cover

རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

གླེགས་བམ། འ༽

ངག་དབང་བློ་བཟང་རྒྱ་མཚོ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྒྱལ་དབང་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་གསུང་འབུམ་པོད་ནང་མ་ཁ་པའི་དཀར་ཆག


GLG023_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དབང་༧ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་གསུང་འབུམ་པོད་ནང་མ་ཁ་པའི་དཀར་ཆག་བཞུགས་སོ།


GLG023_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་གསུང་འབུམ་པོད་ནང་མ་༼ཁ༽པར་འབྲུག་པ་སྤྲུལ་སྐུ་རིན་པོ་ཆེས་མཛད་པའི་ཚེ་བདག་གི་ཡིག་ཆར་རྣམ་པར་དཔྱད་པའི་ཡི་གེ་རི་ཐང་མཚམས་ཀྱི་ནད་བརྒྱ་འཇོམས་པའི་སྨན་གཅིག་ལ་ཤོག་གྲངས། ༢༡ འཕགས་པ་འཇམ་དཔལ་མཚན་བརྗོད་ཀྱི་ཡང་སྙིང་ལ་ཤོག་གྲངས། ༢ འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ་ལ་ཤོག་གྲངས། ༢༠ འཇམ་དཔལ་ཚེ་བདག་ནག་པོའི་བསྙེན་ཡིག་དངོས་གྲུབ་གཏེར་མཛོད་ལ་ཤོག་གྲངས། ༥ ཐོག་སྐུ་ལ་བརྟེན་ནས་ཚེ་བདག་ནག་པོའི་བསྙེན་པའི་རེ་གཟིག་མཁའ་འགྲོའི་ཁ་རླབས་ལ་ཤོག་གྲངས། ༦ འཇམ་དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་གནམ་ལྕགས་འཁོར་ལོ་ལ་ཤོག་གྲངས། ༣༢ ཚེ་བདག་རྣོད་པོ་ནང་གཅོད་ཀྱི་དབང་གི་ཆོ་ག་སྒྲིགས་ཉ་རྒྱས་ཟླ་བའི་དཀྱིལ་འཁོར་ལ་ཤོག་གྲངས། ༡༡ འཇམ་དཔལ་ཚེ་བདག་གི་ཞི་བའི་སྦྱིན་སྲེག་གངྒཱའི་ཆུ་རྒྱུན་ལ་ཤོག་གྲངས། ༡༠ འཇམ་དཔལ་ཚེ་བདག་ནག་པོའི་མཆོད་རྟེན་བཅས་ཆོག་གི་རབ་གནས་བྱིན་རླབས་ཉི་མའི་གཟི་འབར་ལ་ཤོག་གྲངས། ༩ འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་ཟོར་ལས་དང་བཅས་པའི་རེ་གཟིག་ཞིབ་མོ་རྣམ་འཐག་ལ་ཤོག་གྲགས། ༩ འཇལ་དཔལ་ཚེ་བདག་ནག་པོའི་ལས་མཐའ་


GLG023_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཟློག་མེའི་སྤུ་གྲིའི་ལས་བྱང་རག་གཤེད་དབབ་པ་རྡོ་རྗེ་ཕ་ལམ་ལ་ཤོག་གྲངས། ༧ འཇམ་དཔལ་མེའི་སྤུ་གྲིའི་དམོད་པ་ཟོར་བསྐུལ་རྡོ་རྗེ་ཕ་ལམ་བཅས་ལ་ཤོག་གྲངས། ༢ འཇལ་དཔལ་ཚེ་བདག་ནག་པོའི་བཟློག་དཀྱིལ་ལ་མཁོ་བའི་སྔོན་འགྲོའི་ཆོ་ག་ཉུང་ངུ་རྣམ་གསལ་ལ་ཤོག་གྲངས། ༦ འཇམ་དཔལ་ཚེ་བདག་ནག་པོའི་ཟོར་གྱི་ལས་རིམ་ནམ་ལྕགས་ཐོག་མདའ་ཤོག་གྲངས། ༡༤ འཇམ་དཔལ་ཚེ་བདག་ནག་པོའི་མནན་པ་ཐར་མེད་ལྕག་ཁང་ནག་པོ་ཆུ་སྲིན་མགྲིན་པའི་རྒྱ་ཅན་ལ་ཤོག་གྲངས། ༡༨ འཇམ་དཔལ་ཕྱག་རྒྱ་ཟིན་གནོན་གྱི་བསྙེན་གྱི་བསྙེན་ཡིག་རྡོ་རྗེའི་བརྒྱ་པ་ལ་ཤོག་གྲངས། ༢༠ ཟིལ་གནོན་འཕྲིན་ལས་ཀྱི་རྣམ་ངེས་རིག་འཛིན་འཆི་མེད་དགའ་སྟོན་བདུད་རྩིའི་ཆུ་རྒྱུན་ལ་ཤོག་གྲངས། ༥༡ འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དབང་གི་ཆོ་ག་སྔགས་འཆང་ཀུནྡའི་འདོད་འཇོ་ཟླ་ཤེལ་གསར་པའི་ཐིགས་པ་ལ་ཤོག་གྲངས། ༡༩ ཟིན་གནོན་དྲག་པོའི་སྦྱིན་སྲེག་གི་ལས་བྱང་དུས་ཀྱི་མེ་ལྕེའི་ཕྲེང་བ་ལ་ཤོག་གྲངས། ༧ འཇམ་དཔལ་རྫོགས་པ་ཆེན་པོའི་འཕྲིན་ལས་དང་སྨིན་བྱེད་ཀྱི་ཆོག་བསྒྲིགས་སྣང་སྟོང་འོད་ལྔའི་རྒྱ་ཅན་ལ་ཤོག་གྲངས། ༢༣ འཇམ་དཔལ་ཞི་བའི་འཕྲིན་ལས་སངས་རྒྱས་མངོན་སུམ་སྟོན་པའི་ལག་བཅངས་ལ་ཤོག་གྲངས། ༨ ཡང་བཟློག་མེའི་སྤུ་གྲིའི་ལས་


GLG023_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་གྱི་སྔོན་འགྲོ་བསྙེན་ཡིག་བེཌཱུརྱའི་དོ་ཤལ་ལ་ཤོག་གྲངས། ༡༠ ཡང་བཟློག་ལས་བྱང་རྡོ་རྗེ་ཐོག་མདའི་ལྷན་ཐབས་རིག་འཛིན་ཞལ་གྱི་དྲོད་རླངས་ལ་ཤོག་གྲངས། ༩ ཡང་བཟློག་ནག་པོ་མེའི་སྤུ་གྲིའི་ལས་བྱང་རྡོ་རྗེའི་ཐོག་མདའ་ལ་ཤོག་གྲངས། ༡༥ ཡང་བཟློག་གཏང་རག་གི་མཆོད་པ་འབུལ་ཚུག་ལ་ཤོག་གྲངས། ༢ ཡང་བཟློག་ལ་ཤོག་གྲངས། ཡང་བཟློག་མེའི་སྤུ་གྲིའི་དྲག་པོའི་སྦྱིན་སྲེག་དུས་ཀྱི་བྱིན་ཟའི་ཕུང་པོ་ལ་ཤོག་གྲངས། ༡༠ རིགས་གསུམ་འདུས་པ་འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བསྙེན་ཡིག་རིན་ཆེན་ཀེ་ཏ་ཀ་ལ་ཤོག་གྲངས། ༡༩ འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་ལ་ཤོག་གྲངས། ༣ གཤིན་རྗེ་ཁྲོ་ཆུ་དུག་སྡོང་གི་རྒྱུན་གྱི་རྣལ་འབྱོར་སྤུ་གྲི་འབར་བ་ལ་ཤོག་གྲངས། ༤ གཤིན་རྗེ་ཀི་ཀང་དམར་ནག་གི་བརྒྱུད་འདེབས་ལ་ཤོག་གྲངས། ༢ གཤིན་རྗེ་གཟའ་གདོང་དམར་ནག་གི་ལག་ལེན་སྒོ་འབྱེད་ལྡེ་མིག་ལ་ཤོག་གྲངས། ༧ གཤིན་རྗེ་གཟའ་གདོང་དམར་ནག་གི་ལས་བྱང་མ་ཡིག་དང་བུ་ཡིག་ཏུ་མི་གསལ་བའི་ཁ་སྐོང་བདུད་དཔུང་སྙིང་རྩ་འདར་བའི་ང་རོ་ལ་ཤོག་གྲངས། ༡༣ གཏང་རག་ལ་ཤོག་གྲངས། ༢ འཇོམས་བྱེད་ཉི་ཟླ་ནག་པོའི་བརྒྱུད་འདེབས་ལ་ཤོག་གྲངས། ༣ འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོའི་བཀའ་གཏད་སྒོམ་ལུང་བྱ་ཚུལ་མཐོང་བས་དོན་ལྡན་ལ་ཤོག་གྲངས། ༨ ལས་ཀྱི་གཤིན་རྗེ་འཕྲིན་ལས་འཆི་བདག་དགྱེས་པའི་རྐན་སྒྲ་ལ་ཤོག་གྲངས། ༡༤ གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ལས་བྱང་བདུད་ལས་རྣལ་པར་རྒྱལ་བ་ཚངས་པའི་རྔ་ཆེན་ལ་ཤོག་གྲངས། ༡༡ སྦྱིན་སྲེག་གི་སྒོ་


GLG023_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་འཕྲུལ་གྱི་ལྡེ་མིག་ལ་ཤོག་གྲངས། ༤ རྒྱས་པའི་སྦྱིན་སྲེག་དངོས་གྲུབ་ཉིན་མོར་བྱེད་པ་ལ་ཤོག་གྲངས། ༣ དབང་གི་སྦྱིན་སྲེག་ཁམས་གསུམ་འགུགས་པའི་ལྕགས་གྱུ་ལ་ཤོག་གྲངས། ༣ དྲག་པོའི་སྦྱིན་སྲེག་བསྐལ་བའི་མེ་དཔུང་ལ་ཤོག་གྲངས། ༤ འཇམ་དཔལ་གཤིན་རྗེ་དྲགས་པ་འཇོམས་བྱེད་ཀྱི་དྲག་པོ་ཟོར་གྱི་འཕྲིན་ལས་གནམ་ལྕགས་འབར་བའི་ཐོག་མདའ་ལ་ཤོག་གྲངས། ༢༢ འཆི་བདག་ཞལ་དབྱེའི་འཕྲིན་ལས་རྒྱུན་འཁྱེར་ཚིག་ཉུང་དོན་གསལ་ལ་ཤོག་གྲངས། ༦ ཁྱོན་བསྡམས། ༤༧༦ བཞུགས།།

འབྲུག་པ་སྤྲུལ་སྐུ་རིན་པོ་ཆེས་མཛད་པའི་ཚེ་བདག་གི་ཡིག་ཆར་རྣམ་པར་དཔྱད་པའི་ཡི་གེ་རི་ཐང་མཚམས་ཀྱི་ནད་བརྒྱ་འཇོམས་པའི་སྨན་གཅིག


GLG023_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་པ་སྤྲུལ་སྐུ་རིན་པོ་ཆེས་མཛད་པའི་ཚེ་བདག་གི་ཡིག་ཆར་རྣམ་པར་དཔྱད་པའི་ཡི་གེ་རི་ཐང་མཚམས་ཀྱི་ནད་བརྒྱ་འཇོམས་པའི་སྨན་གཅིག་བཞུགས་སོ།།


GLG023_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་བཛྲཱ་ཡ། ཅུང་ཟད་སེམས་གནས་ཙམ་ལ་གྲུབ་ཐོབ་ཅེས། །ཆེར་རློམ་མེ་ཁྱེར་མ་ཡིན་མཚན་དཔེའི་སྐུ། །འཇའ་ལུས་རྡོ་རྗེའི་སྣང་བས་སྲིད་ཞིའི་སྨག །མཐར་མཛད་པད་འབྱུང་ཉིན་བྱེད་རིགས་ཀྱི་བདག །མན་ངག་ཕྲ་མོའི་ཁྲོན་པར་ཁེངས་པའི་སྙིང་། །འགས་པའི་བན་སྔགས་སྦལ་ཆུང་མང་མཐོང་ཚེ། །ལས་བཞིའི་རྒྱ་མཚོར་མཐུ་སྟོབས་གདེངས་ཀ་ཅན། །གནུབས་ཆེན་ཀླུ་དབང་རྣམ་ཐར་ཡིད་ཀྱི་གསོས། །པད་གནུབས་གཤེད་སྐོར་བཀའ་གཏེར་མཐོ་རིས་ཆབ། །རྣམ་དཔྱོད་ལྟོར་གཏམས་རིགས་འཛིན་ཛཧྣུའི། །ལེགས་བཤད་ཞལ་སྐྱུགས་འཁྲུལ་མེད་གངྒཱའི་རྒྱུན། །སྔ་འགྱུར་འཛིན་མར་འབེབས་ཀུན་ཕྱག་གི་ཡུལ། ཁྱད་པར་སེ་སྟོན་པཎ་ཆེན་སྐུ་མཆེད་ཀྱི། །གདམས་པའི་བཀའ་བབས་ཆོས་རྒྱལ་དབང་པོའི་སྡེའི། །མན་ངག་མཁའ་འགྲོའི་ཞལ་རླངས་དྲོད་པོ་ཆེ། །སྩོལ་མཁས་ཆོས་དབྱིངས་རང་གྲོལ་སྙིང་དབུས་བཞུགས། །སྣང་བ་ལྷ་རུ་བལྟ་ཕྱིར་གང་ཟག་རྣམས། །དག་པར་མོས་ཀྱང་(༢ན)


GLG023_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ཆོས་ཚུལ་ཆེར། །དཔྱོད་པ་མཁས་པའི་ལུགས་ཡིན་ཕྱོགས་འདི་ལ། །སྦྱངས་རྣམས་རྣ་བ་བླགས་ཏེ་དཔང་པོ་མཛོད། །དེ་ཡང་འབྲུག་ལུགས་པ་རྣམས་ཀྱི་ནང་ནས་མཁས་པའི་ཡང་རྩེར་སོན་པ་སྤྲུལ་པའི་སྐུ་རིན་པོ་ཆེ་པདྨ་དཀར་པོས་མཛད་པའི་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ཡིག་ཆ་འགའ་ཞིག་འདུག་པའི་བརྒྱུད་འདེབས་བྱ་ནག་རིགས་ཀྱི་ཞབས་དྲུང་གོང་མའི་ཕྱག་དཔེ་ཐམས་ཅད་མཁྱེན་པའི་ཕྱག་བྲིས་ཀྱི་བུ་ཡིག་མར། རྒྱ་ནག་རི་བོ་རྩེ་ལྔ་ནས། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ། །ཞེས་གསུངས་པ་ནི། འཇམ་དཔལ་ཞེས་པའི་མཚན་ཙམ་ལ་འཁྲུལ་པའི་རྣམ་པར་མ་བརྟགས་པ་སྟེ་སློབ་དཔོན་འདི་ནི་སིངྒྷ་ལའི་པཎྜི་ཏ་ཡིན་ཞིང་རི་བོ་མེ་རི་འབར་བའི་རྩེ་མོར་གཤིན་རྗེ་གཤེད་ཀྱི་དངོས་གྲུབ་བརྙེས་པ་སོགས་རྣམ་ཐརཤིན་ཏུ་རྒྱས། རྒྱ་ནག་ཏུ་འབྱོན་བཞུགས་མ་མཛད་པའི་མཐའ་བཀག་པ་མིན་ཀྱང་འཕགས་ཡུལ་གྱི་པཎ་གྲུབ་ཏུ་གྲགས་ཆེ་བས། རི་བོ་རྩེ་ལྔ་གནས་ཀྱི་གཙོ་བོར་མཛད་པ་སྟག་ལུང་དུ་སེམས་ཅན་གྱི་ཁྲོད་ནས་མར་རྐྱལ་ཚོ་བ་དང་རྦབ་རྡོ་མགྱོགས་པ་གླེང་བར་(༢བ)


GLG023_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པའི་ལོ་རྒྱུས་ལྟར་བཀའ་བརྒྱུད་པའི་ཐུགས་མོས་བརྟན་པོ་དེ་གའི་དཀྱུས་སུ་སོང་བ་འདྲ། ཨྱོན་སྤྲུལ་པའི་ཞིང་ཁམས་སུ། །རིགས་འཛིན་ཤྲཱི་སིངྷ་ལ། །ཞེས་གསུངས་པ་ཤྲཱི་སིངྷ་པཎ་གྲུབ་ཀུན་གྱི་གཙུག་གི་རྒྱན་ལྟ་བུ་ཡིན་ནའང་། བཀའ་འབྱེད་དུ། ཤྲཱི་སིངྷས་བྱས་པ་ལ། །སྔོན་འགྲོ་སྙིང་བྱང་སྒྲོན་མ་ཡོད། །སྒྲུབ་ཐབས་རྟག་རབ་བརྩེགས་པ་ཡོད། །པྲ་ཁྲིད་འཁོར་ལོའི་སྒྲིག་རིམ་ཡོད། །ཚེ་བདག་གསུམ་དུ་ཕྱེ་བ་ཡོད། །མཎྜལ་རྒྱ་མདུད་བརྩེགས་པ་ཡོད། །ཐུན་མོང་ཚེ་བདག་ལ་སོགས་པའི། །ཕྱི་ནང་རྟགས་ཀྱི་ངོས་འཛིན་ཡོད། །ལས་བཞིའི་མངོན་རྟོགས་མེད་པ་ཡོད། །འཁོར་ལོ་ཉི་ཤུ་ཐམ་པ་ཡོད། །ཅེས་གནམ་ལྕགས་སྡིག་པའི་ཆོས་སྐོར་དུ་སྒྲིག་ཏུ་མེད་པར་གསུངས་ཤིང་། བམ་ཆེན་གསང་བའི་དབང་གི་མཇུག་ཏུ་འཇམ་དཔལ་བཤེས་གཉེན་དེས་སྒྲུབ་ཐབས་ལག་ལེན་ཐམས་ཅད་མཛད་ནས་ཤྲཱི་སིངྷ་ལ་ཞེས་པ་ལྕགས་འདྲའི་སྐོར་འགའ་ཞིག་ལ་དགོངས་ཀྱི་ལྕགས་སྡིག་ཕྱོགས་ཀྱི་བརྒྱུད་པར་ཡེ་མི་བཞུགས་པས་དེའི་བླ་མའི་ཁྲོད་དུ་འདྲེན་པ་ནི་རྗེ་མར་པས་ལྟ་བ་མཻ་ཏྲི་བ་ལ་ཕུ་ཐག་བཅད་པ་གསུང་ལ་གསལ་ཡང་གནས་ལུགས་ཕྱག་རྒྱའི་བརྒྱུད་ཁུངས་ཀྱི་སྐབས་སུ། ནཱ་རོ་པ། མར་པ། ཞེས་གཡག་མགོ་ཤོ་བཞག་གིས་འདྲེན་པའི་རྣམ་ཐར་དེ་འདིར་ཡང་འགེབས་པར་མཛད་སྣང་། བཀའ་འབྱེད་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་ཞིག་ཀྱང་བཤད་རུང་འཇམ་དཔལ་བཤེས་གཉེན་ལ་ལྕགས་སྡིག་གནམ་ལྕགས་ཐོག་མེ། ལྕགས་འདྲ་གནམ་ལྕགས་ཐོག་མེ། ཐུན་མོང་བསྲུང་མཚམས་ཀྱི་ཆོས་སོགས་མང་དུ་ཡོད་པས་ལྐུགས་པའི་རིགས་འགྲེ་མཛད་པར་མི་རིགས་སོ། །ཆོས་འདིའི་བརྒྱུད་པའི་བླ་མ་ནི་(༣ན)


GLG023_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཕྱག་རྒྱ་ཟིལ་གནོན། སྤྲུལ་སྐུ་གསང་བའི་བདག་པོ། ལྷའི་བུ་ཚངས་པ། ལྷའི་བུ་ཉི་མ། ལྷའི་བུ་བདེ་བ་མཆོག་ལྡན། མཁའ་འགྲོ་མ་ཟླ་བའི་འོད་ཟེར། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །རོམ་བུ་གུ་ཧྱ་དེ་བ་ཙནྡྲ། ཤནྟིཾ་གརྦྷ། དྷ་ན་དྷ་ལ། ཁྲག་འཐུང་ནག་པོ། བྷ་སུ་དྷ་ར། ཇོ་བོ་གནུབས་བན་སངས་རྒྱས་རིན་པོ་ཆེ། གཏེར་སྟོན་རྒྱ་ཞང་ཁྲོམ་ཞེས་ཡོད་པས་བླ་མ་བརྒྱུད་པ་རྣམས་ཀྱང་ཕྱག་རྒྱ་ཆེན་པོའི་ཀློང་དུ་འཇམ་དར་ཡུག་གཅིག་ལ་སོང་བར་སྣང་། ལྕགས་སྡིག་གི་གླེགས་བམ་གཏེར་དུ་སྦས་པ་ལས་འདྲ་མིན་བཀའ་མར་བཞག་པ་མེད་པས་གཏེར་བརྒྱུད་ཁེ་རྐྱང་ཡིན་རུང་དབང་ལ་ཆུ་བོ་གཉིས་འདྲེས་སྟབས། གནུབས་ཆེན་ནས་གནུབས་ཡོན་ཏན་རྒྱ་མཚོ་སོགས་བཀའ་མའི་བརྒྱུད་ལུགས་རྒྱས་པར་ཡོད་པ་སྙན་གྱི་དབང་པོར་མ་སོན་པ་འདྲའོ། །རྒྱ་ཞང་ཁྲོམ་གྱི་རྗེས་སུ། གནུབས་ཆེན་གུ་རུ་མཆོག་ལྡན་དང་། །མཐུ་ཆེན་རྒྱལ་མཚན་ལྷུན་གྲུབ་ལ། །ཞེས་པའི་བརྒྱུད་ལུགས་འདི་འདྲ་ནི་བཀའ་བརྒྱུད་པ་དཔོན་སློབ་ཚོ་ཐུགས་ཁོག་ཡངས་དྲགས་པ་མིན་པ་གཞན་གྱི་བློར་མི་ཆུད་དེ། རྒྱུ་མཚན་སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱིས་ཕུང་པོ་རི་བོ་ཆེ་དང་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་འཇམ་དཔལ་གཤིན་རྗེ་མེའི་སྤུ་གྲིའི་ཆོས་སྐོར་རྣམས་གདན་དྲངས་ཏེ་ལྷ་རྗེ་གནུབས་ཆུང་བ་ལ་གནང་། རྗེ་བཙུན་མི་ལ་རས་པས་གནུབས་ཁུ་ལུང་དུ་དྲག་སྔགས་གཟའ་གདོང་དམར་ནག་གསན་ནས་ཨ་ཁུ་དང་ཨ་ནེ་སོགས་ཉེ་བ་དགྲར་ལངས་རྣམས་ལ་མཐུ་མཛད་པ། རས་པ་ཞི་བ་འོད་ཀྱི་དྲི་ལན་དུ། འོ་ན་ཁྱེའུ་ཆུང་བཞིན་ལེགས་སོ། །ཁྱོད་རྟོགས་འདོད་ཅན་དེ་ཚུར་ཉོན་དང་། །མི་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས། །མི་ང་ངོ་(༣བ)


GLG023_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་མ་ཤེས་ན། །མི་ང་རང་མི་ལ་རས་པ་ཡིན། །ལྟེ་བ་གུང་ཐང་སྨད་དུ་བཅད། །སློབ་གཉེར་དབུས་གཙང་མཐིལ་དུ་བགྱིས། །ཕ་དགེས་སྟོན་རྔོག་མིས་དབུ་མཛད་ནས། །རོང་སྟོན་ལྷ་དགའ་ཡན་ཆད་དུ། །ལར་དྲིན་ཅན་གྱི་བླ་མ་བཅུ་ཙམ་བཞུགས། །ཆོས་ནི་རྒྱུད་སྡེ་སྔ་འགྱུར་ཞུས། ཁོང་ལྟ་དགོངས་ཀྱི་ཆོས་ལ་མཁྱེན་པ་མཐོ། ཁྱད་པར་ལྷ་རྗེ་གནུབས་ཆུང་ལ། །དྲག་སྔགས་གཟའ་གདོང་དམར་ནག་ཞུས། །ཞེས་གསུངས་པས་གཏེར་སྟོན་རྒྱ་ཞང་ཁྲོམ་རྗེ་མི་ལ་ལས་ཅུང་ཞིག་སྔ། མི་ལ་དང་བླ་མ་བ་རི་ལོ་ཙཱ་བ་དུས་མཚུངས། བླ་མ་སྐུ་བསྲུང་པ་རྒྱལ་མཚན་ལྷུན་གྲུབ་དང་། སྒར་པ་ཆོས་གྲགས་རྒྱ་མཚོ། བྱ་འཇམ་དབྱངས་ཆོས་གྲགས། རྗེ་བཙུན་རྡོ་རིང་པ་ཆེན་པོ། དགའ་ལྡན་ཆོས་རྗེ་སྨོན་ལམ་དཔལ་བ་རྣམས་བགྲེས་གཞོན་ཙམ་མ་གཏོགས་ཐོག་མཉམ་པས་གནུབས་ཆུང་པ་ནས་བླ་མ་སྐུ་བསྲུང་པའི་བར་ལ། འདུས་པ་བདེ་དགྱེས་ཚེ་འཁྲིད་སོགས་བརྒྱུད་རིམ་མང་པོར་བླ་མ་སྐུ་ཚེ་ཐུང་བ་རྣམས་བོར་བའི་ཁ་གྲངས་ཉུང་ངུར་བསྡུས་ཀྱང་དྲུག་བདུན་མེད་ཐེབས་མི་འདུག་པས་དགོངས་འཚལ། རྗེ་བཙུན་མི་ལའི་རྣམ་ཐར་དུ་ང་ལ་མཐུ་གཟའ་གདོང་དམར་ནག་ཅེས་བྱ་བ་ཧཱུཾ་ཤི་དང་ཕཊ་འགྱེལ་ཐོངས་པ་ཞིག་ཡོད་པ་དེ། གཙང་རོང་གི་གནུབས་ཁུ་ལུང་བྱ་བ་ན་བླ་མ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་བྱ་བ་སྨན་ཡང་ཤེས་སྔགས་ཀྱང་ཤེས་པ་ཞིག་ཡོད་པ་དེ་ལ་བྱིན། ཁོང་ལ་སེར་བ་མཛུབ་ཁྲིད་ཐོངས་པ་ཞིག་འདུག་པ་དེ་ང་ལ་བྱིན་ནས་ངེད་གཉིས་མཐུན་པའི་གྲོགས་པོ་བྱས་ཏེ་ང་ལ་མཐུ་སློབ་ཏུ་བྱུང་ཚད་ཁོང་དུ་གཏོང་བར་བྱས། ཁོང་ལ་སེར་བ་སློབ་ཏུ་བྱུང་ཚད་ང་ཅན་གཏོང་བར་བྱས་ཡོད་པས། ཞེས་པའང་གཙང་སྨྱོན་པས་བླ་མ་གནུབས་ཆུང་པ་(༤ན)


GLG023_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོན་ཏན་རྒྱ་མཚོ་གཉིས་ནོར་བའི་འཁྲུལ་གཞིར་འདུག །རྣམ་ཐར་ཆོས་འབྱུང་ལོ་རྒྱུས་ཁུང་མ་ཚོར་གནུབས་ཆེན་གྱི་སྲས་གཉིས་འབངས་ཀྱི་གྱེན་ལོག་གིས་འཁྲུག་པར་བཀྲོངས་པས་ཐུགས་ཆད་དེ་རྒྱ་དཔེ་རྣམས་སྟག་སྒྲོ་གཟིག་སྒྲོར་བཅུག་པ་རྒྱ་བོང་གྭ་པ་ཞིག་ལ་བཀལ་ཏེ་རྒྱ་གར་དུ་སྐྱེལ་བར་དགོངས་ཏེ་ལམ་དུ་ཆས་པ་ན། གཡས་བན་མ་བོན་དང་མཇལ་ནས་ཁྱིམ་དུ་གདན་དྲངས། བོན་པོས་ཆང་ཉོ་བར་ཕྱིན་པ་སོ་ཡེ་ཤེས་དབང་ཕྱུག་དང་ཕྲད་ནས་དྲིས་པ་རང་ལ་མཆོད་གནས་གནུབས་སངས་རྒྱས་ཡེ་ཤེས་ཡོད་སྨྲས་པས་སོས་མཇལ་པར་བྱོན་དེ་དང་དུས་མཚུངས་སུ་པ་ཀོར་འཕགས་པ་བློན་ཆེན། སྲུ་ལེགས་པའི་སྒྲོན་མ། དན་ཡོན་ཏན་མཆོག་བཞིས་རྒྱ་གར་དུ་མི་གཤེགས་པར་གསོལ་བ་བཞིན་བཞུགས་ནས་མདོ་སྒྱུ་སེམས་གསུམ། ཡང་དག་དང་བདུད་རྩིའི་ཆོས་རྣམས་གསུངས། སྣར་གྱི་ཤུག་པ་ནག་པོར་བཞུགས་པའི་ཚེ་གནུབས་ཡོན་ཏན་རྒྱ་མཚོ་ལོ་སུམ་ཅུ་ལོན་པ་ཞིག་ཁྱི་ར་ལ་བྱོན་པ་རི་དྭགས་མ་སོད་པར་ནུབ་མོ་འཁྱམས་ནས་འཁྱགས་ཤིང་ལྟོགས་པ་ལ་སྤོས་ཀྱི་དྲི་ཚོར་ཏེ་གནས་ཤིག་ཡོད་དམ་སྙམ་བཙལ་བས་རྙེད་དེ་གནུབས་ཆེན་གྱི་སར་བྱོན་དྲིས་པས་རུས་གནུབས་ཡིན་པར་མཁྱེན་ཏེ་ཆོས་སྒོར་བཅུག་ཇོ་མོ་འདྲེ་སྒོམ་དང་གཉིས་ལ་གཤིན་རྗེའི་དབང་བསྐུར། གཤིན་རྗེའི་མན་ངག་ལུང་རྫོད་ཕྲང་དང་མདོ་སྒྱུ་སེམས་ཕྱོགས་སོགས་ཆོས་མང་དུ་གསུངས། སྲས་ཀྱི་དམ་པ་ལྕམ་སྲིང་གཉིས་ཞེས་ཀྱང་གྲགས། བཀའ་ཤོག་རྒྱ་བོ་ཆེར། རྒྱ་གར་མཁས་པ་བི་མ་ལ་མི་ཏྲ་དང་། །ཨྱོན་མཁས་པ་པདྨ་འབྱུང་གནས་དང་། །བལ་པོའི་མཁས་པ་བྷ་སུ་དྷ་ར་དང་། །བོད་ཀྱི་མཁས་པ་ཛྙཱ་ན་ཀུ་མཱ་རས། །བདག་ལ་གནང་བའི་མན་ངག་འདི་རྣམས་ཡིན། །བྱང་ཆུབ་སེམས་ཀྱི་(༤བ)


GLG023_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་བཅོ་བརྒྱད་པོ། །དོན་ལ་དབྱེ་བ་མེད་ཀྱང་མན་ངག་སོ་སོའི་བཞེད། །རྩའགྲེལ་ཏི་ཀ་གཅེས་པའི་ཡིག་ཆུང་མ་བུ་རྣམས། །སོ་གནུབས་གཉིས་ལ་གཏད་ཀྱི་འགྲོ་དོན་གྱིས། །ཞེས་པ་སོ་ཡེ་ཤེས་དབང་ཕྱུག་དང་གནུབས་ཡོན་ཏན་རྒྱ་མཚོ་གཉིས་ཡིན་ལ། སེམས་ཅན་དོན་ལ་བྱེད་བའི་མན་ངག་བརྒྱ་བཅུ་གཉིས། །མཁས་པ་རྣམ་བཞིའི་མན་ངག་རྒྱུན་མ་བཅད། །བྱང་ཆུབ་སེམས་དོན་མན་ངག་ངོས་འཛིན་བྱེད་པའི་མཎྜི་ཀ །བུ་གཅིག་ཡོན་ཏན་རྒྱ་མཚོ་སེམས་ཀྱི་དཀྱིལ་དུ་བསྟིམ། །ཞེས་འབྱུང་བས་གནུབས་ཡོན་ཏན་རྒྱ་མཚོ་ནི་སངས་རྒྱས་ཡེ་ཤེས་ཀྱི་དངོས་སློབ་ཡིན། གནུབས་ཡོན་ཏན་རྒྱ་མཚོ་ལ་ཐོག་མར་སྲས་གསུམ་བྱུང་བ་བླ་མ་གཤེགས་སྐྱེལ་ལ་བཏང་བའི་དུས་སེར་སྣ་བྱས་ནས་ཆོས་རྣམས་མ་ཕུལ་བས་དམ་ཚིག་གི་སེལ་བྱུང་སྟེ་བླ་མའི་བཀའ་བཞིན་ཆོས་མང་དུ་བསྐུར་ནས་གཞན་དུ་སྤྱུགས། བླ་མས་མིང་དང་བཅས་ཏེ་ལུང་བསྟན་པའི་སྲས་གཉིས་བྱུང་བའི་ཆེ་བ་གནུབས་ཡེ་ཤེས་རྒྱ་མཚོ་དང་ཆུང་བ་གནུབས་པདྨ་དབང་རྒྱལ་དུ་གྲགས། གཅེན་ཡེ་ཤེས་རྒྱ་མཚོ་བོན་པོ་དང་འགྲས་པར་གཅུང་ལ་དབུས་སུ་འཕྲིན་བཏང་སྟེ་གདམས་པ་ཟབ་མོའི་དཔེ་ཁྱེར་བ་རྣམས་བསྐུར་གསུངས་པ་བཞིན་འབྱོར་ནས་ལས་སྦྱོར་མཛད་པས་བོན་པོ་རྣམས་ཁ་ཕུད་དུ་བཏང་། གཅུང་པདྨ་དབང་རྒྱལ་ལ་སྲས་གཅིག་དང་སྲས་མོ་བརྒྱད་ཡོད་པའི་སྲས་གནུབས་ལྷ་རྗེ་འཇམ་དཔལ་གྱིས་ཞང་པ་ཚབ་ཀྱི་ཇོ་མོ་ཁབ་ཏུ་བཞེས་པར་སྲས་ལྷ་རྗེ་གནུབས་ཆུང་པའམ་ཡེ་ཤེས་གཟུངས་སུ་གྲགས་པ་འཁྲུངས། གནུབས་ཡོན་ཏན་རྒྱ་མཚོ་དང་གནུབས་ཆུང་པའི་བར་མི་རབས་གཉིས་ཀྱིས་ཆོད་པས་འཁྲུལ་གཞི་ཆེ་ཞིང་གསོ་རིག་གི་ལོ་རྒྱུས་ཚོར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དབུ་སྐྲ་ལ་དར་ཡུག་བཏགས་པའི་སྣེ་ལ་མཐའ་བཞིའི་སྨན་པ་བཀུག་པ་རྣམས་བཞག་ནས་(༥ན)


GLG023_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་བཀུར་ཏེ། མགོ་ནག་ཡོངས་ཀྱི་ལྷ་ནི་བཙན་པོ་སྟེ། །དེས་ཀྱང་ཐོད་དུ་འཁུར་བས་ལྷ་རྗེར་ཐོགས། །ཞེས་རྒྱ་ཆེར་བསྔགས་པ་དང་ཆོས་མཚུངས་པ་བོན་གྱིས་མངའ་བདག་ལ་ཐོག་འབེབས་པའི་དུས་སྤར་བ་གུ་རུ་རིན་པོ་ཆེ་ཆོས་དབང་གི་ཡབ་མེས་སྤང་རྗེ་བཙན་ཁྲོམ་གྱིས་ཕོ་བྲང་གི་ཡང་ཐོག་ཏུ་བཞུགས་པའི་ཚེ་ཐོག་བར་སྣང་ལ་དམར་ཧྲིལ་ཧྲིལ་བྱུང་བ་སྡིགས་མཛུབ་ཀྱི་རྩེ་ལ་བླངས་ཏེ་བོན་པོའི་སྟེང་དུ་འཕངས་པས་སྔགས་པ་རྣམས་ལ་ཡང་སྨན་པ་དང་འདྲ་བར་ལྷ་རྗེར་བཏགས་པ་མ་གོ་བར་ལྷ་རྗེ་ཟེར་ན་འཚོ་བྱེད་ཅིག་ལས་འོས་མེད་སྙམ་ནས། སྨན་ཡང་ཤེས་སྔགས་ཀྱང་ཤེས་ཞེས་སྒྲ་དག་མདོག་བྱེད་པ་རྨོངས་པའི་རང་མཚང་དུ་གསལ། དྲག་སྔགས་གཟའ་གདོང་དམར་ནག་གནུབས་ཆུང་པས་གཡུང་སྟོན་ཁྲོ་རྒྱལ་ལ་ཞུས་ཟེར་བའང་ཐེ་ཚོམ་གྱི་གཞི་ཆེ་སྟེ་གཟའ་གདོང་དམར་ནག་ངོས་འཛིན་རྣམ་གྲངས་མངས་པའི་གནོད་སྦྱིན་བཤན་པ་དམར་པོ་ཡིན་པའི་ཕྱོགས་བྱེད་མཁན་མང་བའི་ལུགས་ལྟར་ནའང་། ཆོས་སྐོར་འདི་གནུབས་ལུགས་རང་ལ་ཤིན་ཏུ་རྒྱས་པས་གཞན་ལ་ཞུ་བའི་དོན་མ་བྱུང་། ལ་ལ་བསམ་གཏན་གླིང་པའི་ཨ་ཏིའི་ནང་གི་གཟའ་རྒོད་སྒྱིད་རེངས་ཡིན་པར་འདོད་མོད། གནུབས་ཆེན་དྲག་སྔགས་ཐམས་ཅད་ཀྱི་བདག་པོ་ཡིན་པས་ཆོས་སྐྱོང་འདིའི་སྐོར་མ་བཞུགས་པའི་མཐའ་ནི་ཅི་བཀག དེང་སང་བཀའ་གཏེར་ཚད་མར་གྲགས་ཆུང་ཞིང་རྗེ་བཙུན་བསམ་གཏན་གླིང་པའི་གསན་ཡིག་ལྟར་ན་ཨྱོན་ཆེན་པོ་ནས། ཅོག་རོ་དཔལ་གྱི་མཆོད་གནས། འཁོན་རྡོ་རྗེ་རིན་ཆེན། འཁོན་ཤེས་རབ་ཡོན་ཏན། འཁོན་ཡོན་ཏན་འབྱུང་གནས། འཁོན་ཚུལ་ཁྲིམས་རྒྱལ་པོ། འཁོན་རྡོ་རྗེ་གཙུག་ཏོར། འཁོན་དགེ་སྐྱབས། འཁོན་དགེ་མཐོང་། འཁོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། འཁོན་ཤེས་རབ་(༥བ)


GLG023_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས། འཁོན་དཀོན་ཅོག་རྒྱལ་པོ་ཞེས་འབྱུང་བས་གནུབས་ལུགས་ལ་བརྒྱུད་པ་གཞན་ཞིག་ཡོད་ན་མ་གཏོགས་འཁོན་ནས་བརྒྱུད་པ་རང་ནི་ཐེ་ཚོམ་གྱི་གཞིར་མཆིས། ཆོས་རྒྱལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས་ཡབ་སྲས་ཀྱི་བཞེད་པར་ཡང་བཟློག་མེའི་སྤུ་གྲིར་གཤིན་རྗེ་གཟའ་གདོང་དམར་ནག་ཏུ་ངོས་འཛིན་པས། རྒྱས་གཏེར་ནས་བཞེས་འཕྲལ་གྱི་གྲི་མགར་ལག་མ་དེ་ཨ་ཁུ་ཨ་ནེའི་མགོ་བོ་ལ་བསྣུན་པར་མངོན་མོད་ལུགས་གསུམ་པོ་གང་ཡིན་གཅིག་ཏུ་ཁ་ཚོན་མ་ཆོད་ཀྱང་གཡག་ཞར་པའི་རྩྭ་ལྟར་ཕྱོགས་རེའི་མིག་ཅན་དུ་མ་སོང་བ་ནི་གལ་ཆེ་བར་གདའ། རས་པ་བརྒྱད་བསྒྲིགས་དང་བཞི་བསྒྲིགས་ཟེར་བའི་མགུར་འབུམ་ལ་ལར་གནུབས་ཆུང་པ་བོན་པོ་ཡིན་ཁུལ་བྱས་འདུག་པ་གནག་རྫི་རྒན་པོ་ཆོས་སྒོར་ཞུགས་མ་ཐག་ནས་གྲུབ་པའི་དབང་ཕྱུག་ཆེན་པོར་སོང་བ་རྣམས་ཀྱིས་བན་བོན་དབྱེ་བ་མ་བྱེད་པ་ཐུགས་མད་ཅེས་བདེན་ཁ་འབུལ། བླ་མ་སྐུ་བསྲུང་པའི་འོག་ཏུ། སྐལ་ལྡན་རྡོ་རྗེ་རྒྱལ་པོ་དང་། །དྷརྨ་ཀེ་ཏུ་དཔོན་སློབ་ལ། །ཞེས་པ་པདྨ་ལས་འབྲེལ་རྩལ་གྱི་གཏེར་མའི་ཁྱབ་འཇུག་དང་གནོད་སྦྱིན་སོགས་ཀྱི་བརྒྱུད་པར། ལས་འབྲེལ་རྩལ། ལོ་སྟོན་རྡོ་རྗེ་འབུམ། མཐིང་མ་བྲག་འོད། སྐལ་ལྡན་རྡོ་རྗེ་རྒྱལ་པོ་ཞེས་འབྱུང་བས། ལས་འབྲེལ་རྩལ་གྱི་སྐུ་སྐྱེ་ཀུན་མཁྱེན་ཀློང་ཆེན་པ་ཡིན། དྲུང་ཆེན་རིན་པོ་ཆེ་ཏཱའི་སི་ཏུས་ཀློང་ཆེན་པ་འབྲི་གུང་པའི་བླ་མ་ཡིན་ཞེས་སྡང་བར་མཛད་པའི་ལོ་རྒྱུས་དེབ་སྔོན་དུ་ཡོད། རྒྱལ་བ་བཙོང་ཁ་པ་ཆེན་པོ་བོད་དུ་ཕེབས་སྐབས་དྲུང་ཆེན་རིན་པོ་ཆེ་གཤེགས་ཟིན། སྐལ་ལྡན་རྡོ་རྗེ་རྒྱལ་པོ་རྗེ་བཙུན་བཙོང་ཁ་པ་ཆེན་པོ་དང་དུས་མཚུངས་སུ་བྱུང་ཚོད་ནས། དེ་རྗེས་མི་ཐོག་གཉིས་ཙམ་སོང་ནས་བླ་མ་སྐུ་བསྲུང་པ་བྱུང་བ་གཏན་ཚིགས་ཀྱིས་བསྒྲུབ་ནུས། དྷརྨ་ཀེ་ཏུའི་(༦ན)


GLG023_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ། ལྕགས་གཏུན་ནག་པོ་ཆོས་ཀྱི་གྲགས། །གཏེར་སྟོན་བྱ་བྲལ་མཚན་ཅན་ལ། །ཞེས་སྣང་བའི་ལྕགས་གཏུན་ནག་པོ་ནི་གཏེར་སྟོན་རྒྱའི་དངོས་སློབ་ཡིན། དེའི་སློབ་མ་གནུབས་སྟོན་ཆོས་གྲགས་ཡིན། གནུབས་བྱ་བྲལ་བ་ཞེས་པ་ལས་གཏེར་སྟོན་ཡིན་པ་ཀུན་ལ་མ་གྲགས་པས་རྟོགས་ལྡན་ཕོ་མོ་རྣམས་ཀྱི་རྨི་ལམ་ལ་ཤར་བ་ཡིན་ཤས་ཆེ། འདིའི་སློབ་མ་སྐལ་ལྡན་རྡོ་རྗེ་རྒྱལ་པོ་ཡིན་པས་བླ་བརྒྱུད་འདི་སྔགས་སྡེབས་བཞིན་དཀྲུགས་པ་ནི་མིན་ལ་ཆེ། བརྒྱུད་འདེབས་མངོན་རྟོགས་ཀྱི་ཐོག་མར་འདོན་པ་སྔགས་གསར་རྙིང་ཀུན་གྱི་སྲོལ་ཡིན་རུང་ཁྱེད་དཔོན་སློབ་བསྟོད་པའི་མཇུག་ཏུ་གསུང་གི་ཡོད་གདའ་བ་ཁྱད་ཆོས་བླ་ན་མེད་པ་ཞིག་ཡིན་ནམ་སྙམ། སྨོན་འགྲོ་པཎ་ཆེན་གྱི་ཕྱག་དཔེའི་ཁྲོད་དུ་ལོ་ཆེན་སངས་རྒྱས་དཔལ་བཟང་གི་གསན་ཡིག་ནས་བཤུས་པའི་སྔགས་སྡེབས་སྙིང་གཟེར་ནག་པོའི་བརྒྱུད་པར། པདྨ་དཀར་པོ་ཡན་ཚེ་བདག་གི་བརྒྱུད་པ་བཤད་མ་ཐག་པ་བགྲངས་པའི་མཇུག་ཏུ་རིན་པོ་ཆེ་ལྷ་རྩེ་བ་ངག་དབང་བཟང་པོ། དེ་ལ་ལོ་ཆེན་གྱིས་གསན་ཟེར་བ་བྲིས་འདུག་པ་གསང་རྫོགས་བརྒྱུད་པ་དང་མཐུན་པའི་གུ་རུ་ཆོས་དབང་ནས་གདུང་བརྒྱུད་སློབ་བརྒྱུད་ཀྱི་རིགས་ཚིག་གཅིག་ཀྱང་མེད་པའི་གནུབས་ལུགས་ནས་བརྒྱུད་པའི་ཁུལ་དེ་འདྲེ་ཤར་སྒོ་ལ་གླུད་ནུབ་སྒོ་ཁོ་ནའི་ནང་ཁྲོལ་གྱི་ལྟད་མོ་ཕྱི་བསྟན་དུ་སྣང་ཡང་རྗེས་འཇུག་རྣམས་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་བརྟན་དྲགས་པས་ཕྱག་མཛུབ་གང་གཏད་ཤར་ལས་འོས་ཅི་མཆིས། ལས་བྱང་དངོས་ཀྱི་སྐབས་ལྕགས་སྡིག་གི་ལས་བྱང་ཆེན་མོར། ངེས་པའི་མཆོག་མཐུན་བསྒྲུབ་འདོད་ན༔ ལུས་དང་མཆོད་རྟེན་དཀྱིལ་འཁོར་བསྒྲུབ༔ དེ་ཡི་ལག་ལེན་རིམ་པ་རྣམས༔ འདི་རུ་ལེགས་གསལ་བཀོད་པའོ༔ (༦བ)


GLG023_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པའི་དོན་བཀའ་འབྱེད་དུ། སྨད་ཀྱི་གཉེར་མ་གསུམ་པོ་ལས༔ བསྟོད་བསྐུལ་རྒྱས་འབྲིང་བསྡུས་གསུམ་བྱུང་༔ དེ་ཡང་གཅེས་པའི་ཆོས་ཚན་གཅིག༔ བར་གྱི་གཉེར་མ་གསུམ་པོ་ལས༔ མངོན་རྟོགས་ཆེ་འབྲིང་ཆུང་གསུམ་བྱུང་༔ དེ་ཡང་གཅེས་པའི་ཆོས་ཚན་གཅིག༔ ཅེས་ལས་བྱང་ཆེན་མོ་དང་འབྲེལ་བར་མངོན་རྟོགས་ཆེན་མོས་དཀྱིལ་འཁོར། ལས་བྱང་འབྲིང་པོ་དང་འབྲེལ་བར་མངོན་རྟོགས་འབྲིང་པོས་མཆོད་རྟེན་བཅས་ཆོག །ལས་བྱང་ཆུང་བ་དང་འབྲེལ་བར་མངོན་རྟོགས་ཆུང་བས་གཏོར་བཟློག་གམ་ལུས་དཀྱིལ་རྒྱུན་འཁྱེར་གྱི་ཉམས་ལེན་དུ་སྦྱར་ནས་མཛད་པ་སྤྱིར་བཏང་དང་བྱེ་བྲག་ལས་བྱང་དང་མངོན་རྟོགས་ཆེན་མོར་སྦྱར་བའི་གཏོར་བཟློག་མེད་ཅེས་མཐའ་བཀག་པ་མིན་རུང་གཞུང་གི་དངོས་བསྟན་དང་བསྟུན་པ་ནི་བསྟོད་བསྐུལ་ཆེན་མོར། བཀའ་འབྱེད་གསེར་གྱི་ལྡེ་མིག་བརྩམས༔ དེ་ལས་གྱེས་པའི་འཕྲིན་ལས་ཆེ་འབྲིང་ཆུང་གསུམ་ཡོད༔ དཀྱིལ་འཁོར་མཆོད་རྟེན་གཏོར་བཟློག་དོན༔ ལག་ལེན་དོན་དུ་གསལ་བར་བཀོད༔ ཅེས་སོགས་སྔ་ཕྱིའི་དགོངས་པའི་དབང་གིས་ལས་བྱང་གསུམ་དང་མངོན་རྟོགས་གསུམ་བྱུང་བ་ཡིན་པའི་ཤེས་བྱེད་མེད་པར། དཀྱིལ་འཁོར་གསུམ་ལས་ཨེ་ཐུང་ལ་ཞེས་པའང་མུན་ནག་འདོམ་འཇལ་དུ་ཟད། བསྟོད་བསྐུལ་ཆེན་མོར། ཧཱུཾ་ལས་འཕྲོས་པའི་ཁྲོ་བོ་བཅུ། །ཞེས་སོགས་བགེགས་སྐྲོད་ཀྱི་སྔོན་དུ་འདུག་པ་དང་འོག་ཏུ། སྟེང་ཡང་ཁྲོ་བོའི་རང་བཞིན་ལ་ཞེས་སྣང་བ་འཁྲུགས་སྡེབས་ཀྱི་དགོངས་པ་མ་ལོན་པར་ཐོག་མར་ཁྲོ་བོ་བཅུའི་བསྲུང་འཁོར་མཛད་ནས་དེ་རྗེས་བགེགས་གཏོར་བཏང་ཞིང་མཚམས་བཅད་པ་ནི་གོ་རིམ་འཆོལ་བར་མ་ཟད་དམིགས་པ་དང་ལག་ལེན་ཤིན་ཏུ་མི་བདེ་བའི་སྟེང་སྔ་འགྱུར་གྱི་སྒྲུབ་འཕྲིན་ཕལ་(༧ན)


GLG023_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་དང་འགལ། འདི་གའི་བརྗོད་བྱ་ཡང་སྣང་སྲིད་འཁོར་ལོ་རྩིབས་བཅུར་འཕྲོ་ཟེར་བ་སྣང་སྲིད་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་པའི་ངང་ནས་ཡེ་ཤེས་ཀྱི་འཁོར་ལོ་བསྒོམ་དགོས་རྒྱུ་ལ་སྣང་སྲིད་ཐ་མལ་གྱི་སྣང་བ་དེ་ག་འཁོར་ལོ་རྩིབས་བཅུར་སོང་བ་དོན་དང་མ་འབྲེལ་ཞིང་བསྒོམ་ཚེ་དེ་ལྟར་ཡིན་ཞེ་ན་ཚིག་སྐྱོན་དངོས་སུ་ཞུགས་པའི་ཉེས་པ་གང་གིས་སེལ། ལྟེ་བར་བདག་ཉིད་ཟིལ་གནོན་སྐུ། །འཇིགས་བྱེད་ཀི་ལ་ཡ་སྒྲོག་པ། །ཞེས་པའི་ཀི་ལ་ཐུང་ངུ་ཅ་ཅོལ་བྱེད་ན་འཇིགས་བྱེད་ཅ་ཅོའི་སྒྲ་སྒྲོག་པར་ཡ་མཚན་རྒྱུ་མ་བྱུང་ཞིང་ཚིག་གྲོགས་ཀྱིས་ཡ་མ་ཐོབ་རྣམ་དབྱེ་སྟེར་ན་དྲུག་པ་འཇུག །རིང་པོར་བྱས་ཏེ་ཕུར་བུ་ལ་བྱེད་ན་གདབ་ལས་ཀྱི་སྐབས་མ་གཏོགས་གཤིན་རྗེ་ལ་ཕུར་པའི་སྒྲ་བཅུག་པའང་འབྲེལ་ཆགས་པར་མ་མངོན། བྱིན་འབེབས་ལ་དམ་རྫས་བྱིན་འབེབས་ཞེས་དམིགས་ཀྱིས་བཀར་བ་སྒྲུབ་པ་པོ་གནས་ཁང་དམ་རྫས་སོགས་ཐམས་ཅད་ལ་བྱིན་ཕབ་ཆོག་པས་དེ་འདྲའི་རྒྱ་ཆུང་བ་ཅི་ལ་དགོས། མཆོད་རྫས་བྱིན་བརླབ་ཀྱི་སྐབས་རཾ་ཡཾ་ཝཾ་ཞེས་ཆུའི་ས་བོན་ཝཾ་དུ་མཛད་པ་སྔགས་རྙིང་མ་ལ་ཁཾ་བྱེད་པ་མི་འཐད་པའི་དག་ཆ་ཡིན་འདུག་རུང་གསར་མ་དང་མི་མཐུན་པ་རྒྱུ་མཚན་དུ་བྱེད་ན་ཆོ་ག་ཕྱག་ལེན་གསང་སྔགས་མཐའ་དག་རྣམས་རྩ་བ་ནས་གྲ་སློག་པའི་བརྡ་ཆད་གསར་དུ་དགོས་ཡོང་བས་དེ་ལྟར་ན་ལྕགས་སྡིག་འཕྲིན་ལས་ལ་བརྟེན་པ་བས་དྲག་པོ་ཕུར་ཞབས་མ་ལྟར་ལྷའམ་བླ་མ་ཆེ་གེ་མོ་ཞིག་གིས་ཁོ་བོ་ལ་རྨི་ལམ་དུ་གནང་བ་ཡིན་ནོ་ཞེས་ཚེ་བདག་གསར་པ་ཆུ་ལས་ཆུ་ཝུར་རྡོལ་བ་ལྟ་བུ་མཛད་ཀྱང་ཅིས་མ་ཁྱབ། ཏིང་འཛིན་རྣམ་གསུམ་གྱི་སྐབས། སྣང་སྟོང་དབྱེར་མེད་ཡེ་ཤེས་སྒྱུ་མའི་སྐུ། །ཞེས་སྣང་སྟོང་ཟུང་དུ་འཇུག་པའི་སྒྱུ་མའི་རོལ་པ་ལྟ་བུར་འཆད་པ་ནི་ཆོས་སྐུ་དེ་བཞིན་ཉིད་ཀྱི་ཏིང་འཛིན་གྱི་ཕྱོགས་ཙམ་དུ་ཡང་མ་སོང་(༧བ)


GLG023_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེ་ཏིང་གི་དོན་ཆོས་སྐུ་སྤྲོས་བྲལ་ཀ་དག་ཏུ་ངོ་འཕྲོད་པ་ཞིག་དགོས་པས། བསྟོད་བསྐུལ་དུ། གང་ལ་དངོས་པོའི་མཚན་མ་རྡུལ་ཙམ་མེད་ཅེས་འབྱུང་བས་སོ། །ལོངས་སྐུ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལ། ཡོན་ཏན་ཡེ་ཤེས་མཚན་དང་དཔེ་བྱད་ལྡན། །ཞེས་རྣམ་པར་སྣང་མཛད་གངས་ཅན་མཚོ་ལྟ་བུའི་ཉམས་ཤར་བའང་ཕྱོགས་ཙམ་དུ་མ་སོང་སྟེ། དེ་ཏིང་གི་དུས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་གདངས་ཀུན་ཏིང་ལ་འདིར་སྤྲོས་བྲལ་གྱི་དོན་དམ་རྟོགས་པའི་སེམས་ཅན་རྣམས་ལ་དམིགས་པའི་བརྩེ་བ་སྙིང་རྗེ་ཆེན་པོ་འགག་མེད་དུ་འཆར་བའི་གསལ་བ་ལ་འཛིན་པ་མ་ཞུགས་པ་ཞིག་དགོས་པ་ཡིན་པས། བསྟོད་བསྐུལ་ལས། སེམས་ཅན་ཡོངས་ལ་ཁྱབ་པ་ཡི། །སྙིང་རྗེའི་འོད་ཟེར་དམར་སྨུག་ནི། །རང་བཞིན་གསལ་བའི་ངང་དུ་བསྒོམ། །ཞེས་འབྱུང་བས་སོ། །རྒྱུའི་ཏིང་འཛིན་གྱི་ཚེ། སྐུ་ནི་སྒྱུ་མའི་ཕྱག་རྒྱ་ཅིར་ཡང་སྣང་། །གསུང་ནི་ཁྲོ་བོའི་རྔམ་སྒྲ་ལྔ་དང་ལྡན། །ཞེས་འདིའི་སྐབས་ནས་ཕྱག་རྒྱ་ཟིལ་གནོན་གྱི་སྤྲུལ་སྐུར་བཞེངས་པ་འདྲ་ཞིག་འདུག་ནའང་སྐུའི་རྣམ་པ་མ་ཡིན་པའི་རྒྱུའི་ས་བོན་སྟོང་པའི་ཆོ་འཕྲུལ་ཨེ་ཡིག་ནམ་མཁའ་ལས་སྤྲིན་བྱུང་བ་ལྟ་བུ་བསྒོམ་པ་ནི་ལུགས་འདི་ལ་བྱང་བའི་སྔགས་རྒན་རལ་པ་ཅན་རྣམས་ཀྱི་བཞེད་པ་ལགས་པས་རྩལ་བཤད་ཀྱི་ཐུགས་བཟོ་འདི་དག་བྱ་བྲལ་རྒན་པོ་རྣམས་ཀྱི་པང་དུ་ངལ་གསོ་བར་བྱོས་ཤིག །ཏིང་འཛིན་གསུམ་ནི། གནུབས་ཀྱི་ལས་རིམ་གསལ་སྒྲོན་དུ། ཧཱུཾ། རྟོག་པ་མེད་པའི་ཆོས་ཉིད་ལས། །དངོས་པོ་མེད་པའི་ངང་ཉིད་དུ། །སྟོང་པའི་ཡེ་ཤེས་ཅིར་ཡང་གསལ། །ཆོས་ཉིད་དུ་ནི་དབྱེར་མེད་གྱུར། །ཨཱོཾ་ཨ་ཏི་ས་མ་ཏི་ཧཱུཾ། ཧཱུཾ་གསལ་བའི་རང་བཞིན་དངོས་པོ་མེད། །ཀུན་གྱི་རང་བཞིན་གསལ་བ་ལས། །འཛིན་སེམས་མེད་(༨ན)


GLG023_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅིར་ཡང་སྣང་། །གསལ་ཞིང་དག་པ་དབྱེར་མེད་གྱུར། །ཨཱོཾ་མ་ཧཱ་ས་པ་ཏ་ས་མ་ཏི་ཧཱུཾ། ཧཱུཾ་རིག་པའི་ཡེ་ཤེས་གསལ་བ་ལས། །ཆོས་རྣམས་ཀུན་གྱི་རྩ་བ་ནི། །བྱང་ཆུབ་སེམས་ཀྱི་རྩ་བ་ཡིན། །སྟོང་པའི་ཆོ་འཕྲུལ་ཅིར་ཡང་འཆར། །ཨཱོཾ་མ་ཧཱ་ཛྙཱ་ན་ས་མ་ཏི་ཧཱུཾ། ཞེས་བྱུང་ཞིང་སྒྲོལ་ཆེན་བསམ་གྲུབ་རྡོ་རྗེའི་ལས་བྱང་སོགས་ཁུངས་མ་མང་པོར་ཡང་དེ་ལྟར་ཡོད་པ་གཟུར་གནས་རྣམས་ཀྱི་སྙིང་ལ་བཅང་ངོ་། །གཞལ་ཡས་ཁང་གི་སྐབས། གྲུ་བཞི་སྒོ་བཞི་རྟ་བབས་མཆོད་རྟེན་དབྱིབས། །ཞེས་པ་སྒྲུབ་ཆེན་སོགས་དཀྱིལ་འཁོར་ལ་མཆོད་རྟེན་དབྱིབས་ཡོང་དོན་མེད། བཅས་ཆོག་བསྒྲུབ་པའི་ཚེ་གྲུ་བཞི་སྒོ་བཞིའི་བཤད་ཚོད་དང་བསྒོམ་ཐེབས་གཉིས་ཀ་མེད་པས་དེ་འདྲ་ལྷན་ཅིག་ཏུ་བསྒོམ་པའི་དཀྱིལ་འཁོར་ཡ་མ་ཟུང་དེ་གནུབས་ཀྱི་སྔགས་རྒན་རྣམས་ལ་བེད་མི་འདུག་པས་མགོན་མང་གི་སྣོན་མ་ལ་རྒྱག་པ་ཞུ། ཡང་རྟ་བབས་སྟེང་ཆོས་ཀྱི་འཁོར་ལོ་ཞེས་སྔགས་གསར་མ་ལ་གྲགས་པའི་འཁོར་ལོ་དཀྱུས་མའི་ཚབ་ལ་མཆོད་རྟེན་གྱི་བུམ་པ་ཡན་ཆད་མཛད་པ་རྟ་བབས་བུམ་མགོ་མ་ལ་ཐུགས་རྩེ་གཏད་ན་ནི་བཀའ་བརྒྱད་སོགས་གཞན་ལའང་མཆོད་རྟེན་བཅས་ཆོག་གི་རྣམ་གཞག་འཇོག་དགོས་པས་ཧ་ཅང་ཐལ་ལོ། །རྟ་བབས་མཆོད་རྟེན་དབྱིབས་ཞེས་པའི་ཚིག་རིས་ལ་དཔགས་ན་རྟ་བབས་དེ་མཆོད་རྟེན་གྱི་དབྱིབས་སུ་སོང་འདུག་པས་བང་རིམ་རྣམས་རྟ་བབས་ཀྱིས་ཡོང་བའི་བཀྲ་བཀྲ་ཞིག་ཤར་བ་འདྲ་རུང་། རྟ་བབས་སྣམ་བུ་བཞི་མ་ལ་གླང་རྒྱབ་མིག་གསུམ་མ་དགོས་པས་མཆོད་རྟེན་གྱི་ཐིག་རྩ་ལ་གླང་རྒྱབ་ཡོད་པ་མ་མཐོང་ལྷག་ཏུ་ཚེ་བདག་ལ་རྟ་བབས་སྣམ་བརྒྱད་མ་བཤད་པས་རྟོག་བཟོའི་དཔེ་འགེབས་ཐེབས་ཀྱང་མ་བྱུང་བས་དེ་བཞིན་གཤེགས་པའི་དུས་མཆོད་རྟེན་བརྒྱད་ལས་མ་གྲགས་རུང་(༨བ)


GLG023_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་དགོན་ཚོར་རྫ་གཅོག་མཆོད་རྟེན་དབྱར་གྱི་ལོ་མའི་ཅོད་པན་ཅན་ཞིག་གསར་དུ་བསྐྲུན་དགོས་པ་འདྲའོ། །གཙོ་བོ་བསྐྱེད་པའི་སྐབས། ཨེ་ཉིད་ཨེ་ཀ་ཛ་ཊི་འཕྲོས་འདུས་ཐིམ་ཞེས་རྒྱུད་དངོས་སུ་བཤད་ནས་དེ་མ་ཐག །རྒྱུ་མེད་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །ཞེས་སོགས་དངོས་འགལ་ལ་སོང་ཞིང་གནམ་ཐོག་ཆེན་མོའི་ལམ་སྲོལ་གྱི་སྐབས། རྒྱུ་དང་རྐྱེན་ལས་མ་བསྐྱེད་པར། །ཞེས་པའི་ཚིག་གསན་པར་བརྟེན་ཡོ་ག་གསུམ་གྱི་བསྒོམ་ལུགས་མ་དགོངས་པར་ཞལ་ནས་ར་འདོན་ལུག་འདོན་བྱུང་བ་འདྲ། ཁྱུང་གཤོག་ཙམ་མ་གཏོགས་དཔལ་གྱི་ཆས་བརྒྱད་སོ་སོར་བགྲངས་པ་དང་གཅིག་ཏུ་བསྡོམས་པའི་གསལ་ཁ་མ་མཛད་འདུག་པ་གཏེར་གཞུང་ཚོར་ཚིག་སྣ་ཐུང་བའི་མི་གསལ་ཞིང་རྣམ་བཤད་དང་གསུང་རྒྱུན་སྙན་དུ་མ་དངས་པའི་སྐྱོན་འདྲ་བས། སྔ་འགྱུར་གྱི་རང་སྐད་དུ། སྤྱི་གཙུག་མི་འགྱུར་རྡོ་རྗེ་ཕྱེད་པའི་ཆས། ཁམས་གསུམ་ཟིལ་གནོན་ལྕང་ལོ་རལ་པའི་ཆས། །རྫུ་འཕྲུལ་ཤུགས་ལྡན་ཐབས་ཤེས་གཤོག་པའི་ཆས། །ཕ་རོལ་དཔུང་འཇོམས་ཕྱག་མཚན་མཚོན་ཆའི་ཆས། །གཞན་གྱིས་མ་ཐུབ་བསྲུང་བ་གོ་ཁྲབ་ཆས། །ཉམ་ང་ཀུན་བྲལ་རྟོག་མེད་རོ་གདན་ཆས། །འཁོར་འདས་རོ་མཉམ་ཁྲག་ཞག་རྒྱ་མཚོའི་ཆས། །ཉོན་མོངས་ཀུན་བསྲེག་བསྐལ་པ་མེ་དཔུང་ཆས། །ཞེས་འབྱུང་བའང་རྗེས་འཇུག་ཐུལ་གོག་གཅིག་གི་འོག་ནས་སྤྲུལ་སྐུ་བ་དགུ་བཞེངས་མཁན་རྣམས་ཀྱི་ཐུགས་སུ་བཞུགས་འཚལ། ཚོགས་མཐའ་མའི་སྐབས་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཐུན་བདུན་པའི་ཚིག་དོན་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་སྣང་། བཀའ་བརྒྱད་གཙོ་བོ་འཕོ་བའི་དབང་དུ་མཛད་དེ་ཚེ་བདག་གི་བཀའ་གཞན་རྣམས་ལས་ལ་བསྐུལ་བ་པད་གནུབས་གཉིས་ཀྱི་ཕྱག་ཏུ་མ་ལོན་(༩ན)


GLG023_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་འདྲ་ཐུགས་ཉམས་སུ་བཞེས་ཐུབ་པ་རྟོགས་ལྡན་རྣམས་གང་ཡོད་འདིར་ཤོག་གི་བློ་ཤེད་ཆེ་བའི་ཞེ་མེད་སྒལ་རལ་གྱི་དཔའ་མཚན་དུ་འདུག་གོ །ཚོགས་ལྷག་གི་མཇུག་ཏུ་ཆད་མཐོ་སྦྲེལ་བ་ལས་བྱང་ཆེན་མོར་ཡང་མི་འདུག་ཅིང་འདི་ལ་གཏོར་མ་ཟུར་དུ་བཅས་ན་ཟོར་འཕངས་པའི་རྗེས་སུ་གཏོང་བའི་ལུགས་དང་གཏོར་མ་དངོས་གཞི་ལ་དམིགས་ན་ཟོར་འདོན་ཁར་མཛད་པས་མཚམས་འདིར་བྲིས་པ་བསྟོད་བསྐུལ་དཀྱུས་མའི་ཉམས་ཤར་བ་འདྲ། ལྕགས་སྡིག་ཏུ་སྡིག་དྲུག་ཡན་ལག་གི་གཏོར་བཟློག་ཤིན་ཏུ་རྒྱས་པ་ཟོར་ལས་བྱེད་ན་ཆ་ལག་ཏུ་ངེས་པར་དགོས་ཀྱང་གསན་གཟིགས་མ་བྱུང་བའམ་བྱུང་ཡང་འཁྲུགས་སྡེབས་ཀྱི་གནད་མ་དགོངས་པར་མཆིས། སྒོ་དབྱེ་གཏོང་བ་གཏོར་མ་བསྒུལ་བའི་ཚེ་ལྷ་འདྲེར་འཕོག་ཐུག་བྱུང་དོགས་སེལ་བྱེད་ཡིན་པ་དཔེར་ན་ནག་རྩིས་པའི་ཕུང་པོ་འདོན་མཚམས་ལོའི་སྒོ་ཕྲ་མོ་གཤག་པའི་གནད་དང་འདྲ་བ་མ་དགོངས་པར་གཏོར་མ་སྤགས་ནས་སྒོ་དབྱེ་བྱ་གསུང་བ་གསར་མ་བའི་བག་ཆགས་ངན་པའི་ཤོག་ཧྲིལ་བསྒྲིལ་མཆིས། ཤར་ཕྱོགས་སྒོ་མ་རྟ་གདོང་དཀར་སོགས་ཚེ་བདག་ལ་འཕྲོས་ཙམ་ཡང་མེད་པའི་བཀའ་བརྒྱད་ཀྱི་སྒོ་མ་བཞི་སླེབས་གདའ་བ་ཁོང་རྣམས་ལ་ཚེ་བདག་གི་ཁྲལ་འཁྲི་ཡི་མེད་པས་དགོངས་པ་ཞུ། སྒོ་དབྱེའི་རྗེས་སུ་བཟློག་གཞུང་གི་ཆལ་པ་ཞིག་འདྲི་བ་མཛད་པ་མཚམས་མ་ཕྱེས་པའི་འདྲེས་སྐྱོན་ལ་ཅི་ཞུ། ཟོར་གྱི་སྐབས་ཚེ་བདག་གི་རང་སྐད་ཐུན་མོང་མ་ཡིན་པའི་རྭ་ཟོར་མེད་པ་ལ་ཕུར་ཟོར་བསྣན་པ་དག་དུག་བསྡུས་པའི་བམ་པོ་དེ་ཕུག་པའི་སྦུག་ཏུ་དྲོ་པོ་ཡོང་ཤས་ཆེ། ཕྱོགས་འདི་ལ་ཚད་མར་གྱུར་པའི་གཤིན་རྗེ་མཁན་པོ་རྣམས་ནི་ལྕགས་སྡིག་ལྕགས་འདྲར་ཁ་མི་གསལ་བ་གང་ནས་ཁ་འགེང་ན་འདི་ལ་རྣ་ཆ་བརྒྱད་དུ་གྲགས་པའི་ཁྲོ་འདུས་བཟློག་པའི་(༩བ)


GLG023_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་ཆ། ཨུར་མོ་བསད་པའི་རྣ་ཆ། འཆར་ཀ་མདོས་ཟོར་གྱི་རྣ་ཆ། ཀིང་ཀང་མནན་པའི་རྣ་ཆ། ཁ་ཐུན་ཐོད་པའི་རྣ་ཆ། འཁྲུལ་འཁོར་རྒྱས་སྡེབ་སྡེབས་ཀྱི་རྣ་ཆ། རླུང་ནག་འབྱེད་པའི་རྣ་ཆ། ས་འཚོལ་གཏད་ཀྱི་རྣ་ཆའམ་ཡང་ན་རྣོན་པོ་ནད་གཅོད་བསྲུང་བའི་རྣ་ཆ། ཁྲོ་འདུས་བཟློག་པའི་རྣ་ཆ། འཁྲུལ་འཁོར་རྒྱས་སྡེབ་སྡེབས་ཀྱི་རྣ་ཆ། རླུང་ནག་འབྱེད་པའི་རྣ་ཆ། དུར་ཁ་མནན་པའི་རྣ་ཆ། འཆར་ཀ་མདོས་ཀྱི་རྣ་ཆ། སྲོག་དམར་ལེན་བསད་པའི་རྣ་ཆ། ཨུར་མོ་ངན་སྔགས་ཀྱི་རྣ་ཆ་ཞེས་འདྲེན་ལུགས་གཉིས་ཡོད་པའི་འཆར་ཀ་ནག་པོ་ནས་ཟོར་རྣམས་སྣོན་པ་ལ་འཆར་ཀ་ཕུར་ཟོར་ལོགས་སུ་བཤམ་སྲོལ་མེད། རྭ་ཟོར་ཡོད་ཕྱིན་ཐོད་ཟོར་མི་དགོས་པས་བཀའ་གཏེར་གྱི་གཞུང་སོ་སོར་གཟིགས་འཚལ། ཨེ་རིང་བསྙེན་པའི་མན་ངག་ཅེས་བྱ་བ་ཞིག་མཛད་འདུག་པར། མངོན་རྟོགས་ཆུང་བ་ལྟར་དཔྲལ་བར་ཡ་མ་ར་ཙ། མགྲིན་པར་རྟ་མགྲིན། ཐུགས་ཀར་ཕྱག་རྡོར། ལྟེ་བར་རུས་སྦལ། གསང་གནས་སུ་རྡོ་རྗེ་ཕུར་པ་བསྐྱེད་འདུག་པ་མངོན་རྟོགས་ཆུང་བ་འདི་རྒྱུན་འཁྱེར་དུ་བཤད་པ་ལ་བརྟེན་ནས་བསྙེན་པའི་དུས་ལས་བྱང་ཆེན་མོ་བསྲང་བ་མི་ལྕོགས་པ་གཞིར་བཞག་ཡིན་སྣང་བ་ཁྱེད་རང་བཀའ་བརྒྱུད་པ་དཔོན་སློབ་བསྙེན་པ་དབང་སྒྲུབ་སོགས་གང་ལའང་ཕྱག་རྒྱ་ཆེན་པོའི་ངང་ནས་བྱེད་པ་ཡིན་ཞེས་ལས་བྱང་མངོན་རྟོགས་ཅི་ཡང་མེད་པ་དེ་འདྲ་གོང་ར་ལོ་ཙཱ་བ་དབང་གི་དཀྱིལ་འཁོར་ཐིག་ཚོན་གྱི་ཆོ་ག་མེད་པར་མ་ཏྲཾ་གི་ལྟོ་བར་ལྷ་གནས་ཙམ་བཀོད་པའི་བཟློག་དཀྱིལ་དཀྱུས་མ་ལྷར་བྲིས་ཡོང་འདུག་པས་མཚོན་རྙིང་མ་བར་རློམ་པའི་ཟོག་པོའི་རིགས་འདྲས་བྱེད་མཁན་ནི་ཡོང་ཤས་ཆེ། མངའ་རིས་པཎ་ཆེན་སྐུ་མཆེད་ཀྱི་བརྒྱུད་འཛིན་སོགས་རྙིང་མ་བ་ཚད་ལྡན་རྣམས་ནི་རྨི་ལམ་དུ་ཡང་མི་འདོད། ཐུན་བཞིན་བྱས་(༡༠ན)


GLG023_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཅིག་ལ་རྒྱས་པ་ངེས་པར་མཛད། གཞན་རྣམས་ལའང་སྔོན་འགྲོ་དང་མཆོད་བསྟོད་མདོར་བསྡུས་ལ། མངོན་རྟོགས་ཆུང་བ། མན་ངག་རྩ་བའི་གཞུང་རྐྱང་། མངའ་རིས་པཎ་ཆེན་རིན་པོ་ཆེས་མཛད་པའི་ཁྲོ་རྒྱལ་ལམ་བསྡུས་ལྟ་བུ་སྦྱོར་བ་ཡིན། ཁྱེད་ཀྱི་བསྙེན་ཡིག་འདིར་བསྲུང་འཁོར་ལྟར་བསྒོམ་ན་ཞེས་གཤིན་རྗེ་དྲེགས་པ་རུས་སྦལ་གསུམ་གཅིག་གི་ཐུགས་ཀར་གཅིག་གསལ་འདེབས་བདེ་ལ་ངོས་བཟུང་བ་བསྙེན་པའི་མན་ངག་གི་ཉམས་ལེན་ཕྱོགས་འགྲོ་ཡང་སྙན་དུ་མ་སོན་པར་གདའ། བསྙེན་ཡིག་ཅེས་པའི་མིང་ཙམ་ཐོས་སྐབས་དེར་བསྙེན་པ་སྒྲུབ་པ་སྒྲུབ་པ་ཆེན་པོའི་ཁྱད་པར་དང་དམིགས་པའི་ཟབ་གནད་རྣམས་བྲིས་ཡོད་དམ་སྙམ་ཙ་ན་དོན་དུ་མངོན་རྟོགས་ཉུང་ངུ་སྦྱོར་མཇུག་གང་ཡང་མེད་པའི་མཐར་བསྙེན་པ་གཞུང་བཞིན་བྱ་ཟེར་བ་ཞིག་ལས་མི་སྣང་བས་ཐམས་ཅད་སྟོང་པ་ཡིན་ནོ་ཞེས་པའི་ཧང་ཧང་གི་ལྟ་བ་དེ་ག་བསྙེན་ཡིག་ལ་ཡང་བྱུང་བས་སྒོ་ངའི་མཐིལ་ནི་ཧ་ཅང་མི་རིང་། བསྙེན་སྒྲུབ་འདི་འདྲའི་རིགས་བྱུང་ཙ་ན་ཞྭ་དམར་ནག་བསྒྲིལ་བའི་དམག་གིས་ཀོང་པོ་ཀླུ་སྡིངས་ནས་དབུ་ལ་ཕྱག་བཀབ་སྟེ་ཕེབས་འཇུག་པ་ལས་འོས་ཅི་མཆིས། སྙིང་གཟེར་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་ཁྲག་འཐུང་རོལ་པའི་དགའ་སྟོན་དུ་གྲགས་པ་ཞིག་མཛད་འདུག་པ། རྒྱུད། དགའ་རབ་རྡོ་རྗེ་དང་གནུབས་སངས་རྒྱས་ཡེ་ཤེས་ལ་སོགས་པའི་ལུང་གཅིག་ཏུ་བསྡུས་ཞེས་ཁུངས་དྲངས་པ། དཔལ་ཟླ་གསང་ནག་པོ་མེ་ལྕེ་འཕྲེང་བའི་རྒྱུད། གཤིན་རྗེ་ཟླ་གསང་ནག་པོ་ངན་སྔགས་ཐམས་ཅད་ཀྱི་རྩ་བའི་རྒྱུད། དཔལ་ཟླ་གསང་ནག་པོའི་རྒྱུད་དྲེགས་པ་ཚར་གཅོད། འཇམ་དཔལ་གཤིན་རྗེ་ཟླ་གསང་ནག་པོ་མན་ངག་གི་ཡིག་ཆུང་སྒྲུབ་ཐབས་ཀྱི་རྒྱུད་འཇམ་དཔལ་(༡༠བ)


GLG023_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད་པོའི་གསང་བ་དྲུག་ཅུ་པའི་རྒྱུད། འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད། སེང་གེ་འོ་མའི་རྒྱུད་ཕྱི་མ་དང་བཅས་པ། འཇམ་དཔལ་གཤིན་རྗེ་ཟླ་གསང་རིན་པོ་ཆེ་གསང་བའི་རྒྱུད། ཟླ་གསང་ནག་པོ་ཡན་ལག་གི་རྒྱུད། འཇམ་དཔལ་ཁྲོ་བོ་རིན་ཆེན་གསང་རྒྱུད། གཤིན་རྗེ་ནག་པོའི་སྔགས་རྒྱུད། གཤིན་རྗེ་དམར་ནག་གི་དམེ་རྒྱུད། གཤིན་རྗེ་ནག་པོ་ལས་སྣ་ཚོགས་པའི་རྒྱུད། ཡ་མ་ར་ཙ་ཁྲོས་པའི་རྒྱུད་ཅེས་པ་ངན་སྔགས་བཀོལ་བའི་ལས་རྒྱུད། འཁོར་ལོ་དྲག་པོ་རྡོ་རྗེ་ཨུར་མོ་ཞེས་བྱ་བ་རྟོགས་པ་བསྡུས་པའི་རྒྱུད། རྡོ་རྗེ་ཉི་མ་ཁྲག་འཐུང་གི་རྒྱུད། གཤིན་རྗེའི་གཤེད་ཁྲོ་བོ་ཊཀྐི་རཱ་ཛའི་རྒྱུད། ཁྲོ་བོ་རྣམ་པར་རྒྱལ་བའི་རྩ་རྒྱུད། གཤིན་རྗེ་ནག་པོའི་རྒྱུད་བསྐལ་པ་མེ་དཔུང་འབར་བ་ལས་ཕྱུང་བ། ཐོད་པ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད། ཟློག་བྱེད་འཆར་ཀ་ནག་པོའི་རྩ་རྒྱུད། སྲིན་པོ་མགོ་བརྡུང་གི་རྒྱུད། ཡ་མ་ར་ཙ་སྐུ་ཁྲོས་པའི་རྒྱུད། འཇོམས་བྱེད་འབར་བའི་རྒྱུད། མོན་པ་ནག་པོ་ཁྲོས་པ་ཙིཏྟ་བཾ་ལོག་གི་རྒྱུད། གཤིན་རྗེ་ནག་པོ་གསང་བ་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འཁྲུལ་འཁོར་རིན་པོ་ཆེའི་རྒྱལ་མཚན་འཕྲུལ་གྱི་མེ་ལོང་ཁྲི་དྲུག་སྟོང་པ་ཞེས་བྱ་བའི་རྒྱུད། རྒྱལ་མཚན་མེ་ལོང་ཆུང་བའི་རྒྱུད། འཇམ་དཔལ་དྲི་མེད་གསང་རྒྱུད། གཤིན་རྗེ་ནག་པོའི་རྒྱུད། གཤིན་རྗེ་ནག་པོ་གསང་བ་དེ་ཁོ་ན་ཉིད་ཁ་ཐུན་གྱི་རྒྱུད། དེའི་ཕྱི་མའི་རྒྱུད། ཚེ་བདག་ནག་པོའི་དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད། ཚེ་བདག་ནག་པོའི་དགོངས་རྒྱུད། གཤིན་རྗེ་ནག་པོ་མེ་རླུང་སྐྱིན་ཐང་འཁྱུག་པའི་རྒྱུད། དྲག་སྔགས་ཟླ་གསང་ནག་པོའི་རྒྱུད། འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད། ཟླ་གསང་དྲག་སྔགས་ནག་པོ་(༡༡ན)


GLG023_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བཤན་པ་སྤུ་གྲིའི་རྒྱུད། འཇིག་རྟེན་གསུམ་གྱི་ཤེས་པ་བསྒྲལ་བའི་རྒྱུད། ངན་སྔགས་གཙུག་ལག་གི་རྒྱུད་ཕྱི་མའི་ཡང་ཕྱི་མ་སྡིག་པ་སྙིང་འཛིངས་གསང་བའི་རྒྱུད། སྡིག་པ་སྙིང་འཛིངས་སྙིང་པོ་དོན་གྱི་རྒྱུད། དྲག་སྔགས་མཚོན་ཆ་ནག་པོའི་རྒྱུད་སྲོག་དམར་ལན་གྱི་རྒྱུད། སྡིག་པ་སྟོབས་ཆེན་གསང་བའི་རྒྱུད། ཆུ་ཐིགས་སྔོན་མོའི་རྒྱུད། དེའི་རྒྱུད་ཕྱི་མ། དྲག་པོ་འཕུང་བྱེད་མཆོད་རྟེན་ནག་པོའི་རྒྱུད། འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་རྒྱུད། པྲ་ཁོག་བླང་བའི་རྒྱུད། འཇམ་དཔལ་ཁྲོ་བོ་གཤིན་རྗེ་གསང་རྒྱུད་འཇམ་དཔལ་རྣམ་པར་རོལ་པ་རྣལ་འབྱོར་རྒྱལ་པོའི་ལེའུ་སྟོང་ཕྲག་ལྔ་བཅུ་རྩ་ལྔ་པ་ལས་ཏིང་འཛིན་གསང་བའི་རྒྱུད་ཁོལ་དུ་ཕྱུང་བ། གཤིན་རྗེ་ནག་པོ་ཁྲོས་པ་རྩ་བའི་རྒྱུད། གསང་རྒྱུད་ཕྱི་མ། དྲེགས་པ་ཕོ་མོ་འདུས་པའི་ལས་རྒྱུད། གཤིན་རྗེ་འཆར་ཀ་ནག་པོའི་རྒྱུད། གདོང་ཟོར་ནག་པོའི་བསྟོད་པའི་རྒྱུད། ཤ་ཕོ་རུ་འཛིངས་ཀྱི་རྒྱུད། འཇོམས་བྱེད་ནག་པོའི་རྒྱུད། དྲག་པོ་སྔགས་རྒོད་དེ་ཁོ་ན་ཉིད་ཀྱི་རྒྱ་སྡེབས་ཀྱི་རྒྱུད། དྲག་སྔགས་འཁོར་ལོ་གསང་བ་སྡེབས་ཀྱི་རྒྱུད། དམོད་པ་དྲག་སྔགས་གསང་བ་མཆོག་གི་སྤྱི་རྒྱུད། དྲག་པོ་སྔགས་རྒོད་དེ་ཁོ་ན་ཉིད་ཕྱིར་བཟློག་པའི་སྔགས་རྒྱུད། ཐོད་པ་ནག་པོ་ཞེས་བྱ་བ་སྤུ་གྲི་གཅོད་པའི་རྒྱུད། འཁྲུལ་འཁོར་རྒྱ་སྡེབས་ཀྱི་རྒྱུད། འཇམ་དཔལ་དངོས་གྲུབ་སྣ་ཚོགས་འབྱུང་བ་རླུང་ལས་བྱེད་འཁོར་ལོའི་རྒྱུད། འབྱུང་བ་རླུང་ནག་འཁྲུགས་པའི་རྒྱུད། རླུང་ནག་འཁྲུགས་པའི་བསྐལ་པ་དུམ་བུར་ཕྱུར་བའི་རྒྱུད། དྲགས་སྔགས་འདུས་པའི་འཁོར་ལོ་དྲག་སྔགས་གཅོད་པའི་རྒྱུད། རྣམ་གསུམ་དྲག་པོ་གཤིན་རྗེ་དྲག་སྔགས་གཅོད་པའི་རྒྱུད། གཤིན་རྗེ་ཡིད་བཞིན་ནོར་བུའི་རྒྱུད། (༡༡བ)


GLG023_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱུད་ཕྱི་མ། འཁྲུལ་འཁོར་ནག་པོའི་སྔགས་རྒྱུད་ཕྱི་མའི་ཕྱི་མ་དང་བཅས་པ། གནོད་སྦྱིན་ཟླ་གསང་དམར་པོའི་རྒྱུད། སྒྲོལ་གིང་མ་རུ་ཙེ་བཤན་པ་སྤུ་གྲི་རེག་ཆོད་གནམ་ལྕགས་ཐོག་གི་སྟ་རེ་བསེ་མདུང་དམར་པོའི་དྲག་སྔགས་དུག་མདའ་ནག་པོ་དམོད་པའི་མཚོན་ཆ་འཕྲིན་ལས་ཀྱི་མདོ། གནོད་སྦྱིན་དམར་པོ་མ་ར་ཁྲག་སྐྱུག་གི་རྒྱུད། གནོད་སྦྱིན་གིང་དམར་པོ་སྒྲོལ་བ་སྲིན་པོའི་རྒྱུད། རྡོ་རྗེ་སྲིན་པོ་བསེའི་སྐྱེས་བུ་རྩ་བའི་རྒྱུད། གཤིན་རྗེ་དམར་པོ་བཤན་པ་སྲོག་གི་འཁོར་ལོའི་རྒྱུད། ཟ་བྱེད་བཤན་པའི་འཁོར་ལོ་གནོད་སྦྱིན་དྲ་བ་ནག་པོའི་རྒྱུད་ཕྱི་མ། གཤིན་རྗེ་ནག་པོ་མ་ར་ཁྲག་སྐྱུག་གསང་རྒྱུད་སྤུ་གྲི་རེག་ཆོད། འཇམ་དཔལ་དམར་པོའི་སྔགས་རྒྱུད། གཤིན་རྗེ་དམར་པོ་བཤན་པ་ལའི་སྤུ་གྲི་རེག་ཆོད་རུ་མཚོན་དམར་པོའི་རྒྱུད། མ་རུ་ཙེ་གསུང་གི་རྒྱུད། འཇམ་དཔལ་མཆེད་བཞིའི་རྒྱུད་ཕྱི་མའི་ཕྱི་མ་དང་བཅས་པ། ཟོར་བ་དམར་ནག་གི་རྒྱུད། མ་རུ་ཙེའི་སྔགས་རྒྱུད། མ་རུ་ཙེའི་ཐུགས་རྒྱུད། དཔའ་བོ་གར་མཁན་མཆོག་གི་རྒྱུད། འདི་རྣམས་ནས་རེ་གཉིས་མ་གཏོགས་ལྷུན་གྲུབ་ཕོ་བྲང་གི་རྙིང་མ་རྒྱུད་འབུམ་ཤིན་ཏུ་འཛོམ་ཆེ་བ་དེར་བཞུགས་པ་ཤ་སྟག་ཡིན། གནུབས་ཀྱི་བཀའ་ཤོག་རྒྱ་བོ་ཆེ་དང་རྒྱལ་སྲས་རྡོ་རྗེ་ཐུགས་མཆོག་རྩལ་གྱི་མཛད་པའི་ཆོས་འབྱུང་པཎ་ཆེན་སྐུ་མཆེད་ཀྱི་གསན་ཡིག་སོགས་སུ་གཤིན་རྗེ་དང་དྲག་སྔགས་ཀྱི་རྒྱུད་ཚོར་ཡང་སྙིང་གཟེར་ནག་པོ་ཟེར་བ་མ་རྙེད། དགའ་རབ་རྡོ་རྗེའི་ཡི་གེའི་ཁུངས་མེད་པའི་སྤོམ་ཡོར་འདི་འདྲ་གཞན་ལ་རྫུན་ཁག་བཀལ་བའི་ཟག་ཟོག་གི་གསུང་རབ་རིབ་ཅན་དུ་དོགས། ལྕགས་སྡིག་གི་སྒྲུབ་ཐབས་སྙིང་གཟེར་ནག་པོ་ལ་བསྙེག་ན། ཐོག་མར་ནུས་ལྡན་བརྩོན་པ་ཡིས༔ ས་ཆོག་དུས་བཟང་ལེགས་ལྡན་ལ༔ རྡུལ་(༡༢ན)


GLG023_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྲོག་ཆགས་སྤངས་བྱས་ལ༔ ལྷོ་ཡི་ཕྱོགས་ནས་ས་བསླངས་ལ༔ དཀྱིལ་འཁོར་མདའ་གང་གྲུ་བཞི་པ༔ ཚད་དང་ལྡན་པ་རབ་ཏུ་བཞེངས༔ གཏོར་མ་མཆོད་པ་རྒྱས་པར་བཤམས༔ རྒྱལ་པོ་བཞི་ལ་བཀའ་ཡང་བསྒོ༔ ཁྲོ་བོ་བཅུ་ཡིས་མཚམས་ཀྱང་བཅད༔ དམ་སྲི་འདུལ་ཞིང་སྒོ་བྱང་གདགས༔ མ་ཏྲཾ་རུ་དྲ་བསྒྲལ་ལས་བྱ༔ དེ་ནས་ཐིག་སྐུད་ལྔ་ལྡན་ལ༔ ཞེས་བྱུང་བ་གནུབས་ཡེ་ཤེས་རྒྱ་མཚོས་མཛད་པའི་དཀྱིལ་ཆོག་ཏུ་སའི་ཆོ་གར། བརྟག་པ། བསླང་བ། སྦྱང་བ། བྱིན་གྱིས་བརླབས་པ། བསྲུང་བ་སྟེ་ལྔར་དབྱེ། སྟ་གོན་གྱི་སྐབས། ལྷ། བུམ་པ། སློབ་མ་གསུམ་དུ་དབྱེ་བའི་རྣམ་གཞག་མཛད། སེ་སྟོན་ཆེན་པོས་ངེས་དོན་བདེ་འཇུག་ཏུ་ཡོ་བྱད་བཤམ་ཞིང་གཏོར་མ་བཏང་བ། ཐིག་ཚོན་རབ་ཏུ་གནས་ཤིང་ཆག་ཆག་གདབ་པ། དཀྱིལ་འཁོར་བྲི་ཞིང་རྫས་དགོད་པ་སྟེ་སྔོན་འགྲོ་གསུམ་དུ་བསྡུས་ནས་འཇུག་པ་བདེ་བར་མཛད། སྒྲུབ་ཆེན་ཧ་ཅང་གི་སྤྲོས་པར་འདོད་ན་བཀའ་མའི་འདུས་པ་མདོ་དང་སྒྱུ་འཕྲུལ་གཏེར་མའི་བདེ་འདུས་གསང་རྫོགས་ལྟ་བུ་ནས་ཟུར་བརྒྱན་དུ་རུང་ནའང་དབང་ཆོག་འདིར་གཏེར་མ་བམ་ཆེན་གསང་བ་དང་མུ་ཏིག་འཕྲེང་བ། རྟ་ནག་སྒྲོལ་མ་དང་སེ་སྟོན་སོགས་ཕྱོགས་འདི་ལ་ཚད་མར་གྱུར་པའི་བླ་མ་རྣམས་ཀྱི་ཡིག་ཆ་གང་དང་ཡང་མི་མཐུན་པའི་རྒྱུ་མཚན་དཀར་གཏོར་སའི་ལྷ་མོས་གཙོས་པའི་གཞི་བདག་རྣམས་ལ་བསྔོ་ཞིང་དམར་གཏོར་ནག་ཕྱོགས་ཀྱི་འབྱུང་པོ་ལ་བྱིན་ནས་བགེགས་སྐྲོད་དགོས་རྒྱུར། སའི་ལྷ་མོ་མི་སྣང་བའི་ཁྲོད་དུ་མ་བཅུག་པར་མི་སྣང་བར་ས་བསླང་བའི་ཆོ་ག་ལོགས་སུ་བྱས། དེའི་འོག་ཏུ་ས་སྦྱང་བའི་ནང་ཚན་གྱི་ལྟོ་འཕྱེ་བརྟག་ཐབས་བྲིས། དེ་ནས་སའི་ལྷ་མོའི་ཆོ་ག་བཀོད་པ་གསང་སྔགས་གསར་རྙིང་ཐམས་(༡༢བ)


GLG023_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང་འགལ་བའི་དྭགས་བརྒྱུད་རྒན་པོའི་རྣམ་ཐར་ཟངས་ཐལ་དུ་སོང་། སྒྲུབ་ཐབས་སྙིང་གཟེར་ནག་པོའི་རྗེས་སུ་འབྲངས་ན་རྒྱལ་ཆེན་མཐོ་འཛུགས་ཀྱི་རྗེས་སུ་ཁྲོ་བཅུའི་སྐབས་ཕུར་གདབ་བྱ་རིགས། གནུབས་ཡེ་ཤེས་རྒྱ་མཚོའི་དབང་ཆོག་ལྟར་ན་ས་གཟུང་བ་དང་འབྲེལ་བར་བགེགས་བསྐྲད་ཅིང་སྲས་མཆོག་ཡ་མ་ར་ཙའི་ཕུར་པ་གདབ་པར་གསུངས། བཀའ་བརྒྱད་ཚོར་ས་གཟུང་བའི་མཇུག་ཏུ་ཕུར་པ་གདབ་པའི་རྣམ་གཞག་ཡོད་པས་དེ་དག་གང་དང་ཡང་ཡེ་མི་འདྲ་བའི་ས་ལྷའི་རྗེས་དེ་མ་ཐག་ཕུར་པ་འདེབས་པ་འཁྲུལ། ཕུར་པ་ཡང་པདྨ་ཀྲོ་ཏ་སོགས་རྟ་མགྲིན་གྱི་ཕུར་པ་བཏབ་འདུག་པ་གསེར་གར་བླུག་ལས་གྲུབ་པའི་དངུལ་སྐུ་མཐོང་བ་དོན་ལྡན་ཞིག་བཞེངས་སྣང་བ་བཀའ་བརྒྱུད་གོང་མའི་གདན་ས་ཆེ་བ་ཞིག་ཏུ་སྐྱེལ་བ་ཞུ། སྒྲུབ་ཐབས་སྙིང་གཟེར་ནག་པོར་མ་ཏྲཾ་གི་རྗེས་སུ་ཆག་ཆག་འདེབས་པར་གསུངས་པ་བཀའ་བརྒྱད་སོགས་དང་མཐུན་པར་འདིར་རྒྱལ་མཐོའི་སྔོན་དུ་ཆག་ཆག་གདབ་པ་གཞུང་དང་མ་འབྲེལ་ཆག་ཆག་གི་རྗེས་སུ་ཐིག་གདབ་དགོས་རྒྱུར་ས་གཟུང་བའི་སྟང་སྟབས་ཀྱི་གར་འཆམ་བཤད་པ་གསང་སྔགས་གསར་རྙིང་གི་ཕྱག་ལེན་བྱིངས་དང་ནི་མི་མཐུན། བཀའ་བརྒྱད་ཁྲག་འཐུང་གི་འཆམ་ལྟ་བུའི་རྒྱས་འགེབས་ན་མ་གཏོགས་ཚེ་བདག་ལ་འཆམ་ཡིག་དང་དེའི་རྒྱུན་ཟུར་པ་ཡོད་འཕྲོས་མི་འདུག་པས་ལས་བཞིའི་སྟང་སྟབས་ཙམ་མ་གཏོགས་རྩ་འཆམ་གྱི་ངལ་བ་ཆེད་གཉེར་མི་དགོས་པ་འདྲ་དགོས་ཀྱང་། བར་དུ་གང་བཤད་འཆམ་གྱིས་བསྒྲུབ། །གལ་ཏེ་མ་གྲུབ་འདི་ཡིས་བྱ། །རྡོ་རྗེ་རྒྱལ་པོ་དབུས་སུ་འདུག །རྒྱས་ཐེབས་བཞི་ནི་སྒོར་འཁོད་ལ། །ཞེས་པའི་ཞེ་འདོད་ལ་དཔགས་ན་འཆམ་མ་འགྲུབ་ཚེ། དེའི་ཚབ་ལ་རྡོ་རྗེ་སློབ་དཔོན་གཙོ་བོའི་ང་རྒྱལ་གྱི་དབུས་སུ་འདུག་(༡༣ན)


GLG023_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

པར་སློབ་མ་རྣམས་ཕྱོགས་སུ་འཁོད་ནས་འཁོར་གྱི་རྣམ་པས་མཆོད་པ་འབུལ་ཞིང་གསོལ་བ་གདབ་པས་གོ་གཅོད་རྒྱུའི་ལུགས་དེ་ནི་ནམ་ཡང་མ་ཡིན་ཏེ་འཆམ་བྱེད་ཀྱང་དེའི་སྔོན་དུ་གསོལ་གདབ་ངེས་པར་འགྲོ་དགོས་པས་བླ་འཚོང་འདི་འདྲའི་ཅ་པོ་ཡོད་ན་ལྷ་ས་དང་རྩེས་དང་གི་ཚོང་འདུས་ཚོར་ཕེབས་པ་ཞུ། དེང་སང་ཡིག་ཆ་དང་ཕྱག་ལེན་ཕལ་ཆེར་ལས་ཆོག་མཛད་པ་ཤས་ཆེ་མོད་ལྕགས་སྡིག་གི་དབང་ཆོག་མུ་ཏིག་འཕྲེང་བར་སྣང་སྲིད་ཐམས་ཅད་ཀྱི་བདག་པོ་ཡིན་ཞིང་གཞན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་སའི་ཆོ་ག་བྱ་མི་དགོས་ཏེ། ཇི་ལྟར་རུང་བ་ལྟར་སྤྱད་པར་བྱའོ། །ཞེས་བཤད་པས་མཐའ་གཅིག་ཏུ་མ་བྱས་ཀྱང་སྐྱོན་དུ་མི་འགྱུར་བའི་ཕྱིར་ས་གཟུང་བའི་གར་འཆམ་སོགས་སྤྲོས་བཅས་དོན་དུ་གཉེར་བར་ཟད་ལ། ཡང་ན་མུ་ཏིག་འཕྲེང་བ་ཁུང་མ་མིན་པའི་སྒྲུབ་བྱེད་དམ་དགོངས་པ་འགྲེལ་ལུགས་གང་རུང་དགོས་པས་གཤིན་རྗེ་མཁན་པོ་ཡོད་ན་ལྗགས་རྐྱོང་བར་རིགས་སོ། །ཕུར་པའི་རྩ་འཆམ་གྱི་བམ་རྡེའུས་བརྟག་པ་ལ་གཞོགས་དྲུད། དེ་ལ་འཇམ་དཔལ་ཚེ་བདག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གནུབས་ཆེན་གྱིས། སློབ་དཔོན་བལ་པོའི་རྒྱལ་པོ་ཡིས༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ གནུབས་ཀྱི་བན་ཆུང་འདིར་ཤོག་གསུངས༔ བམ་ཆེན་རོ་ཡི་དབང་བསྐུར་ནས༔ ལྷ་རུ་འཇམ་དཔལ་ཚེ་བདག་གཏད༔ ཅེས་གསུངས་པའི་བམ་ཆེན་གསང་བའི་དབང་གི་བམ་སྒྲུབ་གཉིས་ནོར་བའི། འགྲོས་བདུན་སྟང་སྟབས་བརྒྱད་དུ་གྲགས། །ཚུལ་དེ་ཕྱིན་ནས་ལེན་རྒྱུའི་རོ། །ཞེས་དབང་རྟེན་གྱི་བམ་རོར་ངོས་བཟུང་བ་ནི་ཉ་དང་ཉུང་མ་བསྲེ་བའི་གཏམ་ཁོ་ནར་མངོན། འདིར་ཕུར་པའི་འཆམ་ཕྲོགས་ནས་ཚེ་(༡༣བ)


GLG023_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་བདག་གིར་མཛད་པ་བདེ་ཆེན་ཆོས་འཁོར་བས་རྐུན་མ་བརྒྱབ་ནས་མགོན་མང་ལ་ཤོར། ད་ནི་རྟོགས་ལྡན་རང་གྲོལ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་སྔོན་འགྲོར་རྩ་འཆམ་ཚར་རེ་རྒྱག་ཤས་ཁ་བ་རི་མཐོན་པོའི་བུ་ཆུང་ཐང་ལ་འཁྱམས་པའི་རྣམ་ཐར་ངོ་མཚར་ཅན་ནོ། །དམ་སྲིའི་སྐབས་མི་རྟ་ཁྱི་གསུམ་གྱི་མགོ་བོ་ཡོད་པ་དམིགས་ཀྱིས་བསལ་བ། དམ་སྲི་ལ་མཐའ་གཅིག་ཏུ་མ་ངེས་པས་མཚན་ལྟས་དང་བསྟུན་དགོས་པ་ཡིན། དམ་སྲི་དབུ་གསུམ་པ་འདི་ཞལ་གཟིགས་ཤིག་ཡིན་འདྲ་བ་མགོན་མང་དུ་དམ་སྲིའི་མགོན་པོ་ཞིག་ཀྱང་ཞལ་འདེབས་སུ་ཡོང་བར་མཆིས། གསང་སྔགས་སྤྱི་ལ་ནི་ལིངྒ་བསྐྱེད་བསྟིམ་ཟིན་ནས་བྱང་ཐག་གིས་འཆིང་བ་ཡིན་པར་དེ་ལས་གོ་ལྡོག་པའང་ཁྱད་ཆོས་སུ་འདུག །ཡ་ཐེམ་ཤིང་བྱང་གི་གཤིན་རྗེ་མ་ཧེའི་གདོང་ཅན་དུ་མཛད་པ་སྤྱིར་ལས་ཀྱི་གཤིན་རྗེར་སྐུའི་རྣམ་འགྱུར་ལ་མཐའ་གཅིག་ཏུ་མ་ངེས་ཀྱང་སྔགས་རྙིང་མ་ཕྱོགས་ལ་སྲིན་ཞལ་ལས་མ་ཧེའི་ཞལ་གྱི་གསལ་ཁ་ཉུང་བ་ཁ་ཐུན་སོགས་གཞུང་ཁུང་མ་ཚོར་གཟིགས་འཚལ། གསར་མ་ལའང་རྭ་པོད་སོགས་སུ་མ་ཧེ་དང་སྲིན་ཞལ་འདམ་ཀ་མང་ཡང་དེང་སང་ས་དགེ་གཉིས་ལ་མ་ཧེའི་གདོང་ཅན་གྱི་གཏོར་ཆོག་གྲགས་ཆེ་བ་ལས། གཤིན་རྗེ་ཡིན་ན་མ་ཧེའི་གདོང་ཅན་ལས་འོས་མེད་དགོངས་པའི་གཞན་ཟེར་ཚིག་གི་འཁར་བ་ཙམ་ལ་བརྟེན་པ་རང་སྐྱ་མི་ཕེར་བ་ཀུན་གྱི་སྲོལ་ཡིན་པས་ཐུགས་དག །ནག་པོ་གསུམ་སྒྲིལ་གྱི་ལས་གཤིན་མ་ཧེའི་ཞལ་ཅན་སྣང་བ་ཤོག་སེར་ངོས་མ་མཐོང་བས་ཁྱེད་ཀྱི་མཆེད་ཟླ་ཡིན་མིན་གྱི་རྒྱུ་མཚན་འབུལ་ཚོད་མ་ཟིན། མ་ཏྲཾ་བསྒྲལ་བ་འདི་ལ་དོན་དམ་པ་བདག་འཛིན་གྱི་མ་ཏྲཾ་བསྒྲལ་བ་དང་ཀུན་རྫོབ་གདོན་བགེགས་ཀྱི་མ་ཏྲཾ་བསྒྲལ་བ་སོགས། (༡༤ན)


GLG023_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་དབྱེ་བའི་རྣམ་གྲངས་ཡོད་ཀྱང་འདིར་ནི་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པར་གདའ། དཀྱིལ་འཁོར་རྒྱན་དགོད་ཀྱི་སྐབས་སྒྲུབ་ཆེན་ལ་སྒྲུབ་ཁྲིད་དང་ལྡིང་ཁྲི་བྱས་ན་ནི་དཀྱིལ་འཁོར་གྱི་སྟེང་དུ་ཡོང་བ་སྨོས་མ་དགོས་འཇུག་པ་བདེ་སྐབས་ཀྱང་དཀྱིལ་འཁོར་གྱི་དབུས་སུ་བུམ་པ། བམ་དབུས་སཾ་ལྷོ་གང་རིགས། ཚེ་ཟན་ནུབ། གསང་རྫས་བྱང་དུ་འགོད་དགོས་པར་འདིར་བུམ་པ་ཤར། ཚེ་ཟན་ལྷོ། གསང་རྫས་ནུབ། བམ་བྱང་དུ་བཀོད་པ་སོགས་སྔ་འགྱུར་ཁུངས་ཐུབ་རྣམས་དང་རྒྱབ་འགལ་དུ་སོང་བའི་འཁྲུལ་པའི་རང་བཞིན་དུ་སྣང་རུང་ཁྲོ་ཕུ་བའི་དགེ་བཤེས་ཆེ་ཆེ་མོ་གཅིག་གིས་ཁྱེད་དཔོན་སློབ་ཚོས་ཚེ་བདག་བཙུགས་ཡོད་འདུག་པ་རྙིང་ལུགས་ཡིན་ནམ་འབྲུག་ལུགས་ཡིན་ཞེས་དཔོན་ཚང་བྱང་ངོས་པར་དྲི་ལུགས་ལ་དཔགས་ན་འབྲུག་པ་ཞིག་གིས་རྒྱ་བལ་དུ་ཕྱིན་ཏེ་པཎ་གྲུབ་ལ་གཏུགས་ཚེ་བདག་གསར་དུ་བསྒྱུར་ནས་བླངས་པ་ལས་འོས་ཀྱང་མ་བྱུང་ཡིག་ཆ་འདི་ཚོའི་བབས་དང་བསྟུན་ན་པད་ལུགས་དང་གནུབས་ལུགས་ལ་ལྟོས་མི་དགོས་པའི་གདེང་ཡོད་པར་ངེས་པ་རྙེད། བཟློག་བསད་མ་ཏྲཾ་གཟུགས་སུ་བྱ་ཞེས་བསྒྲལ་དབང་གི་ལིངྒ་མ་ཏྲཾ་གི་གཟུགས་སུ་བྱས་ན་དགྲ་བོ་དེ་དབུ་གསུམ་ཕྱག་དྲུག་ཞབས་བཞི་ཅན་ཤིན་ཏུ་འཇིགས་པ་ཡོང་འདུག་པས་པ་རྣམ་ལྷུན་གྲུབ་རྩེ་ནས་རིན་སྤུངས་པས་དྲག་འབུད་བཏང་པའི་སྐབས་ཞབས་དྲུང་ངག་དབང་འཇིགས་གྲགས་དེ་རུ་དྲ་ཐར་པ་ནག་པོ་ལྟ་བུར་གཟིགས་ནས་བྱ་ཡུལ་དུ་བྲོས་ཕེབས་པ་འདྲ། བམ་ལ་ལུས་ཀྱི་ཆ་རྣམས་སུ་དཀྱིལ་འཁོར་བསྒོམ་པའི་ཟབ་གནད་གང་ཡང་མེད་པར། གསེར་གཡུ་དར་རྒྱན་སྙིང་ཐག་ནི། །ཞེས་རིན་ཆེན་རྒྱན་སྤྲོད་མཛད་པ་ནི་སྣེའུ་གདོང་རྩེ་དང་རྒྱལ་རྩེ་བ་གཉིས་དང་འབྲེལ་ཆེ་བའི་སྤྱན་ལྟོས་བྱུང་(༡༤བ)


GLG023_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བས་མི་ལ་སྤྲོད་པའི་ཚབ་རོ་ལ་སྤྲོད་པ་རྟོགས་ལྡན་ཚེ་བློས་བཏང་གི་རྣམ་ཐར་ཡིན་པ་འདྲ། སློབ་མ་ལྷག་གནས་ལ་བྱེད་ཀུན། བཾ་ལའང་བྱ་བ་ཤེས་པར་བྱ། །ཞེས་བཾ་ལ་ཀུ་ཤ་གཏད་ནས་རྨི་ལམ་སྒུག་བཅུག་པར་པ་རྣམ་གཡར་པོ་བདག་རེངས་རོང་པས་འཕྲོག་པའི་མཚན་མ་ཞིག་ཤར་ཡོད་དམ། དཀྱིལ་འཁོར་བཞི་དེ་རྡུལ་ཚོན་དང་། །ལུས་དང་བྷ་ཀ་བཾ་ཆེན་ནོ། །ཞེས་པའང་སྤྱི་བྱེ་བྲག་གཉིས་ཀ་དང་མ་མཐུན་ཏེ། རྡུལ་ཚོན། བྱང་སེམས། བྷ་ག །དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བཞིའི་རྣམ་གཞག་འདིར་བྱེད་ཀྱང་བཾ་དེར་མི་འདྲེན། བྱེ་བྲག་འདི་ག་ཁྱད་ཆོས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས། བདེ་ཆེན་ཡེ་ཤེས་སྐུ་དང་མཆོག་གི་བམ། །མཚན་ལྡན་གཟུང་མ་ལུས་ཀྱི་དཀྱིལ་འཁོར་དུ། །རབ་འབྱམས་བགྲོད་པ་རྣམ་གསུམ་ལ་བརྟེན་ནས། །ཞེས་དཀྱིལ་འཁོར་གསུམ་དུ་བསྡུ་བ་ནི་རྒྱུད་དང་པད་གནུབས་ཀྱི་དགོངས་པ་ཡིན་ནོ། །ཚེ་རྫས་ཚེ་བདག་དམར་པོར་བསྒོམ་པར་གསུངས་པའང་ཚེ་དཔག་མེད་ལ་དམར་པོ་ལས་འོས་མེད་སྙམ་པའི་འབའ་ར་ལུགས་ཀྱི་ལྷ་གཅིག་བུམ་གཅིག་ལ་ཐུགས་ཧ་ཅང་ཞན་དྲགས་པར་སྣང་། གནུབས་ཡེ་ཤེས་རྒྱ་མཚོས་མཛད་པའི་དབང་ཆོག་ཏུ་ལྷ་ཚོགས་ཐམས་ཅད་སྐུ་མདོག་གངས་ལ་ཉི་མ་ཤར་བ་འདྲ་བ་ཞེས་ཡོད་པས་གཉའ་ནང་གྲོད་ཕུག་གི་རྒྱས་མི་ལ་རས་པ་རང་ཆེ་བ་ལས་འོས་ཅི་ཡོད། དབང་དངོས་གཞིའི་སྐབས། རིན་འབྱུང་བུམ་པའི་དབང་། འོད་དཔག་མེད་ཅོད་པན་གྱི་དབང་། མི་བསྐྱོད་པ་རྡོ་རྗེའི་དབང་བསྐུར་བའི་རྣམ་གཞག་འདུག་པ། རྣམ་སྣང་དང་མི་བསྐྱོད་པ་གཉིས་གོ་ས་འཕོ་བ་སྔ་འགྱུར་ལ་ཤིན་ཏུ་མང་ཞིང་གསར་མ་ཁུངས་ཐུབ་ལའང་ཡེ་ཤེས་གོ་ས་འཕོ་བ་ཡོད། གཞན་འདི་(༡༥ན)


GLG023_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་དཀྲུག་ལུགས་བྱས་པ་ནི་མ་མཐོང་། གཏེར་མའི་དབང་ཕལ་ཆེ་བར་རིག་པའི་དབང་ལྔའི་ལྷ་བསྒོམ་པ་སོགས་དོན་གྱིས་ཐོན་པ་ལས་ཚིག་གསལ་བ་མེད་པ་མང་། རྙིང་མ་བཀའ་མའི་རྒྱུད་དང་དཀྱིལ་ཆོག་ཚོར་ཚིག་སྣ་རིང་བ་གསར་མ་དང་ཆ་འདྲ་ཙམ་ཡོང་བ་བླ་མ་དམ་པའི་ཕུར་པའི་དཀྱིལ་ཆོག་ལྟ་བུ་ཡིན། མངའ་རིས་པཎ་ཆེན་ཀྱང་བཞེད་པ་བཀའ་མ་ལ་ཆེ་འོན་ཀྱང་ས་ལོ་འཇམ་དཔལ་རྡོ་རྗེའི་ཕུར་པ་ལ་དཀྱེ་རྡོར་འདོན་པ་བསྒྱུར་བ་དེ་འདྲ་ནི་མིན་པས་ཕོ་རོག་མ་ནག་ཅིང་སྐྱ་ཀ་མ་ཁྲས་པ་ཞིག་དགོས་པ་ལགས། ལྕགས་འདྲའི་བཾ་ཆེན་གསང་བའི་དབང་ཆོག་ཏུ། བུམ་པ་འདི་ཡི་དབང་བསྐུར་བས། །ཉོན་མོངས་ཞེ་སྡང་རྣམ་དག་ནས། །མེ་ལོང་ཡེ་ཤེས་རྟོགས་པར་ཤོག །ཅེས་དང་། དབུ་རྒྱན་འདི་ཡི་དབང་བསྐུར་བས། །ཉོན་མོངས་ང་རྒྱལ་རྣམ་དག་ནས། །ཞེས་སོགས་དང་། གནུབས་ཡེ་ཤེས་རྒྱ་མཚོའི་དབང་ཆོག་ཏུ་རྣམ་སྣང་དང་མི་བསྐྱོད་པ་བརྗེས་པ་མ་གཏོགས་གསང་སྔགས་སྤྱི་ཁྱབ་དང་མཚུངས། རྟ་ནག་སྒྲོལ་མ་བ་དང་སེ་སྟོན་ཆེན་པོའི་དབང་ཆོག་སོགས་ཀྱང་ཚིག་སྣ་མ་སྤྲོས་པ་མ་གཏོགས་དགོངས་པ་གཅིག་པས་ཉོན་མོངས་པའི་སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་རྣམས་བསྲེ་ལུགས་དེ་འདྲ་མཛད་ན་འབྲི་གུང་དཔལ་འཛིན་གྱིས། ཀྱེ་མ་བླུན་པོ་སྙིང་ཁམས་ཅན། །ཐུབ་པའི་བསྟན་པ་འདི་འདྲར་དཀྲུག །ཅེས་པའི་མཆེད་ཟླ་བྱུང་གི་དོགས་སོ། །གསུང་དབང་གི་སྐབས། རྣམ་རྟོག་གདོད་ནས་ཆོས་སྐུ་ཡི། །སྣང་སྲིད་མ་བཅོས་ཕྱག་རྒྱ་བཞི། །ཞེས་དྭགས་བརྒྱུད་པ་རྣམས་ཀྱི་ཆོས་སྐད། རྣམ་རྟོག་ཆོས་སྐུ་དེ་ཕེབས་འདུག་ཀྱང་དེ་འདྲ་ལ་ལྟོས་མི་དགོས་པའི་སློབ་དཔོན་ཆེན་པོ་པདྨས་སྟག་ཚང་བཀྲ་ཤིས་དཔལ་ཕུག་ཏུ་རྒྱས་བཏབ་པའི་འཇམ་(༡༥བ)


GLG023_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྫོགས་པ་ཆེན་པོ་སྤྲུལ་སྐུ་གསར་བན་ཕྱོགས་མེད་ཀྱིས་སྤྱན་དྲངས་པའི་མན་ངག་དང་ལྕགས་སྡིག་གི་སྟོང་དྲིལ་ཉི་མ་ཤར་བའི་གདམས་པ་ལ་བརྟེན་ནས་ཐེག་པའི་རྩེ་རྒྱལ་ཨ་ཏི་ཡོ་གས་གྲོལ་ལམ་ཉམས་སུ་ལེན་པ་ལ་རྟ་ལས་བབས་ནས་བོང་བུ་ཞོན་པ་ནི་ནམ་ཡང་མི་འདོད་པ་ལགས། དུར་ཁྲོད་ཆས་སོགས་མཐའ་རྟེན་གྱི་དབང་རྣམས་བུམ་དབང་གི་མཐར་མཛད་པ་ཤས་ཆེ་ཞིང་ཡང་དབང་བཞི་རྫོགས་པའི་མཇུག་ཏུ་མཛད་པའང་ཡོད། འདིར་གསང་དབང་གི་མཐའ་རྟེན་དུ་བྱུང་བའང་འབྲེལ་མ་ཆགས། བམ་དབང་དངོས་བསྐུར་བའི་དུས་རྟེན་བརྟེན་པར་བསྒྲུབས་ཟིན་པའི་དྭངས་མས་བྱིན་གྱིས་བརླབ་རྒྱུ་ལ། དྲག་པོས་བསྒྲལ་ཕྱིར་རལ་གྲི་གཏད། །གཤེད་ཆེན་མཐུ་སྟོབས་ཡོངས་རྫོགས་ལས། །ཞེས་སོགས་ཀྱིས་གཏུབས་པ་ནི་ལིངྒ་སྒྲོལ་བའི་ཉམས་ལྟ་བུ་ཤར་བས་ཆོས་འདིའི་དགོངས་པར་ནི་སྤུ་ཙམ་མ་སོང་རྟོགས་ལྡན་འཁྱམས་པོ་རོ་བཤའ་བའི་རྣམ་ཐར་ནི་ཡིན་ཤས་ཆེ། བམ་དབང་དངོས་བསྐུར་ཟིན་པའི་འོག་ཏུ་གསང་རྫས་དང་བསྲེ་བའི་ལག་ལེན་དང་དབང་དངོས་གཞི་ནོར་ཚོད་དུ་འདུག་པ་སྔགས་འཆང་ཚེ་བདག་བཀྲ་ཤིས་ཀྱིས་ལན་དེ་འཁྱོར་བོ་ཞིག་མ་བྱུང་སྣང་བས་དེ་རིགས་ལས་དུང་དཀར་རས་པས་ལུང་གིས་དབང་གི་གོ་གཅོད་པ་དོགས་ཅི་ལས་བདེ་བ་ཡོང་མཆིས་དྲག་པོ་མཐུ་དབང་རྡོ་རྗེ་ལས་རིམ་ནས་བཤད་ཀྱང་བསྒྲལ་དབང་སྒེར་དུ་མི་མཛད་པ་གོང་དུ་སྦྱོར་སྒྲོལ་གྱི་དབང་གི་དོད་སོང་ཟིན་པ་ལ་དགོངས། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོངས་རྫོགས་མཆོད་རྟེན་གྱི་དབང་ནི་སྙན་གྱི་བུ་གར་མ་ལྷོན་འདུག་པ་མེད་པ་ལ་ཁྱེར་ཤོག་གི་དཔེར་སོང་བས་རྩོད་པ་ཞུ་ཅི་འཚལ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་མཉམ་(༡༦ན)


GLG023_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ནུབ་དགོན་པ་དང་རིགས་འཛིན་མངའ་རིས་པ་ཆེན་པོ་ཡོངས་འཛིན་དུ་བསྟེན་ནས་ཕྱོགས་འདི་ལ་མཁས་ཤིང་གྲུབ་བརྙེས་ཀྱི་རྩེར་སོན་པས་སོམ་ཉིར་གྱུར་ནས་དྲི་བ་ག་ལ་ཡིན་ཡང་ཚོད་བགམ་པའི་དྲི་བ་ཕུལ་བའི་ལན་འདེབས་སུ་བཀའ་འབྱེད་ཀྱི་ཨྱོན་པདྨས་མཛད་པ་ལ་ཞེས་པའི་ལུང་དྲངས་པའི་མཇུག་ཏུ། ཞེས་པ་སངས་རྒྱས་ཡེ་ཤེས་ཉིད་གསུང་ལགས། །དེ་བས་དང་པོ་པད་ལུགས་ཕྱི་མ་ལ། །གནུབས་ལུགས་ཞེས་སུ་དྲག་སྔགས་མཁས་པས་བསྒྲགས། །པདྨས་མི་མཁྱེན་གནུབས་ཀྱིས་ཤེས་སྨྲ་མིན། །དང་པོར་ཟབ་སྦས་ཕྱི་མར་གསལ་བསྟན་ཕྱིར། །ལུགས་ཕྱི་ལྷག་པ་དངོས་སུ་འཐོན་མིན་ནམ། །ཞེས་གསུང་བ་ལ་དཔགས་ན་བཀའ་འབྱེད་ནས་བཤད་པའི་ཤིན་ཏུ་མི་ཟབ་པའི་ཐུན་མོང་བསྲུང་མཚམས་ཀྱི་ཆོས་ཙམ་ལས་པད་ལུགས་ཟུར་པ་མེད་པར་ཐག་ཅད་ཅིང་། གནུབས་ལུགས་ཀྱང་ལྕགས་སྡིག་ཁོ་ནར་ངོས་བཟུང་བ་བླ་ཆེན་ཚོའི་རྣམ་པར་ཐར་པ་འབའ་ཞིག་ལྷུར་བླངས་པའི་འཇམ་དཔལ་ཚེ་བདག་གི་སྐོར་གསན་ནོ་མཁྱེན་ནོ་ཞེས་པའི་མིང་ཙམ་ལ་གཙོ་བོར་གཟུང་བླུན་པོ་དད་པ་ཅན་རྣམས་ཀྱིས་ཐལ་མོ་སྦྱར་ནས་སྨིན་མ་ཟངས་ཟངས་བྱས་པར་རློམ་པ་ཁོ་ནའི་སྐྱོན་ཏེ། ཞེ་འདོད་གནུབས་ཀྱིས་ཨྱོན་ཆེན་པོ་ལ་ཤིན་ཏུ་ཟབ་པ་ཞིག་ཞུས་པ་ལ་ལྕགས་སྡིག་སྦས་ནས་མ་གནང་བར་མི་ཟབ་པའི་ལྕགས་འདྲ་གནང་བར་བརྟེན་དེས་ཐུགས་མ་ཁེངས་པར་བལ་ཡུལ་དུ་རྒྱལ་པོ་བྷ་སུ་དྷ་ར་ལ་ལྕགས་སྡིག་གསན་པར་འདོད་པ་ནི། གནུབས་ཆེན་གཤིན་རྗེའི་བཀའ་བབས་ཡིན་པས། ལྕགས་སྡིག་ཞུས་ན་མི་གནང་བ་ག་ལ་སྲིད་རུང་། ཉང་གི་གཏེར་མའི་རྣམ་ཐར་ཟངས་གླིང་མར། ད་ལྟ་རྒྱལ་ཁྲིམས་གཉན་པས་སྲོག་སེར་གཏད་མི་(༡༦བ)


GLG023_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །དུས་ངན་བྱུང་ན་དགོས་པས་གཏེར་དུ་སྦ། །ཞེས་བྱུང་བ་ལྟར་དུས་སྐབས་བཟང་བས་རྗེ་འབངས་རྣམས་ཀྱི་མངོན་སྤྱོད་ལ་ཧ་ཅང་རྩལ་འདོན་མ་བྱུང་། གླང་དར་མས་བསྟན་པ་གནུབས་པའི་དུས་གནུབས་ཆེན་གྱིས་སླར་ཡང་བསྟན་པ་བསྲུང་བའི་ཆེད་དུ་ལྕགས་སྡིག་ཁྲོ་ཆུ་དུག་སྡོང་དུ་བརླུང་ཞོན་སྲོག་སེར་གཏད་སེལ་སྡེབས་གཤོར་རླུང་བསྐྲད་སོགས་མངོན་སྤྱོད་ཀྱི་མཐའ་རྒྱ་གཅོད་པར་སྐྱེ་བ་སྔོན་མའི་སྤུན་ཟླ་བལ་པོ་བྷ་སུ་དྷ་རའི་སར་བྱོན་པ་ཡིན་པས་ཡུས་པོ་ཆེ་མི་མཛད་པར་ཞུ། པད་ལུགས་གནུབས་ལུགས་དང་ལྕགས་སྡིག་ལྕགས་འདྲའི་དབྱེ་བ། བཀའ་འབྱེད་ལས། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱི༔ དྲག་སྔགས་ཚེ་བདག་ནག་པོ་ལ༔ ཡང་གཅེས་ཟབ་པའི་སྐོར་གསུམ་ལས༔ ཕྱི་སྐོར་ལྕགས་འདྲའི་སྐོར་དང་གཅིག༔ ནང་སྐོར་ཐོག་འདྲའི་སྐོར་དང་གཉིས༔ གནམ་ལྕགས་ཐོག་མེའི་སྐོར་དང་གསུམ༔ ཞེས་ལྕགས་འདྲ་ཤིན་ཏུ་ཟབ་པ་ཡོད་པའི་ཚིག་འདི་ཕྱག་ཤན་རྣོན་པོ་ཞིག་གིས་འབྲད་དགོས་པ་ཡོང་ཞིང་སྤྱིར་ལྕགས་འདྲ་ལ་ཡང་ཕྱི་ནང་གསང་གསུམ་དུ་ཡོད་པས་པད་ལུགས་ཤིན་ཏུ་ཟབ་པ་གནམ་ཐོག་ཆེན་པོའི་སྐོར་སློབ་དཔོན་པདྨས་མཛད་པའི་མན་ངག་རྩ་བ་སྒྲོལ་མ་དྲུག་གི་གསལ་བྱེད་ཕག་སྟོན་གྱིས་མཛད་པའི་རིན་ཆེན་འོད་འཕྲོ། དེའི་འགྲེལ་པ་བྲག་སྟག་པ་རྡོ་རྗེ་རིན་ཆེན་གྱིས་མཛད་པའི་སྒྲོལ་མ་དྲུག་པ། མཆོད་རྟེན་གསལ་བྱེད་སྒྲོན་མ་སེ་སྟོན་ཆེན་པོས་མཛད་པ། མན་ངག་རྩ་བའི་ལེ་ལག་ཏུ་གཏོགས་པའི་གཏེར་གཞུང་སྤྲུལ་སྐུ་རྒྱས་ཕུང་པོ་རི་བོ་ཆེ་སོགས་ནས་སྤྱན་དྲངས་པ་ཁ་ཡར་སྣང་། གཞལ་ཡས་ཁང་ལྷུན་གྲུབ། ལྷ་ལྐོག་བཞེངས། སྔགས་ཐུག་ཕྲད་སོགས་གནམ་ཐོག་ཆེན་པོའི་ལམ་གྱི་ཟབ་གནད་སློབ་དཔོན་བྷ་སུ་དྷ་རའི་སྤྱི་གཅོད་(༡༧ན)


GLG023_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་གྱི་ལྡེ་མིག་ཏུ་གསུངས་པ་དང་མན་ངག་རྩ་བའི་དགོངས་པ་ཤིན་ཏུ་མཐུན། གནུབས་ལུགས་ལའང་ལྕགས་སྡིག་བཀའ་འབྱེད་ནས་བཤད་པའི་ཐེམས་ཅན་དང་དེར་མི་གསལ་བའི་ཐེམས་མེད་ཐོར་བུ་ཡོད། ཟབ་པའི་ཆོས་དྲུག་གི་དཀར་ཆག་ནས་བཤད་པ་རྣམས་ལྕགས་སྡིག་མིན་པས་གནུབས་ལུགས་ཡིན་ཚད་ལྕགས་སྡིག་ཏུ་བྱས་ན། དཀར་ཆག་ལས། གནུབས་ཀྱི་བན་ཆུང་སངས་རྒྱས་ངས༔ ལོ་ནི་བརྒྱ་དང་སུམ་ཅུ་ལོན༔ ཉོན་མོངས་བོད་ཡུལ་དབུས་སུ་ལངས༔ འཚོ་བའི་ཟས་རྣམས་འབངས་ཀྱིས་ཕྲལ༔ རྒྱ་གར་ཡུལ་དུ་ལན་བདུན་ཕྱིན༔ དཀར་ཆག་གནུབས་ཡུལ་རོང་དུ་བཏབ༔ རྩལ་ཆེན་རྡོ་རྗེ་སྒྲོམ་བུར་རྫོགས༔ བླ་མ་བཅུ་གཅིག་ཞབས་ནས་བཏེག༔ འོན་ཀྱང་མཁས་པ་བཞི་ལ་གཏུགས༔ སློབ་དཔོན་དཔལ་གྱི་སེང་གེ་དང་༔ རྒྱ་གར་ཁྲག་འཐུང་ནག་པོ་དང་༔ འཕུང་བྱེད་ཤནྟིཾ་གརྦྷ་དང་༔ བལ་པོ་བྷ་སུ་དྷ་ར་བཞི༔ མཁས་པ་བཞི་ཡི་ཐུགས་བརྟོལ་ནས༔ ཟབ་པའི་ཆོས་དྲུག་ཐུགས་ལ་བཅང༔ གཞན་ཡང་གདམས་ངག་རྩིས་ལས་འདས༔ ཞེས་པའི་ནང་གི་ཚེ་བདག་གི་ཆོས་སྐོར་རྣམས་གནུབས་ལུགས་ལྕགས་འདྲ་གནམ་ཐོག་ཆེ་བའི་ལམ་སྲོལ་གྱི་ཆོས་སྐོར་དུ་ངོས་འཛིན་པ་ལས་འོས་མེད། ད་ལྟ་རྙིང་རློམ་ཧྲུལ་པོ་རྣམས་ཀྱི་བསམ་ངོར་ལྕགས་སྡིག་ཟབ་ཅིང་ལྕགས་འདྲ་མི་ཟབ་པར་གླེང་བའི་ཁ་སྐྱུགས་ཀྱི་རྗེས་ཟློས་མཛད་པ། ལྕགས་འདྲ་ཐམས་ཅད་དེ་ལ་ནང་གསེས་ཀྱི་གསུམ་དུ་ཕྱེ་བའི་ཕྱི་སྐོར་མི་ཟབ་པ་ཁོ་ནར་ངོས་བཟུང་བའི་སྐྱོན་ཡིན། ཕྱི་སྐོར་ལྕགས་འདྲ་ནི་བཀའ་འབྱེད་ནས་བཤད་པའི་ཤོག་ལེ་གསུམ་ལ་ཚང་བ་སོགས་ཀྱི་རིགས་རྣམས་ཡིན། པད་གནུབས་ཀྱི་ལྕགས་འདྲ་(༡༧བ)


GLG023_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པ་ནི་གསང་སྐོར་ལྕགས་འདྲ་གནམ་ཐོག་ཆེན་པོའི་ལུགས་ཡིན་པས་ལྕགས་སྡིག་དང་མཆོད་རྟེན་བཅས་ཆོག་ལ་འཁོར་ལོའི་མང་ཉུང་ཙམ་མ་གཏོགས་ལམ་གྱི་གནད་ལ་ཟབ་མི་ཟབ་ཀྱི་ཁྱད་པར་ཅི་ཡང་མེད་པས་ཕྱོགས་འདི་ལ་འཁྲུལ་པའི་དྲི་མ་བྲལ་བ་སེ་སྟོན་ཆེན་པོའི་གསུང་ལས། དེ་ལྟར་ཚེ་བདག་ཕྱག་རྒྱ་ཟིལ་གནོན་ལམ། །པདྨའི་མན་ངག་རྩ་བ་སོར་བཞག་ལ། །པད་ལུགས་ཞེས་གྲགས་གནུབས་ཀྱི་ཡང་མཛོད་འདི། །སྒྲུབ་ཁོག་སོར་བཞག་གནུབས་ལུགས་ཞེས་གྲགས་མོད། །ལམ་གྱི་གནད་ལ་ཁྱད་པར་ཅི་ཡང་མེད། །འོན་ཀྱང་འཕྲིན་ལས་བྱང་བུའི་བརྗེད་བྱང་ལ། ཁྱད་པར་ཅུང་ཟད་ཡོད་པ་ལེགས་ཕྱེ་ནས། །འདི་ནི་པདྨའི་ལུགས་ཉིད་གསལ་བར་བྱས། །ཞེས་གསུངས་ཤིང་དེ་ལ་ཡིད་བརྟན་དུ་བྱེད་པའི་རྒྱུ་མཚན་ཅི་ཡིན་ན་ཆེན་པོའི་སྟོང་འུར་གྲགས་སྐམ་གྱི་མཁས་གྲུབ་མ་ཡིན་པའི་ཕྱོགས་འདི་ལ་ཕུལ་དུ་ཕྱིན་པས། གསུང་ལས། རྗེ་བཙུན་དམ་པའི་དྲིན་གྱིས་ལམ་སྲོལ་འདིར། །རིང་དུ་སྦྱངས་པས་བློ་གྲོས་མི་དམན་ཞིང་། །རྒྱུད་དང་གདམས་པའི་གནད་ལ་འདྲིས་པའི་ཕྱིར། །དོན་འདིའི་ཆེད་ལ་སྤྲོ་བ་ལྷོད་མ་གྱུར། །ཅེས་ལུགས་མགོ་ཚོས་ནས་རྣ་བ་བྲེགས་པ་ཡིན་འདུག་པ་དགོངས་དགོས། མཆོད་རྟེན་སྲོག་ཤིང་དབྱིབས་མདོར་གསུངས་པ་ལ། །ད་ལྟའི་མདའ་ཚད་དགོས་དགོངས་འཁྲུལ་པ་འདི། །བློ་ལྡན་ཁྱོད་ཐུགས་རྨོངས་པ་མི་སྲིད་ཀྱང་། །གཞན་ལ་ཅོ་འདྲིར་རྫུ་བ་ཡིན་ནམ་སྙམ། །ཞེས་པ་འོད་ཟེར་དྲི་མེད་དུ་མཆོད་རྟེན་གྱི་སྲོག་ཤིང་འཛུགས་པའི་སྐོར་ཤིན་ཏུ་རྒྱས་ཤིང་བུམ་གདན་གྱི་སྟེང་ནས་འཛུགས་པ་བཤད་པར་ཁུངས་ཆེ་ཡང་དེ་འདྲའི་རྒྱུན་ས་ཕྱོགས་དེ་ནས་ཙནྡན་འཁྲུངས་དོགས་མ་དགོས་ཤིང་རྣ་ཐོས་འདྲ་གསན་པས་འཁྲུལ་(༡༨ན)


GLG023_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ཚེ་དེའི་ཕྱག་ལེན་ལུགས་འདི་ལ་མི་འགྲིག་པས་ཞྭ་དཔེ་ལྷམ་འགབས་སུ་འགྲོ་མོད་བླ་མ་ཞང་གི་དབུ་ཞྭ་ཡང་བླ་མའི་ཕྱགས་ཡིན་འདུག་པས་བཀའ་བརྒྱུད་པ་དཔོན་སློབ་ལ་དེ་འདྲའི་སྲོལ་ནི་ཡོད་ཤས་ཆེ། རྒྱུད་དུ། ནག་པོ་གྲུ་གང་བང་རིམ་བཞི༔ ཞེས་པའི་དགོངས་པ་མ་ལོན་པར་མཆོད་རྟེན་ལ་ཁྲུ་གང་ཙམ་ལས་མི་ཡོང་བའི་རྩིས་ཀྱི་སྲོག་ཤིང་གི་དབྱིབས་ལས་མདའ་ཚད་མི་དགོས་གསུང་བ་སྤྲུལ་སྐུ་རིན་པོ་ཆེ་རང་གྲུབ་མཐའི་སྟབས་ཀྱིས་ཕྱོགས་འདི་ལ་ཐུགས་འདྲིས་ཆུང་བའི་ཞལ་ལེན་གནང་ཡང་ཐུགས་མི་འཚེར་ཤས་ཁའང་བྱ་བ་སྐུ་བསྲུང་པ་ཡབ་སྲས་ཀྱི་ཞབས་ལ་ཐག་པ་འདོམ་པ་བཅོ་བརྒྱད་བཏགས་ནས་བྱ་བྲལ་ཕོ་མོ་བྱེ་བ་ཕྲག་བརྒྱས་ཤོ་གཅིག་ཤོ་གཉིས་ཀྱིས་འཐེན་པ་ལས་འོས་མི་འདུག །གཙོ་བོར་རྒྱུད་དུ། གྲི་མདའ་སྨྱུག་རྒོད་ཁྲག་ཅན་ལྡན། །ཞེས་ཤིན་ཏུ་གསལ་ཞིང་རྒྱ་བོད་ཀྱི་མཁས་གྲུབ་ཚོས་མཛད་པའི་གཏེར་གཞུང་དང་རྗེས་འབྲང་རྣམས་ཀྱིས་བཀྲལ་བའི་ཡིག་ཆ་ཁུངས་བཙུན་མང་པོར་གྲི་མདའ་ཁྲག་ཅན་དགོས་པར་བཤད། ལྕགས་འདྲར་སེང་ཁྲིའི་ནང་དང་ལྕགས་སྡིག་ཏུ་དེའི་འོག་ས་འཛིན་ལ་ཐོད་པ་ཞལ་དབྱེ་གཞུག་དགོས་པའི་འབྲུབ་ཁུང་རྒྱུད་ལས། མཎྜལ་མཐིང་ནག་གྲུ་གསུམ་དག༔ འཕུང་ས་གསུམ་དང་དུག་ཁྲག་སྦྲུས༔ བང་རིམ་གསུམ་ལ་ཁ་ཁྱེར་རྩང་༔ དུག་ཁྲག་སོལ་བས་ནག་པོར་བྱུགས༔ དཔའ་རྟུལ་ཅན་གྱི་སྔགས་པ་ཡིས༔ ཞིང་ལྤགས་དག་གམ་རོ་གོས་ལ༔ རྣོ་མྱུར་གདུག་བྱེད་ཕག་མོའི་ལྟོར༔ ཞེས་ཁ་བཤད་ཙམ་མིན་པའི་རྒྱུད་འགྲེལ་མན་ངག་ཞལ་ཤེས་ཕྱག་ལེན་ཤིག་མཛུབ་སྤྲོད་རྒྱུ་ཡོད་པས་དེ་ལྟར་ན་མཆོད་རྟེན་ཁྲུ་གང་ཙམ་གྱི་སེང་ཁྲི་དང་(༡༨བ)


GLG023_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ས་འཛིན་ནང་དུ་མི་མགོ་བམ་རིལ་ཅི་ལ་ཤོང་། འབྲུག་ལུགས་ཀྱི་འཆི་བདག་ཞལ་དབྱེ་དེ་ཚེ་ལོ་བཅུ་པའི་བུ་ཆུང་ཞིག་གི་ཐོད་པར་མཛད་དགོས་ཡོང་བ་འདྲ། ཕྱག་ལེན་དེ་ཚོ་གཙང་དྲགས་པས་དཔའ་བོ་གཙུག་ལག་འཕྲེང་བ་དང་རིན་སྤུངས་ཞབས་དྲུང་སྐུ་ཚེ་མཐར་ཕྱིན་པས་རྟག་བརྟན་སྤྲུལ་སྐུས་པཎ་ཆེན་སྨོན་འགྲོ་བར་མངོན་སྤྱོད་མཛད་པའི་དཔེར་སོང་། ཚེ་སྒྲུབ་དེ་རིགས་བྱུང་ན་མཛད་རོགས་ལ་རྔན་པ་འབུལ་དགོས་མཆིས། རྩ་བའི་ལྷ་དང་རྒྱན་ལྷ་རྣམས་འགོད་ལུགས་སློབ་དཔོན་སོ་སོའི་བཞེད་པ་གཙོ་བས་མཐའ་གཅིག་ཏུ་ངེས་པ་མི་དགོས་པས་ཆོས་ཅན་མི་གཅིག་ཞབས་ལ་གསོལ་བ་འདེབས་མི་འཚལ། ཞབས་དྲུང་བདག་པོས་མ་གསུངས་པའི་གཏམ་འཁྱམས་ལ་བདག་པོ་མཛད་ནས། ཐོད་སྐུ་གསར་མའི་རྒྱས་འགེབས་མིན་པའི་སྒྲུབ་བྱེད་ཅི་ལ་མཛད་དགོས། ཐོད་སྐུ་སྒྲུབ་པ་ལྕགས་སྡིག་ཏུ་ཤིན་ཏུ་གསལ་ཞིང་ཆོས་སྡེ་ཡོངས་སུ་རྫོགས་པ་ལ་སྟོད་བྱང་དུ་བཞུགས་སྐབས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལེགས་ལྡན་རྗེ་ལ་ཞིབ་ཏུ་གསན་སྣང་། པཎ་ཆེན་སྐུ་མཆེད་ཀྱིས་ཆོས་འདི་ལ་དཀའ་བ་སྤྱད་པའི་རྒྱུ་མཚན་གསུང་ལས། རྒྱལ་ཁམས་གཡེངས་པས་བླ་མ་རྙེད། །བསམ་ཡས་བསྐོར་ནས་འཕྲང་ཕུར་ཕྱིན། །བླ་མ་རྙེད་ནས་གདམས་ངག་ཞུས། །རྩ་རྒྱུད་སྡིག་པ་སྙིང་འཛིངས་ལས། །མན་ངག་ཟུར་ཆོས་བརྒྱན་པ་རྣམས། །ངལ་དུབ་སྤངས་ནས་ཞུ་གཏུགས་བྱས། །སྒྱུ་ལུས་ལྦུ་བར་སོང་སྙམ་འདུག །ཁོང་པ་ཁྲག་གིས་གང་སྙམ་བྱེད། །ལྷུ་གཟུགས་དུམ་བུར་ཕྲལ་སྙམ་བྱེད། །དེ་ལྟར་གྱུར་པ་ཁྱད་བསད་ནས། །སྲོག་དང་བསྡོས་པའི་དམ་ཆོས་འདིས། །སངས་རྒྱས་བསྟན་པ་བསྲུང་བར་ཤོག །ཅེས་ཆོས་ཕྱིར་དཀའ་བ་སྤྱད་པ་ལས་(༡༩ན)


GLG023_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ངོམས་གྲོད་འགྲངས་ཀྱིས་ཐོས་བསམ་དང་མི་འདྲ་བར་གདའ། ཨེ་རིང་ལ་ཨོཾ་ཨཱཿཧཱུཾ་མི་སྣོན་པ་ལྕགས་འདྲ་ལུགས། སྣོན་པ་ལྕགས་སྡིག་ཏུ་བཞེད་ཅིང་དེར་མ་ཟད་པའི་ཡི་གེ་འབྱིན་འཇུག་གི་གསུང་རྒྱུན་ཡང་མཆིས། ཨེ་རིང་བསྣལ་བཟློག་དཀྲུག་གཤག་སོགས་ཉིད་ཀྱི་གསན་གཟིགས་ཙམ་བྱུང་བ་ལས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་ཕྱག་ཏུ་བཞེས་ནས་གཙང་པ་ཞིང་ཤག་པ་ཕ་བུ་དང་རྗེས་འབྲང་བྱང་པ་དཔོན་བློན་མང་པོ་དང་པོའི་སངས་རྒྱས་འཇམ་དཔལ་གྱི་ཞིང་དུ་གདན་འདྲེན་མཛད་པ་ཡིན་པས་གཏེར་གཞུང་གི་སྐྱོར་ཟློས་ཁ་ཡར་གསུང་བ་ཞང་པོའི་མདུན་དུ་ཚ་བོའི་སྔར་གཏམ་མི་མཛད་པ་ཞུ། དབང་ཆོག་གི་མཛད་བྱང་དུ་འཇམ་དཔལ་རྡོ་རྗེ་ཉིད་ལས་ཆོས་ཐམས་ཅད་ལ་ཅི་དགའ་བར་སྤྱོད་པའི་ལུང་ཐོབ་གསུང་བ་ཤིན་ཏུ་ཐུགས་བདེན་པར་མཆིས་ཏེ། འཇམ་དཔལ་དབྱངས་ཀྱིས་ཁྱེད་རང་གི་ཐུགས་ལ་གང་དྲན་དྲན་ལག་ཐོག་ཏུ་ཁོལ་ཞེས་གནང་བ་བྱིན་པར་གོར་མ་ཆག་གོ །སྨྲས་པ། ཕྱོགས་འཛིན་མི་འདོད་རླུང་གིས་མ་བསྐྱོད་ཅིང་། །ཐོས་བརྩོན་རྣམ་དཔྱོད་ཡངས་པའི་གྲུ་རྫིངས་ལ། །བརྟེན་ནས་གཙུག་ལག་རྒྱ་མཚོའི་མཐའ་འཇལ་བའི། །གཟུར་གནས་དེད་དཔོན་བློ་གྲོས་གསལ་རྣམས་ཀྱི། །མ་དག་ཆུ་དོང་གཞན་འདྲིད་ཕུབ་མའི་ཟོལ། །བཀབ་པའི་རྣམ་ཐར་དངོས་པོའི་གནས་ཚུལ་ཙམ། །བརྗོད་ལས་ཡུལ་ལ་མ་བསྙོན་མཚང་འདྲུའི་གཏམ། །ཡིན་མིན་ནན་ཏན་དཔྱོད་ཅིག་ཤེས་ལྡན་ཚོགས། །ཆོས་རྣམས་མ་བསླབས་སྙིང་ནས་རང་རྡོལ་དུ། །ཡོང་བར་ལུང་བསྟན་གྱིས་བསྙེམས་འོལ་ཚོད་ཀྱི། །བསྒྲིགས་པའི་བསྟན་བཅོས་བྱེ་མའི་ཆངས་བུ་དེ། །(༡༩བ)


GLG023_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་བརྡར་གཤེར་གྱིས་འཇིག་པ་རང་གི་གཤིས། །ཐམས་ཅད་མཁྱེན་པ་པདྨ་དཀར་པོ་ཞེས། །སྙན་གྲགས་གཡུ་འབྲུག་སྔོན་པོའི་སྐད་ལ་ཟ། །སྟར་རྡོག་སྐམ་པོ་འདིས་ཀྱང་དེ་འདྲའི་མཚན། །འཛིན་པ་ཕལ་གྱི་སྒོང་མཐིལ་མཛུབ་མོས་ལོན། །མཁས་གྲུབ་གྲལ་སྙེག་སྙེ་མ་འཕང་མཐོའི་མགོ །རྣམ་དཔྱོད་འབྲས་བུ་མེད་པའི་ལང་ལོང་གིས། །སྟོན་གྱི་བྲེ་འཇལ་སྒུག་པའི་རྗེས་འཇུག་མཁན། །འདོད་ཅན་ཞིང་པའི་རྒྱུ་མ་ལེབ་མོར་གཏོང་། །སྒོམ་ཆེན་ཕོ་མོའི་འཁོར་ལ་སྨྲས་ཚད་གཏམ། །སོང་བའི་མགལ་དུམ་པད་གནུབས་དགོངས་པའི་དོན། །ཡིན་ན་སྣག་ཚ་བྱུགས་པས་གསེར་ཞུན་མདོག །གསལ་བར་འབྱུང་ངམ་ཟ་ཧོར་རིག་སྔགས་འཆང་། །རྒྱུད་དང་གདམས་པར་གོམས་སྟོབས་མི་ལྡན་པར། །རྩལ་བཤད་རང་བཟོའི་སྒྲུབ་འཕྲིན་སྔོན་བྱོན་གྱི། །རིགས་འཛིན་བཞེད་པར་དོགས་ན་ཁྱོད་ལས་གཞན། །བླུན་པོ་མ་མཆིས་ཟ་ཧོར་རིག་སྔགས་འཆང་། །འཁྲུལ་པའི་ལོག་རྟོག་ཟག་རྫས་མཐོར་བརྩེགས་པར། །འགྲིག་འགྲིག་ཚིག་གི་སྦྱོར་བའི་ས་གཡོགས་པ། །རོ་བརྒྱའི་ཟས་སུ་མངོན་ན་ཕག་རྒོད་ཀྱི། །སྤུན་ཟླར་ངེས་སོ་ཟ་ཧོར་རིག་སྔགས་འཆང་། །བླ་ཆེན་བཟང་རྫུ་མཁས་པའི་འཆལ་སྒྲ་ལ། །ཡིད་བརྟན་དལ་འབྱོར་སྟོང་ཟད་མཚོར་མཆོངས་ན། །མི་ལུས་དུད་འགྲོའི་འདུ་ཤེས་རང་མཚང་ལ། །མི་ཁྲེལ་སུ་ཞིག་ཟ་ཧོར་རིག་སྔགས་འཆང་། །འབྲི་བྱང་ཟིལ་གནོན་མན་ངག་བདུད་རྩིའི་ཆུས། །སྙིང་གི་བུམ་བཟང་གཏམས་བཞིན་ཟག་ཟོག་གི །དཔེ་ཧྲུལ་འཚོལ་བ་བློ་གྲོས་གྲོན་ཡིན་པས། །བག་ཡོད་སྟེན་ཅིག་ཟ་ཧོར་རིག་སྔགས་འཆང་། །བསམས་ཀྱིན་སྔགས་(༢༠ན)


GLG023_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

རློམ་སྨིག་རྒྱུའི་རྒྱང་འོད་ལ། །ནམ་ཡང་མི་རེའི་སྨོན་ལམ་ལེགས་ཐེབས་བདག །ཁ་པོའི་ཅ་ཅོ་མི་སྒྲོག་ཟབ་མོའི་ཀླུང་། །བཏུངས་པས་ལོག་རྟོག་སྐོམ་པའི་གདུང་བབ་ཅིལ། ཁོ་བོ་བློ་གྲོས་གསེར་མིག་འཁྱིལ་མིན་ཡང་། །ལོག་བཤད་ཐན་སྐད་སྒྲོག་ལ་མི་བྲེལ་བར། །རྒྱུད་དང་གདམས་པར་རིང་སྦྱངས་གཤོག་པའི་རྩལ། །རྫོགས་པའི་བྱ་རྒོད་གནུབས་བསྟན་ནམ་འཕང་སྤྱོད། །བརྒྱུད་པའི་ཕྱག་བཞེས་སྲོག་ཕྲལ་ཐོ་ཅོའི་བམ། །རང་བཟོ་ལྷ་མིན་གདོན་བཏབ་ལངས་པའི་མགོར། །དགག་སྒྲུབ་རིག་སྔགས་རྡོ་རྗེ་བསྣུན་པའི་མོད། །འཇིགས་རྔམས་བཟང་རྫུའི་འབྱུང་པོ་ཕ་མཐར་བྲོས། །སྔ་འགྱུར་རིགས་དང་སྐྱེ་བས་བསྙེམས་རྣམས་ཀྱིས། །བསྟན་པའི་དག་ཐེར་མཛད་པར་རིགས་མོད་ཀྱང་། །སྡུག་ཁུག་བྷྱོ་ཕཊ་མཆིས་བྲང་ཆས་དང་ཆང་། །སྒྲ་ཚད་གསར་ཆོས་ངུར་སྨྲིག་ཟོལ་གྱིས་གཡེངས། །གཞུང་བརྒྱའི་མང་བཀུར་ཁྲི་ལ་རང་རིགས་མེས། །ཞྭ་སེར་ཅོད་པན་བཅིངས་ཀྱང་རིས་བྲལ་བསྟན། །གླིང་བཞིར་འཁོར་ལོས་སྒྱུར་བས་ཆོས་ཀྱི་ཁྲིམས། །བླང་དོར་འབྱེད་པའི་སྤོབས་པ་གཟེངས་སུ་མཐོ། །འདི་ལན་ལུང་དང་རིག་པས་ཚུལ་བཞིན་དུ། །འདེབས་པོ་ཡོད་ན་སྨྲ་བའི་སྒོ་ཕྱེ་དང་། །ལེགས་སོ་བརྗོད་ལས་བཞིན་རས་ཉེར་གནག་པའི། །གུ་དོག་ཟོག་པོའི་རང་གནོང་ཅི་ལ་སྟོན། །དགེ་འདིས་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་ལ། །བརྟེན་ནས་བདུད་བཞིའི་དགྲ་ཡི་ཚོགས་བཅོམ་སྟེ། །རང་རིག་དོན་གྱི་ཀུན་བཟང་ཧེ་རུ་ཀ །འགྲོ་འདིས་མངོན་སུམ་(༢༠བ)


GLG023_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རང་ངོ་འཕྲོད་པར་ཤོག །ཅེས་སྒྲུབ་བརྒྱུད་པ་རྣམས་ཀྱི་དབུས་ན་མཁས་པའི་སྙན་གྲགས་ཉི་ཟླ་ལྟར་གསལ་བ་འབྲུག་གནས་སྤྲུལ་སྐུ་རིན་པོ་ཆེ་པདྨ་དཀར་པོས་མཛད་པའི་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ཡིག་ཆ་འགའ་ཞིག་སྣང་བ་འཁྲུལ་པ་མེད་པའི་རྡོ་རྗེའི་གསུང་ལས་འོས་ཅི་མཆིས་ཀྱང་བདག་སོགས་ཚུར་མཐོང་གི་སྐྱེ་བོ་ལས་ཉོན་གྱི་སྒྲིབ་པས་ཆེས་ཆེར་སྦགས་ཏེ་དག་སྣང་གི་ཉི་མ་མ་ཤར་བའི་ནམ་མཁར་ལོག་རྟོག་གི་རྒྱུ་སྐར་གོ་མཚམས་མེད་པར་བཀྲམས་པའི་དབང་གིས་རྣམ་པར་དཔྱད་པའི་ཡི་གེ་རི་ཐང་མཚམས་ཀྱི་ནད་བརྒྱ་འཇོམས་པའི་སྨན་གཅིག་འདི་ནི་རང་གཞན་གྱི་ཆོས་པར་རློམ་པ་མཐའ་དག་ཇ་ཆང་གི་གར་སླ། ཕྱེ་ཁའི་མཐོ་དམའ་ཚོང་དང་ཞིང་ལས་ཀྱི་ཁེ་སྤོགས་སོགས་འདི་སྣང་ཁོ་ནས་གཡེངས་ཏེ་བསྐུལ་བ་པོའི་རིགས་མ་བྱུང་ཡང་ཤེས་ལྡན་མང་པོ་བློ་མིག་ཡངས་པའི་རྐྱེན་དུ་འགྱུར་རམ་སྙམ་པས་ཀུན་ནས་བླངས་ཏེ་ཚུལ་འདིར་དང་པོར་མཁས་པ་གནུབས་དང་རྒྱ། བར་དུ་མཁས་པ་གངས་གཡུང་གཉིས། མཐའ་མར་མཁས་པ་སེ་སྟོན་ཆེན་པོ་རིན་ཆེན་རྒྱལ་མཚན་དང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མངའ་རིས་པཎ་ཆེན་སྐུ་མཆེད་ཀྱི་གདམས་པའི་ཆུ་བོ་གཅིག་ཏུ་འདྲེས་པ་ཁྲི་སྲོང་ཡང་སྲིད་དཔལ་བཀྲ་ཤིས་སྟོབས་རྒྱལ་ལས་ཉེ་བར་བརྒྱུད་པའི་དབང་ལུང་བཤད་བཀའ་ཕྱག་བཞེས་མན་ངག་གི་ཟབ་གནད་ཕྲ་མོར་བཅས་པ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་བཀའ་དྲིན་ལས་བུམ་པ་གང་བྱོར་ཐོབ་ཅིང་། རིགས་འཛིན་མངའ་རིས་པ་ཆེན་པོ་ནས་འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ་བརྒྱུད་པའི་ལྕགས་སྡིག་གི་ཕྱག་ལེན་མན་ངག་རྣམས་དཔལ་འབྲི་གུང་པ་ཆོས་ཀྱི་གྲགས་(༢༡ན)


GLG023_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་གཉིས་ཀྱི་དྲུང་དུ་ཞུན་ཐར་བཅད། བརྒྱུད་པ་དེ་ལས་འོངས་པའི་ལུང་རྒྱུན་ཡོངས་སུ་རྫོགས་པ་ཁྱབ་བདག་ཁྲ་ཚང་བ་ཆེན་པོར་ནོས་ཤིང་། འཇམ་དཔལ་གྱི་གནང་བ་ཐོབ་པ་སོགས་མིའི་ཆོས་བླ་མའི་རྫུན་སྨྲར་མ་ནུས་རུང་། བསྙེན་སྒྲུབ་ལས་གསུམ་ཚད་ལྡན་ལག་ཏུ་བླངས་པས་ལག་འདྲེན་ཁ་ཡར་ཆམ་ལ་ཕབ་པའི་ལག་རྗེས་ཀྱང་ཅུང་ཟད་བཞག་པ་ཟ་ཧོར་གྱི་སྔགས་པ་རྒན་པོ་ཟིལ་གནོན་བཞད་པ་རྩལ་གྱིས་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ་རྒྱལ་བས་ཆོ་འཕྲུལ་བསྟན་པའི་དུས་དགེ་བར་རང་བྱུང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཙུག་ལག་ཁང་རྒྱལ་ཁབ་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་རིག་པ་འཛིན་པ་འཇམ་དབྱངས་གྲགས་པས་བགྱིས་པ་ཛ་ཡནྟུ། ཞེས་པ་འདི་ཡང་པ་རི་དྷཱ་ར་ཞེས་པ་ཆུ་ཕོ་བྱི་བའི་ལོ་ཆུ་ཤེལ་དབང་པོ་རྒྱུ་སྐར་ཁྲུམས་སྟོད་ཀྱིས་ཉེ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཉིན་ཟླ་བ་གྲོ་བཞིན་གྱི་འགྲུབ་སྦྱོར་ལ་བབས་པའི་ཚེ་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་གྲུབ་པར་བགྱིས་སོ། །མངྒ་ལཾ།།

འཕགས་པ་འཇམ་དཔལ་མཚན་བརྗོད་ཀྱི་ཡང་སྙིང་།


GLG023_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་མཚན་བརྗོད་ཀྱི་ཡང་སྙིང་བཞུགས་སོ། །


GLG023_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་རྒྱ་གར་ཁུངས་བཙུན་པའི་ཕྱིར་སྨོས་པའོ། །གར་སྐད་དུ། ཨཱཪྻ་མཉྫུ་ཤྲཱི་ཏནྟ་ཙི་ཏ༔། བོད་སྐད་སྒྲ་བསྒྱུར་བའི་ཚིག་སྨོས་པའོ། །དུ། འཕགས་པ་འཇམ་དཔལ་མཚན་སྨོས་པའི་ཡང་སྙིང་། རྒྱུད་ཀྱི་ཡང་སྙིང་། འཇམ་དཔལ་གཞོན་ནུར་གྱུར་ཡི་དམ་ལྷ་ལ་ཕྱག་འཚལ་བའི་ཕྱིར་སྨོས་པའོ། །པ་ལ་ཕྱག་འཚལ་ལོ། །འདི་ལྟར་འདི་ལ་སངས་རྒྱས་ཐམས་ཅད་ཀྱི་མཚན་འདུས་པའོ། །སངས་རྒྱས་བཅོམ་ལྡན་འདས། །ཡེ་ཤེས་འདི་ལ་སངས་རྒྱས་ཐམས་ཅད་ཀྱི་སྐུ་འདུས་པའོ། །སྐུ་སྟེ་རང་བྱུང་བ། །ཡེ་ཤེས་འདི་ལ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་འདུས་པའོ། །མིག་གཅིག་དྲི་མ་མེད། །ཡེ་ཤེས་སྣང་འདི་ལ་སངས་རྒྱས་ཐམས་ཅད་ཀྱི་ངོ་སྤྲོད་འདུས་པའོ། །བ་ལམ་མེ་བ། །ཨ་ཡིག་འབྲུ་འདི་དགུ་ལ་ཐེག་པ་རིམ་དགུ་འདུས་པའོ། །ར་པ་ཙ་ན་ཡ་ཏེ་ན་མ༔ ཡེ་ཤེས་སྐུ་འདི་ལ་སངས་རྒྱས་ཐམས་ཅད་ཀྱི་གསུང་འདུས་པའོ། །ཉིད་ཁྱོད་ལ་འདུད། །རྫོགས་པའི་སངས་འདི་ལ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་འདུས་པའོ། །རྒྱས་ཀུན་གྱིས་བཤད། །བཅོམ་འདི་ལ་སངས་རྒྱས་ཐམས་ཅད་ཀྱི་མཚན་དང་བསྟོད་པ་འདུས་པའོ། །ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་དེ་བཞིན་དངོས་ཀྱི་བཀའ་བྱིན་རླབས་འདུས་པའོ། །གཤེགས་པ་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པ་རྫོགས་སོ། །ཟླ་བ་གཅིག་གིས་འགྲུབ་པས་ཐེ་ཚོ་མ་ཟ་ཞིག །གུ་རུ་པདྨས་ཇོ་མོ་ཤེལ་བཟའ་སྒྲོན་ལ་གནང་བ་འདི་མཚན་བརྗོད་ཚར་རེ་དང་མཉམ་པར་འགྱུར་གསུངས་སོ། །

འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ།


GLG023_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ་བཞུགས་སོ། །


GLG023_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ཤྲཱི་བཱི་རེ་ཎ་མུ་དྲཱ་བྷི་བྷཱུ་ཡཱ་ཡ། མཁའ་ཁྱབ་སྤྲོས་བྲལ་གདོད་མའི་ཀློང་དུ་འཇམ་དཔལ་ཀུན་བཟང་ཆོས་ཀྱི་སྐུ། །འོག་མིན་ཞིང་ཁམས་ཞིང་གི་གཙོ་བོར་རྡོ་རྗེ་འཆང་དབང་ལོངས་སྤྱོད་རྫོགས། །ཡིད་སྲུབས་གཤེད་དུ་འཁོར་འདས་ཟིལ་གནོན་ཚེ་བདག་ནག་པོ་སྤྲུལ་པའི་སྐུ། །སྐུ་གསུང་ངོ་བོ་ཆོས་དབྱིངས་རང་གྲོལ་རིགས་ཀྱི་གཙོ་བོར་གཙུག་ན་མཛེས། །སྟང་ཟིལ་མདོག་ལྟར་གནག་པའི་སྲིན་པོའི་གཟུགས། །དུས་ཀྱི་བྱིན་ཟའི་དབུས་ན་འགྱིང་བའི་གར། །རབ་འབར་མཚོན་ཆ་གདེངས་པའི་མོད་ཉིད་ལ། ཁྲོ་རྒྱལ་ཕལ་གྱི་ལག་ཆ་དུས་གཅིག་འཆོར། །དྲི་ང་མགོ་བོ་རྒྱུ་མར་བརྒྱུས་པའི་འཕྲེང་། །ཕྲལ་བསད་པགས་རློན་ལྡིང་སྟབས་གོས་ཀྱིས་ཀྱང་། །མ་ཚིམ་སྙིང་གི་ཁྲག་དྲོན་འཐུང་བ་དང་། །ལྷན་ཅིག་ཐལ་ཞག་ཁྲག་གིས་ལུས་ཀུན་བྱུགས། །རུ་དྲ་བསྒྲལ་བའི་དཔལ་དང་དུར་ཁྲོད་ཆས། །དཔའ་རྟགས་ལོག་འདྲེན་ཚོགས་ལ་རྔོམ་བཞིན་དུ། །ཀ་དག་གཤོག་པའི་རྩལ་གྱིས་འཁོར་འདས་ཆོས། །ཟད་མཐའི་ལྷུན་(༢ན)


GLG023_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཁའ་ལ་ནམ་འཕང་སྤྱོད། །ལྷ་སྔགས་ཡེ་ཤེས་རྡོ་རྗེ་རྩེ་བརྒྱ་པ། །གདེངས་ཚེ་སྟོབས་ལྡན་འབྱུང་པོ་སྦྱིན་སྐྱེས་མོའི། །དྲེགས་བསྙེམས་མངལ་ལྷུངས་ཆབས་ཅིག་ལུས་མེད་སྨག །གཟི་བྱིན་ཉི་མའི་འོད་གདོང་མ་ཆུགས་སངས། །དགྲ་བོའི་བླ་རྐུ་སྲོག་གཅོད་ཚེ་ཡི་མཐའ། །བཏུལ་བའི་བམ་རོའི་སྟེང་ན་ཞབས་ཀྱི་བྲོ། །བརྡུང་ཡང་འགྲོ་ལ་སྙིང་རྗེའི་ཆུས་བརླན་པ། །རྒྱལ་ཀུན་སྤྱི་ལུགས་ཚུལ་ལས་འདས་མིན་མཚར། །རང་རྒྱུད་དུག་ལྔ་ཕྱི་རོལ་མེ་ལོང་དུ། །ཤར་བའི་དགྲ་གདོན་དེས་བསྐྱེད་དྲུང་འབྱིན་པའི། །བསྐྱེད་རྫོགས་རྫོགས་ཆེན་ལམ་གྱིས་ཚེ་གཅིག་ལ། །ཕུང་པོ་འོད་སྐུར་གྲོལ་ནུས་ལྷག་པའི་ལྷ། །རང་སྲུང་བཙན་པོའི་ལྕགས་རི་མཐོ་སྟེང་ནས། །ཟློག་བསད་ནག་པོ་མཐུ་ཡི་ལྕེ་འབབ་ཀྱང་། །དབང་འབྲིང་བར་དོར་འཇམ་དཔལ་ཞི་དང་ཁྲོར། །མ་བུ་རང་ངོ་འཕྲོད་པས་ཡ་མི་ང་། །དེ་ཕྱིར་ཟླ་གསང་རྒྱུད་སྡེ་འོ་མའི་མཚོའི། །ཡང་སྙིང་སྡིག་རྒྱུད་མར་གྱི་ཉིང་ཁུ་ལས། །པད་གནུབས་བཞེད་སྲོལ་སཱ་ལའི་སྨན་ལྗོངས་འདིར། །ཟབ་པ་གཏེར་དང་རྣམ་དག་བཀའ་མའི་རྒྱུད། །ཡོ་(༢བ)


GLG023_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ག་གསུམ་དུ་འགྲེལ་ལུགས་ཐ་དད་པར། །མཁྱེན་ལྡན་སྔགས་འཆང་དགོངས་དོན་མང་ལོན་མཐར། །སེ་སྟོན་ཕྱག་བཞེས་དབང་པོའི་སྡེས་གསལ་བ། །འདི་ཀོ་རིན་ཆེན་ཁྲོད་ནས་ཡིད་བཞིན་ནོར། །གང་དེར་དཔྱད་བཟོད་ཡང་དག་གཏན་ཚིགས་ཀྱིས། །ཡིད་དྲངས་རང་ཉམས་ལེན་དང་སྣོད་ལྡན་ཆེད། །འཕྲིན་ལས་སྲིད་པ་གསུམ་ལས་རྣམ་རྒྱལ་བའི། །འཇིགས་མེད་སེང་གེའི་རྒྱུད་ཀྱི་དབྱངས་སུ་ལེན། །དེ་ཡང་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་འཕྲིན་ལས་ཀྱི་རིམ་པ་མན་ངག་རྩ་བའི་དགོངས་པ་ལྟར་མཁྱེན་བརྩེ་ནུས་པའི་བདག་ཉིད་སེ་སྟོན་ཆེན་པོ་རིན་ཆེན་རྒྱལ་མཚན་དང་ཁྲི་སྲོང་རྣམ་སྤྲུལ་ཆོས་རྒྱལ་དབང་པོའི་སྡེའི་བཞེད་པ་བཞིན་འདྲི་བ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་འཇམ་དཔལ་རྫོགས་ཆེན་ནས་བཀང་དང་། །རྣམ་ངེས་རིན་ཅེན་སྒྲོན་མེ་དངོས་བསྟན་གཉིས། །དང་པོར་སྐྱབས་སེམས་བསྐྱེད་གསོལ་རྒྱུད་སྨོན་ལྔའི། །དང་པོ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནི། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆི། །ཡེ་ཤེས་ལྷ་དང་དམ་ཚིག་ལྷ་ལ་སྐྱབས་སུ་མཆི། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་སྐྱབས་སུ་མཆི། །བདག་དང་དྲིན་ཅན་ཕ་མས་གཙོ་བྱས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ཉིད་ལ་དེར་ཤེས་ཀྱི། །བྱང་ཆུབ་མཆོག་ཏུ་རྒྱ་ཆེན་སེམས་ནི་བསྐྱེད་པར་བྱ། །ཞེས་ལན་གསུམ་བརྗོད། གཉིས་པ་བདག་དང་མདུན་གྱི་རྟེན་བསྐྱེད་པ། །ཨཱོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྡྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་ཀུན་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་། །ཨཱོཾ་ཝཱ་གཱི་ཤྭ་རི་མུཾ། སྟོང་པའི་གདངས་ལས་སྔགས་ཀྱི་སྒྲ་བསྒྲགས་མཐུས། །པད་(༣ན)


GLG023_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་སྟེང་། །རང་ཉིད་ཛམྦུ་གསེར་གྱི་མདངས་འཛིན་པའི། །ཡིད་འོང་གཞོན་ནུ་ཟུར་ཕུད་ལྔ་པ་ཅན། །ཕྱག་ཟུང་ཤེས་རབ་རལ་གྲི་ཨུཏྤལ་གྱི། །འདབ་སྟོང་རྒྱས་རྩེར་ཤེར་ཕྱིན་གླེགས་བམ་བསྣམས། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་ཅན། །སྣ་ཚོགས་རིན་ཆེན་མཛེས་རྒྱན་བརྒྱད་ཀྱིས་སྤྲས། །རབ་བཀྲ་ལྷབ་ལྷུབ་དར་གྱིས་མངོན་པར་ཀླུབས། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོ་འདུ་ཡིས། །འཕགས་པ་མཆོད་དང་རང་གཞན་དོན་བྱེད་གྱུར། །མདུན་དུ་དཔག་བསམ་ལྗོན་ཤིང་ཡལ་འདབ་དང་། །འབྲས་བུ་མངོན་པར་རབ་ཏུ་རྒྱས་པའི་དབུས། །མི་འཇིགས་གདོང་ལྔའི་ཁྲི་ལ་ཉི་མའི་གཉེན། །གཡས་གཡོན་འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས། །རྒྱབ་ཏུ་ཉན་རང་གུས་བཏུད་ཕྱག་རྡོར་མདུན། །སྟེང་ཕྱོགས་ཤིང་རྩེར་དེ་བཞིན་གཤེགས་ཚོགས་དང་། །ཡལ་གར་གནས་པའི་ལྷ་ཡི་བུ་བུ་མོས། །མེ་ཏོག་ལ་སོགས་ཀུན་བཟང་མཆོད་སྤྲིན་སྤྲོ། །ཐུབ་པས་རྒྱུད་གསུང་སེམས་དཔས་སྒྲ་ཆེན་སྒྲོག །འཁོར་རྣམས་དགའ་མགུ་ཡི་རང་རྗེས་སུ་འདུད། །རྐན་གཉིས་རྒྱུད་ཀྱི་རྔ་ཆེན་ལྕེའི་དབྱུ་གུས། །བསྐུལ་ལས་ཟབ་དོན་ཆོས་སྒྲས་ཡོངས་གང་གྱུར། །གསུམ་པ་འཇམ་དཔལ་བརྒྱུད་འདེབས་རིམ་པ་ནི། །ཆོས་སྐུ་འདུས་པ་ཀུན་ཏུ་བཟང་པོ་དང་། །ལོངས་སྐུ་འདུས་པ་འཇམ་དཔལ་རིགས་ལྔ་དང་། །སྤྲུལ་སྐུ་འདུས་པ་ཤཱཀྱ་ཐུབ་པ་སོགས། །སྐུ་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་མཁའ་འགྲོ་རིན་ཅེན་མཁའ་འགྲོ་དང་། །པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་དང་། །དེ་བཞིན་མཁའ་འགྲོ་ཨྱོན་མཁའ་འགྲོ་སོགས། །(༣བ)


GLG023_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དང་རྡོ་རྗེ་འཆང་ཆེན་པོ། །འཇམ་དཔལ་བཤེས་གཉེན་ཤྲཱི་སིངྷ་དང་། །རང་བྱུང་ཆེན་པོ་པདྨ་འབྱུང་གནས་ཞབས། །རིགས་འཛིན་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། ཁྲི་སྲོང་ལྡེ་བཙན་འཇམ་མགོན་སྤྲུལ་པའི་སྐུ། །ཤེ་ས་སྒྲོན་གཅིག་མཚན་ལྡན་གསང་བའི་ཡུམ། །གཏེར་སྟོན་ཆེན་པོ་སར་བན་ཕྱོགས་མེད་སོགས། །སྤྲུལ་པའི་སྐུ་མཆོག་རྣམས་ལ་གསོལ་བ་འདེབས། །ལུང་ཟིན་སར་བན་ཉི་མའི་སྙིང་པོ་དང་། །སྔགས་འཆང་དབང་དར་འགར་སྟོན་རིན་ཅེན་འབུམ། །རི་པ་སངས་རྒྱས་བྱམས་པ་དཔལ་ལ་སོགས། །བརྒྱུད་འཛིན་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱ་བན་བླ་མ་རྦ་སྟོན་དཔལ་བ་དང་། །རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན། །རྡོ་རྗེ་མགོན་པོ་ངག་དབང་གྲགས་པ་སོགས། །བཀའ་བབས་བླ་མ་རྣམས་ལ་གསོལ་བ་འདེབས། །སངས་རྒྱས་དཔལ་བཟང་ཐུགས་སྲས་ནམ་མཁའི་མཚན། །དཔལ་ལྡན་བློ་གྲོས་དྲན་མཆོག་ཆོས་ཀྱི་རྗེ། །ཡོངས་འཛིན་དམ་པས་རྗེས་བཟུང་དབང་པོའི་སྡེ། །རིགས་འཛིན་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱལ་དབང་པདྨའི་གདུང་གསོབ་ངག་གི་དབང་། །ཀློང་ཆེན་རབ་འབྱམས་གསུམ་པ་ཤ་གཟུག་པ། །ཟབ་དོན་གཏེར་མཛོད་འཕྲིན་ལས་གསང་སྔགས་རྗེ། །མཁས་གྲུབ་བླ་མ་རྣམས་ལ་གསོལ་བ་འདེབས། །གནུབས་ཆེན་ཡང་སྲིད་འཕྲིན་ལས་ལྷུན་གྲུབ་ཞབས། །རིགས་བརྒྱའི་ཁྱབ་བདག་ཆོས་དབྱིངས་རང་གྲོལ་རྗེ། །འཇམ་མགོན་དགྱེས་པའི་ཟ་ཧོར་བཞད་པ་རྩལ། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །སྟག་ཚང་བཀྲ་ཤིས་དཔལ་ཕུག་གཡུ་ཕྲའི་གནས། །བདུད་རྩིའི་ཚུལ་དུ་རྒྱས་བཏབ་གསང་བའི་གཏེར། །རྡོ་རྗེ་ཕྲག་སྐྱེས་སྐྱིན་མཐིང་ཤྭ་ཎ་མ། །གནས་ཆོས་སྲུང་(༤ན)


GLG023_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

མར་བཅས་ལ་གསོལ་བ་འདེབས། །འཇམ་དཔལ་རིགས་ལྔ་ཞི་ཁྲོའི་དཀྱིལ་འཁོར་དུ། །རྨད་བྱུང་རྫས་ཀྱི་རྟེན་འབྲེལ་ལ་བརྟེན་ནས། །རིག་རྩལ་དབང་བཞིས་ཡེ་ཤེས་ཐོབ་པ་ཡི། །ངོ་འཕྲོད་དོན་གྱི་སྙིང་པོ་རྟོགས་པར་ཤོག །བདེ་གཤེགས་ཀུན་འདུས་རང་བྱུང་ཡེ་ཤེས་སྐུ། །གསལ་སྟོང་དབྱེར་མེད་བསྐྱེད་པའི་རིམ་པ་ཡིས། །ཐ་མལ་ལུས་ཀྱི་སྣང་ཞེན་ཡོངས་གྲོལ་ནས། །གཞི་ལུས་འོད་ཕུང་ཆེན་པོར་མངོན་གྱུར་ཤོག །སྒྱུ་འཕྲུལ་དྲ་བའི་བཅུད་ཕྱུངས་གླུ་བླངས་རྒྱུད། །བརྗོད་ཚུལ་བཞི་དང་ཡང་སྙིང་སྙིང་པོའི་དོན། །སྐྱེ་མེད་ཨ་ཡི་རང་སྒྲ་ཡོངས་བསྒྲགས་ནས། །མཐར་ཐུག་འབྲས་བུ་སྐུ་བཞི་ཐོབ་པར་ཤོག །རྡོ་རྗེ་ཐུགས་ཀྱི་བཟླས་པས་ལམ་སྦྱངས་ནས། །རྩ་ལ་ངོ་སྤྲད་རླུང་ལ་བདེ་བ་སྦྱར། །ཐིག་ལེ་ཆོས་ཀྱི་སྐུ་རུ་ལ་ཟླ་བའི། །ཟག་མེད་དགའ་བཞིའི་ཡེ་ཤེས་རྟོགས་པར་ཤོག །མཐའ་གཉིས་ལས་གྲོལ་རང་རིག་ཆེན་པོའི་དོན། །སྒོམ་མེད་སྒོམ་སོགས་དབང་པོའི་རིམ་པ་ཡིས། ཁྲེག་ཆོད་ཐོད་རྒལ་ཡེ་ཤེས་ཟང་ཐལ་སོགས། །ཚུལ་བཞིན་ལམ་དུ་ལོངས་པར་བྱིན་གྱིས་རློབས། །སྔོན་དུས་རྒྱལ་བའི་སྨོན་ལམ་རྣམ་དག་མཐུས། །ཕྱོགས་བཅུའི་ཞིང་ཁམས་རྡུལ་རྙེད་རབ་འབྱམས་ཀྱི། །འགྲོ་ཀུན་སྲིད་པའི་འཆིང་བ་ལས་གྲོལ་ནས། །ཀུན་བཟང་གདོད་མའི་གོ་འཕང་མྱུར་ཐོབ་ཤོག །བཞི་པ་འཇམ་དཔལ་མཚན་བརྗོད་རྒྱུད་བཀླག་པ། །གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཞེས་སོགས་ཤླཽ་ལ་གཅིག་གི་མཐར་རྒྱུད་རྒྱས་པའམ་བསྡུས་པ་གང་རུང་བྱ། ལྔ་པ་སྨོན་ལམ་དག་པས་མཚམས་སྦྱོར་བ། །སྔོན་དུས་རྒྱལ་བས་རི་བོ་བྱ་རྐང་དུ། །རྒྱུད་འདི་གསུངས་(༤བ)


GLG023_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྐུ་ལས་འོད་ཟེར་འབུམ། །རེ་རེའི་རྩེ་ལ་འདབ་ལྡན་པདྨའི་སྟེང་། །སྤྲུལ་པའི་སྐུ་རེས་ཕྱོགས་བཅུའི་འཇིག་རྟེན་དུ། །ཆོས་འཁོར་བསྐོར་ལྟར་བདག་གིས་འཇམ་དཔལ་གྱི། །ཆོས་འདི་བསྒྲགས་པས་སེམས་ཅན་ཐམས་ཅད་ཀྱི། །རྒྱུད་ལ་སྐྱེ་མེད་ཡོངས་སུ་ཐོབ་པ་དང་། །འཛིན་མེད་རང་གྲོལ་འགྱུར་བའི་རྒྱུར་གྱུར་ཅིག །གང་ཚེ་བལྟ་བར་འདོད་པའམ་སོགས་བྱའོ། །གཉིས་པ་རྣམ་ངེས་དངོས་བསྟན་དགོངས་དོན་ལ། །ཟུར་རྒྱན་བརྒྱུད་འདེབས་སྐྱབས་སེམས་ཚད་མེད་བཞི། །ཡན་ལག་བརྒྱད་པ་མཚམས་བཤགས་དམ་བྱིན་དབབ། །མཆོད་རྫས་བྱིན་བརླབ་སྔོན་འགྲོ་རྣམ་དགུའི་ཁྲིགས། །དང་པོ་ཟབ་གཏེར་བླ་བརྒྱུད་གསོལ་འདེབས་ནི། །ཐོག་མའི་མགོན་པོ་ཀུན་བཟང་འཇམ་དཔལ་དབྱངས། །གཤིན་རྗེའི་གཤེད་དུ་ཁྲོས་པ་དུས་དགྲའི་དབང་། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་ཚེ་བདག་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རྒྱུད་སྡེའི་བཀའ་བསྡུ་ཕྱག་ན་རྡོ་རྗེ་འཛིན། །ལྷའི་བུ་ཚངས་པ་ཉི་མ་བདེ་མཆོག་ལྡན། །མཁའ་འགྲོའི་གཙོ་མོ་ཟླ་བའི་འོད་ཟེར་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཟུང་འཇུག་སྐུ་བརྙེས་འཇམ་དཔལ་བཤེས་གཉེན་ཞབས། །དུས་གསུམ་མཁྱེན་པ་པདྨ་སཾབྷ་ཝ། །བརྟུལ་ཞུགས་མཐར་ཕྱིན་བྷ་སུ་དྷ་ར་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །བོད་ཡུལ་དྲག་སྔགས་བདག་པོ་གནུབས་བན་རྗེ། །ལས་ལྡན་གཏེར་སྟོན་ཆེན་པོ་རྒྱ་ཞང་ཁྲོམ། །གདམས་པའི་མངའ་བདག་བྲལ་ཏེ་སམྦྷོ་ཊར། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རིགས་འཛིན་དབང་པོ་གངས་བན་བཀྲ་ཤིས་དར། །མཐུ་སྟོབས་དབང་ཕྱུག་གངས་པ་རི་དཀར་པ། །སྡེ་བརྒྱད་བྲན་འཁོལ་གངས་པ་ཤཱག་འབུམ་པ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །(༥ན)


GLG023_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་འགྱུར་སྲོག་ཤིང་གཡུང་སྟོན་རྡོ་རྗེ་དཔལ། །ཟབ་སྦས་གསལ་མཛད་ཕག་སྟོན་ཤཱཀྱ་མགོན། །རིགས་འཛིན་སྦུག་སྟོན་དཔལ་ལྡན་མགོན་པོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཟུར་ཚོ་རྡོ་རྗེ་གླིང་པ་ཆོས་རྒྱལ་མཚན། །སྤང་སྟོན་འཇམ་དབྱངས་བདེ་ལེགས་རྒྱལ་མཚན་ཞབས། །མཁྱེན་བརྩེ་ནུས་མངའ་སེ་སྟོན་རིན་རྒྱལ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །མཐུ་ཆེན་སྤྱན་ཚབ་མགོན་པོ་ཟླ་བའི་ཞབས། །མཉམ་མེད་ནུབ་དགོན་བྱམས་པ་ཆོས་རྒྱལ་མཚན། ཁྲི་སྲོང་རྣམ་སྤྲུལ་བཀྲ་ཤིས་སྟོབས་རྒྱལ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །དེ་སྲས་སྤྲུལ་པའི་སྐུ་མཆོག་ངག་གི་དབང་། །རྡོ་རྗེ་འཆང་དངོས་ཆོས་དབྱིངས་རང་གྲོལ་དཔལ། །ཟ་ཧོར་སྔགས་སྨྱོན་ཟིལ་གནོན་དྲག་རྩལ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཕྱི་ནང་གསང་གསུམ་གདམས་པ་ས་འཛིན་དབང་། །རྣོ་ངར་རྣ་ཆ་བརྒྱད་སོགས་གསེར་གྱི་རི། །སྟོན་མཛད་བྱེད་པོ་དངོས་བརྒྱུད་ཡོངས་འཛིན་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རྫ་ལྷུད་རི་བོ་ཆེ་སོགས་གནས་མཆོག་ཏུ། །མི་ཕྱེད་ཕྱག་རྒྱས་བཏབ་པ་ཟབ་མོའི་གཏེར། །གནས་ཆོས་བཀའ་ཡི་སྲུང་མར་བཅས་པ་ལ། །གསོལ་པ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །འཁོར་བའི་ངང་ཚུལ་ཀུན་ལ་ཡིད་ལོག་ཅིང་། །འགྲོ་རྣམས་སངས་རྒྱས་ས་ལ་འགོད་པའི་ཆེད། །རྨད་བྱུང་ཐེག་པ་མཆོག་གི་ལམ་ཞུགས་ནས། །མཆོག་ཐུན་དངོས་གྲུབ་འགྲུབ་པར་བྱིན་གྱིས་རློབས། །བགྲོད་པ་རྣམ་པ་གསུམ་གྱི་འཇུག་ངོགས་ལས། །སྨིན་པར་བྱེད་པ་དབང་གི་རིམ་པ་དག །མཚན་ལྡན་རྡོ་རྗེ་སློབ་དཔོན་དྲུང་ནོད་དེ། །ངེས་གསང་སྣོད་དུ་རུང་བར་བྱིན་གྱིས་རློབས། །རྒྱུ་རྐྱེན་དང་བྲལ་ཆུ་ལས་ཉ་འཕར་ཚུལ། །གསལ་སྟོང་ལྷ་སྐུར་ལྡང་བའི་ང་རྒྱལ་གྱིས། །(༥བ)


GLG023_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་ཐུག་ཕྲད་གསོད་པ་དྲག་པོའི་སྔགས། །མངོན་སྤྱོད་འཕྲིན་ལས་འགྲུབ་པར་བྱིན་གྱིས་རློབས། །རིགས་བཟང་ཕྱག་རྒྱ་ལས་འོངས་དགའ་བ་བཞི། །རྫོགས་པའི་བདེ་སྟོང་ཡེ་ཤེས་རབ་རྒྱས་ཤིང་། །རྩ་གསུམ་འཁོར་ལོ་བཞི་ལྡན་སྐུ་བཞིའི་གར། །གདོད་མའི་མགོན་པོ་འགྲུབ་པར་བྱིན་གྱིས་རློབས། །གྲངས་མེད་ཆོས་རྣམས་མ་ལུས་སེམས་ཀྱི་ཀློང་། །ཡེ་ནས་གྲོལ་བའི་མི་འགྱུར་ཀུན་ཏུ་བཟང་། །གདོད་ནས་འཁྲུལ་མ་མྱོང་བའི་རིག་པ་འདི། །ཚེ་འདིར་མྱུར་དུ་རྟོགས་པར་བྱིན་གྱིས་རློབས། །གལ་ཏེ་ཚེ་འདིར་གྲོལ་བའི་ལམ་ཟབ་མོ། །མ་རྙེད་འདའ་བར་ཉེ་ཚེ་གནད་གཅོད་བྲལ། །འཆི་བ་འོད་གསལ་རང་བྱུང་ཡེ་ཤེས་སྒྲོན། །སྔར་འདྲིས་གྲོགས་བཞིན་ཤེས་པར་བྱིན་གྱིས་རློབས། །དབང་པོ་དམན་པས་སྲིད་པ་བར་དོ་རུ། །འཇིགས་རུང་འཁྲུལ་བའི་སྣང་བ་མང་ཤར་ཚེ། །དུས་དགྲའི་དབང་པོ་འཇམ་དཔལ་གཤིན་རྗེའི་གཤེད། །རང་བྱུང་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །རྩ་གསུམ་ཐུགས་རྗེས་ལུང་བསྟན་དབུགས་དབྱུང་མཐུས། །ཞི་ཁྲོའི་ཞིང་ཁམས་རྒྱ་མཚོར་རབ་བགྲོད་ཅིང་། །ཐ་མར་ཆོས་ལྡན་སྒྲུབ་ནུས་རྟེན་གཟུང་ནས། །ལྷག་མའི་ལམ་སྦྱངས་བྱང་ཆུབ་མཆོག་ཐོབ་ཤོག །ཁྱབ་བདག་འཇམ་དཔལ་དཔའ་བོའི་སྐུར་བཞེངས་ཏེ། །ཐར་པའི་གནས་སུ་ལུས་ཅན་ཀུན་འདྲེན་ཞིང་། །གནས་སྐབས་འཕྲིན་ལས་རྣམ་བཞི་བསམས་པ་བཞིན། །འབད་མེད་ལྷུན་གྲུབ་བཀྲ་ཤིས་དཔལ་གྱིས་སྐྱོངས། །གཉིས་པ་སྐྱབས་གསོལ་སྨོན་འཇུག་སེམས་བསྐྱེད་པ། །བདག་དང་བསྲུང་བྱ་རྣམས་གཙོ་བོར་གྱུར་པའི་འགྲོ་བ་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་དེང་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྗེ་


GLG023_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་རྗེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་དྲུང་དུ་གནས་བཅས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ་བརྗོད། གསུམ་པ་ཚངས་པའི་གནས་བཞི་དྲན་པ་ནི། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་སོགས་ལན་གསུམ་བརྗོད། བཞི་པ་ཡན་ལག་བརྒྱད་པའི་ཚོགས་གསོག་པ། །ཏྲཾ་རཏྣ་མཎྜ་ལ། པཾ་པདྨ་མཎྜ་ལ། མ་སཱུཪྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། རང་གི་མདུན་གྱི་ནམ་མཁའི་གནས་སུ་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་ལ་སངས་རྒྱས་བྱང་སེམས་རིགས་འཛིན་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་རྣམས་ཀྱི་སྤྱི་བོར་བླ་མ་རྡོ་རྗེ་སློབ་དཔོན་བཞུགས་པ། ཨཱོཾ་བཛྲ་ས་མ་ཡ་ཛཿཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་སྤྱན་དྲངས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་སྟོན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་(༦བ)


GLG023_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་རྣམ་སྤྲུལ་བའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུས་གསུམ་བཞུགས་ལ་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་དགེ་བ་རྣམས། །བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །ལྔ་པ་མཚམས་གཅོད་གསུམ་ལས་བགེགས་སྐྲོད་པ། །སྐད་ཅིག་གིས་རང་ཉིད་ཟིལ་གནོན་ཕྱག་རྒྱ་ཆེན་པོ་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་བ། ཕྱག་དྲུག་གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ། གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་ཅན་ཞབས་བཞི་བརྐྱང་བསྐུམ་དུ་བགྲད་པས་དྲེགས་པ་ཅན་ཐམས་ཅད་མནན་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ་དེ་ལས་ཁྲོ་བོའི་སྤྲིན་རབ་འབྱམས་འཕྲོ་བ་དང་བཅས་པར་གྱུར། ཧཱུཾ། བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས། །མཐིང་ནག་ཧཱུཾ་གི་འོད་ཟེར་ལས། །སྟོང་གསུམ་ཁྲོ་བོས་རབ་གང་ཞིང་། །རྔམ་སྒྲས་འཇིག་རྟེན་ཀུན་བཀང་ནས། །གནོད་མཛེས་ཁྲོ་བོ་མ་ཡིན་ལ། །གདུག་པ་གཡོ་འགུལ་མིང་ཡང་མེད། ཁྲོ་རྒྱལ་མཚོན་ཆ་མེ་རི་འབར། །འབར་བའི་མཚམས་ལས་མ་འདའ་ཞིག །ཨཱོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱ་ན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། གཉིས་པ་ཁྲོ་མཚོན་མེ་ཡི་སྲུང་འཁོར་ནི། །ཧཱུཾ། (༧ན)


GLG023_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་མཚོན་ཆ་མེ་རི་ཁྲོ་བོ་འཁྲིག །སྟེང་འོག་ཕྱོགས་མཚམས་མེ་རི་འཁྲུག་ཅིང་འབར། །ཞེ་སྡང་འཇོམས་པའི་མེ་ནི་མཐིང་ནག་འབར། །གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར། །ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར། །འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར། །ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར། །དབང་དྲག་གདུག་རྩུབ་མེ་ནི་ཁམ་ནག་འབར། །བར་གཅོད་བགེགས་དང་ལོག་འདྲེན་རྡུལ་དུ་རློག །འབར་བ་མེ་ཡི་མཚམས་ལས་མ་འདའ་ཞིག །ཕཊ་རཾ་ཨེ་རཾ་ཛྭ་ལ་རཾ། ཁྲོ་བོ་དང་མཚོན་ཆ་དང་མེ་རབ་ཏུ་འབར་བའི་གུར་ཁང་དུ་གྱུར། གསུམ་པ་ལྷན་ཐབས་གཙུག་ཏོར་སྲུང་བའི་གནད། །རང་ཉིད་ཟིལ་གནོན་དུ་གསལ་བའི་སྤྱི་བོའི་གཙུག་ཏོར་འཁོར་ལོས་སྒྱུར་བའི་ངོ་བོ་ཁྲོ་ཞལ་སེར་པོ། རང་གི་ཐུགས་ཀར་བྷྲུཾ་ལས་སྲུང་བའི་འཁོར་ལོ་སེར་པོ་རྩིབས་བཅུ་ལ་མ་སཱུཪྻ་མཎྜལ་ཞེས་པས་ཉི་མའི་དཀྱིལ་འཁོར་བཅུའི་སྟེང་དུ་ཧཱུཾ་བཅུ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བཅུ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་བེ་ཅོན་དང་ཞགས་པ་བསྣམས་པ། དབུས་སུ་རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་པའི་ངོ་བོ་ཁྲོ་ཞལ་སེར་པོ་ཞི་བའི་ཆ་བྱད་ཅན། ཕྱག་གཉིས་ན་འཁོར་ལོ་བསྣམས་པའི་ང་རྒྱལ་གྱིས་སྔགས་བཟླས་ཏེ། ཐུགས་ཀར་ཡེ་ཤེས་ཀྱི་འཁོར་ལོ་འཁོར་བས་འཁོར་ལོའི་རྩིབས་ཀྱི་བར་དུ་ནད་དང་གདོན་དང་རིམས་དང་དགྲ་བགེགས་དང་སྡིག་སྒྲིབ་ཐམས་ཅད་ཉལ་ཉལ་བཅད་པར་གྱུར། ཨཱོཾ་ཨཱ། ཨུཥྞཱི་དང་བཛྲ་ཙཀྲ་ཝརྟི། སརྦ་ལོ་ཀི་ཀ་ལོ་ཀི་ཏཱ་རཾ་པ། ཡནྟྲ་མནྟྲ་ཏནྟྲ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བྷནྡྷ་བྷནྡྷ། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཨབྷི་ཥིཉྩ་ཨ་ཨཱཿ (༧བ)


GLG023_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་མནན་སྦྱོར་བ་ལ་སོགས་པ་ངན་གནོད་བྱེད་པའི་བན་བོན་ཐམས་ཅད་མཱ་ར་ཡ་སོད་སོད་ཛ་ལ་བཟློག་ཕཊ་སྭཱཧཱ། དྲུག་པ་ཡུལ་དྲང་སྡིག་སྒྲིབ་བཤགས་པ་ནི། ཏྲཾ་རཏྣ་མཎྜ་ལ། པཾ་པདྨ་མཎྜ་ལ། མ་སཱུཪྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཏེ། བཛྲ་ས་མ་ཡ་ཧཱུཾ་ཛཿས་སྤྱན་དྲངས་ཐལ་མོ་སྦྱར་ལ། ཧཱུཾ། དམིགས་མེད་མཁའ་ལྟར་དག་པ་ཁྱབ་པའི་སྐུ། །རང་རིག་ཡེ་ཤེས་ཀློང་དུ་མ་གྱུར་ཅིང་། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པས། །ཀུན་འདུས་ཟིལ་གནོན་ཐུགས་དང་ཅི་འགལ་བ། ཁྲོ་གཏུམ་ཐུགས་རྗེ་ཅན་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་ཀློང་དུ་མ་གྱུར་ཅིང་། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པས། །གསོད་བྱེད་རྒྱལ་མོའི་ཐུགས་དང་ཅི་འགལ་བ། །དབྱིངས་ལྡན་ཆགས་མེད་ཡུམ་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་ཀློང་དུ་མ་གྱུར་ཅིང་། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པས། །འབྱུང་བ་ས་མེ་ལུང་ཆུ་དངས་མ་ལས། །ཡ་མ་རཱ་ཛ་ཕྱག་ན་རྡོ་རྗེ་དང་། །རུས་སྦལ་རྔམ་པ་བྱ་ཁྱུང་རྒྱལ་པོ་རྣམས། །ཡེ་ནས་རྡོ་རྗེའི་རིགས་དང་རིན་ཅེན་རིགས། །ལས་ཀྱི་རིགས་དང་པདྨའི་རིགས་ཉིད་དེ། །རིགས་བཞི་ཁྲོ་བོའི་ཐུགས་དང་ཅི་འགལ་པ། །དྲེགས་པ་འདུལ་བྱེད་སྐུ་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་ཀློང་དུ་མ་གྱུར་ཅིང་། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པས། ཁྱུང་ཆེན་སྨུག་ནག་སྟག་ཆེན་རྔམ་པ་དང་། །སེང་ཆེན་བརྗིད་པ་དུག་སྦྲུལ་ནག་པོ་སྟེ། །རྒྱན་གྱི་ལྷ་བརྒྱད་ཐུགས་དང་ཅི་འགལ་པ། །དྲེགས་པ་སྟོབས་ཀྱི་ལྷ་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་ཀློང་དུ་མ་གྱུར་ཅིང་། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པས། །འཁོར་གྱི་གཤིན་རྗེ་ཕོ་མོའི་ཐུགས་དང་ཅི་འགལ་བ། བསྟན་སྲུང་སོ་སོའི་སྐུ་ལ་བཟོད་པར་གསོལ། །དོན་དམ་ངང་ལ་དགེ་སྡིག་གཉིས་མེད་ཀྱང་། །དེ་ལྟར་མ་རྟོགས་གཟུང་འཛིན་དབང་གིས་ན། །ཉམས་ཆགས་འགལ་འཁྲུལ་གྱུར་པ་ཅི་མཆིས་པ། །གནོང་འགྱོད་མོས་པའི་སེམས་ཀྱིས་མཐོལ་ལོ་བཤགས། །རྩ་བ་(༨ན)


GLG023_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡན་ལག་གི་དམ་ཚིག་ལ་ཆག་ཉམས་དང་ཞིག་དྲལ་དུ་གྱུར་པ་ཅི་མཆིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །ཨཱོཾ་མཉྫུ་ཤྲཱི་ས་མ་ཡ་ཞེས་སོགས་ཡིག་བརྒྱ་ལན་གསུམ་བརྗོད། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། བདུན་པ་མི་འདའི་དམ་བཅའ་ཡོངས་བཟུང་བ། །བདག་ནི་དེང་ནས་བྱང་ཆུབ་སེམས་བསྐྱེད་དེ། །བསྙེན་སྒྲུབ་ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །གསང་སྔགས་ཟབ་མོའི་སྤྱོད་པ་མཐར་དབྱུང་ཞིང་། །བླ་མེད་སྙིང་པོ་བསྒྲུབ་པར་དམ་བཅའོ། །བརྒྱད་པ་སྣོད་བཅུད་རྫས་ལ་བྱིན་དབབ་པ། །སྤོས་རོལ་གཡབ་དར་དང་བཅས་ཏེ། ཧཱུཾ། བདེར་གཤེགས་རྒྱལ་བ་ཀུན་གྱི་བདག་ཉིད་ཆེ། །དྲག་པོ་ལས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །ཆོས་དབྱིངས་དྲག་པོ་ཨེ་ཡི་གཞལ་ཡས་ནས། །བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་ཡུམ་དང་བཅས། །རྩ་བའི་ལྷ་དྲུག་རྒྱན་ལྷ་བདག་པོ་གསུམ། །གཤེད་བཞི་མོན་བདུད་འཆི་བདག་སྒོ་སྲུང་བཅས། །དྲག་པོའི་ལས་མཛད་ཕོ་ཉ་དམ་ཅན་སོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་བྱིན་ཕོབ་ཅིག །བདག་ཅག་སེམས་ཅན་ལས་ཀྱིས་མནར་བ་ལ། །རེ་ཞིག་དཔུང་གཉེན་གཞན་ན་མ་མཆིས་པས། །ཐུགས་རྗེ་ཆེན་པོས་འགྲོ་ལ་བརྩེར་དགོངས་ནས། །བྱིན་ཆེན་མྱུར་དུ་དབབ་པའི་དུས་ལ་བབ། །འཇམ་དཔལ་ཁྲོས་པའི་རྒྱལ་པོ་འཁོར་དང་བཅས། །སྔགས་ཚིག་བཤུག་པ་བརྡ་ཡིས་སྤྱན་འདྲེན་ན། །མི་དམིགས་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ། །དྲག་པོའི་དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག །སྒྲུབ་(༨བ)


GLG023_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རྣལ་འབྱོར་བདག་ལ་དབང་བསྐུར་ཅིག །སྒྲུབ་རྫས་དམ་པ་འདི་ལ་མཐུ་སྩོལ་ཅིག །དྲག་པོའི་འཕྲིན་ལས་མཛད་པའི་དུས་ལ་བབ། །བདག་ཅག་རེ་བའི་འབྲས་བུ་མཆིས་པར་མཛོད། །ཧཱུཾ། རྟོག་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཉིད་ལས། །སྟོང་པའི་ཆོས་ཉིད་ཡེ་ཤེས་རང་སྣང་བའི། །འཇམ་དཔལ་ཁྲོ་བོ་ཟིལ་གནོན་འཁོར་བཅས་ཀྱིས། །དབང་དང་བྱིན་རླབས་མཐུ་དང་དངོས་གྲུབ་སྩོལ། །རོལ་མོ་ཚར་རྗེས། ཧཱུཾ་ཧཱུཾ་ཧཱུཾ། ཞེས་རིང་པོར་བརྗོད། དགུ་པ་ཕྱི་ནང་མཆོད་ཚོགས་བརླབ་པ་ནི། །བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ཕུད་སྣོད་ལ་ཐིམ་པས་སྣོད་ཀྱི་མ་དག་པ་སྦྱངས། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ཤ་ལྔ་བདུད་རྩི་ལྔར་གནས་པའི་སྟེང་དུ་ཧཱུཾ་དཀར་པོ་དེའི་འོད་ཟེར་གྱིས་ཕྱི་འབྱུང་བའི་བཅུད་བསྡུས། ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩི་བཀུག་བདུད་རྩི་ལ་ཐིམ་པས་དངོས་འཛིན་སྦྱངས་ནས་ཡེ་ཤེས་ཀྱི་བདུད་རྩི་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟ་བུར་གྱུར། ཨཱོཾ་ཨཱཿཧཱུཾ་མཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲི་ཐཱ། ལན་གསུམ་བརྗོད། བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་གཏོར་མ་ལ་ཕོག་པས་སྣོད་བྷྲཱུཾ་ལས་དུར་ཁྲོད་ཀྱི་གཞལ་ཡས་ཁང་གི་ནང་དུ་བཅུད་དཔལ་ཆེན་པོ་ཟིལ་གནོན་རྩ་བའི་ལྷ་དྲུག །རྒྱན་གྱི་ལྷ་བརྒྱད། སྤྲུལ་པ་གསུམ། གཤེད་བཞི། མོན་བདུད་བརྒྱད། འཆི་བདག་བཅུ་གཉིས་སྒོ་སྲུང་དང་བཅས་པ་ལ་འདོད་ཡོན་གྱི་ལྷ་མོས་བསྐོར་པར་གྱུར། ཨཱོཾ་ཨཱཿཧཱུཾ་མཧཱ་བྷ་ལིནྟ་ཏེ་ཛོ་བྷ་ལིནྟ་བྷ་ཡ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱཧཱ། ལན་གསུམ་བརྗོད། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་གིས་གཏོར་མའི་དངོས་འཛིན་སྦྱངས་ཏེ། སྣོད་ཨ་ལས་བྷནྡྷའི་ནང་དུ་བཅུད་ཨཱོཾ་ཨཱཿཧཱུཾ་ཞུ་བ་(༩ན)


GLG023_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་འདོད་ཡོན་དྲུག་གི་ལྷ་མོར་གྱུར། ཨཱོཾ་བྷ་ལིནྟ་ཏེ་ཛོ་བྷ་ལིནྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱཧཱ། ལན་གསུམ་བརྗོད། བདག་གི་ཐུགས་ཀའི་ཧཱུཾ་གི་འོད་ཀྱིས་རཀྟའི་དངོས་འཛིན་སྦྱངས། བྷནྡྷ་ཀ་པཱ་ལ་བྷྲུཾ་སྣོད་བྷནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་ར་དམར་པོ་དེ་ལས་རཀྟའི་རྒྱ་མཚོ་ཆེན་པོ་རྦ་ཀློང་འཁྲུག་ཅིང་འཕྱོ་བའི་སྟེང་དུ་ཡི་གེ་ར་དམར་པོ་འོད་ཟེར་འཕྲོ་བར་གྱུར། དེ་ལས་འོད་ཟེར་གྱི་འཕྲོ་འདུས་རཀྟའི་ངོ་བོ་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པ་ཟེགས་མ་ལ་འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པ་འཕྲོ་བར་གྱུར། ཨཱོཾ་ཨཱཿཧཱུཾ་མཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ། ལན་གསུམ་བརྗོད། ཨ་ཀ་པཱ་ལ། ཨ་བཱ་དྷཱུ་པུ་ཨཱ་གྷ་ནཻ་ཤ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨཱོཾ་ཨ་ཧ་ར་ཨ་ཧ་ར། བཛྲ་དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུཾ། གཉིས་པ་དངོས་གཞིར་དམ་ཚིག་ཡེ་ཤེས་མཆོད། །བཟླས་པ་བསྟོད་བསྐུལ་ལྔ་ལས་དང་པོ་ལ། །སྟོང་ཉིད་རྟེན་དང་བརྟེན་པ་རྣམ་གསུམ་གྱི། །དང་པོ་སྤྲོས་བྲལ་ཀ་དག་བསྒོམ་པ་ནི། །ཨྱེ་ཨྱེ་ཨྱེ། ཨེ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རང་བཞིན་གནས་པ་དྲན་པར་བྱ། །གཉིས་པ་གཞལ་ཡས་ལ་ནི་དངོས་གདན་གཉིས། །དང་པོ་རྟེན་ལ་དྲག་པོའི་གཞལ་ཡས་ནི། །ཨེ་ཡི་ཕོ་བྲང་ཟླ་གམ་གསུམ། །ཐོད་པའི་མཁར་བཞི་འཁོར་ལོ་བརྒྱད། །ལྕགས་མཁར་བཅུ་གཉིས་བར་ཁྱམས་བཞི། །སྒོ་བཞི་རྟ་བབས་བརྒྱད་དང་ལྡན། །འོབས་ཆེན་བཅུ་དྲུག་རྡོ་རྗེའི་གུར། །བྱས་པ་མེད་པར་ལྷུན་གྱིས་གྲུབ། །བཤིག་པ་མེད་པར་ངང་གིས་སྟོངས། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །གཉིས་(༩བ)


GLG023_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཙོ་དང་འཁོར་གྱི་གདན་བསྐྱེད་པ། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །ཕྱོགས་སྐྱོང་རུ་དྲ་བ་ཧ་བརྒྱད། །ཉི་ཟླ་པདྨ་བརྩེགས་པའི་གདན། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །གསུམ་པ་བརྟེན་པར་སྐད་ཅིག་གཙོ་བོ་དང་། །འཁོར་ཚོགས་གསུམ་ལས་དང་པོ་སྐད་ཅིག་བསྐྱེད། །རྒྱུ་དང་རྐྱེན་ལས་མ་བསྐྱེད་པར། །རིག་པ་ཆུ་ལས་ཉ་འཕར་ཚུལ། །གཉིས་པར་རྩ་རྒྱན་གོ་གསུམ་དང་པོ་ནི། །དྲུག་པ་རྡོ་རྗེ་འཆང་ཆེན་པོ། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཅན། །མཐིང་ནག་ཟིལ་གནོན་དྲེགས་པ་འདུལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །འཁོར་ལོ་རལ་གྲི་རྡོ་རྗེ་གཡས། །བེ་ཅོན་གཏུན་ཤིང་སྡིག་མཛུབ་གཡོན། །རིགས་ལྔའི་ཁྲོ་བོས་དབུ་ལ་བརྒྱན། །དཔལ་གྱི་ཆས་བརྒྱད་དུར་ཁྲོད་བརྒྱན། །ཡུམ་ནི་གཉིས་མེད་ཆོས་ཀྱི་དབྱིངས། །མཐིང་ནག་ཙིཏྟ་བྷན་དམར་སྟེག །ཡེ་ཤེས་བཞི་ཡི་སྤྲུལ་པ་ལས། །ཐུགས་ཀར་ཡ་མ་རཱ་ཛ་ནི། །སྨུག་ནག་འཁོར་ལོ་ཙིཏྟ་འཛིན། ཡ་མའི་ཐུགས་ཀར་དྲེགས་པའི་བདག །ལྗང་ནག་རྡོ་རྗེ་སྙིང་འཕྲེང་འཛིན། །དྲེགས་པའི་ཐུགས་ཀར་ཁྱམས་ཁང་སྟེ། །འཇིགས་བྱེད་ཆེན་པོ་ཐུར་དུ་བལྟ། །ལྟོ་ན་སྲིད་གསུམ་ཚེ་སྲོག་འཆང་། །སྤྱི་གཙུག་མཁའ་ལྡིང་གདུག་པ་འདུལ། །དཀར་པོ་ཟིལ་གནོན་རོ་ཉ་ཟ། །གཉིས་པ་སྤྲུལ་པ་གྱད་གནོན་རྒྱན་ལྷ་བརྒྱད། །ཕྲག་གོང་སྨུག་ནག་འཇིགས་པའི་ཁྱུང་། །སོག་ཁར་སྟག་མོ་རོ་ལ་རྔམ། །ནུ་ཁར་སེང་གེ་རལ་པ་སྤྲུག །སྟ་ཟུར་དུག་སྤྲུལ་ཁ་རླངས་འབྱིན། །རི་རབ་ལྟ་བུར་བརྗིད་པ་ཡི། །གསུམ་པ་ཁྲོ་བོ་བཅུ་སོགས་སྲ་བཙན་གོ །སྐུ་ལ་ཁྲོ་བཅུ་རྫོགས་པར་བསྒོམ། །ཨེ། (༡༠ན)


GLG023_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དང་ཕྱོགས་བཞིའི་ཁྲོ་བོ་ནི། །སྤྱི་གཙུག་མགྲིན་པ་ལྟག་པ་དང་། །དཔུང་པ་གཡས་དང་གཡོན་ལ་བསྒོམ། །ཧཱུཾ་མཛད་རྟ་མགྲིན་རྣམ་རྒྱལ་གཤིན་རྗེའི་གཤེད། །བདུད་རྩི་འཁྱིལ་རྣམས་མཐིང་ནག་ཞལ་ནང་གཟིགས། །འཁོར་ལོ་སྡིགས་པའི་མཛུབ་ཅན་བསྲུང་བའི་ཚུལ། །མཚམས་བཞི་འོག་གི་ཁྲོ་བོ་ནི། །བརླ་གཡས་གཡོན་དང་ལྟེ་བ་དང་། །དཔྱི་མཚམས་གསང་བའི་གནས་སུ་བསྒོམ། །དབྱུག་སྔོན་གཞན་གྱིས་མི་ཐུབ་མི་གཡོ་མགོན། ཁམས་གསུམ་རྣམ་རྒྱལ་སྟོབས་ཆེན་རྣམས་ལྗང་ནག །འཁོར་ལོ་སྡིགས་མཛུབ་ཕྱིར་གཟིགས་བྱས་པ་བཤིག །མགུར་ནས་ཞབས་ཀྱི་བར་དག་ལ། ཁྲོ་ཆུང་མཚོན་ཆ་ཐོགས་པས་གཏམས། །བ་སྤུ་རྡོ་རྗེའི་ཚ་ཚ་འཕྲོ། །བུ་ག་དགུ་ནས་རྡོ་རྗེ་ཡི། །ཐོག་དང་མེ་ཡི་འཚུབ་མ་འཕྲོ། །སྤྲུལ་པའི་ཁྲོ་ཚོགས་དཔག་མེད་འགྱེད། །ཞི་ཁྲོ་མ་གཤིན་ཕུར་པ་དང་། །ས་བདག་འགོང་པོ་པེ་ཧར་དང་། །དམ་སྲི་སྐྱེ་འགྲོ་ཐམས་ཅད་ཀུན། །ཀླུ་དང་ཀླུ་བདུད་མཛེ་ཡི་ནད། །ཟིལ་གྱིས་གནོན་ཅིང་སྟོབས་རྣམས་འཕྲོག །གསུམ་པ་འཁོར་ལ་སྤྲུལ་གཤེད་མོན་བདུད་འཆི། ཁྱམས་སྒོ་འོབས་སྲུང་བདུན་ལས་དང་པོ་ནི། །ཟླ་གམ་གསུམ་ལ་སྤྲུལ་པ་གསུམ། །སྐུ་སྤྲུལ་འཆི་བདག་བྱེ་བ་དང་། །གསུང་སྤྲུལ་སྲོག་བདག་དམར་པོ་དང་། །ཐུགས་སྤྲུལ་ཚེ་བདག་དབུ་དགུ་པ། །ཤར་ལྷོར་གསུང་སྤྲུལ་སྲོག་བདག་སྐུ་མདོག་དམར། །ཞལ་གཅིག་ཕྱག་བཞི་བེ་ཅོན་རྒྱུ་ཞགས་གཡས། །གཡོན་པ་གཉིས་ན་ལྕགས་ཀྱུ་བསེ་མདུང་འཛིན། །རུས་སྦལ་གཡང་གཞི་དུར་ཁྲོད་ཆས་ཀྱིས་བརྒྱན། །སྲིན་མོ་རོ་ལངས་སྤུ་གྲི་ཐོད་འཛིན་འཁྱུད། །བསེ་ཡི་གྱི་ལིང་དམར་པོ་(༡༠བ)


GLG023_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སྲབ་མེད་ཆིབས། །ལྷོ་ནུབ་སྐུ་སྤྲུལ་བྱེ་བ་དགུ་རིང་ནི། །འཆི་བདག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། །གཡས་སེར་གཡོན་དམར་དབུས་དང་སྐུ་ཡི་མདོག །སྔོ་ནག་ཐོད་དབྱུག་དགྲ་སྟ་རལ་གྲི་གཡས། །ཐོད་པ་མདུང་ཐུང་ལྕགས་ཀྱི་རི་རབ་བམ། །མེ་དཔུང་གཡོན་འཛིན་ལྕགས་ཁྲབ་དུར་ཁྲོད་ཆས། །རིན་ཅེན་སྤྲུལ་སོགས་སྐུ་དང་ལྷུ་ཚིགས་བརྒྱན། །སྲིན་མོ་གསོད་བྱེད་ཏྲི་ཤུལ་ཐོད་འཛིན་འཁྱུད། །མ་ཧེ་སྔོ་ནག་སྦྲུལ་རིས་ཅན་ལ་ཆིབས། །བྱང་དུ་ཐུགས་སྤྲུལ་ཚེ་བདག་སྐུ་མདོག་མཐིང་། །དབུ་དགུ་ཕྱག་ནི་བཅོ་བརྒྱད་ཞབས་བརྒྱད་བགྲད། །དང་པོ་རྨ་བྱ་ཀརྨ་ཁྱུང་གི་མགོ །བར་པ་དཀར་དམར་དབུས་མཐིང་ཁྲོ་བོའི་ཞལ། །རྩ་ཞལ་གཡས་སྟག་གཡོན་སེང་དབུས་མ་ཧེ། །ཕྱག་མཚན་གཡས་དགུ་རིམ་བཞིན་འཁོར་ལོ་དང་། །རལ་གྲི་རྡོ་རྗེ་ཁ་ཊྭཱཾ་མདུང་མདའ་ཆེན། །ཞིང་དབྱུག་སྣ་ཚོགས་རྡོ་རྗེ་ལྕགས་ཕུར་བསྣམས། །གཡོན་པ་བེ་ཅོན་གཏུན་ཤིང་རྒྱུ་ཞགས་སྦྲུལ། །སྡིགས་མཛུབ་ཏྲི་ཤུལ་དགྲ་སྟ་གཞུ་ཙིཏྟ། །ཞིང་སྟག་པགས་རློན་ཐོད་སྦྲུལ་ལ་སོགས་བརྒྱན། །བདུད་མོ་གསོད་བྱེད་ཙིཏྟ་སྙན་དམར་ཐོགས། །མི་ལྤགས་གོས་གསོལ་ཡབ་འཁྱུད་མ་ཧེ་ཆིབས། །གཉིས་པ་གཤེད་བཞི་ཡབ་ཡུམ་བསྐྱེད་པ་ནི། །ཕྱི་རིམ་ཐོད་པའི་མཁར་བཞི་ལ། །གཤེད་པོ་ཡ་མ་རཱ་ཛ་དང་། །སྲིན་པོ་མྱོས་བྱེད་འབར་བ་དང་། །ཀླུ་བདུད་ཨཱཪྻ་དམར་པོ་དང་། །གནོད་སྦྱིན་རལ་པ་ཚར་དགུའོ། །སྨུག་ནག་རལ་གྲི་ཞགས་འཛིན་དྲེད་མོ་ཞོན། སེར་ནག་གྲི་དང་དགྲ་སྟ་འཛིན་དོམ་ཞོན། །དམར་ནག་ལྕགས་ཀྱུ་ཞགས་འཛིན་དྲེལ་རྟ་ཞོན། །ལྗང་ནག་དབྱུག་ཏོ་ཞགས་འཛིན་རྔ་མོ་ཞོན། །བཞི་གའང་སྦྲུལ་དང་ཐོད་པའི་(༡༡ན)


GLG023_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱིས་བརྒྱན། །སྲིན་མོ་ནག་མོ་ཨེ་ཀ་ཛ་ཏི་དང་། །བདུད་མོ་ནག་མོ་གནོད་སྦྱིན་ནག་མོ་རྣམས། །རིམ་བཞིན་ཡབ་ལ་འཁྱུད་ཅིང་ཐོད་ཁྲག་སྟོབ། །གསུམ་པ་མོན་བདུད་རང་རང་ཡུམ་བཅས་ནི། །དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ། །ཕྱོགས་བཞི་ལ་ནི་མོན་པ་བཞི། །མཚམས་བཞི་ལ་ནི་བདུད་བཞི་སྟེ། །དེ་དག་ཡུམ་དང་བཅས་པའོ། །དུང་གི་མོན་པ་དྲེགས་ཆེན་སེང་གེའི་མགོ །མོན་མོ་བླ་རྐུན་རྔམ་པའི་གདོང་ཅན་འཁྱུད། །ལྕགས་ཀྱི་མོན་པ་གསོད་བྱེད་སྟག་གི་མགོ །མོན་མོ་ནག་མོ་གཡུ་ཡི་རལ་ཅན་འཁྱུད། །བསེ་ཡི་མོན་པ་གཏུམ་ཆེན་དྲེད་ཀྱི་མགོ །མོན་མོ་ཆེ་འཕྲོག་ཁྲག་གི་རལ་ཅན་འཁྱུད། །གསེར་གྱི་མོན་པ་སྲོག་གཤེད་ཁྱུང་གི་མགོ །མོན་མོ་བླ་རྐུན་སྙིང་ལ་གཟེར་འདེབས་འཁྱུད། །ཡབ་བཞི་གཡས་གཡོན་འཁོར་ལོ་ཞགས་པ་བསྣམས། །ཡུམ་བཞི་ཙིཏྟ་ཐོད་ཁྲག་འཛིན་འཁྱུད་སྟོབ། །ཧེ་ཡེ་ཁྱབ་པ་སྔོ་ནག་འཁོར་ལོ་ཅན། །བདུད་མོ་མི་ཟན་སྙིང་རྐུན་མ་ཡིས་འཁྱུད། །ནག་པོ་འཛུམ་མེད་སེར་ནག་རལ་གྲི་འཛིན། །བདུད་མོ་མེ་ཐོགས་སྙིང་འབྱིན་མ་ཡིས་འཁྱུད། །སོ་འདར་འཁྲིག་པ་དམར་ནག་པར་བུ་ཅན། །བདུད་མོ་ཁྲག་སྐྱུག་སྙིང་གཟེར་འདེབས་མས་འཁྱུད། །རལ་པ་སྤྱིར་བཅིངས་ལྗང་ནག་ཁྲམ་ཤིང་ཅན། །ནག་མོ་མྱོས་བྱེད་དབུགས་སྡུད་མ་ཡིས་འཁྱུད། །བདུད་པོ་བཞི་ཡི་གཡོན་ཀུན་ཁྲམ་ཤིང་བསྣམས། །ཡུམ་བཞི་ཙིཏྟ་ཐོད་ཁྲག་འཛིན་འཁྱུད་སྟོབ། །མོན་བདུད་ཡབ་ཡུམ་ཀུན་ཀྱང་ཤིན་ཏུ་རྔམ། །མེ་ལྕེ་གློག་དང་སྐར་མདས་བརྒྱན་པའོ། །བཞི་པ་ལས་ཀྱི་འཆི་བདག་བཅུ་གཉིས་ནི། །ཕྱི་རིམ་ལྕགས་མཁར་བཅུ་གཉིས་ལ། །ལས་ཀྱི་འཆི་བདག་བཅུ་གཉིས་གནས། །བྷེ་བ་སྭ་ཏྭ་མཐིང་ནག་བེ་ཅོན་རྡེག །(༡༡བ)


GLG023_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་དགེ་འཕེལ་སེར་ནག་འཁོར་ལོ་བསྐོར། །སེར་ནག་འཇོམས་བྱེད་ཁྲོས་པ་ལྕགས་ཀྱུ་འཛིན། །བྱེ་བ་དགུ་ཁྲི་ལྗང་ནག་དབྱུག་ཏོ་བསྣམས། །རཀྟ་གློག་འཕྲེང་དམར་ནག་རྒྱུ་ཞགས་འཕེན། །ཡཀྴ་ཟ་བྱེད་སྔོ་ནག་སྤུ་གྲི་ཐོགས། །གཏུམ་པོ་དུད་ཁ་བདུད་ཀྱི་ཁྲམ་ནག་འཕྱར། །གང་བ་ཀུན་འཇོམས་དཀར་པོ་མདའ་གཞུ་འགེང་། ཁ་འབར་རལ་གཅིག་དམར་ནག་རལ་གྲི་འཕྱར། །སྦྲུལ་མགོ་ཀུན་འཛིངས་སྔོ་སྐྱ་ལྕགས་མདུང་འཕེན། །དད་པ་སྟོབས་ལྡན་སེར་པོ་དགྲ་སྟས་གཏུབ། །ཧོང་པན་སྲོག་འཛིན་ནག་པོ་བདུད་ཞགས་རྡེག །ཀུན་ཀྱང་ཤིན་ཏུ་ཁྲོས་པའི་ཆ་ལུགས་ཅན། །འཇིགས་པའི་ཚུལ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །ལྔ་པ་བར་ཁྱམས་ལ་གནས་སྤྲུལ་པའི་ཚོགས། །དེ་ཡི་ཕྱི་རིམ་བར་ཁྱམས་ལ། །ཕོ་གཤེད་མོ་གཤེད་ལ་སོགས་པའི། །ཤ་ཟ་ཀིང་ཀང་མ་མོའི་ཚོགས། །དྲུག་པ་ཕྱོགས་རྣམས་བསྲུང་བའི་སྒོ་བ་བཞི། །སྒོ་བཞི་རུ་ནི་རྒྱལ་པོ་དང་། །མགོན་པོ་བདུད་དང་གནོད་སྦྱིན་བཞི། །དཀར་པོ་སྙིང་འབྱིན་རུ་མཚོན་འཁོར་ལོ་འཛིན། །མགོན་པོ་ནག་པོ་གཡས་གཡོན་བེང་ཐོད་ཁྲག །ཡབ་རྔ་ནག་པོ་ལྕམ་ཤིང་བདུད་ཞགས་བསྣམས། །སྐུ་མཆོག་དམར་པོ་གཡས་གཡོན་དབྱུག་ཏོ་མདུང་། །རང་འདྲའི་མདོག་མཚུངས་བེར་ཆེན་སྐུ་ལ་གསོལ། །བདུན་པ་ཕྱི་རོལ་འོབས་ཆེན་སྲུང་བྱེད་རྣམས། །ཕྱི་རོལ་འོབས་ཆེན་བཅུ་དྲུག་ལ། །འོབས་སྲུང་ཆེན་པོ་བཅུ་དྲུག་གནས། །དེ་ལྟར་དེ་དག་ཐམས་ཅད་ཀུན། །སེམས་ཉིད་སྟོང་པའི་ཆོ་འཕྲུལ་ཏེ། །ཆོས་ཉིད་སྟོང་ལས་ཤར་བས་ན། །བར་སྣང་ཁམས་ཀྱི་འཇའ་ཚོན་ནམ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་(༡༢ན)


GLG023_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བལྟ། །རྩ་བའི་གཉིས་པ་ཡེ་ཤེས་དཀྱིལ་འཁོར་ལ། །སྙན་གསན་སྤྱན་དྲངས་བཞུགས་གསུམ་དང་པོ་ནི། །ཨེ། མི་རྟོག་ངང་ལས་ཐུགས་རྗེའི་སྐུ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཟིལ་གནོན་ལྷ་ཚོགས་དབྱིངས་ནས་བཞེངས། །བཛྲ་ས་མ་ཡ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ། གཉིས་པ་རང་བཞིན་ནས་དྲངས་དབྱེར་མེད་བསྟིམ། །སྤོས་རོལ་གཡབ་དར་དང་བཅས། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཁྲོ་རྒྱལ་གཤིན་རྗེའི་གཤེད། །གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཟིལ་གནོན་སྐུ་ཡི་གཡོན་ཕྱོགས་ནས། །ཡུམ་ཆེན་གསོད་བྱེད་རྒྱལ་མོ་ཡང་། །མ་མོ་ཡོངས་ཀྱི་གཙོ་མོ་སྟེ། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཟིལ་གནོན་ཐུགས་ཀྱི་དཀྱིལ་འཁོར་ནས། །ཡ་མ་རཱ་ཛ་གཤེགས་སུ་གསོལ། །ཡ་མའི་ཐུགསཀྱི་དཀྱིལ་འཁོར་ནས། །དྲེགས་པ་ཕྱག་རྡོར་གཤེགས་སུ་གསོལ། །དྲེགས་པའི་ཐུགསཀྱི་དཀྱིལ་འཁོར་ནས། །རུས་སྦལ་ཁྲོས་པ་གཤེགས་སུ་གསོལ། །ཟིལ་གནོན་དབུ་ཡི་གཙུག་རུམ་ནས། །བྱ་ཁྱུང་རྒྱལ་པོ་གཤེགས་སུ་གསོལ། ཁམས་གསུམ་ཟིལ་གྱིས་གནོན་མཛད་པའི། ཁྱུང་ཆེན་སྨུག་ནག་གཤེགས་སུ་གསོལ། །ཉམས་པའི་ཤ་ཁྲག་གསོལ་མཛད་པའི། །སྟག་ཆེན་རྔམ་པ་གཤེགས་སུ་གསོལ། །གདུག་པ་ཟིལ་གྱིས་གནོན་མཛད་པའི། །སེང་ཆེན་བརྗིད་པ་གཤེགས་སུ་གསོལ། །མཛེ་ཤུ་རྐང་ནད་འཇོམས་མཛད་པའི། །དུག་སྦྲུལ་ནག་པོ་གཤེགས་སུ་གསོལ། །ཟླ་གམ་དབང་གི་གཞལ་ཡས་ནས། །སྤྲུལ་པ་རྣམ་གསུམ་གཤེགས་སུ་གསོལ། །ཕོ་བྲང་ཕྱོགས་བཞིའི་ཐོད་མཁར་ནས། །གཤེད་པོ་བཞི་རྣམས་གཤེགས་སུ་གསོལ། །འཁོར་ལོ་འབར་བའི་རྩིབས་སྟེང་ནས། །མོན་པ་བཞི་དང་བདུད་པོ་བཞི། །ཡུམ་གྱི་ཚོགས་བཅས་གཤེགས་སུ་གསོལ། །ལྕགས་(༡༢བ)


GLG023_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་འགར་བ་བཅུ་གཉིས་ནས། །འཆི་བདག་བཅུ་གཉིས་གཤེགས་སུ་གསོལ། །ཕོ་བྲང་ཕྱོགས་བཞིའི་སྒོ་བཞི་ནས། །སྒོ་བ་བཞི་རྣམས་གཤེགས་སུ་གསོལ། །སྒྲོལ་ཞིང་ལས་གཤིན་ཕོ་ཉའི་ཚོགས། །བྱེ་བ་ས་ཡ་གཤེགས་སུ་གསོལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཨེ་ཧྱེ་ཧི་ཛཿཧཱུཾ་བཾ་ཧོ༔གསུམ་པ་རང་རང་སྟན་ལ་བཞུགས་པར་གསོལ། །ཨེ། འཁོར་ལོ་འབར་བའི་ལྟེ་བ་ལ། །དུག་གསུམ་ཡི་དྭགས་མ་ཧེ་དང་། །ཕྱོགས་སྐྱོང་པདྨ་ཉི་ཟླའི་གདན། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །བརྐྱང་བསྐུམ་ཚུལ་གྱིས་བརྗིད་པར་བཞུགས། །སྤྲུལ་པ་གསུམ་སོགས་འཁོར་གྱི་ཚོགས། །གྲངས་མེད་རྣམས་ཀྱང་དཀྱིལ་འཁོར་འདིར། །དངོས་གྲུབ་བསྒྲུབ་དང་འགྲོ་དོན་ཕྱིར། །མི་འགྱུར་བརྟན་པར་བཞུགས་སུ་གསོལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁག་ར་མ་ཙ་ཡ་ཏིཥྛ་བཛྲ། ཞེས་པད་ཀོར་སྔོན་དུ་འགྲོ་བའི་མཁྲིག་མ་གཉིས་བསྣོལ་ཏེ་སེ་གོལ་གདབ། རྩ་བའི་གསུམ་པ་མཆོད་པའི་ལས་རིམ་ལ། ཕྱག་ཕྱི་ནང་མཆོད་གསུམ་ལས་དང་པོ་ནི། ཐལ་མོ་སྦྱར་ཏེ། ཨེ། ཆོས་ཉིད་སྐྱེ་བ་མེད་པ་ལས། །སྤྲོས་བྲལ་བདེ་ཆེན་དག་པའི་སྐུ། །རང་བཞིན་གཉིས་མེད་དག་པའི་གསུང་། །མ་བསྒྲིབས་དོན་དམ་རྫོགས་པའི་ཐུགས། །སྐུ་གསུང་ཐུགས་ཉིད་རྣམ་དག་གིས། །མཐའ་ཡས་འགྲོ་བའི་དོན་མཛད་པའི། ཁྲོ་རྒྱལ་འདུས་པ་ཀུན་གྱི་གཙོ། །ཕྱག་རྒྱ་ཟིལ་གནོན་ལ་ཕྱག་འཚལ། །དབྱིངས་ལས་ཡེ་ཤེས་རིག་པ་ཤར། །རང་བཞིན་ལྷུན་གྲུབ་ཕྱག་རྒྱར་གསལ། །གཙོ་བོའི་ཐུགས་དམ་སྐོང་མཛད་པའི། །གསོད་བྱེད་རྒྱལ་མོ་ལ་ཕྱག་འཚལ། །ཟིལ་གནོན་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ། །སྡེ་བརྒྱད་ཀུན་གྱི་སྦྱོར་བ་འཇོམས། །ཡ་མ་རཱ་ཛ་(༡༣ན)


GLG023_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ། །ཡ་མའི་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ། །འཕྲིན་ལས་སྣ་ཚོགས་རྫོགས་མཛད་པའི། །གསང་བདག་ཆེན་པོ་ལ་ཕྱག་འཚལ། །དྲེགས་པའི་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ། །དུག་ལྔ་རྩད་གཅོད་འབྱུང་ལྔ་སྐེམས། །རུས་སྦལ་ཁྲོས་པ་ལ་ཕྱག་འཚལ། །ཟིལ་ནོན་དབུ་ཡི་གཙུག་རུམ་ནས། །ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ། ཁམས་གསུམ་ཟིལ་གྱིས་གནོན་མཛད་པའི། །བྱ་ཁྱུང་རྒྱལ་པོ་ལ་ཕྱག་འཚལ། །ཟིལ་གནོན་སྐུ་ཡི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ། །སྡེ་བརྒྱད་དྲེགས་པ་ཀུན་གྱི་གཤེད། །རྒྱན་གྱི་ལྷ་བརྒྱད་ལ་ཕྱག་འཚལ། །སྤྲུལ་པ་རྣམ་གསུམ་གཤེད་པོ་བཞི། །མོན་བཞི་བདུད་བཞི་ཡུམ་དང་བཅས། །འཆི་བདག་བཅུ་གཉིས་སྒོ་སྲུང་བཞི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ ན་མ༔སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ནི་ཨ་ལ་ལ་ཧོ༔ གཉིས་པ་ཐུན་མོང་ཕྱི་ཡི་མཆོད་པ་ནི། །ཡིད་འཕྲོག་མཆོད་པའི་ལྷ་མོ་གྲངས་མེད་ཀྱིས། །དུང་ཆོས་ལས་འོངས་དངས་མའི་ཆུ་གཉིས་སྦྲེང་། །སྨན་ཤིང་སྣ་ཚོགས་སྤོས་ཀྱི་དྲི་ངད་འཐུལ། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་འཇའ་ལྟར་བཀྲ །འབྲུ་བཅུད་ཉི་ཟླ་རིན་ཅེན་མེ་འོད་གསལ། །དྲི་ཞིམ་ཆབ་ཀྱིས་གཏམས་པའི་ཕོར་པ་འཛིན། །རོ་བརྒྱ་ལྡན་པ་ལྷ་དང་མི་ཡི་ཟས། །རྔ་སིལ་པི་ཝཾ་སྙན་པའི་རོལ་མོ་དབུལ། །ཨཱོཾ་ཨ་ཧ་ར་ཨ་ཧ་ར་སརྦ་བི་དྷ་ར་པཱུ་ཛི་ཏེ་ཧཱུཾ། ཨཱོཾ་བཛྲ་དྷཱུ་པ་དྷཱུ། ཨཱོཾ་བཛྲ་བུཥྤེ་བུ། ཨཱོཾ་བཛྲ་ཨཱ་ལོ་ཀེ་ཨཱ། ཨཱོཾ་བཛྲ་གནྡྷེ་གན། ཨཱོཾ་བཛྲ་ནཻ་ཝི་དྱ་ནཻ། ཨཱོཾ་བཛྲ་ཤབྟ་ཤ །ཞེས་སོ་སོའི་ཕྱག་རྒྱ་དང་བཅས་ཏེ་འཇམ་རོལ་བྱ། གསུམ་པ་སྨན་གཏོར་གསང་རཀ་འདོད་ཡོན་ལྔའི། །དང་པོར་སྤྱི་གྲངས་དངོས་(༡༣བ)


GLG023_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་གསུང་ཐོག་མ། །ཧཱུཾ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩིའང་། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། ངེས་པའི་ལུང་སྟོན་རྡོ་རྗེ་སློབ་དཔོན་ཆེ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། འཕགས་པ་འཇམ་དཔལ་འཇམ་དཔལ་བཤེས་གཉེན་དང་། །ཨྱོན་པདྨ་གཙུག་ལག་དཔལ་དགེ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། བལ་པོའི་རྒྱལ་པོ་གནུབས་ཆེན་སངས་རྒྱས་དང་། །ཡོན་ཏན་རྒྱ་མཚོ་ཡེ་ཤེས་རྒྱ་མཚོ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། པདྨ་དབང་རྒྱལ་ལྷ་རྗེ་འཇམ་དཔལ་དང་། །རྒྱ་གར་རྡོ་རྗེ་ཆོས་ཀྱི་ཡེ་ཤེས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། ཁྲོ་བོ་འབར་བ་དར་མ་རྒྱལ་མཚན་དང་། །ཡང་དག་རྡོ་རྗེ་ཕུག་པ་ཤེར་རྒྱལ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། རྔོག་སྟོན་འབུམ་ལེགས་གྲོ་སྟོན་བསོད་ནམས་འབུམ། །བླ་ཆེན་བློ་རྒྱན་ཕག་སྟོན་ཤཱཀ་མགོན་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། སྦུག་སྟོན་དཔལ་མགོན་རྡོར་གླིང་ཆོས་རྒྱལ་མཚན། །སྤང་སྟོན་བདེ་ལེགས་སེ་སྟོན་རིན་རྒྱལ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། མགོན་པོ་ཟླ་(༡༤ན)


GLG023_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཉམ་མེད་ནུབ་དགོན་པ། །བཀྲ་ཤིས་སྟོབས་རྒྱལ་ངག་གི་དབང་པོ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། ཆོས་དབྱིངས་རང་གྲོལ་ཟིལ་གནོན་བཞད་པ་རྩལ། །བཀའ་གཏེར་བླ་བརྒྱུད་རྩ་བའི་བླ་མ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲི་ཏ་ཁ་རཾ་ཁཱ་ཧི། གཉིས་པ་ལྷ་ཚོགས་རྐང་གྲངས་ཀྱིས་མཆོད་པ། །ཧཱུཾ། གྲུ་གསུམ་མཐིང་ནག་དཀྱིལ་འཁོར་ནས། །བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་དང་། །ཡུམ་ཆེན་གསོད་བྱེད་རྒྱལ་མོ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྨུག་ནག་འབར་བའི་དཀྱིལ་འཁོར་ནས། །གསོད་བྱེད་ཡ་མ་རཱ་ཛ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ལྗང་ནག་འབར་བའི་དཀྱིལ་འཁོར་ནས། །དྲེགས་པ་ཕྱག་ན་རྡོ་རྗེ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བསྐལ་པ་རྦ་ཀློང་འཁྲུག་པ་ནས། །རུས་སྦལ་རྔམ་པ་མི་ཟན་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཁམས་གསུམ་ཟིལ་གྱིས་གནོན་མཛད་པའི། །སྤྲུལ་པའི་བྱ་ཁྱུང་རྒྱལ་པོ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཁྱུང་སྟག་སེང་གེ་རོ་ཉེ་ཟུང་། །སྤྲུལ་པ་རྒྱན་གྱི་ལྷ་བརྒྱད་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ། །ལས་ཀྱི་བདག་པོ་རྣམ་གསུམ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཡ་མ་རཱ་ཛ་ལ་སོགས་ཏེ། །གཤེད་བཞི་ཡུམ་དང་བཅས་པ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དུང་གི་མོན་པ་ལ་སོགས་ཏེ། །མོན་བཞི་མོན་མོར་བཅས་པ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་(༡༤བ)


GLG023_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཐུ་དབང་དངོས་གྲུབ་སྩོལ། །མཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཧེ་ལེ་ཁྱབ་པ་ལ་སོགས་ཏེ། །བདུད་བཞི་བདུད་མོར་བཅས་པ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བྷེ་བ་ས་ཏྭ་ལ་སོགས་ཏེ། །ལས་ཀྱི་འཆི་བདག་བཅུ་གཉིས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྒོ་བཞི་བསྲུང་བའི་ལས་མཛད་པའི། །དྲག་པོའི་སྒོ་བ་བཞི་རྣམས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དཔལ་ཆེན་བཀའ་ཉན་ཕོ་ཉའི་ཚོགས། །མ་གཤིན་དྲེགས་པའི་ཚོགས་རྣམས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གསུམ་པ་ཉེས་བཤགས་སྣོད་གྱུར་བདུད་རྩི་མྱང་། ཡིག་བརྒྱ་བརྗོད་དེ་འགལ་འཁྲུལ་བཤགས། ཨཱོཾ་ཨཱཿཧཱུཾ། དཔལ་ལྡན་རྡོ་རྗེ་སྐུ་གསུང་ཐུགས་འཆང་བ། །མི་ཕྱེད་རྡོ་རྗེ་སྐུ་གསུང་ཐུགས་དང་ལྡན། །དེང་བདག་འཇམ་དཔལ་སྐུ་གསུང་ཐུགས་འཛིན་པས། །འཇམ་དཔལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷིི་ཨོཾ། ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུཾ། གཉིས་པ་བྷ་ལིང་གཏོར་མས་མཆོད་པ་ནི། །ཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཛཿཧཱུཾ་བཾ་ཧོ༔ཤྲཱི་ཧེ་རུ་ཀ་ཨི་དཾ། དྷཱུཔཾ། པུཥྤཾ། དཱི་པཾ། གྷནྡྷཾ། བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་པ་སྨན་གྱི་གསང་ནན་སྦྲེང་མཆོད་ནི། །དུག་ལྔའི་བདུད་རྩི་ཆེ་སྦྱར་ཡེ་ཤེས་ལྔ། །སྒྲུབ་རྫས་བྱང་སེམས་མཾ་ས་རཀྟ་ཆུ། །དྲི་ཆེན་གོ་ཀུ་ད་ཧ་ན་སྦྱར་འདི། །འབུལ་གྱི་དབྱིངས་ཐིམ་ཡོངས་ལ་ཁྱབ་གྱུར་ཅིག །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་མ་ཧཱ་པཉྩ་ཨ་(༡༥ན)


GLG023_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཞི་པ་དམར་ཆེན་རཀྟའི་སྐྱེམས་འབུལ་བ། །གདུག་ཅན་དགྲ་བགེགས་ཁྲག་གི་དངས་མའི་མཚོར། །མཁའ་དབྱིངས་པདྨ་རཀྟའི་འབབ་ལྡན་ཀུན། །གཅིག་བསྡུས་མཚམས་སྤྲིན་ལ་འགྲན་དབུ་འཕྲེང་དང་། །རབ་འཇིགས་རྦ་རླབས་ཆེར་གཡོའི་ཚོགས་རྣམས་འབུལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ལྔ་པ་ནང་གི་འདོད་པའི་ཡོན་ཏན་ནི། །དུར་ཁྲོད་དབུས་སུ་ཚིལ་ཆེན་སྣང་འོད་འབར། །ཞིང་ལྤགས་བླ་བྲེ་འཕན་གཏིབས་རྒྱུ་མའི་ཕྲེང་། །ཀླད་པ་བྱང་སེམས་རྡོ་རྗེ་ལྷ་བ་ཤ །གསང་བ་དུར་ཁྲོད་རྣམ་ལྔའི་མཆོད་པ་འབུལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་མ་ཧཱ་མཾ་ས་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། མཧཱ་བྷ་སུ་ཏ་ཁཱ་ཧི། མཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཀེཾ་ནྲྀ་ཏི་ཁཱ་ཧི། རྩ་བའི་བཞི་པ་སྔགས་ཀྱི་བཟླ་ཐབས་ལ། །ཕྱི་ནང་གསང་བ་ཡང་གསང་བཞིའི་དང་པོ། །ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་གི་མཐར། །སྐུ་ཡི་སྔགས་ལས་འཇའ་ཚོན་ལྟ་བུའི་འོད། །བ་སྤུའི་བུ་ག་ནས་འཐོན་སྡིག་སྒྲིབ་ཀུན། །བ་མོར་ཉི་མ་ཤར་བཞིན་དག་པར་གྱུར། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། གཉིས་པ་ནང་སྐོར་གསུང་གི་བཟླས་པ་ནི། །བདག་ཉིད་ལྟར་གསལ་ལྗགས་ཀྱི་རྩེ་མོ་ལས། །འོད་ཟེར་མེ་དཔུང་ཚ་ཚ་ལྟར་འཕྲོས་པས། །ལས་ངན་བག་ཆགས་བར་དུ་གཅོད་པ་ཀུན། །བྱ་སྒྲོ་མེ་ལ་བསྲེགས་པ་ལྟ་བུར་གྱུར། །ཨེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། གསུམ་པ་གསང་སྒོར་ཞུགས་ཀྱི་བཟླས་པ་ནི། །ཐུགས་ཀར་མཐིང་ནག་ཧཱུཾ་ལ་སྔགས་འཁོར་ནི། །ཨིནྡྲ་ནཱི་ལའི་ཕྲེང་བ་ལྟ་བུ་ལས། །མགལ་མེའི་འཁོར་ལོ་(༡༥བ)


GLG023_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚུངས་འོད་ཟེར་གྱིས། །སྡིག་སྒྲིབ་སྦུར་མ་མེ་ལྕེས་བསྲེགས་ལྟར་གྱུར། །ཨེ་དུན་ཀ་ཡཾ། བཞི་པ་ཡང་གསང་དྲག་པོ་སྔགས་རྒོད་འཛབ། །བདག་ཉིད་ཁྲོ་རྒྱལ་ཕྱག་རྒྱ་ཟིལ་གནོན་དུ། །གསལ་བའི་ཙིཏྟ་རིན་ཅེན་ཟ་མ་ཏོག །ཉི་མའི་གདན་ལ་ཡེ་ཤེས་སེམས་དཔའ་ནི། །སྐུ་མདོག་སྨུག་ནག་ཐུགས་ཀར་སཱུཪྻའི་སྟེང་། ཁ་དོག་ལྔ་ལྡན་ཧཱུཾ་ལ་སྔགས་ཀྱི་འཕྲེང་། །གཡས་སུ་འཁོར་ལས་འོད་ཟེར་འཕྲོས་པ་ཡིས། །ཡེ་ཤེས་སེམས་དཔའི་ཞལ་བརྒྱུད་རང་གི་ལྕེར། །ཆུ་སྐྱེས་ཧྲཱིཿལ་སྔགས་ཀྱིས་བསྐོར་བར་ཕོག །དེ་ལས་འོད་འཕྲོས་ཀླད་ཁང་ཟླ་བའི་སྟེང་། །ཨཱོཾ་ལ་སྔགས་ཕྲེང་བསྐོར་ལ་ཕོག་པ་ཡིས། །ལུགས་ལྡོག་ཏུ་འཕྲོས་མགལ་མེའི་འཁོར་ལོའི་མཐུས། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་ཐམས་ཅད་སྦྱངས། །འོད་ཟེར་ཕྱིར་འཕྲོས་བདེར་གཤེགས་ཐུགས་རྒྱུད་བསྐུལ། །བྱིན་རླབས་ཚུར་འདུས་གསང་གསུམ་དངོས་གྲུབ་ཐོབ། །སླར་ཡང་སེམས་ཅན་ལ་ཕོག་སྒྲིབ་སྦྱངས་ནས། །མཐུ་དཔལ་གཟི་མདངས་ཚུར་འདུས་བདག་ལ་ཐིམ། །ཕྱིར་འཕྲོས་མེ་ལྕེས་དགྲ་བགེགས་ལྷག་མེད་བསྲེགས། །ཚེ་དཔལ་མཐུ་སྟོབས་མ་ལུས་ཚུར་ལ་བསྡུས། །རང་གི་བ་སྤུའི་བུ་གར་ཉི་གདན་ལ། །བཞུགས་པའི་ཁྲོ་ཆུང་མེ་རླུང་འཁོར་ལོ་ཐོགས། །གོ་མཚམས་མེད་པར་གཏམས་ཏེ་བར་གཅོད་ཀུན། །བསྲུང་ཞིང་བསྐྱབས་པས་གཞོམ་མེད་རྡོ་རྗེར་གྱུར། །ཨཱོཾ་ཨྱེ་ཨྱེ་ཨྱེ་ཨ་ཀྲོ་ཏེ་ག་ཡ་མཱནྟ་ཀ་ཡ་མ་ཡེ། ཀཱ་ལ་རཱུ་པ་ཀ་པ་ཡེ། ཧྲཱིཿཥྚཱིཿཨ་པ་ཡེ། ཨ་ཨ་ནེ་ཨ་ནེ། ཨུ་ཨུ་ནེ་ཨུ་ནེ། དུ་དུ་ནེ་དུ་ནེ། ཨ་ཨི་ཨུ་ཨེ་ཨོ་ཨཾ། ར་རཱི། ལ་ལཱི། དུ་རཱུ་ཡེ། བྱ་ཙ་ཡེ། སིང་ཧ་ཡེ། ཧྲི་ད་(༡༦ན)


GLG023_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ། བི་ཏ་ཡེ། ཙིཏྟ་ཡེ། ཧ་ལ་ཡེ། མུ་ཀ་ཡེ། ཨུ་ཨུ་ནེ། ཨུ་ཨུ་ནེ། བྱ་ཏྲི་ཏ། ཨ་ཨ་ན་ན། ཡ་མ་རཱ་ཙ། ཡ་མ་རཀྴ །ཡ་མ་རཀ་ཨ། ཡ་མ་རཀྵ། པེ་ཏ་ལི། ཀྲོ་ཏི་ཤྭ་རི། མ་མ་ཨེ་ཀ་ཙ་ཏི། དེ་མ་ཁ་ལ་པཾ་རི་ལ། རུ་ལུ་རུ་ལུ། ཤྲཱི་བཛྲ་ཀྲོ་ཏ། ཡ་མ་ཀརྨ་རོ་ཥ་ཎ། ཀྲི་དྷ་ཙན་དྷ་རཀྴ་མོན་ཏ་ཨཱཿཧཱུཾ་ཛཿ ཞེས་བསྙེན་མཐར། །བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི། །མཐུ་སྟོབས་གཅིག་བསྡུས་འཇམ་དཔལ་གཤིན་རྗེའི་གཤེད། །ཕྱག་རྒྱ་ཟིལ་གནོན་འཁོར་དང་བཅས་པ་རྣམས། །རྣལ་འབྱོར་བདག་ལ་དེང་འདིར་དགོངས་སུ་གསོལ། །རྟག་ཏུ་ལུས་ནི་ཁྱོད་ཀྱི་སྐུར་བསྒོམ་ཞིང་། །ངག་ནི་གསང་སྔགས་ཟབ་མོ་བསྙེན་ཅིང་བསྒྲུབ། །ཡིད་ནི་བདེ་སྟོང་ཏིང་འཛིན་ལ་རོལ་ན། །དངོས་གྲུབ་བསྒྲུབ་པའི་འབྲས་བུ་དུས་ལ་བབ། །གནས་སྐབས་འཕྲིན་ལས་རྣམ་བཞིའི་ཚོགས་ཀུན་དང་། ཁྱད་པར་སྲུང་ཟློག་བསད་མནན་སྲེག་འཕང་སོགས། །མངོན་སྦྱང་དྲག་པོའི་ལས་རྣམས་མ་ལུས་པ། །མྱུར་འགྲུབ་སྲིད་གསུམ་ཀུན་ལས་རྒྱལ་བར་མཛོད། །མཐར་ཐུག་ཐེག་པ་རིམ་དགུའི་ཡང་རྩེ་མཆོག །སྤྲོས་བྲལ་ཨ་ཏི་ཆེན་པོའི་ལྟ་བ་དང་། །རིམ་གཉིས་ཟབ་ལམ་ཐབས་ཤེས་ཟུང་འབྲེལ་དུ། །བསྒོམས་པས་ཀུན་བཟང་གདོད་མའི་སར་བགྲོད་ཤོག །ཅེས་དངོས་གྲུབ་བླང་ངོ་། །རྩ་བའི་ལྔ་པ་བསྟོད་ཅིང་བསྐུལ་བ་ནི། །རབ་འབྱམས་དུས་གསུམ་རྒྱལ་བ་མ་ལུས་པའི། །ཇི་སྙེད་གསང་གསུམ་ཡོན་ཏན་ཕུང་པོའི་ཚོགས། །མི་བཟད་སྐུ་གསུམ་ཁྲོ་རྒྱལ་གད་ཉམས་ཀྱིས། །རྒྱ་ཆེན་སྲིད་གསུམ་ལོག་འདྲེན་འཇོམས་ལ་བསྟོད། །ཞལ་ཁྱིམ་(༡༦བ)


GLG023_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སྲོད་ཀྱི་མུན་པ་སྟུག་པོ་ལ། །དམར་ཟླུམ་སྤྱན་གྱི་གློག་སྟོང་དྲག་འཁྱུག་ཅིང་། །འཇིགས་རུང་གསུང་གི་དབྱར་གྱི་རྔ་བོ་ཆེ། །རབ་སྒྲོག་གནམ་ལྕགས་རྡོ་རྗེའི་ཟེགས་མ་འབབ། །ཨིནྡྲ་ནཱི་ལའི་འཁྲི་ཤིང་བསྐྱོད་འདྲ་བའི། །ཕྱག་དྲུག་རྣོ་ངར་མཚོན་ཆ་གདེངས་ཙམ་གྱིས། །འཇིག་རྟེན་འདས་དང་མ་འདས་ཁྲོ་རྒྱལ་ཀུན། །སྐྲག་སྟེ་སླར་ཡང་ཁྱོད་ཀྱི་བྲན་དུ་མཆིས། གྱད་ཀྱི་དོར་སྟབས་ཞབས་བཞི་པད་གཉེན་སྟེང་། །མི་སྡུག་སྒྱུ་རྩལ་གར་གྱི་རྣམ་འགྱུར་འཆང་། །རྡོ་རྗེ་འབར་པའི་ཁྱུང་གཤོག་བརྐྱངས་པ་ཡིས། །སྟོང་གསུམ་འཇིག་རྟེན་འདི་ཡང་ཁེངས་སམ་སྙམ། །གཟུགས་ཕུང་རྣམ་དག་དེ་བཞིན་གཤེགས་པའི་རིགས། །མཚན་དཔེ་རྒྱན་ལྡན་བདེ་ཆེན་སར་འགྱིང་ཡང་། །སྲིད་གསུམ་ཟིལ་གྱིས་གནོན་ཕྱིར་དྲག་པོའི་སྐུར། །སྟོན་མཛད་ཚེ་བདག་ནག་པོ་ཁྱོད་ལ་བསྟོད། །དངོས་འཛིན་མཚན་བྲལ་ཡེ་ནས་ཀ་དག་མཁར། །མ་གདོན་འབུམ་སྡེའི་མཚན་རྒྱུའི་གཉིས་སྐྱེས་ཚོགས། །འཇོམས་མཛད་བདེ་ཆེན་པད་ཚལ་རྒྱས་པའི་ཡུམ། །རྡོ་རྗེ་ཁྲོས་མ་བཅུ་གཉིས་བདག་པོར་བསྟོད། །རྣམ་ཤེས་ཕུང་པོ་ཡེ་དག་རྡོ་རྗེའི་རིགས། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིས། ཁྲོ་རྒྱལ་མཐུ་སྟོབས་སྦྱོར་བ་ལྷ་མིན་དཔུང་། །འཇིགས་མཛད་སྲས་མཆོག་གཙུག་ན་ཟླ་བར་བསྟོད། །ཚོར་བའི་ཕུང་པོ་རྣམ་དག་རིན་ཅེན་རིགས། །གནོད་སྦྱིན་བདུད་དང་རྒྱལ་བཙན་ཐེའུ་རང་གཉན། །མུ་སྟེགས་ལས་ཀྱི་སྦྱོར་བ་མེ་ཡི་དཔལ། །ཞི་མཛད་དྲེགས་པ་སིནྡྷུའི་བདག་པོར་བསྟོད། །འདུ་བྱེད་ཕུང་པོ་རྣམ་དག་ལས་ཀྱི་རིགས། ཁམས་གསུམ་སྐྱེ་འགྲོའི་སྲོག་དང་བཀྲག་མདངས་(༡༧ན)


GLG023_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །འབྱུང་བའི་དངས་མ་དབང་པོའི་བུང་བ་ཀུན། །སྡུད་མཛད་རུས་སྦལ་པུཎྜ་རཱི་ཀར་བསྟོད། །འདུ་ཤེས་ཕུང་པོ་རྣམ་དག་པདྨའི་རིགས། །གདུག་ཅན་ཀླུ་རིགས་ལྔ་དང་ཀླུ་བདུད་ཀྱི། །མཛེ་སོགས་ཉེར་འཚེའི་སྦྱོར་བ་གླང་པོའི་མགོ །འགེམས་མཛད་ཁྱུང་ཆེན་གདོང་ལྔའི་དབང་པོར་བསྟོད། །ས་བདག་ས་སྲིན་བཙན་དང་ཡུལ་ལྷ་མི། །དུད་འགྲོ་སྟོབས་ཅན་དམོད་པ་ཚ་དབལ་བྲག །ཕྱེ་མར་འཐག་མཛད་གཟུགས་ཀྱི་སྤྲུལ་བསྒྱུར་ཅན། །རྒྱན་གྱི་ལྷ་བརྒྱད་གནམ་ལྕགས་ཐོག་མདར་བསྟོད། །དུས་གསུམ་རྣམ་དག་སྐུ་གསུམ་ཐུགས་ཀྱི་གར། །རྣམ་འགྱུར་ཅིར་ཡང་སྟོན་པའི་ཁྲོ་བོའི་གཟུགས། །མནན་བཤག་བསད་པའི་ལས་ཀྱི་མཐའ་སྡུད་པའི། །ལས་ཀྱི་གཤིན་རྗེ་བདག་པོ་གསུམ་ལ་བསྟོད། །ཉོན་མོངས་བཞི་དག་སྤྱི་བོ་མགྲིན་པ་དང་། །སྙིང་གི་ལྟེ་བའི་རྩ་ཆེན་སྲུང་སྐྱོབ་ཅིང་། །དགྲ་བགེགས་རྩ་འཁོར་བདུད་བཞི་རང་གཤེད་དུ། །དབབ་མཛད་ལས་ཀྱི་གཤེད་པོ་བཞི་ལ་བསྟོད། །ཚོགས་བརྒྱད་སྐྱེ་མཆེད་བཅུ་གཉིས་ཡེ་དག་པའི། །ལོག་འདྲེན་དགྲ་སྡེའི་གཤེད་མ་མོན་བདུད་བརྒྱད། །འཆི་བདག་བཅུ་གཉིས་བདག་ལྟ་སྟོང་པའི་ངང་། །རང་རིག་ལྷར་གསལ་སྒོ་བ་བཞི་ལ་བསྟོད། །མ་བཅོས་རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དུ། །འཁོར་ལོའི་མགོན་གྱིས་གང་འཚམ་ལས་ཀྱི་ཕྱིར། །རབ་སྤྲོས་བརྗོད་བྲལ་གྲངས་མེད་ལྷ་ཚོགས་ལ། །སྒོ་གསུམ་དང་བའི་ཡིད་ཀྱིས་ཕྱག་འཚལ་བསྟོད། །བསྐུལ་མཆོད་བསྟོད་གསལ་སྒྲོན་ནི་རྒྱུན་འཁྱེར་ལ་མི་དགོས་ཤིང་སྒྲུབ་པའི་དུས་སུ་བྱེད་ཚུལ་རྒྱས་བསྡུས་ཕྱག་ལེན་ལས་ཤེས་པར་བྱའོ། །(༡༧བ)


GLG023_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་སྟག་ཞོན་དང་གཏེར་སྲུང་མཐུ་ཆེན་སྡེ་བཞིར་གཏོར་བསྔོ་དང་གསོལ་མཆོད་བྱེད་ཅིང་གཞན་ཡང་ཆོས་སྐྱོང་གི་རིགས་ལ་བྱེད་དགོས་ཡོད་ན་འདིར་བྱའོ། །གསུམ་པ་རྗེས་ཆོག་ཚོགས་འཁོར་ལྷག་བསྟན་བསྡུ། །བསྔོ་ཤིས་རྒྱུན་སྤྱོད་བདུན་ལས་དང་པོར་བརླབ། །སྤྱན་དྲང་སྤྱི་དང་བྱེ་བྲག་མཆོད་ཅིང་བཤགས། །སྟོབ་པ་ཚོགས་རོལ་བདུན་གྱི་དང་པོ་ནི། །ཨཱོཾ་སརྦ་དྲ་བྱཾ་ཤྭདྷ་ཡ་ཧཱུཾ་ཕཊ། བི་ཤུདྡྷེ་ཨ་མྲྀ་ཏ་ཧཱུཾ་ཕཊ། དྷརྨ་ཨ་མྲྀ་ཏ་ཧཱུཾ་ཕཊ། བཛྲ་ཡཀྵ་ཀྲོདྷ་ཧ་ན་ཧ་ན་ཧཱུཾ་ཕཊ། རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུཾ། ཨཱོཾ་བྷ་ལིནྟ་ཏེ་ཛྭ་བྷ་ལིནྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱཧཱ། ལན་གསུམ་བརྗོད། གཉིས་པ་ཚོགས་ཞིང་ལྷ་ཚོགས་སྤྱན་དྲང་བ། །ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཁྲོ་བདག་གཙོ། །རབ་ཏུ་མི་བཟད་འཇིགས་པའི་ཚོགས། །ཚོགས་ཀྱི་ལོངས་སྤྱོད་ཆེན་པོ་ལ། །གཏུམ་རྔམ་འཁྲུག་པའི་ཚོགས་རྣམས་གཤེགས། །ཡ་མ་ཀྲོ་དྷ་ས་མ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿ གསུམ་པ་འདོད་ཡོན་དྲུག་སྤྲོས་སྤྱི་རུ་མཆོད། །ཧཱུཾ། བཀོད་པའི་དམ་ཚིག་ཕྱག་རྒྱ་ཆེ། །གཉིས་སུ་མེད་པར་བཞེས་སུ་གསོལ། །མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་གཏིབས། །མཉམ་སྦྱོར་མཆོད་པས་དགྱེས་པར་ཐིམ། །སྣ་ཚོགས་གཟུགས་མདོས་ཕྱག་རྒྱ་གར། །སྒྲ་སྙན་ཡིད་འོང་གླུ་དབྱངས་དང་། །ཀུན་ཏུ་ཚིམ་བྱེད་དྲི་མཆོག་དང་། །བདུད་རྩི་རོ་མཆོག་བརྒྱ་དང་ལྡན། །མཉེན་འཇམ་བདེ་བ་རེག་བྱའི་མཆོག །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། ཁྲོ་རྒྱལ་གཤིན་རྗེའི་ཚོགས་ལ་འབུལ། །ཨ་ལ་ལ་ཧོ་དགྱེས་པར་མཛོད། །བཞི་(༡༨ན)


GLG023_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེ་བྲག་གཡས་ཞལ་དཀར་ལ་འབུལ། །ཨེ། མཉམ་སྦྱོར་ཆོས་སྐུའི་དཀྱིལ་འཁོར་ནས། །འབར་བ་གཤིན་རྗེའི་གཤེད་པོའི་ཚོགས། །གཏུམ་རྔམ་འཁྲུག་པའི་ལྷ་ཚོགས་ལ། །ལོག་འདྲེན་དགྲ་བགེགས་འདུལ་བའི་ཕྱིར། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །འབར་བའི་ཞལ་དུ་ཁ་རཾ་ཁཱ་ཧི། །ཨེ་ཀ་ཡ་མ་ཀྲོདྷ་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི། ལྔ་པ་ཉེས་ཚོགས་གཡོན་ཞལ་དམར་ལ་བཤགས། །ཧཱུཾ། ཕྱག་རྒྱ་ཟིལ་གནོན་འཁོར་བཅས་དགོངས་སུ་གསོལ། །འདོད་ཆགས་ཞེ་སྡང་ང་རྒྱལ་ཕྲག་དོག་ལྔ། །ཡེ་ནས་རྣམ་པར་དག་པའི་རང་བཞིན་ལ། །རྨོངས་པའི་དབང་གིས་དེ་ལྟར་མ་རྟོགས་ཏེ། །དངོས་པོར་བཟུང་ནས་བླང་དོར་གཟུང་འཛིན་རྣམས། །འཇམ་དཔལ་རང་བཞིན་ཚེ་བདག་སྐུ་ལ་བཤགས། །ཡིག་བརྒྱ་བརྗོད། དྲུག་པ་ཐ་མའི་ཚོགས་ལ་དགུག་པ་དང་། །བསྒྲལ་ཅིང་སྟོབ་པ་གསུམ་གྱི་དང་པོ་ནི། །ཧཱུཾ། ཨྱེ་རིང་ཚར་གཅིག་གིས་སྤྲུལ་པ་སྤྲོ། །ནྲི་ཛཿ ཏྲིཛཿ ཛཿཧཱུཾ་བཾ་ཧོཿ བྲ་བེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨ། ཨེ། གྲུ་གསུམ་ཨེ་ཡི་སྣོད་ནང་དུ། །བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དང་བཅས་པར་བྱ། །གཏུམ་རྔམ་འཁྲུག་པའི་ལྷ་ཚོགས་ཀྱིས། །དགྲ་བགེགས་དབང་པོ་བཀུག་ལ་བསྟིམ། །ཕུར་པས་བཏབ་ལ་མཚོན་ཆས་གཏུབས། །གཉིས་པ་རྣམ་ཤེས་སྤར་ཞིང་གཟུགས་ཕུང་གཏུབ། །ཨེ། ཟིལ་གནོན་ལྷ་ཚོགས་འཁོར་བཅས་ཀྱིས། །ཐུགས་དམ་ཆེན་པོའི་དུས་ལ་བབ། །གང་ལ་བྱ་བ་ཁྱོད་ཤེས་ཀྱི། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །རྩ་རྒྱས་ཁྲག་དང་(༡༨བ)


GLG023_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མཚོ་སྐོམས། །ལུས་སྲོག་དབང་པོ་དངས་སྙིགས་ཕྱེ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །སྡང་བའི་དགྲ་དང་གནོད་པའི་བགེགས། །མངོན་སྤྱོད་ཚུལ་བཞིན་སྒྲོལ་བར་མཛོད། །ཨྱེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། ཪྣྲིཏྲི་སྲོག་ལ་ཧུར་ཐུམས་ཛཿ རྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦད། དགྲ་བོའི་སྲོག་ལ་ཙིཏྟ་བྲེང་ཤག་ཛཿ སྲོག་ལ་ཧུར་ཐུམས་རྦད། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། དགྲ་བོ་ཨ་མུ་ཀ་སྲོག་ལ་ཐུན་རྨུགས་བྷྱོ། སྲོག་ལ་ཁཾ་ཤག་བྷྱོ། སྲོག་ལ་བྲེང་ཤག་བྷྱོ། སྲོག་ལ་ཡཾ་ཤག་བྷྱོ། དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད། དགྲ་བོའི་སྲོག་ལ་སྟཾ་བྷ་ཡ་ནན། གསུམ་པ་སྨན་རཀ་གིས་སྦགས་ལིང་རོ་དབུལ། །ལིང་རོ་ལ་བདུད་རྩི་སྦྲན་ནས་ལྷ་ཚོགས་རྣམས་ལ་འབུལ་བ་ནི། ཨེ། ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །བསྒྲལ་བའི་ཞིང་བཅུར་གྱུར་པ་འདི། །བདུད་རྩིར་བསྒྱུར་ནས་འབུལ་ལགས་ཀྱི། །གཏི་མུག་ཤ་ཡི་ངོ་བོའོ། །འདོད་ཆགས་ཁྲག་གི་རྒྱ་མཚོ་འཐུང་། །ཞེ་སྡང་རུས་པའི་རི་བོ་ཆོམས། །ང་རྒྱལ་མཁྲིས་པ་རྩད་ནས་དྲོངས། །ཕྲག་དོག་དོན་སྙིང་ཞལ་དུ་གསོལ། །ཕུང་པོ་ལྔ་དང་འབྱུང་བ་ལྔ། ཁམས་དང་སྐྱེ་མཆེད་མ་ལུས་པ། །འབར་བ་གཤིན་རྗེའི་ཞལ་དུ་སྟོབ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། མཧཱ་བྷ་སུ་ཏ་ཁཱ་ཧི། མཧཱ་གོ་རོ་ཙ་ན་ཁཱ་ཧི། མཧཱ་ཀེཾནྲྀ་ཏི་ཁཱ་ཧི། བཾ་སྐོངས་དང་རྩ་གསུམ་བསྐང་གསོ་གཏོང་། བདུན་པ་གསོག་འཇོག་མེད་པར་ལོངས་སྤྱོད་པ། །དེ་ནས་ལྷ་ལ་མཆོད་པའི་ཚུལ་དུ་རོལ་ལོ། །རྩ་བའི་གཉིས་པ་ལྷག་མར་བརླབ་དགུག་(༡༩ན)


GLG023_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

མནན། བསྟན་བསྒྲག་སྦྲན་མཆོད་བདུན་ལས་དང་པོ་ནི། །ཨཱོཾ་ཨཱཿཧཱུཾ་ཧོཿ གཉིས་པ་ལྷག་མའི་མགྲོན་ཚོགས་འགུགས་པ་ནི། ཨེ་མ་བྱང་ཆུབ་སེམས་དཔའ་ནི། །འཇམ་དཔལ་ཁྲོ་བོའི་རྒྱལ་པོ་མཆོག །གང་ཕྱིར་སེམས་ཅན་འདུལ་དོན་དུ། ཁྲོ་བོ་འདི་དག་ཐུགས་ལས་བྱུང་། །ཐམས་ཅད་མ་ལུས་འདིར་འདུས་ཤིག །ཨཱོཾ་ཊཀྐི་རཱ་ཛ་ཧཱུཾ་ཛཿ གསུམ་པ་ཕྱག་རྒྱས་ཟིལ་གྱིས་མནན་པ་ནི། ཨཱོཾ་ཤྲཱི་མཉྫུ་ཀྲོ་དྷ་ཛྙཱ་ན་སརྦ་དུཥྚ་ན་བྷན་དྷ་ཡ་ཕཊ། བཞི་པ་དམ་ཚིག་ཕྱག་རྒྱ་བསྟན་པ་ནི། ས་མ་ཡ་དུ་མནྟ་ཀ་ར་ན་ཕཊ། ལྔ་པ་དམ་ཚིག་རྣ་བར་བསྒྲག་པ་ནི། ཨེ་ཀ་ས་མ་ཡ་ཧཱུཾ། དྲུག་པ་བྱང་ཆུབ་སེམས་ཀྱི་ཁ་ཆུ་སྦྲན། ཕྱག་ལེན་ལྟར་རྡོ་རྗེ་སློབ་དཔོན་གྱིས་དམིགས་པ་དང་བཅས་ཁ་ཆུ་བཏབ། རྨེ་གཏོང་སྨན་དང་ཞིང་བཅུའི་ཤ་རུས་དག །ཁྲག་ཆེན་དུག་དང་སྦྲུས་ཏེ་རབ་སྦྱར་ནས། །བདུད་རྩི་བྱིན་ནས་ཕྱག་རྒྱ་བསྒྲེང་བྱས་ཏེ། །ལོག་རྟོག་བདག་གིར་འཛིན་པའི་ཞིང་བཅུ་ལ། །མངོན་སྤྱོད་རྟགས་ཀྱི་འཕྲིན་ལས་འདི་སྤྱོད་ཅིག །རྣམ་ངེས་ཀྱི་ས་བཅད་ལ་རས་མི་འཕོག་པའི་ཕྱིར་འདི་བཞིན་བཀོད་ཀྱི་ཕྱག་ལེན་ལ་ཁ་ཕྲུ་བྱིན་རླབས་ཀྱི་སྔོན་དུ་འདེབས་ཤིང་ཚིགས་བཅད་འདི་འོག་གི་ས་བཅད་བདུན་པ་དང་སྦྲེལ་ལོ། །བདུན་པ་མཆོད་ཅིང་འཕྲིན་ལས་གཉེར་དུ་གཏོད། །ཨཱོཾ་ཨེ་ཀ་ཡ་མ་ཀྲོ་ཏ་ཁཱ་ཧི། ཀརྨ་ཡ་མ་སརྦ་ས་མ་ཡ་ཁཱ་ཧི། མ་མ་རཀྵ་ཌཱཀྐི་ནི་ཁཱ་ཧི། བདུད་པྲ་མ་ཡ་ཁཱ་ཧི། པྲེ་ཏ་བྷིནྡྷ་ཁཱ་ཧི། ཡ་མ་རཱ་ཛ་པྲེ་ཏ་ཛ་ལ་ཁཱ་ཧི། ཡ་མ་རཱ་ཛ་པྲེ་ཏ་ཐོརྐ་ཁཱ་ཧི། གིང་ཀ་ར་ཁཱ་ཧི། དགྲ་བོའི་མཧཱ་མཾ་ས་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། དམ་ཅན་(༡༩བ)


GLG023_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མའི་ལྷ་ཚོགས་རྣལ་འཕྲིན་ལས་སུ་གསོལ་བ་ནི། སྔོན་རྒྱལ་བའི་སྤྱན་སྔར་ཁས་བླངས་པ་ལྟར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་ཅོག་གི་དབུ་འཕང་སྟོད། དགེ་འདུན་གྱི་སྡེ་དང་སྲིད་སྐྱོངས། སྒྲུབ་པ་པོའི་སྟོང་གྲོགས་ཚུལ་བཞིན་དུ་མཛོད། གནོད་པའི་དགྲ་བགེགས་ཐལ་བའི་རྡུལ་དུ་རློག་པར་མཛོད་ཅིག །ཅེས་བརྗོད། ཟོར་ལས་བྱེད་ན་སྐབས་འདིར་བྱ། རྩ་བའི་གསུམ་པ་བསྟན་མ་སྐྱོང་བ་ནི། ཧཱུཾ། བོད་ཁམས་སྐྱོང་བར་ཁས་བླངས་བསྟན་མའི་ཚོགས། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་བཙུན་བཞི། །བསྟན་སྐྱོང་ཆེན་མོ་བཅུ་གཉིས་འཁོར་དང་བཅས། །སྔོན་ཚེ་ཇི་ལྟར་དམ་བཅས་ཇི་བཞིན་དུ། །གཏོར་མ་འདི་བཞེས་རྣལ་འབྱོར་གྲོགས་མཛོད་ཅིག །བཅོལ་བའི་འཕྲིན་ལས་ཐམས་ཅད་སྒྲུབ་པར་མཛོད། །ཅེས་པའི་མཐར། མ་མ། མེ་མེ། ལ་ལ། ལེ་ལེ། ཏ་ཏ། ཏེ་ཏེ། རྡོ་རྗེ་སྲིང་འགྲོ་མ་ཧཱུཾ་བྷྱོཿ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཞེས་ནམ་མཁའ་མཐོང་སར་བཏེག་ལ་མཆོད། སྒོ་དྲུང་དུ་བྲོ་བརྡུང་། ནང་དུ་དཀྱིལ་འཁོར་གསལ་བཏབ་ལ། ཨེ། བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། ཁྱད་པར་མཆོད་པ་པཉྩ་ཨ་མྲྀ་ཏ། མཧཱ་བྷ་ལིཾ་རཀྟ་བཅས་པ་འབུལ། །བཞེས་ནས་བླ་མེད་དངོས་གྲུབ་སྩལ་དུ་གསོལ། །ཆོས་དབྱིངས་ངང་ལས་ཁྲོ་བོའི་སྐུར་སྟོན་པ། །ལྷ་ཡི་ལྷར་གྱུར་བཅོམ་ལྡན་གཤིན་རྗེའི་གཤེད། །བདུད་ཀྱི་བདུད་ཆེན་མ་རུངས་འཇོམས་པའི་ལྷ། ཁྲོ་རྒྱལ་ཀུན་གྱི་(༢༠ན)


GLG023_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་ལ་གུས་པས་འདུད། །ཡི་དམ་ལྷ་མཆོག་ཟིལ་གནོན་འཁོར་བཅས་ཀྱི། །བསྙེན་སྒྲུབ་འཕྲིན་ལས་གཞུང་བཞིན་བགྱིས་པ་ལ། །བདག་ཅག་མ་རིག་ལོག་རྟོག་དབང་སོང་བའི། །འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལ། །ཡིག་བརྒྱ་བརྗོད་ཅིང་འགལ་འཁྲུལ་བཤགས། །རྩ་བའི་བཞི་པ་དཀྱིལ་འཁོར་བསྡུ་བ་ནི། ཧཱུཾ་ཧཱུཾ། གཞལ་ཡས་རྩ་བའི་ལྷ་ལྔ་རྒྱན་ལྷ་བརྒྱད། །གཙོ་བོ་ཟིལ་གནོན་ཉིད་ཀྱི་ཐུགས་ཀར་བསྡུ། །ཟིལ་གནོན་ཉིད་ཀྱང་མི་དམིགས་ཆོས་ཀྱི་དབྱིངས། །འཁོར་རྣམས་རང་རང་གནས་སུ་ལས་ལ་གཤེགས། །བཛྲ་མུཿ ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། རྩ་བའི་ལྔ་པ་དགེ་བའི་ཚོགས་བསྔོ་བ། །དགེ་འདིའི་མཐུ་ཡིས་མཁའ་མཉམ་འགྲོ་ཀུན་གྱི། །རྒྱུད་ལ་ཡོད་པའི་སྒྲིབ་གཉིས་དཔུང་བཅོམས་ཏེ། །གཤིན་རྗེའི་གཤེད་གྱུར་བཅོམ་ལྡན་ཉིད་འགྲུབ་ནས། །འཕྲིན་ལས་རྣམ་བཞིས་གདུལ་བྱའི་དོན་བྱེད་ཤོག །རྩ་བའི་དྲུག་པ་བཀྲ་ཤིས་བརྗོད་པ་ནི། །གང་ཞིག་བླ་མེད་བཅོམ་ལྡན་གཤིན་རྗེའི་གཤེད། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་ཡས་པ། །འགྲོ་བ་ཀུན་གྱི་རྒྱུད་ལ་རབ་ཞུགས་ནས། །དངོས་གྲུབ་རྣམ་གཉིས་འཕེལ་བའི་བཀྲ་ཤིས་ཤོག །རྩ་བའི་བདུན་པ་རྒྱུན་གྱི་སྤྱོད་ལམ་ནི། དུས་ཀུན་ཏུ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་ལས་མི་འདའ་བར་ཉམས་སུ་བླང་བའོ། །ཨེ་མ་བགྲང་ཡས་བདེར་གཤེགས་ཀུན་གྱི་ཡབ། །འགྲོ་ངོར་རྒྱལ་སྲས་གཞོན་ནུ་ཟུར་ཕུད་ཅན། །འཇམ་པའི་རྡོ་རྗེ་གཤིན་རྗེའི་གཤེད་པོ་རུ། །རྣམ་རོལ་ཕྱག་རྒྱ་ཟིལ་གནོན་ཚེ་ཡི་བདག །གང་དེའི་ལྷ་སྔགས་ཡེ་ཤེས་རྣལ་འབྱོར་ལ། །གཅིག་ཏུ་གཞོལ་ན་བན་བོན་བྱད་མའི་མཚོན། །རང་གཤེད་ཕབ་སྟེ་བསད་ཞར་དགྲ་(༢༠བ)


GLG023_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཀུན། །ལྔ་པའི་ལམ་ནས་འོག་མིན་ཞིང་དུ་འདྲེན། །ཐུན་མོང་ཙམ་ལ་མི་རེ་ཚེ་གཅིག་ལ། །འོང་སྐུར་གྲོལ་བའི་དབང་རྣོན་སྔོན་མང་དིང་། །སྦྱངས་པའི་ལས་འཕྲོ་སད་པའི་བརྩོན་འགྲུས་ཅན། །མི་འབྱུང་ཞེས་བྱའི་མཐའ་དེ་སུ་ཡིས་བཀག །དུས་སྐལ་ཕྲ་ཡང་འཇམ་དཔལ་ཞི་དང་ཁྲོའི། །ཚོམ་བུར་ཆོས་ཉིད་བར་དོར་ཤར་གྲོལ་ཞིང་། །ཆེས་དམན་མི་ལུས་ཐོབ་ནས་ལམ་གྱི་འཕྲོ། །འཐུད་པའི་གནད་ཀྱིས་མི་འཇིགས་ཞེ་བློ་བདེ། །དེ་ཕྱིར་འདི་ཕྱི་བར་དོ་མཐའ་ཀླས་པའི། །སྐྱབས་གནས་གཅིག་ཆོག་འཇམ་མགོན་ཀུན་བཟང་ལས། །ཆེས་ལྷག་འཚོལ་ཕྱིར་འཁོར་འདས་ཐམས་ཅད་ལ། །མྱུལ་ཡང་རྙེད་པའི་གོ་སྐབས་ག་ལ་ཞིག །བགྲང་རིང་སྐྱེ་བར་བསགས་པའི་བསོད་ནམས་ཀྱིས། །ཐོབ་པའི་ཡི་དམ་འདི་དང་དེང་ནས་བཟུང་། །ཆོས་ཉིད་ཟད་སར་འཁྱོལ་མིན་དེ་སྲིད་དུ། །མི་འབྲལ་བྱིན་རླབས་སྙིང་དབུས་འཇུག་པར་ཤོག །པད་གནུབས་གདམས་པའི་མཐོ་རིས་ཆུ་བོ་ཡིས། །ཉེས་བརྒྱའི་དྲི་མ་མ་ལུས་རབ་བཀྲུས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་དབང་གི་རྒྱལ། །སྐལ་བཟང་རྒྱལ་མཚན་རྩེ་མོར་མཛེས་གྱུར་ཅིག །དེའང་ས་ཡོས་བྲག་སྣ་ཆོས་རྗེ་ཨྱོན་བསྟན་འཛིན་པས་ལས་བྱང་ཚིག་ཤིན་ཏུ་ཉུང་བ་ལ་བདག་མདུན་ཐམས་ཅད་ཚང་བ་དགོས་ཚུལ་གྱི་ཚེ། དེ་སྐབས་ཉེ་སྐོར་དུ་འཛུགས་འདུན་མེད་པར་བརྟེན། གཞན་ངོ་ལྡོག་བྱེད་ཙམ་ཞིག་བཀོད་པ་ཐོས་བསམ་དུ་མས་གཡེངས་ཏེ། ཚིག་དོན་གྱི་ཆ་ལ་ཞུས་དག་མ་བྱུང་བའི་མུར་གྲྭ་ཚང་དུ་འཛུགས་རྒྱུར་སྤྲད་པ་ཤིང་བྱ་ལོ་གདངས་དབྱངས་གཅོད་པའི་སྐབས་ལྷན་ཐབས་ཁ་ཡར་བྱས་ནའང་དགེ་འདུན་དར་རྒྱས་(༢༡ན)


GLG023_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འགའ་ཞིག་གིས་མི་སྲུན་སྒྱུ་དྲ་ལ་བརྟེན་སྐྱོ་མ་སྔ་བཙན་གྱིས་སྐྱོན་མཐའ་དག་སེལ་མ་བདེ་བར་ལུས་པ་འདི་ཉིད་ལྷག་པའི་ལྷར་སོང་གཤིས་དག་སྐྱོར་གལ་པོ་ཆེར་མཐོང་ནས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཉམས་ལེན་དུ་མན་ངག་རྩ་བ། སེ་སྟོན་ཆེན་པོའི་ལས་བྱང་ལ་ཆོས་རྒྱལ་དབང་པོའི་སྡེས་ལྷན་ཐབས་སྦྱར་བའི་དགོངས་དོན་སོར་བཞག་ལས་ལག་ལེན་གཞན་དག་གིས་བསླད་པ་མེད་ཅིང་གསར་རྩོམ་ཅུང་ཟད་ཡོད་པ་རྣམས་ལའང་ཞུས་ཤིན་ཏུ་དག་པར་བགྱིས་པའི་ལས་བྱང་སྲིད་གསུམ་རྣམ་རྒྱལ་ཞེས་བྱ་བ་འདི་ནི་རིང་ནས་བསྒྲིག་འདུན་ཡོད་པའི་སྟེང་དབུ་མཛད་བློ་བཟང་ཡོན་ཏན། མཆོད་དཔོན་ངག་དབང་ཤེས་རབ། དགེ་སློང་འཇམ་དབྱངས་གྲགས་པ་གསུམ་གྱིས་ད་ཆ་མགྱོགས་པ་ཞིག་བསྒྲིགས་ན་ལེགས་ཞེས་མཚམས་སྦྱར་བས་རྐྱེན་བྱས་ལམ་འདིའི་སྨིན་གྲོལ་མན་ངག་མཐའ་དག་ལ་བློ་གྲོས་ཀྱི་སྣང་བ་གཅིག་ཏུ་དཀར་བའི་ཟ་ཧོར་གྱི་སྔགས་བན་ཟིལ་གནོན་བཞད་པ་རྩལ་གྱིས་ཀུན་དགར་འབོད་པ་ཤིང་སྟག་ཆོ་འཕྲུལ་ཟླ་བའི་དམར་ཆའི་དགའ་བ་གཉིས་པར་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པའང་འཇམ་དབྱངས་གྲགས་པ་ཉིད་དོ། །སརྦ་མངྒ་ལཾ།། །།

འཇམ་དཔལ་ཚེ་བདག་ནག་པོའི་བསྙེན་ཡིག་དངོས་གྲུབ་གཏེར་མཛོད།


GLG023_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཚེ་བདག་ནག་པོའི་བསྙེན་ཡིག་དངོས་གྲུབ་གཏེར་མཛོད་བཞུགས་སོ། །


GLG023_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་ཕྱག་རྒྱ་ཟིལ་གྱིས་གནོན་པའི་རྩལ། །འཇམ་དཔལ་རྣམ་པར་ཁྲོས་པ་དུས་དགྲའི་གར། །སྒྱུར་མཛད་ཚེ་བདག་ནག་པོ་ལ་བཏུད་ནས། །དེ་ཉིད་བསྙེན་པའི་མན་ངག་འབྲི་བར་བྱ། །དེའང་འཇམ་དཔལ་ཚེ་བདག་ནག་པོའི་བསྙེན་པ་བྱ་བ་ལ། སྔོན་དུ་འགྲོ་བ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ནི། པད་གནུབས་བརྒྱུད་པའི་བཀའ་སྲོལ་མ་ཉམས་པའི་དབང་གི་ཆུ་བོ་མ་ནུབ་པ། མི་དབར་ཁྱིས་མ་ཆོད་པའི་རིགས་འཛིན་རིམ་པར་བརྒྱུད་དེ། ཚད་ལྡན་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་ཟབ་མོར་བཅུག་སྟེ་སྨིན་པར་བྱས་པ་ཞིག་གིས་གནས་དབེན་ཞིང་ཉམས་དགའ་བ། དམ་པ་གོང་མས་བྱིན་གྱིས་བརླབས་པ་ལྟ་བུ་དགྲ་འདྲེའི་འཚེ་བ་མེད་པའི་གནས་སུ། སྒྲུབ་ཆེན་རྣམས་ལས་བཤད་པ་ལྟར་སྤྱིར་བཏང་དམིགས་བསལ་བྱེད་པའི་སྒོ་ནས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་བསག །གནས་ཁང་ཕྱག་བདར་བྱ། བསྙེན་སྒྲུབ་ཡར་ངོ་ལ་མཚམས་ལ་ཞུགས་ནས་ཡར་ངོ་ལ་འགྲོལ་བ་དང་། ལས་སྦྱོར་མར་ངོ་ལ་མཚམས་ལ་ཞུགས་ནས་མར་ངོ་ལ་འགྲོལ་བར་མཛད་ཅིང་། གཟའ་ཚེས་སོགས་ལས་སོ་སོར་འོས་པའི་འཇམ་རྩུབ་དང་བསྟུན། རྒྱས་པར་སྤྲོ་(༢ན)


GLG023_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྡུལ་ཚོན་གྱི་དཀྱིལ་འཁོར། འབྲིང་རས་བྲིས་ཀྱི་དཀྱིལ་འཁོར། བསྡུ་ན་སྨན་རཀ་གཏོར་གསུམ་ཙམ་ལའང་བརྟེན་དུ་རུང་། སྒྲུབ་ཆེན་ནས་བཤད་པའི་སྔོན་འགྲོ་རྒྱས་པ་མི་མཛད་ཀྱང་། དཀར་གཏོར་དམར་གཏོར་བཤམས་ནས་གཞི་བགེགས་ལ་བཀའ་བསྒོ། མཐོ་བཞི་ལ་རྒྱལ་པོ་བཞིའི་སྐུ་དང་བཅས་ཏེ། བསྐྱེད་ཆོག་ནས་འཕྲིན་བཅོལ་གྱི་བར་སྤྱི་དང་མཐུན། སྲུང་འཁོར་བསྒོམ་ཞིང་སྒོ་དྲུང་དུ་མཐོ་དཀར་པོ་ཞིག་བརྩིག །སྒྲུབ་པ་པོ་ཁ་ལྷོར་བལྟ་བའི་སྟན་གྱི་འོག་ཏུ་ས་དཀར་རམ་འབྲུ་དཀར་པོའི་གཡུང་དྲུང་རིས་ཆོས་སྐོར་དུ་འབྲི། རྩ་བ་གསུམ་གྱི་བྲིས་འཕུར་གྱི་སྐུ་བྱིན་རླབས་ཅན་བཤམ། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ན་ངེས་དོན་བདེ་འཇུག་པས་འབྱུང་བ་ལྟར་དང་། རས་བྲིས་ལ་བརྟེན་ན་རྡུལ་ཚོན་གྱི་ཚབ་ཏུ་དེ་ཉིད་དགྲམ་ཞིང་། བསྙེན་པའི་སྐབས་བདག་མདུན་ཐ་མི་དད་པ་ཡིན་པས་དཀྱིལ་འཁོར་ཞལ་ལྷོར་གཟིགས་པའམ། གནས་ཁང་གི་སྟབས་དང་མ་འགྲིག་ན་སྐབས་དང་སྦྱོར། བསྡུ་ན་སྟེགས་བུའི་ཁར་སྒྲུབ་གཏོར་ལ་ཙཀླི་བཙུགས། དར་ནག་གི་གདུགས་ཕུབ། སྨན་རཀ །མཆོད་གཏོར། ཕྱི་ནང་གསང་བའི་མཆོད་པ་(༢བ)


GLG023_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་བཤམ། སྒྲུབ་གཏོར་དང་མཆོད་གཏོར་སོ་སོར་མཛད་སྲོལ་རྙིང་མ་གལ་ཆེར་ལ་མི་འདུག་ནའང་། འདིར་བྱུང་བས་སོ་སོར་ཡོད་ན་དངོས་གྲུབ་ལེན་མ་རན་གྱི་བར་སྒྲུབ་གཏོར་ལྷར་བསྐྱེད་པ་ཁོ་ནས་ཆོག་མོད། དེའང་རྣམ་པ་ཐ་དད་ཡིན་པའི་དཀྱིལ་འཁོར་དང་མི་འདྲ་ལ། གཏོར་མ་གཅིག་ལས་མེད་ན་ཤེས་པ་རྣམ་པ་གསུམ་གྱི་དབྱེ་བས་འཕྲལ་འཕྲལ་འགྱུར་འགྲོ་བས་སྐབས་ཐོབ་ཤེས་དགོས་སོ། །གཉིས་པ་དངོས་གཞི་ནི། སྲོད་ཐུན་ནས་འགོ་འཛུགས་དགོས་པས་འཕྲིན་ལས་གཞུང་བསྲངས་ཏེ་རྡོ་རྗེའི་མཁར་དུ་མི་ཤིགས་པའི་སྐུ་བསྐྱེད། བསྙེན་པའི་འགོར་འཕྲེང་བ་མན་ངག་ལྟར་བྱིན་གྱིས་བརླབས། རང་ཟིལ་གནོན་དུ་གསལ་བའི་ཐུགས་ཙིཏྟ་རིན་པོ་ཆེའི་གུར་ཕུབ་པའི་ནང་དུ་ཉི་མའི་དཀྱིལ་འཁོར་ལ། ཡེ་ཤེས་སེམས་དཔའ་ཡ་མ་རཱ་ཛ་སྐུ་མདོག་སྨུག་ནག་ཕྱག་མཚན་གང་ཡང་མི་མངའ་བ་ཞིག་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་གི་མཐར། ཨ་ཀྲོ་འབྲུ་བཅུ་བདུན་པས་བསྐོར་བ་ལ་དམིགས་ནས། དེ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་སོགས་ལ་མཆོད་པ་འབུལ་བ་དང་། སེམས་ཅན་རྣམས་ཀྱི་དོན་བྱས་ཏེ། ཚུར་འདུས་འོད་ཟེར་བདག་ལ་ཐིམ་པས་རང་གི་སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། ཡང་དག་བྱིན་གྱིས་བརླབ་པའི་དམིགས་པ་ཞལ་ཤེས་ལྟར་དང་། དོ་ལིའི་བཟླས་པ། ལས་བཞིའི་དམིགས་སྐོར་རྣམས་གསུང་རྒྱུན་ལྟར་བྱ། སྲོད་ཐུན་གྱི་སྐབས་བར་ཆད་བསྲུང་བའི་དམིགས་པ་ཟུར་ཁྱད་ཅན་ཞལ་ཤེས་བཞིན་བྱེད། ཐུན་འཇོག་པར་དབྱངས་གསལ་ལ་མན་ངག་ལྟར་གྱི་སྤེལ་ཚིག་བཏགས་པ་ལན་བདུན་བརྗོད། (༣ན)


GLG023_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མཆོད་བམ་བསྐང་དང་ཚོགས་ནུབ་རེ་བཞིན་མི་གཏོང་ཕྱིན་ལྷག་མ་བསྟན་མ་སྐྱོང་བའི་བར་གཞུང་བཞིན་བཏང་། སླར་ཡང་དཀྱིལ་འཁོར་རྣམས་གསལ་འདེབས་སྐྱོར་བྱས་ནས་རང་གིས་རང་མཆོད་པའི་ཚུལ་གྱིས་མཆོད་བསྟོད་བསྡུས་པ་ཞིག་བྱ། དེ་ནས་རྟེན་བརྟེན་པ་ཐམས་ཅད་མི་དམིགས་པ་རྫོགས་ཆེན་ཀ་དག་གི་ངང་དུ་ཅུང་ཟད་མཉམ་པར་བཞག །སླར་ཡང་ཆུ་ལས་ཉ་འཕར་བའི་ཚུལ་གྱིས་རྟེན་བརྟེན་པ་ཐམས་ཅད་ཁྲ་ལམ་གྱིས་གསལ་བཏབ། དགེ་བ་བསྔོ་བའི་ཚིགས་བཅད་ཅི་རིགས་བརྗོད། སྔགས་བཟླ་བཞིན་པའི་ངང་ནས་དགུང་ཐུན་ལ་གཉིད་ལོག་པས། དབུགས་འབྱུང་འཇུག་ཐམས་ཅད་བཟླས་པར་འགྲོ། དེ་ནས་ཐོར་ཐུན། སྔ་ཐུན། དགོངས་ཐུན་གསུམ་ལ། ལས་བྱང་རྒྱས་པ་བྱས་ཀྱང་འགལ་བ་མེད། མི་སྤྲོ་ན་མངོན་རྟོགས་བསྡུས་པ་ཞིག་གིས་གསལ་བཏབ་རྗེས་བཟླས་པ་སྲོད་ཐུན་ལྟར་ལ། བར་ཆད་བསྲུང་བའི་དམིགས་པ་དབྱངས་གསལ་ལ་སྤེལ་ཚིག་བཏགས་པ་སྔགས་བཟླ་བཞིན་པའི་ངང་ནས་གཉིད་ལོག་པ་གསུམ་པོ་མི་བྱེད། སྔ་ཐུན་ལ་ཁྱད་ཆོས་འབྲུ་གསུམ་གྱི་མཇུག་ཏུ་དབྱངས་གསལ་ལ་སྤེལ་ཚིག་བཏགས་པ་ལན་བདུན་བརྗོད། ཚོགས་འཁོར་ཉིན་ལྟར་གྱི་སྤྲོ་ན་བྱེད་མི་རུང་པ་མིན་ཀྱང་། །བསྙེན་པ་ལ་ངེས་ཅན་མི་དགོས་ཐུན་མཚམས་གང་ཡང་རུང་བ་ལ་དགེ་སྦྱོར་གཞན་གྱི་རིགས་དང་། ཁྱད་པར་གཏེར་སྲུང་གི་གསོལ་ག་སོགས་ཆག་མེད་དུ་བྱེད། བསྙེན་ཚད་ནི་འབུམ་ཕྲག་གསུམ་ཡིན་ཞེས་གོང་མ་རྣམས་གསུང་། དེ་ནས་ཨྱེ་རིང་གི་བཟླས་པ་ལ་ཞུགས་པས་ཆོག་མོད། འོན་ཀྱང་སྐུ་གསུང་ཐུགས་སྔགས་ཀྱི་བསྙེན་པ་སྔོན་དུ་སོང་བ་འཇམ་ཞིང་ལེགས་(༣བ)


GLG023_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས། དེའང་སྔར་བཤད་པའི་ཨ་ཀྲོ་སྤྱི་བསྙེན་གྱི་དམིགས་པ་རྣམས་སྔགས་ཁ་སྤོ་བ་མ་གཏོགས་འདིར་ཡང་བླངས་ལ། དེ་ལ་བསྙེན་པ། སྒྲུབ་པ། སྒྲུབ་པ་ཆེན་པོ། ལས་སྦྱོར་དང་བཞི་ཡོད་པའི་བསྙེན་པའི་དམིགས་པའི་མཇུག་ཏུ། རྣམ་ངེས་རིན་ཅེན་སྒྲོན་མེ་ནས་གསུངས་པའི་སྐུ་གསུང་ཐུགས་སོ་སོའི་སྒོས་ཀྱི་དམིགས་པ་རྣམས་སྦྱོར། སྐུ་གསུང་ཐུགས་ཀྱི་བསྙེན་ཚད་འབུམ་ཕྲག་དྲུག་མཛད་པ་མང་། གཞུང་དུ་འབྲུ་འབུམ་བཤད་པ་ལེགས་ཤིང་། ལོང་ཡོད་ན་གསུང་དང་ཐུགས་ལའང་བྱེ་བ་རེ་གཏོང་ངོ་། །དེ་རྗེས་ཨྱེ་རིང་གི་བསྙེན་པ་བྱ་བ་ནི། རྣམ་ངེས་ནས་བཤད་པའི་བསྙེན་པར་བཟླ་བའི་དམིགས་པ་ལ་ཕྲི་བསྣན་མ་བྱས་པས་གོང་གི་དམིགས་པ་རྣམ་གྲངས་བཞིར་བཤད་པ་སོགས་མཐའ་དག་གོ་རིམ་མ་གཏོགས་ཚང་བས་བཅོས་བསླད་མ་བྱས་པས་འགྲུབ། འོན་ཀྱང་ཞལ་ཤེས་ཀྱི་ཟུར་རྒྱན་ཅུང་ཟད་དགོས་པ་ནི་བརྒྱུད་ལྡན་བླ་མའི་གསུང་གི་བདུད་རྩི་ཉམས་སུ་མྱོང་བར་བྱའོ། །བསྙེན་ཚད་འབུམ་དུ་བཤད་ཀྱང་དེང་སང་ཕྱག་ལེན་དུ་འབུམ་ཕྲག་གསུམ་མཛད། བསྙེན་པའི་སྐབས་འདིར་ཡེ་ཤེས་པ་གཞན་ཐམས་ཅད་ཟིལ་གྱིས་གནོན་པའི་ཡ་མ་རཱ་ཛ་ཕྱག་མཚན་མེད་པ་དེ་ཡེ་ཤེས་སེམས་དཔའི་ཚུལ་དུ་གསལ་ཐེབས་པ་དེ་གཙོ་ཆེ་བ་དང་། ལས་སྦྱོར་གྱི་དུས་རྒྱན་གྱི་ལྷ་བརྒྱད་གལ་ཆེ་ཞེས་དཔལ་བཀྲ་ཤིས་སྟོབས་རྒྱལ་གསུང་ངོ་། །གསུམ་པ་མཇུག་གི་རིམ་པ་ནི། དེ་ལྟར་བསྙེན་པ་ཐེམས་ནས་འགྲོལ་བར། སྔ་ཐུན་ལས་བྱང་རྫོགས་པར་བཏང་། བསྙེན་པ་ཅུང་ཟད་བྱས། ཚོགས་འཁོར། བམ་བསྐང་། གཏེར་སྲུང་མཆོད་པ། བསྟན་སྐྱོང་། སྒྲུབ་གཏོར་ལས་དངོས་(༤ན)


GLG023_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བླང་བ། དཀྱིལ་འཁོར་བསྡུ་ཆོག །ཤིས་བརྗོད་ཀྱི་བར་རྒྱས་པར་བྱ། རྒྱལ་ཆེན་བཞི་ལ་གཏང་རག་འབུལ། ནང་མཚམས་འགྲོལ་ཉིན་དེར་དམ་ཚིག་གཙང་བའི་མཆེད་ལྕམ་འགའ་ཞིག་དང་འཕྲད། མིག་དགྲ་ཕྱོགས་སུ་ལྟ་སྟངས་བྱེད་པ་ནི་དེ་ཐུལ་བའི་དགོས་པ་དང་། ཉི་ཟླའི་ཕྱོགས་སུ་བལྟ་བ་ནི་ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་ཡིན་ཞེས་གོང་མ་རྣམས་གསུང་ངོ་། །འཕྲེང་བ་བྱིན་གྱིས་བརླབས་ནས་གཞན་གྱིས་མི་རེག །མཆིལ་མ་མི་འདོར། སྐྲ་སེན་མི་འབྲེག །ནང་གི་དངོས་པོ་ཕྱིར་མི་གཏོང་། ཕྱིའི་མི་དང་དངོས་པོ་མཚམས་ནང་དུ་མི་གཏོང་། དམིགས་བསལ་གྱི་རིགས་དགོས་པ་བྱུང་ན་ཐོག་མ་ནས་མཚམས་འོག་ཏུ་ཆུད་པ་བྱེད། བྱིན་རླབས་དང་། སྲུང་མདུད་སྟེར་བ་སོགས་མཚམས་རལ་བའི་སྐྱོན་རྣམས་ཐམས་ཅད་སྤངས་ཏེ་བསྙེན་པའི་སྐབས་ཀྱི་བླང་དོར་རྣམས་མ་འཕྱུགས་པར་ཉམས་སུ་བླང་བ་ནི་གནད་དམ་པའོ། །ཨྱེ་རིང་དྲག་པོར་བཟླ་བ་ནི་རྣམ་ངེས་ནས་ཀྱང་ཅུང་ཟད་བཤད་མོད། དེ་དག་ནི་བསྙེན་པ་ཐེམས་པའི་རྗེས་སུ་ནར་མར་བཟླ་བ་དང་། དམིགས་ཀྱིས་བསལ་བ་ལ་མཚམས་བཅད་དེ་སྒྲུབ་པ་དང་ལས་སྦྱོར་གྱི་ཚུལ་དུ་བཟླ་བ་དང་། སྟོང་སྲོག་དང་སྒོས་སྲོག་གི་ཁྱད་པར་སོགས་རྣམ་གྲངས་ཤིན་ཏུ་མང་བ་ནི་ཕྱི་ནང་གསང་གསུམ་གྱི་གདམས་སྐོར་ལས་ཤེས་པར་བྱའོ། །པད་གནུབས་ཞལ་ལུང་ཚངས་པའི་རལ་པ་ནས། །གཤེད་སྐོར་གངྒཱའི་ཆུ་རྒྱུན་འདྲེན་མཛད་པའི། །རིགས་ཛིན་བརྒྱུད་པའི་སྐལ་ལྡན་ཤིང་རྟ་ཡི། །དྲིན་ལས་མ་དག་དྲི་མ་རྣམ་པར་བཀྲུས། །ལུགས་འདིའི་སྲོལ་འབྱེད་གནུབས་དང་དུམ་པ་(༤བ)


GLG023_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ། །བར་དུ་རྒྱས་མཛད་ཤཱཀ་འབུམ་གཡུང་སྟོན་རྗེ། །ཐ་མར་གཤིན་རྗེ་མཁན་པོ་ནུབ་དགོན་པའི། །གདམས་པའི་གཏེར་འཛིན་དབང་པོའི་སྡེའི་གསུང་རྒྱུན། ཁྱབ་བདག་པདྨ་དབང་གི་ཞལ་ལུང་ལས། །ཟབ་དོན་རོ་བརྒྱའི་དཔལ་གྱིས་དངར་བའི་བཅུད། །སྙིང་གི་ཟ་མ་ཏོག་ཏུ་ལེགས་བཀོད་པས། །ཅུང་ཟད་སྨྲ་བའི་མགྲིན་པ་གཟེངས་སུ་མཐོ། །གོང་ཆོག་ལག་ལེན་ཕྲ་མོའི་མགྲོན་བུ་ཡི། །འོད་ཀྱིས་འདྲེན་བྱེད་ཕྱིང་བའི་སྔགས་འཆང་རྣམས། །ཟླ་གསང་རྒྱུད་སྡེའི་ཀཻ་ལ་ཤ་ཡི་རིའི། །རབ་དཀར་སྣང་བའི་གཟི་འོད་བཟོད་ནུས་མིན། །དང་པོར་ཕྱག་ལེན་དམར་ཁྲིད་ཞུན་ཐར་དཔྱད། །བར་དུ་བསྙེན་སྒྲུབ་ཉམས་ལེན་གནད་དུ་བསྣུན། །ཐ་མར་དྲག་པོ་མིག་གསུམ་འདར་ནུས་པའི། །གནུབས་བསྟན་འཛིན་ངེས་རྣམས་ཀྱི་བཙས་སུ་བསྡེབས། །དགེ་དེས་བདག་ཏུ་འཛིན་པའི་དགྲ་སྡེའི་དཔུང་། །ངོ་བོ་ཀ་ནས་དག་པའི་མཚོན་རྣོན་པོས། །བསྒྲལ་ཏེ་ལྷུན་གྲུབ་འཇམ་མགོན་ཀུན་ཏུ་བཟང་། །འོད་གསལ་སྣང་བཞིའི་ལམ་བཟང་མངོན་གྱུར་ཤོག །འཇམ་དཔལ་ཚེ་བདག་ནག་པོའི་བསྙེན་ཡིག་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ་འདི་ནི། ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད་རིམ་པར་བརྒྱུད་པ་བྱང་པ་རིགས་འཛིན་ཆེན་པོ་ངག་གི་དབང་པོའི་སྤྲུལ་པའི་ཟློས་གར་བྱ་ནག་གི་རིགས་སུ་བྱོན་པ་བློ་བཟང་པདྨ་འཕྲིན་ལས་ཀྱི་གསུང་གིས་བསྐུལ་བ་ལ་བརྟེན་ནས། ཟ་ཧོར་གྱི་སྔགས་སྨྱོན་དྲག་པོ་རྩལ་གྱིས་བཀོད་པའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ཤུབྷམ་སྟུ་སརྦ་ཛ་ག་ཏཾ།། །།

ཐོད་སྐུ་ལ་བརྟེན་ནས་ཚེ་བདག་ནག་པོ་བསྙེན་པའི་རེག་ཟིག་མཁའ་འགྲོའི་ཁ་རླངས།


GLG023_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་སྐུ་ལ་བརྟེན་ནས་ཚེ་བདག་ནག་པོ་བསྙེན་པའི་རེག་ཟིག་མཁའ་འགྲོའི་ཁ་རླངས་བཞུགས་སོ། །


GLG023_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་དགྲ་བོ་འཇམ་དཔལ་རྡོ་རྗེ་དང་། །དབྱེར་མེད་དྲིན་ཅན་བླ་མའི་ཞབས་པད་ལ། །གུས་པས་བཏུད་ནས་ཐོད་སྐུ་དང་འབྲེལ་བའི། །ཚེ་བདག་བསྙེན་པའི་ལས་རིམ་ཁྲིགས་སུ་སྡེབ། །དེ་ལ་འདིར་གནམ་ལྕགས་སྡིག་པའི་ཆོས་སྡེའི་ཞལ་གདམས་ཆེན་པོ་ལས། ཕོ་ཐོད་མོ་ཐོད་བཟང་པོ་ལ། །ལྷ་བཟོ་སྟོབས་ལྡན་མཁས་པ་ཡིས། །རྒྱལ་ནས་བཟུང་སྟེ་ཡབ་ཡུམ་སྐུ། །སྲས་མཆོག་སྦྱོར་སྒྲོལ་མཁའ་ལྡིང་བཞི། །གསང་མཚན་གསེར་དངུལ་ཐུགས་ཀར་བཞེང་། །ཞེས་པ་ལྟར་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ཐོད་སྐུ་སྒྲུབ་པར་བཅས་དང་ལག་ལེན་གཞུང་མན་ངག་མཐོང་རྒྱུད་ཀྱིས་རྟོགས་པར་བྱས་ནས་ལག་ཏུ་བླང་བའི་རིམ་པ་ནི། མངོན་རྟོགས་ཆེན་མོ་དང་བསྟོད་བསྐུལ་ཆེན་མོ་ལ་བརྟེན་ན་སྨོས་མ་དགོས། རང་ལུགས་པདྨའི་མན་ངག་རྩ་བ་སོར་བཞག་ཆོས་རྒྱལ་དབྱང་པའི་ཟུར་རྒྱན་དང་བཅས་ཉམས་སུ་བསྟར་བའི་དབང་གིས་འཇུག་པ་བདེ་བའི་ཆེད་དུ་ལས་གཞུང་ལྕགས་འདར་བརྟེན་རྩིས་དང་། དཀྱིལ་འཁོར་འབྲི་བའི་ས་བཅད་དང་པོས་བརྟག་བླང་སོགས་མུ་ཏིག་འཕྲེང་བར་མི་དགོས་པའི་ཕྱོགས་དང་། གནུབས་ཡེ་ཤེས་རྒྱ་མཚོའི་དབང་ཆོག་ཏུ་དགོས་པའི་ཕྱོགས་སོགས་རྣམ་གྲངས་མང་ཡང་། གནས་ཁང་རྙིང་པར་མེད་དུ་མི་(༢ན)


GLG023_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་མ་ཡིན་པས་བཏང་སྙོམས་སུ་བཞག་འོན་ཀྱང་དཀར་གཏོར་དམར་གཏོར་བ་ངེས་དོན་བདེ་འཇུག་ཏུའང་བྱུང་བས་ས་བླང་བ་ཉུང་ངུ་རྣམ་གསལ་ལྟར་བྱ་དེ་རྗེས་རྒྱལ་ཐོ། །དམ་སྲི། སྒོ་བྱང་། མ་ཏྲཾ་ཁྲོ་བཅུའི་མཚམས་གཅོད་རྣམས་གཤིན་རྗེ་རང་གཞུང་ལྟར་གྲུབ་ན་ལེགས་མོད་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་ཕུར་པ་སོར་བཞག་ལ་ཕུར་པ་ཞེས་པའི་མཚན་གྱི་ཚབ་ཏུ་ཚེ་བདག་དང་ཟིལ་གནོན་སོགས་ཀྱི་ཚིག་འདོན་འབྱིན་འཇུག་བྱེད། ཐིག་ཚོན་གྱི་སྐོར་ཡང་ཉུང་ངུ་རྣམ་གསལ་བཞིན་ནོ། །དེ་ནས་ལས་བྱང་གཞུང་བཞིན་གྱེར་བའི་སྣང་ལ་རང་བཞིན་མེད་པར་བལྟ། ཞེས་པ་ཡན་སོང་མཚམས་མདུན་སྐྱེད་ལ་དམིགས་ནས། ཨོཾ་སྭ་བྷཱ་ཝ་ཤུད་དྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། མདུན་སྐྱེད་ཀྱི་རྟེན་བརྟེན་པ་རྣམས་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཞེས་པ་ནས་འཁོར་ལོ་པདྨ་ཉི་ཟླའི་གདན་སྟེང་དུ་ཞེས་པའི་མཇུག་ཏུ་སྐུ་མ་བྲིས་གང་དུ་ཐོད་པ་ཁ་སྦྱར་སྨན་འབྲུས་བཀང་བའི་སྒྲུབ་པ་བཤད་ནའང་། དེ་སྐོར་གྱི་སྒྲུབ་པ་དང་སྐུ་འབྲི་བ་ཐོག་མ་ཉིད་ནས་ལོགས་སུ་བྱས་ཟིན་པ་འཇུག་པ་བདེ་བས་དེའི་དབང་དུ་བྱས་ནས། ཐོད་སྐུ་ལྷ་ཚོགས་རྣམས་ཀྱི་སྐུ། གྲི་སྙིང་གི་སྲོག་ཡིག་སྟོང་སྲོག་འཁོར་ལོའི་སྐུ་རྣམས་(༢བ)


GLG023_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་འཁོར་སོ་སོའི་རྣམ་པར་གྱུར་པ་ནི། སྐད་ཅིག་གིས་འཇམ་དཔལ་ཚེ་བདག་ནག་པོ་ཞལ་གསུམ་ཕྱག་དྲུག་ཅེས་པ་ནས་བཟུང་ཐམས་ཅད་ཀྱང་སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་ཡན་དང་ཟིལ་གནོན་གྱི་ལྟོ་བར་བསྲུང་བའི་འཁོར་ལོ་དྷོ་ར་མེ་རི་ཉི་ཟླ་ཁ་སྦྱོར། རྩིབས་སོ་གཉིས་ཕྱི་ནང་ཅན། ལྟེ་བར་འཇམ་དཔལ་ཚེ་དཔག་མེད་ཀྱི་བུམ་པའི་ནང་དུ་བསྲུང་བྱ་རྣམས་སྦ་ཞིང་ཕྱི་ནང་དུ་ཀུན་ཏུ་སྔགས་ཀྱི་འོད་ཟེར་གྱི་དྲ་བས་འབྲེལ་བ། བླ་བྱང་བསྒྲུབ་བྱ་སོ་སོ་དངོས་སུ་གསལ་བ། དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཞེས་པ་ནས་འབུམ་འབུམ་གྱིས་བསྐོར་བར་གྱུར་ཞེས་གསལ་གདབ་པ་རྣམས་ལས་བྱང་གནམ་ལྕགས་འཁོར་ལོ་ལྟར་བྱ། ཨེ་མི་རྟོག་ངང་ལས་ཐུགས་རྗེའི་སྐུ། །ཞེས་པ་ནས་ནང་གི་འདོད་ཡོན་ཡན་དཀྱུས་ལྟར་བྱས་རྗེས། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཉི་མའི་དབུས་སུ་རང་རང་གི་ས་བོན་གྱི་མཐར་རང་སྔགས་དང་དེའི་མཐར། ཨྱཱཻ་རིང་རེ་རེས་བསྐོར་ཞིང་འོད་ཟེར་ཁ་དོག་སྣ་ཚོགས་པ་མེ་འོད་ལྟར་འབར་ཞིང་འཕྲོ་བས་རྩ་གསུམ་ཞི་ཁྲོ་དཀོན་མཆོག་གསུམ་དང་ཆོས་སྐྱོང་ལྷ་སྲིན་སྡེ་བརྒྱད་ལ་སོགས་པ་མཆོག་མན་བར་པ་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་མ་ལུས་པ་བསྡུས་ནས་སྒྲུབ་རྫས་རྣམས་ལ་ཐིམ་པར་བསམ་ལ་ཐུན་བཞིའམ་དྲུག་གང་རིགས་སུ་བཅས་ནས་བཟླ། ཐུན་མཚམས་སུ་བསྟོད་བསྐུལ་བྱེད་དེ་ལྟར་བཟླས་པ་འབུམ་ཕྲག་བདུན་སོང་ནས་སྡེབ་ཀྱི་བཟླས་པའི་ཡི་གེ་ཟུར་གསལ་ལྟར་དང་། ཐུགས་ཀར་ཉི་མ་འཁོར་ལོ་རྩིབས་བཅུ་གཉིས་པའི་དབྱིབས་ཅན་སྲན་མའི་ཁ་ཙམ་གྱིས་དབུས་སུ་ཧཱུཾ་ལ་ཨྱཱཻ་ཐུང་གི་སྔགས་ཀྱིས་བསྐོར་བར་བསམས་ལ། ཨྱཱཻ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧྲཱིཿཥྚི་ཨ་པ་ཡེ་ཧཱུཾ། ཞེས་འབུམ་ཕྲག་བཟླ། གང་བཟླ་བྱའི་ལྷའི་ཐུགས་ཀའི་ས་བོན་སྔགས་བཅས་ལས་འོད་འཕྲོས་དོན་གཉིས་བྱས་འཕྲིན་ལས་ཐམས་(༣ན)


GLG023_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསྒྲུབས་ཚུར་འདུས་སྒྲུབ་རྫས་ལ་ཐིམ་པར་བསམ། ཨོཾ་ཨཱཿཧཱུཾ་ཛཿཨྱཻ་བྷེ་ཏ་ལི་ཀྲོ་ཏི་ཤྭ་རི་ཧཱུཾ། སྦྱོར་ཡུམ་ཨྱཱཻ་མ་མ་ཨེ་ཀ་ཙ་ཏི་ཧཱུཾ། སྒྲོལ་ཡུམ། ཨྱཱཻ་སྡེ་མ་ཀཱ་ལི་པཾ་རིལ་རུ་ལུ་རུ་ལུ་བྷྱོ་ཧཱུཾ། དབྱིངས་ཡུམ། ཨྱཱཻ་ཡ་མ་རཱ་ཙ་ཀྲོ་ཏ་ཧཱུཾ། ཡ་མ། ཨྱཱཻ་བཛྲ་ཀྲོ་ཏ་རོ་ཥ་ཎ་ཧཱུཾ། དྲེགས་པ། ཨྱཱཻ་མ་ཧཱ་བྷེ་ཏུ་ཀ་ཡེ་ཧཱུཾ། མཆོག །ཨྱཱཻ་ཁྲཾ་ཀ་རུ་ཏ་ཧཱུཾ། ཁྱུང་། ཨྱཱེ་ཀ་ཧེ་དུན་ཡ་མ་ར་ཙ་ཧཱུཾ། གྱད་གནོན་བརྒྱད་དེ་གོང་གསལ་སོ་སོར་ཁྲི་ཁྲག་རེ། ཨྱཱཻ་ཡ་མ་དུ་ཤ་ཧཱུཾ། སྐུ་སྤྲུལ། ཨྱཱཻ་ཡ་མ་རཀྵ་ཧཱུཾ། གསུང་སྤྲུལ། ཨྱཱཻ་ཡ་མ་ཡཀྵ་ཧཱུཾ། ཐུགས་སྤྲུལ། ཡ་མ་ར་ཙ་ས་ཏོ་མེ་ཡ། སྲིན་པོ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། གཤིན་རྗེ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། བདུད། ཡཀྵེ་ཡཙྪ་ནི་རཱ་མ་ཡ། གནོད་སྦྱིན། ཙནྡྷ་རུ་ཏྲ་མོ་མོནྟ་ཛཿ དུང་མོན། ཡ་མ་མོནྟ་ཛ༔ ལྕགས་མོན། རཀྵ་མོནྟ་ཛ༔ བསྲེ་མོན། ཡཀྴ་མོནྟ་ཛཿ གསེར་མོན། དུ་ཏྲི་རུ་ལུ་ཧ་ཧ་ཡ་ཧེ་ལེ། དུ་རུ་ཡ་མ་སྙིང་དུ་ཡ། འཛུམ་མེད། རུ་ཏྲ་བྷ་ཏི་རུ་ཤ་ཡ། སོ་བསྡར། རུ་ཏྲ་ཡཀྴ་ཏྲིག་ན་ཡ། རལ་པ། ཨྱཱཻ་ཡ་མ་རཱ་ཙ་ཀྲོ་ནེ་ཀྲོ་ནེ་པ་ཏྲ་པ་ཏྲ། ཤུ་ལ་ཤུ་ལ། དྷ་ཤ་གྷྲི་ཝ། ཨཀྴ་གྷྲི་བ་རུ་ལུ་རུ་ལུ། ཧ་ཧ་ཡ་ཡ། ཟླ་གཤེད། མ་མོ་རེ་མ་ཏི། མ་བྷ་ར་མ་ནི། མ་བྷི་བུ་ནི། མ་ཙ་མུནྟི། མ་བཞི། བདུད་རུ་ཏྲ་ཧ་ལ་ནག་པོ། ཡ་མ་དུན་རཀྴ་ཡ། རུ་རུ་ཙ་པ་ལ་ཁ་ལ་རཀྨོ་མཾ་ཐུན་བྷྱོ། ཡཀྴ་ཏི་ན་བཾ་བྷྱོ། ཞག་གཤེད། ཏྲི་ཙ་པ་ལ་ཨ་ཤཱུ་མེ་ཡ། མ་ཧཱ་ཀཱ་ལ་ཡ། རུ་ཏྲ་པུ་ཏྲ་ཡ། ཡཀྴ་རུ་ལུ་ཧ་ཧ་ཡ། སྒོ་བ། ཡ་མ་ཡ་མ། དུན་ན་དུན། ཤ་ཤུ། གྷྲི་ཎ་གྷྲི་ཎ། པ་ཙ་པ་ཙ། ཧུ་ལ་ཧུ་ལ། བེ་ར་བེ་ར། ཧ་ལ་ཧ་ལ། ཧུ་ལ་ཡ་ཧུ་ལ་ཡ། མ་མ་རུ་རུ། ནག་པོ་ཧ་དྷེ། ཧྲི་ཏ་ཡ་ཧྲི་ཏ་ཡ། ནི་ལ་དུན་བྷྱོ་དུན་བྷྱོ་ཡ། ཟ་གཤེད་རྣམས་སོ་སོར་སྟོང་ཕྲག་རེ་རེ་བཟླ། སྒྲོལ་ཡུམ་ཐུགས་ཀའི་ཛ་ལ་ནི། །ཨཱོཾ་ལ་འོད་ཟེར་དཀར་པོ་འཕྲོས། །(༣བ)


GLG023_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཀྱི་ཐུགས་དམ་རྒྱུད་བསྐུལ་ནས། །སེམས་ཅན་ཡོངས་ཀྱི་སྡིག་སྒྲིབ་སྦྱངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། ཁྲོ་བོ་ཁྲོ་མོ་ཐམས་ཅད་དང་། །དྲེགས་པ་གཤིན་རྗེའི་ལྷ་ཚོགས་ཀྱི། །སྐུ་ལ་ཕོག་པའི་བྱིན་རླབས་རྣམས། །བདག་གི་ལུས་ལ་ཐིམ་པ་ཡིས། །སྐུ་ནི་གཟི་བརྗིད་ལྡན་པར་བསམ། །ཨྱཱཻ་ཀ་ཡ་མ་ཧེ་དུན་རཀྴ་དུན་དུན་ཛ་ཡ་ཨ། སྐུ། སྒྲོལ་ཡུམ་ཐུགས་ཀའི་ཛ་ལ་ནི། །ཨཱཿལས་འོད་ཟེར་དམར་པོ་འཕྲོས། །ཡབ་ཀྱི་ཐུགས་དམ་རྒྱུད་བསྐུལ་ནས། །སེམས་ཅན་ཡོངས་ཀྱི་སྡིག་སྒྲིབ་སྦྱངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། བླ་མ་ཡི་དམ་མཁའ་འགྲོ་དང་། ཁྲོ་བོ་ཁྲོ་མོ་ཐམས་ཅད་དང་། །་དྲེགས་པ་གཤིན་རྗེའི་ལྷ་ཚོགས་ཀྱི། །གསུང་དབྱངས་ཡན་ལག་དྲུག་ཅུ་རྣམས། །བདག་གི་ངག་ལ་ཐིམ་པ་ཡིས། །གསུང་ནི་བྱིན་རླབས་ནུས་ལྡན་བསམ། །ཨྱཱཻ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། གསུང་། སྒྲོལ་ཡུམ་ཐུགས་ཀའི་ཛ་ལ་ནི། །ཧཱུཾ་ལས་འོད་ཟེར་མཐིང་ག་འཕྲོས། །ཡབ་ཀྱི་ཐུགས་དམ་རྒྱུད་བསྐུལ་ནས། །སེམས་ཅན་ཡོངས་ཀྱི་སྡིག་སྒྲིབ་སྦྱངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། ཁྲོ་བོ་ཁྲོ་མོ་ཐམས་ཅད་དང་། །དྲེགས་པ་གཤིན་རྗེའི་ལྷ་ཚོགས་ཀྱི། །རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ། །བདག་གི་ཡིད་ལ་ཐིམ་པ་ཡིས། །ཐུགས་ཉིད་ཚེ་ཉིད་རྡོ་རྗེའི་བདག །ཚེ་ཡི་བདག་པོར་མྱུར་བར་བསམ། །ཨྱཱཻ་མྱགས་ཡ་རྔུབས་མུགས་ཤག་དུན། ཐུགས། སྒྲོལ་ཡུམ་ཐུགས་ཀའི་ཛ་ལ་ནི། ཏྲཾ་ལས་འོད་ཟེར་སེར་པོ་འཕྲོས། །ཡབ་ཀྱི་ཐུགས་དམ་རྒྱུད་བསྐུལ་ནས། །སེམས་ཅན་ཡོངས་ཀྱི་སྡིག་སྒྲིབ་སྦྱངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། ཁྲོ་བོ་ཁྲོ་མོ་(༤ན)


GLG023_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། །དྲེགས་པ་གཤིན་རྗེའི་ལྷ་ཚོགས་ཀྱི། །ལོངས་སྤྱོད་ཡོན་ཏན་ཀུན་བསྡུས་ནས། །ཐོད་བཟང་ཁ་སྦྱོར་རྫས་ལ་ཐིམ། །ཡོན་ཏན་ཡིད་བཞིན་ནོར་ལྟར་གྱུར། །ཨྱཻ་དུན་ཀ་ཡཾ། ཡོན་ཏན་གྱི་སྔགས་ཏེ་གོང་གསལ་བཞི་ག་སོ་སོར་ཁྲི་ཚར་རེ་བཟླ། སྒྲོལ་ཡུམ་ཐུགས་ཀའི་ཛ་ལ་ནི། །ཧྲཱིཿལས་འོད་ཟེར་ལྗང་གུ་འཕྲོས། །ཡབ་ཀྱི་ཐུགས་དམ་རྒྱུད་བསྐུལ་ནས། །སེམས་ཅན་ཡོངས་ཀྱི་སྡིག་སྒྲིབ་སྦྱངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། བླ་མ་ཡི་དམ་མཁའ་འགྲོ་དང་། ཁྲོ་བོ་ཁྲོ་མོ་ཐམས་ཅད་དང་། དྲེགས་པ་གཤིན་རྗེའི་ལྷ་ཚོགས་ཀྱི། །འཕྲིན་ལས་ཕུར་རྫས་ཐུན་ལ་ཐིམ། །དྲག་པོ་མཐུ་སྟོབས་ནུས་ལྡན་བསམ། །ཨྱཱཻ་མྱགས་ཀྱི་མཐར་དགྲ་བོའི་སྲོག་ལ་གྷྲི་ཧུར་ཐུམས་ཛཿ ཙ་ཁྲག་སྙིང་ཐུམ་རིལ་རཾ་ཤག་རྦད། དགྲ་བོའི་ཙིཏྟ་བྲེང་ཤག་ཛཿ སྲོག་ལ་གྷྲི་ཧུར་ཐུམས་རྦད། ཨེ་དགྲ་བོའི་སྲོག་ལ་ཐུམས་རིལ་རྦད་བྷྱོ༔ དུན་ཁྲཾ་ཤིག་ཙིཏྟ་ལ་མྱོགས་རྦད་བྷྱོཿ དགྲ་བོའི་རྩལ་དུན་མུགས་རྦད་བྷྱོཿ དགྲ་བོ་ཡཾ་ཁྲག་ལ་མུགས་ཏི་ཐུན་རྦད་བྷྱོཿ སྔགས་པ་སྙིང་དུ་སོད། ཙིཏྟ་གཏུབས་རྦད་ལོང་། སྲོག་ཙིཏྟ་ལོང་། མྱགས་མྱགས། མཱ་ར་ཡ་ཙིཏྟ་ལ་ཐུན་བྷྱོ། འདི་འབུམ་ཙམ་བཟླ་བར་བཤད། སྲོད་ལ། རང་ཉིད་སྦྱོར་ཡུམ་པེ་ཏ་ལི། སྐུ་མདོག་ནག་མོ་དུར་ཁྲོད་ཆས། །གཡས་པ་ཁ་ཊྭཱཾ་གཡོན་ཐོད་ཁྲག །པདྨ་ཉི་མ་རོ་གདན་ལ། །གར་སྟབས་ཚུལ་གྱིས་བཞུགས་པར་གྱུར། །ཐུགས་ཀར་ཉི་དཀྱིལ་དམར་པོའི་སྟེང་། །བྷུ་རུ་ལྟ་བུའི་མ་དམར་པོ། །སྙིང་པོ་འབྲུ་ཡིག་གཡོན་དུ་འཁོར། །ཨཻ་བེ་ཏ་ལི་ཀྲོ་ཏ་ཤྭ་རི་ཧཱུཾ། སྔགས་ཀྱི་འོད་ཟེར་ར་ཧ་བཅས། །ཡབ་ཀྱི་གསང་བའི་གནས་སུ་ཞུགས། །ཡབ་ཀྱི་གསང་བའི་སྒོ་(༤བ)


GLG023_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ནི། །སྣ་ཚོགས་རྒྱ་གྲམ་ལྟེ་བ་ན། །དོན་ཡོད་གྲུབ་པ་བཞུགས་པ་ལ། །སྣ་ཚོགས་བདེ་སྟོང་མཆོད་པར་འབུལ། །འཕྲིན་ལས་ཐམས་ཅད་གྲུབ་པར་བསམ། །ལྟེ་བ་སྙིང་ཁ་མགྲིན་པ་སྤྱི། །རིགས་ཀྱི་ལྷ་རྣམས་དེར་བཞུགས་ལ། །ཨོཾ་ཨཱཿཧཱུཾ་སྭཱཧཱ་བསམ། འོད་ཟེར་ཡི་གེ་བསྡུས་པ་ལས། །ཡོན་ཏན་ཐུགས་གསུང་སྐུ་ཡི་ནི། །བདེ་སྟོང་མཆོད་པས་རབ་མཉེས་ཏེ། །ཐུགས་དམ་དབྱིངས་སུ་སྐྱེ་མེད་སྟོངས། །འོད་ཟེར་དམར་པོ་ལུ་གུ་རྒྱུད། །སྤྱི་བོ་ཚངས་པའི་གནས་སུ་ཐིམ། །ཡུམ་ལྔ་བརྒྱུད་དེ་གསང་བར་ཐོན། །ཡང་ཡང་འཁོར་བའི་མཆོད་བྱས་པས། །དབང་རྣམས་རྫོགས་ཏེ་ཟིལ་གནོན་གྱུར། །ནམ་གུང་། ནམ་ཕྱེད་དབྱིངས་ཡུམ་མུ་ཁ་ལེ། །སྐུ་མདོག་ནག་མོ་རེ་ལྡེ་གསོལ། ཁྲཾ་ཤིང་ནད་ཀྱི་རྐྱལ་པ་བསྣམས། །རོ་ཡི་གདན་ལ་བརྐྱང་བསྐུམ་བཞུགས། །ཐུགས་ཀར་ཉི་དཀྱིལ་དྲག་ལས་ནི། །སྙིང་པོ་སྔགས་དང་འོད་ཟེར་ནི། ཨེ་དྷེ་མ་ཀ་ལི་པཾ་རིལ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཐོ་རངས། པདྨ་ཉི་ཟླ་རོ་གདན་ལ། །རང་ཉིད་ཨེ་ཀ་ཙ་ཏི་ནི། །སྔོ་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རལ་གྲིས་སྐྱེ་ཤི་ཡི། །སྲོག་དང་མགོ་ལུས་གཏུབས་པར་བསམ། །གཡོན་པ་ལྕེ་སྦྱང་མགོ་དགུ་འགྱེད། །ཉམས་པའི་སྲོག་དབུགས་ཐོ་རངས་ལེན། །མི་ལྤགས་གཡང་གཞི་གོས་སུ་གྱོན། །ཐུགས་ཀར་ཉི་དཀྱིལ་བྷྱོ་ནག་ལས། །སྔགས་བཅས་འོད་ཟེར་འཕྲོས་པ་ཡིས། །སྔར་དང་འདྲ་བའི་མཆོད་པ་འབུལ། །ཨེ་མ་མ་ཨེ་ཀ་ཙ་ཏི་ཧཱུཾ། ཉིན་མོ། ཐུན་ལྡང་བཅས་པའི་དང་པོ་ལ། །སྐུ་ཡི་ཚེ་བདག་སྐུ་མདོག་དཀར། །སྒྲོལ་ཡུམ་ནས། དུན་དུན་ཛ་ཡ་ཨ་ཞེས་པའི་བར། གཉིས་པ། གསུང་གི་ཚེ་བདག་སྐུ་མདོག་དམར། །སྒྲོལ་ཡུམ་ནས། ར་མ་ཙ་ཡའི་བར་གསུམ་པ་ལ། ཐུགས་ཀྱི་ཚེ་བདག་སྐུ་མདོག་མཐིང་། །སྒྲོལ་ཡུམ་ནས། མུགས་(༥ན)


GLG023_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཤག་ཀ་དུན་གྱི་བར། བཞི་པ། ཡོན་ཏན་ཚེ་བདག་སྐུ་མདོག་སེར། །སྒྲོལ་ཡུམ་ནས། ཨེ་དུན་ཀ་ཡཾ་གི་བར། ལྔ་པ། འཕྲིན་ལས་ཚེ་བདག་སྐུ་མདོག་ལྗང་། །སྒྲོལ་ཡུམ་ནས། མྱགས་མྱགས། མཱ་ར་ཡ་ཙིཏྟ་ལ་ཐུན་བྷྱོ། ཞེས་པའི་བར་ཞག་གཉིས་སམ་བདུན་གང་རུང་བྱ། དེ་ནས་ཡབ་ཡུམ་འཁྲིལ་སྦྱོར་ནས། །གཡས་སུ་དབྱིངས་ཡུམ་སྐྱེད་པར་བྱ། །གཡོན་དུ་སྒྲོལ་ཡུམ་སྐྱེད་པར་བྱ། །ཡབ་ཀྱི་ཐུགས་ཀར་འོད་ཟེར་འཕྲོས། །ཕོ་རྒྱུད་རྣམས་ལ་ཕོག་པ་ཡིས། ཁས་བླངས་དམ་བཅས་བསྙེན་པ་རྫོགས། །རང་གི་ཐུགས་ཀའི་ཧཱུཾ་ལ་འདུས། །ཡ་ཁོད་བརྩེགས་པ་ལྟ་བུར་བསམ། །ཕོ་རྒྱུད་རྣམས་ཀྱི་སྲོག་དབང་ཐོབ། །བྷྱོ་ཡིས་གསང་བའི་དྲེགས་པ་རྣམས། །སྲོག་དབང་ཐོབ་པ་བསྙེན་པའི་གནད། །བླ་རྡོ་འཆིང་བ་ཉིད་དུ་འགྱུར། །མཚན་མོ་ཡུམ་གསུམ་སྙིང་པོ་ལས། །འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། །མོ་རྒྱུད་རྣམས་ལ་ཕོག་པ་ཡིས། །མོ་རྒྱུད་སྲོག་དབང་ནུས་པ་རྣམས། །ཡེ་ཤེས་མོ་རྒྱུད་གསུམ་ལ་བསྡུ། །མ་ཁོད་བརྩེགས་པ་ལྟ་བུར་གྱུར། །མོ་རྒྱུད་བླ་རྡོ་གསང་བའི་གནས། །ཨྱཻ་རིང་སྟོང་ཕྲག་གཅིག་བཟླ་དངོས་གྲུབ་ཀྱི་རྫས་རྣམས་གཞུང་ལྟར་བཤམས་བསང་བརླབ་བྱ། བདག་ཟིལ་གནོན་དུ་གསལ་བའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་ས་བོན་ལས་འོད་གློག་གི་ཞགས་པ་ལྟར་རྣོ་ཞིང་མྱུར་བ་སྤྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བརྟན་གཡོ་སྣོད་བཅུད་མ་ལུས་པའི་ཚེ་སྲོག་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ལུས་པ་བསྡུས་ཚེ་རྒྱས་དང་ཚོགས་རྫས་ལ་ཐིམ་པར་བསམ། ཀཱ་ཡ་ཝཀྩིཏྟ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ་ནི་ཛཿཧཱུཾ་སྭཱཧཱ། སྟོང་ཕྲག་གཅིག་བཟླས་རྗེས། ཕྱི་སྣོད་ནང་བཅུད་ཐམས་(༥བ)


