེ་བ་གཙིགས་ཤིང་སྦར་མོ་རྣོན་པོ་བགྲད། །གཞན་ཡང་ཁ་གདངས་མཆེ་གཙིགས་འཇིགས་སུ་རུང་། །སྣ་ཚོགས་མཚོན་ཆ་ཐོགས་ནས་བླ་ཚེ་བརྐུ། །སྲིད་གསུམ་མ་ལུས་མྱུལ་བའི་(༥ན)


GLG022_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་ཡི། །གྲངས་མེད་འཁོར་གྱིས་ཡོངས་སུ་བསྐོར་བར་གྱུར། །ཨཱོཾ་བཛྲ་ཏྲི་ཀ་ཎ་ཁངྒ་ཧཱུཾ། ཞེས་བཟླས་ཤིང་ཐུན་སྒྲུབ། མི་བཟད་རྣོ་ངར་ལྡན་པ་ཡིས། །ཐུན་ནག་བྲབས་པས་ས་གཞི་གས། །མཐའ་ཡི་རྒྱ་མཚོ་ཆེར་ནག་པ། །མེར་མེར་མངོན་སུམ་གསལ་བར་གྱུར། །ཡང་སྔར་གྱི་སྔགས་དང་བཅས་ཏེ་ཐུན་རྡེག །ཛ། རང་ཉིད་གཤིན་རྗེ་གཤེད་གསལ་བའི། །ཐུགས་ཀ་ལས་འཕྲོས་འོད་ཟེར་ནི། །ལྕགས་ཀྱུ་རྣོན་པོ་ལྟ་བུ་ཡིས། །འཆི་བདག་གཤིན་རྗེའི་ཚོགས་རྣམས་བཀུག །ཨཱོཾ་ཀྲྀཥྞ་ཛ་མ་རི་ཧཱུཾ་ཛ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ཛ་ཛ། ཞེས་ཕྱག་རྒྱ་དང་བཅས་ལན་མང་དུ་བརྗོད། ཨཱོཾ་བཛྲ་ཨ་མྲྀ་ཏས་བགེགས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁྲག་གི་ཨརྒྷཾ། ཤ་ཆེན་གྱི་དུད་པ། དབང་པོའི་མེ་ཏོག །ཞུན་ཆེན་གྱི་མར་མེ། མཁྲིས་ཆེན་གྱི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། རྐང་གླིང་སྙན་པའི་རོལ་མོར་བཅས་པ། འཆི་བདག་གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱི་དབང་པོ་དྲུག་ཚིམ་པར་བྱེད་པའི་མཆོད་སྤྲིན་ཟད་མི་ཤེས་པ་ནམ་མཁའ་དང་མཉམ་པར་གྱུར། ཨཱོཾ་ཨ་ཧ་ར་ཨ་ཧ་ར་སརྦ་བིདྱ་ར་པཱུ་ད་ཏི་ཧཱུཾ། དྷཱུ་བེ་ཧཱུཾ། པུཥྤེ་ཊཾ། ཨཱ་ལོ་ཀེ་ཧྲི། གྷནྡྷེ་གན། ཀྲྀཥྞ་ཛ་མ་རི་ཧ་བྷ་ལིནྟ་ཁཱ་ཧི། ཞེས་མཆོད་པ་དང་གཏོར་མ་འབུལ་ལོ། །གཏོར་འབུལ་དངོས་ནི། སྭ་བྷཱ་ཝས་སྦྱངས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏ་ད་ཁམ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཨཱོཾ་ཨཱཿཧཱུཾ། ལན་གསུམ་བརྗོད་བྱིན་གྱིས་བརླབས། ཨཱོཾ་དུ་ཏི་བྷི་ཛ་ཧཱུཾ་ཐ་ཀྲྀཥྞ་ཛ་མ་རི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཨི་དན་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདུན་ནམ་གསུམ་གྱིས་ཕུལ། དེ་ནས་རྡོ་རྗེ་དྲིལ་བུ་དང་རོལ་(༥བ)


GLG022_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཐོགས་ནས་འདི་སྐད་ཅེས་བརྗོད་དོ། །ཧཱུཾ། ཡ་ལས་གྲུབ་པའི་སྟོབས་པོ་ཆེ། །དུ་ལས་གྲུབ་པའི་རྫུ་འཕྲུལ་ཅན། ཁམས་གསུམ་སྲིད་པའི་དབང་པོ་ཆེ། །མ་རུངས་དྲེགས་པ་ཀུན་གྱི་རྗེ། །འབྱུང་བའི་འཁོར་ལོས་ཐམས་ཅད་འཇོམས། །སྐྱེ་འགྲོའི་ཤ་ཁྲག་དབུགས་ལ་ཟ། །སྲོག་འཕྲོག་གཤིན་རྗེ་ནག་པོ་ནི། །སྐུ་མདོག་མཐིང་ནག་མུན་རུམ་འཁྱིལ། །སྤྱན་གསུམ་ཁྲོ་གཉེར་གློག་ལྟར་འཁྱུག །ལྕགས་ཀྱི་རལ་པ་མི་མགོས་བརྒྱན། །ལྗགས་འདྲིལ་མཆེ་བ་གཙིགས་པ་ཡིས། །དུས་གསུམ་སངས་རྒྱས་མ་གཏོགས་པའི། །ཚངས་པའི་འཇིག་རྟེན་མན་ཆད་ནས། །འཇག་མིག་སྲིན་བུ་ཡན་ཆད་ཀྱི། །སྲོག་དབུགས་ཟ་བའི་སྟོབས་པོ་ཆེ། །སྲོག་བདག་གཤིན་རྗེ་ནག་པོ་ཁྱོད། །གཡས་པ་ཁྲག་ཤིང་མིག་དགུ་ཡིས། །སྐྱེ་འགྲོ་སྲོག་དབུགས་ཁྲམ་ལ་འདེབས། །མུན་ཞགས་ནག་པོ་མདའ་ལྟར་འཕེན། །རླུང་ལྟར་མགྱོགས་པས་འགྲོ་དྲུག་འཆིང་། །གཡོན་པ་གྲི་ནག་སོ་གཅིག་གིས། །འགྲོ་བའི་སྲོག་རྩ་ཉལ་ཐག་གཅོད། །སེན་མོ་ལྕགས་ཀྱུའི་མཚོན་ཆ་ཡིས། །འགྲོ་དྲུག་རོ་ཡི་ལུས་ཀུན་གཏུབ། །རྔམས་པའི་སྟོབས་ཀྱིས་ཕྱོགས་བཅུར་རྒྱུག །འཇིག་རྟེན་ཁམས་ཀྱི་སྟོབས་པོ་ཆེ། །ཀུན་གྱི་གཟི་བརྗིད་སྟོབས་ཟ་བ། །དྲག་ཤུལ་ཅན་ལ་མཆོད་པར་དབུལ། །ཞེས་བསྟོད། དེ་ནས་མེ་ཏོག་འཐོར་ཞིང་། ཀྱེ། འཆི་བདག་གཤིན་རྗེ་འཁོར་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ། །བདག་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དང་། །དེང་ཡོན་གྱི་བདག་པོ་མིང་འདི་ཞེས་བྱ་བ་ལ། །འཆི་བདག་གི་རྒྱལ་པོ་འཁོར་དང་བཅས་པ་ཁྱོད་རྣམས་ཀྱིས། །སྔོན་བསྐལ་པ་དཔག་ཏུ་མེད་པའི་ཐོག་མ་ནས་དུས་ད་ལྟ་ཡན་ཆད་དུ། བུ་ལོན་དང་། ལན་ཆགས་དང་། སྟོང་ཁྲིན་དང་། ཉོན་མོངས་པའི་ལས་ཀྱི་རྐྱེན་ཅི་ཡོད་པ་(༦ན)


GLG022_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ད་ལྟ་ཉིད་དུ་འཇལ་བར་བགྱི། །ཚེ་དང་སྲོག་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ལུས་ངག་ཡིད་གསུམ་བར་དུ་གཅོད་པའི་རྐྱེན་དུ་འགྲོ་བ། འགལ་བར་བྱེད་པའི་ལས་གང་ཡང་མ་བྱེད་ཅིག །ལན་གསུམ་བརྗོད། ལན་ཆགས་འཇལ་རྒྱའི་ཡས་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས། འབྲུ་སྣ་བཏུང་བའི་བྱེ་བྲག་རྣམས། །བྲེ་ལ་གཞལ་ཏེ་འབུལ་བར་གྱིས། །ཤ་མར་དར་ཟབ་རིན་ཆེན་སོགས། །སྲང་ལ་བཏེག་ནས་འབུལ་བར་གྱིས། །གྲངས་རྣམས་རིམ་པར་འདྲེན་བཞིན་མང་པོར་སྤེལ་བའི་སྔགས་ཀྱང་བརྗོད། དེ་རྗེས་གླུད་རབས་ཚར་གཅིག་བཏང་། ལྷའི་ང་རྒྱལ་གྱིས་འདི་སྐད་དོ། །ཧཱུཾ། རི་རྒྱལ་ལྷུན་པོའི་རྨང་འོག་ན། །རྒྱ་མཚོ་ཆེན་པོའི་གཏིང་རུམ་ན། །རླུང་ནག་འཚུབ་མའི་སྟེང་ཤེད་ན། །བསྐལ་པའི་མེ་དང་རྒྱ་མཚོའི་བར། །ལྕགས་བསྲེགས་ནག་པོའི་ས་གཞི་ལ། །ལྕགས་ཀྱི་ཁང་པ་སྒོ་མེད་ནང་། །གཤིན་ཡུལ་འཇིག་རྟེན་རྨེ་ནག་ཅེས། །ཟིན་ནས་ཐར་པ་མེད་པའི་གནས། །འཇིགས་སུ་རུང་བའི་གནས་དེ་ན། །འཆི་བདག་ཆོས་ཀྱི་རྒྱལ་པོ་ཁྱོད། །མངོན་ཤེས་མཐུ་དང་རྫུ་འཕྲུལ་ལྡན། །དགེ་སྡིག་ཆོས་བཞིན་སྤྱོད་པའོ། ཁྱོད་ལ་ལན་ཆགས་སྟོང་ཁྲིན་དུ། །འབྱོར་བའི་ལོངས་སྤྱོད་གླུད་འབུལ་གྱི། །འཇིག་རྟེན་ས་སྟེང་ལྷ་མིའི་ཡུལ། །དགེ་བཅུ་དམ་ཆོས་སྤྱོད་པའི་སར། །དེང་ནས་མི་ལོ་བཅུ་གསུམ་དུ། །འཆི་བདག་ཞགས་པས་མ་འདེབས་ཤིག །གཤིན་རྗེའི་ཕོ་ཉ་མ་གཏོང་ཞིག །འཇམ་དཔལ་ཡ་མཱནྟ་ཀ་ཡི། །བཀའ་དང་དམ་ལས་མ་འདའ་ཞིག །ཨཱོཾ་ཡ་མཱནྟ་ཀ་ཡ་བ་ཏི་ས་མ་ཡ་ན་ར་སྐན། རྩེ་གསུམ་གྱིས་བདུད་རྩི་ལྕེ་ཐོག་ཏུ་བཞག་ནས་མནའ་ཆུ་བླུད། །དམ་བསྒྲག་པ་ནི། ཧཱུཾ། ཆོས་དབྱིངས་ཀ་དག་གསལ་སྟོང་(༦བ)


GLG022_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མེད་ལ། །འཁོར་བ་མྱ་ངན་འདས་པར་རོ་གཅིག་པས། །གནོད་བྱ་གནོད་བྱེད་གནོད་པའི་ཡུལ་ལ་སོགས། །རྡུལ་ཕྲན་ཙམ་ཡང་གྲུབ་པ་ག་ལ་ཞིག །འཛིན་མེད་འཛིན་པ་ཞུགས་པའི་འཁྲུལ་ངོ་རུ། །ལུས་སྲོག་ལོངས་སྤྱོད་དེ་འཇོམས་དགྲ་བགེགས་སོགས། །སྒྱུ་མའི་རོལ་པ་ཇི་བཞིན་སྣང་བ་ཀུན། །རྟེན་འབྲེལ་ཐབས་ཀྱིས་མི་བཟློག་གང་ཡང་མེད། །འདོད་ཆགས་ཞེ་སྡང་གཏི་མུག་ལས་གྲུབ་པའི། །རྒྱུད་གསུམ་དྲེགས་པའི་ཚོགས་རྣམས་མ་ལུས་པ། །སྔོན་ཚེ་དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀས། །སྲོག་གི་སྙིང་པོ་མ་ལུས་བླངས་མིན་ནམ། །བྱེ་བྲག་འཆི་བདག་གཤིན་རྗེའི་ཚོགས་རྣམས་ཀུན། །ཕྱག་རྒྱ་མ་ལུས་ཟིལ་གྱིས་གནོན་བྱེད་པའི། །འཇམ་དཔལ་དཔའ་བོ་དུས་ཀྱི་དགྲ་ཆེན་པོས། །སྲོག་སྙིང་བླངས་ནས་དམ་ལ་མ་བཏགས་སམ། ཁྱད་པར་དུས་གསུམ་རྒྱལ་བ་ཀུན་གྱི་དངོས། །ཨྱོན་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །མ་རུངས་འདུལ་ཕྱིར་ལང་ཀའི་ལྷོ་ཕྱོགས་ཀྱི། །དུག་སྡོང་ནག་པོའི་འགྲམ་དུ་བཞུགས་པའི་ཚེ། །ནམ་གྱི་སྲོད་ཡོལ་དུས་སུ་མཐའི་རྒྱ་མཚོ། །མཁའ་ལ་འཕྱོ་ཞིང་རྦ་ཀློང་འཁྲུག་པ་དང་། །གདུག་པའི་སྐད་སྒྲོག་ས་གཞི་ནགས་ཚལ་གཡོ། །ལྷ་སྲིན་འབྲོས་སོགས་མི་རུང་ལྟས་དང་བཅས། །ཅུང་ཞིག་ཙམ་ན་རྒྱ་མཚོའི་འགྲམ་དག་ནས། །འཆི་བདག་ནག་པོ་རལ་པའི་ཐོར་ཅོག་ཅན། །འཇིགས་རུང་གཟུགས་ཅན་རང་དང་འདྲ་བའི་འཁོར། །འབུམ་ཕྲག་མང་པོས་བསྐོར་ཏེ་ས་སྟེང་དུ། །འོངས་ཚེ་རིགས་འཛིན་པདྨ་ཐོད་འཕྲེང་རྩལ། །ཞེ་སྡང་གཤིན་རྗེ་གཤེད་པོའི་ཏིང་འཛིན་གྱི། །འཆི་བདག་ནག་པོའི་སྲོག་སྙིང་འཕྲོགས་མིན་ནམ། །སྲིད་པའི་རྩེ་ནས་དམྱལ་བ་ཡན་ཆད་དུ། །ང་ཡིས་དབང་གྱུར་ཐམས་ཅད་བརླག་ནུས་པས། །ཡལ་གམ་ཆེན་པོ་ང་ཡི་གནས་འདི་ན། །མ་འདུག་ཅེས་པའི་ཁེངས་ཚིག་(༧ན)


GLG022_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པའི་ལན། །ཁྱོད་ནི་འཇིག་རྟེན་འཁྲུལ་པའི་བདག་པོ་སྟེ། །ང་ནི་འཁོར་འདས་ཀུན་ལ་དབང་སྒྱུར་བས། །གནམ་ལྕགས་འབར་བའི་བེ་ཅོན་འདི་བརྒྱབ་ན། ཁྱེད་ཀྱང་ཐལ་བའི་རྡུལ་དུ་བརླག་པར་འགྱུར། །འཇིགས་མེད་རྡོ་རྗེའི་ཚིག་དེ་ཐོས་པ་ན། །ཞུམ་བཞིན་སྐྲག་ནས་སློབ་དཔོན་ཞབས་ལ་གཏུགས། །རྫས་སྔགས་ཏིང་འཛིན་འཁྲུལ་འཁོར་ལ་བརྟེན་ནས། །འཆི་བདག་བཟློག་པའི་ཆོ་ག་མ་ལུས་ཕུལ། །ཉམས་སུ་བླངས་ན་འཆི་བདག་ལག་ཆུད་ཀྱང་། །ལོ་ལྔར་བཟློག་པ་ཁས་ལེན་མ་བྱས་བསམ། །དེ་ཚེ་རྒྱལ་དབང་པདྨ་ཀ་ར་ཡིས། །སྲིན་པོ་ཁྲག་མིག་བསྒྲལ་བའི་ཤ་ཁྲག་སོགས། །མཐུན་རྫས་སྔགས་དང་ཕྱག་རྒྱས་བྱིན་རླབས་ནས། །ལུས་ཅན་ཀུན་གྱི་དོན་དུ་བསྔོས་པའི་ཚེ། །བཅུ་གསུམ་ལོ་ཡི་བར་དུ་འགྲོ་བ་ལ། །གནོད་པ་སྤོང་བའི་དམ་བཅའ་བྱས་མིན་ནམ། །དེ་ལྟར་སློབ་དཔོན་ཆེན་པོ་ནས་བཟུང་སྟེ། །རིགས་འཛིན་རྩ་བརྒྱུད་བླ་མ་མཐའ་དག་གིས། །དཔལ་ལྡན་དུས་དགྲའི་ཏིང་འཛིན་ལ་བརྟེན་ནས། །གཤིན་རྗེ་དམ་བཏགས་འཆི་བདག་གཡུལ་ལས་རྒྱལ། །དེང་འདིར་རིག་སྔགས་འཆང་བ་བདག་ཅག་རྣམས། །སྒྲུབ་ལ་མཆོག་གི་དེད་དཔོན་མཚོ་སྐྱེས་རྗེ། །རིང་ལུགས་བརྒྱུད་པའི་བཀའ་སྲོལ་མ་ཉམས་པ། །ཐོས་བསམ་བསྒོམ་པའི་བྱིན་རླབས་མཚན་ཁ་ཅན། །འཛིན་མེད་སྤྲོས་བྲལ་ལྟ་བའི་ཀློང་ཡངས་སུ། །གསལ་སྟོང་ཏིང་འཛིན་འཕྲོ་འདུ་འགོག་པ་མེད། །མཐུན་པའི་རྫས་དང་ཟབ་མོའི་གསང་སྔགས་བཅས། །དུས་མིན་འཆི་བ་བཟློག་པའི་ཐབས་བསྒྲུབ་ན། །སྔོན་ནས་ཁས་བླངས་དམ་བཅས་དམ་ཚིག་དང་། །རྟེན་འབྲེལ་རྒྱུ་རྐྱེན་ཚོགས་པའི་ནུས་མཐུ་ཡིས། །སྦྱིན་བདག་ཆེ་གེ་མོ་ཞེས་བྱ་བ་རྣམས། ཁྲམ་ལ་བཏབ་པ་ཡོད་ན་ཁྲམ་ཁ་ཕྱིས། །ཤོ་ལ་བཏབ་ན་རྡེའུ་(༧བ)


GLG022_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ནག་སྤོས། །བདུད་ཀྱི་ཞགས་པས་བཅིངས་ན་མདུད་པ་ཁྲོལ། །བྱད་དུ་བཅུག་ན་བྱད་ཐག་མྱུར་དུ་ཆོད། །འདི་ལ་དུས་མིན་འཆི་བའི་ལྟས་ཡིན་ན། །བཅུ་གསུམ་བར་དུ་མི་འཆི་བཤོལ་ཐོབ་ཅིག །གལ་སྲིད་དུས་ལ་བབ་ཅིང་ཚེ་ཟད་ཀྱང་། །ལོ་གསུམ་བར་དུ་མི་འཆི་བཤོལ་ཐོབ་ཅིག །བསྒོ་བའི་བཀའ་ལ་ཉན་པར་མི་བྱེད་ན། ཁས་བླགས་དམ་བཅའ་ཉམས་པའི་བཀའ་ཆད་དང་། །རྩ་བ་གསུམ་གྱི་བདེན་པའི་བྱིན་རླབས་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་ནུས་པ་ཡིས། །གདུག་ཅན་ཁྱོད་ཀྱི་མགོ་བོ་ཚལ་བར་འགས། །དེ་བས་མི་ལ་གླུད་དགའ་གླུད་འདི་ཁྱེར། །ལན་ཆགས་བུ་ལོན་འདི་ཡིས་ཚིམ་གྱིས་ལ། འདི་རུ་མ་འདུག་རང་གི་ཡུལ་དུ་སོང་། །དེ་ནས། འཆི་བདག་གཤིན་རྗེ་ཁ་བསྒྱུར་ཏེ་བཏེག །དི་ཨ་ཡི། བསྐལ་པ་དུས་མཐའི་རླུང་ཤུགས་དང་། །ལྡན་པའི་རྔ་མོ་ཡིས་བཏེག་ནས། །འཆི་བདག་གླུད་དང་བུ་ལོན་བཅས། །ལྷོ་ཡི་ཕྱོགས་སུ་འགྲོ་བར་གྱུར། །ཧཱུཾ། འཆི་བདག་གཤིན་རྗེ་ནག་པོའི་ཚོགས། ཁྱོད་ནི་ལས་ཀྱི་རྫུ་འཕྲུལ་ཅན། །འགྲོ་བའི་སྲོག་བདག་ཆེན་པོ་ཁྱོད། །མ་རུངས་གཤིན་རྗེའི་འཁོར་གྱིས་བསྐོར། །བགེགས་ཀྱི་རྒྱལ་པོ་འཁོར་བཅས་ལ། །མཆོད་སྦྱིན་གཏོར་གླུད་བཟང་པོ་དང་། །བུ་ལོན་ལན་ཆགས་བཅལ་ཟིན་གྱིས། །གླུད་དང་གཏོར་མ་འདི་ལོང་ལ། །ང་ཡི་སེམས་བསྐྱེད་གནས་འདི་རུ། །གཤིན་རྗེའི་གནོད་པ་མ་བཏང་ཞིག །བདུད་ཀྱི་ཁྲམ་ལ་བཏབ་པ་ཕྱིས། །འཆི་བདག་ཞགས་པས་མ་འཆིང་ཞིག །སྔོན་ཆད་བཅིངས་ན་ད་ལྟ་ཁྲོས། །སྐྱེ་འགྲོ་གསོད་པའི་ལས་མ་བྱེད། །དུད་ཀྱི་ཁྲམ་ཀ་སླར་ལ་བརྟུལ། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །གནོད་ཅིང་འཚེ་བར་མ་བྱེད་པར། །ལན་ཆགས་སྟོང་ཁྲིན་བཅལ་ཟིན་གྱིས། །གླུད་དང་གཏོར་(༨ན)


GLG022_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདི་ལོང་ལ། །འདི་ནས་ལྷོ་ཡི་ཕྱོགས་སུ་བསྐྱོད། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི །ཕ་རོལ་རྒྱ་མཚོ་ནག་པོའི་གཏིང་། །ཉི་མ་ཟླ་བ་མེད་པའི་གནས། །མུན་རུམ་འཁྱིལ་བའི་ནང་ཤེད་ན། །འཆི་བདག་གཤིན་རྗེའི་རང་ཡུལ་ཡོད། །སྐྱོད་ཅིག་གཤིན་རྗེ་དེ་རུ་སྐྱོད། །གཤེགས་ཤིག་འཆི་བདག་འཁོར་བཅས་གཤེགས། །བགེགས་ཀྱི་རྒྱལ་པོ་ད་སྐྱོད་ཅིག །ལན་གསུམ་བརྗོད་དེ། རོལ་མོའི་སྒྲ་ཆེན་པོ་དང་བཅས་བཏང་། དྲག་སྔགས་མང་དུ་བཟླ་ཞིང་། ཐུན་གྱིས་བྲག་བཟློག་སྔགས་ཅི་རིགས་བཟླ། དེ་ནས། ཨཱོཾ་ཡ་མ་མེ་དཀྵེ། ར་ཙ་ས་ཏོ། རུ་ན་ཡོ་ནི། ར་ཡ་ཙ་ནི། སརྦ་ཙ་ཏུ་ར་ནན། སྙིང་གཟེར་བྲེང་ཤག་ཡི་རྦད། ཚར་ཇི་ལྟར་རིགས་པ་བཟླས་རྗེས། དཔལ་ལྡན་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་ཀྱིས། །ནམ་མཁའི་ཁྱོན་ཀུན་མ་ལུས་རབ་བཀང་སྟེ། །འོད་ཟེར་མཚོན་ཆ་སྣ་ཚོགས་འཕྲོས་པ་ཡིས། །ཐོགས་མེད་མཐུ་སྟོབས་ནུས་པའི་རྫུ་འཕྲུལ་གྱིས། །འཆི་བདག་གཤིན་རྗེ་བདུད་དང་བགེགས་ཀྱི་ཚོགས། །ཆོམ་སྒྲ་དང་བཅས་རྒྱ་མཚོའི་ཀློང་བསྐྱལ་ཏེ། དཔག་ཚད་བརྒྱད་ཁྲི་བཞི་སྟོང་འོག་རོལ་ཏུ། །མུན་རུམ་མཐའ་མེད་གཤིན་རྗེའི་ཡུལ་སོང་ནས། །བསྐལ་པ་འདི་ཉིད་མ་འདས་བར་དག་ཏུ། །ཐོན་པའི་གོ་སྐབས་ཅུང་ཟད་མེད་པར་གྱུར། །ཞེས་བརྗོད་ཅིང་དམིགས་པ་དང་བཅས་ཆུ་བོ་ཆེན་པོ་ལ་དོར་བ་བྱའོ། །ཕྱིར་ལོག་ཅིང་སྲུང་སྔགས་བརྗོད། སྒོ་དྲུང་དུ་མཚམས་གཅོད་པ་ནི། དང་པོར་ཐིག་ལེ་ཉག་ཅིག་རྒྱ། །གཉིས་པ་ཐབས་དང་ཤེས་རབ་རྒྱ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་ཚད་མེད་བཞི་ཡི་རྒྱ། །ལྔ་པ་རྒྱལ་བ་རིགས་ལྔའི་རྒྱ། །དྲུག་པ་ཐུབ་པ་དྲུག་གི་རྒྱ། །བདུན་པ་སངས་རྒྱས་རབས་བདུན་རྒྱ། (༨བ)


GLG022_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

།རྒྱ་བདུན་བཏབ་པ་ཚུན་ཆད་དུ། །སྣང་སྲིད་འཁོར་འདས་དགྲར་ལངས་ཀྱང་། །དགྲ་ཞེས་བྱ་བའི་མིང་ཡང་མེད། །བགེགས་ཞེས་བྱ་བའི་མིང་ཡང་མེད། །རྒྱ་བདུན་མཚམས་ལས་མ་འདའ་ཞིག །ཨཻ་རིང་གི་སྲུང་སྔགས་བརྗོད། མེ་ཆུས་རྒྱས་བཏབ་བོ། །དེ་ནས་དཀྱིལ་འཁོར་བསྡུས། གཤིན་རྗེའི་བཤུལ་ལམ་དུ། ཧཱུཾ། སྲ་མཁྲེགས་རྡོ་རྗེ་འབར་བའི་རྒྱ་གྲམ་གྱིས། །གོ་སྐབས་མེད་པའི་ས་གཞིར་རབ་གྱུར་ནས། །བསྐལ་པ་མ་སྟོངས་བར་དུ་གཤིན་རྗེའི་ཚོགས། །སྐད་ཅིག་ཙམ་ཡང་ཐར་བ་མེད་པར་གྱུར། །ཨེ་ནན་བིག་ནན་སྟཾ་བྷ་ཡ་ནན། །ཞེས་བརྗོད་ཅིང་བྲོ་བརྡུང་། བླ་མ་གཤིན་རྗེ་གཤེད་དུ་རབ་གསལ་བ། །སླར་ཡང་གནས་འགྱུར་རྡོ་རྗེ་དྲག་པོ་རྩལ། །རྟེན་དང་བརྟེན་བར་བཅས་པའི་རྣམ་རོལ་ཏུ། །ལྷུན་གྲུབ་སྣང་སྟོང་ངང་དུ་གསལ་བར་གྱུར། །ཚོགས་ལ་རོལ་བ་ནས་བཟུང་། བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱི་བར་དཀྱུས་བཞིན་བཏང་བར་བྱའོ། །འདིའི་ཆ་ལག་དང་ལག་ལེན་གྱི་རིམ་པ་རྣམས་ནི་གཏེར་གཞུང་དང་ཟུར་རྒྱན་སོགས་ལས་ཤེས་པར་བྱའོ། །སྨྲས་པ། དཔག་བསམ་ཡོངས་འདུའི་ལྗོན་པ་དང་། །ཡིད་བཞིན་དབང་གི་རྒྱལ་པོ་ལ། །གསོལ་བ་བཏབ་ན་འདོད་པའི་དོན། །འགྲུབ་པ་དངོས་པོའི་གཤིས་ལུགས་མཚར། །རྫས་སྔགས་ཏིང་འཛིན་འཁྲུལ་འཁོར་དག །ཚུལ་བཞིན་ཉམས་སུ་བླངས་པ་ཡིས། །ལྔ་པའི་ཕོ་ཉ་བཟློག་ནུས་པའི། །རྟེན་ཅིང་འབྲེལ་བར་འབྱུང་འདི་རྨད། །འོན་ཀྱང་འདི་འདྲའི་གནད་ཤེས་པ། །ཨུ་དུམ་ཝཱ་ར་དང་མཚུངས་ཏེ། །དྲེགས་ལྡན་ཆེར་རློམ་འུར་བརྒྱངས་ཅན། །ཀུན་གྱི་སྤྱོད་ཡུལ་ག་ལ་ཡིན། ཁོ་བོས་མངོན་པའི་ང་རྒྱལ་སྤངས། །བཤེས་གཉེན་དམ་པ་ཡུན་དུ་བསྟེན། །དཀའ་བའི་གནད་ལ་སྒྲོ་འདོགས་བཅད། །བསམས་ཀྱིན་ཨེ་མ་(༩ན)


GLG022_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བཟང་། །དགེ་འདིས་བདག་གཞན་འགྲོ་བ་ཀུན། །འཇིག་རྟེན་གསུམ་གྱི་མངའ་བདག་གིས། །དུས་ཀྱི་ཆད་པ་ལས་ཐར་ཏེ། །འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་ལྷ་བྲག་གཏེར་བྱོན་གྱི། འཆི་བདག་བཟློག་པའི་གྱེར་གཞུང་འཆི་བདག་གཡུལ་ལས་རྒྱལ་བའི་རུ་མཚོན་ཞེས་པ་འདི་ནི་སའི་ཚངས་པ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་སྐུ་རིམ་བསྒྲུབ་པ་ལ་མངོན་དུ་ཕྱོགས་པའི་ཚེ། ཐེག་མཆོག་བསྟན་པའི་སྲོག་ཤིང་ཟུར་གྱི་གདུང་ལས་རྡོ་རྗེ་འཛིན་པ་ཆོས་དབྱིངས་རང་གྲོལ་གྱིས། འདི་ལ་ཆོག་སྒྲིགས་གསལ་བ་ཞིག་བྱུང་ན་ལེགས་པ་འདུག་ཅེས་གསུངས་པས་མཚམས་སྦྱར་ཏེ། གཏེར་གཞུང་དངོས་སུ་མི་གསལ་བའི་འདོན་ཆ་རྣམས། གླེང་གཞི་དང་ལག་ལེན་སོགས་ཁུངས་དང་འབྲེལ་བ་རྣམས་ནས་ཁ་བཀང་སྟེ། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ལ་ཅུང་ཟད་གཞོལ་བའི་ཟ་ཧོར་གྱི་སྔགས་བན་བླ་མེད་རྡོ་རྗེ་རྩལ་དུ་འབོད་པས། ལྕགས་སྟག་དབོ་ཟླའི་དམར་ཕྱོགས་ཀྱི་དགའ་བ་དང་པོའི་ཚེས་ལ། དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཚེ་རིང་ངོ་། །སརྦ་མངྒ་ལཾ།། །།

ཞིང་སྐྱོང་སེང་གེའི་གདོང་པ་ཅན་གྱི་ལས་བྱང་གནམ་ལྕགས་སྤུ་གྲི།


GLG022_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྐྱོང་སེང་གེའི་གདོང་པ་ཅན་གྱི་ལས་བྱང་གནམ་ལྕགས་སྤུ་གྲི་བཞུགས་སོ། །


GLG022_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་འདུས་པདྨ་ཀ་ར་དང་། །དབྱེར་མེད་རྩ་བའི་བླ་མའི་ཞབས་བཏུད་ནས། །ཞིང་སྐྱོང་དབང་པོ་སེང་གེའི་གདོང་ཅན་གྱི། །ལས་བྱང་རྒྱུན་འཁྱེར་ཉུང་ངུའི་ཚུལ་དུ་འདྲི། །མཆོད་གཏོར་རྟེན་དང་དམ་རྫས་མ་ལུས་པ། །རིགས་འཛིན་བརྒྱུད་པའི་ཕྱག་ལེན་ལྟར་བཤམས་ནས། །རང་ཉིད་དཔལ་ཆེན་ལྟ་བུ་ཡི་དམ་ལྷའི། །ཏིང་འཛིན་ངང་ནས་འཕྲིན་ལས་རིམ་པ་གྱེར། །ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །ཆོས་རྣམས་གསལ་སྟོང་འཛིན་མེད་ངང་ཉིད་ལས། །དམར་ནག་མེ་རླུང་དྲག་ཏུ་འཁྲུག་པའི་དབུས། །པཾ་ལས་པདྨ་རཾ་ལས་ཉི་མ་དང་། །དགྲ་བོ་གན་རྐྱལ་བསྒྱེལ་བའི་གདན་སྟེང་དུ། །རང་གི་ཐུགས་ཀའི་ས་བོན་ལས་ཆད་པའི། །ཧཱུཾ་ཡིག་འཕྲོ་འདུ་ཡོངས་སུ་གྱུར་པ་ལས། །བདུད་མགོན་སེང་གདོང་མཐིང་ནག་འཇིགས་པའི་སྐུ། །དམར་ཟླུམ་སྤྱན་བགྲད་ཞལ་གདངས་མཆེ་བ་གཙིགས། །ལྗགས་འདྲིལ་དྲག་པོའི་གདབ་རྒྱངས་འབྲུག་ལྟར་སྒྲོག །ལྕགས་རལ་སྔོན་པོ་གནམ་དུ་འཕྱོ་བའི་གསེབ། །སེང་ཆང་སྐར་ལྟར་འཁྲུག་ཅིང་གློག་ལྟར་འཁྱུག །ཕྱག་གཡས་དར་མདུང་ནག་པོ་མཁའ་ལ་འཕྱར། །(༢ན)


GLG022_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་དམར་གཏོར་གནམ་ལྕགས་ཐོག་ལྟར་འཕེན། །མུན་པའི་མདོག་ཅན་དར་གྱི་འཇོལ་བེར་གསལ། །གོ་མཚོན་སྤུ་གྲིའི་འཁོར་ལོ་རྐེད་ལ་མཛེད། །སྟག་རལ་གཟིག་ཤུགས་བཅིངས་ཤིང་སག་ལྷམ་གྱོན། །བདུད་རྟ་ནག་པོ་རླུང་གཤོག་ཅན་ལ་ཆིབས། །གཡོན་དུ་ཏྲི་ལས་བདུད་མོ་སེང་གདོང་མ། །མདོག་དམར་ཞལ་བགྲད་མཆེ་གཙིགས་སྤྱན་གསུམ་ལྡན། ཁྲག་རལ་གསེབ་ནས་སེང་ཆུང་མེ་སྟག་འཕྲོ། །གཡས་པ་ཁ་ཊཱཾ་གཡོན་པ་དགྲ་སྙིང་འཛིན། །དར་དམར་བེར་གྱོན་བཙན་རྟ་དམར་པོ་ཆིབས། །ཡབ་ཡུམ་གཉིས་ཀྱི་མདུན་དུ་ཏྲི་ཡིག་ལས། །ལས་མཁན་བམ་རོ་ཕོ་མོ་དམར་སེར་མདོག །སྤྲེལ་གདོང་ལག་གཉིས་བྱ་སྡེར་ས་ལ་བཙུགས། །རྐང་པས་དམར་གྱི་གཏོར་མ་དགྲ་ལ་འཕེན། །མི་ལྤགས་རྐེད་དཀྲིས་མེ་རླུང་འཚུབ་མ་འཁྱིལ། །ཡབ་ཡུམ་འཁོར་དུ་ལས་མཁན་གཏུམ་པོ་ནི། །ལྷོ་ཕྱོགས་བྱང་ཤར་ལྷོ་ནུབ་ཤར་ལྷོ་དང་། །བྱང་ཕྱོགས་ནུབ་བྱང་ནུབ་དང་ཤར་རྣམས་སུ། །ས་བོན་བརྒྱད་ལས་སྐྱེས་པའི་མི་བསྲུན་པའི། །འཇིགས་རུང་དྲེགས་པའི་སྡེ་དཔོན་ཆེན་པོ་བརྒྱད། །ཡ་ལས་གཤིན་རྗེ་ཆོས་རྒྱལ་ལྗང་(༢བ)


GLG022_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མདོག །བེ་ཅོན་རྒྱུ་ཞགས་འཛིན་ཅིང་ཆུ་གླང་ཞོན། །མ་ལས་རྡོ་རྗེ་བ་ལམ་མདོག་ནག་མོ། །རལ་གྲི་ནད་རྐྱལ་འཛིན་ཅིང་དྲེལ་ནག་ཞོན། །ར་ལས་ཚངས་པ་དཀར་པོ་རྟ་དཀར་ཞོན། །སྤུ་གྲི་འཛིན་ཅིང་དར་མདུང་དཀར་པོ་འཕྱར། །ཛ་ལས་བཙན་འགོང་ཡམ་ཤུད་དམར་པོ་ནི། །མདུང་དམར་ཞགས་པ་འཛིན་ཅིང་བཙན་རྟ་ཞོན། །དུ་ལས་བདུད་པོ་བྱེ་བ་དགུ་རིང་ནག །རལ་གྲི་བདུད་ཞགས་འཛིན་ཅིང་རྟ་ནག་ཞོན། །ཏྲི་ལས་ན་ག་སིང་ཧ་དུད་ཀའི་མདོག ཁྲམ་ཤིང་ལྕགས་ཀྱུ་འཛིན་ཅིང་བོང་བུ་ཞོན། །ཕུ་ལས་ཀླུ་བདུད་མགོ་དགུ་སྐུ་མདོག་ནག །ཕྱག་གཉིས་སྦྲུལ་ཞགས་འཛིན་ཅིང་ཆུ་སྲིན་ཞོན། །ཏྲི་ལས་རྡོ་རྗེ་ལེགས་པ་མཐིང་ནག་མདོག །ཐོ་བ་ལྕགས་སྐམ་འཛིན་ཅིང་ར་སྐྱེས་ཞོན། །གཙོ་འཁོར་ཀུན་ཀྱང་ཐོད་སྐམ་དབུ་རྒྱན་དང་། །ཁྲག་འཛག་རློན་པ་ལྔ་བཅུའི་དོ་ཤལ་འཕྱང་། ཁྲག་གི་ཐིག་ལེ་ཞག་གི་ཐོ་རིས་དང་། །ཐལ་ཆེན་ཚོམ་བུ་སྟག་ཤམ་རུས་པ་སོགས། །འཇིགས་རུང་དུར་ཁྲོད་ཆས་ཀྱིས་རྣམ་པར་བརྒྱན། །གཞན་ཡང་མཁའ་འགྲོ་འབྱུང་པོ་འདུས་པ་ལས། །གཏུམ་ཆེན་སེང་གེ་གླང་ཆེན་སྨྱོན་པ་དང་། །སྟག་གཟིག་ཅེ་སྤྱང་དུར་བྱ་ཀངྐ་ཁྲ། །བྱ་རོག་འུག་པ་ཕག་རྒོད་མི་རྒོད་སོགས། །འཇིགས་རུང་འཁོར་རྣམས་ལ་ལས་རིི་རབ་འཕེན། །རྒྱ་མཚོ་ཧུབ་འདེབས་ཉི་ཟླ་ཐང་ལ་འབེབས། །མཚོན་ཆའི་ཆར་འབེབས་རང་ཤ་རང་གིས་ཟ། །ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྒྲ་ཆེན་སྒྲོག །དུག་མཚོ་འཁོལ་ཞིང་ཐོག་མཚོན་བུ་ཡུག་འཚུབ། །བསྐལ་པའི་མེ་འབར་རླུང་ནག་འཚུབ་མ་འཁྲུག །དགྲ་བགེགས་འདར་བྱེད་གཙོ་འཁོར་ཐམས་ཅད་ཀྱི། །གནས་གསུམ་ཡི་གེས་མཚན་དང་(༣ན)


GLG022_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱི། །ཐུགས་ཀ་ལས་འཕྲོས་འོད་ཟེར་ལྕགས་ཀྱུ་ཡིས། །བསིལ་བའི་ཚལ་དང་དཔལ་གྱི་ཙཱ་རི་ནས། །ཞིང་སྐྱོང་འཁོར་བཅས་ཐོགས་མེད་སྤྱན་འདྲེན་གཤེགས། །ཧཱུཾ། ཀུན་ཏུ་བཟང་པོ་རིགས་འཛིན་པདྨ་འབྱུང་། །གཏེར་སྟོན་རིན་ཅེན་ཚུལ་རྡོར་ལ་སོགས་པ། །རྩ་བརྒྱུད་བླ་མའི་བསྟན་སྲུང་མཐུ་རྩལ་ཅན། །ཞིང་སྐྱོང་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །རྒྱལ་བའི་བསྟན་པ་གཉན་པོ་བསྲུང་བའི་ཚེ། །འཕགས་ཡུལ་རྡོ་རྗེ་གདན་ནས༝། །གསང་སྔགས་ཐེག་པའི་བཀའ་སྲུང་མཛད་པའི་ཚེ། །ཨྱོན་གསང་བའི་གནས་ནས༝། །དཔའ་བོ་མཁའ་འགྲོའི་གཙོ་བོ་མཛད་པའི་ཚེ། །ཉི་ཤུ་རྩ་བཞིའི་ཡུལ་ནས༝། །ལྷ་སྲིན་སྡེ་བརྒྱད་དམག་སྣ་འདྲེན་པའི་ཚེ། །དུར་ཁྲོད་བསིལ་བའི་ཚལ་ནས༝། །གྲངས་མེད་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་ཚེ། །ཏེ་སེ་གངས་ཀྱི་རི་ནས༝། །མ་སྲིང་བསྟན་མའི་འཁོར་གྱིས་བསྐོར་བའི་ཚེ། །ལ་ཕྱི་སྒྲུབ་པའི་གནས་ནས༝། །རིགས་འཛིན་དགྲ་ལྷ་ཆེན་པོ་མཛད་པའི་ཚེ། །གནས་མཆོག་ཙཱ་རི་ཏྲ་ནས༝། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད་པའི་ཚེ། རྔམ་པ་སྒྲ་སྒྲོག་ཆེ་ནས༝། །ཟབ་མོ་གཏེར་གྱི་སྲུང་མ་མཛད་པའི་ཚེ། །ཟིལ་ཆེན་གསང་བའི་ཕུག་ནས༝། །ཚུར་སྤྱོན་ཚུར་སྤྱོན་སེང་གདོང་ཡབ་དང་ཡུམ། །བམ་རོ་ཕོ་མོ་དྲེགས་པ་སྡེ་བརྒྱད་སོགས། །གྲངས་མེད་འཁོར་ཚོགས་རྒྱ་མཚོར་བཅས་པ་རྣམས། །དམ་ལས་མ་འདའ་ཐོགས་མེད་ད་ཚུར་སྤྱོན། །ཨཱོཾ་མཧཱ་ཀཱ་ལ་སིངྷ་མུ་ཁ་ཧཱུཾ་ཕཊ་ཏྲི་ཧྲིང་ཛཿ ཌཱ་ཀི་ནཱི་སིཾ་ན་ར་མ་ཧཱུཾ་ཕཊ་ཏྲི་ཧྲིང་ཛཿ ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་(༣བ)


GLG022_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་ཛཿཛཿ ཛཿཧཱུཾ་བཾ་ཧོཿ ཧཱུཾ། འཇིགས་རུང་དུར་ཁྲོད་ཆེན་པོའི་དབུས། །པད་ཉི་དགྲ་བགེགས་གདན་སྟེང་དུ། །བདུད་མགོན་ཡབ་ཡུམ་འཁོར་བཅས་རྣམས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛཱ་ལྷན། ཧཱུཾ། མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །བདུད་མགོན་ནག་པོ་སེང་གེའི་གདོང་། །ཡབ་ཡུམ་འཁོར་དང་བཅས་པ་ལ། །འཕྲིན་ལས་བསྒྲུབ་ཕྱིར་ཕྱག་འཚལ་བསྟོད། ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོཿ སྲུང་མ་འཁོར་བཅས་སྤྱན་ལམ་དུ། །ཕྱི་ནང་གསང་བའི་མཆོད་ཚོགས་ཀུན། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་འབུལ། །བཞེས་ནས་བཅོལ་བའི་འཕྲིན་ལས་མཛོད། །ཨཱོཾ་མཧཱ་ཀཱ་ལ་སིངྷ་མུ་ཁ་སིཾ་ན་ར་མ་ཏྲི་ཏྲི། ཡ་མ་རཱ་ཛ་དུ་ཏྲི་ཕུ་ཏྲི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་བརྗོད། དམར་ཆེན་གཏོར་མ་རི་ལྟར་སྤུངས། །སྨན་ཕུད་རྒྱ་མཚོ་ལྟ་བུར་བསྐྱིལ། །དམར་ཆེན་ཁྲག་གི་ཨརྒྷཾ་སྦྲེང་། །དམ་ཅན་འཁོར་བཅས་བཞེས་སུ་གསོལ། །གོང་གི་སྔགས་གཤམ་དུ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཧཱ་མཾ་ས་གོ་རོ་ཙ་ན་ཙིཏྟ་བྷ་སུ་ཏ་ཀཾ་ནྲྀ་ཏི་ཁ་རཾ་ཁཱ་ཧི། སརྦ་པཉྩ་མྲྀ་ཏ་ཁ་རཾ་ཁཱ་ཧི། མཧཱ་རཀྟ་ཁ་རཾ་ཁཱ་ཧི། ཧཱུཾ། དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ཡི། །མཐུན་པའི་དམ་རྫས་ཚོགས་རྣམས་ཀྱིས། །ཞིང་སྐྱོང་འཁོར་བཅས་སྤྱན་ལམ་དུ། །དགྱེས་པ་ཆེན་པོ་བསྐྱེད་གྱུར་ཅིག །དབང་པོ་ལྔ་ཡི་མེ་ཏོག་དང་། །ཤ་ཆེན་སྤོས་སྦྱར་དུད་པའི་སྤྲིན། །ཚིལ་ཆེན་ལས་སྦར་མར་མེའི་འཕྲེང་། ཁྲག་ཞག་དྲི་ཆབ་མཚོ་ལྟར་བསྐྱིལ། །ཤ་རུས་ཞལ་ཟས་རི་ལྟར་སྤུངས། །རྐང་གླིང་རོལ་མོ་འབྲུག་ལྟར་ལྡིར། །ཀུན་བཟང་མཆོད་པའི་སྤྲིན། (༤ན)