GLG023_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སེམས། །འཇིག་རྟེན་དྲེགས་པ་ཡབ་ཡུམ་ཐིམ། །ཡབ་ཡུམ་སྔགས་བཅས་ཧཱུཾ་ལ་བསྡུ། །ཧཱུཾ་བཅས་དངོས་གྲུབ་རྫས་ལ་བསྡུ། །རང་གི་ལུས་ངག་ཡིད་ལ་ཐིམ། །ཞེས་བརྗོད། ཚེ་རྒྱས་ཀྱི་ཕུད་ལྷ་ལ་དབུལ། །བར་པ་དངོས་གྲུབ་ཀྱི་རྫས་སུ་རྣལ་འབྱོར་པ་རྣམས་རོལ། ཐ་མ་སྒྲུབ་རྫས་ཀྱི་ཕབས་རྒྱུན་ལ་བསྲེ་རྒྱུར་བཞག །ཚོགས་གཞུང་བཞིན་བཏང་། འཇུག་ཏུ་སྦྱིན་སྲེག་མ་གྲུབ་ན་ཡི་གེ་བརྒྱ་པ་གང་མང་བཟླ། ཐོད་སྐུ། སྟོང་སྲོག་འཁོར་ལོ། གྲི་སྙིང་གི་ལྷ་རྣམས་དམ་ཡེ་དབྱེར་མེད་དུ་རྟེན་སོ་སོར་བརྟན་བཞུགས་དང་རྟེན་འབྲེལ་སྙིང་པོ་དང་སུ་པྲ་ཏིཥྛས་རབ་ཏུ་གནས། རྡུལ་ཚོན་རྣམས་བསྡུ་ཤིས་པ་བརྗོད་དོ། །ལྗོངས་འདིར་ཨུ་རྒྱན་མཁན་པོའི་བཞེས་གཞུང་། སངས་རྒྱས་ཡེ་ཤེས་མནོག་ཆོས་བཀའ་གཏེར་ལ། །འཇམ་དཔལ་ཚེ་བདག་པད་གནུབས་ལུགས་སྲོལ་ཞེས། །སྔགས་འཆང་ཕལ་གྱི་ངག་ལས་རླུང་ལྟར་གྲགས། །གནུབས་ལུགས་ལྕགས་འདྲ་ལྕགས་སྡིག་ནང་ཚན་ལ། །ལམ་གྱི་གནད་དོན་ཟབ་པར་མཚུངས་ནའང་། །བཅས་ཆོག་མཆོད་རྟེན་སྒྲུབ་སོགས་ལས་རིམ་ལ། །རྒྱས་བསྡུས་མི་འདྲའི་དབྱེ་བ་ཕ་མཐའ་ཡས། །ལེགས་ལྡན་རྡོ་རྗེའི་མ་དྲོས་རྒྱ་མཚོ་ལས། །འབྲི་བྱང་ཕྱག་བཞེས་གངྒཱ་པཀྵུའི་ཀླུང་། །དབུར་སྨྱོན་ཆོས་གྲགས་ཁྱབ་བདག་ཟུར་ཆེན་གྱིས། །དྲིན་ལས་སྐོམས་པའི་གདུང་བ་ཅི་ཡང་སེལ། །དེ་ཕྱིར་ཚད་ལྡན་མདའ་ཡི་སྲོག་ཤིང་སོགས། །མི་དགོས་སྨྲ་བའི་གྲལ་ཁྱུར་མ་ཚུད་པར། །དཀའ་གནད་བཅུ་དྲུག་ཆ་ཤས་གང་བའི་བཟླ། །བློ་གྲོས་ཤར་གྱི་རི་དབང་རྩེ་ནས་ཐོན། །དགེ་དཔེ་རྨོངས་པའི་སྨག་རུམ་ཀུན་སངས་ནས། །རྒྱ་བལ་བོད་ཀྱི་རིགས་འཛིན་དགོངས་པའི་གཟུགས། །མ་འདྲེས་སོ་སོར་ལྟ་བའི་ཆོས་ཀྱི་སྤྱན། །(༦ན)


GLG023_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རིང་མིན་ཐོབ་སྟེ་གཞན་དོན་བྱེད་པར་ཤོག །ཅེས་པའང་མེ་འབྲུག་ལྕགས་སྡིག་སོར་བཞག་གི་མཆོད་རྟེན་བཅས་ཆོག་བཞེང་སྐབས་ཟ་ཧོར་གྱི་བནྡེས་རེག་ཟིག་ཏུ་བཀོད་པའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་བསྟན་འཛིན་ནོ།། །།

འཇམ་དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་གནམ་ལྕགས་འཁོར་ལོ།


GLG023_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་གནམ་ལྕགས་འཁོར་ལོ་ཞེས་བྱ་བ་བཞུགས་སོ།།


GLG023_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྲཱི་ཡ་མ་རཱ་ཛཱ་ཡུརྦ་ཏ་ཡེ། བདེ་ཆེན་འགྱུར་མེད་ཆོས་དབྱིངས་ཀུན་གསལ་མཛེས་མར་གྲངས་མེད་གཟུགས་སྐུའི་མི་ལྟུང་ཕྱང་ཕྲུལ་ལེགས་པར་འགོད་མཁས་བྱེད་པོ་ཀུན་ཏུ་བཟང་། །སྲིད་གསུམ་བདུད་སྡེའི་ཤ་མཆོག་སྦྱིན་བྱུང་ཕོན་པོ་ཕྱེ་མར་འཐག་མཛད་ལོངས་སྐུ་གཙུག་ན་ཟླ་བའི་ཉག་ཕྲན་འཇམ་དཔལ་གཤིན་རྗེའི་གཤེད། །རྒྱལ་ཀུན་གསང་གསུམ་ཡོན་ཏན་ཕུང་པོའི་ཀུན་ཕན་གང་ཐུགས་མཁའ་ལ་རབ་འཆར་ལས་ལྡན་ས་མོས་རྒྱས་མཛད་སྤྲུལ་སྐུ་པདྨ་འབྱུང་། །སྐུ་གསུམ་ངོ་བོ་རིགས་འཛིན་རྩ་བརྒྱུད་བླ་མའི་ཚོགས་ཀྱི་ཞབས་ཟུང་མཁའ་ལྡིང་དཀར་པོ་བདག་ཡིད་རྫིང་བུར་རོལ་བའི་དགའ་སྟོན་སྩོལ། །སྔ་འགྱུར་རྒྱུད་སྔའི་རང་བྱུང་མགོ་སྐྱེས་ནས། །འཇམ་དཔལ་གཤིན་རྗེའི་ཟབ་ལམ་འཆི་མེད་ཆབ། །འབད་རྩོལ་དུ་མས་ཕྱོགས་འདིར་རྒྱས་མཛད་པའི། །སྒྲ་བསྒྱུར་གནུབས་ཆེན་སྐལ་ལྡན་ཤིང་རྟའི་ཞབས། །ཕྱི་ནང་གསང་གསུམ་གདམས་པ་ཡིད་བཞིན་ནོར། །སྣ་ཚོགས་སྒྲོམ་བུའི་ཀླུ་དབང་ཅོད་པན་དུ། །མི་མངོན་ཕྱག་རྒྱས་བཏབ་པ་གསང་བའི་གཏེར། །ཐུབ་བསྟན་འདོད་དགུའི་དཔལ་འབྱོར་རྒྱས་བྱའི་ཕྱིར། །(༢ན)


GLG023_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་འདོན་མཛད་རྡོ་རྗེ་འོད་འབར་སོགས། །རབ་འབྱམས་ལས་བཞིའི་རིན་ཆེན་བང་མཛོད་མཆོག །འཛིན་མཁས་དངོས་བརྒྱུད་ཡོངས་འཛིན་ཚོགས་རྣམས་ལ། །གུས་པས་འདུད་དོ་བརྩེ་བའི་སྤྱན་གྱིས་གཟིགས། །སྡིག་རྒྱུད་གནམ་ལྕགས་ཐོག་མདའ་ལས་གྲུབ་པའི། །ཕྲིན་ལས་འཁོར་ལོ་འབར་བ་རྩིབས་སྟོན་ཅན། །མན་ངག་ཧ་ལ་ནག་པོས་དར་བཏགས་པ། །ཕྱོགས་བཅུར་འཁོར་རོ་བདུད་སྡེ་བག་ཡོད་བྱོས། །ཐོག་མར་བླ་བརྒྱུད་གསོལ་འདེབས་ནི། ཁྱབ་བདག་ཐོག་མའི་མགོན་པོ་ཀུན་ཏུ་བཟང་། ཁ་སྦྱོར་བདུན་ལྡན་ཁྲོ་རྒྱལ་གཤིན་རྗེའི་གཤེད། །ངེས་གསང་རྒྱུད་སྡེའི་བདག་པོ་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཟུང་འཇུག་སྐུ་བརྙེས་འཇམ་དཔལ་བཤེས་གཉེན་ཞབས། །དུས་གསུམ་མཁྱེན་པ་པདྨ་སཾབྷ་ཝ། །བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནོར་བུ་འཛིན། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྐད་གཉིས་སྨྲ་བའི་དབང་པོ་བུདྡྷའི་མཚན། །ལས་ལྡན་གཏེར་སྟོན་རྡོ་རྗེ་འོད་འབར་དང་། །གང་དེའི་གདམས་པའི་མངའ་བདག་སཾབྷོཊར། །གསོལ་བ་(༢བ)


GLG023_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རིགས་འཛིན་དབང་པོ་གངས་བན་བཀྲ་ཤིས་དར། །མཐུ་སྟོབས་དབང་ཕྱུག་གངས་པ་རི་དཀར་བ། །སྡེ་བརྒྱད་བྲན་དུ་འཁོལ་བ་ཤཱཀ་འབུམ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྔ་འགྱུར་བསྟན་པའི་སྲོག་ཤིང་རྡོ་རྗེ་དཔལ། །ཟབ་སྦས་གསལ་བར་སྟོན་པའི་ཤཱཀྱའི་མཚན། །རིགས་འཛིན་མཁས་གྲུབ་མཁྱེན་རབ་དཔལ་མགོན་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཐེག་མཆོག་བསྟན་པའི་གསལ་བྱེད་ཆོས་ཀྱི་རྗེ། །བདེ་ལེགས་རྒྱལ་མཚན་འཛིན་པའི་དཔལ་གྱུར་དང་། །གསང་རྙིང་བསྟན་པའི་བདག་པོ་སྒྲོལ་མ་བར། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རྣམ་གཉིས་གཙུག་བསྟེན་རཏྣ་དྷྭ་ཛའི་ཞབས། །གཤིན་རྗེ་གཤེད་དངོས་སོ་མ་ནཱ་ཐ་དང་། །དབང་ཆེན་གྲུབ་པ་མཆོག་བརྙེས་ནུབ་དགོན་པར། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྤྲུལ་སྐུ་རིགས་འཛིན་ཆོས་རྒྱལ་དབང་པོའི་སྡེ། །ཟིལ་གནོན་དངོས་གྲུབ་མཆོག་བརྙེས་རྒྱལ་མཚན་དཔལ། །ཞིང་སྐྱེད་བྲན་དུ་བཀོལ་བའི་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །མ་ལུས་གདམས་པའི་གངྒཱ་ཁྱོད་ཐུགས་སུ། །ལེགས་གཏམས་མཁས་བཙུན་བཟང་པོའི་བརྟུལ་ཞུགས་ཅན། །དཔལ་འབྱོར་སྐུ་གསུམ་ལྷུན་གྲུབ་དྲང་སྲོང་ཆེ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྲིད་གསུམ་ཟིལ་གནོན་མངོན་སྤྱོད་དྲག་རྩལ་ལས། །འཕྲིན་ལས་རྡོ་རྗེའི་ཕ་ལམ་རྩིབས་སྟོང་ཅན། །འཁོར་བྱེད་ཁྲག་འཐུང་རྣམ་རོལ་དཔའ་བོའི་སྡེ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ཕྱི་ནང་གསང་གསུམ་གདམ་པ་ས་འཛིན་དབང་། །རྣོ་ངར་རྣ་ཆ་བརྒྱད་སོགས་གསེར་གྱི་རི། །སྟོན་མཛད་བྱེད་པ་དངོས་བརྒྱུད་ཡོངས་འཛིན་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །ངོ་མཚར་བཀྲ་ཤིས་བྱིན་ཆགས་གནས་མཆོག་ཏུ། །མི་ཕྱེད་ཕྱག་རྒྱས་བཏབ་པ་ཟབ་མོའི་གཏེར། །(༣ན)


GLG023_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཆོས་བཀའ་ཡི་སྲུང་མར་བཅས་པ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །འཁོར་བའི་ངང་ཚུལ་ཀུན་ལ་ཡིད་ལོག་ཅིང་། །འགྲོ་རྣམས་སངས་རྒྱས་ས་ལ་འགོད་པའི་ཆེད། །རྨད་བྱུང་ཐེག་པ་མཆོག་གི་ལམ་ཞུགས་ནས། །མཆོག་ཐུན་དངོས་གྲུབ་འགྲུབ་པར་བྱིན་གྱིས་རློབས། །བགྲོད་པ་རྣམ་པ་གསུམ་གྱི་འཇུག་ངོགས་ལས། །སྨིན་པར་བྱེད་པ་དབང་གི་རིམ་པ་དག །མཚན་ལྡན་རྡོ་རྗེ་སློབ་དཔོན་དྲུང་ནོད་དེ། །ངེས་གསང་སྣོད་དུ་རུང་བར་བྱིན་གྱིས་རློབས། །རྒྱུ་རྐྱེན་དང་བྲལ་ཆུ་ལས་ཉ་འཕར་ཚུལ། །གསལ་སྟོང་ལྷ་སྐུར་ལྡང་བའི་ང་རྒྱལ་གྱིས། །དྲེགས་པ་ཐུག་ཕྲད་བསད་པའི་དྲག་པོའི་སྔགས། །མངོན་སྤྱོད་འཕྲིན་ལས་འགྲུབ་པར་བྱིན་གྱིས་རློབས། །གྲངས་མེད་ཆོས་རྣམས་མ་ལུས་སེམས་ཀྱི་ཀློང་། །ཡེ་ནས་གྲོལ་བའི་མི་འགྱུར་ཀུན་ཏུ་བཟང་། །གདོད་ནས་འཁྲུལ་མ་མྱོང་བའི་རིག་པ་འདི། །ཚེ་འདིར་མྱུར་དུ་རྟོགས་པར་བྱིན་གྱིས་རློབས། །རིགས་བཟང་ཕྱག་རྒྱ་ལས་འོངས་དགའ་བ་བཞི། །རྫོགས་པའི་བདེ་སྟོང་ཡེ་ཤེས་རབ་རྒྱས་ཤིང་། །རྩ་གསུམ་འཁོར་ལོ་བཞི་ལྡན་སྐུ་བཞིའི་གར། །གདོད་མའི་མགོན་པོ་འགྲུབ་བར་བྱིན་གྱིས་རློབས། །མདོར་ན་ཡང་ཟབ་འཇམ་དཔལ་རྫོགས་ཆེན་སོགས། །སངས་རྒྱས་རྗེན་པར་སྟོན་པའི་ཟབ་མོའི་ཆོས། །ཉམས་སུ་བླངས་པས་འདི་ཕྱི་བར་གསུམ་གྱི། །བདེ་ལེགས་དོན་ཀུན་ལྷུན་གྱིས་གྲུབ་གྱུར་ཅིག །དེ་ནས་འཇམ་དཔལ་ཞི་བ་བསྐྱེད་པ་ནི། །ཆོས་ཀུན་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་། །པད་ཉི་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་སྟེང་། །སྔགས་ཀྱི་ཡི་གེ་བརྗོད་དང་འཕྲོ་འདུ་ལས། །རང་ཉིད་འཛམ་བུ་ནཱ་དའི་མདངས་འཛིན་པའི། །(༣བ)


GLG023_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འོང་གཞོན་ནུ་ཟུར་ཕུད་ལྔ་པ་ཅན། །ཕྱག་ཟུང་ཤེས་རབ་རལ་གྲི་ཨུཏྤལ་གྱི། །འདབ་སྟོང་རྒྱས་རྩེར་ཤེར་ཕྱིན་གླེགས་བམ་བསྣམས། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་ཅན། །སྣ་ཚོགས་རིན་ཆེན་ཕྲེང་བའི་དོ་ཤལ་དང་། །རབ་བཀྲ་ལྷབ་ལྷུབ་དར་གྱིས་མངོན་པར་ཀླུབས། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོ་འདུ་ཡིས། །དམ་ཚིག་པ་དང་ཡེ་ཤེས་གཉིས་མེད་གྱུར། །མདུན་དུ་དཔག་བསམ་རྐང་འཐུང་ཡལ་འདབ་དང་། །གད་བུ་མངོན་པར་རབ་ཏུ་རྒྱས་པའི་དབུས། །མི་འཇིགས་གདོང་ལྔའི་ཁྲི་ལ་ཉི་མའི་གཉེན། །ཐེག་གསུམ་གདུལ་བྱའི་འཁོར་གྱིས་ཡོངས་བསྐོར་བའི། །བདག་མདུན་ཀུན་ལ་ཕྱི་ནང་གསང་བ་ཡིས། །མཆོད་ཚོགས་དངོས་བཤམས་ཡིད་ཀྱིས་ལེགས་སྤྲུལ་འབུལ། །རྒྱུད་ཚིག་དབྱར་གྱི་རྔ་གསང་ཆེར་བསྒྲགས་པས། །སྐལ་ལྡན་མདོངས་མཐའི་དགའ་སྟོན་རྒྱས་གྱུར་ཅིག །རྒྱུད་རྒྱས་བསྡུས་གང་རུང་སོང་རྗེས། སྔོན་དུས་རྒྱལ་བས་རི་བོ་བྱ་རྐང་དུ། །རྒྱུད་འདི་གསུངས་ཚེ་སྐུ་ལས་འོད་ཟེར་འབུམ། །རེ་རེའི་རྩེ་ལ་འདབ་ལྡན་པདྨའི་སྟེང་། །སྤྲུལ་པའི་སྐུ་རེས་ཕྱོགས་བཅུའི་འཇིག་རྟེན་དུ། །ཆོས་འཁོར་བསྐོར་ལྟར་བདག་གིས་འཇམ་དཔལ་གྱི། །ཆོས་འདི་བསྒྲགས་པས་སེམས་ཅན་ཐམས་ཅད་ཀྱི། །རྒྱུད་ལ་སྐྱེ་མེད་ཡོངས་སུ་ཐོབ་པ་དང་། །འཛིན་མེད་རང་གྲོལ་འགྱུར་བའི་རྒྱུར་གྱུར་ཅིག །སྐྱབས་འགྲོ་ནི། བདག་དང་མཁའ་མཉམ་ལུས་ཅན་མ་ལུས་ཀུན། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས་འགྲོ་ཞིང་། །རྒྱ་ཆེན་བྱང་ཆུབ་མཆོག་ཏུ་སེམས་མཆོག་བསྐྱེད། །སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ལན་གསུམ་བརྗོད། ཚོགས་ཞིང་(༤ན)


GLG023_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ནི། མདུན་དུ་རིན་ཆེན་ཁྲི་པད་ཉི་ཟླའི་སྟེང་། །བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་ཅོད་པན་དུ། །ཀུན་འདུས་རྡོ་རྗེ་སློབ་དཔོན་བཞུགས་པ་ལ། །དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར། །ཨཱོཾ་བཛྲ་ས་མ་ཡ་ཧཱུཾ་ཛཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་སྟོན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པ། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་དུས་དང་དམ་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། དག་པའི་མཐའ་གཞན་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུས་གསུམ་བཞུགས་ལ་ལུས་དབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །དེ་ནས་སྲུང་འཁོར་ནི། རང་ཉིད་འཇམ་དཔལ་གཞོན་ནུར་གསལ་བ་སྐད་ཅིག་གིས་ཕྱག་རྒྱ་ཆེན་པོ་ཟིལ་གནོན་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ། དུར་ཁྲོད་ཀྱི་ཆས་དང་གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་ཐུགས་ཀའི་ཧཱུཾ་ལས་ཁྲོ་བོའི་ཚོགས་གྲངས་མེད་པ་འཕྲོ་བར་གྱུར། དེ་ནས་རོལ་མོ་དབྱངས་དང་བཅས་ཏེ། ཧཱུཾ། བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས། །མཐིང་ནག་ཧཱུཾ་གི་འོད་ཟེར་ལས། །སྟོང་གསུམ་མཐོ་བའི་རབ་གང་ཞིང་། །རྔམ་སྐས་འཇིག་རྟེན་ཀུན་བཀང་ནས། །གནོད་མཛེས་ཁྲོ་བོ་མ་ཡིན་པའི། །གདུག་པ་གཡོ་འགུལ་མིང་ཡང་མེད། །(༤བ)


GLG023_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་རྒྱལ་མཚོན་ཆ་མེ་རི་འབར། །འབར་བའི་མཚམས་ལས་མ་འདའ་ཞིག །ཨཱོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞ་པཱ་ཡ་གྲྀ་ཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ༔ བྷ་ག་ཝཱ་ན་བིདྱ་རཱ་ཛ་ཡ་ཧཱུཾ་ཕཊ། སྲ་བརྟན་མི་གཡོ་རྡོ་རྗེའི་གུར་ཁང་དང་། །གཏུམ་དྲག་ཁྲོ་བོ་རོལ་པས་རབ་གཏམས་ཤིང་། །རྣོ་ངར་མཚོན་ཆ་ཁ་དོག་ལྔ་ལྡན་པའི། །དུས་མཐའི་མེ་ཡིས་བར་མཚམས་མེད་པར་ཁྱབ། །ཕཊ་རཾ་ཨེ་རཾ་ཛྭ་ལ་རཾ། ཁྲོ་བོ་དང་མཚོན་ཆ་མེ་རབ་ཏུ་འབར་བའི་གུར་ཁང་དུ་གྱུར། །རང་ཉིད་ཟིལ་གནོན་གསལ་བའི་སྤྱི་གཙུག་ཏུ། །འཁོར་ལོས་སྒྱུར་བའི་ཐུགས་ཀར་བྷྲུཾ་ཡིག་ལས། །གསེར་འཁོར་ལྟེ་བར་བཅས་སྟེང་ཉི་གདན་ལ། །ཕྱོགས་ཀྱི་གྲངས་ལྡན་ཧཱུཾ་ལས་ཁྲོ་བོ་བཅུ། །རབ་འཇིགས་མཐིང་ནག་བེ་ཅོན་ཞགས་པ་བསྣམས། །དབུས་སུ་རང་ཉིད་ཞི་བའི་ཉམས་ལྡན་པའི། །འཁོར་ལོས་སྒྱུར་རྒྱལ་ཕྱག་གཉིས་ཙཀྲ་འཛིན། །ཐུགས་ཀར་ཡེ་ཤེས་འཁོར་ལོ་འཁོར་བ་ཡིས། །རིགས་སྔགས་བྱད་སྟེམས་རྦོད་གཏོང་ཟོར་ཁ་དང་། །ལོག་འདྲེན་དགྲ་སྡེའི་གནོད་ཅིང་འཚེ་བ་སོགས། །སྟོང་གསུམ་ཁྲོ་རྒྱལ་ཀུན་ཀྱང་སྐྲག་བྱེད་པའི། །རྣོ་ངར་རྩིབས་ཀྱི་བར་དུ་ལྷག་མེད་གྱུར། །ཨཱོཾ་ཨཱཿཨུཥྞི་ཥ་བཛྲ་ཙཀྲ་ཝརྟི་སརྦ་ལོ་ཀི་ཀ་ལོ་ཀི་ཏ་རཾ་པ་ཡན་ཏྲ་མན་ཏྲ་ཏན་ཏྲ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཀུ་རུ་ཀུ་རུ་སྨུ་རུ་སྨུ་རུ་ཨ་བྷི་ཥིཉྩ་ཨ་ཨཱཿ གཏད་མནན་སྦྱོར་བ་ལ་སོགས་པ་དག་མནན་བྱེད་པའི་བན་བོན་ཐམས་ཅད་མཱ་ར་ཡ་སོད་སོད། ཛ་ལ་བཟློག་ཕཊ་སྭཱཧཱ། ལོང་སྐབས་དང་བསྟན་པའི་བཟླ་བར་བྱའོ། །དེ་ནས་བཤགས་པ་ནི། རབ་ཡངས་བདག་མདུན་མཁའ་ལ་རིན་ཆེན་ཁྲིས། །ཆུ་སྐྱེས་རྟ་བདུན་དཀྱིལ་འཁོར་གདན་སྟེང་དུ། །རྩ་(༥ན)


GLG023_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བླ་མ་ཡི་དམ་སྲུང་མར་བཅས། །དབྱར་དུ་ཆུ་འཛིན་འཁྲིགས་ལྟར་བཞུགས་པར་གྱུར། །དམིགས་མེད་མཁའ་ལྟར་དག་པ་ཁྱབ་པའི་སྐུ། །རང་རིག་ཡེ་ཤེས་ཀློང་དུ་མ་གྱུར་ཅིང་། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པས། །ཀུན་འདུལ་ཟིལ་གནོན་ཐུགས་དང་ཅི་འགལ་བ། ཁྲོ་གཏུམ་ཐུགས་རྗེ་ཅན་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་ཀློང་དུ་མ་གྱུར་ཅིང་། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པས། །གསོད་བྱེད་རྒྱལ་མོའི་ཐུགས་དང་ཅི་འགལ་བ། །དབྱིངས་ལྡན་ཆགས་མེད་ཡུམ་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་ཀློང་དུ་མ་གྱུར་ཅིང་། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པས། །འབྱུང་བ་ས་མེ་རླུང་ཆུ་དངས་མ་ལས། །ཡ་མ་རཱ་ཛ་ཕྱག་ན་རྡོ་རྗེ་དང་། །རུས་སྦལ་རྔ་མོང་བྱ་ཁྱུང་རྒྱལ་པོ་རྣམས། །ཡེ་ནས་རྡོ་རྗེའི་རིགས་དང་རིན་ཅེན་རིགས། །ལས་ཀྱི་རིགས་དང་པདྨའི་རིགས་ཉིད་དེ། །རིགས་བཞི་ཁྲོ་བོའི་ཐུགས་དང་ཅི་འགལ་བ། །དྲེགས་པ་འདུས་བྱེད་སྐུ་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་ཀློང་དུ་མ་གྱུར་ཅིང་། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པས། ཁྱུང་ཆེན་སྨུག་ནག་སྟག་ཆེན་རྔམ་པ་དང་། །སེང་ཆེན་བརྗིད་པ་དུག་སྦྲུལ་ནག་པོ་སྟེ། །རྒྱན་གྱི་ལྷ་བརྒྱད་ཐུགས་དང་ཅི་འགལ་བ། །དྲེགས་པ་སྟོབས་ཀྱི་ལྷ་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་ཀློང་དུ་མ་གྱུར་ཅིང་། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པས། །འཁོར་གྱི་གཤིན་རྗེ་ཕོ་མོའི་ཐུགས་དང་ཅི་འགལ་བ། །བསྟན་སྲུང་སོ་སོའི་སྐུ་ལ་བཟོད་པར་གསོལ། །དོན་དམ་ངང་ལ་དགེ་སྡིག་གཉིས་མེད་ཀྱང་། །དེ་ལྟར་མ་རྟོགས་གཟུང་འཛིན་དབང་གིས་ན། །ཉམས་ཆགས་འགལ་འཁྲུལ་གྱུར་པ་ཅི་མཆིས་པ། །གནོང་འགྱོད་མོས་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཐོགས་མེད་ནས་བསགས་རྩ་བ་ཡན་ལག་གི །དམ་ཚིག་ཉམས་ཆགས་ཉེས་ལྟུང་མ་ལུས་རྣམས། །དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་བཟོད་པར་(༥བ)


GLG023_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཟིལ་གནོན་ཐུགས་དམ་བཞིན་དུ་སྤྱད་པར་བགྱི། །ཡིག་བརྒྱ་བརྗོད། དེ་ནས་བྱིན་དབབ་ནི། །ཧཱུཾ། བདེ་གཤེགས་རྒྱལ་བ་ཀུན་གྱི་བདག་ཉིད་ཆེ། །དྲག་པོ་ལས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །ཆོས་དབྱིངས་དྲག་པོ་ཨེ་ཡི་གཞལ་ཡས་ནས། །བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་ཡུམ་དང་བཅས། །རྩ་བའི་ལྷ་དྲུག་རྒྱན་ལྷ་བདག་པོ་གསུམ། །གཤེད་བཞི་མོན་བདུད་འཆི་བདག་སྒོ་སྲུང་བཅས། །དྲག་པོའི་ལས་མཛད་ཕོ་ཉ་དམ་ཅན་ཚོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་བྱིན་ཕོབ་ཅིག །བདག་ཅག་སེམས་ཅན་ལས་ཀྱིས་མནར་བ་ལ། །རེ་ཞིག་དཔུང་གཉེན་གཞན་ན་མ་མཆིས་པས། །ཐུགས་རྗེ་ཆེན་པོས་འགྲོ་ལ་བརྩེར་དགོངས་ལས། །བྱིན་ཆེན་མྱུར་དུ་དབབ་པའི་དུས་ལ་བབ། །འཇམ་དཔལ་ཁྲོས་པའི་རྒྱལ་པོ་འཁོར་དང་བཅས། །སྔགས་ཚིགས་ཤུག་པ་བརྡ་ཡིས་སྤྱན་འདྲེན་ན། །མི་དམིགས་ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ། །དྲག་པོའི་དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིང་། །སྒྲུབ་མཆོག་རྣལ་འབྱོར་བདག་ལ་དབང་བསྐུར་སྩོལ། །སྒྲུབ་རྫས་དམ་པ་འདི་ལ་མཐུ་སྩོལ་ཅིག །དྲག་པོའི་འཕྲིན་ལས་མཛད་པའི་དུས་ལ་བབ། །བདག་ཅག་རེ་བའི་འབྲས་བུ་མཆིས་པར་མཛོད། །ཕྱི་ནང་གི་མཆོད་རྫས་རྣམས་བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། ཕུད་སྣོད་ལ་ཐིམ་པས་སྣོད་ཀྱི་མ་དག་པ་སྦྱངས། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ཤ་ལྔ་བདུད་རྩི་ལྔར་གནས་པའི་སྟེང་ན་ཧཱུཾ་དཀར་པོ་དེའི་འོད་ཟེར་གྱིས་ཕྱི་འབྱུང་བའི་བཅུད་བསྡུས། །ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩི་བཀུག །བདུད་རྩི་ལ་ཐིམ་པས་དངོས་འཛིན་སྦྱངས་ནས་ཡེ་ཤེས་ཀྱི་བདུད་རྩི་(༦ན)


GLG023_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟ་བུར་གྱུར། ཨཱོཾ་ཨཱཿཧཱུཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐཱ། བདག་གི་ཐུགས་ཀའི་ཧཱུཾ་གི་འོད་ཀྱིས་རཀྟའི་དངོས་འཛིན་སྦྱངས། བནྡྷ་ཀ་པཱ་ལ་བྷྲུཾ། སྣོད་བནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་ར་དམར་པོ། དེ་ལས་རཀྟའི་རྒྱ་མཚོ་ཆེན་པོ་རྦ་ཀློང་འཁྲུག་ཅིང་འཕྱོ་བའི་སྟེང་དུ་ཡི་གེ་དམར་པོ་འོད་ཟེར་འཕྲོ་བར་གྱུར། དེ་ལས་འོད་ཟེར་གྱི་འཕྲོ་འདུའི་རཀྟའི་ངོ་བོ་བདུད་རྩིའི་རོ་མཆོག་བརྒྱད་དང་ལྡན་པ་ཟེར་མ་ལ་འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པ་འཕྲོ་བར་གྱུར། ཨཱོཾ་ཨཱཿཧཱུཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་གྱིས་གཏོར་མའི་དངོས་འཛིན་སྦྱངས་ཏེ་སྣོད་ཨ་ལས་བནྡྷའི་ནང་དུ་བཅུད་ཨཱོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་འདོད་ཡོན་དྲུག་གི་ལྷ་མོར་གྱུར། །ཨཱོཾ་བྷ་ལིཾ་ཏ་ཏེ་ཛོ་བྷ་ལིཾ་ཏ་བྷ་ལ་བྷ་ཏི་གུཧྱ་ས་མ་ཡེ་སྭཱཧཱ། བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། །གཏོར་མ་ལ་ཕོག །སྣོད་བྷྲུཾ་ལས་དུར་ཁྲོད་ཀྱི་གཞལ་ཡས་ཁང་གི་ནང་དུ་བཅུད་དཔལ་ཆེན་པོ་ཟིལ་གནོན་རྩ་བའི་ལྷ་དྲུག །རྒྱན་གྱི་ལྷ་བརྒྱད། སྤྲུལ་པ་གསུམ། གཤེད་བཞི། །མོན་བདུད་བཅུ་དྲུག །འཆི་བདག་བཅུ་གཉིས། སྒོ་སྲུང་དང་བཅས་པ་ལ་འདོད་ཡོན་གྱི་ལྷ་མོས་བསྐོར་བར་གྱུར། ཨཱོཾ་མ་ཧཱ་བྷ་ལིཾ་ཏ་ཏེ་ཛོ་བྷ་ལིཾ་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱཧཱ། ཨ་ཀ་ཕ་ལ་ཨ་དྷུ་པུ། ཨ་ག་ན་སྥ་ར་ཎ་ཕཊ། བཾ་ཧ་ར་ཎ་ཧཱུཾ། ཨཱོཾ་ཨ་ཧ་ར་ཧཱུཾ། བཛྲ་དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝ་དྱ། ཤཔྟ་ཨཱཿཧཱུཾ། ཏིང་འཛིན་རྣམ་གསུམ་ནི། ཨྱེ་ཨྱེ་ཨྱེ། འཁོར་འདས་(༦བ)


GLG023_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱིས་བསྡུས་པའི་ཆོས་རྣམས་ཀུན། །རང་རིག་འགྱུར་མེད་བྱང་ཆུབ་སེམས་མཆོག་སྟེ། །གསལ་སྟོང་གཉིས་མེད་སྐུ་གསུམ་གདོད་མའི་མགོན། །རབ་འབྱམས་ལྷ་ཚོགས་ལས་ཀྱི་ཨེ་རུ་གྱུར། །འབྱུང་བཞིའི་དཀྱིལ་འཁོར་བརྩེགས་སྟེང་ཀེང་རུས་ཀྱི། །ས་འཛིན་དབང་པོའི་རྩེ་མོར་གཞལ་ཡས་ཁང་། །བཀོད་ལེགས་རིན་ཆེན་ལས་གྲུབ་སྒོ་བཞི་པ། །རྟ་བབས་བརྒྱད་ལྡན་བནྡྷའི་ཕ་གུ་ལ། །བྲང་འགྲོའི་སྲད་བུས་གཅུས་པའི་དྲ་ཕྱེད་འཕྱང་། །འོབས་ཆེན་བཅུ་དྲུག་དུར་ཁྲོད་ཆེན་པོ་བརྒྱད། །རྡོ་ར་བསྐལ་པའི་མེ་དཔུང་རབ་འཁྲིགས་པའི། །དབུས་སུ་མཐིང་ནག་ཨེ་ཡི་ཕོ་བྲང་ལ། །ཟླ་གམ་དམར་པོ་སུམ་ལྡན་ཐོད་མཁར་བཞི། །ལྕགས་མཁར་བརྒྱད་དང་བཅུ་གཉིས་བར་ཁྱམས་བཅས། །སྣང་སྲིད་འཇིག་རྟེན་དྲེགས་པའི་ཚོགས་རྣམས་ཀྱི། །ཀ་གདུང་དྲལ་ལྕམ་ཡས་ཕུབ་སྔ་ཐེམ་ཅན། །མ་ལུས་གནམ་ལྕགས་འབར་པའི་གཟེར་གྱིས་བཏབ། །ཀླུ་གཉན་ས་བདག་ཧ་ལའི་ངོ་བོ་ཉིད། །རླུང་གི་ཟས་ཅན་འབུམ་སྡེ་དུར་འཆི་ཁྲི། །འཕར་འགྲོ་སྟོང་དང་ཕྱོགས་སྐྱོང་རུ་དྲ་ཀུན། །སྤྱི་འཆིངས་རབ་བསྣོལ་འཇིགས་པ་བཅུ་པ་བརྒྱད། །འདབ་སྟོང་ནམ་མཁའི་ནོར་བུའི་དཀྱིལ་འཁོར་སྟེང་། །རྒྱུ་རྐྱེན་དང་བྲལ་རང་ཉིད་སྐད་ཅིག་གིས། ཁྲོ་རྒྱལ་ཀུན་ཀྱང་སྐྲག་བྱེད་གཤིན་རྗེའི་གཤེད། །འཇམ་དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་སྐུ། །རབ་ཁྲོས་མཐིང་ནག་དུག་ཆེན་འཁྱིལ་འདྲའི་མདོག །ཞལ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་བགྲད། །གཡས་དཀར་གཡོན་དམར་མུན་ལྟའི་རྩ་བའི་ཞལ། །ཕྱག་དྲུག་འཁོར་ལོ་རལ་གྲི་རྡོ་རྗེ་འཕེན། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་མེ་དཔུང་འཕྲོ། །ཞབས་(༧ན)


GLG023_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་གཡས་བསྐུམ་གཡོན་བརྐྱང་ཚུལ་གྱིས་བཞུགས། །ལྷ་ལམ་ཁྱབ་པའི་རྡོ་རྗེའི་གཤོག་པ་སོགས། །དཔལ་གྱི་ཆོས་བརྒྱད་དུར་ཁྲོད་རྒྱན་རྣམས་ཀུན། །བཀོད་ལེགས་བགྲང་ཡས་ཕྱང་ཕྲུལ་ལེགས་སྤུད་ཅིང་། །འཇིགས་རུང་གར་དགུའི་ཉམས་ཀྱི་རྣམ་འགྱུར་ཅན། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས། །རྡོ་རྗེ་ཁྲོས་མ་སྔོ་ནག་གཡས་ཙིཏྟ། །གཡོན་པ་བྷན་དྷ་ཁྲག་བཀང་གཙོ་ལ་སྟོབ། །ཐུགས་ཀར་ཉི་དཀྱིལ་བམ་སྟེང་སྲས་མཆོག་ནི། །གཡས་པ་གསེར་འཁོར་གཡོན་པ་ཙིཏྟ་བསྣམས། །ཡ་མའི་ཐུགས་ཀར་བསིལ་གཟེར་གདན་སྟེང་དུ། །དྲེགས་པ་ལྗང་ནག་རྡོ་རྗེ་རྩེ་དགུ་གཡས། །གཡོན་པ་སྙིང་ཕྲེང་འཛིན་ཅིང་གསུམ་ག་ཡང་། །རིན་ཆེན་སྦྲུལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །གང་ཐུགས་ཆུ་སྐྱེས་སྟེང་དུ་རུས་སྦལ་ནི། །སྲིད་གསུམ་ཚེ་སྲོག་ལྟོར་འཆང་ཁྲོ་ཞིང་རྔམ། །རབ་དཀར་ཁྱུང་ཆེན་རལ་གྲི་འདབ་གཤོག་ལ། །གནམ་ལྕགས་མཆུ་སྡེར་རྭ་བགྲད་སྤྱི་བོར་ལྡིང་། །ཕྲག་གོང་སྨུག་ནག་ཁྱུང་གཉིས་གཤོག་པ་བརྡེབ། །ནུ་ཁར་གདོང་ལྔའི་དབང་པོ་འགྱིང་ཞིང་རྔམ། །སོགས་ཁར་སྟག་ཟུང་ཤ་དང་ཁྲག་ལ་རོལ། །སྟ་ཟུར་སྦྲུལ་ནག་གདུག་པའི་ལྕེགཉིས་བསྐྱོད། །ལྷུན་པོ་ལྷར་བརྗིད་གཙུག་ཏུ་ཧཱུཾ་མཛད་དང་། །མགྲིན་པར་པདྨ་དབང་ཆེན་ལྟག་རྣམ་རྒྱལ། །དཔུང་པ་གཉིས་ལ་གཤིན་རྗེ་བདུད་རྩི་འཁྱིལ། །མཐིང་ནག་རབ་ཁྲོས་ནང་དུ་ཞལ་གཟིགས་སྲུང་། །བརླ་གཉིས་དབྱུག་སྔོན་གཞན་གྱིས་མི་ཐུབ་པ། །ལྟ་བར་མི་གཡོ་མགོན་དང་དཔྱི་མཚམས་ན། ཁམས་གསུམ་རྣམ་རྒྱལ་གསང་གནས་སྟོབས་པོ་ཆེ། །ལྗང་ནག་(༧བ)


GLG023_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གཟིགས་ཕ་རོལ་བྱས་པ་བཤིག །ཁྲོ་བོ་བཅུ་པོ་ཀུན་ཀྱང་འཁོར་ལོ་གཡས། །གཡོན་པ་མེ་དཔུང་རབ་འབར་སྡིགས་མཛུབ་མཛད། །མགུར་ནས་ལོང་བུའི་བར་དུ་ཚོན་གང་གི །ཁྲོ་ཆུང་མེ་རླུང་ལས་ཀྱི་འཁོར་ལོ་བསྐོར། །བཟོད་དཀའ་ཚ་གྲང་འབྱུང་ལྔའི་འཁྲུལ་འཁོར་གྱིས། །སྲིད་གསུམ་ཀུན་ལས་རྣམ་པར་རྒྱལ་བར་གྱུར། །སྤྲུལ་པ་གསུམ་བསྐྱེད་པ་ནི། གཙོ་བོའི་གཡས་ཟུར་སྐུ་སྤྲུལ་འཆི་བདག་ནི། །རྩ་ཞལ་སྔོ་ནག་གཡས་སེར་གཡོན་དམར་བ། །ཕྱག་དྲུག་ཐོད་དབྱུག་རལ་གྲི་དགྲ་སྟ་གཡས། །བནྡྷ་མདུང་དང་ལྕགས་ཀྱི་རི་རབ་གཡོན། །ལྕགས་ཁྲབ་གསོལ་ཞིང་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞབས་བཞི་མ་ཧེ་སྔོ་ནག་སྟེང་དུ་འགྱིང་། །ཡུམ་ཆེན་གསོད་བྱེད་ཕྱག་གཉིས་ཏྲི་ཤུ་དང་། །ཐོད་པ་ཁྲག་གང་འཛིན་པས་ཡབ་ལ་འཁྱུད། །གཡོན་ཟུར་གསུང་སྤྲུལ་སྲོག་བདག་དམར་པོ་ནི། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་གི་ལིང་ཆིབས། །གཡས་གཉིས་བེ་ཅོན་རྒྱུ་ཞགས་གཡོན་པ་ན། །ལྕགས་ཀྱུ་མདུང་བསྣམས་རུས་སྦལ་གཡང་གཞི་གསོལ། །དུར་ཁྲོད་ཆས་བརྒྱན་རོ་ལངས་སྤུ་གྲི་དང་། །ཀ་པཱ་ལ་འཛིན་ཡབ་ཀྱི་མགུལ་ནས་འཁྱུང་། །རྒྱབ་ཕྱོགས་ཐུགས་སྤྲུལ་ཚེ་བདག་ནག་པོ་ནི། །ཞལ་དགུ་བཅོ་བརྒྱད་ཕྱག་ལ་ཞབས་བཞི་བགྲད། །དབུས་གསུམ་མ་ཧེ་ཁྲོ་ཞལ་ཁྱུང་གི་དབུ། །གཡས་གསུམ་སྟག་དང་ཞི་ཞལ་རྨ་བྱའི་གདོང་། །གཡོན་གསུམ་སེང་གེ་དབང་ཞལ་དུར་བྱའི་མགོ །ཕྱག་དགུ་གཡས་ཀྱིས་རྡོ་རྗེ་ཞིང་དབྱུག་མདུང་། །འཁོར་ལོ་རལ་གྲི་དགྲ་སྟ་ཁ་ཊྭཱཾ་ག །གྲི་གུག་རྡོ་རྗེ་འབར་བའི་ཐོ་བ་བསྣམས། །གཡོན་དགུ་ཀ་པཱ་ལ་དང་འབྱུང་པོའི་བྱ། །(༨ན)


GLG023_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བེ་ཅོན་གཏུན་ཤིང་སྡིགས་འཛུབ་ལྕགས་ཀྱུ་དང་། །ཞགས་པ་མི་སྙིང་ཞིང་ལྤགས་རྒྱལ་མཚན་འཛིན། །དུར་ཁྲོད་ཆས་བརྒྱན་བདུད་མོ་གསོད་བྱེད་རྒྱལ། །ཙིཏྟ་ཁྲག་གང་ཐོད་འཛིན་ཡབ་ལ་འཁྱུད། །གཤེད་བཞི་བསྐྱེད་པ་ནི། ཐོད་པའི་མཁར་བཞིར་དྲེད་མོ་ལག་རྡེབ་དང་། །དོམ་ནག་དྲེའུ་རྟ་རྔ་མོ་གདན་སྟེང་དུ། །གཤིན་རྗེ་སྲིན་པོ་ཀླུ་བདུད་གནོད་སྦྱིན་བཞི། །སྨུག་སེར་དམར་ལྗང་རབ་ཁྲོས་ནག་པོའི་མདངས། །བཞི་གའི་ཕྱག་གཉིས་འཁོར་ལོ་བེ་ཅོན་འཛིན། །སྦྲུལ་དང་ཐོད་པའི་ཕྲེང་བའི་རྒྱན་གྱིས་སྤྲས། །སྲིན་མོ་རལ་གཅིག་བདུད་དང་གནོད་སྦྱིན་མ། །ཡབ་ལ་འཁྱུད་ཅིང་ཐོད་ཁྲག་ཞལ་དུ་སྟོབ། །མོན་པ་བཞི་བསྐྱེད་པ་ནི། ལྕགས་མཁར་ཕྱོགས་བཞི་དུང་ལྕགས་བསེ་གསེར་གྱི། །མོན་པ་སེང་སྟག་དྲེད་དང་ཁྱུང་མགོ་ཅན། །གཡས་པ་རི་རབ་གཡོན་པ་ཞགས་པ་བསྣམས། །བླ་རྐུན་གཡུ་དང་ཁྲག་གི་རལ་པ་ཅན། །སྙིང་ལ་གཟེར་འདེབས་མ་རྣམས་ཙིཏྟ་དང་། །བནྡྷ་འཛིན་ཅིང་རང་འདྲའི་ཡབ་ལ་འཁྱུད། །མཚམས་བཞིར་ཧེ་ལ་ཁྱབ་པ་འཛུམ་མེད་དང་། །སོ་འདར་འཁྲིགས་པ་རལ་པ་སྤྱི་བཅིངས་རྣམས། །སྔོ་སེར་དམར་ལྗང་མདོག་ལ་མུན་པའི་མདངས། །འཁོར་ལོ་རལ་གྲི་པར་བུ་ཁྲམ་ཤིང་བསྣམས། །བརྒྱད་ཀ་མེ་དཔུང་གློག་ཕྲེང་སྐར་མདའ་སོགས། །སྙིང་རྐུན་སྙིང་འབྱིན་གཟོར་འདེབས་དབུགས་སྡུད་མ། །སྣ་ཚོགས་རྒྱན་གྱིས་དབང་པོའི་གཞུ་ལྟར་བཀྲ །མི་སྙིང་ཐོད་པ་འཛིན་ཅིང་ཡབ་ལ་འཁྱུད། །འཆི་བདག་བཅུ་གཉིས་བསྐྱེད་པ་ནི། ཕྱི་རིམ་ལྕགས་མཁར་བཅུ་གཉིས་ཤར་ཕྱོགས་སུ། །བྷེ་ཝ་ས་ཏྭ་ནོར་བུ་དགེ་འཕེལ་གཉིས། །མཐིང་སེར་མདངས་ཅན་བེ་ཅོན་འཁོར་ལོ་བསྐོར། །ཤར་ལྷོར་སེར་ནག་འཇོམས་(༨བ)


GLG023_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལྕགས་ཀྱུ་འཛིན། །ལྷོ་རུ་བྱེ་བ་དགུ་ཁྲི་གློག་འཕྲེང་ཟུང་། །ལྗང་དམར་མདོག་ཅན་དབྱུག་པ་རྒྱུ་ཞགས་འཕེན། །ལྷོ་ནུབ་ཟ་བྱེད་སྔོ་ནག་སྤུ་གྲི་ཐོགས། །ནུབ་ཏུ་གཏུམ་པོ་གང་བ་ཀུན་ཏུ་འཇོམས། །དུད་ཁ་དཀར་མདངས་ཁྲམ་ཤིང་མདའ་གཞུ་འཛིན། །ནུབ་བྱང་རལ་གཅིག་དམར་ནག་རལ་གྲི་འཕྱར། །བྱང་ཕྱོགས་སྦྲུལ་མགོ་ཀུན་འཛིན་ངད་སྟོབས་ལྡན། །སྔོ་སེར་ལྕགས་ཀྱི་མདུང་ཐུང་དགྲ་སྟ་འཛིན། །བྱང་ཤར་ཧོང་པན་སྲོག་འཛིན་བདུད་ཞགས་འཕེན། །དུར་ཁྲོད་ཆས་སོགས་འཇིགས་པའི་རྒྱན་གྱིས་སྤྲས། །བར་ཁྱམས་ཀྱི་ལྷ་བསྐྱེད་པ་ནི། ཕྱི་རིམ་ཁྱམས་སུ་ལས་ཀྱི་གཤིན་རྗེ་རྣམས། །ཤ་ཟ་ཀི་ཀང་མ་མོ་དྲེགས་པ་ཡི། །ཚུལ་འཛིན་སྣ་ཚོགས་མཚོན་ཐོགས་དགྲ་བགེགས་ཀྱི། །སྲོག་དབུགས་བླ་ཚེ་ཤ་དང་ཁྲག་ལ་རོལ། །སྒོ་བ་བཞི་བསྐྱེད་པ་ནི། སྒོ་བཞིར་དཀར་པོ་སྙིང་འབྱིན་མགོན་པོ་ནག །ཡབ་རྗེ་མུན་པའི་མགོ་ཅན་སྐུ་མཆོག་དམར། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན། །རང་མདོག་དང་མཚུངས་བེར་ཆེན་སྐུ་ལ་གསོལ། །ཕྱི་རོལ་འོབས་སྲུང་ནི། འོབས་སྲུང་འཇིགས་རུང་བཤན་པ་སྲོག་གཤེད་བདག །ཕྱོགས་བཅུར་ལས་བྱེད་ཕོ་ཉ་གཤིན་རྗེའི་ཚོགས། །མིག་གིས་བལྟ་བར་བཟོད་དཀའ་ཁྲོ་བོའི་ལུས། །མཁའ་ལ་རྒྱུ་སྐར་ཚོགས་ལྟར་ལྷུན་གྱིས་གྲུབ། །སྙན་གསན་དབབ་པ་ནི། ཨྱཻ། མི་རྟོག་ངང་ལས་ཐུགས་རྗེའི་སྐུ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཟིལ་གནོན་ལྷ་ཚོགས་དབྱིངས་ནས་བཞེངས། །བཛྲ་ས་མཱ་ཛཿ སྤྱན་འདྲེན་ནི། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཁྲོ་རྒྱལ་གཤིན་རྗེའི་(༩ན)


GLG023_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད། །གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཟིལ་གནོན་སྐུ་ཡི་གཡོན་ཕྱོགས་ནས། །ཡུམ་ཆེན་གསོད་བྱེད་རྒྱལ་མོ་ཡང་། །མ་མོ་ཡོངས་ཀྱི་གཙོ་མོ་སྟེ། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཟིལ་གནོན་ཐུགས་ཀྱི་དཀྱིལ་འཁོར་ནས། །ཡ་མ་རཱ་ཛ་གཤེགས་སུ་གསོལ། །ཡ་མའི་ཐུགས་ཀྱི་དཀྱིལ་འཁོར་ནས། །ཕྱག་ན་རྡོ་རྗེ་གཤེགས་སུ་གསོལ། །དྲེགས་པའི་ཐུགས་ཀྱི་དཀྱིལ་འཁོར་ནས། །རུས་སྦལ་ཁྲོས་པ་གཤེགས་སུ་གསོལ། །ཟིལ་གནོན་དབུ་ཡི་གཙུག་རུམ་ནས། །བྱ་ཁྱུང་རྒྱལ་པོ་གཤེགས་སུ་གསོལ། ཁམས་གསུམ་ཟིལ་གྱིས་གནོན་མཛད་པའི། །ཁྱུང་ཆེན་སྨུག་ནག་གཤེགས་སུ་གསོལ། །ཉམས་པའི་ཤ་ཁྲག་གསོལ་མཛད་པའི། །སྟགཆེན་རྔམ་པ་གཤེགས་སུ་གསོལ། །གདུག་པ་ཟིལ་གྱིས་གནོན་མཛད་པའི། །སེང་ཆེན་བརྗིད་པ་གཤེགས་སུ་གསོལ། །མཛེ་ཤུ་རྐང་ནད་འཇོམ་མཛད་པའི། །དུག་སྦྲུལ་ནག་པོ་གཤེགས་སུ་གསོལ། །ཟླ་གམ་དབང་གི་གཞལ་ཡས་ནས། །སྤྲུལ་པ་རྣམ་གསུམ་གཤེགས་སུ་གསོལ། །ཕོ་བྲང་ཕྱོགས་བཞིའི་ཐོད་མཁར་ནས། །གཤེད་པོ་བཞི་རྣམས་གཤེགས་སུ་གསོལ། །འཁོར་ལོ་འབར་བའི་རྩིབས་སྟེང་ནས། །མོན་པ་བཞི་དང་བདུད་པོ་བཞི། །ཡུམ་གྱི་ཚོགས་བཅས་གཤེགས་སུ་གསོལ། །ལྕགས་མཁར་འབར་བ་བཅུ་གཉིས་ནས། །འཆི་བདག་བཅུ་གཉིས་གཤེགས་སུ་གསོལ། །ཕོ་བྲང་ཕྱོགས་བཞིའི་སྒོ་བཞི་ནས། །སྒོ་བ་བཞི་རྣམས་གཤེགས་སུ་གསོལ། །སྒྲོལ་གིན་ལས་གཤིན་ཕོ་ཉའི་ཚོགས། །བྱེ་བ་ས་ཡ་གཤེགས་སུ་གསོལ། །ཨྱཻ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཨ་ཧྱེ་ཏི་ཛཿཧཱུཾ་བཾ་ཧོཿ ཨྱཻ། འཁོར་ལོ་འབར་བའི་ལྟེ་བ་ལ། །དུག་གསུམ་ཡི་དྭགས་མ་ཧེ་དང་། །ཕྱོགས་སྐྱོང་པདྨ་ཉི་ཟླའི་གདན། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །(༩བ)


GLG023_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་བསྐུམ་ཚུལ་གྱིས་བརྗིད་པར་བཞུགས། །སྤྲུལ་པ་གསུམ་སོགས་འཁོར་གྱི་ཚོགས། །གྲངས་མེད་རྣམས་ཀྱང་དཀྱིལ་འཁོར་འདིར། །དངོས་གྲུབ་བསྒྲུབ་དང་འགྲོ་དོན་ཕྱིར། །མི་འགྱུར་བརྟན་པར་བཞུགས་སུ་གསོལ། །ཨྱེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཏིཥྚ་བཛྲ། ཕྱག་བྱ་བ་ནི། ཨྱཻ། ཆོས་ཉིད་སྐྱེ་བ་མེད་པ་ལས༔ སྤྲོས་བྲལ་བདེ་ཆེན་དག་པའི་སྐུ༔ རང་བཞིན་གཉིས་མེད་དག་པའི་གསུང་༔ མ་སྒྲིབས་དོན་དམ་རྫོགས་པའི་ཐུགས༔ སྐུ་གསུང་ཐུགས་ཉིད་རྣམ་དག་གིས༔ མཐའ་ཡས་འགྲོ་བའི་དོན་མཛད་པ༔ ཁྲོ་རྒྱལ་འདུས་པ་ཀུན་གྱི་གཙོ༔ ཕྱག་རྒྱ་ཟིལ་གནོན་ལ་ཕྱག་འཚལ༔ དབྱིངས་ལས་ཡེ་ཤེས་རིག་པ་ཤར༔ རང་བཞིན་ལྷུན་གྲུབ་ཕྱག་རྒྱར་གསལ༔ གཙོ་བོའི་ཐུགས་དམ་སྐོང་མཛད་པ༔ གསོད་བྱེད་རྒྱལ་མོ་ལ་ཕྱག་འཚལ༔ ཟིལ་གནོན་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ༔ སྡེ་བརྒྱད་ཀུན་གྱི་སྦྱོར་བ་འཇོམས༔ ཡ་མ་རཱ་ཙ་ལ་ཕྱག་འཚལ༔ ཡ་མའི་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ༔ འཕྲིན་ལས་སྣ་ཚོགས་རྫོགས་མཛད་པའི༔ གསང་བདག་ཆེན་པོ་ལ་ཕྱག་འཚལ༔ དྲེགས་པའི་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ༔ དུག་ལྔ་རྩད་གཅོད་འབྱུང་ལྔ་སྐེམས༔ རུས་སྦལ་ཁྲོས་པ་ལ་ཕྱག་འཚལ༔ ཟིལ་གནོན་དབུ་ཡི་གཙུག་རུམ་ནས༔ ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ༔ ཁམས་གསུམ་ཟིལ་གྱིས་གནོན་མཛད་པའི༔ བྱ་ཁྱུང་རྒྱལ་པོ་ལ་ཕྱག་འཚལ༔ ཟིལ་གནོན་སྐུ་ཡི་དཀྱིལ་འཁོར་ནས༔ ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ༔ སྡེ་བརྒྱད་དྲེགས་པ་ཀུན་གྱི་གཤེད༔ རྒྱན་གྱི་ལྷ་བརྒྱད་ལ་ཕྱག་འཚལ༔ སྤྲུལ་པ་རྣམ་(༡༠ན)


GLG023_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གཤེད་པོ་བཞི༔ མོན་བཞི་བདུད་བཞི་ཡུམ་དང་བཅས༔ འཆི་བདག་བཅུ་གཉིས་སྒོ་སྲུང་བཞི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད༔ ཨྱཻ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཨ་ཏི་པུ་ཧོ༔ པྲ་ཏི་པུ་ཧོ༔ ན་མཿསརྦ་ཏ་ཐཱ་ག་ཏ་མཧཱ་ཡོ་གི་ནི་ཨ་ལ་ལ་ཧོ༔ ཕྱི་མཆོད་ནི། གྲངས་མེད་ཡིད་འོང་རིན་ཆེན་སྣོད་ཡངས་སུ། །ཡན་ལག་བརྒྱད་ལྡན་ལ་འགྲན་ཉལ་འགྲོའི་དབུས། །པད་དཀར་ས་མོས་འདབ་སྟོང་བཞད་པ་འདི། །མཐོང་ཚེ་འཆི་མེད་དགའ་ཚལ་འོངས་སམ་སྙམ། །མ་ལ་ཡར་སྐྱེས་མེ་ཏོག་དོན་ཅན་དང་། །ཐལ་བའི་སྙིང་པོ་ལ་སོགས་དྲི་མཆོག་རྣམས། །འོད་ཀྱི་ཤིང་རྟས་བསྲེགས་པའི་དུད་སྤྲིན་ནི། །ནམ་མཁའི་གཉིས་འཐུང་སྟུག་པོ་འཁྲིགས་པ་བཞིན། །དུས་མཐའི་རླུང་གི་གྲོགས་པོ་ཕམ་བྱེད་པའི། །སྣང་གསལ་མར་མེ་ལྷོ་ཕྱོགས་རྟ་གདོང་འོད། །བཟོད་པར་མ་ནུས་རྟ་བདུན་དཀྱིལ་འཁོར་དེ། །མཐར་ཐུག་གཞུ་ཁྱིམ་བགྲོད་ཚེ་སླར་ཡང་ལྡོག །ཇི་སྙེད་གཏིང་མཐའ་དཔག་པར་དཀའ་བ་ཡི། །ཆུ་སྲིན་གྲོང་ཁྱེར་དག་ལ་བཟང་དྲུག་གིས། །ལེགས་པར་བྲན་ཏེ་རཏྣའི་སྣོད་ཡངས་སུ། །མངོན་པར་འགོད་པའི་བྱེད་པོ་ཨེ་མ་མཚར། །ལྷ་མིའི་འདོད་ཡོན་རོ་མཆོག་བརྒྱ་པ་སོགས། །རྣམ་མང་ཟས་ཀྱི་ཚོགས་ཀུན་གཅིག་བསྡུས་པའི། །ཞིམ་དགུའི་ཞལ་ཟས་རྨད་བྱུང་བཀོད་ལེགས་འདི། །རབ་མཛེས་རྒྱན་གྱི་ཕྲེང་བ་ཚར་དུ་དངར། །ཆར་དུས་དབྱར་གྱི་རྔ་གསང་བསྒྲགས་བ་ལྟར། །པི་ཝང་གླིང་བུ་སིལ་སྙན་ཨུདྡྷ་ཀ །གྲེ་འགྱུར་གླུ་དབྱངས་ལ་སོགས་སྒྲ་ཡི་ཚོགས། །བསྒྲགས་པས་གན་དྷརྦྷ་ཡི་ཁེངས་འཕྲོགས། །ལེགས་བྲིས་སྐེད་མེད་ལ་འཁུ་ཟུར་(༡༠བ)


GLG023_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཅན། །སྒྱུ་རྩལ་དྲུག་ཅུའི་ཉམས་ལྡན་ཡིད་འཕྲོག་མ། །ལྷབ་ལྷུབ་གོས་དང་ཕྱང་ཕྲུལ་ལེགས་བརྒྱན་ནས། །འདོད་ཡོན་ལྔ་སོགས་མཆོད་པའི་ཚོགས་རྣམས་སྤྲོ། །ཨྱེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་པུཥྤེ་ནས། ཤཔྟ་པྲཏཱི་ཙྪ་སྭཱཧཱ། ནང་གི་མཆོད་པ་ནི། མྱོང་གྲོལ་དམ་རྫས་དང་སྦྱར་ཨ་མྲྀ་ཏ། །ཡེ་ཤེས་བདུད་རྩིའི་ངོ་བོར་བྱིན་བརླབས་འདི། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །བསྟན་སྲུང་རྒྱ་མཚོའི་ཚོགས་དང་བཅས་ལ་འབུལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བླ་མ་བརྒྱུད་མཆོད་ནི། འཕགས་པ་འཇམ་དཔལ་འཇམ་དཔལ་བཤེས་གཉེན་དང་། །ཨྱོན་པདྨ་གཙུག་ལག་དཔལ་དགེ་ལ། །དམ་རྫས་བདུད་རྩིིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བལ་པོའི་རྒྱལ་པོ་གནུབས་ཆེན་སངས་རྒྱས་དང་། །ཡོན་ཏན་རྒྱ་མཚོ་ཡེ་ཤེས་རྒྱ་མཚོ་ལ། །དམ་རྫས་བདུད་རྩིིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། པདྨ་དབང་རྒྱལ་བླ་ཆེན་འཇམ་དཔལ་དང་། །རྒྱ་གར་རྡོ་རྗེ་ཆོས་ཀྱི་ཡེ་ཤེས་ལ། །དམ་རྫས་བདུད་རྩིིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཁྲོ་བོ་འབར་བ་དར་མ་རྒྱལ་མཚན་དང་། །ཡང་དག་རྡོ་རྗེ་ཕུག་པ་ཤེས་རྒྱལ་ལ། །དམ་རྫས་བདུད་རྩིིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རྔོག་སྟོན་འབུམ་དང་གྲོ་སྟོན་བསོད་ནམས་འབུམ། །བླ་ཆེན་བློ་རྒྱལ་ཕག་སྟོན་ཤཱཀ་མགོན་ལ། །དམ་རྫས་བདུད་རྩིིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྤུག་སྟོན་ཆེན་པོ་མཁས་གྲུབ་ཆེན་པོ་དང་། །སློབ་དཔོན་ཆེན་པོ་སེ་སྟོན་ཆེན་པོ་ལ། །དམ་རྫས་བདུད་རྩིིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཟླ་བ་མགོན་པོ་མཉམ་མེད་ནུབ་དགོན་པ། །དབང་པོའི་སྡེ་དང་བསྟན་པའི་རྒྱལ་མཚན་ལ། །དམ་རྫས་བདུད་རྩིིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གསང་བདག་གཉིས་པ་འཁོན་སྟོན་ཆོས་ཀྱི་རྗེ། །བཀའ་གཏེར་བླ་བརྒྱུད་རྩ་བའི་བླ་མ་ལ། །དམ་རྫས་བདུད་རྩིིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གྲུ་གསུམ་མཐིང་ནག་དཀྱིལ་འཁོར་ནས། །བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་དང་། །ཡུམ་ཆེན་གསོད་(༡༡ན)


GLG023_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྒྱལ་མོ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྨུག་ནག་འབར་བའི་དཀྱིལ་འཁོར་ནས། །གནོད་བྱེད་ཡ་མ་རཱ་ཛ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ལྗང་ནག་འབར་བའི་དཀྱིལ་འཁོར་ནས། །དྲེགས་པ་ཕྱག་ན་རྡོ་རྗེ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བསྐལ་པ་རྦ་ཀློང་འཁྲུག་པ་ནས། །རུས་སྦལ་རྔམ་པ་མི་ཟན་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཁམས་གསུམ་ཟིལ་གྱིས་གནོན་མཛད་པའི། །སྤྲུལ་པའི་བྱ་ཁྱུང་རྒྱལ་པོ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཁྱུང་སྟག་སེང་གེ་རོ་ཉེ་ཟུང་། །སྤྲུལ་པ་རྒྱན་གྱི་ལྷ་བརྒྱད་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ། །ལས་ཀྱི་བདག་པོ་རྣམ་གསུམ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཡ་མ་རཱ་ཛ་ལ་སོགས་ཏེ། །གཤེད་བཞི་ཡུམ་དང་བཅས་པ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དུང་གི་མོན་པ་ལ་སོགས་ཏེ། །མོན་བཞི་མོན་མོར་བཅས་པ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཧེ་ལི་ཁྱབ་པ་ལ་སོགས་ཏེ། །བདུད་བཞི་བདུད་མོར་བཅས་པ་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བྷེ་ཝ་ས་ཏྭ་ལ་སོགས་ཏེ། །ལས་ཀྱི་འཆི་བདག་བཅུ་གཉིས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྒོ་བཞི་བསྲུང་བའི་ལས་མཛད་པ། །དྲག་པོའི་སྒོ་བ་བཞི་རྣམས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དཔལ་ཆེན་བཀའ་ཉན་ཕོ་ཉའི་ཚོགས། །མ་(༡༡བ)


GLG023_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་དྲེགས་པའི་འཁོར་རྣམས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དངོས་གྲུབ་བླང་བ་ནི། ཨཱོཾ་ཨཱཿཧཱུཾ། སླར་ཡང་རིགས་འཛིན་སྨྲ་བའི་འབབ་སྟེགས་ཁར། །བདེ་ཆེན་བདུད་རྩིའི་རོ་མཆོག་མྱང་བ་ཡིས། །ཟིལ་གནོན་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས། །ཐོགས་པ་མེད་པར་མྱུར་དུ་སྩལ་དུ་གསོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨཱོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། རཀྟ་ནི། གདུག་ཅན་དགྲ་བགེགས་ཁྲག་གི་དངས་མའི་མཚོར། །མཁའ་དབྱིངས་པདྨ་རཀྟའི་འབབ་ལྡན་ཀུན། །གཅིག་བསྡུས་མཚམས་སྤྲིན་ལ་འགྲན་དབུ་འཕྲེང་དང་། །རབ་འཇིགས་རྦ་རླབས་ཆེར་གཡོའི་ཚོགས་རྣམས་འབུལ། །ཨྱེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི། གཏོར་མ་འབུལ་བ་ནི། ཞིང་བཅུ་བསྒྲལ་པའི་ཤ་རུས་དབང་ལྔའི་རྡུལ། །རབ་བརྩེགས་དམར་ཆེན་བྷ་ལིཾ་སྤྲིན་ཆེན་དབང་། །རིན་ཆེན་སྣ་བཞི་ཀུན་བཟང་མཆོད་སྤྲིན་དུ། །དམིགས་ཏེ་ཟིལ་གནོན་འཁོར་དང་བཅས་ལ་འབུལ། །ཨྱེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་མ་ཧཱ་བྷ་ལིཾ་ཏ་པཱུ་ཛ་ཁཱ་ཧི། སྦྲེང་མཆོད་ནི། དུག་ལྔའི་བདུད་རྩི་ཆེ་སྦྱར་ཡེ་ཤེས་ལྔ། །བསྒྲུབ་རྫས་བྱང་སེམས་མཾ་ས་རཀྟ་ཆུ། །དྲི་ཆེན་གྷོ་ཀུ་ད་ཧ་ན་སྦྱར་འདི། །འབུལ་གྱིས་དབྱིངས་ཐིམ་ཡོངས་ལ་ཁྱབ་གྱུར་ཅིག །ཨྱེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ནང་གི་འདོད་ཡོན་ནི། དུར་ཁྲོད་དབུས་སུ་ཚིལ་ཆེན་སྣང་འོད་འབར། །ཞིང་ལྤགས་བླ་བྲེས་འཕན་གཏིབས་རྒྱུ་མའི་འཕྲེང་། །ཀླད་པ་བྱང་སེམས་རྡོ་རྗེ་ལྷ་བ་ཤ །གསང་བ་དུར་ཁྲོད་སྣ་ལྔའི་མཆོད་པ་འབུལ། །ཨྱེ་ཀ་ཧེ་དུན་ཡ་མ་སྙིང་(༡༢ན)


GLG023_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ར་མ་ཙ་ཡ་མཧཱ་མཾ་ས་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། མཧཱ་བྷ་སུ་ཏ་ཁཱ་ཧི། མཧཱ་གོ་རོ་ཙ་ན་ཁཱ་ཧི། མཧཱ་ཀེཾནྲྀ་ཏི་ཁཱ་ཧི། རང་སྣང་ཤེས་རབ་ཨེ་གསང་ཆུ་གཏེར་ཆེ། །ཐབས་ཀྱི་དྲན་པའི་ཀ་བའི་ལྷུན་པོ་ཡིས། །ལེགས་པར་བསྲབས་ལས་བྱང་སེམས་བདུད་རྩི་མཆོག །འདུ་འཕྲོད་ཐོན་པའི་བདེ་ཆེན་རྒྱས་གྱུར་ཅིག །ཨྱེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་མ་ཧཱ་མུ་དྲ་པཱུ་ཛ་ཁཱ་ཧི་ཧོཿ དེ་ནས་བསྟོད་པ་ནི། རབ་འབྱམས་དུས་གསུམ་རྒྱལ་བ་མ་ལུས་པའི། །ཇི་སྙེད་གསང་གསུམ་ཡོན་ཏན་ཕུང་པོའི་ཚོགས། །མི་ཟད་སྐུ་གསུམ་ཁྲོ་རྒྱལ་གར་ཉམས་ཀྱིས། །རྒྱ་ཆེན་སྲིད་གསུམ་ལོག་འདྲེན་འཇོམས་ལ་བསྟོད། །ཞལ་ཁྱིམ་ཐུན་མཚམས་དུས་ཀྱི་མུན་པ་ལ། །དམར་ཟླུམ་སྤྱན་གྱི་གློག་སྟོང་དྲག་འཁྱུག་ཅིང་། །འཇིགས་རུང་གསུང་གི་དབྱར་གྱི་རྔ་བོ་ཆེ། །རབ་སྒྲོག་གནམ་ལྕགས་རྡོ་རྗེའི་ཟེགས་མ་འབབ། །ཨིནྡྲ་ནཱི་ལིའི་འཁྲི་ཤིང་བསྐྱོད་འདྲ་བའི། །ཕྱག་དྲུག་རྣོ་ངར་ཤསྟྲ་བཏབ་ཙམ་གྱིས། །འཇིག་རྟེན་འདས་དང་མ་འདས་ཁྲོ་རྒྱལ་ཀུན། །སྐྲག་སྟེ་སླར་ཡང་ཁྱོད་ཀྱི་བྲན་དུ་མཆིས། །རེག་བྱེད་གྲངས་ལྡན་བགྲོད་བྱེད་པད་གཉེན་སྟེང་། །མི་སྡུག་སྒྱུ་རྩལ་གར་གྱི་རྣམ་འགྱུར་འཆང་། །རྡོ་རྗེ་འབར་བའི་ཁྱུང་གཤོག་གདངས་པ་ཡིས། །སྟོང་གསུམ་འཇིག་རྟེན་འདི་ཡང་ཁེངས་སམ་སྙམ། །ཆོས་དབྱིངས་ཡེ་ཤེས་ངོ་བོ་རིགས་བརྒྱའི་བདག །མཚན་དཔེ་རྒྱན་ལྡན་བདེ་ཆེན་སར་འགྱིང་ཡང་། །སྲིད་གསུམ་འདི་ན་དཔེ་བྲལ་དྲག་པོའི་སྐུར། །སྟོན་མཛད་ཚེ་བདག་ནག་པོ་ཁྱོད་ལ་བསྟོད། །དངོས་འཛིན་མཚན་བྲལ་ཡེ་ནས་ཀ་དག་མཁར། །མ་གདོན་འབུམ་(༡༢བ)


GLG023_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྡེའི་མཚན་རྒྱུའི་གཉིས་སྐྱེས་ཚོགས། །འཇོམས་མཛད་བདེ་ཆེན་པད་ཚལ་རྒྱས་པའི་ཡུམ། །རྡོ་རྗེ་ཁྲོས་མ་བཅུ་གཉིས་བདག་པོར་བསྟོད། །རྣམ་ཤེས་ཕུང་པོ་ཡེ་དག་རྡོ་རྗེའི་རིགས། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །ཁྲོ་རྒྱལ་མཐུ་སྟོབས་སྦྱོར་བ་མེ་སྦྱིན་སྐྱེས། །འཇིགས་མཛད་སྲས་མཆོག་གཙུག་ན་ཟླ་བར་བསྟོད། །ཚོར་བའི་ཕུང་པོ་རྣམ་དག་རིན་ཆེན་རིགས། །གནོད་སྦྱིན་བདུད་དང་རྒྱལ་བཙན་ཐེའུ་རང་གཉན། །མུ་སྟེགས་ལས་ཀྱི་སྦྱོར་བའི་དུ་བའི་ཏོག །ཞི་མཛད་དྲེགས་པ་སིདྡྷའི་བདག་པོར་བསྟོད། །འདུ་བྱེད་ཕུང་པོ་རྣམ་དག་ལས་ཀྱི་རིགས། ཁམས་གསུམ་སྐྱེ་འགྲོའི་སྲོག་དང་བཀྲག་མདངས་ཚེ། །འབྱུང་བའི་དངས་མ་དབང་པོའི་བུང་བ་ཀུན། །སྡུད་མཛད་རུས་སྦལ་པུཎྜ་རཱི་ཀར་བསྟོད། །འདུ་ཤེས་ཕུང་པོ་རྣམ་དག་པདྨའི་རིགས། །གདུག་ཅན་ཀ་དྲུ་བུ་དང་ཀླུ་བདུད་ཀྱི། །མཛེ་སོགས་ཉེར་འཚེའི་སྦྱོར་བ་འགྲམ་ཐུང་མགོ །འགེམས་མཛད་ཁྱུང་ཆེན་འཕྲོག་བྱེད་དབང་པོར་བསྟོད། །སྡེ་བརྒྱད་དྲེགས་པ་རྦོད་གཏོང་རིག་སྔགས་དང་། །ཚ་བའི་དབལ་སོགས་གནོད་བྱེད་བྲག་གི་རི། །ཕྱེ་མར་འཐག་མཛད་གཟུགས་ཀྱི་སྤྲུལ་བསྒྱུར་ཅན། །རྒྱན་གྱི་ལྷ་བརྒྱད་ནམ་མཁའི་ཐོ་བར་བསྟོད། །དུག་གསུམ་རྣམ་དག་སྐུ་གསུང་ཐུགས་ཀྱི་གར། །རྣམ་འགྱུར་ཅིར་ཡང་སྟོན་པའི་ཁྲོ་བོའི་གཟུགས། །མནན་བཤིག་བསད་པའི་ལས་ཀྱིས་མཐའ་སྡུད་པའི། །ལས་ཀྱི་གཤིན་རྗེ་བདག་པོ་གསུམ་ལ་བསྟོད། །ཉོན་མོངས་བཞི་དག་སྤྱི་བོ་མགྲིན་པ་དང་། །སྙིང་ག་ལྟེ་བའི་རྩ་ཆེན་བསྲུང་སྐྱོབ་ཅིང་། །དགྲ་བགེགས་རྩ་འཁོར་བདུད་བཞི་རང་གཤེད་དུ། །དབབ་མཛད་ལས་ཀྱི་གཤེད་པོ་བཞི་ལ་བསྟོད། །ཚོགས་བརྒྱད་(༡༣ན)


GLG023_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མཆེད་བཅུ་གཉིས་ཡེ་དག་པའི། །ལོག་འདྲེན་དགྲ་སྡེའི་གཤེད་མ་མོན་བདུད་བརྒྱད། །འཆི་བདག་བཅུ་གཉིས་བདག་ལྟ་སྟོང་བའི་ངང་། །རང་རིག་ལྷར་གསལ་སྒོ་བ་བཞི་ལ་བསྟོད། །མ་བཅོས་རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དུ། །འཁོར་ལོའི་མགོན་གྱིས་གང་འཚམ་ལས་ཀྱི་ཕྱིར། །རབ་སྤྲོས་བརྗོད་བྲལ་སྤངས་མེད་ལྷ་ཚོགས་ལ། །སྒོ་གསུམ་དང་བའི་ཡིད་ཀྱིས་ཕྱག་འཚལ་བསྟོད། །དེ་ནས་བཟླས་པ་བྱ་བ་ནི། ཕྱི་ནང་གསང་གསུམ་ཡང་གསང་དང་བཅས་པའི་བཟླས་ཐབས་ལས། དང་པོ་ནི། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་གི་མཐར། །སྐུ་ཡི་སྔགས་ལས་འཇའ་ཚོན་ལྟ་བུའི་འོད། །བ་སྤུའི་བུ་ག་ནས་ཐོན་སྡིག་སྒྲིབ་ཀུན། །བ་མོར་ཉི་མ་ཤར་བཞིན་དག་པར་གྱུར། །ཨྱེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། གཉིས་པ་ནི། བདག་ཉིད་ལྷར་གསལ་ལྗགས་ཀྱི་རྩེ་མོ་ལས། །འོད་ཟེར་མེ་དཔུང་ཚ་ཚ་ལྔར་འཕྲོས་པས། །ལས་ངན་བག་ཆགས་བར་དུ་གཅོད་པ་ཀུན། །བྱ་སྒྲོ་མེ་ལ་བསྲེགས་པ་ལྟ་བུར་གྱུར། །ཨྱེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། གསུམ་པ་ནི། ཐུགས་ཀར་མཐིང་ནག་ཧཱུཾ་ལས་སྔགས་འཁོར་ནི། །ཨིནྡྲ་ནཱི་ལའི་འཕྲེང་བ་ལྟ་བུ་ལས། །མགལ་མེའི་འཁོར་ལོ་དང་མཚུངས་འོད་ཟེར་གྱིས། །སྡིག་སྒྲིབ་སྦུར་མ་མེ་ལྕེས་བསྲེགས་ལྟར་གྱུར། །ཨྱེ་དུན་ཀ་ཡཾ། བཞི་པ་ལ་བསྙེན་པར་བཟླ་བ་དང་། དྲག་པོར་བཟླ་བའི་ལུགས་གཉིས་ལས། །དང་པོ་ནི། བདག་ཉིད་ཁྲོ་རྒྱལ་ཕྱག་རྒྱ་ཟིལ་གནོན་དུ། །གསལ་བའི་ཙིཏྟ་རིན་ཆེན་ཟ་མ་ཏོག །ཉི་མའི་གདན་ལ་ཡེ་ཤེས་སེམས་དཔའ་ནི། །སྐུ་མདོག་སྨུག་ནག་ཐུགས་ཀར་སཱུཪྱའི་(༡༣བ)


GLG023_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་། ཁ་དོག་ལྔ་ལྡན་ཧཱུཾ་ལས་སྔགས་ཀྱི་ཕྲེང་། །གཡས་སུ་འཁོར་ལོས་འོད་ཟེར་འཕྲོས་པ་ཡིས། །ཡེ་ཤེས་སེམས་དཔའི་ཞལ་བརྒྱད་རང་གི་ལྕེ། །ཆུ་སྐྱེས་ཧྲཱིཿལ་སྔགས་ཀྱིས་བསྐོར་བར་ཕོག །དེ་ལས་འོད་འཕྲོས་ཀླད་ཁང་ཟླ་བའི་སྟེང་། །ཨཱོཾ་ལས་སྔགས་ཕྲེང་བསྐོར་ལ་ཕོག་པ་ཡིས། །ལུགས་བཟློག་ཏུ་འཕྲོས་མགལ་མེའི་འཁོར་ལོའི་མཐུས། །སྡིག་སྒྲིབ་ཀུན་སྦྱངས་དངོས་གྲུབ་རྣམ་གཉིས་ཐོབ། །སེམས་ཅན་དོན་བྱས་མཐུ་དཔལ་གཟི་མདངས་ཀུན། །རྟ་བདུན་འབུམ་གྱི་འོད་ལྟར་རྒྱས་པར་གྱུར། །ཕྱིར་འཕྲོས་དགྲ་དང་བགེགས་རྣམས་ཐལ་བར་བརླག །འཇིགས་མེད་རྡོ་རྗེ་ཁྲོ་བའི་སྲུང་བར་གྱུར། །ཨོཾ་ཨྱེ་ཨྱེ་ཨྱེ། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་ཡེ། ཀཱ་ལ་རཱུ་པ་ཀ་པ་ཡེ། ཧྲཱི་སྟི་ཨ་པ་ཡེ། ཨ་ཨཱ་ནེ་ཨ་ནེ། ཨུ་ཨཱུ་ནེ་ཨུ་ནེ། དུ་དཱུ་ནེ་དུ་ནེ། ཨ་ཨི་ཨུ་ཨེ་ཨོ་ཨཾ། ར་རཱི། ལ་ལཱི། དུ་རུ་ཡེ། བྱ་ཙ་ཡེ། སིང་ཧ་ཡེ། ཧྲི་ད་ཡེ། བེ་ཏ་ཡེ། ཙི་ཏ་ཡེ། ཧ་ལ་ཡེ། མུ་ཀ་ཡེ། ཨུ་ཨུ་ནེ། ཨུ་ཨུ་ནེ། བྱི་ཏྲི་ཏ། ཨ་ཨ་ན་ན། ཡ་མ་རཱ་ཛ། ཡ་མ་རཀྴ །ཡ་མ་རཀ་ཨ། ཡ་མ་རཀྵ། པེ་ཏ་ལི། ཀྲོ་ཏི་ཤྭ་རི། མ་མ་ཨེ་ཀ་ཛ་ཏི། དེ་མ་ཁ་ལ་བཾ་རིལ། རུ་ལུ་རུ་ལུ། །ཤྲཱི་བཛྲ་ཀྲོཏ །ཡ་མ་ཀརྨཱ་རོ་ཥ་ཎ། ཀྲྀ་ཏ་ཙན་ཏ། རཀྴ་མོན་ཏ་ཨཱཿཧཱུཾ་ཛཿ ཕྱི་མ་དྲག་པོར་བཟླ་དང་རྣོ་འདོན་སྔགས། །སྟོང་སྲོག་སྒོས་སྲོག་གདགས་སོགས་ཟབ་མོའི་གནད། །བརྒྱུད་ལྡན་བླ་མའི་གསུང་ལས་སྩལ་མིན་པ། །ཡི་གེར་འབྲི་བ་མཁའ་འགྲོའི་བཀའ་རྒྱས་གདམས། །དེ་ནས་གསོལ་བ་གདབ་པ་ནི། བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི། །མཐུ་སྟོབས་གཅིག་བསྡུས་འཇམ་དཔལ་གཤིན་(༡༤ན)


GLG023_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གཤེད། །ཕྱག་རྒྱ་ཟིལ་གནོན་འཁོར་དང་བཅས་པ་རྣམས། །རྣལ་འབྱོར་བདག་ལ་དེང་འདིར་དགོངས་སུ་གསོལ། །རྟག་ཏུ་ལུས་ནི་ཁྱོད་ཀྱི་སྐུར་བསྒོམ་ཞིང་། །ངག་ནི་གསང་སྔགས་ཟབ་མོ་བསྙེན་ཅིང་བསྒྲུབས། །ཡིད་ནི་བདེ་སྟོང་ཏིང་འཛིན་ལ་རོལ་ན། །དངོས་གྲུབ་བསྒྲུབ་པའི་འབྲས་བུ་དུས་ལ་བབ། །གནས་སྐབས་འཕྲིན་ལས་རྣམ་བཞིའི་ཚོགས་ཀུན་དང་། ཁྱད་པར་སྲུང་བཟློག་གསད་མནན་བསྲེག་འཕང་སོགས། །མངོན་སྤྱོད་དྲག་པོའི་ལས་རྣམས་མ་ལུས་པ། །མྱུར་འགྲུབ་སྲིད་གསུམ་ཀུན་ལས་རྒྱལ་བར་མཛོད། །མཐར་ཐུག་ཐེག་པ་རིམ་དགུའི་ཡང་རྩེ་མཆོག །སྤྲོས་བལ་ཨ་ཏི་ཆེན་པོའི་ལྟ་བ་དང་། །རིམ་གཉིས་ཟབ་ལམ་ཐབས་ཤེས་ཟུང་འབྲེལ་དུ། །བསྒོམས་པས་ཀུན་བཟང་གདོད་མའི་སར་བགྲོད་ཤོག །གཏེར་བདག་མཆོད་པ་ནི། མཐུ་ཆེན་སྡེ་བཞིའི་གཏོར་མ་དང་གཏོར་སྣོད་སོགས་མཁས་པའི་ཕྱག་ལེན་ལྟར་བཤམ། རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ། །མཚོ་སྐྱེས་རྡོ་རྗེ་གནུབས་བན་ལོ་ཙཱ་བ། །རྡོ་རྗེ་འོད་འབར་ལ་སོགས་སྤྱན་སྔ་རུ། ཁས་བླངས་དམ་ལྡན་མཐུ་ཆེན་སྡེ་བཞི་པོ། །ཐོགས་པ་མེད་པར་གནས་འདིར་གཤེགས་སུ་གསོལ། །བཛྲ་ཨཾ་གུ་ཤ་ཛཿཛཿ དགྲ་བགེགས་ཤ་ཁྲག་ས་འཛིན་ལྟ་བུར་སྤུངས། །དོན་སྙིང་ཁྲག་གི་འབབ་ལྡན་མཚོ་རུ་འཁྱིལ། །སྣ་ཚོགས་རུས་པས་ནོར་འཛིན་ཁྱོན་ཀུན་ཁྱབ། །གསུར་ཆེན་དུད་པ་ཞུན་ཆེན་མར་མེ་དང་། །སྨན་རཀ་གཏོར་གསུམ་བདུད་རྩི་བྱིན་བརླབས་འདི། །མཐུ་ཆེན་བདུད་བཙན་ཟུང་གི་སྤྱན་ལམ་དུ། །འདོད་དགུར་སྤྱོད་ལ་ཐོགས་མེད་འཕྲིན་(༡༤བ)


GLG023_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྒྲུབས། །རབ་དཀར་གཙང་མར་སྦྱར་བའི་བཤོས་བུ་ལ། །སྣ་ཚོགས་བཟང་པོའི་སྨན་སོགས་རྫས་ཀྱིས་བཀང་། །ཡིད་འོང་གཟུགས་མཛེས་རྒྱན་གྱིས་ལེགས་པར་སྤུད། །དྲི་ཞིམ་སྤོས་དང་གཙང་མའི་ཡོན་ཆབ་དང་། །སྒྱུ་རྩལ་ལས་ཀྱི་སྤྲུལ་བསྒྱུར་གར་ལ་སོགས། །འདོད་ཡོན་ལྔ་ལྡན་མཆོད་པ་དམ་པ་འདི། །བཀའ་ཉན་ལྷ་ཀླུ་ཟུང་གི་སྤྱན་ལམ་དུ། །འདོད་དགུར་སྤྱོད་ལ་ཐོགས་མེད་འཕྲིན་ལས་སྒྲུབས། །ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་གཏོར་མ་འབུལ། །དེ་ནས་བསྟོད་ཅིང་འཕྲིན་ལས་བཅོལ་བ་ནི། སྟོབས་ཀྱི་ཤུགས་འཆང་རྟ་དཀར་གདན་སྟེང་དུ། །ཞི་ཁྲོའི་ཉམས་ལྡན་རབ་དཀར་ལྷ་མཆོག་དཔལ། །ལྷབ་ལྷུབ་གོས་དང་འཇམ་དཀར་དར་ཐོད་ཅན། །སྲིད་རྩེར་བསྙེག་འདྲའི་དར་དཀར་རུ་མཚོན་འཕྱར། །སྟག་རལ་གཟིག་ཤུབས་རྐེད་བཅིངས་མཐུ་ལྡན་ཁྱོད། །སྔོན་གྱི་དམ་ཚིག་རྗེས་དགོངས་དགྲ་དཔུང་ལ། །མི་མཐུན་རྒྱུ་ཐུམས་སྙིང་གཟེར་ཚོགས་རྣམས་ཐོང་། །བཅོལ་བའི་ལས་ཀུན་ཐོགས་མེད་སྒྲུབ་པར་མཛོད། །ནོར་བུའི་འཁྲི་ཤིང་ལས་གྲུབ་ས་འཛིན་ལྟར། །མདོག་དམར་དར་གྱི་ཐོད་དང་ལྷབ་ལྷུབ་གོས། །སྟག་རལ་གཟིག་ཤུབས་རྐེད་བཅིངས་རུ་མཚོན་འཕྱར། །བཙན་གྱི་ཞགས་པ་དམར་པོ་གློག་ལྟར་འཕེན། །མཐུ་ལྡན་ཁྱོད་ཀྱི་དམ་ཚིག་རབ་དགོངས་ལ། །དམ་ཉམས་དགྲ་ལ་བཙན་ཞགས་དམར་པོ་ཐོག །གྲི་འཐབ་ལྷོག་གཟེར་ནད་སོགས་མ་ལུས་ཐོར། །བཅོལ་བའི་ལས་ཀུན་ཐོགས་མེད་སྒྲུབ་པར་མཛོད། །མཐིང་ནག་མུན་པའི་མདོག་ལྡན་སྲིན་པོའི་གཟུགས། །དར་ནག་གོས་གྱོན་དབུ་ལ་ཐོད་ནག་བཅིངས། །སྟག་རལ་གཟིག་ཤུབས་དང་ལྡན་རུ་མཚོན་འཛིན། །(༡༥ན)


GLG023_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ནག་ཞོན་ནས་མཚན་མོ་ཕྱོགས་བཅུར་རྒྱུ། །བདུད་ཞགས་ནག་པོས་དགྲ་བོའི་སྐེ་ནས་འཆིངས། །མཐུ་ལྡན་ཁྱོད་ཀྱི་དམ་བཅའ་མ་ཡེལ་བར། །ཐིབས་ནད་ནག་པོ་དགྲ་བོའི་སྟེང་དུ་ཕོབ། །བཅོལ་བའི་ལས་ཀུན་ཐོགས་མེད་སྒྲུབ་པར་མཛོད། །རབ་ཁྲོས་སྡེར་མོ་གནམ་ལྕགས་སྤུ་གྲི་ཅན། །རུས་སྦལ་ལ་བཅིབས་རྡོ་རྗེ་སྤྱན་གཅིག་མ། །དྲུག་སྦྲུལ་གདེངས་ཀའི་ཆུན་པོས་དབུ་ལ་བརྒྱན། །སྡིག་ལྤགས་གསོལ་ཞིང་སྲམ་གྱི་རྒྱལ་མཚན་འཛིན། །དུག་སྦྲུལ་ཞགས་པ་ནག་པོ་ཀླད་ལ་བསྐོར། །མཐུ་ཆེན་ཁྱོད་ཀྱི་དམ་བཅའ་མ་གཡེལ་བར། །ཀླུ་ནད་མཛེ་ཤུ་ནག་པོ་དགྲ་ལ་ཐོང་། །བཅོལ་བ་ལས་ཀུན་ཐོགས་མེད་སྒྲུབ་པར་མཛོད། །དེ་ནས་ཚོགས་ནི། རཾ་ཡཾ་ཁཾ་གྱིས་ཚོགས་ཀྱི་ཡོ་བྱད་ཀུན། །མ་དག་སྐྱོན་སྦྱངས་གསང་གསུམ་ཡིག་འབྲུ་ཡི། །ནུས་མཐུའི་འཕྲུལ་གྱིས་སྦྱངས་རྟོགས་རབ་སྦར་ཞིང་། །ཧོཿཡིས་ཟག་མེད་ཡེ་ཤེས་བདུད་རྩིར་གྱུར། །ཨཱོཾ་ཨཱཿཧཱུཾ་ཧོ༔གྷ་ན་ཙཀྲ་ཧཱུཾ་ཧྲཱིཿཋ། མགྲོན་སྤྱན་དྲང་བ་ནི། རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས། ཁྱད་པར་ཚེ་བདག་ནག་པོ་འཁོར་བཅས་རྣམས། །ཟག་མེད་ཚོགས་ཀྱི་འཁོར་ལོར་སྤྱན་འདྲེན་ན། །ཐོགས་པ་མེད་པར་མྱུར་དུ་གཤེགས་སུ་གསོལ། །ཚོགས་སྤྱིར་འབུལ་བ་ནི། །ངོ་བོ་སྣང་སྟོང་ཀུན་བཟང་མཆོད་པའི་སྤྲིན། །རྣམ་པ་འདོད་པའི་ཡོན་ཏན་ལྔ་ལྡན་འདི། །རྩ་གསུམ་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་འབུལ། །མཆོག་ཐུན་འདོད་དགུའི་དངོས་གྲུབ་སྩལ་དུ་གསོལ། །གཡོན་ཞལ་ལ་འབུལ་བ་ནི། ཟག་བྲལ་བདུད་རྩིའི་རོ་མཆོག་བརྒྱ་ལྡན་པའི། །ཡེ་ཤེས་ཚོགས་ཀྱི་མཆོད་པ་དམ་པ་འདི། །རབ་དམར་རྗེས་ཆགས་(༡༥བ)


GLG023_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གྱི་ཞལ་དུ་འབུལ། །དགྱེས་དགུར་སྤྱོད་ལ་དངོས་གྲུབ་རྣམ་གཉིས་སྩོལ། །ཡི་དམ་ནས་བཟུང་སྟེ་ཆོས་སྐྱོང་གི་བར་ལ་འབུལ་ལོ། །གཡས་ཞལ་ལ་བཤགས་པ་ནི། །མཆོག་དང་ཐུན་མོང་དངོས་གྲུབ་གངྒཱའི་རྒྱུན། །ལེགས་སྒྲུབ་འབྱུང་གནས་དམ་ཚིག་གངས་ཀྱི་རི། །ཉེས་ལྟུང་དྲི་མའི་ཚ་ཟེར་གྱིས་བཞུ་བ། ཁྲོ་རྒྱལ་ཆུ་འཛིན་ཚོགས་ལ་བཟོད་པར་གསོལ། །ཡིག་བརྒྱ་བརྗོད། དབུས་ཞལ་ལ་བསྒྲལ་མཆོད་ནི། ཧཱུཾ། ཨྱེ་རིང་ཚར་གཅིག་གིས་སྤྲུལ་པ་སྤྲོ། །ནྲིཿཛཿཏྲིཿཛཿ། ཛཿཧཱུཾ་བཾ་ཧོཿ པྲ་པེ་ཤ་ཕཊ་ཨ་བེ་ཤ་ཨཱཿ ཨྱེ། གྲུ་གསུམ་ཨེ་ཡི་སྣོད་ནང་དུ༔ བདུད་རྩི་ལྔ་ཡི་ཟས་ལྔ་ལ༔ མཚན་མ་མིང་དང་བཅས་པར་བྱ༔ གཏུམ་རྔམ་འཁྲུག་པའི་ལྷ་ཚོགས་ཀྱིས༔ དགྲ་བགེགས་དབང་པོ་བཀུག་ལ་བསྟིམ༔ ཕུར་པས་བཏབ་ལ་མཚོན་ཆས་གཏུབས། །ཨྱཻ། ཟིལ་གནོན་ལྷ་ཚོགས་འཁོར་བཅས་ཀྱི༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ གང་ལ་བྱ་བ་ཁྱེད་ཤེས་ཀྱིས༔ དམིགས་པ་གང་ཡིན་མྱུར་དུ་སྒྲོལ༔ ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས༔ རྩ་རྒྱུས་ཁྲག་དང་བླ་མཚོ་སྐོམས༔ ལུས་སྲོག་དབང་པོ་དངས་སྙེགས་ཕྱེ༔ འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མངོན་སྤྱོད་ཚུལ་བཞིན་སྒྲལ་པར་མཛོད༔ ཨྱེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན་ཪྣྲི་ཏྲི་སྲོག་ལ་ཧུར་ཐུཾ་ཛཿ རྩ་ཁྲག་སྙིང་ཐུཾ་རིལ་རི་ཤག་རྦད། དགྲ་བོའི་ཙིཏྟ་བྲེང་ཤག་ཛཿ སྲོག་ལ་ཧུར་ཐུམས་རྦད༔ ཨྱེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ དགྲ་བོ་ཨ་མུ་ཀ་སྲོག་ལ་ཐུམ་རྨུགས་བྷྱོ༔ སྲོག་ལ་ཁཾ་ཤག་བྷྱོ༔ སྲོག་ལ་བྲེང་ཤག་བྷྱོ༔ སྲོག་ལ་ཡི་ཤག་བྷྱོ༔ དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད། དགྲ་བོའི་(༡༦ན)


GLG023_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ལ་སྟཾ་བྷ་ཡ་ནན༔ ཨྱེ། ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ༔ བསྒྲལ་བའི་ཞིང་བཅུར་གྱུར་པ་འདི༔ བདུད་རྩིར་བསྒྱུར་ནས་འབུལ་ལགས་ཀྱི༔ གཏི་མུག་ཤ་ཡི་ངོ་བོ་ཟོ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་འཐུང་༔ ཞེ་སྡང་རུས་པའི་རི་བོ་ཆོམས༔ ང་རྒྱལ་མཁྲིས་པ་རྩད་ནས་དྲོངས༔ ཕྲག་དོག་དོན་སྙིང་ཞལ་དུ་གསོལ༔ ཕུང་པོ་ལྔ་དང་འབྱུང་བ་ལྔ༔ ཁམས་དང་སྐྱེ་མཆེད་མ་ལུས་པ༔ འབར་བ་གཤིན་རྗེའི་ཞལ་དུ་བསྟབ༔ བསྟན་པ་སྲུང་ཕྱིར་བཞེས་སུ་གསོལ༔ མ་ཧཱ་མཾ་ས། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བྷ་སུ་ཏ། མ་ཧཱ་གོ་རོ་ཙ་ན། མ་ཧཱ་ཀེཾ་ནྲི་ཏི་ཁཱ་ཧི། དེ་ནས་བསྐང་བའི་ཆོ་ག་ནི། ཐོད་པ་མཚན་ལྡན་གྱི་ནང་དུ་ཤ་ཆན་དང་སྦྱར་བའི་བག་ཟན་གྱི་བམ་རོའི་གཟུགས་མཚན་ཉིད་ཚང་བ། སྨན་རཀ་གཏོར་གསུམ་སྒྲོན་མེ་དང་བཅས་པ་ཕྱག་ལེན་ལྟར་བཤམས་ལ། ཧཱུཾ། གསང་ཆེན་གནས་མཆོག་བདེ་ཆེན་ཕོ་བྲང་འདིར། །རབ་ཡངས་ཐོད་པའི་སྣོད་དུ་བམ་ཆེན་རོའི། །སྤྱི་བོར་བྷ་ལིང་རྒྱན་ལྡན་ཁྱུང་ཆེན་ལྡིང་། །ལག་གཉིས་ཐོད་ནང་སྨན་རཀ་མཚོར་འཁྱིལ་ཞིང་། །ཚིལ་ཆེན་མར་མེ་རྟ་བདུན་འོད་ལྟར་གསལ། །ཤ་ཆེན་དུད་པའི་སྤྲིན་གྱིས་ལྷ་ལམ་ཁྱབ། །སྲོག་ཆགས་ལུས་ཀྱི་རྣམ་འགྱུར་གྲངས་ལས་འདས། །སྙན་བརྗིད་སྒྲ་ཡིས་ཕྱོགས་ཀྱི་འཁོར་ལོ་འགེངས། །ཀུན་ཀྱང་རང་རང་དགྱེས་དགུར་ལོངས་སྤྱོད་པའི། །ལུས་ཀྱི་ཕྱི་ནང་དབང་པོ་དོན་སྣོད་དང་། །ཤ་ཁྲག་རུས་པ་ཚེ་སྲོག་དབུགས་ལ་སོགས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །འདོད་ཡོན་ལྔ་ལྡན་ཀུན་བཟང་མཆོད་སྤྲིན་འདིས། །བཅོམ་(༡༦བ)


GLG023_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཕྱག་རྒྱ་ཟིལ་གནོན་ཐུགས་དམ་བསྐང་། །ཡུམ་ཆེན་རྡོ་རྗེ་ཁྲོས་པའི་ཐུགས་དམ་བསྐང་། །སྲས་མཆོག་དྲེགས་པ་གཉིས་ཀྱི་ཐུགས་དམ་བསྐང་། །རུས་སྦལ་ཁྱུང་ཆེན་ཟུང་གི་ཐུགས་དམ་བསྐང་། །སྤྲུལ་པ་རྒྱན་གྱི་ལྷ་བརྒྱད་ཐུགས་དམ་བསྐང་། །ལས་གཤིན་བདག་པོ་གསུམ་གྱི་ཐུགས་དམ་བསྐང་། །ཕྱི་ནང་གསང་གསུམ་གཤེད་པོའི་ཐུགས་དམ་བསྐང་། །འཆི་བདག་བཅུ་གཉིས་སྒོ་བཞི་ལས་གཤིན་སོགས། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི། །ཐུགས་དམ་གཉན་པོ་དབྱིངས་སུ་སྐོང་གྱུར་ནས། །བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །ལྷག་མ་བཏང་བ་ནི། ཨཱོཾ་ཨཱཿཧཱུཾ་ཧོ༔ ཨཱོཾ་བཛྲ་ཊཱ་ཀི་རཱ་ཛ་ཧཱུཾ་ཛ༔ དཀྱིལ་འཁོར་ཕྱི་རོལ་བར་ཁྱམས་རབ་ཡངས་པར། །སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་པའི། །མཁའ་འགྲོ་གཤིན་རྗེ་ལ་སོགས་དྲེགས་པའི་ཚོགས། །ཐམས་ཅད་ཐོགས་པ་མེད་པར་འདིར་འདུས་ཤིག །ཨཱོཾ་ཤྲཱི་མཉྫུ་ཀྲོ་ཏ་ཛྙཱ་ན་སརྦ་དུཥྚཾ་བྷནྡྷ་ཡ་ཕཊ། ས་མ་ཡ་དུ་མནྟ་ཀ་ར་ཡ་ཕཊ། ཨེ་ཀ་ས་མ་ཡ་ཧཱུཾ། དམར་ཆེན་ཤ་ཁྲག་བདུད་རྩི་ཨ་མྲྀ་ཏ། །ཚོགས་ལ་རོལ་བའི་ལྷག་གཏོར་འདི་བཞེས་ལ། །བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ཀྱི། །འགལ་རྐྱེན་ཀུན་གསོལ་མཐུན་པའི་དོན་རྣམས་སྒྲུབས། །ཨཱོཾ་ཨེ་ཀ་ཡ་མ་ཀྲོདྷ་ཁཱ་ཧི། ཀརྨ་ཡ་མ་སརྦ་ས་མ་ཡ་ཁཱ་ཧི། མ་མ་རཀྵ་ཌཱ་ཀི་ནི་ཁཱ་ཧི། །བདུད་པྲ་མ་ཡ་ཁཱ་ཧི། པྲེ་ཏ་བྷིན་དྷ་ཁཱ་ཧི། ཡ་མ་རཱ་ཛ་པྲེ་ཏ་ཛ་ལ་ཁཱ་ཧི། ཡ་མ་རཱ་ཛ་པྲེ་ཏ་ཐོརྐ་ཁཱ་ཧི། གྱིང་ཀཱ་ར་ཁཱ་ཧི། དགྲ་བོའི་མ་ཧཱ་མཾ་ས་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། དེ་ནས་རང་བཞིན་གྱི་ཆེད་དུ་གནམ་ལྕགས་སྡིག་པའི་ཆོས་སྡེ་ནས་གསུངས་པའི་དྲག་པོ་ཟོར་གྱི་ལས་བྱ་བ་ནི། (༡༧ན)


GLG023_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཏྲཾ་གྱི་སྟེང་དུ་ལྕགས་སླང་བུག་རྡོལ་མེད་པའི་ནང་དུ་རི་རབ་བང་རིམ་བཞི་པར། ལྷ་སོ་སོའི་གཏོར་མ་ཐོག་གཟུགས་བྱ། ཙ་ཀ་ལི་རྩང་མར་མཚེ་ཡུངས་སོགས་དང་། ཀོང་ཟོར། ཁྲག་ཟོར། མདའ་ཟོར། ཡུངས་ཟོར། རྡོ་ཟོར་རྣམས་བཞིའམ་བརྒྱད་དང་། ཁྱད་པར་གཡག་འོག་ཡོད་ཀྱི་རྭ་གཡས་དང་། ཐུན་རྫས་གཏོར་ཆུང་དང་ལིང་ག་བཟློག་གསད་སྐབས་ཐོབ་ཀྱིས་ཕྱེ་བ་རྣམས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་ཞིབ་པར་བཤམས། ཆས་གོས་རྣམས་ནག་པོར་བྱས་ཏེ། རང་ཉིད་ཟིལ་གནོན་དུ་གསལ་བའི་ང་རྒྱལ་གྱིས། ཨཱོཾ་སུམྦྷ་སོགས་ཀྱིས་བགེགས་བསྐྲད། རཾ་ཡཾ་ཁཾ་གྱིས་སྨན་རཀ་གཏོར་གསུམ་གྱི་སྐྱོན་རྣམས་སྦྱངས་ཏེ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། དེ་ནས། ཨཱོཾ་སྭ་བྷ་ཝས་མདུན་བསྐྱེད་ཀྱི་གཏོར་ཟོར་རྣམས་སྟོང་པར་སྦྱངས། སྟོང་པའི་ངང་ལས་འབྱུང་བཞིའི་དཀྱིལ་འཁོར་རིམ་གྱིས་བརྩེགས་པའི་སྟེང་དུ་ཀེཾ་ལས་ཀེང་རུས་ཀྱི་རི་རབ་ཡངས་ཤིང་རྒྱ་ཆེ་བ། དེའི་སྟེང་དུ་བྷྲུཾ་ལས་དུར་ཁྲོད་ཀྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་དང་ལྡན་པ། བནྡྷ་སྐམ་རློན་གྱི་རྩིག་པ་ལ་གནས་པ་ལ་གནམ་ལྕགས་ཀྱི་གཟེར་བཏབ་པ། ནང་ལྷ་ཆེན་བརྒྱད་ཀྱི་ཀ་བ། ཀླུ་ཆེན་བརྒྱད་ཀྱི་གདུང་། གཟའ་ཆེན་བརྒྱད་ཀྱི་གཞུ། རུས་སྦལ་གྱི་ཀ་གདན་གླང་ཆེན་གྱི་མ་ཐེམ། འབྲུག་གི་ཡ་ཐེམ། འགྲམ་གཉིས་སེང་གེ །སྟག་གཟིག་གི་སྒོ་ལ་ཉི་ཟླ་ཟུང་གིས་བརྒྱན་པ། ཆུ་སྲིན་གྱི་པད་བསྐོར། ཞིང་ཆེན་གྱི་ཐོག་ཕུབ་པ། དུག་སྦྲུལ་དང་རྒྱུ་རློན་གྱི་དྲ་བ་དྲ་ཕྱེད་འཕྱང་བ། དེའི་དབུས་སུ་ཨེའི་(༡༧བ)


GLG023_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བྲང་གླིང་དགུ། ཟླ་གམ་དམར་པོ་གསུམ་དང་ལྡན་པ། དེའི་ཕྱི་རོལ་ཏུ་ལྕགས་འཁོར་བཅུ་གཉིས་ཐོད་རས་བསྐོར་བ། གྲུ་ཆད་བཞིར་ལྕགས་མཁར་གྲུ་གསུམ་བཅུ་གཉིས་ཁྱམས་དང་བཅས་པ། ཕྱི་རོལ་ཏུ་རྡོ་ར་མེ་རིས་བསྐོར་བ། དབུས་སུ་ཀླུ་འབུམ། གཉན་ཁྲི། ས་བདག་སྟོང་། ཕྱོགས་སྐྱོང་བཅུ་རྣམས་སྤྱི་བཅིངས་སུ་བསྣོལ་བའི་ཁར་མ་ཧེ་བརྒྱད་ཀྱིས་བཏེགས་པའི་འཁོར་ལོ་པདྨ་ཉི་ཟླའི་གདན་སྟེང་དུ། སྐད་ཅིག་གིས་གཏོར་མ་འཇམ་དཔལ་ཚེ་བདག་ནག་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ། རྩ་ཞལ་དུག་ཧ་ལའི་མདོག་ལྟ་བུ། གཡས་ཞལ་དཀར་ལ་གཡོན་ཞལ་དམར་བའི་མདངས་ཅན། དམར་ལ་ཟླུམ་པའི་སྤྱན་དགུ་སྡང་མིག་ཏུ་བགྲད་ཅིང་། དབུ་སྐྲ་དང་སྨ་ར་སྨིན་མ་རྣམས་བསྐལ་པའི་མེ་ལྟར་འབར་བ། རབ་དཀར་མཆེ་བའི་ཆུ་འཛིན་གྱི་དབུས་སུ་ལྗགས་ཀྱི་གློག་འཕྲེང་འཁྱུག་པ། ཕྱག་གཡས་ཀྱི་དང་པོས་གནམ་ལྕགས་ལས་གྲུབ་པའི་འཁོར་ལོ་རྩིབས་བཅུ་པ་སྡིགས་མཛུབ་དང་བཅས་ཏེ་བསྐོར་བས་གཤིན་རྗེའི་ཚོགས་རྣམས་ཀྱང་སྡིགས་པ། བར་པས་རལ་གྲི་མེ་རབ་ཏུ་འབར་བས་བདུད་སྡེ་ཀུན་ལ་འཆི་བའི་འཇིགས་པ་སྟེར་བ། ཐ་མ་གསེར་གྱི་རྡོ་རྗེ་རྩེ་ལྔ་པས་མི་མཐུན་ཕྱོགས་རྣམས་ཀུན་ལས་བསྲུང་བ། གཡོན་གྱི་དང་པོ་ནི་རྡོ་རྗེས་མཚན་པའི་བེ་ཅོན་ནོར་བུ་འབར་བའི་ཏོག་གིས་མཚན་པ་ནམ་མཁའ་ལ་འཕྱར་བས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་སྩོལ་བ། བར་པ་ན་པདྨ་རཱ་གའི་ལྷུན་པོ་སྐྱེངས་པར་བྱེད་པའི་གཏུན་ཤིང་གིས་སྲིད་གསུམ་དྲེགས་པའི་མགོ་བོ་འགེམས་པ། ཐ་མ་སྡིགས་མཛུབ་དང་བཅས་པའི་ཞགས་པས་ལོག་འདྲེན་དགྲ་བགེགས་ཐམས་ཅད་འཆིང་བ། རྒྱལ་བ་རིགས་ལྔའི་བདག་ཉིད་ཅན་གྱི་ཐོད་སྐམ་ལྔའི་དབུ་རྒྱན་རིན་པོ་ཆེའི་(༡༨ན)


GLG023_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ཕྲན་གྱིས་བརྒྱན་པ། སྡེ་བརྒྱད་དྲེགས་པའི་མགོ་དང་ཙིཏྟ་རྒྱུ་མའི་སྲད་བུ་ལ་བརྒྱུས་པའི་དོ་ཤལ་དང་། རིན་པོ་ཆེའི་ཕྲེང་བ་དང་སྦྲུལ་གྱི་གདུ་བུ་རྣམས་ཀྱིས་སྤྲས་ཤིང་། རྡོ་རྗེ་འབར་བའི་ཁྱུང་གཤོག་མཁའ་ལ་གདེངས་པ། སྐུ་སྟོད་གླང་ཆེན་གྱི་ཀོ་རློན་དང་མི་ལྤགས་ཀྱི་གཡང་གཞི་གསོལ་ཞིང་། སྟག་ལྤགས་ཀྱི་ཤམ་ཐབས་སོགས་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། གར་དགུའི་ཉམས་ལྡན་ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་གིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། སྤྱི་གཙུག་ཏུ་བྱ་ཁྱུང་དཀར་པོ་རལ་གྲིའི་གཤོག་པ་ལ་གནམ་ལྕགས་ཀྱི་མཆུ་སྡེར་ཅན། སྤྱི་བོར་ནོར་བུ་རིན་པོ་ཆེས་བརྒྱན་པ། ཀླུ་གཉན་ཀུན་གྱི་གཤེད་མ་མཛད་ཅིང་ནམ་མཁའ་ལ་ལྡིང་བ། གཡོན་ཕྱོགས་སུ་ཡུམ་ཆེན་པེ་ཏ་ལི་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་དགྲ་བགེགས་ཀྱི་དོན་སྙིང་བཟུང་ནས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་བནྡྷ་རཀྟས་བཀང་བ་གཙོ་བོའི་ཞལ་དུ་སྟོབ་པ། རིན་པོ་ཆེ་དང་ཐོད་སྤྲུལ་ལ་སོགས་པའི་རྒྱན་གྱིས་སྤྲས་ཤིང་ཞབས་གཉིས་ཡབ་ལ་འཁྱུད་པའི་ཚུལ་གྱིས་མ་སྲིན་ཐམས་ཅད་ཟིལ་གྱིས་གནོན་པ། གཡས་སུ་དབྱིངས་ཡུམ་སྲིད་པའི་རྒྱལ་མོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་སྐྱེ་འགྲོ་ཁྲམ་ལ་འདེབས་ཤིང་། གཡོན་ནད་ཀྱི་རྐྱལ་པ་དགྲ་ལ་འཕྱོ་བ། མི་ལྤགས་ཀྱི་སྟོད་གཡོགས་དང་གཟིག་ལྤགས་ཀྱི་ཤམ་ཐབས་གྱོན་པ། དབུ་སྐྲ་སྤྱི་བོར་བཅིངས་པ། རྨ་བྱའི་སྒྲོ་མདོངས་ཀྱིས་བརྒྱན་ཅིང་ཐོད་སྦྲུལ་གྱི་དོ་ཤལ་དང་དར་གྱི་ལྷབ་ལྷུབ་ཅན། བམ་རོ་དམར་པོའི་སྟེང་ལ་བཞུགས་པ། གླིང་དགུའི་ཤར་ཕྱོགས་(༡༨བ)


GLG023_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཟ་ཕོ་མོ་བསྣོལ་བའི་སྟེང་དུ་དྲེགས་པའི་བདག་པོ་ཕྱག་ན་རྡོ་རྗེ་ལྗང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་སྙིང་ཕྲེང་འཛིན་ཅིང་། སྦྲུལ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། དར་སྔོན་པོའི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཀླུ་གཉན་ས་བདག་ཀུན་གྱི་གཤེད་མ་མཛད་པ། ལྷོ་ཕྱོགས་གཤིན་རྗེ་ཕོ་མོ་བསྣོལ་བའི་གདན་ལ་གསོད་བྱེད་སྲས་མཆོག་ཡ་མ་རཱ་ཙ་ཞལ་གཅིག་ཕྱག་གཉིས་པ་འཁོར་ལོ་དང་ཙིཏྟ་འཛིན་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། གཟའ་རྒོད་རྦོད་གཏོང་ཐམས་ཅད་ཀྱི་སྟོབས་འཇོམས་པར་མཛད་པ། ནུབ་ཕྱོགས་ཀླུ་དབང་ཕོ་མོ་བསྣོལ་བའི་གདན་ལ་རུས་སྦལ་རྔམ་པ་མི་ཟན་གསེར་རྒྱབ་སེར་པོ་ལ་དུག་ཁྲག་གི་ཐིག་ལེས་བརྒྱན་པ། སྤྱན་གཉིས་ཉི་ཟླ་ལྟར་གསལ་ཞིང་མཆེ་བ་གངས་རི་ལྟར་དཀར་བ། སྡེར་མོ་སྤུ་གྲི་ལྟར་རྣོ་ཞིང་བ་སྤུ་མཚོན་ཆ་ལྟར་གཟིངས་པ། སྲིད་གསུམ་འབྱུང་བ་ཐམས་ཅད་ལྟོ་བར་འཆང་ཞིང་། ལྷ་སྲིན་སྡེ་བརྒྱད་ཀུན་ལས་རྣམ་པར་རྒྱལབ། བྱང་ཕྱོགས་གནོད་སྦྱིན་ཕོ་མོ་བསྣོལ་བའི་གདན་ལ་སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་སྔོ་ནག་དུག་གི་བརླབ་སྤྲིན་ལྟར་འཕྱོ་བ། གཡས་རལ་གྲི་གློག་གི་ཕྲེང་བ་འཛིན་ཅིང་། གཡོན་གཡུའི་སྤྱང་མོ་མགོ་དགུ་འགྱེད་པས་དགྲ་བགེགས་ཀྱི་བླ་དགུགས་པ། མི་ལྤགས་རེ་ལྡེའི་གོས་དང་ཐོད་སྦྲུལ་གྱི་རྒྱན་ཅན། རལ་པ་ཉི་ཟླ་པདྨ་ནོར་བུས་མཛེས་ཤིང་བམ་རོའི་གདན་ལ་བཞུགས་པ། ཤར་ལྷོར་མེ་ལྷའི་གདན་ལ་ལྷའི་གཤེད་པོ་སེང་གེའི་མགོ་ཅན། གཡས་སྲིད་པའི་ཕྱགས་ཤིང་དང་གཡོན་ན་གནམ་ལྕགས་ཀྱི་འཁོར་ལོ་འཛིན་པ། མི་ལྤགས་ཀྱི་གཡང་གཞི་དང་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་(༡༩ན)


GLG023_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཡུམ་སེང་གེའི་གཟུགས་ཅན་འགྱིང་བ་ལ་བཅིབས་པ། ལྷོ་ནུབ་སྲིན་པོའི་གདན་ལ་སྲོག་བདག་དམར་པོ་སྟག་གི་མགོ་ཅན། གཡས་བེ་ཅོན་དང་གཡོན་གནམ་ལྕགས་ཀྱི་འཁོར་ལོ་འཛིན་ཅིང་ཞིང་ཆེན་དང་སྟག་ལྤགས་གསོལ་བ། ཡུམ་སྟག་གི་གཟུགས་ཅན་མི་རོ་ཟ་བ་ལ་ཆིབས་པ། ནུབ་བྱང་རླུང་ལྷའི་གདན་ལ་ཀླུ་གཤེད་ནག་པོ་ཆུ་སྲིན་གྱི་མགོ་ཅན། རལ་པའི་གསེབ་ནས་དུག་སྦྲུལ་དགུ་གདེང་བ། གཡས་ཁྲམ་ཤིང་དང་གཡོན་འཁོར་ལོ་འཛིན་ཅིང་། རུས་སྦལ་གྱི་གཡང་གཞི་དང་དར་དམར་གྱི་ཨང་རག་གསོལ་བ། ཡུམ་སྦྲུལ་གྱི་གཟུགས་ཅན་གདུག་པའི་ཁ་རླངས་འཕྱོ་བ་ལ་བཅིབས་པ། བྱང་ཤར་དབང་ལྡན་གྱི་གདན་ལ་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀའི་དེད་དཔོན་ཁྱུང་གི་མགོ་ཅན་སྐུ་མདོག་མཐིང་སྨུག་བྱ་རྒོད་ཀྱི་གཡང་གཞི་གསོལ་པ། གཡས་རལ་གྲི་དང་གཡོན་འཁོར་ལོ་འཛིན་པ། ཡུམ་ཁྱུང་གི་གཟུགས་ཅན་ཁ་ལ་མེ་འབར་བ་ལ་བཅིབས་པ། བྱང་ཕྱོགས་ཀྱི་ཟླ་གམ་ལ་དམྱལ་ཁམས་ཕོ་མོ་བསྣོལ་བའི་གདན་སྟེང་དུ་སྐུ་ཡི་སྤྲུལ་པ་ཚེ་བདག་ནག་པོ་དབུ་དགུ། ཕྱག་བཅོ་བརྒྱད་པ། རྩ་ཞལ་གཡས་དཀར་གཡོན་དམར་དབུས་མཐིང་ཁྲོ་བོའི་ཞལ་ཅན། བར་པ་གསུམ་གཡས་སྟག་གཡོན་དོམ་དབུས་གཟིག་གི་ཞལ་ཅན། སྟེང་མ་གསུམ་ག་ཁྱུང་གི་གདོང་ཅན། གཡས་ཀྱི་ཕྱག་དགུ་ན་འཁོར་ལོ། རལ་གྲི །རྡོ་རྗེ། ཁ་ཊྭཱཾ། མདུང་ཐུང་། དུག་མདའ། དབྱུག་པ། རྒྱ་གྲམ། ལྕགས་ཀྱུ། གཡོན་གྱི་ཕྱག་དགུ་ན་བེ་ཅོན། གཏུན་ཤིང་། སྦྲུལ་ཞགས། ཁ་ཊྭཱཾ། སྡིགས་མཛུབ། སྤུ་གྲི། དགྲ་སྟ། གཡང་གཞི། སྙིང་ཕྲེང་འཛིན་(༡༩བ)


GLG023_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པ། གླང་ལྤགས་ལ་སོགས་པའི་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཞབས་བརྒྱད་གཡས་བསྐུམ་གཡོན་བརྐྱང་གི་ཚུལ་གྱིས་བཞུགས་པ། ཤར་ལྷོའི་ཟླ་གམ་ལ་ས་བདག་ཕོ་མོ་བསྣོལ་བའི་གདན་སྟེང་དུ་གསུང་གི་སྤྲུལ་པ་སྲོག་བདག་དམར་པོ་དབུ་དགུ་ནག་པོ་བྱ་རོག་གི་གདོང་པ་ཅན། ཕྱག་གཡས་གནམ་ལྕགས་ཀྱི་འཁོར་ལོ་དང་། གཡོན་རྒྱུ་ཞགས་བསྣམས་པ། ལུས་ཐམས་ཅད་མིག་གིས་ཁེངས་པ། མི་ལྤགས་ཀྱི་གཡང་གཞི། སྟག་ལྤགས་ཀྱི་ཤམ་ཐབས། ཐོད་རློན་གྱི་དོ་ཤལ་ཅན། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ། ལྷོ་ནུབ་ཀྱི་ཟླ་གམ་ལ་ཀླུ་གཉན་ཕོ་མོ་བསྣོལ་བའི་གདན་སྟེང་དུ་ཐུགས་ཀྱི་སྤྲུལ་བ་འཆི་བདག་ནག་པོ་ཆུ་སྲིན་གྱི་ཞལ་ལ་སྦྲུལ་མགོའི་གདེངས་ཀ་ཅན། གཡས་གནམ་ལྕགས་ཀྱི་དགྲ་སྟ་དང་གཡོན་སྦྲུལ་ཞགས་འཛིན་པ། མི་ལྤགས་ཀྱི་གོས་ཅན། སྐུ་སྨད་སྦྲུལ་གྱི་ཆུན་པོ་འཁྱིལ་བ། དུག་སྦྲུལ་གྱི་སྟེང་དུ་བཞུགས་པ། དེའི་ཕྱི་རོལ་ཏུ་ལྕགས་མཁར་བཅུ་གཉིས་ལ་སྲིན་པོ་ཡ་མ་རཱ་ཙ་གཡས་རོ་དབྱུག་དང་གཡོན་འཁོར་ལོ་བསྣམས་པ། ཡུམ་ཐལ་མདོག་མ་དང་སྦྱོར་བ། གཤིན་རྗེ་མྱོས་བྱེད་འབར་བ་སེར་ནག་གཡས་བེ་ཅོན་དང་གཡོན་འཁོར་ལོ་བསྣམས་པ། ཡུམ་གསོད་བྱེད་མ་དང་སྦྱོར་བ། གཤིན་རྗེ་ཨཪྻ་མ་རུ་དམར་པོ་གཡས་བེ་ཅོན་དང་གཡོན་རྩེ་གསུམ་བསྣམས་པ་ཡུམ་སྲོག་ལེན་མ་དང་སྦྱོར་བ། གནོད་སྦྱིན་རལ་པ་ཚར་དགུ་ལྗང་ནག་གཡས་བེ་ཅོན་དང་གཡོན་འཁོར་ལོ་བསྣམས་པ། ཡུམ་བདུད་མོ་རལ་གཅིག་མ་དང་སྦྱོར་བ། དུང་གི་མོན་པ་སེང་གེའི་མགོ་ཅན། ཡུམ་བླ་རྐུན་མ་དང་སྦྱོར་བ། ལྕགས་ཀྱི་མོན་པ་སྟག་གི་མགོ་ཅན། ཡུམ་གཡུ་རལ་མ་དང་སྦྱོར་བ། བསེའི་མོན་པ་དྲེད་ཀྱི་མགོ་ཅན། མོན་མོ་ཁྲག་རལ་མ་དང་སྦྱོར་བ། གསེར་གྱི་མོན་པ་(༢༠ན)


GLG023_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་གི་མགོ་ཅན། མོན་མོ་སྙིང་འབྱིན་མ་དང་སྦྱོར་བ། བཞི་གའང་གཡས་བེ་ཅོན་དང་གཡོན་དགྲ་བགེགས་ཀྱི་དོན་སྙིང་བསྣམས་པ། ཧེ་ལེ་ཁྱབ་པ་དཀར་པོ། མ་མོ་སྙིང་རྐུན་མ་དང་སྦྱོར་བ། ནག་པོ་འཇུམ་མེད་སེར་པོ་མ་མོ་སྙིང་ཁྲག་བཅུད་འཐུང་མ་དང་སྦྱོར་བ། སོ་འདར་འཁྲིགས་པ་དམར་པོ། ནག་མོ་ཤ་ལ་གཟེར་འདེབས་མ་དང་སྦྱོར་བ། རལ་པ་སྤྱི་བཅིངས་ལྗང་ནག །ནག་པོ་ཁྲག་རལ་མ་དང་སྦྱོར་བ། བཞི་གའང་གཡས་བེ་ཅོན་དང་གཡོན་བདུད་ཞགས་བསྣམས་པ། གྲུ་ཆད་ཀྱི་ལྕགས་མཁར་བཅུ་གཉིས་ལ། བྷ་ཝ་ས་ཏྭ་མཐིང་ནག །ནོར་བུ་དགེ་འཕེལ་དང་འཇོམས་བྱེད་གཉིས་སེར་ནག །ཡཀྴ་གློག་འཕྲེང་དམར་ནག །ཡཀྴ་གསོད་བྱེད་ནག་པོ། གཏུམ་པོ་དུད་ཀ །གང་བ་ཀུན་འཇོམས་དཀར་པོ། ཁ་འབར་རལ་གཅིག་མཐིང་ནག །སྦྲུལ་མགོ་ཀུན་འཛིན་དང་། དད་པ་སྟོབས་ལྡན་སེར་པོ། ཧེ་ལེ་ཁྱབ་པ་དང་། གྱད་པ་སྟོབས་ཆེན་ནག་པོ། བཅུ་གཉིས་པོ་རྣམས་ཀྱང་གཡས་བེ་ཅོན་དང་གཡོན་འཁོར་ལོ་འཛིན་པ། ཕྱི་ནང་གསང་བའི་གཤེད་པོ་བཅུ་གཉིས་དང་། ལས་ཀྱི་འཆི་བདག་བཅུ་གཉིས་པོ་ཐམས་ཅད་ཀྱང་ཐོད་སྐམ་གྱི་དབུ་རྒྱན། ཞིང་ཆེན་གྱི་གཡང་གཞི། སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ། ཕྱིའི་ཁྱམས་སུ་ཤར་དུ་བདུད་པོ་ཁྲམ་ཐོགས་བརྒྱད། ལྷོར་གཤིན་རྗེ་གླང་ཞོན་བརྒྱད་བེ་ཅོན་དང་འཁོར་ལོ་འཛིན་པ། ནུབ་ཏུ་མ་མོ་དྲིལ་ནག་ཞོན་པ་བརྒྱད་ནད་རྐྱལ་དང་ཐུན་ཟོར་བསྣམས་པ། བྱང་དུ་གནོད་སྦྱིན་བྱ་ནག་ཞོན་པ་བརྒྱད་རལ་གྲི་དང་ཞགས་པ་བསྣམས་པ། ཤར་སྒོར་དཀར་པོ་སྙིང་འབྱིན། ལྷོ་སྒོར་མགོན་པོ་(༢༠བ)


GLG023_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ནུབ་སྒོར་ཡབ་རྗེ་ནག་པོ། བྱང་སྐོར་སྐུ་མཆོག་དམར་པོ་རྣམས་རང་འདྲའི་མདོག་དང་མཚུངས་པའི་བེར་གསོལ་ཞིང་། གཡས་ཁྲམ་ཤིང་དང་གཡོན་འཁོར་ལོ་འཛིན་པ། ཐམས་ཅད་ཀྱང་སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དཀྱིལ་འཁོར་གྱི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད། དེ་ན་གནས་པའི་ཕྱོགས་སྐྱོང་བཅུ། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། བདེ་དཔོན་ཆེན་པོ་དགུ། གཙང་རིགས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་པོ་རྣམས་ལ་ཡང་རང་འདྲའི་འཁོར་འབུམ་འབུམ་གྱིས་བསྐོར་བ། གཞན་ཡང་བདུད་པོ་ཁྲམ་ཐོགས། ནག་པོ་དར་ཐོགས། གསོད་བྱེད་མཚོན་ཐོགས། ཁྱི་ནག །དོམ་དྲེད། འཕར་སྤྱང་མང་པོ་རྒྱུག་པ། བྱ་ནག་འཐིབ་པ། གཡག་རོག་ངུར་བ། རྟ་ནག་འཚེར་བ། མོན་པ་གར་བྱེད་པ། འུག་པ་རྐན་རྡེབ་པ། ཐུན་གྱི་སེར་བ་འབབ་པ། མི་ལྤགས་གཡབ་མོ་རྡེབ་པ། མེ་རླུང་འཚུབ་མ་འཁྱིལ་བ། ཟོར་གྱི་རྩེ་མོར་མཚོན་ཆ་སྣ་ཚོགས་ཀྱི་བུ་ཡུག་འཚུབ་པ། ཟོར་གྱི་སྐེད་པར་ཟོར་བདག་ཕོ་མོ་གློག་ལྟར་འཁྱུག་པ། ཟོར་གྱི་རྩ་བར་རུ་དྲ་ཕོ་མོ་ཁྲག་མཚོར་འཁྱིལ་བ། ཟོར་ཐམས་ཅད་ཀྱང་གནམ་ལྕགས་ཀྱི་ཐོག་མེ་རབ་ཏུ་འབར་བར་གྱུར། དེ་ནས་རོལ་མོ་དྲག་ཏུ་བརྡུང་ཞིང་འདི་སྐད་དོ། །འགྱུར་མེད་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །རབ་འབྱམས་མངོན་སྤྱོད་ཕྲིན་ལས་བསྒྲུབ་པའི་ཆེད། ཁྲོ་རྒྱལ་ཚེ་བདག་ནག་པོ་འཁོར་བཅས་རྣམས། །དཀྱིལ་འཁོར་ཆེ་འདིར་ཐོགས་མེད་དེ་ཚུར་སྤྱོན། །ཨྱེ་ཀ་ཧེ་དུན་ཡ་མ་རཱ་ཛ་ས་མ་ཡ་ཧཱུཾ། ཡ་མ་རཱ་ཛ་ས་མ་ཡ་ཧཱུཾ་ཛ༔ ཏིཥྛ་ལྷན། མཆོད་པ་འབུལ་བ་ནི། འཇམ་(༢༡ན)


GLG023_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གཤིན་རྗེའི་གཤེད་པོ་འཁོར་བཅས་ལ། །ཕྱི་ནང་གསང་བའི་མཆོད་པའི་ཚོགས་རྣམས་ཀུན། །ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས། །གུས་པས་འབུལ་ལོ་དྲག་པོའི་འཕྲིན་ལས་སྒྲུབས། །ཨྱེ་ཀ་ཧེ་དུན་ཡ་མ་རཱ་ཛ་ཨརྒྷཾ་ནས་ཤཔྟའི་བར་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་མཾ་ས་ཁ་རཾ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁ་རཾ་ཁཱ་ཧི། མ་ཧཱ་བྷ་སུ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་ཀེཾ་ནྲྀ་ཏེ་ཁ་རཾ་ཁཱ་ཧི། མ་ཧཱ་ཙིཏྟ་ཁ་རཾཾ་ཁཱ་ཧི། དེ་ནས་ལྷ་ཚོགས་རྣམས་བསྐུལ་བ་ནི། མཐིང་ནག་གྲུ་གསུམའབར་བའི་གཞལ་ཡས་ནས། །ཕྲིན་ལས་ཡོངས་རྫོགས་འཇམ་དཔལ་གཤིན་རྗེའི་གཤེད། །ཡབ་ཡུམ་གསུམ་གྱི་ཐུགས་དམ་དུས་ལ་བབ། །རྣོ་ངར་དྲག་པོ་ཟོར་གྱི་ལས་མཛོད་ལ། །བསྟན་པ་སྤྱི་དང་རིགས་འཛིན་བདག་ཅག་གི །དགོན་གནས་ཡོན་མཆོད་འཁོར་དང་བཅས་རྣམས་ལ། །ཉེ་བར་འཚེ་བའི་དགྲ་བགེགས་གདུག་ཅན་འདི། །ལོ་ཟླར་མ་བཞག་སྙིང་ཁྲག་ཞལ་དུ་གསོལ། ཁྱོད་ཀྱི་ཕྱོགས་བཞིར་དྲེགས་པ་སྲས་མཆོག་དང་། །རུས་སྦལ་མི་ཟན་རྔམ་པ་སྒྲོལ་ཡུམ་དང་། །བྱ་ཁྱུང་རྒྱལ་པོའི་ཐུགས་དམ་དུས་ལ་བབ། །ཚིག་རྐང་ལྔ་པོ་འོག་མ་ཀུན་ལ་སྦྱོར། །མཚམས་བཞིར་ལྷ་དང་སྲོག་བདག་གནོད་སྦྱིན་ཀླུའི། །སྡེ་དཔོན་སེང་སྟག་དུག་སྦྲུལ་ཁྱུང་མགོ་ཅན། །རྒྱན་གྱི་ལྷ་བརྒྱད་ཐུགས་དམ་དུས་ལ་བབ། །རྣོ་ངར་དྲག་པོ་ཟོར་གྱི་ལས་མཛོད་ལ། །བསྟན་པ་སྤྱི་དང་རིགས་འཛིན་བདག་ཅག་གི །དགོན་གནས་ཡོན་མཆོད་འཁོར་དང་བཅས་རྣམས་ལ། །ཉེ་བར་འཚེ་བའི་དགྲ་བགེགས་གདུག་ཅན་འདི། །ལོ་ཟླར་མ་བཞག་སྙིང་ཁྲག་ཞལ་དུ་གསོལ། །ཟླ་གམ་དམར་པོ་ཐོད་པའི་ཕོ་བྲང་ནས། །མནན་བཤིག་བསད་པའི་ལས་ཀྱི་མཐའ་སྡུད་པའི། །སྤྲུལ་པ་རྣམ་གསུམ་ཐུགས་དམ་དུས་ལ་བབ། །རྣོ་ངར་དྲག་པོ་ཟོར་གྱི་ལས་མཛོད་ལ། །བསྟན་པ་སྤྱི་དང་རིགས་འཛིན་བདག་ཅག་གི །དགོན་གནས་ཡོན་མཆོད་འཁོར་དང་བཅས་རྣམས་ལ། །ཉེ་བར་འཚེ་བའི་དགྲ་བགེགས་གདུག་ཅན་འདི། །ལོ་ཟླར་མ་བཞག་སྙིང་ཁྲག་ཞལ་དུ་གསོལ། །རྣོ་ངར་ལྕགས་འཁོར་བཅུ་གཉིས་གདན་སྟེང་ནས། །སྲིད་གསུམ་ཚེ་སྲོག་བླ་ལ་(༢༡བ)


GLG023_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྒྱུར་བའི། །གཤེད་ཆེན་བཅུ་གཉིས་ཐུགས་དམ་དུས་ལ་བབ། །རྣོ་ངར་དྲག་པོ་ཟོར་གྱི་ལས་མཛོད་ལ། །བསྟན་པ་སྤྱི་དང་རིགས་འཛིན་བདག་ཅག་གི །དགོན་གནས་ཡོན་མཆོད་འཁོར་དང་བཅས་རྣམས་ལ། །ཉེ་བར་འཚེ་བའི་དགྲ་བགེགས་གདུག་ཅན་འདི། །ལོ་ཟླར་མ་བཞག་སྙིང་ཁྲག་ཞལ་དུ་གསོལ། །གྲུ་ཆད་ལྕགས་མཁར་འབར་བ་བཅུ་གཉིས་ནས། །དུས་བཞི་སྲིད་པ་ཀུན་ལ་ཁྱབ་པ་ཡི། །འཆི་བདག་བཅུ་གཉིས་ཐུགས་དམ་དུས་ལ་བབ། །རྣོ་ངར་དྲག་པོ་ཟོར་གྱི་ལས་མཛོད་ལ། །བསྟན་པ་སྤྱི་དང་རིགས་འཛིན་བདག་ཅག་གི །དགོན་གནས་ཡོན་མཆོད་འཁོར་དང་བཅས་རྣམས་ལ། །ཉེ་བར་འཚེ་བའི་དགྲ་བགེགས་གདུག་ཅན་འདི། །ལོ་ཟླར་མ་བཞག་སྙིང་ཁྲག་ཞལ་དུ་གསོལ། །གཞན་ཡང་ལས་གཤིན་ཟོར་གྱི་རྣ་ཆ་ཅན། །འཆར་ག་ནག་པོ་སྲིད་གསུམ་གཙོ་མོ་མཆོག །དམག་ཟོར་རྒྱལ་མོའི་ཐུགས་དམ་དུས་ལ་བབ། །རྣོ་ངར་དྲག་པོ་ཟོར་གྱི་ལས་མཛོད་ལ། །བསྟན་པ་སྤྱི་དང་རིགས་འཛིན་བདག་ཅག་གི །དགོན་གནས་ཡོན་མཆོད་འཁོར་དང་བཅས་རྣམས་ལ། །ཉེ་བར་འཚེ་བའི་དགྲ་བགེགས་གདུག་ཅན་འདི། །ལོ་ཟླར་མ་བཞག་སྙིང་ཁྲག་ཞལ་དུ་གསོལ། །སྣང་སྲིད་སྡེ་བརྒྱད་དྲེགས་པའི་ཚོགས་སྤྱི་དང་། ཁྱད་པར་གཟའ་བདུད་ནག་པོ་རཱ་ཧུ་ལ། །རྡོ་རྗེ་ལེགས་པའི་ཐུགས་དམ་དུས་ལ་བབ། །རྣོ་ངར་དྲག་པོ་ཟོར་གྱི་ལས་མཛོད་ལ། །བསྟན་པ་སྤྱི་དང་རིགས་འཛིན་བདག་ཅག་གི །དགོན་གནས་ཡོན་མཆོད་འཁོར་དང་བཅས་རྣམས་ལ། །ཉེ་བར་འཚེ་བའི་དགྲ་བགེགས་གདུག་ཅན་འདི། །ལོ་ཟླར་མ་བཞག་སྙིང་ཁྲག་ཞལ་དུ་གསོལ། །གཞན་ཡང་བཀའ་ཉན་དམ་ཅན་རྒྱ་མཚོའི་ཚོགས། ཁྱད་པར་ཟབ་མོ་གཏེར་གྱི་སྲུང་མ་མཆོག །མཐུ་ཆེན་སྡེ་བཞིའི་ཐུགས་དམ་དུས་ལ་བབ། །རྣོ་ངར་དྲག་པོ་ཟོར་གྱི་ལས་མཛོད་ལ། །བསྟན་པ་སྤྱི་དང་རིགས་འཛིན་བདག་ཅག་གི །དགོན་གནས་ཡོན་མཆོད་འཁོར་དང་བཅས་རྣམས་ལ། །ཉེ་བར་འཚེ་བའི་དགྲ་བགེགས་གདུག་ཅན་འདི། །ལོ་ཟླར་མ་བཞག་སྙིང་ཁྲག་ཞལ་དུ་གསོལ། །མདོར་ན་སྔ་དགྲ་ལག་དར་ཕྱི་དགྲ་སེམས། །ད་དགྲ་གནོད་ཅིང་འཚེ་བའི་དགྲ་བགེགས་འདི། །ཡར་གྱི་ཕ་རྒྱུད་མར་གྱི་བུ་རྒྱུད་ཆོད། །སྒོ་ཡི་ནོར་དང་མཆན་གྱི་བུ་དང་ཕྲོལ། །འཆི་བའི་དུས་ཐོབ་གནམ་གྱི་འཇུ་ཐག་ཆོད། །ལུས་དང་སྲོག་ཕྲོལ་ས་ཡི་རྟེན་ཕུར་ཕྱུང་། །རང་བཞིན་ལས་ཀྱིས་ཤི་ལ་ཁུངས་མ་འབྱིན། །སྐད་ཅིག་ཉིད་ལ་དོན་སྙིང་དེ་ཕྱུང་ཞིག །འཕྲིན་ལས་བཅོལ་བ་ནི། ཧཱུཾ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་རྒྱལ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན༔ ཕྱོགས་སྐྱོང་དྲེགས་པ་མ་ཧེ་བསྣོལ་བའི་སྟེང་༔ ཨེ་ལས་ཕྱག་རྒྱ་ཟིལ་གནོན་སྐུ་མདོག་ནག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་བགྲད༔ རྣོ་བའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས༔ སྤྲུལ་པའི་ལྷ་ཚོགས་མང་པོ་འཁོར་བཅས་(༢༢ན)


GLG023_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ བྱད་དང་རྦོད་གཏོང་མ་ལུས་བཟློག་ཏུ་གསོལ༔ ཤར་ཕྱོགས་དྲི་ཟ་ཕོ་མོ་བསྣོལ་སྟེང་དུ༔ དྲེགས་པ་ཕྱག་ན་རྡོ་རྗེ་ནི༔ ལྗང་ནག་རྡོ་རྗེ་སྙིང་ཕྲེང་འཛིན༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ དྲི་ཟའི་བྱད་དང་རྦོད་གཏོང་བཟློག་ཏུ་གསོལ༔ ལྷོ་ཕྱོགས་གཤིན་རྗེ་ཕོ་མོ་བསྣོལ་སྟེང་དུ༔ གསོད་བྱེད་ཡ་མ་སེར་ནག་ནི༔ འཁོར་ལོ་ཙིཏྟ་ཕྱག་ན་བསྣམས༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ བྱད་དང་རྦོད་གཏོང་མ་ལུས་བཟློག་ཏུ་གསོལ༔ ནུབ་ཕྱོགས་ཀླུ་དབང་ཕོ་མོའི་ཁྲི་སྟེང་དུ༔ རུས་སྦལ་རྔམ་པ་མི་ཟན་ནི༔ སྡེར་མོ་གནམ་ལྕགས་སྤུ་གྲི་འདྲ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ ཀླུ་ཡི་བྱད་དང་རྦོད་གཏོང་རིམས་ནད་བཟློག༔ བྱང་ཕྱོགས་གནོད་སྦྱིན་ཕོ་མོའི་ཁྲི་སྟེང་དུ༔ སྔགས་སུ་ཨེ་ཀ་ཛཱ་ཊི་ནི༔ ཕྱག་ན་རལ་གྲི་གློག་ཕྲེང་བསྣམས༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ གནོད་སྦྱིན་བྱད་དང་རྦོད་གཏོང་བཟློག་ཏུ་གསོལ༔ ཡུམ་མཆོག་པེ་ཏ་ནག་མོ་ནི༔ ཙིཏྟ་བནྡྷ་ཡབ་ལ་སྟོབ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ བྱད་དང་རྦོད་གཏོང་མ་ལུས་བཟློག་ཏུ་གསོལ༔ ཤར་ལྷོ་མེ་ལྷའི་ཁྲི་སྟེང་དུ༔ ལྷ་ཡི་གཤེད་པོ་སེང་གེའི་དབུ༔ སྤུ་གྲི་མི་སྙིང་ཕྱག་ན་བསྣམས༔ ཡབ་ཡུམ་འཁོར་དང་བཅས་པ་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ ཤར་ལྷོ་མེ་ལྷའི་གནོད་པ་བཟློག་ཏུ་གསོལ༔ ལྷོ་ནུབ་སྲིན་པོ་ཕོ་མོའི་ཁྲི་སྟེང་དུ༔ སྲོག་བདག་དམར་པོ་སྟག་གི་མགོ༔ སྤུ་གྲི་ཙིཏྟའི་ཕྲེང་བ་བསྣམས༔ སྲོག་བདག་ཡབ་ཡུམ་འཁོར་དང་བཅས་པ་ལ༔ ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ ལྷོ་ནུབ་སྲིན་པོ་ཕོ་(༢༢བ)


GLG023_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་གནོད་པ་བཟློག༔ ནུབ་བྱང་རླུང་ལྷ་ཕོ་མོའི་ཁྲི་སྟེང་དུ༔ ཀླུ་གཤེད་ནག་པོ་སྦྲུལ་གྱི་མགོ༔ ཕྱག་ན་བསེ་ཡི་སྤུ་གྲི་བསྣམས༔ ཡབ་ཡུམ་འཆི་བདག་འཁོར་བཅས་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ ནུབ་བྱང་འཆི་བདག་ཀླུ་ཡི་གནོད་པ་བཟློག༔ བྱང་ཤར་དབང་ལྡན་ཕོ་མོའི་ཁྲི་སྟེང་དུ༔ གནོད་སྦྱིན་གཤེད་པོ་ཁྱུང་ནག་གཉིས༔ ཞལ་དུ་གདུག་པ་ཀླུ་སྦྲུལ་གསོལ༔ ཡབ་ཡུམ་ཁྱུང་ཆེན་འཁོར་བཅས་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ བྱང་ཤར་གནོད་སྦྱིན་ཕོ་མོའི་གནོད་པ་བཟློག༔ ཟླ་གམ་ཐོད་མཁར་གསུམ་གྱི་དབུས༔ དུག་གསུམ་བསྣོལ་བའི་ཁྲི་སྟེང་དུ༔ ཚེ་བདག་སྲོག་བདག་འཆི་བདག་གསུམ༔ སྣ་ཚོགས་མི་སྡུག་སེམས་ཅན་དབུ༔ མཚོན་ཆ་མི་སྡུག་ལག་ན་ཐོགས༔ དུག་གསུམ་སྒྲོལ་བྱེད་འཁོར་བཅས་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ དུག་གསུམ་འདུས་པའི་བྱད་དང་རྦོད་གཏོང་བཟློག༔ འཁོར་ལོ་ཐོད་མཁར་བཅུ་གཉིས་ནས༔ གསང་བའི་གཤེད་ཆེན་བཞི་པོ་ནི༔ སྲིན་པོ་ཡ་མ་རཱ་ཙ་ནི༔ མ་ཏྲང་རོ་དབྱུག་འཁོར་ལོ་ཐོགས༔ ཡུམ་མཆོག་ཐལ་མདོག་གཡོན་ན་འཁྲིལ༔ ཁྲམ་ཤིང་ནད་ཀྱི་རྐྱལ་པ་བསྣམས༔ གཤིན་རྗེ་མྱོས་བྱེད་འབར་བ་ནི༔ སེར་ནག་བེ་ཅོན་འཁོར་ལོ་འཛིན༔ གཡོན་དུ་ཡུམ་མཆོག་གསོད་བྱེད་མ༔ ཁྲམ་ཤིང་ནད་ཀྱི་རྐྱལ་པ་བསྣམས༔ གཤེད་པོ་ཨཪྱ་མ་རུ་ནི༔ དམར་པོ་བེ་ཅོན་ཙཀྲ་བསྣམས༔ གཡོན་དུ་སྲོག་ལེན་ནག་པོ་ནི༔ ཁྲམ་ཤིང་ནད་ཀྱི་རྐྱལ་པ་བསྣམས༔ གཤེད་བྱེད་རལ་པ་ཚར་དགུ་ནི༔ ལྗང་ནག་བེ་ཅོན་ཙཀྲ་བསྣམས༔ གཡོན་དུ་བདུད་མོ་རལ་ནག་མོ༔ ཁྲམ་ཤིང་ནད་ཀྱི་རྐྱལ་པ་བསྣམས༔ གསང་བའི་གཤེད་བཞི་བཅས་པ་(༢༣ན)


GLG023_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ གསང་གཤེད་སྤྲུལ་པའི་གདོན་དང་གནོད་པ་བཟློག༔ ནང་གི་གཤེད་ཆེན་བཞི་པོ་ནི༔ དུང་གི་མོན་པ་སེང་གེའི་མགོ༔ ཡུམ་ནི་མོན་མོ་བླ་རྐུན་མ༔ ལྕགས་ཀྱི་མོན་པ་སྟག་གི་མགོ༔ མོན་མོ་གཡུ་ཡི་རལ་པ་ཅན༔ བསེ་ཡི་མོན་པ་དྲེད་ཀྱི་མགོ༔ མོན་མོ་ཁྲག་གི་རལ་པ་ཅན༔ གསེར་གྱི་མོན་པ་ཁྱུང་གི་མགོ༔ མོན་མོ་སྙིང་འཛིན་ཟོར་འཕེན་མ༔ ཡབ་རྣམས་བེ་ཅོན་ཙིཏྟ་བསྣམས༔ ཡུམ་ཀུན་ལྕགས་ཀྱུ་ཞགས་པ་བསྣམས༔ ནང་གི་གཤེད་བཞིར་བཅས་པ་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ ནང་གཤེད་མོན་པའི་གནོད་པ་བཟློག་ཏུ་གསོལ༔ ཕྱི་ཡི་གཤེད་ཆེན་བཞི་པོ་ནི༔ ཧེ་ལེ་ཁྱབ་པ་ཤར་གྱི་བདུད༔ ཡུམ་ནི་རོ་ཟན་སྙིང་འབྱིན་མ༔ ནག་པོ་འཛུམ་མེད་ལྷོ་ཡི་བདུད༔ ནག་མོ་སྙིང་ཁྲག་རོལ་འཐུང་མ༔ སོ་འདར་འཁྲིགས་པ་ནུབ་ཀྱི་བདུད༔ ནག་མོ་ཤ་ལ་གཟེར་འདེབས་མ༔ རལ་པ་སྤྱི་བཅིངས་བྱང་གི་བདུད༔ མ་མོ་ནག་མོ་ཁྲག་རལ་ཅན༔ ཡབ་རྣམས་ཁྲམ་ཤིང་ཞགས་པ་བསྣམས༔ ཡུམ་ཀུན་སྤུ་གྲི་མི་སྙིང་བསྣམས༔ ཕྱི་ཡི་གཤེད་བཞིར་བཅས་པ་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ ཕྱི་ཡི་གཤེད་བཞིའི་གནོད་པ་བཟློག་ཏུ་གསོལ༔ གྲུ་ཆད་ལྕགས་མཁར་བཅུ་གཉིས་ནི༔ བྷེ་ཝ་ས་ཏྭ་ནག་པོ་དང་༔ ནོར་བུ་དགེ་འཕེལ་སེར་པོ་དང་༔ ནག་པོ་འཛུམ་མེད་སེར་ནག་དང་༔ བྱེ་བ་དགུ་ཁྲི་ནག་པོ་དང་༔ རཀྴ་གློག་ཕྲེང་དམར་པོ་དང་༔ ཡཀྴ་གསོད་བྱེད་ནག་པོ་དང་༔ གཏུམ་པོ་དུད་ཀ་རལ་པ་གདོང་༔ གང་བ་ཀུན་འཇོམས་དཀར་པོ་དང་༔ ཁ་འབར་རལ་གཅིག་མཐིང་ལ་སྔོ༔ སྦྲུལ་མགོ་ཀུན་འཛིན་སྔོ་ལ་སྐྱ༔ དད་པ་སྟོབས་ལྡན་ཀུན་ནས་(༢༣བ)


GLG023_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སེར༔ གྱད་པ་སྟོབས་ལྡན་ནག་ལ་འཇིགས༔ བེ་ཅོན་འཁོར་ལོ་ཕྱག་ན་བསྣམས༔ ཟླ་གཤེད་གཤིན་རྗེའི་བཅུ་གཉིས་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ ཟླ་གཤེད་བཅུ་གཉིས་གནོད་པ་བཟློག་ཏུ་གསོལ༔ ཞག་གཤེད་སུམ་བརྒྱ་དྲུག་ཅུ་ནི༔ ཤར་དུ་ཁྲམ་ཐོགས་བདུད་པོ་བརྒྱ༔ ཆིབས་སུ་རྟ་ནག་རྟིང་དཀར་བཅིབས༔ ལྷོ་ཡི་གཤིན་རྗེ་ཆུ་གླང་ཞོན༔ འཁོར་ལོ་བེ་ཅོན་ཕྱག་ན་བསྣམས༔ ནུབ་ན་མ་མོ་དྲེད་ནག་ཞོན༔ ཕྱག་ན་ནད་རྐྱལ་ཐུན་ཟོར་བསྣམས༔ བྱང་དུ་གནོད་སྦྱིན་བྱ་ནག་ཞོན༔ ཕྱག་ན་རལ་གྲི་ཞགས་པ་བསྣམས༔ ཞག་གི་གཤེད་པོ་འཁོར་བཅས་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ ཞག་གཤེད་སུམ་བརྒྱའི་གནོད་པ་བཟློག་ཏུ་གསོལ༔ ཤར་སྒོར་དཀར་པོ་ཤིང་འཛིན་དང་༔ ལྷོ་སྒོར་མགོན་པོ་ནག་པོ་དང་༔ ནུབ་སྒོར་བདུད་པོ་ཡབ་རྗེ་དང་༔ བྱང་སྒོར་གནོད་སྦྱིན་སྐུ་མཆོག་དམར༔ འཁོར་ལོ་ཐུན་ཁྲག་ཕྱག་ན་བསྣམས༔ སྐུ་ལ་ཙེ་བེར་ཁྲ་བོ་གསོལ༔ ཡུམ་མཆོག་མཁའ་འགྲོ་རོ་ལངས་ཀྱང་༔ མི་ལྤགས་རློན་པའི་ན་བཟའ་གསོལ༔ ཕྱག་གཡས་མ་ཏྲང་རོ་དབྱུག་འཕྱར༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་གཡོན༔ སྒོ་བཞི་སྒྲོལ་གྱིང་འཁོར་བཅས་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ གཤེད་བཞིན་ཕོ་ཉའི་གནོད་པ་བཟློག་ཏུ་གསོལ༔ ཕྱི་རོལ་དཀྱིལ་འཁོར་མུ་རན་སྐྱོང་༔ ཟ་མའི་གཤིན་རྗེ་བཅུ་དྲུག་ནི༔ ཕོ་གཤེད་སུམ་བརྒྱ་དྲུག་ཅུ་དང་༔ མོ་གཤེད་སུམ་བརྒྱ་དྲུག་ཅུ་དང་༔ གཤིན་རྗེ་བདུན་བརྒྱ་ཉི་ཤུ་ནི༔ ཕྱག་ན་འཁོར་ལོ་ཐུན་ཁྲག་བསྣམས༔ ཆིབས་སུ་མི་དམར་རྟ་དམར་བཅིབས༔ གཤེད་ཆེན་བདུན་བརྒྱ་ཉི་ཤུ་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ ལས་གཤེད་རྦོད་གཏོང་གནོད་པ་བཟློག་ཏུ་གསོལ༔ གཤིན་(༢༤ན)


GLG023_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་ཚོགས༔ ས་ཆུ་མེ་རླུང་སྤྲིན་དང་དུར་ཁྲོད་བདག༔ མཁའ་ལ་རྒྱུ་དང་དབང་ཕྱུག་མཁའ་འགྲོ་མ༔ ཞིང་སྐྱོང་གིང་དང་ལངྐ་བསྟན་མའི་ཚོགས༔ འཇིག་རྟེན་ཀུན་ཏུ་ཁྱབ་པར་རྒྱུག་བྱེད་པ༔ ལས་ཀྱི་གཤིན་རྗེ་ཕོ་ཉ་འཁོར་བཅས་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་བསྟབས༔ ཕོ་ཉ་གཤིན་རྗེའི་རྦོད་གཏོང་གནོད་པ་བཟློག༔ འཇམ་དཔལ་ཚེ་བདག་ནག་པོ་འཁོར་བཅས་ལ༔ དགྲ་བགེགས་དབང་པོ་ལྔ་དང་ཤ་ཁྲག་ལས༔ ལེགས་གྲུབ་སྨན་རཀ་གིས་བྲན་དམར་ཆེན་གྱི། །གཏོར་མ་འདི་འབུལ་བརྩེ་བས་ཉེར་བཞེས་ལ། །རིགས་འཛིན་སྔགས་འཆང་རྒྱུ་སྦྱོར་སྦྱིན་པའི་བདག །ལྟོས་བཅས་ཀུན་ལ་ཆགས་ཆེ་ཉམ་ང་སོགས། འགལ་རྐྱེན་བར་གཅོད་མི་མཐུན་ཕྱོགས་རྣམས་ཀུན། །དགྲ་བགེགས་སྟེང་དུ་སྒྱུར་བའི་ལས་མཛོད་ཅིག །ཨྱེ་ཀ་ཧེ་དུན་ཡ་མ་རཱ་ཛའི་མཇུག་ཏུ་སྨན་རཀ་གཏོར་གསུམ་གྱི་སྔགས་རྣམས་བཏགས་ཏེ་འབུལ། ལྷ་རེ་ལ་ཕྲིན་ལས་བཅོལ་བའི་ཚིགས་བཅད་རེ་དང་གཏོར་ཆུང་རེ་སྒྲགས་ནས་འབུལ། དེ་ནས་གནམ་ལྕགས་ལས་གྲུབ་པའི་འབྲུབ་ཁུང་གི་ནང་དུ་ཟན་ལིང་ལུས་ཀྱི་སྐྱེ་མཆེད་རྣམས་དོད་པར་བྱས་ཏེ། རྡོ་རྗེ་སློབ་དཔོན་གྱི་མདུན་དུ་བཤམ་པར་བྱའོ། །བསད་པའི་སྐབས་སུ་ཤོག་ལིང་སོགས་ཟུར་ཁྱད་མི་འདྲ་བ་ཅུང་ཟད་དགོས་པ་དག་ནི་བརྒྱུད་པའི་གདམས་ངག་དང་བལ་པོའི་ཤེས་རློམ་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས། བརྒྱུད་ལྡན་གྱི་བླ་མ་དམ་པ་རྣམས་ཀྱི་གསུང་ལས་མྱང་བར་བྱའོ། །དེ་ནས་གསང་བའི་རྫས་གསུམ་གྱིས་བཞིན་ལ་ཐིག་ལེ་དང་། དྲག་པོའི་སེམས་དང་ལྡན་པས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་(༢༤བ)


GLG023_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རང་གི་ཐུགས་ཀ་ནས་མཐིང་ནག་ཅིག་ཆད་པ་ཡོངས་སུ་གྱུར་པ་ལས། གནམ་ལྕགས་ལས་གྲུབ་པའི་འབྲུབ་ཁུང་ནག་པོ་མེ་རབ་ཏུ་འབར་བ་ཕྲུ་གསུམ་ནང་བང་རིམ་གསུམ་དང་ལྡན་པ། ནང་དུ་འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་པ། ཞེ་སྡང་གི་མེ་རླུང་འཚུབ་པ། གཏི་མུག་གི་མུན་པ་འཁྲིགས་པ། མཚོན་ཆའི་སེར་བ་འབབ་ཅིང་ནད་ཀྱི་ན་བུན་འཐུལ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་ཀྱི་གང་བ། ལས་ཀྱི་གཤིན་རྗེའི་ཕོ་ཉ་རྣམས་ནི་སེང་གེ་ལྟར་རྔམ་པ། སྟག་ལྟར་འཕྱོ་བ། སྦྲུལ་ལྟར་འཁྱུག་པ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། གསོད་གསོད་དང་རྒྱོབ་རྒྱོབ་ཀྱི་སྒྲ་འབྲུག་ལྟར་སྒྲོག་པ། དེའི་ནང་དུ་ཕྱིན་པ་ཙམ་གྱིས་ལྷ་དང་བྲལ་ཞིང་གཤེད་དུ་འབེབས་པ། ལས་ངན་ཐམས་ཅད་སྨིན་པར་བྱེད་པའི་བཙོན་ཁང་དྲག་པོའི་དབུས་སུ་ནྲྀ་ལས་དམིགས་བྱའི་དམ་ཉམས་དགྲ་བོ་དེ་དག་མདོག་ནག་ཅིང་ཉམ་ཆུང་བ། བུ་ག་དགུ་ནས་ཁྲག་དང་རྣག་འཛག་པ། ཡན་ལག་ཐམས་ཅད་ལྕགས་སྒྲོག་གིས་བསྡམས་པ། མི་མཐུན་ཕྱོགས་ཐམས་ཅད་འདུས་པའི་ངོ་བོར་གྱུར། དེ་ནས་སྣ་ཚོགས་པའི་རོལ་མོ་དང་། གྲོ་གའི་ཤུ་སྒྲ་དང་བཅས་པས། ན་མོ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས། ཁྱད་པར་འཇམ་དཔལ་ཚེ་བདག་ནག་པོ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ། རིག་སྔགས་འཆང་བ་བདག་གི་སྔགས་དང་ཏིང་ངེ་འཛིན་གྱི་བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། སངས་རྒྱས་ཀྱི་བསྟན་དགྲ །བླ་མའི་སྐུ་དགྲ །དགེ་འདུན་གྱི་སྤྱི་དགྲ། ཁྱད་པར་རིགས་སྔགས་འཆང་བ་བདག་དང་། བལྟོས་(༢༥ན)


GLG023_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་ལ་དར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་གནོད་ཅིང་འཚེ་བའི་དགྲ་བགེགས་བསམ་པ་ངན་པ་ཡིད་ལ་འཆང་ཞིང་། སྦྱོར་བ་རྩུབ་མོར་སྟོན་པར་བྱེད་པ་རྣམས་ཀྱི་བླ་སྲོག་ཚེ་གསུམ་དང་བཅས་པ། གླིང་བཞི་གླིང་ཕྲན། རི་རབ་ཀྱི་ཁོང་གསེང་། ཉི་ཟླའི་གོ་བར། ཆོས་བོན་བསྲུང་མ་རྣམས་ཀྱིས་སྐྱོབ་པའི་འཁོར་ལོ་སོགས་གང་ན་གནས་ཀྱང་དམིགས་རྟེན་གྱི་ཉ་བོ་འདི་ཉིད་ལ་ཁུག་ཅིག །ཨྱཻ་རིང་གི་མཐར། བཛྲ་ཨཾ་གུ་ཤ་ཡ་ཛ༔ བཛྲ་པཱ་ཤ་ཧཱུཾ། བཛྲ་སྤོ་ཊ་བཾ། བཛྲ་གྷཎྜེ་ཧོ༔ བཛྲ་པྲ་བཻ་ཤ་ཡ་ཕཊ། ཨ་བཻ་ཤ་ཡ་ཨཱཿ དེ་ནས་དབང་གཟུགས་ནི། དངོས་གྲུབ་རྩ་བ་རྡོ་རྗེ་སློབ་དཔོན་དང་། །རབ་འབྱམས་མཐུ་སྟོབས་ལྡན་པའི་ཞི་ཁྲོའི་ལྷ། །ཡེ་ཤེས་སྤྱན་ལྡན་དམ་ཅན་སྲུང་མའི་ཚོགས། །མ་ཉེས་དཔང་མཛོད་བདེན་རྫུན་གཤགས་ཕྱེ་ཞིག །ཐུབ་བསྟན་གངས་ཀྱི་རི་ལ་གནས་བཅས་ཤིང་། །སྡོམ་གསུམ་ལུས་ཀྱི་རྩལ་ཁ་ཡོངས་རྫོགས་པའི། །རིགས་འཛིན་གདོང་ལྔའི་དབང་པོ་བདག་ཅག་ལ། །ལོག་འདྲེན་ཤྭ་ནའི་བུ་ཡི་གནོད་པ་བྱུང་། །རྩ་གསུམ་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་དང་། །བསྟན་སྲུང་རྒྱ་མཚོས་གསེར་སྐྱེམས་འདི་བཞེས་ལ། །ཡེ་ཤེས་སྤྱན་གྱིས་གཟིགས་ལ་གཟུ་དཔང་མཛོད༔ དུས་ལས་གཡེལ་ལམ་སྔོན་གྱི་དམ་ཚིག་དགོངས། །བསྙེན་ཅིང་བསྒྲུབ་པའི་འདབ་གཤོག་རབ་རྒྱས་ཤིང་། །ལས་སྦྱོར་དྲག་པོའི་རྣོ་ངར་མཆུ་སྡེར་ཅན། །རིགས་འཛིན་མཁའ་ལྡིང་དབང་པོ་བདག་ཅག་ལ། །དགྲ་བགེགས་འབྱུང་པོའི་བྱ་ཡི་གནོད་པ་བྱུང་། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དང་། །(༢༥བ)


GLG023_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་རྒྱ་མཚོས་གསེར་སྐྱེམས་འདི་བཞེས་ལ། །ཡེ་ཤེས་སྤྱན་གྱིས་གཟིགས་ལ་གཟུ་དཔང་མཛོད༔ དུས་ལས་གཡེལ་ལམ་སྔོན་གྱི་དམ་ཚིག་དགོངས། །སྐུ་གསུམ་ས་བོན་དབང་བཞིའི་འཆི་མེད་ཆབ། །མཚན་ལྡན་བླ་མའི་གངས་རི་ལས་འབེབས་པའི། །རིགས་འཛིན་སྐལ་ལྡན་ཤིང་རྟ་བདག་ཅག་ལ། །དགྲ་བགེགས་དྲང་སྲོང་ཛཧྣུའི་གནོད་པ་བྱུང་།རྩ་གསུམ་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་དང་། །བསྟན་སྲུང་རྒྱ་མཚོས་གསེར་སྐྱེམས་འདི་བཞེས་ལ། །ཡེ་ཤེས་སྤྱན་གྱིས་གཟིགས་ལ་གཟུ་དཔང་མཛོད༔ དུས་ལས་གཡེལ་ལམ་སྔོན་གྱི་དམ་ཚིག་དགོངས། །སྨིན་བྱེད་གཞུང་གི་ལྷ་ལམ་ལ་བརྟེན་ནས། །སྐུ་གསུམ་ལམ་འཁྱེར་ཟབ་མོ་པདྨའི་ཚལ། །རྒྱས་བྱེད་རིགས་འཛིན་རྟ་ལྗང་བདག་ཅག་ལ། །དགྲ་བགེགས་ཆུ་འཛིན་འཁྲིགས་པའི་གནོད་པ་བྱུང་། །རྩ་གསུམ་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་དང་། །བསྟན་སྲུང་རྒྱ་མཚོས་གསེར་སྐྱེམས་འདི་བཞེས་ལ། །ཡེ་ཤེས་སྤྱན་གྱིས་གཟིགས་ལ་གཟུ་དཔང་མཛོད༔ དུས་ལས་གཡེལ་ལམ་སྔོན་གྱི་དམ་ཚིག་དགོངས། །གྲོལ་བྱེད་རྒྱུད་སྡེའི་ནོར་འཛིན་ལ་བརྟེན་ནས། །རྩ་ཐིག་རླུང་གསུམ་ཉེ་ལམ་ལྷུན་པོའི་རྩེར། །གནས་བཅས་རིགས་འཛིན་ལྷ་དབང་བདག་ཅག་ལ། །དགྲ་བགེགས་སྔོན་གྱི་ལྷ་ཡི་གནོད་པ་བྱུང་། །རྩ་གསུམ་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་དང་། །བསྟན་སྲུང་རྒྱ་མཚོས་གསེར་སྐྱེམས་འདི་བཞེས་ལ། །ཡེ་ཤེས་སྤྱན་གྱིས་གཟིགས་ལ་གཟུ་དཔང་མཛོད༔ དུས་ལས་གཡེལ་ལམ་སྔོན་གྱི་དམ་ཚིག་དགོངས། །ཕན་བདེའི་འབྱུང་གནས་ཐུབ་བསྟན་ས་མོས་ཚལ། །ཉམས་བྱེད་དགྲ་བགེགས་གླང་པོའི་མགོ་བོ་འདི། །བསྟན་སྲུང་དམ་ཅན་རི་དྭགས་དབང་པོ་ཡིས། །འགེམས་པར་མི་བྱེད་མཐུ་དང་རྩལ་གྱིས་ཅི། །འདུས་སྡེ་ཡོངས་འདུ་རྡོར་འཛིན་ལོ་འབྲས་ཀུན། །འཇོམས་བྱེད་དགྲ་བགེགས་གྲང་རེག་ཉེར་འཚེའི་སྟོབས། །བསྟན་སྲུང་དམ་ཅན་རྒྱ་མཚོ་བདེ་བྱེད་ཀྱིས། །འཇོམས་པར་མི་བྱེད་ཚ་གདུང་ཅན་འདིས་ཅི། །འགྲོ་དྲུག་སེམས་ཅན་དགེ་བཅུའི་བདོག་པ་ཀུན། །འཕྲོག་བྱེད་དགྲ་བགེགས་ལྷ་མིན་སྟོབས་ལྡན་འདི། །བསྟན་སྲུང་དམ་ཅན་འཇུག་པ་བཅུ་པ་ཡིས། །ནོར་འཛིན་འོག་ཏུ་མི་འཆིང་ཐབས་ཀྱིས་ཅི། །མདོར་ན་ལོག་འདྲེན་འདི་ཡི་མཚང་རྣམས་ཀུན། །བདག་ཡིད་དང་བའི་སེམས་ཀྱི་རབ་བསྒྲགས་ན། །མཐུ་ལྡན་དམ་ཅན་རྒྱ་མཚོས་དགྲ་བགེགས་འདི། །ཐལ་བའི་རྡུལ་དུ་རློག་པའི་འཕྲིན་ལས་མཛོད། །ཅེས་དམ་བརྡར། དེ་ནས་དར་ནག་གི་གཡབ་མོ་དང་བཅས་(༢༦ན)


GLG023_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །བྷྱོ། བླ་འགུགས་སྤྲུལ་པ་གནོད་སྦྱིན་གསེར་གྱི་སྟག །ལྕགས་ཀྱི་དོམ་སྤྱང་བྱུ་རུའི་ཁྱི་མོ་དང་། ཁྱུང་ཆེན་གསེར་གྱི་འཕར་བ་ཟངས་ཀྱི་དྲེད། །གང་འཚམ་གཟུགས་སུ་སྤྲུལ་ལ་ཁྱོད་རྣམས་ཀྱིས། །བླ་ཚེ་འཁྱམས་པོ་འཕྱོ་པའི་དུས་དྲུག་ལ། །བླ་རྟགས་མི་དང་ཤ་བ་དགོ་བ་ལུག །ར་ཁྱི་བྱ་དང་གླ་བ་བོང་བུ་སོགས། །གང་དུ་བརྫུས་ཀྱང་ད་ལྟ་ཉིད་དུ་ཁུག །ཨྱེ་མྱགས་ཀྱི་མཇུག་ཏུ། དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུལ་ཐུལ། མྱོགས་མྱོགས། །ཡེད་ཡེད། ཤ་མ་རུ་ཏི་ཁུག་ཁུག །ལིང་མྱོགས་ལིང་ཤག །ལིང་ཐུམས། ཙ་མུན་ཏྲི་ཛཿཧཱུཾ་བཾ་ཧོཿ དེ་ནས་ལྷ་དང་དབྱེ་བ་ནི། ལས་ཀྱི་གཤིན་རྗེ་གཤེད་པོ་ཐམས་ཅད་དང་། ཁ་ཁ་མུ་ཁ་མཐིང་ནག་བྱ་རོག་གདོང་། །ཧུ་ལུ་མུ་ཁ་སེར་ནག་འུག་པའི་གདོང་། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དམ་ཉམས་དགྲ་བགེགས་མི་ནོར་འཁོར་བཅས་འདི། །དགྲ་དང་དགྲ་ལྷ་ལུས་དང་སྲུང་མ་ཕྲོལ། ཁྱོད་དང་ཆུང་མ་ཕ་དང་བུ་གཉིས་ཕྲོལ། །གཉེན་དང་ཉེ་དུ་ཕོ་བོ་ནུ་བོ་ཕྲོལ། །དགྲ་ལྷ་སྤྱི་གཙུག་ཕོ་ལྷ་ཕྲག་པ་གཡས། །ཡུལ་ལྷ་ཕྲག་གཡོན་སྲོག་ལྷ་སྙིང་གི་དཀྱིལ། །ཞང་ལྷ་ལྟེ་ཁུང་མ་ལྷ་གསང་བའི་གནས། །འགོ་བའི་བན་བོན་ལྷ་སྲུང་ཚོགས་རྣམས་ཀུན། །ཏིང་འཛིན་སྔགས་དང་རྫས་ཀྱི་འཁྲུལ་འཁོར་མཐུས། །སྐྱོབ་པའི་ལྷ་དང་ཕྲོལ་ལ་བདུད་དང་སྤྲོད། །རང་གཤེད་རང་ལ་དབབ་སོགས་དྲག་པོའི་ལས། །ཐོགས་པ་མེད་པར་མྱུར་དུ་སྒྲུབ་པར་མཛོད། །ཨྱེ་མྱགས་ཀྱི་མཐར། །མ་མ་ཏྲག་མཱ་ར་ཡ་ཕྱེ་ཕྱེ། ཏྲག་རཀྴ་རུ་དྲ་མཱ་ར་ཡ། དགྲ་བོ་ལྷ་སྲུང་དང་བཅས་པ་ཕྱེ་ཕྱེ། དཀྲུགས་དཀྲུགས། གཏོར་གཏོར། ཡེད་ཡེད། (༢༦བ)


GLG023_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རོག་དང་འུག་པའི་དང་སྒྲོས་ཉ་བོ་ལ་བྱབ་ཅིང་། མཐར་གུ་གུལ་གྱི་དུད་པས་ཀྱང་བདུག་གོ །བསད་པའི་སྐབས་སུ་སྣ་ཚོགས་པའི་རྫས་ངན་དང་། དེ་དག་གི་བསྲེག་ཚུལ་སོགས་ཀྱང་ཞལ་ལས་ཤེས་དགོས་སོ། །དེ་ནས་ཐུན་བརྡེག་པ་ནི། མཚེ་ཡུང་རྡོ་ལྕགས་ལ་སོགས་དྲག་པོའི་རྫས། །དུག་དང་ཁྲག་ཏུ་སྦོལ་ཏེ་ངར་བཏགས་པའི། །རྡོ་རྗེའི་ཐོག་དང་མཚུངས་པའི་ཐུན་རྫས་འདི། །བཏབ་པས་ཚེ་སྲོག་བཀྲག་མདངས་ཉམས་པར་གྱུར། །ཞེས་འོག་གི་ཕུར་པ་གདབ་པའི་སྔགས་ཀྱི་མཇུག་ཏུ་འདི་བཏགས་ཏེ་བརྡེག་པར་བྱའོ། །ཨྱེ་དགྲ་བོའི་སྲོག་ལ་ཐུམ་རིལ་རྦད་བྷྱོ༔ དུན་ཁྲཾ་ཤིག་ཙིཏྟ་ལ་མྱོགས་རྦད་བྷྱོ༔ ཨ་མུ་ཀ་རྩ་ལ་དུན་རྨུགས་རྦད་བྷྱོ༔ ཨ་མུ་ཀ་ཡཾ་ཁྲག་ལ་མུགས་ཏི་ཐུན་རྦད་བྷྱོ༔ སྔགསཔ་སྙིང་དུ་སོད། ཙིཏྟ་གཏུབས་རྦད་ལོང་སྲོག་ཙིཏྟ་ལོང་། མྱགས་མྱགས་མཱ་ར་ཡ་ཙིཏྟ་ལ་ཐུན་བྷྱོ༔ དེ་ནས་ཕུར་པ་བཏབ་པ་ནི། རང་ཉིད་ཟིལ་གནོན་གསལ་བའི་ཐུགས་ཀ་ནས། །ཡ་མ་རཱ་ཛ་སྐུ་སྟོད་ཁྲོ་བོའི་གཟུགས། །གཡས་པ་འཁོར་ལོ་གཡོན་པ་ཙིཏྟ་འཛིན། །སྐུ་སྨད་གནམ་ལྕགས་ཕུར་པའི་དཔལ་ལྡན་པ། །དམ་ཉམས་དགྲ་བགེགས་ལུས་ལ་བཏབ་པ་ཡིས། །སྙིང་གི་དཀྱིལ་དུ་མར་མེ་ལྟ་བུའི་སྲོག །གསལ་མཚོར་དངས་པ་བསད་ཅིང་ནྲྀའི་རྣམ་པའི། །རྣམ་ཤེས་ཕུར་རྩེར་བླངས་ཏེ་ཐུགས་ཀར་བསྡུ། །ཨྱེ་རིང་གི་མཐར། ཨ་མུ་ཀ་མྱགས་ཐུཾ་རིལ་རྦད། ཏྲིག་ནན་སྦུར་ཡ་ནན། ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུགས་ཏི་རྦད་ཡཱ། ཨྱེ་མྱགས་ཀྱི་མཐར། ནྲྀ་ཏྲི་སྲོག་ལ་ཧུར་ཐུམས་ཛ༔ རྩ་ཁྲག་སྙིང་ཐུཾ་རི་ལ་རཾ་ཤག་ཐད། དགྲ་བོའི་ཙིཏྟ་བྲེང་ཤག་ཛ༔ སྲོག་ལ་ཧུར་ཐུམས་རྦད། ཨྱེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། (༢༧ན)


GLG023_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོ་ཨ་མུ་ཀ་སྲོག་ལ་ཐུཾ་རྨུགས་བྷྱོ༔ སྲོག་ལ་ཡཾ་ཤག་བྷྱོ༔ སྲོག་ལ་བྲེང་ཤག་བྷྱོ༔ སྲོག་ལ་ཡཾ་ཤག་བྷྱོ༔ དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད། དགྲ་བོའི་སྲོག་ལ་སྟཾ་བྷ་ཡ་ནན། ཞེས་ཕུར་པ་བཏབ། དེ་ནས་ལིང་རོ་བསྒྲལ་བ་ནི། སྲས་མཆོག་ཐུགས་ནས་དྲེགས་པའི་བདག་པོ་ནི། །ངོ་བོ་གསང་སྔགས་རྡོ་རྗེ་འཛིན་པ་ལ། །རྣམ་པ་གནམ་ལྕགས་རལ་གྲིས་ཤ་ཁྲག་ཀུན། །དུམ་བུར་གཏུབས་ནས་གཙོ་འཁོར་ཞལ་དུ་འདེབས། །གོང་གི་སྔགས་རྣམས་བརྗོད་ལ་རལ་གྲིས་གཏུབ་ཅིང་ལིང་རོ་རྣམས་བན་དྷར་བླུག་ལ། དེ་ནས། སྟོང་གསུམ་ཁེངས་པའི་སྐུར་བཞེངས་ཉི་ཟླའི་སྤྱན། །གཟིགས་ལ་གནམ་སའི་ཞལ་གདོངས་གློག་དམར་ལྗགས། ཁྱོད་ཞིག་གངས་རི་ལྟ་བུའི་མཆེ་གཙིགས་ནས། །དམ་ཉམས་དགྲ་བོའི་ཤ་ཁྲག་ཚོགས་བཞེས་ཤིག །ཅེས་བརྗོད་ལ་ལིང་རོ་རྣམས་གཏོར་མར་འབུལ། ཨྱེ་ཀ་ཧེ་དུན་གྱི་མཐར། མ་ཧཱ་མཾ་ས་སོགས་བརྗོད། དེ་ནས་བཟློག་པ་བྱ་བ་ནི། གཏོར་མའི་ཁར་རཀྟ་སྦྲེང་ཞིང་འདི་སྐད་དོ། །བྷྱོ། ད་ནི་བཟློག་པའི་དུ་ལ་བབ༔ ད་ནི་བསྒྱུར་བའི་དུས་ལ་བབ༔ འཇིགས་སུ་རུང་བའི་དུར་ཁྲོད་ནས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་༔ མ་ཧེ་ཕྱོགས་སྐྱོང་དྲེགས་པའི་སྟེང་༔ གཤིན་རྗེའི་རྒྱལ་པོ་ཚེ་བདག་ནི༔ གཡས་དཀར་ལྷ་ཡི་ཆད་པ་བཟློག༔ གཡོན་དམར་མ་མོའི་ཆད་པ་བཟློག༔ དབུས་མཐིང་བདུད་ཀྱི་ཆོ་འཕྲུལ་བཟློག༔ ཕྱག་དྲུགརྒྱུད་དྲུག་རྦོད་གཏོང་བཟློག༔ དབུ་ལ་ཁྱུང་ཆེན་འབར་བ་ཡིས༔ ས་བདག་ཀླུ་གཉན་རྦོད་གཏོང་བཟློག༔ ཡུམ་མཆོག་ཟ་བྱེད་པེ་ཏ་ལི༔ སྦྱོར་ཡུམ་དབྱིངས་ཡུམ་འཁོར་བཅས་(༢༧བ)


GLG023_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས༔ སྲིད་པ་མ་མོའི་ཆོ་འཕྲུལ་བཟློག༔ གྱད་གནོན་སྤྲུལ་པའི་ལྷ་བརྒྱད་ཀྱིས༔ ལྷ་སྲིན་སྡེ་བརྒྱད་ཆོ་འཕྲུལ་བཟློག༔ བདུད་རྩི་ཆང་གི་མཆོད་པ་འབུལ༔ སྲིད་པ་ཕོ་རྒྱུད་ཆོ་འཕྲུལ་བཟློག༔ རཀྟ་ཁྲག་གི་མཆོད་པ་འབུལ༔ སྲིད་པ་མོ་རྒྱུད་ཆོ་འཕྲུལ་བཟློག༔ དམར་གྱི་གཏོར་མའི་མཆོད་པ་འབུལ༔ བྱད་དང་རྦོད་གཏོང་ཆོ་འཕྲུལ་བཟློག༔ དབུ་ལ་ནོར་བུ་འབར་བས་བརྒྱན༔ རྣལ་འབྱོར་ཚེ་རིང་དཔལ་ཡང་བསྐྱེད༔ བྷྱོ། ཚངས་པ་བརྒྱ་བྱིན་ལྷ་ཡི་གདོན༔ འཇིགས་པའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ དགའ་བོ་འཇོག་པོ་ཀླུ་ཡི་གདོན༔ བརྗིད་པའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ གང་བ་བཟང་པོ་གནོད་སྦྱིན་གདོན༔ འཇིགས་པའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ ཟ་བྱེད་རྔམ་པ་སྲིན་པོའི་གདོན༔ དྲག་པོའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ གཙོ་མོ་ཁ་འབར་ཡི་དྭགས་གདོན༔ བཞེད་པའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ ཕག་གདོང་འཇིགས་པ་ཤ་ཟའི་གདོན༔ གཏུམ་པོའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ བི་ན་ཡ་ཀ་བགེགས་ཀྱི་གདོན༔ འགྱིང་བའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ ཁྱབ་འཇུག་བྱི་ནུ་གཟའ་ཡི་གདོན༔ དྲག་པོའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ ཁྲམ་ཐོགས་གྲི་ཐོགས་གིང་གི་གདོན༔ སྤྲུལ་པའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ ཁ་བཞིར་འགྱོགས་པ་བཙན་གྱི་གདོན༔ འཇིགས་པའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ ཏེལ་པ་ཆ་སངས་གཤིན་རྗེའི་གདོན༔ སྤྲུལ་པའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ རལ་པ་གསིག་པ་མ་མོའི་གདོན༔ གསུང་གི་སྟོབས་ཀྱིས་བཟློག་ཏུ་གསོལ༔ རོལ་བ་སྐྱ་བདུན་དམུ་ཡི་གདོན༔ མགོ་བརྙན་བརྗིད་པས་བཟློག་ཏུ་གསོལ༔ མ་ཧཱ་དེ་ཝ་མུ་སྟེགས་གདོན༔ བདེན་པའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ བྷྱོ། འཇའ་འཁྱིལ་ལྷ་ཡི་ལྟས་ངན་ཡིན༔ ལྷ་ཡི་ལྟས་ངན་བཟློག་ཏུ་གསོལ༔ སེང་གེ་གཤིན་རྗེའི་ལྟས་ངན་ཡིན༔ གཤིན་རྗེའི་(༢༨ན)


GLG023_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་ངན་བཟློག་ཏུ་གསོལ༔ དོམ་གཟིག་མ་མོའི་ལྟས་ངན་ཡིན༔ མ་མོའི་ལྟས་ངན་བཟློག་ཏུ་གསོལ༔ འུག་པ་དམུ་ཡི་ལྟས་ངན་ཡིན༔ དམུ་ཡི་ལྟས་ངན་བཟློག་ཏུ་གསོལ༔ ཕ་རོག་མགོན་པོའི་ལྟས་ངན་ཡིན༔ མགོན་པོའི་ལྟས་ངན་བཟློག་ཏུ་གསོལ༔ ཤ་བ་བཙན་གྱི་ལྟས་ངན་ཡིན༔ བཙན་གྱི་ལྟས་ངན་བཟློག་ཏུ་གསོལ༔ སྦྲུལ་ནག་ཀླུ་ཡི་ལྟས་ངན་ཡིན༔ ཀླུ་ཡི་ལྟས་ངན་བཟློག་ཏུ་གསོལ༔ བྱ་ནག་བདུད་ཀྱི་ལྟས་ངན་ཡིན༔ བདུད་ཀྱི་ལྟས་བཟློག་ཏུ་གསོལ༔ ནེ་ཙོ་ཀླུ་སྲིན་ལྟས་ངན་ཡིན༔ ཀླུ་སྲིན་ལྟས་ངན་བཟློག་ཏུ་གསོལ༔ གླ་བ་སྨན་གྱི་ལྟས་ངན་ཡིན༔ སྨན་གྱི་ལྟས་བཟློག་ཏུ་གསོལ༔ བྱ་རྒོད་རྒྱལ་པོའི་ལྟས་ངན་ཡིན༔ རྒྱལ་པོའི་ལྟས་བཟློག་ཏུ་གསོལ༔ སྲིན་བྱ་ཐེའུ་རང་ལྟས་ངན་ཡིན༔ ཐེའུ་རང་ལྟས་ངན་བཟློག་ཏུ་གསོལ༔ པུ་ཤུད་འགོང་པོའི་ལྟས་ངན་ཡིན༔ འགོང་པོའི་ལྟས་བཟློག་ཏུ་གསོལ༔ ཁྲུང་ཁྲུང་དྲི་མོའི་ལྟས་ངན་ཡིན༔ དྲི་མོའི་ལྟས་ངན་བཟློག་ཏུ་གསོལ༔ སྲོད་ལ་བྱ་ཕོ་འཚེར་བ་གནས་ཐེའི་ལྟས་ངན་ཡིན༔ གནམ་ཐེའི་ལྟས་ངན་བཟློག་ཏུ་གསོལ༔ ཐོ་རངས་སྒོ་ཁྱི་ངུ་བ་བར་ཐེའི་ལྟས་ངན་ཡིན༔ བར་ཐེའི་ལྟས་ངན་བཟློག་ཏུ་གསོལ༔ དུར་ཁྲོད་ཝ་མོ་བརྒྱལ་བ་ས་ཐེའི་ལྟས་ངན་ཡིན༔ ས་ཐེའི་ལྟས་ངན་བཟློག་ཏུ་གསོལ༔ སྤྱང་སྔོན་རྒྱུག་པ་ཕོ་རྒྱུད་ལྟས་ངན་ཡིན༔ ཕོ་རྒྱུད་ལྟས་ངན་བཟློག་ཏུ་གསོལ༔ གླ་བ་གྲོང་རྒྱུག་མོ་རྒྱུད་ལྟས་ངན་ཡིན༔ མོ་རྒྱུད་ལྟས་ངན་བཟློག་ཏུ་གསོལ༔ ལྷ་ཁང་འོད་རྣམས་རྒྱལ་པོའི་ལྟས་ངན་ཡིན༔ རྒྱལ་པོའི་ལྟས་ངན་བཟློག་ཏུ་གསོལ༔ སྡིག་སྦྲུལ་ཀླུ་ཡི་ལྟས་ངན་ཡིན༔ ཀླུ་ཡི་ལྟས་ངན་བཟློག་ཏུ་གསོལ༔ སྦལ་སྲིན་ས་བདག་ལྟས་ངན་ཡིན༔ ས་བདག་ལྟས་ངན་བཟློག་ཏུ་གསོལ༔ སྲེ་མོ་བྱི་འཁྱེར་གནོད་སྦྱིན་ལྟས་ངན་ཡིན༔ གནོད་སྦྱིན་ལྟས་ངན་བཟློག་ཏུ་གསོལ༔ རི་བྱ་ཁྱིམ་ཞུགས་གཉན་གྱི་ཐན༔ གཉན་གྱི་ལྟས་ངན་བཟློག་ཏུ་གསོལ༔ ཁྱིམ་དུ་རོ་ཐན་འགོང་པོའི་ཐན༔ འགོང་པའི་ལྟས་ངན་བཟློག་ཏུ་གསོལ༔ ཤ་ཕོ་རུ་འཛིངས་རྗེ་དཔོན་ཐནཿ རྗེ་དཔོན་ལྟས་ངན་བཟློག་ཏུ་གསོལ༔ ཉ་མོ་རྔ་འཛིངས་བྲན་གྱི་ཐན༔ བྲན་གྱི་ལྟས་ངན་བཟློག་ཏུ་གསོལ༔ བྱ་ནག་སྡེར་འཛིངས་ཆུང་མའི་ཐན༔ བྱེ་བྲལ་ལྟས་ངན་བཟློག་ཏུ་གསོལ༔ འདྲེ་བྱ་སྲེག་པ་ཆུང་སྲིའི་ཐན༔ ཆུང་སྲིའི་ལྟས་ངན་བཟློག་ཏུ་གསོལ༔ བན་དྷེ་ཧོ་མ་པར་བུའི་ཐན༔ བན་དྷེའི་ཕུང་ཟོར་བཟློག་ཏུ་གསོལ༔ བོན་པོའི་(༢༨བ)


GLG023_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་ཟོར་ཞང་ཞུང་ཐན༔ བོན་པོའི་གཙོ་ཟོར་བཟློག་ཏུ་གསོལ༔ མུ་སྟེགས་གླང་ཟོར་མི་ཁའི་ཐན༔ མི་ཁའི་རྒྱ་ཐན་བཟློག་ཏུ་གསོལ༔ ཤ་མོ་ཁྱིམ་གང་མི་ཡི་ཐན༔ ཁྱིམ་གང་མི་ཡི་ལྟས་ངན་བཟློག་ཏུ་གསོལ༔ ར་གང་ནོར་ལ་སྤུ་ཐན་བྱུང་༔ གོད་འདྲེ་གོད་ཁའི་ལྟས་ངན་བཟློག་ཏུ་གསོལ༔ བང་གང་སྲིས་ལ་བྱི་ཐན་བྱུང་༔ འགོང་པོའི་སྲིས་ཐན་བཟློག་ཏུ་གསོལ༔ ཡུན་ཐན་སྲིད་པའི་རྩ་ཐན་བྱུང་༔ རྩ་ཐན་སེར་གསུམ་བཟློག་ཏུ་གསོལ༔ དགྲ་གཤེད་དུར་ལན་རྩ་ཐན་བྱུང་༔ གློ་འགོང་རྩ་ཐན་བཟློག་ཏུ་གསོལ༔ ལྷ་སྲིན་འཁྲུག་པའི་གཏད་སེལ་བྱུང་༔ བྱད་མ་འབུམ་གྱི་ལྟས་ངན་བཟློག་ཏུ་གསོལ༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་གནོད་པའི་དགེགས་ལ་བྷྱོ༔ བྷྱོ་བྷྱོ་བར་ཆད་རྐྱེན་ལ་བྷྱོ༔ ཡས་ཀྱི་བདུད་དུ་གཡོས་པ་བྷྱོ༔ མས་ཀྱི་སྲི་རུ་ལངས་པ་བྷྱོ༔ ཕུད་བདུད་མཁའ་ལ་འཇབ་པ་བྷྱོ༔ མི་བདུད་གཤེད་དུ་ཁོལ་བ་བྷྱོ༔ ལྟག་པར་གཤེད་དྲེལ་བྱེད་པ་བྷྱོ༔ མདུན་ནས་རྩང་བཞིན་འཛུགས་པ་བྷྱོ༔ རྒྱབ་ནས་ཁྱི་བཞིན་འབྲང་བ་བྷྱོ༔ ངོས་ལ་སྤྲེལ་ལྟར་འཛེག་པ་བྷྱོ༔ ཡུལ་མིའི་དགྲ་དར་བྱེད་པ་བྷྱོ༔ ཐམས་ཅད་མ་ལུས་གཅིག་ཏུ་དྲིལ༔ ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༔ དམིགས་པའི་དགྲ་བགེགས་གཟུགས་སུ་དྲིལ༔ ཉ་བོ་འདི་ལ་བཀུག་བྱས་ནས༔ ཕུར་འདབས་ཐུན་དང་མཚོན་ཆས་བསད༔ བསྒྲལ་བའི་ཞིང་བཅུར་ལས་ལ་སྦྱར༔ དཔལ་ཆེན་ཚེ་བདག་ཞལ་དུ་བསྟབས༔ འཁོར་དང་གཤིན་རྗེ་འབུམ་ཕྲག་གིས༔ དགྱེས་པར་རོལ་ཅིག་ཁ་རཾ་ཁཱ་ཧི༔ ལྷག་མ་མེད་པར་ཞལ་དུ་བསྟབས༔ གཟུགས་ཕུང་ཤ་ཁྲག་མཆོད་པར་བཞེས༔ དམ་ཚིག་ཉམས་ཆགས་སོ་སོར་བཤགས༔ ཐུགས་དམ་སྐོངས་ལ་དངོས་གྲུབ་སྩོལ༔ བར་ཆད་རྐྱེན་ངན་(༢༩ན)


GLG023_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་རྩུབ་བཟློག༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ རབ་འཇིགས་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ནས། །དུས་གསུམ་རྒྱལ་བའི་ནུས་མཐུ་མ་ལུས་ཀུན། །གཅིག་བསྡུས་ཚེ་བདག་ནག་པོ་འཁོར་བཅས་ཀྱིས། །མི་མཐུན་ཕྱོགས་རྣམས་བཟློག་བསྒྱུར་དུས་ལ་བབ། །མི་སྡུག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། །སྣ་ཚོགས་མཚོན་འཛིན་གར་དགུའི་ཉམས་ཅན་གྱིས། །སྡེ་བརྒྱད་དྲེགས་པའི་གནོད་ཅིང་འཚེ་བ་དང་། །ཕ་རོལ་མི་མཐུན་བན་བོན་རིག་སྔགས་ཀྱི། །ཟོར་ཁ་ཕུར་ཁ་གཏད་ཁ་ཁྲམ་ཁ་དང་། །ཉེ་འབྱེད་འགོང་ཆོག་བསྐྲད་འཁོར་དམར་ནག་ཐན། །སྔོན་ལས་འཕྲལ་རྐྱེན་མི་མཐུན་ཉེར་འཚེ་ཀུན། །དགྲ་བགེགས་སྟེང་དུ་བཟློག་བསྒྱུར་འཕྲིན་ལས་མཛོད། །གཅན་གཟན་རི་དྭགས་འདབ་ཆགས་ལ་སོགས་པ། །གྲངས་མེད་ལུས་ངག་ཡིད་ཀྱི་རྣམ་འགྱུར་ཚོགས། །དངོས་སམ་རྨི་ལམ་ཉམས་སུ་གང་ཤར་བ། །ལྷ་སྲིད་སྡེ་བརྒྱད་དེ་དང་རྗེས་མཐུན་པའི། །མ་རུངས་ལྟས་ངན་ཆོ་འཕྲུལ་ཚོགས་རྣམས་ཀུན། །ཐམས་ཅད་སྣང་བའི་དགྲ་ཡི་སྟེང་དུ་བྷྱོ༔ །མ་ལུས་གནོད་པའི་འགེགས་ཀྱི་སྟེང་དུ་བྷྱོ༔ །དམ་ཅན་མཐུ་དང་རྩལ་གྱི་དུས་ལ་ཕབ། །དེ་ནས་གཏོར་ཟོར་རྣམས་ཕྱིར་སྤགས་ཏེ་གྲལ་དུ་བཀོད། རོལ་མོ་དྲག་ཏུ་བརྡུང་ཞིང་འདི་སྐད་དོ། །ཧཱུཾ། གཏོར་མའི་ལམ་བསྟན་གང་དུ་བསྟན། །གཏོར་མའི་ལམ་བསྟན་ཤར་དུ་བསྟན། །ཤར་དུ་རྒྱལ་པོ་ཡུལ་འཁོར་སྲུང་། །དྲི་ཟ་ཕོ་མོའི་འཁོར་གྱིས་བསྐོར། །སྐུ་ཟུར་དེ་ནི་སྤྱན་བྱོལ་ཞིག །གཏོར་ཟོར་དམར་པོ་ཤར་ར་ར། །(༢༩བ)


GLG023_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཟོར་དམར་པོ་འཁྱིལ་ལི་ལི། །ཐུན་ཟོར་སེར་ཕྲན་ཉིལ་ལི་ལི། །མདའ་ཟོར་སྐར་ལྟར་བྲེངས་སེ་བྲེང་། །ཐོད་ཟོར་རྦབ་ལྟར་རིལ་ལི་ལི། །ཕུར་ཟོར་ཤ་ལ་ཐིམས་སེ་ཐིམ། །རྡོ་ཟོར་ཐོག་ལྟར་རྦད་དེ་རྦད། །ཧཱུཾ། གཏོར་མའི་ལམ་བསྟན་ལྷོ་རུ་བསྟན། །ལྷོ་ན་རྒྱལ་པོ་འཕགས་སྐྱེས་པོ། །གཤིན་རྗེ་མང་པོའི་འཁོར་གྱིས་བསྐོར། །སྐུ་ཟུར་དེ་ནི་སྤྱན་བྱོལ་ཞིག །གཏོར་ཟོར་དམར་པོ་ཤར་ར་ར། ཁྲག་ཟོར་དམར་པོ་འཁྱིལ་ལི་ལི། །ཐུན་ཟོར་སེར་ཕྲན་ཉིལ་ལི་ལི། །མདའ་ཟོར་སྐར་ལྟར་བྲེངས་སེ་བྲེང་། །ཐོད་ཟོར་རྦབ་ལྟར་རིལ་ལི་ལི། །ཕུར་ཟོར་ཤ་ལ་ཐིམས་སེ་ཐིམ། །རྡོ་ཟོར་ཐོག་ལྟར་རྦད་དེ་རྦད། །ཧཱུཾ། གཏོར་མའི་ལམ་བསྟན་ནུབ་ཏུ་བསྟན། །ནུབ་ན་རྒྱལ་པོ་སྤྱན་མི་བཟང་། །ཀླུ་དབང་མང་པོའི་འཁོར་གྱིས་བསྐོར། །སྐུ་ཟུར་དེ་ནི་སྤྱན་བྱོལ་ཞིག །གཏོར་ཟོར་དམར་པོ་ཤར་ར་ར། ཁྲག་ཟོར་དམར་པོ་འཁྱིལ་ལི་ལི། །ཐུན་ཟོར་སེར་ཕྲན་ཉིལ་ལི་ལི། །མདའ་ཟོར་སྐར་ལྟར་བྲེངས་སེ་བྲེང་། །ཐོད་ཟོར་རྦབ་ལྟར་རིལ་ལི་ལི། །ཕུར་ཟོར་ཤ་ལ་ཐིམས་སེ་ཐིམ། །རྡོ་ཟོར་ཐོག་ལྟར་རྦད་དེ་རྦད། །ཧཱུཾ། གཏོར་མའི་ལམ་བསྟན་བྱང་དུ་བསྟན། །བྱང་དུ་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་མང་པོའི་འཁོར་གྱིས་བསྐོར། །སྐུ་ཟུར་དེ་ནི་སྤྱན་བྱོལ་ཞིག །གཏོར་ཟོར་དམར་པོ་ཤར་ར་ར། ཁྲག་ཟོར་དམར་པོ་འཁྱིལ་ལི་ལི། །ཐུན་ཟོར་སེར་ཕྲན་ཉིལ་ལི་ལི། །མདའ་ཟོར་སྐར་ལྟར་བྲེངས་སེ་བྲེང་། །ཐོད་ཟོར་རྦབ་ལྟར་རིལ་ལི་ལི། །ཕུར་ཟོར་ཤ་ལ་ཐིམས་སེ་ཐིམ། །རྡོ་ཟོར་ཐོག་ལྟར་རྦད་དེ་རྦད། །སྟེང་གི་ལྷ་ལ་ཟོར་མི་འཕེན། །ལྷ་ཆེན་བརྒྱད་པོ་ཞབས་སྡུས་ཤིག །འོག་གི་ཀླུ་ལ་ཟོར་མི་འཕེན། །ཀླུ་ཆེན་བརྒྱད་པོ་དབུ་འཕངས་སྨོད། །བར་གྱི་བཙན་ལ་ཟོར་མི་འཕེན། །གཉན་ཆེན་སྡེ་བཞི་སྐུ་ཟུར་ཅིག །དྲག་པོ་གཤིན་རྗེའི་གཏོར་ཟོར་འདི། །སྡང་བའི་དགྲ་ལ་གཏོར་ཟོར་ཡཱ། །དགྲ་བོ་བདུན་བརྒྱུད་རྩད་ནས་ཆོད། །གནོད་པའི་དགྲ་ལ་ཁྲག་ཟོར་ཡཱ། །མོ་རྒྱུད་ཁྲག་གི་མངལ་ནས་སྐེམས། །ཐུན་ཟོར་བུ་རྒྱུད་ཚ་ལ་ཡཱ། །བུ་ཚ་གདུང་བརྒྱུད་རྩད་ནས་ཆོད། །མདའ་ཟོར་སྒོ་ཡི་ནོར་ལ་རྒྱོབ། །སྒོ་ནོར་གོང་འདྲེ་ཕྱགས་མས་ཐོབ། །ཐོད་ཟོར་ནང་གང་(༣༠ན)


GLG023_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སྲིས་ལ་ཡཱ། །ཕྱགས་མས་ཐོབ་ལ་རླུང་ལ་བསྐུར། །ཐུར་ཟོར་དགྲ་ཡི་སྙིང་ལ་ཡཱ། །དྲག་པོའི་གྲི་འཐབ་ནད་ཀྱིས་གསོད། །རྡོ་ཟོར་དགྲ་བོའི་མཁའ་ལ་ཡཱ། །སྐྱེ་བོ་འཁོར་གྱི་རྒྱུན་ལམ་ཆོད། །བྱད་ཁ་བཟློག་ལ་ཕུར་ཁ་སྒྱུར། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །དེ་ནས་ཕྱི་རོལ་ཏུ་སྒྲ་གཅན་གྱི་ཐེབས་བརྩི་བ་སོགས་སྲིད་གསུམ་རྣམ་པར་རྒྱལ་བའི་སྦྱོར་བ་དང་བཅས་ཏེ། སྒྲུབ་ཁང་གི་ཕྱི་རོལ་ཏུ་ཟོར་རྣམས་སྔར་བཞིན་གོ་རིམ་མ་ལོག་པར་བཞག །རྡོ་རྗེ་སློབ་དཔོན་གྱིས་གསེར་སྐྱེམས་སྦྲེང་ཞིང་། སྔར་གྱི་དབང་གཟུགས་རྣམས་ཀྱང་རོལ་མོ་དབྱངས་དང་བཅས་པས་བརྗོད་པར་བྱའོ། །དེ་ནས་ཟོར་བསྐུལ་བ་ནི། དུག་ཆེན་ཤིང་ལ་འུག་པའི་སྒྲོ་ཡིས་བསྒྲོན། །སྔགས་འཕྲེང་དུག་ཁྲག་གིས་བྲིས་མདེའུ་སྦྱར། །རབ་བརྗིད་གཞུར་བཀང་ཐོག་མདར་བྱིན་བརླབས་ནས། །དགྲ་བགེགས་ལ་འཕངས་ཐལ་བའི་རྡུལ་དུ་རློག །ཨྱེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། ཨྱེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཆེ་གེ་མོའི་སྲོག་ལ་ཐུན་རྨུགས་བྷྱོ༔ སྲོག་ལ་ཁཾ་ཤག་བྷྱོ༔ སྲོག་ལ་བྲེང་ཤག་བྷྱོ༔ སྲོག་ལ་ཡཾ་ཤག་བྷྱོ༔ སྲོག་ལ་མཱ་ར་ཡ་རྦད། ཆེ་གེ་མོའི་སྲོག་ལ་རྦད་ཐུཾ་རི་ལི་ལི་བྷྱོ༔ ཟོར་སྔགས་འདི་ལྷག་མ་ཀུན་ལ་འདོགས་སོ། །ཕུང་ཤུལ་དུར་ཁྲོད་གྲོག་མཁར་ལ་སོགས་པའི། །ས་ལས་རབ་གྲུབ་དུག་ཁྲག་ཐུན་གྱིས་བཀང་། །འཇིགས་རུང་སྤྲིན་གྱི་ཟེགས་མར་བྱིན་བརླབས་ནས། །དགྲ་བགེགས་ལ་འཕངས་ཐལ་བའི་རྡུལ་དུ་རློག །ཨྱེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། ཨྱེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཆེ་གེ་མོའི་སྲོག་ལ་ཐུན་རྨུགས་བྷྱོ༔ སྲོག་ལ་ཁཾ་ཤག་བྷྱོ༔ སྲོག་ལ་བྲེང་ཤག་བྷྱོ༔ སྲོག་ལ་ཡཾ་ཤག་བྷྱོ༔ སྲོག་ལ་མཱ་ར་ཡ་རྦད། ཆེ་གེ་མོའི་སྲོག་ལ་རྦད་ཐུཾ་རི་ལི་ལི་བྷྱོ༔ དམར་ནག་གྲོག་མ་འཐབ་པའི་སར་གྲུབ་ཅིང་། །ཐུན་སོགས་དྲག་པོའི་རྫས་ཀྱིས་རབ་བཀང་སྟེ། །རྩངས་དམར་ཁར་བསྒྲོན་ཐོག་ཏུ་བྱིན་བརླབས་ནས། །དགྲ་བགེགས་(༣༠བ)


GLG023_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཕངས་ཐལ་བའི་རྡུལ་དུ་རློག །ཨྱེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། ཨྱེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཆེ་གེ་མོའི་སྲོག་ལ་ཐུན་རྨུགས་བྷྱོ༔ སྲོག་ལ་ཁཾ་ཤག་བྷྱོ༔ སྲོག་ལ་བྲེང་ཤག་བྷྱོ༔ སྲོག་ལ་ཡཾ་ཤག་བྷྱོ༔ སྲོག་ལ་མཱ་ར་ཡ་རྦད། ཆེ་གེ་མོའི་སྲོག་ལ་རྦད་ཐུཾ་རི་ལི་ལི་བྷྱོ༔ དུར་ཁྲོད་ནག་པོའི་རྡོ་བར་གདུག་པའི་སྔགས། །རཀྟ་ཧ་ལ་སྦྱར་བས་ལེགས་བྲིས་ཏེ། །སྤྲིན་གྱི་འོད་འབྱུང་དག་ཏུ་བྱིན་བརླབས་ནས། །དགྲ་བགེགས་ལ་འཕངས་ཐལ་བའི་རྡུལ་དུ་རློག །ཨྱེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། ཨྱེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཆེ་གེ་མོའི་སྲོག་ལ་ཐུན་རྨུགས་བྷྱོ༔ སྲོག་ལ་ཁཾ་ཤག་བྷྱོ༔ སྲོག་ལ་བྲེང་ཤག་བྷྱོ༔ སྲོག་ལ་ཡཾ་ཤག་བྷྱོ༔ སྲོག་ལ་མཱ་ར་ཡ་རྦད། ཆེ་གེ་མོའི་སྲོག་ལ་རྦད་ཐུཾ་རི་ལི་ལི་བྷྱོ༔ དམེ་ཡུག་བུད་མེད་ལ་སོགས་དུག་ཅན་གྱིས། །རེག་བྲལ་མ་ཉམས་ཡུངས་ཀར་གང་བཟང་དག །དུར་ས་ལ་གཟུགས་ཐོག་ཏུ་བྱིན་བརླབས་ནས། །དགྲ་བགེགས་ལ་འཕངས་ཐལ་བའི་རྡུལ་དུ་རློག །ཨྱེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། ཨྱེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཆེ་གེ་མོའི་སྲོག་ལ་ཐུན་རྨུགས་བྷྱོ༔ སྲོག་ལ་ཁཾ་ཤག་བྷྱོ༔ སྲོག་ལ་བྲེང་ཤག་བྷྱོ༔ སྲོག་ལ་ཡཾ་ཤག་བྷྱོ༔ སྲོག་ལ་མཱ་ར་ཡ་རྦད། ཆེ་གེ་མོའི་སྲོག་ལ་རྦད་ཐུཾ་རི་ལི་ལི་བྷྱོ༔ འབྲས་ཅན་གཡག་རྒོད་གཡས་པའི་རྭ་ནང་དུ། །དྲག་པོའི་རྫས་ལྡན་གདུག་པའི་སྔགས་དང་བཅས། །སྟོང་གསུམ་ཀུན་ལས་རྒྱལ་བར་བྱིན་བརླབས་ནས། །དགྲ་བགེགས་ལ་འཕངས་ཐལ་བའི་རྡུལ་དུ་རློག །ཨྱེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། ཨྱེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཆེ་གེ་མོའི་སྲོག་ལ་ཐུན་རྨུགས་བྷྱོ༔ སྲོག་ལ་ཁཾ་ཤག་བྷྱོ༔ སྲོག་ལ་བྲེང་ཤག་བྷྱོ༔ སྲོག་ལ་ཡཾ་ཤག་བྷྱོ༔ སྲོག་ལ་མཱ་ར་ཡ་རྦད། ཆེ་གེ་མོའི་སྲོག་ལ་རྦད་ཐུཾ་རི་ལི་ལི་བྷྱོ༔ ཟོར་གཞན་རྣམས་ཕྱོགས་བཞིར་འཕང་ཞིང་། རྭ་ཟོར་ཕྱོགས་བཞིར་གདེང་བ་ཙམ་བྱས་ནས་གཏོར་མ་དང་ལྷན་དུ་གྲུབ་ཁང་གི་ཕྱི་རོལ་གོམ་པ་ཞེ་དགུའི་སར་འཁྱེར་ཏེ། ལོང་ཡོད་ན་གསེར་སྐྱེམས་བྱ་ཞིང་། མེད་ཚེ་སྔར་གྱི་རྭ་ཟོར་འཕང་ཞིང་བརྟག་པ་བྱ། དེ་ནས་བསྐུལ་འདི་ལྟར་བྱའོ། །ཧཱུཾ། རབ་ཡངས་ལྕགས་སྣོད་ནང་དུ་རི་རབ་སྟེང་། །ཡོངས་རྫོགས་དམར་ཆེན་དྲག་པོའི་གཏོར་མའི་ཚོགས། །འཇིགས་བྲལ་གནམ་ལྕགས་རྡོ་རྗེར་བྱིན་བརླབས་ནས། །དགྲ་བགེགས་ལ་འཕངས་ཐལ་བའི་རྡུལ་དུ་རློག །ཨྱེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། ཨྱེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཆེ་གེ་མོའི་སྲོག་ལ་ཐུན་རྨུགས་བྷྱོ༔ སྲོག་ལ་ཁཾ་ཤག་བྷྱོ༔ སྲོག་ལ་བྲེང་ཤག་བྷྱོ༔ སྲོག་ལ་ཡཾ་ཤག་བྷྱོ༔ སྲོག་ལ་མཱ་ར་ཡ་རྦད། ཆེ་གེ་མོའི་སྲོག་ལ་རྦད་ཐུཾ་རི་ལི་ལི་བྷྱོ༔ ཞེས་གཏོར་མ་གནམ་ལྕགས་ཀྱི་ཐོག་ཏུ་བསྐྱེད་པ་དེ་ཉིད་དགྲ་བོ་ཡུལ་མཁར་དང་བཅས་པའི་སྟེང་དུ་འཕངས་པས། ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་བསམ་མོ། །དེ་རྗེས་བདག་ཉིད་ཁྲོ་རྒྱལ་ནས་བཟུང་སྟེ། །སྲུང་འཁོར་གྱི་བར་རྣམས་བརྗོད། རྡོ་རྗེ་སློབ་དཔོན་གྱིས་མཇུག་བསྡུས་ལ་ཕྱི་མིག་མི་བལྟ་བར་སྲུང་འཁོར་གྱི་རྒྱས་བཏབ་བོ། །དེ་ནས་ནང་དུ་ལོག་སྟེ། ལུགས་གཅིག་ལ་སྒོ་དྲུང་དུ་མེ་ཆུས་རྒྱས་འདེབས་ཤིང་། ཨྱེ་རིང་གི་མཐར་བསྲུང་སྔགས་གདགས་པར་བྱའོ། །(༣༡ན)


GLG023_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྒྲུབ་པ་པོ་རྣམས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱ་དང་བཅས་པས་གཏོར་གཞོང་རི་རབ་ཏུ་གསལ་བའི་འོག་ཏུ་དམ་སྲི་རྣམས་ཆུད་པར་བསམས་ལ་འདི་སྐད་དོ། །སྟོང་གསུམ་འཇིག་རྟེན་ཡངས་པའི་གཞལ་ཡས་སུ། །བཅུད་ཀུན་འཇམ་དཔལ་གཤིན་རྗེའི་རང་ཉིད་ལ། །བྲོ་བརྡུང་བདུད་སྡེའི་ཚོགས་རྣམས་ཐར་མེད་གནས། །དེ་ཕྱིར་གླུ་དང་བྲོ་འདི་རྒྱུན་མི་ཆད། །ཕྱོགས་བཞིར་ཕྲིན་ལས་རྣམ་བཞིའི་བྲོ་བརྡུངས་པས། །ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པར་ཤོག །ཨྱེ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ །ཀཱ་ལ་རཱུ་པ་ཧྲཱི༔ཥྚི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། པུཥྚིཾ་ཀུ་རུ་ཡེ་སྭཱཧཱ། པཱ་ཤཾ་ཀུ་རུ་ཡེ་སྭཱཧཱ། མཱ་ར་ཡ་ཕཊ། དེ་ནས་ཆད་མཐོ་བསྒྲག་ཅིང་བསྟན་མ་བསྐྱང་བ་ནི། གཏོར་མ་ནམ་མཁར་བཏེག་སྟེ། ཧཱུཾ། བསྐལ་པ་བརྒྱད་ཁྲི་འདས་པའི་སྔོན་རོལ་དུ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སྤྲོས་བྲལ་བདེ་ཆེན་ཀུན་ཏུ་བཟང་པོ་ཡིས། །བྱ་རྩོལ་བྲལ་བའི་ཡིད་ཆོས་བསྟན་པའི་ཚེ། །རིགས་ལྔ་བདེ་ཆེན་མཁའ་དབྱིངས་འཁོར་གྱི་ཚོགས། །ཇི་ལྟར་ཁས་བླངས་དམ་ཚིག་ཕོག་ནས་ནི། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམ། །རྒྱུ་སྦྱོར་བར་ཆད་བཟློག་པར་མ་ཆད་དམ། ཁས་བླངས་དམ་བཅའ་བཞིན་དུ་གཏོར་མ་ལོང་། །ཇི་ལྟར་དམ་བཅས་བཞིན་དུ་ཕྲིན་ལས་སྒྲུབས། །དེ་རྗེས་འགྲོ་བའི་དོན་ལ་དགོངས་པའི་ཚེ། །སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས། །འཇམ་དཔལ་བྱེ་བ་འབུམ་སྡེ་དཔེ་ལ་བཀོད། །མ་གཤིན་ཡོངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །བཀའ་སྲུང་གཤིན་རྗེ་དྲུག་གིས་སྲོག་སྙིང་ཕུལ། །ཇི་ལྟར་ཁས་བླངས་དམ་ཚིག་ཕོག་ནས་ནི། །བཀའ་ཡི་(༣༡བ)


GLG023_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམ། །རྒྱུ་སྦྱོར་བར་ཆད་བཟློག་པར་མ་ཆད་དམ། ཁས་བླངས་དམ་བཅའ་བཞིན་དུ་མ་ཆད་དམ། །ཇི་ལྟར་དམ་བཅས་བཞིན་དུ་མ་ཆད་དམ། །དེ་རྗེས་སློབ་དཔོན་ཤནྟིང་གརྦྷ་དང་། །མུ་སྟེགས་བཟློག་པའི་སྟོབས་ཅན་སྔགས་བཟློག་བརྩོད། །སྙིང་གཟེར་ནག་པོའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །སྡིག་པ་སྙིང་འཛངས་མུ་སྟེགས་བསྟན་པ་བཅད། །དྲེགས་པ་བཅོ་བརྒྱད་རང་སྲོག་ཕུལ་བའི་ཚེ། །དྲེགས་པ་མ་ལུས་འདུས་ནས་སྲོག་སྙིང་ཕུལ། །ཇི་ལྟར་ཁས་བླངས་དམ་ཚིག་ཕོག་ནས་ནི། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམ། །རྒྱུ་སྦྱོར་བར་ཆད་བཟློག་པར་མ་ཆད་དམ། ཁས་བླངས་དམ་བཅའ་བཞིན་དུ་གཏོར་མ་ལོང་། །ཇི་ལྟར་དམ་བཅས་བཞིན་དུ་ཕྲིན་ལས་སྒྲུབས། །དེ་རྗེས་སློབ་དཔོན་བྷ་སུ་དྷ་ར་ཡིས། །བཀའ་ཡི་མཆོད་རྟེན་སྟོབས་ཆེན་བཞེངས་པའི་ཚེ། །ལས་ཀྱི་གཤིན་རྗེའི་སྲོག་སྙིང་ཞལ་ཀྱང་བསྟན། །ཇི་ལྟར་ཁས་བླངས་དམ་ཚིག་ཕོག་ནས་ནི། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམ། །རྒྱུ་སྦྱོར་བར་ཆད་བཟློག་པར་མ་ཆད་དམ། ཁས་བླངས་དམ་བཅའ་བཞིན་དུ་གཏོར་མ་ལོང་། །ཇི་ལྟར་དམ་བཅས་བཞིན་དུ་ཕྲིན་ལས་སྒྲུབས། །དེ་རྗེས་སངས་རྒྱས་ཡེ་ཤེས་རིན་ཆེན་གྱིས། །ཨྱེ་རིང་རྣམ་གསུམ་དཀྱིལ་འཁོར་ཞལ་ཕྱེ་ནས། །མཆོད་རྟེན་ལུས་ལ་བཀོད་ནས་བསྒྲུབས་པའི་ཚེ། །མ་གཤིན་ཞལ་བསྟན་དངོས་གྲུབ་རྣམ་གཉིས་ཐོབ། །བཀའ་ཉན་སྡེ་བརྒྱད་དམ་ལ་ཐོགས་པའི་ཚེ། །ཇི་ལྟར་ཁས་བླངས་དམ་ཚིག་ཕོག་ནས་ནི། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམ། །རྒྱུ་སྦྱོར་བར་ཆད་བཟློག་པར་མ་ཆད་དམ། ཁས་བླངས་དམ་བཅའ་བཞིན་དུ་གཏོར་མ་ལོང་། །ཇི་ལྟར་ཁས་བླངས་དམ་ཚིག་ཕོག་ནས་ནི། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམ། །རྒྱུ་སྦྱོར་བར་ཆད་བཟློག་པར་མ་ཆད་དམ། ཁས་བླངས་དམ་བཅའ་བཞིན་དུ་གཏོར་མ་ལོང་། །ཇི་ལྟར་དམ་བཅས་བཞིན་དུ་ཕྲིན་ལས་སྒྲུབས། །དེ་ལྟར་བསྒྲུབ་པའི་གནས་མཆོག་དམ་པ་འདིར། །དཀྱིལ་འཁོར་མཆོད་རྟེན་ལུས་དཀྱིལ་གཏོར་མ་བཤམས། །བཀའ་བཞིན་ཕོག་པའི་སྲུང་མ་དམ་ཅན་རྣམས། །ཇི་ལྟར་ཁས་བླངས་དམ་ཚིག་ཕོག་ནས་ཀྱང་། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམ། །ཡོན་བདག་བར་ཆད་(༣༢ན)


GLG023_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པར་མ་ཆད་དམ། ཁས་བླངས་དམ་བཅའ་བཞིན་དུ་གཏོར་མ་ལོང་། །ཇི་ལྟར་དམ་བཅས་བཞིན་དུ་ཕྲིན་ལས་མཛོད། །སྔོན་ཚེ་སློབ་དཔོན་སྤྱན་སྔར་རྣལ་འབྱོར་གྱི། །ལས་རྣམས་བསྒྲུབ་པར་དམ་བཅས་བསྟན་མའི་ཚིགས། །འདོད་ཡོད་ལྔ་ལྡན་གཏོར་མ་འདི་ལོང་ལ། །བསམ་དོན་ཡིད་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །གཏང་རག་མཆོད་པ་ནི། ཁྲོ་རྒྱལ་ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །མ་ཧཱ་བྷ་ལིང་བདུད་རྩིའི་རྒྱ་མཚོ་ཆེ། །རཀྟ་ལ་སོགས་ཕྱི་ནང་གསང་བ་ཡི། །མཆོད་པ་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །དེ་ནས་དཀྱིལ་འཁོར་བསྡུ་བ་ནི། རྩ་བའི་ལྷ་དང་རྒྱན་གྱི་ལྷ་བརྒྱད་རྣམས། །ཕྱག་རྒྱ་ཟིལ་གནོན་ཐུགས་ཀའི་ཧཱུཾ་ལ་ཐིམ། །འཁོར་རྣམས་རང་རང་གནས་གཤེགས་གཙོ་བོ་ནི། །གཉིས་མེད་སྤྲོས་བྲལ་ཆོས་དབྱིངས་ངང་དུ་བཞུགས། །སྨོན་ལམ་ནི། བསྙེན་སྒྲུབ་ལས་གསུམ་ཡོངས་འདུ་ས་བརྟོལ་ལ། །བསྐྱེད་རིམ་ལོ་འདབ་འབྲས་བུ་རབ་རྒྱས་ཤིང་། །གྲོལ་བྱེད་ལམ་གྱི་གང་བུ་གཡུར་ཟ་བའི། །དངོས་གྲུབ་རྣམ་གཉིས་དགའ་སྟོན་རྒྱས་པར་ཤོག །ཤིས་པ་བརྗོད་པ་ནི། འདོད་དགུའི་འབྱུང་གནས་བླ་མ་ཡི་དམ་ལྷ། །དཔག་དཀའ་རབ་འབྱམས་ལས་བསྒྲུབ་དམ་ཅན་ཚོགས། །ཕོ་ཉ་ལས་གཤིན་ལ་སོགས་འཁོར་བཅས་ཀྱིས། །བཀྲ་ཤིས་དགའ་སྟོན་དཔལ་ལ་རོལ་གྱུར་ཅིག །དེ་ལྟར་ཟླ་གསང་སྡིག་རྒྱུད་རྒྱ་མཚོ་ཆེ། །བདག་ཡིད་ཁྱབ་འཇུག་འཕྲུལ་གྱི་སྒོ་འཕར་ལས། །འོངས་པའི་བདག་མདུན་ལས་བྱང་བདུད་རྩིའི་བཅུད། །རིགས་འཛིན་དགའ་སྟོན་དཔལ་ལ་རོལ་གྱུར་ཅིག །ཅེས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་རྒྱུད་འགྲེལ་མན་ངག་དང་། ཁྱད་པར་ཆོས་རྗེ་སྒྲོལ་མ་པ། (༣༢བ)


GLG023_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སེ་སྟོན་གཉིས་ཀྱིས་མཛད་པའི་ལས་བྱང་ཟུར་འདེབས། ལྕགས་སྡིག་ལས་བྱང་ཆེན་མོ་གསུམ་ལ་གཞི་བྱས། །སྤྱང་མོ་དྲུག་ལ་སོགས་པའི་མན་ངག་ཟབ་མོ་འགའ་ཞིག་མ་གཏོགས། གཞན་མ་བདག་མདུན་ཚང་མ་ཁྲིགས་ཆགས་སུ་བསྡེབས་ཤིང་། བསྙེན་སྒྲུབ་ལས་གསུམ་གྱི་སྔགས་རྣམས་ལེགས་སྦྱར་གྱི་སྐད་དང་མི་མཐུན་པ་འདུག་ཀྱང་། སྒྲོན་གསལ་ལས། ཀོ་ཊ་ཀྵ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང་། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །དེ་ནི་ཇི་བཞིན་མིན་པར་གྲགས། །ཞེས་གསུངས་པ་ལྟར་རང་སོར་བཞག་ཅིང་། གཞན་མའི་ཚིག་སྦྱོར་ལ་ལ་གཏེར་གཞུང་དངོས་དང་། བརྒྱུད་ལྡན་རིགས་པ་འཛིན་པ་རྣམས་ཀྱི་གསུང་རྣམས་བྱིན་རླབས་ཀྱི་མཐུ་དཔུང་ཆེ་བས་རང་སོར་བཞག །འགའ་ཞིག་འཁྱེར་བདེ་བའི་སླད་དུ་ཚིག་ཕྲེང་གསར་དུ་བསྒྲིགས་པའི་ལས་བྱང་གནམ་ལྕགས་འཁོར་ལོ་ཞེས་བྱ་བ་འདི་ཡང་། དབང་འགྲོ་མགོན་ཆོས་དབང་གི་གདུང་ལས། རྒྱལ་བ་བཙོང་ཁ་པ་ཆེན་པོའི་བསྟན་པ་ལ་ཞུགས་པ་ཡོངས་སུ་རྫོགས་པའི་རིག་པ་འཛིན་པ་ཨྱོན་བློ་བཟང་བསྟན་འཛིན་གྱིས་བསྐུལ་བའི་ངོར། འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་སྙེམ་པའི་སྡེའམ་མིང་གཞན། ཤཱཀྱའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་ཚངས་སྲས་བཞད་པའི་རྡོ་རྗེས། མྱོས་ལྡན་གྱི་ལོ། དག་བྱེད་ཟླ་བའི་ཕྱོགས་གཉིས་པའི་དྲང་སྲོང་ལྷ་མིན་བླ་མ་ནམ་གྲུའི་དགའ་མ་དང་རྩེ་བའི་འགྲུབ་སྦྱོར་གྱི་ཉིན་དགའ་ལྡན་ཕོ་བྲང་མེ་ཏོག་མངོན་པར་བཀྲ་བའི་ལྡིང་ཁང་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །སརྦ་མངྒ་ལཾ།། །།

ཚེ་བདག་རྣོན་པོ་ནད་གཅོད་ཀྱི་དབང་གི་ཆོག་སྒྲིགས་ཉ་རྒྱས་ཟླ་བའི་དཀྱིལ་འཁོར།


GLG023_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བདག་རྣོན་པོ་ནད་གཅོད་ཀྱི་དབང་གི་ཆོག་སྒྲིགས་ཉ་རྒྱས་ཟླ་བའི་དཀྱིལ་འཁོར་བཞུགས་སོ། །


GLG023_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫོ་རྒྷོ་ཥ་ཤི་བ་ཀྲོ་ཏཱ་ཡ། ལྔ་ལྡན་ཟུར་ཕུད་འཆང་བ་འཇམ་པའི་དབྱངས། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་ཚེ་བདག་གར། །རབ་བསྒྱུར་འཁོར་མེད་དྲིན་ཅན་ཡོངས་འཛིན་ཚོགས། །སྙིང་གི་ཟེའུ་འབྲུར་སྤྱོན་ལ་བདག་བྱིན་རློབས། །གཙུག་ལག་དཔལ་དགེས་གཤེད་སྐོར་རྒྱུད་སྡེའི་དོན། །ལེགས་བཀྲལ་བཀའ་བབས་པདྨ་ཐོད་འཕྲེང་གིས། །བལ་པོའི་རྒྱལ་པོར་གཏད་དེ་གནུབས་ཆེན་གྱིས། །སྤུངས་པ་རི་བོའི་ངོས་སུ་རྒྱས་བཏབ་པ། །དུམ་པ་རྒྱ་ཡིས་སྤྱན་དྲངས་ཟབ་མོའི་གཏེར། །གནུབས་ཆུང་ཕྱག་མཚན་ལས་ཀྱི་རལ་གྲི་ཆེ། །དེང་དུས་རྗེ་བཙུན་རཏྣ་རྗེས་འབྲང་གིས། །རང་སྐྱོབ་གཞན་གསོད་གོ་མཚོན་གཅེས་པའི་ནོར། །དེ་ཕྱིར་སྨིན་བྱེད་རྣོན་པོ་ནང་གཅོད་ཀྱི། །དབང་ཆོག་ལག་མཐིལ་རྫས་བཞིན་གསལ་ནུས་པ། །པད་གནུབས་བརྒྱུད་པའི་ཕྱག་བཞེས་མི་ཉམས་སླད། །ཡི་གེར་འབྲི་ན་གཏེར་སྲུང་གནང་བ་སྩོལ། །དེ་ལ་འདིར་གཤིན་རྗེ་གཟའ་གདོང་དམར་ནག་མེའི་སྤུ་གྲིའི་དབང་གི་རིམ་པ་པདྨས་མིང་བཏགས་རྗེ་བཙུན་དབུ་རུ་སྨྱོན་པ་ལ་ཡི་དམ་གྱི་ལྷས་དངོས་སུ་གནང་བའི་དབང་མཆོད་རྟེན་གྱི་དཀྱིལ་(༢ན)


GLG023_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་བརྟེན་པའི་དབང་རྒྱས་པ་ཡོད་པ་རྗེ་ཉིད་ཀྱིས་མཛད་པའི་ཡིག་ཆ་ཤིན་ཏུ་ཁ་གསལ་བར་སྣང་ལ། གཏེར་སྟོན་རྒྱ་ཞང་ཁྲོམ་གྱི་ཞལ་གདམས་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་ཀྱི་བར་དུ་སྙན་བརྒྱུད་དུ་བཞུགས་པའི་རྣོན་པོ་ནང་གཅོད་སྡེ་པ་སྣང་རྩེ་ནས་ཀྱིས་མཛད་པ་དེར་སྙིང་པོ་ནང་བཅུད་གསུང་བ་མིང་ཡང་མ་དགོངས་འདུག་པས་དོན་ལ་རེ་བ་མེད་པས་ནང་ཆ་ཕྱིར་བསྟན་ནོ། །ཀྱི་དབང་འདི་ལ་རྗེ་བཙུན་རཏྣའི་ཞབས་ཀྱི་རེག་ཟིག་ཉུང་ངུ་ཞིག་མ་གཏོགས་ཡིག་ཆ་ཁུངས་བཙུན་པ་གཞན་མི་སྣང་བས་བསྟན་པའི་རྒྱུན་ལ་ཕན་ཕྱིར་གོ་བདེ་བར་བཀོད་པ་ལ། གནས་ཁང་བྱི་དོར་བྱས་སློབ་དཔོན་གྱི་གཡས་སུ་སྟེགས་ཀྱི་ཁར་རྟེན་ཁེབས་སོགས་བཀོད་པས་མཛེས་པ་བྱས་པར་འབྲུ་སྣ་དར་བཏགས་མན་ངག་ལས་བྱུང་བའི་རྫས་རྣམས་འཚོགས་པར་བྱས་པ་ཁྲག་ཆང་གིས་སྦྲུས་པའི་གཏོར་མ་གཙོ་འཁོར་ལྔ་པ་བྲ་གཟུགས། ཁྲམ་རིས། འཁོར་ལོ། ཨོང་སྐྱུ། མེ་རི། ཤ་སྣང་རྩེ་ནས་ཀྱིས་ཐོག་མདེའུའི་གཟུགས་ཀྱི་དཀར་རྒྱན་ཤ་ཁྲག་གིས་བརྒྱན་པ་གསུང་བ་གསར་རྙིང་ཀུན་ལ་མ་གྲགས་པའི་ཁྱད་ཆོས་ཤིག་ཡིན་པ་འདྲ། ཁྲག་གིས་བརྒྱན་པར་སོ་སོའི་ལྷ་རྟེན་ཙཀ་ལི་གཏོར་གདུགས་སོགས་ཞིབ་ཆ་མཐའ་དག་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་མངོན་པར་འདུ་བྱས་པ་མཉྫིའི་སྟེང་དུ་བཀོད། (༢བ)


GLG023_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཆུ་གཉིས་སྔོན་སྣང་རྩེ་ནས་ཀྱིས་ཕྱི་ནང་གསང་མཆོད་སྨན་རཀ་གཏོར་གསུམ་ཞེས་སྨན་རཀ་གཏོར་གསུམ་ནང་མཆོད་ཀྱི་གྲལ་ནས་བཏོན་འདུག་པ་ཁྲག་གི་ཨརྒྷཾ་སོགས་ལ་འཁྲུལ་བར་སྣང་ཡང་ཕྱི་མཆོད་ལ་ཕྱི་མཆོད་ཀྱི་ཕྱི་མཆོད། ཕྱི་མཆོད་ཀྱི་ནང་མཆོད། ཕྱི་མཆོད་ཀྱི་གསང་མཆོད །དེ་བཞིན་དུ་ནང་གསང་གཉིས་ལ་ཡང་མུ་གསུམ་དུ་དབྱེར་ཡོད་པ་ནང་གསེས་ཀྱི་རྣམ་གཞག་ཡིན་པ་མ་དགོངས་པའི་ཤེས་བྱ་མཐའ་བཀག་པ་འདི་འདྲ་རྙིང་མ་བྱིངས་དང་མ་མཐུན་ཀྱང་ཉིད་ཀྱི་གཏེར་གསར་ན་ཡོད་ཤས་ཆེ། དབང་གཏོར་གྱི་སྨད་ཤ་ཁྲག་གི་རྒྱ་མཚོར་བསྐྱེད་གསུང་བ་དེ་ག་འབུལ་བའི་ཐུགས་རྩེ་གཏད་བཞིན་དུ་གཏོར་མ་ཟུར་པ་བཟོས་པར་དགོས་པ་ལྷག་པོ་མེད་ཅིང་གཉེར་ཚང་གི་བུ་ལོན་ལ་གནོད་པ་འདུག་གོ །དུ་འགྲོ་བའི་ཕྱི་ནང་གི་ཉེར་སྤྱོད། སྨན་རཀ །གཏེར་སྲུང་དང་གཞི་བགེགས་ཀྱི་གཏོར་མ། ལས་བུམ་རྫས་ལྡན་ཁ་རྒྱན་དང་བཅས་པ། ཡུངས་ཐུན། གུ་གུལ། རོལ་མོ། ཚོགས་ཆས་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་འཚོགས་པར་བྱ། ལས་བྱང་གཞུང་བསྲང་རེག་ཟིག་ན་བདག་མདུན་གཉིས་སོ་སོར་བསྒོམ་པར་གསུང་བ་མི་རུང་བ་མ་ཡིན་ཀྱང་གཞུང་གྱེར་ཐེངས་གཅིག་པུ་དེ་ཀས་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་བདག་མདུན་གྱི་ལྷ་ཞལ་སྤྲོད་དུ་བསྒོམ་པ་འཇུག་པ་བདེ་ཞིང་སྲུང་བཟློག་གི་སྐབས་ཀྱང་འདི་ཀ་མཛད། བ་སྦས་ལྷ་གཉིས་ཀྱི་མངོན་རྟོགས་ཀྱི་མཐར་རྦད་ཡ་བཟློག་ཡ་ཞེས་པའི་སྔགས་ཀྱིས་གཡས་སུ་བསྐོར་བར་གྱུར་ཞེས་པའི་བར་བཏང་རྗེས་ལས་བུམ་གྱི་ནང་དུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་ཡ་མཐིང་ནག་ལས་སྐྱེས་པའི་ལས་ཀྱི་གཤིན་རྗེ་དམར་ནག་ཞལ་གཅིག་ཕྱག་གཉིས་པ། རལ་པ་ཁམ་ནག་ཟུར་གསུམ་གྱེན་དུ་འཕྱོ་བ་སྤྱན་གསུམ་དམར་ཞིང་འཁྲུག་པ། སྨིན་མ་དང་སྨ་ར་ཨག་ཚོམ་རྣམས་མེ་ལྟར་འབར་བ། མཆེ་བ་གཙིགས་ཤིང་ལྗགས་འགྱུར་ཧཱུཾ་གི་སྒྲ་སྒྲོག་པ། སྦོམ་ཐུང་གསུས་པ་འཕྱང་ཞིང་མི་སྡུག་པ། རུས་པ་དང་སྦྲུལ་གྱིས་བརྒྱན་ཅིང་། སྐུ་སྟོད་ལ་(༣ན)


GLG023_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྤགས་ཀྱི་གཡང་གཞི་དང་སྐུ་སྨད་སྟག་གི་ཤམ་ཐབས་གྲོལ་བ། །གཡས་བེ་ཅོན་རྡེག་པའི་ཚུལ་དང་གཡོན་ཐུགས་ཀར་སྡིགས་མཛུབ་དགྲ་བགེགས་ཀྱི་དོན་སྙིང་འདྲད་པའི་ཚུལ་གྱིས་ཞགས་པ་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་བསྐལ་པ་དུས་མཐའི་མེ་འབར་བའི་ཀློང་ན་བཞུགས་པར་བསམ། ཞེས་པའི་བར་དབང་ཆོག་བདུད་དཔུང་ཟིལ་གནོན་ལྟར་དང་། དེ་ནས་སླར་ཡང་ཡབ་ཡུམ་ཐུགས་ཀའི་ཧཱུཾ་བྷྱོ་ལས། །ཞེས་པ་ནས་བཟུང་སྟེ་བསྒྲུབས་ན་ལང་ཚོ་དང་མཉམ། ཞེས་དག་པ་དྲན་པའི་བར་གྱི་རྗེས་སུ་ལྷ་རྣམས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུཾ་མཐིང་ནག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་འཕྲོས། འགྲོ་བའི་དོན་བྱས་སླར་འདུས་སྔགས་འཕྲེང་ལ་ཐིམ་པར་བསམ་རྗེས་སུ། ཁམས་གསུམ་མ་ལུས་གཞལ་ཡས་ཆེན་པོར་ལྟ་ཞེས་སོགས་གདེངས་གསུམ་དང་ལྡན་པའི་སྒོ་ནས་རྩ་བའི་བསྙེན་སྔགས་རྣམས་འགྲུབ་ཚད་བཟླ། ལས་བུམ་ལ་དམིགས་ཏེ། ཨཱོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུཾ་ཕཊ། ཅེས་པ་ཇི་ལྟར་རིགས་པ་དང་། ཇི་སྲིད་དབང་གི་བྱ་བ་མ་རྫོགས་ཀྱི་བར་དུ་བགེགས་རྣམས་བསྲུང་ཞིང་བཟློག་པར་མཛད་དུ་གསོལ། ཞེས་མེ་ཏོག་དོར། གཏེར་སྲུང་མཆོད། ཚོགས་མཆོད་དབུལ། ཏིང་ངེ་འཛིན་གྱི་སྒོ་ནས་བདག་ཉིད་ཀྱིས་དབང་བླང་། སློབ་མ་རྣམས་ཁྲུས་ནས་དབྱུང་། གྲལ་ལ་འཁོད། དཀར་གཏོར་དང་དམར་གཏོར་བཤམས་ནས་བགེགས་སྐྲོད་དང་བསྲུང་འཁོར་དཀྱུས་བཞིན་གཏོང་། མཎྜལ་འབུལ། སྤྱི་དང་བྱེ་བྲག་གི་ཆོས་བཤད། ཁྱད་པར་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པའི་ཕྱིར་སྔོན་བྱུང་རྫོགས་ལྡན་གྱི་བསྐལ་པར་ལྷའི་སྲིད་པ་ཀ་རུ་ཞེས་(༣བ)


GLG023_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔགས་ཀྱི་ལམ་དུ་ཞུགས་པ་ལྟ་སྤྱོད་ལོག་སྟེ་ལྷོ་ཕྱོགས་རིམ་པ་མདུན་གྱི་འོག་ལྕགས་མཁར་གླིང་དགུའི་བདག་པོ་འཆི་བདག་ནག་པོ་མ་རུངས་པར་སྐྱེས་ཤིང་འགྲོ་བ་རྣམས་འཕུང་བར་བྱེད་པ་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་ཏེ་འཕགས་པ་འཇམ་པའི་དབྱངས་ཁྲོ་རྒྱལ་གཤིན་རྗེའི་གཤེད་ཀྱི་སྐུར་བཞེངས་ནས་བཏུལ་ཞིང་དྲེགས་པའི་ཚོགས་རྣམས་འབངས་དང་བྲན་དུ་བཀོལ་ཅིང་བསྟན་པའི་སྲུང་མར་བསྐོས། དེ་ནས་ལྷོ་ཕྱོགས་གཤིན་རྗེའི་གནས་གཏུམ་དྲག་གི་ཚལ་ཞེས་བྱ་བ་ཕྱི་དུར་ཁྲོད་ཀྱི་གཞལ་ཡས་ཁང་ནང་རྡོ་རྗེ་བཙུན་མོའི་མཁའ་ཀློང་རྣམ་པར་དག་པ་འོག་མིན་གྱི་གནས་སུ་འཇམ་དཔལ་ཀུན་ཏུ་བཟང་པོས་གཤིན་རྗེའི་གཤེད་ཀྱི་རྩ་བའི་རྒྱུད། བཤད་པའི་རྒྱུད། ཐུན་མོང་དང་ཐུན་མོང་མ་ཡིན་པ་མན་ངག་གི་རྒྱུད། ཆ་མཐུན་གྱི་རྒྱུད། འཕྲོས་པའི་རྒྱུད། སྤྱི་རྒྱུད་དང་། སྒོས་རྒྱུད་ལ་སོགས་པ་རྒྱ་ཆེར་བཀའ་སྩལ་པ་རྡོ་རྗེ་རྣོན་པོ་དང་། ལག་ན་རྡོ་རྗེ་སོགས་ཀྱིས་བསྡུས་ཏེ་བཻ་ཌཱུཪྻའི་གླེགས་བམ་དུ་བྱས་ནས་ཨྱོན་གྱི་ཡུལ་དུ་དཔལ་རང་བྱུང་གི་མཆོད་རྟེན་ཆེན་པོར་རྒྱས་བཏབ་པ་སློབ་དཔོན་དགའ་རབ་རྡོ་རྗེས་མ་མོ་མཁའ་འགྲོ་རྣམས་དམ་ལ་བཏགས་ཏེ་མཆོད་རྟེན་ནས་བྱུང་བ་ཨྱོན་གསང་ཡིག་ཏུ་བྲིས་ཏེ་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ནས་གསང་མཚན་རྡོ་རྗེ་གཞོན་ནུ་རྩལ་ཞེས་པར་གཏད། ལུགས་གཅིག་ལ་འོག་མིན་ནས་ལྷའི་བུ་ཚངས་པ། ཉི་མ། བདེ་བ་མཆོག་ལྡན་རྣམས་ལས་རིམ་པར་བརྒྱུད་དེ་མཁའ་འགྲོ་མ་ཟླ་བའི་འོད་ཟེར་གྱིས་སིངྒ་ལའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་བཀའ་བབས་ཀྱི་ཚུལ་དུ་གཏད། དེ་ནས་སངས་རྒྱས་གཉིས་པ་པདྨ་ཐོད་འཕྲེང་། སློབ་དཔོན་ཤནྟིཾ་གརྦྷ། ཡེ་ཤེས་སྙིང་པོ། ཁ་གརྦྷ། གཙུག་(༤ན)


GLG023_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དཔལ་དགེ །དྷ་ན་དྷ་ལ། ཁྲག་འཐུང་ནག་པོ། བྷ་སུ་དྷ་ར་སོགས་སློབ་དཔོན་འདི་དག་ལ་གཤིན་རྗེའི་རྒྱུད་མན་ངག་གི་བཀའ་བབས་ཚུལ་ནི་གོ་རིམ་མི་མཐུན་པ་སྣ་ཚོགས་ཡོད་པ་མཐའ་གཅིག་པར་ངེས་བཟུང་དུ་གཏན་ཚིགས་ཀྱིས་བསྒྲུབ་མི་ནུས་ཤིང་སློབ་དཔོན་སོ་སོས་རྒྱུད་མན་ངག་ལ་བརྟེན་ནས་ཁ་ཐུན། ཚེ་བདག །ཁྲོ་འདུས། འཇོམས་བྱེད། ཁྲོ་ཆུ་སོགས་སྒྲུབ་ཐབས་ཀྱི་རིམ་པ་མཐའ་ཀླས་པ་མཛད་ཅིང་བྱེ་བྲག་གཤིན་རྗེ་གཟའ་གདོང་དམར་ནག་གི་སྐོར་འདི་འཇམ་དཔལ་བཤེས་གཉེན་ནས་རིམ་པ་བཞིན་འཕུང་བྱེད་ཤིནྟཾ་གརྦྷ། དེས་སློབ་དཔོན་ཁྲག་འཐུང་ནག་པོའམ་གསང་མཚན་རྡོ་རྗེ་མྱུ་གུ་གཏེར་ལ་གཏད་པ་བཀའ་མ་དང་ཟླ་གསང་འཇམ་དཔལ་ཐུགས་ཀྱི་རྒྱུད་རྩ་བ་ཆེན་པོ་ནི་ཚངས་པ་ཀླུ་གནད་ཀྱི་བསེའི་ཀ་བ་ནས་སློབ་དཔོན་ཛྙཱ་ན་གརྦྷས་གཏེར་ནས་བཏོན་ཏེ་སིནྡུ་ནགས་ཚལ་དུ་སློབ་དཔོན་ཨ་ཀཱ་ཤ་གརྦྷ་ལ་གཏད། དེས་ཁྲག་འཐུང་ནག་པོ་ལ་གཏད་དེ་བཀའ་གཏེར་ཟུང་དུ་འཇུག་པ་སློབ་དཔོན་གཙུག་ལག་དཔལ་དགེ་ལ་བབས། སློབ་དཔོན་འདིས་རྒྱུད་མན་ངག་རྣམས་ཀྱི་ནང་ནས་ཕྱུང་བ་ཤིན་ཏུ་ཟབ་པ་སྐོར་གསུམ་མཆན་བཞི་གནད་གསུམ་དུ་གྲགས་པར་ཡང་བཟློག་མེའི་སྤུ་གྲིར་བཏགས་ནས་སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་རྩལ་ལ་གནང་། དེས་བལ་བོའི་སློབ་དཔོན་བྷ་སུ་དྷ་ར་ཞེས་གསང་མཚན་རྡོ་རྗེ་ཐོག་འབེབས་རྩལ་དུ་གྲགས་པ་ལ་གཏད། དེའི་དྲུང་དུ་དྲག་སྔགས་ཀྱི་བདག་པོ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་ལན་བདུན་བྱོན་པའི་ཕྱི་མའི་ཚེ་བཀའ་རྒྱས་བཏབ་སྟེ་གནང་བ་ཆུ་དར་སྔོན་པོ་ལ་དངུལ་གྱི་ཡི་གེར་བྲིས་ཏེ་ཤེལ་གྱི་པར་བུར་སྩལ་པ་མཆོང་སྒྲོམ་སྨུག་པོར་བཅུག་ནས་ཕུང་པོ་རི་བོ་ཆེ་དང་ལྷོ་(༤བ)


GLG023_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་མཁོ་མཐིང་ལྷ་ཁང་གཉིས་སུ་གཏེར་དུ་སྦས། ཕུང་པོ་རི་བོ་ཆེ་ནས་གནུབས་ཆེན་གྱི་སྐྱེ་བ་སྤྲུལ་པའི་གཏེར་སྟོན་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས་ནས་ལྷ་རྗེ་གནུབས་ཆུང་རྒྱ་དང་གནུབས་ཆུང་གི་བར་དུ་བླ་མ་གཉིས་ཙམ་ཞིག་སྣང་སོག་གོང་གསུམ་གྱི་བརྒྱུད་ཡིག་ཏུ་འདུག་པ་སྣང་རྩེ་ནས་ཀྱིས་འདི་སྐོར་འབྲི་གུང་དུ་གསན་པས་དེའི་བརྒྱུད་པར་ནི་ཡོང་དོན་མི་འདུག་ཁོ་རང་རྣམས་ཀྱི་རྨི་ལམ་དུ་བྱུང་བ་ནི་མིན་ལ་ཆེ། ལར་ཟག་ཟོག་གི་རིགས་འདི་ལ་རྒྱས་བསྡུས་མ་མཛད་ན་རྫུན་གྲོག་པོ་ཕུ་རྡུགས་ད་རྡོལ་གཉེན་གདའོ། །པ་གསང་མཚན་རྡོ་རྗེ་གཏེར་བཞད་རྩལ་ལ་གནང་། གནུབས་ཆུང་པས་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་སྤྱན་དྲངས་པའི་གཏེར་ཁ་གསར་རྙིང་ཞུས་དག་ཕེར་བ་བྱུང་། རྗེ་བཙུན་མི་ལས་མངོན་སྤྱོད་ཀྱི་གྲགས་པ་ཐོན་པའང་གཤིན་རྗེ་གཟའ་གདོང་དམར་ནག་འདི་ཉིད་ཡིན་པར་གྲགས་ཤིང་མཚུར་སྟོན་རིན་ཅེན་རྡོ་རྗེས་སྤོང་ཞོན་སྟོན་ལ་མཐུ་བྱས་པའི་ཚེ། དེའི་བཟློག་པའི་རིམ་གྲོ་པ་རོལ་པོ་མེས་སྟོན་གྱིས་བྱས་པར་བརྟེན་མཐུ་ལོག་སྟེ་ཆོ་འཕྲུལ་ཆེན་པོ་བྱུང་བ་ན་མཚུར་སྟོན་གྱིས་ཁ་རག་ལྷ་མོ་དབང་ཕྱུག་རྡོ་རྗེའི་དྲུང་དུ་རྒྱུ་མཚན་རྣམས་ཞུས་པས་རོལ་པོ་མེས་སྟོན་ལས་བཟློག་པ་མཁས་པ་གཙང་གི་རྒྱལ་ཁམས་ན་མེད། ངེད་ཀྱི་བཟློག་པ་ཡང་ཞུན་གྱི་རིགས་དང་ཁྱོད་རང་ལ་ཕྱག་ཆ་ཨུར་མོ་འདུག་པ་རྣམས་ཀྱི་མི་འོང་བས་གཙང་རོང་དུ་ལྷ་རྗེ་གནུབས་ཆུང་པར་ཞུས་ཤིག་པའི་ལུང་བསྟན་པ་ལྟར་སྣམ་བུ་ཚོས་མ་བདུན་ཁྱེར་ནས་ཞུས་པར་གདམས་པ་མ་ཆད་པ་ཞིག་གནང་བས་རང་ཡུལ་དུ་ལོག་སྟེ་བསྒྲུབས་ཀྱང་ཆོ་འཕྲུལ་ཆེར་སོང་། སླར་ཁུ་ལུང་དུ་བྱོན་ནས་རྟ་ཕོ་ངང་ཞུར་ཞིག་དང་གསེར་སྲང་དུ་མ་ཕུལ་ཏེ་ཞུས་པས་གདམས་པ་ཆད་ལྷག་མེད་པའི་དབུ་དབྱུང་དང་བཅས་རྫོགས་པར་གནང་(༥ན)


GLG023_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཐུགས་ཚིམ་ནས་སྲས་འཇམ་དཔལ་ལོ་བཅོ་བརྒྱད་པ་དང་མཚུར་སྟོན་དབང་དེ་ལོ་བཅོ་ལྔ་འགྲོ་བ་གཉིས་དང་ལྷན་དུ་སྲུང་བཟློག་བསད་མནན་གྱི་སྔགས་རྒྱུན་བཙུགས་པས་ཚུར་བཟློག་མཁན་པོ་རོལ་པོ་མེས་སྟོན་དཔོན་གཡོག་བཞི་ཁྲག་སྐྱུགས་ཏེ་ཤི །དེ་རྗེས་སྤོང་ཞོན་སྟོན་ཕོ་མོ་དྲུག་ཅུ་རྩ་གཅིག་ཟླ་བ་དགུའི་ཁོངས་སུ་འཇིག་རྟེན་ཕ་རོལ་གྱི་ལྟད་མོར་སོང་། མཚུར་སྟོན་རིན་ཅེན་རྡོ་རྗེ་ལ་སྐུ་ཞང་དཔལ་ལྡན་གྱིས་གསན། དེ་ནས་རིམ་བཞིན་བླ་མ་ཚུལ་ཁྲིམས་རིན་ཆེན། སྔགས་འཆང་བྱང་ཆུབ་མགོན་པོ། མཁས་གྲུབ་ནམ་མཁའི་མཚན་ཅན། དེས་རིགས་འཛིན་ཚུལ་ཁྲིམས་ཞབས། རྒྱ་སྟོན་དབོན་པོ་ནམ་མཁའ་རིགས་འཛིན་གསང་བ། འདིའི་ཞལ་ངོར་རྭ་བའི་བླ་མ་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་སོགས་མཁས་གྲུབ་མང་དུ་བྱུང་ཞིང་ཕྱི་མ་འགའ་ཞིག་ཚེ་བདག་ལ་ཤིན་ཏུ་མཁས་པས་ཡང་བཟློག་གི་ལྷན་ཐབས་ཀྱི་ཡིག་ཆ་མང་དུ་མཛད། དེ་ལ་ལྷ་སྲས་རྒྱལ་པོའི་རྣམ་སྤྲུལ་ཆོས་རྒྱལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས་ཀྱིས་གསན་ཅིང་ཐུགས་ཉམས་སུ་བསྟར་བས་ཡི་དམ་ལྷས་ཞལ་གཟིགས་ཤིང་གཞིས་ཀ་རིན་སྤུངས་པ་སོགས་བསྒྲལ་བའི་ཞིང་དུ་མར་རྟགས་མཚན་དངོས་སུ་བསྟན་པ་སོགས་འཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ། དེས་རྒྱལ་སྲས་ལྷ་རྗེའི་ཡང་སྲིད་རིགས་ཀྱི་སྲས་ཆོས་རྒྱལ་ཕུན་ཚོགས་ལ་གནང་། དེས་ནཱ་རོ་པའི་རྣམ་སྤྲུལ་སྲས་བཀྲ་ཤིས་ཕུན་ཚོགས་ལ་སྩལ། དེས་རིགས་འཛིན་གནམ་ལྕགས་མེ་འབར་གྱི་སྤྲུལ་པའི་སྐུ་གཅུང་རིགས་འཛིན་ཆོས་ཀྱི་གྲགས་པ་ལ་གནང་། ཡབ་སྲས་འདི་གསུམ་གས་ཀྱང་ཡི་དམ་གྱི་ལྷ་ཞལ་གཟིགས་ཤིང་མངོན་སྤྱོད་ལ་རྟགས་ཐོན་པ་ཤ་སྟག་ཡིན། དམ་པ་འདི་ཉིད་ལ་བདག་ཅག་གི་རྣམ་(༥བ)


GLG023_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་གཉགས་ཛྙཱ་ན་ཀུ་མཱ་རའི་སྤྲུལ་པའི་ཟློས་གར་ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ་གྱིས་རྣོན་པོ་ནང་གཅོད་ཀྱི་དབང་གསན། ཡིག་རྙིང་གི་ལུང་དང་ཕྱག་ལེན་ནི་རྗེ་རིན་ཅེན་ཕུན་ཚོགས་ནས་སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རིགས་འཛིན་ཀུན་དགའ་ཚེ་མཆོག །ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཀུན་མཁྱེན་ཆེན་པོ། ཡང་ཕྱག་ལེན་གནད་འགག་རྣམས་དུ་མ་རང་གྲོལ་ནས་ཡབ་ཟུར་ཆེན་གཞོན་ནུ་དོན་གྲུབ་ལ་གསན་པ་ཐམས་ཅད་བདག་ལ་བཀའ་དྲིན་དུ་སྩལ་ཞིང་ཕྱག་ལེན་ཤིན་ཏུ་ཞིབ་པ་ནི་དབུར་སྨྱོན་ཆོས་ཀྱི་གྲགས་པ་ཉིད་ལས་དངོས་སུ་ཐོས། དཀྱིལ་འཁོར་ལ་བརྟེན་པའི་དབང་དང་རྣོན་པོ་ནང་གཅོད། ལུང་ཡོངས་སུ་རྫོགས་པ་ནི་དབུར་སྨྱོན་དཀོན་ཅོག་ཕུན་ཚོགས་ནས་སྔགས་འཆང་དཀོན་ཅོག་ལྷུན་གྲུབ་སྤྲུལ་པའི་སྐུ་མཆོག་གཏེར་བདག་གླིང་པ། དེས་བདག་ལ་གནང་ཞིང་གཞན་ཡང་བཀའ་གཏེར་གྱི་བརྒྱུད་པ་མཐའ་ཀླས་ཡོད་པ་ཐམས་ཅད་ཆུ་བོ་གཅིག་ཏུ་འདྲེས་པའི་རྒྱུན་མ་ཉམས་པས་རྒྱལ་བ་དགོངས་པའི་བརྒྱུད་པ། རིགས་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པ། སྨོན་ལམ་དབང་བསྐུར་བརྒྱུད་པ། བཀའ་བབས་ལུང་བསྟན་བརྒྱུད་པ། ལས་འཕྲོ་གཏེར་གྱི་བརྒྱུད་པ། ཤོག་སེར་ཚིག་གི་བརྒྱུད་པ་སྟེ་བདུན་ལྡན་བརྒྱུད་པའི་བཀའ་མ་ཉམས་པ། མ་དང་མཁའ་འགྲོའི་ཁ་རླངས་མ་ཡལ་བ། ཕྱག་ལེན་མཐོང་བརྒྱུད་ཀྱི་དམར་འཁྲིད་མ་ཆད་པ། དམ་ཉམས་འདྲེས་ཁྱེར་གྱི་བསླད་ས་ལ་མ་ཞུགས་པ། སྟེང་ན་བསྲུང་བ་རྡོ་རྗེའི་གུར་ཁང་མ་ཞིག་པ། བར་ན་བཟློག་བསད་རླུང་ཟོར་གྱི་དབལ་ངར་མ་ཆག་པ། འོག་ཏུ་མནན་གཏད་སྡེབས་ཧོམ་གྱི་ཚ་ངར་མ་ཉམས་(༦ན)


GLG023_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པ། དཀར་པོ་ཆོས་བསྒྲུབ་པ་ལ་མེད་དུ་མི་རུང་བ་ནག་པོ་མཐུའི་ལྕགས་རི་གཤིན་རྗེ་གཟའ་གདོང་དམར་ནག་གི་བྱིན་རླབས་རྣོན་པོ་ནང་གཅོད་ཀྱི་དབང་འབུལ་བར་བྱེད་པ་ལ། ཐོག་མར་མདུན་གྱི་ནམ་མཁའི་གནས་སུ་རྩ་བ་གསུམ་གྱི་ལྷ་ཚོགས་བཞུགས་པའི་སྤྱན་སྔར་སྐྱབས་འགྲོ་སེམས་བསྐྱེད་དང་རིག་པ་འཛིན་པའི་སྡོམ་པ་གཟུང་བའི་སླད་དུ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱིས་བསམ་ཡས་དབུ་རྩེ་ནས་གདན་དྲངས་པའི་འཇམ་དཔལ་དོན་གྱི་གསང་ཏིག་ལས། ན་མོ། བླ་མ་འཇམ་དཔལ་ཚེ་ཡི་བདག །དུས་འདི་ནས་བཟུང་ཡེ་ཤེས་སེམས་དཔའི་སྐུ་མ་ཐོབ་བར་དུ་ཕྱག་འཚལ་སྐྱབས་སུ་མཆི་འཁོར་བའི་སྡུག་བསྔལ་ཐམས་ཅད་སྒྲོལ་བར་ཤོག །ཅེས་ལན་གསུམ་དང་། འཇམ་པའི་རྡོ་རྗེ་ལ་སོགས་པ། །སྲས་བཅས་རྒྱལ་བ་འཁོར་དང་བཅས། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་ནི་འགྲོ་བའི་དོན་གྱི་ཕྱིར། །དུས་གསུམ་མགོན་པོ་གང་མཛད་པའི། །དོན་དེ་བདག་གིས་བཟུང་བར་བགྱི། །དྲི་མ་བྲལ་བའི་ཚུལ་ཁྲིམས་དང་། །ཆོས་རྣམས་ཡོངས་སྡུད་དགེ་བ་དང་། །སེམས་ཅན་དོན་བྱེད་རྣམ་པ་གསུམ། །བདག་གིས་ཡོངས་སུ་བཟུང་བར་བགྱི། །མ་རྒལ་བ་རྣམས་བདག་གིས་བསྒྲལ། །དེ་བཞིན་མ་དགྲོལ་བ་རྣམས་གྲོལ། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང་། །ཐམས་ཅད་མྱ་ངན་འདས་ལ་འགོད། །འཇམ་དཔལ་སྐུ་ཡི་དམ་ཚིག་ཏུ། །དཀོན་མཆོག་གསུམ་བཟུང་མི་གཏང་ངོ་། །འཇམ་དཔལ་གསུང་གི་དམ་ཚིག་ཏུ། །ཐེག་པ་གསུམ་པོ་མ་ཉམས་བཟུང་། །འཇམ་དཔལ་ཐུགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བཟུང་། །འཇམ་དཔལ་ཡོན་ཏན་དམ་ཚིག་ཏུ། །དུས་དྲུག་སྦྱིན་པ་རྣམ་བཞི་སྦྱིན། །འཇམ་དཔལ་འཕྲིན་ལས་དམ་ཚིག་ཏུ། །ཕྱི་ནང་གསང་བའི་མཆོད་པ་བྱ། །འཇམ་དཔལ་ཐམས་ཅད་འདུས་པ་ཡི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །སྡོམ་(༦བ)


GLG023_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་དང་ཡང་དག་ལྡན། །རྒྱུད་ཀུན་ཡོངས་སུ་བཟུང་བར་བགྱི། །ཞེས་ལན་གསུམ་བརྗོད། རྗེ་རཏྣའི་རེག་ཟིག་ཏུ་གུར་ལས་བྱུང་བའི་རྒྱུན་བཤགས་དང་ཕྱི་འགྱུར་ལ་གྲགས་པའི་སྡོམ་བཟུང་ལ་ཞལ་འཕངས་ཤིང་གནུབས་ཡེ་ཤེས་རྒྱ་མཚོས་ཟིལ་གནོན་གྱི་དཀྱིལ་འཁོར་གྱི་ཆོ་གར་ཡང་སྡོམ་བཟུང་དེ་དང་ཆ་མཚུངས་སྣང་བས་གང་བདེ་བྱས་པས་ཁྱབ་ལ། གསར་མ་དང་ཕྱོགས་མཐུན་པ་ཡང་ཕུར་སོགས་རྙིང་མ་བཀའ་མ་མང་པོར་ཡོད་པས་ཕྱོགས་རེའི་མིག་ཅན་གྱི་སྦུགས་འཐུམ་བྱ་མི་དགོས། གསོལ་བ་གདབ་པ་ནི། གསང་ཏིག་ལས། ཨེ། མཐིང་ནག་ཨེ་ལས་དྲག་པོའི་གཞལ་ཡས་སུ། །གཤིན་རྗེ་ཆུ་གླང་བརྫིས་པའི་གདན་སྟེང་དུ། །འཇམ་དཔལ་ཡ་མཱནྟ་ཀ་གཤིན་རྗེའི་གཤེད། །གཤེད་པོ་ཁྲོ་བོ་དྲེགས་པའི་འཁོར་གྱིས་བསྐོར། །གཤིན་རྗེ་གཤེད་པོའི་ལྷ་ཚོགས་ལ་གསོལ་བ་འདེབས། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་བརྗོད། རེག་ཟིག་ཏུ་རྡོ་རྗེ་འཛིན་པ་སོགས་འདུག་པ་མི་འཐད་པ་མ་ཡིན་ནའང་ཁ་འགེང་དགོས་པ་རྣམས་རྗེ་དབུར་སྨྱོན་གསང་ཏིག་ནས་བླངས་པ་ལེགས་པའི་ཕྱོགས་སུ་བཞེད། དེ་ནས་བླ་མ་དང་གཏོར་མ་འཇམ་དཔལ་གཤིན་རྗེའི་གཤེད་གཙོ་འཁོར་ལྔའི་རྣམ་པ་ཅན་བདག་མདུན་གྱི་ཚུལ་དུ་བཞུགས་པར་བརྡ་སྤྲད། ཡེ་ཤེས་དབབ་པའི་ཕྱིར་དུ་སློབ་མ་ལས་སྔགས་དང་ལས་བུམ་གྱི་ཆུས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿཡིག་སེར་པོ་ཡོངས་སུ་གྱུར་པ་ལས་སློབ་མ་འཇམ་སྣང་རྩེ་ནས་ཀྱིས་མངོན་རྟོགས་སྲུང་འཁོར་གཞུང་བཞིན་བསྐྱེད་གསུང་བ་བྱང་ཆེན་འདིའི་དཀྱིལ་འཁོར་ཡིན་(༧ན)


GLG023_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཀའ་བརྒྱད་ཀྱི་དབང་ལྟ་བུ་ལ་ཡང་སློབ་མ་ཆེ་མཆོག་ཏུ་བསྐྱེད་པས་མི་ཆོག་པར་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་གྱིན་ཡོད་པ་ཡིན་ནམ། རྫ་བཅོག་མང་ན་ཇ་ཁང་གི་སྣོད་ལ་ལག་རྡུགས་འབྱུང་དོགས་དགོས་འདུག་གོ །དཔལ་གསེར་བཙོ་མའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་ཤེས་རབ་ཀྱི་རལ་གྲི་དཔུང་པའི་ཐད་སོར་འཛིན་ཅིང་། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་འཛིན་པ་འདབ་མ་སྙན་ཀྱི་ཐད་ཀར་ཁ་ཕྱེ་བ་རྒྱས་པའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀླུང་གིས་བཞུགས་ཤིང་། དར་དང་རིན་པོ་ཆེས་བརྒྱན་པ། ཞི་ཞིང་འཛུམ་པའི་མདངས་དང་ལྡན་ཞིང་། རལ་པའི་ཟུར་ཕུད་ལྔ་དང་ལྡན་པའི་དཔྲལ་བར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པའི་གནས་གསུམ་གྱི་ཡི་གེ་ལས་འཕྲོས་པའི་འོད་ཟེར་དང་བདག་མདུན་གྱི་ཐུགས་ཀའི་ཧཱུཾ་ལས་འཕྲོས་པའི་འོད་ཟེར་གྱིས་རང་བཞིན་དག་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས་འཇམ་དཔལ་གཤིན་རྗེའི་གཤེད་ཡབ་ཡུམ་སྲས་འཁོར་དང་བཅས་པ་སྐུ་ཆེ་བ་རི་རབ་དང་ཆུང་བ་རྡུལ་ཕྲན་ཙམ་པ་བུ་ཡུག་འཚུབ་པ་ལྟར་སྤྱན་དྲངས་ཏེ། སློབ་མའི་ལུས་ལ་སྐུ། ངག་ལ་གསུང་། ཡིད་ལ་ཐུགས། མཚོ་ལ་ཁ་བ་བབས་པ་ལྟར་ཐིམ་པའི་དམིགས་པ་སྤྲད། གུ་གུལ་སོགས་རྫས་སྦྱར་བའི་དུད་པ་བཏང་ཞིང་རོལ་མོ་དབྱངས་དང་བཅས་པས་ལས་བྱང་རྡོ་རྗེའི་ཐོག་མདའ་ལས་བྱུང་བའི་བྱིན་འདེབས་ཀྱི་མཇུག་ཏུ་ཨཱོཾ་སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །ལུས་ལ་གཟི་བྱིན་བསྐྱེད་དུ་གསོལ། །ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །སྐུ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ། །ཨཱཿ(༧བ)


GLG023_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ། །ངག་ལ་ནུས་པ་སྤར་དུ་གསོལ། །ངག་གི་སྒྲིབ་པ་སྦྱང་དུ་གསོལ། །གསུང་གི་སྙིང་པོ་ལུང་གི་དངོས་གྲུབ་སྩོལ། །ཧཱུཾ་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །སེམས་ལ་རྟོགས་པ་སྤར་དུ་གསོལ། །སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཐུགས་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ། །ཞི་དྲག་གི་སྔགས་དང་རྩ་སྔགས་རྣམས་ཀྱི་མཐར་ཏིཥྛ་མ་ཧཱ་ཀྲོ་དྷ་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཛྙཱ་ན་མཎྜ་ལ་ཨ་བ་ཤ་ཡ་ཨ་ཨཱཿ ཞེས་དབྱེར་མེད་དུ་བསྟིམ་ཞིང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་བཏབ་སྟེ་བརྟན་པར་བྱ། བྱིན་ཕབ་པའི་རྐྱེན་གྱིས་རྒྱུ་འཇམ་དཔལ་འབྲས་བུ་གཤིན་རྗེའི་གཤེད་ཀྱི་སྐུར་གསལ་བར། དབང་དངོས་བསྐུར་བ་ལ། དང་པོ་སྐུའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་ནི། གཏོར་མ་གཙོ་འཁོར་ལྔར་གསལ་སྣང་རྩེ་ནས་ཀྱིས་གཏོར་མ་ལྷར་བསྐྱེད་གསུང་བ་ལྟར་ན་དབང་བསྒྲུབ་ཀྱི་རིགས་མཛད་ཀྱིན་མེད་པ་འདྲ་དཔྱོད་ལྡན་རྣམས་ནི་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་ཟེར་བ་ཡིན། སྡེ་པ་སྐྱིད་ཤོད་པའི་དམག་དཔོན་མཛད་འཕྲོར་དབང་བསྐུར་ལ་བྱོན་པའི་སྐྱོན་དུ་འདུག །བའི་གཙོ་བོའི་དཔྲལ་བའི་ཨཱོཾ་དཀར་པོ་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། ལུས་ཀྱི་ནང་ཐམས་ཅད་གང་བས་བྱིན་གྱིས་བརླབ་པར་བརྡ་སྤྲད། གཏོར་མ་དཔྲལ་བར་གཏུགས་ལ། ལས་བྱང་གི་བསྟོད་རིང་གི །ཨེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས། །གཤིན་རྗེ་མ་ཧེ་ཉི་ཟླ་པདྨའི་སྟེང་། །ཞེས་པ་ནས་བཟུང་སྟེ་དམིགས་པ་གང་ཡིན་དེ་ཉིད་ད་ལྟ་བརླག །ཁྲོ་རྒྱལ་གཤིན་རྗེའི་གཤེད་ཀྱི་དབང་བསྐུར་རོ། །འཁོར་གྱི་གཤིན་རྗེ་བྱེ་བའི་དབང་ཐོབ་ཤོག །གསང་ཏིག་ལས། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །(༨ན)


GLG023_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དེང་བདག་སངས་རྒྱས་སྐུ་འཛིན་པ། །སྐུ་ཡི་རྡོ་རྗེ་ཨཱོཾ་ཡང་སྦྱིན། །ཨཱོཾ་ཨ་སྣང་རྩེ་ནས་ཀྱིས་དབང་བསྐུར་ཚིག་བསྟོད་རིང་ནས་ལེན་དགོས་པ་རྩད་མ་ཆོད་ཅིང་སྔགས་ཀྱང་ཨ་ཀྲོ་འབྲུ་བཅུ་གཅིག་པ་སྦྱར་བ་འབྲི་གུང་དུ་དབང་གསན་དུས་སྙན་བལ་དུག་གིས་བསྒགས་ཡོད་པ་འདྲ། འདི་འདྲའི་རྡོ་རྗེ་སློབ་དཔོ་གྱི་ཐུགས་ཁུར་སྣེའུ་སྡོང་རྩེར་རིན་ཅེན་རྒྱན་སྤྲོད་ལ་འབྱོན་པ་རང་བབས་སམ་སྙམ། ཀ་ཡ་མ་དུ་རུ་ཙཀྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱི༔ ཞེས་དབང་བསྐུར་བས། ལུས་ཀྱི་སྒྲིབ་པ་དག །བུམ་པའི་དབང་ཐོབ། ལུས་འཇམ་དཔལ་གཤིན་རྗེའི་སྐུ་བསྒྲུབ་པ་ལ་དབང་། སྐུའི་དམ་ཚིག་མ་ལུས་པ་བསྲུང་། ལུས་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་ངོ་སྤྲད། གཏོར་མ་མ་མོ་ཁྲག་མིག་མར་གསལ་བའི་མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས་ཁྱོད་རང་རྣམས་ཀྱི་མགྲིན་པར་ཐིམ། མགྲིན་པའི་ནང་ཐམས་ཅད་གང་བས་བྱིན་གྱིས་བརླབ་པར་བརྡ་སྤྲད། གཏོར་མ་མགྲིན་པར་གཏུགས་ལ། ཧཱུཾ། ཁྲོ་རྒྱལ་ཆེན་པོའི་གཡོན་གྱི་ཕྱོགས་ནས་ནི། །གསོད་བྱེད་ཡུམ་ཆེན་མ་མོ་ཁྲག་མིག་མ། །ཞེས་པ་ནས་བཟུང་སྟེ་ཞབས་གཉིས་དོར་སྟབས་རབ་བགྲད་དགྲ་བགེགས་གནོན། །ཡུམ་མཆོག་ཨེ་ཀ་ཛཱ་ཏིའི་དབང་བསྐུར་རོ། །འཁོར་གྱི་མ་མོའི་དམག་ཚོགས་དབང་ཐོབ་ཤོག །དཔལ་ལྡན་རྡོ་རྗེ་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུང་དང་ལྡན། །དེང་བདག་སངས་རྒྱས་གསུང་འཛིན་པ། །གསུང་གི་རྡོ་རྗེ་ཨཱཿཡང་སྦྱིན། །ཧྱ་ཀ་ཡ་མ་དུ་རུ་ཙཀྲ་ཝ་ཀ་ཨ་བྷི་ཥཱིཉྩ་ཧཱུཾ་ཧྲཱིཿ ཞེས་དབང་བསྐུར་བས། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། ངག་འཇམ་དཔལ་གཤིན་རྗེའི་གསུང་བསྒྲུབ་པ་ལ་དབང་། གསུང་གི་དམ་ཚིག་མ་ལུས་པ་བསྲུང་། ངག་ལོངས་(༨བ)


GLG023_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་ངོ་སྤྲད། གཏོར་མ་སྲས་མཆོག་ཡ་མ་རཱ་ཙར་གསལ་བའི་ཐུགས་ཀའི་ཧཱུཾ་སྔོན་པོ་ལས་འོད་ཟེར་སྔོན་པོ་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། སྙིང་གི་ནང་ཐམས་ཅད་གང་བས་བྱིན་གྱིས་བརླབ་པར་བརྡ་སྤྲད། གཏོར་མ་སྙིང་གར་གཏུགས་ལ། ཧཱུཾ། གཡས་ན་སྲས་མཆོག་ཡ་མ་རཱ་ཙ་ནི། །ཞེས་པ་ནས་བཟུང་སྟེ་ཕྱག་གཡོན་དགྲ་བགེགས་རྣམས་ཀྱི་དོན་སྙིང་འདྲད། གསོད་བྱེད་ཡ་མ་རཱ་ཙའི་དབང་བསྐུར་རོ། །འཁོར་གྱི་ལས་མཁན་སྡེ་བརྒྱད་དབང་ཐོབ་ཤོག །དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན། །དེང་བདག་སངས་རྒྱས་ཐུགས་འཛིན་པ། །ཐུགས་ཀྱི་རྡོ་རྗེ་ཧཱུཾ་དུ་མཛོད། །གྷྲི་མ་ཡ་མ་དུ་རུ་ཙཀྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱིཿ ཞེས་དབང་བསྐུར་བས། ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་འཇམ་དཔལ་གཤིན་རྗེའི་ཐུགས་བསྒྲུབ་པ་ལ་དབང་། ཐུགས་ཀྱི་དམ་ཚིག་མ་ལུས་པ་བསྲུང་། ཡིད་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་ངོ་སྤྲད། གཏོར་མ་ཡབ་ཡུམ་སྲས་གསུམ་སྐུ་སྤྲུལ་འཆི་བདག་གསུང་སྤྲུལ་སྲོག་བདག་སྟེ་གཙོ་འཁོར་ལྔའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བ། མགྲིན་པ། སྙིང་གའི་གནས་རྣམས་སུ་ཐིམ། ལུས་ཀྱི་ནད་ཐམས་ཅད་གང་བས་བྱིན་གྱིས་བརླབ་པར་བརྡ་སྤྲད། གཏོར་མ་ལག་རྗེ་ཟུར་པའི་དུས་སྦས་ལྷ་གཉིས་ཞལ་ཤེས་སུ་མཛད་པས་ལས་མཁན་བཀའ་བཏད་ཀྱི་ཚུལ་དུ་དགོངས་པ་སྣང་རྩེ་ནས་ཀྱིས་མ་རྟོགས་པར་གཏོར་མ་གནས་གསུམ་དུ་བཞག་ནས་སྟིམ་པ་ནི་དངོས་བསྟན་གྱི་ལྷ་ཡབ་ཡུམ་སྲས་(༩ན)


GLG023_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས་མེད་པ་སོར་བཞག་གི་རང་མཚང་ངོ་། །ཏུ་གཏད་ལ། ཧཱུཾ། གཞན་ཡང་ཁྲོ་རྒྱལ་ཆེན་པོ་ཁྱེད་རྣམས་ལ། །འཕྲིན་ལས་བཅོལ་བ་འདི་རྣམས་ད་མཛོད་ཅིག །ཅེས་པ་ནས་བཟུང་སྟེ། བཅོལ་བའི་འཕྲིན་ལས་མྱུར་དུ་སྒྲུབ་པ་མཛོད། །སརྦ་ཙིཏྟ་གཟེར་ཐུམས་བྷིག་ནན་ཏྲིག་ནན། རྦད་ཡ། བཟློག་ཡ། སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱི༔ ཞེས་དབང་བསྐུར་བས། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་བསྒྲུབ་པ་ལ་དབང་། གསང་སྔགས་བརྡའི་དམ་ཚིག་བཞི་བསྲུང་། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་རྒྱས་པར་སྤྲོ་ན་གཙོ་བོའི་གནས་གསུམ་གྱི་འཕྲོ་འདུ་སོགས་ལ་བརྟེན་ནས་གཏོར་མ་སྤྱི་མགྲིན་སྙིང་ག་ལག་པར་གཏད་ནས་སྐུལ་ཚིག་ཁ་བསྒྱུར་བའི་དབང་བཞི་དང་ཡབ་ཡུམ་སྲས་གཙོ་འཁོར་ལྔ་ག་ལ་ཡང་སོ་སོར་དབང་བཞི་ཁ་ཕྲལ་ནས་བྱེད་པ་ཡོད་ནའང་དེང་སང་གོང་མ་ཉིད་མཛད་པ་ཤས་ཆེའོ། །བ་ཅན་དུ་བྱས་སོ། །བསྒོམ་པ་ལྷའི་བསྐྱེད་རིམ་དེ་དག་ནི་སྐུའི་དབང་ཡིན་ལ། ཞེས་དེའི་མཇུག་ཏུ་སྣང་རྩེ་ནས་ཀྱིས་ཡབ་ཡུམ་གྱི་དབང་བསྐུར་རྒྱས་གདབ་མཛད་འདུག་པ་རྙིང་རྒན་རྣམས་ལ་དེ་འདྲའི་དབང་མི་དགོས་པས་ར་ལུང་དུ་འབྲུག་པ་མི་ཕམ་ཆོས་རྒྱལ་ལ་བསྐུར་བ་ཞུ། ངོ་སྤྲད། གཉིས་པ་གསུང་བཟླས་པའི་ལུང་སྦྱིན་པ་ནི་བདག་མདུན་གྱི་གཙོ་འཁོར་ལྔ་སོ་སོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གཙོ་བོའི་ཐུགས་ཀར་ཧཱུཾ་མཐིང་ནག །ཡུམ་གྱི་ཐུགས་ཀར་བྷྱོ་སྨུག་ནག །སྲས་དང་སྦས་ལྷ་གཉིས་ཀྱི་ཐུགས་ཀར་ཡ་དམར་ནག་གི་མཐར་རང་སྔགས་ཀྱིས་གཡས་སྐོར་དུ་འཁོོར་བ་ཤངས་བུག་གཡས་ནས་ཐོན། སློབ་མའི་སྣ་བུག་གཡོན་ནས་ཞུགས། སྙིང་གར་ཉི་མའི་སྟེང་དུ་ཧཱུཾ་གི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བ་ལ་ཐིམ། སླར་སྣ་བུག་(༩བ)


GLG023_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ནས་ཐོན། བདག་མདུན་གྱི་སྣ་བུག་གཡོན་བརྒྱུད་ཐུགས་ཀའི་སྔགས་འཕྲེང་ལ་ཐིམ་པ་སོགས་གསལ་བར་བསྒོམ་ཞིང་རྩ་སྔགས་དང་བསྲུང་སྔགས་ཀྱི་རྗེས་ཟློས་ལན་གསུམ། སྔགས་འཕྲེང་གཡོན་དུ་འཁོར་བ་ལ་འཕྲོ་འདུ་གོང་ལྟར་བྱས་ནས་བཟློག་བསད་མནན་གསུམ་གྱི་སྔགས་ཀྱི་རྗེས་ཟློས་ལན་གསུམ་གྱི་མཐར་རུ་དྲ་ཀྵའི་སྣང་རྩེ་ནས་ཀྱིས་མེ་ཏོག་གཏོར་ཏེ་བཅོམ་ལྡན་བདག་ལ་སྩལ་སོགས་སྒྲུབ་ཐབས་རྒྱ་རྒྱམ་ནས་བཛྲ་ས་མ་ཛཿས་སྤྱན་དྲངས་འདུག་པ་སི་ཏུ་དྲུང་པའི་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་མགོ་མེད་རྩ་མེད་དེ་དང་ལྷན་དུ་མཚུར་ཕུར་སྐྱེལ་བ་ཞུ། འཕྲེང་བ་མགྲིན་པར་བཞག་སྟེ་ཛཿཧཱུཾ་བཾ་ཧོ༔ ཞེས་བྱིན་གྱིས་བརླབ། དེ་ནི་སྔགས་ཀྱི་བཟླས་ལུང་ཞེས་པ་གསུང་གི་དབང་ཡིན་ཞེས་བརྡ་སྤྲད། གསུམ་པ་ཐུགས་ཀྱི་སྡེ་པ་སྣང་རྩེ་བས་འདི་མེད་པ་ལ་རྡོ་རྗེས་གནས་གསུམ་དུ་གོ་བགོ་བ་འདུག་པ་རྣམ་འཇོམས་ཀྱི་བྱབ་ཁྲུས་ཀྱི་དཔེ་ཚལ་པ་ཞིག་རྙེད་པའམ། ཡང་ན་གཏེར་ཞབས་ཚུལ་དུ་ཁྱུང་ཚང་བྲག་ནས་བཏོན་པ་འདྲའོ། །དབང་ནི། ཚེ་དཔག་མེད་བདུད་རྩི་འཁྱིལ་པ་ལས། གཞི་དོན་བསྒོམ་བྱ་སྒོམ་བྱེད་བྲལ། །ངང་གིས་གསལ་ལ་གཟུང་འཛིན་མེད། །སོ་མ་རང་གདངས་ལྷུག་པའི་ངང་། །གསལ་སྟོང་ལམ་བསྒོམ་དབང་བསྐུར་རོ། །ཞེས། གནས་ལུགས་ཀྱི་གཞི་བསྒོམ་བྱ་སྒོམ་བྱེད་དང་བྲལ་ཡང་གང་དུ་སྐུའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་དང་གསུང་གི་བྱིན་རླབས་སྔགས་ཀྱི་བཟླས་པའི་ལུང་གི་སྤྲོ་བསྡུ་སོགས་བསྐྱེད་རིམ་པའི་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་དེ་ཐམས་ཅད་མཁའ་ལ་འཇའ་ཚོན་བཞིན་ངང་གིས་གསལ་ཡང་གཟུང་བ་དང་འཛིན་པའི་རྟོག་པ་མེད་པ་རིག་པ་སོ་མ་རང་གདངས་སམ་བཅོས་ལྷུག་པའི་གཤིས་གསལ་སྟོང་འཛིན་བྲལ་སྤྲོས་མེད་བདེ་བ་ཆེན་པོ་ཆོས་དབྱིངས་རང་བཞིན་རྣམ་པར་མི་རྟོག་པའི་ངོ་བོར་ཅུང་ཟད་ཅིག་མཉམ་པར་འཇོག་པར་ཞུ་ཞེས་ངོ་སྤྲད་པ་ནི་


GLG023_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་དབང་ཡིན་ནོ། །སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་ལ་ནན་ཏན་དུ་བསྲུང་སྙམ་པས། རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །བདག་ནི་རྩེ་གཅིག་གུས་གདུང་བས། །མ་ལུས་བདག་གིས་བསྒྲུབས་ལགས་ན། །བརྩེ་བས་རྗེས་བཟུང་བྱིན་གྱིས་རློབས། །ཞེས་ལན་གསུམ་གྱི་རྗེས་ཟློས་བྱ། གཏང་རག་གི་མཎྜལ་དབུལ། ཚོགས་ལྷག །ཆད་མཐོ། བསྟན་མ། བྲོ་བརྡུང་། ཟིལ་གནོན་ལས་བྱང་ཆེན་མོ་བཞིན་གཏང་རག་གིས་མཆོད། བཟོད་གསོལ། རྟག་ཆད་ཀྱི་མཐའ་བསལ་བ། ལུས་བསྲུང་བ་རྣམས་ལས་བྱང་རྡོ་རྗེ་ཐོག་མདའ་ལྟར་དང་སྨོན་ལམ་ཤིས་བརྗོད་བྱའོ། །མི་བསྲུན་གདུག་པ་འདུལ་བའི་གཉེན་པོ་རུ། །དུས་ཀྱི་དགྲ་བོར་འཇམ་དཔལ་དཔའ་བོ་ཆེ། །སྲིད་གསུམ་ཟ་བྱེད་ཁྲོ་ཞལ་གདངས་པའི་མོད། །ཡིད་སྲུབས་སྡེར་བཅས་འཕམ་པའི་ཆོ་ངེ་འདོན། །གཙུག་ལག་དཔལ་དགེས་ཟླ་གསང་བཅུད་ཕྱུང་བའི། །གཤིན་རྗེ་གཟའ་གདོང་དམར་ནག་གངྒཱའི་ཆབ། །རྒྱ་བལ་པཎ་གྲུབ་མ་དྲོས་ལས་བབས་པ། །གནུབས་ཆེན་བརྒྱུད་པའི་ཐུགས་ཀྱི་རྒྱ་མཚོར་འཁྱིལ། །དུམ་པ་རྒྱ་ནས་རིམ་བཞིན་ཞལ་སྒྲོས་སུ། །འོངས་པའི་སྨིན་བྱེད་རྣོན་པོ་ནང་གཅོད་དབང་། །ལྷ་སྲས་རྣམ་སྤྲུལ་ཆོས་རྒྱལ་འབྲི་གུང་པས། །འཁྲུལ་པའི་དྲི་བྲལ་རེག་ཟིག་རྨད་དུ་བྱུང་། །འོན་ཏེ་བློ་དམན་རྣམས་ཀྱིས་མ་རྟོགས་དང་། །ལོག་རྟོགས་བགྲོད་དཀའི་དཔྱ་འཕྲང་ལ་རྡུགས་ཤིང་། །ཟག་ཟོག་རྫུན་བྲིས་ཡིག་ཧྲུལ་རྡུལ་འཚུབ་ཀྱིས། །ཕྱག་ལན་དངས་པའི་ཆུ་ཀླུང་རྙོག་མར་བྱས། །སྔོན་བྱོན་དམ་པའི་རིང་ལུགས་རྟ་ལྗང་ཅན། །སྐལ་དམན་ཐུན་མཚམས་སྟེགས་ལ་ཉེ་བའི་ཚེ། །རིགས་འཛིན་(༡༠ན)


GLG023_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཀུནྡ་བཞད་པའི་སྨིན་བྱེད་གཞུང་། །ཉ་རྒྱས་ཟླ་བའི་དཀྱིལ་འཁོར་དིང་འདིར་ཤར། །ལག་ནོམ་མུན་པའི་རྫས་འཚོལ་མི་དགོས་པར། །ཕྱག་བཞིས་རྗེན་པར་མཐོང་བའི་སྙིང་ནོར་འདི། །མིང་བཏགས་མ་ཡིན་བསྟན་སྲོག་འཛིན་ངེས་པའི། །སྔགས་འཆང་རལ་པའི་ཁུར་ཅན་རྣམས་ཀྱིས་ལོང་། །དགེ་འདིས་མགོན་པོ་ཟུར་ཕུད་ལྔ་ལྡན་དེས། །གྲངས་མེད་སྐྱེ་བར་བཤེས་མཛད་རྗེས་བཟུང་ནས། །འཇམ་དཔལ་རྫོགས་ཆེན་ཐེམ་སྐས་ལ་འཛེགས་ཏེ། །རང་རིག་དག་པའི་འོག་མིན་ཞིང་བགྲོད་ཤོག །ཅེས་འཇམ་དཔལ་ཚེ་བདག་ནག་པོ་མེའི་སྤུ་གྲིའི་རྣོན་པོ་ནང་གཅོད་ཀྱི་དབང་གི་ཆོག་སྒྲིགས་ཉ་རྒྱས་ཟླ་བའི་དཀྱིལ་འཁོར་འདི་ནི་རྩོད་དུས་པདྨའི་རྒྱལ་ཚབ་སྤྲུལ་པའི་སྐུ་མཆོག་གཏེར་བདག་གླིང་པས་སྔ་གོང་ནས་གསུང་གིས་བསྐུལ་བ་དང་ཆོས་རྒྱུན་གྱི་ཕྱག་ལེན་མི་འཕྱུགས་པར་ཕན་པའི་ལྷག་བསམ་གྱིས་ཀྱང་ཡིད་དྲངས་ཏེ་ཟ་ཧོར་གྱི་སྔགས་སྨྱོན་དྲག་པོ་རྩལ་གྱིས་མཚུངས་མེད་གནམ་ལྕགས་མེ་འབར་གྱི་རེག་ཟིག་དང་བརྒྱུད་པའི་ཕྱག་བཞེས་ལ་ཡིད་གཏན་དུ་བཟུང་། མེད་དུ་མི་རུང་བ་རྣམས་རང་བཟོའི་བསླད་པ་མ་ཞུགས་པས་ཁ་བཀང་ནས་བག་ཡོད་ཀྱི་ལོ་སྣྲོན་གྱི་ཟླ་བའི་ཉེར་གསུམ་པ་སངས་ནམ་གྲུའི་འགྲུབ་སྦྱོར་ཐོག་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པའོ། །མངྒ་ལཾ།། །།

འཇམ་དཔལ་ཚེ་བདག་གི་ཞི་བའི་སྦྱིན་སྲེག་གངྒཱའི་ཆུ་རྒྱུན།


GLG023_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཚེ་བདག་གི་ཞི་བའི་སྦྱིན་སྲེག་གངྒཱའི་ཆུ་རྒྱུན་བཞུགས་སོ། །


GLG023_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་ཡོངས་ཀྱི་ཕྱག་རྒྱ་མ་ལུས་པ། །ཟིལ་གནོན་འཇམ་དཔལ་དུས་དགྲའི་དབང་པོ་དང་། །དབྱེར་མེད་ཆོས་ཀུན་ཀ་ནས་དག་པའི་དབྱིངས། །རང་གྲོལ་རྩ་བའི་བླ་མ་གཙུག་ན་མཛེས། །སྲེག་བླུགས་ཟས་ཀྱི་མཆོད་པས་གཤིན་རྗེའི་གཤེད། །དགྱེས་པ་བསྐྱེད་རྣམས་ངལ་བ་དོན་ལྡན་ཞེས། །རྒྱུད་དང་རྒྱ་བོད་མཁས་གྲུབ་གཞུང་ལུགས་ལས། །གསུངས་པས་ཡིད་ལ་སྤྲོ་དགའ་གཟེངས་སུ་མཐོ། །དེ་ཕྱིར་སྤྱི་དང་བྱེ་བྲག་ཉེས་པའི་ཚོགས། །སྨག་རུམ་དཔུང་ལ་ཉི་ཟླ་ཇི་བཞིན་དུ། །ཞི་བྱེད་འཕྲིན་ལས་གངྒཱའི་ཆུ་རྒྱུན་འདི། །འཁྲུལ་མེད་བརྒྱུད་པའི་ཕྱག་བཞེས་ཇི་བཞིན་འདྲི། །དེ་ལ་འདིར་དུས་དགྲའི་དབང་པོ་འཇམ་དཔལ་ཚེ་བདག་ནག་པོའི་འཕྲིན་ལས་ཀྱི་རིམ་པ་མཐའ་ཡས་པ་རྣམས་ཀྱི་ནང་ནས་བསྲེག་པ་མེའི་སྦྱོར་བ་ལ་བརྟེན་ནས་ལས་བཞི་བསྒྲུབ་པའི་ནང་ཚན་ཞི་བའི་སྦྱིན་སྲེག་ལག་ཏུ་བླང་བ་ལ་ཞི་བའི་འཕྲིན་ལས་བསྒྲུབ་པ་ལ་ཤིས་པའི་གཟའ་ཚེས་དུས་སྦྱོར་སོགས་དང་བསྟུན་གཞན་གྱིས་ལོངས་མ་སྤྱད་པའི་ས་ཡིན་ན་ས་ཆོག་ངེས་པར་དགོས་ཤིང་། གནས་ཁང་རྙིང་པ་སོགས་ལ་མ་བྱས་ཀྱང་རུང་། ཕུན་སུམ་ཚོགས་པའི་ཡན་ལག་ཏུ་བྱེད་པར་སྤྲོ་ན་(༢ན)


GLG023_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གནུབས་ཡེ་ཤེས་རྒྱ་མཚོས་མཛད་པའི་དབང་ཆོག་སོགས་ལས་ཤེས་ཤིང་། མི་སྤྲོ་ན་དབང་ཆོག་ངེས་དོན་བདེ་འཇུག་གི་སྔོན་འགྲོའི་སྐབས་བཞིན་ཉམས་སུ་ལེན། སྒྲུབ་པ་སོགས་དང་འབྲེལ་བའི་གནས་ཁང་གི་མཐོ་ནང་དུ་བྱ་བ་ལ་དེ་དག་ཀྱང་བྱ་མི་དགོས་སོ། །དེའང་གནས་ཁང་དུ་ཕྱག་བདར་དང་སྐྱང་ནུལ་བྱ། དབྱེ་འགུགས་བསད་བསྐྲད་སོགས་ལ་དགོས་པའི་ས་དང་མ་འདྲེས་པའི་གཙང་ཞིང་བཀྲ་ཤིས་པའི་ས་ལ་སྟེགས་བུ་བརྩིགས། ཐབ་ཁུང་ཐུར་དུ་ཕྱག་གང་རྒྱར་ཁྲུ་གང་བྲུས། ཐིག་ཆེན་བརྒྱད་བཏབ་པའི་ཟངས་ཀྱི་ཁ་མཚམས་ནས་ཕྱིར་སོར་བཞིའི་ཚད་ཀྱི་ཁ་ཁྱེར་དང་མུ་རན་བསྐོར་བ་ལ་རྡོ་རྗེའི་འཕྲེང་བ་དང་། ཟུར་བཞིར་ཟླ་ཕྱེད་ལ་གནས་པའི་རྡོ་རྗེ་ཕྱེད་པས་མཚན་པ། ཐབ་ཀྱི་དབུས་སུ་པདྨ་འདབ་བརྒྱད་ལྟེ་བ་དང་འདབ་མ་ལ་ཕྱག་མཚན་ས་བོན་ཚོམ་བུ་གང་རུང་གྲངས་ལྡན་བཀོད། དེའི་སྟེང་དུ་དགོངས་རྒྱུད་ལས་ལྕང་མ་གླང་མ་གཞན་ཡང་པད་མ་འོ་མ་ཅན་ཞེས་བཤད་པའི་ཤུགས་ལ་བལ་བུ། འོམ་བུ། ཤུག་པ་སོགས་རུང་བར་གསུངས་པས་དེ་ག་ལྟར་རམ། བཟོ་དབྱིབས་འཇུག་བདེ་བའི་དབང་དུ་བྱེད་ན་ནགས་ཀྱི་ལྕི་བ་སྐམ་པོ་སྲོག་ཆགས་མེད་པ་གང་(༢བ)


GLG023_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རུང་གིས་ཐབ་ཟླུམ་པོ་རྐང་གང་བ་བརྩིགས་ཏེ་ས་དཀར་རམ་འབྲས་དཀར་གྱི་ཁུ་བས་བྱུགས། མན་ངག་ལྟར་མེ་ཚང་བཅའ། ནང་གི་ཤར་ལྷོར་ཏིང་ལོ་ཆེ་བ་ཞིག་བཞག །དཀར་རྩིའི་སྟེང་དུ་གངས་རི་དང་ས་བོན་བྲིས་པའི་མེ་ཡོལ་བྱ། བཤད་མ་ཐག་པའི་ཡམ་ཤིང་གིས་ཆག་རུལ་ཟོས་མེད་པ་སྲིད་དུ་སོར་བརྒྱད་སྦོམས་སུ་མཐེའུ་ཆུང་དང་མཉམ་པ་རྩ་རྩེ་གཉིས་མར་དང་འོ་མ་དང་སྦྲང་རྩིས་བྱུགས་ཤིང་བདུད་རྩི་དང་དྲི་ཞིམ་དཀར་པོའི་ཆུས་སྦགས་པ། རང་མདོག་ཅན་གྱི་མར་ཁུ་སོགས་རྫས་ཆེན་ཉེར་ལྔ་དང་རྫས་ཀྱི་སྦགས་ཤིང་རྫས་སྣ་བརྒྱད་འབྲས་དཀར་རླངས་བཙོས་དང་སྦྱར་བའི་ཟས་མཆོག་ལུགས་འདིའི་ཁྱད་པར་གྱི་རྫས་འབྲུ་སྣ་ཚོགས། རྩི་མར། མེ་ཏོག་སྣ་ཚོགས། གུ་གུལ་དཀར་པོ། ཙན་དན་དཀར་པོ། དཱུརྦ། པྲི་ཡང་ཀུ །ཐང་ཆུ། འབྲས་ཡོས། ཙམ་པ་ཀ །འདོད་གསོལ་གྱི་ཤིང་བྱང་སོགས་ལ་ཐུན་མོང་མ་ཡིན་པའི་དམ་རྫས་ལྔས་སྦགས་ཏེ་སོ་སོར་བཤམས་པའམ་ཤིང་བྱང་མ་གཏོགས་པ་རྣམས་རིལ་བུར་བསྒྲིལ་བ་སོགས་གང་བདེར་བྱས་པའི་རྫས་རྣམས་རིན་པོ་ཆེ་ལ་སོགས་པའི་སྣོད་དུ་འདས་མ་འདས་ཀྱི་དབྱེ་བས་མང་ཉུང་གཉིས་སུ་བྱས་ཏེ་གོ་རིམ་མ་འཁྲུགས་པར་གཡས་སུ་བཀོད། རང་རྫས་དམིགས་བསལ་གྱིས་སྦགས་པའི་འདས་གཏོར་དང་མེ་ལྷའི་གཏོར་མ། ཕྱི་ནང་གི་ཆུ་གཉིས་ཉེར་སྤྱོད་ཚར་གཉིས་རེ་གཡོན་ངོས་ནས་བསྒྲིག །མདུན་དུ་ལས་བུམ། མེ་ཏོག །ཐོད་རྔ། རྡོ་རྗེ། དགང་བླུགས་ཁ་སྦྱར། དྲིལ་བུ། སྨན་རཀ །ཀུ་ཤ་བརྒྱད། དཔལ་འབར། རླུང་གཡབ་རི་མོ་ཅན། སོ་རྩི། ངོས་ཟུང་སོགས་ཉེར་མཁོའི་ཡོ་བྱད་རྣམས་ལས་མཐུན་གྱི་གདན་ལ་བཤམས། དེ་ནས་(༣ན)


GLG023_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོ་ལུས་དྲི་ཞིམ་པོས་བྱུགས། ཞི་བའི་གར་ཆས་སམ། མ་འགྲུབ་ན་གོས་རྒྱན་ཐོད་སོགས་དཀར་པོ་བྱས། ངག་བཅད་ནས་པདྨའི་འདུག་སྟངས་ཀྱིས་ཁ་ཤར་དུ་ཕྱོགས་ཏེ་སྔོན་དུ་ལས་བྱང་གྱེར་མ་ཟིན་ན་འཕྲིན་ལས་ཀྱི་གཞུང་བསྲངས་འཛབ་ཅུང་ཟད་བཟླ། ཚོགས་ལས་ཡན་སོང་ནས། རྡོར་དྲིལ་བཅངས་ཏེ་དེ་ཉིད་དང་རྔ་བྱིན་རླབས་གསང་རྫོགས་ཀྱི་ལས་བྱང་ལྷན་ཐབས་ལྟར་བྱ། གཟར་བུ་གཉིས་བརླབ་པ་ནི་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། བྱིན་རླབས་རྣམས་འོད་ཟེར་གྱི་ཚུལ་དུ་བཀུག་སྟེ་གཟར་བུ་གཉིས་ལ་ཐིམ། དེ་ཞུ་བ་ལས་ཧཱུཾ་ལས་བླུགས་གཟར་རྡོ་རྗེ་དང་ཨ་ལས་དགང་གཟར་དྲིལ་བུའི་རྣམ་པ་ཅན་ཡོངས་སུ་གྱུར་པ་ལས་ཕྱག་རྒྱ་གཅིག་པའི་ཚེ་བདག་ནག་པོ་རྡོ་རྗེ་ཞགས་པ་བསྣམས་པ་དང་གསོད་བྱེད་མ་སྔོ་ནག་ཙིཏྟ་བྷན་དམར་འཛིན་པ་དང་སྙོམས་པར་ཞུགས་པའི་རྐྱེན་གྱིས་འོད་དུ་ཞུ་ནས་བླུགས་གཟར་དང་དགང་གཟར་གྱི་རྣམ་པར་བསམ། ལས་བུམ་ནི་དབང་ཆོག་ངེས་དོན་བདེ་འཇུག་ཏུ་རྒྱས་བསྡུས་གཉིས་གསུངས་པའི། འདིར་བསང་ཆུའི་དོད་ཙམ་ལ་བསྡུས་པ་ཉིད་ཀྱིས་ཁྱབ་པས། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཨ་དཀར་པོ་ཤེལ་དཀར་ལྟར་འཚེར་བ་དེ་ལས་འོད་ཟེར་འཕྲོས་འོག་མིན་ནས་བདེ་བར་གཤེགས་པ་ཞི་ཁྲོ་རབ་འབྱམས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདུད་རྩིའི་རྣམ་པར་བསྡུས་ཏེ་བུམ་ཆུ་(༣བ)


GLG023_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིས་སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དག་པར་བྱེད་པའི་ནུས་པ་དང་ལྡན་པར་བསམ་ལ་ཨཱོཾ་ཨཱཿཧཱུཾ་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླ། མཆོད་གཏོར་བྱིན་གྱིས་བརླབ་པ་ནི་བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་ཞེས་པ་ནས་བཟུང་སྟེ་གུ་ཧྱ་ས་མ་ཡ་སྭཱཧཱ་ཞེས་པའི་བར་བརྗོད། མཆོད་པ་བརླབ་པ་ནི་གཡས་པས་གཡས་སྐོར་གྱིས་གསང་ཆུ་དང་། སྨན་ཕུད་ནས་ཀྱང་གཏོར། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམས་ལ། ཨཱོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ་ནས་ཤཔྟ་ཨཱཿཧཱུཾ་གི་བར་བརྗོད་པའི་སྔགས་རྒྱས་བྱིན་གྱིས་བརླབ། སྲེག་རྫས་བརླབ་པ་ནི། སྔར་བཞིན་བསངས་སྦྱངས་སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་སྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་ཤིང་རང་རང་གི་ཞི་བའི་ལས་རབ་འབྱམས་མ་ལུས་པ་བསྒྲུབ་པའི་ནུས་པ་དང་ལྡན་པར་མོས་ལ་ཕྱག་རྒྱ་དང་བཅས་ཏེ། ཨཱོཾ་ཨཱོཾ་སྭཱཧཱས་རྫས་རྣམས་བཀྲུ། ཨཱོཾ་ཨཱ༔སྭཱཧཱ་ཡཾ་ཤིང་། ཨཱོཾ་ཤྲཱིཾ་སྭཱཧཱས་མར། ཨཱོཾ་ཛྲིཾ་སྭཱཧཱས་འབྲུ། ཨཱོཾ་ཀུ་རུ་ཀུ་རུ་སྭཱཧཱས་རྫས་(༤ན)


GLG023_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྣམས་བརླབ་བོ། །མེ་བསྒྲུབ་པ་ནི། ལས་སྔགས་བརྗོད་ཅིང་གཞུང་ནས་གཤད་པའི་མེ་ལས་སྦར་བའི་སྤོར་ལྡེ་ཐལ་མོ་སྦྱར་བའི་བར་དུ་བཟུང་ནས་ལན་གསུམ་བསྐོར་དེ་དང་མཚུངས་པར་ཨྱེ་མྱགས་བཟླ་ཞིང་ཏིང་ལོ་སྦར་བ་དང་བཅས། ཧཱུཾ། བྲམ་ཟེ་རྒྱུན་བཞག་ལ་སོགས་ཆད་མེད་ལས། །བླངས་ཏེ་དྲི་ལྡན་ཤིང་ལ་རབ་སྦར་བས། །ཞི་བའི་སྲེག་རྫས་འབར་བར་མངའ་གསོལ་ལོ། །འབར་བའི་འཕྲོ་འདུ་འཁྱིལ་བའི་ལས་མཛོད་ཅིག །ཨཱོཾ་ཨགྣི་རཾ་ཛྭ་ལ་རཾ། ཞེས་བརྗོད་ཅིང་རྩྭ་སྐམ་ཅུང་ཟད་བཅུག །བཤད་མ་ཐག་པའི་སྔགས་དང་བཅས་བླུགས་གཟར་གསུམ་གྱིས་མེ་གསོ་ཞིང་རླུང་གཡབ་ཀྱིས་ཅུང་ཟད་གཡབ། མེ་པྲ་ངན་ན་གཞིལ་བའི་ཐབས་བྱ། སྔར་བཞིན་ཐབ་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་བྱུང་བའི་ཞི་བའི་ཐབ་ཁུང་ཟླུམ་པོ་དཀར་པོ་རྒྱར་ཁྲུ་གང་བ། དཔངས་སུ་ཁྲུ་ཕྱེད་པ། ཁ་ཁྱེར་དང་མུ་རན་གཉིས་ཀ་སོར་བཞི་པ་རྡོ་རྗེའི་འཕྲེང་བས་ཟླུམ་པོར་བསྐོར་བ། ཕྱི་རོལ་གྱི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དངས་ཤིང་ཐོགས་པ་མེད་པ་མེ་འབར་བའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་བགྲང་འཕྲེང་རཾ་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དཀར་པོ་ར་སྐྱེས་ལ་ཞོན་པ་ཞལ་གཅིག་ཕྱག་གཉིས་པ་གཡས་གུནྡྷེ་དང་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་བགྲང་འཕྲེང་འཛིན་པ། གསུས་ཁྱིམ་ཆེ་བ། རལ་བའི་ཐོར་ཚུགས་ཅན། སྨ་རའི་ཨག་ཚོམ་དང་ཚངས་པའི་སྐུད་པ་འཕྱང་བ། སྐུ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོ་ཞིང་དྲང་(༤བ)


GLG023_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་གི་ཚོགས་ཀྱིས་བསྐོར་བ། དེའི་དཔྲལ་བར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས་རི་རབ་ཀྱི་མེ་མཚམས་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ་ཞིང་། དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱས་རྣ་བའི་དྲུང་ནས་གཡབས་ཏེ། དང་པོ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མེ་ལྷ་དྲང་སྲོང་མཆོག །བསྟན་པ་བསྲུང་མཛད་གཟི་བརྗིད་ཅན། །རང་གི་དམ་ཚིག་ཚུལ་བཞིན་དུ། །འདིར་གཤེགས་ཞི་བའི་འཕྲིན་ལས་མཛོད། །ཨེ་ཧྱ་ཧི་བྷ་ག་ཝཱ་ན་ཛཿཧཱུཾཾ་བཾ་ཧོཿ ཨོཾ་ཨགྣ་ཡེ་ཛྙཱ་ན་ས་མ་ཡེ་མ་ཧཱ་ཀཱ་རུ་ཎི་ཀ་ཏྲི་ཤྱ་ཛ་ཧོཿ ས་མ་ཡ་སྟྭཾ། ཞེས་སྤྱན་དྲངས་ཏེ་བསྟིམ། ཧཱུྃ། གཟི་བྱིན་ཆེན་པོ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་རབ་བསྒྲུབ་ཅིང་༔ ཐུགས་རྗེས་ཞི་བའི་ལས་མཛད་པཿ འབར་བའི་གདན་ལ་བཞུགས་སོ་གསོལཿ ཨོཾ་ཨགྣ་ཡེ་ས་མ་ཡ་ཏི་ཥྛ་ལྷན༔ ཞེས་གདན་དབུལ༔ ཧཱུཾ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ཞི་རྒྱས་དབང་དྲག་སྣ་ཚོགས་པ༔ འཕྲིན་ལས་ཀུན་གྱི་དཔང་པོ་མཛད༔ ཏིང་འཛིན་ལྷ་ལ་ཕྱག་འཚལ་ལོ༔ ཨཱོཾ་ཨགྣ་ཡེ་ཨ་ལ་ལ་ཧོ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ ཞེས་ཕྱག་བྱ། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ར་སྐྱེས་བཅིབས་པས་གློག་ལས་མགྱོགས༔ སྲེག་རྫས་ཀུན་གྱིས་ཕྱག་ཚང་མཛད༔ ཚིམ་བྱེད་ཁྱོད་ལ་མཆོད་པ་ནི༔ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས༔ མར་མེ་དྲི་ཆབ་ཞལ་ཟས་དང་༔ སྙན་པའི་རོལ་མོར་བཅས་པ་འབུལ༔ བཞེས་ནས་ཞི་བའི་འཕྲིན་ལས་མཛོད༔ ཨཱོཾ་བཛྲ་ཀྲོ་ཏ་ཨགྣ་ཡེ་ཨརྒྷཾ་པཱུ་ཛ་ཧཱུཾ། ཨཱོཾ་པཱ་དྱཾ་པཱུ་ཛ་ཧཱུཾ་ནས་ཤཔྟ་པཱུ་ཛ་ཧཱུཾ་(༥ན)


GLG023_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་བར་གྱིས་ཕྱི་མཆོད་དབུལ། ཧཱུཾ། ཏིང་འཛིན་དབང་སྒྱུར་ཞལ་ཟས་བདུད་རྩི་ལྔ༔ དྲང་སྲོང་ཆེན་པོས་སྔོན་ཆད་མ་བསྟར་བའི༔ དག་ཅིང་གཙང་མར་སྦྱར་བ་འབུལ་ལགས་ཀྱིས༔ ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ༔ ཨཱོཾ་བཛྲ་ཀྲོ་ཏ་ཨགྣ་ཡེ་པཱུ་ཛ་ཁཱ་ཧི། སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧིས་ནང་མཆོད་འབུལ། ཧཱུཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ༔ །འདོད་པ་ཐམས་ཅད་རབ་བསྒྲུབ་ཅིང་༔ ཐུགས་རྗེས་ཞི་བའི་ལས་མཛད་པར༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ༔ ཨཱོཾ་བཛྲཱ་ཀྲོ་ཏ་ཨགྣ་ཡེ་ག་ཎ་ཙཀྲ་པུ་ཛ་ཁཱ་ཧི༔ ཞེས་ཚོགས་ནས་ཀྱང་འབུལ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ མཉམ་པའི་ངང་ལས་ཀུན་སྣང་ཡང་༔ ཆོས་ཉིད་ངང་ལས་མ་གཡོས་པའི༔ ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། ཀུ་ཤ་བརྒྱད་པོ་གཡོན་དུ་བཟུང་ནས་སྔར་བཞིན་བསངས་སྦྱངས་སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་དངས་ཤིང་ཐོགས་པ་མེད་པ་ཞི་པའི་ལས་རབ་འབྱམས་བསྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡིས་ཀྱང་དག་བྱེད་ཡིན། །འདི་ཡིས་བདག་ལ་བགེགས་མེད་ཅིང་། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བཛྲ་ས་ཏྭ་ཨ། ཞེས་ཀུ་ཤ་རྣམས་རྩེ་མོ་གཡས་སྐོར་དུ་བསྟན་ཏེ། སྔ་མའི་རྩེ་ཕྱི་མའི་རྩ་བས་ནོན་པ་དགྲམ། །བྱོན་ཟན་འབུལ་བ་ནི། མེ་ལྷའི་ཞལ་འཛུམ་ཞིང་ཅུང་ཟད་གདངས་པའི་ལྕེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་དང་དགང་བླུགས་ཀྱི་རྩེ་ལ་རཾ་(༥བ)


GLG023_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་གིས་མཚན་པར་མོས་ནས། ཨོཾ་ཨགྣ་ཡེ་སྭཱཧཱ་བརྗོད་ཅིང་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་ལག་གཉིས་པུས་མོའི་ཁོངས་ལས་མི་འདའ་བས་རྡོ་རྗེ་ཁུ་ཚུར་ར་བ་བྱང་ཆུབ་མཆོག་གི་ཕྱག་རྒྱས་གཟར་བུ་གཉིས་ཁ་སྦྱར་ཏེ་གཡས་སུ་བསྐོར་ཞིང་། ཨཱོཾ་ཨགྣ་ཡེ་དེ་བྱ་དེ་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡེ། བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་པ་ལན་གསུམ་གྱིས་འབུལ། མེ་པྲ་བརྟག་ཅིང་ངན་ན་བསྲུང་། །མེ་ལྷའི་ཐུགས་ནས་འོད་འཕྲོས་པས། །བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་སོགས། །མི་མཐུན་ཕྱོགས་ཀུན་དུད་ཁུ་དང་། །རྣག་ཁྲག་སྲོག་ཆགས་གཟུགས་བརྙན་ཚུལ། །བ་སྤུའི་བུ་ག་ཐམས་ཅད་ནས། །ཕྱིར་ཐོན་སྲེག་རྫས་རྣམས་ལ་ཐིམ། །ཞེས་བརྗོད་ནས། མེ་ལྷ་དྲང་སྲོང་འཁོར་བཅས་ལ། །ཡམ་ཤིང་མེ་ཏོག་དར་སྣ་མར། །ཏིལ་ཆང་སྤོས་དང་དཱུར་འབྲས་སོ། །ཟས་མཆོག་ཀུ་ཤ་ཡུངས་ཀར་ཤ །ཁྲག་ཚིལ་སྒྲོ་མདོངས་ལན་ཚ་ནས། །འོ་མ་སྲན་མ་རིན་ཆེན་གྲོ། །དངར་གསུམ་སྨན་སྣ་ཤིང་ཏོག་སྣུམ། ཁྱད་པར་རྫས་དང་བཅས་པ་འབུལ། །ཚེ་དཔལ་བསོད་ནམས་སྟོབས་འབྱོར་དང་། །ལུང་རྟོགས་ཆོས་སྲིད་ལེགས་ཚོགས་པ། །བར་དུ་གཅོད་པའི་གདོན་བགེགས་དགྲ །གཏད་སེལ་མནན་དབྱེ་རྦོད་གཏོང་བྱད། །དབུལ་ཕོངས་ནད་རིམས་དུས་མིན་འཆི། །སྡིག་སྒྲིབ་ཉེས་ལྟུང་ཇི་སྙེད་པ། །མ་ལུས་བྱང་ཞིང་དག་འགྱུར་བའི། །ཞི་བའི་འཕྲིན་ལས་དུས་ལ་བབ། །ཅེས་བརྗོད་དེ་གཡོན་པས་སྲེག་རྫས་ཀྱི་སྣོད་ནས་བཟུང་གཡས་པའི་མཐེབ་སྲིན་གྱིས་བླངས་ཏེ་འོག་ནས་(༦ན)


GLG023_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ཞིང་མཆོག་སྦྱིན་གྱི་ཕྱག་རྒྱས། ཡམ་ཤིང་ནི། ཨཱོཾ་ཨགྣ་ཡེ་བཛྲ་ཡཱ་ཛྙཱ་ཡ། བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་སོགས་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་པ་ཐོག་མཐའ་གཉིས་སུ་ཅི་རིགས་དང་རྫས་སྔགས་རྐྱང་པས་བདུན་ནམ་ཉེར་གཅིག་སོགས་མང་ཉུང་སྐབས་སྦྱར་འབུལ། གོང་གི་བསྙེན་པ་ནཁ་སྐོང་བའི་སྤེལ་ཚིག་གི་ཚབ་ལ་དམིགས་བསལ་གྱི་ལས་གང་སྒྲུབ་ཀྱི་ཁ་བསྒྱུར་དགོས་པ་ཕྱག་ལེན་ལྟར་བྱ། ལྷ་རྫས་ཀྱི་སྔགས་གཉིས་གོང་ལྟར་གྱི་མེ་ཏོག་སྣ་ཚོགས་ནི་གཟི་བརྗིད་ཕུན་སུམ་ཚོགས་པའི་ཚབ་ཏུ། མདངས་ཕུན་སུམ་ཚོགས་པ་ལ་ཞེས་པས་མཚོན་ཏེ་ལས་སྔགས་བསྒྱུར་མི་དགོས་པའི་དམིགས་གསལ་བྱུང་བ་རྣམས་མ་གཏོགས་འདོན་པ་བསྒྱུར་ལུགས་ཀུན་ལ་འགྲེ། དར་སྣ་ནི་ཁ་དོག་ཕུན་སུམ་ཚོགས་པ་ལ། མར་ནི། ཨཱོཾ་ཨགྣ་ཡེས་ལྷ་རྫས་གཉིས་ཀའི་སྔགས་ཀྱིས་གོ་བཅད། འབྱོར་བ་ཕུན་སུམ་ཚོགས་པ་ལ། ཏིལ་ནི། སརྦ་བཱ་པ་ད་ཧ་ན་བཛྲ་ཡ། དགེ་བ་ཕུན་སུམ་ཚོགས་པ་ལ། །སྔགས་གཉིས་གོང་ལྟར་གྱིས་ཆང་ནི། །ཉམས་རྟོགས་ཕུན་སུམ་ཚོགས་པ་ལ། སྤོས་ནི། དམ་ཚིག་དང་སྡོམ་པ་ཕུན་སུམ་ཚོགས་པ་ལ། དཱུརྦ་ནི། བཛྲ་ཨཱ་ཡུ་ཤེ །ཚེ་ཕུན་སུམ་ཚོགས་པ་ལ། འབྲས་ནི། ཨཱོཾ་བཛྲ་པུཥྚ་ཡེ། བསོད་ནམས་ཕུན་སུམ་ཚོགས་པ་ལ། སོ་བ་ནི། ཨཱོཾ་བཛྲ་བི་ཛཱ་ཡ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ། ཟས་མཆོག་ནི། ཨཱོཾ་སརྦ་སཾ་བྷ་དེ། བདེ་བ་ཕུན་སུམ་ཚོགས་པ་ལ། ཀུ་ཤ་ནི། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ། (༦བ)


GLG023_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བ་ཕུན་སུམ་ཚོགས་པ་ལ། ཡུངས་ཀར་ནི། ཨཱོཾ་སརྦ་ཨརྠ་ས་དྷཱ་ཡ། བགེགས་མེད་པ་ཕུན་སུམ་ཚོགས་པ་ལ། ཤ༔ ཁྲག༔ ཚིལ་གསུམ་ཡང་སྔགས་གསུམ་བཤད་མ་ཐག་པ་ལྟར་གྱིས་འབུལ། སྔགས་གཉིས་གོང་བཞིན་གྱིས་རྨ་བྱའི་མདོངས་ནི། འག་གདོན་གྱི་འཚེ་བ་མེད་པ་ཕུན་སུམ་ཚོགས་པ་ལ། ལན་ཚ་ནི། སྦྱོར་བ་ངན་པ་མེད་པ་ཕུན་སུམ་ཚོགས་པ་ལ། ནས་ནི། ཨཱོཾ་མ་ཧཱ་བེ་གཱ་ཡ། ཤུགས་ཕུན་སུམ་ཚོགས་པ་ལ། སྔགས་གཉིས་གོང་ལྟར་གྱིས། འོ་མ་ནི། ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ། སྲན་མ་ནི། ཨཱོཾ་མ་ཧཱ་བ་ལཱ་ཡ། སྟོབས་ཕུན་སུམ་ཚོགས་པ་ལ། རིན་ཆེན་སྣ་ཚོགས་ཀྱང་སྔགས་གསུམ་གྱིས་གོང་ལྟར་འབུལ། གྲོ་ནི། ཨཱོཾ་བཛྲ་གྷ་སྨ་རེ། རིམས་མེད་པ་ཕུན་སུམ་ཚོགས་པ་ལ། དངར་གསུམ་ནི། ཨཱོཾ་བཛྲ་མ་ལེ་པུསྟ་ཡ། མོས་པ་ཕུན་སུམ་ཚོགས་པ་ལ། སྨན་སྣ་ཚོགས་ནི། ཨཱོཾ་བཛྲ་མ་ཧཱ་ཤྲི་ཡཾ་ས་ཏ་ཡེ། ནད་མེད་པ་ཕུན་སུམ་ཚོགས་པ་ལ། ཤིང་ཏོག་སྣ་ཚོགས་ནི། ཨཱོཾ་བཛྲ་ཤོ་བ་ལེ། རིགས་བརྒྱུད་ཕུན་སུམ་ཚོགས་པ་ལ། འབྲུ་མར་ནི། ཨཱོཾ་བཛྲ་ཚེ་ཏཱ་ཡ། ས་ལམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལ། ཁྱད་པར་བའི་རྫས་སྤྱི་རྣམས། ཨཱོཾ་ཨགྣ་ཡེ། བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ་དང་། ཤིང་བྱང་ནི། ཨཱོཾ་ཨགྣ་ཡེ། བདག་ཅག་གི་འཁོར་འདས་ཀྱི་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་ནད་རིམས། དབུལ་ཕོངས་འཐབ་རྩོད། དགྲ་བྱད། མནན་གཏད་ཟོར་རླུང་། དབྱེ་བསྐྲད་ཕྲ་མེན། མདོ་(༧ན)


GLG023_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་དམོད་པ། གདོན་བགེགས་དུས་མིན་འཆི་བ་ཉེས་ལྟུང་སྡིག་སྒྲིབ་མ་ལུས་པ་ཤནྟིཾ་ཀུ་རུ་སྭཱཧཱས་སྔར་བཞིན་གྱི་གྲངས་དང་བཅས་ཏེ་འབུལ། སྲེག་རྫས་མཆོད་པས་མོ་ཡི་ལྷ། །མཉེས་ཏེ་སྐུ་ལས་འོད་ཟེར་འཕྲོས། །བསྒྲུབ་བྱའི་སྙིང་གར་ཕོག་པ་ཡིས། །སླར་ཡང་སྒོ་གསུམ་སྡིག་སྒྲིབ་བསྲེགས། །འོད་ཟེར་བདུད་རྩིའི་ཆུ་རྒྱུན་ལྟར། །བབས་པས་ནད་གདོན་སྡིག་སྒྲིབ་སོགས། །མི་མཐུན་ཕྱོགས་རྣམས་རབ་བཀྲུས་ཏེ། །བཤང་གཅིའི་ལམ་ནས་ཐོན་པར་གྱུར། །ཞེས་བརྗོད། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ར་སྐྱེས་བཅིབས་ནས་གློག་ལས་མགྱོགས། །ཞེས་སོགས་སྔགས་བཅས་ཀྱིས་མཆོད། །བསྟོད་པས་བསྟོད། མེ་ལྷ་འཁོར་བཅས་ཁྱོད་རྣམས་ཀྱིས། །བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ། །གནོད་བྱེད་ནད་གདོན་དགྲ་བགེགས་དང་། །མཐུ་བྱད་དབུལ་ཕོངས་དུས་མིན་འཆི། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ། །ཞི་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། སྤྱན་དྲངས་པའི་མེ་ལྷ་གཤེགས་སུ་གསོལ་བ་ནི། ཨགྣ་ཡེ། ཛྭ་ལ་ཛྭ་ལ། གྷ་ཚ་གྷ་ཚ། ལ་བྷ་བྷ་མུ༔ ཡེ་ཤེས་མེ་ལྷ་དམ་ཚིག་པ་ཉིད་ལས། །ཕྱིར་གཤེགས་ཤར་ལྷོའི་མཚམས་སུ་རབ་བཞུགས་ནས། །ཞལ་ཚུར་གཟིགས་ཏེ་དཀྱིལ་འཁོར་ལྷ་ཚོགས་རྣམས། །མཉེས་བྱེད་མཆོད་པའི་དབང་པོར་མཛད་པར་གྱུར། །འདས་པའི་མེ་ལྷ་མཆོད་པ་ནི། །དམ་ཚིག་མེ་ལྷའི་ཐུགས་ཀ་རུ། །ཨེ་ཡི་ཕོ་བྲང་ཟླ་གམ་གསུམ། །ཞེས་པ་ནས་བཟུང་སྟེ་སྣང་ལ་རང་བཞིན་མེད་པར་ལྟའི་བར་དཀྱུས་བཞིན་བྱ། །གཙོ་འཁོར་ཀུན་ཀྱང་སྐུ་མདོག་རྩ་བའི་ཞལ། །རབ་དཀར་ཞི་(༧བ)


GLG023_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཁྲོ་ཡི་འཛུམ་མདངས་ཅན། །དཀར་ལ་འཚེར་བའི་འོད་ཟེར་འཕྲོ་བ་ཡིས། །ཞི་བའི་ལས་ཀུན་མཛད་པའི་རྣམ་པར་གྱུར། །ཨྱེ། མི་རྟོག་ངང་ལས་ཐུགས་རྗེའི་སྐུ༔ ཞེས་པ་ནས། སྒོ་གསུམ་དང་བའི་ཡིད་ཀྱིས་ཕྱག་འཚལ་བསྟོདཿཀྱི་བར་གྱིས་སྤྱན་འདྲེན་མཆོད་བསྟོད་ལས་བྱང་གི་དཀྱུས་ལྟར་ལ། ནང་གི་འདོད་ཡོན་གྱི་མཆོད་པའི་རྗེས་སུ། བར་གཅོད་མི་མཐུན་ཕྱོགས་རྣམས་ཞི་བའི་ཕྱིར། །འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འབུལ། །འབར་བ་གཤིན་རྗེའི་ཞལ་དུ་ཁ་རཾ་ཁཱ་ཧི། ཨེ་ཀ་ཡ་མ་ཀྲོ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་ཚོགས་ནས་ཀྱང་འབུལ། བྱོན་ཟན་ནི། ཡེ་ཤེས་པའི་ལྷ་ཚོགས་རྣམས་ཀྱི་ཞལ་འཛུམ་ཞིང་ཅུང་ཟད་གདངས་པའི་ལྗགས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་དང་དགང་བླུགས་ཀྱི་རྩེ་ལ་རཾ་ཡིག་གིས་མཚན་པར་མོས་ནས་ཕྱག་རྒྱ་སོགས་སྔར་བཞིན་བགྱིས་ཏེ། ཨྱེ་མྱགས་ཚར་བདུན་བརྗོད་ཅིང་བླུགས་གཟར་བདུན་གྱིས་དགང་གཟར་འགེང་བ་སོགས་འཇིག་རྟེན་པའི་སྐབས་ལྟར་བྱས་ཏེ། ཨཱོཾ་ཨགྣ་ཡེ་དེ་བྱ་དེ་བྱ་ནས་བཟུང་སྟེ་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱའི་བར་གྱིས་སྔར་ལྟར་ལན་གསུམ་འབུལ། མེ་ལྷའི་ཐུགས་ནས་འོད་འཕྲོས་པས། །ཞེས་པའི་ཚིག་རྐང་དང་པོ་འདས་ལྷའི་ཐུགས་ནས་འོད་འཕྲོས་པས། ཞེས་པར་བསྒྱུར་ཏེ་རྫོགས་པར་བརྗོད། ཨྱེ། ཕྱག་རྒྱ་ཟིལ་གནོན་གསོད་བྱེད་རྒྱལ། །ཡ་མ་རཱ་ཛ་གསང་བའི་བདག །རུས་སྦལ་རྔམ་པ་བྱ་ཁྱུང་རྒྱལ། ཁྱུང་སྟག་སེང་གེ་དུག་སྦྲུལ་ཟུང་། །རྩ་བ་རྒྱན་གྱི་ལྷ་རྣམས་ལ། །ཡཾ་ཤིང་མེ་ཏོག་དར་སྣ་མར། །ཞེས་པ་ནས། ཞི་(༨ན)


GLG023_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཕྲིན་ལས་དུས་ལ་བབ་ཀྱི་བར་བརྗོད་ནས། འཇིག་རྟེན་པའི་སྐབས་བཞིན་རྫས་ཆེན་ཉེར་བདུན་ཁྱད་པར་གྱི་རྫས་དང་བཅས་པ་རྣམས་འཇིག་རྟེན་པའི་སྔགས་དང་འདས་སྔགས་བརྗེ་བ་མ་གཏོགས་འདྲ་ཞིང་གྲངས་ཉེར་གཅིག་དང་བརྒྱ་སོགས་སྐབས་སྦྱར་དང་། ཁྱད་པར་གྱི་སྒོས་ཆོས་བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་དང་རྫས་སྔགས་གཅིག་ལ་བརྟེན་ནས་ཆིག་དྲིལ་དུ་ཐུན་རེ་ལ་སྟོང་ཁྲི་སོགས་སྔགས་ཀྱི་རིང་ཐུང་དང་བསྟུན་ཏེ་ཕྱག་ལེན་བཞིན་འབུལ། དེས་མཚོན་ཏེ་རང་འདོད་པའི་ལས་གང་བསྒྲུབ་ཀྱང་དེ་གའི་རྫས་སྔགས་ཆིག་དྲིལ་བྱ་ཚུལ་མཐོང་བརྒྱུད་ཀྱི་ཕྱག་ལེན་ལ་རག་ལུས་སོ། །དེ་ནས་འཁོར་རྣམས་ལ། ཨྱེ། སྤྲུལ་པ་རྣམ་གསུམ་གཤེད་པོ་བཞི། །མོན་བདུད་འཆི་བདག་བར་ཁྱམས་ལྷ། །སྒོ་བ་འོབས་སྲུང་བཅུ་དྲུག་དང་། །ཕོ་ཉ་བྱེ་བ་ས་ཡ་སོགས། །སྤྲུལ་པ་ཡང་སྤྲུལ་འཁོར་བཅས་ལ། །ཡམ་ཤིང་མེ་ཏོག་དར་སྣ་མར། །ཞེས་པ་ནས། ཞི་བའི་འཕྲིན་ལས་དུས་ལ་བབ་ཀྱི་བར་བརྗོད། སྔགས་རྣམས་གོང་དང་འདྲ་བར་བྱས་ཏེ་རྫས་ཆེན་ཉེར་བདུན་དང་ཁྱད་པར་གྱི་རྫས་རྣམས་བདུན་ནམ་ཉེར་གཅིག་ཙམ་དང་། དམིགས་བསལ་གྱི་རྫས་གཙོ་བོའི་བཅུ་ཆ་འབུལ། སྲེག་རྫས་མཆོད་པས་མེ་ཡི་ལྷ། །ཞེས་པའི་ཚིག་རྐང་དང་པོ་སྲེག་རྫས་མཆོད་པས་ཡེ་ཤེས་ལྷ། །ཞེས་པར་བསྒྱུར་ནས་ཚང་བར་བརྗོད། བྱོན་ཟན་གྱི་སྐབས་ལྟར་དགང་བླུགས་བདུན་ཚན་གསུམ་གཤེགས་སྐྱེམས་སུ་འབུལ། བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་(༨བ)


GLG023_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོ་འབུལ། །བཞེས་ནས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཨརྒྷཾ་པྲཏཱི་ཙྪ་སྭཱཧཱ་ནས་ཤཔྟའི་བར་བརྗོད། བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། ཁྱད་པར་མཆོད་པ་པཉྩ་ཨ་མྲྀ་ཏ། །མ་ཧཱ་བ་ལིཾ་རཀྟར་བཅས་པ་འབུལ། །བཞེས་ནས་བླ་མེད་དངོས་གྲུབ་སྩལ་དུ་གསོལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་མ་ཧཱ་པཉྩ་དང་མཧཱ་ར་ཀྟ་སྦྱར་བས་སྨན་རཀ་དང་། གཏོར་མ་ལས་བྱང་གི་མཆོད་གཏོར་ལྟར་བྱིན་གྱིས་བརླབ། །ཧཱུཾ། བླ་མེད་མཆོག་གི་མཆོད་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧིས་འབུལ། ཨཱོཾ་བཛྲ་ཏམྦུ་ལ་ཡེ་སྭཱཧཱ་སོ་རྩི་དང་། ཨཱོཾ་བཛྲ་ཝ་སྟྲ་ཡེ་སྭཱཧཱས་གོས་ཟུང་འབུལ། ཆོས་དབྱིངས་ངང་ལས་ཁྲོ་བོའི་སྐུར་སྟོན་པ། །ལྷག་པའི་ལྷར་གྱུར་བཅོམ་ལྡན་གཤིན་རྗེའི་གཤེད། །བདུད་ཀྱི་བདུད་ཆེན་མ་རུངས་འདུལ་པའི་ལྷ། ཁྲོ་རྒྱལ་ཀུན་གྱི་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་མཆོད་བསྟོད་བྱ། དེ་ནས་དགོངས་འདུས་རྟ་ནག་གི་པདྨ་དབང་ཞེས་པ་འདོན་པ་བསྒྱུར་བ་འདི་ལྟ་སྟེ། ལྷ་ཡི་ལྷ་མཆོག་འཇམ་དཔལ་གཤིན་རྗེའི་གཤེད༔ དུས་རྣམས་རྟག་ཏུ་ཁྲོ་རྒྱལ་ཁྱེད་བསྒྲུབས་ཏེ༔ སྲོག་གི་ཕྱིར་ཡང་ཡི་དམ་མི་སྤོང་ན༔ ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ༔ ཁྲོ་རྒྱལ་འཁོར་བཅས་ཁྱོད་ཀྱི་གཟི་བརྗིད་ཀྱིས༔ བར་གཅོད་བགེགས་ཀྱི་ཚོགས་རྣམས་བསལ་ནས་ཀྱང་༔ བྱམས་(༩ན)


GLG023_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞལ་བཟང་མངོན་སུམ་སྟོན་པ་དང་༔ སྒྲུབ་པའི་འབྲས་བུ་དུས་འདིར་སྩལ་དུ་གསོལ༔ ཡང་འབྲི་གུང་ཟུར་པ་རིན་པོ་ཆེས་མཛད་པའི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ལྷ་མཆོག་ཁྱོད་དང་སྨོན་ལམ་གཅིག་པའི་མཐུས། །ད་ལྟ་ཞལ་མཐོང་ཡི་དམ་ལྷར་གསོལ་ན། །སྙིང་པོ་བྱང་ཆུབ་མཆོག་ལ་མི་གནས་ཚེ། །ཚེ་རབས་འཁོར་བ་གར་སྐྱེས་གར་གནས་ཀྱང་། །རྗེས་སུ་བཟུང་ཞིག་བཅོམ་ལྡན་གཤིན་རྗེའི་གཤེད། །དངོས་གྲུབ་སྩོལ་ཅིག་བཅོམ་ལྡན་གཤིན་རྗེའི་གཤེད། །བར་གཅོད་སོལ་ཅིག་བཅོམ་ལྡན་གཤིན་རྗེའི་གཤེད། །དགྲ་བགེགས་སྒྲོལ་ཞིག་བཅོམ་ལྡན་གཤིན་རྗེའི་གཤེད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །གཞན་ཡང་། མཁྱེན་བརྩེ་ནུས་མངའ་འཇམ་དཔལ་དཔའ་བོ་ཡིས། །བསྟན་པ་རྒྱས་དང་དེ་འཛིན་ཚོགས་རྣམས་ཀྱི། །སྐུ་ཚེ་འཕྲིན་ལས་སྐྱེ་རྒུའི་བདེ་སྐྱིད་ལ། །བར་དུ་གཅོད་པ་ཐམས་ཅད་ཞི་མཛད་གསོལ། ཁྱད་པར་རིགས་འཛིན་བདག་ཅག་དཔོན་སློབ་དང་། །ཡོན་མཆོད་འཁོར་དང་བཅས་པ་མ་ལུས་པའི། །སྔོན་ལས་འཕྲལ་རྐྱེན་ལས་བྱུང་དགྲ་བགེགས་གདོན། །ནད་རིམས་དབུལ་ཕོངས་འཐབ་རྩོད་ཞི་མཛད་གསོལ། །ཕྱི་ནང་དྲང་སྲོང་དམོད་པ་མཐུ་བྱད་དང་། །བྱུང་དང་སྐལ་ངན་མི་ཤིས་དུས་མིན་འཆི། །སྒེག་སྲི་ལངས་སོགས་ཆགས་ཆེ་ཉམ་ང་བའི། །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་མཛད་གསོལ། །འཕྲིན་ལས་ཆད་ལྷག་དམ་རྫས་མ་ཚང་ཉམས། །བསྙེན་སྒྲུབ་གཡེལ་ཞིང་དུས་ཀྱི་མཆོད་པ་ཆག །ཏིང་འཛིན་མི་གསལ་གསང་སྔགས་སྒྲ་ཉམས་སོགས། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་ཞི་མཛད་གསོལ། །ཚེ་དཔལ་སྟོབས་འབྱོར་དབང་ཕྱུག་(༩བ)