GLG022_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་གིས། །བདུད་མགོན་འཁོར་བཅས་ཐུགས་དམ་བསྐང་། །བདུད་ཀྱི་རྟ་ནག་རྟིང་དཀར་ཅན། །བཙན་རྟ་དམར་པོ་གློག་ལྟར་འཁྱུག །སྒ་སྲབ་གོང་རྨད་ཆས་ཀྱིས་བརྒྱན། །དམར་ནག་དར་གྱི་འཇོལ་བེར་དང་། །མདུད་རྣོན་དར་ནག་བ་དན་གཡོ། །དམར་གཏོར་རྩེ་གསུམ་དགྲ་བོའི་སྙིང་། །དུར་ཁྲོད་ཆས་བརྒྱད་ལ་སོགས་པས༝། །རྟ་ནག་དོམ་སྙིང་མ་ཉམས་པ། །ཤིང་བྱང་བཅས་པ་བླ་རྡོ་དང་། །གསང་བ་སྲོག་འཁོར་དར་ནག་གྲིལ། །འབྲོང་གཡག་ཤེལ་གོང་བྱ་ནག་ཁྱི། །སྨན་རག་སྒྲུབ་གཏོར་རྒྱུན་གཏོར་སྤུངས། །ཛ་གད་གསེར་སྐྱེམས་བདུད་རྩི་ལྔ། །སྲ་བའི་གོ་ཆ་རྣོ་བའི་མཚོན། །ཚོགས་དང་མདོས་ཀྱི་མཆོད་པ་ཡིས༝། །ཐར་མེད་བཙོན་ཁང་འབྲུབ་ཁུང་ནང་། ཁ་སྦྱར་ཐོད་པ་མེ་རླུང་གི །འཇིགས་སུ་རུང་བའི་འཁོར་ལོའི་བར། །དམ་ཉམས་ཉའོ་ཐུན་རྫས་སོགས། །དྲག་པོ་མཐུ་ཡི་ལས་སྦྱོར་གྱིས། །དགྲ་བགེགས་ཕྱེ་མར་འཐག་ནུས་པའི། །བཅའ་བཞི་སྒྲུབ་པའི་ལས་རིམ་གྱིས༝། །འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན། །ཉི་ཟླ་ལྷུན་པོ་གླིང་གཞིར་བཅས། །ཡབ་ཡུམ་གཉིས་མེད་འཁྲིལ་སྦྱོར་གྱིས། །རྨད་བྱུང་ཟག་མེད་བདེ་ཆེན་རྒྱས། །དཔལ་ལྡན་ཀུན་བཟང་ཧེ་རུ་ཀ །ཞིང་སྐྱོང་དབང་པོའི་རྣམ་རོལ་དུ། །ངེས་རྙེད་བླ་མེད་རྟེན་མཆོག་གིས། །ཧཱུཾ། བསྐལ་པ་དུས་མཐའི་མེ་རླུང་འཁྲུལ་པའི་དབུས། །སྟོང་གསུམ་སྐད་ཅིག་མྱུལ་བའི་རྟ་མཆོག་སྟེང་། །ཇིགས་རུང་གར་དགུའི་ཉམས་ཀྱིས་རྣམ་རོལ་བའི། །ཞིང་སྐྱོང་སེང་གེའི་གདོང་ཅན་ཁྱོད་ལ་བསྟོད། །མདོག་དམར་མི་སྡུག་སྲིན་མོ་ཁྲོས་པའི་གཟུགས། །དགྲ་བོའི་དོན་སྙིང་(༤བ)


GLG022_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས་ཁྲག་རྒྱུན་འཐུང་། །རླུང་གི་ཤུགས་ལྡན་བཙན་རྟ་དམར་པོ་ཆིབས། །མ་མོ་མཁའ་འགྲོའི་གཙོ་མོ་ཁྱོད་ལ་བསྟོད། །མཐོང་བ་ཙམ་གྱིས་འཇིགས་ཤིང་སྐྱི་གཡའ་ལ། །རྦད་ན་དགྲ་བགེགས་བདུན་བརྒྱུད་རྩད་ནས་གཅོད། །ལས་ཀུན་ཐོགས་མེད་བསྒྲུབ་པའི་མཐུ་རྩལ་ཅན། །སྡེ་བརྒྱད་དྲེགས་པའི་འཁོར་ཚོགས་རྣམས་ལ་བསྟོད། །ཆོས་དབྱིངས་བདེ་བ་ཆེ་ལས་མ་གཡོས་ཀྱང་། །མི་བསྲུན་བཤན་པ་བདུད་མགོན་སེང་གེའི་གདོང་། །ཡབ་ཡུམ་གཉིས་ཀྱི་ཐུགས་དམ་དུས་ལ་བབ། །ཤ་ཁྲག་རྒྱན་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ལ་སྡང་བའི་དམ་ཉམས་དགྲ །སྟེང་འོག་ཕྱོགས་མཚམས་བར་གསུམ་གར་འདུག་ཀྱང་། །ཚེ་སྲོག་སྟོབས་འབྱོར་མངའ་ཐང་ཁ་རྗེ་ཆོམས། །ལོ་ཟླར་མ་འཇོག་སྙིང་ཁྲག་ཞལ་དུ་གསོལ། །མདོག་སེར་དྲི་ངན་སྤྱི་བོ་ཚུགས་སུ་འགྲོ། །བྱ་སྡེར་སར་བཙུགས་རྐང་བས་དམར་གཏོར་འཕེན། །བཾ་ཆེན་ཕོ་མོའི་ཐུགས་དམ་དུས་ལ་བབ།༝༝༝།འཇིགས་པའི་གཟུགས་ཅན་སྣ་ཚོགས་མཚོན་ཆ་ཐོགས། །སྟོང་གསུམ་མྱུལ་ཞིང་དགྲ་བོའི་བླ་ཚེ་བརྐུ། །འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་དུས་ལ་ཕབ།༝༝༝།མཚོ་སྐྱེས་རྡོ་རྗེ་གཏེར་སྟོན་ལས་འབྲེལ་རྩལ། །ཀུན་དགའ་ཚེ་མཆོག་པདྨ་བཛྲ་སོགས། །རྩ་བརྒྱུད་བླ་མའི་དམ་ཚིག་གཉན་པོ་རྣམས། །ཉེ་བར་དགོངས་ཤིག་བདུད་མགོན་སེང་གེའི་གདོང་། ཁྱད་པར་གཙུག་ལག་འཛིན་གྱི་སྐྱེ་བའི་མཐའ། །ཟ་ཧོར་རིགས་འཛིན་མཐུ་སྟོབས་ཀུན་གྱི་བདག །ངག་དབང་བསོད་ནམས་གྲགས་པ་དཔལ་བཟང་པོས། །བསྙེན་སྒྲུབ་མཆོད་བསྟོད་དམ་(༥ན)


GLG022_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་མ་བསྒྲགས་སམ། །དེ་ཕྱིར་རིགས་འཛིན་སྔགས་འཆང་བདག་ཅག་ལ། །གནོད་བྱེད་དགྲ་བོ་བྱུང་དུས་མི་སྒྲོལ་ན། །མཐུ་ལྡན་སྲུང་མའི་དབང་པོ་ཆེན་པོ་ཞེས། །མཆོད་བསྟོད་རྦད་ཅིང་བསྐུལ་བའི་དགོས་པ་ཅི། །གཉེར་གཏད་དགྲ་འདི་སྒྲོལ་བའི་མཐུ་མེད་ན། །རྒྱལ་བའི་བསྟན་པ་གཉན་པོ་ཇི་ལྟར་བསྲུང་། །རྣལ་འབྱོར་སྒོས་ཀྱི་འཕྲིན་ལས་མི་སྒྲུབ་ན། །ཕ་མེས་བརྒྱུད་པའི་སྲུང་མས་ཅི་ཞིག་བྱེད། །མ་ཡེངས་མ་ཡེངས་ཞིང་སྐྱོང་སེང་གེའི་གདོང་། །དཀའ་བ་དང་དུ་བླངས་ནས་ཁྱོད་བསྒྲུབས་སོ། །ལུས་སྲོག་ཐེང་ལ་བོར་ནས་ཁྱོད་བསྟེན་ནོ། །མཐུན་པའི་དམ་རྫས་བསགས་ནས་ཁྱོད་བོས་སོ། །བསམ་པ་ངན་ཞིང་སྦྱོར་བ་རྩུབ་མོར་སྟོན། །ཐབས་ཀྱིས་སྨོད་ཅིང་ལེགས་བསུབ་ཉེས་པ་སྒྲོག །དུག་མཚོན་དམག་དང་མནན་གཏད་དྲག་སྦྱོར་རྩོམ། །མདོར་ན་ལོག་སྒྲུབ་བྱེད་པའི་དགྲ་བགེགས་རྣམས། །མཐུ་ལྡན་ཁྱོད་ཀྱི་ཟས་སུ་གཏད་ལགས་ན། །སྟེང་ནས་གནམ་གྱི་འཇུ་ཐག་གཉན་པོ་ཆོད། །འོག་ནས་ས་ཡི་བརྟེན་ཕུར་མྱུར་དུ་ཕྱུངས། །བར་དུ་མི་ནོར་ཟས་གསུམ་ཐལ་བར་རློག །འཆི་བདག་གཤིན་རྗེས་ཚེ་ཡི་འདུ་བྱེད་བཀུམས། །མ་མོས་དལ་ཡམས་སྤྲིན་ལྟར་འཐིབ་ཏུ་ཆུག །ཚངས་པ་ཆེན་པོས་སྨྱོ་འབོག་བརྒྱལ་ནད་ཐོང་། །བཙན་གྱིས་གཟེར་ནད་གནམ་ལྕགས་ཐོག་ལྟར་རྒྱོབ། །བདུད་ཀྱིས་ཞགས་པ་ནག་པོས་ཡན་ལག་ཆིངས། །སྲིན་པོས་ཤ་ཁྲག་རུལ་པ་ནང་ཁྲོལ་ཟོ། །ཀླུ་ཡིས་མཛེ་ནད་མེ་ལྟར་འབར་དུ་ཆུག །རྡོ་རྗེ་ལེགས་པས་ལྟས་ངན་ཆར་ལྟར་ཕོབ། །རང་རང་ལས་ཀྱིས་ཤི་བ་མ་ཡིན་པར། །གློ་བུར་མི་འདོད་རྐྱེན་ངན་(༥བ)


GLG022_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་ཡིས། །སྲོག་རྩ་དམར་པོ་རྦད་ཀྱིས་བཅད་ནས་ཀྱང་། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །མདོར་ན་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་དང་བསོད་ནམས་དཔལ་འབྱོར་ལེགས་ཚོགས་ཀུན། །ཡར་ངོའི་ཟླ་བ་ལྟ་བུར་རབ་རྒྱས་ནས། །བསམ་དོན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཅེས་ཙཱ་རི་ཞིང་སྐྱོང་སེང་གེའི་གདོང་ཅན་གྱི་ལས་བྱང་གནམ་ལྕགས་སྤུ་གྲི་ཞེས་བྱ་བ་འདིའང་། པདྨ་ལས་འབྲེལ་རྩལ་གྱིས་ཙཱ་རི་ཟིལ་ཆེན་གསང་ཕུག་ནས་གདན་དྲངས་པའི་སྒྲུབ་སྐོར་དང་། གཞན་ཡང་ཆོས་རྒྱལ་རིན་ཅེན་གླིང་པའི་གཏེར་མ་སོགས་གཏེར་ཁ་ཁུངས་བཙུན་རྣམས་ཀྱི་དགོངས་པ་ལྟར། ཟ་ཧོར་གྱི་སྔགས་བན་ངག་དབང་བློ་བཟང་རྒྱ་མཚོ་མིང་གཞན་ཟིལ་གནོན་དྲག་རྩལ་དུ་འབོད་པས་སྦྱར་བའི་ཡི་གེ་པ་ནི་རྒྱ་མཚོའོ། །

ལྷ་མཆོག་འབར་བ་རྩལ་གྱི་འཕྲིན་ལས་བརྒྱ་ཕྲག་ཉིད་ངོས་འཛིན་པའི་སྣང་གསལ།


GLG022_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མཆོག་འབར་བ་རྩལ་གྱི་འཕྲིན་ལས་བརྒྱ་ཕྲག་ཉིད་ངོས་འཛིན་པའི་སྣང་གསལ་བཞུགས་སོ། །


GLG022_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་སྟྲཻ་ཀཱ་ལ་བུདྡྷ་པདྨཱ་ཀ་རཱ་ཡ། ཞི་དང་ཁྲོ་བོའི་དཀྱིལ་འཁོར་མ་ལུས་པའི། ཁྱབ་བདག་ཨོཾ་ཌྜི་ཡཱ་ནའི་རིག་སྔགས་འཆང་། །འཛམ་གླིང་ཆེ་བའི་བརྟུལ་ཞུགས་གྲུབ་པའི་དབང་། །རྒྱལ་མཆོག་པདྨ་ཐོད་འཕྲེང་བདག་བྱིན་རློབས། །མགོན་ཁྱོད་བཀའ་རྟགས་ཕྱག་རྒྱས་ཟུར་ཕུད་རྩེར། །རྗེས་གསལ་ལྕེ་ལ་ཨ་མྲྀ་ཏ་བླུད་པས། །དམ་ལྡན་ལྷ་ཆེན་རྡོ་རྗེ་འབར་བ་སྩལ། །བཀྲ་ཤིས་སྙིང་ཉེ་མཐུ་སྟོབས་རྫུ་འཕྲུལ་ཅན། །གང་དེ་མཆོད་གསོལ་བསྐང་དང་བསྙེན་ཅིང་སྒྲུབ། །ལས་སྦྱོར་རྩོམ་ལ་ཉེར་མཁོའི་གྱེར་སྒོམ་གཞུང་། །ལྷ་ཆེན་དགྱེས་ཞལ་འདབ་སྟོང་འཛུམ་བྱེད་པའི། །བརྒྱ་ཕྲག་ཉི་མའི་དངོས་འཛིན་སྣང་གསལ་སྤེལ། དེ་ལ་འདིར་དྲི་ཟའི་རྒྱལ་པོ་གཉན་ཆེན་ཐང་ལྷ་རྡོ་རྗེ་འབར་བ་རྩལ་གྱི་འཕྲིན་ལས་ཀྱི་རིམ་པ་ཉམས་སུ་བསྟར་བར་བྱེད་པ་ལ་སྒྲུབ་རྟེན་མཆོད་གཏོར་སྤྱན་གཟིགས་སོགས་མཁོ་བའི་རྫས་དང་ཡོ་བྱད་ཐམས་ཅད་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་ལེགས་པར་བཤམས། སྔོན་དུ་ཞི་ཁྲོ་གང་ཡང་རུང་བའི་འཕྲིན་ལས་ཀྱི་གཞུང་བསྲངས་པ་ལེགས་པས་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལས་བྱང་དོན་བསྟོད་ཡན་རྫོགས་པར་བཏང་། འདི་གའི་སྒོས་ཆོས་ཐོག་མར་འགྱུར་སྔགས་བརྗོད་ནས་གནས་ཡོ་བྱིན་གྱིས་བརླབ་པ་ནི། ཨཱོཾ་སཾ་རང་བྱུང་རང་ཤར་གྱི་སྔོན་འགྲོ་ལས་བྱུང་བ། བྷ་ར་(༢ན)


GLG022_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

སཾ་བྷ་ར་བི་མ་ན། ས་ར་མ་ཧཱ་ཛ་ཝ་ཧཱུཾ་ཕཊ། ཨེ་ཡཾ་རཾ་སུཾ་ཀེཾ་རཾ་བྷྲཱུཾ་ཧཱུཾ། བྷྲཱུཾ་བི་ཤ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཨེ་ཙཀྲ་མཎྜལ་བྷྲཱུཾ། བྷྲཱུཾ་ལས་ས་ཕྱོགས་ཐམས་ཅད་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོ་གྲུ་བཞི་སྒོ་བཞི་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ་དེའི་ནང་དུ་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨཱོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ཡུལ་ས་དང་བར་སྣང་ཐམས་ཅད་ཡོངས་སུ་ཁྱབ་པ་དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གནས་པ། ཆོས་སྐུ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བའི་འོག་མིན་ཡེ་ཤེས་རང་སྣང་གི་མཆོད་སྤྲིན་ལྟ་བུ་ཟད་མི་ཤེས་པས་ཁྱབ་པར་གྱུར། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཤྲཱི་ཧེ་རུ་ཀ །མཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ ཨརྒྷཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གྷནྡྷེ། ནཻ་ཝི་ཏྱེ། ཤཔྟ་ཨཱཿཧཱུཾ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མ་རྡ་ནེ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ། སམྱཀྶཾ་བུདྷཱ་ཡ། ཏ་དྱ་ཐཱ། ཨཱོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སི་ཀྲ་མ་ཎ་བཛྲེ། སརྦ་ཀརྨ། ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱཧཱ། །སྐྱབས་འགྲོ་སེམས་བསྐྱེད་ནི། རང་བྱུང་ཐུགས་སྒྲུབ་ཀྱི་སྐྱབས་སེམས། ལྷུན་གྱིས་(༢བ)


GLG022_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་སྐུ། །འོད་གསལ་ཆེན་པོའི་དགོངས་པ་ཅན། །ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །རང་ལས་ཡེ་ཤེས་ཤར་བའི་སྐུ། །མི་འབྲལ་རྩེ་གཅིག་དགོངས་པ་ཅན། །བྱིན་གྱིས་བརློབ་ཅིང་བར་ཆད་སེལ། །ཡི་དམ་ལྷ་ལ༝། །དམ་ཚིག་རྣམ་པར་དག་པའི་སྐུ། །བརྩེ་གདུང་བྱམས་པའི་དགོངས་པ་ཅན། །ལེགས་ཉེས་བསྟང་འཛིན་དངོས་གྲུབ་སྟེར། །མཁའ་འགྲོའི་ཚོགས་ལ༝། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དེ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ཞེས་ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཚད་མེད་བཞི་བསྒོམ། ཚོགས་ཞིང་ནི། རང་ཉིད་སྐད་ཅིག་གིས་རྟ་མགྲིན་དྲེགས་པ་ཟིལ་གནོན་དུ་གསལ་བའི་ཐུགས་ཀའི་ཧྲཱི་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་འོད་དཔག་མེད་རིགས་ཀྱི་བདག་པོར་བཞུགས་པའི་བཅོམ་ལྡན་འདས་པདྨ་དབང་ཆེན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿཛཿས་སྤྱན་དྲངས། ཧཱུཾ། བླ་མ་རང་བྱུང་རང་ཤར་གྱི་སྔོན་འགྲོ་ལས་བྱུང་བ། ཡི་དམ་མཁའ་འགྲོ་གཤེགས་སུ་གསོལ། །སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་གསུམ་མ་ལུས་མཆོད་པ་འབུལ། །སྡིག་པ་མི་དགེ་ཐམས་ཅད་སོ་སོར་བཤགས། །དུས་གསུམ་དགེ་བའི་ཚོགས་ལ་རྗེས་ཡི་རང་། །ཆོས་འཁོར་རྒྱུན་ཆད་མེད་པ་བསྐོར་དུ་གསོལ། །མྱ་ངན་མི་འདའ་འགྲོ་བའི་དོན་ལ་བཞུགས། །དེ་སོགས་དགེ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ། །སྐུ་(༣ན)


GLG022_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འཕྲིན་ལས་བདག་གིས་བྱེད་པར་ཤོག །ཅེས་བརྗོད། གོང་གནོན་གྱི་ཏིང་ངེ་འཛིན་གསལ་གདབ་པ་ནི། བདག་གཏེར་གཞུང་། ཉིད་ཐ་མལ་སྙིང་ག་ན། །ཡི་གེ་ཧྲཱིཿདམར་གནས་པ་ལ། །བདག་ཉིད་ཧྲཱིཿཡི་ལུས་སུ་གྱུར། །ཧྲཱིཿདེ་འོད་དུ་ཞུ་བ་ལས། །བདག་ཉིད་དབང་ཆེན་རྒྱལ་པོ་ནི། །དབུ་ནི་ཚངས་པའི་ཡུལ་རྩེར་སླེབས། །ཞབས་ནི་རྒྱ་མཚོའི་གཏིང་དུ་བརྐྱང་། །གཡས་ཀྱི་ཕྱག་གིས་གཏེར་གཞུང་། གཟུགས་ཁམས་འདེགས། །གཡོན་གྱི་ཕྱག་གིས་འདོད་ཁམས་གནོན། །ཉི་ཟླ་གཟའ་སྐར་རྐེད་ལ་འཁོར། །སྐུ་མདོག་བསྐལ་པའི་མེ་ལྟར་འབར། །སྐུ་སྟེགས་རི་རབ་སྟེང་ན་འཆའ། །དབུ་གཙུག་རྟ་མགོ་རྟ་སྐད་འཚེར། །གཡས་ཀྱི་རྟ་སྐད་ཐེངས་གསུམ་གྱིས། །སྲིད་པ་ཕོ་རྒྱུད་དབང་དུ་སྡུད། །གཡོན་གྱི་རྟ་སྐད་ཐེངས་གསུམ་གྱིས། །སྲིད་པ་མོ་རྒྱུད་དབང་དུ་སྡུད། །སྟེང་དུ་རྟ་སྐད་ཐེངས་གསུམ་གྱིས། །སྲིད་པའི་གཟའ་རྣམས་དབང་དུ་སྡུད། །འོག་ཏུ་རྟ་སྐད་ཐེངས་གསུམ་གྱིས། །སྲིད་པའི་ཀླུ་རྣམས་དབང་དུ་སྡུད། །ཧྲཱིཿཧཱུཾ་ཕཊ་གསུམ་བསྒྲགས་པ་ཡིས། །འབྲུག་སྟོང་དུས་གཅིག་ལྡིར་བ་ཙམ། །ཁམས་གསུམ་དབང་དུ་སྡུད་བྱེད་ཅིང་། །སྲིད་གསུམ་ཟིལ་གྱིས་གནོན་པར་བསྒོམ། །ཞེས་བསྐྱེད་རིམ་གསལ་གདབ་བོ། །ཧྲཱིཿམཧཱ་ཀྲོ་དྷ་པདྨཱནྟ་ཀྲི་ཏ་ཧ་ཡཾ་སྟཱི་ཝ་ཧཱུཾ་ཧཱུཾ་ཕཊ། ཡ་མ་ར་ཙ་དུ་ཏྲི་ཕུ་ཏི་ཧྲཱིཿཧཱུཾ་ཕཊ། ཅེས་སྐབས་སྦྱར་བཟླ། བསྟོད་པ་ནི། ཧྲཱིཿཧཱུཾ་ཕཊ། ཧྲཱིཿ དབང་གཏེར་གཞུང་ཆེན་ལས་ལ་རྔམ་མཛད་ཁྲོ་བོ་ཆེ། །སྐུ་མདོག་དམར་ནག་ཐམས་ཅད་དབང་དུ་སྡུད། །དབུ་ནི་ནམ་མཁའི་དབྱིངས་སུ་རྟ་སྐད་འཚེར། །ཞབས་ནི་རྒྱ་མཚོའི་གཏིང་དུ་ཀླུ་རྣམས་གནོན། །གཡས་ཀྱི་ཕྱག་གིས་སྣང་སྲིད་གཟུགས་ཁམས་འདེགས། །གཡོན་གྱི་ཕྱག་གིས་(༣བ)


GLG022_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཁམས་ས་གཞི་གནོན། །ཉི་ཟླ་གཟའ་སྐར་རྐེད་བཅིངས་གཟའ་རྣམས་འདུལ། །དུར་ཁྲོད་ཆས་བརྒྱད་ལྷ་སྲིན་སྡེ་བརྒྱད་འཇིགས། །རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུད། །ཧྲཱིཿཡི་སྒྲ་ཆེན་སྲིད་གསུམ་འགུལ་ཞིང་དངངས། །ཕཊ་ཀྱིས་ཐོག་འབེབས་བདུད་དཔུང་སྤྱི་ནས་འཇོམས། །ཧཱུཾ་གི་ང་རོས་གདུག་པ་བྲན་དུ་བཀོལ། །ཕྱག་མཚན་མཚོན་ཆས་རི་རབ་རྡུལ་དུ་འཇིག །བསྐལ་པའི་མེ་འབར་འཇིག་རྟེན་མ་ལུས་བསྲེག །འཇིག་རྟེན་དྲེགས་པས་ཁེངས་པའི་སྡེ་བརྒྱད་ནི། །དྲག་པོ་གཟའ་དང་གདུག་པ་ཀླུ་ལ་སོགས། །འཆི་བདག་གཤིན་རྗེ་ནད་གཏོང་མ་མོ་དང་། །ཆེ་བཙན་རྒྱལ་པོ་རོལ་པ་བཙན་གྱི་ཚོགས། །ནག་པོ་བདུད་དང་ཐེའུ་བྲང་བགེགས་ཀྱི་ཚོགས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་སྟོབས་པོ་ཆེ། །རང་དབང་མེད་པར་དབང་སྡུད་ཟིལ་གྱིས་གནོན། །མཐུ་དང་རྫུ་འཕྲུལ་སྟོབས་དང་གཟི་བརྗིད་འཕྲོག །རང་བྱུང་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་ལོ། །མདུན་བསྐྱེད་ཀྱི་སྨན་གཏོར་བྱིན་གྱིས་བརླབ་པ་ནི། ཆང་ལ་ཆོས་སྨན་བཏབ་ན་བརླབ་མི་དགོས་ཤིང་དེ་མིན་བཀའ་བརྒྱད་ལྟར་བྱིན་གྱིས་བརླབ། ཧྲཱིཿམ་གསར་བྲིས། ཧཱ་ཀྲོ་དྷ་པདྨཱནྟ་ཀྲི་ཏ་ཧ་ཡཾ་གྷྲཱི་ཝ་ཧཱུཾ་ཧཱུཾ་ཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨཱོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་སྟེང་དུ་ཨཱོཾ་ཨཱཿཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་རོ་བཅུད་ཐམས་ཅད་འདུས་ཏེ་གཏོར་མ་ལ་ཐིམ། ཡི་གེ་གསུམ་ཡང་འོད་དུ་ཞུ་ནས་དབྱེར་མེད་གཅིག་ཏུ་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོ་ཟད་མི་ཤེས་པའི་རང་བཞིན་དུ་གྱུར། ཨཱོཾ་ཨཱཿཧཱུཾ་མ་ཧཱ་བྷ་ལིནྟ་ཏི་ཛྭ་བྷ་ལིནྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱཧཱ། ཞེས་ལན་གསུམ་མམ་བདུན་གསར་བྲིས། བརྗོད། རྟེན་བསྐྱེད་པ་(༤ན)


GLG022_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཧྲཱིཿམཧཱ་ཀྲོ་དྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་བྷྲཱུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་ཤར་ཤེལ། ལྷོ་བཻ་ཌཱུཪྻ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པ་གྲུ་བཞི་སྒོ་བཞི་པ་ལོགས་སུ་དྲ་བ་དང་དྲ་བ་ཕྱེད་བ་འཕྱང་ཞིང་མདའ་ཡབ་པུ་ཤུས་བསྐོར་བའི་སྟེང་དུ་རྒྱ་ཕུབས་རིན་པོ་ཆེའི་ཏོག་གིས་སྤྲས་པ། དེའི་ཕྱི་རོལ་ཏུ་ཁོར་ས་རིམ་པ་གཉིས་དང་ལྡན་པའི་དབུས་སུ་མན་ཤེལ་གྱི་ཁང་བཟང་ཛམྦུའི་གསེར་གྱི་རྒྱ་ཕུབས་འོད་དུ་འཚེེར་བའི་རྩེར་ཡིད་བཞིན་གྱི་ནོར་བུའི་ཏོག་གིས་མཚན་པ་རིན་པོ་ཆེ་སྣ་ཚོགས་ཀྱི་སྒོ་ལྕོག་འོད་འབར་བ། རྩ་བར་བདུད་རྩིའི་རྒྱ་མཚོ་འཕྱུར་བ། རྐེད་པར་འཇའ་འོད་ན་བུན་གྱི་གུར་ཕུབ་པ། རྩེ་མོར་སྤྲིན་དཀར་རིན་པོ་ཆེའི་ཟིལ་ཆར་འབེབས་པ། ས་གཞི་ལྗང་སྔོན་ལ་མེ་ཏོག་སྣ་ཚོགས་རྒྱས་པ། ཁོར་ཡུག་ཏུ་གནམ་ལྷ་བརྒྱད་ཀྱི་གངས་རི་ཤེལ་གྱི་མཆོད་རྟེན་ལྟ་བུས་བསྐོར་བ། དེའི་དབུས་སུ་ཉི་ཟླ་པདྨའི་གདན་ལ་སྟོབས་ལྡན་རྟ་མཆོག་ངང་དཀར་རིན་པོ་ཆེའི་སྒ་སྲབ་གོང་རྨེད་སྤུ་ལེན་ཟེ་ལོང་གི་ཁེབས་སོགས་རྒྱན་དུ་མས་མཛེས་པར་སྤྲས་པའི་སྟེང་ན་ཨཱོཾ་བཛྲ་ཐང་ཀ་ར་མུན་ཉིང་ཁུ་ཤ་ལི་སྭཱཧཱ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས་ངོ་བོ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་རྣམ་པར་སྤྲུལ་པ་རྣམ་པ་ཚངས་རིས་ཀྱི་ལྷའི་གཙོ་བོ་མཚན་དྲུག་རྡོ་རྗེ་འབར་བ་རྩལ་ལ། དམ་ཅན་ཤེལ་གིང་དཀར་པོ། ལྷ་གནམ་ཐེ་དཀར་པོ། གནམ་ལྷ་བྱང་ཆུབ་སེམས་དཔའ། ཚངས་པའི་རྒྱལ་པོ་དུང་གི་ཐོར་ཚུགས་ཅན། དྲི་ཟ་ཟུར་ཕུད་ལྔ་པ། ཁྱབ་འཇུག་གནམ་མཚོའི་རྒྱལ་མོ་ཞེས་བྱ་བ་སྲུང་མ་ཆེན་མོ། ལྷ་ཆེན་རྡོ་རྗེ་འབར་བ་རྩལ་སྐུ་མདོག་ཤེལ་གྱི་རི་བོ་ལ་སྟོན་མཚན་ཟླ་བས་བྱུགས་པ་ལྟར་དཀར་ལ་བརྗིད་པ། ཞལ་འཛུམ་ཤིང་མཆེ་བའི་(༤བ)


GLG022_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

མྱུ་གུ་ཅུང་ཟད་བཙིགས་པ། སྤྱན་གསུམ་རབ་ཏུ་བཀྲ་བ། དབུ་སྐྲ་གནག་སྣུམ་གྱི་ཐོར་ཚུགས་དར་དཀར་པོས་བཅིངས་པའི་རྩེ་མོར་ནོར་བུ་འབར་བས་སྤྲས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔས་མཚན་པའི་སྦ་ལྕག་ནམ་མཁའ་ལ་འཕྱར་ཞིང་གཡོན་པ་ཤེལ་དཀར་གྱི་འཕྲེང་བ་ཐུགས་ཀའི་ཐད་དུ་འདྲེན་པ། ཟབ་ཆེན་དཀར་དམར་མཐིང་གསུམ་གྱི་ཙེ་བེར་དང་ཡུག་གྱོན་གསོལ་བ། བེར་ནང་མ་གཉིས་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤུད་པའི་གསེར་སྐེད་བཅིངས་ཤིང་། རིན་པོ་ཆེའི་གསེར་པད་ལ་གཡུའི་ཕྲ་ཚོམ་གྱིས་མཛེས་པའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། གསེར་ག །སེ་མོ་དོ། དོ་ཤལ། གདུ་བུ་སོགས་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྙན་གོང་ཨུཏྤ་ལའི་ཆུན་པོ་དང་དར་དཔྱངས་ཅན། སྐུ་གཞོན་ཞིང་མཛེས་པ། ཞབས་གཉིས་ནོར་བུའི་མཆིལ་ལྷམ་གྱོན་ནས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པ་གཡོན་དུ་བདེ་བ་སྐྱོང་བའི་དབང་མོ་ཡིད་འོངས་མདངས་ལྡན་གྱི་ཡུམ་གནམ་མཚོའི་རྒྱལ་མོ་རྡོ་རྗེ་གཡུ་སྒྲོན་མ་སྐུ་མདོག་སྔོ་སངས་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་དང་ལྡན་པ། གཡས་རྒྱལ་མཚན་དང་གཡོན་མེ་ལོང་འཛིན་ཅིང་། དབུ་སྐྲ་ཐོར་ཚུགས་ལྷག་མའི་ཟར་བུ་ཐུར་དུ་འཕྱང་བ། སྨན་བཙུན་མཛེས་མ་ཡིད་དུ་འོང་བའི་ཆ་བྱད་ཀྱིས་གཙོ་བོ་ལ་བདུད་པའི་རྣམ་པ་ཅན་གཡུ་འབྲུག་བཅིབས་བ། གཙོ་བོའི་སྟེང་གི་ནམ་མཁར་མ་རུངས་ལོག་འདྲེན་ཀླུ་གཉན་ས་བདག་འདུལ་བའི་གཉེན་པོར་ངོ་བོ་ཡེ་ཤེས་ལྷའི་སྤྲུལ་པ་རྣམ་པ་ཁྱུང་ནག་དབུ་དགུ་པ་ཞལ་གདངས་ཤིང་ཀྲིཾ་ཀྲིཾ་གི་སྒྲ་སྒྲོག་པ། ཕྱག་གཉིས་ཀྱིས་ས་བདག་ཀླུ་གཉན་སྦྲུལ་གྱི་རྣམ་པ་ཅན་བཟུང་ནས་ཞལ་དུ་གསོལ་བ། གནམ་ལྕགས་མེའི་མཆུ་སྡེར་དང་སྤུ་གྲི་འབར་བའི་གཤོག་པ་ཅན། དམིགས་པའི་ས་གཉན་བཀབ་ཅིང་ནམ་མཁར་ལྡིང་བ། གཙོ་བོའི་མཐའ་སྐོར་དུ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ། གཡས་(༥ན)


GLG022_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རུ་འདྲེན་སྐྱེས་བུ་གཡུའི་སྨིན་མ་ཅན། གཡོན་གྱི་རུ་འདྲེན་ཁྱེའུ་ཆུང་གཡུའི་ཟུར་ཕུད་ཅན། མདུན་གྱི་རུ་འདྲེན་མི་དཀར་གཡུའི་ཐོར་ཅོག་ཅན། རྒྱབ་ཀྱི་རུ་འདྲེན་མི་སྔོན་འཇིགས་པ་སྟེ་སོ་སོ་བརྒྱ་ཕྲག་དང་བཅས་པས་བསྐོར་བ། ཤར་དུ་བཻ་ཌཱུཪྻ་དཀར་པོ་ལས་གྲུབ་པའི་ལྷའི་གཞལ་མེད་ཁང་རྒྱ་ཕུབས་ཅན་རིན་པོ་ཆེའི་ར་བ་གྲུ་བཞི་པས་བསྐོར་བའི་ནང་དུ་ནད་བརྒྱ་འཇོམས་པའི་སྨན་གྱི་མེ་ཏོག་ལོ་འབྲས་མྱུ་གུ་གྲངས་མེད་པས་ཡོངས་སུ་གཏམས་པའི་དབུས་སུ་པད་ཟླའི་སྟེང་ན་ཞི་མཛད་རྡོ་རྗེ་འབར་བ་རྩལ་སྐུ་མདོག་དཀར་པོ་གཡས་སྨན་གྱི་ལྗོན་ཤིང་ཐུགས་ཀ་དང་གཡོན་བདུད་རྩིས་གཏམས་པའི་བུམ་པ་བརླ་སྟེང་ན་འཛིན་ཅིང་། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་སྨན་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། ལྷོར་ཛམྦུ་ཆུ་བོའི་གསེར་སྦྱངས་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཁང་བཟང་རྒྱ་ཕུབས་ཅན། རིན་པོ་ཆེའི་ར་བ་གྲུ་བཞི་བས་ཁོར་ཡུག་ཏུ་བསྐོར་བའི་ནང་དུ་རྒྱལ་སྲིད་བདུན། བཀྲ་ཤིས་རྟགས་བརྒྱད། རིན་པོ་ཆེའི་རི། ཡོངས་འདུ་ས་བརྟོལ། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག་སོགས་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པས་ཡོངས་སུ་གང་བའི་དབུས་ན་པད་ཟླ་དང་ནེའུ་ལེ་དམར་སེར་གྱི་གདན་ལ་རྒྱས་བྱེད་ཀྱི་རྡོ་རྗེ་འབར་བ་རྩལ་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ནོར་བུ་འབར་བ་ཐུགས་ཀ་དང་གཡོན་རིན་པོ་ཆེའི་སྒྲོམ་བུ་པུས་སྟེང་ན་འཛིན་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར་བ། ནུབ་ཏུ་པདྨ་རཱ་གའི་ཁང་བཟང་རྒྱ་ཕུབས་ཅན་ཁོར་ཡུག་དང་བཅས་པའི་ར་བར་འཆི་མེད་བདུད་རྩིས་གཏམས་པའི་བུམ་བཟང་། མཚོ། རྫིང་། ལྟེང་ཀ །ལུ་མ། ཆུ་མིག་དང་བཅུད་(༥བ)


GLG022_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་སྙིང་པོར་གྱུར་པའི་རྫས་སྨན་གྱིས་ཡོངས་སུ་ཁྱབ་པའི་དབུས་ན་པད་ཟླའི་གདན་ལ་དབང་གི་ལྷ་རྡོ་རྗེ་འབར་བ་རྩལ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་པདྨ་རཱ་གའི་ཚེ་བུམ་འཛིན་པ། རིན་པོ་ཆེའི་རྒྱན་རྡོ་རྗེའི་དབྱིབས་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་ཚེའི་ལྷ་དང་རིགས་འཛིན་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། བྱང་དུ་དྲག་པ་གནམ་ལྕགས་འབར་བའི་མཁར་སྟེང་དུ་རྒྱ་ཕུབས་དང་ཁོར་ཡུག་ར་བས་བསྐོར་བའི་ནང་མཚོན་ཆ་སྣ་ཚོགས་ཀྱི་དྲ་བས་སྦྲེལ་བའི་དབུས་སུ་པདྨ་ཉི་མ་དགྲ་བགེགས་ཕོ་མོ་བསྣོལ་བའི་གདན་ལ་ཀརྨ་ལས་ཀྱི་ཁྲོ་བོ་རྡོ་རྗེ་འབར་བ་རྩལ་སྐུ་མདོག་ནག་ལ་ཁྲོས་པ། མིག་རྩ་དམར་ཞིང་མཆེ་བ་གཙིགས་པ། རལ་པ་དམར་སེར་གྱེན་དུ་བརྫེས་ཤིང་རིན་པོ་ཆེའི་རྒྱན་རྣམས་དང་དུག་སྦྲུལ་གྱིས་བརྒྱན་པ། ཙེ་བེར་དམར་ནག་བརྩེགས་པའི་ནང་མ་གསེར་སྐེད་ཅན་གཡས་མདུང་དམར་དང་གཡོན་ལྕགས་ཀྱི་མདའ་གཞུ་འཛིན་པ་རིན་པོ་ཆེའི་ཧོར་ལྷམ་གྱོན་ནས་རྟ་མཆོག་བྲ་ནག་རླུང་ཤུགས་ཅན་ལ་བཅིབས་ཤིང་མེ་རླུང་འཁྲུག་པའི་ཀློང་ན་བཞུགས་པར་མངའ་བདག་དྲེགས་པའི་སྡེ་དཔོན་རྣམས་ཀྱིས་བསྐོར་བ། ཤར་ལྷོར་རྩེ་མོར་གངས་དང་། རྐེད་པར་ནེའུ་གསིང་། མེ་ཏོག་ནགས་ཚལ་གྱིས་བརྒྱན་པའི་དབུས་སུ་ཤེལ་དཀར་གྱི་ཁང་བཟང་ཡིད་དུ་འོང་བར་པད་ཟླའི་གདན་ལ་ལྷ་ཆེན་གཞོན་ནུ་སྐྱེས་བུ་བཞིན་བཟང་ཁ་དོག་དཀར་ལ་དབུ་སྐྲ་གཡུའི་ཟུར་ཕུད་ཅན། དུང་སོ་ཁོར་མ་ཡོད་པ། གཡས་སྐྱབས་སྦྱིན་དང་གཡོན་ཁུ་ཚུར་དཀུར་བརྟེན་པ། དར་དཀར་གྱི་ལའུ་གསོལ་ཞིང་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པར་རང་འདྲའི་ལྷ་ཕྲུག་དུ་མས་བསྐོར་བ། ལྷོ་ནུབ་ཏུ་མཚོན་ཆ་སྣ་ཚོགས་རྩེ་མོ་ཕྱིར་བསྟན་ཅིང་མེ་རླུང་འཚུབ་མར་(༦ན)


GLG022_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་བ་ལས་འཕྲོས་པའི་འོད་ཟེར་གྱིས་གནོད་བྱེད་དམིགས་བྱ་རྣམས་ར་བའི་ནང་དུ་བཀུག་པའི་སྟེང་ན་སྐྱེ་འགྲོའི་སྲོག་གཤེད་སྨྱོ་འདྲེ་སྲིན་པོ་འདུལ་བའི་གཉེན་པོར་ལྷ་ཆེན་གྱི་ངོ་བོ་རྣམ་པ་འབྲོང་གཡག་ཞལ་ཅན་དཀར་པོ་འགྱིང་བག་དང་ལྡན་པ། རྭ་གཉིས་ཐང་ཤིང་བརྒྱངས་པ་ཙམ་ལ་ཤིན་ཏུ་རྣོ་བ། ཁ་རླངས་ན་བུན་ལྟར་འཐིབས་ཤིང་ངུར་སྒྲ་འབྲུག་ལྟར་སྒྲོག་པ། གནམ་ལྕགས་རྨིག་པ་མེ་ལྟར་འབར་བས་རྒྱལ་འགོང་དམ་སྲི་འདམ་ལྟར་བརྫིས་ཤིང་རང་འདྲའི་སྤྲུལ་པ་དཔག་ཏུ་མེད་པ་འགྱེད་པ། ནུབ་བྱང་དུ་བྱུ་རུའི་བ་གམ་ལྕགས་རིས་བསྐོར་བའི་ར་བར་ཨུཏྤལ་དམར་པོས་མཆན་པའི་མེ་ཏོག་དང་ལྗོན་ཤིང་སྣ་ཚོགས་པའི་ཚལ་གྱིས་ཁོར་ཡུག་ཏུ་དཀྲིགས་པའི་དབུས་སུ་པད་ཉིའི་གདན་ལ་རླུང་སེམས་ལས་རུང་གི་ལྷ་དཔའ་བོ་རྡོ་རྗེ་འབར་བ་རྩལ་སྐུ་མདོག་དམར་ལ་འཚེར་བ་པདྨ་དམར་པོའི་ཕྲེང་རྒྱན་ཅན། གཡས་ལྕགས་ཀྱུས་བསྒྲུབ་བྱའི་སྙིང་ནས་འགུགས་ཤིང་གཡོན་ཞགས་པས་མགུལ་ནས་འཆིང་བ། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པར་འགུགས་བྱེད་དབང་གི་ཕོ་ཉའི་ཚོགས་ཀྱིས་བསྐོར་བ། བྱང་ཤར་དུ་ཡིད་འོང་འཇའ་གུར་འཁྲིགས་པའི་ནང་དུ་རིན་པོ་ཆེ་ལས་གྲུབ་པའི་འཆི་མེད་ལྷའི་ཁང་བཟང་བཀོད་པ་ཕུན་སུམ་ཚོགས་པའི་ཁོར་ཡུག་ཏུ་ལྷའི་སྐྱེད་ཚལ་གྱིས་ཡོངས་སུ་བསྐོར་བའི་ལྟེ་བར་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླ་དགྲ་བགེགས་ཕོ་མོའི་གདན་ལ་ལྷ་མཆོག་སྲིད་གསུམ་གྱི་བདག་པོ་སྐུ་མདོག་དམར་སེར་མཆེ་བ་གཙིགས་པ་ཨག་ཚོམ་དང་སྨིན་མ་གློག་ལྟར་འཁྱུག་པ། དབུ་སྐྲ་ལི་ཁྲིའི་མདོག་ཅན་ཐོར་ཚུགས་ཀྱི་རྩེར་སྐྱེ་བ་ལྔ་པའི་དུང་སུམ་ཚོམ་གྱི་སྟེང་དུ་ནོར་བུ་འབར་བས་མཚན་པ། སྤྱན་གསུམ་དང་ལྡན་ཞིང་ཞི་མ་ཁྲོའི་ཉམས་ཅན། གཡས་ཡེ་ཤེས་ཀྱི་རལ་གྲི་མེ་འབར་བ་ནམ་མཁར་(༦བ)


GLG022_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱར་ཞིང་གཡོན་པ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཐུར་དུ་བསྐོར་བ། སྟག་ལྤགས་ཀྱི་རྐེད་དཀྲིས་དང་སྦྲུལ་གྱི་དོ་ཤལ་གསོལ་བ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ནས་མེ་འོད་ཀློང་ན་བཞུགས་པར་ཚངས་རིས་ཀྱི་འཁོར་ཚོགས་གྲངས་མེད་པས་བསྐོར་བ་ཞི་རྒྱས་དབང་འགུགས་ཚངས་པ་སྟེ་ལྔ་གའང་དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་པྲོག་ཞུ་སོགས་རིན་པོ་ཆེའི་རྒྱན་སྙན་གོང་ཨུཏྤལ་དང་དར་གྱི་ཅོད་པན་འཕྱང་བ། ནང་ཁ་དོག་སྣ་ཚོགས་དང་ཕྱི་རང་མདོག་དང་མཚུངས་པའི་ཙེ་བེར་ཉིས་བརྩེགས་གསོལ་བའི་ནང་མ་ལ་གསེར་སྐེད་བཅིངས་པ། རིན་པོ་ཆེའི་ཧོར་ལྷམ་གསོལ་ཞིང་སྐུ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ་བའོ། །སྐུའི་རྣམ་པར་འཕྲུལ་པ་དགུར་བསྟན་པ་དེ་དག་གི་གཡས་ཕྱོགས་སུ་ངོ་བོ་ཡེ་ཤེས་ཀྱི་ལྷ་ལ་རྣམ་པ་དུང་ཁྲ་དཀར་པོས་བར་སྣང་རླབས་ཀྱིས་སྤྱད་དེ་ཁྱེར་འདྲེ་འཕུང་སྲི་འབྱུང་པོ་ཕུག་རོན་འདྲ་བའི་རྗེས་ཤུལ་བསྙེགས་ཏེ་ཤ་ཁྲག་རུས་པ་ཟ་བ། རྒྱབ་ཏུ་ལྕགས་སྡིག་ནག་པོ་ལུས་ཀྱིས་གཞི་ཁྱབ་ཅིར་རྭ་དང་མཇུག་མ་ནམ་མཁར་གདེངས་ནས་འོད་ཟེར་ལྕགས་ཀྱི་དྲ་བར་སྒབ་འདྲེ་ཕྱིར་འབྲང་བཅུག་སྟེ་སྙིང་ཁྲག་འབྱིན་པ། གཡོན་དུ་སྤྲུལ་པའི་དུང་སྤྱང་ཕོ་མོ་གློག་ལྟར་འཁྱུག་པ་སྤུ་གྲིའི་མཆེ་བས་དགྲ་བགེགས་འབིགས་ཤིང་ལྕགས་ཀྱི་སྡེར་མོས་ས་གཞི་འདྲད་པ། མཇུག་མ་བརྡབས་པས་མེ་རླུང་འཚུབ་པ། ཕྱི་རོལ་གྱི་ཁོར་ས་དང་པོ་ལ་ལྷ་དང་ཀླུ་གཉན་བྱེ་བ་འབུམ་སྡེའི་དམག་ཚོགས། ཕྱི་མ་ལ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་དཔུང་ཚོགས་ཡན་ལག་བཞི་པའི་ཆ་ལུགས་སུ་འཇིགས་ཤིང་དཔའ་བ། །ཀུན་ཀྱང་ཉི་མ་འབུམ་གྱི་གཟི་བརྗིད་ལྟར་འབར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་ཧྲཱིཿ མཐར་སྙིང་པོས་བསྐོར་བ་དང་བདག་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མཐོ་རིས་ལྷའི་ཚལ། (༧ན)


GLG022_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བརྒྱད་གངས་ཀྱི་ར་བས་བསྐོར་བའི་ཕོ་བྲང་སོགས་ནས་དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ་སྐུའི་རྣམ་འགྱུར་བརྒྱད་དང་བཅས་པར་གྲངས་མེད་པའི་འཁོར་ཚོགས་རྒྱ་མཚོས་བསྐོར་བ་བཛྲ་ས་མ་ཡ་ཛཿཛཿས་སྤྱན་དྲངས། སྤོས་སྦྱོར་བསྲེག་ཅིང་གཡབ་དར་རོལ་མོ་དབྱངས་དང་བཅས་ཏེ་སྤྱན་འདྲེན་བཞུགས་སུ་གསོལ་བ་ནི། ཧཱུཾ། སྔོན་ཚེ་གཏེར་གཞུང་། ཀ་དག་རྡོ་རྗེའི་དབྱིངས། །ནང་གསལ་འོད་ཀྱི་གཞལ་ཡས་ཁང་། །འོག་མིན་འཕྲུལ་གྱི་ཞིང་ཁམས་སུ། །སངས་རྒྱས་བསྟན་པ་བསྲུང་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་། །སྤྲུལ་པ་ལྷ་ཆེན་འབར་བ་རྩལ། །མི་མཇེད་ཀུན་ལ་དབང་བསྐུར་བའི། །ཚངས་པའི་རྒྱལ་པོ་མཐུ་བོ་ཆེ། །དྲེགས་པའི་སྡེ་དཔོན་ཀུན་གྱི་རྗེ། །ཤེལ་གྱི་གནམ་ལྷ་དཀར་པོར་གྲགས། །གསང་ཡུམ་རྡོ་རྗེ་གཡུ་སྒྲོན་མ། །བྱང་ཐང་གནམ་མཚོའི་རྒྱལ་མོ་སྟེ། །མཆེད་འཁོར་གཙང་རིས་ལྷ་ཡི་ཚོགས། །བཀའ་སྡོད་དྲེགས་ལྡན་དུ་མས་བསྐོར། །ལྷ་ཆེན་དཔལ་འབར་དྲག་ཤུལ་ཅན། །རྫུ་འཕྲུལ་སྟོབས་ཀྱིས་སྐུ་བསྐྱོད་ཚེ། །ས་གཞི་རི་བྲག་ཐམས་ཅད་ཀྱང་། །མཐོ་དམའ་མེད་པར་ཞོངས་སེ་ཞོང་། །དཔུང་ཚོགས་ཆར་སྤྲིན་འཐིབས་པ་བཞིན། །དགྱེས་པའི་གད་བརྒྱངས་དིར་རི་རི། །སྤྱན་འདྲེན་དང་བའི་གནས་འདིར་གཤེགས། །ཉི་ཟླ་པདྨ་རིན་ཆེན་ཁྲིར། །ཡེ་ཤེས་གསང་བའི་ལྷ་མཆོག་ཁྱོད། །བསྟན་སྲུང་རྒྱལ་བོར་མངའ་གསོལ་ཚེ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ། །གཟི་བརྗིད་ཉི་མ་འབུམ་བཞིན་རྒྱས། །ནག་ཕྱོགས་བདུད་དཔུང་ཟིལ་གྱིས་གནོན། །དཔའ་བོ་སྟོབས་ལྡན་སྙིང་རྗེ་ཅན། །སྡེ་དཔོན་ཆེན་པོའི་སྤྱན་སྔ་རུ། །བདག་གིས་ཁས་བླངས་དམ་(༧བ)


GLG022_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་གཡེལ། །དམ་ཚིག་ཉམས་ཆགས་མཐོལ་ལོ་བཤགས། །མཉེས་མཆོད་ཐུགས་དམ་བསྐང་བ་ནི། །མན་ཤེལ་འོད་འཕྲོ་གསང་བའི་རྟེན། །ཏིང་འཛིན་གསལ་བས་ཐུགས་དམ་བསྐང་། །དམ་རྫས་གཏོར་མ་ནང་གི་རྟེན། །བསྙེན་སྒྲུབ་བཟླས་པས་ཐུགས་དམ་བསྐང་། །སྐུ་འབག་རྒྱན་ལྡན་ཕྱི་ཡི་རྟེན། །འདོད་ཡོན་ལོངས་སྤྱོད་ཐུགས་དམ་བསྐང་། །ཧཱུཾ། ཡེ་ཤེས་གཏེར་གཞུང་། གཞལ་ཡས་བསྐྱེད་ཀྱི་རྒྱ་མ་ཆུང་། །སེང་གེ་གླང་ཆེན་ཁྲི་བཤམས་དཔངས་མ་དམའ། །ཉི་ཟླ་པདྨའི་གདན་བཏིང་བཀྲག་མ་ཞན། །ཡེ་ཤེས་ལྷ་མཆོག་བསྙེན་གྱི་རྒྱང་མ་རིང་། །འཇིག་རྟེན་སྲུང་མ་བསྒྲུབས་ཀྱི་མཐུ་མ་ཆུང་། །འདིར་གཤེགས་ཉི་ཟླའི་གདན་ལ་བཞུགས་སུ་གསོལ། །རྡོ་རྗེ་འབར་བ་རྩལ། ས་མ་ཡ་ཛཿཛཿ ཧཱུཾ། སྐུ་ལྷའི་ཡབ་སྨོས་པ། འོ་དེ་གུང་རྒྱལ་ལགས། །སྐུ་ལྷའི་ཡུམ་སྨོས་པ། །གཡུ་བྱ་གཤོག་གཅིག་ལགས། །སྐུ་ལྷ་ཉིད་སྨོས་པ། །ཡ་ཟུར་གཉན་གྱ་ལྷ། །བཞུགས་ཡུལ་མཚན་གསོལ་བ། །འདམ་ཤོད་སྣར་མོ་ལགས། །ཁྲི་རྒོད་གཡུ་ལྗང་ཁྲིལ། །དབྱར་སྔོ་དགུན་ཡང་སྔོ། །བཞུགས་ཡུལ་ཉམས་རེ་དགའ་དགྱེས་སོ་ལྷ་ཡི་ཡུལ། །མི་ཆོས་མཚན་གསོལ་བ། །ཐང་ལྷ་ཡ་ཞུར་ལགས། །ལྷ་ཆོས་མཚན་གསོལ་བ། །དྲི་ཟའི་རྒྱལ་པོ་ནི། །ཟུར་ཕུད་ལྔ་པ་ལགས། །གསང་བའི་མཚན་གསོལ་བ། །རྡོ་རྗེ་འབར་བ་རྩལ། །སྐུ་ལ་ཅི་གསོལ་གསུམ་ཀུན་ཏུ་རྒྱུ། །མདོག་དཀར་འོད་ཟེར་འབར། །གཡས་པ་སྦ་ལྕག་འཕྱར། །མ་བདུན་ལས་ལ་འགྱེད། །ཡོན་པ་ཤེལ་འཕྲེང་འདྲེན། །ཐུགས་(༨ན)


GLG022_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

དམ་དབྱིངས་སུ་ཟློ། སྤྲུལ་པ་ཅི་འགྱེད་ན། །རྟ་དམག་འབུམ་སྡེ་འགྱེད། །བློན་གཡོག་འཁོར་དང་བཅས། །འདིར་སྤྱོན་འཕྲིན་ལས་མཛོད། །དམ་ཅན་ཀུན་གྱི་ལྷ། །དམ་མེད་ཀུན་གྱི་གཤེད། །མནའ་ཟན་ཀུན་གྱི་བདུད། །རྣལ་འབྱོར་ཀུན་གྱི་དཔལ། །སྒྲུབ་མཆོག་བདག་གི་གྲོགས། །འཕྲིན་ལས་སྐལ་ཕོག་པ། །སྨྱོ་བའི་འདྲེ་འདུལ་ཞིང་། །སྡང་བའི་དགྲ་སྲོག་གཅོད། །མགྱོགས་སུ་རྟ་གཏོད་ཀྱི། །རྨིག་ཐོགས་ཟོར་མ་ལྕི། །རྣོ་རུ་མཚོན་རྡོར་གྱི། །རྩེ་མོ་དབལ་མ་ཞན། ཅི་དང་དོ་སྔོ་ན། དོ་ཐག་ཆང་ཏ་རེ། མགྱོགས་དང་དཀྱུས་མཉམ་ན། །དཀྱུས་ཐོག་ཤོར་ར་རེ། །སྡང་དགྲས་འཁྱེར་ར་རེ། །བྱམས་ཀྱིས་སྐྱོང་ཏ་རེ། །དུས་ལ་བབ་པོ་ས་མ་ཡ། །དམ་ཚིག་རྗེས་སུ་དྲན་པར་གྱིས། །ལས་ལ་བབ་པོ་བགེགས་ཀྱི་རྒྱལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །དབུས་གཙང་རུ་བཞིའི་ཡུལ་ལྷ་ཁྱོད། །ཆོས་སྐྱོང་རྒྱལ་པོ་ལྷ་ཡི་སྲས། ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་ཡིན། །ཨྱོན་པདྨ་འབྱུང་གནས་ཀྱིས། །དམ་ལ་བཏགས་པའི་དམ་ཚིག་ཅན། །ད་ལྟ་ཅི་བསྒོའི་ལས་རྣམས་ཉོན། །ཕྱི་རབས་བསྟན་པའི་ཐ་མ་ལ། །ཨྱོན་པདྨ་འབྱུང་གནས་ཀྱི། །རྗེས་སུ་འཇུག་པའི་སྔགས་འཆང་དང་། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི། །ལྷ་བརྒྱད་ཆགས་པའི་རྗེ་རིགས་རྣམས། །མཐོ་མཐོ་གུང་ལ་རེས་པ་དང་། །དམའ་དམའ་བུ་བཞིན་སྐྱོང་བར་གྱིས། །བོད་ཁམས་རུ་བཞི་ཕྱུགས་བཞིན་སྐྱོངས། །བསམ་ཡས་ལྷ་ཁང་དཀོར་བཞིན་སྲུངས། །བསྐལ་པ་ཐ་མའི་སེམས་ཅན་ལ། ཁྱེད་ཀྱིས་སྲུང་སྐྱོབ་མི་བྱེད་ན། །དང་པོ་བྱང་ལམ་བར་པ་རུ། །གསང་(༨བ)


GLG022_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཕྱག་ན་རྡོ་རྗེ་ཡིས། །སྲོག་སྙིང་གཟིར་བ་མི་དྲན་ནམ། །བར་དུ་བསམ་ཡས་ཧས་པོ་རིར། །དབང་ཆེན་པདྨ་ཧེ་རུ་ཀས། །དབང་དུ་བསྡུས་པ་མི་དྲན་ནམ། །ཐ་མ་རི་རྒྱལ་བཀྲ་བཟང་གི །རྩེ་མོར་ལྷ་སྲིན་ཀུན་བསགས་ནས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །དམ་ཚིག་ཕོག་པ་མི་དྲན་ནམ། །ང་ནི་པདྨ་འབྱུང་གནས་ཡིན། ཁྱོད་ནི་གཉན་ཆེན་ཐང་ལྷ་ཡིན། །ཡུལ་ནི་དབུས་གཙང་རུ་བཞི་ཡིན། །བྱིན་རླབས་སྤྲིན་ལྟར་ཐིབས་སེ་ཐིབ། །ཐུགས་རྗེ་ཆར་ལྟར་ཤར་ར་ར། །དམ་ཚིག་མདངས་ལྡན་ཡལ་ལ་ལ། །ཐང་ལྷ་གཉན་པོ་གཤེགས་སུ་གསོལ། །སྐུ་ལྷ་གཉན་པོ་འཁོར་བཅས་ལ། །བརྗིད་ལྡན་བཟང་རིང་བཤོས་ཀྱིས་མཆོད། །གཡའ་ཆུ་གངས་ཆུ་གཙང་མས་མཆོད། །དྲི་ཞིམ་སྤོས་དཀར་དུང་བས་མཆོད། །གསེར་དངུལ་རིན་ཆེན་སྣ་ལྔས་མཆོད། །རྔོན་ཆ་དར་དང་ཟ་འོག་མཆོད། །གསང་ལུགས་འབྲས་དཀར་གཙང་མས་མཆོད། །མཆོད་ཡོན་ཉེར་སྤྱོད་རོལ་མོ་འབུལ་བ་ནི། ཧཱུཾ། དྲི་མེད་གཡའ་ཆུ་གངས་ཆུ་གཙང་མའི་ཆུ། །རབ་དཀར་ཡོལ་གོའི་སྣོད་དུ་ཀུན་ནས་བསྐྱིལ། །མདངས་མཛེས་དྲི་ཞིམ་ལྟེ་བ་རབ་མཐོ་བའི། །མེ་ཏོག་དཀར་པོས་གསེར་གྱིས་བུམ་བཟང་མཛེས། ཡོལ་མོ་བ་གསུམ་པས་མཛད། ཙནྡན་སྤོས་དཀར་རྒྱ་ཤུག་སྦྱར་བའི་བསངས། །སྲིད་གསུམ་འཇིག་རྟེན་ཁྱབ་པའི་དུད་སྤྲིན་འཐུལ། །རྩི་བཅུད་གསང་བའི་ཞུན་མེ་དངུལ་དཀར་གྱི། །ཀོང་བུར་ཉི་ལྟར་འབར་བའི་སྣང་གསལ་མཆོག །རིན་ཆེན་བརྡར་ཤེལ་ལས་གྲུབ་པད་ཕོར་ནང་། །ག་ཕུར་བསིལ་བའི་ཆུར་བཏབ་བྱུག་པའི་རྫས། །དམར་དང་མ་འདྲེས་བདའ་དགུར་སྦྱར་བའི་ཟས། །རིན་ཆེན་བྱུ་རུའི་(༩ན)


GLG022_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

གཞོང་པར་རི་ལྟར་སྤུངས། །སྙན་པའི་སྒྲ་དབྱངས་མ་འདྲེས་སྣ་ཚོགས་པ། །དགའ་དང་སྤྲོ་དང་དད་པས་གུས་མཆོད་ཀྱི། །ལྷ་ཆེན་གསང་མཚན་རྡོ་རྗེ་འབར་བ་རྩལ། །ཡུམ་གཅིག་མཚོ་སྨན་སྤྲུལ་འཁོར་རྟ་དམག་འབུམ། །མ་བདུན་བྲན་གཡོག་འཁོར་དང་བཅས་ལ་འབུལ། །དགྱེས་ཤིང་ཐུགས་བརྩེར་དགོངས་ལ་བཞེས་སུ་གསོལ། །ཨཱོཾ་བཛྲ་ཐང་ཀ་ར་ས་པ་རི་ཝཱ་ར་ཨརྒྷཾ། པུཥྤེ་ནས་ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་བརྗོད། དམ་ཚིག་རྡོ་རྗེའི་ཕྱག་རྒྱ་བཅས་ལ། དཔལ་ཕྱག་ན་རྡོ་རྗེ། ཨྱོན་ཆོས་ཀྱི་རྒྱལ་པོ། པཎ་ཆེན་བི་མ་ལ་མི་ཏྲ། ལོ་ཆེན་བཻ་རོ་ཙ་ན། ཆོས་རྒྱལ་མངའ་བདག་ཡབ་སྲས། ཇོ་མོ་མཁར་ཆེན་བཟའ། གཏེར་སྟོན་རིགས་འཛིན་ཡབ་སྲས། སྔགས་གསར་བྲིས། འཆང་རྡོ་རྗེ་རྣམ་གཉིས། མཚན་ལྡན་བླ་མ་རྣམ་གཉིས། དྲིན་ཅན་སངས་རྒྱས་དཔལ་བཟང་། ལྡོངས་སྟོན་ཆོས་རྒྱལ་བསོད་ནམས་ཡབ་སྲས། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །འཕགས་མཆོག་བྱམས་པ་སྐལ་བཟང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། གཞན་ཡང་གཏེར་སྟོན་ཡབ་སྲས་ནས། རྡོར་འཆང་བསོད་ནམས་བཟང་པོ། མཁས་གྲུབ་ཆོས་ཀྱི་རྒྱལ་མཚན། དཔལ་ལྡན་ནམ་མཁའ་གྲགས་པ། རྗེ་དཀོན་ཅོག་བློ་གྲོས། མཚུངས་མེད་བློ་གྲོས་དབང་པོ། མཉམ་མེད་ཤཱཀྱ་དཔལ་བཟང་། ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། གཞན་ཡང་གཏེར་སྟོན་ཡབ་སྲས་ནས། ཆོས་རྗེ་སངས་རྒྱས་དཔལ་བ། རྗེ་ཆོས་དཔལ་འབྱོར། མཚུངས་མེད་རིན་ཅེན་གཞོན་ནུ། སྔགས་


GLG022_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་ཤཱཀྱ་བཟང་པོ། རིགས་འཛིན་ལེགས་ལྡན་རྡོ་རྗེ་དང་ནུབ་དགོན་པ་སྟེ་རྣམ་གཉིས་གཙུག་བརྟེན་དཔལ་བཀྲ་ཤིས་སྟོབས་རྒྱལ། རིགས་འཛིན་ངག་གི་དབང་པོ། ཡོལ་མོ་གཏེར་སྟོན་བསྟན་འཛིན་ནོར་བུ། བརྒྱུད་པ་ཀུན་འདུས་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་སོགས་རིགས་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལ་བཏགས་པའི་དམ་ཚིག་གཉན་པོ་ཉེ་བ་དགོངས་ལ་མངའ་བདག་རྒྱལ་པོའི་སྐུ་ལྷ། ཡ་རབས་བསོད་ནམས་ཀྱི་སྲུང་མ། དབུས་གཙང་རུ་བཞིའི་ཡུལ་ལྷ། དམ་ཚིག་ཉམས་པའི་སྲོག་བདུད། མནའ་ཟན་ཡོངས་ཀྱི་གཤེད་མ། གྲིབ་གནོན་རྒྱལ་འགོང་དམ་སྲིའི་གཉའ་གནོན། སྐུ་གཅིག་ལ་རྣམ་འགྱུར་དགུར་སྟོན་པ། དོན་གཅིག་ལ་མཚན་དྲུག་ཏུ་གྲགས་པ། ལྷ་ཆེན་རྡོ་རྗེ་འབར་བ་ཁྱོད་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་ཅོག་གི་དབུ་འཕང་བསྟོད། མཆོད་གནས་སྡེ་གཉིས་ཀྱི་འདུས་སྡེ་སྐྱོངས། །བོད་ཡུལ་རུ་བཞིའི་རྒྱལ་ཁམས་འདིར་བདེ་སྐྱིད་སྤེལ། ཁྱད་པར་རིགས་འཛིན་སྔགས་འཆང་བདག་ཅག་དཔོན་སློབ་རྒྱུ་སྦྱོར་མི་ནོར་འཁོར་དང་བཅས་པའི་ཚོགས་ལ་སྡང་བར་བྱེད་པའི་དགྲ་ཐུལ། གནོད་པར་བྱེད་པའི་བགེགས་ཆོམས། བྱེ་བྲག་གྲིབ་གནོན་རྒྱལ་བསེན་དམ་སྲི་འབྱུང་པོ་རྣམས་ཀྱི་མཐུ་སྟོབས་ནུས་པ་རྡུལ་ཕྲན་བཞིན་དུ་རློག་ལ་བདག་སོགས་ཡོངས་ཀྱི་ནད་རིམས་དུས་མིན་འཆི་བས་མཚོན་པའི་མི་མཐུན་པའི་ཕྱོགས་ཀུན་ཞི་བ་དང་ཚེ་དཔལ་ལོངས་སྤྱོད་མངའ་ཐང་སོགས་ཆོས་སྲིད་ཀྱི་ལེགས་ཚོགས་མ་ལུས་ཡར་ངོའི་ཟླ་བ་ལྟར་སྤེལ་བ་དང་སྲིད་གསུམ་ཟིལ་གྱིས་གནོན་པ་དང་ཁམས་གསུམ་ཐམས་ཅད་དབང་དུ་བསྡུ་བའི་འཕྲིན་ལས་ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པར་(༡༠ན)


GLG022_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཅིག །བཛྲ་ས་མ་ཡ་ཧཱུཾ། ཞེས་དམ་བསྒྲགས། པྲ་སྟོན་གཏེར་གཞུང་། པར་གསོལ་བ་ནི། ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པ་ལ་མཉེས་མཆོད་རྟེན་གཏོར་འདི་ཕུལ་བས་བདག་གི་ཕྱི་ནང་གསང་བའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་ལེགས་ཉེས་ཀྱི་མཚན་མ་དང་རྟགས་རྣམས་གསལ་བར་བསྟན་དུ་གསོལ། ཞེས་དམོད་བོར་ཞིང་བརྟག་ལུགས་གཞན་དུ་ཤེས་སོ། །སྨན་གཏོར་གསར་བྲིས། འབུལ་བ་ནི། ཧཱུཾ། རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །རྡོ་རྗེ་འབར་རྩལ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །མཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཧཱུཾ། དཀར་གསུམ་དངར་གསུམ་བཟང་སྨན་འབྲུ་དཀར་ཟན། །ལེགས་སྦྱར་ཡེ་ཤེས་བདུད་རྩིར་བྱིན་བརླབས་པ། །རོ་མཆོག་བརྒྱ་ཕྲག་ལྡན་པའི་བྷ་ལིནྟ། །འབུལ་གྱིས་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་ཕྱག་རྒྱ་དང་བཅས། ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨཱོཾ་བཛྲ་ཐང་ཀ་ར་ས་པ་རི་ཝཱ་ར་མཧཱ་བྷ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཙོ་བོ་ལ་ལན་བདུན་ནམ་ཉེར་གཅིག །ཨ་ཀཱ་རོས་གཙོ་འཁོར་སྤྱིར་ལན་གསུམ་མམ་བདུན་གྱིས་འབུལ། བཀའ་སྲུང་རྒྱས་མཆོད་དང་གཞི་བདག་ལ་གཏོར་མ་བསྔོ། གཏེར་གཞུང་། འཛབ་ནི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ཨཱཿདཀར་པོའི་མཐར། (༡༠བ)


GLG022_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་བཛྲ་ཐང་ཀར་མུན་ཉིད་ཁུ་ཤ་ལི་སྭཱཧཱ། ཞེས་པ་དུང་གི་ཕྲེང་བ་ལྟ་བུས་བསྐོར་བ། རང་དཔལ་རྟ་མགྲིན་དུ་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧྲཱིཿདམར་པོ་རྩ་སྔགས་ཀྱིས་བསྐོར་བ། དེའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ལྷ་ཆེན་གྱི་ནུས་པ་དང་གཟི་བྱིན་འོད་ཟེར་སྣ་ཚོགས་སུ་རང་ལ་ཐིམ་པར་བསམ། སླར་གསར་བྲིས། ཡང་འོད་ཟེར་འཕྲོས། དབུས་དང་ཕྱོགས་མཚམས་སུ་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་ལས་ཀྱང་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། ལྷ་མིའི་གནས་སུ་གཞུགས་པའི་རྡོ་རྗེ་འབར་བ་རྩལ་སོ་སོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་བྱིན་རླབས་ལས་མ་དག་པ་སྦྱོང་བའི་ཁྲུས་ཆར་འབེབས། དྲི་བཟང་སྤོས་ཀྱི་ངད་པ་འཐུལ། ཨཱ་ལི་ཀཱ་ལིའི་རང་སྒྲ་བསྒྲགས་པས་ནད་གདོན་བར་ཆད་ཞི་ཞིང་ཚེ་དཔལ་འདོད་དགུའི་ལེགས་ཚོགས་རྣམས་བསྡུས་ནས་རང་ལ་ཐིམ། སྟོང་གསུམ་གྱི་སྐྱེ་རྒུ་ཀུན་དབང་དུ་འདུས་ཏེ་བྲན་དུ་བཀོལ་ཞིང་འདར་ཡེེང་ཡང་ནས་དགྲ་བགེགས་བདུད་དཔུང་ཐམས་ཅད་ཚར་བཅད། མདོར་ན་ཅི་བསམས་པའི་དོན་རྣམས་ཡིད་བཞིན་དུ་སྒྲུབ་པར་བསམ་ཞིང་སྔགས་ཅི་ནུས་བཟླ། ལས་སོ་སོར་སྒྲུབ་ཚེ་སྐབས་ཐོབ་ཀྱི་གཙོ་བོ་འཕོ་བ་དང་དམིགས་པའི་ཁ་བསྒྱུར་གྱི་གནད་ཞལ་ལས་འདྲི། ཉམས་ཆགས་ཀྱི་ལྟས་ཆེ་ན་བག་ཆགས་སྟོབས་འཇོམས་ཀྱི་སྒོ་ནས་ཁྲུས་གསོལ། ཡེ་ཤེས་སྐུ་མཆོག་མ་དང་གཞན་ཡང་། ཧཱུཾ། བྱང་གསར་བྲིས། སེམས། ནམ་མཁའི་སྙིང་པོ་འགྲོ་བའི་དོན། །ལས་བཞི་བསྒྲུབ་ཕྱིར་སྣ་ཚོགས་སྤྲུལ་པའི་གར། །སྟོན་མཛད་ཟུར་ཕུད་ལྔ་པ་དྲི་ཟའི་རྒྱལ། །འཁོར་དང་བཅས་པ་དེང་འདིར་སྙན་གསོན་ཞིག །དངོས་གྲུབ་(༡༡ན)


GLG022_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་རྩ་བརྒྱུད་བླ་མ་ལ། །ལོག་པར་ལྟ་སོགས་སྤྱི་དང་བྱེ་བྲག་གི །གསང་ཆེན་རྡོ་རྗེ་ཐེག་པའི་དམ་ཚིག་ལས། །ཉམས་ཆགས་ནོངས་པར་གྱུར་པའི་ཚོགས་ཀུན་བཤགས། །ཚོན་བརྒྱ་ཉེ་བའི་མན་ཤེལ་ཇི་བཞིན་དུ། །ལྷ་ཁྱོད་བགྲང་ཡས་སྐུ་ཡི་རྣམ་པར་འཕྲུལ། །གསལ་སྟོང་བསྐྱེད་རིམ་ཚུལ་ལྡན་མེ་བསྒོམས་པ། །སྐུ་ཡི་དམ་ཚིག་ཉམས་ཆགས་མ་ལུས་བཤགས། །སྲོག་གི་སྙིང་པོ་གསང་བ་སྔགས་ཀྱི་སྒྲ། །གྲག་སྟོང་རྒྱུན་མི་ཆད་པའི་འཛབ་བཟླས་ཀྱིས། །ཐུགས་དམ་བརྒྱུད་བསྐུལ་བསྙེན་སྒྲུབ་གཡེལ་བ་སོགས། །གསུང་གི་དམ་ཚིག༝། །ངོ་བོ་ཡེ་དག་རང་བཞིན་འོད་གསལ་བར། །ཀུན་ཁྱབ་ཀུན་ལ་འཇུག་པའི་ཐུགས་རྗེའི་གདངས། །བདེ་སྟོང་ཟུང་འཇུག་ཏིང་འཛིན་ལ་གཡེལ་བའི། །ཐུགས་ཀྱི་དམ་ཚིག་ཉམས་ཆགས༝། །སྲོག་དབང་ལུང་དང་མན་ངག་གནད་གསང་ཀུན། །དམ་མེད་སྣོད་མིན་རྣམས་ལ་བསྟན་པ་དང་། །བསྙེན་སྒྲུབ་ལས་སྦྱོར་མཆོད་པའི་རྫས་མ་ཚང་། །འབགས་བཙོག་འཆོལ་དང་ནོར་འཕྲུལ་མ་དག་བཤགས། །དམ་ཚིག་སྡོམ་ཉམས་འཁོན་མཛེ་དམེ་ཡུགས་བཤན། །རོ་བག་མི་གཙང་ཀ་ཅ་རྫས་ངན་སོགས། །རྩིང་པོར་སྤྱད་པས་ལྷ་དང་སྒྲུབ་བ་པོ། །ནོངས་པའི་རྒྱུ་རྐྱེན་བསགས་པ་མ་ལུས་བཤགས། །ལོ་ཟླ་ཚེས་གྲངས་དུས་ཀྱི་གསོལ་བསྐང་མདོས། །རྒྱུན་གྱི་གཏོར་མ་བག་མེད་གཡེང་བས་ཆག །ནག་ཕྱོགས་ལྷ་རིགས་འབྱུང་པོར་ཡིད་བསྟད་དེ། །འབད་པས་བསྟེན་ཅིང་མཆོད་པའི་ཉེས་ཀུན་བཤགས། །དྲི་མེད་རིག་པ་ཡེ་ནས་རང་དག་ཀྱང་། །ཀུན་རྫོབ་སེམས་ཀྱི་འཁྲུལ་(༡༡བ)


GLG022_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ངོའི་ཉེས་པ་རྣམས། །སྒྱུ་མའི་རྟ་གླང་ཇི་བཞིན་དོན་དམ་དབྱིངས། །བཤགས་བྱ་བཤགས་བྱེད་བྲལ་བའི་ངང་ནས་བཤགས། །ཞེས་བརྗོད། ཕྱི་ནང་གསང་བའི་བསྐང་རྫས་བྱིན་གྱིས་བརླབ་པ་ནི། ཧཱུཾ། སྟོང་ཀུན་བཟང་ཐུགས་གཏེར་སོགས་གཏེར་ཁ་སྣ་ཚོགས་ནས་བྱུང་བ། གསུམ་ཀུན་ཏུ་དྲི་མཆོག་འབྱུང་འགྱུར་བའི། །སྤོས་དང་སྨན་སྦྱར་ཆུ་གཙང་དག་པའི་ཁྲུས། །ཡིད་བཞིན་སྤྲིན་ཕུང་མཁའ་ལ་ཆར་འབེབས་པ། །མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིག །ཨཱོཾ་ཤུདྡྷེ་ཤུདྡྷེ་ཤོདྷ་ན་ཡེ་སྭཱཧཱ། ཧཱུཾ། བདེ་སྡོང་འདབ་དྲུག་ཁྲི་འཕང་བཞིན། །ཉི་མ་ཟླ་བའི་གདན་སྟེང་དུ། །བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ། །དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན། །དར་དང་རིན་ཆེན་དུ་མས་སྤྲས། །སྤྱི་གཙུག་བླ་མ་ཀུན་བཟང་མཐིང་། །མཚན་དཔེས་སྤྲས་པ་ཡུམ་དང་སྦྱོར། །སྐུ་ཡི་གནས་སུ་ཞི་ཁྲོའི་ལྷ། །ཆུ་ནང་ཟླ་བ་ལྟ་བུར་གསལ། །ཨཱོཾ་བཛྲ་སཏྭ་ཧཱུཾ། འདབ་དྲུག་ཤར་གྱི་པད་འདབ་ལ། །སྦྱོང་བའི་ལྷ་ནི་ཤཱཀ་ཐུབ་སེར། །ཕྱག་གཉིས་ས་གནོན་ལྷུང་བཟེད་བསྣམས། །མཚན་དང་དཔེ་བྱད་ལྡན་པར་བཞུགས། །ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང་། །ཨ་དཀར་འོད་འཕྲོས་དངོས་འཛིན་སྦྱངས། ཨཱོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། སྔགས་འདི་ལན་བདུན་བརྗོད་པའི་མཐུས། །སྣོད་བཅུད་དངོས་འཛིན་དག་གྱུར་ཅིག །དེ་ཡི་མཚམས་ཀྱི་པད་འདབ་ལ། །སྤེལ་བའི་ལྷ་ནི་རྣམ་སྣང་དཀར། །ཕྱག་ན་འཁོར་ལོ་དྲིལ་བུ་བསྣམས། །མཚན་དང་དཔེ་བྱེད་ལྡན༝། །ཐལ་མོ་ཚིགས་བཅག་ཕྱག་རྒྱའི་ནང་། ཁཾ་སྔོན་འོད་འཕྲོས་སྣོད་བཅུད་སྤེལ། །ན་མཿ(༡༢ན)


GLG022_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁི་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། སྔགས་འདི་ལན་བདུན་བརྗོད་པའི༝། །སྣོད་བཅུད་ལེགས་ཚོགས་སྤེལ་གྱུར་ཅིག །དེ་ཡི་མཚམས་ཀྱི་པད་འདབ་ལ། །བསྒྱུར་ལྷ་བདུད་རྩི་འཁྱིལ་པ་ལྗང་། །ཕྱག་མཚན་རྒྱ་གྲམ་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད་ལྡན་པར་བཞུགས། །ཐལ་མོ་ཁ་གྱེར་ཕྱག་རྒྱའི་ནང་། །ཛཿདམར་འོད་འཕྲོས་བདུད་རྩིར་བསྒྱུར། །ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། སྔགས་འདི་ལན་བདུན༝། །སྣོད་བཅུད་ཟག་མེད་བདུད་རྩིར་གྱུར། །དེ་ཡི་མཚམས་ཀྱི་པད་འདབ་ལ། །ཐོབ་ལྷ་རིན་འབྱུང་སྐུ་མདོག་སེར། །ཕྱག་ན་རིན་ཆེན་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད་ལྡན༝། །མཆོག་སྦྱིན་ཕྱག་རྒྱའི་ཏྲཾ་སེར་ལས། །འོད་འཕྲོས་ཀུན་གྱིས་འབད་མེད་ཐོབ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། སྔགས་འདི་ལན་བདུན༝། །མགྲོན་རྣམས་ཀུན་གྱིས་ཐོབ་གྱུར་ཅིག །དེ་ཡི་མཚམས་ཀྱི་པད་འདབ་ལ། །ཆིམ་ལྷ་དོན་ཡོད་གྲུབ་པ་ལྗང་། །རྒྱས་མཚན་རལ་གྲི་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད་ལྡན་པར༝། ཁུ་ཚུར་མཆོག་སྦྱིན་ཕྱག་རྒྱའི་ནང་། །ཧ་ལྗང་འོད་འཕྲོས་མགྲོན་མཉེས་བསམ། །ཨཱོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་ར་སྨི་སཾ་བྷ་ཝ་ས་མ་ཡ་མཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ལ་ཛ་ཡ་ནི་སྭཱཧཱ། སྔགས་འདི་ལན་བདུན༝། །མགྲོན་ཀུན་དགྱེས་ཤིང་ཚིམ་གྱུར་ཅིག །དེ་ཡི་མཚམས་ཀྱི་པད་འདབ་ལ། །དབང་ཆེན་ཕྱག་རྡོར་ལྗང་དམར་ནི། །ཕྱག་མཚན་རྡོ་རྗེ་དྲིལ་བུ་རྣམས། །མཚན་དང་དཔེ་བྱད་ལྡན་(༡༢བ)


GLG022_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞུགས། །སོར་བསྣོལ་ཕྱག་རྒྱའི་ཛ་དམར་ལས། །འོད་འཕྲོས་མགྲོན་བཞིའི་མཐུ་སྟོབས་སྡུས། །ན་མསྶ་མནྟ་བུདྡྷཱ་ནཱི་གྲ་ཧེ་ཤྭ་རི་བྲབྷ་ཉྩ་ཛ་ཏི་མ་ཧཱ་ས་མ་ཡ་ཧཱུཾ་ཕཊ། སྔགས་འདི་ལན་བདུན་བརྗོད་པའི་མཐུས། །དབང་སྡུད་འཕྲིན་ལས་ཀུན་འགྲུབ་ཤོག །ཅེས་བྱིན་གྱིས་བརླབ། ཕྱིའི་བསྐང་བ་ནི། རབ་ཡོལ་མོ་བ་གསུམ་པས་མཛད། དྭངས་ཞི་བའི་རླབས་ལྡན་གཙང་མའི་ཆབ། །ལྷུང་ལྷུང་སྙན་པའི་སྒྲར་བཅས་རྒྱུན་འབབ་ཀླུང་། །གཡའ་ཆུ་གངས་ཆུ་ལུ་མར་སྐྱེ་སོགས་ཀྱི། །མཆོད་ཡོན་མཛེས་པར་སྦྲེངས་པས་ཁྱོད་མཆོད་དོ། །པུཎྜ་རི་ཀའི་ཚལ་རྒྱས་ཨུཏྤལ་ནགས། །གཞན་ཡང་ཆུ་དང་ཐང་སྐྱེས་མེ་ཏོག་ཚོགས། །དཔྱིད་ཀྱི་དཔལ་མོས་རབ་སྤེལ་འཕྲེང་མཛེས་པ། །ལྷ་མཆོག་དབུ་ལ་འཆིང་བའི་ཐོད་དུ་འབུལ། །ཙན་དན་སྤོས་དཀར་ལྷ་ཤུག་སོགས་སྦྱར་བའི། །དུད་སྤྲིན་སྲིད་པ་གསུམ་གྱི་བླར་འཕུངས་པས། །མ་དག་ཉེས་པའི་དྲི་མ་ཀུན་སེལ་བ། །ཤངས་ཀྱི་དབང་པོ་ཚིམ་ཕྱིར་བདག་འབུལ་ལོ། །རབ་སྦྱངས་ནོར་བུའི་སྒྲོན་མེ་སྣ་ཚོགས་དང་། །རྩི་བཅུད་ཏིལ་གྱི་མར་མེ་གསལ་འབར་བས། །བསྐལ་པའི་གཤེ་མུན་མཐར་བྱེད་ཨཱ་ལོ་ཀཾ །མ་བསྒྲིབས་གསལ་བར་སྤྱན་གྱི་གཟིགས་མོར་འབུལ། །ག་པུར་དོག་པས་རབ་བསིལ་གུར་ཀུམ་གྱི། །གེ་སར་རྡུལ་ཚོགས་རྒྱས་པས་རབ་མཛེས་པ། །ཡིད་འོང་ཁྲུས་ཀྱི་རྫིང་བུ་འདི་དག་ནི། །བརྗིད་པའི་སྐུ་ལ་བྱུག་པའི་རྫས་སུ་སྦྱར། །འབྲས་དཀར་ཕུང་པོ་འབྲུ་བཅུད་བཟང་པོ་དང་། །གཉིས་སུ་མེད་སྦྱར་རྒྱན་ལྡན་གཙང་མའི་བཤོས། །དཀར་གསུམ་མངར་གསུམ་ཤིང་ཏོག་འབྲུ་སྣ་ཡིས། །(༡༣ན)


GLG022_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

ལྗགས་ཀྱི་དབང་པོ་ཀུན་ནས་ཚིམ་གྱུར་ཅིག །རྔ་ཆེན་དུང་དང་སིལ་སྙན་གླིང་བུའི་སྒྲས། །རབ་དྲངས་དྲི་ཟའི་དབྱངས་སུ་རབ་འཚེར་བའི། །སྤྱན་འདྲེན་མཆོད་བསྟོད་བསྐུལ་བའི་གྱེར་མང་པོ། །ཐོགས་པ་མེད་གསན་ལྷ་ཡི་སྙན་ལ་འབུལ། །སྐད་ཅིག་གཅིག་ལ་སྟོང་གསུམ་འཇིག་རྟེན་ཀུན། །བགྲོད་བྱེད་རྫུ་འཕྲུལ་ཤུགས་ལྡན་མཛེས་པའི་ཆིབས། །གསེར་དངུལ་དར་ཟབ་རྒྱན་ལྡན་ལྷ་རྟ་དཀར། །གསང་ཆེན་བཀའ་ཡི་བྱ་ར་མཛད་ཕྱིར་འབུལ། །སྤྲིན་དཀར་དག་པའི་ཕུང་པོ་ཆེར་ཕུངས་ལྟའི། །ཞོལ་དཀར་རྡོ་རྗེའི་རྭ་ལྡན་རི་ལྟར་འགྱིང་། །སྣ་ཚོགས་དར་གྱི་ཕོན་པོས་ལྟར་མི་མངོན། །ཕྱི་རྟེན་ལྷ་གཡག་མཛེས་པས་ཐུགས་དམ་བསྐང་། །ཐོགས་མེད་ཅིར་ཡང་རྒྱུ་བ་སྐར་མདའི་སྤུན། །མཛེས་པའི་དུང་ཁྲ་འཕུར་ལྡིང་གཟན་ལ་བཅུམ། །ཤེལ་དུམ་ལྟར་དཀར་གཙང་ལུག་མང་པོ་ཡིས། །ལྷ་མཆོག་ཐུགས་ཀྱི་དགྱེས་པ་སྐོང་གྱུར་ཅིག །འདོད་གཟུགས་འཇིག་རྟེན་ཀུན་ན་ཟླ་བྲལ་ཞིང་། །ཟླ་བའི་གདུགས་དཀར་གཡས་སུ་འཁོར་བའི་ཏོག །ཡིད་བཞིན་ནོར་བུས་མཚན་པ་བསིལ་བ་འབོད། །རྒྱལ་མཚན་དར་འཕན་རྔ་ཡབ་དཀར་པོས་བསྐང་། །མཆོག་དམན་རིན་ཆེན་མང་སྤུངས་གཏེར་གྱི་རི། །དར་ཟབ་ལྡ་ལྡིར་རབ་དཔྱངས་ཚོན་རིས་ཀྱིས། །ཕྱོགས་ལ་དབང་པོའི་ཚོན་དགོད་སྤྱན་གཟིགས་ཀྱིས། །ལྷ་གཉན་འཁོར་བཅས་ཐུགས་དམ་སྐོངས་གྱུར་ཅིག །གསར་བྲིས། སྲ་བརྟན་ཁྲབ་ཆེན་ཟ་འོག་ཤམ་བུ་ཅན། །རྒྱལ་མཚན་དར་ལྕོག་རྒོད་སྤུར་ཆས་ལྡན་རྨོག །རྔ་མའི་འཇའ་རིས་ཞོལ་བཏགས་ལྕགས་གཞིབས་སོགས། །རང་སྲུང་རྡོ་རྗེའི་གོ་ཆས་ཐུགས་དམ་བསྐང་། །རལ་གྲི་(༡༣བ)


GLG022_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་གྲི་དགྲ་སྟ་དཔག་ཆེན་མདའ། །གྲི་གུག་རྩེ་གསུམ་དུང་རྣོན་འཕྲུལ་སྒྱོགས་སོགས། །ཕ་རོལ་དགྲ་དཔུང་ཕྱེ་མར་འཐག་ནུས་པའི། །སྣ་ཚོགས་མཚོན་ཆའི་རིགས་ཀུན་ཁྱོད་ལ་འབུལ། ཁ་དོག་རབ་བཀྲ་ཙེ་བེར་ལྷབ་ལྷུབ་གོས། །ལྷ་མིའི་རིན་ཆེན་རྒྱན་ཆ་སྐ་རགས་ལྷམ། །པད་འཕྲེང་སྙན་གོང་ཨུཏྤལ་དར་ལྕེ་གཡོ། །སྟག་ཤམ་སྦྲུལ་གྱི་ཆུན་པོས་ཁྱོད་མཆོད་དོ། །སྦ་ལྕག་ཤེལ་འཕྲེང་གསེར་གྱི་འཁོར་ལོ་བྲི། །སྨན་ལྗོན་བཅུད་བུམ་ནོར་བུ་རིན་ཆེན་སྒྲོམ། །མདུང་ཞབས་ལྕགས་ཀྱི་མདའ་གཞུ་མཆིལ་པ་དང་། །རྒྱལ་མཚན་མེ་ལོང་ཕྱག་མཚན་ཚོགས་རྣམས་འབུལ། །རྟ་ནག་ནེའུ་ལེ་གཡུ་འབྲུག་སེང་སྟག་དོམ། །ཤ་རྐྱང་རྨ་བྱ་ནེ་ཙོ་ཐང་དཀར་སོགས། །གནམ་ལ་འཕུར་དགུ་ས་ལ་འཇུལ་དགུ་དང་། །རི་དྭགས་འཕྱོ་དགུའི་ཚོགས་ཀྱིས་ཐུགས་དམ་བསྐང་། །བཟང་དྲུག་ཙན་དན་ག་པུར་ལ་སོགས་སྨན། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་དང་། །རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་སོགས། །ལྷ་ཀླུ་གནོད་སྦྱིན་མེ་ཡི་འབྱོར་ཚོགས་འབུལ། །ཕྱིའི་རྟེན་ནི། ཡོལ་མོ་བའི་གསུང་ལ་ཅུང་ཟད་བསྣན་པ། མཎྜལ་གྲུ་བཞི་སྨྱུག་རྒོད་དར་སྣས་བརྒྱན། །བྲིས་འབུར་ཞལ་བརྙན་ཡེ་ཤེས་སེམས་དཔའ་འཁྱིལ། །དར་དཀར་གཞི་དམར་ལེགས་བྲིས་སྙིང་པོའི་ཕྲེང་། །ལྷ་ཆེན་ཆགས་པའི་ཕྱི་སྒྲུབ་རྟེན་དུ་འབུལ། །ནང་གི་བསྐང་བ་ནི། གསེར་སྐྱེམས། རཾ་ཡོལ་མོ་བ་གསུམ་པས་མཛད། ཡཾ་ཁཾ་ཨཱོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབ། ཧཱུཾ། འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དང་། །དཀར་དང་རྒྱ་ཇ་གཙང་མའི་གསེར་ཕྱེ་སྦར། །འཆི་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདིས། །ལྷ་ཆེན་འཁོར་བཅས་ཐུགས་དམ་སྐོང་གྱུར་ཅིག །(༡༤ན)


GLG022_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྗོད། ལོགས་སུ་གསེར་སྐྱེམས་བཤམས་པ་ལས་ཀྱི་རྡོ་རྗེས་བཏེག་ལ། ཧོ། དྲི་ཟའི་གསར་བྲིས། རྒྱལ་པོ་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པ་རྣམས་ཀྱིས་གསེར་གྱི་མཆོད་པ་རྒྱ་ཆེན་པོ་འདི་བཞེས་ལ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་ཀུན་ལ་གནོད་པར་བྱེད་པའི་བན་བོན་སྔགས་པའི་མཐུ་བྱད། སྣང་སྲིད་ལྷ་འདྲེའི་ཟ་ཁ་ཟུག་པ། ནད་གདོན་བར་ཆད། ཆགས་ཆེ་ཉམ་ང་། ཁྱད་པར་སྟེང་འོག་བར་གསུམ་གྱི་གདོན་གནོད་ཐམས་ཅད་བཟློག་ཏུ་གསོལ། བྱེ་བྲག་ཆེ་གེ་མོ་སོགས་དངོས་ཉམས་རྨི་ལམ་དུ་ཆོ་འཕྲུལ་ངན་པ་སྟོན་པ་པོ་རྣམས་སྤྲུལ་པའི་ལྷ་གཡག་དཀར་པོས་འདམ་ལྟར་རྫིས། དུང་ཁྲ་དཀར་པོས་མཆུས་ཐལ་ཕྱུང་དུ་ཕུག །ལྕགས་ཀྱི་སྡིག་པ་ནག་པོས་སྲོག་རྩ་ཆོད་ལ་རྡུལ་དུ་རློག་ཅིག །མདོར་ན་འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་གཙང་སར་གཏོར། ཚོགས་མཆོད་ནི། ཨཱོཾ་ཨུཙྪུསྨ་བཻ་ཏཱ་ལཱི་ཀྲོ་དྷ་ནཱི་སརྦ་དྲ་པྱཾ་སཾ་ཤོ་དྷ་ནི་ཧཱུཾ་བཀའ་བརྒྱད་གསང་རྫོགས་ལས། ཕཊ་སྭཱཧཱ། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །ཆོས་ཀུན་ཐམས་ཅད་སྒྱུ་མར་རིག །རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ། །ཚོགས་ཀྱི་དངོས་པོ་བསྲེགས་སྦྱངས་བཀྲུ། །ཨཱོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབ། ཞི་རྫས་དང་དྲག་རྫས་ཀྱི་ཚོགས་ཕུད་མ་འདྲེས་པར་བཤམས། དང་པོ་མཆོད་པ་ནི། གདོད་ཡོལ་མོ་བ་གསུམ་པས་མཛད་ནས་ཡོངས་དག་དམ་ཚིག་ཆེན་པོའི་རྫས། །ཡེ་ཤེས་བདུད་རྩིའི་བཟའ་བཅའ་བཏུང་བའི་དངོས། །ལྷ་ཆེན་ཡུམ་གཅིག་འཁོར་དང་བཅས་ལ་འབུལ། །བཞེས་ནས་དམ་ཚིག་བཀའ་ཡི་བྱ་ར་མཛོད། །རྡོ་རྗེ་འབར་བ་རྩལ་ས་པ་རི་ཝ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། (༡༤བ)