GLG023_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས། །ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་སོགས། །འཁོར་འདས་དངོས་གྲུབ་ཀུན་དང་ཁྱད་པར་དུ། །འཇམ་མགོན་ཀུན་བཟང་ཚེ་འདིར་མངོན་གྱུར་མཛོད། །ཅེས་འདོད་དོན་ལ་གསོལ་བ་གདབ། །གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་ལན་གསུམ་གྱིས་ཆད་ལྷག་ཁ་བཀང་། །ཡི་དམ་ལྷ་མཆོག་ཟིལ་གནོན་འཁོར་བཅས་ཀྱི། །བསྙེན་སྒྲུབ་འཕྲིན་ལས་གཞུང་བཞིན་བགྱིས་པ་ལ། །བདག་ཅག་མ་རིག་ལོག་རྟོག་དབང་སོང་བའི། །འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལ། །ཞེས་ནོངས་པ་བཤགས། །ཨཱོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་དང་། བཛྲ་མུཿས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། །དམ་ཚིག་པ་བདག་ལ་ཐིམ་པར་བསམ། །སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། །དབང་པོར་བཞུགས་པའི་ཡེ་ཤེས་ཀྱི༔ མེ་ལྷ་བཛྲ་ས་མ་ཛཿ སླར་ཡང་དམ་ཚིག་སེམས་དཔའ་དང་༔ དབྱེར་མེད་ངོ་བོ་གཅིག་ཏུ་གྱུར༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ར་སྐྱེས་བཅིབས་ནས་གློག་ལས་མགྱོགས༔ ཞེས་པ་ནས། ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད༔ཀྱི་བར་གྱིས་མཆོད་བསྟོད་བྱ། །མེ་ལྷ་དྲང་སྲོང་འཁོར་བཅས་ལ། །ཡམ་ཤིང་མེ་ཏོག་དར་སྣ་མང་། །ཞེས་པ་ནས་ཁྱད་པར་བའི་རྫས་ཡན་སྔར་ལྟར་དང་གཤེགས་སྐྱེམས་དགང་བླུགས་བདུན་གསུམ་བྱོན་ཟན་བཞིན་ཕུལ་རྗེས། བཛྲ་ཏཱམྦུ་ལས་སོ་རྩི་ཝ་སྟྲས་གོས་ཟུང་འབུལ། གཏོར་མ་ལས་བྱང་ལྟར་བྱིན་གྱིས་བརླབས། ཨཱོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི། ཞེས་ལན་གསུམ་གྱིས་འབུལ། མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལས་ཞེས་པ་ནས་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་བརྗོད། མེ་ལྷ་འཁོར་བཅས་ཁྱེད་རྣམས་ཀྱིས། །ཞེས་སོགས་(༡༠ན)


GLG023_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་གསོལ་བྱ། ཨཱོཾ་ཨགྣ་ཡེ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ་ནས་ཤཔྟའི་བར་གྱིས་མཆོད། ཡིག་བརྒྱ་དང་མ་འབྱོར་བ་སོགས་ཀྱིས་བཟོད་པར་གསོལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་ཚུར་སྤྱོན་ཅིག །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨཱོཾ་ཨགྣ་ཡེ་ཡ་ཧི་གཙྪ། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་ཛཿཧཱུཾ་བཾ་ཧོཿས། རང་དང་གཉིས་སུ་མེད་པར་བསམ། མཆེད་རྣམས་སྲིན་ལག་སྦྲེལ་གྲལ་ཟླུམ་པོར་བྱས་ཏེ། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཀུན་ཀྱང་འཇམ་དཔལ་གཤིན་རྗེའི་གཤེད༔ ཁྲོ་བོ་འདུས་པས་ནམ་མཁའ་གང་༔ ཁྲོ་མོ་འདུས་པས་བར་སྣང་གང་༔ ཁྲོ་ཆུང་འདུས་པས་ས་གཞི་གང་༔ ཐམས་ཅད་འདུས་པའི་ངང་ཉིད་ལས༔ རྐང་པ་གཡས་ཀྱིས་བྲོ་བརྡུངས་པས༔ ཕོ་སྲི་ཐམས་ཅད་གཡས་སུ་མནན༔ རྐང་པ་གཡོན་གྱིས་བྲོ་བརྡུངས་པས༔ མོ་སྲི་ཐམས་ཅད་གཡོན་དུ་མནན༔ གཉིས་སུ་མེད་པར་བྲོ་བརྡུངས་པས༔ ཆུང་སྲི་ཐམས་ཅད་རྡུལ་དུ་བརླག༔ བྲོ་ནི་ཡེ་ཤེས་ཆེན་པོའི་བྲོ༔ དགྲ་རྣམས་ཐལ་བར་རློག་པའི་བྲོ༔ བདུད་རྣམས་ཕྱེ་མར་འཐག་པའི་བྲོ༔ དེ་ཕྱིར་གླུ་བྲོ་རྒྱུན་མི་ཆད༔ ཤར་དུ་ཞི་བའི་བྲོ་བརྡུངས་པས༔ དགྲ་བགེགས་ཐམས་ཅད་ཞི་བར་ཤོག༔ ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧྲཱིཿཥྚྲཱི་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་ཞི་བ་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་བྲོ་བརྡུང་ཞིང་སུམྦྷ་བརྗོད། བསྔོ་བ་སྨོན་ལམ་བཀྲ་ཤིས་བྱ་ཞིང་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་གཏོར། རྒྱུན་གྱི་སྤྱོད་ལམ་ལ་འཇུག །སྦྲེལ་ནས་བྱེད་ན་ཐལ་བ་རྙིང་པ་མ་(༡༠བ)


GLG023_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲུགས་པར་ནེམ་ཙམ་བྱས་པའི་ཁར་ཨོང་ཀོང་བརྩིགས་ལ་བཤད་མ་ཐག་པ་ཉམས་སུ་བླངས། ལོང་ཡོད་ན་མེ་མ་ཤི་བར་དུ་མི་བསྒུལ་ཞིང་། རིངས་ན་འོ་མས་གཞིལ་ལ་རྡུལ་ཚོན་དང་ཐལ་བ་རྣམས་ཕལ་ཆེར་འབབ་ཆུ་ཆེན་པོར་དོར་ཞིང་། ཉེར་མཁོའི་རྫས་སུ་ཚགས་བྱ་བའང་རུང་། ཐབ་དང་ཉེ་འཁོར་ཀུན་ཏུ་དྲིས་བྱུགས་ཤིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །འཇམ་དཔལ་ཚེ་བདག་ཞི་བའི་འཕྲིན་ལས་ཀྱིས། །ཉེས་བརྒྱའི་དྲི་འཁྲུད་སྦྱིན་སྲེག་གངྒཱའི་རྒྱུན། །པད་གནུབས་ཚངས་པའི་རལ་ཀླུང་ལས་བབས་པ། ཁོ་བོའི་བློ་གྲོས་ཆུ་གཏེར་ཀློང་དུ་འཁྱིལ། འདི་ཕྱིའི་དོན་ཆེན་བསྒྲུབ་པའི་བགེགས་ཚོགས་ཀུན། །དུས་དགྲའི་དབང་པོ་མཆོད་པས་ཉེར་ཞི་ནས། །གདོད་ནས་དག་པའི་རང་རིག་འཇམ་པའི་དབྱངས། །རང་ཞལ་མངོན་སུམ་འཇལ་བར་གདོན་མི་ཟ། །དེ་ཕྱིར་རིགས་ཀུན་བདག་པོ་རྡོ་རྗེ་འཆང་། །ཟུར་ཆེན་ཆོས་དབྱིངས་རང་གྲོལ་བཀའ་དྲིན་ལས། །ཟིལ་གནོན་ཕྱག་རྒྱའི་ལམ་ངེས་ལོངས་རྙེད་པའི། །ཟ་ཧོར་རིགས་ཀྱི་བནྡེས་ཡི་གེར་བཀོད། །པད་གནུབས་ལུགས་སྲོལ་འཁྲུལ་མེད་ཡི་གེ་དག །ཚད་མའི་དབང་པོར་བྱས་ཏེ་མན་ངག་གིས། །བརྒྱན་ལས་ཕྱི་འགྱུར་ཁོ་ནའི་རྒྱས་འགེབས་དང་། །རང་བཟོས་མ་བསླད་ཤོག་སེར་དྲི་ངད་ལྡང་། །དགེ་དེས་མཁའ་མཉམ་འགྲོ་བ་མ་ལུས་པའི། །མི་བཟད་གདུང་བའི་རྩ་བ་དུག་གསུམ་གྱི། །མུན་པའི་དམག་རུམ་མཐའ་དག་གཞིལ་བྱས་ཏེ། །ཡེ་ཞེས་མཆོག་གི་འོད་སྟོང་འབར་གྱུར་ཅིག །ཅེས་འཇམ་དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་ཞི་བའི་སྦྱིན་སྲེག་གངྒཱའི་ཆུ་རྒྱུན་འདི་ནི་གནུབས་(༡༡ན)


GLG023_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བན་བློ་བཟང་ཐབས་མཁས། སྔགས་བན་བློ་བཟང་ངག་དབང་། སྔགས་བན་ངག་དབང་ཆོས་འཛིན། སྔགས་བན་འཕྲིན་ལས་རྒྱ་མཚོ་བཞིས་ཨྱེ་རིང་བསྙེན་ཆེན་བཏང་བའི་དུས་ཁ་སྐོང་གི་སྦྱིན་སྲེག་ངག་འདོན་ཞིག་དགོས་ཞེས་བསྐུལ་བས་རྐྱེན་བྱས་ནས་སླད་མར་ཡང་ལམ་འདི་ལ་མོས་ཤིང་ཉམས་སུ་ལེན་པ་རྣམས་ལ་ཕན་འདོད་ལྷག་བསམ་གྱིས་པད་གནུབས་གཉིས་ཀྱི་དྲག་པོའི་སྦྱིན་སྲེག་དང་ལས་བཞི་སོ་སོའི་སྦྱིན་སྲེག་གི་གཞུང་རྣམས་ལ་གཞི་བྱས། འབྲི་གུང་དབུར་སྨྱོན་གྱིས་མཛད་པའི་ཚེ་བདག་སྦྱིན་སྲེག་དང་། གཞན་ཡང་གཤིན་རྗེ་ཁྲོ་ཆུ་གཏེར་ཁ་གོང་འོག །བྱང་གཏེར་སོགས་རྙིང་མ་རང་ལུགས་ཀྱི་ཡིག་ཆ་ནས་ཁ་འགང་དགོས་པ་རྣམས་བཀང་། ཅུང་ཟད་མི་གསལ་བའི་མེད་དུ་མི་རུང་བ་རྣམས་མཐུ་ཆེན་འཇིགས་མེད་དཔའ་བོ་དང་འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག་ལ་སོགས་ཀྱི་གསུང་རབ་ལ་ཞིབ་པོར་དཔྱད་ནས་ཚིག་ཕྲད་བསྣོན་དགོས་ཀྱིས་བརྒྱན་ཏེ་ཟུར་ཆེན་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ་གྱི་བཀའ་དྲིན་ལ་བརྟེན་ནས་ཆོས་ཚུལ་འདི་ལ་གོམས་པའི་ཟ་ཧོར་གྱི་སྔགས་སྨྱོན་བཞད་པ་རྩལ་གྱིས་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ།། །།སརྦ་མངྒ་ལཾ།། །།

འཇམ་དཔལ་ཚེ་བདག་ནག་པོའི་མཆོད་རྟེན་བཅས་ཆོག་གི་རབ་གནས་བྱིན་རླབས་ཉི་མའི་གཟི་འབར།


GLG023_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཚེ་བདག་ནག་པོའི་མཆོད་རྟེན་བཅས་ཆོག་གི་རབ་གནས་བྱིན་རླབས་ཉི་མའི་གཟི་འབར་བཞུགས་སོ། །


GLG023_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་འདུས་པདྨ་ཀ་ར་དང་། །བོད་ཡུལ་དྲག་སྔགས་བདག་པོ་གནུབས་ཆེན་ཞབས། །ཟབ་གཏེར་སྒོ་འཕྱེད་དུམ་པ་རྒྱ་ཞང་སོགས། །དངོས་བརྒྱུད་བླ་མའི་ཚོགས་རྣམས་ཕྱག་གི་ཡུལ། །བཅས་པས་རྡོ་རྗེའི་མཁར་རྫོང་བཙན་པའི་གོ །རང་གཤེད་དབབ་པ་བཟློག་བསད་མནན་གཏད་མཚོན། །ཕ་རོལ་བན་བོན་མུ་སྟེགས་བྱད་མཁན་གྱིས། །ལོ་བརྒྱར་བསྒྲུབས་འཇིག་གནམ་ལྕགས་འབར་བའི་ཐོག །དེ་ཕྱིར་ཆོས་སྐུ་འགྱུར་མེད་ཐུགས་ཀྱི་རྟེན། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་དཀྱིལ་འཁོར་ཆ། །རབ་གནས་ཆོ་ག་མཁས་པའི་ཕྱག་ལེན་ལྟར། ཁྲིགས་སུ་བསྡེབ་བོ་ཤེས་ལྡན་རྣ་བ་ལྷོགས། །དེ་ལ་འདིར་སྡིག་པ་སྙིང་འཛིངས་ནག་པོ་སོགས་རྒྱུད་ཀྱི་དགོངས་དོན་ལྟར་རྒྱ་བལ་གྱི་མཁས་གྲུབ་རྣམས་ཀྱིས་ཁྲིགས་སུ་བསྡེབས་པའི་མཆོད་རྟེན་བཅས་ཆོག་བོད་ཡུལ་འདིར་དང་པོར་གནུབས་དང་གཏེར་སྟོན་རྒྱ། བར་དུ་མཁས་པ་གངས་པ་ཤཱཀ་འབུམ་དང་གཡུང་སྟོན་རྡོ་རྗེ་དཔལ། ཐ་མར་མཁས་པ་སེ་སྟོན་རིན་ཅེན་རྒྱལ་མཚན་དང་པཎ་ཆེན་སྐུ་མཆེད་སོགས་ཀྱི་ཕྱག་ལེན་ལྕགས་སྡིག་ལྕགས་འདྲ་གཉིས་ཀྱི་མཆོད་རྟེན་གང་ལག་ཏུ་བསྟར་(༢ན)


GLG023_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་མེད་དུ་མི་རུང་བ་ནི། ལྕགས་སྡིག་ཞལ་གདམས་ལས། མཆོད་རྟེན་རབ་ཏུ་གནས་པར་བྱ། །རབ་གནས་མེད་ན་འཕུང་བཤིག་ཡིན། །ཞེས་རབ་གནས་གལ་ཆེ་ཞིང་། དེའང་སྔགས་གསར་རྙིང་སྤྱི་གཞུང་ལས་འབྱུང་བའི་རབ་གནས་གྲུབ་ཀྱང་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་མོད། མེད་དུ་མི་རུང་བ་གཏེར་གཞུང་ལས་བྱུང་བའི་ཆོ་གའི་ཕྱག་ལེན་གྱི་རིམ་པ་ནི། ཐོག་མར་ལྕགས་སྡིག་ཀུན་གཞི་གཏི་མུག་སེམས་བྱུང་ལས་ཆད་པའི་ཆོས་སྡེ་དབང་བཀའ་རིན་ཅེན་ཕྲེང་བ་ལས། སཱཙྪ་གདབ་ཅིང་ཆུ་གཏོར་བཏང་། །འགྲུབ་ན་ཕ་རོལ་ཕྱིན་ལ་འདོན། །མ་གྲུབ་དཔང་སྐོང་བཤགས་པ་བྱ། །ཞེས་པ་ལྟར་ལུས་ཀྱི་སྒྲིབ་སྦྱོང་སཱཙྪ་གདབ་པ། ངག་གི་སྒྲིབ་སྦྱོང་གསུང་རབ་ཀློག་པ། ཡིད་ཀྱི་སྒྲིབ་སྦྱོང་ཆུ་གཏོར་གཏོང་བ། བླ་མ་དངོས་སུ་བཞུགས་ན་དང་མིན་ན་རྩ་གསུམ་དགྱེས་པའི་ཚོགས་མཆོད་དབུལ་བ་སྟེ་ཕྱིའི་བཤགས་པ་བྱ། དཀར་གཏོར་དམར་གཏོར་ཉུང་ངུ་རྣམ་གསལ་བཞིན་བཏང་། རྒྱལ་ཆེན་མཐོ་འཛུགས་ནི། མཆོད་གཏོར་བྱིན་རླབས་དང་བསྐྱེད་ཆོག་མཆོད་གཏོར་འབུལ་བ་རྣམས་ཕུར་པའི་ས་ཆོག་གི་སྐབས་ཇི་ལྟ་བ་ལས།(༢བ)


GLG023_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཤར་གྱི་ཕྱོགས་ནས་ཡུལ་འཁོར་བསྲུང་། །དྲི་ཟའི་གདོན་ལས་མཚམས་ཆོད་ཅིག །ལྷོ་ཡི་ཕྱོགས་ནས་འཕགས་སྐྱེས་པོ། །གྲུལ་བུམ་གདོན་ལས་མཚམས་ཆོད་ཅིག །ནུབ་ཀྱི་ཕྱོགས་ནས་སྤྱན་མི་བཟང་། །ཀླུ་ཡི་གདོན་ལས་མཚམས་ཆོད་ཅིག །བྱང་གི་ཕྱོགས་ནས་རྣམ་ཐོས་སྲས། །གནོད་སྦྱིན་གདོན་ལས་མཚམས་ཆོད་ཅིག །ཅེས་འཕྲིན་ལས་བཅོལ། རི་རབ་ལྷུན་པོའི་རྩེ་བརྒྱད་ནས་ཞེས་སོགས་ནང་མཚམས་གཅོད་པ་དང་ནང་བཤགས་བྱེད་པ་བཤད་འདུག་ནའང་ལས་གཞུང་བསྲང་བའི་ཞར་ལ་འོང་བས་བཏང་སྙོམས་སུ་བཞག །སྟེགས་བུའི་ཁར་རབ་རྡུལ་ཚོན། འབྲིང་རས་བྲིས། ཐ་མ་ཚོམ་བུའི་དཀྱིལ་འཁོར་གང་རུང་གི་སྟེང་དུ་མན་འཇིའི་ཁར་ལྷ་ཚོགས་རྣམས་ཀྱི་ཙཀླི་བཞག །སྨན་རཀ་གཏོར་གསུམ་ཕྱི་ནང་གི་ཉེར་སྤྱོད་གཏེར་སྲུང་གི་གཏོར་མ། ཚོགས་ཆོས་སོགས་བཤམ། ལས་བྱང་གཞུང་བསྲངས་ཏེ་འཛབ་བཟླས་བསྟོད་བསྐུལ་རྒྱས་བསྡུས་ཅི་རིགས་ཀྱི་བར་བྱས་ལ་བདག་མདུན་ལྷན་ཅིག་ཏུ་བསྒྲུབ། རྣམ་བུམ་དང་ལས་བུམ་གཉིས་རྫས་དང་བཅས་པ་གུ་གུལ་གྱིས་བདུག །བདག་ཉིད་ཁྲོ་རྒྱལ་སོགས་བརྗོད་ཅིང་ཡུངས་ཀར་གྱིས་བྲབས་ཏེ་བགེགས་བསྐྲད། སྲོག་ཆགས་མེད་པའི་ཆུ་གཙང་གིས་སུམ་གཉིས་བཀང་ལ་བུམ་རྫས་ཉེར་ལྔ་དང་བདུད་རྩི་ལྔ་བླུག །ཁ་རྒྱན་མགུལ་ཆིངས། དུད་ཆོས་གཟུངས་ཐག་བཏགས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་(༣ན)


GLG023_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བ། ལྷའི་གོས་ཀྱིས་མགུལ་པ་དཀྲིས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྨན་སྣ་ཚོགས་ཀྱིས་གང་བའི་ནང་དུ་ཨྱེ་ཡི་ཕོ་བྲང་ཟླ་གམ་གསུམ་ཞེས་པ་ནས་ནང་གི་འདོད་ཡོན་གྱི་བར་དཀྱུས་ལྟར་དང་། དེ་རྗེས་བསྟོད་པ་བྱ། རང་གི་སྙིང་ག་ནས་སྔགས་ཕྲེང་གཟུངས་ཐག་ལ་བརྟེན་ཏེ་སོང་བས་བུམ་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། བུམ་ལྷའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་སྒྲིབ་པ་སྦྱངས་ཏེ་རྒྱལ་བའི་གོ་འཕང་ལ་བཀོད། རྒྱལ་བ་རྣམས་ཀྱི་མཐུ་དང་བྱིན་རླབས་ཚུར་འདུས། ཡང་འོད་ཟེར་འཕྲོས་འོག་མིན་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། མཐུ་སྟོབས་དང་གཟི་བརྗིད་བྱིན་རླབས་སྐུ་སྔགས་ཕྱག་མཚན་གྱི་རྣམ་པ་བུམ་པ་ལ་ཐིམ། བུམ་ལྷ་རྣམས་སྦྱོར་བ་མཛད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་བུམ་པ་གང་བར་བསམས་ལ། སྐུ་གསུང་ཐུགས་སྔགས་དང་ཨྱེ་རིང་བཟླ། མཆོད་བསྟོད་བྱ། ཐོད་ཆུ་བླུག་པས་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྱུར་པར་བསམ། མཆོད་རྟེན་ལ་ཁྲུས་གསོལ་གྱི་ཆེད་དུ་ལས་བུམ་དུའང་ཅུང་ཟད་ལྡུགས། ཁ་རྒྱན་གྱི་མདུན་ངོས་སུ་ཙཀླི་རྣམས་བཞུགས་དབུ་རྒྱན་དང་ཅོད་པན་བུམ་པའི་ཁ་ལ་བསྡམས་ཀྱང་རུང་། དཀྱིལ་འཁོར་གྱི་དབུས་སུ་བཀང་། ལས་བུམ་གྱི་ནང་དུ་ཉི་ཟླའི་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་འཕྲོས་འོག་མིན་ནས་བདེ་བར་གཤེགས་པ་རྣམས་ཀྱི་བྱིན་རླབས་བདུད་རྩིའི་རྣམ་པར་བསྡུས་ཏེ་བུམ་ཆུ་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩི་རྟེན་མི་གཙང་བས་འཕགས་པའི་དྲི་མ་ཐམས་ཅད་འདག་པར་བྱེད་པའི་ནུས་པ་དང་ལྡན་པར་བསམ། ཨཱོཾ་ཨཱཿ(༣བ)


GLG023_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་བརྒྱ་རྩ་བཟླ། རང་གི་གཡས་ངོས་སུ་བཞག །ལྕགས་སྡིག་མཁལ་མ་ལས་ཆད་པའི་ཆོས་སྡེ་རབ་གནས་ཡེ་ཤེས་ཟུང་འཇུག་ལས། མཆོད་རྟེན་གྱི་ཆ་ཚད་བསྟན་ཅིང་ཐ་མལ་གྱི་མཆོད་རྟེན་བཅས་པའི་དྲི་ངན་དབྱི་བར་བཤད་པའི་ཆ་ཚད་ནི་འདིར་སྨོས་མ་དགོས། དྲི་ངན་དབྱི་བ་ནི་འབྲས་ཟན་གྱི་ཆངས་བུ་ཐོགས་ཏེ་ཨཱོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ཁ་ཡར་བརྗོད་པ་དང་ལྷན་ཅིག་པར་མཆོད་རྟེན་གྱི་ཕྱི་ལ་ཟན་ཕྱིས་བརྒྱག་པའི་ཚུལ་བྱས་ལ་རོ་མ་ཕྱིར་དོར། བགེགས་བསྐྲད་ཅིང་ཡེ་ཤེས་སེམས་དཔའ་གཞུག་པ་ལ་བགེགས་གཏོར་བཏང་། གུ་གུལ་གྱིས་འདུག །བདག་ཉིད་ཁྲོ་རྒྱལ་མ་སོགས་བརྗོད་དེ་ཡུངས་ཀར་བྲབས་ལ་བགེགས་བསྐྲད། དུར་ཁྲོད་མེ་རིམ་སོགས་ཀྱིས་མཚམས་བཅད། རང་གི་ཐུགས་ག་ནས་འོད་ཟེར་འཕྲོས་སྤྱན་མ་ལ་སོགས་པའི་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པ་དཔག་ཏུ་མེད་པ་བཛྲ་ས་མ་ཛཿས་སྤྱན་དྲངས། དེ་རྣམས་ཀྱིས་སྟོང་གསུམ་དང་མཉམ་པའི་མཆོད་རྟེན་ལ་ཁྲུས་གསོལ་བས་མ་དག་པའི་དྲི་མ་ཐམས་ཅད་དུད་ཁུ་དང་སོལ་ཁུ་ལྟར་ནག་ཉིལ་གྱིས་ཕྱིར་ཐོན། མཆོད་རྟེན་དངས་ཤིང་དྲི་མ་མེད་པ་ལྟ་བུར་གྱུར་བར་བསམས་ནས་ལས་བུམ་ཐོགས་མེ་ལོང་ལ་གཟུགས་བརྙན་འཆར་དུ་བཅུག་ལ། ཧཱུཾ། གུར་ཀུམ་ལ་སོགས་སྦྱར་བའི་ཆུ། །དག་པ་ཡེ་ཤེས་ཆུ་ཡིས་ཁྲུས་གསོལ་བས། །མི་གཙང་དྲི་མའི་ཚོགས་རྣམས་རབ་དག་ནས། ཡེ་ཤེས་སེམས་དཔའ་བཞུགས་པའི་གནས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཇི་ལྟར་བལྟམས་པ། དེ་དག་སྐུ་ལ། རྒྱལ་བའི་སྐུ་གསུང་ཐུགས་ལ། ཕར་ཕྱིན་དྲུག་གི་བར་(༤ན)


GLG023_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་ལྟར་བྱ། ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རི་རབ་བང་རིམ་བཞི་པ་སེང་གེའི་ཁྲི་དང་བཅས་པའི་སྟེང་དུ་བྷྲཱུཾ་ལས་ཆོ་འཕྲུལ་མཆོད་རྟེན་བང་རིམ་བཞི་མན་ཆད་ནག་པོ། བུམ་པ། བྲེ། གདུགས་ཆར་ཁེབས་ཏོག་དང་བཅས་པ་རྣམས་དཀར་པོ་དངས་གསལ་རྙོག་པ་མེད་པ་ཤེལ་ལྟར་འཚེར་བར་བསམ། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པའི་ཞིང་ཁམས་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པའི་རྡོ་རྗེའི་རིགས་ཀྱི་ལྷ་ཚོགས་རྣམས་རྣམ་པ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་གྱི་དབྱིབས་ཅན་ཁ་དོག་སྔོན་པོ་གྲངས་མེད་པ་ཨཱོཾ་བཛྲ་ས་མ་ཛཿ ཤར་ཕྱོགས་བདེ་གཤེགས་ཞིང་ཁམས་གྲངས་མེད་ནས། །རྡོ་རྗེ་རིགས་ཀྱི་མཆོད་རྟེན་སྔོ་ལ་འཚེར། །མཆོད་རྟེན་གཞལ་ཡས་ཆེན་པོའི་ཤར་ཕྱོགས་སུ། །འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ཨཀྵོ་བྷྱ་སཱཙྪ་ཛཿཧཱུཾ་བཾ་ཧོ༔ཞེས་ལན་གྲངས་མང་དུ་བརྗོད། མདུན་ངོས་ནས་ཐིམ་པས་མཆོད་རྟེན་དེ་ཨིནྡྲ་ནཱི་ལའི་མདོག་ལྟར་སྔོ་ཞིང་འཚེར་བར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷོ་ཕྱོགས་དཔལ་དང་ལྡན་པ་ལ་སོགས་པའི་ཞིང་ཁམས་ནས་དེ་བཞིན་གཤེགས་པ་རིན་ཅེན་འབྱུང་གནས་ལ་སོགས་པའི་རིན་ཅེན་རིགས་རྣམས་རྣམ་པ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་གྱི་དབྱིབས་ཅན་ཁ་དོག་སེར་པོ་གྲངས་མེད་པ་ཨཱོཾ་བཛྲ་ས་མཱ་ཛ༔ ལྷོ་ཕྱོགས་བདེ་གཤེགས་ཞིང་ཁམས་གྲངས་མེད་ནས། །རིན་ཆེན་རིགས་ཀྱི་མཆོད་རྟེན་སེར་ལ་འཚེར། །མཆོད་རྟེན་གཞལ་ཡས་ཆེན་པོའི་ལྷོ་ཕྱོགས་སུ། །འགྲོ་བའི་དོན་དུ་སྤྱན་(༤བ)


GLG023_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་གཤེགས་སུ་གསོལ། །རཏྣ་སཾ་བྷ་ཝ་ཏྲཱཾ་སཱཙྪ་ཛཿཧཱུཾ་བཾ་ཧོ༔ ལན་གྲངས་མང་དུ་བརྗོད། ལྷོ་ཕྱོགས་ནས་ཐིམ་པས་མཆོད་རྟེན་དེ་གསེར་ཞུན་མའི་མདོག་ལྟར་སེར་ཞིང་འཚེར་བར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ནུབ་ཕྱོགས་བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་ནས་དེ་བཞིན་གཤེགས་པ་འོད་དཔག་མེད་ལ་སོགས་པ་པདྨའི་རིགས་རྣམས་རྣམ་པ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་གྱི་དབྱིབས་ཅན་ཁ་དོག་དམར་པོ་གྲངས་མེད་པ་ཨཱོཾ་བཛྲ་ས་མཱ་ཛ༔ ནུབ་ཕྱོགས་བདེ་གཤེགས་ཞིང་ཁམས་གྲངས་མེད་ནས། །པདྨའི་རིགས་ཀྱི་མཆོད་རྟེན་དམར་ལ་འཚེར། །མཆོད་རྟེན་གཞལ་ཡས་ཆེན་པོའི་ནུབ་ཕྱོགས་སུ། །འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ། །ཨ་མི་ཏྭ་བྷ་ཧྲཱིཿསཱཙྪ་ཛཿཧཱུཾཿབཾ་ཧོཿ ལན་གྲངས་མང་དུ་བརྗོད། ནུབ་ཀྱི་ཕྱོགས་ནས་ཐིམ་པས་མཆོད་རྟེན་དེ་པདྨ་རཱ་གའི་མདོག་ལྟར་དམར་ཞིང་འཚེར་བར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། བྱང་ཕྱོགས་ལས་རབ་རྫོགས་པ་ལ་སོགས་པའི་ཞིང་ཁམས་ནས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་ལ་སོགས་པ་ལས་ཀྱི་རིགས་རྣམས་རྣམ་པ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་གྱི་དབྱིབས་ཅན་ཁ་དོག་ལྗང་གུ་གྲངས་མེད་པ་ཨཱོཾ་བཛྲ་ས་མཱ་ཛཿ བྱང་ཕྱོགས་བདེ་གཤེགས་ཞིང་ཁམས་གྲངས་མེད་ནས། །ལས་ཀྱི་རིགས་ཀྱི་མཆོད་རྟེན་ལྗང་ལ་འཚེར། །མཆོད་རྟེན་གཞལ་ཡས་ཆེན་པོའི་བྱང་ཕྱོགས་སུ། །འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ། །ཨ་མོ་གྷ་སིདྡྷི་ཨཱཿསཱཙྪ་ཛཿཧཱུཾ་བཾ་ཧོཿ ལན་གྲངས་མང་དུ་བརྗོད། བྱང་གི་ཕྱོགས་ནས་ཐིམ་པས་མཆོད་རྟེན་མརྒད་ཀྱི་མདོག་ལྟར་ལྗང་ཞིང་འཚེར་བར་བསམ་(༥ན)


GLG023_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྟེང་ཕྱོགས་འོག་མིན་ལ་སོགས་པའི་ཞིང་ཁམས་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་རྣམས་རྣམ་པ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་གྱི་དབྱིབས་ཅན་ཁ་དོག་དཀར་པོ་གྲངས་མེད་པ་ཨཱོཾ་བཛྲ་ས་མཱ་ཛཿ དབུས་ཕྱོགས་བདེ་གཤེགས་ཞིང་ཁམས་གྲངས་མེད་ནས། །དེ་བཞིན་གཤེགས་པའི་མཆོད་རྟེན་དཀར་ལ་འཚེར། །མཆོད་རྟེན་གཞལ་ཡས་ཆེན་པོའི་དབུས་ཕྱོགས་སུ། །འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ། །བཻ་རོ་ཙ་ན་ཨཱོཾ་སཱཙྪ་ཛཿཧཱུཾ་བཾ་ཧོ༔ ལན་གྲངས་མང་དུ་བརྗོད། དབུས་ཕྱོགས་ནས་ཐིམ་པས་མཆོད་རྟེན་ཤེལ་དཀར་ལྟར་དཀར་ཞིང་འཚེར་བར་གྱུར། མཆོད་ཅིང་བསྟོད་པ་ནི། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་མཎྜལ་དང་བཅས་པ་བཤམ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ། འདོད་ཡོན་ལྔ་ལ་སོགས་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་བསམ། ཨཱོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ་ནས་ཤཔྟའི་བར། ཨཱོཾ་རཱུ་པ་ནས་སྤརྴའི་བར་བརྗོད། མཆོད་པ་སྤྲིན་གྱི་གཟུངས། ཨཱོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མ་རྡ་ནེ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱ་ཀྶཾ་བུདྷྱ་ཡ། ཏདྱ་ཐཱ། ཨཱོཾ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མཧཱ་བོདྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་(༥བ)


GLG023_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲེ་སྭཱཧཱ། ཞེས་བརླབ། རྙོག་མེད་དངས་ཤིང་བསིལ་བའི་མཆོད་ཡོན་འདི། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །རྙོགས་མེད་དངས་ཤིང་བསིལ་བའི་ཞབས་བསིལ་འདི། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །ཆུ་སྐྱེས་ཐང་སྐྱེས་ཤིང་སྐྱེས་མེ་ཏོག་ཀུན། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །ཤིང་སྣ་སྨན་སྤོས་བསྲེགས་པའི་བདུག་སྤོས་འདི། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །འབྲུ་མར་རྩི་བཅུད་ལས་སྤར་སྒྲོན་མེ་འདི། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །སྤོས་དང་དྲི་ཞིམ་སྦྱར་བའི་དྲི་ཆབ་འདི། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །ནས་འབྲས་གྲོ་སྲན་སྦྱར་བའི་ལྷ་བཤོས་འདི། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །མཁར་རྔ་དུང་དང་ཆ་ལང་གླིང་བུའི་སྒྲ། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །ཨཱོཾ་སརྦ་ཏ་ཐཱ་ག་ཨརྒྷཾ་ནས་ཤཔྟའི་བར་བརྗོད། གཟུགས་མཛེས་གར་བསྒྱུར་སྙན་པའི་རོལ་མོ་འཁྲོལ། །དྲི་ཞིམ་སྤོས་ཆུ་རོ་བརྒྱ་བདའ་བའི་ཟས། །འཇམ་མཉེན་ན་བཟའ་ཁྱད་པར་ཇི་སྙེད་པ། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་དུ་འབུལ། །ཨཱོཾ་སརྦ་ཏ་ཐཱ་ག་རཱུ་པ་ནས་སྤརྴའི་བར་བརྗོད། རི་རབ་ལྷུན་པོ་གླིང་བཞི་གླིང་ཕྲན་དང་། །རིན་ཅེན་རི་བོ་དཔག་བསམ་ལྗོན་པའི་ཤིང་། །འདོད་འཇོའི་བ་དང་མ་རྨོས་ལོ་ཏོག་ཚོགས། །རྒྱལ་སྲིད་བདུན་དང་ཉེ་བའི་རིན་ཅེན་བདུན། །གཏེར་ཆེན་བུམ་པ་སྒེག་སོགས་ལྷ་མོ་བརྒྱད། །ཉི་ཟླ་གདུགས་དང་རྒྱལ་མཚན་ལ་སོགས་པ། །ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཕུན་ཚོགས་ཀུན། །དེ་བཞིན་(༦ན)


GLG023_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །རྡོ་རྗེ་རིགས་ཀྱི་མཆོད་རྟེན་སྔོན་པོ་ནི། །སྒོ་མང་རྟ་བབས་ཆོས་འཁོར་གདུགས་དང་བཅས། །མེ་ལོང་ཡེ་ཤེས་འོད་ཟེར་སྔོན་པོ་འཕྲོ། །ཞེ་སྡང་རྣམ་རྟོག་མ་ལུས་ཚར་བཅད་ནས། །དམྱལ་བའི་སྐྱེ་སྒོ་གཅོད་ལ་ཕྱག་འཚལ་བསྟོད། །ལྷོ་ཕྱོགས་རིན་ཅེན་ཡོད་པའི་ཞིང་ཁམས་ནས། །རིན་ཅེན་རིགས་ཀྱི་མཆོད་རྟེན་སེར་པོ་ནི། །སྒོ་མང་རྟ་བབས་ཆོས་འཁོར་གདུགས་དང་བཅས། །རིན་ཅེན་རིགས་ཀྱི་འོད་ཟེར་སེར་པོ་འཕྲོ། །སེར་སྣ་ལས་གྱུར་རྣམ་རྟོག་རྩད་ནས་གཅོད། །ཡི་དྭགས་སྐྱེ་སྒོ་གཅོད་ལ་ཕྱག་འཚལ་བསྟོད། །ནུབ་ཕྱོགས་སྣང་བ་མཐའ་ཡས་ཞིང་ཁམས་ནས། །པདྨ་རིགས་ཀྱི་མཆོད་རྟེན་དམར་པོ་ནི། །སྒོ་མང་རྟ་བབས་ཆོས་འཁོར་གདུགས་དང་བཅས། །པདྨ་རིགས་ཀྱི་འོད་ཟེར་དམར་པོ་འཕྲོ། །འདོད་ཆགས་ལས་གྱུར་རྣམ་རྟོག་རྩད་ནས་གཅོད། །མི་ཡི་སྐྱེ་སྒོ་གཅོད་ལ་ཕྱག་འཚལ་བསྟོད། །བྱང་ཕྱོགས་འབྲུག་སྒྲ་སྒྲོག་པའི་ཞིང་ཁམས་ནས། །ལས་ཀྱི་རིགས་ཀྱི་མཆོད་རྟེན་ལྗང་གུ་ནི། །སྒོ་མང་རྟ་བབས་ཆོས་འཁོར་གདུགས་དང་བཅས། །ལས་ཀྱི་རིགས་ཀྱི་འོད་ཟེར་ལྗང་གུ་འཕྲོ། །ཕྲག་དོག་ལས་གྱུར་རྣམ་རྟོག་རྩད་ནས་གཅོད། །བྱོལ་སོང་སྐྱེ་སྒོ་གཅོད་ལ་ཕྱག་འཚལ་བསྟོད། །དབུས་ཕྱོགས་བདེ་བ་ཆེན་པོའི་ཞིང་ཁམས་ནས། །དེ་བཞིན་རིགས་ཀྱི་མཆོད་རྟེན་དཀར་པོ་ནི། །འདུས་པ་ཆོས་དབྱིངས་འཁོར་ལོ་སྤུངས་པའི་ཚེ། །ཆོས་འཁོར་གདུགས་ལ་དྲིལ་བུ་གཡེར་(༦བ)


GLG023_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་འཁྲོལ། །དེ་བཞིན་རིགས་ཀྱི་འོད་ཟེར་དཀར་པོ་འཕྲོ། །གཏི་མུག་ལས་གྱུར་རྣམ་རྟོག་རྩད་ནས་གཅོད། །ལྷ་ཡི་སྐྱེ་སྒོ་གཅོད་ལ་ཕྱག་འཚལ་བསྟོད། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། དཀོན་ཅོག་གསུམ་གྱི་བདེན་པས་བདེན་པ་ཆེན་པོ་འདི་འགྲུབ་པར་གྱུར་ཅིག །ཅེས་ཕྱག་འཚལ་བ་དང་བཅས་ལན་གསུམ་བརྗོད། དེ་ལྟར་རིགས་ལྔའི་ཡེ་ཤེས་ཀྱི་ངོ་བོ་བྱིན་གྱིས་བརླབས་པ་ལ་དབང་བཀའ་རིན་ཅེན་ཕྲེང་བ་ལྟར་གསུང་སྔགས་སྒྲིབ་དབང་གི་ལྷ་བསྒོམ་དུ་རུང་བའི་དབང་ནི། ལྷ་བསྐྱེད་ཅིང་འཛབ་བཟླ་དགོས་པས། དཔལ་འབྲི་གུང་པ་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་པའི་ལྕགས་སྡིག་ནག་པོའི་བཅའ་གཞི་རྒྱས་བསྡུས་གཉིས་ཀའི་མཆོད་རྟེན་གྱི་ལས་བྱང་ངག་སྒྲིགས་མའི་སྐྱབས་འགྲོ་ནས་བཟུང་ཨྱེ་རིང་ལ་ཨཱ་ལི་ཀཱ་ལི་དང་རྟེན་འབྲེལ་སྙིང་པོ་བཏགས་ནས་བཟླ་བའི་བར་དཀྱུས་བཞིན་བྱ། རོལ་མོའི་སྒྲ་དྲག་པོ་དང་བཅས་པ་ཡུལ་ཡངས་པ་ཡོད་ན་མཆོད་རྟེན་ལ་དངོས་སུ་བསྐོར་བ་དང་མེད་ན་ཡིད་ཀྱིས་བསྐོར་བ་བྱ། ལྷ་བཀའ་དོན་གྱི་དབང་བསྐུར་བ་ནི། ཙཀླི་རྣམས་རིམ་པར་ཐོགས་ཏེ། དཀྱིལ་འཁོར་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་མཆོད་རྟེན་གྱི་ལྷ་སོ་སོ་ལ་ཐིམ་པར་བསམས་ལ། ཧཱུཾ། ཆོས་ཀྱི་དབྱིངས་ལ་འཕོ་འགྱུར་མི་མངའ་ཡང་། །ཐབས་མཁས་ཐུགས་རྗེས་འགྲོ་བའི་སྐུར་སྤྲུལ་ཏེ། །ཡེ་ཤེས་ཁྲོ་བོ་ཚེ་བདག་ནག་པོ་ནི། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན། ཕྱོགས་སྐྱོང་གཤིན་རྗེ་མ་ཧེ་བསྣོལ་བའི་སྟེང་། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་བཞུགས། །གཡས་དཀར་གཡོན་(༧ན)


GLG023_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དམར་དབུས་མཐིང་ནག་པོའི་ཞལ། །གཡས་པ་རྡོ་རྗེ་འཁོར་ལོ་རལ་གྲི་བསྣམས། །གཡོན་པ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་འཕྱར། །ཆོས་ཀྱི་སྐུ་ལ་འཕོ་འགྱུར་མེད་པའི་དགོངས། །དབྱིངས་སུ་སྒྲོལ་བའི་དོན་གྱི་དབང་ཐོབ་ཤོག །ཨེ་ཀ་ཏེ་དུན་ཡ་མ་སྙིང་ཁྲག་རཱ་མ་ཙ་ཡ་ཨ་བྷི་ཥིཉྩ་ཧཱུཾ། བདུད་མོ་མཐིང་ནག་ཐོད་འཕྲེང་བརྒྱན། །ཡུམ་ཆེན་རང་བྱུང་རྒྱལ་མོ་ནི། །སྐུ་མདོག་ཡབ་དང་མཐུན་པ་ལ། །གཡས་པས་ཡབ་ཀྱི་མགུལ་ནས་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །འཁོར་བ་དབྱིངས་སྒྲོལ་དབང་ཐོབ་ཤོག །ཨེ་ཀ་ཧེ་དུན་མ་མ་ཏྲག་རཀྴ་ཀྲོ་ཏི་ཨ་བྷི་ཥིཉྩ་ཧཱུཾ། ཚེ་བདག་ཐུགས་ཀར་ཡ་མ་རཱ་ཛ་ནི། །སྐུ་མདོག་སྨུག་ནག་མཆོད་སྨུག་བཅག་པ་འདྲ། །གཡས་པ་གསེར་གྱི་འཁོར་ལོ་རྩིབས་བཞི་འཛིན། །གཡོན་པ་ཙིཏྟའི་ཕྲེང་བ་འདྲེན་པ་ཡིས། །དྲེགས་པ་དབང་དུ་སྡུད་པའི་དབང་ཐོབ་ཤོག །ཨེ་ཀ་ཧེ་དུན་ཡ་མ་རཱ་ཙ་ཨ་བྷི་ཥིཉྩ་ཧཱུཾ། ཡ་མའི་ཐུགས་ཀར་དྲེགས་པ་ཕྱག་རྡོར་ནི། །སྐུ་མདོག་མཐིང་ནག་ཨིནྡྲ་ནཱི་ལའི་མདོག །གཡས་པ་གསེར་གྱི་རྡོ་རྗེ་རྩེ་དགུ་འཛིན། །གཡོན་པ་ཙིཏྟའི་ཕྲེང་བ་སྨུག་ནག་འདྲེན། །གནོད་སྦྱིན་དབང་དུ་སྡུད་པའི་དབང་ཐོབ་ཤོག །ཨཱོཾ་བཛྲཱ་པཱ་ཎི་ཨ་བྷཱི་ཥིཉྩ་ཧཱུཾ། དྲེགས་པའི་ཐུགས་ཀར་རུས་སྦལ་ཁྱམས་ཁང་ནི། །སྨེ་བའི་ཐིག་ལེ་ཁྲག་དང་དུག་གིས་བརྒྱན། །ཡན་ལག་བཞི་ནི་ཤེལ་གྱི་མཆོད་རྟེན་བརྒྱན། །སྣང་སྲིད་ཟིལ་གྱིས་གནོན་པའི་དབང་ཐོབ་ཤོག །ཨེ་ཀ་ཧེ་དུན་མཧཱ་བྷིརྐ་ཨ་བྷི་ཥིཉྩ་ཧཱུཾ། མཁའ་ལྡིང་རྒྱལ་པོ་གྷ་རུ་ཌ། །གཤོག་གཡུ་མཚོན་ཆ་འཁོར་ལོར་གཏམས། །ཀླུ་གཉན་དཔའ་བོ་གདུག་པ་གཟིར། །བྱ་ཁྱུང་རྒྱལ་པོའི་(༧བ)


GLG023_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཧཱ་གྷ་རུ་ཌ་ཨ་བྷི་ཥིཉྩ་ཧཱུཾ། ཁྱུང་མོ་སྨུག་ནག་ཀླུ་གཉན་ས་བདག་འདུལ། །སྟག་མ་རོ་ཟན་བཙན་དང་ས་བདག་འདུལ། །སེང་གེ་དཀར་མོས་རིག་འཛིན་ལས་ལ་འཛུད། །དུག་སྦྲུལ་ནག་པོས་ལས་ཀྱི་རྦོད་གཏོང་བཟློག །སྤྲུལ་པ་གྱད་གནོན་དབང་མཆོག་ཐོབ་པར་ཤོག །ཨེ་ཀ་མཧཱ་གྷ་རུ་ཌ་བྱ་ཏྲི་ཙནྡྷ་སིདྷ་རོ་ཧེ་ཧ་ལ་ཨ་བྷི་ཥིཉྩ་ཧཱུཾ། སྤྲུལ་སྐུ་བྱེ་བ་དགུ་རིང་དང་། །གསུང་སྤྲུལ་ཨཱཪྻ་མ་རུ་དང་། །ཡ་མ་གཏུམ་པོ་མགོ་དགུ་པའི། །མནན་བཤིག་བསད་ལས་དབང་ཐོབ་ཤོག །ཨེ་ཡ་མ་དུ་ཤ་ཧཱུཾ། ཡ་མ་རཱཀྴ་ཧཱུཾ། ཡ་མ་ཡཀྴ་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། མཆོད་རྟེན་ཡོངས་རྫོགས་བང་རིམ་དང་པོ་ལ། །ཚེ་སྲོག་ཀུན་འཛིན་གཤེད་ཆེན་བཞི་པོ་ནི། །སྐུ་མདོག་མི་འགྱུར་དེ་བཞིན་རིགས་དང་མཐུན། །གཡས་པ་བེ་ཅོན་གཡོན་པ་འཁོར་ལོ་འཛིན། །དྲེད་དང་དོམ་དང་དྲེལ་རྟ་རྔ་མོ་བཅིབས། །དམ་ཉམས་དགྲ་བོའི་ཚེ་སྲོག་སྡུད་པ་དང་། །མ་མོ་ལས་ལ་བསྐུལ་བའི་དབང་ཐོབ་ཤོག །ཡ་མ་རཱ་ཙ་ས་དོ་མེ་ཡ་སོགས་ཀྱི་མཇུག་ཏུ་ཨ་བྷི་ཥིཉྩ་ཧཱུཾ། མཆོད་རྟེན་ཡོངས་རྫོགས་བང་རིམ་གཉིས་པ་ལ། །ཚེ་བདག་ལས་མགོན་མོན་པ་བཞི་པོ་ནི། །དུང་གི་མོན་པ་སེང་གེའི་མགོ་ཅན་དང་། །ལྕགས་ཀྱི་མོན་པ་སྟག་གི་མགོ་ཅན་དང་། །བསེ་ཡི་མོན་པ་དྲེད་ཀྱི་མགོ་ཅན་དང་། །གསེར་གྱི་མོན་པ་ཁྱུང་གི་མགོ་ཅན་བཞི། །གཡས་པ་གྲི་གུག་གཡོན་པ་ཙིཏྟ་ཟ། །རུ་དྲ་རྡུལ་དུ་བརླག་པའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་མོནྟ་ཨ་བྷི་ཥིཉྩ་ཧཱུཾ། མཆོད་རྟེན་ཡོངས་རྫོགས་བང་རིམ་གསུམ་པ་ལ། །ཚེ་བདག་ནག་པོ་ཕྱི་ཡི་གཤེད་བཞི་ནི། །ཧེ་ལེ་ཁྱབ་བྱེད་སོ་འདར་འཁྲིགས་པ་དང་། །(༨ན)


GLG023_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་འཛུམ་མེད་རལ་པ་ཆར་དགུ་བཞི། །སྐུ་མདོག་མི་འགྱུར་དེ་བཞིན་རིགས་དང་མཐུན། །གཡས་པའི་ཕྱག་ན་གཅོད་པའི་འཁོར་ལོ་འཛིན། །གཡོན་པ་འཇོམས་བྱེད་བེ་ཅོན་བར་སྣང་འཕྱར། །དགྲ་བགེགས་ཕུང་པོ་གཞོམ་པའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་བདུད་ཏྲཾ་ཀཱ་ལ་ཨ་བྷི་ཥིཉྩ་ཧཱུཾ། མཆོད་རྟེན་ཡོངས་རྫོགས་བང་རིམ་བཞི་པ་ལ། །ཚེ་བདག་ལས་མཁན་འཆི་བདག་བཅུ་གཉིས་ནི། སྐུ་མདོག་མ་ངེས་སོ་སོར་གསལ་བ་ལ། །གཡས་པ་འཁོར་ལོ་གཡོན་པ་བེ་ཅོན་འཛིན། །རུ་དྲའི་ཚེ་སྲོག་སྡུད་བའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཀྲིཥྞ་ཛ་མ་རི་ཡ་མ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ། མཆོད་རྟེན་ཡོངས་རྫོགས་རི་རབ་སྒོ་བཞི་ལ། །དཀར་པོ་སྙིང་འབྱིན་མགོན་པོ་ནག་པོ་དང་། །ཡབ་རྗེ་ནག་པོ་སྐུ་མཆོག་དམར་པོ་བཞི། །གཡས་པས་འཁོར་ལོ་གཡོན་པ་དགྲ་སྟ་འཕྱར། །ལྟ་སྤྱོད་ཚད་མེད་བཞི་ཡི་དོན་རྟོགས་ནས། །ལྷ་ཚོགས་ལས་ལ་བསྐུལ་བའི་དབང་ཐོབ་ཤོག །ཛཿཧཱུཾ་བཾ་ཧོཿཨབྷི་ཥིཉྩ་ཧཱུཾ། ཐུགས་བུམ་པའི་དབང་ནི། རྣམ་རྒྱལ་བུམ་པ་བཏེགས། ཧཱུཾ། སྣང་སྟོང་གཉིས་མེད་རྣམ་རྒྱལ་བུམ་པ་ནི། ཁ་རྒྱན་ནམ་མཁའ་འཁོར་ལོ་རྩིབས་བརྒྱད་ལ། །ཞབས་རྒྱན་ས་གཞི་པདྨ་འདབ་བརྒྱད་ཡིན། །བར་གྱི་ཡོན་ཏན་བཀྲ་ཤིས་རྫས་བརྒྱད་འཕྲོས། །བུམ་པ་རྣམ་དག་གཞལ་ཡས་དབང་བསྐུར་བས། །མི་རྟོག་ཆོས་ཀྱི་དབྱིངས་ཀྱི་དབང་ཐོབ་ཤོག །བུམ་པའི་དར་དཔྱངས་ལས་འོད་གསལ་སྤྲོ་བསྡུ་ཅོད་པན་གྱི་དབང་ནི། ཅོད་པན་ལྷ་གྲངས་དང་མཉམ་པ་གསར་དུ་འདོགས་པའམ་སྔར་ནས་བཏགས་ཟིན་པའི་དབང་དུ་བྱས་ན་འཇུག་པ་བདེ་(༨བ)


GLG023_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བས་དེ་ལ་དམིགས་ཏེ་ཅོད་པན་ཐོགས་ལ། ཧཱུཾ། ཅོད་པན་རིན་ཅེན་ལྷ་ཡི་དར་དཔྱངས་འདི། །ནས་འབྲས་འབྲུ་ཡི་ཕྲེང་བརྒྱུས་ནས། །ཐེག་པ་རིམ་དགུ་འཛེག་པའི་རྟགས། །འདི་ལ་དར་གྱི་འཕུར་ལྕེ་འཕྲོ་བ་ནི། །དུས་གསུམ་སངས་རྒྱས་མཆོད་པ་འབུལ་བའི་རྟགས། །རིན་ཅེན་ཅོད་པན་འདི་ཡི་དབང་བསྐུར་བས། །རབ་ཏུ་དགའ་བའི་ས་ལ་བགྲོད་པར་ཤོག །ཅོད་པན་གདགས་ཚུལ་བྱ། དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་མཆོད་བསྟོད་བཤགས་པ་བྱ། རྡུལ་ཚོན་ཡིན་ན་གཤེགས་གསོལ། རས་བྲིས་ཡིན་ན་ཙཀླི་དང་ལྷན་དུ་བརྟན་བཞུགས། །མཇུག་ཏུ་སྨོན་ལམ་ཤིས་བརྗོད་སོགས་བྱས་ཏེ་ལས་ཀྱི་རྗེས་མི་མངོན་པར་བསྡུ། མཆོད་རྟེན་ལ་བརྟན་བཞུགས་ཀྱི་སྒྲུབ་པ་ཞག་གསུམ་བྱ་བ་ནི། ཨྱེ་རིང་གི་རཀྴ་མོནྟའི་མཇུག་ཏུ་སུ་པྲ་ཏིཥྛ་བཏགས་ནས་ཐུན་བཞིའམ་དྲུག་ཏུ་བཅད་ནས་ཅི་ནུས་བཟླ་ཞིང་ཐུན་མཐར་ཡང་རཀྴ་མོནྟའི་མཚམས་སུ་རྟེན་འབྲེལ་སྙིང་པོ་བཏགས་པ་ཉེར་གཅིག་ཙམ་བཟླ་ཞིང་། ཕྱོགས་བཅུ་ན་བཞུགས་པ་ཞེས་སོགས་དང་བཅས་མེ་ཏོག་མཐོར་བ་ནི་མཆོད་རྟེན་དམ་ཡེ་དབྱེར་མེད་ནུས་ལྡན་དུ་བྱ་བའི་རབ་གནས་ཀྱི་མན་ངག་གོ །བདག་མདུན་ལ་ཚོགས་མཆོད་འབུལ་ཞིང་བདག་བསྐྱེད་ཀྱི་འཇུག་ཆོག་སྤྱི་ལྟར་བྱའོ། །བཅས་ཆོག་མཆོད་རྟེན་ཡོད་ཅེས་སྙན་པའི་རྔ། །ཕྱོགས་བྲལ་རྣ་ལུང་མཛེས་བྱེད་ཆེས་མང་ཡང་། །བྱིན་རླབས་ནུས་ལྡན་རབ་ཏུ་གནས་པའི་ཐབས། །ཤེས་པའི་སྔགས་འཆང་ཉིན་མོའི་སྐར་མ་ཙམ། །གདམས་པའི་མན་ངག་ཚང་བ་མཐོང་བ་དཀོན། །མཐོང་ཡང་ཡིག་ནག་ཐུག་ཕྲད་འཇོག་པ་མང་། །ཤེས་པར་(༩ན)


GLG023_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རློམ་ཡང་འཁྲུགས་སྡེབ་གནད་ལ་རྨོངས། །སྔ་འགྱུར་བསྟན་ཡང་མིང་བཏགས་ཙམ་དུ་ཟད། །སྐྱེ་སྤྲུལ་མིང་གིས་དཀའ་བའི་གནད་མི་རྟོགས། །རིགས་རུས་ཙམ་གྱིས་མཐུ་ནུས་ག་ལ་ཞིག །འཆལ་སྤྱོད་ཆང་བཟི་གྲུབ་ཐོབ་ཞིག་པོ་མིན། །ངུར་སྨྲིག་མཛེས་ཀྱང་གཞན་སྣང་བསྒྱུར་ཐབས་ཙམ། །རི་མགོ་ཁ་བས་གཏུམས་ལ་ཏེ་སེ་ཞེས། །གྲགས་སྐམ་ཙམ་མིན་དོན་ལྡན་རིག་སྔགས་འཆང་། །འབྲི་གུང་དབུར་སྨྱོན་ཟུར་ཆེན་པདྨ་དབང་། །དྲིན་ལས་སྨྲ་བའི་གདེངས་ཚད་ཅུང་ཟད་རྙེད། །གཏེར་གཞུང་དངོས་དོན་རང་བཟོས་མ་བསླད་ཅིང་། །དམ་པའི་ཕྱག་བཞེས་ལུང་རིགས་དང་འབྲེལ་བའི། །མཆོད་རྟེན་རབ་གནས་བྱིན་རླབས་ཉི་མའི་གཟི། །རབ་འབར་ཡིད་སྲུབས་མུན་པ་ཕ་མཐར་བསྐྲད། །དགེ་དེས་འཇམ་དཔལ་ཆོས་སྐུ་བདེ་ཆེན་ཀློང་། །རང་རིག་ལོངས་སྐུ་ཕྱག་རྒྱ་ཟིལ་གནོན་དུ། །བཞེངས་ཏེ་སྣ་ཚོགས་སྤྲུལ་སྐུས་མཁའ་མཉམ་འགྲོ། །འདྲེན་པའི་དེད་དཔོན་ཆེན་པོར་བདག་འགྱུར་ཤོག །ཅེས་འཇམ་དཔལ་ཚེ་བདག་ནག་པོའི་མཆོད་རྟེན་བཅས་ཆོག་གི་རབ་གནས་བྱིན་རླབས་ཉི་མའི་གཟི་འབར་ཞེས་བྱ་བ་འདི་ནི་མེ་འབྲུག་ལོ་མཆོད་རྟེན་གསར་བཞེངས་ཀྱི་ཚེ་གལ་པོ་ཆེར་མཐོང་ནས་དབང་བཀའ་རིན་ཅེན་འཕྲེང་བའི་ལྷ་དབང་གི་ཚིག་འགའ་ཞིག་མ་རྙེད་པ་མུ་ཏིག་ཕྲེང་བ་སོགས་ནས་བཀང་སྟེ་ཟ་ཧོར་གྱི་སྔགས་འཆང་ཟིལ་གནོན་བཞད་པ་རྩལ་གྱིས་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་བསྟན་འཛིན་ནོ།། །།སརྦ་མངྒ་ལཾ།།

འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་ཟོར་ལས་དང་བཅས་པའི་རེག་ཟིག་ཞིབ་མོ་རྣམ་དག


GLG023_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་ཟོར་ལས་དང་བཅས་པའི་རེག་ཟིག་ཞིབ་མོ་རྣམ་དག་བཞུགས་སོ། །


GLG023_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དེང་ནས་བྱང་ཆེན་བར་གྱི་སྐྱབས་གཅིག་པུ། །འཇམ་དཔལ་དཔའ་བོ་འཁོར་འདས་ཕྱག་རྒྱ་ཀུན། །ཟིལ་གྱིས་གནོན་པའི་མཁྱེན་བརྩེ་ནུས་པའི་གར། །སྙིང་དབུས་པད་མཚོར་རྟག་ཏུ་རོལ་བར་མཛོད། །དེའང་འཇམ་དཔལ་ཚེ་བདག་ནག་པོའི་དྲག་པོ་ཟོར་གྱི་ལས་སྦྱོར་ལག་ཏུ་བླང་ཐབས་ལ། རྗོད་བྱེད་ཀྱི་ཚིག་ཉུང་ཞིང་བརྗོད་བྱའི་དོན་གསལ་བའི་བརྗོད་བྱང་གི་རིམ་པ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། སྔོན་འགྲོ་ལ། དང་པོར་སྔགས་པ་བསྙེན་རྫོགས་པས། །ཞིང་ཆེན་གདན་ལ་མཎྜལ་དབུལ། །འབྲུ་ནག་ལྷ་གྲངས་ཚོམ་བུ་དགོད། །མཆོད་བཤགས་བསྐང་བཟློག་བསད་གཏོར་རམ། །དམར་གྱི་གཏོར་མ་ཆེན་པོ་བཤམ། །སྨན་ཕུད་རཀྟ་མཆོད་པས་བསྐོར། །ལྷ་རྟེན་ཙ་ཀ་ལི་ཡིས་བརྒྱན། །རི་རབ་རྩང་དམར་མཚེ་ཡུངས་གཟུག །བཟློག་བྱང་མང་པོས་མཐའ་ཡང་བསྐོར། ཁྲག་ཀོང་གཏོར་མ་ལོ་ཚད་བཤམ། །ཞེས་པའི་དོན་ལྟར་དཀྱིལ་འཁོར་དང་རྫས་དང་ཡོ་བྱད་ཇི་ལྟ་བ་བཤམས་པར་རང་རྡུལ་ཚོན་གྱི་དཀྱིལ་འཁོར་འདྲི་བ་ཆོག་སྒྲིགས་ཉུང་ངུ་རྣམ་གསལ་ལས་ཤེས་པར་བྱ། འབྲིང་དུད་འགྲོའི་གཡང་གཞིའི་སྟེང་དུ་རས་བྲིས་ཀྱི་བཟློག་དཀྱིལ་ལ་ཚོམ་བུ་གོང་བཞིན་བཀོད་པ། ཐ་མ་རྡུལ་ཚོན་དང་རས་བྲིས་གཉིས་ཀ་(༢ན)


GLG023_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབྱོར་ན་མ་ཏྲཾ་གྱི་དོད་གཡང་གཞིས་གོ་བཅད་པའི་སྟེང་དུ་ཚོམ་བུ་དགོད། དེའི་སྟེང་དུ་དྲག་པོའི་ཤིང་གི་ཁྲིའུ་གྲུ་གསུམ་མི་མགོའི་ཏོག་ཅན་སྲིད་པ་ལུགས་འབྱུང་གི་གཏོར་སྟེགས་སམ་ཡང་ན་ལྕགས་ཀྱི་མཉྫིའི་ཁར་ལྕགས་སླང་བུག་རྡོལ་མེད་པའི་ནང་དུ་རི་རབ་ལྕགས་མཁར་མར་ལྕགས་སྡིག་ལུགས་ཀྱི་ལྷ་གྲངས་བཀོད་པ། ཡང་ན་གཏོར་མའི་དབུས་སུ་གཤིན་རྗེའི་ཞལ་ཕྱུང་བར་སྤྱན་ཤངས་ཙམ་མ་གཏོགས་གཞན་མ་གཏོར་མའི་དབྱིབས་མ་ཞིག་པ་ལེགས་ཞེས་རིགས་འཛིན་ངག་གི་དབང་པོ་གསུང་ཞིང་ནུབ་དགོན་ཕྱོགས་སུ་དབུ་རྒྱན། སྙན་དང་། སྙན་རྒྱན། ཞལ་རྒྱ་སོགས་ཡོད་པ་ཞལ་འབག་ལྟ་བུའི་སྤྲོས་པ་ཅན་གྱི་སྲོལ་ལྟར་ཡོལ་མོ་གཏེར་སྟོན་བསྟན་འཛིན་ནོར་བུས་སྐབས་འགར་ཕྱག་བཟོ་མཛད་པ་གང་བྱས་ཀྱང་མི་འགལ་བར་སེམས་མོད། འོན་ཀྱང་སྔ་མ་ཉིད་ལ་གཙོ་བོར་བཞེད། འདི་ལ་འཁོར་དྲུག་དང་གཙོ་ཙཀ་ཙམ་མ་གཏོགས་མི་འཛུགས་པ་དར་སོ་ཆེ་ཡང་འོག་གི་ཚོམ་བུའི་གྲངས་དང་བསྟུན་པའི་འཁོར་དང་ཙཀ་ལི་བཙུགས་ན་ལེགས་ཞེས་ཟུར་ཀུན་མཁྱེན་ཆེན་པོ་གསུང་བ་ལྷ་སྟེན་ཙཀ་ལི་ཡིས་བརྒྱན་ཞེས་པ་དང་མཐུན་པས་རྒྱས་པར་སྤྲོ་ན་འདི་ཉིད་ལེགས་ཤིང་སྤྲོས་པ་ཆུང་བར་འདོད་ན་སྔ་མ་བྱས་ཀྱང་སྐྱོན་དུ་མི་(༢བ)


GLG023_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བར་སེམས། དམར་སྨུག་བྱུ་རུའི་ཚལ་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཉམ་པར་བཞག་པའི་གཟིགས་སྣང་གཏོར་མར་གྲགས་པ་དེང་སང་སྒྲུབ་གཏོར་དུ་ངོས་འཛིན་པས་ལྕགས་མཁར་ཟུར་དྲུག་པ་འཁོར་དྲུག་མཐར་ལྕགས་མཁར་བཅུ་གཉིས་ཀྱིས་བསྐོར་བ་མདོག་དང་ཟུར་གྱི་ཁྱད་པར་གྱིས་མི་འདྲ་བ་སྟེ་གསུམ་པོ་གང་ལ་ཡང་མཚེ་ཡུངས་རྩང་རྒྱུ་མ་ཙཀ་ལི་གཏོར་གདུགས་སོགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་བྱ། ཟབ་གནད་སྟོང་སྲོག་འཁོར་ལོ་ལ་བརྟེན་པའི་སྲུང་འཁོར་དང་འཁོར་ལིང་འདུག་པའི་དམ་པའི་གསུང་རྒྱུན་ཡོད་པ་ཞལ་ལས་འདྲི། དེ་ལྟར་གཏོར་མ་རྒྱས་འབྲིང་བསྡུས་གསུམ་གང་ཡང་རུང་བ་བཤམ། གཏོར་ཆེན་གྱི་འོག་ཏུ་མཉྫིས་བཏེག་པའི་ཟོར་ཀོང་གཅིག །དཀྱིལ་འཁོར་གྱི་མཐའ་སྐོར་དུ་རབ་སྦྱིན་བདག་གི་ལོ་གྲངས་སམ་མ་འགྲུབ་ན་གྲངས་ཉེར་གཅིག་ཙམ་ཇི་ལྟར་རིགས་པ་རྒྱུ་དྲག་པོའི་ས་སྣ་ལས་གྲུབ་པར་གཡས་སུ་མདའ་ཁྲ། གཡོན་དུ་འཕང་ཁྲ། རྒྱབ་ཏུ་རྩང་། མདུན་དུ་དཔལ་འབར་སོགས་འཆར་ཀའི་གཞུང་ནས་འབྱུང་བའི་རྫས་རྣམས་ཚང་བར་བླུག །ལོགས་གསུམ་དུ་ཁྲག་གིས་བྷྱོ་བཟློག་རྦད་འདྲི། ཚོན་སྐུད་སྣ་ལྔས་རྐེད་རྣམས་སྦྲེལ། གཡས་སུ་དུར་ཁྲོད་ཀྱི་རྡོ་ནག་གམ་མི་བསད་པའི་རྦད་རྡོ་བྱ་སྒོང་ཙམ་པ་དྲུག་ལ་གོང་བཞིན་ཡི་གེ་བྲིས་པ། གཡོན་དུ་ཚོན་སྐུད་ལྔ་ལས་གྲུབ་པའི་སྒུ་དོ། །མི་ལྤགས་ཀྱི་མཐིལ་དང་ཡུགས་སྐྲའི་ལྗགས་ཅན་གཡས་སུ་སྐྱེར་པའི་མདའ་ལ་འུག་པའམ་འུག་སྲིན་ཁྲ་གསུམ་གྱི་སྒྲོ་བསྐྱོན་པ་གྲི་ལྕགས་ཀྱི་མདེའུ་རྩེར་ཁྲག་བསྙུགས་པ། ལོགས་ལ་སྔགས་ཕྲེང་ཁྲག་གིས་བྲིས་པ་དྲུག །གཡོན་དུ་ཟོར་གཞུ། གཡས་སུ་དྲག་པོའི་ས་སྣ་ལ་བཟོས་པའི་དབྱིབས་ཟུར་གསུམ་ལ་(༣ན)


GLG023_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གང་བུ་བཙུགས་པ་དྲུག །གཡོན་དུ་དྲག་པོའི་ས་སྣ་ལས་གྲུབ་པའི་ཀོང་བུ་ཟུར་གསུམ་ཁྲག་སྣ་ཐུན་རྫས་ཀྱིས་བཀང་བ་དྲུག །མདུན་དུ་ཁྲིའུ་ལྟ་བུ་སྟེགས་ཀྱི་ཁར་རྭ་ཟོར་གཞུང་བཞིན་བཅས་ལ། ཐོད་ཚལ་དུ་ཐུན་ཁྲག་གུ་གུལ་སོགས་བྱིན་རླབས་ཀྱི་རྫས། དམར་གཏོར། ཕྱོགས་གཏོར་བཞི་རྣམས་བཤམ། དཀྱིལ་འཁོར་གྱི་མཐའི་ཟུར་བཞིར་ཁྲག་ཆང་གིས་གཏམས་པའི་སྣོད་རེ། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་གཡས་སྐོར་དུ་རྩ་ཐིག་བརྒྱད་ཀྱི་རྩེ་མོ་དང་བསྟུན་ཁྲག་གིས་ཨརྒྷཾ་དང་ཞབས་བསིལ། དབང་པོའི་མེ་ཏོག །ཤ་ཆེན་གྱི་སྦྱར་སྤོས། ཚིལ་རྐང་གི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་བསྲེས་པའི་བཤོས་བུ་གྲུ་གསུམ་དམར་ནག་རྣམས་དང་རྒྱས་པར་སྤྲོ་ན་ཕྱི་མཆོད་ཚར་གཅིག་བཀོད། ཤར་དུ་མཆོད་པ། ལྷོར་བཤགས་པ། ནུབ་ཏུ་བཀང་བ། བྱང་དུ་བཟློག་པ་རྣམས་ཀྱི་གཏོར་མ། ཀ་པཱ་ལའི་སྣོད་དུ་ཆོས་སྨན། ཤ་ཆེན་ཀ་ར། བུ་རམ་དང་སྦྱར་བའི་མདངས་སྐོངས་ཚང་བའི་བཾ་མདུན། གཞན་ཡང་ནུབ་རེ་བཞིན་གཏོང་རྒྱུའི་བཟློག་པའི་ཐུན་གཏོར་འཁོར་དྲུག་པ་ཁྲག་ཡུངས་ཀྱིས་བརྒྱན་པ་དང་། གསེར་སྐྱེམས། མཆོད་བསྟོད་གསལ་སྒྲོན་གྱི་གཏོར་མ་དང་ཁྲག་སྐྱེམས། བཟློག་གཞུང་གི་ཞལ་སྟོབ་གཏོར་ཆུང་གཅིག །སྨན་རཀ་དང་བཅས་པ་རྩ་གསུམ་གཏོར་མ་ཉེར་མཁོ་རྣམས་ཚང་བར་བཤམས། བཟློག་དཀྱིལ་གྱི་རྒྱབ་ཏུ་བསྟེགས་བང་རིམ་ཅན་གྱི་སྟེང་མའི་དབུས་སུ་ཚེ་བདག་སྒྲུབ་གཏོར་གཡས་གཡོན་དུ་བླ་མ་དང་ཡི་དམ་གྱི་རིགས་ཀྱི་གཏོར་མ། བང་རིམ་གཉིས་པའི་དབུས་སུ་ཚེ་བདག་གི་མཆོད་གཏོར། དེའི་གཡས་སུ་ཆོས་སྐྱོང་ཕོ་རྒྱུད་ཀྱི་རིགས་དང་གཡོན་ལ་མོ་རྒྱུད། བང་རིམ་གསུམ་པའི་དབུས་སུ་དཔལ་མགོན་སྟག་ཞོན་གཙོ་འཁོར། (༣བ)


GLG023_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་རྡོ་རྗེ་རྒྱ་གྲམ་དཀར་པོའི་སྟེང་དུ་གཡུང་བུའི་རྩེ་ལྷ་དང་ཀླུ་བདུད་གཉིས་ཀྱི་གཏོར་མ་དཀར་གསུམ་དངར་གསུམ་ཀླུ་སྨན་སྦྲན་པ། གཡོན་དུ་རྡོ་རྗེ་རྒྱ་གྲམ་དམར་པོའི་སྟེང་དུ་ཡེར་པའི་རྫོང་བཙན་དང་ལྷ་སའི་བདུད་བཙན་གཉིས་ཀྱི་གཏོར་མ། མདུན་དུ་ཆུ་གཉིས་སྔོན་འགྲོའི་མཆོད་པ་སྦྲེང་ཚར། གཡས་སུ་བདུད། གཡོན་དུ་རཀྵ་རྣམས་དགོད། དེ་ཡང་གནས་ཁང་ཁོས་སུ་ཕེབས་པ་བྱུང་ན་རྡོ་རྗེ་སློབ་དཔོན་ཞལ་ལྷོ་དང་མདུན་བསྐྱེད་བྱང་གཟིགས་དགོས་ཤིང་རླུང་རྒྱུག་བདེ་བ་སོགས་ཀྱིས་རྡུལ་ཚོན་འཁྱེར་བ་ལྟ་བུའི་སྐྱོན་དུ་འགྱུར་ན་ཞལ་ཕྱོགས་སྐབས་སུ་གང་བབས་དང་གོ་ཡུལ་དོག་པའི་སར་སློབ་དཔོན་དང་ཕྱོགས་མཐུན་པར་བཟློག་དཀྱིལ་གྱི་ཞལ་ཡང་གཏོད་སྲོལ་ཡོད་ཅིང་ཏིང་ངེ་འཛིན་གཙོ་ཆེ་བས་སྐྱོན་དུ་མི་འགྱུར་ལ་རྟེན་གཏོར་སོགས་བསྒྲིག་ལུགས་ཀྱང་གཏོར་གཞི་ཡོད་པ་དང་སྒྲུབ་མཆོད་གཞན་དང་རིམ་གྱིས་མུ་འཐུད་ལྟ་བུའི་ཡི་དམ་ཆོས་སྐྱོང་གི་གཏོར་ཚོགས་རྒྱ་ཆེར་བཤམ་པའི་སྐམས་ལ་དགོད་ལུགས་ཅུང་ཟད་མ་འགྲིག་ཀྱང་དུས་གནས་དང་བསྟུན་ནོ། །གཉིས་པ་དངོས་གཞི་ལ། བགེགས་གཏོར་སློབ་དཔོན་ལ་ཁ་བསྟན་པར་ཆབ་སྦྲན། བགེགས་སྐྲོད་ཀྱི་རོལ་དབྱངས་པར་སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། རང་གི་ཐུགས་ཁ་ནས་འོད་ཟེར་འཕྲོས་པས་གནོད་བྱེད་གདོན་བགེགས་ཀྱི་ཚོགས་དང་བཅས་པ་བཛྲ་ཨངྒུ་ཤ་ཛཿས་བཀུག །གཏོར་མར་དམིགས་ནས་རཾ་ལས་ཡེ་ཤེས་ཀྱི་མེས་བསྲེགས། ཡཾ་ལས་ཆོས་ཉིད་ཀྱི་རླུང་གིས་གཏོར། ཁཾ་ལས་མཚན་མེད་ཀྱི་ཆུས་བཀྲུས། ཧཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་རང་རང་གི་དབང་པོ་རྣམས་ཚིམ་པར་བྱེད་པའི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨཱོཾ་ཨཱཿཧཱུཾ་གིས་(༤ན)


GLG023_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབ། ཨཱོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་སོགས་ཀྱིས་བསྐོར་ཞིང་ལན་གསུམ་གྱིས་བསྔོ། ཧཱུཾ་མཛད་ཀྱི་ཕྱག་དང་བཅས། ན་མོ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་གཟུངས་སྔགས་སྙིང་པོ་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་ཡེ་ནས་དག་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་ཆོས་སྐྱོང་སྲུང་མ་རྣལ་འབྱོར་སྔགས་འཆང་བདག་གི་ལྷ་སྔགས་ཡེ་ཤེས་ཀྱི་རོལ་བའི་མཐུ་ལ་བརྟེན་ནས་ནག་ཕྱོགས་ཤ་ཁྲག་ལ་དགའ་བ་ལན་ཆགས་དང་གནོད་བྱེད་ཀྱི་གདོན་བགེགས་ནམ་མཁའ་ལ་འཕྱོ་བ། བར་སྣང་ལ་རྒྱུ་བ། ས་གཞི་ལ་འགྲིམ་པ། འབྱུང་བ་ལ་བརྟེན་པ། སྐྱོབ་གྲིབ་ལ་གབ་པ། བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་པ་ཆེན་པོ་མཐོང་ཐོས་མི་བཟོད་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་བྱམས་པའི་སེམས་ཀྱི་སོ་སོ་རང་རང་གི་གནས་དང་རྟེན་ལ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་སྤྲིན་རབ་འབྱམས་ཀྱིས་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་ཕྱེ་མར་བརླག་པར་འགྱུར་རོ། །སུཾ་བྷའི་དུས་ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག །སྣོད་ལ་བཤལ་ཆུ་གཏོར། བྱིན་འབེབས་ལ་རྡོ་རྗེ་སློབ་དཔོན་གྱི་གཡབ་དར་དང་ལས་ཀྱི་རྡོ་རྗེས་ཞྭ་གྱོན། སྤོས་ཕོར་དང་བཅས་བདག་ཅག་མ་ནས་སྤོས་བསྐོར་ཞིང་སྔགས་ཚིག་བཤུག་པའི་ཚ་བཤུག་རིང་ལན་གསུམ་བྱེད། ཚིག་རྫོགས་མཚམས་སུ་ཞྭ་ཕུད་ཕྱག་གསུམ་བྱ། སྨན་ཕུད་བྱིན་རླབས་ཀྱི་ཚེ་(༤བ)


GLG023_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལན་གསུམ་བརྗོད་པའི་དང་པོའི་གདངས་དང་བསྟུན་འཕྱར་ཞིང་ལན་གསུམ་གཡས་སྐོར་དུ་དཀྲུག །སྔགས་རྗེས་མ་གཉིས་ལའང་འགྲོ། རྟེན་གཏོར་གྱི་ཚེ། སྒྲུབ་གཏོར། བཟློག་གཏོར། ཐུན་གཏོར་ཨུམ་ལ་བདུད་རྩི་སྦྲན། མཆོད་གཏོར་གྱི་ཚེ་མཆོད་གཏོར་དང་གཏོར་མ་གཞན་རྣམས་ལ་བདུད་རྩི་སྦྲན། རཀྟའི་ཚེ་གཡོན་དུ་བསྐོར་བ་ཙམ་མ་གཏོགས་བདུད་རྩི་དང་མཚུངས། ཨ་ཀ་བ་ལའི་ཚེ་ཕྱི་ནང་གི་མཆོད་པ་རྣམས་ལ་བདུད་རྩི་འཐོར། སྤྱན་འདྲེན་གྱི་ཚེ་རྡོ་རྗེ་སློབ་དཔོན་གྱིས་གཡབ་དར་དང་ལས་ཀྱི་རྡོ་རྗེའི་བྱེད་ལུགས་བྱིན་འབེབས་ལྟར་ལ་ཁྱད་པར་ཁམས་གསུམ་མ་ནས་ཞྭ་ཕུད། ཕྱི་མཆོད་ཀྱི་ཚེ་ཕྱིའི་མར་མེ་སྦར། སྨན་ཕུད་ཀྱི་ཚེ་སློབ་དཔོན་དང་ལས་ཀྱི་རྡོ་རྗེ་གཉི་གས་འཐོར་ཞིང་ལས་ཀྱི་རྡོ་རྗེས་སློབ་དཔོན་གྱི་ཁྱེར་བར་བདུད་རྩི་བླུགས་པ་གཡོན་པའི་མཐེབ་སྲིན་གྱིས་བླངས་ཏེ་གནས་གསུམ་དུ་རེག་ཅིང་མྱང་། ལས་ཀྱི་རྡོ་རྗེས་གསང་ནན་གྱི་ཚེ་སྤྲོ་ན་སྐྱོགས་ཀྱིས་སྒྲུབ་གཏོར་དང་བཟློག་གཏོར་ལ་བདུད་རྩི་སྦྲེང་། རཀྟའི་ཚེ་སློབ་དཔོན་གཉིས་ཀས་འཐོར། དུར་ཁྲོད་ཀྱི་ནང་མཆོད་ཀྱི་ཚེ་ནང་གི་ཞུན་མེ་སྦར། ཐུན་རྫས་སྔོན་ནས་བསྒྲུབ་དགོས་ཤིང་མེད་ན་འཐེབ་ཆག་སྒྲུབ་པའི་ཆེད་དུ་ཐུན་སྔགས་ཀྱང་ཁ་ཡར་བཟླས་ནས་ཐུན་བསྐོར། རྭ་ཟོར་བསྒྲུབ་པའི་ཚེ་ཟོར་སྔགས་གང་མང་བཟླ་ཞིང་ཀོང་ཟོར་སོགས་ཟོར་གཞན་རྣམས་ཀྱང་ཟོར་གྱི་ཚིག་དང་མཐུན་པར་གསལ་འདེབས་ཤིང་ཕོ་རྒྱུད་མོ་རྒྱུད་ཀྱི་ཚོགས་བསྟིམ་པ་སོགས་ནུས་འདོན་གྱི་དམིགས་པ་བྱ། ཚོགས་ཀྱི་ཚེ་སྤྱིར་འབུལ་བ་དང་བསྟུན་ལས་ཀྱི་རྡོ་རྗེས་ཚོགས་ནས་གཏོར་མ་ཕྱི་ནང་ཐམས་ཅད་དུ་སྦྲོན་པ་ཞིག་འདུག་ནའང་ཚོགས་ཆས་སྣ་ཚོགས་(༥ན)


GLG023_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་གཏོར་མ་ཆུད་ཟ་བའི་རྒྱུར་སོང་དོག་པས་བླ་མ། ཡི་དམ་སྤྱི། བྱེ་བྲག་ཏུ་ཚེ་བདག །ཆོས་སྐྱོང་སྤྱི། བྱེ་བྲག་དམར་ཟོར་མ། སྟག་ཞོན། མཐུ་ཆེན་སྡེ་བཞི། གནམ་ཕུད་གཅིག་དང་བཅས་སྣོད་བརྒྱད་དུ་བཤམ་ཞིང་སྒོས་མགྲོན་མང་བ་ཡོད་ན་རིག་པས་དཔྱད་པའི་ཙམ་དགོས་བསྟར་ཞིང་བསྡུ་ན་བླ་མ་ཡི་དམ་ཆོས་སྐྱོང་རྣམས་ལ་སྤྱིར་གཅིག །ཚེ་བདག་ཆོས་སྐྱོང་གཏེར་སྲུང་དང་བཅས་པར་གཅིག །གནམ་ཕུད་གཅིག་སྟེ་གསུམ་ཙམ་གྱིས་མཚོན་སྤེལ་ལུགས་རིག་པས་དཔྱོད། བདུད་རྩི་སྦྲན་ནས་དབུལ། གོང་གི་གྲངས་དང་མཉམ་པའི་ཟན་དང་སྨན་ཕུད་སྦྲན་ཏེ་ཐལ་མོ་སྦྱར་ནས་བཤགས་པ་བྱ། ཚོགས་ཐ་མའི་ལིངྒའི་ཁར་སྨན་ཕུད་མ་སྦྲན་གོང་གི་ཚོགས་ཤ་དུམ་ཞིག་བཞག་པར་རཀྟ་སྦྲོན་ཅིང་ཧཱུཾ་ཞེས་སློབ་དཔོན་གྱིས་རྡོ་རྗེ་སྙིང་གར་རེག་པའི་རྐྱེན་གྱིས་རཀྟའི་ལྷ་མོ་ཐུགས་ཀར་བ་སྤུ་ཞལ་སྟོབ་ཟིན་ནས་ལིང་རོ་དུམ་རེ་བཟློག་གཏོར་དང་སྒྲུབ་གཏོར་ལ་སྦྲོན། དུམ་ཞིག་ལྷག་མར་སྤུངས་རྒྱུའི་ཐེབས་སུ་བཞག །གཞན་མའི་དུམ་བུ་དམངས་རྣམས་ཕུད་ཆང་དང་བསྲེས་ནས་བཟློག་བྱང་གི་སྐབས་སུ་འདེབས་རྒྱུར་འཇོག །དེ་ནས་བཾ་གྱི་སྨན་རཀ་གསོ་ཞིང་མར་མེ་སྦར་ནས་བཾ་སྐོངས་གཏོང་། རྩ་གསུམ་གྱི་བསྐང་གསོའི་མཇུག་ཏུ་གནམ་ཕུད་འཐོར། སང་ཉིན་གཏོར་མ་འཕེན་རྒྱུའི་འཛབ་མཇུག་ཏུ་ཟོར་སྐོར་གྱི་ཚེ་རྡོ་རྗེ་སློབ་དཔོན་ནས་དཀྱིལ་འཁོར་བར་གྱི་གཡས་གཡོན་གྱི་གྲལ་གཉིས་བར་མ་ཆད་པར་བསྒྲིགས། དེ་ནས་བཟློག་པ་གཡུ་སྤྱང་གི་ཐལ་བརྡབ་དང་པོའི་ཚེ་ཕྱོགས་གཏོར་ནས་འགོ་བརྩམས་ཀོང་ཟོར། རྡོ་ཟོར། མདའ་གཞུ། ཁྲག་ཟོར། ཡུངས་ཟོར། རྭ་ཟོར། དེའི་རྫས་སྐམ་ཐུན་རློན་ཐུན། ཐུན་གཏོར་རམ་བཟློག་གཏོར་རྣམས་གཡས་ཀྱི་ཐ་(༥བ)


GLG023_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནས་ལག་གཉིས་སུ་རེ་རེ་གཏད་པ་ཐོགས་ཏེ་ཨྱེ་རིང་ལ་བཟློག་པ་གཡུ་སྤྱང་བཏགས་པ་དང་ཟོར་སྔགས་ཚར་རེ་བཟླ་བ་སོང་ནས་ཕྱག་རྒྱ་གར་པད་དང་བཅས་གདེང་བའི་སྟང་ཀ་བྱས་ནས་ཕུ་བཏབ་སྟེ་རིམ་བཞིན་ཤུགས་པ་གཡོན་གྲལ་གྱི་མཐར་ཐུན་གཏོར་མ་སླེབས་པར་བྱ། ཀོང་ཟོར་རྣམས་འདི་ནས་བཟུང་ཟུར་ཕྱི་ལ་བསྟད་ནས་བསྒྲིག །ཐོག་ཏུ་ཟོར་ལམ་དབྱེ་སྐབས། རཾ་ཡཾ་ཁཾ་གིས་གསེར་སྐྱེམས་ཀྱི་མ་དག་པ་རྣམས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གསེར་གྱི་མཆོད་པ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྡེ་བརྒྱད་ཡུལ་ལྷ་བཞི་བདག་རིགས་དྲུག་གི་སེམས་ཅན་དང་བཅས་པའི་ཡར་གནས་ཀྱི་ཐུགས་དམ་སྐོང་ཞིང་མར་གནས་རྣམས་ཀྱི་དབང་པོ་ཚིམ་པའི་ནུས་པ་དང་ལྡན་པར་གྱུར། ཨཱོཾ་ཨཱཿཧཱུཾ་ཞེས་སློབ་དཔོན་གྱིས་རོལ་མོའི་རིང་བརླབ། གསེར་སྐྱེམས་ཀྱི་གདངས་བྱེད་རིང་ཤུབ་བུས་གསེར་གྱི་མཆོད་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་རིགས་འཛིན་རྩ་བརྒྱུད་ཀྱི་བླ་མ་དམ་པ་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོའི་ཚོགས་རྣམས་ལ་མགྲོན་ནོ། །བསྔོའོ། །དགྱེས་པ་ཆེན་པོས་བཞེས་ནས་དེང་འདིར་སྲུང་བཟློག་བསད་མནན་སྲེག་འཕང་སོགས་མངོན་སྤྱོད་དྲག་པོའི་འཕྲིན་ལས་ད་ལྟ་ཉིད་དུ་འགྲུབ་པའི་མཐུ་དཔུང་བསྐྱེད་ཅིང་སྟོང་གྲོགས་མཛད་དུ་གསོལ། ཁྱད་པར་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་མནོན་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་མགྲོན་ནོ། །བསྔོའོ། །འོག་མ་ཀུན་ལ་འགྲེ། མཧཱ་ཀཱ་ལ་ཕྱག་བཞི་དྲུག །གུར་མགོན་རྣམ་སྲས་ཞལ་བཞི་པ་སོགས་དྲེགས་པ་ཕོ་རྒྱུད་ཀྱི་སྲུང་མ། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་ཅན། འདོད་ཁམས་དབང་ཕྱུག་རེ་མ་ཏཱི་སྔགས་སྲུང་ཨེ་(༦ན)


GLG023_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཛྙཱ་ཊི་སོགས་དྲེགས་པ་མོ་རྒྱུད་ཀྱི་སྲུང་མ། དཔལ་མགོན་མ་ནིང་ནག་པོ་སོགས་དྲེགས་པ་གཉིས་མེད་ཀྱི་སྲུང་མ་རྣམས་ལ་མགྲོན་ནོ། །བསྔོའོ། ཁྱད་པར་ལས་གཤིན་ཁྲོ་ཆུ་དུག་སྡོང་། འཆི་བདག་འཆར་ཀ་ནག་པོ། གཤིན་རྗེ་ཀི་ཀང་དམར་ནག །དཔལ་མགོན་སྟག་ཞོན་ནག་པོ། ལྷ་ཆེན་ཁྱབ་འཇུག་རཱ་ཧུ་ལ། གཏེར་སྲུང་མཐུ་ཆེན་སྡེ་བཞི་རྣམས་ལ་མགྲོན་ནོ། །བསྔོའོ། །འཆི་བདག་གཤིན་རྗེའི་རྒྱལ་པོ་རལ་པ་ཚར་དགུ། ཡུམ་གཏུམ་མོ་དུག་ཧྲུལ་མ། བཀའ་ཉན་ཕོ་བརྒྱད་མོ་བརྒྱད། འཁོར་སྣང་སྲིད་ལྷ་སྲིན་སྡེ་བརྒྱད། མངག་གཞུག་བྲན་གཡོག་དང་བཅས་པ་རྣམས་ལ་མགྲོན་ནོ། །བསྔོའོ། །བྱེ་བྲག་ཏུའང་སྟེང་གི་ནམ་མཁའ་ལ་རྒྱུ་བ་གཟའ་དང་རྒྱུ་སྐར། བར་སྣང་ལ་འཕྱོ་བ་གཉན་རིགས་སྡེ་བཞི། ས་གཞི་ལ་དབང་བ་ས་བདག་རྫེ་བློན། ལོ་ཟླ་ཞག་དུས་ཚེས་གྲངས་དུས་ཚོད་ལ་དབང་པའི་ལྷ་ཀླུ་འབྱུང་པོ། སྲིད་པ་ཆགས་པའི་ལྷ་དགུ་རྗེའི་མགུར་ལྷ། འབངས་ཀྱི་སྲོག་ལྷ། བསྟན་མ་བཅུ་གཉིས་ཡུལ་ཕྱོགས་ས་ཕྱོགས་འདི་དག་གི་ཡུལ་ལྷ་གཞི་བདག །མདོར་ན་སྒོ་སྐས་ལམ་འཕྲང་ལ་གནས་པའི་མི་མ་ཡིན་རྣམས་ལ་མགྲོན་ནོ། །བསྔོའོ། །རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་མགྲོན་ནོ། །བསྔོའོ། །ལན་ཆགས་དང་བུ་ལོན་ཐམས་ཅད་བྱང་ཞིང་འཁོར་བར་གྱུར་ཅིག །གཞན་མ་དགྲ་དམིགས་བསལ་ལ་དེའི་ལྷ་སྲུང་ལ་བསྔོ་བ་སོགས་རིག་པས་འཕྲུལ་ཤེས་པ་བྱེད། གསེར་སྐྱེམས་བཏང་རྗེས་ལྷག་ནས་ལྷའི་ང་རྒྱལ་གྱིས་ཅུང་ཟད་མྱངས་པའི་ལྷག་མ་ནས་གཏོར་མ་དང་ཚོགས་ལྷག་མ་སྦྲན། སྲིད་པ་ཧུར་ཙཀ་ལིའི་རྒྱབ་ཡིག་བསྒྲགས། གཏོར་མ་ཟོར་ལམ་ཕྱོགས་སུ་བཏང་བའི་རྗེས་སུ་(༦བ)


GLG023_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སོར་མོ་བཞི་ནང་བསྡམས་ཁ་ཕྱེ་ཞིང་མཐེ་བོང་གཉིས་བསྒྲེང་བའི་ཕྱག་རྒྱ་བསྟན། སྒོ་དབྱེའི་ཕྱོགས་གཏོར་རྣམས་སྒོ་སོ་སོའི་ཚིག་རྫོགས་མཚམས་སུ་འཕེན་ཅིང་སྟེང་གི་ལྷ་ལ་ཟོར་མི་འཕེནཞེས་པའི་དུས་གསེར་སྐྱེམས་འཐོར། གཏོར་མ་རྒྱག་ཉིན། ད་ནི་བཟློག་པའི་དུས་ལ་བབ་ཅེས་པའི་ཚེ་བཟློག་གཏོར་ཕྱིར་ཞལ་བསྒྱུར། སྨན་རག་གཏོར་ཚིག་དང་བསྟུན་ནས་འབུལ་བའི་གཏོར་མ་ཟུར་དུ་མི་དགོས་པར་མཆོད་བཤགས་བཀང་བཟློག་རྣམས་ཀྱི་གཏོར་མ་སྒྲན། གཏོར་ཆེན་བཏེག་པའི་ཐུལ་དུ་བམ་སྐོངས་བཀོད། ཕྱི་རོལ་ཏུ་ལྷག་མ་རྣམས་ཟོར་སྣར་གཏོང་། ཟོར་ཕྱོགས་བཞིར་འཕེན་པའི་སྟང་ཀ་ཙམ་མ་གཏོགས་ཐེབས་ཕྱོགས་སུ་འཕེན། ཀོང་ཟོར་ལོག་ན་གནས་ལ་འབེབས། རྭ་ཟོར་ཐེབས་ཆེན་དང་བརྡུང་ཐེབས་གཡས་གཡོན་གཉིས་པོ་གང་རུང་མ་བྱུང་ན་གནད་འབེབས་ལན་གཉིས་ཀྱི་བར་བསྐྱར། དེས་ཀྱང་མ་བྱུང་ན་གནད་འབེབས་ཀྱི་སྔགས་བཟླས་ཏེ་འཕེན། དེས་ཀྱང་མ་སོང་ན་ཆགས་ཆེ་བའི་རྟགས་ཡིན་པས་མི་སྐྱོར་བར་སླར་སྒྲུབ་པ་བྱེད། བྲོ་བརྡུང་བའི་ཚེ། ལག་གཡོན་སྟེང་དུ་བྱས་པའི་གྲལ་ཟླུམ་པོར་བསྐོར། དེ་ཕྱིར་གླུ་བྲོ་རྒྱུན་མི་ཆད་ཅེས་པའི་བར་གཡོ་འགུལ་མེད་པར་བསྡད། རྐང་པ་གཡས་ཀྱིས་བྲོ་བརྡུངས་པས་ཞེས་པའི་དུས་ཐམས་ཅད་ཀྱིས་གཡས་བཏེག་གཡོན་གྱི་དུས་སུ་གཡོན། གཉིས་སུ་མེད་པའི་དུས་གཉིས་ཀས་གནོན་ཚུལ་བྱ། སློབ་དཔོན་གྱིས་མནན་པ་གཡུ་སྤྱང་ཤུབ་འདོན་དང་། དམངས་མས་སུམྦྷ་ཚར་གཅིག་གི་རྗེས་སུ་གཡས་སྐོར་དུ་ཞི་བའི་གསོལ་བྱང་། དེ་བཞིན་དུ་གཡོན་སྐོར་དུ་སུམྦྷ་དང་དྲག་པོ། གཡས་སུ་སུམྦྷ་དང་དབང་། གཡོན་དུ་སུམྦྷ་དང་རྒྱས་པ་(༧ན)


GLG023_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྗེས་ནི་བསྡུ་ཆོག་གི་ཚེ། རྡུལ་ཚོན་ཡིན་ན་དབང་ལྡན་ནས་བརྩམས་ཏེ་དབུས་སུ་ཐེན་ལ་རྡུལ་ཚོན་བསྡུ་ཞིང་ཐིག་ཤུལ་དབྱེ། རས་བྲིས་ཡིན་ན་ཚོལ་བུ་འཇིག་གནམ་གང་གི་ཉིན་ལོང་ཆེ་བ་ཡོད་ན་ཉེར་དགུའི་ནུབ་ཚེ་འགུགས་དང་རྩ་གསུམ་གྱི་གཏོར་མ་འབུལ་ཞིང་ཆད་མཐོ་གཏོང་བ་སོགས་དཀྱུས་བཞིན་བྱེད། ནང་པར་འཕྲིན་ལས་ཀྱི་གཞུང་བསྲང་བ་ནས་རྒྱུན་འཛབ། བསྟོད་པ། རྒྱན་གྱི་ལྷ་བརྒྱད་ཡན་གྱི་བསྐུལ། ཚོགས་ནས་རྩ་གསུམ་གྱི་བར་བཏང་། ཐུགས་སྒྲུབ་ཀྱི་ཆད་མཐོས་ཆོས་སྐྱོང་གི་གཏོར་མ་རྣམས་བསྐུལ་བར་སྨན་རཀ་སྦྲན་སློབ་དཔོན་གྱིས་འཕྲིན་ལས་གཞོལ། ཐོག་ཏུ་བསྒྲིགས་པར་སྔགས་དྲུག་དང་ཕྱག་རྒྱ་དྲུག་ལྷ་བསངས་ལྟར་བྱ། གསེར་སྐྱེམས། ལྷག་མ་ཆད་མཐོ་བཏང་སྟེ་གཏོར་མ་ཞལ་ནང་དུ་བསྟན་ནས་ཕུད། བཤལ་ཆུས་བསྟན་མ་བསྐྱང་། སྒྲུབ་ཁང་འོག་ནས་གཏང་རག་མན་འདྲ་གོང་འོག་གི་གཏོར་མ་ཕྱིར་འབུལ་བ་ཐམས་ཅད་ལ་འདོད་གསོལ་རྒྱས་པར་བྱ་ཞེས་པ་བཀའ་བརྒྱད་རང་བྱུང་དང་རང་ཤར་གྱི་ནང་གཏོར་ནས་བྱུང་བ། རོལ་མོའི་རིང་སློབ་དཔོན་གྱིས་ཧཱུཾ། ཀ་པཱ་ལ་ཡི་སྣོད་ནང་དུ། །ཞལ་ཟས་སྣ་ཚོགས་གཏོར་མའི་རྒྱུ། །བདུད་རྩི་རྣམ་ལྔ་གཏོར་མའི་རྒྱན། །འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་ནས། །མི་མཉེས་པ་ནི་གང་ཡང་མེད། །བླ་མའི་ཐུགས་དགོངས་རྫོགས་གྱུར་ཅིག །ཡི་དམ་ཐུགས་དམ་སྐོང་གྱུར་ཅིག །མཁའ་འགྲོའི་ཚོགས་རྣམས་མཉེས་གྱུར་ཅིག །བླ་མ་ཡི་དམ་མཁའ་འགྲོ་ལ། །ཚད་མེད་གཏོར་མ་འདི་བསྔོས་པས། བདག་སོགས་སེམས་ཅན་ཐམས་ཅད་ལ། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཐམས་ཅད་མྱུར་དུ་སངས་རྒྱས་ཤོག །ཅེས་གཏོར་མ་ལག་པས་བཏེགས་ལ་འབུལ། དེ་ནས་འཕྲིན་ལས་འཆོལ་བ་ནི། ཧོ། བདག་སོགས་སེམས་ཅན་ཐམས་ཅད་(༧བ)


GLG023_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནད་གདོན་སྡིག་སྒྲིབ་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་པར་མཛད་དུ་གསོལ། ལོག་པར་ལྟ་བ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། བར་གཅོད་དགྲ་བགེགས་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། རྐྱེན་དང་དུས་མིན་འཆི་བ་ཐམས་ཅད་བཟློག་ཏུ་གསོལ། ཞེས་དང་། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་པ་དང་མདོ་སྔགས་ཀྱི་སྡེ་དང་བཤད་སྒྲུབ་འཕེལ་བ་དང་རྒྱལ་པོ་ཆེན་པོ་རྣམས་ཀྱིས་ས་ཆེན་པོ་བྱམས་པས་སྐྱོང་ཞིང་འཇིག་རྟེན་ཀུན་བདེ་ཞིང་སྐྱིད་པ། ཁྱད་པར་སྔགས་འཆང་སྒྲུབ་པ་པོ་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ་གནོད་པར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ཀྱི་བསམ་སྦྱོར་ངན་པ་མ་ལུས་པ་ཕྱིར་བཟློག་ཅིང་རྡུལ་དུ་རློག་པ་དང་བདག་སོགས་རྣམས་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་དང་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་སོགས་ཁྱབ་བདག་ཀུན་ཏུ་བཟང་པོའི་གོ་འཕང་མ་ཐོབ་ཀྱི་བར་དུ་མགོན་སྐྱབས་དཔུང་གཉེན་མཛད་དུ་གསོལ། ཞེས་པ་ལྟ་བུ་རིགས་པས་དཔྱད་དེ་སྦྱར། གཏོར་མ་འཕེན་ཁར། བསྟན་འགྲོ་ཡོངས་ལ་འཚེ་བ་སྤྱིའི་དགྲ། ཡང་སྒོས་རིགས་འཛིན་བདག་ཅག་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ལ་གནོད་པར་བྱེད་པའི་དམ་ཉམས་དགྲ་བོ་མི་ནོར་སྡེ་དཔུང་དང་བཅས་པ་འདི་རྣམས་འཆི་བདག་ལས་ཀྱི་གཤིན་རྗེ་སྣང་སྲིད་སྡེ་བརྒྱད་དང་བཅས་པ་ཁྱེད་རྣམས་ཀྱི་ཟས་སྐལ་དུ་གཏད་པ་ཡིན་པས་བླ་ཁུག །སྲོག་ཆོད། དབུགས་ལོང་། ཤ་ཟོ། ཁྲག་འཐུང་། རུས་པ་མུར། པགས་པ་གོས་སུ་གྱོན། ཚེ་དང་བསོད་ནམས་མངའ་ཐང་ལོངས་སྤྱོད་མི་ནོར་ཕྱུགས་གསུམ་སྡེ་དཔུང་དང་བཅས་པ་རྣམས་ཐལ་བའི་(༨ན)


GLG023_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་བྲན་བཞིན་དུ་རློག་ལ། མིང་དང་བརྡ་དང་ཐ་སྙད་ཙམ་དུ་ཡང་སྒྲ་མི་གྲག་པར་རྗེས་མེད་ཐལ་བ་རླུང་ལ་བསྐུར་བའི་འཕྲིན་ལས་མཛོད་ཅིག །ཅེས་དང་། བགེགས་ལ་གཙོ་བོར་བྱེད་ན། བསྟན་འགྲོའི་བདེ་སྐྱིད་འཕྲོག་ཅིང་བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པའི་ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། སྲོག་ལ་ཧུར་ཐུམས། བསམ་པ་ལ་བར་ཆད་གཏོང་བར་བྱེད་པའི་འབྱུང་པོ་ཆེ་གེ་འདིའི་ལུས་ངག་ཡིད་གསུམ་མཐུ་སྟོབས་ནུས་པ་ཐམས་ཅད་ཐལ་པའི་རྡུལ་དུ་ཞེས་སོགས་རིག་པས་སྦྱར་བའི་དྲག་སྔགས་དམོད་པའི་མཚོན་ཆར་དབབ་བོ། ཕྲ་མོའི་གནད་ལ་ཕ་མཐའ་ཆོད་དཀའ་ཞིང་། །རྟོགས་པར་སླ་རྣམས་དཔྱོད་པར་མ་ཤེས་སོགས། །ནོངས་པ་མཐོང་བས་མང་པོར་ལེགས་འགྲོ་སྟེ། །ཞིབ་མོར་དཔྱད་འདི་སྣོད་ལྡན་ཚོགས་ལ་སྤེལ། །ཞེས་འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་ཟོར་ལས་དང་བཅས་པར་ཉེ་བར་མཁོ་བའི་བརྗོད་བྱང་གི་རེག་ཟིག་ཞིབ་མོ་རྣམ་དག་འདི་ནི་གོང་མའི་གསུང་རྒྱུན་རྗེས་འབྲང་དུ་མར་དཔྱད་པ་དང་རིགས་འཛིན་སྤྲུལ་པའི་སྐུའི་ཟིན་ཐོ་གཙོ་བོར་གཟུང་རང་བློས་གང་སྤོབས་ཀྱི་འཐད་པ་སྒྲུབས་ཏེ་ཟ་ཧོར་གྱི་སྔགས་སྨྱོན་བྷུ་སུ་ཀུ་པས་ཤིང་སྟག་ཆོ་འཕྲུལ་གྱི་དུས་ཆེན་ལ་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་ཤིང་ལས་བྱང་མ་བུ་བཞི་པོ་བཀའ་དམ་པར་མ་ཟད་རེག་ཟིག་འདི་ཉིད་ཤིན་ཏུ་གཅེས་པར་འཛིན་དགོས་པ་གཏེར་སྲུང་རྣམས་ཀྱི་བྱ་ར་མཛོད་ཅིག །གུ་ཧྱ་ས་མ་ཡ།། །།

འཇམ་དཔལ་ཚེ་བདག་ནག་པོའི་ལས་མཐའ་ཡང་བཟློག་མེའི་སྤུ་གྲིའི་ལས་བྱང་རང་གཤེད་དབབ་པ་རྡོ་རྗེའི་ཕ་ལམ།


GLG023_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཚེ་བདག་ནག་པོའི་ལས་མཐའ་ཡང་བཟློག་མེའི་སྤུ་གྲིའི་ལས་བྱང་རང་གཤེད་དབབ་པ་རྡོ་རྗེའི་ཕ་ལམ་ཞེས་བྱ་བ་བཞུགས་སོ། །


GLG023_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་། །སུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་རོལ་ཅན། །ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་ལ། །གུས་པས་འདུད་དོ་བྱང་ཆུབ་བར་དུ་སྐྱོངས། །དེ་ལ་འདིར་ཁྲོ་བོའི་དབང་པོ་དུས་ཀྱི་དགྲ་ཆེན་པོའི་ལས་ཚོགས། ཕྱི་སྐོར་ལྕགས་འདྲ། གསང་སྐོར་གནམ་ལྕགས་ཐོག་མེའི་སྐོར་གསུམ་གྱི་ནང་ཚན་དུ་མི་གཏོགས་པའི། གཅེས་པ་བརྒྱད་དང་ལྡན་པ་འདི། །ཀུན་ལ་ཡོད་ན་ངོ་མཚར་ཆུང་། །ཞེས་གནུབས་བན་གྱི་ཆེ་བ་བརྒྱད་ལྡན་གྱི་མན་ངག །དུམ་པ་ཞང་ཁྲོམ་གྱིས་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་བཞེས་པའི་ཟབ་གཏེར་ཡང་བཟློག་ནག་པོ་མེའི་སྤུ་གྲིའི་འཕྲིན་ལས་ངག་འདོན་གོ་རིམ་བཞིན་འཁྱེར་བདེ་བ་བརྗོད་པར་བྱའོ། །དེང་སང་ཚེ་བདག་གསུམ་གྱི་རྣམ་དབྱེ་ཙམ་ཡང་མི་ཤེས་པའི་འདི་ཁོ་ནས་ཚེ་བདག་མཁན་པོར་རློམ་པ་མང་དུ་མཆིས་ཀྱང་། མནན་བསྲེག་འཕང་གསུམ་སོགས་འདིའི་ལག་ལེན་དཔྱིས་ཕྱིན་པར་ལུགས་གཞན་རྣམས་ལ་བལྟོས་དགོས་ཤིང་། རིགས་འཛིན་མངའ་རིས་པ་ཡབ་སྲས་ཀྱི་བཀའ་སྲོལ་དྲི་མ་མེད་པ་ཁོ་བོའི་བླ་མའི་བར་དུ་བྱོན་པའི་ལུགས་འདི་ལ། ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་(༢ན)


GLG023_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞི་ཐོབ་ཅིང་། དཀྱིལ་འཁོར་ཡོངས་རྫོགས་ཀྱི་འཕྲིན་ལས་སྔོན་དུ་འགྲོ་བ་ཞིག་གིས་ཉམས་སུ་ལེན་པའི་ཕྱག་བཞེས་ཡོད་པས། འདི་འཕྲིན་ལས་ཐུན་མོང་མ་ཡིན་པ་རྣམས་མ་གཏོགས། ཐུན་མོང་བ་རྣམས་ལས་བྱང་གནམ་ལྕགས་འཁོར་ལོ་ལྟར་འདྲི་བར་བྱའོ། །དེ་ལ་ཐོག་མར་སྐྱབས་འགྲོ་ནི། བདག་དང་མཁའ་མཉམ་ལུས་ཅན་མ་ལུས་ཀུན། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས་འགྲོ་ཞིང་། །རྒྱ་ཆེན་བྱང་ཆུབ་མཆོག་ཏུ་སེམས་མཆོག་བསྐྱེད། །ཚོགས་ཞིང་ནི། མདུན་དུ་རིན་ཆེན་ཁྲི་པད་ཉི་ཟླའི་སྟེང་། །བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་ཅོད་པན་དུ། །ཀུན་འདུས་རྡོ་རྗེ་སློབ་དཔོན་བཞུགས་པ་ལ། །ཡི་དམ་ཡེ་ཤེས་གཉིས་སུ་མེད་པར་གྱུར། །ཇི་སྙེད་ཡིད་ཀྱི་ལྷ་ལམ་རབ་ཡངས་པར། །ཀུན་བཟང་མཆོད་པའི་ཆུ་འཛིན་རབ་འཁྲིགས་ཤིང་། །ཐུགས་རྗེའི་ཆར་གྱིས་སྡིག་ལྟུང་དྲི་མ་འཁྲུད། །དགེ་ཚོགས་བྱང་ཆུབ་འབྲས་བུ་རྒྱས་གྱུར་ཅིག །ཕྱི་ནང་གི་མཆོད་རྫས་བྱིན་གྱི་བརླབ་པ་ནི། རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །ཡེ་ཤེས་འབྱུང་གསུམ་དག་གིས་ས་བོན་རྣམས། །ཕྱོགས་བཅུར་འཕྲོས་པས་སྨན་རཀ་གཏོར་གསུམ་གྱི། །མ་དག་སྐྱོན་སྦྱངས་ཟག་མེད་བདུད་རྩིར་གྱུར། ཨཱོཾ་(༢བ)


GLG023_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཛྭ་ལ་མཎྜ་ལ་ཧཱུཾ། མ་ཧཱ་བྷ་ལིཾ་ཏ། མ་ཧཱ་རཀྟ་ཧཱུཾ་ཧྲཱིཿཋ། སྲུང་འཁོར་ལྷ་དང་བཅས་པར་བསྐྱེད་པ་ནི། ཨཱོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་རྣམས་མ་ལུས་སྟོང་པ་ཉིད་དུ་གྱུར། དྷརྨ་དྷ་ཏུ་ཨཱཿགྲངས་མེད་ལུས་ཅན་ཚོགས་རྣམས་བསྒྲལ་བའི་སླད། བོ་དྷི་ཙིཏྟ་ཧཱུཾ། རང་སེམས་གདོད་མའི་མགོན་པོ་ཧཱུཾ་ཡིག་མཐིང་། །དེ་ལས་འཕྲོས་པའི་རཾ་ཡཾ་ཁཾ་གསུམ་གྱིས། །དངོས་འཛིན་བསྲེགས་གཏོར་སྦྱངས་དཀྱུས་ངང་ཉིད་ལས། །ཧཱུཾ་ལས་ཨེ་ཡཾ་རཾ་བཾ་ལཾ་རྣམས་ནི། །རིམ་གྱུར་ནམ་མཁའ་རླུང་མེ་ཆུ་ས་ལྔ། །བརྩེགས་སྟེང་བྷྲུཾ་དཀར་འོད་ཟེར་ལྔ་ལྡན་དང་། །དབྱངས་གསལ་ངོ་བོ་རྡོ་རྗེའི་ཕ་ལམ་ཅན། །བྱང་ཆུབ་མཆོད་རྟེན་གདན་ཁྲི་བང་རིམ་གསུམ། །རི་རབ་བང་རིམ་བཞི་པ་བུམ་པ་བྲེ། །ཆོས་འཁོར་གདུགས་ཏོག་ཉི་ཟླ་ནོར་བུར་བཅས། །འོད་ཟེར་ཀུན་ཁྱབ་སྟོང་གསུམ་ཁེངས་པར་གྱུར། །བུམ་ནང་ཧཱུཾ་ལས་གསེར་གྱི་རྡོ་རྗེ་ནི། །རྒྱ་གྲམ་དྲ་མིག་རྡོ་རྗེའི་ཚ་ཚ་འཁོལ། །ལྟེ་བ་གའུ་ཁ་སྦྱོར་ལྟ་བུའི་དབུས། །པད་ཉིའི་སྟེང་དུ་ཤེལ་རྡོར་རྩེ་ལྔ་པ། །རྭ་བཅུ་འོད་ཟེར་ལྔས་མཚན་ལྟེ་བར་ཧཱུཾ། །དེ་ལས་འོད་འཕྲོས་ཡ་མ་ཏི་ར་བཾ། །ཞེས་པའི་འཕྲོ་འདུས་གཤིན་རྗེ་མ་ཧེ་ཟུང་། །ཉི་ཟླ་པདྨ་བརྩེགས་པའི་གདན་སྟེང་དུ། །དྷུ་ཡིག་ཧཱུཾ་ནག་འཕྲོ་འདུས་གནམ་ལྕགས་ཀྱི། །རྡོ་རྗེ་རྩེ་དགུ་ཧཱུཾ་ཡིག་མཐིང་ཁས་མཚན། །འོད་ཟེར་རབ་འཕྲོས་སྔགས་ཀྱི་རྣམ་པར་གྱུར། །ཨཱོཾ་ཨཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུཾ་ཕཊ། སྔགས་འཕྲེང་ཡོངས་གྱུར་རང་ཉིད་སྐད་ཅིག་གིས། ཁྲོ་རྒྱལ་ཀུན་ཀྱང་སྐྲག་བྱེད་གཤིན་རྗེའི་གཤེད། །འཇམ་དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་སྐུ། །རབ་ཁྲོས་མཐིང་ནག་དུག་ཆེན་འཁྱིལ་འདྲའི་མདོག །ཞལ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་བསྒྲད། །གཡས་དཀར་གཡོན་དམར་མུན་ལྟའི་(༣ན)


GLG023_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་ཞལ། །ཕྱག་དྲུག་འཁོར་ལོ་རལ་གྲི་རྡོ་རྗེ་འཕེན། །ལྕགས་ཀྱུ་གཏུན་ཤིང་སྡིགས་མཛུབ་མེ་དཔུང་འཕྲོ། །ཞབས་བཞི་གཡས་བརྐྱང་གཡོན་བསྐུམ་ཚུལ་གྱིས་བཞུགས། །ལྷ་ལམ་ཁྱབ་པའི་རྡོ་རྗེའི་གཤོག་པ་སོགས། །དཔལ་གྱི་ཆས་བརྒྱད་དུར་ཁྲོད་རྒྱན་རྣམས་ཀུན། །བཀོད་ལེགས་བགྲང་ཡས་འཕྱང་འཕྲུལ་ལེགས་སྤུད་ཅིང་། །འཇིགས་རུང་གར་དགུའི་ཉམས་ཀྱི་རྣམ་འགྱུར་ཅན། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས། །ཐུགས་ཀར་བྷྲུཾ་ལས་གསེར་འཁོར་རྩིབས་བཞིའི་སྟེང་། །འཇམ་དཔལ་སེར་པོ་ཕྱག་གཡས་རལ་གྲི་དང་། །གཡོན་པའི་མཐེབ་སྲིན་ཐུགས་ཀར་ཨུཏྤ་ལའི། །ཡུ་བ་ནས་འཛིན་འདབ་མ་སྙན་གྱི་ཐད། །རབ་རྒྱས་སྟེང་ན་ཤེར་ཕྱིར་གླེགས་བམ་ཅན། །མི་ཕྱེད་སྐྱིལ་ཀྲུང་རིན་ཆེན་རྒྱན་གྱིས་སྤྲས། །ཞི་ཞིང་འཛུམ་ལྡན་རལ་པའི་ཟུར་ཕུད་ཅན། །སྲུང་བའི་ཚུལ་གྱིས་བཞི་གའང་ཞལ་ནང་གཟིགས། །འཁོར་ལོའི་ལྟེ་བར་པད་ཉི་ཟླ་སྟེང་དུ། །སྣ་ཚོགས་རིན་ཆེན་མཆོད་རྟེན་བུམ་པར་ཡང་། །སུམ་རྩེགས་གདན་ལ་ཧཱུཾ་ལས་རྡོ་རྗེ་སེར། །ཡར་གྱི་རྭ་ལྔ་བདེ་གཤེགས་རིགས་ལྔ་ཡབ། །མར་ལྔ་ཡུམ་གྱིས་ལེགས་པར་མཚན་པ་ཡི། །ལྟེ་བར་དབྱངས་གསལ་ཞུ་བའི་ཉི་ཟླའི་གུར། ཁ་སྦྱར་རྡོ་རྗེའི་ལྟེ་བར་ཧཱུཾ་ཡིག་ནང་། །བསྲུང་བྱར་བཅས་པ་བསྲུང་བའི་སྔགས་འཁོར་དང་། །ཨཱ་ལི་གཡས་དང་ཀཱ་ལི་གཡོན་སྐོར་གྱུར། །ཁྱུང་ནག་རྡོ་རྗེའི་མཆུ་ལ་ཉི་ཟླའི་སྤྱན། །གནམ་ལྕགས་རྭ་སྟེར་སྤུ་གྲིའི་སྒྲོ་གཤོག་དང་། །སྤུ་ཕྲན་མཚོན་ཆ་ཁྱུང་ནག་རྡོ་རྗེས་གཏམས། །དཀར་ནག་སྦྲུལ་ཟ་སྤྱི་བོའི་གཙུག་ཏུ་ལྡིང་། །ཐུགས་ཀའི་འོད་ཟེར་རྩེ་ལ་བྷྱོ་སྨུག་ནག །འཕྲོ་འདུ་ཡོངས་གྱུར་ནག་མོ་ཁྲག་མིག་མ། །སྨུག་(༣བ)


GLG023_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ནག་གཅེར་བུ་རྒྱན་མེད་འཇིགས་གཟུགས་ཅན། །ཞལ་གཅིག་ཕྱག་གཡས་ལྕགས་ཀྱུ་མཁའ་ལ་འཕྱར། །གཡོན་པ་ཐུགས་ཀར་བནྡྷ་ཁྲག་གང་འཛིན། །ཞབས་གཉིས་དོར་སྟབས་མ་མོ་བྱེ་བས་བསྐོར། །སླར་ཡང་ཐུགས་ཀའི་འོད་ཟེར་རྩེ་ལ་ཡ། །དམར་ནག་ཡོངས་གྱུར་ཡ་མ་རཱ་ཙ་ནི། །ཞལ་གཅིག་ཕྱག་གཉིས་གཡས་པ་རལ་གྲི་དང་། །གཡོན་པ་ཙིཏྟ་འདྲད་ཅིང་ཞིང་ཆེན་གསོལ། །ཞབས་གཉིས་སར་བརྡེབ་སྡེ་བརྒྱད་ཡོངས་ཀྱིས་བསྐོར། །གཉིས་པ་མེ་དཔུང་འབར་བའི་དབུས་ན་བཞུགས། །ཐུགས་ནས་རཾ་སྤྲོས་ཧཱུཾ་བྷྱོ་ཁྲོ་ཁྲོ་མོས། །སྲུང་བའི་གུར་རྣམས་བར་མཚམས་མེད་པར་གཏམས། །མཆོད་རྟེན་ཕྱི་རོལ་བྷྲུཾ་ལས་གསེར་གའུའི། །ནང་བཞུགས་དེ་ནས་ཕྱི་རོལ་རིམ་པ་བཞིན། །ཧཱུཾ་སྥ་ར་ཎ་ཕཊ། ཁྲོ་སྔོན་རྡོ་རྗེ་ཐོགས་པ་རྡོ་རྗེའི་གུར། །ཨཱོཾ་སྥ་ར་ཎ་ཕཊ། ཁྲོ་དཀར་འཁོར་ལོ་ཐོགས་པ་འཁོར་ལོའི་གུར། །ཏྲ་མ་སྥ་ར་ཎ་ཕཊ༔ ཁྲོ་སེར་ནོར་བུ་ཐོགས་པ་ནོར་བུའི་གུར། །ཧྲིཿསྥ་ར་ཎ་ཕཊ༔ ཁྲོ་དམར་པདྨ་ཐོགས་པ་པདྨའི་གུར། །ཨཱཿསྥ་ར་ཎ་ཕཊ༔ ཁྲོ་བོ་སྣ་ཚོགས་རྡོ་རྗེ་འཛིན་པས་གཏམས། །ཏིཀྞ་གཡོན་ཕྱོགས་དྲག་འཁོར་རལ་གྲིའི་འཁོར་ལོ་ཡིས། །གནོད་བྱེད་མ་ལུས་ཕྱི་མར་བཏུབས་པའི་གུར། །ཡཾ་སྥ་ར་ཎ་ཕཊ༔ ཁྲོ་བཾ་རླུང་གཡབ་ཐོགས་པ་རླུང་གི་གུར། །རཾ་ཛ་ལ་མཎྜ་ལ་ཕཊ༔ ཁྲོ་དམར་མེ་དཔུང་ཐོགས་པ་མེ་འབར་གུར། །བཾ་ཏིཀྵ་མཎྜ་ལཿ ཁྲོ་དཀར་ཆུ་ཞགས་ཐོགས་པ་ཆུ་འཁྲུག་གུང་། །ལཾ་ཏིཀྞ་མཎྜ་ལ༔ རྒྱ་གྲམ་ནང་ཀུན་ཁྲོ་སེར་རི་ཐོགས་གུར། །ཨེ་མཎྜ་ལ༔ ནམ་མཁའ་ལྕགས་གུར་ནང་དུ་ཁྲོ་བོ་ནག །སྣ་ཚོགས་མཚོན་ཆ་ཆར་ལྟར་འབེབས་པའི་གུར། །ཀུན་ཀྱང་སྲ་མཁྲེགས་སེར་བུའི་རླུང་ཙམ་ཡང་། །མི་ཐར་རྡོ་རྗེ་སྤུ་གྲི་རེག་གཅོད་རླུང་། །མེ་དཔུང་(༤ན)


GLG023_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གྲི་མཚོན་ཆ་འཁོར་ལོ་སོགས། །འཚུབ་མ་དྲག་པོའི་འོད་ཟེར་འཕྲོས་པ་ཡིས། །དགྲ་བགེགས་ཐམས་ཅད་ཐལ་བའི་རྡུལ་དུ་གྱུར། །རང་སྔགས་དབྱངས་གསལ་འཕྲེང་འཁྲིགས་དགྲ་བགེགས་ཀུན། །སོད་ཅེས་སྟོང་ཉིད་རང་སྒྲ་སྒྲོག་པའི་གུར། །ཐུན་ཕུར་ལས་གཤིན་དམར་ནག་ཞལ་གཅིག་ལ། །ཕྱག་གཡས་བེ་ཅོན་བརྡེག་ཚུལ་གཡོན་ཐུན་ཐག །འཛིན་པས་དགྲ་བགེགས་དོན་སྙིང་འདྲད་ཚུལ་ཅན། །སྟག་ལྤགས་ཤམ་ཐབས་ཞབས་གཉིས་བརྐྱང་བསྐུམ་བཞུགས། །སྙན་གསན་དབབ་པ་ནི། སྤྲོས་བྲལ་བདེ་ཆེན་ཆོས་དབྱིངས་ལྷ་ལམ་ལས། །གཟུགས་སྐུ་ཕྱག་རྒྱ་ཟིལ་གནོན་ཆུ་འཛིན་ཆེ། །རྩེ་གཅིག་གདུང་བའི་དབྱར་དུས་ན་ཆུང་དང་། །སྙན་ཚིག་རླུང་གི་བསྐུལ་ལོ་དབྱིངས་ནས་བཞེངས་བཛྲ་ས་མ་ཡ་ཛཿ སྤྱན་འདྲེན་པ་ནི། གྲངས་མེད་ཡེ་ཤེས་ལྷ་ཡི་གྲུ་ཆར་ཚོགས། །འགྱུར་མེད་ཐུགས་རྗེས་དུས་ལས་མ་གཡེལ་བར། །དམ་ཚིག་རྟེན་གྱི་ཟླ་བའི་མ་མ་ལ། །ཏིང་འཛིན་སྔགས་ཀྱིས་མཛའ་བའི་ལྕུགས་མར་གྱུར། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཊི་ཨེ་ཧྱེ་ཧི་ཛ༔ཧཱུཾ་བཾ་ཧོ། འཇིག་རྟེན་དྲེགས་པ་མ་ཧེ་ལྷུན་པོའི་སྟེང་། །པད་ཉི་རྣམ་པར་རྒྱལ་བའི་ཁང་བཟང་དུ། །འཇམ་དཔལ་གཤིན་རྗེ་མཆོད་སྦྱིན་བརྒྱ་པ་གང་། །འགྱུར་མེད་རྡོ་རྗེ་ལྟ་བུར་རྟག་བཞུགས་གསོལ། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཊི་ཨེ་ཧྱེ་ཧི་ཛ༔ཧཱུཾ་བཾ་ཧོ། ཏིཥྛ་བཛྲ། ཕྱག་བྱ་བ་ནི། དུས་གསུམ་རྒྱལ་བ་ཀུན་གྱིས་ནུས་མཐུའི་འཕྲུལ། །གཅིག་བསྡུས་ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ཡི། །དྲག་པོ་ཨེ་ཡི་དཀྱིལ་འཁོར་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཊི་ཨེ་ཧྱེ་ཧི་ཛ༔ཧཱུཾ་བཾ་ཧོ། ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོ༔ ནང་གི་མཆོད་པ་ནི། མྱོང་གྲོལ་དམ་རྫས་དང་སྦྱར་ཨ་མྲྀ་ཏ། །ཡེ་ཤེས་བདུད་རྩིའི་ངོ་བོར་བྱིན་བརླབས་འདི། །རྩ་(༤བ)


GLG023_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །བསྟན་སྲུང་རྒྱ་མཚོའི་ཚོགས་དང་བཅས་ལ་འབུལ། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཊི་ཨེ་ཧྱེ་ཧི་ཛ༔ཧཱུཾ་བཾ་ཧོ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི། དངོས་གྲུབ་བླང་བ་ནི། ཨཱོཾ་ཨཱཿཧཱུཾ། སླར་ཡང་རིགས་འཛིན་སྨྲ་བའི་འབབ་སྟེགས་ཁར། །བདེ་ཆེན་བདུད་རྩིའི་རོ་མཆོག་མྱང་བ་ཡི། །ཟིལ་གནོན་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས། །ཐོགས་པ་མེད་པར་མྱུར་དུ་སྩལ་དུ་གསོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨཱོཾ། ཝཀ་སིདྡྷི་ཨ༔ ཙིཏྟ་སིདྡྷི་ཧཱུཾ། རཀྟ་ནི། གདུག་ཅན་དགྲ་བགེགས་ཁྲག་གི་དངས་མའི་མཚོར། །མཁའ་དབྱིངས་པདྨ་རཀྟའི་འབབ་ལྡན་ཀུན། །གཅིག་བསྡུས་མཚམས་སྤྲིན་ལ་འགྲན་དབུ་ཕྲེང་དང་། །རབ་འཇིགས་རྦ་རླབས་ཆེར་གཡོའི་ཚོགས་རྣམས་འབུལ། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཊི་ཨེ་ཧྱེ་ཧི་ཛ༔ཧཱུཾ་བཾ་ཧོ། མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི། གཏོར་མ་འབུལ་བ་ནི། ཞིང་བཅུ་བསྒྲལ་བའི་ཤ་རུས་དབང་ལྔའི་རྡུལ། །རབ་བརྩེགས་དམར་ཆེན་བ་ལིཾ་སྤྲིན་ཆེན་དབང་། །རིན་ཆེན་སྣ་བཞི་ཀུན་བཟང་མཆོད་སྤྲིན་དུ། །དམིགས་ཏེ་ཟིལ་གནོན་འཁོར་དང་བཅས་ལ་འབུལ། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཊི་ཨེ་ཧྱེ་ཧི་ཛ༔ཧཱུཾ་བཾ་ཧོ། མ་ཧཱ་བྷ་ལིཾ་ཏ་པཱུ་ཛ་ཁཱ་ཧི། རང་སྣང་ཤེས་རབ་ཨེ་གསང་ཆུ་གཏེར་ཆེ། །ཐབས་ཀྱི་དྲན་པའི་ཀ་བའི་ལྷུན་པོ་ཡིས། །ལེགས་པར་བསྲུབས་ལས་བྱང་སེམས་བདུད་རྩི་མཆོག །འདུ་འཕྲོད་ཐོན་པའི་བདེ་ཆེན་རྒྱས་གྱུར་ཅིག །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཊི་ཨེ་ཧྱེ་ཧི་ཛ༔ཧཱུཾ་བཾ་ཧོ། མ་ཧཱ་མུ་དྲ་པཱུ་ཛ་ཁཱ་ཧི་ཧོ༔ དེ་ནས་བསྟོད་པ་ནི། རབ་འབྱམས་དུས་གསུམ་རྒྱལ་བ་མ་ལུས་པའི། །ཇི་སྙེད་གསང་གསུམ་ཡོན་ཏན་ཕུང་པོའི་ཚོགས། །མི་ཟད་སྐུ་གསུམ་ཁྲོ་རྒྱལ་གར་ཉམས་ཀྱིས། །རྒྱ་ཆེན་སྲིད་གསུམ་ལོག་འདྲེན་འཇོམས་ལ་བསྟོད། །བཀའ་ཡི་ལས་མཛད་ཡུམ་ཆེན་ཁྲག་མིག་མ། །སྲས་མཆོག་གཤེད་པོ་ཡ་མ་ར་ཙ་དང་། །འཇིགས་རུང་ལས་ཀྱི་གཤིན་རྗེར་བཅས་པ་ལ། །དང་(༥ན)


GLG023_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཕྱག་འཚལ་ལས་ཀུན་ཐོགས་མེད་སྒྲུབས། །བསྙེན་པ་བྱ་བ་ནི། ལྷ་ཚོགས་ཐུགས་ཀའི་ཧཱུཾ་གི་འོད་ཟེར་ལས། །ཕོ་ཉ་སྤྲུལ་པ་ཡང་སྤྲུལ་དཔག་མེད་འཕྲོས། །བདག་གཞན་བསྲུང་བྱའི་ཚེ་སྲོག་ཎིའི་རྣམ་པ། །སྡེ་བརྒྱད་རྣམས་ཀྱིས་བརྐུ་འཕྲོགས་ཡར་བ་སོགས། །སྲིད་རྩེ་མནར་མེད་བར་དུ་གར་ཡོད་ཀྱང་། །གནོད་བྱེད་ཚར་བཅས་ཚེ་སྲོག་ཧཱུཾ་ཡིག་གི །རྣམ་པར་བྱས་ལ་སོ་སོར་བསྟིམ་གྱུར་ཞིང་། །བདེ་གཤེགས་ཞི་ཁྲོའི་བྱིན་རླབས་སྡེ་བརྒྱད་ཀྱི། །སྲོག་སྙིང་ལྷག་མའི་ཚེ་སྲོག་འབྱུང་ལྔའི་བཅུད། །བཀུག་ལ་རང་གཞན་ལ་ཐིམ་སྟོབས་ལྡན་གྱུར། །ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས། །ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས། །གཱི་མ་ཡ་མ་དུ་རུ་ཙ་ཀྲས་སྲུངས། །སརྦ་ཙིཏྟ་གཟེར་ཐུམ་བྷྀག་ནན་ཏྲིག་ནན༔ རྦད་ཡ་བཟློག་ཡ༔ སཾ་གྷྲི་ཝ་རི་དག་དམིགས་ཡུལ་དང་བཅས་པ་ལ། སྲུངས་ཤིག་རཀྵ་རཀྵ་ཀུ་རུ་ཡེ་སྭཱཧཱ། ཞེས་སྔགས་ཐུན་དྲུག་གམ་བཞིར་བཅད་ལ་བཟླའོ། །དེ་ནས་བཟློག་པ་ནི། སྒྲུབ་པ་པོ་རྣམས་ཆས་གོས་ནག་པོ་གྱོན་ཞིང་། སྐྲ་དངོས་སམ་བཅོས་མའི་སྐྲས་ཀྱང་རུང་སྟེ། བཞིན་ལ་རྫས་ཀྱི་ཐིག་ལེ་དང་དྲག་པོའི་ང་རྒྱལ་དང་ལྡན་པས། འབྲུབ་ཁུང་བསྐྱེད་ཆོག་ནས་བཟུང་སྟེ་ལྷ་དབྱེའི་བར་ལས་བྱང་གནམ་ལྕགས་འཁོར་ལོ་ལྟར་བྱས་ལ་དེ་ནས་འདི་ལྟར་བརྗོད་དོ། །བླ་སྲོག་ཞུགས་པའི་ལིང་ག་དགྲ་དངོས་དེའི། ཁང་པར་གནམ་ལྕགས་འཁོར་ལོ་རྩིབས་བཞི་པ། །རྣོ་ངར་ལྡན་པས་བརྒྱངས་པས་གཡོ་འགུལ་མེད། །སྤྱི་བོར་ལམ་ལས་སུ་རི་ནག་པོ་ནི། །བང་རིམ་དགུ་པ་བོང་ཚད་རི་རབ་ཙམ། །མགོ་ཞབས་ལོག་པ་ཞིག་གིས་མནན་པའི་སྟེང་། །མཆོད་རྟེན་སྲུང་བའི་གུར་དང་བཅས་པར་གྱུར། །སྙིང་གའི་འཇམ་དཔལ་བཞི་ཡང་རབ་(༥བ)


GLG023_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་ཤིང་། །ཞལ་ཕྱིར་གཟིགས་ནས་བཟློག་པའི་ལས་མཛད་ལ། །ཐུགས་ཀ་བ་སྤུ་རྣམས་ནས་ཁྲོ་བོའི་ཚོགས། །མཚོན་ཐོགས་སྐར་ལྟར་འཁྲུག་ཅིང་གློག་ལྟར་འཁྲུག །བྱད་མ་ཕར་བཟློག་ཐལ་བ་ལྟར་བཏང་ཞིང་། སྟོབས་ཆེར་ཚུལ་བཟློག་རྣམས་ཀྱང་མཚོན་ཆས་གཏུབས། །བྱད་སྟེམས་ཕབ་ཅིང་རང་གཤེད་དབབ་པར་གྱུར། །ཨཱོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་བཟློག །ཧེ་ཀ་ཡ་མ་དུ་རུ་ཙཀྲས་བཟློག །གྷྲི་ར་ཡ་མ་དུ་རུ་ཙཀྲས་བཟློག །སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་བཟློག་ཡ། དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་རིག་སྔགས་ཀྱི་བསམ་སྦྱོར་ངན་པའི་གནོད་པ་ཐམས་ཅད་བྱད་མ་ཁོ་རང་གི་སྟེང་དུ་མཱ་ར་ཡ་བཟློག་ཡ། ཞེས་ཐུན་དྲུག་གམ་བཞིར་བཅད་ལ་བཟླས་རྗེས། ཐུན་འཇོག་ཁར། དགྲ་བོའི་ཤ་ལ་རྒྱུག །སྙིང་ལ་མཱ་ར་ཡ་རྒྱུག །དབུགས་ལ་རྒྱུག །སྲོག་ལ་མཱ་ར་ཡ་རྒྱུག །ཁྲག་ལ་རྒྱུག །རྩ་ལ་མཱ་ར་ཡ་རྒྱུག །ཧཱུཾ་ཕཊ། བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་བཟློག་ཡཱ། ཞེས་པ་འདི་སྔགས་གོང་མ་ལ་མང་ཉུང་འཚམ་པ་རེ་བཏགས་ཏེ་ཐུན་བསྒྲུབ་ཅིང་། དེ་ནས་ཐུན་བརྡེབ་པ་ནི། སྐྱབས་བྲལ་ལོག་པར་འདྲེན་པའི་དགྲ་བོ་དེའི། ཁོང་པའི་གནམ་ལྕགས་འཁོར་ལོ་དྲག་འཁོར་བས། །སྲོག་སྙིང་རྩ་ཁྲག་ཐམས་ཅད་རབ་འབད་ཅིང་། །སྟོབས་དང་ནུས་པ་གཟི་བརྗིད་ཉམས་པར་གྱུར། །མཚེ་ཡུངས་རྡོ་ལྕགས་ལ་སོགས་དྲག་པོའི་རྫས། །དུག་དང་ཁྲག་ཏུ་སྦོལ་ཏེ་དར་བཏགས་པ། །ཐོག་དང་སྣ་ཚོགས་མཚོན་ཆའི་ཆར་གྱུར་པ། །བཏབ་པས་ལུས་ཀུན་ཁྲོལ་མ་ལྟ་བུར་གྱུར། །དུག་དང་ནད་ཀྱི་རླངས་པ་རབ་རྒྱས་ཤིང་། །བརྟེན་པའི་ལྷ་དང་རྫས་སྔགས་འཁྲུལ་འཁོར་སོགས། ཁོ་རང་རྣམས་ཀྱིས་བྱས་པའི་སྦྱོར་བ་ཀུན། །དགྲ་བོ་འཁོར་བཅས་གསོད་པའི་གཤེད་དུ་གྱུར། །བཟློག་སྔགས་(༦ན)


GLG023_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཤམ་བུ་དང་བཅས་པས་ཐུན་བརྡེག་ཅིང་། དེ་ནས་རང་ཉིད་ཚེ་བདག་གསལ་བའི་ཕྱག་གཉིས་པོ། །ཟླ་བ་ཉི་མའི་དཀྱིལ་འཁོར་གྱུར་པའི་བར། །ལྷག་མར་ལུས་པའི་འོག་འདྲེན་དགྲ་སྡེའི་ཚོགས། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་གྱུར། །ཞེས་དམིགས་པ་དང་བཅས་པས་ཐུན་གཏོར་འཕང་། གཏང་རག་མཆོད་པ་ནི། ཁྲོ་རྒྱལ་ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །མ་ཧཱ་བྷ་ལིང་བདུད་རྩིའི་རྒྱ་མཚོ་ཆེ། །རཀྟ་ལ་སོགས་ཕྱི་ནང་གསང་བ་ཡི། །མཆོད་པ་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སྨོན་ལམ་ནི། བསྙེན་སྒྲུབ་ལས་གསུམ་ཡོངས་འདུ་ས་བརྡོལ་ལ། །བསྐྱེད་རིམ་ལོ་འདབ་འབྲས་བུར་བརྒྱས་ཤིང་གྲོལ་བྱེད་ལམ་གྱི་གང་བུ་གཡུར་ཟ་བ། །དངོས་གྲུབ་རྣམས་ཉིས་དགའ་སྟོན་རྒྱས་པར་ཤོག །ཤིས་བརྗོད་ནི། འདོད་དགུའི་འབྱུང་གནས་བླ་མ་ཡི་དམ་ལྷ། །དཔག་དཀའ་རབ་འབྱམས་ལས་སྒྲུབ་དམ་ཅན་ཚོགས། །ཕོ་ཉ་ལས་གཤིན་ལ་སོགས་འཁོར་བཅས་ཀྱིས། །བཀྲ་ཤིས་དགའ་སྟོན་དཔལ་ལ་རོལ་གྱུར་ཅིག །ཐུན་མཚམས་སུ། བསྲུང་བྱ་མ་ལུས་ཐུགས་ཀའི་ཧཱུཾ་ཡིག་གི །ཐིག་ལེར་ཐིམ་ཞིང་རང་ཉིད་གཤིན་རྗེ་གཤེད། །ཞལ་གཅིག་ཕྱག་གཉིས་འཁོར་ལོ་ལྕགས་ཀྱུ་འཛིན། ཁྲོ་བོའི་ང་རྒྱལ་དག་གིས་མཐའ་དག་བསྲུང་། །ཞེས་སྲུང་བཟློག་གཉིས་ཀྱི་གོ་རིམ་དངོས་སུ་བསྒྲིགས་པ་འདིས། །མནན་བསད་གཉིས་ཀྱི་ངག་འདོན་ཀྱང་རགས་རིམ་ཙམ་ཤུགས་ལ་ཤེས་པར་འགྱུར་ལ། འོན་ཀྱང་སྲུང་བཟློག་བསད་མནན་གྱི་ལག་ལེན་ཞིབ་མོ་ཞལ་ཤེས་དང་བཅས་པ་ནི། གཏེར་གཞུང་དང་སྒོ་བསྟུན་ཏེ་བརྒྱུད་ལྡན་གྱི་བླ་མ་དམ་པའི་གསུང་ལས་མྱང་དགོས་པའི་ཕྱིར། ངག་འདོན་ཙམ་ཡང་སྤྲོས་པ་མ་ཡིན་ནོ། །སྨྲས་པ། ལྔ་བརྒྱའི་དུས་མཐར་བསིལ་བའི་ལྗོངས་འདི་ན། །ཚིག་ཙམ་སྐྱབས་འཛིན་མཁས་དང་ཚུལ་འཆོས་བསྒོམ། །སྟབས་ལེགས་(༦བ)


GLG023_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་རུ་རློམ་པའི་རིགས་སྔགས་འཆང་། །བླུན་རྨོངས་སྐྱེ་བོའི་གཙུག་ཏུ་མངོན་པར་མཛེས། །རྒྱུད་རྒྱལ་མ་ཧཱ་ཡོ་གའི་རྒྱ་མཚོ་ལས། །གཤེད་སྐོར་ཡིད་བཞིན་དབང་གི་རྒྱལ་པོ་ཆེ། །འཛིན་པའི་ཁས་འཆེ་མང་ཡང་ཟབ་མོའི་གནད། །ཚུལ་བཞིན་ཤེས་པ་ཨུ་དུམ་ཝཱ་ར་བཞིན། །སྣོད་ལ་མི་ལྟ་བུ་སོགས་འགའ་ཞིག་ལ། །སྟོན་པའི་རིགས་ནས་དྲང་སྲོང་གསང་ཚིག་དང་། །ཕན་ཚུན་ཚིག་གཅོད་ངང་ལས་རང་ཤུགས་ཀྱིས། །ཤེས་པའི་རྟོག་གེའི་ཆོས་དང་འདི་མི་འདྲ། །ཚུལ་འདི་རིན་ཆེན་ལྟ་བུའི་གདུལ་བྱ་ཡིས། །ཐོག་མར་རྡོ་རྗེ་སློབ་དཔོན་རབ་བསྟེན་ནས། །སྙན་བརྒྱུད་ཟབ་མོ་སྒྲོ་འདོགས་ལེགས་དཔྱད་པས། །འདོད་དོན་དབང་གི་རྒྱལ་པོ་དེ་ནས་འགྲུབ། །དེ་ཕྱིར་བསམ་ཞིང་གནུབས་བན་ལོ་ཙཱ་བ། །ཟབ་གཏེར་སྤེལ་ལོ་སྔགས་འཆང་དུམ་པ་རྒྱ། །སྙན་བརྒྱུད་བཟུང་ངོ་རིགས་འཛིན་མངའ་རིས་པ། །བརྩེ་བས་བརྐྱངས་སོ་འཁོན་སྟོན་ཆོས་རྗེའི་ཞབས། །དེང་དུས་རིགས་རུས་སྟོབས་དང་ཟོག་རྫུན་གྱིས། །ཆེས་རབ་ཁེངས་ཀྱང་སྨྲ་བཅས་རྒྱ་ཡིས་བཅིངས། །ཟླ་བྲལ་ཟབ་གནད་འདི་ལ་གདེངས་ཐོབ་པས། །བསམས་ཤིང་བཀའ་དྲིན་དྲན་ནོ་ཡོངས་འཛིན་རྗེ། །དེ་ལྟར་ཡང་བཟློག་མེ་ཡི་སྤུ་གྲི་ཡི། །ལས་བྱང་སྔོན་མེད་འཁྱེར་བདེ་བཀླགས་ཆོག་འདི། །བཀོད་པས་བདུད་རིགས་མུན་པའི་སྲོག་བཅོམ་སྟེ། །ངེས་གསང་པད་ཚལ་ཆེས་ཆེར་རྒྱས་གྱུར་ཅིག །ཅེས་འཇམ་དཔལ་ཚེ་བདག་ནག་པོའི་ལས་མཐའ་ཡང་བཟློག་མེའི་སྤུ་གྲིའི་ལས་བྱང་། རང་གཤེད་དབབ་པ་རྡོ་རྗེའི་ཕ་ལམ་ཞེས་བྱ་བ་འདི་ཡང་། ཚུལ་འདིར་མོས་པའི་སྐལ་ལྡན་འགའ་ཞིག་ལ་ཕན་པར་འགྱུར་ཞིང་། ཁྱད་པར་དུ་ངེས་གསང་ཐེག་པ་མཆོག་ལ་གཅིག་ཏུ་གཞོལ་བའི་ཁྲིམས་ལྡན་འདུས་པའི་སྡེ། ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་སྐབས་སུ་འོས་པའི་ཉམས་ལེན་དུ་འཁྱེར་བདེ་བར་བསམས་ཏེ། ཟིལ་གནོན་དྲག་(༧ན)


GLG023_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་རྡོ་རྗེས། ཆོས་འཁོར་དཔལ་གྱི་ལྷ་སའི་བྱ་འདབས་དགའ་ལྡན་ཁང་གསར་དུ་བྲིས་པའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །

འཇམ་དཔལ་མེའི་སྤུ་གྲིའི་དམོད་པ་ཟོར་བསྐུལ་རྡོ་རྗེ་ཕ་ལམ་བཅས་པ།


GLG023_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་མེའི་སྤུ་གྲིའི་དམོད་པ་ཟོར་བསྐུལ་རྡོ་རྗེ་ཕ་ལམ་བཅས་པ་བཞུགས་སོ། །


GLG023_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་ཧཱུཾ་ཏྲིག་ཁྲོཾ་བྷོ༔ མ་ནི་མ་ར་ནི་བྷྱོ༔ མ་ར་དུན་བྷྱོ༔ ར་མ་ར་ག་ཤ་ན༔ ཏིང་ཡཱ་རཀྴ་བྷྱོ༔ མཱ་ར་ཡ༔ ཡ་མཱ་རཱ་ཙ༔ ཀཱི་ལཱ་ཡ་བྷྱོ༔ ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བླ་མ་རྡོ་རྗེ་འཛིན་པའི་བཀའ་བདེན་པ་དང་། ཕྱག་རྒྱ་ཟིལ་གནོན་ཚེ་བདག་ནག་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བཀའ་བདེན་པ་དང་། གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་རྣམ་པར་དག་པའི་བཀའ་བདེན་པ་དང་། རིགས་འཛིན་སྔགས་འཆང་བདག་གི་བཀའ་བདེན་པ་དང་། ཆོས་ཉིད་ངོ་བོ་ཀ་ནས་དག་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་ཅག་དཔོན་སློབ་སྐྱོབ་ཡུལ་དང་བཅས་པ་རྣམས་ལ་སྡང་བ་དང་སྡང་བའི་སེམས་དང་ལྡན་པ། གདུག་པ་དང་གདུག་པའི་སེམས་དང་ལྡན་པ། དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ། ལོ་རྒྱལ་པོའི་སྐེག་སྲི། ཟླ་བ་བློན་པོའི་སྐེག་སྲི། ཞག་དམག་མིའི་སྐེག་སྲི། དུས་ཚོད་མཚོན་ཆའི་སྐེག་སྲི། ཟ་ལམ་དུ་དུག་གཡོ་བ། ལུས་ལ་མཚོན་ཁ་གཏོད་པ། གཡུལ་འཁྲུག །འཐབ་རྩོད། ཁ་སྨྲས། སྨོད་མོ། ཆགས་ཆེ་བ། ཉམ་ང་བ། རྨི་ལམ་ངན་པ། མཚན་མ་ངན་པ། ལྟས་ངན་པ། དུས་མིན་འཆི་བ་ནད་དང་རིམས་དང་སྡེ་བརྒྱད་འབྱུང་པོའི་གནོད་པ་སོགས་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་བཟློག་བཟློག །བྱད་བཟློག་གཙོ་བོར་བྱེད་ཚེ་དམིགས་བསལ་ཡོད་ན་ཁྱད་པར་ཆེ་གེ་མོ་དང་། མེད་ན་བན་བོན་སྔགས་པས་བཏང་བའི་རྦད་འདྲེ་རྦོད་གཏོར་ཕར་ཕྱིན་བཀའ་མཐུའི་མདོ་སྒྲུབ། བྱད་ཁ་ཕུར་ཁ། མནན་གཏད། མདོས་ཟོར། ཧོམ་དང་


GLG023_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པར་བུ་རླུང་གི་འཁྲུལ་འཁོར་སོགས་རིག་སྔགས་ཀྱི་སྟོབས་དང་རྫུ་འཕྲུལ་དང་། ངན་སྔགས་ཀྱི་དཔལ་དང་། ཁོའི་ཆོས་སྐྱོང་སྲུང་མ་དང་བཅས་པ་ཐམས་ཅད་ཁོ་རང་གི་སྟེང་དུ་བཟློག་ཅིང་། རང་སྲོག་རང་གིས་ཆོད་ཅིག །རང་ཤ་རང་གིས་ཟོ་ཞིག །རང་ཁྲག་རང་གིས་འཐུང་ཞིག །རང་ནུས་རང་ལ་སྨིན་ཅིག །རང་མཚོན་རང་ལ་རྒྱོབ་ཅིག །རང་གཤེད་རང་ལ་ཕོབ་ལ་ཐལ་བའི་རྡུལ་ཕྲན་བཞིན་དུ་རློག་ཅིག །མཱ་ར་ཡ་བཟློག་བཟློག །བྷྱོ་བྷྱོ༔ ཟོར་བསྐུལ་བ་ནི། བྷྱོ༔ ལྕགས་སམ་བྷནྡྷའི་སྣོད་ནང་དུ། །འབྲུ་སྣ་ལྔ་ལ་ངར་ཕྱེ་བྱས། །དྲག་པོའི་བཤུས་བུ་ཟུར་གསུམ་བཞེངས། །མདའ་མདུང་མཚེ་ཡུངས་རྩངས་ཀྱིས་བརྒྱན། །མྱོས་བྱེད་དུག་དང་ཁྲག་གིས་བྱུགས། །རྩ་བར་འདོད་ཆགས་ཁྲག་མཚོ་འཁྱིལ། །ངོས་ལ་ཞེ་སྡང་མེ་དཔུང་འབར། །འོག་ཏུ་གཏི་མུག་མུན་པ་འཁྲིགས། །རྩེ་མོར་མཚོན་ཆའི་བུ་ཡུག་འཚུབ། །རྐེད་པར་གཤིན་རྗེའི་དམག་དཔུང་བསྡུས། །གཤིན་རྗེ་རོལ་པའི་གཏོར་ཟོར་འདི། །འཕངས་པ་གཤིན་རྗེ་ཉིད་ཀྱིས་འཕངས། །བརྡེག་པ་དམ་ཉམས་དགྲ་ལ་བརྡེག །དགྲ་ཁམས་ཐལ་བའི་རྡུལ་དུ་རློག །ཟོར་སྔགས་བཟློག་སྔགས་དང་བཅས་པ་བརྗོད། །ཟབ་རྒྱ༔ ༔མངྒ་ལཾ།། །།

འཇམ་དཔལ་ཚེ་བདག་ནག་པོའི་བཟློག་དཀྱིལ་ལ་མཁོ་བའི་སྔོན་འགྲོའི་ཆོ་ག་ཉུང་ངུ་རྣམ་གསལ།


GLG023_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཚེ་བདག་ནག་པོའི་བཟློག་དཀྱིལ་ལ་མཁོ་བའི་སྔོན་འགྲོའི་ཆོ་ག་ཉུང་ངུ་རྣམ་གསལ་བཞུགས་སོ།།


GLG023_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་འདབ་སྟོང་ཐུགས་རྗེའི་ཉི་མ་ཡིས། །བཞད་པའི་དྲིན་ཅན་བླ་མ་རྡོ་རྗེ་སེམས། །ཡིན་པར་ངེས་རྙེད་སངས་རྒྱས་ཐོབ་ནས་ཀྱང་། །གཙུག་ཏོར་རྩེ་མོར་རིགས་ཀྱི་བདག་པོར་བཞུགས། །དེ་ལ་འདིར་འཇམ་དཔལ་དུས་དགྲའི་དབང་པོའི་དྲག་པོ་ཟོར་གྱི་འཕྲིན་ལས་སྒྲུབ་པ་ལ་ཉེ་བར་མཁོ་བ་རྡུལ་ཚོན་ལ་བརྟེན་པའི་བཟློག་དཀྱིལ་འདྲི་བ་ལ། དེ་ཡང་མདོས་གཏོར་གྱི་བཟློག་དཀྱིལ་བསྡུས་པའི་རིགས་ཕལ་ཆེར་ལ་ཐིག་ཚོན་གྱི་ཆོ་ག་སོགས་པར་བཀབ་མི་མཛད་པ་རྙིང་མ་ཕྱོགས་སུ་དར་སོ་ཆེ་ཡང་ཞིབ་མོར་དཔྱོད་པ་རྣམས་ཀྱིས་སྔོན་འགྲོའི་ཆོ་ག་རྒྱས་བསྡུས་ཇི་ལྟར་འོས་པ་མཛད་པས་དེ་ལའང་ས་བརྟག་བསླང་སྦྱང་གསུམ་སོགས་དཀྱིལ་ཆོག་རྣམས་སུ་ཕྱག་ལེན་མི་འདྲ་བ་སྣ་ཚོགས་བྱུང་བ་ལས་ཤེས་པར་ནུས་ཤིང་འདིར་དེ་དག་གི་སྤྲོས་པ་དོར་ཏེ་མེད་དུ་མི་རུང་བའི་རིམ་པ་ལག་ཁྲིད་དུ་གཏོང་བ་ལ། ས་བསླང་བ། ཐིག་ཚོན་བརླབ་པ། ཆག་ཆག་འདེབས་པ། ཐིག་གདབ་པ། ཚོན་བཀྱེ་བ་དང་ལྔ་ལས། དང་པོ་ས་བསླང་བ་ནི། ལས་བྱང་སྔོན་དུ་བཏང་ཟིན་དང་མ་ཟིན་ན་རྒྱས་བསྡུས་ཅི་རིགས་པའི་གཞུང་བསྲངས་ཏེ་འཛབ་བཟླ། དཀྱིལ་འཁོར་འདྲི་བའི་ས་དེར་གཏོར་མ་དཀར་(༢ན)


GLG023_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གཉིས་བཤམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་སྡེ་བརྒྱད་གཞི་བདག་ཞིང་སྐྱོང་གདོན་བགེགས་ཀྱི་ཚོགས་དང་བཅས་པ་བཛྲ་ཨཾ་ཀུ་ཤ་ཛཿས་བཀུག་དཀར་གཏོར་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བརླབ། ཕྱོགས་སྐྱོང་སྡེ་བརྒྱད་རྣམས་དང་ཁྱད་པར་ཡུལ་ཕྱོགས་ས་ཕྱོགས་འདི་ཀུན་ན་གཉུག་མར་གནས་པའི་གཞི་བདག་ཞིང་སྐྱོང་གཙང་ཕུད་ལ་དགའ་བ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་བདག་ཅག་རྣམས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་འཕྲིན་ལས་ཟབ་མོ་ཉམས་སུ་ལེན་པ་ལ་བར་གཅོད་མི་འབྱུང་བའི་དགེ་བའི་སྟོང་གྲོགས་མཛོད་ཅིག །ཅེས་བཀའ་བསྒོ། ནག་ཕྱོགས་ཤ་ཁྲག་ལ་དགའ་བ་ལན་ཆགས་དང་གནོད་བྱེད་ཀྱི་གདོན་བགེགས་ནམ་མཁའ་ལ་འཕྱོ་བ། བར་སྣང་ལ་རྒྱུ་བ། ས་གཞི་ལ་འགྲིམ་པ། འབྱུང་བ་ལ་བརྟེན་པ། སྐྱོ་འགྲིབ་ལ་གབ་པ། བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་པ་ཆེན་པོ་མཐོང་ཐོས་མི་བཟོད་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་བྱམས་པའི་སེམས་ཀྱིས་སོ་སོ་རང་རང་གི་གནས་དང་རྟེན་ལ་(༢བ)


GLG023_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་སྤྲིན་རབ་འབྱམས་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་ཕྱེ་མར་བརླག་པར་འགྱུར་རོ། །བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས་ཞེས་སོགས་ཀྱི་མཐར། ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག །རོལ་མོ་དྲག་པོ་དང་བཅས་ཕྱིར་བསྐྲད། དུར་ཁྲོད་མཚོན་ཆ་མེ་རི་ཁྲོ་བོ་འཁྲིག །ཅེས་སོགས་ཀྱིས་སྲུང་འཁོར་བསྒོམ། གཉིས་པ་ཐིག་ཚོན་བརླབ་པ་ནི། དཀྱིལ་འཁོར་བྱ་བའི་དབུས་སུ་ཀ་པཱ་ལའམ་རིན་པོ་ཆེའི་སྣོད་ལྔའི་དབུས་སུ་རྡུལ་ཚོན་སྔོན་པོ། ཤར་དུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ་རྣམས་ལ་རྡོ་རྗེའི་རྩེས་རིམ་པ་བཞིན་དུ་ཧཱུཾ་མཱུཾ། ཨཱོཾ་ལཱཾ། སྭཱ་མཱཾ། ཨཾ་བྱཾ། ཧཱ་ཏཱཾ་རྣམས་འདྲི། ཚོན་མདོག་དང་མཐུན་པའི་ཐིག་སྐུད་སོ་སོར་བཀོད། ཕྱི་མཆོད་ལྔ་དང་ནང་མཆོད་གསུམ་བཤམ། ལས་བྱང་ལྟར་མཆོད་རྫས་རྣམས་བརླབ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་ཐིག་ཚོན་རྣམས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ས་བོན་རྣམས་ཡོངས་སུ་གྱུར་པ་ལས་དབུས་སུ་མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་དང་བཅས་པའི་ས་གནོན་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ནམ་མཁའ་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་བ། ཤར་དུ་རྣམ་སྣང་དཀར་པོ་ཕྱག་གཉིས་འཁོར་ལོ་དྲིལ་བུ་དང་བཅས་ཏེ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ཡུམ་སངས་རྒྱས་སྤྱན་མ་དང་མཉམ་པར་སྦྱོར་བ། ལྷོར་རིན་འབྱུང་སེར་པོ་གཡས་རིན་པོ་ཆེ་ཆ་དགུ་པ་དང་བཅས་པའི་མཆོག་སྦྱིན་དང་གཡོན་དྲིལ་བུ་འཛིན་པས་ཡུམ་མཱ་མ་ཀི་དང་མཉམ་པར་སྦྱོར་བ། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་བཅས་ཏེ་པདྨ་(༣ན)


GLG023_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དང་དྲིལ་བུ་འཛིན་པས་ཡུམ་གོས་དཀར་མོ་དང་མཉམ་པར་སྦྱོར་བ། བྱང་དུ་དོན་གྲུབ་ལྗང་གུ་གཡས་རྒྱ་གྲམ་དང་བཅས་པའི་སྐྱབས་སྦྱིན་དང་གཡོན་དྲིལ་བུ་འཛིན་པས་ཡུམ་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བ། ལྔ་གའང་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པའི་དཔྲལ་བར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་ཨཱོཾ་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསམ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨ་ཧ་ར་ཨ་ཧ་ར་ནས་ཤཔྟ་པྲ་ཏཱི་ཙྪ་སྭཱཧཱས་མཆོད། ཇགས་མཇུག་ཏུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཧཱུཾ། གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །ས་གནོན་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལ། །སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་རྣམ་དག་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད། །ཕྱག་འཚལ་རྣམ་པར་སྣང་མཛད་ལ། །རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །མཆོག་སྦྱིན་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་རིན་ཆེན་འབྱུང་གནས་ལ། །་མཐའ་ཡས་རྡོ་རྗེ་ཆོས་ཀྱི་དོན། །སོར་རྟོགས་ཡེ་ཤེས་རྡོ་རྗེའི་སྐུ། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །དོན་གྲུབ་རྡོ་རྗེ་བསྐྱོད་པའི་རླུང་། །བྱ་གྲུབ་ཡེ་ཤེས་རྡོ་རྗེའི་སྐུ། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་མཛད། །(༣བ)


GLG023_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་རྡོ་རྗེ་དོན་གྲུབ་ལ། །ཞེས་བསྟོད། ཐིག་སྐུད་ལ་དམིགས་ནས། ཨཱོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏཱཿ སརྦ་དྷརྨཿཔ་ར་སྥ་ར་ཨ་ནུ་པྲ་ཝཱིཥྚ། སརྦཿདྷརྨ། ཨཱོཾ་ཨཱཿཧཱུཾ་ཞེས་བཟླ། ཚོན་ལ་དམིགས་ཏེ། ཨཱོཾ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ་ཞེས་བཟླ། རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་རྒྱུན་བབས་ཐིག་ཚོན་སོ་སོ་ལ་ཐིམ་པས་ཡེ་ཤེས་ལྔའི་ཐིག་དང་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རྡུལ་ཚོན་དུ་བསམ། སེམས་ཅན་ཁམས་རྣམས་དག་བྱའི་ཕྱིར། །འདི་ནི་མེ་ལོང་བྱིན་རླབས་སོ། །སེམས་ཅན་ཁམས་རྣམས་དག་བྱའི་ཕྱིར། །འདི་ནི་ཆོས་དབྱིངས་བྱིན་རླབས་སོ། །སེམས་ན་ཁམས་རྣམས་དག་བྱའི་ཕྱིར། འདི་ནི་མཉམ་ཉིད་བྱིན་རླབས་སོ། །སེམས་ཅན་ཁམས་ནི་དག་བྱའི་ཕྱིར། །འདི་ནི་སོར་རྟོག་བྱིན་རླབས་སོ། །སེམས་ཅན་ཁམས་རྣམས་དག་བྱའི་ཕྱིར། །འདི་ནི་བྱ་གྲུབ་བྱིན་རླབས་སོ། །ཞེས་བརྗོད་པས། ལྷ་ཚོགས་རྣམས་འོད་དུ་ཞུ་ནས་ཐིག་ཚོན་སོ་སོ་ལ་ཐིམ་པར་བསམ། གསུམ་པ་ཆག་ཆག་གདབ་པ་ནི། ཧཱུཾ། རང་བྱུང་བདུད་རྩི་ཡེ་ཤེས་ལ་ལྡན་པས། །འཇམ་དཔལ་གཤིན་རྗེའི་རིགས་མཆོག་བསྒྲུབ་པའི་ཕྱིར། །བཀའ་གསུང་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར། །དམ་རྫས་གསང་བ་བདུད་རྩིའི་ཆག་ཆག་འདེབས། །ཨོཾ་མ་ཧཱ་ཨ་མྲྀ་ཏ་པཉྩ་མཎྜ་ལ་སརྦ་སཾ་ཤོ་དྷ་ན་ཡེ་སྭཱཧཱ། ཞེས་དཀྱིལ་འཁོར་གྱི་གཞི་ཀུན་ཏུ་ཁྱབ་པར་བྱུགས་ལ་གུ་གུལ་གྱིས་བདུག་ཅིང་། ས་གཞི་ཡེ་ཤེས་ལྔའི་རང་བཞིན་དུ་བསམ། བཞི་པ་ཐིག་གདབ་(༤ན)


GLG023_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཧཱུཾ། འཇིག་རྟེན་ཁམས་ནི་མ་ལུས་པ། །རྒྱལ་བའི་སྲས་པོ་འཇམ་དཔལ་དབྱངས། །སངས་རྒྱས་དཀྱིལ་འཁོར་མ་ལུས་ཀུན། །བྱང་ཆུབ་སེམས་ནི་གཅིག་ཏུ་གྱུར། །ཅེས་པས་སྐུད་པ་ལྔ་ཕྱོགས་གཅིག་ཏུ་དྲིལ་བ་ལ། ཐིག་སྐུད་རྣམས་ཡེ་ཤེས་ལྔའི་སྲད་བུར་བསམ། རང་ཉིད་ཤར་དུ་བལྟ་ཞིང་ལས་ཀྱི་རྡོ་རྗེ་ལ་ཐིག་སྣ་གཏད་ལ། ཧཱུཾ། སྟོང་གསུམ་བརྡལ་བ་ཡུམ་གྱི་གཞལ་ཡས་སུ། །ཐུགས་རྗེ་འགྱུར་མེད་ཡབ་ཀྱི་ཐིག་བཏབ་པས། །ཐབས་དང་ཤེས་རབ་གཉིས་མེད་བྱང་སེམས་ཀྱིས། །རབ་བྱམས་རྒྱལ་བའི་དཀྱིལ་འཁོར་མཁའ་ལ་གསལ། །བྷྲུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་མཎྜ་ལ་བྷྲཱུཾ། ཞེས་ཡེ་ཤེས་ཀྱི་ཐིག་ཐིག་བསྐོར་དང་བཅས་ཏེ་སློབ་དཔོན་དང་སློབ་མའི་སྤང་བྱ་མ་ནོར་བར་འདེབས། ལས་ཐིག་ནི། དཀར་ཆལ་གྱིས་ཚངས་ཐིག་དང་ཟུར་ཐིག་བཏབ་ལ་ལྟེ་བ་ནས་ཆ་ཆེན་གཅིག་གིས་བསྐོར་བའི་ནང་དུ་སླར་ཡང་ཆ་ཕྲན་གཅིག་གིས་བསྐོར་བ་ཐོད་ར། དེའི་དབུས་སུ་གྲུ་གསུམ་རྩེ་མོ་ཕྱོགས་ཅན་གྱི་ཁ་བྱང་བསྟན་ཟླ་གམ་གསུམ་དང་བཅས་པའི་ཕྱི་རོལ་དུ་ཆ་ཆེན་གཅིག་གིས་བསྐོར་བའང་ཕྱེད་དུ་ཐོད་རས་དགོས་པའི་ནང་མ་ལ་ཟུར་ཐིག་གི་གཡས་གཡོན་ནས་བཅད་པའི་ཐོད་མཁར་བཞི། ཕྱི་མ་ལ་འཁོར་ལོ་རྩིབས་བརྒྱད། དེའི་ཕྱིར་ཆ་ཕྲན་གཉིས་ཀྱིས་བསྐོར་བར་ལྕགས་མཁར་གྲུ་གསུམ་རྩེ་མོ་ནང་དུ་བསྟན་པ་ཕྱོགས་ཀྱི་སྟོད་སྨད་གཉིས་དང་མཚམས་བཞིར་རེ་རེ། དེའི་ཕྱིར་མུ་ཁྱུད་ཆ་ཕྲན་ཕྱེད་ཀྱིས་བསྐོར་བ། དེའི་ཕྱིར་ཁྱམས་ཀྱི་དོད་མུ་ཁྱུད་ཆ་ཕྲན་ཕྱེད་གཉིས་ཀྱིས་བསྐོར་བ། དེའི་ཕྱིར་ཆ་ཆེན་གཅིག་གིས་བསྐོར་བ་མུ་ཁྱུད་དེའི་སྟེང་དུ་གྲུ་གསུམ་བཅུ་དྲུག་རྩེ་མོ་ཕྱིར་(༤བ)


GLG023_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་འོབས་ཁུང་བཅུ་དྲུག །དེའི་ཕྱིར་རྡོ་ར་ལ་ཆ་ཆེན་ཕྱེད་དང་མེ་རི་ལ་ཆ་ཆེན་གཅིག་གིས་བསྐོར་བ། དེའི་ཕྱི་རོལ་ཏུ་མ་ཏྲཾ་མགོ་བོ་མདུན་དུ་བསྟན་པ་འདྲི། རྒྱས་པར་སྤྲོ་ན་སྒོམ་དོན་ལ་དཀྱིལ་འཁོར་ཡོངས་རྫོགས་མཛད་པས་དེ་དོན་ལྟར་བྱེད་ན་ལྟེ་བ་ནས་ཆ་ཆེན་གསུམ་གྱི་སར་རྩ་ཐིག་གདབ། ནང་གི་མུ་ཁྱུད་ལ་བཅར་བའི་ཁྲག་ཁྱམས་གྲུ་བཞིར་འདོན། ལོགས་ཐིག་ནས་རྩིག་པ་ལ་ཆ་ཕྲན་གཅིག །འདོད་སྣམ་ལ་ཆ་ཕྲན་གཉིས། ཕ་གུ་ལ་ཆ་ཕྲན་གཅིག །དྲ་བ་དྲ་ཕྱེད་ལ་ཆ་ཕྲན་གཉིས། ཤར་བུ་དང་། མདའ་ཡབ་ལ་ཆ་ཕྲན་རེ་སྣམ་བུ་བརྒྱད་ལ་ཆ་ཕྲན་རེ་རེ་ཡོད་པའི་སྣམ་བུ་དང་པོ་གསེར་གདུང་ཀ་རྒྱན་གྱི་མཐའ་དང་མཉམ་པ། གཉིས་པ་རྟ་རྐང་དང་གསུམ་པ་ཆུ་སྐྱེས་གཉིས་དེ་ལས་ཆ་ཕྲན་གཅིག་གིས་རིང་བ། བཞི་པ་རིན་ཆེན་དེ་ལས་གཉིས་ཀྱིས་ཐུང་བ། ལྔ་པ་སྒྲོམ་བུ་དེ་ལས་གཅིག་གིས་རིང་བ། དྲུག་པ་ཟ་ར། བདུན་པ་པདྨ། བརྒྱད་པ་མདའ་ཡབ། གསུམ་པ་ཆ་ཕྲན་རེ་རེས་ཐུང་བ། འཇུག་པ་བདེ་བར་བྱེད་ན་གླང་རྒྱབ་ནི་ལྟོ་བའི་ཞེང་སྒོ་ཚད་གཅིག་གཡས་གཡོན་གཉིས་གཉིས་པོར་ཆ་ཕྲན་གཉིས་རེ་དེ་འཛོམ་མཚམས་ནས་རྩེའི་ཟད་མཐའི་བར་སྒོ་ཚད་གཅིག་ཕྱིར་ཆ་ཕྲན་གཅིག་གི་སར་རྒྱན་པ་ཏྲ་འདྲི་བར་ཕྱག་ལེན་ལ་ཡོད་པར་སྣང་། འཁོར་ལོ་རྩིབས་བརྒྱད་པ་གདུགས་རི་དགས་དང་བཅས་པ་རྒྱས་པར་སྒྱུ་འཕྲུལ་ལྟར་གླང་རྒྱབ་གུ་ན་དྷ་རི་ནི་ཚངས་ཐིག་གི་གཡས་གཡོན་དུ་སྣམ་བུ་དང་པོར་ཆ་ཕྲན་ཕྱེད་བཞི་གཉིས་པ་དང་གསུམ་པ་གཉིས་ལ་དྲུག་དྲུག་བཞི་པ་ལ་བཞི་ལྔ་བར་གསུམ་དྲུག་པ་ལ་དེ་ནས་བདུན་པའི་ནང་ཐིག་གི་ཚངས་ཐིག་རྩེར་རེག་པ། ཆོས་འཁོར་ལ་ཆ་ཆེན་གཅིག །པད་ར་ཆ་ཕྲན་གཉིས། འོབས་ཁུང་(༥ན)


GLG023_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུར་ཁྲོད་ལ་ཆ་ཆེན་རེ། རྡོ་ར་མེ་རི་དང་ནང་ཐིག་གོང་དང་འདྲ། ལྕགས་སྡིག་ལྟར་བྱེད་ན་ལྟེ་བ་ནས་ཆ་ཆེན་ཕྱེད་གཉིས་ཀྱིས་བསྐོར་བའི་ནང་དུ་སླར་ཡང་ཆ་ཕྲན་གཅིག་གིས་བསྐོར་བ། ཐོད་ར་དེའི་དབུས་སུ་གྲུ་གསུམ་ཆེ་བ། དེའི་ལྟེ་བ་ཟླུམ་པོར་བསྐོར་བ་གླིང་དགུར་བཅད་པའི་དབུས་སུ་གྲུ་གསུམ་བཏོན་པ་གཙོ་བོའི་གནས། ཐོད་རའི་ཕྱི་རོལ་ནས་ཆ་ཕྲན་གཉིས་ལ་འཁོར་ལོ་རྩིབས་བཅུ་གཉིས། དེའི་ཕྱིར་ཆ་ཕྲན་གཉིས་གྲུ་བཞིར་བཏབ་པའི་གྲུ་ཆད་བཞིར་གྲུ་གསུམ་སུམ་བརྩེགས་རྩེ་མོ་ནང་བསྟན། དེའི་ཕྱིར་ཆ་ཕྲན་གཉིས་ཀྱིས་བསྐོར་བའི་ཁྱམས་ཀྱི་ལོགས་རེར་གྲུ་གསུམ་ཅུང་ཟད་ཆེ་བ་རེ་དང་གཡས་གཡོན་དུ་བཞི་རེ་རྩེ་མོ་ནང་བསྟན། དེའི་ཕྱིར་འོབས་ཁུང་ནས་མེ་རིའི་བར་གོང་དང་མཚུངས་ཤིང་། དཀྱིལ་འཁོར་སྒོ་རྫོགས་བྱེད་ན་ལྕགས་འདྲ་ལ་སྒྱུ་འཕྲུལ་དང་མཐུན་པར་རྟ་བབས་སྣམ་བུ་བརྒྱད་མཛད་ཀྱང་འདིར་རྟ་བབས་སྣམ་བཞི་མར་བཞེད་པ་ཤས་ཆེ་བས། ནང་ཐིག་ཁྱམས་གྲུར་གཅོད་ཅིང་རྩིག་པ་ནས་མདའ་ཡབ་ཀྱི་བར་ལྕགས་འདྲ་ལྟར་ལ་རྟ་བབས་སྣམ་བུ་བཞིར་ཆ་ཕྲན་རེ། ང་པོའི་མཐའ་ཚད་ལ་ཆ་ཆེན་བཞི་གཞན་གསུམ་རིམ་གྱིས་ནང་དུ་ཆ་ཕྲན་རེ་འདུམས་པའོ། །བུམ་མགོ་མ་བཏོན་གཤིས་འཁོར་ལོ་གདུགས་བཅས་ལ་ཆ་ཆེན་གཉིས། ལུགས་གཉིས་ཀ་ལ་ཞིང་ལྤགས་ཀྱི་རྒྱལ་མཚན་དང་བ་དན་སོགས་དུར་ཁྲོད་ཀྱི་རྒྱན་གྱིས་མཛེས་པ་པད་རྡོར་མེ་གསུམ་དུག་གསུམ་གྱི་དག་བྱ་དག་བྱེད་དུ་གསུངས་པས་པད་ར་དོར་བའང་འཐད་པར་མི་སེམས་ཤིང་དུར་ཁྲོད་ཀྱང་ལས་བྱང་སྲུང་འཁོར་གྱི་ཚིག་གིས་ཐོན་པའོ། །ལྔ་པ་ཚོན་བཀྱེ་བ་ནི། གྲུ་གསུམ་མཐིང་ནག་ཟླ་གམ་གསུམ་ཁྲག་ཁྱམས་མཚོན་པའི་དམར་པོ། (༥བ)


GLG023_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ར་རྣམས་དཀར། ཐོད་མཁར་ནང་ཁྱམས་དམར་པོའམ་ཡང་ན་ལྗང་གུ། འཁོར་ལོ་རྣམས་སེར། མཆན་རྣམས་སྔོ། མུ་ཁྱུད་མཛེས་ཚོན། ལྕགས་མཁར་གྲུ་གསུམ་སྔོ། ཁོང་གསེང་དམར། ཕྱི་ཁྱམས་ཕྱོགས་མདོག །མུ་ཁྱུད་གཞི་ནག་གི་སྟེང་དུ་འོབས་ཁུང་དམར་ནག །རྡོ་ར་གཞི་ནག་ལ་རྡོ་རྗེ་སེར་པོ། མེ་རི་ཁ་དོག་སྣ་ཚོགས་པ། སྒོ་རྫོགས་སུ་བྱེད་ན། གྲུ་ཆད་ཕྱོགས་མདོག་དང་བར་ཁྱམས་དམར། རྩིག་པ་ནས་མདའ་ཡབ་ཀྱི་བར་སྤྱི་དང་མཐུན། རྟ་བབས་སྣམ་བུ་བརྒྱད་མར་དང་པོ་གསེར་གདུང་སེར། གཉིས་པ་རྟ་རྐང་སྔོ། གསུམ་པ་ཆུ་སྐྱེས་དམར། བཞི་པ་རིན་ཆེན་མཐིང་། ལྔ་པ་སྒྲོམ་བུ་སྣ་ཚོགས། དྲུག་པ་བཟར་སྔོ། བདུན་པ་པདྨ་དམར། བརྒྱད་པ་མདའ་ཡབ་དཀར། འཁོར་ལོ་དང་རི་དྭགས་སེར། གདུགས་དཀར། པདྨའི་ལྟེ་བར་ཁྲག་རིས་འདྲི། ལྕགས་སྡིག་ལ་མི་འདྲ་བའི་ཁྱད་པར་དབུས་ཀྱི་གྲུ་གསུམ་ཕྱི་ཁྱམས་དམར། ལིང་ཚེའི་ཕྱོགས་བཞི་སྔོ། མཚམས་བཞི་དང་མུ་ཁྱུད་རེ་ཁཱ་སེར། འཁོར་ལོ་བཅུ་གཉིས་སྔོན་པོ། མཆན་ཁྲག་ཁྱམས། གྲུ་ཆད་ཕྱོགས་མདོག་འདྲི། ལྷ་མཚན་ནི། འབྲུ་ནག་ལྷ་གྲངས་ཚོམ་བུ་དགོད་ཅེས་པའི་དོན་ལྟར་བྲ་བོ་ཁྲག་གིས་སྦགས་པ་དབུས་སུ་གཙོ་བོ་ལ་ཆེ་བ་གཅིག །ཟླ་གམ་ལ་སྤྲུལ་པ་གསུམ། ཐོད་མཁར་ལ་གཤེད་བཞི། རྩིབས་ལ་མོན་བདུད་བརྒྱད། ལྕགས་མཁར་ལ་འཆི་བདག་བཅུ་གཉིས། ཕྱི་ཁྱམས་ཀྱི་དོད་ལ་སྒོ་བ་བཞི། འོབས་ལ་འོབས་སྲུང་བཅུ་དྲུག་རྣམས་མ་ནོར་བར་དགོད། ལྕགས་སྡིག་ལྟར་ན་གླིང་དགུའི་དབུས་སུ་གཙོ་བོ། ཤར་ནས་རིམ་བཞིན་ཕྱག་རྡོར། སྲས་མཆོག །རུས་སྦལ། སྒྲོལ་ཡུམ། ཤར་ལྷོ་ནས་སེང་གེ །སྟག །སྦྲུལ། ཁྱུང་། ཟླ་གམ་གསུམ་ལ་སྤྲུལ་པ་གསུམ། འཁོར་(༦ན)


GLG023_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བཅུ་གཉིས་ལ་ཕྱོགས་བཞིར་གསང་གཤེད་བཞི། དེ་རྣམས་ཀྱི་གཡས་བཞི་ལ་ནང་གཤེད་བཞི་གཡོན་བཞི་ལ་ཕྱི་གཤེད་བཞི། གྲུ་ཆད་ཀྱི་ཤར་ལྷོ་ནས་བརྩམས་ཏེ་བཅུ་གཉིས་ལ་འཆི་བདག་བཅུ་གཉིས། ཁྱམས་ཀྱི་ཕྱོགས་བཞིའི་དབུས་སུ་སྒོ་བ། དེའི་གཡས་གཡོན་དུ་བཞི་རེ་དགོད་དགོས་པ། ཤར་དུ་བརྒྱད་ལ་བདུད། ལྷོའི་བརྒྱད་ལ་གཤིན་རྗེ། ནུབ་ཀྱི་བརྒྱད་ལ་མ་མོ། བྱང་གི་བརྒྱད་ལ་གནོད་སྦྱིན། དེའི་ཕྱིར་འོབས་ཁུང་བཅུ་དྲུག་ལ་འོབས་སྲུང་རྣམས་མ་ནོར་བར་དགོད་དོ། །དེ་ཡང་ས་མ་དུལ་བས་རྗེན་པ་སོགས་སུ་བྱེད་དགོས་བྱུང་ན་ས་བརྟག་བསླང་སྦྱང་གཟུང་སོགས་དགོས་ཤིང་འདི་ནི་གཙུག་ལག་ཁང་དང་རྒྱལ་པོའི་ཕོ་བྲང་གིས་མཚོན་པའི་དུལ་མར་བྱེད་པའི་དབང་དུ་བྱས་ནས་འཇུག་བདེ་ཙམ་དུ་བཀོད་ལ། གཏོར་བཟློག་ཏུ་མ་ཟད་དབང་གི་སྐབས་ཀྱང་སྤྲོས་པ་ཆུང་བར་འདོད་ན་ལྷ་མཚན་དགོད་ལུགས་ཙམ་མ་གཏོགས་འདི་ཁོ་ནས་ངེས་དོན་བདེ་འཇུག་གི་མཛེས་རྒྱན་དུ་འགྱུར་རོ། །ལུགས་སྲོལ་འདི་ལ་སྔོན་གོམས་བག་ཆགས་དང་། །ཚེ་འདིར་སྦྱངས་པའི་ས་བོན་ཡོངས་སྨིན་པས། །ལེགས་བཤད་ས་ཧ་ཀ་རའི་སྙེ་མའི་བཅུད། །མྱང་འདོད་རྡོ་རྗེའི་སྤུན་རྣམས་དགྱེས་དགུར་རོལ། །ཅེས་འཇམ་དཔལ་ཚེ་བདག་ནག་པོའི་བཟློག་དཀྱིལ་འབྲི་བ་ལ་ཉེ་བར་མཁོ་བའི་ཆོག་སྒྲིགས་ཉུང་ངུ་རྣམ་གསལ་འདིའང་ཟོར་ལས་གནམ་ལྕགས་ཐོག་མདའ་ལྷན་ཐབས་སུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ།། །།མངྒ་ལཾ།།

འཇམ་དཔལ་ཚེ་བདག་ནག་པོའི་ཟོར་གྱི་ལས་རིམ་གནམ་ལྕགས་ཐོག་མདའ།


GLG023_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཚེ་བདག་ནག་པོའི་ཟོར་གྱི་ལས་རིམ་གནམ་ལྕགས་ཐོག་མདའ་བཞུགས་སོ། །


GLG023_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་ཡབ་གྱུར་འཇམ་དཔལ་ཚེ་བདག་དང་། །དབྱེར་མེད་དྲིན་ཅན་བླ་མའི་ཞབས་ཀྱི་རྡུལ། །མི་ཕྱེད་དད་པའི་གཙུག་ཏོར་རྩེར་བཀོད་ནས། །ཟོར་གྱི་ལས་རིམ་གནམ་ལྕགས་ཐོག་མདའ་འདྲི། །དེ་ཡང་ལས་བྱང་དང་ཟོར་ལས་གཉིས་སོ་སོར་བཀོད་པ་འཁྲུལ་གཞི་ཆུང་ཞིང་ཉམས་སུ་བསྟར་བདེ་བར་མངོན་པས། ལྕགས་སྡིག་བཟློག་གཞུང་ཐེམས་མང་ལས། །དང་པོར་སྔགས་པ་བསྙེན་རྫོགས་པས། །ཞིང་ཆེན་གདན་ལ་མཎྜལ་དབུལ། །འབྲུ་ནག་ལྷ་གྲངས་ཚོམ་བུ་དགོད། །ཅེས་སོགས་གསུངས་པ་ལྟར་བཟློག་དཀྱིལ་རྒྱས་འབྲིང་བསྡུས་གསུམ་གང་རུང་དང་བཟློག་གཏོར་ཕྱག་ལེན་རྒྱས་བསྡུས་མི་འདྲ་བ་འགའ་ཞིག་ཡོད་པ་ཇི་ལྟར་རིགས་པ། ཟོར། མཆོད་གཏོར་སོགས་བདག་མདུན་གཉིས་ཀར་དགོས་པའི་ཆས་དང་ཡོ་བྱད་རྣམས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཤམ། ཐོག་མར་འཁོར་འདས་མཚམས་དབྱེ་བའི་རོལ་མོ་རྒྱས་འབྲིང་བསྡུས་གསུམ་གང་ཡང་རུང་བ་བྱ། དེ་ནས་འཇམ་དཔལ་རྫོགས་ཆེན་གྱི་སྐྱབས་འགྲོ་ནས་བཟུང་ཡན་ལག་བརྒྱད་པ་མཚམས་གཅོད་ཀྱི་སྤྲིན་རབ་འབྱམས་འཕྲོ་བ་(༢ན)


GLG023_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པར་གྱུར་ཅེས་བརྗོད། བགེགས་གཏོར་བཤམས་ལ་རྡོ་རྗེ་སློབ་དཔོན་གྱིས་བསྔོ། བདག་ཉིད་ཁྲོ་རྒྱལ་མ་ནས་མཆོད་རྫས་བྱིན་རླབས་ཀྱི་བར་སོང་ནས་བདག་མདུན་གཉིས་མེ་ལོང་ལ་གཟུགས་སྒྲུབ་ཆེན་ལ་ཐོག་མར་ངོ་བོ་དབྱེར་མེད་བྱས་ནས་མཐར་འཛབ་ཁང་དབྱེ་བའི་གནད་ཤེས་དགོས་ཀྱང་གཏོར་བཟློག་ལ་ཐོག་མ་ནས་ཞལ་སྤྲོད་བྱེད་པས་མ་འདྲེས་པར་གལ་ཆེ། བརྙན་ཤར་བ་ལྟར་གྱེར་བསྒོམ་ཚུལ་དུ་སྟོང་ཉིད་བསྒོམ་པ་ནས། འདོད་ཡོན་ནང་མཆོད་ཀྱི་མཇུག་ཏུ་མཆོད་པའི་རྔ་ཚིག་ཆེན་མོ་ཕྱག་ལེན་བཞིན་བྱ། འཛབ་ཀྱི་ཚེ་ཨ་ཀྲོ་བཅུ་བདུན་མ། སྐུ་གསུང་ཐུགས་སྔགས། ཨྱེ་རིང་རྣལ་མ། གཟིར་བ་གཡུ་སྤྱང་དང་བཟློག་པ་གཡུ་སྤྱང་བཏགས་པ་རྣམས་མང་ཉུང་ལོང་སྐབས་དང་བསྟུན་ནས་བཟླ་ཞིང་བྱས་པ་བཤིག་པ་སོགས་ལས་གཞན་སྦྱར་དགོས་ཡོད་ན་མན་ངག་བཞིན་བྱེད། འཛབ་རྫོགས་མཚམས་སུ་དམོད་མོ་བྱ་ཞིང་ཐལ་མོ་བརྡབ་དངོས་གྲུབ་བླངས། གཏོར་མར་སྨན་རག་སྦྲན། བསྟོད་པ་བཏང་། གཏོར་མ་དང་ཁྲག་སྐྱེམས་ལ་དམིགས་ནས། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། ཨཱོཾ་ཨཱཿཧཱུཾ་གིས་གཏོར་མ་ཤ་ཁྲག་བདུད་རྩིའི་རང་བཞིན་དུ་བསམ། སྒྲུབ་པའི་ཐོག་མཐའ་གཉིས་ལ་འཇུག་པ་བདེ་ཕྱིར་མཆོད་(༢བ)


GLG023_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་གསལ་སྒྲོན་གྱི་རྒྱན་ལྷ་ཡན་མཛད་སྲོལ་འདུག་ནའང་ཐོག་མ་ནས་ཚང་མ་བཏང་བ་མི་འགལ་བར་སེམས་ཤིང་གཏོར་བཟློག་ལ་ཐལ་བ་བཞིན་དུ་རབ་ཏུ་རློག །ཅེས་པའི་མཇུག་ཏུ། བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད། །ཅེས་དང་མནན་སྲེག་འཕང་བ་སོགས་ལ་ཁ་བསྒྱུར་བ་གནད་དུ་ཆེ། ཐུགས་སྤྲུལ་གྱི་ཁྱུང་བསྐུལ་རྗེས་སུ་ཉིན་དང་པོར་རྭ་ཟོར་གྱི་ངར་འདོན་ནི། སླ་ངའི་ནང་དུ་གཟུགས་གསུམ་པོ་བཤམས་པར་རཀྟ་སྦྲན། ཚོགས་ཐ་མ་ཇི་ལྟ་བ་ལ་ཕུར་འདེབས་ཀྱི་ཚབ་ཏུ་རྭ་ཟོར་སྙིང་གར་བསྣུན་པའི་སྟང་ག་ཙམ་གྱིས་གནས་སྤར་ནས་མི་གསོད་མྱོང་བས་གཏུབས་རྗེས་སྨན་རཀ་སྒྲོན་ཏེ་ཞལ་སྟོབ་དཀྱུས་ལྟར་བྱེད། རྭ་ཟོར་སྒྲུབ་ལུགས་མན་ངག་དང་ཕྱག་ལེན་བཞིན་ཉམས་སུ་བསྟར། བསྐུལ་རྫོགས་མཚམས་སུ་མཱ་ར་ཡའི་དྲག་བརྡུངས་དང་བསྟུན་གཏོར་མ་ཁྲག་སྐྱེམས་འབུལ་ཁར་རྡོ་རྗེ་སློབ་དཔོན་གྱིས་མེ་ཏོག་འཐོར་བ་དང་བཅས་བསྟན་འགྲོའི་བདེ་སྐྱིད་དང་སྒྲུབ་པ་པོ་ཡོན་མཆོད་འཁོར་དང་བཅས་པའི་སྒོས་ཀྱི་འདོད་གསོལ་རྒྱས་པར་བྱེད་ཅིང་འདིས་མཚོན་གཏོར་མ་ཕྱིར་འབུལ་བ་རྣམས་ལ་རིགས་འདྲེ། གཏེར་སྲུང་སོགས་ཆོས་སྐྱོང་གི་བསྐང་གསོ་ནས་ཚོགས་བར་པའི་བར་དཀྱུས་བཞིན་གཏོང་། དེ་ནས་གདབ་ལས་རྒྱས་པར་སྤྲོ་ན་ཤོག་ལིང་ཟན་ལིང་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལྟར་བཤམ། རྡོ་རྗེ་སློབ་དཔོན་གྱིས་གསེར་སྐྱེམས་བྱིན་གྱིས་བརླབ། ཁྲོ་རོལ་ཆོག་སྒྲིགས་བདུད་སྡེའི་གཡུལ་ལས་རྒྱལ་བའི་སྒྲ་དབྱངས་ནས་བླངས་པའི་ཞི་ཁྲོ་བཀའ་བརྒྱད་ལྷ་ཞེས་པ་འཇམ་དཔལ་ཚེ་བདག་ནག་པོ་དང་དཔལ་མགོན་ནག་པོ་མ་ནིང་ཆེ། སྟག་ཞོན་མཐུ་ཆེན་སྡེ་བཞི་པོར་བསྒྱུར། འབྲུབ་ཁུང་བསྐྱེད་པ་ནི། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་ཨེ་(༣ན)


GLG023_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ནག་གཅིག་ཆད་མདུན་དུ་འཕྲོས་ཡོངས་སུ་གྱུར་པ་ལས། དུག་དང་ཟངས་ལྕགས་ཁྲོ་ཆུ་ལས་གྲུབ་པའི་ཁང་སྒྲོམ་མེ་འབར་བ་གྲུ་གསུམ་པ་བང་རིམ་དགུ་དང་ལྡན་པ། ཁ་ཁྱར་ཡངས་ཤིང་གཏིང་ཟབ་པ་དེའི་ནང་དུ་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ་ཞེ་སྡང་གི་མེ་རླུང་འཚུབ་པ། གཏི་མུག་གི་མུན་པ་འཁྲིགས་པ། མཚོན་ཆའི་དྲག་ཆར་འབབ་པ། ནད་ཀྱི་ན་བུན་འཐིབས་པ། དུག་གི་རླངས་པ་སྔོ་དམར་དུ་འཕྱོ་བ། ཁྲག་གི་སེར་ཆེན་འབབ་པ། གཤིན་རྗེའི་སྐྱེས་བུ་དཔག་ཏུ་མེད་པ་རྒྱུག་པ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་ཀྱིས་གང་བ། གཞན་ཡང་སྤྲུལ་པའི་ཕོ་ཉ་འཇིགས་སུ་རུང་བ་རྣམས་ནི་སེང་གེ་ལྟར་རྔམ་པ། སྟག་ལྟར་མཆོང་བ། འབྲོང་ལྟར་འགྱིང་བ། ཁྲ་ལྟར་འཛུལ་བ། སྦྲུལ་ལྟར་འཁྱུག་པ། འདྲེ་སྲིན་ལྟར་ངུར་བ། འགོང་པོ་ལྟར་སྨྱོ་བ། སྲིན་བྱ་ལྟར་རྒོད་པ། ཝ་མོ་ལྟར་བརྒྱལ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། སོད་སོད་དང་རྒྱོབ་རྒྱོབ་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། དེའི་ནང་དུ་བསྐལ་པ་སྟོང་གི་མུན་པ་འཁྲིགས་པ། ཕྱི་ནས་བསྐལ་པ་སྟོང་གི་མེ་འབར་ཞིང་རླུང་ནག་འཚུབ་པ། གཤིན་རྗེའི་ཞིང་ཁམས། བཤན་པའི་ཕོ་བྲང་། སྲོག་གཅོད་ཀྱི་གྲོང་ཁྱེར། སྲིད་པ་ལས་ཀྱི་གཞན་ཡས་ཁང་ཆེན་པོ། དགྲ་བོ་ཕྱིན་མ་ཐག་ལྷ་དང་འབྲལ་ཞིང་གཤེད་དུ་འབེབས་པ། ལས་ངན་ཐམས་ཅད་རྣམ་པར་སྨིན་པར་བྱེད་པའི་བཙོན་ཁང་དྲག་པོ། དེའི་དབུས་སུ། སངས་རྒྱས་ཀྱི་བསྟན་དགྲ །དཀོན་མཆོག་གི་སྤྱི་དགྲ །བླ་མའི་སྐུ་དགྲ །རྣལ་འབྱོར་གྱི་སྒོས་དགྲ །དམིགས་པའི་དགྲ་བོ་གང་གི་རྣམ་པར་ཤེས་པ་ཪྣྲི་དུད་ཁ་ཡོངས་སུ་གྱུར་པ་ལས། དམ་ཉམས་པའི་དགྲ་བོ་དེ་དག །ཉམ་ཆུང་བ། སྒྱིད་པ་ཕྲ་བ། སྐྲ་གཟིངས་པ། (༣བ)


GLG023_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ནག་ཅིང་བམ་པ། མྱ་ངན་གྱི་ཕྱག་རྒྱ་ཅན། བུ་ག་དགུ་ནས་ཁྲག་དང་རྣག་འཛག་པ། ཁ་ནས་སྲིད་ཀྱི་སྒྲ་སྒྲོག་པ། བསྲུང་ཞིང་སྐྱོབ་པའི་ལྷ་དང་བྲལ་ཞིང་གཤེད་དུ་བབས་པ། གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། དེའི་འོག་ཏུ་ཞིང་ཆེན་གྱི་ས་གཞི་བརྡལ་བ། མཚོན་ཆ་སྣ་ཚོགས་གཟེངས་ཏེ་འདུག་པ། དྲག་པོའི་ཚ་ཚ་ཆིལ་ལི་ལི་འཁོལ་བ། དེའི་འོག་ཏུ་རཀྟའི་རྦ་རླབས་འཁྲུག་ཅིང་ཞིང་ཆེན་གྱི་རྦ་ཉིལ་ཉིལ་འཕྱོ་བ། དེའི་འོག་ཏུ་བསྐལ་པའི་མེ་རླུང་དམར་ནག་འུར་འུར་འབར་བ། དེའི་འོག་ཏུ་བསྐལ་བའི་རླུང་སྤུ་གྲི་སོ་རྒལ་ཆིལ་ལི་ལི་འཁྲུག་པ། དེའི་འོག་ཏུ་དྲག་པོ་ཆོས་ཀྱི་དབྱིངས་ནམ་མཁའི་དཀྱིལ་འཁོར་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར། དགྲ་བོ་ཐམས་ཅད་གཏན་ནས་རླག་པར་བྱེད་པ། མཐའ་དང་དབུས་མེད་པའི་རང་བཞིན་དུ་གྱུར། རང་གི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་འཕྲོས་པས། གནོད་བྱེད་དགྲ་བགེགས་ཐམས་ཅད་ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གང་དུ་གནས་ཀྱང་སྐད་ཅིག་གིས་བཀུག་པར་གྱུར། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེར་གཤེགས་རྒྱལ་བ་ཞི་ཁྲོ་དམ་ཅན་རྒྱ་མཚོའི་ཚོགས་སྤྱི་དང་ཁྱད་པར་འཇམ་དཔལ་ཚེ་བདག་ནག་པོ་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་ལས་ཀྱི་གཤིན་རྗེ་འཆི་བདག་བྷེ་ཝ་ས་ཏྭ་འཁོར་ལྷ་སྲིན་སྡེ་བརྒྱད་དང་བཅས་པའི་བདེན་པ་དང་། སྔགས་འཆང་རྣལ་འབྱོར་བདག་གི་ལྷ་སྔགས་ཡེ་ཤེས་ཀྱི་(༤ན)


GLG023_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པའི་བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས་སངས་རྒྱས་བསྟན་པའི་སྤྱི་དགྲ །དཔལ་ལྡན་བླ་མའི་སྐུ་དགྲ །རིགས་འཛིན་རྣལ་འབྱོར་མཆེད་ཀྱི་སྒོས་དགྲ །རྒྱུ་སྦྱོར་སྦྱིན་པའི་བདག་པོའི་རྐྱེན་དགྲ །སེམས་ཅན་ཡོངས་ལ་འཚེ་བ་ཁྱད་པར་སྔགས་འཆང་བདག་ཅག་དཔོན་སློབ་རྒྱུ་སྦྱོར་ཡོན་གྱི་བདག་པོ་འཁོར་དང་བཅས་པ་རྣམས་ལསྔ་དགྲ་ལག་ལ་དར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་གནོད་ཅིང་འཚེ་བ། ངོ་ཕྱར་གདོད་ནས་བསྡོ་བ། ཁ་འཇམ་ཐབས་ཀྱིས་གནོད་པ། གཡུལ་འཁྲུག་གྲོས་ངན་བཤོམས་པ། དུག་དང་མཚོན་ཁ་གཏོད་པ། མཐུ་བྱད་རྦོད་གཏོང་བྱེད་པ་སོགས་མདོར་ན་བསམ་པ་ངན་པ་ཡིད་ལ་འཆང་ཞིང་སྦྱོར་བ་རྩུབ་མོར་སྟོན་པ་རྣམས་ཀྱི་བླ་སྲོག་ཚེ་གསུམ་དང་བཅས་པ་གནམ་ས་གླིང་བཞི་གླིང་ཕྲན། རི་རབ་ཀྱི་ཁོང་གསེང་། ཉི་ཟླའི་གོང་བར་ཆོས་བོན་སྲུང་མ་རྣམས་ཀྱིས་བསྐྱབས་པའི་མཚན་བཅས་དང་མཚན་མེད་ཀྱི་བསྲུང་བའི་འཁོར་ལོ་སོགས་གང་ན་གནས་ཀྱང་དམིགས་རྟེན་གི་ལིངྒ་འདི་ཉིད་ལ་ཁུག་ཅིག་ཨྱེ་རིང་གི་རཀྴ་མོནྟའི་མཚམས་སུ། བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜ་ཧོ༔ བཛྲ་པྲ་བེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨ། ཞེས་དྲག་རོལ་གྲོ་གའི་རྩི་སྒྲ་དང་བཤུག་པའི་འབོད་སྒྲ་དང་རྫས་དུད་གཡབ་དར་ཚམ་ངམ་དང་བཅས་པ་གསུམ་བདུན་ཉེར་གཅིག་སོགས་ཇི་ལྟར་རིགས་པ་བྱ། གྲུ་གསུམ་ཨེ་ཡི་སྣོད་ནང་དུ། ཞེས་སོགས་ཤློ་ཀ་ཕྱེད་གཉིས་བརྗོད། གཟུ་དཔང་ནི། ཧཱུཾ། བདག་ཉིད་སངས་རྒྱས་བསྟན་ལ་རབ་བཞུགས་ཏེ། །དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས་སུ་སོང་། །རིགས་བདུན་སོ་སོ་ཐར་པའི་སྡོམ་པ་བླངས། །བྱང་ཆུབ་མཆོག་གི་བསམ་པ་བརྟེན་པོར་ལྡན། ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པའི་རྩ། །རྡོ་(༤བ)


GLG023_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སློབ་དཔོན་ཁོང་གི་སྙིང་ལྟར་བཟུང་། །དེ་ཡི་སྐུ་ལ་མ་བརྙས་གསུང་མ་བཅག །ཐུགས་རྒྱུད་མ་དཀྲུགས་གུས་བརྟེན་དམ་མ་དྲལ། །ཐེག་དགུ་རྒྱུད་སྡེའི་དཀྱིལ་འཁོར་ལྷ་ཚོགས་དང་། །བསྟན་སྲུང་དམ་ཅན་རྒྱ་མཚོ་ཕྱི་ནང་གི །རྒྱུད་གཞུང་མན་ངག་ཐོས་བསམ་སྒོམ་པ་དང་། །སྨོན་གྲོལ་བསྐྱེད་རྫོགས་བསྙེན་སྒྲུབ་ཚུལ་བཞིན་སྤྱད། །ཆོས་ལོངས་སྤྲུལ་སྐུའི་སྟོན་དང་རྟེན་ཅིང་འབྲེལ། །ཟུང་འཇུག་རྒྱུ་འབྲས་ལྡན་པའི་ཆོས་བསྟན་པ། །གདུལ་བྱའི་བསགས་པས་ཐག་པ་གྲུབ་མཐའ་སྒོ། །མཐའ་ཡས་དུ་མར་གོ་ཡང་ངོ་བོར་གཅིག །ཀུན་ལ་རིས་མེད་དག་སྣང་རྩལ་སྦྱངས་ཤིང་། །བདག་བསྟོད་གཞན་སྨོད་ཆགས་སྡང་ཚེར་མ་སྤངས། །རང་གིས་ཚུལ་བཞིན་དམ་ཆོས་སྤྱོད་པ་ལ། །བན་སྔགས་བོན་དགྲ་ནག་པོས་འཚེ་བ་དང་། །རང་ཟས་སྨན་དང་གཞན་ཟས་དུག་ལྟར་བལྟས། །དམན་པའི་ས་བཟུང་ཁས་ཉེན་དཔུང་པ་དམད། །མཐོ་ལ་མ་སྨད་དམན་ལ་མ་བརྙས་ཤིང་། །བར་དུ་ཕྲག་དོག་རུ་ངའི་སྦྱོར་སྤངས་ཀྱང་། །བསྟན་པའི་རུ་དྲ་ནག་པོ་གླང་སྙིང་འདིས། །སྤྱིར་ནི་སངས་རྒྱས་བསྟན་པ་ཡོངས་ལ་འཚེ། །སྒོས་སུ་དཔལ་ལྡན་བླ་མའི་ཐུགས་རྒྱུད་དཀྲུགས། །ཡང་སྒོས་བདག་ཅག་ཆོས་སྲིད་བཅས་པ་ལ། །བདེན་པ་ཁྱད་བསད་རང་གནོད་ཁོང་སྐྲན་བཅས། །ངོར་རྩུབ་མ་བདེ་ཐབས་ཀྱིས་མཐའ་ནས་བསྐུམ། །རང་ནུས་མ་ཐོན་ལོག་འདྲེན་གཞན་དག་རྦོད། ཁ་དཀར་ཞེ་གནག་མགོ་སྨོད་སྒབ་ནས་རྩུབ། །མ་བྱས་བྱས་དང་མ་བྱུང་བྱུང་ཞེས་པའི། །ལེགས་བསུབ་ཉེས་སྒྲོག་ཡ་ཁ་ངན་སྨྲས་སྦོར། །རྒྱབ་ནས་འདེད་ཅིང་མདུན་ནས་འགུགས་པ་དང་། །ཟུར་ནས་གསོད་གཅོད་རྐུ་འཕྲོག་རྡེག་བྱེད་ཅིང་། །རང་གི་ཆོས་སྲིད་འབྱོར་པས་མ་ངོམས་པར། །གཞན་ལ་ཕྲག་དོག་བསྟན་ལ་བསྙེངས་པ་ཡི། །(༥ན)


GLG023_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་དགྲ་ཞེ་སྡང་མེ་ལྟར་འབར་བ་དང་། །ནང་དགྲ་བསམ་ངན་རླུང་ལྟར་འཚུབ་པ་ཡི། །སྔ་དགྲ་ཉེས་བྱེད་ཆུ་ལྟར་རྒྱུག་པ་དང་། །ཕྱི་དགྲ་བྱེད་སེམས་དུག་ལྟར་ཁོང་དུ་གཡོ། །ད་དགྲ་དྲག་པོ་ཚེར་ལས་རྩུབ་པ་ཡི། །བྱད་མ་དགྲ་བོ་ཕྱོགས་མཚམས་གར་གནས་ཀྱང་། །འཇིག་རྟེན་འདས་དང་མ་འདས་ཚུལ་འཛིན་པའི། །བསྟན་སྲུང་དམ་ཅན་རྒྱ་མཚོ་དྲེགས་པའི་འཁོར། །བསྟན་དང་བསྟན་འཛིན་རྣལ་འབྱོར་ལ་གདུང་བའི། །རྔམ་དྲག་འབར་བ་དཔལ་གྱི་ཕོ་ཉ་རྣམས། །རྒྱལ་བའི་བཀའ་དང་རྣལ་འབྱོར་དམ་བཞིན་འདུས། །ཉེས་བྱེད་དགྲ་བོའི་གཟུགས་ཕུང་རྣམ་ཤེས་བཅས། །ཕ་ཚན་ཡུལ་འཁོར་མི་ནོར་སྡེ་དཔུང་རྣམས། །རང་དབང་མེད་པར་དྲག་པོའི་རྟེན་ལ་ཕོབ། །དེ་ནས་དགྲ་བོའི་བླ་རྒྱུ་བའི་དུས་དྲུག་དང་བླ་རྟགས་བརྒྱད་ལ་ཕོ་ཉ་བརྒྱད་བསྐུལ་ཏེ་འགུགས་པ་ནི་གཡབ་དར་དང་བཅས་ནས། ཧཱུཾ་བྷྱོ། ད་ནི་བསྒྲལ་བའི་ཐུགས་དམ་དུས་ལ་བབ། །ད་ལྟ་ནམ་གྱི་སོང་ལ་བབ་དུས་འདིར། །ཆོམ་རྐུན་ལས་ལ་འགྱེད་པའི་དུས་ཡིན་པས། །དམ་ཉམས་དགྲ་བོའི་བླ་ཚེ་འཁྱམ་པའི་དུས། །བླ་ཚེ་འཁྱམ་པོ་ད་ལྟ་ཁྲིད་ལ་ཤོག །བྷྱོ། ད་ལྟ་ནམ་གྱི་གུང་ལ་བབ་དུས་འདིར། །སེམས་མེད་འབྱུང་བ་ཆུ་ཡང་གཉིད་ལོག་གི །དགྲ་བོ་ལས་ངན་སྡིག་ཅན་གཉིད་ལོག་པའི། །བླ་ཚེ་འཁྱམ་པོ་ད་ལྟ་ཁྲིད་ལ་ཤོག །བྷྱོ། ད་ལྟ་ནམ་གྱི་ཐོ་རངས་བབ་དུས་འདིར། །དགྲ་བོའི་བླ་ཚེ་འཕྱོ་ཞིང་འཕྲོ་བའི་དུས། །དམ་ཉམས་དགྲ་བོའི་བླ་ཚེ་འཕྱོ་བའི་དུས། །བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག །བྷྱོ། ད་ལྟ་ནམ་ལངས་ཉི་མ་ཤར་དུས་འདིར། །མི་ཕྱུགས་ཐམས་ཅད་ལས་ལ་གྲམ་པའི་དུས། །དགྲ་བོའི་བླ་ཚེ་སྒོ་རུ་ཐོན་པའི་དུས། །བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག །བྷྱོ། ད་ལྟ་ཉི་མའི་གུང་ལ་(༥བ)


GLG023_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བབ་དུས་འདིར། །དགྲ་ཀུན་རྣམ་ཤེས་བྱིང་ཞིང་མྱོས་པའི་དུས། །དགྲ་བོའི་བླ་ཚེ་འཐོམ་ཞིང་འཁྱམ་པའི་དུས། །བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག །བྷྱོ། ད་ལྟ་ཉི་ནུབ་གྲིབ་སོ་ཕོག་དུས་འདིར། །སྙིང་མི་དགའ་ཞིང་ཤེས་པ་འཕྱོ་བའི་དུས། །དགྲ་བོའི་བླ་ཚེ་རྣམ་ཤེས་འཕྱོ་བའི་དུས། །བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག །བྷྱོ། བླ་འཁྱམ་ལས་ངན་འཕྱོ་བའི་དུས་དྲུག་ལ། །བླ་གཤེད་ཕོ་ཉ་ཁྱེད་རྣམས་མྱུར་དུ་རྒྱུག །མགོན་མེད་བྱེའུ་ཕྲུག་རྒྱ་ཁྲས་ཟིན་པ་ལྟར། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམ་མི་རུ་བརྫུ་བ་ན། །ཕོ་ཉ་གནོད་སྦྱིན་སྲིན་པོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམ་ཤ་བར་བརྫུ་བ་ན། །ཕོ་ཉ་གསེར་གྱི་སྟག་མོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམ་སྒོ་བར་བརྫུ་བ་ན། །ཕོ་ཉ་ལྕགས་སྡོང་ནག་པོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམ་ལུག་ཏུ་བརྫུ་བ་ན། །ཕོ་ཉ་ལྕགས་ཀྱི་སྤྱང་མོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམ་ར་རུ་བརྫུ་བ་ན། །ཕོ་ཉ་བྱུ་རུའི་ཁྱི་མོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམ་བྱ་རུ་བརྫུ་བ་ན། །ཕོ་ཉ་བྱ་རྒྱལ་ཁྱུང་དུ་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམ་གླ་བར་བརྫུ་བ་ན། །ཕོ་ཉ་གསེར་གྱི་འཕར་བར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམ་བོང་བུར་བརྫུ་བ་ན། །ཕོ་ཉ་ཟངས་ཀྱི་དྲེད་མོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །བྷྱོ། དམ་ཉམས་དགྲ་བོའི་བླ་རྟགས་བརྒྱད་པོ་ལ། །ཕོ་ཉ་བརྒྱད་ཀྱི་གཉེན་པོར་སྐུ་སྤྲུལ་ལ། །འབྲུབ་ཁུང་འཁོར་བའི་བཙོན་ཁང་འདིའི་ནང་དུ། །དམ་ཉམས་ལིངྒའི་རྟེན་ལ་བླ་སྲོག་ཁུག །བླ་སྲོག་གསུམ་ལ་དྲག་པོའི་ཕུར་པས་ཐོབ། །ཕུར་མཚོན་དཔལ་གྱིས་ལུས་སེམས་ཕྱེ་མར་ཐོད། །དགྲ་བོའི་བླ་སྲོག་སྟེང་དུ་མཱ་ར་ཡ། །སྲོག་རྩ་དམར་པོ་རྦད་ཀྱིས་ཆོད་ལ་ཤོག །བླ་འཁྱམ་ལས་ངན་སྟེང་དུ་མཱ་ར་ཡ། །ར་དང་ལུག་དང་བོང་བུ་རྣམ་པ་གསུམ། །བླ་རྟགས་ཡིན་པས་མྱུར་དུ་ཁྱེར་ལ་ཤོག །སོ་དང་སེན་མོ་པགས་པ་རྣམ་(༦ན)


GLG023_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ། །ཕྱི་རྟགས་ཡིན་པས་མྱུར་དུ་ཁྱེར་ལ་ཤོག །རྣ་བ་ལྕེ་དང་མིག་དང་གསུམ་པོ་ནི། །དབང་པོ་ཡིན་པས་མྱུར་དུ་ཁྱེར་ལ་ཤོག །གློ་བ་སྙིང་དང་མཆིན་པ་གསུམ་པོ་ནི། །དོན་སྙིང་ཡིན་པས་མྱུར་དུ་ཁྱེར་ལ་ཤོག །མཉེ་མ་རྒྱུ་མ་མཁལ་མ་གསུམ་པོ་ནི། །ནང་ཁྲོལ་ཡིན་པས་མྱུར་དུ་ཁྱེར་ལ་ཤོག །ཤ་ཁྲག་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད། །ཨྱེ་མྱགས་ཀྱི་མཐར། ཆེ་གེ་མོ་ཨཱ་ཀརྵ་ཡ་ཧཱུཾ་ཛཿཛཿཨཱ་ཡུརྫྙཱ་ན་ཨ་ཀརྵ་ཡ་ཧཱུཾ་ཛཿཛཿཏྲི་ཡཾ་ནི་ཨཱ་ཀརྵ་ཡ་ཧཱུཾ་ཛ༔ཛཿ རཱུ་པ་སྐནྟ་ཨཱ་ཀརྵ་ཡ་ཧཱུཾ་ཛཿཛཿཞེས་དང་། ཨྱེ་མྱགས་ཀྱི་གཤམ་དུ། དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུལ་ཐུལ། མྱོགས་མྱོགས། ཡེང་ཡེང་། ཤ་མ་རུ་ཏི་ཁུག་ཁུག །ལིང་མྱོགས། ལིང་ཤག །ལིང་ཐུམས། ཙ་མུན་ཏྲི་ཛཿཧཱུཾ་བཾ་ཧོཿ ཞེས་རྟགས་མ་བྱུང་གི་བར་བྱ། དེ་ནས། ལྷ་དང་དབྱེ་བ་ནི། ལས་ཀྱི་གཤིན་རྗེའི་གཤེད་པོ་ཐམས་ཅད་དང་། ཁ་ཁ་མུ་ཁ་མཐིང་ནག་བྱ་རོག་གདོང་། །ཧུ་ལུ་མུ་ཁ་སེར་ནག་འུག་པའི་གདོང་། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དམ་ཉམས་དགྲ་བགེགས་མི་ནོར་འཁོར་བཅས་འདི། །སྐྱོབ་པའི་དགྲ་ལྷ་ལུས་དག་སྲུང་བ་ཕྲོལ། ཁྱོ་དང་ཆུང་མ་ཕ་དང་བུ་གཉིས་ཕྲོལ། །གཉེན་དང་ཉེ་དུ་ཕོ་བོ་ནུ་བོ་བྲོལ། །དགྲ་ལྷ་སྤྱི་གཙུག་ཕོ་ལྷ་ཕྲག་པ་གཡས། །ཡུལ་ལྷ་ཕྲག་གཡོན་སྲོག་ལྷ་སྙིང་གི་དཀྱིལ། །ཞང་ལྷ་ལྟེ་ཁུང་མ་ལྷ་གསང་བའི་གནས། །འགོ་བའི་བན་བོན་ལྷ་སྲུང་ཚོགས་རྣམས་ཀུན། །ཏིང་འཛིན་སྔགས་དང་རྫས་ཀྱི་འཁྲུལ་འཁོར་མཐུས། །སྐྱོབ་པའི་ལྷ་དང་ཕྲོལ་ལ་བདུད་དང་སྤྲོད། །རང་གཤེད་རང་ལ་དབབ་སོགས་དྲག་པོའི་ལས། །ཐོགས་པ་མེད་པར་མྱུར་དུ་སྒྲུབ་པར་མཛོད། །ཨྱེ་མྱགས་ཀྱི་མཐར། ཆེ་གེ་མོ་དྷེ་ཝ་ཀ་པ་ཡེ། ཨེ་ཛ་ལ་ཛ་ལ། ར་ཙ་ཕྱེ་ར་ཙ་ཕྱེ་ཨ་ཤག་ཤག་(༦བ)


GLG023_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མ་ཕྱེ་ཡ་ཡ་མ་ཕྱེ་ཡ། སྤུ་ཏ་སྤུ་ཏ་ཕུས་ཕུས། ལང་ལང་། སེང་སེང་། ཕུས་ཕུས། ཆེ་གེ་མོ་ཡུལ་ལྷ་དང་ཕྱེ། དགྲ་ལྷ་དང་ཕྱེ། སྲོག་ལྷ་དང་ཕྱེ། ཕོ་ལྷ་དང་ཕྱེ། མ་ལྷ་དང་ཕྱེ། ཞེས་དང་། ཨྱེ་མྱགས་ཀྱི་གཤམ་དུ། མ་མ་ཏྲག་མཱ་ར་ཡ་ཕྱེ་ཕྱེ། ཏྲག་རཀྴ་རུ་དྲ་མཱ་ར་ཡ། དགྲ་བོ་ལྷ་སྲུང་དང་བཅས་པ་ཕྱེ་ཕྱེ། དཀྲུགས་དཀྲུགས། གཏོར་གཏོར། ཡེད་ཡེད། ཅེས་རྫས་དུད་གཏོང་ཞིང་དང་སྒྲོས་བྱབ། ཐུན་བརྡེག་པ་ནི། མཚེ་ཡུངས་རྡོ་ལྕགས་ལ་སོགས་དྲག་པོའི་རྫས། །དུག་དང་ཁྲག་ཏུ་སྦོལ་ཏེ་ངར་བཏགས་པ། །རྡོ་རྗེའི་ཐོག་དང་མཚུངས་པའི་ཐུན་རྫས་འདི། །བཏབ་པས་ཚེ་སྲོག་བཀྲག་མདངས་ཉམས་པར་གྱུར། །ཅེས་འོག་གི་ཕུར་གདབ་ཀྱི་སྔགས་མཇུག་ཏུ་ལས་དྲུག་གི་སོ་གང་དགོས་དང་ཉིན་མཚན་གྱི་ཐུན་སྔགས་ཅི་དགོས་བཏགས་ནས་བརྡེག །ཕུར་གདབ་ནི། ཨེ། ཟིལ་གནོན་ལྷ་ཚོགས་འཁོར་བཅས་ཀྱི། །ཞེས་སོགས་སྔགས་དང་བཅས་ཕུར་པ་ཡ་མ་རཱ་ཛར་གསལ་བ་སྙིང་གར་བཏབ་སྟེ་ཚེ་ཁྲུས་ཀྱི་དགོངས་པས་རྣམ་ཤེས་སྤར། རལ་གྲིས་གཏུབ་པ་ནི། སྲས་མཆོག་ཐུགས་ནས་དྲེགས་པའི་བདག་པོ་ནི། །ངོ་བོ་གསང་སྔགས་རྡོ་རྗེ་འཛིན་པ་ལ། །རྣམ་པ་གནམ་ལྕགས་རལ་གྲིས་དགྲ་བགེགས་ཀྱི། །གཟུགས་ཕུང་ཤ་ཁྲག་མ་ལུས་དུམ་བུར་གཏུབས། །ཞེས་ཕུར་གདབ་ཀྱི་སྔགས་དང་བཅས་ཏེ་རྐང་པ་གཡོན་ནས་རིམ་བཞིན་གཏུབ། སྟོབ་པ་ནི་ལིང་རོ་སྨན་རག་གིས་སྦྲུས་པ་བྷནྡྷར་བླུགས་སྟེ། ཨྱེ། ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །ཞེས་སོགས་སྔགས་དང་བཅས་པས་དབུལ། བམ་སྐོངས་དང་རྩ་གསུམ་གྱི་བཀང་བ་སོང་རྗེས་ཚོགས་ལ་རོལ། ལྷག་མ་བྱང་ཤར་དུ་སྣོད་ཅིག་ཏུ་སྤུངས་ནས་བཙོན་དུ་འཛིན། གཏེར་གཞུང་དུ་ཨྱེ་རིང་ཨྱེ་མྱགས་བཟློག་གཤམ་སྤྲད། ཅེས་པའི་དགོངས་པ་ལྟར། སྐུའི་སྔགས་ལ། (༧ན)


GLG023_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཙིཏྟ་རོ་མྱགས་ཁ་ཐམ་སྲོག་གཟེར་སྦུར་ནན་འདྲིད་ཕྱུང་ཧྲི་ཤག་རྦད། བཏགས་ཏེ་ལན་གསུམ་བཟླས་པའི་གསུམ་གའི་མཇུག་ཏུ་ཐལ་མོ་རེ་བརྡེབ། དེས་འོག་མ་རྣམས་ལ་འགྲེ། གསུང་གི་སྔགས་ལ། ཧ་ལ་ཧ་ལ་ཙ་མ་རི་ཕྱུང་གནོད་བྱེད་ཨ་མུ་ཀ་མྱགས་ཐུམ་རིལ་ཏྲིག་ནན་སྦུར་ཡ་ནན་ཨེ་ཧུར་ཐུམས་ཛ་ཁཾ་ཤག་རོ་མྱགས་མུགས་ཏི་རྦད་ཡ་བཏགས་པ་ལན་གསུམ། ཐུགས་ཀྱི་སྔགས་ལ། གསུང་སྔགས་ཀྱི་གཤམ་བུ་གནོད་བྱེད་ཨ་མུ་ཀ་མན་ཇི་ལྟ་བ་བཏགས་པ་ལན་གསུམ། ཨྱེ་རིང་ལན་གསུམ་ལ་སྤྱང་མོ་དྲུག་སྐབས་ཐོབ་ཀྱི་གང་དགོས་སྦྱོར་ཞིང་རྒྱུན་དུ་བཟློག་སྦྱང་གཙོ་ཆེ་བར་མཛད། ཚར་གསུམ་པའི་མཐར་དམོད་མོ་རྒྱས་པར་བརྗོད། ཡང་བཟློག་མེའི་སྤུ་གྲི། རྡོ་རྗེ་ཕ་ལམ། ཧྲཱིཿཥྚྲཱིཿལ་གྲོང་ཁྱེར་ཉི་ཤུ་པ་བཏགས་པ་རྣམས་ཀྱང་སོ་སོར་ལན་གསུམ་རེར་ཐལ་རྡེབ་བྱེད་པ་གོང་དང་འདྲ། འདིའི་དུས་རྡོ་རྗེ་སློབ་དཔོན་སོགས་ཀྱི་བློར་ཡོད་ན་ཕོ་ཁྲོམ་དང་མོ་ཁྲོམ་གྱིས་མཚོན་བཟློག་སྔགས་ཟབ་མོ་གཞན་ཡང་བཟླས་པ་ལེགས་ཆར་འགྱུར་བར་སེམས་སོ། །མདུན་བསྐྱེད་ཀྱི་ལྷ་ཚོགས་ལྕགས་འདྲར་གསལ་བ་རྣམས་ལྕགས་སྡིག་ཏུ་བསྒྱུར་བ་བཀའ་བརྒྱད་ལ་དབུ་ཉེར་གཅིག་པར་བསྒྱུར་བ་དང་མཚུངས་ལ། དེ་ནས་ཕུད་ཆང་ལ་བཏབ་པའི་ལིང་རོ་རྣམས་ཚིག་དང་བསྟུན་ནས་འབུལ་ཞིང་། འཕྲིན་ལས་འཆོལ་བ་ནི། ཧཱུཾ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་རྒྱལ་རོལ་པའི་དུར་ཁྲོད་ཆེན་པོ་ན༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན༔ ཕྱོགས་སྐྱོང་དྲེགས་པ་མ་ཧེ་བསྣོལ་བའི་སྟེང་༔ ཨེ་ལས་ཕྱག་རྒྱ་ཟིལ་གནོན་སྐུ་མདོག་ནག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་བགྲད༔ རྣོ་བའི་མཚོན་བྱ་སྣ་ཚོགས་ཕྱག་ན་བསྣམས༔ སྤྲུལ་པའི་ལྷ་ཚོགས་མང་པོ་(༧བ)


GLG023_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ བྱད་དང་རྦོད་གཏོང་མ་ལུས་བཟློག་ཏུ་གསོལ༔ ཤར་ཕྱོགས་དྲི་ཟ་ཕོ་མོ་བསྣོལ་སྟེང་དུ༔ དྲེགས་པ་ཕྱག་ན་རྡོ་རྗེ་ནི༔ ལྗང་ནག་རྡོ་རྗེ་སྙིང་འཕྲེང་འཛིན༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ དྲི་ཟའི་བྱད་དང་རྦོད་གཏོང་བཟློག་ཏུ་གསོལ༔ ལྷོ་ཕྱོགས་གཤིན་རྗེ་ཕོ་མོ་བསྣོལ་སྟེང་དུ༔ གསོད་བྱེད་ཡ་མ་སེར་ནག་ནི༔ འཁོར་ལོ་ཙིཏྟ་ཕྱག་ན་བསྣམས༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ བྱད་དང་རྦོད་གཏོང་མ་ལུས་བཟློག་ཏུ་གསོལ༔ ནུབ་ཕྱོགས་ཀླུ་དབང་ཕོ་མོའི་ཁྲི་སྟེང་དུ༔ རུས་སྦལ་རྔམ་པ་མི་ཟན་ནི༔ སྡེར་མོ་གནམ་ལྕགས་སྤུ་གྲི་འདྲ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ ཀླུ་ཡི་བྱད་དང་རྦོད་གཏོང་རིམས་ནད་བཟློག༔ བྱང་ཕྱོགས་གནོད་སྦྱིན་ཕོ་མོའི་ཁྲི་སྟེང་དུ༔ སྔགས་སྲུང་ཨེ་ཀ་ཛ་ཏི་ནི༔ ཕྱག་ན་རལ་གྲི་གློག་འཕྲེང་བསྣམས༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ གནོད་སྦྱིན་བྱད་དང་རྦོད་གཏོང་བཟློག་ཏུ་གསོལ༔ ཡུམ་མཆོག་པེ་ཏ་ནག་མོ་ནི༔ ཙིཏྟ་བནྡྷ་ཡབ་ལ་སྟོབ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ བྱད་དང་རྦོད་གཏོང་མ་ལུས་བཟློག་ཏུ་གསོལ༔ ཤར་ལྷོ་མེ་ལྷའི་ཁྲི་སྟེང་དུ༔ ལྷ་ཡི་གཤེད་པོ་སེང་གེའི་དབུ༔ སྤུ་གྲི་མི་སྙིང་ཕྱག་ན་བསྣམས༔ ཡབ་ཡུམ་འཁོར་དང་བཅས་པ་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ ཤར་ལྷོ་མེ་ལྷའི་གནོད་པ་བཟློག་ཏུ་གསོལ༔ ལྷོ་ནུབ་སྲིན་པོ་ཕོ་མོའི་ཁྲི་སྟེང་དུ༔ སྲོག་བདག་དམར་པོ་སྟག་གི་མགོ༔ སྤུ་གྲི་ཙིཏྟའི་འཕྲེང་བ་བསྣམས༔ སྲོག་བདག་ཡབ་ཡུམ་འཁོར་དང་བཅས་པ་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ ལྷོ་ནུབ་སྲིན་པོ་ཕོ་མོའི་གནོད་པ་བཟློག༔ ནུབ་བྱང་རླུང་ལྷ་ཕོ་མོའི་ཁྲི་སྟེང་དུ༔ ཀླུ་གཤེད་ནག་པོ་སྦྲུལ་གི་མགོ༔ ཕྱག་ན་བསེ་ཡི་སྤུ་གྲི་བསྣམས༔ ཡབ་ཡུམ་འཆི་བདག་འཁོར་བཅས་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ ནུབ་བྱང་འཆི་བདག་ཀླུ་ཡི་གནོད་པ་བཟློག༔ བྱང་ཤར་དབང་ལྡན་ཕོ་མོའི་ཁྲི་སྟེང་དུ༔ གནོད་སྦྱིན་(༨ན)


GLG023_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་པ་ཁྱུང་ནག་གཉིས༔ ཞལ་དུ་གདུག་པ་ཀླུ་སྦྲུལ་གསོལ༔ ཡབ་ཡུམ་ཁྱུང་ཆེན་འཁོར་བཅས་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ བྱང་ཤར་ཀླུ་གདོན་གནོད་སྦྱིན་གནོད་པ་གནོད་པ་བཟློག༔ ཟླ་གམ་ཐོད་མཁར་གསུམ་གྱི་དབུས༔ དུག་གསུམ་བསྣོལ་བའི་ཁྲི་སྟེང་དུ༔ ཚེ་བདག་སྲོག་བདག་འཆི་བདག་གསུམ༔ སྣ་ཚོགས་མི་སྡུག་སེམས་ཅན་དབུ༔ མཚོན་ཆ་མི་སྡུག་ལག་ན་ཐོགས༔ དུག་གསུམ་སྒྲོལ་བྱེད་འཁོར་བཅས་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ དུག་གསུམ་འདུས་པའི་བྱད་དང་རྦོད་གཏོང་བཟློག༔ འཁོར་ལོ་ཐོད་མཁར་བཅུ་གཉིས་དབུས༔ གསང་བའི་གཤེད་ཆེན་བཞི་པོ་ནི༔ སྲིན་པོ་ཡ་མ་རཱ་ཙ་ནི༔ མ་ཏྲཾ་རོ་དབྱུག་འཁོར་ལོ་ཐོགས༔ ཡུམ་མཆོག་ཐལ་མདོག་གཡོན་ནས་འཁྲིལ༔ ཁྲམ་ཤིང་ནད་ཀྱི་རྐྱལ་པ་བསྣམས༔ གཤིན་རྗེ་མྱོས་བྱེད་འབར་བ་ནི༔ སེར་ནག་བེ་ཅོན་འཁོར་ལོ་འཛིན༔ གཡོན་དུ་ཡུམ་མཆོག་གསོད་བྱེད་མ༔ ཁྲམ་ཤིང་ནད་ཀྱི་རྐྱལ་པ་བསྣམས༔ གཤེད་པོ་ཨཱཪྱ་མ་རུ་ནི༔ དམར་པོ་བེ་ཅོན་ཙཀྲ་བསྣམས༔ གཡོན་དུ་སྲོག་ལེན་ནག་མོ་ནི༔ ཁྲམ་ཤིང་ནད་ཀྱི་རྐྱལ་པ་བསྣམས༔ གཤེད་ཆེན་རལ་པ་ཚར་དགུ་ནི༔ ལྗང་ནག་བེ་ཅོན་ཙཀྲ་བསྣམས༔ ཡུམ་མཆོག་བདུད་མ་རལ་ནག་མ༔ ཁྲམ་ཤིང་ནད་ཀྱི་རྐྱལ་པ་བསྣམས༔ གསང་བའི་གཤེད་བཞིར་བཅས་པ་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ གསང་གཤེད་སྤྲུལ་པའི་གནོད་པ་བཟློག༔ ནང་གི་གཤེད་ཆེན་བཞི་པོ་ནི༔ དུང་གི་མོན་པ་སེང་གེའི་མགོ༔ ཡུམ་ནི་མོན་མོ་བླ་རྐུན་མ༔ ལྕགས་ཀྱི་མོན་པ་སྟག་གི་མགོ༔ མོན་མོ་གཡུ་ཡི་རལ་པ་ཅན༔ བསེ་ཡི་མོན་པ་དྲེད་ཀྱི་མགོ༔ མོན་མོ་ཁྲག་གི་རལ་པ་ཅན༔ གསེར་གྱི་མོན་པ་ཁྱུང་གི་མགོ༔ མོན་མོ་སྙིང་འབྱིན་གཟེར་འབེབས་མ༔ ཡབ་རྣམས་བེ་ཅོན་ཙིཏྟ་(༨བ)


GLG023_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས༔ ཡུམ་ཀུན་ལྕགས་ཀྱུ་ཞགས་པ་བསྣམས༔ ནང་གི་གཤེད་བཞིར་བཅས་པ་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ ནང་གཤེད་མོན་པའི་གནོད་པ་བཟློག༔ ཕྱི་ཡི་གཤེད་ཆེན་བཞི་པོ་ནི༔ ཧེ་ལེ་ཁྱབ་པ་ཤར་གྱི་བདུད༔ ཡུམ་ནི་རོ་ཟན་སྙིང་འབྱིན་མ༔ ནག་པོ་འཛུམ་མེད་ལྷོ་ཡི་བདུད༔ ནག་མོ་སྙིང་ཁྲག་རོལ་འཐུང་མ༔ སོ་འདར་འཁྲིག་པ་ནུབ་ཀྱི་བདུད༔ ནག་མོ་ཤ་ལ་གཟེར་འདེབས་མ༔ རལ་པ་སྤྱིར་བཅིངས་བྱང་གི་བདུད༔ མ་མོ་ནག་མོ་ཁྲག་རལ་ཅན༔ ཡབ་རྣམས་ཁྲམ་ཤིང་ཞགས་པ་བསྣམས༔ ཡུམ་ཀུན་སྤུ་གྲི་མི་སྙིང་བསྣམས༔ ཕྱི་ཡི་གཤེད་བཞིར་བཅས་པ་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ ཕྱི་ཡི་གཤེད་བཞིའི་གནོད་པ་བཟློག༔ གྲུ་ཆད་ལྕགས་མཁར་བཅུ་གཉིས་ནང་༔ བྷེ་ཝ་ས་ཏྭ་ནག་པོ་དང་༔ ནོར་བུ་དགེ་འཕེལ་སེར་པོ་དང་༔ ནག་པོ་འཛུམ་མེད་སེར་ནག་དང་༔ བྱེ་བ་དགུ་ཁྲི་ནག་པོ་དང༔ རཀྴ་གློག་འཕྲེང་དམར་པོ་དང་༔ ཡཀྴ་གསོད་བྱེད་ནག་པོ་དང་༔ གཏུམ་པོ་དུད་ཁ་རལ་པ་གདེངས༔ གང་བ་ཀུན་འཇོམས་དཀར་པོ་དང་༔ ཁ་འབར་རལ་གཅིག་མཐིང་ལ་སྔོ༔ སྦྲུལ་མགོ་ཀུན་འཛིན་སྔོ་ལ་སྐྱ༔ ངང་པ་སྟོབས་ལྡན་ཀུན་ན་སེར༔ གྱད་པ་སྟོབསལྡན་ནག་ལ་འཇིགས༔ བེ་ཅོན་འཁོར་ལོ་ཕྱག་ན་བསྣམས༔ ཟླ་གཤེད་གཤིན་རྗེ་བཅུ་གཉིས་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ ཟླ་གཤེད་བཅུ་གཉིས་གནོད་པ་བཟློག༔ ཞག་གི་གཤེད་པོ་སོ་གཉིས་ནི༔ ཤར་དུ་ཁྲམ་ཐོགས་བདུད་པོ་བརྒྱད༔ ཆིབས་སུ་རྟ་ནག་རྟིང་དཀར་ཆིབས༔ ལྷོ་ཡི་གཤིན་རྗེ་ཆུ་གླང་ཞོན༔ འཁོར་ལོ་བེ་ཅོན་ཕྱག་ན་བསྣམས༔ ནུབ་ན་མ་མོ་དྲེལ་ནག་ཞོན༔ ཕྱག་ན་ནད་རྐྱལ་ཐུན་ཟོར་བསྣམས༔ བྱང་དུ་གནོད་སྦྱིན་བྱ་ནག་ཞོན༔ ཕྱག་(༩ན)


GLG023_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ན་རལ་གྲི་ཞགས་པ་བསྣམས༔ ཞག་གི་གཤེད་པོ་འཁོར་བཅས་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ ཞག་གཤེད་སུམ་བརྒྱའི་གནོད་པ་བཟློག༔ ཤར་སྒོར་དཀར་པོ་སྙིང་འཛིན་དང་༔ ལྷོ་སྒོར་མགོན་པོ་ནག་པོ་དང་༔ ནུབ་སྒོར་བདུད་པོ་ཡབ་རྗེ་དང་༔ བྱང་སྒོར་གནོད་སྦྱིན་སྐུ་མཆོག་དམར༔ ཕྱག་ན་འཁོར་ལོ་ཐུན་ཁྲག་བསྣམས༔ སྐུ་ལ་ཙེ་བེར་ཁྲ་བོ་གསོལ༔ ཡུམ་མཆོག་མཁའ་འགྲོ་རོ་ལངས་བཞི༔ མི་ལྤགས་རློན་པའི་ན་བཟའ་གསོལ༔ ཕྱག་གཡས་མ་ཏྲཾ་རོ་དབྱུག་འཕྱར༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་གཡོན༔ སྒོ་བཞི་སྒྲོལ་གིང་འཁོར་བཅས་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ གཤེད་བཞི་ཕོ་ཉའི་གནོད་པ་བཟློག༔ ཕྱི་རོལ་དཀྱིལ་འཁོར་མུ་རན་སྐྱོང་༔ ཟ་མའི་གཤིན་རྗེ་བཅུ་དྲུག་ནི༔ ཕོ་གཤེད་སུམ་བརྒྱ་དྲུག་ཅུ་དང་༔ མོ་གཤེད་སུམ་བརྒྱ་དྲུག་ཅུ་དང་༔ གཤིན་རྗེ་བདུན་བརྒྱ་ཉི་ཤུ་ནི༔ ཕྱག་ན་འཁོར་ལོ་ཐུན་ཁྲག་བསྣམས༔ ཆིབས་སུ་མི་དམར་རྟ་ལ་ཆིབས༔ གཤེད་ཆེན་བདུན་བརྒྱ་ཉི་ཤུ་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ ལས་གཤེད་རྦོད་གཏོང་གནོད་པ་བཟློག༔ གཤིན་རྗེ་ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་ཚོགས༔ ས་ཆུ་མེ་རླུང་སྤྲིན་དང་དུར་ཁྲོད་བདག༔ མཁའ་ལ་རྒྱུ་དང་དབང་ཕྱུག་མཁའ་འགྲོ་མ༔ ཞིང་སྐྱོང་གིང་དང་ལངྒ་བསྟན་མའི་ཚོགས༔ འཇིག་རྟེན་ཀུན་ཏུ་ཁྱབ་པར་རྒྱུག་བྱེད་པ༔ ལས་ཀྱི་གཤིན་རྗེ་ཕོ་ཉ་འཁོར་བཅས་ལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ༔ ཕོ་ཉ་གཤིན་རྗེའི་རྦོད་གཏོང་གནོད་པ་བཟློག༔ དེ་ནས་བཟློག་པ་བྱ་བ་ནི། སྨན་རག་གཏོར་གསུམ་ཚིག་དང་བསྟུན་ནས་དབུལ་ཞིང་འདི་སྐད་དོ། །བྷྱོ། ད་ནི་བཟློག་པའི་དུས་ལ་བབ༔ ད་ནི་བསྒྱུར་བའི་དུས་ལ་བབ༔ འཇིགས་སུ་རུང་(༩བ)


GLG023_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུར་ཁྲོད་ན༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་༔ མ་ཧེ་ཕྱོགས་སྐྱོང་དྲེགས་པའི་སྟེང་༔ གཤིན་རྗེའི་རྒྱལ་པོ་ཚེ་བདག་ནི༔ གཡས་དཀར་ལྷ་ཡི་ཆད་པ་བཟློག༔ གཡོན་དམར་མ་མོའི་ཆད་པ་བཟློག༔ དབུས་མཐིང་བདུད་ཀྱི་ཆོ་འཕྲུལ་བཟློག༔ ཕྱག་དྲུག་རྒྱུད་དྲུག་རྦོད་གཏོང་བཟློག༔ དབུ་ལ་ཁྱུང་ཆེན་འབར་བ་ཡིས༔ ས་བདག་ཀླུ་གཉན་བྱད་ཐན་བཟློག༔ ཡུམ་མཆོག་ཟ་བྱེད་པེ་ཏ་ལི༔ སྦྱོར་ཡུམ་དབྱིངས་ཡུམ་འཁོར་བཅས་ཀྱིས༔ སྲིད་པ་མ་མོའི་ཆོ་འཕྲུལ་བཟློག༔ གྱད་གནོན་སྤྲུལ་པའི་ལྷ་བརྒྱད་ཀྱིས༔ ལྷ་སྲིན་སྡེ་བརྒྱད་ཆོ་འཕྲུལ་བཟློག༔ བདུད་རྩི་ཆང་གི་མཆོད་པ་འབུལ༔ སྲིད་པ་ཕོ་རྒྱུད་ཆོ་འཕྲུལ་བཟློག༔ རཀྟ་ཁྲག་གི་མཆོད་པ་འབུལ༔ སྲིད་པ་མོ་རྒྱུད་ཆོ་འཕྲུལ་བཟློག༔ དམར་གྱི་གཏོར་མའི་མཆོད་པ་འབུལ༔ བྱད་དང་རྦོད་གཏོང་ཆོ་འཕྲུལ་བཟློག༔ དབུ་ལ་ནོར་བུ་འབར་བས་བརྒྱན༔ རྣལ་འབྱོར་ཚེ་སྲིངས་དཔལ་ཡང་སྐྱེད༔ བྷྱོཿ ཚངས་པ་བརྒྱ་བྱིན་ལྷ་ཡི་གདོན༔ འཇིགས་པའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ དགའ་བོ་འཇོག་པོ་ཀླུ་ཡི་གདོན༔ བརྗིད་པའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ གང་བ་བཟང་པོ་གནོད་སྦྱིན་གདོན༔ གཟེར་བའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ ཟ་བྱེད་རྔམ་པ་སྲིན་པོའི་གདོན༔ དྲག་པོའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ གཙོ་མོ་ཁ་འབར་ཡི་དྭགས་གདོན༔ བཞད་པའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ ཕག་གདོང་འཇིགས་པ་ཤ་ཟའི་གདོན༔ གཏུམ་པོའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ བྱི་ན་ཡ་ཀ་བགེགས་ཀྱི་གདོན༔ འགྱིང་བའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ ཁྱབ་འཇུག་བྱི་ནུ་གཟའ་ཡི་གདོན༔ དྲག་པོའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ ཁྲམ་ཐོགས་གྲི་ཐོགས་གིང་གི་གདོན༔ སྤྲུལ་པའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ ཁ་བཞིར་མགྱོགས་པ་བཙན་གྱི་གདོན༔ འཇིགས་པའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ ཧལ་པ་ཕྱ་སངས་གཤིན་(༡༠ན)


GLG023_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གདོན༔ སྤྲུལ་པའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ རལ་པ་གསིག་པ་མ་མོའི་གདོན༔ གསུང་གི་སྟོབས་ཀྱིས་བཟློག་ཏུ་གསོལ༔ རོལ་པ་སྐྱ་བདུན་དམུ་ཡི་གདོན། མགོ་བརྙན་བརྗིད་པས་བཟློག་ཏུ་གསོལ༔ མ་ཧཱ་དེ་ཝ་མུ་སྟེགས་གདོན༔ བདེན་པའི་སྟོབས་ཀྱིས་བཟློག་ཏུ་གསོལ༔ བྷྱོ། འཇའ་འཁྱིལ་ལྷ་ཡི་ལྟས་ངན་ཡིན༔ ལྷ་ཡི་ལྟས་ངན་བཟློག་ཏུ་གསོལ༔ སེང་གེ་གཤིན་རྗེའི་ལྟས་ངན་ཡིན༔ གཤིན་རྗེའི་ལྟས་ངན་བཟློག་ཏུ་གསོལ༔ དོམ་གཟིག་མ་མོའི་ལྟས་ངན་ཡིན༔ མ་མོའི་ལྟས་ངན་བཟློག་ཏུ་གསོལ༔ འུག་པ་དམུ་ཡི་ལྟས་ངན་ཡིན༔ དམུ་ཡི་ལྟས་ངན་བཟློག་ཏུ་གསོལ༔ ཕོ་རོག་མགོན་པོའི་ལྟས་ངན་ཡིན༔ མགོན་པོའི་ལྟས་ངན་བཟློག་ཏུ་གསོལ༔ ཤ་བ་བཙན་གྱི་ལྟས་ངན་ཡིན༔ བཙན་གྱི་ལྟས་ངན་བཟློག་ཏུ་གསོལ༔ སྦྲུལ་ནག་ཀླུ་ཡི་ལྟས་ངན་ཡིན༔ ཀླུ་ཡི་ལྟས་ངན་བཟློག་ཏུ་གསོལ༔ བྱ་ནག་བདུད་ཀྱི་ལྟས་ངན་ཡིན༔ བདུད་ཀྱི་ལྟས་ངན་བཟློག་ཏུ་གསོལ༔ ནེ་ཙོ་ཀླུ་སྲིན་ལྟས་ངན་ཡིན༔ ཀླུ་སྲིན་ལྟས་ངན་བཟློག་ཏུ་གསོལ༔ གླ་བ་སྨན་གྱི་ལྟས་ངན་ཡིན༔ སྨན་གྱི་ལྟས་ངན་བཟློག་ཏུ་གསོལ༔ བྱ་རྒོད་རྒྱལ་པོའི་ལྟས་ངན་ཡིན༔ རྒྱལ་པོའི་ལྟས་ངན་བཟློག་ཏུ་གསོལ༔ སྲིན་བྱ་ཐེའུ་རང་ལྟས་ངན་ཡིན༔ ཐེའུ་རང་ལྟས་ངན་བཟློག་ཏུ་གསོལ༔ པུ་ཤུད་འགོང་པོའི་ལྟས་ངན་ཡིན༔ འགོང་པོའི་ལྟས་ངན་བཟློག་ཏུ་གསོལ༔ ཁྲུང་ཁྲུང་དྲེ་མོའི་ལྟས་ངན་ཡིན༔ དྲེ་མོའི་ལྟས་ངན་བཟློག་ཏུ་གསོལ༔ སྲོད་ལ་བྱ་ཕོ་འཚེར་བ་གནམ་ཐེའི་ལྟས་ངན་ཡིན༔ གནམ་ཐེའི་ལྟས་ངན་བཟློག་ཏུ་གསོལ༔ ཐོ་རང་སྒོ་ཁྱི་ངུ་བ་བར་ཐེའི་ལྟས་ངན་ཡིན༔ བར་ཐེའི་ལྟས་ངན་བཟློག་ཏུ་གསོལ༔ དུར་ཁྲོད་ཝ་མོ་བརྒྱལ་བ་ས་ཐེའི་ལྟས་ངན་ཡིན༔ ས་ཐེའི་ལྟས་ངན་བཟློག་ཏུ་གསོལ༔ སྤྱང་སྔོན་རྒྱུག་པ་ཕོ་རྒྱུད་ལྟས་ངན་ཡིན༔ ཕོ་རྒྱུད་ལྟས་ངན་བཟློག་ཏུ་གསོལ༔ གླ་བ་གྲོང་རྒྱུག་མོ་རྒྱུད་ལྟས་ངན་ཡིན༔ མོ་རྒྱུད་ལྟས་ངན་བཟློག་ཏུ་གསོལ༔ ལྷ་ཁང་འོད་རྣམས་རྒྱལ་པོའི་ལྟས་ངན་ཡིན༔ རྒྱལ་པོའི་ལྟས་ངན་བཟློག་ཏུ་གསོལ༔ སྡིག་སྤྲུལ་ཀླུ་ཡི་ལྟས་ངན་ཡིན༔ ཀླུ་ཡི་ལྟས་ངན་བཟློག་ཏུ་གསོལ༔ སྦལ་སྲིན་ས་བདག་ལྟས་ངན་ཡིན༔ ས་བདག་ལྟས་ངན་བཟློག་ཏུ་གསོལ༔ སྲེ་མོ་བྱི་ཁྱེར་གནོད་སྦྱིན་ལྟས་ངན་ཡིན༔ གནོད་སྦྱིན་ལྟས་ངན་བཟློག་ཏུ་གསོལ༔ རི་བྱ་ཁྱིམ་ཞུགས་གཉན་གྱི་ཐན༔ གཉན་གྱི་ལྟས་ངན་བཟློག་ཏུ་གསོལ༔ ཁྱིམ་དུ་རོ་ཐན་འགོང་པོའི་ཐན༔ འགོང་པོའི་ལྟས་ངན་བཟློག་ཏུ་གསོལ༔ ཤ་ཕོ་རུ་འཛིངས་རྗེ་དཔོན་ཐན༔ རྗེ་དཔོན་ལྟས་ངན་བཟློག་ཏུ་གསོལ༔ ཉ་མོ་རྔ་འཛིངས་བྲན་གྱི་ཐན༔ བྲན་གྱི་ལྟས་ངན་བཟློག་ཏུ་གསོལ༔ བྱ་ནག་སྡེར་འཛིངས་ཆུང་མའི་ཐན༔ བྱེ་བྲལ་ལྟས་ངན་བཟློག་ཏུ་གསོལ༔ འདྲེ་བྱ་སྲེག་པ་ཆུང་སྲིའི་ཐན༔ (༡༠བ)


GLG023_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་སྲིའི་ལྟས་ངན་བཟློག་ཏུ་གསོལ༔ བནྡེ་ཧོ་མ་པར་བུའི་ཐན༔ བན་དེའི་ལྟས་ངན་བཟློག་ཏུ་གསོལ༔ བོན་པོའི་བཙོ་ཟོར་ཞང་ཞུང་ཐན༔ བོན་པོའི་བཙོ་ཟོར་ལྟས་ངན་བཟློག་ཏུ་གསོལ༔ མུ་སྟེགས་གླང་ཟོར་མི་ཁའི་ཐན༔ མི་ཁའི་རྒྱ་ཐན་ལྟས་ངན་བཟློག་ཏུ་གསོལ༔ ཤ་མོ་ཁྱིམ་གང་མི་ནད་ཐན༔ ཁྱིམ་གང་མི་ནད་ལྟས་ངན་བཟློག་ཏུ་གསོལ༔ ར་གང་ནོར་ལ་སྤུ་ཐན་བྱུང་༔ གོད་འདྲེ་གོད་ཁའི་ལྟས་ངན་བཟློག་ཏུ་གསོལ༔ བང་གང་སྲིས་ལ་བྱི་ཐན་བྱུང་༔ འགོང་པོའི་སྲིས་ཐན་ལྟས་ངན་བཟློག་ཏུ་གསོལ༔ ཡུལ་ཐན་སྲིད་པའི་བཙའ་ཐན་བྱུང་༔ བཙའ་སད་སེར་གསུམ་ལྟས་ངན་བཟློག་ཏུ་གསོལ༔ དགྲ་གཤེད་དུར་ལེན་བཙོ་ཐན་བྱུང་ཿ གློ་འགོང་བཙོ་ཐན་ལྟས་ངན་བཟློག་ཏུ་གསོལ༔ ལྷ་སྲིན་འཁྲུགས་པའི་གཏད་སེལ་བྱུང་༔ བྱད་མ་འདུམ་གྱི་ལྟས་ངན་བཟློག་ཏུ་གསོལ༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་གནོད་པའི་བགེགས་ལབྷྱོ༔ བྷྱོ་བྷྱོ་བར་ཆད་རྐྱེན་ལ་བྷྱོ༔ ཡས་ཀྱི་བདུད་དུ་གཡོས་པ་བྷྱོ༔ མས་ཀྱི་སྲི་རུ་ལངས་པ་བྷྱོ༔ ཆུང་བདུད་མཁའ་ལ་འཇབ་པ་བྷྱོ༔ མི་བདུད་གཤེད་དུ་ཁོལ་བ་བྷྱོ༔ ལྟག་པར་གཤེད་དྲིལ་བྱེད་པ་བྷྱོ༔ མདུན་ནས་རྩང་བཞིན་འཛུགས་པ་བྷྱོ༔ རྒྱབ་ནས་ཁྱི་བཞིན་འབྲེང་བ་བྷྱོ༔ ངོས་ལ་སྤྲེལ་ལྟར་འཛེག་པ་བྷྱོ༔ ཡུལ་མི་དགྲ་སྡང་བྱེད་པ་བྷྱོ༔ ཐམས་ཅད་གཅིག་ཏུ་དྲིལ་ནས་ཀྱང་༔ ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༔ དམིགས་པའི་དགྲ་བགེགས་གཟུགས་སུ་དྲིལ༔ ཉ་བོ་འདི་ལ་བཀུག་བྱས་ནས༔ ཕུར་འདེབས་ཐུན་དང་མཚོན་ཆས་བསད༔ བསྒྲལ་བའི་ཞིང་གྱུར་ལས་ལ་སྦྱར༔ དཔལ་ཆེན་ཚེ་བདག་ཞལ་དུ་སྟོབ༔ འཁོར་དང་གཤིན་རྗེ་འབུམ་ཕྲག་གི །དགྱེས་པར་རོལ་ཅིག་ཁ་རཾ་ཁཱ་ཧི༔ ལྷག་མ་མེད་པར་ཞལ་དུ་སྟོབ༔ གཟུགས་ཕུང་ཤ་ཁྲག་མཆོད་པར་བཞེས༔ དམ་ཚིག་ཉམས་ཆགས་སོ་སོར་བཤགས༔ ཐུགས་དམ་སྐོངས་ལ་དངོས་གྲུབ་སྩོལ༔ བར་ཆད་རྐྱེན་ངན་གདུག་རྩུབ་བཟློག༔ བསམས་(༡༡)


GLG023_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྒྲུབས་ལ་རེ་བ་སྐོངས༔ འཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ འགྲོ་བ་འཇམ་དཔལ་ས་ཐོབ་ཤོག༔ ཅེས་ཐུན་གཏོར་དང་གསེར་སྐྱེམས་ཐོག་ཁར་འབུལ་ཞིང་མཱ་ར་ཡའི་དྲག་བརྡུང་བྱེད་རིང་སློབ་དཔོན་གྱིས་དམོད་མོ་བརྗོད་ཅིང་ཐལ་མོ་བརྡབ། རྩ་གསུམ་གཏོར་མར་སྨན་རཀ་སྦྲན་ཏེ་དཔལ་འབར་བཙུགས་ལ། ཆད་མཐོ་ནི། ཧཱུཾ། བསྐལ་པ་བརྒྱད་ཁྲི་བཞི་སྟོང་སྔོན་རོལ་དུ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །སྤྲོས་བྲལ་ཆེན་པོ་ཀུན་ཏུ་བཟང་པོ་ཡིས། །བྱ་རྩོལ་བྲལ་བའི་ཡིད་ཆོས་བསྟན་པའི་ཚེ། །རིགས་ལྔ་བདེ་ཆེན་མཁའ་དབྱིངས་བཀོད་པའི་ཚོགས། །ཇི་ལྟར་ཁས་བླངས་དམ་ཚིག་ཕོག་ནས་ནི། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམ། །རྒྱུ་སྦྱོར་བར་ཆད་བཟློག་པར་མ་ཆད་དམ། ཁས་བླངས་དམ་བཅས་བཞིན་དུ་གཏོར་མ་ལོང་། །ཇི་ལྟར་དམ་བཅས་བཞིན་དུ་འཕྲིན་ལས་མཛོད། །དེ་རྗེས་འགྲོ་བའི་དོན་ལ་དགོངས་པའི་ཚེ། །སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས། །འཇམ་དཔལ་དྲ་བ་འབུམ་སྡེ་དཔེ་ལ་བཀོད། །མ་གཤིན་ཡོངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །བཀའ་སྲུང་གཤིན་རྗེ་དྲུག་ཁྲིས་སྲོག་སྙིང་ཕུལ། །ཇི་ལྟར་ཁས་བླངས་དམ་ཚིག་ཕོག་ནས་ནི། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམ། །རྒྱུ་སྦྱོར་བར་ཆད་བཟློག་པར་མ་ཆད་དམ། ཁས་བླངས་དམ་བཅས་བཞིན་དུ་གཏོར་མ་ལོང་། །ཇི་ལྟར་དམ་བཅས་བཞིན་དུ་འཕྲིན་ལས་མཛོད། །དེ་རྗེས་སློབ་དཔོན་ཤནྟི་ཾགརྦྷ་དང་། །མུ་སྟེགས་བཟློག་པའི་སྟོབས་ཅན་སྔགས་བཟློག་རྩོད། །སྙིང་གཟེར་ནག་པོའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །སྡིག་པ་སྙིང་འཛིངས་མུ་སྟེགས་བསྟན་པ་བཅད། །དྲེགས་པ་བཅོ་བརྒྱད་རང་སྲོག་ཕུལ་པའི་ཚེ། །དྲེགས་པ་མ་ལུས་འདུས་ནས་སྲོག་སྙིང་ཕུལ། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམ། །རྒྱུ་སྦྱོར་བར་ཆད་བཟློག་པར་མ་ཆད་དམ། ཁས་བླངས་དམ་བཅས་བཞིན་དུ་གཏོར་མ་ལོང་། །ཇི་ལྟར་དམ་བཅས་བཞིན་དུ་འཕྲིན་ལས་མཛོད། །དེ་རྗེས་སློབ་དཔོན་བྷ་སུ་དྷ་ར་ཡིས། །བཀའ་ཡི་(༡༡བ)


GLG023_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་སྟོབས་ཆེན་བཞེངས་པའི་ཚེ། །ལས་ཀྱི་གཤིན་རྗེའི་སྲོག་སྙིང་ཞལ་ཡང་བསྟན། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམ། །རྒྱུ་སྦྱོར་བར་ཆད་བཟློག་པར་མ་ཆད་དམ། ཁས་བླངས་དམ་བཅས་བཞིན་དུ་གཏོར་མ་ལོང་། །ཇི་ལྟར་དམ་བཅས་བཞིན་དུ་འཕྲིན་ལས་མཛོད། །དེ་རྗེས་སངས་རྒྱས་ཡེ་ཤེས་རིན་ཆེན་གྱིས། །ཨྱེ་རིང་རྣམ་གསུམ་དཀྱིལ་འཁོར་ཞལ་ཕྱེ་ནས། །མཆོད་རྟེན་ལུས་ལ་བཀོད་ནས་བསྒྲུབས་པའི་ཚེ། །མ་གཤིན་ཞལ་བསྟན་དངོས་གྲུབ་རྣམ་གཉིས་ཐོབ། །བཀའ་སྲུང་སྡེ་བརྒྱད་དམ་ལ་ཐོགས་པའི་ཚེ། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམ། །རྒྱུ་སྦྱོར་བར་ཆད་བཟློག་པར་མ་ཆད་དམ། ཁས་བླངས་དམ་བཅས་བཞིན་དུ་གཏོར་མ་ལོང་། །ཇི་ལྟར་དམ་བཅས་བཞིན་དུ་འཕྲིན་ལས་མཛོད། །ད་ལྟ་སྒྲུབ་པའི་གནས་མཆོག་དམ་པ་འདིར། །དཀྱིལ་འཁོར་མཆོད་རྟེན་ལུས་དཀྱིལ་གཏོར་མ་བཤམས། །བཀའ་བཞིན་ཕོག་པའི་སྲུང་མ་དམ་ཅན་རྣམས། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམ། །རྒྱུ་སྦྱོར་བར་ཆད་བཟློག་པར་མ་ཆད་དམ། ཁས་བླངས་དམ་བཅས་བཞིན་དུ་གཏོར་མ་ལོང་། །ཇི་ལྟར་དམ་བཅས་བཞིན་དུ་འཕྲིན་ལས་མཛོད། །རོལ་ཆེན་གྱི་ཚེ་སློབ་དཔོན་གྱིས་འཕྲིན་བཅོལ་བྱས་མཐར་གཏོར་མ་ཐོག་ཏུ་ཕུལ་བའི་བཤལ་ཆུས་བསྟན་མ་བསྐྱང་། མཆོད་བསྟོད། བཟོད་གསོལ། བརྟན་བཞུགས། སྨོན་ལམ་ཤིས་བརྗོད་ཀྱི་བར་དཀྱུས་བཞིན་ནོ། །སང་ཟོར་འཕེན་པའི་ཉིན་སྔ་མར་བཟླས་པའི་དུས་ཟོར་སྐོར་བྱ་བ་ནི། བཟློག་པ་གཡུའི་སྤྱང་མོ་བཟླ་བའི་ཚེ་རཀྴ་མོནྟ་རིགས་འཛིན་སྔགས་འཆང་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་སྐུ་འཁོར་དང་བཅས་པའི་འགལ་རྐྱེན་བར་གཅོད་སྤང་བྱ་མི་མཐུན་པའི་ཕྱོགས་ངན་ཐམས་ཅད་ཨེ་ནན་ཡཾ་བཟློག་འདྲིད་བྷྱོ་སོགས་ཀྱི་རྗེས་སུ་ཐལ་མོ་ལན་གསུམ་བརྡབ། དེའི་ཚེ་ཕྱོགས་གཏོར་ནས་བརྩམས་ཏེ་བཟློག་གཏོར་གྱི་བར་གོ་རིམ་མ་འཕྱུགས་པར་གཡས་སྐོར་དུ་བསྐོར་ཞིང་མཚམས་ཀྱི་ལག་མ་འགགས་པ་རྣམས་ཀྱིས་བཟློག་མཚམས་སུ་ཐལ་རྡེབ་བྱེད། དེ་ནས་བསྒྲིག་ལུགས་ཀྱང་ཁ་བསྒྱུར་ཕྱག་ལན་ལྟར་བྱ། གཞན་མ་ཆོ་ག་དཀྱུས་བཞིན་ལ། ཟོར་ལམ་དབྱེ་བ་ནི། བཟློག་གཞུང་གི་བྱད་མ་འབུམ་གྱི་ལྟས་ངན་བཟློག་ཏུ་གསོལ་ཡན་(༡༢ན)


GLG023_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཚམས། དཔོན་སློབ་རྣམས་ཐོག་ཏུ་བྱོན། གསེར་སྐྱེམས། ལྷག་མ། དཀར་གཏོར་རྣམས་གཏོང་ཞིང་ཕྱག་རྒྱ་བསྟན། ཁ་ཕྲུས་བཏབ། གཏོར་སྣོད་ཉི་ཟླའི་དཀྱིལ་འཁོར་དུ། །ཞལ་ཟས་ཧཱུཾ་གིས་དངོས་ཟློག་བསྲེགས། །ཨཱཿཡིས་ནམ་མཁའ་ལྟ་བུ་སྟེ། །ཨཱོཾ་གྱིས་མོས་པ་ཇི་ལྟ་བར། །ཧོཿཡིས་བདུད་རྩི་ཉིད་དུ་བསྒྱུར། །གཟུགས་ནི་བསྒྲལ་བའི་དངོས་པོར་གྱུར། །ཨཱོཾ་ཨཱཿཧཱུཾ་ཧོཿ ཞེས་སློབ་དཔོན་རྐྱང་པས་བརླབ། བསྔོ་བའི་བར་དཀྱུས་བཞིན་སོང་ནས། སྒོ་དབྱེ་ནི། ཧཱུཾ། གཏོར་མའི་ལམ་བསྟན་གང་དུ་བསྟན། །གཏོར་མའི་ལམ་བསྟན་ཤར་དུ་བསྟན། །ཤར་དུ་རྒྱལ་པོ་ཡུལ་འཁོར་སྲུང་། །དྲི་ཟ་ཕོ་མོའི་འཁོར་གྱིས་བསྐོར། །སྐུ་གཟུར་དེ་ནི་སྤྱན་བྱོལ་ཅིག །གཏོར་ཟོར་དམར་པོ་ཤར་ར་ར། ཁྲག་ཟོར་དམར་པོ་ཁྱིལ་ལི་ལི། །ཐུན་ཟོར་སེར་ཕྲན་ཉིལ་ལི་ལི། །མདའ་ཟེར་སྐར་ལྟར་བྲེངས་སེ་བྲེང་། །ཐོད་ཟོར་རྦབ་ལྟར་རིལ་ལི་ལི། །ཕུར་ཟོར་ཤ་ལ་ཐིམས་སེ་ཐིམ། །རྡོ་ཟོར་ཐོག་ལྟར་རྦད་དེ་རྦད། ཧཱུཾ། གཏོར་མའི་ལམ་བསྟན་གང་དུ་བསྟན། །གཏོར་མའི་ལམ་བསྟན་ལྷོ་རུ་བསྟན། །ལྷོ་རུ་རྒྱལ་པོ་འཕགས་སྐྱེས་པོ། །གཤིན་རྗེ་མང་པོའི་འཁོར་གྱིས་བསྐོར། །སྐུ་གཟུར་དེ་ནི་སྤྱན་བྱོལ་ཅིག །གཏོར་ཟོར་དམར་པོ་ཤར་ར་ར། ཁྲག་ཟོར་དམར་པོ་ཁྱིལ་ལི་ལི། །ཐུན་ཟོར་སེར་ཕྲན་ཉིལ་ལི་ལི། །མདའ་ཟོར་སྐར་ལྟར་བྲེངས་སེ་བྲེང་། །ཐོད་ཟོར་རྦབ་ལྟར་རིལ་ལི་ལི། །ཕུར་ཟོར་ཤ་ལ་ཐིམས་སེ་ཐིམ། །རྡོ་ཟོར་ཐོག་ལྟར་རྦད་དེ་རྦད། ཧཱུཾ། གཏོར་མའི་ལམ་བསྟན་གང་དུ་བསྟན། །གཏོར་མའི་ལམ་བསྟན་ནུབ་ཏུ་བསྟན། །ནུབ་ཏུ་རྒྱལ་པོ་སྤྱན་མི་བཟང་། །ཀླུ་དབང་མང་པོའི་འཁོར་གྱིས་བསྐོར། །སྐུ་གཟུར་དེ་ནི་སྤྱན་བྱོལ་ཅིག །གཏོར་ཟོར་དམར་པོ་ཤར་ར་ར། ཁྲག་ཟོར་དམར་པོ་ཁྱིལ་ལི་ལི། །ཐུན་ཟོར་སེར་ཕྲན་ཉིལ་ལི་ལི། །མདའ་ཟེར་སྐར་ལྟར་བྲེངས་སེ་བྲེང་། །ཐོད་ཟོར་རྦབ་ལྟར་རིལ་ལི་ལི། །ཕུར་ཟོར་ཤ་ལ་ཐིམས་སེ་ཐིམ། །རྡོ་ཟོར་ཐོག་ལྟར་རྦད་དེ་རྦད། ཧཱུཾ། གཏོར་མའི་ལམ་བསྟན་གང་དུ་བསྟན། །གཏོར་མའི་ལམ་བསྟན་བྱང་དུ་སྟན། །བྱང་དུ་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་མང་པོའི་འཁོར་གྱིས་བསྐོར། །སྐུ་གཟུར་དེ་ནི་སྤྱན་བྱོལ་ཅིག །གཏོར་ཟོར་དམར་པོ་ཤར་ར་ར། ཁྲག་ཟོར་དམར་པོ་ཁྱིལ་ལི་ལི། །ཐུན་ཟོར་སེར་ཕྲན་ཉིལ་ལི་ལི། །མདའ་ཟེར་སྐར་ལྟར་བྲེངས་སེ་བྲེང་། །ཐོད་ཟོར་རྦབ་ལྟར་རིལ་ལི་ལི། །ཕུར་ཟོར་ཤ་ལ་ཐིམས་སེ་ཐིམ། །རྡོ་ཟོར་ཐོག་ལྟར་རྦད་དེ་རྦད། སྟེང་གི་ལྷ་ལ་ཟོར་མི་འཕེན། །ལྷ་ཆེན་བརྒྱད་(༡༢བ)


GLG023_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞབས་སྡུས་ཤིག །འོག་གི་ཀླུ་ལ་ཟོར་མི་འཕེན། །ཀླུ་ཆེན་བརྒྱད་པོ་དབུ་འཕང་སྨོད། །བར་གྱི་གཉན་ལ་ཟོར་མི་འཕེན། །གཉན་ཆེན་སྡེ་བཞི་སྐུ་གཟུར་ཅིག །དྲག་པོ་གཤིན་རྗེའི་གཏོར་ཟོར་འདི། །སྡང་བའི་དགྲ་ལ་གཏོར་ཟོར་ཡཱ། །དགྲ་བོ་བདུན་རྒྱུད་རྩད་ནས་ཆོད། །གནོད་པའི་དགྲ་ལ་ཁྲག་ཟོར་ཡཱ། །མོ་རྒྱུད་ཁྲག་གི་མངལ་ནས་སྐོམས། །ཐུན་ཟོར་བུ་རྒྱུད་ཚ་ལ་ཡཱ། །བུ་ཚ་བདུན་རྒྱུད་རྩད་ནས་ཆོད། །མདའ་ཟོར་སྒོ་ཡི་ནོར་ལ་རྒྱོབ། །སྒོ་ནོར་གོད་འདྲེའི་ཕྱགས་མས་ཐོབ། །ཐོད་ཟོར་ནང་ཁང་སྲིས་ལ་ཡཱ། །ཕྱགས་མས་ཐལ་བ་རླུང་ལ་སྐུར། །ཕུར་ཟོར་དགྲ་ཡི་སྙིང་ལ་ཡཱ། །དྲག་པོ་གྲི་འཐབ་ནད་ཀྱིས་གསོད། །རྡོ་ཟོར་དགྲ་བོའི་མཁར་ལ་ཡཱ། །སྐྱེ་བོ་འཁོར་གྱི་རྒྱུན་ལམ་ཆོད། །བྱད་ཁ་བཟློག་ལ་ཕུར་ཁ་སྒྱུར། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་པའི་ཚིག་དང་བསྟུན་ཕྱོགས་གཏོར་འཕེན་ཞིང་མཐར་ཕྱག་ལེན་ལྟར་གསེར་སྐྱེམས་གཏོར། ཟོར་བསྐུལ་ལས་ཀོང་ཟོར་ནི། །རི་རབ་ཚད་མཉམ་སྟོབས་ཆེན་ཀོང་བུའི་ཟོར། །རྩེ་མོར་མཚོན་ཆ་སྣ་ཚོགས་བུ་ཡུག་འཚུབ། །རྐེད་པར་ཟོར་བདག་ཕོ་མོ་གློག་ལྟར་འཁྱུག །རྩ་བར་རུ་དྲའི་ཁྲག་མཚོར་ཞིང་དུམ་འཕྱོ། །དྲག་པོའི་ཟོར་སྣ་དགྲ་དང་བགེགས་ལ་བྷྱོ། །བན་བོན་མཐུ་བྱད་བཟློག་ལ་རང་གཤེད་ཕོབ། །བསོད་ནམས་རླུང་རྟ་ནུས་སྟོབས་རྡུལ་དུ་རློག །ལུས་ངག་ཡིད་གསུམ་སྲོག་ལ་མཱ་ར་ཡ། །ཨྱེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཆེ་གེ་མོའི་སྲོག་ལ་ཐུན་རྨུགས་བྷྱོ། སྲོག་ལ་ཁམ་ཤག་བྷྱོ། སྲོག་ལ་(༡༣ན)


GLG023_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བྲེང་ཤག་བྷྱོ། སྲོག་ལ་ཡཾ་ཤག་བྷྱོ། སྲོག་ལ་མཱ་ར་ཡ་རྦད། ཆེ་གེ་མོའི་སྲོག་ལ་རྦད་ཐུམ་རིལ་ལི་ལི་བྷྱོ། ཟོར་སྔགས་འོག་མ་རྣམས་ལ་འགྲེ །རྡོ་ཟོར་ནི། རྡོ་ཟོར་རི་རབ་ཐོགས་པའི་གནོད་སྦྱིན་དཔུང་། །རྩེ་མོར་མཚོན་ཆ་སྣ་ཚོགས་བུ་ཡུག་འཚུབ། །རྐེད་པར་ཟོར་བདག་ཕོ་མོ་གློག་ལྟར་འཁྱུག །རྩ་བར་རུ་དྲའི་ཁྲག་མཚོར་ཞིང་དུམ་འཕྱོ། །དྲག་པོའི་ཟོར་སྣ་དགྲ་དང་བགེགས་ལ་བྷྱོ། །བན་བོན་མཐུ་བྱད་བཟློག་ལ་རང་གཤེད་ཕོབ། །བསོད་ནམས་རླུང་རྟ་ནུས་སྟོབས་རྡུལ་དུ་རློག །ལུས་ངག་ཡིད་གསུམ་སྲོག་ལ་མཱ་ར་ཡ། །མདའ་ཟོར་ནི། གཤིན་རྗེའི་དམག་ཚོགས་ཐོག་མདའི་ཟོར་འཕེན་པ། །རྩེ་མོར་མཚོན་ཆ་སྣ་ཚོགས་བུ་ཡུག་འཚུབ། །རྐེད་པར་ཟོར་བདག་ཕོ་མོ་གློག་ལྟར་འཁྱུག །རྩ་བར་རུ་དྲའི་ཁྲག་མཚོར་ཞིང་དུམ་འཕྱོ། །དྲག་པོའི་ཟོར་སྣ་དགྲ་དང་བགེགས་ལ་བྷྱོ། །བན་བོན་མཐུ་བྱད་བཟློག་ལ་རང་གཤེད་ཕོབ། །བསོད་ནམས་རླུང་རྟ་ནུས་སྟོབས་རྡུལ་དུ་རློག །ལུས་ངག་ཡིད་གསུམ་སྲོག་ལ་མཱ་ར་ཡ། ཁྲག་ཟོར་ནི། དལ་ཡམས་འཕྱོ་བ་ཁྲག་ཟོར་མ་མོའི་ཚོགས། །རྩེ་མོར་མཚོན་ཆ་སྣ་ཚོགས་བུ་ཡུག་འཚུབ། །རྐེད་པར་ཟོར་བདག་ཕོ་མོ་གློག་ལྟར་འཁྱུག །རྩ་བར་རུ་དྲའི་ཁྲག་མཚོར་ཞིང་དུམ་འཕྱོ། །དྲག་པོའི་ཟོར་སྣ་དགྲ་དང་བགེགས་ལ་བྷྱོ། །བན་བོན་མཐུ་བྱད་བཟློག་ལ་རང་གཤེད་ཕོབ། །བསོད་ནམས་རླུང་རྟ་ནུས་སྟོབས་རྡུལ་དུ་རློག །ལུས་ངག་ཡིད་གསུམ་སྲོག་ལ་མཱ་ར་ཡ། །ཡུངས་ཟོར་ནི། ཁྲོ་མཚོན་བདུད་པོ་ཁྲམ་ཐོགས་ཡུངས་ཀྱི་ཟོར། །རྩེ་མོར་མཚོན་ཆ་སྣ་ཚོགས་བུ་ཡུག་འཚུབ། །རྐེད་པར་ཟོར་བདག་ཕོ་མོ་གློག་ལྟར་འཁྱུག །རྩ་བར་རུ་དྲའི་ཁྲག་མཚོར་ཞིང་དུམ་འཕྱོ། །དྲག་པོའི་ཟོར་སྣ་དགྲ་དང་བགེགས་ལ་བྷྱོ། །བན་བོན་མཐུ་བྱད་བཟློག་ལ་རང་གཤེད་ཕོབ། །བསོད་ནམས་རླུང་རྟ་ནུས་སྟོབས་རྡུལ་དུ་རློག །ལུས་ངག་ཡིད་གསུམ་སྲོག་ལ་མཱ་ར་ཡ། །རྭ་ཟོར་ནི། སྡེ་བརྒྱད་དུག་མཚོན་འཁྲུག་པ་རྭ་ཡི་ཟོར། །རྩེ་མོར་མཚོན་ཆ་སྣ་ཚོགས་བུ་ཡུག་འཚུབ། །རྐེད་པར་ཟོར་བདག་ཕོ་མོ་གློག་ལྟར་འཁྱུག །རྩ་བར་རུ་དྲའི་ཁྲག་མཚོར་ཞིང་དུམ་འཕྱོ། །དྲག་པོའི་ཟོར་སྣ་དགྲ་དང་བགེགས་ལ་བྷྱོ། །བན་བོན་མཐུ་བྱད་བཟློག་ལ་རང་གཤེད་ཕོབ། །བསོད་ནམས་རླུང་རྟ་ནུས་སྟོབས་རྡུལ་དུ་རློག །ལུས་ངག་ཡིད་གསུམ་སྲོག་ལ་མཱ་ར་ཡ། །གཏེར་ཟོར་ནི། །གཤིན་རྗེའི་དམག་ཚོགས་རོལ་པ་གཏོར་མའི་ཟོར། །རྩེ་མོར་མཚོན་ཆ་སྣ་ཚོགས་བུ་ཡུག་འཚུབ། །རྐེད་པར་ཟོར་བདག་ཕོ་མོ་གློག་ལྟར་འཁྱུག །རྩ་བར་རུ་དྲའི་ཁྲག་མཚོར་ཞིང་དུམ་འཕྱོ། །དྲག་པོའི་ཟོར་སྣ་དགྲ་དང་བགེགས་ལ་བྷྱོ། །བན་བོན་མཐུ་བྱད་བཟློག་ལ་རང་གཤེད་ཕོབ། །བསོད་ནམས་རླུང་རྟ་ནུས་སྟོབས་རྡུལ་དུ་རློག །ལུས་ངག་ཡིད་གསུམ་སྲོག་ལ་མཱ་ར་ཡ། །ཞེས་སོ་སོའི་བསྐུལ་དང་བསྟུན་ནས་ཟོར་གཞན་རྣམས་དང་གཏོར་བསྐུལ་གྱི་རྗེས་སུ། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །ཞེས་སོགས་ཀྱི་བསྐུལ་དང་བཅས་ཏེ་དྲག་རོལ་གྱི་ཚེ་བཟློག་སྔགས་དང་དམོད་མོ་ཟབ་མོ་བཏགས་ནས་ཐུན་གཏོར་འཕེན་ཞིང་ཐལ་མོ་དགུ་ཕྲུགས་སུ་བརྡབ། བཤལ་ཆུར་འབྲུ་ཚོམ་དང་བཅས་ཏེ་བསྟན་མ་བསྐྱང་། སྲུང་འཁོར་བསྒོམ། སྒྲུབ་ཁང་དུ་ཆད་མཐོ་གཏོར་མར་སྨན་རག་སྦྲན་ཞིང་མཆོད་པ་ནས་ཤིས་བརྗོད་གྱི་བར་དཀྱུས་ལྟར་གཏོང་། སང་ཉིན་ཕྱི་རོལ་དུ་གདབ་ལས་མི་སྤྲོ་ན་བཟློག་གཞུང་གི་ཚེ་ཞལ་བསྒྱུར་ལམ་དཀར་འཐེན། མཆོད་གཏོར་སོགས་གཏོར་ཆེན་ལ་སྦྲན་པ་ཕྱག་ལེན་བཞིན་བྱས་


GLG023_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བྱད་མ་འབུམ་གྱི་ལྟས་ངན་བཟློག་ཏུ་གསོལ། ཞེས་པའི་དུས་དམག་ལྟོའི་ཚུལ་དུ་ཟུར་གྱི་ཁྲག་ཆང་བཞི་ནས་གཏོར་མར་སྦྲན་ཏེ་གཏོར་ཆེན་བཏེག །མཱ་ར་ཡཱའི་དྲག་བརྡུང་གི་ཚེ། སློབ་དཔོན་གྱིས་རྭ་ཟོར་ཐོགས་ལ་ལམ་འགྲོས་ལེན་བཞིན་པས་ཕྱིར་འཐོན་ཏེ་གསེར་སྐྱེམས་ནས་སྒོ་དབྱེའི་བར་ནུབ་སྔ་མ་ལྟར་ལ་ཚོགས་ལྷག་འདོན་རིང་དཀར་གཏོར་བཏེག་ཙམ་མ་གཏོགས་མི་གཏོང་། ཟོར་འཆམས་དང་བཅས་ཏེ་བསྐུལ་དང་བསྟུན་ནས་ཟོར་སྣ་རེ་འཕེན་ཞིང་རྭ་ཟོར་འཕེན་ཚུལ་བྱ། སློབ་དཔོན་གྱིས་རྭ་ཟོར་དང་ཟོར་གཞུ་ཐོགས་ཏེ་སྣ་དྲངས་གཏོར་མ་འཕེན་སར་གསེར་སྐྱེམས། སྲིད་པ་ཧུ། དེ་ནས་དམིགས་ཡུལ་དགུག་གཞུག་བྱས་རྗེས། བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །ཞེས་སོགས་ནས་དྲག་རོལ་གྱི་ཟོར་རྣམས་སྔགས་དང་བཅས་ཏེ་རིམ་བཞིན་བརྡེག །གཤིན་རྗེའི་དམག་ཚོགས་ཞེས་སོགས་ཀྱི་བསྐུལ་དང་བཅས་གཏོར་མ་འཕེན། ཕོད་ཀའི་སྣེ་གཉིས་བཟུང་བའི་དུལ་མོ་དང་ཐལ་བརྡབ་དམོད་པ་བྱེད། བཤལ་ཆུས་བསྟན་མ་སྐྱོང་། སྲུང་འཁོར་དང་མེ་ཆུས་རྒྱས་འདེབས། སྤྱང་མོ་དང་ཨུཥྞཱི་ཥའི་སྔགས་བཟླས་བཞིན་པར་སློབ་དཔོན་གྱིས་རྗེས་མནན་ཏེ་ཚུར་ལོག་ནས་སྒོ་དྲུང་དུ་ཟོར་སྣོད་རྣམས་ཁ་སྦུབ། སློབ་དཔོན་གྱིས་དགྲ་བགེགས་དམ་སྲི་རྣམས་དགུག་གཞུག་བྱ། བྲོ་བརྡུང་བ་ནི། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཀུན་ཀྱང་འཇམ་དཔལ་གཤིན་རྗེའི་གཤེད། ཁྲོ་བོ་འདས་པས་ནམ་མཁའ་གང་། ཁྲོ་མོ་འདུས་པས་བར་སྣང་གང་། ཁྲོ་ཆུང་འདུས་པས་ས་གཞི་གང་། །ཐམས་ཅད་(༡༤ན)


GLG023_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་ངང་ཉིད་ལས། །རྐང་པ་གཡས་ཀྱིས་བྲོ་བརྡུངས་པས། །ཕོ་སྲི་ཐམས་ཅད་གཡས་སུ་མནན། །རྐང་པ་གཡོན་གྱིས་བྲོ་བརྡུངས་པས། །མོ་སྲི་ཐམས་ཅད་གཡོན་དུ་མནན། །གཉིས་སུ་མེད་པར་བྲོ་བརྡུངས་པས། །ཆུང་སྲི་དམ་སྲི་རྡུལ་དུ་རློག །བྲོ་འདི་ཡེ་ཤེས་ཆེན་པོའི་བྲོ། །དགྲ་རྣམས་ཐལ་བར་རློག་པའི་བྲོ། །བདུད་རྣམས་ཕྱེ་མར་འཐག་པའི་བྲོ། །དེ་ཕྱིར་གླུ་བྲོ་རྒྱུན་མི་འཆད། །སུཾ་བྷ་སོགས་དང་། ཤར་དུ་ཞི་བའི་བྲོ་བརྡུངས་པས། །དགྲ་བགེགས་དམ་སྲི་ཞི་བར་ཤོག །ཨྱེ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ། ཧྲཱིཿཥྚྲཱི་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། བྱང་དུ་དྲག་པོའི་བྲོ་བརྡུངས་པས། །དགྲ་བགེགས་དམ་སྲི་མེད་པར་ཤོག །མཱ་ར་ཡ་ཕཊ། ནུབ་དུ་དབང་གི་བྲོ་བརྡུངས་པས། །ལྷ་འདྲེ་མི་གསུམ་དབང་བསྡུད་ཤོག །པ་ཤཾ་ཀུ་རུ་ཡེ་སྭཱཧཱ། ལྷོ་རུ་རྒྱས་པའི་བྲོ་བརྡུངས་པས། །ཚེ་དང་བསོད་ནམས་རྒྱས་པར་ཤོག །པུཥྚིཾ་ཀུ་རུ་ཡེ་སྭཱཧཱ། རྒྱས་པའི་གསོལ་བྱང་གི་ཚེ་གཏོར་སྣོད་རྣམས་ཁ་སྒྱེན་ལ་སློབ་དཔོན་གྱིས་འབྲུ་ཚོམ་བླུག་གོ །ཕྱི་རོལ་དུ་འགྲོས་དང་བསྟུན་ནས་གདབ་ལས་རྒྱས་པར་བྱེད་ན་ཆད་ལྷག་མི་འབྱུང་བའི་ཕྱིར་ཚོགས་ཐ་མ་ལས་བྱང་གི་དཀྱུས་བཞིན་བཏང་། བཟློག་གཞུང་གི་བྱད་མ་འབུམ་གྱི་ལྟས་ངན་བཟློག་ཏུ་གསོལ། ཞེས་པའི་མཚམས་སུ་གཏོར་ཟོར་སྒྲུབ་ཁང་གི་སྒོའི་ནང་ཙམ་དུ་སྦགས། གསེར་སྐྱེམས། ཚོགས་ལྷག །སྒོ་དབྱེ་རྣམས་བྱ། མདོར་གསེར་སྐྱེམས་ནས་བཟུང་རལ་གྲིས་གཏུབ་པའི་བར་དང་སྟོབ་པ་(༡༤བ)


GLG023_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་བདེ་བའི་ཕྱིར། སྟོང་གསུམ་ཁེངས་པའི་སྐུར་བཞེངས་ཉི་ཟླའི་སྤྱན། །གཟིངས་ལ་གནམ་སའི་ཞལ་གདོངས་གློག་དམར་ལྗགས། ཁྱོངས་ཤིག་གངས་རི་ལྟ་བུའི་མཆེ་གཙིགས་ནས། །དམ་ཉམས་དགྲ་བོའི་ཤ་ཁྲག་ཚོགས་བཞེས་ཤིག །ཅེས་འཆམས་དབྱངས་དང་བསྟུན་གདབ་ལས་རྒྱས་པ་ཇི་ལྟ་བ་ལ་ལིངྒར་ནང་ཟོར་རྡེག་པ་ཙམ་མ་གཏོགས་གོང་དང་འདྲ། ནང་དུ་སླེབས་ནས་ཚེ་འགུགས། གཏང་རག་གི་ཚུལ་དུ་བམ་བསྐང་གཏོང་། ཆད་མཐོ་དང་བཅས་ཆོས་སྐྱོང་གི་གཏོར་མ་རྣམས་ཐོག་སྟེང་དུ་འབུལ། སྒྲུབ་གཏོར་དང་བམ་ལ་སྨན་རཀ་སྦྲན་ཏེ་གཏང་རག །བཟོད་གསོལ་གྱིས་བཤམས། བམ་དངོས་གྲུབ་ཀྱི་ཚུལ་དུ་རོལ། རྟེན་མེད་པ་རྣམས་ལ་གཤེགས་གསོལ་དང་ཡོད་པ་རྣམས་ལ་བརྟན་བཞུགས། བདག་མདུན་གྱི་དཀྱིལ་འཁོར་བསྡུ། སྨོན་ལམ་ཤིས་བརྗོད་བྱའོ། །དེ་ལྟར་དགྲ་བགེགས་བྱད་མ་རྦོད་གཏོང་གི །སྙིང་རྩ་དམར་ཆེན་ཟོར་གྱི་མཚོན་རྣོན་པོས། །གཅོད་དང་ལྷན་ཅིག་སྒྲིབ་གཉིས་ཡེ་ཤེས་གྲིས། །བཅད་དེ་བདེ་ཆེན་ས་ལ་རོལ་བར་ཤོག །འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ་གྱི་ཟུར་རྒྱན་ཟོར་གྱི་ལས་རིམ་གནམ་ལྕགས་ཐོག་མདའ་ཞེས་བྱ་བ་འདི་ནི་སེ་བརྒྱ་མཁར་པ། ནུབ་དགོན་པ། ཆོས་རྒྱལ་མངྒའི་མཚན་ཅན་ཡབ་སྲས་ཀྱི་ཕྱག་བཞེས་ཟུར་ཐམས་ཅད་མཁྱེན་པ་ལས་ཐོས་པ་དང་གསུང་རྒྱུན་འཛིན་པའི་རྗེས་འབྲང་དུ་མར་བགྲོས་པའི་སྟེང་སྤྲུལ་པའི་སྐུ་མཆོག་པདྨ་འཕྲིན་ལས་ཀྱི་ཟིན་བྲིས་ཉིད་གཙོ་བོར་བཟུང་གདབ་ལས་ཀྱི་ལེགས་ཆ་གཤིན་རྗེ་ཁྲོ་ཆུ་ནས་ཀྱང་བླངས་(༡༥ན)


GLG023_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཟ་ཧོར་གྱི་སྔགས་སྨྱོན་དྲག་པོ་རྩལ་གྱིས་རྟ་ཆེན་ཟླ་བའི་དམར་ཆ་ཁྲག་འཐུང་རོལ་པའི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པའོ།། །།སརྦ་མངྒ་ལཾ།། །།

འཇམ་དཔལ་ཚེ་བདག་ནག་པོའི་མནན་པ་ཐར་མེད་ལྕགས་ཁང་ནག་པོ་ཆུ་སྲིན་མགྲིན་པའི་རྒྱ་ཅན།


GLG023_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཚེ་བདག་ནག་པོའི་མནན་པ་ཐར་མེད་ལྕགས་ཁང་ནག་པོ་ཆུ་སྲིན་མགྲིན་པའི་རྒྱ་ཅན་ཞེས་བྱ་བ་བཞུགས་སོ། །


GLG023_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ནམཡརཱཛཱཉྩཚམཱོངྐྲདྷེནྡྲ༔ཀཱལཱསྱཤཏྲཝེ། རྒྱ་ཆེན་གཏིང་མཐའ་གཞལ་དཀའི་བདེ་ཆེན་ཆོས་དབྱིངས་ཟླ་བའི་མ་མར་དུས་ཀུན་གཡོ་མེད་ངང་ཉིད་ལས། སྣ་ཚོགས་འགྲོ་བློའི་བཅུ་གཉིས་ཁྱིམ་དུ་མཐའ་ཡས་ལོངས་སྤྱོད་རྫོགས་སྐུ་ཉིན་བྱེད་དབང་པོའི་དཀྱིལ་འཁོར་མཆོག །ཨཽ་ཊི་ཡ་ནའི་སིན་དྷུ་རྒྱ་མཚོར་ཆུ་སྐྱེས་རྟ་དམར་ལ་བརྟེན་སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ཞེས། །རབ་འབྱམས་རྒྱལ་བ་ཀུན་དངོས་ཁྱོད་ཀྱི་ཞབས་སེན་བདག་སྙིང་པད་དཀར་ཟེའུ་འབྲུར་འགོད་པའི་དགེ་ལེགས་སྩོལ། །དུས་གསུམ་སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཡེ་ཤེས་སྲུང་མའི་དེད་དཔོན་གཤིན་རྗེའི་གཤེད། །རྣོ་མྱུར་འཇིག་རྟེན་གཟའ་བདུད་ལྟར་བསྒྲུབ་པའི། །རིགས་འཛིན་གནུབས་ཆེན་ཁུ་དབོན་ཕྱག་གི་ཡུལ། །འཇིག་བྲལ་ཟབ་གཏེར་རྡོ་རྗེའི་ཕ་ལམ་གྱི། །འཕྲིན་ལས་འོད་སྟོང་འབར་བ་དུམ་པ་རྒྱ། །བདུད་སྡེའི་དཔུང་འཇོམས་སྔགས་འཆང་རྡོ་རྗེ་འཛིན། །འཁྲུལ་མེད་བརྒྱུད་པར་བཅས་ལ་གུས་པས་འདུད། །ཕུན་ཚོགས་དཔལ་འབྱོར་ཨ་ཏིའི་གླིང་བཞི་ལ། །ལྷུན་གྲུབ་ལུང་རྟོགས་གསེར་གྱི་འཁོར་ལོ་ཡིས། །ཐོགས་མེད་དབང་བསྒྱུར་རིགས་རྣམས་ཀུན་གྱི་བདག །འཁོན་སྟོན་ཆོས་རྗེ་ཡབ་སྲས་རྟག་ཏུ་རྒྱལ། །སྔོན་ཆད་ཕྱི་ནང་གསང་བའི་སྐོར་གསུམ་དུ། །གབ་འཁྲུགས་ཐོར་བུའི་ཚུལ་དུ་མནན་པའི་ལས། །སྣོད་ལྡན་སློབ་བུ་རྣམས་ཀྱི་དོན་ཆེད་དང་། །བསྟན་པའི་བཙས་སུ་ལག་ལེན་ཁྱད་དུ་སྡེབས། །དེ་ལ་འདིར་རྡོ་རྗེ་ཐེག་པའི་བསྟན་པ་འདི་ཉིད་བྱང་ཕྱོགས་གངས་རིས་བསྐོར་བའི་(༢ན)


GLG023_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོངས་སུ་གསང་སྔགས་གསར་རྙིང་ཞེས་ཡོངས་སུ་གྲགས་པའི་རྙིང་མའི་ཕྱོགས་སུ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་སྤྱི་དང་བྱེ་བྲག་སོགས་དང་། གསར་མར་ཡང་གཤེད་སྐོར་མགོན་ཆེན་སྡེ་བཞི་སོགས་ལས། འཕྲིན་ལས་བཞིའི་བསྒྲུབས་ཚུལ་སྤྱི་དང་བྱེ་བྲག་མངོན་སྤྱོད་ཀྱི་ལས་སྦྱོར་ཇི་སྙེད་ཅིག་མཆིས་ནའང་། འགྲན་གྱི་དོ་མེད་འཇམ་དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་དུ་གྲགས་ཤིང་དོན་ལ་གནས་པའི་ཕྱིར། འདི་ཉིད་ཀྱི་མནན་པའི་ལས་སྦྱོར་བྲི་བར་བྱ་སྟེ། དེ་ཡང་བཀའ་འབྱེད་གསེར་གྱི་ལྡེ་མིག་ལས། །བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱི། །དྲག་སྔགས་ཚེ་བདག་ནག་པོ་ལས། །ཡང་གཅེས་ཟབ་པའི་སྐོར་གསུམ་ལ། །ཕྱི་སྐོར་ལྕགས་འདྲའི་སྐོར་དང་གཅིག །ནང་སྐོར་ཐོག་འདྲའི་སྐོར་དང་གཉིས། །གནམ་ལྕགས་ཐོག་མེའི་སྐོར་དང་གསུམ། །ཞེས་གསུངས་པའི་ལྕགས་འདྲ་དང་གནམ་ལྕགས་ཐོག་ཆེན་གཉིས་ཀར་མནན་པའི་སྐོར་འདྲ་མིན་ཙམ་བཤད་པ་ལས། སྐབས་འདིར་བཀའ་འབྱེད་དུ། གཡོན་ནས་རྒྱུ་མའི་རོ་མ་ལས། །མནན་པ་རི་རབ་སྟོབས་ཆེན་བྱུང་། །ཞེས་པ་ལྟར། གནམ་ལྕགས་སྡིག་པའི་ཆོས་སྡེ་ནས་གསུངས་པའི་མནན་པའི་ལག་ལེན་ཁྲིག་ཆགས་སུ་རྒྱུད་ལྡན་གྱི་བླ་མ་དམ་པའི་གསུང་ལྟར་སྡེབས་པར་བྱའོ། །འདི་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཆོ་ག་ལས། དང་པོ་ལ་གང་དུ་བྱ་བའི་གནས། གང་གིས་བྱ་བའི་སྒྲུབ་པ་པོ། །གང་དེར་མཁོ་བའི་ཡོ་བྱད་བཤམས་པ་དང་གསུམ་ལས་དང་པོ་ནི། བསྒྲུབ་(༢བ)


GLG023_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ། གནས་ནི་དུར་ཁྲོད་དུ་བྱ། བྲག་རི་ནག་པོ་མོན་པ་ཁྲོས་པ་འདྲ་བའམ། ལྷོ་ཕྱོགས་སུ་ཁ་བལྟས་པ་ཤིན་ཏུ་མཉན་པར་ཕྱིན་ལ། ཞེས་རབ་ཏུ་འཇིགས་ཤིང་སྐྱི་གཡའ་བར་བྱེད་པའམ། ཡང་བརྒྱུད་ལས། དགེ་ཞིང་ཉམས་དགའི་གནས་དག་ཏུ། །ཞེས་དམ་པ་གོང་མ་རྣམས་ཀྱི་བྱིན་གྱིས་བརླབས་ཤིང་ཡིད་དུ་འོང་བའི་གནས་སུ་སྐྱེ་བོའི་འདུ་འཛིས་དབེན་པའི་སྒྲུབ་ཁང་དུ་བྱ་བ་ནི། དིང་སང་གི་སྐྱེ་བོ་རྣམས་ཀྱི་བློ་དང་འཚམ་ཞིང་བར་ཆད་ཉུང་བ་སོགས་ཀྱི་དགོས་པ་ཡོད་ལ། འོན་ཀྱང་དྲག་པོའི་ལས་ལ་སྦྱར་བའི་ཚེ་དུར་ཁྲོད་དམ། དེའི་ཉེ་འབྲེལ་སོགས་དང་དམ་ཅན་དངོས་བཞུགས་པ་ལྟ་བུའི་རྩུབ་འགྱུར་སྟོན་པའི་གནས་སུ་བྱ་སྟེ། དྲག་སྔགས་མཚོན་ཆ་ནག་པོའི་རྒྱུད་ལས། དུར་ཁྲོད་གདུགས་པའི་དབེན་གནས་སུ། །མཆོག་གསུམ་ཚང་བའི་མཚམས་བཅད་ལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དད་དང་བརྩོན་འགྲུས་མེ་ལྟར་འབར་བ་དང་། །ཤེས་རབ་ཆེ་ཞིང་ཕྱོགས་མེད་སློབ་པ་དང་། །དད་པ་ཆེ་ཞིང་གཟུངས་ཐོབ་བློ་བརྟན་པ། །དམ་ཚིག་གཙོར་འཛིན་སྒོམ་ཕྲན་ཆེ་བ་དང་། །རང་རིག་བློ་ལྡན་ཆོས་ཉིད་དོན་རྟོགས་དང་། །ཞེས་གསུངས་པ་དང་། ཟླ་གསང་རྩ་བའི་རྒྱུད་ལས། ལྟ་བ་དབང་བགྲོད་དམ་ལྡན་པས། །སེམས་ཀྱི་འདུ་འཛི་མེད་པ་རུ། །དཔའ་བརྟུལ་སྔགས་ཀྱི་དམོད་པ་དབབ། །ཅེས་གསུངས་པ་ལྟར། རྒྱུ་འབྲས་ཀྱི་ཐེག་པ་སྤྱི་དང་། ཁྱད་པར་ཞེ་སྡང་ཐབས་རྒྱུད་གཤིན་རྗེ་གཤེད་ཀྱི་ཆོས་ལ་མི་ལྡོག་པའི་དད་པ་ང་ལྡན་པ། ཟབ་མོའི་ཆོས་ཉིད་ཉན་ཅིང་ཉམས་སུ་ལེན་པ་རྣམས་ལ་བརྩོན་འགྲུས་ཆེ་བ། རྒྱུད་འགྲེལ་གྱི་ཚིག་དོན་ཀུན་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་ཚུལ་བཞིན་དཔྱོད་པར་ནུས་པ། ཚད་ལྡན་གྱི་གཞུང་ཀུན་ལ་ཕྱོགས་ལྷུང་དང་བྲལ་བས་སློབ་ཅིང་། ལམ་གྱི་རྩ་བ་དམ་ཚིག་དང་སྡོམ་པ་སྲོག་ལྟར་གཅེས་སྤྲས་སུ་བྱེད་པ། ཡང་དག་པའི་ལྟ་བ་དང་ལྡན་པ་སོགས་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། དེ་ཡང་དཔེར་ན། རིན་པོ་ཆེ་མཆོག་དག་སོར་མོའི་འདུ་བྱེད་ལེགས་པར་ཤེས་པའི་བཟོ་བོ་ལ་བརྟེན་ནས། ཇི་ལྟར་འདོད་པའི་གཟུགས་ཀྱི་སྤྲུལ་བསྒྱུར་འབྱུང་བ་བཞིན་སློབ་དཔོན་འཇམ་དཔལ་བཤེས་གཉེན་(༣ན)


GLG023_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། གོམས་པ་སྔོན་སྦྱངས་མང་ཐོས་ཆོས་རྣམས་ཤེས། །ཆོས་ཉིད་མཉམ་པའི་དོན་རྟོགས་གཏི་མུག་མེད། །དབྱིངས་དང་ཡེ་ཤེས་གཉིས་མེད་གཟུངས་མ་འདུ། །བླ་མའི་མན་ངག་ཐོབ་པའི་གདེངས་ལྡན་པ། །ཡོན་ཏན་རྫོགས་པའི་བླ་མ་དམ་པ་བྱ། །ཞེས་གསུངས་པ་ལྟར། སྔགས་ལམ་གྱི་རྟོགས་པ་ཁྱད་པར་ཅན་མངོན་དུ་གྱུར་པ་སོགས་ཡོན་ཏན་ཡོངས་སུ་རྫོགས་པའི་རྡོ་རྗེ་སློབ་དཔོན་གྱི་དྲུང་དུ། སྨིན་བྱེད་ཀྱི་དབང་། རྒྱུད་འགྲེལ་གྱི་བཤད་པ་དང་། མན་ངག་གི་དཀའ་གནད་ཀུན་ལ། དེང་སང་གི་ཆེན་པོར་རློམ་པ་འགའ་ཞིག་གི་རྣམ་ཐར་ལྟར་ཐོས་ལོ་མཐོང་ལོ་མ་ཡིན་པའི་གཏིང་ཕྱིན་པའི་སྒྲོ་འདོགས་ཆོད་པ། འདི་ཉིད་བསྙེན་ཅིང་བསྒྲུབ་པ་ལ་དགོས་པའི་ཕྱི་ནང་གི་མཆོད་རྫས་རྟེན་དང་བཅས་པ་གཞུང་ནས་བཤད་པ་བཞིན་གྲུབ་ཅིང་། གོང་བསྙེན་སྔོན་དུ་སོང་བས་མཚན་མ་ཐོབ་པའི་རིགས་སྔགས་འཆང་བ་ཞིག་དགོས་སོ། །གསུམ་པ་ནི། ད་ལྟ་གངས་ཅན་གྱི་ལྗོངས་འདིར་གསར་རྙིང་གི་སྔགས་འཆང་ཕལ་ཆེར་ཞིག །རང་ཉིད་ལ་བློ་ལེགས་པར་བཀལ་ཏེ་སྐྱབས་སུ་འཛིན་པའི་ཡོན་བདག་གི་ཁྱིམ་དག་ཏུ། བསོག་ཁྲ་བྲི་ཚེ་རང་ལ་ཉེ་བར་གང་མཁོ་བྲི་བ་སོགས་རང་གཞན་ཐམས་ཅད་བསླུ་བའི་བྱ་བ་ལ་འཇུག་པ་མ་གཏོགས། ལས་སྤྱི་དང་མནན་པ་ལ་དགོས་ངེས་ཀྱི་རྫས་རྣམས་རྣ་བའི་བུ་གར་ཟུར་ཙམ་ཡང་མ་སོན་པ་མང་ཞིང་། དེ་དག་གི་རྗེས་སུ་ཞུགས་པས་ལོང་བས་ལོང་བ་ཁྲིད་པའི་རྐྱེན་གྱིས་གཉིས་ཕུང་གི་གཡང་ལ་འཕྱན་པའི་སྐྱེ་བོ་རྣམས་ལ་ཡིད་ལྷག་པར་བརྩེ་ཡང་། གསར་རྙིང་གི་ལས་རབ་འབྱམས་མཐའ་དག་བྲི་བའི་ཇོ་མ་ཐོག་མོད། ཟིལ་གནོན་མནན་པའི་ལས་ཚོགས་ཉེར་མཁོའི་ཡོ་བྱད་རྣམས་ཞིབ་པར་བྲི་བ་ནི། དགྲ་བགེགས་གང་ལ་བྱ་ཡང་། མཎྜལ་དང་འབྲུབ་ཁུང་གི་རྒྱུ་ནི། དམར་ནག་འཇིགས་གསུམ། བདེ་གཤེགས་འདུས་པ། ཀི་ཀང་དམར་ནག །ཁྲོ་ཆུ་གུར་ཞལ་སོགས་གསར་རྙིང་གི་མངོན་སྤྱོད་ཀྱི་ལས་ཀུན་ལ་ཅུང་ཟད་འདྲ་མིན་ཙམ་ལས་ཕལ་ཆེར་མཐུན་ལ། དེ་ཡང་བསྲུང་བཟློག་བསད་མནན་གྱི་ལས་རྣམས་ལྷུན་གྱིས་གྲུབ་བྱེད། དྲིལ་སྒྲུབ་དམ་པ་རྒྱ་མདུད་(༣བ)


GLG023_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བསྣོལ་མར་བརྩེགས་པའི་ལས་མཆོད་རྟེན་ནག་པོ་ཡོངས་སུ་རྫོགས་པ་གྲུབ་ན། མནན་པ་རི་རབ་སྟོབས་ཆེན་འདི་ཉིད་ལ་བཅའ་བཞི་ལོགས་སུ་མི་དགོས་ཀྱང་། མ་འགྲུབ་པའམ་གནས་ཁང་གཞན་དུ་དགོས་པ་སོགས་བྱུང་ཚེ། སྡིག་པ་སྙིང་འཛིངས་ལས་ཕུང་ཤུལ་མི་མི་བསད་གཡུལ་བཀྱེ་དང་། དུར་ཁྲོད་རོ་ཡི་ས་དག་ལ། །རོ་བསྲེགས་རྡོ་དང་སོལ་བ་དང་། །གྲི་ལྕགས་དཔའ་བོ་གཡུལ་བསད་ཁྲག །ར་དུག་རེ་ལྕགས་ཨ་ཤྭ་ཀན། །གྲོགས་མཁར་རས་སྤྱིན་ཁྲོན་ཤུན་ནག །ཤོག་འདག་ཚེ་ཆུ་སྦྱར་ཏེ་རྩིགས། །ཞེས་གསུངས་པ་ལྟར་ཕུང་ཤུལ་གྱི་ས། མི་བསད་པའི་ས། གཡུལ་སྤྲད་པའི་ས། དུར་ཁྲོད་ཀྱི་ས། རོ་བསྲེགས་པ་རྡོ་སོལ་བ། དཔའ་བོ་གྲིར་བསད་པའི་ཁྲག་དུག་སྣ། ཤཱ་སྦུད་ཀྱི་ས། གྲོག་མཁར་གྱི་ས། གྲི་ལྕགས་སོགས་མཚོན་ཆ་སྣ་ཚོགས་བརྡར་བའི་ཕྱེ་མ་ལྷ་སྲིན་དྲག་པོ་གནས་པའི་ས། ཐོགས་སེར་རྒྱབ་བབས་ཀྱི་ས། རྫ་གསར་པ་སྤྱིན་པོ། ཤོག་འདག །རྫས་དེ་རྣམས་སྐྲུ་བྱེད་ཆུ་མིག་གཉན་པོའི་ཆུ། དུག་ཁྲག་དུག་སྣ་ཚོགས་བཏབ་པའི་ཆུ། བྱུག་རྫས། དུག་ཁྲག །གྲི་ཁྲག །རོ་སོལ་ལྷ་དང་དབྱེ་བའི་རྫས་གུ་གུལ། ཡུགས་ས་མོའི་ཞབས་མ། རྨེ་ཁྲག །ཤན་པའི་ལྷམ་སྐྲད། ཚིལ་ཆེན། རྭ་བཞོག །རྟ་བོན། ཁྱི་ལུད། མི་བླུན། མུ་ཟི། སྒོག་སྐྱ། མཛེ་ཁྲག །རི་ཁྲོ་དང་སྤུ་ནག་གི་རྩ་བ། ར་མག་ཀྱི་རྐྱོ་མ། བུང་བུའི་བངས། འཇུག་པའི་སྣོད། བྱ་རྒོད། ངང་པ། བྱ་རོག །བྱི་བ། གཅན་ཟན། གྲུམ་པ། གླང་། མཛོ། དྲེལ། ཕག་པ། ར། ཁྱི། སྐྱེས་གྲིར་ཤི་བ། རབ་ཆད། མོན་པ། གཞན་ཡང་མི་ནོན་པའི་ཐོད་པ་བཞི་མ་གཏོགས། མི་རྣམས་ཀྱི་ཐོད་པ་ཇ་རིལ་གླང་རུ། ལྷ་འདྲེ་སྒོད་ཀྱི་གནོན་ན། འཁྲིད་ཁ་རིན་ཆེན་ཕྲེང་བར་གསུངས་པའི་གཞན་ལ་མེད་པའི་ཁྲོ་བོའི་དབང་པོ་འདིའི་ཁྱད་ཆོས་སྡེ་བརྒྱད་བྱེ་བྲག་ཏུ་མནན་པའི་སྐབས་སུ། སྡེ་བརྒྱད་སོ་སོའི་ལིངྒ་འཇུག་པའི་སྣོད་སོ་སོར་བཤད་ལ། འཇུག་རྒྱུའི་འཁོར་ལོ་སོ་སོར་སྣང་ཡང་། སྐབས་འདིར་རིགས་པའི་མདས་དྲངས་པ་དམ་པའི་ཕྱག་ལེན་ནོ། །སྒྲིལ་བའི་ཚས། རེ་ནག །འཆིང་བྱེད་ཐག་པ་ཚོན་སྐུད་སྣ་ལྔ། ཡུགས་སྐྲ། རོ་སྐྲ། མནན་པའི་ས། ས་ཚོན་སྣ་ལྔ། བྲང་བའི་ཐུན་རྫས། གུ་གུལ། རྒྱ་ཆིལ། (༤ན)


GLG023_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཟི། བོང་ཚིལ། ཚིལ་ཆེན། ར་ཁྲག །མངལ་ཁྲག །མཛེ་ཁྲག ཉུང་དཀར་ནག །སྐྱེ་ཚེ། མཚོན་ཆ་བརྡར་བའི་བྱེ་མ། དེ་ལ་སྦོལ་རྒྱུའི་རློན་ཐུན། ཁ་གཅོད་རོ་གཡའ་མམ། རང་ཐག་ཡ་ཁོད། གཞན་ཡང་ཚྭ། བ་ཚྭ། བུ་ཏོག །གཡེར་མ། དུག་ཤོག །ལ་ཆ་སོགས་དང་། རང་བསྲུང་གི་རྫས་ཉིན་གཅིག་ལ་མཛེ་ཐོད་རློན་པ་སྟོང་། ཀླུ་གདོལ་བ་གནས་པའི་ཆུ་མིག་ལ་བརྒྱབ་པ་སོགས་རྩུབ་སྤྱོད་ཀྱི་ལས་ཅི་བྱས་ཀྱང་། ལྷ་སྲིན་སྡེ་བརྒྱད་ཀྱིས། མིག་བལྟ་བ་ཙམ་ཡང་མི་ནུས་པའི་རྡོ་རྗེའི་ཕ་ལམ་ལྟ་བུའི་དུག་ཁྲག་ཏུ་གྲགས་པས། དཔལ་རྡོ་རྗེ་ཕུར་པ་ནས་རྒྱས་པར་གསུངས་ཤིང་། དེའི་སྙིང་པོ་ལྟ་བུ་རིགས་འཛིན་ཆེན་པོ་རཏྣ་གླིང་པའི་གཏེར་པ་ལྕགས་སྡོང་མར་གྲགས་པ་རྡོ་རྗེ་གཏུམ་མོའི་ལས་ཚོགས་དང་། རྒྱ་ཕུར་བུའི་གཏེར་མའི་བུམ་ཐང་མ་དང་ལྕགས་སྡོང་མ་གཉིས་ནས་བཤད་པ་ལྟར་གང་ཟུང་ལག་ཏུ་ལོན་ན། མནན་པའི་ལས་སྦྱོར་འདི་ཙམ་དུ་མ་ཟད། དྲག་པོའི་ལས་གང་ལ་ཡང་མཆོག་དུ་བསྔགས་ཀྱང་། ད་ལྟ་ནོར་འཛིན་གྱི་ལྟོ་བར་རིག་སྔགས་འཆང་བའི་ཁུར་འཛིན་གྱིས་ཁེངས་ན་ཡང་། དུག་ཁྲག་གཅེས་པ་དུད་འགྲོའི་ཁྲག་རློན་པར་བཙན་དུག་གི་ཕྱེ་མ་བཏབ་པ་ཞིག་ཡིན་ནམ་སྙམ་པ་ལས། རྫས་སྔགས་ཏིང་ངེ་འཛིན་གྱི་འཕྲུལ་འཁོར་ཕུལ་དུ་བྱུང་བའི་ཚུལ་མིག་དང་རྣ་བའི་དགའ་སྟོན་དུ་གྱུར་པ་ནི་ཉིན་སྐར་ཙམ་དུ་སྣང་བས། ཤིན་ཏུ་དཀོན་ཅིང་དོན་ཆེན་པོ་དང་ལྡན་པ་ཡིད་བཞིན་གྱི་ནོར་བུ་དང་ཆོས་མཚུངས་པའི་རྒྱུ་མཚན་ལེགས་པར་སོམས་ལ། ཤེས་ལྡན་ཀུན་གྱིས་རིག་འཛིན་པ་རྣམས་ཀྱི་གསུང་གི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བའི་བླ་མ་དམ་པ་རྣམས་ཀྱི་ཞལ་ལས་བླང་བར་བྱོས་ཤིག །གཞན་ཡང་། གནམ་ལྕགས་སྡིག་པའི་ཆོས་སྡེར་གོང་དང་ཆ་མཚུངས་པའི་རྫས་བསྲུང་དང་། མཆོད་རྟེན་ཉམས་སུ་བླངས་པའི་སྤྲ་ཁྲིད་ནས་གསུངས་པའི་རྫས་སྣ་བདུན་དང་གཏེར་ཁ་གཞན་ནས་བྱུང་བའི་རྫས་བསྲུང་ཟབ་མོ་ཆེས་ཕྲ་བ་ཡོད་པ་ལས། དུག་ཁྲག་ཡོད་ན་འདི་རྣམས་དང་མི་ལྡན་ཡང་འགལ་བ་མེད་ལ། དེ་(༤བ)


GLG023_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མ་ཡིན་ན་སྔར་བཤད་པ་རྣམས་ལས་སྣ་རེ་མེད་དུ་མི་རུང་ངོ་། །སྤྱིར་དྲག་པོའི་ལས་སྦྱོར་དུས་རང་བསྲུང་བ་གལ་ཆེ་བས། ཏིང་ངེ་འཛིན་དམིགས་པ་གནད། འདོགས་རྒྱུའི་འཁོར་ལོ་སྐུ་གསུང་ཐུགས་དང་བསྲུང་བཟློག་བསད་གསུམ་གྱི་ཟ་ཡིག་རྣམས་ལ་བྲི་གཞི། བྱུག་རྫས། ལྟེབ་ཚུལ། ཟ་ལུགས་དམིགས་པ་སོགས་སྙིང་གི་ཁྲག་ལྟ་བུའི་མན་ངག་རྣམས་ཀྱང་གླེགས་བམ་དུ་ཡོད་པ་ཙམ་མ་ཡིན་པར་ལག་ཏུ་བླང་བར་བྱ་བ་ནི་གནད་ཡིན་ནོ། །དེས་ན་གོང་དུ་བཤད་པའི་རྫས་དེ་དག་ཐམས་ཅད་མིང་ཙམ་ཤེས་པས་ཆོག་པ་མ་ཡིན་ཏེ། དེ་རྣམས་ཀྱི་ངོ་བོ། ངོས་འཛིན་ལུགས། འགའ་ཞིག་ཏུ་སྦྱར་ལུགས་དང་། བཟོ་དབྱིབས་དང་། ཚད་ཀྱི་ཁྱད་པར་དང་། ཡུལ་ལ་བརྟེན་ནས་འཇུག་སྣོད་བརྟག་པ་དང་། འདེབས་རྒྱུའི་སྔགས་དང་། འཁེལ་ལུགས་དང་། རི་མོ་བྲི་ཚུལ་སོགས་ཤིན་ཏུ་ཞིབ་པའི་མན་ངག་གི་གནད་མཐའ་དག་མཐོང་བ་བརྒྱུད་པའི་ཕྱག་ལེན་དང་། རིགས་འཛིན་བླ་མ་མཆོག་གིས་ཞལ་གྱི་བདུད་རྩི་ལས་མྱང་བར་བྱའོ། །སྨྲས་པ། སྣ་ཚོགས་རྫས་ཀྱི་གློག་སྟོང་འབྲུག་སྒྲ་དང་། །འཁྲུལ་མེད་གདམས་པའི་ཆར་སྤྲིན་སྟུག་པོ་ལས། །མངོན་སྤྱོད་གནམ་ལྕགས་རྡོ་རྗེའི་ཐོག་ཆེན་གྱིས། །དགྲ་བགེགས་བྲག་རི་འཇོམས་པར་གདོན་མི་ཟ། །ཨེ་མ་ཡང་ཟབ་རྫས་ཀྱི་འཁྲུལ་འཁོར་མཆོག །རིགས་འཛིན་བརྒྱུད་པའི་ཕྱག་བཞེད་མན་ངག་གིས། །ལེགས་བརྒྱན་སྔགས་འཆང་རྡོ་རྗེ་འཛིན་པ་རྗེའི། །གཞལ་མེད་དྲིན་ལས་ཁོ་བོས་རྫོགས་པར་ཐོབ། །གཏན་གྱི་བདེ་ལས་ཕྱིར་ཕྱོགས་འདི་སྣང་གིས། །བྱ་བཞག་འཇིག་རྟེན་ཕལ་པའི་རྗེས་ཞུགས་ཀྱང་། །འགྲོ་ཀུན་འདྲེན་པའི་ཁུར་འཆང་སྟོབས་ཀྱི་བདག །ཆེན་པོ་འུར་རྒྱང་ཅན་ཚོའི་སྤྱོད་ཡུལ་མིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ལ། ལག་ལེན་གྱི་དངོས་གཞི་དང་། སྒྲུབ་པའི་དངོས་གཞི་གཉིས་ལས། དང་པོ་ནི། མཎྜལ། འཁོར་ལོ་ལིངྒ་སོགས་བརྩིགས་པ་དང་བྲི་བའི་དུས་སུ་གཟའ་སྐར་གྱི་འཕྲོད་སྦྱོར་སྲིད་གསུམ་རྣམ་རྒྱལ་གྱི་ཐེབས། ས་བདག་གདུག་པ་ཅན་རྒྱུ་བ་སོགས་རྩི་དགོས་པ། དེ་ཡང་མཆོད་རྟེན་ཡོངས་རྫོགས་ཉམས་སུ་བླང་བའི་པྲ་ཁྲིད་དུ། དམིགས་(༥ན)


GLG023_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དམར་དང་ཕུར་བུ་དར་བ་ལ། རྭ་ཧུ་ལ་དང་བསྟུན་ཏེ་རྩི་དགོས། ཐ་སྐར་རམ་བྲ་ཉེ་ལག་སོར་ལ་སོགས་པ་ལ་བྱའོ། །ཞེས་རག་རིམ་ཙམ་ལས་ཞིབ་པར་གཞན་དུ་བལྟ་བར་དགོངས་ཤིང་། ཡིག་ཆ་གཞན་དུའང་གསལ་བར་མ་གསུངས་ཀྱང་། རྩིས་ཀྱི་གཙུག་ལག་ལ་བློ་གྲོས་འཇུག་པ་ཅུང་ཟད་དང་ལྡན་པའི་སྔགས་འཆང་འགའ་ལ། གཞན་དུ་བལྟ་བའི་ཁུར་སྤངས་ཏེ་འཁྱེར་བདེ་སླད་དུ་གསལ་བར་བཀོད་ན། ཉི་མ་སྨིན་དྲུག་ཟླ་བ་ཁྲག་མིག་དམར་སྐག །ལྷག་པ་ཆུ། ཕུར་བུ་མགོ །པ་སངས་རྒྱལ། སྤེན་པ་མོན་དྲེ་སྟེ་བདུད་ཉི་བདུན་དང་། དེ་བཞིན་གཟའ་བདུན་རིམ་པར། ལྷ་མཚམས་སྨིན་དྲུག་མོན་དྲེ། ཐ་སྐར། མགོ །སྣར་མ། མེ་བཞི་སྟེ་འཆི་སྦྱོར། མཆུ། ས་ག །ལག །སྣུབས། མོན་དྲེ། བི་རྫི། ཆུ་སྟོད་དེ་སྲེག་སྦྱོར་བདུན། སྣུབས། བྱི་ཞུན། ཁྲུམས་སྨད། སྨིན་དྲུག་ནམ་སོ། བྲེ། ས་རི་སྟེ་བདུད་རྒྱལ་བདུན། བཅུ་གཅིག །ཉེར་དྲུག་བཅུ་དང་། ཉེར་ལྔ། གསུམ། བཅོ་བརྒྱད། དྲུག །ཉེར་གཅིག །གཉིས། བཅུ་བདུན། བདུན་ཉེར་གཉིས་ཏེ། ཡར་ངོ་དང་མར་ངོའི་བསྲེག་ཚེས། གཞན་ཡང་གཟའ་སྐར་གྱི་ཁམས་དང་བསྟུན་པའི་ས་རླུང་། ཆུ་རླུང་། ས་མེ་སོགས་འཕྲད་པ་དང་། རྩ་བའི་སྒྲ་གཅན། དྲང་སྲོང་། གཟའ་དགུའི་བགྲོད་པའི་གནས་ཚུལ། ཐུན་ཕྱེད་རྭ་ཧཱུ། ཡུད་ཙམ་རྭ་ཧུ། ཚེས་ཀྱི་རྭ་ཧུ། ཟླ་ཕྱེད་རྭ་ཧུ་རྣམས་མཐའ་དག་རྩི་བ་མཆོག་ཏུ་གལ་ཆེ་ཡང་། རྩིས་རིག་སྨྲ་བའི་གཙུག་རྒྱན་གྲ་ཕུགས་པའི་ཐེབས་གཞུང་ལས། ཁྱད་པར་དཔའ་བོའི་རྗེས་སུ་དམག་དཔུང་བཞིན། །ཐུན་ཕྱེད་ཐེབས་དང་བསྟུན་པ་མན་ངག་ཡིན། །ཞེས་གསུངས་པ་ལྟར་ཐུན་ཕྱེད་རཱ་ཧཱུའི་རྩི་ཚུལ་ལ་ནན་ཏན་དུ་བྱ་ཞིང་ནག་རྩིས་སུ་གསུངས་པའི་གཟའ་དར་རྒུད། ཟིན་ཕུང་སོགས་ས་བདག་རྣམས་ཀྱི་རྒྱུ་ཚུལ་དང་། མདོར་ན་སྐར་མ་རྣམས་ཀྱི་ཆུ་ཚོད་ཡུན་ཇི་ཙམ་སྡོད་སོགས་རྩི་དགོས་ལ། སྐར་རྩིས་དང་དབྱངས་འཆར་དག་ལ་ཐོས་བསམ་ལེགས་པར་སོང་བ་ཡིན་ན། རྐང་པ་བརྒྱད་ཅུ་པ་དང་། སྤེན་པའི་འཁོར་ལོ་སོགས་ཇི་སྙེད་ཅིག་གསུངས་པ་(༥བ)


GLG023_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྩིས་ན་ལས་རྣམས་འགྲུབ་པ་མྱུར་བས་ལེགས་པ་ཡིན་ནོ། །ཐེབས་ཕྱོགས་སུ་ཁ་བསྟན་ལ་ཟིན་ཕུང་སོགས་ས་བདག་རྒྱུ་བའི་གདོང་མ་ཐུག་པར་བྱས་ཏེ། རང་ཉིད་གཤིན་རྗེ་གཤེད་ཀྱི་ང་རྒྱལ་དང་ལྡན་པས། བྱ་ཤ་ཟན་གྱི་སྒྲོ་རྩེའི་སྙུ་གུས་ལིང་ག་དང་འཁོར་ལོ་རྣམས་བྲི་བར་བྱ་བ་ནི་སྤྱིར་ལིང་ག་ལ། ལིང་ག་འཁོར་ལོ་ཅན་དང་། སྔགས་ཅན་དང་། ལིང་རྐྱང་དང་གསུམ་ཡོད་པའི་གསུམ་ཀར་འཁོར་ལོ་སྔགས་ཕྲེང་རྣམས་ཡོད་མེད་ཙམ་མ་གཏོགས། གཞན་ལ་ལིང་ག་བྲི་ཚུལ་ཚང་མ་གཅིག་ལ། དེང་སང་ནི་ལིང་ག་ཞེས་པ་མིའི་གཟུགས་ཀྱི་དབྱིབས་ཙམ་བྲི་བ་ལས། ཚུལ་གཞན་ཤེས་པའི་སྔགས་འཆང་བསིལ་རིས་བསྐོར་བའི་ལྗོངས་འདིར་ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་དཀོན་པ་འདི་སྙིང་ལ་གཅགས་ཏེ་གསལ་བར་འགོད་དོ༔ དེ་ཡང་ལིང་ག་བྱད་དབྱིབས་བཀྲག་མདངས་གཟི་བརྗིད་ལྡན་པ་དང་། ཤི་བ་རོའི་རྣམ་པ་གཉིས་ཀ་མ་ཡིན་པའི་གཅེར་བུ་ཉམས་ཆུང་བ། ངལ་ཞིང་དུབ་པ། ཉམས་ཐག་པ། གསོན་པོའི་རྣམ་པ་ཅན། སྐྲ་གཟིངས་ཤིང་ཁ་མཐུར་དུ་བལྟ་བ། ཡན་ལག་བཞི་ལྕགས་སྒྲོག་གིས་གདམས་པ་ནི་ལིང་ག་སྤྱིའི་བྲི་ཚུལ་ཡིན་ལ། སྐབས་འདིར་ལྕེ་ཕྱིར་བྱུང་བའི་སྟེང་དུ་འཁོར་ལོ་བྲི་བ་ནི། གཙོ་བོར་དགྲ་ནུས་པ་ཅན་གྱི་ངག་མནན་པའི་དབང་དུ་མཛད་པ་སྟེ། ལུས་ངག་ཡིད་གསུམ་གནོན་ཚེ་རཏྣ་གླིང་པའི་གཏེར་མའི་ཡང་བཟློག་མེའི་སྤུ་གྲི་ལས། ལུས་མནན་ཙཀྲ་མགོ་ལ་བསྐོར། །ངག་མནན་ཙཀྲ་ལྕེ་ལ་བསྐོར། །ཡིད་མནན་ཙཀྲ་སྙིང་ལ་བསྐོར། །དེ་ནི་མན་ངག་དམ་པ་ཡིན། །ཞེས་གསུངས་པ་ལྟར་བྱ་ལ། འོན་ཀྱང་ལུས་ངག་ཡིད་གསུམ་སོགས་གཅིག་ཆར་དུ་མནོན་པའི་སྐབས་སུ་ལྕེའི་སྟེང་འཁོར་ལོ་བསྐོར་བས། ལྕེ་འོག་ཏུ་ལུས་དང་སྙིང་གཉིས་ཡོང་བའི་རྒྱུ་མཚན་གྱི་ལེགས་ལ། དེ་ཡང་ལྕེ་འཁོར་ལོའི་རྒྱ་ཁྱོན་ལ་དཔག་པའི་སྟེང་དུ་ཙཀྲ་ནི། ཁྲིད་ཀ་རིན་ཆེན་འཕྲེང་བ་ལས། ལྕེ་ལ་འཁོར་ལོ་རྩིབས་བརྒྱད་བསྐོར། རྡོ་རྗེ་རྒྱ་གྲམ་མཆོད་རྟེན་རབ། །མཐིང་ནག་གྲུ་གསུམ་ཞེས་པ་ལྟར། །མུ་ཁྱུད་ལྔ་པ་དབུས་སུ་མཆོད་རྟེན། དེའི་ཕྱི་རྡོ་རྗེ་རྒྱ་གྲམ་དེའི་(༦ན)


GLG023_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་འཁོར་ལོ་རྩིབས་བརྒྱད་བྱ་ལ། སྔགས་འགོད་ཚུལ་འདི་ཉིད་ལྕགས་སྡིག་ཁོ་ནའི་ཁྱད་ཆོས་ལས། ལྕགས་འདྲ་སོགས་གཞན་ནས་ཞུས་དག་ཕེར་བ་མེད་པའི། རིན་ཆེན་ཕྲེང་བའི་གཞུང་དང་། བླ་མའི་མན་ངག་བསྟུན་པ་མ་གཏོགས། སྔགས་འགོད་པ་གསལ་བར་བྲི་བ་དང་། དཔེའུ་ཆུང་དུ་ཡི་གེ་འགོད་པ་སོགས་བཀའ་རྒྱ་དམ་པས་མི་རུང་ངོ་། །ལིང་ག་འཁོར་ལོ་ཅན་དང་། སྔགས་ཅན། རྐྱང་པ་སོགས་གང་ལའང་མེད་དུ་མི་རུང་བ་ནི། མན་ངག་སྙིང་གཟེར་ནག་པོ་ལས། ཙིཏྟ་རིན་ཆེན་གུར་ཁང་ན། །སྲོག་ཅེས་བྱ་བའི་ངོ་བོ་དེ། །རྒྱུ་ནི་དངས་མ་ལྔ་ལས་གྲུབ། །དབྱིབས་ནི་ཡི་གེའི་རྣམ་པར་གནས། །རྣམ་ཤེས་ཡི་གེ་འབྲུ་གཅིག་གོ །རྩ་གསུམ་མཁའ་ལ་བཏེགས་ནས་ནི། །བཙོན་ཁང་འོད་ཀྱི་ནང་ན་གནས། །ཏྲིག་ནན་གཉིས་ཀྱི་སྟེང་ནས་གཟིར། །རྩ་ནས་ཀུན་གཞི་རྣམ་ཤེས་རྒྱུད། །དེ་ལ་འཕྲོག་བྱེད་འབྲུ་གསུམ་གནས། །ཙིཏྟ་སྙིང་གི་ཕྱོགས་བཞི་ནས། །རྩ་བཞི་གྱེས་ནས་རླུང་བཞི་བརྒྱུ། །དེ་ལ་གཅོད་བྱེད་འབྲུ་བཞི་གནས། །མགོ་བོ་ལ་ནི་ཡིག་འབྲུ་གསུམ། །མགྲིན་པ་ལ་ནི་ཡིག་འབྲུ་བཞི། །ཡན་ལག་བཞི་ལ་གཅོད་བྱེད་བཞི། །སྟེང་འོག་གཉིས་ལ་ཨེ་ཏྲི་དང་། འཁོར་འདས་གཉིས་ཀྱི་ས་བོན་ཡིན། །དེ་ལྟར་རང་ལ་བདུད་ལངས་ནས། །རང་སྲོག་གཅོད་པར་རང་གཤེད་དོ། །ཅེས་པའི་དོན་བཤད་ན། དེ་ཉིད་ལས། ཡ་གི་བདེ་གཤེགས་ཞི་ཁྲོ་ནས། །འགོང་པོ་སྲིན་པོ་ཡན་ཆོད་ལ། །སྲོག་བཞི་ཀུན་ལ་ཡོད་པ་ཡིན། །ཞེས་པ་ལྟར། སྲོག་བཞི་ལས་སྙིང་གར་བྲི་རྒྱུ་ནི་མི་འགྱུར་སྲོག་སྟེ། མི་ལ་ནྲི་དང་འདྲེ་ལ་ཏྲི་བཀོད་པའི་ཕྱོགས་བཞིར་ཛ་བཞི་དང་། རྩ་གསུམ་གྱི་སྟེང་དུ་འཕྲོག་བྱེད་ཀྱི་ཡིག་འབྲུ་ཧུར་ཐུམ་ཛ་གསུམ། སྟེང་དུ་གཟིར་བྱེད་ཀྱི་ཡི་གེ་ཏྲིག་ནན་གཉིས། རླུང་བཞི་གཅོད་བྱེད་ཀྱི་འབྲུ་བཞི་མཱ་ར་ཡ་རྦད་དང་། མིག་གཉིས་སུ་ལོང་ལོང་། རྣ་བ་གཉིས་སུ་འོན་འོན། ཁ་ལ་བདུད་པོ་ང་ལོང་། ལག་པ་གཉིས་ལ་ཞ་ཞ། རྐང་པ་གཉིས་ལ་ཆག་ཆག །བརླ་འོག་གཉིས་སུ་ཚ་ཚ། རྐང་མཐིལ་གཉིས་སུ་ཡཾ་ཡཾ། འདོམས་སུ་ཕཊ། ཅེས་པའི་རང་གཤེད་དབབ་པའི་མཚོན་ཆ་རྣམས་ཚང་བར་བྲི་དགོས་ལ། ལིང་ག་བྲི་ཚུལ་སྤྱི་ལ་མེད་པའི་གཤིན་རྗེ་གཤེད་ཀི་ཀང་དམར་ནག་ནས་བཤད་པའི་(༦བ)


GLG023_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་འགོད་རྒྱུའི་ཡི་གེ་རྣམས་སྐབས་འདིར་གཙོ་བོར་མནན་པའི་ལས་ཡིན་པས་འབྲི་བ་གནས་ཡིན་ནོ། །དེ་ཡང་སྤྱིར་ལིངྒའི་ལག་གཉིས་ལུས་ཀྱི་རྒྱབ་ཕྱོགས་སུ་བཀྱིག་པའི་ཚུལ་བྱེད་པ་ཡིན་ཡང་། སྡིག་པ་སྙིང་འཛིངས་ཀྱི་མན་ངག་གི་ཁྱད་ཆོས་སུ་བཙད་བོ། སློབ་མ་དམ་ཉམས་དམ་ཚིག་གཅིག་པའི་སྔགས་པ། བོན་པོ། དྲག་སྔགས། ཨུརྨོ་རྣམས་ལ་ལིངྒའི་ཡན་ལག་གི་རྣམ་འགྱུར། ལུས་ལ་མཚོན་ཆ། སྲོག་ཆགས་གདུག་པ་ཅན་གྱིས་གཟུགས། འབྲི་རྒྱུའི་སྔགས་རྣམས་སོ་སོར་གསུངས་ཏེ། དེ་སྐད་དུ་ཡང་མན་ངག་རྩ་བ་ལས། ལས་ཀྱི་རྒྱལ་པོ་བསད་པ་ནི། །ཙཀྲ་སྤྱང་ཀུའི་ཁོག་པར་བཞུགས། །ཐོད་པ་སེང་གེའི་ཁོག་པར་གནན། །སློབ་མ་དམ་ཉམས་བསད་པ་ནི། ལིང་གའི་སྙིང་གར་སྡིག་པ་གཞུག །ཐོད་པ་སྟག་གི་འཛུམ་ལ་མནན། །དམ་འདྲེས་ཡི་དམ་གཅིག་པ་ལ། །ལིངྒའི་སྙིང་གར་སྦལ་པ་བཞུགས། །ཐོད་པ་གཟིག་གི་ཐིག་ལེར་མནན། །དམ་མི་གཅིག་པའི་སྔགས་པ་ལ། །ལིངྒའི་སྙིང་གར་སྦལ་པ་བྲི། །ཐོད་པ་མུན་པའི་གླིང་དུ་མནན། །བོན་པོ་མུ་སྟེགས་བསད་པ་ལ། སྙིང་ཁར་དུག་གི་ཕག་པ་བཞུགས། །ལིང་ག་སྲིན་མོའི་སྒྲོམས་སུ་མནན། །ཨུརྨོ་མཁན་པོ་ནང་འགྲས་ན། །དྲག་སྔགས་རྣམས་དཀྲུག་བསྣོལ་མར་བརྡེག །ཐོད་པ་འབྲོང་གི་རྭ་ལ་མནན། །ཞེས་གསུངས་པ་ལྟར་རོ། །དེ་ནས་དཀའ་འབྱེད་ལས། རྒྱུ་ཚིལ་སྙེར་མ་རིང་པོ་ལས། །བཙད་པོ་བསད་པ་ལ་སོགས་ཏེ། །མནན་པ་ལས་དྲུག་འཁོར་ལོ་བྱུང་། །ཞེས་པ་ལྟར། ལས་མཐའ་དྲུག་གིས་བསད་པའི་དམིགས་ཡུལ། རིན་ཆེན་ཕྲེང་བར་ལས་མཐའ་དྲུག་གི་བསད་པ་ནི། འཁོར་ལོ་དྲུག་གི་བྲི་ཐབས་ལ། །རྒྱལ་པོ་སེངྒེའི་ཁོག་ཏུ་བྲིས། །མནན་པ་བྲག་དཀར་འོག་ཏུ་མནན། །སློབ་མ་སྟག་གི་ཁོག་པར་བྲི། །ལམ་ནི་རྒྱ་གྲམ་འོག་ཏུ་མནན། །སྔགས་པ་སྡིག་པའི་ཁོག་པར་བྲི། །མཆོད་རྟེན་རྒྱ་མདུད་འོག་ཏུ་མནན། བོན་པོ་ཕག་གི་ཁོག་པར་བྲི། །ལ་རྩས་ས་མཁར་འོག་ཏུ་མནན། །སྐྱེ་བོ་རུས་སྦལ་ཁོག་ཏུ་བྲི། །རྒྱ་མཚོ་རྟུ་མིག་འོག་ཏུ་མནན། །བུ་མེད་བྱ་ཡི་ཁོག་པར་བྲི། །རི་སྣ་བྲག་སྣ་རྣམས་སུ་མནན། །ཞེས་པ་ལྟར་གྱི་ཡུལ་སོ་སོའི་དམིགས་(༧ན)