GLG022_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

བར་པ་ནི། སྒྲུབ་རྫས་མ་ཚོགས་མནའ་དང་དམ་ལས་འགལ། །མི་གཙང་གྲིབ་ཕོག་དམ་མེད་མི་དང་འདྲེས། །ནག་ཕྱོགས་ལྷ་རིགས་བསྟེན་སོགས་ཉེས་སྤྱད་ཚོགས། །རང་གནོང་འགྱོད་པས་བཤགས་སོ་བྱང་བར་མཛོད། །ཐམ་ལ་ཉ་བོ་དང་ཕྱག་མཚན་རྣམས་བཤམ། །ཧཱུཾ། གསར་བྲིས། ཨེ་ལས་ཐར་མེད་གནམ་ལྕགས་འབྲུབ་ཁུང་ནང་། །ཪྣྲི་དང་ཏྲི་ལས་དམ་ཉམས་དགྲ་བགེགས་ཚོགས། །སྐྲ་གཟིངས་རིད་ཅིང་ཡན་ལག་ལྕགས་སྒྲོག་བསྡམས། །ཉམ་ཐག་མྱ་ངན་འདུག་སྟངས་ཅན་དུ་གྱུར། །དགྲ་བགེགས་བླ་ཚེ་རྣམ་ཤེས་འགུགས་པའི་ཆེད། །རང་ཉིད་དྲི་ཟའི་རྒྱལ་པོར་གསལ་བ་ཡི། །ཕྱག་གཡས་སྦ་ལྕག་འཕྱར་བས་མ་མོ་བདུན། །སྐར་མདའ་འཕངས་པ་བཞིན་དུ་ཐོགས་མེད་སོང་། །ན་མ་རྦད་བྷྱོ་ལན་བདུན་བརྗོད། ཧཱུཾ་ཞེས་བརྗོད་པས་སྐད་ཅིག་གནས་གྱུར་ཏེ། །དཔའ་བོ་རྡོ་རྗེ་འབར་རྩལ་ཕྱག་གཉིས་ཀྱིས། །ལྕགས་ཀྱུས་སྙིང་བཟུང་ཞགས་པས་སྐེ་བཅིངས་ཚེ། །མ་མོ་བདུན་གྱི་ང་རོ་བཅས་ཏེ་བཀུག །ཪྣྲི་ཏྲི་ཛཿཛཿལན་བདུན་བརྗོད། ཕོ་ཉ་བསྐུལ་ལ། ན་མཿརྩ་གསུམ་ལྷ་ཚོགས་བདེན་པ་དང་། །ཆོས་ཉིད་ཡེ་ནས་འགྱུར་བ་མེད་པ་ལ། །ཆོས་ཅན་རྒྱུ་འབྲས་སླུ་མེད་བདེན་པ་དང་། ཁྱད་པར་ཞི་བ་བྱང་སེམས་ནམ་མཁའི་སྙིང་། ཁྲོ་བོ་རྡོ་རྗེ་འབར་རྩལ་འཁོར་བཅས་ཀྱི། །མཐུ་སྟོབས་ནུས་པ་རྫུ་འཕྲུལ་བདེན་པ་དང་། །ཆེ་མཉམ་བསོད་ནམས་འབྲེལ་བའི་བདེན་པ་དང་། །འགོ་ལྷ་རུ་བཞིའི་ཡུལ་ལྷའི་བདེན་པ་དང་། །མནའ་དང་དམ་ལ་གནས་པའི་སྒྲུབ་པ་པོའི། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་བྱིན་རླབས་དང་། ཁྱོད་གསོལ་མཆོད་སྒྲུབ་བརྩོན་པའི་བདེན་པ་དང་། །(༡༥ན)


GLG022_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་ཆེན་པོའི་མཐུ་དང་བྱིན་རླབས་ཀྱིས། །སངས་རྒྱས་བསྟན་འཇིག་འགྲོ་བའི་བདེ་སྐྱིད་འཕྲོག །ཡང་གསང་བཀའ་གཏེར་སྙིང་པོའི་བསྟན་པ་སྣུབ། ཁྱད་པར་སྔགས་འཆང་དཔོན་སློབ་རྒྱུ་སྦྱོར་ལ། །བྱད་མ་དུག་མཚོན་གཡུལ་འཁྲུག་ངན་གྲོས་མཁན། །བསམ་ངན་སྦྱོར་བ་རྩུབ་པའི་གཟུགས་ཅན་དགྲ། །ཚེ་ལ་རྐུ་ཞིང་སྲོག་ལ་རྣམ་པར་འཇབ། །ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་གཏོང་། །བསམ་པར་བར་དུ་གཅོད་པའི་གཟུགས་མེད་བགེགས། །སྨྱོ་འདྲེ་རྒྱལ་བསན་འགོང་པོ་དམ་སྲིའི་ཚོགས། །རྦད་འདྲེ་ལྷ་སྲིན་འབྱུང་པོ་མ་རུངས་ཀུན། ཁུ་གཅིག་བཛྲ་ཨངྐུ་ཤ་ཡ་ཛ། །སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ། །མྱོས་པར་གྱིས་ཤིག་བཛྲ་གྷཎྜེ་ཧོཿ ཕྱེ་ཞིག་བཛྲ་པྲ་བེ་ཤ་ཡ་ཕཊ། དབྱེར་མེད་བསྟིམ་ཞིག་ཨ་བེ་ཤ་ཡ་ཨཱཿ ཞེས་ལན་གསུམ་མམ་བདུན་སོགས་དགུག་གཞུག་བྱ། །དེ་ནས་བསྒྲལ་བ་ནི། ཧཱུཾ་རང་ཉིད་ཀརྨ་རྡོ་རྗེ་འབར་བ་རྩལ། །ཐབས་ཤེས་ལྕགས་ཀྱི་མདའ་གཞུར་བར་ཀང་ནས། །གནམ་ལྕགས་འབར་བའི་མདེའུ་དགྲ་བགེགས་ཀྱི། །སྙིང་ལ་འཕངས་ཏེ་སོད་ཅིག་ཤ་རེ་ཎ། །དར་ལྕེ་རླུང་གིས་བསྐྱོད་པའི་བ་དན་ཅན། །རྣོ་ངར་དབལ་དང་ལྡན་པ་རྣོན་པོའི་མདུང་། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཚོགས་ཀྱི། །ལྟེ་བར་བསྣུན་ནོ་ཕུག་ཅིག་ཀུནྟེ་ན། །རང་ཉིད་ལྷ་ཆེན་ཚངས་པར་གནས་འགྱུར་བའི། །མི་བཟད་རྣོ་ངར་ལྡན་པའི་རལ་གྲི་ཡིས། །གནོད་བྱེད་དགྲ་དང་བགེགས་ཀྱི་ཡན་ལག་རྣམས། །ཚལ་པ་དུམ་བུར་གཏུམས་ཤིག་ཁཌྒེན། །རྩིབས་(༡༥བ)


GLG022_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསེར་གྱི་འཁོར་ལོ་ཐོགས་མེད་དུ། །ཤུགས་དྲག་རབ་འཁོར་རྣོ་དཔལ་འབར་བ་ཡིས། །སྡང་བྱེད་དགྲ་དང་གནོད་བྱེད་བགེགས་རྣམས་ཀྱིས། །མགོ་ལ་བསྐོར་བས་འགེམས་སོ་ཙཀྲ་ཎ། །དགྲ་བགེགས་སྨྱོ་འདྲེ་དམ་སྲི་འབྱུང་པོའི་སྲོག་ལ་མཱ་ར་ཡ་ཕཊ། ཪྣྲི་ཏྲི་མཱ་ར་ཡ་སོད། ཅེས་དུམ་བུར་གཏུབས། །ལིང་རོར་བདུད་རྩི་བྲན་ལ། ཡོལ་མོ་བ་གསུམ་པས་མཛད། གདུག་བྱེད་དགྲ་བོ་མི་བསྲུན་དམ་ཉམས་ཀྱི། །གཟུགས་ཕུང་ཤ་ཁྲག་རུས་པ་ཀླད་ཚིལ་སྙིང་། །གློ་བ་རྒྱུ་མ་ནང་ཁྲོལ་རྐང་མར་དང་། །དངས་མ་ཆུ་བ་དབང་པོ་རྣམ་ལྔའི་ཚོགས། །བྷནྡྷ་ཡངས་པའི་སྣོད་དུ་ཡོངས་བསྐྱིལ་ནས། །རླུང་མེ་འབར་བའི་སྦྱོར་བས་སྐོལ་བྱས་ཤིང་། །འབྲུ་གསུམ་ཞུ་བའི་བདུད་རྩི་ཆེན་པོ་འདི། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གུས་པས་འབུལ། །རབ་ཐོས་ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །རྡོ་རྗེ་གཡུ་སྒྲོན་བདུད་མོར་ཁྲོས་པའི་གཟུགས། །འཇིགས་པའི་མི་བདུན་ལས་བྱེད་བཤན་པའི་ཚོགས། །སྤྲུལ་འཁོར་སྡེ་བརྒྱད་དྲེགས་པའི་ཚོགས་ཀྱིས་བཞེས། །མ་ཧཱ་མཾ་ས་རཏྐ་གོ་རོ་ཙ་ན་བ་སུ་ཧ་བོ་དྷི་ཙིཏྟ་ཀེ་མ་ནྲྀ་ཏི་ཨིནྡྲ་པཉྩ་ཁཱ་ཧི། ཞེས་འབུལ། ལྷག་མ་ལ་བདུད་རྩི་བྲན། ཡོལ་མོ་བ་གསུམ་པས་མཛད། ཨཱོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ལ། རང་ལྷ་ཆེན་པོའི་ཏིང་ངེ་འཛིན་གྱིས། །ལྷག་ལ་དབང་བ་བྲན་དང་ཕོ་ཉའི་ཚོགས། །མཆོད་སྦྱིན་བཀའ་ཡི་ཕམ་ཕབ་འདི་ལོང་ལས། །གཙོ་བོའི་བཀའ་བཞིན་བཅོལ་བའི་འཕྲིན་ལས་རྣམས། །མ་ཐོགས་མྱུར་དུ་སྒྲུབ་པའི་ལས་མཛོད་ཅིག །མ་ཧཱ་བ་ལིནྟ་ཁཱ་ཧི། ནང་རྟེན་ནི། ཡོལ་མོ་བའི་གསུང་ལ་ཅུང་ཟད་བསྣན་པ། དཀར་གསུམ་གཙང་ཕྱེ་སྨན་(༡༦ན)


GLG022_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

ཕུད་ཡོངས་སྦྱར་བར། །སྣ་ཚོགས་རྒྱན་གྱི་ཁྱད་པར་བཀོད་ལེགས་པ། །ཤེལ་མཁར་རིན་ཆེན་སྒོ་ལྕོག་འབར་བའི་དབྱིབས། །དམ་རྫས་གཏོར་མ་ནང་གི་རྟེན་དུ་འབུལ། །ཞེས་བརྗོད། གསང་བའི་བསྐང་བ་ནི་རབ་ཡོལ་མོ་བ་གསུམ་པས་མཛད། མཛེས་གསང་བའི་ཡུམ་ཆེན་གཡུ་སྒྲོན་མ། །འཛུམ་སྒེག་ཟུར་གྱིས་ལྟ་བའི་མི་གཡངས། མ། །ནུ་འབུར་རབ་མཐོ་རྐེད་སྐབས་རབ་ཕྲ་མ། །བརྒྱད་གཉིས་ལོན་འདྲའི་གཟུགས་བཟང་བདེ་སྦྱིན་མ། ཁྱུག་ཁྱུག་སྨིན་ལེགས་རི་མོར་བྲིས་འདྲ་ཞིང་། །སིལ་སིལ་དབུ་སྐྲའི་ལན་བུ་རྒྱན་ཏུ་གྲོལ། ཁྲོལ་ཁྲོལ་གསེར་གྱི་གདུ་བུ་རབ་འཁྲོལ་ཞིང་། །ལྷང་ལྷང་སྙན་པའི་གླུ་སྒྲ་ལེན་པས་བྲེལ། །སྔོ་བསངས་ལང་ཚོ་ལྡན་པའི་ལུས་ཀྱི་མཁའ། །མུ་ཏིག་རྒྱུ་སྐར་བྱེ་བས་རྣམ་བཀྲ་ཞིང་། །དར་ཟབ་རྣམ་ལྔའི་འཇའ་ཚོན་སྤེལ་ལེགས་ཀྱི། །སྨད་དཀྲིས་ཤམ་བུས་མཛེས་པ་དེང་འདིར་དྲན། །མ་མཆུའི་སྦྲང་རྩི་ཅི་ཡང་སྟེར་བྱེད་ཅིང་། །མཉེན་ལྕུག་དམ་པོར་འཁྱུད་པའི་ཕྱག་ཟུང་ལྡན། །ཟག་མེད་དགའ་བཞིའི་འདོད་འབྱུང་ཨུཏྤ་ལའི། །དྲི་ལྡན་མཁའ་དབྱིངས་གསར་པས་རྣམ་པར་མཚན། །ལྷ་མོ་ཁྱོད་ནི་ལྷ་ཆེན་དགྱེས་མཛད་དེ། །གཉིས་མེད་གསང་བའི་མཆོད་པ་འདི་འབུལ་གྱི། །ཟུང་འཇུག་ཡེ་ཤེས་ཆེན་པོའི་དགོངས་པ་ཡི། །བདེ་ཆེན་དགའ་བཞིའི་རོལ་པས་བཞེས་སུ་གསོལ། །མཧཱ་མུ་དྲ་པཱུ་ཙ་ཧེཿ གུ་ཧྱ་པཱུ་ཛ་ས་མ་ཡ་ཧོཿ གསང་བའི་རྟེན་ནི། ཡོལ་མོ་བ་གསུམ་པས་མཛད་པ། ཏིང་འཛིན་གསལ་བའི་དོན་མཚོན་མན་ཤེལ་དཀར། །དྲི་མེད་འོད་རྒྱུན་ཟད་མི་ཤེས་པའི་རྟེན། །རྣམ་པར་མི་རྟོག་ཐུགས་ཀྱི་དམ་རྫས་མཆོག །གསང་(༡༦བ)


GLG022_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཡིད་བཞིན་ནོར་བུས་ཐུགས་དམ་བསྐང་། །དེ་ཁོ་ན་ཉིད་ཀྱི་བསྐང་བ་ནི། ཧཱུཾ། གདོད་གསར་བྲིས། ནས་དྲི་བྲལ་ངོ་བོ་ནམ་མཁའི་སྙིང་། །རང་བཞིན་ལྷུན་གྲུབ་འགག་པ་མེད་པའི་གདངས། །ཀུན་ཁྱབ་ལྷ་ཆེན་ངང་དུ་ངེས་རྙེད་པའི། །དོན་དམ་མཆོགགི་མཆོད་པས་ཐུགས་དམ་བསྐང་། །ཡོལ་མོ་བ་གསུམ་པས་མཛད། བདེ་གསལ་མི་རྟོག་དབྱིངས་རིག་དབྱེར་མེད་པ། །དུས་གསུམ་རྒྱལ་བ་རྒྱ་མཚོའི་བགྲོད་གཅིག་ལམ། །ལྷ་ཆེན་ཐུགས་ཀྱི་དགོངས་པ་ཟབ་ཞིའི་ངང་། །ཇི་བཞིན་མཉམ་པར་བཞག་པས་ཐུགས་དམ་བསྐང་། །རྩ་གསུམ་བསྐང་གསོ་བཏང་ནས་ཚོགས་ལ་རོལ། བསྟོད་པ་ནི། ཧཱུཾ། དཔལ་གཏེར་གཞུང་། ལྡན་ལྷ་ཡི་ལྷ་མཆོག་ཁྱེད། །འཛམ་གླིང་བྱང་ཕྱོགས་ཁ་བ་ཅན། ཁ་བ་ཅན་གྱི་བྱང་ལྗོངས་སུ། །ས་གཞི་ལྗང་སྔོན་རྩི་བཅུད་རྒྱས། །མེ་ཏོག་པདྨ་འོད་དུ་འཕྲོ། །གངས་དཀར་ཤེལ་གྱི་འཕྲེང་བས་བསྐོར། །ཡིད་འོང་མཚོ་ཆེན་མདངས་དང་ལྡན། །ཤེལ་མཁར་རིན་ཆེན་སྒོ་ལྕོག་འབར། །རྩ་བ་ཡིད་བཞིན་རྒྱ་མཚོས་བསྟེན། །རྐེད་པར་འཇའ་འོད་ན་བུན་འཐིབས། །རྩེ་མོར་དཀར་གསལ་དགོས་འདོད་ཀྱི། །རིན་ཆེན་ཆར་འབེབས་འབྲུག་སྒྲ་སྒྲོག །གཞལ་ཡས་དེ་ཡི་ནང་ཤེད་ན། །ཉི་ཟླ་པདྨ་རྟ་མཆོག་སྟེང་། །དམ་ཅན་རྡོ་རྗེ་འབར་བ་རྩལ། །སྐུ་མདོག་དཀར་ལ་ཁྲོ་འཛུམ་འགྱིང་། །ཕྱག་གཡས་རྡོ་རྗེའི་སྤ་ལྕག་འཕྱར། །གཡོན་པ་ཟླ་བའི་ཤེས་འཕྲེང་འདྲེན། །དར་དཀར་ཐོད་བཅིངས་དབུ་སྐྲའི་རྩེར། །ཡིད་བཞིན་ནོར་བུ་འབར་བས་བརྒྱན། །སྐུ་ལ་བེར་ཆེན་ཕྲུག་གསུམ་གསོལ། །གཞོན་མཛེས་ཡིད་འཕྲོག་རྒྱལ་པོའི་ཆས། །འོད་ཟེར་སྣ་ཚོགས་ཕྱོགས་(༡༧ན)


GLG022_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

བཅུར་འཕྲོ། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང་། །དམག་དཔུང་བྱེ་བ་འབུམ་སྡེས་བསྐོར། །ཀུན་ཀྱང་ཁྲོ་གཏུམ་བརྗིད་པའི་གཟུགས། །དར་ཚོན་རོལ་མོས་ནམ་མཁའ་གང་། །བདེ་གཤེགས་སྟོང་གི་བསྟན་པ་བསྲུང་། །པདྨ་འབྱུང་གནས་བཀའ་བཞིན་བསྒྲུབ། །ཆོས་རྒྱལ་མངའ་རིས་བུ་བཞིན་སྐྱོང་། །དབུས་གཙང་རུ་བཞིའི་ཡུལ་ལྷ་མཛད། །རྗེ་དཔོན་ཡོངས་ཀྱི་དགྲ་ལྷར་གྱུར། །རྡོ་རྗེ་འབར་བ་རྩལ་ལ་བསྟོད། །ལྷ་ཆེན་ཡོངས་ཀྱི་རྗེ་བོར་བསྟོད། །དྲི་ཟའི་རྒྱལ་པོ་ཁྱོད་ལ་བསྟོད། །དེང་ནས་རིགས་འཛིན་མཆོག་ཐོབ་པར། །སྙན་པ་ནམ་མཁའི་འབྲུག་ལྟར་སྒྲོགས། །གྲགས་པ་གཟའ་སྐར་འོད་ལྟར་ཁྱེ། །དབུ་འཕང་རི་རྒྱལ་རྩེ་ལྟར་བསྟོད། །རིགས་བརྒྱུད་ཆུ་བོའི་རྒྱུན་ལྟར་སྤེལ། །དགོས་འདོད་དཔག་བསམ་ཤིང་ལྟར་སྩོལ། །སྡེ་བརྒྱད་དྲེགས་པ་བྲན་ལྟར་བཀོལ། །སྨྱོ་འདྲེ་རྒྱལ་པོ་རྡུལ་བཞིན་ཐུལ། །དམ་མེད་མནའ་ཟན་བགེགས་བཞིན་སྒྲོལ། །བདག་གི་ལུས་དང་གྲིབ་མ་བཞིན། །འགྲོགས་ནས་དངོས་གྲུབ་རྣམ་གཉིས་སྩོལ། །གསར་བྲིས། ཆོས་ཀྱི་དབྱིངས་ལས་ནམ་ཡང་གཡོ་མེད་དང་། །བརླང་པོར་སྤྱོད་པའི་ཡིད་སྲུབས་སྡེ་དཔུང་རྣམས། །འདུལ་ཕྱིར་ནམ་མཁའི་སྙིང་པོ་ལྷ་ཆེན་སྐུར། །སྟོན་མཛད་རྡོ་རྗེ་འབར་བ་རྩལ་ལ་བསྟོད། །ལྷ་བརྒྱད་གངས་རིའི་འཕྲེང་བས་བསྐོར་བའི་ལྗོངས། །རིན་ཆེན་རྒྱན་གྱིས་མཛེས་པའི་ཕོ་བྲང་དབུས། །པདྨ་ཉི་ཟླའི་སྟེང་ན་གར་དགུ་ཡིས། །རྣམ་རོལ་དྲི་ཟའི་རྒྱལ་པོ་ཁྱོད་ལ་བསྟོད། །ཤེལ་དཀར་ཞུན་མའི་ལྷུན་པོ་ཟླ་ཟེར་གྱིས། །འཁྱུད་འདྲའི་གཟུགས་སྐུས་ལྷ་ཡི་ཁེངས་པ་འཕྲོག །གནམ་(༡༧བ)


GLG022_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཁུ་བས་བྱུགས་པའི་ཐོར་ཚུགས་རྩེར། །ཡིད་བཞིན་དབང་གི་རྒྱལ་པོས་མཚན་ལ་བསྟོད། །འཇའ་ལྟར་རྣམ་པར་བཀྲ་བའི་སྤྱན་དཀྱུས་རིང་། །སྨིན་ལེགས་གཡུ་ཡི་འཁྲི་ཤིང་མངོན་པར་འཁྱུག །ཅུང་ཟད་ཁྲོ་ཉམས་ཞི་ཆགས་མཆུ་སྒྲོས་འདབ། །འཛུམ་དབུས་ཚེམས་དཀར་ཟེའུ་འབྲུ་རྒོད་ལ་བསྟོད། །ཕྱག་གཡས་རྡོ་རྗེས་མཚན་པའི་སྦ་དཀར་ལྕག །ལྷ་ལམ་ངོས་འཕྱར་མ་བདུན་ལས་ལ་འགྱེད། །གཡོན་པ་ལེགས་ཉེས་རྩིས་སུ་འདྲེན་པ་ཡི། །མན་ཤེལ་བརྒྱ་རྩའི་འཕྲེང་བ་འཛིན་ལ་བསྟོད། །དམར་མཐིང་ཙེ་གོས་རིན་ཆེན་གསེར་སྐེད་བཅིངས། །གོས་དཀར་བེར་ཆེན་ལྡིང་སྟབས་ཚུལ་དུ་གསོལ། །པྲོག་ཞུ་སྙེན་མགུལ་གདུ་བུ་སེ་མོ་དོ། །དོ་ཤལ་གསེར་གའི་རྒྱན་གྱིས་སྤུད་ལ་བསྟོད། །ནོར་བུའི་སྒ་སྲབ་གོང་རྨེད་ཟ་འོག་གི །སྤུ་ལེན་ཟེ་ལོང་ཁེབས་མཛེས་ངང་དཀར་བཅིབས། །གོམ་འགྲོས་ལྷོད་པོར་རྒྱུ་སྟེང་ཕྱེད་སྐྱིལ་ཞབས། །རིན་ཆེན་ལས་གྲུབ་མཆིལ་ལྷམ་གསོལ་ལ་བསྟོད། །བདེ་སྟེར་གསང་ཡུམ་གཡུ་སྒྲོན་ནམ་མཁའི་མདོག །རྒྱལ་མཚན་མེ་ལོང་འཛིན་ཅིང་ལྷབ་ལྷུབ་གོས། །མཛེས་པའི་རྒྱན་འཁྲོལ་གཡུ་འབྲུག་སྟེང་བཞུགས་པའི། །ཡིད་འཕྲོག་སྨན་བཙུན་གནམ་མཚོའི་རྒྱལ་མོར་བསྟོད། །གནམ་ལྕགས་སྤུ་གྲིའི་རྭ་དང་མཆུ་སྡེར་ཅན། །སྟང་ཟིལ་མདོག་བཞིན་གནག་འཚེར་དབུ་དགུ་པ། །ཀྲིམ་ཀྲིམ་སྒྲ་ཡིས་ས་བདག་ཀླུ་གཉན་ཀླད། །འགེམས་བྱེད་གཙུག་ལྡིང་ཁྱུང་ཆེན་དབང་པོར་བསྟོད། །ཆོ་རིགས་མཚུངས་པའི་མཆེད་པོ་ལྷ་ཡི་བུ། །སྟོན་ཟླའི་མཛེས་པ་འཕྲོག་པའི་བཞིན་རས་ཅན། །ལས་སྒྲུབ་ཕོ་ཉར་འཁོར་གྱི་སྒྱུ་མའི་འཕྲུལ། །སྟོན་མཛད་སུམ་


GLG022_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དྲུག་ཅུའི་ཚོགས་ལ་བསྟོད། །གཡུ་སྨིན་ཐོར་ཙུགས་ལྷ་གཉན་ཁྱེའུ་དང་། །མི་དཀར་གཡས་གཡོན་མདུན་གྱི་དཔུང་སྣ་འདྲེན། །འཇིགས་རུང་ལྕགས་ཀྱི་མི་སྔོན་རྒྱབ་ཀྱི་རུ། །དྲངས་ནས་གཡུལ་ལས་རྣམ་པར་རྒྱལ་ལ་བསྟོད། །རྩི་སྨན་ལྗོན་ཤིང་དྲི་ངད་འཐུལ་བ་དང་། །ལྷན་ཅིག་ཀ་ལ་ཤ་ཡི་བདུད་རྩིའི་ཆུས། །བཀྲུས་ཚེ་བཞི་བརྒྱ་རྩ་བཞི་ལས་གྱུར་པའི། །ནད་ཀྱི་ཟུག་རྔུ་དྲུང་ནས་འབྱིན་ལ་བསྟོད། །རབ་འབར་ནོར་བུ་རིན་ཆེན་སྒྲོམ་བུ་ལས། །ལྷ་ཀླུ་གནོད་སྦྱིན་མི་ཡི་ལོངས་སྤྱོད་ཀྱི། །འཛད་མེད་མཆོད་སྦྱིན་ཆར་གྱིས་བཀྲེས་སྐོམ་སོགས། །དབུལ་བའི་དུཿཁ་ཕ་མཐར་མཛད་ལ་བསྟོད། །པདྨ་རཱ་གའི་བུམ་བཟང་འཁོར་འདས་ཀྱི། །སྲོག་གི་ཟུངས་གྱུར་བཅུད་ཀུན་འཁྱིལ་བའི་རྒྱུན། །སྦྱིན་པའི་མོད་ལ་འཆི་བ་མེད་པའི་ཚེ། །གྲུབ་པའི་རིགས་འཛིན་ས་ལ་སྦྱོར་དེར་བསྟོད། །མདུད་རྣོན་མཚོན་གྱིས་དགྲ་སྙིང་ཚལ་པ་རུ། །བཏང་བས་མ་ཚིམ་ཐོག་ཆེན་འབར་བའི་མདའ། །གནམ་ལྕགས་གཞུ་མོར་བཀང་ཚེ་སྲིད་པ་གསུམ། །འདར་བྱེད་དྲག་ཤུལ་བརྟུལ་ཞུགས་འཆང་ལ་བསྟོད། །སྐབས་གསུམ་བདག་པོའི་ལང་ཚོ་འཕྲོག་ནུས་པའི། །བཞིན་བཟང་སྐྱེས་བུ་གཞོན་ནུའི་རྣམ་འགྱུར་གྱིས། །ཆེ་མཉམ་ཚངས་པ་ལྷ་ཡི་མེ་ཏོག་གི །སྲུང་མའི་གཙོ་བོར་ཞལ་གྱིས་འཆེས་ལ་བསྟོད། །སྔོ་བསངས་རྭ་རྩེ་སྲིད་པའི་རྩེ་མོར་གདེངས། །རྨིག་པས་སྨྱོ་འདྲེ་ལ་སོགས་འབྱུང་པོ་བརྫི། ཁ་རླངས་ན་བུན་བཞིན་འཐུལ་འབྲུག་སྒྲ་ལྟར། །ངུར་བའི་འབྲོང་གཡག་ཞོལ་ཆེན་དཀར་པོར་བསྟོད། །བཏབ་པ་ཙམ་གྱིས་ཡིད་དབང་འཕྲོག་ནུས་པའི། །རབ་དམར་ལྕགས་(༡༨བ)


GLG022_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ་ཞགས་པའི་འཕྲུལ་ཆེན་པོས། ཁབ་ལེན་རྡོ་དང་ལྕགས་བཞིན་བརྟན་གཡོའི་དངོས། །འབད་མེད་དབང་དུ་བསྡུ་བར་མཛད་ལ་བསྟོད། །སིནྡྷུ་ཝཱ་རའི་མདངས་ཀྱིས་འཇིག་རྟེན་གསུམ། །ཟིལ་གནོན་བྲན་འཁོལ་རལ་གྲི་གསེར་འཁོར་གྱི། །རག་པའི་རྩ་ལག་འཐག་པའི་མཐུ་རྩལ་ལྡན། །ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་བསྟོད། །མི་རབས་ཕྱུགས་དང་ལོངས་སྤྱོད་འཕུང་བའི་སྲི། །འདྲེ་ངན་འབྱུང་པོ་བྱ་དཀར་གཟུགས་སྤྲུལ་བ། །གནམ་ལྕགས་མཆུ་དང་སྡེར་མོས་ཐལ་ཕྱུང་དུ། །འབུགས་མཛད་སྤྲུལ་པའི་རྒྱ་ཁྲ་དཀར་པོར་བསྟོད། །སྨྱོ་འབོག་སྙིང་རླུང་རྒྱལ་གཟེར་དམུ་ཆུ་དང་། །འཁྲུག་སློང་གཏོང་བའི་ལྷ་མིན་གདོན་གྱི་སྙིང་། །རྣོན་པོའི་མཆེ་བ་བཏབ་ནས་ཁྲག་འཇིབ་པའི། །འཇིགས་རུང་ལྕགས་ཀྱི་སྡིག་པ་ནག་པོར་བསྟོད། །སྤུ་གྲིའི་མཆེ་གཙིགས་སྡེར་མོས་ས་གཞི་འདྲད། །མཇུག་མ་བརྡབས་པས་མེ་རླུང་འཚུབ་མ་གཡོ། །གློག་ལྟར་འཁྱུག་པས་སྟོང་གསུམ་སྐད་ཅིག་མ། །མྱུལ་མཛད་སྤྲུལ་པའི་དུང་སྤྱང་ཕོ་མོར་བསྟོད། །མདོག་དབྱིབས་ཆ་ལུགས་ཕྱག་མཚན་སྣ་ཚོགས་པ། །ཞི་རྒྱས་ཆགས་པའི་ཉམས་ཀྱི་རྣམ་འགྱུར་དང་། །མི་སྡུག་གཏུམ་པོ་ཕྱི་ནང་བར་གསུམ་དུ། །འཁོད་པའི་འཁོར་ཚོགས་དམ་ཅན་རྒྱ་མཚོར་བསྟོད། །འཕྲིན་ལས་འཆོལ་བ་ནི། ཡོལ་མོ་བ་གསུམ་པས་མཛད། པདྨ་ཐོད་འཕྲེང་རྒྱལ་བའི་སྤྱན་སྔ་རུ། །དམ་བཅས་ཞལ་བཞེས་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བདག་གིས་ཇི་ལྟར་བཅོལ་བའི་ལས། །མ་ལུས་ཡིད་བཞིན་འགྲུབ་པའི་ལས་མཛོད་ཅིག །སྐྱོ་བའི་འདྲེ་རྒོད་རྒྱལ་པོ་ཀུན་འདུལ་ཞིང་། །རྣམ་ཐོས་བུ་ཡི་བདོག་པས་ཡང་དག་འབྱོར། །སྔགས་(༡༩ན)


GLG022_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་མུ་དྲ་དབང་དུ་འདུ་བ་དང་། །ཕས་རྒོལ་གཡུལ་ལས་རྒྱལ་བའི་ལས་མཛོད་ཅིག །འཆི་མེད་བདུད་རྩིའི་བཏུང་བས་ཡུན་དུ་འཚོ། །བྱད་མ་བན་བོན་གདུག་པའི་མཐུས་མི་བརྫི། །བསྟན་འཛིན་རིགས་བརྒྱུད་ཆུ་བོའི་རྒྱུན་ལྟ་བུ། །རང་གཞན་དོན་ཀུན་འགྲུབ་པའི་ལས་མཛོད་ཅིག །གནོད་བྱེད་དགྲ་སྡེར་ཐོག་སེར་ཆར་ལྟར་འབེབས། །གཏད་ཁྲམ་ལས་ཀྱི་སྡེ་དཔོན་སུམ་ཅུའི་ཚོགས། །བྲན་བཀོལ་མཛེ་ཕོལ་གཟེར་ཐབས་སྨྱོ་འབོག་དང་། །ནད་རིམས་དུ་མས་བསྟན་དགྲ་ཕུང་དུ་ཆུག །ལྷ་ཡི་ལྷ་མཆོག་ཁྱོད་འཁོར་ལྷ་ཆེན་བརྒྱད། །སྡེ་དཔོན་སུམ་ཅུ་སྡེ་བརྒྱད་བསྟན་མར་བཅས། །ལས་ལ་བཀོལ་ནས་སྲིད་གསུམ་ཟིལ་གནོན་ཅིང་། །གྲགས་འབར་ལས་བཞི་འགྲུབ་པའི་ནུས་ལྡན་མཛོད། །མཚན་ལྡན་ཐོད་པ་ཤེལ་ཕོར་ཅི་རིགས་པ། །འབྲས་དཀར་ཛ་གད་བཟང་པོས་ཡོངས་བཀང་བའི། །རྟེན་འབྲེལ་ཐབས་ཀྱིས་ལེགས་ཉེས་ཀུན་གསལ་ཞིང་། །གཟའ་རྒོད་གནོད་པ་ཞི་བའི་ལས་མཛོད་ཅིག །ཁྱད་པར་རྒྱལ་བས་གཉེར་གཏད་ཡོངས་འདུའི་བརྒྱུད། །དགུང་ལ་རེག་དང་བུ་བཞིན་སྐྱོང་བ་རུ། །དམ་བཅས་ཞལ་བཞེས་དུས་ལས་མི་གཡེལ་བར། །སྲུང་སྐྱོབ་ཡོངས་སུ་སྦ་བའི་ལས་མཛོད་ཅིག །སློབ་དཔོན་སྨོད་རྩོད་སྐུར་འདེབས་ཞེ་སྡང་བའི། །དམ་ཉམས་སློབ་བུ་མནའ་ཟན་སྐྱེ་བོའི་ཚོགས། །ལོག་འདྲེན་དགྲ་བགེགས་མ་ལུས་ཚར་བཅད་ནས། །བཀའ་གསུང་བསྟན་པ་རྒྱས་པའི་འཕྲིན་ལས་མཛོད། །གཏེར་གཞུང་། ང་ནི་དབང་དྲག་པདྨའི་སྲས། །ཉིད་ནི་ལྷ་ཆེན་འབར་བ་རྩལ། །སྔོན་གྱི་ཞལ་བཞེས་ཐུགས་དམ་དགོངས། །མཐུ་(༡༩བ)


GLG022_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྫུ་འཕྲུལ་སྟོབས་བསྐྱེད་ལ། །ནད་གདོན་བར་ཆད་མི་མཐུན་ཕྱོགས། །མ་ལུས་ཞི་བའི་འཕྲིན་ལས་མཛོད། །ཚེ་དང་བསོད་ནམས་ཕན་བདེའི་ཚོགས། །ཅིར་ཡང་རྒྱས་པའི་འཕྲིན་ལས་མཛོད། །སྣོད་བཅུད་འཁོར་དང་ལོངས་སྤྱོད་ཚོགས། ཁམས་གསུམ་དབང་སྡུད་འཕྲིན་ལས་མཛོད། །ལོག་ལྟ་གནོད་བྱེད་དགྲ་བགེགས་རྣམས། །ཚར་གཅོད་དྲག་པོའི་འཕྲིན་ལས་མཛོད། །སྙན་པར་བསྔགས་དང་གྲགས་པའི་ཚོགས། །ཕྱོགས་བཅུར་རྒྱས་པའི་འཕྲིན་ལས་མཛོད། །འགྲོ་ཀུན་སྨིན་གྲོལ་ལེགས་ལམ་སྟོན། །དོན་གཉིས་མཐར་ཕྱིན་འཕྲིན་ལས་མཛོད། །བསྐུལ་བ་ནི། ཧཱུཾ་ཧཱུཾ་ཧཱུཾ། གཏེར་གཞུང་། བཞུགས་ཡུལ་འདམ་ཤོད་སྣར་མོ་ནས། །ཡ་ཞུར་གཉན་པོ་སྐུ་བཞེངས་ཤིག །བླ་མཚོ་འཁྱིལ་བའི་ནང་ཤེད་ནས། །གཉན་ཆེན་ཐང་ལྷ་སྐུ་བཞེངས་ཤིག །བྲག་དཀར་གཉན་པོའི་རྩེ་མོ་ནས། །དྲི་ཟའི་རྒྱལ་པོ་སྐུ་བཞེངས་ཤིག །གངས་དཀར་མཐོན་པོའི་རྩེ་མོ་ནས། །ཡུལ་ལྷ་ཆེན་པོ་སྐུ་བཞེགས་ཤིག །སྤྲིན་དང་ན་བུན་གསེབ་ཤེད་ནས། །ཟུར་ཕུད་ལྔ་པ་སྐུ་བཞེངས་ཤིང་། །སྡང་བའི་དགྲ་འདུལ་སྐུ་བཞེངས་ཤིག །གནོད་པའི་བགེགས་འདུལ་སྐུ་བཞེངས་ཤིག །སྨྱོ་བའི་འདྲེ་འདུལ་སྐུ་བཞེངས་ཤིག །སྤྲུལ་པའི་ཚུལ་དུ་སྐུ་བཞེགས་ཤིག །སྤྲུལ་པ་འཇིགས་པའི་ལུས་པོ་དེ། །ལྷ་གཡག་དཀར་པོ་ཞིག །དུང་རུ་གནམ་དུ་དབྱུག །དུང་རུ་དཀར་པོ་ཞིག །གནམ་གྱི་བདུད་ལ་བསྒྱུར། །ནང་གི་གོད་ཁ་བསྒྱུར། །རྨིག་བཞིས་ལ་འཁྲབ། །དུང་རྨིག་དཀར་པོ་ཡིས། །ལྷ་སྲིན་ཉལ་ཐག་ཆོད། །རྔ་མ་དལ་ཁར་དབྱུག །རྔ་དཀར་སྤྲུགས་པ་ཡིས་(༢༠ན)


GLG022_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བཙན་བྲན་དུ་འཁོལ། །ངར་སྐད་ཐེངས་གསུམ་ངར། ཁམས་གསུམ་དབང་དུ་སྡུད། །རུ་གསིགས་ལན་གསུམ་སྤྲུགས། །སྲིད་གསུམ་དབང་དུ་སྡུད། །མཐོ་མཐོ་གོང་གསུམ་ནས། །དུང་ཁྲ་མེལ་ཚེ་བཞིན། །དུང་ཁྲ་དཀར་པོ་ཞིག །ལ་ཉེ་ཁྲིལ་ལི་ལི། །རོང་དང་འཕྲང་སྒོ་ནས། །དུང་སྤྱང་དཀར་པོ་ཞིག །དགྲ་བོའི་བླ་ལ་རྒྱུག །དྲག་ཏུ་བསྐུལ་བའི་ཚེ། །སྡང་བའི་དགྲ་བོ་གསད། །གནོད་པའི་བགེགས་རྣམས་ཐུལ། ཨཱོཾ་བཛྲ་ཀྲོ་ཏ་ན་ཤི་ལི་མི་ལི་དུ་བགེགས་མཱ་ར་ཡ་ཕཊ། ཧཱུཾ། ཡང་གཅིག་ནག་པོ་ཏི་པ་ར་ཙ་ཁྱོད། །བྱང་ཕྱོགས་རྒྱུད་དུ་ཆེ་བའི་སྐུར་སྟོན་པ། །གཉན་ཆེན་ཐང་ལྷ་ཞེས་སུ་མཚན་ཡང་གསོལ། །དམ་རྫས་རྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་ཅག་རིགས་འཛིན་འཁོར་དང་བཅས་པ་ཡི། །ཆོས་རྒྱལ་རཏྣ་གླིང་པའི་དྲག་དམར་ཆོས་སྡེ་ལས་བྱུང་བ། མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས། །སྐྱིད་ཤོད་ཀླུང་དུ་ཆེ་བའི་སྐུར་སྟོན་པ། །གཉན་ཆེན་མཁར་ནག་ཅེས་སུ་མཚན་ཡང་གསོལ། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །བདག་ཅག་རིགས་འཛིན་འཁོར་དང་བཅས་པ་ཡི། །མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས། །ཕོ་མོ་རྫིང་རིང་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ། །ཀླུ་བདུད་མགོ་དགུ་ཞེས་སུ་མཚན་ཡང་གསོལ། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །བདག་ཅག་རིགས་འཛིན་འཁོར་དང་བཅས་པ་ཡི། །མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས། །ལྷོ་སྟོད་དབུ་རུའི་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ། །སྐུ་ལ་མཁའ་རི་ཞེས་སུ་མཚན་ཡང་གསོལ། །དམ་རྫས་རྒྱན་གྱི༝། །(༢༠བ)


GLG022_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་རིགས་འཛིན༝། །མི་མཐུན་རྐྱེན་སོལ༝། །སྒོ་ཆུ་ལྷ་རྒྱབ་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ། །བདུད་པོ་ཟླ་བའི་གདོང་ཅན་ཞེས་སུ་མཚན་ཡང་གསོལ། །དམ་རྫས་རྒྱན་གྱི༝། །བདག་ཅག་རིགས་འཛིན༝། །མི་མཐུན་རྐྱེན་སོལ༝། །མོན་ཁ་རིང་མོའི་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ། །བདུད་པོ་བཀྲག་མེད་ཅེས་སུ་མཚན་ཡང་གསོལ། །དམ་རྫས་རྒྱན་གྱི༝། །བདག་ཅག་རིགས་འཛིན༝། །མི་མཐུན་རྐྱེན་སོལ༝། །སེང་གེ་རྫོང་གསུམ་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ། །ཟུར་ར་ཟུར་སྐྱེས་ཞེས་སུ་མཚན་ཡང་གསོལ། །དམ་རྫས༝། །བདག་ཅག༝། །མི་མཐུན༝། །ལྷོ་བྲག་མཁར་ཆུའི་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ། །དགེ་བསྙེན་སྙོན་ཁ་ཞེས་སུ་མཚན་ཡང་གསོལ། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །བདག་ཅག་རིགས་འཛིན་འཁོར་དག་བཅས་པ་ཡི། །མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས། །ནག་པོ་ཏི་བར་ཙ་ནཱ་ག་རཀྴ་ཀྲོ་ཏ་པ་ཙ་ལ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་རྦད་རྦད། ཅེས་ལན་བདུན་བརྗོད། ཐུན་གཏོར་ལ་ཆབ་སྤྲན་ལ། ཧཱུཾ། གཏེར་གཞུང་། གཡས་རུ་རི་རྒྱལ་བཀྲ་བཟང་རྩེར། །རིགས་འཛིན་རྡོ་རྗེ་དྲག་པོ་རྩལ། །བཀའ་ཉན་ལྷ་སྲིན་ཀུན་འདུས་ཆེ། ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་ཁྱེད། །ལྷ་བྲག་ཐུགས་གཏེར་བདག་པོར་བསྔགས། །རྫོགས་པ་ཆེན་པོའི་རྣལ་འབྱོར་སྐྱོང་། །སྙིགས་དུས་རྒྱལ་འགོང་དམ་སྲི་ཡི། །གཉེན་པོ་སྲོག་གི་གཤེད་མར་བསྐོས། །རྒྱལ་བའི་བསྟན་པ་གུས་མཆོད་ཅིང་། །དཀར་ཕྱོགས་སྐྱོང་བའི་ལས་ལ་བརྩོན། །གུས་པས་བསྟེན་ལ་སྙིང་ཉེ་ཞིང་། །མགོན་སྐྱབས་དཔུང་གཉེན་མི་(༢༡ན)


GLG022_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་བསྲུང་། །མདོར་ན་བདག་སོགས་འཁོར་བཅས་ཀྱི། །བྱང་ཆུབ་སྒྲུབ་ལ་གེགས་མེད་ཅིང་། །བསམ་དགུ་ཆོས་བཞིན་འགྲུབ་པ་དང་། །འདོད་དགུ་ཡིད་བཞིན་འབྱུང་བ་ཡི། །མཆོག་ཐུན་དངོས་གྲུབ་མ་ལུས་རྣམས། །འབད་མེད་ལྷུན་གྲུབ་འཕྲིན་ལས་མཛོད། །ཡང་ཐོག་ཏུ་མཆོད་གཏོར་སྤྱན་གཟིགས་དང་གཞན་ཡང་རྟེན་འདོགས་རྣམས་གཞུང་བཞིན་བཤམ། མཆོད་རྫས་རྣམས་དཀྱུས་ལྟར་བྱིན་གྱིས་བརླབ། ཡེ་ཤེས་གཞལ་ཡས་བསྐྱེད་ཀྱི་རྒྱ་མ་ཆུང་། ཞེས་པ་ནས། ས་མ་ཡ་ཛཿཛཿས་སྤྱན་དྲངས། སྭཽ། བོད་ཡུལ་ཕྱོགས་བཞི་དབུས་དང་ལྔ། །འཛམ་གླིང་ས་ཡི་དབུས་ཕྱོགས་ན། །ལྷ་རི་ཆགས་པ་གངས་དཀར་རི། །གངས་དཀར་ཤེལ་འོད་འབར་བའི་གནས། །རྩེ་ལ་ན་བུན་ཐིབས་སེ་ཐིབ། །ལོགས་ལ་འདབ་ཆགས་སྟོངས་སེ་སྟོང་། གཏེར་སྟོན་གྱིས་མཛད་པ། ཟུར་ལ་གཅན་གཟན་ཁྲལ་ལ་ལ། །རྩ་བར་གཡུ་མཚོ་ཁྱིལ་ལི་ལི། །འཛམ་གླིང་ཤར་ནས་བལྟས་ཙ་ན། །ཤེལ་གྱི་མཎྜལ་བརྩེགས་པ་འདྲ། །འཛམ་གླིང་ལྷོ་ནས་བལྟས་ཙ་ན། །ཟ་འོག་ཡོལ་ཆེན་འཐེན་པ་འདྲ། །འཛམ་གླིང་ནུབ་ནས་བལྟས་ཙ་ན། །དུང་གི་གུར་དཀར་ཕུབ་པ་འདྲ། །འཛམ་གླིང་བྱང་ནས་བལྟས་ཙ་ན། །དུང་སེང་གནམ་དུ་མཆོང་བ་འདྲ། །རྩེ་ལྔ་ནམ་མཁའི་མཐོངས་སུ་གསལ། །ཤེལ་འདྲ་གུར་ཁང་རྩེར་རེ་རེ། །རྨང་གཞི་དོག་མོའི་དཀྱིལ་ན་གནས། །འབྱུང་པོའི་ཚོགས་རྣམས་སྐྱིལ་ལི་ལི། །རྐེད་པ་གཡུང་དྲུང་གླིང་དགུར་གནས། །སྡེ་བརྒྱད་སྲོག་འཁོར་སྒོར་རོ་རོ། །དེ་འདྲའི་གཞལ་(༢༡བ)


GLG022_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་དམ་པ་ན། །སུ་བཞུགས་དེ་ནི་སུ་མི་བཞུགས། །དེ་ན་རྗེ་ཡི་སྐུ་ལྷ་གཉན་པོ་བཞུགས། །ཟུར་ཕུད་ལྔ་པ་འཁོར་བཅས་བཞུགས། །དེ་ན་ཇོ་བོ་གཉན་ཆེན་ཐང་ལྷ་བཞུགས། །མི་དཀར་གཡུ་ཡི་སྨིན་མ་ཅན། །དར་དཀར་བེར་ཆེན་སྐུ་ལ་གསོལ། །རིན་ཆེན་རྒྱན་ཆ་དུ་མས་བརྒྱན། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །སྐུ་ཡི་ཆས་ནི་མཛེས་སྡུག་འོད་དུ་འབར། །ཐོག་རྒོད་གཏུམ་པོས་ཁམས་གསུམ་ཟིལ་གྱིས་གནོན། །ལས་ཀྱི་ཤོག་མདས་དགྲ་བགེགས་སྲོག་དབུགས་འདྲལ། །ལྕགས་ཀྱི་རལ་གྲིས་དགྲ་བགེགས་མགོ་ལུས་གཅོད། །བར་སྣང་ཁམས་ནས་གར་གཤེགས་ཐོགས་པ་མེད། །ཐང་ལྷ་གཉན་སྲས་སྐུ་ལ་བསྟོད་པ་འབུལ། །མཛེས་པའི་ཟུར་ཕུད་ལྔ་པོས་སྐུ་ལ་བརྒྱན། །གསེར་གྱི་སྦ་ལྕག་གཡུ་ཡི་ལྕག་འབྲས་ཅན། །ལན་གསུམ་ཀླད་དབྱུགས་ཆིབས་པར་དྲག་ཏུ་བརྒྱབ། །ཐང་ལྷ་གཉན་སྲས་སྐུ་ལ་བསྟོད་པ་འབུལ། །ངང་དཀར་ཞུར་པོས་གར་བསམས་ཡུད་ཀྱིས་ཕྱིན། །འཇིགས་པའི་བྱ་ཁྱུང་དབུ་ཡི་གཙུག་ན་ལྡིང་། །ས་བདག་ཀླུ་གཉན་ལས་ཀྱི་ཕོ་ཉར་འགྱེད། །ཀླུ་རྒྱལ་ཐོད་དཀར་སྐུ་ལ་བསྟོད་པ་འབུལ། །རྣལ་འབྱོར་བདག་གིས་བསྟོད་ཅིང་མཆོད་ཕུལ་བས། །སྟག་སེང་དོམ་དྲེད་རྔམ་འཇིགས་དགྲ་ལ་སྟོན། །བསྟོད་ཅིང་བསྐུལ་བས་གཡེལ་བ་མ་མཛད་ཅིག །ཚུར་གཤེགས་བདག་གིས་བཅོལ་བའི་འཕྲིན་ལས་མཛོད། གཏོར་མ་དཀར་གསུམ་དངར་གསུམ་གྱི་སྟེང་དུ། །འབྲུ་གསུམ་ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་གྲུབ་པ། འདོད་དགུ་འབྱུང་བའི་རྒྱ་མཚོ་ཆེན་པོར་གྱུར་པ་འདི། །ལྷ་ཆེན་རྡོརྗེ་འབར་བ་རྩལ་འཁོར་(༢༢ན)


GLG022_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་ཞལ་དུ་ཨཱོཾ་བཛྲ་ཐང་ཀ་ར་ས་པ་རི་ཝ་ར་མཧཱ་བྷ་ལིཾ་ཏ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུཾ། ཞེས་པ་བདུན་གྱིས་ཕུལ་བས་དགྱེས་པའི་ཚུལ་དུ་བསྒོམ། དེ་ནས་ཡང་འཁོར་ཚོགས་ལ་གཏོར་མ་ཟུར་གསུམ་མཐོ་གང་པ་བརྒྱད་དམ་བཅུ་གཉིས། བཅུ་དྲུག་གི་རྩེ་ལ་རྒྱན་གྱིས་བརྒྱན་པ། གསུར་དུད་བསངས་དུད་ཤིན་ཏུ་ཆེ་བ། ཆང་ཕུད། འོ་ཕུད། ཞོ་ཕུད་དང་བཅས་ཏེ་འདི་སྐད་དོ། །སྭཽ། སྐུ་ལྷ་གཡས་ཀྱི་རུ་འདྲེན་པ། །ལྷ་གཉན་གཡུ་ཡི་སྨིན་མ་ཅན། །སྐུ་ལྷ་གཡོན་གྱི་རུ་འདྲེན་པ། ཁྱེའུ་ཆུང་གཡུ་ཡི་ཟུར་ཕུད་ཅན། །སྐུ་ལྷ་མདུན་གྱི་རུ་འདྲེན་པ། །མི་དཀར་གཡུ་ཡི་ཐོར་ཅོག་ཅན། །སྐུ་ལྷ་རྒྱབ་ཀྱི་རུ་འདྲེན་པ། །ལྕགས་ཀྱི་མི་སྔོན་འཇིགས་པ་བརྒྱ། །འདིར་སྤྱོན་ཕུད་དང་གཏོར་མ་བཞེས། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། ཁབ་ནི་གནམ་མཚོ་ཕྱུག་མོ་སྟེ། །སྨན་མོ་གཡུ་ཡི་ཐུལ་པ་ཅན། །གསེར་གཡུ་སྤེལ་མའི་ཟུར་ཕུད་ཅན། །སྐུ་ལ་དར་དཀར་ཐུལ་པ་གསོལ། །ཕྱག་ན་དངུལ་དཀར་མེ་ལོང་བསྣམས། །ཆིབས་སུ་ཆུ་རྟ་སྔོན་པོ་བཅིབས། །སྲས་ནི་ཐང་སྲས་མཆོར་བ་སྟེ། །མི་དཀར་གཡུ་ཡི་སྨིན་མ་ཅན། །སྐུ་ལ་དར་དཀར་ལའུ་གསོལ། །ལྕམ་ནི་འབྲི་རྗེ་གང་བཟང་མ། །དཀར་མོ་གཡུ་ཡི་ཐུལ་པ་ཅན། །ནང་བློན་ཕྱི་བློན་སྒོ་བར་བཅས། །ཕྱག་བརྙན་འཁོར་དང་བཅས་རྣམས་བསྒྲུབ། །བསྐུལ་ལོ་འཁོར་བཅས་མ་གཡེལ་ཞིག །བསྐུལ་ཅིང་རྦད་ན་གཉན་སྲས་མཐུ་མ་ཆུང་། །ཐང་ལྷ་གཉན་སྲས་འཁོར་བཅས་ལ། ཕྱི་ཡི་མཆོད་པ་འབྲུ་ཡི་གཡག་ལུག་དང་། །(༢༢བ)


GLG022_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་མཆོད་པ་གསེར་གཡུ་ཆང་དང་སྦྱར། །ཞལ་ཟས་རྟེན་དུ་འབྲུ་ཡི་གཡག་པོ་འབུལ། །ཐང་ལྷ་གཉན་སྲས་འཁོར་བཅས་རྣམས། །རིན་ཆེན་གསེར་གྱིས་ཐུགས་དམ་བསྐང་། །སྒྲ་དབྱངས་རོལ་མོས་ཐུགས་དམ་བསྐང་། །རྟེན་རྫས་ཚང་མས་ཐུགས་དམ་བསྐང་། །ལྷ་གཡག་དཀར་པོས་ཐུགས་དམ་བསྐང་། །དམར་རྩ་ལུག་གིས་ཐུགས་དམ་བསྐང་། །རྔོན་ཆ་ཚང་མས་ཐུགས་དམ་བསྐང་། །རྒྱན་གྱི་གཏོར་མས་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་། །ཛ་གད་ཕུད་ཀྱི་ཐུགས་དམ་བསྐང་། །གདུང་བའི་དབྱངས་ཀྱིས་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་བདག་གིས་བསྐང་། །བདག་གིས་བཅོལ་བའི་འཕྲིན་ལས་མཛོད། །དེ་ལྟར་མཆོད་ཅིང་བསྐང་བ་ཡིས། །བདག་སོགས་དགོན་གནས་རྒྱུ་སྦྱོར་གྱི། །མགོན་སྐྱབས་དཔུང་གཉེན་ཁྱེད་ཀྱིས་མཛོད། །བཅོལ་བའི་འཕྲིན་ལས་བསྒྲུབ་པ་དང་། །བསྒྲུབས་ཤིང་བསྟན་པ་བསྲུང་དུ་གསོལ། །སྭཱཽ། ལྷ་རྒྱལ་ལོ། །གཡག་ལུག་ཕུལ་བའི་ཡོན་ཏན་གྱིས། །ནོར་ལ་གོད་ཁ་མེད་པ་དང་། །གླིང་སྟོད་རྟ་རའི་བདག་པོ་མཛོད། །གླིང་སྨད་ལུག་རའི་བདག་པོ་མཛོད། །གཡག་དང་མཛོ་ཡི་བདག་པོ་མཛོད། །ནོར་ལ་འཕེལ་བ་ཁྱེད་ཀྱིས་མཐོང་། །ཅི་བསམས་འགྲུབ་པའི་འཕྲིན་ལས་མཛོད། །སྭཱཽ། ལྷ་རྒྱལ་ལོ། །རྟེན་འདོགས་ནི། ཡོལ་མོ་བ་གསུམ་པས་མཛད། ཧཱུཾ། ཅང་ཤེས་རྟ་མཆོག་གསེར་སྒོ་དངུལ་སྲབ་ཅན། །སྣ་ཚོགས་དར་ཟབ་བཟང་པོས་རབ་མཛེས་པ། །གཡང་ལྡན་གསང་ལུག་གངས་རི་ལྟ་བུར་འཚེར། །བག་ཕེབས་དལ་ཁུར་རྒྱུ་དང་འགྲོ་བའི་སྟབས། །ཟླ་ཤེལ་ཞུན་(༢༣ན)


GLG022_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

མས་བྱུགས་ལྟར་རབ་དཀར་བའི། །མཁའ་ལྡིང་འདབ་ཆགས་སྙན་པའི་སྐད་གསང་ཅན། །སྤྲིན་དཀར་ཕུང་པོ་ལྟ་བུའི་ལྷ་གཡག་ཆ། །རྡོ་རྗེའི་ར་དང་རྔ་ཡབ་དཀར་པོ་ཅན། །ཀུན་ཀྱང་དར་ཟབ་དྲིལ་བུ་གཡེར་ཁ་དང་། །མུ་ཏིག་བཟང་པོའི་འཕྲེང་བས་རབ་མཛེས་པ། །ཕྱི་རྟེན་མཛེས་པའི་འགྲོ་ཚོགས་འདི་དག་གིས། །ལྷ་ཆེན་འཁོར་བཅས་ཐུགས་དམ་སྐོང་གྱུར་ཅིག །གཡས་རུ་ང་རྒྱལ་བཀྲ་བཟང་རྩེར། །ཞེས་སོགས་བྱ། མངའ་གསོལ་ནི། ཡོལ་མ་བ་གསུམ་པས་མཛད། ལྷ་དབང་ཀླུ་བདག་ལངྐའི་རྒྱལ་བ་སོགས། །སྲིད་གསུམ་དབང་ཕྱུག་ཀུན་གྱིས་མདུན་བདར་ནས། །མཆོད་སྤྲིན་རྒྱ་མཚོས་སྲི་ཞུར་བཅས་མཆོད་པའི། །ལྷ་ཆེན་རྡོ་རྗེ་འབར་བ་རྩལ་ལ་བསྟོད། །རྣམ་པར་རྒྱལ་བའི་ཁང་བརྩེགས་ལས་རྒྱལ་བའི། །རིན་ཆེན་ཤེལ་གྱི་སྐུ་མཁར་ཟླ་བའི་ཕྱིར། །བ་གམ་ནོར་བུའི་འོད་ཚོགས་རབ་རྒྱས་པས། །ཞིང་ཁམས་རྒྱ་མཚོའི་གོ་སྐབས་ཡང་དག་གྲགས། །རྩ་བ་ཡིད་བཞིན་འབྱུང་གནས་ཡིད་བཞིན་གྱིས། །བར་མེད་རབ་རྫོགས་རྐེད་སྐབས་མཚོན་ལྔས་མཛེས། །ཛམྦཱུ་ནཱ་དའི་རྒྱ་ཕུབས་ཆེས་འབར་བའི། །རྩེ་མོ་རིན་ཆེན་ཆར་འབེབས་ཆུ་འཛིན་དཀྲིགས། །དུས་གསུམ་རྒྱལ་བའི་ཆོ་འཕྲུལ་དག་ལས་བཞིན། །རྒྱ་ཆེ་བཀོད་པའི་ཁྱད་པར་རྒྱ་ཆེ་བའི། །ཕོ་བྲང་སྲིད་རྩེའི་གུང་ན་མངོན་མཐོའི་རྩེ། །ཡིད་བཞིན་རྒྱལ་མཚན་གསར་པས་མངའ་གསོལ་ལོ། །དཔག་ཡས་ཞིང་གི་རྡུལ་སྙེད་རབ་འབྱམས་ཞིང་། །སྐད་ཅིག་མྱུལ་བའི་འགྲོས་ལྡན་ལྷ་རྟ་དཀར། །རྒྱུ་སྐར་བདག་པོའི་དྲེགས་འཇོམས་རྒྱན་ལྡན་པ། །ལྷ་ཆེན་ཆིབས་ཀྱི་དམ་པར་མངའ་(༢༣བ)


GLG022_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ལོ། །ཀ་ཙ་ལིནྡའི་བེར་ཆེན་སུམ་བརྩེགས་པས། །མཛེས་འཛུམ་རླབས་ཀྱི་གཟུགས་བརྙན་བགོ་འོས་པ། །འཇམ་མཉེན་རེག་བྱའི་ཁྱད་པར་རྨད་བྱུང་བའི། །རབ་མཛེས་ལྷ་ཡི་ན་བཟའ་མངའ་གསོལ་ལོ། །ནོར་བུའི་མཆིལ་ལྷམ་གསེར་གྱི་སྐ་རགས་འབར། །ག་བུར་དོ་ཤལ་རིན་ཆེན་སེ་མོ་དོ། །མུ་ཏིག་འབྲས་ཆགས་ནོར་བུའི་སྙན་ཆ་གསོལ། །མཛེས་བྱེད་རྒྱན་གྱི་དམ་པས་མངའ་གསོལ་ལོ། །གསེར་པད་གཡུ་ཡི་ཡལ་འདབ་མཛེས་པའི་ཁོངས། །རྣམ་མང་འོད་ཀྱི་གེ་སར་རབ་རྒྱས་པ། །སྤེལ་ལེགས་འཕྲེང་བ་བསྟར་པའི་ཅོད་པན་འདི། །སྐྲ་མཚམས་མཛེས་པའི་རྒྱན་དུ་མངའ་གསོལ་ལོ། །བརྒྱ་བྱིན་ཐོགས་པའི་ནོར་བུ་ལས་ལྷག་ནོར། །བཀྲ་ཤིས་དམ་པ་ཀུན་གྱིས་བཀྲ་ཤིས་པར། །རྒྱལ་བས་རབ་བསྔགས་གཡས་སུ་འཁྱིལ་བའི་དུང་། །ཐོར་ཚུགས་མཛེས་པའི་རྒྱན་དུ་མངའ་གསོལ་ལོ། །རྩེ་མོར་ཟུར་ཕུད་ལྔ་བཅིངས་རལ་པའི་ཁྱོན། །བུང་བ་སྟང་ཟིལ་མིག་སྨན་ལྟར་སྣུམ་པའི། །རྩ་ཆིངས་བཀྲ་ཤིས་རི་མོས་རྣམ་བཀྲ་བའི། །དར་དཀར་དྲི་མེད་ལྭ་བས་མངའ་གསོལ་ལོ། །མྱུར་མགྱོགས་རྫུ་འཕྲུལ་ཤུགས་ལྡན་བཱ་ལ་ཧར། །སྐུལ་བྱེད་ཕྱག་ཆའི་ཁྱད་པར་མི་འཚལ་ཡང་། །མ་བདུན་ལས་ལ་བསྐུལ་བའི་འཕྲུལ་ཆེན་པོ། །སྦ་ལྕག་རྡོ་རྗེས་མཚན་པས་མངའ་གསོལ་ལོ། །ཆ་ཤས་རབ་རྫོགས་ཟླ་བའི་སྤུན་ཟླ་ཞེས། །བདུད་རྩིས་བྲན་པའི་ཐིགས་མ་དངོས་གྲུབ་ལྟར། །ཟད་མི་ཤེས་འབབ་ནོར་བུའི་ཤེལ་འཕྲེང་འདི། །ཐུགས་དམ་དབྱིངས་སུ་ལོ་ཕྱིར་མངའ་གསོལ་ལོ། །དར་ཟབ་སྤྱན་གཟིགས་མང་པོས་ས་བླའི་ཁོངས། །བརྒྱ་བྱིན་གཞུ་ཡི་དྲ་བས་མཛེས་བྱས་ཤིང་། །སྙན་བརྗིད་དཔའ་བའི་(༢༤ན)


GLG022_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལྡན་འབོད་པའི་དབྱངས། །སྣ་ཚོགས་རོལ་མོར་བཅས་པས་མངའ་གསོལ་ལོ། །གཙང་མའི་ཞལ་ཟས་ལ་སོགས་འདོད་ཡོན་ལྔ། །ལྷ་ཀླུ་མི་དང་གནོད་སྦྱིན་ཐམས་ཅད་ཀྱི། །དཀོན་ནོར་མ་ཚང་མེད་སྤུངས་ནོར་འཛིན་མའི། །ཕང་བ་རབ་རྫོགས་འདོད་དགུས་མངའ་གསོལ་ལོ། །དཀོན་མཆོག་སྐྱབས་ཀྱི་དམ་པར་སྐྱབས་སོང་མགྲོན། །དཀར་ཕྱོགས་ལྷ་དང་གདེངས་ཅན་འབྱུང་པོའི་ཚོགས། །བསྟན་ལ་རབ་དགའ་མཐུ་རྩལ་རྨད་བྱུང་བ། །ཀུན་གྱི་རྗེ་བོར་དེང་བདག་གཟེངས་བསྟོད་དོ། ཁྱད་པར་དཔལ་གྱི་སྤྲུལ་པ་པདྨའི་ལུང་། །ཇི་བཞིན་མནོས་པའི་བཀའ་ལས་མི་འདའ་བར། །གཏེར་བདག་གནས་བདག་དཀོར་བདག་ཐམས་ཅད་ཀྱི། །ཚོགས་བདག་ཚོགས་ཀྱི་རྗེ་བོར་གཟེངས་བསྟོད་དོ། །རྣལ་འབྱོར་བདག་གི་མགོན་སྐྱབས་འཆེས་པའི་ལྷ། །བསྟེན་གསོལ་མཆོད་བསྒྲུབ་ལྷ་སྲུང་གཉན་རྣམས་དང་། ཁྲི་སྲོང་ལྷ་བརྒྱུད་སྐུ་ལྷ་གཉན་རྣམས་ཀྱི། །རྗེ་བཙུན་ལྷ་ཡི་ལྷ་མཆོག་གཟེངས་བསྟོད་དོ། །རྒྱལ་དབང་པདྨའི་རིང་ལུགས་འཛིན་རྣམས་ཀྱི། །དབུ་འཕང་རི་རྒྱལ་རྩེ་མོར་གཟེངས་བསྟོད་དེ། །སྔགས་འཆང་བདག་གིས་མངའ་གསོལ་གཟེངས་བསྟོད་ན། །ལྷ་ཡི་ལྷ་མཆོག་ལྷ་ཞལ་མཐོ་བར་མཛོད། །ཅེས་པ་བྱ། ནང་དུ་ལོག་ནས། ཡིག་བརྒྱ་བརྗོད། མ་འབྱོར་བ་དང་ཉམས་པ་དང་། །སོགས། ལྷག་པ་དང་ནི་ཆད་པ་དང་། སོགས། སེར་སྣའི་དབང་གྱུར་མ་འབྱོར་ཞིང་། །མཆོད་པ་ངན་ཞིང་བཤམ་ཉེས་པ། །སྦྱོར་བ་གཙང་སྦྲས་མ་ཐོན་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །རྟེན་ཡོད་ན། འདིར་ནི་གཟུགས་(༢༤བ)


GLG022_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷན་ཅིག་ཏུ། །ཞེས་པ་ནས། སུ་པྲ་ཏིཥྛ་བཛྲེ་སྭཱཧཱས་བརྟན་བཞུགས་བྱ། རྟེན་མེད་པའི་སྐབས་ཡིན་ན། ཁྱེད་ཀྱིས་སེམས་ཅན་སོགས། །བཛྲ་མུཿས་ཡེ་ཤེས་པ་གཤེགས། །དམ་ཚིག་པ་རང་ཉིད་ལ་ཐིམ་པར་བསམ། ཤིས་བརྗོད་ནི། ཧཱུཾ། གསར་བྲིས། གར་དབང་འོད་མཐའ་ཡས་པ་ཆོས་ཀྱི་སྐུ། །གདུག་པ་འདུལ་མཛད་རྟ་མགྲིན་ལོངས་སྤྱོད་རྫོགས །མཚོ་ལས་སྐྱེས་པའི་རྡོ་རྗེ་སྤྲུལ་པའི་སྐུ། །དབྱེར་མེད་ཡེ་ཤེས་སུམ་ལྡན་བཀྲ་ཤིས་ཤོག །ས་བརྒྱད་བརྙེས་ཀྱང་བསྟན་དང་འགྲོ་བའི་དོན། །དྲེགས་པའི་སྡེ་དཔོན་ཚུལ་འཛིན་གཉན་གྱི་རིགས། །དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ། །རྣམ་འགྱུར་ཅིར་ཡང་སྟོན་པའི་བཀྲ་ཤིས་ཤོག །ཞི་རྒྱས་དབང་དྲག་ལས་ཀུན་སྒྲུབ་མཛད་པའི། །གསང་ཡུམ་མཆེད་བློན་སྤྲུལ་པ་ཡང་སྤྲུལ་དང་། །སྡེ་བརྒྱད་དྲེགས་པའི་དམག་གི་དཔུང་ཚོགས་སོགས། །གྲངས་མེད་འཁོར་ཚོགས་རྒྱ་མཚོའི་བཀྲ་ཤིས་ཤོག །བདུད་དང་རྒྱལ་འགོང་དམ་སྲི་འབྱུང་པོའི་རིགས། །དངོས་དང་ཡིད་ལ་བརླམས་པའི་སྐྱེ་བོའི་མཚོན། །ནག་པོའི་རྩ་ལག་བ་དན་རབ་བསྙིལ་ཏེ། །དཀར་ཕྱོགས་རྒྱལ་མཚན་བསྒྲེད་པའི་བཀྲ་ཤིས་ཤོག །བོད་སྐྱོང་ལྷ་རིགས་དངོས་དང་དངོས་འདྲ་བ། །ཆེན་ཉམ་བསོད་ནམས་ལྡན་པ་ཡ་རབས་ཀྱི། །སྐུ་ལྷ་གཉན་པོ་མཛད་ནས་གངས་ལྗོངས་འདིར། །བདེ་སྐྱིད་དགའ་སྟོན་དཔལ་འབར་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་པ་བརྗོད་ཅིང་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་དགྲམ་པར་བྱའོ། །པད་འབྱུང་རིག་སྔགས་འཆང་བའི་བརྟུལ་ཞུགས་ཀྱིས། །ས་བཏུལ་བསམ་ཡས་གཙུག་ལག་འབྱོངས་མིན་གོང་། །གཡུང་དྲུང་བོན་གྱིས་བསྟེན་(༢༥ན)


GLG022_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་ཆེན་པོ། །ལུགས་དེའི་གྱེར་སྒོམ་གསོལ་མཆོད་ཅི་ཡང་དར། །ཨྱོན་སངས་རྒྱས་གཉིས་པས་ཟངས་མཛོད་ཀྱི། །སྲུང་མར་བཀའ་བསྒོས་སྒྲུབ་ཡིག་བདུད་རྩིའི་བཅུད། །ཤོག་སེར་མ་བུའི་ཟ་མ་ཏོག་འཁྱིལ་བས། །ཚིམ་པའི་རྙིང་རྒན་ཉིན་མོའི་སྐར་མ་ཙམ། །བརྒྱུད་པའི་གསུང་སྒྲོས་ཕྱག་ལེན་མཐོང་ཐོས་བྲལ། །གབ་དཀྲུགས་འཐོར་བསྡེབས་མི་ཤེས་ཕྱོགས་རེའི་གཞུང་། །ཀློག་ཅིང་རོལ་མོ་བརྡུང་བ་ལྷུར་ལེན་པ། །བོན་དཀར་ལྷ་གསོལ་མཁན་པོའི་ཆོ་ག་བཞིན། །དེ་ཕྱིར་ཤོག་སེར་དྲི་ངད་ཆལ་ཆིལ་དུ། །གཡོ་བའི་དགོངས་དོན་རིགས་འཛིན་ཞལ་གྱི་ལུང་། །བཀླགས་པས་དོན་ཀུན་འགྲུབ་པ་གངྒཱའི་རྒྱུན། ཁོ་བོའི་རྣམ་དཔྱོད་མ་དྲོས་མཚོ་ལས་བབས། །འབད་པས་ཉེར་བསྒྲུབས་རླུང་གི་ཤིང་རྟ་ཡིས། །དྲངས་པའི་བདེ་སྐྱིད་བརྒྱ་ཕྲག་ཉི་མའི་དངོས། །ལེགས་བྱས་དགུང་ལ་འཆར་ནུབ་རབ་སྤངས་ནས། །རྟག་ཏུ་སྣང་བའི་དགའ་སྟོན་དར་བར་ཤོག །དེའང་ལྷ་ཆེན་འདི་ཉིད་ཀྱི་མཆོད་བསྐང་གི་རིམ་པ་ཆོས་རྒྱལ་མངྒའི་མཚན་ཅན་ཡན་ཆད་དུ་གསུང་རྒྱུན་མ་གཏོགས་ཁྲིགས་ཆགས་ཀྱི་ཡིག་རིགས་མི་སྣང་ཞིང་ཞང་སྣ་ནམ་པའི་སྤྲུལ་པའི་སྐུ་མཆོག་རིགས་འཛིན་ངག་གི་དབང་པོ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་གྱིས་གཏེར་གཞུང་དང་གྲངས་གཏེར་སྟོན་གསུམ་པའི་གཞུང་འཁྲུགས་བསྡེབས་སུ་མཛད་པ་ཁུངས་ཐུབ་ཏུ་འདུག་ཀྱང་ཕྱག་ལེན་རྣམས་དཀྱུས་སུ་བཀོད་པ་སོགས་ཅུང་ཟད་རྟོགས་དཀའ་བ་ནས་རང་ཉིད་སྲུང་མ་ཆེན་པོ་འདིར་མོས་པའི་དང་བས་ཡིད་དྲངས་ཏེ་མཆོད་སྤྲིན་ཚངས་པ་ལྷའི་ཤེལ་གྱི་རྔ་བོ་ཆེའི་གོ་རིམ་ཕལ་ཆེར་གཙོ་བོར་བཟུང་གཞན་མ་གཏེར་གཞུང་། བླ་མ་བོར་མ་དག་གིས་མཛད་(༢༥བ)


GLG022_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

པ། གསར་བྲིས་རྣམས་སོ་སོར་ཁུངས་སྨོས་ཤིང་། གཅིག་པོ་ཉིད་ལས་དུ་མའི་གར་ཡིན་ནའང་གངས་ཅན་འདིར་འབྲེལ་ཆགས་ཀྱི་རྣམ་འགྱུར་གཙོ་བོར་བཟུང་། མདོར་ན་ཅུང་ཟད་མི་གསལ་ཞིང་མ་ཚང་བ་རྣམས་ཚང་ན་སྙམ་པའི་ལྷག་བསམ་གྱིས་ཀུན་ནས་བླངས་ཏེ། ལྷ་མཆོག་རྡོ་རྗེ་འབར་བ་རྩལ་གྱི་འཕྲིན་ལས་བརྒྱ་ཕྲ་ཉིད་ངོས་འཛིན་པའི་སྣང་གསལ་འདི་ནི་ཟ་ཧོར་གྱི་སྔགས་བཙུན་ཟིལ་གནོན་བཞད་པ་རྩལ་གྱིས་ཀུན་དགའ་ཞེས་པ་ཤིང་སྟག་ཧོར་ཟླ་བདུན་པའི་དཀར་ཆའི་དགའ་བ་དང་པོ་རྒྱལ་ཕུར་གྱི་ཐོག་ལ་དབུ་བཙུགས་ཟླ་བ་དེ་གའི་ཚེས་ལྔ་ཟླ་བ་གྲོ་བཞིན་འཛོམ་པའི་འཕྲོད་དགེ་བར་གནམ་བསྐོས་ཀྱི་ཕོ་བྲང་ཆེན་པོ་དམར་པོ་རིར་གྲུབ་པར་སྦྱར་བའི་ཡི་གེ་པ་ནི་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་དཔལ་ལྡན་ལྷ་ཆེན་ཚངས་པས་ཉིན་མཚན་དུས་དྲུག་ཏུ་བསྲུང་ཞིང་སྐྱོབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །

ལྷ་ཆེན་རྡོ་རྗེ་འབར་བ་རྩལ་གྱི་སྲོག་གཏད་ཀྱི་རྗེས་གནང་མུ་ཐི་ལའི་འཕྲེང་བ།


GLG022_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཆེན་རྡོ་རྗེ་འབར་བ་རྩལ་གྱི་སྲོག་གཏད་ཀྱི་རྗེས་གནང་མུ་ཐི་ལའི་འཕྲེང་བ་བཞུགས་སོ། །


GLG022_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་དབང་གི་རྒྱལ་པོ་ལྟར། །དངོས་གྲུབ་མ་ལུས་སྩོལ་མཛད་པ། །ལྷ་མཆོག་དྲི་ཟའི་རྒྱལ་པོ་ཡི། །སྲོག་གཏད་རྗེས་གནང་རིམ་པ་འདི། །དེ་ཡང་སྟེགས་བུར་རས་དཀར་པོ་དྲི་མ་མེད་པ་སོགས་གཡོགས་པའི་སྟེང་དུ་མཉྫིའི་ཁར་སྒྲུབ་གཏོར་སྐུ་རྟེན་ཙཀླི། གཏོར་གདུགས་དཀར་པོ་ཅན་བཤམ། ཆུ་གསུམ། ཆུ་གཅིག་སྔོན་དུ་འགྲོ་བའི་ཉེར་སྤྱོད་སྦྲེང་ཚར། སྨན་ཕུད། འབུལ་གཏོར་ཟུར་གསུམ་ལུག་མགོས་བརྒྱན་པ། གསེར་སྐྱེམས། བགེགས་གཏོར། རོལ་མོ། ཡུངས་ཀར། ཨ་ར་སྐྱ། སྤོས་དཀར་སོགས་ཉེ་བར་མཁོ་བའི་རྫས་དང་ཡོ་བྱད་རྣམས་མངོན་པར་འདུ་བྱས། གནས་ཡོ་བྱིན་རླབས་ནས་བཟུང་རྟ་མགྲིན་གྱི་བསྟོད་པའི་བར་དཀྱུས་བཞིན་ལ་བཟླས་པ་མང་ཉུང་ལོང་སྐབས་དང་བསྟུན་ནས་བྱ། ཆོས་སྨན་མ་བཏབ་པའི་ནང་མཆོད་གསར་པ་ཡིན་ན་སྨན་གཏོར་གཞུང་བཞིན་བརླབ། ཧྲཱིཿམཧཱ་ཀྲོ་དྷས་བསངས། །སྭ་བྷཱ་ཝས་མདུན་བསྐྱེད་ཀྱི་གཏོར་མ་སྦྱངས། སྟོང་པའི་ངང་ལས་མན་ཤེལ་གྱི་ཁང་བཟང་ཞེས་པ་ནས་རྒྱབ་ཀྱི་རུ་འདྲེན་ལྕགས་ཀྱི་མི་སྔོན་འཇིགས་པ་སྟེ་སོ་སོར་བརྒྱ་ཕྲག་དང་བཅས་པས་བསྐོར་བའི་བར་དང་དེ་དག་གི་གཡས་ཕྱོགས་སུ་(༢ན)


GLG022_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཡེ་ཤེས་ཞེས་པ་ནས་མཇུག་མ་བརྡབས་པས་མེ་རླུང་འཚུབ་པའི་བར་དཀྱུས་བཞིན་ལ། དེ་དག་གི་ཕྱི་རོལ་ཏུ་ལྷ་ཀླུ་གནོད་སྦྱིན་འཁོར་ཚོགས་བྱེ་བ་འབུམ་སྡེས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ཞེས་པ་ནས་བཟུང་སྟེ་གཏོར་བསྔོས་ཀྱི་བར་བྱ། འཛབ་མང་དུ་བཟླས་ཏེ་ནུས་ལྡན་དུ་བྱེད། བསྟོད་པ་ལྷ་ཡི་ལྷ་མཆོག་མས་བསྟོད། དེ་ནས་སློབ་མ་རྣམས་ཀྱི་ལུས་གངས་ཆུ་གཙང་མས་ཁྲུས་ནས་འདོན། སྤོས་དང་གུ་གུལ་དཀར་པོས་བདུག །ཕྱག་དང་ཡོན་དབུལ། བགེགས་གཏོར་བཏང་། ཐུན་མོང་བའི་སྔོན་འགྲོ་སྤྱི་དང་བྱེ་བྲག་སྔ་འགྱུར་ཐེག་པའི་ཆོས་ཀྱི་ཆེ་བ་སོགས་ཕན་ཡོན་བཤད། ཁྱད་པར་དུ་སློབ་དཔོན་ཆེན་པོའི་བཀའི་སྲུང་མ་རྣམས་ཀྱི་ནང་ནས་གཙོ་བོར་གྱུར་པ་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འདི་ཉིད་ངོ་བོ་ས་བརྒྱད་ནོན་པ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཡིན་པ་ལ་རྒྱལ་བསེན་སོགས་ལྷ་སྲིན་མ་རུངས་པ་རྣམས་ཀྱི་གཉེན་པོར་དམ་ཅན་ཤེལ་གིང་དཀར་པོ། ལྷག་གནམ་ཐེ་དཀར་པོ། གནམ་ལྷ་བྱང་ཆུབ་སེམས་དཔའ། ཚངས་པའི་རྒྱལ་པོ་དུང་གི་ཐོར་ཚུགས་ཅན། དྲི་ཟ་ཟུར་ཕུད་ལྔ་པ། ཁྱབ་འཇུག་གནམ་མཚོའི་རྒྱལ་པོ་སྟེ་སྐུ་གཅིག་ལ་མཚན་དྲུག་ཏུ་གྲགས་པ་(༢བ)


GLG022_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འདི་ཉིད་གནས་སྐབས་འཇིག་རྟེན་དྲེགས་པའི་ཚུལ་བཟུང་བའི་རྒྱུ་མཚན། ཐང་ཡིག་ལས། དེ་ནས་སྐུ་གཉན་ཐང་ལྷས་ཉམས་སད་ཕྱིར། །མགོ་བོ་གྲུ་གུའི་ཡུལ་དུ་སླེབས་པ་ལ། །མཇུག་མ་ཁམས་ཀྱི་སག་ཆུ་གཡེར་ཐང་བརྐྱང་། །སྦྲུལ་དཀར་ཞིག་གིས་ལམ་འཕྲང་བཅད་པ་ལ། །སློབ་དཔོན་སྦྲུལ་གྱི་རྐེད་པར་ཕྱག་འཁར་བཙུགས། །ཀླུ་ཡི་རྒྱལ་པོ་ན་ལེ་ཐོད་དཀར་ཁྱོད། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས། ཁྱོད་རང་ཕར་སོང་ཚོགས་འཁོར་གཤོམས་དང་གསུངས། །ཐང་ལྷས་གངས་ལ་བྲོས་པས་གངས་ཞུ་ནས། །རྩེ་མ་ནག་ཟང་གཡའ་སྔོན་ཉིལ་གྱིས་བྱུང་། །མ་བཟོད་ཞལ་ཟས་སྣ་ཚོགས་ཚོགས་འཁོར་དྲངས། །བྱིས་པ་གཡུ་ཡི་ཟུར་ཕུད་ཅན་དུ་གྱུར། །དར་དཀར་རལ་གུ་ཞིག་གྱོན་ཕྱག་སྐོར་བྱས། །སྲོག་སྙིང་ཕུལ་ནས་དམ་བཏགས་གཏེར་རྒྱ་གཏད། །གསང་མཚན་རྡོ་རྗེ་མཆོག་རབ་རྩལ་དུ་གསོལ། །ཞེས་པ་ལྟར་སློབ་དཔོན་ཆེན་པོ་ལ་མཐོ་འཚམས་པའི་ཚེ་བཀའ་རྟགས་ཕྱག་རྒྱ་ཆེན་པོས་ཟིལ་གྱིས་མནན་ཏེ་དམ་ལ་བཏགས་ནས་སྲུང་མར་བསྐོས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བྱང་ལམ་བར་བ་ནས་བསམ་ཡས་ཧས་པོ་རིའི་མདུན་དུ་བྱོན་པའི་དུས་སུ་གཉན་ཆེན་ཐང་ལྷ་དེ་གཡག་དཀར་པོ་རྭ་ནམ་མཁའི་མཐོངས་ན་ཡེར་རེ་བ། རྨིག་བཞིས་ས་མདུད་ནོན་པ་ཞིག་བྱས་ནས་སློབ་དཔོན་གྱི་དྲུང་ན་ཚུར་བྱུང་། ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མཐོང་བ་དང་གཡག་དཀར་པོར་བརྫུས་པའི་རྫུ་འཕྲུལ་བཤིག་ནས་སྐྱེས་བུ་བཞིན་བཟང་དཀར་པོ་དུང་གི་མདོག་ཅན་གཡུའི་ཟུར་ཕུད་ལྔ་ཡིས་བརྒྱན་པ་ཞིག་ཏུ་བྱས་ཏེ་རྒྱལ་པོ་ལ་ཞེ་ས་དང་ཕྱག་ཕུལ་ལོ། །དེའི་ཚེ་སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །གཉན་ཆེན་པོ་ཐང་ལྷ་ཁྱོད་ལྷ་སྲིན་(༣ན)


GLG022_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་གམ་ཅན་ཞིག་འདུག་སྟེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་འགོ་ཞིང་གྲོགས་བྱེད་པ་ཅིའི་ཕྱིར་ཡིན་གསུང་ངོ་། །ཐང་ལྷས་ཞུས་པ། བདག་གཉིས་ལ་འབྲེལ་བ་བཞི་མཆིས་སོ། །བདག་དབུས་གཙང་རུ་བཞིའི་ཡུལ་ལྷ་ལགས་པས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བོད་ཀྱི་རྒྱལ་པོ་ལགས་ཏེ་ཆེ་མཉམ་དཔུང་གིས་འབྲེལ་ལོ། །བདག་དམ་ཚིག་ཅན་གྱི་སྲུང་མ་ལགས་པས་རྒྱལ་པོ་དམ་ཚིག་གཙང་སྟེ་དམ་ཚིག་གིས་འབྲེལ་ལོ། །བདག་སྐྱེ་བོ་ངོ་ཚ་ཅན་གྱི་ཕོ་ལྷ་ལགས་པས་རྒྱལ་པོ་གསང་ཁྲིམས་ཆེ་བས་ལས་དང་སྤྱོད་པས་འབྲེལ་ལོ། །བདག་སྡེ་པ་བསོད་ནམས་ཅན་གྱི་གྲོགས་ལ་དགའ་བས་ཆེ་མཉམ་བསོད་ནམས་ཀྱིས་འབྲེལ་བ་ལགས་སོ། །ཞེས་ཞུས་སོ། །ཡང་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། ད་ནང་གུང་གི་སྔ་དྲོ་བདག་ཁྲོ་ཞིང་གཏུམ་པའི་གཟུགས་སུ་བྱས་ཏེ་འོང་བ་ནི། བདག་དམ་ཚིག་ཉམས་པའི་སྲོག་བདུད། དམ་ཚིག་ཉམས་པའི་གཤེད་མ། གྲིབ་གནོན་མ་རབས་ཀྱི་གཉའ་གནོན། སྨྱོ་འདྲེ་རྒྱལ་འགོང་གི་གཉེན་པོ་ལགས་པས། དེ་རྣམས་མཐོང་བ་དང་རང་བཞིན་གྱིས་བདག་ལ་ཞེ་སྡང་སྐྱེས་ཏེ་གཏུམ་ཞིང་ཁྲོ་བ་ལགས་སོ། །ཞེས་ཞུས་སོ། །ཡང་སློབ་དཔོན་གྱིས་གསུངས་པ། འོ་ན་གཉན་ཆེན་ཐང་ལྷ་ཁྱོད་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་རང་བཞིན་གྱི་འགོ་བར་འདུག་པས། རྒྱལ་པོ་ཉིད་ནས་འོད་གསལ་ལྷའི་གདུང་བརྒྱུད་ཐ་མ་དགུང་དུ་མ་གཤེགས་ཀྱི་བར་དུ་སྐུ་ལྷ་གྱིས་ཤིག །རྒྱལ་པོས་མཆོད་ཅིག །ཅེས་ལྷ་བྲག་གཏེར་བྱོན་གྱི་ལོ་རྒྱུས་ལས་བྱུང་བ་ལྟར་ཆོས་སྐྱོང་རྒྱལ་པོའི་སྐུ་ལྷ་ཁྱད་པར་ཅན་འཕྲལ་བྱིན་རླབས་མྱུར་ཞིང་ཕུགས་བཀྲ་ཤིས་པའི་ལྷ་ཆེན་འདི་ཉིད། ནུབ་ཟངས་མཛོད་ཀྱི་སྲུང་མར་བཀའ་བསྒོས། ཆོས་སྐོར་རྣམས་ཟང་ཟང་ལྷ་བྲག་(༣བ)


GLG022_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གཏེར་དུ་སྦས་པ་སྙིང་ཐིག་གནད་ཀྱི་མན་ངག་དོན་བདུན་ལས། བྱང་ཕྱོགས་ཐོ་ཡོར་ནག་པའི་ས་ཕྱོགས་སུ། །རི་བོ་བཀྲ་བཟང་ཞེས་པའི་ཤར་འདབས་སུ། །ཆུ་ཁམས་གླང་ལོ་སྨེ་བའི་མཚན་རྟགས་ཅན། །པདྨ་ང་ཡིས་བྱིན་གྱིས་བརླབས་པའི་རྟགས། །སྤྱི་བོར་རྒོད་ཀྱི་ལྡེམ་ཕྲུ་ཡང་ཡང་འབྱུང་། །ཞེས་ལུང་གིས་ཟིན་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱིས་སྤྱན་དྲངས་པའི་རྗེས་གནང་དང་མན་ངག་གི་སྐོར་གཉིས་ལས། སྲོག་དབང་འདི་ཉིད་གཏེར་སྟོན་ནས་རྩ་བའི་བླ་མ་ཟུར་ཐམས་ཅད་མཁྱེན་པའི་བར་དུ་ཆད་མེད་དུ་བཞུགས་པའི་སྲོག་གཏད་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་མཎྜལ་འབུལ་དུ་གཞུག །དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བཞུགས་པའི་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་སྐྱབས་སེམས་སྡོམ་པ་བཟུང་བའི་ཆེད་དུ་ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། ཅེས་པ་ནས། རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། ཞེས་པའི་བར་ལན་གསུམ་གྱི་རྗེས་ཟློས་བྱེད་དུ་གཞུག །སྐུའི་རྗེས་གནང་གི་དོན་དུ་སློབ་དཔོན་དཔལ་རྟ་མགྲིན་དུ་གསལ་བའི་སྤྱན་སྔར་རྗེས་ཟློས་འདི་བཞིན་དུ་མཛོད་ཅེས་བརྡ་སྤྲད། དབང་ཆེན་རྒྱལ་པོ་ཧེ་རུ་ཀ །རྣམ་འཕྲུལ་དཔའ་བོ་པདྨ་འབྱུང་། །བདག་ལ་རྡོ་རྗེ་འབར་བ་རྩལ། །སྐུ་ཡི་བྱིན་རླབས་གཟི་བྱིན་ཕོབ། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་དབང་ཆེན་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་མདུན་དུ་སྒྲུབ་གཏོར་ལྷ་ཆེན་འབར་བ་རྩལ་དུ་གསལ་བའི་སྐུ་ལ་ཕོག །དེའི་རྐྱེན་གྱིས་ལྷ་ཆེན་གྱི་སྐུ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་ཟླ་བ་ཤར་བ་ལྟ་བུ་བསམ་གྱིས་མི་ཁྱབ་པ་བྱུང་བ་སློབ་མའི་ལུས་ལ་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་ནད་(༤ན)


GLG022_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་བར་གཅོད་ཐམས་ཅད་སྦྱངས་པ་ལས་འོད་ཀྱི་ཕུང་པོར་དཀར་ལམ་གྱིས་སོང་། དེའི་ངང་ནས་སློབ་མ་སྐད་ཅིག་གིས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་སློབ་མའི་རྣམ་པར་ཤེས་པ་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས་གཙོ་བོའི་མངོན་རྟོགས་དཀྱུས་སུ་ཡོད་པ་བརྗོད་དེ་བསྒོམ་དུ་བཅུག་པའི་སྤྱི་བོར་གཏོར་མ་བཞག་སྟེ། ཧཱུཾ། རྟ་མགྲིན་རྒྱལ་པོ་དབང་གི་ལྷ། །རྣམ་སྤྲུལ་དཔའ་བོ་པདྨ་འབྱུང་། །སྐལ་ལྡན་སློབ་མའི་སྒོ་གསུམ་ལ། །དམ་ཅན་རྡོ་རྗེ་འབར་བ་རྩལ། །སྐུ་ཡི་བྱིན་རླབས་གཟི་བྱིན་ཕོབ། །ཧྲཱིཿབཛྲ་ཐང་ཀ་ར་མུན་ཉིང་ཁུ་ཤ་ལི་ཛཿཧཱུཾ་བཾ་ཧོཿཞེས་བརྗོད། སྐུའི་བྱིན་རླབས་འོད་ཟེར་དཀར་པོའི་རྣམ་པ་སྤྱི་བོ་ནས་སིབ་ཀྱིས་ཐིམ་པས་ལྷ་ཆེན་གྱི་སྐུ་དང་སློབ་མའི་ལུས་ངོ་བོ་དབྱེར་མེད་དུ་བྱས། སྐུའི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་བསམ། མཆོད་པ་དངོས་སུ་བཤམ་པའམ་མེད་ན་ཁ་གསོས་ཏེ་ཆུ་དང་ཉེར་སྤྱོད་རོལ་མོ་རྣམས་སྤྲོ་ན་གདངས་དང་བཅས་ནས་ཚིགས་བཅད་དམ་མི་སྤྲོ་ན་སྔགས་ཙམ་གྱིས་སློབ་མས་གཏོར་མ་ལྷར་གསལ་བ་ལ་མཆོད་པའི་ཚུལ་བྱ། གསུང་གི་རྗེས་གནང་གི་དོན་དུ་གསོལ་འདེབས་ཚིག་རྐང་གསུམ་པོ་གོང་ལྟར་ལ་གསུང་གི་བྱིན་རླབས་གཟི་བྱིན་ཕོབ། ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷ་ཆེན་གྱི་མགྲིན་པར་ཕོག་པའི་རྐྱེན་གྱིས་ལྷ་ཆེན་གྱི་གསུང་གི་བྱིན་རླབས་དང་ནུས་པ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་ཐོན་ཏེ་སློབ་མའི་མགྲིན་པ་དང་ལྕེ་ལ་ཐིམ་པས་ངག་གི་སྡིག་སྒྲིབ་ནད་གདོན་བར་གཅོད་ཐམས་ཅད་སྦྱངས་པས་ལུས་འོད་ཀྱི་ཕུང་པོར་དམར་ལམ་གྱིས་སོང་བར་བསམས་ལ་གཏོར་མ་མགྲིན་པར་བཞག་སྟེ། བསྐུར་ཚིག་གོང་བཞིན་ལ་གསུང་གི་བྱིན་(༤བ)


GLG022_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་གཟི་བྱིན་ཕོབ། ཧྲཱིཿབཛྲ་ཐང་ཀ་ར་སོགས་བརྗོད། དེ་ནས་ལྷ་ཆེན་གྱི་ཐུགས་ཀར་ཟླ་གདན་ལ་ཨ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་ཞིག་ཞལ་ནས་ཐོན་སློབ་མའི་ཞལ་དུ་ཞུགས། ཐུགས་ཀའི་ཨ་ཡིག་གི་མཐར་འཁོད་པར་བསམས་ལ་དཔོན་སློབ་གཉིས་ཀས་ཕྲེང་བ་ལ་འཇུས་ཏེ་ཨཱོཾ་བཛྲ་ཐང་ཀ་ར་མུན་ཉིང་ཁུ་ཤ་ལི་སྭཱཧཱ། ཞེས་ལན་གསུམ་གྱི་རྗེས་ཟློས་བྱེད་དུ་གཞུག །ཕྲེང་བ་མགྲིན་པར་བཞག་སྟེ་ཛཿཧཱུཾ་བཾ་ཧོཿས་བྱིན་གྱིས་རླབས། ལྷ་ཆེན་གྱི་གསུང་དང་སློབ་མའི་ངག་ངོ་བོ་དབྱེར་མེད་དུ་བྱས། གསུང་གི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་བསམ། གོང་བཞིན་མཆོད། ཐུགས་ཀྱི་རྗེས་གནང་གི་དོན་དུ་ཚིག་རྐང་ཐ་མ་ཐུགས་ཀྱི་བྱིན་རླབས་གཟི་བྱིན་ཕོབ། ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷ་ཆེན་གྱི་ཐུགས་ཀར་ཕོག་པའི་རྐྱེན་གྱིས་ཐུགས་བརྩེ་བ་ཆེན་པོས་སློབ་མ་རྗེས་སུ་བཟུང་བའི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་ཐོན་ཏེ་སློབ་མའི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་གཅོད་ཐམས་ཅད་སྦྱངས་པས་ལུས་འོད་སྔོན་པོའི་ཕུང་པོར་མེར་གྱིས་སོང་བར་བསམས་ལ་གཏོར་མ་སྙིང་གར་བཞག་སྟེ། བསྐུར་ཚིག་བསྒྱུར་ཁ་ཐུགས་ཀྱི་བྱིན་རླབས་གཟི་བྱིན་ཕོབ། ཧྲཱིཿབཛྲ་སོགས་བརྗོད། ཐུགས་ཀྱི་བྱིན་རླབས་འོད་ཟེར་སྔོན་པོའི་རྣམ་པ་སྙིང་གར་སིབ་ཀྱིས་ཐིམ་པས་ལྷ་ཆེན་གྱི་ཐུགས་དང་སློབ་མའི་ཡིད་ངོ་བོ་དབྱེར་མེད་དུ་བྱས། ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་བསམ། སྔར་བཞིན་མཆོད། ཡོན་ཏན་དང་འཕྲིན་ལས་ཀྱི་རྗེས་གནང་གི་དོན་དུ་དངོས་གཞི་གོང་ལྟར་ལ། ཡོན་(༥ན)