GLG023_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བྱུང་ཚེ། སོ་སོའི་ཁོག་པར་ལིངྒ་བྲི་དགོས་ལ། དེ་ཡང་སེང་གེ་སོགས་ཀྱི་ཁོག་པར་འཁོར་ལོ་མུ་ཁྱུད་ལྔ་པ། ལྟེ་བ་གྲུ་གསུམ་པ། ཟླ་གམ་གསུམ་དང་ལྡན་པ། མུ་ཁྱུད་གཉིས་པར་རྡོ་རྗེ་རྒྱ་གྲམ། མུ་ཁྱུད་གསུམ་པར་རྩིབས་བཅུ་གཉིས། མུ་ཁྱུད་ལྔ་པར་རྩིབས་ཉི་ཤུ། ལིངྒ་སྔགས་དང་བཅས་པ་མན་ངག་དང་། དཔེ་ཆུང་བསྟན་ནས་ལས་མཐའ་དྲུག་གི་འཁོར་ལོ། ནང་རྒྱས་འཁོར་ལོ། ལས་བཅུའི་འཁོར་ལོ་ཞེས་པ། བཙད་པོ། སློབ་མ་དམ་འདས་ཨུརྨོ་མཁན་དང་སྡེ། མ་མོ་མཁན་དང་། གཤིན་རྗེ་མཁན་དང་། བོན་དང་མུ་སྟེགས། དྲག་སྔགས་མཁན། བྱ་ཁྱུང་མཁན། སྔགས་པ་གཏད་མཁན་རྣམས་ལ་རིམ་པ་བཞིན། སེང་གེ་ཁ་འཐབ། སྟག་མོ་ཁ་འཐབ། རྡོ་རྗེ་དམེ་འཐབ། གླང་ཆེན་མཆེ་ཐབ། ཤྭ་ཎ་ལྕེ་འཐབ། ཁྱུང་མོ་གཤོག་འཐབ། ཕོ་ཉ་རྐང་འགྱོགས་བཟློག་པ། གནམ་ལྕགས་ཐོག་འཁོར། རྨ་བྱ་འཇིང་སྣོན། རུས་སྦལ་ལྟོ་སྡེབས། སྦྲུལ་ནག་ཁ་འཐབ་སྟེ་བཅུ་པོའི་བྲི་ཚུལ་ཕལ་ཆེར་གོང་མ་དྲུག་དང་མཚུངས་ལ། སྡོམ་པས་འཁོར་ལོ་བཅུ་དྲུག་པོ་འདི་རྣམས་མཚན་ཙམ་གྱིས་ཀྱང་དགའ་རབ་དབང་ཕྱུག་སྡེ་དང་བཅས་པ་འདར་བར་བྱེད་པའི་གནམ་ལྕགས་ཀྱི་ཐོག་ལྟ་བུ་སྡིག་བརྒྱུད་ནས་གསུངས་པའི་རབ་འབྱམས་མངོན་སྤྱོད་ཀྱི་ལས་འདི་ཉིད་ཀྱིས་འགྲུབ་ལ། སྙིང་དང་འདྲ་བ་ཡིན་པས་དཀའ་བའི་གནས་ཀྱི་ཞིབ་ཆ་མཐའ་དག་ལ། ཐ་སྙད་དང་རྟོག་གེའི་ཚིག་ཙམ་ལ་ཞེན་པའི་འཆལ་བའི་ཤེས་རབ་ཀྱི་མ་སྦགས་པའི། བླ་མ་དམ་པའི་གསུང་གི་བདུད་རྩིས་མྱོས་པའི་ཐེག་པ་མཆོག་གི་རིགས་ཅན་དག་གིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་ཞིབ་མོར་དཔྱོད་པར་བྱོས་ཤིག །དེ་ནས་སྟོང་སྲོག་འཁོར་ལོ་ཞེས་བྱ་བ། སྤྱང་མོ་དྲུག་གི་ལས་གང་བྱེད་ཀྱང་མེད་དུ་མི་རུང་བ་ཡིན་ལ། སྐབས་འདིར་ཡང་མནན་པ་གཡུའི་སྤྱང་མོའི་རྣོ་འདོན་དགོས་པས་བྲི་ཚུལ་ཡང་། འཁོར་ལོ་མུ་ཁྱུད་བཞི་པ། ལྟེ་བར་གྲུ་གསུམ་ཟླ་གམ་གསུམ་དང་ལྡན། དེའི་ཕྱི་རྩིབས་བརྒྱད། དེའི་ཕྱི་འཕྲུལ་མིག་ཉེར་བརྒྱད། དེའི་ཕྱི་འཕྲུལ་མིག་ཉེར་དགུ་རྣམས་ལ་ལིངྒ་སྔགས་དང་བཅས་པ་མན་ངག་དཔེ་(༧བ)


GLG023_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་དང་བསྟུན་ལ་བྲི་བར་བྱའོ། །དེ་ནས་ལིངྒའི་ལུས་དང་། དབང་པོའི་སྒོ་རྣམས་དང་། ལིང་ག་འཁོར་ལོ་གཉིས་ཀའི་སྔགས་ལ་རྣོ་འདོན་རྒྱུའི་རྫས་རྣམས་བྱུག་རྗེས་ལིང་ག་ལ་ཁྲག་དྲོད་རླུང་ཤ་རུས། སེམས་ཅན་རྣམས་ཆགས་པའི་དམིགས་པ་དང་བཅས་ཏེ། སྔགས་རྣམས་བརྗོད་ལ། དེ་ནས་རང་གི་ཁ་རླངས་དྲི་མ་དག་པ་དང་། ཚུར་མི་བཟློག་པ། དགྲ་ལ་མི་ཐེབས་མི་སྲིད་ཅིང་། གཞན་དུ་འབྱམས་པའི་གནད། དགྲ་ཐམས་ཅད་ཚེ་ཟད། རྒྱགས་ཆད་ཀྱི་མན་ངག་རྣམས་ལ་ནན་ཏན་བྱ་ལ། གོང་གི་ལིང་འཁོར་འབྲི་བའི་གཟའ་ཚེས་དང་མཐུན་པར་མཎྜལ་གྲུ་བཞི། དཔངས་སུ་ཁྲུ་གང་། རྒྱར་ཕྱོགས་རེར་མདའ་གང་བ། ཁ་ཁྱེར་ལ་སོར་བཞི་ཙམ་གྱིས་ཐོ་བའི་དབུས་འབྲུབ་ཁུང་གྲུ་གསུམ་དུ་བྲུས་པ་བང་རིམ་གསུམ་པ་ཁ་ཁྱེར་ཅུང་འཐོབ། སྟེགས་བུ་འབྲུབ་ཁུང་དང་བཅས་པ་ཐམས་ཅད་འབྱུག་བྱེད་ཀྱི་རྫས་རྣམས་ཀྱིས་ཕྱི་ནག་པོ་དང་ནང་དམར་པོར་བྱུགས་ལ་བང་རིམ་གསུམ་པའི་ཡས་ནས་མར་དྲང་བའི་དང་པོར། རྩངས་སྟོད་དམར་སྨད་ནག་ཉེར་གཅིག་སྲིན་མོང་འགྲོས་སུ་བཙུགས། སྟེགས་བུའི་ཁ་ཁྱེར་ལ་ཡང་རྩངས་སྲིན་མོ་འགྲོས་སུ་ཞེ་གཉིས་ཙམ་གང་མཚམས་སུ་འཛུགས་སོ། །དེས་ན་གོང་དུ་བཤད་པའི་ལིང་ག་དེ་ཡང་ཐོག་མར་ལུས་ཀྱི་ཆ་གང་སྔོན་དུ་བྲི་བ་དང་། འཁོར་ལོས་ལུས་ཀྱི་གནས་ཕལ་ཆེར་ཁྱབ་འགྲོ་བས་ལུས་ལ་རང་ཆས་སུ་ཡོད་པའི་ཡི་གེ་རྣམས་ལིང་རྐྱང་ལྟར་མདུན་དངོས་ཀྱི་སོ་སོའི་ཐད་དུ་བྲིས་ཚེ་འཁོར་ལོའི་སྟེང་དུ་ཡོང་བས་འབྲིར་མི་བཏུབ་ཅིང་། ཁྱད་པར་དགྲ་དམིགས་བསལ་ལ་ལིང་ག་གཟོ་དབྱིབས་དང་། སྙིང་ཁར་རང་གཤེད་སོ་སོའི་སྤུ་གྲིའི་སོ་དང་། རལ་གྲི་དང་། སྡིག་པ་སོགས་འབྲི་དགོས། དེ་དག་ཐམས་ཅད་ལིང་ག་འཁོར་ལོ་ཅན་ལ་བྲི་ཚུལ་དཔྲལ་བར་རུས་བྲི་ཚུལ་རུས་ཚན་ལྔའི་ནང་ནས་གང་ཡིན་ངོས་མ་ཟིན་ན་བྱེད་ལུགས། ལས་དྲུག་ཁ་འཐོབ་སྟོང་སྲོག་འཁོར་ལོ་རྣམས་ཀྱི་ཡི་གེ་སྤེལ་ཚིག་དང་བཅས་པའི་འགོད་ཚུལ། ལས་དྲུག་མནན་པའི་སྐབས་སུ་བྲི་གཞི་དག་སྣག་ཚ་ལ་བསྲེ་རྒྱུའི་རྫས། དགྲ་དམིགས་བསལ་ལ་ཁོ་རང་གི་སྐྲ་སེན། གཅིན་ཤུལ། ཟག་པ་(༨ན)


GLG023_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ལྔའི་དྲི་མ། གོས་ཀྱི་དུམ་བུ་སོགས་གང་རྙེད་རྣམས་ཀྱང་གང་ལ་བྱུག་དང་དྲི་ཚུལ་དགྲ་དམིགས་བསལ་ཡོད་མེད་ཀྱི་དབང་གིས་ལུས་ཀྱི་ཆ་མཐའ་དག་ལ་བྱུག་རྒྱུའི་རྫས་ཅུང་ཟད་མི་འདྲའི་དམིགས་བསལ་གྱི་སྐབས། ཡུགས་སའི་ཞབས་མ་སོགས་ཁ་ཅིག་གནང་བ་ལུས་ལ་བྱུགས་ཚེ་ཇི་ལྟར་བྱེད་སྙམ་པའི་འཁྲུལ་གཞི་ཆེ་བས། དེ་དག་གི་བྱེད་ཚུལ་སོགས་དང་བཅས་པའི་ལག་ལེན་གྱིས་དངོས་གཞིའི་སྐབས་འདིར་མན་ངག་གི་གནད་ཆེ་ཕྲ་མཐའ་དག་ནི་རིགས་འཛིན་དམ་པའི་གསུང་ལས་མྱང་ཞིང་མཐོང་བ་བརྒྱུད་པའི་ལག་ལེན་དུ་བསྟར་བ་དང་། འགའ་ཞིག་ཏུ་དྲག་སྔགས་ཀྱི་སྤྱི་སྡོམ་ཆེན་མོ་རྣམས་ལས་བླང་བར་བྱའོ། །སྨྲས་པ། མཐའ་ཡས་རིགས་ཀྱི་དགྲ་སྡེ་འབྱུང་པོའི་བྱ། །གྲངས་མེད་སྤྲུལ་བསྒྱུར་བགེགས་དཔུང་ཀུན་ཏའི་ཚལ། །གཅིག་ཆར་འཇོམས་པའི་འཕྲིན་ལས་རྟ་ལྗང་ཅན། །འཁྲུལ་འཁོར་འཁོར་ལོ་གནམ་ལྕགས་རྡོ་རྗེའི་ཐོག །སྔགས་འཕྲེང་རྣོ་དབལ་མཐའ་བསྒྱུར་དུས་ཀྱི་མེ། ཁམས་གསུམ་རྣམ་རྒྱལ་གདམས་པའི་མིང་ཙམ་ཡང་། །རྣ་བར་མ་གྲགས་གསང་སྔགས་འཆང་བ་ཞེས། །རིགས་དང་རུས་ཙམ་སྐྱབས་འཛིན་མགོ་སྐྱེས་ཁུར། །རབ་ལྕི་ངལ་བ་མངོན་རྟེན་བླུན་པོའི་དབུས། །མཆོད་དང་བསྟོད་པས་འཇམ་དཔལ་གཤིན་རྗེའི་གཤེད། །འགྲུབ་ཅེས་མཐུ་སྟོབས་བདག་པོར་རློམ་རྣམས་མཚར། །ཐོས་ཤེས་མིང་ཙམ་ཡིད་ལ་མ་ཞེན་པར། །ཕྱི་ནང་གསང་བ་གསུམ་གྱི་ཟབ་གནད་ཀུན། །དམ་པའི་དྲིན་ལས་སྙིང་དབུས་ལེགས་བཅངས་པས། །གྲགས་ཅན་དོན་གྱིས་དབེན་ཚོར་ཡིད་སྨོན་བཤོལ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ལ། རྡོ་རྗེའི་མཁར་དུ་མི་ཤིགས་པའི་སྐུ་སྐྱེད་པ། མེད་དུ་མི་རུང་བ་དམིགས་རྟེན་ལ་བླ་འགུགས་ཤིང་ལྷ་དང་དབྱེ་བ། མནན་བསད་ལས་སྦྱོར་དངོས་ལ་འཇུག་པ་དང་གསུམ་ལས། དང་པོ་ནི། ལས་བྱང་གནམ་ལྕགས་འཁོར་ལོའི་འཛབ་བསྟོད་ཀྱི་བར་དཀྱུས་བཞིན་གཏོང་ངོ་། །གཉིས་པ་ལ། །སྤྱིར་བཏང་དམིགས་བསལ་གཉིས་ལས། དང་པོ་ནི། (༨བ)


GLG023_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་སླ་ལ། གཉིས་པ་ནི། སྒྲུབ་པ་པོ་རྣམས་ཆས་གོས་ནག་པོ་གྱོན་ཞིང་། སྐྲ་དངོས་སམ་བཅོས་མའི་སྐྲ་དང་བཅས་ཏེ། སྣང་སྟོང་ལྷ་སྐུར་ཤར་བའི་ཏིང་ངེ་འཛིན་གྱི་ནང་ནས། གསེར་སྐྱེམས་གཏོང་། རང་གི་མདུན་དུ་ལྕགས་བསྲེག་ལས་གྲུབ་པའི་ས་གཞི་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། རང་གི་ཐུགས་ཀ་ནས་ཨེ་མཐིང་ནག་གཅིག་ཆད་པ་ཡོངས་སུ་གྱུར་པ་ལས་ཞེས་པ་ནས་བཟུང་སྟེ། ཐལ་བའི་རྡུལ་དུ་བརླག་པའི་འཕྲིན་ལས་མཛོད་ཀྱི་བར་ལས་བྱང་གནམ་ལྕགས་འཁོར་ལོའི་དཀྱུས་བཞིན་བཏང་། ཤིན་ཏུ་རྒྱས་པར་སྤྲོ་ན། གསེར་སྐྱེམས་ཀྱི་སྔོན་དུ། ཉེས་བྱས་དྲག་བསྐུལ་སྲོག་གི་སྤུ་གྲི་ཞེས་བྱ་བ་གཏོང་ཞིང་། རྒྱས་བསྡུས་མཚམས་པར་བྱེད་ན་ལས་བྱང་གི་གསེར་སྐྱེམས་རང་གི་གཉིས་ཀའི་གོ་ཆོད། དེ་རྗེས་སྤྲོ་ན། བླ་འགུགས་ཀྱི་བསྐུལ་རྒྱས་པ་དེ་བྱ་ཞིང་། མཚམས་པར་བྱེད་ན་ལས་བྱང་ལྟར་ཙ་མུན་ཏྲི་ཛཿཧཱུཾ་བཾ་ཧོའི་བར་བརྗོད་ཅིང་། འབྲུག་ཁྱུང་སྐྱེད་ཆོག་ནས་འདི་ཡན་བླ་འགུགས་ཀྱི་དུས་ཐམས་ཅད་དུ་འཁྲིག་ཆགས་སུ་བྱེད་དོ། །བླ་འགུགས་དུས་ནི། ཡང་བཟློག་མེའི་སྤུ་གྲིར་བདུད་དམག་ལ་ཆས་པའི་དུས། སྲིན་པོ་ལྟོ་ལ་རུབ་པའི་དུས། སྟག་ཆེན་ཁ་གདངས་པའི་དུས། ཐོ་རངས་སྐར་ཆེན་ཤར་བའི་དུས། ཞོགས་པ་ཤར་ཕྱོགས་བྱུང་བའི་དུས། ས་རུབ་ཀྱི་དུས་ཞེས་བཤད་པ་དང་། ཀི་ཀང་ནག་པོར་བླ་འགུགས་ཀྱི་སྔགས་དུས་བཞིར་བཟླ་བར་བཤད། དམར་ཆུང་དུ་ཡ་མ་ར་ཙའི་མགོ་ལ་དུས་བཞིར་བྱེད་པ་བཤད། དྲག་སྔགས་ཀྱི་སྤྱི་སྡོམས་སུ་ཉིན་ཕྱེད་ལ་འཕྱམས་ཞིང་། ཉི་ཤར་ནས་དྲོད་ཆུང་ཚུན་ལ་བླ་འགུགས་པར་བཤད་པ་སོགས་ཅུང་ཟད་འདྲ་མིན་མང་ཡང་གནད་གཅིག་པས། ཉིན་མཚན་དུས་དྲུག་ཏུ་བླ་འགུགས་ཀྱི་སྔགས་རྣམས་ལ་བླའི་རྟགས་ཆེན་དྲུག །སྤྲུལ་པ་བཅུ་གཉིས་ལ་སོགས་རྟགས་རྣམས་མན་ངག་བཞིན་ནམ་བྱུང་གི་བར་དུ་ནན་ཏན་དུ་བྱའོ། །འོན་ཀྱང་འདིའི་ལུགས་ལ་བླ་འགུགས་དང་ལྷ་དབྱེའི་སྔགས་ཐུན་མོང་མ་ཡིན་པ་སྔགས་བྱང་སྙེ་མ་དཀར་མོ་ནས་གསུངས་པ་རྣམས་བསྒྲུབ་བྱ་དམིགས་ཀྱི་དཀར་བ་ལ་བྱས་ན་ཤིན་ཏུ་ལེགས་ཀྱང་། སྣོད་ལྡན་དོན་གཉེར་ཕྱི་ནང་གསུམ་གྱི་མན་ངག་ལ་ཐོས་བསམ་ལྷུར་བླངས་ཚེ་ཤུགས་(༩ན)


GLG023_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤེས་པར་འགྱུར་བས་མན་ངག་ཕྲ་མོ་ཙམ་གྱིས་ཡིད་ཁེངས་པར་མ་བྱེད་པར་བརྩོན་པ་དྲག་པོ་བསྐྱེད་ལ་ཁོང་དུ་ཆུད་པར་བྱོས་ཤིག །དེ་ལྟར་བླའི་ཁུགས་རྟགས་ཀུན་ལ་ངེས་པ་བརྟན་པོ་བསྙེད་ནས་སྐྱོབ་བྱེད་ཀྱི་ལྷ་དང་ཕྲལ་བར་བྱ་སྟེ། དེ་སྐད་དུ་ཡང་མན་ངག་སྙིང་གཟེར་ལས། ཁྲག་གཏོར་བཤམས་ལ་དམོད་པ་བྱ། །ལྷ་དང་ཕྱེ་ལ་གཤེད་དང་སྦྲད། །ཞེས་པ་ལྟར་ལག་ལེན་མཚམས་པར་བྱེད་པར། ལས་ཀྱི་གཤིན་རྗེ་གཤེད་པོ་ཐམས་ཅད་དང་། །ཞེས་པ་ནས། ཡིད་ཡིད་ཀྱི་བར་དུ་དཀྱུས་བཞིན་བཏང་། དམིགས་པ་དང་བཅས་པས་བྱབ་བྱེད་ཀྱི་ཉ་བོའི་ལུས་ཀུན་ལ་ཁྱབ་ཅིང་སྔགས་ལ་ནན་ཏན་དུ་བྱའོ། །དེ་ལྟར་བླ་འགུགས་རྟགས་པ་སོགས་ཞིབ་ཆའི་གནད་བླའི་རྟགས། དེ་དག་ཉམས་དང་མངོན་སུམ་རྨི་ལམ་སོགས་ཅི་རིགས་པར་བྱུང་ཡང་། བསྒྲལ་འོས་པ་དང་མི་འོས་པའི་ཁྱད་པར་མྱུར་ཚུལ། བླ་རྟགས་ཀྱི་དུས། སྤྱིར་བཏང་དམིགས་བསལ་གྱི་དབྱེ་བ་ཕྱེ་སྟེ་བྱ་ཚུལ། ཁྲམ་འདེབས་དུས་མཚམས། ལྷ་དབྱེའི་སྐབས་སུ་ཁོའི་ཆོས་བོན་གྱི་བསྲུང་མ། འགོ་བའི་ལྷ་ལྔས་བསྐྱབས་པའི་རྟགས་རྣམས་ལ་ལེགས་པར་བལྟས་ཏེ་དབྱེ་བ། མདོར་ན་བླ་འགུགས་ལྷ་དབྱེའི་སྐབས་ཀྱི་དམིགས་པ་སོགས་མཐའ་དག་ལ་སླ་འཆོས་དང་། དཔེ་ཧྲུལ་ཙམ་ལ་ཡིད་བརྟན་མ་བྱེད་པར་བླ་མ་དམ་པའི་གསུང་ལས་མྱང་བར་བྱོས་ཤིག །སྔོན་དུས་ཀྱི་སྔགས་གསར་རྙིང་མན་ངག་ལ་མཁས་མཁས་མོད་བྱེད་པ་འགའ་ཞིག་གི་བླ་རྟགས་རྒྱག་པ་དང་། ལྷ་དབྱེ་བྱེད་ཚུལ་སྣ་ཚོགས་ཡིག་ཆར་བཀོད་པ་དང་། དེ་དག་གི་ལག་ལེན་རྒྱུན་ལས་བྱུང་བ་ནི། རིགས་འཛིན་དམ་པའི་མན་ངག་དང་ལྡན་པ་ཞིག་གིས་རྟགས་ཚེ་ཅལ་ཅོལ་གྱི་གཏམ་དུ་སྣང་ཡང་རྨོངས་ཞེན་ལྷུར་ལེན་པའི་སྐྱེ་བོ་རྣམས་ནི། སྦྲང་བུ་མེ་ལྕེ་ལ་བསྙེག་པ་བཞིན་དུ་སྔ་མའི་རྗེས་ཤུལ་ནོན་པར་འདུག་གོ །འོན་ཀྱང་དིང་སང་མངོན་སྤྱོད་ཀྱི་ལས་ལ་བླ་འགུགས་ལྷ་དབྱེ་སོགས་དགོས་པའི་ཚུལ་ཐོས་པ་ཁོ་ན་ངོ་མཚར་ཆེ་སྟེ། ཕལ་ཆེར་ཚུལ་འདི་རྣམས་ཀྱང་མ་ཐོས་པར། རྣམ་དབྱེ་གང་ཡང་མེད་པའི་ཟན་གྲུ་གསུམ་དུ་རྫིས་(༩བ)


GLG023_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་འཕངས་པ། མཐུ་ཡོང་བར་རེ་བའི་གདུང་རུས་ཆེ་ཆེ་མོ་དང་། ཁྲི་མཐོ་མཐོ་མོར་འཛེགས་པའི་ཆེན་པོར་རློམ་པ་འདི་ཚོ་ནི་དངོས་ཅག་གིས་ཅི་ཡིན་མ་ཤེས་སོ། །སྨྲས་པ་ཉག་ཕྲན་སྒྱུ་རྩལ་ལ་གོམས་སྐྱེས་བུ་ཡིས། །ཕ་རོལ་དམིགས་གཏད་འབེན་རྣམས་འབིགས་པ་ལྟར། །སྐྱབས་བྲལ་བླ་སོགས་ཞུགས་པའི་ཉ་བོ་དེ། །རྫས་སྔགས་ཏིང་འཛིན་འཁོར་ལོའི་མཚོན་ཆས་འཇོམས། །བསད་བྱའི་ཉ་ཡིས་དབེན་པའི་མཚོ་འགྲམ་དུ། །འབིགས་བྱེད་ལྕགས་ཀྱུ་རྣོན་པོ་འཛིན་བྱེད་པའི། །ལུགས་སྐྱོང་བསྟན་འཛིན་བདེན་ཚིག་འགྲུབ་རློམ་ཚེ། །ནམ་མཁའི་པདྨོར་རོལ་འདོད་བུང་བའི་གྲོགས། །ཨེ་མ་འདི་སྣང་འཁྲུལ་བའི་ས་གཞིའི་ངོས། །ཡང་འཁྲུལ་ལོགས་པའི་མན་ངག་དྲ་བ་རུ། །སྣོད་ལྡན་རི་དྭགས་བཅུག་སྟེ་གསོད་བྱེད་པའི། །བཤེས་གཉེན་རྔོན་པས་ནོར་འཛིན་ལྟོ་བ་ཁོངས། །དེ་ནི་ཚུལ་དང་ཚུལ་མིན་རྣམ་དབྱེ་དག །འབྱེད་ནུས་ཐེག་མཆོག་རིགས་ཅན་ཡོད་གྱུར་ན། སྤྱངས་ཤེས་རྟ་ཕོ་སྲབ་ཀྱིས་ཁ་བསྒྱུར་བཞིན། །ཡང་དག་ལམ་ལ་ཞུགས་ཤིག་སྐལ་ལྡན་ཀྱེ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ལས་སྦྱོར་དངོས་ཀྱི་སྒོ་ནས་བསྒྲུབ་པ་དང་། མཐར་མནན་པ་བྱ་བ་གཉིས་ལས། དང་པོ་ནང་ནུབ་ཀྱི་མགོར་སྔགས་རིང་ལ་བསྲུང་ཞིང་གཟིར་བ་བཏང་བ་རེ་བཟླ་ཞིང་། དེ་ནས་དམིགས་པ་འདི་ལྟར་བྱེད། ཨཻ། དུག་ལྕགས་ཟངས་ལས་གྲུབ་པའི་ཁང་སྒྲོམ་དབུས། །ལས་ཀྱི་སྲིད་པའི་རུས་སྦལ་ལྟོ་བ་རུ། །གཤིན་རྗེའི་ལྕགས་ཁང་ཕྱི་ནང་ཉི་ཤུ་བརྒྱད། །གཡོན་ཕྱོགས་དྲག་འཁོར་གསེར་འཁོར་རྩིབས་བརྒྱད་པའི། །ལྕགས་ཁང་ནང་ཀུན་དྲོད་དབུགས་རྩའི་དངས་མ། །འཇོམས་བྱེད་ཐུགས་གསུང་འཕྲིན་ལས་དྲག་སྔགས་ཀུན། །གསོན་པོ་སྐོས་འདེབས་གཤིན་པོ་རྣམས་ཀྱི་རྗེ། །གྲངས་མེད་ལས་ཀྱི་གཤིན་རྗེའི་ཚོགས་སུ་གྱུར། །དེ་དབུས་ཀུན་གཞིའི་རྣམ་པར་ཤེས་པ་ནི། །མཐིང་ནག་གསང་མཛོད་ཆོས་འབྱུང་གྲུ་གསུམ་དུ། །ཉོན་མོངས་དུག་གསུམ་ས་བོན་ལས་གྲུབ་པའི། །ལིངྒ་བླ་སོགས་ཞུགས་པའི་དགྲ་དངོས་ཀྱི། ཁོ་ཡི་ལུས་ལས་གྲུབ་པའི་ལྕེའི་སྟེང་དུ། །འཇིགས་རུང་འབར་བའི་འཁོར་ལོ་མུ་ཁྱུད་བཞི། །རྣོ་ངར་(༡༠ན)


GLG023_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོའི་མདངས་ལྡན་ཉི་ཤུ་བདུན། །མཚོན་རྩེ་ལྟར་འབར་ཉི་མ་གཟི་འོད་ཅན། །རི་ལྟར་ལྕི་བའི་ཀགྞི་ཨེས་མཚན་པ། །རང་གཤེད་འབེབས་ཕྱིར་ལུས་ཀྱི་མཚོན་ཆ་རྣམས། །མི་བཟད་མཚོན་ཆ་སྤུ་གྲི་ལྟ་བུ་ཡི། །གང་གིས་བཟོད་དཀའི་རྣོ་ངར་ལྡན་པར་གྱུར། །རང་ཉིད་ཚེ་བདག་གསལ་བའི་ཐུགས་ཀ་རུ། །སུམ་རྩེགས་སེམས་དཔའི་ཡ་མ་ར་ཙ་ཡི། །ཐུགས་ཀའི་ཡ་ལས་ཚ་ཞིང་རབ་རྩུབ་པའི། །འོད་ཟེར་འཕྲོས་པའི་འཆི་བདག་ཐུགས་ཀར་འཕྲོག །དེ་ལས་འོད་འཕྲོས་མ་གཤིན་དྲེགས་པའི་ཚོགས། །ལྷ་སྲིན་དྲེགས་པས་བསྐུལ་ནས་ལས་བྱས་པས། །མཐིང་ནག་ཨཻ་ཡི་ནང་གི་རྩ་རྣམས་བཅད། །ཉི་ཤུ་བདུན་གྱིས་ཕྱི་ཡི་རྩ་རྣམས་བཅད། །ཉི་མ་དག་གི་ལུས་ཀྱི་རྩ་རྣམས་བཅད། །སྟོབས་ཆེན་རི་ཡིས་འགྱུར་བ་མེད་མནན་ཏེ། །དགྲ་མིང་ལྷ་བསྲུང་བཅས་པའི་སྟོབས་ནུས་པ། །ཚེ་དང་བསོད་ནམས་མངའ་ཐང་ལོངས་སྤྱོད་རྣམས། །མ་ལུས་གཅིག་ཆར་ཉམས་ཤིང་མནན་གྱུར་ལ། །ལུས་ནི་རྒྱལ་ཞིང་རེངས་དང་ངག་ལྐུགས་དིག །ཡིད་ནི་མྱོས་ཤིང་ཐིབས་ལ་ཚེ་བསོད་ནམས། །བཀྲག་མདངས་གཟི་བརྗིད་མཐུ་སྟོབས་ནུས་པ་ཀུན། །ལས་ཀྱི་གཤིན་རྗེའི་ཚོགས་ལ་ཐིམ་པ་ཡིས། །མ་ལུསསྟོབས་དང་གཟི་བརྗིད་ལྡན་པར་རྒྱས། །དགྲ་བགེགས་བཅུད་བྲལ་སྒེ་སྟོང་ལྟ་བུར་གྱུར། །ཞེས་དམིགས་པ་གསལ་བའི་ངང་ལ། ཨྱཻ་མྱགས་ཡ་རྔུབས་མུགས་ཤཀ་དུན། ཆེ་གེ་མོ་ཨ་མུ་ཀ་བྷི་སྟཾ་བ་ཡ་ནན། ཨེ་ཧུར་ཐུམས་ཛཿཁཾ་ཤག་རོ་མྱགས་མུགས་ཏི་རྦད་ཡཱ། ཞེས་པ་སྐབས་དང་སྦྱར་ཏེ་ཇི་ཙམ་འགྲུབ་ཏུ་བཟླས་དེ་ནས། ཨྱཻ་ཨྱཻ་ཨྱཻ་ཧྲི་ཐི་ཨ་བ་ཡེ། བྱི་ཏི་ཏ་ན་ཧཱུཾ་བྱད་མ་སྟཾ་བྷ་ཡ་ནན། ཨེ་ཡཾ་རཾ་ཁཾ་ཡཾ་ལཾ་ནན། ཡཀྴ་ཡ་མ་རག་མོ། བཛྲ་ཀྲོདྷ་དུན་ཏིང་ཀི་ལ་ཡཱ། མ་མ་རག་མོ། ཧེ་ཤ་ཏྲག་རཀྵ། དུ་བྲག་དུན་ཏིང་བྷི་ལ་ནི། ས་དུ་ཏྲི། ཏྲི་ཤ་ན་ར་ཙ་དྷཱ་རི། ར་ཙ་མུ་ཏྲ་ཤནྟི་ཧཾ། ན་ནི་རོ། ཨ་ཏྲི་ས་དུ། ར་ཏྲི་ར་ཙ། ས་ན་ག་ར་ཙ། དྷེ་བ་རུ་ཏྲི། གྷ་ན་པ་ཏི། བྷི་ན་ཀ་རོ། ཀ་ལ་དུག་བྲག །བྱི་དུ་ར་ན་ན་ག་མ་ཏྲི། ས་ག་བྱི་དུ། སརྦ་ཆེ་གེ་མོ་ཤ་ཏྲུཾ། དུ་དུ་ནན། སྙིང་དུ་ནན། སྲོག་ཏུ་ནན། ལུས་ངག་(༡༠)


GLG023_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཱ་ར་ཡ་སྟཾ་བྷ་ཡ་ནན། མྱགས་ཐུམ་རིལ་ཏྲིག་ནན། སྦུར་ཡ་ནན་མནྡྲ་ནན། ཁཾ་ཤག་རོ་མྱགས་མུགས་ཏི་རྦད་ཡཱ། ཞེས་མནན་གཞུང་གི་སྔགས་འདི་ཡང་ལོང་སྐབས་དང་སྦྱར། དེ་རྗེས། ཨྱེ་མྱགས་ཡ་རྔུབས་མུགས་ཤག་དུན། དགྲ་བོའི་སྲོག་ལ་ཪྣྲི་ཧུ་ཐུཾ་ཛཿརྩ་ཁྲག་སྙིང་ཐུམ་རིལ་རཾ་ཤག་རྦད། དགྲ་བོའི་ཙིཏྟ་དྲེད་ཤག་ཛ། སྲོག་ལ་ཪྣྲི་ཧུར་ཐུཾ་རྦད། ཅེས་ཐོད་ནང་དུ་ཐུན་རྫས་བླུག་ལ་སྔགས་དང་བཅས་པའི་ཕུས་བཏབ་སྟེ། ནུས་ལྡན་དུ་བྱས། དེ་ནས་ཐུན་རྡེག་པའི་བསྐུལ་ལས་བྱང་གི་དཀྱུས་བཞིན་བྱས་རྗེས་འདི་བརྗོད་དོ། ཁྱད་པར་སྲོག་གི་ངོ་བོ་ལན་པའི་མགོ །རྒྱ་གར་མཐར་གནས་དང་པོའི་ལྟོ་བ་རུ། །ལྔ་པའི་ལྔ་པ་གནས་པའི་མིག་དབུས་ན། །ལྗངས་ཁུའི་མདངས་ཅན་དུག་གསུམ་ཡི་གེ་ནི། །དྲག་སྔགས་མཚོན་ཆའི་རང་བཞིན་འཕྲོས་པ་དང་། །སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་བསྐུལ་བའི་མཐུས། ཁྲག་གི་སྦལ་པར་བཅས་པ་སྐད་ཅིག་ལ། །འཆི་བདག་ལས་ཀྱི་གཤིན་རྗེའི་ཐུགས་ཀར་ཐིམ། །ཞེས་དམིགས་པ་དང་བཅས་པའི་ངང་ནས། གོང་གི་སྔགས་སྤེལ་དགོས་རྣམས་མན་ངག་ལྟར་བྱས་པའི་མཇུག་ཏུ་འདི་བཏགས་ལ་མཐུན་རྡེག་གོ །ཨྱེ་ཀ་ཧེ་དུན་ཡ་མ་ར་ཙ་ས་ཏོ་མེ་ཡཱ། ཨ་མུ་ཀའི་སྲོག་ལ་བྲེང་ཤག །རྩ་ཁྲག་སྙིང་ཐུམ་རིལ། ནག་པོ་ཡཀྵ་སྙིང་ལ་ཧུར་ཐུམ་ནན། ནག་པོ་ཡཀྴ་སྲོག་ལ་ཧུར་ཐུམ་རྦད། ནག་པོ་དུ་ཤ་རྩ་ལ་བྲེང་ཤག་རྦད་ནག་པོ་ཏྲག་རཀྴ་དགྲ་བོའི་སྙིང་ཁྲག་ཚལ་པ་ཤཾ་ལོང་རྦད། གྷརྦྷ་ཪྣྲི་ཛཿབནྡྷེ་བོན་པོ་སྟཾ་བྷ་ཡཿཨྱེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན་བྷྱོཿཨ་མུ་ཀ་མ་ཨེ་ཀ་ཙི་ཏི་སྙིང་ཁྲག་དུན་མུག་ཡཾ་བྷྱོཿམ་རག་མོ་སྙིང་ཚལ་པ་ཧུར་ཐུཾ་རྦད་བྷྱོཿ མ་ཡག་མོ་དགྲ་སྙིང་ཤ་ཧཱུཾ་མཱ་ར་ཡ་རྦད་བྷྱོཿབན་བོན་སྙིང་ལ་ཤ་ཤ་ཀ་རྦད་བྷྱོ། ཐུན་ཁྲག་དུན་དུན་རྦད་བྷྱོ། ཞེས་ཐུན་དུ་བཅད་ལ་ཞག་གྲངས་ཀྱི་བར་དུ་བསྒྲུབ་བོ། །དེ་ལྟར་སྤྱིར་བཏང་གཙོ་བོར་བཤད་ནས། དམིགས་བསལ་འདི་དག་གི་སྐབས་སུ་བཟང་ངན་དང་ལས་འགྲུབ་མི་འགྲུབ། མྱུར་བུལ་སོགས་ཀྱི་རྟགས། མནན་བསད་སྤྱི་བྱེ་བྲག་གི་དབྱེ་བ་མཐའ་དག་ལ་ཞིབ་པར་བྱས་ཏེ་ཕུལ་བ་དང་། (༡༡ན)


GLG023_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་པ་དང་། ཕ་རོལ་སྟོབས་ཆེ་བ་དང་། རང་ལ་གཞན་གྱི་ངག་མནན་པ་སོགས་ཀྱི་རྟགས་བྱུང་ཚེ། སྔགས་དཀྲུགས་སྡེབས་བྱེད་ལུགས། གཞན་གྱི་ཁ་འཆིངས་གསེར་གྱི་འཁོར་ལོ་སྡེབས། རང་གི་ཁ་འབྱེད་སྔགས་ཀྱི་ལྡེ་མིག་སྡེབས། རང་ཁ་མི་ཤིགས་ཀ་བ་འཛུགས་པ་དང་གཞན་གྱི་རྐང་མཐིལ་སྤྱི་བོར་འདོན་པ་དང་། ཚེ་ཟད་ལས་ཟད་སོགས་ཀྱི་མན་ངག་སྡེབས་སྤྱི་དང་འདིའི་ལུགས་ཐུན་མོང་མ་ཡིན་པ་སོགས་ཀྱི་གནད་དང་། སྒྲུབ་པའི་དུས་ཀྱི་སྤྱོད་ལམ་སྤྱི་བྱེ་བྲག་དང་། དགྲ་དམིགས་བསལ་ལ་བྲི་བྱའི་འཁོར་ལོ་དང་། བྲི་རྒྱུའི་སྔགས་དང་། བསམ་བྱའི་དམིགས་པ་སོགས་ཀྱི་ཁ་བསྒྱུར་དང་སྤྱིར་བཏང་དམིགས་བསལ་གྱི་སྐབས་མཐའ་དག་ཏུ་ཉིན་མཚན་གྱི་སྔགས་ཀྱི་དབྱེ་བ། ཐུན་བསྒྲུབས་འདེབས་གཉིས་ཀར་ལན་ཇི་ཙམ་ཕྱེད་དང་། དམིགས་པའི་གནད་གོང་གི་དམིགས་པ་ཚིགས་བཅད་མ་འདི་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེས་མཛད་པའི་ཀི་ཀང་དམར་ཆུང་གི་ལས་བྱང་དུ་དམིགས་པ་རྣམས་ཚིག་དོན་གཉིས་ཀ་ཕུན་སུམ་ཚོགས་པ་འདུག་པས་རྐྱེན་བྱས་ཤིང་། ལྷག་ཏུ་མན་ངག་གི་གནད་ལོང་དུ་ཆུད་པ་ཞིག་ལ་སྒྲུབ་པའི་སྐབས་རྗེད་ཐོ་ལྟ་བུ་ཡོང་བར་བསམ་སྟེ་བྲིས་པ་ཡིན་ལ། འོན་ཀྱང་དམིགས་པ་དེ་རྣམས་གཅིག་ཆར་དང་རིམ་ཅན་དུ་བྱེད་རྒྱུ་སོགས་མང་དུ་ཡོད་པ་ཞལ་ལས་མ་བླངས་ཚེ་དཔེ་ཁོ་ནས་ལག་ཏུ་ལོན་པར་འདོད་པའི་ཤེས་རློམ་ཅན་རྣམས་ནི། གྲུ་ཤན་མེད་པར་ཆུ་བོ་ཆེན་པོའི་ཕ་རོལ་ཏུ་བགྲོད་པར་རྩོམ་པ་དང་ཁྱད་པར་མེད་པས་བཞད་གད་ཀྱི་གནས་སོ། །དེས་ན་འདིའི་ལས་སྦྱོར་སྔགས་གསར་རྙིང་གི་མན་ངག་ཟབ་ཟབ་མོ་གང་གིས་ཀྱང་ཆ་ཙམ་ཡང་འགྲན་དུ་མེད་པའི་གདམས་པ་ཡིན་པས་གོང་དུ་བཤད་པ་ལྟར་གནད་ཆེ་ཕྲ་མཐའ་དག་ལ་ཚུལ་འདིར་སྙིང་ནས་མོས་པའི་སྐལ་ལྡན་ཡིན་ཚེ། སུ་བྱུང་གི་བླ་མ། གང་བྱུང་གི་གདམས་ངག་དང་། ཁུངས་མེད་ཀྱི་དཔེ་ཧྲུལ་དང་། འབྲེལ་མེད་ཀྱི་བཤད་པ་ལ་ཡིད་མ་རྟོན་པར་རིགས་འཛིན་མངའ་རིས་པ་ཡབ་སྲས་ཀྱི་བཀའ་སྲོལ་དྲི་མ་མེད་པ་འཁྲུལ་མེད་དུ་ཁོང་དུ་ཆུད་པའི་རྡོ་རྗེ་འཛིན་པ་(༡༡བ)


GLG023_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གི་ཞབས་ཀྱི་པདྨོ་ཡུན་རིང་དུ་བསྟེན། གསུང་གིས་བདུད་རྩིས་སྙིང་གི་བུམ་པ་ལེགས་པར་གང་བར་བྱོས་ཤིག །གཉིས་པ་ནི། གོང་དུ་བཤད་པའི་གཟའ་སྐར་དེ་རྣམས་གང་རིགས་ལ་འཁོར་ལོའི་ངག་སོགས་ཐམས་ཅད་མན་ངག་ལྟར་ལྟེབ། འཆིང་བྱེད་ཀྱིས་བཅིངས་ལ་ཐོད་པར་བཅུག་རྫས་ཀྱིས་བཀང་། རྡོ་རྗེས་ཁ་བཅད་ཚས་ཀྱིས་དྲིལ་ཞིང་རྩངས་གཟེར་བ་སོགས་མནན་ཆས་རྣམས་ལེགས་པར་བྱས། རྡོ་རྗེ་སློབ་དཔོན་ཞྭ་ཕོ་སོགས་བྱས་ཏེ་བདུད་ཆས་སུ་ཞུགས། སྒྲ་གཅན་གྱི་ཐེབས་ཕྱོགས་སུ་ཁ་བལྟས་ལ། གཞི་བདག་གཏོར་མ་དང་། གསེར་སྐྱེམས། མཉེས་པའི་དཔངས་གཟུགས་སོགས་རྒྱས་པར་བྱས། ཉེས་པ་སྲུངས་བྱེད་ཀྱི་ས་ལ་རེག །དེ་ནས་དགྲ་སྟ་དང་གྲི་སོགས་ཕྱག །མཚན་བརྡེག་ཅིང་དམིགས་པ་དང་བཅས་པས། ཧཱུཾ་འབྱུང་བ་གདན་བཞིའི་བརྔམ་འོག་ནས། །ལས་ཀྱི་ཚེ་བདག་ནག་པོ་ནི། །ཡ་མཚན་ཆེ་ལ་རྨད་དུ་བྱུང་། །མུན་ནག་ཐིབ་པོའི་འོག་ན་བཞུགས། །གཡས་པའི་ཕྱག་ན་རི་རབ་བསྣམས། །གཡོན་པའི་ཕྱག་ན་རྒྱ་མཚོ་བསྣམས། །ཞབས་ཀྱིས་རླུང་གི་འཁོར་ལོ་གནོན། །མ་ཉམས་དགྲ་བོ་ལས་ངན་འདི། མནན་པ་ལས་ཀྱི་དུས་ལ་བབས། །སྒོ་མེད་ལྕགས་མཁར་ནང་དུ་ཆུགས། །གཤིན་རྗེ་རྣམས་ཀྱི་ཟས་སུ་བྱིན། །འཁོར་ལོ་འབར་བའི་རྩིབས་ལ་སྐྱོན། །རྒྱ་མཚོ་ཆེན་པོའི་གཏིང་དུ་ཆུགས། །རི་བོ་ཆེན་པོའི་རྨང་དུ་གནོན། །ནམ་ཡང་ལྡང་བར་མ་བྱེད་ཅིག །ཆེ་གེ་མོ་མཱ་ར་ཡ་སྟཾ་བྷ་ཡ་ནན། ཅེས་བརྗོད་ཅིང་ལིངྒ་འཁོར་སྣོད་དང་བཅས་པ་དོང་ནང་དུ་འཕངས་ཞིང་། ལས་ཀྱི་གཤིན་རྗེའི་ཟས་སྐལ་དུ་བཏང་ལ་མནན་སྔགས་དང་དམོད་པ་བརྗོད་དོ། །རི་མོ་བྲིས་པའི་ཡ་ཁོད་ཀྱིས་བཀབ་རྗེས། མཐོང་བརྒྱུད་ལྟར་ལག་ཚགས་དམ་པར་བྱ་ཞིང་། འབྱུང་བ་གོ་བཟློག་གི་དམིགས་པ་དང་བཅས་པས་སྔགས་དང་དམོད་པ་བརྗོད་རྗེས། རྫོགས་ཆེན་གནས་ལུགས་ཀྱི་སྟེང་དུ་མཉམ་པར་འཇོག་གོ །འོན་ཀྱང་འདི་སྐབས་ཀྱི་དོང་འབྲུ་ཁ་མན་གྱི་ངག་འདོན་རྣམས་དབང་པོའི་སྡེའི་གསུང་བྲིས་ཀི་ཀང་གི་དཀྱུས་བཞིན་འདོན་པ་བསྒྱུར་ནའང་སྐབས་སུ་བབ་པས་ལེགས་པ་ཡིན་ནོ། །དེ་ལྟར་ཞིབ་ཆ་རང་ལ་ས་བདག་ཀླུ་གཉན་གྱི་མི་གནོད་པའི་བསྲུང་བ་འཆང་བ། ས་འབྲུ་བའི་ལག་ཆ་གང་གིས་བྱེད། མནན་པའི་ས་(༡༢ན)


GLG023_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་སྡོམས་སུ་མནན་པའི་ས་བརྒྱད་ཅེས་བཤད་པ་དང་། ཀི་ཀང་ནག་པོར་མནན་པའི་ས་དང་། གཏོད་ཡུལ་གྱི་སྡེ་བརྒྱད་སོ་སོར་དམིགས་བསལ་བཤད་པ་དང་། འགའ་ཞིག་ཏུ་དགྲ་བོའི་ཕྱོགས་སུ་མནན་ཞེས་བཤད་པ་དང་། ལུགས་འདིར་ཐུན་མོང་མ་ཡིན་པ་མནན་པའི་ཡུལ་དྲུག་གསུངས་པ་དང་། གཏད་ཀྱི་སྣ་ནས་ཚོལ་དུ་རི་སོགས་མཐའ་དག་མི་འགལ་བར་གནས་གཅིག་ཏུ་རྟོགས་པའི་དགོངས་པ། མན་ངག་གི་སྤྱིར་བཏང་དམིགས་བསལ་ཕྱེ་སྟེ་བྱ་ཚུལ། མནན་པའི་དོང་རིང་ཐུང་གི་ཚད། ཧ་ཅང་རིང་ན་རང་ལ་བཟློག་ཅིང་། ཐུང་ན་དགྲ་མི་འཆི་བས་དེ་དག་གི་སྐབས་མཚམས་མེད་དུ་མི་རུང་བ་བྱད་དུ་བཞུགས་པའི་སྔགས་ལུགས་འདིའི་དམིགས་བསལ་དང་། མནན་པའི་རྣ་ཆ་ནས་བཤད་པའི་སྔགས་རྣམས་ལོང་སྐབས་རྒྱས་བསྡུས་སྦྱར་ཏེ་བྱེད་དུ་འཇུག་ཚུལ། མནན་ཆས་སྐབས་ཀྱི་སྒྲིལ་ཆིངས་གཟེར་ཚུལ། གནོན་པའི་སྐབས་ཀྱི་མེ་ཆུ་རྫས་རྣམས་བླུགས་པའི་གོ་རིམ་དམིགས་པ་སོགས་ཞིབ་ཆའི་གནད་ཆེས་ཕྲ་བ་མཐའ་དག་ནི་མཐོང་བ་བརྒྱུད་པའི་ལག་ལེན། ལ་གྱི་བདུད་རྩི་ལས་མྱང་བར་བྱོས་ཤིག །སྨྲས་པ། ཨུ་རྒྱན་རྒྱ་བོད་རིགས་འཛིན་དུ་མ་ཡིས། །མཆོག་ཐུན་དངོས་གྲུབ་འགྲུབ་པའི་ཡི་དམ་ལྷ། །བླ་ཚེའི་གཤེད་པོ་འཆི་བདག་དུས་དགྲ་ཞེས། །གྲགས་སྙན་རལ་གྲིའི་རྩིབས་སྟོང་ཕྱོགས་བཅུར་འཁོར། ཁྱད་པར་ལྗོངས་འདིར་སྔ་འགྱུར་རིག་སྔགས་འཆང་། །ཚེ་བདག་མཁན་པོའི་ཁུར་གྱིས་ངལ་བ་ཅན། །རྒྱུ་སྐར་འཕྲེང་བ་ལྟ་བུར་བགྲངས་ཡས་ཀྱང་། །ཟབ་དོན་གནད་ལ་ལྟ་བའི་སྐལ་བས་དབེན། །སྡིག་རྒྱུད་དྲག་སྔགས་གླང་ཆེན་སྨྱོན་པའི་སྣར། །འཁྲུལ་སྡེབས་མཚོན་ཆ་འབར་བ་རབ་བསྐོར་ནས། །ཡང་ཟབ་གནད་ཀྱི་ཧ་ལས་ངར་བཏགས་ཚེ། །མ་རུངས་དགྲ་སྣེའི་དཔུང་ཚོགས་ཕྱེ་མར་འཐག །དེ་ལྟར་ན་ཡང་ཚུལ་འདིར་མོས་པའི་བློ། །འཛིན་པ་མང་ཡང་འཁྲུལ་མེད་གདེངས་རྙེད་པ། བདུད་འཇོམས་རྡོ་རྗེའི་རྗེས་འབྲེང་བཅས་པ་ལས། །ཡངས་པའི་ས་ཆེན་འདི་ན་གཞན་མེད་པར། །འཁུམས་ཏེ་ཁོ་བོས་རིགས་འཛིན་དམ་པའི་ཞབས། །ལེགས་པར་བསྟེན་ནས་ཟབ་གནས་མན་ངག་ཀུན། །བུམ་པ་གང་འཇོར་རབ་འཐོབ་དེའི་(༡༢བ)


GLG023_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན། །དྲེགས་ལྡན་གཞན་ལ་ལྡང་བའི་འགྲམ་ཆུ་བད། །དེང་འདིར་མནན་པའི་ལག་ལེན་འཁྱེར་བདེ་ཙམ། འཁྲུགས་སྡེབས་ཚུལ་དུ་བཀོད་མོད་ཟབ་གནད་ཀུན། །སྙིང་ནས་ཐུབ་བསྟན་གཅེས་འཛིན་ཁུར་ལྡན་པ། ཡོད་ཚེ་དཀའ་བ་སྤྱོད་ལ་ཞལ་ལས་ལོང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ནི། བསྲུང་འཁོར་བསྒོམ་ཞིང་བསམ་གཏན་བུམ་ཆུ་དང་། ལས་བུམ་གྱི་ཆུ་སོགས་ཀྱི་ཁྲུས་བྱེད། བསྡམས་པ་བཅད། བཅིངས་པ་འགྲོལ། མནན་པ་འདོན། ངག་དབང་བསྐུར་བ་སོགས་དང་། ཕྱག་དར་རྡུལ་སྤུགས། ལས་རྗེས་མི་མངོན་པར་བྱས་ལ་ཚོགས་ཀྱི་འཁོར་ལོ་ལ་རོལ་བ་ལས་བྱང་གི་དཀྱུས་ལྟར་བྱ། སྦྱིན་བསྲེག་དང་ཟོར་འཕངས་ནི་གཞན་དུ་བལྟ་བར་བྱའོ། །དེ་ལྟར་ན་སྣུབས་བན་གྱི་བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། །རྒྱ་བལ་ཡུལ་དུ་ལན་བདུན་ཕྱིན། །དགོས་པའི་གདམས་པ་མ་ལུས་རྙེད། །མཁས་པ་ཀུན་གྱི་བཅུད་ཐིག་པ། །དྲག་སྔགས་སྟོང་དང་རྩ་བརྒྱད་ལས། ཁྱད་པར་རང་གཤེད་བསྲུང་བཟློག་དང་། ཕྱིར་བཟློག་ལུགས་ལ་མང་ཡོད་ཀྱང་། །ཨ་མུ་ཀ་ཕུང་བརྣག་པའི་ལས། །བཅུད་ཕུར་སྙིང་གི་གནད་ཐིག་འདི། །ཕྱི་རབས་རྣལ་འབྱོར་དམ་པ་ཡིས། །དོན་དུ་སྤུ་གྲི་དཀར་ནག་བསྟན། །དཀར་པོའི་ལམ་སྒྲོན་ཕྱི་མའི་ཆོས། །ནག་པོ་དུག་གི་འཁོར་ལོ་འདི། །དགྲ་དོན་ཉེན་པའི་མཁར་སྤེར་ཤོག་ཅེས་གསུངས་པ་བཞིན་གནུབས་ཀྱིས་བསྟན་པ་བསྲུང་བའི་དྲག་སྔགས་མཐའ་ཡས་པ་བསྒྱུར་བ་ལས་འགྲན་ཟླ་དང་བྲལ་བའི་འཇིགས་སུ་རུང་བའི་ལས་སྦྱོར། འཇམ་དཔལ་ཚེ་བདག་ནག་པོའི་དྲག་སྔགས་འདི་ཡིན་ལ། འདིའི་དབང་ལུང་གི་རྒྱུན་དང་མན་ངག་ཕྱོགས་འགྲོ་མཁྱེན་པའི་རིགས་འཛིན་ཤིན་ཏུ་མང་བ་ལས། དུམ་པ་ཞང་ཁྲོམ་གྱིས་ཟབ་གཏེར་སྙན་རྒྱུད་ཀྱི་སྐོར་ཡོངས་སུ་རྫོགས་པ་འཁྲུལ་མེད་དུ་མངའ་བའི་ཆོས་རྗེ་སེ་སྟོན་པ་དང་། ཀོང་ཆེན་ནམ་མཁའ་དཔལ་ལྡན་གཉིས་ཀྱི་གདམས་པ་མ་ལུས་པ་ཐུགས་སུ་ཆུད་པའི་སྙན་རྒྱུད་ཀྱི་བདག་པོ་ནི་རིགས་འཛིན་བདུད་འཇོམས་རྡོ་རྗེ་ཡབ་སྲས་སུ་ངེས་པས། དེ་དག་གི་བཀའ་སྲོལ་གྱི་རྒྱུན་ཉམས་མེད་དུ་འཛིན་པའི་རིགས་འཛིན་དམ་པའི་དྲུང་དུ། ཁོ་བོས་ཆོས་འདི་ལ་ཀླག་ལུང་ཙམ་དང་། ལག་ལེན་གྱི་(༡༣ན)


GLG023_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འགྲོ་ཙམ་ངེས་པས་ཡིད་ཚིམ་པར་མ་བྱས་པར། ཐོག་མར་དཀའ་བ་ཁྱད་དུ་སད་ནས་ཞལ་གྱི་གདམས་པ་ཀུན་ལ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་བྱས་ཤིང་། བར་དུ་བསྙེན་བསྒྲུབ་ལས་སྦྱོར་ཉམས་སུ་བླངས་པས་གོང་འོག་གི་ལག་ལེན་ཆེ་བ་ཀུན་ལ་གནད་ཀྱི་གདེངས་ཐོབ་ན་ཡང་། གནམ་ལྕགས་ཨུརྨོའི་སྐོར་ཐམས་ཅད་ལྟས་ཆོག་ཏུ་དྲིས་ཚེ། གནམ་ས་ཡང་གཅིག་ཆར་དུ་འཁུག་པར་ནུས་པས། ལས་འབྲས་རྒྱབ་ཏུ་བསྐྱུར་བའི་འདོད་པ་ཅན་གྱི་ལག་ཏུ་ཤོར་ན་རང་གཞན་མཐའ་དག་ཕུང་བར་བྱས་ཀྱི་དོགས་པ་དང་། བསྙེན་རྒྱུད་ཁོ་ན་ཡིན་པས་ཡི་གེར་འགོད་པའི་སྤྲོས་པ་དོར་མོད། འོན་ཀྱང་བསྐོར་གསུམ་གྱི་ནང་ནས་ཀྱང་ཕུལ་དུ་བྱུང་བའི་གང་ཟག་གནམ་ལྕགས་སྡིག་པའི་ཆོས་སྡེ་ནས་གསུངས་པའི་མནན་པ་རི་རབ་སྟོབས་ཆེན་འདི་ཅུང་ཟད་མཁོ་ཆེ་ཞིང་། དཔེ་གཅིག་གི་སྟེང་ནས་ལག་ཏུ་ལོན་པ་མི་འདུག་པས། འཁྲུག་སྡེབས་སུ་བྱས་པ་ཡིན་ལ་འདི་ཙམ་གྱིས་ཀྱང་རང་གཞན་ཕུང་ཚེངས་ཀྱི་བྱ་བ་ཆེན་པོ་སྒྲུབ་ནུས་པས་ལག་ལེན་ཆེ་ཕྲ་ཐམས་ཅད་སློབ་དཔོན་མ་བསྟེན་པར་དཔེ་ཁོ་ནས་ལག་ཏུ་ལོན་པ་མེད་ན་ཡང་། ཡི་གེ་བསྟན་ལ་བལྟོས་ནས་གསལ་ཞིང་། ཁྱད་པར་རྒྱ་བོད་གཉིས་ཀར་བཀའ་བརྒྱ་ཤིན་ཏུ་དམ་པས། ཕྱག་རྒྱ་ཟིལ་གནོན་གྱི་དབང་ལུང་སོགས་མ་ཐོབ་ཅིང་། ཐེག་མཆོག་སྙིང་པོའི་ཆོས་འདི་ལ་སྙིང་ནས་དམོད་པ་སོགས་སྣོད་མིན་ལ་བསྟན་པ་བྱུང་ཚེ་སྟོན་པ་པོ་དང་། སྟོན་ཡུལ་གཉིས་ཀ་གཟའ་བདུད་ནག་པོ་ར་ཧུ་ལ་དང་། གཏེར་བསྲུང་ཀླུ་བདུད་རྡོ་རྗེ་སྤྱན་གཅིག་མ་གཉིས་ཀྱིས། སྙིང་ཁྲག་དྲོན་མོ་འཐུང་ལ་ཚར་ཆོད་ཅིག །རིག་པ་འཛིན་པ་བདག་གི་བཀས་བཀྲོལ་བ་ནི་མ་གཏོགས་སོ། །སྨྲས་པ། མཁན་སློབ་ཆོས་རྒྱལ་ལོ་པཎ་མཁས་གྲུབ་ཚོགས། ཁྱད་པར་རྒྱལ་བ་བློ་བཟང་གྲགས་པ་སོགས། །དམ་པ་འགའ་ཡི་དྲིན་ལས་གངས་ཅན་འདིར། །རྣམ་འདྲེན་བསྟན་པའི་པད་ཚལ་ཆེར་ཆེར་རྒྱས། །འོན་ཀྱང་ནག་ཕྱོགས་བདུད་སྡེའི་སྤྲིན་ཕུང་ལས། མ་རུང་དགྲ་སྡེའི་རྐྱེན་ཐང་འབབ་གྱུར་ཞིང་། །བསྟན་(༡༣བ)


GLG023_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གཟུགས་བརྙན་བདུད་རིགས་གླང་ཆེན་གྱིས། །སྣ་ཚོགས་བྱ་བ་གོམས་པ་འདེགས་པར་རྩོམ། །དེ་ལྟ་ན་ཡང་དེང་དུས་ཐུབ་བསྟན་གྱི། ཁུར་འཁྱེར་འགའ་ཞིག་གཏོར་བསྔོས་བསྐང་གསོ་ཙམ། །བྱས་ནས་མངོན་སྤྱོད་འཕྲིན་ལས་འགྲུབ་ཏུ་རེ། །བློན་པོའི་དབུས་སུ་སྟོབས་དང་སྐྱེ་བ་ཡིས། །དྲེགས་ལྡན་བླ་མའི་གཟུགས་བརྙན་ཕལ་ཆེར་ནི། །ངན་གཡོ་རྫུན་དང་ཕྲ་མ་དུག་མཚོན་ལས། ཡ་རབས་ཁྱིམ་པ་རྣམས་ཀྱང་ངོ་ཚའི་གནས། །བྱེད་ལ་འཛེམ་བག་སྤྱོད་པའི་སྣང་ཚུལ་འདི། །མཐོང་བས་རྐྱེན་བྱས་ཁོ་བོས་མནན་པའི་ལས། །ལག་ལེན་ཇི་བཞིན་ཁྱེར་བདེར་རབ་བཀོད་འདི། །སྣོད་དང་སྣོད་མིན་གསང་བའི་ཡུལ་ལ་སོགས། །མ་འདྲེས་ཡིད་དུ་བཟུང་ལ་འདི་ལྟར་སྤེལ། །ཆོས་དང་བླ་མར་སྙིང་ནས་དད་གུས་ཀྱིས། །རྣམ་པར་བྲལ་ཡང་ཁ་མཁས་མགོ་བསྐོར་གྱིས། །མན་ངག་ལེན་པའི་དམ་མེད་གཡོ་ཁྲམ་ཅན། །སྐྱེས་བུ་འདི་འདྲ་ཤིན་ཏུ་མང་། དེ་འདྲར་ཚུལ་འདི་གསང་བའི་ཡུལ། །རིགས་སྟོབས་སྐྱེ་བར་གྲགས་ལས་ཐོས་བསམ་གྱིས། །དབེན་ཡང་བསྟན་པའི་བདག་པོའི་ཁུར་འཆང་བ། །ལྷའི་བུ་སྙིང་ཞུགས་ལོང་བས་ལོང་བ་དག །འཁྲིད་པའི་ཆེན་པོར་རློམ་ཚོ་ཐོས་བསམ་སྒོམ་པ་གང་ཡང་མ་བྱས་པ་འདི་མང་། གསངབའི་ཡུལ། །ཚེ་འདིའི་འདམ་དུ་བྱིང་ཡང་ཆོས་བརྒྱད་ཀྱིས། །རླན་བྲལ་སྨྲ་བའི་གྲུབ་མཐས་བློ་ཁ་དག །མ་བསྒྱུར་བླུན་པོ་མགོ་བོ་བསྐོར་བྱེད་པའི། །ཟོག་པོ་བསྟན་པའི་ཆོམ་རྐུན་དྭགས་བརྒྱུད་པ་དང་སྒོམ་ཆེན་པའི་ཕྱོགས་སུ་ཤིན་ཏུ་མང་། གསང་བའི་ཡུལ། ཟབ་ཆོས་ཕན་ཚུན་དཀྲུག་རྩོམ་ཤོག་རིལ་དག །རང་གིས་སྦས་འདོན་དེ་རྗེས་འབྲང་བྱེད་པའི། །པདྨའི་ཟབ་གཏེར་བསྟན་ལ་རྨ་འབྱིན་པ། ལོག་པའི་སྨོན་ལམ་ཅན་སྔགས་སྙིང་མ་བའི་ཕྱོགས་སུ་སྣང་། ཚོར་གསང་བའི་ཡུལ། ཐ་སྙད་ཚིག་དང་རྟོག་གེའི་རིག་པ་དག །ཅུང་ཟད་ཤེས་ལ་སྙིང་ནས་ཨ་ཐས་པའི། །མུ་སྟེགས་གྲངས་ཅན་ལྟ་བུའི་དགེ་བའི་བཤེས། །ཆོས་སྤོང་སྒྲིབ་པས་སྦགས་འདི་འདྲ་བ་གཞན་ཀུན་ལ་སྣང་། ཚོ་གསང་བའི་ཡུལ། །དེས་ན་དམ་ཚིག་སྡོམ་པ་ལ་གནས་ཤིང་། །ཐེག་མཆོག་རིགས་ཅན་ཟབ་དོན་སྙིང་དབུས་སུ། །གཅེས་འཛིན་མཚན་ཉིད་ལྡན་པའི་སློབ་མ་(༡༤ན)


GLG023_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །འགྱུར་མེད་བཀའ་རྒྱས་ཐོབ་ལ་ལེགས་པར་བྱིན། །དེ་སྐད་དགྲ་སྡེ་མ་ལུས་གནོན་བྱེད་པའི། །ཐར་མེད་འབར་བའི་ལྕགས་མཁར་ནག་པོ་ཆེ། །ཆུ་སྲིན་མགྲིན་པའི་རྒྱ་ཅན་ཞེས་པ་འདི། །རྣམ་དཀར་ལྷག་པའི་བསམ་པས་བཀོད་པ་ཡིས། །བདུད་སྡེ་མ་ལུས་གནམ་ལྕགས་ཐོགས་ཆེན་གྱིས། །བྲག་རི་འཇོམས་ལྟར་ཐལ་བར་རབ་རླག་སྟེ། །ཐུབ་བསྟན་མངོན་པར་རྒྱས་པའི་གཟི་འོད་ཀྱིས། །ཐེག་མཆོག་ཕན་བདེའི་པད་ཚལ་རྒྱས་པར་ཤོག །ཅེས་འཇམ་དཔལ་ཚེ་བདག་ནག་པོའི་མནན་པ་ཐར་མེད་ལྕགས་ཁང་ནག་པོ་ཆུ་སྲིན་མགྲིན་པའི་རྒྱ་ཅན་ཞེས་བྱ་བ་འདི་ཡང་། འབྲོམ་གྱིས་རིགས་ལས་བྱུང་བའི་སྔགས་པ་སློབ་དཔོན་པ་ཆོས་རྗེ་བསོད་ནམས་གྲགས་པ་དང་། ཕན་བདེ་ལེགས་བཤད་གླིང་གི་སློབ་དཔོན་པ་ཆོས་རྗེ་སྐུ་སྐྱེ་གཉིས་ཀྱིས་བསྐུལ་བའི་ངོར། སློབ་དཔོན་པདྨ་འབྱུང་གནས་ཀྱི་སློབ་མ་ཨ་ཙཪྱ་དྷརྨ་པཱ་ལ་ནས་བཟུང་སྟེ། སྔ་འགྱུར་མ་གཤིན་ཕུར་པའི་གྲུབ་པ་རིམ་པར་ཐོབ་པའི་གདུང་ལས་སོན་པ་རིག་སྔགས་འཆང་བ་ཟིལ་གནོན་དྲག་རྩལ་རྡོ་རྗེས་ཁྱུ་མཆོག་གི་ལོ་ནག་ཟླ་བའི་དམར་ཕྱོགས་ཀྱི་གྲལ་ཚེས་ལ། དགའ་ལྡན་ཕོ་བྲང་མེ་ཏོག་མངོན་པར་བཀྲ་བའི་མངོན་སྤྱོད་རོལ་པའི་ལྡིང་ཁང་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།

འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་ཡིག་རྡོ་རྗེ་རྩེ་བརྒྱ་པ།


GLG023_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་ཡིག་རྡོ་རྗེ་རྩེ་བརྒྱ་པ་ཞེས་བྱ་བ་བཞུགས་སོ། །


GLG023_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཡ་མཱ་རི་མུ་དྲཱ་བྷི་བྷཱུ་ཡཱ་ཡུཪྦ་ཏ་ཡེ། འཇམ་དཔལ་ཞི་ཁྲོའི་བཀའ་བབས་རྒྱ་བོད་ཀྱི། །རིགས་འཛིན་བརྒྱུད་པ་བགྲང་ཡས་དཀྱིལ་འཁོར་ལྷ། །ཡོངས་འདུས་ཀུན་གོ་གཅིག་ཆོད་དྲིན་ཅན་རྗེ། །ཆོས་དབྱིངས་རང་གྲོལ་སྙིང་གི་པདྨར་བཞུགས། །ཨོ་རྒྱན་རྒྱ་བལ་མཁས་གྲུབ་མཐའ་ཀླས་པའི། །བཀའ་བབས་པད་གནུབས་བཞེད་གཞུང་ཆུ་ཀླུང་ཚོགས། །རྣམ་དཔྱོད་རྒྱ་མཚོར་གཅིག་འདྲེས་ནུབ་དགོན་རྗེ། །མངའ་རིས་རིགས་འཛིན་ཉི་ཟླ་ཟུང་འབྲེལ་བཞིན། །མགོན་གཉིས་མཁྱེན་ཡངས་ཚངས་པའི་རལ་པ་ནས། །སྨིན་གྲོལ་གདམས་པ་མཐོ་རིས་ཉལ་འགྲོའི་རྒྱུན། །འབེབས་མཁས་སྐལ་ལྡན་ཤིང་རྟ་དབང་པོའི་སྡེ། །ཡབ་སྲས་ཞལ་ལུང་ཆད་མེད་ནོར་བུའི་འཕྲེང་། །བཀའ་གཏེར་རྒྱུད་དང་མན་ངག་རིག་བྱེད་བཞིར། །རིང་ནས་གོམས་པའི་བློ་གྲོས་གདོང་པ་བཞི། །བསྟན་ཏེ་ཟབ་རྒྱས་གནད་དོན་སྣོད་བཅུད་ཚོགས། །མངོན་སུམ་སྤྲུལ་པའི་གཟིགས་མོ་འདི་ན་མཚར། །འཁོར་འདས་ཁྲོ་རྒྱལ་ཀུན་གྱི་ལག་ཆ་རྣམས། །སྟབས་ཅིག་འཆོར་བ་ཟིལ་གནོན་ཕྱག་རྒྱ་ཆེ། །བསྙེན་སྒྲུབ་ལས་རིམ་རྡོ་རྗེ་རྩེ་བརྒྱ་པས། བདུད་དཔུང་ལྷ་མིན་སྙིང་རྩ་འདར་འདིའོ། །དེའང་འཇམ་པ་གསུམ་(༢ན)


GLG023_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འདུལ་བར་མི་ནུས་པའི་གདུག་པ་ཅན་སྤྱི་དང་། བྱེ་བྲག་ལྷོ་ཕྱོགས་རིམ་བདུན་ས་འོག་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན་གནས་པའི་འཆི་བདག་གཤིན་རྗེའི་རྒྱལ་པོ་འདུལ་བའི་གཉེན་པོར་འཇམ་དཔལ་རྡོ་རྗེ་དུས་དགྲའི་དབང་པོར་བསྟན་པ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་གསང་སྔགས་སྔ་ཕྱིར་འགྱུར་བའི་རྒྱུད་སྡེ་རྣམས་སུ་མང་དུ་བྱུང་བའི་ནང་ནས་འཁོར་འདས་ཀྱི་ཕྱག་རྒྱ་ཐམས་ཅད་ཅིག་ཅར་ཟིལ་གྱིས་གནོན་པ་འཇམ་དཔལ་ཚེ་བདག་ནག་པོའི་རྒྱུད་འགྲེལ་མན་ངག །སྟེང་ཕྱོགས་ལྷའི་ཡུལ་དང་ཨོ་རྒྱན་རྒྱ་བལ་སོགས་ན་རྒྱ་ཆེར་བཞུགས་པའི་ཉིང་ཁུ་དཔལ་ཨོ་རྒྱན་ཆེན་པོ་དང་། ལོ་ཙཱ་བ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་ལྗོངས་འདིར་གདན་དྲངས་པ་ལ་པད་ལུགས་གནུབས་ལུགས་གཉིས་སུ་གྲགས་ཤིང་པད་ལུགས་ཕལ་ཆེ་བ་ནི་ཕུང་པོ་རི་བོ་ཆེ་སོགས་སུ་གཏེར་དུ་སྦས་པ་ལས་དང་སྐལ་བར་ལྡན་པའི་སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས། གནུབས་ལུགས་ལའང་བཀའ་གཏེར་གཉིས་སུ་བྱུང་བའི་བཀའ་མ་ནི། བཀའ་ཤོག་རྒྱ་བོ་ཆེ་ལས། ལས་ཀྱིས་འབྲེལ་བའི་ཡོན་ཏན་རྒྱ་མཚོ་དང་། །དད་པ་ཆེ་བ་ལེགས་པའི་སྒྲོན་མ་དང་། །གྲོགས་མཆོག་དམ་པ་ཡེ་ཤེས་དབང་ཕྱུག་དང་། །རྩོལ་ཤུགས་གཏོད་(༢བ)


GLG023_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཕོད་ཆེ་བའི་བློན་རྗེ་འཕགས། །ཞེས་གནུབས་ཀྱི་ཐུགས་སྲས་བཞི་བྱུང་བའི་ནང་ནས་གདུང་རུས་གཅིག་པའི་སྲས་ཀྱི་ཐུ་བོ་གནུབས་ཡོན་ཏན་རྒྱ་མཚོ་ལ་བཀའ་བབས་པ་ལྕགས་འདྲ་དང་ཐོག་འདྲའི་སྐོར་ཤིན་ཏུ་རྒྱ་ཆེ་ཞིང་གཏེར་དུ་བཞུགས་པ་ལྕགས་འདྲ་དང་ལྕགས་སྡིག་རྣམས་དུམ་པ་རྒྱར་བཀའ་བབས་པ་ཡིན་པ་དེང་སང་རང་ལུགས་རྒྱུན་གྱི་ཉམས་ལེན་ནི་མཁྱེན་པའི་སྤྱན་ལྡན་སེ་སྟོན་རིན་ཆེན་རྒྱལ་མཚན་གྱིས། དེ་ལྟར་ཚེ་བདག་ཕྱག་རྒྱ་ཟིལ་གནོན་ནམ། །པདྨའི་མན་ངག་རྩ་བ་སོར་བཞག་ལ། །པད་ལུགས་ཞེས་གྲགས་གནུབས་ཀྱི་ཡང་མཛོད་འདི། །སྒྲུབ་ཁོག་སོར་བཞག་གནུབས་ལུགས་ཞེས་གྲགས་མོད། །ལམ་གྱི་གནད་ལ་ཁྱད་པར་ཅི་ཡང་མེད། །འོན་ཀྱང་འཕྲིན་ལས་བྱང་བུའི་བརྗེད་བྱང་ལས། ཁྱད་པར་ཅུང་ཟད་ཡོད་པ་ལེགས་ཕྱེ་ནས། །འདིར་ནི་པདྨའི་ལུགས་ཉིད་གསལ་བར་བྱས། །རྗེ་བཙུན་དམ་པའི་དྲིན་གྱིས་ལམ་སྲོལ་འདིར། །རིང་དུ་སྦྱངས་པའི་བློ་གྲོས་མི་དམན་ཞིང་། །རྒྱུད་དང་གདམས་པའི་གནད་ལ་འདྲིས་པའི་ཕྱིར། །དོན་འདིའི་ཕྱིར་ལ་སྤྲོ་བ་ལྷོད་མ་གྱུར། །ཅེས་པ་ལྟར་པདྨའི་མན་ངག་རྩ་བ་སོར་བཞག་དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེས་མཛད་པའི་ལྷན་ཐབས་སྦྱར་ཏེ་ཉམས་སུ་ལེན་པའི་རྒྱུན་ཡོད་པ་བཞིན་ལག་ཏུ་བསྟར་བ་ལ། ལྷ་ཉེ་བར་བསྙེན་ཅིང་བསྒྲུབ་པ་ལས་རབ་འབྱམས་ཐམས་ཅད་ཀྱི་སྔོན་དུ་འགྲོ་དགོས་པས། འདི་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ལ། སློབ་དཔོན་འཇམ་དཔལ་གཤེས་གཉེན་གྱིས། དད་དང་བརྩོན་འགྲུས་མེ་ལྟར་འབར་བ་དང་། །ཤེས་རབ་ཆེ་ཞིང་ཕྱོགས་མེད་སློབ་པ་དང་། །དད་པ་ཆེ་ཞིང་གཟུངས་ཐོབ་བློ་བརྟན་པ། །དམ་ཚིག་གཙོར་འཛིན་སྒོམ་སྲན་ཆེ་བ་དང་། །རང་རིག་(༣ན)


GLG023_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ལྡན་ཆོས་ཉིད་དོན་རྟོགས་དང་། །གོ་འཕང་ཐོབ་དང་མན་ངག་འདོད་པ་ལ། །ཞེས་དང་། མན་ངག་ལས། ཐོག་མར་ཤེས་ལྡན་སྨིན་པ་ཡི། །རིགས་ལྡན་རྣལ་འབྱོར་བརྟུལ་ཞུགས་ཅན། །ཞེས་པ་ལྟར། ཤེས་རབ་ཆེ་ཞིང་ཆོས་འདི་ལ། ཡིད་ཆེས་ཀྱི་སྙིང་ནས་དད་པ་ཐོབ་པ་ཞིག་གིས། གོམས་པ་སྔོན་སྦྱངས་མང་ཐོས་ཆོས་རྣམས་ཤེས། །ཆོས་ཉིད་མཉམ་པའི་དོན་རྟོགས་གཏི་མུག་མེད། །དབྱིངས་དང་ཡེ་ཤེས་གཉིས་མེད་གཟུངས་མ་འདུ། །བླ་མའི་མན་ངག་ཐོབ་པའི་གདེངས་ལྡན་པ། །ཡོན་ཏན་རྫོགས་པའི་བླ་མ་དམ་པས་བྱ། །ཞེས་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ལ་དབང་གི་ཆུ་བོ་མ་ནུབ་པ་ཚུལ་བཞིན་ཐོབ་ནས་སྨིན་པའི་གང་ཟག་གིས་ཇི་ལྟར་བསྒྲུབ་པའི་གནས་ནི། མཆིན་པ་ལས་ཆད་པའི་ཆོས་སྡེ་སྔོན་འགྲོ་གནས་ཀྱི་ལས་རིམ་དུ། བསྙེན་པ་དང་སྒྲུབ་པའི་གནས་ཀྱི་ཁྱད་པར་སོ་སོར་རྒྱས་པར་གསུངས་ནའང་། དེང་སང་ཡུལ་དུས་ཀྱི་འགྲུབ་པར་དཀའ་ཞིང་། རྒྱུད་ལས། དབེན་ཞིང་ཉམས་དགའི་གནས་དག་ཏུ། །ཞེས་དང་། སྒྲུབ་ཐབས་ལས། གནས་ནི་དུར་ཁྲོད་དུ་བྱ། བྲག་རི་ནག་པོ་མོན་པ་ཁྲོས་པ་འདྲ་བའམ། ལྷོ་ཕྱོགས་སུ་ཁ་བལྟས་པ་ཤིན་ཏུ་གཉན་སར་ཕྱིན་ལ་ཞེས་བཤད་ཀྱང་དཔའ་གདེངས་ཅུང་ཟད་རྙེད་པ་རྣམས་ལ་གནས་གཉན་ས་རྟོགས་པ་འཕེལ་ནའང་། ལས་དང་པོ་པ་ལ་ཤིན་ཏུ་འཇམ་པའི་ཕྱོགས་སུ་བསྒྲུབས་ན་བར་ཆད་ཆུང་བས། གནམ་འཁོར་ལོ་རྩིབས་བརྒྱད། ལོགས་བཀྲ་ཤིས་རྟགས་བརྒྱད། ས་པདྨ་འདབ་བརྒྱད། ཤར་གྱི་སྟག་སྐྱ་བོ། ལྷོའི་གཡུ་འབྲུག་སྔོན་པོ། ནུབ་ཀྱི་བྱ་དམར་པོ། བྱང་གི་རུས་སྦལ་ནག་པོ་སོགས་ས་བཀྲ་ཤིས་པ་ཐེག་དམན། མུ་སྟེགས། སྐྱེ་བོའི་ཡ་ག །ནག་ཕྱོགས་ཀྱི་(༣བ)


GLG023_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོའི་འཚུབ་འགྱུར་གྱི་རིགས་མེད་ཅིང་། དམ་པ་གོང་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཡིད་དུ་འོང་བ་བཙལ་བར་བྱ། དེ་ནས་འཚོ་བ་ཟས་དང་སྐོམ་སེལ་བཏུང་བའི་རིགས། ནད་ཞི་བ་སྨན་དང་དགྲ་བཟློག་པ་གོ་མཚོན་སོགས་ཉེ་བར་མཁོ་བའི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་སོགས་གཡོས་མཁན་དང་བརྡ་སྦྱོར་སོགས་མཚམས་གཡོག་བློ་ཐུབ་ཅིང་དམ་ཚིག་དང་ལྡན་པ་གྲངས་ཇི་ལྟར་རིགས་པ་དང་། མཐུན་རྐྱེན་གྱིས་མཚོན་པའི་རྒྱུ་འགྲུལ་གཞན་ནས་སླར་ཡོང་རྒྱུ་རྣམས་ཀྱང་གང་ནས་ཡོང་ཆ་བཏིང་བའི་ཐོག་མ་ནས་དམིགས་འོག་ཏུ་ཆུད་པའི་མཚམས་མི་རལ་བ་བྱ། དུས་ཚོད་ཀ་དག་གི་རྟོགས་པ་མངོན་དུ་གྱུར་པའི་རྣལ་འབྱོར་བ་རབ་ལ་མ་ངེས་ཀྱང་། འཁྲུལ་པའི་རྫུན་ཕུགས་མ་རྡིབ་པའི་རིགས་ཀུན་རྫོབ་ཀྱི་སྣང་བ་དགག་ཏུ་མི་རུང་བས་སྤྱིར་རྒྱས་པར་ཉི་མ་བྱང་བགྲོད་དང་ཡར་ངོ་། དྲག་པོའི་ཉི་མ་ལྷོ་བགྲོད་དང་མར་ངོ་། ཞི་བར་ཉི་མ་འཆར་གདོང་སོགས། དབང་ལ་ནུབ་མོ་བྱ་བར་གསུངས་ཤིང་བྱེ་བྲག །ཇི་སྐད་དུ། ལོ་དང་ཟླ་བ་སྐར་མ་བཟང་། །དུས་ཚོད་བཟང་ལ་འཇུག་པར་བྱ། །ཞེས་སྤོར་ཐང་གཙུག་ལག་ནས་བཤད་པའི་མཆེ་བ་ཅན་སོགས་ལོ་ཟླ་རྩུབ་པ། རང་གི་དགྲ་གཤེད་ལྟ་བུ་མ་ཡིན་པའི་ལོ་གཟའ་སྐར་སྦྱོར་བྱེད་ཁྱིམ་གྱི་དུས་སྦྱོར་སོགས་དང་པོའི་སངས་རྒྱས་དང་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་རྣམས་ལས་བྱུང་བ་ལྟར་བསྙེན་སྒྲུབ་ལ་ཤིས་པ་ངེས་པར་བསྒྲིག་ཅིང་གཟའ་ཚེས་འཛོམ་ན་ཡར་ངོ་དང་མར་ངོ་གང་བདེ་བ། དུས་ཚོད་ཇི་སྐད་དུ། ཉི་མ་ནུབ་པར་གྱུར་པ་ན། །ལྷ་ཡང་བྱིན་གྱིས་རླབས་ཀྱིས་འདུ། །ཞེས་ལྷ་དབང་དུ་བྱེད་པའི་རྟེན་འབྲེལ་གྱི་སྲོད་ཐུན་ནས་འཛུགས། ཐོག་མར་སྡེ་བརྒྱད་ཆ་སྙོམས་པའི་ཕྱིར། བསངས་(༤ན)


GLG023_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དང་གསེར་སྐྱེམས། གསུང་རབ་ཀློག་པ། སཱཙྪ་འདེབས་པ། ཉེའུ་འདོན་པ། སྦྱིན་གཏོང་སོགས་བསོད་ནམས་ཀྱི་དཔུང་རྒྱ་ཆེར་བསག །གནས་ཁང་ཕྱག་བདར་རྐྱང་ཚུལ་བྱ། ས་རྒྱན་གནམ་རྒྱན་སྤྱན་གཟིགས་སོགས་དང་རྩ་བ་གསུམ་གྱི་བྲིས་འབུར་གྱི་སྐུ་བྱིན་རླབས་ཅན་རྣམས་བཀོད་པས་མཛེས་པར་དགྲམ། སྒྲུབ་རྟེན་རབ་རྡུལ་ཚོན། འབྲིང་རས་བྲིས། ཐ་མ་སྨན་རཀ་གཏོར་གསུམ་ཙམ་ལའང་རྟེན་རུང་བའི། རྡུལ་ཚོན་ལ་རྒྱས་པ་སྤྲོ་ན། ལྕགས་སྡིག་མགོ་བོ་གྲུ་གསུམ་ལས་ཆད་པའི་ཆོས་སྡེ། སྒྲུབ་ཐབས་སྙིང་གཟེར་ནག་པོར། ཐོག་མར་ནུས་ལྡན་བརྩོན་པ་ཡིས། །ས་ཆོག་དུས་བཟང་ལེགས་ལྡན་ལ། །རྡུལ་མེད་སྲོག་ཆགས་སྤང་བྱས་ལ། །ལྷོ་ཡི་ཕྱོགས་ནས་ས་བླངས་ལ། །དཀྱིལ་འཁོར་མདའ་གང་གྲུ་བཞི་པ། །ཚད་དང་ལྡན་པ་རབ་ཏུ་བཞེད། །ཞེས་པ་ལྟར་སྟེགས་བུ་བརྩིག་པར་བཤད་པ་འགྲུབ་ན་དང་། མ་འགྲུབ་ན་ཅོག་ཙེའམ་ཁྲིའུ་ལྟ་བུས་ཀྱང་རུང་། ཡང་དེ་ཉིད་ལས། རྒྱལ་པོ་བཞི་ལ་བཀའ་ཡང་བསྒོ། ཁྲོ་བོ་བཅུ་ཡིས་ཕྱི་མཚམས་བཅད། །དམ་སྲི་འདུལ་ཞིང་སྒོ་བྱང་གདགས། །མ་ཏྲཾ་རུ་དྲ་བསྒྲལ་ལས་བྱ། །ཞེས་པ་ལྟར་རྒྱལ་མཐོ། མཚམས་གཅོད། དམ་སྲི། སྒོ་བྱང་། མ་ཏྲཾ་རྣམས་སྔགས་རྙིང་མ་སྤྱི་གཞུང་དང་མཐུན་ཞིང་། དབང་ཆོག་མུ་ཏིག་འཕྲེང་བར། རྒྱུད་ལས། སྣང་སྲིད་ཐམས་ཅད་ཀྱི་བདག་པོ་ཡིན་ཞིང་། གཞན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར། ས་ཆོག་བྱ་མི་དགོས་ཏེ། ས་ལ་ཇི་ལྟར་རུང་བ་ལྟར་སྤྱད་པར་བྱའོ། །ཞེས་བཤད་པ་ནི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་གླང་པོ་ཆེའི་དཔྲལ་བ་བཀས་ནས་ཐལ་བྱུང་དུ་བྱོན་པ་ལྟ་བུའི་སྔགས་འཆང་ཆེན་པོ་རྣམས་(༤བ)


GLG023_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགོངས་ཀྱིས། ལས་དང་པོ་བ་རྣམས་ནི་གནུབས་ཡེ་ཤེས་རྒྱ་མཚོས་མཛད་པའི་དཀྱིལ་ཆོག་ཏུ་ས་བརྟག་པ་དང་། བླང་བ་དང་། སྦྱང་བ་དང་། བྱིན་གྱིས་བརླབ་པ་དང་། བསྲུང་བའོ། །ཞེས་འབྱུང་བས་ས་མ་དུལ་བ་ལ་ངེས་པར་དགོས། སྙིང་གཟེར་ལས། དེ་ནས་ཐིག་སྐུད་ལྔ་ལྡན་ལ། བདུད་རྩི་དཀར་དམར་བཏབ་བྱས་ལ། །ཚེ་བདག་པེ་ཏ་ལི་རུ་བསམ། ཞེས་སོགས་ཀྱི་ཐིག་དང་། ཕོ་བྲང་གླིང་དགུ་འཁོར་ལོ་དང་། །ཐོད་མཁར་གྲུ་ཆད་ཁྱམས་སྒོ་ལས། །པདྨ་རྡོ་རྗེ་མེ་རིས་བསྐོར། །ཞེས་སོགས་གསུངས་ཤིང་། ཐིག་ཆེན་གྱི་ཆོ་ག་ལག་ལེན་ནག་འགྲོས་ལྟ་བུ་འཁྱེར་བདེ་བ་ནི། གནུབས་ཡེ་ཤེས་རྒྱ་མཚོའི་དཀྱིལ་འཁོར་ཏུ་གསལ་མོད། བསྙེན་པ་ཙམ་ལའང་རྒྱལ་མཐོ་ངེས་པར་བསྡམ་ཞིང་། དམ་སྲི་མནན་ན་ལེགས་པའི་ཆ་ལག་ཏུ་འགྱུར་ཡང་། དེ་ཕྱིན་རང་ལུགས་ཀྱི་དབང་ཆོག་ངེས་དོན་བདེ་འཇུག་ཏུ། དང་པོ་ལ། ཡོ་བྱད་བཤམ་ཞིང་གཏོར་མ་བཏང་བ། ཐིག་ཚོན་རབ་ཏུ་གནས་ཤིང་ཆག་ཆག་གདབ་པ། དཀྱིལ་འཁོར་བྲི་ཞིང་རྫས་དགོད་པའོ། །ཞེས་ས་བཅད་གསུམ་དུ་འདུས་པས་དོན་འགྲུབ་ལ། འོན་ཀྱང་བསྙེན་པ་ཡུན་རིང་བས་རྡུལ་ཚོན་ཞིག་པ་སོགས་ཀྱི་འཇིགས་པ་ཆེ་བའི་ཕྱིར་བཤད་མ་ཐག་པའི་ས་བཅད་དང་པོའི་རྗེས་སུ་རས་བྲིས་ཀྱི་དཀྱིལ་འཁོར་དགྲམ་པའམ། །འཛབ་ཁང་དབྱེ་བའི་ལུགས་རྒྱས་པ་བྱེད་འདོད་ཅིང་། དཀྱིལ་འཁོར་མ་འབྱོར་ན་མཎྜལ་ལྟ་བུར་ཐིག་བཏབ་པའི་ཁར་འབྲུ་ནག་ཁྲག་གིས་སྦགས་པའི་ཚོམ་བུ་བཀོད་པ་གང་རུང་གི་སྟེང་དུ་བཾ་ཆས་སུ་བཅུག་པ་བཞག །དེ་སྟེང་མན་འཇིའི་ཁར་སྒྲུབ་གཏོར་ལྷ་ཙཀ་གཏོར་གདུགས་ཀྱིས་བརྒྱན་པ་བཀོད། དཀྱིལ་འཁོར་གྱི་མདུན་ཤར་སྒོའི་ཐད་དུ་མཆོད་གཏོར། (༥ན)


GLG023_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གཡས་སུ་སྨན་ཕུད། གཡོན་དུ་རཀྟ། ཕྱོགས་གང་བདེར་གཤིན་རྗེ་དང་སྒོས་ཀྱི་ཆོས་སྐྱོང་གཏེར་སྲུང་གཞི་བདག་རྣམས་ཀྱི་གཏོར་མ། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །དེ་ནས་རིམ་བཞིན་གཡས་སྐོར་དུ་ཁྲག་གི་མཆོད་ཡོན། ཞབས་བསིལ། དབང་པོའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས་རྣམས་དང་། དེའི་མཐའ་སྐོར་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་རྣམས་བཀོད་པས་མཛེས་པར་བཤམ། གཞན་ཡང་ཚོགས་མཆོད། རྡོར་དྲིལ། ཐོད་རྔ། འཐོར་ནས། མཁོ་བའི་ཡོ་བྱད་ཐམས་ཅད་འདུ་བྱས། གནས་ཁང་གིས་བཏུབ་ན་སྒྲུབ་པ་པོའི་སྟན་ནང་ཚངས་ཅན་གྱི་འོག་ཏུ་ས་དཀར་གྱི་གཡུང་དྲུང་རིས་ཆོས་འཁོར་གྱི་ཚུལ་དུ་འབྲི། བདག་བསྐྱེད་ཙམ་ལ་བརྟེན་ཚེ། དཀྱིལ་འཁོར་གསུམ་དང་པོ་དོར་ནས་སྟེགས་བུའི་དབུས་སུ་སྒྲུབ་གཏོར་བཀོད། སྒྲུབ་གཏོར་དང་མཆོད་གཏོར་སོ་སོར་མཛད་སྲོལ་རྙིང་མ་ཕལ་ཆེར་ལ་མི་འདུག་ནའང་། འདིར་བྱུང་བས་སོ་སོར་ཡོད་ན་དངོས་གྲུབ་ལེན་མ་རན་གྱི་བར་སྒྲུབ་གཏོར་ལྷར་བསྐྱེད་པ་ཁོ་ནས་ཆོག་མོད། དེའང་རྣམ་པ་ཐ་དད་ཡིན་པས་དཀྱིལ་འཁོར་དང་མི་འདྲ་བ་ལ། གཏོར་མ་གཅིག་ལས་མེད་ན་ཤེས་པ་རྣམ་པ་གསུམ་གྱི་དབྱེ་བས་ཕྲལ་ཕྲལ་འགྱུར་འགྲོ་བས་སྐབས་ཐོབ་ཤེས་དགོས་སོ། །གཉིས་པ་དངོས་གཞི་ལ། བསྙེན་པ་སྒྲུབ་པ་ལས་སྦྱར་གསུམ། དང་པོ་ནི་ལས་བྱང་གཞུང་བསྲངས་ལ། ཆོས་སྐྱོང་གཏེར་སྲུང་གཞི་བདག་གི་གཏོར་བསྔོས། ཚོགས་མཆོད། བཾ་བསྐང་། བསྟན་སྐྱོང་གི་བར་དཀྱུས་བཞིན་བཏང་། ལྕེ་བྱིན་གྱིས་བརླབ་པ་ནི། བན་སྔགས་བོན་དགྲས་བདག་(༥བ)


GLG023_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངག་བཅིངས་ན། །དེ་དག་འགྲོལ་ཞིང་གསོ་དང་ངག་བྱིན་བརླབ། །ཀུན་ལས་ཟབ་འདི་ཉམས་བླང་སྙིང་ལྟར་བཟུང་། །ནང་པར་ནམ་ལངས་ཁ་དང་དགོངས་ཉི་དག །ནུབ་ཁར་ཉམས་སུ་བླང་བྱ་འདི་ཁོ་ན། །བདག་གི་ལྕེ་སྟེང་རཾ་ཡིག་དམར་པོ་བསམ། །རཾ་ལས་མེ་འབར་ལྕེ་ནི་ཐུལ་གྱིས་བསྲེགས། །སླར་ཡང་ལྕེ་ནི་འོད་ཀྱི་རང་བཞིན་བསམ། །དེ་ཡི་ངང་ལས་ལྕེ་ནི་གང་གིས་ཀྱང་། །མི་ཚུགས་མི་ཤིགས་སྲ་བརྟན་ཕ་ལམ་གྱི། །རྡོ་རྗེ་རྒྱ་གྲམ་ཐ་མར་རྟེན་སྙིང་གི །སྔགས་འཕྲེང་ཆོས་སྐོར་དག་ཏུ་བསྐོར་བར་བསམ། །རྟེན་སྙིང་བརྒྱའམ་ཉེར་གཅིག་སྐབས་སྦྱར་བཟླ། །དེ་ལྟར་བྱས་པས་འཛམ་གླིང་འདིར་འཁོད་པའི། །བན་སྔགས་བོན་དགྲ་འདུས་པའི་བྱད་ཕུར་དང་། །ངག་མནན་ངག་བཅིངས་རྦོད་གཏོང་ཡོད་ན་ཡང་། །བྱེ་མའི་ཕུང་པོ་ཆུ་ཡིས་འཇིག་ལྟར་གྲོལ། །ངག་འགྲོལ་ངག་གསོ་མ་ཤིགས་རྡོ་རྗེ་དངོས། །ཕྱག་ན་རྡོ་རྗེ་ཇི་བཞིན་འདི་ཉིད་དོ། །འདི་དང་ལྡན་ལ་གཞན་གྱིས་ངག་མནན་སོགས། །བྱས་ན་ཕྱག་ཆ་རང་ལ་འཁོར་བའི་ཕྱིར། །ཀུན་ལ་གསངས་ནས་རང་ཉིད་ཉམས་སུ་བླང་། །བདག་འདྲ་བལ་པོ་བྷ་སུ་དྷ་ར་ཡིས། །རང་བཟོ་མ་ཡིན་པད་རྒྱ་ནག་པོ་ཡི། །རྒྱུད་ལ་བརྟེན་ནས་རང་ཉམས་དང་དུ་བླང་། །སྐྱེ་བ་སྔ་མའི་སྤུན་ཟླ་ཡིན་པའི་ཕྱིར། །གནུབས་ཀྱི་བནྡེ་སངས་རྒྱས་ཡེ་ཤེས་ལ། །གདམས་སོ་གཏད་དོ་མ་གཡེལ་ཐུབ་པར་ཆོངས། །འཆལ་ན་དྲེགས་པའི་བཀའ་ཆད་འབབ་པར་ངེས། །ས་མ་ཡ། དྲག་པོ་རང་བྱུང་རང་ཤར་ལས། རཀྴ་ཐོད་འཕྲེང་མ་གཏོགས་པའི། །བདེ་གཤེགས་བསྒྲུབ་པའི་འཕྲེང་གཞན་མེད། །ཅེས་དང་། སྲེད་པའི་གཏེར་ཁྱིམ་དུ། དྲག་པོ་ལ་རུ་རཀྴ་དང་ཐོད་པ་ཌཱ་ཀི་འདུ་བའི་དངོས་གྲུབ་མྱུར་བར་བཤད་པ་ལྟར་རུ་རཀྴ་(༦ན)


GLG023_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དང་ལྡན་པ་བྱིན་གྱིས་བརླབ་པ་ནི། བླ་མ་དགོངས་འདུས་ལས་བྱུང་བ་ལྟར། འཕྲེང་བ་ལག་མཐིལ་གཡོན་དུ་བསྐྱིལ། །མདོ་འཛིན་སྟེང་དུ་ཡོད་པར་བྱས་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། མདོ་འཛིན་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་ཕྱོགས་སྐྱོང་སྡེ་བརྒྱད་འཁོར་ལོ་པདྨ་ཉི་ཟླའི་གདན་ལ་འཇམ་དཔལ་ཚེ་བདག་ནག་པོ། ཞལ་གསུམ་ཕྱག་དྲུག་ཞབས་བཞི་ག་གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ། གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་མཛད་པ། དུར་ཁྲོད་དང་དཔལ་གྱི་ཆས་ཀྱིས་བརྒྱན་པ། ཡུམ་པེ་ཏ་ལི་སྐུ་ལ་འཁྲིལ་བ། འཕྲེང་རྡོག་རྣམས་རྩ་བའི་ལྷ་གཞན་བཞི། རྒྱན་གྱི་ལྷ་བརྒྱད། སྤྲུལ་པ་གསུམ། གཤེད་བཞི་མོན་བདུད་འཆི་བདག་བཅུ་གཉིས། ཞག་གཤེད་སུམ་བརྒྱ་དྲུག་ཅུ། སྒོ་སྲུང་བཞི། ཟ་མའི་གཤིན་རྗེ་བདུན་བརྒྱ་ཉི་ཤུར་གསལ་བར་བསམ། དད་པ་དང་ནི་དམ་ཚིག་གི་ཤློ་ཀ་གཅིག་གིས་བསྟིམ། ཕྱི་མཆོད་དང་སྨན་རཀ་གཏོར་གསུམ་སྔགས་ཙམ་གྱིས་ཕུལ། ཆོས་དབྱིངས་ངང་ལས་ཁྲོ་བོའི་སྐུར་སྟོན་པ། །ཞེས་སོགས་ཀྱིས་བསྟོད། ལག་པ་གཡས་མེ་ཏོག་ཐོགས་ལ་འབྲུ་བཅུ་བདུན་སྐུ་གསུང་ཐུགས་སྔགས་ཨྱེ་རིང་རྟེན་འབྲེལ་སྙིང་པོ་དབྱངས་གསལ་རྣམས་ཅི་རིགས་དང་། ཁྱད་པར། ཨཱོཾ་རུ་ཙི་པྲ་མརྟ་ན་ཡ་རཏྣ་མ་ཎི་དྷཱ་ར་ཛྙཱ་ན་དེ་ཝ་ཨ་བྷི་ཥིཉྩ་ཧཱུཾ་སྭཱཧཱ། ཞེས་པ་བརྒྱ་རྩ་བརྒྱད་བཟླས་པས་སྔགས་དང་མེ་ཏོག་ལས་འོད་ཟེར་དམར་ནག་ཚ་ཞིང་རྩུབ་པ་འཕྲོས། བགྲང་འཕྲེང་ལྟར་གསལ་བ་ལ་ཐིམ། ལྷ་རྣམས་ཀྱང་འོད་དུ་ཞུ་ནས་འཕྲེང་བའི་རྣམ་པར་བསམས་ལ་ཤིས་པ་བརྗོད། འཕྲེང་བ་བྱིན་རླབས་འདི་ལན་ཅིག་བྱས་རྗེས་འཕྲེང་བ་ལ་ཉམས་ཆགས་ཀྱི་རིགས་མ་བྱུང་ན་རྒྱུན་(༦བ)


GLG023_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་དུ་མ་བྱས་ཀྱང་ཆོག །བཟླས་པའི་འགོར་འབྲུ་གསུམ་གྱིས་སྣ་དྲངས་པའི་དབྱངས་གསལ། རྟེན་འབྲེལ་སྙིང་པོ་གང་གི་སྔགས་རྣམས་ཚར་གསུམ་རེ་བཟླ། བསྙེན་པ་དངོས་ལ། གོང་གནོད་འབྲུ་བཅུ་བདུན་པ། ཕྱི་སྐོར་སྐུའི་དྲག་སྔགས། ནང་སྐོར་གསུང་གི་དྲག་སྔགས། གསང་སྐོར་ཐུགས་ཀྱི་དྲག་སྔགས། ཡང་གསང་དྲག་པོ་རྒོད་ཀྱི་དྲག་སྔགས་དང་ལྔ། དང་པོ་ལ་བསྙེན་པ། བདག་བྱིན་བརླབ། སྒྲུབ་པ་ཆེན་པོ། འཕྲིན་ལས་བཞིའི་དམིགས་པ་དང་བཞི། དང་པོ་ནི། ངེས་དོན་བདེ་འཇུག་ཏུ་དེའང་ཆོས་འདིའི་ལུགས་ཀྱི་བདག་མདུན་གྱི་དཀྱིལ་འཁོར་རྣམས་ཆིག་ཆོད་དུ་བསྒྲུབ་པ་ཡིན་ལ། དེ་ཙམ་བློས་མ་ལྕོགས་པ་འཛབ་ཁང་མདུན་གྱི་དཀྱིལ་འཁོར་རྣམས་ལ་དབྱེ་བའི་གནད་ཤེས་དགོས་སོ། །ཞེས་གསུང་བ་ལྟར་འཛབ་བཟླ་ཁར་ཕཊ་ཛཿ ཞེས་བདག་མདུན་ཐ་མི་དད་པ་ལ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཕྱེ་ནས་མེ་རི་འདབ་འབྱར་དུ་བསྒོམ། བདག་མདུན་གཉིས་ཀའི་རྟེན་བརྟེན་པ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ནམ་ནམ་མཁའི་འཇའ་ཚོན་ལྟ་བུའི་གསལ་སྣང་དང་། དེ་ལྟར་སྣང་བ་དེའང་རང་རིག་ཀུན་བཟང་འཇམ་དཔལ་གཤིན་རྗེ་གཤེད་གསར་དུ་བློས་བཏགས་མ་ཡིན་པ་གདོད་མ་ནས་རང་ཆས་སུ་ཡོད་པ་དེ་ག་དངོས་ཡིན་སྙམ་པའི་ང་རྒྱལ་བརྟན་པོ་དང་ལྡན་པའི་ངང་ནས་བདག་མདུན་གཉིས་ཀའི་ཐུགས་ཙིཏྟ་རིན་པོ་ཆེའི་གུར་ཕུབ་པ་ལྟ་བུའི་རྣམ་པར་གསལ་འདེབས། དེ་ལ་སྐུ་རྒྱབ་བརྟེན་པའི་ཚུལ་གྱིས་ཡ་མ་རཱ་ཛ། དེའི་ཐུགས་བྲང་དུ་ཕྱག་རྡོར། དེའི་ཐུགས་བྲང་དུ་འཇིགས་བྱེད་ཆེན་པོ་གསལ་བ་ནི་རྩ་བའི་ལྷ་དྲུག་ཚང་དགོས་པའི་དོན་གྱིས་ཡིན་ལ་བསྙེན་པའི་སྐབས་ཡེ་ཤེས་སེམས་དཔའ་ལ་དམིགས་པ་གཙོ་བོར་(༧ན)


GLG023_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གཏོད་པས་གུར་ཁང་གི་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ་རྒྱན་དང་ཕྱག་མཚན་མི་མངའ་བ། ཕྱག་གཡས་སྡིགས་མཛུབ་ཐུགས་ཀ་དང་། གཡོན་བརླ་སྟེང་སྡིགས་མཛུབ་གྱེན་དུ་བསྟན་པ་ཞབས་ཕྱེད་སྐྱིལ་དུ་བཞུགས་པ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་དུ་ཧཱུཾ་མཐིང་ནག་འོད་ཟེར་ཁ་དོག་ལྔ་འཕྲོ་བ། དེའི་ཕྱི་རོལ་དུ་ཨ་ཀྲོ་འབྲུ་བཅུ་བདུན་པའི་སྔགས་འཕྲེང་ཁ་དོག་སྔོན་པོ་ཀློག་ཐབས་སུ་བསྐོར། དེ་ལས་འོད་ཟེར་དཀར་པོ་དང་མཐིང་ཁ་འདྲེས་པ་ཉི་མའི་འོད་ཟེར་གྱིས་བར་ཐག་འཛིངས་པ་ལྟ་བུ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་དཔག་ཏུ་མེད་པ་བུན་གྱིས་འཕྲོས་རང་གི་ལུས་ཀྱི་ནང་ཐམས་ཅད་གང་བས་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་གསལ་ལམ་གྱི་གྱུར། འོད་ཟེར་མགལ་མེ་ལྟར་འཁོར་བས་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་རྩ་སྦུར་མེས་བསྲེགས་པ་བཞིན་སངས་ཀྱིས་དག །འོད་ཟེར་ཐུགས་ཀ་ནས་ཕྱིར་འཕྲོས་པའི་སྣེ་ལ་མཆོད་པའི་ལྷ་མོ་ཉེར་སྤྱོད་ལྔ་སོགས་ཕྱིའི་མཆོད་པ་སྨན་རག་གཏོར་གསུམ་སོགས་ནང་གི་མཆོད་པ། སྦྱོར་སྒྲོལ་སོགས་གསང་བའི་མཆོད་པས་མཚོན་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་གནས་ལུགས་རང་ངོ་ཤེས་པ་མཆོད་བྱ་མཆོད་བྱེད་དང་བྲལ་བ། དེ་ཁོ་ན་ཉིད་ཀྱི་མཆོད་པས་རྩིས་ཟིན་པར་བྱས་ནས་མདུན་གྱི་འཛབ་ཁང་གི་ལྷ་ཚོགས་རྣམས་ལ་ཕུལ་བས་ཆགས་སྲེད་ཀྱི་རྟོག་པ་མི་མངའ་ཡང་བསོད་ནམས་ཀྱི་ཚོགས་རྫོགས་པའི་སླད་དུ་བདེ་སྟོང་གཉིས་མེད་ཀྱི་ངང་ནས་རོལ་ཞིང་ཚིམ། ཐུགས་དམ་གྱི་རྒྱུད་བསྐུལ་བའི་རྐྱེན་གྱིས་མཆོད་ཡུལ་ལས་སྐུ་གསུང་ཐུགས་ཡོན་(༧བ)


GLG023_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་འཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་འཇའ་ཚོན་ལྟ་བུའི་རྣམ་པར་ཚུར་འདུས་བདག་ལ་ཐིམ། ཡང་བདག་མདུན་གཉིས་ཀ་ནས་འོད་ཟེར་གོང་བཞིན་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྩ་བརྒྱུད་ཀྱི་བླ་མ། སྒྲུབ་སྡེ་ཆེན་པོ་བརྒྱད་ལ་སོགས་པ་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས། དཔའ་བོ་དང་རྣལ་འབྱོར་མ་དམ་ཅན་སྲུང་མའི་ཚོགས་རྣམས་ལ་མཆོད་པ་སོགས་ཕུལ་ནས་བྱིན་རླབས་བདག་མདུན་གཉིས་ཀ་ལ་བསྡུ། ཡང་འོད་ཟེར་གོང་བཞིན་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྒོ་གསུམ་གྱི་སྡིག་སྒྲིབ་སྦྱངས། ཁྱད་པར་དགྲ་བགེགས་ལོག་པར་འདྲེན་པ་རྣམས་ལཕོག་པས་བསམ་སྦྱོར་ངན་པའི་ནུས་པ་ཐམས་ཅད་དག་ནས་ཐམས་ཅད་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གོ་འཕང་ལ་བཀོད། དེ་དག་རྣམས་ཀྱི་ཚེ་དང་བསོད་ནམས་དབང་ཐང་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུ་ནས་བདག་མདུན་ལ་ཐིམ་པར་བསམས་ལ། ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཅེས་ཐུན་བཞིར་བཅད་ནས་བཟླ། དེའང་བསྙེན་ཚད་འབུམ་ཕྲག་གསུམ་དུ་གོང་མ་རྣམས་ཀྱིས་བཤད་པ་འཚུབ་ཆུང་བའི་ཆེད་ཡིན་པས། བསྙེན་པ་སྔར་བྱེད་མ་མྱོང་བའི་རིགས་ཨྱེ་རིང་ཁོ་ན་བྱེད་པའི་དབང་དུ་བཏང་བ་ཡིན་གྱི། སྐུ་གསུང་ཐུགས་སྔགས་ཀྱང་གཏོང་ན་འབུམ་གཅིག་ཙམ་གྱིས་ཀྱང་ཆོག་པས། དོན་དུ་གྲངས་ཇི་ཙམ་བྱེད་པ་དེ་ཞག་གྲངས་དུམ་བུ་ལྔར་བཅད་ནས། དུམ་བུ་དང་པོ་ལ་དམིགས་པ་འདི་ཁོ་ནར་ཆིག་དྲིལ་བྱས་པ་གནད་དུ་ཆེ་ཞིང་། ཐུན་རེ་རེ་བཞིན་དམིགས་པ་བཞི་ག་བྱེད་པ་ནི་ལུགས་གཅིག་ལ་ཡོད་པས་འགལ་བ་ནི་མེད་དོ། །དེའང་རྣམ་རྟོག་གིས་མི་འཆུན་པའི་རིགས་ལ་དག་ཞིང་གི་རྟེན་བརྟེན་པ་ཞིག་ལོགས་སུ་ཡོད་པ་ལྟར་(༨ན)


GLG023_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བློས་བཅོས་ནས་བདག་བསྐྱེད་ནས་མདུན་བསྐྱེད་ལ་འཕྲོས། དེ་ལས་ཀྱང་རང་བཞིན་གྱི་གནས་སུ་སྤྲོས་ཏེ་བདག་མདུན་གཉིས་ཀར་དངོས་གྲུབ་བསྡུ་བ་སོགས་མི་འཐད་པ་མ་ཡིན་པས་གོང་དུ་དེ་ལྟར་བཤད་མོད། གནས་ལུགས་རྫོགས་པ་ཆེན་པོའི་ཉམས་ལེན་དང་ལྡན་ཚེ་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་ཀྱི་རྣམ་འཕྲུལ་ལས་མ་འདས་པས་འོག་མིན་སོགས་དག་ཞིང་དང་སངས་རྒྱས་སྲས་བཅས་རྣམས་འཛབ་ཁང་མདུན་གྱི་ལྷ་ཚོགས་ལས་ལོགས་སུ་མེད་པར་ཐག་ཆོད་པས་གོང་དུ་སྨོས་པའི་དམིགས་པའི་འཕྲོ་འདུ་རྣམས་འཛབ་ཁང་གི་ལྷ་ཚོགས་ཁོ་ནར་བགྱིས་པས་ཆོག་གོ །ཐུན་འཇོག་ཁར་འཛབ་བསྟོད་བཏང་རྗེས་འབྲུ་གསུམ་དོར་བའི་དབྱངས་གསལ་མཇུག་ཕྱག་རྒྱ་ཟིལ་གནོན་གྱི་ལྷ་ཚོགས་ཐམས་ཅད་འགྲུབ་པར་གྱུར་ཅིག་སྭཱཧཱ། ལན་གསུམ་མམ་བདུན་གང་རུང་དང་བརྟན་ཆེད་དུ་གཤིན་རྗེ་གཤེད་ཀྱི་ཡི་གེ་བརྒྱ་པ་ལན་གསུམ་བརྗོད། མཆོད་པ་ཁ་བསོས་ནས་མཆོད་བསྟོད་བསྡུས་པ་ཞིག་བྱ་ཤྲཱི་ཡ་མཱནྟ་ཀ་ས་མ་ཡ་སྟྭཾ་ཧོཿ ཞེས་འཛབ་ཁང་གི་ལྷ་བདག་ཉིད་ལས་ལོགས་སུ་མེད་ཀྱང་ཆུ་ནང་གི་ཟླ་བ་ལྟར་སྣང་བ་ལ་མེ་ཏོག་འཐོར། ཧཱུཾ། ལྷུན་གྲུབ་རང་བཞིན་གནས་པའི་ཕོ་བྲང་ནས། །ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པ་ཡི། །འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད་ཀྱི་ལྷ། །མ་ལུས་མཉམ་པ་རྒྱལ་པོ་དགོངས་སུ་གསོལ། །འཇམ་དཔལ་སྐུ་གསུང་ཐུགས་ཡོན་བྱིན་རླབས་དང་། ཁྱད་པར་བརྟུལ་ཞུགས་དྲག་པོ་སྟོབས་ཀྱི་རྩལ། །མངོན་སྤྱོད་འགྲུབ་པའི་དངོས་གྲུབ་མ་ལུས་པ། །དུས་འདིར་རྣལ་འབྱོར་བདག་ལ་སྩལ་དུ་གསོལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་(༨བ)


GLG023_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སིདྡྷི་སིདྡྷི་ཧཱུཾ་ཛཿ ཞེས་བདུན་ནམ་ཉེར་གཅིག་གང་རུང་བརྗོད་པས། ལྷ་ཚོགས་རྣམས་ཀྱི་གནས་ལྔའི་ཡིག་འབྲུ་ལས་འོད་དང་བདུད་རྩིའི་རྒྱུན་དཀར་དམར་མཐིང་སེར་ལྗང་གུའི་རྣམ་པར་བྱུང་ནས་བདག་གི་སྤྱི་མགྲིན་སྙིང་ག་སྟེ་གསང་གི་གནས་རྣམས་སུ་ཐིམ་པས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ཧཱུཾ་ཛཿ ཞེས་བརྗོད་པས། འཛབ་ཁང་ཚུར་བསྡུས་ནས་ཐ་མི་དད་པར་བསམ། དེ་ནས་བསྒོམ་བྱ་སྒོམ་བྱེད་ཐམས་ཅད་མེད་བཞིན་དུ་སྣང་བ་སེམས། སེམས་སྟོང་པ་སྣང་སྟོང་དབྱེར་མེད། དབྱེར་མེད་བརྗོད་བྲལ་ཀ་དག་སྤྲོས་བྲལ་གྱི་ངང་དུ་ཅུང་ཟད་གློད། དེའི་ངང་ནས་ཆུ་ལས་ཉ་ལྡང་བ་ལྟར་ལམ་གྱིས་གསལ་བཏབ་སྟེ་སྐུའི་སྔགས་བཟླས་ནས་ལུས་བསྲུང་། བསྔོ་སྨོན་ཅི་རིགས་བྱ། བར་ཆད་ཀྱི་མཚན་ལྟས་ཆེ་ན། གཙུག་ཏོར་འཁོར་ལོས་སྒྱུར་བའི་སྲུང་འཁོར་རམ་བྱང་གཏེར་གྱི་སྲུང་འཁོར་དྲུག་གང་བདེ་བྱ། གུང་ཐུན་ལ་འབྱུང་བ་ཆ་སྙོམས་པའི་ཆེད་དུ་ཉལ་བའི་ཚེ། གཞན་ཡང་རྩ་བའི་ལྷ་དྲུག་རྒྱན་ལྷ་བརྒྱད་ཅེས་སོགས་ཀྱིས་འོད་གསལ་དུ་བསྡུས་ཏེ་དམིགས་མེད་ཀྱི་ངང་ནས་སྔགས་བཟླས་པས་གཉིད་ལོག་པའི་རིང་གི་དབུགས་འབྱུང་འཇུག་ཐམས་ཅད་བཟླས་པར་འགྲོ། ཐོར་ཐུན་གྱི་ཚེ་འོད་གསལ་གྱི་ངང་ནས་རང་ཉིད་གཙོ་བོའི་ང་རྒྱལ་གྱིས་ལངས་ཏེ་ལས་བྱང་རྒྱས་བསྡུས་གང་རུང་གྱེར་ནས་ཉམས་ལེན་བྱེད་ལུགས་སྲོད་ཐུན་ཇི་ལྟ་བ་ལ། འཕྲེང་བ་བྱིན་རླབས་པར་བཀའ་མ་བྱས་པས་ཆོག་ཀྱང་འབྲུ་གསུམ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་རུ་ཙི་པྲ་མརྟ་རྣམས་བདུན་ནམ་ཉེར་གཅིག་བཟླ། དབྱངས་གསལ་ཞབས་བཏགས་མ་སྲུང་འཁོར་བསྡུ་ཆོག་གསུམ་དོར། དགོངས་ཐུན་གྱི་མཇུག་ལས་གཤིན་གཏེར་སྲུང་བམ་བསྐང་གི་གསོལ་ག་(༩ན)


GLG023_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཏོན་དགེ་སྦྱོར་གཞན་ཡོད་ན་བྱ། ཚན་པ་ལྔར་བཅད་པའི། གཉིས་པ་དང་གསུམ་པའི་ཞག་གྲངས་ལ་བདག་བྱིན་རླབས་ཀྱི་དམིགས་པ་ནི། བདག་གི་ཐུགས་ཀའི་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་ལས་འཁྲོས་པའི་འོད་ཟེར་གྱིས་ནད་གདོན་སྡིག་སྒྲིབ་སྦྱོར་ལུགས་སྔར་ལྟར་ལ། ཐུགས་ཀ་ནས་ཕྱི་རོལ་ཏུ་འཕྲོ་བའི་ཚེ་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་ཐོན་འཛབ་ཁང་གི་ལྷ་ཚོགས་རྣམས་ལ་ཕོག་པས་ཐུགས་རྒྱུད་བསྐུལ་བས་དེ་དག་གི་ཐུགས་ཀ་ནས་ཀྱང་འོད་ཟེར་དེ་འདྲ་དཔག་ཏུ་མེད་པ་ཕྱིར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལས་སྐུ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་རྣམ་པ་ཆེ་བ་རི་རབ་ཆུང་བ་ཡུངས་འབྲུ་ཙམ་པ་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་བདག་མདུན་གཉིས་ཀ་ལ་སིབ་ཀྱི་ཐིམ་པས་སྐུ་སྔར་བས་ཀྱང་གཟི་བརྗིད་ཆེ་བ་ཉི་མ་འབུམ་གྱི་འོད་ལྟར་རྒྱས་ཤིང་སྐུའི་དངོས་གྲུབ་མ་ལུས་པ་ཐོབ། གསུང་གི་བྱིན་རླབས་ཐམས་ཅད་ཨ་ཀྲོ་འབྲུ་བཅུ་བདུན་པ། ཨྱེ་རིང་སྐུ་གསུང་ཐུགས་སྔགས། ཨཱ་ལི་ཀཱ་ལི་སོགས་རང་སྒྲ་སྒྲོག་པ་དཔག་ཏུ་མེད་པ་བྱུང་བ་རང་གི་མགྲིན་པར་ཐིམ་པས་ངག་སྔགས་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་བས་ཀྱང་ཆེ་བ་གྲག་སྟོང་སྐྱེ་བ་མེད་པའི་སྒྲ་དབྱངས་སྒྲོག་པ་ཡན་ལག་དྲུག་ཅུ་སོགས་གསུང་གི་དངོས་གྲུབ་མ་ལུས་པ་ཐོབ། ཐུགས་ཀྱི་བྱིན་རླབས་རྣམས་རྡོ་རྗེ། འཁོར་ལོ། རལ་གྲི །བེ་ཅོན། གཏུན་ཤིང་སོགས་ཕྱག་མཚན་སྣ་ཚོགས་པའི་རྣམ་པར་བྱུང་བ་འོད་ཟེར་སྔོན་པོའི་རྣམ་པར་ལྟེམ་གྱི་ཞུ་ནས། རང་གི་སྙིང་ཁར་ཐིམ་པས་སེམས་གསལ་སྟོང་འཛིན་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་ཏེ། ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ། ཡང་(༩བ)


GLG023_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཕྱིར་འཕྲོས་སྣོད་བཅུད་ཀྱི་མ་དག་པ་རྣམས་སྦྱངས། སྣོད་གཞལ་ཡས་ཁང་དང་བཅུད་ཕྱག་རྒྱ་ཟིལ་གནོན་གྱི་ལྷ་ཚོགས་སུ་གྱུར་པ། ཚུར་འདུས་བདག་མདུན་གཉིས་ཀ་ལ་ཐིམ་པར་བསམ། ལྔ་ཚན་བཞི་པའི་ཞག་གྲངས་ཀྱི་རིང་སྒྲུབ་པ་ཆེན་པོའམ་དོ་ལིའི་བཟླས་པ་ནི། སྙིང་གའི་སྔགས་འཁོར་འགོད་ལུགས་གོང་ལྟར་ལ། འོད་ཟེར་འཇའ་འོད་ལ་མཐིང་ཁ་ཤས་ཆེ་བ་ཡེ་ཤེས་སེམས་དཔའི་ཞལ་ལམ་ཤངས་བུག་གཡས་ནས་ཐོན། རང་གི་ལྕེ་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེ་འབྲུ་ལ་ཧྲཱིཿདམར་པོའི་མཐའ་སྐོར་དུ་ཨ་ཀྲོ་བཅུ་བདུན་པ་དམར་པོའི་སྔགས་འཕྲེང་གིས་བསྐོར་བ་ལ་ཕོག །འོད་ཟེར་དམར་ཤས་ཆེ་བ་ཞལ་ནས་ཐོན་ཤངས་བུག་གཡོན་དུ་ཞུགས། ཀླད་པ་དུང་ཁང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱོཾ་དཀར་པོའི་མཐར་ཨ་ཀྲོ་བཅུ་བདུན་པ་དཀར་པོའི་སྔགས་འཕྲེང་གིས་བསྐོར་བ་ལ་ཕོག །སླར་འོད་ཟེར་དཀར་ཤས་ཆེ་བ་ཤངས་བུག་གཡས་ནས་ཐོན། ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་དུ་ཞུགས། ཐུགས་ཀའི་སྔགས་འཕྲེང་ལ་ཐིམ་པ་མགལ་མེའི་འཁོར་ལོ་ལྟ་བུར་ནན་ཏན་དུ་བྱ། ཡང་ཡེ་ཤེས་སེམས་དཔའི་ཤངས་བུག་གཡས་ནས་འོད་ཟེར་ཐུར་དུ་འཕྲོས། རྡོ་རྗེའི་ལམ་ནས་ཐོན་པ་འཛབ་ཁང་གི་གཙོ་བོའི་གསང་གནས་བརྒྱུད། ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་དུ་ཞུགས། ཐུགས་རྒྱུད་བསྐུལ་ཏེ་གཡས་ནས་ཐོན། ལྗགས་དང་དུང་ཁང་གི་འགྲོ་ལུགས་སྔར་ལྟར་ལ། ཤངས་བུག་གཡས་ནས་ཐོན་པ་བདག་བསྐྱེད་ཀྱི་ཤངས་བུག་གཡོན་དུ་ཞུགས། རིམ་གྱིས་ཀླད་ཁང་ལྗགས་སྟེང་བརྒྱུད་(༡༠ན)


GLG023_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་ནས་འཇུག་པ་སོགས་བདག་མདུན་གཉིས་ལ་མགལ་མེའི་འཁོར་ལོ་ལྟར་བསྐོར་བས་བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་སྦྱངས། དེ་ནས་འོད་ཟེར་ཕྱིར་འཕྲོས་ཏེ་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གནས་སུ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་འོད་ཟེར་ཚུར་འདུས་བདག་ཉིད་ཀྱི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། ཡང་འོད་ཟེར་ཕྱིར་འཕྲོས། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། མཐུ་དཔལ་གཟི་མདངས་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་འདུས་བདག་ལ་ཐིམ་པས། བདག་ཉིད་ཡེ་ཤེས་ཀྱི་སྐུ་ཤིན་ཏུ་གཟི་བརྗིད་དང་ལྡན་པར་གྱུར། ཡང་འོད་ཟེར་ཕྱིར་འཕྲོས། ཡུལ་གནོད་བྱེད་ཀྱི་དགྲ་བགེགས་རྣམས་ལ་ཕོག་པས་བྱ་སྒྲོ་མེས་བསྲེགས་པ་ལྟར་བཅོམས། འོད་ཟེར་ཚུར་འདུས་དེ་དག་གི་ཚེ་དང་བསོད་ནམས་ཀྱང་བདག་ལ་ཐིམ་ཞིང་། བ་སྤུའི་བུ་ག་ཐམས་ཅད་དུ་ཉི་མའི་གདན་ལ་བཞུགས་པའི་ཁྲོ་ཆུང་ཕྱག་ན་མེ་རླུང་གི་འཁོར་ལོ་བསྣམས་པས་གཏམས་ཏ་བར་གཅོད་བསྲུང་བར་བསྒོམ་ཞིང་ལས་དང་པོ་པས་དེ་དག་ལ་ཁྲིགས་སུ་བྱས་པའམ་བརྟན་པ་ཅུང་ཟད་ཐོབ་པས་འཕྲོ་འདུ་རྣམས་ཅིག་ཅར་དུ་བྱ་བ་ཡིན་ནོ། །ལྔ་ཚན་ལྔ་པའི་ཞག་གྲངས་ཀྱི་རིང་ཡས་བཞིའི་དམིགས་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཛབ་ཁང་གི་ལྷའི་ཐུགས་རྒྱུད་བསྐུལ། བདག་མདུན་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཟླ་བ་སྟོང་དུས་གཅིག་ལ་ཤར་བ་ལྟ་བུ་འཕྲོས་པ་རང་གི་ལུས་ལ་ཞུགས། སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པ། ནད་ཐམས་ཅད་སྣག་(༡༠བ)


GLG023_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ལྗན་ལྗིན་གྱི་རྣམ་པ། གདོན་ཐམས་ཅད་སྲོག་ཆགས་ཀྱི་རྣམ་པ་རྣམས་ཡེ་ཤེས་ཀྱི་མེས་གཞོབ་ཐུལ་གྱིས་བསྲེགས། མུན་ཁུང་དུ་ཉི་ཟེར་ཤར་བ་ལྟར་གྱུར། ནད་གདོན་ཁོལ་བུ་ལ་དེ་གའི་ཐད་དུ་ཁོལ་ཆགས་ལྟ་བུའི་བུག་པ་ནས་དུ་བའམ་རླངས་པ་ལྟ་བུ་བུན་བུན་ཐོན་པར་བསམ། གཞན་དོན་དུ་བྱེད་ན་བདག་གཞན་ཁ་སྤོ། རྒྱས་པ་ལ་བདག་མདུན་གཉིས་ཀ་ནས་འོད་ཟེར་སེར་པོ་ཕྱི་རོལ་ཏུ་འཕྲོས། བླ་ཚེ་སྲོག་གསུམ་བརྐུས་ཕྲོགས་ཡར་བ་ཡི་གེ་ཪྣྲི་དང་འོད་དང་བདུད་རྩིའི་རྣམ་པ། ས་ཆུ་མེ་རླུང་གི་བཅུད་རྣམས་བདུད་རྩི་སེར་དཀར་དམར་ལྗང་གི་རྣམ་པ། འཇིག་རྟེན་གྱི་གཙོ་བོ་གསུམ། བརྒྱ་བྱིན་སོགས་ལྷ། གནོད་སྦྱིན། དྲི་ཟ། གྲུལ་བུམ། ཀླུ་ལ་སོགས་པ་མི་མ་ཡིན་མཐུ་བོ་ཆེ། འཁོར་ལོས་སྒྱུར་བའི་རྒྱལ་པོ། ཁམས་ཀྱི་རྒྱལ་ཕྲན། ཁྱིམ་བདག་བཙན་ཕྱུག་སོགས་ཀྱི་ཚེ་དང་བསོད་ནམས་མཁས་པ་པཎྜི་ཏ་རྣམས་ཀྱི་མཁྱེན་པ། གྲུབ་ཐོབ་ཀུ་སཱ་ལི་རྣམས་ཀྱི་རྟོགས་པ། བླ་མ་ཡི་དམ་སངས་རྒྱས། བྱང་སེམས་དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་རྣམས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་དང་འོད་ཟེར་སོགས་བཀྲ་ཤིས་རྟགས་རྫས་ལྟ་བུ་གཟུགས་ཅན་གྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་རྒྱས་པར་བསམ། དབང་ལ་བདག་མདུན་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས། ཁམས་གསུམ་གྱི་མི་ནོར་ཟས་གསུམ་ཐམས་ཅད་དབང་དུ་བསྡུས་ནས་ཆར་བཞིན་བབས་པར་བསམ། སྒོས་ཀྱི་དམིགས་བསལ་ཡོད་ཚེ། སྐྱེས་པ་བུད་མེད་ལྟ་བུ་ལ་མཚོན་ན། གང་ཡིན་དེ་གའི་སྙིང་ག་ནས་ལྕགས་ཀྱུས་བཟུང་། རྐང་ཞབས་ནས་རླུང་གིས་བཏེག་ནས་སྦུར་(༡༡ན)


GLG023_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མ་རླུང་གིས་ཁྱེར་བ་བཞིན་བཀུག་སྟེ། རང་གི་རྐང་པ་ལ་ཁོའི་མགོ་བོ་བཏུད་པར་བསམ། དྲག་པོའི་དམིགས་པ་ནི། བདག་མདུན་གཉིས་ལས་འོད་ཟེར་ནག་པོ་ཚ་ཞིང་རྩུབ་པ་གྲངས་མེད་པའི་སྣེ་མོར་ལྕགས་ཀྱུ། ཕུར་པ། རལ་གྲི། དགྲ་སྟ། འཁོར་ལོ་སོགས་མཚོན་ཆའི་རྣམ་པ་དཔག་ཏུ་མེད་པ་ཡོད་པ་སྤྲོས། བསྟན་དང་རང་གཞན་སྐྱབས་ཡུལ་དང་བཅས་པ་ལ་གནོད་པའི་དགྲ་བགེགས་བར་གཅོད་ཐམས་ཅད་ལྕགས་ཀྱུས་རང་དབང་མེད་པར་བཀུག །མཚོན་ཆ་སྣ་ཚོགས་ཀྱིས་བཏུབས། ཡེ་ཤེས་ཀྱི་མེས་བསྲེགས་ཏེ་ཐལ་བའི་རྡུལ་ཕྲན་ཙམ་དུ་བརླག་པར་བསམ་མོ། །གཉིས་པ་ཕྱི་སྐོར་སྐུའི་དྲག་སྔགས་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧཱུཾ་ཡིག་གི་མཐར་འབྲུ་བཅུ་གཉིས་པ་ཁ་དོག་མཐིང་ཁས་བསྐོར་བ་ལས། འོད་ཟེར་འཕྲོ་འདུ་ཐམས་ཅད་དངོས་གཞི་འབྲུ་བཅུ་བདུན་པའི་སྐབས་དང་འདྲ་བ་ལ། ཐུགས་ཀ་ཙམ་དུ་མ་ཟད་བ་སྤུའི་བུ་ག་ཐམས་ཅད་ནས་འཕྲོ་བ་དམིགས་བསལ་ཡིན་ཅིང་། བསྙེན་པ།བདག་བྱིན་བརླབ། དོ་ལི།ལས་བཞི་བཞི་ག་ཁ་བསྒྱུར་དགོས། དེའང་སྔགས་ཀུན་གྱི་ཐོག་མར་སྐུའི་སྔགས་བཟླ་བར་སུངས་ཏེ། སྔགས་དོན་གསལ་སྒྲོན་དུ། དྲག་པོ་སྔགས་ཀྱི་འབྲུ་བཅུ་གཉིས་པ་དེ་དག་ནི་ཞལ་གྱི་དམོད་པ་དྲག་པོ་མངོན་དུ་ཕྱུང་སྟེ་གསང་ཆེན་གཅིག་ཏུ་དྲིལ་བའི་སྔགས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ་ཀུན་གྱི་འགོ་ལ་བགྲང་བར་བྱའོ། །ཞེས་གསུངས། གྲངས་ནི་འབྲུ་འབུམ་ཙམ་སྐབས་སུ་བབ་བོ། །གསུམ་པ་ནང་སྐོར་གསུང་གི་དྲག་སྔགས་ནི། གཞན་ཐམས་ཅད་སྐུའི་བསྙེན་པ་ཇི་ལྟ་བ་ལ། བ་སྤུའི་བུ་གའི་ཚབ་ཏུ་ལྗགས་ཀྱི་རྩེ་མོ་ལས་འོད་ཟེར་མེའི་ཚ་ཚ་འཕྲོ་བ་དམིགས་བསལ་ལོ། །བཞི་པ་(༡༡བ)


GLG023_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྐོར་ཐུགས་ཀྱི་དྲག་སྔགས་ནི། གཞན་ཐམས་ཅད་འདྲ་བ་ལ། ལྗགས་ནས་འཕྲོ་བའི་ཚབ་ལ། ཐུགས་ཀའི་སྔགས་འཁོར་དེ་མགལ་མེ་ལྟ་བུར་འཁོར་བ། ཁྱད་ཆོས་ཡིན་ཅིང་། གྲངས་ནི་འབྲུ་འབུམ་ཙམ་གསུང་ཡང་གསུང་ཐུགས་ལ་བྱེ་བ་རེ་ལགས་ཤིང་། ལས་རུང་ཙམ་ལ་སྐོར་བཞི་ག་འབུམ་ཙམ་གྱིས་ཆོག་གོ །དེ་དག་ཀྱང་བསྙེན་པ་ལྟར་བཟླས་པ་ཡིན་གྱི། རང་རང་གི་སྤུ་གྲིའི་སྒོ་ནས་ལས་ཕན་གནོད་བསྒྲུབ་པ་ནི་མན་ངག་ལྟར་ཤེས་པར་བྱའོ། །དམར་ཡིག་ཏུ། སྐུ་ཡི་སྔགས་སྦྱོར་བརྣག་པ་དང་། །དམར་ལེན་སྙིང་ཕྱུང་འབྲུ་བརྒྱད་གསུངས། །དྲག་སྔགས་སྦྱོར་བའི་རྒྱལ་པོར་བཤད། །ཅེས་དང་། ཨེ་དུན་ཀ་ཡཾ། གསང་སྐོར་ཐུགས་ཀྱི་དྲག་སྔགས་ཏེ། །སྤུ་གྲི་རྣམ་གསུམ་མ་ངེས་གྱུར། །ཞེས་དང་། ཀུན་ཀྱང་ཆོས་ཉིད་མ་བཅོས་པའི། །མ་འགགས་རང་སྣང་རོལ་པའི་རྩལ། །ཆོས་ཀུན་སྙིང་པོར་གྱུར་པ་ཡི། །འཇམ་དཔལ་གཞོན་ནུ་ཡིན་པར་བཤད། །ཅེས་གསུངས་སོ། །ལྔ་པ་ཡང་གསང་རྒོད་ཀྱི་དྲག་སྔགས་བཟླས་ཐབས་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་། འཇམ་དཔལ་ལྷ་རྒྱུད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་རྫོགས་པའི་དྲག་སྔགས། དྲག་པོ་ཨྱེ་རིང་གི་སྔགས་ཏེ། འདི་ལ་བསྙེན་པར་བཟླས་པ་དང་། དྲག་པོར་བཟླས་པ་གཉིས། དང་པོ་ཞི་བར་བསྙེན་པ་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧཱུཾ་གི་མཐར་ཐུགས་ཀྱི་སྔགས་དང་། དེའི་ཕྱི་སྐོར་དུ་ཨྱེ་རིང་མཐིང་ཁ། ལྗགས་ཀྱི་ཧྲཱིཿམཐར་གསུང་སྔགས་དང་ཨྱེ་རིང་དམར་པོ། དུང་ཁང་གི་ཨཱོཾ་གྱི་མཐར་སྐུ་སྔགས་དང་ཨྱེ་རིང་དཀར་པོས་བསྐོར་བ་ཙམ་མ་གཏོགས་བསྙེན་སྒྲུབ། སྒྲུབ་ཆེན་(༡༢ན)


GLG023_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཞི་ཐམས་ཅད་ལ་ཨ་ཀྲོ་སྤྱི་བསྙེན་ཁ་བསྒྱུར་བའོ། །བྷ་སུ་དྷ་རའི་རྒྱུད་ཀྱི་སྤྱི་སྤྱོད་ལས། ཕྱི་སྐོར་སྐུ་ཡི་དྲག་སྔགས་དང་། །ནང་སྐོར་གསུང་གི་དྲག་སྔགས་དང་། །གསང་སྐོར་ཐུགས་ཀྱི་དྲག་སྔགས་དང་། ཡང་གསང་རྒོད་ཀྱི་དྲག་སྔགས་སོ། །དེ་ལ་ཕྱི་སྐོར་སྐུ་ཡི་དྲག་སྔགས་ནི། རྩ་བའི་ཡི་གེ་བཅུ་གཉིས་པ་ལ། ལས་ཕན་གནོད་དང་བཅས་པའོ། །ནང་སྐོར་གསུང་གི་དྲག་སྔགས་ནི། རྩ་བ་འབྲུ་བརྒྱད་པ་ལས་དང་བཅས་པའོ། །གསང་སྐོར་ཐུགས་ཀྱི་དྲག་སྔགས་ནི། རྩ་བའི་འབྲུ་བཞི་པ་ལས་དང་བཅས་པའོ། །ཡང་གསང་རྒོད་ནི་དྲག་པོ་སྔགས་རིང་ལས་དང་བཅས་པའོ། །ཞེས་གསུངས་པའི། རྩ་བ་ལུས་ཀྱི་དྲག་སྔགས་ལ། །ཡིག་འབྲུ་བརྒྱ་དང་ཞེ་དགུ་ཡང་། །འབུམ་ཕྲག་གཅིག་ཏུ་བཟླ་བར་བྱ། །ཞེས་དང་། དེ་ནི་ལུས་ཀྱི་ཚུལ་ཡིན་ཏེ། །བསྙེན་པ་དང་ནི་ཉེ་བར་བསྙེན། །ཞེས་འབུམ་ཕྲག་གཅིག་ཏུ་བཟླ་བར་གསུངས་པ་འབྲས་དུས་ལ་དགོངས་ཀྱི། དེང་སང་འབུམ་ཕྲག་གསུམ་དུ་བཟླ་བ་གོང་མ་རྣམས་ཀྱི་ཕྱག་ལེན་ནོ། །གཉིས་པ་ནི། དྲག་པོར་བཟླ་བ་ལ་ལྷར་གསལ་བ། ཡུལ་གསལ་བ། སྔགས་གསལ་བའོ། །དང་པོ་ནི། བདག་མདུན་རྒྱན་གྱི་ལྷ་བརྒྱད་གསལ་ཐེབས་པ་གལ་ཆེ་འོན་ཀྱང་ཐུགས་ཀར་སྔགས་འཁོར་ནི་མི་དགོས། གཉིས་ཟིལ་གནོན་རྩ་བའི་ལྷ་དྲུག་རྒྱན་གྱི་ལྷ་བརྒྱད་དང་བཅས་པ་གསལ་བར་བྱས་ལ། བདག་མདུན་གཉིས་ཀྱི་གཙོ་བོའི་ཐུགས་རིན་པོ་ཆེ་མཆོང་སྨུག་པོ་ལྟ་བུའི། ཙིཏྟའི་ནང་དུ་ཉི་མའི་གདན་ལ་ཧཱུཾ་མཐིང་ཁ། ཉི་གདན་ལ་བཞུགས། ཡ་མ་རཱ་གཙོ་བོའི་ཐུགས་ལ་རྒྱབ་བསྙེས་བྱས་པ་ལྟ་བུ། ཛའི་ཐུགས་ཀར་ཉི་གདན། ཡ་སྨུག་ནག །ཟླ་གདན། ཕྱག་རྡོར་གྱི་(༡༢བ)


GLG023_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཡ་མའི་ཐུགས་ལ་རྒྱབ་བསྙེས། ཀར་ཧཱུཾ་ཉི་གདན། སྔོན་པོ། རུས་སྦལ་པད་གདན་གྱི་སྟེང་དུ་ཁ་ཐུར་དུ་བལྟ། གྱི་ཐུགས་ཀར་འཁོར་འདས་ཀྱི་སྲོག་གི་དངས་མ་རྒྱ་གར་གྱི་ཡི་གེའི་དབྱིབས་ཅན་འདི་ལྟ་བུ་(འདིར་ལཱཉྪ་ཞིག་འདུག་ཀྱང་འབྲི་ཐབས་མ་རྙེད།) བྱ་ཁྱུང་གི་ཐུགས་ཉི་གདན། ཀར་དཀར་པོ། ཁྲོམ། ཡུམ་གྱི་ཐུགས་ཉི་གདན། ཀར་མཐིང་། མ། སོ་སོའི་ས་བོན་གྱི་མཐར་ཨྱེ་རིང་གི་སྔགས་ཕྲེང་གཞན་རྣམས་མཐིང་ནག །ཡ་མ་རཱ་ཛ་སྨུག་པོ་བྱ་ཁྱུང་དཀར་པོ་དགོས་རིགས་ཡིན་འདུག །རཀྴ་མོནྟ་ཡན་རྫོགས་མཚམས་སུ་གནོད་དཔེར་ན་རྒྱལ་འགོང་ལྟ་བུ་ལ་བྱེད་ན་གོང་གི་དགྲ་བགེགས་ཀྱི་ཚབ་ལ་གནོད་བྱེད་རྒྱལ་འགོང་ལྟ་བུ་འདུག །བྱེད་དགྲ་བགེགས་ཐམས་ཅད་མྱགས་ཐུམ་རིལ་ཏྲིག་ནན། སྦུར་ཡ་ནན། ཨེ་རྒྱལ་པོ་ལ་ཨེ་དང་ཙ་རྗེས། འདི་སྲོག་ཡིག་ལྷ་འདྲེ་དམིགས་བསལ་ཡོད་ན་སྒྱུར་བྱེད་ཀྱི་ཡི་གེ་ཡིན། འཕྲོག་པའི་སྲོག་བསྟིམ་ས་འདི་མིན། ལཱཉྪའི་ཀེ་ཀཱ་ཡིན་ནོ། །ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུགས་ཏི་རྦད་ཡ། ཞེས་བཏགས་པས་བསྐོར་བ་བསྒོམ། གཉིས་པ་ཡུལ་གསལ་བ་ནི། མདུན་དུ་ཏིང་ངེ་འཛིན་གྱི་སྤྲུལ་པའི་ཨེ་ལས་གནམ་ལྕགས་ཀྱི་འབྲུབ་ཁུང་གྲུ་གསུམ། བང་རིམ་སུམ་ལྡན་ཕྱི་ནག ནང་དུ་འདོད་ཆགས་ཀྱི་ཁྲག་མཚོ་འཁོལ་ཞིང་ཞེ་སྡང་གི་མེ་འབར་བ། ཕྱི་ནས་གཏི་མུག་གི་མུན་པ་འཐིབས་པ། ཁ་དོག་མཐིལ་ཡངས་ཟིན་ནས་ཐར་པ་མེད་པའི་ནང་དུ་ཪྣྲི་ལས་དགྲ་དང་ཏྲི་ལས་བགེགས་གང་ཡིན་པ་མདོག་ནག་ཅིང་བཾ་པ། ཉམ་ཐག་ཅིང་མྱ་ངན་གྱི་འདུག་སྟངས་ཅན་ཡན་ལག་སྦྲུལ་དང་ལྕགས་སྒྲོག་གིས་བསྡམས་པ་འཆོར་བ་མེད་པར་བསམ། ཡང་ཏིང་ངེ་འཛིན་གྱིས་སྦྲུལ་ཕོ་ཉ་གྲངས་མེད་པ་སྤྲོས། དམིགས་བྱ་ཐམས་ཅད་བཙོན་ཁྲིད་པ་བཞིན་རང་དབང་མེད་པར་བཀུག་ནས་གཟུགས་ལ་བསྟིམ་མོ། །གསུམ་པ་སྔགས་གསལ་བ་ནི། དམར་ཡིག་ཏུ། ཨ་མུ་ཀཾ །འབྲུ་གསུམ་སྲོག་གཤེད་(༡༣ན)


GLG023_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བསྡེབས་པ་ཡིན། མྱགས། གཅིག་གིས་སྲོག་དང་སྙིང་པོ་གཞོམ། ཐུམ་རིལ། གཉིས་ཀྱིས་རྦོད་གཏོང་རང་ལ་བཟློག །ཏྲིག་ནན་སྦུར་ཡ་ནན། ལྔ་ཡིས་སྟོབས་དང་ནུས་པ་གནོན། ཨེ་གཅིག་གིས་སྟོང་སྲོག་གནོད་ཡིག་འགྱུར། ཧུར་ཐུམས་ཛཿ གསུམ་གྱིས་སྲོག་གི་འབྲས་བུ་སྡུད། ཁཾ་ཤག་འབྲུ་གཉིས་རྩ་དང་དངས་མ་འབྲལ། རོ་མྱགས། གཉིས་ཀྱིས་སྟོབས་དང་ནུས་པ་གནོན། མུགས་ཏི་རྦད། གསུམ་གྱིས་ལུས་སྲོག་སྦྱོར་བ་གཅོད། ཅེས་པ་ལྟར་ཐུགས་ཀའི་སྔགས་འཕྲེང་རྣམས་ལས་འོད་ཟེར་བྱུང་བ་ཞལ་ནས་འཕྲོས་ཏེ། འོད་ཟེར་གནམ་ལྕགས་ཀྱི་སོ་དང་སྤུ་གྲིའི་སོ་ལ་སོགས་པ་མཚོན་ཆ་སྣ་ཚོགས་མེའི་ཚ་ཚ་འཕྲོ་བ་དཔག་ཏུ་མེད་པ་བུན་བུན་བྱུང་བ། མདུན་གྱི་དགྲ་བགེགས་ཀྱི་ལུས་ལ་ཕོག་པས་ཉལ་ཉལ་ཐོར་ཐོར་བཏང་ནས་སྔགས་བཟླ་བཞིན་པའི་ཨེ་ཧུར་ཐུམས་ཛའི་སྐབས་དགྲ་བགེགས་ཀྱི་སྲོག་གི་ངོ་བོ་ཪྣྲི་དང་ཏྲི་ལ་སོགས་པ་གང་ཡིན་པ་དེ་རང་དབང་མེད་པར་བསྡུས་ཏེ། རུས་སྦལ་གྱི་ཐུགས་ཀའི་ལཱཉྪའི་ཨེ་ཀཱ་ལ་ཐིམ་པར་བསམས་ནས་ཟླ་བ་བདུན་ནམ་གཅིག་གམ་གསུམ་མམ་ཐ་མའང་ཞག་གསུམ་ཙམ་བཟླ། ཞི་བར་བསྙེན་པ་ཐེངས་ནས་རྒྱུན་འཛབ་སོགས་ཐམས་ཅད་ལ་སྤྱང་མོ་བཏགས་པ་འདི་ག་ལེགས་ཞེས་གོང་མ་རྣམས་ཀྱི་གསུང་རྒྱུན་རིགས་འཛིན་ངག་གི་དབང་པོས་ཡང་ཡང་བཀའ་སྩལ་བ་ཐོས་ཞེས་ཁོ་བོའི་བླ་མ་ཟུར་ཐམས་ཅད་མཁྱེན་པ་ལན་ཅིག་མ་ཡིན་པར་གསུང་། བྱེ་བྲག་ཏུ་ཕ་རོལ་གྱི་སྟོབས་གཞོམ་པ་ལ་སོགས་པའི་ཆེད་དུ་སྲོད་དང་ཐོ་རེངས་བརྒྱ་རྩ་རེ་བཟླ་བར་བྱའོ། །རྩ་བར། སྲོད་དང་ཐོ་རེངས་བརྒྱ་བརྒྱ་ཡིས། །ཕས་ཀྱི་སྟོབས་དང་སྦྱོར་བ་འཇོམས། །ཞེས་དང་། བལ་པོ་བྷ་སུ་དྷ་རས། དྲག་པོ་(༡༣བ)


GLG023_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཨྱེ་རིང་སྔགས་རྒོད་འདི། །རྟག་པར་རྒྱུན་དུ་བཟླས་གྱུར་ན། འཇིག་རྟེན་ལྷ་འདྲེ་ཁམས་འཁྲུག་ཅིང་། །ལྷ་སྲིན་ཙིཏྟ་དཀྲུག་པར་འགྱུར། །ཞེས་གསུངས་སོ། །གཞན་ཡང་སྦྱང་མོ་དྲུག་པོ་དང་། གང་གནོད་པའི་སྒོས་སྲོག་དམིགས་སུ་ཤར་བ་ལ་སོགས་པ་མན་ངག་ལྟར་བྱའོ། །རྩ་བར་དྲག་པོ་ཨྱེ་རིང་སྔགས་རྒོད་ལ། །འབྱུང་བ་ལྔ་ཡིས་འགོ་འདྲེན་བསྒྱུར། །དྲག་པོ་ཨེ་ཡི་རྩ་བ་ལ། །བཙན་པོ་མཁར་དུ་གཞུག་པ་དང་། །སྤྱི་སྲོག་དབང་དུ་སྡུད་པ་དང་། །སྟོང་སྲོག་གནད་ལ་བོར་བ་དང་། །སྒོས་སྲོག་དམིགས་སུ་ཤོར་བའི་ལས། །མཁས་པས་བསྡེབ་པ་ཤེས་པར་བྱ། །འདི་སྐོར་གྱི་ཞིབ་ཆ་ནི་པད་ལུགས་སྔགས་ཀྱི་འཁྲུལ་འཁོར་སྡིག་པ་སྙིང་འཛིངས་དྲག་པོའི་འབྲུ་འགྲེལ་སོགས་ལས་ཤེས་པར་བྱ། བཤད་མ་ཐག་པའི་བསྙེན་ལུགས་རྣམས་འཛབ་ཁང་དབྱེ་བའི་དབང་དུ་བྱས་ཀྱི། སྨན་རཀ་གཏོར་གསུམ་ཙམ་ལ་བརྟེན་ན། མདུན་བསྐྱེད་ཀྱི་དམིགས་པ་རྣམས་དོར་བས་འགྲུབ་བོ། །རྩ་བའི་ས་བཅད་གཉིས་པ་སྒྲུབ་པ་ནི། མདོར་བསྡུས་པ་གོང་གི་དྲག་པོར་བཟླ་བས་གོ་ཆོད་མོད། རྒྱས་པར་སྤྲོ་ན་མཆོད་རྟེན་བཅས་ཆོག །དེ་ཙམ་མ་འགྲུབ་ན་ཐོད་པ་ཞལ་དབྱེ་མཆོག་ཕག་ལིངྒ་ཙམ་ལ་བརྟེན་པ་སོགས་རྣམ་གྲངས་མང་ཡང་། འདིར་སྙིང་པོ་བསྡུས་པར་སྤྲོས་པ་ཆེ་ན་མན་ངག་སྒྲོན་མ་དྲུག་པ་སོགས་ལས་འབྱུང་བ་ལྟར་སྟེགས་བུ་འབྲུབ་ཁུང་བཅའ་བའམ། མ་འགྲུབ་ན། ཤིང་ལྕགས་ཀྱི་ཧོམ་ཁུང་ངམ། ལྕགས་སླང་ལྟ་བུར་འཁོར་ལོ་གསང་བའི་པྲ་ཁྲིད་ལས། བདག་འདྲ་བན་ཆུང་སངས་རྒྱས་ཡེ་ཤེས་ལ། །རྒྱ་གར་མཁས་པ་གཙུག་ལག་དཔལ་དགེ་ཡིས། །འཁོར་ལོའི་གདམས་པ་པྲ་ཁྲིད་གསང་བ་འདི། །(༡༤ན)


GLG023_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བལ་ཡུལ་ཡམ་བུའི་དགོན་པར་གནང་བ་ཡིན། །འཛམ་གླིང་བོད་ཡུལ་ཙམ་ནས་མི་རྙེད་དེ། །ལྔ་བརྒྱ་དུས་ཀྱི་གང་ཟག་སྐལ་པ་ཅན། །སྲིད་པའི་འཁོར་ལོ་བཅས་པས་འགྲུབ་བ་ནི། །སྟེང་འོག་འཁོར་ལོ་གཉིས་པོ་བསྐོ་མི་དགོས། །སྲིད་པ་རུས་སྦལ་ལྟོ་ན་དངས་སྙིགས་འཁོར་ལོ་གནས། །ཞེས་སོགས་བྱུང་བ་ལྟར། སྟོང་སྲོག་འཁོར་ལོ་ཕྱག་ལེན་ལྟར་བྲིས་པ་བཅུག །འཛབ་བསྟོད་ཡན་སོང་ནས། གསེར་སྐྱེམས་ནས་བཟུང་། ལྷ་དབྱེའི་བར་དཀྱུས་བཞིན་བཏང་། ཐུན་རེའི་ཐོག་མར་ཨྱེ་རིང་ལ་སྤྱང་མོ་བཏགས་པ་ཇི་ལྟར་རིགས་པ་བཟླ་ཞིང་། དེ་ནས་རང་ཉིད་ལྷར་གསལ་བར་བྱས་ལ། ཏིང་ངེ་འཛིན་གྱིས་ངར་བསྐྱེད་ལ་དྲག་སྔགས་བཟླས་པས། དབུགས་ཀྱི་རྟ་ལས་དྲག་སྔགས་མཚོན་ཆའི་རང་བཞིན་ཤུགས་ཀྱིས་འཕྲོས་ནས། ཤ་ཟ་སྲོག་གཅོད་མང་པོ་བསྐུལ་ཏེ། དགྲ་བོའི་བུ་ག་དགུ་རུ་ཐིམ། ཁོའི་སྲོག་གི་ངོ་བོ། ཁྲག་གི་སྦལ་པ་བྱེའུ་ལན་པའི་མགོ་བོ་ཙམ་ཞིག་གི་ནང་ན་རྒྱ་གར་གྱི་ཡི་གེ་ཡ་དམར་ནག་གི་དབུས་ན། མ་གནས་པ་མའི་མིག་ན་ཪྣྲི་ལྗང་གུ་ཞིག་གནས་པ་ལ། དྲག་སྔགས་བཟླས་པའི་འོད་ཟེར་གྱིས། སྙིང་ལ་གནས་པའི་དྲག་སྔགས་འབྲུ་བརྒྱད། མེ་དང་ཆུ་འབར་ཞིང་ཁོལ་བས་འཁྲུག་ཅིང་བསྐྱོད་ནས་དངས་མའི་རྩ་བཞིའི་ནང་ནས་ནད་འདུ་བ་རྣམ་བཞི་ལངས་ཏེ། རང་གཤེད་ཀྱི་སྡིག་པ་ནག་པོ་བཞིའི་རྭ་བརྒྱད་ལས། དྲག་སྔགས་འབྲུ་བརྒྱད་སྤུ་གྲི་ཡིས། །རྩ་ཆེན་བཞི་དང་རྩ་ཕྲན་བརྒྱད་པོ་བཅད་ནས་ཁོ་རང་གི་སྙིང་ན་གནས་པའི་ཡེ་ཤེས་སེམས་དཔའ་བཅུག་ཅིང་བསྒོམས་པའི་ཚེ་བདག་དེ་ཞེ་སྡང་ལྕགས་ཀྱི་སྡིག་པ་ནག་པོར་གྱུར་ནས། འབྱུང་བ་བཞིའི་དངས་མ་བཞི་བསྡུས་ཤིང་(༡༤བ)


GLG023_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རྩ་གཅོད་པར་བསམ། ཁོའི་སྲོག་གི་ངོ་བོ་ཪྣྲི་རུ་གནས་པ་དང་། ཁྲག་གི་སྦལ་པར་བཅས་པ་དེ་འཁྲུལ་འཁོར་བཅས་པ་དེ་ལ་བསྡུས་ནས་ཐིམ་པར་བསམ། དེ་ལྟ་བུའི་དམིགས་པ་དང་ལྡན་པས་ཞག་བདུན་ནམ་དགུ་རུ་དྲག་པོའི་ལས་འདི་ལ་འཇུག་གོ །རྒྱུན་སྔགས་འཁོར་ལོ་ནག་པོའི་དྲག་སྔགས་དྲག་པོ་བཙན་ཐབས་འདིས་བརྡེག་གོ །དེའི་དྲག་སྔགས་བསྟན་པ་ནི་འདིའོ། །ཨྱེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། དགྲ་བོའི་སྲོག་ལ་ནྲི་ཧུར་ཐུམས་ཛ༔ རྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦད། དགྲ་བོའི་ཙིཏྟ་བྲེང་ཤག་ཛཿ སྲོག་ལ་ནྲི་ཧུར་ཐུམས་རྦད། ཅེས་བཟླ་ཞིང་། ཐུན་འཇོག་ཁར་སྐམ་རློན་གྱི་ཐུན་རྫས་ལ་ཕུས་བཏབ་ནས་ཉིན་མཚན་གྱི་དབྱེ་བའི་ཐུན་སྔགས་དང་བཅས་ཐུན་བརྡེག །ཐུན་གཏོར་ལ་རཀྟ་སྦྲན། དགུག་གཞུག་ལན་གསུམ། སྨན་རཀ་སྦྲན་དྲག་གཏོར་ལྟར་བྱིན་བརླབ། ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ་ཞེས་སོགས་ཀྱིས་འབུལ། ཡང་བཟློག་གི་བསད་པའི་བསྐུལ་ཚིག་དང་ལྕགས་སམ་བྷནྡྷས་དགྲ་ཕྱོགས་སུ་འཕེན་པ་ནི། རྒྱུད་ལས། བསྐྱོད་པ་ཁ་གསོ་རྒྱུན་མི་བཅད། །ཅེས་པའི་དགོངས་པ་དང་འབྲེལ། དེ་ལྟར་བསད་རྟགས་མ་བྱུང་གི་བར་བསྒྲུབ་བོ། །དེ་རྗེས་ཚོགས་བྱིན་རླབས་ནས་སྟོབ་པའི་བར་དང་། ལྷག་མ་བཙོན་དུ་བཟུང་། ཆད་མཐོ་བསྟན་སྐྱོང་རྣམས་བཏང་ངོ་། །རྩ་བའི་ས་བཅད་གསུམ་པ་ལས་སྦྱོར་ནི། དགུག་གཞུག་ནས་བཟུང་ཞལ་སྟོབ་ཀྱི་བར་དཀྱུས་བཞིན་བྱས་རྗེས། འཁོར་ལོའི་ནང་གི་ལིངྒ་བཏོན་པ་དྲག་པོའི་སྦྱིན་སྲེག་གམ། ཡང་ན་མནན་པ་མཚན་ཉིད་དང་ལྡན་པས་མཐའ་བསྡུ། ཟོར་ལས་ཞག་སྦྲེལ་ལམ་ཉིན་གཅིག་(༡༥ན)


GLG023_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་རྒྱས་པར་བྱ། དེའང་བསྙེན་སྒྲུབ་ལས་སྦྱོར་གྱི་རྒྱུད་དང་རྟགས་རྣམ་ངེས་རིན་ཆེན་སྒྲོན་མེར་རྒྱས་པར་གསུངས་ཀྱང་། འདིར་སྙིང་པོར་བསྒྲིལ་བ་ལྕགས་སྡིག་བད་ཀན་དར་དཀར་ཡོལ་བ་ལས་ཆད་པའི་ཆོས་སྡེ་ལས། ཨྱེ་རིང་བསྙེན་པའི་གྲུབ་རྟགས་དང་གཅིག །རྦོད་གཏོང་རྦད་པའི་གྲུབ་རྟགས་དང་གཉིས། ཨྱེ་རིང་བསད་བཟློག་གི་གྲུབ་རྟགས་དང་གསུམ། དང་པོ་ཨྱེ་རིང་བསྙེན་པའི་གྲུབ་རྟགས་ནི། མཁར་རམ་བཙན་ས་ཟིན་པ་དང་། །གོ་ཆ་ལུས་ལ་གྱོན་པ་དང་། །མཚོན་གྱི་རྩེ་མོ་བརྡར་བ་དང་། །དེ་རྣམས་དང་པོའི་རྟགས་སུ་བཤད། །གངས་ལ་ཉི་མ་ཤར་བ་དང་། །དུང་དཀར་འབུད་དང་གྱེན་ལ་འཛེག །རི་བོ་ཀླད་ལ་བསྐོར་བ་དང་། །མེ་ཏོག་སྣ་ཚོགས་འཐུ་བ་དང་། །ལུས་ལ་མེ་འོད་འཕྲོ་བ་དང་། །ལྷ་ཡི་གནས་སུ་ཕྱིན་པ་རྨི། །དེ་རྣམས་བར་མའི་རྟགས་སུ་བཤད། །ཐམས་ཅད་སྒྱུ་མར་ཤེས་པ་དང་། །སྣང་བ་འཛིན་པ་ཆུང་བ་དང་། །ཟས་ནོར་འདོད་སྲེད་ཆུང་བ་དང་། །ཅི་སྨྲས་ཆོས་སུ་འོང་བ་དང་། །ལུས་ཡང་སེམས་སྟོབས་ཆེ་བ་དང་། །རི་དང་རྩིག་པ་ཀུན་ལ་ཡང་། །ཐོགས་པ་མེད་པར་འགྲོ་བ་དང་། །པོ་ཏི་གླེགས་བམ་ཐམས་ཅད་ཀྱང་། །མཐོང་བ་ཙམགྱིས་གྲོལ་བ་དང་། །རིགས་དྲུག་སྐད་རྣམས་རྣམ་བཅུད་ཤེས། །སེམས་ཅན་ཀུན་ལ་བྱམས་དང་སྙིང་རྗེ་སྐྱེ། །དེ་རྣམས་མཐར་ཕྱིན་ཐ་མའི་རྟགས་སུ་བསྟན། །ཕས་ཀྱི་རྦད་འདྲེ་རྦོད་གཏོང་ལྷ་རྟགས་ནི། །གཤིན་རྗེ་རྦད་པའི་མཚན་རྟགས་སུ། །ཨ་ཙར་ནག་པོ་གར་བྱེད་འོས། །མ་མོ་རྦོད་པའི་མཚན་རྟགས་སུ། །བུད་མེད་ནག་མོ་བཤན་བྱེད་འོང་། །གནོད་སྦྱིན་རྦད་པའི་མཚན་རྟགས་སུ། །དར་དང་རུ་མཚོན་ལུང་པ་གང་། །ཀླུ་རྣམས་རྦད་པའི་མཚན་རྟགས་སུ། །(༡༥བ)


GLG023_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འོག་ཆུ་དང་ན་བུན་འབྲུབ། །རྒྱ་མཚོར་ཉ་སྦྲུལ་གང་བ་དང་། །སྦལ་ལྕོང་གླུ་བྲོ་བརྡུང་བ་རྨི། །རྒྱལ་པོ་རྦད་པའི་མཚན་རྟགས་སུ། །ལྷ་ཁང་འཇིག་དང་ལྡེར་བཟོ་སྨྲ། །བཙུན་པ་གསིལ་བྱེད་ཐོགས་པ་རྨི། །སྲོག་བདག་རྦད་པའི་མཚན་རྟགས་སུ། །རྟ་དཀར་འཚེར་དང་ཁྱི་དཀར་ཟུག །བྱ་དཀར་ཐེ་ལེ་སྨྲ་བ་དང་། །མི་རེང་ཞགས་པ་ཐོགས་པ་རྨི། །སྲིན་པོ་རྦད་པའི་མཚན་རྟགས་སུ། །ལུང་པ་འཚུབ་མས་གང་བ་དང་། །མི་རེང་རོ་ལ་ཞོན་པ་རྨི། །རུ་དྲ་རྦད་པའི་མཚན་རྟགས་སུ། །བླགས་པ་ཟོར་ཐུན་ཐོགས་པ་དང་། །བྱ་ནག་ཀླད་ལ་ལྡིར་བ་རྨི། །བཙན་རྣམས་རྦད་པའི་མཚན་རྟགས་སུ། །བྲག་དམར་རྩེ་ལ་འཛེག་པ་དང་། །རྟ་པ་ཕུབ་ཅན་འཁྲུག་པ་རྨི། །གཟའ་རྣམས་རྦད་པའི་མཚན་རྟགས་སུ། །ནམ་མཁའ་འབླའ་ཡི་འོད་དུ་འཁྱིལ། །འབྲུག་དང་སེར་བ་འབབ་པ་རྨི། །འགོང་ཐེ་རྦད་པའི་མཚན་རྟགས་སུ། །བྱིས་པ་བསྒུལ་རྡོ་ཐོགས་པ་དང་། ཁྱེ་ཐོང་གོས་དམར་གྱོན་པ་རྨི། །དམ་སྲི་སྤྱི་ཡི་མཚན་རྟགས་སུ། །དམར་དང་དམག་དང་ཟང་ཟིང་དང་། །ཕུག་སྟོང་འགྲིམ་དང་ལུང་སྟོང་འཁྱམས། །དེ་རྣམས་སྤྱི་ཡི་རྟགས་ཡིན་ནོ། །ཞལ་གདམས་གནད་ཀྱི་ཤོག་དྲིལ་སྟོན། །དོན་གསུམ་པ། ཨྱེ་རིང་བསད་བཟློག་གི་རྟགས་བསྟན་པ་ནི། །སྦྲ་ནག་ཚུགས་ཤིང་འགྱེལ་བ་དང་། །བྱ་ནག་རྙི་ལ་ཟིན་པ་དང་། ཁྱི་ནག་ཐུར་ལ་བདས་པ་ནི། །འགོང་པོ་བཟློག་པའི་རྟགས་སུ་བཤད། །ཨ་ཙར་གར་བྱེད་བཀྱིགས་པ་དང་། །བདུད་བྱ་སྐྱུང་ཀ་བཟུང་བ་ནི། །བདུད་དང་གཤིན་རྗེ་བཟློག་པའི་རྟགས། །བུད་མེད་གདོས་ལ་བཅུག་པ་དང་། །བྲག་དམར་རྩེ་ནས་ཉིལ་བ་ནི། །བཙན་དང་མ་མོ་བཟློག་པའི་རྟགས། །སྔགས་པ་ལྕགས་སུ་བཅུག་པ་དང་། །མི་རེང་ཐུར་ལ་བདས་པ་ནི། །རུ་དྲ་སྲིན་པོ་བཟློག་པའི་རྟགས། །ལྷ་ཁང་མེ་ཡིས་བསྲེགས་པ་དང་། །བཙུན་པ་དོང་དུ་བསྐྱུར་བ་དང་། །རྟ་དཀར་ཐུར་ལ་བདས་པ་(༡༦ན)


GLG023_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བྱ་དཀར་རྙི་ལ་བཟུང་བ་ནི། །རྒྱལ་པོ་སྲོག་བདག་བཟློག་པའི་རྟགས། །རྒྱ་མཚོ་གཏིང་ནས་བསྐམས་པ་དང་། །ཉ་སྦལ་མགོ་ནས་ཟ་བ་དང་། ཁྱེ་ཐོང་དབྱུག་པ་ཐོགས་པ་ནི། །ཀླུ་དང་ཐེའུ་རང་བཟློག་པའི་རྟགས། །མཚོན་ཆ་ལག་ན་ཐོགས་ནས་སུ། །སྲོག་ཆགས་མང་པོ་བསད་པ་དང་། །དུད་འགྲོ་ཐུར་ལ་བདས་པ་ནི། །དམ་སྲི་རྣམས་ནི་བཟློག་པའི་རྟགས། །སེམས་ཅན་ཀུན་གྱི་ལྕེ་ཟ་ཞིང་། །རྦོད་གཏོང་གཏོང་བའི་རུ་དྲ་དེ། །སྙིང་བཏོན་ལྕེ་ནི་ཟ་བ་རྨི། །རང་གཤེད་རང་ལ་ཕེབས་པའི་རྟགས། །ཞེས་སོ། །མཚམས་ལ་གཅེས་པའི་དམ་ཚིག་དང་སྤང་བླང་གི་རིམ་པ་ནི། སློབ་དཔོན་པདྨའི་གསུང་གིས་བོད་ཀྱི་སྔགས་པ་རྣམས་ལ་རྟགས་དང་ཡོན་ཏན་ཚུལ་བཞིན་དུ་མི་འབྱུང་བ་ནི་མཚམས་གསུམ་རལ་བའི་སྐྱོན་ཡིན། མཚམས་གསུམ་ནི། སྐུ་མཚམས་མ་གྲོལ་བར་གཞན་དང་འཕྲད་པ། གསུང་མཚམས་མ་གྲོལ་བར་ངག་ཤོར་བ། ཐུགས་མཚམས་མ་གྲོལ་བར་ཉོན་མོངས་དྲག་པོས་བར་གཅོད་པའོ། །དམ་ཚིག་གསུམ་ཉམས་ན་མི་འབྱུང་སྟེ། བསྐྱེད་པའི་སྐུ་མི་གསལ། བཟླས་པའི་སྔགས་མི་དག །བསྒོམས་པའི་ཏིང་ངེ་འཛིན་གཡེལ་བའོ། །བསྲུང་བྱ་གསུམ་ཉམས་ན་མི་འབྱུང་སྟེ། །ལུས་ཀྱི་བཅུད་ཐིག་ལེ་ཉམས་པ། ངག་གི་བཅུད་མཆིལ་མ་དོར་པ། ཡིད་ཀྱི་བཅུད་རྣམ་རྟོག་རྒྱུན་མ་བཅད་པའོ། །ཡན་ལག་ནི། སྒྲུབ་པ་མ་ཐོན་པར་གནས་མི་སྤོ། གདན་མི་སྤྲུག །མི་དང་ཁ་འཕྲོ་མི་བསྲེ། གཏོར་མ་དུས་མ་ཡོལ་བར་འབུལ། འཐབ་འཁོན་མི་བྱ། གཏོར་ཕུད་ཉམས་སུ་མི་འཇུག །སྒྲུབ་ཁང་དུ་ཁྱི་ཡུགས་ས་མཛེ་པོ་དམེ་ཅན་འོང་མི་འསྔུག །དེ་ཀུན་གྱིས་ཟས་སྐོམ་(༡༦བ)


GLG023_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཛེམ་སྨར་དང་ཨག་ཚོམ་མི་འབྲེག །རང་གི་ཉལ་མལ་དུ་གཞན་མི་གཏོང་། ཕྲེང་སྟན་མི་ལག་མི་འགྲིམ། གཞུ་མི་ཕབ། མདའ་མི་གཅོག །མཚོན་རྩེ་ཁར་མི་འཇུག །སྤྱིར་སྔགས་བཟླ་བའི་ཚེ། སྐྱོན་བཅུ་སྤོང་དགོས། བཅུ་ནི་སྒྲ་སྐྱོན་ལྔ་ལ། ཆེ་བ། ཆུང་བ། མགྱོགས་པ། བུལ་པ། མེ་ཕུབ་དང་ལྔའོ། །བར་ཆད་ལྔ་ནི། གློ་ལུ་པ། གཏམ་སྨྲ་བ། སྦྲིད་པ། གཉིད་ལ་ཤོར་བ། ཡེངས་པ་དང་ལྔའོ། །འདི་ལྔ་ནི་ཏིང་ངེ་འཛིན་གྱི་སྲོག་ཉམས་པའི་སྐྱོན་ཡིན་ནོ། །དེའང་རྔམ་གློང་ལས། སྒྲ་ཆེས་སྐྱོན་ནི་འབྱུང་པོ་དང་། །སྣོད་མེད་ཐོས་གྱུར་བར་ཆད་འབྱུང་། །དེ་ལ་སྔགས་ཀྱི་ནུས་པ་མེད། །བུལ་ན་བཟླས་པའི་གྲངས་མི་ཐིམས། །དུས་འདས་བར་ཆད་སྦྱོར་བ་འབྱུང་། །གློ་དང་སྦྲིད་པ་གཏམ་དང་ནི། །གཉིད་ལ་སོགས་པས་བར་གཅོད་ན། །དེ་ནི་ཡི་དྭགས་བདུད་ལ་སོགས། །སྤྲོ་ནས་བར་ཆད་སྒྱུར་བར་བྱེད། །སེམས་ཡེངས་ནུས་པ་མི་འབྱུང་ངོ་། །ཞེས་གསུངས་སོ། །དེས་ན་བསྙེན་སྒྲུབ་ཀྱི་སྔགས་བཟླ་བའི་ཚེ། །བཟླས་པའི་འཕྲོ་ལ་གཉིད་བྲོ་བ། གླལ། སྦྲིད་པ། ལུད་པ། འོག་རླུང་། བཤང་བ། གཅིན་སོགས་བྱུང་ན་དེ་མ་ཐག་འཕྲེང་བ་བཞག་སྟེ་ཉེ་རེག་བྱ་ཞིང་ཁ་བཤལ་ནས་གོང་གི་དེ་འདྲ་བྱུང་སྐབས་ཀྱི་སྔགས་དེ་བཟླས་པའི་གྲངས་སུ་མི་གཞུག་གོ །དེ་བས་ན་བསྙེན་སྒྲུབ་སྤྱི་ལ་གཉིད་སོགས་བདུན་པོ་བྱུང་སྐབས་ཀྱི་སྔགས་དེ་བཟླས་གྲངས་སུ་མི་བརྩི་བ་ཡིན་ཅིང་། འཕྲེང་སྐོར་འཁོར་ནས་མདོ་འཛིར་རྩར་མ་སླེབ་པའི་བར་རྣམས་སུ་མི་དང་གཏམ་ཤོར་ན་སྔར་བཅད་ཟིན་ནས་འཕྲེང་རྡོག་བཞི། གློ་ལུ་ན་ལྔ། གླལ་ན་གསུམ། སྦྲིད་ན་བཅུ། མཆིལ་སྣབས་ལུད་པ་སོགས་འདོར་ན་གཅིག །འོག་(༡༧ན)


GLG023_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ལ་བདུན། གཉིད་ལ་བཅོ་ལྔ་རྣམས་གྲངས་སུ་མི་བརྩི་བར་བཤད་ལ། གཞན་ཡང་བསྙེན་པའི་སྐབས་སུ་ལྷ་གཞན་གྱི་སྔགས་དང་ཆོས་སྤྱོད་བྱས་ན་ཡིད་ཀྱིས་བཤགས་ཤིང་གསོལ་བ་བཏབ་ནས་བཟླས་པ་སྔ་མ་ལ་འཇུག །བགེགས་བསྲུང་བ་དང་། ནད་ཞི་བ་དང་། ལྷོད་པ་དང་། བག་མེད་པ་དང་། ལུས་སེམས་སྐྱོ་བ་དང་། མ་བསྡམས་པ་དང་། མི་གཙང་བ་དང་། རྨི་ལམ་ངན་པ་སོགས་འཕྲལ་རྐྱེན་ཞི་བ་དང་། མཚམས་གསུམ་གོང་དུ་བཤད་པ་ལྟར་མ་བསྡམས་པར་སྔགས་བཟླས་པ་ནི་རྩ་བའི་གཞི་བསྙེན་གྱི་གྲངས་དང་། བསྙེན་པ་ཁ་གསོ་བ་སོགས་གྲངས་བསྙེན་གྱི་གྲངས་སུ་མི་བརྩི་བར་ལེགས་གྲུབ་ལས་གསུངས་སོ། །ཡང་བཟླས་པའི་ཕྱེད་གནས་གཅིག་ཏུ་བྱས་ཕྱེད་གཞན་དུ་སྤོས་ནས་བཟླས་པ་དང་། བཟླས་པ་དུས་ལས་འདས་པ་སོགས་ཀྱིས་ཀྱང་བཟླས་པའི་གོ་མི་ཆོད་དོ། །དུས་ལས་བཟླས་པ་ཞེས་པ་ནི་བསྙེན་སྒྲུབ་ཀྱི་ཐོག་མ་ནས་ཐུན་དྲུག་གམ་ལྔའམ་བཞི་སོགས་གང་བཅད་པ་དེ་ཉིད་བསྙེན་སྒྲུབ་མ་ཐོབ་བར་སྒྲིགས་ལ་འབེབས་དགོས་ཀྱི། རང་གི་དལ་འཁོམ་དང་བསྟུན་ནས་ཐུན་གྲངས་གང་རུང་བྱས་པས་མི་འཐུས་སོ། །གཞན་ཡང་སྲིད་པའི་གཏེར་ཁྱིམ་དང་རྫོང་འཕྲང་དང་རྡོ་རྗེ་གཙུག་ལག་གི་རྒྱུད་སོགས་བསྙེན་སྒྲུབ་ཀྱི་གཞུང་ཆེན་དང་བསྟུན་ཅིང་། བསྙེན་པ་ཐེམས་ཀྱང་རྟགས་མེད་ན་སྔགས་སྡེབས་ཀྱིས་གནད་ལ་དབབ་པ་སོགས་མཁས་པས་གནད་དང་ལྡན་པར་བྱ་བ་གལ་ཆེའོ། །རྩ་བའི་ས་བཅད་གསུམ་པ་མཇུག་གི་རིམ་པ་ལ། ལས་བྱང་གཞུང་བསྲངས་ཚོགས་ཐ་མ་ཡན་བཏང་། །དངོས་གྲུབ་ལེན་པར། རྫས་བཤམས། བགེགས་བསྐྲད། བྱིན་འབེབས་པ། དངོས་(༡༧བ)


GLG023_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བསྡུ་བ། བསྐུལ་བ། ལེན་པ། དངོས། སྨོན་ལམ་ཤིས་བརྗོད་དང་བདུན་གྱི། དང་པོ་ལ། རྟེན་གཏོར་ཙམ་ལ་བརྟེན་ན་བམ་ཆོས་སུ་བཅུག་པ། ཚེ་བུམ། ཚེ་རིལ། ཚེ་ཆང་སོགས་དངོས་གྲུབ་ཀྱི་རྫས་ཐམས་ཅད་མ་ཚང་བ་མེད་པར་བསགས། གཉིས་པ་བགེགས་སྐྲོད་དང་། གསུམ་པ་བྱིན་འབེབས་ལས་བྱང་ལྟར་བྱས་རྗེས། བམ་བསྙེན་དུས་ནས་བཅས་ཆེ་དུས་དེ་ག་དང་། གཞན་མ་འདིའི་དུས་ངེས་དོན་བདེ་འཇུག་ལས་བྱུང་བ་ལྟར་བམ་ལ་བསྐྱེད་བསྟིམ་མཆོད་བསྟོད་བསྡུས་པ་ཙམ་དང་། ཚེ་བུམ་གྱི་སྒྲུབ་པ་གནུབས་ཡེ་ཤེས་རྒྱ་མཚོས་མཛད་པའི་དབང་ཆོག་ནས་ལེན། བཞི་པ་དངོས་གྲུབ་བསྡུ་བ་ནི། བདག་ཟིལ་གནོན་དུ་གསལ་བའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་ས་བོན་ལས་འོད་གློག་གི་ཞགས་པ་ལྟར་རྣོ་ཞིང་མྱུར་བ་སྤྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བརྟན་གཡོ་སྣོད་བཅུད་མ་ལུས་པའི་ཚེ་སྲོག་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ལུས་པ་བསྡུས་ཆེ་རྒྱས་དང་ཚོགས་རྫས་ལ་ཐིམ་པར་བསམ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱན་ཚེ་བྷྲཱུཾ་ཎི་ཛཿཧཱུཾ་སྭཱཧཱ། ཞེས་པ་བརྒྱ་རྩ་སོགས་བཟླས་རྗེས། ཕྱི་སྣོད་ནང་བཅུད་ཐམས་ཅད་སེམས། །འཇིག་རྟེན་དྲེགས་པ་ཡབ་ཡུམ་ཐིམ། །ཡབ་ཡུམ་སྔགས་བཅས་ཧཱུཾ་ལ་བསྡུ། །ཧཱུཾ་བཅས་དངོས་གྲུབ་རྫས་ལ་བསྡུ། །རང་གི་ལུས་ངག་ཡིད་ལ་ཐིམ། །ཞེས་བརྗོད། ལྔ་པ་དངོས་གྲུབ་བསྐུལ་བ་ནི། ཧོཿ ནམ་མཁའི་ཁམས་མཉམ་ཟིལ་གནོན་འཇམ་པའི་དབྱངས། །སྐུ་ཡི་དངོས་གྲུབ་ནམ་མཁའི་དཀྱིལ་ཡངས་བཞིན། །གསུང་གི་དངོས་གྲུབ་འགག་མེད་བརྗོད་དང་བྲལ། །ཐུགས་ཀྱི་དངོས་གྲུབ་མི་རྟོག་མཉམ་པའི་ངང་། །ཡོན་ཏན་དངོས་གྲུབ་ཡིད་བཞིན་རིན་ཆེན་(༡༨ན)


GLG023_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར། །འཕྲིན་ལས་དངོས་གྲུབ་རྣམ་བཞི་ལྷུན་གྱིས་གྲུབ། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །དངོས་གྲུབ་རྣམ་གཉིས་དགོས་འདོད་ཡིད་བཞིན་ནོར། །ཇི་ལྟར་བསམས་པའི་དངོས་གྲུབ་སྩལ་དུ་གསོལ། །གནས་སྐབས་ནད་གདོན་བར་གཅོད་ལ་སོགས་པ། །མི་མཐུན་གནོད་པའི་ཕྱོགས་ཀུན་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དབང་། །མངའ་ཐང་སྙན་གྲགས་དགོས་དགུ་རྒྱས་པ་དང་། །མོས་བཞིས་ཁམས་གསུམ་སྲིད་གསུམ་ལྷ་མིའི་ནོར། །ཡིད་ལ་གང་འདོད་དབང་དུ་འདུ་བ་དང་། །བསྟན་དང་བླ་མར་དོ་བསྡོ་བདག་ལ་འཚེ། །དགྲ་བགེགས་གང་བྱུང་དྲག་པོས་བསྒྲལ་བ་སོགས། །རྣམ་བཞི་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མཐར་ཐུག་བདག་དོན་ཕུན་ཚོགས་འཇམ་པའི་དབྱངས། །ཡེ་ཤེས་སེམས་དཔའི་གོ་འཕང་མྱུར་ཐོབ་ཅིང་། །གཞན་དོན་ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས། །གང་ལ་གང་འདུལ་གཟུགས་སྐུས་ཆོས་བསྟན་ནས། །རྫོགས་པའི་སངས་རྒྱས་ས་ལ་རབ་འགོད་པའི། །དོན་གཉིས་ཕུན་ཚོགས་དངོས་གྲུབ་དེང་སྩོལ་ཞིག །ཧཱུཾ། ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས། །བདག་ཉིད་རིགས་འཛིན་སྒྲུབ་པ་པོ། །འཛབ་བསྙེན་གྲངས་སུ་ཐེམས་ཟིན་གྱི། །བསྐྱེད་རྫོགས་དྲོད་ཚད་ཐོབ་ཟིན་གྱི། །ཐུགས་དམ་གཉན་པོ་བསྐངས་ཟིན་གྱི། །སྒྲུབ་པའི་ཞག་གྲངས་ཐེམས་ཟིན་གྱི། །རྡོ་རྗེ་སྲིན་པོ་ནམ་ལངས་ཉེ། །དངོས་གྲུབ་འབྱུང་བའི་དུས་ལ་བབ། །དམ་ཅན་ཐུགས་དམ་བདག་བསྐུལ་གྱི། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། །དམ་བཅས་མ་(༡༨བ)


GLG023_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེལ་དེང་དགོངས་ལ། །དངོས་གྲུབ་དམ་པ་ད་ལྟ་སྩོལ། །ཞེས་ལན་གསུམ་བརྗོད། དྲུག་པ་དངོས་གྲུབ་ལེན་པ་ནི། བམ་དཔྲལ་བར་གཏུགས་ཏེ། ཧཱུཾ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཞིག །སྐུ་ཡི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །རྡོས་བཅས་ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཨཱོཾ་ཡ་མཱནྟ་ཀ་ཀཱ་ཡ་སིདྡྷི་ཨཱོཾ། མགྲིན་པར་གཏད་ལ། ཧཱུཾ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཞིག །གསུང་གི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །འཆལ་བ་ངག་གི་སྒྲིབ་པ་སྦྱང་དུ་གསོལ། །ཨཱོཾ་ཡ་མཱནྟ་ཀ་ཝཱ་ཀ་སིདྡྷི་ཨཱོཾ། སྙིང་གར་གཏད་ལ། ཧཱུཾ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཞིག །ཐུགས་ཀྱི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །འཁྲུལ་པ་སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཨཱོཾ་ཡ་མཱནྟ་ཀ་ཙིཏྟ་སིདྡྷི་ཨཱོཾ། གནས་གསུམ་དུ་གཏད་ལ། ཧཱུཾ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཞིག །རྣམ་གསུམ་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །དུག་གསུམ་ནད་གདོན་སྡིག་སྒྲིབ་སྦྱང་དུ་གསོལ། །སརྦ་སིདྡྷི་ཕ་ལ་ཧྲཱིཿ ཞེས་བརྗོད། སྨན་མཆོད་འབུལ་ཞིང་དངོས་གྲུབ་ཀྱི་རྫས་རྣམས་ལ་རོལ། བདུན་པ་སྨོན་ལམ་ནི། འདི་ལྟར་བསགས་པའི་ལེགས་བྱས་མཐུས། །བདེ་གཤེགས་སྲས་བཅས་ཐམས་ཅད་དང་། ཁྱད་པར་འཇམ་དཔལ་ཞི་ཁྲོ་ཡིས། །ཚེ་རབས་ཀུན་ཏུ་རྗེས་འཛིན་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་སོགས་དང་། འབད་དང་རྩོལ་བ་མ་སོགས་ཀྱི་ཤིས་བརྗོད་ཀྱང་བྱ། ཚོགས་ལ་རོལ་པ་ནས་རྟ་བྲོའི་བར་དཀྱུས་བཞིན་དང་། གཏང་རག་གི་མཆོད་པ་ཁ་གསོ། བདག་མདུན་གཉིས་ཀར་དམིགས་པའི་མཆོད་བསྟོད། དབྱངས་གསལ། ཡིག་བརྒྱ། ནོངས་པ་བཟོད་གསོལ། རྡུལ་ཚོན་དང་ཚོམ་བུ་ལྟ་བུ་ཡིན་ན་ཡེ་ཤེས་རྟེན་དང་དམ་ཚིག་པ་རང་ལ་བསྡུ། རས་བྲིས་(༡༩ན)


GLG023_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟན་བཞུགས་དང་། བདག་བསྐྱེད་ཙམ་ལ་བརྟེན་ན་རྒྱུན་གྱི་ཉེར་བསྡུ་ལས་སྤྲོས་པ་གཞན་མ་དགོས་སྨོན་ལམ་ཤིས་བརྗོད་རྒྱས་པར་བྱ། རྒྱལ་མཐོ་འགྲོལ་དེ་ཉིན་དམ་ཚིག་གཙང་བའི་མཆེད་ལྕམ་འགའ་ཞིག་དང་འཕྲད། དགྲ་ཕྱོགས་སུ་མིག་བལྟ་སྟངས་བྱེད་པ་དེ་ཐུལ་བའི་དགོས་པ། ཉི་ཟླ་ཕྱོགས་སུ་བལྟ་བ་ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་ཡོད་ཅེས་བླ་མ་གོང་མ་རྣམས་གསུང་། དེ་འཕྲལ་ལམ་ལོང་སྐབས་ཅི་རིགས་པར་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་བྱའོ། །རང་རིག་དོན་གྱི་འཇམ་དཔལ་ཀུན་ཏུ་བཟང་། །རང་ངོ་མ་འཕྲོད་འཁྲུལ་པའི་སྣང་ངོ་རུ། །སྲོག་འཕྲོག་ཧ་ལའི་མདོག་ཅན་གཤིན་རྗེའི་རྒྱལ། །འགྲོ་ཚོགས་ལྟག་པའི་བདུད་སྒོར་འཆི་བདག་གཟུགས། །གཙོ་འཁོར་གདུལ་བྱ་འདུལ་བྱེད་ཀུན་རྫོབ་ཏུ། །ཤར་ཡང་ཆོས་སྐུའི་ཀློང་དུ་རོ་གཅིག་པ། །འཁོར་འདས་གཉིས་མེད་རང་སེམས་གདོད་མའི་རྩལ། །འདི་དོན་རྟོགས་ན་བཟང་ངན་བླང་དོར་བྲལ། །དེ་ཕྱིར་མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་མཚོན། །རྣོན་པོས་བདུད་སྡེའི་སྙིང་ག་ཐལ་ཕྱུང་དུ། །འབིགས་ལ་ཕྱག་རྒྱ་ཐམས་ཅད་ཟིལ་གནོན་པ། །སླུ་མེད་སྐྱབས་གཅིག་འཇམ་དཔལ་གཞན་ནས་སུ། །འོག་མིན་ཞིང་གི་གཙོ་བོས་གསུངས་པའི་རྒྱུད། །ལྷ་དང་མཁའ་འགྲོ་རྒྱ་བལ་པཎ་གྲུབ་ལས། །ཉེར་བརྒྱུད་པདྨ་ཀ་ར་གནུབས་བན་གྱི། །གདམས་པའི་བྱིན་རླབས་དྲོད་རླངས་དེང་མ་ཡལ། །དྲིན་ཅན་བླ་མའི་གསུང་རྒྱུན་མ་བརྗེད་ཅིང་། །རྒྱུད་འགྲེལ་མན་ངག་གབ་དཀྲུགས་འཐོར་བསྡེབས་ལས། །གཞན་ཟེར་ཚིག་གི་འཁར་བ་ལ་བརྟེན་པའི། །ཞྭ་དཔེ་ལྷམ་གྱི་རྒྱས་འགེབས་འདི་ན་མེད། །སྔ་འགྱུར་བཀའ་གཏེར་གཞུང་མང་ཐོས་(༡༩བ)


GLG023_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །སྤོབས་མཐོ་ཙམ་མིན་པད་ལུགས་གཤེད་སྐོར་ལ། །མོས་པས་འབོད་བརྒྱངས་སྔོན་གོམས་བག་ཆགས་མཐུས། །སྨྲ་བའི་གདེངས་ཚད་ཐོབ་པས་ཚུལ་འདི་བཀོད། །རང་ཉམས་ལེན་དང་གཞན་ལ་སྟོན་པའི་ཚེ། །སྙིང་གར་ལག་བསྣོལ་མི་དགོས་བཞིན་གྱི་མདངས། །དངོམ་པར་ནུས་འདི་ཟུར་ཆེན་བླ་མའི་དྲིན། །སྟོང་གསུམ་གསེར་གྱིས་བཀང་ཡང་གཞལ་དཀའི་གནས། །འོན་ཏེ་མགོན་ཁྱོད་རིགས་ཀྱི་བདག་པོ་རུ། །བཞུགས་པའི་འཇམ་དཔལ་རྡོ་རྗེ་རང་སེམས་ལས། །གཞན་དུ་མི་འཚོལ་དངོས་པོ་གཅིག་བལྟ་བའི། །ཐག་ཆོད་ཉམས་འོག་ཆུད་པས་བློ་རེ་བདེ། །ལམ་འདིའི་སྒོ་ནས་མཆོག་མཐུན་དངོས་གྲུབ་ཚོགས། །སྒྲུབ་འདོད་ཡོངས་ཀྱི་སྙིང་ལ་མཉྫུ་ཤྲཱི། །ཞུགས་ཏེ་སྐྱེ་བར་དགེ་བའི་བཤེས་མཛད་ནས། །ཡི་གེ་ཚོགས་ཆེན་ས་ལ་མྱུར་བགྲོད་ཤོག །རིགས་འཛིན་ཀུན་གྱི་གཙུག་རྒྱན་མཆོག་སྤྲུལ་པདྨ་འཕྲིན་ལས་ས་བྱི་ཡང་རྫོང་དུ་ལོ་གསུམ་ཕྱོགས་གསུམ་གནང་སྐབས་བསྙེན་ཡིག་ཡིད་བཞིན་ནོར་བུའི་གསལ་བྱེད་དུ་དངོས་གྲུབ་གཏེར་མཛོད་བཀོད་པར་ཞིབ་ཆ་རྣམས་ཞལ་ཤེས་དང་མཐོང་བརྒྱུད་ལས་རྟོགས་པའི་དབང་དུ་བྱས་པས། ལས་དང་པོ་བའི་རིགས་གོ་དཀའ་བའི་སྐྱན་གྱིས། མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་གསལ་བྱེད་ཅིག་བྱུང་ན་ལེགས་ཚུལ་དང་། ཆོས་རྗེ་རྐན་བུ་བ་གནུབས་ཟིལ་གནོན་རྡོ་རྗེས་ལས་སྦྱོར་གྱི་སྐོར་ཁ་གསལ་བ་ཞིག་དགོས་ཚུལ། སྔགས་རམས་པ་བློ་བཟང་ཀུན་དགའ། ཇོ་གདན་ཕུན་ཚོགས་ལྷུན་གྲུབ། འཕྱོང་རྒྱས་ངག་དབང་ནམ་མཁའ། ལྷ་ས་བློ་གྲོས་ལེགས་པ། སྔགས་རམས་པ་ངག་དབང་མཁས་བཙུན་ལྔ་བསྙེན་མཚམས་བྱེད་སྐབས་གོ་གསལ་བ་ཞིག་དགོས་ཚུལ་དང་། སླད་ནས། སྔགས་(༢༠ན)


GLG023_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་བློ་གྲོས་རྒྱ་མཚོས་ཤིན་ཏུ་རྒྱས་པ་ཞིག་དགོས་ཞེས་བསྐུལ་བ་དང་། རྩེས་དང་མཚོ་གླིང་ཆོས་མཛད་ངག་དབང་བདེ་ཆེན་དང་རི་ཆོས་པ་ཆོས་རྒྱལ་མཚན་གཉིས་བསྙེན་པ་བྱེད་པའི་དུས་ཀྱི་གཏུགས་པ་ལ་བརྟེན་བུར་ཐམས་ཅད་མཁྱེན་པའི་བཀའ་དྲིན་ལས། གདམས་སྐོར་འདི་ཉིད་ཀྱི་དབང་ལུང་མན་ངག་རྣམས་ཁོང་དུ་ཆུད་ཅིང་། ལྕགས་སྡིག་དང་མེའི་སྤུ་གྲིའི་སྐོར་གྱི་བཀའ་གནང་ཞལ་ཤེས་རྣམས་ཆོས་རྒྱལ་འབྲི་གུང་པ་དཀོན་ཅོག་ཕུན་ཚོགས་ཀྱི་དྲུང་དུ་ནོས་པས་ཚུལ་འདི་ལ་མི་འཇིགས་པའི་གདེངས་རྙེད་པའི་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱིས་ཆུ་ཁྱི་ཧོར་ཟླ་དང་པོའི་དམར་ཆའི་རྒྱལ་བ་གཉིས་པའི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་མཆོག་གིས་བགྱིས་པ་ཛཱ་ཡནྟུ། །མངྒ་ལཾ།།

ཟིལ་གནོན་ཕྲིན་ལས་ཀྱི་རྣམ་ངེས་རིགས་འཛིན་འཆི་མེད་དགའ་སྟོན་བདུད་རྩིའི་ཆུ་རྒྱུན།


GLG023_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གནོན་ཕྲིན་ལས་ཀྱི་རྣམ་ངེས་རིགས་འཛིན་འཆི་མེད་དགའ་སྟོན་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །


GLG023_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཔདྨཱ་ཀ་རཱ་ཡ། རབ་འབྱམས་རྒྱལ་བའི་འཁོར་ལོའི་དབང་ཕྱུག་ཐོག་མའི་མགོན་གྱི་རོ་འཛིན་གསེར་ལྡན་དགའ་མའི་ལྟོ་བ་ཁྱོན་ཡངས་པར། །ཕུན་ཚོགས་ཟབ་དོན་ཐེག་མཆོག་ནོར་བུས་རབ་གང་གསང་ཆེན་རྒྱུད་རྒྱལ་མ་ཧཱ་ཡོ་ག་ཆུ་གཏེར་ཆེན་པོ་གང་། །དཔལ་ལྡན་རྡོ་རྗེ་སྙིང་པོས་བསྐུལ་ཚེག་ལྷུན་པོ་ཕུལ་བྱུང་ཐུགས་རྗེ་ཆེན་པོའི་སྟོབས་ལྡན་ལྷ་ཡིས་བསྲུབས་པ་ལས། །ལེགས་འོངས་གཤེད་སྐོར་དུག་བཅུད་ཟླ་གཞོན་དབུས་ན་སྡིག་རྒྱུད་ཉིན་མོར་བྱེད་པས་ནག་ཕྱོགས་སྡེ་ལས་རྟག་ཏུ་རྒྱལ། །དེ་ལྟའི་ཡང་ཟབ་རྡོ་རྗེ་གསང་བའི་ཚིག །སྐལ་བཟང་འགྲོ་བ་སྩོལ་ཕྱིར་ཀུན་ཏུ་བཟང་། །སྔགས་འཆང་རྡོ་རྗེ་འཛིན་པའི་རྣམ་རོལ་ཅན། །དངོས་བརྒྱུད་བླ་མའི་ཞབས་ཟུང་སྤྱི་བོར་བསྟེན། །ཁྱད་པར་གང་གི་ཡོན་ཏན་ཕ་མཐའི་ཚད། །ཀུན་མཁྱེན་གཟིགས་པས་གཞལ་ཡང་རྟོགས་དཀའ་བའི། །དུས་གསུམ་རྒྱལ་བའི་གཙོ་གྱུར་པདྨ་འབྱུང་། །གྲངས་མེད་སྐྱེ་བར་དགེ་བའི་བཤེས་མཛོད་ཅིག །དྲག་སྔགས་རྡོ་རྗེའི་ཕ་ལམ་རྣོ་དབལ་གྱིས། །ཞིང་བཅུའི་སྙིང་ག་འབིགས་པའི་གནུབས་བན་རྗེ། །སྐྱེ་སྤྲུལ་ཟབ་གཏེར་སྒོ་འབྱེད་དུམ་པ་(༢ན)


GLG023_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ། །མཁྱེན་བརྩེ་ནུས་པའི་འོད་ཀྱིས་ལེགས་པར་སྐྱོངས། །གསང་གཏེར་རིན་ཆེན་རྒྱལ་མཚན་རྩེར་འཛིན་ཅིང་། །བདུད་དཔུང་མ་ལུས་འཇོམས་པའི་རྡོ་རྗེའི་ཐོག །ཆོས་དབང་སྐྱེ་མཐའ་འཕྲིན་ལས་ཡོངས་གྲུབ་སྩལ། །སྙན་བརྒྱུད་རྒྱས་པར་མཛད་རྣམས་ཕྱག་གི་ཡུལ། །རྨད་བྱུང་རྒྱུད་སྡེའི་བདུད་རྩི་ཟིལ་མངར་གྱིས། །བདག་བློའི་བུམ་བཟང་ཡོངས་སུ་འགེང་མཛད་པའི། །ཆོས་འདིའི་བཀའ་དྲིན་སྩལ་བའི་རྡོ་རྗེ་འཛིན། །སྙིང་དབུས་པད་མཚོའི་རྒྱན་དུ་རྟག་བཞུགས་ཤིག །ཨིནྡྲ་ནཱི་ལའི་ས་འཛིན་དབང་པོ་མེ་དཔུང་འབར་བའི་གོས་གྱོན་ཞིང་། །འབུམ་ཕྲག་དབྱར་རྔའི་སྒྲ་ཡང་དམན་བྱེད་ང་རོ་དྲག་པོས་སྲིད་གསུམ་འདར། །ཟག་མེད་བདེ་སྟོང་རོལ་བའི་དབྱིངས་ལས་གཡོ་བ་མེད་པའི་གར་གྱིས་རྩེན། །བཅོམ་ལྡན་དཔའ་བོ་ཕྱག་རྒྱ་ཟིལ་གནོན་དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ། །གནམ་སྔོན་བཞུ་འདྲའི་མཚོ་ལ་ངང་མོ་ལྟར། །དམ་ལྡན་རྣལ་འབྱོར་དྲུང་ན་ལེགས་འདུས་ནས། །ལས་བཞིའི་ཚོགས་ཀུན་ཐོགས་མེད་སྒྲུབ་བྱེད་པའི། །ཆོས་སྲུང་རྒྱ་མཚོས་རྟག་ཏུ་ཤིས་པར་མཛོད། །གང་ཞིག་ལེགས་པར་བཤད་པའི་སྙན་བརྒྱུད་མཆོག །ཐོས་ཚེ་གླ་རྩིའི་དྲི་ཚོར་(༢བ)


GLG023_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དུག་སྦྲུལ་བཞིན། །ངན་སྨྲས་སྣ་ཚོགས་ཚིག་གི་ལྕེ་རྐྱོང་བའི། །མཁས་རློམ་རྨོངས་པའི་ཐོས་ཆུང་ཁུང་བུར་ཉོལ། །མེ་ཏོག་རོ་བཅུད་མྱང་ལ་ཡིད་སྤྲོ་བའི། །བུང་བའི་རྣམ་ཐར་ཇི་བཞིན་ཟབ་ཆོས་ལ། །ཐོས་བསམ་ལྷུར་ལེན་རིན་ཅེན་ལྟ་བུ་ཡི། །སྐལ་ལྡན་ཚོགས་རྣམས་དགའ་བའི་གར་བྱོས་ཤིག །འདིར་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་འཕྲིན་ལས་ཀྱི་རིམ་པ་གསལ་བར་བྱེད་པའི་རྣམ་པར་ངེས་པ་རིགས་འཛིན་འཆི་མེད་དགའ་སྟོན་བདུད་རྩིའི་ཆུ་རྒྱུན་འདི་ཉིད་འཆད་པར་བྱེད་པ་ལ་གཉིས། ཁུངས་བཙུན་ཞིང་ཁྱད་པར་ཅན་དུ་རྟོགས་པར་བྱ་བ་ལོ་རྒྱུས་བཤད་པ་དང་། ཚུལ་དེ་ལྡན་གྱི་རྣམ་ངེས་དངོས་བཤད་པའོ། །དང་པོ་ལ་བཞི། རྒྱུད་འདི་སྟོན་པས་གསུངས་ཤིང་འཇིག་རྟེན་དྲེགས་པའི་གཤིན་རྗེ་བཏུལ་ཚུལ། གསུངས་པའི་རྒྱུད་བསྡུས་ཤིང་ལྷ་དང་མཁའ་འགྲོ་ལ་བཤད་པ། དེ་ནས་འགྲོ་བ་མི་ལ་ཇི་ལྟར་བརྒྱུད་པ། དེ་ལྟ་བུའི་རྒྱུད་མན་ངག་རྣམས་ཕྱོགས་གར་གཏོགས་ཤིང་དགོས་ཆེད་གང་དང་ལྡན་ཚུལ་ལོ། །དང་པོ་ནི། གནས་ཆོས་དབྱིངས་རྣམ་པར་དག་པའི་ཀློང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཕོ་བྲང་ཆེན་པོར། སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ། འཁོར་ཡེ་ཤེས་ལྔ་ལ་གནས་པ་དང་། ས་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། རིག་པ་མཁྱེན་ཅིང་མངོན་པར་ཤེས་པ་དང་ལྡན་པ་ལྷ་དང་མཁའ་འགྲོ་རིགས་འཛིན་རྣམས་དང་། སྤྱོད་པ་དང་། བགྲོད་པ་ཕྱིན་ཅི་མ་ལོག་པའི་འཇིག་རྟེན་དྲེགས་པའི་གཙོ་བོ་སོགས་འཁོར་རྣམས་ཀྱིས་བསྐོར་བའི་དབུས་ནས། ཞུ་བ་པོ་གསང་བའི་བདག་པོས་གསོལ་བ་བཏབ་པའི་མཐུས། རྒྱལ་བའི་བསྟན་པ་བསྲུང་བ་དང་། འསྔིག་རྟེན་པའི་གཤིན་རྗེ་སོགས་དྲེགས་པ་ཅན་(༣ན)


GLG023_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བསྡུ་ཞིང་། བདུད་དང་མུ་སྟེགས་སོགས་གདུག་པ་ཅན་རྣམས་འདུལ་བའི་ཕྱིར། རྩོལ་མེད་ལྷུན་གྲུབ་མཉམ་པ་ཆེན་པོའི་དགོངས་པས། རྩ་རྒྱུད་སོགས་རྒྱུད་རྣམས་གསུངས་པ་ཡིན་ཏེ། །རྩ་རྒྱུད་གླེང་གཞིའི་ལེའུ་ལས། རྡོ་རྗེ་སྙིང་པོ་ཞེས་བྱ་བ་སྟན་ལས་ལངས་ཏེ༔ བཅོམ་ལྡན་འདས་ལ་གསོལ་བ༔ ཀྱེ་ཧོ། སངས་རྒྱས་ཀུན་གྱི་རང་བཞིན་རྡོ་རྗེ་འཆང་༔ ཆོས་སྐུ་ཐུགས་རྗེ་ཆེན་པོས་ཀུན་ཁྱབ་ཀྱང་༔ མ་རྟོགས་སེམས་ཅན་ཐུགས་རྗེས་བསྒྲལ་བའི་ཕྱིར༔ མི་རྟོག་དབྱིངས་ལས་རྫོགས་པའི་སྐུར་བཞེངས་ལ༔ མཉམ་པའི་ངང་ལས་འགྲོ་བའི་དོན་མཛོད་ཅིག༔ ཅེས་གསོལ་བས། དེ་ནས་བཅོམ་ལྡན་འདས་ཉིད་མི་རྟོག་པའི་དབྱིངས་རོལ་པ་ཆེན་པོའི་སྐུར་ཐུགས་རྗེ་ཆགས་པས་བཞེངས་ཏེ། དྲེགས་པ་ཅན་དབང་དུ་བསྡུ་ཞིང་གདུག་པ་ཅན་འདུལ་བའི་ཕྱིར། ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ༔ གསང་སྔགས་འདི་དག་ཆེད་དུ་གསུངས་སོ༔ ཞེས་གསུངས་ལ། གླེང་གཞི་འཇིག་རྟེན་དྲེགས་པའི་གཤིན་རྗེ་བཏུལ་ཚུལ་ནི་རྒྱུད་རྣམས་ཀྱི་གླེང་གཞི། སྡིག་པའི་སྐྱེ་རྒྱུད་ཁ་ཐུན་ལོ་རྒྱུས་སོགས་དང་། འཁོན་སྟོན་རྡོ་རྗེ་འཛིན་པས་ནག་པོ་དྲ་བ་ཅན་གྱི་རྒྱུད་ཀྱི་ཁུངས་སོགས་དང་སྦྱར་ཏེ་གསུངས་པ་སོགས་གཤེད་སྐོར་སྤྱི་བྱེ་བྲག་གི་བཤད་ཚུལ་རྒྱས་པ་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། གསང་བའི་བདག་པོས་དོན་བསྡུས་ཏེ། འོག་མིན་གྱི་གནས་སུ་ལྷའི་བུ་ཚངས་པ་དང་ཉི་མ་སོགས་ལྷ་རྣམས་ལ་བཤད་ཅིང་། ལྷའི་བུ་བདེ་བ་མཆོག་ལྡན་གྱིས་རྫུ་འཕྲུལ་གྱི་མཐུས་ཨོ་རྒྱན་གྱི་ཡུལ་དུ་མཁའ་འགྲོ་མ་ཟླ་བའི་འོད་ཟེར་ལ་སོགས་ལ་གསུངས་སོ། །(༣བ)


GLG023_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ་རྒྱ་བལ་དུ་བྱུང་ཚུལ་དང་། བོད་དུ་བྱུང་ཚུལ་ལོ། །དང་པོ་ནི། འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་མཐའ་ཡས་པའི་རྫུ་འཕྲུལ་གྱིས་མཁའ་འགྲོའི་སྲས་སུ་འཁྲུངས་པ། གསང་བའི་བདག་པོས་དབང་བསྐུར་ཞིང་རིགས་འཛིན་གྱི་སྐུ་བརྙེས་པའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་བརྟུལ་ཞུགས་ཀྱི་སྤྱོད་པས། མིག་གི་ལྟ་སྟངས་ཙམ་གྱིས་ཀྱང་ཁ་ཆེའི་རྒྱལ་པོའི་ལུས་ཚལ་བར་བཀས་པའི་མཐུ་མངའ་བ་སོགས་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་དང་ལྡན་པའི་སློབ་དཔོན་ཆེན་པོ་འདིས་མཁའ་འགྲོའི་བརྡ་ཡིག་ལས་མི་ཡུལ་དུ་བསྒྱུར་ཅིང་། རྒྱུད་མན་ངག་ཏུ་བསྡེབས་པ་ཡིན་ལ། ཁ་ཐུན་གྱི་ལོ་རྒྱུས་ཆེན་མོར། རི་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར། ཉིན་འོད་ཆགས་ཤིང་མཚན་མེ་འབར་བ་གཟིགས་པས། དེར་བྱོན་པ་ན། མཁའ་འགྲོ་རྣམས་ཀྱིས་གཤིན་རྗེ་རྩ་བའི་རྒྱུད་འབུམ་པ་སོགས་རྩ་རྒྱུད་ཐམས་ཅད་ཕུལ་ཞིང་། ཕྱི་རབས་ཀྱི་དོན་དུ་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་མཛད་པར་བཤད་པ་ཚིག་རིགས་མ་གཏོགས་དོན་གཅིག་པར་སེམས་སོ། །དེ་ཉིད་ཀྱིས་སློབ་དཔོན་པདྨ་ལ་གནང་ཞིང་། སློབ་དཔོན་འདི་ནི་རྒྱལ་བ་ཀུན་གྱི་གསང་བ་གསུམ་གྱི་ཡོན་ཏན་གཅིག་ཏུ་བསྡུས་པའི་བདག་ཉིད་ཅན་ཡིན་པས། འགྲོ་བ་སོ་སོའི་སྣང་ངོ་དང་འཚམ་པའི་སྐུའི་བཀོད་པ་དང་མཛད་པ་མཐའ་ཡས་པ་སྟོན་ནའང་། གཟུར་གནས་ཚད་ལྡན་ལ་ཡོངས་སུ་གྲགས་པར། དྷ་ན་ཀོ་ཤའི་མཚོ་གླིང་དུ་པདྨའི་སྡོང་པོ་ལས་འཁྲུངས་ཤིང་། རྒྱལ་པོ་ཨིནྡྲ་བྷོ་ཏིའི་སྲས་སུ་མངའ་གསོལ་ཡང་། རྒྱལ་སྲིད་སྤངས་ཏེ་རྒྱ་གར་ཕྱོགས་བཞི་དབུས་དང་ལྔར་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས། ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་བརླབས། རྡོ་རྗེ་ཕག་མོའི་ཞལ་མཐོང་ཞིང་དངོས་གྲུབ་ཐོབ་པས་དྲེགས་པ་ཅན་བྲན་དུ་འཁོལ་བ། ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་ཏེ། རྒྱ་གར་གྱི་མཁས་གྲུབ་རྣམས་ལས། ཤེས་བྱའི་གནས་མཐའ་དག་ལ་སྒྲོ་འདོགས་གཅོད་པའི་(༤ན)


GLG023_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བསྟན་ཅིང་། སྐྱེ་འཆི་མེད་པ་ཚེའི་རིགས་འཛིན་དང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་འདི་ཉིད་ཀྱིས་བལ་ཡུལ་ཡམ་བུའི་རྒྱལ་རིགས་ལས་གནས་ལྔ་མཁྱེན་ཅིང་མཆོག་གི་གྲུབ་པ་བརྙེས་པ་འཁོར་འདས་ཡོངས་ཀྱི་སྲོག་ལ་མངའ་སྒྱུར་བའི་སློབ་དཔོན་བྷ་སུ་དྷ་ར་ལ་གནང་བ་ཡིན་ནོ། །འཁོན་སྟོན་རྡོ་རྗེ་འཛིན་པ་ཆེན་པོས། རི་མེ་རི་འབར་བའི་རྩེ་མོར། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་གཙུག་ལག་དཔལ་དགེ་ལ་གནང་། དེས་གནས་དེ་ཉིད་དུ་སློབ་དཔོན་པདྨ་ལ་གནང་བར་གསུངས་པ་ནི། མེའི་སྤུ་གྲིའི་གདམས་པ་འདི་སློབ་དཔོན་གཙུག་ལག་དཔལ་དགེས་རྒྱུད་ལས་བསྡུས་ཏེ་སློབ་དཔོན་པདྨ་ལ་གནང་བ་ལྟ་བུས་མཚོན་ཏེ། གཤེད་སྐོར་འགའ་ཞིག་དེ་ཉིད་ལ་སློབ་དཔོན་པདྨས་གསན་པ་ཡིན་ལ། སློབ་དཔོན་པདྨ་ལའང་དེ་ཉིད་ཀྱིས་གསན་པ་ཡིན་ཏེ། ལས་བྱང་སྔ་མ་བརྒྱུད་མཆོད་ལས། ཨོ་རྒྱན་པདྨ་གཙུག་ལག་དཔལ་དགེ་ལ། །ཞེས་པས་ཀྱང་ཤེས་སོ། །གཞན་ཡང་སྤྱི་སྤྱོད་འཕྲུལ་གྱི་ལྡེ་མིག་ལས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་འསྔལ་དཔལ་གཤིན་རྗེའི་རྒྱུད་ལེའུ་སྟོང་ཕྲག་བཅུ་དྲུག་པ་ནས། དྲག་པོ་གནམ་ཐོག་གི་སྦྱོར་བ་རང་གཤེད་རང་ལ་དབབ་པའི་རྒྱུད་བཅུ་དྲུག་ལས་རྩ་བའི་རྒྱུད་སྙིང་པོར་ཕྱུང་བ་སྡིག་པ་སྙིང་འཛིངས་འདི་མན་ངག་ཏུ་བསྡེབས་ནས་གཙུག་ལག་དཔལ་དགེ་ལ་བཤད། དེས་ཤཱནྟིཾ་གརྦྷ། དྷ་ན་ད་ལ། ཁྲག་འཐུང་ནག་པོ། བྷ་སུ་དྷ་ར་རྣམས་ལས་རིམ་པར་བརྒྱུད་ནས་གནུབས་ཆེན་གྱིས་གསན་པར་བཤད་དོ། །སྤྱིར་ཡང་ཕྱི་ནང་གསང་གསུམ་གྱི་གདམས་པའི་བརྒྱུད་རིམ་ལ་བརྟགས་ཚེ། ཤཱནྟི་གཾརྦྷ། གཙུག་ལག་དཔལ་དགེ །ཁྲག་འཐུང་ནག་པོ། དྷ་ན་ད་ལ། སློབ་དཔོན་པདྨ་འབྱུང་(༤བ)


GLG023_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སོགས་དེའི་དུས་ཀྱི་སློབ་དཔོན་འགའ་ཞིག་གཤེད་སྐོར་གི་ཆོས་བཀའ་ཕན་ཚུན་དུ་གསན་རེས་མཛད་པར་མངོན་པར་མཐའ་གཅིག་ཏུ་མ་ངེས་ཤིང་། ཚིག་ཚོགས་མངས་ཀྱིས་དོགས་པས་ཞིབ་པར་མ་སྤྲོས་སོ། །གཉིས་པ་ལ་གསུམ། སློབ་དཔོན་པདྨ་ལ་བརྟེན་ནས་དར་ཚུལ། སློབ་དཔོན་བྷ་སུ་དྷ་ར་ལ་བརྟེན་ནས་དར་ཚུལ། གཉིས་ཀ་ཟབ་མོའི་གཏེར་དུ་སྦས་པའི་ཚུལ་ལོ། །དང་པོ་ནི། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཐུགས་རྗེའི་ཤུགས་ལས་ཁ་བ་ཅན་གྱི་རྒྱལ་པོ་ཁྲི་སྲོངལྡེའུ་བཙན་གྱིས་བོད་ཀྱི་ས་གཞི་འདུལ་བ་དང་། དམ་པའི་ཆོས་དར་བའི་ཆེད་དུ་སློབ་དཔོན་པདྨ་སཾ་བྷ་ཝ་སྤྱན་དྲངས་པ་སྔོན་གྱི་སྨོན་ལམ་མཐུ་བཙན་པའི་ཤུགས་ཀྱིས་བྱོན་ནས་བོད་མུན་པའི་གླིང་ལྟ་བུ་དམ་པའི་ཆོས་ཀྱི་འོད་སྟོང་གིས་དཀར་པོར་མཛད་དེ། རྒྱལ་པོའི་དགོངས་པ་བསྒྲུབས་ཤིང་། ཁྱད་པར་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ་རྗེ་འབངས་དགུ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་སྨན་པར་མཛད་པའི་སྐབས་ཀྱི་སྐུ་འཇམ་དཔལ་གཤིན་རྗེ་ལ་མེ་ཏོག་བབས་པ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་འཇམ་དཔལ་གཤིན་རྗེའི་སྐོར་མཐའ་ཡས་པ་གནང་ཞིང་། ཁྱད་པར་འཇམ་དཔལ་གཤིན་རྗེ་གསང་བའི་རྒྱུད་འཁོར་ལོ་འབུམ་པའི་ལེའུ་ལས་ཕྱུང་བ། དྲག་པོ་གནམ་ལྕགས་ཐོག་གི་སྦྱོར་བ་རང་གཤེད་ནག་པོ་དྲག་སྔགས་རྩ་བའི་རྒྱུད་ཀྱི་སྙིང་པོ་སྡིག་པ་སྙིང་ལ་རུ་འཛིངས་འཁྲུལ་འཁོར་ནག་པོའི་རྒྱུད་ལས་བཏུས་པ་མན་ངག་རྩ་བ་གནང་ལ། འདི་ཉིད་དེ་ལས་འཕྲོས་པས་ཕལ་ཆེར་ལྕགས་འདྲའོ། །གཉིས་པ་ནི། དྲེགས་པ་གཉིས་ཀྱིས་གཤིན་ཡུལ་དམེ་ནག་བྱ་བ་ཁྲག་མཚོ་གཏིང་འཁོལ་གྱི་ཞེ་སྡང་ལྕགས་ཀྱི་སྡིག་པར་དཔེ་བྱས་པའི་ཀོ་བསེའི་སྡིག་པའི་སྣོད་(༥ན)


GLG023_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆུ་དར་སྔོན་པོ་ལ་གསེར་གྱིས་བྲིས་པའི་ཆོས་སྐོར་བཅུག་སྟེ། ཁྲོ་ཆུའི་སྒྲོམ་བུར་རྒྱས་བཏབ་པ་དུར་ཁྲོད་བསིལ་བའི་ཚལ་དུ་སྦས་པ་སློབ་དཔོན་ཤཱནྟི་ཾགརྦྷས་བཏོན་པ་གནམ་ལྕགས་སྡིག་པའི་ཆོས་སྡེ་འདི། སློབ་དཔོན་པདྨ་བོད་དུ་ཕེབས་སྐབས་ཧ་ཅང་ཟབ་ཅིང་རྣོ་བས་ཐུགས་ལ་གབ་ཅིང་། དུས་དེའི་ཚེ་ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉན་པའི་སྟབས་ཀྱིས་བསྐལ་དུས་བཟང་བས་གནུབས་ཀྱིས་ཀྱང་མན་ངག་གི་མཐའ་རྒྱ་གཅོད་པ་མ་བྱུང་ཞིང་། ཕྱིས་གླང་དར་མས་བསྟན་པ་བསྣུབས་པས་དེ་འདུལ་ཆེད་བལ་ཡུལ་དུ་བྱོན་ནས་སློབ་དཔོན་ནོར་འཛིན་ལ་གདམས་པ་ཡོངས་རྫོགས་ཞུས་ཏེ། བལ་སྐད་ལས་བོད་དུ་བསྒྱུར་བ་ཡིན་ཏེ། བཀའ་འབྱེད་ལས། སྐྱེ་བ་དེ་ཡི་སྤུན་ཟླ་ཞིག༔ གནུབས་ཡུལ་རོང་དུ་ཚེ་འཕོས་ནས༔ སངས་རྒྱས་ཡེ་ཤེས་བྱ་བ་འབྱུང་༔ སྨོན་ལམ་ལས་འབྲེལ་དག་གི་མཐུས༔ བལ་ཡུལ་ཡམ་བུའི་ཚལ་དུ་ནི༔ བྷ་སུ་དྷ་ར་ཉིད་དང་མཇལ༔ གཤིན་རྗེ་ཟླ་གསང་ཆོས་སྡེ་བསྒྱུར༔ ཞེས་གསུངས་ལ། སློབ་དཔོན་བྷ་སུ་དྷ་ར་ལ་ལྕགས་སྡིག་ཏུ་མ་ཟད། ལྕགས་འདྲ་ཡང་འགའ་ཞིག་ཞུས་ཏེ། དྲག་སྔགས་མཚོན་ཆ་ནག་པོའི་རྒྱུད་བལ་པོ་བྷ་སུ་དྷ་ར་དང་། བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་སངས་རྒྱས་ཡེ་ཤེས་ཀྱིས་བ་ར་ས་རུ་མཁའ་འགྲོ་དང་བཀའ་བགྲོས་ཏེ་བསྒྱུར་བར་བཤད་པས་ཤེས་སོ། །བོད་དུ་བྱོན་དུས། རྒྱལ་པོ་དར་མ་ལྷ་ལུང་དཔལ་རྡོར་གྱིས་བསྒྲལ་ཟིན་འདུག་ནའང་། བར་དེར་རང་གི་སྲས་གཉིས་འབངས་ཀྱིས་ངོ་ལོག་ནས་འཁྲུག་པ་ལ་གྲངས་འདུག་པས་ནུས་མཐུའི་སྒོ་ནས་དགྲ་བོ་གྲོང་ཁྱེར་དང་བཅས་པ་བརླག་པས། བཀའ་འབྱེད་ལས། བན་ཆུང་བདག་(༥བ)


GLG023_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བོད་དུ་འོངས༔ སྒྲགས་ཀྱི་གྲོང་ཁྱེར་བདུན་ཅུ་གཏན་ལ་ཕབ༔ ཅེས་དང་། སྒྲུབ་ཁང་ཕ་མའི་མཁར་ལས་བྱས༔ སྒྲགས་ལ་ནག་པོའི་རྩེ་རུ་ནི༔ ཉེ་འབྱེད་རླུང་གི་འཁོར་ལོ་བསྐོར༔ སྦྲགས་ཀྱི་གྲོང་ཁྱེར་སུམ་ཅུ་རྩ་བདུན་བརླག༔ ཅེས་སོ། །གསུམ་པ་ལ་གསུམ། གཏེར་སྦས་པ་དངོས། ལས་འཕྲོ་ཅན་གྱིས་བཏོན་ཚུལ། གཏེར་གྱི་ཆོས་རྣམས་གཉན་ཞིང་ཁྱད་པར་འཕགས་ཚུལ་ལོ། །དང་པོ་ནི། ཐང་ཡིག་ལས། གཙང་གི་ཕུག་མོ་ཆེ་རུ་ཚེ་བདག་སྦས༔ ཞེས་པ་ཙམ་ལས་མ་བྱུང་ཀྱང་། རྫ་ལྷུད་མོ། ཕུང་པོ་རི་བོ་ཆེ། མྱུག་གི་རྡོ་རྗེ་སྒྲོམ་བུ་གསུམ་གྱིས་གཙོ་བྱས་པའི་དབུས་གཙང་གི་གནས་དུ་མར་རྒྱས་བཏབ་པ་ཡིན་ཏེ། བཀའ་འབྱེད་ལས། མ་ཡི་སྐོར་རྣམས་ལྷུད་མོའི་རྫ་ལ་སྦས༔ བུ་ཡི་སྐོར་རྣམས་རྡོ་རྗེའི་སྒྲོམ་བུར་སྦས༔ ཞེས་དང་། གཏེར་བྱང་ལས། གཡུང་གི་ཕུ་ཡི་རྫ་བདུད་ནག་པོ་ལ༔ དམ་ཆོས་བཀའ་རྟགས་བུམ་སྐུར་བཅས་པ་གཏད༔ གཡས་རུ་མྱུ་གུ་རྡོ་རྗེ་སྒྲོམ་བུ་རུ༔ དབང་རྟགས་རྡོ་རྗེ་བཀའ་རུ་བཅས་པ་སྦས༔ གཡས་རུ་གཙང་འཁྲིས་ཕུང་པོ་རི་བོ་ཆེར༔ དབང་རྟགས་བས་སྒྲོམ་སྨུག་པོ་བཅས་པ་སྦས༔ ཞེས་པས་སོ། །གཉིས་པ་ནི། བཀའ་ཐང་ལས། ལ་སྟོད་གཅུང་པ་དྲིལ་ཆེན་ཆུ་ལྟར་འཁྲུག༔ གཡུང་ཕུ་རྫ་ལྷུད་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་དུམ་རྒྱ་ཞང་ཁྲོམ་ཞེས་བྱ་འབྱུང་༔ ཞེས་པ་དང་། ཟབ་པའི་ཆོས་དྲུག་གི་དཀར་ཆག་ལས། ང་མིན་ང་ཡི་ཆ་བྱད་ཅན༔ ཤ་ནི་སེར་ལ་སྐྲ་ནི་ལི༔ བོངས་ནི་ཐུང་ལ་གཡས་ནི་དཀར༔ གཡོན་ནི་དམར་བའི་ཤ་མཚན་ཅན༔ སོ་ནི་དཀར་ལ་སོ་ཚགས་དམ༔ སྨེ་བའི་ག་ཤ་(༦ན)


GLG023_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ཡི༔ ལོ་ནི་ཁྱི་འབྲུག་ལོ་པ་ལ༔ རུས་རྒྱ་མིང་ནི་ཞང་ཁྲོམ་ཞེས༔ དེ་ལྟ་བུ་ཡིས་རྙེད་པར་ཤོག༔ ཅེས་པ་ལྟར། སྨོན་ལམ་གྱི་མཐུས་གནུབས་ཆེན་ཉིད་རོང་རམ་པ་ཆུ་ཆན་ཁར་རྡོ་རྗེ་འོད་འབར་དུ་སྐྱེ་བ་བླངས་ནས། གནུབས་ཆེན་གྱི་སྤྲུལ་པ་ཞིག་གིས་གྲོགས་བྱས་གཏེར་སྒོ་ཕྱེ་ནས་ཟབ་ཆོས་འགའ་ཞིག་དང་ཁ་བྱང་རྣམས་ཐོན་རིམ་གྱིས་གཏེར་ཆོས་རྣམས་རྫོགས་པར་བཞེས་ཤིང་། སྤྱིར་གཏེར་སྟོན་འདི་ཉིད་ཡོན་ཏན་མཐའ་ཡས་པ་མངའ་ཞིང་། ཁྱད་པར་ནུས་མཐུ་འགྲན་ཟླ་མེད་པས། ཁྲོ་ཆུའི་ལས་རབ་རྒྱ་མཚོ་ལས། ཕྱི་རུ་ལོ་མང་ཞིག་ལོན་པ་ན༔ རྒྱ་ཞང་ཁྲོམ་ཞེས་བྱ་བ་གཤིན་རྗེ་གཤེད་དངོས་སུ་འགྲུབ་པའི་རྣལ་འབྱོར་པ་ཆེན་པོ་ཞིག་འབྱོན༔ དེས་གཏེར་ནས་འདོན་ཅིང་གདམས་པ་ཆེ་བ་བསྟན་པའི་ཕྱིར་གཏོར་མ་དང་བསྐུལ་བྱས་པ་ཙམ་གྱིས་བལ་པོ་དང་གཙང་སྟོད་བར་དུ་བན་བོན་ལྔ་བཅུ་ཞག་བདུན་ནས་འཆི་རྟགས་ཐོན་ངེས་པར་སྒྲོལ་ལོ༔ ཞེས་བཤད་ལ། གཏེར་ཆོས་རྣམས་ལས་ལྡན་གི་སློབ་མ་དུ་མ་ལ་གནང་ཞིང་། གངས་ཅན་གི་ལྗོངས་འདིར་དར་རྒྱས་སུ་གྱུར་པ་ཡིན་ལ། ཁྱད་པར་སེ་སྟོན་ཆེན་པོ་དང་། རིགས་འཛིན་མངའ་རིས་པ་མཆེད་ཡབ་སྲས་རྣམས་རིང་ལུགས་འདི་ཉིད་འཛིན་པར་འགྲན་ཟླ་དང་བྲལ་བ་ཡིན་ཅིང་། གདམས་པ་ཕྲ་མོ་ཚུལ་ལའང་དཀའ་བ་དང་དུ་བླངས་ཏེ་སྒྲོ་འདོགས་བཅད་པས། མངའ་རིས་པཎ་ཆེན་གྱིས། ཁོ་བོ་པདྨ་དབང་རྒྱལ་གྱིས། །ལུས་དང་སྲོག་ལ་གཅིག་མ་བལྟས། །དམ་པའི་ཆོས་ལ་དུང་ངེ་བསམ། །བཞི་བཅུ་རྩ་གསུམ་ལོ་དུས་ལ། །ཕ་ཡུལ་ནོར་རྫས་ཉེ་འབྲེལ་སྤངས། །རྒྱལ་ཁམས་གཡེངས་པས་བླ་མ་རྙེད། །(༦བ)


GLG023_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས་བསྐོར་ནས་འཕྲང་ཕུར་བྱིན། །བླ་མ་རྙེད་ནས་གདམས་པ་ཞུས། །རྩ་རྒྱུད་སྡིག་པ་སྙིང་འཛིངས་ལ། །མན་ངག་ཟུར་ཆོས་བརྒྱན་པ་རྣམས། །ངལ་དུབ་སྤངས་ནས་ཞུ་གཏུགས་བྱས། །ཞེས་ཀྱང་གསུངས་ལ། དེ་ཡང་མྱང་དང་ཆོས་དབང་གི་སྐྱེ་སྤྲུལ་མངའ་རིས་པཎ་ཆེན་གྱིས་བསམ་ཡས་དབུ་རྩེ་ནས་རིགས་འཛིན་ཡོངས་འདུས་ཀྱི་ཟབ་གཏེར་དགྲ་བཅོམ་ཟུང་གི་ལྷུང་བཟེད་ཀྱི་ནང་ནས་སྤྱན་དྲངས་ཤིང་། གཏེར་ཁ་དེ་ཉིད་ལས། གློ་བོ་མ་ཐང་ཞེས་བྱའི་ཕུར༔ རྗེ་རིགས་སྔགས་འཆང་རྣལ་འབྱོར་པ༔ ཕ་མ་རྒྱལ་མཚན་གཉིས་ཀྱི་བུ༔ ཀུན་བཟང་དགོངས་པའི་ཀློང་ནས་བསྐྲུན༔ ཞེས་ལུང་ཟིན་འདི་ཉིད་ཀྱི་སྐྱེ་བ་མི་ཉག་བྱང་པ་སྔགས་འཆང་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེས། སེ་སྟོན་པ་དང་རིགས་འཛིན་སྐུ་མཆེད་ཀྱི་གཤེད་སྐོར་གྱི་བདག་པོར་གྱུར་ཅིང་། དེར་མ་ཟད་སྤྱིར་ཡང་། སློབ་དཔོན་ཆེན་པོའི་སྤྲུལ་པར་ནི། མྱོང་གྲོལ་པདྨ་རཱ་ག་དང་ལྷན་ཅིག་ཏུ་བྱོན་པའི་ལུང་བསྟན་ལས། ད་ལྟའི་མགོ་ནག་སྤྱི་ཡི་རྒྱལ་པོ་ཁྱོད༔ སྨོན་ལམ་དག་པའི་སྐྱེ་བ་རྣམ་ལྔས་འདོན༔ དམ་རྫས་འདི་དག་འཕྲད་པའི་སྐྱེས་བུ་དེ༔ སྐྱེ་བ་དུ་མར་ཟབ་གཏེར་ལ་སྤྱད་པས༔ སྐུ་ཡི་གཟི་བརྗིད་མཚན་རྟགས་བཅུ་གསུམ་ལྡན༔ བདེན་པའི་ངག་འགྲུབ་སྒྲ་དབྱངས་ཚངས་པའི་གསུང་༔ ཐུགས་ཀྱི་བྱིན་རླབས་དགོངས་པའི་གཏིང་དཔག་དཀའ༔ བདག་དང་རྒྱལ་པོའི་ཡོན་ཏན་སྤྲུལ་པ་སྟེ། འཕྲིན་ལས་རྣམ་པ་ལྔ་ལ་རང་དབང་སྤྱོད༔ ཅེས་དང་། སྔོན་བྱོན་གཏེར་ཁ་ཕལ་ཆེར་གྱི་བཀའ་བབས། བྲག་ལྷང་ལྷང་མའི་གཏེར་ཁ་ལས། སྔོན་དུ་བྱུང་བའི་ཟབ་གཏེར་མཐའ་དག་གི༔ བཀའ་བབས་(༧ན)


GLG023_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གི་མི་ནུབ་རྒྱལ་མཚན་ཚུགས༔ ཞེས་གསལ་བར་བྱུང་བ་ཡིན་ནོ། །གཏེར་སྟོན་ནས་རིམ་པ་བར་མ་ཆད་དུ་བྱོན་པའི་བླ་མ་རྣམས་ཀྱི་མཚན་དང་གོ་རིམ་ཙམ་ནི་གཞུང་སོ་སོའི་སྐབས་དང་། བླ་བརྒྱུད་གསོལ་འདེབས་རྣམས་ཀྱི་སྐབས་སུ་ཤེས་ཤིང་། རྒྱུད་མན་ངག་གསན་ཚུལ་སོགས་རྒྱས་པ་ནི་ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་ལ། སོ་སོའི་རྣམ་ཐར་ཆོས་འབྱུང་དུ་ཤེས་པར་བྱའོ། །གསུམ་པ་ནི། གཏེར་ཆོས་རྣམས་བཀའ་མ་ལྟར། སློབ་དཔོན་གཞན་གྱིས་རང་བཟོའི་བསླད་པ་འཇུག་མི་ཐུབ་པས་བྱིན་རླབས་ནུས་མཐུའི་དྲོད་མ་ཡལ་ཞིང་། བཀའ་སྲུང་གཉན་པས་གཏེར་སྟོན་ནས་བཟུང་སྟེ། རྗེས་འཇུག་སློབ་བུ་མཐའ་དག་ཀྱང་བྱུང་རྒྱལ་དུ་སྤྱོད་པ་རང་ཉིད་ཕུང་བས། ཞིབ་ཏུ་དཔྱོད་དགོས་པར་གསུངས་ཏེ། ཞལ་གདམས་ལེའུ་ལས། གཏེར་ཆོས་འདི་ཉིད་ཤིན་ཏུ་གཉེན་པ་སྟེ༔ དཔེར་ན་དུག་སྦྲུལ་མགོ་ཡི་ནོར་བུ་འདྲ༔ ཐབས་ལ་མཁས་ན་ནོར་བུ་ལོན་པས་འཚེངས༔ ཐབས་མ་མཁས་ན་དུག་གིས་འཆི་བར་བྱེད༔ དེ་བཞིན་ཡང་ན་འཚེངས་ལ་ཡང་ན་ཕུད༔ ཕུང་འཚེང་ནུས་པ་རིན་ཆེན་ས་ཡི་གཏེར༔ ཞེས་དང་། དེ་བས་ང་ཡི་གཏེར་ཆོས་ཤིན་ཏུ་གཉན༔ དུག་གིས་ལྟོ་ཡོང་རྨ་བྱ་ཙམ་ལས་མེད༔ ཅེས་དང་། ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་གི་ལུང་བསྟན་ལས། གཏེར་གྱི་ཆོས་འདི་ཤིན་ཏུ་གཉན༔ རིན་ཅེན་སྦྱོར་བའི་བཅུད་ལེན་ནི༔ རྙེད་པར་དཀའ་ཞིང་འཇུ་བའང་དཀའ༔ ཞེས་སོགས་ལྟར་ཡིན་ལ། རིགས་འཛིན་རཏྣ་གླིང་པས་གནམ་སྐས་ཅན་ནས་བཞེས་པའི་ཞལ་གདམས་གསལ་སྒྲོན་ལས། ཕུར་པ་ཡང་དག་བདུད་(༧བ)


GLG023_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་གཤིན་རྗེ་དང་༔ མ་མོ་ལ་སོགས་བཀའ་བརྒྱུད་རིམ་པར་སྤེལ༔ ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་དད་ཆེ་བ་དང་༔ སྙིགས་མའི་འགྲོ་བ་ལྷག་པར་སྙིང་རྗེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ ཅེས་དང་། སྤྲུལ་སྐུ་མངའ་བདག་མྱང་གི་ཆོས་འབྱུང་ནོར་བུའི་ཕྲེང་བར། ད་ལྟ་རྒྱལ་ཁྲིམས་གཉན་པས་སྲོག་སེར་གཏད་མི་དགོས༔ དུས་ངན་བྱུང་ཚེ་དགོས་པས་གཏེར་དུ་སྦས༔ ཞེས་པ་ལྟར་ཚེ་གཅིག་སངས་རྒྱས་ཐོབ་པའི་གདམས་པ་དང་འཕྲིན་ལས་རྣམ་བཞི་གྲུབ་པའི་མན་ངག་དཔག་ཏུ་མེད་པ་གཏེར་དུ་སྦས་པའི་ཆས་སྣ་རེས་ཀྱང་དངོས་གྲུབ་ཐོབ་པས་གཏེར་ལ་ཐོས་བསམ་བགྱིས་པ་ལས་ལྡན་དུ་ངེས་པས་ན་ཁྱད་པར་དུ་འཕགས་ཏེ། རཏྣའི་དབང་ཆེན་གསང་འདུས་ཐེམ་བྱང་རིན་ཅེན་གཏེར་མཛོད་ལས། ཁྱད་པར་ང་ཡི་གཏེར་ཆོས་སེལ་མེད་དང་༔ འཕྲད་དང་འབྲེལ་ཚད་སྦྱངས་པ་སྔོན་སོང་ཡིན༔ དེ་ཕྱིར་ལས་སད་སྐྱེས་བུ་མ་གཏོགས་པ༔ རྟོག་གེ་ཐ་སྙད་མཁན་དང་ཚིག་ཕྱིར་འབྲང་༔ བསག་མེད་ཕལ་པའི་འགྲོ་བ་མོས་མི་འགྱུར༔ ཞེས་དང་། གསལ་སྒྲོན་ལས། མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན༔ སྒོམ་ཆེན་ལ་སོགས་ཕྱོགས་རིས་དྲེགས་པ་ཅན༔ རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང་༔ སྙིགས་མའི་ཆོས་བྱེད་ཕལ་ཞིག་གཏེར་གྱིས་འདྲེན༔ ཟབ་ལ་ཁ་ཚར་མ་བསྒྲིགས་མཐའ་རྒྱས་ཤིང་༔ གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས༔ དེ་བས་ལས་ཟད་སྐལ་ལྡན་སྦྱངས་པ་ཅན། འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོང་༔ ཚེ་གཅིག་ཐར་ལམ་ཐོབ་བོ་རྗེས་འཇུག་རྣམས༔ སྙིགས་དུས་(༨ན)


GLG023_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ལ་མོས་པའི་སྐལ་ལྡན་རྣམས༔ དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་ཐེབས༔ ཐམས་ཅད་ལས་ཅན་ཡིན་ནོ་དགའ་བ་སྒོམས༔ ཞེས་གསུངས་སོ། །བཞི་པ་ནི། ཐེག་པ་རིམ་པ་དགུ་ལས། བླ་མེད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལས། སྐུའི་སྒྲུབ་པ་རྡོ་རྗེ་ཐོགས་མེད་ཅེས་བྱ་བ། དེ་ལ་ཡང་བསྐྱེད་པ་མ་ཧཱ་ཡོ་གར་གཏོགས་ལ། བསྐྱེད་རྫོགས་གསུམ་ལས་ཚུལ་ཨ་ནུ་དང་མཐུན་ཞིང་། ལྟ་བ་ཨ་ཏི་ལྟར་ཉམས་སུ་ལེན་པ་ཡིན། དགོས་ཆེད་ནི། ལོག་པར་འདྲེན་པའི་དགྲ་བགེགས་བདུད་སྡེའི་དཔུང་རྣམས་འཇོམས་ཤིང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་བསྲུང་བ་དང་། ལམ་སའི་བར་ཆད་སེལ་བ། བདུད་བཞི་བསྒྲལ་རྟེན་མཐར་ཐུག་གདོད་མའི་ཡེ་ཤེས་མངོན་དུ་བྱ་བའི་ཆེད་དུའོ། །སྨྲས་པ། ངོ་མཚར་གཏམ་གྱི་སྐྱེད་ཚལ་རྫིང་བུ་རུ། །གསང་ཆེན་ཆོས་ཀྱི་བྱུང་ཚུལ་པད་དཀར་ཕྲེང་། །ཚིག་སྦྱོར་བསྡེབས་པའི་འདབ་སྟོང་བཞད་པ་ན། །དཔྱོད་ལྡན་རྐང་དྲུག་གླུ་དབྱངས་ཅིས་མི་སྒྲོག །གཞན་དག་མཐོང་མ་ཐག་ཏུ་ཁྱི་ངན་རྣམས། །རྨུག་པའི་ཐོག་མར་ཀུ་ཅོ་འདོན་པ་ལྟར། །ཚད་ལྡན་བརྒལ་བརྟགས་མེད་པར་གཞན་གྱི་ཆོས། །སྙིང་ནས་འཕྱ་སྨོད་བྱེད་པའི་བླུན་པོ་མང་། ཁུངས་དང་རྒྱུ་མཚན་བྲལ་ཡང་གཞན་དག་རྣམས། །སུན་འབྱིན་འཕྱ་གཏམ་ཕྱོགས་ལྷུང་སྐྱེ་བོའི་དབུས། །སྒྲོགས་པའི་གླེགས་བམ་ལྷུར་ལེན་མཁས་རློམ་དག །ངན་འགྲོའི་ས་བོན་བསྐྲུན་ལས་གྱི་ནར་སྡོད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ཚུལ་དེ་ལྡན་གྱི་རྣམ་ངེས་དངོས་བཤད་པ་ལ་གསུམ། གང་གིས་བསྒྲུབ་པའི་(༨བ)


GLG023_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོའི་མཚན་ཉིད། གང་དུ་བསྒྲུབ་པའི་གནས། གང་ལྟར་བསྒྲུབ་པའི་ལས་ཀྱི་རིམ་པའོ། །དང་པོ་ནི། ཆོས་ཚན་ཉེར་ལྔའི་སློབ་བུའི་འདོད་པ་བརྟག་ཐབས་ལས། སྡིག་ལ་མི་དད་སྙིང་རྗེ་ཅན༔ མི་རྟག་ཤེས་པ་འཛིན་པ་མེད༔ ཚིག་ལ་མི་གཉེར་དོན་ལ་གཉེར༔ རྒྱུད་འཇམ་སྤྱོད་པ་དལ་བ་རྣམས༔ དམ་ཚིག་ཅན་གྱི་སྣོད་ལྡན་ཡིན༔ ཞེས་དང་། དད་པ་ཆེ་ཞིང་གཟུངས་ཐོབ་བློ་བརྟན་པ༔ དམ་ཚིག་གཙོར་འཛིན་སྒོམ་སྲན་ཆེ་བ་དང་༔ ཞེས་པ་ལྟར། ཐེག་པ་རིམ་པ་དགུ་ལས། སྙིང་པོའི་ཐེག་པ་རྣམས་ལ་ལྷག་པར་མོས་ཤིང་མི་ལྡོག་པའི་དད་པ་དང་། རྒྱུད་མན་ངག་ཐམས་ཅད་ལ་ཕྱོགས་མེད་དུ་བསླབ་པའི་ཤེས་རབ་ཀྱི་རྩལ་ཁ་ཅན། སྙིང་རྗེ་ཆེ་ཞིང་དམ་ཚིག་ལ་གཅེས་སྤྲས་སུ་བྱེད་པ་སོགས་ཡོན་ཏན་དུ་མས་ཕྱུག་པའི་སྣོད་ལྡན། རྡོ་རྗེ་སློབ་དཔོན་རྒྱུད་མན་ངག་གི་ཚིག་དོན་གྱི་ཆ་ལ་སྒྲོ་འདོགས་ཆོད་ཅིང་རྟོགས་པ་ཁྱད་པར་ཅན་དང་ལྡན་པས་རྗེས་སུ་བཟུང་སྟེ། སྨིན་བྱེད་ཀྱི་དབང་དང་ཞལ་གྱི་གདམས་པ་སོགས་དིང་སང་གི་མཁས་རློམ་རྣམས་ཀྱི་ལུགས་ལྟར་ཐོས་ལོ་ཙམ་ལྷུར་ལེན་པ་མ་ཡིན་པར་གབ་སྦས་མེད་པར་ལེགས་པར་ཐོབ་པ། བསྙེན་པ་སོང་ཞིང་ལྟ་བའི་གདེངས་དང་ལྡན་པ་ཞིག་གིས་བསྒྲུབ་པ་ཡིན་ཏེ། ཟླ་གསང་རྩ་བའི་རྒྱུད་ལས། ལྟ་བ་དབང་བགྲོད་དམ་ལྡན་པས༔ སེམས་ཀྱི་འདུ་འཛི་མེད་པ་རུ༔ དཔའ་བརྟུལ་སྔགས་ཀྱི་དམོད་པ་དཔབ། །ཅེས་དང་། མན་ངག་ལས། ཐོག་མར་ཤེས་ལྡན་སྨིན་པ་ཡི༔ རིགས་ལྡན་རྣལ་འབྱོར་བརྟུལ་ཞུགས་ཅན། །ཞེས་གསུངས་སོ། །དེའང་སེ་སྟོན་ཆེན་པོས། ལྟ་བ་དེ་ཁོ་ན་ཉིད་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་པ་ནི་(༩ན)


GLG023_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཡིན་ལ། མིན་ནའང་ལྟ་བའི་དོན་སྤྱི་ངེས་པོར་བྱས་པ་ནི་ཤིན་ཏུ་གལ་ཆེ་སྟེ། །དྲག་པོའི་ལམ་ཀུན་ཏུ་ལྟ་བའི་རྩིས་ཟིན་པར་བྱེད་དགོས་པའི་ཕྱིར་རོ། །བསྙེན་པ་ཡང་འཕྲིན་ལས་ཉམས་སུ་བླང་བ་ཙམ་ལ་ནི། གྲངས་བསྙེན་ཙམ་སོང་ཡང་། ཆོ་ག་ལ་ལས་སྦྱོར་ཉམས་སུ་བླང་བ་ཡིན་ན་མཚན་མ་ངེས་པར་ཐོབ་དགོས་སོ། །ཞེས་རྣམ་ངེས་རིན་ཅེན་སྒྲོན་མེར་གསུངས་པ་ནི་ཤེས་རབ་དག་སྙིང་ལ་བཅང་བར་བྱའོ། །གཉིས་པ་ལ་གཉིས། དངོས་དང་། ཡོ་བྱད་བཤམས་པ་གཉིས་ཀྱི་དང་པོ་ནི། གོང་དུ་སེམས་ཀྱི་འདུ་འཛི་མེད་པ་རུ་ཞེས་པའི་དོན། ཡུལ་གྲོང་འདུ་འཛི་ཅན་དང་། ཆགས་སྡང་དམ་སེལ་ཡོད་པ། མུ་སྟེགས་ལོག་ལྟའི་གནས་སོགས་སྒོ་དུ་མ་ནས་སེམས་གཙེར་བར་བྱེད་པ་མེད་པའི་སར་བསྒྲུབ་དགོས་པས། རྒྱུད་ལས། དབེན་ཞིང་ཉམས་དགའི་གནས་དག་ཏུ༔ ཞེས་གསུངས་ཏེ། དེའང་སྤྱིར་དམ་པ་གོང་མའི་སྒྲུབ་གནས་སུ་མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་པ་གནས་ཀྱིས་གང་ཟག་བྱིན་གྱིས་བརླབས་པ་ཡིན་པས། སློབ་དཔོན་ཆེན་པོར་མངའ་བདག་གིས་ཞུས་པར། ལས་ཅན་དོན་དུ་རི་བྲག་ལུང་བ་རྣམས། ཨོ་རྒྱན་ཉིད་ཀྱིས་སྒྲུབ་པའི་བྱིན་གྱིས་བརླབས། །ཐུགས་རྗེས་བཟུང་བས་བར་ཆད་མི་འབྱུང་ཞིང་། །གནས་རྣམས་ཀུན་ཏུ་སྒྲུབ་པ་འཕེལ་མོད་ཀྱང་། ཁྱད་པར་འཕགས་པའི་སྒྲུབ་གནས་གང་ལ་བགྱི། །ཞེས་པ་ལྟར་ཡིན་ཞིང་། དེའང་སྒྲུབ་གནས་ཀུན་གྱི་རྒྱལ་པོ་ཁྱད་འཕགས་ནི། མཁའ་འགྲོ་མ་བསྒྲུབས་རང་བཞིན་འདུ་བའི་གནས། །ཞེས་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་གནས་ལྔ། འདི་གསུམ་གནས་(༩བ)


GLG023_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཆོག་ཐུན་གང་བསྒྲུབ་པ༔ སྒྲུབ་པ་བྱས་ན་མི་འགྲུབ་གང་ཡང་མེད༔ ཅེས་པའི་དབང་པོ་རབ་ཀྱི་གནས་གསུམ་གྱིས་གཙོ་བྱས་པའི་མདོར་ན། ལུང་ལྔ་གླིང་གཅིག་ལྗོངས་གསུམ་གངས་ཉི་ཤུ༔ ཞེས་སོགས་སློབ་དཔོན་སངས་རྒྱས་གཉིས་པའི་སྒྲུབ་གནས་ཀྱིས་མཚོན་ཏེ། བླ་མ་གོང་མ་རྣམས་ཀྱི་གནས་ཁྱད་པར་ཅན་དུ་བོགས་ཆེ་ཞིང་། ལས་དང་པོ་པས་དེ་རྣམས་མ་གྲུབ་ནའང་། ཉམས་དགའ་བ་ཤིན་ཏུ་འཇམ་པའི་ས་ཕྱོགས་སུ་བསྒྲུབས་པས་བར་ཆད་ཉུང་བའི་དགོས་པ་ཡོད་ཅིང་། གདེངས་ཅུང་ཟད་རྙེད་དམ། དྲག་པོའི་ལས་ལ་སྦྱར་བའི་དུས་སུ་དུར་ཁྲོད་དང་། རིའི་དབྱིབས་རྩུབ་ཅིང་ས་གྲུ་གསུམ་གྱི་རྣམ་པ། དྲེགས་པ་ཅན་རྒྱུ་བའི་དྲག་པོའི་གནས་སུ་བསྒྲུབས་པས་རྟོགས་པ་འཕེལ་ཞིང་ལས་མྱུར་དུ་འགྲུབ་པ་ཡིན་ཏེ། སྒྲུབ་ཐབས་པས། གནས་ནི་དུར་ཁྲོད་དུ་བྱ། བྲག་རི་ནག་པོ་མོན་པ་ཁྲོས་པ་འདྲ་བའམ། ལྷོ་ཕྱོགས་སུ་ཁ་བལྟས་པ་ཤིན་ཏུ་གཉན་སར་ཕྱིན་ལ། ཞེས་དང་། ཕུར་བུ་ཡང་གསང་བླ་མེད་ཀྱིས་དཔྱད་ལས། དུར་ཁྲོད་འཇིགས་པ་ཤིན་ཏུ་གཉེན་པའི་སར། དེར་རྟོགས་ལྡན་གྱི་རྣལ་འབྱོར་པ་བོགས་འདོན་པའི་གནས་སུ་ལེགས་ཞེས་བཤད་ཅིང་། བྱེ་བྲག་སྒྲུབ་པ་ཆེ་ཕྲ་རྣམས་ཀྱི་གནས་བཟང་ངན་དང་སྤང་བླང་ནི་གཞན་དུ་བལྟ་བར་བྱའོ། །གཉིས་པ་ནི། གནས་ཁང་ཕྱག་བདར་བྱས་ལ། དེར་སྟེགས་བུའི་ཁར་རཀྟས་ཆག་ཆག་གདབ། ཐོད་པ་མཚན་ལྡན་དུ་དཔལ་བཤོས་ནག་པོ་ཟུར་གསུམ་པ་མེ་ཐབ་སྐྱུས་བསྐོར་བ་ལ་ཤ་ཁྲག་དང་སྙིང་ནས་བརྒྱན་པ། སྨན་རཀ །གཞན་ཡང་དུག་གི་མེ་ཏོག་སྔོན་པོ་དང་ནག་པོ། ཚིལ་བུའི་གསུར། ཞུན་གྱི་མར་(༡༠ན)


GLG023_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མེ། ཁྲག་གི་ཨརྒྷཾ། དྲི་ཆུའི་བསང་ཆབ། ཐོད་རྔ་དང་རྐང་གླིང་ལ་སོགས་པ་ཅི་རིགས་པ་བཤམ། ཐོད་པ་ཞིག་ཏུ་མོན་ནམ་རབས་ཆད་སོགས། སྐྱེས་པའི་གྲི་སྙིང་། གཡག་ནག་པོའི་སྙིང་དང་གསུམ་ལ་དར་ནག་གི་དགབ། ཐུན་མོང་སྤྱིའི་མཆོད་པ་ལྔའང་བཤམ་མོ། །ཟོར་ལས་བྱེད་ན། དུག་ཁྲག་དང་གཡག་རུ། ཟོར་གཏོར། སྐམ་ཐུན་ལ་སོགས་པའང་བཤམ་པར་བྱའོ། །ཞེས་རྣམ་ངེས་རིན་ཆེན་སྒྲོན་མེར་ནུབ་ཕྱོགས་སིང་གྷ་ལའི་དམར་སྨུག་བྱུ་རུའི་ཚལ་གྱི་དགོན་པར། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་སྒྲུབ་ཐབས་ནས་བཤད་པ་བཞིན་དོན་བསྡུས་ཏེ་བཀོད་པ་ཙམ་ལས་གསལ་བ་ཞིག་མི་འདུག་ལ། འོན་ཀྱང་རིགས་འཛིན་དབང་པོའི་སྡེས་རིན་ཆེན་སྒྲོན་མེའི་དགོངས་དོན་དང་། བླ་མ་དམ་པའི་ཞལ་བཞེས་ལྟར་དྲི་མ་མེད་པའི་ཕྱག་ལེན་དུ་མཛད་པར། གཏོར་མ་ལ་སྒྲུབ་གཏོར་དང་མཆོད་གཏོར་གཉིས་སུ་བཤམ་ཞིང་། །སྒྲུབ་གཏོར་ལའང་རྒྱས་བསྡུས་གཉིས་སྣང་བ་སྐབས་དང་སྦྱར་ཏེ་གང་བདེ་བཤམས་ལ།ཤ་ཆེན་དང་སྦྱར་བའི་བམ་མཐུ་ཆེན་སྡེ་བཞིའི་གཏོར་མ། བདུད་རྩི་ཆོས་སྨན་བསྲེས་པའི་སྨན་ཕུད། །དམར་ཆེན་དང་སྦྱར་བའི་རཀྟ། ཕྱི་ནང་གསང་བའི་མཆོད་པ། གཏོར་མའི་བཟོ་དབྱིབས། སོ་སོའི་མཐུན་རྫས། གོ་རིམ། གཤམ་ཚུལ་གྱི་ཞིབ་ཆ་མཐའ་དག་མཐོང་བརྒྱུད་ཀྱི་ཕྱག་ལེན་འཕྱུགས་མེད་དུ་གནང་བ་ལྟར་བྱ་ཞིང་། བདག་མདུན་གཉིས་ཀའི་ཞིབ་པ་ལོགས་སུ་ཤེས་སོ། །གསུམ་པ་གང་ལྟར་བསྒྲུབ་པའི་ལམ་གྱི་རིམ་པ་ལ། སྔོན་དུ་འགྲོ་བ། དངོས་གཞི། རྗེས་ཀྱི་ཆོ་ག་དང་གསུམ་གྱིས་ཉམས་སུ་བླང་བར་(༡༠བ)


GLG023_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་དང་པོ་ལ་གསེར་སྐྱེམས་བཏང་བ། འཇམ་དཔལ་ཞི་བ་བསྐྱེད་ཅིང་རྒྱུད་བཀླག་པ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། ཚད་མེད་བཞི་བསྒོམ་པ། ཡན་ལག་བརྒྱད་པ་བྱ་བ། མཚམས་བཅད་པ། བཤགས་པ་བྱ་བ། དམ་བཅའ་བ། བྱིན་དབབ་པ། མཆོད་གཏོར་བྱིན་གྱིས་བརླབ་པའོ། །དང་པོ་ནི། ཛ་གད་བྱིན་གྱིས་བརླབས་ལ་ཕུད་མཆོད་ཚུལ་བཞིན་དུ་བྱས་ཤིང་། སྡེ་བརྒྱད་ཆ་མཉམ་པར་བྱའོ། །གཉིས་པ་ནི། ཨཱོཾ་ཝཱ་གཱི་ཤྭ་རི་མུཾ་ཞེས་པའི་འཕྲོ་འདུས། བདག་ཉིད་འཇམ་དབྱངས་སུ་གསལ་བའི་མདུན་དུ་བཅོམ་ལྡན་ཤཱཀྱ་ཐུབ་པ་འཁོར་བཅས་གསལ་བཏབ་སྟེ། དངོས་སམ་ཡིད་ཀྱིས་མཆོད་པ་ཕུལ། ཡིད་མོས་པ་བརྟེན་པ་དང་བཅས་པས་རྒྱུད་རྒྱས་བསྡུས་ལོང་སྐབས་དང་བསྟུན་ནས་བརྗོད་རྗེས། སྔོན་དུས་རྒྱལ་བས་རི་བོ་བྱ་རྐང་དུ་ཞེས་སོགས་ཀྱི་སྨོན་ལམ་བྱ་བ་ཡིན་ལ། འོན་ཀྱང་ལས་བྱང་འདིར་ཆོ་ག་ཟོར་ཡང་ཕྱིར་ཚིག་ཚོགས་ཉུང་བས་དོན་མདོར་བསྟན་པ་ཡིན་ཞིང་། དམིགས་པའི་གསལ་འདེབས་ཞིབ་པ་ནི། དབང་པོའི་སྡེས། བདག་གི་མདུན་དུ་རྩ་བ་སྲ་བརྟན་དཔག་བསམ་ཤིང་། །ཡལ་ག་ལོ་མ་མེ་ཏོག་འབྲས་བུ་ཕུན་ཚོགས་པ། །དེ་ཡི་དཀྱིལ་སྟོད་སྟོན་པ་བཅོམ་ལྡན་ཤཱཀྱ་ཐུབ། །གཡས་གཡོན་བྱང་སེམས་འཇམ་པའི་དཔལ་དང་སྤྱན་རས་གཟིགས། །རྒྱབ་ཏུ་ཉན་ཐོས་དང་ནི་རང་སངས་རྒྱས་ཀྱི་ཚོགས། །གུས་པས་ལུས་བཏུད་མཐུ་ལྡན་ཕྱག་ན་རྡོ་རྗེ་མདུན། །སྟེང་ཕྱོགས་ཤིང་གི་རྩེ་མོར་དེ་བཞིན་གཤེགས་མང་པོ། །གཞན་ཡང་ཡལ་ག་ལ་ནི་ལྷ་ཡི་བུ་བུ་མོ། །མང་པོས་བསྐོར་ཞིང་མེ་ཏོག་ལ་སོགས་མཆོད་པ་འབུལ། །གཙོ་བོས་རྒྱུད་གསུང་ཇི་ལྟར་སེམས་པས་(༡༡ན)


GLG023_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཆེན་སྒྲོག །དགའ་མགུའི་ཚུལ་གྱིས་འཁོར་རྣམས་རྗེས་སུ་ཡི་རང་འདུད། །སྟེང་འོག་རྐན་གཉིས་རྔ་བོ་ཆེ་ལས་རྒྱུད་ཚིག་རྣམས། །ལྕེ་ཡི་དབྱུ་གུས་བསྐུལ་ཞིང་ཆོས་སྒྲས་ཡོངས་གང་གྱུར། །ཞེས་པའི་དོན་བཞིན་མ་ཡེངས་པར་བྱའོ། །དེ་ཡང་སྤྱིར་ལྕགས་འདྲར་འཇམ་དཔལ་ཞི་བ་སྒྲུབ་ཐབས་བདུད་རྩིའི་ཐིགས་པ་དང་། ལྕགས་སྡིག་ཏུ། །སྟོང་དྲིལ་ཉི་མ་ཤར་བ་ལས། བྱང་ཆུབ་བསྒྲུབ་པའི་ཆོས་སྡེ་ཞེས་པ་བྱུང་ཞིང་། ཁྱད་པར་སྟོད་དྲིལ་གྱི་ཆོས་སྡེར་ནི། འཇམ་དཔལ་རིགས་ལྔའི་སྒྲུབ་པ། བཏགས་གྲོལ། ཚེ་སྒྲུབ། རྡོ་རྗེའི་བཟླས་པ་འཕོ་བ་སོགས་ཤིན་ཏུ་ཟབ་པའི་ཆོས་མང་བས། མཚན་མའི་བག་ཆགས་སྒྲིབ་པ་དག༔ འོད་ལྔ་ཁ་དོག་འཇའ་འོད་འབྱུང་༔ ཞེས་དང་། རིང་བསྲེལ་འཇའ་འོད་རྐང་ནས་འབྱུང་༔ མ་སྨིན་སྔོན་དུ་འགྲོ་བའི་ཆོས༔ ཞེས་ཚེ་གཅིག་བྱང་ཆུབ་བསྒྲུབ་པའི་ཐབས་མཆོག་ཡིན་ལ། སྐབས་འདིར། སྟག་ཚང་བཀྲ་ཤིས་དཔལ་ཕུག་ནས་གཏེར་སྟོན་གསར་བན་ཕྱོགས་མེད་ཀྱིས་སྤྱན་དྲངས་པའི་འཇམ་དཔལ་རྫོགས་ཆེན་གྱི་རྗེས་སུ་འབྲངས་ཏེ་འཕྲིན་ལས་ཀྱི་སྔོན་འགྲོར། དབང་པོའི་སྡེས་བླ་མ་གོང་མའི་མན་ངག་ལ་བརྟེན་ནས་ཕྱག་བཞེས་སུ་མཛད་པ་ནི། ལྗོངས་འདིའི་ཚེ་བདག་མཁན་པོ་གཞན་ལ་མེད་པའི་ཁྱད་ཆོས་སོ། །དེའང་ཞི་བའི་བསྐྱེད་ཆོག་མ་བྱས་ཀྱང་རུང་མོད། བྱས་ན་ལེགས་པ་ནི་ཕྱོགས་འདི་ལ་མཁས་དབང་གི་བཞེད་སྲོལ་ལོ། །གསུམ་པ་ནི། བདག་ཉིད་ཁ་ལྷོར་བལྟ་བས་བདེ་བའི་སྟན་ལ་འདུག་སྟེ་འཁོར་བའི་སྡུག་བསྔལ་གྱི་ངང་ཚུལ་ལ་ཤིན་ཏུ་འཇིགས་པས་སྐྱབས་ཡུལ་ཁྱད་པར་ཅན་རྣམས་ལ་སྐྱབས་སུ་འགྲོ་(༡༡བ)


GLG023_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསམ་པ་བརྟན་པོས། བདག་དང་མཁའ་མཉམ་ལུས་ཅན་མ་ལུས་ཀུན། །ཞེས་སོགས་བརྗོད། བཞི་པ་ནི། རྒྱ་ཆེན་བྱང་ཆུབ་མཆོག་ཏུ་སེམས་མཆོག་བསྐྱེད། །ཅེས་པས་གསལ་བཏབ་སྟེ། དེའང་འཁོར་ལོ་ནག་པོའི་སྒྲུབ་ཐབས་ལས། གང་ཞིག་ལྟ་བ་ངན་པ་ཡིས། །ལོག་པར་ལྟ་བའི་སེམས་ཅན་ལ། །དྲག་པོའི་ཐུགས་རྗེ་བརྟན་པ་དང་། །རང་བྱུང་ཡེ་ཤེས་རྟོགས་བྱའི་ཕྱིར། །ཞེས་དང་། སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝས་མཛད་པའི་ཕྱག་རྡོར་གསང་སྒྲུབ་ལས། གདུག་པ་ཅན་རྣམས་ཚར་གཅོད་པའི། །སྙིང་རྗེ་དྲག་པོ་སྔོན་སོང་ནས། །ཞེས་པ་ལྟར་གདུལ་བྱ་གདུག་པ་ཅན་གཙོ་བོར་གྱུར་པའི་སེམས་ཅན་ལ་སྙིང་རྗེ་བསྒོམ་ཞིང་། སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་ལ་འགོད་པའི་ཆེད་དུ་ལམ་འདིར་འབད་དོ་སྙམ་དུ་སྨོན་སེམས་དང་འཇུག་སེམས་བསྒོམ་པར་བྱའོ། །ལྔ་པ་ནི། བྱང་ལུགས་ཀྱི་ལས་བྱང་ཆེན་མོར། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པ། སོགས་བརྗོད་པ་ཕྱག་ལེན་དུ་ཡོད་པ་ལྟར། འདིར་ཡང་ངག་ཏུ་བརྗོད་ཅིང་ཚད་མེད་པ་སྤྱི་དང་འདྲ་བར་བསྒོམ་མོ། །དེ་སྐད་དུའང་ཁྲོ་འདུས་ལས། བྱང་སེམས་རྣམ་གཉིས་བསྒོམ་པ་དང་། ཚངས་པའི་གནས་བཞི་དྲན་པ་ནི། །སྔོན་དུ་འགྲོ་བའི་ལམ་ཡིན་པས། །སྒྲུབ་པ་པོས་ནི་ནན་ཏན་བྱ། །ཞེས་འབྱུང་ངོ་། །དྲུག་པ་ནི། མདུན་དུ་རིན་ཅེན་ཁྲི་པད་ཉི་ཟླའི་སྟེང་། །ཞེས་སོགས། ཤློ་ཀ་གཅིག་གིས་མདུན་གྱི་ནམ་མཁར་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྤྱི་བོར་བླ་མ་རྡོ་རྗེ་སློབ་དཔོན་བཞུགས་པ། སངས་རྒྱས་བྱང་སེམས་མཁའ་འགྲོ་དམ་ཅན་རྣམས་ཀྱིས་བསྐོར་བ་སྤྱན་(༡༢ན)


GLG023_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་བརྗོད་ཅིང་། ཚོགས་ཞིང་རྣམས་ལ་སྐྱབས་སུ་འགྲོ་བའི་སེམས་དང་ལྡན་པས་ཕྱག་གི་མཆོད་པ། ཐུན་མོང་སྤྱིའི་མཆོད་པ། ནང་དང་གསང་བ་སོགས་ཀྱི་མཆོད་པ་དངོས་སམ་ཡིད་ཀྱིས་སྤྲུལ་ཏེ་འབུལ། དངོས་གྲུབ་འགྲུབ་པའི་བགེགས་སུ་གྱུར་པའི་ཉེས་པ་རྣམས་བཤགས། རྩ་བ་གསུམ་གྱི་ཐུགས་རྗེས་དག་པར་མོས་པ་དང་། གཞན་གྱི་དགེ་བ་ལ་ཡི་རང་བ་དང་། སངས་རྒྱས་ཐོབ་འདོད་ཀྱི་སེམས་བསྐྱེད་ཅིང་། བདག་དང་སེམས་ཅན་ཐམས་ཅད་དུས་གསུམ་དུ་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་ལ་ལུས་དབུལ་བ་སོགས་དགེ་ཚོགས་རྒྱ་ཆེན་པོ་བསྒྲུབས་པའི་འབྲས་བུ་བྱང་ཆུབ་ཆེན་པོར་བསྔོ་བས་རྒྱས་འདེབས་པ་ཡིན་ལ། མཐར་ཚོགས་ཞིང་རང་ལ་གཉིས་མེད་དུ་ཐིམ་པའི་ངང་ལ་ཅུང་ཞིག་བལྟའོ། །བདུན་པ་ལ། བདག་གསལ་གདབ་པ། བགེགས་བསྐྲད་པ། སྲུང་འཁོར་བསྒོམ་པའོ། །དང་པོ་ནི། རང་ཉིད་འཇམ་དཔལ་གཞོན་ནུར་གསལ་བ་ཞེས་སོགས་ཀྱིས་སྐད་ཅིག་གིས་ཟིལ་གནོན་ཕྱག་རྒྱ་ཆེན་པོར་བསྒོམ་མོ། །གཉིས་པ་ནི། བདག་གི་ཐུགས་ཀའི་ཧཱུཾ་ལས་ཁྲོ་བོ་གནོད་མཛེས་སྟོང་གསུམ་གྱི་འཇིག་རྟེན་གང་བར་སྤྲོས་ཏེ། བགེགས་དང་ལོག་འདྲེན་རྒྱང་རིང་དུ་བསྐྲད་པར་བསམས་ཏེ། བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས། །ཞེས་སོགས་དང་ཧཱུྃ་བཞིའི་སྔགས་བརྗོད་དོ། །གསུམ་པ་ལ་སྤྱིའི་སྲུང་འཁོར་དང་། བྱེ་བྲག་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྲུང་འཁོར་གཉིས། དང་པོ་ནི། རྡོ་རྗེའི་གུར་དང་། ཁྲོ་བོ་དང་། སྣ་ཚོགས་པའི་མཚོན་ཆ་དང་། ཁ་དོག་སྣ་ལྔ་པའི་མེ་དུས་མཐའི་མེ་(༡༢བ)


GLG023_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་གུར་ཁང་གང་གིས་ཀྱང་གཞིག་ཏུ་མེད་པ་སྲ་ཞིང་བརྟན་པར་བསམས་ཏེ། སྲ་བརྟན་མི་གཡོ་རྡོ་རྗེའི་གུར་ཁང་། ཞེས་སོགས་དང་། ཕཊ་རཾ་སོགས་བརྗོད། གཉིས་པ་ནི། རང་ཉིད་ཟིལ་གནོན་དུ་གསལ་བའི་སྤྱི་བོར་གཙུག་ཏོར་འཁོར་ལོར་སྒྱུར་བ་སེར་པོ་ཁྲོ་ཞལ་ཅན་གྱི་ཐུགས་ཀར་བྷྲུཾ་ལས་སྲུང་འཁོར་སེར་པོ་རྩིབས་བཅུ་པ་ཉི་གདན་དང་བཅས་པའི་སྟེང་དུ་ཧཱུཾ་བཅུ་ལས་ཁྲོ་བོ་བཅུ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་བེ་ཅོན་དང་ཞགས་པ་བསྣམས་པ། འཁོར་ལོའི་ལྟེ་བའི་དབུས་སུ་རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བ་ཞི་བའི་ཉམས་ཅན་ཕྱག་གཉིས་ན་འཁོར་ལོ་བསྣམས་ཤིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཐུགས་ཀར་ཡེ་ཤེས་ཀྱི་འཁོར་ལོ་འཁོར་བའི་རྩིབས་ཀྱི་བར་དུ་ནད་གདོན། དགྲ་བགེགས། སྡིག་སྒྲིབ། རྫས་སྔགས་ཏིང་འཛིན་ཀྱི་སྦྱོར་བ་སོགས་བར་དུ་གཅོད་པ་ཐམས་ཅད་ཉལ་ཉལ་གཅོད་པར་བསམས་པའི་དམིགས་པ་དང་བཅས་ཏེ་སྔགས་བཟླ་བར་བྱའོ། །བརྒྱད་པ་ནི། རབ་ཡངས་བདག་མདུན་ཞེས་སོགས་ཚིག་རྐང་བཞིས། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་ལ། གཡས་སུ་ཞི་བ། གཡོན་དུ་ཁྲོ་བོ། དབུས་སུ་བླ་མ་རིགས་འཛིན་བཞུགས་པའི་མཐའ་སྐོར་དུ་དམ་ཅན་སྲུང་མའི་ཚོགས་རྣམས་དང་བཅས་པའི་དམ་ཚིག་པ་གསལ་བཏབ་ལ། ཡེ་ཤེས་པ་སྤྱན་དྲངས་ཏེ་སྤྲིན་གྱི་ཕུང་པོ་ལྟར་བཞུགས་པར་མོས་ལ། ཉེས་བྱས་བཤགས་པའི་བསམ་པ་རྩེ་གཅིག་པས། །དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །སོགས་བརྗོད། དགུ་པ་ནི། བདག་དེང་ནས་ཡི་དམ་གྱི་ལྷ་དང་བྱང་ཆུབ་ཀྱི་སེམས་མི་སྤོང་བར་གཅེས་པར་འཛིན་(༡༣ན)


GLG023_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། བསྙེན་པ་དང་། སྒྲུབ་པ་དང་། ཏིང་ངེ་འཛིན་དང་། སྔགས་དང་ཕྱག་རྒྱ་ལ་སོགས་པའི་མཐུ་ཡིས། གསང་བའི་ཐེག་པ་ལ་རྣམ་པར་འཚེ་བའི་དགྲ་བོ་རྣམས་དྲག་པོ་མངོན་སྤྱོད་ཀྱི་ནུས་མཐུས་བསྒྲལ་བ་སོགས་གསང་སྔགས་ཟབ་མོའི་སྤྱོད་པ་ཐམས་ཅད་མཐར་དབྱུང་ཞིང་། བླ་མེད་བསྒྲུབ་ཅིང་མ་ཐོབ་ཀྱི་བར་དུ་བཅོམ་ལྡན་འདས་དཔལ་ཆེན་ཟིལ་གནོན་འཁོར་བཅས་ཀྱི་ཐུགས་དམ་བཞིན་དུ་སྤྱད་པར་དམ་བཅས་ཏེ། ཇི་ལྟར་ཁས་བླངས་པ་ལས་མི་འདའ་བའི་བསམ་པས། ཟིལ་གནོན་ཐུགས་དམ་བཞིན་དུ་སྤྱད་པར་བགྱི། །ཞེས་སོགས་བརྗོད། བཅུ་པ་ནི། བདེ་གཤེགས་རྒྱལ་བ་ཀུན་གྱི་བདག་ཉིད་ཆེ། །སོགས་བརྗོད་ལ་ཧཱུཾ་གསུམ་གྱིས་བཤགས་ཡུལ་སྤྱན་དྲངས། བདེ་གཤེགས་རིགས་འཛིན་སྲུང་མའི་ཚོགས་བཅས་ཐམས་ཅད་བདག་དང་རྫས་ལ་གཉིས་སུ་མེད་པར་བསྟིམ། ཆོས་རྗེ་སྒྲོལ་མ་བའང་ཕྱག་ལེན་འདི་ཉིད་བཞེད་དོ། །བཅུ་གཅིག་པ་ནི། བདུད་རྩི། རཀྟ། མཆོད་གཏོར། སྒྲུབ་གཏོར། ཕྱི་མཆོད་བརླབ་པ་ལྔ་ལས། དང་པོ་ནི། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། ཞེས་སོགས་ལས་བྱང་ལྟར་བྱས་ནས། བདུད་རྩིའི་སྔགས་ཉེར་གཅིག་སོགས་བཟླས་སོ། །གཉིས་པ་ནི། བདག་གི་ཐུགས་ཀའི་ཧཱུཾ་གི་འོད་ཀྱིས། །ཞེས་སོགས་ལས་བྱང་ལྟར་རོ། །གསུམ་པ་ནི། ཨ་ལས་བྷནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ཨཱོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་འདོད་པའི་ཡོན་ཏན་དྲུག་གི་ལྷ་མོར་བསམས་ལ། བ་ལིཾ་ཏའི་སྔགས་མདུན་གྱི་དང་པོར་གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་འཛིན་པ། གཉིས་པས་སྒྲའི་ལྷ་མོ་པི་ཝང་། གསུམ་(༡༣བ)


GLG023_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པས་དྲི་མ་སྤོས་ཁང་། བཞི་པས་རོ་མ་ཞལ་ཟས། ལྔ་པས་རེག་མ་ན་བཟའ། དྲུག་པས་ཆོས་མ་ཆོས་འབྱུང་། སྔགས་ལན་བདུན་བཟླས་པས་དེ་དག་ཀྱང་མང་པོར་སྤེལ་ལོ། །ཞེས་རྣམ་ངེས་རིན་ཅན་སྒྲོན་མེར་གསུངས་ལ། འདི་ནི་དེ་གའི་འོག་ཏུ་དེའང་བསྙེན་སྒྲུབ་ཞག་སྦྲེལ་དུ་བྱེད་པའི་ཚེ་སྔ་མ་ལྟར་དང་། འཕྲིན་ལས་ཉིན་གཅིག་བྱེད་པའི་ཚེ་མཆོད་གཏོར་དུ་བརླབ་པའམ། ཡང་ན་བསྙེན་སྒྲུབ་དང་ཉིན་གཅིག་གང་བྱེད་ཀྱང་སྒྲུབ་གཏོར་དང་མཆོད་གཏོར་གཉིས་སུ་བཤམས་ནས་སོ་སོར་བརླབ་པར་བྱས་ནའང་མི་འགལ་བར་མངོན་ལ། ཞེས་གསུངས་པས། གོང་འོག་གི་དོན་ལ་ཞིབ་ཏུ་དཔྱད་ཚེ། འདོད་ཡོན་དྲུག་གི་ལྷ་མོ་རྣམས་འོག་ནས་འབྱུང་བའི་སྒྲུབ་གཏོར་གྱི་སྐབས་སུ་གསོལ་འདེབས་དགོས་ལ། འདིར་མཆོད་གཏོར་གྱི་སྐབས་སུ་འབྱུང་བ་ནི། སྒྲུབ་གཏོར་ལོགས་སུ་མེད་པར་མཆོད་གཏོར་རྐྱང་པ་བཤམ་པ་ལ་དགོངས་ལ། སྒྲུབ་གཏོར་དང་མཆོད་གཏོར་སོ་སོར་ཡོད་ཚེ། མཆོད་གཏོར་སྣོད་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་རྨད་དུ་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཕུན་སུམ་ཚོགས་པ་དང་ལྡན་པ། ཟེགས་མ་ལ་འདོད་ཡོན་གྱི་ལྷ་མོ་འཕྲོ་བར་བྱིན་གྱིས་བརླབ་པ་ནི་གོང་འོག་ཚང་མའི་དགོངས་པ་དང་མཐུན་ཞིང་ལེགས་པ་ཡིན་ནོ། །རྗེ་སྒྲོལ་མ་པའི་ཕྱག་ལེན་དུ་བཅུད་རྨད་དུ་བྱུང་བའི་གཏོར་མའི་རི་ཙམ་དུ་གྱུར་ཞེས་པ་སྣང་ངོ་། །མྱང་རི་ཁྲོད་པ་ཆེན་པོས་མཛད་པའི་འཇམ་དཔལ་ཐུགས་སྒྲུབ་ཀྱི་སྒོམ་ཁོག་ལས། སྒྲུབ་གཏོར་ནི་དངོས་གྲུབ་བླང་བ་དང་། གཏེར་དུ་སྦ་བར་བྱ། མཆོད་གཏོར་ལ་སྦྱིན་སྲེག་དང་ལྷག་ཕུད་ཡར་གནས་(༡༤ན)


GLG023_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པར་བྱ། ཞེས་འབྱུང་ངོ་། །བཞི་པ་ནི། གཏོར་མར་བདུད་རྩི་བླུག་ལ། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། གཏོར་མ་ལ་ཕོག་པས། སྣོད་བྷྲུཾ་ལས་ཞེས་སོགས་ལས་བྱང་ལྟར་དང་། ཨཱོཾ་ཨཱཿཧཱུྃ་གི་རྗེས་སུ་བ་ལིཾ་ཏའི་སྔགས་ལན་བདུན་བཟླས་སོ། །ལྔ་པ་ཕྱི་མཆོད་བྱིན་གྱིས་བརླབ་པ་ནི། ཨ་ཀ་པཱ་ལ་ཨ་པཱ་དྷུ་པུ་སོགས་ཀྱི་སྔགས་བརྗོད་པས། ཨརྒྷཾ་མ་དུང་ཆོས་ཨརྒྷཾས་གང་བ་དང་། བདུག་པ་མ་སྤོས། མེ་ཏོག་མ་མེ་ཏོག །མར་མེ་མ་མར་མེ། དྲི་ཆབ་མ་དྲིའི་ཕོར་པ་འཛིན་པར་བརླབ་བོ། །རིན་ཅེན་སྒྲོན་མེར་བདུད་རྩིའི་སྔགས་ཉེར་གཅིག་བཟླ་བར་བཤད་པ་འགྲུབ་ན་ཤིན་ཏུ་ལེགས་པ་ཡིན་ལ། མཆོད་གཏོར་གྱི་སྔགས་བདུན་བཟླ་བར་བཤད་པ་ནི། འདོད་ཡོན་དྲུག་གི་ལྷ་མོར་གསལ་མི་འདེབས་ཕྱིན་མི་དགོས་པར་སེམས་སོ། །སྨྲས་པ། འདི་ན་འཕྲིན་ལས་སྔོན་དུ་འགྲོ་བའི་སྐོར། །གོ་རིམ་གནད་ཀྱི་རྒྱུ་མཚན་མ་འདྲེས་པར། །མཁས་པའི་ལེགས་བཤད་བླ་མའི་ཞལ་བཅུད་ལྟར། །འཁྲུལ་མེད་བསྡེབས་པས་བློ་གསལ་འདོད་པ་འཇོ། །གང་ཞིག་བརྩོན་པས་སྦྱངས་པའི་གཟུ་བོའི་ཚིག །ཆ་ཙམ་སྨྲ་བའི་ལྕེ་མགྲིན་རྒྱས་བཅིངས་ཀྱང་། །རིག་སྔགས་འཆང་བའི་ཁུར་གྱིས་དྲེགས་པ་ཅན། །དེ་འདྲ་སྔ་འགྱུར་བསྟན་ལ་ལྷག་པར་གནོད། །ཀྱེ་མ་ལམ་འདིར་མོས་པའི་བློ་ལྡན་པའི། །བཟང་པོའི་བག་ཆགས་ཅན་དང་འགའ་མཆིས་ན། ཁེངས་པ་སྤོངས་ལ་ཚུལ་འདི་ལྷུར་བྱོས་དང་། །ཟིལ་གནོན་ཕྱག་རྒྱའི་ལམ་དེར་མྱུར་འཇུག་ངེས། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སྤྱི་དོན་གཉིས་པ་དངོས་གཞི་ནི། ཕྱག་རྒྱ་ཆེན་པོ་(༡༤བ)


GLG023_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་བསྒོམ་པ་ཡིན་ཏེ། དེ་ལ་ཕྱག་རྒྱའི་ངོ་བོ་དང་། བསྒོམ་པའི་ཐབས་དང་། ལས་དང་འབྲས་བུ་བཤད་པའོ། །དང་པོ་ནི། འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་རྣམས་ཀུན། །ཞེས་སོགས་ཀྱི་དོན་ཏེ། དེའང་། སློབ་དཔོན་པདྨས་མཛད་པའི་མན་ངག་རྩ་བ་ལས། ཆོས་རྣམས་ཐམས་ཅད་རང་གི་སེམས། །སེམས་འདི་སྐྱེ་འགག་གཉིས་མེད་པར། །ཐམས་ཅད་ཀུན་གྱི་དངོས་གཞི་གནས། །སྐུ་གསུམ་རྒྱལ་བའི་དགོངས་པར་གཅིག །རོལ་པ་ཆེན་པོ་གསུམ་དུ་ཤར། །ཡེ་ཤེས་རྒྱས་པས་བསྒྲུབ་མི་དགོས། །ཞེས་འབྱུང་བས། འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་རིག་པ་མི་འགྱུར་བ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེའང་འདི་ཞེས་རང་བཞིན་མེད་པ་ཅིའི་ངོ་བོར་ཡང་མ་གྲུབ་པ་ལ་སྐྱེ་མེད་སྤྲོས་པ་ལ་རྩལ་མ་འགགས་པར་རང་གསལ་དུ་འཆར་བས་འགགས་མེད་རོལ་པ་སྟོང་པའི་རང་བཞིན་གསལ་བ་གསལ་བའི་རང་བཞིན་སྟོང་པ་སྟེ་གསལ་སྟོང་གཉིས་སུ་མེད་པ་དེ་རྒྱལ་བ་སྐུ་གསུམ་གྱི་ངོ་བོར་བཞུགས་པའང་། སྐྱེ་མེད་སྤྲོས་བྲལ་ཆོས་སྐུ། འགགས་མེད་རོལ་པ་ལོངས་སྐུ། ལས་སྣ་ཚོགས་བྱེད་པ་སྤྲུལ་པའི་སྐུ་སྟེ་མདོར་ན་བརྟན་གཡོ་ཐམས་ཅད་དབྱེར་མེད་སྐུ་གསུམ་གྱི་རོལ་པར་གནས་པའོ། །དེ་ལྟ་བུའི་སྐུ་གསུམ་པོ་དེ་བདེ་གཤེགས་ཞི་ཁྲོའི་རྟེན་བརྟེན་པ་མཐའ་ཡས་པ་ལས་སྐབས་ཀྱིས་ཕྱེ་བས་ཨྱེསྟ། ཟིལ་གནོན་གྱི་རྟེན་བརྟེན་པར་ལྷུན་གྱིས་གྲུབ་པའོ། །དེ་ལྟ་བུའི་ངོ་བོ་དེའང་གློ་བུར་དུ་གྲུབ་པ་ལྟ་བུ་ནི་མ་ཡིན་ཏེ། ཡེ་གདོད་མ་ནས་སངས་རྒྱས་པའི་ངོ་བོར་གནས་པ་ཡིན་ནོ། །དེ་སྐད་དུ་རྒྱུད་ལས། ངོ་བོ་མ་(༡༥ན)


GLG023_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཆོས་ཀྱི་སྐུ། །ཆོས་སྐུ་འགྱུར་བ་མེད་པར་གཅིག །སྐུ་དང་མཚན་མར་བཏགས་པ་ཀུན། །ཡེ་ཤེས་ལྷུན་གིས་གྲུབ་པའི་སྐུ། །ལས་དང་སྦྱོར་བ་སྣ་ཚོགས་ཀུན། །སྒྱུ་མ་ལྷུན་གྲུབ་སྤྲུལ་པར་འདུས། །རོལ་པའི་ཕྱག་རྒྱར་སྣང་བའོ། །ཞེས་དང་། རྩ་བ་མི་འགྱུར་བྱང་ཆུབ་སེམས། །གཅིག་ནི་ཀུན་གྱི་རང་བཞིན་ཡིན། །ཅེས་འབྱུང་བས་དངོས་གཞི་མ་བཅོས་པ་དེ་ཁོ་ན་ཉིད་སྐུ་ཐམས་ཅད་ཀྱི་ངོ་བོའམ་རང་བཞིན་ནམ་གཞིར་གྱུར་པའོ། །གཉིས་པ་བསྒོམ་པའི་ཐབས་ལ། རང་ཉིད་ཀྱི་དཀྱིལ་འཁོར་བསྒོམ་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒྲུབ་པ། ཐུན་མོང་དུ་མཆོད་པའི་ལས་རིམ། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ། སྔགས་ཀྱི་བཟླས་ཐབས་བསྟན་པའོ། །དང་པོ་ལ་སྟོང་ཉིད་བསྒོམ་པ། རྟེན་གཞལ་ཡས་ཁང་བསྒོམ་པ། བརྟེན་པ་ལྷའི་འཁོར་ལོ་བསྒོམ་པའོ། །དང་པོ་ནི། གོང་དུ་བཤད་པ་ལྟར་ཆོས་ཐམས་ཅད་རང་སེམས་སུ་ཤེས་དགོས་ལ། དེ་ལྟ་བུའི་སེམས་དེ་སྐྱེ་མེད་སྟོང་ཉིད་སྤྲོས་པ་དང་བྲལ་བ། ཅིར་ཡང་མི་འགགས་པས་ཀུན་ཁྱབ་རང་གསལ་བར་འཆར་བ་ཡིན་ལ། གསལ་སྟོང་དབྱེར་མི་ཕྱེད་པ་དེ་ཆོས་ཐམས་ཅད་ཀྱི་རྒྱུའམ་དངོས་གཞི་ཡིན་པས་སེམས་ཀྱི་གནས་ལུགས་འབྲས་བུ་སྐུ་གསུམ་གྱི་ངོ་བོ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་དུ་རོ་གཅིག་པ་དེའི་དོན་རྟོགས་ན་གང་ཤར་ཐམས་ཅད་སྐུ་གསུམ་གྱི་རོལ་པ་རང་བྱུང་དུ་འཆར་ལ། སེམས་ཉིད་ཡེ་ནས་སངས་རྒྱས། ལྷའི་སྐུ་གསུང་ཐུགས་སུ་ཡེ་ནས་གནས་པ་ཡིན་པས་གཞན་ནས་ལོགས་སུ་བསྒྲུབ་མི་དགོས་པའི་རྒྱུ་མཚན་གྱིས། རྟེན་དང་བརྟེན་(༡༥བ)


GLG023_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་འཁོར་ཐམས་ཅད་ཆུ་ལས་ཉ་ལྡང་བའི་ཚུལ་དུ་གསལ་འདེབས་པ་ཡིན་པས། རྣམ་ངེས་རིན་ཅེན་སྒྲོན་མེ་ལས། རྩ་བར། ཨེ་ནི་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལ། །རང་བཞིན་གནས་པ་དྲན་པར་བྱ། །ཞེས་པས། ཨྱེ་ཨྱེ་ཨྱེ། ཞེས་བརྗོད་པས། ཆོས་ཐམས་ཅད་རང་བཞིན་སྤྲོས་བྲལ་སྟོང་པ་ཉིད་རིག་པ་རང་གསལ་གྱི་ངང་དུ་ལྷག་གིས་གསལ་བར་བྱའོ། །དེ་ནི་ཏིང་ངེ་འཛིན་གྱི་ཆོས་ཐམས་ཅད་འབྱུང་གནས་སུ་གྱུར་པའོ། །ཞེས་གསུངས་པའི་དགོངས་པའང་འདི་ཡིན་ལ། དེའང་ལས་བྱང་ཆེན་མོ་རྣམ་ངེས་དང་བཅས་པར། ཏིང་ངེ་འཛིན་གསུམ་ཞེས་པའི་མིང་འདོགས་དངོས་སུ་མང་བ་དང་། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཏིང་ངེ་འཛིན་གསུམ་མམ་མངོན་བྱང་ལྔ་ལ་སོགས་རྒྱུ་རྐྱེན་ལས་རིམ་གྱིས་བསྐྱེད་པ་ནི་མིན་ཏེ། ཞེས་གསུངས་པ་རྣམས་ལ་ཏིང་ངེ་འཛིན་རྣམ་གསུམ་མི་དགོས་སམ་སྙམ་པའི་ལོག་རྟོག་སྐྱེ་སྲིད་པས། ཏིང་ངེ་འཛིན་གསུམ་མི་དགོས་པ་ནི་མ་ཡིན་ཏེ། ཏིང་ངེ་འཛིན་རྣམ་གསུམ་གྱི་དོན། ཆོས་ཐམས་ཅད་རང་སེམས་ལས་ལོགས་སུ་མེད་པའི་གང་དུའང་མ་གྲུབ་པས། གསལ་སྟོང་གཉིས་སུ་མེད་པ་དེ་རྒྱལ་བ་སྐུ་གསུམ་གྱི་ངོ་བོར་བཞུགས་པ། སྐྱེ་མེད་སྤྲོས་བྲལ་ཆོས་སྐུ། འགགས་མེད་རོལ་པ་ལོངས་སྐུ། ལས་སྣ་ཚོགས་བྱེད་པ་སྤྲུལ་སྐུ་སྟེ་སྐུ་གསུམ་དང་སྦྱོར་བ་ཡིན་པས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཀུན་དུ་སྣང་བའི་ཏིང་ངེ་འཛིན། རྒྱུའི་ཏིང་ངེ་འཛིན་གསུམ་གྱི་དང་པོ་ཆོས་སྐུ། གཉིས་པ་ལོངས་སྐུ། གསུམ་པ་སྤྲུལ་སྐུར་སྦྱོར་ཞིང་། ལས་བྱང་ཆེན་མོར། ཨྱེ་ཨྱེ་ཨྱེ་ཞེས་པ་གསུམ་པོ་ལ་(༡༦ན)


GLG023_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གསུམ་ཚང་ཞེས་པ་བྱང་ལུགས་ཀྱི་ཞལ་བཞེས་ཡིན་ལ། ལྕགས་སྡིག་ལས་བྱང་ཆེན་མོ་དང་། ཆོས་རྗེ་སྒྲོལ་མ་བའི་ལས་བྱང་རྣམས་སུ་བསྐྱེད་པ་མཧཱ་ཡོ་ག་ལྟར་རྒྱུ་འབྲས་ཀྱི་ཚུལ་དུ་བསྒོམ་པའི་ཐབས་སུ་ཏིང་ངེ་འཛིན་རེ་ལ་ཤློ་ཀ་སྔགས་དང་བཅས་པ་རེ་སྣང་ངོ་། །འཁོན་སྟོན་རྡོ་རྗེ་འཛིན་པ་དཔལ་འབྱོར་ལྷུན་གྲུབ་ཀྱིས། གསང་སྔགས་གསར་མ་བ་རྣམས་ཀྱི་སྐུ་གསུམ་ལམ་འཁྱེར་དུ་གྲགས་པ་སྔ་འགྱུར་གྱི་ཏིང་ངེ་འཛིན་རྣམ་གསུམ་དུ་ཚང་ཞེས་གསུང་བ་སྙིང་ལ་བཅང་བར་བྱའོ། །འོ་ན་ཏིང་ངེ་འཛིན་རྣམ་གསུམ་སོགས་རྒྱུ་རྐྱེན་ལས་རིམ་གྱིས་གསལ་འདེབས་པ་ཡིན་ནམ་སྙམ་ན། སྐབས་འདིར་དེ་ནི་མ་ཡིན་ཏེ། རྫོགས་ཆེན་ལྟར་ཏིང་ངེ་འཛིན་རྣམ་གསུམ་སྐུ་གསུམ་དང་སྦྱར་བའི་གསལ་སྟོང་གཉིས་སུ་མེད་པའི་སྤྲོས་བྲལ་སྟོང་ཉིད་རིག་པ་རང་གསལ་གྱི་ངང་དུ་གསལ་བར་བྱ་བ་ཡིན་ནོ། །གཉིས་པ་ལ། འབྱུང་བཞི་རི་རབ། གཞལ་ཡས་ཁང་དངོས། གདན་དང་གསུམ་ལས། དང་པོ་ནི། འབྱུང་བཞིའི་དཀྱིལ་འཁོར་བརྩེགས་སྟེང་སོགས་ཀྱིས། རིག་པ་རང་གསལ་གི་ངང་ལས་ནམ་མཁའ་སྟོང་པ་དངོས་མེད་ལ་རླུང་གི་དཀྱིལ་འཁོར་ཆགས། མེ་འོད་རབ་ཏུ་འབར་ཞིང་། ཁྲག་གི་རྒྱ་མཚོའི་རྦ་རླབས་འཁྲུགས་པ། མཆོག་ཕྲན་ཞིང་གི་ས་གཞི་ཡངས་པའི་སྟེང་དུ་ཀེང་རུས་ཀྱི་རི་རབ་གསལ་འདེབས་པ་ཡིན་ལ། དེའང་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་སྒྲུབ་ཐབས། ལྕགས་སྡིག་ལས་བྱང་ཆེན་མོ། རྗེ་སྒྲོལ་མ་པའི་ལས་བྱང་རྣམས་སུ་འབྱུང་བཞི་རི་རབ་གསལ་འདེབས་ཀྱི་ཚིགས་བཅད་སྔགས་དང་(༡༦བ)


GLG023_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཡོད་ཅིང་། དེའང་ལྕགས་སྡིག་ལས་བྱང་དུ། གསེར་གྱི་ས་གཞི་ཞེས་དང་། རྗེ་སྒྲོལ་མ་བའི་དེར་ཞིང་གི་ས་གཞི་ཞེས་སོགས་ཅུང་ཟད་འདྲ་མིན་སྣང་ལ། ལས་བྱང་ཆེན་མོ་རྣམ་ངེས་དང་བཅས་པར་ཚིག་དངོས་སུ་མ་ཐོན་པ་ནི་དོན་གྱིས་ཡོང་བ་ལ་དགོངས་པས། འདིར་ལས་དང་པོ་པ་ལ་གསལ་བའི་ཕྱིར་བརྗོད་པ་ཡིན་ནོ། །གཉིས་པ་ནི། གཞལ་ཡས་ཁང་། བཀོད་ལེགས་སོགས་ཏེ། རྒྱལ་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡེ་ཤེས་ཆེན་པོའི་གནས་མཐའ་དང་དབུས་མེད་པ། རྒྱ་མ་ཆད་པ། ནམ་མཁའི་མཐའ་དང་མཉམ་པ། ཕྱི་དང་ནང་མེད་པ། ཀུན་ཏུའང་ནང་དུ་གྱུར་པ། ཡེ་ཤེས་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་པ། ཕྱོགས་བཞིར་སྒོ་བཞི་རྟ་བབས་དང་བཅས་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་ལ་ལྷ་མོ་རྣམས་གར་བྱེད་པ། རྩིག་སྟེང་ནས་ཐོད་པའི་ཕ་གུ་འཕྱར་ཅན་དུ་གནས་པ་ལ་ཐོད་པའི་ཕྲེང་བ། སྦྲུལ་ནག་གི་སྲད་བུས་དཀྲིས་པའི་དྲ་བ་དང་དྲ་ཕྱེད་འཕྱང་བ། རྒྱུ་མའི་ལྡ་ལྡི། ཙིཏྟའི་ཕོ་ལོངས་ཅན། རོ་རས་ལས་གྲུབ་པའི་མདའ་ཡབ། རུ་ཆེན་གྱི་མཆོད་རྟེན་སྦྲགས་པའི་པུ་ཤུད། མི་མགོའི་ཏོག་དང་བཅས་པ། འོབས་ཆེན་བཅུ་དྲུག །དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཁོར་ཡུག་དང་ལྡན་པའི་ཕྱི་རོལ་ཏུ་རྡོ་རྗེའི་གུར་ཁང་མེ་རབ་ཏུ་འབར་བ། དེའང་དབུས་ཀྱི་ཕོ་བྲང་གྲུ་གསུམ་མཐིང་ནག་ལ་ཐོད་ར་ཟླུམ་པོས་བསྐོར་བ། ཟླ་གམ་དམར་པོ་གསུམ་དང་ལྡན་པ། དེའི་ཕྱི་རོལ་ན་ཐོད་པའི་མཁར་བཞི། དེའི་ཕྱི་རིམ་ན་ལྕགས་མཁར་བརྒྱད། དེའི་ཕྱི་རིམ་ན་ལྕགས་མཁར་བཅུ་གཉིས། མུ་ཁྱུད་(༡༧ན)


GLG023_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་པོས་བསྐོར་བ། གྲུ་ཆད་བཞི་བར་ཁྱམས་དང་བཅས་པ། ཐོད་པ་རིན་པོ་ཆེ་ལས་གྲུབ་པ། ནང་ཞིང་ཆེན་པོ་བརྒྱད་ཀྱི་ཀ་བ། ལྷ་ཆེན་པོ་བརྒྱད་ཀྱི་གདུང་མ། ཀླུ་ཆེན་པོ་བརྒྱད་ཀྱི་ལྕམ། རྒྱུ་སྐར་གྱི་དྲལ་མ། དམ་རྫས་བདུད་རྩི་ལྔའི་ཐོག་ཞལ་བྱས་པ་ཞིང་གི་སྒོ་འགེབ། བ་དན་གྱི་ཀ་རྒྱན། རུས་སྦལ་གྱི་ཁ་གདན། ཉི་ཟླའི་ཀ་གཞུ། སྦྲུལ་གྱི་སྐྱེས་བུ། ཁྱུང་གི་ཡ་ཕུབ། ཆུ་སྲིན་གྱི་སྔ་ཐེམ་ལ་སོགས་པ་དང་། གནམ་ལྕགས་འབར་བའི་གཟེར་བཏག་ལ། དབུས་ཀྱི་གཙང་ཁང་ཕྱུར་བུར་གྱུར་པའི་རྩེ་མོ་རབ་ཏུ་མཐོ་བའོ། །དེ་སྐད་དུ་མན་ངག་རྩ་བ་ལས། ཨ་ཡི་ཕོ་བྲང་ཟླ་གམ་གསུམ། །ཐོད་པའི་མཁར་བཞི་འཁོར་ལོ་བརྒྱད། །ལྕགས་མཁར་བཅུ་གཉིས་བར་ཁྱམས་བཞི། །སྒོ་བཞི་རྟ་བབས་བརྒྱད་དང་ལྡན། །འོབས་ཆེན་བཅུ་དྲུག་རྡོ་རྗེའི་གུར། །བྱས་པ་མེད་པར་ལྷུན་གྱིས་གྲུབ། །བཤིག་པ་མེད་པར་ངང་གིས་སྟོང་། །ཞེས་དང་། ཨ་མུ་ཀ་ཕུང་བའི་རྒྱུད་ལས། དབུས་སུ་གྲུ་གསུམ་མཐིང་ནག་ལ། །ཟླ་གམ་དམར་པོ་གསུམ་དང་ལྡན། །ཐོད་མཁར་ཆེན་པོ་བཞི་དང་ནི། །ཕྱི་རིམ་ལྕགས་མཁར་བཅུ་གཉིས་དང་། །འོབས་ཆེན་བཅུ་དྲུག་དག་གིས་བསྐོར། །ཕྱི་ནང་མེད་པར་ཁྱབ་ཅིང་གསལ། །གྲུ་ཆད་ཡེ་ཤེས་སྣམ་བུར་ལྡན། །སྒོ་བཞི་རྟ་བབས་དག་དང་བཅས། །དྲ་བ་དྲ་བྱེད་ཆུན་འཕྱང་དང་། །ལྡ་ལྡི་ཙིཏྟ་ཕོ་ལོང་འཕྱང་། །ཐོད་པ་རིན་པོ་ཆེ་ལས་གྲུབ། །རྩེ་མོ་རབ་ཏུ་མཐོ་བའོ། །ལྷ་བརྒྱད་ཀླུ་བརྒྱད་རྒྱུ་སྐར་དང་། །ཞིང་དང་བམ་ཆེན་རུས་སྦལ་དང་། །ཉི་ཟླ་ཁྱུང་དང་ཆུ་སྲིན་སྦྲུལ། །སོགས་(༡༧བ)


GLG023_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པས་རབ་ཏུ་བརྒྱན་པའོ། །གནམ་ལྕགས་འབར་བས་རབ་ཏུ་བརྒྱན། ཁ་ཁྱེར་ལྷ་ཚོགས་མང་པོས་མཛེས། །ཞེས་པ་ལྟར་རོ། །ལྕགས་མཁར་བརྒྱད་རྒྱུད་འདིར་མི་གསལ་ཡང་། མན་ངག་རྩ་བར། འཁོར་ལོ་བརྒྱད། ཅེས་གསལ་བར་བྱུང་ལ། དེའང་འཁོར་ལོ་བརྒྱད་ཅེས་པ་བྲི་བྱའི་དབང་དུ་བྱས་པའི་གདན་གྱི་རྩིབས་ཡིན་གྱི། སྒོམ་དོན་ལ་བསླང་བའི་ཚེ་འདིའང་ལྕགས་མཁར་དུ་ལེགས་སོ། །དུར་ཁྲོད་བརྒྱད་མན་ངག་རྩ་བར་དངོས་སུ་མི་སྣང་ཡང་། ཟླ་གསང་རྩ་བའི་རྒྱུད་ལས། དུར་ཁྲོད་ཆེན་པོ་བརྒྱད་ལྡན་བསམ། །ཞེས་འབྱུང་བས། དེའང་སྐབས་དོན་གཞལ་ཡས་ཁང་ཐོད་པ་བམ་རོ་ལ་སོགས་པ་དུར་ཁྲོད་རྒྱུ་ལས་གྲུབ་པར་དགོངས་པ་ཡིན་པར་སེམས་ཏེ། ལྕགས་སྡིག་ལས་བྱང་དུ། ཨེ་ལས་བྷྲ྄྄ུཾ་ཆད་དུར་ཁྲོད་གཞལ་ཡས་ཁང་། །ཞེས་འབྱུང་བ་ལྟ་བུས་མཚོན་ཏེ་ཤེས་ལ། དེར་མ་ཟ་དུར་ཁྲོད་ཆེན་པོ་བརྒྱད། བཀོད་པ་ཟླ་གསང་གི་ལུང་འདིས་བསྒྲུབ་ནུས་ཤིང་། བླ་མ་རྣམས་ཕྱག་ལེན་དུའང་མཛད་པས་ལེགས་སོ། །དེ་ལྟ་བུའི་གཞལ་ཡས་ཁང་དབང་ཆེན་ཡབ་ཡུམ་ལྔ་ལ་སོགས་པ་རྒྱུ་རྐྱེན་ལས་བསྐྱེད་པ་མ་ཡིན་ཏེ། གཞལ་ཡས་ཁང་ཡེ་ནས་ལྷུན་གྲུབ་ཏུ་གནས་པ་གསལ་འདེབས་པ་ཡིན་ནོ། །དེ་སྐད་དུའང་རྒྱུད་ལས།རང་བཞིན་མི་གནས་མཉམ་ཉིད་ལས། །ལྷུན་གྲུབ་ཡེ་ཤེས་གཞལ་ཡས་ཁང་། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །ཞེས་གསུངས་སོ། །གསུམ་པ་ནི། ཀླུ་གཉན་ས་བདག་ཅེས་སོགས་ཀྱིས། གཞལ་ཡས་ཁང་གི་དབུས་སུ། ཀླུ་མཐོང་བའི་དུག་ཅན་སྦྲུལ་འབུམ། །གཉན་རྭའི་དུག་ཅན་སྡིག་པ་ཁྲི། ས་བདག་(༡༨ན)


GLG023_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མཆེ་པའི་དུག་ཅན་སྦལ་པ་སྟོང་། དུག་གསུམ་རང་གནས་ཀྱི་ཁྲི་སྡེ་བརྒྱད་དང་བཅས་པའི་སྟེང་དུ་ཕྱོགས་སྐྱོང་བཅུ་མགོ་ཕྱོགས་ཕྱོགས་སུ་བསྟན་ཏེ་རྐང་པ་དབུས་སུ་བསྣོལ་བའི་ཁར། །རུ་དྲ་ཕོ་མོ་བྱི་བཅིངས་སུ་བསྣོལ་པ། མ་ཧེ་གླང་རྒོད་བརྒྱད་ཀྱིས་བརྫིས་པའི་སྟེང་དུ་པདྨ་ཟླ་བ་ཉི་མའི་གདན་ནི་གཙོ་བོའི་གདན་ནོ། །ཇི་སྐད་དུའང་། མན་ངག་རྩ་བ་ལས། ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །ཕྱོགས་སྐྱོང་རུ་དྲ་མ་ཧེ་བརྒྱད། །ཉི་ཟླ་པདྨ་བརྩེགས་པའི་གདན། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །ཞེས་འབྱུང་ངོ་། །དེའང་རླུང་གི་ཟས་ཅན་སྦྲུལ། ངུར་འཆི་སྡིག་པ། འཕར་འགྲོ་སྦལ་པ། འཇིགས་པ་བཅུ་པ་མ་ཧེའི་མིང་དུ་སྔོན་གྱི་བརྡར་གྲགས་པ་ལྟར་ལས་བྱང་དུ་བཀོད་པའོ། །འཁོར་གྱི་ལྷའི་གནས་སུ། ཉི་མའི་སྟེང་དུ་བམ་རློན་པ་མགོ་གཡས་སུ་བསྟན་པ་རེ་བསྒོམ་པར་བྱ་སྟེ། དགོངས་རྒྱུད་ལས། གཞན་ན་ཞིང་རྐང་ཉི་མར་བཅས། །ཞེས་འབྱུང་ལ། ཡང་ན་ཆེད་དུ་བསྒོམ་མི་དགོས་ཏེ། གདན་དང་ཆས་ཡིན་པས་སོ། །ཞེས་ཀྱང་གསུང་ངོ་། །གསུམ་པ་བརྟེན་པ་ལྷའི་འཁོར་ལོ་བསྒོམ་པ་ལའང་། དཀྱིལ་འཁོར་སྐད་ཅིག་གིས་བསྒོམ་ཚུལ་བསྟན་པ། གཙོ་བོ་བསྟན་པ། འཁོར་བསྟན་པའོ། །དང་པོ་ནི། རྒྱུ་རྐྱེན་དང་བྲལ་རང་ཉིད་སྐད་ཅིག་གིས། །ཞེས་པས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་། ཏིང་འཛིན་གསུམ་མམ་མངོན་བྱང་ལྔ་ལ་སོགས་པ་རྒྱུ་རྐྱེན་ལས་རིམ་གྱིས་བསྐྱེད་པ་ནི་མ་ཡིན་ཏེ། ཆུ་ལས་ཉ་ལྡང་བ་ལྟ་བུའི་ཚུལ་དུ་སྐད་ཅིག་གིས་གསལ་འདེབས་པ་ཡིན་པས། རྒྱུད་ལས། མི་རྟོག་དབྱིངས་ལས་ཐུགས་རྗེ་ཆེན་པོ་བཞེངས། རྒྱུ་རྐྱེན་(༡༨བ)


GLG023_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་རང་བཞིན་ཆོས་ཀྱི་སྐུ། །ཞེས་འབྱུང་ལ། དེའང་སློབ་དཔོན་བྷ་སུ་དྷ་རས། སྤྱིར་ལྕགས་འདྲ། ཐོག་འདྲ། གནམ་ཐོག་ཆེན་པོ་དང་གསུམ་ལས། འདིར་གནམ་ཐོག་ཆེན་པོའི་ལམ་སྲོལ། གཞལ་ཡས་ཁང་ལྷུན་གྲུབ། ལྷ་ཀོག་བཞེངས་སྔགས་ཐུག་ཕྲད་དུ་བཞེད་པ་ཡིན་ནོ། །གཉིས་པ་གཙོ་བོ་ལའང་། རྩ་བའི་ལྷ་དྲུག་བསྒོམ་པ། རྒྱན་གྱི་ལྷ་བརྒྱད་བསྒོམ་པ། གོ་ཆའི་ལྷ་བཀོད་པའོ། །དང་པོ་ནི། ཁྲོ་རྒྱལ་ཀུན་ཀྱང་སྐྲག་བྱེད་གཤིན་རྗེའི་གཤེད། །ཅེས་སོགས་ཀྱིས། རང་གི་རིག་པ་སྐད་ཅིག་གིས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་རྒྱལ་བ་ཀུན་གྱི་སྤྱིའི་གཟུགས་ཅན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་སྲིད་གསུམ་ཟིལ་གྱིས་གནོན་ཅིང་། དྲེགས་པ་ཅན་ཐམས་ཅད་དབང་དུ་སྡུད་པའི་བདག་ཉིད་ཅན། ཤིན་ཏུ་ཁྲོས་ཤིང་རྔམ་པ། སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། ཞལ་གཡས་དཀར། གཡོན་དམར། དབུས་མཐིང་བ། ཕྱག་དྲུག་གི་གཡས་དང་པོ་འཁོར་ལོ། བར་པ་རལ་གྲི། ཐ་མ་རྡོ་རྗེ། གཡོན་གྱི་དང་པོ་བེ་ཅོན། བར་པ་གཏུན་ཤིང་། ཐ་མ་སྡིགས་མཛུབ་ཅན། ཞབས་བཞི་གཡས་བརྐྱང་གཡོན་བསྐུམ་དོར་སྟབས་སུ་བགྲད་པ། ནམ་མཁའི་ལམ་ཐམས་ཅད་ཁྱབ་པའི་རྡོ་རྗེའི་གཤོག་པ་གདེང་བ། ཞལ་གདངས་པ། མཆེ་བ་གཙིགས་པ། ལྗགས་སློག་པ། སྤྱན་དགུ་མེའི་ཕུང་པོ་ལྟར་འབར་བ། དབུ་སྐྲ་སྨ་ར་བ་སྤུ་ཐམས་ཅད་རྡོ་རྗེའི་མེ་འབར་བ། བདུད། སྲིན་པོ། བཙན། རྒྱལ་པོ། མུ་སྟེགས་ཀྱི་ཐོད་པ་སྐམ་པོ་ལྔས་དབུ་རེ་རེ་བཞིན་བརྒྱན་པ་ལ་རིགས་ལྔའི་ཁྲོ་བོ་བཞུགས་


GLG023_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཀླུ་ཆེན་པོ་བརྒྱད་ཀྱི་མགོ་བོ་དང་། ཐོད་རློན་གྱི་ཕྲེང་བ་ལྔ་བཅུ་ཚར་གསུམ་གྱི་དོ་ཤལ་ཅན་རིན་པོ་ཆེའི་རྒྱན་དང་། ཀླུ་རྒྱལ་རིགས་ཀྱིས་སྙན་ཆ། རྗེ་རིགས་ཀྱིས་མགུར་ཆུ། བྲམ་ཟེའི་རིགས་ཀྱིས་ཕྱག་གདུབ། དམངས་རིགས་དང་གདོལ་པའི་རིགས་ཀྱིས་ཞབས་གདུབ་དང་སྐ་རགས་ལ་སོགས་པའི་རྒྱན་རྣམས་བྱས་ཤིང་། གདན་དུའང་བཏིང་ལ། སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི་དང་། གླང་ཆེན་གྱི་ཀོ་རློན། སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་གསོལ་བ། ཐུགས་ཀར་ཞག་གི་སོར་རིས། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་ལ་རཀྟའི་ཐིག་ལེས་བྱུགས་པ། འབར་བའི་གར་དགུའི་ཉམས་དང་ལྡན་ཞིང་། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པར་གསལ་འདེབས་སོ། །དེའང་སྙིང་འཛིངས་ལས། སྦྲུལ་དང་རིན་ཅེན་འབར་བ་དང་། །དྲེགས་པའི་མགོ་ཅན་ཕྲེང་བས་བརྒྱན། །ཀླུ་རིགས་དུ་མས་སྐུ་ལ་སྤྲས། །ཞེས་པ་ལས་གཞན་པའི་རྒྱན་ཆ་གསལ་བ་མ་བྱུང་ཞིང་། སྒྲུབ་ཐབས་དང་རྗེ་སྒྲོལ་མ་བའི་ལས་བྱང་རྣམས་སུའང་། དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་རྣམས་ཚིག་ཟིན་ལ་དངོས་སུ་མེད་པ་སོགས་ཀྱིས། ལྗོངས་འདིའི་ཚེ་བདག་མཁན་པོའི་ཁུར་གྱིས་ངལ་བ་མང་པོ་ཞིག་སྒོམ་དོན་འཕྱུགས་པར་མངོན་ཏེ། བྲི་བྱ་ལའང་ཟིལ་གནོན་གྱི་སྐུ་གཤོག་པ་སོགས་རྒྱན་མ་ཚང་བ་མང་དུ་བྲིས་སྣང་ངོ་། །དེའང་དགོངས་རྒྱུད་ལས། གླང་ཆེན་ལ་སོགས་དུར་ཁྲོད་ཆས། །ཞེས་དང་། ཚུལ་དགུ་ཆས་དགུ་རྒྱན་དགུ་དང་། །ཞེས་དང་། ལྕགས་སྡིག་ལས་བྱང་དུ། དུར་ཁྲོད་ཆས་བརྒྱད་རྡོ་རྗེའི་(༡༩བ)


GLG023_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

གཤོག་པ་གདེངས། །ཞེས་པ་རྣམས་ཀྱིས། དུར་ཁྲོད་ཀྱི་ཆས་བརྒྱད་དང་། རྡོ་རྗེའི་གཤོག་པ་སོགས་དཔལ་གྱི་ཆས་བརྒྱད་དམ་དགུའང་བཤད་ཅིང་། དེ་དག་གི་དོན་མན་ངག་རྩ་བར། དཔལ་གྱི་ཆས་དང་དུར་ཁྲོད་ཆས། །ཞེས་འབྱུང་བ་ལྟར། བླ་མ་རྣམས་ཕྱག་ལེན་དུ་མཛད་པས་འདིར་ཡང་། དཔལ་གྱི་ཆས་བརྒྱད་དུར་ཁྲོད་རྒྱན་རྣམས་ཀུན། །ཞེས་བཀོད་པ་ཡིན་ནོ། །གཙོ་བོའི་གཡོན་དུ་ཡུམ་རྡོ་རྗེ་ཁྲོས་མ་སྔོ་ནག་རབ་ཏུ་ཁྲོས་ཤིང་རལ་པ་མུན་ལྟར་གཏིབས་པའི་ཟར་བུ་ལ་མུ་ཏིག་སོགས་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པ། ཕྱག་གཡས་ཙིཏྟ་ཐོགས་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་བྷནྡྷ་རཀྟས་གང་བ་གཙོ་བོ་ལ་སྟོབ་པ། ཁྲོ་མོའི་ཆ་ལུགས་རྒྱན་དང་ལྡན་པའོ། །དེའང་ཡུམ་གྱི་སྐུ་མདོག་རས་བྲིས་ཁུངས་མ་འགའ་ཞིག་ན་སྔོ་ནག་ཏུ་སྣང་བ། གཙོ་བོའི་སྐུ་མདོག་དང་ཚོན་མདོག་མི་འདྲེས་པ་དང་། དོན་གྱི་ཆ་ལ་འགལ་བ་མེད་པའི་དབང་གིས་མཛད་འདུག་ལ། སྒོམ་དོན་དུའང་རིགས་འགའ་ཞིག་ལ་གཙོ་བོ་སྐུ་མདོག་མཐིང་ནག་ལ། སྐུ་ལ་འཁྲིལ་བའི་ཡུམ་སྔོ་ནག་ལྟ་བུར་བྱས་པ་དམིགས་པ་གསལ་བའང་ཡོད་པས་ལས་བྱང་དུ་བཀོད་པ་ཡིན་ལ། གཞན་མ་མན་ངག་རྩ་བ་དང་། ཆོས་རྗེ་སྒྲོལ་མ་བའི་ལས་བྱང་གཉིས་ཀར། མཐིང་ནག་ཅེས་བཤད་འདུག་པ་ལྟར། སྒོམ་དོན་དུ་མཐིང་ནག་བྱས་ཀྱང་ལེགས་པར་མངོན་ནོ། །གཙོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ། གསོད་བྱེད་སྲས་མཆོག་ཡ་མ་རཱ་ཙ་སྐུ་མདོག་སྨུག་ནག་རབ་ཏུ་འཇིགས་ཤིང་རྔམ་པ། ཕྱག་གཡས་གསེར་གྱི་འཁོར་ལོ་རྩིབས་བཅུ་པ་དང་། གཡོན་དགྲ་བགེགས་ཀྱི་དོན་སྙིང་(༢༠ན)


GLG023_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་པ། ཞབས་བམ་གྱི་གདན་ལ་བགྲད་པ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་དྲེགས་པའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་རྩེ་དགུ་པ་དང་། གཡོན་སྙིང་ཕྲེང་འཛིན་པ། ཞབས་དོར་སྟབས་སུ་བགྲད་པས་གདུག་པའི་དགྲ་བགེགས་མནན་པའོ། །དེའང་ལས་བྱང་དུ། གསུམ་པའང་། རིན་ཅེན་སྦྲུལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞེས་པའི་དོན། ཡུམ་སྲས་མཆོག །དྲེགས་པ་གསུམ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའི་དོན་ཏེ། ཕྱི་མ་གཉིས་སྦྲུལ་དང་རིན་པོ་ཆེ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་རྣམ་ངེས་ལས་དངོས་སུ་གསལ་ཞིང་། ཡུམ་ལ་དུར་ཁྲོད་ཀྱི་ཆས་ཞེས་དངོས་སུ་གསལ་བ་མ་བྱུང་ཡང་། ཁྲོ་མོའི་ཆ་ལུགས་ཞེས་པས་དོན་གྱིས་ཐོན་ཞིང་། རྗེ་སྒྲོལ་མ་བའི་ལས་བྱང་དུ། མཐིང་ནག་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞེས་གསལ་བར་བྱུང་ངོ་། །དེའི་ཐུགས་ཀར་པདྨའི་གདན་ལ་བྱ་བ་ནན་ཏན་ཡེ་ཤེས་ཀྱི་ངོ་བོ་རུས་སྦལ་ཁྲོས་པ་ཤིན་ཏུ་རྔམ་པ་འཇིགས་བྱེད་ཆེན་པོ་ཁ་ཐུར་དུ་བལྟས་པ། ལྟོ་བ་ན་སྲིད་པ་གསུམ་གྱི་ཚེ་སྲོག་འཆང་བའོ། །ཡ་མ་རཱ་ཙ་ལ་ཉི་གདན། ཕྱག་ན་རྡོ་རྗེ་ལ་ཟླ་གདན། རུས་སྦལ་ལ་པདྨའི་གདན་བྱ་བར་འཁོར་ནག་ལས་བཤད་དོ། །གཙོ་བོའི་སྤྱི་བོར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཁྱུང་དཀར་པོ་འདབ་གཤོག་རལ་གྲི་གནམ་ལྕགས་འབར་བའི་མཆུ་སྡེར་ཅན་རྭ་བགྲད་པ། སྤྱི་བོའི་གཙུག་ན་ནོར་བུ་རིན་པོ་ཆེས་བརྒྱན་པ། གདུག་པ་ཅན་ཐམས་ཅད་འདུལ་ཞིང་སྦྲུལ་ཟ་བའོ། །དེ་དག་ནི་རྩ་བའི་ལྷ་དྲུག་སྟེ། མན་ངག་རྩ་བར། དྲུག་པ་རྡོ་རྗེ་འཆང་ཆེན་པོ། །(༢༠བ)


GLG023_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཅན། །མཐིང་ནག་ཟིལ་གནོན་དྲེགས་པ་འདུལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །འཁོར་ལོ་རལ་གྲི་རྡོ་རྗེ་གཡས། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་འབར། །རིགས་ལྔའི་ཁྲོ་བོས་དབུ་ལ་བརྒྱན། །དཔལ་གྱི་ཆས་བརྒྱད་དུར་ཁྲོད་བརྒྱན། །ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །མཐིང་ནག་ཙིཏྟ་བྷན་དམར་ཐོགས། །ཡེ་ཤེས་བཞི་ཡི་སྤྲུལ་པ་ནི། །ཐུགས་ཀར་ཡ་མ་རཱ་ཙ་སྟེ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །སྨུག་ནག་འཁོར་ལོ་ཙིཏྟ་འཛིན། །ཡ་མའི་ཐུགས་ཀར་དྲེགས་པའི་བདག །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །ལྗང་ནག་རྡོ་རྗེའི་སྙིང་ཕྲེང་འཛིན། །དྲེགས་པའི་ཐུགས་ཀར་ཁྱམས་ཁང་སྟེ། །བྱ་བ་ནན་ཏན་ངོ་བོ་ཉིད། །འཇིགས་བྱེད་ཆེན་པོ་ཐུར་དུ་བལྟ། །ལྟོ་བ་སྲིད་གསུམ་ཚེ་སྲོག་འཆང་། །སྤྱི་གཙུག་མཁའ་ལྡིང་གདུག་པ་འདུལ། །སོ་སོར་རྟོག་པའི་ངོ་བོ་ཉིད། །དཀར་པོ་ཟིལ་གནོན་རོ་ཉེ་ཟ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྤྲུལ་པ་གྱད་གནོན་གྱི་ལྷ་བརྒྱད་ནི། ཕྲག་གོང་སྨུག་ནག་ཁྱུང་གཉིས་གཤོག་པ་བརྡེག །ཅེས་སོགས་ཀྱིས། གཙོ་བོའི་ཕྲག་གོང་གཉིས་སུ་ཁྱུང་སྨུག་ནག་འདབ་གཤོག་བརྡེབ་ཅིང་སྦྲུལ་ཟ་བ་གཉིས། ནུ་ཁ་གཉིས་སུ་སེང་གེ་འགྱིང་ཞིང་རབ་སྤྲུག་པ་གཉིས། སོགས་ཁ་གཉིས་སུ་སྟག་མོ་རོ་ཟ་ཞིང་ཤ་ཁྲག་གློ་སྙིང་ནང་ཁྲོལ་ལ་རྔམ་པ་གཉིས། སྟ་ཟུར་གཉིས་སུ་དུག་སྦྲུལ་ནག་པོ་ལྕེ་གཉིས་བསྐྱོད་ཅིང་གདུག་པའི་ཁ་རླངས་འབྱིན་པ་གཉིས་སོ། །དེ་དག་ནི་རྒྱན་གྱི་ལྷ་བརྒྱད་དེ། མན་ངག་རྩ་བ་ལས། ཕྲག་གོང་སྨུག་ནག་འཇིགས་པའི་ཁྱུང་། །སོག་ཁར་སྟག་མོ་རོ་ལ་རྔམ། །(༢༡ན)


GLG023_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་ཁར་སེང་གེ་རལ་པ་སྤྲུག །སྟ་ཟུར་སྦྲུལ་ནག་ཁ་རླངས་འབྱིན། །ཞེས་གསུངས་སོ། །དེའང་རྩ་བར་སྟག་སྔོན་དུ་བྱུང་ཞིང་། སྒྲུབ་ཐབས་དང་རྗེ་སྒྲོལ་མ་བའི་ལས་བྱང་དུ་སེང་གེ་སྔོན་ལ་བྱུང་བ་ནི་གང་བདེ་བྱས་པས་འགལ་བ་མེད་དོ། །དེའང་། སྙིང་པོ་དོན་གྱི་གསང་རྒྱུད་ལས། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རྡོ་རྗེ་འཆང་གི་སྤྱི་གཟུགས་ཅན། །མ་སྐྱེས་ངང་ལས་རང་བཞིན་འཆར། །ཕྱག་རྒྱ་ཀུན་གྱི་ཟིལ་གནོན་ཡིན། །ཞེས་གསུངས་སོ། །གསུམ་པ་གོ་ཆ་ནི། ལྷུན་པོ་ལྟར་བརྗོད་གཙུག་ཏུ་ཧཱུྃ་མཛད་དང་། །ཞེས་སོགས་ཀྱིས། གཙོ་བོའི་སྐུ་རི་རབ་ལྟ་བུར་བརྗིད་པའི་སྤྱི་གཙུག་ཏུ་ཧཱུྃ་མཛད། མགྲིན་པར་རྟ་མགྲིན། ལྟག་པར་རྣམ་རྒྱལ། དཔུང་བ་གཡས་སུ་གཤིན་རྗེ་གཤེད། གཡོན་དུ་བདུད་རྩི་འཁྱིལ་པ། བརླ་གཡས་སུ་དབྱུག་སྔོན་ཅན། གཡོན་དུ་གཞན་གྱིས་མི་ཐུབ་པ། ལྟེ་བར་མི་གཡོ་བ། དཔྱི་མཚམས་སུ་ཁམས་གསུམ་རྣམ་རྒྱལ། གསང་གནས་སུ་སྟོབས་པོ་ཆེའོ། །དེ་སྐད་དུ་མན་ངག་རྩ་བ་ལས། རི་རབ་ལྟ་བུར་བརྗིད་པ་ཡི། །ལུས་ལ་ཁྲོ་བཅུ་རྫོགས་པར་བསྒོམ། །སྟེང་དང་ཕྱོགས་བཞིའི་ཁྲོ་བོ་ནི། །སྤྱི་གཙུག་མགྲིན་པ་ལྷག་པ་དང་། །དཔུང་པ་གཡས་དང་གཡོན་ལ་བསྒོམ། མཚམས་བཞི་འོག་གི་ཁྲོ་བ་ནི། །བརླ་གཡས་གཡོན་དང་ལྟེ་བ་དང་། །དཔྱི་མཚམས་གསང་བའི་གནས་སུ་བསྒོམ། །ཞེས་སོ། །དེའང་སྟེང་དང་ཕྱོགས་བཞིའི་ཁྲོ་བོ་ལྔ་ནི། སྐུ་མདོག་མཐིང་ནག་ཞལ་ནང་དུ་གཟིགས་ནས་སྲུང་བའི་ལས་མཛད་པ། མཚམས་བཞི་འོག་གི་ཁྲོ་བོ་ལྔ་སྐུ་མདོག་ལྗང་ནག་ཞལ་ཕྱིར་གཟིགས་ནས་ཕ་རོལ་གྱི་བྱས་པ་(༢༡བ)


GLG023_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བཤིག་པའི་ལས་མཛད་ཅིང་། བཅུ་གའང་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་འཁོར་ལོ་དང་། གཡོན་སྡིགས་མཛུབ་མཛད་པ་ཡིན་ཏེ། ཆོས་རྒྱལ་དབང་པོའི་སྡེས། ཧཱུྃ་མཛད་རྟ་མགྲིན་རྣམ་རྒྱལ་གཤིན་རྗེ་གཤེད། །བདུད་རྩི་འཁྱིལ་རྣམས་མཐིང་ནག་ཞལ་ནང་གཟིགས། །འཁོར་ལོ་སྡིགས་པའི་མཛུབ་ཅན་སྲུང་བའི་ཕྱིར། །དབྱུག་སྔོན་གཞན་གྱིས་མི་ཐུབ་མི་གཡོ་མགོན། ཁམས་གསུམ་རྣམ་རྒྱལ་སྟོབས་ཆེན་རྣམས་ལྗང་ནག །འཁོར་ལོ་སྡིགས་མཛུབ་ཕྱིར་གཟིགས་བྱས་པ་བཤིག །ཅེས་པ་ལྟར་རོ། ཁྲོ་བོ་བཅུ་པོ་འདི་དག་གི་འགོད་ཚུལ་དང་། སྐུ་མདོག་ཕྱག་མཚན། སྙིང་འཛིངས་ཀྱི་སྒྲུབ་ཐབས་ལག་ཏུ་བླང་བའི་སྒྲོན་མེ་ཁྲག་འཐུང་ཞལ་གྱི་གདམས་པ་ལས། ཏིང་ངེ་འཛིན་གྱི་རྫས་བཟློག་ནག་པོ་ངར་གཅོད་ཀྱི་ལས་བྱ་ན། སྤྱི་བོའམ་སྨིན་མཚམས་སུ་ཧཱུྃ་མཛད། མགྲིན་པར་རྣམ་རྒྱལ། དཔུང་པ་གཡས་སུ་གཤིན་རྗེའི་གཤེད། ལྟག་མདུད་དུ་རྟ་མཆོག །དཔུང་པ་གཡོན་དུ་བདུད་རྩི་འཁྱིལ་པ། མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་འཁོར་ལོ་དང་སྡིགས་མཛུབ་ཅན། ཞལ་ནང་དུ་གཟིགས་པ་སྲུང་བའི་ཚུལ་ཅན། ལྟེ་བར་འདོད་པའི་རྒྱལ་པོ། དཔྱི་མཚམས་སུ་མི་གཡོ་བ། ཚང་སྟེང་དུ་གཞན་གྱིས་མི་ཐུབ་པ། དཔྱི་གཡོན་དུ་ཁམས་གསུམ་རྣམ་རྒྱལ། གསང་བར་རྡོ་རྗེ་གནོད་མཛེས་སྐུ་མདོག་ལྗང་ནག་ཏེ་ཞལ་གཅིག་ཕྱག་གཉིས་པ་འཁོར་ལོ་དང་སྡིགས་མཛུབ་ཞགས་པ་ཅན་ཞལ་ཕྱིར་གཟིགས་པ་ཕ་རོལ་གྱི་བྱས་པ་བཤིག་པའི་ཚུལ་ཅན་ནོ། །སྙིང་གི་དཀྱིལ་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་ཞི་བའི་རྒྱན་ཆས་ཅན། ཕྱག་ན་འཁོར་ལོ་དང་པདྨ་(༢༢ན)


GLG023_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པ་བདག་གི་ལུས་ངག་ཡིད་གསུམ་རྡོ་རྗེ་འཇིག་བྲལ་མང་བར་བྱིན་གྱིས་བརླབ་པའོ། །ཞེས་འབྱུང་ངོ་། །ཟླ་གསང་རྩ་བའི་རྒྱུད་ལས། བདག་ཉིད་ཕྱག་རྒྱ་ཆེན་པོའི་སྐུ། །རི་རབ་ཙམ་དུ་རབ་བསྒོམས་ལ། །གཉེན་པོ་ཡན་ལག་རྫོགས་པར་བསྒོམ། །སྤྱི་གཙུག་མགྲིན་པ་སྙིང་ག་དང་། ལྟེ་བ་དང་ནི་གསང་བ་ལྔར། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ། །བུ་ག་དགུ་རུ་མེ་འཚུབ་ནི། །དམར་ནག་འཁྱིལ་དང་འཚུབ་པར་བསྒོམ། །ཐུགས་ཀར་ཡ་མ་རཱ་ཛ་སྟེ། །ཕྱག་གཡས་དབྱུག་པ་སྔོན་པོ་ལ། །གཡོན་པ་ཊཱཀྐི་རཱ་ཛ་སྟེ། །གསང་སྒོར་བདུད་རྩི་འཁྱིལ་བ་བསྒོམ། །ཞབས་གཡས་འཁོར་ལོ་སྟོབས་པོ་ཆེ། །གཡོན་པ་མི་གཡོ་མགོན་པོའོ། །སྨིན་མར་ཧཱུཾ་མཛད་ལྟག་པར་དབང་། །གསང་བར་ལས་མཆོག་རྒྱལ་པོ་བསྒོམ། །ཞེས་འབྱུང་བ་དང་ཡང་དོན་མཐུན། ཡང་གཙུག་ཏོར་འཁོར་ལོས་སྒྱུར་བ་དྲག་སྔགས་ཨུར་མོ་ལས་བྱུང་བ་ལྟར་འབྲེལ་ཏེ། དེའང་མན་ངག་གི་འགྲེལ་པར། རང་ཉིད་མི་འཇིགས་པའི་གོ་བགོས་པ་ནི། རང་ལྷར་གསལ་བའི་ལུས་ལ་ཁྲོ་བཅུ་རྫོགས་པར་བསྒོམ་ཞིང་། ཞེས་དང་། དྲག་པོ་ཨེ་རིང་གི་རྩ་བ་ལས། འཁོར་ལོས་སྒྱུར་བའི་ཁྲོ་བོ་བཅུའི་ལས་སྔགས་དྲག་པོ་བསྡེབས་ལ་ཨུར་མེ་ངར་གཅོད་ཀྱི་དགོངས་པས་རང་སྲོག་བཙན་པོའི་མཁར་དུ་གཞུག་པ་དང་། ཞེས་སོགས་འབྱུང་། དེའང་ཧཱུཾ་མཛད་དགྲ་སྟ། རྣམ་རྒྱལ་འཁོར་ལོ། དབྱུག་སྔོན་དབྱུག་པ། གཤིན་རྗེ་བེ་ཅོན། མི་གཡོ་རལ་གྲི། རྟ་མགྲིན་པདྨ། འདོད་རྒྱལ་ལྕགས་ཀྱུ། བདུད་རྩི་འཁྱིལ་བ་རྒྱ་གྲམ། ཁམས་གསུམ་རྣམ་རྒྱལ་ཏྲི་ཤུ་ལ་སྟོབས་པོ་ཆེ་གཏུན་ཤིང་ངམ་རྡོ་རྗེ་(༢༢བ)


GLG023_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་པ། གཡོན་ཐམས་ཅད་སྡིགས་མཛུབ་བོ། །དྲག་སྔགས་ལས། ལྕགས་ཀྱུ་དབྱུག་པ་བེ་ཅོན་དང་། །རྩེ་གསུམ་པདྨ་རྡོ་རྗེ་དང་། །རལ་གྲི་དབྱུག་པ་དགྲ་སྟ་དང་། །རྡོ་རྗེ་རྩེ་གཅིག་བསྣམས་པ་སྟེ། །གཡོན་པ་ཐམས་ཅད་སྡིགས་མཛུབ་མཛད། །ཅེས་འབྱུང་ངོ་། །སྐུ་མདོག་ནི། ཁ་དོག་རིགས་དང་མཐུན་པའམ། །ཡང་ན་ཐམས་ཅད་སྔོ་ནག་གི །ཞེས་འབྱུང་ངོ་། །དེ་ནས། མགུར་ནས་ལོང་བུའི་བར་དུ་མཚོན་གང་གི །ཞེས་སོགས་ཀྱིས། སྐུའི་མགུར་ནས་ལོང་བུའི་བར་དུ་ཉི་མའི་གདན་ལ་བཞུགས་པའི་ཁྲོ་ཆུར་མེ་རླུང་ལས་ཀྱི་འཁོར་ལོ་བསྐོར་བས་གཏམས་པ། བ་སྤུའི་བུ་ག་ནས་རྡོ་རྗེའི་མེའི་ཚ་ཚ་འཕྲོ་བ། བུ་ག་དགུ་ནས་རྡོ་རྗེའི་ཐོག་དང་མེའི་འཚུབ་མ་སོགས་བཟོད་པར་དཀའ་བའི་འཁྲུལ་འཁོར་དང་སྤྲུལ་པའི་ཁྲོ་ཚོགས་དཔག་ཏུ་མེད་པ་འཕྲོས་པས། ཡ་མཐའ་རྒྱལ་བ་ཞི་ཁྲོ་མ་གཤིན་ཕུར་པ་ནས། མ་མཐའ་ས་བདག་འགོང་པོ་པེ་ཀར་དམ་སྲི་ཀླུ་དང་ཀླུ་བདུད་མཛེ་འདྲེ་ལ་སོགས་པའི་སྐྱེ་འགྲོ་དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་གནོན་ཅིང་སྟོབས་རྣམས་འཕྲོག་པའོ། །དེའང་མན་ངག་རྩ་བ་ལས། མགུར་ནས་ཞབས་ཀྱི་བར་དག་ལ། ཁྲོ་ཆུང་མཚོན་ཆ་ཐོགས་པས་གཏམས། །བ་སྤུ་རྡོ་རྗེའི་ཚ་ཚ་འཕྲོ། །བུ་ག་དགུ་ནས་རྡོ་རྗེ་ཡི། །ཐོག་དང་མེ་ཡི་འཚུབ་མ་འཕྲོ། །སྤྲུལ་པའི་ཁྲོ་ཚོགས་དཔག་མེད་འགྱེད། །ཞི་ཁྲོ་མ་གཤིན་ཕུར་པ་དང་། །ས་བདག་འགོང་པོ་པེ་ཀར་དང་། །དམ་སྲི་སྐྱེ་འགྲོ་ཐམས་ཅད་དང་། །ཀླུ་དང་ཀླུ་བདུད་མཛེ་ཡི་ནད། །ཟིལ་གྱིས་གནོན་ཅིང་སྟོབས་རྣམས་འཕྲོག །ཅེས་སོ། ཁྲོ་ཆུང་གི་ཕྱག་མཚན་གནུབས་(༢༣ན)


GLG023_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལས་རིམ་གསལ་སྒྲོན་ལས། མགུར་ནས་ཞབས་ཀྱི་ལོང་བུའི་བར། །ཡེ་ཤེས་ཁྲོ་ཆུང་མཚོན་རེ་བ། །རཾ་ཡཾ་ཀརྨ་ཙཀྲ་འཕྲོ། །སུཪྻའི་གདན་ལ་ཕྱི་ནས་བསྲུང་། །ཞེས་དང་། རྗེ་སྒྲོལ་མ་བས། ཚིག་དེ་བོད་སྐད་དུ་བསྒྱུར་ནས། མེ་རླུང་ལས་ཀྱི་འཁོར་ལོ་འཕྲོ། །ཉི་མའི་གདན་ལ་ཕྱི་ནས་བསྲུང་། །ཞེས་པ་ལྟར་ལས་བྱང་འདིར་ཡང་བཀོད་པ་ཡིན་ལ། རྩ་བར་མཚོན་ཆ་སྣ་ཚོགས་སུ་བཤད་པ་སྒོམ་དོན་ལ་གང་བདེ་དང་། གཉིས་ཀ་བྱས་ཀྱང་ཁྲོ་ཆུང་མཐའ་ཡས་པ་སྐྱེད་པ་མི་འགལ་བར་སེམས་སོ། །ཟླ་གསང་རྩ་བའི་རྒྱུད་ལས། མགུར་གྱི་བུམ་པ་མན་ཆད་ནས། །ཞབས་ཀྱི་ལོང་བུ་ཡན་ཆད་དུ། ཁྲོ་ཆུང་སེམས་དཔའ་མཚོན་གང་བ། །མདོག་ནག་མཚོན་ཆ་སྣ་ཚོགས་བསྣམས། །ཉི་མའི་འོད་སྟོང་ལྡན་པར་བསྒོམ། །ཞེས་སོ། །དེའང་རྣམ་ངེས་རིན་ཅེན་སྒྲོན་མེར། གང་ཞིག་མངོན་པར་རྟོགས་པ་བསྒོམ་ཞིང་འཕྲིན་ལས་བྱེད་པའི་ཚེ། མངོན་པར་རྟོགས་པའི་ཚིག་གི་ཕྲེང་བ་བཟུང་སྟེ། དེ་མ་བྱུང་གི་བར་དུ་ཚིག་རིས་ཡིད་ལ་བྱེད་ཅིང་འདོན་ལ། རྩོལ་མེད་དུ་བྱང་པོར་སོང་བའི་ཚེ། །ཡིད་རྒྱ་ཡན་དུ་བཏང་ནས་ཚིག་བྱང་ཡུད་ཙམ་གྱིས་རྫོགས་པར་བྱེད་ཅིང་། ཅུང་ཟད་སེམས་བཟུང་ནས་ཚིག་བཤར་བས་བརྗེད་པ་ལྟ་བུར་སོང་ནས་ཐོགས་པར་སྣང་བས་ན་བྱང་ཆ་དེ་འབྱུང་ཞེས་སྨྲ་བའི་མངོན་རྟོགས་བསྒོམ་པར་རློམ་པ་ལ་ནི་སྙིང་པོ་ཅིའང་མེད་དོ། །དེས་ན་དཀྱིལ་འཁོར་གྱི་མངོན་པར་རྟོགས་པའི་གནས་ལུགས་བློ་ཡུལ་དུ་འདྲིས་པར་བྱས་ནས་ཉམས་སུ་བླངས་པའི་ཚེ། བློ་ཆེ་ན་ཅིག་ཅར་དུ་ལམ་གྱིས་གསལ་(༢༣བ)


GLG023_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། བློ་ཆུང་དང་པོ་བས་རིམ་གྱིས་མཚན་མ་ཕྲ་མོ་ཡན་ཆོད་གསལ་འདེབས་ཤིང་། གསལ་འདེབས་ཀྱི་རྐྱེན་དུ་བརྗོད་པའི་ཚིག་བཤད་ལས་བྱང་ལྟར་བྱ་བ་ནི་རང་ཅག་གི་ཕྱག་ལེན་ཡིན་ལ། འོན་ཀྱང་མངོན་རྟོགས་ཀྱི་ཚིག་བཤད་ཞིབ་པོར་བརྗོད་པ་ཉིད་ཏིང་ངེ་འཛིན་གསལ་བའི་རྐྱེན་དུ་ངེས་པར་འགྲོ་བར་སྣང་ན། མངོན་རྟོགས་ཀྱི་ཚིག་སྒོམ་ཁོག་ལྟར་ངག་ཏུ་བརྗོད་པ་ལའང་ཉེས་པ་མེད་པར་སེམས་སོ། །ཞེས་གསུང་བ་ནི་དིང་དུས་ཀྱི་གསང་སྔགས་གསར་རྙིང་གི་མངོན་རྟོགས་བསྒོམ་ཞིང་འཕྲིན་ལས་བྱེད་པ་ཕལ་ཆེར་གྱི་རང་མཚང་དུ་གང་འབབ་ཤེས་ལྡན་དག་སྙིང་ལ་འཆོངས་ཤིག །གཉིས་པ་འཁོར་གྱི་ལྷ་བསྐྱེད་པ་བསྟན་པ་ལ། སྤྲུལ་པ་གསུམ་བསྐྱེད་པ། གཤེད་བཞི་བསྐྱེད་པ། མོན་བདུད་བསྐྱེད་པ། འཆི་བདག་བཅུ་གཉིས་བསྐྱེད་པ། བར་ཁྱམས་ཀྱི་སྤྲུལ་པ་བསྐྱེད་པ། སྒོ་བ་བཞི་བསྐྱེད་པ། ཕྱི་རོལ་འཁུ་ལྡོག་གི་འོབས་སྲུང་བསྐྱེད་པའོ། །དང་པོ་ནི། གཙོ་བོའི་གཡས་ཟུར་སྐུ་སྤྲུལ་འཆི་བདག་ནི། །ཞེས་སོགས་ཀྱིས། དབུས་ཀྱི་ཨའི་ཕོ་བྲང་མཐིང་ནག་རྩེ་མོ་ལྷོར་བསྟན་ནང་དུ་གདན་སྟེང་དུ་གཙོ་བོ་བཞུགས་པའི་གྲུ་གསུམ་ཐོང་ར་ཟླུམ་པོས་བསྐོར་བའི་ཟླ་གམ་གསུམ་གྱི་ལྷོ་ནུབ་གཙོ་བོའི་གཡས་ཟུར་དུ་སྐུ་སྤྲུལ་འཆི་བདག་བྱེ་བ་དགུ་རིང་དབུ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་སེར་གཡོན་དམར་བ། དབུས་དང་སྐུ་མདོག་སྔོ་ནག །ཕྱག་གཡས་པ་གསུམ་ན་ཐོད་དབྱུག །རལ་གྲི། དགྲ་སྟ་འཛིན་ཅིང་། གཡོན་གསུམ་ན་ཐོད་པ་མདུང་དང་ལྕགས་ཀྱི་རི་རབ་བམ་མེ་དཔུང་འཛིན་པ། ལྕགས་ཀྱི་ཁྲབ་གསོལ་ཞིང་། དུར་ཁྲོད་(༢༤ན)


GLG023_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆས་ཀྱིས་བརྒྱན་པ། མ་ཧེ་སྔོ་ནག་གི་སྟེང་དུ་འགྱིང་བ། ཡུམ་ཆེན་སྲིན་མོ་གསོད་བྱེད་མ་ཏྲི་ཤུལ་དང་ཐོད་པ་ཁྲག་གིས་གང་བ་འཛིན་པའོ། །དེ་ལྟར་ཨ་མུ་དང་ཟླ་གསང་ལས་བཤད་ཅིང་བསྐུལ་དང་མཐུན་པས་བདེ། ཕྱག་རྒྱ་གསལ་སྒྲོན་དུ། གཡས་གསུམ་རལ་གྲི་ཞིང་དབྱུག་ལྕགས་ཀྱི་རི་རབ། གཡོན་གསུམ་བེ་ཅོན་ལྕགས་ཀྱུ་རྡོ་རྗེའི་རྒྱ་གྲམ་འཛིན་ཅིང་། ཆུ་གླང་ནག་པོ་ལ་གཞོན་པར་བཤད་དོ། །དགོངས་རྒྱུད་ལས། རང་ཉིད་ཟིལ་གནོན་སྐུ་རུ་གསལ། །བྱེ་བ་དགུ་ཁྲི་མདུན་དུ་བསྐྱེད། །ཞིང་བསྣོལ་རུ་དྲའི་གདན་སྟེང་ན། །ཆུ་གླང་སྔོན་པོ་སྦྲུལ་རིས་ཅན། ཐོད་པ་ནུས་པོས་བརྒྱན་པ་ལ། །ཉི་ཟླ་དང་བཅས་གདན་ལ་གནས། །སྐུ་མདོག་སྔོ་ནག་ཁྲོ་ཞིང་གཏུམ། །སྐུ་སྟོད་གླང་ཆེན་སྟག་ཤམ་ཞིང་། །སྦྲུལ་དང་ཐོད་པ་རིན་པོ་ཆེ། །དབུ་དང་ལྷུ་ཚིགས་ཕྱག་ཞབས་བརྒྱན། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །གཡས་པ་གསུམ་ན་རལ་གྲི་དང་། །བེ་ཅོན་ལྕགས་ཀྱི་རི་རབ་བསྣམས། །གཡོན་པ་གསུམ་ན་ལྕགས་ཀྱུ་དང་། །ཞགས་པ་རྡོ་རྗེ་རྒྱ་གྲམ་བསྣམས། །ཞེས་སོ། །ཟླ་གམ་གསུམ་གྱི་ཤར་ལྷོ། གཙོ་བོའི་གཡོན་ཟུར་དུ་གསུང་སྤྲུལ་སྲོག་བདག་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་གཉིས་ན་བེ་ཅོན་དང་རྒྱུ་ཞགས། གཡོན་གཉིས་ན་ལྕགས་ཀྱུ་དང་བསེ་མདུང་འཛིན་པ། རུས་སྦལ་གྱི་གཡང་གཞི་གསོལ་ཞིང་། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། བསེའི་གྱི་ལིང་ལ་བཅིབས་པ། ཡུམ་སྲིན་མོ་རོ་ལངས་མ་སྤུ་གྲི་དང་ཐོད་པ་འཛིན་པས་འཁྱུད་པའོ། །(༢༤བ)


GLG023_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་གསལ་སྒྲོན་དུ། སྲོག་བདག་སྐུ་མདོག་དམར་པོ་ཐོད་པའི་རྣ་ཆ་ཅན་བེ་ཅོན་དང་རྒྱུ་ཞགས་འཛིན་པར་བཤད་དོ། །དེའང་སྔ་མ་ནི། ཨ་མུ་དང་ཟླ་གསང་གཉིས་ཀ་ལས་བྱུང་ཞིང་། རྗེ་སྒྲོལ་མ་བ་དང་ཆོས་རྒྱལ་དབང་པོའི་སྡེ་གཉིས་ཀ་ཕྱག་ལེན་དུ་མཛད་པའོ། །རིན་ཅེན་སྒྲོན་མེར། ཡང་ན་བསྙེན་ཅིང་སྒྲུབ་པའི་དུས་སུ་སྲོག་བདག་ཕྱག་རྒྱ་གསལ་སྒྲོན་ལྟར་དང་། འོག་ནས་བྱུང་བའི་ཚེ་བདག་དང་། གཤེད་བཞིའི་བཞོན་པའང་གདན་དུ་བྱ་ལ། ལས་ལ་བསྐུལ་བའི་དུས་སུ་བཞོན་པ་ཅན་དུ་བྱས་ནའང་མི་ལེགས་པ་མེད་དོ། །ཟླ་གམ་གསུམ་གྱི་བྱང་ཕྱོགས་གཙོ་བོའི་སྐུའི་རྒྱབ་ཕྱོགས་སུ་ཐུགས་ཀྱི་སྤྲུལ་པ་ཚེ་བདག་སྐུ་མདོག་མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད། ཞབས་བཞི་བགྲད་པ། རྩ་བའི་ཞལ་གསུམ་དབུས་མ་ཧེ། གཡས་སྟག་གཡོན་སེང་གེའི་མགོ་བོ་སྟེ་གསུམ་གའང་ཁྲོ་ཞིང་རྔམ་པ། བར་པའི་ཞལ་གསུམ་དབུས་མཐིང་ནག །གཡས་དཀར། གཡོན་དམར་བ། གསུམ་ག་ཁྲོ་བོའི་ཞལ་ལ་གཡས་ཅུང་ཟད་བཞད་པའི་ཉམས་དང་། གཡོན་ཆགས་པའི་ཉམས་ཅན། སྟེང་གི་ཞལ་གསུམ་དབུས་ཁྱུང་། གཡས་རྨ་བྱ། གཡོན་དུར་བྱའི་མགོ་བོ་ཅན་ནོ། །ཕྱག་གཡས་དགུ་ན་རིམ་པ་བཞིན་དུ། རྡོ་རྗེ། ཞིང་དབྱུག །དར་མདུང་། འཁོར་ལོ། རལ་གྲི །དགྲ་སྟ། ཁ་ཊྭཱཾ་ག །གྲི་གུག །རྡོ་རྗེའི་ཐོ་བ་འཛིན་ཅིང་། གཡོན་དགུ་ན་རིམ་པ་བཞིན། བནྡྷ། འུག་པ། བེ་ཅོན། གཏུན་ཤིང་། སྡིགས་མཛུབ། ལྕགས་ཀྱུ། ཞགས་པ། མི་སྙིང་། ཞིང་ཆུང་གི་རྒྱལ་མཚན་འཛིན་པ། ཞིང་ལྤགས་ཀྱི་སྟོད་གཡོགས་དང་། སྟག་ལྤགས་(༢༥ན)


GLG023_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རློན་པས་སྨད་དཀྲིས་པ། ཐོད་སྤྲུལ་སོགས་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའོ། །བདུད་མོ་གསོད་བྱེད་མ་ཙིཏྟ་དང་བནྡྷ་ཁྲག་གི་གང་བ་ཐོགས་པ་མི་ལྤགས་གྱོན་པས་འཁྱུད་པའོ། །ཕྱག་མཚན་དེ་ལྟར་ཟླ་གསང་དང་། ཨ་མུར་བཤད་པ་རྗེ་སྒྲོལ་མ་བའང་ཕྱག་ལེན་དུ་མཛད། ཡུམ་གསུམ་ཡང་ཟླ་གསང་དང་ཨ་མུར་བཤད་དོ། །དགོངས་རྒྱུད་ལས། ཕྱག་དགུ་གཡས་ན་ཕྱག་མཚན་བསྒྲེང་བ་ནི། །འཁོར་ལོ་རལ་གྲི་རྡོ་རྗེ་ཁ་ཊྭཱཾ་མདུང་། །མདའ་ཆེན་ཞིང་ཆུང་དབྱུག་པ་རྒྱ་གྲམ་བསྣམས། །གཡོན་དགུ་བེ་ཅོན་གཏུན་ཤིང་རྒྱུ་ཞགས་སྦྲུལ། །སྡིགས་མཛུབ་ཏྲི་ཤུ་དགྲ་སྟ་གཞུ་དང་ཙིཏྟ་འཛིན་འབྱུང་སྟེ་མཆོད་བསྟོད་གསལ་སྒྲོན་དང་མཐུན་ནོ། །དེ་དག་ནི་སྤྲུལ་པ་གསུམ་སྟེ། མན་ངག་རྩ་བར། ཟླ་གམ་གསུམ་ལ་སྤྲུལ་པ་གསུམ། །སྐུ་སྤྲུལ་འཆི་བདག་བྱེ་བ་དང་། །གསུང་སྤྲུལ་སྲོག་བདག་དམར་པོ་དང་། །ཐུགས་སྤྲུལ་ཚེ་བདག་མགོ་དགུ་པའོ། །ཞེས་སོ། །གཉིས་པ་གཤེད་བཞི་ནི། ཐོད་པའི་མཁར་བཞིར་དྲེད་མོ་ལག་རྡེབ་དང་། །ཞེས་སོགས་ཀྱིས། ཤར་གྱི་ཐོད་མཁར་གྱི་ནང་དུ་གཤིན་རྗེ་ཡ་མ་རཱ་ཛ་སྨུག་ནག་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན་པ། དྲེད་མོ་ལག་རྡེབ་ལ་ཞོན་པ། ལྷོར་སྲིན་མོ་མྱོས་བྱེད་འབར་བ་སེར་ནག་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན་པ། གཏུམ་པོ་དོམ་ནག་ལ་ཞོན་པ་ནུབ་ཏུ་ཀླུ་བདུད་ཨཪྻ་དམར་པོ་དམར་ནག་སྦྲུལ་དང་ཐོད་པས་བརྒྱན་པ། དྲེལ་རྟ་ལ་ཞོན་པ། བྱང་དུ་གནོད་སྦྱིན་རལ་པ་ཚར་དགུ་ལྗང་ནག་སྦྲུལ་དང་ཐོད་པས་བརྒྱན་པ། དྲེལ་རྟ་ལ་ཞོན་པ། བྱངདུ་གནོད་སྦྱིན་རལ་པ་ཚར་དགུ་ལྗང་ནག་སྦྲུལ་དང་ཐོད་པས་བརྒྱན་པ། རྔ་མོ་གདོང་སེར་ལ་ཞོན་པ། བཞི་གའང་གཡས་འཁོར་ལོ་དང་གཡོན་(༢༥བ)


GLG023_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བེ་ཅོན་འཛིན་ཅིང་། ཡུམ་ཡང་སྙིང་འཛིངས་དང་མན་ངག་རྩ་འགྲེལ་རྣམས་སུ་མི་གསལ་ཡང་། སྟོབས་ཆེན་ལྟར། སྲིན་མོ་ནག་མོ། ཨེ་ཀ་ཛཱ་ཊཱི། བདུད་མོ་ནག་མོ། གནོད་སྦྱིན་ནག་མོ་རྣམས་རིམ་པ་བཞིན་ཡབ་ལ་འཁྱུད་ཅིང་ཐོད་ཁྲག་སྟོབ་པའོ། །རྗེ་སྒྲོལ་མ་བའང་ཕྱག་ལེན་དུ་འདི་མཛད། ཡང་མཐུན་མི་སྒྲོན་མ་རྩིས་ཀྱི་ཡི་གེ་ལས། གཤེད་བཞིའི་བཞོན་པ་ཡ་མ་རཱ་ཛ་སྔ་མ་དང་འདྲ་བ། མྱོས་བྱེད་འབར་བ་དོམ་སྙིང་དཀར་ལ་ཞོན་པ། ཨཪྻ་དམར་པོ་ཝ་མོ་སྟོད་སེར་ལ་ཞོན་པ། རལ་པ་ཚར་དགུ་དྲེལ་རྟ་ལ་ཞོན་པ། ཞེས་བཤད་དེ། གཤེད་བཞིའི་ཕྱག་མཚན། ཡ་མ་རཱ་ཛ་རལ་གྲི་དང་ཞགས་པ། མྱོས་བྱེད་འབར་བ་རལ་གྲི་དང་དགྲ་སྟ། ཨཪྻ་དམར་པོ་ལྕགས་ཀྱུ་དང་ཞགས་པ། རལ་པ་ཚར་དགུ་དབྱུག་ཏོ་དང་ཞགས་པ་འཛིན་པར་དབང་པོའི་སྡེའི་ཟུར་འདེབས་སུ་ཡོད་པས། ལས་བྱང་འདིར་འཁྱེར་བདེ་བས་ཕྱིར་སྔ་མ་ལྟར་བཀོད་ཀྱང་དོན་ལ་ཁྱད་པར་མེད་དོ། །དེ་དག་ནི་གཤེད་བཞི་སྟེ། མན་ངག་རྩ་བ་ལས། ཕྱི་རོལ་ཐོད་པའི་མཁར་བཞི་ན། །གཤེད་པོ་ཡ་མ་རཱ་ཛ་དང་། །སྲིན་པོ་མྱོས་བྱེད་འབར་བ་དང་། །ཀླུ་བདུད་ཨཪྻ་དམར་པོ་དང་། །གནོད་སྦྱིན་རལ་པ་ཚར་དགུའོ། །ཞེས་སོ། །གསུམ་པ་མོན་བདུད་ནི། ལྕགས་མཁར་ཕྱོགས་བཞིར་དུང་ལྕགས་བསེ་གསེར་གྱི། །ཞེས་སོགས་ཀྱིས། ལྕགས་མཁར་བརྒྱད་ཀྱི་ཤར་དུ་དུང་གི་མོན་པ། སེང་གེའི་མགོ་ཅན་མོན་མོ་བླ་རྐུན་རྔམ་པའི་གདོང་ཅན་གྱིས་འཁྱུད་པ། ལྷོར་ལྕགས་ཀྱི་མོན་པ་སྟག་གི་མགོ་ཅན་མོན་མོ་གཡུའི་རལ་པ་ཅན་གྱིས་འཁྱུད་པ། ནུབ་ཏུ་བསེའི་མོན་པ་དྲེད་ཀྱི་མགོ་ཅན། མོན་མོ་ཚེ་སྲོག་འཕྲོག་པ། (༢༦ན)


GLG023_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་གི་རལ་པ་ཅན་གྱིས་འཁྱུད་པ། བྱང་དུ་གསེར་གྱི་མོན་པ་ཁྱུང་གི་མགོ་ཅན། མོན་མོ་བླ་རྐུན་སྙིང་ལ་གཟེར་འདེབས་མས་འཁྱུད་པ། ཡབ་བཞི་ཕྱག་གཡས་རི་རབ་དང་གཡོན་ཞགས་པ་འཛིན་ཅིང་། ཡུམ་བཞི་གཡས་ཙིཏྟ་དང་གཡོན་ཐོད་ཁྲག་གོ །ལུགས་གཅིག་ལ་ཡབ་བཞི་འཁོར་ལོ་དང་ཞགས་པ་འཛིན་པའང་ཡོད་དོ། །ལས་བྱང་འདིར། རང་འདྲའི་ཡབ་ལ་འཁྱུད། ཅེས་པ། ཤིན་ཏུ་རྔམ་ཞིང་འཇིགས་པའི་ཆ་ནས་རང་འདྲ་ཞེས་བཤད་པ་ཡིན་ལ། ཡུམ་གི་ཞལ་ཁྲོ་མོའི་ཞལ་ཅན་ལས། ཡབ་ལྟར་སེམས་ཅན་གཞན་གྱི་མགོ་བརྙན་ནི་མ་ཡིན་ནོ། །ཤར་ལྷོར་ཧེ་ལི་ཁྱབ་པ་སྔོ་ནག་གཡས་འཁོར་ལོ་འཛིན་ཅིང་། ཡུམ་བདུད་མོ་མི་ཟན་སྙིང་རྐུན་མས་འཁྱུད་པ། ལྷོ་ནུབ་ཏུ་ནག་པོ་མཛུམ་མེད་སེར་ནག་གཡས་རལ་གྲི་འཛིན་ཅིང་། ཡུམ་བདུད་མོ་མེ་ཐོགས་སྙིང་འབྱིན་མས་འཁྱུད་པ། ནུབ་བྱང་དུ་སོ་འདར་འཁྲིག་པ་དམར་ནག་གཡས་ཚེ་སྲོག་སྡུད་པའི་བར་དུ་འཛིན་ཅིང་། ཡུམ་བདུད་མོ་ཁྲག་སྐྱུག་སྙིང་ལ་གཟེར་འདེབས་མས་འཁྱུད་པ། བྱང་ཤར་དུ་རལ་པ་སྤྱིར་བཅིངས་ལྗང་ནག་གཡས་ཁྲམ་ཤིང་འཛིན་ཅིང་། ཡུམ་ནག་མོ་མྱོས་བྱེད་དབུགས་སྡུད་མས་འཁྱུད་པ། ཡབ་རྣམས་ཀྱིས་གཡོན་ཁྲམ་ཤིང་དང་། ཡུམ་རྣམས་གཡས་ཙིཏྟ་དང་གཡོན་ཐོད་ཁྲག་གོ །མོན་བདུད་བརྒྱད་ཡུམ་དང་བཅས་པ་ཤིན་ཏུ་རྔམ་ཞིང་མེ་ལྕེ་གློག་དང་སྐར་མདས་བརྒྱན་པའོ། །རྗེ་སྒྲོལ་མ་བའི་ལས་བྱང་དུ། རལ་པ་སྤྱིར་བཅིངས་གཡས་ཞགས་པ་འཛིན་པར་བཤད། རིན་ཅན་སྒྲོན་མེ་དང་། རྗེ་སྒྲོལ་མ་བའི་ལས་བྱང་གཉིས་ཀར་ནག་(༢༦བ)


GLG023_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འཛུམ་མེད་དང་སོ་འདར་འཁྲིག་པ་གོང་འོག་བརྗེས་འདུག་པ་ཡིག་རྒྱུན་ནོར་རམ་གང་ཡིན་བརྟག་གོ །ལས་བྱང་འདིར་ནི་དབང་པོའི་སྡེའི་ཟུར་འདེབས་ལྟར་བཀོད་པ་ཡིན་ཏེ། དེ་ཉིད་ལས། ཧེ་ལེ་ཁྱབ་པ་སྔོ་ནག་འཁོར་ལོ་ཅན། །བདུད་མོ་མི་ཟན་སྙིང་རྐུན་མ་ཡིས་འཁྱུད། །ག་པོ་འཛུམ་མེད་སེར་ནག་རལ་གྲི་འཛིན། །བདུད་མོ་མེ་ཐོགས་སྙིང་འབྱིན་མ་ཡིས་འཁྱུད། །སོ་འདར་འཁྲིག་པ་དམར་ནག་པར་བུ་ཅན། །བདུད་མོ་ཁྲག་སྐྱུག་སྙིང་གཟེར་འདེབས་མས་འཁྱུད། །རལ་པ་སྤྱིར་བཅིངས་ལྗང་ནག་ཁྲམ་ཤིང་ཅན། །ནག་མོ་མྱོས་བྱེད་དབུགས་སྡུད་མ་ཡིས་འཁྱུད། །བདུད་པོ་བཞི་ཡི་གཡོན་ཀུན་ཁྲམ་ཤིང་བསྣམས། །ཡུམ་བཞི་ཙིཏྟ་ཐོད་ཁྲག་འཛིན་འཁྱུད་སྟབ། །མོན་བདུད་ཡབ་ཡུམ་ཀུན་ཀྱང་ཤིན་ཏུ་རྔམ། །མེ་ལྕེ་གློག་དང་སྐར་མདས་བརྒྱན་པའོ། །ཞེས་པ་ལྟར་རོ། །དེ་དག་ནི་མོན་བདུད་བརྒྱད་དེ། མན་ངག་རྩ་བར། དེའི་ཕྱི་འཁོར་ལོ་རྩིབས་བརྒྱད་ལ། །ཕྱོགས་བཞི་ལ་ནི་མོན་པ་བཞི། །མཚམས་བཞི་ལ་ནི་བདུད་བཞི་སྟེ། །དེ་དག་ཡུམ་དང་བཅས་པའོ། །ཞེས་སོ། །བཞི་པ་འཆི་བདག་བཅུ་གཉིས་ནི། ཕྱི་རིམ་ལྕགས་མཁར་བཅུ་གཉིས་ཤར་ཕྱོགས་སུ། །ཞེས་སོགས་ཀྱིས། ལྕགས་མཁར་བཅུ་གཉིས་ཀྱི་ཤར་སྟོད་དུ་བྷེ་ཝ་ས་ཏྭ་མཐིང་ནག་བེ་ཅོན་འཛིན་པ། ཤར་སྨད་དུ་ནོར་བུ་དགེ་འཕེལ་སེར་ནག་འཁོར་ལོ་བསྐོར་བ། ཤར་ལྷོར་སེར་ནག་འཇོམས་བྱེད་ལྕགས་ཀྱུ་འཛིན་པ། ལྷོ་སྟོད་དུ་བྱེ་བ་དགུ་ཁྲི་ལྗང་ནག་དབྱུག་ཏོ་བསྣམས་པ། ལྷོ་སྨད་དུ་ཡཀྴ་གློག་ཕྲེང་དམར་ནག་རྒྱུ་ཞགས་འཕེན་པ། ལྷོ་ནུབ་ཏུ་ཡཀྴ་ཟ་བྱེད་སྔོ་ནག་སྤུ་གྲི་ཐོགས་པ། (༢༧ན)


GLG023_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་སྟོད་དུ་གཏུམ་པོ་དུད་ཁ་བདུད་ཀྱི་ཁྲམ་ཤིང་འཕྱར་བ། ནུབ་སྨད་དུ་གང་བ་ཀུན་འཇོམས་དཀར་པོ་མདའ་གཞུ་འགེང་བ། ནུབ་བྱང་དུ་ཁ་འབར་རལ་གཅིག་དམར་ནག་རལ་གྲི་འཕྱར་བ། བྱང་སྟོད་དུ་སྦྲུལ་མགོ་ཀུན་འཛིངས་སྔོ་སྐྱ་ལྕགས་མདུང་འཕེན་པ། བྱང་སྨད་དུ་ངང་པ་སྟོབས་ལྡན་སེར་པོ་དགྲ་སྟ་འཛིན་པ། བྱང་ཤར་དུ་ཧོང་བན་སྲོག་འཛིན་ནག་པོ་བདུད་ཞགས་འཕེན་པ། ཐམས་ཅད་ཤིན་ཏུ་ཁྲོས་ཤིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའོ། །ལྟར་རྗེ་སྒྲོལ་མ་བའི་ཕྱག་ལེན་དུ་བཤད་ཅིང་། དབང་པོའི་སྡེའང་འདི་ག་མཛད། ཐམས་ཅད་ཀྱི་ཕྱག་མཚན་གཡས་ཕུར་པ་དང་གཡོན་ཐོད་ཁྲག་འཛིན་པར་བཤད་པའང་ཡོད་དོ། །དེ་དག་ནི་འཆི་བདག་བཅུ་གཉིས་ཏེ། མན་ངག་རྩ་བར། ཕྱི་རིམ་ལྕགས་མཁར་བཅུ་གཉིས་ལ། །ལས་ཀྱི་འཆི་བདག་བཅུ་གཉིས་གནས། །ཞེས་སོ། །ལྔ་པ་བར་ཁྱམས་ཀྱི་ལྷ་ནི། ཕྱི་རིམ་ཁྱམས་སུ་ལས་ཀྱི་གཤིན་རྗེ་རྣམས། །ཞེས་སོགས་ཀྱིས། བར་ཁྱམས་ལ་ཕོ་གཤེད་མོ་གཤེད་ལ་སོགས་པ་ལས་ཀྱི་གཤིན་རྗེ་ཐམས་ཅད་ཤ་ཟ་ཀི་ཀང་མ་མོ་ལ་སོགས་དྲེགས་པ་ཅན་གྱི་ཚུལ་འཛིན་ཅིང་སྣ་ཚོགས་པའི་མཚོན་ཆ་ཐོགས་པར་བསམ་མོ། །དེ་དག་ནི་བར་ཁྱམས་ཀྱི་ལྷ་ཞེས་བྱ་སྟེ། མན་ངག་རྩ་བར། དེ་ཡི་ཕྱི་རིམ་བར་ཁྱམས་ལ། །ཕོ་གཤེད་མོ་གཤེད་ལ་སོགས་པའི། །ཤ་ཟ་ཀི་ཀང་མ་མོའི་ཚོགས། །ཞེས་སོ། །དྲུག་པ་སྒོ་བ་ནི། སྒོ་བཞིར་དཀར་པོ་སྙིང་འབྱིན་མགོན་པོ་ནག །ཅེས་སོགས་ཀྱིས། ཤར་སྒོར་དཀར་པོ་སྙིང་འབྱིན་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་མགོན་པོ་ནག་པོ་ཞགས་པ་(༢༧བ)


GLG023_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། ནུབ་སྒོར་ཡབ་རྗེ་ནག་པོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་སྐུ་མཆོག་དམར་པོ་དྲིལ་བུ་འཛིན་པ། བཞི་གའང་རང་མདོག་དང་མཚུངས་པའི་བེར་གསོལ་བའོ། །ཕྱག་མཚན་དེ་ལྟར་འཁྱེར་བདེ་བའི་དབང་དུ་བྱས་པ་སྟེ། རྗེ་སྒྲོལ་མ་བ་དང་དབང་པོའི་སྡེ་གཉིས། དཀར་པོ་སྙིང་འབྱིན་རུ་མཚོན་འཁོར་ལོ། མགོན་པོ་ནག་པོ་བེ་ཅོན་ཐོད་ཁྲག །ཡབ་རྗེ་ནག་པོ་ཁྲམ་ཤིང་བདུད་ཞགས། སྐུ་མཆོག་དམར་པོ་དབྱུག་ཏོ་མདུང་འཛིན་པར་བཞེད་ལ། རིན་ཅེན་སྒྲོན་མར་ཡང་ན་ཞེས་འདམ་གར་བཤད་པས་གང་བདེ་བྱའོ། །དེ་དག་ནི་སྒོ་བ་བཞི་སྟེ། མན་ངག་རྩ་བར། སྒོ་བཞི་རུ་ནི་རྒྱལ་པོ་དང་། །མགོན་པོ་བདུད་དང་གནོད་སྦྱིན་བཞི། །ཞེས་སོ། །བདུན་པ་ཁོར་ཡུག་ནི། འོབས་སྲུང་འཇིགས་རུང་བཤན་པ་སྲོག་གཤེད་བདག །ཅེས་སོགས་ཀྱིས། འོབས་ཆེན་བཅུ་དྲུག་ལ་ནི། འོབས་སྲུང་ཆེན་པོ་འཇིགས་སུ་རུང་བ་བཅུ་དྲུག་སྣ་ཚོགས་པའི་མདོག་ཅན། མཚོན་ཆ་སྣ་ཚོགས་ཐོགས་པར་བསམ་མོ། །དེ་སྐད་དུའང་། ཕྱི་རོལ་འོབས་ཆེན་བཅུ་དྲུག་ལ། །འོབས་སྲུང་ཆེན་པོ་བཅུ་དྲུག་གནས། །ཞེས་སོ། །མདོར་ན་དཀྱིལ་འཁོར་གྱི་ཁྱམས་སྟོངས་ལ་གནས་པའི་ཕོ་གཤེད་མོ་གཤེད་རྣམས་དང་། ཕྱི་རོལ་གྱི་དུར་ཁྲོད་ལ་གནས་པའི་བཤན་པ་ཚེ་སྲོག་གི་གཤེད་མ་ཕྱོགས་བཅུར་ལས་བྱེད་པའི་ཕོ་ཉ་གཤིན་རྗེ་དྲེགས་པ་ཅན་གྱི་ཚོགས་རྣམས་གང་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གནས་པ་དེ་ཉིད་དུ་ནམ་མཁའ་ལ་རྒྱུ་སྐར་འཁྲིགས་པ་ལྟར་རང་བཞིན་ལྷུན་གྲུབ་ཏུ་འདུས་ནས་འཕྲིན་ལས་བྱེད་པ་ཡིན་ཏེ། ལས་གཤིན་(༢༨ན)


GLG023_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། ཐུགས་རྗེས་ཉི་མ་ལྟ་བུའི་དབྱུགས་ཕྱུང་ནས། །དཀྱིལ་འཁོར་ཆེན་པོ་བསྲུང་བར་འཕྲིན་ལས་བསྐོས་སོ། །ཞེས་རྒྱུད་ལས་བྱུང་བ་ལྟར་རོ། །རྒྱུད་དུ། འཁོར་རྣམས་ལས་ལས་གྲུབ་པས་བསྐྱེད་མི་དགོས། །ཞེས་གསུང་བ་ནི། འཁོར་རྣམས་རང་རྒྱུད་པ་ཁོ་ན་ལྟར་མི་བསྐྱེད་པ་ལ་དགོངས་པ་ཡིན་གྱི། དོན་ལ་འཁོར་ཡང་རང་རྒྱུད་པ་དང་སྤྲུལ་པ་གཉིས་སུ་གསུངས་པ་ལ། འདིར་ནི་དཀྱིལ་འཁོར་སྤྲོས་པའི་ཚེ་ལྷ་ཐམས་ཅད་འཁོར་འདས་དབྱེར་མེད་བསྒྲུབས་པས། རྣལ་འབྱོར་པའི་ཚོགས་རྫོགས་ཤིང་། ཇི་ལྟར་འདོད་པའི་འཕྲིན་ལས་མྱུར་དུ་འགྲུབ་པ་ཡིན་ནོ། །ཨ་མུ་ཀ་ཕུང་གི་རྒྱུད་ལས། རྒྱལ་བ་གཅིག་གི་ཡེ་ཤེས་ལ། །དུ་མ་ལས་ལ་རྒྱུག་འགྲོ་བ། །རང་ལས་བྱུང་བའི་སྤྲུལ་པར་སྣང་། །དོན་དམ་གཉིས་མེད་གཅིག་ཏུ་རྫོགས། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །ཞེས་པའི་དོན་གྱི་གནད་གོ་བ་ལམ་འདི་ལ་གལ་ཆེ་བར་ཡོད་དོ། །དེ་ལྟར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་སྣང་ལ་རང་བཞིན་མེད་པར་བལྟ་བར་བྱ་སྟེ། མན་ངག་རྩ་བར། དེ་ལྟར་དེ་དག་ཐམས་ཅད་ཀུན། །སེམས་ཉིད་སྟོང་པ་ཆོ་འཕྲུལ་ཏེ། །ཆོས་ཉིད་སྟོང་པ་ཤར་བ་ན། །བར་སྣང་ནམ་མཁའི་འཇའ་ཚོན་ནམ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པར་བལྟ། །ཞེས་གསུངས་པ་ལྟར་རོ། །ད་ལྟ་ཕྱག་ལེན་དུ་མན་ངག་རྩ་བའི་ཚིག་བདུན་སྒྲིགས་མར་ཟུར་འདེབས་ཀྱི་ཚིག་དགུ་སྒྲིགས་མས་བརྒྱན་ཏེ་ངག་འདོན་(༢༨བ)


GLG023_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱེད་པ་ཡིན་ནོ། །སྨྲས་པ་། གདོད་ནས་ལྷུན་གྲུབ་ཟིལ་གནོན་རྟེན་དང་བརྟེན་པར་བཅས་པའི་འཁོར་ལོ་ཆེ། །ལྷ་ལམ་ངོས་སུ་དབང་པོའི་གཞུ་ལྟར་ཕན་ཚུན་མ་འདྲེས་རྣམ་བཀྲ་ཞིང་། །གང་གིས་འཇིག་དང་གཞོམ་དུ་མེད་པས་རྡོ་རྗེ་ལྟ་བུར་སྲ་བརྟན་པ། །ཀུན་ལས་རྣམ་པར་རྒྱལ་འདིར་རྣལ་འབྱོར་བྱེད་གང་རྨད་བྱུང་སྐལ་བ་ཅན། །ཞེས་སོ། །གཞུང་གི་དོན་གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒྲུབ་པ་ལ། སྙན་གསན་གདབ་པ། སྤྱན་དྲང་བ། བརྟན་པར་གཞུགས་སུ་གསོལ་བའོ། །དང་པོ་ནི། ཨེ། མི་རྟོག་ངང་ལས་ཐུགས་རྗེའི་སྐུ། །ཞེས་སོགས་དང་། བཛྲ་ས་མ་ཡ་ཛཿས། ཕྱོགས་བཅུའི་སངས་རྒྱས་མ་ལུས་པ་རིགས་འཛིན་སྲུང་མའི་ཚོགས་བཅས་ཕྱག་རྒྱ་ཟིལ་གནོན་གྱི་རྣམ་པ་སད་པར་བྱ། །གཉིས་པ་ནི། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཞེས་སོགས་དང་། ཛཿཧཱུཾ་བཾ་ཧོཿས་བདག་ཉིད་ཀྱི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་བསྟིམ། དེ་ལྟར་སྤྱན་དྲང་བ་ལྟར་སྣང་བའང་། ཡེ་ཤེས་པ་གཞན་ཞིག་ཏུ་ཡོད་པའི་བློ་བཅད་པའི་ཕྱིར་ཡིན་གྱི། དོན་དམ་དུ་རང་ཉིད་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་རྫོགས་པ་ལས་གཞན་པའི་ཡེ་ཤེས་པ་ལོགས་ནས་སྤྱན་དྲང་དུ་མེད་དོ། །གསུམ་པ་ནི། འཁོར་ལོ་འབར་བའི་ལྟེ་བ་ལ། །ཞེས་པ་ནས། ཏིཥྛ་བཛྲ་གྱིས་བརྟན་པར་བཞུགས་སུ་གསོལ་བར་བྱའོ། །གཞུང་གི་དོན་གསུམ་པ། ཐུན་མོང་དུ་མཆོད་པའི་རིམ་པ་ལ། ཕྱག་གི་མཆོད་པ་ཐུན་མོང་སྤྱིའི་མཆོད་པ། ཁྱད་པར་རང་གི་མཆོད་པའོ། །དང་པོ་ནི། ཆོས་ཉིད་སྐྱེ་བ་མེད་པ་ལ། །ཞེས་སོགས་(༢༩ན)


GLG023_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཨ་ཏི་པུ་ཧོཿས་བདག་དང་ཡེ་ཤེས་པ་གཉིས་སུ་མེད་པ་ཕྱག་གི་ངོ་བོ་དང་། པྲ་ཏཱིཙྪ་ཧོཿས་གཉིས་མེད་ཀྱི་དཀྱིལ་འཁོར་དེའང་གསལ་ལ་རང་བཞིན་མེད་པར་ཉམས་སུ་ལེན་པ་ཕྱག་གི་ལན་ཡིན་ནོ། །སྤྲོ་ན། ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ནི་ཨ་ལ་ལ་ཧོཿ ཞེས་པས་རྟོག་པ་བརྡ་འཇལ་བ་ལ་ངོ་མཚར་བསྐྱེད་པ་ཡིན་ལ། མ་བྱས་ཀྱང་འགལ་བ་མེད་དོ། །གཉིས་པ་ནི། གྲངས་མེད་ཡིད་འོང་རིན་ཅེན་སྣོད་ཡངས་སུ། །ཞེས་སོགས་དང་། ཨཱོཾ་ཨ་ཧ་ར་ཧཱུྃ་ནས་ཤཔྟའི་བར་བརྗོད་ཅིང་འབུལ་ལོ། །དེའང་པདྨ་ཀུནྡ་སོགས་མེ་ཏོག་གི་ཚོགས་རིན་པོ་ཆེའི་སྣོད་དུ་བཤམས་ཤིང་། ཙན་དན་དཀར་དམར་ཨ་ཀ་རུ་སོགས་དྲི་བཟང་བསྲེགས་པའི་དུད་པ་མཁའ་ལ་འཁྲིགས་པ། དུས་མཐའི་མེ་ལྟ་བུའི་འོད་དང་ལྡན་པའི་མར་མེའི་ཕྲེང་བ་དང་། བཟང་པོ་དྲུག་སོགས་དྲི་མཐའ་ཡས་པ་དང་ལྡན་པའི་དྲི་ཆབ། མངར་སྐྱུར་བསྐ་བ་ལ་སོགས་པའི་རོ་མཐའ་ཡས་པ་དང་ལྡན་པའི་ཞལ་ཟས་ཀྱི་ཚོགས། པི་ཝཾ་གླིང་བུ། སིལ་སྙན་དང་། ཨུ་དྷ་ཀ་སོགས་རྔའི་རིགས་དང་རོལ་མོའི་བྱེ་བྲག་དཔག་ཏུ་མེད་པ་སྟེ། ཕྱིའི་མཆོད་པའི་ཚོགས། མཆོད་པའི་ལྷ་མོ་རྣམས་ཀྱིས་སོ་སོར་ཐོགས་ཏེ་འབུལ་བར་བྱེད་པའི་སྒོམ་དོན་ཚིག་ཏུ་བསྒྲིགས་པའོ། །གསུམ་པ་ལ། བདུད་རྩི་སྨན་གྱི་མཆོད་པ། རཀྟ་དམར་གྱི་མཆོད་པ། བྷ་ལིང་གཏོར་མའི་མཆོད་པ། སྨན་གྱི་གསང་ནན་སྦྲེང་བ། འདོད་ཡོན་ནང་གི་མཆོད་པ། ཕྱག་རྒྱ་གར་གྱི་མཆོད་པའོ། །དང་པོ་ལའང་། སྨན་གྱི་ཆེ་བ་བརྗོད་དེ་སྤྱིར་མཆོད་པ། ལྷ་རྐང་གྲངས་ཀྱི་སྒོས་(༢༩བ)


GLG023_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བྱ་བ། དངོས་གྲུབ་བླང་ཞིང་བདུད་རྩི་མྱང་བའོ། །དང་པོ་ནི། མྱོང་གྲོལ་དམ་རྫས་དང་སྦྱར་ཨ་མྲྀ་ཏ། །སོགས་བརྗོད་དེ། སྔགས་ལན་གསུམ་གྱིས། བླ་མ་ཡི་དམ་ཆོས་སྐྱོང་སོགས་ལ་དབུལ་ཞིང་། བདུད་རྩི་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟ་བུ་མཆོད་ཡུལ་རྣམས་ཀྱི་ཞལ་དུ་གསོལ་བས། ཐུགས་ཟག་མེད་ཀྱི་ཡེ་ཤེས་ཆེན་པོས་གང་ཞིང་དགྱེས་ཏེ་དངོས་གྲུབ་སྩོལ་བར་བསམས་པས། བསྡུ་ན་དེ་ཙམ་གྱིས་འགྲུབ་ལ། རྒྱས་པར་སྤྲོ་ན། འཕགས་པ་འཇམ་དཔལ་བཤེས་གཉེན་དང་། །ཞེས་སོགས་ལས་བྱང་ཆེན་མོ་ནས་འབྱུང་བའི་བླ་མ་བརྒྱུད་མཆོད་ཀྱང་བྱ། །གཉིས་པ་ནི། རྒྱས་པར་སྤྲོ་ན། གྲུ་གསུམ་མཐིང་ནག་དཀྱིལ་འཁོར་ནས། །ཞེས་སོགས་ལས་བྱང་ཆེན་མོ་ནས་འབྱུང་བ་ལྟར། དཀྱིལ་འཁོར་གྱི་ལྷ་ཚོགས་རྫོགས་པར་རེ་རེ་ནས་མཆོད་ཅིང་། སྨན་མཆོད་ཀྱི་ཤམ་བུའམ་ཇི་ལྟར་རིགས་པ་བཏགས་སོ། །གསུམ་པ་ནི། ཡིག་བརྒྱ་བརྗོད་ཅིང་། ཉེས་བྱས་སྨན་གྱི་སྒོ་ནས་བཤགས་ཏེ་སྣོད་དུ་རུང་བར་བྱས་ལ། ཨཱོཾ་ཨཱཿཧཱུཾ་ཞེས་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འབྲུ་གསུམ་བདུད་རྩིའི་ནང་དུ་བབས་པར་བསམ། སླར་ཡང་རིགས་འཛིན་སོགས་བརྗོད་ལ། འབྲུ་གསུམ་གནས་གསུམ་དུ་བསྟིམ་ཞིང་། ཀཱ་ཡ་སིདྡྷི་སོགས་བརྗོད་ལ་བདུད་རྩི་མྱང་ངོ་། །གཉིས་པ་རཀྟ་དམར་གྱི་མཆོད་པ་ནི། གདུག་ཅན་དགྲ་བགེགས་ཁྲག་གི་དངས་མའི་མཚོར། །ཞེས་སྔགས་དང་བཅས་པས་ཁམས་གསུམ་རཀྟའི་རྒྱ་མཚོ་ཞལ་དུ་གསོལ་བས། འཁོར་བའི་རྩ་བ་འདོད་(༣༠ན)


GLG023_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་རྩད་ནས་བཅད་པར་བསམ་མོ། །གསུམ་པ་བྷ་ལིང་ནི། ཞིང་བཅུ་བསྒྲལ་བའི་ཤ་རུས་དབང་ལྔའི་རྡུལ། །ཞེས་སྔགས་དང་བཅས་པས་གཏོར་མ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་དྲུག་གི་ལྷ་མོས་མཆོད་པར་བསམ། དེའང་ཚིག་ཟིན་ལ། རྡུལ་མང་བརྩེགས་པའི་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ལྷུན་པོ། །རྒྱུ་དང་ཚད་ཆེ་ཞིང་ཕུན་སུམ་ཚོགས་པ་དཔེར་མཚོན་ནས། ཞིང་བཅུ་བསྒྲལ་བའི་ཤ་རུས་ཁྲག་དང་སྦྱར་བའི་དམར་གྱི་གཏོར་མའི་མཆོད་པ་བདུད་རྩིའི་རོ་དང་ལྡན་པར་བསམས་པའི་དོན་ཏོ། །བཞི་པ་སྦྲེང་མཆོད་ནི། དུག་ལྔའི་བདུད་རྩི་ཆེ་སྦྱར་ཡེ་ཤེས་ལྔ། །ཞེས་སོགས་སྔགས་དང་བཅས་པས་གཏོར་མ་བདུད་རྩི་མུ་ཏིག་དྲི་མ་མེད་པ་ལྟ་བུ་ལྷ་རྣམས་ཀྱིས་གསོལ་བར་བསམ་ཞིང་བདུད་རྩི་གཏོར་མར་བླུག་གོ །ལྔ་པ་ནང་གི་འདོད་ཡོན་ནི། དུར་ཁྲོད་དབུས་སུ་ཚིལ་ཆེན་སྣང་འོད་འབར། །ཞེས་ཁ་ཐུན་ལྟར་སྔགས་དང་བཅས་པས་དབུལ། དྲུག་པ་ཕྱག་རྒྱ་གར་མཆོད་ནི། རང་སྣང་ཤེས་རབ་ཨེ་གསང་ཆུ་གཏེར་ཆེ། །ཞེས་སོགས་སྔགས་དང་བཅས་པས་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བ་ཆེན་པོས་མཆོད་དོ། །ཕྱག་རྒྱ་གར་མཆོད་འདི་ལས་བྱང་ཆེན་མོར་གསལ་བ་མེད་ཀྱང་། རྗེ་སྒྲོལ་མ་བའི་ཕྱག་ལེན་ལྟར་བྱས་པ་ཡིན་ནོ། །གཞན་ཡང་སྐབས་འདིར་གླུ་ཡེ་ཤེས་ཀྱི་མཆོད་པའང་རུང་སྟེ། སྤྲོ་ན། ཧཱུྃ། སངས་རྒྱས་ཀུན་གྱི་རང་བཞིན་རྡོ་རྗེ་འཆང་། །ཞེས་སོགས་ཚང་བར་བྱའོ། །བཞི་པ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་ནི། རབ་འབྱམས་(༣༠བ)


GLG023_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་རྒྱལ་བ་མ་ལུས་པའི། །ཞེས་སོགས་ཀྱིས་དབུས་ཀྱི་གཙོ་བོ་ཕྱག་རྒྱ་ཟིལ་གནོན་ནས་བཟུང་སྟེ། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་བསྟོད་པར་བྱ་བ་ཡིན་ནོ། །དེའང་འདིའི་དོན་ཡེ་ཤེས་ལྔ་སོགས་ལ་སྦྱར་ཏེ་རྒྱས་པར་འོག་ཏུ་འཆད་ཅིང་། ཚིག་ཟིན་གཙོ་བོའི་མངོན་རྟོགས་དང་མཐུན་པ་ལྟར་ཡིན་ལ། འཁོར་རྣམས་ཉི་མས་པད་ཚལ་རྒྱས་ཤིང་། འུག་པ་སོགས་མཚན་མོའི་བྱ་རྣམས་རྨོངས་པ་ལྟར། གསོད་བྱེད་མས་བདེ་བ་ཆེན་པོ་བསྐྱེད་ཅིང་མ་གདོན་འཇོམས་ལྷ་དབང་ཕྱུག་གིས་ལྷ་མ་ཡིན་བཅོམས་པ་བཞིན། སྲས་མཆོག་གིས། ཁྲོ་བོའི་གཙོ་བོ་རྣམས་ཀྱི་མཐུ་ལས་དང་སྦྱོར་བ་འཇོམས། རྒྱ་མཚོ་སོགས་ཆུས་མི་གསོད་པ་ལྟར། གསང་བདག་གིས་འཇིག་རྟེན་དྲགས་པའི་ལས་དང་སྦྱོར་བ་འཇོམས། །བུང་བ་རྣམས་མེ་ཏོག་གི་ནང་དུ་གནས་པ་ལྟར། སྲིད་གསུམ་གྱིས་ཁྱམས་དང་། སེང་གེས་གླང་པོ་སོགས་གསོད་པ་བཞིན། ཁྱུང་ཆེན་གྱིས་ཀླུ་རིགས་སོགས་འོག་གདོན་གྱི་ནུས་པ་འཇོམས། གནམ་ལྕགས་ཐོག་གིས་བྲག་རི་འཇིག་པ་ལྟར་རྒྱན་ལྷ་བརྒྱད་ཀྱིས་གདུག་པ་ཅན་སོ་སོ་འཇོམས་ཞེས་པའི་དོན་ནོ། །གཞུང་གི་དོན་ལྔ་པ་སྔགས་ཀྱི་བཟླས་ཐབས་བསྟན་པ་ལ། ཕྱི་སྐོར་སྐུའི་དྲག་སྔགས། ནང་སྐོར་གསུང་གི་དྲག་སྔགས། གསང་སྐོར་ཐུགས་ཀྱི་དྲག་སྔགས་ཡང་གསང་དྲག་པོ་རྒོད་ཀྱི་དྲག་སྔགས་བཟླས་ཐབས་སོ། །དང་པོ་ནི། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་ལས། །ཞེས་སོགས་ཀྱིས། བདག་གི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་གི་མཐའ་སྐོར་དུ་སྐུའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཇའ་ཚོན་(༣༡ན)


GLG023_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་བྱུང་། བ་སྤུའི་བུ་ག་ཐམས་ཅད་ནས་འཕྲོས་ཏེ་བདག་གཞན་གྱི་སྡིག་སྒྲིབ་དགྲ་བགེགས་ཐམས་ཅད་བ་མོ་ལ་ཉི་མ་ཤར་བ་བཞིན་དུ་དག་པར་བསམ་མོ། །དེའང་སྔགས་ཀུན་གྱི་ཐོག་མར་སྐུའི་སྔགས་བཟླ་བར་གསུངས་ཏེ། སྔགས་དོན་གསལ་སྒྲོན་དུ། དྲག་པོ་སྔགས་ཀྱི་འབྲུ་བཅུ་གཉིས་པ་དེ་དག་ནི་ཞལ་གྱི་དམོད་པ་དྲག་པོ་མངོན་དུ་ཕྱུང་སྟེ་གསང་ཆེན་གཅིག་ཏུ་དྲིལ་བའི་སྔགས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། ཀུན་གྱི་འགོ་ལ་བགྲང་བར་བྱའོ། །ཞེས་གསུངས། གཉིས་པ་ནི། བདག་ཉིད་ལྷར་གསལ་ལྗགས་ཀྱི་རྩེ་མོ་ལས། །ཞེས་སོགས་ཀྱིས། བདག་ཉིད་ཀྱི་ལྗགས་ཀྱི་རྩེ་མོ་ལས་འོད་ཟེར་མེའི་ཚ་ཚ་ལྟ་བུ་འཕྲོས་པས་ལས་ངན་པའི་བག་ཆགས་དང་བར་དུ་གཅོད་པ་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་བསམ་མོ། །གསུམ་པ་ནི། ཐུགས་ཀའི་མཐིང་ནག་ཧཱུྃ་ལས་སྔགས་འཁོར་ནི། །ཞེས་སོགས་ཀྱིས། ཐུགས་ཀའི་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་མགལ་མེ་ལྟར་འཁོར་ཞིང་འཕོས་པས། སྡིག་སྒྲིབ་ཐམས་ཅད་སྟར་ཚན་ལ་སྦུར་མི་ཆགས་པ་བཞིན་དུ་སོང་བར་བསམ་མོ། །དེ་དག་ཀྱང་བསྙེན་པ་ལྟར་བཟླ་བ་ཡིན་ཏེ། རང་རང་གི་སྤུ་གྲིའི་སྒོ་ནས་ལས་ཕན་གནོད་བསྒྲུབ་པ་ནི་མན་ངག་ལྟར་ཤེས་པར་བྱའོ། །དམར་ཡིག་ཏུ། སྐུ་ཡི་སྔགས་སྦྱོར་གནག་པ་དང་། །དམར་ལེན་སྙིང་ཕྱུང་འབྲུ་བརྒྱད་གསུངས། །དྲག་སྔགས་སྦྱོར་བའི་རྒྱལ་པོར་བཤད། །ཅེས་དང་། ཨེ་དུན་ཀ་ཡི། གསང་སྐོར་ཐུགས་ཀྱི་དྲག་སྔགས་ཏེ། །སྤུ་གྲི་རྣམ་གསུམ་མ་ངེས་འགྱུར། །ཞེས་དང་། ཀུན་ཀྱང་ཆོས་ཉིད་མ་བཅོས་པའི། །(༣༡བ)


GLG023_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

མ་འགགས་རང་སྣང་རོལ་པའི་རྩལ། །ཆོས་ཀུན་སྙིང་པོར་གྱུར་པ་ཡི། །འཇམ་དཔལ་གཞོན་ནུ་ཡིན་པར་བཤད། །ཅེས་གསུངས་སོ། །བྷ་སུ་དྷ་རའི་རྒྱུད་ཀྱི་སྤྱི་སྤྱོད་ལས། ཕྱི་སྐོར་སྐུ་ཡི་དྲག་སྔགས་དང་། ནང་སྐོར་གསུང་གི་དྲག་སྔགས་དང་། གསང་སྐོར་ཐུགས་ཀྱི་དྲག་སྔགས་དང་། ཡང་གསང་རྒོད་ཀྱི་དྲག་སྔགས་སོ། །དེ་ལ་ཕྱི་སྐོར་སྐུ་ཡི་དྲག་སྔགས་ནི། རྩ་བའི་ཡི་གེ་བཅུ་གཉིས་པ་ལ། ལས་ཕན་གནོད་དང་བཅས་པའོ། །ནང་སྐོར་གསུང་གི་དྲག་སྔགས་ནི། རྩ་བ་འབྲུ་བརྒྱད་པ་ལས་དང་བཅས་པའོ། །གསང་སྐོར་ཐུགས་ཀྱི་དྲག་སྔགས་ནི། རྩ་བའི་འབྲུ་བཞི་པ་ལས་དང་བཅས་པའོ། །ཡང་གསང་རྒོད་ནི་དྲག་པོ་སྔགས་རིང་ལས་དང་བཅས་པའོ། །ཞེས་འབྱུང་ངོ་། །བཞི་པ་ཡང་གསང་རྒོད་ཀྱི་དྲག་སྔགས་བཟླས་ཐབས་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་། འཇམ་དཔལ་ལྷ་རྒྱུད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་རྫོགས་པའི་དྲག་སྔགས་དྲག་པོ་ཨྱེ་རིང་གི་སྔགས་ཏེ། འདི་ལ་བསྙེན་པར་བཟླ་བ་དང་། དྲག་པོར་བཟླ་བ་གཉིས་ཀྱི་དང་པོ་ནི། བདག་ཉིད་ཁྲོ་རྒྱལ་ཕྱག་རྒྱ་ཟིལ་གནོན་དུ། །ཞེས་སོགས་ཀྱིས། བདག་ཉིད་ཟིལ་གནོན་དུ་གསལ་བའི་ཐུགས་ཙིཏྟ་རིན་པོ་ཆེ་གུར་ཕུབ་པ་འདྲ་བའི་ནང་དུ་ཉི་མའི་དཀྱིལ་འཁོར་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་སྨུག་ནག་ཕྱག་མཚན་མི་མངའ་བ་ཞིག་བསྒོམ། དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་མཐིང་ཁ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ཞིག་བསམ། དེ་ལ་སྔགས་ཀྱི་ཕྲེང་བ་ཀློག་སྟབས་སུ་བསྐོར་བར་བསམ། དེ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན་ཏེ་རང་གི་པདྨ་དམར་(༣༢ན)


GLG023_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་ཧྲཱི༔དམར་པོར་གནས་པའི་མཐའ་སྐོར་དུ་སྔགས་ཕྲེང་གིས་བསྐོར་བ་ལ་ཕོག །སླར་འོད་ཟེར་སྟེང་དུ་འཕྲོས་པས། ཀླད་པ་དུད་ཁང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱོཾ་དཀར་པོར་གནས་པའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་ཕོག །སླར་ཡང་ལྕེ་སྟེང་ནས་ཐུགས་ཀར་འཕྲོས་ཤིང་དེ་ལྟར་འཕྲོ་འདུ་འཁོར་མོར་བྱས་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་སྦྱངས། དེ་ནས་འོད་ཟེར་ཕྱིར་འཕྲོས་ཏེ་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གནས་སུ་འཕྲོས་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། འོད་ཟེར་ཚུར་འདུས་བདག་ཉིད་ཀྱི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། ཡང་འོད་ཟེར་ཕྱིར་འཕྲོས། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། མཐུ་དཔལ་གཟི་མདངས་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་འདུས་བདག་ལ་ཐིམ་པས། བདག་ཉིད་ཡེ་ཤེས་ཀྱི་སྐུ་ཤིན་ཏུ་གཟི་བརྗིད་དང་ལྡན་པར་གྱུར། ཡང་འོད་ཟེར་ཕྱིར་འཕྲོས། ཡུལ་གནོད་བྱེད་ཀྱི་དགྲ་བགེགས་རྣམས་ལ་ཕོག་པས་བྱ་སྒྲོ་མེས་བསྲེགས་པ་ལྟར་བཅོམས། འོད་ཟེར་ཚུར་འདུས། དེ་དག་གི་ཚེ་དང་བསོད་ནམས་ཀྱང་བདག་ལ་ཐིམ་ཞིང་། བདག་གི་བ་སྤུའི་བུ་ག་ཐམས་ཅད་དུ་ཉི་མའི་གདན་ལ་བཞུགས་པའི་ཁྲོ་ཆུང་ཕྱག་ན་མེ་རླུང་གི་འཁོར་ལོ་བསྣམས་པས་གཏམས་ཏེ་བར་གཅོད་བསྲུང་བར་བསྒོམ་ཤིང་། ལས་དང་པོ་བས་དེ་དག་ལ་ཁྲིད་དུ་བྱས་པའམ། བརྟན་པ་ཅུང་ཟད་ཐོབ་པས་འཕྲོ་འདུ་རྣམས་ཅིག་ཅར་དུ་བྱ་བ་ཡིན་ནོ། །དེའང་ཐོག་མར་ཡིག་འབྲུ་(༣༢བ)


GLG023_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དང་ཞེ་དགུ་པ་འདི་ཉིད་ལ་བསྙེན་པ་བྱེད་དོ། །དེ་སྐད་དུའང་། རྩ་བ་ལུས་ཀྱི་དྲག་སྔགས་ལ། །ཡིག་འབྲུ་བརྒྱ་དང་ཞེ་དགུ་ཡོད། །ཅེས་དང་། དེ་ནི་ལུས་ཀྱི་ཚུལ་ཡིན་ཏེ། །བསྙེན་པ་དང་ནི་ཉེ་བར་བསྙེན། །ཅེས་སོ། །བྷ་སུ་དྷ་རས། དང་པོ་ཁོ་ན་དྲག་པོ་དབང་སྡུད་སྔགས་རིང་ལ་ནན་ཏན་བྱ་སྟེ། དེའང་སྐུ་གསུང་ཐུགས་ཀྱི་འཕྲེང་བ་ལས་གཅུན་པ་དང་། གནད་ལ་དབབ་པ་དང་། གྲོང་ཁྱེར་དཀྲུག་པ་དང་། མིང་དང་འབོད་པ་དང་། སྲོག་གཟིར་བ་དང་། དབྲོག་པ་དང་། བཅད་པའི་ལས་རྣམས་སྔགས་ཀྱིས་བྱེད་པས་རང་བཞིན་བསྙེན་པར་བྱའོ། །ཞེས་འབྱུང་ངོ་། །གཉིས་པ་དྲག་པོར་བཟླས་པ་ལ། ལྷག་གསལ་བ། ཡུལ་གསལ་བ། སྔགས་གསལ་བའོ། །དང་པོ་ནི། བདག་ཉིད་ཟིལ་གནོན་རྩ་བའི་ལྷ་དྲུག་རྒྱན་གྱི་ལྷ་དང་བཅས་བ་གསལ་བར་བྱས་པའི་གཙོ་བོའི་ཐུགས་ཙིཏྟའི་ནང་དུ་ཉི་མའི་གདན་ལ་ཧཱུྃ། སྲས་ཀྱི་ཐུགས་ཀར་མ། དྲེགས་པའི་ཐུགས་ཀར་ཧཱུྃ། རུས་སྦལ་གྱི་ཐུགས་ཀར་ཀཱ། བྱ་ཁྱུང་གི་ཐུགས་ཀར་ཁྲོམ། ཡུམ་གྱི་ཐུགས་ཀར་མ། དེ་རྣམས་ཀྱི་ཐ་མར་དྲག་སྔགས་ཀྱིས་བསྐོར་བར་བསམ་མོ། །ལྷ་རྣམས་རིམ་པར་ཐུགས་ཀྱི་ཕྱི་བྲང་གི་ནང་དུ་བསྒོམ་ཞེས་རྗེ་དབང་གསུང་ཞེས་རིན་ཅེན་སྒྲོར་མར་བཤད་དོ། །གཉིས་པ་ཡུལ་གསལ་བ་ནི། གང་ལ་བྱ་བའི་དགྲ་བགེགས་དེ་གཞུང་བཞིན་བསྐྱེད་དོ། །གསུམ་པ་སྔགས་གསལ་བ་ནི། ཨྱེ་རིང་ལུས་ལ་གཟིར་བ་གཡུ་སྤྱང་ཅན་བཏགས་ལ་བཟླས་སོ། །དམར་ཡིག་ཏུ། ཨ་མུ་ཀཾ༔ འབྲུ་གསུམ་སྲོག་གཤེད་བསྡེབས་པ་ཡིན། །མྱགས༔ གཅིག་གིས་སྲོག་དང་སྙིང་པོ་གཞོམ། །ཐུམ་རིལ༔ གཉིས་(༣༣ན)


GLG023_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྦོད་གཏོག་རང་ལ་བཟློག །ཏྲིག་ནན་སྦུར་ཡ་ནན༔ ལྔ་ཡིས་སྟོབས་དང་ནུས་པ་གནོན། །ཨེ༔གཅིག་གིས་སྟོང་སྲོག་གནད་ཡིག་འགྱུར། །ཧུར་ཐུམས་ཛཿ གསུམ་གྱིས་སྲོག་གི་འབྲས་བུ་སྡུད། །ཁཾ་ཤག །འབྲུ་གཉིས་རྩ་དང་དངས་མ་འབྲེལ། རོ་མྱགས༔ གཉིས་ཀྱིས་སྟོབས་དང་ནུས་པ་གནོན། མུགས་ཏི་རྦད༔ གསུམ་གྱིས་ལུས་སྲོག་སྦྱོར་བ་གཅོད། །ཅེས་གསུངས་སོ། །བསྙེན་པ་ཐེམས་ནས་འདི་ཉིད་གང་འགྲུབ་བཟླས་ཤིང་། །བྱེ་བྲག་ཕ་རོལ་གྱི་སྦྱོར་བ་འཇོམས་པའི་ཕྱིར་སྲོད་དང་ཐོ་རེངས་བརྒྱ་རྩ་བཟླས་པར་བྱའོ། །རྩ་བར། སྲོད་དང་ཐོ་རེངས་བརྒྱ་བརྒྱ་ཡིས། །ཕས་ཀྱི་སྟོབས་ཀྱི་སྦྱོར་བ་འཇོམས། །ཞེས་སོ། །བལ་པོ་བྷ་སུ་དྷ་རས། དྲག་པོ་ཨྱེ་རིང་སྔགས་རྒོད་འདི། །རྟག་པར་རྒྱུན་དུ་བཟླས་གྱུར་ན། །འཇིག་རྟེན་ལྷ་འདྲེ་ཁམས་འཁྲུག་ཅིང་། །ལྷ་སྲིན་ཙིཏྟ་དཀྲུག་པར་འགྱུར། །ཞེས་སོ། །མན་ངག་རྩ་བ་ལས། དྲག་པོ་ཨྱེ་རིང་སྔགས་རྒོད་ལ། །འབྱུང་བ་ལྔ་ཡི་ལོག་འདྲེན་བསྒྱུར། །དྲག་པོ་ཨེ་ཡི་རྩ་བ་ལ། །བཙན་པོ་མཁར་དུ་གཞུག་པ་དང་། །སྤྱི་སྲོག་དབང་དུ་སྡུད་པ་དང་། །སྟོང་སྲོག་གནད་ལ་བོར་བ་དང་། །སྒོས་སྲོག་དམིགས་སུ་གཤོར་བའི་ལས། །མཁས་པས་བསྡེབ་པ་ཤེས་པར་བྱ། །ཞེས་གསུངས་པ་ལྟར། སྤྱང་མོ་དྲུག་གི་སོ་དང་གང་གནོད་པའི་སྒོས་སྲོག་དམིགས་སུ་གཤོར་བ་སོགས་ལ་མན་ངག་གི་གནད་མཐའ་ཡས་པ་སྣང་བས་ཞལ་གདམས་སྙིང་གི་ཁྲག་ལྟ་བུ་རྣམས་ཁོང་དུ་ཆུད་པར་བྱས་ནས་ཉམས་སུ་བླངས་ན་གནམ་ལྕགས་འབར་བའི་རྡོ་རྗེའི་ཐོག་དང་མཚུངས་ཤིང་། དེང་སང་གི་ཆོས་ལ་རས་སྦྱོང་མཁན་གཞན་གདམས་(༣༣བ)


GLG023_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྱོད་པ་ལྟར་བྱུང་རྒྱལ་དུ་འཇུག་པ་ནི་རང་ཉིད་ཕུང་བར་བྱེད་པའི་རྒྱུ་ཡིན་པས། སྲོག་ལ་གཅེས་པ་རྣམས་བག་དང་ལྡན་པར་བྱོས་ཤིག །སྐབས་སུ་ཨུར་མོ་ངར་གཅོད་དང་། ལྷ་སྲིན་གྱི་ཚེ་བདུད་ཀྱང་ཤེས་པར་བྱའོ། །དེ་སྐད་དུའང་། སློབ་དཔོན་ནོར་འཛིན་གྱིས་གནུབས་ཆེན་ལ་གདམས་པར། ཨྱེ་རིང་སྟོང་སྲོག་ལྷ་ཡི་ང་རྒྱལ་དང་། །རང་གཤེད་སྤྱང་མོ་དྲུག་གི་དགོངས་པ་དང་། །ལྷ་སྲིན་ཡིད་འཕྲོག་ཏིང་འཛིན་ཡིག་ཆུང་དང་། །འདི་གསུམ་བསྡེབས་ལ་བན་ཆུང་ཐུགས་དམ་མཛོད། །འདི་གསུམ་མང་པའི་སྡིག་པ་སྙིང་འཛིངས་ནི། །ནོར་བུའི་ཕྲེང་བ་ཐག་པ་ཆད་པ་འདྲ། །ཞེས་གསུངས་སོ། །འཛབ་བསྟོད་འབུལ་བ་དང་དངོས་གྲུབ་བླང་བ་ལས་བྱང་ཆེན་མོ་ཟུར་དུ་མེད་ཀྱང་། རྗེ་སྒྲོལ་མ་པའི་ཕྱག་བཞེས་སུ་འདུག་ལ། འདིར་ནི་གསོལ་བ་བཏབ་ཅིང་དངོས་གྲུབ་བླང་བ་ཙམ་བྱས་ན་བདེ་ཞིང་ལེགས་པར་མངོན་པར་བསྙེན་པའི་མཇུག་ཏུ། བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི། །ཞེས་སོགས་བརྗོད་དོ། །སྨྲས་པ། ཡེ་ནས་ལྷུན་གྲུབ་རང་སེམས་ཡེ་ཤེས་ལྷ། །རྨི་ལམ་ལྟར་དུ་ལོགས་ནས་སྤྱན་དྲངས་པའི། །བདེ་གཤེགས་རྒྱལ་བ་ཞི་ཁྲོ་ཀུན་འདུས་ལྷ། །ཟིལ་གནོན་ཕྱག་རྒྱའི་འཁོར་ལོ་རྣམ་པར་བཀྲ། །གཉིས་མེད་ཕྱག་དང་ཕྱི་ནང་གསང་བ་ཡི། །མཆོད་སྤྲིན་རྒྱ་མཚོའི་དཔག་བསམ་ལྗོན་ཤིང་གིས། །མཐའ་ཡས་མཆོག་ཐུན་དངོས་གྲུབ་འབྲས་བུ་ཆེ། །འཕྱུགས་མེད་དུས་སུ་སྩོལ་བའི་དཔྱིད་ཀྱི་མ། །སྐུ་གསུང་ཐུགས་དང་ཡང་གསང་སྔགས་ཀྱི་མཐུ། །རྣམ་པར་འགྲུབ་པའི་མན་ངག་བདུད་རྩིའི་བཅུད། །སྣོད་ལྡན་སྙིང་གི་བུམ་པ་འགེང་འདོད་ན། །རྒྱུད་ལྡན་(༣༤ན)


GLG023_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཞབས་པད་རིང་དུ་བསྟེན། །རྟོག་གེའི་དུག་ཆུས་མྱོས་པའི་མཁས་རློམ་དང་། །སྟོབས་ལྡན་བླུན་པོས་བཀུར་བའི་དྲེགས་པ་ཅན། །བསྟན་འཛིན་ལུང་མེད་གཞན་ལ་འཆང་བའི་ཆོས། །ཡངས་པའི་ས་འདི་གང་ཕྱིར་ཚུལ་འདི་གསང་། །ཞེས་སོ། །གཞུང་གི་གསུམ་པ་ལས་དང་འབྲས་བུ་བསྟན་པ་ནི། ཐོག་མར་ལས་བཤད་པར་བྱ་སྟེ། དེའང་དབུས་ཀྱི་གཙོ་བོ་ཕྱག་རྒྱ་ཟིལ་གནོན་གྱིས་སྲིད་གསུམ་ཟིལ་གྱིས་གནོན། གཡོན་ན་ཡུམ་རྡོ་རྗེ་ཁྲོས་མས་མོ་གདོན་ཀུན་ཟིལ་གྱིས་གནོན། ཐུགས་ཀའི་ཡ་མ་རཱ་ཛས་ཞི་ཁྲོ་གཤིན་རྗེ་ཕུར་པ་པདྨའི་མཐུ་ལས་དང་སྦྱོར་བ་ཐམས་ཅད་ཟིལ་གྱིས་གནོན། །དེའི་ཐུགས་ཀའི་ཕྱག་ན་རྡོ་རྗེས་བདུད་དང་མུ་སྟེགས་རྒྱལ་པོ་དཀོར་སྲུང་བཙན་དང་ཐེའུ་རང་གཉན་དང་གནོད་སྦྱིན་གྱི་ལས་དང་སྦྱོར་བ་ཐམས་ཅད་ཟིལ་གྱིས་གནོན། དེའི་ཐུགས་ཀའི་རུས་སྦལ་ཁྲོ་བོས་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དང་བཀྲག་མདངས་ཚེ་དང་དབང་པོ་འབྱུང་བའི་དངས་མ་ཐམས་ཅད་སྡུད་ཅིང་འཆང་། སྤྱི་གཙུག་གི་བྱ་ཁྱུང་གིས་ཀླུ་དང་ཀླུ་བདུད་ཀླུ་སྲིན་མཛེ་འདྲའི་སྟོབས་དང་ནུས་པ་ཐམས་ཅད་འཇོམས་ཤིང་ཟིལ་གྱིས་གནོན། ཕྲག་གོང་ཁྱུང་གཉིས་ཀྱིས་ས་བདག་ས་སྲིན་བཙན་དང་ཡུལ་ལྷ་ཐམས་ཅད་ཟིལ་གྱིས་གནོན། ནུ་ཁའི་སེང་གེས་མི་རིགས་སྟོབས་ཅན་ཀུན་ཟིལ་གྱིས་གནོན། སོགས་ཁའི་སྟག་གིས་གཅན་གཟན་དང་དུད་འགྲོའི་སྟོབས་ཟིལ་གྱིས་གནོན། སྟ་ཟུར་གྱི་སྦྲུལ་ནག་གིས་སྔགས་དང་དམོད་པ་དྲག་པོ་དང་། ཚ་བའི་དབལ་ཀུན་ཟིལ་གྱིས་གནོན། ད་ནི་འཁོར་རྣམས་ཀྱི་ལས་བཤད་དེ། དེའང་འཆི་བདག་གིས་མནན་པའི་ལས་མཐའ་དག་བྱེད། (༣༤བ)


GLG023_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་བདག་གིས་བཤིག་པའི་ལས་མཐའ་དག་བྱེད། ཚེ་བདག་གིས་བསད་པའི་ལས་མཐའ་དག་བྱེད། གཤེད་པོ་བཞིས་རང་གི་རྩ་ཆེན་བཞི་བསྲུང་ཞིང་བདུད་བཞིའི་གཉེན་པོ་བྱེད་དོ། །མོན་བདུད་བརྒྱད་ཀྱིས་རྣལ་འབྱོར་པའི་རྣམ་ཤེས་ཚོགས་བརྒྱད་བསྲུང་ཞིང་དགྲ་བོའི་གཤེད་བྱེད་དེ། དེའང་བྱེ་བྲག་ཏུ། དུང་གི་མོན་པས་སྲིད་པའི་ཕུང་པོ་ལྔ་དང་འབྲལ། ལྕགས་ཀྱི་མོན་པས་སྲིད་པའི་འབྱུང་བ་ལྔ་དང་འབྲལ། བསེའི་མོན་པས་སྲིང་པའི་ཆགས་སྡང་ལྔ་དང་འབྲལ། གསེར་གྱི་མོན་པས་སྲིད་པའི་རྣམ་ཤེས་བརྒྱད་དང་འབྲལ། ཧེ་ལ་ཁྱབ་པས་སྲིད་པའི་བླ་བརྐུ། ནག་པོ་འཛུམ་མེད་ཀྱིས་སྲིད་པའི་དབུགས་ལེན། སོ་འདར་འཁྲིག་པས་སྲིད་པའི་ཚེ་འཕྲོག །རལ་པ་སྤྱིར་བཅིངས་གྱིས་སྲིད་པའི་བླ་དང་འབྲལ། འཆི་བདག་བཅུ་གཉིས་ཀྱིས་རང་གི་སྐྱེ་མཆེད་བཅུ་གཉིས་བསྲུང་ཞིང་། དགྲ་བོའི་རྟེན་འབྲེལ་བཅུ་གཉིས་གནད་གཅོད་བཅིངས་པའོ། །དཀར་པོ་སྙིང་འབྱིན་གྱིས་དགྲ་བོ་ལྕགས་ཀྱུས་འགུགས་ཤིང་སྨྱོར་འཇུག །མགོན་པོ་ནག་པོས་ཞགས་པས་བཅིངས་ནས་བརྒྱལ་དུ་འཇུག །ཡབ་རྗེ་ནག་པོས་ལྕགས་སྒྲོག་གིས་བསྡམས་ནས་ཁྲམ་ལ་འདེགས། སྐུ་མཆོག་དམར་པོས་དྲིལ་བུས་མྱོས་ཤིང་རྒྱུ་ཞགས་ཐོགས་ནས་རྩ་རྒྱུས་གཅོད་པར་བྱེད། །སྤྲུལ་པ་ཤ་ཟ་དྲུག་ཁྲི་དྲུག་སྟོང་གིས་དྲེགས་པ་དཔའ་རྩལ་འགྲན་པའི་ལས་བྱེད་དོ། །ད་ནི་འབྲས་བུ་བཤད་པར་བྱ་སྟེ། དེ་ལའང་རྟེན་དང་བརྟེན་པ་སོ་སོའི་རྣམ་དག་བཤད་པ་དང་། ལམ་ཀུན་གཅིག་ཏུ་གྲོལ་བའི་འབྲས་བུ་བཤད་པའོ། །དང་པོ་ནི། སྤྱིར་སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་ཡིན་ལ། བྱེ་བྲག་ཏུ་(༣༥ན)


GLG023_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཀྱི་གྲུ་གསུམ་མཐིང་ནག་ནི་ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས་སྤྲོས་བྲལ་མཚོན་པའོ། །ཟླ་གམ་གསུམ་ནི་ཁམས་གསུམ་རྣམ་པར་དག་པ་བདེ་བ་ཆེན་པོའོ། །ཐོད་ཕྲེང་ནི་ཐུགས་རྗེ་རོལ་པའོ། །ཐོད་མཁར་བཞི་ནི་ཡེ་ཤེས་བཞིའོ། །འཁོར་ལོ་རྩིབས་བརྒྱད་རྩིབས་མཚན་དང་བཅས་པ་ནི་ཡེ་ཤེས་བཅུ་དྲུག་གོ །ལྕགས་མཁར་བཅུ་གཉིས་ནི་སྐྱེ་མཆེད་བཅུ་གཉིས་རྣམ་པར་དག་པའོ། །གྲུ་ཆད་བཞི་ནི་ཚད་མེད་བཞི། ཁྱམས་བཞི་ནི་འཕྲིན་ལས་བཞི། །སྒོ་བཞི་ནི་ཡེ་ཤེས་བཞིའོ། །རྟ་བབས་རྣམ་པར་ཐར་པ་བརྒྱད། དྲ་བ་དྲ་ཕྱེད་ཕར་ཕྱིན་བཅུ། རྒྱན་སྣ་ཚོགས་ཆོས་བརྒྱད་ཀྱི་སྤྲོས་པ་དག་པའོ། །རྩེ་མོ་མཐོ་བ་ཐིག་ལེ་ཉག་གཅིག་གོ །གདན་གྱི་དྲེགས་པ་ཅན་རྣམས་ནི་དེ་དག་བསྒྲལ་ནས་ཆོས་ཉིད་དུ་སྦྱོར་ཞིང་། ཉི་ཟླ་པདྨ་ཐབས་ཤེས་ཆགས་མེད་མཚོན་པའོ། །དེ་ནས་བརྟེན་པ་ལྷའི་རྣམ་དག་བཤད་པར་བྱ་སྟེ། དེའང་ནང་བཅུད་ཀྱི་འཇིག་རྟེན་རྣམ་པར་དག་པ་བརྟེན་པ་ལྷའི་འཁོར་ལོ་ཡིན་ལ། བྱེ་བྲག་ཏུ་དབུས་ཀྱི་གཙོ་བོ་བཅོམ་ལྡན་འདས་ཉིད་ནི་འབྱུང་བ་ནམ་མཁར་འཛིན་པའི་དངས་མ་དང་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་སྟེ། དེའང་གཞི་ཁམས་གསུམ་གྱི་འགྲོ་བར་ཞེན་པའམ། བདག་ཏུ་འཛིན་པ་གསུམ་ལམ་རྣམ་པར་ཐར་པའི་སྒོ་གསུམ་དུ་དག་ནས་འབྲས་བུ་སྐུ་གསུམ་དུ་གྲོལ་བའི་དོན་ནོ། །ཕྱག་དྲུག་ནི། གཞི་རིགས་དྲུག་ཏུ་འཁོར་བ་ཉིད་ལམ་ཕར་ཕྱིན་དུ་དག་ནས་འབྲས་བུ་རིགས་དྲུག་ཡེ་ཤེས་ཆེན་པོ་དྲུག་ཏུ་གྲོལ་བའི་དོན་ནོ། །ཞབས་བཞི་ནི། སྐྱེ་བ་རྣམ་བཞིར་འཛིན་པ་ཉིད་ཚད་མེད་པ་བཞིར་དག་ནས་རྫུ་འཕྲུལ་(༣༥བ)


GLG023_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྐང་པ་བཞིར་གྲོལ་པའི་དོན་ནོ། ཁྲོ་བོའི་ཆས་དགུ་ནི་རྒྱན་དུ་ཆགས་པར་འཛིན་པ་ཉིད་གར་དགུ་དག་ནས་འབྲས་བུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུར་གྲོལ་བའི་དོན་ནོ། །རང་འོད་རྡོ་རྗེའི་མེ་དཔུང་ནི། མ་རིག་པ་ཉིད་རང་བཞིན་གྱིས་འདི་གསལ་བའི་ཡེ་ཤེས་སུ་དག་ནས་འབྲས་བུ་ཡེ་ཤེས་ཆེན་པོའི་ཀློང་དུ་རང་གྲོལ་བ་དེ་བཞིན་གཤེགས་པའི་རིགས་སོ། །དེ་སྐད་དུའང་རྒྱུད་ལས། ཕྱག་རྒྱ་ཆེན་པོ་རྔམ་པའི་སྐུ། །མཐིང་ནག་དུག་ཆེན་དུག་ལྔ་འཇོམས། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །སྒོ་གསུམ་སྐུ་གསུང་ཐུགས་སུ་རྫོགས། །རིགས་དྲུག་འཁོར་བའི་གཞི་རྩ་མེད། །པ་རོལ་ཕྱིན་དྲུག་ཡེ་ཤེས་དྲུག །སྐྱེ་བ་རྣམ་བཞི་སྟོང་བདག་མེད། །ཚད་མེད་བཞི་དང་རྫུ་འཔྲུལ་རྐང་། །རྫོགས་པར་རང་བཞིན་ལྷུན་ནས་གྲུབ། །ཅེས་འབྱུང་ངོ་། །གཡོན་གྱི་གསོད་བྱེད་མ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངང་དུ་མྱ་ངན་ལས་འདས་པའོ། །ཐུགས་ཀའི་ཡ་མ་རཱ་ཛ་ནི་འབྱུང་བ་སར་འཛིན་པའི་དངས་མ་དང་རྣམ་པར་ཤེས་པའི་ཕུང་པོ་ཉིད་ཡ་མ་རཱ་ཛ་ར་དག་ནས་འབྲས་བུ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་བ་རྡོ་རྗེའི་རིགས་སོ། །ཕྱག་རྡོར་ནི་འབྱུང་བ་མེར་འཛིན་པའི་དངས་མ་དང་ཚོར་བའི་ཕུང་པོ་ཉིད་དྲེགས་པ་ཕྱག་ན་རྡོ་རྗེའི་སྐུར་དག་ནས་འབྲས་བུ་མཉམ་ཉིད་ཡེ་ཤེས་སུ་རང་གྲོལ་བའི་རིན་པོ་ཆེའི་རིགས་སོ། །རུས་སྦལ་ནི་འབྱུང་བ་རླུང་དུ་འཛིན་པའི་དངས་མ་དང་འདུ་བྱེད་ཀྱི་ཕུང་པོ་ཉིད་རུས་སྦལ་རྔམ་པར་དག་ནས་འབྲས་བུ་བྱ་བ་གྲུབ་པའི་ཡེ་ཤེས་སུ་རང་གྲོལ་བ་ལས་ཀྱི་རིགས་སོ། །བྱ་ཁྱུང་ནི་འབྱུང་བ་ཆུར་འཛིན་པའི་དངས་མ་དང་འདུ་ཤེས་ཀྱི་ཕུང་པོ་ཉིད་(༣༦ན)


GLG023_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཁྱུང་རྒྱལ་པོའི་སྐུར་དག་ནས་འབྲས་བུ་སོ་སོར་རྟོག་པའི་ཡེ་ཤེས་སུ་གྲོལ་བ་པདྨའི་རིགས་སོ། །དེ་ལྟར་ཡོངས་སུ་རྫོགས་པའི་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སངས་རྒྱས་ཀུན་གྱི་སྤྱིའི་གཟུགས་ཅན་ཕྱག་རྒྱ་ཟིལ་གནོན་ཞེས་བྱའོ། །རྒྱུད་ལས། སེམས་མིན་ལོགས་ནས་འཆར་བའམ། རྐྱེན་ལས་འབྱུང་བ་མ་ཡིན་ཏེ། ཡེ་ཤེས་ཆེན་པོར་ལྷུན་གྱིས་གྲུབ། །ཅེས་སོ། །ལྷ་དེ་དག་ནང་རྩ་གནས་ལ་སྦྱར་ཏེ་བཤད་པ་ནི་རྒྱུད་དང་མན་ངག་ལས་ཤེས་པར་བྱའོ། །རྒྱན་གྱི་ལྷ་རྣམས་ནི་གདུལ་བྱར་འཛིན་པ་ཉིད་ལྷ་བརྒྱད་དུ་དག་པ་ཡེ་ཤེས་ཀྱི་རོལ་པའོ། །ད་ནི་འཁོར་གྱི་རྣམ་དག་བཤད་པར་བྱ་སྟེ། །དེ་ལ་སྤྲུལ་པ་གསུམ་ནི་དུག་གསུམ་ལྷར་དག་པ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སོ། །གཤེད་བཞི་ནི་ཉོན་མོངས་པ་བཞི་ལྷར་དག་པ་ཡེ་ཤེས་བཞིའོ། །མོན་བདུད་བརྒྱད་ནི་རྣམ་ཤེས་ཚོགས་བརྒྱད་དག་པ་ཡེ་ཤེས་ཀྱི་ཆོ་འཕྲུལ་ལོ། །འཆི་བདག་བཅུ་གཉིས་ནི་སྐྱེ་མཆེད་བཅུ་གཉིས་དག་པའི་ཡེ་ཤེས། སྒོ་བ་བཞི་ནི་བདག་ཏུ་ལྟ་བ་དག་པའོ། །དེ་ལྟར་བཤད་པའང་གོང་དུ་རྟེན་དང་བརྟེན་པར་བཅས་པའི་རྣམ་པ་གསལ་བའི་སྐབས་རྣམས་སུ་དེ་དང་དེའི་རྣམ་དག་ངེས་པར་བྱས་ནས་ཉམས་སུ་བླང་བ་ནི་བླ་ན་མེད་པའི་ལམ་སྲོལ་ཐུན་མོང་མ་ཡིན་པ་སྟེ། སྔགས་འབྲུ་གཅིག་ལ་ལམ་དུ་བྱེད་པ་ཞེས་པའང་འདི་འདྲ་ལ་དགོངས་པ་ཡིན་པར་གསུངས་སོ། །གཉིས་པ་ནི། རྩ་བར། ཆོས་ཉིད་སྐྱེ་བ་མེད་པ་ལས། །སྐུ་གསུམ་ལྷུན་གྱིས་གྲུབ་པར་བཤད། །ཡེ་ཤེས་རོལ་པ་འགག་པ་མེད། །བདེ་ཆེན་ལྷུན་གྲུབ་རེ་དོགས་བྲལ། །བདག་ཉིད་ལྷུན་གྲུབ་དཀྱིལ་འཁོར་རོ། །ཞེས་གསུངས་སོ། །འདི་ལ་བྷ་(༣༦བ)


GLG023_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དྷ་རས། ཆོས་སྐུ་སྐྱེ་མེད་ལས་རང་བྱུང་གི་ཡེ་ཤེས་རང་ཤར་བས་ཡེ་ཤེས་ལྷུན་གྲུབ། གཟུགས་སྐུའི་འགྲོ་དོན་རྩོལ་མེད་དུ་སྤྱོད་པས་རྣམ་པ་ལྷུན་གྲུབ། ཐབས་ལ་མཁས་པའི་སངས་རྒྱས་ཀྱི་མཛད་པ་སྒྱུ་མ་ལྷུན་གྲུབ། དེ་ཉིད་འཕྲིན་ལས་བསྙེན་སྒྲུབ་འཕྲོ་འདུའི་རྩོལ་བ་དང་བྲལ་ཞིང་ཡོངས་རྫོགས་སུ་གནས་པས་དབང་པོ་ལྷུན་གྲུབ། ཅིར་སྣང་ཕྱག་རྒྱར་གསལ་བས་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་སྟེ་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་ཅིང་བགྲོད་ཐོབ་མེད་པས་འབྲས་བུ་ལྷུན་གྲུབ་ཅེས་གསུངས་ཏེ། མདོར་ན་ཆོས་སྐུ་སྐྱེ་མེད་ཀྱི་རོལ་པ། ལོངས་སྐུ་བདེ་བ་ཆེན་པོའི་རྣམ་འཕྲུལ་བསམ་ཡས་འབད་མེད་ལྷུན་གྲུབ་ཏུ་བཞུགས་པ་ནི་ལམ་མཐར་ཕྱིན་པའི་འབྲས་བུ་ཡིན་ནོ། །དེ་ལ་སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་དུའང་ཐ་སྙད་འདོགས་ཏེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། ཕུང་པོ་ལྔ་སྣང་ལ་རང་བཞིན་མེད་པར་གསལ་བ་ལོངས་སྐུ། དེའི་རང་བཞིན་ཆོས་སྐུ། དོན་བྱེད་པས་སྤྲུལ་སྐུ། རང་བྱུང་ཡེ་ཤེས་རྩ་བའི་ལྷ་དྲུག་རྒྱན་གྱི་ལྷ་བརྒྱད་ལ་སོགས་པར་གདུལ་བྱ་སོ་སོར་སྣང་བས་མངོན་བྱང་། དེ་དག་ཚིག་སྔ་ཕྱིར་བྱུང་ཡང་དོན་ལ་དབྱེར་མེད་ཅིང་རྟག་པ་ཐེར་ཟུག་རྒྱུན་ལས་གྲོལ་བས་རྡོ་རྗེའི་སྐུའོ། །དེ་ལྟ་བུ་ནི་ཕྱག་རྒྱ་ཆེན་པོ་ཟིལ་གནོན་ལྷུན་གྱིས་གྲུབ་པའི་དགོངས་པ་མཐར་ཕྱིན་པར་བཤད་དོ། །རྒྱུད་དུའང་། འཁོར་བ་དོང་སྤྲུགས་ཀ་དག་གླིང་། །སངས་རྒྱས་རང་ཆས་བཙལ་དུ་མེད། །ཅེས་གསུངས་སོ། །ད་ནི་ལམ་གྱི་སྐབས་སུ་གྲུབ་པའི་མཚན་མ་བསྟན་པའང་ཞར་ལ་བཤད་པར་བྱ་སྟེ། དེ་ལ་བམ་ཆེན་གསང་བའི་དབང་ཆུར་གྲུབ་པའི་རྟགས་ནི།(༣༧ན)


GLG023_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་རྒྱལ་ས་ཐོབ་པ་དང་། རིན་པོ་ཆེའི་ཀཀྞི་ལ་འཛེགས་པ་དང་། བདུད་རྩིའི་ཆུ་ལ་ཁྲུས་བྱེད་པ་དང་། ཤ་ཁྲག་དང་འདོད་ཡོན་ལ་རོལ་བའི་རྨིས་ལྟས་དང་། ཞེས་དང་། འཁོར་ལོ་ནག་པོའི་རྒྱུད་ལས། དེ་ལ་རྟགས་ཀྱི་རིམ་པ་འབྱུང་ངོ་། །མགོ་ལ་སྐུ་གདུང་ཉི་ཟླ་གབ། །བདུད་རྩིའི་ཆུ་ལ་ཁྲུས་བྱེད་དང་། མེ་ཆུ་འཚུབ་མར་འཁྱིལ་བའི་ལྷ། །ཀླུ་ལ་གདོད་ཕྱིར་གྲུ་གཟིངས་བསྐྱོད། །གླང་པོ་ཞོན་ནས་མཚོན་ཆ་འབར། །ཕྱི་ཡི་རྟགས་སྤྱོད་ཡུལ་དུ་འགྱུར། །འོད་སྒྲ་དུ་བ་བཞད་ཅིང་སྟོན། །དམག་འདྲེན་དགྲ་འགུགས་འོད་བྱེད་དང་། །ནད་གཅོད་རྐང་འབེབས་ལས་ལ་འཕྱུར། །སྤྱོད་ཡུལ་རྣམ་གསུམ་ནང་དུ་ཟུང་། །ལུས་ཡང་སེམས་རྒོད་རིག་པ་དངས། །ཟས་དང་སྐོམ་གྱི་འདུ་ཤེས་ཆུང་། །ཉོན་མོངས་ཤེས་པ་མུལ་ལ་འབར། །སྔ་ན་མེད་པའི་རྣམ་པ་མྱོང་། །ཐུན་ཟོར་ཤ་ཁྲག་རྔམ་ཞིང་རོལ། །གསང་བའི་རྟགས་ནི་དབང་སྡུད་སྦྱར། །གཞན་ཡང་རྟགས་ཀྱི་རིམ་པ་ལ། །བདག་ཉིད་ཕྱག་རྒྱ་གསལ་བ་དང་། །རང་སེམས་མི་གཡོ་ཉམས་དང་ལྡན། །འདོད་པའི་ཡུལ་ལ་ཤིན་ཏུ་འཚིག །སྔགས་རྣམས་གསལ་ལ་འབར་ཞིང་འདྲིལ། །བློ་ནི་མི་གཡོ་དོན་རྣམས་གསལ། །ལྕེ་ལྐོག་ཚ་ལ་གཡའ་བ་དང་། །འབྲུམ་བུ་ཕྲ་མོས་འགེངས་པ་དང་། །ལུས་ལ་འདུ་བའི་ནད་མེད་ཅིང་། །ལུས་ལ་དྲོད་དང་གཡོ་བའི་རླུང་། །བོད་པའི་དུས་སུ་སྙིང་གནས་ལྡང་། །ཐོག་སེར་ཐོ་ལུམ་འབར་བ་དང་། །མཚོན་ཆ་ཀླད་ལ་བསྐོར་བ་དང་། །གཞན་གྱི་ངག་ལམ་འཁོར་ལོས་བཀག །རང་གིས་རང་གི་ཡུལ་ཁམས་བཤིག །འཁོར་གྱི་འབྲད་བྲལ་(༣༧བ)


GLG023_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པ་འབྱུང་། །རང་ཡང་དབུགས་འཐུམས་ལྕེ་མི་བདེ། །རང་འཁོར་རང་ལ་གནོད་པ་བྱེད། །མན་ངག་ལྡན་པས་འཁྲུལ་འཁོར་འགྱུར། །ཞེས་དང་། རྒྱ་གར་དྷ་ན་དྷ་ལས། རྟགས་ནི་སྐུ་དངོས་སུ་མཐོང་བ་དང་། རྟེན་གྱི་བྲིས་སྐུ་ཞལ་བཞད་པ་དང་། ནམ་ལངས་པ་དང་། འོད་ཀྱིས་རྒྱལ་ཁམས་ཁེངས་པ་དང་། །ཉི་ཟླ་གཟའ་སྐར་དུས་གཅིག་ཏུ་ཤར་བ་དང་། ལུས་ཀྱི་ཟག་པ་ཟད་པ་དང་། །འདོད་ཡོན་མངོན་དུ་འབྱུང་བ་དང་། །ལུས་ཡོད་དུ་མི་ཚོར་ཞིང་འདུ་བ་དང་བྲལ་བ་དང་། དབུགས་ཕྱི་ནང་རྒྱུ་བ་མི་ཚོར་བ་དང་། ངག་གི་བདེན་པ་གྲུབ་པ་དང་། སེམས་གང་དུའང་མི་འཕོ་བར་ཆོས་ཉིད་ལ་གནས་པ་ལ་སོགས་པ་ཅི་རིགས་སུ་འབྱུང་ངོ་། །ཞེས་གསུངས་སོ། །བྱེ་བྲག་ཏུ་དྲག་པོའི་ལས་མཐར་ཐུག་པའི་རྟགས་ནི་དྲག་ལས་རང་རང་གི་སྐབས་སུ་འབྱུང་ངོ་། །སྨྲས་པ། སྣོད་བཅུད་རྣམ་པར་དག་པ་རྟེན་བརྟེན་པའི། །རང་སྣང་ཡེ་ཤེས་རོལ་པར་རྟག་འཆར་བའི། །ལྷུན་གྲུབ་སྐུ་གསུམ་ངོ་བོ་ཕྱག་རྒྱའི་གར། །ཐེག་མཆོག་སྙིང་པོའི་རྣལ་འབྱོར་རྨད་དུ་བྱུང་། །ཆོས་ཀུན་སེམས་ལས་གཞན་དུ་མ་མཆིས་ཀྱང་། །མཁའ་ལ་སྤྲིན་དང་འཇའ་ཚོན་གློག་འཁྱུག་ལྟར། །འཁྲུལ་སྣང་ལམ་གྱི་མཚན་མར་སྟོན་པ་འདིས། །སླུ་མེད་རྟེན་ཅིང་འབྲེལ་བར་འབྱུང་དེ་མཚོན། །ཞེས་སོ། །སྤྱི་དོན་གསུམ་པ་འཕྲིན་ལས་ཀྱི་རྫས་ཀྱི་ཆོ་ག་ལ། ཚོགས་ཀྱི་འཁོར་ལོ་བྱ་བ། ལྷག་མ་བཏང་བ། འཕྲོས་དོན་ཟོར་ལས་བྱེ་བྲག་ཏུ་བཤད་པ། །བསྟན་མ་བསྐྱང་བ། དཀྱིལ་འཁོར་བསྡུ་བ། དགེ་བ་བསྔོ་བ། ཤིས་པ་བརྗོད་པའོ། །དང་པོ་ལ། ཚོགས་བཤམ་ཞིང་བྱིན་གྱིས་བརླབ་པ། ཚོགས་ཞིང་སྤྱན་དྲང་བ། (༣༨ན)


GLG023_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་ཏེ་སྤྱིར་མཆོད་པ། བྱེ་བྲག་ཏུ་ཞལ་གཡས་དཀར་ལ་མཆོད་པ། གཡོན་དམར་ལ་བཤགས་པ། དབུས་མཐིང་བ་ལ་སྟོབ་པ། ཚོགས་ལ་རོལ་བའོ། །དང་པོ་ནི། རཾ་ཡཾ་ཁཾ་གིས་ཚོགས་ཀྱི་ཡོ་བྱད་ཀུན། །ཞེས་སོགས་བརྗོད་དེ། རཾ་ཡཾ་ཁཾ་གསུམ་གྱིས་ཚོགས་མ་དག་པ་རྣམས་མེས་བསྲེགས། རླུང་གིས་གཏོར། ཆུས་བཀྲུས་ཏེ་སྦྱངས། ཨཱོཾ་ཨཱཿཧཱུཾ་གིས་སྦྱངས་རྟོགས་སྦར་ཞིང་། ཧོ༔ཡིག་ཟག་པ་མེད་པའི་བདུད་རྩིར་བྱིན་གྱིས་བརླབ་བོ། །གཉིས་པ་ནི། རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས། །ཞེས་སོགས་ཀྱིས། བླ་མ་བདེ་གཤེགས་ཞི་ཁྲོའི་ཚོགས་སྤྱི་དང་། ཁྱད་པར་ཟིལ་གནོན་ལྷ་ཚོགས་རིགས་འཛིན་སྲུང་མར་བཅས་པ་རྣམས་སྤྱན་དྲངས། །གསུམ་པ་ནི། ངོ་བོ་སྣང་སྟོང་ཀུན་བཟང་མཆོད་པའི་སྤྲིན། །ཞེས་སོགས་ཀྱིས། འདོད་ཡོན་དྲུག་གི་ལྷ་མོ་མཆོད་པའི་ཚོགས་ཐོགས་པས་ནམ་མཁའ་བཀང་སྟེ་མཆོད། །བཞི་པ་ནི། ཟབ་བྲལ་བདུད་རྩིའི་རོ་མཆོག་བརྒྱ་ལྡན་པའི། །ཞེས་སོགས་ཀྱིས་དབུལ་ཞིང་། རང་གི་ཆོས་སྐྱོང་ནས་གཞི་བདག་གི་བར་དུ་འབུལ་ལོ། །ལྔ་པ་ནི། མཆོག་དང་ཐུན་མོང་དངོས་གྲུབ་གངྒཱའི་རྒྱུན། ཞེས་སོགས་དང་། ཡིག་བརྒྱ་བརྗོད་དེ་ཉེས་པ་རྣམས་བཤགས། དེའང་ཚིག་ཟིན། ཉི་འོད་ཀྱིས་གངས་རི་བཞུ་ཞིང་མེད་པར་བྱས་ན་གངྒ་སོགས་ཆུ་རྒྱུན་ལ་གནོད་པ་ལྟར། ཉེས་ལྟུང་གི་དྲིས་དམ་ཚིག་ལ་ཉམས་ཆགས་བྱུང་ན་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པའི་གེགས་སུ་འགྱུར་བས་དེ་བཤགས་པའོ། །དྲུག་པ་ལ་གདུལ་བྱ་འགུགས་པ། བསྒྲལ་བ། སྟོབ་པའོ། །དང་པོ་ནི། ཧཱུཾ། ཞེས་འདོད་(༣༨བ)


GLG023_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་གྱི་ལྷ་མོ་རང་གི་ཐུགས་ཀར་བསྡུ། ཨྱེ་རིང་ཚར་གཅིག་གིས་ང་རྒྱལ་གསར་ཞིང་སྤྲུལ་པ་སྤྲོ། ནྲྀ་ཛཿསོགས་ཀྱི་ཕྱག་རྒྱ་བཞིས་དགུག་བཅིང་བསྡམ་མྱོས་དབྱེ་གཞུག་བྱ། སླར་ཡང་གྲུ་གསུམ་ཨེ་ཡི་སོགས་ཀྱིས་ཕོ་ཉ་མངགས་ཤིང་འགུགས་པར་བྱའོ། །གཉིས་པ་ནི། འོག་ནས་འབྱུང་བ་ལྟར་གྱི་དམིགས་པ་དང་བཅས་ཏེ། ཨྱེ་མྱགས་སོགས་བརྗོད་ཅིང་ཕུར་བུ་བཏབ་སྟེ་བསྒྲལ། ཚེ་གནས་ཀྱི་དགོངས་པ་བཞིན་བྱ། སླར་རལ་གྲིས་གཏུམ་ཅིང་གོང་གི་སྔགས་རྣམས་བརྗོད་དོ། །གསུམ་པ་ནི། ལིང་རོ་སྨན་རག་གིས་སྦྲུས་པ་ཐོད་པར་བསྡུས་ལ། ཤ་ཁྲག་གི་རྒྱ་མཚོར་བསམ། ཨེ་ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །སོགས་བརྗོད་དེ། དགྲ་བོའི་ཤ་ཁྲག་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་རོལ་བས་དུག་གསུམ་རྩད་ནས་བཅད་པར་བསམ་མོ། །བདུན་པ་ནི། སྤྱི་ལྟར་ཚོགས་དབང་བསྐུར་བའི་ཚིག་བརྗོད་པའམ། མིན་ཀྱང་རུང་སྟེ། ལྷ་ལ་མཆོད་པའི་བསམ་པས་རོལ་བར་བྱ་ཞིང་། ལྷག་མ་གསོག་འཇོག་མེད་པར་བཞག་གོ །རྗེས་ཀྱི་གཉིས་པ་ལྷག་མ་ལ། ལྷག་གཏོར་བྱིན་གྱིས་བརླབ་པ། མགྲོན་འགུགས་པ། ཟིལ་གྱིས་མནན་པ། དམ་ཚིག་བསྟན་པ། དམ་བསྒྲག་པ། ཁ་ཆུ་སྦྲན་པ། མཆོད་ཅིང་ལས་ལ་གཞོལ་བའོ། དང་པོ་ནི། ལྷག་ཕུད་ཀྱི་གཏོར་མ་སྨན་རཀ་དང་བཅས་པ་རང་གི་མདུན་དུ་བཞག་ལ། གཏོར་སྣོད་ཉི་ཟླའི་དཀྱིལ་འཁོར་དུ། །ཞལ་ཟས་ཧཱུཾ་གིས་དངོས་པོ་བསྲེགས། །ཨཱཿཡིས་ནམ་མཁའ་ལྟ་བུར་ཏེ། །ཨཱོཾ་གྱིས་མོས་པ་ཇི་ལྟ་བར། །ཧོཿཡིས་བདུད་རྩི་ཉིད་དུ་བསྒྱུར། །གཟུགས་ནི་བསྒྲལ་བའི་དངོས་པོར་གྱུར། །ཨཱོཾ་ཨཱཿཧཱུཾ་ཧོཿཞེས་བརླབ་བོ། །(༣༩ན)


GLG023_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལྷག་བྱིན་གྱིས་བརླབ་ཚུལ་འདི་ལས་བྱང་ཆེན་མོར་དངོས་སུ་མི་གསལ་ཞིང་། ལས་བྱང་འདིར་ཡང་དངོས་སུ་མ་བཀོད་ལ། འོན་ཀྱང་རྡོ་རྗེ་སློབ་དཔོན་ཙམ་གྱིས་བརླབ་བོ། །གཉིས་པ་ནི། བདག་གི་ཐུགས་ཀ་ནས་ཛ་ལས་ཊཀྐི་རཱ་ཛ་སྤྲོས་ཏེ། ཨཱོཾ་བཛྲ་ཊཱཀྐི་རཱ་ཛ་སོགས་དང་། དཀྱིལ་འཁོར་ཕྱི་རོལ་སོགས་བརྗོད་ལ། དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཁྱམས་ལ་དགུག་གོ །གསུམ་པ་ནི། མཛུབ་མོ་དང་གུང་མོ་དང་མཐེ་བོང་རྣམས་སོ་སོར་སྦྱར། སྲིན་ལག་དང་མཐེའུ་ཆུང་འབར་བ་ལྟར་བྱས་པའི་ཁྱུང་གི་ཕྱག་རྒྱ་བཅས་ལ། ཨཱོཾ་ཤྲཱི་མཉྫུ་ཀྲོ་དྷ་སོགས་བརྗོད་པས་བདག་ཉིད་ཀྱི་རྡོ་རྗེའི་གཤོག་པ་ལས་འོད་ཟེར་མེའི་ཚ་ཚ་ལྟ་བུ་འཕྲོས་པས་མ་མོ་མཁའ་འགྲོ་འབུམ་དང་བཅས་པ་ཟིལ་གྱིས་མནན་ཏེ་མདོར་ན་ཡེད་ཡེད་བཀའ་ཉན་པར་བསམ་མོ། །བཞི་པ་ནི། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་ག་ཤིབས་པ་རྡོ་རྗེ་རྩེ་གཉིས་པ་ལྟར་བྱས་ལ། ས་མ་ཡ་དུ་མནྟ། ཀ་ར་ན་ཕཊ། ཅེས་བརྗོད་དོ། །ལྔ་པ་ནི། ལག་གཡས་སྡིགས་མཛུབ་བསྒྲེང་། བེ་ཅོན་བཟུང་བ་ལྟར་བྱས་ལ། ཨ་ཀ་ཡ་མ་ཧཱུྃ། །ཞེས་བརྗོད་པས། ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་རྣམས་ཀྱི་ལག་ཏུ་བེ་ཅོན་བྱིན་པས་རང་སེམས་དཔང་དུ་བཙུགས་ཤིང་དམ་ལས་མི་འདའ་ལ། འདས་ན་མགོ་འགས་སྙིང་འཚིག་པར་བསམ་མོ། །དྲུག་པ་ནི། ཡ་རྐན་ལ་ཡབ་ལྔ། མ་རྐན་ལ་ཡུམ་ལྔ། སྨན་ཁར་བླུག་པ་དེ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་འོད་ཟེར་ལྔ་འཕྲོ་བའི་ཁ་ཕྲུ་གཏོར་མ་ལ་བཏབ། དཔལ་གཏོར་ནས་ཀྱང་མཐེབ་སྐྱུ་ཆ་ཚང་གཏོར་མའི་སྟེང་དུ་ཕབ་བོ། །བདུན་པ་ནི། དམར་ཆེན་(༣༩བ)


GLG023_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཁྲག་བདུད་རྩི་ཨ་མྲྀ་ཏ། །སོགས་དང་ཨོཾ་ཨེ་ཀ་ཡ་མ་ཀྲོ་དྷ་ཁཱ་ཧི་ཞེས་སོགས་ཀྱིས། གཏོར་མ་བདུད་རྩིའི་རང་བཞིན། ཤ་ཁྲག་གི་རྒྱ་མཚོ་ཆེན་པོ་བསྟན་སྲུང་ལས་ཀྱི་གཤིན་རྗེ་རྣམས་ཀྱིས་གསོལ་བར་བསམ་མོ། །དེའང་སྒྲུབ་པ་ཞག་སྦྲེལ་གྱི་ཚེ། ལྷག་མ་བཙོན་དུ་འཛིན་པའི་ཚུལ་ཡང་མཆིས་ནའང་། དགོངས་སྟར་གྱིས་གཏོང་བ་ལེགས་སོ། །སྨྲས་པ། དཔྱིད་ཀྱི་མ་མས་བསྐྱངས་པའི་ཆུ་འཛིན་ཕྲེང་། །དབྱར་དུས་ལྷ་ལམ་དབུས་སུ་རབ་འཁྲིགས་ནས། །གྲུ་ཆར་བབས་པའི་གཤེར་གྱི་ནོར་འཛིན་ཀུན། །བརླན་པར་བྱེད་པ་དངོས་པོའི་རྟེན་འབྲེལ་ཡིན། །དེ་བཞིན་དམ་ལྡན་རིགས་འཛིན་སྔགས་འཆང་གིས། །གཉིས་མེད་ཚོགས་ཀྱི་མཆོད་པའི་དགའ་སྟོན་གྱིས། །དངོས་གྲུབ་ནོར་བུ་བསམ་འཕེལ་དབང་གི་རྒྱལ། །རྩོལ་མེད་ལྷུན་གྱིས་གྲུབ་པ་ཨེ་མ་མཚར། །ཞེས་སོ། །གསུམ་པ་འབྱེས་དོན་ཟོར་ལས་བྱེ་བྲག་ཏུ་བཤད་པ་ལ། །ལས་བྱང་ཆེན་མོ་དང་རྣམ་ངེས་གཉིས་ཀར། ཟོར་ལས་བྱེད་ན་སྐབས་འདིར་བྱ་ཞེས་གཞན་དུ་ཞལ་འཕངས་པ་ཙམ་ལས་དངོས་སུ་མ་གསུངས་ནའང་། ལས་བྱང་འདིར་དཔྱོད་ལྡན་ཉམས་སུ་བླང་བ་ལ་འཁྱེར་བདེ་བའི་ཕྱིར་བཀོད་པས། འདི་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་ཚུལ་འདི་ལག་ཏུ་བླང་བའི་གང་ཟག་རྟེན་གྱི་ཁྱད་པར། གང་དུ་བྱ་བའི་གནས་ཀྱི་ཁྱད་པར། སྒྲོལ་བའི་དུས་དང་ཚེས་ཀྱི་ཁྱད་པར། ལས་སྦྱོར་བྱ་བའི་ཡུལ་གྱི་ཁྱད་པར། སྦྱོར་བ་རྫས་དང་མཆོད་གཏོར་ཡོ་བྱད་ཀྱི་ཁྱད་པར་རོ། །དང་པོ་ནི། གོང་དུ་རྒྱས་པར་བཤད་མོད། འོན་ཀྱང་རྒྱུད་ལས། གདེངས་གསུམ་ལྡན་(༣༤ན)


GLG023_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསལ་གསུམ་བྱ། །ཞེས་དབང་ཐོབ་ཅིང་ལྟ་བ་རྟོགས་པ། མན་ངག་གི་གདེངས་དང་ལྡན་པ་ཞིག་དགོས་པར་བཤད་ཅིང་། གཞན་ཡང་ཆོས་གསུམ་ཞེས་བདག་དོན་སྒྲིལ་བ། བག་དང་ལྡན་པ། དོན་གཉིས་འགྲུབ་པར་འདོད་པ་གསུམ་སྟེ། དེ་སྐད་དུའང་རྒྱུད་ལས། བརྡ་དོན་གྲོལ་དང་སྨིན་པའི་ལམ། །ཏ་ལ་ནག་པོ་སྦྲུལ་འཛིན་ལྟར། །སྦྱོར་བ་གང་ཟག་བག་དང་ལྡན། །དོན་གཉིས་འགྲུབ་པར་འདོད་པ་ཡིས། །ཞེས་པ་ལྟར་ཡིན་ལ་ཁྱད་པར་དུ་ལྷའི་ང་རྒྱལ་བརྟན་ཅིང་བསྙེན་པ་ཐེམས་པ་ལག་ལེན་འཕྱུགས་མེད་དུ་ཁོང་དུ་ཆུད་པ་ནི་མེད་དུ་མི་རུང་བ་ཡིན་ནོ། །གཉིས་པ་ནི། སྔར་སྨོས་པ་ལྟར་དྲག་པོའི་ལས་སྦྱོར་ལ། དུར་ཁྲོད་དང་། བྲག་རི་ནག་པ་དང་། གདུག་པ་ཅན་རྒྱུ་བའི་ས་གཉན་པའམ། ཡང་ན་གནས་ཁང་ཉམས་དགའ་བ་དག་ཏུ་བྱ་སྟེ། རྒྱུད་ལས། དུར་ཁྲོད་གནས་སམ་བྲག་རིའི་ངོས། །དབེན་པར་འདུག་ལ་བསམ་གཏན་བྱ། །ཞེས་དང་། ཡང་། དུར་ཁྲོད་ལ་སོགས་བདེ་གནས་སུ། །རང་སེམས་དབེན་པར་གནས་བབས་ཏེ། །ཞེས་གསུངས་ལ། ཁ་ཐུན་དུ། བསྙེན་སྒྲུབ་གཉིས་ཀྱི་སྒྲུབ་པའི་གནས་དུར་ཁྲོད་ཤིན་ཏུ་གཉན་པར་བྱ་བར་བཤད་ནས་བོད་དུ་དེ་ལྟ་བུ་མེད་པས། སློབ་དཔོན་གོང་མ་རྣམས་ཀྱིས་དངོས་གྲུབ་ཐོབ་པའི་གནས་སུ་བྱ་བར་བཤད་དོ། །གསུམ་པ་ནི། གཟའ་ཚེས་སྦྱོར་བ་ས་བདག་གདུག་པ་ཅན་སོགས་ཤིན་ཏུ་རྩུབ་པའི་ཉི་མ་ལ་བྱེད་དགོས་ཏེ། རྒྱུད་ལས། ཚེས་དང་གཟའ་དང་སྐར་མ་དང་། ནག་པོ་རྨེས་པ་གཅིག་ལ་གཏད། །ཅེས་གསུངས་སོ། །བཞི་པ་ནི། རྒྱུད་ལས། དམ་ཆོས་དགེ་བཅུ་སྨོད་པ་དང་། །དགོན་པའི་གནས་སུ་འཕྲག་པ་དང་། །རྒྱལ་བའི་བཀའ་ལས་འདའ་བ་དང་། །མཚམས་མེད་ལྔ་ལ་སྤྱོད་པ་དང་། །བདེན་པའི་བར་ལོག་ལྟ་བ་སྤྱོད། །དེ་ཚེ་སྔགས་ཀྱི་དམོད་པ་བོར། །ཞེས་གསུངས་པ་(༤༠བ)


GLG023_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། བསྒྲལ་བྱའི་ཞིང་དགེ་བ་བཅུ་ཁྱད་དུ་གསོད་ཅིང་། མི་དགེ་བ་བཅུ་དང་དུ་ལེན་པ། དབེན་གནས་དང་ཆོས་འཁོར་གཉན་པོ་རྣམས་འཇོམས་ཤིང་། མཚམས་མེད་ལྔ་ལ་སྤྱོད་པ་སོགས་བསྟན་པ་འཇིག་པའི་དགྲ་བོ་ལ་བྱང་སེམས་ཅན་གྱི་སྔགས་འཆང་རྡོ་རྗེ་འཛིན་པས་དྲག་པོ་མངོན་སྤྱོད་ཀྱི་ལས་བརྩམ་པར་བྱ་བ་ཡིན་ཏེ། རྒྱུད་ལས། བདག་དོན་མ་ཡིན་བསྟན་པའི་དོན། །དཀོན་ཅོག་བླ་མའི་དོན་ཆེད་དུ། །བསྟན་པའི་བར་གཅོད་བྱེད་པ་དག །བསྒྲལ་ན་བླ་མེད་བྱང་ཆུབ་མྱུར། །དེ་མིན་ན་ནི་མནར་མེད་དེ། །ལས་ཀྱི་རུ་དྲ་ལ་སོགས་སྐྱེ། །ཞེས་གསུངས་ལ། དེའང་། བདག་དོན་མ་ཡིན་ཞེས་པ་ནི། ཚེ་འདི་ཁོ་ན་བདེ་བའི་ཐབས་ཙམ་དང་། རྣལ་འབྱོར་པ་ཆོས་བསྒྲུབ་པའི་འགལ་རྐྱེན་དུ་མི་འགྲོ་བའི་རྐྱེན་ཆུང་ངུ་ཙམ་ལ་མངོན་སྤྱོད་ཀྱི་ལས་མི་བྱ་བའི་དོན་ཡིན་ལ། སྤྱིར་རྣལ་འབྱོར་པས་རྒྱུད་སྡེ་སོགས་གསུང་རབ་ལ་ཐོས་པ་བྱས་པ་ནི་ལུང་གི་བསྟན་པ་དང་། ལམ་ཟབ་མོ་ཉམས་སུ་བླངས་པ་ནི་རྟོགས་པའི་བསྟན་པ་ཡིན་པས། རིག་པ་འཛིན་པའི་གང་ཟག་མི་རེ་ལ་གནོད་པ་བྱུང་ཀྱང་བསྟན་པ་ལ་གནོད་པར་འགྲོ་བས་རྣལ་འབྱོར་པའི་སྒོས་དགྲ་རྣམས་བསྒྲལ་བའི་ཡུལ་ཡིན་ནོ། །དེང་སང་ནི་འདི་དག་གི་དོན་མ་གོ་བར། ཆོས་བྱེད་ཀྱི་སྒྲུབ་པ་པོ་བློ་དཀོན་ཅོག་ལ་བསྟད་ནས་བསྙེན་སྒྲུབ་ལས་སྦྱོར་བྱེད་པ་ལ་འཕྱ་ཞིང་། དགོན་གྲོང་ཁང་ཁྱིམ་ཙམ་ལ་སངས་རྒྱས་ཀྱི་བསྟན་པའི་མིང་དུ་བཏགས་ནས་ཁ་གསང་དང་ཚུལ་འཆོས་འཐབ་རྩོད་གཡོ་སྒྱུ་ལྷུར་ལེན་པའི་རྟོག་གེ་པ་ང་རྒྱལ་ཅན་དང་། སྒོམ་ཆེན་བླུན་པོ་དག་ཅལ་ཅོལ་གྱི་གཏམ་མ་མང་བར་བག་ཡོད་པར་བྱོས་ཤིག །དང་པོ་ལ། བཅའ་བ་ཟོར་དང་མཆོད་གཏོར། ཟས་པོ་འགུགས་པའི་དམིགས་(༤༡ན)


GLG023_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན། སྦྱོར་བ་འཛོམ་པ་དྲག་པོའི་རྫས་སོ། །དང་པོ་ནི། ལྕགས་སྡིག་བཟློག་གཞུང་ལས། དང་པོ་སྔགས་པ་བསྙེན་རྫོགས་པས། །ཞིང་ཆེན་གདན་ལ་མཎྜལ་དབུལ། །འབྲུ་ནག་ལྷ་གྲངས་ཚོམ་བུ་བཀོད། །མཆོད་བཤགས་བསྐང་བཟློག་བསང་གཏོར་རམ། །དམར་གྱི་གཏོར་མ་ཆེན་པོ་བཤམས། །སྨན་ཕུད་རཀྟ་མཆོད་པས་བསྐོར། །ཞེས་པ་ལྟར། དྲག་པོའི་གཏོར་ཟོར་རི་རབ་གཟུགས་སམ་ཞལ་ཕྱུང་བ་སྐབས་ཐོབ་དང་སྦྱར་བ་ལ་ཤར་དུ་མཆོད་གཏོར། ལྷོར་བཤགས་པའི་གཏོར་མ། ནུབ་ཏུ་བསྐང་གཏོར། བྱང་དུ་བཟློག་པའི་གཏོར་མས་བསྐོར་བ་དང་། གཞན་ཡང་གཏོར་ཟོར། མདའ་ཟོར། ཁྲག་ཟོར། ཀོང་ཟོར། མེ་ཟོར། རྡོ་ཟོར། ཡུངས་ཟོར། རྭ་ཟོར་རྣམས་སོ་སོའི་རྫས་སྔགས་བཟོ་དབྱིབས་ལྟར་བཀོད། སྨན་རཀ །ཤ་ཆེན་གྱི་སྤོས། གཏོར་ཆུང་རྣམས། ཆད་མཐོའི་གཏོར་མ། གསེར་སྐྱེམས་ཀྱི་ཆས་སོགས་ཕྱི་ནང་གི་མཆོད་པ་རྣམས་བཤམ་མོ། །དེའང་གདོང་ཟོར་བྱེད་པ་ཕལ་ཆེར་རྒྱུ་མཚན་མ་གོ་བར་སྤྲོས་བཅས་ཁོ་ན་ལྷུར་བླངས་ཏེ། ཐོད་སྐམ་གྱི་དབུ་རྒྱན་སོགས་ལྡེར་བཟོའི་ཁྲོ་བོའི་དབུ་ཇི་ལྟ་བར་བྱེད་པ་ལས་གཏོར་མའི་བཟོ་དབྱིབས་མ་དོད་པའི་ལག་ལེན་མང་དུ་འདུག་ཀྱང་། དབང་པོའི་སྡེའི་ཕྱག་བཞེས་སུ། ཁྲོ་བོའི་གདོང་དང་གཏོར་མའི་བཟོ་དབྱིབས་གཉིས་ཀ་མཉམས་པ་མཛད་ཅིང་། མེ་ཟོར་ཀྱང་བཅའ་གཞི་ལོགས་སུ་མི་མཛད་ལ། མ་ཏྲམ་གྱི་སྟེང་དུ་འབྲུ་ནག་གི་ཚོམ་བུ་བཀོད་པའང་སྐབས་དང་སྦྱོར་བ་ཡིན་ནོ། །ལུགས་འདི་ལ་རོ་ཟོར། ཐོད་ཟོར། རྭ་ཟོར་ཞེས་བཤད། འོན་ཀྱང་བོད་དུ་རྭ་ལས་ཟོར་(༤༡བ)


GLG023_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་གཉིས་ཀྱི་རྒྱུན་མ་དར་རོ། །རྭ་ཟོར་བསྒྲུབ་ཚུལ་གྱི་མན་ངག་ཟབ་མོ་ཡི་གེ་ལོགས་སུ་གསལ་བ་ལས་ཤེས་དགོས་སོ། །ལྕགས་སྡིག་ལྕགས་འདྲ་སོགས་ནས་ཟོར་སྣ་མང་པོ་འདི་འདྲ་དངོས་སུ་མ་བཤད་དམ་སྙམ་ན། ལྕགས་སྡིག་ལས་བྱང་དུ། གཏོར་ཟོར་དམར་པོ་ཤར་ར་ར། ཁྲག་ཟོར་དམར་པོ་འཁྱིལ་ལི་ལི། །ཐུན་ཟོར་སེ་ཕྲན་ཉིལ་ལི་ལི། །མདའ་ཟོར་སྐར་ལྟར་བྲེངས་སེ་བྲེང་། །ཐོད་ཟོར་རྦབ་ལྟར་རིལ་ལི་ལི། །ཕུར་ཟོར་ཤ་ལ་ཐིམས་སེ་ཐིམ། །རྡོ་ཟོར་ཐོག་ལྟར་རྦད་དེ་རྦད། །ཅེས་བཤད་ཅིང་། ཕུར་ཟོར་ནི་སྲས་མཆོག་བསྐྱེད་པའི་ཕུར་པ་ཉ་བོ་ལ་བརྡེག་པས་ཟོར་གྱི་གཙོ་བོ་ཡིན་ལ། དེ་ལས་ལོགས་སུ་མི་དགོས་ཀྱང་། འབྲུག་པའི་ལས་བྱང་ཀུན་བཟང་མཆོད་སྤྲིན་པ་དག་ལོགས་སུ་ཕུར་ཟོར་བསྐུལ་དང་བཅས་པ་བྱེད་པ་ནི་མན་ངག་ལ་ནང་བྱན་མ་ཆུད་པའི་རྟོག་བཟོའི་སྐྱོན་ནོ། །ཚིག་ཟིན་ལ་དངོས་སུ་མ་ཟིན་པའི་ཟོར་རྣམས་ནི། །འཆར་ཀ་སོགས་ལས་གཤིན་རྣམས་ནས་ཁ་འགེང་བ་ཕྱག་ལེན་ཡིན་ཞིང་། ཁྱད་པར་འཆར་ཀ་ཟོར་གྱི་རྣ་ཆ་ཅན་ཡིན་པས་སོ། །ཚེ་བདག་མཁན་པོར་རློམ་པ་མང་པོ་ཞིག །མན་ངག་དང་བྲལ་ཏེ་རང་བཟོའ་ིགཏོར་མ་དང་། གསར་རྙིང་གི་མན་ངག་བསྲེས་པའི་ངག་དུག་བསྡུས་པའི་གོས་ཧྲུལ་ལྟར་བྱས་ནས། གདམས་པ་ཚད་ལྡན་རྣམས་ཀྱང་ཆུད་ཟ་བར་བྱེད་པའི་ལག་ལེན་གྱིས་རྒྱལ་ཁམས་གང་བ་འདི་དག་དང་། སོག་མ་ལ་ཟན་གྱི་ཞལ་བ་བྱས་པའི་རྨོངས་པ་མགོ་བསྐོར་གྱི་གཏོར་མ་ཁོང་སྟོང་ཅན་དྭགས་བརྒྱུད་པ་ཅི་རིགས་ཀྱིས་བྱེད་པ་སོགས་ལ་མིག་ལྟོས་བྱེད་པས་མཚོན་ཏེ། རང་རེའི་ལུགས་འདིར་ཤན་ཡེ་མ་ཤོར་བ་བྱེད་དགོས་པ་ཤེས་ལྡན་(༤༢ན)


GLG023_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྙིང་ལ་ཆོངས་ཤིག །གཉིས་པ་ནི། སྙིང་གཟེར་ལས། དམིགས་བསྟད་འབེམ་ལ་བཅའ་བ་ནི། །དགྲ་བགེགས་ལིང་ག་འདྲི་བ་ཡིན། །ཞེས་པས་དམིགས་རྟེན་གྱི་ཉ་བོ་ལའང་ཟན་ལིང་དང་ཤོག་ལིང་གཉིས་ལས། སྔ་མ་ནི་རྒྱུ་བག་ཟན་ལས་བྱས་པའི་ཉ་བོ་སྐྱེ་མཆེད་དོད་པ། ཆེ་ཆུང་ཚད་སོགས་མན་ངག་ལྟར་བྱ་ཞིང་། ཕྱི་མ་ནི། ཕྱིར་ཡང་ཕྲ་ཞིབ་ཀྱི་མཛད་པ་མང་ཞིང་ཁྱད་པར་ལུགས་འདི་ལ་མི་འདྲ་བའི་ཁྱད་ཆོས་ཤིན་ཏུ་མང་བས་ཞལ་གྱི་བདུད་རྩི་ལས་ལོང་ཞིག །གསུམ་པ་ནི། འབྲུབ་ཁུང་། ཕུར་པ། རལ་གྲི །སྐམ་གཤེར་གྱི་ཐུན། ཐོད་ངན། མན་ངག་ལྟར་བྱས་པའི་ཟོར་གཞུ། ཟོར་སྒུལ། དུག་སྣ། མཚེ་ཡུངས། རྩང་། རྟ་ཚིལ། ཁྲག་གི་ཀོང་བུ་ལོ་ཚད། སྤོས་ཀྱི་སྡོང་བུ། ཤ་ཁྲག་སྣ་ཚོགས། ཕབས་རྩི། བལ་ཚོན་སྣ་ལྔ། ཡུགས་སའི་འཕང་གི་རྩང་། སྦང་མ། སྐྱེར་པའི་རྩང་། ལྷ་བཤོས་ཁྲག་གི་བྱུགས་པ། གུ་གུལ། རབས་ཆད་ཁང་པའི་དུད་པ། རམས་ཀྱི་ཕྱེ་མ། དུག་ཁྲག །གྲི་ཁྲག །རོ་སོལ། ས་སྣ། མདའ་ཁྲ། འཕང་ཁྲ། ས་སྦྱིན་པོ། རྒྱུ་མ། དབྱེ་རྫས། མ་ཏྲཾ། ཙཀ་ལི། གདུག་པ་ཅན་གྱི་ཤིང་ངམ་ལྕགས་ལས་བྱས་པའི་གཏོར་སྟེགས། ལྕགས་སླང་། ཁྲག་གི་གཤེར་བའི་འབྲུ་ནག །ཞྭ་ཕོད། རོལ་མོའི་བྱེ་བྲག་སོགས་་མདོར་ན་མཐོང་བརྒྱུད་ཀྱི་ཕྱག་བཞེས་ལྟར་བཤམ་ཞིང་། རྫས་དང་། ཡོ་བྱད། ངོ་བོ། ངོས་འཛིན་ལུགས་སོགས་མི་འདྲ་བའི་ཁྱད་པར་མཐའ་ཡས་པ་ཞལ་ཤེས་ལྟར་བྱའོ། །སྨྲས་པ། འདི་ན་རྣམ་པར་རྒྱལ་བ་ལྷ་ཡི་དཔུང་། །ཡན་ལག་བཞི་དང་ལྡན་པའི་སྦྱོར་བ་དག །ཉེ་བར་བཤམས་ཚེ་བཅུད་བྲལ་སྡེར་བཅས་རྣམས། །སྲོག་(༤༢བ)


GLG023_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྷག་མའང་ཤོར་སྙམ་སྙིང་ག་འདར། །རྫས་སྔགས་ཏིང་འཛིན་ལྡན་པའི་དྲག་པོའི་ལས། །འཁྲུལ་མེད་རྟ་ལྗང་དབང་པོ་མངོན་ཤར་ཚེ། །ལོག་འདྲེན་དགྲ་སྡེའི་སྲིན་བུ་མེ་ཁྱེར་རྣམས། །ཅིག་ཅར་ཉམས་པས་ས་འོག་སོང་སྙམ་བྱེད། །ཅེས་སོ། །གཉིས་པ་དངོས་གཞི་ལ། ཟོར་རྫས་ཀྱི་བགེགས་བསྐྲད་པ། མཆོད་གཏོར་སྨན་རཀ་བརླབ་པ། ཟོར་བསྐྱེད་ཅིང་གསལ་གདབ་པ། ཡེ་ཤེས་ཀྱི་ལྷ་ཚོགས་སྤྱན་འདྲེན་པ། དམར་གཏོར་རཀྟ་ཕུལ་ཏེ་དྲག་ཏུ་བསྐུལ་བ། ལྷ་སོ་སོར་གཏོར་མ་འབུལ་ཞིང་འཕྲིན་ལས་བཅོལ་བ། བསྒྲལ་ཞིང་སྟོབ་པ། བཟློག་བསྒྱུར་བྱ་བ། ཟོར་ལམ་དབྱེ་བ། ཟོར་འཕང་བའོ། །དང་པོ་ནི། ཨོཾ་སུམ་བྷ་སོགས་ཀྱིས་རང་གི་ཐུགས་ཀའི་ཨོཾ་ལས་ཁྲོ་བོ་གནོད་མཛེས་སྤྲོ་བ་སྔར་ལྟར་བྱའོ། །གཉིས་པ་ནི། རཾ་ཡཾ་ཁཾ་གིས་ཞེས་སོགས་ཀྱིས་བརླབ་ཅིང་དམིགས་པ་སྔར་བཞིན་ནོ། །གསུམ་པ་ལ། གཏོར་ཟོར་གསལ་འདེབས་པ། ཟོར་གཞན་རྣམས་གསལ་འདེབས་པ། ཐུན་ཟོར་གསལ་འདེབས་པའོ། །དང་པོ་ནི། སྟོང་པའི་ངང་ལས་འབྱུང་བཞིའི་དཀྱིལ་འཁོར་སོགས་ཀྱིས་གཏོར་ཟོར་སྣོད་དང་བཅས་པ་སྟོང་པར་སྦྱངས་པའི་ངང་ལས། སྣོད་དུར་ཁྲོད་ཀྱི་གཞལ་ཡས་ཁང་ཡོངས་སུ་རྫོགས་པའི་ནང་དུ་བཅུད་ཀྱི་གཏོར་མ་རྣམས་ལྷ་སོ་སོར་བསྐྱེད་པ་ཡིན་ནོ། །དེའང་སྔགས་རྙིང་མའི་ཕྱག་ལེན་ཕལ་ཆེར་དུ་ཁྲོ་རོལ། འཆར་ཀ་ཟིལ་གནོན་སོགས་མང་པོར་གྱེར་སྒོམ་ཞེས་བདག་བསྐྱེད་ཀྱི་ལས་བྱང་བརྗོད་ཅིང་གསལ་འདེབས་སྐབས། མདུན་གྱི་གཏོར་མའང་ལྷན་ཅིག་ཏུ་བསྒོམ་པར་མཛད་ཅིང་། ཁྱད་པར་ཆོས་རྒྱལ་དབང་པོའི་སྡེའི་ཕྱག་བཞེས་སུའང་དེ་ག་གནང་བས་འཇུག་པ་བདེ་ཞིང་(༤༣ན)


GLG023_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ལ། འོན་ཀྱང་ལྷའི་ངོ་བོ་ལ་ཁྱད་པར་མེད་ནའང་། མདུན་བསྐྱེད་ཀྱི་ལྷ་རྟེན་སྐུ་མདོག་ཕྱག་མཚན་རྣམ་འགྱུར་རྣམས་ལྕགས་སྡིག་ལུགས་ལྟར་མཛད་པས་ངག་འདོན་དུ་ལྕགས་སྡིག་ལུགས་ལྟར་བསྒྲིགས་པ་གསལ་འདེབས་ཀྱི་རྐྱེན་དུ་འགྲོ་བ་དང་། རྗེ་ཀུན་དགའ་ཚེ་མཆོག་པས་ཁྲོ་ཆུའི་བཟློག་བསད་གནམ་ལྕགས་འབར་བ་ཞེས་གཏོར་ཟོར་གྱི་ལྷ་ཚོགས་བསྐྱེད་ཆོག་ལོགས་སུ་འདུག་པ་གོ་བདེ་ཞིང་ལེགས་པར་མངོན་པས་ཀྱང་རྐྱེན་བྱས་ཏེ། དོན་ལ་ཁྱད་པར་མེད་པས་འདི་ལྟར་བཀོད་པ་ཡིན་ནོ། །དེའང་མངོན་རྟོགས་ཆེན་མོར། ཕྱག་རྒྱས་གྲོལ་བའི་དོན་བྱེད་དུ། །བསམ་པ་ཆོས་ཉིད་སྟོང་པ་ལས། །ཡེ་ཤེས་ཆེན་པོའི་གཞལ་ཡས་ཁང་། །རིན་ཆེན་ལྔ་ལས་གྲུབ་པ་དེ། །ཞེས་པ་ལས་འབྱུང་བཞི་རི་རབ་གཞལ་ཡས་ཁང་གི་ས་བོན་བྷྲཱུཾ་སོགས་གསལ་བར་མ་བྱུང་ནའང་། ལས་བྱང་ཆེན་མོར། ཨེ་ལས་ཡཾ་ཆད་རླུང་གི་བ་དན་རྟོགས། །ཞེས་སོགས་འབྱུང་བཞིའི་དཀྱིལ་འཁོར་གསུངས་ཤིང་། ཨེ་ལས་བྷྲུཾ་ཆད་དུར་ཁྲོད་གཞལ་ཡས་ཁང་། །ཞེས་པ་ལྟར་བཀོད་པ་ཡིན་ནོ། །བྷནྡྷ་སྐམ་རློན་གྱི་རྩིག་པ་ནི། ལས་བྱང་དུ། སྐམ་པོར་རིས་རློན་པ་རྩིག་པ་བརྩིགས། གནམ་ལྕགས་འབར་བའི་གཟེར་ཆེན་ཀུན་ཏུ་བདག་ཅེས་གསལ་བར་ཡོད་ལ། ཀ་གདུང་སོགས་ནི་ལས་བྱང་དང་མངོན་རྟོགས་གཉིས་ཚིག་གི་སྤྲོ་བསྡུ་མ་གཏོགས་སྒོ་མཐུན་པས་མངོན་རྟོགས་ཆེན་མོ་ལྟར་བཀོད་པ་ཡིན་ལ། ཞིང་ལྤགས་ཀྱི་ཐོག་དང་རྒྱུ་རློན་གྱི་བྲ་བ་དྲ་ཕྱེད་མངོན་རྟོགས་སུ་མི་གསལ་ཡང་། ལས་བྱང་དུ། ཞིང་ཆེན་ཞིང་ཆུང་ཐོད་སྦྲུལ་ཟུར། །གནམ་ལྕགས་ཁྲོ་ཆུ་ཆུ་སྲིན་ཐོབ། །རྒྱུ་མ་མི་སྙིང་ཀེང་རུས་ཅན། །ཞེས་གསུངས་སོ། །གཞལ་ཡས་ཁང་གི་དབུས་སུ་ཕོ་བྲང་གླིང་(༤༣བ)


GLG023_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པ། དབུས་ཀྱི་གླིང་གྲུ་གསུམ་མཐིང་ནག །དེའི་ནང་དུ་གཙོ་བོའི་གདན་རྣམས་བསྐྱེད་པ་ཡིན་ཞིང་། གླིང་དགུ་ཡོངས་སུ་རྫོགས་པའི་ཕྱི་རོལ་ཏུ་ཨེའི་ཕོ་བྲང་མཐིང་ནག་ཐོད་རས་བསྐོར་བ་ལ་ཟླ་གམ་གསུམ་འབྱུང་བས། ལས་བྱང་དུ། ཨེ་ལས་ཕོ་བྲང་གླིང་དགུ་པ། །མཐིང་ནག་ཟླ་གམ་གསུམ་དང་ལྡན། །ཞེས་པའི་དོན་ནོ། །གཙོ་བོའི་གདན་ལ་འཁོར་ལོ་ལས་བྱང་དང་མངོན་རྟོགས་གཉིས་ཀ་ལས་བྱུང་ངོ་། །མངོན་རྟོགས་འབྲིང་པོར། ཀླུ་འབུམ་གྱི་གདན་དེ་སྦྲུལ་དཀར་པོ། སེར་པོ། དམར་པོ། ནག་པོ་ཁྲ་བོ་འབུམ་བསྣོལ། ཞེས་པ་དང་། གཞན་ཡང་། དེའི་སྟེང་དུ་ཕྱོགས་སྐྱོང་བཅུ་སྟེ། དེའང་གདན་གྲུ་བཞིར་ཡོད་པའི་ཤར་དུ་བརྒྱ་བྱིན་དཀར་པོ། ལྷོར་གཤིན་རྗེ་ནག་པོ། ནུབ་ཏུ་ཀླུ་ནག་པོ། བྱང་དུ་གནོད་སྦྱིན་སེར་པོ། བྱང་ཤར་དུ་དབང་ལྡན་དུད་ཁ། ཤར་ལྷོར་མེ་ལྷ་དམར་སེར། ལྷོ་ནུབ་ཏུ་སྲིན་པོ་སྨུག་ནག །ནུབ་བྱང་དུ་རླུང་ལྷ་ལྗང་གུའོ། །ཞེས་སོ། །གཙོ་བོ་ཕྱག་གཡོན་གྱི་ཐ་མ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པར་ལས་བྱང་དུ་བཤད་ཅིང་། འཕྲིན་ལས་འབྲིང་པོ་དང་མངོན་རྟོགས་ཆེན་མོར། ཕྱག་གཡོན་གྱི་བར་མ་སྡིགས་མཛུབ་དང་ཞགས་པར་བཤད་ཀྱང་ཕྱག་ལེན་དུ་སྔ་མ་ལྟར་མཛད་དོ། །ལས་བྱང་དུ། ཡུམ་ཆེན་པེ་ཏ་ནག་མོ་ནི། ཐོད་སྦུལ་རིན་ཅེན་རུས་པས་བརྒྱན། །རལ་པའི་ཟར་བུ་མུན་ལྟར་གཏིབས། །གཟིག་ཤམ་དར་གྱི་འཕུར་ལྕེ་འཕྱང་། །ཙིཏྟ་བནྡྷས་ཡབ་འཁྱུད་སྟོབ། །ཅེས་པ་ལྟར་ལས་གསལ་བ་མི་འདུག་ལ། མངོན་རྟོགས་སུ། དེའི་པང་ན་ཡུམ་ཆེན་ཞེས་བྱུང་བ་དང་། འདིར་གཡོན་ཟུར་ནས་འཁྱུད་པའི་ཚུལ་ལྟར་བཀོད་པ་ཡིན་ཅིང་། སྒོམ་དོན་(༤༤ན)


GLG023_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གང་བདེ་བྱའོ། །དབྱིངས་ཡུམ་སྲིད་པའི་རྒྱལ་མོ་ལས་བྱང་དུ་གསལ་བར་མེད་ཀྱང་། མངོན་རྟོགས་ཆེན་མོར་གསུངས་པ་ལྟར་བཀོད་པའོ། །རྩ་བའི་ལྷ་དང་རྒྱན་གྱི་ལྷ་རྣམས་འདིར་གླིང་དགུ་སོ་སོར་བཀོད་པ་ཡིན་པས། དེའང་ཕྱོགས་བཞིའི་གླིང་བཞི་ལས། ཤར་ལྷོ་ནུབ་ཀྱི་གླིང་གསུམ་དུ་དྲེགས་པ། སྲས་མཆོག་རུས་སྦལ་དང་། བྱང་གླིང་དུ་སྔགས་སྲུང་དང་བྱ་ཁྱུང་འདམ་གར་མངོན་རྟོགས་སུ་བཤད་ཀྱང་། ལས་བྱང་དུ། བྱང་ཕྱོགས་གནོད་སྦྱིན་ཕོ་མོའི་གདན་སྟེང་དུ་ས་བོན་བྷྱོ་ལས་བསྐྱེད་པ་ནི། སྔགས་སྲུང་ཨེ་ཀ་ཛཱ་ཊཱི་ནི། ཞེས་པ་ལྟར་བྱང་ཕྱོགས་སུ་བཀོད་པ་ཡིན་ནོ། །ལས་བྱང་དུ་བྱ་ཁྱུང་དངོས་སུ་མ་བྱུང་ཡང་། མངོན་རྟོགས་སུ། སྲིད་པ་གསུམ་གྱི་མཁའ་ལ་ལྡིང་བ་ཟིལ་གནོན་དབུའམ་བྱང་དུ་བསྐྱེད། །ཅེས་འབྱུང་བས། འདིར་གཙོ་བོའི་དབུ་གཙུག་ཏུ་བསྐྱེད་པ་ཡིན་ནོ། །མཚམས་ཀྱི་གླིང་བཞིར་རྒྱན་གྱི་ལྷ་རྣམས་འགོད་པ་ཡིན་ལ། དེའང་ཡབ་སེང་གེ་སོགས་སོ་སོའི་དབུ་ལ་ཁྲོ་བོའི་གཟུགས་ཅན། ཡུམ་རྣམས་སེང་གེ་སོགས་སོ་སོའི་རྣམ་པ་ཅན་ལ་ཆིབས་ཞེས་གསུང་རྒྱུན་དུ་ཡོད་ཅིང་། མངོན་རྟོགས་སུ། ཆིབས་སུ་སེང་གེ་གཡུའི་རལ་པ་སྤྲུག་པ་ལ་བཅིབས་པ་ཡུམ་ཡང་དེ་འདྲ་བ་ལ་ཞེས་ཚིག་ཟིན་ལ་སོ་སོར་སྣང་ཡང་གོང་མ་གཉིས་མན་ངག་གོ །ཟླ་གམ་གསུམ་ལ་སྤྲུལ་པ་གསུམ་བསྐྱེད་པའི་སྐུ་མདོག་ཕྱག་མཚན་རྣམས་མངོན་རྟོགས་དང་ལས་བྱང་གཉིས་མཐུན་ནོ། །ལྕགས་མཁར་བཅུ་གཉིས་ལ་གཤེད་པོ་བཅུ་གཉིས་འགོད་པར་བཤད་པ་ལས་འཁོར་ལོ་ལ་ཕྱི་ནང་ཡོད་མེད་གསལ་བར་ལས་བྱང་མངོན་རྟོགས་གཉིས་ཀར་མ་བྱུང་ཡང་། ཟླ་གམ་ཐོད་རལ་བསྐོར་བའི་(༤༤བ)


GLG023_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་ཏུ་ལྕགས་མཁར་བཞི། དེའི་ཕྱི་རོལ་ཏུ་ལྕགས་མཁར་བརྒྱད་ཀྱི་ནང་མ་ལ་ཡ་མ་རཱ་ཛ་སོགས་བཞི་དང་། ཕྱི་མ་ལའང་མོན་བདུད་བརྒྱད་འགོད་པ་མན་ངག་དང་རས་བྲིས་ཁུངས་བཙུན་ལས་འབྱུང་ངོ་། །མངོན་རྟོགས་སུ། ཕྱི་ནང་གསང་བའི་གཤེད་པོ་བཅུ་གཉིས་པོ་རྣམས་བེ་ཅོན་དང་ལྕགས་ཀྱི་འཁོར་ལོ་འཛིན་ཅིང་སྨད་གནམ་ལྕགས་ཀྱི་ཕུར་པ་ཅན་འཁོར་ལོ་བཅུ་གཉིས་ལ་འགོད་ཅིང་། རྩིབས་མཆན་བཅུ་གཉིས་སུ་ཡུམ་བཅུ་གཉིས་རྣམས་མ་ཏྲམ་རོ་དབྱུག་དང་ཙིཏྟ་འཛིན་ཅིང་། སྐུ་སྨད་དུག་ཕུར་གྲུ་གསུམ་དམར་བ་ཞེས་བཤད་ཀྱང་། གཤེད་པོ་བཅུ་གཉིས་པོའི་སྐུ་མདོག་ཕྱག་མཚན་རྣམས་ཕྱག་ལེན་ལྟར་ལས་བྱང་ཆེན་མོ་བཞིན་བཀོད་པ་ཡིན་ནོ། །འདིར་ཡུམ་རྣམས་ཀྱི་ཕྱག་མཚན་ཚིག་གི་སྤྲོས་པ་ཆུང་བའི་ཕྱི་མ་བཀོད་ཀྱང་། ལས་བྱང་དུ་ཡ་མ་རཱ་ཛའི་ཡུམ་ལ་ཁྲམ་ཤིང་ནད་ཀྱི་རྐྱལ་བ་བསྣམས། །ཞེས་བཤད་ཅིང་། མོན་པ་བཞི་ལ། ཡུམ་རྣམས་ལྕགས་ཀྱུ་ཞགས་པ་བསྣམས། །ཞེས་བཤད། རས་བྲིས་ཁུངས་བཙུན་པ་ཁ་ཅིག་ཏུ། མྱོས་བྱེད་འབར་བ་དང་ཨཪྱ་མ་རུའི་ཡུམ་ཐོད་པ་འཛིན་པའང་ཡོད་ལ། ཡང་ལས་བྱང་དུ། ཕྱི་ནང་གསང་བའི་གཤེད་ཀྱི་ལྷ། །ཡུམ་རྣམས་སྤུ་གྲི་མི་སྙིང་བསྣམས། །ཞེས་ཡུམ་བཅུ་གཉིས་པོ་ཐམས་ཅད་སྤུ་གྲི་མི་སྙིང་འཛིན་པར་བཤད་པའང་སྣང་བས་མཐའ་གཅིག་ཏུ་མ་ངེས་སོ། །གཞལ་ཡས་ཁང་གི་ཟུར་བཞིའི་ཟུར་རེ་རེར་ལྕགས་མཁར་གསུམ་གསུམ་རྒྱབ་མདུན་གྱི་ཚུལ་དུ་གནས་པའི་བཅུ་གཉིས་པོ་རྣམས་ལ་འཆི་བདག་བཅུ་གཉིས་གསལ་འདེབས་ཤིང་། དེ་རྣམས་ཀྱི་སྐུ་མདོག་ལས་བྱང་དང་མངོན་རྟོགས་གཉིས་ཅུང་ཟད་མི་མཐུན་ཞིང་མངོན་རྟོགས་སུ་སྨད་དུག་(༤༥ན)


GLG023_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་དུ་བཤད་དོ། །འདིར་སྐུ་མདོག་རྣམས་ལས་བྱང་ལྟར་བཀོད་ཅིང་། ཕྱག་མཚན་མངོན་རྟོགས་སུ་མི་གསལ་ཡང་། ལས་བྱང་དུ། བེ་ཅོན་འཁོར་ལོ་ཕྱག་ན་བསྣམས། །ཟླ་བ་བཅུ་གཉིས་ལྷ་རུ་གསལ། །ཞེས་པས་སོ། །དེའི་ཕྱི་རོལ་དུ། ལས་བྱང་ལས། ཁྱམས་ལ་གཤིན་རྗེ་སུམ་ཅུ་གཉིས། །ཞེས་པས་དེང་སང་ཕྱག་ལེན་དུ་ཁྱམས་ཀྱི་ཕྱོགས་རེ་རེར་ལྷ་གནས་གྲུ་གསུམ་བརྒྱད་རེ་བཀོད་པའི་ཤར་དུ་བདུད་པོ་བརྒྱད། ལྷོར་གཤིན་རྗེ་བརྒྱད། ནུབ་ཏུ་མ་མ་བརྒྱད། བྱང་དུ་གནོད་སྦྱིན་བརྒྱད་རྣམས་གསལ་འདེབས་པ་ཡིན་ཅིང་། འདི་རྣམས་ཀྱང་མངོན་རྟོགས་སུ་སྨད་ལྕགས་ཕུར་དུ་བཤད་ལ། འདིར་སོ་སོའི་བཞོན་པ་དང་ཕྱག་མཚན་རྣམས་ལས་བྱང་ལྟར་བཀོད་པ་ཡིན་ནོ། །སྒོ་བ་བཞི་ནི། མངོན་རྟོགས་སུ། གཡས་ཀྱི་ཕྱག་ན་ཁྲམ་ཤིང་བསྣམས། །གཡོན་དུ་ལས་ཀྱི་འཁོར་ལོ་བསྐོར། །ཞེས་པ་ལྟར་བཀོད་པ་ཡིན་ནོ། །ལས་བྱང་དུ། ཕྱག་ན་འཁོར་ལོ་ཐུན་ཁྲག་བསྣམས། །ཞེས་པའང་ཡོད་དོ། །ཡུམ་བཞི་ནི། རིགས་འཛིན་ཡབ་སྲས་ཀྱི་ཕྱག་ལེན་གྱི་རྒྱུན་ལས་བྱུང་བའི་ཙཀ་ལི་རས་བྲིས་རྣམས་སུ་མེད་པས་འདིར་འདོན་ཆ་ལ་དངོས་སུ་མ་བཀོད་ཅིང་། བློ་དང་ལྡན་པས་སྒོམ་དོན་ལ་སྦྱར་ན། མངོན་རྟོགས་ལས། དུས་བཞི་སྲིད་པའི་རྒྱལ་མོ་ནི། །སྒོ་ཡི་གཡོན་ལོགས་བཞི་ན་གནས། །ཡུམ་ཆེན་མཁའ་འགྲོ་རོ་ལངས་བཞི། །ཕྱག་གཡས་མ་ཏྲམ་རོ་དབྱུག་བསྣམས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་གཡོན། །སྒོ་བཞི་འབྱེད་ཅིང་ཐུན་སྒོང་གཡོན་དུ་འཕེན། །དགྲ་བོ་གར་སྒྲོལ་རྒྱུན་དུ་གསོད་པར་བྱེད། །ཅེས་པ་ལྟར་རོ། །དཀྱིལ་འཁོར་ཕྱི་རོལ་མུ་ཁྱུད་སྐྱོང་བའི་(༤༥བ)


GLG023_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་གཤེད་སུམ་བརྒྱ་དྲུག་ཅུ་དང་མོ་གཤེད་སུམ་བརྒྱ་དྲུག་ཅུ་སོགས་ལས་ཀྱི་གཤིན་རྗེ་དང་སྡེ་བརྒྱད་དྲེགས་པ་ཅན་དུར་ཁྲོད་ལ་འཁོད་པ་སོགས་མཐའ་ཡས་པར་བསམ་མོ། །དེ་སྐད་དུའང་ལས་བྱང་ལས། ཕྱི་རོལ་གཤིན་རྗེ་མུ་ཁྱུད་འཛིན། །ཟ་མའི་གཤེད་ཆེན་བཅུ་དྲུག་ནི། །ཕྱག་ན་འཁོར་ལོ་ཐུན་ཁྲག་བསྣམས། །ཆིབས་སུ་མི་ཡི་རྟ་ལ་བཅིབས། །ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་ཚོགས། །མ་ཡམས་བསྟན་མ་དབང་ཕྱུག་གསལ། །ཞེས་དང་། བཟློག་གཞུང་དུ། ཟ་མའི་གཤེད་ཆེན་བཅུ་དྲུག་ནི། །ཕོ་གཤེད་སུམ་བརྒྱ་དྲུག་ཅུ་དང་། །མོ་གཤེད་སུམ་བརྒྱ་དྲུག་ཅུ་དང་། །གཤིན་རྗེ་བདུན་བརྒྱ་ཉི་ཤུ་ནི། །ཞེས་དང་། གཤིན་རྗེ་ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་ཚོགས། །ས་ཆུ་མེ་རླུང་སྤྲིན་དང་དུར་ཁྲོད་བདག །མཁའ་ལ་རྒྱུད་དང་དབང་ཕྱུག་མཁའ་འགྲོ་མ། །ཞིང་སྐྱོང་གིང་དང་ལངྒ་བསྟན་མའི་ཚོགས། །འཇིག་རྟེན་ཀུན་ཏུ་ཁྱབ་པར་རྒྱུག་བྱེད་མ། །ཞེས་སོ། །གཉིས་པ་ནི། ཟོར་གྱི་རྩེ་མོར། ཞེས་སོགས་ཀྱིས་ཟོར་གཞན་རྣམས་གསལ་འདེབས་ཤིང་། དེའང་སྤུ་གྲི་དང་ཆུ་གྲི་སོགས་ཤིན་ཏུ་རྣོ་བའི་དཔལ་ཅན་ཐོགས་པ་མེད་པའི་མཚོན་ཆའི་འཁོར་ལོ་དཔག་ཏུ་མེད་པ་ཟོར་རྣམས་ཀྱི་རྩེ་མོར་འཚུབ་པ་དང་། ཟོར་གྱི་རྐེད་པར་མཚོན་ཆ་སྣ་ཚོགས་ཐོགས་པའི་ཟོར་བདག་ཕོ་མོ་མ་གཤིན་བདུད་དང་གནོད་སྦྱིན་ལ་སོགས་པ་དྲེགས་པ་ཅན་གྱི་ཚོགས་མི་སྡུག་པའི་གཟུགས་ཅན་མཚོན་ཆ་སྣ་ཚོགས་ཐོགས་པ་མཁའ་ལ་གློག་འཁྱུག་པ་ལྟར་རྒྱུ་བར་བསམ་དགོས། ཁྱད་པར་རྡོ་ཟོར་ལྟ་བུ་ལ། གནོད་སྦྱིན་གདུག་པའི་བུ་མོ་རི་རབ་སོགས་མཚོན་ཆ་ཐོགས་པ་བསྐྱེད་དགོས་པས། འཆར་ཀའི་ཟོར་བསྐུལ་དུ། སྟོང་གསུམ་གངས་རིས་བསྐོར་བ་ནས། །གནོད་སྦྱིན་གདུག་(༤༦ན)


GLG023_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བུ་མོ་རྣམས། །སྡང་བའི་དགྲ་ལ་རྡོ་ཟོར་རྒྱོབ། །ཅེས་སོ། །སྤྱིར་ཟོར་ཐམས་ཅད་ཤིན་ཏུ་ཆེ་བར་གསལ་འདེབས་དགོས་ཤིང་། ཀོང་ཟོར་ནི་དབུས་ཀྱི་རི་བོ་མཆོག་རབ་དང་མཉམ་པར་ཁྲོ་ཆུའི་ཟོར་བསྐྱེད་ཀྱི་སྐབས་བཤད་དོ། །ཟོར་འཕེན་པའི་དུས། ཟོར་གཞུའི་ཡར་མཆོག་ལ་འབྲུག་སྒྲ་དྲག་པོ་ལྡིར་རི་རི་སྒྲོག་ཅིང་། མར་མཆོག་ནས་གློག་དམར་ཀེམ་ཀེམ་འཁྱུག་པ། འཆང་བཟུང་ནས་ཐོག་མདའ་སེར་བ་ལྟར་ཤར་ར་ར་འབབ་པར་ཡང་གསལ་འདེབས་པ་ཡིན་ནོ། །གསུམ་པ་ལ། སྤྱིར་ཐུན་རྫས་ནུས་ལྡན་དུ་བྱ་བའི་ཚུལ་དང་། དམིགས་བསལ་ཀོང་ཟོར་གྱི་ནང་དུ་ལྡུགས་རྒྱུའི་ཐུན་རྫས་ནུས་ལྡན་དུ་གསལ་འདེབས་ཚུལ་གཉིས་སྣང་བ་གཞན་ལས་ཤེས་པར་བྱའོ། །རྩ་བའི་བཞི་པ་ཡེ་ཤེས་ཀྱི་ལྷ་ཚོགས་སྤྱན་འདྲེན་པ་ནི། འགྱུར་མེད་ཆོས་སྐུའི་ངང་ལས་ཞེས་སོགས་བརྗོད་ཅིང་། ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཟིལ་གནོན་གྱི་ལྷ་ཚོགས་རྣམས་རྣལ་འབྱོར་པའི་མོས་པ་དང་གདུང་ཤུགས་དྲག་པོས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ཐོགས་པ་མེད་པར་མདུན་བསྐྱེད་ཏེ་ལྷ་ཚོགས་རྣམས་ལ་ཐིམ་པར་བསམ་ཞིང་། འཆི་བདག་ལས་ཀྱི་གཤིན་རྗེ་གདུག་པ་ཅན་གྱི་དམག་ཚོགས་དང་། ཟོར་བདག་ཕོ་མོ་སོགས་རང་དབང་མེད་པར་སྐར་མདའ་འཕངས་པ་བཞིན་དུ་སྤྱན་དྲངས་པར་བསམ་མོ། །ལྔ་པ་དམར་གཏོར་རཀྟ་ཕུལ་ཞིང་དྲག་ཏུ་བསྐུལ་བ་ནི། འཇམ་དཔལ་གཤིན་རྗེ་གཤེད་པོ་འཁོར་བཅས་ལ། །ཞེས་སོགས་བརྗོད་ཅིང་། དམར་གཏོར་གཉིས་དང་རཀྟར་བཅས་པ་ཤ་ཁྲག་གི་རྒྱ་མཚོ་ཆེན་པོ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ཏེ་ཕུལ་བས་ལྷ་ཚོགས་ཐམས་ཅད་དགྱེས་ཤིང་ཚིམ་པར་མོས་ནས། གཏོར་མས་ཁར་ཁྲག་(༤༦བ)


GLG023_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཨརྒྷཾ་སྦྲེང་ཞིང་། འགྱུར་ཁུགས་ཀྱི་དབྱངས་དང་བཅས་པས་རྫ་རྔ་བརྡུང་། ཤ་ཆེན་གྱི་གསུར་བཏང་ཞིང་བཤུག་པ་བྱ། དབུས་ཀྱི་གཙོ་བོ་ནས་བཟུང་ལྷ་གྲངས་ཚང་བར་དྲག་ཏུ་བསྐུལ་ལོ། །དེ་སྐད་དུའང་ཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད་ལས། རྫ་རྔ་བརྡུང་ཞིང་གཤིན་རྗེ་འབོད། །ཚིལ་ཆེན་མེ་དང་གསུར་དུད་བཏང་། ཁུར་བ་བུས་ལ་བཤུག་གླུ་བླང་། རཀྟ་དམར་གྱི་ཨརྒྷཾ་དང་། སྨུག་ཆེན་སྨུག་ཆུང་སྙིང་ལ་འབོད། །ཅེས་སོ། །གསར་མའི་གཤིན་རྗེ་བདག་རཀྟས་གཞི་དང་ལམ་སོགས་གང་བདེར་འབོ་ཞིང་། ཨརྒྷཾ་སྐད་ཆེན་པོས་བསྒྲག་པ་ཡོད་པར་གྲགས་ལ། ལུགས་འདི་ལ་ནི་ཡེ་མེད་དོ། །བསྐུལ་ཚིག་འདིར་ཆོ་ག་ཟོར་ཡང་བའི་དབང་དུ་བྱས་ཏེ། མཐིང་ནག་གྲུ་གསུམ་འབར་བའི་ཞེས་སོགས་བྱ་ཞིང་། རྒྱས་པར་སྤྲོ་ན་དབང་པོའི་སྡེའི་ཕྱག་བཞེས་ལྟར་མཆོད་བསྟོད་གསལ་བའི་སྒྲོན་མེ་ཡོངས་རྫོགས་སུ་བྱའོ། །དྲུག་པ་ལྷ་སོ་སོར་གཏོར་མ་འབུལ་ཞིང་འཕྲིན་ལས་བཅོལ་བ་ནི། དམར་གྱི་གཏོར་མ་ལྷ་གྲངས་དང་མཉམ་པ་དགྲ་བགེགས་ཀྱི་ཤ་ཁྲག་ནང་ཁྲོལ་དབང་པོ་སོགས་སུ་བྱིན་གྱིས་བརླབས་ཏེ་སོ་སོར་འབུལ་ཞིང་། བསྡུས་པར་བྱེད་ན། འཇམ་དཔལ་ཚེ་བདག་ནག་པོ་འཁོར་བཅས་ལ། ཞེས་སོགས་ཀྱིས་མི་མཐུན་པའི་རྐྱེན་རྣམས་བཟློག་པ་དང་། དགྲ་བོ་རང་གཤེད་དབབ་པ་སོགས་བཟློག་བསད་ཀྱི་འཕྲིན་ལས་བཅོལ་ལོ། །སྔར་གྱི་སྟེང་དུ་རྒྱས་པར་བྱེད་ན་ལྕགས་སྡིག་བཟློག་གཞུང་ལྟར། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །ཞེས་སོགས་བྱའོ། །སྨྲས་པ། འདི་ནི་རིག་སྔགས་འཆང་བ་བི་ཤྭ་ཀརྨའི་ཏིང་འཛིན་སོར་མོའི་འདུ་བྱེད་ཀྱིས། །གང་ལ་ཐོགས་མེད་ནུས་ལྡན་ལྷུན་གྱིས་རབ་གྲུབ་གནམ་ལྕགས་འབར་བའི་(༤༧ན)


GLG023_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དག་ལས། ཚངས་པའི་ཚེ་ཡང་སྐད་ཅིག་ཐལ་བར་བྱེད་པ་ཟོར་གྱི་ཐོག་མདའ་ལྷའི་མཚོན་ཆ། །རྣམ་པར་གྲུབ་པ་ཙམ་གྱིས་དགྲ་སྡེ་ལྷ་མིན་ཚོགས་བཅས་སྙིང་ཁྲག་ས་ལ་ལྷུང་། །ཞེས་སོ། །བདུན་པ་བསྒྲལ་ཞིང་སྟོབ་པ་ལ། གསེར་སྐྱེམས་འབུལ་བ། གདུལ་བྱ་འགུགས་པ། སྐྱོབ་པའི་སྲུང་མ་དང་དབྱེ་བ། བསྒྲལ་ལས་བྱ་བ་དངོས། ཞལ་སྟོབ་བྱ་བའོ། །དང་པོ་ནི། རྩ་བརྒྱུད་བླ་མ་གཤིན་རྗེའི་ལྷ་ཚོགས་རྣམས། །ཞེས་སོགས་ཀྱིས་ཕུལ། གཉིས་པ་ལ། འབྲུབ་ཁུང་དང་ཉ་བོ་བསྐྱེད་པ། བདེན་སྟོབས་བརྗོད་དེ་ཚེ་སྲོག་འགུགས་པ། བདེན་པ་བདར་ཞིང་གཟུ་དཔང་གསོལ་བ། ཕོ་ཉ་བརྒྱད་བསྐུལ་ཏེ་སླར་ཡང་བླ་ཚེར་འགུགས་པའོ། །དང་པོ་ནི། རང་གི་ཐུགས་ཀ་ནས་ཨེ་མཐིང་ནག་ཅེས་སོགས་བརྗོད་དོ། །དེའང་ངོ་བོ་དུག་གསུམ་ལས་ཀྱི་མཐུ་ལས་གྲུབ་པའི་བཙོན་ཁང་དམར་ནག་ཁ་དོག་ཅིང་། མཐིལ་ཡངས་པ། གཏིང་ཟབ་པ། ཟིན་ནས་ཐར་བ་མེད་པའི་སྲིད་པ་ལས་ཀྱི་གཞལ་ཡས་ཁང་། སྲོག་གཅོད་ཀྱི་གྲོང་ཁྱེར་ཆེན་པོ། ནང་དུ་བསྐལ་པ་སྟོང་གི་མུན་པ་འཁྲིགས་ཤིང་། ཕྱི་ནས་བསྐལ་པ་སྟོང་གི་མེ་འབར་བ། རླུང་ནག་འཚུབ་ཅིང་ཤིན་ཏུ་བཟོད་པར་དཀའ་བའི་ནང་དུ་བསྟན་པའི་སྤྱི་དགྲ་དང་། རྣལ་འབྱོར་པའི་སྒོས་དགྲ་གང་ཡིན་པ་དེའི་རྣམ་པར་ཤེས་པ་ནྲྀ་དུད་ཀ་ཡོངས་སུ་གྱུར་པ་ལས་གསལ་འདེབས་ཤིང་། བྱད་དབྱིབས་ཉམ་ཆུང་ཞིང་སྒྱིད་པ་ཕྲ་བ། སྐྲ་གཟིངས་པ། བཀྲག་མདངས་དང་གཟི་བརྗིད་ཉམས་པ། ངལ་ཞིང་དུབ་པ། ཁ་ནས་སིད་ཀྱི་སྒྲ་སྒྲོག་པ། སྐྱོབ་བྱེད་ཀྱི་ལྷ་སྲུང་རྣམས་གཤེད་དུ་གྱུར་པ། རང་བདུད་རང་ལ་ལངས་ཏེ་རང་སྲོག་གཅོད་པར་འགྱུར་བ་མངོན་(༤༧བ)


GLG023_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་ཡོད་པ་ལྟ་བུར་བསམ་མོ། །དུག་སྡོང་ནག་པོའི་བཟློག་བསད་གནམ་ལྕགས་འབར་བ་ལས། དེའི་འོག་ཏུ་ཞིང་ཆེན་གྱི་ས་གཞི་བརྡལ་བ། མཚོན་ཆ་སྣ་ཚོགས་གཟིངས་ཏེ་བདུག་པ། དྲག་པོའི་ཚ་ཚ་ཆིལ་ལི་ལི་ཁོལ་བ། དེའི་འོག་ཏུ་རཀྟའི་རྦ་རླབས་འཁྲུག་ཅིང་ཞིང་ཆེན་གྱི་རྦ་ཉིལ་ཉིལ་འཕྱོ་བ། དེའི་འོག་ཏུ་བསྐལ་པའི་རླུང་དམར་ནག་འུར་རུ་རུ་འབར་བ། དེའི་འོག་གི་བསྐལ་པའི་རླུང་སྤུ་གྲི་སོ་རྒལ་ཆིལ་ལི་ལི་འཁྲུག་པ། དེའི་འོག་ཏུ་དྲག་པོ་ཆོས་ཀྱི་དབྱིངས་ནམ་མཁའི་དཀྱིལ་འཁོར་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར། དགྲ་བོ་ཐམས་ཅད་གཏན་ནས་རླག་པར་བྱེད་པ་མཐའ་དང་དབུས་མེད་པའི་རང་བཞིན་དུ་གྱུར། ཞེས་པ་ནི་སྒོམ་དོན་དང་ངག་འདོན་གང་རིགས་སུ་བྱ་བ་ལེགས་ཤིང་། འབྲུབ་ཁུང་དུག་དང་ཟངས་ལྕགས་ཁྲོ་ཆུ་ལས་གྲུབ་པ་དང་། བང་རིམ་དགུ་ལྡན་དུ་བཤད་པ་དོན་ལ་ཁྱད་པར་མེད་པར་སེམས་སོ། །གཉིས་པ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་བོ་དང་། ཐུགས་ཀའི་འོད་ཟེར་གྱིས་རྒྱུད་བསྐུལ་བའི་ལས་ཀྱི་གཤིན་རྗེའི་དམག་ཚོགས་འཇིག་རྟེན་དྲེགས་པ་ཅན་དཔག་ཏུ་མེད་པ་སྟོང་གསུམ་ཁྱབ་པར་སྤྲོས་པས་དགྲ་བོའི་ཚེ་སྲོག་རྣམ་པར་ཤེས་པ་དང་བཅས་པ་ལྕགས་ཀྱུས་སྙིང་ག་ནས་བཟུང་། ཞགས་པས་སྐེ་ནས་བཅིངས། ལྕགས་སྒྲོག་གིས་ཡན་ལག་བསྡམས། དྲིལ་བུས་མྱོས་པར་བྱས། ལས་ཀྱི་ཕོ་ཉ་རྣམས་དྲག་པོ་སྐད་ཀྱི་ང་རོ་འབྲུག་སྒྲ་ལྟར་ལྡིར་ཞིང་། གནམ་ས་གཡོ་བ་ལྟ་བུའི་ཤུགས་ཀྱི་བྱེའུ་ཁྲས་དེད་པའམ། བཙོན་ཁྲིད་པ་བཞིན་དུ་རང་དབང་མེད་པར་བཀུག་སྟེ་ལིངྒ་ལ་ཐིམ་པའི་དམིགས་པ་དང་བཅས། ན་མོཿརྩ་བ་དང་བརྒྱུད་པར་བཅས་པ། ཞེས་སོགས་བརྗོད་ཅིང་། དགུག་བཅིང་(༤༨ན)


GLG023_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་མྱོས་དབྱེ་བསྟིམ་གྱི་ཕྱག་རྒྱ་དང་བཅས་པས་ལན་གསུམ་མམ་བདུན། ཉེར་གཅིག་སོགས་སྐབས་དང་སྦྱར་རོ། ཁ་ཐུན་དུ། ནམ་ཕྱེད་དགྲ་བོ་མི་ཉལ་བླ་ཉལ་གྱི་དུས་སུ་སྲུང་མ་རྣམས་ཀྱིས་ཁོའི་རྣམ་པར་ཤེས་པ་དགུག་པ་ནི་གླང་གི་དཀྱིལ་འཁོར་གྱི་སྟེང་ངམ། རྔ་མོ་ལྟ་བུའི་སྟེང་དུ་བསྐྱོན་ལ་འུར་རུ་རུ་བཀུག་ནས་དངོས་སུ་སྒྲུབ་ཁང་དུ་ཁུགས་པར་བསམས་ལ་ཁོ་རང་གི་ལིངྒ་ལ་བསྟིམ་མོ། །ཞེས་བཤད་དོ། །གསུམ་པ་ནི། གསེར་སྐྱེམས་བྱིན་གྱིས་བརླབས་ཏེ། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ནས་བཟུང་། འཇིག་རྟེན་དྲེགས་པའི་བར་རྣམས་ལ་འབུལ་ཞིང་། དངོས་གྲུབ་རྩ་བ་རྡོ་རྗེ་སློབ་དཔོན་དང་། །ཞེས་སོགས་བརྗོད་དོ། །འོན་ཀྱང་དིང་སང་ཕྱག་ལེན་ལ་གོང་དུ་གསེར་སྐྱེམས་དང་། འདིར་བདག་ཉིད་སངས་རྒྱས་བསྟན་ལ་རབ་བཞུགས་ཤིང་། །ཞེས་སོགས་ཀྱིས་གཟུ་དཔང་བྱེད་པ་ཡིན་ནོ། །འདིས་དཔང་གཟུགས་དང་གསེར་སྐྱེམས་གཉིས་ཀའི་གོ་ཆོད་ཀྱང་། ཕྱག་ལེན་དུ་སོ་སོར་མཛད། དབང་པོའི་སྡེའི་ཕྱག་ལེན་དུའང་། མ་ཉེས་དཔང་དུ་དཀོན་ཅོག་བདེ་གཤེགས་བཞུགས། །ཞེས་སོགས་ཀྱི་གཟུ་དཔང་དང་གསེར་སྐྱེམས་ལོགས་སུ་མཛད་དོ། །འོན་ཀྱང་སྤྲོས་ཏེ་སོ་སོར་བྱེད་ན། གཟུ་དཔང་ཉེས་བྱས་དྲག་བསྐུལ་སྲོག་གི་སྤུ་གྲི་ཞེས་བྱ་བའི་ཚིག་དོན་ཕུན་སུམ་ཚོགས་པ་སྣང་བའང་བྱའོ། །དེ་ལྟར་དགྲ་བོས་ཉེས་པ་བྱས་པའི་ཚོགས་རྣམས་བསྒྲགས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་ཐམས་ཅད་དགྲ་བོ་གསོད་པའི་ཆེད་དུ་ཆེས་ཆེར་རྔམ་པར་བསམ་མོ། །བཞི་པ་ནི། ཕོ་ཉ་གདུག་པ་ཅན་རྣམས་སྤྲས་པས་དགྲ་བོའི་བླ་ཚེ་གར་བརྫུ་ཞིང་། གང་དུ་གནས་ཀྱང་རང་དབང་མེད་པར་བཀུག་པའི་དམིགས་པ་དང་(༤༨བ)


GLG023_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས། བླ་འགུགས་སྤྲུལ་པ་སོགས་བརྗོད་ཅིང་། མཚན་མ་བརྟན་པོ་མ་བྱུང་གི་བར་དུ་སྔགས་རྣམས་བཟླའོ། །གཉིས་པ་སྐྱོབ་པའི་སྲུང་མ་དང་དབྱེ་བ་ནི། བདག་དང་ལས་གཤིན་རྣམས་ཀྱི་ཐུགས་ཀ་ནས་ཁྲོ་བོ་གྲངས་མེད་པ་སྤྲོས་པས། ཁོའི་ལྷ་སྲུང་བྱ་སྤུ་རླུང་གིས་གཏོར་བ་བཞིན་བསྐྲད་པར་བསམས་ལ། ཉ་བོའི་མཐར་གུ་གུལ་གྱི་དུད་པ་བཏང་ཞིང་། ལས་ཀྱི་གཤིན་རྗེའི་གཤེད་པོ་ཐམས་ཅད་དང་། །ཞེས་སོགས་བརྗོད་དོ། །གསུམ་པ་བསྒྲལ་ལས་བྱ་བ་དངོས་ལ། ཐུན་བརྡེག་པ་དང་། ཕུར་པ་གདབ་པ། རལ་གྲིས་གཏུབ་པའོ། །དང་པོ་ནི། རྡོ་རྗེའི་ཐོག་ལྟ་བུའི་ནུས་པ་དང་ལྡན་པའི་ཐུན་རྫས་རྣོ་བའི་དབལ་ཅན་བཏབ་པས་གཟི་བརྗིད་བཀྲག་མདངས་དབང་པོ་ཚེ་སྲོག་ཐམས་ཅད་ཉམས་ཤིང་བཅོམས་པར་བསམས་ལ། མཚེ་ཡུངས་རྡོ་ལྕགས་ལ་སོགས་དྲག་པོའི་རྫས། །ཞེས་སོགས་དང་། ཐུན་མོང་མ་ཡིན་པའི་ཐུན་སྔགས་ཉིན་མཚན་དང་སྦྱར་ཏེ་བརྡེག་གོ །གཉིས་པ་ནི། རང་ཉིད་ཟིལ་གནོན་གསལ་བའི་ཞེས་སོགས་སྔགས་དང་བཅས་པ་བརྗོད་ཅིང་། བདག་ཉིད་ཀྱི་ཐུགས་ཀ་ནས་ཡ་མ་རཱ་ཛ་ལས་མར་མེ་གཅིག་ལས་གཉིས་ཆད་ལྟར་བྱུང་བའི་ཕུར་པ་ཡ་མ་རཱ་ཛ་ལྟ་བ་མན་ཆད་ཟུར་གསུམ་རྣོ་བའི་དཔལ་དང་ལྡན་པ་དགྲ་བགེགས་ཀྱི་སྙིང་གར་བཏབ་པས། ཁོའི་ཚེ་སྲོག་མར་མེ་ལྟ་བུ་ནག་ཐུམ་སྟེ་བསད་ཅིང་རྣམ་པར་ཤེས་པ་བཀྲག་མདངས་ཡི་གེའི་རྣམ་པར་ཡོད་པ་ཕུར་རྩེ་ལ་བླངས་ཏེ་ཐུགས་ཀའི་ཡི་གེ་ལ་བསྡུ་བ་སོགས་ཚེ་ལུང་དང་གནས་ལུང་གི་དགོངས་པ་ཆིག་ཆོད་དུ་འགྲུབ་པའི་གདམས་པ་རྣམས་བྱའོ། །ལས་བྱང་ཀུན་བཟང་མཆོད་སྤྲིན་པ་དག །ཕུར་པ་དབུ་གསུམ་ཕྱག་དྲུག་རྡོར་གཤོག་ཅན་སྨད་ཕུར་(༤༩ན)


GLG023_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔལ་ལྡན་དུ་བཤད་པ་ནི་ལུགས་འདིའི་གནད་ལ་ངེས་པ་མ་རྙེད་པའི་གཞན་དག་ནས་ཁ་བསྐང་བའི་འགལ་དུམ་གྱི་ཕྲེང་བ་ལས་རྒྱུ་མཚན་མེད་ཅིང་། ཐོག་མར་ཉ་བོ་ལ་ཕུར་བ་བཏབ་ནས། དེ་རྗེས་ཡུངས་ཐུན་མདའ་ཐུན་སོགས་ཐུན་རྫས་རྣམས་བརྡེག་པ་ནི། ཕུར་པ་བཏབ་སྟེ་དགྲ་བོ་བསྒྲལ་ཟིན་པ་ལ་སླར་ཐུན་རྫས་བརྡེབ་པ་རོལ་མཚོན་ཆ་འདེབས་པ་དང་ཁྱད་པར་མེད་ཅིང་། ཡང་ཐུན་རྣམས་ཀྱི་མཇུག་ཏུ་ཕུར་བུ་བཏབ་སྟེ་རྣམ་ཤེས་སྦར་བ་སོགས་འདུག་པ། ཕུར་པ་སྔ་མ་རྣམ་ཤེས་རྗེས་འཛིན་གྱི་ཕུར་པ་ཞེས་རྡོ་རྗེ་གཞོན་ནུ་ལས་བཤད་པ་ལྟར་ཡིན་མཆིས་ནའང་། ལུགས་འདི་ལ་གསལ་ཁ་མང་པས་ཕུར་པ་སྔ་རྟིང་གཉིས་སུ་བཏབ་པ་ཚིག་ཚོགས་ཆེ་བ་ལས་གཞན་པའི་རྒྱུ་མཚན་དང་དགོས་པ་མ་མཐོང་ངོ་། །གཞན་ཡང་གསར་མའི་གཤིན་རྗེ་བ་དག་སྣུམ་ཁོལ་མར་ཆང་བླུག་པས་འབར་བའི་མེས་ལིངྒ་སྒྲོལ་བའི་ལག་ལེན་སོགས་ནི་བགེགས་བསྲེག་པ་ལ་སྦྱིན་སྲེག་གི་སྐབས་ཧོམ་སྦར་བ་ལ་བརྟེན་པ་ཡིན་འདྲ་ནའང་། དགྲ་བགེགས་ཀྱི་དབྱེ་བ་མ་ཕྱེད་པའི་བོད་འདིར་བཞད་གད་དུ་འགྱུར་བའི་ལག་ལེན་མང་དུ་དར་རོ། །གསུམ་པ་ནི། ཡ་མའི་ཐུགས་ཀའི་ཕྱག་རྡོར་ལས་བྱུང་བའི་རལ་གྲི་ངོ་བོ་ཕྱག་རྡོར་དུ་གསལ་བས་ལིངྒ་རྣམས་བཏུབ་ཅིང་། སྲས་མཆོག་ཐུགས་ནས་དྲེགས་པའི་བདག་པོ་ནི། །ཞེས་སོགས་སྔགས་དང་བཅས་པ་བརྗོད། །བཞི་པ་སྟོབ་པ་བྱ་བ་ནི། སྟོང་གསུམ་ཁེངས་པའི་སྐུར་བཞེངས་སོགས་སྔགས་དང་བཅས་པ་བརྗོོད་ཅིང་། ལིང་རོ་སྨན་རཀ་གིས་སྦྲན་ཅིང་ཐོད་པར་བསྡུས་པ་ཤ་ཁྲག་གི་རྒྱ་མཚོ་ཆེན་པོ་དཀྱིལ་འཁོར་གྱི་ལྷ་ཚོགས་ལས་བྱེད་དང་བཅས་(༤༩བ)


GLG023_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

པས་དགྱེས་པའི་རྐན་སྒྲ་དང་བཅས་ཆེམ་ཆེམ་གསོལ་བར་བསམ་མོ། །བརྒྱད་པ་བཟློག་བསྒྱུར་བྱ་བ་ནི། གཏོར་མའི་ཁར་དམར་སྦྲེང་ཞིང་། རབ་འཇིགས་གཤིན་རྗེ་གཤེད་ཀྱི་ཞེས་སོགས་བརྗོད་པ་ཙམ་གྱིས་ཆོག་ལ། རྒྱས་པར་སྤྲོ་ན་སྔར་གྱི་སྟེང་དུ། ལྕགས་སྡིག་བཟློག་གཞུང་དུ། ད་ནི་བཟློག་པ་དུས་ལ་བབ། །ད་ནི་བསྒྱུར་བའི་དུས་ལ་བབ། །ཅེས་སོ་བཟློག་གཞུང་རྒྱས་པ་བྱའོ། །དགུ་པ་ཟོར་ལམ་དབྱེ་བ་ནི། ལས་བྱང་འདིར་ཡང་གཏོར་ཟོར་རྣམས་ཕྱིར་སྤགས་ཏེ་གྲལ་དུ་བཀོད། རོལ་མོ་དྲག་ཏུ་བརྡུང་ཞིང་འདི་སྐད་དོ། །ཞེས་ཟོར་རྣམས་ཕྱིར་བཏེག་གྲུབ་ནས་ཟོར་ལམ་དབྱེ་བ་ལྟ་བུ་ཞིག་བྱུང་བ་ནི། སྒྲུབ་པ་ཞག་སྦྲེལ་དུ་བྱས་པའི་ཟོར་འཕེན་པའི་ཉིན་ཡང་ཟོར་ལམ་དབྱེ་བའི་ཚིག་བརྗོད་པའི་དབང་དུ་ཡིན་གྱི། ཟོར་ལམ་དབྱེ་བ་དངོས་གཞི་ནི། ཟོར་རྣམས་ལ་བསྒུལ་བསྐྱོད་སོགས་མ་བྱས་པའི་སྔོན་རོལ་དུ་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་ཟར་ལམ་དབྱེ་དགོས་སོ། །སྔགས་རྙིང་མའི་ལུགས་འཛིན་མང་པོ་ཞིག་དང་། ཀུན་བཟང་མཆོད་སྤྲིན་པས། གཏོར་མ་སྤགས་ཏེ་སྒོ་དབྱེ་བྱེད་པར་བཤད་པ་ནི། ལྷ་སྲིན་ལ་ཕོག་ཐུག་དང་ཉེས་སྐྱོན་གྱི་ནུས་པ་གང་ལ་བརྟེན་ནས་བྱུང་མ་རྟོགས་པའི་སྐྱོན་ནོ། །རང་ལུགས་ཀྱི་ཟོར་ལམ་དབྱེ་ཚུལ་འདི་ནི་ལུགས་འདི་ལ་མེད་དུ་མི་རུང་བའི་གདམས་པ་དབང་པོའི་སྡེའི་ཕྱག་བཞེས་ཡིན་ནོ། །འགའ་ཞིག་ནི། ཡི་དམ་ལྷའི་ང་རྒྱལ་གྱིས་འགྲོ་བ་ལ་སྒོ་དབྱེ་སོགས་བྱ་མི་དགོས་ཞེས་རྒྱུ་མཚན་མ་གོ་བའི་གཏམ་བབ་བཅོལ་དུ་སྨྲ་བ་ལ་བླུན་པོ་དག་རྗེས་སུ་འཇུག་སྲིད་དེ། དཔྱོད་ལྡན་སུ་ཞིག་ཐོ་ཆོའི་སྤྱོད་པ་ལ་འཇུག་པར་ག་ལ་བྱེད། དེའི་ཕྱིར་ལག་ལེན་ལ་མཐའ་རྒྱ་ཆོད་པ་ནི་གནད་དམ་པ་ཡིན་ནོ། །བཅུ་པ་ཟོར་འཕང་བ་ལ། གསེར་(༥༠ན)


GLG023_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེམས་འབུལ་བ། ཟོར་གཞན་རྣམས་འཕང་བ། རྭ་ཟོར་དང་གཏོར་ཟོར་འཕང་བའོ། །དང་པོ་ནི། བདེ་གཤེགས་ཞི་ཁྲོ་མཐུ་ལྡན་སྲུང་མའི་ཚོགས་སྤྱི་དང་། ཁྱད་པར་གཤིན་རྗེའི་དམག་ཚོགས་གནམ་ས་གཡོ་བ་ཙམ་དང་བཅས་ཏེ། དགྲ་བོའི་མངོན་སྤྱོད་ཀྱི་ལས་བྱེད་པར་བསམ་ཞིང་། གཟའ་དང་བསྟུན་ཏེ་སྒྲུབ་ཁང་གི་ཕྱི་རོལ་ཏུ་སྔར་བཞིན་གསེར་སྐྱེམས་ཕུལ། བདེན་པ་བདར་རོ། །གཉིས་པ་ནི། དུག་ཆེན་ཤིང་ལ་འུག་པའི་ཞེས་སོགས་ཟོར་བསྐུལ་རྣམས་རིམ་པར་བརྗོད་ཅིང་དམིགས་པ་དང་བཅས་པས་ཟོར་སྔགས་བཟླ་ཞིང་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་འཕང་། ཟོར་གཞན་རྣམས་ཀྱི་སྔགས་རྡོ་རྗེ་སློབ་དཔོན་གྱིས་འཆར་ཀ་ནས་ཁ་འགེང་བ་ཕྱག་ལེན་ནོ། །གསུམ་པ་ནི། སྒྲུབ་ཁང་གི་ཕྱི་རོལ་གོམ་པ་ཞེ་དགུའི་སར་བགྲོད་ནས་བསྐུལ་དང་བཅས་པས་རྭ་ཟོར་དང་གཏོར་ཟོར་འཕང་བ་སྔར་བཞིན་ནོ། །དེའང་རྭ་ཟོར་ལ་བརྟག་པ་བྱ་སྟེ། རུས་སྦལ་སྙིང་གཟེར་ནག་པོའི་རྒྱུད་ལས། ཟོར་ཁའི་པྲ་ཡང་འདི་ལྟ་སྟེ། །རུ་རྩེ་ཁ་ཤ་ཕར་བལྟས་ནས། །ཕྱིར་མི་ལྡོག་དང་ཕོ་རབ་གསུམ། ཁ་བཟང་ཕོ་མོ་རབ་གཉིས་ཏེ། །རྩེ་བཟང་མོ་གཉིས་ཕྱིས་པ་བྱེད། །ཅེས་བཤད་ཅིང་། དེའང་ཟོར་གྱི་བརྟག་ཚུལ་གཙུག་ཕུད་ནག་པོའི་ཞུ་ལན་དུ་གསལ་བ་ལྟར་ཞིབ་པར་བྱའོ། །དེ་ལྟར་བཟློག་པ་གཙོ་བོར་བྱས་ཏེ་ཟོར་དཀྱུས་མའི་དབང་དུ་བཏང་བ་ཡིན་ལ། བསད་པ་དང་ཟོར་འཆམས་སོགས་སྤྲོས་པར་བྱེད་ན་ཟོར་རྣམས་ཉ་བོར་བརྡེག་པ་སོགས་གོ་རིམ་ལག་ལེན་ལྟར་བྱའོ། །སྨྲས་པ། མི་མཐུན་ནག་པོ་བདུད་ཀྱི་རུ་མཚོན་རྣམས། །ཅིག་ཅར་བསྙོལ་བའི་རྒྱལ་རྔ་དབྱར་དུས་ཀྱི། །འབྲུག་སྒྲ་དྲག་པོའི་སྐད་ལྟར་བསྒྲགས་པ་ན། །དཀར་ཕྱོགས་ལྷ་ཡི་བ་དན་རྣམ་(༥༠བ)


GLG023_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྐྱོང་། །ཤུགས་དྲག་རླུང་གིས་བསྐྱོད་པའི་སེར་བ་དང་། །གནམ་ལྕགས་ཐོག་གིས་ལོ་ཏོག་བྲག་རི་རྣམས། །ཉེ་བར་འཇོམས་ན་འདི་ལྟའི་ལས་སྦྱོར་གྱིས། །དགྲ་སྲོག་ལྕགས་ལས་བྱས་ཀྱང་ཇི་ལྟར་འཚོ། །ཞེས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། སྲུང་འཁོར་བྱ་བ། དམ་སྲི་གནོན་པ། ཆད་མཐོ་བསྒྲག་པ། དཀྱིལ་འཁོར་བསྡུ་བའོ། །དང་པོ་ནི། སྒྲུབ་ཁང་གི་སྒོ་དྲུང་ངམ། གཏོར་ཟོར་འཕང་བའི་ས་ཡུལ་དེ་ག་གང་བདེར་མེ་ཆུའི་རྒྱས་འདེབས་ཤིང་། བདག་ཉིད་ཁྲོ་རྒྱལ། ཞེས་སོགས་དང་། སྲུང་སྔགས་བརྗོད་ཅིང་དམིགས་པ་དང་བཅས་པས་སྲུལུང་འཁོར་བྱའོ། །གཉིས་པ་ནི། གཏོར་གཞོང་རི་རབ་ཏུ་གསལ་བ་ཁ་སྦུབ་པའི་འོག་ཏུ་དམ་སྲི་རྣམས་ཆུད་པར་བསམས་ལ། སྟོང་གསུམ་འཇིག་རྟེན་ཡངས་པའི་ཞེས་སོགས་བརྗོད་དོ། །གསུམ་པ་ནི། གཏོར་མ་བྱིན་གྱིས་བརླབས་པ་ནམ་མཁར་བཏེག་སྟེ། བསྐལ་པ་བརྒྱད་ཁྲི་བཞི་སྟོང་སྔོན་རོལ་དུ། །ཞེས་སོགས་ཚང་མ་བྱའོ། །བཞི་པ་ནི། བདག་མདུན་ལྷན་ཅིག་ཏུ་བྱའམ། རྡོ་རྗེ་སློབ་དཔོན་ཙམ་གྱིས་བྱས་ཀྱང་འགལ་བ་མེད་དོ། །དེ་ལྟར་ཟོར་གྱི་ཁོག་ཕུབས་པའི་ཕྱིར་བརྗོད་པ་ཡིན་གྱི། ཚུལ་བཞིན་ལག་ཏུ་ལེན་པར་འདོད་ན། རྫས་སྔགས་ཏིང་འཛིན་ཐམས་ཅད་ལ་མན་ངག་ཟབ་གནད་མཐའ་ཡས་པས། དེ་དག་མ་རྟོགས་པར་ཉམས་སུ་ལེན་པ་ནི་རང་གཞན་ཕུང་པའི་རྒྱུ་ཡིན་པས། སྙིང་ནས་མོས་པའི་སྐལ་ལྡན་རྣམས། གང་བྱུང་གི་བླ་མ་དང་སུ་བྱུང་གི་གདམས་པས་མ་ཚམ་པར། ཆོས་རྒྱལ་དབང་པོའི་སྡེའི་ཞལ་གདམས་ཁོང་དུ་ཆུད་པའི་རྡོ་རྗེ་འཛིན་པའི་ཞབས་ཀྱི་པདྨོ་ཡུན་དུ་བསྟེན་ཅིག །(༥༡ན)


GLG023_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་ས་བཅད་བཞི་པ་བསྟན་མ་བསྐྱང་བ་ནི། རིན་ཅེན་སྒྲོན་མེར། གཏོར་མ་རྣམས་ཕྱི་རོལ་ནམ་མཁའ་མཐོང་བའི་གནས་སུ་བཏེག་ལ། བསྟན་མ་མཆོད་པའི་ཆོ་ག་རྒྱས་བསྡུས་ཇི་ལྟར་འདོད་པ་སྤྱི་དང་མཐུན་པར་བྱའོ། །ཞེས་གསུངས་ལ། ཟོར་གྱི་སྐབས་ཆད་མཐོ་དང་བསྟན་སྐྱོང་གི་གཏོར་མ་སྣོད་གཅིག་ཏུ་མཛད་པ་དབང་པོའི་སྡེའི་ཕྱག་བཞེས་ཡིན་ཅིང་། སྔོན་ཚེ་སློབ་དཔོན་སྤྱན་སྔར་ཞེས་སོགས་བརྗོད་དོ། །ལྔ་པ་དཀྱིལ་འཁོར་བསྡུ་བ་ནི། ནང་དུ་དཀྱིལ་འཁོར་གསལ་བཏབ་ལ། ཁྲོ་རྒྱལ་ཕྱག་རྒྱ་ཟིལ་གནོན་སོགས་ཀྱིས་མཆོད། རིན་ཅེན་སྒྲོན་མེར། བསྟོད་པ་དང་བཤགས་པ་བྱེད་པར་བཤད་པའང་སྤྲོ་ན་བྱའོ། །རྩ་བའི་ལྷ་དང་རྒྱན་གྱི་ལྷ་བརྒྱད་རྣམས། །ཞེས་སོགས་བརྗོད་དེ། འོད་གསལ་གྱི་ངང་དུ་ཅུང་ཞིག་མཉམ་པར་བཞག །དེའི་ངང་ལས་སྐད་ཅིག་གིས་ཟིལ་གནོན་རྩ་བའི་ལྷ་དྲུག་རྒྱན་གྱི་ལྷ་བརྒྱད་དང་བཅས་པ་ལ་ལྷུན་གྲུབ་ཏུ་བསམས་ལ་སྐུའི་སྔགས་བཟླས་ཤིང་ལུས་བསྲུང་ངོ་། །ལྔ་པ་དགེ་བ་བསྔོ་བ་ནི། བསྙེན་སྒྲུབ་ལས་གསུམ་ཞེས་སོགས་ཀྱིས་དགེ་བའི་རྩ་བ་རྣམས་རྒྱལ་བའི་སར་བསྔོ་ཞིང་སྨོན་ལམ་གདབ་བོ། །དྲུག་པ་ཤིས་པ་བརྗོད་པ་ནི། འདོད་དགུའི་འབྱུང་གནས་ཞེས་སོགས་ཀྱིས་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྒྲོག །ཕུན་སུམ་ཚོགས་པའི་དགའ་སྟོན་གྱི་དཔལ་ལ་རོལ་ལོ། །ལས་བྱང་རྣམ་པར་ངེས་གཉིས་སྣོད་ལྡན་དང་། །རིགས་འཛིན་བདག་གིས་བཀའ་རྒྱ་ཁྲོལ་མ་གཏོགས། །གཞན་ལ་བབ་ཅོལ་རྒྱུ་ནོར་ངོ་དགའི་ཕྱིར། །བསྟན་ན་སྟོན་པ་པོ་དང་སྟོན་ཡུལ་གཉིས། །གཏེར་བསྲུང་མཐུ་ཆེན་སྡེ་བཞི་རཱ་ཧུ་ལས། །སྙིང་ཁྲག་འཐུང་ལ་ཚར་ཆོད་ཟབ་ཆོས་(༥༡བ)


GLG023_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །གཉེར་དུ་གཏད་དོ་ཉིན་མཚན་དུས་དྲུག་ཏུ། །མ་གཡེལ་སྲུངས་ཤིག་གུ་ཧྱ་ས་མ་ཡ། །དེ་ལྟར་ཟིལ་གནོན་ཕྱག་རྒྱའི་ལམ་ཟབ་མོ་འདི་ཉིད་ལྷོད་པ་མེད་པར་ཉམས་སུ་བླངས་པས། འཇམ་དབྱངས་བླ་མེད་ཀུན་ཏུ་བཟང་པོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་བ་ཉིད་དོ། །འདིར་སྨྲས་པ། ཁུངས་ལྡན་རྒྱུད་གསུམ་རྣམ་དག་ཐེག་པ་མཆོག །མ་ཉམས་ཕྱག་རྒྱར་བཏབ་པ་གསང་བའི་གཏེར། །སྐལ་བཟང་འདོད་པ་འཇོ་བ་བདུད་རྩིའི་རྒྱུན། །བསམས་དོན་ལྷུན་གྱིས་གྲུབ་པ་ཡིད་བཞིན་ནོར། །ཚད་ལྡན་དྲག་སྔགས་སྤྱི་ཡི་སྡོམ་ཚིག་དང་། ཁྱད་ཆོས་རྣ་ཆ་བརྒྱད་སོགས་བསྡེབས་པའི་གནད། །རྣོ་ངར་ཐོགས་རྡུགས་མེད་པའི་འཁོར་ལོ་ཆེ། །རིགས་འཛིན་དམ་པའི་ལམ་སྲོལ་བླ་ན་མེད། །འདི་འདྲ་མིག་དང་རྣ་བར་མ་གྱུར་པའི། །ཚེ་བདག་རིང་ལུགས་འཛིན་པའི་ཁུར་འཆང་བ། །སྨིག་རྒྱུ་ཆུ་རུ་རློམ་ཡང་སྐོམས་པའི་ནད། །སེལ་བའི་ནུས་པ་མི་འབྱུང་རང་ཉིད་ངལ། །ཀྱེ་མ་གསར་རྙིང་གདམས་པ་གཅིག་ཏུ་བསྲེ། །གཤེད་སྐོར་མ་མགོན་ཕན་ཚུན་དཔེ་རུ་ལེན། །གང་དྲན་ལག་ཏུ་བླངས་ལ་སྙན་བརྒྱུད་ཅེས། ཁ་ཕོར་བྱེད་པའི་གསར་རྙིང་སྔགས་འཆང་མང་། །ཙཱུ་ཏའི་ཡུལ་དུ་རྐང་གཉིས་ལྡན་པའི་མི། །ཚད་ལྡན་མིན་ཞེས་འཕྱ་ལྟར་རང་གཞན་གྱི། །གདམས་པའི་ཕྱོགས་ཙམ་རྣ་བས་མ་ཐོས་འགས། །ཚུལ་ལྡན་བཉེན་སྒྲུབ་ལས་སྦྱོར་བྱེད་ལ་སྨོད། །ཀུན་ཤེས་གཅིག་ལ་རྡུགས་པའི་མཁས་པ་དང་། །ལྷ་བུས་བྱིན་གྱིས་བརླབས་པའི་ལས་དབང་ཅན། །མཐུ་ནུས་རིགས་རུས་ཙམ་ལ་རེ་བ་ཡི། །དྲེགས་ལྡན་མང་ཡང་འདུན་པའི་འགྲམ་ཆུ་མེད། ཁ་བཤད་ཁོ་ནས་འཚོ་བའི་རིགས་ལམ་པ། །གཏི་མུག་ཟས་སུ་ཟ་བའི་(༥༢ན)


GLG023_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཆེན་དང་། །ངན་སེམས་ཁོ་ན་ལྷུར་ལེན་རིག་སྔགས་འཆང་། །རྒྱུ་མཚན་བསྙད་པའི་ཡུལ་མིན་ཟུར་དུ་བཞུགས། །དེ་ལྟར་དུས་འདིའི་སྣང་ཚུལ་ཆེས་ངན་ཡང་། །ཟབ་མོའི་གདམས་པ་འདི་ལ་གདེངས་ཐོབ་པ། །ཀུན་བཟང་རྡོ་རྗེ་འཛིན་པ་བླ་མ་རྗེའི། །བཀའ་དྲིན་དྲན་ནོ་སླར་ཡང་ཐུགས་རྗེས་སྐྱོངས། །རྒྱུད་དོན་མན་ངག་འགྲེལ་པའི་དོན་རྣམས་ལས། །སྙིང་པོའི་ཟབ་དོན་དམ་པའི་ཕྱག་བཞེས་ལྟར། །འཕྲིན་ལས་རྣམ་པར་ངེས་ཕྱིར་གསལ་བ་འདིས། །འགྲོ་ཀུན་ཐེག་མཆོག་རྒྱ་མཚོར་འཇུག་པར་ཤོག །ཅེས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་འཕྲིན་ལས་ཀྱི་རིམ་པ་གསལ་བར་བྱེད་པའི་རྣམ་པར་ངེས་པ་རིགས་འཛིན་འཆི་མེད་དགའ་སྟོན་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་འདིའང་། གཏེར་སྟོན་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གདུང་དྲི་མ་མེད་པ་ལས་སོན་པའི་རིགས་འཛིན་ཨྱོན་བསྟན་འཛིན་གྱིས་ཉེ་བར་བསྐུལ་པ་ལ་བརྟེན་ནས། སེ་སྟོན་ཆེན་པོས་མཛད་པའི་རྣམ་ངེས་ལ་གཞི་བྱས། རིགས་འཛིན་ཡབ་སྲས་ཀྱི་གསུང་རྒྱུན་ལ་བརྟེན། རང་བློས་གང་སྤོབས་ཀྱིས་བརྒྱན་ཏེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དངོས་སློབ་དྷརྨ་ཕ་ལ་ནས་བཟུང་སྟེ། མ་གཤིན་ཕུར་གསུམ་གྱི་དངོས་གྲུབ་བརྙེས་པའི་རིག་སྔགས་འཆང་གི་བརྒྱུད་དུ་བྱུང་བ་ཟིལ་གནོན་དྲག་རྩལ་རྡོ་རྗེས། རང་ལོ་ཉེར་དྲུག་པ་དབྱུ་གུ་ཟླ་བའི་དམར་ཕྱོགས་ཀྱི་ཁྲག་འཐུང་རྣམ་པར་རོལ་པའི་དུས་ཀྱི་ཚེས་ལ་སྦྱར་བའི་ཡེ་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།

འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དབང་གི་ཆོ་ག་སྔགས་འཆང་ཀུནྡའི་འདོད་འཇོ་ཟླ་ཤེལ་གསར་པའི་ཐིགས་པ།


GLG023_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དབང་གི་ཆོ་ག་སྔགས་འཆང་ཀུནྡའི་འདོད་འཇོ་ཟླ་ཤེལ་གསར་པའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །


GLG023_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྩ་མཉྫུ་ཤྲཱཡུཿབ་ཏ་ཡེ། ཕུན་ཚོགས་ཆོས་དབྱིངས་ནོར་འཛིན་ལྟོ་བར་མི་སྡུག་སྒེག་པའི་ཉམས་ཀྱི་ཆུ་གཏེར་ལས། ཁྲོ་ཆགས་སྙིང་རྗེའི་ཤུགས་དྲག་དྲི་བཞོན་ལས་འོངས་རབ་བརྗིད་ང་རོའི་རྦ་རླབས་འཁྲུག །མངོན་སྤྱོད་ཧ་ལའི་ཕྲིན་ལས་ན་ཀྲའི་ཚོགས་རྒྱུ་མཆོག་ཐུན་དངོས་གྲུབ་ཡིད་བཞིན་ནོར། །མ་ལུས་སྩོལ་པའི་བྱེད་པོ་སྲོག་དབུགས་བླ་ཚེའི་གཤེད་པོར་རྣམ་རོལ་དེ་ལ་བདུད། །དུས་གསུམ་རྒྱལ་བའི་གསང་གསུམ་ཡོན་ཏན་ཀུན། །གཅིག་བསྡུས་རྒྱལ་དབང་པདྨཱ་ཀ་རའི་ཞབས། །བརྒྱ་ཕྲག་ཐབས་ཀྱིས་ངེས་གསང་རྒྱུད་སྡེ་འདི། །ལེགས་པར་བསྒྱུར་མཛད་གནུབས་བན་ལོ་ཙཱ་བ། །སླར་ཡང་ཟབ་མོའི་གཏེར་ཁ་སྤེལ་བའི་ཕྱིར། །སྤྲུལ་པའི་གར་མཛད་དུམ་པ་ཞང་ཁྲོམ་དང་། །རྡོ་རྗེ་འཆང་དབང་འཁོན་སྟོན་འགྲོ་བའི་མགོན། །ཡབ་སྲས་བརྒྱུད་པར་བཅས་ལ་སྙིང་ནས་འདུད། །རྣམ་དག་དབང་བཞིའི་ཕུལ་བྱུང་བདུད་ཙི་ལས། །མ་ཉམས་རིགས་འཛིན་ཕྱག་བཞེས་ཟིལ་མངར་བཅུད། །སྔགས་འཆང་འཆི་མེད་ཚོགས་ཀྱི་དགའ་སྟོན་དུ། །འཁྲུལ་མེད་གླེགས་བུའི་ཀ་ལཱ་ཤ་འདི་འགེང་། །དེའང་། ཕྱག་(༢ན)


GLG023_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོ་ཐིག་ལེ་ལས། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མེད་བཞིན། །ཞེས་གསུངས་པ་ལྟར། གསང་ཆེན་རྡོ་རྗེ་ཐེག་པའི་ལམ་གྱི་གཙོ་བོ་ནི་ཐོག་མར་སྨིན་བྱེད་ཀྱི་སྒོ་དམ་པ་དབང་ཡིན་ལ། སྨིན་བྱེད་ཀྱི་དབང་མ་ཐོབ་པར་གྱ་ཚོམ་དུ་གསང་སྔགས་ཀྱི་ལམ་ལ་ཐོས་བསམ་གྱིས་འཇུག་པ་ནི་དངོས་གྲུབ་མི་ཐོབ་པར་མ་ཟད། སྡུག་བསྔལ་མི་བཟད་པ་མྱོང་དགོས་པས། དེས་ན། རྒྱལ་བ་དགོངས་པས་བརྒྱུད་པ། ལྷ་དང་མཁའ་འགྲོ་བརྡས་བརྒྱུད་པ། རིགས་འཛིན་རིགས་པས་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པ། ལས་འཕྲོ་གཏེར་གྱི་བརྒྱུད་པ་སོགས་བརྒྱུད་པ་ཟམ་མ་ཆད་པས་ཕྱག་ལེན་གྱི་སྲོལ་མ་ཉམས་ཤིང་། བྱིན་རླབས་ཀྱི་དྲོད་མ་ཡལ་བའི་རྡོ་རྗེ་སློབ་དཔོན། རྡོ་རྗེཐེག་པའི་རྒྱུད་སྡེ་རྣམས་ལ་ལེགས་པར་སྦྱངས་པའི་གོམས་པ་དང་ལྡན་པ། དེ་ཁོ་ན་ཉིད་ཀྱི་དོན་རྟོགས་ཤིང་ཟབ་མོའི་ལམ་གྱི་རྟོགས་པ་མངོན་དུ་གྱུར་པ་སོགས་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་བླ་མ་དམ་པ་ཞིག་ལ་བརྟེན་དགོས་ཏེ། ཇི་སྐད་དུ། སློབ་དཔོན་འཇམ་དཔལ་བཤེས་(༢བ)


GLG023_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གྱིས། གོམས་པ་སྔོན་སྦྱངས་མང་ཐོས་ཆོས་རྣམས་ཤེས། །ཆོས་ཉིད་མཉམ་པའི་དོན་རྟོགས་གཏི་མུག་མེད། །དབྱིངས་དང་ཡེ་ཤེས་གཉིས་མེད་གཟུང་མ་འདུ། །བླ་མའི་མན་ངག་ཐོབ་པའི་གདེངས་ལྡན་པ། །ཡོན་ཏན་རྫོགས་པའི་བླ་མ་དམ་པ་བྱ། །ཞེས་གསུངས་ལ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ནི་མཆོག་ཡིན་ཞིང་། དེ་ལྟར་མིན་ནའང་བསྙེན་པ་རྫོགས་ཤིང་ལྷའི་གནང་བ་ཐོབ་པ་ནི་ཤིན་ཏུ་གལ་ཆེ་སྟེ། སློབ་དཔོན་བྷ་སུ་དྷ་རའི་དབང་གཞུང་ལས། ལྷ་ཡི་གནང་བ་ཐོབ་པ་ཡིས། །དེ་ཡིས་བདག་གཞན་དོན་རྣམས་འགྲུབ། །ཅེས་གསུངས་སོ། །སློབ་མའང་དད་པ་དང་བརྩོན་འགྲུས་ཆེ་ཞིང་། ཤེས་རབ་ཀྱི་རྩལ་ཁ་དང་ལྡན་པ། དམ་ཚིག་ལ་གནས་ཤིང་ལམ་འདི་ལ་བརྟེན་ནས་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པར་འདོད་པ་ཞིག་དགོས་ཏེ། དད་དང་བརྩོན་འགྲུས་མེ་ལྟར་འབར་བ་དང་། །ཤེས་རབ་ཆེ་ཞིང་ཕྱོགས་མེད་སློབ་པ་དང་། །དད་པ་ཆེ་ཞིང་གཟུངས་ཐོབ་བློ་བརྟན་པ། །དམ་ཚིག་གཙོར་འཛིན་སྒོམ་སྲན་ཆེ་བ་དང་། །རང་རིག་བློ་ལྡན་ཆོས་ཉིད་དོན་རྟོགས་དང་། །གོ་འཕང་ཐོབ་དང་མན་ངག་འདོད་པ་ལ། །གསང་བའི་དོན་འཇུག་ལུང་འདིས་དབང་བསྐུར་བྱ། །ཞེས་གསུངས་སོ། །བསྐུར་བྱའི་དབང་ཡང་བགྲོད་པ་རྣམ་པ་གསུམ་གྱི་སྒོ་ནས་འཇུག་དགོས་ཏེ། ཇི་སྐད་དུ་དབང་པོའི་སྡེས། བདེ་ཆེན་ཡེ་ཤེས་སྐུ་དང་མཆོག་གི་བཾ། །མཚན་ལྡན་གཟུང་མ་ལུས་ཀྱི་དཀྱིལ་འཁོར་དུ། །རབ་འབྱམས་བགྲོད་པ་རྣམ་གསུམ་ལ་བརྟེན་ནས། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་དབང་བསྐུར་བའི་ལས་ཀྱི་རིམ་པར་(༣ན)


GLG023_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་བྱ་བ་འདི་ལ་གསུམ་སྟེ། སྔོན་དུ་འགྲོ་བ། གཞུང་གི་ལས་རིམ་རྗེས་ཀྱི་ཆོ་གའོ། །དང་པོ་ལ་ཡོ་བྱད་བཤམ་ཞིང་གཏོར་མ་གཏང་བ། ཐིག་ཚོན་རབ་ཏུ་གནས་ཤིང་ཆག་ཆག་གདབ་པ། དཀྱིལ་འཁོར་འདྲི་ཞིང་རྫས་འགོད་པ་སློབ་མ་སྟ་གོན་བྱ་བའི་རིམ་པའོ། །ས་བཅད་གོང་མ་གསུམ་ནི་སེ་སྟོན་ཆེན་པོས་མཛད་པའི་དབང་གི་ཆོ་ག་ངེས་པའི་དོན་བདེ་བླག་ཏུ་འཇུག་པ་ཞེས་བྱ་བ་ནས་ཇི་ལྟར་གསུངས་པ་བཞིན་འཆུགས་མེད་དུ་བྱ་དགོས་ལ། དེའང་དཀྱིལ་འཁོར་འདྲི་བ་འཆུགས་མེད་ཀྱི་ཕྱག་ལེན་དང་ལྡན་པའི་རས་བྲིས་བྱིན་རླབས་ཅན་ཡོད་ཀྱང་རུང་ལ། ཡོ་བྱད་བཤམ་པ། བུམ་པ་བཀོད་ཅིང་བསྒྲུབ་པ། སྒྲུབ་རྫས་བཀོད་པ། མཆོད་རྫས་བཀོད་པ་སོགས་སླ་ཆོས་སུ་མ་སོང་བའི་ངེས་དོན་བདེ་འཇུག་ནས་ཇི་ལྟར་གསུངས་པ་བཞིན་བྱ་བ་ནི་ཕྱག་ལེན་ཡིན་ནོ། །བཞི་པ་སློབ་མ་སྟ་གོན་ནི། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱས། དེ་ནས་བགེགས་སྦྱངས་ལ། གཏོར་མ་ཆངས་བུ་ཏིང་ལོ་དང་བཅས་པ་བྱིན་གྱིས་བརླབས་ཏེ། ཨཱོཾ་སརྦ་བིགྷཱན། ན་མ་སྶརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་བི་ལཾ་ཏ་ཡེ་སྭཱཧཱ། ཞེས་ཚར་རེ་དང་། གཏོར་མ་རེ་སློབ་མ་ལ་ཕྱིར་བསྐོར་ཏེ་བཏང་། དེ་ནས་ཆངས་བུ་ཏིང་ལོ་དང་སྦྲགས་པ་ཆ་རེ་སློབ་མ་ལ་ཕྱིར་བསྐོར་བ་དང་མཉམ་དུ་རོལ་མོ་དབྱངས་དང་བཅས་པས། ཧཱུྃ། ཡང་དག་ལྷ་ཡི་རྣལ་འབྱོར་གཞལ་ཡས་འདིར། །འདུ་བར་དབང་བའི་ལས་ནི་མ་གཏོགས་པ། །བར་ཆད་འབྱུང་པོ་ཐམས་ཅད་མི་གནས་ཏེ། །རང་རང་གནས་སུ་མ་ཐོགས་མྱུར་དུ་དེངས། །ཨྱཻ་རིང་དང་སུམྦྷ་དྲག་ཏུ་བརྗོད་ཅིང་ཡུངས་ཀར་གཏོར་(༣བ)


GLG023_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གུ་གུལ་གྱིས་བདུག །རོལ་མོ་དྲག་ཏུ་བྱ་ཞིང་བགེགས་བསྐྲད་དོ། །དེ་ནས་སློབ་མ་རྣམས་ཕྱག་དང་མཎྜལ་ཕུལ་ཏེ། དེའང་བམ་ཆེན་གསང་བའི་དབང་གི་ཆོ་ག་ལས། སྤྲོ་བ་བསྐྱེད་དང་གནང་བ་བྱིན། །སྡོམ་པ་འབོགས་ཤིང་སྲུང་སྐུད་གདགས། ཁྱོར་ཆུ་བླུད་དང་སོ་ཤིང་དོར། །ཀུ་ཤ་བྱིན་དང་གཟེངས་བསྟོད་དེ། །རྨི་ལམ་བརྟག་དང་སྦྱིན་སྲེག་བྱ། །ཞེས་པ་ལྟར་བཅུ་ལས། སྤྲོ་བ་བསྐྱེད་པ་ནི། གསང་སྔགས་སྤྱི་རྒྱུད་ལས། སྔགས་ཀྱི་དངོས་གྲུབ་འདོད་པ་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །སངས་རྒྱས་འདོད་པ་དེ་ལས་གཞན། །འཇིག་རྟེན་འདི་ཡི་བསམ་པ་སྤང་། །སླར་ཡང་དད་དང་ལྡན་པ་ཡིས། །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་པར་བྱ། །བདག་དོན་འདི་འབྲས་གཉེར་མི་བྱ། །བདག་དོན་ཚེ་འདིའི་ཆེད་བྱེད་ན། །གཞན་དོན་སངས་རྒྱས་གང་ལས་བྱུང་། །གཞན་དོན་རྩེ་གཅིག་ཏུ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་པའི་དོན་བཤད། གཉིས་པ་སློབ་མས་གསོལ་བ་གདབ་པར་གནང་བ་བྱིན་པ་ནི། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་གི་བར་དུ་ནི། །བདག་གི་བསམ་པ་བརྟན་པོས་བཟུང་། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། །བསམ་པའི་ཁྱད་པར་ཇི་བཞིན་དུ། །བདག་ཅག་རྣམས་ལ་བསྟན་པར་འཚལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་བླ་མས་གནང་བ་བྱིན་པ་ནི། ཡང་དག་སངས་རྒྱས་ལམ་རིག་པ། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །(༤ན)


GLG023_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འབྱུང་བ་ཀུན་སྟོན་པ། །བུ་འདིར་ཤོག་ཅིག་བདེ་བའི་ས། །ཐེག་ཆེན་རིམ་པས་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་གྱི། །དམིགས་པ་མེད་པར་གནས་ཕྱིར་དུ། །སྟོང་ཞིང་རང་སེམས་རྟག་པར་བཟུང་། །སྒྱུ་འཕྲུལ་དྲ་བའི་དབང་རྫོགས་བྱིན། །འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །འཁོར་རྒྱུད་ལམ་གྱི་སྒོ་བཅད་ནས། །མཐོ་རིས་ཐར་པའི་སྒོ་ཕྱེ་སྟེ། །མ་ཡེངས་གནས་སུ་གཏང་བར་བྱ། །ཞེས་བརྗོད།གསུམ་པ་སྡོམ་པ་འབོགས་པ་ནི། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྡིག་པ་ཐམས་ཅད་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་སུ་སྨོན། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཐུགས་ཀྱི་སྲས་སུ་མཛད་དུ་གསོལ། །ལན་གསུམ་དང་། གསང་བ་མཆོག་གི་དཀྱིལ་འཁོར་དུ། །བླ་མེད་གནས་སུ་སྒྲུབ་པ་དང་། །བདེ་གཤེགས་དངོས་གྲུབ་ཐོབ་བྱའི་ཕྱིར། །བྱང་ཆུབ་མཆོག་དུ་སེམས་བསྐྱེད་དོ། །ཞེས་ལན་གསུམ་བརྗོད། བཞི་པ་སྲུང་སྐུད་གདགས་པ་ནི། བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་སྲུང་སྐུད་ཁ་དོག་སྔོན་པོ་མདུད་པ་ཉེར་གཅིག་བྱས་པ་དཔུང་པར་བཅིངས་ཏེ། བུ་ཁྱོད་ཚུར་ཉོན་སྐལ་ལྡན་དངོས་གྲུབ་བསྒྲུབ། །དེ་ལ་བགེགས་ཀྱི་བར་ཆད་བཟློག་པའི་ཕྱིར། ཁྲོ་རྒྱལ་སྔགས་བཟླས་མདུད་པ་ཉེར་གཅིག་བྱ། །སྲུང་སྐུད་དཔུང་པར་གདགས་པས་བགེགས་སྲུངས་ཤིག །ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨཱོཾ་བཛྲ་རཀྵ་ཧཱུྃ་(༤བ)


GLG023_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་ཅིང་རྡོ་རྗེ་དང་དྲི་ཆུས་རྒྱས་གདབ་བོ། །སྤྱི་བོར་རྡོ་རྗེ་བཞག་ལ་ཨྱཻ་རིང་གིས་བར་ཆད་བསྲུང་ངོ་། །ལྔ་པ་ཁྱོར་ཆུ་བླུད་པ་ནི། ཨཱོཾ་བྷིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ། ཨཱོཾ་སརྦ་ཤོ་དྷན་ཡ་ཧཱུྃ་ཕཊ། ཅེས་བརྗོད་དེ་བྱིན་ལ། ཧཱུྃ། སྔགས་བཟླས་བདུད་རྩིའི་ཆུ་འདི་ཡིས། །ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས། །བར་ཆད་ཐམས་ཅད་དག་གྱུར་ཏེ། །ཟབ་མོའི་སྣོད་དུ་རུང་བར་ཤོག །ཅེས་བརྗོད་དོ། །དྲུག་པ་སོ་ཤིང་ནི། འོ་མ་ཅན་གྱི་ཤིང་ཉེས་སྐྱོན་དང་བྲལ་བ་སོར་བཅུ་གཉིས་པ་མགོ་བོ་རྒྱ་མདུད་ཀྱི་དབྱིབས་ཅན་རྩེ་མོར་མེ་ཏོག་བཅིངས་པ། །བཛྲ་ཛི་ཧཾ་སཾ་བྷ་ཏི་ཧཱུཾ་ཕཊ། ཅེས་བཟླས་ཏེེ་བྱིན་ལ། ཧོ། བླ་མས་བསྒོ་བ་ཇི་བཞིན་སོ་ཤིང་དོར། །འཇམ་དཔལ་ཞི་ཁྲོའི་སྐུ་གསུང་ཐུགས་མཆོག་གི །ཡེ་ཤེས་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །དབུས་མཆོག་དགའ་ལྡན་གནས་སུ་ལྷུང་བར་ཤོག །ཅེས་དབུས་སུ་དོར་བས་ཕྱོགས་བཞི་དང་འོག་ཏུ་འཕྲིན་ལས་བཞི་དང་ས་འོག་རིགས་འཛིན་གྱི་དངོས་གྲུབ། སྟེང་དུ་མཆོག་ཐོབ།བདུན་པ་ཀུ་ཤ་ནི། ཨཱོཾ་ཨེ་ཏི་ཧཱུཾ་ཕཊ། ཅེས་བཟླས་ཏེ་བྱིན་ལ། ཧཱུཾ། བུ་ཚུར་ཉོན་ཟབ་མོ་བསྒྲུབ་པ་ཡང་། །དངོས་གྲུབ་མ་འགྲུབ་བར་དུ་རྟགས་མི་འབྱུང་། །འཇུག་པའི་རྨིས་ལྟས་བཟང་ངན་བརྟག་པའི་ཕྱིར། །ཀུ་ཤའི་རྩྭ་མཆོག་ཁྱོད་ཀྱི་སྔས་སུ་བཏིང་། །ཞེས་བརྗོད་དོ། །བརྒྱད་པ་གཟེངས་བསྟོད་པ་ནི། འཇིག་རྟེན་ན་ནི་ཀུན་མཁྱེན་པའི། །ཨུ་དུཾ་ཝ་རའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་བ། །གསང་སྔགས་སྤྱོད་ཚུལ་མཆོག་འདི་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་བསྐལ་པ་བྱེ་བ་རུ། །སྡིག་པའི་ལས་(༥ན)


GLG023_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བྱས་པ་ཡང་། །དེ་ཀུན་གྱིས་ནི་དཀྱིལ་འཁོར་ནི། །མཐོང་བས་བྱང་བར་འགྱུར་བས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །གང་གིས་བསྐལ་པ་བྱེ་བ་རུ། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཀྱང་། །འདི་ནི་མཐོང་བར་ཤིན་ཏུ་དཀའ། །བླ་མེད་འདི་ལ་དགའ་བར་གྱིས། །ཞེས་བརྗོད། ཡང་ན། སངས་རྒྱས་བསྟན་པ་རྨད་བྱུང་བསམ་ཡས་ལ༔ ཁྱད་པར་འཕགས་པའི་བསྟན་པ་རྣམ་གསུམ་བྱུང་༔ སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ༔ གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་བྱོན༔ ཅེས་སོགས་བརྗོད་དེ། མུན་བསྐལ་ལ་བལྟོས་ཏེ། སངས་རྒྱས་ཀྱི་བསྟན་པ་འབྱུང་བ་དཀོན། བསྟན་པ་གྲངས་མེད་བྱོན་པའི་ནང་ནས་ཀྱང་ཤཱཀྱ་ཐུབ་པ་སོགས་གསུམ་ལ་གསང་སྔགས་ཀྱི་བསྟན་པ་བྱོན། གཞན་རྣམས་ལ་མ་བྱོན་པས་རྡོ་རྗེའི་ཐེག་པ་རྙེད་དཀའ་ཞིང་དོན་ཆེ་བ་སོགས་ཀྱིས་གཟེངས་བསྟོད་དོ། །དགུ་པ་རྨི་ལམ་བརྟག་པ་ནི། ལྷ་དང་བླ་མ་ཡང་ལ་བགྱི། །རྨི་ལམ་སྣང་བ་ཅི་བྱུང་ཡང་། །ནང་པར་མ་གསང་སྨྲ་བར་བགྱི། །བཟང་ན་ཤིན་ཏུ་ལེགས་ངན་ན། །ཞེས་པ་ལྟར་རོ། །བཅུ་པ་སྦྱིན་སྲེག་ནི། རྨི་ལམ་ངན་པ་བྱུང་ན་བརྩམ་པར་བྱའོ། །སྤྱི་དོན་གཉིས་པ་དངོས་གཞིའི་ལས་ཀྱི་རིམ་པ་ལ། དཀྱིལ་འཁོར་བསྒྲུབ་པ། དབང་བསྐུར་བ་གཉིས། དང་པོ་ལ། ལས་བྱང་འཛབ་ལ་ཐུག་པར་གཞུང་བསྲང་། སྐབས་དེར་བཾ་ལས་བུམ་གྱི་ཆུས་བསང་ཞིང་སྦྱངས་ཏེ། བཾ་གྱི་ཙིཏྟ་གྲུ་གསུམ། ཞེས་པ་ནས། མཚན་མ་བཟང་པོ་རྙེད་ཀྱི་བར་དུ་བྱའོ། །ཞེས་(༥བ)


GLG023_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་ངེས་དོན་བདེ་འཇུག་ལས་ཇི་ལྟར་གསུངས་པ་བཞིན་རྟགས་དང་ཡུན་རིང་ཐུང་སོགས་སྐབས་དང་སྦྱར་རོ། །དབང་ཆོས་འདིའི་ལུགས་ཀྱི་བདག་མདུན་གྱི་དཀྱིལ་འཁོར་ཆིག་ཆོད་དུ་བསྒྲུབ་པ་ཡིན་ལ། དེ་ཙམ་བློས་མི་ལྕོགས་པ་འཛབ་ཁང་མདུན་གྱི་དཀྱིལ་འཁོར་རྣམས་ལ་དབྱེ་བའི་གནད་ཤེས་དགོས་སོ། །གཉིས་པ་དབང་བསྐུར་བ་ལ། དཀྱིལ་འཁོར་དུ་འཇུག་པ་དང་། དབང་བསྐུར་བ་དངོས་གཉིས། དང་པོ་ལ་སློབ་དཔོན་འཇུག་པ་དང་། སློབ་མ་འཇུག་པའོ། །དང་པོ་ནི། ཆོས་འདིའི་ལུགས་ཀྱི་དཀྱིལ་འཁོར་བསྒྲུབ་པ་ཉིད་ཀྱི་ངེས་པའི་དོན་རང་བཞིན་ལྷུན་གྱིས་གྲུབ་པ་ཡིན་པས་ལོགས་སུ་བྱེད་མི་དགོས་ཀྱང་། བློ་ཆུང་ལས་དང་པོ་བས་བྱེད་པར་སྤྲོ་ན། མཎྜལ་ཕུལ་ཞིང་གསོལ་བ་གདབ་པ་ནས་བཟུང་སྟེ། དབང་བཞི་མཐའ་བརྟེན་དང་བཅས་པ་སྔགས་ཙམ་མམ། ཚིག་མདོར་བསྡུས་པ་ཏིང་འཛིན་གསལ་བས་བླངས་པར་འགལ་བ་མེད་དོ། །གཉིས་པ་ནི། ཐོག་མར་སློབ་དཔོན་གྱིས་གསོལ་བ་གདབ་པར་བྱ་སྟེ། རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་མངོན་སུམ་དུ་དམིགས་ལ། ཧཱུྃ། ལྷུན་གྲུབ་རང་བཞིན་གནས་པའི་ཕོ་བྲང་ནས། །ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པ་ཡི། །འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད་ཀྱི་ལྷ། །མ་ལུས་མཉམ་པའི་རྒྱལ་པོ་དགོངས་སུ་གསོལ། །སློབ་མ་མཚན་ལྡན་ཡུམ་གྱི་དཀྱིལ་འཁོར་དུ། །བརྟུལ་ཞུགས་དྲག་པོའི་སྟོབས་ཀྱིས་བཞུགས་སུ་གསོལ། །བདེ་ཆེན་གསང་བའི་ཕོ་བྲང་དམ་པ་རུ། །རིག་པ་བརྟུལ་ཞུགས་སྟོབས་ཀྱིས་བཞུགས་སུ་གསོལ། །ཞེས་ལན་གསུམ་བརྗོད་དེ་མེ་ཏོག་དོར་བས། སློབ་མ་ལ་ཅི་དགར་དབང་བསྐུར་ཞིག་ཅེས་(༦ན)


GLG023_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་ཐོབ་པར་བསམ་མོ། །དེ་ནས་ངེས་དོན་བདེ་འཇུག་ལས། ཁྲུས་སོགས་བྱ་ཞིང་གསོལ་བ་གདབ། །རྒྱུན་བཤགས་སེམས་བསྐྱེད་གནས་གསུམ་བརླབ། །སླར་ཡང་གསོལ་གདབ་གནས་སུ་དྲངས། །དྲི་དང་ཆུ་བླུད་དམ་བསྒྲགས་ཤིང་། །སྒྲིབ་སྦྱངས་ལྷ་དབབ་མེ་ཏོག་དོར། །མིག་དབྱེ་དཀྱིལ་འཁོར་བསྟན་པའོ། །ཞེས་པ་ལྟར་བཅུ་གཅིག་ལས། དང་པོ་ནི། སློབ་མ་རྣམས་ཁྲུས་བྱས། ནང་དུ་ཕྱག་དང་མཎྜལ་ཕུལ་ཏེ་གསོལ་བ་གདབ་པ་ནི། ཧོ། བསྟན་པའི་སྒྲོན་མེ་བཅོམ་ལྡན་འདས། །ལྷ་དང་སློབ་དཔོན་དགོངས་སུ་གསོལ། །དྲེགས་པ་སྟོབས་ཀྱི་ཚུལ་བསྟན་པ། །འགྱུར་མེད་བདེ་ཆེན་ཕོ་བྲང་ནས། །དྲེགས་པའི་ལྷ་ཚོགས་དགོངས་སུ་གསོལ། །བྷ་ག་གསང་བའི་དཀྱིལ་འཁོར་ནས། །མཉམ་པའི་རྒྱལ་པོ་དགོངས་སུ་གསོལ། །དམ་ཚིག་དཀའ་ཐུབ་སྡོམ་པའི་མཆོག །རིག་པའི་རྒྱལ་པོ་བདག་ལ་སྩོལ། །གསང་བའི་སྒྲོན་མེ་བདག་ལ་སྩོལ། །ཡེ་ཤེས་རོལ་པ་བདག་ལ་སྩོལ། །ཞེས་ལན་གསུམ་བརྗོད། གཉིས་པ་རྒྱུན་བཤགས་སེམས་བསྐྱེད་ནི། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། །ཞེས་པ་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པའི་བར་སྟ་གོན་གྱི་སྐབས་བཞིན་དང་། ཨཱོཾ་བོ་དྷི་ཙིཏྟ་ཨཱཿ གསུམ། ཀུ་པ་ཏ་ཡ་མི་ཞེས་བརྗོད། གསུམ་པ་གནས་གསུམ་བརླབ་པ་ནི། རྡོ་རྗེ་དང་བཅས་པའི་དྲིའི་ཐིག་ལེས་སློབ་མའི་གནས་གསུམ་དུ་རེག་ཅིང་། ཨཱོཾ་ཨཱཿཧཱུྃ་ཞེས་བྱིན་གྱིས་བརླབ་པོ། །བཞི་པ་སླར་ཡང་ནང་འཇུག་གི་དོན་དུ་གསོལ་བ་གདབ་པ་ནི། (༦བ)


GLG023_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གསང་གཤེད་པོའི་དཀྱིལ་འཁོར་དུ། །བདག་ནི་འཇུག་པར་འཚལ་ལགས་ཀྱི། །རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །དཔའ་བོས་བདག་ལ་བཀའ་དྲིན་གསོལ། །ཞེས་ལན་གསུམ་བརྗོད། ལྔ་པ་གནས་སུ་དྲང་བ་ནི། འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །རྒྱུད་ལྔ་ལམ་གྱི་སྒོ་བཅད་དེ། །མཐོ་རིས་ཐར་པའི་སྒོ་ཕྱེ་ནས། །བླ་མེད་གནས་སུ་དྲང་བར་བྱའོ། །ཨཱོཾ་བཛྲ་ས་མ་ཡ་ཛཿཛཿཞེས་ཡོལ་བའི་ནང་དུ་དྲངས་ལ་སྒོམ་དོན་སློབ་མ་དཀྱིལ་འཁོར་གྱི་ཤར་སྒོའི་རྩར་སླེབ་པར་མོས་ལ། ཨཱོ་བཛ་སཀྵུ་བྷནྡྷ་ཝ་ར་ནས། མིག་དར་བཀབ། ཨ་ཁཾ་ཝི་ར་ཧཱུྃ། ཞེས་མེ་ཏོག་གི་ཕྲེང་བ་བྱིན་ནོ། །དྲུག་པ་དྲི་བ་ནི། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱིས། །གསང་བའི་དམ་ཚིག་བསྲུང་ནུས་སམ། །གྲུབ་མཆོག་བརྟུལ་ཞུགས་སྤྱོད་ནུས་སམ། །མངོན་སྤྱོད་ལས་རྣམས་བྱེད་ནུས་སམ། །ཞེས་དྲི། ལན་དུ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། ཁྱོད་ཀྱི་བཀའསྩལ་བདག་རྗེས་བསྒྲུབ། །དམ་ཚིག་སྡོམ་པ་གང་ཡིན་དང་། །གསང་བའི་ལས་ཀུན་བསྒྲུབ་པར་འཚལ། །བརྟུལ་ཞུགས་ཆེན་པོ་བླ་མེད་པ། །མཐར་ཕྱིན་པ་ནི་སྤྱད་པར་འཚལ། །ཕྲིན་ལས་རྣམ་བཞིའི་བྱ་བ་རྣམས། །ཇི་ལྟར་གསུངས་པ་ཉན་པར་འཚལ། །ཞེས་ཁས་བླང་ངོ་། །བདུན་པ་ཆུ་བླུད་དམ་བསྒྲག་ནི། བདུད་རྩི་ལྕེ་ལ་བཞག་ཅིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །རྡོ་རྗེ་དམ་ཚིག་གཉན་པོ་སྟེ། །ཚུལ་བཞིན་བསྲུངས་ན་དངོས་གྲུབ་ཐོབ། །ཉམས་ན་རྡོ་རྗེའི་དམྱལ་བར་འགྲོ །རྡོ་རྗེའི་ཆུ་འདི་ཁྱོད་ཀྱིས་ལོང་། །ཨཱོཾ་བཛྲ་ཀྲོ་དྷ་ཨི་དཾ་ཧོཿབཀྵས་མ་(༧ན)


GLG023_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཨི་དམ་ན་ར་སྐན། ཞེས་དང་། རྡོ་རྗེའི་རིགས་ཀྱི་བུ་མཆོག་ཁྱོད། །དེ་རིང་ཕྱིན་ཆད་ང་ཡི་བུ། །ང་ཡིས་བསྒོ་བ་བྱ་བ་དང་། །དམ་ཚིག་ལ་ཡང་གནས་པར་བྱ། །ཞེས་བརྗོད།བརྒྱད་པ་སྒྲིབ་སྦྱོང་ནི། སློབ་མ་དཀྱིལ་འཁོར་གྱི་ཤར་སྒོ་ཡིད་ཀྱིས་ཤག་གིས་ཕྱེ་བས་གཞལ་ཡས་ཁང་གི་ནང་ན་ཕྱག་རྒྱ་ཟིལ་གནོན་གྱི་ལྷ་ཚོགས་རྣམས་མངོན་སུམ་དུ་བཞུགས་པ་ལ་མོས་གུས་དུང་བ་བྱས་པས་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་། སློབ་མའི་གནས་གསུམ་དུ་ཐིམ་པས་ཐོག་མེད་ནས་བསགས་པའི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བྱང་བར་བསམ་མོ། །དེ་བཞིན་དུ་སྒོ་གཞན་གསུམ་དུ་ཡང་བྱའོ། །དགུ་པ་ལྷ་དབབ་པ་ནི། བླ་མ་རྡོ་རྗེ་འཛིན་པ་ཡི། །ཆོས་དབྱིངས་ཡེ་ཤེས་ཕོ་བྲང་ནས། །ཡེ་ཤེས་ཁྲོ་བོའི་སྤྲིན་ཆེན་རྣམས། །མ་ལུས་བདག་ལ་དབབ་ཏུ་གསོལ། །ཞེས་སློབ་མས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་སློབ་མ་ཕྱག་རྒྱ་གཅིག་པའི་ཚེ་བདག་སྔོ་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་གཡོན་ཞགས་པ་འཛིན་པ་རྒྱན་དང་ལྡན་པར་གྱུར་པའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། བླ་མའི་ཐུགས་ཀར་ཕོག །བླ་མའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་རྣམ་པ་ཡི་གེ་བཞིས་མཚན་པ་དང་དཔག་ཏུ་མེད་པ་འཕྲོས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། དྲག་པོ་ཨེའི་གཞལ་ཡས་ཁང་ནས། རྒྱལ་བ་ཞི་ཁྲོའི་ཚོགས་ཐམས་ཅད་བཅོམ་ལྡན་འདས་ཕྱག་རྒྱ་ཟིལ་གནོན་གྱི་རྣམ་པར་ནམ་(༧བ)


GLG023_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་སྤྲིན་ཕུང་འཁྲིགས་པ་བཞིན་དུ་བྱིན་ཏེ། སློབ་མའི་སྤྱི་བོ་དང་བ་སྤུའི་བུ་ག་ནས་ཞུགས་ཏེ་སྙིང་གའི་འཇམ་དབྱངས་ཀྱི་རང་བཞིན་ཧཱུྃ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསྒོམས་ལ། གུ་གུལ་གྱི་དུད་པ་བྱ། རོལ་མོ་དབྱངས་དང་བཅས་པས་བྱིན་འབེབས་བདེ་ཆེན་ཆོས་དབྱིངས་མའམ། རྒྱས་པར་སྤྲོ་ན། བདེ་གཤེགས་རྒྱལ་བ་མ་རྫོགས་པར་བྱས་པའི་མཇུག་ཏུ། སྐུ་གསུང་ཐུགས་སྔགས་ཀྱི་མཐར་ཏིཥྛ་མ་ཧཱ་ཀྲོ་དྷ་ཨ་བེ་ཤ་ཡཿཨ་བེ་ཤ་ཡ་ཛྙཱ་ན་མཎྜ་ལ་ཨ་བེ་ཤ་ཡ་ཞེས་དང་། ཨྱཻ་རིང་བརྗོད་ཅིང་རོལ་མོ་དྲག་ཏུ་བྱའོ། །རྫོགས་པར་སློབ་མ་རྣམས་ལྷོད་གློད་ལ་སེམས་ཀྱི་ངོ་བོ་ལ་ཆེར་བལྟ། དེ་དུས་ཉམས་དང་རྟོགས་པ། སྐུ་འཕར་གཡོ། གསུང་སྔགས། ཐུགས་བདེ་གསལ་ལ་སོགས་པ་སྔར་དང་མི་འདྲ་བ་ཞིག་འབྱུང་སྟེ། བྱང་གཏེར་དབང་བྱང་ལས། དེ་ལྟར་དྲག་ཏུ་བརྗོད་པ་ཡིས། །བྱིན་རླབས་ཡེ་ཤེས་ཕེབས་པའི་རྟགས། །འདར་དང་འཁྲབ་དང་གར་བྱེད་པ། །སྨྲ་བ་རྒོད་དང་འོད་གསལ་ཉམས། །མི་རྟོག་ཡེ་ཤེས་ཐོད་རྒལ་གྱི། །ཞེས་པ་ལྟར་རོ། །དེ་བརྟན་པའི་ཕྱིར་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ཅིང་། ཏིཥྛ་བཛྲ་ཞེས་བརྗོད། བཅུ་པ་མེ་ཏོག་དོར་བ་ནི། དར་སྣ་ལྔ་སོར་ལྔ་པ་གཏུབས་ཏེ་མེ་ཏོག་ལྔ་བརྒྱུས་པ་ཕྲེང་བ་སྙིམ་པར་ཐོགས་ཏེ། ཤར་སྒོ་ནས་འདུན་པ་དྲག་པོས། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བཟང་ངན་མེད་ཀྱང་སྔོན་གྱི་རིགས་ཀྱི་འབྲེལ་བ་གང་ཡོད་ཅིག་དང་མཇལ་བར་གྱུར་ཅིག་སྙམ་པའི་ཡིད་ཀྱིས། འཇམ་དཔལ་དངོས་གྲུབ་ཐོབ་བྱའི་ཕྱིར། །འགྲོ་ལ་ཕན་ཕྱིར་འཇམ་དཔལ་གྱིས། །བདག་ལ་ཐུགས་བརྩེར་དགོངས་ནས་ཀྱང་། །སྨན་པར་དགོངས་ནས་བཞེས་སུ་(༨ན)


GLG023_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཨྱཻ་ཀ་ཡ་མ་པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་སྐབས་འདིར་ཕྱག་ལེན་ལ་དཀྱིལ་འཁོར་ལ་མི་དོར་བར་སློབ་དཔོན་གྱི་སྐུ་ལ་མེ་ཏོག་བལྟོས་མེད་དུ་དོར། གང་ལ་བབས་པའི་རིགས་ངོས་བཟུང་ལ་བསྟན། རྩ་སྔགས་དང་པྲ་ཏི་གྲྀཧྞ་མ་ཧཱ་བ་ལ་ཧོཿ ཞེས་མེ་ཏོག་མགོ་ལ་བཞག་ལ་ལྷ་བསྟིམ་མོ། །སྐབས་དེར་སློབ་དཔོན་གྱི་སྐུ་ལ་མེ་ཏོག་ཕོག་ན་རྡོ་རྗེ་བཞད་པ་རྩལ་ལམ། ཟིལ་གནོན་དྲག་པོ་རྩལ་དང་། གཡས་གཡོན་མདུན་རྒྱབ་ཏུ་ཕོག་ན་སོ་སོའི་རིགས་དང་སྦྱར་ཏེ་གསང་མཚན་བཏགས་སོ། །བཅུ་གཅིག་པ་མིག་དབྱེ་དཀྱིལ་འཁོར་བསྟན་པ་ནི། ཧོཿརིག་པའི་སྟོབས་ལྡན་སྦྱོར་བའི་གནས། འཁྲུལ་པའི་བག་ཆགས་སྤྲིན་ལྟ་བུ། །ཡེ་ཤེས་རིག་པའི་སྒྲོན་མར་གསལ། །མཉམ་པའི་སྟོབས་ཀྱིས་བརྟུལ་ཞུགས་ལོང་། །ཨྱེ་ཀ་ཡ་མ་ཙཀྵུ་པྲ་བེ་ཤ་ཕཊཿ ཅེས་མིག་དར་བསལ་ལ་དཀྱིལ་འཁོར་སྟོན་པ་ནི། ངེས་དོན་བདེ་འཇུག་ཏུ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལེགས་པར་བསྟན་ནས་གཞལ་ཡས་ཁང་དང་ལྷའི་རྣམ་དག་བཤད་ནས། ཞེས་གསུངས་པ་ལྟར། གསང་སྔགས་རྙིང་མའི་ཕྱག་ལེན་དུ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དག་པ་དང་བཅས་ཏེ་ཞིབ་པར་མཛད་སྣང་བ་དང་། བདག་ཅག་གི་འདྲེན་པ་དམ་པ་རྡོ་རྗེ་འཆང་ཆེན་པོ་དཔལ་འབྱོར་ལྷུན་གྲུབ་ཚུལ་འདི་ལ་ནན་ཏན་དུ་མཛད་པའི་ཕྱིར་ཞིབ་པར་བརྗོད་ན། རྡོ་རྗེའི་རྭ་བ་མེ་རིས་བསྐོར་བའི་དུར་ཁྲོད་ཆེན་པོ་བརྒྱད་དང་བཅས་པའི་དབུས་སུ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་། ཡུམ་གྱི་མཁའ་དབྱིངས་མཚོན་པའི་གྲུ་གསུམ་མཐིང་ནག །ཐུགས་(༨བ)


GLG023_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་རོལ་པ་མཚོན་པའི་ཐོད་ཕྲེང་གི་རྭ་བས་བསྐོར་བ། བདེ་བ་ཆེན་པོ་མཚོན་པའི་ཟླ་གམ་གསུམ་དང་བཅས་པའི་ཕྱི་རོལ་ཏུ་ཡེ་ཤེས་བཞི་མཚོན་པའི་ཐོད་མཁར་བཞི། ཡེ་ཤེས་བཅུ་དྲུག་མཚོན་པའི་འཁོར་ལོ་རྩིབས་བརྒྱད་མཚན་དང་བཅས་པ། སྐྱེ་མཆེད་བཅུ་གཉིས་དག་པའི་ལྕགས་མཁར་བཅུ་གཉིས། ཆད་མེད་བཞི་མཚོན་པའི་གྲུ་ཆད་བཞི། འཕྲིན་ལས་བཞི་མཚོན་པའི་ཁྱམས་བཞི། ཡེ་ཤེས་བཞི་མཚོན་པའི་སྒོ་བཞི། རྣམ་ཐར་བརྒྱད་མཚོན་པའི་རྟ་བབས་བརྒྱད། ཆོས་བརྒྱད་ཀྱི་སྤྲོས་པ་དང་བྲལ་བའི་སྣ་ཚོགས་པའི་རྒྱན་ཅན། རྩེ་མོ་མཐོ་བ་ཐིག་ལེ་ཉག་གཅིག་དང་བཅས་པའི་གཞལ་ཡས་ཁང་གི་དབུས་སུ་དྲེགས་པ་ཅན་རྣམས་བདེ་བ་ཆེན་པོར་སྦྱོར་ཞིང་ཐབས་ཤེས་ཆགས་མེད་མཚོན་པའི་གདན་གྱི་སྟེང་དུ་ཡེ་ཤེས་ལྔའི་ངོ་བོར་གྱུར་པའི་རྩ་བའི་ལྷ་ལྔ། སྐྱེ་མེད་ཀྱི་ངང་དུ་མྱ་ངན་ལས་འདས་པའི་ཡུམ་རྡོ་རྗེ་ཁྲོས་མ། ཡེ་ཤེས་ཀྱི་རོལ་པའི་ངོ་བོར་གྱུར་པའི་རྒྱན་གྱི་ལྷ་བརྒྱད། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་སྤྲུལ་པ་གསུམ། ཉོན་མོངས་བཞི་དག་པའི་གཤེད་བཞི། རྣམ་ཤེས་ཚོགས་བརྒྱད་དག་པའི་མོན་བདུད་བརྒྱད། སྐྱེ་མཆེད་བཅུ་གཉིས་དག་པའི་འཆི་བདག་བཅུ་གཉིས། བདག་ཏུ་བལྟ་བ་དག་པའི་སྒོ་བ་བཞིའོ། །དེ་ལྟར་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ནི་དེ་བས་མཚོན་པ་ཡིན་གྱི། དོན་དམ་པར་རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷའི་ངོ་བོར་ལྷུན་གྲུབ་ཏུ་གནས་པ་ཡིན་ཏེ། དེའི་དོན་དབང་དོན་ངོ་སྤྲོད་པའི་སྐབས་སུ་རིམ་པར་འབྱུང་བ་ལགས་སོ། །གཉིས་པ་དབང་བསྐུར་བ་ལ། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། རང་བྱུང་ཡེ་ཤེས་(༩ན)


GLG023_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་། རྗེས་དམ་ཚིག་བསྟན་པའོ། །དང་པོ་ལ་མཎྜལ་ཕུལ་ཞིང་གསོལ་བ་གདབ་པ། ཁྲུས་ཀྱི་བུམ་པས་བཀྲུ་ཞིང་ལྷར་བསྐྱེད་པ། ལྷ་བུམ་ལ་ཤིས་བརྗོད་བསྒྲགས་ཏེ་དབང་བསྐུར་བ། ཡོན་ཏན་རྒྱས་བྱེད་ཡེ་ཤེས་ལྔའི་དབང་། བུམ་པའི་དབང་དོན་ངོ་སྤྲད་པ། མཐའ་བརྟེན་གྱི་དབང་ངོ་། །དང་པོ་ནི། ན་མོ་དབང་ཆེན་གཞལ་ཡས་དབུས་ཀྱི་ལྟེ་བ་ལ། །ཞེས་པའམ། ནོར་འཛིན་ལྷུན་པོ་རི་ཕྲན་ཉི་ཟླ་མཚོ། །ཞེས་སོགས་སྐབས་སྦྱར་གྱི་མཎྜལ་ཕུལ་ལ། ཧོཿ ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །སྟོང་གསུམ་གཡུལ་དུ་འབྲུབ་པའི་ཕྱིར། །དུས་གསུམ་སངས་རྒྱས་དབང་བསྐུར་གསོལ། །འཇམ་དཔལ་གསང་བའི་དཀྱིལ་འཁོར་དུ། །བསྙེན་སྒྲུབ་ལས་ལ་སྦྱར་བ་དང་། །དཀྱིལ་འཁོར་ལས་མཐའ་བསྟན་པའི་ཕྱིར། །ཕྱི་ནང་གསང་བའི་དབང་བསྐུར་གསོལ། །གཤེད་བཞི་སྦྱོར་བའི་འཁོར་ལོ་དང་། །བན་དགྲ་ནག་པོ་སྒྲོལ་བ་དང་། །འཕྲིན་ལས་རྣམ་བཞི་བསྒྲུབ་པའི་ཕྱིར། །མཐུ་རྩལ་དབང་བསྐུར་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། གཉིས་པ་ནི། བདག་ནི་དམ་ཚིག་འཇམ་དཔལ་ཏེ། །རིན་ཆེན་དངུལ་གྱི་བུམ་པ་ན། །བྱང་ཆུབ་སེམས་ཀྱི་ཆུ་ཡིས་བལྟམས། །ཉོན་མོངས་བག་ཆགས་བྱང་གྱུར་ཅིག །ཨཱོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བཀྲུས་ཏེ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་དག་པར་བསམ་པའི་ངང་ལས། སློབ་མ་ཉིད་ཕྱག་རྒྱ་གཅིག་པའི་ཚེ་བདག་སྔོ་ནག་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་(༩བ)


GLG023_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དང་གཡོན་ཞགས་པ་འཛིན་པ་རྒྱན་དང་ལྡན་པར་གསལ་བཏབ། གསུམ་པ་ནི། དབང་སྟེགས་པདྨ་འདབ་བརྒྱད་བྲིས་པའམ་བསམས་པའི་སྟེང་དུ། སློབ་མ་དཀྱིལ་འཁོར་ལ་མངོན་པར་ཕྱོགས་ཏེ་འདུག་པའི་སྟེང་དུ་གཡས་སུ་གདུགས་དཀར་པོ། གཡོན་དུ་བ་དན་རྒྱལ་མཚན། ཕྱོགས་ཀུན་ཏུ་མཆོད་པས་བསྐོར་ཞིང་། སྟེང་གི་ནམ་མཁའ་ལ་དབང་ལྷ་གཞལ་ཡས་ཁང་དང་བཅས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་གང་བས་དབང་བསྐུར་བར་མོས་ལ། ཧཱུཾ། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །སངས་རྒྱས་ཕྱག་འཚལ་བཀྲ་ཤིས་ཤོག །ཆོས་ལ་ཕྱག་འཚལ་བཀྲ་ཤིས་ཤོག །དགེ་འདུན་ཕྱག་འཚལ་བཀྲ་ཤིས་ཤོག །བདེ་གཤེགས་རིགས་ལྔའི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་མེ་ཏོག་གི་ཆར་ཡང་ཕབ། རྣམ་རྒྱལ་བུམ་པ་སྤྱི་བོའི་སྟེང་དུ་བཞག་ཅིང་གླུད་གཏོར་བྱ། དཀྱིལ་འཁོར་ལྷ་ཚོགས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཞུ་ཞིང་ཐིམ། བྱང་ཆུབ་སེམས་ཀྱི་དབང་བསྐུར། ཧཱུཾ། མཁའ་དབྱིངས་བུམ་པ་ཆེན་པོ་ན། །རིགས་ཀྱི་དཀྱིལ་འཁོར་རྫོགས་པར་བཞུགས། །གཉིས་མེད་ཡེ་ཤེས་དབང་བསྐུར་བས། ཁམས་གསུམ་རིགས་ཀྱི་བདག་པོར་གྱུར། ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་མནན་པ་དང་། །དམ་ཅན་ལས་ལ་འཛུད་པ་ཡི། །དབང་མཆོག་དམ་པ་བསྐུར་དུ་གསོལ། །ཨྱཻ་ཀ་ཡ་མ་ཀ་པཀྵ་ཨ་བྷི་ཥིཉྩ་ཧཱུྃ་བྷྲུཾ་ཧཱུྃ། སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་། ཨྱཻ་རིང་གི་མཐར། ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥིཉྩ་བཛྲི་བྷ་ཝ་ཧཱུཾ། ཉོན་མོངས་པ་ལྔའི་དྲི་མ་དག །ཕུང་པོ་ལྔ་གནས་བསྒྱུར། ཡེ་(༡༠ན)


GLG023_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྔའི་རྟོགས་པ་མངོན་དུ་གྱུར། རྒྱལ་བ་རིགས་རྣམ་པ་ལྔས་དབུ་བརྒྱན་པ། དེ་ལ་སངས་རྒྱས་བྱང་སེམས་དཀྱིལ་འཁོར་ལྷ་ཚོགས་དབང་ལྷ་རྣམས་ཀྱིས་མཆོད་པ་བསམ་གྱིས་མི་ཁྱབ་པས་མཆོད། བཀྲ་ཤིས་ཀྱི་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་བསྒྲགས་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོར་མངའ་གསོལ་ལོ། །བཞི་པ་ནི། སློབ་བུའི་མགོ་ཐོག་ཏུ་དབུ་རྒྱན་བཞག་སྟེ། མགོ་བོའི་གནས་ལྔར་དབུ་རྒྱན་རིགས་ཀྱི་ལྷ་ཁྲག་འཐུང་ཁྲོ་བོ་རིགས་ལྔ་མངོན་སུམ་དུ་བཞུགས་པར་མོས་ལ། ཨཱོཾ་མ་ཧཱ་ཤཱུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔ ཨཱོཾ་མ་ཧཱ་ཨ་ཏ་རི་ཤ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ༔ ཨཱོཾ་མ་ཧཱ་ས་མནྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔ ཨཱོཾ་མ་ཧཱ་པྲ་ཏ་བེ་ཤ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨཱོཾ་མ་ཧཱ་ཧྲི་ཏ་ཨ་གུ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔ ཞེས་བརྗོད་དོ། །ལྔ་པ་ནི། འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཚེ་བདག་གི་དོན་རྟགས་ལས་མི་འདའ་བའི་བརྡ་དོན་ངོ་སྤྲད་པ་ཡིན་ལ། དེ་ཡང་དོན་བརྡ་ཡིས་ངོ་སྤྲོད་པ། དོན་རྟགས་རྣམ་པ་ལྔ་དང་ལྡན་པ། དབྱེ་བ། ངོ་བོ། ཡོན་ཏན་ལྔ་ལས། འབྲས་བུ་ལྷུན་གྱིས་གྲུབ་པའོ། །དང་པོ་ཀུན་གྱི་གཞི་ཡིན་པའི་ཕྱིར་ངོ་བོ་བཤད་པ་ནི། ཚེ་བདག་ངོ་བོ་ཟེར་བ་འདུག །ཅེས་ཚེ་བདག་གི་དོན་བརྟག་ཅིང་རྣམ་པར་བཤད་པ་ལྔ་ལས། དང་པོ་དབྱེ་བ་ནི། དབྱེ་བ་དག་ལ་རྣམ་པ་ལྔ། །རང་བཞིན་ལྷུན་གྲུབ་ཚེ་བདག་དང་། །ཡེ་ཤེས་ལྷུན་གྲུབ་ཟིལ་གནོན་དང་། །ཕྱག་རྒྱ་གཅིག་པའི་ཚེ་བདག་དང་། །ཐུགས་ལས་སྤྲུལ་པའི་ཚེ་བདག་དང་། །རང་རྒྱུད་ལས་ཀྱི་ཚེ་བདག་གོ །ཞེས་གསུངས། ངོ་བོ་ནི། (༡༠བ)


GLG023_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བདག་ངོ་བོ་འདི་ལྟ་སྟེ། །ཐམས་ཅད་ཆོས་སྐུ་ངོ་བོ་གཅིག །ལྷུན་གྲུབ་ཡེ་ཤེས་ཆེན་པོའི་སྐུ། །སྣ་ཚོགས་སྣང་བ་སྤྲུལ་པའི་སྐུ། །རོལ་པ་གསུམ་གྱི་ངང་དུ་རྫོགས། །ཞེས་སོ། །ཡོན་ཏན་ནི། ཡོན་ཏན་རིན་པོ་ཆེ་ལྟ་བུ། །ཀུན་འབྱུང་འཕེལ་འགྲིབ་མེད་པར་གནས། །ལྷུན་གྲུབ་ཚེ་བདག་དངས་མ་ལྔ། །རྒྱུ་རྐྱེན་འཕྲོ་འདུའི་རྩོལ་དང་བྲལ། །ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ། །ཟིལ་གྱིས་གནོན་པའི་ཚེ་བདག་ནི། །སྣང་སྲིད་ཡེ་ཤེས་རྟོགས་ལས་འདས། །རྟོག་ཅན་འཕྲུལ་པ་རུ་བཟློག་ཕྱིར། །རིན་ཆེན་གཞལ་ཡས་ལྷུན་གྲུབ་གནས། །གདུག་པ་ལྟོ་འཕྱེ་ཕྱོགས་སྐྱོང་གླང་། །སྟོབས་ཀྱི་གདན་ལྔ་དེ་བཞིན་གྲུབ། །རང་བཞིན་གསལ་བའི་ངང་ཉིད་ལས། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་སྐུ། །ལྷུན་པོ་རི་རབ་ལྟར་བརྟན་བརྗིད། །སྲིད་གསུམ་སྦྱོར་བ་ཟིལ་གྱིས་གནོན། །བདུད་མོ་མཁའ་འབར་གསོད་བྱད་མ། །མྱོས་བྱེད་ཁྲག་སྐྱུག་མ་མོའི་ཚོགས། །མ་ལུས་ཟིལ་གྱིས་གནོན་ཅིང་འཇོམས། །གསོད་བྱེད་བཀའ་ཡི་བྱིན་རླབས་གནོད། །བྱ་ཁྱུང་ཀླུ་བདུད་ཀླུ་སྲིན་གནོན། །སེང་གེས་རྒྱལ་བློན་སྟོབས་ཅན་གནོན། །སྟག་གིས་གཅན་གཟན་གདུག་པ་འཇོམས། །ཞེ་སྡང་གདུག་པའི་སྦྲུལ་ནག་གིས། །སྔགས་དང་དམོད་པའི་རིགས་བཞིའི་གླུ། །དུག་རིགས་ལྔ་དང་དབྱིག་སོགས་བཞི། །ཚ་བའི་ནད་དབལ་ཟིལ་གྱིས་གནོན། །སྲིད་པའི་ཁྱམས་ཁང་རུས་སྦལ་གྱིས། །སྲོག་དབུགས་བཀྲག་མདངས་ཚེ་སྲོག་འཆང་། །རང་བཞིན་ཆོས་སྐུ་སྐྱེ་མེད་ལས། །སྐྱེ་བའི་ཆོ་འཕྲུལ་ལྷུན་གྲུབ་སྐུས། །སྐྱེ་བ་ལས་ཀྱི་འཁྲུལ་པ་ཡིས། །སྐམ་ཆགས་སྐྱེ་མེད་དབྱིངས་སུ་སྒྲོལ། །དྭངས་མའི་(༡༡ན)


GLG023_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་བཅུད་ལ་སྡུད། །སྣང་སྲིད་སྐྱེ་འགྲོ་མ་ལུས་ཀྱི། །ཚེ་སྲོག་ཡི་གེ་གཉིས་བསྡུས་འཆང་། །ཕྱག་རྒྱ་གཅིག་པའི་ཚེ་བདག་ནི། །གདན་ལ་ཡབ་ཡུམ་བྱ་ཁྱུང་དྲེགས། །རྒྱན་གྱི་སྔགས་དང་གབ་པའི་སྔགས། །ལུས་བསྲུང་དྲག་པོ་འཇོམས་པས་སོ། །སྤྲུལ་པའི་ཚེ་བདག་ནག་པོ་ནི། །ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་སྟེ། །དབུ་དགུ་ལས་དང་ཡོན་ཏན་སྟོབས། །གནད་དགུ་མི་ནད་འཇོམས་བདུད་ཡིན། །ཐེག་པ་དགུ་ཡི་དོན་ལྡན་ལ། །འབྲས་བུ་རིགས་ལྔ་ཡེ་ཤེས་བཞི། །སྤྲུལ་པ་སྣ་ཚོགས་བསམ་དཔག་དཀའ། །ལས་ཀྱི་ཚེ་བདག་ནག་པོ་ནི། །འབྱུང་བ་གདན་བཞི་རྔམ་འོག་ན། །མི་དགེ་བཅུ་ཡི་ལས་དབང་ལས། །ཡི་དྭགས་རྒྱལ་པོ་འཆི་བདག་སྐུ། །ཤ་ཟ་ཀི་ཀང་འཁོར་དང་བཅས། །སྔགས་ཀྱིས་དབང་སྡུད་ལས་ཀུན་བྱེད། །ཅེས་སོ། །ལས་ཀྱི་རྣམ་གྲངས་བསྟན་པ་ནི། །ལས་ཀྱི་རྣམ་གྲངས་འདི་ལྟ་སྟེ། །རྩ་བ་བཞི་དང་ཡན་ལག་བཅས། །ལྷུན་གྲུབ་ཚེ་བདག་ནག་པོ་ལས། །རྩ་བ་གཉིས་དང་ཡན་ལག་བཅུ། ཁྱད་པར་བརྒྱ་དང་བཅུ་དྲུག་སྤྱོད། །སྙིང་པོ་མན་ངག་རྩ་བ་གཉིས། །ཡན་ལག་ཕྲ་མོ་ཉི་ཤུ་དགུ། །ཟིལ་གནོན་ཕྱག་རྒྱ་ཆེན་པོའི་ལས། །སྦྱོར་བའི་རྣམ་གྲངས་བརྒྱ་ཕྲག་གཅིག །དྲུག་ཅུ་རྩ་གཅིག་བྱེད་པར་གསུངས། །ཞེས་སོ། །ལམ་ཀུན་གཅིག་ཏུ་གྲོལ་བའི་འབྲས་བུ་ནི། །འབྲས་བུའི་གནས་ཚུལ་འདི་ལྟ་སྟེ། །ཆོས་ཉིད་རང་བཞིན་མི་འགྱུར་ལས། །རང་བྱུང་ཡེ་ཤེས་ཕྱག་རྒྱར་ཤར། །ཐམས་ཅད་སྣང་སྲིད་ཡེ་ཤེས་སྐུ། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །སྣང་སྟོང་མ་(༡༡བ)


GLG023_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་བདེ་ཆེན་ནོ། །ཞེས་སོ། །དེ་དག་གི་དོན་བཀྲོལ་ལ་བཤད་དོ། །འདི་དག་ཆོ་ག་ཟོར་ཡང་བར་བྱེད་ན་ཚིག་མདོར་བསྡུས་ཏེ་དོན་གོ་ཙམ་བྱས་པས་ཆོག་པར་སེམས་སོ། །མདོར་ན་སྣང་སྟོང་ཐམས་ཅད་ལྷ་དང་ཡེ་ཤེས་ཀྱི་རྣམ་རོལ་དུ་འཆར་བ་ལས་མི་འདའ་བར་བྱའོ། །དྲུག་པ་ལ། སྐུའི་ནུས་པ་སྟེར་བར་བྱེད་པ་ཕྱག་རྒྱའི་དབང་། གསུང་གི་ནུས་པ་སྟེར་བར་བྱེད་པ་སྔགས་ཀྱི་དབང་། ཐུགས་ཀྱི་ནུས་པ་སྟེར་བར་བྱེད་པ་ཕྱག་མཚན་གྱི་དབང་། ཡོན་ཏན་གྱི་ནུས་པ་སྟེར་བར་བྱེད་པ་ལོངས་སྤྱོད་ཀྱི་དབང་། འཕྲིན་ལས་ཀྱི་ནུས་པ་སྟེར་བར་བྱེད་པ་སྦྱོར་སྒྲོལ་གྱི་དབང་ངོ་། །དང་པོ་ནི། སློབ་མའི་ལུས་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་སྐུ་ཕྱག་རྒྱ་འདི་དབང་བསྐུར་བ་ཡིན་ཏེ། དེ་ཡང་སློབ་མ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་བསྒོམ་པའམ། ལུས་མཆོད་རྟེན་དུ་གསལ་བཏབ་ནས་དེ་ལ་ལྷ་དགོད་པ་ལ། འོག་མིན་གྱི་དཀྱིལ་འཁོར་ནས་ལྷ་ཚོགས་རྣས་མངོན་སུམ་དུ་བྱོན་ནས་གཉིས་མེད་དུ་ཐིམ་སྟེ་སྐུའི་ནུས་པ་བརྗིད་དང་ལྡན་པར་བསྒོམ་ཞིང་། རྩ་བ་རྒྱན་གྱི་ལྷ་རྣམས་ཀྱི་ང་རྒྱལ་བརྟན་པོ་འཛིན་དུ་གཞུག །སྤྲུལ་པ་གསུམ་ནས་སྒོ་མའི་བར་གྱི་ལྷ་རྣམས་རང་རྒྱུད་ཀྱི་སྲོག་གི་གནད་དང་དམ་ཚིག་གི་དབང་གིས་བྲན་གཡོག་གི་ཚུལ་དུ་བཀའ་བསྒོ་བ་ཡང་ཡིན་ནོ། །དེ་ལྟར་གཙོ་བོ་ནས་རལ་པ་སྤྱི་བཅིངས་ཀྱི་བར་དབང་ཆོག་མུ་ཏིག་ཕྲེང་བ་ལྟར་ལ། འཆི་བདག་བཅུ་གཉིས་སྒོ་མ་བཞི་དང་བཅས་པས་ཟུར་བརྒྱན་ཏེ་ལྷ་གྲངས་ཚང་བའི་ཙཀ་ལི་བསྐུར་ཚིག་རྒྱབ་ཡིག་ལྟར་སྦྲགས་ཏེ་བསྐུར་རོ། །གཉིས་པ་ནི། རྡོ་རྗེ་སློབ་དཔོན་གྱི་གནས་གསུམ་གྱིས་(༡༢ན)


GLG023_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བོན་སྔགས་འཕྲེང་དང་བཅས་པ་ལས་སྔགས་ཀྱི་འཕྲེང་བ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་སྟེ། སློབ་མའི་མགྲིན་པའི་ལམ་བརྒྱུད་གནས་གསུམ་གྱི་ས་བོན་ལ་བསྐོར་བར་བསམས་ལ། དཔོན་སློབ་གཉིས་ཀ་འཕྲེང་བ་གཅིག་ལ་འཇུས་ཏེ་སྐུ་གསུང་ཐུགས་ཀྱི་སྔགས་དང་ཨྱེ་རིང་ལན་གསུམ་སློབ་དཔོན་གྱི་རྗེས་སུ་སློབ་མས་བརྗོད། དེ་བཞིན་དུ་སྔགས་ཚར་གསུམ་གྱི་བཟླས་ལུང་བྱིན་ལ། མཐར་འཕྲེང་བའི་མེ་ཏོག་སྤྱི་བོར་བཞག་སྟེ། ཧཱུཾ། གསང་སྔགས་རྒྱལ་པོ་འདི་དག་ནི། །འཁོར་བའི་འཕྲོ་འདུ་གསལ་བསྒོམས་ཏེ། ཁྱོད་ཀྱིས་རྟག་ཏུ་བཟླས་པར་གྱིས། །གསང་བ་གཞན་དུ་སྨྲ་མི་བྱ། །ཞེས་བརྗོད་དོ། །གསུམ་པ་ནི། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སངས་རྒྱས་ཐམས་ཅད་ཐུགས་ཕྱག་མཚན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པར་འདུས། དེ་དག་ཟིལ་གནོན་གྱི་ཕྱག་རྒྱ་དྲུག་ཏུ་གྱུར། དྲུག་པོའང་བསམ་གྱིས་མི་ཁྱབ་པར་སློབ་བུའི་སྙིང་གར་ཐིམ་པར་བསམས་ལ། ཧོ། འཁོར་བ་འདལ་བྱེད་འཁོར་ལོ་དང་། ཉོན་མོངས་གཅོད་པའི་རལ་གྲི་དང་། །ཆོས་ཉིད་སྐྱེ་མེད་རྡོ་རྗེ་ཡིས། །སྐུ་གསུམ་མཉམ་པའི་དབང་ཐོབ་ཤོག །ཨྱེ་ཀ་ཡ་མ་ཙཀྲ་ཁངྒ་བཛྲ། བཛྲ་ཨ་བྷི་ཥིཉྩ་ཧོཿ བེ་ཅོན་དུག་ལྔ་ཟིལ་གྱིས་གནོན་པ་དང་། །གདུག་པ་མ་ལུས་འཇོམས་བྱེད་གཏུན་ཤིང་དང་། །ལོག་རྟོག་རྐམ་ཆགས་སྒྲོལ་བའི་སྡིགས་མཛུབ་ཀྱིས། །རེག་པ་སྟོབས་ཀྱི་སྒོ་གསུམ་ཐོབ་པར་ཤོག །ཨྱེ་ཀ་ཡ་མ་བྷི་ཏ་ཧུ་ཏི་ས་བ་ར་ཨ་བྷི་ཥིཉྩ་ཧོཿ ཞེས་བརྗོད་ཅིང་ཕྱག་མཚན་(༡༢བ)


GLG023_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྙིང་གར་གཏུག་ཅིང་ལག་ཏུ་བྱིན།བཞི་པ་ལ། གདུག་པ་ཟིལ་གྱིས་གནོན་པ་དཔའ་བོའི་ཆས། །རྣལ་འབྱོར་བར་ཆད་ཞི་བ་རྡོ་རྗེའི་ཚེ། །དངོས་གྲུབ་མྱུར་དུ་ཐོབ་བྱེད་དཔའ་བོའི་རྫས། །དང་པོ་ནི། ཧོཿ གླང་ཆེན་ཞིང་ལྤགས་སྟག་ཤམ་སྦྲུལ། །ཐོད་པ་སྙིང་འཕྲེང་ཀེང་རུས་རྒྱན། །མེ་རི་དུར་ཁྲོད་དབང་བསྐུར་བས། །དྲེགས་པའི་མཐུ་སྟོབས་ལྡན་པར་ཤོག །ཨྱཻ་ཀ་ཡ་མ་ཧོ་ཏི་མ་ཧཱ་ན་ག་ཀ་པ་ལི་ཙིཏྟ་ཛྭ་ལ་ནྲྀ་ཏི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་དེ། རྒྱན་རྣམས་ལུས་ལ་འགོད་པའི་ཚུལ་བྱ།གཉིས་པ་ནི། བཀྲ་ཤིས་དངོས་གྲུབ་གའུ་རུ། །མི་འགྱུར་བརྟན་པའི་ཚེ་བསྐྱིལ་ནས། །རང་རྟགས་ཚེ་ཡི་དབང་བསྐུར་བས། །མི་འགྱུར་བརྟན་པའི་དབང་ཐོབ་ཤོག །ཨྱཻ་ཀ་ཡ་མ་ཨཱ་ཡུར་ཛྙཱན་ཨ་བྷི་ཥིཉྩ་ཧོཿ ཞེས་བརྗོད་དེ་ཚེ་བུམ་མགོ་ལ་གཏུག །གསུམ་པ་ལ། བདུད་རྩི། གཏོར་མ། རཀྟ། བཾ། དང་པོ་ནི། འཆི་མེད་རང་བྱུང་ར་ས་ཡན། །བཀྲ་ཤིས་མཚན་ལྡན་ལྷག་པའི་རྫས། །འཕེལ་འགྲིབ་མེད་པའི་དབང་བསྐུར་བས། །རིགས་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །ཨྱཻ་ཀ་ཡ་མ་སརྦ་པཉྩ་ཨ་མྲྀ་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོཿ ཞེས་བརྗོད་དེ། བདུད་རྩི་མྱང་ཞིང་ལག་ཏུ་གཏད།གཉིས་པ་ནི། སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །བཅུད་ཀྱི་སེམས་ཅན་གཏོར་མར་གསལ། །འབྱུང་བ་རྣམ་ལྔ་གཏོར་མའི་རྒྱུ། །ལྷུན་གྲུབ་ཀུན་འབྱུང་གཏོར་མའི་རྒྱན། །འཛིན་ཆགས་མེད་པའི་སྟོབས་ཀྱིས་རོལ། །ཨྱཻ་ཀ་ཡ་མ་བ་ལིཾ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོཿ ཞེས་བརྗོད་དེ་སྤྱི་བོར་གཏུག་ཅིང་ཅུང་ཟད་རོལ། གསུམ་པ་ནི། རྡོ་རྗེ་པདྨ་མཉམ་སྦྱར་ནས། །པདྨ་རཀྟ་བྱང་ཆུབ་སེམས། །བཾ་ཆེན་(༡༣ན)


GLG023_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རྨེ་བ་དོན་དང་སྦྱར། །བརྟུལ་ཞུགས་རོལ་པས་དབང་བསྐུར་བས། །མི་ཟད་རྒྱན་གྱི་དབང་ཐོབ་ཤོག །ཨྱཻ་ཀ་ཡ་མ་གུ་ཧྱ་རཀྵ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧོཿ ཞེས་བརྗོད་དེ་ཅུང་ཟད་མྱང་ཞིང་ལག་ཏུ་གཏད་དོ། །བཞི་པ་ནི། དཔའ་བརྟུལ་སྔགས་ཀྱི་བྱིན་བསྐྱེད་པའི། །བཾ་ཆེན་རོ་ལ་མཉམ་པར་རོལ། །རྡོ་རྗེ་འཛིན་པའི་དབང་ཐོབ་ནས། །མི་ཟད་རྒྱན་གྱི་དབང་ཐོབ་ཤོག །ཨྱཻ་ཀ་ཡ་མ་མ་ཧཱ་མཾ་ས་ཨ་ཏི་བ་ཏ་སིདྡྷི་ཨ་བྷི་ཥིཉྩ་ཧོཿ ཞེས་བརྗོད། བཾ་གྱི་བསམ་རྒྱུད་ནི། བཾ་གྱི་ཕྱི་རྒྱུད་ཀྱི་ལྷ་ཐམས་ཅད་ཙིཏྟའི་དཀྱིལ་འཁོར་ལ་འདུས། དེ་ཡང་དངས་མ་ལྔའི་ཐིག་ལེ་ལ་འདུས། དེ་སློབ་མའི་སྙིང་གར་འུབ་ཀྱིས་ཐིམ་པར་བསམ་མོ། །དེ་ཡང་བཾ་དེ་ཡེ་ཤེས་ལྔའི་ངོ་བོ་བྱིན་རླབས་དང་དངོས་གྲུབ་དཔག་ཏུ་མེད་པར་བསམས་ལ་དུམ་བུར་བགོས་ཏེ་ཡུལ་དང་དབང་པོ་རོ་གཅིག་པའི་དེ་ཁོ་ནའི་རྣལ་འབྱོར་གྱི་རྣམ་རོལ་ལོ། །དེ་དག་གི་དོན་ཡང་། རོ་ནི་བདག་མེད་པ་ཡིན་ལ། བཾ་ཆེན་གསང་བ་རབ་འབྱམས་ཀྱི་དབང་ཐོབ་ནས་ཆོས་ཐམས་ཅད་བདག་མེད་པའི་དོན་ཁོང་དུ་ཆུད་པར་འགྱུར་ཞིང་། བཾ་ཆེན་པོ་ཉིད་ཡེ་ཤེས་ལྔའི་རང་བཞིན་གྱི་དམ་རྫས་ཀྱི་མཆོག་ཏུ་བསྐྱེད་རྫོགས་གསུམ་གྱི་རྒྱུད་མཐའ་དག་ལས་བཤད་ཅིང་། ལས་ཀྱི་གཤིན་རྗེ་མ་མོ་ཤ་ཟ་ཀི་ཀང་ཤ་ཁྲག་ལ་མངོན་པར་དགའ་བ་རྣམས་ཀྱང་རང་བཞིན་གྱིས་འདུ་ཞིང་དམ་ཚིག་དྲན་ཏེ་རྣལ་འབྱོར་པའི་གྲོགས་སུ་འགྱུར་རོ། །གཞན་ཡང་རྟོག་པ་ཤིན་ཏུ་རགས་པའི་གནས་སུ་གྱུར་པའི་བཾ་དང་། དེའི་རྨེ་བའི་རྫས་ལ་ངན་རྟོག་གི་འཛིན་པ་ཆོད་དེ་ལམ་དུ་ལྷོངས་ན་གཞན་ཚོགས་དྲུག་གི་དངོས་པོ་ཐམས་ཅད་ལ་གཙང་རྨེ་མེད་བཞིན་(༡༣བ)


GLG023_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆོས་ཉིད་དུ་རོ་གཅིག་པའི་རྟོག་པ་སྐྱེ་སླ་བ་ཡིན་ནོ། །ལྔ་པ་ནི། དྲིལ་བུ་ལག་ཏུ་གཏད་ལ། ཧཱུྃ། ཐབས་དང་ཤེས་རབ་གཉིས་མེད་པའི། །ཡང་གསང་བདེ་ཆེན་ཏིང་འཛིན་ནི། །དངོས་གྲུབ་ཀུན་གྱི་གཏེར་ཡིན་པས། །བདེ་ཆེན་མཆོག་གི་དབང་བསྐུར་རོ། །ཨཱོཾ་ཨཱཿཧཱུྃ་བཛྲ་ས་ཏྭ་སུ་ཁ་སིདྡྷི་ཕ་ལ་མ་ཧཱ་ཨཱཏྨ་ཀོ྅ཧཾ། ཞེས་ཆོས་ཐམས་ཅད་བདེ་སྟོང་གི་དོན་དྲན་དུ་གཞུག །རལ་གྲི་གཏད་ལ། གཤེད་ཆེན་མཐུ་སྟོབས་ཡོངས་རྫོགས་པ། །དཔག་མེད་ཕྲིན་ལས་མཐར་ཕྱིན་ཅིང་། །སྟོང་ཁམས་སྲིད་པའི་ཟིལ་མནན་ནས། །སྣང་སྲིད་ཀུན་སྒྲོལ་དབང་བསྐུར་རོ། །ཨྱཻ་ཀ་ཧེ་དུན་ཡ་མ་ཀྲོ་དྷ་སརྦ་ཀརྨ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སྣང་སྲིད་ཐམས་ཅད་སྙིང་རྗེས་བསྒྲལ་ལོ། །སྦྱོར་སྒྲོལ་གྱི་དོན་མཐར་ཕྱིན་པ་ནི་སྟོང་ཉིད་སྙིང་རྗེའོ། །སྐབས་འདིར་ཆོས་རྒྱལ་དབང་པོའི་སྡེའི་ཕྱག་ལེན་དུ། བམ་ཆེན་གསང་བ་རབ་འབྱམས་ནས་ཁ་བསྐང་སྟེ། ཁམས་གསུམ་ཡོངས་སྒྲོལ་གྱི་དབང་། མཆོད་རྟེན་གྱི་དབང་། རྡོ་རྗེ་སློབ་དཔོན་གྱི་དབང་ལས། དང་པོ་ནི། ཕོ་རྫས་དུག་གིས་སྤོས་པར་བྱེད། །མོ་རྫས་ཁྲག་གི་མྱོས་པར་བྱེད། །ཡུངས་ཀར་རྒྱལ་པོས་གཟེར་བར་བྱེད། །གཤིན་རྗེའི་མདའ་ཡིས་འབུགས་པར་བྱེད། །བཤན་པའི་གྲི་ཡིས་སྲོག་རྩ་གཅོད། །དྲག་པོ་སྔགས་ཀྱིས་ཕོ་ཉ་བསྐུལ། །གུ་གུལ་སྦྱར་བས་ལྷ་དང་ཕྲལ། །དྲག་པོའི་ཕུར་པ་སྙིང་ལ་འདེབས། །ཐུན་རྫས་རྣམས་ཀྱི་དབང་བསྐུར་བས། ཁམས་གསུམ་དྲེགས་པ་འཇོམས་པའི་མཐུ། ཁེངས་པ་ཐམས་ཅད་བསྒྲལ་བའི་མཐུ། །བསྒྲལ་བའི་ཞིང་བཅུ་སྒྲོལ་བའི་མཐུ། །རུ་དྲ་དམ་ཉམས་སྒྲོལ་བའི་མཐུ། །གང་གིས་མི་ཐུབ་བཟློག་(༡༤ན)


GLG023_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐུ། །དམ་ཉམས་རང་གཤེད་འབེབས་པའི་མཐུ། །བདུད་རྣམས་ཐམས་ཅད་འདུལ་བའི་མཐུ། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། ཁམས་གསུམ་སྒྲོལ་བའི་དབང་ཐོབ་ཤོག །ཨྱཻ་དུན་ཀ་ཡཾ་དགྲ་བགེགས་སརྦ་མཱ་ར་ཡ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་དེ་རྫས་རྣམས་ལག་ཏུ་གཏད་དོ། །གཉིས་པ་ནི། པད་སྤུངས་ལག་ཏུ་གཏད་ལ། ཆོས་སྐུ་འགྱུར་མེད་མཆོད་རྟེན་འདི། །ལོངས་སྐུ་བདེ་ཆེན་ཟིལ་གནོན་བཞུགས། །སྤྲུལ་སྐུ་འཁོར་ཚོགས་བསམ་མི་ཁྱབ། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །རྡོ་རྗེའི་མཁར་དུ་བསྲུང་བ་དང་། །ནམ་མཁའི་མཐོངས་སུ་བཤིག་པ་དང་། །རི་རབ་རྩེ་ལ་བསད་པ་དང་། །རི་ཐང་མཚམས་སུ་བཟློག་པ་དང་། །རྒྱ་མཚོའི་གཏིང་དུ་མནན་པ་དང་། །དྲེགས་པ་ཙིཏྟ་དཀྲུག་པ་སྟེ། །ལས་དྲུག་འཁོར་ལོ་བསྐོར་བ་ཡི། །དབང་རྣམས་ཁྱོད་ཀྱིས་ཐོབ་པར་ཤོག །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཎི་ཀ་ཨ་བྷི་ཥིཉྩ་ཧཱུྃཿ ཞེས་བརྗོད།གསུམ་པ་ནི། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་བདག །ཕྱག་བྱར་འོས་པ་བླ་མའི་རབ། །རྡོ་རྗེ་དང་ནི་དྲིལ་བུ་ཆེ། །བཟུང་ཞིག་རྡོ་རྗེས་བྱིན་བརླབས་ནས། ཁྱོད་ནི་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཆོས་ཀྱི་དུང་ནི་སྒྲ་ཆེན་ལྡན། །ཆོས་ཀྱི་གྷནྡྷེ་སྒྲ་བོ་ཆེ། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །ལྷ་རྣམས་མཆོད་དང་སེམས་ཅན་གསོ། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །སེམས་ཅན་དོན་རྣམས་ཁྱོད་ཀྱིས་གྱིས། །ཞེས་བརྗོད་(༡༤བ)


GLG023_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་ལྟར་མཐའ་བརྟེན་གྱི་དབང་དེ་རྣམས་བུམ་དབང་གི་མཐའ་བརྟེན་དུ་བསྐུར་ནའང་མི་ལེགས་པ་མེད་ཅེས་ངེས་དོན་བདེ་འཇུག་ཏུ་གསུངས་ལ་ཕྱག་ལེན་དུ་ཡང་མཛད་པ་ཡིན་ནོ། །གཉིས་པ་གསང་བའི་དབང་ནི། སློབ་མ་མཚན་ཉིད་དང་ལྡན་པས་བླ་མ་འཁོར་ལོའི་དབང་ཕྱུག་ལ་རིག་མ་མཚན་ལྡན་ཁྲུས་དང་རྒྱན་གྱིས་སྤྲས་པ་དབུལ་ཞིང་། ཡོལ་བ་ལ་སོགས་པས་དབེན་པར་བྱས་ལ་ཡབ་ཡུམ་ཟིལ་གནོན་ཡབ་ཡུམ་གྱི་སྐུར་རྫོགས་པ་དང་། ཡབ་ཀྱི་སྤྱི་བོ་བདེ་ཆེན་གི་འཁོར་ལོ་ལ་ཡ་མ་རཱ་ཛ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་མྱོས་བྱེད་འབར་བ། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་ཨཪྱ་དམར་པོ། གསང་བ་དབང་པོའི་འཁོར་ལོ་ལ་རལ་པ་ཚར་དགུ་སྟེ་ཕུང་པོ་བཞི་དག་པའོ། །མིག་གི་རྩ་ནང་དུ་དུང་གི་མོན་པ། རྣ་བའི་རྩ་ནང་དུ་ལྕགས་ཀྱི་མོན་པ། སྣའི་རྩ་ནང་དུ་བསེའི་མོན་པ། ལྕེའི་རྩ་ནང་དུ་གསེར་གྱི་མོན་པ། མིག་གི་རྩའི་ཕྱི་རུ་ཧེ་ལེ་ཁྱབ་པ། རྣ་བའི་རྩའི་ཕྱི་རུ་ནག་པོ་འཛུམ་མེད། སྣའི་རྩའི་ཕྱི་རུ་སོ་འདར་འཁྲིགས་པ། ལྕེའི་རྩའི་ཕྱི་རུ་རལ་པ་སྤྱི་བཅིངས་ཏེ་རྣམ་ཤེས་བརྒྱད་དག་པའོ། །ལྟེ་བ་ཕོ་བ་བཅུ་གཉིས་ཀྱི་རྩ་ནང་དུ་འཆི་བདག་བཅུ་གཉིས་སྐྱེ་མཆེད་བཅུ་གཉིས་དག་པའོ། །ལྟོ་བ་ཟླུམ་པོའི་ཁྲག་ཁྱམས་སུ་ཤ་ཟ་ཀི་ཀང་བཤན་པའི་ཚོགས་ཁམས་དག་པའོ། །ལག་པ་གཡས་ཀྱི་ངར་མཐིལ་ལ་དཀར་པོ་སྙིང་འབྱིན། གཡོན་གྱི་ངར་མཐིལ་ལ་མགོན་པོ་ནག་པོ། རྐང་པ་གཡས་ཀྱི་ངར་མཐིལ་ལ་ཡབ་རྗེ་ནག་པོ། རྐང་པ་གཡོན་གྱི་ངར་མཐིལ་ལ་སྐུ་མཆོག་དམར་པོ་སྟེ་ལོག་རྟོག་བཞི་དག་པའོ། །ཡུམ་གྱི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་དཔལ་གྱི་བཀའ་ཉན་ཁྲག་གི་དྲི་སྣོམ་མ། མགྲིན་པ་གཤིན་རྗེའི་བཙུན་མོ་ཁ་འབར་མ། (༡༥ན)


GLG023_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བ་ཡེ་ཤེས་ཀྱི་མ་མོ་དཔའ་མོ་བཙན། གསང་བ་ལྕགས་ཀྱི་སྤྱང་མོ་མགོ་དགུ་མ་སྟེ་འབྱུང་བ་བཞི་དག་པའི་ཡུམ་མོ། །མིག་གི་རྩ་ནང་དུ་མོན་མོ་བླ་རྐུན་རྔམ་པའི་གདོང་། རྣ་བའི་རྩ་ནང་དུ་མོན་མོ་གཡུའི་རོལ་བ་ཅན། སྣའི་རྩ་ནང་དུ་མོན་མོ་ཚེ་ཕྲོག་ཁྲག་གི་རལ་པ་ཅན། །ལྕེའི་རྩ་ནང་དུ་མོན་མོ་སྙིང་ལ་གཟེར་འདེབས་མ། མིག་རྩ་ཕྱི་རུ་མི་ཟན་སྙིང་རྐུན་མ། རྣ་བའི་རྩའི་ཕྱི་རུ་མེ་ཏོག་སྙིང་འབྱིན་མ། སྣ་རྩ་ཕྱི་རུ་ཁྲག་མིག་སྙིང་ལ་གཟེར་འདེབས་མ། ལྕེའི་རྩ་ཕྱིར་སྨྱོ་བྱེད་དབུགས་སྡུད་མ་སྟེ་ཡུལ་དུས་བརྒྱད་དག་པའི་དཔའ་མོའོ། །ལྟེ་བ་ཕོ་བ་བཅུ་གཉིས་སུ་འཆི་བདག་གི་དཔའ་མོ་བཅུ་གཉིས་སོ། །ལྟོ་བ་ཁྲག་ཁྱམས་སུ་ལོག་ཤེས་དག་པའི་གྱིང་མོ་ཤ་ཟ་དཔའ་མོའི་ཚོགས། །ཡན་ལག་བཞི་ལ་རྟག་ཆད་མུ་བཞི་དག་པའི་སྒོ་མའོ། །ཡབ་ཡུམ་གྱི་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ན་དངས་མ་ལྔ་འདུས་ཀྱི་ཐིག་ལེ་ལ་ཡེ་ཤེས་སྙིང་པོ་རྩ་བའི་ལྷ་དྲུག་རྒྱན་ལྷ་དང་བཅས་པ། རྩ་བའི་འདབ་བཞི་ལ་གཤེད་བཞི། ཡལ་ག་བརྒྱད་དུ་གྱེས་པ་ལ་མོན་བདུད་བརྒྱད། དེའི་ཕྱི་འཆི་བདག་བཅུ་གཉིས་འོབས་སྲུང་དང་བཅས་པ་སྟེ། དེ་ཡང་རྩ་དེ་དག་བྱང་ཆུབ་སེམས་ཀྱི་ཐིག་ལེས་རང་བཞིན་གྱིས་གང་བ། ལྷར་ངོ་ཤེས་པར་བྱས་པ་ཉིད་ཀྱིས་ཆོག་གིས་ཆ་ལུགས་རྫོགས་པར་བསྒོམ་དགོས་པ་ནི་མ་གོའོ། །འོན་ཀྱང་གོང་མའི་ཕྱག་ལེན་འབའ་ཞིག་ལ་བྱུང་བས་ཆ་ལུགས་གསལ་བར་བསྒོམས་པ་ལ་ཡང་སྐྱོན་མེད་དོ། །ཡུམ་གྱི་བྷ་ག་ཕྲིན་ལས་བཞིའི་དབྱིབས་སུ་གནས་པའི་ཕོ་བྲང་དུ་ཡབ་ཀྱི་རྡོ་རྗེ་བརྩེགས་པ་ལས་རྙེད་པའི་དགའ་བ་ཉམས་སུ་བསྟར་བའི་ཡེ་ཤེས་བཅུ་དྲུག་ཚུལ་རྫོགས་པ་ནི་ཟིལ་གནོན་བདེ་བ་ཆེན་པོའི་དཀྱིལ་འཁོར་རོ། །དོན་གྱི་དེ་(༡༥བ)


GLG023_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཡིན་ལ། འོན་ཀྱང་ལྷ་ཚོགས་རྫོགས་པར་བསྒོམ་པའང་མི་འགལ་ལོ། །དེ་ལྟར་ཕྱི་ལུས་ཀྱི་དཀྱིལ་འཁོར། ནང་རྩ་དང་ཐིག་ལེ། གསང་བ་བདེ་བ་ཆེན་པོ་ལྷན་སྐྱེས་ཀྱི་སྣང་བ་དེ་ཡུམ་ལ་དཀྱིལ་འཁོར་གསུམ། བམ་གྱི་ཕྱི་ལུས། ནང་ཙིཏྟ་སྟེ་དཀྱིལ་འཁོར་གཉིས། དེ་ལྟ་བུའི་དཀྱིལ་འཁོར་ལྔ་ནི་བགྲོད་པ་འདི་ཡི་དཀྱིལ་འཁོར་དངོས་གཞི་ཡིན་པར་ཤེས་སོ། །དེ་ནས་དཀྱིལ་འཁོར་དེ་རྣམས་རྟེན་དང་བརྟེན་པར་ཕན་ཚུན་འདྲེས་ཏེ་མཚོན་བྱ་མཚོན་བྱེད་དེ་ཕྱི་དང་ནང་ཐ་དད་དུ་འཛིན་པའི་རྟོག་པ་དག་པར་བྱས་ཏེ་ལྷའི་ང་རྒྱལ་བཟུང་ལ། དྲངས། བརྟན། མཆོད། བཟླས། བསྟོད་ཚོགས་ཀྱི་འཁོར་ལོ་རྫོགས་པར་བྱའོ། །དེ་ནས་སློབ་མ་ཁྲུས་བྱས། རྒྱན་གྱིས་བརྒྱན་ཏེ་གདོང་གཡོགས་དང་ལྡན་པས། ཕྱག་དང་། ན་མོ་འཇིག་རྟེན་ལས་གྱིས་འདུས་པའི་བར་དོ་རུ། །ཞེས་སམ། ཡུལ་མཁར་ལོངས་སྤྱོད་བྱམས་པའི་མཛའ་གྲོགས་སོགས། །ཞེས་སོགས་སྐབས་སྦྱར་གྱི་མཎྜལ་ཕུལ་ལ། ཧོ། བསྟན་པའི་སྒྲོན་མ་བཅོམ་ལྡན་འདས། །ལྷ་དང་སློབ་དཔོན་དགོངས་སུ་གསོལ། །འགྱུར་མེད་བདེ་ཆེན་ཕོ་བྲང་ནས། །དྲེགས་པའི་ལྷ་ཚོགས་དགོངས་སུ་གསོལ། །སློབ་མ་མཚན་ལྡན་ཡུམ་གྱི་དཀྱིལ་འཁོར་དུ། །བརྟུལ་ཞུགས་དྲག་པོའི་སྟོབས་ཀྱིས་བཞུགས་སུ་གསོལ། །དམ་ཚིག་དཀའ་ཐུབ་སྡོམ་པའི་མཆོག །གསང་བའི་སྒྲོན་མེ་བདག་ལ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། བམ་ཆེན་གསང་བའི་དཀྱིལ་འཁོར་ལ་མེ་ཏོག་གཏོར་དུ་གཞུག །གདོང་གཡོགས་བཀྲོལ་ཏེ་ལྷ་ངོ་བསྟན། སྔར་བསྟན་པའི་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དེ་(༡༦ན)


GLG023_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བས་ནང་བམ་ཆེན་གྱི་དཀྱིལ་འཁོར་དང་། ཡུམ་གྱི་དཀྱིལ་འཁོར་འདི་ཉིད་ཁྱད་པར་འཕགས་ཏེ། རྒྱུད་ལས། བམ་ཆེན་ཙིཏྟའི་ཕོ་བྲང་དུ། །འཇུག་པ་ནང་གི་ལྷ་ངོ་བསྟན། །གཟུང་མ་ལུས་ཀྱི་དཀྱིལ་འཁོར་དུ། །གསང་བ་ཕྱི་ཡི་ལྷ་ངོ་བསྟན། །ཙིཏྟ་གསང་བའི་དཀྱིལ་འཁོར་དུ། །གསང་བ་སེམས་ཀྱི་ལྷ་ངོ་བསྟན། །བྷ་ག་གསང་བའི་དཀྱིལ་འཁོར་དུ། །མེ་ཏོག་དོར་ལ་ལྷ་ངོ་བསྟན། །གདོང་གཡོགས་བཀྲོལ་ལ་སྤྲོ་བ་བསྐྱེད། །ཅེས་གསུངས་པའི་དོན་ནོ། །ཞེས་སྤྲོ་བ་བསྐྱེད། དེ་ནས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཡབ་ཀྱི་མཁའ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པའི་ཨཱོཾ་ལས་ནོར་བུའི་བུ་ག་ཕཊ་ཀྱིས་བཀག །དཔའ་མོ་རྣམས་ཀྱི་མཁའ་བཾ་ལས་ཆུ་སྐྱེས་དྲི་མ་མེད་པ་ཨཱཿལས་ཟེའུ་འབྲུ་ཕཊ་ཀྱིས་བཀག །ཧོཿབཀྲ་ཤིས་མཚན་ལྡན་གསང་བའི་ཕོ་བྲང་དུ། །གཉིས་མེད་སངས་རྒྱས་ཀུན་དང་མཉམ་སྦྱར་བའི། །བྱང་ཆུབ་སེམས་ཉིད་མི་འགྱུར་བདེ་བའི་མཆོག །ཕོ་བྲང་ལྷུན་གྱིས་གྲུབ་པར་བཞུགས་པ་དང་། །རྨེ་བ་ལྔ་དང་བདུད་རྩི་སྦྱར་བའི་སེམས། །བཀྲ་ཤིས་མཚན་ལྡན་བུམ་པར་བརྟུལ་ཞུགས་ཕྱིན། །ཛཿཧཱུཾ་བཾ་ཧོཿས་ཡབ་ཡུམ་སྙོམས་པར་ཞུགས། །དགའ་བ་བཞི་ཉམས་སུ་མྱོང་ཞིང་། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཆགས་པ་ཆེན་པོའི་སྒྲས་སངས་རྒྱས་རྣམས་སྤྱན་དྲངས་སྙོམས་པར་ཞུགས་ཏེ་ཐིག་ལེར་ཞུ་ནས་རྩ་གནས་ཀྱི་ལྷ་རྣམས་ཀྱི་ཞལ་དུ་ཞུགས། རྩ་གནས་ཀྱི་ལྷ་ཐམས་ཅད་སྦྱོར་བ་མཛད། ཐིག་ལེ་དཀར་དམར་དུ་ཞུ་བ་དེས་གསེར་འགྱུར་གྱི་རྩི་ལྟར་གཞལ་ཡས་ཁང་ཡང་ཐིག་ལེར་ཞུ་སྟེ་དབྱེར་མེད་དུ་འདྲེས་(༡༦བ)


GLG023_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉི་ཟླ་ཁ་དོག་དཀར་དམར་རྡོ་རྗེ་སེམས་དཔའ་ཡབ་ཡུམ། དོན་དམ་བདེ་བ་ཆེན་པོ་ཉིད་མོ་ཐོད་དུ་བསྐྱིལ་ལ་ཕོ་ཐོད་དུ་བཀབ་པ་བཾ་གྱི་རྨེ་བ་ལྔ་དང་བསྲེས་ལ། ཀ་ར་འོ་མ་ལ་སོགས་པས་རོ་མདོག་བསྒྱུར་བའམ། བསྐུར་ཐབས་གང་ཡང་རུང་བས། སྦྱོར་བ་དག་པས་བྱིན་བརླབས་ལས། རྩ་རྒྱུད་བདེ་བའི་ཐིག་ལེར་བསྐྱིལ། །བྱང་ཆུབ་སེམས་དང་རྨེ་བ་བསྲེས། །བཀྲ་ཤིས་མཚན་ལྡན་བུམ་པར་བསྐྱིལ། །བརྟུལ་ཞུགས་རབ་འབྱམས་དབང་བསྐུར་རོ། །ཨྱཻ་ཀ་ཡ་མ་གུ་ཧྱ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧོཿ ཞེས་ཁར་བྱིན། དེས་ཀྱང་། ཨ་ཧོཿསུ་ཁ་ཞེས་མྱོང་བས་ཡེ་ཤེས་བདུད་རྩི་ཤེལ་ལྟར་དངས་པ་བདེ་བ་བསྐྱེད་པས་ལུས་ཀྱི་རྩ་གནས་ཐམས་ཅད་གང་སྟེ་འཁོར་བར་སྐྱེད་བྱེད་ཀྱི་ས་བོན་ཐམས་ཅད་བཅོམ། ནང་གི་ལྷ་གསལ་སྟོང་ནམ་མཁའ་དང་མཉམ་པའི་ཏིང་འཛིན་རྒྱུད་ལ་སྐྱེ་བར་འགྱུར་རོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། ཕྱག་རྒྱ་མོ་མཚན་ལྡན་ཁྲུས་བྱས། རྒྱན་བཏགས་པ་ལྷ་མོ་གསོད་བྱེད་མར་བསམས་པའི་བྷ་ག་ལས་བཞིའི་དབྱིབས་ཅན་གྱིས་གང་བར་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྫོགས་པར་བསྒོམ། སློབ་མ་ཁྲུས་བྱས་གདོང་གཡོགས་པས་ཕྱག་དང་། བདག་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་དུ། །ཞེས་སམ། བདག་གི་རྣམ་ཤེས་དབང་པོ་ཚོགས་བརྒྱད་དང་། །ཞེས་སོགས་སྐབས་སྦྱར་གྱི་མཎྜལ་ཕུལ་ལ། བསྟན་པའི་སྒྲོན་མ་བཅོམ་ལྡན་འདས། །ཞེས་བཞི་དང་། བདེ་ཆེན་གསང་བའི་ཕོ་བྲང་གསང་བ་རུ། །རིག་པ་བརྟུལ་ཞུགས་སྟོབས་ཀྱིས་བཞུགས་སུ་གསོལ། །དམ་ཚིག་དཀའ་ཐུབ་སྡོམ་པའི་མཆོག །ཤེས་རབ་རོལ་པ་(༡༧ན)


GLG023_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། བྷ་གའི་དཀྱིལ་འཁོར་ལ་མེ་ཏོག་གཏོར། གདོང་གཡོགས་བཀྲོལ་ཏེ་ལྷ་ངོ་བསྟན་ལ་སྤྲོ་བ་བསྐྱེད། དེ་ནས་བླ་མས། བཀྲ་ཤིས་མཚན་ལྡན་གསང་བའི་ཕོ་བྲང་དུ། །གཉིས་མེད་སངས་རྒྱས་ཀུན་དང་མཉམ་སྦྱར་བས། །བྱང་ཆུབ་སེམས་ཉིད་མི་འགྱུར་བདེ་བའི་མཆོག །ཕོ་བྲང་ལྷུན་གྱིས་གྲུབ་པར་བཞུགས་པ་དང་། །མི་འགྱུར་བརྟན་པའི་སྐུ་དང་ཡེ་ཤེས་བགྲོད། །ཅེས་བརྗོད་དེ། ཕྱག་རྒྱ་མོ་སློབ་བུ་ལ་གཏད། བུ་མོས་ཡབ་ཀྱི་ང་རྒྱལ་བཟུང་ཞིང་། བླངས་ལ་ལག་པ་གཉིས་བཅངས། གསང་བའི་གཟུང་མ་སྤྲོ་བ་བསྐྱེད་ལ་བླངས། །ཞེས་སོ། །དེ་ནས། ཧོཿ བདེ་ཆེན་གསང་བའི་ཕོ་བྲང་དུ། །ཐབས་ཆེན་གསང་བའི་བདེ་ཕོབ་ལ། །དབུ་མའི་རྩ་རྒྱུད་ས་བོན་བསྲེག །བྷ་གའི་གནས་སུ་ཆོས་སྐུར་བསྐྱིལ། །རྩ་བ་འོད་འཕྲོས་ལོངས་སྤྱོད་སྐུ། །མཉམ་པར་གནས་པ་བྱང་ཆུབ་སྐུ། །སྤྲོས་བྲལ་ཀུན་ཁྱབ་སྤྲུལ་པའི་སྐུ། །བསྟན་པ་ཐོབ་པ་རྡོ་རྗེའི་སྐུ། །ཡབ་ཡུམ་མཉེས་པས་མཉེས་པར་བྱའོ། །ཞེས་གདམས་ནས། དེ་དག་གི་དོན་ཉམས་སུ་བླང་བ་ནི། མཁའ་གསང་བརླབ། ཡུམ་གྱིས་ས་མ་ཡ་སྟྭཾ་གྱི་སྦྱོར་བའི་བརྡས་བསྐུལ། ཡབ་ཀྱིས་ས་མ་ཡ་ཧོས་ལན་གདབ། གཉིས་ཀས། ཨ་ཏི་གུ་ཧྱ་ཧོཿ ཞེས་འཁྲིལ་སྦྱོར་བྱ། ཛཿཧཱུཾ་བཾ་ཧོཿ སྲུབས་པ་དང་བསྲུབ་པའི་སྦྱོར་བ་བྱ་སྟེ། གསོད་བྱེད་གཟུང་མས་གཡོན་ནས་འཁྱུད། །བྷ་ག་གསང་བའི་ཕོ་བྲང་དུ། །རྡོ་རྗེ་བརྩེགས་པའི་ཕྱག་རྒྱ་ཡིས། །གསང་བ་ལྷུན་གྲུབ་མཁའ་ལ་འཇུག །ཅེས་པའི་དོན་ནོ། །དེ་ལྟར་ཡས་བབས་མས་བརྟན་གྱི་དགའ་བ་བཞིའི་རིམ་(༡༧བ)


GLG023_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་ལ། ཧོཿ རིག་པའི་སྟོབས་ལྡན་སྦྱོར་བའི་གནས། །འཁྲུལ་པའི་བག་ཆགས་སྤྲིན་ལྟ་བུ། །ཡེ་ཤེས་རོལ་པའི་སྒྲོན་མས་བསལ། །མཉམ་པའི་སྟོབས་ཀྱིས་བརྟུལ་ཞུགས་ལོངས། །ཨྱཻ་ཀ་ཡ་མ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོཿབཞི་པ་རང་བྱུང་ཡེ་ཤེས་ཀྱི་དབང་ལ། བླ་མས་རང་བྱུང་ཡེ་ཤེས་ཕོ་བྲང་དུ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་རྩལ་རྫོགས་པར་གསལ་བཏབ། སློབ་བུ་ཁྲུས་བྱ་ཞིང་ཡོལ་བས་བཅད་ལ། ཕྱག་དང་། ཕྱི་ནང་གསང་གསུམ་གྱི་མཎྜལ་ཡོངས་རྫོགས་རྒྱས་བསྡུས་གཉིས་སྐབས་སྦྱར་གྱིས་ཕུལ་ལ། བསྟན་པའི་སྒྲོན་མ་བཅོམ་ལྡན་འདས། །ལྷ་དང་སློབ་དཔོན་དགོངས་སུ་གསོལ། །ལྷུན་གྲུབ་རང་བཞིན་གསང་བའི་ཕོ་བྲང་ནས། །ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པ་ཡི། །མ་ལུས་མཉམ་པའི་རྒྱལ་པོ་དགོངས་སུ་གསོལ། །རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །རང་རྩལ་ཡེ་ཤེས་ལྔ་ཡིས་གཞུག་ཏུ་གསོལ། །དམ་ཚིག་དཀའ་ཐུབ་སྡོམ་པའི་མཆོག །ཡེ་ཤེས་རོལ་པ་བདག་ལ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། རང་བྱུང་ཡེ་ཤེས་ཕོ་བྲང་དུ། །རིག་རྩལ་འོད་ལྔའི་ལྷ་ངོ་བསྟན། །མེ་ལོང་ཤེལ་དང་ཉི་ཟེར་བསྟན། །ཞེས་པས། རང་བྱུང་གི་ཡེ་ཤེས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། །དཔེའི་ཡེ་ཤེས་ཞུ་བ་དེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས་དབྱེར་མེད་ནམ་མཁའ་ལྟར་བརྗོད་པ་ཐམས་ཅད་དང་བྲལ་ཞིང་སྨྲ་བསམ་གྱི་ཡུལ་ལས་འདས་པ། རྩལ་སྣ་ཚོགས་སུ་འཆར་བ་ཉིད་ཀྱང་ཡེ་ཤེས་འོད་ལྔའི་ངོ་བོར་མ་འགགས་པ་ཡིན་ནོ། །ཞེས་བརྗོད་ཅིང་། དཔེ་ལ་ངོ་སྤྲད་པའི་ཕྱིར་མེ་ལོང་(༡༨ན)


GLG023_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གཡའ་དངས་པ་ལ་བྲིས་སྐུའི་གཟུགས་བརྙན་འཆར་དུ་བཅུག་པ་བསྟན་ལ། འདི་ལྟར་མེ་ལོང་ནང་གི་ཕྱག་རྒྱ་སྣ་ཚོགས་སུ་སྣང་ཡང་སྣང་བཞིན་དུ་སྟོང་ཞིང་ངོས་བཟུང་མེད་པ་སྣང་སྟོང་མཐའ་ལས་འདས་པ་ལྟར། རང་བྱུང་ཡེ་ཤེས་སྣང་སྟོང་གི་མཐའ་དང་བྲལ་བ། དེ་ཡང་རྐྱེན་བཅོས་བཅོས་པ་ལྟ་བུ་ནི་མ་ཡིན་ཏེ། ལྷུན་གྲུབ་ཏུ་བཞུགས་པའོ། །ཞེས་དང་། དེ་བཞིན་དུ་ཤེལ་དངས་པ་ཉི་ཟེར་རམ། མཚན་མོ་ཡིན་ན་མར་མེའི་འོད་དང་འཕྲད་པའི་འོད་ཁ་དོག་ལྔ་ལ་བལྟར་བཅུག་ལ། རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་ཏུ་བཞུགས་པའི་རྩལ་ཡེ་ཤེས་ལྔར་རྫོགས་པའི་ཕྱག་རྒྱ་སྣ་ཚོགས་སུ་འཆར་བ་ཡིན་ལ། འཁྲུལ་པ་ཀུན་བཏགས་ལ་བདེན་འཛིན་གྱི་མཐའ་བཏུལ་ནས། བློ་འདས་རྫོགས་པ་ཆེན་པོར་བཞུགས་པས་རང་བྱུང་ཡེ་ཤེས་རིག་ཅིང་ངོ་འཕྲོད་པའི་དབང་ཐོབ་པ་ཡིན་ནོ། །ཞེས་དང་། ཧོཿཡེ་ཤེས་ལྷུན་གྲུབ་འཆར་སྒོ་ཡིས། །བརྟུལ་ཞུགས་རིག་པའི་དབང་བསྐུར་བས། །འཁོར་བ་རྣམ་དག་ཆོས་སྐུར་གསལ། །རང་བྱུང་ཡེ་ཤེས་དབང་ཐོབ་ཤོག །ཨྱཻ་ཀ་ཡ་མ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧོཿ འབྲས་བུ་རང་བྱུང་ཡེ་ཤེས་ལྔ་རྫོགས་པའི་ཕྱག་རྒྱར་ལྷུན་གྱིས་གྲུབ་པའོ། །རྗེས་དམ་ཚིག་བསྟན་པ་ལ། མན་ངག་སྣོད་མིན་ལ་མི་སྤེལ་ཞིང་། སློབ་དཔོན་གྱི་བཀའ་ལས་མི་འགལ་བར་གདམས་པ། མནའ་ཆུ་བླུད་པ། དམ་ཚིག་བསྲུང་ཐབས་བསྟན་པ། འཁོར་གྱི་སྲུང་མ་ལ་དམ་བསྒྲགས་པའོ། །འདི་དག་བླ་མའི་ཕྱག་ལེན་དུ་ངེས་དོན་བདེ་འཇུག་ལས་ཇི་ལྟར་གསུངས་པ་བཞིན་ཕྲི་བསྣན་མི་མཛད་པས་དེར་བལྟ་བར་བྱའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ལ། ཚོགས་ཀྱི་ཆོ་ག་(༡༨བ)


GLG023_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བཾ་བསྐང་། གཏེར་སྲུང་མཆོད། ཚོགས་ལྷག་བཏང་། བསྟན་མ་སྐྱོང་། དཀྱིལ་འཁོར་མཆོད་བསྟོད་བྱས་ལ་གཤེགས་ཏེ་དཀྱིལ་འཁོར་བསྡུ་ཞིང་ཐིག་རྗེས་མི་མངོན་པ་བྱ། ལྷ་བསྐྱེད། ལུས་བསྲུང་། གོ་བསྒོ། རྡུལ་མཚོན་རྣམས་ཆུ་བོ་ཆེན་པོར་དོར་རོ། །སློབ་དཔོན་ལ་ཡོན་ཕུལ། བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །སྨྲས་པ། གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཡི། །གསུང་མཆོག་ངེས་གསང་རྒྱུད་སྡེའི་གངས་རི་ལས། །གཤེད་སྐོར་གངྒཱའི་ཆུ་རྒྱུན་སྤེལ་བྱེད་པ། འཇམ་དཔལ་བཤེས་གཉེན་བཀའ་དྲིན་བླ་ན་མེད། །གང་དེ་ལས་རྒྱུད་གསང་ཆེན་ཆུ་གཏེར་ཆེའི། །ཡང་སྙིང་ཟླ་གསང་སྡིག་རྒྱུད་བདུད་རྩིའི་བཅུད། །པད་འབྱུང་ལྷ་ཡི་འཁྲུལ་འཁོར་བྱེད་པོ་ལས། །གནུབས་བན་གཙུག་ན་ཟླ་བའི་མགྲིན་པར་མཛེས། །དེ་ལྟའི་བདུད་རྩིར་སྤྱོད་པའི་སྐལ་བཟང་དཔལ། །སྔགས་འཆང་དབང་པོ་གཏེར་སྟོན་དུམ་པ་རྒྱ། །བརྒྱུད་པར་བཅས་འགས་དབང་དང་རིམ་གཉིས་ལམ། །འཁྲུལ་མེད་ཉམས་བསྟར་བདེ་ཆེན་སར་རོལ་ཀྱང་། །དགས་རྒྱུད་ཕག་མོའི་བྱིན་རླབས་ཙམ་ཉིད་ཀྱིས། །ཟབ་མོའི་སྣོད་དུ་རུང་སྨྲའི་རྒྱ་མཚོའི་རླངས། །ཐུབ་བསྟན་མཁའ་དབྱིངས་ངོས་ལ་རྟག་འཁྲིགས་པས། །གསར་རྙིང་ལུགས་བཟང་ཉི་ཟླའང་སྒྲིབ་སྙམ་བྱེད། ཁྱད་པར་སྙིགས་མ་ལྔ་བསྡོའི་མཚན་མོའི་དུས། །རང་བཟོའི་བསྲེ་བསླད་ལོག་ཆོས་སྐད་སྒྲོག་ཅིང་། །རིགས་འཛིན་ཆེར་རློམ་མཚན་རྒྱུའི་གཉིས་སྐྱེས་འགའ། །ཚད་ལྡན་སྔགས་འཆང་ཁྱུང་ཆེན་གྲལ་དུ་བསྙེག །ཀྱེ་མ་དེ་ལྟའི་ངང་ཚུལ་མ་བཟོད་པར། །རིགས་འཛིན་སེ་སྟོན་རིན་ཆེན་རྒྱལ་མཚན་གྱིས། །པདྨའི་གཞུང་ལ་འཁྲུལ་མེད་ཕྱག་བཞེས་ཀྱིས། །ལེགས་བརྒྱན་(༡༩ན)


GLG023_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་མེད་དབང་གི་ཆོ་ག་མཛད། །རིགས་བརྒྱའི་ཁྱབ་བདག་བཤེས་གཉེན་རྣམ་རོལ་གྱིས། །མཐའ་ཡས་འགྲོ་བའི་དོན་མཛད་རིགས་འཛིན་རྗེའི། །གསུང་རྒྱུན་རྐང་དྲུག་སྙིང་གི་པད་མཚོའི་དབུས། །འབྲལ་མེད་བསྐྱངས་ལས་དབང་ཆོག་དབྱངས་ཉིད་བསྒྲགས། །དེ་ལྟའི་ཟླ་གཞོན་ལས་ཀྱང་ཆེས་དཀར་བའི། །རྣམ་མང་དགེ་ཚོགས་གཙང་མའི་ཆུ་རྒྱུན་གྱིས། །མ་དག་དྲི་མའི་ཚོགས་ཀུན་རབ་བཀྲུས་ནས། །འགྲོ་རྣམས་ཟབ་མོའི་སྣོད་དུ་རུང་བར་ཤོག །ཅེས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དབང་གི་ཆོ་ག་སྔགས་འཆང་ཀུནྡའི་འདོད་འཇོ་ཟླ་ཤེལ་གསར་པའི་ཐིགས་པ་ཞེས་པ་འདི་ཡང་། ཕན་བདེ་ལེགས་བཤད་གླིང་གི་སློབ་དཔོན་པ་ཆོས་རྗེ་ངག་དབང་བློ་བཟང་དང་། འབྲོམ་གྱི་བཙུན་པ་ཆོས་རྗེ་བསོད་ནམས་གྲགས་པ་གཉིས་ཀྱིས་བསྐུལ་བའི་ངོར། དབང་ཆོག་ངེས་དོན་བདེ་འཇུག་ལ་གཞི་བྱས་བླ་མའི་ཕྱག་ལེན་གྱིས་བརྒྱན་ཏེ། སྔགས་རྙིང་མའི་མ་གཤིན་ཕུར་གསུམ་གྱི་ལྷའི་གནང་བ་ཐོབ་པའི་སྔགས་འཆང་རིམ་པར་བྱོན་པའི་གདུང་ལས་སོན་པ། ཟིལ་གནོན་དྲག་རྩལ་དུ་འབོད་པས་སྨིན་དྲུག་ཟླ་བའི་ཡར་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།སརྦ་མངྒ་ལཾ།། །།

ཟིལ་གནོན་དྲག་པོའི་སྦྱིན་སྲེག་གི་ལས་བྱང་དུས་ཀྱི་མེ་ལྕེའི་ཕྲེང་བ།


GLG023_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གནོན་དྲག་པོའི་སྦྱིན་སྲེག་གི་ལས་བྱང་དུས་ཀྱི་མེ་ལྕེའི་ཕྲེང་བ་བཞུགས་སོ། །


GLG023_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་ཟླ་བྲལ་ནུས་མཐུའི་མེ་དཔུང་གིས། །དགྲ་བགེགས་ནག་ཕྱོགས་སྡེར་བཅས་བུད་ཤིང་རྣམས། །ཐལ་བར་བསྲེག་མཛད་ཚེ་བདག་ནག་པོ་དང་། །དབྱེར་མེད་རྩ་བརྒྱུད་བླ་མའི་ཞབས་བཏུད་ནས། །མནན་སྲེག་འཕང་ཞེས་རིགས་སྔགས་འཆང་ཀུན་ལ། །རླུང་ལྟར་གྲགས་ཀྱང་མིང་ཙམ་གྱུར་ཚུལ་འདི། །མཐོང་བ་སྦྱིན་སྲེག་མཆོད་པས་གཤིན་རྗེའི་གཤེད། །མཉེས་བྱེད་དུས་ཀྱི་མེ་ལྕེའི་ཕྲེང་བ་འདྲི། །དེའང་མན་ངག་རྩ་བ་ལས། །དེ་ནས་བསྲེག་པ་མེ་ཡི་ལས། །གདུག་རྩུབ་དྲག་པོའི་སྦྱོར་བ་བརྩམ། །གདུག་པའི་ནད་རྣམས་ཞི་བ་དང་། །དགྲ་བགེགས་བསྒྲལ་ཞིང་ལས་འདི་བྱ། །ཞེས་གསུངས་པ་ལྟར། རིགས་འཛིན་སྔགས་འཆང་རྣམས་ཀྱིས་མངོན་སྤྱོད་དྲག་པོའི་ལས་སྦྱོར་མཐའ་ཡས་པ་ལས། བསྲེག་པ་མེའི་སྦྱོར་བ་ཞེས་བྱ་བ་ལས་ཀྱི་མཇུག་སྡུད་དང་། གདུག་པ་ཅན་ཐུག་ཕྲད་དུ་འདུལ་བ་དང་། ཞིང་བཅུའི་དགྲ་དང་བར་ཆད་ཀྱི་བགེགས་བསྒྲལ་ཞིང་འོག་གདོན་གདུག་པ་ཅན་གྱི་གནོད་པ། ནད་པ། སྲིའུ་སོགས་ལ་གནོད་བྱེད་དང་། སྨྱོ་འབོག་རྣམས་འབུལ་བའི་ཕྱིར་ཉམས་སུ་བླང་བར་བྱ་དགོས་ལ། དེའང་གནས་དུར་ཁྲོད་དམ། སྒྲུབ་ཁང་(༢ན)


GLG023_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་པ་གཉན་ཞིང་དབེན་པའི་སར། སྒྲུབ་པ་པོ་བསྙེན་པ་རྫོགས་ཤིང་ལྟ་བའི་གདངས་དང་ལྡན་པས་ལག་ཏུ་བླང་བར་བྱ་སྟེ། མན་ངག་རྩ་བ་ལས། གཉན་ཞིང་དབེན་པའི་གནས་ཉིད་དུ། །བསྙེན་རྫོགས་གདེངས་དང་ལྡན་པ་ཡིས། །ཞེས་སོ། །ད་ེལྟར་སྦྱིན་སྲེག་གི་ལས་རིམ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་ཁང་ཕྱག་བདར་བྱས་ལ། ས་གཞི་ངོས་མཉམ་ཞིང་འཇམ་པར་ས་ཚོན་གྱིས་རུས་སྦལ་སེར་པོ་རྡོ་རྗེའི་རྒྱ་གྲམ་གྲུ་གསུམ་ཟླ་གམ་ཅན་དཔེ་ཆུང་ལྟར་བྲིས་པའི་སྟེང་དུ་ས་སྣ་གསུམ་དང་། འཁར་གོང་སྲིན་ཅན་རྣམས་ལ་མཎྜལ་མདའ་གང་གྲུ་བཞི་པའི་དབུས་སུ་ཐབ་ཁུང་གྲུ་གསུམ་པ་ཆག་གང་བ་བང་རིམ་སུམ་ལྡན། རྩང་དང་ཐོད་པ་མེ་རིས་བརྒྱན་པ། ནང་དུ་འོག་འདེགས་རླུང་གི་འཁོར་ལོ། སྲེག་འཁོར་མུ་ཁྱུད་དྲུག་པ། སྦྲུལ་དང་མེ་རི་ཅན། སྦྱོར་བའི་འཁོར་ལོ་རྣམས་བརྩེགས། ཐབ་ཁུང་སྟེང་དུ་དྲག་པོའི་ཤིང་ལ་ཧོམ་ཐབ་གྲུ་གསུམ་མཐོ་གང་བ་བརྩིགས། གཅོད་པ་ནམ་མཁའི་འཁོར་ལོ་དང་དྲག་པོའི་འཁོར་ལོ་གཉིས་མཁའ་ལ་བརྒྱང་ངོ་། །ཕྱིའི་མཆོད་པ་ལྔ། སྨན་རག་(༢བ)


GLG023_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་གསུམ། མར་ནག །ཉ་བོ། སྦྱིན་སྲེག་སྤྱི་གཞུང་གི་སྲེག་རྫས་རྣམས་དང་། ལུགས་འདིའི་ཐུན་མོང་མ་ཡིན་པའི་དྲག་པོའི་རྫས། གནད་ཀྱི་རྫས། ཚ་བའི་རྫས། གསོད་པའི་རྫས། མྱོས་བྱེད་ཀྱི་རྫས་རྣམས་ཐོད་པའམ་ལྕགས་སོགས་ཀྱི་སྣོད་དུ་བཤམ་མོ། །གཉིས་པ་ལ། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང་ཡེ་ཤེས་ཀྱི་མེ་ལྷ་མཆོད་པ་གཉིས། དང་པོ་ནི། འཕྲིན་ལས་ཀྱི་གཞུང་བསྲངས། །འཛབ་དང་ཚོགས་མཆོད་འབུལ། །དེ་ནས་རྡོ་རྗེ་སློབ་དཔོན་ཕོད་ནག་གྱོན། རག་ཤའི་འཕྲེང་བ་སེ་རལ་དུ་བྱས། །ཞྭ་ནག་གམ་ཐོད་ནག་བཅིངས། ཁ་ལྷོར་བསྒྱུར། རྐང་པ་དོར་སྟབས་སུ་འདུག་པ་ལ། རྡོ་རྗེ་དྲིལ་བུ་ལག་ཏུ་བཟུང་ནས། མཆོད་རྫས་བྱིན་གྱིས་བརླབ་པ་ནི། རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །མ་ཧཱ་རཀྟ་ཧཱུཾ་ཧྲཱིཿཋ། ཞེས་པའི་བར་དང་། ཨ་ཀ་ཕ་ལ། ཞེས་པ་ནས། ཤཔྟའི་བར་བརྗོད་པའོ། །སྲེག་རྫས་བྱིན་གྱིས་བརླབ་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དམ་ཉམས་དགྲ་བགེགས་ཀྱི། །ཤ་དང་ཁྲག་ལས་བྱུང་བའི་སྲེག་བྱེད་ཀྱི། དྲག་པོའི་རྫས་རྣམས་དངས་ཤིང་ཐོགས་མེད་པ། །ཤ་ལྔ་བདུད་རྩི་ལྔ་ཡི་རང་བཞིན་གྱུར། ཨོཾ་སྭཱཧཱ། ཨོཾ་ཨཱཿསྭཱཧཱ། ཨོཾ་ཤྲེ་ཡཾ་སྭཱཧཱ། ཨོཾ་ཛིཾ་སྭཱཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་བྱིན་གྱིས་བརླབ། དེ་ནས་མེ་སྦར་བ་ནི། ངག་ཏུ་རྩ་སྔགས་ལན་གསུམ་བརྗོད། མེ་བྱིན་གྱིས་བརླབས་ལ་འདི་སྐད་དོ། །ཧཱུཾ། དམེ་ཡུགས་བཤན་པ་ནག་པོའི་ཁྱིམ་ནང་ནས། །བླངས་མེ་ཡམ་ཤིང་ནག་པོ་ལ་སྦར་བས། །དྲག་པོའི་སྲེག་རྫས་འབར་བར་མངའ་གསོལ་ལོ། །འབར་བའི་འཕྲོ་འདུ་འཁྱིལ་(༣ན)


GLG023_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་མཛོད་ཅིག །ཨོཾ་ཨགྣེ། ཨ་བྱ་ཀ་བྱ་ཛཿ དགྲ་བོ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་ལན་གསུམ་བརྗོད་ཅིང་རླུང་གཡབ་དང་བཅས་པས་ཕྱོགས་བཞི་ནས་མེ་སྦར་རོ། །དེ་ནས་ཐབ་བསྐྱེད་པ་ནི། སྭཱ་བྷ་ཝས་སྟོང་པར་སྦྱངས། ཐབ་ཁུང་མི་དམིགས་སྟོང་པའི་ངང་ཉིད་ལས། །མདུན་དུ་དྲག་པོའི་ཐབ་ཁུང་གྲུ་གསུམ་པ། །དཔངས་རྒྱར་ཁྲུ་གང་ཁ་ཁྱེར་སུམ་བརྩེགས་ཅན། །ཐབས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས། །ཉི་མའི་གདན་སྟེང་རཾ་ལས་མེ་ལྷ་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །གཡས་གཉིས་རྡོ་རྗེ་བགྲང་འཕྲེང་གཡོན་པ་ན། །དབྱུག་པ་གྷུནྡྷེ་འཛིན་ཅིང་མེ་དཔུང་བརྒྱན། །ར་སྐྱེས་ཁམ་པ་འཇའ་ཚོན་གློག་གིས་འཁྲིལ། །ཞིང་གི་ཡ་འགལ་སྔ་རུ་སྦྲུལ་ནག་དང་། ཁྲ་བོས་གོང་རྨེད་བྱས་ལ་རབ་བཅིབས་པའི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་ཟེར་འཕྲོས་པས་ཤར་ལྷོ་མཚམས་ནས་ནི། །སྐད་ཅིག་ཉིད་ལ་གནས་འདིར་སྤྱན་འདྲེན་ནོ། །བཛྲ་ས་མ་ཡ་ཛ༔ དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་ཤིང་བཞུགས། །དགའ་དང་གུས་པས་ཕྱག་བགྱིའོ། །ཨགྣེ་དྷེ་པ་རྀ་ཥི་ས་མ་ཡ་ཛཿཛཿ ས་མ་ཡ་ཏིཥྛ་ལྷན། ན་མོ་སིདྡྷི་ཧཱུཾ། གདན་འབུལ་བ་ནི། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་ཅོག་གསུམ་པོ་མཉེས་བྱེད་དང་། །ས་ལས་སྐྱེས་འདི་འདབ་མའི་སྙིང་། །བདག་(༣བ)


GLG023_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ན་ཛྭ་ལ་ཡེ། ཕྱི་མཆོད་འབུལ་བ་ནི། མཆོད་ཡོན་མེ་ཏོག་སྤོས་དང་མར་མེ་དང་། །དྲི་ཆབ་སྨན་རག་བདུད་རྩི་ཞལ་ཟས་རྣམས། །དག་ཅིང་གཙང་མར་སྦྱར་ཏེ་ཡིད་འོང་བ། །དྲང་སྲོང་མེ་ལྷ་འཁོར་དང་བཅས་ལ་འབུལ། །སྔགས་ལ་ཨརྒྷཾ་ནས་ཤབྡའི་བར་སྦྱོར་རོ། །གཏོར་མ་ནི། ཧཱུཾ། ཏིང་འཛིན་དབང་གྱུར་ཞལ་ཟས་བདུད་རྩི་ལྔ། །དྲང་སྲོང་ཆེན་པོས་སྔོན་ཆད་མ་བསྟར་བའི། །དག་ཅིང་གཙང་མར་སྦྱར་ལ་འབུལ་ལགས་ཀྱི། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་ཨགྣེ། དྷེ་ཝ་རྀ་ཥི། ཨ་བྱ་ཀ་བྱ། དྷེ་ཝ་རྀ་ཥི། མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི། སྐྱེར་ཚེར་འབུལ་བ་ནི། དྲང་སྲོང་མེ་ལྷ་འཁོར་དང་བཅས་པ་ལ། །མར་དང་དྲི་ཆུ་བདུད་རྩི་བྱུགས་པ་ཡིས། །དུག་ཤིང་ཚེར་མ་དྲག་ལས་བསྒྲུབ་ཕྱིར་འབུལ། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ། །རྩ་སྔགས་ལ་ཀ་ལ་སྲིག་མཱ་ར་ཡ་ཕཊ་སྦྱར་རོ། །མར་ཁུ་ནི། དྲང་སྲོང་མེ་ལྷ་འཁོར་དང་བཅས་པ་ལ། །དྲི་མེད་རྩི་བཅུད་དང་ལྡན་རྣམ་པར་དག །བྱང་ཆུབ་སེམས་ཀྱི་ངོ་བོ་མར་འདུལ་གྱི། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ། །རྩ་སྔགས་ལ་ཀ་ལ་སྲིག་ཤ་མཱ་ར་ཡ་ཕཊ་སྦྱར་རོ། །སྨན་རཀ་ནི། དྲང་སྲོང་མེ་ལྷ་འཁོར་དང་བཅས་པ་ལ། །དུག་ལྔ་སེལ་བའི་བདུད་རྩིའི་རྒྱ་མཚོ་དང་། །ཐུགས་རྗེ་ཆགས་པའི་དམར་ཆེན་རཀྟ་འབུལ། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ། །རྩ་སྔགས་ལ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རཀྟ་པཱུ་ཛ་ཁཱ་ཧི་ཧོཿ བདུད་རྩི་འབུལ་བ་ནི། དྲང་སྲོང་མེ་ལྷ་འཁོར་དང་བཅས་པ་ལ། །བདེ་ཆེན་དབྱིངས་ལ་སྟེར་(༤ན)