GLG022_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་བྱིན་རླབས་གཟི་བྱིན་ཕོབ། འཕྲིན་ལས་བྱིན་རླབས་གཟི་བྱིན་ཕོབ། ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷ་ཆེན་གྱི་ཐུགས་ཀར་ཕོག་པའི་རྐྱེན་གྱིས་ལྷ་ཆེན་འཁོར་དང་བཅས་པའི་སྐུ་ལས་ནོར་བུ་དབང་གི་རྒྱལ་པོ་སོགས་ལྷ་མིའི་རིན་པོ་ཆེའི་ཆར་ཆེན་པོ་དང་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་པ་ལུས་ལ་ཐིམ་པས་སློབ་མ་ལྷར་གསལ་བའི་ལུས་ཀྱི་ནང་ལྟེམ་གྱིས་གང་། སྒོ་གསུམ་གྱི་སྡིག་སྒྲིབ་ནད་གདོན་བར་གཅོད་ཐམས་ཅད་སྦྱངས་བས་ལུས་ཁ་དོག་ལྔ་ལྡན་དུ་སོང་བར་བསམས་ལ་གཏོར་མ་ལྟེ་བའི་ཐད་དུ་བཞག་སྟེ། བསྐུར་ཚིག་དངོས་གཞི་འདྲ་བ་ལ། ཡོན་ཏན་བྱིན་རླབས་གཟི་བྱིན་ཕོབ། འཕྲིན་ལས་བྱིན་རླབས་གཟི་བྱིན་ཕོབ། ཧྲཱིཿབཛྲ་སོགས་བརྗོད། ཡོན་ཏན་གྱི་བྱིན་རླབས་འོད་ཟེར་སེར་པོ་དང་འཕྲིན་ལས་ཀྱི་འོད་ཟེར་ལྗང་གུ་ལྟེ་གསང་དུ་སིབ་ཀྱིས་ཐིམ་པས་ཡོན་ཏན་འཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ། སྔར་ལྟར་མཆོད། དམ་བསྲེ་བ་ནི། དམ་ཆུ་ཨ་མྲྀ་ཏ་སློབ་མར་སྦྱིན་ཞིང་གཏོར་མར་འཐོར། གཏོར་མ་སྔར་བཞིན་སྤྱི་བོར་བཞག་སྟེ། དཔལ་ཕྱག་ན་རྡོ་རྗེ། རྒྱལ་མཆོག་པདྨ་ཐོད་འཕྲེང་། པཎ་ཆེན་དྲི་མེད་བཤེས་གཉེན། ལོ་ཆེན་བཻ་རོ་ཙ་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལྷ་སྲས་མུ་ཁྲི་བཙན་པོ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་རིགས་འཛིན་རྒོད་ལྡེམ། སྲས་མཆོག་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་དཔལ། སྔགས་འཆང་རྡོ་རྗེ་མགོན་པོ། མཚན་ལྡན་བྱམས་པ་བཤེས་གཉེན། མཚན་ལྡན་ངག་དབང་གྲགས་པ། དྲིན་ཅན་སངས་རྒྱས་དཔལ་བཟང་། ལྡོངས་ཀྱི་སྔགས་འཆང་ཆོས་རྒྱལ་བསོད་ནམས། (༥བ)


GLG022_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྲས་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །འཕགས་མཆོག་བྱམས་པ་སྐལ་བཟང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། རྩ་བའི་བླ་མ་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ་སོགས་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གཉེན་པོ་དྲན་པར་མཛོད་ལ་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་རྡོ་རྗེ་སློབ་མ་འདིའི་ཉིན་གསུམ་གྱི་བྱ་ར་མཛོད། མཚན་གསུམ་གྱི་མེལ་ཚེ་མཛོད་ལ་བཞི་བརྒྱ་རྩ་བཞིའི་ནད། སྟོང་ཕྲག་བརྒྱད་ཅུའི་བགེགས། ཁྱད་པར་སྟེང་འོག་བར་གསུམ་གདོན་བགེགས་རྒྱལ་བསེན་དམ་སྲི་འབྱུང་པོ་བན་བོན་སྔགས་པའི་མཐུ་བྱད་དུག་མཚོན་གཡུལ་གཤོམས་སོགས་གཟུགས་ཅན་སྡང་བའི་དགྲ། གཟུགས་མེད་གནོད་པའི་བགེགས་རྣམས་ཀྱིས་བཏང་བའི་བར་གཅོད་མི་མཐུན་ཕྱོགས་ཐམས་ཅད་ལས་བསྲུང་ཞིང་སྐྱོབ་པའི་འཕྲིན་ལས་མཛོད། ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་ཐོས་བསམ་སྒོམ་གསུམ་སོགས་ཆོས་དང་སྲིད་ཀྱི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་བཀའ་བསྒོ་རྒྱས་པར་བརྗོད་རྗེས་སྔགས་མཐར་ཛཿཧཱུཾ་བཾ་ཧོཿས་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་སིབ་ཀྱིས་ཐིམ་པར་བསམ། དེ་ནས་དམ་ཚིག་བསྡུས་ཏེ་ཁས་བླང་བ་ནི། རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། བདག་ནི་རྩེ་གཅིག་གུས་གདུང་བས། །མ་ལུས་བདག་གིས་བསྒྲུབ་ལགས་ན། །བརྩེ་བས་རྗེས་བཟུང་བྱིན་གྱིས་རློབས། །ཞེས་ལན་གསུམ་གྱི་རྗེས་ཟློས་བྱ། གཏང་རག་གི་མཎྜལ་ཕུལ། བཀྲ་ཤིས་རྒྱས་པར་བྱེད། སླར་ཡང་མཆོད་གཏོར་ཁ་གསོ། (༦ན)


GLG022_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

ཙཀླི་སོགས་རྟེན་ལྷར་བསྐྱེད་པ་རྣམས་ལ་འབུལ་ཞིང་བསྟོད། ཡིག་བརྒྱ་བརྗོད་ཅིང་ལྷག་ཆད་ཁ་བཀང་། ནོངས་པ་བཟོད་པར་གསོལ། བརྟན་བཞུགས་དང་ཤིས་བརྗོད་བྱའོ། །ཨེ་མ་རིགས་འཛིན་བརྒྱུད་པ་ཡི། །འཁྲུལ་མེད་ཕྱག་བཞེས་མུ་ཐི་ལ། །རྣམ་དཔྱོད་སྲད་བུར་བརྒྱུས་པ་ཡིས། །ལྷ་མཆོག་རྟག་ཏུ་གྲོགས་མཛད་ཤོག །ཅེས་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་གྱི་སྲོག་གཏད་ཀྱི་རྗེས་གནང་མུ་ཐི་ལའི་འཕྲེང་བ་འདི་ནི་དགེ་སློང་འཇམ་དབྱངས་གྲགས་པས་བསྐུལ་བས་མཚམས་སྦྱར་རིག་སྔགས་འཆང་བ་མང་པོར་ཕན་འདོད་ཀྱིས་ཡིད་དྲངས་ནས་གཏེར་གཞུང་དུ་མི་གསལ་བ་རྣམས་བླ་མ་དམ་པའི་ཕྱག་ལེན་གྱིས་བརྒྱན་ཏེ་ཟ་ཧོར་གྱི་བནྡེ་རྡོ་རྗེ་ཐོགས་མེད་རྩལ་གྱིས་གྲོ་ཞུན་ཟླ་བའི་དཀར་ཆའི་རྒྱལ་བ་གསུམ་པ་ལ་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པའང་བསྐུལ་བ་པོ་ཉིད་དོ། །སརྦ་མངྒ་ལཾ།།

རྡོ་རྗེ་འབར་བ་རྩལ་གྱི་བསྙེན་སྒྲུབ་བཀང་མདོས་ཀྱི་ལག་ལེན་དྲན་པའི་གསལ་འདེབས།


GLG022_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འབར་བ་རྩལ་གྱི་བསྙེན་སྒྲུབ་བཀང་མདོས་ཀྱི་ལག་ལེན་དྲན་པའི་གསལ་འདེབས་བཞུགས་སོ། །


GLG022_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཉེ་བཀྲ་ཤིས་དམ་ལྡན་པ། །ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །བསྙེན་སྒྲུབ་བསྐང་མདོས་ལ་མཁོ་བའི། །ལག་ལེན་རེག་ཟིག་ཅུང་ཟད་འདྲི། །དེ་ཡང་གངས་རི་མཐོན་པོའི་མདུན་ནམ་རི་མཐོན་པོ་གངས་མཐོ་བའི་ས་རབ། དེ་མིན་གནས་ཁང་གཙང་ཞིང་གྱ་ནོམ་པ་མཚན་ཉིད་དང་ལྡན་པར་བྱི་དོར་ལེགས་པར་བྱ།སྤོས་དཀར་དང་ལྗོན་ཤིང་སྣ་ཚོགས་ཀྱི་བསངས་ཀྱིས་བདུག །ས་རྒྱན་གནམ་རྒྱན་ཡོལ་བ་སོགས་བཀོད་པས་མཛེས་པར་བྱས་པའི་ནང་དུ་དཀོན་མཆོག་སྤྱི་དང་བྱེ་བྲག་བླ་མ་ཞི་དྲག་རྟ་མགྲིན་ཕྱག་རྡོར་ཕུར་བ་སོགས་ཀྱི་རྟེན་དགྲམ། མདུན་དུ་ཅོག་ཙེ་མཐོ་བར་གཏོར་མ་ཟངས་མདོག་དཔལ་རི་མའམ་ལས་བཞི་ལྷུན་གྲུབ་གང་རུང་། སྨན་རཀ །རྩ་གསུམ། བཀའ་སྲུང་བརྒྱད་མཆོད། གཞི་བགེགས་ཀྱི་གཏོར་མ། ཕྱི་ནང་གི་ཉེར་སྤྱོད་རྣམས་བཤམས། དེའི་མདུན་ལྟ་བུར་གོང་གནོན་ལས་དམའ་བར་སྟེགས་བུའམ་ཅོག་ཙེ་གང་རུང་གི་སྟེང་དུ་རབ་དྲི་མ་མེད་པའི་གཡང་ཤུན་ནམ་མ་འབྱོར་ན་རས་དཀར་པོ་བཏིང་བར་དྲི་བཟང་གིས་ཆག་ཆག་གདབ། དེའི་སྟེང་དུ་ནས་དཀར་ལ་གྲོ་འབྲས་རིན་ཆེན་སྣ་ལྔ་ཅུང་ཟད་བསྲེས་པའི་མཆོད་གཞི་རྩེ་སོར་གང་ཙམ་ཁོད་སྙོམས་པར་དགྲམ། མཐར་གོང་གསལ་གྱི་འབྲུ་གསུམ་པོ་གང་རུང་གིས་ལྕགས་(༢ན)


GLG022_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་ཚུལ་དུ་ཟླུམ་པོར་བསྐོར་བའི་ཕྱོགས་མཚམས་བརྒྱད་དུ་ཚོམ་བུའི་དབྱིབས་ཅན་མཐོ་བར་བྱ། སྟན་དཀར་གྱི་མཐའ་ནོན་ཙམ་དུ་སྨྱུག་རྒོད་རྩེ་རྒྱས་ལ་དར་ཚོན་སྣ་ལྔ། ཟ་འོག་སྣ་ལྔའི་འཕན་ཆུང་། རྒྱལ་མཚན་གོས་ལེ་བརྒན་ལ་གསེར་དངུལ་གཡུ་མུ་ཏིག་མུ་མེན་བྱུ་རུ་སྦུར་ལེན་སོགས་རིན་ཆེན་སྣ་ཚོགས་སྤེལ་ལེགས་སུ་བཀོད་པའི་མདུན་ངོས་གདུགས་ཆུང་ཕུབ་པའི་འོག་ཏུ་རིན་པོ་ཆེའམ་སྨན་འདམ་གྱི་འབུར་རམ་དར་རས་ལ་ཙག་ལི་རབ་གནས་དང་ལྡན་པ་སྐུའི་རྟེན། དར་དཀར་དྲི་མེད་ལ་གསེར་དངུལ་བསྲེས་པའི་སྙིང་པོ་མཚལ་གྱིས་བྲིས་པ་དང་རྡོ་རྗེས་མཚན་པའི་སྦ་ལྕག་གསུང་རྟེན། ཤེལ་འཕྲེང་དང་འཇའ་ཤེལ་ཐུགས་རྟེན། མཎྜལ་གྱི་དབུས་སུ་མཉྫིའི་ཁར་གསེར་དངུལ་ཟངས་གཞོང་སོགས་ཀྱི་སྣོད་གཙང་མར་གཏོར་མ་གྲུ་བཞི་ཤེལ་མཁར་རྒྱ་ཕུབས་ནོར་བུ་འབར་བས་སྤྲས་པ། རྩ་བར་པདྨ་འདབ་བརྒྱད་ཀྱིས་བསྐོར་བ་རཏྣ་སུམ་ཚོམ་གྱིས་མཛེས་པ། དཔངས་རབ་ཁྲུ་གང་། འབྲིང་རྐང་གང་། ཐ་མའང་མཐོ་གང་ལ་སྐབས་སུ་འོས་པའི་རྒྱན་སྤྲོས་སྣ་ཚོགས་ཀྱིས་སྤྲས་པ་གཏོར་གདུགས་དཀར་པོ་ཕུབ་པ། དེའི་གཡས་གཡོན་རྒྱབ་གསུམ་དུ་ཤེལ་ལམ་དངུལ་ལ་སོགས་པའི་རིན་པོ་ཆེའི་སྣོད་དུ་གཡའ་ཆུ། གངས་ཆུ། ལུ་མ་ཆུ་མིག་རྒྱུན་འབབ་ལྟ་བུའི་སྐྱེ་(༢བ)


GLG022_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་རྣམས་ནི་ཡོན་ཏན་གྱི་རྟེན། མདུན་དུ་དགྱེས་སྐོང་མཆོད་གཏོར་ཟུར་གསུམ་སོར་བཅུ་གཉིས་པ་མཐེབ་སྐྱུས་བསྐོར་བ། ལོགས་བསྟན་པར་གསང་ལུག་དཀར་པོའི་མགོས་བརྒྱན་པ་རྩི་དཀར། དེའི་གཡོན་དུ་གཡུ་སྒྲོན་མའི་གཏོར་མ་དཀར་ཟླུམ། ཤར་དང་ཤར་ལྷོར་ཟླུམ་གཏོར་དཀར་པོ། ལྷོ་དང་བྱང་ཤར་དུ་སེར་པོ་གྲུ་བཞི། ནུབ་ཏུ་ཟླུམ་གཏོར་དམར་པོ། བྱང་དང་ལྷོ་ནུབ་ཏུ་གྲུ་གསུམ་ནག་པོ། ནུབ་བྱང་དུ་ཟླ་གམ་དམར་པོའི་གཏོར་མ་སོ་སོའི་སྐབས་ཐོབ་དང་མཚུངས་པའི་རྒྱན་ལྡན་རྣམས་འཕྲིན་ལས་ཀྱི་རྟེན། དེའི་ཕྱོགས་བཞི་མཚམས་བཞིར་ཟླུམ་གཏོར་སོར་བརྒྱད་པ་འཁོར་གཉིས་རེ་རྒྱན་ལྡན། དེའི་ཕྱི་རོལ་དུ་སྣོད་འབྱོར་ན་བསྐོར་ཅིང་མ་འབྱོར་ན་དངུལ་གཞོང་ལྟ་བུར་གཏོར་ཆུང་སུམ་བརྒྱ་བརྒྱད་ཅུ་ལྷག་བཅས་བོན་རྒྱན་དམར་ཐིག་བཏབ་པ། སྣོད་ཅིག་ཏུ་བསྐང་གཏོར་ཁ་གསོ་ལ་དམིགས་པའི་མཐེབ་སྐྱུ་བཞི་བརྒྱ་ལྷག་བཅས། ཟུར་དུ་ཐུན་གཏོར་ཟུར་གསུམ་ལུག་མགོས་བརྒྱན་པ། གཏོར་མ་རྣམས་ཀྱི་རྒྱུ་འབྲུ་དཀར་མོ་གསུམ་གྱི་རྗེན་བཏགས་ལ་དཀར་གསུམ། དངར་གསུམ། བཟང་དྲུག །ཙནྡན། ག་པུར་སོགས་ཀླུ་སྨན་གྱི་རིགས། བདུད་རྩི་ཨ་མྲྀ་ཏ་རྣམས་བསྲེ། མདུན་དུ་ཤེལ་ཕོར་དུ་ཆང་བཟང་པོ་ལ་འོ་མ། ཅི་ཏས་བཟང་པོའི་ཕྱེ་མ། གསེར་གཙོ་བོར་གྱུར་བའི་རིན་ཆེན་ལྔ་བརྡར་བ་བསྲེས་པའི་ཛ་གད། ཞི་བའི་མཆོད་པ་གཡའ་གངས་ལུ་གསུམ་གྱི་མཆོད་ཡོན་ལ་བཟང་སྨན་དང་འོ་མ་སོགས་ཀྱིས་ཁ་བསྒྱུར་བ། དུག་དང་དྲི་ང་བ་མེད་པའི་ཐང་སྐྱེས་དང་ཆུ་སྐྱེས་ཀྱི་མེ་ཏོག་དཀར་པོའི་རིགས་དང་དགུན་བཅོས་མའམ་འབྲུ་དཀར་གྱི་མེ་ཏོག །དུག་གླ་རྩི་གུ་གུལ་ནག་པོ་དྲི་ང་བ་མིན་པའི་ཙནྡན་སྤོས་དཀར་ཤུག་པ་ལ་གཞི་བྱས། བཟང་སྨན་སྣ་ཚོགས་སྦྱར་བའི་གདུག་སྤོས། མེ་ཤེལ་སོགས་ནོར་བུ་འོད་(༣ན)


GLG022_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་དང་མར་དཀར། ཏིལ་མར་བསྲེས་པའི་འབྲུ་མར་གྱི་མར་མེ། ག་པུར་སོགས་བཟང་སྨན་སྦྱར་བའི་དྲི་ཆབ། འབྲུ་དཀར་མོ་གསུམ་ལ་དཀར་གསུམ་དངར་གསུམ་སྦྱར་བ་དང་གཞན་ཡང་འབྲས་བུ་ཅན་སོགས་བཟའ་བ་དང་བཅའ་བའི་རིགས་ཀྱི་ལྷ་བཤོས། རྒྱས་པ་དང་དབང་གཉིས་ལ་མདོག་སོ་སོར་བསྒྱུར་བ་མིན་པ་དབྱིབས་གོང་དང་མཚུངས། ལྷ་ཐམས་ཅད་ལ་འཇམ་པོ་གསུམ་པོའི་མཆོད་པ་གཙོ་བོར་ཤིས་ཤིང་དྲག་པོའི་མཆོད་པ་ནི་ཚོགས་ཐ་མའི་ཚེ། ཁྲག་གི་ཨརྒྷཾ་དང་དབང་པོའི་མེ་ཏོག་སོགས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཉེར་སྤྱོད་དོན་གྱིས་ཚང་བ་ཀརྨ་རྡོ་རྗེ་འབར་རྩལ་ལ་སྟོབ་པས་གོ་བཅད་པའོ། །སྦུག་སིལ། རྔ་ཆེན། དུང་ཆེན། རྒྱ་གླིང་། དུང་དཀར་སོགས་རོལ་མོ་སྣ་ཚོགས། མར་གྱི་རྟ། མཛོ། ཁྲ། ལུག །སྤྱང་ཀི་རྣམས་རེ། ཟན་གྱི་གཡག་གཅིག །སྨན་ཁྲོག་སྣ་ཚོགས། རིན་པོ་ཆེ་དུ་མའི་སྤྱན་གཟིགས། ཚོགས་ཆས། གདབ་ལས་ཀྱི་ཆས་སྦ་ལྕག །ལྕགས་ཀྱུ། ཞགས་པ། མདའ་གཞུ། མདུང་། རལ་གྲི །འཁོར་ལོ། གཡས་གཡོན་གྱིས་ཅི་བདེར་ཞལ་བརྙན། ཙེ་བེར། མདུན་དུ་གསེར་ག །ཤེལ་དཀར་དམར་སོགས་རིན་པོ་ཆེའི་རྒྱན། གཞན་ཡང་གོས་དར། གསེར་དངུལ། ཇ་རས་སོགས་སྤྱན་གཟིགས་མཁོ་དགུ་རྣམས་བཤམ། དཀར་མོ་ལག་གཡས། ལུག་ཤ་མགོ་འབྱར། སྟག་ལྤགས་སྡེར་བཞི་ཚང་བ། དར་ཚོན་སྣ་ལྔ། མདའ་བོ་ཆེར་བཏགས་པ། རུ་དར། གསེར་སྐྱེམས་ཀྱི་ཆང་དང་ཕུད་ཕོར། དར་སྣ་ཚོགས་ཀྱི་ལྡ་ལྡི། གོ་ཁྲབ། གྲི་དོང་། སྟག་རལ་གཟིག་ཤུབས། ཕྱེ་མར། བསངས་ཤིང་། ཡང་ཐོག་ཏུ་སྟེགས་ཀྱི་(༣བ)


GLG022_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་དགྱེས་སྐོང་མཆོད་གཏོར་ཟུར་གསུམ་ཁྲུ་གང་པ། མཐེབ་སྐྱུ་བརྒྱ་རྩས་བསྐོར་བ། ལུག་མགོ་སོགས་རྒྱན་ལྡན། མདུན་དུ་ཆུ་གསུམ། ཆུ་དང་ཉེར་སྤྱོད་ཚར་གཅིག །སྨན་ཕུད། གསེར་སྐྱེམས། འཐོར་ནས། འཕྱར་དར། ཕྱེ་མར། དངོས་སུ་རྟ། ཞོལ་གཡག །ཁྲ། ལུག་དཀར་རྣམས་གསུམ་རེ། བུམ་ཆུས་ཁྲུས་བྱ། རྣ་ཆ་གོས་བཟང་པོ། རྔ་ཕོད། དྲིལ་ཆུང་། གཡེར་ག །སོག་དར་སོགས་ཀྱིས་བརྒྱན་པ། རྟ་ལ་གསེར་དངུལ་གྱི་སྒ་སྲབ་ཀྱིས་སྤྲས་པ་རྣམས་བཤམ། གྱེར་གྱི་སྐབས་བསྐང་གསོ་ཚར་ལྔ་རེའི་ཐོག་གཏོར་མ་བསྔོ་ཞིང་ཁ་བསོས་ནས་བརླབ། གཏོར་ཆུང་རྣམས་མཐེབ་སྐྱུ་སུམ་བརྒྱ་དྲུག་ཅུས་གོ་ཆོད་པས་གསོ་མི་དགོས། བླ་མའི་ལས་བྱང་ལ་མི་རྐང་གི་གླིང་བུ་བཏང་ཆོག །སྤྱན་འདྲེན་དང་ཚོགས་ཐེངས་དེའི་ཐོག་མར་ཕྱེ་མར་བཏབ་པའི་བསངས་ཁ་གསུམ་རེ་གཏོང་། སྒྲུབ་ཞག་ཏུ་བྱེད་ན་ཉིན་སྔ་མ་རྣམས་སུ་ཐུན་གཏོར་ཕུལ་རྗེས་མངའ་གསོལ། ཕན་བདེ་འབྱུང་གནས་མ་དང་འདིས་མཚོན་འདོད་གསོལ་བཤགས་པའི་རིགས་ལ་མེ་ཏོག་འཐོར། ལྷག་མ་བཙོན་དུ་འཛིན། བསམ་པ་ལྷུན་གྲུབ་མ་སོགས་དཀྱུས་བཞིན་བྱ། ཞག་རེ་བཞིན་མཆོད་པ་རྣམ་པ་བརྗེ། གྲོལ་ཉིན་བསྟོད་བསྐུལ་སོང་མཚམས་སུ་ཐུན་གཏོར་མིང་དགོས་པས་ཡང་ཐོག་ཏུ་རྟེན་འདོགས་གྲུབ་རྗེས་གཡས་རུ་རི་རྒྱལ་བཀྲ་བཟང་སོགས་ཀྱིས་གཏོར་མ་འདམ་ཤོད་སྣར་མོ་ཕྱོགས་སུ་ཞལ་བསྒྱུར། མངའ་གསོལ་གྲུབ་ནས་གནས་ཁང་དུ་མཇུག་ཆོག་དཀྱུས་ལྟར་བྱའོ། །མདོས་ཀྱི་བཅའ་ནི། རྟེན་མདོས་ལ། མདོས་སྟན་རས་དཀར་གཙང་མ་སྒྲོམ་ཁྲི་དང་མཉམ་པའི་སྟེང་དུ་ཨན་གདར་ལ་གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་སོགས་ཆུ་ཚོད་གྱིས་བྲིས། དབུས་སུ་རིན་པོ་ཆེ་སྣ་ལྔ་བསྲེས་པའི་(༤ན)


GLG022_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྦྱིན་པོ་ལ་རི་རབ་བང་རིམ་བཞི་པ་ཕྱོགས་མདོག་ཅན་རྩེ་མོར་དབུས་དང་ཕྱོགས་མཚམས་ཀྱི་ལྕོག་བརྒྱད་ཀྱི་ནང་དུ་འབུར་སྐུ་འགྲུབ་ན་རབ། དེ་མིན་སྐུ་སོ་སོའི་ཤིང་བྱང་བཞུགས། གཙོ་བོའི་གཡས་གཡོན་དུ་སྔགས། སྦ་ལྕག །ཤེལ་འཕྲེང་། མན་ཤེལ་སོགས་རྟེན་རྣམས་འཇོག །བང་རིམ་གཉིས་པ་དུང་ཁྲ་སོགས་སྤྲུལ་པ་ལྷ་ཀླུ་སྡེ་བརྒྱད་འཁོར་ཚོགས་ཀྱི་ཤིང་བྱང་། བང་རིམ་གསུམ་པའི་མདུན་ངོས་སུ་གཙོ་བོ་དང་གནམ་མཚོ་རྒྱལ་མོ། ཤར་གྱི་གཏོར་མ། གཞན་རྣམས་སོ་སོའི་ཐད་ཀྱི་ཕྱོགས་མཚམས། བང་རིམ་བཞི་པ་དང་བཞི་པའི་རྩ་བར་མཆེད་འཁོར་སོགས་ཀྱི་གཏོར་མ་སུམ་བརྒྱ་དྲུག་ཅུས་མཚོན་གང་ཤོང་། དེའི་ཕྱིར་ངར་མི་བཅུ་གསུམ། དེའི་ཕྱི་མདོས་ཁྲིའི་ནང་གི་བར་ཁྱམས་ལ་རིན་པོ་ཆེ། སྨན། ཇ། ཟས་སྣ། ཤིང་ཏོག །འབྲུ་སྣ། ཚྭ། དཀར་གསུམ། དངར་གསུམ། བཙོད། ཞུན། རམས། རྒྱ་ཚོས། མཚལ་སོགས་མདོར་ན་ལྷོ་རྫས། བྱང་རྫས། ལ་རྫས། ཀླུངས་རྫས་ཀྱི་རིགས། ཟན་བར་གྱི་ཡས་རྣམས་དང་། མཐེབ་སྐྱུ། ཆང་བུ། རིལ་བུ་གསུམ། བརྒྱ་རྩ་རྣམས་འགོད། ཞག་གྲངས་སུ་བྱེད་ན་དངུལ་ལྟ་བུའི་གཞོང་པར་བཤོས་བུ་བཞི་བརྒྱ་ཙམ་དང་ཟན་པར་སོགས་ཀྱང་བཤམ། མདོས་ཁྲིའི་བང་རིམ་དང་པོར་ནམ་མཁའ་དང་རྒྱང་བུ་སྤེལ་མ། གཉིས་པར་ཆུ་ཉེར་སྤྱོད་ནས་བཟུང་རྟ་ཁལ་གྱི་བར་རྣམས་ཤིང་བྱང་ལ་བྲིས་པས་བསྐོར། གསུམ་པར་མདའ་ཁྲ་དང་འཕང་ཁྲ། ཞབས་དཀྲིས་གཏོང་། སྟེང་དུ་གདུགས། ཁྱུང་ཚང་། ཟླ་ཉི་ནོར་བུའི་ཏོག་ཅན་གྱི་རྩེར་རྨ་བྱའི་སྒྲོ། གང་བཟང་། བལ་ཚོན་ལྔ། དར་ཚོན་ལྔ། དེ་བོ་དཀར་པོའི་སྒྲོ་སོགས་ཀྱིས་(༤བ)


GLG022_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། སྲོག་ཤིང་འབྲས་བུ་ཅན་ནམ་ཤུག་པ་ལྕང་མ་སོགས་ཤིང་བཟང་པོའི་རིགས་དང་སྨྱུག་མ་རྩེ་རྒྱས། ཁྱུང་ཚང་ནང་དུ་ཡི་དམ་གྱི་སྐུ། གདུགས་སོགས་ཡ་སྟགས་རྣམས་ཀྱི་དཀྱིལ་དཀར་པོར་བྱེད། དར་ཟབ་ཅི་རིགས་སྙན་ཤལ་གྱི་ཚུལ་དང་། གོས་དར་རས། བཀས་རིགས་གོ་མཚོན་སོགས། མཐའ་སྐོར་དུ་ལྡིང་སྟབས་ཀྱི་ཚུལ། མདུན་དུ། རྟེན་གཏོར། མཆོད་གཏོར། ཆུ་གསུམ། སྨན་ཕུད། ཆུ་ཉེར་སྤྱོད། གསེར་སྐྱེམས། ཚོགས་ཆས་རྣམས་བཤམ། གོང་གནོན་ཞི་ཁྲོ་གང་རུང་གི་མཆོད་གཏོར་སྟེགས་མཐོ་བར་གང་འགབ་པར་བསྒྲིག་གོ །བསྐང་མདོས་སུ་བྱེད་ན་མདོས་ཀྱི་གོང་ངམ་རྒྱབ་གང་རུང་དུས་ཡུལ་འོས་པར་ལས་བྱང་དུས་ཀྱི་རྟེན། སྤྱན་གཟིགས། མཆོད་པ་རྣམས་རྒྱས་བསྡུས་ཅི་རིགས་པ་དགྲམ། མདོས་ཀྱི་བཅའ་གཞི་ཁོངས་འདྲ་བ་ལ་གསུང་རྟེན་སོགས་མི་དགོས། མདོས་གདན་གཡང་ཤུན། རྩེ་མོར་ནོར་བུའི་ཚབ་ནམ་མཁའ་ཆེ་བ་ཞིག་གིས་བྱས་ཀྱང་རུང་། གོས་དར། སྣམ་རས། པགས་རིགས་སོགས་གང་བདེར་བཤམ་མོ། །བསྐང་མདོས་བསྡུས་པ་བྱེད་ན་གཡང་ཤུན་གྱི་སྟེང་དུ་འབྲུ་དཀར་གྱི་གླིང་བཞི་གླིང་ཕྲན་མུ་ཁྱུད་བཀོད། བང་རིམ་དང་པོར་གཙོ་བོ་ཡབ་ཡུམ་གྱི་གཏོར་མ། གཉིས་པར་རྣམ་འཕྲུལ་བརྒྱད་ཀྱི་གཏོར་མ། གསུམ་པ་དང་བཞི་པར་འཁོར་གྱི་གཏོར་མ་བཤམ། ལྕགས་རིའི་ནང་ཁོང་གི་ཁྱམས་ལ་ཡས་རྣམས་དཀྱུས་བཞིན་འགོད། ལྕགས་རི་ལ་ནམ་མཁའ་རྒྱང་བུ། མདའ་འཕང་། ཕོ་གདོང་། མོ་གདོང་སོགས་ཀྱིས་བསྐོར། ཤིང་བྱང་ལ་བྲིས་པའི་སྤྱན་གཟིགས་རྣམས་ཟན་པར་གྱི་གོ་གཅོད་དོ། །བཟློག་མདོས་སུ་བྱེད་ན་བཅས་དངོས་གཞི་རྟེན་མདོས་ལྟར་ལ་རི་(༥ན)


GLG022_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་རྩེར་གཙོ་བོ་ཡབ་ཡུམ། ཚངས་པ། དུང་གཡག །དཔའ་བོ་རྡོ་རྗེ་འབར་རྩལ། རྨ་རྡོ་རྗེ་འབར་རྩལ་རྣམས་ལས་གཞན་རྣམས་མི་དགོས་ཤིང་གཏོར་མའང་འགྲེ། བང་རིམ་བཞི་པའི་རྩ་བར་དམར་གཏོར་ཟུར་གསུམ་མཚོ་ཡུངས་ཀྱིས་བརྒྱན་པ། ལྕགས་རི་ལ་རྩང་དམར་སྲིན་མོ་འགྲོས་སུ་འཛུགས། ཁྱུང་ཚང་གི་རྩེར་རལ་གྲི་ལྟ་བུའི་ཕྱག་མཚན་བསྡམ། འཆོང་གི་དགོངས་པ་བཞིན་ཡས་ཐམས་ཅད་ཟོར་དུ་བསྒྱུར་དགོས་ཀྱང་ཀོང་ཟོར། རྔ་ཟོར། མདའ་ཟོར། ཁྲག་ཟོར། གཏོར་ཟོར་རྣམས་ཀྱང་བཤམ། གླུད་ཆེ་བར་གླུད་རྫས། ན་མ་རྒྱང་། ཕོ་གདོང་། མོ་གདོང་། ཁྲམ་རིས་སོགས་ཚང་བ་དགོད་དོ། །དེ་ཡང་རྟེན་མདོས་ཀྱི་ཚེ་གཙོ་བོ་དང་རྣམ་འཕྲུལ་རྣམས་ཀྱི་ཤིང་བྱང་ལ་རང་སྔགས་ཀྱི་མཐར་ཆེ་གེ་མོ་རྟེན་འདི་ལ་བརྟན་པར་བཞུགས་ནས། མདོས་གླུད་ལས་ཀྱི་མཆོད་པ་དམ་པ་འདི་བཞེས་ལ། དགོན་གྲོང་ཡོན་བདག་སོགས་གང་ཡིན་དེ་གའི་མི་ནོར་ཕྱུགས་སོགས་གཉེར་གཏད་བསྲུང་སྐྱོབ་སྦ་བ་དང་དགོན་གནས་ལྟ་བུར་བསྟན་འགྲོའི་བདེ་སྐྱིད། བླ་མའི་སྐུ་ཚེ། དགེ་འདུན་གྱི་སྡེ་དང་བཤད་སྒྲུབ་ལོངས་སྤྱོད་སོགས་འཕེལ་བ། འཇིག་རྟེན་པ་ལ་མི་ནོར་ལོངས་སྤྱོད་རིགས་བརྒྱུད་མངའ་ཐང་འཁོར་འབངས་སོགས་འཕེལ་བ་དང་གནོད་བྱེད་བར་ཆད་ཞི་བ། གདོན་ལྟ་བུ་དམིགས་བསལ་ཡོད་ན་འབྱུང་པོ་ཆེ་གེ་མོ་འདིའི་གནོད་པ་ཞི་བ་སོགས་སྐབས་ཐོབ་སྦྱར་ནས་འདྲི་ཡས་ཀྱི་ཤིང་བྱང་ལ་རྡོ་རྗེ་འབར་རྩལ་འཁོར་བཅས་ལ་མཆོད་པ་ཆེ་གེ་འདི་འབུལ་བ་ཡིན་པས་མདོས་འདི་ལ་བརྟན་པར་བཞུགས་ནས་ཞི་རྒྱས་དབང་དྲག་གི་ལས་མཆོད་རྫས་གང་ཡིན་དང་བསྟུན་ཏེ་འཆོལ་ལུགས་རིགས་པས་དཔྱོད་དོ། །བསྐང་མདོས་ལ་སྔགས་གཤམ་དུ་(༥བ)


GLG022_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་གེ་ཁྱེད་ལ་ཕྱི་ནང་གསང་བའི་དམ་རྫས་མདོས་གླུད་ལས་ཀྱི་མཆོད་པ་དངོས་བཤམས་ཡིད་ཀྱིས་སྤྲུལ་ཏེ་འབུལ་བས་བཞེས་ལ་ཞེས་འཕྲིན་ལས་གོང་བཞིན་འཆོལ། ཡས་ཀྱི་སྐབས་མཆོད་རྫས་འདི་རྣམས་བཞེས་ལ་གསོལ་ཚིག་གོང་བཞིན་སྦྱར་རོ། །བཟློག་པའི་དུས་སྔགས་བཤམ་དུ་ཆེ་གེ་འཁོར་བཅས་ལ་མདོས་གླུད་ཡས་ཀྱི་མཆོད་པ་འདི་འབུལ་བས་མཐུ་བྱད་རྦད་འདྲེ་རྦོད་གཏོང་སྡེ་བརྒྱད་ཀྱི་གནོད་པ་སོགས་དགྲ་བགེགས་ཀྱི་སྟེང་དུ་བསྒྱུར་བའི་འཕྲིན་ལས་མཛོད་ཅིག་སོགས་སྤྱིར་བཏང་དམིགས་བསལ་གྱི་སྤེལ་ཚིག །ཡས་ལ་དཔེར་ན་ས་ལ་འཛུལ་དགུར། ཆེ་གེ་འཁོར་བཅས་ཀྱིས་གཅན་གཟན་གྱི་སྤྱན་གཟིགས་འདི་བཞེས་ལ་མཆེ་བ་ཅན་གྱི་ཟོར་དགྲ་བོའི་སྟེང་དུ་བསྒྱུར་ནས་བར་གཅོད་ཐམས་ཅད་ཕྱིར་བཟློག་པའི་འཕྲིན་ལས་མཛོད་ཅིག །དམིགས་བསལ་མེད་པ་རྣམས་ལ་ཡས་ཀྱི་མཆོད་པ་འདི་བཞེས་ལ་དཀོར་ནོར་འདི་དག་དྲག་པོའི་ཟོར་དུ་བསྒྱུར་ཏེ་ཞེས་སོགས་རིགས་པས་དཔྱོད་དགོས་སོ། །སྨྲས་པ། སྙན་གྲགས་དབྱར་རྔ་ལྟར་སྒྲོག་བན་སྔགས་འགས། །རྟེན་མདོས་བྱང་བུར་བཟློག་པའི་གསོལ་ཚིག་འདྲི། །སོ་སོའི་ལག་ལེན་བསྲེ་བསླད་འཆོལ་པར་སྤྱོད། །མདོས་ཁྲི་མ་མཐོང་ཡས་ཀུན་ཐོག་ལྡིང་བྱེད། །སྟོབས་ནོར་ལྡན་ཕལ་བླུན་པོ་གཙུག་ན་བསྟེན། །ཤེས་རབ་ཅན་མང་ཟོག་པོའི་ཟོལ་གྱིས་འདྲིད། །སྨྲས་ཚད་གཏམ་དུ་འགྲོ་བའི་དུས་ངན་འདིར། །གསེར་དང་ར་གན་དབྱེ་བ་ག་ལ་ཕྱེད། །འོན་ཏེ་གཟུར་གནས་དུ་མར་ཕན་པའི་ཕྱིར། །ལག་ལེན་དྲན་པའི་གསལ་འདེབས་འདི་ཙམ་གྱིས། །རྣམ་དཔྱོད་ལྡན་རྣམས་མདོས་རིགས་གཞན་ལ་ཡང་། །དཔག་པར་ནུས་པའི་གཅིག་ཤེས་ཀུན་གྲོལ་ཡིན། །ཆོས་དང་བརྒྱུད་པ་གསངས་ཏེ་རང་ཆེ་(༦ན)


GLG022_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན། །ལ་ལ་མ་བསླབས་པར་ཡང་ཤེས་སོ་སྐད། །འགའ་ཞིག་གཞན་ནས་བྱུང་ཞེས་རྫུན་ཁུངས་འཚོལ། ཁ་གཅད་མཁན་ལ་སྤིར་གྱི་ལག་བཞིན་སྡོམས། །རེག་ཟིག་འདིས་ཀྱང་ལྷ་ཆེན་འབར་བ་རྩལ། །དགྱེས་པའི་འཛུམ་ཞལ་ལྷག་པར་ལེགས་བསྟན་ནས། །ཇི་ལྟར་བསམས་པའི་དོན་རྣམས་མ་ལུས་པ། །ལྷུན་གྱིས་གྲུབ་པའི་བཀྲ་ཤིས་དགའ་སྟོན་སྩོལ། །ཞེས་བསྙེན་སྒྲུབ་བཀང་མདོས་ཀྱི་ལག་ལེན་དྲན་པའི་གསལ་འདེབས་འདིའང་རྡོ་རྗེ་ཐོགས་མེད་རྩལ་གྱིས་བཀོད་པའི་ཡི་གེ་པ་ནི་མཉྫུ་གྷོ་ཥ་ཀཱིརྟིའོ།། །།སརྦ་མངྒ་ལཾ།།

རྡོ་རྗེ་འབར་བ་རྩལ་གྱི་རྟེན་མདོས་བཀང་མདོས་ཟློག་མདོས་ཀྱི་རིམ་པ་རྒྱ་འབག་མིག་གི་རྣམ་འཕྲུལ།


GLG022_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འབར་བ་རྩལ་གྱི་རྟེན་མདོས་བཀང་མདོས་ཟློག་མདོས་ཀྱི་རིམ་པ་རྒྱ་འབག་མིག་གི་རྣམ་འཕྲུལ་བཞུགས་སོ། །


GLG022_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

སིནྡྷུའི་ཆུ་གཏེར་པདྨའི་ཟེའུ་འབྲུའི་དབུས། །སྣང་བ་མཐའ་ཡས་སྒྱུ་འཕྲུལ་དྲ་བའི་གར། །རབ་བསྒྱུར་སྲིད་གསུམ་ཟིལ་གནོན་ཐོད་འཕྲེང་རྩལ། །ཞབས་རྡུལ་བྱང་ཆུབ་བར་དུ་གཙུག་ན་མཛེས། ཁྱོད་ལས་གཞན་མིན་རིགས་རྣམས་ཀུན་གྱི་བདག །ཟུར་ཆེན་ཆོས་དབྱིངས་རང་གྲོལ་ཞལ་ལུང་བཅུད། །བཏུང་པས་སྨྲ་བའི་སྤོབས་པ་གཟེངས་མཐོའི་དྲིན། །བགྲང་ཡས་ལུས་སུ་སྤྲུལ་ཀྱང་གཞལ་ནུས་ཅི། །དེ་ཕྱིར་རང་རིག་དོན་གྱི་བླ་མ་རུ། །ངེས་རྙེད་རྣལ་འབྱོར་མཆོག་ལ་གཞོལ་བཞིན་དུ། །ལྷ་ཆེན་རྟེན་བསྐང་བཟློག་པའི་མདོས་ཀྱི་གཞུང་། །རྒྱ་འབག་མིག་གི་རྣམ་པར་འཕྲུལ་འདིའོ། །དེ་ཡང་གསང་སྔགས་རྙིང་མ་བཀའ་གཏེར་གྱི་གཞུང་རྣམས་སུ་མ་མགོན་དྲེགས་པ་སྡེ་བརྒྱད་སོ་སོར་སྤྱི་སྒོས་ཀྱི་མདོས་གཞུང་རྣམ་གྲངས་ཆེས་མང་ཞིང་དེ་དག་ཀྱང་སྤྱི་མདོས་སྒོས་སུ་བསྡེབ། སྒོས་མདོས་སྤྱིར་བསྔོ་བ། ཕོ་སྣ་མོ་ཡིས་དྲང་བ། མོ་སྣ་ཕོ་ཡིས་དྲང་བའི་ལག་ལེན་ཁ་བསྒྱུར་མཐའ་ཀླས་ཤིང་སྙིང་པོ་རྟེན་མདོས། བསྐང་མདོས། བཟློག་མདོས་སོགས་རྒྱ་ཆེ་ནའང་དྲི་ཟའི་རྒྱལ་པོ་འདི་ཉིད་ལ་ལྷ་བྲག་(༢ན)


GLG022_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་བྱོན་དུ་མདོས་སྐོར་མི་གསལ་ཞིང་ཤེས་བྱ་མཐའ་མ་བཀག་པས་གཏེར་ཁ་གཞན་དག་ན་མེད་པའི་ངེས་པ་མི་འདུག་རུང་ཐོས་ཚོད་ཀྱི་གགས་པ་དང་མངོན་སུམ་དུ་སྤྱོད་ཡུལ་དུ་མ་གྱུར་ལ། འཇིག་རྟེན་དྲེགས་པ་རྣམས་ནི་མདོས་ཀྱིས་བསྐོང་བ་ཕན་ཡོན་མཆོག་ཏུ་ཆེ་ཞིང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་ཞལ་སྔ་ནས་བཤད་ཁུངས་གཞན་ནས་བླངས་ཏེ་རུང་མཐུན་སྦྱར་བ་འཐད་ཅེས་གསུང་གིས་གནང་བ་སྩལ་ཞིང་ཚུལ་དེ་ལ་ལྷ་ཆེན་གྱིས་ཀྱང་དགྱེས་པའི་མཚན་མ་མཐོང་བས་རྟེན་མདོས། བསྐང་མདོས། བཟློག་མདོས་གསུམ་གྱི་བཅས་ཀྱི་རིམ་པ་རེག་ཟིག་དང་མཐོང་བ་བརྒྱུད་པའི་ཕྱག་ལེན་གྱིས་རྟོགས་པའི་དབང་དུ་བྱས་ནས་དང་པོ་རྫས་གསོག་པ་དང་གཉིས་པ་བཤམ་པ་རྣམས་བཏང་སྙོམས་སུ་བགྱིས། དེ་ཡང་བསྐང་མདོས་རྒྱུག་ཆེ་བས་ཆུ་བབས་སུ་བཀོད། གཞན་གཉིས་དེ་ལ་འབྱིན་འཇུག་གིས་གོ་ནུས་པའི་དབང་དུ་བྱས་ཏེ། བཀའ་བརྒྱད་ཕུར་པ་ཟིལ་གནོན་སོགས་ཞི་ཁྲོ་གང་རུང་གིས་གཞུང་བསྲང་བ་འཛབ་བཟླས་ཀྱི་བར་བྱ། གནས་དང་ཡོ་བྱད་བརླབས་ནས། དཔལ་ལྡན་ལྷ་མཆོག་མས་བསྟོད་(༢བ)