GLG023_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རོ་ལྡན་པ། །སྐྱེ་མེད་བྱང་ཆུབ་སེམས་རྟོགས་བདུད་རྩི་འབུལ། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ། །རྩ་སྔགས་ལ་བོ་དྷི་ཙིཏྟ་ཁ་རཾ་ཁཱ་ཧི། སྨན་སྣ། རིན་པོ་ཆེ། འབྲུ་སྣ་འབུལ་བ་ནི། དྲང་སྲོང་མེ་ལྷ་འཁོར་དང་བཅས་པ་ལ། །སྨན་སྣ་རིན་ཅེན་ལྔ་དང་འབྲུ་སྣ་ལྔ། །སྙིང་པོ་ལྔ་དང་ཆོས་མཆོག་ལྔ་རྣམས་འབུལ། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ། །རྩ་སྔགས་ལ་བྷ་ར་ཨ་མྲྀ་ཏ་མཱ་ར་ཡ་ཁ་རཾ་ཁཱ་ཧི། ཧི་ར་ས་རཏྣ་བྷུ་ཏ་ཧཱུཾ། བསྟོད་པ་ནི། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཞི་རྒྱས་དབང་དྲག་ལ་སོགས་པ། །འཕྲིན་ལས་ཀུན་གྱི་དབང་པོ་མཛོད། །ལྷ་འཛིན་ལྷ་ལ་ཕྱག་འཚལ་ལོ། །སྔགས་ཀྱི་མཇུག་ཏུ་ཨ་ལ་ལ་ཧོཿ ཨ་ཏི་པུ་ཧོཿ པྲ་ཏིཙྪ་ཧོཿ དེ་ནས་སྲེག་རྫས་འབུལ་བ་ནི། རཾ། མེ་དཔུང་འབར་བའི་དཀྱིལ་འཁོར་འདིར། །མཚན་མར་གྱུར་པའི་དངོས་པོ་རྣམས། །བསྲེགས་པས་དངོས་ཀུན་བརླག་པར་གྱུར། །སླར་ཡང་མི་འཕྱོར་བར་དུ་སྲེགས། །རཾ་ཛཱ་ལ་རཾ་དགྲ་བགེགས་མཱ་ར་ཡ་ཧཱུཾ་ཕཊ། དེ་ནས་སྲེག་རྫས་ཀྱི་གཙོ་བོ་དགྲ་བགེགས་བྱད་མ་བསྲེག་པ་ནི། ལིང་ག་ཕྱག་ལེན་ལྟར་བཤམ། རང་གི་ཐུགས་ཀ་ནས་ཨེ་མཐིང་ནག་ཞིག་ཆད་པ། ཞེས་པ་ནས་བཟུང་སྟེ། སྲས་མཆོག་ཐུགས་ནས་དྲེགས་པའི་བདག་པོ་ནི། ཞེས་སོགས་སྔགས་དང་བཅས་པའི་བར་དཀྱུས་བཞིན་བཏང་། དེ་ནས་མེ་ལྷའི་རྒྱལ་པོ་དྲང་སྲོང་འཁོར་བཅས་རྣམས། །གྲུ་གསུམ་མཐིང་ནག་འབར་བའི་ཞལ་གདོངས་ལ། །ལྗགས་ཁྱོངས་སྐྱེ་ཤི་རྩད་ཆོད་ཚེམས་གཅིགས་ལ། །དགྲ་བགེགས་ཤ་ཁྲག་འབུལ་གྱི་བཞེས་སུ་གསོལ། །རྩ་སྔགས་ཀྱི་མཇུག་ཏུ་ཛྭ་ལ་རཾ་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་(༤བ)


GLG023_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བྷ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཀེཾ་ནེ་རི་ཏི་ཁཱ་ཧི། དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ། ཅེས་འབུལ་ལོ། །དེ་ནས་དགང་བླུགས་ཐོགས་ལ། དྲང་སྲོང་མེ་ལྷའི་ལྗགས་ནི་རྡོ་རྗེ་ཡི། །སྦུ་གུ་ཅན་ལ་རཾ་གྱི་ཡི་གེས་མཚན། དགང་བླུགས་ཁ་ལ་ཧཱུཾ་ཡིག་འོད་ཟེར་ནི། །རབ་ཏུ་འབར་ཞིང་འཕྲོ་བས་མཚན་པར་གྱུར། །ཨོཾ་ཨགྣེ་དྷེ་བ་རྀ་ཥི་ཧ་བྱ་ཀ་བྱ་དྷེ་བ་རྀ་ཥི་མ་ཧཱ་མཱ་ར་ན་ཕཊ། ཅེས་པ་བདུན་ནམ་ཉེར་གཅིག་གིས་མེ་གསོ་བའི་ཕྱིར་དུ་མར་ཁུ་འབུལ། བདག་ཅག་དཔོན་སློབ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་དང་། དགྲ་བགེགས་ཆེ་གེ་མོ་ཐམས་ཅད་མཱ་ར་ཡ་ཧཱུཾ་ཕཊ། དེ་ནས་ཐོག་མར་ཡཾ་ཤིང་ནི། ཨོཾ་བོ་དྷི་བྲྀཀྵ་ཡེ་སྭཱཧཱ། བདག་ཅག་དཔོན་སློབ་ནས། ཕྱོགས་ཐམས་ཅད་ཅེས་པའི་བར་སྔར་ལྟར་ལ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཆེ་གེ་མོ་ཐམས་ཅད་མཱ་ར་ཡ་ཧཱུཾ་ཕཊ། མར་ཁུ། ཨོཾ་ཨགྣེ་ཡེ་སྭཱཧཱ། བདག་ཅག་དཔོན་སློབ་༝༝ སྦྱོར་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་༝༝ ཏིལ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་ཧཱུཾ་ཕཊ། བདག་ཅག་དཔོན་སློབ་༝༝ སྡིག་པ་དང་སྒྲིབ་པ་ལོག་པར་འདྲེན་པའི་དགྲ་བགེགས་༝༝ དུར་བ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ།༝༝ ཚེ་རྒྱས་པ་ལ་བར་དུ་གཅོད་པའི་༝༝ འབྲས། ཨཱོཾ་བཛྲ་པུཥྚ་ཡ་སྭཱཧཱ།༝༝ བསོད་ནམས་རྒྱས་པ་ལ་བར་དུ་གཅོད་པའི་༝༝ ཞོ་ཟན། ཨཱོཾ་སརྦ་སཾ་པ་རི་ཡེ་སྭཱཧཱ།༝༝ བདེ་བའི་ཚོགས་ལ་བར་དུ་གཅོད་པའི༝༝ ཀུ་ཤ །ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱཧཱ།༝༝ འབྲུ་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད༝༝ (༥ན)


GLG023_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་ཀར། ཨཱོཾ་ཨཪྠ་སིདྡྷ་ཡེ་སྭཱཧཱ།༝༝ ནོར་དང་འབྲུ་རྒྱས་པ་ལ་བར་དུ་གཅོད་པའི༝༝ ནས། ཨཱོཾ་མཧཱ་བེ་བྷཱ་ཡ་སྭཱཧཱ།༝༝ མྱུར་བའི་ཤུགས་ལ་འབྱུང་བའི་བར་དུ་གཅོད་པའི༝༝ སྲན་མ། ཨཱོཾ་མ་ཧཱ་བ་ལཱ་ཡ་སྭཱཧཱ།༝༝ སྟོབས་རྒྱས་པ་ལ་བར་དུ་གཅོད་པའི༝༝ གྲོ །ཨཱོཾ་བཛྲ་གྷསྨ་རི་ཡེ་སྭཱཧཱ།༝༝ ནད་མེད་པ་ལ་བར་དུ་གཅོད་པའི་༝༝ བུ་རམ་ལ། ཨཱོཾ་སྟཾ་བྷ་ལེ་ཡེ་སྭཱཧཱ།༝༝ ལོག་པར་འདྲེན་པའི༝༝ གོས་ཟུང་། ཨཱོཾ་བཛྲ་ཝ་སྟྲ་ཡེ་སྭཱཧཱ།༝༝ གཟི་བརྗིིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་༝༝ དྲག་པོའི་རྫས། གནད་རྫས། ཚ་རྫས། གསོད་རྫས། མྱོས་རྫས་རྣམས་སོ་སོའི་རིལ་བུ་བྱས་པ་འབུལ་ཞིང་། ཨཱོཾ་ཨགྣ་ཡེ་སྭཱཧཱ། ཁྱད་པར་སྔ་དགྲ་ལག་ལ་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ་ད་དགྲ་གནོདཅིང་འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་མེ་ལྷའི་སྔགས་དང་འབྲེལ་བ་བརྒྱའམ་ཉེར་གཅིག་གང་རུང་གིས་འབུལ། དེ་ནས་བསྟོད་པ་ནི། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བདུད་བཞི་འཇོམས་པའི་ཕྱག་བཞི་པོ། །ཞབས་བཞི་ལས་ཀུན་འགྲུབ་བྱེད་པའི། །ལས་ཀུན་མཛད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། །གཉིས་པ་ལ། རྩ་བའི་ལྷ་དང་རྒྱན་ལྷ་མཆོད་པ། འཁོར་རྣམས་མཆོད་པའོ། །དང་པོ་ནི། སྤྱན་དྲངས་པའི་མེ་ལྷ་གཤེགས་སུ་གསོལ་བ་ནི། ཨགྣ་ཡེ། ཛ་ཡ་ཛ་ཡ། གྷ་ཛ་གྷ་ཛ། ས་བྷ་བྷ་མུ། ཡེ་ཤེས་མེ་ལྷ་དམ་ཚིག་པ་ཉིད་ལས། །ཕྱིར་གཤེགས་ཤར་ལྷོ་མཚམས་སུ་རབ་བཞུགས་ནས། །ཞལ་ཚུར་གཟིགས་ཏེ་དཀྱིལ་འཁོར་ལྷ་ཚོགས་རྣམས། །མཆོད་པའི་དཔང་(༥བ)


GLG023_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྟ་བུར་བཞུགས་པར་གྱུར། །དམ་ཚིག་མེ་ལྷའི་ཐུགས་ཀར་གཞལ་ཡས་ཁང་། །བཀོད་ལེགས་རིན་ཅེན་ལས་གྲུབ་སྒོ་བཞི་པ། །ཞེས་པ་ནས། ཕྱག་རྒྱ་གར་མཆོད་ཀྱི་བར་དཀྱུས་བཞིན་བཏང་། དེ་རྗེས་ལིངྒ་བཅུ་བཞི་བསྒྲལ་ཞིང་སྟོབ་པའི་བར་དཀྱུས་ལྟར་བྱ་ཞིང་། འོན་ཀྱང་སྟོབ་པའི་སྔགས་མཇུག་ཏུ། ཨེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། ཆེ་གེ་མོའི་སྲོག་ལ་ཧུར་ཐུམས་ཛཿ ཛྭ་ལ་རཾ་ཤག་རྦད། ཛྭ་ལ་རཾ། ས་ནཱ་ག་དུ་རུ་རཾ། ས་ནཱ་ག་ཨུ་ན་ན། གཟིར་ཕྱུང་། སྲོག་ལ་དུ་རཾ། ཙིཏྟ་བྲེང་ཤག་དུ་རཾཿ ཨེ་རཾ་ས་ནཱ་ག་སྙིང་གཟེར་དུ་རཾཿ ཨི་ནན་འདྲིད་ཕྱུང་༔ ས་ནཱ་གཱ་ཙིཏྟ་ཐུཾ་རིལ་རྦདཿ ཛྭ་ལ་རཾ་མཱ་ར་ཡ་ཕཊ་ཕཊཿ ཅེས་སྦྱར་རོ། །གདོན་བགེགས་དམིགས་བསལ་ཀླུ་ལྟ་བུ་ལ་འདི་བཞིན་དང་། གནོད་བྱེད་སྡེ་བརྒྱད་གཞན་ལའང་མཚོན་ཞིང་། བགེགས་སྤྱིར་བཏང་ལ། ཨེ་མྱགས་༝༝ གནོད་བྱེད་སོགས་ལ་རཾ་ཛ་ལ་རཾ་ཁཱ་ཧི། དགྲ་སྤྱིར་བསྲེག་པ་ལ། ཨྱེ་མྱགས་༝༝ དགྲ་བོའི་སྲོག་ལ་ཁཱ་རཾ་ཛྭ་ལ་རཾ་ཁཱ་ཧི། ཐུན་མོང་ལ། ཨྱེ་མྱགས་༝༝ དགྲ་བགེགས་གནོད་བྱེད་ཀྱི་སྲོག་ལ་ཁཱ་རཾ་ཛྭ་ལ་རཾ་ཁཱ་ཧི། ཞེས་སྐབས་དང་སྦྱོར་རོ། །དམིགས་བསལ་ཡོད་ན། ཨྱེ། ཟིལ་གནོན་རྩ་བ་རྒྱན་གྱི་ལྷ་རྣམས་ཀྱིས། རྣལ་འབྱོར་དཔོན་སློབ་ལྟོས་བཅས་སྦྱིན་པའི་བདག །འཁོར་དང་བཅས་པ་སྡང་ཞིང་གདུག་པ་དང་། །དྲག་ཤུལ་སེམས་འཆང་བསམ་ངན་སྦྱོར་རྩུབ་པའི། །བྱད་མ་དགྲ་བོ་ཆེ་གེ་འདི་ཞེས་པའི། །ཤ་ཟོ་ཁྲག་འཐུང་སྲོག་ཆོད་དབུགས་ལོང་ལ། །ལོ་ཟླ་ཞག་དང་ཟ་མར་མ་ལུས་པར། །ད་ལྟ་ཉིད་དུ་བཞེས་པའི་འཕྲིན་(༦ན)


GLG023_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཛོད། །རྩ་སྔགས་གསང་སྔགས་དང་བཅས་པའི་གཤམ་དུ་ཐལ་མོ་བརྡེབ། དེ་ཡང་བགེགས་དམིགས་ཀྱིས་གསལ་བ་ལ་ལིངྒ་བར་སྣང་ལ་བརྒྱང་སྟེ་སྣུམ་ཁོལ་མར། ཆང་ལ་རྫས་བསྲེགས་པ་རྭ་ཅོའི་ལྡུགས་སྣོད་དང་བཅས་ཏེ་ཧོམ་འབར་བའི་བསྐུལ་ཚིག་ཀྱང་འདི་ཉིད་ཀྱིས་བྱེད་ཅིང་། བྱད་མ་དགྲ་བོ་ཞེས་པ་བགེགས་གང་ཡིན་པ་ལ་འདོན་པ་བསྒྱུར་རོ། །དེ་ནས་སྲེག་རྫས་འབུལ་ཞིང་གཉེར་གཏད་བྱ་བ་ནི། ཨྱེ། ཆོས་དབྱིངས་དྲག་པོ་ཨེ་ཡི་ཕོ་བྲང་ནས། །བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་གསོད་བྱེད་རྒྱལ། །སྲས་མཆོག་དྲེགས་པ་རུས་པའི་ག་རུ་ཌ། ཁྱུང་སྟག་སེང་སྦྲུལ་སྤྲུལ་པ་འཁོར་བཅས་ལ། །ཆོས་ཉིད་གདལ་བ་ཆེན་པོའི་ཧོམ་ཁུང་དུ། །རིག་པ་བྱང་ཆུབ་སེམས་ཀྱི་མེ་སྦར་ནས། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འབུལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །བྱད་ཕུར་གཏད་ཁྲམ་ཟོར་རླུང་ཉེ་འབྱེད་དང་། །འགོམས་ཆོག་བསྐྲད་འཁོར་རིག་སྔགས་གནོད་པ་དང་། །ཆགས་ཆེ་ཉམ་ང་མི་མཐུན་ཕྱོགས་རྣམས་ཀུན། །ཐམས་ཅད་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །དེ་ནས་དགང་བླུག་ཐོག་ལ། རྩ་བ་རྒྱན་ལྷའི་ལྗགས་ནི་རྡོ་རྗེ་ཡི། །ཞེས་སོགས་སྔར་ལྟར་བརྗོད། ཨྱེ་ཀ་ཧེ་དུན་སོགས་རྩ་སྔགས་བདུན་ནམ་ཉེར་གཅིག་གིས་མར་ཁུ་ཕུལ་ཏེ་མེ་གསོ་བ་དང་། སྲེག་རྫས་ཡཾ་ཤིང་ནས་གོས་ཟུང་གི་བར་རྩ་སྔགས་ཀྱི་གཤམ་ལ་སྦྱར་ཏེ་འདོད་གསོལ་དང་བཅས་བརྒྱའམ་ཉེར་གཅིག་སོགས་ལོང་སྐབས་དང་བསྟུན་ནས་སྔར་ལྟར་འབུལ། དེ་ནས་ཚེ་བདག་ནག་པོ་རྩ་བ་རྒྱན་གྱི་ལྷ། །འཁོར་དང་བཅས་ལ་(༦བ)


GLG023_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་རྫས་གནད་ཀྱི་རྫས། །ཚེ་རྫས་གསོད་དང་མྱོས་བྱེད་རྫས་བསྲེགས་པས། །དམིགས་པའི་དགྲ་བགེགས་མྱུར་དུ་བརླག་གྱུར་ཅིག །ཨྱེ་མྱགས་མཇུག་ཏུ་དྲག་སྔགས་སྐབས་སྦྱར་གྱིས་འབུལ། ཨྱེ་ཀ་ཧེ་དུན༝༝ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི། ཞེས་ནང་མཆོད་ཀྱང་དབུལ་ལོ། །གཉིས་པ་ནི། ཡོ་བྱད་རྣམས་སྔར་ལྟར་བཤམས་ལ། ཨྱེ། སྤྲུལ་པ་རྣམ་གསུམ་གཤེད་བཞི་མོན་པ་བཞི། །བདུད་བཞི་འཆི་བདག་བཅུ་གཉིས་བར་ཁྱམས་ལྷ། །སྒོ་བ་བཞི་དང་འོབས་སྲུང་བཅུ་དྲུག་སོགས། །ཕོ་ཉ་བྱེ་བ་ས་ཡར་བཅས་པ་ལ། །ཆོས་ཉིད་གདལ་བ་སོགས་སྔར་ལྟར་བརྗོད། གཏོར་མ་ལྷ་གྲངས་དང་མཉམ་པ་ལོག་འདྲེན་དགྲ་བོ་བསྒྲལ་བའི་ཤ་ཁྲག་ལས། ཞེས་སོགས་དང་ཨྱཻ་རིང་གི་མཐར་གཏོར་སྔགས་དང་བཅས་པས་ཕུལ། ལིངྒ་ལྷ་གྲངས་དང་མཉམ་པ་གོང་བཞིན་བསྒྲལ་ཏེ་ཕུལ། དེ་ནས་དགང་བླུགས་ཐོགས་ལ། ཕྱི་ནང་འཁོར་རྣམས་ལྗགས་ནི་རྡོ་རྗེ་ཡི། །ཞེས་སོགས་བརྗོད། ཨྱེ་རིང་ལ་ཨགྣེ་སྦྱར་བའི་མར་ཁུ་དང་། ཡམ་ཤིང་ནས་གོས་ཟུང་གི་བར་སྔར་བཞིན་ཕུལ། ཨྱེ་མནན་བཤིག་བསད་པའི་ལས་ཀྱི་མཐའ་སྡུད་པའི། །འཆི་བདག་སྲོག་བདག་ཚེ་བདག་མགོ་དགུ་པ། །གཤེད་བཞི་མོན་བདུད་འཆི་བདག་སྒོ་སྲུང་སོགས། །འཁོར་དང་བཅས་ལ་དྲག་རྫས་གནད་ཀྱི་རྫས། །ཞེས་སོགས་དང་། ནང་མཆོད་སྔར་ལྟར་འབུལ། འདོད་དོན་ལ་གསོལ་བ་གདབ་པ་ནི། བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །སྦྱིན་སྲེག་མཆོད་པ་དམ་པ་འདི་ཕུལ་བས། །རྒྱལ་བའི་བསྟན་དར་བླ་མའི་སྐུ་ཚེ་བརྟན། །འགྲོ་རྣམས་བདེ་ཞིང་བདག་ཅག་འཁོར་བཅས་ཀུན། །(༧ན)


GLG023_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་དོན་འགྲུབ་ཅིང་མི་མཐུན་ཕྱོགས་རྣམས་ཞི། །དགྲ་བགེགས་བྱད་མ་རྦོད་འདྲེ་རྦོད་གཏོང་སོགས། །ཐལ་བར་རློག་ལ་བཅོལ་བའི་འཕྲིན་ལས་མཛོད། །གཉིས་པ་མཇུག་གི་ཆོ་ག་ལ། གཏང་རག་མཆོད་བསྟོད་བྱ་ཞིང་། གཤེགས་སུ་གསོལ་བ། མཐར་ལས་མཇུག་མནན་པ་བྱ་བའོ། །དང་པོ་ལ་འཇིག་རྟེན་ལས་འདས་པ་ལ་བྱ་བ་དང་། འཇིག་རྟེན་པའི་མེ་ལྷ་ལ་བྱ་བའོ། །དང་པོ་ནི། ཁྲོ་རྒྱལ་ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །ཞེས་སོགས་དང་། ཨ་ཀ་ཕ་ལ་ཨ་དྷུ་སུ། ཞེས་པ་ནས། ཤཔྟའི་བར་དང་། སྨན་རག་གཏོར་གསུམ་གྱི་སྔགས་རྣམས་འབུལ། །རབ་འབྱམས་དུས་གསུམ་རྒྱལ་བ་མ་ལུས་པའི། །ཞེས་སོགས་ཀྱིས་བསྟོད། ཡི་དམ་ལྷ་མཆོག་ཟིལ་གནོན་འཁོར་བཅས་ཀྱི། །བསྙེན་སྒྲུབ་འཕྲིན་ལས་གཞུང་བཞིན་བགྱིས་པ་ལས། །བདག་ཅག་མ་རིག་ལོག་རྟོག་དབང་སོང་བས། །འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལ། །གཤིན་རྗེ་གཤེད་ཀྱི་ཡི་གེ་བརྒྱ་པ་བརྗོད་དེ་ཉེས་བྱས་བཤགས། །གཤེགས་གསོལ་སྨོན་ལམ་རྣམས་ལས་བྱང་གི་དཀྱུས་བཞིན་བྱའོ། །གཉིས་པ་ནི། དཔང་པོར་བཞུགས་པའི་ཡེ་ཤེས་མེ་ལྷ་ནི། །སླར་ཡང་དམ་ཚིག་པ་ལ་ཐིམ་པར་གྱུར། །དྲང་སྲོང་མེ་ལྷའི་ལྗགས་ནི་རྡོ་རྗེ་ཡི། །ཞེས་སོགས་ནས་གོས་ཟུང་དང་། དྲག་རྫས་འབུལ་བའི་བར་སྔར་བཞིན་དང་། ནང་མཆོད་ཀྱང་འབུལ། མེ་ལྷའི་གཏོར་མ་བདུད་རྩིར་བྱིན་གྱིས་བརླབས་ལ། ཏིང་འཛིན་དབང་གྱུར་ཞལ་ཟས་བདུད་རྩི་ལྔ། །ཞེས་སོགས་སྔགས་དང་བཅས་པས་ཕུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་(༧བ)


GLG023_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་བརྗོད། འཕྲིན་ལས་གསོལ་བ་ནི། དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་ལ། །སྦྱིན་སྲེག་མཆོད་པ་རྣམ་དག་ཕུལ་བ་ཡིས། །སྐུ་གསུང་ཐུགས་ལ་མཉེས་པའི་ཚོགས་གྱུར་ཅིག །དྲག་རྫས་ལྷ་ཡི་རྫས་སུ་རྟོགས་པར་མཛོད། །ཅེས་བརྗོད། དེ་ནས། མཆོད་ཡོན་མེ་ཏོག་སྤོས་དང་མར་མེ་དང་། །ཞེས་པ་ནས། ཤབྡའི་བར་གྱིས་མཆོད། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཞེས་སོགས་ཀྱིས་བསྟོད། གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་སོགས་ཀྱིས་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་དང་། ཨགྣེ་བཛྲ་མུ། མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པ་ཅན་དུ་གྱུར། །ཅེས་བརྗོད་དེ་གཤེགས་གསོལ་བྱ། འདོད་རྒུའི་འབྱུང་གནས་བླ་མ་ཡི་དམ་ལྷ། །ཞེས་སོགས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །གཉིས་པ་ལས་མཇུག་མནན་པ་བྱ་བ་ནི། ཐལ་བ་ལ་ཉ་བོ་བྱ་ཞིང་། མིང་བྱང་སོགས་མན་ངག་ལྟར། གཅོད་པ་ནི་ནམ་མཁའི་འཁོར་ལོ་དང་བཅས་ཏེ་ཕག་ཐོད་དུ་འཇུག་པ་སོགས་ལག་ལེན་ལྟར་བྱས་ལ་སྐམ་གཤེར་གང་ཡང་རུང་བར་སྐབས་དང་སྦྱར་ཏེ་མནན་ཅིང་བྲོ་ཡིས་གཟིར་བ་སོགས་གཞུང་ལྟར་བྱའོ། །ཐབ་ཁུང་བསྡུ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱས་ལ། ཡང་ན་འཁོར་ལོ་གཅིག་ལ་སྦྱིན་སྲེག་བདུན། །བྲམ་ཟེ་ཛྙཱ་ན་ཀིརྟིས་མཛད། །འཁོར་ལོ་རེ་ལ་སྦྱིན་སྲེག་གསུམ། །འདི་ནི་འཇམ་དཔལ་རྫུས་(༨ན)


GLG023_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་གཞུང་། །ཡང་ན་འཁོར་ལོ་གཅིག་ལ་ཡང་། །ཚེས་ནས་ཞག་བདུན་སྦྱིན་སྲེག་བྱ། །བཅུ་གཉིས་སྲེད་མེད་བུ་ཡང་འཇོམས། །དེ་ནི་རྒྱལ་པོ་ཀུན་སྐྱོང་མན་ངག་ཡིན། །ཞེས་སོགས་གསུངས་པ་ལྟར་རོ། །སྨྲས་པ། འཇམ་དཔལ་གཤིན་རྗེའི་ལས་མཐའ་བསྲེག་པའི་གཞུང་། །པད་ལུགས་གཞིར་བཞག་གནུབས་ཀྱི་མན་ངག་གིས། །ལེགས་པར་བརྒྱན་ཏེ་དམ་པའི་ཕྱག་བཞེས་བཞིན། །གཟུར་གནས་སྔགས་འཆང་རྣམས་ཀྱི་དོན་དུ་བཀོད། །དེ་ལྟའི་རྣམ་པར་དཀར་བའི་དགེ་ཚོགས་ཀྱིས། །མར་གྱུར་འགྲོ་འདིའི་དུཿཁའི་ནགས་ཀླུང་རྣམས། །ཡེ་ཤེས་མཆོག་གི་མེ་ལྕེས་རབ་བསྲེགས་ནས། །ཀུན་བཟང་གདོད་མའི་ལམ་དེར་བགྲོད་པར་ཤོག །ཅེས་འཇམ་དཔལ་ཚེ་བདག་ནག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྦྱིན་སྲེག་གི་མཆོད་པས་མཉེས་པར་བྱེད་པའི་ལས་བྱང་དུས་ཀྱི་མེ་ལྕེའི་འཕྲེང་བ་ཞེས་བྱ་བ་འདི་ཡང་དོན་གཉེར་ཅན་དུ་མས་ཉེ་བར་བསྐུལ་ཞིང་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ལག་ལེན་དུ་ཁྱེར་བདེ་བའི་ཕྱིར་དུ་ཟིལ་གནོན་དྲག་རྩལ་རྡོ་རྗེས་དབྱུ་གུ་ཟླ་བའི་དམར་ཕྱོགས་ཀྱི་དམ་ཅན་མངོན་པར་འདུ་བའི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།སརྦ་མངྒ་ལཾ།།

འཇམ་དཔལ་རྫོགས་པ་ཆེན་པོའི་འཕྲིན་ལས་དང་སྨིན་བྱེད་ཀྱི་ཆོག་སྒྲིགས་སྣང་སྟོང་འོད་ལྔའི་རྒྱ་ཅན།


GLG023_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་རྫོགས་པ་ཆེན་པོའི་འཕྲིན་ལས་དང་སྨིན་བྱེད་ཀྱི་ཆོག་སྒྲིགས་སྣང་སྟོང་འོད་ལྔའི་རྒྱ་ཅན་བཞུགས་སོ། །


GLG023_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་གྷོ་ཥ་ས་མནྟ་བྷ་དྲཱ་ཡ། རིགས་བརྒྱའི་ཁྱབ་བདག་འཇམ་མགོན་ཀུན་ཏུ་བཟང་། །བཤེས་གཉེན་གར་གྱིས་རྣམ་རོལ་རྡོ་རྗེ་འཛིན། །བཀའ་དྲིན་མཉམ་མེད་ཆོས་དབྱིངས་རང་གྲོལ་ཞབས། །ཆོས་ཀྱི་འཁོར་ལོའི་པད་མཚོར་རྟག་བཞུགས་ཤིག །ངོ་བོ་ཀ་དག་ལྷ་ལམ་ལུས་ཕྲའི་གདོང་། །རང་བཞིན་ལྷུན་གྲུབ་འཇའ་ཚོན་མིག་དཀྱུས་རིང་། །ཐུགས་རྗེས་སྤྲུལ་པའི་མཛེས་སྡུག་ལང་ཚོ་ཡིས། །ཀུན་བཟང་བདེ་ཆེན་ལ་སྦྱོར་འཇམ་དཔལ་དབྱངས། །གང་དེའི་སྒྱུ་འཕྲུལ་དྲ་བའི་ཡང་སྙིང་བཅུད། །བསྟོད་པ་གླུར་བླངས་ལེའུའི་སྨིན་གྲོལ་ལམ། །གངས་ཅན་བོད་འདིར་སྤེལ་མཛད་པདྨ་འབྱུང་། །དུས་གསུམ་ཀུན་མཁྱེན་སངས་རྒྱས་གཉིས་པར་ངེས། །བཀྲ་ཤིས་དཔལ་གྱི་ཕུག་ནས་ཟབ་གཏེར་སྒོ། །འབྱེད་ཕྱིར་མཚན་ལྡན་གསང་ཡུམ་ཤེ་ས་སྒྲོན། །བསམས་བཞིན་སྤྲུལ་པའི་གར་གྱིས་རྣམ་རོལ་བ། །གསར་བན་ཕྱོགས་མེད་སྙན་པའི་གྲགས་པ་འབར། །ཟབ་གཏེར་ཆོས་འདིའི་བསྟན་པ་རྒྱས་མཛད་པའི། ཁྲི་སྲོང་རྣམ་སྤྲུལ་བཀྲ་ཤིས་སྟོབས་ཀྱི་རྒྱལ། །འཕྲུལ་མེད་བརྒྱུད་པའི་བཀའ་བབས་རིག་སྔགས་འཆང་། །མུ་ཏིག་འཕྲེང་ལྟར་བྱོན་རྣམས་ཕྱག་གི་ཡུལ། །འཇམ་དཔལ་རྫོགས་ཆེན་འཕྲིན་(༢ན)


GLG023_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དབང་ཆོག་གི །སྣང་སྟོང་འོད་ཀྱི་འཇའ་ཚོན་འཁྱིལ་བའི་ལུས། །དུག་ལྔའི་ཚོགས་ལས་གྲོལ་བའི་ཡེ་ཤེས་ཀྱི། །རྒྱ་ཅན་དྲུག་སྐྱེས་གྱེར་སྒོམ་གླུ་འདི་སྒྲོགས། །འཇམ་དཔལ་རྫོགས་ཆེན་ལས་བྱང་སྔོན་འགྲོ་དང་། །དངོས་གཞི་རྗེས་རིམ་གསུམ་གྱི་དང་པོ་ལ། །སྐྱབས་སེམས་གསོལ་འདེབས་རྒྱུད་བཀླག་ཚོགས་ཞིང་དང་། །ཚད་མེད་དངོས་གྲུབ་བགེགས་སྐྲོད་སྒོ་དབྱེ་བ། །བརྡ་ཕྱག་དམ་ཚིག་བྱིན་འབེབས་རིག་རྩལ་མཆོད། །མཆོད་གཏོར་བཤམས་པ་བཅོ་ལྔ་སྔོན་འགྲོའི་ཁྲིགས། །དང་པོ་སྐྱབས་འགྲོ་ནི། ཧཱུཾ། རང་བྱུང་རིག་པ་ཡེ་ཤེས་ཆོས་ཀྱི་སྐུ། །གསལ་དངས་ལོངས་སྐུ་ཆགས་བྲལ་དམ་པའི་ཆོས། །སྣ་ཚོགས་རང་གྲོལ་སྤྲུལ་སྐུ་དགེ་འདུན་ལ། །རང་ཤར་རང་གྲོལ་དོན་དམ་སྐྱབས་སུ་མཆི། །གཉིས་པ་སེམས་བསྐྱེད་པ་ནི། རིག་པ་རང་སར་གསལ་བའི་འོད་པོ་ཆེ། །རང་ཤར་ཀུན་ཁྱབ་བདེ་ཆེན་བརྩེ་བའི་སེམས། །མ་བཅོས་ལྷུན་གྲུབ་གཉུག་མ་དོན་གྱི་ལྷ། །མཆོག་ཏུ་མི་འགྱུར་བདེ་ཆེན་སེམས་བསྐྱེད་དོ། །ཞེས་པའམ་ཡང་ན་ཆོས་རྒྱལ་དབང་པོའི་སྡེའི་ཕྱག་བཞེས་མཚན་བརྗོད་ཀྱི་སྔོན་འགྲོའི་སྐབས་བཞིན་བྱས་ཀྱང་སྐྱབས་སེམས་ལྷན་ཅིག་ཏུ་འཇུག་(༢བ)


GLG023_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདེ་བ་འདི་ལྟར། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆི། །ཡེ་ཤེས་ལྷ་དང་དམ་ཚིག་ལྷ་ལ་སྐྱབས་སུ་མཆི། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་སྐྱབས་སུ་མཆི། །བདག་དང་དྲིན་ཅན་ཕ་མས་གཙོ་བྱས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ཉིད་ལ་དེར་ཤེས་ཀྱི། །བྱང་ཆུབ་མཆོག་ཏུ་རྒྱ་ཆེན་སེམས་ནི་བསྐྱེད་པར་བྱ། །གསུམ་པ་འཇམ་དཔལ་བརྒྱུད་འདེབས་ནི། ཆོས་སྐུ་འདུས་པ་ཀུན་ཏུ་བཟང་པོ་དང་། །ལོངས་སྐུ་འདུས་པ་འཇམ་དཔལ་རིགས་ལྔ་དང་། །སྤྲུལ་སྐུ་འདུས་པ་ཤཱཀྱ་ཐུབ་པ་སོགས། །སྐུ་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་དང་། །པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་དང་། །དེ་བཞིན་མཁའ་འགྲོ་ཨོ་རྒྱན་མཁའ་འགྲོ་སོགས། །མ་ལུས་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དང་རྡོ་རྗེ་འཆང་ཆེན་པོ། །འཇམ་དཔལ་བཤེས་གཉེན་ཤྲཱི་སིངྷ་དང་། །རང་བྱུང་ཆེན་པོ་པདྨ་འབྱུང་གནས་ཞབས། །རིགས་འཛིན་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། ཁྲི་སྲོང་ལྡེ་བཙན་འཇམ་མགོན་སྤྲུལ་པའི་སྐུ། །ཤེ་ས་སྒྲོན་གཅིག་མཚན་ལྡན་གསང་བའི་ཡུམ། །གཏེར་སྟོན་ཆེན་པོ་གསར་བན་ཕྱོགས་མེད་སོགས། །སྤྲུལ་པའི་སྐུ་མཆོག་རྣམས་ལ་གསོལ་བ་འདེབས། །ལུང་ཟིན་གསར་བན་ཉི་མའི་སྙིང་པོ་དང་། །སྔགས་འཆང་དབང་དར་འགར་སྟོན་རིན་ཆེན་འབུམ། །རི་བ་སངས་རྒྱས་བྱམས་པ་དཔལ་ལ་སོགས། །བརྒྱུད་འཛིན་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱལ་བན་བླ་མ་རྦ་སྟོན་དཔལ་བ་དང་། །རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན། །རྡོ་རྗེ་མགོན་པོ་ངག་དབང་གྲགས་པ་སོགས། །(༣ན)


GLG023_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བབས་བླ་མ་རྣམས་ལ་གསོལ་བ་འདེབས། །སངས་རྒྱས་དཔལ་བཟང་ཐུགས་སྲས་ནམ་མཁའི་མཚན། །དཔལ་ལྡན་བློ་གྲོས་དྲན་མཆོག་ཆོས་ཀྱི་རྗེ། །ཡོངས་འཛིན་དམ་པས་རྗེས་བཟུང་དབང་པོའི་སྡེ། །རིགས་འཛིན་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱལ་དབང་པདྨའི་གདུང་གསོབ་ངག་གི་དབང་། །ཀློང་ཆེན་རབ་འབྱམས་གསུམ་པ་ཤ་གཟུག་པ། །ཟབ་དོན་གཏེར་མཛོད་ཀརྨ་གསང་སྔགས་རྗེ། །མཁས་གྲུབ་བླ་མ་རྣམས་ལ་བ་འདེབས། །གནུབས་ཆེན་ཡང་སྲིད་འཕྲིན་ལས་ལྷུན་གྲུབ་ཞབས། །རིགས་བརྒྱའི་ཁྱབ་བདག་ཆོས་དབྱིངས་རང་གྲོལ་རྗེ། །འཇམ་མགོན་དགྱེས་པའི་ཟ་ཧོར་བཞད་པ་རྩལ། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །སྟག་ཚང་བཀྲ་ཤིས་དཔལ་ཕུག་གཡུ་ཕྲའི་གནས། །བདུད་རྩིའི་ཚུལ་དུ་རྒྱས་བཏབ་གསང་བའི་གཏེར། །རྡོ་རྗེ་བྲག་སྐྱེས་སྐྱིན་མཐིང་ཤྭ་ཎ་མ། །གནས་ཆོས་སྲུང་མར་བཅས་ལ་གསོལ་བ་འདེབས། །འཇམ་དཔལ་རིགས་ལྔ་ཞི་ཁྲོའི་དཀྱིལ་འཁོར་དུ། །རྨད་བྱུང་རྫས་ཀྱི་རྟེན་འབྲེལ་ལ་བརྟེན་ནས། །རིག་རྩལ་དབང་བཞི་ཡེ་ཤེས་ཐོབ་པ་དང་། །ངོ་འཕྲོད་དོན་གྱི་སྙིང་པོ་རྟོགས་པར་ཤོག །བདེ་གཤེགས་ཀུན་འདུས་རང་བྱུང་ཡེ་ཤེས་སྐུ། །གསལ་སྟོང་དབྱེར་མེད་བསྐྱེད་པའི་རིམ་པ་ཡིས། །ཐ་མལ་ལུས་ཀྱི་སྣང་ཞེན་ཡོངས་གྲོལ་ནས། །གཞི་ལུས་འོད་ཕུང་ཆེན་པོར་མངོན་འགྱུར་ཤོག །སྒྱུ་འཕྲུལ་དྲ་བའི་བཅུད་ཕྱུང་གླུ་བླངས་རྒྱུད། །བརྗོད་ཚུལ་བཞི་དང་ཡང་སྙིང་སྙིང་པོའི་དོན། །སྐྱེ་མེད་ཨ་ཡི་རང་སྒྲ་ཡོངས་བསྒྲགས་ནས། །མཐར་ཐུག་འབྲས་བུ་སྐུ་བཞི་ཐོབ་པར་ཤོག །རྡོ་རྗེ་ཐུགས་ཀྱི་བཟླས་པས་ལམ་སྦྱངས་ནས། །རྩ་ལ་ངོ་སྤྲད་རླུང་ལ་བདེ་བ་སྦྱར། །ཐིག་ལེ་ཆོས་ཀྱི་སྐུ་རུ་ལ་ཟླ་བའི། །ཟག་མེད་(༣བ)


GLG023_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བཞིའི་ཡེ་ཤེས་རྟོགས་པར་ཤོག །མཐའ་གཉིས་ལས་གྲོལ་རང་རིག་ཆེན་པོའི་དོན། །སྒོམ་མེད་སྒོམ་སོགས་དབང་པོའི་རིམ་པ་ཡིས། ཁྲེག་ཆོད་ཐོད་རྒལ་ཡེ་ཤེས་ཟང་ཐལ་སོགས། །ཚུལ་བཞིན་ལམ་དུ་ལོངས་པར་བྱིན་གྱིས་རློབས། །སྔོན་དུས་རྒྱལ་བའི་སྨོན་ལམ་རྣམ་དག་མཐུས། །ཕྱོགས་བཅུའི་ཞིང་ཁམས་རྡུལ་སྙེད་རབ་འབྱམས་ཀྱི། །འགྲོ་ཀུན་སྲིད་པའི་འཆིང་བ་ལས་གྲོལ་ནས། །ཀུན་བཟང་གདོད་མའི་གོ་འཕང་མྱུར་ཐོབ་ཤོག །བཞི་པ་རྒྱུད་བཀླག་པ་ནི། ཨཱོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཕྱི་ནང་སྣོད་བཅུད་སྟོང་པ་ཉིད་གྱུར་དེ་ཡི་ངང་། །ཨོཾ་ཝཱ་གཱི་ཤྭ་རི་མུཾ་ཞེས་བརྗོད་པའི་མཐུས། །གཉིས་སུ་མེད་དང་གཉིས་མེད་ལ་གནས་སྐད་ཅིག་གིས། །དྲི་མེད་པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་བཙོ་མའི་མདོག །ཕྱག་གཡས་རལ་གྲི་ཨུཏྤ་ལ་གནས་པོ་ཏི་གཡོན། །རིན་ཆེན་རྒྱན་རྫོགས་སྐུ་སྨད་དར་གྱི་འཁོར་གསུམ་ཁེབས། །ཐུགས་ཀའི་ཧཱུཾ་གི་འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །འཕགས་པ་མཆོད་དང་སེམས་ཅན་ཀུན་གྱི་དོན་བྱེད་གྱུར། །བདག་གི་མདུན་དུ་རྩ་བ་སྲ་བརྟན་དཔག་བསམ་ཤིང་། །ཡལ་ག་ལོ་མ་མེ་ཏོག་འབྲས་བུ་ཕུན་ཚོགས་པ། །གཏེར་ཆེན་བུམ་པས་ཀུན་ནས་ཡོངས་གཟུངས་མཆོད་པའི་སྤྲིན། །དེ་ཡི་དཀྱིལ་སྟོད་སྟོན་པ་བཅོམ་ལྡན་ཤཱཀྱ་ཐུབ། །གཡས་གཡོན་བྱང་སེམས་འཇམ་པའི་དཔལ་དང་སྤྱན་རས་གཟིགས། །རྒྱབ་ཏུ་ཉན་ཐོས་དང་ནི་རང་སངས་རྒྱས་ཀྱི་ཚོགས། །གུས་པས་ལུས་བཏུད་མཐུ་ལྡན་ཕྱག་ན་རྡོ་རྗེ་མདུན། །སྟེང་ཕྱོགས་ཤིང་གི་རྩེ་མོར་དེ་བཞིན་གཤེགས་མང་པོ། །གཞན་ཡང་ཡལ་ག་ལ་ནི་ལྷ་ཡི་བུ་བུ་མོ། །མང་པོས་བསྐོར་ཞིང་མེ་ཏོག་ལ་སོགས་མཆོད་པ་འབུལ། །གཙོ་བོས་(༤ན)


GLG023_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གསུང་ཇི་ལྟར་སྟོན་པས་སྒྲ་ཆེན་སྒྲོག །དགའ་མགུའི་ཚུལ་གྱིས་འཁོར་རྣམས་རྗེས་སུ་ཡི་རང་འདུད། །སྟེང་འོག་རྐན་གཉིས་རྔ་བོ་ཆེ་ལས་རྒྱུད་ཚིག་རྣམས། །ལྕེ་ཡི་དབྱུ་གུས་བསྐུལ་ཞིང་ཆོས་སྒྲས་ཡོངས་གང་གྱུར། །གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཞེས་སོགས་དང་། རྒྱ་གར་སྐད་དུ། ཨཱཪྱ་མཉྫུ་ཤྲཱི། ཞེས་སོགས་མཚན་བརྗོད་རྒྱས་བསྡུས་གང་རུང་སོང་རྗེས། སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པས་གནས་རི་བོ་བྱ་རྐང་གི་གནས་སུ་འཇམ་དཔལ་གྱི་ཆོས་འདི་བཀའ་སྩལ་བས། སྐུ་ལས་འོད་ཟེར་བྱེ་བ་འབུམ་ཕྲག་མང་པོ་བཀྱེ། །འོད་ཟེར་རེ་རེའི་རྩེ་ལ་པདྨ་རེ། པདྨ་རེ་ལ་སྤྲུལ་པའི་སྐུ་རེ་བྱོན་ནས་ཕྱོགས་བཅུ་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་གྲོལ་བར་མཛད་པ་དེ་བཞིན་དུ། སངས་རྒྱས་ཀྱི་ཞིང་ཁམས་འདིར་བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། འཇམ་དཔལ་གྱི་ཆོས་འདི་བཤད་པས། ཕྱོགས་བཅུ་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད། སྐྱེ་མེད་ཡེ་ཤེས་ཀྱི་སྐུ་ཐོབ་པར་གྱུར་ཅིག །འཛིན་མེད་རང་སྣང་དུ་གྲོལ་བར་གྱུར་ཅིག །གང་ཚེ་བལྟ་བར་འདོད་པའམ། །ཞེས་སོགས་ཤློ་ཀ་ཅི་རིགས་པ་བརྗོད་པར་བྱའོ། །ལྔ་པ་ཚོགས་གསོག་པ་ནི། སྣང་སེམས་གཉིས་སུ་མེད་པ་ལ། །སྒྱུ་མ་ལྟ་བུར་སྤྱན་འདྲེན་གཤེགས། །འཕོ་དང་འགྱུར་བ་མེད་མོད་ཀྱང་། །ལྷུན་གྲུབ་ངོ་ཤེས་ཚུལ་གྱིས་བཞུགས། །ཡུལ་དང་ཤེས་པ་གཉིས་མེད་ཀྱང་། རྟོག་འཛིན་དག་ཕྱིར་ཕྱག་འཚལ་ལོ། །ལོངས་སྤྱོད་རོལ་པ་མི་དམིགས་ཀྱང་། །ནམ་མཁའི་མཛོད་ལྟར་མཆོད་པ་འབུལ། །གཤིས་ལ་སྡིག་སྒྲིབ་མེད་མོད་ཀྱང་། །གློ་བུར་དྲི་མ་བཤགས་པར་བགྱི། །རང་རིག་དུས་གསུམ་འགྱུར་མེད་ཀྱང་། །རང་རྩལ་སྣང་ལ་རྗེས་ཡི་རང་། །རྟག་ཏུ་(༤བ)


GLG023_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་ལྟར་བཞུགས་ཀྱང་། །རིག་རྩལ་ཆོས་འཁོར་སྐོར་དུ་གསོལ། །ཇི་ལྟར་སྣང་ཡང་ཆོས་ཀྱི་སྐུ། །སྐྱེ་འཆི་མེད་པར་གསོལ་བ་འདེབས། །འཁོར་གསུམ་དམིགས་པ་མེད་པ་ཡི། །དོན་དམ་འགྱུར་མེད་ཀློང་དུ་བསྔོ། །རྣམ་ཤེས་འཁོར་བ་གདོད་མེད་ཀྱང་། །ཡེ་ཤེས་རྟག་རྒྱུན་སྨིན་བྱས་ཤོག །དྲུག་པ་ཚད་མེད་ཡེ་ཤེས་ཀྱི་ཚོགས་ནི། སྐལ་ལྡན་སྙིང་གི་ཐིག་ལེ་ལས། །འོད་ཟེར་དཀར་པོས་སྟོང་གསུམ་ཁྱབ། །འགྲོ་ཀུན་ཕ་མར་ཤེས་པ་ལ། །འོད་ཀྱིས་ཐམས་ཅད་སྨིན་བྱས་པས། །སྣང་ལ་རང་བཞིན་མེད་པ་ཡི། །བྱམས་ཆེན་མེ་ལོང་ཡེ་ཤེས་སུ། །ཡེ་ནས་ཡིན་པའི་དོན་ལ་བལྟ། །འོད་ཟེར་སེར་པོས་ཀུན་ཏུ་ཁྱབ། །སྡུག་བསྔལ་གྱུར་པའི་སེམས་ཅན་ལ། ཁྱབ་པའི་སྙིང་རྗེ་མཉམ་ཉིད་གསལ། །དམར་འཇམ་འོད་ཀྱིས་ཁྱབ་ཅིང་བརྡལ། །ཀུན་ཁྱབ་བདེ་བ་ཆེན་པོ་ཡི། །དགའ་བ་ཀུན་རྟོག་ཡེ་ཤེས་གསལ། །ལྗང་གསལ་འོད་ཀྱིས་ཁྱབ་བྱས་པས། །ཆོས་སྐུ་ཡེ་ཤེས་ཆགས་སྡང་བྲལ། །བཏང་སྙོམས་བྱ་གྲུབ་ཡེ་ཤེས་བསྒོམ། །བདུན་པ་དངོས་གྲུབ་བླང་བ་ནི། །སྤྲོས་བྲལ་དོན་གསལ་བདེ་ཆེན་ཆོས་ཀྱི་སྐུ། །ཀུན་ཁྱབ་འོད་གསལ་རང་བྱུང་རིག་པའི་ལྷ། །དྲན་རྟོགས་བླ་མ་པདྨ་བདེ་ཆེན་རྩལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ཨཱོཾ་ཨཱཿཧཱུཾ་ཧྲཱིཿཨ་བྷི་ཥིཉྩ་ཧཱུཾ། བརྒྱད་པ་བགེགས་བསྐྲད་པ་ནི། ཧཱུཾ། ལྷུན་གྱིས་གྲུབ་པའི་རིག་པ་ལ། །ལྷ་དང་འདྲེ་བགེགས་མིང་ཙམ་མེད། །ཀུན་ཏུ་གསལ་བའི་ཡེ་ཤེས་ཀྱི། །འོད་ཀྱི་མ་རིག་མུན་པ་བཅོམ། །བཀའ་ནི་ཀུན་བཟང་དོན་གྱི་བཀའ། །ལོག་རྟོག་འཁྲུལ་བ་ཕྱིར་དེངས་ཤིག །ཧཱུཾ་ཧཱུཾ་ཕཊ་ཕཊ། རང་གཏེར་ལས། ཧཱུཾ་འཇམ་དཔལ་དཔལ་དང་ལྡན་པའི་མཆོག །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །བགེགས་(༥ན)


GLG023_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་མིང་ཡང་མེད། །བཟླས་པའི་སྔགས་རིང་ཐུང་གཉིས་བརྗོད། །ཆོས་ཀུན་ཀ་ནས་ཡང་དག་པའི། །བརྗོད་དུ་མེད་པའི་སྲུང་འཁོར་ལ། །དགྲ་དང་བགེགས་ཀྱི་མིང་ཡང་མེད། །གསལ་སྟོང་འཛིན་མེད་དབྱིངས་སུ་རྒྱ། །ཧཱུཾ། འཁོར་བ་མིང་ཙམ་མེད་པས་ན། །མྱ་ངན་འདས་པས་ཀུན་ཏུ་ཁྱབ། །ཡེ་ཤེས་ཀུན་ཁྱབ་ཞིང་ཁམས་སུ། །འཁྲུལ་རྟོག་བག་ཆགས་བསྲུང་མཚམས་བཅད། །བཛྲ་རཀྵ་རཀྵ་ཧཱུཾ། དགུ་པ་བརྡ་སྒོ་དབྱེ་བ་ནི། །ཧཱུཾ། ཀུན་སྣང་ཡེ་ཤེས་ཞིང་ཁམས་ལ། །འཁྲུལ་རྟོག་སྒོ་བཅད་ཀུན་ཏུ་བྲལ། །རང་ཤར་རང་ངོ་ཤེས་པ་ཡི། །ཀློང་ཡངས་ཞིང་ཁམས་སྒོ་ཕྱེའོ། །བྷྲཱུཾ་པྲ་བེ་ཤ་ཡ་ཕཊ། བཅུ་པ་བརྡ་ཕྱག་འཚལ་བ་ནི། ཟང་ཐལ་ཀུན་བཟང་ཡེ་ཤེས་ཆེ། །ཐིག་ལེ་ཀུན་ཁྱབ་ཀུན་ཏུ་སྣང་། །རྟག་ཆད་བྲལ་བའི་དོན་གྱི་མཆོག །རང་ངོ་ཤེས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཨ་ལ་ལ་ཧོ། །བཅུ་གཅིག་པ་དམ་བཅའ་ནི། ཧཱུཾ། འཆར་དང་ནུབ་པ་མེད་པ་ལ། །སྤང་བླང་བྱས་པས་གོལ་སར་ལྷུང་། །རེ་དོགས་བྲལ་བའི་བྱང་ཆུབ་སེམས། །སྲོག་གི་ཐིག་ལེ་བཟུང་བར་བགྱིའོ། །ཧཱུཾ་བཛྲ་ཙིཏྟ་ཧཱུཾ། བཅུ་གཉིས་པ་བྱིན་འབེབས་པ་ནི། ཧཱུཾ། གདོད་ནས་ལྷུན་གྲུབ་སྐུ་གསུང་ཐུགས། །བྱིན་རླབས་ཡེ་ཤེས་རྨད་པོ་ཆེ། །སྤྲོ་བསྡུ་མེད་པའི་ངང་ཉིད་ནས། །ལྷམ་མེ་ལྷན་ནེར་བྱིན་ཆེན་ཕོབ། །ས་མ་ཡ་ཨ་བྷི་ཤ་ཡ་ཨ་ཨ་ཨ། བཅུ་གསུམ་པ་རིག་རྩལ་གྱི་མཆོད་པ་ནི། ཧཱུཾ། སྣང་དུ་རུང་བའི་ཆོས་རྣམས་ཀུན། །ཡོན་ཏན་ལོངས་སྤྱོད་རོལ་པར་ཤར། །སྤྲོ་བསྡུ་བྲལ་བའི་ཡེ་ཤེས་ཆེ། །ཆོས་ཉིད་མངོན་སུམ་མཆོད་པར་བགྱི། །སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུཾ་སྭཱཧཱ། བཅུ་བཞི་པ་མཆོད་གཏོར་བརླབ་པ་ནི། ཧཱུཾ། གདོད་ནས་(༥བ)


GLG023_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཅིང་དྲི་མ་མེད། །སྦྱང་དང་སྤེལ་དུ་མེད་མོད་ཀྱང་། །རང་ངོ་ཤེས་པའི་ཡིད་ཆེས་ཀྱིས། །མངོན་སུམ་ཐིག་ལེར་རང་བྱིན་བརླབ། །ཨཱོཾ་པཉྩ་བ་ལིནྟ་རཀྟ་ག་ཎ་ཙཀྲ་བོ་དྷི་ཙིཏྟ་སརྦ་པཱུ་ཛ་ཨཱཿཧཱུཾ། བཅོ་ལྔ་པ་ཀློང་བཤགས་ནི། ཧཱུཾ། གློ་བུར་ཤར་བ་རིག་པའི་རྩལ། །ཐམས་ཅད་ངོ་བོ་ཉིད་ཀྱི་ངང་། །སྐྱེ་འགག་གཉིས་སུ་མེད་པའི་ཕྱིར། །རྟག་ཆད་མཐར་འཛིན་མཐོལ་ཞིང་བཤགས། །ཡིག་བརྒྱའི་མཇུག་ཏུ། ན་རཀ །བྲེ་ཏ་ཀ །ཏིཪྻ་ཀ །ནེ་བེ་ཤ །དེ་ཝ་ཨ་ལི་བི་ཤུདྡྷེ་དཀྴ་ཀ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱཧཱ། གཉིས་པ་དངོས་གཞིར་ལྷ་དབང་གོང་དྲང་བཞུགས། །ཕྱག་གར་གླུ་གྲོ་ཕྱི་ནང་དུག་ལྔ་གསུམ། །སྨན་གཏོར་རཀྟ་གསང་ནན་སྦྱོར་སྒྲོལ་བསྟོད། །བཤགས་འཛབ་རྫོགས་རིམ་དངོས་གཞི་ཉེར་གཉིས་ཁྲིགས། །དང་པོ་ལྷ་བསྐྱེད་པ་ནི། །རང་སེམས་ཀ་ནས་དག་པའི་མཁའ་དབྱིངས་ལས། །ལྷུན་གྲུབ་འོད་ལྔའི་རང་གདངས་འགག་མེད་དུ། །ཆུ་ལས་ཆུ་ལྦུར་རྡོལ་བ་ལྟ་བུའི་ཚུལ། །འཇའ་ཚོན་འོད་ལྔར་ཤར་བའི་གུར་ཁྱིམ་ནང་། །དབུས་སུ་སེང་ཁྲི་པད་ཟླའི་གདན་སྟེང་དུ། །བདག་ཉིད་རྣམ་སྣང་མཐིང་ཁ་ཞལ་གཅིག་པ། །ཕྱག་གཉིས་འཁོར་ལོ་འཛིན་ཅིང་ཡུམ་ལ་འཁྲིལ། །རིན་ཆེན་པྲོག་ཞུ་སྙན་མགུལ་མཛེས་བྱེད་རྒྱན། །ཕྱག་ཞབས་གདུ་བུ་འོག་པག་ལེགས་པར་སྦུད། །ལྷ་རྫས་དར་གྱི་སྟོད་གཡོགས་ཤམ་ཐབས་ཀླུབས། འཇའ་ལུས་དངས་གསལ་མཚན་དཔེའི་སྐུ་རུ་ཤར། །ཐུགས་ཀར་རཏྣ་རྒྱས་པའི་ལྟེ་བ་ལ། །ཐབས་ཤེས་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །ཡེ་ཤེས་སེམས་དཔའ་འཕགས་མཆོག་འཇམ་པའི་དབྱངས། །སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་བཞི་པ། །ཡིད་འོང་ལྟ་ན་སྡུག་པ་ཞི་ཞིང་འཛུམ། །མཐོན་མཐིང་དབུ་སྐྲ་རལ་པའི་ཟུར་ཕུད་ཅན། །རྩ་(༦ན)


GLG023_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱག་གཉིས་ཆོས་འཁོར་ཕྱག་རྒྱར་བཅས། །ཨུཏྤ་ལ་ཡི་ཡུ་བ་ནས་འཛིན་པའི། །འདབ་མ་གཡས་གཡོན་སྙན་གྱི་ཐད་ཀ་ན། །རྒྱས་པས་ཤེས་རབ་རལ་གྲི་གླེགས་བམ་བཏེག །ལྷག་མའི་ཕྱག་གིས་ཐབས་དང་ཤེས་རབ་གཉིས། །ཟུང་དུ་འཇུག་པ་མཚོན་ཕྱིར་མདའ་གཞུ་འགེང་། །ལོངས་སྐུའི་ཆ་བྱད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཤར་གྱི་འདབ་མར་གླང་ཆེན་གྱིས་བཏེག་ཁྲིར། །པད་ཟླའི་གནད་ལ་རྡོ་རྗེ་སེམས་པ་དཀར། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་འཛིན་པ་ཡིས། །ཡུམ་དང་མཉམ་སྦྱོར་ལོངས་སྐུའི་ཆ་བྱད་ཅན། །ལྷོ་ཡི་འདབ་མར་རྟ་མཆོག་གིས་བཏེག་ཁྲིར། །པད་ཟླའི་གདན་ལ་རིན་ཆེན་འབྱུང་ལྡན་སེང་། །ཞལ་གཅིག་ཕྱག་གཉིས་རིན་ཆེན་འཛིན་པ་ཡིས། །ཡུམ་དང་མཉམ་སྦྱོར་ལོངས་སྐུའི་ཆ་བྱད་ཅན། །ནུབ་ཀྱི་འདབ་མར་རྨ་བྱས་བཏེག་པའི་ཁྲིར། །པད་ཟླའི་གདན་ལ་འོད་དཔག་མེད་པ་དམར། །ཞལ་གཅིག་ཕྱག་གཉིས་པདྨ་འཛིན་པ་ཡིས། །ཡུམ་དང་མཉམ་སྦྱོར་ལོངས་སྐུའི་ཆ་བྱད་ཅན། །བྱང་གི་འདབ་མར་མཁའ་ལྡིང་གིས་བཏེག་ཁྲིར། །པད་ཟླའི་གདན་ལ་དོན་ཡོད་གྲུབ་པ་ལྗང་། །ཞལ་གཅིག་ཕྱག་གཉིས་རྒྱ་གྲམ་འཛིན་པ་ཡིས། །ཡུམ་དང་མཉམ་སྦྱོར་ལོངས་སྐུའི་ཆ་བྱད་ཅན། །ལྔ་གའང་གཡོན་པ་རང་རྟགས་ཡུ་བ་ཡི། །དྲིལ་བུ་འཛིན་ཅིང་སྤྱན་མ་མ་མ་ཀི །རིན་ཆེན་སྒྲོལ་མ་གོས་དཀར་དམ་ཚིག་སྒྲོལ། །མགུལ་ནས་འཁྱུད་ཅིང་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཡུམ་རྣམས་ཕྱག་མཚན་ཆ་ལུགས་གཙོ་དང་མཚུངས། །མཉེན་ལྕུག་རྐེད་ཕྲ་ནུ་མ་མངོན་པར་རྒྱས། །ཞབས་གཉིས་པདྨའི་སྐྱིལ་ཀྲུང་ཡབ་ལ་འཁྲིལ། །བདེ་སྟོང་ཟུང་འཇུག་དག་པའི་ལྷ་སྐུར་ཤར། །གཉིས་པ་དབང་བསྐུར་ནི། ཧཱུཾ། ཡེ་ཤེས་ལྔ་ལྡན་རང་རིག་སྐུ་གསུང་ཐུགས། །སྣང་སྲིད་དབང་སྒྱུར་འཁོར་བ་རྣམ་པར་དག །(༦བ)


GLG023_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་རྟོག་པའི་དྲི་མ་སྦྱང་བའི་ཕྱིར། །རང་བྱུང་ཡེ་ཤེས་རང་དབང་ཐོབ་པར་ཤོག །ཨཱོཾ་ཧཱུཾ་སྭཱ་ཨཾ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གསུམ་པ་གོ་ཆ་གདབ་པ་ནི། ཧཱུཾ། ང་ནི་ཡེ་ནས་རྡོ་རྗེ་འཆང་། །སྐུ་གསུང་ཐུགས་དང་མཉམ་པར་སྦྱོར། །སྒྲ་འོད་ཟེར་གྱི་ཆོ་འཕྲུལ་གྱིས། །བྱིན་རླབས་གོ་ཆ་ཆེན་པོ་གསོ། །ཨཱོཾ་ཨཱཿཧཱུཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧྲཱིཿ བཞི་པ་ཡེ་ཤེས་པ་སྤྱན་དྲང་བ་ནི། ཧཱུཾ། ཀུན་བཟང་ཀུན་ཏུ་ཁྱབ་པའི་ལྷ། །ཀུན་མཁྱེན་ཀུན་རིག་ཀུན་ཏུ་བཟང་། །ཀུན་གསལ་འཇམ་དཔལ་རིགས་ལྔའི་གཙོ། །རང་རྩལ་རྫོགས་ཕྱིར་སྤྱན་འདྲེན་གཤེགས། །བཛྲ་ས་མ་ཡ་ཛཿཛཿ ལྔ་པ་བཞུགས་སུ་གསོལ་བ་ནི། ཧཱུཾ། མངོན་སུམ་འཕོ་འགྱུར་འདུ་འབྲལ་མེད། །ཉམས་སྣང་གོང་དུ་འཕེལ་བའི་ཕྱིར། །རིག་པ་རང་གསལ་དངས་མ་ལྔ། །ཆོས་ཉིད་ཟད་མཐར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། །དྲུག་པ་ཕྱག་འཚལ་བ་ནི། ཧཱུཾ། རང་དང་གཉིས་མེད་ཡེ་ཤེས་ལ། །འདུ་དང་འབྲལ་བ་ཡེ་ནས་མེད། །རང་རིག་ཐིག་ལེ་ཆེན་པོ་དང་། །ཙིཏྟ་འོད་ཀྱི་གཞལ་ཡས་སུ། །རང་ཞལ་མཇལ་ལ་རྟག་ཕྱག་འཚལ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ན་མོ་པུ་རུ་ཤ །ཨ་ལ་ལ་ཧོཿ བདུན་པ་ཕྱག་རྒྱ་གར་མཆོད་ནི། ཧཱུཾ། ཀུན་ཁྱབ་ནམ་མཁའི་དཀྱིལ་འཁོར་དུ། །ཐིག་ལེ་སྟོང་སྒྲོན་ཡངས་པ་ལ། །རིག་པ་སྟོང་སྒྲོན་ལུ་གུ་རྒྱུད། །སྐུ་དང་ཐིག་ལེ་མཆོད་པར་འབུལ། །མཧཱ་མུ་དྲ་པཱུ་ཛ་ཧོཿ བརྒྱད་པ་གླུ་བྲོ་ནི། ཧཱུཾ། སེམས་ཅན་ཀུན་གྱི་སྙིང་ལ་གནས། །དགའ་བཞི་ཡེ་ཤེས་བཞི་དང་ལྡན། །ཆོས་དབྱིངས་ནཱ་ད་གཞོམ་མེད་སྒྲ། །འདུ་འབྲལ་མེད་པའི་མཆོད་པ་འབུལ། །མ་ཧཱ་ཛྙཱ་ན་ཏེ་ན་ཧཱུཾ་ཏེ་ན་ཏེ་ཏེ་ཧཱུཾ། དགུ་པ་ཕྱི་མཆོད་ནི། རང་གཏེར་ལས། ཧཱུཾ། བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །སྐུ་གསུམ་མཁའ་འགྲོ་རིགས་འཛིན་རྣམས་(༧ན)


GLG023_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨཱོཾ་ཨཱཿཧཱུཾ། ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་ཤཔྟའི་བར་སྦྱར་ཏེ་དབུལ། ཧཱུཾ། སྙིང་ནང་སྒྲོན་མ་འོད་དུ་འཁྱིལ། །རང་བྱུང་འོད་ཀྱིས་ཕྱི་ནང་ཁྱབ། །མཁའ་གསལ་རྡོ་རྗེ་འོད་ཕུང་ཅན། །སྣང་བཞི་རྒྱས་པའི་མཆོད་པ་འབུལ། །ཨཱོཾ་པ་ན་པེཾ། པེ་ནུ་སུ་ར་ཏོ། ཏི་པུ་བ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་ཧོ། ཨཱོཾ་ཤྲཱི་བཛྲ་ར་ག་པུཥྤེ་པུ། དྷཱུ་པེ་དྷཱུ། ཨཱ་ལོ་ཀེ་ཨཱ། གནྡྷེ་གན། ནཻཝི་དྱེ་ནཻ། ཤཔྟ་ཨ། བཅུ་པ་ནང་གི་མཆོད་པ་ནི། ཧཱུཾ། རྩ་ཁམས་རླུང་གི་དངས་མ་རྒྱས་པ་ལས། །ཡེ་ཤེས་ཆེན་པོ་མཆོག་གི་ཐིག་ལེར་གསལ། །གཟུགས་སྒྲ་དྲི་རོ་རེག་བྱ་འོད་ཕུང་འཁྱིལ། །ཀུན་ཏུ་བཟང་པོ་རོལ་པའི་མཆོད་པ་བཞེས། །རཱུ་པ་ཤཔྟ་གནྡྷེ་ར་ས་སྤརྴ་སརྦ་པཱུ་ཛ་ཧོཿབཅུ་གཅིག་པ་དུག་ལྔ་རྣམ་དག་གི་མཆོད་པ་ནི། ཧཱུཾ། གཏི་མུག་འོད་དཀར་ང་རྒྱལ་སེར་པོའི་འོད། །འདོད་ཆགས་དམར་པོ་ཕྲག་དོག་ལྗང་གུར་གསལ། །མཐིང་གསལ་དངས་མ་ཆོས་དབྱིངས་ཡེ་ཤེས་དང་། །དུག་ལྔ་རང་གྲོལ་ཐིག་ལེ་མཆོད་པ་འབུལ། །ཧ་ལ་པཉྩ་པཱུ་ཛ་ཧོཿ བཅུ་གཉིས་པ་དུག་གསུམ་རྣམ་དག་གི་མཆོད་པ་ནི། ཧཱུཾ། སྣང་བ་འོད་ཀྱི་དཀྱིལ་འཁོར་སྐུ། །སྒྲར་གྲག་སྔགས་ཀྱི་ང་རོ་ཅན། །ཐུགས་སྲོག་གཟེར་གྱི་འཕྲོ་འདུ་གསལ། །དུག་གསུམ་དག་པའི་མཆོད་པ་བཞེས། །མ་ཧཱ་མཾ་ས་རཀྟཀེཾ་ནྲྀ་ཏེ་པཱུ་ཛ་ཧོཿ བཅུ་གསུམ་པ་བདུད་རྩི་སྨན་མཆོད་ནི། ཧཱུཾ། རང་བྱུང་ཐིག་ལེ་དུག་ལྔ་འཇོམས། །སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན། །སྣང་སྲིད་འོད་ལྔར་ལྷུན་གྱིས་གྲུབ། །རྒྱུད་ལྔ་དངས་མ་ལྔ་རུ་གྲོལ། །ཨཱོཾ་ཨཱཿཧཱུཾ་སརྦ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋ། ཀུན་གཞི་ཐིག་ལེ་ཆེན་པོ་ལ། །སྤང་(༧བ)


GLG023_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བླང་རྟོག་པ་ཀུན་ཏུ་བྲལ། །ཐུན་མོང་མཆོག་གི་འོད་གསལ་བ། །ལྔ་ལྡན་བདེ་བ་ཆེན་པོར་མཆོད། །སརྦ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། བླ་མ་བརྒྱུད་མཆོད་བྱ་བ་སྤྲོ་ན་བརྒྱུད་འདེབས་ཁ་བསྒྱུར་ནས་དབུལ། ཧཱུཾ། སྟོང་འབྱམས་མ་ཡིན་དངོས་གྲུབ་ཆེ། །སྣང་འབྱམས་མ་ཡིན་མཐའ་བརྒྱད་བྲལ། །གཉིས་མེད་ཟུང་འཇུག་རང་རིག་མཆོག །བདེ་ཆེན་བདེ་བའི་དངོས་གྲུབ་སྩོལ། །ཀཱ་ཡ་ཝཱཀྩིཏྟ་སརྦ་སིདྡྷི་ཧྲཱིཿ བཅུ་བཞི་པ་གཏོར་མའི་མཆོད་པ་ནི། ཧཱུཾ། སྣང་བ་སྟོང་པའི་སྣོད་ནང་དུ། །རིག་པ་འོད་ལྔའི་གཏོར་མ་བཤམས། །སྣང་སྲིད་ཡོངས་རྫོགས་འོད་ལྔའི་རྫས། །རང་ཤར་རང་གྲོལ་མཆོད་པ་འབུལ། །མ་ཧཱ་བ་ལིནྟ་ཁཱ་ཧི། བཅོ་ལྔ་པ་རཀྟའི་མཆོད་པ་ནི། ཧཱུཾ། འབྲལ་མེད་ཐིག་ལེ་འོད་པོ་ཆེ། །སྤྱོད་ལམ་ཀུན་ཏུ་སྤང་དུ་མེད། །རང་ཤར་རང་ངོ་ཤེས་པ་ཡི། །ཆགས་པ་ཆེན་པོའི་མཆོད་པ་འབུལ། །མ་ཧཱ་རཀྟ་ཁཱ་ཧི། བཅུ་དྲུག་པ་གསང་ནན་གྱི་མཆོད་པ་ནི། ཧཱུཾ། མངོན་སུམ་ཡེ་ཤེས་མཐོང་བ་ལ། །ཡིད་ཆེས་གདེངས་རྙེད་ངོ་སྤྲོད་ཀྱི། །དུས་གསུམ་དུས་མེད་མཉམ་སྦྱོར་བ། །གསང་བ་ནན་ཏན་མཆོད་པ་འབུལ། །སརྦ་པཉྩ་ཨམྲྀ་ཏ་ཛ་ག་ད་ཁཱ་ཧི། བཅུ་བདུན་པ་སྦྱོར་བའི་མཆོད་པ་ནི། ཧཱུཾ། གློ་བུར་བྲལ་བའི་འོད་གསལ་བ། །རིག་སྟོང་འོད་ལྔ་ཀུན་ཏུ་སྣང་། །ཉིན་དང་མཚན་དུ་མཉམ་སྦྱོར་བའི། །འདུ་འབྲལ་མེད་པའི་མཆོད་པ་འབུལ། །ཨཱོཾ་ཛཿཧཱུཾ་བཾ་ཧོཿཔདྨ་ཡོ་གི་ནི་ས་མ་ཡ་པྲ་བེ་ཤ་ཡ་ཕཊ། །བཅོ་བརྒྱད་པ་སྒྲོལ་བའི་མཆོད་པ་ནི། ཧཱུཾ། འཁྲུལ་སྣང་ཤེས་པ་ཐ་མལ་པ། །ཇི་ལྟར་སྣང་བ་དངོས་པོའི་སྤྲིན། །དངོས་མེད་ཐིག་ལེ་དངས་མའི་མཚོན། །ཀུན་ཁྱབ་ཀུན་བསྒྲལ་མཆོད་པ་འབུལ། །མ་ཏྲཾ་རུ་དྲ་པྲ་བྷཉྫ་ཙཀྲ་མཱ་ར་ཡ་ཕཊ། བཅུ་དགུ་པ་བསྟོད་པ་ནི། ཨཱོཾ་ཨཱཿཧཱུཾ། ཆོས་ཀྱི་(༨ན)


GLG023_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀྱི་ཞིང་ཁམས་ན། །ཡེ་ཤེས་སྣང་བ་ལམ་མེ་བ། །མགོན་པོ་འོད་མི་འགྱུར་བ་ལ། །རྩ་གཅིག་དད་པས་ཕྱག་འཚལ་ལོ། །ཧཱུཾ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །པྲ་ཛྙ་ཛྙཱ་ན་མུརྟ་ཡེ། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །ཨོཾ་དུ༔ཁཙྪེ་ད་སྭཱཧཱ། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །བཱ་གཱི་ཤྭ་ར་སྭཱཧཱ། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞེད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །ཨོཾ་བཛྲཏཱིཀྵྞ་སྭཱཧཱ། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཨོཾ་ཛྙཱ་ན་ཀཱ་ཡ་སྭཱཧཱ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །བཅོམ་ལྡན་ཤཱཀ་ཐུབ་སྐུ་ལ་འདུད། །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་འདུད། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །བླ་མ་རིགས་འཛིན་རྣམས་ལ་འབུལ། །ཉི་ཤུ་པ་བཤགས་པ་བྱ་བ་ནི། །སྡུག་བསྔལ་ཀུན་དང་གདོད་ནས་བྲལ། །མ་རིག་ལོག་ཏོག་སྡུག་བསྔལ་བ། །རྣམ་སྣང་ཆོས་བདུན་འཁྲུལ་འཁོར་གྱིས། །དུག་ལྔ་གློ་བུར་རང་སར་བཤགས། །ཡིག་བརྒྱ་བརྗོད། ཉེར་གཅིག་པ་འཛབ་བཟླ་བ་ནི། ཧཱུཾ། རིགས་ལྔ་སོ་སོའི་(༨བ)


GLG023_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་སྲོག་ཡིག་མཐར། །བཟླས་བྱའི་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས། །བདག་གཞན་འགྲོ་བ་ཀུན་ངོར་མེད་བཞིན་དུ། །སྣང་བའི་ཉམས་ཆགས་སྡིག་སྒྲིབ་མུན་པ་ཀུན། །རང་རིག་དག་པའི་ཀློང་དུ་རབ་སངས་ནས། །ལུས་ནི་སྣང་སྟོང་འཇམ་དཔལ་རིགས་ལྔའི་སྐུ། །ངག་གི་གྲག་སྟོང་གསང་བ་སྔགས་ཀྱི་སྒྲ། །ཡིད་ནི་བདེ་སྟོང་ཆོས་སྐུའི་ངོ་བོ་བསམ། །སྔགས་འཐུང་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ སྠི་ཏོ་ཧྲྀ་དི་ཛྙཱ་ན་མཱུརྟི་ར་ཧཾ་བུདྡྷོ། བུདྡྷཱ་ནཱན། ཏྲྱདྷཱ་ཝརྟི་ནཱན། ཨོཾ་བཛྲ་ཏིཀྵཱ། དུཿཁ་ཙྪེ་ད། པྲ་ཛྙཱ་ཛྙཱ་ན་མཱརྟ་ཡེ་ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ སྔགས་རིང་ནི། ཨོཾ་སརྦ་དྷརྨཱ། བྷཱ་བ་སྭ་བྷཱ་ཝ་བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿ པྲ་ཀྲྀ་ཏེ་པ་རི་ཤུདྡྷཿ སརྦྦ་དྷརྨྨ་ཡ་དུ་ཏ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷེ་ཏཱ་མུ་པཱ་དཱ་ཡེ་ཏི། ཨཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཧ་ར་ཧ་ར་ཨོཾ་ཧཱུཾ་ཧྲཱིཿ བྷ་ག་ཝཱ་ན་ཛྙཱ་ན་མཱུརྟི། བཱ་གཱི་ཤྭ་ར་མ་ཧཱ་བཱ་ཙཱ། སརྦ་དྷརྨྨ་ག་ག་ནཱ་ཨ་མ་ལ། སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ། ཡང་ན་ཨཱོཾ་ཝཱ་གཱི་ཤྭ་རི་མུཾ། ཨཱོཾ་ཨཱཿཧཱུཾ་སྭཱཧཱ། ཡང་ན་ཨཱོཾ་བཻ་རོ་ཙ་ན་སྭཱཧཱ། ཧཱུཾ་བཛྲ་ཨཀྵོ་བྷྱ་སྭཱཧཱཿ སྭཱ་རཏྣ་སམྦྷ་སྭཱཧཱ། ཨཾ་པདྨ་དྷ་ར་སྭཱཧཱ། ཧཱ་ཨ་མོ་གྷ་སིདྡྷི་སྭཱཧཱ། ཞེས་བཟླ། ཉེར་གཉིས་པ་རྫོགས་རིམ་ནི། བསམ་བརྗོད་བྲལ་བའི་སེམས་ཉིད་ཀ་དག་དེ། །མ་འགགས་ཝལ་ལེར་གསལ་བ་སངས་རྒྱས་དངོས། །དེ་ལ་རྒྱུན་དུ་གནས་ན་ཐ་སྙད་ཀྱི། །སྒོམ་དང་སྒྲུབ་པ་བྱ་རྒྱུ་མེད་པར་རྫོགས། །ཅི་ཕྱིར་རང་རིག་ཆོས་སྐུར་དག་པ་ལ། །སྐྱེ་ཤི་མེད་པས་ལས་དང་རྣམ་སྨིན་མེད། །དེ་མེད་བསྐྱེད་དང་རྫོགས་པའང་ཅི་ཡང་མེད། །འཁྲུལ་དང་གྲོལ་པའི་མིང་ཡང་དེ་ལ་མེད། །མེད་པའི་དོན་ལ་མཉམ་པའི་རྒྱལ་པོར་བཞག །དངས་པའི་ཐུན་གཅིག་བསྒོམས་ན་འཁོར་བ་འཇིག །(༩ན)


GLG023_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་པ་ཀུན་གྱི་བྱང་ཆུབ་སེམས། །ཡང་དག་སྙིང་པོ་འོད་ཀྱི་ཕུང་པོ་ཅན། །ཡིན་ནི་གཅིག་ཡིན་ཁྱབ་ནི་ཀུན་ཏུ་ཁྱབ། །གནས་ནི་རྟག་ཏུ་སྙིང་གི་དབུས་ནའོ། །གསལ་སྟོང་ཕྱོགས་བཅུ་དུས་གསུམ་ཀུན་ཏུ་གསལ། །དེ་ཉིད་རང་འོད་ཡིན་ཕྱིར་ངོ་ཤེས་ན། །སྐུ་དང་ཡེ་ཤེས་རྒྱལ་བའི་ཞིང་དུ་གྲོལ། །མ་དག་ལས་ཀྱི་སྣང་བའི་སྐྱོན་དང་བྲལ། །རང་འོད་མ་ཤེས་ལུས་དང་བག་ཆགས་ཀྱི། །སྣང་བའི་གོ་ཕྱི་འཁྲུལ་པ་རྒྱ་བསྐྱེད་ནས། །རང་གནས་ཡེ་ཤེས་རང་དང་མཇལ་མི་འགྱུར། །དེ་ཕྱིར་ལུས་ནི་དྲང་སྲོང་ཙོག་པུ་དང་། །རླུང་ནི་ངལ་བ་མིག་ནི་ཟིམ་བུར་ལྟ། །མངོན་སུམ་ཡེ་ཤེས་མཐོང་བས་གྲོལ་བར་གྱུར། །ད་ནས་བླང་དོར་མེད་པའི་འདུག་སྟངས་ཀྱིས། །དངས་མའི་རླུང་བཅིངས་ཐད་ཀའི་མིག་གིས་བལྟ། །ཆོས་ཉིད་མངོན་སུམ་ཡེ་ཤེས་མཐོང་བ་ནི། །གློ་བུར་དྲི་བྲལ་རང་རིག་སངས་རྒྱས་དངོས། །མིག་ནི་དཀྱིལ་འཁོར་གཡས་གཡོན་མཛོད་སྤུར་གཏུན། །ཉམས་སྣང་གོང་འཕེལ་ཐ་མལ་རྣམ་རྟོག་འགགས། །འོད་གསལ་དོན་གྱི་ཡེ་ཤེས་དེ་ཉིད་དང་། །རྒྱུན་དུ་བསྟུན་པས་བསྐྱེད་རྫོགས་ལྷུན་གྱིས་གྲུབ། །སྲིད་པ་ཐ་མར་གྱུར་པ་ཉིད་ཡིན་ནོ། །དེ་ནས་སེང་གེ་རབ་ཏུ་འགྱིང་བ་ཡི། །འདུག་སྟངས་སྟེང་འོག་འཇམ་དཔལ་ཡེ་ཤེས་རླུང་། ཁ་སྦྱར་མིག་ནི་མཛོད་སྤུའི་སྟེང་ཐད་བལྟ། །མ་བསྐྱེད་རྫོགས་པ་སྐུ་གསུམ་ཡེ་ཤེས་ལྔ། །ཐིག་ལེ་ཐིག་ཕྲན་ཟ་འོག་གུར་ཁྱིམ་དང་། །རེ་ལྡེ་མིག་མངས་དར་ཚགས་རྩིབས་ཤར་དང་། །སྣང་བ་རྣམ་དག་ཡེ་ཤེས་སྣང་བ་འཕེལ། །ཐ་མལ་མིང་ཟད་ཡེ་ཤེས་རྒྱུན་ཆད་མེད། །འདི་ཉིད་ཤེས་ན་སྐྱེ་བ་མེད་པར་འགྱུར། །དེ་ནས་སྙིང་པོའི་དོན་བཅུའི་གནད་ཀྱི་དོན། །སྦས་པའི་ཏི་ག་སྐལ་ལྡན་སྙིང་གི་ནོར། །འབྲས་(༩བ)


GLG023_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཀུན་གྱི་ཡང་བཅུད་དངས་མ་ཡིན། །དེ་ཡི་དགོངས་པ་ཡང་དག་བསྟན་པ་ནི། །ལུས་གནད་གཅུན་པས་རེག་པ་ཡུལ་དང་མཇལ། །ངག་གནད་གཅུན་པས་བརྗོད་མེད་གནས་ལུགས་རྟོགས། །ཡིད་གནད་གཅུན་པས་འགྱུ་བ་རང་སར་ཟད། །གང་མཐོང་ལྟ་བ་ངན་བསམ་ཆོས་སྐུར་གྲོལ། །ཞེས་ཉམས་སུ་བླང་ངོ་། །གསུམ་པ་མཇུག་ལ་སྲུང་ཚོགས་བརླབ་འདྲེན་མཆོད། །བཤགས་སྟོབ་ཞུ་བ་ཞུ་ལན་ལྷག་མ་དང་། །ཆད་མཐོ་བསྟན་སྐྱོང་རྟ་བྲོ་རྟག་ཆད་བསལ། །བསྔོ་སྨོན་ཤིས་བརྗོད་བཅུ་བདུན་མཇུག་གི་ཁྲིགས། །དང་པོ་སྲུང་མ་མཆོད་པ་ལ། ཨཱོཾ་ཨཱཿཧཱུཾ། རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་དང་། །པདྨ་མཁའ་འགྲོ་ལས་ཀྱི་ཌཱ་ཀི་དང་། །དེ་བཞིན་མཁའ་འགྲོ་ཨྱོན་ཌཱ་ཀི་རྣམས། །བཀའ་ཡི་གཏོར་མ་འདི་ལོང་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །བཀའ་སྲུང་དང་ནི་གཏེར་སྲུང་ཚོགས། །བཀའ་ཡི་གཏོར་མ་འདི་ལོང་ལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཞིང་སྐྱོང་དང་ནི་དུར་ཁྲོད་གནས། །འཇིག་རྟེན་མཁའ་འགྲོ་བརྒྱད་ཀྱི་ཚོགས། །ཨྱོན་གླིང་གི་མཁའ་འགྲོ་མ། །བཀའ་ཡི་གཏོར་མ་འདི་ལོང་ལ། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་སྟོད། །རྣལ་འབྱོར་སྐུ་ཚེ་ཁྱེད་ཀྱིས་སྲིངས། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཡུལ་འཁོར་བསྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །དབང་ལྡན་དང་ནི་མེ་ལྷ་དང་། །སྲིན་པོ་དང་ནི་རླུང་ལྷ་དང་། །ཚངས་པ་དང་ནི་ས་བདག་དང་། །ཕྱོགས་སྐྱོང་བཅུ་རྣམས་གཏོར་མ་ལོང་། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུང་། །དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་སྟོད། །རྣལ་འབྱོར་སྐུ་ཚེ་ཁྱེད་ཀྱིས་སྲིངས། །བདག་གི་བསམ་པ་འགྲུབ་པར་མཛོད། །ཅེས་རང་གཞུང་ལས་བྱུང་བ་(༡༠ན)


GLG023_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཏེར་སྲུང་སྒོས་ཀྱི་མཆོད་པ་ནི། ཧཱུཾ། རླུང་སེམས་དབང་སྒྱུར་པདྨ་རྒྱལ་པོ་ཡིས། །སྟག་ཚང་བཀྲ་ཤིས་དཔལ་གྱི་ཕུག་པ་རུ། །ཟབ་མོའི་གཏེར་འདི་གསང་བའི་རྒྱས་བཏབ་ཚེ། །སྲུང་མར་བཀའ་བསྒོས་རྡོ་རྗེ་བྲག་སྐྱེས་དང་། །སྐྱིན་མཐིང་ཤྭ་ཎ་མུ་ཁ་རྣམ་པ་བཞི། །མདོར་ན་ཆོས་འདི་སྐྱོང་བའི་དྲག་ཤུལ་ཅན། །རང་བྱུང་རང་ཤར་རིག་པའི་རྩལ་ཙམ་དུ། །སྒྱུ་མའི་རོལ་རྩེད་ཇི་བཞིན་གནས་འདིར་གཤེགས། །ཕྱི་ནང་ཉེར་སྤྱོད་སྨན་རག་གཏོར་མ་དང་། །འདོད་ཡོན་ལོངས་སྤྱོད་མཆོད་ཡུལ་མཆོད་པའི་རྫས། །མཆོད་མཁན་མཐའ་དག་ཆུ་ལས་ཆུ་སྦུར་བཞིན། །སེམས་ཀྱི་དབྱིངས་འབུལ་དབྱིངས་སུ་དགྱེས་པར་ཐིམ། །ཨཱོཾ་སརྦ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས་ཤཔྟའི་བར་གྱིས་མཆོད། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁ་ཧི། མཧཱ་བ་ལིཏྣ་ཁ་རཾ་ཁ་ཧི། ཧཱུཾ། རྨི་ལམ་ཡུལ་གྱི་བདེ་སྡུག་ཇི་བཞིན་དུ། །གནོད་བྱེད་སྒྲོལ་ཞིང་མཐུན་པའི་ལས་ཀུན་སྒྲུབ། །ཟབ་གཏེར་ཆོས་བཀའ་སྤེལ་ལ་ཕྲག་མ་དོག །རང་རིག་མངོན་སུམ་མཐོང་བའི་གྲོགས་མཛོད་ཅིག །གཉིས་པ་ཚོགས་བརླབ་པ་ནི། ཧཱུཾ། ཀ་དག་རིག་པ་ཀུན་ཏུ་བཟང་། །ལྷུན་གྲུབ་བདེ་ཆེན་འོད་ལྔ་ཡིས། །རྟོག་འཛིན་ཚོགས་ཀྱི་ཡོ་བྱད་རྣམས། །ཡེ་ཤེས་འོད་ལྔར་བྱིན་གྱིས་བརླབ། །ཨཱོཾ་ཨུཙུཥྨ་ཀྲོ་དྷ་བེ་ཏ་ལི་སརྦ་དྲ་བྱཾ་སི་ཤྭ་དྷ་ནི་ཧཱུཾ་ཕཊ། ཨཱོཾ་ཨཱཿཧཱུཾ་སྭཱཧཱ། གསུམ་པ་སྤྱན་འདྲེན་ནི། ཡེ་ཤེས་ལྔ་དག་སྐུ་ལྔའི་ཀློང་། །ཀུན་འདུས་ཀུན་ཏུ་ཁྱབ་པའི་ལྷ། །རིག་པ་མངོན་སུམ་ཐིག་ལེའི་སྐུ། །སྣང་སྲིད་འོད་ལྔའི་ཚོགས་ལ་གཤེགས། །བཞི་པ་མཆོད་པ་ནི། ཨཱོཾ་མཆོད་ཅིང་བརྗོད་པ་དྲང་སྲོང་ཆེ། །སྐུ་གསུམ་མཁའ་འགྲོ་རིགས་འཛིན་རྣམས་ལ་འབུལ། །བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །མཆོད་པ་ཆེན་(༡༠བ)


GLG023_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདོད་ཆགས་ཆེ། །འདོད་ཆགས་མཆོད་པ་བླ་ན་མེད། །སྣང་བ་མཐའ་ཡས་སྐུ་ལ་འབུལ། །བཞེས་ཤིག་མེ་ནི་གོས་དཀར་མོ། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཞེ་སྡང་མཆོད་པ་བླ་ན་མེད། །རྡོ་རྗེ་སེམས་དཔའི་སྐུ་ལ་འབུལ། །བཞེས་ཤིག་པ་ནི་སངས་རྒྱས་སྤྱན། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་མཆོད་པ་བླ་ན་མེད། །རྣམ་པར་སྣང་མཛད་སྐུ་ལ་འབུལ། །བཞེས་ཤིག་ནམ་མཁའ་དབྱིངས་ཕྱུག་མ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ང་རྒྱལ་མཆོད་པ་བླ་ན་མེད། །རིན་ཆེན་འབྱུང་ལྡན་སྐུ་ལ་འབུལ། །བཞེས་ཤིག་ཆུ་ནི་མཱ་མ་ཀི ། མཆོད་པ་ཆེན་པོ་ཆགས་པ་ཆེ། །ཕྲག་དོག་མཆོད་པ་བླ་ན་མེད། །དོན་ཡོད་གྲུབ་པའི་སྐུ་ལ་འབུལ། །བཞེས་ཤིག་རླུང་ནི་དམ་ཚིག་སྒྲོལ། ཁྲག་འཐུང་ལྷ་ཚོགས་རྣམས་ལ་འབུལ། །མཁའ་འགྲོ་གཏེར་བདག་རྣམས་ལ་འབུལ། །ལྔ་པ་བཤགས་པ་ནི། ཧཱུཾ། བཟང་ངན་མེད་པའི་དཀྱིལ་འཁོར་ལ། །བཟང་ངན་གཉིས་སུ་བཟུང་བའི་བློ། །གློ་བུར་རྟོག་པའི་སྒྲིབ་པ་རྣམས། །བློ་འདས་ཚོགས་ཀྱི་མཆོད་པས་བཤགས། །བཛྲ་ས་མ་ཡ་ཧོཿ ཡིག་བརྒྱ་བརྗོད། དྲུག་པ་སྟོབ་པ་ནི། ཧཱུཾ། བློ་འདས་ཆོས་སྐུར་དག་པ་ལ། །བློ་འདས་རྟོགས་པའི་གདེངས་མ་རྙེད། །གློ་བུར་རྟོགས་པ་ལྷན་ཅིག་སྐྱེས། །བློ་འདས་ཐིག་ལེའི་མཚོན་ཆས་བསྒྲལ། །མཱ་ར་ཡ་རྦད། ཧཱུཾ། བདག་ཏུ་འཛིན་པ་རང་གི་སེམས། །འཁྲུལ་རྟོག་ལས་ཀྱི་ཚོགས་བརྒྱད་འཁྲུལ། །སྐྱེ་མེད་རྟོགས་པའི་མཚོན་གྱིས་གཏུབས། །སྟོབ་པོ་ཀུན་བཟང་ཞལ་དུ་སྟོབ། །སྐྱེ་འགག་མེད་པའི་ཀློང་དུ་སྟོབ། །དངོས་པོ་སྟོང་ཉིད་ཀློང་དུ་སྟོབ། །སྣང་བ་ཡེ་ཤེས་ཀློང་དུ་སྟོབ། །གསལ་བ་ཆོས་ཉིད་ཀློང་དུ་སྟོབ། །གློ་བུར་རིག་པའི་ཀློང་དུ་སྟོབ། །མ་ཧ་མཾ་ས་རཀྟ་ཀེ་ཾནྲྀ་(༡༡ན)


GLG023_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདུན་པ་ཞུ་བ་ནི། ཀྱེ། ཀུན་བཟང་དབྱེར་མེད་བླ་མ་དགོངས་སུ་གསོལ། །སྣང་སྟོང་དབྱེར་མེད་ཚོགས་ཀྱི་ལོངས་སྤྱོད་འདི། །བདེ་སྟོང་དབྱེར་མེད་རྟོགས་པའི་ཚོགས་ཀྱིས་འབུལ། །རིག་སྟོང་དབྱེར་མེད་ངང་དུ་བཞེས་སུ་གསོལ། །ཀྱེ། སྣང་སྲིད་དག་པ་འོད་ལྔའི་ལྷ་ཚོགས་དགོངས། །ཡེ་ནས་མཉམ་ཉིད་ཚོགས་ཀྱི་ལོངས་སྤྱོད་འདི། །རྟོག་པའི་བློ་ལ་དག་སྣང་ཚུལ་གྱིས་འབུལ། །འཁྲུལ་མེད་དག་པའི་ངང་དུ་བཞེས་སུ་གསོལ། །ཀྱེ། རྡོ་རྗེ་མཆེད་ལྕམ་རིག་རྩལ་དགོངས་སུ་གསོལ། །དགའ་མགུ་རྣམ་དག་ཚོགས་ཀྱི་ལོངས་སྤྱོད་འདི། །སོ་སོར་མ་མཆིས་གཡར་དམ་ཚུལ་གྱིས་འབུལ། །འཁོན་འཛིན་མེད་པའི་ངང་དུ་བཞེས་སུ་གསོལ། །བརྒྱད་པ་ཞུ་ལན་ནི། ཨེ་མ་ཧོ། སྐུ་གསུམ་ཞིང་ཁམས་མཐོང་བས་དང་རེ་སྤྲོ། །ཆོས་ཉིད་བློ་འདས་རྟོགས་པས་བློ་རེ་བདེ། །ཕུན་སུམ་ཚོགས་པ་ལྔ་ལྡན་ངོ་མཚར་ཆེ། །བླང་དོར་མི་འཚལ་ཡི་རང་དགའ་བར་རོལ། །ཨ་ལ་ལ་ཧོ། །དགུ་ལ་ལྷག་མ་བཏང་བ་ནི། ཕེཾ་ཕེཾ་ཕེཾ། ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཛཿཧཱུཾ། ཐིག་ལེ་མི་འགྱུར་དཔལ་གྱི་ལྷག་སྡུད་ནི། །འོད་གསལ་དབྱིངས་ལ་གཡོ་བ་མེད་མོད་ཀྱང་། །སྐྱེ་བའི་ཆོ་འཕྲུལ་གར་བསྒྱུར་རྩལ་སྣང་བ། །ཆུ་ཚོད་སོ་གཉིས་མཁའ་འགྲོ་སྤྲིན་ལྟར་གཏིབས། །རླུང་ཁམས་ཤུགས་འགྲོ་འབྱུང་ལྔ་ཆར་ལྟར་འབར། །རྩ་ཁམས་ཉེར་གཅིག་དབང་ཕྱུག་མཚོ་ལྟར་འཁྱིལ། །དུར་ཁྲོད་སྒོ་བཞི་མ་མོ་གློག་ལྟར་འཁྱུག །སྐྱེ་མཆེད་བཅོ་བརྒྱད་ཀི་ཀཾ་ཐོག་ལྟར་འཕྲོ། །དུས་ཚོད་འབར་མ་མེ་འོད་ལྟ་བུར་འབར། །ཡུམ་བརྒྱད་སྤོར་མ་དཔག་བསམ་ཤིང་ལྟར་རྒྱས། །དྲུག་ཅུ་རྩ་གཉིས་དབྱུ་གུ་ཕོ་ཉར་འཕྲོ། །ཕོ་ཉ་དྲུག་ཅུ་ལངྒ་འཇིགས་པའི་གཟུགས། །ཚོགས་བརྒྱད་(༡༡བ)


GLG023_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་རྩལ་སྡེ་བརྒྱད་སྡེ་དང་དཔུང་། །དུས་དང་སྲེད་པ་མ་བདུན་ནམ་གྲུའི་ཚོགས། །ནམ་ཟླ་དུས་བཞི་སྲིང་མོ་འཇོ་སྒེག་ཅན། །ཀུན་ཀྱང་མ་ངེས་དཔལ་གྱི་བཀའ་སྡོད་ཚོགས། །སློང་ཡངས་འཁྱིལ་བ་འོད་ཀྱི་དཀྱིལ་འཁོར་ནས། །ཀུན་བཟང་ཐུགས་མཆོག་གཅིག་ཏུ་ཁྱབ་པའི་སྐུ། །རང་རང་རིག་རྩལ་འཁོར་དང་བཅས་པ་རྣམས། །གནས་ཁང་མཆོག་གི་ཐིག་ལེའི་ཕོ་བྲང་ན། །གོས་བཟང་འཇའ་འོད་མ་འདྲེས་ཀུན་ཏུ་གསལ། །རྐྱེན་བཟང་ཟེར་ལྔ་ཐུགས་རྗེ་གློག་ཏུ་འཁྱུག །སྐྱོགས་བཟང་སྟོང་ཉིད་ཆོས་སྐུའི་བདེ་བས་གང་། །ཟས་བཟང་ཡེ་ཤེས་ལྔ་དང་སྐུ་ལྔར་བཅས། །སྐྱེས་བཟང་དམ་པ་རླུང་ལྔའི་དངས་མ་རོལ། །རྣམ་དག་འོད་ཀྱི་ཐིག་ལེ་ཟས་སུ་ཟ། །ལས་སུ་གློ་བུར་རྟོག་ཚོགས་དག་པར་བྱེད། །དབྱིངས་རིག་གཉིས་མེད་གཏོར་མ་འདི་བཞེས་ལ། །མི་གཡོ་ཆོས་སྐུ་སྐུ་གསུང་ཐུགས་ཐོབ་པའི། །རང་བཞིན་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །མ་ཧཱ་པཉྩ་བ་ལིནྟ་རཀྟ་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་ཤ་ཏཱུཾ་ཨ་མུ་ཀཾ་ཙམ་ཕྲེང་ཡཀྵ་ཨུ་ཥྩིཏྟ་བ་ལིཏྣ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཅུ་པ་ཆད་མཐོ་ནི། ཧཱུཾ། དུས་གསུམ་མི་གཡོ་བསྐལ་པ་ཐོག་མ་ལ། །སྲིད་གསུམ་མིང་མེད་ཆོས་སྐུའི་ཞིང་ཁམས་སུ། །ཐོག་མའི་མགོན་པོ་འོད་མི་འགྱུར་བ་དང་། །གསལ་དང་འགག་མེད་ལྷག་མཐོང་ཡེ་ཤེས་ཀྱིས། །སྐྱེ་མེད་མཐའ་བྲལ་དཀྱིལ་འཁོར་ཞལ་ཕྱེ་ཚེ། །འགགས་མེད་རང་རྩལ་གཟུགས་སྐུའི་འཁོར་འདུས་ཤིང་། །གནས་མེད་ཟུང་འཇུག་རང་རང་གཟུགས་བསྟན་ནས། །དམིགས་མེད་མཐའ་བྲལ་རྟོགས་པར་མ་ཆད་དམ། །འགྲོ་དང་འོང་བ་བལྟ་བར་མ་ཆད་དམ། །གདོད་ནས་དག་པའི་གཏོར་མ་འདི་བཞེས་ལ། །ཡེ་སངས་རྒྱས་པའི་ས་ལམ་ཐོབ་པར་མཛོད། །ཧཱུཾ། ལྷུན་གྲུབ་དྲི་བྲལ་བསྐལ་པ་བར་མ་ལ། །ཀུན་གཞི་(༡༢ན)


GLG023_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་དག་པའི་གནས་མཆོག་ཏུ། །རང་བྱུང་རྒྱལ་པོ་ཤེས་རིག་འོད་ལྔ་དང་། །ཆོས་ཅན་ཀུན་ལྡན་འོད་ཟེར་སྣང་ངོ་ཡིས། །ཡེ་སངས་རྒྱས་པའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །ཡང་སངས་རྒྱས་པའི་དཀྱིལ་འཁོར་ཡོངས་འདུས་ཤིང་། །སྐུ་དང་ཡེ་ཤེས་རང་རང་གཟུགས་བསྟན་ནས། །སྙིང་ནང་ཐིག་ལེ་བསྟན་པར་མ་ཆད་དམ། །དཀར་འཇམ་ལམ་འགགས་བསལ་བར་མ་ཆད་དམ། །ཆོས་ཉིད་མངོན་སུམ་གཏོར་མ་འདི་བཞེས་ལ། །སྣང་བཞི་ཚད་དུ་འཁྱོལ་བའི་འཕྲིན་ལས་མཛོད། །ཧཱུཾ། མ་འདྲེས་ཡོངས་རྫོགས་བསྐལ་པའི་ཐ་མ་ལ། །འོག་མིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ། །ངེས་པ་ལྔ་ལྡན་དྲུག་པ་རྡོ་རྗེ་འཆང་། །རྟོག་ཚོགས་རང་གྲོལ་འཇམ་དཔལ་རིགས་ལྔ་ཡིས། །སྐུ་དང་ཡེ་ཤེས་དཀྱིལ་འཁོར་ཞལ་ཕྱེ་ཚེ། །ཕུང་ཁམས་སྐྱེ་མཆེད་རང་རྩལ་འཁོར་འདུས་ཤིང་། །གདན་གསུམ་ཚང་བའི་རང་རང་གཟུགས་བསྟན་ནས། །སྤྱོད་ཡུལ་ཡོངས་སུ་དག་པར་མ་ཆད་དམ། །ཐ་མལ་དགྲ་འཛིན་འདུལ་བར་མ་ཆད་དམ། །དབྱིངས་རིག་རང་གསལ་གཏོར་མ་འདི་ལོང་ལ། །རྒྱུད་གསུམ་ཆོས་འཁོར་སྐོར་བའི་འཕྲིན་ལས་མཛོད། །ཧཱུཾ། དེ་འོག་བར་གྱི་བསྐལ་པ་དང་པོ་ལ། །ཀུན་ཏུ་གཟིགས་དང་མངོན་དགའ་ལ་སོགས་སུ། །རིགས་བཞིའི་སངས་རྒྱས་སྲས་ཡུམ་འཁོར་བཅས་ཀྱིས། །རང་རང་སྤྲུལ་པའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །ཚོགས་གཉིས་རྫོགས་པའི་གང་ཟག་འཁོར་འདུས་ཤིང་། །སྒྲིབ་གཉིས་སྤངས་པའི་རང་རང་གཟུགས་བསྟན་ནས། །རྒྱུ་འབྲས་ཆོས་འཁོར་སྐོར་བར་མ་ཆད་དམ། །ཆོ་འཕྲུལ་རྩལ་ཆེན་སྤྲོ་བར་མ་ཆད་དམ། །ཡེ་ཤེས་དག་སྣང་གཏོར་མ་འདི་ལོང་ལ། །ཀུན་ཏུ་འོད་ཀྱི་ས་ལ་འཕྲིན་ལས་མཛོད། །ཧཱུཾ། དེ་འོག་བར་གྱི་བསྐལ་བ་བར་མ་ལ། །(༡༢བ)


GLG023_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་བརྩེགས་དང་རྡོ་རྗེ་གདན་རྣམས་སུ། །བདེ་གཤེགས་སྟོན་པ་དམ་པ་བཅུ་གཉིས་དང་། །རང་གི་འཁོར་གྱི་དཀྱིལ་འཁོར་ཡོངས་འདུས་ནས། །སྣ་ཚོགས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །སྐལ་ལྡན་ལས་ཅན་གང་ཟག་འཁོར་འདུས་ཤིང་། །སྨོན་ལམ་དག་པའི་རང་རང་གཟུགས་བསྟན་ནས། །རྒྱུ་འབྲས་ཆོས་འཁོར་བསྐོར་བར་མ་ཆད་དམ། །འགྲོ་རྣམས་སྨིན་གྲོལ་འགོད་པར་མ་ཆད་དམ། །སྐྱོན་བྲལ་དམ་ཆོས་གཏོར་མ་འདི་ལོང་ལ། །རང་རང་ཁས་བླངས་དམ་བཅས་འཕྲིན་ལས་མཛོད། །ཧཱུཾ། དེ་འོག་བསྐལ་པ་དུས་ཀྱི་ཐ་མ་ལ། །ཨྱོན་བསམ་ཡས་འཛམ་གླིང་གནས་རྣམས་སུ། །རིགས་འཛིན་དཔའ་བོ་པདྨ་ཐོད་ཕྲེང་དང་། །རྒྱ་བོད་རིགས་འཛིན་མཁའ་འགྲོའི་ཚོགས་བཅས་ཀྱིས། །ཐེག་དགུ་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེ་ཚེ། །སྐལ་ལྡན་ལས་ཅན་འཁོར་གྱི་ཚོགས་འདུས་ཤིང་། །རྒྱུ་འབྲས་བླང་དོར་རང་རང་གཟུགས་བསྟན་ནས། །དལ་འབྱོར་དོན་ཡོད་བྱེད་པར་མ་ཆད་དམ། །རྒྱུ་འབྲས་བླང་དོར་འབྱེད་པར་མ་ཆད་དམ། །དབང་དང་དམ་ཚིག་གཏོར་མ་འདི་ལོང་ལ། །བསྐྱེད་རྫོགས་སྒྲུབ་པའི་དམ་བཅས་འཕྲིན་ལས་མཛོད། །ས་མ་ཡ་ཨ་དན་ན་ར་སྐན། །བཅུ་གཅིག་པ་བསྟན་སྐྱོང་ནི། །མ་མ་ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཛཿཛཿ ཧཱུཾ། ཕ་ནི་གནམ་གྱི་རྫི་ཀན་ལ། །མ་ནི་ནག་མོ་བཞིན་མི་སྡུག །བུ་མོ་བདུད་མོ་ཆེན་མོ་བཞི། །ཡེ་ཤེས་བཞི་ལས་སྤྲུལ་པ་མོ། །མཁའ་འགྲོ་ལཱ་མ་དུམ་སྐྱེས་མ། །གཟུགས་ཅན་ལ་སོགས་མ་རིག་པ། །འདུ་བྱེད་མིང་གཟུགས་དག་པ་མོ། །འདི་ཡང་ཡེ་ཤེས་ཆེན་མོའི་རྩལ། །མཆོད་སྦྱིན་འདི་བཞེས་འཕྲིན་ལས་མཛོད། །ཧཱུཾ། ཕ་ནི་གནམ་གྱི་གློག་ཆེན་ལ། །མ་ནི་དམར་མོ་གནོད་སྦྱིན་ཆེ། །བུ་མོ་གནོད་སྦྱིན་ཆེན་མོ་བཞི། །དགའ་བ་བཞི་(༡༣ན)


GLG023_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྤྲུལ་པ་མོ། ཁྭ་ད་འུག་པ་ཁྱི་ཕག་གདོང་། །སྐྱེ་མཆེད་དྲུག་དང་རེག་པ་དང་། །ཚོར་བ་སྲེད་པ་དག་པ་མོ། །འདི་ཡང་ཡེ་ཤེས་ཆེན་མོའི་རྩལ། །མཆོད་སྦྱིན་འདི་བཞེས་འཕྲིན་ལས་མཛོད། །ཧཱུཾ། ཕ་ནི་གནམ་གྱི་སྐྱ་འོད་ལ། །མ་ནི་དཀར་མོ་བཞིན་བཟང་མ། །བུ་མོ་སྨན་བཙུན་ཆེན་མོ་བཞི། །ཚད་མེད་བཞི་ལས་སྤྲུལ་པ་མོ། །གཤིན་རྗེ་བརྟན་མ་ཕོ་ཉ་མོ། །མཆེ་བ་མ་དང་འཇོམས་པ་མོ། །ལེན་དང་སྲེད་པ་རྒ་ཤི་དག །མཆོད་སྦྱིན་འདི་བཞེས་འཕྲིན་ལས་མཛོད། །མ་མ། ཁ་ཁ། ལ་ལ། ལེ་ལེ། ཏ་ཏ། ཏེ་ཏེ་སྲིང་འགྲོ་མ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིནྟ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ག་ཎ་ཙཀྲ་ཁཱ་ཧི། སརྦ་པཱུ་ཛ་ཁཱ་ཧི། བཅུ་གཉིས་པ་རྟ་བྲོ་བརྡུང་བ་ནི། ཧཱུཾ། གླུ་དྲུག་བླངས་པས་དོན་དྲུག་འགྲུབ། །བདེ་གཤེགས་ཡོངས་རྫོགས་དྲུག་རྫོགས་ཤིང་། ཕ་རོལ་ཕྱིན་དྲུག་གླ་དྲུག་ཐོབ། །བརྟུལ་ཞུགས་དྲུག་གི་ཡོན་ཏན་རྒྱས། །ཨོཾ་གཏི་མུག་ཤ་ཆེན་འདུས་པ་ལ། །མེ་ལོང་ཡེ་ཤེས་དཀར་གསལ་བྲོ། །ཨོཾ་གྱི་གླུར་བླངས་བརྡུང་བྱས་པས། །སྤྲུལ་སྐུའི་བརྟུལ་ཞུགས་སྐུ་རུ་རྒྱས། །ཨཱོཾ་ཨཱོཾ་ཨཱོཾ་ཨཱོཾ་ཨཱོཾ། ཨཾ་འདོད་ཆགས་ཁྲག་མཚོ་འཁྱིལ་བ་ལ། །སོར་རྟོག་ཡེ་ཤེས་དམར་གསལ་བྲོ། །ཨཾ་གི་གླུར་བླངས་བརྡུང་བྱས་པས། །ལོངས་སྐུའི་བརྟུལ་ཞུགས་གསུང་དུ་རྒྱས། །ཨཾ་ཨཾ་ཨཾ་ཨཾ་ཨཾ། ཧཱུཾ། ཞེ་སྡང་རུས་པའི་རི་རྒྱལ་རྩེར། །ཆོས་དབྱིངས་ཡེ་ཤེས་མཐིང་གསལ་བྲོ། །ཧཱུཾ་གི་གླུར་བླངས་བརྡུང་བྱས་པས། །ཆོས་སྐུའི་བརྟུལ་ཞུགས་ཐུགས་སུ་རྒྱས། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། སྭཱ་ང་རྒྱལ་ནང་ཁྲོལ་བརྡལ་བ་ལ། །མཉམ་ཉིད་ཡེ་ཤེས་སེར་གསལ་བྲོ། །སྭཱ་ཡི་གླུར་བླངས་བརྡུང་བྱས་པས། །ཉིད་སྐུའི་བརྟུལ་ཞུགས་ཡོན་ཏན་རྒྱས། །སྭཱ་སྭཱ་སྭཱ་སྭཱ་སྭཱ། ཧཱ་ཕྲག་དོག་རྩ་ཁམས་(༡༣བ)


GLG023_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པ་ལ། །བྱ་གྲུབ་ཡེ་ཤེས་ལྗང་གསལ་བྲོ། །ཧཱ་ཡི་གྱུར་བླངས་བརྡུང་བྱས་པས། །མངོན་བྱང་བརྟུལ་ཞུགས་འཕྲིན་ལས་གྲུབ། །ཧཱ་ཧཱ་ཧཱ་ཧཱ་ཧཱ། ཨཱོཾ་ཨཱཿཧཱུཾ་སྭཱཧཱ། བཅུ་གསུམ་པ་རྟག་མཐའ་བསལ་བ་ནི། སྲོག་ཡིག་འོད་གསལ་ཐིག་ལེ་ཡུངས་འབྲུ་ཙམ། དམར་གསལ་ཐིག་པ་འོད་ལྔས་བསྐོར་བ་ལ། །རྟག་ཆད་མཉམ་གཞག་དེ་ཉིད་རྟག་ཆད་བྲལ། རྟག་ཏུ་སྙིང་ལ་གནས་པའི་ཡེ་ཤེས་སེམས། །རྟགས་ནི་སྟོང་གསལ་ནམ་མཁར་འཆར་བའི་དོན། །ཡང་དང་ཡང་དུ་དངས་མའི་རྒྱུན་དང་བསྟུན། །སྒོམ་དུ་མེད་ཅིང་བསྐྱེད་དུ་ཅི་ཡང་མེད། །མ་ཡེངས་ཉི་མ་ཕྱེད་ཙམ་གང་གི་ལྟ། །དེ་ཉིད་དོན་གྱི་སངས་རྒྱས་རང་ཤར་ཡིན། །བཅུ་བཞི་པ་ཆད་མཐའ་བསལ་བ་ནི། །ཧཱུཾ། དེ་ཉིད་མཐོང་བ་མེད་ཅིང་མི་དམིགས་པས། །ཕྱོགས་མིན་སེམས་ཀྱི་དྲི་མ་ཀུན་བྲལ་ནས། །སེམས་ཀྱི་རང་བཞིན་འོད་དུ་གསལ་བའོ། །དེ་ཉིད་གང་ཟག་ལས་དང་བྱེད་དབང་གིས། །དམིགས་དང་དམིགས་བྱ་མེད་ཅིང་རྟོགས་པར་དཀའ། །རང་བྱུང་དོན་གྱི་སངས་རྒྱས་སྐུར་ལྡང་བའོ། །བཅོ་ལྔ་པ་བསྔོ་བ་ནི། ཨེ་མ་ཧོ། །ཡེ་ཤེས་རོལ་པ་ཆོས་སྐུའི་བྱིན་རླབས་ཀྱིས། །འགག་མེད་རྩལ་གདེངས་དགེ་བཅུའི་ཆོ་འཕྲུལ་ལས། །ཀུན་ནས་མ་འདྲེས་ཐུགས་རྗེ་ཆེན་པོ་ཡི། །ཡོངས་ལ་དབང་བསྐུར་ལྷུན་གྲུབ་ས་རུ་བསྔོ། །རྒྱུ་འབྲས་ཐམས་ཅད་ཐིག་ལེ་གཅིག་གི་ངང་། །འཁྲུལ་དག་གྲོལ་བ་གློ་བུར་དྲི་མའི་ཆ། །རང་སར་སད་པའི་དགེ་རྩ་གང་ཡིན་པ། །འགྱུར་མེད་ཆེན་པོ་ཐིག་ལེ་ཀློང་དུ་བསྔོ། །འཁོར་དང་འདས་པའི་ཆོས་རྣམས་སེམས་ཀྱི་རྩལ། །སེམས་ཉིད་རང་བཞིན་དག་པ་ནམ་མཁའ་ལྟར། །བཅིངས་དང་གྲོལ་མེད་བྲི་དང་གང་མེད་པའི། །ཀ་དག་འབྱམས་ཀླས་གདལ་ཁྱབ་ཀློང་དུ་བསྔོ། །གདོད་ནས་སངས་རྒྱས་ཡིན་པའི་ཕྱིར། །བསྐྱར་མི་དགོས་ཏེ་(༡༤ན)


GLG023_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

རང་ངོ་ཤེས། །འབྲེལ་ཚད་བྱང་ཆུབ་དོན་ལྡན་པའི། །མཐོང་བས་སངས་རྒྱས་ཐོབ་པར་ཤོག །བཅུ་དྲུག་པ་སྨོན་ལམ་ནི། །རྫོགས་ཆེན་ལམ་བཟང་འདི་བསྒོམ་རྣལ་འབྱོར་རྣམས། །རང་རིག་གདོད་ནས་དག་པའི་ཀུན་ཏུ་བཟང་། །མངོན་སུམ་རང་ངོ་འཕྲོད་ནས་སྣང་ཙམ་འགྲོ། །སྟོང་ཆེན་ཆོས་སྐུའི་དབྱིངས་སུ་འཁྲིད་པར་ཤོག །བཅུ་བདུན་པ་ཤིས་བརྗོད་ནི། ཨེ་མ་ཧོ། ཀུན་བཟང་བདེ་ཆེན་འཇམ་དཔལ་དབྱངས། །ཐིག་ལེ་ཟང་ཐལ་ལུ་གུ་རྒྱུད། །དབྱིངས་རིག་ཟུང་འཇུག་ཐོད་ཕྲེང་རྩལ། །ཡང་སངས་རྒྱས་པའི་བཀྲ་ཤིས་ཤོག །གཟུང་འཛིན་བྲལ་བའི་ཞིང་ཁམས་སུ། །ལྔ་ཕུང་ཟད་པའི་འོད་པོ་ཆེ། །ཆོས་དང་ཡེ་ཤེས་མིང་འདོགས་བྲལ། །ཀུན་ཏུ་བཟང་པོའི་བཀྲ་ཤིས་ཤོག །རྟེན་འབྲེལ་ཆོས་ཀུན་མ་འགགས་པ། །བྱས་དང་བྱེད་པ་ཆོས་སྐུའི་རྩལ། །འཁོར་བ་མིང་དུ་ཟད་པ་ཡི། །རྟོག་པ་གདེངས་ཐོབ་བཀྲ་ཤིས་ཤོག །ལ་ལ་རྫོགས་ཆེན་ཡོ་ག་འོག་མ་གཉིས་དང་འདྲ་བའི་ལས་བྱང་རྒྱས་པ་མི་དགོས་གསུང་ནའང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱི་མཁའ་འགྲོ་ཡང་ཏིག་ཏུ་རིགས་ལྔའི་ལས་བྱང་གཞན་ཕན་འོད་ཀྱི་འཁོར་ལོ་ཆ་ལག་ཚང་ཞིང་རིགས་འཛིན་རཏྣ་གླིང་པའི་ཀློང་གསལ་སྙིང་ཏིག་ཏུའང་ལས་བྱང་གི་རིམ་པ་རྒྱས་ཙམ་སྣང་ལ་རྫོགས་པ་ཆེན་པོ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྫོགས་པའི་རིམ་པ་འདོད་པ་ཡི། །རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི། །བསྐྱེད་པའི་རིམ་པ་རྨང་ནས་བརྩིག །ཅེས་འབྱུང་བས་ཚེ་དཔག་མེད་ཡེ་ཤེས་འོད་མཆོག་གི་ཚིག་རྣམས་ཨ་ཏི་དང་མཐུན་པ་འཇུག་པས་དེ་ནས་བླངས་ཏེ་ཚང་བར་བཀོད་པ་ལ་ཝལ་ཙམ་གྱིས་ཆོག་པར་འཛིན་པའི་རྙིང་རྒན་རྣམས་ཀྱིས་འབྲི་གུང་པའི་རྨོག་ཆད་མི་མཛད་པ་ཞུ། །དབང་གི་རིམ་པ་ལ་སྟེགས་ཀྱི་ཁར་རྡུལ་ཚོན་ནམ་རས་(༡༤བ)


GLG023_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ཀྱི་དབུས་སུ་ཐིག་ལེ་སྔོན་པོའི་མཐར་དཀར་སེར་དམར་ལྗང་གིས་བསྐོར་ལ། ཤར་གྱི་ཐིག་ལེ་དཀར་པོ། དེ་བཞིན་དུ་ལྷོ་སེར། ནུབ་དམར། བྱང་ལྗང་བ། བཞི་གའི་མཐར་རང་མདོག་མ་ཡིན་པའི་ཁ་དོག་བཞིས་བསྐོར་བའི་ཐིག་ལེ་ལྔ་སྒྲོམ་གྱི་མཐར་འཇའ་ཚོན་སྣ་ལྔའི་ཐིག་ལེ་ལྔ་སྦྲགས་ཀྱིས་བསྐོར་བའི་དཀྱིལ་འཁོར་གྱི་སྟེང་དུ་མཉྫིའི་ཁར་ཕུད་ཕྱེ་གཙང་མ་ལ་ཆོས་སྨན་སོགས་དམ་རྫས། སྨན་སྤོས་བཏབ་པ་ཆང་གིས་སྦྲུས་པའི་དཔལ་གཏོར་ཟུར་བཞི་ལོགས་བརྒྱད་རང་བྱུང་གི་ཡི་གེ་ཨ་ལྔས་མཚན་པ། དམར་རྩི་དང་ཞི་བའི་རྒྱན་སྤྲོས་གང་རྒྱས་མཐར་པདྨས་བསྐོར་བ། འགྲུབ་ན་རིགས་ལྔའི་ཙཀླི་བཙུགས་པ། ཤར་དུ་བུམ་པ་བཅུད་ལྡན་ཁ་རྒྱན་གཟུངས་རྡོར་མགུལ་ཆིངས་དང་བཅས་པ་གཉིས། དེ་བཞིན་དུ་ལྷོ་ནུབ་བྱང་རྣམས་ལ་ཡང་རེ་རེ་བཀོད། ལྷོར་དབུ་རྒྱན་དང་དབྱངས་ཅན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། མཚམས་གང་བ་དེར་མན་ཤེལ་དང་གཏོར་མར་འཛུགས་རྒྱུ་མེད་ན་རིགས་ལྔའི་ཙཀླི་སྐུ་མདོག་ཕྱག་མཚན་ལ་མ་བལྟོས་པ་གང་རྙེད། མཐར་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ། སྨན་རཀ །མཁའ་འགྲོ་ཆོས་སྐྱོང་གཏེར་སྲུང་གི་མཆོད་པ། བགེགས་གཏོར། ཚོགས་འཁོར། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། མེ་ཏོག །ལས་བུམ། གཞན་ཡང་རོལ་མོ། མཎྜལ་སོགས་མཁོ་བའི་ཡོ་བྱད་རྣམས་མངོན་པར་འདུ་བགྱིས། ལས་བྱང་གཞུང་བསྲངས་ཏེ་བདག་མདུན་ཐ་མི་དད་དུ་བསྒྲུབ་པའམ་ཡང་ན་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་སྒོ་ནས་བསྒྲུབ་པ་གང་རུང་ལ་བརྟེན་ནས་ལྷ་བསྐྱེད། དེ་དང་དུས་མཚུངས་སུ་གཏོར་མའི་ཡི་གེ་འབྲུ་ལྔ་དཀྱིལ་འཁོར་དབུས་ཀྱི་རིགས་ལྔ་དང་ངོ་བོ་དབྱེར་མེད་དུ་བསྒོམས་པའི་སྟེང་དུ་རིགས་འཛིན་བརྒྱུད་པ། མཐའ་སྐོར་དུ་(༡༥ན)


GLG023_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱིས་བསྐོར་བ་གསལ་བཏབ། བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ལས་བྱང་ལྟར་ལྷ་ཚོགས་རྣམས་བསྐྱེད། དེ་རྗེས་སྤྱན་འདྲེན་ནས་བཟུང་ཚོགས་ཐ་མའི་བར་དཀྱུས་བཞིན་བྱེད། འདིའི་གཏེར་སྲུང་དུ་དངོས་བསྟན་ཨེ་ཀ་ཛཱ་ཏཱི་མི་འདུག་རུང་དཔལ་སྔགས་ཀྱི་བདག་མོ་འདི་རྫོགས་པ་ཆེན་པོ་ཐམས་ཅད་ཀྱི་སྲུང་མ་ཡིན་པས་གཏོར་མ་བསྔོས་པ་འཚུབ་ཆུང་ལས་བུམ་དུ་རྡོ་རྗེ་སེམས་དཔའ་དང་བདུད་རྩི་འཁྱིལ་བ་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པ་སྤྱི་ལྟར་བྱ། སློབ་མ་རྣམས་ཁྲུས་ནས་དབྱུང་། ནང་དུ་འོངས་ཏེ་དབང་ཡོན་དུ་སྐྱེས་པས་མདའ་གཞུ། བུད་མེད་ཀྱིས་མེ་ལོང་། ཐུན་མོང་དུ་དཀར་གསུམ། མངར་གསུམ། ལན་ཚ་སོགས་ཅི་འབྱོར་བའི་དངོས་པོ་དབུལ། ཕྱག་བྱས་ཏེ་གྲལ་ལ་འཁོད་པ་ལ་བགེགས་བསྐྲད། མར་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རང་རིག་གདོད་མའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེ་མ་ཐོབ་པའི་གནས་སྐབས་སུའང་འགལ་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་མཐའ་དག་ཉེ་བར་ཞི་ཞིང་ཚེ་དང་དཔལ་འབྱོར་ཉམས་རྟོགས་ལ་སོགས་པ་གོང་འཕེལ་དུ་བྱ་བའི་ཕྱིར། མངོན་པར་དབང་བསྐུར་བ་ཟབ་མོ་ནོས་ནས་དོན་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཀུན་ཏུ་སྤྱོད་པ་དང་ལན་པས་གསན་འཚལ། ཁྱེད་རང་རྣམས་རྙེད་དཀའི་ལུས་རྟེན་ཁྱད་པར་ཅན་ཐོབ། །མཇལ་བར་དཀའ་བའི་དམ་པའི་ཆོས་ཀྱི་སྐལ་བ་དང་ལྡན། བསྟན་པའི་སྙིང་པོ་ངེས་དོན་ཟབ་མོ་སྟོན་པའི་བླ་མ་དམ་པ་རྣམས་ཀྱིས་རྗེས་སུ་བཟུང་བའི་སྐབས་འདིར་དལ་འབྱོར་དོན་ཡོད་པར་བྱེད་དགོས་པས་དེ་ལ་ཡང་སྨིན་གྲོལ་གྱི་ཐབས་ལ་འབད་པར་བྱ་བ་ལས། འདིར་སྨིན་བྱེད་ཟབ་མོའི་དབང་བསྐུར་བར་བྱེད་(༡༥བ)


GLG023_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཐོག་མར་ཡིད་ཆེས་ཀྱི་ངེས་པ་བསྐྱེད་པ། ཆོས་དང་བརྒྱུད་པའི་ལོ་རྒྱུས་རྒྱས་པར་སྔོན་དུ་བཀླག་ལུང་གི་ཚུལ་གྱིས་གྲུབ་པ་དེ་ཡིན་ལ། འོན་ཀྱང་དེ་ལྟ་བུའི་བཀའ་བརྒྱུད་འདི་དག་རྒྱལ་བ་རྣམས་དགོངས་པས་བརྒྱུད་དེ་རིགས་འཛིན་ཆེན་པོ་འཇམ་དཔལ་བཤེས་གཉེན་སོགས་མཚན་གྱི་རྣམ་གྲངས་དྲུག་གི་ངེས་པར་ལྡན་པ་དེས་སྐལ་ལྡན་གྱི་གདུལ་བྱར་གྱུར་པ་སྒེག་པ་རྡོ་རྗེའི་ཞབས་དང་། ཤྲཱི་སིངྷ་རྣམ་པ་གཉིས་ལ་བཤད་སྒྲུབ་ཀྱི་བཀའ་སྲོལ་འབྱེད་པའི་ཚུལ་དུ་གཏད་པ་ལས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་རྣལ་འབྱོར་དབང་ཕྱུག་ཤྲཱི་སིངྷ་སྤྲུལ་པའི་སྐུ་པདྨ་འབྱུང་གནས། མ་ཧཱ་པཎྜི་ཏ་བྷི་མཱ་ལ་མི་ཏྲ། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང་རྣམ་པ་གསུམ་མཆོག་གི་གདུལ་བྱར་གཟིགས་ཏེ་གནང་། བྷི་མ་ལས་སྙིང་པོའི་བཅུད་དུ་དྲིལ་བ་དེ་ཉིད་ཀྱི་སྤྲུལ་པ་ལྡན་མ་ལྷུན་གྱི་རྒྱལ་མཚན་དང་། བཻ་རོས་སྒྲུབ་པ་གཙོ་བོར་བཏོན་པ་བསམ་བཞིན་སྐྱེ་བ་བཞེས་པའི་རྒྱལ་སྲས་རྡོ་རྗེ་གླིང་པ་སྟེ། ལོ་པཎ་གཉིས་ཀྱི་བཞེད་པ་ཟབ་གཏེར་ལས་བྱུང་བའི་ལུགས་ཀྱང་ཡོད་ལ། མཆོག་ཏུ་གྱུར་པ་སློབ་དཔོན་རིན་པོ་ཆེས་བོད་ཡུལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་མཚན་ལྡན་གྱི་ཡུམ་ཇོ་མོ་ཤེ་ས་སྒྲོན་གཅིག་མ་རྣམ་པ་གཉིས་གདུལ་བྱའི་ཡུལ་དུ་གཟིགས་ནས་འཇམ་དཔལ་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ལ་བཤད་ཐབས་གསུམ་དུ་མཛད་དེ་ཡང་བཀའི་འགྲེལ་པ་ལ་བརྟེན་ནས་རྒྱ་ཆེ་བ་སྤྱི་ཏི་ལྟར་བཤད། རྒྱུད་ལ་བརྟེན་ནས་དོན་འགྲེལ། ངོ་སྤྲོད་ལ་བརྟེན་ནས་གསང་འགྲེལ་མཛད། དེ་དག་ཀྱང་གང་ཟག་དབང་པོའི་རིམ་པ་གསུམ་གྱི་བཀྲི་ཚུལ་དུ་སྙིང་པོར་བསྡུས་ཏེ་གནང་བས། བཙད་པོས་སྤ་གྲོ་ཅལ་གྱི་བྲག་ཕུག་ཉི་རིས་སུ་ཟླ་བ་གཅིག་གི་ཐུགས་དམ་གྱིས་རྒྱུད་གྲོལ། ཇོ་མོས་སྟག་ཚང་དཔལ་ཕུག་ཏུ་ལོ་བདུན་ཡེ་ཤེས་ཀྱི་སྐུ་ལ་ཐིག་ལེ་སྦྱངས་ནས་འཕོ་བ་ཆེན་པོའི་སྐུ་བརྙེས་ནས་ལྷོ་ནུབ་ཨོ་རྒྱན་གྱི་(༡༦ན)


GLG023_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་པདྨ་འོད་ཀྱི་ཕོ་བྲང་དུ་གུ་རུའི་དྲུང་དུ་ཕེབས།གདམས་པའི་བླ་དཔེ་རྣམས་མ་འོངས་པའི་དོན་དུ་རྒྱུད་ཡང་སྙིང་ངོ་སྤྲོད་བཏགས་གྲོལ་སོགས་འཁོའི་གཤིན་རྗེ་གཤེད་དམར་པོའི་ཐུགས་ཀ་དང་། ཡོངས་སུ་ཚང་བ་དཔལ་ཕུག་རྡོ་བ་གཡུ་ཕྲ་ཅན་གཉིས་སུ་སློབ་དཔོན་ཆེན་པོས་གཏེར་དུ་གཏམས་པ་རིམ་བཞིན་མངའ་བདག་གི་སྐྱེ་བ་བཅོ་ལྔ་པ་གུ་རུ་ཆོས་ཀྱི་དབང་ཕྱུག་ཞབས་དང་། མཚན་ལྡན་ཤེ་སའི་རྣམ་སྤྲུལ་སར་བན་སྟོན་པ་ཕྱོགས་མེད་གཉིས་ཀྱིས་གཏེར་མཛོད་ཞལ་ཕྱེ་བ་ལས་ཕྱི་མའོ། །སྤྲོས་པ་ལ་དགའ་བས་སྐབས་འདིར་དབང་གི་ངོ་བོ་ངེས་པའི་མཚོན་དཔེ། བསྐུར་བའི་ཤེས་བྱེད། མ་ཐོབ་པའི་སྐྱོན་དང་ཐོབ་པའི་ཕན་ཡོན། གང་གིས་སྐུར་བྱེད་སློབ་དཔོན་དང་། ཉན་པ་པོ་སློབ་མའི་མཚན་ཉིད་གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གྲངས་དགོས་ཆེད་བསྐུར་ཚུལ་ཆོ་གའི་རིམ་པ་རྣམས་སྔགས་གསར་རྙིང་གི་རྗེས་འཇུག་ལུགས་སྲོལ་བྱེ་བྲག་སོ་སོ་ཐམས་ཅད་ཀྱི་ཁུངས་བསྡེབས་ཚུལ་དང་ཚུལ་མ་ཡིན་པ་རྣམ་པར་དབྱེ། ཀུན་ཀྱང་རང་རང་གི་བརྒྱུད་པའི་ཕྱག་ལེན་ངེས་ཐུབ་ལུང་དང་རིགས་པའི་ཟིན་སོ་རྒྱབ་སྐྱོར་ནས་ཡིད་ཆེས་ངེས་པ་རྙེད་པར་བྱས་ལ་དེ་དག་ཀྱང་མཐར་ཐུག་གི་སྐྱེལ་པོ་ཡང་གསང་རྡོ་རྗེ་སྙིང་པོ་བརྒྱུད་པ་དྲུག་ལྡན་ལས་ཇི་ལྟར་འབྱུང་བའི་ཕྱག་ལེན་ལ་གཞན་གྱིས་ཆ་མ་བསླད་པ་ཞིག་ཡིད་བརྟན་དུ་རིག་པར་བྱ་དགོས་ལ། འཁོར་སྐབས་སུ་འབབ་པར་ནང་དོན་སྙིང་པོར་དྲིལ་ཏེ་སྤྲོས་པའི་རྒྱ་བསྐུམས་གྲུབ་ཐོབ་ཀུ་སུ་ལུ་པའི་འཆད་ཐབས་ལ་གཞི་བླངས་ཏེ། སྨིན་དབང་སྔོན་དུ་འགྲོ་དགོས་པར་འདི་ཉིད་ལས། སྨིན་པ་དབང་བཞི་ཐོབ་ནས་གྲོལ་ལམ་བསྐྱེད་རྫོགས་གཉིས་ལས་ཞེས་དང་། ཡང་བསླབ་པའི་མཐའ་བཅུ་ལས་ཀྱང་རིམ་པ་དབང་གི་བགྲོད་པས་རྒྱལ་བུ་རྒྱལ་ས་ཟིན་པ་ལྟར་(༡༦བ)


GLG023_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་ཅེས་པ་དང་། དགོས་ཆེད་ཀྱང་། བར་གཅོད་སེལ་ཅིང་སློབ་མ་སྨིན་པའི་ཕྱིར་མཆོད་པ་དང་དབང་རིམ་དགུ་རུ་བཤད་ཅེས་པ་དང་། ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་སློབ་མ་སྨིན་པར་བྱ་བའི་ཕྱིར་རྒྱུད་ལ་བརྟེན་ནས་འཇུག་སྒོ་མཛད་ཅེས་དང་། རྒྱུད་ལས་ཀྱང་ཡེ་ཤེས་དབང་བསྐུར་ཅོད་པན་ཞེས་གསུངས་ལ་སློབ་དཔོན་གྱི་མཚན་ཉིད་ཚུལ་བཞིན་ཚང་བ་དཀའ་བར་སྣང་ཡང་དབང་ཁྲིད་ལུང་གསུམ་གྱི་རྒྱུན་མ་ཉམས་པ་ཙམ་ལ་གདེངས་སུ་བྱས། སློབ་མའི་མཚན་ཉིད་ནི་ཞུ་འདོད་ཀྱི་འདུན་པ་དང་ལྡན་ཕྱིན་རྩ་བ་དེར་འདུས་པར་གདའ། དཀྱིལ་འཁོར་གྱི་རིམ་པ་ཡང་སྤྲོས་མེད་འཇུག་པ་བདེ་བ་ཚོམ་བུ་ལ་བརྟེན་པ་འདིར་དཀྱིལ་འཁོར་སྒྲུབ་པའི་རིམ་པ་སོགས་འཁྲུལ་མེད་ནུས་ལྡན་དུ་གྲུབ་པ་ལགས་པས་བསྐུར་ཚུལ་ཆོ་གའི་རིམ་པ་ཡང་སྦྱོར་བ་དངོས་གཞི་རྗེས་གསུམ་ལས་ཐོག་མར་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་རྡོ་རྗེ་སློབ་དཔོན་དང་འཇམ་དཔལ་རིགས་ལྔ་ཞི་ཁྲོ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ཐ་མི་དད་པའི་དྲུང་དུ་འཇུག་སྒོ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་སྤྱི་དང་ཁྱད་པར་རྟེན་འབྲེལ་ཟབ་མོའི་རྟེན་དང་བཅས་པའི་མཎྜལ་འབུལ་བ་ཞུ་ཞེས་བརྗོད་ནས། མཎྜལ་འབུལ་དུ་གཞུག །ལས་བྱང་ལས་བྱུང་བའི་ཨཱོཾ་ཨཱཿཧཱུཾ། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ན་ཞེས་སོགས་བདུད་ཉི་ཤུའི་རྗེས་ཟློས་བྱས་ཏེ་བསྟོད་པ་བྱ་ཞིང་། ཆོས་སྐུ་འདུས་པ་ཀུན་ཏུ་བཟང་པོ་དང་ཞེས་སོགས་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་བྱ། གསོལ་བ་གདབ་པ་ནི། ཨེ་མ་ཧོ། རྡོ་རྗེ་སློབ་དཔོན་ཡི་དམ་ལྷ་ཡི་ཚོགས། །དཔའ་བོ་དཔའ་མོ་ཐམས་ཅད་དང་། །འཕགས་པ་འཇམ་དཔལ་རིགས་ལྔ་དང་། །མཁའ་འགྲོ་སྡེ་ལྔ་རིགས་འཛིན་རྣམས། །བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་འཁོར་བའི་རྒྱ་མཚོ་ལས། །སེམས་ཅན་ཀུན་གྱི་དོན་ཕྱིར་དུ། །(༡༧ན)


GLG023_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །དེ་ཕྱིར་རྡོ་རྗེ་སློབ་དཔོན་ལ། །ཤེས་རབ་རལ་གྲི་ཡོན་དུ་འབུལ། །སྣང་སྲིད་གསལ་བའི་མེ་ལོང་དང་། །འབྲུ་དང་དཀར་གསུམ་མངར་གསུམ་དང་། །ལན་ཚ་ཆུ་ཡི་སྙིང་པོ་ཡོན་དུ་འབུལ། །ཐབས་ཤེས་མདའ་གཞུ་ཡོན་དུ་འབུལ། །ལུས་ངག་ཡིད་གསུམ་ཡོན་དུ་འབུལ། །བདག་ལ་རྡོ་རྗེ་སློབ་དཔོན་གྱིས། །རིག་པའི་རྩལ་དབང་བསྐུར་དུ་གསོལ། །ཨཱཿ རིགས་ལྔ་ཡེ་ཤེས་ལྔ་ལྡན་གྱི། །ངོ་སྤྲོད་གསང་བ་བསྟན་དུ་གསོལ། །ཞེས་ལན་གསུམ་བྱའོ། །སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། ཧོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ཁྱེད་བདག་གི་རྗེས་སུ་འཇུག་པས་ན། གཏིང་སྐྱེས་ཀྱི་དད་པ་ཁ་ལ་མ་གྲོས་ཡོད་དམ། མྱུར་མགྱོགས་བརྩོན་འགྲུས་རྟབ་རྟོབ་མི་ལྡང་བ་ཡོད་དམ། དམ་ཚིག་དང་སྡོམ་པ་ཐུབ་བམ། བྱ་བ་ཅི་བྱེད་སེམས་ཅན་དོན་དུ་ནུས་སམ། དེ་ལྟར་ནུས་ན་དབང་བསྐུར། ངོ་སྤྲོད་གསང་བ་བསྟན་པར་བྱ། །མོས་གུས་ཡིད་ཆེས་དད་པ་དང་། །བཅས་པས་ཉམས་སུ་ལོངས་པར་གྱིས། །ཞེས་བརྗོད། ལས་བྱང་བཞིན་སྐྱབས་སེམས་བྱ། སླབ་མ་སྐད་ཅིག་གིས་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི། སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་རྣམ་པར་སྣང་མཛད་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་འཁོར་ལོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲའི་ཡུམ་དང་མཉམ་པར་སྦྱོར་བ། ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་དུ་བཞུགས་པའི་གནས་གསུམ་བྱིན་གྱིས་བརླབས། ལས་བྱང་ལྟར་བྱིན་འབེབས། དེ་ཉིད་བརྟན་པར་བྱ་བའི་ཕྱིར་རྡོ་རྗེས་རྒྱས་གདབ། དབུས་ཀྱི་བུམ་པ་དང་སློབ་མ་རྣམ་སྣང་དུ་ཝལ་གྱིས་གསལ། །རྣམ་རྒྱལ་བུམ་པ་བཏེག་ལ། ཧཱུཾ། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་(༡༧བ)


GLG023_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །རྣམ་པར་སྣང་མཛད་སྐུ་ཡི་དབང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །འཛབ་ཀྱི་སྔགས་རིང་ཐུང་གཉིས་བརྗོད་པའི་མཇུག་ཏུ་བུདྡྷ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨཱོཾ་ཞེས་སྤྱི་བོར་འཇོག་ཅིང་བུམ་ཆུ་བླུད། བརྒྱུད་འདེབས་ཀྱི་ཆོས་སྐུ་འདུས་པ་ཀུན་ཏུ་བཟང་པོ་དང་ཞེས་པ་ནས་བཟུང་འཇམ་མགོན་དགྱེས་པའི་ཟ་ཧོར་བཞད་པ་རྩལ་གྱི་བར་དཀྱུས་བཞིན་ལ། བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས། །བྱིན་གྱིས་རླབས་པ་མཛད་ནས་ཀྱང་། །སྐལ་ལྡན་རིགས་ཀྱི་བུ་འདི་ཡིས། །རིག་པའི་རྩལ་དབང་ཐོབ་པར་ཤོག །ཅེས་བརྗོད། བུམ་པ་དང་དབུ་རྒྱན་ཐོགས་ལ། ཧཱུཾ། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །རིན་ཆེན་འབྱུང་ལྡན་རྒྱས་པའི་དབང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །སྔགས་རིང་ཐུང་གཉིས་ཀྱི་མཇུག་ཏུ་རཏྣ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་སྭཱ་ཞེས་བུམ་པ་དང་ཅོད་པན་རྣ་ལྟག་གཡས་སུ་བཞག །བུམ་ཆུ་གཏོར། གླུད་གང་རུང་བྱ་ཞིང་བརྒྱུད་འདེབས་གོང་བཞིན་བལྡབ། བུམ་པ་དང་རྡོ་རྗེ་ཐོགས་ལ། ཧུཾ། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་(༡༨ན)


GLG023_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །སྣང་བ་མཐའ་ཡས་གསུང་གི་དབང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །སྔགས་རིང་ཐུང་གཉིས་ཀྱི་མཐུག་ཏུ་པདྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨཾ་ཞེས་ལྟག་པར་བཞག །རྡོ་རྗེ་ལག་གཡས་སུ་གཏད་ཅིང་བུམ་ཆུ་གཏོར་ཞིང་བརྒྱུད་འདེབས་གོང་བཞིན་བལྡབ། བུམ་པ་དང་དྲིལ་བུ་ཐོགས་ལ། ཧཱུཾ། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །དོན་ཡོད་གྲུབ་པ་འཕྲིན་ལས་དབང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །སྔགས་རིང་ཐུང་གཉིས་ཀྱི་མཇུག་ཏུ་ཀརྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱ་ཞེས་རྣ་ལྟག་གཡོན་དུ་འཇོག་ཅིང་ལག་པ་གཡོན་པར་དྲིལ་བུ་གཏད་དེ་ཅུང་ཟད་དཀྲོལ། བུམ་ཆུ་གཏོར་ཏེ་བརྒྱུད་འདེབས་གོང་བཞིན་བལྡབ། བུམ་པ་དང་རྡོར་དྲིལ་ཐོགས་ལ། ཧཱུཾ། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་ལ་ཕྱག་འཚལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །རྡོ་རྗེ་སེམས་དཔའ་ཐུགས་ཀྱི་དབང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །སྔགས་རིང་ཐུང་གཉིས་ཀྱི་མཇུག་ཏུ་བཛྲ་ཀ་ལཱ་ཤ་ཨ་བྷི་ཥིནྩ་ཧཱུཾ་ཞེས་དཔྲལ་བར་གཏུགས་ཏེ་རྡོར་དྲིལ་ལྷན་ཅིག་ཏུ་བཟུང་དྲིལ་བུ་དཀྲོལ་ནས་སྣ་ཚོགས་རང་གྲོལ། གང་ཤར་རང་གྲོལ། དུ་མ་རང་གྲོལ་སོགས་མིང་བཏགས་ཤིང་བུམ་ཆུ་གཏོར་རོ། །འདི་ནི་ཆོས་རྒྱལ་དབང་པོའི་སྡེས་འཆད་ཐབས་ལག་ལེན་དྲན་པའི་གསལ་འདེབས་སུ་ཞི་བ་རིགས་ལྔ་བསྒྲིལ་ནས་བསྐུར་བ་ཞེས་པའི་དབང་(༡༨བ)


GLG023_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་དེ་ཡིན་ནོ། །འཇུག་སྒོ་དངོས་ལས་བྱུང་བའི་གཏོར་དབང་ལ། ཨཱོཾ་ཨཱཿཧཱུཾ། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །ངོ་མཚར་རྨད་བྱུང་དཔལ་གྱི་གཏོར་མ་འདི། །རྒྱུ་ནི་དོག་མ་ཤིང་ལ་འཁྲུངས་པའི་འབྲུ། །དག་ཅིང་དྲི་མེད་འབགས་བཙོག་ལ་སོགས་པ། །གཙང་ཞིང་གཙང་མར་སྦྱར་བ་བརྗིད་པའི་དཔལ། །ཟུར་བཞི་ལོགས་བརྒྱད་དཔུང་པ་བཞི་དང་ལྡན། །རྩ་བ་བརྟན་པ་རྩེ་མོ་གནམ་དུ་མཐོ། །བདེ་གཤེགས་རྩ་བའི་ལྷ་ཚོགས་མཉེས་པའི་རྟེན། །སྤྲུལ་པ་བྱེ་བ་དཔག་མེད་ཚིམ་བྱའི་ཕྱིར། །པདྨ་འདབ་བརྒྱད་མཛེས་པས་མཐའ་ནས་བསྐོར། །མཐེབ་སྐྱུ་སྦྲེལ་མའི་ཚོགས་ཀྱི་དཔུང་བསྐྱེད་ནས། །རོ་བརྒྱ་ལྡན་པའི་ཞལ་ཟས་དུ་མས་བརྒྱན། །རིན་ཆེན་གཏོར་གཞོང་ཡངས་པ་ཆོས་ཀྱི་དབྱིངས། །གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ། །འཇམ་དཔལ་སྐུ་མཆོག་བདེ་ཆེན་འདུ་འབྲལ་མེད། །རྣམ་དག་བདུད་རྩིས་འཕགས་པ་མཆོད་པའི་རྫས། །གཉིས་མེད་དབྱིངས་སུ་དམ་ཚིག་གཉེན་པོ་བསྲེ། །མ་མོ་མཁའ་འགྲོ་དབང་དུ་འདུ་བ་དང་། །འཕྲིན་ལས་རྣམ་བཞིས་འགྲོ་བ་འདྲེན་པ་དང་། །སྤྲུལ་པ་དཔག་མེད་ལས་ལ་འགྱེད་པ་དང་། །དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ནས། །གཏོར་མ་འདོད་ཡོན་རྣམ་པ་ལྔ་ཡི་དབང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །འཛབ་ཀྱི་སྔགས་རིང་ཐུང་གཉིས་བརྗོད། །རྣམ་པར་སྣང་མཛད་ཀྱི་བུམ་དབང་དུས་ཀྱི་ཡེ་ཤེས་དབང་བསྐུར་ཅོད་པན་ཅན་ནས་རིགས་ཀྱི་བུ་ལ་དབང་བསྐུར་རོ་ཞེས་པའི་བར་དང་ཆོས་སྐུ་འདུས་པ་ཀུན་ཏུ་བཟང་པོ་དང་ནས་རིག་པའི་རྩལ་དབང་ཐོབ་པར་ཤོག་བུདྡྷ་བ་ལིཏྣ་ཨ་བྷི་ཥིཉྩ་ཨཱོཾ་ཞེས་གཏོར་མ་སྤྱི་བོར་གཏུག །གཙོ་བོ་རྣམ་སྣང་ཡབ་ཡུམ་གྱི་ལྷ་ཚོགས་འོད་དུ་ཞུ་ཞིང་རིགས་འཛིན་དང་རིགས་གཞན་རྣམས། ཁྲག་(༡༩ན)


GLG023_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་ལྔ་བཅུ་རྩ་བརྒྱད་ལས་ཀྱང་རང་འདྲ་དཔག་མེད་འཕྲོས་ཏེ་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་ཏེ་ཐིམ་པས་བདེ་ཆེན་འཁོར་ལོ་དང་རོ་རྐྱང་དབུ་གསུམ་ཤར་བར་མོས། དེ་ནས་གཏོར་མའི་བསྐུར་ཚིག་རྣམས་བཤད་མ་ཐག་པ་ཇི་ལྟ་བ་ལ་ཡེ་ཤེས་དབང་བསྐུར་ཅོད་པན་ཅན་གྱི་ཁ་བསྒྱུར་འོད་དཔག་མེད་ཀྱི་རྡོ་རྗེའི་དབང་གི་དུས་བཞིན་བྱ། པདྨ་བ་ལིཏྣ་ཨ་བྷི་ཥིཉྩ་ཨཾ་ཞེས་མགྲིན་པར་གཏུག །ནུབ་ཀྱི་འོད་དཔག་མེད་ཡབ་ཡུམ་གྱི་ལྷ་ཚོགས་འོད་དུ་ཞུ་ཞིང་ནས་ལོངས་སྤྱོད་ཀྱི་འཁོར་ལོ་དང་རོ་རྐྱང་སོགས་གོང་དང་འདྲ། དེ་བཞིན་དུ་སོ་སོའི་ཁ་བསྒྱུར་དང་བཅས་བཛྲ་བ་ལིནྟ་ཨ་བྷི་ཥིཉྩ་ཧཱུཾ་གིས་གཏོར་མ་སྙིང་ག་དང་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ལྷ་ཚོགས་འོད་དུ་ཞུ་ཞིང་ནས་ཆོས་ཀྱི་འཁོར་ལོ་དང་རོ་རྐྱང་སོགས་འདྲ། རཏྣ་བ་ལིནྟ་ཨ་བྷི་ཥིཉྩ་སྭཱས་ལྟེ་བ་དང་རིན་འབྱུང་ཡབ་ཡུམ་གྱི་ལྷ་ཚོགས་འོད་དུ་ཞུ་ཞིང་ནས་སྤྲུལ་པའི་འཁོར་ལོ་དང་རོ་རྐྱང་སོགས་འདྲ། ཀརྨ་བ་ལིནྟ་ཨ་བྷི་ཥིཉྩ་ཧས་གསང་གནས་དང་དོན་གྲུབ་ཡབ་ཡུམ་གྱི་ལྷ་ཚོགས་འོད་དུ་ཞུ་ཞིང་ནས། བདེ་སྐྱོང་འཁོར་ལོ་དང་རོ་རྐྱང་སོགས་འདྲ། རིགས་འཛིན་བརྒྱུད་པ་རྣམས་དང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱང་ཐིམ་པས། ལྷ་ཐམས་ཅད་འོད་དང་བདུད་རྩིའི་རང་བཞིན་དུ་སོང་བས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་སློབ་མའི་ལུས་ངག་ཡིད་བྱ་བ་དང་བཅས་པ་ངོ་བོ་དབྱེར་མེད་གཅིག་ཏུ་གྱུར་པར་བསམ། འཆད་ཐབས་སུ་ཞི་ཁྲོ་སྤྱི་དབང་དང་རིགས་བྱེ་བྲག་ཏུ་ཕྱེ་བ་དོན་གྲུབ་ཀྱི་བར་བསྐུར་གསུང་བའི་དོན་ནོ། །ངོ་སྤྲོད་གནད་དུ་བསྣུན་ན་མིག་དར་བཀབ། སྙིང་པོ་ཨ་དང་རིགས་ལྔའི་སྐུ་ཉི་མའི་ཟེར་ལ་བསྟན། མིག་དར་གཡོགས་ཚེ་བསལ་ཏེ། ཤེལ་མིག་ལ་བཀབ་ནས་བལྟར་བཅུག་ལ། དུས་གསུམ་སངས་རྒྱས་ཀྱི་ངོ་བོ་འདི་ལྟར་དུ་རང་ལ་གནས་ཏེ། སྔར་མ་མཐོང་བས་ལན། ད་མཐོང་བ་འདི་ག་བདེ་བར་གཤེགས་(༡༩བ)


GLG023_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིགས་ལྔ་ཡིན་ནོ། །བྱས་ལ་ཚིག་གིས་ངོ་སྤྲད་པ་ནི། ཨ་མེ་ལོང་ལྟ་བུའི་ཡེ་ཤེས་ནི། །འོད་ཟེར་དཀར་པོ་སྙིང་ལ་གནས་། །སྙིང་ལ་ཡེ་ཤེས་ངོ་སྤྲད་པས། །རྡོ་རྗེ་སེམས་དཔའི་ཞལ་དང་མཉམ། །འདི་ལ་ཐེ་ཚོམ་བྱར་མི་རུང་། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །རང་བྱུང་རང་ངོ་ཤེས་པའི་དབང་ཐོབ་ཤོག །གོང་གི་སྔགས་རིང་ཐུང་གཉིས་བརྗོད། །ཨ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། །འོད་ཟེར་སེར་པོ་སྙིང་ལ་གནས། །སྙིང་ལ་ཡེ་ཤེས་ངོ་སྤྲད་པས། །རིན་ཆེན་འབྱུང་ལྡན་ཞལ་དང་མཉམ། །འདི་ལ་ཐེ་ཚོམ་བྱར་མི་རུང་། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །རང་བྱུང་རང་ངོ་ཤེས་པའི་དབང་ཐོབ་ཤོག །སྔགས་༝༝ ཨ་སོ་སོར་རྟོག་པའི་ཡེ་ཤེས་ནི། །འོད་ཟེར་དམར་པོ་སྙིང་ལ་གནས། །སྙིང་ལ་ཡེ་ཤེས་ངོ་སྤྲད་པས། །སྣང་བ་མཐའ་ཡས་ཞལ་དང་མཉམ། །འདི་ལ་ཐེ་ཚོམ་བྱར་མི་རུང་། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །རང་བྱུང་རང་ངོ་ཤེས་པའི་དབང་ཐོབ་ཤོག །སྔགས་༝༝ ཨ་བྱ་བ་གྲུབ་པའི་ཡེ་ཤེས་ནི། །འོད་ཟེར་ལྗང་གུ་སྙིང་ལ་གནས། །སྙིང་ལ་ཡེ་ཤེས་ངོ་སྤྲད་པས། །དོན་ཡོད་གྲུབ་པའི་ཞལ་དང་མཉམ། །འདི་ལ་ཐེ་ཚོམ་བྱར་མི་རུང་། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །རང་བྱུང་རང་ངོ་ཤེས་པའི་དབང་ཐོབ་ཤོག །སྔགས་༝༝ ཨ་(༢༠ན)


GLG023_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །འོད་ཟེར་མཐིང་ག་སྙིང་ལ་གནས། །སྙིང་ལ་ཡེ་ཤེས་ངོ་སྤྲད་པས། །རྣམ་པར་སྣང་མཛད་ཞལ་དང་མཉམ། །འདི་ལ་ཐེ་ཚོམ་བྱར་མི་རུང་། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །རང་བྱུང་རང་ངོ་ཤེས་པའི་དབང་ཐོབ་ཤོག །སྔགས་༝༝ ཨ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། །འོད་ཟེར་འཇའ་ཚོན་སྙིང་ལ་གནས། །སྙིང་ལ་ཡེ་ཤེས་ངོ་སྤྲད་པས། །འཇམ་དཔལ་གཞོན་ནུའི་ཞལ་དང་མཉམ། །འདི་ལ་ཐེ་ཚོམ་བྱར་མི་རུང་། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །རང་བྱུང་རང་ངོ་ཤེས་པའི་དབང་ཐོབ་ཤོག །སྔགས་གཉིས་བརྗོད། བསྟིམ་དུས་ནམ་ཡང་མི་འབྲལ་བར་བསྒོམ། བློ་ལ་ཐེ་ཚོམ་མི་ཟ་བར་འཚང་རྒྱ་བ་ཡིན་ནོ། །ཞེས་དབང་བསྐུར་རོ། །རང་ངོ་སྤྲད་དོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཕགས་པ་རྣམས་ཀྱི་བཞུགས་གནས་ལ། བྱ་རྒོད་ཕུང་པོའི་རི་ནི་སྤྲུལ་སྐུ་བཞུགས་པའི་གནས་ཡིན་ཏེ། རིའི་སྙིང་པོ་རིན་པོ་ཆེ་ཅུང་ཞི་ལས་གྲུབ་པའོ། །པདྨ་སྤུངས་པའི་རི་ནི་མཁའ་འགྲོ་མའི་རི་ཡིན་ཏེ། རིའི་སྙིང་པོ་རིན་པོ་ཆེ་མཚལ་ལས་གྲུབ་པའོ། །ཤེལ་རི་སྤུངས་པའི་རི་ནི་བྱང་ཆུབ་སེམས་དཔའ་བཞུགས་པའི་རི་ཡིན་ཏེ། རིའི་སྙིང་པོ་རིན་པོ་ཆེ་མན་ཤེལ་འབའ་ཞིག་ལས་གྲུབ་པའོ། །རི་དེ་རྣམས་ཀྱང་། སངས་རྒྱས་རྡོ་རྗེ་སེམས་དཔའི་བྱིན་རླབས་ལས་གྲུབ་པ་ཡིན་ཏེ། རིན་ཆེན་ཅུང་ཞི་ནི་སྐུའི་བྱིན་རླབས་ཀྱི་ཐིགས་པའོ། །རིན་པོ་ཆེ་མཚལ་ནི་གསུང་གི་བྱིན་རླབས་ཀྱི་ཐིགས་པའོ། །རིན་པོ་ཆེ་ཤེལ་ནི་ཐུགས་ཀྱི་བྱིན་རླབས་ཀྱི་ཐིགས་པའོ། །བྱང་(༢༠བ)


GLG023_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་གནས་དེ་ནི། བྱང་ཆུབ་སེམས་དཔའ་རང་ལས་གཞན་གྱིས་མཐོང་བར་མི་ནུས་ཏེ། སྣང་བ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་ལ། ཁ་དོག་སྣ་ཚོགས་འབར་བའི་འོད་དུ་ཡོད་དེ། སྐུའི་སྣང་བ་བསམ་གྱིས་མི་ཁྱབ་པར་སྣང་ངོ་། །ནམ་མཁའ་ལ་ལོངས་སྤྱོད་ཅིང་ལོངས་སྤྱོད་པ། ནམ་མཁའི་མཐའ་ལ་རབ་ཏུ་གནས་སོ། །ཕྱི་ནས་བལྟས་ན་ནང་ན་ཡོད་པར་གསལ་ལོ། །ནང་ནས་བལྟས་ན་ཕྱི་ན་ཡོད་པར་གསལ་ལོ། །ཤར་ནས་བལྟས་ན་ནུབ་ན་ཡོད་པར་གསལ་ལོ། །ནུབ་ནས་བལྟས་ན་ཤར་ན་ཡོད་པར་གསལ་ལོ། །དེ་བཞིན་ལྷོ་དང་། བྱང་དང་། སྟེང་དང་། འོག་དང་། མཚམས་བཞི་ཡང་དེ་བཞིན་དུ་སྣང་སྟེ། འོད་སྣ་ཚོགས་པར་སྣང་བ་དེ་ཡང་། འཇའ་ཚོན་གྱི་རང་བཞིན་ཏེ། འཇའ་ཚོན་གྱི་དྲ་བ་དང་། འཇའ་ཚོན་གྱི་འོད་ཟེར་དང་། ཁང་པ་དང་། ཁྲི་དང་། གདན་དང་། སྐུ་དང་། རྒྱབ་ཡོལ་དང་། རྒྱན་དང་། གདུགས་དང་། བླ་བྲེ་དང་། འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡང་འཇའ་ཚོན་དུ་སྣང་སྟེ། འབྱུང་བ་བཞིའི་རྒྱུན་དང་། རྩི་ཤིང་ནགས་ཚལ་དང་། སྨན་དང་། སྤོས་དང་། མེ་ཏོག་དང་། སྐྱེ་འགྲོའི་སེམས་ཅན་སྣ་ཚོགས་པའི་གཟུགས་ཀྱང་ཡོད་དེ། དེ་དག་ཀྱང་ཁ་དོག་སྣ་ཚོགས་པ་ལ། སྐྱེ་ཤིའི་དངོས་པོ་དང་། རྡོས་བཅས་ཀྱི་སྣང་བ་མེད་པ་ཁོ་ནའོ། །དེ་དག་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའི་ཐུགས། རིན་པོ་ཆེ་མན་ཤེལ་གྱི་སྣང་བའོ། །ཤེལ་རི་སྤུངས་པ་ཞེས་བྱ་བ་དེ་དང་། ཤེལ་ལུང་ཡངས་པ་ཞེས་བྱ་བ་དེ་ནི། འདི་ན་ཡོད་དོ་བྱ་བའི་དཔྱད་བྱ་སུས་ཀྱང་མི་ཤེས་ཏེ། ལ་ལ་ན་རེ་རྒྱ་གར་ཤར་ཕྱོགས་ན་ཡོད་ཟེར། ལ་ལ་ན་རེ་ནུབ་ཕྱོགས་ན་ཡོད་ཟེར། སུས་ཀྱང་གཏན་ལ་ཕེབས་པ་མེད། དེ་དག་ནི་འོད་ཟེར་འཕྲོས་པ་ལས། རྒྱལ་ཁམས་ཀུན་ན་ཡང་ཅུང་ཞི་དང་། མཚལ་དང་(༢༡ན)


GLG023_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་དངས་ཡོད་པ། ཅོ་ལེ་ཡོད་པས། དེ་དག་གི་ཡོན་ཏན་ལོངས་ན། ཕན་ཡོན་ཤིན་ཏུ་ཆེའོ། ཁྱད་པར་དུ་ཤེལ་རིགས་བཞི་ཡོད་པ་ལས། རྡོ་ཤེལ། མེ་ཤེལ། ཆུ་ཤེལ། མན་ཤེལ་ལོ། །རྡོ་ཤེལ་ལ་བཟོ་སྣ་མང་པོ་བཏུབ་བོ། །མེ་ཤེལ་ལ་མེ་འཐོན། ཆུ་ཤེལ་གྱིས་མེ་ཐུབ། རིན་པོ་ཆེ་མན་ཤེལ་གྱིས་བདེ་བར་གཤེགས་པའི་སྐུ་དང་ཞིང་ཁམས་ཀྱི་ངོ་འཕྲོད་དོ། །རྡོ་རྗེ་སེམས་དཔའ་ཉིད་དང་མཉམ་པས། དར་ཟབ་ཀྱིས་གྲིལ་རིན་པོ་ཆེའི་སྣོད་དུ་བཅུག་ལ། ཕྱག་དང་མཆོད་པའི་གནས་སུ་ཁུར་ན་བྱིན་རླབས་ཆེའོ། །གདམས་ངག་མེད་པ་རྣམས་ཀྱིས་ངོ་ཡང་མི་ཤེས་ལ། ཤེས་ཀྱང་ཕན་པར་མི་འགྱུར་རོ། །གང་ཟག་ཚད་དང་མི་ལྡན་པ་རྣམས་ཀྱིས་བཅང་བར་མི་ནུས་ཏེ། རང་གི་རང་བསྲེགས་པར་འོང་ངོ་། །གཙང་མའི་བྲམ་ཟེ་ངས་ནི་ཤེལ་རི་སྤུངས་པའི་ཤེལ་ཁང་ཡངས་པ་རུ། འཇམ་དཔལ་སྐུའི་ཞལ་མཐོང་བ་ཡིན་ཏེ། དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས། ཤེས་རབ་ཀྱི་སྒོ་ཕྱེ་ནས་ཡེ་ཤེས་ཀྱི་སྣང་བ་བསྟན་པ་ལས། སངས་རྒྱས་ཐམས་ཅད་ཀྱི་ཞལ་མཐོང་བས། སྣང་བ་དེ་ལ་འགྱུར་བ་མེད་དེ། ཡེ་ཤེས་ཀྱི་སྣང་བ་ལམ་མེ་ཡོད་དེ། ཡེ་ཤེས་ཁྱད་པར་ཆེ་བ་ཡིན་ནོ་གསུངས་ནས། དེའི་རྗེས་སུ་བྲམ་ཟེའི་ཁྱེའུས་སྤྲུལ་པའི་ཁྱེའུ། འོད་འབར་བ་ལ། རིན་པོ་ཆེ་མན་ཤེལ་ཟུར་བཞི་ལོགས་བརྒྱད་སྒོ་བཅུ་དྲུག་ཡོད་པ། ཆུ་ཞེང་གབ་པ་གཅིག་བསྟན་ནས། རིགས་ཀྱི་བུ། མན་ཤེལ་འོད་ལྔ་འབར་བ་ལྟར། །རང་བྱུང་རིག་པ་ཆོས་ཀྱི་སྐུ། །འདི་འདྲ་ཅི་འདྲར་རྟོགས་པར་གྱིས། །ངོ་བོ་རང་བཞིན་ཐུགས་རྗེ་ལྡན། །སྐུ་གསུམ་འབྲལ་མེད་དབང་བསྐུར་རོ། །ཨཱོཾ་ཨཱཿཧཱུཾ། ཞེས་དབང་བསྐུར་བས། རིན་པོ་ཆེ་སྤྱི་བོར་བཞག་པ་ཙམ་གྱིས། འཇིག་རྟེན་གྱི་སྣང་བ་ཐམས་ཅད་འཇམ་དཔལ་གྱི་ཞིང་ཁམས་སུ་མཐོང་(༢༡བ)


GLG023_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བས། ཁྱེའུའི་མཚན་ཡང་འཇམ་དཔལ་བཤེས་གཉེན་དུ་འཇམ་དཔལ་སྨྲ་བའི་སེང་གེས། བཏགས་སོ། །བྲམ་ཟེ་ཁྱེའུ་ལ་ཞུས་ལན་དྲི་མ་མེད་པ་གསུངས་པས། དུས་དེ་གར་དཔལ་རྡོ་རྗེ་སེམས་དཔས། རིན་པོ་ཆེ་མན་ཤེལ་གྱི་དབང་དང་ངོ་སྤྲོད་གནང་ནས། ཡིག་ཚོགས་ལག་མཐིལ་གང་ལ་ཆོས་ཐམས་ཅད་ཀྱི་དོན་ཐུགས་སུ་ཆུད་དོ། །དེ་ལྟར་འཇམ་དཔལ་གྱི་སྨིན་བྱེད་གཏོར་མ་ལ་བརྟེན་ནས་དབང་བཞི་རིག་རྩལ་ངོ་སྤྲོད་ཀྱིས་བརྒྱན་པ་བརྒྱུད་པའི་སྲོལ་ལྟར་ལྷག་ཆད་ནོར་འཁྲུལ་མེད་པར་ཡོངས་སུ་རྫོགས་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཞིག་ཕུལ་མཛོད། དེ་ལྟར་མཎྜལ་གྱིས་མཚོན་པའི་རང་གི་ལུས་ལོངས་སྤྱོད་ལ་སོགས་པ་ཆ་ཤས་ཆ་ཤས་ཀྱིས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་དུས་ཀུན་དུ། །ལུས་དང་ལོངས་སྤྱོད་དངས་ཀུན་གྱིས། །དཔལ་ལྡན་བླ་མ་ཁྱེད་མཆོད་པས། །བརྩེ་བས་རྗེས་སུ་འཛིན་པར་མཛོད། །ཅེས་སོ། །དེས་རང་གཞན་གྱི་དོན་རྒྱ་ཆེ་བར་མཛད་པ་ཞུ། སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པས་གནས་རི་བོ་བྱ་རྐང་ཞེས་སོགས་དང་ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །སངས་རྒྱས་བཀྲ་ཤིས་གང་ལགས་པ། །དེང་འདིར་བཀྲ་ཤིས་བདེ་ལེགས་ཤོག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །ཆོས་ཀྱི་བཀྲ་ཤིས་གང་ལགས་པ། །དེང་འདིར་བཀྲ་ཤིས་བདེ་ལེགས་ཤོག །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །དགེ་འདུན་བཀྲ་ཤིས་གང་ལགས་པ། །དེང་འདིར་བཀྲ་ཤིས་བདེ་ལེགས་ཤོག །སྐུའི་བཀྲ་ཤིས་ཆོས་སྐུ་ཐོབ་པར་གྱུར་ཅིག །གསུང་གི་བཀྲ་ཤིས་དབྱངས་དང་ལྡན་པ་འགྱུར་ཅིག །ཐུགས་ཀྱི་བཀྲ་ཤིས་རྣམ་རྟོག་མེད་པར་གྱུར་ཅིག །ཡོན་ཏན་བཀྲ་ཤིས་དགོས་འདོད་འབྱུང་བར་གྱུར་ཅིག །འཕྲིན་ལས་བཀྲ་ཤིས་འགྲོ་དོན་ནུས་པར་(༢༢ན)


GLG023_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །ཅེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །སྒྱུ་འཕྲུལ་དྲ་བའི་བཅུད་ཀྱི་སྙིང་པོ་ལས། བསྟོད་པ་གླུར་བླངས་ལེའུའི་རོ་བདའི་ཟས། །དངར་པོར་འཐུལ་བ་འཇམ་དཔལ་རྫོགས་པ་ཆེ། །སངས་རྒྱས་མངོན་སུམ་རང་ངོ་སྤྲོད་པའི་ཆོས། །ཆོས་འདི་ཟབ་མོའི་གཏེར་དུ་རྒྱས་བཏབ་གནས། །སྟག་ཚང་ཕུག་ཏུ་མཁའ་འགྲོ་ཤེ་སྒྲོན་གྱིས། །ལོ་བདུན་ཉམས་བཞེས་འཇའ་ལུས་འཕོ་ཆེན་སྐུ། །བརྙེས་ཏེ་པདྨ་འོད་དུ་ཐོགས་མེད་བྱོན། །ཟབ་གཏེར་སྒོ་འབྱེད་གསར་བན་ཕྱོགས་མེད་ནས། ཁོ་བོའི་བླ་མ་ཟུར་ཆེན་བར་བྱོན་རྣམས། །ཐེག་པའི་རྩེ་མོ་ཁྲག་ཆོད་ཐོད་རྒལ་ལ། །བརྟེན་ནས་ཀུན་བཟང་ཆོས་སྐུའི་ཞིང་དུ་གཤེགས། །དེ་ཕྱིར་ལམ་འདིའི་སྔོན་འགྲོ་འཕྲིན་ལས་དང་། །སྨིན་བྱེད་ཁྲིགས་རིམ་གབ་དཀྲུགས་འཐོར་བ་རྣམས། །དམ་པའི་བཞེད་པ་ཇི་བཞིན་འཁྲུགས་བསྡེབས་སུ། །མཐོང་ཆོག་སྣང་སྟོང་འོད་ལྔའི་རྒྱ་ཅན་སྤེལ། །མཁས་གྲུབ་ཉིན་བྱེད་ནུབ་རིའི་འཕག་གཞོལ་བས། །དབང་གི་ཕྱག་བཞེས་འདབ་སྟོང་ཁ་ཟུམ་ཞིང་། །མི་ཤེས་མུན་ཁྲོད་ཟོག་རྫུན་འབྱུང་པོའི་བྱ། །སྐད་གསང་སྒྲོག་མཐོང་ཁོ་བོས་འབད་དེ་བཀོད། །དེང་ནས་རྒྱལ་བསྟན་ཇི་སྲིད་གནས་ཀྱི་བར། །ཟབ་ཆོས་གདམས་པ་འདི་གོའི་འཆད་ཉན་རྒྱུན། །ཆད་མེད་སྒོས་ཀྱི་གཏེར་སྲུང་ཚོགས་རྣམས་དང་། །ཁྱད་པར་སྔགས་སྲུང་རག་གདོང་མ་དེས་མཛོད། །སྟོན་ཟླ་ལྟར་དཀར་ལེགས་བྱས་འོད་སྣང་གིས། །མེད་ཅིང་འགྲོ་ངོར་སྣང་བའི་སྒྲིབ་པའི་མུན། །བསལ་ནས་རང་རིག་འཇམ་དཔལ་ཀུན་ཏུ་འོད། །སྣང་བ་དམ་པར་རྟག་ཏུ་འཆེལ་གྱུར་ཅིག །ཅེས་འཇམ་དཔལ་རྫོགས་པ་ཆེན་པོའི་འཕྲིན་ལས་དང་སྨིན་བྱེད་ཀྱི་ཆོག་སྒྲིགས་ཟུང་དུ་འབྲེལ་བ་མཐོང་ཆོག་སྣང་སྟོང་འོད་ལྔའི་རྒྱ་ཅན་འདི་ནི་བྱང་པ་རིགས་འཛིན་ཆེན་པོའི་སྤྲུལ་པའི་(༢༢བ)


GLG023_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་དྲངས་གསང་སྔགས་སྔ་འགྱུར་གྱི་བསྟན་འཛིན་དུ་མ་དང་ཁྱབ་བདག་བཀའ་འགྱུར་བ་ཆེན་པོའི་རིགས་ཀྱི་དབོན་རིན་པོ་ཆེ། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ལ་ཆོས་འདི་བཀའ་རྫོགས་ལུང་རྫོགས་སུ་ཕུལ་བའི་ཚེ་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པའི་སྐུ་མཆོག་བློ་བཟང་པདྨ་འཕྲིན་ལས། བཻ་རོའི་ཡང་སྲིད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ། བཀྲ་བཟང་རིགས་འཛིན་ཆེན་པོ་ཐུགས་མཆོག་འོད་འབར་གསུམ་གྱིས་འཁྲུགས་སྡེབས་ཤིག་གྱིས་ཞེས་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ་གཉགས་ཛྙཱ་ན་ཀུ་མཱ་རའི་ཟློས་གར་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཟུར་ཆོས་དབྱིངས་རང་གྲོལ་གྱི་བཀའ་དྲིན་ལ་བརྟེན་ནས་རང་བཞིན་རྫོགས་པ་ཆེན་པོ་ལ་ཅུང་ཟད་ཉམས་སུ་མྱོང་བའི་ཟ་ཧོར་གྱི་སྔགས་བན་གང་ཤར་རང་གྲོལ་གྱིས་གཏེར་བྱོན་རྡོ་རྗེའི་གསུང་རང་སོར་བཞག་ཆོས་རྒྱལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་ལྷན་ཐབས་རྣམས་བསྣན། ཁ་འགེང་དགོས་པ་པཎ་ཆེན་རིན་པོ་ཆེ་མཆེད་ཀྱི་གཏེར་གསར་ཚེ་དཔག་མེད་ཡེ་ཤེས་འོད་མཆོག་ནས་བླངས་ཏེ་བག་ཡོད་ཅེས་པ་ཆུ་གླང་ནག་པ་ཟླ་བའི་དཀར་ཆའི་བཟང་པོ་གཉིས་པ་ལ་རང་བྱུང་འཕགས་པས་བྱིན་གྱིས་བརླབས་པའི་གནས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་སརྦ་ཛ་ཡནྟུ།། །།

འཇམ་དཔལ་ཞི་བའི་འཕྲིན་ལས་སངས་རྒྱས་མངོན་སུམ་སྟོན་པའི་ལག་བཅངས།


GLG023_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཞི་བའི་འཕྲིན་ལས་སངས་རྒྱས་མངོན་སུམ་སྟོན་པའི་ལག་བཅངས་བཞུགས་སོ། །


GLG023_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུན་སྒྲིབ་བྲལ་གཟིགས་པའི་སྤྱན་རས་ཀྱིས། །ཤེས་བྱ་ཐམས་ཅད་མཁྱེན་པའི་རྡོ་རྗེ་འཛིན། ངེས་པ་དོན་གྱི་འཇམ་མགོན་བླ་མ་མཆོག །ཆོས་དབྱིངས་རང་གྲོལ་སྙིང་དབུས་པད་མཚོར་བཞུགས། །གདོད་ནས་དག་པའི་རང་གི་སེམས་ཉིད་འདི། །འཇམ་དཔལ་རྡོ་རྗེ་མངོན་སུམ་ངོ་སྤྲད་ནས། །ཚེ་འདིར་བྱང་ཆུབ་བསྒྲུབ་པ་གསང་བའི་ལམ། །གནུབས་ཆེན་འབྱུང་བའི་ལུགས་སྲོལ་འདི་རྨད་བྱུང་། །བསྐལ་བརྒྱར་བསྒྲུབ་བྱའི་གྲགས་ཆེན་སངས་རྒྱས་དེ། །རང་ངོ་འཕྲོད་ནས་ཕུང་པོ་འོད་སྐུ་རུ། །གྲོལ་ཚེ་གཞན་ནས་འཚོལ་འདོད་དཀའ་སྤྱད་ཅན། །བློ་ཆུང་བྱིས་པ་ཆུ་ཟླའི་གཟུགས་ཀྱིས་བསླུ། །གནས་སྐབས་ལས་བཞི་བསྒྲུབ་པར་སྔོན་འགྲོའི་ཆོས། །མཐར་ཐུག་བྱང་ཆུབ་འཚོལ་ལ་དངོས་གཞིའི་ལམ། །རིགས་འཛིན་རིམ་པར་བྱོན་པའི་ཞལ་གྱི་དྲོད། །མ་ཉམས་བྱིན་རླབས་རླངས་པ་ཅི་ཡང་འཐུལ། །ལྕགས་སྡིག་ཆོས་སྡེའི་ལྷ་ལམ་ཡངས་པའི་ངོས། །སྟོད་དྲིལ་ཉི་མ་ཤར་བའི་འོད་སྟོང་གིས། །སྒྲིབ་གཉིས་སྨག་རུམ་སངས་དང་ལྷན་ཅིག་པར། །དངོས་གྲུབ་སྣང་བའི་(༢ན)


GLG023_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྟོན་འདིར་སྤྱོད་ཅིག །དེ་ལ་འདིར་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་དང་ཟུང་དུ་འབྲེལ་བར་འཇམ་དཔལ་ཞི་བའི་སྒྲུབ་སྐོར་ལ། གཙོ་བོར་བྱ་སླ་ཞིང་འཁྱེར་བདེ་བ་གནམ་ལྕགས་སྡིག་པའི་ཆོས་སྡེའི་བྱང་ཆུབ་བསྒྲུབ་པའི་སྐོར་ལྕགས་འདྲའི་ཆོས་ཚན་འཇམ་དཔལ་ཞི་བའི་སྒྲུབ་ཐབས་བདུད་རྩིའི་ཐིགས་པ་དང་གཏེར་ཁ་མི་གཅིག་པ་སྤྲུལ་པའི་གཏེར་སྟོན་གསར་བན་ཕྱོགས་མེད་ཀྱིས་སྟག་ཚང་བཀྲ་ཤིས་དཔལ་ཕུག་ནས་གདན་དྲངས་པའི་འཇམ་དཔལ་རྫོགས་ཆེན་གྱི་སྐོར་སོགས་ལས་ཇི་ལྟར་རིགས་པ་དྲག་སྒྲུབ་མང་པོའི་སྔོན་དུ་འགྲོ་དགོས་པ། ཇི་སྐད་དུ། ཞི་བར་བསྙེན་ཅིང་དྲག་པོར་སྒྲུབ། །ཅེས་རྒྱུད་ཀྱི་དགོངས་དོན་དང་མཚུངས་པར་ཡང་བཟློག་ནག་པོ་མེའི་སྤུ་གྲིའི་ལས་སྦྱོར་རྩ་བསྙེན་གྱི་གོང་གནོན་ཟླ་གསང་ཞི་བསྙེན་གྱི་སྔོན་འགྲོར་འཇམ་དཔལ་ཞི་བ་ཡེ་ཤེས་སེམས་དཔའི་བསྙེན་པ་བྱ་དགོས་པ་ཡང་བཟློག་གི་ཆོས་སྐོར་དུ་ས་བཅད་ཙམ་ལས་མེད་ཅིང་། དེ་ལ་བརྟེན་ནས་གོང་མ་རྣམས་ཀྱིས་ཡང་བཟློག་དང་འབྲེལ་མཚུངས་པའི་འཇམ་དཔལ་གྱི་སྒྲུབ་སྐོར་ཇི་ལྟར་རིགས་པ་ཐུགས་ཉམས་སུ་བསྟར་བ་ལས་ཡིག་ཆར་འཁོད་པ་མ་བྱུང་ལ། (༢བ)


GLG023_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་སུ་རྗེ་འབྲི་གུང་པ་ཆེན་པོ་དབུར་སྨྱོན་ཆོས་ཀྱི་གྲགས་པས་ཡིག་ཆ་ཞིག་མཛད་པ་དངོས་གཞི་ཤིན་ཏུ་ལེགས་ནའང་ཕྱིས་འགྱུར་གྱི་ཆོ་ག་དང་འབྲེལ་བ་ཞིག་འདུག་པ་དེ་ཉིད་མི་རུང་བ་མ་ཡིན་མོད། འོན་ཀྱང་གཏེར་བྱོན་རྡོ་རྗེའི་གསུང་འཁྲུལ་པ་མེད་པ་ཉམས་སུ་བླང་བྱ་ཡོད་བཞིན་དུ་དེ་ཁོ་ན་ལྟར་བྱེད་པར་རིགས་ཤིང་། དེའང་གོང་དུ་སྨོས་པ་གསུམ་གྱི་ནང་ནས་མངོན་རྟོགས་སོགས་ལྕགས་སྡིག་གི་ཞི་བའི་སྒྲུབ་པ་དང་ཡང་བཟློག་གི་ཐུགས་ཀའི་འཇམ་དཔལ་འབྲེལ་མཚུངས་པས་དེའི་དགོངས་དོན་ལྟར་ཉམས་སུ་བླང་བ་ལ། སྔོན་འགྲོ་ནི། དེ་ཉིད་ལས། བྱང་ཆུབ་དབེན་པའི་གནས་མཆོག་ཏུ། །ས་བཟང་སྲོག་ཆགས་མེད་པ་ལ། །ཡང་ན་རིན་ཅེན་ཤིང་ལ་ནི། །མཎྜལ་མདའ་གང་གྲུ་བཞིར་བཞེང་༔ འོད་ལྔ་ཁ་དོག་ལེགས་པར་བྲི། །དཀྱིལ་དུ་ཨ་ལྔ་འོད་ཀྱི་གཟུགས། །སྐུ་ལྔ་རིགས་ལྔའི་ངོ་བོ་ལས༔ སྟེང་དུ་དར་སྣ་ལྔ་ཡི་གུར༔ མཆོད་ལྔ་གཏོར་མ་ལེགས་པར་བཤམས༔ རོལ་མོ་སྣ་ཚོགས་ཡིད་འོང་བཤམས༔ ཕྱི་ནང་གཏོར་མས་མཆོད་བྱས་ལ༔ ཞེས་པ་ལྟར་གནས་ཁང་ཕྱག་དར་བྱ། སྲོག་ཆགས་མེད་ཅིང་བཀྲ་ཤིས་པའི་ས་ལ་སྟེགས་བུའམ་ཡང་ན་ཅོག་ཙེ་ལྟ་བུའི་སྟེང་དུ་རིན་པོ་ཆེ་དང་ཤིང་སོགས་ལས་གྲུབ་པའི་མཎྜལ་མདའ་གང་གྲུ་བཞི་ཁོད་སྙོམས་པར་འོད་ལྔའི་དཀྱིལ་འཁོར་དབུས་སུ་འཇམ་དཔལ་རིགས་ལྔའི་ས་བོན་རང་མདོག་དང་མཐུན་པ་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་འབྲི་དར་ཚོན་སྣ་ལྔའི་གུར་ཕུབ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ། གཏོར་མ་ཟླུམ་པོ་པད་འདབ་ཅན་སྨན་རག་ཚོགས་གཞི་བགེགས་ཀྱི་གཏོར་མ་སོགས་མཁོ་བའི་ཡོ་བྱད་རྣམས་(༣ན)


GLG023_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་འདུ་བྱས། དེའང་རྫོགས་ཆེན་དང་འབྲེལ་བའི་དབང་དུ་བྱས་ན་གདོན་བགེགས་རང་སྣང་རིག་པའི་ཆོ་འཕྲུལ་ལས་ལོགས་སུ་མེད་པས་ཀ་དག་གི་དབྱིངས་སུ་གནོད་བྱ་གནོད་བྱེད་དང་བྲལ་ནའང་སྒྱུ་མའི་སྲིན་པོ་ལྟར་ཀུན་རྫོབ་དང་བསྟུན་ཏེ་རང་ཉིད་ཟིལ་གནོན་གཤིན་རྗེའི་གཤེད་ཀྱི་ང་རྒྱལ་ལ་གནས་པས་གཞི་བགེགས་ལ་བཀའ་བསྒོ་བ་ནས་སྲུང་འཁོར་གྱི་བར་ལས་བྱང་རྡོ་རྗེའི་ཐོག་མདའ་བཞིན་བྱ། སྐྱབས་འགྲོ་སེམས་བསྐྱེད་སྡོམ་པ་བཟུང་བ་ནི། དཀོན་ཅོག་གསུམ་ལ་སྐྱབས་སུ་མཆིའོ༔ དཀོན་ཅོག་གསུམ་ལ་ཕྱག་འཚལ་ལོ༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ དགེ་བ་ཀུན་ལ་རྗེས་སུ་སྨོན༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་སྲས་སུ་མཛད་དུ་གསོལ༔ ལན་གསུམ། གསང་བ་མཆོག་གི་དཀྱིལ་འཁོར་དུ༔ བླ་མེད་གནས་སུ་སྒྲུབ་པ་དང་༔ བདེ་གཤེགས་དངོས་གྲུབ་ཐོབ་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་ལན་གསུམ་བརྗོད༔ སྔོན་འགྲོར་ཞི་བ་འཇམ་དབྱངས་བསྒོམ་ཞིང་མཚན་བརྗོད་བཀླག་པ་ནི། ཆོས་ཀུན་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་༔ ཞེས་པ་ནས༔ འཛིན་མེད་རང་སར་གྲོལ་བའི་རྒྱུར་གྱུར་ཅིག་གི་བར་ལས་བྱང་ཆེན་མོ་བཞིན་བྱ། ཏྲཾ་རཏྣ་མཎྜ་ལ། པཾ་པདྨ་མཎྜ་ལ། མ་སཱུཪྱ་མཎྜ་ལ། ཨ་ཙནྡྲ་མཎྜལ། བཛྲ་ས་མ་ཡ་ཧཱུཾ་ཛཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ཀྱིས་ཚོགས་ཞིང་དཀྱུས་ལྟར་དང་། ཧཱུཾ། ངོ་བོ་ཆོས་སྐུ་སྤྲོས་བྲལ་མཁའ་དབྱིངས་ནས། །རང་(༣བ)


GLG023_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལོངས་སྐུ་འཇམ་དཔལ་རིགས་ལྔའི་ཚོགས། །ཐུགས་རྗེ་སྣ་ཚོགས་སྤྲུལ་པའི་ཟློས་གར་གྱིས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་བྱིན་ཆེན་ཕོབ། །ཨཱོཾ་མཉྫུ་ཤྲཱི་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨས་བྱིན་དབབ། རྟེན་གཏོར་དོར་བའི་སྨན་རག་གཏོར་གསུམ་དང་མཆོད་པ་བྱིན་རླབས་ལས་བྱང་ལྟར་བྱ། དངོས་གཞི་ནི་གཏེར་གཞུང་ལས། དེ་རྫོགས་བསམ་གཏན་ཏིང་འཛིན་ནི༔ རང་ཉིད་འཇམ་དཔལ་སེར་པོར་བསྐྱེད༔ ཅེས་སོགས་ཀྱི་དགོངས་དོན་ཅུང་ཟད་ཁ་བཀང་བ་ནི། ཧཱུཾ། ཆོས་རྣམས་ཐམས་ཅད་ཀ་ནས་དག་པའི་གཤིས། །མ་སྐྱེས་འགག་མེད་གང་དུ་མི་གནས་པ། །རང་རིག་གདོད་མའི་མགོན་པོ་འཇམ་དཔལ་དབྱངས། །ལྷུན་གྲུབ་འོད་གསལ་འདུས་མ་བྱས་པའི་དབྱིངས། །སྲ་མཁྲེགས་སྲུང་བའི་འཁོར་ལོ་ཡངས་པའི་ནང་། །ཆུ་ལས་ཉ་འཕར་བཞིན་དུ་པདྨ་དང་། །ཉི་མའི་གདན་སྟེང་རང་ཉིད་འཇམ་དཔལ་དབྱངས། །སྐུ་མདོག་སེར་པོ་གུར་གུམ་མདངས་དང་ལྡན། །ཞལ་གཅིག་ཕྱག་གཉིས་གཡས་པ་ཤེས་རབ་ཀྱི། །རལ་གྲི་འཕྱར་ཞིང་གཡོན་པ་ཨུཏྤ་ལའི། །ཡུ་བ་ནས་འཛིན་དགུང་ཐད་འདབ་སྟེང་དུ། །བསྟོད་པ་གླུར་བླངས་ལེའུའི་གླེགས་བམ་བསྣམས། །རིན་ཅེན་དབུ་རྒྱན་སྙན་ཆ་མགུལ་རྒྱན་དང་། །ཕྱག་ཞབས་གདུ་བུ་དོ་ཤལ་སེ་མོ་དོ། །ཆོས་ཉིད་འཁོར་ལོ་དབུ་ཡི་གཙུག་ན་མཛེས། །སྲབ་འཇམ་དར་གྱི་སྟོད་གཡོགས་ལྷབ་ལྷུབ་དང་། པཉྩ་ལི་ཀའི་ཤམ་ཐབས་རྣམ་པར་ཀླུབས། །ཞི་ཞིང་འཛུམ་ལྡན་བཅུ་དྲུག་ལང་ཚོ་ཅན། །ཞབས་གཉིས་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་གིས། །ཡེ་ཤེས་འོད་ལྔ་འབར་བའི་ཀློང་ན་བཞུགས། །(༤ན)


GLG023_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཐབས་ཤེས་ཟུང་འཇུག་ཉིན་མཚན་གྱིས། །མདངས་མཚོན་ཟླ་ཉི་ཁ་སྦྱོར་གའུའི་ནང་། །འཇའ་འོད་ཀློང་དུ་ཨ་ཡིག་མཐིང་དཀར་སེར། །དམར་ལྗང་ཐ་མར་སྙིང་པོའི་སྔགས་ཀྱིས་བསྐོར། །ཞེས་བདག་བསྐྱེད་ཀྱི་ཏིང་འཛིན་སྔོན་དུ་བཏང་སྟེ་མདུན་བསྐྱེད་བསྒྲུབ་པ་ནི། ཆོས་སྐུ་སྟོང་པའི་རང་མདངས་མ་འགགས་པའི། །ཡེ་ཤེས་འོད་ལྔའི་འཇའ་རིས་རྣམ་བཀྲ་བ། །ཐིག་ལེ་རྣམ་ལྔའི་ཚོམ་བུའི་གུར་ཁང་ནང་། །གདོད་ནས་རྣམ་དག་ལྷུན་གྱིས་གྲུབ་པའི་ལྷ། །དབུས་དང་ཕྱོགས་བཞིར་འཇམ་དཔལ་རིགས་ལྔ་ནི། །ཉོན་མོངས་ལྔ་དག་ཡེ་ཤེས་རྣམ་ལྔའི་མདངས། །མ་འདྲེས་མཐིང་དཀར་སེར་དམར་ལྗང་གུའི་མདོག །ཞི་ཞིང་འཛུམ་ལྡན་བཅུ་དྲུག་ན་ཚོད་ཅན། །རལ་པའི་ཟུར་ཕུད་ལྔ་ལྡན་རིན་ཅེན་རྒྱན། །སྣ་ཚོགས་དར་གྱི་ན་བཟའ་མཛེས་པར་གསོལ། །ཕྱག་གཡས་ཤེས་རབ་རལ་གྲིའི་འཆང་བཟུང་ནི། །རྡོ་རྗེ་འཁོར་ལོ་རིན་ཅེན་པདྨ་དང་། །རྒྱ་གྲམ་རང་རྟགས་ལས་གྲུབ་ཡུ་བ་འཛིན། །གཡོན་པ་ཐུགས་ཀར་ཨུཏྤལ་རྩ་བ་ནས། །བཟུང་བའི་འདབ་སྟེང་མཚན་བརྗོད་གླེགས་བམ་བསྣམས། །ཞབས་གཉིས་སྐྱིལ་ཀྲུང་པད་ཉིའི་གདན་ལ་བཞུགས། །ཐུགས་ཀར་ཟླ་ཉི་ཁ་སྦྱར་གའུའི་ནང་། །འཇའ་ཚོན་འོད་ལྔའི་གུར་དབུས་རང་རང་གི །མདོག་ལྡན་ཨ་ཡིག་ཐ་མར་ཡི་གེ་དྲུག །སུམ་ཅུ་རྩ་དྲུག་སྔགས་ཀྱིས་ཡོངས་སུ་བསྐོར། །བདག་མདུན་ལྷ་ཚོགས་རྣམས་ཀྱི་གནས་གསུམ་དུ། །ཨཱོཾ་དཀར་ཨཱཿདམར་ཧཱུཾ་ཡིག་མཐིང་ག་ཡིས། །མཚན་པ་ལས་འཕྲོས་ཡེ་ཤེས་ལྷ་ཚོགས་རྣམས། །དབྱིངས་(༤བ)


GLG023_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

རིག་དག་པའི་ཀློང་ནས་ས་མཱ་ཛཿ། ཧཱུྃ། རང་བཞིན་སྤྲོས་བྲལ་ཆོས་ཉིད་ཕོ་བྲང་ནས༔ རང་བྱུང་ཡེ་ཤེས་ཞི་བའི་ཆ་ལུགས་ཅན༔ གསེར་མདོག་གཟི་མདངས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱག་གཉིས་ཤེས་རབ་རལ་གྲི་པོ་ཏི་ཅན༔ བདེན་པ་དབྱེར་མེད་འཇའ་ཚོན་ཀློང་ན་བཞུགས༔ མ་རིག་རྟོག་པའི་མུན་པ་སེལ་བའི་ཕྱིར༔ རང་བྱུང་ཡེ་ཤེས་སྤྱན་འདྲེན་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བྷ་ག་ཝཱ་ན་མཉྫུ་ཤྲཱི་ནྱ་པ་ཏ་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤ་ཧོ༔ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ ཛ་ཧཱུཾ་བཾ་ཧོཿ ཞེས་སྤྱན་དྲངས་ཤིང་བསྟིམ། ཧཱུཾ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཡི༔ འཁོར་འདས་དབྱེར་མེད་བདེ་བ་ཆེན་པོའི་ངང༔ མ་རྟོགས་བློ་ཡི་ཞེན་པ་སྒྲོལ་བའི་ཕྱིར༔ རང་བྱུང་ཡེ་ཤེས་འཕོ་འགྱུར་མེད་པར་བཞུགས༔ ཨོཾ་མཉྫུ་ཤྲཱི་ཛྙཱ་ན་སརྦ་དྷརྨ་དྷཱ་ཏུ་མ་ཧཱ་སུ་ཁ་ཧཱུཾ་ཨ་ཨཱཿས་བཞུགས་སུ་གསོལ། ཧཱུཾ། མི་གནས་མ་བཅོས་དག་པ་ཆོས་སྐུ་ལས༔ རང་སྣང་ཡེ་ཤེས་དཔལ་གྱི་སྐུར་གསལ་ནས༔ གང་ལ་གང་འདུལ་སྤྲུལ་པའི་འབྱུང་གནས་ཏེ༔ འཇམ་དཔལ་རིགས་ལྔའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨ་ཏི་པུ་ཧོཿཔྲ་ཏི་ཛ་ཧོ༔ ཞེས་ཕྱག་བྱ། ཧཱུཾ། མཁའ་དབྱིངས་ཀློང་ཡངས་ཀུན་ཏུ་བཟང་པོའི་ངང་༔ རང་འོད་རང་སྣང་ཀུན་བཟང་རོལ་པའི་སྤྲིན༔ ཕྱི་ནང་གསང་བའི་མཆོད་སྤྲིན་མ་ལུས་པ༔ གཉིས་མེད་རང་སྣང་ངང་ལ་ཐིམ་པར་འབུལ༔ ཨོཾ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས་ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། ཧཱུཾ། རང་བྱུང་གདོད་ནས་དག་པའི་བཅུད༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་(༥ན)


GLG023_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རྫུས༔ རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བ༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ བླ་མ་ཡི་དམ་རྣམས་ལ་འབུལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ བླ་མ་བརྒྱུད་མཆོད་ནི༔ ཉམས་ལེན་དཀྱུས་མ་ལ་ལས་བྱང་ཆེན་མོ་ལྟར་དང་། ཡང་བཟློག་གི་སྔོན་འགྲོར་སྒེར་དུ་བྱེད་ན། དེ་གའི་རྒྱུན་མཆོད་ལེན། དུག་ལྔ་རང་གྲོལ་ཡེ་ཤེས་ལྔ་ཡི་བདག༔ བཅོམ་ལྡན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེ་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་མཉྫུ་ཤྲཱི་སརྦ་པཉྩ་ཨ་མྲི་ཏ་ཁཱ་ཧིཿ ཞེས་སྨན་མཆོད་འབུལ། ཨོཾ་ཨཱཿཧཱུཾ། དཔལ་ལྡན་རྡོ་རྗེ་སྐུ་གསུང་ཐུགས་འཆང་བ༔ མི་ཕྱེད་རྡོ་རྗེ་སྐུ་གསུང་ཐུགས་དང་ལྡན། །དེང་བདག་འཇམ་དཔལ་སྐུ་གསུང་ཐུགས་འཛིན་པ། །འཇམ་དཔལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨོཾ་མཉྫུ་ཤྲཱི་ཀཱ་ཡ་སིདྡྷི་ཨཱོཾ་ཝཱ་ཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུཾ་གིས་དངོས་གྲུབ་བླངས། ཧཱུཾ། རང་བཞིན་སྤྲོས་བྲལ་ཆོས་ཉིད་དག་པ་ལ། །འགྲོ་མགོན་རང་བྱུང་འཇམ་དཔལ་ཡེ་ཤེས་སེམས༔ རང་རྒྱུད་བཅིངས་པའི་བདག་འཛིན་མཚན་མའི་ཆོས༔ བདག་མེད་རྒྱལ་བའི་ཞིང་དུ་སྦྱོར་བའི་ཕྱིར༔ རང་སྣང་ཞེན་བྲལ་འདོད་ཡོན་ལྷ་མོས་མཆོད༔ བདུད་རྩི་སྨན་རཀ་དམ་རྫས་གཏོར་མ་རྣམས༔ རིགས་ལྔ་དབྱེར་མེད་ཀློང་དུ་འབུལ་ལགས་ན༔ གཉིས་སུ་མེད་པའི་དོན་གྱིས་བཞེས་ནས་ཀྱང་༔ མཚན་མའི་རྣམ་རྟོག་བག་ཆགས་ཞི་བར་མཛོད༔ ཨོཾ་མཉྫུ་ཤྲཱི་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧིཿ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧིཿ མཧཱ་བ་ལིངྟ་ཁ་(༥བ)


GLG023_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

རཾ་ཁཱ་ཧི༔ ཞེས་པས་ནང་གི་མཆོད་པ་འབུལ། ཧཱུཾ། འཇམ་དཔལ་དཔལ་དང་ལྡན་པའི་མཆོག༔ མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད༔ ཡང་དག་མཐར་གྱུར་ཁྱོད་ལ་འདུད༔ སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད༔ སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད༔ སངས་རྒྱས་ཆགས་པ་ཁྱོད་ལ་འདུད༔ སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། སངས་རྒྱས་དགྱེས་པ་ཁྱོད་ལ་འདུད༔ སངས་རྒྱས་རོལ་པ་ཕྱག་འཚལ་འདུད། སངས་རྒྱས་འཛུམ་པ་ཁྱོད་ལ་འདུད༔ སངས་རྒྱས་བཞད་པ་ཕྱག་འཚལ་འདུད། སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད༔ སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད༔ མེད་པ་ལས་བྱུང་ཁྱོད་ལ་འདུད༔ སངས་རྒྱས་འབྱུང་བ་ཁྱོད་ལ་འདུད༔ ནམ་མཁའ་ལས་བྱུང་ཁྱོད་ལ་འདུད༔ ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད༔ སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད༔ སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད༔ ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད༔ ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད༔ ཅེས་པས་བསྟོད། ཧོཿ རང་བཞིན་རྣམ་པར་དག་པའི་གཞལ་ཡས་ནས༔ རང་བྱུང་ཡེ་ཤེས་ཆེན་པོའི་སྐུ༔ མཚན་ལྡན་ཞི་བའི་ཆ་ལུགས་སུ་བཞུགས་པ། བཅོམ་ལྡན་འདས་འཇམ་དཔལ་རིགས་ལྔ་མཁྱེན་པར་མཛོད་ཅིག་དགོངས་སུ་གསོལ་ལོ། །རང་བཞིན་རྣམ་པར་དག་པའི་མཆོད་པ། ཡེ་ཤེས་ཀྱི་རོལ་པ་འདོད་པའི་ཡོན་ཏན་དང་བདུད་རྩིའི་ཆུ་རྒྱུན་དུ་བྱིན་གྱིས་བརླབས་ཏེ་འབུལ་ན་ཐུགས་རྗེ་ཆེན་པོས་བཞེས་ཤིང་ལོངས་སྤྱད་དུ་གསོལ། ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཡིན་པ་ལ་ཡིན་པར་མ་ཤེས་པས་དངོས་པོ་ལ་མངོན་པར་ཞེན་པ་སྟེ། རྩ་བ་དང་ཡན་ལག་གི་དམ་ཚིག་ལ་ཉམས་ཆགས་དང་འགལ་འཁྲུལ་དུ་གྱུར་པ་མཐོལ་ཞིང་བཤགས༔ རང་བྱུང་ཡེ་ཤེས་དོན་མཆོག་དང་ཐུན་མོང་གིས་བསྡུས་པ༔ དུས་དང་ལས་ལ་རག་མ་ལུས་པར་ད་ལྟ་ཉིད་དུ་སྩལ་(༦ན)


GLG023_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ༔ འདུ་བའི་ནད་དང་བར་གཅོད་ཀྱི་གདོན་ཞི་བ་དང་ཚེ་དང་བསོད་ནམས་དང་ཡེ་ཤེས་རྒྱས་པ་དང་སེམས་ཀྱི་ཆོས་ཉིད་ལ་རང་དབང་བསྒྱུར་ཏེ་རྟོག་པའི་མཚན་མ་ཐམས་ཅད་དབྱིངས་སུ་གཞོམ་དུ་གསོལ། ཞེས་གསོལ་བ་གདབ་ཅིང་ནོངས་པ་བཤགས། དེ་ནས་བསྐྱེད་རིམ་ལ་གསལ་སྣང་ཐོན་པ་བསྒོམ། གཏེར་གཞུང་ལས། བཟླས་བརྗོད་བྲལ་བ་སྙིང་པོའི་དོན༔ བསམ་གཏན་དྲན་རིག་ངེས་དོན་བཟུང་༔ ཞེས་ལྷུན་གྲུབ་འོད་ལྔ་བསྐྱེད་རིམ་གྱི་གསལ་སྣང་མཐའ་དག་ཀ་དག་གི་དབྱིངས་སུ་རྒྱས་བཏབ་སྟེ་དེའི་གནས་ལུགས་ཀྱི་དོན་ལ་ཅི་གནས་སུ་བཞག །གཏེར་གཞུང་ལས། དེ་ལ་གནས་པ་འགྱུ་བ་གནས༔ ཞེས་རྟོག་པ་འཕྲོ་བ་ན་འཛབ་བཟླ་བ་ནི། བདག་མདུན་བསྐྱེད་རིམ་སྔགས་འཁོར་རབ་གསལ་བའི། །རང་གི་ཐུགས་ལས་འོད་ཟེར་འཇའ་ལྟ་བུ། །འཕྲོས་པས་མདུན་བསྐྱེད་ཐུགས་བསྐུལ་འོད་ཟེར་འཕྲོས། །སངས་རྒྱས་བྱང་སེམས་སྐྱབས་གསུམ་མ་ལུས་དང་། ཁྱད་པར་འཇམ་དཔལ་རིགས་ལྔའི་ལྷ་ཚོགས་ལ། །མཆོད་པ་ཕུལ་བས་མཉེས་ཤིང་དེ་རྣམས་ཀྱི། །མཁྱེན་བརྩེ་ནུས་མཐུ་སྐུ་གསུང་ཐུགས་ཡོན་དང་། །འཕྲིན་ལས་བྱིན་རླབས་མ་ལུས་རབ་བསྡུས་ཤིང་། ཁྱད་པར་རིགས་ལྔ་སོ་སོའི་ཁ་དོག་དང་། །མཚུངས་པའི་ཨ་ཡིག་ཆར་བབས་བདག་མདུན་ལ། །ཐིམ་ཞིང་མདུན་བསྐྱེད་རིགས་ལྔའི་ཚོགས་ལས་ཀྱང་། །བྱིན་རླབས་ཡེ་ཤེས་རང་འོད་འཇའ་ཚོན་དང་། །ཡིག་འབྲུའི་རྣམ་པ་སྐྱེ་བ་མེད་པའི་སྒྲ། །བརྗོད་བྲལ་བརྗོད་པའི་ངང་ནས་བདག་ཉིད་དང་། །དབྱེར་མེད་འཇའ་རིས་འོད་ལྔའི་(༦བ)


GLG023_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གོང་བུར་གྱུར། །སླར་འཕྲོས་སྣོད་བཅུད་ཀུན་ཚང་སྣོད་གཞལ་ཡས། །བཅུད་ཀུན་ལྷར་གྱུར་གསང་སྔགས་འབྲུག་ལྟར་སྒྲོག །འཁོར་འདས་རྣམས་ཀྱི་ཕུན་ཚོགས་ཡོན་ཏན་ཀྱང་། ཁབ་ལེན་རྡོ་དང་ལྕགས་ཀྱི་སྣང་ཚུལ་བཞིན། །མ་ལུས་བདག་ལ་འདུས་ཏེ་རོ་གཅིག་གྱུར། །ཨོཾ་བཛྲ་མཉྫུ་ཤྲཱི་ཨཿ ཨཱོཾ་ཝཱ་གི་ཤྭ་རི་མུཾ༔ དྷརྨ་དྷཱ་ཏུ་སངྒྷ༔ ཛྙཱ་ན་གརྦྷ་ཨ་ཧྲཱི༔ ཨ་ཨི་ཨེ་ཨོ་ཨཾ་ཨ༔ ར་ལི་ལ་ལི་ཡེ་ཧཱུཾ། ཡང་བཟློག་གི་གོང་བསྙེན་མིན་པའི་འདི་ག་ལ་ཆིག་དྲིལ་ཡིན་ན་ཡི་གེ་དྲུག་པ་འདི་སྟོང་ཕྲག་དྲུག་བཟླས་པས། གཏེར་གཞུང་ལས། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ༔ སྔགས་འདི་སྟོང་ཕྲག་དྲུག་གིས་ནི༔ མཚན་མའི་བག་ཆགས་སྒྲིབ་པ་དག༔ འོད་ལྔ་ཁ་དོག་འཇའ་འོད་འབྱུང་༔ ཞེས་པའི་དོན་ཡིན་ཞིང་། ཟླ་གསང་གཞི་བསྙེན་གྱི་སྔོན་འགྲོ་གཙོ་བོར་བྱེད་ན་ཡི་གེ་དྲུག་པའི་འཛབ་འདི་ཐོག་མཐར་ཅུང་ཟད་རེ་བཟླ་ཞིང་། གཙོ་བོ་ཝཱ་གི་ཤྭ་རི་ལ་ཆིག་དྲིལ་དུ་བྱས་པའི་འབུམ་ཕྲག་དྲུག་གིས་འགྲུབ་པར་ཟླ་གསང་རྩ་རྒྱུད་ལས། ཡེ་ཤེས་སེམས་དཔའ་བསྒོམས་བྱས་ནས༔ ཝཱ་གི་ཤྭ་རི་དྲུག་འབུམ་བཟླས༔ ཞེས་པ་ལྟར་རོ། །གཞན་ཡང་གཏེར་གཞུང་ལས། བཏགས་གྲོལ་དངོས་གྲུབ་བླང་བར་བྱ༔ ཚེ་ཡི་བདག་པོར་འདོད་པས་ན༔ ཞེས་མ་བསྒོམས་སངས་རྒྱས་ཀྱི་ཆོས་ལྔའི་ནང་ཚན་བཏགས་གྲོལ་གྱི་མན་ངག་དང་ཚེ་ཉི་ཟླ་དང་མཉམ་པར་འགྱུར་བའི་ཉམས་ལེན་ཀྱང་ཞལ་ལས་ཤེས་ཤིང་། ཡང་དེ་ཉིད་ལས། རྡོ་རྗེའི་བཟླས་པ་བྱ་བ་ནི༔ སོགས་ཀྱི་དགོངས་དོན་རྫོགས་རིམ་གྱི་གནད་གསང་ཟབ་མོ་དང་། ཡང་དེ་ཉིད་(༧ན)


GLG023_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཞི་རྒྱས་དབང་དྲག་མངོན་སྤྱོད་རྣམས༔ ཞེས་དང་། ཆོས་ཉིད་འཆི་ཁའི་འཕོ་བ་ནི༔ སོགས་ཀྱི་གནས་སྐབས་ལས་ཀྱི་ཁ་བསྒྱུར་དང་སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་མྱུར་ལམ་ཟབ་མོ་རྣམས་ཀྱང་པད་གནུབས་གདམས་པའི་མན་ངག་ལ་འདྲིས་པར་བྱས་ཏེ་ཉམས་སུ་བླང་ངོ་། །མཇུག་ཆོག་ནི། ཨཱོཾ་ཨཱཿཧཱུཾ་ཧྲཱིཿས་ཚོགས་བྱིན་གྱིས་བརླབས། འཇམ་དཔལ་རིགས་ལྔའི་ལྷ་ཚོགས་རྣམས༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཟག་མེད་བདུད་རྩིའི་མཆོད་པ་འབུལ། །ཨཱོཾ་མཉྫུ་ཤྲཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧིཿ ཞེས་པས་འབུལ། བདག་སོགས་དུག་ལྔའི་དབང་གྱུར་ཏེ། །ཡེ་ཤེས་དག་པའི་རང་བཞིན་ལ། །དངོས་པོར་བཟུང་བའི་ཉེས་པ་ཀུན། །འཇམ་དཔལ་ལྷ་ཚོགས་རྣམས་ལ་བཤགས། །ཡིག་བརྒྱ་བརྗོད་དེ་བཤགས། ལྷག་མ་དཀྱུས་བཞིན་གཏོང་། །བཅོམ་ལྡན་འཇམ་དཔལ་རིགས་ལྔ་འཁོར་བཅས་ལ། ཁྱད་པར་མཆོད་པ་པཉྩ་ཨ་མྲྀ་ཏ། །ཞེས་སོགས་ཀྱིས་གཏང་རག །གཞོན་ནུའི་སྐུ་ལུས་འཆང་བ་པོ་སོགས་ཀྱིས་བསྟོད། ཡི་དམ་འཇམ་དཔལ་རིགས་ལྔ་འཁོར་བཅས་ལ། །བསྙེན་སྒྲུབ་འཕྲིན་ལས་གཞུང་བཞིན་ཞེས་སོགས་ཀྱིས་བཟོད་པར་གསོལ། སྣོད་བཅུད་སྲུང་འཁོར་ལ་ཐིམ་དེ་མདུན་བསྐྱེད། །དེ་ཡང་བདག་ཐིམ་སྟོད་སྨད་ནས་ཞུ་སྟེ། །རིམ་གྱིས་ས་བོན་ལ་ཐིམ་ཇེ་ཕྲའི་མཐར། །གནས་ལུགས་སྤྲོས་བྲལ་ངང་ལས་ལྷ་སྐུར་ལྡང་། །ཞེས་ཉེར་བསྡུ་བྱ། འཇམ་དཔལ་རིགས་ལྔའི་(༧བ)


GLG023_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འབྱོར་ཟབ་མོ་ལ། །བརྟེན་ནས་ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཉམས་སུ་བླངས་པས་ཚེ་འདིར་འཇའ་ལུས་སྐུ། །མངོན་གྱུར་འཇམ་དཔལ་ཀུན་བཟང་ཐོབ་པར་ཤོག །ཅེས་སྨོན་ལམ་གདབ། འཇམ་དཔལ་རིགས་ལྔའི་དཀྱིལ་འཁོར་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་ཡས་པ། །འགྲོ་བ་ཀུན་གྱི་རྒྱུད་ལ་རབ་ཞུགས་ནས། །དངོས་གྲུབ་རྣམ་གཉིས་འཕེལ་བའི་བཀྲ་ཤིས་ཤོག །སོགས་ཤིས་པ་བརྗོད་པར་བྱའོ། །སངས་རྒྱས་ཀུན་གྱི་ཡབ་གཅིག་འཇམ་དཔལ་དབྱངས། །བདེ་སྟོང་རིགས་ལྔར་ཤར་བའི་དཀྱིལ་འཁོར་ལ། །བརྟེན་ནས་ཚེ་འདིར་འཇའ་ལུས་བསྒྲུབ་པའི་ཐབས། །ཉམས་སུ་ལེན་པའི་བློ་ལྡན་སྐལ་བཟང་དཔྱིད། །སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་བཅུད་ཕྱུང་པ། །བསྟོད་པ་གླུར་བླངས་ཡང་སྙིང་སྐྱེ་མེད་དོན། །འཇམ་དཔལ་བཤེས་གཉེན་ཞལ་ལུང་གནུབས་བན་གྱི། །དཀའ་སྤྱད་རྒྱ་བལ་ནས་བསྒྱུར་ཆོས་སྡེ་ཡི། །འདི་དོན་ཉམས་སུ་བསྟར་ལ་ཉེར་མཁོ་བའི། །སངས་རྒྱས་མངོན་སུམ་ལག་བཅངས་འཕྲིན་ལས་འདིས། །འགྲོ་རྣམས་རང་སྣང་དག་པའི་འོག་མིན་དུ། །འཇམ་དཔལ་ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་ཤོག །ཅེས་ཡང་བཟློག་ནག་པོ་མེའི་སྤུ་གྲིའི་ལས་སྦྱོར་རྩ་བའི་གོང་བསྙེན་ཟླ་གསང་གཞི་བསྙེན་གྱི་སྔོན་འགྲོ་འཇམ་དཔལ་ཞི་བའི་འཕྲིན་ལས་སངས་རྒྱས་མངོན་སུམ་སྟོན་པའི་ལག་བཅངས་འདིའང་ལམ་འདི་ཉམས་སུ་ལེན་པ་རྣམས་ལ་ཕན་འདོད་ཀྱི་བསམ་པས་ཆོས་ཀྱི་ཆ་ལག་ཏུ་བསྒྲིག་འདུན་ཡོད་པ་ལྟར་ཉེ་ཆར་སྔགས་རམས་པ་ནོར་བུ་ཆོས་འཕེལ་དང་སྔགས་བན་བློ་གྲོས་རྒྱལ་བ་གཉིས་ཡང་(༨ན)


GLG023_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་གི་གཞི་བསྙེན་བྱེད་པར་དུས་ཀྱིས་གཏུགས་པས་མཚམས་སྦྱར་ཏེ་གནམ་ལྕགས་སྡིག་པའི་ཆོས་སྡེའི་ནང་ཚན་སྟོད་དྲིལ་ཉི་མ་ཤར་བ་ལས་བྱང་ཆུབ་བསྒྲུབ་པའི་ཆོས་སྡེའི་དགོངས་དོན་གཙོ་བོར་བཟུང་འདོན་ཆའི་ཁ་འགེངས་དགོས་པ་རྣམས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་སྒྲུབ་ཐབས་བདུད་རྩིའི་ཐིགས་པ་ནས་ཁ་བཀང་བའི་སྐབས་ཐོབ་ཀྱི་ཚིག་ཕྲད་ཕྲན་བུ་བསྒྱུར་ཅིང་མེད་མི་རུང་འགའ་ཞིག་གསར་དུ་བསྒྲིགས་ཏེ་ཟ་ཧོར་གྱི་རིགས་ལས་སྔགས་འཆང་བཞད་པ་རྩལ་གྱིས་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ།། །།སརྦ་མངྒ་ལཾ།།

ཡང་བཟློག་མེའི་སྤུ་གྲིའི་ལས་སྦྱོར་གྱི་སྔོན་འགྲོ་བསྙེན་ཡིག་བཻ་ཌཱུཪྻའི་དོ་ཤལ།


GLG023_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཟློག་མེའི་སྤུ་གྲིའི་ལས་སྦྱོར་གྱི་སྔོན་འགྲོ་བསྙེན་ཡིག་བཻ་ཌཱུཪྻའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། །


GLG023_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ཤྲཱི་ཤི་ཝ་ཀྲོ་དྷཱ་ཡ། ཆོས་ཀྱི་དབྱིངས་ནས་འཇམ་དཔལ་ཆེས་དུལ་ཡང་། །རབ་གདངས་སྲིན་པོའི་ཞལ་ཅན་དུས་ཀྱི་དགྲ། །བྱང་ཆུབ་བར་དུ་བདག་སྙིང་ཟེའུ་འབྲུ་རུ། །སྤྱོན་ལ་ཕྱག་རྒྱ་མ་ལུས་ཟིལ་གནོན་ཀྱེ། ཁྱོད་ཉིད་བསྙེན་ཅིང་བསྒྲུབ་པའི་གནད་གསང་ཀུན། །གངས་ཁྲོད་སྔགས་འཆང་ཕལ་གྱིས་མ་གཟིགས་པའི། །གནམ་ལྕགས་མེ་འབར་ཞལ་ལུང་ཡིད་བཞིན་ནོར། །ཆོས་གྲགས་དེད་དཔོན་ལས་འོངས་ཁོ་བོས་རྙེད། །འཇམ་དཔལ་ཞི་ཁྲོའི་ལམ་བཟང་ལ་བརྟེན་ནས། །འདི་ཕྱིའི་གཏན་མདུན་སྙིང་ནས་བསྒྲུབ་འདོད་ལ། །གཅིག་ཏུ་གཅེས་པའི་བསྙེན་ཡིག་བཻཌཱུཪྻའི། །དོ་ཤལ་ཡི་གེའི་སྲད་བུར་བརྒྱུས་འདི་ལོང་། །དེ་ལ་འདིར་འཇམ་དཔལ་ཚེ་བདག་ནག་པོའི་མན་ངག་ཐམས་ཅད་ཀྱི་ཉིང་ཁུར་གྱུར་པ་དྲག་སྔགས་བདག་པོ་གནུབས་ཀྱི་ཁྱད་ཆོས་སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱི་ཟབ་གཏེར་ཡང་བཟློག་ནག་པོ་མེའི་སྤུ་གྲིའི་སྲུང་བཟློག་བསད་མནན་སོགས་ཉམས་སུ་བླང་བའི་སྔོན་དུ་བསྙེན་པ་གནད་དུ་ཐེངས་པ་འགྲོ་དགོས་ཤིང་དེའང་དབང་ཆོག་ངེས་དོན་བདེ་འཇུག་གི་སྟེང་ནས་བགྲོད་པ་རྣམ་པ་གསུམ་ལ་བརྟེན་པའི་དབང་བཞི་དང་ལུང་མན་ངག་ཐོབ་པའི་(༢ན)


GLG023_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་པས་ཚེ་བདག་ལྕགས་འདྲ་དང་ལྕགས་སྡིག་གང་རུང་གི་ལས་བྱང་ལ་བརྟེན་ནས་སྐུ་གསུང་ཐུགས་སྔགས་དང་། གཤིན་རྗེ་ཐམས་ཅད་འདུས་པའི་དྲག་སྔགས་ཨྱཱཻ་རིང་གི་བསྙེན་པ་ཐེངས་ན་ལས་སྦྱོར་ལ་འཇུག་ཏུ་རུང་ནའང་མ་ཐེངས་པའམ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འདིའི་སྒོས་ཀྱི་བསྙེན་པ་བྱེད་པར་འདོད་པས་དབང་ཆོག་བདུད་དཔུང་ཟིལ་གནོན་དང་། རྣོན་པོ་ནང་གཅོད་ཀྱི་དབང་རྒྱས་བསྡུས་གཉིས། ཆོས་སྐོར་གདམས་པ་རྣམས་ཐོབ་པའི་སྒྲུབ་པ་པོས་སྔོན་འགྲོ་འཇམ་དཔལ་ཞི་བར་བསྙེན་པ། དངོས་གཞི་ཟླ་གསང་གཞི་བསྙེན་བྱ་བ། མཇུག་ལས་སྦྱོར་རྩ་བསྙེན་བྱེད་པ་དང་གསུམ་ལས། དང་པོ་ནི། གསུང་སྒྲོག །སཱཙྪ། ཆབ་གཏོར། བསྐང་བཤགས་སོགས་བསོད་ནམས་ཀྱི་ཚོགས་གསོག་རྒྱས་པར་སྤྲོ་ན་ཁོ་བོས་བརྩམས་པའི་སངས་རྒྱས་མངོན་སུམ་སྟོན་པའི་ལག་བཅངས་བཞིན་བྱེད། འཇུག་པ་བདེ་བར་འདོད་ན་གནས་དབེན་པར་འཇམ་དཔལ་ཞི་ཁྲོའི་རྟེན་བཀྲམ་པའི་མདུན་དུ་ཅོག་ཙེའམ་སྟེགས་བུ་ལྟ་བུ་དྲིས་བྱུགས་པའི་སྟེང་དུ་འཇམ་དཔལ་ཞི་བའི་མཆོད་གཏོར་ཟླུམ་པོ་པད་འདབ་ཅན་དམར་པོ། སྨན་རག །ཕྱི་མཆོད་རྣམས་(༢བ)


GLG023_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲེངས་ཚར་དུ་བཤམ། ལས་བྱང་རྡོ་རྗེའི་ཐོག་མདའ་བཞིན་དུ། ཕྱོགས་སྐྱོང་གཞི་བགེགས་ལ་གཏོར་མ་བཏང་ཞིང་རྒྱལ་ཆེན་གྱི་མཐོ་གཞན་ནས་བཀང་སྟེ་འཛུགས། སྟན་བདེ་བ་ལ་འཁོད་དེ་སྐྱབས་འགྲོ། སེམས་བསྐྱེད། ཚོགས་ཞིང་རྣམས་བྱ། སྭ་བྷཱ་ཝས་སྦྱངས། འཁོར་འདས་ཆོས་ཀུན་སྟོང་པ་ཉིད་ཀྱི་ངང་། །བཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་། །མུཾ་ཡིག་དམར་སེར་ཡོངས་གྱུར་བདག་ཉིད་ནི། །འཇམ་དཔལ་དམར་སེར་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་ཤེས་རབ་རལ་གྲི་དཔུང་ཐད་འཛིན། །ཨུཏྤལ་ཡུ་བ་གཡོན་པའི་མཐེབ་སྲིན་གྱིས། །ཐུགས་ཀར་བཟུང་བའི་འདབ་མ་སྙན་ཐད་དུ། །རྒྱས་པའི་སྟེང་ན་ཤེར་ཕྱིན་གླེགས་བམ་མཚན། །ཟུར་ཕུད་ལྔ་ལྡན་དར་དང་རིན་ཅེན་བརྒྱན། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་ཅན། །འཇའ་ཚོན་འོད་ལྔའི་དཀྱིལ་བཞུགས་གནས་གསུམ་དུ། །ཨོཾ་དཀར་ཨཱཿདམར་ཧཱུཾ་ཡིག་མཐིང་ཁ་ཡིས། །མཚན་པ་ལས་འཕྲོས་ཡེ་ཤེས་ལྷ་ཚོགས་རྣམས། །དབྱིངས་རིག་དག་པའི་ཀློང་ནས་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཆུ་གཉིས་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་སྨན་གཏོར་རཀྟ་སོགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཨཱོཾ་ཤྲཱི་མཉྫུ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱཧཱ། སྔགས་བཤམ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། གཞོན་ནུ་ཆ་ལུགས་འཆང་བ་པོ། །ཞེས་སོགས་ཀྱིས་བསྟོད། །ཐུན་(༣ན)


GLG023_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

འགོ་རྣམས་སུ་ཕྲེང་བ་བྱིན་གྱིས་བརླབས། །ཐུགས་ཀར་ཉི་སྟེང་མུཾ་ལ་སྔགས་ཕྲེང་གིས། །བསྐོར་ལས་འོད་འཕྲོས་འཕགས་མཆོད་འགྲོ་དོན་བྱས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་མ་ལུས་པ། །ཚུར་འདུས་བདག་ལ་བྱིན་གྱིས་བརླབ་པར་གྱུར། །ཞེས་བསྙེན་པ་དང་སྒྲུབ་པའི་དམིགས་པ་དང་བཅས། ཨཱོཾ་ཝཱ་གཱི་ཤྭ་རི་མུཾ་ཞེས་པ་འབུམ་ཚོ་དྲུག་ཐུན་དུ་བཅད་དེ་བསྙེན། ཐུན་མཐར་མཆོད་བསྟོད་བྱ། ཐུན་མཇུག་རྣམས་དང་བཟའ་བཏུང་བཤང་གཅི་རྣམས་ཀྱི་མཇུག་ཏུ་ཨཱོཾ་གྱིས་མགོ་དྲངས་ཨཱ་དི་ཀཱ་དིའི་མཐའ་འགྲུབ་པར་གྱུར་ཅིག་གྲུབ་བོ་ཞེས་དང་གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ། རྟེན་འབྲེལ་སྙིང་པོ། སུ་པྲ་ཏིཥྛ་རྣམས་གསུམ་རེ་བརྗོད་པ་འོག་མ་ཀུན་ལ་འགྲེ། ཐུན་མཚམས་ཀྱི་བྱ་བ་སྤྱི་ལྟར་བྱེད་ཅིང་འཇམ་དཔལ་མཚན་བརྗོད་རྒྱས་བསྡུས་གང་རུང་འདོན་པར་དམ་བཅའ་བ་ཕྱག་ལེན་དུ་སྣང་བ་བཞིན་བྱ་ཞིང་ཞི་དྲག་སྦྲེལ་ནས་མི་བྱེད་ན་གཏང་རག་བཟོད་གསོལ་ཉེར་བསྡུ་ཤིས་བརྗོད་ཀྱང་བྱེད། གཉིས་པ་དངོས་གཞི་ལ་བསྙེན་པ། ཉེ་བསྙེན། སྒྲུབ་པ་ཆེན་པོ་འཆི་བདག་བདུད་སྒྲུབ་དང་བཞི་ལས། དང་པོ་ནི། ཟླ་བ་ཐ་ཆུང་བཞིའི་མར་ངོའི་འགྲུབ་པའི་ཉི་མའམ་ཡང་ན་གཟའ་ཚེས་དང་བསྟུན་ཏེ་ཡར་ངོ་ལའང་རུང་བས་དཀྱུས་གཅིག་ཏུ་མི་ཕྱེད་པའི་དབང་དུ་བཏང་དུར་ཁྲོད་ལ་སོགས་པའི་གནས་ཤིས་ནའང་སྦྲེལ་མར་གཏོང་བའི་དབང་དུ་བྱས་ཏེ་གོང་གི་ཞི་བཅས་རྣམས་བསྡུས་པའི་ཤུལ་དུ་སྨན་རག་མཆོད་གཏོར་རྟགས་མཐོང་ན་འབུལ་བའི་རྟགས་གཏོར། ཕྱི་ནང་གི་ཉེར་སྤྱོད། བགེགས་གཏོར། ཚོགས་ཆས། བཾ་བསྐང་། ཆོས་སྐྱོང་། གཏེར་སྲུང་གི་(༣བ)


GLG023_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་སོགས་མཁོ་བའི་རྫས་དང་ཡོ་བྱད་རྣམས་བཤམ། འཇམ་དཔལ་ཞི་བ་དང་སྦྲེལ་མར་བྱེད་པའི་དབང་གིས་ཕྱོགས་སྐྱོང་གཞི་བགེགས་ཀྱི་གཏོར་མ་དང་རྒྱལ་མཐོ་ལོགས་སུ་མི་དགོས། ལས་བྱང་རྡོ་རྗེའི་ཐོག་མཐའ་དཀྱུས་བཞིན་ལ། །ཚུགས་པར་ནུས་མིན་མཐུ་རྩལ་ལྡན་པར་གྱུར། །ཞེས་པའི་བར་སོང་ནས་ཟླ་གསང་རྩ་རྒྱུད་ཀྱི་ལེའུ་བཅུ་གསུམ་པ་དང་། དྲེགས་པ་ཚར་གཅོད་ཀྱི་སྐབས་བརྒྱད་པར་གསུངས་པ་བཞིན། མགོ་བོ་རྨ་བྱ་བཞིན་དུ་དགུག །རུ་རཀྴ་ཡི་ཕྲེང་བ་བགྲང་། །མགོན་པོ་ཉིད་ལ་གུས་བྱས་ཏེ། །ཞེས་པ་ལྟར་བྱ། དམིགས་པ་ནི། ཕྱི་རོལ་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །ནང་བཅུད་འགྲོ་བ་གཤིན་རྗེའི་གཤེད་ཀྱི་ལྷ། །རང་གི་སྙིང་གར་མཆོང་སྨུག་གུར་ཁང་དབུས། །པད་ཟླ་ཉི་སྟེང་རང་རིག་ཡེ་ཤེས་སེམས། །འཕགས་པ་འཇམ་དཔལ་མཚོན་གང་ཙམ་གྱི་ཚད། །སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་ཤེས་རབ་རལ་གྲི་ཞེས་པ་ནས། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་ཅན། །ཞེས་པའི་བར་གོང་བཞིན་ལེན། །ཐུགས་ཀར་ཉི་སྟེང་རྡོར་སྔོན་རྩེ་ལྔའི་ལྟེར། །ཟླ་ཉིའི་སྟེང་ན་མཐིང་ནག་ཧཱུཾ་མཐར་སྔགས། །བསྐོར་ཞིང་འཁོར་བཞིའི་ཐུགས་ཀར་རྡོར་ཟླ་ཉི། །ཧཱུཾ་ཡིག་བསྙེན་པའི་སྔགས་ཀྱི་ཕྲེང་བས་བསྐོར། །སྔགས་འཕྲེང་ལས་ཆད་གཉིས་པ་ལྗགས་སྟེང་བརྒྱུད། །ཕྱི་རོལ་འདོམ་གང་ཙམ་དུ་སྔགས་འབྲུ་འོད། །གྲངས་མེད་ལྷ་སྐུར་གྱུར་པའི་ཞལ་ནས་ཀྱང་། །སྔགས་སྒྲོག་འོད་ཟེར་སྣེ་ལ་ལྷ་མོའི་ཚོགས། །འཕྲོས་ཏེ་བདེ་བར་གཤེགས་པའི་ཚོགས་ཀུན་མཆོད། །སྐུ་གསུང་ཐུགས་བྱིན་བསྡུས་(༤ན)


GLG023_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བདག་ལ་ཐིམ། །ཞེས་པ་དམིགས་པ་དང་བཅས། ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱཏྣ་ཀ་ཧཱུཾ་ཕཊ། ཅེས་པ་འབུམ་ཕྲག་དྲུག་གི་བར་དུ་བསྙེན་ནོ། །དེ་ཡང་གཤིན་རྗེ་དམར་ནག་འབར་བའི་རྒྱུད་ཀྱི་ཡི་གེ་འཁོར་ལོ་རྫོགས་ཆེན་གི་ལེའུ་ལས། གོང་གི་སྔགས་མཐར། ཁྲོ་རྒྱལ་རྔམ་པའི་རྒྱལ་པོ་ཉིད། །བདག་དང་དབྱེར་མེད་རྫོགས་པའི་སྐུ། །ཞེས་སོགས་གསུངས་ལ། ཨ་ཀྲོ་འབྲུ་བཅུ་བདུན་པ་དང་ཉི་མ་བཞི་པའི་རྩ་བ་ཡི་གེ་བཅུ་བདུན་པ་གསུམ་པོ་གང་རུང་གདམ་ངར་གསུངས་ཤིང་ཨ་ཀྲོ་བཅུ་བདུན་པ་འཇམ་དཔལ་ཁྲོ་བོ་རིན་པོ་ཆེ་གསང་བའི་རྒྱུད་ཀྱི་སྒྲུབ་པ་རྩ་བའི་ལེའུ་སོགས་རྒྱུད་དུ་མ་ནས་བཤད་ཅིང་ཉིན་བཞིའི་རྩ་བ་གསང་བ་དགུ་བཅུ་པའི་རྒྱུད་ཀྱི་སྲོག་ལ་དྲངས་པའི་ལེའུ་ནས་བསྟན་པས། དོན་ལ་ཁྱད་པར་མེད་ནའང་ཡི་གེ་བཅུ་གཅིག་པ་ཉིད་ལ་གཙོ་བོར་མཛད་པ་ཤས་ཆེའོ། །དེ་ལྟར་ཐུན་བཞི་སོ་སོའི་མཐར་གཏོར་མ་གསོས་ལ་སྨན་རཀ་བྲན་ནས་གཏོར་བསྔོ་བྱས་པའི་མཐར་མཆོད་ཅིང་ཐབས་མཆོག་བདེ་ཆེན་ནས་བསྟོད། སྤྱིར་སྔགས་སྟོང་ཕྲག་རེ་སོང་བའི་མཚམས་མཆོད་བསྟོད་བྱེད་པར་བཤད་ཅིང་ཕྱག་ལེན་མང་པོར་སྣང་བརྒྱུད་དང་མཐུན་ཞིང་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་མོད་འདིར་ཐུན་མཚམས་ཚོར་མཆོད་བསྟོད་མཛད་པས་གོ་ཆོད་པས་ཐུན་མཚམས་བཞི་པོར་ངེས་པར་དགོས་པ་འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ཀྱི་ལེའུ་ལྔ་པ་སྒྲུབ་པ་རྩ་བའི་ལེའུ་ལས། སྔགས་ཀྱི་ཕྲེང་བ་སྟོང་རྫོགས་དང་། །སྟོང་ཚོགས་མཆོད་དང་བསྟོད་པ་བྱ། །དྲག་ཏུ་གཤིན་རྗེ་དགུག་པ་ནི། ཁུར་བས་བུས་ལ་གཤིན་མི་བཟློག །ཚིལ་ཆེན་མར་མེ་རྒྱུན་མི་(༤བ)


GLG023_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བཅད། །རྫ་རྔ་བརྡུང་ཞིང་དབྱུག་པས་བགོ །རྨུགས་ཆེན་རྨུགས་ཆུང་སྙིང་ལ་བདོ། །དཔའ་བོ་གྲུབ་རྟགས་བྱུང་བ་དང་། །དངོས་གྲུབ་དམ་ཤིང་བླང་བར་བྱ། །ཞེས་གསུངས་པ་ལྟར་ཚིལ་ཆེན་གྱི་མར་མེ་ཤ་ཆེན་དང་གུ་གུལ་བསྲེས་པའི་བདུག་པ་དང་། རྫ་རྔའི་རོལ་མོ་སོགས་བྱ་བ་གནད་ཆེའོ། །མཚམས་ཚུགས་པའི་ནུབ་མོ་ཚོགས་ཀྱང་རྒྱས་པར་དབུལ། གཤིན་རྗེ་དམར་ནག་འབར་བའི་དམེ་རྒྱུད་ཀྱི་ཡི་གེ་འཁོར་ལོ་རྫོགས་ཆེན་གྱི་ལེའུ་ལས། སྒོ་ལྔ་རང་སོ་ཡུལ་མེད་བཞག །བེ་ཤིང་འཁར་བ་ཐོགས་ནས་ནི། །བྱིང་ནས་རྨུགས་པར་གྱུར་པ་ན། །འཇམ་དབྱངས་ཁྲོ་བོའི་འཛབ་ཀྱིས་བསྐུལ། །གཡེལ་ཞིང་རྒོད་པར་གྱུར་པ་ན། །མཚན་མ་ལྷ་ཡི་སྐུ་ལ་བརྟག །ཅེས་སོགས་གསུངས་པའི་འདིའི་སྒྲུབ་པ་མ་གྲོལ་བར་བྱིང་ན་འཛབ་དབྱངས་བྱ་ཞིང་དལ་གྱིས་བཅག །རྒོད་ན་བྲིས་སྐུ་སོགས་ལ་བལྟ་ཞིང་བྱིང་རྒོད་སོགས་སྐྱོན་གང་ཡང་མེད་པར་དུས་ཀུན་ཏུ་བསྒྲིམས་ནས་བཟླ་བར་བཤད་པ་ལྟར་བྱའོ། །གཉིས་པ་ཉེ་བར་བསྙེན་པ་ནི། སྟེགས་བུའི་ཁར་ཐིག་ཚོན་བྱིན་གྱིས་བརླབས་ཏེ་དུར་ཁྲོད་ཀྱི་ས་ཚོན་གྱིས་དཀྱིལ་འཁོར་གྲུ་གསུམ་མཐིང་ནག་ཟླ་གམ་གསུམ་དམར། མུ་ཁྱུད་མཛེས་ཚོན། རྩིབས་བཞི་སེར། ཐོད་རྭ་དཀར། དེའི་ཕྱིར་སྒོ་རྫོགས་བྲིས་ཀྱང་འགལ་བ་མེད་ནའང་འཇུག་པ་བདེ་བར་བྱེད་ན་ཐོད་རྭའི་ཕྱི་རོལ་དུ་རྡོར་རྭ་མེ་རི་བྲིས། དེའི་སྟེང་དུ་ཚེ་བདག་གཙོ་འཁོར་ལྔའི་ཙཀ་ལི་འཛུགས་པའམ། འཇམ་དཔལ་ཞི་ཁྲོའི་རིགས་ཀྱི་བྲིས་འབུར་བྱིན་ཅན་རྙེད་ན་རུང་ཞིང་ལེགས། ཕྱི་ནང་མཆོད་པ་རྣམས་བཤམ། རང་རང་མདུན་བསྐྱེད་ཀྱི་(༥ན)


GLG023_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དབྱེར་མེད་གཅིག་པའི་ཚུལ་དུ་ལས་གཞུང་རྡོ་རྗེའི་ཐོག་མདའ་བསྲངས་ལ་གོང་བཞིན་དམིགས་པ་དང་བཅས་ཏེ་ཨ་ཀྲོ་འབྲུ་བཅུ་གཅིག་པ་འབུམ་ཕྲག་གསུམ་དུ་བསྙེན་ནོ། །གསུམ་པ་སྒྲུབ་པ་ཆེན་པོ་ནི། བསྙེན་པ་དང་ཉེ་བསྙེན་ཐེམས་ཀྱང་། །གཤིན་རྗེ་དམར་ནག་འབར་བའི་དམེ་རྒྱུད་ཀྱི་ལེའུ་བདུན་པ་ལས། ཡབ་ཡུམ་སྔགས་ཀྱི་གྲངས་ཐེམས་ཀྱང་། །ལྷ་ཡི་མཚན་མ་མ་མཐོང་ན། །སྔགས་ཀྱི་དམ་ཚིག་ཉམས་སྲིད་པས། །ལྷུ་རྡུམ་གསིལ་ལ་བརྒྱ་གཤགས་བྱ། །དེ་ཚེ་མཚན་རྟགས་མངོན་དུ་སྟེར། །དེས་ཀྱང་རྟགས་རྣམས་མ་བྱུང་ན། །གསང་སྔགས་སིལ་བུར་ལྟོ་ནས་བཟློག །རུ་ཁུག་རུ་ཉལ་རུ་ཉལ་དང་། །རུ་བཟློག་དྲག་པོས་གནད་ལ་དབབ། །གཞུག་ལ་དམ་ཚིག་བདར་ལ་བཞག །ལྷ་ཉིད་གནད་ལ་དབབ་པ་སྟེ། །ཀུན་གྱིས་བྱ་བ་མ་ཡིན་ཏེ། །ལས་རྣམས་ལྐུགས་ན་བྱ་བ་ཡིན། །མི་འགྲོ་འགྲོ་བར་བྱ་བ་ཡིན། །མི་འགྲུབ་འགྲུབ་པར་བྱ་བ་རུ། །དམ་ཚིག་བདག་པོས་རབ་ཏུ་གསུངས། །ཞེས་པ་ལྟར། བཤགས་པ་དང་སྔགས་སྡེབས་བྱ་དགོས་ཀྱང་། བྲིས་སྐུ་འཛུམ་པ་སོགས་དངོས་ཉམས་རྨི་ལམ་དུ་རྟགས་བཟང་པོ་མཐོང་ན། ཙན་དན་དམར་པོའི་བྱང་བུ་གཉིས་ལ་རབ་འབྲིང་ཐ་གསུམ་གྱི་རྫས་གང་རུང་གི་གཅིག་ལ་སྐུ་དང་། ཅིག་ཤོས་ལ་གཟུགས་བྲིས་པའི་ཁོང་པ་དང་རྒྱབ་ཏུ་ཡི་གེ་འགོད་ལུགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་ལ་སོ་སོའི་རྫས་འབྱུག་ཅིང་སྲ་རྩིས་མནན་པ་ཁ་སྦྱར་བ་དར་ཚོན་གྱིས་དམ་དུ་བཅིངས་ནས་རླན་མི་འཆོར་བ་བྱ། རྡུལ་ཚོན་གྱི་དཀྱིལ་འཁོར་སྟེང་དུ་མཉྫིའི་ཁར་མོ་ཐོད་མཚན་ལྡན་གྱི་ནང་དུ་བ་དམར་(༥བ)


GLG023_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སེར་གྱི་འོ་མ་དང་ཆང་ལ་མན་ངག་ལས་བྱུང་བའི་རྫས་རྣམས་བཏབ་པ་ཧུབ་གང་ཙམ་དང་ལྷན་ཅིག་པར་བྱང་བུ་ཞལ་ཕྱོགས་མ་ལོག་པར་གཞུག །དེ་སྟེང་ཕོ་ཐོད་མཚན་ལྡན་གྱིས་བཀབ་པ་དར་ཚོན་སྣ་ལྔས་གྲིལ། ཕོ་མོའི་ཐོད་པ་སོ་སོར་མ་རྙེད་ན་ཕོ་ཐོད་གཉིས་སྦྱར། གཟུངས་ཐག་དམར་པོ་བཏགས། དཀྱིལ་འཁོར་གྱི་མཐར་དངོས་གྲུབ་ཀྱི་རྫས་ཐོད་པ་མཚན་ལྡན་ཆང་གིས་བཀང་བ་དང་ཚོགས་ཆས་བཟའ་བཅའ་བཏུང་བ་ཁ་ན་མ་ཐོ་བ་མེད་པ་ཅི་འཛོམ། ཚེ་གལ་ཐུན་གསུམ། གཞན་ཡང་བཀྲ་ཤིས་པའི་རྫས་དང་ཡོ་བྱད་སྣ་ཚོགས་དང་མཆོད་གཏོར་ཐམས་ཅད་སྔར་བས་བཟང་བ་བཤམས། འཕྲོས་ཏེ་བདེ་བར་གཤེགས་པའི་ཚོགས་ཀུན་མཆོད་ཡན་གོང་ལྟར་ལ། བྱིན་རླབས་མ་ལུས་དངོས་གྲུབ་རྫས་ལ་ཐིམ། །ཞེས་ཚིག་དམིགས་ཅུང་ཟད་བསྒྱུར་ལ་གཟུངས་ཐག་ནས་བཟུང་སྟེ་ཡིག་འབྲུ་བཅུ་གཅིག་པ་གཉིད་སོགས་སྤངས་ཏེ་ཤིན་ཏུ་བརྩོན་པས་འབུམ་ཕྲག་གཅིག་ཐེངས་མ་ཐག་སྔགས་མཐར་དངོས་གྲུབ་བསྡུ་བའི་ཤམ་བུ་བཏགས་པ་ཁྲི་ཕྲག་གཅིག །དམ་བསྲེ་དངོས་གྲུབ་བླང་བའི་སྔགས་བསྡེབས་སྟོང་ཙམ་བཟླས་ལ། ནམ་གུང་ཡོལ་ཙམ་ལ་ཚོགས་རྫས་རྣམས་བྱིན་གྱིས་བརླབས་ནས་ལྷ་ལ་འབུལ་བའི་བར་བྱས་ཏེ་རང་ཉིད་ཚོགས་ལ་ལོངས་མ་སྤྱད་པའི་སྔ་རོལ་ཏུ་ནམ་ཐོ་རངས་ལ་བབ་པའི་ཚེ། ཧོཿནམ་མཁའི་ཁམས་མཉམ་ཟིལ་གནོན་འཇམ་པའི་དབྱངས། །སྐུ་ཡི་དངོས་གྲུབ་ནམ་མཁའི་དཀྱིལ་ཡངས་བཞིན། །གསུང་གི་དངོས་གྲུབ་འགག་མེད་བརྗོད་དང་བྲལ། །ཐུགས་ཀྱི་དངོས་གྲུབ་མི་རྟོག་པ་ཉམ་པའི་ངང་། །ཡོན་ཏན་དངོས་གྲུབ་ཡིད་བཞིན་རིན་ཅེན་གཏེར། །འཕྲིན་ལས་དངོས་(༦ན)


GLG023_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རྣམ་བཞི་ལྷུན་གྱིས་གྲུབ། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །དངོས་གྲུབ་རྣམ་གཉིས་དགོས་འདོད་ཡིད་བཞིན་ནོར། །ཇི་ལྟར་བསམ་པའི་དངོས་གྲུབ་སྩལ་དུ་གསོལ། །གནས་སྐབས་ནད་གདོན་བར་གཅོད་ལ་སོགས་པ། །མི་མཐུན་གནོད་པའི་ཕྱོགས་ཀུན་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དབང་། །མངའ་ཐང་སྙན་གྲགས་དགོས་དགུ་རྒྱས་པ་དང་། །མོས་བཞིས་ཁམས་གསུམ་སྲིད་གསུམ་ལྷ་མིའི་ནོར། །ཡིད་ལ་གང་འདོད་དབང་དུ་འདུ་བ་དང་། །བསྟན་དང་བླ་མར་དོ་བསྡོ་བདག་ལ་འཚེ། །དགྲ་བགེགས་གང་བྱུང་དྲག་པོས་བསྒྲལ་བ་སོགས། །རྣམ་བཞི་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མཐར་ཐུག་བདག་དོན་ཕུན་ཚོགས་འཇམ་པའི་དབྱངས། །ཡེ་ཤེས་སེམས་པའི་གོ་འཕང་མྱུར་ཐོབ་ཅིང་། །གཞན་དོན་ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས། །གང་ལ་གང་འདུལ་གཟུགས་སྐུས་ཆོས་བསྟན་ནས། །རྫོགས་པའི་སངས་རྒྱས་ས་ལ་རབ་འགོད་པའི། །དོན་གཉིས་ཕུན་ཚོགས་དངོས་གྲུབ་དེང་སྩོལ་ཅིག །ཧཱུཾ། ཡི་དམ་རྒྱལ་བ་རྒྱལ་མཚོའི་ཚོགས། །བདག་ཉིད་རིགས་འཛིན་སྒྲུབ་པ་པོས། །འཛབ་བསྙེན་གྲངས་སུ་ཐེམས་ཟིན་གྱི། །བསྐྱེད་རྫོགས་དྲོད་ཚད་ཐོབ་ཟིན་གྱི། །ཐུགས་དམ་གཉན་པོ་བསྐངས་ཟིན་གྱི། །སྒྲུབ་པའི་ཞག་གྲངས་ཐེམས་ཟིན་གྱི། །རྡོ་རྗེ་སྲིན་པོ་ནམ་ལངས་ཉེ། །དངོས་གྲུབ་འབྱུང་བའི་དུས་ལ་བབ། །དམ་ཅན་ཐུགས་དམ་བདག་བསྐུལ་གྱི། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། །དམ་བཅས་མ་བསྙེལ་དེང་དགོངས་ལ། །དངོས་གྲུབ་དམ་པ་ད་ལྟ་སྩོལ། །(༦བ)


GLG023_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལན་གསུམ་དང་། ལྷ་ཡི་ལྷ་མཆོག་མ་དང་བསྐལ་པ་དཔག་ཏུ་མེད་པའི་འདོད་གསོལ་ཡང་ལན་གསུམ་བྱས་རྗེས་དཀྱིལ་འཁོར་དབུས་ནས་ཐོད་པ་ཚུར་བླངས་ནས་དཔྲལ་བར་གཏུགས་ཏེ། དབང་ཆོག་བདུད་དཔུང་ཟིལ་གནོན་ལས་བྱུང་བ་ལྟར། ཧཱུཾ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག །སྐུ་ཡི་དབང་མཆོག་མི་གཤེགས་རྡོ་རྗེ་ཡིས། །རྡོས་བཅས་ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཨཱོཾ་ཡ་མཱནྟ་ཀ་ཀཱ་ཡ་སིདྡྷི་ཨོཾ། མགྲིན་པར་གཏད་ལ། ཧཱུཾ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག །གསུང་གི་དབང་མཆོག་མི་གཤེགས་རྡོ་རྗེ་ཡིས། །འཆལ་པ་ངག་གི་སྒྲིབ་པ་སྦྱང་དུ་གསོལ། །ཨཱོཾ་ཡ་མཱནྟ་ཀ་ཝཱ་ཀ་སིདྡྷི་ཨཱཿ སྙིང་གར་གཏད་ལ། ཧཱུཾ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག །ཐུགས་ཀྱི་དབང་མཆོག་མི་གཤེགས་རྡོ་རྗེ་ཡིས། །འཁྲུལ་པ་སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཨཱོཾ་ཡ་མཱནྟ་ཀ་ཙིཏྟ་སིདྡྷི་ཧཱུཾ། གནས་གསུམ་དུ་གཏད་ལ། ཧཱུཾ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག །རྣམ་གསུམ་དབང་མཆོག་མི་གཤེགས་རྡོ་རྗེ་ཡིས། །དུག་གསུམ་ནད་གདོན་སྡིག་སྒྲིབ་སྦྱང་དུ་གསོལ། །སརྦ་སིདྡྷི་ཕ་ལ༝ ཞེས་དབང་བླང་། དེ་ནས་ཐོད་པ་ཞལ་ཕྱེ་སྟེ་བླ་མ་དངོས་སུ་བཞུགས་ན་དང་མི་བཞུགས་ནའང་བླ་མ་ཡི་དམ་ལ་སྨན་མཆོད་གཞུང་བཞིན་བྱས་ནས་རང་ཉིད་ཀྱིས་ལོངས་སྤྱད། དངོས་གྲུབ་ཀྱི་རྫས་གཞན་རྣམས་ལ་ཡང་རོལ། ཚེ་སྒྲུབ་ཀྱི་ཁ་སྒྱུར་བྱེད་པར་འདོད་ན་ཞལ་ལས་ཤེས། ལྷག་མ། ཆད་མཐོ། བསྟན་སྐྱོང་བཏང་། གཏང་རག་གི་མཆོད་པ་དང་ཡིག་བརྒྱ་བརྒྱའམ་ཉེར་གཅིག་གིས་ལྷག་ཆད་བཀང་རྗེས། ཡེ་ཤེས་པ་(༧ན)


GLG023_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་བུ་ལ་བསྟིམ་པ་སོགས་མན་ངག་ལྟར་བྱ། ནམ་མ་ལངས་གོང་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་གཞུང་བཞིན་བསྡུའོ། །བཞི་པ་འཆི་བདག་བདུད་སྒྲུབ་ནི། ནམ་ལངས་སུ་ཉེ་བ་ན་བཅའ་གཞི་བསྙེན་པའི་སྐབས་ལྟར་བྱས་ལ། བདག་གི་ཐུགས་ཀའི་ཧཱུཾ་ཡ་ནག་པོར་བསྒྱུར་ཏེ་འོད་ཟེར་འཕྲོ་འདུ་སོགས་ཞལ་ཤེས་བཞིན་བྱས་ནས་འབྲུ་བཅུ་གཅིག་པ་འབུམ་ཕྲག་གཅིག་བཟླས་པའི་ཐུན་མཚམས་སུ་ལས་གཤིན་ལྷ་བཅུ་བདུན་མ་དང་། དྲེགས་པའི་སྡེ་དཔོན་གྱི་གསོལ་མཆོད་བྱེད། དེ་ཡང་ཟླ་གསང་དྲེགས་པ་ཚར་གཅོད་ཀྱི་སྐབས་བརྒྱད་པ་ལས། བྱེ་བ་ཆིག་འབུམ་ཐོན་པ་དང་། །མེ་ཏོག་ལ་སོགས་མཆོད་པ་བྱ། །ཕྱི་ནང་གི་ནི་མཆོད་པས་མཆོད། །བསྟོད་པ་ལ་སོགས་ཅི་རིགས་བྱ། །ཞེས་པ་ལྟར་བསྙེན་སྒྲུབ་བཞི་པོ་བསྒྲིལ་བས་གསང་སྔགས་བྱེ་བ་གཅིག་དང་ཆིག་འབུམ་འབྱུང་བ་གྲངས་ཀྱི་བསྙེན་པ། དུས་ཀྱི་བསྙེན་པ་ཟླ་བ་གཅིགརྟགས་ཀྱི་བསྙེན་པ། དེ་ཉིད་ལས། བསྙེན་པ་རྫོགས་ནས་རྟགས་རྣམས་འབྱུང་། །འཇམ་དཔལ་སྐུ་ནི་ཞལ་འཛུམ་མམ། །རྟགས་ནི་བཟང་པོ་བྱུང་བ་དང་། །དངོས་གྲུབ་ལ་སོགས་བླང་བ་དང་། །དེ་ནས་དྲག་པོའི་ལས་སྦྱོར་འཇུག །ཅེས་གསུངས་སོ། །དེའང་དང་པོ་བསྙེན་པ་ནི་ལྷ་བསྙེན་པའི་རྩ་བ་སྟེ་འཕྲིན་ལས་འཁོར་ལོ་བསྐོར་བ་ལ་དབང་། མཆོག་གི་དངོས་གྲུབ་ཐོབ་པར་བྱེད། །གཉིས་པ་ཉེ་བའི་བསྙེན་པས་ལྷ་དམ་ལ་འདུ་ཞིང་དམོད་མོ་ཉེ་བར་བསྙེན་པ་ཡིན། འཕྲིན་ལས་ཐུན་གྱི་ལས་ལ་དབང་། ཐུན་མོང་གི་དངོས་གྲུབ་གཙོ་བོར་ཐོབ། གསུམ་པ་སྒྲུབ་པ་ཆེན་པོས་ནི་ལྷ་གནད་ལ་དབབ་ཅིང་དམ་ལ་གདགས་པ་དང་ཕྱིས་མི་འགྱུར་བར་ཚེ་གཅིག་ལ་བསྙེན་པ་(༧བ)


GLG023_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས། སྒྲུབ་པ་གོང་མ་གཉིས་ཀྱི་དངོས་གྲུབ་བླང་བའང་ཡིན། ལས་རབ་འབྱམས་འགྲུབ་བོ། །བཞི་པ་འཆི་བདག་བདུད་སྒྲུབ་ཀྱིས་ནི་མཐར་བྱེད་དྲེགས་པའི་ཚོགས་དང་བཅས་པ་ལས་ལ་འཛུད་ཅིང་དྲག་པོའི་འཕྲིན་ལས་གཙོ་བོར་འགྲུབ་པ་མིན་ནོ། །དེ་རྣམས་ཀྱང་གཞིའི་ཆོས་ཉིད་དྲི་བཅས་ལམ་གྱི་ཆོས་ཉིད་རང་གསལ་བཏབ་པའི་འབྲས་བུ་ཆོས་དབྱིངས་དྲི་བྲལ་འཇམ་དཔལ་ཡེ་ཤེས་སེམས་དཔའ་མཆོག་གྲུབ་ནི་ཆོས་ཉིད་དོ། །སྒྲུབ་པ་བཞི་པོ་ཐེངས་ནས་ཚོགས་འཁོར་བསྐང་བཤགས། གཏང་རག་གི་མཆོད་པ་རྣམས་རྒྱས་པར་བྱའོ། །གསུམ་པ་མཇུག་ལས་སྦྱོར་རྩ་བསྙེན་ནི། འཇམ་དཔལ་སྙན་བརྒྱུད་ཡང་ཏིག་གསང་བའི་མན་ངག་ལས། ཕྱི་ནང་གསང་བའི་གཤིན་རྗེ་བསྒྲུབ་འདོད་པས། །དུར་ཁྲོད་བས་མཐའ་འཇིགས་རུང་གཤིན་རྗེའི་གནས། །དམ་ནག་རྩི་ཤིང་རྩུབ་ཅིང་བྲག་རི་མཐོ། །འབྲུབ་ཁུང་གྲུ་གསུམ་མདུན་དུ་ཡོད་པའི་སར། །ཕྱི་ནང་གསང་གསུམ་རྟེན་རྫས་བྱེ་བྲག་བཤམ། །ཤ་ཆེན་ཟ་ཞིང་ཐོད་ཆེན་རཀྴ་ཡང་རུང་། ཕྲེང་བ་བཟུང་། །ཞེས་གནམ་ས་གྲུ་གསུམ་སོགས་དྲག་པོའི་གནས་སུ་བཤད་པ་ཐོག་མ་ནས་ཡོད་ན་དང་། དེ་མིན་མཚམས་སྔ་ཕྱི་བར་ཆོད་ན་གནས་དེ་འདྲ་ཞིག་འཚོལ་བའི་དབང་དུ་མཛད་ནའང་། ད་ལྟ་དཀྱུས་གཅིག་ཏུ་བྱེད་པར་དེ་བཞིན་མ་གྲུབ་ཀྱང་བཏང་སྙོམས་སུ་བཞག །རྟེན་དང་མཆོད་རྫས་སོགས་སྔོན་ནས་ཡོད་བཞིན་པ་མུ་འཐུད་པས་གསར་སྒྱུར་མ་དགོས། པུ་རི་དཀར་པོ་ཐོག་མ་ནས་བཤམས་ཀྱང་འགལ་བ་མེད་མོད་སྤྱོད་ཡུལ་དོག་ན་སྐབས་འདིར་བཤམ། རེས་གཟའ་མིག་དམར་དང་དབོ་ལྟ་བུ་འཛོམ་པའི་སྟོབས་ལྡན་སྦྱོར་བ་མཆོག་(༨ན)


GLG023_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཤེས་ཤིང་དུས་ཀྱང་དཀར་ཕྱོགས་དང་འགྲིག་ན་དང་། མ་འགྲིག་ན་ནག་ཕྱོགས་ལའང་རུང་། གནས་ཁང་གི་བཏུབ་ན་འདིར་མ་ཟད་གོང་ནས་ཁ་ལྷོར་བལྟས་པ་ཤིས། དོམ་གྱི་པགས་དམར་འདང་བར་བཤད་པ་ས་གདན་ལྟ་བུའི་ཚུལ་གྱི་དེ་སྟེང་གདན་དངོས་གཞི་འདིང་། སྨིན་མཚམས་དང་ལུས་ཀྱི་སུལ་རྣམས་སུ་ཐལ་ཆེན་མཁུར་ཚོས་དང་དཔྲལ་བར་ཁྲག་ཆེན། ལྐོག་མ་དང་བྲང་ལ་ཞག་ཆེན་མི་རུས་ཀྱི་རྒྱན་དང་མི་ལྤགས་སམ་རོ་ཆས་ཀྱིས་བགོ་བ་སོགས་དུར་ཁྲོད་ཀྱི་ཆས་རྒྱན་ཅི་འཛོམ་ཐོག་མའི་ཐུན་མགོ་ཙམ་ལ་གང་འགྲུབ་དང་དེ་ནས་མོས་པ་བྱ་ཞིང་སེང་ངམ་བེ་ཤིང་གི་འཁར་བ་དང་རལ་པའི་ཅོད་པན་སོགས་དམ་ཚིག་གི་ཡོ་བྱད་རྣམས་འདུ་བྱས་ནས། ལས་བྱང་རྡོ་རྗེ་ཐོག་མདའི་གཞུང་བསྲངས་པའི། །གཟུང་འཛིན་རྣམ་དག་མཚན་མའི་ཡུལ་ལས་འདས། །ཞེས་གདེངས་གསུམ་གསལ་གདབ་པ་ཡན་དཀྱུས་ལྷར་བྱས་ནས། ཨཱོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཧཱུཾ་ཕཊ། ཅེས་གཙོ་བོའི་འཛབ་བྱེ་བ་གཅིག་དང་ཆིག་འབུམ་མམ་འབུམ་ཕྲག་བརྒྱད་གང་རུང་། །ཨཱོཾ་ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཧཱུཾ་ཕཊ། ཨཱོཾ་གྷྲི་མ་ཡ་མ་དུ་རུ་ཙཀྲ་ཧཱུཾ་ཕཊ། ཨཱོཾ་སརྦ་ཙིཏྟ་གཟིར་ཐུམས་ཤིག་ནན། ཏྲིག་ནན་རྦད་ཡ། བཟློག་ཡ། ཧཱུཾ་ཕཊ། ཅེས་ཡུམ་སྲས་འཆི་བདག །སྲོག་བདག་དང་བཅས་པའི་སྔགས་ཡིན་པས་སོ་སོར་ཆིག་འབུམ་རེ་བཟླ་དགོས་པར་ཕྱི་མ་སྦས་ལྷ་གཉིས་ཀྱི་སྔགས་བསྡོམས་པས་ལྡབ་འཕར་བཟླ་དགོས་ཤིང་བསྙེན་པ་ཐུན་བཞིར་བཅད་དེ་བཟླས་པའི་སྐྱོན་དང་བྲལ་བར་བཟླ། ཐུན་བཞིར་གཏོར་མ་ཤ་ཟན་སྨན་རག་གིས་གསོས་ནས་དགུག་གཞུག་ལན་(༨བ)


GLG023_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་དྲག་གཏོར་ལྟར་བྱིན་གྱིས་བརླབས་གཙོ་འཁོར་ལྔའི་སྔགས་ཀྱིས་དབུལ། ཐབས་མཆོག་བདེ་ཆེན་མས་བསྟོད། ལྷ་ཡི་ལྷ་མཆོག་མ། །བསྐལ་པ་དཔག་མེད་མ། མཁྱེན་བརྩེ་ནུས་མངའ་མ། ནམ་མཁའ་མེད་པ་སོགས་ཀྱི་སྨོན་ལམ་འདོད་གསོལ་བྱ། བཟླས་པ་ཐམས་ཅད་སྐྱོན་དང་བྲལ་བ་དགོས་པའང་འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ཀྱི་སྒྲུབ་པ་རྩ་བའི་ལེའུ་ལས། མྱུར་བ་མ་ཡིན་བུལ་བ་མིན། །དེ་བཞིན་ཡི་གེ་འདྲེས་པ་མིན། །ཤིན་ཏུ་གསལ་ཞིང་དག་པར་སྨྲ། །ཞེས་དང་། གཤིན་རྗེའི་གཤེད་ནག་པོའི་ལས་ཐམས་ཅད་གྲུབ་པར་བྱེད་པའི་འཁོར་ལོའི་རྒྱུད་ལས། གཞན་དུ་མི་འགྲོའི་སེམས་ཀྱིས་ནི། །དེ་ལྟའི་ཚུལ་དུ་བཟླས་པ་བྱ། །ཡུལ་གཞན་བློ་ནི་འགྲོ་བ་ཡིས། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཅེས་ཐུན་མཚམས་སུ་བྱེད་དགོས་ཤིང་གོང་མ་རྣམས་ལའང་ཤེས་སོ། །བསྙེན་པ་ཐེངས་ནས་ཚོགས་འཁོར་བརྒྱའམ་ཉེར་གཅིག །གཏེར་སྲུང་མཆོད་པ་བཟབས་རྒྱས། བམ་བསྐང་། གཏང་རག་མཆོད་གཏོར་ཁ་གསོས་བསྔོས་ལ་ཆོས་སྐུ་ཞི་བ་མས་ཐོག་སྟེང་དུ་འབུལ། བཟོད་གསོལ། ཉེར་བསྡུ། བསྔོ་བ། སྨོན་ལམ། ཤིས་བརྗོད་རྣམས་ལས་བྱང་བཞིན་བྱ་ཞིང་། ནང་མཚམས་གྲོལ་ནས་ཧར་འདོན་མི་བྱེད་པ་མཚམས་སྤྱི་དང་འདྲ། དགུ་གསུམ་ལ་ཚོགས་དང་མཆོད་གཏོར་དབུལ་བ་རྒྱན་བསྙེན་ནར་མར་བྱེད་པ་གལ་ཆེའོ། །ད་ཡང་བསྙེན་ཅིང་བསྒྲུབ་པའི་རྟགས་རགས་པ་ཙམ་ནི་ནང་རྟགས་སུ། སྐུ་གསུང་ཐུགས་གང་ལ་རྟག་པར་སེམས་ལྷང་ངེ་འདུག་པ་དང་ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བ་དང་སྣང་བ་གང་ཡང་མཐོང་བ་(༩ན)


GLG023_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལུས་ཡོད་དུ་མི་ཚོར་ཞིང་དཀྱིལ་འཁོར་གྱི་རྩར་ལྷན་ནེ་འདུག་པ་དང་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་རྟོག་མེད་གྱི་བདེ་བ་རང་ལ་འཆར་བ་སྟེ་བསྙེན་པ་རྫོགས་ཤིང་སེམས་ལས་སུ་རུང་བ་རྟགས་དང་པོའོ། །ཕྱི་རྟགས་སུ་སྐུ་གཟུགས་འགུལ་བའམ་བཞད་པའམ་སྟེང་ནས་ལུང་སྟོན་པའི་སྒྲ་ཐོས་པའམ་ལྷོ་ཕྱོགས་ནས་སྒོ་བྱེ་བ་སྙམ་བྱེད་པའམ་མདུན་གྱི་ནམ་མཁར་འོད་ཀྱི་ལྷའི་གཟུགས་བརྙན་འཆར་བའམ་འོད་དང་སྒྲ་དང་དྲི་ཞིམ་པོ་དང་གཏོར་མ་དང་སྨན་རག་ཁོལ་བ་དང་མཆོད་རྫས་དང་སྒྲུབ་རྫས་ལ་མེ་འབར་བ་དང་སྐྱེས་པ་དང་བུད་མེད་ཀྱི་ཚོད་སྤྲུལ་ཏེ་གཏམ་ཟེར་བ་རྣམས་ནི་མངོན་རྟགས་སོ། །ཉམས་ཀྱི་རྟགས་ནི་ཉམས་མི་དགའ་ན་བདུད་ཀྱི་བར་ཆད་ཡིན་པས་ཉམས་བརྟག་གོ །རྨི་ལྟས་སུ། ཉི་མ་མང་པོ་ནམ་མཁའ་ལ་ཤར་བ་དང་ནམ་མཁའ་འོད་ཀྱིས་ཁེངས་པ་དང་ཟླ་བ་ཐང་ལ་ལྷུང་བ་དང་རྡོ་རྗེའི་སློབ་དཔོན་དང་རྟག་ཏུ་འཕྲད་ཅིང་འགྲོགས་པ་དང་དབང་བསྐུར་བ་དང་མཆོད་རྟེན་ལ་འཛེགས་པ་དང་རི་ལ་འཛེགས་པ་དང་རྔ་བརྡུང་བ་དང་ཨ་ཙར་མང་པོ་གཏམ་ཟེར་བ་དང་། མོན་པ་ནག་པོ་འཁོལ་བ་དང་བནྡེའི་ཚུལ་དུ་བྱུང་བ་དང་སྔགས་པ་དང་མི་ནག་གཅེར་བུ་དར་ཐོགས་པ་དང་བུད་མེད་ནག་མོ་ཕྱག་བྱེད་པ་དང་། མ་དང་སྲིང་མོ་དང་མཛའ་མོས་འཚོ་བ་སྦྱོར་བ་དང་བྲག་ལ་མི་ལྷུང་བ་དང་ཆུ་ལ་མི་བྱིང་བ་དང་ནམ་མཁའ་ལ་འཕུར་བ་རྣམས་རྨིའོ། །རྟགས་འདི་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་བྱུང་ན་རབ། ཕྱེད་ཙམ་རྫོགས་པ་བྱུང་ན་འབྲིང་། འགའ་ཞིག་བྱུང་ན་ཐ་མ་ཡིན་ནོ། །བསྙེན་པ་ཐེངས་དུས་རྟགས་རབ་འབྲིང་ཐ་མ་གང་རྫོགས་ཀྱང་དངོས་གྲུབ་བླངས་ཏེ་ལས་ཀྱི་སྦྱོར་བ་བྱས་ན་གང་བྱས་ཀྱང་(༩བ)


GLG023_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད་དོ། །རྟགས་ཀྱི་ཡི་གེ་ཞལ་གྱི་གདམས་པའོ། །ཞེས་པ་རྣམས་ནི་གཤིན་རྗེ་ཁ་ཐུན་གྱི་ཊཱིཀྐ་ཕན་བྱེད་སྙིང་གི་ཉི་མ་དང་རྟགས་ཡིག་སོགས་ལས་བྱུང་བའོ། །དེ་ཡང་གོང་གི་བསྙེན་པའི་དུས་ཐམས་ཅད་དུ་གཤིན་རྗེ་ནག་པོའི་སྔགས་རྒྱུད་ནག་པོའི་བསྙེན་པའི་ལེའུ་ལས། མི་སྨྲ་གླལ་སྦྲིད་གཉིད་རྨུགས་དང་། །སྒྲ་ཆེན་སྒྲ་ཆུང་སྤངས་པ་དང་། །དྲག་ཐལ་རིང་ཐུང་རྫོགས་པ་དང་། །ཡིད་ལ་ཤུབ་བུར་བཟླས་པའི་ཐབས། །ཞེས་གསུངས་པ་ལྟར་བཟའ་བཏུང་དང་བཤང་གཅི་འདོར་བ་དང་གཉིད་དང་། ཀླལ་བ། སྤྲིད་པ། སྣབས། ལུད་པ། འོག་རླུང་ཤོར་བ་རྣམས་ཀྱི་སྐབས་བཟླས་པའི་སྔགས་དེ་དག་བཟླས་པའི་གྲངས་སུ་མི་བགྲང་། གཞན་ཡང་ཕྲེང་སྐོར་འཁོར་ནས་མདོ་འཛིན་རྩར་མ་སླེབ་པའི་བར་རྣམས་སུ་མི་དང་གཏམ་ཤོར་ན་སྔར་བཅད་ཟིན་ནས་ཕྲེང་རྡོག་བཞི། གློ་ལུ་ན་ལྔ། གླལ་ན་གསུམ། སྦྲིད་པ་ལ་བཅུ། མཆིལ་སྣབས་ལུད་པ་སོགས་འདོར་ན་གཅིག །འོག་རླུང་ལ་བདུན། གཉིད་ལ་བཅོ་ལྔ་རྣམས་གྲངས་སུ་མི་བརྩི་བར་སླར་ལྡོག་ལ་བགྲང་། བཟའ་བཏུང་བྱེད་བཞིན་པ་དང་བཤང་གཅི་འདོར་བཞིན་པར་སྔགས་བཟླ་བ་གཏན་ནས་སྤོང་། བཟའ་བཏུང་བྱས་པ། གཉིད་དང་གླལ་སྦྲིད་བྱུང་བ། །བཤང་གཅི་དང་མཆིལ་སྣབས་དོར་བ། འོག་ལུང་ཤོར་བ་རྣམས་ཀྱི་རྗེས་སུ་ཆབ་མ་བླངས་པར་སྔགས་ལ་མི་འཇུག །གློ་ལུ་བ་ནས་གཉིད་ཀྱི་བར་དྲུག་པོ་ལ་འཕྲེང་རྡོག་གྲངས་ངེས་ཅན་སླར་ལྡོག་པ་ནི་ཞི་བསྙེན་དང་ཟླ་གསང་གཞི་བསྙེན་གྱི་བསྙེན་པ་དང་ཉེ་བསྙེན་འཆི་བདག་བདུད་སྒྲུབ་ལས་སྦྱོར་རྩ་བསྙེན་རྣམས་ཀྱི་སྐབས་(༡༠ན)


GLG023_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། གཞི་བསྙེན་གྱི་སྒྲུབ་པ་ཆེན་པོའི་སྐབས་ནི་གླལ་དང་སྦྲིད་པ་དང་གཉིད་དང་རྐང་ལག་བརྐྱང་བསྐུམ་རྣམས་ཡེ་མ་ཤོར་བ་དང་འོག་རླུང་མཆིལ་སྣབས་ལུད་པ་གློ་ལུ་བ་རྣམས་བྱུང་ན་གོང་ལྟར་ཕྲེང་རྡོག་གྲངས་བཅད་སླར་ལྡོག་པར་བྱ་བ་འདིར་མ་ཟད་སྔགས་རྙིང་མའི་བསྙེན་སྒྲུབ་ཐམས་ཅད་ལ་དགོས་མི་དགོས་དཔྱད་དོ། །མཇུག་ཏུ་མཆོད་རྟེན་དཀར་ནག་ལ་བརྟེན་པའི་ལས་སྦྱོར་རམ་གཏོར་མ་ལ་བརྟེན་པའི་སྲུང་བཟློག་བྱ་ཞིང་ཁ་སྐོང་གི་སྦྱིན་སྲེག་ཁོ་བོས་བརྩམས་པའི་ཞི་བའི་སྦྱིན་སྲེག་གངྒཱའི་ཆུ་རྒྱུན་ནས་ལྷ་སྔགས་འབྱིན་འཇུག་བྱས་པས་འགྲུབ་བོ། །ཟླ་གསང་རྒྱུད་སྡེ་འོ་མའི་རྒྱ་མཚོ་ཆེར། །བརྒྱུད་པའི་གསུང་སྒྲོས་རི་བོ་བསྒྲིལ་བ་ལས། །བསྙེན་ཡིག་ས་སྲུངས་རིན་ཅེན་རྒྱན་སྤྲས་ནས། །དངོས་གྲུབ་ཐང་ལ་ལྷོད་པོའི་འགྲོས་ཀྱིས་རྒྱུ། །ལྷ་སྲས་མཇིང་ཡོན་ཡང་སྲིད་འབྲི་གུང་པའི། །ཞལ་གདམས་ཕབ་རྩིས་སྦྲན་པའི་ལེགས་བཤད་ཆང་། །བཏུངས་པས་ཅི་དགར་མྱོས་པའི་བསྙེན་ཡིག་གི །སྙན་པོའི་རྒྱང་གླུ་སྤོབས་མཐོའི་མགྲིན་ནས་བླངས། །དེ་ཕྱིར་ཆོས་འདི་མོས་ལྡན་དུ་མའི་རྣར། །ཆེས་མངར་རོ་བརྒྱ་བདའ་བའི་བཅུད་འཁྱིལ་མཐུས། །སྐྱེ་བར་འཇམ་དཔལ་རྡོ་རྗེས་རྗེས་བཟུང་སྟེ། །དངོས་གྲུབ་རྣམ་གཉིས་ལྷུན་གྱིས་གྲུབ་པར་ཤོག །འཇམ་དཔལ་ཚེ་བདག་ནག་པོ་མེའི་སྤུ་གྲིའི་སྲུང་བཟློག་བསད་མནན་ཉམས་སུ་བླང་བ་ལ་མེད་དུ་མི་རུང་བའི་གཞི་བསྙེན་དང་རྩ་བསྙེན་གྱི་ཡི་གེ་བེ་ཌཱུཪྻའི་དོ་ཤལ་ཞེས་བྱ་བ་འདི་ནི་གནུབས་ཀྱི་སྔགས་འཆང་ཟིལ་གནོན་རྡོ་རྗེས་བསྐུལ་བས་རྐྱེན་བྱས་ལམ་འདིར་མོས་པའི་སྣོད་ལྡན་མང་པོར་ཕན་པའི་ལྷག་བསམ་གྱིས་ཀུན་ནས་(༡༠བ)


GLG023_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ཏེ་བསྙེན་སྒྲུབ་ཀྱི་མན་ངག་འདི་དག་དཔལ་འབྲི་གུང་པ་དབུར་སྨྱོན་ཆེན་པོའི་ཞལ་ལས་དངོས་སུ་ཐོས་ཤིང་སྔགས་འཆང་དཀོན་ཅོག་ལྷུན་གྲུབ་ལ་ཡང་བསྐྱར་དུ་དཔྱད་པ་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་སྣོད་མིན་ལ་འཆལ་བར་མི་སྟོན་པའི་བཀའ་རྒྱ་ཡོད་པས་གཏེར་སྲུང་རྣམས་ཀྱིས་ཐུབ་པར་སྲུངས་ཤིག། ས་མ་ཡ། རྒྱ་རྒྱ་རྒྱ།། །།སརྦ་མངྒ་ལཾ།།

ཡང་བཟློག་ལས་བྱང་རྡོ་རྗེའི་ཐོག་མདའི་ལྷན་ཐབས་རིག་འཛིན་ཞལ་གྱི་དྲོད་རླངས།


GLG023_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཟློག་ལས་བྱང་རྡོ་རྗེའི་ཐོག་མདའི་ལྷན་ཐབས་རིག་འཛིན་ཞལ་གྱི་དྲོད་རླངས་བཞུགས་སོ། །


GLG023_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་དུས་དགྲའི་ངོ་བོ་རྡོ་རྗེ་འཛིན། །དྲིན་ཅན་བླ་མ་སྤྱི་གཙུག་པད་མཚོ་རུ། །བརྟེན་ནས་ཡང་བཟློག་ནག་པོ་མེའི་སྤུ་གྲིའི། །ལས་བྱང་རྡོ་རྗེའི་ཐོག་མདའི་ལྷན་ཐབས་འབྲི། །འཇམ་དཔལ་དམར་ནག་ཞལ་གཅིག་ཕྱག་གཉིས་པ། །དབུ་སྐྲ་སྨ་ར་སྨིན་མ་དམར་སེར་འབར། །ཞལ་གདངས་མཆེ་གཙིགས་མི་བཟད་ཁྲོ་ཞིང་གཏུམ། །ཕྱག་གཡས་རལ་གྲི་མེ་འབར་མཁའ་ལ་འཕྱར། །གཡོན་པ་རྡོ་རྗེས་མཚན་པའི་ཞགས་པ་འཕེན། །སྐུ་ལ་དུར་ཁྲོད་ཆས་བརྒྱད་རྒྱུན་རྣམས་རྫོགས། །ཞབས་གཉིས་བརྐྱང་བསྐུམ་པད་ཟླའི་གདན་ལ་བཞེངས། །ཞལ་ཕྱིར་གཟིགས་ནས་བཟློག་པའི་ལས་མཛད་གྱུར། ཝཾ། མདུན་དུ་སྐུ་ཡི་སྤྲུལ་པ་འཆི་བདག་ནག །གཤིན་རྗེ་བདུད་པོ་བྱེ་བ་དབུ་ཁྲི་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་གསལ་རི་རབ། །འཕྱར་ཞིང་དགྲ་སྟ་གཡོན་གདེངས་སྐུ་སྐེད་ལ། །ལྕགས་ཀྱི་ཞུན་ཁྲབ་ཞིང་ཆེན་སྐ་རགས་ཚུལ། །སྟག་ཤམ་ཞིང་ཆུང་ཆོས་གོས་ཐོད་སྐམ་ལྔས། །དབུར་བརྒྱན་གདུག་པའི་སྦྲུལ་གྱིས་ཡན་ལག་དཀྲིས། །ཞབས་གཉིས་དོར་སྟབས་བགྲད་ཅིང་ཆུ་གླང་ཆིབས། །སྐུ་སྤྲུལ་བྱེ་བ་ས་ཡའི་འཁོར་གྱིས་བསྐོར། །རྒྱབ་ཏུ་གསུང་གི་སྤྲུལ་པ་སྲོག་གི་བདག །ནག་པོ་སྒྲོལ་རིང་ཆེན་པོ་རྨེ་རུ་རྩེ། །སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གདུག་པ་སྦྲུལ་གྱི་རལ་པ་སྤྱི་བོར་བཅིངས། །ཐོད་པས་རྣར་བརྒྱན་གཡས་པ་བེ་ཅོན་འཕྱར། །གཡོན་པ་ཞགས་འཛིན་རུས་སྦལ་ནག་པོ་ཡི། །གཡང་གཞི་གསོལ་ཞིང་ཞབས་གཉིས་དོར་སྟབས་སུ། །བགྲད་ནས་(༢ན)


GLG023_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་རླུང་དམར་རྟ་ལ་ཆིབས། །གསུང་སྦྲུལ་བྱེ་བ་ས་ཡའི་འཁོར་དང་བཅས། །གཉིས་ཀའི་ཐུགས་ཀར་དམར་ནག་ཡ་ཡི་མཐར། །སརྦ་ཙིཏྟ་གཟིར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་བཟློག་ཡ། ཞེས་པའི་སྔགས་ཀྱིས་གཡས་སུ་བསྐོར་བར་གྱུར། ཝཾ། སྐུ་སྤྲུལ་འཆི་བདག་ནག་པོ་གཤེགས་སུ་གསོལ། །གསུང་སྤྲུལ་སྲོག་བདག་ནག་པོ་གཤེགས་སུ་གསོལ། །འཁོར་གྱི་གཤིན་རྗེའི་དམག་ཚོགས་གཤེགས་སུ་གསོལ། །ཝཾ། འཆི་བདག་ནག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །སྲོག་བདག་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད། །འཁོར་གྱི་གཤིན་རྗེའི་ཚོགས་ལ་ཕྱག་འཚལ་བསྟོད། །ཝཾ། མདུན་ན་སྐུ་སྤྲུལ་འཆི་བདག་ནག་པོ་ནི། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རི་རབ་གཡོན་པ་དགྲ་སྟ་རྣམས། །གནམ་ལྕགས་ཞུན་ཁྲབ་ཞིང་ལྤགས་སྟག་ཤམ་གསོལ། །ཐོད་སྐམ་དབུ་རྒྱན་ཞིང་ཆུང་ཆོས་གོས་ཅན། །སྦྲུལ་གྱིས་བརྒྱན་ཅིང་ཆུ་གླང་སྔོན་པོ་བཅིབས། །སྐུ་སྤྲུལ་འཆི་བདག་ཐུགས་དམ་དུས་ལ་བབས། །འཆི་བདག་བྱེ་བ་ས་ཡ་དགྲ་ལ་བྷྱོཿབ་ལིང་ཤ་ཁྲག་གཏོར་མ་འདི་བཞེས་ལ། །བྱད་མ་ལྷ་བསྲུང་རང་གཤེད་རང་ལ་ཕོག །རྒྱབ་ན་གསུང་སྤྲུལ་སྲོག་བདག་ནག་པོ་ནི། །སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། །ཐོད་པའི་རྣ་ཆ་སྦྲུལ་ནག་རལ་པ་བཅིངས། །གཡས་པ་བེ་ཅོན་གཡོན་པ་ཞགས་པ་བསྣམས། །སྐུ་ལ་རུས་སྦལ་ནག་པོའི་གཡང་གཞི་གསོལ། །ཞབས་གཉིས་(༢བ)


GLG023_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དོར་སྟབས་ལས་ཀྱི་རླུང་དམར་བཅིངས། །གསུང་སྤྲུལ་སྲོག་བདག་ཐུགས་དམ་དུས་ལ་བབས། །སྲོག་བདག་བྱེ་བ་ས་ཡ་དགྲ་ལ་བྷྱོཿ བ་ལིང་ཤ་ཁྲག་གཏོར་མ་འདི་བཞེས་ལ། །བྱད་མ་ལྷ་བསྲུང་རང་གཤེད་རང་ལ་ཕོབ། བ་ལིང་ཤ་ཁྲག་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་དཔོན་སློབ་མི་ནོར་འཁོར། །བསྲུང་ཞིང་སྐྱོབས་པའི་འཕྲིན་ལས་སྒྲུབ་པ་དང་། །ནད་གདོན་བར་གཅོད་ཞི་བའི་ལས་མཛོད་ཅིག །ཚེ་དཔལ་འབྱོར་བ་རྒྱས་པའི་ལས་མཛོད་ཅིག །མོན་བཞིས་ཁམས་གསུམ་དབང་སྡུད་ལས་མཛོད་ཅིག །གནོད་བྱེད་དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག །འཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །རྨི་ལྟས་མཚན་ངན་བཟློག་པའི་ལས་མཛོད་ཅིག །ཞག་སྐེག་ཟ་སྐེག་བཟློག་པའི་ལས་མཛོད་ཅིག །བྱད་མ་ལྷ་བསྲུང་རང་གཤེད་རང་ལ་ཕོབ། དམིགས་པའི་དགྲ་བོ་གཟུགས་ལིང་མིང་བཅས་འདིའི། །བླ་ཁུག་དབུགས་ཕྲོགས་མགོ་འཁོར་ཁྲག་ཏུ་སྐྱུགས། །རྒྱལ་ཞིང་ལུས་སེམས་ཕྲོལ་ལ་སྲོག་རྩ་ཆོད། །ཚེ་ཡི་འདུ་བྱེད་བཀུམ་ལ་མྱུར་དུ་གསོད། །ཤ་ཁྲག་གཟུགས་ཕུང་འབྱུང་བ་ཞལ་དུ་ཐོག །བསད་རྟགས་སྲོག་རྙིང་དམར་པོ་ཁྱེར་ལ་ཤོག །བྱད་མ་ལྷ་བསྲུང་རང་གཤེད་རང་ལ་ཕོབ། །དམིགས་པའི་དགྲ་བོ་ལྷ་བསྲུང་དང་བཅས་པའི། །ལུས་ངག་ཡིད་གསུམ་ལྡང་དུ་མེད་པར་གནོན། །བླ་དང་རྣམ་ཤེས་ནུས་མཐུ་རྣམ་པར་ཆིངས། །ཚེ་སྲོག་ལུས་དབང་རླུང་རྟ་ཉམས་པར་གྱིས། །བསོད་ནམས་དཔལ་འབྱོར་ཕུན་ཚོགས་ཐལ་བར་རློག །རྟག་ཏུ་ཐར་པ་མེད་པའི་གནས་སུ་ཆུག །བྱད་མ་ལྷ་བསྲུང་རང་གཤེད་རང་ལ་ཕོབ། །ཐུན་ཕུར་ལས་ཀྱི་གཤིན་རྗེ་དམར་ནག་མདོག །ཞལ་གཅིག་ཕྱག་གཉིས་གཡས་པ་བེ་ཅོན་ནི། །བསྡིགས་པའི་རྣམ་པས་འཕྱར་ཞིང་དགྲ་བགེགས་ཀྱི། །དོན་སྙིང་གཡོན་པས་འདྲད་ཚུལ་སྡིགས་མཛུབ་ཀྱིས། །ཐུན་ཐག་ནས་འཛིན་སྟག་ལྤགས་ཤམ་ཐབས་ཅན། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བཞུགས་པར་གྱུར། །མདུན་དུ་ལས་གཤིན་ནག་པོ་ཞལ་གཅིག་པ། །ཕྱག་གཉིས་གཡས་པ་གསེར་གྱི་རལ་གྲི་ཡི། །རྩིབས་སྟོང་འཁོར་ལོ་ཀླད་ལ་རབ་བསྐོར་བས། །དགྲ་བགེགས་བྱད་མ་ལྷ་བསྲུང་དུམ་བུར་གཏུབས། །(༣ན)


GLG023_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་གསེར་འཁོར་རྩིབས་སྟོང་ཕུབ་ལྟ་བུར། འཛིན་པས་བདག་སོགས་བསྲུང་བྱ་མ་ལུས་སྐྱོབ། །སྤྱི་བོར་ལམ་ལས་པུ་རི་ནག་ཅིང་འཚེར། །བང་རིམ་དགུ་པ་རི་རབ་སྤོངས་ཚད་ཙམ། །མགོ་མཇུག་ལྡོག་པ་གཅིག་གིས་མནན་པའི་སྟེང་། །ལྷ་བསྲུངས་གུར་ཁུང་པུ་རི་དང་བཅས་བརྗིད། །ལྕགས་འཁོར་རྩིབས་བཞི་རྣོ་ངར་ལྡན་པ་ཡིས། ཁོག་པ་རྒྱངས་པས་གཡོ་ཞིང་འགུལ་མི་ནུས། །རང་གི་མདུན་དུ་ཁྲོ་བོ་རབ་འཇིགས་པ། །སྐུ་དང་ཡན་ལག་རགས་ཤིང་ཕྱག་གཉིས་ཀྱིས། །སྤུ་གྲི་ལྕགས་ཀྱུ་འཛིན་པའི་ཐུགས་ཀ་ནས། ཁྲོ་བོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཐོགས་པ་དཔག་མེད་སྤྲོས་པས་བྱད་མ་རྣམས། །བཀུག་ནས་རང་གཤེད་རང་ལ་དབབ་པར་གྱུར། །ཐུན་གཏོར་ནི། ཧཱུཾ། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ། །ཚེ་བདག་ནག་པོ་ཡུམ་ཆེན་སྲས་མཆོག་དང་། །འཆི་བདག་སྲོག་བདག་ལས་གཤིན་འཁོར་ཚོགས་རྣམས། །ཕྱི་ནང་གསང་བའི་མཆོད་པས་ཐུགས་དམ་བསྐང་། །མཆོག་དང་ཐུན་མོངས་དངོས་གྲུབ་སྩལ་དུ་གསོལ། །ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བླ་མ་རྡོ་རྗེ་འཛིན་པའི་བཀའ་བདེན་པ་དང་། ཕྱག་རྒྱ་ཟིལ་གནོན་ཚེ་བདག་ནག་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་རྣམ་པར་དག་པའི་བཀའ་བདེན་པ་དང་། རིགས་འཛིན་སྔགས་འཆང་བདག་གི་བཀའ་བདེན་པ་དང་། ཆོས་ཉིད་ངོ་བོ་ཀ་ནས་དག་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་ཅག་དཔོན་སློབ་སྐྱབས་ཡུལ་དང་བཅས་པ་རྣམས་ལ་སྡང་བ་དང་སྡང་བའི་སེམས་དང་ལྡན་པ། གདུག་པ་དང་གདུག་པའི་སེམས་དང་ལྡན་པ། དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ། ལོ་རྒྱལ་པོའི་སྐེག་སྲི། ཟླ་བ་བློན་པོའི་སྐེག་སྲི། ཞག་དམག་མིའི་སྐེག་སྲི། དུས་ཚོད་མཚོན་ཆའི་སྐེག་སྲི། ཟ་ལམ་དུ་དུག་གཡོ་བ། ལུས་ལ་མཚོན་ཁ་གཏོད་པ། གཡུལ་འཁྲུག །འཐབ་རྩོད། ཁ་སྨྲས། དམོད་མོ། ཆགས་ཆེ་བ། ཉམ་ང་བ། རྨི་ལམ་ངན་པ། མཚན་མ་ངན་པ། ལྟས་(༣བ)


GLG023_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པ་དུས་མིན་འཆི་བ། ནད་དང་རིམས་དང་སྡེ་བརྒྱད་འབྱུང་པོའི་གནོད་པ་སོགས་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་བཟློག་བཟློག །བྱད་བཟློག་གཙོ་བོར་བྱེད་ཚེ་དམིགས་བསལ་ཡོད་ན་ཁྱད་པར་ཆེ་གེ་མོ་དང་། མེད་ན་བན་བོན་སྔགས་པས་བཏགས་པའི་རྦད་འདྲེ་རྦོད་གཏོང་། ཕར་ཕྱིན་བཀའ་མཐུའི་མདོ་སྒྲུབ། བྱད་ཁ་ཕུར་ཁ། མནན་གཏད། མདོས་ཟོར། ཧོམ་དང་པར་བུ། རླུང་གི་འཁྲུལ་འཁོར་སོགས་རིགས་སྔགས་ཀྱི་སྟོབས་དང་རྫུ་འཕྲུལ་དང་ངན་སྔགས་ཀྱི་དཔལ་དང་། ཁོའི་ཆོས་སྐྱོང་སྲུང་མ་དང་བཅས་པ་ཐམས་ཅད་ཁོ་རང་གི་སྟེང་དུ་ཟློག་ཅིག །རང་སྲོག་རང་གིས་ཆོད་ཅིག །རང་ཤ་རང་གིས་ཟོ་ཞིག །རང་ཁྲག་རང་གིས་ཐུངས་ཤིག །རང་ནུས་རང་ལ་སྨིན་ཅིག །རང་མཚོན་རང་ལ་རྒྱབ་ཤིག །རང་གཤེད་རང་ལ་ཕོབ་ལ་ཐལ་བའི་རྡུལ་ཕྲན་བཞིན་དུ་རློག་ཅིག །མཱ་ར་ཡ་བཟློག་བཟློག་བྷྱོ་བྷྱོ། ཕྱག་གཡོན་དང་པོའི་ལྕགས་ཀྱུས་བྱད་མ་ཡི། །སྙིང་གའི་ཪྣྲིར་ནས་བཟུང་སྟེ་གཟུགས་ལ་སྟིམ། །གཡས་པའི་འཁོར་ལོས་གཏུབས་ཏེ་ཤ་ཁྲག་གཏོར། །སྐྱབས་བྲལ་ཉམ་ཐག་དགྲ་དེར་ཁོ་རང་གི །ལྷ་བསྲུང་རྣམས་ཀྱང་ལོག་ལྟ་ཆེར་སྐྱེས་ནས། གཤེད་གྱུར་མཚོན་ཆའི་ཆར་འབེབ་སྲོག་རྩ་གཅོད། ཁོག་པར་ལྕགས་འཁོར་རྩིབས་བཞི་རྣོ་ངར་རྩེས། །སྲོག་རྩ་ཁྲག་རྩ་རྦད་རྦད་གཅོད། །ཤ་ཁྲག་རུས་རྣམས་གཏུབས་ཏེ་དམར་ཐོར་བཏང་། །ལྷ་ཚོགས་སྤྲུལ་པ་གཤིན་རྗེའི་དམག་ཚོགས་རྣམས། །བསད་སྔགས་དྲག་པོ་འབྲུག་ལྟར་སྒྲོག་བྱེད་ཅིང་། །ཤ་ཟ་ཁྲག་འཐུང་རུས་མུར་ལས་བྱེད་གྱུར། །པུ་རི་ནག་པོ་རི་རབ་གླིང་བཞི་ཡིས། །སྤྱི་བོའི་གཙུག་ནས་མནན་ཅིང་ལྕེ་ཐོག་ཏུ། །གསེར་རྡོར་རྒྱ་གྲམ་ཡན་ལག་བཞི་ཡི་ཚིག །རྡོ་རྗེས་གཟེར་ཞིང་སྙིང་ཁར་རྩིབས་བཞི་པའི། །འཁོར་ལོ་རྡོ་རྗེ་རྒྱ་གྲམ་གྱིས་མནན་ཏེ། །ལུས་ངག་ཡིད་གསུམ་འཁྱོག་འགུལ་མེད་པར་གྱུར། །ཨོཾ་ཨ་ཀ་ཡ་མ་དུ་རུ་ཙཀྲས་སོད། ཧྱེ་ཀ་ཡ་མ་དུ་རུ་ཙཀྲས་སོད། གྷྲི་མ་དུ་རུ་ཙཀྲས་སོད། སརྦ་ཙིཏྟ་གཟིར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་བཟློག་ཡ་སོད་ཡ། དགྲ་བོ་བྱད་མ་ལྷ་བསྲུང་དང་བཅས་པའི་ཤ་ལ་རྒྱུག །སྙིང་ལ་མཱ་ར་ཡ་(༤ན)


GLG023_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག་སོང་། དབུགས་ལ་རྒྱུག །སྲོག་ལ་མཱ་ར་ཡ་རྒྱུག་སོད། ཁྲག་ལ་རྒྱུག །རྩ་ལ་མཱ་ར་ཡ་རྒྱུག་སོད་ཧཱུཾ་ཕཊ། དགྲ་བོ་བྱད་མ་ལྷ་བསྲུང་དང་བཅས་པ་མཱ་ར་ཡ་སོད་ཡ། ཪྣྲི་མཱ་ར་ཡ་རྦད་ཡ། ཨཱོཾ་ར་ཏྲི་སྲོག་ལ་མཱ་ར་ཡ་རྦད་ཡ། ཀླུ་བདུད་ནག་པོ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད་སོད། ཨཱེ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ནན། ཧྱེ་ཀ་ཡ་མ་དུ་རུ་ཙཀྲས་ནན། གྷྲི་མ་དུ་རུ་ཙཀྲས་ནན། སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་བཟློག་ཡ་ནན་ཡ། དགྲ་བོའི་ཤ་ལ་རྒྱུག །སྙིང་ལ་མཱ་ར་ཡ་རྒྱུག་ནན། དབུག་ལ་རྒྱུག །སྲོག་ལ་མཱ་ར་ཡ་རྒྱུག་ནན། ཁྲག་ལ་རྒྱུག །རྩ་ལ་མཱ་ར་ཡ་རྒྱུག་ནན་ཧཱུཾ་ཕཊ། བྱད་མ་ལྷ་བསྲུང་དང་བཅས་པའི་ཀཱ་ཡ་ཝཱ་ཀ་ཙིཏྟཾསྟཾཾ་བྷ་ཡ་ནན། ཪྣྲི་ཤ་ཀུ་པུཪྣྲི་ཤ་ཀུ་མུ་ཁ་སོ་པ་ཏི་ཡཾ་རུ་ཏི་ཡཾ་སེན་ཡ་སེན། མན་ཡཾ་སྙིང་ཚལ་བར་རྦད་བམ་རིལ་རྦད། དམ་ཉམས་དགྲ་བོ་བྱད་མ་ཁྱོད་ཀྱི་བླ་རྟེན་ཚེ་རྟེན་སྲོག་རྟེན་ཅི་ཡོད་པ་ཐམས་ཅད་འདིར་ཁུག་མྱུར་དུ་ཤོག་ཅིག །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཀ་ལ་རཱུ་པ་དགྲ་བོ་ཪྣྲི་ཨཾ་ཀུ་ཤ་ཛཿཛཿཡ་མ་རཱ་ཙ་ཀླུ་ལིང་སང་སང་ཀུ་ཏ་ཧཱུཾ་ཕཊ། བླ་འགུགས་ཀྱི་མོན་པ་བཞིའི་བསྐུལ་ནི། ཨེ། ཆོས་དབྱིངས་དྲག་པོའི་ཞིང་ཁམས་ན། །ཕྱག་རྒྱ་ཟིལ་གནོན་འཁོར་བཅས་རྣམས། །དམར་གྱི་གཏོར་མ་འདི་བཞེས་ལ། །བླ་ཀུན་ཇག་པ་ལས་ལ་ཁྱེ། །ཛ༔ ཤར་གྱི་ཕྱོགས་ནས་བླ་འགུགས་པ། དུང་གི་མོན་པ་སེང་གེའི་མགོ །དབུ་དགུ་སྤྱན་དགུ་ཞལ་དགུ་གདངས། །ཕྱག་དགུ་ཞབས་དགུ་ཙིཏྟ་དགུ། །ཞབས་དགུས་སྟོང་གསུམ་བླ་ལ་རྒྱུག །སྤྱན་དགུས་དགྲ་བོ་ལྟ་ཞིང་འཛིན། །སྙིང་དགུས་དགྲ་བོ་ཞེ་ལ་གནོན། །ཕྱག་དགུས་ཁོང་ནས་ཙིཏྟ་འབྱིན། །ཞལ་དགུས་ཁ་མངར་མེད་པར་གསོལ། །ལྗགས་དགུས་ཉམས་པའི་ཁྲག་ལ་འཐུང་། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །ཡིད་ལ་བརྣག་པའི་དགྲ་བོ་འདིའི། །བླ་དང་རྣམ་ཤེས་ཁུག་ལ་ཤོག །དམར་གྱི་གཏོར་མ་འདི་བཞེས་ལ། བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཙན་རུ་ཏྲ་མོ་མནྟ་ཛཿརྦད་བྷྱོ་དྲག་པོ་ཆེ་གེ་མོ་ཪྣྲི་ཨཾ་ཀུ་ཤ་ཛཿཛཿཛཿ ལྷོ་ཡི་ཕྱོགས་ནས་བླ་འགུགས་པ། ལྕགས་ཀྱི་མོན་པ་སྟག་གི་མགོ །དབུ་(༤བ)


GLG023_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

དགུས་༝ ཕྱག་དགུས༝ ཞབས་དགུས་༝ སྤྱན་༝ སྙིང་༝ ཕྱག༝ ཞལ་༝ ལྗགས་༝ གང་ལ༝ ཡིད་ལ་༝ བླ་དང་༝ དམར་༝ བཅོལ་༝ ཡ་མ་མོནྟ་༝ ཛཿ ནུབ་ཀྱི་ཕྱོགས་༝ བསེ་ཡི་མོན་པ་དྲེད་ཀྱི་མགོ །དབུ་༝ ཕྱག་༝ ཞབས་༝ སྤྱན་༝ སྙིང་༝ ཕྱག་༝ ཞལ་༝ ལྗགས་༝ གང་ལ་༝ ཡིད་ལ་༝ བླ་དང་༝ དམར་༝ བཅོལ་༝ རཀྵ་མོནྟ་༝ ཛཿ བྱང་གི་༝ གསེར་གྱི་མོན་པ་ཁྱུང་གི་མགོ །༝༝༝ ཡཀྵ་མོནྟ་༝ སྡེ་བརྒྱད་བྱུང་ཚུལ་ལྟར་བསྐུལ་བ་ནི། ཨེ། ང་ནི་ཕྱག་རྒྱ་ཟིལ་གནོན་གཤིན་རྗེ་གཤེད། །ཞི་དང་ཁྲོ་བོ་ཐམས་ཅད་ང་ཡི་སྐུ། དྲེགས་པ་ཐམས་ཅད་རང་བྱུང་རང་ཤར་རྫོགས། །ལས་ཀུན་སྒྲུབ་ཕྱིར་རང་རྩལ་སོ་སོར་སྣང་། །སྤྱི་བོའི་རྩ་ནས་ཡཿཤར་གཤིན་རྗེ་བྱུང་། །ལྕེ་བའི་རྩ་ནས་མཿཤར་མ་མོ་བྱུང་། སྙིང་གའི་རྩ་ནས་ནཿཤར་ཀླུ་རྒྱལ་བྱུང་། །མགྲིན་པའི་རྩ་ནས་རཿཤར་རྒྱལ་པོ་བྱུང་། །ཤངས་ཀྱི་ཁུངས་ནས་ཤཿཤར་གཟའ་རྒོད་བྱུང་། །སྙན་གྱི་ཁུངས་ནས་ཀྵཿཤར་གནོད་སྦྱིན་བྱུང་། །སྤྱན་མིག་གཉིས་ནས་ཙཿཤར་བཙན་རྒོད་བྱུང་། །ཕྱག་ཞབས་མཐིལ་ནས་དུཿཤར་དམུ་རྒྱལ་མདུད། །སྣང་སྲིད་ཕོ་མོ་ཀླུ་གསུམ་གྱིས་བསྡུས་པའི། །དྲེགས་པ་འཁོར་གཡོག་དམག་དཔུང་བཅས་པ་རྣམས། །བསྐུལ་ལོ་རྦད་དོ་ཡིད་ལ་བརྣགས་པའི་དགྲ། །རིངས་པར་བླ་ཚེ་ཁུག་ལ་སྲོག་རྩ་ཆོད། །བསད་རྟགས་སྲོག་སྙིང་དམར་པོ་ཁྱེར་ལ་ཤོག །ཤ་ཁྲག་རུས་ཟོད་མེ་འཁྲུག་དལ་ཡམ་དང་། །ཐོག་སེར་ཐན་ལྟས་ངན་པས་དགྲ་ཡུལ་ཁོངས། །མྱུར་དུ་རྟགས་ཕྱུང་ཐལ་བའི་རྡུལ་དུ་རློག །ཨོཾ་ཡ་མཱཏྣ་ཀ་ཨེ་ཛཿཛཿཧྲིང་ཧྲིང་ཡ་མན་ར་ཤཀྵ་ཙ་དུ་ཛཿཛཿཧྲང་ཧྲིང་རྦད་བྷྱོ་མཱ་ར་ཡ་བསོད་དགྲ་བོའི་ཤ་ཁྲག་རུས་པ་ནང་ཁྲོལ་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ཁ་རཾ་ཁཱ་ཧི། སོ་བསྡེབས་ནས་གསུངས་པའི་བདུད་བཞི་སློང་བའི་དྲེགས་པའི་བསྐུལ། ཧཱུཾ། ཞེ་སྡང་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །སྐུ་མདོག་སྔོན་ནག་རལ་པ་མུན་ལྟར་གཏིབས། །ས་ཡི་རང་བཞིན་སྤྱི་གཙུག་རྩ་ལ་འཇིག །དམ་ཉམས་སྒྲལ་ཕྱིར་ཚངས་པའི་གཙུག་ཐག་ཆོདཿ དངས་མ་བསྡུས་ལ་ཀླད་ཁྲག་ཞོ་ལྟར་ཕྱོསཿ འདོད་ཆགས་ཁྲག་མཚོ་དམར་པོའི་ནང་གཤེད་ནཿ(༥ན)


GLG023_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་མདོག་དམར་པོ་བསེ་ཡི་རལ་པ་ཅན༔ ཆུ་ཡི་རང་བཞིན་སྡིག་པ་བགྲད་པའི་ཚུལཿ དམ་ཉམས་བསྒྲལ་ཕྱིར་མགྲིན་པའི་རྩ་ཆོད་ལ༔ དངས་མ་བསྡུས་ལ་ཁྲག་ལྟར་སྐྱུག་ཏུ་ཆུག༔ ང་རྒྱལ་ཀེམ་རུས་འབར་བའི་དཀྱིལ་འཁོར་ནས༔ སྐུ་མདོག་དུད་ཁ་རྔམ་པའི་ཞལ་གདངས་ཤིང་། །འཇིགས་པའི་ཚུལ་གྱིས་ལུས་ཀྱི་རྩ་མདུད་འཇོམས༔ དམ་ཉམས་བསྒྲལ་ཕྱིར་ལྟེ་བའི་རྩ་ཆོད་ལ༔ དངས་མ་བསྡུས་ལ་ལུས་སེམས་བྲལ་བར་གྱིས༔ གཏི་མུག་དུག་མཚོ་འཁོལ་མའི་ནང་གཤེད་ན༔ སྲོག་བདག་ནག་པོ་མ་རུང་རལ་པ་ཅན༔ མཆེ་བ་གཙིགས་ཤིང་དུག་གསུམ་ཁོང་དུ་འཇམས༔ སྐྱེ་འགྲོ་སྲིད་པ་གསུམ་གྱི་ཚེ་སྲོག་སྡུད༔ རླུང་གི་རང་བཞིན་དཀར་ནག་མཚམས་ན་གནས༔ དམ་ཉམས་བསྒྲལ་ཕྱིར་སྲོག་གི་རྩ་ཆོད་ལ༔ དངས་མ་བསྡུས་ལ་ཚེ་ཡི་འདུ་བྱེད་བསྐུམས༔ གཞན་ཡང་འཆི་བདག་འཁོར་ན་གནས་པ་ཡི༔ ལས་ཀྱི་གནོད་སྦྱིན་མ་མོ་ནག་མོ་བདུན་༔ ལྕགས་ཀྱུ་འབར་བས་དགྲ་སྙིང་ཁྱེར་ལ་ཤོག༔ མོན་པ་གསོད་བྱེད་མེ་དང་འཁོར་ལོ་བསྣམས༔ གནམ་ལྕགས་མདའ་དང་གདུགས་པའི་ཁྲམ་བམ་ཐོགས༔ ཁྱི་མོ་དམར་མོ་དོན་སྙིང་བླ་ལ་ཁྱེ༔ བྱ་ནག་བདུན་ནི་ཁོང་ནས་ཙིཏྟ་འབྱིན༔ དུག་སྦྲུལ་བདུན་ནི་ཁོང་ནས་དུག་མདའ་བརྡེགས༔ རུས་སྦལ་མདུན་ནི་དགྲ་བོའི་ཚེ་སྲོག་སྡུད༔ སྡིག་པ་བདུན་ནི་དགྲ་པོའི་སྲོག་དབུགས་ལེན༔ དུས་ལ་བབ་པོ་དམ་རྫས་འདི་ལོང་ལ༔ དམ་ཉམས་རུ་ཏྲ་འདི་ལ་རང་གཤེད་ཕོབ༔ རང་གི་ལག་པ་གཉིས་ཉི་ཟླར་གྱུར་པའི། གཡས་ཀྱི་སོར་མོ་ལྔ་ཨོཾ་ཧཱུཾ་ཏྲཾཧྲཱིཿཨཱཿ གཡོན་གྱི་སོར་མོ་ལྔ་མཱུཾ་ལཱཾ་མཱཾ་སཱཾ་ཏཱཾ་ལས་རིགས་ལྔ་ཡབ་ཡུམ་ཏུ་གྱུར་པའི་སྦྱོར་མཚམས་ནས་སྲས་མཆོག་ཟིལ་གནོན་ཀཱི་ལཱ་ཡ་རྡོ་རྗེའི་གཤོག་པ་ཅན། དབུ་གསུམ་ཕྱག་དྲུག་གིས་མཐའ་མ་གཉིས་ཕྱག་མཚན་དང་བཅས་པས་ཕུར་བུ་ཐུགས་ཀར་བསྒྲིལ་བ། འཆང་བཟུང་རྡོ་རྗེའི་ལྟེ་བར་ཡེ་ཤེས་སེམས་དཔའ་འཇམ་དཔལ་ཡབ་ཡུམ། ཡར་མར་གྱི་ར་ལྔ་ལ་ཞི་ཁྲོ་རིགས་ལྔ་ཡབ་ཡུམ། རྒྱ་མདུད་གོང་མར་ཡི་དམ། འོག་མར་བཀའ་བསྲུང་བཞུགས་པ། སྐུ་སྨད་ཕུར་བུ་མེའི་ཚ་ཚ་འཕྲོ་བའི་དབལ་ལ་དྲེགས་པའི་དམག་ཚོགས།(༥བ)


GLG023_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོར་མཚོན་ཆའི་བུ་ཡུག་འཚུབ་པ། བསྒྲིལ་བ་ཙམ་གྱིས་སྲིད་གསུམ་འདར་ཞིང་ཕྱར་བ་ཙམ་གྱིས་ཁམས་གསུམ་དངང་པ། བརྡབས་པ་ཙམ་གྱིས་དགྲ་བགེགས་བརླག་པའི་ནུས་པ་དང་ལྡན་པར་བསམ། ཨོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཀཱ་ཡ་ཝ་ཀ་ཙིཏྟ་ཨ་བྷི་ཥིནྩ་ཨོཾ་ཨཱཿཧཱུཾ། ཕུར་བུ་ལ་འོད་འཕྲོས་རྒྱལ་བ་སྲས་བཅས་ཀྱི་བྱིན་བརླབས་བསྡུས་ཏེ་ཐིམ་པས་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་བའི་དབང་དང་ལྡན་པར་བསམ། ན་མཿས་མཱཏྣ་བུདྡྷ་ནཱཾ་ཀ་ཡ་ཝ་ཀ་ཙིཏྟ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཧཱུཾ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ གཤིན་རྗེ་རོལ་བའི་དུར་ཁྲོད་ཆེན་པོ་ན༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ གཤིན་རྗེ་ཡོངས་རྫོགས་དྲག་པོའི་འཕྲིན་ལས་མཛོད༔ ཨོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ལ་བསད་སྔགས་སྦྱར་ཏེ་གདབ། མ་རྟོགས་འཁྲུལ་པའི་དགྲ་བོ་རྣམས། །སྙིང་རྗེ་ཆེན་པོས་རབ་བསྒྲལ་ཏེ། །ཐུགས་རྗེ་ཐབས་ཀྱི་སྦྱོར་བ་ཡིས། རྣམ་ཤེས་རྒྱལ་བའི་སྲས་སུ་སྤར། །ཨོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལཱ་ཨ་ཪྣྲི་ཡཾ་སྥ་ར་ཎ་ཕཊ། བོ་དྷི་ཙིཏྟ་ཪྣྲིར་སཾ་ཧ་ར་ཎ་ཧཱུཾ། ཞེས་ཚེ་ཁྲུས་ཀྱི་དགོངས་པ་བཞིན་བྱ། ཧཱུཾ། དྲག་པོ་སྒྲོལ་མཛད་ཕུར་བུ་ཡིས། །ལུས་ཀྱི་འཁྲུལ་པ་རྩད་གཅོད་ཕྱིར། །ལྟེ་བའི་དཀྱིལ་དུ་ཀཱི་ལཱ་ཡ། །གཟུགས་སུ་༝ མིག་གི་༝ དྲི་རུ་༝ སྣ་ཡི་༝ སྒྲ་རུ་༝ རྣ་བའི་༝ རོ་རུ་༝ ལྕེ་ཡི་༝ འཁོར་བར་༝ གསང་བའི་༝ རེག་བྱར་༝ ཡན་ལག་བཞི་ལ་༝ ཨོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ལ་བསད་སྔགས་བཏགས་ཏེ་གདབ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། བརྒྱ་ཕྲག་གསུམ། ཧཱུཾ་བརྒྱ་ཕྲག །ཨོཾ་ཨཱཿཧཱུཾ། བརྒྱ་ཕྲག་བཟླས་ནས་གསོ་བ་གསུམ་གྱི་དམིགས་པ་བྱེད། ཕུར་པ་རྣམས་མན་ངག་ལྟར་གདབ། དྲེག་བསྐུལ་ཐུན་བསྐུལ། ཟོར་བསྐུལ་དང་བཅས་ཏེ་ཐུན་དང་གཏོར་ཟོར་བརྡེག །ཧཱུཾ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཐོགས་མེད་དྲག་པོའི་མཚོན་ཆ་ཡིས། །དགྲ་བགེགས་ལོག་རྟོག་དུག་ལྔའི་ཚོགས། །འཁོར་བའི་སྐྱེ་རྒྱུན་རྩད་ནས་ཆོད། །བསད་སྔགས་དང་བཅས་ཏེ་(༦ན)


GLG023_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆས་བསྒྲལ། ཧཱུཾ། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་པས། །ཉམས་པའི་ཚེ་སྲོག་ལུས་ངག་ཡིད། །ཐལ་བའི་རྡུལ་དུ་རླག་པར་གྱིས། །ཨོཾ་བཛྲ་ཀྲོ་ཏ་ཨ་ཀོ་ཊ་ཡ་ཁ་ཐཾ་ཁ་ཐཾ་མཆུ་ཆིངས་མཆུ་ཆིངས། ཞེས་བརྡུངས་པའི་མཐར་བཏབ་པ་སོགས་དཀྱུས་བཞིན་ནོ། །རང་ཉིད་འཇམ་དཔལ་གཤིན་རྗེ་ཚེ་བདག་ནག །ཕྱག་གཡས་དང་པོ་འཁོར་ལོ་དང་བཅས་པའི། །བེ་ཅོན་བསྣུན་པས་ས་གཞི་ཤག་གི་ཁས། །ཕྱི་ཡི་རྒྱ་མཚོ་ཆེན་པོ་སྔོ་མེར་མཐོང་། །ཛཿ ལྷོ་ཕྱོགས་རིམ་པ་བདུན་གྱི་ས་ཡི་འོག །སྒོ་མེད་གཤིན་རྗེའི་གྲོང་ཁྱེར་ལྕགས་ཁང་ནང་། །ལས་གཤིན་འཆི་བདག་བྱེ་བ་དགུ་རིང་ནི། ཁྲོ་གཏུམས་མདོག་ནག་ཁྲག་གདངས་མཆེ་གཙིགས་པ། །ལག་གཉིས་མནན་གཏད་ལེན་པའི་ཕྱག་རྒྱ་བྱས། །མི་ལྤགས་རློན་པའི་གོས་གྱོན་མ་ཧེ་ཞོན། །འཆི་བདག་གཤིན་རྗེ་བྱེ་བ་ས་ཡ་དང་། །ས་བདག་ཀླུ་གཉན་སྡེ་བརྒྱད་དྲེགས་པའི་འཁོར། །གྲངས་མེད་ཀྱིས་བསྐོར་དེང་འདིར་སྐད་ཅིག་ལ། །ཡ་མ་རཱ་ཛ་ས་མ་ཡ་ཛཿཛཿཞེས་དར་ནག་གིས་གཡབ། རྐང་གླིང་ལན་གསུམ་འབུད། བཤུག་གླུ་ལན་གསུམ་ཀྱུར། །རྫ་རྔ་དྲག་ཏུ་བརྡུང་། གསུར་ཆེན་གྱི་དུད་པ་དང་བཅས་ཏེ་འབོད། །དམར་ཆེན་ཁྲག་གི་ཨརྒྷཾ་སྐྱེམས་སུ་འབུལ། །བཞེས་ཤིག་རོལ་ཅིག་འཆི་བདག་གཤིན་རྗེའི་ཚོགས། །ཡ་མ་རཱ་ཛཱ་མ་ཧཱ་རཀྟ་ཨརྒྷཾ་ཁཱ་རཾ་ཁཱ་ཧི་ཞེས་ཁྲག་ཆང་འཁྱེར། །དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་འདི། །བཞེས་ཤིག་རོལ་ཅིག་༝ ཡ་མ་རཱ་ཛ་མ་ཧཱ་བ་ལིང་ཏ་ཁཱ་ཧི། ཞེས་གཏོར་མ་འབུལ། དེ་ནས་བསྐུལ་འགུགས་དབྱེ་མཐར། ཧཱུཾ། ལྷོ་ཕྱོགས་དཔག་ཚད་བརྒྱད་ཁྲི་མར་འདས་ན། །ཐོད་པ་ལྕགས་ཀྱི་མུན་ཁང་གྲོང་ཁྱེར་ཆེར། །གཤིན་རྗེ་ཡོངས་ཀྱི་དེད་དཔོན་འཆི་བདག་ནག །གསོན་པོ་སྐོས་འདེབས་གཤིན་པོ་རྣམས་ཀྱི་རྗེ། །དགེ་སྡིག་ཆོས་བཞིན་སྤྱོད་(༦བ)


GLG023_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫུ་འཕྲུལ་ཅན། །བཀའ་གཉན་སྡེ་བརྒྱད་དྲེགས་པའི་དམག་ཚོགས་ལ། །གཟུགས་བྱང་མིང་རུས་བཏབ་པའི་དགྲ་བོ་འདི། །མི་ནོར་འཁོར་དང་བཅས་པ་མ་ལུས་པ། །གཉེར་དུ་གཏད་དོ་གཤིན་རྗེའི་ལག་ཏུ་གཏད། །གཤིན་རྗེའི་ལག་ཏུ་ཆུད་པས་འཆོར་མི་སྲིད། །གཏད་དོ་འཆི་བདག་ནག་པོའི་ལྟོ་བར་གཏད། །ཟས་སུ་གཏད་ཀྱི་སླར་ཡང་མ་སྐྱུག་སྡོམས། །གཏད་དོ་ལྷ་སྲིན་སྡེ་བརྒྱད་ལག་ཏུ་གཏད། །སྔོ་དམར་བྱད་དུ་བཅུག་པས་འཆོར་མི་སྲིད། །གཤིན་རྗེ་ཀླུ་གཉན་སྡེ་བརྒྱད་དམག་ཚོགས་ཀྱིས། །བསྐལ་པ་མ་སྟོངས་བར་དུ་མ་བཏང་ཞིག །ཞེས་བརྗོད་ཅིང་སྒྱུར། ཧོཿ འཆི་བདག་གཤིན་རྗེའི་རྒྱལ་པོ་ཁྱོད་ཀྱི་ལྟོ་བ་ན། སྲིད་པ་གསུམ་ཡོད་དེ་ཁྱོད་ཀྱིས་མི་འགྲུབ་པའི་ལས་གང་ཡང་མེད་པས་སྔ་དགྲ་ལག་ལ་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཁྱི་ལྟར་ཟུག་པ། སེམས་ལ་སྡུག་བསྔལ་གཏོང་བ། ལུས་ལ་ན་ཚ་གཏོང་བ། སྲོག་ལ་བར་གཅོད་གཏོང་བ། ཟས་ནོར་ལ་གོད་ཁ་གཏོང་བ། ཟ་ལམ་དུ་དུག་གཡོ་བ། འགྲོ་ལམ་དུ་རྩངས་འཛུགས་པ། གྲོས་ངན་དམག་བཤོམས་བྱེད་པ། མཐུ་བྱེད་དམོད་པ་གཏོང་བ་སོགས་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བགེགས་སྤྱི་དང་ཁྱད་པར་གཟུགས་བྱང་མིང་རུས་བཏབ་པའི་དགྲ་བགེགས་འདི་རྣམས་ཀྱིས་ཚེ་སྲོག་བསོད་ནམས། ཁ་རྗེ་དབང་ཐང་། མཐུ་སྟོབས་ནུས་པ། ལུས་ངག་ཡིད་གསུམ། ཐམས་ཅད་བསྐལ་པ་མ་སྟོང་གི་བར་དུ་ནམ་ཡང་ཐར་བ་མེད་པར་གནོན་ཅིག །ཤ་ཆེན་དོན་སྙིང་ཟས་སུ་ཟོ་ཞིག །དམར་ཆེན་ཁྲག་རྒྱུན་སྐོམ་དུ་འཐུང་ཞིག །པགས་རློན་དམར་བསུས་གོས་སུ་གྱོན་ཅིག །ནམ་མཁའ་སྟོང་པ་ལ་ཚད་མ་འཛུགས། མི་ཚེ་རིང་པོ་ལ་དུས་མ་འདེབས། རང་བཞིན་གྱི་སྐྱེ་འཆི་ལ་ཁུངས་མ་འཆོལ་བར་ད་ལྟ་ཉིད་དུ་གསོད་ཅིང་གནོན་པའི་མངོན་སྤྱོད་དྲག་པོའི་འཕྲིན་ལས་མཛོད་ཅིག །ཧཱུཾ། འབྱུང་བ་གདན་བཞིའི་རྔམ་འོག་ན༔ ལས་ཀྱི་ཚེ་བདག་ནག་པོ་ནི༔ ཡ་མཚན་ཆེ་ལ་རྨད་དུ་བྱུང་༔ མུན་ནག་ཐིབས་པའི་(༧ན)


GLG023_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ན་བཞུགས༔ གཡས་པའི་ཕྱག་ན་རི་རབ་བསྣམས༔ གཡོན་པའི་ཕྱག་ན་རྒྱ་མཚོ་བསྣམས༔ ཞབས་ཀྱི་རླུང་གི་འཁོར་ལོ་གནོན༔ དམ་ཉམས་དགྲ་བོ་ལས་ངན་འདི༔ མནན་པ་ལས་ཀྱི་དུས་ལ་བབ༔ སྒོ་མེད་ལྕགས་མཁར་ནང་དུ་ཆུག༔ གཤིན་རྗེ་རྣམས་ཀྱི་ཟས་སུ་བྱིན༔ འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན༔ རྒྱ་མཚོ་ཆེན་པོའི་གཏིང་དུ་ཆུག༔ རི་བོ་ཆེན་པོའི་རྨང་དུ་གནོན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཆེ་གེ་མོ་མཱ་ར་ཡ་སྟམ་བྷ་ཡ་ནན། ཞེས་བརྗོད། ཁོང་ཆུད་གཤིན་རྗེ་སྡེ་བརྒྱད་ཀུན་དགའ་ཞིང་ཞེས་སོགས་ཀི་ཀང་དམར་ཆུང་གི་ཆོག་བསྒྲིགས་ཆོས་རྒྱལ་མ་མ་གའི་མཚན་ཅན་གྱི་གསུང་ཇི་ལྟ་བ་བཞིན་དང་ཿ འབྱུང་བ་ལྔའི་སྔགས་ལག་ལེན་དང་བསྟུན་པའི་མཐར་ན་མོ་སངས་རྒྱས་སོགས་དང་བཅས་ཏེ་ཐལ་རྡེབ་ལན་བདུན་གྱི་རྗེས་སུ་ལག་ཚགས་དམ་པར་བྱས་ནས། ལས་བཞིའི་བྲོ་བརྡུང་། དེ་ལྟར་ཡང་བཟློག་ནག་པོ་མེའི་སྤུ་གྲིའི་ངག་འདོན་ལྷན་ཐབས་འདི་ནི་ལག་ལེན་དམར་ཁྲིད་དུ་བསྟར་ནས་ཁོང་དུ་ཆུད་པར་བྱེད་པ་ལས་གཞན་དུ་མ་དང་དཀྱུས་གཅིག་ཏུ་འདྲི་བ་དང་གསལ་བྱེད་ཀྱི་མཆན་བུ་འདེབས་པ་སོགས་བྱས་པ་བྱུང་ན་འཆི་བདག་ལས་ཀྱི་གཤིན་རྗེ་བྷེ་ཝ་ས་ཏྭས་སྙིང་ཁྲག་ཧུབ་ཀྱིས་བཞེས་ལ་ཚར་གཅོད་ཅིག །དེ་ལྟར་རིགས་འཛིན་བརྒྱུད་པའི་ཞལ་གྱི་དྲོད། །མ་ཉམས་ལག་ལེན་གནད་ཀྱི་ཟུར་རྒྱན་འདི། །བཀོད་པས་བདུད་སྡེའི་རུ་མཚོན་པར་བསྙལ་ཏེ། དཀར་པོ་ཆོས་ཀྱི་བ་དན་བསྒྲེང་བར་ཤོག །ཅེས་ཡང་བཟློག་མེའི་སྤུ་གྲིའི་ལས་བྱང་རྡོ་རྗེའི་ཐོག་མདའ་ལ་ཉེ་བར་མཁོ་བའི་གཟུ་དཔང་དྲེགས་པའི་བསྐུལ་སོགས་ངག་འདོན་བཀླགས་ཆོག་མ་ཟུར་བཀོལ་དང་ཟབ་གནད་ཞལ་ལ་རག་ལས་པ་འགའ་ཞིག་མ་གཏོགས་ཚང་བར་བཀོད་པའི་ལྷན་ཐབས་རིག་འཛིན་ཞལ་གྱི་དྲོད་རླངས་འདི་ནི་གཏེར་གཞུང་ཡིག་རྙིང་སོགས་བརྒྱུད་པའི་བླ་མ་རྣམས་ཀྱི་གསུང་རྣམས་ཕལ་ཆེར་རང་སོར་བཞག་ཚིགས་ལྷུག་ཕལ་ཆེར་(༦བ)


GLG023_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཅད་དུ་བསྡེབས་ཤིང་ཁྱེར་བདེ་བའི་ཆེད་དུ་འགའ་ཞིག་ལ་ཕྲི་བསྣོན་ཅུང་ཟད་བགྱིས་ཏེ་ཟ་ཧོར་གྱི་རིགས་ལས་སྔགས་པ་ནག་པོ་ཟིལ་གནོན་དྲག་རྩལ་གྱིས་ཤིང་སྦྲུལ་ཧོར་ཟླ་བདུན་པའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་སྦྱར་པའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །བསྐུད་པ་སེར་པོ་ལ་བཛྲ་རི་རི་བམ་རི་ཕུད་དམར་པོ་ལ་ཁ་ལ་རག་ཤ་རྦད་སྔོན་པོ་ལ་དནྟི་རྦད་སུ་རྦད་དཀར་པོ་ལ་ལོ་ཤི་ཁ་དུ་འབྱུང་བ་རིག་ན་ནམ་ནག་པོ་ལ་ཟླ་ཤི་པྲ་ཤ་སྲོད་ཧཱུཾ། ས་སེར་པོ་ལ། བཛྲ་ར་རི་བཾ་ཕཊ། དམར་པོ་ལ་མ་ཧཱ་ས་རི་ནཱ་གཱ་ཧཱུཾ་སྔོན་པོ་ལ་སད་རི་སད་ཤིག་སད་ཧཱུཾ། དཀར་པོ་ལ་ལོ་ཤི་ཁ་རག་ཤ་རྦད་ཧཱུཾ། ནག་པོ་ལ་དུ་ན་པ་རི་ཐིབ་ནད་འབྱུང་བ་ཧཱུཾ། རྡོ་ལ་ནཱ་ག་མ་ར་ཡ་སོད་ཆུ་ལ་བྱི་ར་ས་ཉག་མུག་ཐུམ་རིལ་རྦད་ཛ།

ཡང་བཟློག་ནག་པོ་མེའི་སྤུ་གྲིའི་ལས་བྱང་རྡོ་རྗེའི་ཐོག་མདའ།


GLG023_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཟློག་ནག་པོ་མེའི་སྤུ་གྲིའི་ལས་བྱང་རྡོ་རྗེའི་ཐོག་མདའ་བཞུགས་སོ། །


GLG023_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་ཡབ་ཏུ་འཇམ་དཔལ་རྡོ་རྗེ་ཞི་ཞིང་དུལ་བའི་གར་མཛད་ཀྱང་། །དུས་ཀྱི་དགྲ་བོར་ཆེས་ཆེར་རབ་ཁྲོས་སྲིད་གསུམ་ཟ་བ་ཚེ་བདག་ནག །ཁྲག་འཐུང་ཚོགས་ཀྱི་དབང་ཕྱུག་གང་དང་གཉིས་མེད་གཉིས་སུ་སྣང་བའི་གཟུགས། །རྩ་བརྒྱུད་བླ་མ་གཙུག་ན་རབ་མཛེས་བྱང་ཆུབ་བར་དུ་ཐུགས་རྗེས་སྐྱོངས། །རྒྱ་བལ་མཁས་ཤིང་གྲུབ་བརྙེས་ཐུགས་ཀྱི་བཅུད། །གནུབས་ཆེན་གདམས་པའི་ཉིང་ཁུ་ཟབ་མོའི་གནད། །ཞང་ཁྲོམ་གཏེར་བྱོན་རང་གཤེད་འབེབས་པའི་ལས། །སྔགས་འཆང་ཡོངས་ཀྱི་ལག་ཆར་འོས་པའི་མཚོན། །དེ་ཕྱིར་རང་སྲུང་གོ་གྱོན་སྦྱོར་སྟོབས་བཟློག །ལྷ་སྲུང་བདུད་དབབ་དམག་དཔོན་གཡུལ་དུ་གསོད། །བཙོན་ནང་དོང་རུལ་གཏོང་བའི་ལས་ཀུན་གྱི། །ཐུན་མོངས་གྱེར་སྒོམ་རྡོ་རྗེའི་ཐོག་འདིའོ། །དེའང་སློབ་དཔོན་གཙུག་ལག་དཔལ་དགེས་འཇམ་དཔལ་ཚེ་བདག་ནག་པོའི་རྒྱུད་ལས་ལག་ལེན་མན་ངག་ཏུ་བསྡེབས་པ་དཔལ་ཨོ་རྒྱན་ཆེན་པོ་དང་བལ་པོ་བ་སུ་དྷ་རའི་ཐུགས་ཀྱི་བརྣག་པ། དྲག་སྔགས་ཀྱི་བདག་པོ་གནུབས་ཀྱི་ཁྱད་ཆོས། སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱི་ཟབ་གཏེར་ཡང་བཟློག་ནག་པོ་མེའི་སྤུ་གྲིའི་སྲུང་བཟློག་བསད་(༢ན)


GLG023_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

མནན་གྱི་རིམ་པ་ཉམས་སུ་བླང་བ་ལ། སྤྱིར་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པ་དང་། ཁྱད་པར་སྙན་བརྒྱུད་རྣོན་པོ་ནང་གཅོད་ཀྱི་དབང་ཟབ་མོ་སྒྲུབ་སྐོར་གྱི་ལུང་མན་ངག་ཕྱག་བཞེས་རྣམས་ལེགས་པར་ནོས་ནས་གོང་བསྙེན་ཞལ་ཤེས་ལྟར་ཚད་དུ་འཁྱོལ་བའི་རིག་སྔགས་འཆང་བས་བཅའ་གཞིའི་རིམ་པ་རྣམས་གསུང་རྒྱུན་དང་ཕྱག་བཞེས་བཞིན་དུ་བསྟར་ནས་འཕྲིན་ལས་ཀྱི་གཞུང་གྱེར་བ་ལ། བརྒྱུད་འདེབས་ནི། རིགས་རྣམས་ཀུན་གྱི་ཁྱབ་བདག་གཤིན་རྗེའི་གཤེད། །རྡོ་རྗེ་རྣོན་པོ་དགའ་རབ་རྡོ་རྗེའི་ཞབས། །འཇམ་དཔལ་བཤེས་གཉེན་ཤནྟིཾ་གརྦྷ་དང་། །ཡེ་ཤེས་སྙིང་པོ་རྣམས་ལ་གསོལ་བ་འདེབས། །ནམ་མཁའི་སྙིང་པོ་རྒྱ་གར་ཁྲག་འཐུང་ནག །གཙུག་ལག་དཔལ་དགེ་རིགས་འཛིན་པདྨ་འབྱུང་། །བ་སུ་དྷ་ར་གནུབས་ཆེན་སངས་རྒྱས་ཞབས། །ཡོན་ཏན་རྒྱ་མཚོ་རྣམས་ལ་གསོལ་བ་འདེབས། །ཡེ་ཤེས་རྒྱ་མཚོ་རྡོ་སྟོན་ལྕགས་དཔེ་བ། །མེ་སྟོན་དྲན་ཆུང་དྲན་སྟོན་མཐའ་བྲལ་རྗེ། །དཀོན་ཅོག་རིན་ཆེན་བཀྲ་ཤིས་རྒྱལ་མཚན་དཔལ། །མཐར་ཕྱིན་ལྷ་སྒོམ་རྣམས་ལ་གསོལ་བ་(༢བ)


GLG023_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །གངས་པ་ཤཱཀ་འབུམ་གྲ་ཕྱི་གཡུང་སྟོན་པ། །རྒྱལ་བ་རྡོ་རྗེ་རིག་འཛིན་དར་མ་འབུམ། །རྣལ་འབྱོར་དབང་ཕྱུག་སྟོན་པ་སངས་རྒྱས་མགོན། །བླ་ཆེན་ཁམས་སྟོན་རྣམས་ལ་གསོལ་བ་འདེབས། །བཀའ་ནས་བརྒྱུད་དང་སླར་ཡང་གཏེར་སྟོན་རྒྱ། །ལྷ་རྗེ་གནུབས་ཆུང་མཚུར་སྟོན་སྐུ་ཞང་དཔལ། །ཚུལ་ཁྲིམས་རིན་ཅེན་བྱང་མགོན་ནམ་མཁའི་མཚན། །ཚུལ་ཁྲིམས་རྒྱ་མཚོ་རྣམས་ལ་གསོལ་བ་འདེབས། །བཀའ་གཏེར་ཟུང་འཇུག་རྒྱ་སྟོན་ནམ་མཁའ་དཔལ། །གནམ་ལྕགས་མེ་འབར་ཆོས་རྒྱལ་ཕུན་ཚོགས་རྗེ། །གཙུན་ཡག་སྤྲུལ་སྐུ་བཀྲ་ཤིས་ཕུན་ཚོགས་ཞབས། །དྲག་པོའི་མཚན་ཅན་རྣམས་ལ་གསོལ་བ་འདེབས། །ལྷ་སྲས་དབུར་སྨྱོན་བསོད་རིན་འཕྲིན་ལས་མཚན། །ཀུན་མཁྱེན་ཉང་སྟོན་སླར་ཡང་རྒྱལ་སྲས་རྗེ། །བྱང་བདག་ཡབ་སྲས་གྲང་སོ་གཏེར་སྟོན་མཆེད། །མཐུ་ཆེན་བསྟན་རྒྱམ་རྣམས་ལ་གསོལ་བ་འདེབས། །འཁོན་སྟོན་ཁྱབ་བདག་དཔལ་འབྱོར་ལྷུན་གྲུབ་ཞབས། །སླར་ཡང་སྣང་གསལ་རིགས་འཛིན་བཀྲ་ཤིས་མཚན། །དུ་མ་རང་གྲོལ་ངག་དབང་ཡེ་ཤེས་གྲུབ། །གཞོན་ནུ་དོན་གྲུབ་རྣམས་ལ་གསོལ་བ་འདེབས། །རིགས་ཀུན་བདག་པོ་ཆོས་དབྱིངས་རང་གྲོལ་རྗེ། །སླར་ཡང་དཀོན་ཅོག་ལྷུན་གྲུབ་གཏེར་བདག་གླིང་། །གཤེད་སྐོར་བཀའ་གཏེར་གདམས་པའི་འདོད་འཇོ་མཁན། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །དཀྱིལ་འཁོར་ཆེན་པོར་དབང་གིས་རང་རྒྱུད་སྨིན། །རྣོན་པོ་ནང་གཅོད་བྱིན་ཆེན་སྒོ་གསུམ་བརླབས། །ཟབ་རྒྱས་གདམས་པའི་གནད་ཀྱི་དམར་འཁྲིད་ལ། །འཁྲུལ་མེད་སྒྲོ་འདོགས་ཆོད་པར་བྱིན་གྱིས་རློབས། །ངོ་བོ་བློ་འདས་ཀ་དག་རིག་པའི་གདངས། །(༣ན)


GLG023_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ལྷུན་གྲུབ་བྱང་ཆེན་སྲུང་འཁོར་རྟེན། །བརྟེན་པ་ཞི་ཁྲོའི་ལྷ་ཚོགས་ཤར་བ་ཡི། །ཐུགས་རྗེས་བཙན་པོའི་མཁར་དུ་འཇུག་པར་ཤོག །མི་དང་མི་མིན་བསམ་སྦྱོར་ངན་པའི་སྟོབས། །རིག་སྔགས་འཁྲུལ་འཁོར་བསྐོར་བས་རྣམ་པར་འཇིག །སྒྱོགས་གཉིས་ནང་ཕྲད་སྒྱོགས་རྡོ་ལམ་བཅག་སྟེ། །སྲུང་མ་བདུད་འབབ་བཟློག་པའི་ལས་འགྲུབ་ཤོག །ཕྱག་ཆ་རང་ལ་བསྐོར་བ་རྦོད་གཏོང་གི །དམག་དཔོན་གཡུལ་དུ་བསད་པ་དཔའ་བོའི་ལས། །བྱང་མའི་སྟོབས་གཞོམ་ངན་སྔགས་ཁ་བཅིངས་ནས། །བཙོན་ཁང་ནང་དུ་དོང་རུལ་གནོན་པར་ཤོག །དེ་ལྟར་ལོག་འདྲེན་གཉིས་འཛིན་འཁྲུལ་པའི་ངོར། །ཤར་བར་ངེས་ནས་ཉོན་མོངས་དུག་གསུམ་དགྲ། །བསྐྱེད་རྫོགས་རྫོགས་ཆེན་ལམ་གྱིས་ཚར་བཅད་དེ། །ཚེ་འདིར་འཇམ་མགོན་ཀུན་བཟང་འབྲས་སྨིན་ཤོག །སྐྱབས་སེམས་ཚད་མེད་བཞི་ཚོགས་ཞིང་རྣམས་ལས་བྱང་ཆེན་མོ་ལྟར་དང་། གཏོར་མ་བཏང་ཞིང་མཚམས་བཅད་པ་ནི། རང་སྐད་ཅིག་གི་ཕྱག་རྒྱ་ཆེན་པོ་ཟིལ་གནོན་སོགས་དཀྱུས་བཞིན་བྱ། གཏོར་མ་དཀར་དམར་གཉིས་བཤམས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་སྡེ་བརྒྱད་གཞི་བདག་ཞིང་སྐྱོང་གདོན་བགེགས་ཀྱི་ཚོགས་དང་བཅས་པ་བཛྲ་ཨཾ་ཀུ་ཤ་ཛཿས་བཀུག །གཏོར་མ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བརླབས། ཕྱོགས་སྐྱོང་སྡེ་བརྒྱད་རྣམས་དང་ཁྱད་པར་ཡུལ་ཕྱོགས་ས་ཕྱོགས་འདི་ཀུན་ན་གཉུག་མར་གནས་པའི་གཞི་བདག་ཞིང་སྐྱོང་གཙང་ཕུད་ལ་དགའ་བ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་བདག་ཅག་རྣམས་འཇམ་(༣བ)


GLG023_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གཤིན་རྗེའི་གཤེད་ཀྱི་འཕྲིན་ལས་ཟབ་མོ་ཉམས་སུ་ལེན་པ་ལ་བར་གཅོད་མི་འབྱུང་བའི་དགེ་བའི་སྟོང་གྲོགས་མཛོད་ཅིག་ཅེས་བཀའ་བསྒོ། ནག་ཕྱོགས་ཤ་ཁྲག་ལ་དགའ་བ་ལན་ཆགས་དང་གནོད་བྱེད་ཀྱི་གདོན་བགེགས་ནམ་མཁའ་ལ་འཕྱོ་བ། བར་སྣང་ལ་རྒྱུག་པ། ས་གཞི་ལ་འགྲིམ་པ། འབྱུང་བ་ལ་བརྟེན་པ། སྐྱོབ་གྲིབ་ལ་གབ་པ། བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་པ་ཆེན་པོ་མཐོང་ཐོས་མི་བཟོད་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་བྱམས་པའི་སེམས་ཀྱིས་སོ་སོ་རང་གནས་དང་རྟེན་ལ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་སྤྲིན་རབ་འབྱམས་ཀྱིས་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་ཕྱེ་མར་བརླག་པར་འགྱུར། ཧཱུཾ། བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས་སོགས་དང་། སྒྲུབ་སྔགས་དང་སུམ་བྷ་བརྗོད་དེ་ཁྲོ་བོ་དང་མཚོན་ཆ་དང་མེ་རབ་ཏུ་འབར་བའི་གུར་ཁང་དུ་གྱུར་གྱི་བར་དཀྱུས་བཞིན་བྱ། བྱིན་འབེབས་ནི། འཇམ་དཔལ་ཚེ་བདག་ནག་པོ་འཁོར་བཅས་རྣམས། །ཞེས་པའི་ཚིག་རྐང་གཅིག་པུ་འདི་སྦྱར་ཏེ་འོག་ནས་འབྱུང་བའི་བསྐུལ་གྱི་ནང་གི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་བཟུང་བདག་ཉིད་ལས་ཀྱི་འབྲས་བུ་མཆིས་པར་མཛོད་ཀྱི་བར་བརྗོད། རྟེན་གཏོར་བོར་བའི་སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་ལས་བྱང་ལྟར་བརླབ། དངོས་གཞིའི་ཐོག་མར་སེམས་བསྐྱེད་གསལ་འདེབས་ནི། སངས་རྒྱས་བསྟན་པ་རྒྱས་པར་བྱ་བ་དང་། །བདག་དང་བསྲུང་བྱའི་བར་ཆད་ཞི་བའི་ཕྱིར། །བཅོམ་ལྡན་འཇམ་དབྱངས་ཁྲོས་པ་གཤིན་རྗེའི་གཤེད། །ཚེ་བདག་ནག་པོའི་སྲུང་འཁོར་བསྒོམ་པར་བྱ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། ཨཱོཾ་སྭ་བྷཱ་(༤ན)


GLG023_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཀུན་ཀ་ནས་དག་པའི་སྤྲོས་བྲལ་དང་། །དྷརྨ་དྷཱ་ཏུ་ཨཱ༔ ཀུན་ཏུ་སྣང་བའི་ཏིང་འཛིན་ནི། །མ་རྟོགས་འགྲོ་ལ་ཀུན་ཁྱབ་སྙིང་རྗེའི་གདངས། །བོ་དྷི་ཙིཏྟ་ཧཱུཾ། རྒྱུའི་ཏིང་འཛིན་ནི། འགག་མེད་རང་རྩལ་རིག་པ་ཧཱུཾ་མཐིང་ནག །དེ་ལས་འོད་འཕྲོས་རྩེ་མོར་རཾ་ཡཾ་ཁཾ། །རིམ་བྱུང་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས། །ཧཱུཾ་ལས་ཨེ་ཡཾ་རཾ་བཾ་ལཾ་ཡིག་ལྔ། །རིམ་ཆད་ནམ་མཁའ་མཐིང་ནག་གྲུ་གསུམ་སྟེང་། །རླུང་ལྗང་རྡོ་རྗེའི་རྒྱ་གྲམ་ལྟེ་བ་ལ། །མེ་དཔུང་དམར་པོ་ཟུར་གསུམ་འབར་ཞིང་འཕྲོ། །ཆུ་དཀྱིལ་དཀར་པོ་དབྱིབས་ཟླུམ་རྦ་རླབས་འཁྲུག །གསེར་གྱི་ས་ཆེན་གྲུ་བཞི་བརྡལ་བའི་སྟེང་། །བྷྲུཾ་ཆད་མཆོད་རྟེན་དཀར་པོ་འོད་ལྔ་པ། །ཐབས་ཤེས་དབྱེར་མེད་དབྱངས་གསལ་རྒྱུ་ལས་གྲུབ། །ངོ་བོ་རྡོ་རྗེའི་ཕ་ལམ་རྣམ་པ་ནི། །བྱང་ཆེན་མཆོད་རྟེན་གདན་ཁྲི་བང་རིམ་གསུམ། །རི་རབ་བང་རིམ་བཞི་སྟེང་བུམ་པ་བྲེ། །ཆོས་འཁོར་གདུགས་ཏོག་ཉི་ཟླ་ནོར་བུར་བཅས། །ཕྱོགས་བཅུར་འོད་འཕྲོ་སྟོང་གསུམ་ཁེངས་པར་གྱུར། །བུམ་པའི་ནང་དུ་རྒྱུ་ལས་ཧཱུཾ་ཆད་པས། །གསེར་གྱི་རྡོ་རྗེ་རྒྱ་གྲམ་ར་དབྲག་ཏུ། །རྡོ་རྗེའི་ཚ་ཚ་འཕྲོ་ཞིང་ཆིལ་ཆིལ་ཁོལ། །ལྟེ་བ་གའུ་ཁ་སྦྱོར་དབྱིབས་ཅན་ནང་། པད་ཟླ་ཉི་སྟེང་ཤེལ་གྱི་རྡོ་རྗེ་དཀར། །འོད་ཟེར་ཀུན་འཕྲོའི་ལྟེ་བར་ཧཱུཾ་དེ་ལས། །འོད་འཕྲོས་སྣེ་ལ་ཡ་མ་ཏི་ར་བཾ། །ཡོངས་གྱུར་གཤིན་རྗེ་ཕོ་མོའི་གདན་གྱི་སྟེང་། །མ་ཧེ་གླང་རྒོད་ཟུང་གཉིས་ཀྱིས་བཏེག་པའི། །པདྨ་ཉི་ཟླའི་སྟེང་དུ་རྒྱུའི་ཡི་གེ །ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་ལྡན་བབས། །(༤བ)


GLG023_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་འོད་འཕྲོས་ཚུར་འདུས་ཞུ་བ་ལས། །གནམ་ལྕགས་རྡོ་རྗེ་རྩེ་དགུ་ཧཱུཾ་མཐིང་གིས། །མཚན་པ་ལས་འཕྲོས་འཕགས་པའི་ཚོགས་རྣམས་མཆོད། །སེམས་ཅན་དོན་བྱས་ཚུར་འདུས་ཡོངས་གྱུར་ལས། །ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུཾ་ཕཊ། རང་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་མཐིང་ནག །དབུ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་བགྲད། །ཞལ་གཡས་དཀར་ལ་བཞད་ཅིང་གཡོན་དམར་གཤེ །དབུས་མ་མཐིང་ནག་རྔམ་པའི་ཞལ་རེ་རེར། །དམར་ལ་རབ་ཟླུམ་སྤྱན་གསུམ་གཡོ་ཞིང་འཁྲུག །སྦྲུལ་ནག་གདུག་པ་སྙན་གོང་གཡས་གཡོན་བརྒྱན། ཁྲོ་གཉེར་སྨིན་མའི་མཚམས་བསྡུས་ཤངས་གཉེར་བ། །ལྗགས་འདྲིལ་མཆེ་བ་བཞི་གཙིགས་ཞལ་གདངས་ནས། །ཨ་ར་ལི་སྒྲོག་སྨིན་མ་དམར་སེར་འཁྱུག །ཁམ་སེར་དབུ་སྐྲ་གྱེན་བརྫེས་ཕྱག་གཡས་ཀྱི། །དང་པོས་རྣོ་ངར་རྩིབས་བརྒྱད་འཁོར་ལོ་བསྐོར། །བར་པ་རལ་གྲི་རྡོ་རྗེ་རྩེ་དགུ་མཐའ། །ཕྱག་གཡོན་དང་པོས་ལྕགས་ཀྱུ་གཏུན་ཤིང་བར། །འོག་མ་སྡིགས་མཛུབ་རྩེ་ལ་མེ་དཔུང་འཕྲོ། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་གར་གྱིས་བཞེངས། །ཁྲག་འཐུང་རིགས་ལྔ་ནང་བཞུགས་ཐོད་སྐམ་ལྔས། །དབུ་བརྒྱན་ར་རི་ཉེར་གཅིག་མགུལ་པར་འཕྱང་། ཁྲག་འཛག་ཐོད་རློན་ལྔ་བཅུའི་སེ་རལ་ཁ། །གླང་ཆེན་ཀོ་རློན་སྟོད་གཡོགས་ཞིང་པགས་ཀྱིས། །རྙེད་བཅིངས་སྟག་ཤམ་སྨད་དཀྲིས་སྦྲུལ་རིགས་ལྔའི། །དཀར་ཁྲས་དབུ་སྐྲ་བཅིངས་ཤིང་སེར་ཁྲ་ཡིས། །ཕྱག་གདུབ་དམར་ཁྲས་སྐ་རགས་ཞབས་གདུབ་ལྗང་། །ནག་ཁྲས་སེ་རལ་ཁ་བྱས་སྨིན་མཚམས་དང་། །སྐུ་(༥ན)


GLG023_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཉྭ་སུལ་ཐལ་ཆེན་ཚོམ་བུས་བྱུགས། །མཁུར་ཚོས་དཔྲལ་བ་རཀྟའི་ཐིག་ལེས་བརྒྱན། །ཞག་གི་སོར་རིས་ལྐོག་མ་བྲང་ལ་བཤལ། །བ་སྤུའི་བུ་གར་ཁྱུང་ནག་མེ་གཤོག་དང་། །རྡོ་རྗེ་རྩེ་ལྔས་གཏམ་ལས་མེ་སྟག་འཕྲོ། །སྐུ་ལས་སྤྲུལ་པའི་ཕོ་ཉ་གྲངས་མེད་འགྱེད། །ལས་ཀྱི་གཤིན་རྗེ་བསམ་མི་ཁྱབ་ཀྱིས་བསྐོར། །ལུས་ལས་འབར་བའི་ཡེ་ཤེས་མེ་དཔུང་གིས། །རྡོ་རྗེའི་ཚ་ཚ་འཕྲོ་བའི་ཀློང་ན་བཞུགས། །སྤྱི་བོར་ཡེ་ཤེས་ཁྱུང་ནག་ཁྲོ་བོའི་ཞལ། །རྡོ་རྗེའི་མཆུ་ལྡན་ཉི་ཟླའི་སྤྱན་གསུམ་ཟླུམ། །གནམ་ལྕགས་རྭ་དབྲག་ནོར་བུའི་རྒྱན་གྱིས་སྤྲས། ཁམ་ནག་དབུ་སྐྲ་གྱེན་འཁྱིལ་ལྕགས་སྡེར་གྱིས། །དཀར་ནག་སྦྲུལ་བཟུང་མཇུག་མ་ཞབས་ཀྱིས་མནན། །མགོ་བོ་ཞལ་གསོལ་སྤུ་ཕྲན་མཚོན་ཆར་གཏམས། །བསྐལ་པའི་མེ་འབར་སྤུ་གྲིའི་སྒྲོ་གཤོག་ཚོགས། །བརྡབས་པས་ས་བདག་ཀླུ་གཉན་མ་ལུས་འདུལ། །གཙོ་བོའི་ཐུགས་ཀར་འཁོར་ལོ་རྩིབས་བཞིའི་སྟེང་། །འཇམ་དཔལ་གསེར་མདོག་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་ཤེས་རབ་རལ་གྲི་དཔུང་ཐད་འཛིན། །ཨུཏྤལ་ཡུ་བ་གཡོན་པའི་མཐེབ་སྲིན་གྱིས། །ཐུགས་ཀར་བཟུང་བའི་འདབ་མ་སྙན་ཐད་དུ། །རྒྱས་པའི་སྟེང་ན་ཤེར་ཕྱིན་གླེགས་བམ་མཚན། །ཟུར་ཕུད་ལྔ་ལྡན་དར་དང་རིན་ཆེན་བརྒྱན། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཞི་འཛུམ་ཞལ། །ནང་དུ་གཟིགས་ནས་སྲུང་བའི་ལས་མཛད་གྱུར། །ལྟེ་བར་པད་ཟླ་ཉི་སྟེང་རིན་པོ་ཆེ། །སྣ་ཚོགས་ལས་གྲུབ་མཆོད་རྟེན་འོད་ལྔ་འཕྲོ། །བུམ་ནང་པད་ཟླའི་གདན་གནས་མཐིང་ནག་ཧཱུཾ། །(༥བ)


GLG023_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྱུར་གསེར་གྱི་རྡོ་རྗེ་རྩེ་ལྔའི་ར། །ཡར་ལྔར་རིགས་ལྔ་ཡབ་དང་མར་ལྔར་ཡུམ། །སྐུ་མདོག་ཕྱག་མཚན་རྒྱན་རྫོགས་ཞལ་ནང་གཟིགས། །ལྟེ་བར་ཨཱ་དི་ཀཱ་དི་ལས་གྲུབ་པའི། །དཀར་དམར་ཉི་ཟླའི་གའུ་ཁ་སྦྱར་ནང་། །བྷྲུཾ་ཡིག་ཁོག་པར་མཐིང་ནག་མདོག་ལྡན་ཧཱུཾ། །འོད་འབར་བསྲུང་བྱ་དང་བཅས་དེ་ཡི་མཐར། །ཨེ་ཀ་ཡ་མ་དུ་རུ་ཙཀྲ་དང་། །དཀར་དམར་དབྱངས་གསལ་ཐབས་ཤེས་ཚུལ་གྱིས་བསྐོར། །རང་གི་ཐུགས་ལས་དམར་ནག་འོད་འཕྲོས་རྩེར། །སྨུག་ནག་མདོག་ལྡན་བྷྱོ་ཡིག་གཡོན་དུ་ཆད། །འཕྲོ་འདུ་ཡོངས་གྱུར་མ་མོ་ཁྲག་མིག་མ། །སྨུག་ནག་ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས། །གཅེར་བུ་རྒྱན་མེད་ཕྱག་གཡས་ལྕགས་ཀྱུ་འཕྱར། །གཡོན་པ་ཐོད་པ་ཁྲག་གང་ཐུགས་ཀར་བསྣམས། །གཟིག་ཤམ་དཀྲིས་ཤིང་ཞབས་གཉིས་དོར་སྟབས་བགྲད། །མ་མོ་བྱེ་བ་ས་ཡའི་འཁོར་ཚོགས་བཅས། །རང་ལུས་ལས་འཕྲོས་མེ་དཔུང་རབ་འབར་དབུས། །བཞུགས་པའི་ཐུགས་ཀར་སྨུག་ནག་བྷྱོ་ཡི་མཐར། །ཧྱ་ཀ་ཡ་མ་དུ་རུ་ཙཀྲས་བསྐོར། །སླར་ཡང་ཐུགས་ལས་དམར་ནག་འོད་འཕྲོས་རྩེར། །ཡ་ཡིག་ཁྲག་མདོག་གཡས་སུ་ཆད་པ་ལས། །སྲས་མཆོག་ཡ་མ་རཱ་ཙ་དམར་ནག་མདངས། །ཞལ་གཅིག་ཕྱག་གཉིས་གཡས་པ་བཤན་གྲི་འཕྱར། །ཕྱག་གཡོན་དོན་སྙིང་དམར་པོ་ཙ་རེ་འབྲད། ཁྲག་འཛག་མི་ལྤགས་གཡང་གཞི་སྐུ་ལ་གསོལ། །ཞབས་གཉིས་སར་བརྡབས་སྟག་ལྤགས་ཤམ་ཐབས་དཀྲིས། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་འཁོར་ཚོགས་བཅས། །སྐུ་ལས་འབར་བའི་ཡེ་ཤེས་མེ་དཔུང་ཀློང་། །བཞུགས་པའི་ཐུགས་ཀར་(༦ན)


GLG023_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ནག་ཡ་ཡི་མཐར། །གྷྲི་མ་ཡ་མ་དུ་རུ་ཙཀྲས་བསྐོར། །༼ཨེ༽སླར་ཡང་ཡབ་ཡུམ་ཐུགས་ཀའི་ཧཱུཾ་བྷྱོ་ལས། །འཕྲོས་པའི་ཁྲོ་བོ་ཁྲོ་མོ་གཡས་གཡོན་དུ། །ཞལ་ནང་གཟིགས་ཏེ་སྲུང་བའི་ལས་མཛད་གྱུར། །བྱང་ཆེན་མཆོད་རྟེན་ཕྱི་རོལ་བྷྲུཾ་ཡིག་ལས། །གསེར་གྱི་གའུ་ཁ་སྦྱོར་གུར་ཁང་ཅན། །དེ་ཡི་ཕྱི་རིམ་རིགས་ལྔའི་རང་བཞིན་གུར། །ཧཱུཾ་སྥ་ར་ཎ་ཕཊ། ཁྲོ་བོ་སྔོན་པོ་རང་མདོག་རྡོ་རྗེ་ཐོགས། །རྡོ་རྗེ་སྔོན་པོས་བར་མཚམས་མེད་གཏམས་ཏེ། །བསེར་བུའི་རླུང་ཙམ་ནམ་ཡང་ཐར་མེད་གུར། །ཨཱོཾ་སྥ་ར་ཎ་ཕཊ། ཁྲོ་བོ་དཀར་པོ་རང་མདོག་འཁོར་ལོ་ཐོགས། །འཁོར་ལོ་དཀར་པོས་བར་མཚམས་མེད་གཏམས་ཏེ། །བསེར་བུའི་རླུང་ཙམ་ནམ་ཡང་ཐར་མེད་གུར། །ཏྲཱཾ་སྥ་ར་ཎ་ཕཊ། ཁྲོ་བོ་སེར་པོ་རང་མདོག་ནོར་བུ་ཐོགས། །ནོར་བུ་སེར་པོས་བར་མཚམས་མེད་གཏམས་ཏེ། །བསེར་བུའི་རླུང་ཙམ་ནམ་ཡང་ཐར་མེད་གུར། །ཧྲཱི༔སྥ་ར་ཎ་ཕཊ། ཁྲོ་བོ་དམར་པོ་རང་མདོག་པདྨ་ཐོགས། །པདྨ་དམར་པོས་བར་མཚམས་མེད་གཏམས་ཏེ། །བསེར་བུའི་རླུང་ཙམ་ནམ་ཡང་ཐར་མེད་གུར། །ཨཱཿསྥ་ར་ཎ་ཕཊ། ཁྲོ་བོ་ལྗང་གུ་སྣ་ཚོགས་རྡོ་རྗེ་ཐོགས། །སྣ་ཚོགས་རྡོ་རྗེས་བར་མཚམས་མེད་གཏམས་ཏེ། །བསེར་བུའི་རླུང་ཙམ་ནམ་ཡང་ཐར་མེད་གུར། །ཏིཀྵ་ན་མཎྜ་ལ། རལ་གྲི་ངར་མའི་འཁོར་ལོ་གཡོན་ཕྱོགས་སུ། །དྲག་ཏུ་འཁོར་བས་གནོད་བྱེད་མ་ལུས་པ། །ཉལ་ཉལ་གཅོད་ཅིང་གཏུབ་པར་བྱེད་པའི་གུར། །ཕྱི་རིམ་ཡུམ་ལྔའི་རང་བཞིན་གུར་ཁང་ནི། །ཡཾ་སྥ་ར་ཎ་ཕཊ། །རླུང་ནག་འཚུབ་མའི་གུར་ནང་ཁྲོ་བོའི་ཚོགས། ཁམ་ནག་རླུང་གཡབ་(༦བ)


GLG023_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆ་ཐོགས་པས་གཏམས། །རཾ་སྥ་ར་ཎ་ཕཊ། རཾ་ཛྭ་ལ་མཎྜལ། དུས་མཐའི་མེ་དཔུང་འབར་བའི་གུར་ནང་དུ། ཁྲོ་བོ་དམར་ནག་མེ་དཔུང་འབར་བས་གཏམས། །བཾ་ཏིཀྞ་མཎྜ་ལ། །ཆུ་བོ་རྦ་ཀློང་འཁྱིལ་བའི་གུར་ནང་དུ། ཁྲོ་བོ་དཀར་པོ་ཆུ་ཞགས་ཐོགས་པས་གཏམས། །ལཾ་ཏིཀྵ་ཎ་མཎྜ་ལ། གསེར་གྱི་རྡོ་རྗེ་རྒྱ་གྲམ་གུར་ནང་དུ། ཁྲོ་བོ་སེར་པོ་རི་རབ་ཐོགས་པས་གཏམས། །ཨེ་མཎྜ་ལ། ནམ་མཁའ་ལྕགས་ཀྱི་གུར་ནང་ཁྲོ་བོ་ནག །མཚོན་ཆ་སྣ་ཚོགས་ཆར་ལྟར་འབབ་པས་གཏམས། །ཀུན་ཀྱང་སྲ་མཁྲེགས་ར་དབར་ཁྲོ་ཆུང་མཚོན། །ཐོགས་དང་ནམ་མཁའི་རྡོ་རྗེ་ཕྲ་མོའི་ཚོགས། །སྤུ་གྲི་རེག་གཅོད་རླུང་དང་ཡེ་ཤེས་མེ། །ཆུ་གྲི་སྣ་ཚོགས་མཚོན་ཆའི་འཁོར་ལོ་ཡིས། །འཚུབ་མར་གཏམས་ལས་དྲག་པོའི་འོད་འཕྲོས་པས། །དགྲ་བགེགས་ཐམས་ཅད་རྒྱ་མཚོའི་ཕ་མཐར་བཀྲད། །མ་སོང་བ་རྣམས་ཐལ་བའི་རྡུལ་བཞིན་བརླག །དེ་ཡི་ཕྱི་རོལ་རང་སྔགས་དབྱངས་གསལ་འཕྲེང་། །ཐབས་ཤེས་ཚུལ་དུ་འཁྲིགས་ལས་དགྲ་བགེགས་ཀུན། །གསོད་ཅེས་སྟོང་ཉིད་རང་སྒྲ་ཆེར་སྒྲོག་པ། །ནམ་ཡང་གཞོམ་ཞིག་མེད་པའི་གུར་དུ་གྱུར། །དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི། །སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བརྒྱད་ཨཱོཾ། །མགྲིན་པར་པདྨ་དམར་པོ་འདབ་བརྒྱད་ཨཱཿ། སྙིང་གར་རྡོ་རྗེ་སྔོན་པོ་རྩེ་ལྔར་ཧཱུཾ། །མཚན་པ་ལས་འཕྲོས་འོད་ཀྱི་ཀ་དག་ཀློང་། །རང་བཞིན་གནས་ནས་འཇམ་དཔལ་གཤིན་རྗེའི་གཤེད། །ཡབ་ཡུམ་སྲས་འཁོར་སྲུང་བའི་གུར་ཁང་(༧ན)


GLG023_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །སྐད་ཅིག་ཉིད་ལ་བཛྲ་ས་མཱ་ཛཿ འཕྲིན་ལས་ཀྱི་གཞུང་ལ་དོན་བདུན་ཡོད་པའི་དང་པོ་སྤྱན་འདྲེན་པ་ནི། ཧཱུཾ། དད་པ་དང་ནི་དམ་ཚིག་གིས༔ འཇམ་དཔལ་ཡབ་ཡུམ་འཁོར་བཅས་སྤྱན་འདྲེན་ནོ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ནས། །འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེའི་གཤེད། །བདག་དང་མཐའ་ཡས་སེམས་ཅན་དོན་སླད་དུ། །ཐུགས་རྗེས་དགོངས་ལ་གནས་འདིར་གཤེགས་སུ་གསོལ། །ཡུམ་མཆོག་མ་མོ་ཁྲག་མིག་གཤེགས་སུ་གསོལ། །སྲས་མཆོག་ཡ་མ་ར་ཛ་གཤེགས་སུ་གསོལ། ༼༼ཨེ༽༽ ཨཱོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་མ་མོ་ཨེ་ཀ་ཙ་ཏི་ས་མ་ཡ་ཛཿ གཉིས་པ་བཞུགས་སུ་གསོལ་བ་ནི། ཧཱུཾ། གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་སུ། །གཤིན་རྗེ་མ་ཧེ་ཉི་ཟླ་པདྨའི་སྟེང་། ཁྲོ་རྒྱལ་གཤིན་རྗེ་ཡབ་ཡུམ་འཁོར་དང་བཅས༔ བརྐྱང་བསྐུམ་འགྱིང་བག་རྔམ་བརྗིད་ཚུལ་གྱིས་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ གསུམ་པ་ཕྱག་འཚལ་བ་ནི། ཧཱུཾ། དགྲ་བགེགས་མ་ལུས་ཐལ་བར་རླག་བྱེད་པ༔ ཁྲོ་རྒྱལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ མ་མོ་ཁྲག་མིག་མ་ལ་ཕྱག་འཚལ་ལོ༔ སྲས་མཆོག་ཡ་མ་ར་ཙར་ཕྱག་འཚལ་ལོ༔ ༼༼ཨེ༽༽ ཨ་ཏི་པུ་ཧོཿཔྲ་ཏིཙྪ་ཧོཿ བཞི་པ་མཆོད་པ་འབུལ་བ་ནི། ཧཱུཾ། འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ ཡབ་ཡུམ་སྲས་འཁོར་སྤྲུལ་པ་ཡང་སྤྲུལ་ལ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་(༧བ)


GLG023_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཚོགས་འབུལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཟས༔ སིལ་སྙན་མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ ཨཱོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་མ་མོ་ཨེ་ཀ་ཙ་ཏི་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤཾ། དྷཱུ་བཾ། ཨཱ་ལོ་ཀཾ། གནྡྷ། ནཻ་ཝི་དྱཾ། ཤཔྡ་ཨཱཿཧཱུཾ། སྨན་མཆོད་ནི། གདོད་ནས་རྣམ་དག་རྩ་བརྒྱད་སྟོང་སྦྱར་སྨན། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་དམ་ཚིག་རྫས། །རྒྱུད་དྲུག་ཀུན་སྒྲོལ་དུག་ལྔ་རབ་སེལ་བ། །བདུད་རྩི་སྨན་མཆོད་འབུལ་ལོ་བཞེས་སུ་གསོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧིཿ ཞེས་སྨན་སྤྱིར་ཕུལ་ནས་བྱེ་བྲག་ཏུ། འཕགས་པ་འཇམ་དཔལ་རྡོ་རྗེ་རྣོན་པོ་དང་། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་ཞབས། །ཤཱནྟིང་གྷརྦྷ་ཡེ་ཤེས་སྙིང་པོ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ནམ་མཁའི་སྙིང་པོ་རྒྱ་གར་ཁྲག་འཐུང་ནག །གཙུག་ལག་དཔལ་དགེ་རིགས་འཛིན་པདྨ་འབྱུང་། །བ་སུ་དྷ་ར་གནུབས་ཆེན་སངས་རྒྱས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གཏེར་སྟོན་ཞང་ཁྲོམ་ལྷ་རྗེ་གནུབས་ཆུང་དང་། །མཚུར་སྟོན་རིན་རྡོར་སྐུ་ཞང་དཔལ་ལྡན་པ། །ཚུལ་ཁྲིམས་རིན་ཅེན་བྱང་ཆུབ་མགོན་པོ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མཁས་གྲུབ་ནམ་མཁའ་རིན་ཅེན་ཚུལ་ཁྲིམས་ཞབས། །རྒྱ་སྟོན་དབོན་པོ་གནམ་ལྕགས་མེ་འབར་རྗེ། །མཆོག་གྲུབ་རྒྱལ་པོ་བཀྲ་ཤིས་ཕུན་ཚོགས་ལ། །(༨ན)


GLG023_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དབུར་སྨྱོན་ཆོས་གྲགས་བསོད་ནམས་རིན་ཅེན་དཔལ། །འཕྲིན་ལས་རྣམ་རྒྱལ་ཉང་སྟོན་རིགས་ཀུན་བདག །སླར་ཡང་རིགས་འཛིན་བཀྲ་ཤིས་རྒྱ་མཚོ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དུ་མ་རང་གྲོལ་ངག་དབང་ཡེ་ཤེས་གྲུབ། །ཆོས་དབྱིངས་རང་གྲོལ་སླར་ཡང་དཀོན་ཅོག་མཚན། །གཏེར་བདག་གླིང་སོགས་བཀའ་གཏེར་བླ་མ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། འཇམ་དཔལ་ཚེ་བདག་ཡུམ་ཆེན་ཁྲག་མིག་མ། །ཡ་མ་རཱ་ཙ་འཆི་བདག་སྲོག་གི་བདག །ལས་གཤིན་བཀའ་ཉན་དྲེགས་བྱེད་ཕོ་ཉ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་མ་མོ་ཨེ་ཀ་ཙ་ཏི་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤཾ། དྷཱུ་བཾ། ཨཱ་ལོ་ཀཾ །གནྡྷ། ནཻ་ཝི་དྱཾ། ཤཔྡ་ཨཱཿཧཱུཾ། དངོས་གྲུབ་བླང་བ་ནི། ཨཱོཾ་ཨཱཿཧཱུཾ། སླར་ཡང་རིགས་འཛིན་སྨྲ་བའི་འབབ་སྟེགས་སོགས་བརྗོད། གཏོར་མ་ནི། བླ་མེད་མཆོག་གི་མཆོད་པ་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ། །གཏོར་མའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨཱོཾ་མཉྫུ་ཤྲཱི་སོགས་ཀྱི་མཐར་མ་ཧཱ་བ་ལིངྟ་ཁཱ་ཧི། རཀྟ་ནི། གདུག་ཅན་དགྲ་བགེགས་ཁྲག་གི་དངས་མའི་མཚོར། །མཁའ་དབྱིངས་པདྨ་རཀྟའི་འབབ་ལྡན་ཀུན། །གཅིག་བསྡུས་མཚམས་སྤྲིན་ལ་འགྲན་དབུ་ཕྲེང་ཅན། རཀྟའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨཱོཾ་མཉྫུ་ཤྲཱི་སོགས་ཀྱི་མཐར་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། སྦྱོར་སྒྲོལ་ནི། མཚན་ལྡན་གཟུང་མ་དང་སྦྱར་བཅུ་དྲུག་ཆ། །ཡོངས་རྫོགས་དགའ་བཞིའི་བདེ་ཆེན་རབ་རྒྱས་ཤིང་། །དམ་(༨བ)


GLG023_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི། །སྦྱོར་སྒྲོལ་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨོཾ་མཉྫུ་ཤྲཱི་སོགས་ཀྱི་མཐར་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བྷ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི། །བོ་དྷི་ཙིཏྟ་མ་ཏྲཾ་རུ་དྲ་པྲ་བེ་ཤ་ཡ་ཕཊ། ལྔ་པ་བསྟོད་པ་ནི། ཨེ། ཆོས་སྐུ་སྐྱེ་བ་མེད་པ་ལས༔ སྤྲོས་བྲལ་བདེ་ཆེན་དག་པའི་སྐུ༔ རང་བཞིན་གཉིས་མེད་དག་པའི་གསུང་༔ མ་བསྒྲིབས་དོན་དམ་རྫོགས་པའི་ཐུགས༔ འགྲན་ཟླ་ཀུན་བྲལ་ཡོན་ཏན་ལྡན༔ འགྲོ་ཀུན་དོན་མཛད་འཕྲིན་ལས་སོགས༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི༔ སེམས་ཅན་དོན་མཛད་གཤིན་རྗེའི་གཤེད༔ ཡབ་ཡུམ་སྲས་འཁོར་བཅས་ལ་བསྟོད༔ དྲུག་པ་བཤགས་པ་ནི། བདག་གིས་ཚེ་རབས་ཐོག་མེད་ཚུན་ཆད་ནས༔ ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ༔ ལུས་ཀྱིས་སྡིག་བྱས་སྤྱོད་པ་ངན་དུ་སྤྱད༔ ངག་གིས་ཚིག་ཀྱལ་སྨྲ་བ་མང་དུ་བརྗོད༔ ཡིད་ཀྱིས་བློ་ནོར་ལོག་པར་སེམས་ལ་སོགས༔ འདོད་འཕྲོ་གཏི་མུག་དབང་གིས་ལས་སྤྱད་ཀུན༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་༔ དེ་ཡི་འཁོར་དུ་གཏོགས་པའི་དྲེགས་པ་རྣམས༔ མི་གཡེལ་སྐྱོན་མཐོང་ཙམ་ནས་བརླག་པར་མཛད༔ ནོར་འཁྲུལ་ཆགས་ཉམས་མཆིས་ན་བཟོད་པར་གསོལ༔ བཟོད་པར་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ༔ འདི་ཕྱིའི་རྐྱེན་དང་སྒྲིབ་པར་མི་འགྱུར་གསོལ༔ དབྱངས་གསལ་དང་(༩ན)


GLG023_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་བརྗོད། སྡེ་བརྒྱད་བྲན་དུ་རབ་འཁོལ་སྙིང་རྗེ་ཆེས༔ གདུག་པ་ཅན་རྣམས་དུས་གཅིག་བརླབ་ནུས་ཤིང་། །གཞན་གྱི་བྱད་སྟིམས་རིག་སྔགས་སྦྱོར་ངན་གྱིས། །ཚུགས་པར་ནུས་མིན་མཐུ་རྩལ་ལྡན་པར་གྱུར། །དག་པ་དྲན་ཞིང་ང་རྒྱལ་བརྟན་པ་ནི། ཧཱུཾ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །སྣང་སྲིད་འཁོར་འདས་ང་ལས་བྱུང་། །སངས་རྒྱས་སེམས་ཅན་ང་ལ་གནས། །སྐུ་གསུམ་ང་ཡི་རང་བཞིན་ཡིན། །ལྷ་སྲིན་སྡེ་བརྒྱད་ང་ལས་བྱུང་། །གཤིན་ནི་སྐྱེ་བ་མེད་པ་སྟེ། །རྗེ་ནི་འགག་པ་མེད་པའི་དོན། །གཤེད་ཅེས་བྱ་བ་མཐའ་གཉིས་བྲལ། །དེ་ཕྱིར་གཤིན་རྗེ་ཚེ་བདག་ཡིན། །མཚན་ཙམ་ཐོས་ཡོན་བསམ་མི་ཁྱབ། །བསྒྲུབས་ན་ལང་ཚོ་ང་དང་མཉམ། །བདུན་པ་འཛབ་བཟླ་བ་ནི། །གཙོ་འཁོར་རྣམས་ཀྱི་ཐུགས་ཀའི་ཧཱུཾ་ཡིག་ལས། །འཕྲོས་པའི་འོད་ཟེར་ཁ་དོག་སྣ་ཚོགས་པ། །ལས་བྱེད་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་དང་། །སུམ་སྦྲུལ་ཁྲོ་བོ་ཁྲོ་མོ་དཔག་མེད་ཚོགས། །སྤྲོས་པས་རང་གཞན་བསྲུང་བྱ་ཐམས་ཅད་ཀྱི། །ཚེ་དང་སྲོག་གི་ངོ་བོ་ཪྣྲིའི་རྣམ་པར། །ལྷ་སྲིན་སྡེ་བརྒྱད་རྣམས་ཀྱིས་བརྐུས་ཕྲོགས་ནས། །མཐོ་བ་ནམ་མཁའ་དམའ་བ་དམྱལ་བའི་ས། །ཉི་ཟླའི་ཐེམ་བར་སྤྲིན་གྱི་སྒོ་བར་ཁྲོད། །རི་རབ་ལྕོག་པར་འཛམ་གླིང་ཡུལ་གྲུ་སོགས། །ས་འོག་ས་སྟེང་ས་བླ་གར་ཁྱེར་ཞིང་། །སྦས་དང་བསྐུངས་ནས་ཡོད་པ་མ་ལུས་པ། །སྤྲུལ་པའི་ཕོ་ཉ་ཁྲོ་བོ་ཁྲོ་མོའི་ཚོགས། །ཡེ་ཤེས་སྤྱན་(༩བ)


GLG023_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྣམས་ཀྱིས་ཉེར་གཟིགས་ནས། །གནོད་བྱེད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག །ཚེ་སྲོག་ཡི་གེའི་གཟུགས་ཅན་དེ་ཕྲོགས་ནས། །ཧཱུཾ་གི་རྣམ་པར་རང་གཞན་བསྲུང་བྱ་ཡི། །ཐུགས་ཀར་བསྟིམ་པས་སྲོག་འཐུད་ཚེ་ཉམས་སྤེལ། །སླར་ཡང་ཐུགས་ཀའི་འོད་ཟེར་འཕྲོ་འདུ་ཡིས། །བླ་མ་ཡི་དམ་བདེ་གཤེགས་ཞི་ཁྲོའི་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཚོགས། །ཕོ་རྒྱུད་མོ་རྒྱུད་ཆོས་སྐྱོང་བྱིན་རླབས་མཐུ། །ལྷ་སྲིན་སྡེ་བརྒྱད་རྣམས་ཀྱི་སྲོག་གི་སྙིང་། །ལྷ་མིའི་ཚེ་དཔལ་བསོད་ནམས་དབང་ཐང་དང་། །ས་ཆུ་མེ་རླུང་འབྱུང་བ་རྣམ་ལྔའི་བཅུད། །ཐམས་ཅད་རང་དབང་མེད་པར་བཀུག་ནས་ནི། །བདག་གཞན་བསྲུང་བ་ཀུན་དང་དབྱེར་མེད་པར། །ཐིམ་པས་བཀྲག་མདངས་མཐུ་སྟོབས་ལྡན་པར་གྱུར། །ཨཱོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ ཧྱ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ །གྷྲི་མ་ཡ་མ་དུ་རུ་ཙཀྲས་སྲུངས༔ སརྦ་ཙིཏྟ་གཟིར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་བཟློག་ཡ་སཾ་གྷྲི་ཝ་རི་ཪྣྲི་བྷྲུཾ་ཧཱུཾ་ཛ༔ བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་རཀྵ་རཀྵ་སྭཱཧཱ། ཞེས་པའི་སྔགས་འཕྲེང་རང་ཉིད་ལྷར་གསལ་བའི། །ཕྱི་རིམ་འོད་ཟེར་གཡས་སུ་ཡོངས་བསྐོར་ཞིང་། །ལྷ་རྣམས་ཞལ་ནས་སྲུང་བའི་སྔགས་ཀྱི་སྒྲ། །དིར་དིར་རབ་སྒྲོག་གུར་ཁང་ཚོགས་ལས་ཀྱང་། །འབྲུག་སྟོང་དུས་གཅིག་ལྡིར་བ་ལྟ་བུའི་སྒྲས། །སྲིད་པ་གསུམ་ཁྱབ་བདག་གཞན་བསྲུང་བྱ་ལ། །འཚེ་བའི་རིག་སྔགས་བྱད་སྟེམས་རྦོད་གཏོང་དང་། །ལྷ་སྲིན་སྡེ་བརྒྱད་གནོད་པ་ལས་བསྐྱབས་གྱུར། ཁམས་གསུམ་མ་(༡༠ན)


GLG023_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་གཞལ་ཡས་ཆེན་པོར་བལྟ། །གཟུགས་སྣང་མ་ལུས་ཁྲོ་རྒྱལ་ཆེན་པོར་རྫོགས། །གྲག་སྟོང་སྒྲ་རྣམས་བཟླས་བརྗོད་སྔགས་སུ་རྫོགས། །སྲིད་གསུམ་མ་ལུས་ཆོས་ཉིད་རོལ་པའི་རྒྱན། །དུག་གསུམ་རྣམ་དག་སྐུ་གསུང་ཐུགས་སུ་རྫོགས། །རང་བྱུང་དུག་ལྔ་ཡེ་ཤེས་ཆེན་པོ་ལྔ། །འཁོར་འདས་དབྱེར་མེད་ཁྲོ་རྒྱལ་གཤིན་རྗེའི་གཤེད། །གཟུང་འཛིན་རྣམ་དག་མཚན་མའི་ཡུལ་ལས་འདས། །ཞེས་གདེངས་གསུམ་གསལ་བཏབ་པ་ལས་མི་གཡེལ་བས་གོང་གི་བསྙེན་པ་ཐུན་དྲུག་ཏུ་བཅད་ནས་ཉམས་སུ་ལེན་ཚུལ་མན་ངག་ལྟར་བྱས་ཏེ་རྟགས་མ་བྱུང་གི་བར་དུ་འབད་ཅིང་། མཇུག་སྡུད་ཀྱི་རིམ་པ་རྣམས་འཁྲུལ་པ་མེད་པར་བྱ་བ་ནི་གནད་དམ་པའོ། །བཟློག་པ་ནི། རྩ་ཕྱག་མཐིལ་གཉིས་ཟླ་ཉི་ཐབས་ཤེས་ཚུལ། །ལྷ་ཚོགས་ཞལ་ཕྱིར་གཟིགས་ནས་བཟློག་པའི་སྔགས། །སྒྲོག་ཅིང་གུར་ཁང་ལས་ཀྱང་འབྲུག་སྟོང་ལྟར། །ལྡིར་བས་རྦོད་གཏོང་ལྷ་སྲིན་གནོད་པ་བཟློག །སྔགས་འཕྲེང་ལས་འཕྲོས་འོད་ཟེར་གྱིས་བསྐོར་བའི། །འཕྲོ་འདུས་བྱད་མའི་སྟེང་དུ་བབས་པར་གྱུར། གཙོ་འཁོར་རྣམས་ཀྱི་ཐུགས་ཀའི་ས་བོན་དང་། །བ་སྤུའི་བུ་ག་ནས་ཐོན་ལས་བྱེད་ཀྱི། ཁྲོ་བོ་ཁྲོ་མོ་མཚོན་ཆ་སྣ་ཚོགས་པ། །ཐོགས་ཏེ་སྐར་ལྟར་འཁྲུག་ཅིང་གློག་ལྟ་བུར། །འཁྱུག་པ་རྣམས་ཀྱིས་བྱད་མ་རྦོད་གཏོང་མཁན། །ལྷ་དང་སྲུང་མར་བཅས་ཀུན་ཕུར་བཟློག་ཅིང་། །མེས་བསྲེགས་རླུང་གིས་རབ་གཏོར་ཆུ་ཡིས་བཤལ། །སས་མནན་ཐལ་བ་བུན་བུན་བཞིན་དུ་བཏང་། །ལྷག་མ་ལུས་(༡༠བ)


GLG023_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟོབས་ཅན་ཚུར་བྱུང་རྣམས། །མཚོན་ཆས་གཏུབས་པས་ཉེ་བར་མ་ནུས་ནས། །བྱད་མ་མཁན་པོའི་སྟེང་དུ་རྦད་འདྲེའི་ཚོགས། །བབས་པས་རང་གཤེད་རང་ལ་རྣམ་པར་དབབ། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་བཟློག༔ ཧྱཀ་ཡ་མ་དུ་རུ་ཙཀྲས་བཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་བཟློག༔ སརྦ་ཙིཏྟ་གཟིར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་བཟློག་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག༔ ཧཱུཾ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་བཟློག་ཡ༔ ཞེས་འབད་དེ་བཟླ། གཡས་གཡོན་ཕྱག་མཐིལ་ཟླ་ཉིའི་དཀྱིལ་འཁོར་བར། །དགྲ་བགེགས་གནོད་བྱེད་ལྷ་དང་སྲུང་མ་རྣམས། །བརྡབས་ཏེ་བཅར་བས་ཤ་ཁྲག་རུས་པ་རྣམས༔ འཆི་བདག་གཤིན་རྗེའི་ཚོགས་ཀྱིས་ཧབ་ཟོས་གྱུར། །ཞེས་གསལ་བཏབ་པས་བདེན་སྟོབས་ལན་གསུམ་བརྗོད་པ་དང་བསྟུན་ནས་ཐལ་མོ་བརྡབ། ཐུན་གཏོར་སྦྲན་དགུག་བྱ། གཏོར་མའི་དངོས་འཛིན་རཾ་ལས་མེས་བསྲེགས། ཡ་ལས་རླུང་གིས་གཏོར། ཁཾ་ལས་ཆུས་བཀྲུས། ཨོཾ་ཨཱཿཧཱུཾ་གིས་རྣམ་པ་དགྲ་བགེགས་ཀྱི་ཤ་ཁྲག་ངོ་བོ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་ཞེས་བརླབ། སྒྲུབ་སྔགས་གསུམ་དང་། ཨོཾ་ར་ཏྲི་སྲོག་ལ་མཱ་ར་ཡ་རྦད། ཀླ་བདུད་ནག་པོ་དགྲ་བོའི་སྲོག་ལ་མཱ་ར་ཡ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བསྔོ། བསྟོད་རིང་ནི། ཨྱེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས༔ གཤིན་(༡༡ན)


GLG023_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མ་ཧེ་ཉི་ཟླ་པདྨའི་སྟེང་༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད་པ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ཞལ་དཀར་ལ་བཞད་པས་ཀླུ་འབུམ་གསོལ༔ གཡོན་ཞལ་དམར་ལ་གདངས་པས་གཉན་ཁྲི་གསོལ༔ དབུས་ཞལ་མཐིང་ལ་རྔམ་པས་ས་བདག་གསོལཿ ཕྱག་གཡས་དང་པོ་འཁོར་ལོས་དགྲ་བགེགས་གཏུབ༔ བར་པ་རལ་གྲི་དགྲ་བགེགས་སྲོག་རྩ་གཅོད༔ ཐ་མ་རྡོ་རྗེས་དགྲ་བགེགས་རྡུལ་དུ་རློག༔ ཕྱག་གཡོན་དང་པོ་ལྕགས་ཀྱུས་དགྲ་བགེགས་འགུགས༔ བར་པ་གཏུན་ཤིང་དགྲ་བགེགས་རྣམས་ལ་བརྡེག༔ ཐ་མ་སྡིགས་མཛུབ་དགྲ་བགེགས་རྣམས་ལ་གཟིར༔ ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་དགྲ་བགེགས་བརྫིས༔ ཐོད་སྐམ་ར་རི་ཐོད་རློན་འཕྲེང་བ་ཡིས༔ དབུ་བརྒྱན་མགུལ་བརྒྱན་དོ་ཤལ་མཛེས་པར་བརྒྱན༔ གླང་ཆེན་ཞིང་དང་སྟག་ལྤགས་སྐུ་ལ་གསོལ༔ རྒྱལ་རིགས་བྲམ་ཟེ་དམངས་རིགས་རྗེ་རིགས་དང་༔ གདོལ་པའི་རིགས་མཚོན་སྦྲུལ་ལྔས་དབུ་ཞབས་བརྒྱན༔ རཀྟ་སོར་རིས་ཐལ་ཆེན་གསུམ་གྱིས་སྤྲས༔ བསྐལ་པའི་མེ་དཔུང་དབུས་ན་འགྱིང་བར་བཞུགས༔ སྤྱན་བགྲད་ཤངས་གཉེར་ཞལ་གདངས་ལྗགས་འདྲིལ་ཞིང་༔ མཆེ་བ་རབ་གཙིགས་དགྲ་བོའི་དོན་སྙིང་ཟ༔ སྤྱི་གཙུག་ཁྱུང་ནག་མེ་ཡི་གཤོག་པ་ཅན༔ རྭ་དང་མཆུ་སྡེར་གནམ་ལྕགས་འབར་བ་ཡིས༔ ཀླུ་གཉན་ས་བདག་མ་ལུས་གསོད་ཅིང་གནོན༔ བ་སྤུ་ཁྱུང་དང་རྡོ་རྗེས་རབ་ཏུ་གཏམས༔ ལྷ་སྲིན་སྡེ་བརྒྱད་(༡༡བ)


GLG023_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉ་དགྲ་ལ་འགྱེད༔ དམིགས་པ་གང་ཡིན་དེ་ཉིད་ད་ལྟ་བརླག༔ ཁྲོ་རྒྱལ་གཤིན་རྗེའི་ཐུགས་དམ་དུས་ལ་བབ༔ གཤིན་རྗེ་བྱེ་བ་ས་ཡ་དགྲ་ལ་བྷྱོཿ བ་ལིང་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ ཧཱུྃ། ཁྲོ་རྒྱལ་ཆེན་པོའི་གཡོན་གྱི་ཕྱོགས་ན་ནི༔ སོད་བྱེད་ཡུམ་ཆེན་མ་མོ་ཁྲག་མིག་མ༔ སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་མ༔ གཅེར་བུ་རྒྱན་མེད་གཟིག་ཤམ་སྤྱན་བགྲད་ཁྲོ༔ ཞལ་གདངས་ལྗགས་དྲིལ་མཆེ་གཙིགས་རྐན་སྒྲ་བརྡབ༔ ཕྱག་གཡས་ལྕགས་ཀྱུས་དགྲ་བགེགས་དབང་མེད་འགུགས༔ ཕྱག་གཡོན་ཉམས་པའི་ཐོད་ཁྲག་ཞལ་དུ་གསོལ༔ ཞབས་གཉིས་དོར་སྟབས་རབ་བགྲད་དགྲ་བགེགས་གནོན༔ ཨེ་ཀ་ཙ་ཏིའི་ཐུགས་དམ་དུས་ལ་བབ༔ འཁོར་གྱི་མ་མོའི་དམག་ཚོགས་དགྲ་ལ་བྷྱོཿ བ་ལིང་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབཿ ཧཱུྃ། གཡས་ན་སྲས་མཆོག་ཡ་མ་རཱ་ཛ་ནིཿ སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པཿ རབ་འཇིགས་གཅེར་བུ་ཞབས་གཉིས་བརྐྱང་བསྐུམ་བཞུགསཿ མི་ལྤགས་གཡང་གཞི་སྟག་ལྤགས་སྐུ་ལ་གསོལཿ ཕྱག་གཡས་བཤན་གྲིས་དགྲ་བགེགས་མ་ལུས་གཏུབཿ ཕྱག་གཡོན་དགྲ་བགེགས་རྣམས་ཀྱི་དོན་སྙིང་འདྲདཿ ཡ་མ་རཱ་ཛའི་ཐུགས་དམ་དུས་ལ་བབཿ འཁོར་གྱི་ལས་མཁན་སྡེ་བརྒྱད་དགྲ་ལ་བྷྱོཿ བ་ལིང་ཤ་ཁྲག་གཏོར་མ་འདི་བཞེས་ལཿ བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབཿ (༡༢ན)


GLG023_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཨཻ། གཞན་ཡང་ཁྲོ་རྒྱལ་ཆེན་པོ་ཁྱོད་རྣམས་ལ༔ འཕྲིན་ལས་བཅོལ་བ་འདི་རྣམས་དེ་མཛོད་ཅིག༔ རྡོ་རྗེ་སློབ་དཔོན་སྐུ་ལ་སྨོད་པ་དང་༔ ཡི་དམ་སྨོད་ཅིང་བརྙས་པར་བྱེད་པ་དང་༔ དཀོན་མཆོག་གསུམ་ལ་སྨོད་ཅིང་ཆོས་སྐྱོང་སྨོད༔ བསྙེན་སྒྲུབ་ཟབ་མོའི་བར་ཆད་བྱེད་པ་དང་༔ མཆེད་ལ་འཁུ་ཞིང་དམ་ལས་ལྡོག་པ་དང་༔ དམ་ཚིག་ཅན་ལ་གནོད་པར་བྱེད་པ་ཡི༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ རིངས་པར་ཁུག་ལ་སྲོག་དང་ད་ཕྲོལ་ཅིག༔ དབང་དུ་སྡུས་ལ་རྡུལ་དུ་ད་སློག་ཅིག༔ བཅོལ་བའི་འཕྲིན་ལས་མྱུར་དུ་གྲུབ་པར་མཛོད༔ དྲག་ཏུ་བསྐུལ་བ་ནི༔ ཨེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོ་ཡི༔ དྲག་པོ་གྲུ་གསུམ་ཨེ་ཡི་གཞལ་ཡས་ནས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན༔ ལྟོ་འཕྱེ་ཕྱོགས་སྐྱོང་ཟླ་ཉི་བརྩེགས་པའི་སྟེང་༔ བཅོམ་ལྡན་ཟིལ་གནོན་ཚེ་བདག་ནག་པོའི་སྐུ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ཞལ་དཀར་ལ་བཞད་པས་རྒོད་རྒོད་འདྲ༔ གཡོན་ཞལ་དམར་ལ་གདངས་པས་ཆགས་ཆགས་འདྲ༔ དབུས་ཞལ་མཐིང་ལ་རྔམ་པས་ཁྲོ་ཁྲོ་འདྲ༔ སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ༔ རྒྱན་དང་ཆ་ལུགས་ལྡན་པས་ཆས་ཆས་འདྲ༔ མཚན་དང་དཔེ་བྱད་ལྡན་པས་བརྗིད་བརྗིད་འདྲ༔ བདུད་བཞི་ཐལ་པར་རློག་པས་དཔའ་དཔའ་འདྲ༔ བསྐལ་པའི་མེ་དཔུང་བཞུགས་པས་འབར་འབར་འདྲ༔ རྒྱུད་དྲུག་ཐུགས་རྗེས་འདྲེན་པས་བརྩེ་བརྩེ་(༡༢བ)


GLG023_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ༔ དེ་འདྲའི་ཐུགས་རྗེས་ཁྲོ་ཆེན་སྐུ་བཞེང་འཚལ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་སྤྱོན་ལ༔ རིགས་འཛིན་སྒྲུབ་པ་པོ་ལ་བྱིན་ཕོབ་ཅིག༔ ལུས་ལ་རྡོ་རྗེའི་སྐུ་ཡི་བྱིན་ཕོབ་ཅིག༔ ངག་ལ་བདེན་ཚིག་གསུང་གི་བྱིན་ཕོབ་ཅིག༔ ཡིད་ལ་རང་བྱུང་ཐུགས་ཀྱི་བྱིན་ཕོབ་ཅིག༔ ཡོན་ཏན་འགྲན་མེད་ཟིལ་གནོན་བྱིན་ཕོབ་ཅིག༔ ཕྲིན་ལས་འགྲོ་འདུལ་རྣམ་བཞིའི་བྱིན་ཕོབ་ཅིག༔ དབང་ཆེན་དབང་བསྐུར་ཟིལ་གནོན་བཅོམ་ལྡན་འདས༔ བྱིན་ཆེན་བྱིན་ཕོབ་ཟིལ་གནོན་བཅོམ་ལྡན་འདས༔ མཐུ་ཆེན་མཐུ་སྩོལ་ཟིལ་གནོན་བཅོམ་ལྡན་འདས༔ དངོས་གྲུབ་མཆོག་སྩོལ་ཟིལ་གནོན་བཅོམ་ལྡན་འདས༔ བདག་ཉིད་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ བདག་གིས་རྩེ་གཅིག་གུས་པས་ཁྱོད་བསྒྲུབས་ན༔ ཁྱོད་ཀྱི་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ དུས་ངན་སྙིགས་མའི་དུས་སུ་བདག་སྐྱེས་པས༔ བདག་གིས་བླ་མེད་བྱང་ཆུབ་བསྒྲུབ་པ་ལ༔ ལམ་ལ་བར་དུ་གཅོད་པའི་དགྲ་བགེགས་དང་༔ བདུད་དང་ལྷ་འདྲེ་ངན་སེམས་ཅན་རྣམས་ཀྱི༔ བདག་གི་ཚེ་སྲོག་ལམ་ལ་བར་གཅོད་རྣམས༔ དཔལ་ཆེན་ཟིལ་གནོན་འཁོར་དང་བཅས་པ་ཡིས༔ རང་དབང་མེད་པར་དབང་དུ་བསྡུས་ནས་ཀྱང་༔ ཐུགས་རྗེ་གཏུམ་རྔམ་ཤུགས་ཀྱིས་བསྒྲལ་ནས་ནི༔ གྲུ་གསུམ་མཐིང་ནག་འབར་བའི་ཞལ་དུ་བཏབ༔ གསུང་དབྱངས་དྲུག་ཅུ་ལྡན་པའི་མགུལ་དུ་བསྒྲིལ༔ རྣམ་དག་སྐྱེ་མེད་ཐུགས་ཀྱི་དཀྱིལ་དུ་བསྟིམ༔ སྒྲུབ་མཆོག་བདག་གི་བསམ་དོན་བྱང་ཆུབ་ལམ༔ བར་ཆད་མེད་པར་དུས་འདིར་(༡༣ན)


GLG023_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པར་མཛོད༔ བསྐུལ་ཐུང་ནི། ཧཱུཾ། གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ནས༔ གཤིན་རྗེ་མ་ཧེ་ཉི་ཟླ་པདྨའི་སྟེང་༔ ཡབ་གཅིག་ལྷ་ཡི་རྒྱལ་པོ་གཤིན་རྗེའི་གཤེད༔ སྦྱོར་བའི་ཡུམ་མཆོག་མ་མོ་ཁྲག་མིག་མ༔ སྒྲོལ་བའི་ཡུམ་མཆོག་ཨེ་ཀ་ཛ་ཏི་མ༔ ཐུགས་ཀྱི་སྤྲུལ་པ་སྒྲོལ་གིང་རྨེ་རུ་རྩེ༔ དུས་གསུམ་གཤིན་རྗེ་བཞི་དང་ཕྱོགས་སྐྱོང་བཅུ༔ གིང་བདུད་མ་མོ་མཁའ་འགྲོ་གྱད་གནོན་ལྷ༔ འཇམ་དཔལ་སྐུ་ཡི་རིགས་བརྒྱུད་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་སྐུ་བཞེངས་བདག་བྱིན་རློབས༔ ཐུགས་དམ་རྒྱུད་བསྐུལ་ཐུགས་རྗེས་དགྲ་བགེགས་སྒྲོལ༔ ཞེས་བསྟོད༔ བསྐུལ་གསུམ་ག་ཤམ་བུ་དང་བཅས་པས་ཕུལ་ཏེ། ཟོར་བསྐུལ་ནི། ལྕགས་སམ་བནྡྷའི་སྣོད་ནང་དུ༔ འབྲུ་སྣ་ལྔ་ལ་ངར་ཕྱེ་བྱས༔ དྲག་པོའི་བཤོས་བུ་ཟུར་གསུམ་བཞེངས༔ མདའ་མདུང་མཚེ་ཡུངས་རྩང་གིས་བརྒྱན༔ མྱོས་བྱེད་དུག་དང་ཁྲག་གིས་བྱུགས༔ རྩ་བར་འདོད་ཆགས་ཁྲག་མཚོ་འཁྱིལ༔ ངོས་ལ་ཞེ་སྡང་མེ་ཆེན་འབར༔ འོག་ཏུ་གཏི་མུག་མུན་པ་འཁྲིགས༔ རྩེ་མོར་མཚོན་ཆའི་བུ་ཡུག་འཚུབ༔ རྐེད་པར་གཤིན་རྗེའི་དམག་དཔུང་བསྡུས༔ གཤིན་རྗེ་རོལ་པའི་གཏོར་ཟོར་འདི༔ འཕངས་པ་གཤིན་རྗེ་ཉིད་ཀྱིས་ཕངས༔ བརྡེག་པ་དམ་ཉམས་དགྲ་ལ་བརྡེགཿ དགྲ་ཁམས་ཐལ་བའི་རྡུལ་དུ་རློག༔ རྦད་ཐུམ་རིལ་ལི་ཨེ་ཀ་ཡ་མ་དུ་རུ་ཙཀྲ་སོགས་ལ་བཟློག་བསད་མནན་པས་ཤམ་བུ་སྦྱར་བའི་མཐར་རིལ་ཤག་སྲོག་(༡༣བ)


GLG023_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་བྷྱོ་ཏྲིག་མྱགས་ཀཱ་པ་ཡེ་ཞེས་འཕང་༔ ཞེས་ཉམས་སུ་བླངས་ནས་རྟགས་མཐོང་གི་བྱ་བའི་རིམ་པའི་མཐར། དགོངས་འདུས་རྟ་ནག་གི་པདྨ་དབང་ཞེས་པ་འདོན་པ་བསྒྱུར་ནི། ལྷ་ཡི་ལྷ་མཆོག་འཇམ་དཔལ་གཤིན་རྗེའི་གཤེད༔ དུས་རྣམས་རྟག་ཏུ་ཁྲོ་རྒྱལ་ཁྱེད་བསྒྲུབས་ཏེ༔ སྲོག་གི་ཕྱིར་ཡང་ཡི་དམ་མི་སྤོང་ན༔ ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ༔ ཁྲོ་རྒྱལ་འཁོར་བཅས་ཁྱེད་ཀྱི་གཟི་བརྗིད་ཀྱིས༔ བར་གཅོད་དགྲ་བགེགས་ཚོགས་རྣམས་བསལ་ནས་ཀྱང་༔ བྱམས་པའི་ཞལ་བཟང་མངོན་སུམ་སྟོན་པ་དང་༔ སྒྲུབ་པའི་འབྲས་བུ་དུས་འདིར་སྩལ་དུ་གསོལ༔ ཡང་འབྲི་གུང་གནམ་ལྕགས་མེ་འབར་གྱིས་མཛད་པའི། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས༔ ལྷ་མཆོག་ཁྱོད་དང་སྨོན་ལམ་ལྷན་ཅིག་བཏབ༔ ད་ལྟ་ཞལ་མཐོང་ཡི་དམ་ལྷར་གསོལ་ན༔ སྙིང་པོ་བྱང་ཆུབ་མཆོག་ལ་མི་གནས་ཚེ༔ ཚེ་རབས་འཁོར་བ་གར་སྐྱེ་གར་གནས་ཀྱང་༔ རྗེས་སུ་བཟུང་ཞིག་བཅོམ་ལྡན་གཤིན་རྗེའི་གཤེད༔ དངོས་གྲུབ་སྩོལ་ཅིག་བཅོམ་ལྡན་གཤིན་རྗེའི་གཤེད༔ བར་གཅོད་སོལ་ཅིག་བཅོམ་ལྡན་གཤིན་རྗེའི་གཤེད༔ དགྲ་བགེགས་སྒྲོལ་ཅིག་བཅོམ་ལྡན་གཤིན་རྗེའི་གཤེད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ གཞན་ཡང་ཁོ་བོས་ཞི་བའི་སྦྱིན་སྲེག་ཏུ་བརྩམས་པ་འདོན་པ་བསྒྱུར་བ་འདི་ལྟར། མཁྱེན་བརྩེ་ནུས་མངའ་འཇམ་དཔལ་དཔའ་བོ་ཡི། །བསྟན་པ་རྒྱས་དང་དེ་འཛིན་ཚོགས་རྣམས་ཀྱི། །སྐུ་ཚེ་ཕྲིན་ལས་སྐྱེ་རྒུའི་བདེ་སྐྱིད་ལ། །བར་དུ་གཅོད་པ་ཐམས་ཅད་བཟློག་ཏུ་གསོལ། ཁྱད་པར་(༡༤ན)


GLG023_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་བདག་ཅག་དཔོན་སློབ་དང་། །ཡོན་མཆོད་འཁོར་དང་བཅས་པ་མ་ལུས་པའི། །སྔོན་ལས་ཕྲལ་རྐྱེན་ལས་བྱུང་དགྲ་བགེགས་གདོན། །ནད་རིམས་དབུལ་འཕོངས་འཐབ་རྩོད་བཟློག་ཏུ་གསོལ། །ཕྱི་ནང་དྲང་སྲོང་དམོད་པ་མཐུ་བྱད་དང་། །བྱུར་དང་སྐལ་ངན་མི་ཤིས་དུས་མིན་འཆི། །ཀེག་སྲི་ལངས་སོགས་ཆགས་ཆེ་ཉམ་ང་བའི། །འགལ་རྐྱེན་བར་གཅོད་ཐམས་ཅད་བཟློག་ཏུ་གསོལ། །ཕྲིན་ལས་ལྷག་ཆད་དམ་རྫས་མ་ཚང་ཉམས། །བསྙེན་སྒྲུབ་གཡེལ་ཞིང་དུས་ཀྱི་མཆོད་པ་ཆག །ཏིང་འཛིན་མི་གསལ་གསང་སྔགས་སྒྲ་ཉམས་སོགས། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་བཟློག་ཏུ་གསོལ། །ཚེ་དཔལ་སྟོབས་འབྱོར་དབང་ཕྱུག་ཕུན་སུམ་ཚོགས། །ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་སོགས། །འཁོར་འདས་དངོས་གྲུབ་ཀུན་དང་ཁྱད་པར་དུ། །འཇམ་མགོན་ཀུན་བཟང་ཚེ་འདིར་མངོན་གྱུར་མཛོད། །ཅེས་འདོད་གསོལ་སྨོན་ལམ་བྱ། །དབྱངས་གསལ་ཡིག་བརྒྱ་བཟླ་ཞིང་ངག་འགྲོལ། ཚོགས་མཆོད་བཾ་བསྐང་དཀྱུས་ལྟར་བྱ། དེ་རྗེས་ཐོག་ནས་ཟོར་ལམ་དབྱེ། གཏོར་མ་ཁ་ཕྱིར་བསྒྱུར་ཏེ་གསོ་དགུག་སྦྲན་བརླབ་བྱ་ཞིང་ཐུན་གཏོར་ལྟར་བསྔོ། བསྟོད་རིང་གིས་བསྐུལ་ནས་ཕྱིར་སྤགས། བཟློག་གཞུང་ནི། ཧཱུཾ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ སོགས་གཙོ་བོའི་ལས་བཅོལ་གཞུང་བཞིན་གྱི་རྗེས་སུ། དེ་ཡི་འཁོར་དུ་ཡུམ་ཆེན་ཁྲག་མིག་མ། །ཡ་མ་རཱ་ཛ་འཆི་བདག་སྲོག་གི་བདག །ལས་གཤིན་རལ་པ་ཚར་དགུར་བཅས་པ་ལ། །དགྲ་(༡༤བ)


GLG023_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་བསྒྲལ་བའི་ཤ་རུས་ཞལ་དུ་སྟོབ། །བྱད་དང་རྦད་གཏོང་མ་ལུས་བཟློག་ཏུ་གསོལ། །གཤིན་རྗེ་ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་ཚོགས། །ཞེས་སོགས་དང་། ད་ནི་བཟློག་པའི་དུས་ལ་བབ་ནས་མ་ཧཱ་དེ་ཝ་མུ་སྟེགས་གདོན༔ བདེན་པའི་སྟོབས་ཀྱིས་བཟློག་ཏུ་གསོལ༔གྱི་བར་དཀྱུས་ལྟར་ལ། ཡུམ་ཆེན་ཟ་བྱེད་པེ་ཏ་ལི༔ ཞེས་པ་ཁྲག་མིག་མ་དང་། གྱད་གནོན་སྤྲུལ་པའི་ལྷ་བརྒྱད་ཅེས་པ་སྲས་མཆོག་སྤྲུལ་པ་རྣམ་གཉིས་ཞེས་པར་བསྒྱུར། རབས་བགྲང་བ་ནི། བྷྱོ། སྔོན་ཚེ་བཟློག་པ་གང་ནས་བྱུང་ཿ བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ལ༔ ལྷ་སྦྱིན་བདུད་ཀྱི་བར་གཅོད་བྱུང་༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཡིས༔ དམར་ཆེན་ཁྲག་གི་ཟོར་བརྒྱབ་པས༔ ལྷ་སྦྱིན་ངན་པ་ཁྲག་ཏུ་བསྐྱུགས༔ བདུད་ཀྱི་དམག་དཔུང་བརྒྱལ་ཞིང་བོག༔ བར་དུ་བཟློག་པ་གང་ནས་བྱུང་༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ མུ་སྟེགས་ངན་པའི་ཆད་པ་བྱུང་༔ གནུབས་བན་སངས་རྒྱས་ཡེ་ཤེས་ཀྱིས༔ དམར་ཆེན་ཁྲག་གི་ཟོར་བརྒྱབ་པས༔ མུ་སྟེགས་ངན་པ་རྩད་ནས་བཅད༔ ཐ་མར་བཟློག་པ་གང་ནས་བྱུང་༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ དགྲ་བགེགས་བྱད་དང་རྦོད་གཏོང་བྱུང་༔ རིགས་འཛིན་སྔགས་འཆང་བདག་ཉིད་ཀྱིས༔ ཕྱག་རྒྱ་ཟིལ་གནོན་ཏིང་འཛིན་དང་༔ སྲུང་བཟློག་བསད་མནན་སྦྱོར་བ་ཡིས༔ དགྲ་བོའི་རྦོད་གཏོང་རང་གཤེད་འབེབས༔ བགེགས་ཀྱི་སྦྱོར་བ་རྒྱུན་གཅོད་ཅིང་༔ ལྟས་ངན་དམིགས་ཀྱིས་བསལ་(༡༥ན)


GLG023_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟློག༔ ཧཱུཾ་བྷྱོ༔ འཇའ་འཁྱིལ་ལྷ་ཡི་ལྟས་ངན་ཡིན༔ སོགས་གཞུང་ལྟར་གྱེར། གཤེགས་སྐྱེམས་སུ་གཏོར་མ་གོང་ལྟར་འབུལ། འཕེན་སར་དྲག་བསྐུལ་ཟོར་བསྐུལ་དང་བཅས་ཏེ་གསུང་རྒྱུན་མན་ངག་ལྟར་འཕང་། མེ་དགྲ་ཆུས་བསད། བྲོ། སྐོར་བ། ལ་གུ་སོགས་ཕྱག་ལེན་བཞིན་བྱ༔ མདོར་ཆད་མཐོ་བྱ་ཞིང་བསྟན་མ་སྐྱོང་། ནང་དུ་ལོག་སྟེ་ཚེ་འགུགས། གཏང་རག་གིས་མཆོད། གཤིན་རྗེའི་གཤེད་གྱི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། བཟོད་གསོལ་ནི། ཡི་དམ་ལྷ་མཆོག་ཟིལ་གནོན་འཁོར་བཅས་ཀྱི། །བསྙེན་སྒྲུབ་འཕྲིན་ལས་གཞུང་བཞིན་བགྱིས་པ་ལ། །བདག་ཅག་མ་རིག་ལོག་རྟོག་དབང་སོང་ནས། །འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལ། །ཉེར་བསྡུ་ནི། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་སྲུང་འཁོར་རྣམས། །མཐའ་ནས་རིམ་བསྡུས་ལྷ་ཚོགས་རྣམས་ལ་ཐིམ། །འཁོར་རྣམས་གཙོ་བོ་དེ་ཡང་བསྲུང་བྱར་བསྟིམ། །བསྲུང་བྱ་ཧཱུཾ་ལ་ཐིམ་ཞིང་དེ་ཐིག་ལེ། །དེ་ཡང་རང་གི་མིང་ཡིག་དང་པོར་ཐིམ། །འཇའ་ལྟར་ཡལ་ཏེ་ཀ་ནས་དག་པའི་ངང་། །སྟོང་པའི་རང་མདངས་འགག་མེད་གཤིན་རྗེའི་གཤེད། །ཞལ་གཅིག་ཕྱག་གཉིས་རྣམ་པར་གསལ་བར་གྱུར། །སྲུང་སྔགས་བརྗོད། སྨོན་ལམ་ཤིས་བརྗོད་བྱའོ། །དེ་ལྟར་རྒྱ་བལ་པཎ་གྲུབ་ཞལ་གྱི་ལུང་། །བོད་ཡུལ་དྲག་སྔགས་བདག་པོ་གནུབས་ཀྱི་ལུགས། །རོང་པ་རྒྱ་ཡི་ཟབ་གཏེར་མེའི་སྤུ་གྲི། །བདུད་སྡེའི་སྙིང་ག་འབིགས་པ་རྡོ་རྗེའི་ཐོག །ཚུལ་(༡༥བ)


GLG023_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མིང་ཙམ་འཛིན་པའི་རིག་སྔགས་འཆང་། །བོད་ཡུལ་ཁ་བའི་ལྗོངས་སུ་ཆེས་མང་ཡང་། །རྒྱུད་ལྡན་ཞལ་གྱི་དྲོད་རླངས་མ་ཉམས་པ། །ཐོབ་པའི་སྐལ་བཟང་ཉིན་མོའི་སྐར་མ་བཞིན། །འོན་ཏེ་ལྷ་གཅིག་སྲས་པོ་མུ་ཏིག་བཙན། །སྒྱུ་འཕྲུལ་རོལ་གར་གནམ་ལྕགས་མེ་འབར་གྱི། །ལུགས་སྲོལ་འཁྲུལ་མེད་འཛིན་པའི་ཡོངས་འཛིན་རྣམས། །བསྟེན་པས་ཆོས་ཚུལ་འདི་ལ་ངེས་པ་རྙེད། །གཏེར་གཞུང་ཡིག་རྙིང་ཕལ་ཆེར་རང་སོར་བཞག །ཚིག་ལྷུག་ལེགས་བཅད་འཕྲི་བསྣན་བརྗོད་པ་བདེ། །གབ་དཀྲུགས་འཐོར་བསྡེབས་ཉམས་ལེན་གསལ་འདྲིལ་བས། །ལམ་འདིར་མོས་ལྡན་རྣམས་ཀྱི་སྙིང་ནོར་ཡིན། །ཕྱིས་འགྱུར་ཕྱག་བཞི་མགོན་དང་དྲུག་ཅུ་པར། །བཀའ་བརྒྱད་རྫས་ཚིག་བཅའ་གཞིའི་བསྲེ་བསླད་ཅན། །ཆོས་ལུགས་མུ་ཏོའི་ཕྱེ་ལ་སྙན་བརྒྱུད་ཅེས། །ཐབས་ཀྱིས་གཞན་བློ་འདྲིད་པའི་དོ་ཟླ་མིན། །ཚུལ་འདི་འཁྲུལ་མེད་ངེས་པར་ཉམས་བླངས་ན། །མི་བསྲུན་བསམ་སྦྱོར་འཆང་བའི་དགྲ་བགེགས་རྣམས། །དང་པོའི་སངས་རྒྱས་འཇམ་དཔལ་ཞིང་ཁམས་སུ། །མངོན་སུམ་འདྲེན་པའི་ཉམས་མྱོང་གདེངས་ཚད་བདོག །དགེ་དེས་ཕྱག་རྒྱ་ཟིལ་གྱིས་གནོན་པའི་མཚོན། །གདེངས་པས་མ་རིག་འཁྲུལ་པའི་རྒྱ་དྲལ་ནས། །འགྲོ་ཀུན་རང་སེམས་དོན་གྱི་གཤིན་རྗེའི་གཤེད། ཁྲག་འཐུང་གདོད་མའི་མགོན་པོ་མངོན་འགྱུར་ཤོག །ཅེས་ཡང་བཟློག་མེའི་སྤུ་གྲིའི་ལས་བྱང་རྡོ་རྗེའི་ཐོག་མདའ་འདི་ནི་སྔོན་ནས་བསྒྲིགས་པའི་འཕྲིན་ལས་དེ་ཤིན་ཏུ་ཉུང་བ་ལ་དགའ་བའི་དབང་དུ་བྱས་པས་བརྗོད་དོན་མི་གསལ་(༡༦ན)


GLG023_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མ་ཚང་བས་ལག་ལེན་དུ་འདེབས་དཀའ་བ་ནས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཉམས་ལེན་དུ་གལ་པོ་ཆེར་མཐོང་བས་རིང་ནས་བསྒྲིག་པའི་འདུན་པ་ཡོད་ཀྱང་རྣམ་གཡེང་གི་འཁོལ་བོར་ལུས་ཏེ་རེ་ཞིག་འགྱངས་པ། ཉེ་ཆར་སྤང་སྟོན་སྔགས་འཆང་བློ་བཟང་ངག་དབང་སོགས་དོན་གཉེར་ཅན་འགས་བསྐུལ་བས་མཚམས་སྦྱར་ཏེ་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་སོགས་དམ་པ་དུ་མའི་དྲུང་དུ་གཤེད་སྐོར་འདི་ཉིད་ཀྱི་དབང་ལུང་མན་ངག་རྣམས་འབད་པས་ནོས་ཤིང་ཤིན་ཏུ་ཟབ་ཅིང་སྦས་པའི་སྙན་བརྒྱུད་ཀྱི་ཕྱག་ལེན་དམར་འཁྲིད་རྣམས་ལྷ་སྲས་རྣམ་སྤྲུལ་དབུར་སྨྱོན་ཆོས་ཀྱི་གྲགས་པའི་དྲུང་དུ་ཞུན་ཐར་བཅད་པ་ལ་བརྟེན་ནས་གདེངས་ཚད་རྙེད་པ་ཟ་ཧོར་གྱི་རིགས་ལས་སྔགས་པ་ནག་པོ་ཟིལ་གནོན་དྲག་པོ་རྩལ་གྱིས་ཤིང་སྦྲུལ་གྲོ་བཞིན་ཟླ་བའི་ཐབས་ཀྱི་ཆའི་དགའ་བ་གཉིས་པའི་ཚེས་ལ་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་གསར་འཇམ་དབྱངས་སོ། །སརྦ་མངྒ་ལཾ།།

ཡང་བཟློག


GLG023_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཡང་བཟློག་བཞུགས་སོ། །


GLG023_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲཾ་རཏྣ་མཎྜ་ལ། པཾ་པདྨ་མཎྜ་ལ། ཨ་ཙནྡྲ་ལ། མ་སཱུཪྻ་མཎྜ་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཆོས་སྐུ་སྤྲོས་བྲལ་མཁའ་དབྱིངས་ལས་ལོངས་སྤྲུལ་གྱི་འཇམ་དཔལ་ཞི་ཁྲོ་རིགས་ལྔ་སྤྲུལ་འཁོར་བྱེ་བ་ས་ཡ་ལས་བྱེད་ཕོ་ཉ་ལས་གཤིན་སྡེ་བརྒྱད་དང་བཅས་པ་གློག་ལྟར་མྱུར་པའི་རྫུ་འཕྲུལ་གྱིས་ཐོགས་པ་མེད་པར་མདུན་གྱི་ནམ་མཁར་ཨཱོཾ་བཛྲ་ས་མཱ་ཛཿས་མ་ཡ་ཏིཥྛ་ལྷན། ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿཧཱུཾ་མཁའ་དབྱིངས་ཀུན་ཏུ་བཟང་པོའི་ངང་། །རང་སྣང་ཀུན་བཟང་རོལ་པའི་སྤྲིན། །ཕྱི་ནང་གསང་བའི་མཆོད་པའི་ཚོགས། །གཉིས་མེད་ངང་ནས་རྒྱ་ཆེར་འབུལ། །འཇམ་དཔལ་གཤིན་རྗེ་འཁོར་བཅས་ལ། །དྲོད་རླངས་མ་ཡལ་དབང་པོ་ལ། ཤ་ཆེན་བསྲེགས་དུད་སྤྲིན་ལྟར་འཁྲིགས། །རྐང་ཚིལ་ཞུན་ཆེན་སྒྲོན་མེ་གསལ། ཁྲག་ཞག་མཁྲིས་པ་ཆལ་ཆིལ་འཁྲུག །ཕྱི་ནང་ཤ་ཚིལ་རུས་པའི་གཤོས། །དུང་ཆེན་རྔ་དང་རྐང་གླིང་འབུད། །བདུད་རྩི་སྨན་དང་དམར་ཆེན་ཁྲག །དམ་རྫས་གཏོར་མ་སྤྱན་གཟིགས་འབུལ། །གཟུགས་ཅན་དགྲ་བོ་བཅོམས་པ་དང་། །གཟུགས་མེད་བགེགས་དཔུང་བཅིལ་བ་དང་། །ཅི་བསམ་ལྷུན་གྱིས་གྲུབ་པ་ཡི། །སྔར་བཅོལ་ལེགས་པའི་གཏང་རག་དང་། །སླད་ནས་ལས་འཆོལ་དོན་ཆེད་དུ། །འཇམ་དཔལ་གཤིན་རྗེ་འཁོར་བཅས་ལ། །འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །རྒྱུ་སྦྱོར་སྦྱིན་བདག་སྒོ་གསུམ་ལ། །སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ། །སྡེ་བཞིའི་སྒོ་བརྒྱ་ཕྱོགས་(༡བ)


GLG023_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ། །འབྱེད་པའི་རྨད་བྱུང་དངོས་གྲུབ་སྩོལ། །བར་གཅོད་དགྲ་བགེགས་མི་མཐུན་ཕྱོགས། །སྲུང་བཟློག་མནན་པའི་འཕྲིན་ལས་མཛོད། །སྔོན་ལས་འཕྲལ་རྐྱེན་ནད་མུག་སོགས། །རབ་གཞིལ་རྣམ་བཞིའི་ལས་ཀུན་སྒྲུབས། །ཨཱོཾ་མཉྫུ་ཤྲི་ཡ་མནྟ་ཀ་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏཱིཙྪ་སཱཏཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། མཧཱ་མཾ་ས་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་ཙིཏྟ་ཁ་རཾ་ཁཱ་ཧི། མ་ཧཱ་བྷ་སུ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁ་རཾ་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏི་ཁ་རཾ་ཁཱ་ཧི། ཨྱེ། ཆོས་སྐུ་སྐྱེ་བ་མེད་པ་ལས། །སྤྲོས་བྲལ་བདེ་ཆེན་དག་པའི་སྐུ། །རང་བཞིན་གཉིས་མེད་དག་པའི་གསུང་། །མ་བསྒྲིབས་དོན་དམ་རྫོགས་པའི་ཐུགས། །འགྲན་ཟླ་ཀུན་བྲལ་ཡོན་ཏན་ལྡན། །འགྲོ་ཀུན་དོན་མཛད་འཕྲིན་ལས་སོགས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱིས། །སེམས་ཅན་དོན་མཛད་གཤིན་རྗེ་གཤེད། །ཡབ་ཡུམ་སྲས་འཁོར་བཅས་ལ་བསྟོད། །ཅེས་པའང་མེ་སྟག་གྲོ་ཞུན་ཟླ་བའི་བཟང་པོ་གསུམ་པ་ནས་ཉིན་ལྔ་གཏང་རག་བཏང་སྐབས་ལོག་ཏྲི་ཡང་བཟློག་ཏུ་ཚིག་ཟུར་བསྒྱུར་མི་བདེ་ཟེར་བ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །


GLG023_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཟློག །ཏྲཾ་རཏྣ་མཎྜ་ལ། པཾ་པདྨ་མཎྜ་ལ། ཨ་ཙནྡྲ་ལ། མ་སཱུཪྻ་མཎྜ་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཆོས་སྐུ་སྤྲོས་བྲལ་མཁའ་དབྱིངས་ལས་ལོངས་སྤྲུལ་གྱི་འཇམ་དཔལ་ཞི་ཁྲོ་རིགས་ལྔ་སྤྲུལ་འཁོར་བྱེ་བ་ས་ཡ་ལས་བྱེད་ཕོ་ཉ་ལས་གཤིན་སྡེ་བརྒྱད་དང་བཅས་པ་གློག་ལྟར་མྱུར་པའི་རྫུ་འཕྲུལ་གྱིས་ཐོགས་པ་མེད་པར་མདུན་གྱི་ནམ་མཁར་ཨཱོཾ་བཛྲ་ས་མཱ་ཛཿས་མ་ཡ་ཏིཥྛ་ལྷན། ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿཧཱུཾ་མཁའ་དབྱིངས་ཀུན་ཏུ་བཟང་པོའི་ངང་། །རང་སྣང་ཀུན་བཟང་རོལ་པའི་སྤྲིན། །ཕྱི་ནང་གསང་བའི་མཆོད་པའི་ཚོགས། །གཉིས་མེད་ངང་ནས་རྒྱ་ཆེར་འབུལ། །འཇམ་དཔལ་གཤིན་རྗེ་འཁོར་བཅས་ལ། །དྲོད་རླངས་མ་ཡལ་དབང་པོ་ལ། ཤ་ཆེན་བསྲེགས་དུད་སྤྲིན་ལྟར་འཁྲིགས། །རྐང་ཚིལ་ཞུན་ཆེན་སྒྲོན་མེ་གསལ། ཁྲག་ཞག་མཁྲིས་པ་ཆལ་ཆིལ་འཁྲུག །ཕྱི་ནང་ཤ་ཚིལ་རུས་པའི་གཤོས། །དུང་ཆེན་རྔ་དང་རྐང་གླིང་འབུད། །བདུད་རྩི་སྨན་དང་དམར་ཆེན་ཁྲག །དམ་རྫས་གཏོར་མ་སྤྱན་གཟིགས་འབུལ། །གཟུགས་ཅན་དགྲ་བོ་བཅོམས་པ་དང་། །གཟུགས་མེད་བགེགས་དཔུང་བཅིལ་བ་དང་། །ཅི་བསམ་ལྷུན་གྱིས་གྲུབ་པ་ཡི། །སྔར་བཅོལ་ལེགས་པའི་གཏང་རག་དང་། །སླད་ནས་ལས་འཆོལ་དོན་ཆེད་དུ། །འཇམ་དཔལ་གཤིན་རྗེ་འཁོར་བཅས་ལ། །འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །རྒྱུ་སྦྱོར་སྦྱིན་བདག་སྒོ་གསུམ་ལ། །སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ། །སྡེ་བཞིའི་སྒོ་བརྒྱ་ཕྱོགས་(༡བ)


GLG023_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ། །འབྱེད་པའི་རྨད་བྱུང་དངོས་གྲུབ་སྩོལ། །བར་གཅོད་དགྲ་བགེགས་མི་མཐུན་ཕྱོགས། །སྲུང་བཟློག་མནན་པའི་འཕྲིན་ལས་མཛོད། །སྔོན་ལས་འཕྲལ་རྐྱེན་ནད་མུག་སོགས། །རབ་གཞིལ་རྣམ་བཞིའི་ལས་ཀུན་སྒྲུབས། །ཨཱོཾ་མཉྫུ་ཤྲི་ཡ་མནྟ་ཀ་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏཱིཙྪ་སཱཏཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། མཧཱ་མཾ་ས་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་ཙིཏྟ་ཁ་རཾ་ཁཱ་ཧི། མ་ཧཱ་བྷ་སུ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁ་རཾ་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏི་ཁ་རཾ་ཁཱ་ཧི། ཨྱེ། ཆོས་སྐུ་སྐྱེ་བ་མེད་པ་ལས། །སྤྲོས་བྲལ་བདེ་ཆེན་དག་པའི་སྐུ། །རང་བཞིན་གཉིས་མེད་དག་པའི་གསུང་། །མ་བསྒྲིབས་དོན་དམ་རྫོགས་པའི་ཐུགས། །འགྲན་ཟླ་ཀུན་བྲལ་ཡོན་ཏན་ལྡན། །འགྲོ་ཀུན་དོན་མཛད་འཕྲིན་ལས་སོགས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱིས། །སེམས་ཅན་དོན་མཛད་གཤིན་རྗེ་གཤེད། །ཡབ་ཡུམ་སྲས་འཁོར་བཅས་ལ་བསྟོད། །ཅེས་པའང་མེ་སྟག་གྲོ་ཞུན་ཟླ་བའི་བཟང་པོ་གསུམ་པ་ནས་ཉིན་ལྔ་གཏང་རག་བཏང་སྐབས་ལོག་ཏྲི་ཡང་བཟློག་ཏུ་ཚིག་ཟུར་བསྒྱུར་མི་བདེ་ཟེར་བ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །

ཡང་བཟློག་ནག་པོ་མེའི་སྤུ་གྲིའི་དྲག་པོའི་སྦྱིན་སྲེག་དུས་ཀྱི་བྱིན་ཟའི་ཕུང་པོ།


GLG023_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཟློག་ནག་པོ་མེའི་སྤུ་གྲིའི་དྲག་པོའི་སྦྱིན་སྲེག་དུས་ཀྱི་བྱིན་ཟའི་ཕུང་པོ་བཞུགས་སོ། །


GLG023_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་མཚན་ཐོས་པའི་མོད་ལ་མི་སྲུན་སྙིང་། །ཅིག་ཅར་འགས་ན་གར་དགུའི་ཉམས་འགྱུར་ཙམ། །བསྟན་པས་ནག་ཕྱོགས་དྲུང་འབྱིན་ཚེ་བདག་དངོས། །དྲིན་ཅན་བླ་མའི་ཞབས་པད་ལ་བཏུད་ནས། །སྒྲིབ་གཉིས་བག་ཆགས་བཅས་ལ་ཞེ་སྡང་བས། །རབ་ཁྲོས་གནམ་ས་ལྟར་བགྲད་ཞལ་ནང་དུ། །དགྲ་བགེགས་འདེབས་བྱེད་ཡེ་ཤེས་རང་འབར་བ། །དུས་ཀྱི་བྱིན་ཟའི་ཕུང་པོའི་རྗེས་བསྙེག་ཚེ། །གཞན་འཕྲུལ་བདག་པོའི་ཡིད་ཁོང་ཆུད་པའི་བཞིན། །ཐུར་ཕབ་མྱ་ངན་ཁང་བུར་བརྒྱལ་བྱེད་ན། །རྦོད་གཏོང་དམོད་པའི་སྦྱོར་ངན་ཕྱེ་མ་ལེབ། །མིང་གི་ལྷག་མར་འགྱུར་བས་བག་ཡོད་བྱོས། །ཡང་བཟློག་ནག་པོ་མེའི་སྤུ་གྲིའི་ལས་ཀྱི་མཐའ་སྡུད་གདུག་པ་མེའི་སྦྱོར་བ་ལ་བརྟེན་ནས། བཟློག་བསད་ཀྱི་སྒྲུབ་མཇུག་འཁོར་ལོ་དང་ལིངྒ་བསྲེགས་ཏེ་བསད་པའི་ལས་མཐར་ཐུག་པ་སྒྲུབ་པ་དང་གཞན་ཡང་དགྲ་བགེགས་གློ་བུར་དུ་སྒྲོལ་བ། གདུག་པ་ཅན་ཐུག་ཕྲད་དུ་གསོད་པ། འོག་གདོན་གྱི་འཚེ་བ། ནད་པ་དང་སྲེའུ་ལ་གནོད་པའི་གདོན། རྒྱལ་འགོང་གི་སྨྱོ་འབོག་སོགས་(༢ན)


GLG023_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

མི་དང་མི་མ་ཡིན་གྱི་གནོད་པ་བཟློག་བསད་བཙན་ཐབས་སུ་བསྒྲུབ་པའི་རིམ་པ་རྣམས་ལས་སྒྲུབ་མཇུག་མིན་པའི་གློ་བུར་དུ་བྱ་བ་ཡིན་ན་ལོ་ཟླ་ཞག་དུས་ཚོད་རྩུབ་ཅིང་གཟའ་སྐར་སྦྱོར་བྱེད་ངན་པ་སོགས་དང་བསྟུན་ཏེ་དུར་ཁྲོད་དམ་ལྷ་འདྲེ་དྲག་པོ་གནས་པ་ལྟ་བུའི་ས་མ་དུལ་བར་བྱེད་ན་གནུབས་ཡེ་ཤེས་རྒྱ་མཚོས་མཛད་པའི་དབང་མཆོག་ལས་བྱུང་བའི་ས་ཆོག་དང་། གནས་ཁང་རྙིང་པ་ལྟ་བུར་མ་བྱས་ཀྱང་མི་འགལ་ལ། འོན་ཀྱང་དབང་ཆོག་ངེས་དོན་བདེ་འཇུག་ལས་གསུངས་པའི་སྔོན་འགྲོ་གཏོར་མ་དང་གཞན་ཡང་བསངས་དང་གསེར་སྐྱེམས་སོགས་ཀྱིས་སྡེ་བརྒྱད་ཆ་སྙོམས་ལས་སྦྱོར་གྱི་སྒྲུབ་མཇུག་དང་འབྲེལ་ན་བཤད་མ་ཐག་པ་རྣམས་བཏང་སྙོམས་སུ་བཞག་སྟེ། དེའང་སློབ་དཔོན་གཙུག་ལག་དཔལ་དགེས་མཛད་པའི་གནུབས་ལུགས་ཀྱི་སྦྱིན་སྲེག་གཏེར་གཞུང་ལས། ཐོག་མར་ལྷོ་ཕྱོགས་ཁ་བལྟས་པའི༔ ས་གཞི་ནག་དང་ས་རྩུབ་སར༔ དྲག་པོའི་ཐབ་ཁུང་བརྩིག་པར་བྱ༔ ས་གསུམ་མཁར་གོང་ཆུ་གསུམ་ལ༔ མཎྜལ་ཁྲུ་གང་དཔངས་སུ་བརྩིག༔ ཅེས་སོགས་འབྱུང་བ་(༢བ)


GLG023_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མཁར་གོང་སྲིན་ཅན་དང་སྦྱར་བའི་ས་གསུམ་ཆུ་གསུམ་གྱིས་སྦྲུས་པའི་སྟེགས་བུ་རྩེ་མོ་ལྷོར་བསྟན་པའི་དབུས་སུ། མ་ཏྲཾ་མགོ་བྱང་དུ་བསྟན་པའི་ལྟོ་བར་ཐབ་མན་ངག་ལྟར་བྲིས་པའི་སྟེང་དུ། དྲག་པོའི་ཧོམ་ཤིང་དུག་ཁྲག་གིས་སྦགས་པ་ཟུར་གསུམ་རྒྱར་སོར་ཉི་ཤུ་དཔངས་སུ་སོར་གཅིག་གིས་དམན་པ་བརྩིགས། དབུས་སུ་མེ་ཚད་དང་ཏིང་ལོ་སོགས་ཕྱག་ལེན་ལྟར་བཅའ། མེ་ལྕེས་མི་སླེབས་པའི་སར་གཅོད་པ་ནམ་མཁའི་འཁོར་ལོ་དགྲམ། གངས་རི་དང་ས་བོན་བྲིས་པའི་མེ་ཡོལ་བཅའ། མེ་སྲོག་འཛིན་པའི་རྫས་ནི་གོང་དུ་བཤད་པའི་ཤིང་གི་རྒྱུ་ལ་ཡམ་ཤིང་སྦོམ་ཕྲ་མཐེའུ་ཆུང་ཙམ་སྲིད་དུ་སོར་བཅུ་པ་དྲག་པོའི་རྩང་གི་དབྱིབས་ཅན་མིའི་རྒྱུ་མའམ་རྒྱུས་པས་དཀྲིས་ཤིང་ཞུན་ཆེན་དང་དུག་ཁྲག་གིས་སྦགས་པ། ཆིལ་ཞུན་གསུམ་དང་བསྲེས་པའི་མར་ནག །དྲག་པོའི་རྫས། གནད་ཀྱི་རྫས། ནད་བསྐྱེད་པའི་རྫས། དུག་གསུམ་ལས་སྦྱོར་གྱི་རྫས། རྦོད་གཏོང་བཟློག་ཅིང་ཚ་བ་བསྐྱེད་པའི་རྫས། མྱོས་བྱེད་ཀྱི་རྫས། གསོད་བྱེད་ཀྱི་རྫས་རྣམས་ཐོད་ངན་གྱི་སྣོད་དུ་གཏམས་ཏེ་རོ་རས་སམ་འཕུང་རེ་གང་རུང་གི་སྟེང་དུ་མ་འཁྲུགས་པར་མེ་ལྟར་འབུལ་རྒྱུ་ཉུང་ཟད་ཅིག་དང་བཅས་པའི་ཚར་གཉིས་གཡས་སུ་དགོད། གཡོན་ངོས་སུ་ཆུ་གཉིས་སྔོན་འགྲོའི་ཕྱིའི་ཉེར་སྤྱོད། ཁྱད་པར་དུག་ཆང་གཉིས་དང་སྦྱར་བའི་ཁྲག་གི་ཨརྒྷཾ་དང་ཞབས་བསིལ། དབང་པོ་ལྔའི་མེ་ཏོག །ཤ་ཆེན་དང་གུ་གུལ་སྦྱར་བའི་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་ཆེན་ཆང་དང་སྦྱར་བའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། རྐང་གླིང་སོགས་རོལ་མོ། །དམར་(༣ན)


GLG023_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཤ་ཁྲག་གིས་བརྒྱན་པ་རྣམས་འདས་མ་འདས་གཉིས་སོ་སོར་བཤམས། མདུན་གྱི་གཡོན་ངོས་སུ་སྨན་རཀ །དགང་བླུགས་ཁ་སྦྱར། ལས་བུམ། ཐོད་རྔ། རྡོར་དྲིལ། འབྲུ་ནག་གི་མེ་ཏོག །རོ་རས་སམ་མི་ལྤགས་ཀྱི་རླུང་གཡབ། རོ་སྐྲ་བརྒྱད། འཕུང་རེའམ་ཞིང་ལྤགས་ཀྱི་གོས་ཟུང་། དྲག་པོའི་སོ་རྩི་དང་། གཡས་ངོས་སུ་རྩ་བའ་ིརྫས་འཁོར་ལོ་ལིངྒ་འཕུང་རེས་ཁ་བཀང་སྟེ་བཤམ་མོ། །དེ་ནས་སྒྲུབ་པ་པོ་གོས་ནག་གམ་མི་ལྤགས་ཀྱི་གཡང་གཞི་གྱོན། ཐོད་ནག་བཅིངས། གདོང་ལ་མེ་ལོང་བཏགས། རཀྴའི་ཕྲེང་བ་སེ་རལ་ཁར་བྱས། ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་སོར་རིས་རྣམས་ཀྱིས་སྦགས། ངག་བཅད། ཞིང་ལྤགས་སམ་བསྒྲུབ་བྱའི་གཟུགས་ཀྱི་སྙིང་གར་གཡོན་བརྐྱང་གིས་འཁོད། སྔོན་དུ་ལས་བྱང་གྱེར་མ་ཟིན་ན་འཕྲིན་ལས་ཀྱིས་གཞུང་བསྲངས་ཏེ་ཚོགས་ལས་ཡན་བྱ། གློ་བུར་གྱི་ལས་ཡིན་ན་ལིངྒ་རྣམས་ལ་གསེར་སྐྱེམས་ནས་བཟུང་གཏུན་དུ་བརྡུང་བའི་བར་གྱིས་གདབ་ལས་རྒྱས་པར་བྱེད། རྡོར་དྲིལ་བཅངས་ཏེ་དེ་ཉིད་དང་རྔ་བྱིན་རླབས་བཀའ་བརྒྱད་ཡོངས་རྫོགས་ཀྱི་ལས་བྱང་ལྷན་ཐབས་ལྟར་དང་། དགང་བླུགས་བརླབ་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། བྱིན་རླབས་རྣམས་འོད་ཟེར་གྱི་ཚུལ་དུ་བཀུག་སྟེ་གཟར་བུ་གཉིས་ལ་ཐིམ། དེ་ཞུ་བ་ལས་ཧཱུཾ་ལས་བླུགས་གཟར་རྡོ་རྗེ་དང་ཨ་ལས་དགང་གཟར་དྲིལ་བུའི་རྣམ་པ་ཅན་ཡོངས་སུ་གྱུར་པ་ལས་ཕྱག་རྒྱ་གཅིག་པའི་ཚེ་བདག་ནག་པོ་རྡོ་རྗེ་ཞགས་(༣བ)


GLG023_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྣམས་པ་དང་གསོད་བྱེད་མ་སྔོ་ནག་ཙིཏྟ་བྷན་དམར་འཛིན་པ་སྙོམ་པར་ཞུགས་པའི་རྐྱེན་གྱིས་འོད་དུ་ཞུ་ནས་བླུགས་གཟར་དང་དགང་གཟར་གྱི་རྣམ་པར་བསམ། ལས་བུམ་ནི་སེ་སྟོན་ཆེན་པོས་མཛད་པའི་དབང་ཆོག་ངེས་དོན་བདེ་འཇུག་ཏུ་རྒྱས་བསྡུས་གཉིས་འབྱུང་བ་ལས་སྐབས་འདིར་བསང་ཆུའི་དོད་ཙམ་ལ་བསྡུས་པའི་ལུགས་ནི། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་དང་ལས་བྷྲུཾ་ལས་བྱུང་བའི་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཨ་དཀར་པོ་ཤེལ་དཀར་ལྟར་འཚེར་བ་དེ་ལས་འོད་ཟེར་འཕྲོས་འོག་མིན་ནས་བདེ་བར་གཤེགས་པ་ཞི་ཁྲོ་རབ་འབྱམས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདུད་རྩིའི་རྣམ་པར་བསྡུས་ཏེ་བུམ་ཆུ་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩི་སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དག་པར་བྱེད་པའི་ནུས་པ་དང་ལྡན་པར་བསམས་ལ་ཨཱོཾ་ཨཱཿཧཱུཾ་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླ། མཆོད་རྫས་དང་སྲེག་རྫས་བརླབ་པ་ནི། བསང་ཆུ་གཡོན་སྐོར་གྱིས་གཏོར་ཞིང་། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཪྣྲི་དང་ཏྲི་ལས་དགྲ་བགེགས་ཀྱི་ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི་མཆོད་རྫས་དང་སྲེག་རྫས་རྣམས་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་ཤིང་རང་རང་གི་དྲག་པོའི་ལས་རབ་འབྱམས་མ་ལུས་པ་སྒྲུབ་པར་ནུས་པ་ངོ་བོ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་བསམས་ལ། ཨཱོཾ་བཛྲ་ཨརྒྷཾ་ཨཱཿ(༤ན)


GLG023_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ནས་ཤཔྟའི་བར་གྱིས་མཆོད་རྫས་དང་། ཨཱོཾ་ཡ་མཱཏྣ་ཀ་དགྲ་བགེགས་ཪྣྲི་ཏྲི་མཱ་ར་ཡ་ཛཿཛཿ ལན་གསུམ་གྱིས་སྲེག་རྫས་རྣམས་བརླབ། མེ་སྒྲུབ་པ་ནི། ལས་སྔགས་བརྗོད་ཅིང་གཞུང་ནས་བཤད་པའི་མེ་ལས་སྦར་བའི་སྦོར་ལྡེ་རས་དམར་སོགས་མན་ངག་བཞིན་བསྒྲུབས་པ་ཐལ་སྦྱར་གྱི་བར་དུ་བཟུང་ནས་གཡོན་དུ་ལན་གསུམ་བསྐོར། དེ་དང་མཚུངས་པར་ཨ་ཀྲོ་འབྲུ་བཅུ་གཅིག་པ་བཟླ་ཞིང་ཏིང་ལོ་སྦར་བ་དང་བཅས། ཧཱུཾ། དམེ་ཡུགས་བཤན་པ་ནག་པོའི་ཁྱིམ་ནང་ནས༔ བསླངས་མེ་ཡམ་ཤིང་ནག་པོ་ལ་སྦར་བས༔ དྲག་པོའི་སྲེག་རྫས་འབར་བར་མངའ་གསོལ་ལོ༔ འབར་བའི་འཕྲོ་འདུ་འཁྱིལ་བའི་ལས་མཛོད་ཅིག༔ ཨཱོཾ་ཨགྣི་ཧ་བྱ་ཀ་བྱ་ཛ༔ དགྲ་བོ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཛྭ་ལ་རཾ༔ ཞེས་བརྗོད་ཅིང་རྩ་སྐམ་ཅུང་ཟད་བཅུག །བཤད་མ་ཐག་པའི་སྔགས་དང་བཅས་བླུགས་གཟར་གསུམ་གྱིས་མེ་གསོ་ཞིང་། ཨེ་ཡཾ་རཾ་ཛྭ་ལ་རཾ་དགྲ་བགེགས་མཱ་ར་ཡ་རྦད་ཅེས་རླུང་གཡབ་ཀྱིས་ཅུང་ཟད་གཡབ། སྔར་བཞིན་ཐབ་བསངས་སྦྱངས། སྟོང་པའི་ངང་ལས་པདྨ་ཉི་མ་དགྲ་བགེགས་ཀྱི་གདན་ལ་ཧཱུཾ་མཐིང་ནག་ལས་རྡོ་རྗེ་ནག་པོ་རྭ་རྣམ་པར་གདེངས་པ་ལྟེ་བར་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། དྲག་པོའི་ཐབ་ཁུང་གྲུ་གསུམ་པ་ཁ་དོག་ནག་པ་བང་རིམ་གསུམ་དང་ལྡན་པ་ཁ་ཁྱེར་གདེངས་ཤིང་མཆུ་འཕྱང་བ་ཟབ་ཅིང་རྒྱ་ཆེ་བ་དྲག་པོ་ཆོས་ཀྱི་དབྱིངས་གཤིན་རྗེའི་ཞིང་ཁམས་ནམ་མཁའི་མཐའ་དང་མཉམ་པའི་ནང་དུ་རཾ་ལས་དུག་གི་མེ་དཔུང་འབར་ཞིང་འཁྲུག་པ་འུར་འུར་ཆོམ་ཆོམ་ཚིག་ཚིག་ཕཊ་ཕཊ་ཁུག་ཁུག་སོད་སོད་རྒྱོབ་(༤བ)


GLG023_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱོབ་སྒྲ་འབྲུག་སྟོང་ལྟར་ལྡིར་བའི་དབུས་སུ་ར་སྐྱེས་ཁམ་པ་འཇའ་འོད་ལྔ་དང་གློག་གི་ཕྲེང་བས་བརྒྱན་པ། མིའི་ཡ་མགལ་གྱི་སྔ་རུ་དང་མ་མགལ་གྱི་ཕྱི་རུ། སྦྲུལ་ནག་ཁྲ་བོའི་གོང་རྨེད་བྱས་པ། སྒ་ལ་ཞིང་པགས་གཡོགས་པའི་སྟེང་དུ་ཧཱུཾ་རཾ་ལས་སྐྱེས་པའི་མེ་ལྷ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་རྡོ་རྗེ་དང་བགྲང་འཕྲེང་། གཡོན་གཉིས་དབྱུ་གུ་དང་གུནྡྷེ་བསྣམས་པ། གསུས་པ་འཕྱང་བ། ཡན་ལག་རགས་ཤིང་མི་སྡུག་པ་ཁྲོ་འཁྲུགས་རྔམ་པས་ཁམས་གསུམ་ཟ་བར་ནུས་པ་མཆེ་བ་གཙིགས་ཤིང་ལྗགས་དྲིལ་བ། སྤྱན་གསུམ་དམར་ལ་ཟླུམ་ཞིང་ཁྲོ་གཉེར་བསྡུས་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་མེའི་ཐོད་བཅིངས་པ། ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ། ཨོཾ་པྲ་མོ་ཧ་པྲ་མོ་ཧ། ཞེས་བརྗོད་པས་ཕྱོགས་བཞིར་པྲ་མོ་ཧ་བཞི་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་བཞི་མ་སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། གཡས་གཉིས་ཆུ་སྲིན་གྱི་རྒྱལ་མཚན་དང་མིའི་མགལ་བ། གཡོན་གཉིས་མེ་དར་དང་དྲིལ་བུ་འཛིན་པ་གཅེར་བུ་འགྲེང་སྟེ་གནས་པ། གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་ནག་པོ་དཔག་མེད་འཕྲོ་བ། དེ་ཐམས་ཅད་ཀྱི་དཔྲལ་བར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་མེ་མཚམས་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛ༔ རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་དབྱུ་གུ་རྩེ་གསུམ་གྱི་ཕྱག་རྒྱས་གཡབ་ཅིང་། ཧཱུཾ། དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་མེ་ལྷ་དྲང་སྲོང་(༥ན)


GLG023_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག༔ བསྟན་པ་སྲུང་མཛད་གཟི་བརྗིད་ཅན༔ རང་གི་དམ་ཚིག་ཚུལ་བཞིན་དུ༔ འདིར་གཤེགས་དྲག་པོའི་ཕྲིན་ལས་མཛོད༔ ཨེ་ཧྱེ་ཧི་བྷ་ག་ཝཱ་ན་ཛཿཧཱུཾ་བཾ་ཧོ༔ ཨཱོཾ་ཨགྣ་ཡེ་ཛྙཱ་ན་ས་མ་ཡེ་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤྱ་ཛ་ཧོཿ ས་མ་ཡ་སྟཾཿ ཞེས་པས་སྤྱན་དྲངས་ཏེ། ཧཱུཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་རབ་སྒྲུབ་ཅིང་༔ ཐུགས་རྗེས་དྲག་པོའི་ལས་མཛད་པ༔ འབར་བའི་གདན་ལ་བཞུགས་སུ་གསོལ༔ ཨཱོཾ་ཨགྣ་ཡེ་ས་མ་ཡ་ཏིཥྛ་ལྷན༔གྱིས་བཞུགས་སུ་གསོལ༔ ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ཞི་རྒྱས་དབང་དྲག་སྣ་ཚོགས་པ༔ འཕྲིན་ལས་ཀུན་གྱི་དབང་པོ་མཛད༔ ཏིང་འཛིན་ལྷ་ལ་ཕྱག་འཚལ་ལོ༔ ཨཱོཾ་ཨགྣ་ཡེ་ཨ་ལ་ལ་ཧོ༔ ཨ་ཏི་པུ་ཧོཿཔྲ་ཏི་ཛ་ཧོཿ ཞེས་ཕྱག་བྱ། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ར་སྐྱེས་བཅིབས་ནས་གློག་ལས་མགྱོགས༔ སྲེག་རྫས་ཀུན་གྱི་ཕྱག་འཚང་མཛད༔ ཚིམ་བྱེད་ཁྱོད་ལ་མཆོད་པ་ནི༔ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས༔ མར་མེ་དྲི་ཆབ་ཞལ་ཟས་དང་༔ རྐང་གླིང་རོལ་མོར་བཅས་པ་འབུལ༔ ཞེས་ནས་དྲག་པོའི་འཕྲིན་ལས་མཛོད༔ ཨཱོཾ་བཛྲ་ཀྲོ་ཏ་ཨགྣ་ཡེ་ཨརྒྷཾ་པཱུ་ཛ་ཧཱུཾ༔ ནས་ཤཔྟ་པཱུ་ཛ་ཧཱུཾ་གི་བར་གྱིས་ཆུ་གཉིས་ཉེར་སྤྱོད་འབུལ། ཧཱུཾ། ཏིང་འཛིན་དབང་སྒྱུར་ཞལ་ཟས་བདུད་རྩི་ལྔ༔ དྲང་སྲོང་ཆེན་པོས་སྔོན་ཆད་མ་བསྟར་བའི༔ དག་ཅིང་གཙང་མར་སྦྱར་བ་འབུལ་ལགས་ཀྱི༔ ཐུགས་རྗེ་ཆེན་པོས་དགོངས་(༥བ)


GLG023_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བཞེས་སུ་གསོལ༔ ཨོཾ་བཛྲ་ཀྲོཏ་ཨགྣ་ཡེ་པཱུ་ཛ་ཁཱ་ཧི༔ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧ་བ་ལིངྟ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧིས་ནང་མཆོད་འབུལ༔ ཧཱུཾ། གཟི་བྱིན་ཆེན་པོ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་རབ་སྒྲུབ་ཅིང་༔ ཐུགས་རྗེས་དྲག་པོས་ལས་མཛད་པ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ༔ ཨཱོཾ་བཛྲ་ཀྲོ་ཏ་ཨགྣ་ཡེ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཞེས་ཚོགས་ནས་ཀྱང་འབུལ༔ ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ མཉམ་པའི་ངང་ལ་ཀུན་སྣང་ཡང་༔ ཆོས་ཉིད་ངང་ལས་མ་གཡོས་པའི༔ ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། རོ་སྐྲ་བརྒྱད་པོ་བསངས་སྦྱངས། སྟོང་པའི་ངང་ལས་ཪྣྲི་དང་ཏྲི་ལས་བྱུང་བའི་དགྲ་བགེགས་བསྒྲལ་བའི་སྒྲ་མ་ཉམས་པ་དྲག་པོའི་ལས་རབ་འབྱམས་སྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ། ཧཱུཾ་ཨཱོཾ་ཡ་མཱནྟ་ཀ་བཛྲ་སཏྭ་ཨ་ཞེས་རོ་སྐྲ་རྣམས་གཡོན་སྐོར་དུ་སྔ་མའི་རྩེས་ཕྱི་མའི་རྩ་བ་ནོན་པ་དགྲམ། བྱོན་ཟན་འབུལ་བ་ནི། མེ་ལྷའི་ཞལ་གྲུ་གསུམ་དུ་གདངས་པའི་ལྗགས་རྡོ་རྗེ་ནག་པོ་རྩེ་གཅིག་པའི་རྣམ་པ་ཅན་འབར་ཞིང་གློག་ལྟར་འཁྱུག་པ་ལ་རཾ་ཡིག་དམར་ནག་ཚ་ཞིང་རྩུབ་པ་དང་། དགང་བླུགས་ཀྱི་རྩེ་ལ་ཧཱུཾ་ཡིག་ནག་པོ་རེ་རེས་མཚན་པར་མོས་ནས། ཨཱོཾ་ཨགྣ་ཡེ་སྭཱཧཱ། བརྗོད་ཅིང་བླུགས་གཟར་བདུན་གྱིས་དགང་གཟར་བཀང་སྟེ་པུས་མོའི་ཁོང་ལས་ལག་པ་གཉིས་མི་འདའ་བས་ཁྲོ་བོའི་ཁུ་ཚུར་གྱི་ཕྱག་རྒྱས་གཟར་བུ་གཉིས་ཁ་སྦྱར་ནས་གཡོན་དུ་བསྐོར་ཞིང་ཨཱོཾ་ཨགྣ་ཡེ་དི་བྱ་དི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡེ། བདག་ཅག་དཔོན་(༦ན)


GLG023_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་ཡོན་མཆོད་རྣམས་ལ་གནོད་པར་བྱེད་པའི་ནད་གདོན་སྡིག་སྒྲིབ་བར་གཅོད་ཁྱད་པར་དགྲ་བགེགས་བྱད་མ་རྦོད་གཏོང་ཆེ་གེ་མོ་མཱ་ར་ཡ་རྦད། ལན་གསུམ་གྱིས་འབུལ། ན་མོ་རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷ་ཆེན་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབ་པ་དང་བདག་གི་འཕྲིན་ལས་སྒྲུབ་པར་མཛད་དུ་གསོལ། བདག་ཅག་གི་སྡང་བའི་དགྲ་དང་གནོད་པའི་བགེགས་ཐམས་ཅད་བརླག་པར་མཛད་དུ་གསོལ། ཞེས་བརྗོད་དེ་ཡམ་ཤིང་ཟུང་དུ་སྦྱར་བ་ནི། ཨཱོཾ་ཨགྣ་ཡེ་པྲ་ཏི་ཧ་ར་ཛྭ་ལ་ཡེ། བདག་ཅག་དཔོན་སློབ་ཡོན་མཆོད་ལ་གནོད་པར་བྱེད་པ་ནས་བཟུང་མཱ་ར་ཡ་རྦད་ཅེས་པའི་བར་གྱི་མང་ཉུང་སྐབས་དང་སྦྱར་བ་འབུལ། འབྲུ་མར་ནི། ཨཱོཾ་ཨགྣ་ཡེ་བདག་ཅག་དཔོན་སློབ་སོགས་སྤེལ་ཚིག་གོང་དང་འདྲ་བ་ལ་དགང་བླུགས་ཀྱིས་དབུལ། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ བདུད་བཞི་འཇོམས་པའི་ཕྱག་བཞི་པ༔ ཞབས་བཞི་ལས་ཀུན་གྲུབ་པར་བྱེད༔ ར་སྐྱེས་ཁམ་པ་ཆིབས་སུ་བཅབས༔ ར་ལ་འཇའ་དང་གློག་གིས་བརྒྱན༔ ཞིང་གི་ཡ་མགལ་སྔ་རུ་དང་༔ སྦྲུལ་ནག་འཁྱིལ་པས་གོང་རྨེད་བྱས༔ མེ་ལྕེ་དགུ་ཕྲེང་སྐུ་ལ་བརྒྱན༔ བྲམ་ཟེའི་བུ་མོ་ལྔ་བརྒྱ་ཡང་༔ ཁྱོད་ཀྱི་འཁོར་དང་གཡོག་ཡིན་ནོ༔ ཁ་འབར་མ་ཡིས་མེ་བུས་པའི༔ ཨགྣི་རཱ་ཛ་འཁོར་བཅས་ལ༔ རཀྟ་དམར་གྱི་མཆོད་པ་དང་༔ འཆི་མེད་བདུད་རྩི་དཔལ་བཤོས་དང་༔ སྤོས་ཆེན་དུད་པ་ལ་སོགས་པ༔ སྲེག་རྫས་མཆོད་པ་འདི་(༦བ)


GLG023_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་གྱི༔ ཞེ་སྡང་ཁྲོས་པའི་སྦྱོར་བ་ཆོམས༔ ལུས་སྲོག་དབང་པོའི་དངས་སྙིགས་ཕྱེ༔ རྩ་རྒྱུས་ཁྲག་གི་བླ་མཚོ་སྐོམས༔ གདུག་རྩུབ་མེ་ལྷའི་ཞལ་དུ་སྟོབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི༔ ཨཱོཾ་བཛྲ་ཀྲོ་ཏ་ཨགྣ་ཡེ་ཆེ་གེ་མོ་ཛྭ་ལ་རཾ་མཱ་ར་ཡ་ཧཱུཾ་ཕཊ༔ ཅེས་པས་རྩ་བའི་རྫས། དྲག་རྫས། གནད་རྫས། ནད་བསྐྱེད་པའི་རྫས། དུག་གསུམ་ལས་སྦྱོར་གྱི་རྫས༔ ཚ་བ་བསྐྱེད་པའི་རྫས༔ མྱོས་རྫས༔ གསོད་རྫས་ཏེ་བརྒྱད་པོ་ཡང་གྲངས་སུ་བཅད་དེ་འབུལ། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ར་སྐྱེས་བཅིབས་ནས་གློག་པས་མགྱོགས༔ ཞེས་སོགས་ཀྱིས་མཆོད་བསྟོད་གོང་ལྟར་བྱ༔ མེ་ལྷ་འཁོར་བཅས་ཁྱེད་རྣམས་ཀྱིས༔ བདག་ཅག་དཔོན་སློབ་རྒྱུ་སྦྱོར་ལ༔ ཉེར་འཚེ་བར་གཅོད་མི་མཐུན་ཕྱོགས༔ གཏོང་བའི་བན་བོན་སྐྱེ་བོ་སོགས། །དགྲ་བགེགས་མ་ལུས་སྒྲོལ་བ་ཡི། །དྲག་པོའི་འཕྲིན་ལས་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། ཨགྣ་ཡེ་ཛྭ་ལ་ཛྭ་ལ། གྷ་ཚ་གྷ་ཚ། ལ་བྷ་བྷ་མུཿ ཡེ་ཤེས་མེ་ལྷ་དམ་ཚིག་པ་ཉིད་ལས༔ ཕྱིར་གཤེགས་ཤར་ལྷོའི་མཚམས་སུ་རབ་བཞུགས་ནས། །ཞལ་ཚུར་གཟིགས་ཏེ་དཀྱིལ་འཁོར་ལྷ་ཚོགས་རྣམས། མཉེས་བྱེད་མཆོད་པའི་དཔང་པོ་མཛད་པར་གྱུར། །ཞེས་མེ་ལྷ་ཡེ་ཤེས་པ་གཤེགས་སུ་གསོལ། འདས་པའི་མེ་ལྷ་མཆོད་པ་ནི། ཨྱེ། དམ་ཚིག་མེ་ལྷའི་ཐུགས་ཀར་ཆོས་ཀྱི་དབྱིངས༔ དྲག་པོའི་ཞིང་ཁམས་མཐའ་དང་(༧ན)


GLG023_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་མེད་པ། །རབ་ཏུ་ཡངས་ཤིང་གཏིང་ཟབ་རྒྱ་ཆེའི་ནང་༔ རང་གི་ཐུགས་ལས་ཧཱུཾ་ཆད་འོད་དུ་འབར། །ཧཱུཾ་ལས་ཨེ་ཡཾ་རཾ་བཾ་ལཾ་ཡིག་ལྔ་ནས། ནམ་ཡང་གཞོམ་ཞིག་མེད་པའི་གུར་དུ་གྱུར་གྱི་བར་དཀྱུས་ལྟར་གཙོ་འཁོར་ཀུན་ཀྱང་སྐུ་མདོག་རྩ་བའི་ཞལ། མིག་སྨན་མདོག་ཅན་ཤིན་ཏུ་ཁྲོ་ཞིང་རྔམ། སྟང་ཟིལ་ལྟར་གནག་འཚེར་བའི་འོད་འཕྲོ་བ། །དྲག་པོའི་ལས་ཀུན་མཛད་པའི་རྣམ་པར་གྱུར། །དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི། །ཞེས་པ་ནས། ཚུགས་པར་ནུས་མིན་མཐུ་རྩལ་ལྡན་པར་གྱུར་གྱི་བར་ལས་བྱང་གི་དཀྱུས་བཞིན་ལས་རང་ཉིད་འཇམ་དཔལ་ཞེས་པ་སྐད་ཅིག་འཇམ་དཔལ་དང་། རང་གི་ཐུགས་ལས་ཞེས་པ་གཙོ་བོའི་ཐུགས་ལས་ཞེས་པར་བསྒྱུར་ཞིང་། འཇམ་དཔལ་ཞི་དྲག་གི་མངོན་རྟོགས་འབྱིན་འཇུག་བཟློག་པའི་སྐབས་ལྟར་བྱས་ནས། ལྟེ་བར་པད་ཟླ་ཉི་སྟེང་རིན་པོ་ཆེ་ནས། དཀར་དམར་དབྱངས་གསལ་ཐབས་ཤེས་ཚུལ་གྱིས་བསྐོར་ཞེས་པའི་བར་དོར། ཞབས་གཉིས་བརྐྱང་བསྐུམ་པད་ཟླའི་གདན་ལ་བཞེངས་ཞེས་པའི་མཇུག་ཏུ་ཐུགས་ཀར་གནམ་ལྕགས་རྡོ་རྗེ་ནག་པོའི་རྭ། ལྔ་གདེངས་ལྟེ་བར་མཐིང་ནག་ཧཱུཾ་མཚན་གྱུར། །ཞེས་འདོགས། སྦྱོར་སྒྲོལ་མཆོད་པའི་མཇུག་ཏུ། གནོད་བྱེད་དགྲ་བགེགས་མ་ལུས་སྒྲོལ་བའི་ཕྱིར། །འཇམ་དཔལ་གཤིན་རྗེའི་གཤེད་པོ་འཁོར་བཅས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འབུལ། །འབར་བ་གཤིན་རྗེའི་ཞལ་དུ་ཁ་རཾ་ཁཱ་ཧི༔ མཉྫུ་ཤྲཱི་སོགས་ཀྱི་མཐར་ག་ཎ་ཙཀྲ་(༧བ)


GLG023_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

པཱུ་ཙ་ཁཱ་ཧིས་ཚོགས་ནས་འབུལ། བྱོན་ཟན་ནི། ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་གྲུ་གསུམ་ཞེས་པ་ནས་ཧཱུྃ་ཡིག་ནག་པོ་རེ་རེས་མཚན་པར་མོས་པའི་བར་དང་ཕྱག་རྒྱ་སོགས་སྔར་བཞིན་གྱིས། ཧཱུཾ། ཆོས་ཉིད་གདལ་བ་ཆེན་པོའི་ཧོམ་ཁུང་དུ། རིག་པ་བྱང་ཆུབ་སེམས་ཀྱི་མེ་སྦར་ཏེ། གཟུང་འཛིན་འཁོར་བའི་བག་ཆགས་བསྲེག་པ་དང་། འཇམ་དཔལ་ལྷ་ཚོགས་ཐུགས་དམ་བཀང་བའི་ཕྱིར། །དུག་གསུམ་ཤ་ཁྲག་རྫས་ཆེན་འདི་འབུལ་གྱི། །མངོན་སྤྱོད་དྲག་པོའི་འཕྲིན་ལས་གྲུབ་པར་མཛོད། །ལས་སྦྱོར་རྩ་བའི་བསྙེན་སྔགས་ཚར་བདུན་བརྗོད་རྗེས་བླུགས་གཟར་བདུན་གྱིས་དགང་གཟར་འགེང་བ་སོགས་དང་ཨཱོཾ་ཨགྣ་ཡེ་དེ་བྱ་ནས་མ་ར་ཡ་རྦད་ཀྱི་བར་མེ་ལྷའི་སྐབས་བཞིན་བྱ། ཉེས་བྱས་དྲག་བསྐུལ་གྱི་མཇུག་ཏུ། ཧཱུཾ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ གདུག་པ་འདུལ་མཛད་གཤིན་རྗེའི་གཤེད༔ སྲོག་བདག་ཚེ་བདག་ནག་པོ་ནི༔ སྐུ་དཔངས་ཆེ་ལ་དྲེགས་ཤིང་རྔམ༔ ནག་པོ་དུག་ཆེན་འཁྱིལ་བ་འདྲ༔ སྐུ་ནི་ནམ་མཁའི་ཁམས་དང་མཉམ༔ གསུང་ནི་ང་རོ་འབྲུག་ལྟར་སྒྲོག༔ ཐུགས་ནི་སྟོང་ཁམས་ཁྱབ་པར་བལྟ༔ ཞལ་ནི་ཧོམ་ཁུང་གདངས་པ་འདྲ༔ ལྗགས་ནི་ཧོམ་གཟར་བརྐྱང་བ་འདྲ༔ མཆེ་བ་རྩང་ཕུར་གཏམས་པ་འདྲ༔ ཁྱོད་ནི་སྲོག་དབུགས་བདག་པོ་སྟེ༔ གཏི་མུག་འབར་བའི་ཀློང་དཀྱིལ་ནས༔ རབ་ཁྲོས་ཞལ་གསུམ་ད་དགོངས་ཤིག༔ སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི༔ འདོད་ཆགས་འབར་བའི་ཀློང་དཀྱིལ་ནས༔ ཡུམ་ཆེན་ཁྲག་མིག་ཞལ་གདོངས་ཤིག༔(༨ན)


GLG023_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི༔ ང་རྒྱལ་འབར་བའི་ཀློང་དཀྱིལ་ནས༔ ཡ་མ་རཱ་ཛ་ཞལ་གདོངས་ཤིག༔ སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི༔ ཞེ་སྡང་འབར་བའི་ཀློང་དཀྱིལ་ནས༔ བྱེ་བ་དགུ་ཁྲི་ཞལ་གདོངས་ཤིག༔ སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི༔ ཕྲག་དོག་འབར་བའི་ཀློང་དཀྱིལ་ནས༔ ཀླུ་བདུད་ནག་པོ་ཞལ་གདོངས་ཤིག༔ སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ ལས་གཤིན་སྡེ་བརྒྱད་ཞལ་གདོངས་ཤིག༔ སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི༔ ཨྱེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོ་ནས༔ འཇམ་དཔལ་ཚེ་བདག་ནག་པོ་འཁོར་དང་བཅས༔ གདུག་རྩུབ་དམར་ནག་འཁྱིལ་བའི་ཧོམ་ཁུང་འདིར༔ གཤེགས་ཤིང་བཞུགས་ལ་དྲག་པོའི་མཆོད་རྫས་བཞེས༔ ཡམ་ཤིང་ཞུན་ཆེན་མར་ནག་འདི་བསྲེགས་པས༔ སྡང་དགྲ་གནོད་བགེགས་མ་ལུས་ཐལ་བར་རློག༔ ལིང་ག་མིང་དུས་བླ་སྲོག་བཅས་བསྲེགས་པས༔ ཡིད་ལ་བརྣག་པའི་དགྲ་གདོན་རྩད་ནས་ཆོད༔ དྲག་པོའི་རྫས་རྒོད་རིལ་བུ་འདི་བསྲེགས་པས༔ གནོད་བྱེད་བྱད་མའི་མཐུ་སྟོབས་དྲུང་ནས་ཕྱུང་། །གནད་ལ་འབེབས་པའི་དྲག་རྫས་འདི་བསྲེགས་པས། །དགྲ་གདོན་བྱད་མེའི་ཚོགས་ཀུན་གནད་ལ་ཕབ། །འདུ་བ་འཁྲུག་བྱེད་རྫས་རྒོད་འདི་བསྲེགས་པས། །དལ་ཡམས་ནད་ཀྱིས་དགྲ་བོ་ཁ་ཕུང་ཐོང་། །གདུག་པ་གསུམ་གྱི་རྫས་སྦྱོར་འདི་བསྲེགས་པས། །དགྲ་བགེགས་རྦོད་གཏོང་མ་ལུས་ཉམས་སུ་ཆུག །དྲེག་སྔགས་དམག་བཟློག་རྫས་རྒོད་འདི་བསྲེགས་པས། །མཐུ་བྱད་རྦོད་གཏོང་རང་གཤེད་རང་ལ་ཕོབ། །དབྱེ་དཀྲུག་ཚ་རྫས་འབར་བ་འདྲི་བསྲེགས་པས། །དགྲ་བོ་ལྷ་དང་ཕྲོལ་ལ་ལུས་སེམས་བསྲེགས། །རྨུགས་ཤིང་མྱོས་བྱེད་རྫས་སྦྱོར་(༨བ)


GLG023_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བསྲེགས་པས། །བྱད་མ་ལྷར་བཅས་བརྒྱལ་འབོག་མྱོས་སུ་ཆུག །གསོད་བྱེད་རྣོ་ངར་རྫས་སྦྱོར་འདི་བསྲེགས་པས། །བྱད་མ་དགྲ་བགེགས་མ་ལུས་མྱུར་དུ་གསོད། །གདུག་པ་མེ་ཡི་ལས་སྦྱོར་མཆོད་པ་འདིས། །དམིགས་པའི་དགྲ་བགེགས་མྱུར་དུ་བརླག་གྱུར་ཅིག་ཅེས་བརྗོད་དེ། ཐོག་མར་གཙོ་བོ་ལ་འབུལ་བ་ནི། ཨྱེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས༔ བཟུང་། བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ ཀྱི་བར་བསྟོད་རིང་ལྟར་དང་། ཨཱོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཧཱུཾ་ཕཊ་པྲ་ཏི་ཧ་ཏ་ཛྭ་ལ་ཡེ། ཆེ་གེ་དུ་རཾ་ཤ་ཏྲུཾ་ཨུ་ནན་གཟིར་ཕྱུང་སྲོག་ལ་དུ་རཾ་ཙིཏྟ་བྲེང་ཤག་ཐུན་རྦད་ཨེ་རཾ་དགྲའམ་བགེགས་ཨ་མུ་ཀ་མཱ་ར་ཡ་ཧཱུཾ་ཕཊ་ཀྱིས་ཡམ་ཤིང་ཟུང་དུ་སྦྱར་བ་རབ་བརྒྱ། འབྲིང་དྲུག་ཅུ་རྩ་བཞི་ཐ་མའང་ཉེར་གཅིག་འབུལ། སྔགས་དངོས་གཞི་གོང་ལྟར་ལ་པྲ་ཏི་ཧ་ཏ་ཛྭ་ལའི་ཚབ་ཏུ་ཨགྣ་ཡེ་སྦྱར་བས་ཏིལ་མར་ཞུན་ཆེན་གྲངས་སྔར་བཞིན་དགང་བླུགས་ཀྱིས་འབུལ། སྒྲུབ་འཇུག་གི་འཁོར་ལིང་ངམ་ལིངྒ་གཏུབས་པ་ནས་གང་དགོས་རྣམས་ལྷ་སྔགས་ཀྱི་རྗེས་སུ་ཨེ་ལ་ཙཀྲ་ཨེ་རཱ་ག་བཛྲ་མིང་ཏྲིག་ནན་སྲོག་ལ་ཧཱུར་ཐུཾ་ཛཿ མིང་སྲོག་མཱ་ར་ཡ་དགྲའམ་བགེགས་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཕཊ་ཛྭ་ལ་རཾ། ཞེས་སྔགས་བཟླས་བསྟུན་ཏེ་གྲངས་བཅད་ནས་འབུལ། དེ་རྗེས་དྲག་རྫས་ནས་བཟུང་གསོད་རྫས་ཀྱི་བར་ལྷ་སྔགས་ལ་ཆེ་གེ་མོ་དུ་རཾ་ཤ་ཏྲུཾ་ནས་མཱ་ར་ཡ་ཧཱུཾ་ཕཊ་ཀྱི་བར་སྦྱར་བས་རིམ་བཞིན་འབུལ། བྷྱོ། ཁྲོ་རྒྱལ་ཆེན་པོའི་གཡོན་གྱི་ཕྱོགས་ནས་ནི༔ ཞེས་སོགས་དང་། ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཧཱུཾ་ཕཊ་ལ་སྔགས་སྦྱོར་ལུགས་ཡབ་ལྟར་བྱས་རྗེས་རྫས་སྣ་དགུ་པོ་གོང་ལྟར་འབུལ། ཧཱུཾ། གཡས་ན་སྲས་མཆོག་ཡ་མ་རཱ་ཙ་ནི༔ ཞེས་སོགས་(༩ན)


GLG023_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གྷྲི་མ་ཡ་མ་དུ་རུ་ཙཀྲ་ཧཱུཾ་ཕཊ་སོགས་ཀྱིས་རྫས་དགུ་སྔར་བཞིན་འབུལ། མདུན་ན་སྐུ་སྤྲུལ་འཆི་བདག་ནག་པོ་ནི༔ སོགས་དང་། སརྦ་ཙིཏྟ་གཟིར་ཐུཾ་བྷིག་ནན་ཏྲིག་ནན་རྦད་ཡ་བཟློག་ཡ་ཧཱུཾ་ཕཊ་སོགས་ཀྱིས་གོང་བཞིན་དང་། རྒྱབ་ན་གསུང་སྤྲུལ་སྲོག་བདག་ནག་པོ་ནི༔ ཞེས་སོགས་དང་སྔགས་བཤད་མ་ཐག་པ་ལྟར་གྱིས་འབུལ་ཞིང་བཞི་ག་ལ་གཙོ་བོ་ལས་རྫས་ཉུང་ཙམ་བྱེད། ལས་གཤིན་བྱེ་བ་དགུ་ཁྲི་འཁོར་བཅས་ལ། །དྲག་པོའི་སྲེག་རྫས་འབར་བའི་མཆོད་པ་འབུལ། །བ་ལིང་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ ཨཱོཾ་ཀརྨ་ཡ་མ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུཾ་ཕཊ་སོགས་གོང་བཞིན་འབུལ། བསྡུས་པར་འདོད་ན་འཁོར་རྣམས་ཀྱི་བསྟོད་བསྐུལ་དཀྱུས་གཅིག་ཏུ་བྱས་རྗེས། ཧེ་ཀ་ཡ་མ་དུ་རུ་ཙཀྲ །གྷྲི་མ་ཡ་མ་དུ་རུ་ཙཀྲ ། སརྦ་ཙིཏྟ་གཟིར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་བཟློག་ཡ་ཧཱུཾ་ཕཊ་ཀྱི་མཐར་སྔགས་སྦྱོར་ལུགས་སོགས་གཞུང་ལྟར་བྱ། རྒྱས་བསྡུས་གང་གི་མཐར་ཡང་ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་སོགས་ཀྱིས་ཐལ་མོས་ལན་བདུན་རྡེབ། ཧཱུཾ། གཞན་ཡང་ཁྲོ་རྒྱལ་ཆེན་པོ་ཁྱེད་རྣམས་ལ༔ ཞེས་སོགས་བསྟོད་རིང་མཇུག་གི་འཕྲིན་ལས་རྫོགས་པར་འཆོལ། བྱོན་ཟན་གྱི་སྐབས་ཇི་ལྟ་བས་གཤེགས་སྐྱེམས་འབུལ། ཧཱུཾ། འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ ཅེས་སོགས་ཀྱིས་ཕྱི་མཆོད། བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། ཁྱད་པར་མཆོད་པ་པཉྩ་ཨ་མྲྀ་ཏ། །མཧཱ་བ་ལིང་རཀྟར་བཅས་པ་འབུལ། །བཞེས་(༩བ)


GLG023_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བླ་མེད་དངོས་གྲུབ་སྩལ་དུ་གསོལ། །ཨཱོཾ་མཉྫུ་ཤྲཱི་སོགས་ཀྱི་མཐར་མ་ཧཱ་པཉྩ་དང་མ་ཧཱ་རཀྟ་སྦྱར་བས་སྨན་རཀ་དང་གཏོར་མ་དྲག་པོའི་གཏོར་མ་ལྟར་བརླབས། ཧཱུཾ། བླ་མེད་མཆོག་གི་མཆོད་པར་སྦྱར་བ་འདི། སོགས་ཀྱི་མཇུག་ཏུ་ཐུན་གཏོར་བཞིན་འབུལ། ཨཱོཾ་བཛྲ་ཏམྦུ་ལ་ཡེ་སྭཱཧཱས་སོ་རྩི་དང་། ཞིང་ཆེན་པགས་པ་ལ་སོགས་པ། །ལུས་ལ་བདེ་བའི་རེག་བྱ་ཅན། །གོས་ཟུང་གཤིན་རྗེའི་གཤེད་པོ་ཡི། །ལྷ་ཚོགས་འཁོར་བཅས་སྐུ་ལ་འབུལ། །ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱཧཱས་གོས་ཟུང་འབུལ། །ཨྱེ། ཆོས་སྐུ་སྐྱེ་བ་མེད་པ་ལས༔ ཞེས་སོགས་ཀྱིས་བསྟོད། ཚེ་བདག་ཡབ་ཡུམ་སྲས་འཁོར་བཅས་པ་རྣམས། །བ་ལིང་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཞེས་པ་ལ་བསད་པའི་ཤམ་བུ་བཏགས་པ་བྱ། །ལྷ་ཡི་ལྷ་མཆོག་མ། བསྐལ་པ་དཔག་མེད་མ། མཁྱེན་བརྩེ་ནུས་མངའ་མ་སོགས་ཀྱིས་འདོད་དོན་ལ་གསོལ་བ་གདབ། གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་བཀང་། ཡི་དམ་ལྷ་མཆོག་ཟིལ་གནོན་འཁོར་བཅས་སོགས་ཀྱིས་བཟོད་པར་གསོལ། ཨཱོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང་བཛྲ་མུ༔ས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། །དམ་ཚིག་པ་རང་གི་སྙིང་གར་བསྡུ། སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། དབང་པོར་བཞུགས་པའི་ཡེ་ཤེས་ཀྱི། །མེ་ལྷ་བཛྲ་ས་མཱ་ཛཿ སླར་ཡང་དམ་ཚིག་སེམས་དཔའ་དང་། །དབྱེར་མེད་ངོ་བོ་གཅིག་ཏུ་གྱུར། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ར་སྐྱེས་བཅིབས་ནས་གློག་པས་མགྱོགས༔ ནས་ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་གྱིས་(༡༠ན)


GLG023_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྟོད་བྱ། ཡམ་ཤིང་ནས་བཟུང་གསོད་རྫས་ཀྱི་བར་སྔར་བཞིན་དང་གཤེགས་སྐྱེམས་དགང་བླུགས་བདུན་གསུམ་བྱོན་ཟན་བཞིན་ཕུལ་རྗེས། །བཛྲ་ཏམྦུ་ལས་སོ་རྩི་དང་ཝ་སྟྲས་གོས་ཟུང་འབུལ། གཏོར་མ་དག་པོའི་གཏོར་མ་ལྟར་བརླབ། ཨཱོཾ་ཨགྣ་ཡེ་ས་པ་རེ་ཝཱ་ར་མ་ཧཱ་བ་ལིངྟ་པཱུ་ཛ་ཁཱ་ཧི་ལན་གསུམ་གྱིས་འབུལ། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་འཁོར་བཅས་རྣམས། །བ་ལིང་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཞེས་པར་བསད་པའི་ཤམ་བུ་བཏགས་པའི་འདོད་གསོལ་བྱ། ཨཱོཾ་ཨགྣ་ཡེ་ཨརྒྷཾ་པྲ་ཏཱིཙྪ་ནས་ཤཔྟའི་བར་གྱིས་མཆོད། ཡིག་བརྒྱ་དང་མ་འབྱོར་པ་སོགས་ཀྱིས་བཟོད་པར་གསོལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་སྒྲུབ་ཀྱིས་གཤེགས། །ཇི་བཞིན་དུས་སུ་ཚུར་སྤྱོན་ཞིག །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨཱོཾ་ཨགྣ་ཡེ་ཡ་ཧི་གཙྪ། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྒྲུབ་པ་པོ་རྣམས་ལག་གཡས་སྟེང་དུ་བྱས། སྲིན་ལག་སྦྲེལ་ནས་གྲལ་གྲུ་གསུམ་གྱི་ཚུལ་དུ། ཧཱུཾ། འབྱུང་བའི་གདན་གཞི་རྔམ་འོག་ནས༔ ཞེས་པ་ནས་ནམ་ཡང་དང་བར་མ་བྱེད་ཅིག༔ གི་བར་དང་། བདག་ཅག་དཔོན་སློབ་མཆེད་དང་ལྕམ་དྲལ་ལ་སྡང་དགྲ་གནོད་བགེགས་ཐམས་ཅད་མཱ་ར་ཡ་སྟཾ་བྷ་ཡ་ནན། ཞེས་བྲོ་བརྡུང་ཞིང་སུམྦྷ་བརྗོད། བསྔོ་སྨོན་བཀྲ་ཤིས་བྱ། མྱུར་དུ་མེ་གཞི་ལ་དགོས་པ་ཡོད་ན་དུག་ཁྲག་གི་ཆུས་བརླན། །གློ་བུར་གྱི་ལས་དང་སྒྲུབ་མཇུག་གི་མཐའ་སྡུད་ཀྱི་མནན་པ་བྱ་ཚུལ་མི་འདྲ་བའི་ཁྱད་པར་སོགས་ཕྱག་ལེན་ཞལ་(༡༠བ)


GLG023_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ལས་ཤེས་པར་བྱ་ཞིང་། སྒྲུབ་མཇུག་གི་ཚེ་རྫས་གཞན་དྲུག་པོ་མ་འབྱོར་ན་སྔོན་མ་གསུམ་གྱིས་བཏུབ་ཙམ་ཡིན་ལ། གློ་བུར་བའི་ལས་ལ་རྫས་ཚང་མ་ངེས་པར་འཛོམ་དགོས་ཤིང་། དམ་སྲི་སོགས་གདོན་ཆེན་མ་རུངས་པ་ཁོ་ན་ལ་གཙོ་བོར་དམིགས་པའི་སྐབས་མེ་ཧོམ་རང་འབར་གྱི་ལས་ནི་གཞན་དུ་ཤེས་པར་བྱའོ། །དེ་ལྟར་རྒྱུད་དང་རྒྱ་གར་མཁས་པའི་གཞུང་། །བོད་ཡུལ་བཀའ་གཏེར་གདམས་པའི་མན་ངག་བཅུད། །རིགས་འཛིན་རིམ་བྱོན་ཕྱག་ལེན་ཞལ་ཤེས་ལ། །བརྟེན་ནས་ལག་ལེན་འཁྲུགས་བསྡེབས་གསལ་བར་བཀོད། །འདི་ཀོ་ཚུལ་འདིར་སྙིང་ནས་མོས་པའི་བློས། །ཐོས་བསམ་སྒོམ་པར་བྱེད་པའི་དཔྱོད་ལྡན་ལ། །ཉེར་མཁོའི་ཆེད་དང་པད་གནུབས་བསྟན་པ་ཡི། །བཙས་སུ་སྤེལ་ལ་ཆོས་སྲུང་ཕྲང་མ་དོག །འོན་ཏེ་ཆོས་དང་དེ་སྟོན་རྒྱུད་པ་གསང་། །རང་འདོད་དམ་མེད་འདོད་ཅན་ལ་བསྟན་ན། །གཉིས་ཀ་གཏེར་སྲུང་མཐུ་ཆེན་སྡེ་བཞི་པོས། །སྲོག་རྩ་དམར་པོ་དྲོངས་ལ་སྙིང་ཁྲག་འཐུངས། །གཏན་མདུན་དམ་ཆོས་སྒྲུབ་པ་དཀར་པོའི་མཁར། །སྲུང་བྱེད་ནག་པོ་མཐུ་ཡི་ལྕགས་རིའི་མཐར། །རབ་འབར་སྲེག་སྦྱོར་རྒོད་མ་ཁ་ཡི་མེའི། །ཚ་རེག་ཡིད་སྲུབས་ཚོགས་ཀྱིས་བཟོད་ནུས་མིན། །དགེ་དེས་ཉོན་མོངས་དུག་ལྔའི་བུད་ཤིང་ཀུན། །ཡེ་ཤེས་ཞུགས་ཀྱིས་ལྷག་མ་མེད་བསྲེགས་པས། །ཤེས་སྒྲིབ་བག་ཆགས་སྨག་རུམ་མཐར་བྱས་ཏེ། །འཇམ་མགོན་རིགས་ལྔའི་འོད་སྣང་འབར་གྱུར་ཅིག །ཅེས་ཡང་བཟློག་ནག་པོ་མེའི་སྤུ་གྲི་ལ་ཉེ་བར་མཁོ་བའི་དྲག་པོའི་སྦྱིན་སྲེག་དུས་ཀྱི་བྱིན་ཟའི་ཕུང་པོ་འདི་ནི། སློབ་དཔོན་ཆེན་པོ་གཙུག་ལག་དཔལ་དགེས་མཛད་པའི་སྦྱིན་སྲེག་ལ་གཞི་བྱས། ཚེ་(༡༡ན)


GLG023_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དགོངས་རྒྱུད། དྲག་སྔགས་མཚོན་ཆ་ནག་པོའི་རྒྱུད། སྲོག་དམར་ལེན་སྤུ་གྲི་སོགས་རྒྱུད་མང་པོའི་དགོངས་པ་དང་། དཔལ་ཨྱོན་ཆེན་པོས་མཛད་པའི་སྦྱིན་སྲེག་པད་ལུགས་སུ་གྲགས་པ། གཞན་ཡང་སློབ་དཔོན་ཆེན་པོ་པདྨའི་མན་ངག་རྩ་བའང་ལྕགས་འདྲའི་ལས་བཞིའི་སྦྱིན་སྲེག་སོགས་གཏེར་བྱོན་དང་། སེ་སྟོན་ཆེན་པོའི་ཕྱག་ལེན་གྱི་སྦྱིན་སྲེག་གི་ཤོམས། རྗེ་འབྲི་གུང་དབུར་སྨྱོན་གྱིས་མཛད་པའི་སྦྱིན་སྲེག་ཟླ་གསང་འདུས་པའི་ཏནྟྲ་སོགས་རྒྱུད་མང་པོའི་དགོངས་དོན་གྱིས་བརྒྱན་པའི་རྒྱས་བསྡུས་སོགས་ཁུངས་ལྡན་གྱི་ཡིག་ཆ་རྣམས་ལ་ཞིབ་མོར་དཔྱད་དེ་ཐེག་མཆོག་ངེས་གསང་སྙིང་པོའི་འདུས་གྲྭ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཉམས་ལེན་དུ་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་སྣང་བ་ཐོབ་པའི་སྔགས་འཆང་རིམ་པར་བྱོན་པའི་གདུང་ལས་སོན་པ་ཟ་ཧོར་ཡི་བནྡེ་ཟིལ་གནོན་དྲག་པོ་རྩལ་གྱིས་ཤིང་སྦྲུལ་ཧོར་ཟླ་བདུན་པའི་དམར་ཆ་ཁྲག་འཐུང་རྣམ་པར་རོལ་བའི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །མངྒ་ལཾ།།

རིགས་གསུམ་འདུས་པ་འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བསྙེན་པའི་ཡི་གེ་རིན་ཆེན་ཀེ་ཏ་ཀ


GLG023_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གསུམ་འདུས་པ་འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བསྙེན་པའི་ཡི་གེ་རིན་ཆེན་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ། །


GLG023_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ཤྲཱི་ཏྲཻ་ཀུ་ལ་ས་མཱ་ཛཱ་ཡ། སྲིད་པའི་རྩེ་ནས་མནར་མེད་བར་ཁྱབ་མིག་སྨན་ལྷུན་པོ་སྲིན་པོའི་གཟུགས། །སྲིད་གསུམ་གྲོང་ཁྱེར་ལྟོ་བར་རབ་འཆང་སྐྱེ་དགུའི་བླ་སྲོག་གཤེད་གྱུར་ཀྱང་། །སྲིད་འཁྱམས་འགྲོ་ལ་གཅིག་ཏུ་རྗེས་བརྩེ་བགྲང་ཡས་རྣམ་འདྲེན་ཡོངས་ཀྱི་ཡབ། །སྲིད་ཞིའི་ཕ་མཐར་ནམ་ཡང་ལྷུང་མིན་འཇམ་དཔལ་ཀུན་ཏུ་བཟང་པོ་རྒྱལ། ཁྲོ་མེད་དམ་ཉམས་དགྲ་ལ་ལྷག་པར་ཁྲོ། །སྡང་མེད་བདུད་སྡེའི་ཚོགས་ལ་གཅིག་ཏུ་སྡང་། །བརྩེ་མེད་འཆི་བདག་གཤིན་རྗེ་འགྲོ་ལ་བརྩེ། །འཇིགས་མེད་དཔའ་བོ་ཁྲོ་ཆུ་དུག་སྡོང་འཇིགས། །གང་གི་གདམས་པ་རྒྱ་གར་མཁས་པའི་གཞུང་། །བོད་ཡུལ་མཐུ་སྟོབས་ཟླ་བྲལ་གནུབས་ཆེན་ལུགས། །དྲག་སྔགས་རྩིབས་སྟོང་རྩེ་མོར་ལོག་འདྲེན་ཚོགས། །མི་རྟག་ལམ་འགོད་གྲགས་པ་ཕྱོགས་བཅུར་སྙན། །འོན་ཏེ་མིང་ཙམ་བརྗོད་ལས་ཚུལ་བཞིན་དུ། །ལེགས་མཁྱེན་གནམ་ལྕགས་མེ་འབར་ཡབ་སྲས་དང་། །བརྒྱུད་པར་བཅས་ལས་སྔགས་རློམས་ཕལ་ཆེར་གྱིས། །མ་རྟོགས་གསང་བའི་མཛོད་ཀྱི་སྒོ་ལྕགས་དམ། །བསམས་ཀྱིན་བདག་འདྲའི་བློ་དམན་གདུལ་བྱ་ལ། །གཉགས་(༢ན)


GLG023_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བན་རྣམ་སྤྲུལ་ཆོས་དབྱིངས་རང་གྲོལ་ཞབས། །འཁོར་ལོའི་རི་མོ་གཙུག་ཏོར་རྩེར་བཀྲ་བ། །སངས་རྒྱས་ཐོབ་ཀྱང་རྒྱན་དུ་འཛིན་པར་སྤྲོ། །བླ་ཆེན་མིང་དང་རིགས་རུས་སྐྱེ་བ་ཡིས། ཁྲི་མཐོར་ཁེངས་པའི་ལྟོ་བ་མ་སྦོས་པར། ཁོ་བོས་དམ་པ་བསྟེན་ཅིང་མཁས་དུ་མར། །བགྲོས་པས་མུན་པར་རྫས་འཚོལ་རེ་བ་སྐྱུངས། །དེ་ཕྱིར་ཡི་དམ་ཆོས་སྐྱོང་དབྱེར་མེད་པ། །རིགས་གསུམ་འདུས་པའི་བདག་ཉིད་གཤིན་རྗེའི་གཤེད། །བསྙེན་ཐབས་ཆུ་ཀླུང་དངས་བྱེད་ཀེ་ཏ་ཀ །དཔྱོད་ལྡན་སྙིམ་པར་འབུལ་གྱིས་དང་བས་ལོང་། །དེའང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་གྲངས་མེད་པའི་རྒྱུད་ཀྱི་ཉོན་མོངས་པའི་གཉེན་པོར་དམ་པའི་ཆོས་ཀྱི་ཕུང་པོ་མཐའ་ཡས་པར་སྩལ་པ་ཐམས་ཅད་ཀྱང་ཉན་རང་བྱང་སེམས། ཀྲྀ་ཡོག་སྡེ་གསུམ། ཡོ་ག་གསུམ་སྟེ་ཐེག་པ་རིམ་པ་དགུར་འདུས་ལ། དེའི་ནང་ནས་སྒྲུབ་སྡེ་བརྒྱད་ལ་སོགས་པའི་སྐོར་རྣམས་བསྐྱེད་པ་མ་ཧཱ་ཡོ་གར་གཏོགས་ཤིང་དེ་ལ་ཡང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མ་མོ་རྦོད་གཏོང་འཇིག་རྟེན་མཆོད་བསྟོད་དྲག་སྔགས་རྣམས་ལས་སྐུ་འཇམ་དཔལ་གཤིན་རྗེ་ལ་(༢བ)


GLG023_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་རིགས་ཕྱག་རྒྱ་ཟིལ་གནོན། རྡོ་རྗེའི་རིགས་འཇོམས་བྱེད་ནག་པོ། རིན་པོ་ཆེའི་རིགས་ཁ་ཐུན་ནག་པོ། པདྨའི་རིགས་འཇིགས་བྱེད་རུ་མཚོན་དམར་པོ། ལས་ཀྱི་རིགས་གཤོར་བསད་ཉི་མ་ཁྲོས་པའི་སྐོར་སོགས་རྣམ་གྲངས་ཆེས་མང་བ་ལས་འཇམ་དཔལ་ཚེ་བདག་གི་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་སྡོང་ནག་པོ་འདི་ནི་འགྲན་གྱི་ཟླ་མེད་པས་བྱད་མ་མཁན་པོའི་རྦོད་གཏོང་རང་གཤེད་དུ་འབེབས་ཤིང་རྒྱལ་བ་ཞི་ཁྲོ་ནས་གྲོང་རྒྱུའི་འགོང་པོ་ཡན་གྱི་གཉེན་པོ། སྐྱེ་འགྲོ་རྣམས་ལ་ཆུ་སྲིན་ཁ་གདངས་པ་ལྟ་བུ། ཡི་དམ་ཆོས་སྲུང་གཞན་གྱིས་ལྟ་བར་མི་བཟོད་པའི་མུ་སྟེགས་རྫས་མཐུ་ནག་པོས་གནོད་མི་ནུས་པར་མ་ཟད་འདི་ལ་གྲོགས་སུ་འགྱུར། བྱད་མ་ཕ་རོལ་པོ་ནུས་པ་ཆེ་ཞིང་སྲུང་ཟློག་ཇི་ལྟར་མང་བཞིན་དུ་ལྷག་པར་ཕར་ལ་བཟློག་བསད་མྱུར། ལན་ཅིག་བསྒྲུབས་ན་སླར་བསྐྱར་མི་དགོས། བསྙེན་པ་ཁ་གསོ་གཏོར་བསྐུལ་འཐུ་བ་བརྡབས་པ་ཙམ་གྱིས་དགྲ་བོ་སྐད་ཅིག་ལ་འཆི་བའི་རལ་གྲི་ཕྱུང་རྒྱག །རླུང་སྒྲུབ་བམ་རྫུ་འཕྲུལ་གྱི་བསྒྲུབ་པ་ཡིན་པས་སྤུ་གྲི་ཀ་མ་ལ་ལྟར་རྣོ་ཞིང་རླུང་བཞིན་འཁྱུག་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་སྐོར་འདི་ནི་སྨན་སྡོང་ཆེན་མོའི་རྒྱུད་ལས། རྒྱ་གར་གྱི་གྲོང་ཁྱེར་མུ་སྟེགས་ཀྱི་བ་ར་དྷྭ་ཛ་བྱ་བ་དར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ནི་དར་ཡོད་པ་མུ་སྟེགས་ཀྱི་སྟོན་པ་འཕུང་བྱེད་ནག་པོ་དང་། མུ་སྟེགས་སྐྲའི་ལ་བ་ཅན་དང་། མུ་སྟེགས་མེའི་སླག་པ་ཅན་དང་། མུ་སྟེགས་ཀྱི་སྡེ་རིགས་ཐམས་ཅད་འདུས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཐམས་ཅད་ནི་བཤིག །གླེགས་བམ་ཐམས་ཅད་མེ་ལ་བསྲེགས། ཆོས་ཀྱི་སྒྲ་ཡང་(༣ན)


GLG023_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

མི་གྲག་པར་བྱས་སོ། །དེའི་དུས་སུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་འདྲ་ཡོང་བ་ཡང་འཕགས་པ་འཇམ་དཔལ་གྱིས་དགོངས་ཏེ་ཐུགས་མུག་སྐྱེས་ཏེ་འཇམ་དཔལ་ཐུགས་ཁྲོས་པ་ལས་ལས་ཀྱི་གཤིན་རྗེ་ཡ་མ་རཱ་ཛ་ཞེས་པའི་སྐུར་སྤྲུལ་ནས་དབུ་གསུམ་ཕྱག་དྲུག་གཡས་གསུམ་དགྲ་སྟ། གཡོན་གསུམ་གློ་སྙིང་བསྣམས་པ། སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ་དཔལ་དང་ལྡན་པ། སྐུ་ལ་ཡེ་ཤེས་ཀྱི་མེ་འབར་བ་འཇིགས་སུ་རུང་བ་ཞིག་ཏུ་བསྟན་པས་མུ་སྟེགས་ཐམས་ཅད་བརྒྱལ་ཞིང་ཤི། མུ་སྟེགས་ཀྱི་ཡིག་ཆ་ཐམས་ཅད་མེར་བསྲེགས། མུ་སྟེགས་ཀྱི་བསྟན་པ་ནི་གཅིག་ཀྱང་མེད་པར་བྱས་སོ། །ཞེས་པ་ལྟར་ལྷ་མཆོག་འདི་ཉིད་ཤེས་བྱ་བཅུའི་སྒོ་ནས་ཤེས་དགོས་པ་འབྱུང་ཁུངས་ནི། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས་བྱུང་ཞིང་མུ་སྟེགས་པ་རྣམས་འདུལ་བའི་ཐབས་གཙོ་བོར་བསྟན་པས་མུ་སྟེགས་ཟླ་གསང་ནག་པོར་གྲགས། རིགས་ནི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལས་སྐུའི་རིགས། མཚན་ནི་རྒྱུད་ལས། ནང་ལྟར་རྟ་མགྲིན་འཇམ་དབྱངས་ཕྱག་རྡོར་གསུམ་ཡིན། ཕྱི་མུ་སྟེགས་ལ་རྣོ་བ་མཐུ་དེ་ལྟར་ཆེ། གསང་བ་ལྟར་ཆོས་སྐུ་ལོངས་སྐུ་གསུམ་ཡིན་པས་རྟགས་མཚན་ཆེ་བ་དེ་ལྟར་ལགས། ཕྱི་ལྟར་ན་འཆི་བདག །ཚེ་བདག །སྲོག་བདག་གསུམ་ཡིན། རྫུ་འཕྲུལ་དྲག་རྩལ་ཆེ་བ་དེ་ལྟར་ལགས། ཞེས་པ་ལྟར་རིགས་གསུམ་འདུས་པའི་བདག་ཉིད་གཤིན་རྗེ་ཁྲོ་ཆུ་དུག་སྡོང་ནག་པོ། མུ་སྟེགས་སྲོག་གི་སྤུ་གྲི། བྱད་མ་འབུམ་གྱི་སྲོག་གཅོད། ལས་ཀྱི་མཐའ་སྡུད་སྤྱི་གཤེད་ནག་པོ་ཞེས་སོགས་རྣམ་(༣བ)


GLG023_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མཐའ་ཡས། འཁོར་ནི་གཤེད་ཆེན་སྡེ་དྲུག་པོར་མ་ཟད་ཡེ་ཤེས་ཀྱི་སྲུང་མ་དང་འཇིག་རྟེན་དྲེགས་པའི་ཚོགས་རྣམས་ཀྱིས་བཀའ་ཉན། གསུང་བསྟོད། འཕྲིན་ལས་སྒྲུབ་པར་བྱེད་པ་འདིའི་སྔོན་གྱི་དམ་ཚིག་དང་ལས་ཀྱི་ཆེ་བ་ལས་ནི་སངས་རྒྱས་སྟོང་རྩའི་སྤྱན་སྔར་སྲོག་སྙིང་ཕུལ་ནས་དམ་བཅས་པའི་མཐུས་ཕྱི་ནང་བན་བོན་གྱི་བྱད་མ་མཁན་པོ་གང་དང་འགྲས་ཀྱང་ལོག་རྡུགས་འབྱམས་གསུམ་མེད་པར་སྐད་ཅིག་ལ་བརླག་པའི་ལས་འགྲུབ། སྤྲུལ་པ་ནི་དུས་དྲུག་དམ་རྫས་ཚོགས་ཤིང་རྦད་བསྐུལ་གནད་ཀྱི་སྤྲུལ་པ་ལྷ་སྲིན་སྡེ་བརྒྱད་དམ་ལས་མི་འདའ་བར་གང་བཅོལ་བྱེད་པ། སྤྲུལ་པའི་རྒྱུ་མཚན་ཡང་ཇི་སླད་དུ། སྤྱི་བོའི་རྩ་ནས་ཡཿཤར་གཤིན་རྗེ་བྱུང་། །ལྟེ་བའི་རྩ་ནས་མཿཤར་མ་མོ་བྱུང་། །སྙིང་གའི་རྩ་ནས་ནཿཤར་ཀླུ་རྒྱལ་བྱུང་། །མགྲིན་པའི་རྩ་ནས་ར་ཿཤར་རྒྱལ་པོ་བྱུང་། །ཤངས་ཀྱི་ཁུང་ནས་ཤཿཤར་གཟའ་རྒོད་བྱུང་། །སྙན་གྱི་ཁུང་ནས་ཀྵཿཤར་གནོད་སྦྱིན་བྱུང་། །སྤྱན་མིག་གཉིས་ནས་ཙཿཤར་བཙན་རྒོད་བྱུང་། །ཕྱག་ཞབས་མཐིལ་ནས་དུཿཤར་དམུ་རྒྱལ་བདུད། །ཅེས་ཚེ་བདག་གི་ལས་སྦྱོར་སྐབས་རྒྱུད་ཁུངས་དང་འབྲེལ་བ་དོན་གྱི་འདིར་ཡང་ཐོབ། མཛད་པ་པོ་ནི་སིངྒ་ལའི་པཎྜི་ཏ་འཇམ་དཔལ་བཤེས་གཉེན། ཨྱོན་སངས་རྒྱས་གཉིས་པ། སློབ་དཔོན་ཁྲག་འཐུང་ནག་པོ་རྣམས་ཀྱིས་ཟླ་གསང་གི་རྒྱུད་རྣམས་བཤད་ཐབས་ཀྱི་སྒོ་ནས་བལ་ཡུལ་གྱི་འབངས་འབུམ་སྡེར་དབང་བའི་ཡམ་བུའི་རྒྱལ་རིགས་གུ་རུ་ནོར་བུ་འཛིན་པར་གནང་། གཞུང་ལས། མུ་སྟེགས་སྟོན་པ་འདི་ཉིད་ཀྱི། །ལས་སྦྱོར་གཤིན་རྗེའི་ངན་སྔགས་འདི། །གཤིན་རྗེ་ནག་པོའི་རྒྱུད་ལས་བཏུས། །ལྕགས་ཀྱི་(༤ན)


GLG023_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

པར་བུར་བཅུག་ནས་ནི། །བལ་ཡུལ་བུམ་ཐང་གཏེར་དུ་སྦས། །ཕྱི་རབས་དུས་ཀྱི་ཐ་མ་ལ། །ལས་ཅན་ཞིག་དང་འཕྲད་པར་ཤོག །ལས་ཅན་ཞིག་གིས་ཐོན་ནས་ཀྱང་། །གདུག་པའི་དགྲ་བགེགས་སྒྲོལ་བར་ཤོག །ཅེས་པ་ལྟར། སློབ་དཔོན་བལ་པོའི་རྒྱལ་པོས་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས་བཀོལ་ཏེ་ལྕགས་ཀྱི་པར་བུར་བཅུག་རྒྱ་རིམ་པ་གསུམ་གྱིས་བཏབ་ནས་གཞུང་ཡིག་རྣམས་བལ་ཡུལ་བུམ་ཐང་ཀེ་རུར་གཏེར་དུ་སྦས། སློབ་དཔོན་འདིས་མུ་སྟེགས་པ་རྣམས་བཏུལ་བས་མུ་སྟེགས་སློབ་དཔོན་དུའང་གྲགས། ཆོས་སྐོར་རྣམས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེར་ཆིག་བརྒྱུད་ཀྱི་ཚུལ་དུ་གསུངས་པས་ཇི་སྐད་དུ། སྤུ་ངན་སངས་རྒྱས་ཡེ་ཤེས་ཀྱིས། །རྒྱ་གར་གཙུག་ལག་དཔལ་དགེ་ལ། །བལ་ཡུལ་ཡམ་བུའི་དགོན་དུ་ཞུས། །ཞེས་བལ་པོའི་རྒྱལ་པོར་མ་ཟད་གཙུག་ལག་དཔལ་དགེར་ཡང་གསན། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱི། །གཤིན་རྗེ་ནག་པོའི་ཞལ་གདམས་སྦྱར། །གཙུག་ལག་དཔལ་དགེའི་བཀར་ཉན་པས། །སུ་ལའང་མི་སྤེལ་གཏེར་དུ་སྦ། །ཞེས་པ་ལྟར་ཤོག་དྲིལ་ལ་ཞལ་གདམས་ཕལ་ཆེར་བསེ་སྒྲོམ་སྨུག་པོར་བཅུག་ནས་མོན་བུམ་ཐང་དང་འཐོར་བུ་བྱང་སྤྲ་དུན་རྩེར་ཡང་གཏེར་དུ་སྦས། དགོས་བྱེད་ནི་སྤྱིར་བསྟན་འགྲོའི་བདེ་སྐྱིད་འཕྲོག་པ་དང་། བྱེ་བྲག་སྔགས་བན་ལ་སྟོབས་ལྡན་གྱི་འཚེ་བས་ཁས་ཉེན་པ། ལྷག་པར་བན་བོན་མུ་སྟེགས་བྱད་མ་མཁན་པོ་མཐུ་ཆེན་རྣམས་འདུལ་བའི་ཕྱིར་མཛད། གཏེར་སྟོན་ནི་གནུབས་ཆེན་གྱི་སྐྱེ་བ་སྤྲུལ་སྐུ་རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་གྱིས་གཏེར་ཁ་གསུམ་པོ་ཚང་བར་གདན་དྲངས་པས། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། །རྒྱ་གར་ཤར་ནུབ་ཆུ་(༤བ)


GLG023_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མྱུལ། །ཐ་མར་བོད་ཡུལ་དབུས་སུ་སླེབས། །སངས་རྒྱས་བསྟན་པ་བསྲུང་དོན་དུ། །སྲོག་སེར་གཏད་གསུམ་ལ་སོགས་པའི། །ངན་སྔགས་ཡིག་སྣ་དཔག་མེད་ཞུས། །སངས་རྒྱས་བསྟན་པའི་བཙས་སུ་བཞག །ཁྱད་པར་སྙིང་ཐིག་སྐོར་མཛོད་ནས། ཁྲོ་ཆུ་ཁོལ་མའི་འགོམ་ཆོག་འདི། །བལ་ཡུལ་བུམ་ཐང་ཀེ་རུར་སྦས། །དུམ་པ་རྒྱ་ཡིས་གཏེར་ནས་བཏོན། །ཤ་བ་རྒྱུག་པའི་འཕྲོ་ལ་འགྱེལ། །གདམས་པ་འདི་འདྲ་ཨ་ཙ་མ། །ཞེས་པས་ཤེས་ནུས་ཤིང་གདམས་པའི་ཆེ་བ་འདོན་པའི་ཆེད་དུ་བལ་པོ་ནས་ལ་སྟོད་ཀྱི་བར་གཏོར་མ་དང་བསྐུལ་ཙམ་གྱིས་བན་བོན་ལྔ་བཅུ་ཙམ་ཞག་བདུན་ནས་འཆི་རྟགས་ཐོན་པར་བསྒྲལ་བས་དྲག་སྔགས་ཀྱི་སྙན་པས་ཁྱབ། བརྒྱུད་པ་ནི་གཏེར་སྟོན་རྒྱ་ཞང་ཁྲོམ་ལ་གནུབས་སྟོན་དར་དབང་གིས་འབྲི་སུམ་ཅུ་སོ་གསུམ་གཞལ་བའི་རྟ་འབྲུག་གཤོག །གསེར་སྲང་གང་། སྦྱང་ཐུལ་རྣམས་ཕུལ་ནས་ཞུས། དགྲ་བོ་ཞག་བདུན་ནས་འཆི་རྟགས་ཐོན། དེ་ལ་བྷ་ཡ་ཤཱཀ་རྡོར་གྱིས་གསེར་སྲང་གང་དང་ནོར་བུ་གཡུ་འབར་བྱ་བ་ཕུལ་ནས་ཞུས། ཕོ་མོ་སུམ་ཅུ་ཟླ་གཅིག་ནས་འཆི་རྟགས་ཐོན། དེ་ལ་སྲས་ཨ་གྲགས་ཀྱིས་འབུལ་ཞབས་བཏེག་ནས་ཞུས་པས་མཐུ་ནུས་ཀྱི་གྲགས་པ་ཐོབ། གཞན་ཡང་རྗེ་བཙུན་དོན་ཡོད་རྡོ་རྗེས་གསན་པ་སོགས་ནས་ཉེ་བར་བརྒྱུད། བར་སྐབས་སུ་དར་རྒྱས་ཆེ་བ་ཙམ་བྱུང་ནའང་རིམ་གྱིས་ཆོས་རྒྱུན་ཉག་ཕྲར་སོང་བས་ལྷོ་ན་སྟག་དང་བྱང་ན་འབྲོང་གི་དཔེ་བཞིན་ཁྲོ་ཆུ་དུག་སྡོང་ཟེར་བའི་གཤེད་སྐོར་ཞིག་ཡོད་པར་སྣང་ཞེས་གླེང་བ་ཙམ་ལས་རྟོགས་པ་ནི་དགུན་ཆུ་ལྟར་གྱུར་སྐབས་གུང་རད་པ་ཚུལ་ཁྲིམས་རྒྱ་མཚོ་དང་རྒྱ་སྟོན་ནམ་མཁའི་མཚན་ཅན་སོགས་ཡོངས་འཛིན་འགའ་ཞིག་ལ་རྗེ་ཟུར་པ་གནམ་(༥ན)


GLG023_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་མེ་འབར་གྱིས་གསན། དེ་ལ་སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ་ཡབ་སྲས་རྣམས་ཀྱིས་གསན་པ་ལས་རིམ་པར་བརྒྱུད་དེ་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་དང་དཔལ་འགྲི་གུང་པ་དབུར་སྨྱོན་ཆོས་ཀྱི་གྲགས་པས་གསན་པའི་རྒྱུན་མ་ཆད་པ་ཡོད་ཅིང་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེས་ཀྱང་ཚེ་བདག་ཡང་བཟློག་དང་ཁྲོ་ཆུའི་སྐོར་རྗེ་འབྲི་གུང་པར་གསན། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་འཇམ་དཔལ་དུག་སྡོང་གི་སྐོར་སྣང་གསལ་བ་རིགས་འཛིན་ཀུན་དགའ་ཆེ་ཆོག་ལ་གསན་པར་གྲགས་ཀྱང་བརྒྱུད་པ་དེ་དག་ལས་འོངས་པའི་རྒྱུན་ནི་ནམ་མཁའི་དབྱིངས་སུ་དེངས་སོ། །དེ་ཡང་ཆོས་སྐོར་འདིའི་ཡིག་སྣ་ཕྲ་ཞིབ་གབ་དཀྲུགས་འཐོར་བའི་ཚུལ་དུ་བཞུགས་པས་རྡོ་རྗེ་སློབ་དཔོན་གྱི་གསུང་རྒྱུན་ཕྱག་བཞེས་དམར་ཁྲིད་དུ་སྡེབ་ལུགས་མཛུབ་བཙུགས་སུ་ངོ་མ་འཕྲོད་ན་ཡུངས་ཀར་སྤང་ལ་གཏོར་བའམ་བྱིས་པ་འཇའ་ཚོན་བལྟ་བ་ལྟར་ལག་ཏུ་མི་ཁེལ་བས་སྤྱི་སྒོས་སུ་འཚེ་བའི་དགྲ་བོ་གདུག་ཅན་ལ་མཁས་པ་གཙང་ནག་པར་ཁྱིས་རྨུག་པར་བརྩམས་པ་ན། དགག་བྱ་བྱུང་ན་དགོས་པ་ཡོད། ཁྱི་ལ་ཆོས་ཀྱི་བཀྲ་ཤིས་ཤོག །ཅེས་གསུངས་ནས་པོ་ཏི་བརྒྱབ་པ་ལྟར་དུག་སྡོང་གི་གླེགས་བམ་དཔངས་མཐོ་བར་བཞུགས་པ་བསྣུན་ན་དགྲ་གཅིག་གི་ཐོད་པ་གཏིབ་ཐུབ་པ་ཙམ་ནི་ཡོད་ཤས་ཆེ། དེ་ལས་གཞན་དུ་གླེགས་བམ་སྔས་སུ་རྒྱག་གམ་གསར་མ་བའི་ཆོས་སྐྱོང་རྣམས་ཀྱི་བེའུ་བུམ་དང་ལྷན་དུ་རྡུལ་དང་མུན་པའི་མལ་དུ་གཟིམས་པ་ལས་འོས་མ་མཆིས་པས་གནུབས་ཆེན་དང་སྤྲུལ་སྐུ་རྒྱའི་ཐུགས་བཅུད་འདི་ཉིད་ཀྱི་དགོས་དོན་ལོག་འདྲེན་གྱི་དགྲ་བོ་ཚེ་སྲོག་དང་ཕྲལ་ཏེ་རྣམ་ཤེས་ཆོས་སྐུ་བདེ་བ་ཆེན་པོའི་ཀློང་དུ་འདྲེན་པའི་ལས་ལ་སྦྱོར་བ་དེའི་སྔོན་(༥བ)


GLG023_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྲུབ་པའི་གནད་ཤེས་དགོས། སྒྲུབ་པ་ལའང་ལྷ་ཉེ་བར་བསྙེན་པ་ཉིད་གལ་ཆེ་བས་དེ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་གྱི་དང་པོ་ལ་ངེས་པའི་དོན་བདེ་བླག་ཏུ་འཇུག་པ་སོགས་ཡིག་ཆ་ཁུངས་བཙུན་གྱི་སྟེང་ནས་འཇམ་དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་དཀྱིལ་འཁོར་དུ་ལེགས་པར་སྨིན་ཅིང་། སྨན་སྡོང་ནག་པོའི་བྱིན་རླབས་དུག་གི་སྲོག་དབང་གི་ཡི་གེ་ལྟར་ལས་གཤིན་འདི་ཉིད་ཀྱི་སྒོ་ནས་དབང་ལུང་མན་ངག་ཕྱག་ཁྲིད་ལེགས་པར་ནོད་པའི་སྔགས་པས་གནས་ཀྱི་ཁྱད་པར་རྒྱུད་སྡེ་སྤྱི་སྐད་དུ་བསྙེན་པར་གནམ་ས་བར་གསུམ་ལ་བཀྲ་ཤིས་རྟགས་བརྒྱད་སོགས་ས་དཔྱད་བཀྲ་ཤིས་པ་འབྱུང་པོ་གདུག་པ་ཅན་གྱི་རྒྱུ་སྲང་སོགས་མི་དང་མི་མ་ཡིན་གྱིས་འཚེ་བ་ཉུང་བ། སྒྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་པས་མཚོན་དགེ་བའི་མཚན་མ་དང་མངོན་སྤྱོད་ལ་གནམ་ས་གྲུ་གསུམ་རི་བྲག་མཚོན་ཆ་གཟིངས་པ་ལྷ་འདྲེ་དྲག་པོ་འདུ་ཞིང་དུར་ཁྲོད་དང་བས་མཐའ་ཆུ་གླིང་ལྟ་བུ་འཇིགས་ཤིང་སྐྱི་གཡའ་བའི་གནས་བཤད་ལ། གཏེར་སྟོན་རྒྱལ་པོ་ཆོས་རྒྱལ་རཏྣ་གླིང་པའི་རྟ་མགྲིན་གསང་འདུས་སུ། སྡེ་དགོན་གནས་གཞི་སྦྱིན་སྲེག་བྱས་བཤུལ་དུ། །སེར་བ་བསྒྲུབས་ན་མི་འགྲུབ་ཞུད་པས་སྤང་། །དབང་བསྐུར་བྱིན་རླབས་ཚེ་སྒྲུབ་བྱས་བཤུལ་དུ། །མཐུ་ཕྲན་བསྒྲུབས་ན་མི་འགྲུབ་ཞུད་པས་སྤང་། །མཆོད་རྟེན་སཱཙྪ་གསུང་རབ་བཀླགས་མལ་དུ། །ལྟས་ངན་བསྒྲུབས་ན་མི་འགྲུབ་ཞུད་པས་སྤང་། །དུག་སྦྲུལ་འགྱུས་སྲང་ས་རལ་ཤྭ་འོད་རྩར། །ནོར་སྒྲུབ་བསྒྲུབས་ཀྱང་མི་འགྲུབ་ཞུད་པས་སྤང་། །ཞེས་སོགས་རྟེན་འབྲེལ་གྱི་གནད་འགག་བརྩི་ལུགས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་གསུང་ལྷད་མེད་ངོ་མཚར་བ་སྣང་མོད། འོན་(༦ན)


GLG023_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རིགས་གསུམ་འདུས་པའི་ལས་ཀྱི་གཤིན་རྗེ་འདི་ཉིད་ཀྱི་བསྙེན་སྒྲུབ་ལས་གསུམ་དཀྱུས་གཅིག་ཏུ་བྱེད་པའི་དབང་དུ་བྱས་ནས་རྩ་ཚིག་བཞི་བཅུ་རྩ་དྲུག་གི་བཤད་བཀྲོལ་རིན་པོ་ཆེའི་གཏེར་མཛོད་ལས། དང་པོ་སྒྲུབ་པའི་ས་གསུམ་ནི། དུར་ཁྲོད། ནགས་ཁྲོད་ཤིན་ཏུ་འཇིགས་པའི་ས་ནི་དབེན་པའི་གནས་སོ། །དུར་ཁྲོད་དམ་ཞེས་པ་ནི་རོ་བསྲེགས་པའི་ས། དམེ་བྱས་པའི་ས། མི་གྲིར་བསད་པའི་ས་དང་དེ་རྣམས་བསྡུས་པས་དུར་ཁྲོད་དོ། །ནགས་ཁྲོད་ནི། མཚམས་ཁང་གསལ་ཁུང་མེད་པ་ཡོལ་བ་དང་མཚམས་རིག་ལེགས་པར་བྱའོ། །ཤིན་ཏུ་འཇིགས་པ་ནི་རི་གཉན་གསུམ་གྱི་རྩེའམ་གདོང་སྣའི་ས་དང་། ལུང་གཉན་གསུམ་འདུས་པའི་ས་དང་། ལྷ་ཁང་རྙིང་པའི་ས་དང་། མཆོད་རྟེན་ཞིག་པོའི་ས་དང་། དེ་རྣམས་ལྷ་འདྲེ་འདུ་བའི་ས་ཡིན་པས་འཇིགས་པའི་སའོ། །དབེན་པ་ནི་མཚམས་དགྲ་མེད་པ་མཐོ་བ་བཙན་པ་ཁྱི་ལ་སོགས་པའི་གནོད་འཚེ་མེད་པ། མཚམས་གཡོག་གོ་ཆོད་པ། བསིལ་ཁང་འཛོམ་པ་ལ་སོགས་པའོ། །ཞེས་བྱུང་ལ། དུས་ཚོད་གཟའ་སྐར་ཡང་ལུགས་གཞན་ལྟར་ཤིས་པ་གཙོ་བོར་མི་འདོན་པར་སྒྲུབ་ཐབས་འགྲེལ་པ་ལག་ལེན་གསལ་སྒྲོན་ལས། སྒྲུབ་པའི་དུས་ཚོད་གཟའ་སྐར་ནི། གཟའ་ཕུར་བུ། སྐར་མ་མགོ་ལ་སོགས་པ་མར་གྱི་ངོ། གཟའ་སྐར་འཕྲོད་པའི་དུས་སུ། ཞེས་བཤད་པ་དྲག་པོའི་སྒྲུབ་པ་ལ་ཡིན་ནམ་སྙམ་ན། གཞུང་འདི་གར། སྨྲ་བཅད་བྱས་ལ་གཞུང་ལྟར་བསྙེན་པ་དྲག་ཏུ་ཐོག་ལྟར་བཟླས་སོ། །ཞེས་པས་རྟོགས་ནུས། ཆོས་རྒྱལ་འབྲི་གུང་པ་དབུར་སྨྱོན་གྱིས་གཟའ་སྐར་འགྲུབ་སྦྱོར་ལའང་གདམ་ངར་གསུངས་པ་འགྲུབ་སྦྱོར་བདུན་པོ་ཞི་དྲག་ཀུན་ལ་ཤིས་པར་དགོངས། (༦བ)


GLG023_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རབ་རྒྱ་མཚོར་གཟའ་སྐར་དུས་ཚེས་བཟང་བར་བཤད་པ་ལུགས་འདི་གའི་བཟང་བ་དེ་གཞན་དག་གི་ངན་འཚུབ་ལ་ངོས་འཛིན་དགོས་པ་ཕར་རི་ལ་བལྟོས་ནས་ཚུར་རི་དང་ཚུར་རི་ལ་བལྟོས་ནས་ཕར་རིར་འཇོག་པ་བཞིན་ཡིན་པས་གནས་དང་ཡོ་བྱད་འདུ་བྱས་ཤིང་། དུས་ཚོད་ཚེས་གྲངས་དང་བསྟུན་མཚམས་ཁང་དུ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་དང་ལས་གཤིན་དུག་སྡོང་ནག་པོ་སོགས་ཀྱི་བྲིས་འབུར་གྱི་བརྟེན་རབ་གནས་ཅན་བཤམས། བསྙེན་པའི་སྐབས་བདག་བསྐྱེད་ཁོ་ནར་བརྟེན་པ་དང་། བདག་མདུན་ཟུང་འབྲེལ་གཉིས་བྱུང་བ་སྤྲོས་པར་མི་དགའ་ན་སྔ་མས་འགྲུབ་ཀྱང་། རྗེ་འབྲི་གུང་ཆོས་ཀྱི་གྲགས་པས་མཛད་པའི་ལས་བྱང་གདུག་པ་ཀུན་སྤྲོས་ལས། གཉིས་པ་མདུན་བསྐྱེད་སྒྲུབ་པ་ནི། བསྙེན་པའི་དུས་རང་གི་མདུན་དུ་བསྐྱེད་ཅིང་། སྲུང་བཟློག་བསད་པའི་དུས་གཏོར་ཆེན་ལ་དམིགས་པའོ། །དེ་ཡང་འདི་ལྟ་སྟེ། མདུན་གྱི་རྟེན་ནམ་གཏོར་ཆེན་བསངས་སྦྱངས་ལ། ཧཱུཾ། ཆོས་རྣམས་དམིགས་མེད་སྤྲོས་བྲལ་ཀུན་ཁྱབ་གདལ། །ཞེས་པ་ནས། སྤྱན་དྲངས་གྱུར་གྱི་བར་བདག་བསྐྱེད་ཀྱི་སྐབས་ཇི་ལྟ་བ་ལས། བདག་ཉིད་ཅེས་པའི་མལ་དུ་མདུན་ཞེས་འདོན་པ་བསྒྱུར་བས་ལྷ་ཚོགས་རྣམས་གསལ་བར་བསྐྱེད་ལ། ཞེས་བྱུང་བས་སྲུང་བཟློག་བསད་མནན་གྱི་དུས་མདུན་བསྐྱེད་ཀྱི་གཏོར་མར་དམིགས་རྟེན་དུ་མཛད་ལ། རྗེ་སྣང་གསལ་བ་ཀུན་དགའ་ཚེ་མཆོག་གིས་མཛད་པའི་བཟློག་བསད་གནམ་ལྕགས་འབར་བ་ལོག་འདྲེན་འཇོམས་པའི་མཚོན་ཆའི་འཁོར་ལོར་མདུན་དུ་གཏོར་ཆེན་གྱི་ལྷ་ཚོགས་བསྐྱེད་ཚུལ་རྒྱས་པར་གསུངས་པ་ལྟར་བྱེད་ན་གོང་དུ་བཤད་པ་བཏང་སྙོམས་སུ་བཞག་པས་ཆོག་ཅིང་འདིར་མ་ཏྲཾ་གྱི་ལྟོ་བར་ཆོས་འབྱུང་བསྣོལ་མ་བྲིས་པ་ཟོར་གདན་དང་ནོར་(༧ན)


GLG023_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བས་གཏོར་ཆེན་ལ་སྟེགས་བུ་འབྲུབ་ཁུང་སོགས་དགོས་ཚུལ་རྗེ་འབྲི་གུང་པ་གསུང་བ་བླ་མ་གཉིས་ཀ་ཆོས་འདི་ལ་ནང་བྱན་ཆུད་པར་འདུག་པས་རྒྱས་བསྡུས་ཀྱི་ཁྱད་པར་ལས་མི་འགལ་ཞིང་གཤིན་རྗེ་སྡེ་དྲུག་ཕྱག་དྲུག་ཏུ་བཤད་པ་ཡིག་ཆུང་ཤོག་དྲིལ་ནས་བསྟན་པས་ལུགས་གཉིས་གང་བྱས་ཀྱང་མི་འཐད་པ་མེད་དམ་སྙམ། སྣང་གསལ་ཕྱོགས་སུ་རང་འདྲའི་སྤྲུལ་པ་ཟེར་བ་ཙམ་ལའང་ཁུངས་སུ་མཛད་རུང་མུ་ཏིག་ཕྲེང་བར་རང་འདྲའི་སྤྲུལ་པ་ཕྱག་གཉིས་པའང་བཤད་པས་མཐའ་གཅིག་ཏུ་མ་ངེས་པ་འདྲ། གདུག་པ་ཀུན་སྒྲོལ་དུ་སྲུང་བཟློག་གསད་པ་དང་མ་འབྲེལ་བའི་མདུན་བསྐྱེད་ཀྱི་དམིགས་རྟེན་སྒྲུབ་གཏོར་ལ་བཤད་ཅིང་། རྗེ་སྣང་གསལ་བའི་ལས་བྱང་དུ། མདུན་བསྐྱེད་བསྒྲུབ་པ་ནི་རྟེན་རྣམས་བསངས་སྦྱངས་བྱས་ལ་ཞེས་པ་ལས་གཏོར་མའི་གསལ་ཁ་མེད་ཅིང་ལས་བྱང་གི་བརྗོད་བྱ་དང་མཐུན་པའི་བདག་བསྐྱེད་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་སྣང་བ་ལུགས་འདིའི་དབང་གི་ཆོ་ག་གཏོར་མར་བརྟེན་པ་ལས་དཀྱིལ་འཁོར་དགོས་དོན་ཡང་མེད་ལ་ཕྱག་ལེན་ལའང་མི་མཛད་པས་མདུན་བསྐྱེད་ཀྱི་སྒྲུབ་གཞི་ཁོ་ན་གཙོ་ཆེ་ཞིང་དུས་གཏོར་སོགས་རྒྱུན་གྱི་ཉམས་ལེན་ལ་ཚོགས་མཆོད་ཀྱི་ཡུལ་ལྟ་བུ་སོགས་ལ་དགོངས་ཏེ་བཟླས་པ་གྲུབ་ནས་སླར་གསལ་འདེབས་སྐྱོར་མཛད་མོད། བདག་མདུན་བསྙེན་སྒྲུབ་ཟུང་འབྲེལ་གྱི་སྐབས་ཐོག་མ་ཉིད་ནས་གསལ་འདེབས་དགོས་པས་སྟེགས་ཀྱི་ཁར་མདུན་དཀྱིལ་བཀྲམ་པའི་སྟེང་མཉྫིར་ལྕགས་སམ་བྷནྡྷའི་ཞིང་དུ་ཤ་ལྔ། བདུད་རྩི་ལྔ། མི་རྟ་བྱ་གཡག་ར་སྟག་གཟིག་སོགས་ནག་པོའི་རིགས་ཀྱི་ཤ་ཁྲག །བཙན་དུག་ཐང་ཕྲོམ་སོགས་དུག་སྣ། འབྲུ་སྣ་རྙེད་ཚད་རྣམས་བསྲེས་པ་ཆང་དང་སེམས་ཅན་གྱི་གསོན་ཁྲག་གིས་སྦྲུས་པའི་གཏོར་མ་(༧བ)


GLG023_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་ཟན་གྲུ་གསུམ་ལོགས་མདུན་ལ་བསྟན་པའི་སྟེང་དུ་ཟུར་གསུམ་ཕུར་བུའི་དབལ་ལྟ་བུ་ཟུར་མདུན་ལ་བསྟན་པ་ལས་ཅུང་ཟད་ཆུང་བ་ཡུམ། དེ་ལས་ཆུང་བའི་སྡེ་དྲུག་སྟེ་བདུན་གྱིས་བསྐོར་བ་རྣམས་ཀྱི་དཀྱིལ་ནག་མཐའ་དམར་བར་མེ་རི་ཕྱག་མཚན་ས་བོན་སོགས་དཀར་དམར་གྱི་རྒྱན་སྤྲོད་ལེགས་པའི་མཐར་མཐེབ་སྐྱུས་བསྐོར་བར་རྩང་དམར་ཉེར་གཅིག་སྲིན་འགྲོས་སུ་བཙུགས་པར་ཤ་ཁྲག་གིས་བརྒྱན་པ། དེའང་སྲུང་བཟློག་བསད་པའི་གཏོར་མའི་ནང་བཞུགས་ཀྱི་འཁོར་ལོ་ལྕགས་སྦུབས་སུ་བཅུག་པ་དང་སྟེང་ནས་གདུགས་ལྟར་འབུགས་པའི་ཚེ་བདག་ལྟོ་འཁོར་སོགས་མི་དགོས་ཀྱང་སྲོག་འཁོར་གལ་ཆེ་བ་སྣང་གསལ་བའི་དཔེ་རིས་ཀྱི་མུ་ཁྱུད་ཅིག་ལ་ཐུན་སྔགས་འདུག་པ་མན་ངག་ཡིག་ཆུང་དུ་མི་གསལ་ཡང་། རིགས་འཛིན་ཆོས་ཀྱི་གྲགས་པའི་ཕྱག་རྒྱུན་གྱི་དཔེའུ་རིས་སུ་མི་སྣང་ཞིང་། དེའི་ལྟོ་བར་རྡོ་རྗེ་དང་དེའི་ཕྱི་རོལ་ཏུ་རིགས་གསུམ་མགོན་པོའི་སྔགས་བཤད་པ་ཡིག་ཆུང་དུ་མ་བྱུང་ཡང་བསྲུང་དམིགས་དང་འབྲེལ་ཆགས་ཤིང་རྗེ་ཟུར་པའི་ཕྱག་དཔེ་ཁུངས་ཐུབ་ཀྱི་རྒྱུན་ཡིན་འདྲ་བ་དག་གམ་སྙམ་གང་ལྟར་སྲོག་འཁོར་མཚན་ཉིད་དང་ལྡན་པ་ལྟེ་བ་ལུགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་བྱས་པ་ཚོན་སྣ་ལྔའི་སྲད་བུས་བཅིངས། གྲི་ལྕགས་ཀྱི་རྟེན་ཕུར། ཚེར་ནག་གི་ཕུར་པ་དར་སྣ་ལྔས་བརྒྱན་ཅིང་དར་དམར་གྱིས་གྲིལ་བ་དེ་དང་ལྷན་ཅིག་པར་རྩེ་མོ་རྡོ་རྗེ་ཕྱེད་པ་ལ་རྩ་བ་ཕུར་ཞབས་ཅན་རྣམས་གཏོར་གདུགས་ཀྱི་འོག་ཏུ་མི་མངོན་པར་མདའ་ལ་འདོགས། དཀྱིལ་འཁོར་རྡུལ་ཚོན་གྱིས་བྲིས་པའམ་རས་བྲིས་ལ་ལྷ་མཚན་ཙམ་ལས་སྐུ་མེད་པ་དང་། དེ་ཡང་མ་འབྱོར་བར་གཏོར་མ་འབའ་ཞིག་ལ་བརྟེན་ན་གཙོ་འཁོར་བརྒྱད་པོའི་ཙཀླི་འཛུགས། དེའི་མདུན་ངོས་སུ་གཏོར་གདུགས་སྲོག་འཁོར་ཕུར་པ་རྩང་སོགས་སྤང་ཞིང་ཚད་(༨ན)


GLG023_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྔ་མ་ལས་ཆུང་བའི་འཛིན་གཏོར་དང་དེ་ལས་ཅུང་དམའ་བའི་གཏའ་གཏོར་བཤམས། འཛིན་གཏོར་ཞེས་པ་གསར་མའི་ཤན་ཤོར་སྙམ་པའི་ལོག་རྟོག་འབྱུང་སྲིད་ཀྱང་། ཁ་བྱང་གསལ་བའི་སྒྲོན་མེར། རྟེན་བཞེང་བ་དང་། སྲོག་འཁོར་བཅའ་བ་དང་། གྲི་ཕུར་གྱི་རྟེན་བཅའ་བ་དང་། གཏར་ཆེན་དང་། རྒྱུན་གྱི་འཛིན་གཏོར་བཅས་པའོ། །ཞེས་བཤད། ལོགས་ཤིག་ཏུ་ལྕགས་སམ་བྷནྡྷའི་ནང་དུ་སྤྱི་གཤེད་ཀྱི་གཏོར་མ་ཤ་ཁྲག་རྩང་གིས་བརྒྱན་པ། མདུན་གྱི་གཡས་སུ་པཉྩ་ཨ་མྲྀ་ཏས་སྤགས་པའི་ཆང་ཞིམ་པོའི་སྨན་མཆོད། གཡོན་དུ་མིའམ་དུད་འགྲོའི་གསོན་ཁྲག་ལ་དུག་སྣ་དང་ཁྲག་ཆེན་བསྲེས་པའི་རཀྟ། ལྕང་ལོར་བཅས་པའི་བྷནྡྷའི་སྣོད་སོ་སོར་ཁྲག་ཆེན་གྱི་ཡོན་ཆབ། དབང་པོའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཙིཏྟའི་ཞལ་ཟས་རྣམས་སྒོར་མཆོད་དམ་ཐད་མཆོད་གང་རུང་དུ་བསྒྲིག །སྒྲུབ་པ་པོའི་སྟན་དང་རྡོར་དྲིལ་ཐོད་རྔ་འཐོར་ནས་གུ་གུལ་སོགས་ཉེ་བར་མཁོ་བའི་རྫས་ཡོ་ཐམས་ཅད་བསྙེན་སྒྲུབ་སྤྱི་གཞུང་ལྟར་འདུ་བྱ། འདི་ཉིད་སྒྲུབ་པའི་སྒབ་འདྲེ་གཟའ་དང་རྒྱལ་པོ་ཡིན་པ་གནོན་ཐབས་ཀྱི་མན་ངག་བཤད་ཀྱང་ལྟ་སྒོམ་གྱི་དྲོད་ཚང་མེད་ན་དྲེགས་པ་ཅན་འདི་རིགས་ཐུལ་དཀའ་བས་ཕྱག་ལེན་ལ་ཚེར་མི་མཛད། མདུན་དཀྱིལ་གྱི་མཐའ་སྐོར་དུ་སྡེ་བརྒྱད་རྣམས་ཀྱང་འགོད་ཅིང་ཚོགས་གཏོར་དབུལ་ནས་སྲུང་མའི་ཚུལ་གྱིས་ལྟས་ངན་གཡང་དུ་བླང་བ་ཡིན་གསུང་། ལས་རབ་རྒྱ་མཚོར། སྤྱིར་བསྟན་དགྲ །ཁྱད་པར་དུ་ཡང་བསྙེན་སྒྲུབ་ལ་བར་ཆད་བྱེད་པ་རྣམས་ཀྱི་རཱུ་པ་བཟློག་བསད་ཀྱི་སྔགས་ཀྱིས་བསྐོར་བ་གཞུག །ཅེས་པ་ལྟར་ལག་ལེན་བཞིན་བྲིས་ནས་བསྒྲུབས་ཤིང་མནན་ན་(༨བ)


GLG023_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་ཀྱི་བར་ཆད་སྤྱིར་ཞི་བའི་ཞར་སྒབ་འདྲེའི་གནོད་པ་ལའང་ཤུགས་ཀྱིས་ཕན་པར་སེམས་མོད་དིང་སང་ཕྱག་ལེན་དུ་མཛད་པ་ཉུང་བས་མ་བྱས་ཀྱང་འགལ་བ་མེད། གཉིས་པ་དངོས་གཞི་ནི། མཚམས་ཀྱི་སྔོན་དུ་ཆ་གསུམ་དང་གསེར་སྐྱེམས་བཏང་སྟེ་སྡེ་བརྒྱད་ཆ་མཉམ། དཀར་དམར་གྱི་གཏོར་མ་བསྔོ་བ་འདི་གའི་ལས་བྱང་ཚོར་བྱུང་བ་ལྟར་བགེགས་བསྐྲོད་དང་སྲུང་འཁོར་བྱ། དེའང་གནུབས་ཆེན་གྱིས་མཛད་པའི་ལས་བྱང་བདུད་དཔུང་གཏོར་བྱེད་དུ་བདག་བསྐྱེད་འཇམ་དཔལ་ཚེ་བདག་ནག་པོ་དང་མདུན་བསྐྱེད་ཁྲོ་ཆུ་ལས་ཀྱི་གཤིན་རྗེའི་ཚུལ་དུ་སྒྲུབ་པར་གསུངས་པས་ཟིལ་གནོན་གྱི་ལས་བྱང་རྒྱས་པའམ་ཡང་བཟློག་ཡབ་ཡུམ་གྱི་མངོན་རྟོགས་ཙམ་ལ་བརྟེན་ཀྱང་ལེགས་པའི་ཆ་ཡིན་མོད་ཕྱིས་སུ་འཇུག་པ་བདེ་བའི་ཆེད་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ་བཞེད་པས་རིགས་འཛིན་ཀུན་དགའ་ཚེ་མཆོག་གིས་མཛད་པའི་ལས་བྱང་གཞུང་བསྲང་། རྒྱུད་ལས། ཏིང་ངེ་འཛིན་རྣམ་པ་གསུམ་ཡིན་ཏེ་ཕྱི་ལྟར་འཆི་བདག་སྲོག་བདག་ཚེ་བདག་གསུམ་དུ་འདུས་པས་ཁྲོ་ཆུ་དུག་སྡོང་གི་སྒྲུབ་པ་དང་གཅིག །ནང་ལྟར་འཇམ་དབྱངས་རྟ་མགྲིན་ཕྱག་རྡོར་གསུམ་དུ་འདུས་པས་རིགས་གསུམ་མགོན་པོའི་སྒྲུབ་པ་དང་གཉིས། གསང་བ་སྐུ་གསུམ་འདུས་པ་གཞི་ལམ་འབྲས་གསུམ་སྒྲུབ་པ་དང་གསུམ། ཞེས་བཤད་པའི་དོན་བཞིན་ཆོས་རྣམས་དམིགས་མེད་སྤྲོས་བྲལ་ཀུན་ཁྱབ་གདལ། །ཞེས་པ་གཞི་ཆོས་སྐུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཀ་དག་གི་ངང་ནས། སྙིང་རྗེའི་རྩལ་དུ། ཞེས་པས་ལམ་གོང་གི་གདངས་འགག་པ་མེད་པ་ལོངས་སྐུ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལྷུན་གྲུབ་འོད་ལྔའི་རང་བཞིན་ཉི་མའི་སྙིང་པོ་ལྟ་བུ། རང་བྱུང་ཁྲོ་ཚོགས་གསལ། ཞེས་པས་འབྲས་བུ་ཉི་མ་ལས་འོད་ཟེར་ཤར་བ་(༩ན)


GLG023_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྤྲུལ་སྐུ་རྒྱུའི་ཏིང་ངེ་འཛིན་ཁྲོ་བོའི་ཚོགས་ཀྱི་རྟེན་བརྟེན་པ་རྣམས་འཆར་བྱེད་ཀྱི་རྒྱུ་ཡི་གེ་ཨེ་ལས་རིམ་གྱིས་འཕྲོས་པས། ཨེ་ལས་རབ་འཇིགས་ནམ་མཁའ་མཐའ་དབུས་མེད། །ཅེས་སོགས་ཚིག་རྐང་བདུན་གྱིས་བདག་མདུན་གཉིས་ཀའི་གཞི་རྟེན་གཅིག་ཏུ་བྱས་ཏེ། རྒྱུད་ལས་སྟོང་པའི་ངང་ལས་འཇིག་རྟེན་ཁམས། །གཤིན་རྗེ་དམྱལ་བའི་ཡུལ་དུ་བསམ། །འོག་ནི་སྤུ་གྲིའི་ས་གཞི་ལ། །ཞེས་པ་ལྟར། ཕྱི་རུ་མཚོན་ཆ་འཆོལ་བའི་གཞལ་ཡས་ཁང་། །ཞེས་སོགས་ཤློ་ཀ་ལྔས་སྲུང་འཁོར་དང་འོག་ནས་འབྱུང་བའི་རྟེན་བརྟེན་པ་བསྒོམ་ཚུལ་རྣམས་བསྙེན་པའི་དུས་དམིགས་པ་གཏོད་པའི་ཟབ་ཁྱད་ཀྱིས་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ལས་བྱང་གི་ཚིག་གཅིག་པུས་བདག་བསྐྱེད་བསྒོམ་པ་དང་མཉམ་དུ་མདུན་བསྐྱེད་ཀྱང་གསལ་འདེབས་ཤིང་གསང་སྔགས་སྤྱིའི་སྲུང་འཁོར་དང་མི་འདྲ་བར་ཅུང་ཟད་འཁྲུག་ཅིང་རྟོགས་དཀའ་བ་གུར་ཁང་ཤོག་དྲིལ། རྗེ་ཀུན་དགའ་ཚེ་མཆོག་གི་གསུང་རྒྱུན་དང་ཞལ་བཀོད་ཀྱི་མདུན་དཀྱིལ་རིགས་འཛིན་ཀུ་མཱ་རའི་རྣམ་སྤྲུལ་ཟུར་སྔགས་འཆང་གཞོན་ནུ་དོན་གྲུབ་ཀྱི་ཕྱག་བྲིས་མ་ཁུངས་བཙུན་དང་དམ་པའི་ཞལ་ལུང་ལྟར་གོ་བདེ་བར་བཤད་ན། ཁ་བྱང་ལས། ཏིང་ངེ་འཛིན་གྱི་སྲུང་བ་ལ་དགུ །ཕྱི་གུར་ཁང་བརྒྱད་ཀྱི་སྲུང་བ་དང་ཞེས་སོགས་ཀྱི་གུར་ཁང་བརྒྱད་ནི། ཤོག་དྲིལ་ལས། ལྕགས་བསྲེགས་ལས་གྲུབ་པའི་གཞལ་ཡས་ཁང་དམར་ཧར་རེ་འདུག་པ་ཞིག་ཏུ་བསམ། དེའི་ཕྱི་རོལ་ཏུ་མཚོན་ཆ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། དེའི་རྒྱབ་ཏུ་ཐོད་པའི་གཞལ་ཡས་ཁང་དབྱིབས་སྒོ་ང་ལྟ་བུ། དེའི་ཕྱི་རོལ་ཏུ་དུར་ཁྲོད་ཀྱི་གཞལ་ཡས་ཁང་དེའི་འོད་ཟེར་དང་། གཞལ་ཡས་ཁང་གི་ལྷ་འཇམ་(༩བ)


GLG023_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གཙོ་འཁོར་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བྱད་མ་ལྷ་སྲུང་དང་བཅས་པའི་སྙིང་གར་ཕོག །རྣམ་ཤེས་མར་མེ་ལྟ་བུར་གསལ་བ་དེ་འོད་ཟེར་ཕོག་པ་ཙམ་གྱིས་ཁོའི་ལྷ་སྲུང་འཁོར་བཅས་འཁོར་ས་མ་རྙེད་ནས་བྲོས་ཏེ་སྲུང་མས་མགོན་བྱེད་རྒྱུ་ལ་རང་གི་སྲུང་མ་ཁོའི་སྲུང་མའི་མལ་དུ་གནས་པས་ཁོའི་གཤེད་བྱེད་པར་བསྒོམས། དེའི་ཕྱི་རོལ་ཏུ་དུག་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་དབྱིབས་གྲུ་བཞི་པ་ཁ་དོག་ན་བུན་ལྟ་བུ་སྨུག་ནག་འཐིབས་ཤིང་གཡས་དང་གཡོན་དུ་འཁོར་བ་དུག་གི་འོད་ཟེར་འཕྲོས་པས་བྱད་མ་ལྷ་སྲུང་གནོད་བྱེད་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱིས་བརྒྱལ་ནུས་པ་ཞིག་ཏུ་བསྒོམས། དེའི་ཕྱི་རོལ་དུ་རླུང་སྤུ་གྲི་ངར་མ་སོ་འཐབ་ཀྱི་གུར་ཁང་དབྱིབས་གྲུ་གསུམ་པ་ཁ་དོག་ལྗང་ནག་གཡས་གཡོན་དུ་འཁོར་བས་བྱད་མ་ལྷ་དང་བཅས་པའི་གནོད་བྱེད་ཐམས་ཅད་བསྐལ་པའི་མེ་ལ་བྱ་སྒྲོ་ཕོག་པ་ལྟ་བུར་བསམ། དེའི་ཕྱི་རོལ་དུ་ཁྲོ་ཆུའི་གཞལ་ཡས་ཁང་སྲ་ལ་མཁྲེགས་པ་བསྐལ་པའི་རླུང་ཡང་མི་ཐར་བར་བསམ། དེའི་ཕྱི་རོལ་ཏུ་བསྐལ་པའི་མེ་རི་མེ་དཔུང་འབར་བས་གནོད་བྱེད་གང་གིས་ཀྱང་མི་ཚུགས་པར་བསམ་སྟེ་གུར་ཁང་བརྒྱད་ཀྱི་བསྲུང་བ་ཞེས་པ་ཕྱི་ནས་རིམ་པ་བཞིན་བརྩིས་ན་དང་པོ་མེ། གཉིས་པ་ཁྲོ་ཆུ། གསུམ་པ་རླུང་གི་སྤུ་གྲི། བཞི་པ་དུག་སྣ་ཚོགས། ལྔ་པ་དུར་ཁྲོད། དྲུག་པ་ཐོད་པ། བདུན་པ་མཚོན་ཆ་སྣ་ཚོགས། བརྒྱད་པ་ལྕགས་སྲེགས་ཀྱི་ཁང་པའི་གུར་ཏེ་བརྒྱད་པོ་བསྡོམས་པ་གཟུགས་ཀྱི་ཤོག་དྲིལ་ཡིན་ལ། དེ་དག་གི་ཞིབ་ཆའི་རྒྱས་བཤད། སྲུང་བའི་ཤོག་དྲིལ་གསུམ་པ་ལས། ཤིན་ཏུ་འཇིགས་སུ་རུང་བ་ལྕགས་སྲེགས་ལས་གྲུབ་པའི་གཞལ་ཡས་ཁང་དམར་ཧར་རེ་བ་འདུག་པ་ལ་བསྐལ་པའི་མེའི་ཚ་ཚ་དམར་(༡༠ན)


GLG023_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲོམ་ཕྲོམ་འཕྲོ་བར་བསམ། དེའི་ཕྱི་རོལ་ཏུ་མཚོན་ཆ་སྣ་ཚོགས་ལས་གྲུབ་པའི་གུར་ཁང་། རྡོ་རྗེ། རལ་གྲི། ལྕགས་ཀྱུ། མདུང་རྩེ་གསུམ་པ། དགྲ་སྟ། ཞགས་པ། འཁོར་ལོ། གྲི་གུག །མདའ་ལ་སོགས་པ་མཚོན་ཆ་རྩེ་ཕྱིར་བསྟན་པའི་གུར། རྡོ་རྗེ་སྔོན་པོ། ནོར་བུ་སེར་པོ། པདྨ་དམར་པོ། སྣ་ཚོགས་རྡོ་རྗེ། གྲི་གུག །རྒྱ་གྲམ་གྱི་གུར་ཁང་བསྒོམ་མོ། །དེའི་ཕྱི་རིམ་ཐོད་པའི་གུར་ཁང་དབྱིབས་སྒོ་ང་ལྟ་བུ་སྲ་ལ་མཁྲེགས་པའི་གུར་ཁང་། དེའི་ཕྱི་རོལ་ཏུ་དུར་ཁྲོད་འཇིགས་སུ་རུང་བའི་གཞལ་ཡས་ཁང་། ཞིང་ཆེན་དང་། ཞིང་ཆུང་གི་དྲལ་མ་འཕྱོ་བ། མཾ་སའི་གཡང་གཞི། རོ་བམ་པ་མྱག་མ་རུལ་བྲོ་བ་གཟར་བ་རོ་ཞེ་སྡང་གི་མེས་འཚིག་པ། གཅན་གཟན་གྱི་ཟ་འཕྲོ་ཡོད་པ། ཀེང་རུས་ཁྲལ་ཁྲོལ་ཡོད་པ། དུར་བྱ་སྣ་ཚོགས་ཀླད་ལ་ལྡིང་བ། གཅན་གཟན་སྣ་ཚོགས་ངར་བ་རྒྱུག་མཆོངས་བྱེད་པ། རླངས་པ་སྔོ་དམར་ཐུ་ལུ་ལུ་བྱེད་པའི་འོད་ཟེར་འཕྲོ་བ་ཞིག་བསྒོམ། ཤིན་ཏུ་ཡ་ང་བ་སྐྱི་གཡའ་བ་ཞིག་བསྒོམ། དེའི་ཕྱི་རོལ་ཏུ་དུག་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་དབྱིབས་གྲུ་བཞིར་འདུག་པ། ཁ་དོག་ན་བུན་སྨུག་ནག་འཐིབས་པ། དུག་གི་འོད་ཟེར་སྔོ་དམར་གྱི་ནམ་མཁའ་ས་གཞི་ཁྱབ་པར་འཕྲོས་པས་བྱད་མ་ལྷ་སྲུང་གནོད་བྱེད་དང་བཅས་པ་རྣམས་བརྒྱལ་ནུས་པར་བསམ། དེའི་ཕྱི་རིམ་རླུང་གི་སྤུ་གྲི་སོ་འཐབ་པ་ངར་མའི་གུར་ཁང་དབྱིབས་གྲུ་གསུམ་དུ་འདུག་པ་ཁ་དོག་ལྗང་ནག་གཡས་དང་གཡོན་དུ་འཁོར་བས་བྱད་མ་གནོད་བྱེད་ཐམས་ཅད་གྲིའི་བར་དུ་གཏུབ་པའམ་བསྐལ་པའི་མེ་ལ་བྱ་སྒྲོ་བསྲེགས་པ་ལྟར་བསམ། དེའི་ཕྱི་རོལ་ཏུ་ཁྲོ་ཆུའི་གཞལ་ཡས་ཁང་སྲ་ལ་མཁྲེགས་པ་ཅིས་ཀྱང་མི་ཤིགས་པའི་གུར་ཁང་།(༡༠བ)


GLG023_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱབ་ཏུ་བཀའ་ལྷ་མ་སྲིན་སྡེ་བརྒྱད་མཚོན་ཆ་སྣ་ཚོགས་འཛིན་པའི་གུར་ཁང་། དེའི་རྒྱབ་ཏུ་མེ་ཆུ་རླབས་ཀྱི་རྦ་རླབས་འཕྱོ་བའི་གུར་ཁང་། དེའི་རྒྱབ་རླུང་ནག་འཚུབ་མའི་གུར་ཁང་སྤུ་གྲི་ལྟར་དུ་འཁྲུགས་པ། དེའི་རྒྱབ་ཏུ་ལྷ་དམག་ཉི་ཁྲི་ཆིག་སྟོང་གི་གུར་ཁང་། བསྐལ་པའི་མེ་ཆེན་པོ་ནི་ཀུན་ཏུ་སྒོང་རིལ་ཚུར་འབར་བ། གཟུགས་མེད་ནམ་མཁའི་རང་སྒྲའི་བྱད་མ་ལ་སོགས་པ་གནོད་བྱེད་རྣམས་གསོད་ཅིག །རྒྱོབ་ཅིག །རྡུངས་ཤིག །མེད་པར་གྱིས་ཤིག །རྡུལ་དུ་ལྷོགས་ཤིག །ཅེས་པའི་སྒྲས་འཇིག་རྟེན་གསུམ་ཁྱབ་པར་བསམ་མོ། །གུར་ཁང་རེ་རེ་ལ་འཐུག་རྔམས་དཔག་ཚད་རེ་ཡོད་པར་བསམ། ཀུན་ཀྱང་སྲ་བ་བརྟན་པ་གཞན་གྱི་སྐྱོན་གྱིས་འཇིག་མི་ནུས་པར་བསམ་མོ། །ཞེས་བྱུང་བ་གོང་གི་གུར་རིམ་བརྒྱད་པོར་ལྷན་ཐབས་སུ་སྦྱོར་བ་གནད་ཆེ་ཞིང་ཁྲོ་ཆུའི་གུར་ཁང་དཀྱིལ་འཁོར་གཞན་ལྟར་ཁྲོ་བོ་བཅུར་ངོས་མི་འཛིན་པར་ཁྲོ་ཆུ་ཁོལ་མའི་གུར་ཡིན་པས་མ་འཁྲུལ་བ་དགོས། ཁྲོ་བོ་དཀར་ནག་ནི། དེ་ཉིད་ལས། དེ་རྣམས་ཀྱི་ནང་དུ་ཁྲོ་བོ་ནག་པོ་ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་པས་ཞལ་ཕྱིར་འགྱུ་ནས་བཟློག་པའི་སྔགས་དང་བཟློག་པའི་ལས་ཕུན་སུམ་ཚོགས་པས་དམིགས་བྱ་རྣམས་ཕྱིར་བཟློག་ཅིང་རེས་འགའ་ཕྱི་རོལ་གྱི་མེ་ལའང་བསྲེག་གོ །དེའི་ནང་དུ་ཁྲོ་བོ་དཀར་པོ་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཚེ་བུམ། བར་པ་གཉིས་ཀྱིས་ཙཀྲ །ཐ་མ་གཉིས་ཀྱིས་ཐོད་པ་བསྣམས་ཤིང་ཞལ་ནང་དུ་གཟིགས་ནས་སྲུང་བའི་སྔགས་དབྱངས་གསལ་དང་བཅས་བརྗོད་ཅིང་སྲུང་བའི་ལས་ཕུན་སུམ་ཚོགས་པ་མཛད་པའི་གུར་ཁང་དུ་བསམས་ཏེ་ཁྲོ་བོ་དཀར་ནག་གི་སྲུང་བ་ཞེས་པ་དང་དུས་མཚུངས་ལས་བྱང་དུའང་མི་གསལ་མོད། ཅེས་བྱུང་བ་ཡང་བཟློག་མེའི་སྤུ་གྲིའི་(༡༡ན)


GLG023_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

གུར་རིམ་བཅུ་གསུམ་གྱི་བར་མཚམས་ཚོར་ཁྲོ་བོས་གཏམ་པ་དང་དགོངས་པ་གཅིག་པས་གུར་རིམ་བརྒྱད་པོའི་བར་ཐམས་ཅད་ཁྲོ་བོ་དཀར་ནག་གི་སྲུང་བཟློག་མཛད་པར་བསམས་པ་མིག་གི་ཤོག་དྲིལ། གུར་ཁང་གཞལ་ཡས་ཆེན་པོའི་ནང་ཉིད་དུ་ཞེས་སོགས་ཤློ་ཀ་གཉིས་ཀྱིས་གཞལ་ཡས་ཁང་དང་གདན་བསྐྱེད་ལྷ་བསྒོམ་པ་ནི་བདག་ཉིད་སྐད་ཅིག་རྫུས་སྐྱེས་རྡོ་རྗེའི་སྐུ། །ཞེས་པ་ནས་འོད་འཕྲོས་ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར། །ཞེས་པའི་བར་ནི། ཤོག་དྲིལ་ལས། གུར་ཁང་གི་ནང་དུ་ཨེ་མཐིང་བསྣོལ་བའི་དབུས་སུ་གཞུང་ལྟར་ལྷ་བསྒོམ་པ་ནི། ཞེས་པ་སྲུང་བ་མེའི་ཤོག་དྲིལ་ཏེ་ཁྱད་པར་གྱི་དམིགས་པ། སྲུང་བཟློག་བསད་གསུམ་གྱི་ཞལ་གདམས་ལས། རང་ཉིད་གཤིན་རྗེའི་གཤེད་དུ་བསྒོམས་པའི་སྤྱི་བོར་མཆོད་རྟེན་གསུམ་ལ་རིག་གསུམ་གྱི་མགོན་པོ་བསྐྱེད་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱི་འོད་ཟེར་སྙིང་པོ་བཅུད་བསྡུས་པའི་བདག་ཉིད་དུ་གྱུར་བར་བསམ། ཡང་འོད་ཟེར་འཕྲོས་པས་མུ་སྟེགས་ལ་སོགས་པའི་ཁྲོ་བོ་དབང་ཆེན་མ་ཧཱ་དེ་ཝ་ལ་སོགས་མུ་སྟེགས་ཀྱི་ལྷ་ཐམས་ཅད་ཀྱི་བཅུད་དང་འོད་ཟེར་ནུས་མཐུ་ཐམས་ཅད་བསྡུས་ནས་སྐུ་ལ་ཐིམ་པར་བསམས་ནས་ཕྱི་ནང་བན་བོན་ཐམས་ཅད་ཀྱི་ཡི་དམ་གྱི་ལྷ་ཚོགས་ཐམས་ཅད་གཅིག་ཏུ་བསྡུས་པས་དུག་སྡོང་གི་སྐུར་གྱུར་པར་བསམས་པ་ནི། ཞེས་བྱུང་གཟབ་གནད་དོ། །དེའང་ཁ་གནོན་དགོས་པ་ཁྲོ་ཆུང་ཚོགས་འཕྲོས་དགྲ་བགེགས་རྡུལ་དུ་རློག །ཅེས་ཡབ་བསྐྱེད་ཟིན་པའི་འོག་ཏུ། གསང་ཡུམ་གསང་བ་དུན་ཏིང་ནག་མོ་ནི། །ཞལ་གཅིག་ཕྱག་བཞི་འཇིགས་པའི་ཆ་བྱད་ཅན། །མཆེ་བ་བཞི་གཙིགས་སྤྱན་གསུམ་སྡང་(༡༡བ)


GLG023_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མིག་བགྲད། །རལ་པ་ཁམ་ནག་སྲིད་པའི་རྩེ་མོར་བསྙེག །ཕྱག་གཡས་དང་པོ་རལ་གྲིས་དགྲ་སྲོག་གཅོད། །འོག་མ་ལྕགས་ཀྱུས་དགྲ་བགེགས་བླ་སྲོག་འགུགས། །གཡོན་གྱི་དང་པོ་ཐོད་ཁྲག་ཡབ་ལ་སྟོབ། །འོག་མ་ལྕགས་སྒྲོག་གནོད་བྱེད་བླ་སེམས་འཆིང་། །ཞབས་གཉིས་ཡབ་ཀྱི་ལྟེ་བར་འཁྲིལ་སྦྱོར་ཚུལ། །རང་འོད་ལས་བྱུང་སྦས་པའི་ཚུལ་དུ་གསལ། །ཞེས་པ་འཇུག་ཅིང་གདུག་པ་ཀུན་སྒྲོལ་དུ་གཉིས་མེད་སྤྲུལ་པ་ཞལ་གཅིག་ཕྱག་གཉིས་པ་སྡེ་དྲུག་གི་གྲས་དང་། དེའི་ཕྱི་རོལ་ཏུ་ལས་ཀྱི་བཤན་པ་ཞལ་གསུམ་ཕྱག་དྲུག་པ་མཛད་ཅིང་། སྣང་གསལ་བའི་ལས་བྱང་ན་གཡོན་དུ་གཉིས་མེད་སྤྲུལ་པ་ཞལ་གསུམ་ཕྱག་དྲུག་པ་མཛད་པ་ལས་ལོགས་སུ་ལས་ཀྱི་བཤན་པ་མེད་པ་རྒྱས་བསྡུས་ལས་ངོ་བོ་གཅིག་པས་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་སྣང་གསལ་བ་གཞིར་བཞག་ལ་འདི་སྐོར་དང་སྤྱན་འདྲེན། མཆོད་བསྟོད་སོགས་ལ་ཡུམ་དང་ལས་ཀྱི་བཤན་པ་འཇུག་པ་གདུག་པ་ཀུན་སྒྲོལ་ནས་བླངས་ན་ལེགས་པར་མངོན་ཞིང་མི་ལེན་ན་གཉིས་མེད་དུག་གསུམ་ཁྲོས་པར་སྤྱི་གཤེད་ཀྱི་གཏོར་མ་བསྔོས་པས་འགྲུབ་བོ། །སྤྱན་འདྲེན་ནས་བསྟོད་པའི་བར་བདག་མདུན་ལ་ལྷན་ཅིག་ཏུ་བྱ། བསྙེན་པ་ལ། འཇམ་དཔལ་ཟིལ་གནོན་གྱི་བསྙེན་པ་ཐེབས་ན་དེས་ཁྱབ་ཅིང་རྗེ་དབུར་སྨྱོན་ལག་རིས་མཐོང་ཙམ་ལ་ཚེ་བདག་གི་ལས་བྱང་གྱེར་དགོས་པར་གསུངས་ཀྱང་བདག་མདུན་གཉིས་ཀ་ལས་གཤིན་ལ་བྱས་ཕྱིན་ཚེ་བདག་གི་ལས་བྱང་རྒྱུན་གྱི་ཐུགས་དམ་ལ་ཡོད་ན་མ་གཏོགས་པར་བཀབ་མི་དགོས་པ་ཟུར་ཀུན་མཁྱེན་ཆེན་པོའི་བཞེད་པ་གོང་བསྙེན་མ་སོང་ན་དབུ་སྟེང་གི་རིགས་གསུམ་མགོན་པོར་དམིགས་ནས་སོ་སོའི་བཟླས་པ་བརྒྱ་རྩ་རེ་བྱེད་པ་གནད་དམ་པ་(༡༢ན)


GLG023_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། སྙིང་གར་རྡོ་རྗེ་དཀར་པོའི་ལྟེ་བ་རུ་ཞེས་སོགས་རྐང་པ་དང་པོ་གསུམ་གྱི་དོན། ཤོག་དྲིལ་ལས། རང་གི་ཙིཏྟ་དུ་ལས་བྱས་པ་ཟུར་གསུམ་རྣོ་བའི་ངར་དང་ལྡན་པ་སྲ་ཞིང་མཁྲེགས་པ། དེའི་རྒྱབ་ཏུ་རྡོ་རྗེ་ལྟེ་བ་གཅིག་པ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རྩེ་མོ་འབུར་ཐབས་སུ་ཡོད་པ། ནང་འཇམ་པ་མར་དཀར་གྱི་ཞལ་བ་བྱས་པ་ལྟ་བུའི་ནང་དུ་སངས་རྒྱས་སྟོང་རྩ་གཉིས་ཞལ་ནང་དུ་གྱུར་ནས་སྲུང་བའི་ལས་བྱེད་པར་བསམ། ཞེས་པ་འོད་དཀར་རྡོ་རྗེའི་སྲུང་བ་ཆུ་བོའི་ཤོག་དྲིལ། ནང་དུ་ཙིཏྟ་ཟུར་གསུམ་དུག་རླངས་འཕྱོ། །ཞེས་སོགས་རྐང་པ་དྲུག་གི་དོན་ཤོག་དྲིལ་ལས། དུག་གི་ཙིཏྟའི་མདུན་ཟུར་མར་འཇམ་དཔལ། གཡས་སུ་རྟ་མགྲིན་གཡོན་དུ་ཕྱག་རྡོར་རྣམས་རང་རང་གི་རང་རྟགས་ཀྱི་ཕྱག་རྒྱ་དང་བཅས་ཏེ་སྔགས་དང་སྲུང་བའི་ལས་མཛད་པ། ཞེས་པ་རིགས་གསུམ་མགོན་པོའི་སྲུང་བ་འབྱུང་བའི་ཤོག་དྲིལ། དེ་ནང་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ། ཞེས་སོགས་ཚིག་རྐང་བཞིའི་དོན། ཤོག་དྲིལ་ལས། ཙིཏྟའི་ནང་དུ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་བསྒྲེང་བ་ལྟེ་བ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ་ངོ་བོ་ཡེ་ཤེས་རྣམ་པ་ལྔ་ལས་གྲུབ་པའི་རྣམ་པ་འོད་ལྔའི་གུར་ཁང་། དེའི་ནང་དུ་ཉི་ཟླའི་གའུ་ཁ་སྦྱོར། དེ་ལ་ཡེ་དྷརྨཱ་དང་། ཨཱོཾ་ཨཱཿཧཱུཾ་གི་ཐག་པས་བསྡམས་པའི་འོད་ཀྱི་གུར་ཁང་བསམ་སྟེ། ཞེས་པ་རྡོ་རྗེ་འོད་ལྔའི་སྲུང་བ་དུས་ཀྱི་ཤོག་དྲིལ་ཏེ། སྨན་སྡོང་གནད་ཀྱི་ཤོག་དྲིལ་མུ་ཏིག་ཕྲེང་བ་ལས། དེའི་ལྟེ་བ་ཡངས་པའི་ནང་དུ་ཉི་ཟླའི་གའུ་ཁ་སྦྱོར་སྲ་ཞིང་མཁྲེགས་པ་སྲུབས་མེད་པ། ཟླ་དཀྱིལ་ལ་གཡས་སྐོར་དུ་ཨཱ་དི། ཉི་དཀྱིལ་ལ་གཡོན་སྐོར་དུ་ཀཱ་དི། དེའི་རྒྱབ་ཏུ་ཡེ་དྷརྨཱ་རྒྱ་གྲམ་དུ་འཁྲིལ་བ། ཞེས་བཤད། དབུས་སུ་རྒྱལ་བའི་(༡༢བ)


GLG023_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྲོག་ཧཱུཾ་མཐིང་ནག །ཅེས་སོགས་ཚིག་རྐང་དྲུག་གི་དོན། ཤོག་དྲིལ་ལས། སྲུང་བ་དྲུག་པོའི་དབུས་སུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཧཱུཾ་མཐིང་ནག །དེ་ནས་འཇམ་དཔལ་གྱི་ཐུགས་ཀྱི་ངོ་བོ་ཡ་དམར་ནག །བསྲུང་བྱ་ཐམས་ཅད་ཀྱི་ངོ་བོ་ནི་དམར་པོ་འོད་དང་བཅས་པ། དེ་གསུམ་གྱི་མཐར་སྲུང་སྔགས་ཀྱིས་བསྐོར་བར་བསམ་ཞིང་། དུས་གསུམ་སངས་རྒྱས་བྱང་སེམས་དམ་ཅན་སྲུང་མ་འཇམ་དཔལ་གཤིན་རྗེའི་གཤེད་དུ་གྱུར་ཚད་བསྲུང་བྱ་ལ་བསྐྱེད་བསྟིམ་བྱ་བ་ནི་གནད་དམ་པའོ། །ཞེས་པའི་དམིགས་རིམ་འདི་ལ་ཡ་ནྲི་ཧཱུཾ་གསུམ་གྱི་སྲུང་བ་རི་བོའི་ཤོག་དྲིལ་ཏེ། སྲུང་བའི་མན་ངག་ལྡེ་མིག་ལས་རྣམ་ཤེས་ཀྱི་ངོ་བོ་ཡི་གེ་ནྲི་དཀར་པོ་མིང་ཡིག་དང་བཅས་པ་བསྒོམ། བསྲུང་བྱ་རྣམས་གཡས་སུ་ཕོ་རིགས་གཡོན་དུ་མོ་རིགས། མདུན་ཕྱོགས་སུ་གཅེས་པ། རྒྱབ་ཕྱོགས་སུ་འཁོར་གཡོག །ཡུལ་ཞིང་བང་ཁང་བསྒོམ། དེ་རྒྱབ་ཏུ་བསྙེན་སྔགས་ཀྱིས་བསྐོར་བར་བསྒོམ། དེའི་རྒྱབ་ཏུ་འོད་རྡོ་རྗེའི་ར་བས་བསྐོར་བར་བྷེཾ། རྡོ་རྗེའི་དྲ་མིག་ཐམས་ཅད་སངས་རྒྱས་སྟོང་རྩ་གཉིས་གཡས་རང་རྟགས་ཀྱི་ཕྱག་མཚན་གཡོན་པས་བདུད་རྩིའི་བུམ་པ་བདུད་རྩིས་གང་བ་བསམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྲུང་བའི་རྒྱས་བཏབ་པས་ཅིས་ཀྱང་མི་ཤིགས་པ་ཆོས་ཀྱི་སྐུ་རུ་བྷེཾ། ཡང་ཐུགས་ཀྱི་སྔགས་འཕྲེང་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་བརྒྱུད། དེ་རྣམས་ལས་འོད་ཟེར་འཕྲོས་པས་བ་སྤུའི་ཁྲོ་བོ་རྣམས་ལ་བརྒྱུད། དེ་རྣམས་ལས་འོད་ཟེར་འཕྲོས། འཁོར་གྱི་ཁྲོ་བོ་རྣམས་ལ་བརྒྱུད། དེ་རྣམས་ལས་འོད་ཟེར་འཕྲོས། ཁམས་གསུམ་སྲིད་གསུམ་ཐམས་ཅད་རང་དང་འདྲ་(༡༣ན)


GLG023_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བས་འཇིགརྟེན་གྱི་ཁམས་ཐམས་ཅད་ཁེངས། དེ་ལས་འོད་ཟེར་འཕྲོས། རྒྱ་མཚོའི་གླིང་བར། རི་རབ་ཀྱི་ལྕོག་བར། ཉི་ཟླའི་ཐེབ་བར། སྤྲིན་གྱི་གོ་བར། ས་རྡོ་རི་བྲག །རྩི་ཤིང་ནགས་ཚལ། ལྷ་འདྲེའི་གཏད་མནན་གར་སྦས་སྦྱང་བ། ཁྲོ་བོ་རྣམས་ཀྱི་ཐུགས་རྗེའི་སྤྱན་གྱིས་གཟིགས་བསྲུང་བྱའི་རྣམ་ཤེས་ཀྱི་ངོ་བོ་དེ་ཡི་གེ་ཧཱུཾ་དུ་བྱས་ཏེ་ཚུར་འདུས། རྡོ་རྗེ་ཡ་ནྲིས་མཚན་པ་ལ་བསྟིམ། བཀྲག་མདངས་གཟི་བརྗིད་དང་ལྡན་པར་བྷེཾ། ཡང་འོད་ཟེར་སྔར་ལྟར་འཕྲོས་པས་སྲིད་པ་གསུམ་གྱི་བཀྲག་མདངས། འབྱུང་བ་ལྔའི་བཅུད། ཉི་ཟླའི་འོད། མིའི་ཚེ། ཟས་ཀྱི་བཅུད། རིན་པོ་ཆེའི་རིགས། མེ་ཏོག་གི་བཅུད། རྩི་ཏོག་གི་བཅུད། ས་རྡོ་རི་བྲག་གི་བཅུད་ཐམས་ཅད་ཚུར་འོད་ཟེར་དམར་པོའི་རྣམ་པར་བསྡུས་ནས་ཡ་ནྲིས་མཚན་པ་ལ་བསྟིམ་པས་སྔར་བས་ཀྱང་འོད་ཟེར་གཟི་བརྗིད་དང་ལྡན་པར་བསམ། ཡང་འོད་ཟེར་སྔར་ལྟར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། ཚུར་འདུས་སྤྱི་བོར་རིགས་གསུམ་མགོན་པོ་ལ་ཐིམ་པས་དེ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཐམས་ཅད་བདུད་རྩིའི་རང་བཞིན་དུ་ཚུར་རང་གི་སྤྱི་གཙུག་ཏུ་མར་ཐིམ་པས་རྡོ་རྗེ་ཡ་ནྲིས་མཚན་པ་ལ་བསྟིམ། བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསམ། ཅིས་ཀྱང་མི་ཤིགས་པ་ཆོས་ཀྱི་སྐུར་བསམ། ཞེས་པས་འཕྲོ་འདུ་རྣམས་ཀྱིས་བསྙེན་ཡིག་གཞན་དག་ནས་འབྱུང་བའི་བསྙེན་པ་བདག་བྱིན་རླབས་སོགས་མིང་འདོགས་སྣ་ཚོགས་པའི་གནད་ཐམས་ཅད་ཚང་ཞིང་། ཧཱུཾ་གི་ཀླད་ཀོར་དབུས་སུ་བླ་མ་དང་། ཞེས་སོགས་རྐང་པ་ལྔའི་དོན་ཤོག་དྲིལ་ལས། མི་ཕྱེད་པའི་ཐུགས་ཀྱི་མི་བསྐྱོད་པའི་དབུས་སུ་བླ་མ་(༡༣བ)


GLG023_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅོམ་ལྡན་འདས་ཚེ་དཔག་མེད་ཐ་དད་མེད་པ་ཚེ་བུམ་ཅན་དུ་བསྐྱེད་ནས་མན་ངག་ལྟར་སྤྲོ་བསྡུ་ལ་ཚེའི་ཕུར་པ་གདབ་པར་བྱའོ། །ཞེས་པ་ནཱ་དར་ཚེ་ཕུར་གདབ་པའི་བསྲུང་བ་གདེངས་ཅན་གྱི་ཤོག་དྲིལ། སྐད་ཅིག་རང་ཉིད་རྫུས་སྐྱེས་ཁྲོ་བོའི་སྐུ། །ཞེས་སོགས་ཤློ་ཀ་དྲུག་གི་དོན། ཤོག་དྲིལ་ལས། རང་ཉིད་སྐད་ཅིག་གི་རྫུས་སྐྱེས་སུ་ལྷག་པའི་ལྷ་ཁྲག་དང་ཆུ་སེར་གྱི་བརླན་མེད་པ། ལོ་དུ་མ་ལོན་པའི་རུས་པ་བཙའ་ཅན་འདྲ་བ། ངོ་བོ་ཡེ་ཤེས་ལྷའི་རང་བཞིན། ཁ་དོག་རྣམ་པ་ལྔ་ལས་གྲུབ་པའི་ཀེང་རུས་ཀྱི་ཁྲོ་བོ་བདེ་བ་ཆེན་པོའི་ཉམས་དང་ལྡན་པ་ཞལ་ཕྱག་སོགས་བསྐྱེད་ལ། ཡི་གེ་གསུམ་གྱི་བསྐྱེད་བསྟིམ་སོགས་བྱས་ནས་སླར་ཡང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། དམ་པ་ཆོས་སྐྱོང་སྲུང་མ་ཐམས་ཅད་མཉེས་པའི་མཆོད་པ་ཕུལ། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐུགས་རྗེ་ནུས་མཐུ་སྲོག་གི་ཡི་གེ་དང་བཅས་པ་ཐམས་ཅད་དབང་དུ་བསྡུས་ནས་སྔགས་ཕྲེང་ས་བོན་དང་བཅས་པ་ལ་ཐིམ་པས་དེ་དག་ཐམས་ཅད་བདག་གི་དབང་དུ་འདུས་ཤིང་། སླར་ཡང་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་ལ་ཕོག་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་ལྷའི་གོ་འཕང་ལ་བཀོད། དེ་དག་གི་མཐུ་སྟོབས་རྫུ་འཕྲུལ་ཡོན་ཏན་ནུས་མཐུ་སྲོག་གི་སྙིང་པོའི་ཡི་གེ་དང་བཅས་པ་ཐམས་ཅད་དབང་དུ་བསྡུས་ནས་སྔགས་འཕྲེང་ས་བོན་དང་བཅས་པ་ལ་ཐིམ་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ནག་བུན་བུན་སྲེགས་ནས་གཟི་བརྗིད་ཕུན་སུམ་ཚོགས་པ་དང་ལྡན་ཞིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དྲེགས་པ་ཅན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཀྲག་མདངས་གཟི་(༡༤ན)


GLG023_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་མཐུ་སྟོབས་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད་ངའོ་སྙམ་པའི་ང་རྒྱལ་བརྟེན་པོར་བྱས་ལ་སྤྲོ་བསྡུ་དེ་ཉིད་ཀྱི་ངང་ལས་སྒྱུ་མ་ལྟ་བུར་དོན་ཤེས་པར་བྱས་ལ་བཟླས་པ་བྱ། ཞེས་པ་དྲེགས་པ་དབང་དུ་བསྡུས་ནས་བསྲུང་བ་བུ་གའི་ཤོག་དྲིལ་ཏེ། གཞན་ཡང་ཚེ་བདུད་ཀྱི་ཨུ་པ་དེ་ཤ་ལས། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་དང་། ཁྱད་པར་དུ་ཚེ་ཐུང་བའི་ལས་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་ནག་ཉིལ་ལི་ལི་སོང་ནས་ཚེ་བདུད་ལ་ཐིམ་པས་ནག་གཟིར་གྱིས་སོང་། ཚེ་བདུད་ཕོ་མོའི་བཀྲག་མདངས་དང་རང་གི་ཚེ་དཔལ་ཕྲོགས་པ་རྣམས་དང་བཅས་པ་བསྡུས་ནས་སྔགས་འཕྲེང་ལ་ཐིམ་པས་རང་གི་ཚེ་དང་བཀྲག་མདངས་ཐམས་ཅད་རབ་ཏུ་རྒྱས་ནས་ཚེ་ཉི་ཟླ་དང་མཉམ་པར་གྱུར་ཏེ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པར་བསམ། ཞེས་པའི་དོན་དྲན་པར་བྱ་བ་སོགས་ཏིང་ངེ་འཛིན་དེ་ལྟ་བུ་མདུན་བསྐྱེད་ལའང་གསལ་བའི་འོད་ཟེར་གྱི་འཕྲོ་འདུའི་ངང་ནས་བཟླས་པ་བྱ། བདག་ཉིད་ལྷར་གསལ་བའི་ཐུགས་སྲོག་ལས་འོད་འཕྲོས་ནས་མདུན་བསྐྱེད་ཀྱི་ཐུགས་ཀར་རང་རང་གི་ས་བོན་གནས་པ་ལ་ཕོག་སྟེ་ཐུགས་དམ་གྱི་བརྒྱུད་བསྐུལ་བས་འཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་བསམས་ཤིང་གཙོ་བོར་ཤོག་དྲིལ་བདུན་པ་དང་དགུ་པའི་དམིགས་པར་ནན་ཏན་དུ་བྱས་ནས་བདག་དང་བསྲུང་བྱར་བཅས་པ་སྦ་གཟུང་བྱེད་པ་ཤིན་ཏུ་ཟབ་པ་ཡང་བཟློག་མེའི་སྤུ་གྲིའི་པུ་ཏི་དཀར་པོར་སྦ་བ་ལྟ་བུ་ལ་འདིར་མདུན་བསྐྱེད་ལྷར་གསལ་བ་དང་། ཡང་བཟློག་ལ་མཚན་མ་རྫས་ཀྱི་པུ་རིའི་ཁྱད་པར་ཡོད་ཀྱང་སྔགས་རློམ་ཕལ་ཆེར་ལ་འདི་ཞེས་གཏད་སོ་མེད་ཅིང་མཁས་པའི་རྒྱུད་འཛིན་ལ་ལ་མཆོད་རྟེན་ལ་ཏིང་ངེ་འཛིན་གྱི་སྒྲུབ་གཞིར་ནོར་བ་དང་། དེ་ལས་(༡༤བ)


GLG023_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དབྱེ་ཆེ་བ་འགའ་ཡང་ཏིང་ངེ་འཛིན་གྱི་མཆོད་རྟེན་ཞལ་སྤྲོད་སོགས་ཆོས་ཀྱི་གྲགས་པའི་གསུང་རྒྱུན་མ་ཟིན་པའི་བཞད་གད་ཀྱི་གནས་དུ་མ་མཐོང་ངོ་། །ཐུན་མཐར་གཤིན་རྗེ་གཤེད་ཀྱི་ཡི་གེ་བརྒྱ་པས་བྱིན་བརླབས་བརྟན་པར་བྱས། ཚོགས་ཐོག་མཐའ་བར་གསུམ། མདངས་བསྐང་། ཚོགས་ལྷག །ཐུན་གཏོར་མཚམས་ཀྱི་ཐོག་མཐའི་ཚོགས་འཁོར་དང་འབྲེལ་བར་ལྷ་ཚོགས་ཡོངས་རྫོགས་བསྐུལ་ཞིང་བསྲུང་བའི་ཤམ་བུའི་འདོད་གསོལ་དང་བཅས་ཁང་ཐོག་ཏུ་འབུལ། གཏོར་མནན་གྱི་དམིགས་པ་ལས་གཤིན་ཡ་མ་རཱ་ཛར་སྦྱར་བ་སྣང་གསལ་བའི་གཞུང་གི་དགོངས་དོན་ལྟར་མངའ་གསོལ་གཏོར་མར་ཤ་ཟན་སྨན་རཀ་གིས་གསོས་ལ་བསྔོ། ཕྱི་ནང་གིས་མཆོད་ཅིང་བསྟོད་པ་བསྡུས་པ་ཞིག་བྱ། ནོངས་པ་བཟོད་པར་གསོལ་ཞིང་སྨོན་ལམ་དང་ཤིས་པ་བརྗོད། མདུན་བསྐྱེད་མི་བསྡུ་ཞིང་། བདག་བསྐྱེད་ཀ་དག་འོད་གསལ་གྱི་ངང་ནས་ཉལ་བའི་རྣལ་འབྱོར་བྱ། ནམ་གུང་། ཐོ་རེངས། སྔ་ཐུན། ཉིན་གུང་གི་ཐུན་རྣམས་ལ་བཟླས་པའི་ཐུན་མཐར་མཆོད་གཏོར་འབུལ་བ་མན་ཆད་ལས་ཚོགས་དང་མངའ་གསོལ་སོགས་དོར་ཞིང་། ནམ་གུང་། ཐོ་རེངས། ཉིན་གུང་། དགོངས་མོ། སྲོད་ལྔའི་ཐུན་ལ་བདག་མདུན་ཏིང་ངེ་འཛིན་གྱི་གསལ་འདེབས། ནང་པར་ལག་རིས་མཐོང་ཙམ་ནས་ལས་བྱང་རྒྱས་པར་གྱེར་ཏེ་སྔ་ཐུན་དང་སྦྲེལ། ཉིན་གུང་གི་ཐུན་མཇུག་ཡབ་ཡུམ་གྱི་སྔགས་སྦྲེལ་ནས་སུམ་བརྒྱ་ཙམ་བཟླ་བ་ཁྱད་པར། དགོངས་ཐུན་ལ་ཚོགས་མཆོད། བསྐང་བ། མངའ་གསོལ། སྲོད་ལ་ཚོགས་དང་མངའ་གསོལ་སྤངས་པའི་ཐུན་གཏོར་ཡ་མ་རཱ་ཛ་མན་ཆད་ཀྱིས་བསྐུལ་ནས་གཏོར་མནན་བྱ་བའི་སོ་སོའི་དམིགས་བསལ་གྱི་འབྱིན་འཇུག་ཤེས་དགོས། བསྙེན་ཚད་ས་ཡ་(༡༥ན)


GLG023_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ལྔར་གསུངས་པ་རྙིང་ལུགས་ལ་བྱེ་བ་སྔོན་དུ་གཏོང་སྲོལ་ལྟར་ན་ཞག་གཅིག་ལ་ཡིག་དྲུག་ཁྲི་ཚོ་གསུམ་འགྲོ་བར། ལོ་རྐྱང་དགུ་བཤོལ་གྱི་ཟླ་བ་གསུམ་ཞག་གསུམ་ཉི་མའི་གསུམ་ཆ་རྣམས་ལ་དུང་ཕྱུར་འགྲོ་བ་སྔགས་འདི་དང་མ་ཎི་ཕྱེད་དང་དྲུག་སྐོར་བརྩིས་ན་ཟླ་བཤོལ་དང་བཅས་པའི་ལོ་ཉེར་བཞི་ཟླ་བ་བདུན་ཉི་མའི་གསུམ་ཆ་གཉིས་དགོས་པ་སྒྲུབ་པ་པོར་མ་ཟད་ལྷ་ཡང་སྐུ་ཐང་ཆད་དོགས་འདུག་ཅིང་སྤྱི་དང་མཐུན་པའི་ས་ཡ་ལ་ལོ་གཉིས་ཟླ་བ་ལྔ་ཞག་བཅུ་དགུ་ཉི་མའི་དྲུག་ཆ་གཅིག་དགོས་ཤིང་། འབྲུ་འབུམ་ལ་ལོ་གཅིག་ཟླ་བ་བདུན་ཞག་གཅིག་ཉི་མའི་དྲུག་ཆ་བཞི་རྣམས་བྱུང་། གསེར་ཆོས་ནཱ་རོ་མཁའ་སྤྱོད་ཀྱི་འབྲུ་འབུམ་ལོ་གསུམ་ཙམ་དགོས་པ་ཤས་ཆེ་བ་ལེགས་སྦྱར་གྱི་སྔགས་རིང་ཆ་སོགས་ལ་ཞིབ་མོར་བྱས་པ་སྣང་བ་སྔ་འགྱུར་ལ་འགྲོ་ལྡིང་དང་ཤ་ཟ་སོགས་སྐད་རིགས་སྣ་ཚོགས་པས་མྱུར་བ་ཡོང་རིགས་ཡིན་ནམ་སྙམ་དེ་ཙམ་མ་ལྕོགས་ན་འབུམ་ཕྲག་བཅུ་ལ་ལས་རུང་དང་གྲངས་དང་དུས་ལས་རྟགས་གཙོ་ཆེ་བས། རྒྱུད་ལས། མཁར་བརྩིག་པ་དང་གོ་ཁྲབ་གྱོན་པ་དང་མཚོན་ཐོགས་པ་དང་གཡུལ་དམག་འགྱེད་པ་དང་རྡོ་རྗེའི་རྫོང་བརྩིག་པ་དང་འཐབ་པ་ལས་རྒྱལ་བ་དང་བྲག་བཤིག་པ་དང་ཤིང་བཅད་པ་དང་ཁམས་གསུམ་ཀུན་ལས་རྒྱལ་བ་རྨི། དེ་ལྟར་བྱུང་ན་འགྲུབ་པའི་རྟགས་ཞེས་དང་། སྐུ་ཡི་རྟགས་སུ་འདི་ལྟར་ལགས། །མཚོ་ཡི་ཁ་ལ་བསྡད་པ་དང་། །གངས་དཀར་རྩེ་ལ་འཛེག་པ་དང་། །གོས་དཀར་གྱོན་དང་མེ་ཏོག་མཐུ། །དེ་ལྟར་བྱུང་ན་སྐུ་ཡི་རྟགས། །གསུང་གི་རྟགས་སུ་འདི་ལྟར་ལགས། །ལུས་ལ་མེ་འབར་མཚོན་ཆ་ཐོགས། །རོལ་མོའི་བྱེ་བྲག་དཀྲོལ་བ་དང་། །ལོ་ལེགས་མཆོད་རྟེན་བསྐོར་བ་སོགས། །དེ་ལྟར་བྱུང་(༡༥བ)


GLG023_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ན་གསུང་གི་རྟགས། །ཐུགས་ཀྱི་རྟགས་སུ་འདི་ལྟར་ལགས། །བདུད་རྩི་འཐུང་དང་ཆོས་ཤེས་དང་། །ཉི་ཟླ་འཆར་བ་ཐུགས་ཀྱི་རྟགས། །ཞེས་དང་། རྒྱས་པར་བྱ་ལམ་ནས་བྱུང་བ་ལྟར་རོ། །བསྙེན་པ་ཐེངས་ནས་ཏིང་ངེ་འཛིན་གོང་ལྟར་ལ་སྲུང་སྔགས་ཤམ་བུ་འདོགས་ལུགས་རྗེ་རཏྣའི་མཚན་ཅན་གྱི་སྔགས་འགྲིག་དང་གསུང་རྒྱུན་ལྟར་སྲུང་སྔགས་ཞག་བདུན་ཙམ་ཇི་ལྟར་འོས་པའི་ཐུན་ཐམས་ཅད་ཀྱི་མཐར་ཐུན་གཏོར་ལ་དགུག་བྲན་བརླབས་པའི་སྲུང་བའི་ཐུན་ཕུལ་ཤམ་བུ་དང་བཅས་སྲོད་ཐུན་མ་གཏོགས་པའི་ལྔ་པོར་མདུན་བསྐྱེད་ལ་འབུལ་ཞིང་། སྲོད་ཐུན་ལ་དགྲ་ཕྱོགས་སུ་འཕེན། འཕང་ཕྱིན་ལས་གཤིན་ཡ་མ་རཱ་ཛའི་དམིགས་པ་རྗེ་དབུར་སྨྱོན་གྱི་བཞེད་པ་ལྟར་འདིར་སྦྱོར་བ་འཐད་པར་སེམས་ཤིང་། ལུགས་གཉིས་ཀའི་ཁུངས་ནི་གདམས་པ་གནད་ཀྱི་ཤོག་དྲིལ་ལས། གྲུ་གསུམ་རྡོ་རྗེ་གདན་ལ་ཐུག་པའི་འོག་རྒྱ་མཚོ་ཆེན་པོའི་ནང་དུ་ལས་ཀྱི་གཤིན་རྗེ་ཡ་མ་རཱ་ཙ་ཁྲོས་པའི་མགོ་བོ་གསུམ་ནི་གཡས་སེང་གེའི་མགོ །གཡོན་ཕག་མགོ་ནག་པོ་དབུས་ཞལ་ཆུ་སྲིན་གྱི་གདོང་ལ། ཡ་ཐོད་གནམ་ལ་མ་མགལ་ས། མཆེ་བ་སྤུ་གྲི་ལྟར་རྣོ་བའི་ངར་དང་ལྡན་པ་ཞིག་འོག་ཏུ་ཁ་གདངས་ནས་ཡོད་པར་བསམ་ཞེས་བཤད་དོ། །བཟློག་པ་ནི། བཟློག་པའི་ཤོག་དྲིལ་ཟླ་བའི་དོན་ནི། གཤིན་རྗེ་རྟ་མགྲིན་བྱ་ཁྱུང་རྣམ་གསུམ་ལ། །དུས་གསུམ་རྒྱལ་བ་ཡི་དམ་ཞི་ཁྲོས་བསྐོར། །ཞེས་རྐང་པ་གཉིས་འཇུག་དགོས་པར་མ་ཟད་དྲག་པོའི་ལས་ལ་བསྔགས་པ་རྒྱུད་ལས། ཕྱི་སྒྲུབ་ལྷ་གསུམ་འདི་ལྟར་ལགས། །འཇམ་དཔལ་ཐུགས་སྤྲུལ་འཆི་བདག་ལགས། །མུ་སྟེགས་བསྟན་པ་བཤིག་དོན་དུ། །འཆི་བདག་གཏད་ཁྲམ་དཀོར་ལ་དབང་། །མུ་སྟེགས་བསྟན་པ་བཤིག་དོན་དུ། །རྟ་མགྲིན་ཐུགས་སྤྲུལ་ཚེ་བདག་ལགས། །ཚེ་བདག་རླུང་གི་ལས་ལ་དབང་། །མུ་སྟེགས་བསྟན་པ་ཤིག་དོན་དུ། །ཕྱག་རྡོར་(༡༦ན)


GLG023_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་སྲོག་བདག་ལགས། །སྲོག་བདག་ལས་སྦྱོར་མནན་སྲེག་སྐོར་ལ་དབང་། །ལྷ་གསུམ་འདུས་པ་ཁྲོ་ཆུ་དུག་སྡོང་ཡིན། །དྲག་པོའི་ལས་རྣམས་ཀུན་ལ་དབང་། །ཞེས་བཤད། སྒོ་བསྲུང་བསྒྱུར་བ་བཟློག་པའི་ཤོག་དྲིལ་ཟུང་གི་དོན་ནི། གཤིན་རྗེ་དམར་ནག་རལ་གྲི་ཞགས་པ་འཛིན། །ཞེས་བརྗེ་ཞིང་བསྐལ་བཟང་གི་སངས་རྒྱས་སྟོང་ཀྱང་ཁྲོ་བོར་བསྒྱུར་བ་མན་ངག་གོ །རང་ཉིད་གཤིན་རྗེ་ཁྲོ་ཆུར་གསལ་བ་ཡི། །སྤྱི་བོར་གཤིན་རྗེ་འཆར་ག་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་མཆོད་རྟེན་བསྣམས་པ་ཡིས། །སྟེང་ཕྱོགས་ལྷ་ཡི་གདུག་པ་བཟློག་པར་བྱེད། །མགྲིན་པར་གཤིན་རྗེ་འཇོམས་བྱེད་འབར་བ་ནག །གཡས་པ་མཆོད་རྟེན་གཡོན་པ་དགྲ་སྟ་བསྣམས། །བར་སྣང་གཉན་གྱི་གདུག་པ་བཟློག་པར་བྱེད། །སྙིང་གར་གཤིན་རྗེ་ཚེ་བདག་ནག་པོ་ནི། །ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་རྔམས། །གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ་དང་། །གཡོན་གསུམ་ལྕགས་ཀྱུ་གཏུན་ཤིང་སྡིགས་མཛུབ་བརྡེག །འོག་ཕྱོགས་ཀླུ་ཡི་གདུག་པ་བཟློག་པར་བྱེད། །གསང་བར་གཤིན་རྗེ་ཁ་ཐུན་ནག་པོ་ནི། །ཕྱག་གཉིས་ལྕགས་པར་བསྣམས་ནས་དགྲ་ཤ་ཟ། །སྡེ་བརྒྱད་དྲེགས་པའི་གདུག་པ་བཟློག་པར་བྱེད། །དཔུང་གཡས་གཤིན་རྗེ་ཁྲག་མཚོ་ཁོལ་མ་ནི། །ཕྱག་གཉིས་ཉི་ཟླ་ཆ་ལང་ལྟར་བརྡེབ་པས། །བྱད་མའི་ཤ་ཁྲག་ཉལ་ཉལ་རབ་སྟེར་ཞིང་། དགྲ་གདོན་ཕོ་རྒྱུད་ཚོགས་རྣམས་བཟློག་པར་བྱེད། །དཔུང་གཡོན་གཤིན་རྗེ་རལ་པ་ཚར་དགུ་ནི། །མདོག་ནག་ཕྱག་གཡས་ཁྲམ་ཤིང་གཡོན་ནད་རྐྱལ། །ཐོགས་ནས་བྱད་མ་ལྷར་བཅས་ཁྲམ་ལ་འདེབས། །དགྲ་བགེགས་མོ་རྒྱུད་ཚོགས་རྣམས་བཟློག་པར་བྱེད། །(༡༦བ)


GLG023_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་བ་སྤུའི་གསེབ་ནས་ཁྲོ་ཆུང་ཚོགས། །མཚོན་ཐོགས་གྲངས་མེད་སྐར་ལྟར་འཕྲོས་པ་ཡིས། །བྱད་མ་ལྷར་བཅས་བཟློག་ཅིང་གསོད་པར་བྱེད། །གཤིན་རྗེ་སྡེ་དྲུག་དུག་གསུམ་ཁྲོས་པ་དང་། །སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་བཅས་རྣམས་ཀྱང་། །ཞལ་ཕྱིར་གཟིགས་ནས་བཟློག་པའི་ལས་མཛད་ཅིང་། །བ་སྤུའི་གསེབ་ནས་མཚོན་ཆ་སྣ་ཚོགས་པ། །འཕྲོས་པས་དགྲ་གདོན་བཟློག་ཅིང་གསོད་པར་བྱེད། །གུར་ཁང་ཕྱི་རོལ་གནམ་ལྕགས་ལས་གྲུབ་པའི། །འཁོར་ལོ་རྩིབས་བརྒྱད་སྟེང་འོག་གཉིས་དང་བཅུ། །གཡས་སུ་འཁོར་བས་བྱད་མ་ལྷ་སྲུང་བཅས། །བླ་སྲོག་གཅོད་ཅིང་ཤ་ཁྲག་འཐོར་བར་བྱེད། །རྩིབས་ལ་མ་རེག་ཙམ་དུ་ཁྲོ་ཆེན་བཅུ། །ཤར་དུ་གཤིན་རྗེ་མཐར་བྱེད་ནམ་མཁའི་མདོག །གཡས་པ་རྡོ་རྗེ་གཡོན་པ་ཐོ་བ་བསྣམས། །ལྷོ་རུ་ཤེས་རབ་མཐར་བྱེད་དུང་གི་མདོག །གཡས་པ་ཐོད་དབྱུག་གཡོན་པ་སྡིགས་མཛུབ་གཟིར། །ནུབ་ཏུ་པདྨ་མཐར་བྱེད་བྱུ་རུའི་མདོག །གཡས་པ་པདྨ་གཡོན་པ་བསྡིགས་མཛུབ་གཟིར། །བྱང་དུ་བགེགས་ཚོགས་མཐར་བྱེད་མུ་མེན་མདོག །གཡས་པ་རྡོ་རྗེ་གཡོན་པ་སྡིགས་མཛུབ་གཟིར། །ཤར་ལྷོར་འདོད་རྒྱལ་སྔོ་ནག་གཡས་ལྕགས་ཀྱུ། །ལྷོ་ནུབ་དབྱུག་པ་སྔོན་པོ་གཡས་དབྱུག་ཏོ། །ནུབ་བྱང་སྟོབས་ཆེན་མཐིང་ནག་གཡས་རྡོ་རྗེ། །བྱང་ཤར་མི་གཡོ་བམ་ཤིང་གཡས་རལ་གྲི། །སྟེང་དུ་ཧཱུཾ་མཛད་སྔོན་པོ་གཡས་རྡོ་རྗེ། །འོག་ཏུ་གནོད་མཛེས་མཐིང་ནག་གཡས་གཏུན་ཤིང་། །གཡོན་རྣམས་སྡིགས་མཛུབ་དགྲ་གདོན་བགེགས་ཚོགས་གཟིར། །ཀུན་ཀྱང་སྟག་ཤམ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞལ་ཕྱིར་གཟིགས་ནས་བཟློག་པའི་ལས་མཛད་ཅིང་། །བྱད་མ་ལྷར་བཅས་རྦད་གཏོང་བྱོལ་ཟོར་སོགས། །གཞན་གྱི་སྦྱོར་ངན་བགེགས་དང་གནོད་བྱེད་ཚོགས། །ཕར་ལ་བཟློག་ཅིང་མེ་ལྕེར་སྦྲང་མ་ལྟར། །ཐལ་བར་བརླག་ཅིང་ཕྱི་ཡི་(༡༧ན)


GLG023_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ཆེའི། །ཕ་མཐར་བསྐྲད་ཅིང་བསད་བཅད་གཏུབས་གཏོར་ནས། །མིང་ཡང་མེད་པར་སྐད་ཅིག་བརླག་པར་གྱུར། །བདག་དང་ལྷ་རྣམས་སྐུ་ལས་རང་འདྲ་བའི། ཁྲོ་ཚོགས་གྲངས་མེད་ནད་མཚོན་ཐོགས་སྤྲོས་པས། །བྱད་མ་ལྷར་བཅས་ཕར་བཟློག་བསད་ཅིང་བསྒྲལ། །འབྱུང་བཞིས་ཚར་བཅད་ལྷག་རྣམས་རྒྱ་མཚོའི་མཐར། །བསྐྲད་ཅིང་མཚམས་བཅད་ཚུར་མི་བཟློག་པར་གྱུར། །ཞེས་ས་མཱ་དྷི་དང་བཅས་སྔགས་འགྲིག་བཞིན་བཟློག་སྔགས་ཞག་བདུན་སོགས་ཅི་རིགས་བཟླ། ཇ་སོགས་ཀྱི་དུས་ཐལ་རྡེབ་དང་དམོད་པ་བྱ་ཞིང་ཐུན་གཏོར་གཏོང་ལུགས་དངོས་གཞི་སྲུང་བ་དང་འདྲ་བ་ལ་མདུན་བསྐྱེད་ལ་བསྔོས་རྗེས་བཟློག་པའི་ཤམ་བུ་ཅན་གྱིས་བསྐུལ་ནས་དགྲ་ཕྱོགས་སུ་འཕང་ངོ་། །དེ་ལྟར་ལུས་དཀྱིལ་ལ་ལྷ་རྣམས་བཀོད་པའི་དགོས་པ་ནི་ལྷ་དེ་རྣམས་ཀྱི་བྱང་དུ་བདག་ཉིད་བཏབ་པ་སོགས་ཡོད་ན་ལྷ་དེ་རྣམས་བཙོན་དུ་བཟུང་བའི་དགོས་པ་ཡོད་ཅིང་ལྷ་དེ་རྣམས་བྱད་མ་ཁོ་རང་གི་རང་གཤེད་དུ་འབེབས་པ་ཡིན་ནོ། །ལུས་དཀྱིལ་འགོད་པ་དང་ཁྲོ་བོ་བཅུ་བསྐྱེད་པ་འདི་བཟློག་པའི་དུས་མ་གཏོགས་གཞན་ནམ་དུ་ཡང་མི་དགོས་སོ། །དེ་ལྟར་བཟློག་པའི་དམིགས་པ་སྔགས་དང་བཅས་པ་འདི་ནི་ཁྲོ་བཅུའི་བཟློག་པ་རི་རབ་ཁོང་མྱུལ་གྱི་དོན་ཡིན་པ་རིགས་འཛིན་ཆོས་ཀྱི་གྲགས་པའི་མན་ངག་གོ །ཏིང་ངེ་འཛིན་གྱི་སྲུང་བཟློག་འདི་ཙམ་བསྙེན་པའི་མཇུག་དང་སྦྲེལ་ན་ལེགས་ཤིང་མཐའ་གཅིག་ཏུ་བྱེད་དགོས་པའི་ངེས་པ་མེད། སྤྱིར་འདི་ཉིད་ལ་མཆོད་རྟེན་དཀར་ནག །ཐོད་པ་ཞལ་དབྱེ། བསད་ཁང་གཅིག་མ་དང་བཅོ་ལྔ་མ་སོགས་གང་འཚམ་ལ་བརྟན་པའི་སྲུང་བཟློག་བསད་མནན་སྲེག་ཟོར་གྱིས་མཚོན། ཙིཏྟ་རླུང་འཁོར། འགོམ་ཆོག །དགྲ་སྲི་མནན་པ། (༡༧བ)


GLG023_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དགུ་འགྱུར། དུ་བ་རླུང་ཞོན་སོགས་ལས་ཕྲན་མང་དུ་ཡོད་པ་གནུབས་ཆེན་བརྒྱུད་པའི་ཟབ་ཆོས་ལ་ནང་བྱན་ཆུད་པའི་རིག་སྔགས་འཆང་བ་ཞིག་གི་དྲུང་དུ་ས་སེར་རྡོ་སྔོན་ལྕགས་གོས་ཀྱི་ཡོན་དང་བཅས་འབད་པས་འཚོལ་བར་རིགས་སོ། །གསུམ་པ་མཇུག་ནི། དངོས་གྲུབ་ལེན་པར་གསལ་ཁ་མ་བྱུང་ཀྱང་སྔ་འགྱུར་གྱི་ཕྱོགས་སུ་དར་རྒྱས་ཆེ་ཞིང་བསྙེན་སྒྲུབ་ཀྱི་འབྲས་བུ་དངོས་གྲུབ་བླང་བ་ཡིན་པས། ཚེ་ཟན་། ཚེ་རིལ། ཚེ་ཆང་། ཟླ་ཁྲོམ། ཟླ་རྒྱས། ཐུན། སི་ཐོག །སྤང་ན་སྐྱེས་སོགས་བཟའ་བཅའ་སྣ་ཚོགས་བཤམ། གཏེར་ཁ་གཞན་ནས་བྱུང་བའི་དངོས་གྲུབ་ཀྱི་སྔགས་དམིགས་བསྐུལ་བ་སོགས་སྦྱར། སྒྲུབ་གཏོར་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལེན་ཞིང་དངོས་གྲུབ་ཀྱི་རྫས་རྣམས་ལ་རོལ། གཏའ་གཏོར་བསྙེན་པའི་སྟོད་སྨད་བར་གསུམ་གང་འོས་སུ་རྟགས་བཟང་བ་བྱུང་ན་དུས་དེར་གཏོར་ཡང་སླར་དེ་ཚབ་དགོས་པ་འདི་དུས་དབུལ། ཚོགས་བསྐང་བ། མངའ་གསོལ། གཏང་རག་མཆོད་པ། ནོངས་པ་བཟོད་གསོལ། རྟེན་རྣམས་ལ་བརྟན་བཞུགས་དང་རྟེན་མེད་རྣམས་གཤེགས། སྨོན་ལམ། བཀྲ་ཤིས་བྱ། སྒྲུབ་གཏོར་གྱི་འཁོར་ལོ་དང་ཕུར་པ་རྣམས་རང་གི་ལུས་ལ་འཆང་། མདུན་དཀྱིལ་བསྡུས་ཀྱང་སྒྲུབ་གཏོར་ཤས་པ་རྣམ་པ་གསུམ་གྱི་ཚུལ་དུ་བཞུགས་སུ་གསོལ། འཛིན་གཏོར་ལོ་རེར་བརྗེ་ཞིང་རྒྱུན་གྱི་གཏོར་བསྔོས་དང་དགུ་གསུམ་ལ་དུས་གཏོར་རམ་ཐ་མའང་ཉེར་དགུ་ལ་བཟང་བ་དང་ཕྲལ་དུ་ལྷའི་བསྐྱེད་རིམ་དང་བསྙེན་པ་མ་ཆག་པ་བྱ་བ་སོགས་ལྷ་སྒྲུབ་གཞན་ལྟར་བྱེད་ཅིང་། ལྷ་དང་བླ་མར་སོམ་ཉི་སྤངས་པའི་ཡིད་ཆེས་པའི་མོས་གུས་དང་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པ་དུས་དང་ཡུན་དུ་བགྱིད་པ་དང་བསྙེན་སྒྲུབ་ལག་ལེན་ཕྲ་ཞིབ་རྣམས་(༡༨ན)


GLG023_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལས་འབྱུང་བ་ལྟར་ལ་ཁྱད་ཆོས་ཡུགས་ས་མར་མི་སྤྱོད། མཚམས་ཁང་དུ་བུད་མེད་དང་ཁྱིའི་རིགས་མི་གཏོང་བས་མཚོན་སྤང་བླང་མཐའ་དག་ཞིབ་མོར་དཔྱོད་པ་གཅེས་སོ། །ཕྱི་ནང་བན་བོན་རྦོད་གཏོང་མཁན་པོའི་བྲག །འཇམ་དཔལ་ཁྲོས་པ་དུས་དགྲའི་གནམ་ལྕགས་ཐོག །ཁྲོ་ཆུ་ཁོལ་མའི་ཟེགས་མ་ཕྱོགས་བརྒྱ་རུ། །འཐོར་ཚེ་ཡིད་སྲུབས་མྱ་ངན་ཁང་བུར་བརྒྱལ། །རྒྱ་བལ་པཎ་གྲུབ་ཞལ་གྱི་བདུད་རྩིའི་བཅུད། །གནུབས་ཆེན་ཐུགས་ཀྱི་སྒྲོམ་བུར་ཉེར་གབ་གཏེར། །ཞང་ཁྲོམ་ཕྱག་རྒྱས་བཀྲོལ་བ་ཐུབ་པའི་བསྟན། །རིང་གནས་ནག་པོ་མཐུ་ཡི་ལྕགས་རི་བཙན། །ཐོར་ཚུགས་དམར་པོའི་རྩ་ཆིངས་གོས་དཀར་ཀླུབས། །ལྕགས་ཕུར་དར་ནག་ཀླུང་བསྐྱོད་རྐེད་པར་ལྡན། །ཐུན་དོང་རཀྴའི་ཕྲེང་འཛིན་སྔགས་འཆང་གིས། །སྔོན་དུས་གངས་ཅན་དཔལ་མོའི་ལྟོ་བ་ཁེངས། །སོ་ཟུར་གནུབས་ལུགས་སྨིན་གྲོལ་མན་ངག་དང་། །རྒྱུད་བཤད་བསྟན་དང་རང་རྟགས་ཆ་བྱད་ཀུན། །ཉི་གཞོན་འཆར་ཀའི་མཁའ་ལ་རྒྱུ་སྐར་བཞིན། །བཙལ་ཡང་རྙེད་དཀའི་དུས་འདིར་སྐལ་ངན་བྱས། །བྱེ་བྲག་ཕྱོགས་འདིར་དཀར་བའི་བློ་གྲོས་ཟླས། །ཟབ་དོན་ཨུཏྤལ་འཛུམ་པ་སྔོན་མང་ཡང་། །དེང་སང་ཕལ་ཆེར་རྨོངས་ཆེན་མུན་པ་ཡིས། །ལན་བརྒྱར་བྱུགས་པའི་ཚུལ་ལ་བཞིན་རས་སྨད། །གནུབས་བསྟན་དགུན་གྱི་ཆུ་ཕྲན་ལྟར་གྱུར་ཚེ། །ལྷ་སྲས་རྣམ་སྤྲུལ་རྗེ་བཙུན་རཏྣའི་ཞབས། །སྲོལ་འབྱེད་དུ་མ་རང་གྲོལ་ལ་སོགས་པས། །པདྨའི་སྐུད་ཕྲར་རྡོ་རྗེའི་སྲོག་ཐུངས་བྱིན། ཁྱད་པར་བཀའ་གཏེར་རིང་ལུགས་གངྒཱའི་རྒྱུན། །སྔ་འགྱུར་རྒྱ་མཚོར་ཆད་མེད་འབབ་པའི་དྲིན། །ནོརའཛིན་གསེར་གྱིས་བཀང་ཡང་འཇལ་དཀའི་ཡུལ། །ཟུར་ཆེན་འཇམ་དབྱངས་(༡༨བ)


GLG023_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཁྱོད་མིན་སུ། །ཞྭ་སེར་བསྟན་པའི་ས་སྲུངས་གླང་པོའི་སྟེང་། །བགྲང་ཡས་ཤེས་བྱར་ལྟ་བའི་མིག་སྟོང་ང་། །བཅུ་ཕྲག་རིག་གནས་སྦྱོང་ལ་རབ་བྲེལ་བར། །མཐུ་མཁན་རྒན་པོའི་གཡར་ཁྲལ་ཅི་ཕྱིར་བབས། །འོན་ཏེ་སོ་དཀར་ཙམ་ནས་ཚེ་བདག་སོགས། །གཤིན་རྗེའི་རྒྱུད་ལུང་མན་ངག་མང་ཐོས་པས། །སྐྲ་དཀར་ལང་ཚོ་ཡོལ་ཡང་རྣམ་དག་ཚིལ། །ཕྲེང་བར་སྤེལ་ལ་བློ་གྲོས་མི་དོག་ཡངས། །གྲགས་འདོད་བཞིན་རས་ལས་བྱང་ཆུས་བཀྲུས་ཀྱང་། །ནུས་ལྡན་མཛེས་ཆོས་སྒྲུབ་པའི་ལུས་ཕྲའི་ཚོགས། །སྙན་བརྒྱུད་མུ་ཏིག་སྦྲེལ་ལེགས་འཁོར་ལོ་འདིས། །གཞན་ཡིད་འགུགས་པའི་ལྕགས་ཀྱུ་བྱེད་དང་སྙམ། །འཆི་བདག་གཤིན་རྗེའི་རྣམ་པར་ཉེར་བསྟན་པ། །ངེས་པའི་དོན་དུ་འཇམ་དཔལ་ཀུན་ཏུ་བཟང་། །བསྐྱེད་དང་རྫོགས་པའི་རྣལ་འབྱོར་ལ་གོམས་པས། །མཁའ་མཉམ་སྐྱེ་དགུ་མ་ལུས་གྲོལ་བར་ཤོག །ཅེས་རིགས་གསུམ་འདུས་པ་འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བསྙེན་པའི་ཡི་གེ་རིན་ཆེན་ཀེ་ཏ་ཀ་འདི་ནི་སྔ་འགྱུར་བསྟན་པའི་ཉི་མ་ཆེན་པོ་རིགས་འཛིན་སྤྲུལ་པའི་སྐུ་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེའི་གསུང་གིས་བསྐུལ་བ་ལྟར་དྲིན་ཅན་བླ་མ་ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱི་དྲུང་དུ་དབང་ལུང་ཕྱག་བཞེས་དམར་ཁྲིད་དང་ལུང་རྒྱུན་ཐོར་བུ་ལུས་པ་རྣམས་སྔགས་འཆང་དཀོན་མཆོག་ལྷུན་གྲུབ་ཀྱི་རྒྱུན་ལས་མཁས་གྲུབ་ཁྲ་ཚང་པ་ཆེན་པོར་ཐོས་ཤིང་། རཏྣ་གཉིས་པ་མཚུངས་མེད་ཆོས་ཀྱི་གྲགས་པའི་ཐུན་མོང་མ་ཡིན་པའི་གསུང་རྒྱུན་རྣམས་བན་གྲོང་སྔགས་འཆང་མཆོག་གྲུབ་རྒྱལ་པོར་ཕྱག་ཁྲིད་ཞུན་ཐར་བཅད་པས་གཤིན་རྗེ་མཁན་པོའི་གྲལ་དུ་སྡོད་པ་ལ་མ་ནོངས་པའི་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་(༡༩ན)


GLG023_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མེ་སྦྲུལ་ཧོར་ཟླ་བརྒྱད་པའི་ཁྲག་འཐུང་རྣམ་པར་རོལ་བའི་ཚེས་ལ་རྒྱལ་ཁབ་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་ཤིང་། དུས་དབང་གིས་གལ་ཆུང་ཆོས་ལ་བྱེད་པར་མ་ཟད་གཤེད་སྐོར་འདི་ཉིད་དཀོན་ཞིང་གདམས་པ་རྣམས་ཁ་འཐོར་བའི་ཉག་ཕྲ་བར་སྣང་བས་ཞལ་ཤེས་ཡིག་ཆུང་གིས་ལེགས་པར་བརྒྱན་ནས་གསལ་བར་བཀོད་པ་བརྒྱུད་པའི་ཁུངས་ལ་མི་སེམ་ཞིང་། རང་གི་གེགས་སེལ་ཙམ་དུ་རྨ་ཁར་ཕན་ན་ཁྱི་ཚིལ་དུ་བྱེད་པ་སོགས་སྣོད་མིན་ལ་གསང་ཞིང་སྦ་བའི་བཀར་རྒྱ་ཡོད་པས་འཆོལ་པར་སྤྱོད་ན་འཆི་བདག་ལས་ཀྱི་གཤིན་རྗེས་ཚར་ཆོད་ཅིག་གུ་ཧྱ་ས་མཱ་ཡཱ། །སརྦ་མངྒ་ལཾ།། །།

འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ།


GLG023_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་བཞུགས་སོ། །


GLG023_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གསུམ་ཀུན་འདུས་དུག་སྡོང་གཤིན་རྗེ་གཤེད། །བཅོམ་ལྡན་ཐུབ་ཆེན་ཤཱཀྱ་སེང་གེའི་ཞབས། །དགེ་སློང་འཆར་ཀ་ཉན་ཐོས་སྡེ་ཡི་གཙོ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །ཟླ་གསང་མངའ་བདག་འཇམ་དཔལ་བཤེས་གཉེན་ཞབས། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །སྡེ་བརྒྱད་བྲན་འཁོལ་ཁྲག་འཐུང་ནག་པོ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །གཤིན་རྗེ་གཤེད་དངོས་སློབ་དཔོན་ནོར་བུ་འཛིན། །དྲག་སྔགས་ཀུན་གྱི་བཀའ་བབས་གནུབས་བན་ཞབས། །ཟབ་གཏེར་བསྟན་པ་རྒྱས་མཛད་རྒྱ་ཞང་ཁྲོམ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །ཐུགས་ཀྱི་སྲས་མཆོག་དོན་ཡོད་རྡོ་རྗེ་དཔལ། །རིག་སྔགས་གྲུབ་པ་རོལ་པའི་རྡོ་རྗེ་དང་། །གསང་སྔགས་འཆང་བ་ཀརྨ་སིདྡྷི་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །སློབ་དཔོན་ཆེན་པོ་དཀའ་བཞིའི་མཚན་ལྡན་དང་། །གྲུབ་པ་མཆོག་བརྙེས་ཉི་མ་བཅུ་དྲུག་པ། །ཟབ་དོན་བཀའ་བབ་ཀུན་དགའ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །སྦས་པའི་རྣལ་འབྱོར་བྱང་ཆུབ་དཔལ་མོ་དང་། །མཚུངས་མེད་ཚུལ་ཁྲིམས་རྒྱ་མཚོ་གུང་རད་པ། །ཆོས་རྒྱལ་འབྲི་གུང་གནམ་(༢ན)


GLG023_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་མེ་འབར་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །རས་ཆུང་རྣམ་སྤྲུལ་བཀྲ་ཤིས་རྒྱ་མཚོའི་ཞབས། །རིགས་འཛིན་ཆེན་པོ་ཀུན་དགའ་ཚེ་མཆོག་དང་། །རྗེ་བཙུན་ངག་དབང་ཡེ་ཤེས་གྲུབ་པ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །ཞང་ཁྲོམ་དངོས་སློབ་གནུབས་ཆེན་དར་མ་དབང་། །སྔགས་འཆང་གྷ་བ་ཤཱཀྱ་རྡོ་རྗེའི་ཞབས། །མཐུ་སྟོབས་ནུས་པའི་རྩལ་ལྡན་ཨ་གྲགས་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །གྲུབ་པ་མཐར་ཕྱིན་སློབ་དཔོན་ཨ་ཝཾ་མཚན། །བརྟུལ་ཞུགས་གྲུབ་པ་ཨཀྵོ་བཛྲ་དང་། །བསྙེན་སྒྲུབ་མཐར་ཕྱིན་ཆོས་ཀྱི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །རིགས་གསུམ་ལྷ་ཡིས་རྗེས་གཟུང་བྲག་ལ་བ། །རབ་འབྱམས་འཕྲིན་ལས་ཀུན་འགྲུབ་ཨ་རྡོར་དང་། །བདུད་དཔུང་མཐར་བྱེད་རྒྱ་སྟོན་ནམ་མཁའ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །བརྒྱུད་པ་ཀུན་འདུས་ཟུར་ཆེན་ཐམས་ཅད་མཁྱེན། །གདམས་པའི་ཁ་འགེང་ཕུར་པ་བཀྲ་ཤིས་དང་། །རིག་སྔགས་འཆང་བ་པདྨ་དབང་རྒྱལ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །འགྲན་ཟླ་གཉིས་པ་དབུར་སྨྱོན་ཆོས་ཀྱི་གྲགས། །མཁྱེན་བརྩེ་ནུས་ལྡན་དཀོན་མཆོག་ལྷུན་གྲུབ་དཔལ། །རིགས་ཀུན་བདག་པོ་བློ་མཆོག་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །མདོར་ན་སྲོག་དབང་ཀླག་ལུང་མན་ངག་(༢བ)


GLG023_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །ཕྲ་ཞིབ་དམར་འཁྲིད་སྟོན་པའི་ཡོངས་འཛིན་ཚོགས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །རིགས་གསུམ་ཀུན་འདུས་འཇམ་དཔལ་གཤིན་རྗེ་གཤེད། །ཁྲོ་ཆུ་དུག་སྡོང་སྲོག་དབང་བྱིན་རླབས་ཀྱིས། །བདག་རྒྱུད་སྨིན་ནས་ལམ་འདིའི་མཆོག་ཀུན་གྱི། །ལས་རྣམས་ཐོགས་པ་མེད་པར་ལྷུན་གྲུབ་ཤོག །སྲུང་བའི་གུར་ཁང་བཅུ་གསུམ་རྡོ་རྗེའི་མཁར། །ཡིད་སྲུབས་དཔུང་གིས་འཇིག་པར་མི་ནུས་པས། །བདག་སོགས་དམིགས་བྱ་མཐའ་དག་གཞོམ་ཞིག་དང་། །བྲལ་བའི་འཆི་མེད་རིགས་འཛིན་འགྲུབ་པར་ཤོག །མུ་སྟེགས་བན་བོན་མཐུ་བྱད་སྒྱོགས་ཀྱི་འཕྲུལ། །ཕྱིར་བཟློག་རྡོ་ཡིས་བར་སྣང་ལ་བཅག་ནས། །རྦོད་གཏོང་མཁན་པོར་རྦད་འདྲེ་རིག་སྔགས་ཀྱི། །རྣོ་དབལ་རང་གཤེད་ཐོག་ཏུ་འབེབས་པར་ཤོག །བསམ་སྦྱོར་ངན་པས་རྫས་སྔགས་ཏིང་འཛིན་གྱི། །འཁྲུལ་འཁོར་བྱེད་པོས་མཚོན་པའི་དགྲ་བགེགས་ཀུན། །གཡུལ་ངོར་གསོད་པ་འཆི་བདག་གཤིན་རྗེ་ཡི། །མངོན་སྤྱོད་ལས་སྦྱོར་མྱུར་དུ་འགྲུབ་པར་ཤོག །ཕས་རྒོལ་ཚེ་སྲོག་ནུས་སྟོབས་ཆུ་སྲིན་གྱི། །མགྲིན་པ་བཙོན་དོང་ནང་རུལ་མནན་པའི་ལས། །རི་བོ་རླུང་གིས་མི་བསྐུལ་བསྐལ་པའི་བར། །ནམ་ཡང་ལྡང་བར་མི་ནུས་ལས་འགྲུབ་ཤོག །བསྒྲལ་བྱ་སྒྲོལ་བྱེད་མཐའ་དག་སེམས་ཉིད་ཀྱི། །རྣམ་འཕྲུལ་སྒྱུ་མའི་སེང་གེས་གླང་པོའི་སྲོག །ཕྲལ་བ་ཇི་བཞིན་ཀ་དག་ཆོས་སྐུའི་ཀློང་། །དབྱེར་མེད་འཚེངས་གསུམ་དོན་དང་ལྡན་པར་ཤོག །ཕྱི་རོལ་དགྲ་བགེགས་བཅོམ་པའི་རྟེན་འབྲེལ་གྱིས། །ནང་དུ་དུག་གསུམ་སྲོག་རྩ་ཉེར་འཕྲལ་ཏེ། །རང་རིག་འཇམ་དཔལ་ཀུན་ཏུ་བཟང་པོའི་ཞལ། །མངོན་སུམ་མཇལ་བའི་(༣ན)


GLG023_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྟོན་མྱོང་བར་ཤོག །བརྩོན་འགྲུས་ལས་འཕྲོ་ཞན་པས་ཚེ་འདི་ལ། །མ་གྲོལ་འཆི་བ་འོད་གསལ་ཤར་བ་ན། །སྐྱབས་མགོན་གཅིག་ཆོག་གཤིན་རྗེ་གཤེད་པོ་ཡིས། །ཀུན་གཟིགས་དག་པའི་ཞིང་དེར་འཁྲིད་པར་ཤོག །འཁྲིད་བྱེད་ལྷ་དང་བགྲོད་བྱའི་གནས་རྣམས་ཀུན། །མེད་བཞིན་ཆུ་ནང་ཟླ་གཟུགས་ལྟར་ཤར་བ། །གནས་ལུགས་ངོ་འཕྲོད་འཇམ་དཔལ་རང་སེམས་ལས། །གཞན་མིན་ཐག་ཆོད་གདེངས་ཚད་རྙེད་པར་ཤོག །དེང་ནས་ཆོས་ཉིད་ཟད་པའི་ཕ་མཐའ་རུ། །འཁྱོལ་མིན་དེ་སྲིད་ལྷག་པའི་ལྷ་ཁྱོད་ཀྱིས། །རྗེས་བཟུང་བར་ཆད་མི་མཐུན་ཀུན་ཞི་ཞིང་། །འཁོར་འདས་ལེགས་ཚོགས་དོན་རྣམས་ལྷུན་གྲུབ་ཤོག །ཁྱད་པར་དྲག་སྔགས་བདག་པོ་གནུབས་ཆེན་གྱི། །བཀའ་གཏེར་གཤིན་རྗེའི་སྨིན་གྲོལ་རྒྱུད་བཤད་ལུང་། །སྒྲུབ་འཕྲིན་ཕྱག་བཞེས་མཐའ་དག་ཐུབ་བསྟན་གྱི། །བཙས་སུ་མི་ནུབ་དར་ཞིང་རྒྱས་པར་ཤོག །ཅེས་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་སྡོང་ནག་པོའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་འདི་ནི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གི་ཆོག་གྲྭ་བ་རྣམས་ཀྱིས་བསྐུལ་ཞིང་། སོའི་སྔགས་འཆང་གནས་བྱུང་པ་གནམ་ལྕགས་ཟིལ་གནོན་དཔའ་བོས་བསྐུལ་བ་ལྟར་ཟུར་ཆེན་རྡོ་རྗེ་འཆང་གི་བཀའ་དྲིན་ལ་བརྟེན་ནས་ཆོས་ཚུལ་འདི་ལ་བློ་གྲོས་ཀྱི་སྣང་བ་ཅུད་ཟད་དཀར་བ་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །

གཤིན་རྗེ་ཁྲོ་ཆུ་དུག་སྡོང་གི་རྒྱུན་གྱི་རྣལ་འབྱོར་སྤུ་གྲི་འབར་བ།


GLG023_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་ཁྲོ་ཆུ་དུག་སྡོང་གི་རྒྱུན་གྱི་རྣལ་འབྱོར་སྤུ་གྲི་འབར་བ་བཞུགས་སོ། །


GLG023_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་ཆོས་སྐྱོང་དབྱེར་མེད་ཅིང་། །རིགས་གསུམ་ཀུན་འདུས་ཁྲོ་ཆུ་དུག་སྡོང་ནག །རྣལ་འབྱོར་རྒྱུན་འཁྱེར་ཉམས་སུ་བླང་བདེ་བ། །གནུབས་ཆེན་བརྒྱུད་པའི་བཞེད་པ་མ་ནོར་འདྲི། །དེའང་ཡི་དམ་འདི་ཉིད་ཀྱི་སྐུའི་མདུན་དུ་སྨན་རག་མཆོད་གཏོར་ཅི་འབྱོར་པ་བཤམ། སྟན་བདེ་བར་ཁ་ལྷོར་བལྟས་ཏེ། དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བླ་མ་ལྷ་དང་དཀོན་མཆོག་རིན་ཆེན་གསུམ། །གཤིན་རྗེ་གཤེད་པོའི་ལྷ་ཚོགས་འཁོར་བཅས་ལ། །ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་འཆི། །སྣང་གྲགས་ཆོས་རྣམས་རང་བཞིན་མེད་པ་ལ། །དེ་ལྟར་མ་རྟོགས་སེམས་ཅན་སྙིང་རེ་རྗེ། །དེ་ཕྱིར་བདག་ནི་གཤིན་རྗེའི་གཤེད་གྱུར་ནས། །དེ་དག་སངས་རྒྱས་ས་ལ་འགོད་པར་བྱ། །ཞེས་ལན་གསུམ་གྱིས་སྐྱབས་སེམས་བྱ། ཨྱཻ་ཡཱ། ཁྲོ་རྒྱལ་ཆེན་པོའི་སྤྲུལ་པའི་ཚོགས་རྣམས་ནི། ཁྲོ་མཚོན་འཁོར་ལོ་རྡོ་རྗེ་ཕུར་བུ་དང་། །ཐོ་བ་རལ་གྲི་དགྲ་སྟ་མེ་ཡི་ཚོགས། །ཕྱོགས་མཚམས་སྟེང་འོག་བར་མེད་ཀུན་ཏུ་གཏམས། །ཨཱོཾ་ཤྲཱི་ཡ་མ་ཀྲོ་ཏ་ཙཀྲ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཏིཀྵྞ་པ་ཤ་ཛྲ་ལ་རཾ་རཀྵ་ཧཱུཾ་ཕཊ། ཅེས་སྲུང་འཁོར་བསྒོམ། (༢ན)


GLG023_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ་ནས་ཤཔྟའི་བར་དང་། ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁ་ཧི་ཧཱུཾ་ཧྲཱིཿཋ། ཨཱོཾ་བྷ་ལིནྟ་ཧཱུཾ་ཧྲཱི༔ཋ། ཨཱོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱིཿཋ། ཞེས་མཆོད་པ་རྣམས་བརླབ། ཧཱུཾ། ཆོས་རྣམས་སྤྲོས་བྲལ་སྙིང་རྗེའི་རང་རྩལ་ལས། །རང་བྱུང་ཁྲོ་ཚོགས་མཐའ་མེད་ནམ་མཁའི་དབྱིངས། །ཚ་གྲང་རབ་འཁྲུག་མཚོན་ཆའི་བུ་ཡུག་འཚུབ། །དེ་ནང་ལྕགས་སྲེགས་མཚོན་ཆ་ཆོལ་པའི་ཁང་། །ཕྱི་རོལ་ཐོད་ཟླུམ་དུར་ཁྲོད་བརྒྱད་ཀྱིས་བསྐོར། །ཧ་ལའི་གུར་ཁང་རླུང་གི་སྤུ་གྲི་འཁོར། །དེ་ཕྱིར་ཁྲོ་བཅུའི་གུར་ཁང་བསྐལ་མེ་འབར། །དཀར་ནག་ཁྲོ་བོས་བསྲུང་དང་བཟློག་ལས་མཛད། །གཞལ་ཡས་ཁང་ནང་གཤིན་རྗེའི་གྲོང་ཁྱེར་ཆེ། །མཐིང་ནག་གྲུ་གསུམ་བསྣོལ་དབུས་མཚོན་ཆའི་ཚོགས། །དུག་ཕུར་ཁྲུ་སྟེང་པདྨ་ཟླ་ཉི་དང་། །མ་ཧེ་གཤིན་རྗེ་སྡེ་བརྒྱད་བདུད་ཀྱི་རིགས། །ཕྱི་ནང་ཡི་དམ་ཆོས་སྐྱོང་དགྲ་བགེགས་སྟེང་། །བདག་ཉིད་རྫུས་སྐྱེས་ལས་གཤིན་དམར་ནག་འཚེར། །ནག་དམར་ལྗང་ཞལ་གདངས་ཤིང་རྐན་སྒྲ་རྡེབ། །ལྗགས་འདྲིལ་མཆེ་གཙིགས་སྤྱན་བགྲད་སྨ་ར་དང་། །སྨིན་མ་དབུ་སྐྲ་(༢བ)


GLG023_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སེར་རབ་འབར་བ། །དབུ་སྟེང་དུག་ལྕགས་ཁྲོ་ཆུའི་མཆོད་རྟེན་ནང་། །དུས་གསུམ་སངས་རྒྱས་ཀུན་འདུས་རིགས་གསུམ་མགོན། །ཕྱག་དྲུག་གཡས་གསུམ་དགྲ་སྟ་གཡོན་ཙིཏྟ། །སྤུ་གྲི་རལ་གྲིའི་གཤོག་གདེངས་དུག་སྦྲུལ་དང་། །དུར་ཁྲོད་ཆས་བརྒྱན་སྲིད་རྩེ་མནར་མེད་བར། ཁྱབ་སྐུའི་ལྟེ་བར་གསལ་བྱེད་ཉི་ཟླ་འཆར། །རང་འདྲའི་སྤྲུལ་པ་བ་སྤུའི་གསེབ་ནས་འཕྲོ། །ལྟོ་བར་སྲིད་པའི་གྲོང་བཅས་ཁྲམ་ལ་འདབས། །སྐུ་རྐེད་ཆུ་སྲིན་ཞལ་ནས་ཕུར་པའི་དབལ། །སྦྲུལ་ཆུན་འཕྱང་རྩེ་ཉམས་པའི་སྙིང་ལ་གཟིར། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་གཉིས་མེད་ཀྱི། །སྤྲུལ་པ་སྡེ་དྲུག་ཕྱི་འཁོར་གཤིན་རྗེའི་ཚོགས། །སྐར་མདའ་འཁྲུག་པ་ལྟ་བུས་ཕྱོགས་བཅུར་སྐོར། །ཞེས་དམ་ཚིག་པ་གསལ་གདབ། ཨྱཻ་ཡཱ། ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན། །ཉི་མ་ལྷོ་ཕྱོགས་ཕ་གི་ན། །ལས་ཀྱི་གཤིན་རྗེའི་ཞིང་ཁམས་སུ། །ཚ་གྲང་འཁྲུག་པའི་དཀྱིལ་འཁོར་ནས། །སྤྱི་གཤེད་དུག་སྡོང་མཐུ་བོ་ཆེ། །སངས་རྒྱས་བསྟན་པ་བསྲུང་སླད་དུ། །དྲག་པོའི་ཕོ་བྲང་དམ་པ་འདིར། །སྤྱན་འདྲེན་མཆོད་ཕྱིར་གཤེགས་སུ་གསོལ། །ཡ་མ་རཱ་ཙ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པུ་ཧོཿ ཞེས་ཡེ་ཤེས་པ་སྤྱན་དྲང་ཞིང་སྟན་ལ་བཞུགས་པར་ཕྱག་བྱ། དུ་ཏྲི་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱཧཱ། གོང་གི་སྔགས་མཐར། མ་ཧཱ་པཉྩ་ཨ་མྲྀ་ཏ་པཱུ་ཙ་ཁཱ་ཧི། མ་ཧཱ་རཀྟ་པཱུ་ཙ་ཁཱ་ཧི། རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། སྔགས་མཐར་ཨི་དཾ་པ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། དགྲ་བགེགས་བྱད་མའི་དོན་སྙིང་ཝ་ལ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྲོག་རྩ་སྙིང་རྩ་ཁྲག་རྩ་ལ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། (༣ན)


GLG023_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མཆེད་གཟུགས་ཕུང་ལ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྱད་མ་དགྲ་བགེགས་མི་ནོར་འཁོར་དང་བཅས་ལ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། དགྲ་བགེགས་སྐྱེ་བ་བདུན་བརྒྱུད་ལ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཕྱི་ནང་གི་མཆོད་པ་དབུལ། ཨྱཻ་ཡཱ། ངོ་བོ་དུས་གསུམ་སངས་རྒྱས་འདུས་པའི་དཔལ། །རྣམ་པ་ལས་ཀྱི་གཤིན་རྗེ་མཐུ་བོ་ཆེ། །རིགས་གསུམ་དྲག་པོར་ཁྲོས་པའི་རྔམ་ཞལ་ཅན། ཁྲོ་ཆུ་དུག་སྡོང་འཁོར་དང་བཅས་ལ་བསྟོད། །ཅེས་པའམ་བསྟོད་པ་རྒྱས་པ་སྐབས་སྦྱར་བྱ། །སྙིང་གར་རྡོ་རྗེའི་ལྟེ་བར་སངས་རྒྱས་སྟོང་། །ཙིཏྟ་ཟུར་གསུམ་རིགས་གསུམ་ཁྲོ་ཚུལ་ཅན། །དེ་ནང་ལྕགས་རྡོར་ལྟེ་བར་འོད་ལྔའི་ཀློང་། །ཉི་ཟླའི་གའུ་སྔགས་ཕྲེང་སྲད་བུས་བསྡམས། །ཧཱུཾ་ཡ་ཎི་མཐར་སྲུང་སྔགས་ཀྱིས་བསྐོར་བར། །འོད་འཕྲོས་རྒྱལ་མཆོད་འཇམ་དཔལ་ལྷ་ཚོགས་དགྱེས། །བསྒྲུབ་བྱའི་སྒྲིབ་དག་ཡེ་ཤེས་གསུམ་ལ་ཐིམ། །ཀླད་ཀོར་ནང་དུ་བླ་མ་ཚེ་དཔག་མེད། །ཐུགས་ཀའི་འོད་ཀྱིས་བཀུག་པའི་བདུད་རྩི་རྒྱུན། །ཚེ་སྲོག་གསུམ་ལ་ཐིམ་པས་འཆི་མེད་གྱུར། །རང་ཉིད་སྐད་ཅིག་འོད་ལྔ་ལས་གྲུབ་པའི། །རྐེང་རུས་བདེ་བའི་ཉམས་ལྡན་ལྷ་ཡི་སྐུའི། །ཨཱོཾ་དཀར་ཨཱཿདམར་ཧཱུཾ་མཐིང་ཡི་གེས་མཚན། །འོད་འཕྲོས་ཡེ་ཤེས་དཔག་མེད་སྤྱན་དྲངས་བསྟིམ། །འོད་ཀྱི་བདུད་རྩིའི་དབང་བསྐུར་དངས་མ་དྲངས། །འཆི་མེད་བཅུད་ཀྱིས་ཡོངས་ཁྱབ་ཁྲོ་བོ་ཡི། །བདུད་རྩི་ནང་འཁྱིལ་སྲིད་གསུམ་སྒྲིབ་པ་སྦྱངས། །བདེ་སྟོང་རོ་མྱངས་ཚེ་དང་དཔལ་འབྱོར་རྒྱས། །བསྲུང་བྱའི་ཚེ་སྲོག་ནད་གདོན་སྡིག་སྒྲིབ་ཀུན། །ཚེ་བདུད་བསྣོལ་མར་བསྟིམ་ལ་ཕུར་རྩེས་གཟིར། །སླར་ཡང་ཡིག་གསུམ་འཕྲོ་འདུས་གདུལ་བྱ་རྣམས། །སྒྲིབ་སྦྱངས་ལྷར་བསྒྱུར་འཁོར་འདས་ཡོན་ཏན་ཚོགས། །བསྡུས་ནས་(༣བ)


GLG023_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་བསྲུང་བྱར་ཐིམ་པ་ཡིས། འཇིགས་མེད་སྲ་མཁྲེགས་རྡོ་རྗེའི་ལུས་སུ་གྱུར། །ཞེས་དམིགས་པའི་བརྗེད་བྱང་ཙམ་དུ་སྤྲོ་ན་རྗེ་བཙུན་ཀུན་དགའ་ཆེ་མཆོག་གི་ལས་བྱང་ལས་བྱུང་བ་ལྟར་ངག་ཏུ་བརྗོད་ནས། དུ་ཏྲི་ཡ་མཱ་རཱ་ཛ། ཡ་མ་རཀྴ། ཀྲོ་ཏ་པ་ཙ་ལ་ཏེ། ཀཱ་ལ་རཱུ་པ། ཨ་ཀྲོ་རཱ་ཛ། ཡ་མ་རཱ་ཛ། ས་མཱ་ཡ་ཛཿཛཿ ཞེས་རྩ་སྔགས་ཅི་ནུས་སུ་བཟླ། སྲུང་བ་སོགས་བྱར་འདོད་ན་གཞན་དུ་ཤེས་པར་བྱ། ལས་ཀྱི་གཤིན་རྗེའི་ཚོགས་རྣམས་དགོངས་སུ་གསོལ། །བདག་གི་བསྙེན་སྒྲུབ་མཆོད་གཏོར་འཕྲིན་ལས་དང་། །ལམ་འདི་བརྩམས་པའི་དགེ་བའི་ནུས་མཐུ་ཡིས། །སངས་རྒྱས་བསྟན་དར་བསྟན་འཛིན་སྐུ་ཚེ་རིང་། །དཀོན་མཆོག་དབུ་མཐོ་བླ་མའི་ཐུགས་དགོངས་རྫོགས། །རྣལ་འབྱོར་ཚེ་རིང་ཡོན་བདག་བར་ཆད་ཞི། །བསོད་ནམས་དཔལ་འབྱོར་བསམ་དོན་ཕུན་ཚོགས་ཤིང་། །བདག་གཞན་ཐམས་ཅད་རྫོགས་སངས་རྒྱས་པར་ཤོག །ཅེས་སྨོན་ལམ་གདབ། མཐའ་ནས་རིམ་བཞིན་སྲུང་འཁོར་རྟེན་གཞལ་ཡས། །དེ་ཉིད་བརྟེན་པ་ཕྱི་འཁོར་ནས་བཟུང་སྟེ། །རིམ་པར་བསྡུས་ནས་གཙོ་དང་དབྱེར་མེད་གྱུར། །གཙོ་བོ་སྟོད་སྨད་ནས་བསྡུས་ཐུགས་ཀ་ཡི། །ས་བོན་ལ་ཐིམ་རིམ་བཞིན་འཇའ་ལྟར་ཡལ། །སླར་ཡང་ཆུ་ལས་རླབས་བཞིན་ལྷ་སྐུར་གྱུར། །ཞེས་རྟག་ཆད་ཀྱི་མཐའ་བསལ། ཨཱོཾ། བྱང་ཆུབ་སེམས་མཆོག་ཤེས་རབ་ཏིང་འཛིན་གྱིས། །ཉོན་མོངས་བདག་འཛིན་རྣམ་རྟོག་ཀུན་བཅོམས་ནས། །ཡ་མཱནྟ་ཀའི་དོན་ལ་རབ་བསྒོམས་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་སོགས་ཤིས་བརྗོད་ཅི་རིགས་བྱའོ། །ཨེ་མ་དཔལ་ལྡན་དུས་(༤ན)


GLG023_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

དགྲའི་རྒྱུད་ཀྱི་དོན། །རྒྱ་བལ་པཎ་གྲུབ་བཞེད་སྲོལ་གངས་ཅན་འདིར། །གནུབས་ཆེན་ཞང་ཁྲོམ་ཐུགས་ཀྱི་ཉིང་ཁུའི་ཐིགས། །བཀའ་བབས་གནམ་ལྕགས་མེ་འབར་འབྲི་གུང་པ། །དེ་ཚུལ་སྣང་གསལ་རིགས་འཛིན་རིམ་བརྒྱུད་པ། ཁོ་བོའི་འདྲེན་པ་རིགས་རྣམས་ཀུན་གྱི་བདག །ཆོས་དབྱིངས་རང་སར་གྲོལ་བའི་ཞལ་ལུང་བཅུད། །སྙིང་དབུས་ཟ་མ་ཏོག་ཏུ་རྣམ་པར་འཁྱིལ། །དེ་ཕྱིར་རྣལ་འབྱོར་རྒྱུན་དུ་འཁྱེར་བདེ་བ། །བན་བོན་མུ་སྟེགས་སྙིང་ལ་གཟེར་བའི་མཚན། །གནམ་ལྕགས་སྤུ་གྲི་འབར་བ་འདི་བཀོད་པས། །དགའ་རབ་དབང་ཕྱུག་སྡེ་ལས་ལེགས་རྒྱལ་ཤོག །ཅེས་རིགས་གསུམ་འདུས་པའི་བདག་ཉིད་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་སྡོང་གི་རྒྱུན་གྱི་རྣལ་འབྱོར་སྤུ་གྲི་འབར་བ་འདི་ནི་སྔགས་བན་ངག་དབང་རྒྱ་མཚོས་བསྐུལ་བ་ལྟར་བསྙེན་སྒྲུབ་གལ་ཆེ་བའི་སྐབས་རིགས་འཛིན་ཆེན་པོ་ཀུན་དགའ་ཆེ་མཆོག་གིས་མཛད་པའི་ལས་བྱང་གཙོ་བོར་ཉམས་སུ་ལེན་དགོས་པས་བརྗེད་ཐོ་སྙིང་པོ་ལྟ་བུ་ཕན་ཚུན་འདྲེས་ནས་བརྗོད་མི་བདེ་བ་སྤངས་ཏེ་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་དྲག་པོ་རྩལ་གྱིས་ཕོ་བྲང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་རིག་སྔགས་འཆང་བ་འཇམ་གྲགས་པའོ། །སརྦ་མངྒ་ལཾ།། །།

དུམ་པ་རྒྱའི་གཏེར་ཀའི་ཀི་ཀང་དམར་ཆུང་གི་བརྒྱུད་འདེབས།


GLG023_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་འཕྲུལ། །སྣ་ཚོགས་ལོངས་སྤྱོད་རྫོགས་སྐུའི་ཟློས་གར་ཅན། །འཇམ་དཔལ་གཤིན་རྗེ་དཔལ་ལྡན་དུས་ཀྱི་དགྲར། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །གང་གིས་རྗེས་བཟུང་འཇམ་དཔལ་བཤེས་གཉེན་ཞབས། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །མངོན་སྤྱོད་རྒྱ་མཚོའི་མངའ་བདག་གནུབས་བན་རྗེར། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །དྲག་སྔགས་ཟབ་གཏེར་སྒོ་འབྱེད་དུམ་པ་རྒྱ། །མཐུ་སྟོབས་དབང་ཕྱུག་ལྕགས་བརྟུན་ནག་པོ་དང་། །གནུབས་སྟོན་རིགས་འཛིན་ཆོས་ཀྱི་གྲགས་པ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །དྲག་སྔགས་གྲུབ་པ་གནུབས་བན་བྱ་བྲལ་བ། །ཚུལ་འདིར་མཁས་གྲུབ་རྡོ་རྗེ་རྒྱལ་བ་དང་། །རིགས་པ་འཛིན་པ་དྷརྨ་ཀེ་ཏུ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །གཤིན་རྗེ་གཤེད་དངོས་ཆོས་ཀྱི་བློ་གྲོས་དང་། །གསང་ཆེན་ཆོས་ཀྱི་བདག་པོ་ཀོང་ཆེན་པ། །མངའ་བདག་སྐྱེ་སྤྲུལ་པདྨ་དབང་རྒྱལ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །སྔ་འགྱུར་གསལ་བྱེད་ལེགས་ལྡན་རྡོ་རྗེའི་ཞབས། །ཁྲི་སྲོང་རྣམ་འཕྲུལ་ཆོས་རྒྱལ་དབང་པོའི་སྡེ། །རིགས་འཛིན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །མཐུ་ཆེན་བསྟན་པ་བསྲུང་བའི་རྒྱ་མཚོ་ཆེ། །རྡོ་རྗེ་འཆང་དབང་འཁོན་སྟོན་ཆོས་ཀྱི་རྗེ། །བཀའ་དྲིན་མཉམ་མེད་དྲིན་ཅན་བླ་མ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །འཇའ་ཚོན་ལྟ་བུར་སྣང་སྟོང་ལྷ་ཡི་སྐུ། །རྒྱུ་རྐྱེན་དང་བྲལ་སྐད་ཅིག་དྲན་རྫོགས་སུ། །མངོན་པར་གསལ་བའི་གཡོ་མེད་ཏིང་འཛིན་གྱི། །ཐ་མལ་སྣང་ཞིང་ཞེན་པ་བཟློག་པར་ཤོག །འཇིགས་རུང་ལས་བྱེད་ཕོ་ཉའི་དམག་ཚོགས་ཀྱིས། །གནག་པའི་དགྲ་བགེགས་བླ་ཚེ་རྣམ་ཤེས་ཀུན། །ལྕགས་སྲེགས་(༡བ)


GLG023_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ཁུང་ནང་གི་དམིགས་རྟེན་ལ། །བཀུག་ནས་ཐལ་བར་བརླག་པའི་ནུས་ལྡན་ཤོག །ཤ་ཁྲག་རུས་ཕུང་དམ་ཅན་ཚོགས་རོལ་ཞིང་། །ཚེ་ཡི་ལྷག་མས་རང་གི་ཨཱ་ཡུ་སྤེལ། །རྣམ་ཤེས་དཔལ་ཆེན་ཡབ་ཡུམ་སྦྱོར་མཚམས་སུ། །འཕེན་པའི་མངོན་སྤྱོད་འཕྲིན་ལས་འགྲུབ་པར་ཤོག །རྫས་སྔགས་ཏིང་འཛིན་ཕྱི་རོལ་དགྲ་སྡེ་འཇོམས། །གསལ་སྟོང་རིག་པས་འཁོར་བའི་གཡུལ་ངོ་བཟློག །ལྷུན་གྲུབ་ལམ་གྱིས་རང་སེམས་ཀུན་ཏུ་བཟང་། །མངོན་དུ་འགྱུར་བའི་དགའ་སྟོན་རྒྱས་པར་ཤོག །ཅེས་དུམ་པ་རྒྱའི་གཏེར་ཀའི་ཀི་ཀང་དམར་ཆུང་གི་བརྒྱུད་འདེབས་འདིའང་གཏེར་སྟོན་གུ་གྲུ་ཡང་དབང་གི་དབོན་བརྒྱུད། ཁམས་པ་སྔགས་འཆང་དོན་གྲུབ་བཀྲ་ཤིས་ཀྱིས་བསྐུལ་བའི་ངོར། ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་མིང་གཞན་ཟིལ་གནོན་དྲག་པོ་རྩལ་གྱིས་སྦྱར།། །།སརྦ་མངྒ་ལཾ།། །།

གཤིན་རྗེ་གཟའ་གདོང་དམར་ནག་གི་ལག་ལེན་སྒོ་འབྱེད་ལྡེ་མིག


GLG023_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཟའ་གདོང་དམར་ནག་གི་ལག་ལེན་སྒོ་འབྱེད་ལྡེ་མིག་བཞུགས་སོ། །


GLG023_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་དགྲ་བོར་འཇམ་དཔལ་སྲིན་པོའི་གཟུགས། །འཁོར་འདས་ཟིལ་གྱིས་གནོན་པའི་ཚེ་བདག་ནག །དབྱེར་མེད་རྡོ་རྗེ་འཆང་དངོས་ཡོངས་འཛིན་རྣམས། །འདིར་སྤྱོན་བྱང་ཆུབ་བར་དུ་བྱིན་གྱིས་རློབས། །རྒྱ་བལ་པཎ་གྲུབ་དམ་པའི་ཞལ་གྱི་བཅུད། །གནུབས་ཆེན་བརྒྱུད་པའི་མན་ངག་གནམ་ལྕགས་ཐོགས། ཤིང་རྟའི་སྲོལ་འབྱེད་ཆོས་རྒྱལ་འབྲི་གུང་པའི། །བཞེད་གཞུང་བདུད་རྩི་ཁོ་བོའི་སྙིང་དབུས་འཁྱིལ། །དེ་ཕྱིར་དམར་ཁྲིད་སོང་བའི་སྣོད་ལྡན་ལ། །མེ་དང་སྤྲ་བ་འཕྲད་ལྟར་དྲན་གསོས་ཤིང་། །དཔེ་མཐོང་ཙམ་གྱིས་མི་རྟོགས་ལག་ལེན་སྒོ། །འབྱེད་པའི་གསལ་བྱེད་ལྡེ་མིག་འདི་ལྟར་རོ། །དཀྱིལ་ཚེ་བདག་གི་དབང་རྒྱས་པ། འཁོར་མཆོད་ཡང་ཟློག་སྒེར་དབང་། རྟེན་གཏོར་རྣོན་པོ་ནང་གཅོད། མ་ལ་བརྟེན་པའི། །སྨིན་བྱེད་ལེགས་ནོས་ཚེ་བདག་བསྙེན་ཆེན་ཨྱེ་རིངས། འཇམ་དཔལ་ཨ་ཀྲོ །ནམ། །ཡང་ན་སྒོས་ཆོས་ཞི་དྲག་ཡང་ཟློག་རྩ་བསྙེན། གོང་བསྙེན་ཐེངས། །མན་ལུང་ནོས་ཤིང་ལག་ལེན་དམར་ཁྲིད། ངག་ཁོང་ཆུད་དམ་སྤྱི་དང་བྱེ་བྲག །ལྡན་རྣལ་འབྱོར་པས། །དང་པོ་རྡོ་རྗེའི་གོ་གྱོན་བསྲུང་བ་ལ། །ལས་གཞུང་སྐྱབས་སེམས་ཀྱི་རྗེས་སུ་ཆ་གསུམ་གཏོང་བར་བཤད་པ་ལས་བྱང་རྡོ་རྗེ་ཐོག་མདར་དཀར་གཏོར་དམར་གཏོར་གཏོང་ཚུལ་ཡོད་པས་ཐུས་ཤིང་མ་བུ་སྦྱར་བའི་འཛབ་ལ་ཐུག་པ། བསྐང་འབྲི་ཁུང་ཕྱོགས་སུ་བསྐང་བ་ཀྱུས་མ་ཞིག་ལས་མི་མཛད་ཀྱང་བཾ་བསྐང་གཏེར་བྱོན་འདི་འཐད། གཏོར་འབྲི་གུང་ཕྱོགས་སུ་མ་གྲགས་ཀྱང་མཐུ་ཆེན་སྡེ་བཞི་འདི་གཏེར་མ་འཁྲུལ་མེད། ཚོགས་མཐའི་ཚེ་བདག་ནས་བླངས་པའི། (༢ན)


GLG023_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱས་རྗེས། །གསང་སྔགས་འབྲུ་དྲུག་ཞི་སྔགས། དང་ནི་བཅུ་གཅིག་ཨ་ཀྲོ །པ། རྩ་བསྙེན་སྟོང་ཕྲག་བསྲུང་མཐའ་བསྒྱུར་ཤེས་དགོས་ཤིང་བཟློག་པ་ལ་དམར་འཆང་བྱེད་ན་བསྲུང་སྔགས་ཀྱི་ཚབ་ཏུ་བཟློག་སྔགས་བཟླ་བས་མཚོན། བ་བརྒྱ་ཙམ་བཟླ། །སྨན་མཆོད་ཕུལ་ནས་ཉལ་བའི་རྣལ་འབྱོར་བྱ། །ནང་པར་གཞུང་གྱེར་བསྲུང་བའི་དམིགས་སྐོར་འཇུག །རྩིབས་འཁོར་བཞི་པའི་མ་བུའི་རྟགས་གཉིས་སྤྲོད། །གདེངས་གསུམ་ངང་ནས་མ་ཡེངས་གསང་སྔགས་བཟླ། །ཐུན་མཚམས་གཏོར་ཨོང་ཀྱུ་དམར་རྒྱན་སོགས་མར་གཏོར་མ་ལ་སྟོད་སྨད་ཀྱི་དབྱེ་བ་མི་མཛད་པ་རྗེ་དབུར་སྨྱོན་གྱི་གསུང་དངོས་ལས་ཐོས་པས་ཡིག་ཆར་དབྱེ་བ་དགོས་པར་བཤད་ཀྱང་གོང་མ་ཉིད་བཙན་ནམ་སྙམ། ཆེན་ཤ་ཟན་སྨན་རཀ་དང་། །ཐུན་གཏོར་རཀྟ་སྦྲན་ཞིང་བདེན་ཁ་སྐོངས་ནས། ཚིག་བརྗོད། །དགུག་གཞུག་མཚར་གཅིག །སྨན་ལིང་ག་ལ་བདུད་རྩི་དང་མར་མེའི་འོད་ཕྲོག་ན་དམེ་རུ་འགྲོ་བ་མན་ངག་གསེར་ཕྲེང་ལས་བཤད་པས་སྤང་བྱའི་ཆེད་དུ་འཕུང་རེའི་གུར་འབུགས་དེས་རླུང་ཡང་མི་ཐར། རཀ་སྦྲན་ཏེ་དྲག་ཁ་སྐོངས་ནས། གཏོར་རླབ། །བསྔོ་ཞིང་འབུལ་ཚིག་བུ་ཡིག་གི་ཆོས་སྐུ་ཞི་བའི་ཡང་ན་ཁ་བསྐོངས་ནས། ཤམ་བུ་བུ་ཡིག་ནས། ཅན་གྱི་མཐར། །གཏོར་ཆེན་ལ་སྟོབས་སླར་ཡང་སྨན་རག་སྦྲོན། །གསར་དུ་གཅིག་བཤམ་སྦྲན་ནས་འདོད་ཡོན་བརླབ། །མ་ཧཱ་བ་ལིང་གོང་བཞིན་གསོ་ཞིང་སྦྲན། །ཚོགས་འབྲི་ཁུང་ཕྱོགས་སུ་མི་མཛད་ཀྱང་སྒྲུབ་པའི་སྐབས་མཛད་པ་གསང་སྔགས་རྙིང་མ་སྤྱི་ལུགས་ཡིན། ཀྱི་མཆོད་པས་ཆོ་གའི་ཆད་ལྷག་ལྷག་མ་བཙོན་དུ་བཟུང་།(༢བ)


GLG023_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར། །ཞག་གྲངས་མ་ཐེངས་ངག་ཟླ་གསང་ནས་སྨྲས་ན་རྣལ་འབྱོར་རང་དོན་ཟད། དེ་ཡི་ཕྱིར་ན་ལག་བརྡ་བྱ། ཞེས་གསུངས་སོ། །བཅད་དམ་པ་གནད། །གྲོགས་ཡོད་སྔགས་སྒྲ་མ་ཆད་རབ་ཀྱི་རང་ངམ་སྒྲུབ་གྲོགས་གཅིག་ལས་མེད་ན་སྔགས་རྒྱུན་བྱེད་ཐེབས་མེད། རབ། །སྤྱི་དང་བྱེ་བྲག་སྒྲུབ་པའི་བསྲུང་གཏེར་ཕྱི་མ་སོགས་ནས་བཤད་པའི། སྡོམ་འབད། །ལག་ལེན་མ་ནོར་གདུངས་ཤུགས་ཡིད་ཆེས་གཅེས། །དུག་དྲུག་སེང་གེ་སྟག་ཆེན་ཁ་གདངས་པ་སོགས། ཉམས་བླངས་རྟགས་མཐོང་རྟག་གཏོར་དེ། །ཐུན་བསྐུལ་ཚིག་ཤམ་བུ་ཅན་གྱི་ཐོག་ཏུ་འབུལ་ཞིང་གསར་པ་ཞིག་བཤམས། གཏོར་བཞིན་བསྔོ་གཏོར་ཆེན་བསོས་ཏེ་འབུལ། །དབྱངས་འདིའི་གོང་དུ་མ་ཡིག་གི་འདོད་གསོལ་སྨོན་ལམ་བྱེད། གསལ་ཡིག་བརྒྱ་བཟླས་ནས་བདེན་ཚིག་ཀྱང་བརྗོད། ངག་འགྲོལ་བ། །ལྕགས་རིས་བསྐོར་བའི་བཙན་མཁར་བསྲུང་བ་ཡིན། །གཉིས་པར་རིག་སྔགས་འཁྲུལ་འཁོར་བཟློག་རྐྱང་ལ། །སྟན་གོས་ཁྱད་ཆོས་བསྒྱུར་ཞིང་སྣ་ཞུར་གསང་བའི་རྫས་སྦྱར་ནས། འཐེན། །ལས་བྱང་གཞུང་བསྲངས་འཛབ་གོང་དྲི་ལྡན་རྩགས་སྣོད་དུ། ཤ །ལག་ལེན་བཞིན་ལྟར་ཁྱུར་མིད་བྱེད་པའི་དུས། །གནད་གསང་ཟབ་མོའི་དམིགས་པ་ཞལ་ལས་བྲི། །ལས་གཤིན་བསྲུང་བའི་དུས་ཀྱི་དམིགས་རིམ་བྱ། །ཐུན་གཏོར་ལས་ཀྱི་གཤིན་རྗེའི་སྐུ་རུ་སྔགས་བཟླ་རིང་། བསམ། །མ་ཡིག་བཟློག་པའི་དམིགས་པ་ལེ་ཚན་རྣམས། །དཀྱུས་ལྟར་བརྗོད་ལས་རྟགས་ཀྱི་འཇུག་པ་མཆོད་རྟེན་དང་ལྕགས་ཀྱུ། དོར། །ཏིང་འཛིན་གསལ་བས་བཟློག་པའི་སྔགས་རྒྱུན་བཅའ། །ཐལ་བརྡབ་དམིགས་པ་བདེན་སྟོབས་ཀྱུས་བཞིན་དུ། །བྱ་བར་མ་ཟད་ཟ་འཐུང་སྔོན་བྱེད་མཚུངས། །ཐུན་གཏོར་སྨད་འབུལ་རིང་། ཆ་དགྲ་བགེགས་གསལ་བ་ལ། །དགུག་གཞུག་ལན་གསུམ་ཙམ་གྱིས་ཁྱད་པར་ལས། །གཏོར་ཆེན་ཐུན་གཏོར་བསྲུང་བ་ལྟ་བུར་འབུལ། །ཡིག་ཆར་རྒྱུན་འཁྱེར་བཞིན་དུ་བསྐུལ་ཐུང་ཙམ་བཤད་ཀྱང་བསྟོད་མ་ཡིག་ནས། རིང་དྲག་མ་ཡིག་ནས། བསྐུལ་མ་ཡིག་ནས། བསྐུལ་(༣ན)


GLG023_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་མཐར། །བཟློག་བུ་ཡིག་ནས། ཤམ་བཏགས་འབུལ་ཟོར་བསྐུལ་བུ་ཡིག་ནས། ཁྲོམ་ལྕགས་སྡིག་སོགས་ནས། བཟློག་སོགས། །བཟློག་སྔགས་ཟབ་སྦྱར་དགྲའཾ་ཐེབས་ཕྱོགས་དམིགས་པ་དང་བཅད། འཕེན། །ཐུན་གཏོར་གསར་པ་ལྷར་བསྐྱེད་གཏོར་ཆེན་གསོ། །བཟློག་པའི་བསྲུང་སྡོམས་བྱ་ཞིང་རྟགས་མཐོང་ནས། །རྟག་གཏོར་འབུལ་ཞིང་གཏོར་ཆེན་གསོས་ལ་བསྔོ། །འདོད་གསོལ་བསྲུང་མཚུངས་ཐལ་བརྡབ་ངག་འགྲོལ་དཀྱུས། །གསེར་སྐྱེམས་གཏོར་ཟོར་འཕངས་ཐོག་ནས། པས་སྒོ་དབྱེ་ཞིང་། །གཏོར་ཆེན་ཤ་ཟན་རཀྟ་སྦྲན་པ་ལ། །དགུག་གཞུག་གསུམ་མཐར་སྨན་དང་རཀྟ་སྦྲོན། །བསྔོས་དྲག་གཏོར་ལྟར། རྗེས་བསྐུལ་ཐུང་ཤམ་བུ་བཏགས་ནས་འབུལ། །ཡིག་བརྒྱ་བཟོད་གསོལ་འདོད་དོན་སྨོན་ཡན་མཆན་དང་བདེན་ཚིག །ལམ་གདབ། །གཤེགས་ཡེ་ཤེས་པ། པས་དམ་ཚིག་པ་སླར་ཡང་གཏོར་ཆེན་མན་ངག་ལྟར། །ལྷར་བསྐྱེད་དམིགས་པའི་གནད་གསལ་ཞལ་ཕྱིར་བསྒྱུར། །ཤ་ཟན་ཁྲག་སྦྲན་དཔལ་འབར་སྤར་བ་བཙུགས། །དགུག་གཞུག་གསུམ་མཐར་སྨན་རཀ་སྦྲན་པ་ལ། །བྱིན་རླབས་དམག་ལྟོའི་ཚུལ་འབུལ་བསྟོད་རིང་བསྐུལ། །ཕྱིར་སྤགས་བཟློག་གཞུང་གྱེར་ནས་ཚོགས་ལྷག་དང་། །ཆད་མཐོ་བཏང་ཤོག་ལིང་མེད་པས་བཞེང་སྒྲ་མི་དགོས། ཞིང་གསོ་སྦྲན་དགུག་རླབས་ཀྱིས། །གཤེགས་སྐྱེམས་ཚུལ་འབུལ་ཕྱི་རོལ་གསེར་སྐྱེམས་བསྐུལ། །བཟློག་སྔགས་བཅས་འཕེན་དམིགས་པ་ཞལ་ལས་དྲས། །མེ་ཆུའི་རྒྱས་འདེབས་ཆོས་འབྱུང་རིམ་གསུམ། ཪྣྲི་སྟེང་དུ། །མེ་དགྲ་ཆུས་བསད་བྲོ་བརྡུང་ཟིལ་གནོན་ལས་བྱང་ནས། བསྟན་མ་སྐྱོང་། །ཪྣྲི་མཐོ་གཤིན་རྗེར་བསྐྱེད་ལ་བན་བོན་གྱི། །དགུག་བསྐོར་དམོད་ནང་པ་སངས་རྒྱས་པས་བདག་ལ་བྱས་པའི་རྦོདགཏོང་ཐམས་ཅད་ཞིག་པར་བསམ། ཕྱི་པ་མུ་སྟེགས་པ་དང་བོན་གྱིས་བདག་ལ་བྱས་པའི་རྦོད་གཏོང་ཐམས་ཅད་ཞིག་པར་བསམ། པ་ལ་ཀླུངས་དགུས་བཅད་བྱེ་མའི་ལ་དགུ་བྱས་པར་གོམ་པ་དགུ་སྤོ། བསམ། །(༣བ)


GLG023_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ལོག་ཏེ་ཚེ་འགུགས་གཏང་རག་གཏོང་། །བཟོད་གསོལ་བསྡུ་གཤེགས་བརྟན་བཞུགས་བསྔོ་སྨོན་བྱ། །མི་དང་མི་མིན་སྦྱོར་སྟོབས་བཟློག་པའི་མཚོན། །གསུམ་པ་རང་གཤེད་བཟློག་པ་དྲག་པོ་ལ། །འཕྲིན་ལས་ནས་བཟུང་བསྟན་སྐྱོང་བར་བྱ་བ། །ཐུན་མོང་ལྟར་ལ་གནས་གསུམ་བྱིན་རླབས་འགོད། །བུ་ཡིག་མཐིང་མདོག་པ་སྐག་བསད་པ་སྐྱེར་ཤུན་མནན་པ་ཡིན་པས་རྟགས་དེ་རྣམས་ཚང་ན་གསུམ་ག་དང་གཉིས་དང་གཅིག་བྱུང་ན་གང་ཡིན་དེ་ཤེས་དགོས་པས་འདིར་གསུམ་ག་ཡོད། ཕུར་པའི་རྟགས་ཅན་བླངས་པས་འགྲུབ། །འཁོར་ལིང་གཅེར་ཞིང་གཏོར་གསོ་དྲེགས་མཆོད་སྡེ་དཔོན་སུམ་ཅུའི་གསོལ་ཁ་དང་དྲེགས་པའི་བསྐུལ་སྙིང་གཟེར་ནས་ལེན། བསྐུལ། །གསེར་ཟིལ་གནོན་ལས་བྱང་ནས་ལེན། སྐྱེམས་མཁྱེན་དགོངས་ལས་ཤིན་འཕྲིན་ལས་ནས་ལེན། འབྲུབ་ཁུང་ལས་ཤིན་འཕྲིན་ལས་ནས་ལེན། ལིང་ཀ་བསྐྱེད། །དམོད་ལས་ཤིན་འཕྲིན་ལས་ནས་ལེན། པ་གཤིན་རྗེའི་གཟུ་ཁ་སྐོངས་ནས། སྤང་བྱེད་གཤེད་ཁ་སྐོངས་ནས། བསྐོར། ཉེས་བྱས་རྗེ་རཏྣས་མཛད་པའི་བདག་ཉིད་སངས་རྒྱས་ལ། དྲག་བསྐུལ་བླ་འགུགས་མོན་བུ་ཡིག་ནས། པའི་བསྐུལ། །སྡེ་བུ་ཡིག་ནས། བརྒྱད་བྱུང་ཚུལ་དུས་དང་ཁ་སྐོངས་ནས། སྤྲུལ་པ་འགྱེད། །བླ་འགུགས་སྔགས་ཟིལ་གནན་ལས་བྱང་དང་བུ་ཡིག །དང་དབྱེ་བསྐུལ་སྔགས་རྫས་དུས། །སོ་སྡེབས་བུ་ཡིག་ནས། དྲེགས་བསྐུལ་ཟླ་གསང་ཁ་སྐོངས་ནས། ཐུན་བསྐུལ་བཅས། །དགུག་ཐུན་བྲབ་ཅིང་བདེན་པའི་ཚིག་ཁ་སྐོངས་ནས། ཀྱང་བརྗོད། །བཅས་འཁོར་ལོ་རྣམས་ལྟེབ་ནས་རང་གཞན་དུ་འཇུག་ཅིང་ཐུན་ཐག་མ་ཡན་པ་གལ་ཆེ། ཟིན་ཐུན་དངོས་སྤྱོད་ལ་མཐུན་མོང་མཚུངས། །གསེར་སྐྱེམས་འབྲུབ་ལིང་བསྐྱེད་དགུག་ཁ་སྐངས་ནས། ཚེ་སྲོག་ཡིད། །བླ་བརྟག་མ་བྱུང་བར་གསུང་སྔགས་རྣམས་ལ་ནན་ཆེར་བྱ། འགུགས་སྔགས་བཟླ་ལྷ་དང་རྣམ་པར་སྤྲོ་གཉིས་མཆོད་རྟེན་དཀར་པོར་མི་རེག །དབྱེ། །ཐུན་གཏོར་ལས་ཀྱི་གཤིན་རྗེར་སྐད་ཅིག་བསམ། །འཛབ་གོང་ཤ་དང་དྲི་མ་སྔར་བཞིན་མིད། །མཆོད་རྟེན་འཁོར་ལོའི་རྟགས་ཅན་བུ་ནས་ལེན། །མ་ཡིག་བཟློག་དམིགས་ཚིག་རྐང་དྲུག་སོང་མཚམས། །བུ་ཡིག་ལྕགས་ཀྱུའི་(༤ན)


GLG023_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་བླངས་དེ་ཡི་རྗེས། །བཟློག་དམིགས་ལྷག་མ་ཐལ་བརྡབ་བདེན་བརྗོད་ཟློག་སྔགས་བཟླས་པའི་ཐུན་འཇོག་ཁར་ཐུན་ལ་ཕུ་འདེབས་ཤིང་སྒྲུབས། པར། །གཏོར་ཆེན་གསོ་ཞིང་ཐུན་གཏོར་གསལ་ཆ་ཤ་ཁྲག་རུ་མོས། སྨན་རཀ་སྦྲན། །དགུག་འདྲེན་ཉེར་གསུམ་ཙམ་གཏོར་མ་དང་ལྷག་མ་རྣམས་འཁོར་ལིང་ལ་དམིགས། ལྔ་ཚུན་བྱ་གཏོར་བརླབ་བསྔོ། །བསྟོད་རིང་དྲག་སྐུལ་ཉེས་བྱས་དྲག་བསྐུལ་དང་། །ལས་གཤིན་མོན་པ་སྡེ་བརྒྱད་བསྐུལ་རྣམས་ཐུན་དྲུག་གལ་ལྕོགས་ན་རབ་མ་ལྕོགས་ན་རེ་གཉིས་ལ་མ་ཆད་པ་ངེས་པར་དགོས། བསྐུལ་བའི་རྗེས། །བླ་འགུགས་ལྷ་དབྱེ་ཟོར་བསྐུལ་བཏང་ནས་མན་ངག་ལས་བྱུང་བའི་དམིགས་པ་དང་བཅས་ཁྲོམ་ཟློག་སོགས་ཟེར་སྔགས་པའི་རིགས་དང་སྔགས་སྡེབ་སྦྱོར། འཕེན། །ཐུན་གཏོར་བཤམ་བསྐྱེད་གཏོར་ཆེན་སྔར་ལྟར་གསོ། །ཐུན་ལ་མ་ངེས་བླ་ཕུར་སྙིང་ཕུར་དང་། སྲོག་ཕུར་སྔགས་བཅས་མན་ངག་དུས་དང་ཕ་རོལ་པོ་སྐྱབས་བཟང་ན་དབྱེ་བའི་མན་ངག་ནན་ཆེར་བྱ། བསྟུན། །སྲོད་ཀྱི་ཐུན་ལ་དགུག་ཐུན་ངེས་པར་བརྡེག །ཡིད་ཆེས་བླ་རྟགས་འགའ་མཐོང་དྲག་ཐུན་ལུགས་གཅིག་ལ་བཟློག་པའི་རིང་ཐུན་མི་བརྡེག་པ་བཤད་པ་ཡོད་ནའང་རྒྱག་པ་ལེགས་ཞེས་དབུར་སྨྱོན་དཀོན་མཆོག་ཕུན་ཚོགས་གསུང་ཞིང་རང་གཞན་གྱི་བླ་རྟགས་མ་ནོར་བའི་གནད་ཤེས་དགོས། རྒྱག །དེ་ལྟར་དུས་དྲུག་ཉམས་བླངས་བཟློག་པ་དང་། ཁྲུགས་དེ་ནས་བསད་ལས་ལ་མ་བཅུག་ན་རང་གི་བླ་འགུམ་པ་ཉེན་ཡོད། རྟགས་ཕལ་ཆེར་རྫོགས་ནས་རྟགས་གཏོར་ནི། །འབུལ་ནས་ངག་འགྲོལ་བར་སོགས་དཀྱུས་དང་འདྲ། །སྔགས་བོན་ནང་འཕྲད་ཕ་རོལ་སྒྱོགས་ཀྱི་རྡོ། །ལམ་བཅག་ལྷ་བསྲུང་བདུད་དབབ་མན་ངག་གོ །བཞི་པ་ཕྱག་ཆ་རང་སྐོར་བསད་ལས་ནི། །འཁོར་ལིང་གཅེར་ཞིང་གསེར་སྐྱེམས་དགུག་ཐུན་བར། །གོང་མཚུངས་གཏོར་མའི་ཟོར་འབྲུབ་ཁུང་དུ། བརྡེག་ཕུར་བླང་ཕུར་སོགས། གསུམ་བསྒྲིལ། ལག་གདབ་རྗེས་སླར་ཡང་སྙིང་སྲོག་གི་ཕུར་པ་བརྡེག་པར་བཤད། སླར་ཡང་བཅས་བྱ་གསེར་སྐྱེམས་ནས་(༤བ)