GLG022_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡན་འཕྲིན་ལས་བརྒྱ་ཕྲག་ཉིད་ངོས་འཛིན་པའི་སྣང་གསལ་བཞིན་གཏོང་། གསུམ་པ་མདོས་བྱིན་རླབས་ལ་ཤེས་པ་རྣམ་པ་བཞི་ལས། དང་པོ་རི་རབ་གཞལ་ཡས་ཁང་དུ་ཤེས་པ་ནི། ཧྲཱྀ༔མཧཱ་ཀྲོ་དྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ནམ་མཁའ། རླུང་། ཆུ། ས་སྟེ་འབྱུང་བ་བཞིའི་དཀྱིལ་འཁོར་གྱི་སྟེང་དུ་རི་རབ་ལྷུན་པོ་ཤར་ཤེལ། ལྷོ་ཨིནྡྲ་ནཱི་ལ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པ་བང་རིམ་བཞི་པ། ཕྱི་རོལ་གྱི་རྨང་དུ་གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན། མཐའ་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བའི་ནང་ལྷ་མིའི་འདོད་ཡོན་བསམ་གྱིས་མི་ཁྱབ་པས་གང་བར་གྱུར་པའི་རི་རབ་ཀྱི་སྟེང་གི་དབུས་སུ་བྷྲཱུཾ་ལས་མན་ཤེལ་གྱི་ཁང་བཟང་ཛམྦཱུ་གསེར་གྱི་རྒྱ་ཕུབས་འོད་དུ་འཚེར་བའི་རྩེར་ཡིད་བཞིན་གྱི་ནོར་བུའི་ཏོག་གིས་མཚན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་སྒོ་ལྕོག་འོད་འབར་པ། རྩ་བར་བདུད་རྩིའི་རྒྱ་མཚོ་འཕྱུར་བ། རྐེད་པར་འཇའ་འོད་ན་བུན་གྱི་གུར་ཕུབ་པ། རྩེ་མོར་སྤྲིན་དཀར་རིན་པོ་ཆེའི་ཟིལ་ཆར་འབེབས་པ། ས་གཞི་ལྗང་སྔོན་ལ་མེ་ཏོག་སྣ་ཚོགས་རྒྱས་པ། ཁོར་ཡུག་ཏུ་གནམ་ལྷ་བརྒྱད་ཀྱི་གངས་རི་ཤེལ་གྱི་མཆོད་རྟེན་ལྟ་བུས་བསྐོར་བ། ཤར་གྱི་ལྕོག་བཻ་ཌཱུཪྻ་དཀར་པོ་ལས་གྲུབ་པའི་ལྷའི་གཞལ་མེད་ཁང་རྒྱ་ཕུབས་ཅན། རིན་པོ་ཆེའི་ར་བ་གྲུ་བཞི་པས་བསྐོར་བའི་ནང་དུ་རྩི་སྨན་གྱི་ལྗོན་ཤིང་སོགས་ནད་བརྒྱ་འཇོམས་པའི་སྨན་གྱི་མེ་ཏོག་ལོ་འབྲས་མྱུ་གུ་གྲངས་མེད་པས་ཡོངས་སུ་གཏམས་པ། ལྷོར་ཛམྦུ་ཆུ་བོའི་གསེར་སྦྱངས་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཁང་བཟང་རྒྱ་ཕུབས་ཅན། (༣ན)


GLG022_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་ར་བ་གྲུ་བཞི་པས་ཁོར་ཡུག་ཏུ་བསྐོར་བའི་ནང་དུ་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། རིན་པོ་ཆེའི་རི། ཡོངས་འདུ་ས་བརྟོལ། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག་སོགས། ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པས་ཡོངས་སུ་གང་བ། ནུབ་ཏུ་པདྨ་རཱ་གའི་ཁང་བཟང་རྒྱ་ཕུབས་ཅན། ཁོར་ཡུག་དང་བཅས་པའི་ར་བར་འཆི་མེད་བདུད་རྩིས་གཏམས་པའི་བུམ་བཟང་། མཚོ། རྫིང་། ལྟེང་ཀ །ལུ་མ། ཆུ་མིག་དང་བཅུད་ལེན་སྙིང་པོར་གྱུར་པའི་རྫས་སྨན་གྱིས་ཡོངས་སུ་ཁྱབ་པ། བྱང་དུ་དྲག་པོ་གནམ་ལྕགས་འབར་བའི་མཁར་སྟེང་དུ་རྒྱ་ཕུབས་དང་ཁོར་ཡུག་ཏུ་ར་བས་བསྐོར་བའི་ནང་མཚོན་ཆ་སྣ་ཚོགས་ཀྱི་དྲ་བས་སྦྲེལ་བ། ཤར་ལྷོར་ཤེལ་དཀར་གྱི་ཁང་བཟང་རྒྱ་ཕུབས་ཅན་ར་བས་བསྐོར་བའི་ནང་དུ་མེ་ཏོག་ནགས་ཚལ་གྱིས་གང་བ། ལྷོ་ནུབ་ཏུ་དྲག་པོ་གནམ་ལྕགས་ཀྱི་གཞལ་མེད་ཁང་རྒྱ་ཕུབས་ཅན་ར་བས་བསྐོར་བའི་ཕྱི་རོལ་ཏུ་མཚོན་ཆའི་བུ་ཡུག་དང་ནང་དུ་མེ་རླུང་འཚུབ་མ་འཁྱིལ་བ། ནུབ་བྱང་དུ་བྱུ་རུའི་བ་གམ་རྒྱ་ཕུབས་ཅན་ལྕགས་རིས་བསྐོར་བའི་ར་བར་ཨུཏྤ་ལ་དམར་པོས་མཚོན་པའི་མེ་ཏོག་དང་ལྗོན་ཤིང་སྣ་ཚོགས་པའི་ཚལ་གྱིས་ཁོར་ཡུག་ཏུ་དཀྲིགས་པ། བྱང་ཤར་དུ་ཡིད་འོང་འཇའ་གུར་འཁྲིགས་པའི་ནང་དུ་རིན་པོ་ཆེ་ལས་གྲུབ་པའི་འཆི་མེད་ལྷའི་ཁང་བཟང་བཀོད་པ་ཕུན་སུམ་ཚོགས་པའི་ཁོར་ཡུག་ཏུ་ལྷའི་སྐྱེད་ཚལ་གྱིས་ཡོངས་སུ་བསྐོར་བའོ། །གཉིས་པ་དྲེགས་པའི་གཟུགས་བརྙན་གཙོ་འཁོར་ཕོ་ཉར་ཤེས་པ་ནི། དབུས་མའི་ཕོ་བྲང་གི་ལྟེ་བར་ཉི་ཟླ་པདྨའི་གདན་ལ་སྟོབས་ལྡན་(༣བ)


GLG022_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མཆོག་ངང་དཀར་རིན་པོ་ཆེའི་སྒ་སྲབ་གོང་རྨེད་སྤུ་ལེན། ཟེ་ལོང་གི་ཁེབས་སོགས་རྒྱན་དུ་མས་མཛེས་པར་སྤྲས་པའི་སྟེང་ན་ཨཱོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་སྭཱཧཱ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས་ངོ་བོ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་རྣམ་པར་སྤྲུལ་པ་རྣམ་པ་ཚངས་རིས་ཀྱི་ལྷའི་གཙོ་བོ་མཚན་དྲུག་རྡོ་རྗེ་འབར་བ་རྩལ་ལ་དམ་ཅན་ཤེལ་གིང་དཀར་པོ། ལྷ་གནམ་ཐེ་དཀར་པོ། གནམ་ལྷ་བྱང་ཆུབ་སེམས་དཔའ། ཚངས་པའི་རྒྱལ་པོ་དུང་གི་ཐོར་ཚུགས་ཅན། དྲི་ཟ་ཟུར་ཕུད་ལྔ་པ། ཁྱབ་འཇུག་གནམ་མཚོའི་རྒྱལ་པོ་ཞེས་བྱ་བ་སྲུང་མ་ཆེན་པོ་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་སྐུ་མདོག་ཤེལ་གྱི་རི་བོ་ལ་སྟོན་མཚན་ཟླ་བས་བྱུགས་པ་ལྟར་དཀར་ལ་བརྗིད་པ། ཞལ་འཛུམ་ཞིང་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། སྤྱན་གསུམ་རབ་ཏུ་བཀྲ་བ། དབུ་སྐྲ་གནག་སྣུམ་གྱི་ཐོར་ཚུགས་དར་དཀར་པོས་བཅིངས་པའི་རྩེ་མོར་ནོར་བུ་འབར་བས་སྤྲས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔས་མཚན་པའི་སྦ་ལྕག་ནམ་མཁའ་ལ་འཕྱར་ཞིང་གཡོན་པ་ཤེལ་དཀར་གྱི་ཕྲེང་བ་ཐུགས་ཀའི་ཐད་དུ་འདྲེན་པ། ཟབ་ཆེན་དཀར་དམར་མཐིང་གསུམ་གྱི་ཙེ་བེར་དང་ཡུག་གྱོན་གསོལ་བ། བེར་ནང་མ་གཉིས་ལ་རིན་པོ་ཆེ་རྣམ་མང་གིས་སྤུད་པའི་གསེར་སྐེད་བཅིངས་ཤིང་རིན་པོ་ཆེའི་གསེར་པད་ལ་གཡུའི་ཁྲ་ཚོམ་གྱིས་མཛེས་པའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། གསེར་ག །སེ་མོ་དོ། དོ་ཤལ། གདུ་བུ་སོགས་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྙན་གོང་ཨུཏྤ་ལའི་ཆུན་པོ་དང་དར་དཔྱངས་(༤ན)


GLG022_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། སྐུ་གཞོན་ཞིང་མཛེས་པ། ཞབས་གཉིས་ནོར་བུའི་མཆིལ་ལྷམ་གྱོན་ནས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པ། གཡོན་དུ་བདེ་བ་སྐྱོང་བའི་དབང་མོ་ཡིད་འོང་མདངས་ལྡན་གྱི་ཡུམ་གནམ་མཚོའི་རྒྱལ་མོ་རྡོ་རྗེ་གཡུ་སྒྲོན་མ་སྐུ་མདོག་སྔོ་བསངས་ཞལ་གཅིག་ཕྱག་གཉིས་མ་སྤྱན་གཉིས་དང་ལྡན་པ། གཡས་རྒྱལ་མཚན་དང་གཡོན་མེ་ལོང་འཛིན་ཅིང་དབུ་སྐྲ་ཐོར་ཚུགས་ལྷག་མའི་ཟར་བུ་ཐུར་དུ་འཕྱང་པ། སྨན་བཙུན་མཛེས་མ་ཡིད་དུ་འོང་བའི་ཆ་བྱད་ཀྱིས་གཙོ་བོ་ལ་འདུད་པའི་རྣམ་པ་ཅན་གཡུ་འབྲུག་ལ་བཅིབས་པ། གཙོ་བོའི་སྟེང་གི་ནམ་མཁར་མ་རུངས་ལོག་འདྲེན་གླུ་གཉན་ས་བདག་འདུལ་བའི་གཉེན་པོར་ངོ་བོ་ཡེ་ཤེས་ལྷའི་སྤྲུལ་པ་རྣམ་པ་ཁྱུང་ནག་དབུ་དགུ་པ་ཞལ་གདངས་ཤིང་ཀྲིམ་ཀྲིམ་གི་སྒྲ་སྒྲོག་པ། ཕྱག་གཉིས་ཀྱིས་ས་བདག་ཀླུ་གཉན་སྦྲུལ་གྱི་རྣམ་པ་ཅན་བཟུང་ནས་ཞལ་དུ་གསོལ་བ། གནམ་ལྕགས་མེའི་ཆུ་སྡེར་དང་སྤུ་གྲི་འབར་བའི་གཤོག་པ་ཅན། དམིགས་པའི་ས་གཉན་བཀབ་ཅིང་ནམ་མཁར་ལྡིང་བ། གཙོ་བོའི་མཐའ་སྐོར་དུ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ། གཡས་ཀྱི་རུ་འདྲེ་སྐྱེས་བུ་གཡུའི་སྨིན་མ་ཅན། གཡོན་གྱི་རུ་འདྲེ་ཁྱེའུ་ཆུང་གཡུའི་ཟུར་ཕུད་ཅན། མདུན་གྱི་རུ་འདྲེན་མི་དཀར་གཡུའི་ཐོར་ཅོག་ཅན། རྒྱབ་ཀྱི་རུ་འདྲེན་ལྕགས་ཀྱི་མི་སྔོན་འཇིགས་པ་སྟེ་སོ་སོ་བརྒྱ་ཕྲག་དང་བཅས་པས་བསྐོར་བ། ཤར་གྱི་གཞལ་མེད་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཞི་མཛད་རྡོ་རྗེ་འབར་བ་རྩལ་སྐུ་མདོག་དཀར་པོ་གཡས་སྨན་གྱི་ལྗོན་ཤིང་ཐུགས་ཀ་དང་གཡོན་བདུད་རྩིས་གཏམས་པའི་(༤བ)


GLG022_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་འཛིན་ཅིང་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་སྨན་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། ལྷོའི་ཁང་བཟང་གི་དབུས་སུ་པད་ཟླ་དང་ནེའུ་ལེ་དམར་སེར་གྱི་གདན་ལ་རྒྱས་བྱེད་ཀྱི་རྡོ་རྗེ་འབར་བ་རྩལ་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ནོར་བུ་འབར་བ་ཐུགས་ཀ་དང་གཡོན་རིན་པོ་ཆེའི་སྒྲོམ་བུ་པུས་སྟེང་ན་འཛིན་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར་བ། ནུབ་ཀྱི་བ་གམ་གྱི་ནང་དུ་པད་ཟླའི་གདན་ལ་དབང་གི་ལྷ་རྡོ་རྗེ་འབར་བ་རྩལ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་པདྨ་རཱ་གའི་ཚེ་བུམ་འཛིན་པ། རིན་པོ་ཆེའི་རྒྱན་རྡོ་རྗེའི་དབྱིབས་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་ཚེ་ལྷ་རིགས་འཛིན་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། བྱང་གི་ལྕགས་མཁར་འབར་བའི་དབུས་སུ་པདྨ་ཉི་མ་དགྲ་བགེགས་ཕོ་མོ་བསྣོལ་བའི་གདན་ལ་ཀརྨ་ལས་ཀྱི་ཁྲོ་མོ་རྡོ་རྗེ་འབར་བ་རྩལ་སྐུ་མདོག་ནག་ལ་ཁྲོས་པ། མིག་རྩ་དམར་ཞིང་མཆེ་བ་གཙིགས་པ། རལ་པ་དམར་སེར་གྱེན་དུ་བརྫེས་ཤིང་རིན་པོ་ཆེའི་རྒྱན་རྣམས་དང་དུག་སྦྲུལ་གྱིས་བརྒྱན་པ། ཙེ་བེར་དམར་ནག་བརྩེགས་པའི་ནང་མ་གསེར་སྐེད་ཅན། གཡས་མདུང་དམར་དང་གཡོན་ལྕགས་ཀྱི་མདའ་གཞུ་འཛིན་པ། རིན་པོ་ཆེའི་ཧོར་ལྷམ་གྱོན་ནས་རྟ་མཆོག་བྲ་ནག་རླུང་ཤུགས་ཅན་ལ་བཅིབས་ཤིང་མེ་རླུང་འཁྲུགས་པའི་ཀློང་ན་བཞུགས་པར་མངའ་བདག་དྲེགས་པའི་སྡེ་དཔོན་ཚོགས་ཀྱིས་བསྐོར་བ། ཤར་ལྷོའི་ཁང་བཟང་གི་ནང་དུ་པད་ཟླའི་གདན་ལ་ལྷ་ཆེན་གཞོན་ནུ་སྐྱེས་བུ་བཞིན་བཟང་ཁ་དོག་དཀར་བ་དབུ་(༥ན)


GLG022_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་གཡུའི་ཟུར་ཕུད་ཅན། དུང་སོ་ཁོར་མར་ཡོད་པ། གཡས་སྐྱབས་སྦྱིན་དང་གཡོན་ཁུ་ཚུར་དཀུར་བརྟེན་པ། དར་དཀར་གྱི་ལའུ་གསོལ་ཞིང་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པར་རང་འདྲའི་ལྷ་ཕྲུག་དུ་མས་བསྐོར་བ། ལྷོ་ནུབ་ཀྱི་གཞལ་མེད་ཁང་གི་དབུས་སུ་གནོད་བྱེད་དམིགས་བྱ་རྣམས་ཀྱི་སྟེང་ན་སྐྱེ་འགྲོའི་སྲོག་གཤེད་སྨྱོ་འདྲེ་སྲིན་པོ་འདུལ་བའི་གཉེན་པོར་ལྷ་ཆེན་གྱི་ངོ་བོ་རྣམ་པ་འབྲོང་གཡག་ཞོལ་ཅན་དཀར་པོ་འགྱིང་བག་དང་ལྡན་པ། རྭ་གཉིས་ཐང་ཤིང་བརྒྱངས་པ་ཙམ་ལ་ཤིན་ཏུ་རྣོ་བ། ཁ་རླངས་ན་བུན་ལྟར་འཐིབས་ཤིང་ངུར་སྒྲ་འབྲུག་ལྟར་སྒྲོག་པ། གནམ་ལྕགས་ཀྱི་རྨིག་པ་མེ་ལྟར་འབར་བས་རྒྱལ་འགོང་དམ་སྲི་འདམ་ལྟར་བརྫིས་ཤིང་རང་འདྲའི་སྤྲུལ་པ་དཔག་མེད་འགྱེད་པ། ནུབ་བྱང་གི་བྱུ་རུའི་བ་གམ་གྱི་ནང་དུ་པད་ཉིའི་གདན་ལ་རླུང་སེམས་ལས་རུང་གི་ལྷ་དཔའ་བོ་རྡོ་རྗེ་འབར་བ་རྩལ་སྐུ་མདོག་དམར་ལ་འཚེར་བ། པདྨ་དམར་པོའི་ཕྲེང་རྒྱན་ཅན། གཡས་ལྕགས་ཀྱུས་བསྒྲུབ་བྱའི་སྙིང་ནས་འགུགས་ཤིང་གཡོན་ཞགས་པས་མགུལ་ནས་འཆིང་བ། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པར་འགུགས་བྱེད་དབང་གི་ཕོ་ཉའི་ཚོགས་ཀྱིས་བསྐོར་བ། བྱང་ཤར་གྱི་འཆི་མེད་ལྷའི་ཁང་བཟང་གི་དབུས་སུ་རིན་པོ་ཆེའི་ཁྲི། པདྨ་ཟླ་ཉི་དགྲ་བགེགས་ཕོ་མོའི་གདན་ལ་ལྷ་མཆོག་སྲིད་གསུམ་གྱི་བདག་པོ་སྐུ་མདོག་དམར་སེར་མཆེ་བ་གཙིགས་ཤིང་ཨག་ཚོམ་དང་སྨིན་མ་གློག་སྟོང་ལྟར་འཁྱུག་པ། དབུ་སྐྲ་ལི་ཁྲིའི་མདོག་ཅན་ཐོར་ཚུགས་ཀྱི་རྩེར་སྐྱེ་བ་ལྔ་པའི་དུང་སུམ་ཚོམ་གྱི་སྟེང་དུ་ནོར་བུ་འབར་བས་མཚན་པ། གཡས་ཡེ་ཤེས་ཀྱི་རལ་(༥བ)


GLG022_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་མེ་འབར་བ་ནམ་མཁར་འཕྱར་ཞིང་གཡོན་པ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཐུར་དུ་བསྐོར་བ་སྟག་ལྤགས་ཀྱི་རྐེད་དཀྲིས་དང་སྦྲུལ་གྱི་དོ་ཤལ་གསོལ་བ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ནས་མེ་འོད་ཀློང་ན་བཞུགས་པར་ཚངས་རིས་ལྷའི་འཁོར་ཚོགས་གྲངས་མེད་པས་བསྐོར་བ། ཞི་རྒྱས་དབང་འགུགས་ཚངས་པ་སྟེ་ལྔ་གའང་སྤྱན་གསུམ་དང་ལྡན་ཞིང་ཞི་མ་ཁྲོའི་ཉམས་ཅན་དབུ་སྐྲ་རལ་པའི་ཐོར་ཚུགས་དང་པྲོག་ཞུ་སོགས་རིན་པོ་ཆེའི་རྒྱན། སྙན་གོང་ཨུཏྤལ་དང་དར་གྱི་ཅོད་པན་འཕྱང་བ། ནང་ཁ་དོག་སྣ་ཚོགས་དང་ཕྱི་རང་མདོག་དང་མཚུངས་པའི་ཙེེ་བེར་ཉིས་བརྩེགས་གསོལ་བའི་ནང་མ་ལ་གསེར་སྐེད་བཅིངས་པ། རིན་པོ་ཆེའི་ཧོར་ལྷམ་གསོལ་ཞིང་སྐུ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ་བའོ། །སྐུའི་རྣམ་པར་སྤྲུལ་པ་དགུར་བསྟན་པ་དེ་དག་གི་གཡས་ཕྱོགས་སུ་ངོ་བོ་ཡེ་ཤེས་ཀྱི་ལྷ་ལ་རྣམ་པ་དུང་ཁྲ་དཀར་པོས་བར་སྣང་རླབས་ཀྱིས་བཅད་དེ་ཁྱེར་འདྲེ་འབྱུང་པོ་ཕུག་རོན་འདྲ་བའི་རྗེས་བཤུལ་བསྙེགས་ཏེ་ཤ་ཁྲག་རུས་པ་ཟ་བ། རྒྱབ་ཏུ་ལྕགས་སྡིག་ནག་པོ་ལུས་ཀྱིས་ས་གཞི་ཁྱབ་ཅིང་རྭ་དང་མཇུག་མ་ནམ་མཁར་གདེངས་ནས་འོད་ཟེར་ལྕགས་ཀྱི་དྲ་བར་སྒབ་འདྲེ་ཕྱིར་འབྲང་བཅུག་སྟེ་སྙིང་ཁྲག་འབྱིན་པ། གཡོན་དུ་སྤྲུལ་པའི་དུར་སྦྱང་ཕོ་མོ་གློག་ལྟར་འཁྱུག་ཅིང་སྤུ་གྲིའི་མཆེ་བས་དགྲ་བགེགས་འབིགས་ཤིང་ལྕགས་ཀྱི་སྡེར་མོས་ས་གཞི་འདྲད་པ། མཇུག་མ་བརྡབས་པས་མེ་རླུང་འཚུབ་པའོ། །བང་རིམ་གཉིས་པར་ལྷ་དང་ཀླུ་གཉན་བྱེ་བ་འབུམ་སྡེའི་དམག་ཚོགས། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་དཔུང་ཚོགས་ཡན་ལག་བཞི་པའི་ཆ་ལུགས་སུ་འཇིགས་ཤིང་དཔའ་བ། ཀུན་ཀྱང་ཉི་མ་འབུམ་གྱི་གཟི་བརྗིད་


GLG022_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་གྱུར། གསུམ་པ་ཐུན་རྫས་ཡ་སྟགས་གླུད་དང་སྐོངས་སུ་ཤེས་པ་ནི། རཾ་ལས་ཡེ་ཤེས་ཀྱི་མེས་དངོས་པོའི་སྐྱོན་རྣམས་བསྲེགས། ཡཾ་ལས་ཆོས་ཉིད་ཀྱི་རླུང་གིས་དངོས་པོའི་སྐྱོན་རྣམས་སྦྱངས། ཁཾ་ལས་མཚན་མེད་ཀྱི་ཆུས་དངོས་པོའི་སྐྱོན་རྣམས་བཀྲུས། ཨཱོཾ་གྱིས་ཕུན་སུམ་ཚོགས་པའི་ལོངས་སྤྱོད་རྣམས་དང་ལྡན་པར་བྱས། ཨཱཿས་ས་གཞི་བར་སྣང་ནམ་མཁའི་ཁྱོན་རྣམས་ཡོངས་སུ་བཀང་སྟེ་འཛད་པ་མེད་པ་ནམ་མཁའི་མཛོད་དུ་སྤེལ། ཧཱུཾ་གིས་རྨད་དུ་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། སྭཱས་གཟུགས་བརྙན་ཐམས་ཅད་མཚན་དང་དཔེ་བྱད་ཕུང་ཁམས་སྐྱེ་མཆེད་དང་ལྡན། ཧཱས་དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པའི་བྱིན་རླབས་ཀྱིས་ཐུགས་དམ་གཉན་པོ་ཡོངས་སུ་སྐོང་བའི་ནུས་མཐུ་དང་ལྡན་པར་གྱུར། ཨཱོཾ་ཨཱཿཧཱུཾ་ཏྲིཾ་སྦཾ་པཾ་ཏྲཾ་རཏྣ་སྟྲེ་ལོཀྱ་ཕཊ། བཞི་པ་ཐུན་རྫས་མཚོན་ཆར་ཤེས་པ་ནི། མདའ་མདུང་རལ་གྲི་གསེར་འཁོར་སོགས་ཕྱག་མཚན་གྱི་རྫས་རྣམས་གནམ་ལྕགས་འབར་བའི་ཐོག་ལྟར་གྱུར་ནས་གནོད་བྱེད་དགྲ་བགེགས་ཐམས་ཅད་རྡུལ་དུ་བརླག་སྟེ་ཚར་གཅོད་པའི་ནུས་པ་དང་ལྡན་པར་གྱུར། སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་འཕྲིན་ལས་ལྟར་ཕྱིན་གྱིས་བརླབ། བཞི་པ་སྤྱན་དྲང་ཞིང་བཞུགས་སུ་གསོལ་བ་ནི། །སྤོས་སྦྱོར་རོལ་མོ་གཡབ་དར་དང་བཅས། །ཡེ་ཤེས་གཞལ་ཡས་མ་ནས། །ས་མ་ཡ་ཛཿཛཿའི་བར་བརྗོད། ཧཱུཾ། དུས་གསུམ་སངས་རྒྱས་པདྨ་སམྦྷ་ཝ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རྒོད་ལྡེམ་སོགས། །རྩ་བརྒྱུད་(༦བ)


GLG022_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་སྤྱན་སྔར་བསྟན་སྐྱོང་བར། །ཞལ་བཞེས་ལྷ་མཆོག་ཆེན་པོ་སྤྱན་འདྲེན་ནོ། །ཕུན་ཚོགས་འཆི་མེད་བདག་པོའི་ཕོ་བྲང་དང་། །ལྷ་བརྒྱད་གངས་ཀྱིས་བསྐོར་བའི་གཞལ་མེད་ཁང་། །ངོ་མཚར་བཀོད་ལེགས་ཞིང་ཁམས་གྲངས་མེད་ནས། །སྣ་ཚོགས་འཕྲིན་ལས་བསྒྲུབ་ཕྱིར་སྤྱན་འདྲེན་ནོ། །དམ་ཅན་ཤེལ་གིང་དཀར་པོ་སྤྱན་འདྲེན་ནོ། །ལྷ་ཆེན་གནམ་ཐེ་དཀར་པོ་སྤྱན་འདྲེན་ནོ། །གནམ་ལྷ་བྱང་ཆུབ་སེམས་དཔའ་སྤྱན་འདྲེན་ནོ། །ཚངས་པ་དུང་གི་ཐོར་ཚུགས་སྤྱན་འདྲེན་ནོ། །དྲི་ཟ་ཟུར་ཕུད་ལྔ་པ་སྤྱན་འདྲེན་ནོ། །ཁྱབ་འཇུག་གནམ་མཚོའི་རྒྱལ་པོ་སྤྱན་འདྲེན་ནོ། །གསང་ཡུམ་རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་སྤྱན་འདྲེན་ནོ། །རྣམ་འགྱུར་སྤྲུལ་པའི་ཚོགས་རྣམས་སྤྱན་འདྲེན་ནོ། །དབུ་དགུ་མཁའ་ལྡིང་དབང་པོ་སྤྱན་འདྲེན་ནོ། །ཡང་སྤྲུལ་དུང་ཁྲ་དཀར་པོ་སྤྱན་འདྲེན་ནོ། །རབ་འཇིགས་ལྕགས་སྡིག་ནག་པོ་སྤྱན་འདྲེན་ནོ། །གློག་ལྟར་འཁྱུག་པའི་དུང་སྤྱང་སྤྱན་འདྲེན་ནོ། །ལྷ་ཀླུ་གནོད་སྦྱིན་དྲེགས་པ་སྡེ་བརྒྱད་ཀྱི། །དམག་ཚོགས་འཁོར་དང་བཅས་པ་སྤྱན་འདྲེན་ནོ། །སྤྱན་འདྲེན་མཆོད་པའི་གནས་འདིར་ད་ཚུར་སྤྱོན། །སྐུ་གཅིག་མཚན་དྲུག་རྣམ་འགྱུར་བརྒྱད་སྟོན་པ། །དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ། །སྔོན་གྱི་དམ་དགོངས་གནས་འདིར་གཤེགས་ནས་ཀྱང་། །དགྱེས་པའི་སྟན་ལ་གཉིས་སུ་མེད་པར་བཞུགས། །ཨོཾ་བཛྲ་ཐང་ཀར་ས་པ་རི་ཝཱ་ར་ཛཿཧཱུཾ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ལྔ་པ་བཀའ་བསྒོ་བ་ནི། ང་ནི་དབང་ཆེན་ཧེ་རུ་ཀ །སངས་རྒྱས་ཀུན་དང་(༧ན)


GLG022_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་སྦྱོར་བའི། །ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །དེ་བཞིན་བསྒྲུབ་པའི་རྣལ་འབྱོར་པའི། །དད་པ་དང་ནི་དམ་ཚིག་གིས། །མིང་སྲིང་བཞིན་དུ་དམ་བསྲེས་པའི། །དམ་ཚིག་ཆེན་པོའི་དུས་ལ་བབ། །རྡོ་རྗེ་དྲི་ཆུ་བདུད་རྩི་མཆོག །པཉྩ་ཨ་མྲྀ་ཏ་སྦྱར་ཏེ། །ཚངས་པ་དྲི་ཟའི་རྒྱལ་པོ་ཆེ། །རྡོ་རྗེ་གཡུ་སྒྲོན་སྤྲུལ་འཁོར་ལ། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱིས། །ལྕེ་ལ་བདུད་རྩི་བཞག་ནས་ནི། །སྔོན་ཚེ་ཇི་སྲིད་མནའ་བོར་བཞིན། །ང་ཡང་དམ་ལས་མི་འདའོ། ཁྱེད་རྣམས་དམ་ལས་མ་འདའ་ཞིག །གལ་ཏེ་དམ་ལས་ཁྱོད་འདས་ན། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱིས། །སྙིང་ཁྲག་བཞོས་ཏེ་འཐུང་བར་བྱེད། །དེ་བས་དམ་ལས་མ་འདའ་བར། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བཛྲ་ཡཀྴ་ཧཱུཾ་ཧཱུཾ། དྲུག་པ་མཆོད་གཏོར་འབུལ་བ་ནི། ཧཱུཾ། གཡའ་གངས་རྒྱུན་འབབ་ཨརྒྷའི་ཡོན་ཆབ་སྦྲེང་། །ཐང་དང་ཆུ་སྐྱེས་མེ་ཏོག་ཕང་ཕུང་གཡོ། །དྲི་ཞིམ་ངད་ལྡང་བདུག་སྤོས་ལང་ལོང་འཁྲིགས། །སྣོད་བཅུད་ཀུན་གསལ་སྒྲོན་མ་ཚར་དུ་དངར། །ག་པུར་ཙན་དན་ཆུས་སྦྲན་བྱུག་པའི་རྫས། །རོ་མདའ་ལྷ་ཡི་ཞལ་ཟས་ཕྱུར་བུར་སྤུངས། །པི་ཝཾ་རྫ་རྔ་སིལ་སྙན་གླིང་བུའི་སྒྲ། །གདུགས་དཀར་རྒྱལ་མཚན་བ་དན་ལྡ་ལྡི་སོགས། །ཡིད་འཕྲོག་ལྟ་ན་སྡུག་པའི་མཆོད་པའི་སྤྲིན། །འཛད་མེད་ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་ནས། །བོད་སྐྱོང་མངའ་བདག་རྒྱལ་པོའི་སྐུ་ཡི་ལྷ། །དྲི་ཟའི་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །ཨོཾ་བཛྲ་ཐང་ཀ་ར་ས་པ་རི་ཝཱ་ར་ཨརྒྷཾ། པུཥྤེ་སོགས་ཀྱིས་(༧བ)


GLG022_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། སྨན་མཆོད་དང་གཏོར་མ་འཕྲིན་ལས་ལྟར་བསྔོ། བདུན་པ་དབང་དུ་བསྡུ་བ་ནི། རང་ཉིད་ཁྲོ་བོའི་བསྐྱེད་རིམ་གསལ་ཆེ་བའི་ང་རྒྱལ་བསྐྱེད་ལ། ཧཱུཾ། ང་ནི་ཆེ་མཆོག་ཧེ་རུ་ཀ །ང་ནི་པདྨ་དབང་ཆེན་ཡིན། །སྐུ་ནི་རི་རབ་བས་ཀྱང་ཆེ། །གསུང་གི་ཧཱུཾ་སྒྲ་འབྲུག་ལྟར་སྒྲོག །ཤངས་ནས་བསྐལ་པའི་འཐོར་རླུང་འཚུབ། །མིག་ནས་མེ་ཡི་ཕུང་པོ་འབར། །སྨིན་མ་ཁྲོ་གཉེར་རྦ་རླབས་འཁྲུག །རལ་པ་ཁམ་ནག་སྲིད་རྩེར་འབར། །ཕྱག་མཚན་མཚོན་ཆ་སྐར་ལྟར་འཁྲུག །དུས་གསུམ་བཞུགས་པའི་སངས་རྒྱས་ང་། ཁྲོ་རྒྱལ་ཐམས་ཅད་སྐུ་ལ་རྫོགས། །གཟི་བརྗིད་ཕྱོགས་བཅུར་མེ་ལྟར་འབར། །བསྐལ་པའི་མེ་ཡི་ཀློང་དཀྱིལ་ན། །དྲེགས་པ་མ་ལུས་ལས་ལ་འཁོལ། ཁམས་གསུམ་སྲིད་གསུམ་དབང་དུ་སྡུད། །འཇིག་རྟེན་ཁམས་ཀུན་གཡོ་འགུལ་བྱེད། །དམ་ལས་འདའ་བའི་སྙིང་ཁྲག་འཐུང་། །བདུད་དང་ལོག་འདྲེན་ཞབས་ཀྱིས་གནོན། །དམ་ཅན་མ་ལུས་སྲོག་ནས་གཟིར། །དབང་གི་རྒྱལ་པོ་ལས་འཆོལ་གྱི། །ང་ཡི་བཀའ་ལས་གང་འདའ་བ། །ལུས་སེམས་རྡུལ་དུ་བརླག་པར་བྱེད། །དེ་བས་དམ་ཅན་མ་ལུས་པ། །གོང་གོང་ཆུམ་ཆུམ་དམ་ལ་འདུ། །ཨཱོཾ་ཨཱཿཧཱུཾ་སྭཱཧཱ། བཛྲ་ཀྲོ་དྷ་མཧཱ་ཤྲཱི་ཧེ་རུ་ཀ་ཡ་མཱནྟ་ཀ་པདྨ་ཀྲོ་ཏཱི་ཤྭ་རི། བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཙཎྜ་མཧཱ་རོ་ཥ་ཎ། ཀཱ་ལ་རཱུ་པ། བཛྲ་ཡཀྴ་ཀྲོ་དྷ་པདྨ་བནྡྷ་མུ་ཀ་ཨཱ་ཀཪྴ་ཡ། ཨཱ་ཀཪྴ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། མོ་ཧ་ཡ། མོ་ཧ་ཡ། ཤྲཱི་མཧཱ་ཀཱ་ལ་སརྦ་རཱུ་པ། བཛྲ་སརྦ་དུཥྚཾ་སརྦ་ཌཱ་ཀི་ནི་ཧྲྀ་ད་ཡ། ཧ་ཧ་ཧི་ཧི། ཨེ་ཨ་ར་ལི་ཧཱུཾ་(༨ན)


GLG022_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཞེས་བརྒྱ་རྩ་སོགས་ཅི་རིགས་པ་བཟླ། བརྒྱད་པ་མདོས་གླུད་ཀྱི་རབས་དང་ཡས་ཀྱི་ཆོ་འབྲང་འདོན་པ་ནི་རཀྴའི་གཏེར་བྱོན་གྱི་སྟོད་འཆོད་ལེན། དགུ་པ་མདོས་བསྔོ་ཞིང་འཕྲིན་ལས་འཆོལ་བ་ནི། ཧཱུཾ། འབྱུང་བ་རིམ་བརྩེགས་ནོར་འཛིན་དཀྱིལ་འཁོར་སྟེང་། །ཤར་ཕྱོགས་མན་ཤེལ་ཨིནྡྲ་ནཱི་ལ་ལྷོ། །ནུབ་ངོས་པདྨ་རཱ་ག་བྱང་གསེར་ལས། །ལེགས་གྲུབ་བང་རིམ་བཞི་ལྡན་རི་རབ་སྟེང་། །སྣ་ཚོགས་རིན་ཅེན་ཁང་བཟང་ལྕོག་བརྒྱད་མཛེས། །རྒྱ་ཕུབས་ནོར་བུའི་ཏོག་ཅན་དྲ་བ་དང་། །དྲ་ཕྱེད་དྲིལ་སིལ་དར་དཔྱངས་རིན་ཅེན་བརྒྱན། །ཡོངས་འདུ་ས་བརྟོལ་སྲོག་ཤིང་བརྟན་པའི་རྩེར། །དབང་གཞུ་ལྟར་བཀྲ་གདུགས་དང་ཁྱུད་ཚང་བརྩེགས། །རྐེད་ལ་ཉི་ཟླ་རྩ་བར་གསེར་གྱི་རི། །རོལ་མཚོ་བདུན་དང་གླིང་བཞི་གླིང་ཕྲན་མཐར། །ལྕགས་རིས་ལེགས་བསྐོར་བཞུགས་གནས་ཕོ་བྲང་ཆེ། །རྡོ་རྗེ་འབར་རྩལ་རྣམ་འཕྲུལ་གསང་བའི་ཡུམ། །མཆེད་སྤྲུལ་ཕོ་ཉ་འཁོར་ཚོགས་རྒྱ་མཚོར་འབུལ། །ཐུགས་དམ་གཉན་པོ་དབྱིངས་སུ་སྐོངས་གྱུར་ནས། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་མཛོད། །ནམ་མཁའ་ཁྲ་བོ་བྱ་དཀར་སྒྲོ་ཕོད་ཅན། །སྒྲོ་ཡུངས་བལ་ཚོན་གྱིས་སྤྲས་རྒྱང་བུ་སྤེལ། །ཡུལ་མཁར་ཕོ་གདོང་མོ་གདོང་སྡེ་བརྒྱད་ཀྱི། །བྱང་རྦོད་གནོད་བྱེད་མ་ལུས་བཟློག་པའི་ཁྲམ། །ཐབས་ཤེས་ཟུང་འཇུག་མདའ་ཁྲ་འཐང་ཁྲ་བསྣོལ། །ཡིད་ཚེ་སྲོག་དབུགས་ཕུང་ཁམས་སྐྱེ་མཆེད་དབང་། །གོས་རྒྱན་ལྡན་པ་མི་ལས་དགའ་བའི་(༨བ)


GLG022_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

གླུད། །བཤོས་ཆང་རིལ་བུ་མཐེབ་སྐྱུས་བསྐོར་བ་འདི། །རྡོ་རྗེ་འབར་རྩལ་རྣམ་འཕྲུལ་གསང་བའི་ཡུམ། །མཆེད་སྤྲུལ་ཕོ་ཉ་འཁོར་ཚོགས་རྒྱ་མཚོར་འབུལ། །ཐུགས་དམ་གཉན་པོ་དབྱིངས་སུ་སྐོངས་གྱུར་ནས། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་མཛོད། །མཆོད་ཡོན་གཡའ་གངས་སྐྱེ་ཆུ་ཤེལ་སྣོད་བསྐྱིལ། །ལྷ་མིའི་མེ་ཏོག་འདབ་རྒྱས་ཟེའུ་འབྲུ་རྒོད། །ཤིང་སྨན་བསངས་དུད་ན་བུན་བཞིན་དུ་འཁྲིགས། །ཉི་ཟླ་རྩི་འབྲུའི་མར་མེས་ཕྱོགས་ཀུན་གསལ། །ག་པུར་གུར་ཀུམ་འདག་ཆལ་བྱུག་པའི་དྲི། །དཀར་གསུམ་དངར་གསུམ་ཟན་སྦྱར་རོ་བརྒྱའི་བཤོས། །དགར་དུང་དུང་ཆེན་གླིང་བུ་རྔ་བོ་ཆེ། །སྦུག་སིལ་དྲིལ་བུ་གཡེར་ཁ་རོལ་མོའི་སྒྲ། །རྡོ་རྗེ་འབར་རྩལ་༝། །མཆེད་སྤྲུལ་ཕོ་ཉ་༝། །ཐུགས་དམ་གཉན་པོ་༝། །ཞི་རྒྱས་དབང་དྲག་༝། །འདོད་ཡོན་ལྔ་ལྡན་རྐེད་ཕྲ་ཟློས་གར་བསྒྱུར། །ཐོགས་མེད་གསེར་འཁོར་ནོར་བུ་བསམ་དགུ་འགྲུབ། །བདེ་སྟེར་བཙུན་མོ་གྲུ་འཛིན་ཁྱིམ་གྱི་བདག །སྟོབས་ལྡན་བལ་གླང་ཅང་ཤེས་རླུང་གཤོག་རྟ། །དགྲ་འཇོམས་དམག་དཔོན་ནོར་བུའི་ཏོག་མཛེས་གདུགས། །གསེར་ཉ་གཏེར་གྱི་བུམ་བཟང་པདྨ་དཀར། །གཡས་འཁྱིལ་དུང་དཀར་འཁོར་ལོ་དཔལ་བེའུ། །རྒྱལ་མཚན་བ་དན་རྔ་ཡབ་ལྡ་ལྡི་འཕན། །རྡོ་རྗེ་འབར་རྩལ་༝། །མཆེད་སྤྲུལ་༝། །ཐུགས་དམ་༝། །ཞི་རྒྱས་༝། །ཐོར་ཚུགས་གཡས་འཁྱིལ་སུམ་སྟེང་ནོར་བུས་སྤུད། །དར་ཆིངས་ཅོད་པན་ཨུཏྤལ་ཆུན་པོ་ལྡེམ། །རིན་ཅེན་པྲོག་ཞུ་སྙན་ཆ་མགུལ་རྒྱན་དང་། །གདུ་བུ་དོ་(༩ན)


GLG022_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

ཤལ་གསེར་ག་སེ་མོ་དོ། །གསེར་སྐེད་ཁ་དོག་སྣ་ཚོགས་ཙེ་བེར་གོས། །ཡུག་གྱོན་ཧོར་ལྷམ་པད་ཕྲེང་སྟག་ཤམ་སྦྲུལ། །ཆས་མཛེས་ངང་དཀར་རྟ་མཆོག་གཡུ་འབྲུག་དང་། །ནེའུ་ལེ་རྟ་ནག་པདྨ་ཉི་ཟླའི་གདན། །རྡོ་རྗེ་འབར་རྩལ་༝། །མཆེད་སྤྲུལ་༝། །ཐུགས་དམ་༝། །ཞི་རྒྱས་༝། །རྡོ་རྗེས་མཚན་པའི་སྦ་ལྕག་ཤེལ་དཀར་ཕྲེང་། །ཆུ་སྲིན་རྒྱལ་མཚན་མེ་ལོང་སྲིད་གསུམ་གསལ། །སྨན་གྱི་ལྗོན་པ་བུམ་པ་བདུད་རྩིས་གཏམས། །རབ་འབར་ནོར་བུ་རིན་ཅེན་གྱིས་གང་སྒྲོམ། །མཆི་མེད་ཚེ་བུམ་གནམ་ལྕགས་མདའ་དང་གཞུ། །མདུང་རྣོན་ཨུཏྤལ་ལས་མཚན་ལྕགས་ཀྱུ་དང་། །ཞགས་པ་རྣོ་ངར་རལ་གྲི་གསེར་སྦྱངས་ཀྱི། །འཁོར་ལོ་རྩིབས་སྟོང་འབར་བའི་ཕྱག་འཚལ་སོགས། །རྡོ་རྗེ་འབར་རྩལ་༝། །མཆེད་སྤྲུལ༝། །ཐུགས་དམ༝། །ཞི་རྒྱས་༝། །སྒ་ཆས་རབ་སྤྲས་རྟ་མཆོག་ངང་པ་དཀར། །འབྲོང་དཀར་དབང་སྔོན་རྭ་གདེངས་དར་སྣས་བརྒྱན། །བཻ་ཌཱུཪྻ་འདྲའི་རྭ་འཁྱིལ་ལུག་དཀར་མཛེས། ཁྱུང་ལྟར་ལྡིང་བའི་རྒྱ་ཁྲ་འཕུར་ཞིང་རྒྱུག །འཛད་མེད་འོ་མའི་རྒྱུན་སྤེལ་ཞོལ་མོ་དང་། །བསམས་པའི་རེ་སྐོང་འདོད་པ་འཇོ་བའི་བ། །མི་བཟད་ཁུར་ཆེན་འདེགས་པའི་གཉིས་འཐུང་པ། །ར་དཀར་མ་ཧེ་འདབ་ཆགས་རྒྱལ་པོ་ཁྱུང་། །རྡོ་རྗེ་འབར་རྩལ་༝། །མཆེད་སྤྲུལ་༝། །ཐུགས་དམ་༝། །ཞི་རྒྱས་༝། ཁྲུང་ཁྲུང་གོ་བོ་བྱ་ནག་སྐྱུང་ཀ་རྒོད། །རྨ་བྱ་ནེའུ་ཙོ་པུ་ཤུད་འུག་པ་གླག །ཁྱིམ་བྱ་འོལ་བ་གོང་མོ་ངང་ངུར་དང་། །སེང་(༩བ)


GLG022_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་གཟིག་གུང་དོམ་དྲེད་ཝ་སྤྱང་གསའ། །ཅེ་སྤྱང་འཕར་བ་སྤྲ་སྤྲེལ་བྱི་ལ་ཁྱི། །ཤ་བ་དགོ་བ་གཉན་བཙོད་གླ་བ་རྒྱ། །རི་བོང་གནའ་ལ་རུ་རུ་བསེ་རུ་རྐྱང་། །སར་འཛུལ་གནམ་འཕུར་རི་དྭགས་འཕྱོ་དགུའི་ཚོགས། །རྡོ་རྗེ་འབར་རྩལ་༝། །མཆེད་སྤྲུལ་༝། །ཐུགས་དམ་༝། །ཞི་རྒྱས་༝། །སྦལ་སྦྲུལ་ཉ་ལྕོང་རྟ་བླ་སྡོམ་སྡིག་སོགས། །ཀླུ་གཉན་ས་བདག་ཆགས་པའི་སྲོག་ལྡན་རིགས། །རྟ་དང་དྲེའུ་བོང་བུ་རྔ་མོ་གཡག །མི་བཟད་དཀོར་ནོར་ཁུར་གྱིས་རབ་ཏུ་ལྕི། །རྟེན་གཏེར་རྒྱུན་གཏོར་བསྐང་གཏོར་ཨ་མྲྀ་ཏ། །ཕྲུམ་ཐུད་ཕྱེ་མར་འཁུར་བ་ཤིང་ཏོག་ཚྭ། །འབྲུ་སྣ་ཇ་ཆང་དཀར་གསུམ་དངར་གསུམ་ཚོགས། །ལུག་ཤ་མགོ་འབྱར་དཀར་མོ་ལག་གཡས་རྟེན། །རྡོ་རྗེ་འབར་རྩལ་༝། །མཆེད་སྦྲུལ༝། །ཐུགས་དམ་༝། །ཞི་རྒྱས་༝། ཁྲབ་ཆེན་གོས་གཤམ་མགོ་ཆས་བརྗིད་པའི་རྨོག །སྦིར་ཕུབ་ཞོལ་བཏགས་ལྕགས་གཞིབས་བཙན་པོའི་གོ །མདའ་མདུང་རྩེ་གསུམ་དགྲ་སྟ་གྲི་གུག་གྲི། ཁྲི་སྒྱོགས་དཔག་ཆེན་ལ་སོགས་རྡོ་རྗེའི་མཚོན། །ཙན་དན་ག་པུར་སེ་འབྲུ་ཨ་ཀ་རུ། །བཟང་དྲུག་སྨན་སྣ་བཙོད་ཞུན་རམས་སྐག་མཚལ། །ཟ་འོག་དར་རས་སྣམ་ཕྲུག་པགས་པའི་རིགས། །ལྷ་དང་མི་ཡི་རིིན་ཅེན་སྣ་ཚོགས་པ། །རྡོ་རྗེ་འབར་རྩལ་༝། །མཆེད་སྤྲུལ་༝། །ཐུགས་དམ་༝། །ཞི་རྒྱས་༝། །འཕྲིན་ལས་འཚོལ་བ་ནི། ཧཱུཾ། ལྷ་ཁྱོད་སྦྲུལ་དཀར་གཟུགས་ཀྱིས་མཐོ་འཚམས་ཚེ། །པད་འབྱུང་གཟི་བྱིན་མ་བཟོད་ཁྱེའུའི་གཟུགས། །བསྟན་ནས་སྲོག་གི་སྙིང་པོ་ཕུལ་བ་ན། །(༡༠ན)


GLG022_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

གསང་མཚན་རྡོ་རྗེ་མཆོག་རབ་རྩལ་དུ་བཏགས། །ཧལ་པོ་རིའི་མདུན་གཡུ་ཡི་ཟུར་ཕུད་ཅན། །རྣམ་པར་བསྟན་ཚེ་བོད་སྐྱོང་རྒྱལ་པོའི་གདུང་། །རྫོགས་མིན་སྐུ་ལ་གཉན་པོ་བྱེད་དོ་ཞེས། །སློབ་དཔོན་སྤྱན་སྔར་དམ་བཅའ་མཛད་མིན་ནམ། །གཏེར་སྟོན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ནས། །རྡོ་རྗེ་འཆང་དངོས་ཆོས་དབྱིངས་རང་གྲོལ་བར། །རྩ་བརྒྱུད་བླ་མ་རིམ་པར་བྱོན་རྣམས་ལ། །ཞལ་འཆེས་དམ་ཚིག་གཉན་པོ་མ་གཡེལ་དགོངས། །འགྲོ་ལ་ཕན་བདེ་འབྱུང་གནས་ཐུབ་པའི་བསྟན། །མདོ་རྒྱུད་ལུང་དང་མངོན་པར་རྟོགས་པ་ལ། །འཆད་ཉན་དེ་དོན་བསམ་སྒོམ་སྡེ་རྣམས་ཀུན། །ཡར་ངོའི་ཟླ་ལྟར་འཕེལ་བའི་འཕྲིན་ལས་མཛོད། ཁྲི་སྲོང་ལྡེའུ་བཙན་རྗེས་སུ་བརྩེ་བའི་ཡུལ། །བོད་འབངས་ངོ་ཚ་ཁྲེལ་ལྡན་བཟང་སྤྱོད་ཀྱིས། །ལེགས་སྐྱོང་ས་དབང་རྒྱལ་པོའི་མངའ་ཐང་དང་། །སྐུ་ཚེ་མཚན་ཇུས་ཆབ་སྲིད་འཕེལ་བར་མཛོད། །གངས་ཀྱི་ར་བས་བསྐོར་བའི་སྨན་ལྗོངས་འདིར། །ནད་ཡམས་སྐྱ་ཕམ་མུ་གེ་གཡུལ་འཁྲུག་སོགས། །མི་མཐུན་ཉེས་པའི་དྲི་མ་མ་ལུས་པ། །བྱིན་རླབས་མཐོ་རིས་ཆུ་བོས་དག་པར་མཛོད། །ཚེ་ཡང་རིང་གནས་མི་ཕྱུགས་རིགས་བརྒྱུད་དར། །སྨན་རྣམས་ནུས་འཕེལ་བཟླས་བརྗོད་མཐུ་ཆེ་ཞིང་། །བརླང་སྤྱོད་མེད་པར་ཕན་ཚུན་མཉེས་གཤིན་པ། །རྫོགས་ལྡན་གསར་པའི་དགའ་སྟོན་རྒྱས་པར་མཛོད། །འབྱུང་བཞི་འཁོད་སྙོམས་ལོ་ཏོག་དུས་སུ་སྨིན། །མཐའ་བཞི་ལས་སྒོ་མ་ལུས་ཡོངས་སུ་འདུ། །ཚོང་དང་ཁེ་སྤོགས་དོན་གྲུབ་(༡༠བ)


GLG022_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་ལ། །ཅི་བདེར་སྦྱོར་པའི་དགའ་སྟོན་ལ་སྦྱོར་མཛོད། ཁྱད་པར་ལོག་སྨོན་མཐུ་བཙན་ས་བོན་ཚོགས། །ལྷ་མིན་ཕུང་སྲིའི་གཤེར་གྱིས་བསྐྱེད་པའི་འབྲས། །བྱུར་ཆགས་སྨྲ་མཆུ་འཐིབས་པོ་དཔུང་པའི་སྨག །དྲག་ཤུལ་ཉི་མའི་འོད་ཀྱིས་སངས་པར་མཛོད། །སྟོད་སྨད་མཐའ་དམག་སྡང་བའི་སེམས་ལྡན་པས། །དྲག་ཤུལ་བརྩོམ་པའི་རྗེ་བློན་མངག་གཞུག་སྡེ། །སྒོ་གསུམ་སྤ་བཀོང་མངའ་ཐང་ཚེ་སྲོག་རྣམས། །རྡུལ་ཕྲན་ལྟ་བུར་རློག་པའི་འཕྲིན་ལས་མཛོད། །ཡང་སྒོས་བདག་ཅག་དཔོན་སློབ་རྒྱུ་སྦྱོར་ལ། །གནོད་བྱེད་ཕྱི་རོལ་མུ་སྟེགས་སྦྱོར་ངན་མདའ། །བར་པ་དྲང་སྲོང་བྲམ་ཟེ་དམོད་པའི་མཚོན། །ནང་པ་སངས་རྒྱས་བདེན་མཐུ་ཕྱིར་ཟློག་མཛོད། །སྔོན་བསགས་འཕྲལ་གྱི་སྤྱོད་ལམ་མ་དག་པས། །འཕོག་དང་ལས་ཀྱི་དབང་གི་རང་བཞིན་གྱིས། །ལྷ་སྲིན་སྡེ་བརྒྱད་ཟ་ཁ་ཟག་པ་ཡི། །ཉེར་འཚེའི་བར་གཅོད་མ་ལུས་ཞི་བར་མཛོད། །སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་བགེགས་ཀྱི་རིགས། །སུམ་བརྒྱ་དྲུག་ཅུའི་མ་རུངས་གདུག་པའི་གདོན། །མཚན་དང་ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་། །སུམ་བརྒྱ་དྲུག་ཅུའི་ཡེ་འབྲོག་བཟློག་པར་མཛོད། །བྱིས་པའི་གདོན་ཆེན་བཅོ་ལྔས་རྣམ་འཚེ་བ། །བཞི་བརྒྱ་རྩ་བཞིའི་ནད་ཀྱི་ཟུག་རྔུ་དང་། །དུས་མིན་རྐྱེན་གྱིས་འཆི་བ་རྣམ་པ་བརྒྱད། །གཤིས་ངན་འགུམས་པ་བཅོ་ལྔ་ཞི་བར་མཛོད། །ལོ་ཟླ་ཞག་དུས་གེག་དང་སྲི་ངན་སོགས། །དངོས་ཉམས་རྨི་ལྟས་མོ་པྲ་ངན་བབས་པ། །དུག་མཚོན་བཤོམ་པའི་མི་དང་(༡༡ན)


GLG022_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

མི་མིན་གྱི། །བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་མཛོད། ཁྱད་པར་རྒྱལ་བསེན་འགོང་པོ་སྤུན་དགུའི་རིགས། །ཆོས་བྱེད་ལས་མཐའ་ལོག་པས་དམ་སྲི་རུ། །སྐྱེས་ནས་འགྲོ་མང་འཕུང་བའི་བྱ་བ་ལ། །ཞུགས་པའི་མ་རུངས་མཐའ་དག་རྡུལ་དུ་རློག །ཁྱོད་ཉིད་ལྷག་པའི་ལྷར་བསྟེན་གཉེར་གཏད་པ། །དམིགས་ཡུལ་བསྲུང་བྱར་གྱུར་པའི་ཚོགས་རྣམས་ཀྱིས། །ལུས་ལ་ནད་དང་རིམས་ཀྱིས་མི་འཚེ་ཞིང་། །ལྕགས་སྲོག་རྡོ་རྗེའི་སྲད་བུས་བསྡམ་པར་མཛོད། །ལོ་བརྒྱར་འཚོ་བའི་ཚེ་ཡི་དངོས་གྲུབ་དང་། །རྣམ་ཐོས་བུར་འགྲན་བསོད་ནམས་མངའ་ཐང་རྒྱས། །ཅི་བསམས་འགྲུབ་པའི་རླུང་རྟའི་དར་པོ་ཆེ། །སྲིད་པའི་རྩེ་མོའི་བར་དུ་འཕྱར་བར་མཛོད། ཁམས་གསུམ་གནས་སོ་ཅོག་གི་གཙུག་ཏོར་ངོས། །རྐང་སེན་ཟླ་བ་ཚེས་པས་ཉེར་བརྒྱན་ཏེ། །འབངས་སུ་བཀོལ་ནས་ཇི་ལྟར་བསྒོ་བའི་ལས། །ཐོགས་པ་མེད་པ་ལྷུན་གྱིས་གྲུབ་པར་མཛོད། །གཏན་མདུན་དཀར་པོ་དམ་པའི་ཆོས་བསྒྲུབ་པར། །ཡིད་སྲུབས་མདའ་ཡིས་འཚེ་བར་མི་ནུས་ཤིང་། །མཐུན་རྐྱེན་ཀུན་ཚང་ལུང་རྟོགས་ཡོན་ཏན་གྱིས། །རང་གཞན་དོན་རྣམས་འགྲུབ་པའི་འཕྲིན་ལས་མཛོད། །མདོར་ན་དེང་ནས་བྱང་ཆེན་མ་ཐོབ་པར། །ལྷ་མཆོག་རྡོ་རྗེ་འབར་བ་རྩལ་ཁྱོད་ཀྱིས། །ཉིན་མཚན་དུས་དྲུག་མེལ་ཚེ་རབ་མཛད་དེ། །བསམས་པའི་དོན་ཀུན་ཐོགས་མེད་སྒྲུབ་པར་མཛོད། །གཞན་ཡང་། པདྨ་ཐོད་འཕྲེང་རྒྱལ་བའི་སྤྱན་སྔ་རུ། །ཞེས་སོགས་བྱ། བཅུ་པ་བསྟོད་པ་ཆོས་དབྱིངས་མ་དང་བསྐུལ་(༡༡བ)


GLG022_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདམ་ཤོད་སྣང་མོ་དང་གནས་བརྒྱད་མ་གཏོང་། བཅུ་གཅིག་པ་འབུལ་བ་ནི། ཐོག་ཏུ་མདོས་བཏེག་སྟེ་གསོ་སྦྲན་བྱིན་གྱིས་བརླབ། ཡེ་ཤེས་གཞལ་ཡས་མས་སྤྱན་དྲང་ཞིང་མཆོད་གཏོར་འབུལ། གཡས་རུ་རི་རྒྱལ་བཀྲ་བཟང་རྩེར། ཞེས་སོགས་ཀྱིས་མདོས་ཞལ་ཕྱིར་བསྒྱུར་ཞིང་གཏོང་། མངའ་གསོལ་བྱེད། ནང་དུ་ལོག་ནས། བཅུ་གཉིས་པ་མཇུག་མཆོག་དཀྱུས་བཞིན་ནོ། །ཞག་སྦྲེལ་དུ་བྱེད་ན་ཐུན་གཏོར་གྱི་རྗེས་སུ་མངའ་གསོལ། བསམ་པ་ལྷུན་གྲུབ་མ་སོགས་སྨོན་ལམ་ཅི་རིགས་པ་བྱ། བསྐང་མདོས་བསྡུས་པ་བྱེད་ན་སྐུ་རྟེན་སོགས་དོར་བའི་ལག་ལེན་བཅས་བདེར་ཤམས་ཏེ་འཕྲིན་ལས་ཀྱི་བསྟོད་པ་ལྷ་ཡི་ལྷ་མཆོག་མ་སོང་མཚམས་བྱིན་རླབས་ཤེས་པ་བཞིའི་གཉིས་པ་དོར། སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ། མདོས་བསྔོ་བ་དང་འཕྲིན་བཅོལ་གྱི་རྗེས་སུ་བསྟོད་པ་ཆོས་དབྱིངས་མ་ནས་ཡང་ཐོག་ཏུ་མདོས་བཏེག་པ་སོགས་མཇུག་ཆོག་རྣམས་སྔར་ལྟར་རོ། །རྟེན་མདོས་སུ་བྱེད་ན་འཕྲིན་ལས་ཀྱི་སྨན་གཏོར་བྱིན་རླབས་ཡན་དཀྱུས་ལྟར་ལ་མདོས་བརླབ་པ་ནས་བཀའ་བསྒོའི་རྗེས་སུ་འཕྲིན་ལས་ཀྱི་དམ་བསྒྲགས་ནས། ཇི་བཞིན་མཉམ་པར་གཞག་པས་ཐུགས་དམ་བསྐང་། ཡན་བྱ། དེ་ནས་མདོས་གཞུང་གི་ཆེ་བའི་ང་རྒྱལ་བསྐྱེད་པ་ནས་མདོས་འབུལ་བའི་བར་གཏོང་། དེ་ཡང་བལྡབ་རྒྱུའི་ཤླཽ་ཀ་གཅིག་པོའི་ཚབ། རྡོ་རྗེ་འབར་རྩལ་རྣམ་འཕྲུལ་གསང་བའི་ཡུམ། །མཆེད་སྤྲུལ་ཕོ་ཉ་བཀའ་སྡོད་རྒྱ་མཚོ་རྣམས། །རྟེན་འདིར་བརྟན་བཞུགས་མཆོད་པའི་ཚོགས་བཞེས་ལ། བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབ་(༡༢ན)


GLG022_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །ཅེས་བསྒྱུར། འཕྲིན་ལས་འཆོལ་བ་ནས་བསྐུལ་གྱི་བར་བསྐང་མདོས་ལྟར་དང་ཐུན་གཏོར་མངའ་གསོལ་མཇུག་ཆོག་པར་འདྲ། ཞག་གྲངས་སུ་བྱེད་ཀྱང་འཕྲི་བསྣོན་མེད། བཟློག་མདོས་སུ་བྱེད་ན་ཐོག་མར་སྔགས་པ་བདག་ཉིད་བེར་ཐོད་ཁ་གཡུ་ཁ་གསེར་སོགས་ཀྱི་ཆས་སུ་གཞུག །འབྲུ་སྣ་བྲེ་བཅུ་གསུམ་གྱི་སྟེང་དུ་བསངས་ཕྱེ་ལ་མདའ་དར་རིན་ཅེན་བཏགས་པ་བཙུགས། རྒྱ་ཕོར་དང་དངུལ་སྐྱོགས་གསེར་སྐྱེམས་ཀྱིས་བཀང་། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ནས། མགྲོན་རྣམ་པ་བཞི་ལ་མཆོད་པ་ཕུད་སྐོང་གཏོང་ཞིང་ཞི་ཁྲོ་གང་རུང་གིས་གཞུང་བསྲང་བ་ནས་ཁོར་ཡུག་གནམ་ལྷ་བརྒྱད་ཀྱི་གངས་རི་ཤེལ་གྱི་མཆོད་རྟེན་ལྟ་བུས་བསྐོར་བ་ཡན་མདོས་གཞུང་ལྟར་ལ། ཤར་དུ་ཡིད་འོང་འཇའ་གུར་འཁྲིགས་པའི་ནང་དུ་རིན་པོ་ཆེ་ལས་གྲུབ་པའི་འཆི་མེད་ལྷའི་ཁང་བཟང་བཀོད་པ་ཕུན་སུམ་ཚོགས་པའི་ཁོར་ཡུག་ཏུ་ལྷའི་སྐྱེད་ཚལ་གྱིས་ཡོངས་སུ་བསྐོར་བ། ལྷོར་དྲག་པོ་གནམ་ལྕགས་ཀྱི་གཞལ་མེད་ཁང་རྒྱ་ཕུབས་ཅན་ར་བས་བསྐོར་བའི་ཕྱི་རོལ་ཏུ་མཚོན་ཆའི་བུ་ཡུག་དང་ནང་དུ་མེ་རླུང་འཚུབ་མ་འཁྱིལ་བ། ནུབ་ཏུ་བྱུ་རུའི་བ་གམ་རྒྱ་ཕུབས་ཅན་ལྕགས་རིས་བསྐོར་བའི་ར་བར་ཨུཏྤ་ལ་དམར་པོས་མཚོན་པའི་མེ་ཏོག་དང་ལྗོན་ཤིང་སྣ་ཚོགས་པའི་ཚལ་གྱིས་ཁོར་ཡུག་ཏུ་དཀྲིགས་པ། བྱང་དུ་དྲག་པོ་གནམ་ལྕགས་འབར་བའི་མཁར་སྟེང་དུ་རྒྱ་ཕུབས་དང་ཁོར་ཡུག་ཏུ་ར་བས་བསྐོར་བའི་ནང་མཚོན་ཆ་སྣ་ཚོགས་ཀྱི་དྲ་བས་སྦྲེལ་བ། དབུས་མའི་ཕོ་བྲང་གི་ལྟེ་བར་ཉི་ཟླ་པདྨའི་གདན་ལ་ཞེས་པ་ནས། རྒྱབ་ཀྱི་རུ་འདྲེན་(༡༢བ)


GLG022_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱི་མི་སྔོན་འཇིགས་པ་སྟེ་སོ་སོ་བརྒྱ་ཕྲག་དང་བཅས་པས་བསྐོར་བ། ཤར་གྱི་འཆི་མེད་ལྷའི་ཁང་བཟང་གི་དབུས་སུ་རིན་པོ་ཆེའི་ཁྲི། པདྨ་ཟླ་ཉི་དགྲ་བགེགས་ཕོ་མོའི་གདན་ལ་ལྷ་མཆོག་སྲིད་གསུམ་གྱི་བདག་པོ་སྐུ་མདོག་དམར་སེར་མཆེ་བ་གཙིགས་ཤིང་ཨག་ཚོམ་དང་སྨིན་མ་གློག་སྟོང་ལྟར་འཁྱུག་པ། དབུ་སྐྲ་ལི་ཁྲིའི་མདོག་ཅན་ཐོར་ཚུགས་ཀྱི་རྩེར་སྐྱེ་བ་ལྔ་པའི་དུང་སུམ་ཚོམ་གྱི་སྟེང་དུ་ནོར་བུ་འབར་བས་མཚན་པ། གཡས་ཡེ་ཤེས་ཀྱི་རལ་གྲི་མེ་འབར་བ་ནམ་མཁར་འཕྱར་ཞིང་གཡོན་པ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཐུར་དུ་བསྐོར་བ། སྟག་ལྤགས་ཀྱི་རྐེད་དཀྲིས་དང་སྦྲུལ་གྱི་དོ་ཤལ་གསོལ་བ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ནས་མེ་འོད་ཀློང་ན་བཞུགས་པར་ཚངས་རེས་ལྷའི་འཁོར་ཚོགས་གྲངས་མེད་པས་བསྐོར་བ། ལྷོའི་གཞལ་མེད་ཁང་གི་དབུས་སུ་གནོད་བྱེད་དམིགས་བྱ་རྣམས་ཀྱི་སྟེང་ན་སྐྱེ་འགྲོའི་སྲོག་གཤེས་སྨྱོ་འདྲེ་སྲིན་པོ་འདུལ་བའི་གཉེན་པོར་ལྷ་ཆེན་གྱི་ངོ་བོ་རྣམ་པ་འབྲོང་གཡག་ཞོལ་ཅན་དཀར་པོ་འགྱིང་བག་དང་ལྡན་པ། རྭ་གཉིས་ཐང་ཤང་བརྒྱངས་པ་ཙམ་ལ་ཤིན་ཏུ་རྣོ་བ། ཁ་རླངས་ན་བུན་ལྟར་འཐིབས་ཤིང་དུང་སྒྲ་འབྲུག་ལྟར་སྒྲོག་པ། གནམ་ལྕགས་རྨིག་པ་མེ་ལྟར་འབར་བས་རྒྱལ་འགོང་དམ་སྲི་འདམ་ལྟར་རྫིས་ཤིང་རང་འདྲའི་སྤྲུལ་པ་དཔག་མེད་འགྱེད་པ། ནུབ་ཀྱི་བྱུ་རུའི་བ་གམ་གྱི་ནང་དུ་པད་ཉིའི་གདན་ལ་རླུང་སེམས་ལས་རུང་གི་ལྷ་དཔའ་བོ་རྡོ་རྗེ་འབར་བ་རྩལ་སྐུ་མདོག་དམར་ལ་འཚེར་བ། པདྨ་དམར་པོའི་ཕྲེང་རྒྱན་ཅན། གཡས་ལྕགས་ཀྱུས་བསྒྲུབ་བྱའི་སྙིང་ནས་འགུགས་ཤིང་གཡོན་ཞགས་པས་མགུལ་ནས་འཆིང་བ། (༡༣ན)


GLG022_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཕྱེད་སྐྱིལ་གྱིས་བཞུགས་པར་འགུགས་བྱེད་དབང་གི་ཕོ་ཉའི་ཚོགས་ཀྱིས་བསྐོར་བ། བྱང་གི་ལྕགས་མཁར་འབར་བའི་དབུས་སུ་པདྨ་ཉི་མ་དགྲ་བགེགས་ཕོ་མོ་བསྣོལ་བའི་གདན་ལ་ཀརྨ་ལས་ཀྱི་ཁྲོ་བོ་རྡོ་རྗེ་འབར་བ་རྩལ་སྐུ་མདོག་ནག་ལ་ཁྲོས་པ་མིག་རྩ་དམར་ཞིང་མཆེ་བ་གཙིགས་པ། རལ་པ་དམར་སེར་གྱེན་དུ་བརྫེེས་ཤིང་རིན་པོ་ཆེའི་རྒྱན་རྣམས་དང་དུག་སྦྲུལ་གྱིས་བརྒྱན་པ། ཙེ་བེར་དམར་ནག་བརྩེགས་པའི་ནང་མ་གསེར་སྐེད་ཅན། གཡས་མདུང་དམར་དང་གཡོན་ལྕགས་ཀྱི་མདའ་གཞུ་འཛིན་པ། རིན་པོ་ཆེའི་ཧོར་ལྷམ་གྱོན་ནས་རྟ་མཆོག་བྲ་ནག་རླུང་ཤུགས་ཅན་ལ་བཅིབས་ཤིང་མེ་རླུང་འཁྲུག་པའི་ཀློང་ན་བཞུགས་པར་མངའ་བདག་དྲེགས་པའི་སྡེ་དཔོན་ཚོགས་ཀྱིས་བསྐོར་བ། ཚངས་པ་དང་འགུགས་པ་སྟེ་གཉིས་ཀའང་སྤྱན་གསུམ་དང་ལྡན་ཅིང་། ཞེས་པ་ནས། མདོས་བསྔོ་བའི་བར་བསྐང་མདོས་བཞིན་གཏོང་། མདོས་བསྐང་ཤམ་བུ་བསྒྱུར་ལུགས། རྡོ་རྗེ་འབར་རྩལ་སྤྲུལ་ཡུམ་འཁོར་དང་བཅས། །མདོས་མཆོད་འདི་བཞེས་བདག་སོགས་རྒྱུ་སྦྱོར་གྱི། །ནད་གདོན་བར་གཅོད་མི་མཐུན་ཕྱོགས་རྣམས་ཀུན། །དགྲ་བགེགས་སྟེང་དུ་བཟློག་བསྒྱུར་འཕྲིན་ལས་མཛོད། །ཅེས་བསྒྱུར་བ་རིགས་འགྲེ། བཤོས་ཆང་རིལ་བུ་མཐེབ་སྐྱུས་སྐོར་བ་འདི། །རྡོ་རྗེ་འབར་རྩལ་༝། །མདོས་མཆོད་འདི་བཞེས་༝། །ནད་གདོན་བར་ཆད་མི་མཐུན་༝། །དགྲ་བགེགས་སྟེང་དུ་བཟློག་བསྒྱུར་༝། །ཅེས་པའི་མཇུག་ཏུ། མཚོན་ཆ་སྣ་ཚོགས་རྫས་ཀྱིས་དར་བཏགས་པའི། །འབྲུ་ནག་རྗེན་(༡༣བ)


GLG022_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་བཤོས་བུ་ཟུར་གསུམ་པ། །དམར་གྱི་གཏོར་ཟོར་གང་བཟང་མཚེ་ཡིས་བརྒྱན། །དྲེགས་པའི་དམག་ཚོགས་བུ་ཡུག་ལྟ་བུར་འཚུབ། །ལྕགས་རིའི་སྟེང་ན་དྲག་པོའི་ཤིང་གི་རྩེར། །དམར་ནག་སྟོད་ནས་འབྲུག་སྒྲས་སྟོང་གསུམ་འགེང་། །སྨད་ནས་གློག་སྟོང་དམར་པོ་འཁྱུགས་སེ་འཁྱུག །རྐེད་པར་གནམ་ལྕགས་ཐོག་སེར་འཁྲུགས་པ་འདི། །རྡོ་རྗེ་འབར་རྩལ་༝། །མདོས་མཆོད་༝། །ནད་གདོན་༝། །དགྲ་བགེགས་༝། །ཞེས་འཇུག་པ་ཁྱད་པར་རོ། །འཕྲིན་ལས་འཆོལ་བ་ལེ་ཚན་གྱི་མཇུག་ཏུ་བཟློག་བསྒྱུར་ནི། ཧཱུཾ། རྔམ་བརྗིད་གཏུམ་དྲག་རོལ་པའི་ཕོ་བྲང་ན། །པདྨ་ཉི་ཟླ་ངང་དཀར་རྟ་ཡི་སྟེང་། །ལྷ་ཡིས་ལྷ་མཆོག་རྡོ་རྗེ་འབར་བ་རྩལ། །སྤྱན་གསུམ་མཆེ་གཙིགས་མ་བདུན་ལས་ལ་དགྱེད། །གཙུག་ན་ཁྱུང་ཆེན་ས་བདག་ཀླུ་གཉན་འདུལ། །བདུད་མོའི་གཙོ་མོ་གསང་ཡུམ་གནམ་མཚོའི་རྒྱལ། །སུམ་བརྒྱ་དྲུག་ཅུའི་མཆེད་འཁོར་ལས་ལ་རྔམས། །རུ་བཞིའི་དམག་ཚོགས་མདོས་ཟོར་མཐུ་དཔུང་བསྐྱེད། །ཆགས་ཆེ་ནད་རིམས་དུག་མཚོན་དམག་གི་ཚོགས། །བན་བོན་མཐུ་བྱང་སྟེང་འོག་བར་གསུམ་གདོན། ཁྱད་པར་རྒྱལ་འགོང་དམ་སྲིའི་གནོད་པ་ཀུན། །དགྲ་བགེགས་སྟེང་དུ་བཟློག་བསྒྱུར་འཕྲིན་ལས་མཛོད། །ཤར་ཕྱོགས་ལྷ་ཡི་ཁང་བཟང་ཆེན་པོ་ན། །པདྨ་ཟླ་ཉི་དགྲ་བགེགས་བསྣོལ་བའི་སྟེང་། །སྲིད་གསུམ་ཟིལ་གནོན་ཚངས་པའི་རྒྱལ་པོ་ཆེ། །བཀྲ་ཤིས་གཡས་འཁྱིལ་དུང་གི་ཐོར་ཚུགས་ཅན། །རྣོ་ངར་རལ་གྲིས་དགྲ་བགེགས་ཡན་ལག་གཏུབ། །རྩིབས་སྟོང་གསེར་འཁོར་མགོ་ལུས་ཚལ་པར་ཤོག །(༡༤ན)


GLG022_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་དམག་དཔུང་བྱེ་བ་ཕོ་ཉར་འགྱེད། །བཀའ་ཉན་ལས་བྱེད་མདོས་ཟོར་མཐུ་དཔུང་བསྐྱེད། །ཆགས་ཆེ་ནད་རིམས་དུག་མཚོན་༝། །བན་བོན་མཐུ་བྱད་སྟེང་འོག་བར་༝། ཁྱད་པར་རྒྱལ་འགོང་དམ་སྲིའི་༝། །དགྲ་བགེགས་སྟེང་དུ་བཟློག་བསྒྱུར་༝། །ལྷོ་ཕྱོགས་གནམ་ལྕགས་འབར་བའི་གཞལ་མེད་ནང་། །མཚོན་ཆ་མེ་རླུང་འཁྲུག་པའི་དབུས་ཤེད་ན། །སྤྲུལ་བ་ལྷ་ཡི་འབྲོག་གཡག་གངས་རིའི་མདོག །དབང་སྔོན་མདངས་འཛིན་རྭ་རྩེ་མཁའ་ལ་བསྙེག །དུག་གི་ཁ་རླངས་ན་བུན་ལྟ་བུར་འཐུལ། །མེ་འབར་རྨིག་པས་འབྱུང་པོ་འདམ་བཞིན་བརྫིས། །གྲངས་མེད་གཡག་རྒོད་མདོས་ཟོར་མཐུ་དཔུང་བསྐྱེད། །ཆགས་ཆེ་༝། །བན་བོན་༝། ཁྱད་པར་༝། །དགྲ་བགེགས་༝། །ནུབ་ཕྱོགས་རབ་དམར་བྱུ་རུའི་བ་གམ་ནང་། །པདྨ་ཉི་མ་བརྩེགས་པའི་གདན་སྟེང་དུ། །རླུང་སེམས་ལས་རུང་དཔའ་བོ་འབར་བ་རྩལ། ཁྲོ་ཆགས་ཉམས་ལྡན་གཡས་པའི་ལྕགས་ཀྱུ་ཡིས། །དགྲ་བགེགས་སྙིང་ནས་རང་དབང་མེད་པར་འདྲེན། །གཡོན་པའི་ཞགས་པས་ཡན་ལག་བཅིངས་ནས་འགུགས། །རང་འདྲའི་སྤྲུལ་པ་སྟོང་གསུམ་ཁྱབ་པར་སྤྲོ། །མངག་གཞུག་ལས་མཁན་མདོས་ཟོར་མཐུ་དཔུང་བསྐྱེད། །ཆགས་ཆེ་༝། །བན་བོན་༝། ཁྱད་པར་༝། །དགྲ་བགེགས་༝། །བྱང་ཕྱོགས་འཇིགས་རུང་ལྕགས་མཁར་འབར་བའི་ནང་། །པད་ཉིད་དགྲ་བགེགས་བྲ་ནག་རྟ་ཡི་སྟེང་། །དྲག་པོ་ཀརྨ་རྡོ་རྗེ་འབར་བ་རྩལ། །ལྕགས་གཞུར་ལྕགས་ཀྱི་མདའ་བཀང་དགྲ་སྙིང་འབིགས། །མདུང་རྣོན་ལོག་(༡༤བ)


GLG022_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ལྔ་ཕུང་ཚོགས་ལ་བསྣུན། །སྤྲུལ་པའི་ཕོ་ཉ་སྲིན་པོའི་གཟུགས་འཛིན་པ། །གྲངས་མེད་བླ་ཚེ་ཤ་ཁྲག་སྲོག་ལ་རྔམས། །ལྷ་སྲིན་དམག་ཚོགས་མང་མཐོང་མཐུ་དཔུང་བསྐྱེད། །ཆགས་ཆེ་༝། །བན་བོན་༝། ཁྱད་པར་༝། །དགྲ་བགེགས་༝། །དུང་ཁྲ་དཀར་པོ་ནམ་མཁའི་དབྱིངས་སུ་བཤུར། །ལྕགས་སྡིག་ཡན་ལག་རྭ་མཇུག་ཕྱོགས་བཅུར་ཁྱབ། །དུང་སྤྱང་མཆེ་གཙིགས་ས་ལ་གློག་ལྟར་འཁྱུག །ལྷ་ཀླུ་གནོད་སྦྱིན་རྩུབ་འགྱུར་དྲག་ཤུལ་སྟོན། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་བགྲང་ཡས་པ། །སྣ་ཚོགས་མཚོན་འཛིན་གཏུམ་ཁྲོས་མི་སྡུག་བཞིན། །འགུགས་འཆིང་གསོད་སྒྲ་འབྲུག་སྟོང་ལྟ་བུར་ལྡིར། །བཀའ་ཉན་བཤན་པ་མདོས་ཟོར་མཐུ་དཔུང་བསྐྱེད། །ཆགས་ཆེ་༝། །བན་བོན་༝། ཁྱད་པར་༝། །དགྲ་བགེགས་༝། །བྷྱོ། ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །སྐྱིན་མཐིང་རྡོ་རྗེ་གཡའ་མ་སྐྱོང་། །རྣམ་སྤྲུལ་སྤྲུལ་པ་ཡང་སྤྲུལ་དང་། །བཀའ་ཉན་འཁོར་ཚོགས་རྒྱ་མཚོ་ཡིས། །གཞན་ཡང་བཟློག་ཅིང་བསྒྱུར་བ་ནི། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནོད་ཅིང་བར་དུ་གཅོད་པ་ཡི། །ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག །གློ་བུར་བདུན་བརྒྱ་ཉི་ཤུ་བཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག །གདོན་རིགས་སྟོང་ཕྲག་བཅོ་བརྒྱད་བཟློག །སྐེག་ཆེན་སུམ་བརྒྱ་དྲུག་ཅུ་བཟློག །ལྷ་ཆེན་དྲག་པོའི་གདུག་རྩུབ་བཟློག །ལྷ་མ་ཡིན་གྱི་རྒྱུ་སྟབས་བཟློག །མགོན་པོའི་བར་བུ་བསྐོར་བ་བཟློག །གཤིན་རྗེའི་འཁྲུལ་འཁོར་བཅས་པ་བཟློག །དྲང་(༡༥ན)


GLG022_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་བྲམ་ཟེའི་དམོད་པ་བཟློག །གཟའ་ཡི་ཀི་ཀང་འཕེན་པ་བཟློག །བཙན་ནད་གཟེར་ཁ་གཏོང་བ་བཟློག །ས་བདག་ཀླུ་ཡི་མཛེ་ནད་བཟློག །པེ་ཀར་རྒྱལ་པོའི་ཆོ་འཕྲུལ་བཟློག །འགོང་པོ་སྤུན་དགུའི་གནོད་པ་བཟློག །འདྲེ་ངན་དམ་སྲིའི་བར་ཆོད་བཟློག །བནྡེའི་འབུམ་སྐོར་བྱེད་པ་བཟློག །སྔགས་པའི་སྔགས་ཟོར་འཕེན་པ་བཟློག །བོན་གྱིས་བཙོ་དམར་འཕེན་པ་བཟློག །མུ་སྟེགས་ངན་སྔགས་བྱེད་པ་བཟློག །བྱད་ཕུར་རྦོད་གཏོང་བྱུང་བ་བཟློག །མནན་གཏད་སྲེག་འཕང་བྱས་པ་བཟློག །སྔ་ཞགས་མདའ་ལྟར་འཕེན་པ་བཟློག །ཕྱི་ཞགས་དྲུ་ལྟར་འཐུལ་བ་བཟློག །ཡས་ཀྱི་བདུད་དུ་གཡོས་པ་བཟློག །མས་ཀྱི་སྲི་རུ་ལངས་པ་བཟློག །ཕ་ཚན་ནང་གི་རྒྱ་འདྲེ་བཟློག །མ་ཚན་ངན་པའི་དུག་འདྲེ་བཟློག །མོ་བཏབ་མོ་རུ་ངན་པ་བཟློག །རྩིས་བྱས་རྡེའུ་ངན་པ་བཟློག །ཁྱིམ་གང་མི་ཡི་ནད་འདྲེ་བཟློག །སྒོ་གང་ནོར་གྱི་གོང་འདྲེ་བཟློག །བན་བོན་སྔགས་པའི་ཟོར་ལ་བཟློག །མགོན་པོས་སྦྱིན་སྲེག་བྱེད་པ་བཟློག །མ་མོས་ཐུན་ཟོར་འཕེན་པ་བཟློག །ཡུངས་ཀར་ཁྲོ་བོའི་རྦབ་ཟོར་བཟློག །བནྡེ་ཡོངས་ཀྱི་སྔགས་བྱད་བཟློག །དབང་ཕྱུག་ཆེན་པོའི་པར་བུ་བཟློག །ཀླུ་བདུད་ནག་པོའི་གཏད་ཁྲམ་བཟློག །བོན་པོ་ཡོངས་ཀྱི་ལྷ་ཆད་བཟློག །བལ་པོའི་ངན་སྔགས་སྦྱོར་བ་བཟློག །རྒྱ་གར་ཆོས་ཀྱི་མཐུ་བྱད་བཟློག །མར་པས་ཕྲ་མེན་གཏོང་བ་བཟློག །སུམ་པས་གླང་དམར་རྨོ་བ་བཟློག །མི་ཉག་འབོ་(༡༥བ)


GLG022_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

བེ་ཐམས་ཅད་བཟློག །བོད་ཀྱི་རྦོད་གཏོང་བྱེད་པ་བཟློག །བྲམ་ཟེའི་སྔགས་རྒོད་དམོད་པ་བཟློག །དྲི་ཟས་སྨྱོས་ཤིང་འཐིབས་པ་བཟློག །རྒྱལ་པོས་སྨྱོ་འབོག་གཏོང་བ་བཟློག །སྲིན་པོ་ཤོད་ཁ་གཏོང་བ་བཟློག །བདུད་ཀྱི་ཁྲམ་ལ་བཏབ་པ་བཟློག །བཙན་གྱི་ཞགས་པ་འཕེན་པ་བཟློག །གནོད་སྦྱིན་རྩིས་ལ་འདབས་པ་བཟློག །འབྱུང་པོས་ཉམས་ལེན་བྱེད་པ་བཟློག །མཚེ་ཟོར་ཡུངས་ཟོར་འཕེན་པ་བཟློག །ཐེའུ་རང་བསྲིས་ལ་བརྐུ་བ་བཟློག །གློ་བུར་ཡེ་འབྲོག་ཐམས་ཅད་བཟློག །འབྱུང་པོས་གོད་འདྲེ་བྱེད་པ་བཟློག །གས་རགས་བསྲིས་ལ་བརྐུ་བ་བཟློག །དར་ཚན་ནང་གི་སྟོང་འདྲེ་བཟློག །བདུད་བཙན་ཡོངས་ཀྱི་གནོད་འདྲེ་བཟློག །མ་མོ་ཡོངས་ཀྱི་རིམས་ནད་བཟློག །ནད་དང་མཚོན་གྱི་དྲུ་བུ་བཟློག །རིམས་ནད་གག་ལྷོག་གཟེར་གསུམ་བཟློག །མི་ནད་སྣ་དགུ་ཐམས་ཅད་བཟློག །རྒན་སྲི་དར་སྲི་ཐམས་ཅད་བཟློག །བྱིས་པའི་ཆུང་སྲི་ཐམས་ཅད་བཟློག །བདུད་ཀྱི་ཆོ་འཕྲུལ་གཏོང་བ་བཟློག །གཤིན་གྱི་དུར་སྲི་ལངས་པ་བཟློག །རུས་ལ་ཆིག་ངན་གཏོང་བ་བཟློག །སྣག་ལ་མཚན་ངན་འདོགས་པ་བཟློག །རྟ་ནད་ནོར་ནད་ཐམས་ཅད་བཟློག །ལོ་དགྲ་བཙའ་དང་སད་སེར་བཟློག །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །ལྟས་ངན་ཉི་ཁྲི་ཆིག་སྟོང་བཟློག །བྱིས་པའི་གདོན་ཆེན་བཅོ་ལྔ་བཟློག །ཕྱི་ཡི་ལྟས་ངན་ཕྱི་རུ་བཟློག །བར་གྱི་ལྟས་ངན་དབྱིངས་སུ་བཟློག །བྱད་མ་ལྷ་སྲུང་བཅས་པ་བཟློག །མི་མཐུན་གནོད་པའི་ཕྱོགས་ཀུན་བཟློག །བཟློག་གོ་མདོས་དང་ཟོར་གྱིས་བཟློག །(༡༦ན)


GLG022_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་རོ་ཚངས་པ་ཆེན་པོས་བསྒྱུར། །ཟོར་རོ་དགྲ་དང་བགེགས་ལ་ཟོར། །དྲི་ཟའི་རྒྱལ་པོ་འཁོར་བཅས་ཀྱིས། །མདོས་གླུད་ཡས་མཆོད་འདི་བཞེས་ལ། །དགྲ་བགེགས་གནོད་པ་བསྒྱུར་བ་དང་། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཐུན་གཏོར་དང་མངའ་གསོལ་གཏོང་། བཅུ་གཅིག་པ་གླུད་ཡས་རྣམས་བྱིན་གྱིས་བརླབས་ནས་གཏོང་བ། བཅུ་གཉིས་པ་མདོས་གླུད་ཁ་བསྒྱུར་ཞིང་ཁྲོམ་སྣ་བསྒྱུར་བ། བཅུ་གསུམ་པ་སྒོ་དབྱེ་ཞིང་ལམ་བསྟན་པ། བཅུ་བཞི་པ་གསེར་སྐྱེམས་གཏོང་བ། བཅོ་ལྔ་པ་མཇུག་ཟོར་གྱིས་གཅོད་པ། བཅུ་དྲུག་པ་ཡས་གཞི་སྤྲུག་པ་རྣམས་རཀྴ་གཏེར་སྟོན་གྱི་སྨད་འཆོད་བཞིན་བྱ། གཏོར་མ་ཕྱིར་བཏེག །གསེར་སྐྱེམས་འབུལ། ཧཱུཾ། དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ། །འཁོར་ཚོགས་དམ་ཅན་མཐུ་རྩལ་དཔུང་སྐྱེད་ཅིག །མདོས་དང་ཡས་གླུད་འདི་ཡི་སྣ་དྲངས་ཏེ། །བདག་སོགས་རྒྱུ་སྦྱོར་དམིགས་བྱར་བཅས་པ་ལ། །གནོད་ཅིང་འཚེ་བའི་གདོན་བགེགས་ཆགས་ཆེ་བ། །དུག་མཚོན་དམག་འཁྲུག་མཐུ་བྱད་ཀེག་ངན་སྲི། །མི་ཕྱུགས་དལ་ཡམས་རིམས་དང་ནད་ཀྱི་རིགས། །ལྷ་སྲིན་སྡེ་བརྒྱད་འཁྲུག་པའི་དལ་ཁ་དང་། ཁྱད་པར་མཐའ་དབུས་རྒྱལ་བསེན་འགོང་པོའི་ཚོགས། །དམ་ཉམས་སྔགས་པ་ནག་པོ་རུ་དྲར་སྐྱེས། །བཙུན་པ་ཁྲིམས་འཆལ་སྨོན་ལམ་ལོག་པའི་མཐུས། །དམ་སྲིར་གྱུར་ནས་མཐོ་འཚམ་བར་ཆོད་ཀུན། །མ་སྲུན་དགྲ་བོ་སྡེ་དཔུང་སྟེང་དུ་སྒྱུར། །བཟློག་གོ་དྲག་པོ་མདོས་དང་ཟོར་གྱིས་བཟློག །བྷྱོ་བྷྱོ་དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ། །བཟློག་(༡༦བ)


GLG022_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་བཟློག་པ་བྱ་ཞིང་རོལ་མོ་བརྡུང་། མཚོན་ཆ་བརྡབ། ཞིང་ལྤགས་བརྡུལ། བྷྱོས་གདབ། མེ་ཆུའི་རྒྱས་འདེབས་བྱེད་ཅིང་ཕྱི་མིག་མི་ལྟ་བར་ནང་དུ་ལོག་གོ །བཅུ་བདུན་པ་ཚེ་འགུགས་ཤིང་མཇུག་གི་ཆོ་ག་དཀྱུས་བཞིན་བྱའོ། །སྨྲས་པ། རྟེན་འཛུགས་དམ་སྐོང་བཟློག་པའི་རྣམ་དབྱེ་དག །མེ་ཤེས་བལ་ཚོན་ཤིང་རིས་འཇིམ་པའི་ལས། །གང་དྲན་ལག་ལེན་ཟོག་གིས་བསླུ་བ་མཁན། །སྔགས་རློམ་དེ་འདྲ་རི་མོའི་གར་མཁན་བཞིན། །འགའ་ཞིག་སྣ་བོའི་ལུགས་ལ་རྨོངས་པས་ཞེན། །ལ་ལ་ཆད་ལྟའི་སྟོང་སྐད་ལྟ་བ་ངོམ། །ཕལ་ཆེར་ཟེར་ལོའི་ཚིག་ལ་ཡིད་བརྟན་འཛིན། །དཔྱད་གསུམ་དག་ན་དཀར་པོའི་ཕོ་རོག་རྒྱུ། །སྔ་འགྱུར་སྔ་དགོན་གཟུང་དང་གྲོང་ཆོག་དཀོར། །ཟོས་པའི་ཁྲལ་འབབ་རེས་སུ་སོན་མིན་ཡང་། །སྔགས་པའི་གྲལ་རིང་ཤོག་པར་ཉེར་མཁོ་འདི། །དམ་པའི་ཞབས་རྡུལ་བསྟེན་པའི་དྲིན་ལས་རྙེད། །བླ་མ་མི་འཆོལ་ང་ཆེའི་ཁེངས་པས་འགྱིང་། །ཐོས་བསམ་བོར་ནས་ཚེ་འདིའི་ཁོལ་པོར་བྲེལ། །དབང་ཐང་ཙམ་ལ་རྣམ་དཀར་འཕྲིན་ལས་སུ། །རེ་རྣམས་མུན་མལ་ཅི་བདེར་གཟིམ་འཇམ་མཛོད། །དངོས་པོའི་གཤིས་ལུགས་བརྗོད་ན་གཞན་མཚང་ལ། །ཕོག་སྟེ་དྲང་པོའི་གཏམ་གྱིས་དགྲ་བོ་འགུགས། །གཅམ་བུའི་ཚིག་གིས་མེ་ཏོག་མཐོར་བ་ན། །མི་མངོན་དབྱིངས་ནས་དཀོན་ཅོག་ཁྲེལ་གྱི་དོགས། །དེ་ལྟའི་ཁེ་ཉན་སེམས་ཀྱི་སྣང་ཆ་ཙམ། །བརྟགས་ན་ཀ་དག་སྐྱོན་བྲལ་ཆོས་སྐུ་རུ། །ཐག་ཆོད་ཞེ་བློ་བདེ་བའི་གདེངས་ཚད་ཀྱིས། །ཅི་བྱས་དམ་(༡༧ན)


GLG022_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་སུ་འགྱུར་རམ་སྙམ། །རང་རིག་དག་པ་འཕགས་མཆོག་ནམ་མཁའི་སྙིང་། །ཀུན་རྫོབ་དྲེགས་པའི་མཐུ་སྟོབས་སེང་གེ་ཡིས། །འཁྲུལ་གཟུགས་དགྲ་བགེགས་སྒྱུ་མའི་རྟ་གླང་སྲོག །རབ་འཕྲལ་གདོད་མའི་ཡེ་ཤེས་སར་སྦྱོར་ཤོག །ཅེས་དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ་གྱི་རྟེན་མདོས། བསྐང་མདོས། བཟློག་མདོས་ཀྱི་རིམ་པ་རྒྱ་འབག་མིག་གི་རྣམ་འཕྲུལ་འདི་ནི་གཞུང་ལུགས་ཀྱི་པོ་ཏི་གཡག་ཤད་ཙམ་ལ་གཟིགས་པ་ཡངས་པའི་གསར་མ་ཕྱོགས་ལ་མཁོ་བྱེད་མེད་པར་མ་ཟད། སྔ་འགྱུར་གྱི་བསྟན་འཛིན་རལ་ཁུར་ལྕི་བ་ཁོ་ནས་མཐུ་སྟོབས་ཆེ་ཞིང་བླ་གོས་འཇོལ་བ་ཙམ་གྱིས་ཚུལ་ཁྲིམས་དག་པ་རྣམས་ལ་རྔོ་ཐོགས་པར་མི་སྣང་ཡང་། བདག་དང་བདག་འདྲའི་སྔགས་ཆུང་གསར་བུ་རྣམས་ཀྱི་དྲན་གསོས་སུ་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་དང་ཁྱབ་བདག་ཁྲ་ཚང་པ་རྣམ་གཉིས་ཀྱི་བཀའ་དྲིན་ལས་མདོས་གླུད་ཡས་ཀྱི་ཕྱག་ལེན་ལ་གོམས་འདྲིས་དང་ལྡན་པའི་ཟ་ཧོར་གྱི་སྔགས་སྨྱོན་རྡོ་རྗེ་ཐོགས་མེད་རྩལ་གྱིས་མགོན་པོ་གཡུལ་བཟློག་དང་ཁྲོ་ཆུ་དུག་སྡོང་ནས་ཁ་ཅུང་ཟད་བཀང་ཞིང་གཞན་མའི་ཚིག་སྦྱོར་རྣམས་གསར་དུ་བསྒྲིགས་ཏེ་ཤིང་སྟག་གྲོ་ཞུན་ཟླ་བའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པས་བགྱིས་པ་ཛ་ཡནྟུ།། །།སརྦ་མངྒ་ལཾ།