GLG023_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ། ཤ་དམར་དྲི་བཅས་མིད་པའི་བར་རྣམས་འདྲ། །བུ་ཡིག་ལྕགས་ཀྱུའི་རྟགས་ཅན་འདིར་བླངས་རྗེས། །རྒྱ་རྟགས་སྒོས་དམིགས་བུ་ཡིག་ལྟར་གསལ་གདབ། །བསད་སྔགས་གསུང་སྒྲ་མི་ཆག་ཐུན་དུ་བཟུང་། །ཐལ་མོ་བརྡབ་ནས་ཟོར་བསྐུལ་བར་རྣམས་ཀུན། །བཟློག་པ་དྲག་པོ་ལྟར་ལ་ཐུན་གཏོར་དེ། །གསོད་པའི་དམིགས་པས་འབྲུབ་ཁུང་ནང་དུ་དྲི་མ་སོང་དོགས་པའི་ཉེན་ཞིག་སྣང་ཡང་བསྙེན་པ་ཚད་དུ་འཐེངས་ན་སྐྱོན་མེད་གསུང་ཞིང་དམིགས་པའི་ཟབ་གནད་ཞལ་ལས་དྲི། བརྡེག །སོ་རྡེབས་བདུད་བཞི་སློང་བའི་དམིགས་པ་ཟབ་མོ་སྦྱོར་ཤེས་དགོས། ཐུན་བསྐུལ་གཉིས་མཐར་བསད་སྔགས་དང་། བན་དགྲར་དམིགས་ལུགས་འདི་གའི། བསལ་སྤྱིར་བཏང་ཐུན་ལྕགས་སྡིག་ལྕགས་འདྲ་དང་རྡོ་རྗེ་གཙུག་ལག་སོགས་ནས་ལེན། སྔགས་རིགས། འུར་རྡོ་རྗེ་གཙུག་ལག་ཏུ་རྣོ་ཚད་དྲིལ་བ་ལ་ཟེར། བ་བླངས་ནས་བསོད་དམིགས་ཟབ་གནད་བཅས། །ཐུན་གྲུབ་ཕྲལ་གྱི་ལྕགས་སམ་སེང་ལྡེང་གི་ཕུར་བུས་ཐུན་ཕུང་བཀག །རྡེག་བདེན་བརྡར་དམོད་མོ་ཐལ་བརྡབ་བདུན། །བདེན་བརྗོད་གཏོར་ཆེན་ཐུན་ཐུན་གཏོར་འབྲུབ་ཁུང་དུ་འཕེན་པའི་དབང་གི་སྨན་ཕུད་མི་སྦྲན། གཏོར་བཤམ་གསོ་མཚུངས། །ཕུར་གསུམ་ལས་དང་བླ་སྲོག་འཛོམ་པའི་ཕུར་གསུམ་རྡེག་པ་ཟློག་པའི་སྐབས་དང་འདྲ་ཞིང་། ཐུན་དང་གཏོར་ཟོར་ཡང་བླ་སྲོག་འཇོམ་དུས་བྱེད་པ་གནད། དུས། །ཐུན་ཟོར་བརྡེག་ཅིང་ཐུན་དྲུག་ཉམས་ཚེ་ཟད་ལས་ཟད་སོགས་ཀྱི་ཟབ་གནད་ཀྱང་ཤེས་ན་སྦྱོར། བསྟར་བས། །བསད་པའི་རྟགས་མཐོང་ཚད་ལས་ཐལ་ན་སྔགས་པ་གྲིར་འཆི། རྟག་གཏོར་འབུལ་བ་ནས། །ངག་འགྲོལ་བར་འདྲ་འཁོར་ལོར་ལིང་ཀ་གཅེར། །གཏོར་ཆེན་ཁ་གསོ་ཐུན་གཏོར་བརྡེག་པའི་བར། །གོང་བཞིན་བྱས་རྗེས་མནན་གཏད་ཆས་སུ་བུ་རི་ནག་པོར་མན་ངག་བཞིན་འཇུག །བཅུག །བཟློག་བསད་འཁོར་ལིང་བྱང་ཆུབ་ལམ་ཁ་སྐོངས་ནས་བསྟན་དང་། །ཕུར་བླ་སྲོག་འཛོམ་པའི་དུས་དཔལ་ནུབ་ཙམ་རྡེག་པ་ཡིན། བཏབ་གུད་རྒྱས་པ་ཁ་སྐོང་དག་བསྡུས་པ་བུ་ཡིག་ནས། བཀོལ་ལིང་རོར་སྨན་རཀ་བཅས། །ཅུང་ཟད་གཏོར་མར་འབུལ་ཞིང་ཕལ་(༥ན)


GLG023_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་རྣམས། ཁོ་བོས་བརྩམས་པའི་དྲག་པོའི་སྦྱིན་བསྲེག་གི །ལག་ལེན་ཇི་བཞིན་མེ་ཡི་ལས་སྦྱོར་བྱ། །ཐལ་བ་འཕྱར་དགོས་འཕྱར་གཏད་མནན་ཟོར་བྱེད། །བཟློག་བཟློག་ཀྱང་སྲེག་པས་མཐའ་བསྡུ་བ་བསད་ཀྱང་སྲེག་པས་མཐའ་བསྡུ་བ་གཉིས་ཀ་གཅིག་ཏུ་བསྒྲིལ་བ་བཅའ་གཞི་རྒྱས་བསྡུས་ཡོད་པ་སོགས་ཞལ་ལས་ལོང་། རྐྱང་བསད་ཀྱང་སྒྲིལ་བ་ཞལ་ལས་ཤེས། །མངོན་སྤྱོད་རྦོད་གཏོང་ཡས་ཀྱི་དཔུང་བཤམས་ནས། །དམག་དཔོན་གཡུལ་དུ་གསོད་པའི་གདམས་པ་ཡིན། །ལྔ་པ་བྱད་མའི་སྟོབས་གཞོམ་མནན་པ་ནི། །ལས་གཞུང་ནས་བཟུང་ཤ་དམར་མིད་པར་མཚུངས། །བུ་ཡིག་སེར་རྟགས་སྒོས་ཀྱི་དམིགས་པ་ལེན། །མནན་སྔགས་རྒྱུན་ཐུན་གཏོར་བཟློག་པའི་སྐབས་བཞིན་དགྲ་ཕྱོགས་སུ་འཕེན་པ་དམིགས་གསལ། བཅས་ཐུན་རྡེག་བར་རྣམས་འདྲ། །རྟགས་མཐོང་རྟག་གཏོར་བཏང་ནས་ངག་འགྲོལ་བར། །ཇི་བཞིན་འཁོར་ལིང་གཅེར་ཏེ་གསེར་སྐྱེམས་ནས། །ཕུར་གདབ་བར་རྣམས་ཁྱད་པར་མེད་པ་ལ། །མི་འདྲའི་ཕུར་རྩེ་རྡེག་ཚུལ་ལས་འཁོར་ལིང་མི་བརྟོལ། ལག་ལེན་ཅུང་ཟད་མཐོང་བརྒྱུད་བཞིན། །མནན་ཆས་བཅའ་བཞིའི་ལག་ལེན་ཡི་གེ་དང་། །ཞལ་ཤེས་ཕྱག་ལེན་དམར་འཁྲིད་བཞིན་དུ་བྱ། །གཏོར་མའི་སྐོར་རྣམས་སྔོན་བཤད་ཁོ་བཟློག་རྐྱང་གི་སྐབས་ལྟར། ན་ལ། །བཟློག་གཞུང་ཁྱེར་རྗེས་དན་ལིང་རྐྱང་ཐོག་མ་ནས་འདུ་བྱས་པ། འོག་ལིང་ཀ་རྣམས། །ཧོམ་ལ་བསྲེགས་ཏེ་བཞེས་སྒྲ་དྲག་ཏུ་བྱེད། །མནན་པ་དངོས་རྣམས་བུ་ཡིག་རྒྱས་པར་སྤྲོ་ན་རྗེ་དབུར་སྨྱོན་གྱིས་མཛད་པ་ནས་ལེན་ཞིང་གཏད་ཀྱི་ཁ་བསྒྱུར་དང་དམིགས་པ་ཞལ་ལས་འདྲི། ནང་དུ་གསལ། །ཚེ་འགུགས་མན་ཀྱང་དཀྱུས་ཀྱིས་རྟོགས་པར་རྟགས་མ་བྱུང་བར་ཐུན་གཏོར་གྱི་རྒྱུན་མི་བཅད་ཅིང་རྟགས་མཐོང་བཏང་རག་སྒྲིབ་སྦྱོང་སཙྪ་རྣམས་མན་ངག་བཞིན་བྱེད། ནུས། །བཙོན་པ་དོང་རུལ་གཏོང་བ་མནན་པའི་ལས། ཟླ་གསང་ཡང་བཅུད་རྒྱ་གར་མཁས་པའི་གཞུང་། །ལྗོངས་འདིར་གནུབས་ཆེན་བརྒྱུད་(༥བ)


GLG023_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱག་མཚན་ཐོག །གཟའ་གདོང་དྲག་སྔགས་གཤིན་རྗེ་མེའི་སྤུ་གྲི། འབྲི་ཁུང་རཏྣའི་ཐུགས་ཀྱི་རྣོག་པོའི་ཆོས། ཁོ་བོ་སྔོན་སྦྱངས་ལས་ཀྱི་འཕྲོ་བསད་པས། །མཚན་ལྡན་རྡོ་རྗེ་སློབ་དཔོན་མང་དང་འཇལ། །ངལ་དུབ་ཁྱད་དུ་བསད་དེ་གནད་འགག་ཀུན། །མ་འདྲེས་འབྱེད་པའི་བློ་གྲོས་མིག་དཀྱུས་རིང་། །དེ་ཕྱིར་གཏད་ཀྱི་ཞིབ་ཆ་དེར་མ་ཟད་ཉིང་བཟློག་གི་ལག་ལེན་ཟབ་མོའང་ལོགས་སུ་གབ། མ་རྟོགས་པ། །བསྲུང་བཟློག་བསད་མནན་བསྡུས་དོན་ལག་ལེན་གྱི། །སྲད་བུར་བརྒྱུས་པའི་རིན་ཆེན་འཕྲེང་བ་འདི། །རྙིང་རྒན་ཕལ་གྱི་མགུལ་དུ་ག་ལ་བཞེས། །གདོང་ཕྱེད་ཚད་མཉམ་ཁ་དང་མགོན་ཀུན་བསགས། །རྙིང་དཔེ་གསར་མར་བཀབ་པའི་གཤིན་རྗེ་མཁན། །ཆོས་སྐྱོང་གཉན་པའི་གྲགས་པ་ལྷུར་ལེན་རྣམས། །བེའུ་བུམ་རྡུལ་དང་མུན་པའི་མལ་དུ་གཟིམས། །དེ་ཕྱིར་ཡི་གེ་ཙམ་གྱི་བཀླག་ལུང་དང་། ཁ་བཤད་ནམ་མཁའི་མཛུབ་རིས་མ་ཡིན་པར། །དགྲ་མགོ་སྔགས་ནག་རྣམས་ཀྱི་ཉེར་ཐོབ་པའི། །གཏམ་ཐོས་ལག་རྗེས་རིམ་པར་བཞག་ལ་གཟིགས། །རྫོགས་ཆེན་ལ་རྟེན་འཆི་མེད་འཕོ་བ་ཆེ། །སྒྲུབ་པ་དཀར་པོ་ཆོས་ཀྱི་བདེ་སྐྱིད་གྲོང་། །བསྲུང་བྱེད་ནག་པོ་མཐུ་ཡི་ལྕགས་རི་འདི། །ཆེས་ཆེར་སྙིགས་མའི་དུས་འདིར་ལྷག་པར་མཁོ། །སྐྱེ་བར་སྡང་དག་ཉོན་མོངས་དུག་གསུམ་སྲོག །ཐེག་མཆོག་སྨིན་གྲོལ་མཚོན་གྱི་ཉེར་བཅད་ནས། །འོག་མིན་ཞིང་གི་འཁོར་ལོས་བསྒྱུར་བའི་རྒྱལ། །ལྔ་ལྡན་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ཤོག །ཅེས་གཤིན་རྗེ་གཟའ་གདོང་དམར་ནག་གི་ལག་ལེན་སྒོ་འབྱེད་ཀྱི་ལྡེ་མིག་འདི་ནི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཉམས་ལེན་དུ་བྱེད་འདུན་ཡོད་པའི་སྟེང་ཉེ་ཆར་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་མཚམས་སྦྱར་བ་ལ་བརྟེན་ནས་ཟ་ཧོར་གྱི་སྔགས་ནག་ཟིལ་གནོན་དྲག་རྩལ་གྱིས་ཆུ་གླང་ཧོར་ཟླ་ལྔ་པའི་ཚེས་བཅུ་(༦ན)


GLG023_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལ་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་སྔགས་བཙུན་འཇམ་དབྱངས་གྲགས་པས་བགྱིས་པ་དམ་མེད་སྣོད་མིན་ལག་ཏུ་ཤོར་ན་སྟོན་ཡུལ་དང་སྟོན་མཁན་གཉིས་ཀ་ཆོས་སྐྱོང་སྟག་ཞོན་ནག་པོ་དང་གཏེར་བསྲུངས་མཐུ་ཆེན་སྡེ་བཞིས་ཚར་གཅོད་པའི་འཕྲིན་ལས་མཛོད་ཅིག་གུ་ཧྱེ་ས་མ་ཡ། །

གཤིན་རྗེ་གཟའ་གདོང་དམར་ནག་གི་ལས་བྱང་མ་ཡིག་དང་བུ་ཡིག་ཏུ་མི་གསལ་བའི་ཁ་སྐོང་བདུད་དཔུང་སྙིང་རྩ་འདར་བའི་ང་རོ།


GLG023_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཟའ་གདོང་དམར་ནག་གི་ལས་བྱང་མ་ཡིག་དང་བུ་ཡིག་ཏུ་མི་གསལ་བའི་ཁ་སྐོང་བདུད་དཔུང་སྙིང་རྩ་འདར་བའི་ང་རོ་བཞུགས་སོ། །


GLG023_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བྷ་ཝ་ཤི་ཝཻ་རྨུ་དྲཱ་བྷི་བྷཱུ་ཡཱ་ཡ། དགྲ་བགེགས་བདུད་སྡེ་ཀུན་གྱི་རུ་མཚོན་རྩེ། །ཅིག་ཅར་ས་ལ་སྙོལ་བའི་མོད་ཉིད་ལ། །དཀར་ཕྱོགས་བ་དན་ཚངས་པའི་ཡུལ་ས་ཆེར། །བསྒྲེང་མཛད་ཕྱག་རྒྱ་ཟིལ་གནོན་ལ་བཏུད་ནས། །གཟའ་གདོང་དམར་ནག་གཤིན་རྗེ་མེའི་སྤུ་གྲིའི། །ལག་ལེན་མེད་དུ་མི་རུང་ཁ་སྐོང་རྣམས། །འབད་ཚོལ་འཇིགས་པ་སྤང་ཕྱིར་དཀྱུས་གཅིག་ཏུ། །དོན་གཉེར་བློ་གསལ་དགའ་སྟོན་ཆེད་དུ་འདྲི། །བདེན་ཚིག་བརྗོད་པ་གསར་འགྱུར་གཤིན་རྗེའི་རྒྱུད་རྟོག་པ་གསུམ་པ་ལས། ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བ་མི་སྲིད་ན། །འདོད་ཆགས་བྲལ་པས་བཤད་པ་ཡི། །གསང་སྔགས་སྦྱོར་བ་བསླུ་བ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བརྗོད་པ་གདམས་པ་ལ་སོམ་ཉི་མེད་པའི་ངེས་ཤེས་བསྐྱེད་པ་གནད་ཆེའོ། །དྲག་པོའི་གཏོར་མ་བྱིན་གྱིས་རློབས་པའི་སྔགས་རྒྱ་རྗེ་བཙུན་པདྨ་འབྱུང་གནས་ཀྱིས་མཛད་པ་ནི། གཏོར་མར་རཀྟ་བྲན་ལ་དགུག་གཞུག་གསུམ་སོགས་བྱས་རྗེས་སླར་སྨན་རཀ་དྲན་ནས། ལག་པའི་སོར་མོ་བསྣོལ་ལ་མཐེ་བོང་གཉིས་བསྒྲེང་བའི་ངོས་ལ་མཛུབ་མོ་གཉིས་བཀུག་ལ། ཨོཾ་བཛྲ་བྷཉྫ་བ་ལྱཾ་ཏ་བི་ཤྭ་ཙཀྲ་(༢ན)


GLG023_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

བྷྲུཾ། རྡོ་རྗེའི་གཏོར་སྣོད་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར་གྱུར། ལག་གཉིས་ཁུ་ཚུར་མཛུབ་མོ་མཆེ་བ་འདྲ་བར་བྱས་ལ། ཨོཾ་མ་ཧཱ་སྨི་ཏ་ཛྭ་ལ་མཎྜ་ལ་ཧཱུཾ། གཏི་མུག་ཤའི་གཏོར་མ་རི་བོ་ཙམ་དུ་གྱུར། རྡོར་ཐལ་བསྐྱོད་པ་རཀྟ་སྦྲེང་བའི་རྒྱས། ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ། འདོད་ཆགས་ཁྲག་གི་གཏོར་མ་རྒྱ་མཚོ་ལྟ་བུར་གྱུར། ལག་པ་པོའི་ཕྲེང་བ་ལྟར་བྱས་ལ། ཨོཾ་མ་ཧཱ་ཀེཾ་ནིརྟི་ཛོ་ལ་མཎྜ་ལ་ཧཱུཾ། ཞེ་སྡང་རུས་པའི་གཏོར་མ་གྲམ་བུ་ལྟར་ཁྲོལ་བར་གྱུར་རྡོར་ཐལ་སྙིང་གར་གཏུགས་རྗེས་མགོ་ཐོད་ཀྱི་རྒྱ་ལུས་ལ་ལན་གསུམ་བསྐོར་ལ་དེའི་རྗེས་སུ་མཛུབ་མོ་གཉིས་དང་མཐེ་བོང་གཉིས་ཏེ་བཞི་པོ་རྩེ་སྤྲད་སོར་མོ་གཞན་རྣམས་བསྣོལ་ཏེ་བསྒྲེངས་ལ། ཨོཾ་ཀ་པཱ་ལ་བ་སུ་ཏ་ར་ལི་ཀྲོཾ་ཀྲོཾ་དྷེ་ཝ་བྷྱོཿ རུ་ལུ་རུ་ལུ་ཧཱུཾ་བ་ལིངྟ་མཎྜ་ལ་ཧཱུཾ། དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་གཏོར་མ་ངོ་བོ་རང་བཞིན་རྣམ་པར་དག་ཅིང་རྨད་དུ་བྱུང་བ་ལ་རྣམ་པ་ཤ་ཁྲག་རུས་པའི་རང་བཞིན་སྲུང་མ་དམ་ཅན་རྒྱ་མཚོའི་དགྱེས་སྐོང་དམ་པར་གྱུར། ཨོཾ་ཨཱཿཧཱུཾ་གསུམ་དང་། ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཛཿཛཿ ཞེས་བྱིན་གྱིས་བརླབས་རྗེས་ལྷ་གང་ཡིན་གྱི་སྔགས་མཐར་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁཱ་ཧི་སོགས་ཀྱིས་ཕུལ་རྗེས་དྲག་པོ་མངོན་སྤྱོད་ཀྱི་འདོད་གསོལ་འཕྲིན་བཅོལ་སྐབས་(༢བ)


GLG023_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གང་བབ་བྱ་བ་གནད་ཆེ་བར་གོ །རྒྱས་པར་སྤྲོ་ན་ལས་བྱང་ལ་ཡང་གཏོར་མ་བྱིན་རླབས་འདི་ཉིད་བླངས་ན་ལེགས། བསྲུང་བའི་ཐུན་གཏོར་འབུལ་ཚག་ཆོས་སྐུ་ཞི་བ་མའམ། ཡང་ན། ཨེ་ཐབས་མཆོག་བདེ་ཆེན་འབར་བའི་གཞལ་ཡས་སུ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །རབ་འཇིགས་ཁྲོ་རྒྱལ་ཕྱག་རྒྱ་ཟིལ་གནོན་སྐུ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་གར། །དཔལ་གྱི་ཆས་བརྒྱན་མཚོན་ཆའི་འཁོར་ལོ་འཕེན། ཁྲོས་པའི་བཞིན་ཅན་མེ་དཔུང་འབར་བའི་ཀློང་། །མ་ཧེ་ཆུ་གླང་པདྨ་ཉི་ཟླའི་སྟེང་། །གཤིན་རྗེ་དྲེགས་བྱེད་ཕོ་མོའི་གདན་ལ་འགྱིང་། །ཤེས་རབ་མཁའ་དབྱིངས་སྟོང་པའི་དབྱིངས་རུམ་ལས། གཉིས་མེད་སྦྱོར་ཡུམ་མ་མོ་ཁྲག་མིག་མ། །དམར་ནག་གཅེར་བུ་བརྐྱང་བསྐུམ་ཁྲོ་མོའི་ཚུལ། །ལྕགས་ཀྱུས་འགུགས་ཤིང་དོན་སྙིང་ཁྲག་ལ་རོལ། །བདེ་སྟོང་གཉིས་མེད་རོལ་པའི་མཁའ་ཀློང་ལས། །ཐུགས་རྗེའི་དབྱིངས་སྤྲུལ་ཡ་མ་རཱ་ཙ་ནི། ཁྲག་རུལ་མདོག་མཚུངས་བཤན་གྲིས་དགྲ་བགེགས་སྒྲོལ། ཁྲོས་པའི་ཞབས་བརྡབས་དགྲ་སྙིང་དམར་ལ་རོལ། །ཡབ་ཡུམ་སྲས་བཅས་སྤྲུལ་པའི་འཁོར་ཚོགས་ལ། །འདུ་འབྲལ་མེད་པའི་དོན་གྱིས་ཕྱག་འཚལ་ཞིང་། །རང་རྩལ་ཡེ་ཤེས་མཆོག་གི་མཆོད་པ་འབུལ། །ཐུགས་ཀྱི་དམ་སྐོངས་མཆོག་ཐུན་དངོས་གྲུབ་སྩོལ། །འཁོར་བའི་མུན་རུམ་གནས་པ་བདག་འདྲ་ཡིས། །འཕགས་པའི་ཐུགས་རྗེའི་ཆ་ཡི་ཟེར་མཐོང་ནས། །གུས་པས་བསྟོད་འདིས་བྱང་ཆུབ་མཆོག་ཐོབ་སྟེ། །རང་དོན་མཐར་ཕྱིན་གཞན་དོན་ལྷུན་གྲུབ་ཤོག །ཅེས་པ་སྤྲོ་ལུང་དུ་སྦས་པ་ཞིག་བགྱིས་དུས་འཇམ་དཔལ་ཚེ་བདག་ཞལ་གཟིགས་ནས་བསྟོད་པའོ། །ལྕགས་ཁང་དང་ལིངྒ་བསྐྱེད་མཆོག་ཚར་ནས་དགུག་གཞུག་བྱས་ལ། གཟུ་དཔང་ནི། དཀོན་མཆོག་གསུམ་པོ་(༣ན)


GLG023_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

གཟུ་དང་དཔང་། །ཡི་དམ་ལྷ་ཚོགས་གཟུ་དང་དཔང་། །ཆོས་སྐྱོང་སྲུང་མ་གཟུ་དང་དཔང་། །གཤིན་རྗེའི་ལྷ་ཚོགས་གཟུ་དང་དཔང་། །མ་དང་མཁའ་འགྲོ་གཟུ་དང་དཔང་། །དམ་ཅན་རྒྱ་མཚོ་གཟུ་དང་དཔང་། །དམ་ཉམས་སྡིག་ཅན་ལས་ངན་འདི། །དཀོན་མཆོག་གསུམ་ལ་སྐྱབས་མ་འཚོལ། །དཀོན་མཆོག་གསུམ་གྱིས་ཁྱོད་མི་སྐྱོབ། །སྐུ་གདུང་བཅོམ་ཞིང་དགོན་སྡེ་བཤིག །སེར་ཆགས་ཡོངས་ལ་གནོད་པ་བསྐྱལ། །དཀོན་མཆོག་རྟེན་རྫས་ཁྱོད་ཀྱིས་བཤིག །དཀོན་མཆོག་གསུམ་དང་ད་ཕྱེ་ལ། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །ཆོས་སྐྱོང་རྣམས་ལ་སྐྱབས་མ་འཚོལ། །ཆོས་སྐྱོང་རྣམས་ཀྱིས་ཁྱོད་མི་སྐྱོབ། །ཆོས་སྐྱོང་སྲུང་མའི་རྟེན་རྫས་བཤིག །ཆོས་སྐྱོང་ཁྱོད་ལ་མཐུ་མེད་ཟེར། །ཆོས་སྐྱོང་རྣམས་དང་ད་ཕྱེ་ལས། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །དགྲ་ལྷ་གཉན་ལ་སྐྱབས་མ་འཚོལ། །དགྲ་ལྷ་གཉན་གྱིས་ཁྱོད་མི་སྐྱོབ། །དགྲ་ལྷའི་རྟེན་རྫས་ཁྱོད་ཀྱིས་ཤིག །གོ་མཚོན་སྣ་དགུ་ཁྱོད་ཀྱིས་ཕྲལ། །དགྲ་ལྷ་གཉན་དང་ད་ཕྱེ་ལས། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །ཡུལ་ལྷ་གཉན་ལ་སྐྱབས་མ་འཚོལ། ཡུལ་ལྷ་གཉན་གྱིས་ཁྱོད་མི་སྐྱོབ། །ལྷ་རི་གཉན་ལ་མེ་ཆེན་བཀྱེ། །ལྷ་རྟེན་ཐམས་ཅད་ཁྱོད་ཀྱིས་བཤིག །ལྷ་གཉན་རྣམས་ཀྱི་ཐུགས་ཀྱང་དཀྲུགས། །དེ་བས་ཡུལ་ལྷ་གཉན་དང་ད་ཕྱེ་ལས། རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །ཞང་ལྷ་གཉན་ལ་སྐྱབས་མ་འཚོལ། །ཞང་ལྷ་གཉན་གྱིས་ཁྱོད་མི་སྐྱོབ། །ཞང་ལྷ་གཉན་ལ་བརྙས་སུ་བཙུགས། །ཞང་ལྷ་གཉན་ལ་མ་བརྩིས་པས། །དེ་བས་ཞང་ལྷ་གཉན་དང་ད་ཕྱེ་ལས། །རང་དབང་མེད་པར་(༣བ)


GLG023_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །མ་ལྷ་གཉན་ལ་སྐྱབས་མ་འཚོལ། །མ་ལྷ་གཉན་གྱིས་ཁྱོད་མི་སྐྱོབ། །མ་ལྷའི་རྟེན་རྫས་ཁྱོད་ཀྱིས་བཤིག །དེ་བས་མ་ལྷ་གཉན་དང་ད་ཕྱེ་ལས། རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །ལེ་དགུ་ལྷ་ལ་སྐྱབས་མ་འཚོལ། ལེ་དགུ་ལྷ་ཡིས་ཁྱོད་མི་སྐྱོབས། །བྲིས་པ་ཚར་རྩ་ལྷ་ཡོན་བསྡོས། །དེ་བས་ལེ་དགུ་ལྷ་དང་ད་ཕྱེ་ལས། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །ཐབ་ལྷ་གཉན་ལ་སྐྱབས་མ་འཚོལ། །ཐབ་ལྷ་གཉན་གྱིས་ཁྱོད་མི་སྐྱོབ། །སྒྱེད་བུ་སྒ་མེད་རྟ་ལྟར་འཛེགས། །བྱའུ་འཇུག་མེད་རྟ་ལྟར་རྒྱུགས། །ཐབ་གཞོབ་སྣ་ཚོགས་ཁྱོད་ཀྱིས་བྱས། །དེ་བས་ཐབ་ལྷ་གཉན་དང་ད་ཕྱེ་ལས། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །སྟེང་གི་ལྷ་ལ་སྐྱབས་མ་འཚོལ། །སྟེང་གི་ལྷ་ཡིས་ཁྱོད་མི་སྐྱོབ། །ལྷ་སྲིན་རྣམས་ཀྱི་ཐུགས་ཀྱང་དཀྲུགས། །ལྷ་ཁམས་རྣམས་ལ་བདེན་པ་བདར། །དེ་བས་སྟེང་གི་ལྷ་དང་ད་ཕྱེ་ལས། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །འོག་གི་ཀླུ་ལ་སྐྱབས་མ་འཚོལ། །འོག་གི་ཀླུ་ཡིས་ཁྱོད་མི་སྐྱོབ། །ཀླུ་ཤིང་སྣ་ཚོགས་ཁྱོད་ཀྱིས་བཅད། །ཀླུ་མཚོ་དཀྲུགས་ཤིང་ཀླུ་རྟེན་བཤིག །དེ་བས་འོག་གི་ཀླུ་དང་ད་ཕྱེ་ལས། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །བར་གྱི་གཉན་ལ་སྐྱབས་མ་འཚོལ། །བར་གྱི་གཉན་གྱིས་ཁྱོད་མི་སྐྱོབ། །ཤིང་གཉན་གཅད་ཅིང་ས་གཉན་བརྐོས། །རྡོ་གཉན་ཆུ་གཉན་ཐམས་ཅད་དཀྲུགས། །དེ་བས་བར་གྱི་གཉན་དང་ད་ཕྱེ་ལས། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །མཐོ་ནམ་མཁའི་དབྱིངས་སུ་མ་འབྲོས་ཤིག །ནམ་མཁའ་ང་ཡི་རང་བཞིན་ཡིན། །ཆོས་དབྱིངས་སྒྲོལ་མ་ང་ཡིན་པས། །སྐྱ་(༤ན)


GLG023_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲ་ལྟ་བུའི་ཕོ་ཉ་ཕྱེ། །ཕུག་རོན་ལྟ་བུའི་དགྲ་བོ་འདི། །ནམ་མཁའི་མཐོངས་ནས་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །རླུང་གི་ཁམས་སུ་མ་འབྲོས་ཤིག །རླུང་ཡང་ང་ཡི་རང་བཞིན་ཡིན། །དམ་ཚིག་སྒྲོལ་མ་ང་ཡིན་པས། །བྱ་ཁྲ་ལྟ་བུའི་ཕོ་ཉ་ཕྱེ། ཁྱེའུ་ལྟ་བུའི་དགྲ་བོ་འདི། །རླུང་གི་ཁམས་ནས་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །ས་ཡི་ཁམས་སུ་མ་འབྲོས་ཤིག །ས་ཡང་ང་ཡི་རང་བཞིན་ཡིན། །སངས་རྒྱས་སྤྱན་མ་ང་ཡིན་པས། །སྤྱང་ཐོང་ལྟ་བུའི་ཕོ་ཉ་ཕྱེ། །ལུག་ཐོང་ལྟ་བུའི་དགྲ་བོ་འདི། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །ཆུ་ཡི་ཁམས་སུ་མ་འབྲོས་ཤིག །ཆུ་ཡང་ང་ཡི་རང་བཞིན་ཡིན། །མ་མ་ཀི་ཡང་ང་ཡིན་པས། །ཉ་དོལ་ལྟ་བུའི་ཕོ་ཉ་ཕྱེ། །ཉ་མོ་ལྟ་བུའི་དགྲ་བོ་འདི། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །མེ་ཡི་ཁམས་སུ་མ་འབྲོས་ཤིག །མེ་ཡང་ང་ཡི་རང་བཞིན་ཡིན། །གོས་དཀར་མོ་ཡང་ང་ཡིན་པས། །རླུང་དམར་ལྟ་བུའི་ཕོ་ཉ་ཕྱེ། །ཕྱེ་ལེབ་ལྟ་བུའི་དགྲ་བོ་འདི། །རང་དབང་མེད་པར་ཁུག་ལ་ཤོག །གཤོག་པ་ཅན་གྱིས་མཐའ་ནས་ཆུམ། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་བཟུང་། །ཞགས་པ་ཅན་གྱིས་མགུལ་ནས་ཆིངས། །ལྕགས་སྒྲོག་ཅན་གྱི་ཡན་ལག་སྡོམས། །དྲིལ་བུ་ཅན་གྱིས་མྱོས་སུ་ཆུག །ཐོ་བ་ཅན་གྱིས་རྡུལ་དུ་རློག །ལ་ཡོགས་གཤེད་ཀྱིས་དེད་ལ་ཤོག །བརྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བྱད་མ་རང་གཤེད་དུ་སྐོར་བ་ནི། ཨོཾ་ཨེ་ཀ་ཡ་མ་དགྲ་སྙིང་ལ་བྷྱོ་བཟློག །དགྲ་སོད་རྦད། ཧེ་ཀ་ཡ་མ་སྙིང་ལ་བྷྱོ་བཟློག །དགྲ་སོད་རྦད། གྷྲིམ་ཡ་མ་དགྲ་སྙིང་ལ་བྷྱོ་བཟློག་(༤བ)


GLG023_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་སོད་རྦོད། །ཡ་མ་སརྦ་དུ་སྟན་ཨེ་ཏྲི་ཛ་ཡ་བྷྱོ༔ སརྦ་རུ་ཏྲའི་ཙིཏྟ་གཟེར་ཐུམས། ཨ་མུ་ཀ་ཏྲིག་ནན། རྦོད་གཏོང་རྦད་ནན། དགྲ་སོག་ལ་མྱགས་རྦད་སོད་ཡཱ། དགྲ་སྙིང་ལ་ཕྱུང་ཡ། ཎི་མཱ་ར་ཡ། ཪྣྲི་ཧུར་ཐུམས་རྦད་ཁཾ་ཨ་མུ་ཀའི་སྙིང་སྲོག་དམར་པོ་ཧུར་ཐུམས། མཱ་ར་ཡ་ཛ་རྦད། བནྡེ་ཤ་ཤ་རྦད། ནཱུ་ལོ་ཀ་ཤ་ཤ་རྦད། བན་དྷེ་བྲག་ཚལ་རྦད། སྙིང་གྷོ་ཆོད། ཅད་ནས་ཆོད། དམ་ཉམས་བནྡེ་ཕྱེ་མ་ཕུར་ཡ། ཞེས་པ་འབྱིན་འཇུག་ལྟར་བཟླ། དགྲ་བོའི་སྲུང་བཟློག་བྱེད་པའི་ལྷ་སྲུང་རྣམས། །འབྲུབ་ཁུང་བཅུག་ལ་ཐུན་གྱི་བྲབ། །སྲུང་བྱེད་དྲེགས་པ་གཤེད་ལ་དབབ། །སྔགས་བཟླས་རྫུ་འཕྲུལ་དགུག་ཅིང་བསྟིམ། ཁོ་ཡི་དྲེགས་པའི་སྟོབས་ནུས་བཤིག །ལྷ་དང་སྲུང་མ་བདུད་དུ་དབབ། །གཏོར་མར་དམར་སྦྲེང་ཞིང་འདི་སྐད་དོ། །ཧཱུཾ། ཡབ་གཅིག་འཇམ་དཔལ་སྤྲུལ་པ་ནི། གཤིན་རྗེ་ཚེ་བདག་ནག་པོའི་སྐུ། །སྐུ་མདོག་ནག་པོ་འཇིགས་པའི་གཟུགས། །སྐུ་ནི་ནམ་མཁའི་མཐའ་དང་མཉམ། །ཞབས་ནི་དམྱལ་བའི་གདན་བཞི་གནོན། །ཞལ་ནི་ཁྲག་གི་རྒྱ་མཚོར་འཁྱིལ། །ཟས་སུ་གཤིན་རྗེའི་ཤ་ལ་ཟ། །སྐོམ་དུ་གཤིན་རྗེའི་ཁྲག་ལ་འཐུང་། །ཞི་ཁྲོ་འབར་བའི་ཚོགས་ཆེན་ནས། །ལས་ཀྱི་ཁྲོ་མོ་མཁའ་འགྲོར་བཅས། །གནོད་སྦྱིན་སྲིན་པོ་ཡན་ཆོད་དུ། །མ་ལུས་བསྒྲལ་ཞིང་ཞལ་དུ་གསོལ། ཁྲོ་བོ་ཉིད་ཀྱི་ཤ་ལ་ཟ། ཁྲོ་བོ་ཉིད་ཀྱིས་ཁྲག་ལ་འཐུང་། །དགྲ་བོའི་མགོན་སྐྱབས་བྱེད་པའི་ལྷ། །སྲུང་བཟློག་བྱེད་པའི་ལྷ་འདྲེ་རྣམས། །ཞལ་དུ་སྟོབ་བོ་ཁཱ་རཾ་ཁཱ་ཧི། མགུར་དུ་གྲིལ་ལོ་ཨ་ར་ལི། །དབྱིངས་སུ་བསྒྲལ་ལོ་ས་མཱ་ཡ། །བདག་ལ་སྡང་བའི་དགྲ་བོ་འདིའི། །སྲུང་བཟློག་བྱེད་པའི་ལྷ་སྲུང་གི །མཐུ་དང་ནུས་པ་ཐམས་ཅད་བཤིག །སྐུ་དང་གཟི་བརྗིད་ཐམས་ཅད་ཆོམས། །སྟོབས་དང་རྫུ་འཕྲུལ་བརླག་པར་གྱིས། །རང་གཤེད་ཕོབ་ཅིག་དྲེགས་པའི་ཚོགས། །བཀའ་ཡི་ཆད་པ་འདི་ལ་ཆོད། །ཅེས་བརྗོད་ཅིང་རྟགས་(༥ན)


GLG023_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མཉམས་དང་བསྟུན། །འཁུ་ལྡོག་སྤོང་བ་གཅུན་གཟིར་བྲན་དུ་བཀོལ་བ་རྣམས་ཞལ་ལས་འདྲི། །དུས་དང་སྤྲུལ་པ་བགྱེད་པ་ནི། །དགྲ་བོའི་བླ་དྭགས་བརྒྱད་པོ་ལ༔ ཕོ་ཉ་བརྒྱད་ཀྱི་བླ་འགུགས་པ་བཏང་བ་ནི༔ ལག་ཏུ་ཡུངས་ཐུན་དང་ཕུར་པ་ཐོགས་ལ་བདག་ཡི་དམ་གྱི་ཏིང་འཛིན་གསལ་བཏབ་ལ་འདི་སྐད་དོ། །ཧཱུཾ་བྷྱོཿ ད་ནི་བསྒྲལ་བའི་ཐུགས་དམ་དུས་ལ་བབ༔ ད་ལྟ་ནམ་གྱི་སྲོད་ལ་བབ་དུས་འདིར༔ ཆོམ་རྐུན་ལས་ལ་འགྱེད་པའི་དུས་ཡིན་པས༔ དམ་ཉམས་དགྲ་བོའི་བླ་ཚེ་འཁྱམས་པའི་དུས༔ དམ་ཉམས་དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག །བྷྱོཿད་ལྟ་ནམ་ཀྱི་གུང་ལ་བབ་དུས་འདིར། །སེམས་མེད་འབྱུང་བ་ཆུ་ཡང་གཉིད་ལོག་གི༔ དགྲ་བོ་ལས་ངན་སྡིག་ཅན་གཉིད་ལོག་གི༔ བླ་ཚེ་འཁྱམས་པོ་ད་ལྟ་ཁྲིད་ལ་ཤོག༔ བྷྱོཿ ད་ལྟ་ནམ་གྱི་ཐོ་རེངས་བབ་དུས་འདིར༔ དགྲ་བོའི་བླ་ཚེ་འཕྱོ་ཞིང་འཕྲོ་བའི་དུས༔ དམ་ཉམས་དགྲ་བོའི་བླ་ཚེ་འཕྱོ་བའི་དུས༔ ལས་ངན་བླ་འཁྱམས་མྱུར་དུ་ཁྲིད་ལ་ཤོག༔ བྷྱོ༔ ད་ལྟ་ནམ་ལངས་ཉི་མ་ཤར་དུས་འདིར༔ མི་ཕྱུགས་ཐམས་ཅད་ལས་ལ་གྲམ་པའི་དུས༔ དགྲ་བོའི་བླ་ཚེ་སྒོ་རུ་ཐོན་པའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ བྷྱོ༔ ད་ལྟ་ཉི་མ་གུང་ལ་བབ་དུས་འདིར༔ དགྲ་ཀུན་རྣམ་ཤེས་བྱིང་ཞིང་མྱོས་པའི་དུས༔ དགྲ་བོའི་བླ་ཚེ་འཐོམ་ཞིང་འཁྱམས་པའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ བྷྱོཿ ད་ལྟ་ཉི་ནུབ་གྲིབ་སོ་ཕོག་པའི་དུས༔ སྙིང་མི་དགའ་ཞིང་ཤེས་པ་འཕྱོ་བའི་དུས༔ དགྲ་བོའི་བླ་ཚེ་རྣམ་ཤེས་འཕྱོ་བའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ བྷྱོཿ བླ་འཁྱམས་ལས་ངན་འཕྱོ་བའི་དུས་དྲུག་ལ༔ བླ་གཤེད་ཕོ་ཉ་ཁྱེད་རྣམས་མྱུར་དུ་རྒྱུག༔ མགོན་མེད་བྱེའུ་ཕྲུག་སྐྱ་ཁྲས་ཟིན་པ་ལྟར༔ རང་(༥བ)


GLG023_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་པར་མྱུར་དུ་ཁྲིད་ལ་ཤོག༔ དགྲ་བོའི་བླ་འཁྱམས་མི་རུ་བརྫུ་བ་ན༔ ཕོ་ཉ་གནོད་སྦྱིན་སྲིན་པོར་སྐུ་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་ཤ་བར་བརྫུ་བ་ན༔ ཕོ་ཉ་གསེར་གྱི་སྟག་མོར་སྐུ་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་དགོ་བར་བརྫུ་བ་ན༔ ཕོ་ཉ་ལྕགས་དོམ་ནག་མོར་སྐུ་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་ལུག་རུ་བརྫུ་བ་ན༔ ཕོ་ཉ་ལྕགས་ཀྱི་སྤྱང་མོར་སྐུ་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ བྷྱོཿ དགྲ་བོའི་བླ་འཁྱམས་ར་རུ་བརྫུ་བ་ན། །ཕོ་ཉ་བྱུ་རུའི་ཁྱི་མོར་སྐུ་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་བྱ་རུ་བརྫུ་བ་ན༔ ཕོ་ཉ་བྱ་རྒྱལ་ཁྱུང་དུ་སྐུ་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་གླ་བར་བརྫུ་བ་ན༔ ཕོ་ཉ་གསེར་གྱི་འཕར་བར་སྐུ་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་བོང་བུར་བརྫུ་བ་ན༔ ཕོ་ཉ་ཟངས་ཀྱི་དྲེད་མོར་སྐུ་སྤྲུལ་༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ བྷྱོ༔ དམ་ཉམས་དགྲ་བོའི་བླ་དྭགས་བརྒྱད་པོ་ལ༔ ཕོ་ཉ་བརྒྱད་ཀྱི་གཉེན་པོར་སྐུ་སྤྲུལ་ལཿ འབྲུབ་ཁུང་འཁོར་བའི་བཙོན་དོང་འདི་ནང་དུ༔ དམ་ཉམས་ལིང་གའི་རྟེན་ལ་བླ་སྲོག་ཁུག༔ བླ་སྲོག་གསུམ་ལ་དྲག་པོའི་ཕུར་བུས་ཐོབ༔ ཁུར་མཚོན་དཔལ་གྱིས་ལུས་སེམས་ཕྱེ་མར་མཐོང་༔ དགྲ་བོའི་བླ་སྲོག་སྟེང་དུ་མཱ་ར་ཡ༔ སྲོག་རྩ་དམར་པོ་རྦད་ཀྱི་ཆོད་ལ་ཤོག༔ བླ་འཁྱམས་ལས་ངན་སྟེང་དུ་མཱ་ར་ཡ༔ ར་དང་ལུག་དང་བོང་བུ་རྣམ་པ་གསུམ༔ བླ་དྭགས་ཡིན་པས་མྱུར་དུ་ཁྱེར་ལ་ཤོག༔ སོ་དང་སེན་མོ་པགས་པ་རྣམ་པ་གསུམ༔ ཕྱི་རྟགས་ཡིན་གྱི་ད་ལྟ་ཁྱེར་ལ་ཤོག༔ རྣ་བ་ལྕེ་དང་མིག་(༦ན)


GLG023_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

དང་གསུམ་པོ་ནི༔ དབང་པོ་ཡིན་པས་མྱུར་དུ་ཁྱེར་ལ་ཤོག༔ གློ་བ་སྙིང་དང་མཆིན་པ་གསུམ་པོ་ནི༔ དོན་སྙིང་ཡིན་གྱི་མྱུར་དུ་ཁྱེར་ལ་ཤོག༔ གཉེ་མ་རྒྱུ་མ་མཁལ་མ་གསུམ་པོ་ནི༔ ནང་ཁྲོལ་ཡིན་གྱི་མྱུར་དུ་ཁྱེར་ལ་ཤོག༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་འཕྲིན་ལས་ད་ལྟ་གྲུབ་པར་མཛོད༔ སྒྲུབ་ཐབས་སྔགས་བཤམ་འདི་ཡིས་འགུགས༔ ཆེ་གེ་མོ་ཨ་ཀ་ར་ཤ་ཡ་ཧཱུཾ་ཛཿཛཿསྲོག་འགུགས་པའོ། །ཨཱ་ཡུརྫྙཱ་ན་ཨ་ཀ་ར་ཤ་ཡ༔ ཚེ་འགུགས་པའོ། ཏྲི་ཡཾ་ནི་ཨ་ཀ་ར་ཤ་ཡ་ཧཱུཾ་ཛཿཛཿཡིད་འགུགས་པའོ། །རཱུ་པ་སྐནྟ་ཨ་ཀ་ར་ཤ་ཡ་ཧཱུཾ་ཛཿཛཿགཟུགས་འགུགས་པའོ། །སྒྲུབ་ཐབས་སྔགས་ལ་འདི་ཉིད་གདགས། །ཆེ་གེ་མོ་དྷེ་བ་ཀ་པ་ཡེ་ཨེ་ཛ་ལ་ཛ་ལ། ར་ཙ་ཕྱེ་ར་ཙ་ཕྱེ་ཨ་ཤག་ཤག །ཡ་མ་ཕྱེ་ཡ་མ་ཕྱེ་ཡ། སྤུ་ཏ་སྤུ་ཏ་ཕུས་ཕུས། ལང་ལང་། སེང་སེང་། ཕུས་ཕུས། ཆེ་གེ་མོ་ཡུལ་ལྷ་དང་ཕྱེ། དགྲ་ལྷ་དང་ཕྱེ། སྲོག་ལྷ་དང་ཕྱེ། ཕོ་ལྷ་དང་ཕྱེ། མོ་ལྷ་དང་ཕྱེ། ཞེས་དམོད་པས་སོ། །ལྷ་ལྔ་སོ་སོ་དང་དབྱེ་བའི་སྔགས་རྫས་བྱེད་པར་སྤྲོ་ན་གཞན་དུ་ཤེས། ཟླ་གསང་འདུས་པའི་ཏནྟྲའི་ལེའུ་བཅུ་དྲུག་པ་ཐུན་གྱི་སྐབས་སུ་རང་ཉིད་གཤིན་རྗེ་གསལ་བསྒོམས་ཏེ། ཐུན་སྔགས་རིང་མོ་སྤྱིར་བཟླས་ལ་ཐ་མ་ཤམ་བུ་སོ་སོར་བཏགས། ཐུན་རྣམས་སོ་སོར་ལྷར་བསམས་ཏེ། ཟོར་ཐོགས་འཇིག་རྟེན་ཁམས་བཀང་ནས། །གཟས་པའི་གཟུགས་ལ་བསྣུན་པར་བསམ། །ལྷ་ཡི་སྐུལ་ཚིག་འདི་སྐད་དོ། །ཧཱུཾ། བསྐལ་པ་འདས་པའི་སྔོན་རོལ་ན། །ཐུགས་དམ་ཞལ་བཞེས་ལས་ཀྱི་ལྷ། །ཡ་མཱནྟ་ཀའི་ཐུགས་སྤྲུལ་པ། །ལས་ཀྱི་འཆི་བདག་འཁོར་དང་བཅས། །ཐུན་ཟོར་ཕོ་ཉར་བདག་བསྐུལ་གྱི། །དམ་ཉམས་དགྲ་ལ་ཐུན་འབེབས་ལས། །སྟོང་གསུམ་ཐུན་གྱི་ཕོ་ཉས་ཁོང་། ཐུན་རྫས་སོ་སོའི་(༦བ)


GLG023_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉ་རྣམས། སྐུ་ཡི་ཕོ་ཉས་གཟུགས་ཕུང་བཤིག །གསུང་གི་ཕོ་ཉས་ངག་དབང་སྡོམས། །ཐུགས་ཀྱི་ཕོ་ཉས་རྣམ་ཤེས་ཕྲོལ། །ཨྱཱེ་ཀ་ཧི་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཨྱཱེ་རམ། ཧེ་རཾ། ཛོ་ལ་རཾ། ཧ་མཱ་རཀྟ་དགྲ་བོ་ཆེ་གེ་མོའི་སྲོག་ལ་རཾ་རཾ། གཞན་ཡང་ལྕགས་སྡིག་ལྕགས་འདྲ་དང་། དྲག་སྔགས་རྡོ་རྗེ་གཙུག་ལག་གི་ཐུན་སྔགས་རྣམས་ལེན། དགྲ་བགེགས་ཀྱི་རྣམ་ཤེས་བྱང་ཆུབ་ཀྱི་ལམ་ལ་འགོད་པ་བུ་ཡིག་དེ་ཧ་ཅང་བསྡུས་སྐྱོན་སྣང་བས་རྒྱས་པ་ནི། ཧཱུཾ་ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ། །དམ་ཉམས་དགྲ་བོ་ལས་ངན་འདི། །བསད་པར་བྱ་བ་ཁོ་ནར་འོས། །ཞིང་བཅུ་ཚང་བའི་དམ་ཉམས་ཁྱོད། །ད་ལྟ་བསྒྲལ་བའི་དུས་ལ་བབ། ཁྱོད་ཉིད་བྱང་ཆུབ་སེམས་སུ་བསྒོམས། །ཞིང་བཅུ་བསྒྲལ་བའི་ལས་ངན་ཁྱོད། །ལུས་སེམས་བེམ་རིག་བྲལ་བའི་དུས། །ཡི་དམ་རྣམས་ཀྱི་སྐུ་རུ་བསྒོམས། ཁྲག་འཐུང་རྒྱལ་བའི་བྱིན་རླབས་དང་། །སྔགས་འཆང་བདག་གི་ཏིང་འཛིན་གྱིས། ཁྲོ་རྒྱལ་རྣམས་ཀྱི་བརྟུལ་ཞུགས་དང་། །སྲུང་མ་རྣམས་ཀྱི་དམ་ཚིག་གིས། །འཁོར་བའི་གནས་ནས་བསྒྲལ་བའི་ཕྱིར། །དང་པོ་རས་ཆེན་དམར་པོ་ལ། །དུག་དང་ཁྲག་གིས་མིང་བྱང་བྲིས། །སྐྱེ་མཆེད་དབང་པོ་ཚང་བར་བཀོད། །མིང་རུ་བླ་དྭགས་ཚང་བར་བྲིས། །དེ་ནས་གྲུ་གསུམ་ནང་དུ་བཅུག །ཚོན་སྐུད་སྣ་ལྔས་བྱད་ཆིབས་བྱས། ཁྱི་ཕག་སྤྱང་གསུམ་ཐོད་པར་བཅུག །དྲག་པོའི་རྩིངས་ཀྱིས་ཐ་མ་བསྐོར། །ཕུང་ཤུལ་རེ་བས་གུར་ཁང་ཕུབ། །དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །སྐྱབས་བྱེད་ལྷ་ལ་བདེན་པ་བདར། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ། །གཏོར་མ་སྦྱིན་ནས་གཟུ་དཔང་བཅོལ། ཁྱོད་སྐྱོབ་བྱེད་ལྷ་དང་བྲལ་བའི་ཕྱིར། །ཕོ་རོག་འུག་པའི་དང་རུས་བྱབས། །མི་གཙང་བ་ཡི་དུད་པས་གདུགས། །དེ་ནས་སྔགས་འཆང་རྒྱལ་བ་ཡིས། །ཧེ་རུ་ཀ་ཡི་སྐུར་བསྒོམས་ཏེ། །ཕོ་ཉའི་ཚོགས་(༧ན)


GLG023_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་ལ་འགྱེད། །སྤྲུལ་པའི་ཚོགས་རྣམས་སྐར་ལྟར་འཁྲུག །ལྕགས་ཀྱུ་ཅན་གྱིས་སྙིང་ནས་བཟུང་། །ཞགས་པ་ཅན་གྱིས་སྐེ་ནས་ཆིངས། །ལྕགས་སྒྲོག་ཅན་གྱིས་ཡན་ལག་བསྡམས། །དྲིལ་བུ་ཅན་གྱིས་མྱོས་སུ་བཅུག །འཇིགས་པའི་མུན་པས་མདུན་ནས་བསུས། །ལས་ཀྱི་རླུང་པོས་རྒྱབ་ནས་དེད། །འཆི་བདག་ལས་ཀྱི་ཕོ་ཉ་དེས། །འཆོར་མེད་བཟུང་ཐག་ནག་པོས་བཟུང་། །དེ་ནས་ལས་ཀྱི་རྣམ་ཤེས་དེས། །མཚན་བྱང་གཟུགས་ལ་ཕབ་ཙ་ན། །ཆུ་ལ་ཆུ་ཞག་ཇི་བཞིན་དུ། །རང་དབང་མེད་པར་གཟུགས་ལ་བསྟིམ། །ཕོ་རོག་འུག་པ་ཕོ་ཉར་བཀྱེ། ཁ་སྦྱོར་དབྱེ་བ་རྣམ་གསུམ་བྱས། །ཉིན་མཚན་དུས་དྲུག་ཐམས་ཅད་དུ། །དྲག་པོའི་ཐུན་གྱི་ཆར་པ་ཕབ། །མཚོན་ཆ་ངར་མས་ཡན་ལག་བཅད། །རྩངས་དང་ཕུར་པས་སྙིང་ནས་བཏབ། །མཚོན་ཆ་ལྔ་ཡི་ཁོང་ནས་གཟེར། །ཧཱུཾ། ང་ནི་སྔགས་འཆང་རྒྱལ་པོ་ཡིས། ཁྲག་འཐུང་ལྷ་ཚོགས་སྐུར་བསྒོམས་ནས། །དྲག་པོའི་ལས་ལ་འཇུག་པའི་ཕྱིར། །གོས་ནག་ཞྭ་གྱོན་ཕུར་པ་སྒྲིལ། ཁ་ནས་དྲག་སྔགས་འབྲུག་ལྟར་བསྒྲགས། །ལུས་ལས་ཁྲོ་ཆུང་དཔག་མེད་སྤྲོས། །མཚོན་ཆའི་ཆར་པ་ཐོག་ལྟར་ཕབ། །སྟེང་ན་གནམ་ལྕགས་འཁོར་ལོ་བསྐོར། །འོག་ཏུ་མཚོན་ཆའི་སོ་རྣམས་གཟེངས། །བར་སྣང་མེ་ཡི་ཕྲེང་བ་འཁྲུག །རྩེ་མོར་མཚོན་ཆའི་བུ་ཡུག་ཚུབ། །འོག་ཏུ་གཏི་མུག་མུན་པ་འཁྲིགས། །ལོག་ལ་གཤིན་རྗེའི་དམག་ཀྱང་བསྡུས། །སྨྱོ་བྱེད་དུག་དང་ཁྲག་གིས་བྱུགས། །ལྟོ་ལེན་ཚོགས་རྣམས་རོ་ཁུར་ཅིག །ཤ་ཟའི་ཚོགས་རྣམས་ཚིམ་སྒྲ་བྱེད། ཁྲག་འཐུང་ཚོགས་རྣམས་ཧུར་སྒྲ་བྱེད། །རུས་མུར་ཚོགས་རྣམས་སོ་སྒྲ་བྱེད། ཁྱོད་ལུས་སེམས་རྟེན་དང་བྲལ་ཙ་ན། །སྔར་བྱས་ལས་ལ་འགྱོད་(༧བ)


GLG023_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐྱེས། །དམྱལ་བའི་བཙོན་དོང་ཆེན་པོ་རུ། །ལས་ཀྱི་གཤིན་རྗེས་ཁྲིད་ཙ་ན། །དུས་གསུམ་སངས་རྒྱས་ཐུགས་རྗེ་བསྒོམས། །ཧེ་རུ་ཀ་ཡི་བྱིན་རླབས་དང་། །སྔགས་འཆང་བདག་གི་དམ་ཚིག་གིས། ཁྱོད་ལ་སྙིང་རྗེ་དཔག་མེད་སྐྱེས། ཁྱོད་ལས་ངན་དབང་གིས་འཁོར་བར་འཁྱམས། །ལས་ངན་གྱི་རྣམ་ཤེས་ཡར་ལ་འཕོས། །ངས་དང་པོ་ཁྱོད་ཀྱི་ལིངྒ་མིང་རུས་བྲིས། ཁྱོད་ནི་ནག་པོའི་ཕྱོགས་སུ་སྡོད་པའི་དུས། །དུག་གསུམ་ཆུ་ལ་མི་སྦྱང་རྒྱུ། །ཕུད་ལ་མི་ཟ་མགོ་ཚོ་ཟ། །ཐུགས་རྗེའི་ལྕགས་ཀྱུས་མི་འཛིན་རྒྱུ། །རྣམ་ཤེས་འཁོར་བར་འཁྱམས་ལ་ཁད། ཁྱོད་དང་པོ་ལས་ངན་དབང་གིས་སྐྱེས། །བར་དུ་མི་དགེ་བཅུ་ལ་སྤྱད། །ཐ་མར་ལས་རྣམས་སྣ་ཚོགས་བྱས། །མཚམས་མེད་ལྔ་ཡི་སྡིག་ཀྱང་བྱས། ཁྱོད་བསད་པར་བྱ་བ་མ་ཡིན་ཏེ། །ལས་ངན་འཁོར་བའི་སེམས་ཅན་ཁྱོད། །རས་ཆེན་ངོས་ལ་བྲིས་ཙ་ན་། སངས་རྒྱས་ཞིང་དུ་སླེབ་པར་བསྒོམས། །ཧོཾ་ཁུང་ནང་དུ་བཅུག་ཙ་ན། །གཞལ་ཡས་ཁང་དུ་ཕྱིན་པར་སོམས། །ཐོད་པའི་ནང་དུ་བརྫངས་ཙ་ན། །བདེ་ཆེན་གནས་སུ་ཕྱིན་པར་སོམས། །མི་གཙང་དུད་པས་བདུག་ཙ་ན། །དྲི་ཞིམ་སྤོས་ངད་ཡིན་པར་སོམས། །སྐྱོབ་བྱེད་ལྟ་དང་ཕྲལ་ཙ་ན། །ལས་ངན་གྲོགས་དང་བྲལ་བར་སོམས། །ཕོ་ཉའི་ཚོགས་ཀྱིས་བཀུག་ཙ་ན། །ངན་སོང་གནས་ནས་དྲངས་པར་སོམས། །ལས་ཀྱི་མུན་པ་བསུས་ཙ་ན། བར་དོའི་མུན་པ་སངས་པར་བསྒོམས། །གཤིན་རྗེའི་ཕོ་ཉས་དྲུད་ཙ་ན། །བྱང་ཆུབ་གྲོགས་ཀྱིས་ཁྲིད་པར་སོམས། །རྣམ་ཤེས་རླུང་ལ་བསྐྱོན་ཙ་ན། །ཐེག་ཆེན་རྟ་ལ་ཞོམ་པར་སོམས། །ཞིང་ཆེན་གདན་ལ་གཏིང་ཙ་ན། །འོག་མིན་གནས་སུ་ཕྱིན་པར་སོམས། །བདག་གི་ཕུར་བུ་གཏབ་ཙ་ན། །ཞེ་སྡང་རྣམ་སྨིན་བྱང་བར་སོམས། །ཡུངས་ཀར་ཐུན་གྱིས་དྲངས་ཙ་ན། །མེ་ཏོག་(༨ན)


GLG023_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་པ་བབ་པར་སོམས། །ཚོན་སྐུད་སྣ་ལྔས་བཅིངས་ཙ་ན། །ལུས་ལ་འཇའ་ཚོན་འཁྱིལ་བར་སོམས། །ཐུན་སྣ་དུ་སྣ་བྲབས་ཙ་ན། །གཏི་མུག་མུན་པ་སངས་པར་སོམས། །རྡོ་རྗེ་ཐོ་བས་བརྡུངས་ཙ་ན། །ང་རྒྱལ་རི་བོ་བཅོམ་པར་སོམས། །དུག་ཐུན་ཁྲག་ཐུན་བྲབས་ཙ་ན། །འདོད་ཆགས་མེ་ཆེན་ཞི་བར་སོམས། །རྣོན་པོའི་མཚོན་གྱིས་གཏུབས་ཙ་ན། །ཕྲག་དོག་རླུང་འཚུབ་ཞི་བར་སོམས། །གཏོར་ཟོར་བྲང་ལ་རྒྱབ་ཙ་ན། །ཞེ་སྡང་རྩད་ནས་བཅད་པར་སོམས། །ཤེས་པ་རྟེན་དང་ཕྲལ་ཙ་ན། །ལུས་ནི་ས་རྡོ་ཡིན་པར་སོམས། །རྣམ་ཤེས་དབྱིངས་སུ་སྤར་ཙ་ན། །མཁའ་སྤྱོད་གནས་སུ་ཕྱིན་པར་སོམས། །ཕོ་ཉ་ལས་མཁན་ཐམས་ཅད་ཀྱིས། །ཤ་རུས་དུམ་བུར་གཏུབས་ཙ་ན། །ཚོགས་འཁོར་རྒྱ་ཆེན་ཐེངས་པར་སོམས། །ཐོད་ངན་ནང་དུ་ཚུད་ཙ་ན། །སྐྱེད་མོས་ཚལ་དུ་སླེབས་པར་སོམས། །འཁོར་བའི་ལས་འདི་ཆགས་པའི་རྒྱུ། །ཆགས་པ་མ་སྐྱེ་ལས་ངན་ཁྱོད། །བཅོམ་ལྡན་དཔལ་ཆེན་ཐུགས་རྗེ་དང་། །རྣལ་འབྱོར་བདག་གི་སྙིང་རྗེ་ཡིས། །འཁོར་བའི་གནས་ནས་དྲང་བའི་ཕྱིར། །བསླུ་མེད་བྱང་ཆུབ་གནས་སུ་སྤར། ཁྱོད་ཀྱི་གཟུགས་ཀྱི་ཕུང་པོ་ཡིས། །སྐུ་ཡི་ལྷ་ཚོགས་མཆོད་པར་བྱས། །རྣམ་པར་སྣང་མཛད་ཞིང་ཁམས་སུ། །ཆོས་དབྱིངས་ཡེ་ཤེས་ཐོབ་པར་བྱ། ཁྱོད་ཀྱི་ཚོར་བའི་ཕུང་པོ་དེས། །ཡོན་ཏན་ལྷ་ཚོགས་མཆོད་པར་བྱས། །རིན་ཆེན་འབྱུང་ལྡན་ཞིང་ཁམས་སུ། །མཉམ་ཉིད་ཡེ་ཤེས་ཐོབ་པར་བྱ། ཁྱོད་ཀྱི་འདུ་ཤེས་ཕུང་པོ་དེས། །གསུང་གི་ལྷ་ཚོགས་མཆོད་པར་བྱ། །སྣང་བ་མཐའ་ཡས་ཞིང་ཁམས་སུ། །སོར་རྟོག་ཡེ་ཤེས་ཐོབ་པར་བྱ། ཁྱོད་ཀྱི་འདུ་བྱེད་ཕུང་པོ་དེས། །འཕྲིན་ལས་སྣ་ཚོགས་མཆོད་པར་བྱས། །(༨བ)


GLG023_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་གྲུབ་པའི་ཞིང་ཁམས་སུ། །བྱ་གྲུབ་ཡེ་ཤེས་ཐོབ་པར་བྱ། ཁྱོད་ཀྱི་རྣམ་ཤེས་ཕུང་པོ་དེས། །ཐུགས་ཀྱི་ལྷ་ཚོགས་མཆོད་པར་བྱས། །མི་བསྐྱོད་རྡོ་རྗེའི་ཞིང་ཁམས་སུ། །མེ་ལོང་ཡེ་ཤེས་ཐོབ་པར་བྱ། ཁྱོད་ཀྱི་ཤ་ཁྲག་རུས་པ་དང་། །སྲོག་དང་དབུགས་ཀྱི་ལོངས་སྤྱོད་ལ། །མ་མོ་མཁའ་འགྲོ་ལོངས་སྤྱོད་པས། །ཡུམ་ལྔའི་དབྱིངས་སུ་དབྱེར་མེད་འགྱུར། ཁྱོད་ཀྱིས་རྣམ་པར་ཤེས་པ་དེ། །མི་བསྐྱོད་རྡོ་རྗེའི་ཞིང་ཁམས་སུ། །བདེ་གཤེགས་རྗེ་ཡི་རིགས་སུ་སྐྱེ། །དེ་བས་ཉོན་མོངས་ལས་ངན་ཁྱོད། །བླ་མ་ཡི་དམ་སྨོད་ཅིང་བསད་པ་ན། །བསད་པས་སྡིག་པར་འགྲོ་བར་འགྱུར། །གསོད་པས་ལྟུང་བ་ཆེན་པོར་འགྱུར། ཁྱོད་ཀྱི་ལུས་སེམས་བྲལ་བ་འདི། །བྱང་ཆུབ་ལམ་ལ་འགོད་པའི་ཕྱིར། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས། །ཕཊ་བྱས་པས་ཡི་དམ་གྱི་ཐུགས་ཀར་འཕངས། ཁོའི་ཚེ་དང་བསོད་ནམས་ཐམས་ཅད་རང་ཉིད་ལ་བསྟིམ་མོ། །ཡང་ཕཊ་བྱས་པས་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཡར་རྒྱང་སྟེ་འཕང་ངོ་། །མན་ངག་བླ་མའི་ཞལ་ལས་ཤེས། །ཕུར་གདབ་གུད་དུ་བཀོལ་བ་ནི། མཐར་བསྒྲལ་ལས་བྱ་བ་ནི། སྲོག་ཕུར་མིན་པའི་གདབ་ཕུར་ཁྲོ་ཞལ་ཡོད་པ་ཞིག་ལག་པ་ཐལ་མོ་སྦྱར་བའི་བར་དུ་གཟུང་ལ། རང་གི་ལག་གཡས་ཉི་མ་དང་གཡོན་ཟླ་བ་གཡས་པའི་སོར་མོ་ལྔ་ཨོཾ་ཧཱུཾ་ཏྲཾ་ཧྲཱི༔ཨཱཿལས་རིགས་ལྔ། །གཡོན་པའི་སོར་མོ་ལྔ་མཱཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་ཡུམ་ལྔར་གསལ་བ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་ལས་སྤྲུལ་པའི་རྡོ་རྗེ་ཕུར་བུ་ཧཱུཾ་ནག་པོ་ལས་སྲས་མཆོག་ཡ་མཱནྟ་ཀ་བཛྲ་ཀཱི་ལ་ཡ་ནག་པོ་རྡོ་རྗེའི་གཤོག་པ་ཅན་ཞལགསུམ་ནག་དཀར་དམར་བ། ཕྱག་གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ་གཡོན་གསུམ་ལྕགས་ཀྱུ་གཏུན་ཤིང་སྡིགས་མཛུབ་ཀྱི་ཐ་མ་གཉིས་རྡོ་རྗེ་ཕུར་བུ་ཐུགས་ཀར་སྒྲིལ་བ། དུར་(༩ན)


GLG023_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ་སྐུ་སྨད་གནམ་ལྕགས་ཀྱི་ཕུར་བུ་མགར་གྱི་སོལ་མལ་ནས་གཏོན་པ་ལྟ་བུ་མེའི་ཚ་ཚ་འཕྲོ་བ་ཆུ་སྲིན་གྱི་ཁ་ནས་བྱུང་བ་སྦྲུལ་གྱི་ཆུན་པོ་འཆང་བ་དེ་དག་གི་སྐེད་པ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡབ་ཡུམ། ཡར་གྱི་རྭ་ལྔ་ལ་རྒྱལ་བ་རིགས་ལྔ་ཡབ་ཡུམ། མར་གྱི་རྭ་ལྔ་ལ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ། རྒྱ་མདུད་གོང་མ་ལ་ཡི་དམ་ཞི་ཁྲོ་རབ་འབྱམས། རྒྱ་མདུད་འོག་མ་ལ་བཀའ་བསྲུང་དམ་ཅན་རྒྱ་མཚོ། དཔལ་ལ་གཤིན་རྗེ་སྡེ་བརྒྱད་དྲེགས་པའི་དམག་ཚོགས། རྩེ་མོ་ཟུར་གསུམ་ནས་མཚོན་ཆ་སྣ་ཚོགས་པའི་ཆར་འབབ་པ། སྒྲིལ་བ་ཙམ་གྱིས་སྲིད་གསུམ་འདར་ཞིང་། ཕྱར་བ་ཙམ་གྱིས་ཁམས་གསུམ་དངངས་པར་བྱེད་པ། བཏབ་པ་ཙམ་གྱིས་དགྲ་བགེགས་བརླག་པར་ནུས་པ་ཞིག་ཏུ་གྱུར་པར་བསམ། ཨཱོཾ་ཡཱ་མནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀ་ཡ་ཝཀ་ཙིཏྟ་ཨ་བྷི་ཥྩི་ཨོཾ་ཨཱཿཧཱུཾ་ཕུར་བུ་ལས་འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་བསྡུས་ཕུར་བུ་ལ་ཐིམ་པས་སྐུ་འགྱིངས་པ་དང་། གསུང་བསྒྲགས་པ་དང་ཐུགས་གཡོས་པ་ཙམ་གྱིས་ཁམས་གསུམ་དུས་གཅིག་ལ་སྒྲོལ་བའི་དབང་དང་ལྡན་པར་གྱུར་པར་བསམ། ཕུར་བུ་དྲིལ་ཞིང་། ཧཱུཾ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །གཡས་པ་ཐབས་ཀྱི་རང་བཞིན་ཅན། །རིགས་ལྔ་ཡབ་ལྔའི་ངོ་བོར་གསལ། །གཡོན་པ་ཤེས་རབ་རང་བཞིན་ཅན། །རིགས་ལྔ་ཡུམ་ལྔའི་ངོ་བོར་གསལ། །ཐབས་དང་ཤེས་རབ་སྦྱར་བ་ལས། །མཐིང་ནག་ཧཱུཾ་ལས་སྤྲུལ་པའི་སྲས། །ཡ་མཱནྟ་ཀ་ཀཱི་ལ་ཡ། །སྐུ་སྟོད་ཁྲོ་རྒྱལ་ཆེན་པོ་ལ། །སྐུ་སྨད་གནམ་ལྕགས་ཕུར་བུའི་ཚུལ། །(༩བ)


GLG023_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་བདེ་གཤེགས་འདུས་པའི་སྐུ། ཁམས་གསུམ་སྒྲོལ་མཛད་ཀཱི་ལ་ཡ། དགྲ་བགེགས་དུག་ལྔ་དུག་གསུམ་དང་། །ལས་དང་ཉོན་མོངས་ཚར་བཅད་ནས། །རྒྱལ་བའི་སྲས་སུ་རབ་སྒྲོལ་བའི། །རྡོ་རྗེ་ཕུར་བུར་མངའ་གསོལ་ལོ། །ན་མཿས་མནྟ་བུདྡྷ་ནཾ་ཀ་ཡ་ཝཀ་ཙིཏྟ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་བརྗོད་སླར་ཡང་ཕུར་བུ་བསྒྲིལ་ཞིང་། ཧཱུཾ། ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ། །གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ཤིན་ཏུ་མི་ཟད་རབ་འཇིགས་སྐུར་སྟོན་པ། །གཤིན་རྗེ་ཡོངས་རྫོགས་དྲག་པོའི་འཕྲིན་ལས་མཛོད། །ཨོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙ་པ་ཡ་ཏི་དགྲ་བགེགས་མ་ར་ཡ་ཕཊ། ཅེས་དང་པོ་བླ་གནས་པར་གདབ། དེ་རྗེས་སྙིང་གའི་ཪྣྲི་ལ་གདབ་ཅིང་གནས་སྤར་བ་ནི། ཨེ་མ་ཁམས་གསུམ་སེམས་ཅན་རྣམས། །མ་རྟོགས་འཁྲུལ་པ་སྙིང་རེ་རྗེ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཐུགས་རྗེས་ཐབས་ཤེས་སྦྱོར་བ་ཡིས། །ཕུང་པོ་བསྒྲལ་ནས་ཞལ་དུ་བཏབ། །རྣམ་ཤེས་རྒྱལ་བའི་སྲས་སུ་སྦར། །ཨོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་ནྲི་ཡཾ་སྥ་ར་ཎ་ཕཊ། བོ་དྷི་ཙིཏྟ་ནྲི་སཾ་ཧ་ར་ཎ་ཧཱུཾ་ཞེས་ཕུར་བུ་སྙིང་གར་བཏབ་པས་ཡིད་ཀྱི་རྟེན་རླུང་གི་དངས་མ་སྔོ་སྐྱ་བྱིའུའི་མགོ་ཙམ་གྱི་དབུས་སུ་སྲོག་གི་རྟེན་ཁྲག་གི་དངས་མ་ཐིག་ལེ་དམར་པོ་སྲན་མ་ཙམ་གྱི་དབུས་སུ་སྲོག་གི་ངོ་བོ་ཪྣྲི་རང་རང་གི་མདོག་ཅན་གྱི་ལྟེ་བར་ཁོ་ལ་སྔར་བླ་མས་དབང་བསྐུར་དུས་ཡེ་ཤེས་སེམས་དཔའ་བསྟིམ་པ་དེ་ཉིད་དམ་ཚིག་བསྲུངས་ན་ཡེ་ཤེས་སེམས་དཔའ་ཡིན་ལ་དམ་ལས་ཉམས་ན་ལས་ཀྱི་གཤིན་རྗེའི་གཤེད་པོ་ཡིན་པས་ཡེ་ཤེས་སེམས་དཔའ་དེ་(༡༠ན)


GLG023_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱི་སྡིག་པ་མགོ་དགུ་པར་གྱུར་ཏེ་སྙིང་རྩ་བརྒྱད་ནས་ཟ་ཞིང་ཁྲག་འཐུང་། ཕུར་བུའི་རྩེ་མོ་ནས་འོད་འཕྲོས་པས་རླུང་གིས་དྭངས་མ་སྔོ་སྐྱ་དེ་གཏོར། ཁྲག་གི་དྭངས་མ་འུབ་ཀྱི་སྐམས། དེ་མ་ཐག་ཁོའི་འབྱུང་བའི་ཁམས་ས་ཆུ་ལ་ཐིམ་ཆུ་མེ་ལ་མེ་རླུང་ལ་རླུང་རྣམ་ཤེས་ཀྱི་ངོ་བོ་ཪྣྲི་ལ་ཐིམ་མ་ཐག་ཪྣྲི་དེ་ཉིད་ཕུར་བུའི་རྩེ་མོར་འུབ་ཀྱི་བསྡུས་པ་ཕུར་བུའི་ཁོང་བསྲེང་ནས་བརྒྱུད་རྡོ་རྗེའི་ལྟེ་བའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡབ་ཀྱི་ཐུགས་ཀར་ཪྣྲི་དེ་ཉིད་ཨཱཿདཀར་པོའི་རྣམ་པར་བསྟིམ་པས་ཆོས་སྐུར་སངས་རྒྱས། སླར་འཇམ་དཔལ་ཡབ་ཡུམ་སྦྱོར་བ་མཛད་པའི་ཚེ་ཨཱ༔དེ་ཉིད་ཡབ་ཀྱི་དབུ་མའི་ལམ་བརྒྱུད་རྡོ་རྗེའི་ལམ་ནས་ཡབ་ཡུམ་གྱི་མཁའ་གསང་དུ་བབས་པས་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྲས་སུ་གྱུར་ཏེ་ལྷོ་ཕྱོགས་རྡུལ་བྲལ་ཡང་དག་བརྩེགས་ཀྱི་ཞིང་དུ་ལོངས་སྐུར་སངས་རྒྱས། དེའི་སྤྲུལ་པ་དཔག་ཏུ་མེད་པ་བཀྱེ་སྟེ་ཁམས་གསུམ་པའི་འགྲོ་བ་སྒྲོལ་བས་དོན་གཉིས་གྲུབ་པའི་སྤྲུལ་སྐུར་སངས་རྒྱས་པར་བསམ། ཡང་ཕུར་བུ་ཁོའི་སྙིང་གར་བཏབ་པས་ཁོའི་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་ཕུར་བུའི་ཁོང་གསེང་ནས་བརྒྱུད་རང་གི་སྙིང་གར་ཐིབས་བདག་གི་ཚེ་དང་བསོད་ནམས་དཔལ་དང་སྟོབས་དང་གཟི་བརྗིད་རྒྱས་པར་བྱས། ཁོའི་སྙིང་ནང་གི་ཡེ་ཤེས་སེམས་དཔའ་ཡང་ཕུར་བུའི་ཁོང་གསེང་ནས་བརྒྱུད་འཆང་བཟུང་གི་རྡོ་རྗེའི་ལྟེ་བའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཐིམ་པར་གྱུར་པར་བསམ་ཞིང་ཕུར་བུ་གནས་རྣམས་སུ་བཏབ་ཅིང་། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། །དྲག་པོ་སྒྲོལ་མཛད་ཕུར་བུ་ནི། །སྐུ་སྟོད་ཕྱག་རྒྱ་ཟིལ་གནོན་ལ། །སྐུ་སྨད་ལྕགས་ཕུར་ཟུར་གསུམ་(༡༠བ)


GLG023_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

འབར། །སྟོབས་ཆེན་འདུས་པའི་མཚོན་ཆ་ཡིས། །དགྲ་བགེགས་འཁོར་བ་རྩད་གཅོད་ཕྱིར། །ལྟེ་བའི་དཀྱིལ་དུ་ཀཱི་ལ་ཡ། །ལུས་ཀྱི་རྣམ་ཤེས་རྟེན་དང་ཕྲོལ། །ལུས་ཀྱི་འཁྲུལ་བ་རྩད་ནས་ཆོད། །མགྲིན་པའི་དཀྱིལ་དུ་ཀཱི་ལ་ཡ། །ངག་གི་རྣམ་ཤེས་རྟེན་དང་ཕྲོལ། །ངག་གི་འཁྲུལ་པ་རྩད་ནས་ཆོད། །མིག་གི་དཀྱིལ་དུ་ཀཱི་ལ་ཡ། །མིག་གི་རྣམ་ཤེས་རྟེན་དང་ཕྲོལ། །གཟུགས་སུ་འཁྲུལ་བ་རྩད་ནས་ཆོད། །སྣ་ཡི་དཀྱིལ་དུ་ཀཱི་ལ་ཡ། །སྣ་ཡི་རྣམ་ཤེས་རྟེན་དང་ཕྲོལ། །དྲི་རུ་འཁྲུལ་བ་རྩད་ནས་ཆོད། །རྣ་བའི་དཀྱིལ་དུ་ཀཱི་ལ་ཡ། །རྣ་བའི་རྣམ་ཤེས་རྟེན་དང་ཕྲོལ། །སྒྲ་རུ་འཁྲུལ་པ་རྩད་ནས་ཆོད། །ལྕེ་ཡི་དཀྱིལ་དུ་ཀཱི་ལ་ཡ། །ལྕེ་ཡི་རྣམ་ཤེས་རྟེན་དང་ཕྲོལ། རོ་རུ་འཁྲུལ་པ་རྩད་ནས་ཆོད། །གསང་བའི་དཀྱིལ་དུ་ཀཱི་ལ་ཡ། །ཀུན་གཞི་རྣམ་ཤེས་རྟེན་དང་ཕྲོལ། །འཁོར་བའི་འཁྲུལ་པ་རྩད་ནས་ཆོད། །ཡན་ལག་བཞི་ལ་ཀཱི་ལ་ཡ། རེག་བྱའི་རྣམ་ཤེས་རྟེན་དང་ཁྲོལ། །རེག་བྱའི་འཁྲུལ་བ་རྩད་ནས་ཆོད། །ཨོཾ་ཡ་མཱནྟ་ཀཱ་བཛྲ་ཀཱི་ལི་ཀཱི་ལ་ཡ། དགྲ་བགེགས་མཱ་རཱ་ཡ་ནཱ་ཤཱ་ཡ་སྟཱཾ་བྷཱ་ཡ་མོ་ཧཱ་ཡ་བྷན་དྷཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་གདབ། ཁོའི་རྣམ་ཤེས་ཚོགས་བརྒྱད་ཕུར་བུ་ལ་ཐིམ། ཕུར་བུ་འོད་དུ་ཞུ་ལྷ་རྣམས་ལ་ཐིམ། ལྷ་རྣམས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཐིམ་འཇམ་དཔལ་ཡེ་ཤེས་སེམས་དཔའ་བདག་ལ་ཐིམ་པར་གྱུར་པར་བསམ་མོ། །དེ་ལྟར་ཚེ་ལུང་ཁྲུས་ལུང་གི་རྗེས་སུ་གསོ་བ་གསུམ་ལས་བདག་གསོ་བ་ནི། ཨཱོཾ་ཡ་མཱཏྣ་ཀ་ཧཱུཾ་ཕཊ་ཅེས་བརྒྱ་ཕྲག་དང་། ཧཱུཾ་བརྒྱ་བཟླས་པས་ཁམས་གསུམ་ཧཱུཾ་གིས་གང་ཧཱུཾ་དེ་རྣམས་རང་ལ་ཐིམ་པས་རང་ཉིད་ཕྱག་རྒྱ་ཟིལ་གནོན་སྐུ་ཆེ་ཞིང་ཡན་ལག་རག་པས་སྟོང་གསུམ་གང་བ་གཅིག་ཏུ་གྱུར་པར་བསམ། ཕུར་བུ་གསོ་བ་ནི། ཡང་ཨཱོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཅེས་བཟླས་པས་ཕུར་བུ་དེ་ལས་ཕུར་བུ་གྲངས་མེད་པ་འཕྲོས་ཁམས་(༡༡ན)


GLG023_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕུར་བུས་གང་། དགྲ་བགེགས་ཐམས་ཅད་ཚར་བཅད་ཚུར་འདུས་ཕུར་བུ་ལ་ཐིམ་པས་ཕུར་བུ་མཐུ་སྟོབས་གཟི་མདངས་ནུས་པ་དང་ལྡན་པར་གྱུར་པར་བསམ། དགྲ་གསོ་བ་ནི། ཨོཾ་ཡ་མཱཏྣ་ཀ་ཧཱུཾ་ཕཊ། ཅེས་བཟླས་པས་སྔགས་ཀྱི་འོད་ཟེར་ལིང་གའི་སྙིང་གར་ཕོག་པས་ཚོགས་བརྒྱད་ཀྱི་སྒྲིབ་པ་ཉེས་ལྟུང་ཐམས་ཅད་སྦྱངས་ནས་ཁོ་འཇམ་དཔལ་གཤིན་རྗེའི་གཤེད་དུ་གྱུར་མ་ཐག་རླུང་རྡོ་རྗེ་རྒྱ་གྲམ་གྱིས་བཏེགས་ནས་ལྷོ་ཕྱོགས་རྡུལ་བྲལ་གྱི་ཞིང་དུ་འཇམ་དཔལ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕངས་པས་རྒྱལ་བའི་སྲས་སུ་སྐྱེས་པར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུཾ་བརྒྱ་ཕྲག་གཅིག་བཟླས་པས་སྐུ་གསུམ་ཐོབ་པར་བསམ་པའོ། །འདི་ཡན་སྨད་ལས་གྲུ་གུ་འཐུལ་བ་ལྟ་བུ་བསྒྲལ་འདྲེན་མཐར་ཐུག་པ་ཡིན་ལ་འདི་ཕྱིན་ཁོའི་རྣམ་སྨིན་གྱི་ལུས་སྒྱུ་མ་ལྟ་བུ་བག་ཆགས་དང་བཅས་པ་རོ་ཚབས་བྱེད་པ་ལྟར་བསྒྲལ་ནས་ཤ་ཁྲག་ལྷ་རྣམས་ལ་ཚོགས་འཁོར་དགའ་སྟོན་དུ་འབུལ་བ་ཡིན་ནོ། །བླ་ཕུར་སོགས་ཕུར་པ་གསུམ་སྔགས་དང་བཅས་ཏེ་གདབ་སོ་སྡེབས་དང་ཟླ་གསང་ཐུན་བསྐུལ་གྱི་ཐུན་བྲབ། གཏོར་ཟོར་དྷེག །གདབ་ཕུར་གྱི་དཔལ་ལས་མཚོན་ཆ་རྣམས་སྤྲོ་བའི་དམིགས་པ་དང་བཅས། ཧཱུཾ་ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །ཉོན་མོངས་བག་ཆགས་ཀྱིས་སྨྱོགས་པའི། །དུག་གསུམ་གྱིས་མནར་ཁྱོད་གཟིགས་ནས། །འཇམ་དཔལ་གཤེན་རྗེའི་གཤེད་པོ་ཡིས། །སྙིང་རྗེས་ཁྱོད་ཉིད་བསྒྲལ་བའི་ཕྱིར། ཛཿཛཿགཟའ་བཞིན་སྤྲོས་ནས་ཀྱང་། །བཀུག་ཅིང་རྡོ་རྗེའི་མཚོན་ཆས་བསྒྲལ། རྡོ་རྗེ་ཕུར་བུའི་རྩེ་མོ་ནས། །ཞེ་སྡང་རྩད་གཅོད་རྡོ་རྗེའི་མཚོན། །དྲག་པོ་ཐོག་གི་ཆར་ལྟར་ཕོབ། །ཧཱུཾ་ཨེ་ཛཿལྕགས་ཀྱུ་འབར་བའི་ཚོགས་སྤྲོས་པས། ཁུག་ཅིག་བཛྲ་ཨཾ་གུ་ཤ་ཛཿཞགས་པ་འབར་བའི་ཚོགས་སྤྲོས་པས། །(༡༡བ)


GLG023_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ཆིངས་ཤིག་བཛྲ་པ་ཤཾ་ཧཱུཾ། །ལྕགས་སྒྲོག་འབར་བའི་ཚོགས་སྤྲོས་པས། །སྡོམས་ཤིག་བཛྲ་སྥོ་ཊ་བཾ། །དྲིལ་བུ་འབར་བའི་ཚོགས་སྤྲོས་པས། །ཕོབ་ཅིག་བཛྲ་གྷཎྜེ་ཧོཿ རྡོ་རྗེ་འཁོར་ལོའི་ཚོགས་སྤྲོས་པས། །གཏུབས་ཤིག་བཛྲ་ཙཀྲ་ཎ། རྡོ་རྗེ་རལ་གྲིའི་ཚོགས་སྤྲོས་པས། །གཤོག་ཅིག་བཛྲ་ཁཌྒ་ཎ། །རྡོ་རྗེ་རྩེ་དགུའི་ཚོགས་སྤྲོས་པས། །རྡུལ་དུ་ལྟོགས་ཤིག་བཛྲེ་ཎ། །རྡོ་རྗེ་ལྕགས་ཀྱུའི་ཚོགས་སྤྲོས་པས། །མྱུར་དུ་ཁུག་ཅིག་ཪྣྲི་ཏྲི་ཛཿ རྡོ་རྗེ་གཏུན་ཤིང་ཚོགས་སྤྲོས་པས། །རྡུངས་ཤིག་བཛྲ་མུ་ཁ་ལ། །རྡོ་རྗེ་སྡིགས་འཛུབ་ཚོགས་སྤྲོས་པས། །གཟིར་ཤིག་བཛྲ་ཏིརྫ་ནི། །མཆིལ་པ་འབར་བའི་ཚོགས་སྤྲོས་པས། །དྲོངས་ཤིག་བཛྲ་ཨཱ་ན་ཡ། །ཐོད་ཁྲག་འབར་བའི་ཚོགས་སྤྲོས་པས། །མྱོས་པར་གྱིས་ཤིག་བརྟ་ཀར། །བཤན་གྲི་འབར་བའི་ཚོགས་སྤྲོས་པས། །སྒྲོལ་ཞིག་བཛྲ་ཙྪིནྣ། །ཙིཏྟ་འབར་བའི་ཚོགས་སྒྲོས་པས། །ཉམས་པར་གྱིས་ཤིག་བི་རུཏྡྷ། །རི་རབ་འབར་བའི་ཚོགས་སྤྲོས་པས། །རྣམ་པར་གནོན་ཅིག་ཀྲནྟ་ཀུ་རུ། །དགྲ་སྟ་འབར་བའི་ཚོགས་སྤྲོས་པས། ཁོས་ཤིག་བཛྲ་པཪྴུ་པ། །བེ་ཅོན་འབར་བའི་ཚོགས་སྤྲོས་པས། །རྒྱོབ་ཅིག་བཛྲ་ཏཱ་ཌ་ཡ། །ཞགས་པ་འབར་བའི་ཚོགས་སྤྲོས་པས། །དམ་པོར་སྡོམས་ཤིག་བྷན་དྷ་ན། །གཞན་ཡང་སྤྲུལ་པའི་ཕོ་ཉའི་ཚོགས། །མཚོན་ཆ་སྣ་ཚོགས་རབ་འབར་བའི། །ཕོག་པར་རྒྱོབ་ཅིག་ཏཱ་ཌ་ཡ། །གནད་དུ་བསྣུན་ཅིག་པུ་ཙི་ཡ། །མྱུར་དུ་གསོད་ཅིག་མ་ར་ཡ། །ཤ་ལ་ཟོ་ཞིག་བྷུ་ཛ་ཏ། ཁྲག་ལ་འཐུང་ཞིག་བི་ཝ་ཐ། །རུས་ལ་མུར་ཞིག་བྷཀྵ་ཡ། ནང་ཁྲོལ་ཆོམ་ཞིག་བྷཉྫ་ན། །ཀླད་པ་སྟོབས་ཤིག་ཁ་རཾ་ཁཱ་ཧི། །འཕྲིན་ལས་བསྒྲུབས་ཤིག་ཀཪྻ་ཧོ། ཞེས་བརྡེག །དེ་ནས་མི་བསད་པའི་མཚོན་ཆས་བརྡེག་ཅིང་། ཧཱུཾ་ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཡེ་ཤེས་རྣོ་བའི་མཚོན་ཆ་ནི། །ཐོགས་མེད་དྲག་པོ་ལས་ཀྱི་མཚོན། །(༡༢ན)


GLG023_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་མེ་ཆེན་རབ་འབར་བས། །ཉོན་མོངས་ལས་ཀྱིས་རབ་མནན་པའི། །དགྲ་བགེགས་ལོག་རྟོག་དུག་ལྔའི་ཚོགས། །འཁོར་བའི་སྐྱེ་བརྒྱུད་རྩད་ནས་ཆོད། །ཨཱོཾ་མནྟྲ་སུམ་བྷ་བཛྲ་ཛྭ་ལ། ཨོཾ་བྷྲུཾ། ཧཱུཾ་བྷྲུཾ། ཏྲཾ་བྷྲུཾ། ཧྲི་བྷྲུཾ། ཨཱཿབྷྲུཾ། ཚལ་པ་ཚལ་པ་མ་ར་ཡ་ཛཿཛ་ཞེས་བཟློག་བསད་ཀྱི་འཁོར་ལོ་དང་ལིངྒ་རྣམས་དུམ་བུར་བསྒྲལ། གཏད་མནན་གྱི་འཁོར་ལོ་རྣམས་བསྒྲལ་བའི་ཚུལ་ཙམ་མ་གཏོགས་དངོས་སུ་མི་བསྒྲལ་ལོ། །དེ་ནས་ཟན་ལིང་གཅིག་དང་བསྒྲལ་བའི་ལིང་རོ་རྣམས་གཏུན་ཁུང་དུ་བཅུག་ལ་རྡོ་རྗེའི་ཐོ་བས་བརྡུང་ཞིང་། གཏུན་ཁུང་ཡུམ་གྱི་བྷ་གར་ཐོབ་ཡབ་ཀྱི་རྡོ་རྗེས་བརྡུངས་པས་དགྲ་བོའི་ཉོན་མོངས་པ་རྩད་ནས་བཅད་དེ་རྒྱལ་བའི་སྲས་སུ་སྐྱེས་པར་བསམ་ལ། ཧཱུཾ་ཛཿབརྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་འདི། །རྡོ་རྗེའི་མཚོན་ཆས་བསྒྲལ་ནས་ཀྱང་། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་པས། །ལྷ་ཡང་རུང་སྟེ་བརླག་པར་བྱེད། །དགྲ་བགེགས་རྣམས་ལ་སྨོས་ཅི་དགོས། །ཉམས་པའི་ཚེ་སྲོག་ལུས་ངག་ཡིད། །ཐལ་བའི་རྡུལ་དུ་བརླག་པར་བགྱིའོ། །ཨོཾ་བཛྲ་ཀྲོ་དྷ་ཨ་ཀོ་ཊ་ཡ་ཁ་ཐཾ་ཁ་ཐཾ་མཆུ་ཆིངས་མཆུ་ཆིངས། ཞེས་ཉེར་གཅིག་བཟླས་ལ་བརྡུང་། དེ་ནས་ལིང་རོ་ཅུང་ཟད་ཞིག །སྨན་རག་དང་བཅས་ཏེ་གཏོར་མར་སྦྲན་ལ་ཞལ་སྟོབས་ཀྱུས་བཞིན་བྱའོ། །དེ་ལྟར་མངོན་སྤྱོད་ཀྱི་ལས་འདི་ནི་གཤིན་རྗེ་ནག་པོའི་རྒྱུད་ལ། ཨེ་མ་ཧོ་གསང་བའི་ཡང་དག་གསང་། །བསད་པ་མ་ཡིན་སྡིག་ལས་གྲོལ། །ཇི་སྲིད་བསད་ཀྱང་མ་བསད་དེ། །སྡིག་པ་སྟོང་ཕྲག་བྱས་པ་ཡིས། །མནར་མེད་ལ་སོགས་མི་སྐྱེ་བ། །ཨེ་མ་ཧོ་སངས་རྒྱས་ཆ་བའི་བདག །བསད་པས་བྱང་ཆུབ་ཐོབ་པར་བྱེད། །ཅེས་དང་། དགྲ་ནག་གི་རྒྱུད་ལས། འདི་ལྟར་གསད་པ་སངས་རྒྱས་ཀྱི། །སྲས་སུ་དེ་ནི་སྐྱེ་བར་འགྱུར། །ལས་ཀྱི་སྡིག་ལས་དེ་(༡༢བ)


GLG023_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ལོ། །ཞེས་མངོན་སྤྱོད་ཀྱི་ལས་ལ་བརྟེན་ནས་རང་གཞན་ཐམས་ཅད་སངས་རྒྱས་ཐོབ་པའི་ཐབས་དམ་པ་དྲག་སྔགས་བདག་པོ་གནུབས་ཀྱི་ཁྱད་ཆོས་འདི་ནི་སྙིང་ལ་བཅང་བར་བྱའོ། །ཤིན་ཏུ་འཇམ་པའི་དབྱངས་ལྡན་རྒྱལ་སྲས་དེ། །མི་བཟད་ཆེས་ཆེར་ཁྲོས་པ་སྲིན་པོའི་གར། །གདུལ་དཀའི་ལོག་འདྲེན་གཉེན་པོར་ལེགས་བསྒྱུར་ན། །མན་ངག་འདི་ཀོ་དེང་དུས་བླང་བྱའི་ཆོས། །ཧ་ཅང་གབ་ན་མི་རྟོགས་རང་མགོ་འཁོར། །ལྷུག་པར་བགོད་ན་གདམས་པ་འཆོལ་བའི་རྒྱུ། །མཉམ་འཇུག་འབྱུང་བ་མི་མེད་ཟབ་མོའི་གནད། །ནུབ་འཕངས་དཀྱུས་བྲིས་དམ་ཅན་ཕྲག་མ་དོག །དཔེ་འདི་བཀའ་རྒྱས་བཀྲོལ་བའི་སྣོད་ལྡན་ལས། །ཀུན་ལ་མ་སྤེལ་སྲུང་མར་གཏེར་དུ་གཏད། །རྒྱུད་འཛིན་སྔགས་འཆང་རྣམས་ཀྱིས་ཉམས་བླངས་ནས། །ཐུབ་བསྟན་མི་ནུབ་བཙས་སུ་འགྱུར་བར་ཤོག །ཅེས་གཤིན་རྗེ་གཟའ་གདོང་དམར་ནག་གི་ལས་བྱང་མ་ཡིག་བུ་ཡིག་ཏུ་མི་གསལ་བའི་ཁ་སྐོང་བདུད་དཔུང་སྙིང་རྩ་འདར་བའི་ང་རོ་འདི་ནི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཉམས་ལེན་དུ་ཟ་ཧོར་གྱི་བནྡེ་རྡོ་རྗེ་ཐོགས་མེད་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པས་བགྱིས་པའི་དགེ་བས་ནག་པོའི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིག །

གཤིན་རྗེ་ཀིང་ཀང་དམར་ནག་གི་གཏང་རག


GLG023_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ལས་ཀྱི་གཤིན་རྗེ་ཀིང་ཀང་དམར་ནག །འཆི་བདག་ནག་པོ་ཆུ་སྲིན་གྱི་མགོ་བོ་ཅན་སོགས་འཁོར་དང་བཅས་པ་ཐོགས་པ་མེད་པར་གནས་འདིར་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཛཿ ས་མ་ཡ་ཏིཥྛ་ལྷན། མནན་པའི་རྣ་ཆ་གཤིན་རྗེའི་གཤེད། །འཁོར་དང་བཅས་པའི་ཚོགས་རྣམས་ལ། །དབང་པོ་ལྔ་ཡི་མེ་ཏོག་འཕྲིག །བམ་ཆེན་བསྲེགས་པའི་དུད་སྤྲིན་འཐུལ། །ཞུན་ཆེན་གསལ་བའི་སྒྲོན་མེ་སྦར། ཁྲག་དང་མཁྲིས་པའི་དྲི་ཡི་ཆབ། །ཤ་རུས་ནད་ཁྲོལ་ཞལ་ཟས་སྤུངས། །རྐང་གླིང་སྣ་ཚོགས་རོལ་མོ་འཁྲོལ། །རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ། །རཀྟའི་རྦ་ཀློང་ཟེགས་མ་འཁྲུག །བྷ་ལིཾ་ཚོགས་ཀྱི་མཆོད་པ་དང་། །ཕྱི་ནང་གསང་བའི་སྤྱན་གཟིགས་སོགས། །ལོག་འདྲེན་དགྲ་བོ་དམ་ཉམས་ལ། །སྔར་བཅོལ་རྟགས་ཐོན་གཏང་རག་དང་། །སླད་མར་མི་ནོར་ཚེ་སྲོག་དབུགས། །བསོད་ནམས་སྟོབས་འབྱོར་དམག་དཔུང་ཀུན། །ས་འོག་རིམ་པ་བདུན་གྱི་གཏིང་། །ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་ཀྱི། །ཟས་དང་སྐལ་པར་གཏད་བྱས་ནས། །ནམ་ཡང་མི་ལྡང་འཕྲིན་ལས་མཛོད། ཨོཾ་ཡ་མཱ་རི་ཀིང་ཀང་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་མཾ་ས་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མཧཱ་ཙིཏྟ་ཁ་རཾ་ཁཱ་ཧི། མཧཱ་བྷ་སུ་ཏ་ཁ་རཾ་ཁཱ་ཧི། མཧཱ་གོ་རོ་ཙ་ན་ཁ་རཾ་ཁཱ་ཧི། མཧཱ་ཀེཾ་ནི་རི་ཏི་ཁ་རཾ་ཁཱ་ཧི། ཧཱུཾ། དགྲ་བགེགས་བསྐལ་བའི་བར་དུ་ཡང་། །(༡བ)


GLG023_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

མནན་པའི་ལས་མཛད་གཤིན་རྗེའི་གཤེད། །དམར་ནག་ཀིང་ཀང་ལས་བྱེད་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་པའང་སྤྱི་བླ་མི་འགྱུར་བརྟན་པ་ཕྱོགས་གཏོགས་ནང་འཁྲུགས་ཀྱིས་བཅོམས་པ་དང་སླད་མར་ཡང་གཏང་རག་སོགས་ལ་མཁོ་བའི་ཆེད་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ།། །།སརྦ་མངྒ་ལཾ།།

འཇོམས་བྱེད་ཉི་ཟླ་ནག་པོའི་བརྒྱུད་འདེབས།


GLG023_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་བྱེད་ཉི་ཟླ་ནག་པོའི་བརྒྱུད་འདེབས་བཞུགས་སོ།།


GLG023_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་ཉི་མ་ཐུགས་རྗེའི་འོད་ཟེར་གྱིས། །མངོན་པར་སྒོ་ཕྱེ་སིནྡྷུ་རོལ་པའི་རྒྱན། །པདྨ་གེ་སར་རྩེ་ལས་རང་བྱུང་སྐུ། །དགེ་ལེགས་ཀུན་གྱི་འབྱུང་གནས་མཧཱ་གྷུ་རུ། །རྒྱལ་བ་དགོངས་བརྒྱུད་བླ་མའི་མགོན་པོར་ངེས། །བླ་མ་མཆོག་དང་དབྱེར་མེད་གཤིན་རྗེའི་གཤེད། །མ་རུངས་བདུད་སྡེའི་དཔུང་ཚོགས་འཇོམས་བྱེད་པའི། །རཀྴ་ཀཱ་ལ་ཉིད་ལ་གསོལ་བ་འདེབས། །བདེ་ཆེན་ཡེ་ཤེས་བསྐྱེད་པར་བྱ་བའི་ཕྱིར། །པ་ར་མི་ཏ་མཚན་ལྡན་ཤེས་རབ་ཚུལ། །མཚོ་གླིང་གནས་ནས་སྤྱན་དྲངས་རྒྱལ་སྲས་ཀྱི། །གཉིས་མེད་ཡུམ་གྱུར་འཇའ་ལུས་རྡོ་རྗེའི་སྐུ། །རིགས་འཛིན་རིག་པའི་བརྡ་བརྒྱུད་གསང་བའི་གཉེན། །བླ་མ་མཆོག་དང་དབྱེར་མེད་བཻ་ཏ་ལི། །བན་དགྲ་གླང་སྙིང་མུ་སྟེགས་ཕམ་མཛད་པའི། །མཐིང་འབར་རྒྱལ་མོ་ཉིད་ལ་གསོལ་བ་འདེབས། །སྨོན་ལམ་དབང་བསྐུར་མངོན་མཐོ་མཛད་འཕྲིན་ལས། །རྒྱལ་བཏབ་མ་ཉམས་ཆོས་བདག་མཁའ་འགྲོས་གཏད། །འོམ་བུ་ཚལ་གྱི་བྲག་དམར་གཏེར་སྒོ་ཕྱེ། །གྲུ་གུ་ཡང་དབང་ཞེས་གྲགས་སྤྲུལ་པའི་སྐུ། །བཀུར་འོས་དམ་པ་ཉིད་དང་བླ་མ་མཆོག །དབྱེར་མེད་ངོ་མཚར་མན་ངག་ཟབ་མོ་ཡིས། །(༢ན)


GLG023_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྒྱུད་ནུས་སྟོབས་བདག་པོར་བྱིན་བརླབས་པ། །ཆོས་དང་གང་ཟག་བཅས་ལ་གསོལ་བ་འདེབས། །ཚུལ་ཁྲིམས་རྣམ་དག་རྡོ་རྗེ་འཛིན་པ་དང་། །བལ་པོ་ཞེས་སྐྱབས་རིན་ཆེན་རྒྱལ་བའི་མཚན། །སྟོན་ཆུང་གྲགས་དབང་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །ཚུལ་ཁྲིམས་ཕུང་པོ་ཕན་བདེ་འབྱུང་བའི་གནས། །གདམས་པའི་དབང་ཕྱུག་བདུན་ལྡན་རྡོ་རྗེའི་མཚན། །རིན་ཅེན་སེང་གེ་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །རིགས་ཀྱི་ངེས་བཟུང་མི་བསྐྱོད་རྡོ་རྗེ་དང་། །རིན་ཅེན་བཟང་པོ་བྲག་གསུམ་ནགས་ཕུག་པ། །ཏྲེ་བོ་ཆོས་བཟང་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །རོང་པོའི་ཆར་འཁྲུངས་སེང་གེ་རྡོ་རྗེ་དང་། །ཕ་ཇོའི་ཚུལ་བཟུང་འཇིགས་བྱེད་ནག་པོ་དང་། །འཇམ་དཔལ་རྒྱ་མཚོ་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །སངས་རྒྱས་བསྟན་པའི་རྒྱལ་མཚན་འཛིན་པའི་དཔལ། །རིན་ཅེན་མཛོད་ལྟར་དབང་ཕྱུག་གདམས་པས་གཏམས། །མདོ་སྡེ་རྒྱ་མཚོ་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །གང་ལ་བསྐྱབ་ཕྱིར་པདྨ་དབང་ཕྱུག་ཅེས། །བཀྲ་ཤིས་མན་ངག་(༢བ)


GLG023_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གྲགས་གདམས་པས་ཕྱུག །དཔལ་ལྡན་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །རིགས་འཛིན་མཆོག་སྤྲུལ་ངག་གི་དབང་པོའི་ཞབས། །ཡོལ་མོ་སྤྲུལ་སྐུ་སྟོབས་ལྡན་ཤུགས་འཆང་རྩལ། །བཀའ་དྲིན་མཉམ་མེད་ཆོས་དབྱིངས་རང་གྲོལ་ཞབས། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །ཕྱི་ནང་ཟུང་འཇུག་དབྱེར་མེད་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་དམ་ཚིག་རྫས། །བཀའ་གཏད་འཕྲུལ་གྱི་བརྡ་སྤྲོད་ཐབས་ཉིད་ལ། །བརྟེན་ནས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བརྣག་པའི་མཐར་ཐུག་འཕྲུལ་འཁོར་ཉི་ཟླའི་བཅས། །གང་ལ་ཐོགས་མེད་གནམ་ལྕགས་འབར་བའི་དབལ། །རྟེན་འབྱུང་ནུས་ལྡན་བསྒྲུབ་ལ་རབ་བརྩོན་པ། །ལྷ་མཆོག་འཇོམས་བྱེད་ཉི་ཟླ་འགྲུབ་པར་ཤོག །སྙིགས་དུས་ལོག་སྤྱོད་སྐྱེ་བོ་སྔགས་བཟློག་མཁན། །ལས་བྱེད་གཤིན་རྗེ་གཤེད་དང་གཞན་མི་ཐུབ། །སྒོམ་བཟླས་དམོད་ཚིག་ཐབས་རྫས་སྦྱོར་བྱེད་སོགས། །འཇོམས་པར་བྱེད་འདིས་གསང་སྔགས་བསྟན་བསྲུང་ཤོག །མི་མཐུན་གཡུལ་ལས་རྣམ་རྒྱལ་དམ་པའི་ཆོས། །མཚོ་སྐྱེས་སྤྲུལ་སྐུའི་བསྟན་པ་སེམས་ཁོ་ན། །རིམ་བརྒྱུད་ཕས་རྒོལ་སྟོབས་འཇོམས་བྱེད་པོ་འདི། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །ཧཱུཾ་བསྐལ་པའི་མེ་ཆེན་འབར་བའི་ཀློང་དཀྱིལ་ནས༔ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་གཞལ་ཡས་སུ༔ དགྲ་བགེགས་གནོད་བྱེད་བསྣོལ་བའི་ཁྲི་སྟེང་ན༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། །མཆེ་བ་རབ་གཙིགས་སྤྱན་གསུམ་ཁྲོ་གཉེར་བགྲད༔ དབུ་སྐྲ་དམར་སེར་མེ་ལྟར་གྱེན་དུ་འབར༔ སྐུ་སྨད་ཕུར་བུས་(༣ན)


GLG023_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པའི་སྙིང་ལ་གཟིར༔ ཕྱག་གཡས་རལ་གྲིས་དགྲ་སྲོག་རྩད་ནས་གཅད༔ ཕྱག་གཡོན་ལྕགས་ཀྱུས་དགྲ་བོའི་སྙིང་ནས་བཟུང་༔ ཞབས་གཉིས་བརྐྱང་བསྐུམ་དྲག་པོའི་ཚུལ་དུ་འགྱིང་༔ སྐུ་ལ་བསྐལ་པའི་མེ་ཆེན་འབར་བ་ཡིས༔ གནོད་བྱེད་དགྲ་བགེགས་ཐམས་ཅད་གཞོབ་ཏུ་གཏོང་༔ འཕྲིན་ལས་ཐོགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད༔ དགྲ་བོའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ ཧཱུཾ་མཚོན་ཆ་སྣ་ཚོགས་གུར་ཁང་ན༔ དགྲ་བགེགས་བསྣོལ་བའི་ཁྲི་སྟེང་དུ༔ མུ་སྟེགས་དབང་ཕྱུག་ཆེན་པོ་ནི༔ སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་པ༔ མཆེ་བ་རབ་གཙིགས་དྲག་པོའི་རྐན་སྒྲ་རྡེབ༔ དབུ་སྐྲ་མཚོན་ཆ་གྱེན་དུ་འབར༔ ཕྱག་གཉིས་རི་རབ་མཆོད་རྟེན་བསྣམས༔ དམ་ཉམས་དགྲ་བོའི་བདུན་བརྒྱུད་རྩད་ནས་གཅོད༔ ཞབས་གཉིས་བརྐྱང་བསྐུམ་དྲག་པོའི་ཚུལ་དུ་བཞུགས༔ སྐུ་ལ་དུག་གི་མེ་འབར་དགྲ་བོ་གཞོབ་ཏུ་ཐོབ༔ བདུད་འདུལ་ཁྲོ་བོའི་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བོའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ ཅེས་འཇོམས་བྱེད་ཉི་ཟླ་ནག་པོའི་བཀའ་གཏད་ལ་ཉེར་མཁོའི་བརྒྱུད་འདེབས་དང་བཅས་པ་འདིའང་ཟ་ཧོར་གྱི་བནྡེས་སྦྱར། །

འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོའི་བཀའ་གཏད་སྒོམ་ལུང་བྱ་ཚུལ་མཐོང་བས་དོན་ལྡན།


GLG023_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོའི་བཀའ་གཏད་སྒོམ་ལུང་བྱ་ཚུལ་མཐོང་བས་དོན་ལྡན་བཞུགས་སོ། །


GLG023_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་སོ་སོའི་སྙིང་པོ་གནམ་ལྕགས་ཐོག །འོམ་བུ་ཚལ་གྱི་བྲག་ལ་རྒྱས་བཏབ་གཏེར། །པདྨའི་ཐུགས་ཀྱི་ཉིང་ཁུ་འབྱིན་མཛད་པ། །གཏེར་སྟོན་གྲུ་གུ་ཡང་ཝཾ་ཁྱོད་གཅིག་བསྔགས། །རྙིང་རློམ་ནུས་མཐུ་མེད་པའི་སྒྲིབ་ཤིང་དུ། །ཆོས་གོས་ཟླུམ་པོར་གྱོན་ནས་གཞན་འདྲིད་དང་། །རལ་ཁུར་ཁ་སྤུ་གོས་དཀར་ཙམ་ཉིད་ལ། །མཚར་འཛིན་ཕལ་གྱིས་མ་ཐོས་ཟབ་གསང་ཆོས། །ར་གན་གསེར་དུ་བརྫུ་བའི་གཡོ་སྒྱུ་མཁན། །མ་ཡིན་གཏེར་སྟོན་འཁྲུལ་མེད་དབང་པོའི་སྡེའི། །ཕྱག་ལེན་ཇི་བཞིན་མཐོང་ཆོག་ནག་འགྲོས་སུ། །བཀོད་འདིས་ཤེས་ལྡན་ཚོགས་རྣམས་དགའ་བས་ལོང་། །དེ་ཡང་ནང་པ་སངས་རྒྱས་པའི་བན་སྔགས་དང་འགྲས་པའི་གཤེད་མར་མུ་སྟེགས་དབང་ཕྱུག་མ་ཧཱ་དེ་ཝ་ཟླ་བ་ནག་པོའི་སྤུ་གྲི་ཀ་མཱ་ལ་དང་ཕྱི་རོལ་པའི་གཉེན་པོར་དཔལ་ཆེན་འཇམ་དཔལ་གཤིན་རྗེ་རཀྴའི་སྐུར་བསྟན་པ་ཐབས་ཤེས་གཉིས་སུ་མེད་པ་ལ་བརྟེན་ནས་གཟུགས་མེད་ཀྱི་བགེགས་བྱུར་སྲི་རྦད་འདྲེ་གནོད་བྱེད་དགྲ་བོ་རྦོད་གཏོང་མཁན་པོར་བཅས་པ་རྣམས་བསད་མནན་དཀྲུགས་བཤིག་འགོམ་ཆོག་སོགས་མངོན་སྤྱོད་ཀྱི་ལས་ཟབ་པའི་མཐར་ཐུག་པ་མུ་སྟེགས་སྤུ་གྲིའི་རྒྱུད་གསུམ་(༢ན)


GLG023_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སངས་རྒྱས་གཉིས་པ་དཔལ་ཨོ་རྒྱན་ཆེན་པོས་བསྡུས་ཏེ་ཇོ་མོ་མཁར་ཆེན་བཟའ་འཚོ་རྒྱལ་ལ་གདམས་ཏེ་འོམ་བུ་ཚལ་གྱི་བྲག་དམར་ལ་གསང་བའི་རྒྱས་བཏབ་པ་སྤྲུལ་པའི་གཏེར་སྟོན་གྲུ་གུ་ཡང་ཝཾ་གིས་སྤྱན་དྲངས་པའི་གདམས་པ་ཟབ་མོ་ཉམས་སུ་བླང་བ་ལ། འདི་ཉིད་ཀྱི་བཀའ་གཏད་མ་ཐོབ་པར་གྱ་ཚོམ་དུ་བསྟར་ན་དབང་ཕྱུག་ཆེན་པོ་སོགས་འཇིག་རྟེན་ལས་འདས་མ་འདས་ཀྱི་སྲུང་མས་རང་ཉིད་ཀྱི་སྲོག་ཟན་ལྟ་བུར་མཐོང་ནས་སྲོག་ལ་ཧབ་ཟས་བྱེད་པའི་ཉེས་དམིགས་ཤིན་ཏུ་ཆེ་བས་ཐོག་མའི་སྔོན་འགྲོར་བཀའ་གཏད་ནོད་པ་གལ་པོ་ཆེར་དགོངས་ནས་གཏེར་གཞུང་དུ་རྩ་ཐོ་ཙམ་དང་དེའི་གསལ་བྱེད་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཡོན་ཏན་གྱི་རྣམ་འཕྲུལ་མི་ཉག་བྱང་པ་སྔགས་འཆང་དཔལ་བཀྲ་ཤིས་སྟོབས་རྒྱལ་དྲག་པོ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་དཔའ་བོའི་སྡེས་མཛད་པའི་སྒོམ་ལུང་འབོགས་པའི་ཆོ་ག་ཚ་གྲང་ཉི་ཟླའི་གདུང་སེལ་དང་ཉི་ཟླའི་གདམས་གཏད་སྙན་བརྒྱུད་ཕྱག་ལེན་གསལ་བར་བྱེད་པའི་ལྡེ་མིག །བརྒྱུད་ལྡན་བླ་མ་དམ་པའི་བསྙེལ་ཐོའི་རེག་ཟིག་སོགས་བསྟན་པའི་བཙས་སུ་མཛད་པ་ལ་དགོས་དོན་མ་ཚང་བའི་ལེགས་བཤད་(༢བ)


GLG023_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

གསར་པའི་བྲིས་རྩོམ་བྱེད་རྒྱུ་ཅི་ལ་མཆིས་ཀྱང་ཧ་ཅང་ཆིག་འདོམས་ཆེས་པས་གོ་དཀའ་ཞིང་སོགས་ཁོངས་རྣམས་གཏེར་གཞུང་དང་ལྗགས་སྒྲིགས་སོ་སོ་ནས་ལེན་པ་བདག་དང་བདག་འདྲའི་རྡོ་རྗེ་སློབ་དཔོན་དུ་རློམ་པ་རྣམས་མགོ་རྨོངས་པས་བུལ་པའི་དཀའ་ཚེགས་ཀྱིས་ངལ་བར་མི་འགྱུར་བའི་ཆེད་དུ་བཀླགས་ཆོག་ཆུ་འབབ་ཀྱི་ཚུལ་དུ་བཀོད་པ་ལ། སྔོན་འགྲོ་གཏེར་མ། བྱང་བུ། ཕུར་གདན། དཔོན་སློབ་གཉིས་ཀྱི་ཞལ་ཕྱོགས། ཆས་དང་ཕྱག་རྟེན་སོགས་སྔོན་འགྲོའི་ཕྱག་བཞེས་རྣམས་གསལ་བྱེད་ལྡེ་མིག་དང་མཐོང་བརྒྱུད་ལྟར་འཁྲུལ་མེད་སླ་ཆོས་སུ་མ་སོང་བར་གྲབས་བཤམས་བཀོད་མཛེས་སུ་མངོན་པར་འདུ་བགྱིས། སློབ་དཔོན་རང་རིག་དོན་གྱི་པདྨ་ཐོད་འཕྲེང་རྩལ་རང་ལས་གཞན་དུ་མ་ཡིན་པར་གདེངས་རྙེད་ཀྱི་ང་རྒྱལ་བརྟན་པོ་ལ་རྣམ་པ་དེར་གསལ་གྱི་བསྐྱེད་རིམ་སྤངས་པའི་སྒོ་ནས་བགེགས་གཏོར་བཏང་ཞིང་ཕྱིར་བསྐྲད་དེ་སྲུང་འཁོར་བསྒོམ། སྔོན་འགྲོ་སྤྱི་བྱེ་བྲག་གི་ཆོས་དང་འདི་ཉིད་མུ་སྟེགས་རྒྱུད་གསུམ་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བསྡུས་ཏེ་མ་འོངས་བསྟན་པའི་བཙས་སུ་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་ལ་གནང་ནས་བྲག་དམར་འོམ་བུ་ལ་གཏེར་དུ་སྦས་པ་མ་ཡིག་ས་བཅད་དྲུག་ཏུ་བསྡོམས་པ། བུ་ཡིག་གསལ་བྱེད་གསེར་གྱི་ཕྲེང་བ་རྣམས་ཀྱི་གདམས་པ་ཟབ་པའི་ཆེ་བ། གྲུ་གུ་ཡང་ཝཾ་གིས་སྤྱན་དྲངས་ཏེ་རྩ་བའི་བླ་མའི་བར་དུ་བརྒྱུད་པ་ཟམ་མ་ཆད་པར་བྱོན་པའི་ལོ་རྒྱུས་བཤད་པ་ལ་སྤྲོ་བ་བསྐྱེད། མཎྜལ་དབུལ། དཔོན་སློབ་ཐམས་ཅད་མགྲིན་གཅིག་ཏུ་བརྒྱུད་རིམ་གྱི་གསོལ་བ་འདེབས་པ་ནི། འགྲོ་བའི་ཉི་མ་ཐུགས་རྗེའི་འོད་ཟེར་གྱིས། །མངོན་པར་སྒོ་ཕྱེ་སིནྡྷུ་རོལ་པའི་རྒྱན། །པདྨ་གེ་སར་རྩེ་ལས་(༣ན)


GLG023_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་སྐུ། །དགེ་ལེགས་ཀུན་གྱི་འབྱུང་གནས་མཧཱ་གྷུ་རུ། །རྒྱལ་བ་དགོངས་བརྒྱུད་ཐོག་མའི་མགོན་པོར་ངེས། །བླ་མ་མཆོག་དང་དབྱེར་མེད་གཤིན་རྗེའི་གཤེད། །མ་རུངས་བདུད་སྡེའི་དཔུང་ཚོགས་འཇོམས་བྱེད་པའི། །རཀྴ་ཀ་ལ་ཉིད་ལ་གསོལ་བ་འདེབས། །བདེ་ཆེན་ཡེ་ཤེས་བསྐྱེད་པར་བྱ་བའི་ཕྱིར། །པ་ར་མི་ཏ་མཚན་ལྡན་ཤེས་རབ་ཚུལ། །མཚོ་གླིང་གནས་ནས་སྤྱན་དྲངས་རྒྱལ་སྲས་ཀྱི། །གཉིས་མེད་ཡུམ་གྱུར་འཇའ་ལུས་རྡོ་རྗེའི་སྐུ། །རིགས་འཛིན་རིག་པའི་བརྡ་བརྒྱུད་གསང་བའི་གཉེན། །བླ་མ་མཆོག་དང་དབྱེར་མེད་བཻ་ཏ་ལི། །བན་དགྲ་གླང་སྙིང་མུ་སྟེགས་ཕམ་མཛད་པའི། །མཐིང་འབར་རྒྱལ་མོ་ཉིད་ལ་གསོལ་བ་འདེབས། །སྨོན་ལམ་དབང་བསྐུར་མངོན་མཐོ་མཛད་འཕྲིན་ལས། །རྒྱས་བཏབ་མ་ཉམས་ཆོས་བདག་མཁའ་འགྲོས་གཏད། །འོམ་བུ་ཚལ་གྱི་བྲག་དམར་གཏེར་སྒོ་ཕྱེ། །གྲུ་གུ་ཡང་ཝཾ་ཞེས་གྲགས་སྤྲུལ་པའི་སྐུ། །བཀུར་འོས་དམ་པ་ཉིད་དང་བླ་མ་མཆོག །དབྱེར་མེད་ངོ་མཚར་མན་ངག་ཟབ་མོ་ཡིས། །རང་རྒྱུད་ནུས་སྟོབས་བདག་པོར་བྱིན་བརླབས་པ། །ཆོས་དང་གང་ཟག་བཅས་ལ་གསོལ་བ་འདེབས། །ཚུལ་ཁྲིམས་རྣམ་དག་རྡོ་རྗེ་འཛིན་པ་དང་། །བལ་པོ་ཞེས་སྐྱབས་རིན་ཆེན་རྒྱལ་བའི་མཚན། །སྟོན་ཆུང་གྲགས་དབང་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །ཚུལ་ཁྲིམས་ཕུང་པོ་ཕན་བདེ་འབྱུང་བའི་གནས། །གདམས་པའི་དབང་ཕྱུག་བདུན་ལྡན་རྡོ་རྗེའི་མཚན། །རིན་ཆེན་སེང་གེ་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །རིགས་ཀྱི་ངེས་བཟུང་མི་བསྐྱོད་རྡོ་རྗེ་དང་། །རིན་ཆེན་བཟང་པོ་བྲག་གསུམ་ནགས་ཕུག་པ། །ཏྲེ་(༣བ)


GLG023_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཆོས་བཟང་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །རོང་པོའི་ཆར་འཁྲུངས་སེང་གེ་རྡོ་རྗེ་དང་། །ཕ་ཇོའི་ཚུལ་བཟུང་འཇིགས་བྱེད་ནག་པོ་དང་། །འཇམ་དཔལ་རྒྱ་མཚོ་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །སངས་རྒྱས་བསྟན་པའི་རྒྱལ་མཚན་འཛིན་པའི་དཔལ། །རིན་ཆེན་མཛོད་ལྟར་དབང་ཕྱུག་གདམས་པས་གཏམས། །མདོ་སྡེ་རྒྱ་མཚོ་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །གང་ལ་བསྐྱབ་ཕྱིར་པདྨ་དབང་ཕྱུག་ཅེས། །བཀྲ་ཤིས་མན་ངག་དབང་གྲགས་གདམས་པས་ཕྱུག །དཔལ་ལྡན་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །རིགས་འཛིན་མཆོག་སྤྲུལ་ངག་གི་དབང་པོའི་ཞབས། །ཡོལ་མ་སྤྲུལ་སྐུ་སྟོབས་ལྡན་ཤུགས་འཆང་རྩལ། །བཀའ་དྲིན་མཉམ་མེད་ཆོས་དབྱིངས་རང་གྲོལ་ཞབས། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །ཕྱི་ནང་ཟུང་འཇུག་དབྱེར་མེད་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་དམ་ཚིག་རྫས། །བཀའ་གཏད་འཕྲུལ་གྱི་བརྡ་སྤྲོད་ཐབས་ཉིད་ལ། །བརྟེན་ནས་སྨིན་ཅིང་གྲོལ་བར་བྱིན་གྱི་རློབས། །བརྣག་པའི་མཐར་ཐུག་འཁྲུལ་འཁོར་ཉི་ཟླའི་བཅས། །གང་ལ་ཐོགས་མེད་གནམ་ལྕགས་འབར་བའི་དཔལ། །རྟེན་འབྱུང་ནུས་ལྡན་བསྒྲུབ་ལ་རབ་བརྩོན་པ། །ལྷ་མཆོག་འཇོམས་བྱེད་ཉི་ཟླ་འགྲུབ་པར་ཤོག །སྙིགས་དུས་ལོག་སྤྱོད་སྐྱེ་བོ་སྔགས་བཟློག་མཁན། །ལས་བྱེད་གཤིན་རྗེ་གཤེད་དང་གཞན་མི་ཐུབ། །སྒོམ་བཟླས་དམོད་ཚིག་ཐབས་རྫས་སྦྱར་བྱེད་སོགས། །འཇོམས་པར་བྱེད་འདིས་གསང་སྔགས་བསྟན་བསྲུང་ཤོག །མི་མཐུན་གཡུལ་ལས་རྣམ་རྒྱལ་དམ་པའི་ཆོས། །མཚོ་སྐྱེས་སྤྲུལ་སྐུའི་བསྟན་པ་སེམས་པ་ན། །རིམ་བརྒྱུད་ཕས་རྒོལ་(༤ན)


GLG023_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་འཇོམས་བྱེད་པོ་འདི། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །ཅེས་གདངས་དང་བཅས་ཏེ་ཚར་གཅིག་གིས་ཐུན་མོང་གི་འཇུག་པ་སོང་ནས། སྐྱབས་ཡུལ་འགྲོ་བ་པོ་འགྲོ་ཚུལ་ཕན་ཡོན་རྣམས་བརྡ་སྤྲད་དེ། གུ་རུ་པདྨ་ཡེ་ཤེས་འཚོ་རྒྱལ་ཡུམ། །སྤྲུལ་སྐུ་གཏེར་སྟོན་གྲུ་གུ་ཡང་ཝཾ་སོགས། །བཀའ་བབས་རྩ་བརྒྱུད་དཔལ་ལྡན་བླ་མ་ལ། །བདག་སོགས་འགྲོ་ཀུན་ཕྱག་འཚལ་སྐྱབས་སུ་མཆི། །འཇོམས་བྱེད་རྩལ་ཆེན་ཉི་ཟླ་ཕྱི་ནང་གཤེད། །དམར་ནག་རཀྴ་སྤུ་གྲི་གང་འདུལ་སྐུར། །སྟོན་མཛད་ལྷ་དང་མཁའ་འགྲོའི་ཚོགས་རྣམས་ལ། །བདག་སོགས་འགྲོ་ཀུན་ཕྱག་འཚལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་ནས། །གཉིས་འཛིན་བདག་གིར་འཛིན་པའི་བསྟན་དགྲ་བཅོམ། །ཉོན་མོངས་བདུད་བཞིའི་གཡུལ་ལས་རྒྱལ་བའི་ཕྱིར། །ཉི་ཟླ་ནག་པོའི་དམོད་པ་བསྒྲུབ་པར་བགྱི། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། ཁྱེད་རང་དང་འོ་སྐོལ་གྱི་གཡས་ཕྱོགས་སུ་བཞུགས་པའི་དམར་གྱི་གཏོར་མ་ཕྱི་རོལ་པའི་ཅིག་ཤོས་སུ་བཤམས་པ་འདི་ཉིད་སྔགས་ཕུར་དང་གསུམ་ག་འཇམ་དཔལ་གཤིན་རྗེར་བསྐྱེད་དགོས་པ་ལགས་པས་འདི་བཞིན་དུ་སྒོམས་མཛོད་ཅེས་བརྡ་སྦྱར་ནས། གཞི་དོན་མ་རྟོགས་སྣང་སྲིད་འཁོར་འདས་ཀྱི། །ཆོས་ཀུན་སྟོང་ཞིང་བདག་འཛིན་བྲལ་བའི་ངང་། །སྐྱེ་མེད་དབྱིངས་ལས་རིག་གདངས་འགགས་མེད་རྩལ། །བདག་དང་མདུན་བསྐྱེད་གཏོར་མ་ལས་ཕུར་གསུམ། །སྟོང་གསུམ་སྟོང་གི་མི་མཇེད་འཇིག་རྟེན་ཁམས། །ཤ་ཁྲག་དུག་མཚོ་རྦ་ཀློང་འཁྲུག་པའི་དཀྱིལ། །རབ་འཇིགས་མཚོན་ཆ་སྣ་ཚོགས་འཁྲིགས་(༤བ)


GLG023_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གུར། །ཡེ་ཤེས་མེ་རི་འབར་བའི་གཞལ་ཡས་ཁང་། །ཕྱི་རོལ་གནམ་ལྕགས་ཐོག་གི་བུ་ཡུག་འཚུབ། །འོག་ཕྱོགས་ལྕགས་ཀྱི་ཁང་པ་གྲུ་གསུམ་པ། །གཤིན་རྗེའི་གྲོང་ཁྱེར་སྲིད་པའི་བཙོན་ཁང་ནང་། །གནོད་བྱེད་དམིགས་ཡུལ་སྡང་བར་བྱེད་པའི་དགྲ། །མཐུ་བྱད་བྱད་མ་རྦོད་གཏོང་བན་དང་བོན། །གདོན་བགེགས་ཟ་འདྲེ་ཕོ་མོ་འཕུང་བྱེད་སྲི། །ཕ་རོལ་རྦད་འདྲེ་ཕྱིར་འཕྲེང་སྒབ་འདྲེ་སོགས། །བསྒྱེལ་ཞིང་བསྣོལ་བའི་ཁྲིར་བརྩེགས་གདན་སྟེང་དུ། །བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད། །དགྲ་དཔུང་འཇོམས་བྱེད་རཀྴ་གནག་པའི་ལས། །མཐར་བྱེད་སྐུ་མདོག་དམར་པོ་ཁྲོ་བོའི་ཞལ། །ངོ་བོ་གཅིག་ལས་འགྱུར་མེད་ཐབས་ཤེས་རབ། །ཟུང་དུ་འབྲེལ་བའི་སྡིགས་མཛུབ་ཕྱག་གཉིས་པ། །མཆེ་བ་བཞི་དཀར་རབ་འཇིགས་སྤྱན་གསུམ་ལྡོག །སྨིན་ཕྲག་ཁྲོ་གཉེར་བཞིན་བསྡུས་རྔམས་ཤིང་བགྲད། །དབུ་སྐྲ་སྨ་ར་སྨིན་མ་དམར་སེར་མདོག །མེ་ལྟར་གཡོ་ཞིང་རལ་པ་གྱེན་དུ་འབར། །སྐུ་སྨད་གསང་བའི་གནས་ནས་གནམ་ལྕགས་ཀྱི། །ཟུར་གསུམ་དཔལ་ལྡན་ཕུར་པས་དགྲ་དང་བགེགས། །གནོད་བྱེད་ཉམས་པའི་སྙིང་ལ་རྟག་ཏུ་གཟིར། །ཕྱག་གཡས་རལ་གྲིས་དགྲ་བགེགས་བསྒྲལ་བའི་ཕྱིར། །ནམ་མཁར་འཕྱར་བས་སྲོག་རྩ་རྩད་ནས་གཅོད། །ཕྱག་གཡོན་ལྕགས་ཀྱུས་དགྲ་བོའི་དོན་སྙིང་ལ། །བཏབ་ནས་འཆོར་བ་མེད་པར་བཟུང་ཞིང་འགུགས། །ཞབས་གཉིས་གཡས་བརྐྱང་མཐིལ་ལ་གནམ་ལྕགས་དང་། །གཡོན་བསྐུམ་ཟངས་ཀྱི་སོག་ལེ་རྣོ་ངར་ཅན། །དེ་གཉིས་བར་དུ་དམིགས་བྱའི་མགོ་ལུས་སོགས། །པགས་རུས་ཤ་ཁྲག་དུམ་བུར་དམར་(༥ན)


GLG023_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ཉིལ་ལི། །གཏུབ་ཅིང་དྲག་པོའི་སྟང་སྟབས་ཚུལ་དུ་འགྱིང་། །འཇིགས་པའི་སྐུ་ལ་བསྐལ་བའི་མེ་ཆེན་པོ། །ཇི་ལྟར་བ་སྤུ་རེ་ལ་འབར་བ་ཡིས། །གནོད་པར་བྱེད་པའི་དགྲ་དང་བགེགས་ལ་སོགས། །ཐམས་ཅད་གཞོབ་ཏུ་བསྲེག་ཅིང་ཐལ་བར་གཏོང་། །འཕྲིན་ལས་ཐོགས་མེད་ཁྲོ་རྒྱལ་སྐུར་གྱུར་ཏོ། །ཞེས་གསལ་བཏབ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་ཐོན་སློབ་མའི་ཞལ་དུ་ཞུགས་པར་བརྡ་སྤྲད། །སྔགས་ལན་གསུམ་གྱི་རྗེས་ཟློས་བྱེད། །ཧཱུཾ་བསྐལ་པའི་མེ་ཆེན་འབར་བའི་ཀློང་དཀྱིལ་ནས༔ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་གཞལ་ཡས་སུ༔ དགྲ་བགེགས་གནོད་བྱེད་བསྣོལ་བའི་ཁྲི་སྟེང་ན༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱགགཉིས་པ༔ མཆེ་བ་རབ་གཙིགས་སྤྱན་གསུམ་ཁྲོ་གཉེར་བགྲད༔ དབུ་སྐྲ་དམར་སེར་མེ་ལྟར་གྱེན་དུ་འབར༔ སྐུ་སྨད་ཕུར་བུས་ཉམས་པའི་སྙིང་ལ་གཟེར༔ ཕྱག་གཡས་རལ་གྲིས་དགྲ་སྲོག་རྩད་ནས་གཅོད༔ ཕྱག་གཡོན་ལྕགས་ཀྱུས་དགྲ་བོའི་སྙིང་ནས་བཟུང་༔ ཞབས་གཉིས་བརྐྱང་བསྐུམ་དྲག་པོའི་ཚུལ་དུ་འགྱིང་༔ སྐུ་ལ་བསྐལ་པའི་མེ་ཆེན་འབར་བ་ཡིས༔ གནོད་བྱེད་དགྲ་བགེགས་ཐམས་ཅད་གཞོབ་ཏུ་གཏོང་༔ འཕྲིན་ལས་ཐོགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད༔ དགྲ་བོའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ ཅེས་སློབ་མ་ལྷར་གྱུར་པ་ལ་ཆེ་བརྗོད་འཕྲིན་བཅོལ་མངའ་གསོལ་གྱི་ཚུལ་དུ་དབྱངས་གྱེར་ནས་བྱ། གཡོན་དུ་བཀོད་པའི་གཏོར་མ་ནང་པའི་ཅིག་ཤོས་སུ་བཤམས་པ་འདི་ཉིད་སྔགས་ཕུར་དང་གསུམ་ག་དབང་(༥བ)


GLG023_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ཆེན་པོར་བསྐྱེད་དགོས་ཚུལ་བརྡ་སྤྲད་དེ། མུ་སྟེགས་རྩལ་ཆེན་དབང་ཕྱུག་ཆེན་པོ་ནི། །ཟླ་བ་ནག་པོའི་སྤུ་གྲི་ཀ་མཱ་ལ། །སྐུ་མདོག་སྔོ་ནག་ཁྲོ་གཟུགས་ཞལ་གཅིག་པ། །མཆེ་བ་རབ་གཙིགས་སྤྱན་གསུམ་སྡང་མིག་བགྲད། །དྲག་པོའི་ལྗགས་འདྲིལ་དགྲ་ལ་རྐན་སྒྲ་རྡེབ། །དབུ་སྐྲ་མཚོན་ཆ་ལྟར་གཟིངས་གྱེན་དུ་འབར། །གཡས་གཡོན་ཕྱག་གཉིས་ཟངས་ལྕགས་ལས་གྲུབ་པའི། །རི་རབ་མཆོད་རྟེན་བང་རིམ་དགུ་པ་རེ། །བཟློག་མཛད་ཕྱག་རྒྱར་བཅས་པའི་སྟེང་དུ་བསྣམས། །དམ་ཉམས་ལུས་ངག་ཡིད་གསུམ་མནན་པའི་རི། །བརྒྱབ་པས་དགྲ་བོའི་བདུན་བརྒྱུད་རྩད་ནས་གཅོད། །གཅེར་བུ་ལིངྒ་དམར་པོ་གྱེན་དུ་བསྒྲེངས། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་སྟང་སྟབས་གྱིས། །དྲག་པོའི་གདན་ལ་གནོན་མཛད་ཚུལ་དུ་བཞུགས། །སྐུ་ལ་དུག་གི་ནུས་ལྡན་མེ་འབར་བས། །དགྲ་བོ་མྱོས་ཤིང་གཞོབ་ཏུ་བསྲེག་པར་མཛད། །བདུད་དཔུང་འབུལ་མཛད་ཁྲོ་བོའི་སྐུར་གྱུར་ཏོ། །ཞེས་ལྷར་གསལ་བཏབ། དམིགས་པ་དང་བཅས་སྔགས་ལན་གསུམ་གྱི་བཟླས་ལུང་ཕོག །ཧཱུཾ། མཚོན་ཆ་སྣ་ཚོགས་གུར་ཁང་ན༔ དགྲ་བགེགས་བསྣོལ་བའི་ཁྲི་སྟེང་དུ༔ མུ་སྟེགས་དབང་ཕྱུག་ཆེན་པོ་ནི༔ སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་པ༔ མཆེ་བ་རབ་གཙིགས་དྲག་པོའི་རྐན་སྒྲ་རྡེབ༔ དབུ་སྐྲ་མཚོན་ཆ་གྱེན་དུ་འབར༔ ཕྱག་གཉིས་རི་རབ་མཆོད་རྟེན་བསྣམས༔ དམ་ཉམས་དགྲ་བོའི་བདུན་བརྒྱུད་རྩད་ནས་གཅོད༔ ཞབས་གཉིས་བརྐྱང་བསྐུམ་དྲག་པོའི་ཚུལ་དུ་བཞུགས༔ སྐུ་ལ་དུག་གི་མེ་འབར་དགྲ་བོ་གཞོབ་ཏུ་ཐོང་༔ བདུད་འདུལ་ཁྲོ་བོའི་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བོའི་ཤ་ཁྲག་གཏོར་(༦ན)


GLG023_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ ཅེས་ལྷར་གསལ་བ་ལ་བསྟོད། དཔོན་སློབ་གཉིས་ཀྱི་བར་ཐོད་པ་དང་སྔགས་བྱང་ཕུར་པ་སློབ་མར་གདོང་བསྟན་ཏེ་མདུན་དུ་བཤམ། ལིངྒ་དང་ཤ་བཙོས་པ་ལ་དམིགས་ཏེ། བདག་དང་མདུན་བསྐྱེད་སྒྲུབ་གཏོར་ལས་ཕུར་གསུམ། །ཕྱི་ནང་གང་སྒྲུབ་སྐབས་ཀྱི་སྐུར་གསལ་བའི། །མཐུ་སྟོབས་ནུས་རྩལ་འོད་ཟེར་སྤྲུལ་པའི་ཚོགས། །དངོས་འདྲ་ལྟ་བུའི་བཀའ་འཁོར་འཇིག་རྟེན་ལས། །འདས་དང་མ་འདས་དཔག་མེད་ཀྱིས་བསྐོར་བ། །གནོད་ཅིང་འཚེ་བའི་དགྲ་བགེགས་དམིགས་བྱ་ཡི། །སྙིང་ལ་ལྕགས་ཀྱུས་བཏབ་ནས་འོག་གི་ནི། །ལིངྒར་རྣམ་ཤེས་དགུག་བསྟིམ་ལས་མཛོད་ཅིག །ན་མོ་གུ་རུ་པདྨ་ཡེ་ཤེས་འཚོ་རྒྱལ་ཡུམ། །སྤྲུལ་སྐུ་གཏེར་སྟོན་གྲུ་གུ་ཡང་ཝཾ་སོགས། །མཐར་ཐུག་དཔལ་ལྡན་རྩ་བའི་བླ་མའི་བར། །བྱིན་རླབས་རིགས་འཛིན་བརྒྱུད་པའི་བདེན་པ་དང་། །དགྲ་དཔུང་འཇོམས་བྱེད་རཀྴ་གང་འདུལ་སྐུར། །མུ་སྟེགས་ཟླ་བ་ནག་པོའི་སྤུ་གྲི་སྟེ། །རྒྱས་པ་ཕྱི་ནང་གཤེད་མཛད་ཉི་ཟླ་ནག །ཡི་དམ་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། དུས་གསུམ་གནད་འབེབས་དཀྱིལ་འཁོར་སྒྲུབ་པའི་བཅས། །བྷ་ལིཾ་ལས་ཕུར་མནན་གཅོད་ཙཀྲ་སོགས། །ཏིང་འཛིན་སྔགས་དང་ཕྱག་རྒྱར་ལྡན་བྱས་པས། །རྟེན་འབྲེལ་ནུས་པར་ལྡན་པའི་བདེན་པ་དང་། །ཆོས་དབྱིངས་རྣམ་དག་བདེན་པའི་བྱིན་རླབས་ཀྱིས། །བསྟན་པ་ཡོངས་ལ་གནོད་པའི་སྤྱི་ཡི་དགྲ། །སྔགས་འཆང་སྐུ་ལ་བསྡོ་བ་སྒོས་ཀྱི་དགྲ། །ཞིང་བཅུ་ཚང་བ་བླ་མའི་སྐུ་དགྲ་སོགས། །བསྒྲལ་བྱའི་རྣམ་ཤེས་ཚེ་སྲོག་འདིར་ཁུག་ཅིག །བོད་ཁམས་འཕུང་བར་བྱེད་པ་མཐའ་དམག་(༦བ)


GLG023_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་། །ཆོས་འཁོར་དབེན་གནས་འཇོམས་བྱེད་བདུད་ཀྱི་སྡེ། །གསང་སྔགས་བཀའ་གཏེར་བསྟན་ལ་གནོད་སེམས་ཅན། །དུས་བཟང་ཆོས་བཅུ་འཛིན་པའི་དགེ་རྒྱུན་གཅོད། །དེ་འདྲའི་བསྒྲལ་ཞིང་གང་འདུག་འདིར་ཁུག་ཅིག །པདྨ་འབྱུང་གནས་རིགས་འཛིན་གདུང་གསོབ་མཁན། །འདིར་དུས་དཔོན་སློབ་ཐར་ལམ་བསྒྲུབ་པ་ལ། །གནོད་བྱེད་བསམ་པ་ངན་ཞིང་སྦྱོར་བ་རྩུབ། །སྡང་བྱེད་དགྲ་དང་གནོད་པའི་བགེགས་ལ་སོགས། །བསྒྲལ་བར་འོས་པ་ཅི་འདུག་འདིར་ཁུག་ཅིག །ཅེས་འཇམ་དཔལ་འབྱོམས་བྱེད་ཀྱི་སྒོ་ནས་དགྲ་བོ་འགུགས་ཤིང་སླར་ཡང་དགྲ་དཔུང་འཇོམས་བྱེད་རཀྴ་ནག་པོའི་སྐུར་ཞེས་པའི་ཚབ་ལ་དགྲ་དཔུང་འཇོམས་བྱེད་མ་ཧཱ་དེ་ཝའི་སྐུ་ཞེས་འདོན་པ་བསྒྱུར་བའི་གདབ་ལས་ཚར་གཅིག་གཞུང་བསྲངས་ཏེ་ལིཾངྒ་དང་ཤ་མ་བཙོས་པ་ལ་དགུག་གཞུག་བྱ། བླ་འགུགས་ཀྱི་སྔགས་ལན་གསུམ་དང་དེ་ལ་བསད་པའི་འབྱུང་གཤམ་སྒྲིལ་བ་ཚར་གསུམ་བཟླ་བ་དང་ལྷན་ཅིག་པར་སྔགས་ཕུར་བསྒྲིལ་ཞིང་དང་པོའི་སྐབས་བཙོས་པ་དང་གཉིས་པར་མ་བཙོས་པ་རྣམས་དགྲ་བོའི་ངོ་བོར་བསམས་ལ་རྩབས་པའི་ཚུལ་གྱིས་དེ་རྣམས་བསྒྲལ་བའི་ཤ་ཁྲག་གི་ཕུང་པོ་ཞིག་ཏུ་དམིགས། དགྲ་བགེགས་ཤ་རུས་དུམ་བུར་གཏུབས་པའི་གདན། །ལྷར་གསལ་རྣོ་ངར་སྟོབས་ཤུགས་རྩལ་ལྡན་གྱི། །ཞབས་སུ་ཡི་དྭགས་སྡེ་དཔོན་ལས་བྱེད་དང་། །གཞན་གྱིས་མི་ཐུབ་ཉིད་ཀྱང་མནན་པར་གྱུར། །ཅེས་བརྗོད་ནས་གསལ་བཏབ་སྟེ། སློབ་མ་དང་བྱང་བུའི་མདུན་ངོས་ཀྱི་ཡིག་འབྲུ་རྣམས་འཇམ་དཔལ་གཤིན་རྗེ་འཇོམས་བྱེད་དུ་གསལ་བ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་མོས་ཏེ། དཔོན་སློབ་གཉིས་ཀས་སྨྲ་བ་གཞན་གྱིས་བར་མ་ཆོད་པར་ཉིན་སྔགས་(༧ན)


GLG023_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་རྩ་བཟླས་ནས། སྔགས་འཕྲེང་རྣམས་དབུ་ནས་རིམ་གྱིས་གུ་རུས་སྲིན་ལག་བདུད་རྩིར་བཅས་པས་བཀྲུས་པའི་ཁུ་བ་ཆང་ཕུད་ཧུབ་གང་བླུད་ཤ་བཙོས་པ་བསྟན་དགྲ་བསྒྲལ་བའི་དོན་སྙིང་དུ་དམིགས་ནས་སྔགས་འདྲེན་ཞིང་བྱིན། ཡང་སློབ་མ་དང་རྒྱབ་སྔགས་དབང་ཕྱུག་ཟླ་བ་ནག་པོར་གསལ་བཏབ་སྟེ་མཚན་སྔགས་བརྒྱ་རྩ་དང་བཅས་གོང་ལྟར་བཀྲུས་ལ་སྟེར། ཤ་མ་བཙོས་པ་སྦྱིན། སྨོད་མོ་ནི། ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་ནན། ཞག་དང་ཟ་མ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་ནན། སྲོག་ལུས་དབང་ཐང་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་ནན། ཁ་རྗེ་དང་རླུང་རྟ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་ནན། ཟ་མལ་དུ་དུག་གཡོས་པ་ཐམས་ཅད་མཱ་ར་ཡ་ནན། འགྲོ་ལམ་དུ་རྩང་འཛུགས་པ་ཐམས་ཅད་མཱ་ར་ཡ་ནན། གསོད་གཤོམ་འཕྲོག་གཤོམ་བརྐུ་གཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་ནན། བྱད་ཁ་ཕུར་ཁ་མོ་ངན་ལྟས་ངན་ཚེར་རྩུབ་ཐམས་ཅད་མཱ་ར་ཡ་ནན། བྱུར་མི་ཁ་སྙིང་སྟོང་ངན་པ་ཐམས་ཅད་མཱ་ར་ཡ་ནན། དགྲ་གཤོམ་དམག་གཤོམ་བསམ་ངན་མདུན་མ་ངན་པ་ཐམས་ཅད་མཱ་ར་ཡ་ནན། ཞེས་རྗེས་ཟློས་ལན་གསུམ་བྱས་ཏེ་ཐལ་མོ་ལན་གསུམ་བརྡབ། ཟོར་གཏད་ལ། ཧཱུཾ། ང་ནི་འཕེན་བྱེད་ཡེ་ཤེས་ལྷ། །ཉི་མ་ཟླ་བ་ནག་པོར་ཟོར། །གནོད་བྱེད་ཕྱི་ནང་གཉེན་པོ་རུ། །མདའ་ལྟར་བཀང་ཞིང་ཐོག་ལྟར་འབེབས། །འཇིག་རྟེན་ལས་གྲུབ་དབང་ཕྱུག་ཆེ། །སྡེ་བརྒྱད་དྲེགས་པའི་འཁོར་དང་བཅས། །དམིགས་ཡུལ་བྱད་མའི་སྟེང་དུ་རྒྱུག །བྱད་ཁ་རྦད་འདྲེ་རྦོད་གཏོང་བཟློག །གནོད་བྱེད་དགྲ་བོའི་སྟེང་དུ་རྒྱུག །བསམ་སྦྱོར་ངན་བཟློག་དམག་དཔུང་ཆོམས། །ལོ་ཟླ་ཞག་དུས་ཟ་མའི་སྐེག །སྲི་དང་ལྟས་ངན་མཚན་རྩུབ་བཟློག །ཅེས་ཟོར་སྔགས་བཟླ་ཞིང་དམིགས་བྱ་ཡོད་ན་གང་ཡིན་དང་། །(༧བ)


GLG023_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་ཐེབས་དང་བསྟུན་ཏེ་འཕེན་དུ་འཇུག །སློབ་མ་འཇམ་དཔལ་དུ་གསལ་བཏབ་པའི་སྤྱི་བོར་གཏོར་མ་འཇམ་དཔལ་གཤིན་རྗེར་བསྐྱེད་པའི་སྟེང་གི་ཆར་རྩ་བརྒྱུད་ཀྱི་བླ་མ་རྣམས་མཐོ་བརྩེགས་སུ་བཞུགས་པར་མོས་ནས་རྩ་བརྒྱུད་བླ་མའི་མཚན་ནས་བརྗོད་དེ་དམ་བསྒྲགས་ཤིང་བཀའ་བསྒོས། མཐར་ཡེ་ཤེས་པ་བཞུ་བླུགས་སུ་ཐིམ་པར་བསམས་ལ་ཟན་ཁམ་གྱི་དངོས་གྲུབ་ཀྱི་རྫས་ལ་རོལ། བསྐལ་མེ་མས་སྔར་ལྟར་བསྟོད་ནས་ཆེ་བའི་ང་རྒྱལ་བསྐྱེད། དེ་བཞིན་དུ་དབང་ཕྱུག་ལ་ཡང་བདུད་འདུལ་བའི་བསྟོད་པ་དང་བཅས་ཏེ་བྱ། བཀྲ་ཤིས་ནི། ཁྱབ་བདག་པདྨ་ཐོད་ཕྲེང་འཚོ་རྒྱལ་ཡུམ། །གྲུ་གུ་ཡང་ཝཾ་དྲག་སྔགས་གཏེར་གྱི་བདག །གདམས་པའི་བཀའ་བབས་རྩ་བརྒྱུད་བླ་མ་ཡིས། །དངོས་གྲུབ་ཆར་ལྟར་འབེབས་པའི་བཀྲ་ཤིས་ཤོག །ཕྱི་རོལ་མུ་སྟེགས་ངན་སྔགས་མཚོན་ཆའི་དབལ། །འཇོམས་མཛད་འཇམ་དཔལ་གཤིན་རྗེ་རཀྴ་དང་། །ནང་པའི་དམོད་བྱད་གཉེན་པོ་དབང་ཕྱུག་ཆེ། །ཐབས་ཤེས་གཉིས་མེད་འཕྲིན་ལས་བཀྲ་ཤིས་ཤོག །བསྟན་པའི་གཉེར་འཛིན་ཟབ་གཏེར་བསྲུང་ཞིང་སྐྱོང་། །རིགས་འཛིན་མངག་གཞུག་ལོག་འདྲེན་དགྲ་བགེགས་གཤེད། །གཏུམ་དྲག་རྩལ་ལྡན་དམ་ཅན་སྲུང་མ་ཡིས། །དྲག་སྦྱོར་མངོན་སྤྱོད་འགྲུབ་པའི་བཀྲ་ཤིས་ཤོག །གཞན་ཡང་ཤིས་བརྗོད་དང་སྨོན་ལམ་རྒྱ་ཆེར་བྱའོ། །དེ་ཡང་བཀའ་གཏད་ཀྱི་སྐབས་འདིར་ཁྱད་པར་གྱི་ཆོས་སུ་རྡོ་རྗེ་སློབ་དཔོན་ངོ་བོ་གུ་རུ་པདྨ་ཡིན་པ་ལ་ལྟར་སྣང་ཆ་ལུགས་ད་ལྟའི་ཐ་མལ་པའི་གཟུགས་སུ་བྷེཾ་པ་དེ་ག་ལས་གཞན་པའི་ལྷ་སོ་སོའི་རྣམ་པར་དཔོན་སློབ་གཉིས་ཀས་མི་བསམ་པ་ལ་དགོས་པ་ཞིག་ཡོད་པ་ཞལ་ལས་ཤེས་ཤིང་གནད་ཟབ། སྔོན་དུ་(༨ན)


GLG023_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་རྫས་སུ་བྱིན་པའི་གཏོར་མ་སོགས་དམ་རྫས་སློབ་མ་རང་གིས་རོལ་པ་ལས་གཞན་ལ་མི་སྟེར་བ་འདིའི་ཁྱད་པར་གྱི་དམ་ཚིག་ཡིན་ནོ། །ཨེ་མ་རྒྱུད་གསུམ་དོན་བསྡུས་སྙིང་པོའི་བཅུད། །ཨྱོན་སངས་རྒྱས་གཉིས་པའི་ཞལ་གྱི་ལུང་། །ཡང་ཝཾ་སྤྲུལ་སྐུར་བཀའ་བབས་ཟབ་མོའི་གཏེར། །ཕྱི་ནང་སྔགས་མཁན་འཇོམས་པའི་ཐོ་བ་ཡིན། །བྱང་ཆུབ་བསྒྲུབ་པའི་དཀར་པོའི་མཁར་ནང་དུ། །དམ་པ་ཆོས་ཀྱི་དགའ་སྟོན་ལ་སྤྱོད་པར། །དགྲ་བགེགས་དཔུང་གིས་བརྫི་བར་ནུས་མིན་པའི། །ནག་པོ་མཐུ་ཡི་ལྕགས་རི་འདི་ན་བཙན། །ལོག་འདྲེན་གཟུགས་ཅན་གཟུགས་མེད་སྤྱི་གཙུག་ཏུ། །འཁྲུལ་འཁོར་ཉི་ཟླ་ནག་པོའི་གནམ་ལྕགས་ལྕེ། །བབས་ཚེ་བདུད་དཔུང་ཕམ་པའི་ཆོ་ངའི་སྒྲ། །སྒྲོགས་བཞིན་བྲོས་པའི་མོད་ལ་བརྒྱལ་ཞིག་རེངས། །སྲིད་སྡེ་དམག་གཤོམ་དུག་མཚོན་སྦྱར་བ་ལ། །ར་བའི་ཕྱི་འགྱུར་འདྲེན་རློམས་རྣམ་པར་ཐར། །མ་ཡིན་མཚམས་ཁང་ནང་ནས་སྲིད་གསུམ་ལས། །རྒྱལ་བའི་མདུན་མ་སྔགས་རྒན་རྣམས་ཀྱིས་འགྲུབ། །དེ་ཕྱིར་བསྙེན་སྒྲུབ་ལས་སྦྱར་སྔོན་འགྲོའི་སྒོ། །བཀའ་གཏད་མཐོང་བས་དོན་ལྡན་བཀོད་པའི་དགེས། །འཁྲུལ་པའི་དགྲ་སྲོག་བཅད་ནས་རང་གི་སེམས། །ཀུན་བཟང་འཇམ་དཔལ་གོ་འཕང་མངོན་འགྱུར་ཤོག །ཅེས་འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོའི་བཀའ་གཏད་སྒོམ་ལུང་བྱ་ཚུལ་བཀླགས་ཆོག་ནག་པོ་འགྲོ་ཤེས་ཀྱི་ཚུལ་དུ་བཀོད་པ་མཐོང་བའི་དོན་ལྡན་འདི་ནི་བྱང་བདག་རིགས་འཛིན་ཆེན་པོའི་སྤྲུལ་པའི་སྐུ་རིན་པོ་ཆེར་ཆོས་འདི་འབུལ་བའི་སྟ་གོན་གྱི་ཆེ་འཇུག་བདེའི་བསམ་པས་མཚམས་སྦྱར་རང་དང་སྐལ་མཉམ་གྱི་ལས་དང་པོ་བ་མང་པོར་ཕན་འདོད་ཀྱི་བསམ་པས་(༨བ)


GLG023_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་བླངས་ཏེ་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་དྲག་པོ་རྩལ་གྱིས་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ་ཆོ་འཕྲུལ་མཆོད་པའི་དཀར་ཆ་རྒྱལ་ཕུར་གྱི་འགྲུབ་སྦྱོར་ཐོག་སྦྱར་བའི་ཡི་གེ་པ་ནི་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་དགྲ་བགེགས་གཡུལ་ལས་རྒྱལ་བའི་རྔ་སྒོ་སྲིད་གསུམ་ཀུན་ཏུ་ཁྱབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

ལས་ཀྱི་གཤིན་རྗེའི་འཕྲིན་ལས་འཆི་བདག་དགྱེས་པའི་རྐན་སྒྲ།


GLG023_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་གཤིན་རྗེའི་འཕྲིན་ལས་འཆི་བདག་དགྱེས་པའི་རྐན་སྒྲ་བཞུགས་སོ། །


GLG023_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཀརྨ་ཡ་མཱ་ཡ། སྐྱེ་དགུ་ཡོངས་ཀྱི་བླ་ཚེ་དང་། །སྲོག་དབུགས་ཀུན་ལ་དབང་སྒྱུར་བའི། །ལས་གཤིན་བྷེ་ཝ་ས་ཏྭ་ཞེས། །འཆི་བདག་ནག་པོའི་འཕྲིན་ལས་འདྲི། །དེའང་ཟིལ་གནོན་ཚེ་བདག་ནག་པོའི་མཆོད་རྟེན་བཅས་ཆོག་ཡོད་ན་དེས་ཁྱབ་ལ་གཞན་དུ་ན་འཆི་བདག་ཞལ་དབྱེའི་ལས་ཀྱི་དཀྱིལ་འཁོར་ས་སྟེགས་འབྲུབ་ཁུང་སོགས་ཁ་ཐུན་གྱི་གཞུང་མན་ངག་བཞིན་དུ་བྱས་པའི་ནང་དུ་ཐོད་པ་འཁོར་ལོ་སོགས་ཕྱག་ལེན་ལྟར་མངོན་པར་འདུ་བྱས། དེའི་མདུན་དུ་བསྙེན་སྒྲུབ། བསད་པ། འཕྲིན་ལས་དཀྱུས་སུ་འཆོལ་བ། གཏང་རག་སོགས་སྐབས་ཐོབ་དབྱེ་བ་ཕྱེད་པར་བྱས་པའི་རྫས་སྤྱིར་བཏང་དམིགས་བསལ་གང་བབས་བསྲེས་པའི་འབྲུ་ནག་གི་ཕྱེ་ལ་གཏོར་མ་ཟུར་གསུམ་པ་འཁོར་གཤེད་བཞི་ཁྲམ་བདག་བཅུ་གཉིས་དང་བཅས་པའི་གཏོར་མ་བཅུ་དྲུག་མཐེབ་སྐྱུ་རབ་བརྒྱ་འབྲིང་ལྔ་བཅུ་ཐ་མའང་ཉེར་གཅིག་གིས་བསྐོར་བ་ཤ་ཁྲག་གི་རྒྱན་དང་མར་རྒྱན་གྱིས་སྤྲས་པ། སྨན་མཆོད། རཀྟ། ཁྲག་གི་ཨརྒྷཾ། དབང་པོ་ལྔ་དངོས་སམ་རྒྱུ་དེ་དག་ནས་བསྲེས་པའི་བཟོ་མ་དང་དུད་འགྲོའི་སྙིང་སོལ་པ། ཤ་ཆེན། གུ་གུལ་གྱི་(༢ན)


GLG023_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

དུད་པ། རོ་རས་ཀྱི་སྡོང་བུ་ལ་ཚིལ་ཆེན་གྱི་མར་མེ། ཁྲག་དང་མཁྲིས་པའི་དྲི་ཆབ། ཤ་རུས་བསྲེས་པའི་ཞལ་ཟས་གྲུ་གསུམ། ཤོག་ལིང་ཟན་ལིང་སྐབས་སྦྱར། གསེར་སྐྱེམས་ཀྱི་ཛ་རག་དང་ཕུད་ཕོར། ཁྲག་མཆོད་ཀྱི་བཟེད་ཞལ། མི་རྐང་གི་གླིང་བུ། ཐོད་པའི་རྔ་ཆུང་། གཡབ་དར། བྱི་ལའི་གཅིན། སྨུག་ཆེན་སྨུག་ཆུང་། རོལ་མོ་གོ་མཚོན་སྤྱན་གཟིགས་རྣམས་བཤམ། མཆོད་པ་བྱིན་གྱིས་བརླབ་པ་ནི། ཨཱོཾ་སུཾ་བྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དགྲ་བགེགས་གདུག་པ་ཅན་མཐའ་དག་བསྒྲལ་བ་ལས་བྱུང་བའི་ཁྲག་གི་ཡོན་ཆབ། དབང་པོའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། མཁྲིས་ཆེན་གྱི་དྲི་ཆབ། ཙིཏྟའི་ཞལ་ཟས། རྐང་ཆེན་གྱི་གླིང་བུ་ལ་སོགས་མཆོད་པའི་རྫས་བསམ་གྱིས་མི་ཁྱབ་པར་གྱུར། ཡ་མ་མེ་ད་ཀྵེ། རཱ་ཙ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཛ་ནི། བྷེ་ཝ་ས་ཏྭ་ཛ་མ་རི་ཧཱུཾ། སརྦ་འབུ་བ་ཏ་ཡ་བ་ཏི། ཨ་རྒྷཾ་ཨཱཿཧཱུཾ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། (༢བ)


GLG023_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ལོ་ཀེ། གྷནྡྷེ། ནཻ་ཝི་དྱེ། ཤཔྟ་ཨཱཿཧཱུཾ། བདུད་རྩིས་བསངས་སྦྱངས། སྟོང་པའི་ངང་ལས། རླུང་མི་ཐོད་པའི་སྒྱེད་པོ་གསུམ་ལ་གནས་པའི་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བཅུད་ཤ་ལྔ་བདུད་རྩི་ལྔའི་རང་བཞིན། ཁ་དོག་དྲི་རོ་རེག་བྱ་ནུས་པ་ཕུན་སུམ་ཚོགས་པའི་རྒྱ་མཚོ་ཆེན་པོར་གྱུརཿ ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི་ཧཱུཾ་ཧྲཱི༔ཋ། ཞེས་སྔགས་ལན་གསུམ་བརྗོད། གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས། རླུང་མེ་ཐོད་པའི་སྒྱེད་པོ་གསུམ་ལ་གནས་པའི་ཨ་ལས་བྷནྡྷིའི་སྣོད་ལྕང་ལོར་བཅས་པ་གྲུ་གསུམ་འབར་བའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་བྱད་མ་གཟུགས་ཕུང་ཤ་ཁྲག་གི་རང་བཞིན་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོཾ་མ་ཧཱ་བྷ་ལིཾ་ཏ་ཧཱུཾ་ཧྲཱིཿཋ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས། རཀྟ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར། སྲིད་གསུམ་དགྲ་བགེགས་གདུག་པ་ཅན་མ་ལུས་བསྒྲལ་བ་ལས་བྱུང་བའི་རཀྟའི་རྒྱ་མཚོ་ཆེན་པོ་ལྦུ་ཕྲེང་རྦ་རླབས་འཕྱོ་ཞིང་། ཡོངས་སུ་གང་བ་ལས་ཀྱི་གཤིན་རྗེའི་ལྷ་ཚོགས་དགྱེས་པ་བསྐྱེད་ནུས་པར་གྱུར། ཨཱོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱི༔ཋ། ཞེས་གསུམ་གྱིས་བྱིན་གྱིས་བརླབ་བོ། །བསད་ལས་གཙོ་བོར་བྱེད་ན་གཏོར་མའི་དུས་ཟུར་ཁྱད་དགོས་པ་ཡང་བཟློག་གི་ཐུན་གཏོར་དང་འདྲའོ། །དེ་ནས་ལས་ཁུང་དང་རྟེན་བསྐྱེད་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ལྕགས་ཁང་སྒོ་མེད་ཟུར་གསུམ་པ་ཡངས་ཤིང་རྒྱ་ཆེ་བའི་ཕྱི་ལྕགས་མཁར་ཐོད་པའི་རྭ་བ། ནང་ལྕགས་མཁར་མུན་པ་ནག་པོའི་གླིང་། ཕྲག་དོག་གི་རླུང་གིས་ཞེ་སྡང་གི་མེ་སྦར་(༣ན)


GLG023_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། འདོད་ཆགས་ཀྱི་ཁྲག་དུག་ཁོལ་བའི་རླངས་པས་གཏི་མུག་གི་མུན་པ་འཐིབས་པ། དེའི་ནང་དུ་ལྕགས་མཁར་གཅིག །དེའི་ཕྱིར་ལྕགས་མཁར་བརྒྱད། དེའི་ཕྱིར་ལྕགས་མཁར་བཅུ་གཉིས། དེའི་ཕྱི་རོལ་མུན་པའི་གླིང་། དེའི་ཕྱིར་ལྕགས་མཁར་བཅུ་དྲུག་ཡོད་པ་འཇིགས་ཤིང་རྔམ་པའི་ཁ་བད་ལྕང་ལོར་བཅས་པའི་བནྡྷ་རློན་པ་རྙིད་པ་སྐམ་པོ་རྣམས་བརྩེགས་མར་བསྐོར་བའི་སྟེང་དུ་མི་ལྤགས་ཀྱི་རྒྱལ་མཚན་དང་འཕན་གདུགས་བསྒྲེང་བ། སྒལ་ཚིགས་དང་རྐང་ལག་གི་རུས་པའི་བྱ་འདབས། དུག་སྦྲུལ་དང་རྒྱུ་མའི་ལྡ་ལྡི། གློ་སྙིང་མཆིན་པ་མཁལ་མཆེར་མིག་སྣ་རྣ་བ་ལྕེ་སོགས་འཕྱང་བའི་དྲ་བ་ཕྱེད་པས་སྤྲས་པ། སྟེང་དུ་མེ་དམར་ནག་ཏུ་འཁྱིལ་བ་དང་འོག་རླུང་གི་འཁོར་ལོ་གཉིས་འཁྲུག་ཅིང་འཚུབ་པ། ཁྲག་གི་ཆུ་བོ་འབབ་ཅིང་མཚོར་འཁྱིལ་བ། ནང་ལྷ་སྲིན་སྡེ་བརྒྱད་ཀྱི་འདུ་གནས། སྲིད་གསུམ་ལྟོ་བར་འཆང་བའི་ཞིང་ཁམས། ཤི་གསོན་གཉིས་ཀྱིས་མཚམས་ཀྱི་ཟམ་ཁ། གསོན་པོ་སྐོས་ལ་འདེབས་པར་བྱེད་པའི་ས། གཤིན་པོ་དབང་མེད་འཁྱམ་ཞིང་རྒྱུ་བའི་ཡུལ། སྐྱེ་འགྲོ་ཁྲམ་ལ་འདེབས་པའི་ས་གཞི། མ་རུངས་ལོག་འདྲེན་འཇུག་པའི་བཙོན་ཁང་། དམ་ཉམས་དགྲ་བགེགས་གསོད་པའི་བཤས་ར། འཆི་བདག་གཤིན་རྗེའི་ཕོ་བྲང་འཇིགས་ཤིང་སྐྱི་གཡའ་བ། དབུས་ཀྱི་ལྕགས་མཁར་དུ་དགྲ་བོ་གན་རྐྱལ་ཁ་སྦུབ་ཏུ་བརྫིས་པའི་མ་ཧེ་ནག་པོ་ཁ་གདངས་ཤིང་མཆེ་བ་གཙིགས་པ་རྣོ་ངར་དང་ལྡན་པའི་རྭ་གདེངས་པ་འཇིགས་སུ་རུང་བའི་སྟེང་དུ་ཡ་ནག་པོ་ལས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས་ལོག་(༣བ)


GLG023_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། འཆི་བདག་ལས་ཀྱི་གཤིན་རྗེ་བྷ་ཝ་ས་ཏྭ་སྐུ་མདོག་རྡོ་སོལ་ལྟར་གནག་པ་སྲིན་པོའི་ཞལ་ཅན། རབ་ཏུ་ཁྲོས་པའི་གཉེར་མ་སྨིན་མཚམས་སུ་བསྡུས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་ཕྱོགས་བཅུར་གཟིགས་པ། གནམ་ས་ལྟ་བུའི་ཞལ་གདངས་པ་ལས་ཁ་རླངས་དུག་གི་མེ་ལྕེར་འབར་བ། ཚེམས་དང་མཆེ་བ་གངས་རི་ལྟ་བུའི་བར་ནས་ལྗགས་གློག་ལྟར་འཁྱུག་པ། ཞལ་གྱི་གྲ་ནས་ཁྲག་གི་རྒྱུན་འཛག་པ། དབུ་སྐྲ་དང་སྨིན་མ་སྨ་ར་རྣམས་མེ་ལྟར་འབར་བ། ཕྱག་གཡས་བེ་ཅོན་འཕྱར་ཞིང་། གཡོན་གནམ་ལྕགས་ལས་གྲུབ་པའི་མཚོན་ཆའི་འཁོར་ལོ་བསྐོར་བ། གསུས་པ་ཆེ་ཞིང་ལྟོ་བ་འཕྱང་བ། ཞབས་གཉིས་མ་ཧེ་ལ་ཞོན་ནས་སྟོང་གསུམ་མྱུལ་བ། མི་ལྤགས་ཀྱི་གཡང་གཞི་དང་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་ཞིང་རུས་པའི་རྒྱན་དྲུག་དང་། རྒྱུ་མ་དང་། དུག་སྦྲུལ་གྱིས་སྤྲས་པ། ཁྲག་གི་ཐིག་ལེས་བརྒྱན་པ། བྷྱོ་ལས་ཡུམ་གཏུམ་མོ་དུག་ཧྲུལ་མ་ནག་མོ་ཁྲོ་ཞིང་གཏུམ་པ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་བཟུང་ནས་དགྲ་ལ་ནད་ཡམས་གཏོང་བ་ལས་ཀྱི་རླུང་དམར་ལ་ཞོན་པ། ཡབ་ཡུམ་དེ་གཉིས་ཀྱི་ལྟོ་བར་སྲིད་པའི་གྲོང་ཁྱེར་ལྕགས་མཁར་བཅུ་དྲུག་གི་ནང་དུ་ཡ་མ་མེ་ད་ཀྵེ། རཱ་ཙ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཛ་ནི་རྣམས་ཡོངས་སུ་གྱུར་པ་ལས་རང་འདྲའི་ལས་གཤིན་ཡབ་ཡུམ་འཁོར་དུ་གཤེད་བཞི་ཁྲམ་ཐོགས་བཅུ་གཉིས་སོགས་ལྷ་སྲིན་སྡེ་བརྒྱད་བུ་ཡུག་ལྟར་འཚུབ་པས་དགྲ་བགེགས་སྒྲོལ་བའི་ལས་བྱེད་པའི་བདག་ཉིད་ཅན་དུ་གྱུར། འཆི་བདག་ཡབ་(༤ན)


GLG023_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་འཁོར་དུ་ལྕགས་མཁར་བརྒྱད་ཀྱི་ནང་ན་ཡི་གེ་བཞི་ལས་ལས་ཀྱི་གཤེད་བཞི་གྲུབ་པ་ནི། ཤར་དུ་གཤིན་རྗེ་ཡ་མ་རཱ་ཛ་སྨུག་ནག །ལྷོར་བདུད་པོ་མྱོས་བྱེད་འབར་བ་སེར་ནག །ནུབ་ཏུ་སྲིན་པོ་ཨཱཪྱ་མ་རུ་དམར་ནག །བྱང་དུ་གནོད་སྦྱིན་རལ་པ་ཚར་དགུ་ལྗང་ནག་བཞི་ཀའང་གཡས་རིམ་བཞིན་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིས་མཚན་པའི་བེ་ཅོན་དང་། གཡོན་མཚོན་ཆའི་འཁོར་ལོ་འཛིན་པ་མཚམས་བཞིར་གཤེད་མོ་བཞི་དང་བཅས་པ། དེའི་ཕྱི་རོལ་ལྕགས་མཁར་བཅུ་གཉིས་ཀྱི་ནང་དུ་ཡི་གེ་བཅུ་གཉིས་ལས་ལས་ཀྱི་ཁྲམ་བདག་བཅུ་གཉིས་གྲུབ་པ་ནི། ཤར་ནས་བརྩམས་ཏེ་གཡས་སྐོར་དུ་གཤིན་རྗེ་ནག་འཇོམས་མཐིང་ནག་གཡས་རྡོ་རྗེ་རྩེ་ལྔ་དང་གཡོན་དགྲ་སྟ་འཛིན་པ། གཤིན་རྗེ་ཕྱྭ་སངས་དཀར་པོ་གཡས་ཚེ་བུམ་དང་གཡོན་རྡོ་རྗེ་གཤོལ་དབྱུག་འཛིན་པ། གཤིན་རྗེ་ཀོང་ཙེ་བྲག་འཇོམས་དཀར་པོ་གཡས་བྲག་ནག་དང་གཡོན་འཁོར་ལོ་འཛིན་པ། གཤིན་རྗེ་ཨ་བ་གླང་མགོ་དུད་ཁ་གཡས་ལྕགས་ཀྱུ་གཡོན་རྒྱུ་ཞགས་འཛིན་པ། གཤིན་རྗེ་ཡ་ཝ་ཏི་སྔོ་ནག་གཡས་རལ་གྲི་དང་གཡོན་རྡོ་རྗེ་ལྕགས་ཀྱུ་འཛིན་པ། གཤིན་རྗེ་མིག་དམར་དམར་ནག་གཡས་རལ་གྲི་དང་གཡོན་ཞིང་དབྱུག་འཛིན་པ། གཤིན་རྗེ་རྨིག་པ་དུད་ཁ་གཡས་ཐོད་འཕྲེང་དང་གཡོན་ལྕགས་སྒྲོག་འཛིན་པ། གཤིན་རྗེ་ཏེལ་པ་སྔོ་ནག་གཡས་སྤུ་གྲི་དང་གཡོན་བྷན་དམར་འཛིན་པ། གཤིན་རྗེ་ལྷ་མཆོག་དུད་ཁ་སྨུག་ནག་གཡས་ཐོ་བ་དང་གཡོན་རྡོ་རྗེ་རྒྱ་གྲམ་འཛིན་པ། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དམར་སེར་གཡས་རྡོ་རྗེ་རྩེ་གསུམ་དང་གཡོན་བདུད་ཀྱི་ཁྲམ་ཤིང་འཛིན་པ། གཤིན་(༤བ)


GLG023_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དམར་པོ་དམར་ནག་གཡས་རྩིས་ཀྱི་བྱང་དམར་དང་གཡོན་གཏུན་ཤིང་འཛིན་པ། གཤིན་རྗེ་ཐོད་དབྱུག་མཐིང་ནག་གཡས་ཐོད་དབྱུག་དང་གཡོན་བདུད་ཀྱི་ཤོ་རྡེལ་འཛིན་པ་རང་རང་གི་ཆུང་མ་དང་བཅས་པ། གཞན་ཡང་དེ་དག་གི་ཕྱི་རོལ་ཏུ་ལས་སྣ་ཚོགས་སོ་སོར་སྒྲུབ་པའི་སྤྲུལ་པ་ཡང་སྤྲུལ་གྱི་ཚུལ་དུ་ལས་ཀྱི་མི་བརྒྱད། མཐར་བྱེད་ཀྱི་ཕོ་ཉ་བརྒྱད། གཤེད་པོ་བདུན། སྲས་མཆོག་བཅུ་བདུན། གིང་ཆེན་བཅོ་བརྒྱད། གཅེས་བདུད་བཅུ་གཅིག །བཤན་པ་བཞི། མོན་པ་བཞི། ཕོ་གཤེད་སུམ་བརྒྱ་དྲུག་ཅུ། མོ་གཤེད་སུམ་བརྒྱ་དྲུག་ཅུ། གཤིན་རྗེ་བདུན་བརྒྱ་ཉི་ཤུ། མདངས་ལེན་གྱི་མ་མོ་སྟོང་དང་རྩ་གཉིས། ཕྱི་རོལ་གྱི་ལྕགས་མཁར་བཅུ་དྲུག་ལ་ལས་བྱེད་ཆེན་པོ་བཅུ་དྲུག་སོགས་མདོར་ན་སྣང་སྲིད་ལྷ་ཟིན་དྲེགས་པའི་དམག་ཚོགས། ཤ་ཟ་བ། ཁྲག་འཐུང་བ། བལྟ་བ། རྒོད་པ། ཁྲོ་བ། བརྡ་དང་གར་བྱེད་པ། མཚོན་ཆ་སྣ་ཚོགས་འཕེན་པ། གསོད་གསོད། རྒྱོབ་རྒྱོབ། ཧཱུཾ་ཧཱུཾ། ཕཊ་ཕཊ། རྐང་རྐང་། རྐེ་རྐེ། ཏ་ཧུ་ཏ་ཧཱུཾ་སོགས་འཇིགས་པའི་སྒྲ་སྒྲོག་པས་ས་དང་བར་སྣང་མ་ལུས་པ་གང་བར་གྱུར་པར་བསམས་ལ། སྤྱན་གྱི་ཕྱག་རྒྱ་བཅས་ཏེ། ཧཱུཾ་ཡ་མཱནྟ་ཀྲྀ་ཏ་བཛྲ་དྷརྨཿ ཙཀྵུ་པྲ་བེ་ཤ་ན། ཞེས་སྤྱན་དབྱེ། སྡང་མིག་ཏུ་དགྲ་ལ་གཟིགས་པས་འཇིགས་པར་འགྱུར། ཨཱོཾ་ཡ་མཱནྟ་ཀ །དེ་བ་ཤོ་ད་ཏྲཾ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་པས་ཞལ་གདངས་པ། ལྗགས་འགྲིལ་བས། ཧ་ཧ་ཞེས་དགྲ་བོ་སྐྲག་པར་བྱེད་པར་གྱུར། ཨཱོཾ་ཨ་མཱནྟ་ཀ །བཛྲ་ཧྲི། ཞེས་བརྗོད་པས། ཐུགས་ཤིན་ཏུ་ཁྲོས་ཤིང་རྔམ་པ། དབུ་སྐྲ་གྱེན་དུ་བརྫེས་(༥ན)


GLG023_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྨིན་མཚམས་འོད་ཟེར་དམར་ནག་མགར་གྱི་ཚ་ཚ་བཞིན་དུ་འཕྲོ་བར་གྱུར། ཨཱོཾ་བཛྲ་གུ། ཧྭ་ལམ། ཞེས་བརྗོད་པས། མཆེ་བ་གཙིགས་ནས་དགྲ་བོའི་སྲོག་རྩ་གཅོད་པར་གྱུར། ལག་པ་གཡས་བེ་ཅོན་དང་། གཡོན་ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། བེ་ཅོན་བརྒྱབ་བས་ས་གཞི་གས་ནས་སྒོ་བྱེ་རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པ་ལས་ཀྱི་གཤིན་རྗེའི་སྙིང་གའི་ཡ་ལ་ཕོག་པས། རླུང་གི་དཀྱིལ་འཁོར་གྱི་སྟེང་རྒྱ་མཚོ་ཆེན་པོའི་འོག་གཤིན་རྗེ་བྷེ་ཝ་ས་ཏྭ་འཁོར་བཅས་སྤྱན་དྲངས་ནས་དམ་ཚིག་པ་ལ་ཐིམ་པར་བསམས་ནས། འབོད་པའི་བརྡས་ལན་གསུམ་དུ་འབོད། བཤུག་གླུ་ལན་གསུམ་དུ་སྐྱུར། མི་རྐང་གི་གླིང་བུ་ལན་གསུམ་འབུད། ཐལ་མོ་ལན་གསུམ་བརྡབ། ཐོད་ཆེན་གྱི་རྔ་དང་རྫ་རྔ་བརྡུང་། དར་ནག་གི་གཡའ་མོ་ཕྱོགས་བཞི་ནས་ལན་གསུམ་དུ་གཡབ། ཤ་ཆེན་དང་ཚིལ་ཆེན་གྱི་གསུར་དུད་གཏོང་ཞིང་འདི་སྐད་དོ། །ཧཱུཾ། འདི་ནས་བྱང་ཕྱོགས་རི་རབ་ཆེན་པོའི་རྨང་། །དཔག་ཚད་བརྒྱད་ཁྲི་ཐུར་དུ་ཟུག་པ་ན། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །ཡིད་ཀྱིས་བརྒྱུ་བའི་སྒོ་ཅན་ན། །ཕྱོགས་ཕྱོགས་མི་རོས་གཏམས་པའི་གནས་མཆོག་ན། །འཆི་བདག་ལས་ཀྱི་གཤིན་རྗེ་ཆེན་པོ་དང་། བདུད་ཀྱི་རྒྱལ་མོ་དུག་ཧྲུལ་གོས་གྱོན་མ། །ལས་ཀྱི་གཤེད་པོ་ཁྲམ་བདག་ཡབ་ཡུམ་རྣམས། །སྲིད་གསུམ་ལྟོ་ན་འཕྱོ་ཞིང་འགལ་བྱེད་ཞགས་པས་འདྲེན། །བེ་ཅོན་འཁོར་ལོ་བསྐོར་ཞིང་དམ་ཉམས་རྩད་ནས་གཅོད། །བསྟན་པ་གཉན་བསྲུང་ལས་ཀྱི་རྫུ་འཕྲུལ་ཅན། །ཐ་ཚིག་གཉན་པོས་ཐུགས་དམ་རྒྱུད་(༥བ)


GLG023_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་གྱིས། །དམ་ཚིག་རྗེས་སུ་དྲན་ཞིང་དམར་ཆེན་དམ་ལ་གཤེགས། ཡ་མ་མེ་ད་ཀྵེ། རཱ་ཙ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཛ་ནི། བྷེ་ཝ་ས་ཏྭ། ཛ་མ་རི་ཧཱུཾ། ཨ་ར་ལི་ཧོ། ཛཿཧཱུཾ་བཾ་ཧོ༔ ས་མ་ཡ་སྟཾ། བཞུགས་སུ་གསོལ་བ་ནི། ཧཱུཾ། གྲུབ་པའི་འཆི་བདག་གཤིན་རྗེ་སྲིན་མོའི་ཚོགས། །མིང་དང་སྲོག་ཏུ་བརྗོད་པས་གྲུབ་པའི་ཚོགས། །རྡོ་རྗེའི་ཐ་ཚིག་དམ་ཚིག་རྗེས་དྲན་ཞིང་། །གྲུབ་པའི་ལས་རྣམས་སྔོན་ཚེ་ཁས་བླངས་ཏེ། །དཀྱིལ་འཁོར་གནས་འདིར་དམ་ཚིག་བརྟན་པར་བཞུགས། ཡ་མ་མེ་ད་ཀྵེ། རཱ་ཙ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཛ། ས་མ་ཡ། མ་ན་མ་ར་ཨ་དྷི་ཏིཥྛ་ས་མ་ཡ་ལྷན། ཟིལ་གྱིས་གནོན་པ་ནི། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ལ། ཨཱོཾ་ཤྲཱི་མཉྫུ་ཀྲོ་ཏ་ཛྙཱ་ན་སརྦ་དུཥྚཾ་བྷནྡྷ་ཡ་ཕཊ། དབང་དུ་བསྡུ་བ་ནི། རྩེ་གསུམ་གྱི་ཕྱག་རྒྱ་བསྟན་ཏེ། ཧཱུཾ། འཇིག་རྟེན་འཆི་བདག་གཤིན་རྗེ་མཐུ་ཆེན་རྣམས། །འཇིགས་རུང་ལས་ཀྱི་རྫུ་འཕྲུལ་སྟོབས་ཅན་ལས། །ཡེ་ཤེས་ཏིང་ངེ་འཛིན་གྱི་བྱིན་སྟོབས་ཀྱིས། །འཇིག་རྟེན་གདུག་པ་འདུས་པའི་ཡེ་ཤེས་དང་། །སྲིད་པའི་སྙིང་ཐག་འདྲེན་པའི་ཏིང་འཛིན་ང་ལ་ཡོད། །ང་ནི་བགེགས་ཆེན་འདུལ་བ་ཡི། །སངས་རྒྱས་རྫུ་འཕྲུལ་བདག་སྦྱོང་བས། །བགེགས་ཀྱི་ཚོགས་རྣམས་ངས་འདུལ་ལོ། །ཨཱོཾ་ཧྲཱི༔ཥྚཱི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། མ་ཧཱ་བཾ་ཀ །ཛཾ་བི་ཏ་ཨནྟ་ཀ་ར། སརྦ་དུ་ཤ་སྟཾ་པ་ཡ་ཧཱུཾ་ཕཊ། དམ་ཚིག་བསྟན་པ་ནི། རྡོ་རྗེ་རྩེ་གཉིས་པའི་ཕྱག་རྒྱ་བསྟན་ཏེ། ཧཱུཾ། སྔོན་ཚེ་དཔལ་ཆེན་གཤིན་རྗེ་གཤེད། ཁྲོ་མཆོག་འབར་བའི་སྐུ་མངའ་དེས། །འཆི་བདག་གཤིན་རྗེ་གཟིར་ནས་ནི། །དྲེགས་པ་སྤངས་ནས་སྲོག་(༦བ)


GLG023_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཕུལ། །ཕོ་བྲང་འཁོར་དུ་དམ་ཚིག་བྱིན། །སྐུ་གསུང་ཐུགས་སུ་བདག་སྦྱོར་བའོ། །ཕོ་བྲང་དཀྱིལ་འཁོར་མངའ་བདག་འདིར། །རྟག་ཏུ་དམ་ཚིག་ཚུལ་བཞིན་གྱིས། །བྷེ་བ་ས་ཏྭ་ས་མ་ཡེ་ས་མ་ཡ་ཐཱ། དམ་བསྒྲག་པ་ནི། བེ་ཅོན་གྱི་ཕྱག་རྒྱ་བསྟན་ཏེ། འཆི་བདག་ནག་པོའི་འཁོར་བཅས་རྣམས། །རང་སེམས་དཔང་དུ་རབ་བཙུགས་ལ། །དམ་ཚིག་དག་ལ་གནས་པར་གྱིས། །འགལ་ན་མགོ་བོ་ཚལ་པར་འགས། །ཡ་མ་རཱ་ཛ་ས་མ་ཡ་ཧཱུཾ་ཕཊ། རྡོ་རྗེའི་མནའ་ཆུ་སྦྱིན་པ་ནི། དམ་ཆུ་གཏེར་བའི་སྟང་ག་དང་བཅས་ཏེ། འདི་ནི་འཇམ་དཔལ་གཤིན་རྗེའི་གཤེད། །སྤྱན་སྔར་ཁས་བླངས་རྡོ་རྗེའི་ཆུ། །མ་ཉམས་དངོས་གྲུབ་ཐོབ་བྱེད་ཅིང་། །འགལ་ན་མགོ་འགས་དམྱལ་བར་ལྟུང་། །ཡ་མ་རཱ་ཛ་ཨི་དཾ་ཧོ༔ བཀྵ་ས་མ་ཡ་ཨི་དན་ན་ར་སྐན། དམ་ལ་བཞག་པ་ནི། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྟོན་པའམ་རྡོ་རྗེ་དངོས་གང་རུང་དང་བཅས་ཏེ། ཧོ། འཆི་བདག་ལས་ཀྱི་གཤིན་རྗེ་བྷ་ཝ་ས་ཏྭ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། འཕགས་པ་འཇམ་དཔལ་གཤིན་རྗེའི་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་པདྨ་འབྱུང་གནས། སློབ་དཔོན་གཙུག་ལག་དཔལ་དགེ །བལ་པོ་བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། གནུབས་ཡེ་ཤེས་རྒྱ་མཚོ། གནུབས་པདྨ་དབང་རྒྱལ། གནུབས་བླ་ཆེན་འཇམ་དཔལ། གནུབས་རྒྱ་གར་རྡོ་རྗེ་ལ་སོགས་པའི་བཀའ་མའི་བརྒྱུད་པ་དང་། གཏེར་སྟོན་རྒྱ་ཞང་ཁྲོམ། བྲལ་ཏེ་སམ་བྷོ་ཊ། གངས་(༦བ)


GLG023_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

བན་བཀྲ་ཤིས་དར། །གངས་པ་རི་དཀར་བ། མཐུ་ཆེན་གངས་པ་ཤཱཀ་འབུམ། གྲ་ཕྱི་གཡུང་སྟོན་རྡོ་རྗེ་དཔལ་ལ་སོགས་པ་བཀའ་གཏེར་ཟུང་དུ་འཇུག་པའི་རིགས་འཛིན་བརྒྱུད་པའི་ཚོགས་སྤྱི་དང་། ཁྱད་པར་མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེ་དང་། མཉམ་མེད་ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་གདམས་པའི་མཛོད་འཛིན་ཆོས་ཀྱི་རྒྱལ་པོ་དཔལ་བཀྲ་ཤིས་སྟོབས་རྒྱལ་ཡབ་སྲས། དྲིན་ཅན་རྩ་བའི་བླ་མར་བཅས་པ་རྣམས་ཀྱིས་བཀའ་དང་དམ་ལ་བཏགས་པའི་དམ་ཚིག་དྲན་པར་མཛོད་ལ། རིག་པ་འཛིན་པ་བདག་གིས་བཅོལ་བའི་ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པར་མཛོད་ཅིག །ཡ་མ་རཱ་ཛ་བཛྲ་ས་མ་ཡ་ཧཱུཾ། ཁྲག་གི་མཆོད་ཡོན་ནི། ཧཱུཾ། སྒྲུབ་པའི་འཆི་བདག་གཤིན་རྗེའི་ཚོགས། །འཕུང་བྱེད་ཤ་ཁྲག་ཞལ་གསོལ་ཏེ། །དམར་ཆེན་ཁྲག་ལ་ས་མ་ཡ། །མཐུན་པའི་དམ་རྫས་འདི་ལ་རོལ། །ཡ་མ་མེ་ད་ཀྵེ། རཱ་ཙ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཛ་ནི། བྷེ་ཝ་ས་ཏྭ་ཛ་མ་རི་ཧཱུཾ། སརྦ་འབུ་པ་ཏ་ཡ་པ་ཏི་མ་ཧཱ་རཀྟ་པྲ་ཏཱི་ཙྪ་ཧོ༔ ཨརྒྷཾ་པྲ་ཏཱི་ཙྩ་ཁ་རཾ་ཁཱ་ཧི། ཞེས་བཟེད་ཞལ་དུ་ཁྲག་ཆང་སྦྲེང་ངོ་། །ཉེར་སྤྱོད་ལྔ་རོལ་མོ་འབུལ་བ་ནི། ལས་ཀྱི་གཤིན་རྗེ་འཁོར་བཅས་ལ། །དབང་པོའི་མེ་ཏོག་རྣམ་པར་བཀྲ །ཤ་ཆེན་དུད་པ་སྤྲིན་བཞིན་གཏིབས། །ཚིལ་ཆེན་མར་མེ་ཉ་ལྟར་གསལ། །མཁྲིས་པའི་དྲི་ཆབ་རྦ་ཀློང་འཁྲུག །ཤ་རུས་ཞལ་ཟས་རི་ལྟར་སྤུངས། །ཐོད་རྔ་རྐང་གླིང་རོལ་མོ་འབུལ། །དགྲ་བགེགས་སྒྲོལ་བའི་འཕྲིན་ལས་མཛོད། །གོང་གི་སྔགས་(༧ན)


GLG023_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཏུ་ཨརྒྷཾ་ནས། ཤཔྟའི་བར་བརྗོད། སྨན་མཆོད་ནི། རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི། །བདུད་རྩི་སྨན་གྱི་མཆོད་པ་འདི། །འཆི་བདག་གཤིན་རྗེའི་ཚོགས་ལ་འབུལ། །བཞེས་ནས་འཕྲིན་ལས་སྒྲུབ་པར་མཛོད། །གོང་གི་སྔགས་མཇུག་ཏུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རཀྟ་ནི། མི་དང་སྲོག་ཆགས་སྣ་ཚོགས་པ། །བསད་ཁྲག་རཀྟའི་མཆོད་པ་འདི། །འཆི་བདག་གཤིན་རྗེའི་ཚོགས་ལ་འབུལ། །བཞེས་ནས་འཕྲིན་ལས་སྒྲུབ་པར་མཛོད། །གོང་གི་སྔགས་མཇུག་ཏུ་མ་ཧཱ་རཀྟ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གཏོར་མ་ནི། ཕྱགས་ཆེན་ཤ་དང་ཁྲག་དང་རྐང་། །ལྷ་བ་རུས་པ་བདུད་རྩིར་སྦྱར། །དབང་པོ་ཚིམ་བྱེད་འདོད་ཡོན་ལྔ། །འདོད་ཡོན་བདུད་རྩིའི་ཏིང་འཛིན་གྱིས། །གྲུབ་པའི་གཤིན་རྗེའི་ཚོགས་རྣམས་རོལ། །ཧ་ཧ་ཧི་ཧི་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷ་ལིཾ་མཆོད་པ་བཞེས་སུ་གསོལ། །གོང་གི་སྔགས་མཇུག་ཏུ་མ་ཧཱ་བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི། ལན་གསུམ་མམ་བདུན་དང་། མ་ཧཱ་མཾ་ས་ནས། ཀེཾ་ནྲྀ་ཏིའི་བར་བརྗོད། ནས་ནག་གི་མེ་ཏོག་འཐོར་ཞིང་། ཧོ། འཆི་བདག་གཤིན་རྗེའི་ཚོགས་རྣམས་ལ། །སྔར་བཅོལ་ལེགས་པའི་གཏང་རག་དང་། །ད་བཅོལ་འགྲུབ་པའི་གསོལ་འདེབས་ཀྱི་རྟེན་དུ་མཆོད་གཏོར་རྒྱ་ཆེན་པོ་འདི་འབུལ་གྱིས་བཞེས་ལ་རིག་པ་འཛིན་པ་བདག་གིས་བཅོལ་བའི་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པར་མཛོད་ཅིག །ཅེས་བརྗོད། བསྟོད་པ་ནི། ཧཱུཾ། མུན་པའི་མདོག་ཅན་སྲིན་པོའི་གཟུགས། །མ་ཧེ་ཞོན་ནས་སྟོང་གསུམ་མྱུལ། །སྣ་ཚོགས་(༧བ)


GLG023_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆས་དགྲ་སྲོག་གཅོད། །འཆི་བདག་ནག་པོ་ཁྱོད་ལ་བསྟོད། །སྦྱོར་ཡུམ་གཏུམ་མོ་རོ་གོས་མ། །ལས་ཀྱི་གཤེད་བཞི་གཤེད་མོ་དང་། ཁྲམ་བདག་བཅུ་གཉིས་ཆུང་མར་བཅས། །འཁོར་གྱི་བཀའ་ཉན་རྣམས་ལ་བསྟོད། །སྤྲུལ་པ་ཡང་སྤྲུལ་ལ་སོགས་པ། །རབ་འཇིགས་གཤིན་རྗེའི་དམག་ཚོགས་དང་། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི། །འཁོར་དང་བཅས་ལ་བདག་བསྟོད་དོ། །འཛབ་བཟླ་བ་ནི། རང་ཟིལ་གནོན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས། །གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཉི་གདན་ལ་ཡ་ནག་པོ་སོགས་རང་རང་གི་ས་བོན་གྱི་མཐར་སྔགས་འཕྲེང་གིས་བསྐོར་བ་ལ་ཕོག་པས་བརྒྱུད་བསྐུལ་ཏེ་དྲག་པོའི་ལས་ཐོགས་མེད་དུ་བསྒྲུབ་པར་བསམས་ལ། ལས་གཤིན་གྱི་སྙིང་པོ། ཨཱོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུཾ་ཕཊ་དང་། གཙོ་འཁོར་བསྒྲིལ་སྔགས་ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། རཱ་ཡ་ཙ་ནི་ཧཱུཾ་ཕཊ། ཅེས་པ་ཅི་མང་དུ་བཟླ། གདབ་ལས་བྱ་ཞིང་བསྒྲལ་མཆོད་འབུལ་བ་ལ་བསྐུལ་བ་ནི། རཀྟ་སྒྲེང་བཤུག་སྒྲ་སོགས་སྤྱན་འདྲེན་དུས་ཀྱི་སྐབས་སུ་གང་བྱེད་རྣམས་བླངས་ལ་འདི་སྐད་དོ། །ཧཱུཾ། ཡ་མནྟ་ཀའི་ཞབས་འོག་ནས། །སྐྱེ་འགྲོའི་སྲོག་ལ་མངའ་མཛད་པ། །འཆི་བདག་གཤིན་རྗེ་འཁོར་བཅས་རྣམས། །དྲག་པོའི་ལས་ལ་སྤྱན་འདྲེན་ན། །ཕྱོགས་ཕྱོགས་མཚམས་ཀྱང་ཕ་གི་ན། །ཉི་མ་ལྷོ་ཕྱོགས་ཕ་གི་ན། །རི་རབ་ཆེན་པོའི་རྨང་འོག་ན། །རྒྱ་མཚོ་ཆེན་པོའི་གཏིང་རུམ་ན། །གཤིན་ཡུལ་ནག་པོའི་རྨང་དག་ན། །ཐོད་པ་ལྕགས་ཀྱི་མུན་ཁང་ན། །སྒོ་མེད་ལྕགས་(༨ན)


GLG023_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་བཅུ་བདུན་ཡོད། །གྲོང་ཁྱེར་དེ་ཡི་ནང་ཤེད་ན། །རུས་པའི་གདང་བུ་ཁྲོལ་ལོ་ལོ། །ཤ་ཡི་ལྷུ་དུམ་ཉིལ་ལི་ལི། །རཀྟའི་རྦ་ཀློང་ཁྱིལ་ལི་ལི། །ཞིང་ཆེན་གསར་རྙིང་རྩིག་པར་བརྩིགས། །ས་གཞི་ཀེཾ་རུས་ཁྲག་ཐིགས་ཅན། །ཉི་ཟླའི་འོད་ཀྱིས་མ་ཁྱབ་པའི། །མུན་ནག་འཇིགས་པའི་སྨག་རུམ་ན། །ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བ། །དེ་ན་ལས་ཀྱི་གཤིན་རྗེ་བཞུགས། །ཡི་དྭགས་འབུམ་གྱི་དེད་དཔོན་པོ། །འཆི་བདག་ཆོས་ཀྱི་རྒྱལ་པོ་ནི། །གསོན་གཤིན་གཉིས་ཀྱི་ཟམ་ཁ་བ། །གསོན་པོ་སྐོས་ལ་འདེབས་པར་བྱེད། །ཤི་བ་རྣམས་ཀྱི་གཤེད་དུ་ཆེ། །དགེ་བ་ཅན་གྱི་སྟངས་ཀྱང་འཛིན། །སྡིག་པ་ཅན་ལ་ཆད་པ་མཁན། །ལེགས་ཉེས་གཉིས་ཀྱི་སྟངས་གཅོད་པ། །འཆི་བདག་གཤིན་རྗེ་ནག་པོ་སྟེ། །བཞིན་མི་སྡུག་ལ་ཁྲོ་གཉེར་ཅན། །གསུས་པོ་ཆེ་ལ་ལྟོ་འཆང་པོ། ཁྲག་ཞག་མང་པོའི་ཐིག་ལེ་ཅན། །རྒྱུ་མ་སྦྲུལ་གྱིས་སྐུ་ལུས་བརྒྱན། །ཕྱག་ན་གདུག་པའི་མཚོན་ཆ་བསྣམས། །སྙིང་རྗེ་མེད་པར་གསོད་ལ་དགའ། །སྤྱན་གདངས་ཞལ་བསྒྲད་མཆེ་བ་གཙིགས། །ལྕེ་བརྐྱངས་མཆུ་ནི་ཁྲག་གིས་བཀུས། ཁ་རླངས་དུག་གི་མེ་ལྕེ་འབར། །སོ་རྣོ་ལག་པ་དམར་བ་སྟེ། །ལས་སུ་སྐྱེ་འགྲོའི་སྲོག་རྩ་གཅོད། །ཟས་སུ་སྐྱེ་འགྲོའི་ཤ་ལ་ཟ། །སྐོམ་དུ་སྐྱེ་འགྲོའི་ཁྲག་ལ་འཐུང་། །སྐུ་ནི་ཧ་ཅང་མི་བསྐྱོད་དེ། །འཇམ་དཔལ་ཏིང་འཛིན་གཡོས་པའི་ཚེ། །བརྣག་པའི་དགྲ་ལ་ཁྱུར་མིད་བྱེད། །འཆི་བདག་གཤིན་རྗེ་ནག་པོ་ལ། །འཁོར་དུ་ཡི་དྭགས་འབུམ་གྱིས་བསྐོར། །ཤར་(༨བ)


GLG023_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཡ་མ་རཱ་ཙ་དང་། །ལྷོ་ཕྱོགས་མྱོས་བྱེད་འབར་བ་དང་། །ནུབ་ཕྱོགས་ཨཱཪྱ་མ་རུ་དང་། །བྱང་ཕྱོགས་རལ་པ་ཚར་དགུ་བཞིས། །རྒྱལ་པོའི་ཚུལ་དུ་ས་ཡང་འཛིན། །བློན་པོའི་ཚུལ་དུ་ཞལ་ལྕེ་གཅོད། །དམག་དཔོན་ཚུལ་དུ་ཁྲིམས་ལས་མཛད། །མངོན་ཤེས་དུས་འདིར་བདག་ལ་དགོངས། །བདག་ཀྱང་རིགས་འཛིན་སྒྲུབ་པ་པོ། །འཇམ་དཔལ་གཞོན་ནུའི་རིགས་འཛིན་ཏེ། །ཡ་མཱནྟ་ཀའི་ཐུགས་ཀྱི་སྲས། །བླ་མེད་བྱང་ཆུབ་བསྒྲུབ་པ་དང་། །དགེ་བའི་ཆོས་ལ་བར་གཅོད་པའི། །སྡིག་ཅན་འདི་དག་བསྒྲལ་བའི་ཕྱིར། ཁྱོད་ཀྱི་ཐུགས་དམ་བདག་བསྐུལ་ན། །དོན་ནི་འགྲོ་བ་ཡོངས་ཀྱི་དོན། །ལས་ནི་སངས་རྒྱས་ཀུན་གྱི་ལས། །བཀའ་ནི་དཀོན་མཆོག་གསུམ་གྱི་བཀའ། །འཆི་བདག་གཤིན་རྗེ་འཁོར་བཅས་ལ། །འཕྲིན་ལས་དྲག་པོའི་གཉེར་གཏད་ཀྱིས། །ལྷས་བྱིན་ཞེས་བྱའི་སྡིག་ཅན་འདི། སྤྱིར་ཡང་དཀོན་མཆོག་གསུམ་ལ་སྡང་། །དམིགས་ཀྱི་རྣལ་འབྱོར་བདག་ལ་སྡང་། །འདི་དག་མྱུར་དུ་བསྒྲལ་བའི་ཕྱིར། །གཤིན་རྗེ་འཁོར་བཅས་སྤྱན་འདྲེན་ན། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །དམར་གྱི་གཏོར་མ་འདི་བཞེས་ལ། །བཀའ་ལས་འདས་པའི་སྡིག་ཅན་འདི། །མགོ་བོ་སྐོར་ཅིག་བྲ་མ་ཡ། །ལུས་པོ་སྤྲུགས་ཤིག་མུར་ཙ་ཡ། །སྙིང་ཁྲག་སྐྱུག་ཏུ་ཆུག་ཅིག་རཀྟ་ཙ་ར་ཡ། །གསོད་པར་གྱིས་ཤིག་མཱ་ར་ཡ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བྷྱོ། དབུས་ཀྱི་ཐོད་མཁར་ཆེན་པོ་ནས། །བདུད་པོ་བྱེ་བ་གུང་རིང་ཡབ་ཡུམ་ལས་ལ་ཆོས། །ཤར་(༩ན)


GLG023_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལྕགས་མཁར་སྒོ་མེད་ནས། །ཡ་མ་རཱ་ཙ་ཡབ་ཡུམ་ལས་ལ་ཆོས། །ལྷོ་ཕྱོགས་ལྕགས་མཁར་སྒོ་མེད་ནས། །མྱོས་བྱེད་འབར་བ་ཡབ་ཡུམ་ལས་ལ་ཆོས། །ནུབ་ཕྱོགས་ལྕགས་མཁར་སྒོ་མེད་ནས། །ཨཱཪྱ་མ་རུ་ཡབ་ཡུམ་ལས་ལ་ཆོས། །བྱང་ཕྱོགས་ལྕགས་མཁར་སྒོ་མེད་ནས། །རལ་པ་ཚར་དགུ་ཡབ་ཡུམ་ལས་ལ་ཆོས། །ཕྱོགས་བཞི་མཚམས་བཞི་སྟེང་འོག་གི །ལྕགས་མཁར་ནག་པོ་སྒོ་མེད་ནས། །ཕྱོགས་སྐྱོང་བཅུ་པོ་ལས་ལ་ཆོས། །རི་རབ་ལྷུན་པོའི་ཟོམ་རྩེ་ནས། །གྲི་ཐོགས་གིང་ཆེན་བཅོ་བརྒྱད་ལས་ལ་ཆོས། །བཀའ་ཉན་འདུས་པའི་དཀྱིལ་འཁོར་ནས། ཁྲམ་ཐོགས་བདུད་པོ་བཅུ་གསུམ་ལས་ལ་ཆོས། །འཕྲིན་ལས་རྣམ་བཞི་འདུས་པའི་དཀྱིལ་འཁོར་ནས། །སྒོ་མ་བསེ་མོ་བཞི་པོ་ལས་ལ་ཆོས། ཁྲག་མཚོ་ཞག་མཚོ་འཁྱིལ་བའི་དཀྱིལ་འཁོར་ནས། །སྲིད་པའི་མ་མོ་མཁའ་འགྲོ་ལས་ལ་ཆོས། །དམ་ཉམས་དགྲ་བོ་རྩད་ནས་ཆོད། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཡཱ། འདི་ནས་བྱང་ཕྱོགས་རི་རབ་ཆེན་པོའི་རྨང་། །དཔག་ཚད་བརྒྱད་ཁྲི་མར་འདས་ན། །རྒྱ་མཚོ་རླུང་གི་བར་དག་ན། །ཐོད་པ་ལྕགས་ཀྱི་མུན་ཁང་ན། །གཤིན་རྗེ་ཀུན་གྱི་དེད་དཔོན་ཆེ། །མ་མོ་ཀུན་གྱི་ཚོགས་རྗེའོ། །འཆི་བདག་ཀུན་གྱི་བདུད་ཆེན་པོ། །ཀླུ་རྣམས་ཀུན་གྱི་སྲིན་པོ་སྟེ། །གསོན་གཤིན་གཉིས་ཀྱི་ཟམ་ཁ་བ། །གསོན་པོ་སྐོས་ལ་འདེབས་པར་བྱེད། །ཤི་བ་རྣམས་ཀྱི་གཤིན་བུ་རྗེ། །གཤིན་རྗེ་ནག་པོ་དགྲ་ཡི་གཤེད། །བདུད་པོ་མི་ཟན་སྐྱེ་འགྲོའི་བདུད། །བྱེ་བ་དགུ་རིང་སུས་མི་བཟློག །མེ་ལྕེ་གློག་གི་འཕྲེང་བ་ཅན། །ཐོད་པ་སྦྲུལ་གྱིས་རྒྱན་དུ་བྱས། །མ་ཧེ་ནག་པོ་(༩བ)


GLG023_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ཞོན་ནས་ནི། །ལག་ན་དབྱུག་པ་ཞགས་པ་ཐོགས། །ལས་ཀྱི་རླུང་དམར་འདེད་ཅིང་རྒྱུ། །ཞལ་ནས་ཐོག་དང་སེར་བ་འབེབས། །ཟས་སུ་སྐྱེ་འགྲོའི་སྲོག་དབུགས་ཟ། །ལས་སུ་དམ་ཉམས་སྲོག་དབུགས་ལེན། །ཡིད་ལ་བརྣག་པའི་དགྲ་བོ་འདི། །གཤིན་རྗེའི་ཞགས་པས་ཁྲིད་ལ་ཤོག །ཁྲམ་ལ་ཐོབ་ལ་ལྟུང་ལ་རྒྱུས། །བེ་ཅོན་རྒྱོབ་ལ་འཁོར་ལོ་སྐོར། ཁྱོད་ཀྱིས་ཟས་སྐལ་འདི་ཡིན་གྱིས། །ཤ་རུས་ཁྲག་ལ་ལོངས་སྤྱོད་ཀྱིས། །སྔོན་ཆད་ཇི་བཞིན་དམ་བཅས་བཞིན། །བསྟན་པ་རྒྱ་མཚོ་སྲུང་བར་གྱིས། །དེ་ཡི་ཐུགས་དམ་རྒྱུད་བསྐུལ་མ། །སྲིན་མོ་དུག་ཧྲུལ་གོས་གྱོན་མ། །བདུད་མོ་ནག་མོ་སྐྱེ་འགྲོའི་གཤེད། །སྲིད་གསུམ་ལྟོ་ན་གནས་པ་མོ། །སྣ་ཚོགས་ནད་ཀྱི་བདག་མོ་སྟེ། །སྐྱེ་འགྲོ་ཀུན་གྱི་སྲོག་འཕྲོག་མ། །ཤ་ཁྲག་སྲོག་དབུགས་བདག་མོ་སྟེ། །ལས་ཀྱི་རླུང་དམར་ཞོན་ནས་ནི། །ལག་ན་ཐོད་ཁྲག་འཐོར་བྱེད་ཅིང་། །འདུ་བ་རྣམ་བཞིའི་ནད་གཏོང་མ། །སྒྲུབ་པའི་གནས་འདིར་ད་གཤེགས་ལ། །ཡིད་ལ་བརྣག་པའི་དགྲ་བོ་འདི། །བདུད་མོ་ནག་མོའི་ལག་ཏུ་གཏད། །གཏད་དོ་མ་བཏང་ཤོ་ར་རེ། །ཡཱ། ཕྱོགས་བཞི་གྲུབ་པའི་ལྕགས་མཁར་ནས། །དགྲ་བོའི་གཤེད་པོ་སྒྲོལ་གིང་ཆེན་པོ་བཞི། །ཡ་མ་ར་ཙ་མྱོས་བྱེད་འབར་བ་དང་། །ཨཱཪྱ་མ་རུ་རལ་པ་ཚར་དགུ་བཞི། །ལས་ཀྱི་ཡུམ་ཆེན་བཞི་དང་བཅས་པ་རྣམས། །དམ་ཚིག་རྫས་ཀྱི་མཆོད་པ་བཞེས་ནས་ཀྱང་། །བསྟན་པ་འཇིག་པའི་དགྲ་བོ་འདི། །མགོ་འཁོར་ཡིད་འཁྲུག་ཁྲག་ཏུ་སྐྱུག་པ་དང་། །རྣམ་ཤེས་(༡༠ན)


GLG023_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

གཟིར་ལ་མྱུར་དུ་བསྒྲལ་བར་མཛོད། །ཡཱ། གྲུབ་པའི་ཐོད་པ་ལྕགས་ཀྱི་མུན་ཁང་ནས། །ལས་ཀྱི་འཆི་བདག་ཁྲམ་བདག་བཅུ་གཉིས་ཀྱང་། །ལས་ཀྱི་སྲིད་མ་ཆུང་མར་བཅས་པ་རྣམས། །སྒྲུབ་པའི་གནས་འདིར་སྤྱན་འདྲེན་འཕྲིན་ལས་མཛོད། །དམ་ཚིག་རྫས་ཀྱི་མཆོད་པ་བཞེས་ནས་ཀྱང་། །བསྟན་པ་འཇིག་པའི་དགྲ་བོ་དམ་ཉམས་འདི། །གཟེར་ནད་ཆ་བའི་ནད་དང་ཁྲག་སྐྱུག་དང་། །ཆོ་འཕྲུལ་འབུམ་ནད་མཁྲིས་པ་གཤའ་ཡ་དང་། མཛེ་ནད་གློ་གཟིར་སྐྱ་རྦབ་བརྒྱལ་ནད་དང་། །སྐྲངས་འབུར་རིམས་ནད་གཞོགས་སྐམས་ནད་རྣམས་ཀྱིས། །མྱུར་དུ་གཟིར་ལ་ཚེ་ཡི་འདུ་བྱེད་བཀུམ། ཁྲམ་ཐོགས་བདུད་དང་རྩིས་བྱེད་གིང་དུ་བཅས། །འཆི་བདག་ལས་ཀྱི་གཤིན་རྗེ་ཕོ་མོ་རྣམས། །བཅོམ་ལྡན་གཤིན་རྗེ་གཤེད་པོའི་ཞབས་དྲུང་དུ། །དམ་ཚིག་ཚུལ་བཞིན་མནའ་བོར་བ། །དམ་ལས་མ་འདའ་འཕྲིན་ལས་མཛོད། །འཁོར་གྱི་ལྷ་ཚོགས་སོ་སོར་བསྐུལ་བར་འདོད་ན་བསྐུལ་འབུམ་ལས་ཤེས་པར་བྱའོ། །གསེར་སྐྱེམས་འབུལ། མཁྱེན་དགོངས་དམོད་བཅོལ་ནི། ཧོཿ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། དབེན་གནས་གཉེན་པོའི་སྲུང་མ། ཕ་མེས་བརྒྱུད་ཀྱི་སྲུང་མ། བསྟེན་བསྟེན་སྒྲུབ་སྒྲུབ་པའི་སྲུང་མའི་ཚོགས་སྤྱི་དང་། ཁྱད་པར་འཇམ་དཔལ་ཚེ་བདག་ནག་པོའི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་རྣམས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ལ་གཟུ་དང་དཔང་པོ་མཛོད་ཅིག །ཧོཿ ལས་ཀྱི་གཤིན་རྗེ་བྷེ་ཝ་ས་ཏྭ་ཡབ་ཡུམ་འཁོར་ལས་ཀྱི་གཤེད་བཞི། ཁྲམ་བདག་བཅུ་(༡༠བ)


GLG023_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། ལས་ཀྱི་མི་བརྒྱད། མཐར་བྱེད་བརྒྱད། །གཤེད་པོ་བདུན། སྲས་མཆོག་བཅུ་བདུན། གིང་ཆེན་བཅོ་བརྒྱད། བདུད་པོ་བཅུ་གཅིག་རྣམས་ཡབ་ཡུམ་དང་བཅས་པ་སོགས་མདོར་ན་ཕོ་གཤེད་སུམ་བརྒྱ་དྲུག་ཅུ། མོ་གཤེད་སུམ་བརྒྱ་དྲུག་ཅུ། ཕྱིའི་ལྷ་མ་སྲིན་སྡེ་བརྒྱད། ནང་གི་ལྷ་མ་སྲིན་སྡེ་བརྒྱད། གསང་བའི་ལྷ་མ་སྲིན་སྡེ་བརྒྱད། སྦས་པའི་ལྷ་མ་སྲིན་སྡེ་བརྒྱད། བསྟན་པ་བསྲུང་བའི་ལྷ་མ་སྲིན་སྡེ་བརྒྱད། དྲག་སྔགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད། །བཏགས་ཆགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད། ལས་བྱེད་མྱུར་མགྱོགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད། བྱེ་བྲག་དེ་རིང་གི་ཚེས་གྲངས་དུས་ཚོད་ལ་རྒྱུ་བའི་རཱ་ཧུ་ལ། རྣལ་འབྱོར་མ། གཤིན་རྗེ་དུས་མཚན། ཟིན་འཕུང་། ཧལ་ཁྱི། པི་ལིང་སོགས་ས་བདག་དྲག་རྩལ་ཅན། མི་མངོན་བར་སྣང་དབྱིངས་སུ་རྒྱུ་བའི་མིག་ནག་ཧྲིག་གེ་བ། ལྕེ་དམར་ཡུག་གེ་བ་ཐམས་ཅད་ཐོགས་པ་མེད་པའི་མངོན་ཤེས་ཀྱི་སྒོ་ནས་གཟུ་དང་དཔང་པོ་མཛོད་ཅིག །ཁྱེད་རྣམས་བོས་པའི་ཚེ་ན་སྙན་མ་སྲ། །གཡབས་པའི་ཆེན་སྤྱན་མ་རྟུལ། །བསྟེན་པའི་ཚེ་ན་རྒྱང་མ་རིང་། །བསྒྲུབས་པའི་ཚེ་ན་གོང་མ་གཡེལ། །བཀུར་བའི་ཚེ་ན་ཕྲག་མ་དོག །རྦད་པའི་ཚེ་ན་མཐུ་མ་ཆུང་། །སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཤིག་པར་བྱེད་པ་སྤྱིའི་དགྲ །སྒོས་སུ་རིགས་འཛིན་སྔགས་འཆང་བདག་ལ་བསྡོ་བའི་དགྲ་བགེགས་དམིགས་སུ་བསལ་བ་གཟུགས་བྱང་བུ་ལ་བྲིས་ཤིང་མིང་ཡི་གེར་བཏབ་པ་རྣམས་དང་། དམིགས་སུ་མ་བསལ་བ་སྔ་དགྲ་(༡༡ན)


GLG023_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལ་དར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་དངོས་སུ་འཕྱར་བ། རྒྱབ་ནས་ཁྲ་ལྟར་འཇབ་པ། ལྐོག་ནས་འབུ་ལྟར་གཡེང་བ། གདོང་ནས་ཁྱི་ལྟར་ཟུག་པ། མདུན་ནས་ལོག་པར་ལྟ་བ། གཡས་ནས་བསམ་པ་ངན་པ། གཡོན་ནས་སྦྱོར་བ་རྩུབ་པ། མགོ་ནས་རི་ལྟར་མཐོ་གནོན་བྱེད་པ། འོག་ནས་རླུང་ལྟར་བསྐྱོད་པ། བར་ནས་ཆུ་ལྟར་ཁྲུག་པ། ཟ་ལམ་དུ་དུག་གཡོ་བ། འགྲོ་ལམ་དུ་རྩང་འཛུགས་པ། སྟོབས་འབྱོར་དང་མངའ་རིས་འཕྲོག་པ། འཐབ་ཅིང་རྩོད་པར་འདོད་པ། འཁྲུག་ཅིང་འཛིང་བར་འདོད་པ། འགྲས་ཤིང་ཁོན་པར་འདོད་པ། ལུས་ལ་ན་ཚ་གཏོང་བ། སེམས་ལ་སྡུག་བསྔལ་གཏོང་བ། སྲོག་ལ་བར་ཆད་གཏོང་བ། བསམ་པ་མི་འགྲུབ་པར་བྱེད་པ། མདོར་ན་གཟུགས་ཅན་སྡང་བར་བྱེད་པའི་དགྲ །གཟུགས་མེད་གནོད་པར་བྱེད་པའི་བགེགས་འདི་རྣམས་ཀྱིས། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱས་སོ། །དཀོན་མཆོག་གི་སྐུ་གསུང་ཐུགས་ཀྱི་རྟེན་བཤིག་གོ །བླ་མའི་སྐུ་ལ་བསྡོས་སོ། །དགེ་འདུན་གྱི་སྡེ་བཅོམས་སོ། །སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་ལ་འཚེའོ། །རིག་སྔགས་འཆང་བ་རྣམས་ལ་བསྙད་བཙུགས་སོ། །སྲུང་མ་ཁྱེད་རྣམས་ལ་ཞེ་འགྲས་སོ། །ལྷ་སྲིན་སྡེ་བརྒྱད་རྣམས་ཀྱི་ཟ་སྒོ་བཀག་གོ །ལྷ་ཆོས་ཀྱི་དམ་ཚིག་ལས་ཉམས་སོ། །མི་ཆོས་ཀྱི་མནའ་ཐོ་ཟས་སོ། །བློ་གཏད་པའི་སྙིང་བརྐུས་སོ། །གྲོས་དྲིས་པའི་མཚང་བྲུས་སོ། །ཕན་གཏགས་པ་ལ་དགྲར་བལྟས་སོ། །བཟང་ལན་ངན་(༡༡བ)


GLG023_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འཇལ་ལོ། །རིག་སྔགས་འཆང་བ་བདག་གིས། དང་པོར་ཁས་མ་ཉེས་སོ། །བར་དུ་ལག་གིས་མ་ཉེས་སོ། །ཐ་མར་སྤྱོད་པས་མ་ཉེས་སོ། །ངས་ཉ་ལྟར་བྲོས་ཀྱང་། ཁོས་སྲམ་ལྟར་དེད་དོ། །ངས་བྱིའུ་ལྟར་བྲོས་ཀྱང་ཁོས་ཁྲ་ལྟར་དེད་དོ། །ངས་ཤ་བ་ལྟར་བྲོས་ཀྱང་། ཁོས་ཁྱི་ལྟར་དེད་དོ། །ངས་གངས་ལྟར་དཀར་ཀྱང་། ཁོས་རྫ་ལྟར་གནགས་སོ། །ངས་མཁའ་ལྟར་ཡངས་ཀྱང་། ཁོས་སྤྲིན་ལྟར་གཏིབས་སོ། །མི་ང་ལ་ལྷ་མེད་ཟེར་རོ། །ལྷ་ཁྱོད་ལ་མཐུ་མེད་ཟེར་རོ། །མདོར་ན་བསྒྲལ་བའི་ཞིང་བཅུ་ཚང་བའི་དགྲ་བོ་བཟའ་ཚང་ཕ་བུ་དང་བཅས་པ་འདི་རྣམས་ད་ལྟ་ཉིད་དུ་དམིགས་རྟེན་གཟུགས་ཀྱི་ལིངྒ་འདི་ཉིད་ལ་བཀུགས་པའི་འཕྲིན་ལས་མཛོད་ཅིག །འབྲུབ་ཁུང་བསྐྱེད་ཆོག་ནས་བཟུང་དགུག་གཞུག་གི་བར་དཀྱུས་བཞིན་བྱས་རྗེས། དམ་ཉམས་དགྲ་བོ་བཟའ་ཚང་ཕ་བུ་མི་ནོར་ཕྱུགས་གསུམ། མངའ་འབངས་སྲིད་སྡེ་དང་བཅས་པ་རྣམས་ཀྱི་གཟུགས་ཕུང་བླ་ཚེ་སྲོག་དབུགས་རྣམས། ལས་ཀྱི་གཤིན་རྗེ་སྡེ་བརྒྱད་ཀྱི་ཚོགས་ལ་དུག་གསུམ་ཤ་ཁྲག་མངོན་སྤྱོད་དྲག་པོའི་གསང་མཆོད་འབུལ་ཞིང་ཟས་སྐལ་དུ་གཏད་པ་ཡིན་པས་དགྲ་བོ་འདི་རྣམས། ཕོ་ལྷ་དང་ཕྱེ་ཞིག །ཕོ་འདྲེ་དང་སྤྲོད་ཅིག །མོ་ལྷ་དང་ཕྱེ་ཞིག །མོ་འདྲེ་དང་སྤྲོད་ཅིག །ཞང་ལྷ་དང་ཕྱེ་ཞིག །ཞང་འདྲེ་དང་སྤྲོད་ཅིག །ཡུལ་ལྷ་དང་ཕྱེ་ཞིག །ཡུལ་འདྲེ་དང་སྤྲོད་ཅིག །དགྲ་ལྷ་དང་ཕྱེ་ཞིག །དགྲ་འདྲེ་དང་སྤྲོད་ཅིག །ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་དེད་ཅིག །འཇིགས་པའི་མུན་ནག་གིས་(༡༢ན)


GLG023_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་ནས་བསུས་ཤིག །དཔལ་གྱི་ཆད་པས་ཆོད་ཅིག །དམ་ཚིག་གི་དམོད་པས་སྡིགས་ཤིག །གནམ་གྱི་འཇུ་ཐག་སྟེང་ནས་ཆོད་ཅིག །སའི་བརྟེན་ཕུར་དྲུང་ནས་ཕྱུང་ཞིག །བླ་མེ་སྟག་ཡར་པ་བཞིན་དུ་ཐོང་ཞིག །སྲོག་མར་མེ་རླུང་གིས་བསད་པ་བཞིན་དུ་༝ དབུགས་པགས་པ་མེད་པའི་སྦུད་མ་ཆུའི་རླུང་བཞིན་ཐོང་ཞིག །གཟུགས་བྱེ་མའི་ཆངས་བུ་ཞིག་པ་བཞིན་༝ ངག་པི་ཝང་གི་རྒྱུད་ཐག་ཆད་པ་བཞིན་༝ སེམས་དྷ་དྷུ་རའི་ཁུ་བ་བཏུངས་པས་མྱོས་པ་བཞིན་༝ ཡན་ལག་ཤིང་སྐམ་གྱི་འགལ་བ་རེངས་པ་བཞིན་༝ དབང་པོ་ལྔ་ཆུ་ལ་སྣག་ཚ་བླུག་པས་མོགས་པ་བཞིན་དུ་ཐོང་ཞིག །སྟེང་གི་མི་རབས་ཤིང་སྡོང་རྩ་བ་བཏོན་པ་བཞིན་དུ་ཐོང་ཞིག །ཕ་མཚན་ཕོ་རྒྱུད་ཀྱི་རིགས་རྣམས་ཤིང་ཏཱ་ལའི་མགོ་བོ་བཅད་པ་བཞིན་དུ་ཐོང་ཞིག །མ་མཚན་ཞག་རྒྱུད་ཀྱི་རིགས་རྣམས་རྒྱུས་པ་ཐབ་ལ་བཏབ་པ་བཞིན་དུ་ཐོང་ཞིག །མནའ་མ་དང་ཚ་རིགས་ལྕུག་ཕྲན་ཟོར་བས་བརྔས་པ་བཞིན་དུ་ཐོང་ཞིག །བུ་དང་བུ་མོ་སྒོ་ང་བྲག་ལ་བརྡབས་པ་བཞིན་དུ་ཐོང་ཞིག །བུ་སྲིང་དང་དམག་པ་མེ་ལ་ཆུ་བླུག་པ་བཞིན་དུ་ཐོང་ཞིག །བར་གྱི་གཡོག་རབས་སེར་བས་ལོ་ཏོག་བཅོམས་པ་བཞིན་དུ་ཐོང་ཞིག །འོག་གི་རྟ་ནོར་ཕྱུགས་རབས་རྩ་ཕུང་ལ་མེ་བརྒྱབ་པ་བཞིན་དུ་ཐོང་ཞིག །ཡུལ་དང་མཁར་གཞིས་ཕ་བོང་ལ་ཐིག་བརྒྱབ་པ་བཞིན་དུ་ཐོང་ཞིག །བསོད་ནམས་དང་ལོངས་སྤྱོད་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་ཐོང་ཞིག །ཟས་སྐལ་དང་དབང་ཐང་དགུན་གྱི་ཆུ་ཕྲན་བསྐམ་པ་བཞིན་དུ་ཐོང་ཞིག །ཁ་རྗེ་དང་རླུང་རྟ་འདབ་ཆགས་གཤོག་པ་ཆག་པ་བཞིན་དུ་ཐོང་ཞིག །སྟོབས་(༡༢བ)


GLG023_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནུས་པ་གཟི་བརྗིད་ཁང་རུལ་རྡིབ་པ་བཞིན་དུ་ཐོང་ཞིག །མཐུན་རྐྱེན་ལེགས་ཚོགས་ནམ་ལངས་ཀྱི་སྐར་མ་བཞིན་དུ་ཐོང་ཞིག །མི་འདོད་པའི་ཉེས་ཚོགས་ཉི་རྒས་ཀྱི་གྲིབ་སོ་བཞིན་དུ་ཐོང་ཞིག །ནད་གདོན་དང་ཆགས་ཆེ་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་ཐོང་ཞིག །སྟོད་ཀྱི་ཚ་བའི་ནད་རིགས་ནགས་མེ་རླུང་གིས་སྦར་བ་བཞིན་དུ་ཐོང་ཞིག །སྨད་ཀྱི་གྲང་བའི་ནད་རིགས་ཤྭ་འོད་དང་ཆུ་རྒོད་བརྡོལ་བ་བཞིན་དུ་ཐོང་ཞིག །རླུང་མཁྲིས་བད་ཀན་ལྡན་འདུས་ཀྱི་ནང་རྒྱ་མཚོའི་རྦ་རླབས་འཁྲུགས་པ་བཞིན་དུ་ཐོང་ཞིག །འགོ་བའི་རིམས་ནད་དབྱར་གྱི་ཆར་སྤྲིན་འཐིབས་པ་བཞིན་དུ་ཐོང་ཞིག །ཕན་བྱེད་ཀྱི་སྨན་རྣམས་གནོད་བྱེད་ཀྱི་དུག་ཟོས་པ་བཞིན་དུ་ཐོང་ཞིག །གྲི་མདུང་མཚོན་ཁར་སྦྲང་བུ་མེ་ལ་ལྕིབས་པ་བཞིན་དུ་ཐོང་ཞིག །ཁང་པ་རོ་ཡིས་འགེངས་པ་གཤིན་རྗེའི་ལྕོག་བརྡུངས་ཐོང་ཞིག །རིམས་ནད་ཁྲག་ཏུ་འཛག་པ་མ་མོའི་ལྕོག་བརྡུངས་ཐོང་ཞིག །ཕ་ཚན་གྲི་ཁར་འཆི་བ་བདུད་ཀྱི་ལྕོག་བརྡུངས་ཐོང་ཞིག །ཁ་མིག་ལྟག་པར་སྐྱེལ་བ་གཟའི་ལྕོག་བརྡུངས་ཐོང་ཞིག །དུག་གཟེར་སྤོས་གྲིར་འཆི་བ་བཙན་གྱི་ལྕོག་བརྡུངས་ཐོང་ཞིག །སྨྱོ་བོག་རང་སྣང་འཁྲུལ་པ་རྒྱལ་པོའི་ལྕོག་བརྡུངས་ཐོང་ཞིག །གྲོང་ཁྱེར་ཁང་པ་སྟིབ་པ་འགོང་པོའི་ལྕོག་བརྡུངས་ཐོང་ཞིག །མཛེ་ནད་ཕོལ་མིག་ཡོང་བ་ཀླུའི་ལྕོག་བརྡུངས་ཐོང་ཞིག །དམུ་ཆུ་རྡེ་ནད་ཡོང་བ་ས་བདག་གི་ལྕོག་བརྡུངས་ཐོང་ཞིག །གག་ལྷོག་སྐྲངས་འབུར་ཡོང་བ་གཉན་གྱི་ལྕོག་བརྡུངས་ཐོང་ཞིག །གཞང་འབྲུམ་འོན་ལོང་ཡོད་པ་དགྲ་ལྷའི་ལྕོག་བརྡུངས་ཐོང་ཞིག །ཅིར་སྣང་འདྲེ་རུ་མཐོང་བ་མོན་པའི་ལྕོག་བརྡུངས་ཐོང་ཞིག །དཔོན་གཡོག་བཟའ་ཚང་དཀྲུག་པ་རླུང་ལྷའི་ལྕོག་བརྡུངས་ཐོང་ཞིག །ཐོག་དང་སེར་བ་འབབ་པ་སྡེ་བརྒྱདཀྱི་ལྕོག་བརྡུངས་ཐོང་ཞིག །མོན་པ་སྒོ་འཁུར་བ། ཨ་ཙ་ར་བྲང་བརྡུང་བ། དམ་སྲི་འོ་དོད་འབོད་པ་འགོང་པོ་སྤུན་དགུའི་ལྟས་ངན་ཐོང་ཞིག །སྤྱང་ཀིས་སྦུད་པ་(༡༣ན)


GLG023_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

འབུད་པ། སྤྲེའུས་རང་འཐག་བསྐོར་བ། ཝ་མོས་མི་ལབ་ཤེས་པ་ཀླུ་དང་སྲིན་མོའི་ལྟས་ངན་ཐོང་ཞིག །རྟ་བོང་གླུ་སྐད་ལེན་པ། ཁྱིམ་བྱ་སྒྲོ་གཤོག་རྩེ་ཞིང་མི་སྐད་འདོན་པ། ལེགས་ལྡན་ནག་པོའི་ལྟས་ངན་ཐོང་ཞིག །རང་འཐག་བཤུག་པ་བརྡེབ་པ། སྒྱེད་པོས་གླེང་མོ་ལབ་པ། ཁང་པ་འོད་ཀྱིས་འགེང་བ་དཔེ་དཀར་སྤུན་དགུའི་ལྟས་ངན་ཐོང་ཞིག །ཝ་ལ་སྤྲེའུ་ཞོན་པ། ཁྱིམ་ཕུགས་འུག་པས་འགེང་བ་ནག་པོ་ཁྲོས་པའི་ལྟས་ངན་ཐོང་ཞིག །རང་གཤེད་རང་ལ་ཕོབ་ཅིག །རང་མཚོན་རང་ལ་རྒྱོབ་ཅིག །རང་སྲོག་རང་གིས་ཆོད་ཅིག །རང་ཤ་རང་གིས་ཟོ་ཞིག །རང་ཁྲག་རང་གིས་འཐུང་ཞིག །རང་ནུས་རང་ལ་སྨིན་ཅིག །མདོར་ན་ནམ་མཁའ་སྟོང་པ་ལ་ཚད་མ་འཛུགས། འཇིག་རྟེན་ཕྱི་མ་ལ་དུས་མ་འདེབས། རང་བཞིན་གྱི་སྐྱེ་འཆི་ལ་ཁུང་མ་འབྱིན། ལས་ཀྱི་དབང་བཙན་ཞེས་བསྙད་མ་འདོགས། ལོ་དང་ཟླ་བ་ཞག་དང་ཟ་མ་མ་འགྱངས་པར་མཐུ་སྟོབས་རྫུ་འཕྲུལ་མངའ་བ་ཁྱེད་རྣམས་ཀྱིས་གནམ་ས་ཙམ་གྱི་ཞལ་ཕྱེ། གངས་རི་ཙམ་གྱི་མཆེ་བ་གཙིགས། གློག་དམར་ཙམ་གྱི་ལྗགས་ཁྱོང་ལ། དགྲ་བགེགས་འདི་རྣམས་ཀྱི་ཤ་ཟོ་ཁྲག་འཐུང་། དབུགས་ལོང་རུས་ཆོམས། ལིངས་ཐོབ། ལས་ཀྱི་བླ་དང་ཚེ་སྲོག་སྦར་གྱིས་ཐོབ་ལ། མིང་ཙམ་བརྡ་ཙམ་ཐ་སྙད་ཙམ་དུའང་སྒྲ་མི་གྲག་པར་རྗེས་མེད་ཐལ་བ་རླུང་ལ་སྐུར་བའི་འཕྲིན་ལས་མཛོད་ཅིག །དེ་ནས་ཉེས་བྱས་དྲག་བསྐུལ་ནས་བཟུང་ཐུན་བརྡེག་པ་དང་ཕུར་འདེབས་གཉིས་ཀར་དངོས་གཞི་དཀྱུས་ལྟར་ལ། ཨྱེ་མྱགས་སོགས་གཤམ་དུ། ཡ་མ་རཱ་ཛ་(༡༣བ)


GLG023_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་དགོས་རལ་གྲིས་སྒྲོལ་བ་ནི། ཨེ་ཡཱ༔ ལྷོ་ཕྱོགས་རབ་འཇིགས་གཤིན་རྗེའི་དཀྱིལ་འཁོར་ནས། །ཟིལ་གནོན་ལྷ་ཚོགས་ལས་ཀྱི་གཤིན་རྗེར་བཅས། །དམ་ཉམས་དགྲ་བོ་སྒྲོལ་བའི་དུས་ལ་བབ། །དགྲ་བོ་ལས་ངན་སྤྱི་དགྲ་རུ་དྲ་དང་། །བསྟན་དང་ཆོས་བྱེད་སེམས་ཅན་རྣལ་འབྱོར་ལ། །རྩན་གདང་ཐོག་འབེབས་བྱེད་པ་དགྲ་བོའི་སྙིང་། །གཤིན་རྗེ་ཐམས་ཅད་འདུས་པའི་ངོ་བོ་ཉིད། །གནམ་ལྕགས་རྒྱ་གྲམ་འབར་པས་དུམ་བུར་གཏུབས། །རུས་སྦལ་ནག་པོས་སྲོག་ཆོད་སྙིང་ཁྲག་འཇོངས། །སྤྱི་དགྲ་དང་ནི་སློབ་མ་དམ་ཉམས་རྣམས། །གནམ་ལྕགས་སྡིག་པས་སྲོག་རྩ་དམར་པོ་ཆོད། །དམ་ཚིག་གཅིག་ཀྱང་མཆེད་ལ་འཁུ་བ་རྣམས། །བསེ་ཡི་སྦལ་པ་ནག་པོས་ཤ་ཁྲག་ཟོ། །གནོད་བྱེད་ནང་འགྲས་སྔགས་པ་ནག་པོ་དེ། །སྦལ་པ་དམར་པོས་སྲོག་སྙིང་བསྐོར་ལ་གསོད། །བསྟན་དགྲ་མུ་སྟེགས་བོན་པོ་ནག་པོ་རྣམས། །དུག་གི་ཕག་རྒོད་ནག་པོས་བསྒྲལ་བར་གྱིས། ཁྱད་པར་རྣལ་འབྱོར་བདག་ལ་སྡང་བ་དང་། །སྤྱི་སྒོས་དགྲ་བགེགས་དམིགས་བྱ་ཐམས་ཅད་ཀུན། །གཤེད་ཆེན་སྡེ་བཞིས་སྲོག་འཁོར་རྣམ་བཞི་ཆོད། །སོད་བྱེད་མོན་པས་གནམ་ལྕགས་ཐོག་མདའ་རྒྱོབ། །བདུད་པོ་བཤན་པས་སྙིང་ཕྱུངས་ཁྲག་ནད་ཕོབ། །འཆི་བདག་བཅུ་གཉིས་དགྲ་བོ་ཁྲམ་ལ་ཐོག །བདུན་བརྒྱ་ཉི་ཤུས་དལ་ཡམས་སྣ་ཚོགས་ཕོབ། །དྲེགས་པ་སྡེ་བཞིས་རང་དབང་མེད་པར་ཁུག །རུ་དྲ་སྡེ་བཞིས་དགྲ་ལ་ཁྲག་ཟོར་རྒྱོབ། སྤྲུལ་པའི་ཁྱི་མོས་དགྲ་བོའི་གླ་ཕྱིར་རྒྱུག །གནམ་ལྕགས་བྱ་ཡིས་དགྲ་བོའི་ཙིཏྟ་ཕྱུངས། །དུག་སྦྲུལ་(༡༤ན)


GLG023_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོས་སྙིང་ལ་དུག་མདའ་རྒྱོབ། །གནམ་ལྕགས་སྡིག་པས་སྲོག་རྩ་དམར་པོ་ཆོད། །གདུག་པའི་རུལ་སྦལ་ནག་པོས་བླ་ཚེ་ཟོ། །མཚོན་ཆ་འབར་བས་ལུས་སྲོག་དུམ་བུར་གཏུབས། །དམ་ཉམས་དགྲ་བོ་རང་གཤེད་རང་ལ་ཕོབ། ཁ་ཁ། ཁཱ་ཧི། དགྲ་བོ་མཱ་ར་ཡ། གཤིན་རྗེའི་ལྷ་ཚོགས་རབ་ཏུ་དགྱེས་པར་མཛོད། །རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར། །དགྲ་བགེགས་རུ་དྲའི་མིང་ཡང་མེད་པར་མཛོད། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཨྱེ་མྱགས་སོགས་ཀྱི་མཇུག་ཏུ་ཡ་མ་རཱ་ཛ་བཏགས་ཏེ་སྔགས་གཞུང་བཞིན་བསྒྲལ། སྟོབ་པའི་ཚིགས་བཅད་ཀྱི་མཇུག་ཏུ། ཨེ་ཀ་ཧེ་དུན་གྱི་མཐར། ཡ་མ་མེ་ད་ཀྵེ་རཱ་ཙ་ས་དོ་རུ་ཎ་ཡོ་ནི་ར་ཡ་ཛ་ནི་བྷེ་ཝ་ས་ཏྭ་ཛ་མ་རི་ཧཱུཾ་སརྦ་འབུ་པ་ཏ་ཡ་པ་ཏི་མ་ཧཱ་མཾ་ས་ནས། ཀེང་ནྲྀ་ཏིའི་བར་སོགས་དཀྱུས་ལྟར་བྱས་ནས། བསྒྲལ་མཆོད་བུམ་ནང་གི་ལྷ་ཚོགས་དང་། ལས་གཤིན་ཐམས་ཅད་ལ་འབུལ་ལོ། །བཤགས་པ་ནི། གཤིན་རྗེ་གཤེད་ཀྱི་ཡི་གེ་བརྒྱ་པ་བརྗོད། ཧཱུཾ། བདག་སོགས་མ་རིག་དབང་གྱུར་པས། །མཆོད་པའི་ཡོ་བྱད་མ་ཚང་དང་། །མ་དག་མི་གཙང་རྫས་ཀྱིས་འབགས། །འཕྲིན་ལས་ནོར་འཁྲུལ་ཐམས་ཅད་བཤགས། །བཟོད་པར་མཛོད་ལ་ལས་རྣམས་ཀུན། །ཐོགས་མེད་གྲུབ་པའི་དངོས་གྲུབ་སྩོལ། །བཞུགས་གསོལ་ནི། ནས་ནག་གི་མེ་ཏོག་འཐོར་ཞིང་། ལས་ཀྱི་གཤིན་རྗེ་འཁོར་བཅས་རྣམས། །འཆི་བདག་རང་གཟུགས་དངོས་གྲུབ་པའི། །དྲག་པོའི་རྟེན་མཆོག་འདི་(༡༤བ)


GLG023_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ། རྟག་ཏུ་བཞུགས་ལ་ལས་མཛོད་ཅིག །སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཤིས་བརྗོད་ནི། ཐུགས་རྗེའི་བྱིན་རླབས་ཆར་ལྟར་འབེབས་མཛད་པའི། །པད་གནུབས་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །དངོས་གྲུབ་མ་ལུས་ཐོགས་པ་མེད་སྩོལ་བའི། །ཡི་དམ་ཚེ་བདག་ནག་པོའི་བཀྲ་ཤིས་ཤོག །མཐུ་སྟོབས་ནུས་པས་དགྲ་བགེགས་ཚར་གཅོད་པའི། །ལས་ཀྱི་གཤིན་རྗེའི་ལྷ་ཚོགས་བཀྲ་ཤིས་ཤོག །བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་ཡི། །བདེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །འཆི་བདག་ཞལ་དབྱེའི་དྲུང་དུ་ལས་ཀྱི་གཤིན་རྗེ་བྷེ་ཝ་ས་ཏྭ་ལ་མཆོད་གཏོར་ལས་བཅོལ་གྱི་འཕྲིན་ལས་སྔོན་ཆད་ཐོར་བུའི་ཚུལ་དུ་བཞུགས་པ་ལས་ཁྲིགས་སུ་བསྒྲིགས་པ་ཞིག་མི་འཇུག་པས། མཆོད་རྟེན་བཅས་ཆོག་སོགས་བཞུགས་པའི་སྒྲུབ་ཁང་དུ་གལ་པོ་ཆེར་མཐོང་ནས། ལས་ཀྱི་གཤིན་རྗེའི་འཕྲིན་ལས་འཆི་བདག་དགྱེས་པའི་རྐན་སྒྲ་ཞེས་བྱ་བ་འདི་ནི། འཇམ་དཔལ་ཚེ་བདག་གི་རྣ་ཆ་བརྒྱད་ཀྱི་ནང་ཚན་ཁ་ཐུན་ཐོད་པའི་རྣ་ཆ་ལས་ཇི་ལྟར་བྱུང་བའི་ཁྲུགས་བསྡེབས་ཀྱི་དཔང་པོར། བོད་འདིར་དང་པོར་མཁས་པ་གནུབས་དང་དུམ་པ་རྒྱའི་སྲས་སློབ་བརྒྱུད་པའི་སྔགས་འཆང་རིམ་བྱོན། བར་དུ་མཁས་པ་མཐུ་ཆེན་གངས་པ་ཤཱཀ་འབུམ་དང་། གྲ་ཕྱི་གཡུང་སྟོན་རྡོ་རྗེ་དཔལ་བའི་ཕྱག་ལེན་ལ་གཞི་བྱས། ཐ་མར་མཁས་པ། སེ་སྟོན་རིན་ཆེན་རྒྱལ་མཚན། རིགས་འཛིན་མངའ་རིས་པ་ཆེན་པོའི་གདམས་པ་ཆུ་བོ་གཅིག་ཏུ་འདྲེས་པ་མི་ཉག་བྱང་པ་གཏེར་སྟོན་དཔལ་བཀྲ་ཤིས་སྟོབས་རྒྱལ་ཡབ་སྲས་ཀྱི་མན་ངག་གི་བང་མཛོད་འཛིན་པ་རྩ་བའི་བླ་མ་ཟུར་ཆེན་པདྨ་དབང་གི་ཞལ་གྱི་(༡༥ན)


GLG023_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལས་ལེགས་པར་ཐོས་པའི་ཕྱག་བཞེས་ཀྱིས་བརྒྱན། མཆོད་གཏོར་བྱིན་རླབས་དང་ཉ་བོ་སྒྲོལ་བའི་བསྐུལ་རིང་སྣང་གསལ་བ་རིགས་འཛིན་ཀུན་དགའ་ཚེ་མཆོག་གིས་མཛད་པའི་གཤིན་རྗེ་ཁྲོ་ཆུ་དུག་སྡོང་ལས་བླངས་མངོན་རྟོགས། དམ་སྒྲགས། མནའ་ཆུ། དམ་བཞག །ཉེར་སྤྱོད། སྨན་རཀ །འཕྲིན་བཅོལ། བསྟོད་པ། འཛབ་དམིགས། བཤགས་པ། བཞུགས་གསོལ། ཤིས་བརྗོད་རྣམས་གསར་དུ་བསྒྲིགས། མཁྱེན་དགོངས་དམོད་བཅོལ་ལྷུག་པ་ཡང་བཟློག་མེའི་སྤུ་གྲིའི་ལུགས་ཀྱི་མཁྱེན་དགོངས་སྲོག་གི་སྤུ་གྲི་དང་གནུབས་རོ་ཟན་ནག་པོའི་འཕྲིན་ཡིག་ལས་བཏུས་ཤིང་རང་བློས་ཀྱང་ཅུང་ཟད་བཀང་། གཞན་མའི་ཚིགས་བཅད་མཐའ་དག་ཁ་ཐུན་གྱི་ཡིག་རྙིང་སོར་བཞག་སྟེ་ཟ་ཧོར་གྱི་རིགས་ལས་སྔགས་པ་ནག་པོ། ཟིལ་གནོན་དྲག་པོ་རྩལ་གྱིས་གསེར་འཕྱང་གི་ལོ་ཧོར་གྱི་ཟླ་བ་བཅུ་པའི་ཉེར་དགུ་སྔགས་པ་ཟོར་བཟློག་སོགས་དྲག་པོའི་ལས་ཀྱི་དུས་དགེ་བར་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་བློ་བཟང་བསྟན་འཛིན་དབང་རྒྱལ་ལོ། །ཤུ་བྷ་མསྟུ་སརྦྦ་ཛ་ག་ཏཱཾ། །

གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ལས་བྱང་བདུད་ལས་རྣམ་པར་རྒྱལ་བ་ཚངས་པའི་རྔ་ཆེན།


GLG023_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ལས་བྱང་བདུད་ལས་རྣམ་པར་རྒྱལ་བ་ཚངས་པའི་རྔ་ཆེན་བཞུགས་སོ། །


GLG023_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཡཱ་མཱནྟ་ཀཱ་ཡ། དུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །འཇིག་རྟེན་མིག་གཅིག་རྣམ་སྣང་ལོ་ཙཱ་བ། །དྲིན་ཅན་བླ་མ་ཆོས་རྒྱལ་གཏེར་བདག་གླིང་། །བྱང་ཆུབ་བར་དུ་བདེ་ཆེན་འཁོར་ལོར་བཞུགས། །བོད་འབངས་དགའ་སྤྲོར་བྱེད་པ་གནས་ཀྱི་མཆོག །ཨོཾ་ཌི་ཡཱ་ནའི་གླིང་མཚུངས་ཤེལ་བྲག་ནས། །སྤྱན་དྲངས་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི། །འཕྲིན་ལས་མཁའ་འགྲོའི་ཞལ་རླངས་ཚ་དྲོད་འབར། །བཅོས་མེད་རྡོ་རྗེའི་ཚིག་རྣམས་སོར་བཞག་ལ། །མ་ཆད་ཁ་སྐོང་ཁྲིགས་སུ་ཉེར་བསྡེབས་པའི། །བདུད་ལས་རྣམ་པར་རྒྱལ་བ་ཚངས་པའི་རྔ། །ཡིད་སྲུབས་བཅོམ་པ་དཔའ་བོའི་རྟགས་སུ་རྡུངས། །དེ་ལ་འདིར་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་འཕྲིན་ལས་ཅུང་ཟད་ཁ་བཀང་སྟེ་བཀོད་པ་ལ། འཇམ་དཔལ་ཁྲོས་པ་ཁྲོ་བོའི་རྒྱལ༔ གཤིན་རྗེ་གཤེད་ལ་ཕྱག་བཙལ་ནས༔ དེ་ཉིད་སྒྲུབ་པའི་ལས་གཞུང་བསྟན༔ དམ་ཚིག་ལྡན་པའི་རྣལ་འབྱོར་གྱིས༔ ཡིད་དང་མཐུན་པའི་གནས་རྣམས་སུ༔ མ་རྡལ་མདའ་གང་གྲུ་བཞི་པ༔ དྲི་བཟང་(༢ན)


GLG023_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟའི་ཆག་ཆག་གདབ༔ མ་རྡལ་ཆོས་འབྱུང་འཁོར་ལོ་དང་༔ མུ་ཁྱུད་སྒོ་སོགས་ཚད་ལྡན་བྲི༔ དེ་དབུས་མཉྫི་ཁྲིའུའི་ཁར༔ མཚན་ལྡན་ཐོད་པ་བདུད་རྩིས་བཀང་༔ ཨཱ་དརྴ་ཡི་ཁ་བཀབ་སྟེང་༔ རིན་ཆེན་བུམ་པ་བཅུད་ལྡན་དང་༔ དམིགས་རྟེན་འཇམ་དཔལ་སྐུ་ཡང་བཙུགས༔ སྨན་རཀ་དམ་རྫས་གཏོར་མ་དང་༔ ཕྱི་ནང་ཚོགས་མཆོད་ཚང་བར་བཤམས༔ དེ་ནས་བདེ་བའི་གདན་ལ་འདུག༔ སྔོན་འགྲོ། དངོས་གཞི། རྗེས་དང་གསུམ། སྔོན་འགྲོ་ལ་དང་པོ། རྒྱུན་འདེབས་ནི། གདོད་མའི་སངས་རྒྱས་རང་རིག་ཀུན་ཏུ་བཟང་། །མཚན་དཔེའི་ཟློས་གར་བསྒྱུར་བ་རྡོ་རྗེ་འཆང་། །གསང་ཆེན་བཀའ་སྡུས་ལག་ན་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དགྲ་བགེགས་འཇོམས་པར་ཤོག །ལམ་འདིའི་བཀའ་བབས་འཇམ་དཔལ་བཤེས་གཉེན་ཞབས། །གཤིན་རྗེའི་རྣལ་འབྱོར་གཙུག་ལག་དཔལ་དགེ་དང་། ཁྲག་འཐུང་ནག་པོ་མཐུ་སྟོབས་ནུས་པའི་བདག །གསོལ་བ་འདེབས་སོ་དགྲ་བགེགས་འཇོམས་པར་ཤོག །ཤནྟིཾ་གརྦྷ་དྲག་སྔགས་གཏེར་གྱི་བདག །པདྨ་ཐོད་ཕྲེང་དུས་གསུམ་རྒྱལ་བའི་དབང་། ཡེ་(༢བ)


GLG023_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་འཚོ་རྒྱལ་གནས་གསུམ་མཁའ་འགྲོའི་གཙོ། །གསོལ་བ་འདེབས་སོ་དགྲ་བགེགས་འཇོམས་པར་ཤོག །བཻ་རོ་ཙ་ན་དོན་གྱི་པཎྜཱི་ཏ། །ཟབ་གསང་བསྟན་པ་རྒྱས་མཛད་གཏེར་བདག་གླིང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་དགྲ་བགེགས་འཇོམས་པར་ཤོག །རྡོ་རྗེ་སློབ་དཔོན་མཆོག་གིས་ཉེར་བཟུང་ནས། །དཀྱིལ་འཁོར་ཆེན་པོར་དབང་གིས་ལེགས་སྨིན་ཅིང་། །འཇམ་དཔལ་ཞི་ཁྲོའི་སྣང་སྟོང་ལྷ་ཡི་སྐུ། །ཕྲ་རགས་བསྐྱེད་རིམ་ཉམས་སུ་ལོངས་པར་ཤོག །ལྷ་སྔགས་ཡེ་ཤེས་ཟུང་དུ་འཇུག་པ་ཡི། །བསྙེན་སྒྲུབ་སྒྲུབ་པ་ཆེན་པོ་མཐར་ཕྱིན་ཏེ། །སྲུང་བཟློག་བསད་པ་མནན་སྲེག་འཕང་བ་སོགས། །ཞི་རྒྱས་དབང་དྲག་ལས་རྣམས་འགྲུབ་པར་ཤོག །མདོར་ན་ཕྱི་ནང་གསང་བའི་གཤིན་རྗེ་དང་། །དེ་འདུལ་གཉེན་པོར་བཅས་ཀུན་རང་རིག་རྩལ། །དོན་གྱི་འཇམ་དཔལ་རང་ངོ་ཉེར་འཕྲོད་པའི། །རྫོགས་ཆེན་ལམ་གྱིས་ཚེ་འདིར་གྲོལ་གྱུར་ཅིག །གཉིས་པ་སྐྱབས་འགྲོ་ནི། ན་མོ་བདག་དང་མཐའ་ཡས་སེམས་ཅན་ཀུན༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ བསླུ་མེད་སྐྱབས་གནས་ཐམས་ཅད་ལ༔ སྒོ་གསུམ་དང་བས་སྐྱབས་སུ་མཆི༔ གསུམ་པ་སེམས་བསྐྱེད་ནི། རང་རིག་རང་ངོ་མ་ཤེས་པའི༔ མ་རིག་འཁྲུལ་པའི་སེམས་ཅན་ཀུན༔ བདེ་ཆེན་ས་ལ་འགྲོད་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ བཞི་པ་ཡན་ལག་བཅུ་པ་ནི། ཏྲཾ་རཏྣ་མཎྜ་ལ། པཾ་པདྨ་མཎྜ་ལ། མ་སུཪྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་སྤྱི་བོར་རྡོ་རྗེ་སློབ་དཔོན་བཞུགས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨཱོཾ་བཛྲ་ས་མ་ཡ་ཛཿ བདེ་གཤེགས་སྲས་བཅས་(༣ན)


GLG023_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དགོངས་སུ་གསོལ། །སྒོ་གསུམ་དང་བས་རབ་ཏུ་ཕྱག་འཚལ་ཞིང་། །ཟག་མེད་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད། མི་དགེའི་ལམ་ཞུགས་སྡིག་སྒྲིབ་ནོངས་པ་བཤགས། །དུས་གསུམ་རྒྱལ་བའི་མཛད་པར་རྗེས་ཡི་རང་། །བླ་མེད་ཆོས་འཁོར་བསྐོར་ཞིང་བཞུགས་གསོལ་འདེབས། །བདག་གཞན་དགེ་ཚོགས་བྱང་ཆུབ་མཆོག་ཏུ་བསྔོ། །འཁོར་བ་ཡོངས་དག་ཆོས་དབྱིངས་ཐོབ་པར་ཤོག །ཅེས་པ་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བཅུས། །ཚོགས་བསག་ཚོགས་ཞིང་རང་ལ་བསྟིམ་ཞེས་པའི་དོན་ནོ། །བྱང་ཆུབ་སྒྲུབ་པའི་བགེགས་རྣམས་ལ། །ལན་ཆགས་བསྔོ་ཞིང་འདི་ལྟར་བསྒོ། །ཞེས་པའི་དོན་ལྟར། ལྔ་པ་ལན་ཆགས་བགེགས་གཏོར་ནི། རང་ཉིད་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ་དུར་ཁྲོད་ཀྱི་ཆས་དང་གར་དགུའི་ཉམས་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པར་བསམ། ཧཱུཾ། ས་ཕྱོགས་འདིར་གནས་བགེགས་དང་འབྱུང་པོའི་ཚོགས༔ འདོད་ཡོན་བདུད་རྩིའི་གཏོར་མ་འདི་ལོང་ལ༔ ཕན་བདེའི་བསམ་པས་རང་རང་གནས་སུ་སོང་༔ གལ་ཏེ་མི་འགྲོ་བསམ་སྦྱོར་ངན་པ་ཡིས༔ མི་མཐུན་བར་གཅོད་འབྲས་བུ་འབྱིན་གྱུར་ན༔ བདག་ཉིད་འཇམ་དཔལ་ཁྲོས་པའི་མཐུ་སྟོབས་ཀྱིས། ཁྱོད་རྣམས་བརླག་ཅིང་བསྲེག་པར་གདོན་མི་ཟ༔ དེ་བས་བཀའ་ལས་མ་འདའ་ཕྱིར་དེངས་ཤིག༔ ཨཱོཾ་མ་ཧཱ་ཀྲོདྷ་སརྦ་བྷུ་ཏ་ཡ་གཙྪ༔ ཧཱུཾ་བཞིའི་སྔགས་བརྗོད་རོལ་མོ་སྒྲོག༔ དྲུག་པ་མཚམས་ཅད་སྲུང་འཁོར་ནི༔ ཧཱུཾ། ང་ནི་འཇམ་དཔལ་གཤིན་རྗེ་གཤེད༔ ཐུགས་སྲོག་ཧཱུཾ་གི་འཕྲོ་འདུ་ལས༔(༣བ)


GLG023_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མཚམས་འཁོར་ལོ་རྩིབས་བཅུ་འབར༔ རྩིབས་སྟེང་དཔལ་ཆེན་ཁྲོ་བོ་བཅུ༔ བསྲུང་བཟློག་འཕྲིན་ལས་མཛད་པའི་ཕྱིར༔ རྣོ་དབལ་མཚོན་ཆ་ལྔ་ཡི་གུར༔ བསྲ་བརྟན་མི་ཤིགས་ར་བས་བསྐོར༔ སྤྲུལ་པའི་ཁྲོ་ཚོགས་གློག་ལྟར་འཁྱུག༔ ཡེ་ཤེས་མེ་ལྕེ་ཀུན་ཏུ་འབར༔ བགེགས་དང་འབྱུང་པོ་རྡུལ་དུ་རློག༔ ཨཱོཾ་མ་ཧཱ་ཀྲོ་དྷ་རཀྵ་ཛྭ་ལ་རཾ་ཧཱུཾ་ཕཊ༔ བདུན་པ་བཤགས་པ་ནི། ཏྲཾ་རཏྣ་མཎྜ་ལ། པཾ་པདྨ་མཎྜ་ལ། མ་སུཪྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅས་པ་ཨཱོཾ་བཛྲ་ས་མ་ཡ་ཛ༔ ཧཱུཾ། དམིགས་མེད་མཁའ་ལྟར་དག་པ་ཁྱབ་པའི་སྐུ། །རང་རིག་ཡེ་ཤེས་ཀློང་དུ་མ་གྱུར་ཅིང་། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པས། །དྲེགས་པ་འཇོམས་བྱེད་ཐུགས་དང་ཅི་འགལ་བ། ཁྲོ་གཏུམ་ཐུགས་རྗེ་ཅན་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་ཀློང་དུ་མ་གྱུར་ཅིང་། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པས། །རོ་ལངས་རྒྱལ་མོའི་ཐུགས་དང་ཅི་འགལ་བ། དབྱིངས་ལྡན་ཆགས་མེད་ཡུམ་ལ་བཟོད་པར་གསོལ། །རང་རིག་ཡེ་ཤེས་ཀློང་དུ་མ་གྱུར་ཅིང་། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པས། །འཁོར་གྱི་གཤིན་རྗེ་ཕོ་མོའི་ཐུགས་དང་ཅི་འགལ་བ། །བསྟན་སྲུང་སོ་སོའི་སྐུ་ལ་བཟོད་པར་གསོལ། །དོན་དམ་ངང་ལ་དགེ་སྡིག་གཉིས་མེད་ཀྱང་། །དེ་ལྟར་མ་རྟོགས་གཟུང་འཛིན་དབང་གིས་ན། །ཉམས་ཆགས་འགལ་འཁྲུལ་གྱུར་པ་ཅི་མཆིས་པ། །གནོང་འགྱོད་མོས་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཐོག་མེད་ནས་བསགས་རྩ་བ་ཡན་ལག་གི །དམ་ཚིག་ཉམས་ཆགས་ཉེས་ལྟུང་མ་ལུས་རྣམས། །དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་བཟོད་པར་གསོལ། །འཇོམས་བྱེད་ཐུགས་དམ་བཞིན་དུ་སྤྱད་པར་བགྱི། ཡིག་བརྒྱ་བརྗོད། བརྒྱད་པ། བྱིན་འབེབས་ནི། ཧཱུཾ། བདེ་གཤེགས་རྒྱལ་བ་ཀུན་གྱི་བདག་ཉིད་ཆེ། །དྲག་པོ་ལས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །ཆོས་དབྱིངས་དྲག་(༤ན)


GLG023_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཨེ་ཡི་གཞལ་ཡས་ནས། །དྲེགས་པ་འཇོམས་བྱེད་ཡབ་ཡུམ་སྤྲུལ་པ་གསུམ། །སྤྱི་མགྲིན་སྙིང་ལྟེར་གནས་པའི་གཤེད་པོ་བཞི། །རྒོད་སྟག་ཀང་སྤྱང་གདོང་ཅན་སྒོ་བ་བཞི། དྲག་པོའི་ལས་མཛད་ཕོ་ཉ་དམ་ཅན་ཚོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་བྱིན་ཕོབ་ཅིག །བདག་ཅག་སེམས་ཅན་ལས་ཀྱིས་མནར་བ་ལ། །རེ་ཞིག་དཔུང་གཉེན་གཞན་ན་མ་མཆིས་པས། །ཐུགས་རྗེ་ཆེན་པོས་འགྲོ་ལ་བརྩེར་དགོངས་ལས། །བྱིན་ཚན་མྱུར་དུ་དབབ་པའི་དུས་ལ་བབ། །འཇམ་དཔལ་ཁྲོས་པའི་རྒྱལ་པོ་འཁོར་དང་བཅས། །སྔགས་ཚིག་ཤུགས་པ་བརྡ་ཡིས་སྤྱན་འདྲེན་ན། །མི་དམིགས་ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ། །དྲག་པོའི་དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག །སྒྲུབ་མཆོག་རྣལ་འབྱོར་བདག་ལ་དབང་བསྐུར་སྩོལ། སྒྲུབ་རྗེས་དམ་པ་འདི་ལ་མཐུ་སྩོལ་ཅིག །དྲག་པོའི་འཕྲིན་ལས་མཛད་པའི་དུས་ལ་བབ། །བདག་ཅག་རེ་བའི་འབྲས་བུ་མཆིས་པར་མཛོད། །དགུ་པ་ཕྱི་ནང་གི་མཆོད་རྫས་རྣམས་བྱིན་གྱིས་བརླབས་པ་ནི། བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། ཕུད་སྣོད་ལ་ཐིམ་པས་སྣོད་ཀྱི་མ་དག་པ་སྦྱངས། ཨཱ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ཤ་ལྔ་བདུད་རྩི་ལྔར་གནས་པའི་སྟེང་དུ་ཧཱུཾ་དཀར་པོ་དེའི་འོད་ཟེར་གྱིས་ཕྱི་འབྱུང་བའི་བཅུད་བསྡུས། ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩི་བཀུག །བདུད་རྩི་ལ་ཐིམ་པས་དངོས་འཛིན་སྦྱངས་ནས་ཡེ་ཤེས་ཀྱི་བདུད་རྩི་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟ་བུར་གྱུར། ཨཱོཾ་ཨཱཿཧཱུཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋཱ། བདག་གི་ཐུགས་ཀའི་ཧཱུཾ་གི་འོད་ཀྱིས་རཀྟའི་དངོས་འཛིན་སྦྱངས། བྷནྡྷ་ཀ་པཱ་ལ་བྷྲུཾ། སྣོད་བྷནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་(༤བ)


GLG023_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་ར་དམར་པོ། དེ་ལས་རཀྟའི་རྒྱ་མཚོ་ཆེན་པོ་རྦ་ཀློང་འཁྲུག་ཅིང་འཕྱོ་བའི་སྟེང་དུ་ཡི་གེ་ར་དམར་པོ་འོད་ཟེར་འཕྲོ་བར་གྱུར། དེ་ལས་འོད་ཟེར་གྱི་འཕྲོ་འདུས་རཀྟའི་ངོ་བོ་བདུད་རྩིའི་རོ་མཆོག་བརྒྱད་དང་ལྡན་པ་ཟེགས་མ་ལ་འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པ་འཕྲོ་བར་གྱུར། ཨཱོཾ་ཨཱཿཧཱུཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ། བདག་གི་ཐུགས་ག་ནས་རཾ་ཡཾ་ཁཾ་གིས་གཏོར་མའི་དངོས་འཛིན་སྦྱངས་ཏེ་སྣོད་ཨ་ལས་བྷནྡྷའི་ནང་དུ་བཅུད་ཨཱོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་འདོད་ཡོན་དྲུག་གི་ལྷ་མོར་གྱུར། ཨཱོཾ་བྷ་ལིཾ་ཏ་ཏེ་ཛོ་བྷ་ལི་ཾཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱཧཱ། དེ་ཡང་གསུམ་པ་མཆོད་པའི་ཡོ་བྱད་རྣམས། སྔགས་རྒྱས་ནམ་མཁའ་གང་བར་སྤེལ་ཞེས་པའི་དོན་གོང་འོག་མཐའ་དག་ལ་སྦྱར་ནས། ཧཱུཾ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་བསམ༔ ཨོ་བཛྲ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་གེ༔ གྷནྡྷེ༔ ནཻ་ཝེ་ཏྱེ༔ ཤཔྟ༔ རཱུ་པ༔ ཤཔྟ། གྷནྡྷེ། ར་ས༔ སྤརྴ༔ དྷརྨ་དྷ་ཏུ༔ ག་ན༔ པཉྩ༔ རཀྟ༔ བ་ལིཾ་ཏ༔ མ་ཧཱ་པཱུ་ཛ་ཨཱཿཧཱུཾ་ཧྲི་ཋ༔ སྔོན་དུ་འགྲོ་བའི་ལས་རིམ་མོ༔ སཱ་མཱ་ཡཱ༔ དངོས་གཞིའི་དང་པོ་བསྐྱེད་རིམ་ནི༔ ཧཱུཾ། ཆོས་ཀུན་གདོད་ནས་སྤྲོས་བྲལ་ཀྱང་༔ འགག་མེད་རང་མདངས་སྙིང་རྗེར་ཤར༔ དེ་ལས་རང་རིག་ཡི་གེ་ཧཱུཾ༔ ཧཱུཾ་ལས་རིམ་བརྩེགས་འབྱུང་ལྔའི་སྟེང་༔ དུར་ཁྲོད་རབ་འཇིགས་གཞལ་ཡས་ཁང་༔ མཚན་ཉིད་ཀུན་ཚང་ལྟེ་བ་རུ༔ དྲེགས་པ་ཆུ་གླང་པད་ཉིའི་སྟེང་༔ རང་རིག་ཧཱུཾ་ལས་གཤིན་རྗེའི་གཤེད༔ མཐིང་ནག་དུག་ཆེན་ཧ་ལའི་མདོག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ༔ གཡས་དཀར་གཡོན་དམར་དབུས་མཐིང་(༥ན)


GLG023_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ༔ ཞལ་གདངས་མཆེ་གཙིགས་སྤྱན་དམར་འཁྲུག༔ འཁོར་ལོ་རལ་གྲི་གྲི་གུག་གཡས༔ ཐོད་ཁྲག་བེ་ཅོན་སྡིགས་མཛུབ་གཡོན༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ གཉིས་མེད་ཡུམ་མཆོག་པེ་ཏ་ནག༔ གྲི་ཐོད་འཛིན་ཞིང་ཡབ་དང་འཁྲིལ༔ སྤྱི་བོར་སྤྲུལ་པའི་བྱ་ཁྱུང་མཐིང་༔ སྤུ་གྲི་སྒྲོ་གཤོག་ཀླུ་གདོན་འདུལ༔ བདག་གི་སྐུ་ཡི་ཆ་ཀུན་ནས༔ སྤྲུལ་པའི་ཁྲོ་ཚོགས་གྲངས་མེད་འགྱེད༔ ཡེ་ཤེས་མེ་དཔུང་ཀློང་དུ་གསལ༔ ཟླ་གམ་གསུམ་ལ་རོ་ཡི་སྟེང་༔ ཚེ་བདག་ནག་པོ་གྲི་ཞགས་འཛིན༔ སྲོག་བདག་དམར་པོ་བེ་ཅོན་གྲི༔ འཆི་བདག་དུད་ཁ་ཁྲམ་སྙིང་འཛིན༔ ཀུན་ཀྱང་དུར་ཁྲོད་ཆས་ཅན་ནོ༔ དེ་ཡི་ཕྱི་རོལ་རྩིབས་བཞི་ལ༔ ཤར་དུ་ཡ་མ་ར་ཙ་མཐིང་༔ གཡས་གཡོན་རལ་གྲི་ཐོད་ཁྲག་འཛིན༔ ལྷོ་རུ་མྱོས་བྱེད་འབར་བ་སེར༔ གཡས་པ་བེ་ཅོན་གཡོན་འཁོར་ལོ༔ ནུབ་ཏུ་ཨཪྱ་མ་རུ་དམར༔ རྩེ་གསུམ་གཡས་ལ་མི་སྙིང་གཡོན༔ བྱང་དུ་རལ་པ་ཚར་དགུ་ལྗང་༔ ཐོད་དབྱུག་འཁོར་ལོ་གཡས་དང་གཡོན༔ ཀུན་ཀྱང་རང་རང་ཡུམ་དང་འཁྲིལ༔ དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན༔ སྒོ་བཞིར་བྱ་རྒོད་སྟག་ཀང་ཀ༔ སྤྱང་གདོང་རྣམ་བཞི་ལྕགས་ཀྱུ་དང་༔ ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན༔ ཚད་མེད་བཞི་ལྡན་སྒོ་བཞི་བསྲུང་༔ གཞན་ཡང་འཇིགས་བྱེད་གཤིན་རྗེའི་འཁོར༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བཅས༔ གྲངས་མེད་སྤྲིན་གཏིབས་ལྟར་གསལ་བའི༔ གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔ འབྲུ་གསུམ་འོད་ཟེར་འབར་བ་ལས༔ འོད་འཕྲོས་ཡེ་ཤེས་སེམས་དཔའ་ཚོགས༔ རང་བཞིན་གནས་ནས་ས་མཱ་ཛ༔ གཉིས་པ་སྤྱན་འདྲེན་ནི༔ སྣ་ཚོགས་(༥བ)


GLG023_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོའི་སྒྲར་བཅས་ཏེ༔ གདུང་བའི་དབྱངས་ཀྱིས་སྤྱན་འདྲེན་པ༔ ཧཱུཾ། འོག་མིན་ལྷུན་རྫོགས་ཆོས་དབྱིངས་ཕོ་བྲང་ནས༔ སངས་རྒྱས་ཀུན་གྱི་ཡེ་ཤེས་འཇམ་དཔལ་དབྱངས༔ བདེ་ཆེན་ཞི་བའི་ངང་ལས་མ་གཡོས་ཀྱང་༔ ལོག་འདྲེན་གདུག་པའི་ཚོགས་རྣམས་འདུལ་བའི་ཕྱིར༔ མི་བཟད་དྲག་པོར་ཁྲོས་པ་ཁྲོ་བོའི་རྒྱལ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན༔ ཐུགས་རྗེ་ཆེ་ལྡན་གནས་འདིར་གཤེགས་སུ་གསོལ༔ གཅིག་ལས་དུ་མའི་ཚུལ་དུ་རང་ཤར་བའི༔ གཉིས་མེད་ཡུམ་མཆོག་ཟ་བྱེད་པེ་ཏ་དང་༔ སྐུ་གསུང་ཐུགས་སྤྲུལ་གཤེད་ཆེན་རྣམ་བཞི་སོགས༔ འཇིགས་བྱེད་གཤིན་རྗེའི་ལྷ་ཚོགས་འཁོར་དང་བཅས༔ ཐུགས་རྗེ་ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ ནད་གདོན་བར་ཆད་བསྲུང་ཕྱིར་གཤེགས་སུ་གསོལ༔ ཚེ་དང་བསོད་ནམས་སྤེལ་ཕྱིར་གཤེགས་སུ་གསོལ༔ ཁམས་གསུམ་དབང་དུ་སྡུད་ཕྱིར་གཤེགས་སུ་གསོལ༔ གདུག་པའི་དགྲ་བགེགས་བསྒྲལ་ཕྱིར་གཤེགས་སུ་གསོལ༔ ཨཱོཾ་མཉྫུ་ཤྲཱི་ཡ་མནྟ་ཀ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུཾ། དུར་ཁྲོད་རབ་འཇིགས་གཞལ་ཡས་འདིར༔ དྲེགས་པ་ཆུ་གླང་མ་ཧེའི་སྟེང་༔ ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེ་གཤེད༔ འཁོར་བཅས་དགྱེས་པར་བཞུགས་སུ་གསོལ༔ ཛཿཧཱུཾ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་དབང་བསྐུར་རྒྱས་གདབ་ནི༔ རང་རིག་གདོད་ནས་འཇམ་དཔལ་ལྷར༔ དམིགས་བྱས་དབང་བསྐུར་དང་བྲལ་ཀྱང་༔ ལོག་རྟོག་སྙིང་རྗེ་བསྒྲལ་བའི་ཕྱིར༔ ཁྲོ་རྒྱལ་ནུས་མཐུས་རང་དབང་བསྐུར༔ ཨཱོཾ་ཧཱུཾ་སྭཱ་ཨཱཿཧཱཿ ཨ་བྷི་ཥིཉྩ་མི༔ དབང་བསྐུར་རིགས་ཀྱི་བདག་(༦ན)


GLG023_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བརྒྱན༔ ལྔ་པ་གུས་པས་ཕྱག་འཚལ་བ༔ ཐལ་སྦྱར་དང་བའི་སེམས་ཀྱིས་ནི༔ ཧཱུཾ། ལྷ་ཡི་ལྷ་མཆོག་བཅོམ་ལྡན་འདས༔ གཤིན་རྗེ་གཤེད་པོ་ཁྲོ་བོའི་རྒྱལ༔ གཙོ་འཁོར་སྤྲུལ་པར་བཅས་རྣམས་ལ༔ རབ་གུས་དུངས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཙ་ཧོ༔ དྲུག་པ་མཆོད་པའི་ལས་རིམ་ནི༔ ཧཱུཾ། དངོས་བཤམས་ཡིད་ལས་རྣམ་སྤྲུལ་བའི༔ མེ་ཏོག་གདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་འདོད་ཡོན་ལྔ༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུར༔ དཔག་ཡས་ནམ་མཁའི་ཁྱོན་བཀང་སྟེ༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ ཨོཾ་བཛྲ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གྷནྡྷེ༔ ནཻ་ཝེ་ཏྱེ༔ ཤཔྟ༔ རཱུ་པ༔ ཤཔྟཿ་གྷནྡྷེ༔ ར་ས༔ སྤརྴ༔ པཱུ་ཛ་ཧོ༔ ཧཱུཾ། གདུག་པའི་དགྲ་དང་བགེགས་རྣམས་ཀྱི༔ དབང་པོ་ལྔ་དང་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་འཁྲིགས་པའི་དྲི༔ ཤ་རུས་ཞལ་ཟས་ཐོད་རྔ་སོགས༔ དུར་ཁྲོད་ནང་གི་མཆོད་པ་འདི༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ མ་ཧཱ་མ་ས་རཀྟ་ཀེཾ་ནི་རི་ཏི་བ་སུ་ཏ་མ་ཧཱ་པཉྫ་པཱུ་ཛཿཧོ༔ ཧཱུཾ། སྣང་སྟོང་ཐབས་ཤེས་སྦྱོར་བ་ལས༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུ༔ སྨྲ་མེད་བདེ་བའི་གསང་མཆོད་འདི༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ བྷོ་དྷི་ཙིཏྟ་ག་ན་གུ་ཡ་པཱུ་ཛཿཧོཿ འཆི་མེད་བདུད་རྩི་ཨ་མྲྀ་ཏ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ ཁྱད་པར་རྨད་བྱུང་བདུད་རྩི་འདི༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་འཆང་༔ གསང་བའི་བདག་པོ་འཇམ་དཔལ་བཤེས་གཉེན་ཞབས། །གཙུག་ལག་དཔལ་དགེ་ཁྲག་འཐུང་ནག་པོ་ལ། །སྨན་མཆོད་འབུལ་ལོ་མཐུ་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་(༦བ)


GLG023_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་རཾ་ཁཱ་ཧི། ཤནྟིཾ་གརྦྷ་རིགས་འཛིན་པདྨ་འབྱུང་། །ཇོ་མོ་འཚོ་རྒྱལ་གན་ཇག་ཐང་ཏ་དང་། །གཏེར་བདག་གླིང་པ་རྩ་བའི་བླ་མ་ལ། །སྨན་མཆོད་འབུལ་ལོ་མཐུ་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། དྲེགས་པ་འཇོམས་བྱེད་ཡུམ་ཆེན་པེ་ཏ་ལི། །གཤེད་ཆེན་བཞི་དང་སྒོ་བསྲུང་གཤིན་རྗེའི་ཚོགས། །ལས་ཀྱི་གཤིན་རྗེ་གཏེར་སྲུང་རྡོར་ལེགས་ལ། །སྨན་མཆོད་འབུལ་ལོ་མཐུ་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ལྕེ་ཡི་དམ་ཚིག་རྡོ་རྗེ་སོགས་བརྗོད། ལྕང་ལོར་བཅས་པའི་བྷནྡྷའི་ནང་༔ དམར་ཆེན་རཀྟ་རྒྱ་མཚོར་བསྐྱིལ༔ ཉོན་མོངས་འཁོར་བ་འཇོམས་པའི་ཕྱིར༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧཱུཾ། སྟོང་གསུམ་ཞིང་གི་གཏོར་གཞོང་དུ༔ བཅུད་ཀྱི་འགྲོ་དྲུག་གཏོར་མར་སྦྱར༔ མཛེས་པའི་དཀར་དམར་རྒྱན་གྱིས་བརྒྱན༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཨཱཿགདོད་ནས་རང་རིག་ལྷ་རུ་དག༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན༔ མི་དམིགས་སྤྲོས་བྲལ་ཕྱག་རྒྱ་ཆེ༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ མ་ཧཱ་མུ་ཏྲ་དྷརྨ་དྷཱ་ཏུ་པུ་ཛ་ཧོཿ བདུན་པ་བསྟོད་པ་བྱ་བ་ནི༔ ཧཱུཾ། གདོད་ནས་སྤྲོས་བྲལ་མི་དམིགས་ཆོས་ཀྱི་སྐུ༔ རང་མདངས་འགག་མེད་སྣ་ཚོགས་ལོངས་སྤྱོད་རྫོགས༔ ཐུགས་རྗེ་རབ་ཁྲོས་ཁྲོ་རྒྱལ་སྤྲུལ་པའི་སྐུ༔ གང་འདུལ་དེར་སྟོན་དཔལ་ལ་ཕྱག་འཚལ་བསྟོད༔ མི་གནས་མི་དམིགས་ཆོས་སྐུ་དག་པ་ལས༔ བདུད་འདུལ་ཁྲོ་རྒྱལ་མཆོག་གི་སྐུར་བསྟན་ནས༔ ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ༔ བཅོམ་ལྡན་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད༔ གཏུམ་ཆེན་རབ་འབར་ཉི་མ་འབུམ་གྱི་གཟི༔ དཀར་མཐིང་དམར་བའི་དབུ་གསུམ་རྔམས་བཞད་ཁྲོ༔ ཕྱག་དྲུག་གདུག་པའི་མཚོན་ཆ་སྣ་ཚོགས་འཛིན༔ ཞབས་བཞིའི་གར་གྱིས་བདུད་ཚོགས་ཕྱེ་མར་འཐག༔ དཔལ་དང་དུར་ཁྲོད་དྲག་པོའི་ཆས་ཀྱིས་བརྒྱན༔(༧ན)


GLG023_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱི་ཉམས་དགུ་མཚན་དཔེ་ཡོངས་སུ་རྫོགས༔ རབ་བརྗིད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་དབྱིངས་ལས་འགག་མེད་ལྷར་སྣང་བ༔ དབྱིངས་དང་ཡེ་ཤེས་རིག་རྩལ་ལས་ཤར་བའི༔ གཉིས་མེད་སྦྱོར་སྒྲོལ་ཡུམ་དང་མཁའ་ལྡིང་ཁྱུང་༔ སྐུ་གསུམ་ཐུགས་སྤྲུལ་ཚེ་འཆི་སྲོག་བདག་གསུམ། །འཇིགས་བྱེད་གཤིན་རྗེ་ཆེན་པོ་རྣམ་བཞི་སོགས༔ འཁོར་བཅས་དམ་ཚིག་ཅན་གྱི་ལྷག་པའི་ལྷ༔ གདུལ་བྱའི་བསམ་པ་ཡོངས་སུ་སྐོང་བའི་མཛོད༔ རྣམ་བཞིའི་འཕྲིན་ལས་སྒྲུབ་པའི་ཕོ་ཉ་བ༔ དམ་ཉམས་དགྲ་བགེགས་སྒྲོལ་བའི་སྲོག་གི་གཤེད༔ འཇམ་དཔལ་དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བསྟོད༔ བརྒྱད་པ་བསྙེན་སྒྲུབ་བཟླས་པ་ནི༔ དང་པོ་རླུང་ལས་བསླབ་བྱ་སྟེ༔ རྔུབས་པ་ཨཱོཾ་ལ་གནས་པ་ཨཱ༔ འབྱིན་པ་ཧཱུཾ་ལ་སྦྱར་ཏེ་བཟླ༔ བདག་གི་ཐུགས་ཀར་འཁོར་ལོའི་དབུས༔ འཇམ་དཔལ་དམར་སེར་པོད་རལ་འཛིན༔ རིན་ཆེན་རྒྱན་མཛེས་ཐུགས་ཀའི་དབུས༔ ཉི་སྟེང་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བར་ཧཱུཾ་མཐིང་མཚན་པའི་མཐར༔ སྔགས་འཕྲེང་གཡས་སུ་འཁོར་བ་ལས༔ འོད་འཕྲོས་འཕགས་མཆོད་མཐུ་དབང་བསྡུས༔ སེམས་ཅན་སྒྲིབ་སྦྱངས་དགྲ་བགེགས་བསྒྲལ༔ སྣོད་བཅུད་ཡོན་ཏན་དངས་མ་ཀུན༔ འོད་ཟེར་རྣམ་པར་བདག་ལ་བསྟིམ། ཨཱོཾ་མཉྫུ་ཤྲཱི་ཡ་མནྟ་ཀ་ཧཱུཾ་ཕཊ༔ འདི་ནི་རྩ་བའི་བསྙེན་པ་སྟེ༔ འབུམ་ཚོ་གཅིག་ཏུ་བཟླ་བར་བྱ༔ ཨཱོཾ་ཧྲི་ཥི་ཊི་བི་ཊི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ༔ འདི་ནི་ཉེ་བར་བསྙེན་པ་སྟེ༔ སུམ་འབུམ་ངག་ཏུ་བཟླ་བར་བྱ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཀཱ་ལ་རཱུ་པ་ཧྲ་ིཥྚི་ཨ་པ་ཡེ་མ་མ་ཀྲོ་ཏི་ཤྭ་རི་ས་མ་ཡ་ཧཱུཾ་ཕཊ༔ ཨཱོཾ་ཡ་མ་ར་ཙ་ས་ཏོ་མེ་ཡ་ཡ་མེ་དོ་རུ་ཎ་ཡོད་ཡ་ཡ་ད་ཡོ་ནི་ར་(༧བ)


GLG023_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ཡཀྵེ་ཡ་ཡཀྵེ་ཡ་ཚ་ནི་ར་མ་ཡ་ཧཱུཾ་ཕཊ༔ འདི་ནི་སྒྲུབ་པའི་རྩ་སྔགས་ཏེ༔ བདུན་འབུམ་ཉི་ཁྲི་རྟགས་དང་སྦྱར༔ ལས་སྦྱོར་སྔགས་ཀྱི་ཤམ་བུ་ནི༔ རིག་པའི་མདའ་དང་བསྟུན་ཏེ་སྦྱར༔ མཐུན་མཐར་འཛབ་བསྐུལ་དངོས་གྲུབ་བླང་༔ ཞེས་པའི་དགུ་པ་འཛབ་བསྐུལ་ནི༔ ཨེ་དྲེགས་པ་འཇོམས་བྱེད་ཆོས་ཀྱི་དབྱིངས་ཀྱི་གསུང་ཞེས་སོགས། འཛབ་བསྟོད་ཟོར་གྱི་འཕྲིན་ལས་གནམ་ལྕགས་འབར་བའི་ཐོག་མདའ་ནས་ལེན། བཅུ་པ་དངོས་གྲུབ་བླང་བ་ནི། ཧཱུཾ། དགོངས་ཤིག་བདེ་གཤེགས་དཀྱིལ་འཁོར་ལྷ༔ བདག་ཅག་རྡོ་རྗེ་མཆེད་ལྕམ་གྱི༔ བསྐྱེད་རིམ་གསལ་ཞིང་བསྙེན་སྒྲུབ་ཐེམས༔ འཕྲིན་ལས་སྦྱོར་བ་མཐའ་རུ་ཕྱིན༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུཾ། སྒྲུབ་པ་དངོས་གཞིའི་ལས་རིམ་མོ༔ ས་མ་ཡ༔ དངོས་གྲུབ་ལེན་པ་རྒྱས་པར་སྤྲོ་ན་ཨེ་བདེ་གཤེགས་རྒྱལ་བ་ཐམས་ཅད་འདུས་པའི་སྐུ་ཞེས་སོགས་ཟོར་གྱི་འཕྲིན་ལས་ནས་ལེན། ལས་གཤིན་དང་གཏེར་བསྲུང་མཆོད་པ་ནི། དངོས་གཞི་དང་མཇུག་གང་དུ་བྱས་ཀྱང་ཁྱད་མེད་པ་སྐབས་འདིར་བཀོད་པ་ལ། གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ༔ ལས་བྱེད་བཀའ་སྲུང་གཤིན་རྗེ་ཉིད༔ སྒྲུབ་ཅིང་མཆོད་པའི་ཆོ་ག་བསྟན༔ རང་ཉིད་གཤིན་རྗེ་གཤེད་དུ་གསལ་བའི་མདུན་དུ༔ པད་ཉི་དང་དགྲ་བགེགས་མ་ཧེ་སེར་ནག་གི་སྟེང་དུ༔ ཡ་སྨུག་ནག་ལས་ལས་ཀྱི་གཤིན་རྗེ་གཤེད་པོ་སྐུ་མདོག་སྨུག་ནག༔ ཁྲོ་བོའི་ཆས་ཅན་རྔམས་ཤིང་འཇིགས་པ༔ ཕྱག་གཡས་ཐོད་དབྱུག་དང་༔ གཡོན་ཐོད་ཁྲག་འཛིན་པ༔ འཁོར་གཤིན་རྗེ་བསམ་གྱིས་མི་ཁྱབ་པས་བསྐོར་བ་དེའི་གནས་གསུམ་དུ་ཨཱོཾ་ཨཱཿཧཱུཾ་དང་༔ བདག་བསྐྱེད་ཀྱི་ཐུགས་ཀའི་ཧཱུཾ་(༨ན)


GLG023_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་གཤིན་རྗེའི་གནས་ནས་འཁོར་བཅས་སྤྱན་དྲངས༔ ཧཱུཾ། ལྷོ་ཕྱོགས་གཤིན་རྗེའི་འཇིག་རྟེན་གྱི༔ འཇིགས་སུ་རུང་བ་མུན་པའི་ཀློང་༔ དྲེགས་པ་ཀུན་གྱི་བཤན་ཁང་ནས༔ ལས་བྱེད་གཤིན་རྗེ་འཁོར་དང་བཅས༔ བདག་གིས་དད་པས་སྤྱན་འདྲེན་ན༔ དགྲ་བགེགས་འདུལ་ཕྱིར་གནས་འདིར་སྤྱོན༔ ཨེ་ཡ་མ་ར་ཛ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོ༔ ས་མ་ཡ་རཀྵ་ཏི་ཥྛ་ཧཱུཾ༔ ཞེས་སྤྱན་དྲངས་ཏེ་དམ་ལ་བཞག༔ ཧཱུཾ། ལས་མཛད་གཤིན་རྗེ་འཁོར་བཅས་ལ༔ གདུག་པའི་དགྲ་བགེགས་བསྒྲལ་བ་ཡི༔ དམར་ཆེན་ཁྲག་དང་དབང་པོ་ལྔ༔ ཚིལ་ཆེན་གསུར་དུད་ཞུན་ཆེན་མེ༔ མཁྲིས་ཆེན་བདུད་རྩི་སྨན་གྱི་བཅུད༔ ཤ་ཁྲག་དམར་གྱི་གཏོར་མ་སོགས༔ འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ༔ བདག་ཅག་དད་པས་འབུལ་ལགས་ན༔ བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ༔ མ་ཧཱ་པཱུ་ཛ་བྷ་ལི་ཾཏ་ཁཱ་ཧི༔ རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས་པས༔ ལས་གཤིན་གྱི་ཐུགས་ཀར་འཁོར་ཐུགས་དམ་གྱི་རྒྱུད་བསྐུལ་བར་བྷཻཾ་ལ༔ ཨཱོཾ་ཡ་མ་ར་ཛ་ས་མ་ཡ་ཧཱུཾ་ཕཊ༔ ཅེས་བཟླས་པ་བྱ༔ ཧཱུཾ། ཁྲག་འཐུང་གཤིན་རྗེ་གཤེད་པོ་ཡི༔ བཀའ་ཉན་འཇིགས་བྱེད་མ་རུང་པ༔ ཁམས་གསུམ་སྐྱེ་འགྲོའི་སྲོག་གི་བདག༔ རྫུ་འཕྲུལ་ཆེ་ཞིང་མཐུ་དང་ལྡན༔ བསྟན་པ་བསྲུང་མཛད་དམ་ཚིག་ཅན༔ ཉམས་པ་སྒྲོལ་བའི་གཤེད་པོ་ཆེ། དགེ་སྡིག་ཤན་འབྱེད་དཔང་པོ་མཛད༔ རྡོ་རྗེ་འཛིན་པའི་ཕོ་ཉ་བ༔ ལས་མཛད་ནག་པོ་ཁྱོད་ལ་བསྟོད༔ ཁྱོད་ཀྱི་ནུས་པ་ཀློག་ལྟར་འཁྱུག༔ ཤུགས་ནི་ནམ་མཁའི་ཐོག་ལས་ཆེ༔ དྲག་རྩལ་རི་རབ་ཀླད་ལ་བསྐོར༔ རྫུ་འཕྲུལ་སྣ་ཚོགས་ཅི་ཡང་བསྒྱུར༔ ཤ་ཁྲག་(༨བ)


GLG023_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འདི་བཞེས་ལ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ སྡང་བའི་དགྲ་བོ་སོད་ལ་ཤོག༔ བདུན་བརྒྱུད་རྩད་ནས་ཆོད་ལ་ཤོག༔ ལེགས་པའི་བྱ་བ་ཤོལ་ལ་ཤོག༔ ཉེས་པའི་བྱ་བ་བསྐུལ་ལ་ཤོག༔ གནམ་གྱི་འཇུ་ཐག་ཆོད་ལ་ཤོག༔ ས་ཡི་རྟེན་ཕུར་ཕྱུངས་ལ་ཤོག །གདུག་པའི་དཔུང་ཚོགས་འཇོམས་པར་མཛོད༔ ཅེས་བསྟོད་ཅིང་བསྐུལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་ཀྱི་གཤིན་རྗེ་གཤེད་པོའི་འཕྲིན་ལས་ཀྱི་ཆོ་ག་རྫོགས་སོ༔ འདི་ཉིད་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ལྕགས་རིར་ཤོག༔ པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱིས་ཡར་ཀླུངས་ཤེལ་ཕུག་གི་བྱང་འདབས་རྒྱལ་མཚན་འདྲ་བའི་བྲག་གི་ངོས་ནས་སྤྱན་དྲངས་པའོ། །གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ༔ ཟབ་མོའི་གཏེར་འདི་བཏོན་བྱས་ནས༔ འཆད་སྤེལ་ཉམས་ལེན་བྱེད་པའི་ཚེ༔ གཏེར་བདག་མཆོད་པ་མ་བཟུང་ན༔ རྣལ་འབྱོར་སྲོག་ལ་ཧུར་ཐུམས་འབྱུང་༔ དེ་ཕྱིར་འདི་ལ་བརྩོན་པར་བྱ༔ གཏོར་མ་ཤ་ཁྲག་ཕུད་ཀྱིས་བྲན༔ འབྲུ་གསུམ་སྔགས་ཀྱིས་བདུད་རྩིར་སྤེལ༔ ཧཱུཾ། སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་ཟབ་མོ་གཏེར་གྱི་བདག༔ དགྲ་ལྷའི་རྒྱལ་པོ་རྫུ་འཕྲུལ་ཅན༔ དམ་ཅན་སྐྱེས་བུ་ཐིག་ལེ་རྩལ༔ བཀའ་ཉན་འཁོར་དང་བཅས་པ་རྣམས༔ བསྟན་པ་བསྲུང་ཕྱིར་གནས་འདིར་སྤྱོན༔ ཏྲི་བཛྲ་ས་དུ་ས་མ་ཡ་ཛཿཛཿཧཱུཾ་བཾ་ཧོ༔ ཧཱུཾ། སྟོང་གསུམ་ནམ་མཁའི་ཁམས་གང་བའི༔ ཕྱི་ནང་གསང་དང་དེ་ཁོ་ན༔ སྨན་རཀ་བྷ་ལིཾ་གཏོར་མ་སོགས༔ མཁོ་དགུའི་ལོངས་སྤྱོད་བསམ་མི་ཁྱབ༔ དམ་ཅན་འཁོར་དང་བཅས་ལ་འབུལ༔ དགྱེས་པར་རོལ་ལ་འཕྲིན་ལས་མཛོད༔ མ་ཧཱ་པཉྩ་བྷ་ལི་ཾཏ་ཁཱ་ཧི༔ ཧཱུཾ། སྐྱེ་མེད་དབྱིངས་ལས་བསྟན་བསྲུང་ཕྱིར༔ སྙིང་རྗེས་བཞེངས་པའི་དམ་ཚིག་ཅན༔ དམར་(༩ན)


GLG023_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

སྨུག་ཞལ་གཅིག་ཕྱག་གཉིས་པ༔ དར་དམར་བེར་གསོལ་ཁྲོ་ཆས་ཅན༔ ཕྱག་གཡས་རྡོ་རྗེས་དགྲ་དཔུང་འཇོམས༔ གཡོན་པ་དམ་ཉམས་ཙིཏྟ་བསྣམས༔ ཆིབས་སུ་སྟོབས་ལྡན་སེང་གེ་ཆིབས༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུས་བསྐོར༔ བསྟན་པའི་བཀའ་སྲུང་མཐུ་སྟོབས་ཅན༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས༔ གདུག་པའི་དགྲ་བགེགས་དབྱིངས་སུ་སྒྲོལ༔ བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱིས་ཡར་ཀླུངས་ཤེལ་ཕུག་གི་བྱང་འདབས་རྒྱལ་མཚན་འདྲ་བའི་བྲག་གི་ངོས་ནས་སྤྱན་དྲངས་པའོ། །མཇུག་གི་ཆོ་ག་ལ། ཁ་སྐོངས་ཚོགས་ཀྱི་ལོངས་སྤྱོད་ནི༔ བཟའ་དང་བཏུང་བའི་ལོངས་སྤྱོད་རྣམས༔ ཚང་ཞིང་ལེགས་བཤམས་བྱིན་རླབས་ནི༔ ཧཱུཾ། བདག་ཉིད་འཇམ་དཔལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི༔ དངོས་འཛིན་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ ཚོགས་རྫས་འདོད་ཡོན་བདུད་རྩིར་བྱས༔ ཨཱོཾ་ཨཱཿཧཱུཾ་ཧོ༔ ཞེས་བརླབས་ཚོགས་ཞིང་སྤྱན་འདྲེན་པ༔ ཧཱུཾ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཆོག༔ དྲག་པོ་ཨེ་ཡི་གཞལ་ཡས་ནས༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད༔ སྲས་ཡུམ་སྤྲུལ་འཁོར་བཅས་པ་རྣམས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་ནས༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛཿཧཱུཾ་བཾ་ཧོ༔ ཆ་གསུམ་བཅད་དེ་ཕུད་དུ་འབུལ༔ བཟའ་དང་བཅའ་དང་བཏུང་བའི་ཚོགས༔ མ་ཚང་(༩བ)


GLG023_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་འདོད་ཡོན་རྫས། ཁ་དོག་དྲི་རོ་བཅུད་ལྡན་པའི༔ ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ བཞེས་ནས་ཀུན་ཏུ་དགྱེས་པར་མཛོད༔ ཨོཾ་ཀྲོ་དྷ་ར་ཛ་ཡ་མནྟ་ཀ་ག་ན་ཙཀྲ་པཱུ་ཛཿཁཱ་ཧི༔ བར་པས་བཀང་ཞིང་བཤགས་པ་བྱ། ཧཱུཾ། འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་དང་༔ སྲིད་ཞིའི་མཆོད་རྫས་སྣ་ཚོགས་ཀྱིས༔ ཁྲོ་རྒྱལ་འཁོར་བཅས་ཐུགས་དམ་བཀང་༔ སྐོངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བདག་ཅག་མི་དགེ་འཁྲུལ་པའི་བློས༔ བག་མེད་འགལ་འཁྲུལ་ཉམས་པ་ཡིས༔ ཁྱོད་ཀྱི་ཐུགས་དང་ཅི་འགལ་བ༔ མཐོལ་ཞིང་བཤགས་སོ་ཚངས་པར་གསོལ༔ ཐ་མ་བསྒྲལ་ཞིང་བཏབ་པ་བྱ༔ ཧཱུཾ། གདོད་ནས་དག་པའི་ཡེ་ཤེས་ལ༔ གློ་བུར་བདག་ལྟའི་ཞིང་བཅུ་དགྲ༔ ཡེ་ཤེས་རྣོ་དབལ་མཚོན་ཆ་ཡིས༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་བསྒྲལ༔ ཪྣྲི་ཏི་ཤ་ཏྲུཾ་མཱ་ར་ཡ་རྦད༔ ཧཱུཾ། དུག་གསུམ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ སྲིད་གསུམ་ཞིང་ཀུན་གང་བའི་ལོངས་སྤྱོད་འདི༔ སྐུ་གསུམ་རོལ་པ་ཁྲག་འཐུང་ཞལ་དུ་སྟོབ༔ ཁམས་གསུམ་ཡོངས་སྒྲོལ་དངོས་གྲུབ་སྩལ་དུ་གསོལ༔ མཾ་ས་རཀྟ་ཀེཾ་ནི་རི་ཏི་པཱུ་ཛ་ཧོ༔ དེ་ནས་འདུས་པའི་རྣལ་འབྱོར་རྣམས༔ གཙང་དམེའི་རྟོག་པ་ཚར་བཅད་ནས༔ རིམ་གཉིས་ལྡན་པས་ལོངས་སྤྱོད་རོལ༔ ལྷག་བསྡུས་ཕུད་བཤལ་ཁ་ཆུས་ནན༔ འདོད་ཡོན་བདུད་རྩི་བྱིན་གྱིས་བརླབས༔ ཨཱོཾ་ཨཱཿཧཱུཾ་ཧ་ཧོ་ཧྲི༔ཧཱུཾ། བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཡི༔ བཀའ་ཉན་ལྷག་མར་དབང་བའི་འཁོར༔ མཁའ་འགྲོ་དབང་ཕྱུག་གིང་ལངྐ༔ འབར་མ་མ་སྲིང་ཤ་ཟ་དང་༔ ལྷ་སྲིན་སྡེ་བརྒྱད་དྲེགས་པར་བཅས༔ ཀུན་ཀྱང་མི་མཐུན་གདུག་པ་ཅན༔ ཤ་ལ་དགའ་ཞིང་ཁྲག་(༡༠ན)


GLG023_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མོས༔ སྟོང་གསུམ་བསྐོར་ཞིང་དུར་ཁྲོད་མྱུལ༔ དམ་ཚིག་ཅན་གྱི་ལས་མཁན་མཛད༔ དམ་ཚིག་ཉམས་པའི་གཤེད་མ་བྱེད༔ འདིར་སྤྱོན་འདོད་ཡོན་ལྷག་གཏོར་བཞེས༔ དགྲ་བགེགས་ཞིང་བཅུ་ཆམ་ལ་ཕོབ༔ བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ ཨོཾ་ཨུ་ཙིནྟྲ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧཱུཾ། ཆོས་ཀྱི་དབྱིངས་ནས་དྲག་པོའི་སྐུར༔ གདུག་པ་འདུལ་ཕྱིར་ཁྲོས་པའི་ལྷ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད༔ མི་མངོན་དབྱིངས་ནས་ཐུགས་དམ་བསྐུལ། གཉིས་མེད་ཡུམ་དང་སྤྲུལ་པ་གསུམ༔ གཤེད་ཆེན་བཞི་དང་ཕྱོགས་སྐྱོབ་བཅུ༔ འཇམ་དཔལ་བཀའ་ཉན་སྤྲུལ་འཁོར་བཅས༔ ཐུགས་དམ་བསྐུལ་ལོ་འཕྲིན་ལས་མཛོད༔ དེ་ནས་ཆད་མཐོ་བསྒྲགས་པ་ནི༔ ཧཱུཾ། སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ རྗེས་འཇུག་རྣལ་འབྱོར་སྐྱོང་བ་དང་༔ བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་སྤྱོན་དམ་རྫས་གཏོར་མ་ལོང་༔ ཁས་བླངས་མ་གཡེལ་འཕྲིན་ལས་མཛོད༔ ཆད་མཐོ་རྒྱས་པ་ཟོར་གྱི་འཕྲིན་ལས་ནས་ལེན༔ དེ་ནས་བསྟན་མ་སྐྱོང་བ་ནི༔ ཧཱུཾ། བོད་ཡུལ་སྐྱོང་བར་མཛད་པ་མོ༔ བདུད་མོ་གནོད་སྦྱིན་སྨན་མོ་བཞི༔ བསྟན་མ་བཅུ་གཉིས་འཁོར་དང་བཅས༔ འདིར་སྤྱོན་གཏོར་མའི་བཤལ་ཆུ་བཞེས༔ སྔོན་ཚེ་པདྨ་ཐོད་འཕྲེང་གི༔ སྤྱན་སྔར་ཁས་བླངས་དམ་བཅས་ལྟར༔ གངས་ཅན་ལྗོངས་འདིར་དུས་འཁྲུག་དང་༔ མི་མཐུན་ནད་མུག་ཀུན་ཞི་ནས༔ རྫོགས་ལྡན་དཔལ་ལ་སྤྱོད་པ་དང་༔ ཐེག་མཆོག་བསྟན་པ་རྒྱས་པར་མཛོད༔ པཉྩ་བ་ལིནྟ་ཁཱ་ཧི༔ གཏོར་གཞོང་མནན་ཞིང་རྟ་བྲོ་བརྡུང་༔ ཧཱུཾ་སྟོང་གསུམ་འཇིག་(༡༠བ)


GLG023_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གཞལ་ཡས་ཁང་༔ ཀུན་ཀྱང་འཇམ་དཔལ་གཤིན་རྗེ་གཤེད༔ ཐབས་མཆོག་རྐང་གཡས་བྲོ་བརྡུངས་པས༔ ཕོ་སྲི་ཐམས་ཅད་གཡས་སུ་མནན༔ ཤེས་རབ་གཡོན་གྱི་བྲོ་བརྡུངས་པས༔ མོ་སྲི་ཐམས་ཅད་གཡོན་དུ་མནན༔ གཉིས་སུ་མེད་པར་བྲོ་བརྡུངས་པས༔ ཆུང་སྲི་དམ་སྲི་དབྱིངས་སུ་མནན༔ དྲག་པོའི་གར་གྱི་བྲོ་བརྡུངས་པས༔ དགྲ་བགེགས་ཐམས་ཅད་རྡུལ་དུ་ལྷོགས༔ འཕྲིན་ལས་རྣམ་བཞིའི་བྲོ་བརྡུངས་པས༔ ལས་བཞི་མྱུར་དུ་འགྲུབ་བར་ཤོག༔ སརྦ་ཤ་ཏྲུཾ་ཨ་མུ་ཀཾ་མཱ་ར་ཡ་རྦད་ནན༔ ཤནྟིཾ༔ པུཥྚིཾ༔ བཱ་ཤཾཿ མཱ་ར་ཡ་རྦད༔ ཧཱུཾ། རང་རིག་ཡེ་ནས་འཇམ་མགོན་ལྟར༔ གཤེགས་བྱ་གཤེགས་བྱེད་དངོས་པོས་སྟོང་། །འོན་ཀྱང་སྣང་ཚུལ་ཡེ་ཤེས་པ༔ སྐྱེ་མེད་ཀློང་དུ་བཛྲ་མུ༔ ཡེ་ཤེས་གཤེགས་ཤིང་དམ་ཚིག་བསྡུ༔ ཤིས་པ་བརྗོད་ཅིང་སྨོན་ལམ་གདབ། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ས་མ་ཡ་ཞེས་པའི་ཤིས་བརྗོད་ནི། །རང་བཞིན་ཆོས་དབྱིངས་ངང་ཉིད་ལས། །གཞུགས་སྐུའི་རྣམ་རོལ་དཔག་ཡས་ཀྱི། །རླབས་ཆེན་འཕྲིན་ལས་སྐྱོང་མཛད་པའི། །བརྒྱུད་གསུམ་བླ་མའི་བཀྲ་ཤིས་ཤོག །མ་འགགས་རང་གསལ་འོད་ལྔའི་ཀློང་། །རབ་འབྱམས་དཀྱིལ་འཁོར་རྣམ་པར་མཛེས། །མཆོག་མཐུན་དངོས་གྲུབ་སྩོལ་བའི་ལྷ། །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །ཕྱོགས་བཅུའི་གནས་ཡུལ་སྤྲུལ་པའི་ཞིང་། །འཕྲིན་ལས་རྣམ་བཞིའི་རོལ་གར་མཁན། །མཁའ་འགྲོ་སྲུང་མའི་ཚོགས་རྣམས་ཀྱིས། །བཀྲ་ཤིས་བདེ་ལེགས་སྩལ་དུ་གསོལ། །བསྔོ་སྨོན་ནི། དབྱེར་མེད་གཅིག་འདུས་རྡོ་རྗེའི་མཆེད་ལྕམ་གྱིས། །རྨད་བྱུང་དམིགས་བྱས་དམིགས་མེད་དགེ་བའི་མཐུས། ཁམས་གསུམ་སེམས་ཅན་བདེ་ཞིང་སྐྱིད་པ་(༡༡ན)


GLG023_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཟག་བཅས་ཡུལ་སྣང་རྡོ་རྗེའི་སྐུར་བྱང་ནས། །འཕོ་མེད་ཆོས་ཀྱི་དབྱིངས་མཆོག་ཐོབ་པར་ཤོག །འཇམ་དཔལ་སྒྲུབ་པའི་ལས་ཀྱི་གཞུང་༔ འདི་ནི་འཇིག་རྟེན་གསུམ་དུ་དཀོན༔ དེ་ཕྱིར་གསང་བའི་རྒྱ་ཡིས་ཐོབ༔ བསྟན་འཛིན་སྐྱེས་བུའི་མགོན་དུ་སྤོས༔ བཀའ་འདི་མཐུ་ལྡན་གསུམ་གྱིས་སྲུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ཁོ་ནའོ༔ པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱིས་ཡར་ཀླུངས་ཤེལ་ཕུག་གི་བྱང་འདབས་རྒྱལ་མཚན་འདྲ་བའི་བྲག་གི་ངོས་ནས་སྤྱན་དྲངས་པའོ། །དེ་ལྟར་འཇམ་དཔལ་ཁྲོས་པ་གཤིན་རྗེའི་དགྲ །མི་བསྲུན་དྲེགས་པ་འཇོམས་བྱེད་རྡོ་རྗེའི་ཐོག །ཨྱོན་བླ་མའི་ཐུགས་ཀྱི་ཉིང་ཁུའི་བཅུད། །ལོ་ཆེན་བཻ་རོ་ཙ་ནའི་ཞལ་གྱི་ལུང་། །བོད་འབངས་ཉེས་ཀུན་ལས་སྐྱོབ་སྲ་པའི་གོ །ཕན་བདེའི་འདོད་པ་འཇོ་བ་དཔག་བསམ་ཤིང་། །རྣལ་འབྱོར་བྱང་ཆུབ་སྒྲུབ་པའི་བརྣོག་པོའི་ཆོས། །ཡིད་སྲུབས་ལས་རྒྱལ་ཚངས་པའི་རྔ་ཆེན་ཡིན། །དེ་ཀོ་བློ་གསལ་མང་པོར་ཕན་འདོད་ཀྱི། །རབ་དཀར་དང་བས་བསྐྲུན་པའི་དགེ་བའི་འབྲས། །ཚེ་རབས་ཀུན་ཏུ་འཇམ་དཔལ་རྡོ་རྗེ་ཡིས། །བཤེས་མཛད་ལུས་ཅན་རྣམས་ཀྱི་མགོན་གྱུར་ཅིག །ཅེས་ཆོས་རྒྱལ་གཏེར་བདག་གླིང་པའི་གཏེར་གསར་འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་འདི་ལུང་བསྟན་དུས་བབས་བཞིན་རང་གཞན་གྱི་བདེ་སྐྱིད་སྤེལ་བའི་སླད་དུ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཆོག་གྲར་བཙུགས་སྐབས་ལས་བྱང་བདུད་ལས་རྣམ་པར་རྒྱལ་བ་ཚངས་པའི་རྔ་ཆེན་འདི་ནི་དགེ་སློང་འཇམ་དབྱངས་གྲགས་པས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་གཏེར་གཞུང་དངོས་རྣམས་ཆད་ལྷག་མེད་པ་རང་སོར་བཞག །ཅུང་ཟད་སྣོན་དགོས་པ་རིགས་འཛིན་ཐུགས་ཐིག་དང་འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་ནས་འབྲེལ་མཚུངས་ཁ་བཀང་མཚམས་སྦྱོར་ཕྲན་བུ་རང་བློས་བསྣན་ཏེ་རིགས་འཛིན་(༡༡བ)


GLG023_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཡབ་ཡུམ་གྱིས་རྡོ་རྗེ་ཐོགས་མེད་རྩལ་དུ་མིང་བཏགས་ཤིང་ཆོས་བདག་ཏུ་རློམ་པ་ཟ་ཧོར་གྱི་བནྡེས་ཆུ་གླང་ནག་པ་ཟླ་བའི་ཚེས་བཅོ་ལྔ་ལ་སྦྱར་བའི་ཡི་གེ་པ་ནི་བསྐུལ་བ་པོ་ཉིད་དོ།། །།སརྦ་མངྒ་ལཾ། །

སྦྱིན་སྲེག་གི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག


GLG023_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྲེག་གི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་བཞུགས་སོ། །


GLG023_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས་པ་རྣམས། །གཅིག་བསྡུས་དངོས་བརྒྱུད་བླ་མའི་ཞབས་བཏུད་ནས། །ལས་བཞིའི་སྦྱིན་སྲེག་རིན་ཆེན་བང་མཛོད་ཀྱི། །སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་འདི་ནའོ། །ཞི་བའི་སྐབས། ས་གཏེར། མུ་ཏིག །དངུལ་རྣམས་གོས་དཀར་པོ་དྲི་མ་མེད་པས་གྲིལ། སྐུད་པ་དཀར་པོས་བཅིངས། ཡུན་རིང་པོར་འཇོག་ན་མི་རུལ་བའི་ཕྱིར་གའུ་སོགས་ཀྱི་ནང་དུ་གཞུག །ས་འཁོར་གྱི་ལྟེ་བར་པད་འདབ་བྲི་བའི་མུ་ཁྱུད་ཀྱི་སར་རྩེ་སོར་གཉིས་ཙམ་མམ། གང་འཚམ་ཞེས་རིག་པས་གཞལ་ནས་བསྐོར། པདྨའི་ནང་དུ་ཉི་གདན་དམར་སེར། ཚོན་གཞན་རྣམས་མཛེས་ཚོན། རྡོ་རྗེ་ཐམས་ཅད་དཀར་པོ། ཐབ་ཀྱི་རྒྱུ། བ་ལང་རྩྭ་གཙང་མ་ཟ་བའི་ལྕི་བ་ལ་ཙན་དན་དཀར་པོ་བསྲེས་པའི་ས་དཀར་གྱིས་མདོག་དཀར་པོར་བསྒྱུར། ཕྱི་མཆོད་ལྔ་ལ་མེ་ཏོག་དཀར་པོ་དངོས་སམ་བཅོས་མ་ཙན་དན་དཀར་པོ། །ཨ་ཀ་རུ། སི་ཧ་ན་ཀ །ག་བུར་རྣམས་སྦྱར་བའི་སྤོས། མར་དཀར་གྱི་མར་མེ། ཆུ་གཙང་ལ་ཙན་དན་དཀར་པོ་བཏབ་པའི་དྲི་ཆབ། འོ་མ་དང་ཞོ། མར་ཁུ་རྣམས་ཀྱིས་ཁུ་བ་བྱས་པ་ལ་སྦྲང་། བུ་རམ། ཕྱེ་(༢ན)


GLG023_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པའི་ཞལ་ཟས། འདས་མ་འདས་ཀྱི་གཏོར་མ། སོ་རྩི། གཞི་བདག་གི་གཏོར་མ་རྣམས་ཀྱང་རྒྱུ་དེ་གའོ། །ཆུ་བཞི། ཆུ་གཙང་ལ་འོ་མ་དང་ཙན་དན་དཀར་པོ་བཏབ་ཅིང་། ཁྱད་པར་མཆོད་ཡོན་ལ་མེ་ཏོག་དཀར་པོའི་ཕྱེ་མ་འདེབས། ཁ་ན་མ་ཐོ་བ་མེད་པའི་མར་གསར་པ་བཞུ་བའི་ཁུ་བ་དང་། ཡམ་ཤིང་ཡང་ཁ་དོག་དཀར་པོར་བྱེད། འོ་མ་དང་སྦྲང་རྩི་བསྲེས་པའི་ཁུ་བ་ལ་དཱུརྦའི་ཕྱེ་མ་བཏབ་པའི་རྫས་ཀྱིས་སྲེག་རྫས་ཐམས་ཅད་ལ་སྦགས། རྫས་ཁྱད་པར་བ་ཞོ་འོ་མ། མར་ཁུ་གསུམ་གྱིས་ཁུ་བ་བྱས། གཞན་རྣམས་ཞིབ་པར་བཏགས་ཏེ་གཡོས་པའི་རིལ་བུ་ཇི་ལྟར་འཚམ་པ་དྲིལ། གོས་ཟུངས་ཁ་དོག་དཀར་པོ། མཆོད་ཡོན་གྱི་སྣོད་ཉ་ཕྱིས་སམ་དུང་ཆོས། གཞན་ཆུ་གསུམ་དང་མཆོད་རྫས་རྣམས་བཤམ་པའི་སྣོད་དངུལ་དང་། ཤེལ། དུང་སོགས་དཀར་པོའི་སྣོད་ཅི་འབྱོར། སློབ་དཔོན་དང་ཐབས་ཀྱི་བར་དུ་ཕ་གུ་མཐོ་དམའ་འཚམ་པར་བརྩིགས་པའི་མདུན་ངོས་སུ་གངས་རིའི་དབྱིབས་དང་ཝཾ་ཡིག་བྲི། སློབ་དཔོན་གྱི་གཡས་ངོས་སུ་སྲེག་རྫས་རྣམས་འབུལ་བའི་གོ་རིམ་བཞིན་བསྒྲིགས་པའི་ནང་དུ་འདས་གཏོར། ནང་མཆོད། ཉེར་སྤྱོད་ལྔ་དང་བཅས་པ་(༢བ)


GLG023_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

བཤམ། དེའི་ནང་དུ་འཇིག་རྟེན་པའི་གཏོར་མ། ཉེར་སྤྱོད་རྣམས་ཀྱང་བསྒྲིགས་པའི་མཐར་ཡུལ་ལྷ་གཞི་བདག་གི་གཏོར་མ། ཆུ་བཞི་ནི་རྡོ་རྗེ་སློབ་དཔོན་གྱི་མདུན་མ་གཏོགས། ཕྱོགས་གཞན་གསུམ་གང་ནས་བཤམ་ཀྱང་འདྲ། རླུང་གཡབ་སྔོན་པོ་རླུང་གི་དབྱིབས་དང་ས་བོན་བྲིས་པ། ཀུ་ཤ་སློབ་དཔོན་གྱི་ཁ་གང་དུ་བསྟན་པ་ལ་ཤར་དུ་བྱས་པའི་རྩེ་མོ་ནུབ་དང་རྩ་བ་ཤར། དེ་བཞིན་དུ་རྩེ་མོ་ལྷོ། ཤར། བྱང་རྣམས་སུ་ཡོང་བ་བྱས་པའི་གཡས་སུ་བསྐོར་བས་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་རྩ་བ་གནོན་ནོ། །ཀུ་ཤ་རྩེ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་རྩ་བ་ཅུང་ཟད་ཁྲམ་པར་བྱས་པའི་རྩེ་ནུབ་ཏུ་བསྟན་ནས་གཡོག་གོ །སྲེག་རྫས་གང་དུ་འབུལ་བ་ནི། མར་ཁུ་དང་འབྲུ་སོགས་ཞལ། ཡམ་ཤིང་འོད་ཀྱི་དཀྱིལ་འཁོར། ཀུ་ཤ་གདན། ཞལ་བསིལ་ཕྱག །དྲི་ཐུགས་ཀ །མེ་ཏོག་དབུ། ཞབས་བསིལ་ཞབས། གོས་ཟུངས་ན་བཟའ་རིན་པོ་ཆེའི་རྒྱན། མར་མེ་དང་མཆོད་ཡོན་མདུན་དུ་འབུལ། སྲེག་རྫས་གྲངས་མང་ཉུང་གི་ཁྱད་པར་གཙོ་བོ་ལ་ཉེར་གཅིག་ཕུལ་ན། འཁོར་དང་མེ་ལྷ་ལ་བདུན་འབུལ་པ་ལྟ་བུ་རིག་པས་མཚོན། རྒྱས་པའི་སྐབས། སྦྲུ་བྱེད་ཀྱི་རྫས་གཅིག་གྷི་ཧཾ་དང་ག་བུར། སྟེགས་བུའི་ས་སེར་པོ། གཏེར་གསེར་དང་སྤོས་ཤེལ། སྒྲིལ་ཆས་དང་། སྐུད་པའང་སེར་པོ། ས་འཁོར་གྱི་ལྟེ་བར་པད་འདབ་འདྲི་བའི་རྩེ་སོར་གཉིས་པོ་དགོས་ཤིང་། མུ་ཁྱུད་ཟླུམ་པོ་ཐམས་ཅད་གྲུ་བཞིར་གཏོང་། རྡོ་རྗེ་དང་རིན་པོ་ཆེ་རྣམས་སེར་པོར་བསྒྱུར་ཐབས་ཀྱི་རྒྱུ་འོམ་བུ་ལྟ་བུ་ལ་གུར་ཀུམ། གྷི་ཧཾ། ག་བུར་གསུམ་དང་སྦྱར་བའི་ས་སེར་པོ་བྱུགས། མེ་ཏོག་སེར་པོ་ཙམ་མ་གཏོགས་མཆོད་པ་རྣམས་ཞི་བ་དང་འདྲ། ཆུ་བཞི་ལ་ཏིལ། གྲོ། འབྲས།(༣ན)


GLG023_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

གུར་ཀུམ། གྷི་ཧཾ་རྣམས་ཀྱི་ཕྱེ་མ་འདེབས། སྣོད་གསེར་སོགས་སེར་པོར་བྱ། སྦྲུ་བྱེད་ཀྱི་རྫས་གསུམ་གྱིས་སྲེག་རྫས་སོགས་སྤགས་ཏེ་སོ་སོར་བསྒྱུར། དབང་ལ་སྦྲུ་བྱེད་ཀྱི་རྫས་ཚ་བ་གསུམ་དང་ཙན་དན་དམར་པོ། །སྟེགས་བུའི་ས་དམར་གཏེར་མཚལ་ཟངས། བྱུ་རུ། གྷི་ཧཾ། ས་ཐིག་གི་ཟླུམ་པོ་རྣམས་ཟླ་གམ་དུ་བཏང་བའི་བཅད་ཁ་རང་དང་སྒལ་འབུར་ཕྱིར་སྟོན། མཆོད་པ་ལ་མེ་ཏོག་དམར་པོ། གུ་གུལ། རྒྱ་ཚོས། ཙན་དན་དམར་པོའི་སྤོས། ཏིལ་མར་གྱི་མར་མེ། ཙན་དན་དམར་པོ། གྷི་ཧཾ། གུར་ཀུམ་བཏབ་པའི་དྲི་ཆབ། ཞལ་ཟས་དང་གཏོར་མ་གོང་དང་འདྲ། གོས་ཟུངས་དམར་པོ། ཆུ་བཞི་ལ། གྷི་ཧཾ། གུར་ཀུམ། ཙན་དན་དམར་པོ། མེ་ཏོག་དམར་པོ། འབྲས་ཡོས་འདེབས། ཙན་དན་དམར་པོ། རྒྱ་སྐྱེགས། ཚ་བ་གསུམ་གྱིས་སྲེག་རྫས་རྣམས་སྤགས་ཏེ་དམར་པོར་བསྒྱུར། སྣོད་རྣམས་ཟངས་སོགས་དམར་པོར་བྱའོ། །དྲག་པོ་ལ། སྟེགས་བུའི་རྫས། དུར་ཁྲོད་དང་། ལམ་བཞི་མདོ་དང་། ཤིང་གཅིག་དང་། ཆུ་འགྲམ་དང་། མཚན་མ་གཅིག་པ་དང་། རྒྱལ་པོའི་ཕོ་བྲང་གི་སྒོ་དྲུང་གི་ས་རྣམས། འབྱུག་བྱེད་ཀྱི་རྫས་དུག་ཁྲག །རོ་སོལ། བོང་བུ་དང་། རྔ་མོའི་སྦངས། ས་འཁོར་གྱི་ལོགས་ཐིག་ཚུན་བཟོ་དབྱིབས་ཞི་བ་དང་འདྲ། རྡོ་རྗེ་རྣམས་སྔོན་པོ། དབུས་ཀྱི་རྡོ་རྗེ་ལ་གྱེས་པ། དེའི་ཕྱི་རོལ་ཧོམ་ཁུང་ཁ་ཁྱེར་ཐོད་ར་མེ་རི་ཅན། ཚེར་མ་ཅན་ནམ་རོ་བསྲེགས་པའི་མགལ་རྡུམ་གྱི་ཤིང་ལ་བརྩིགས་པའི་ཐབ་(༣བ)


GLG023_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་ལ་དུག་ཁྲག །སྐྱེ་ཚེ། ཚ་བ་གསུམ་དང་། རོ་སོལ་སྣག་ཚ་སོགས་ཀྱིས་ནག་པོར་བྱུགས། མིའི་ཚིལ་དང་ཏིལ་མར་བསྲེས་པའི་མར་ནག །ཁྲག་དང་ཆང་བསྲེས་པའི་བསང་གཏོར།ཁྲག་གི་ཞལ་བསིལ། ཁྲག་ཆང་ལ་འབྲས་ཡོས་དང་མེ་ཏོག་སྔོན་པོ་བཏབ་པའི་མཆོད་ཡོན། ཆང་གི་ཞབས་བསིལ། ཁྲག་གི་ཨརྒྷཾ། དབང་པོའི་མེ་ཏོག་དང་དུག་གི་མེ་ཏོག །གུ་གུལ། ཤ་ཆེན། ཚིལ་ཆེན་གྱི་བདུག་སྤོས། མི་དང་མ་ཧེ་གཡག་སོགས་ཀྱི་རྐང་བཞུ་བའི་མར་མེ། གདན་བཅུ་དྲུག་ལ་སོགས་པའི་ཤ་ཁྲག་དང་ནང་ཁྲོལ་བརྩིགས་པའི་ཞལ་ཟས། གོས་ཟུངས་ནག་པོ་ཁྲག་གིས་སྤགས་པ། རྫས་ཁྱད་པར་བ་ལན་ཚཱ་དང་། ནིམ་པའི་ལོ་མ། ཁྱིམ་བྱའི་ཚིལ་དང་ཚེར་མ། གཞན་གཞུང་དུ་གསལ་བ་རྣམས། ཁྲག་ཆང་གི་ཁུ་བ་དང་། གཞན་རྣམས་ཕྱེ་མར་བཏབ་པའི་རིལ་བུ་བྱ། འབྲུ་ནག་དར་བཏགས་ལ་ཤ་ཁྲག་བསྲེས་པའི་གཙོ་བོ་དང་ལས་གཤིན་གྱི་གཏོར་མ་དང་སོ་རྩི། སྣོད་ཐོད་པ། རྫ། གྱོ་དུམ། ལྕགས་སོགས་གང་འབྱོར། ལིངྒའི་རྒྱུ་འབྲུ་ནག་སྣ་ཚོགས་ཀྱི་ཕྱེ། དུག་སྣ། ཚ་བ་གསུམ། སྐྱེ་ཚེ། བོང་བུའི་སྦངས། ཚེར་མ། མི་རུས། དགྲ་བོའི་ཟག་པ་རྣམས་དགོས། གདན་རབ་གཡང་གཞི། ཐ་མའང་དུད་འགྲོའི་ཀོ་བ་རློན་པ། གཞི་བདག་གི་གཏོར་མ་དཀར་པོ་རིན་པོ་ཆེའི་སྣོད་དུ་བཤམ། མཆོད་རྫས་རྣམས་འཇམ་པོ་གསུམ་ལས་གོ་ལྡོག་སྟེ་གཡོན་ངོས་སུ་བསྒྲིག །གསེར་སྐྱེམས། ཕུར་པ། སྒྲོལ་གྲི །ཕྱག་མཚན་སྐམ་རློན་གྱི་ཐུན་རྣམས་གཡས་ངོས་སུ་བཤམ། ཀུ་ཤ་འགྲམ་པ་ནི། (༤ན)


GLG023_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

རང་གང་དུ་བལྟ་བ་ལྷོར་བྱས་པའི་རྩེ་མོ་ལྷོ། ཤར། བྱང་། ནུབ། ལས་བཞི་གའི་སྟེགས་བུ་ནི་དབྱིབས་གྲུ་བཞི་ཁོ་ན་ཡིན། མེ་རོ་སོད་པར་ཤར་ན། སོ་སོའི་རྫས་ཁྱད་པར་བས་སྦགས་པའི་འཇམ་པོ་གསུམ་ལ་ཆུ་དང་། དྲག་པོ་ལ་ཁྲག་ཆང་གིས་བྱའོ། །ཞེས་པའང་ངག་དབང་བློ་བཟང་རྒྱ་མཚོས་སོ།། །།སརྦ་མངྒ་ལཾ།། །།

རྒྱས་པའི་སྦྱིན་སྲེག་དངོས་གྲུབ་ཉིན་མོར་བྱེད་པ།


GLG023_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་སྦྱིན་སྲེག་དངོས་གྲུབ་ཉིན་མོར་བྱེད་པ་ཞེས་བྱ་བ་བཞུགས་སོ། །


GLG023_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཐུན་དངོས་གྲུབ་ཉི་མ་འབར་བའི་འོད། །རྣམ་པར་རྒྱས་བྱེད་བླ་མ་གཤིན་རྗེ་གཤེད། །ཞབས་པད་ཡན་ལག་མཆོག་གིས་བཏུད་བྱས་ནས། །རྒྱས་པའི་སྦྱིན་སྲེག་ལག་ལེན་འདི་ན་འདྲི། །ཙན་དན་དཀར་པོ་ག་བུར་དངོས་གཞི་ཞི་བ་དང་འདྲ་བ་ལ། སྦྲུ་བྱེད་ཀྱི་རྫས་ཁྱད་པར་བ་གུར་ཀུམ་སོགས་དང་། ཆུས། །སྦྲུས་པའི་ས་དཀར་སེར། ས་སྟེགས་ནང་གཏེར་གཏེར་ཡང་དེ་གའི་ལུགས་ཀྱི་མན་ངག་བཞིན་བྱའོ། །གཞུག །ཐབ་ཁུང་གྲུ་བཞི་རྒྱར་བྱང་ངོས་སུ་བརྩིགས། དཔངས་རེའི་ཕྱེད། ཁྲུ་དོ། །ས་འཁོར་སོར་མོ་ཀླུ་ཐིག་སོགས་སྔར་དང་འདྲ་བ་ལ་དབྱིབས་ཚད་ཀྱི་སྒོ་ནས་ཁྱད་པར་དབྱེ། ཡི་གྲངས། །ལན་གཉིས་རིག་བྱེད་གྲངས་གཅིག་གི །ལྟེ་བ་མུ་རན་ཁ་ལོགས་ཐིག་མཛེས་པའི་མན་ངག་གོ །ཁྱེར་འགྲུབ། །དབུས་སུ་པདྨ་འདབ་དེ་སྟེང་ཉི་དཀྱིལ། བརྒྱད་པ། །ལྟ་བར་རིན་ཆེན་མདོག་དབྱིབས་མན་ངག་དང་བསྟུན། རྡོ་རྗེས་མཚན། ཁ་ཁྱར་རིན་ཆེན་འཕྲེང་བས་བསྐོར། །ཡམ་སྲིད་དུ་ཁྲུ་གང་། སྦོམ་ཕྲ་མཐེ་བོང་གི་ཚད། བཟོ་དབྱིབས་གྲུ་བཞི། ཁ་དོག་སེར་པོར་བྱེད་པ་མན་ངག་གོ །ཤིང་སྲེག་རྫས་མཆོད་རྫས་སོགས། །ཀུན་ཀྱང་མ་ཚང་མེད་པར་གསེར་སོགས་ཀྱི་སྣོད་དུ། བཤམ། །འགོད་ཚུལ་རྫས་ཆེན་བཅུ་གཉིས་ཀྱི་སྟེང་དུ། འབྲས་ཆེན། ཞོ། མངར་གསུམ། སྦྲང་རྩི། ཏིལ་ནག །པདྨ་གེ་སར་དང་། ནཱ་ག་གེ་སར་རྫས་ཁྱད་པར་བ། ཆུ་བཞི་ལ་ཐུན་མོང་མ་ཡིན་པའི་རྫས་བཞི་མན་ངག་ལྟར་འདེབས་ཤིང་། སྣོད་གོས་ཟུངས་སེར་པོ་སོགས་མཆོད་པའི་རྫས་དང་མདོག་དབྱིབས་ཞི་བ་དང་མི་འདྲ་བ་རྣམས་མན་ངག་ལྟར་བྱའོ། །ཞི་བ་ཇི་བཞིན་ནོ། །(༢ན)


GLG023_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ནི་ཐབས་དང་། ཞེས་སེར་མཐིང་དཀར་བའི་ཞལ་གསུམ་ཞེས་བསྒྱུར། པ་ནས། ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐབ་སེར་པོ་གྲུ་བཞི་པ། མུ་རན་ལ་རྡོ་རྗེའི་ཕྲེང་བ་དང་། ཁ་ཁྱེར་ལ་རིན་པོ་ཆེ་གྱེན་དུ་བསྒྲེང་བས་བསྐོར་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དབུས་སུ་པདྨ་དང་ཉི་མའི་གདན་ལ། རིན་པོ་ཆེས་མཚན་པའི་ལྟེ་བར། རྡོ་རྗེ་གྱེན་དུ་བསྒྲེང་བར་གྱུར་པའི་དབུས་སུ། ཞེས་རཾ་དཀར་པོ་སེར་པོར་བསྒྱུར། རྒྱན་དང་ན་བཟའ་སེར་པོ། ར་སེར་པོ། རྡོ་རྗེའི་རྣམ་པ་ཅན་སེར་པོ་ཞེས་པར་འདོན་པ་བསྒྱུར་དགོས་སོ། །པ་ནས། མེ་ལྷ་བཅུ་གཉིས་ཀྱི་ནང་ནས་དབང་ཆེན་སེར་པོ་སེར་མཐིང་དཀར་པའི་ཞལ་གསུམ་ཕྱག་དྲུག་གི །ཞེས་པ་ནས། དགང་བླུགས་ཀྱི་ཁ་ལ་ཡ་ཡིག་འོད་ཟེར་འབར་བ་དང་བཅས་པར་གྱུར། མེ་ལྷའི་སྔགས་ལ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་། དཔལ་འབྱོར་གཟི་བརྗིད་དང་། སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའི་བཤད་སྒྲུབ་ཀྱི་བྱ་བ་དང་། ཁྱད་པར་སྐུ་གསུང་ཐུགས་ཀྱི་རྟེན་(༢བ)


GLG023_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་གི་རྣམ་པར་དཀར་པའི་མཛད་པ་འཕྲིན་ལས། མཆོད་པའི་སྤྲིན་ཚོགས་ཐམས་ཅད་པུཥྟིཾ་དགང་བླུགས་བདུན་ནམ་གསུམ་འབུལ། ཀུ་རུ་ཨོཾ། ཨོཾ་བོ་དྷི་བྲིཀྵཱ་ཡ་གཞན་ཞི་བའི་སྐབས་དང་འདྲ་བ་ལ། སྤེལ་ཚིག་སྔོན་དུ་བྱུང་མ་ཐག་པ་དེ་ག་མ་གཏོགས་མ་བསྒྱུར་བ་ལེགས་ཞེས་བདག་གི་བླ་མ་གསུངས། ཨཱཿཧཱུཾ། ཞེས་པ་ནས། ཞལ་བསིལ་དང་བསང་གཏོར་ཡན་ཕུལ། ལས་སྔགས་ཀྱིས་བསངས། མེ་ལྷའི་ཐུགས་ཀར། ཞེས་པ་ནས། ཅེས་པའི་སྐུ་མདོག་སེར་པོའི་གཟི་འོད་ཅེས་པ་དང་། འོད་ཟེར་སེར་པོའི་ཚོགས་ཞེས་པ་དང་། རྡོ་རྗེའི་རྣམ་པ་ཅན་སེར་པོ་ཞེས་པ་དང་། ཧྲཱིཿཥྚཱིའི་མཇུག་ཏུ་བདག་ཅག་དཔོན་སློབ་ནས་པུཥྞིཾ་ཀུ་རུ་ཨོཾ་གྱི་བར་སྦྱོར་བ་དང་། །སྲེག་རྫས་རྣམས་འབུལ་བའི་སྤེལ་ཚིག་ཀྱང་། གཙོ་འཁོར་མཐའ་དག་ལ་དེ་ག་ཉིད་སྦྱོར་བར་བྱའོ། །བར་སྔ་མ་ལྟར་བྱའོ། །ལྷ་རྣམས་ཀྱི་ཐུགས་ཀ་ལས་སྤྲོས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སྐུ་མདོག་སེར་པོ་བུམ་པ་སེར་པོ་བདུད་རྩིས་གང་བ་འཛིན་པ་ནམ་མཁའི་ཁམས་གང་བར་སྤྲོས་ཏེ། བསྒྲུབ་བྱ་སེང་གེའི་ཁྲི་དང་ཟླ་བའི་དཀྱིལ་འཁོར་སེར་པོར་གནས་པ་ལ་དབང་བསྐུར་བས། ཚེ་དཔལ་སྟོབས་འབྱོར། ལུང་རྟོགས་ཀྱི་ཡོན་ཏན་རྣམས་རྒྱས་ཤིང་། རིན་ཆེན་སྣ་བདུན་རྒྱལ་སྲིད་སྣ་བདུན་སོགས། རིན་པོ་ཆེའི་ཆར་བབས་པས་ཕུན་སུམ་ཚོགས་པའི་དཔལ་དང་གཟི་བརྗིད་འབར་བར་གྱུར། ཨོཾ་ཨཱཿཧྲཱིཿའདོད་གསོལ་གྱི་ཚིག་རྐང་གསུམ་པ་ལ་ཚེ་དང་བསོད་ནམས་སྙན་གྲགས་མངའ་ཐང་སོགས་ཞེས་པར་འདོན་པ་བསྒྱུར་རོ། །སོགས་མན་ཆད་ཞི་བ་བཞིན་ལ།མི་འདྲ་བའི་ཁྱད་པར་ཤེས་དགོས་སོ། །རྒྱས་པའི་སྦྱིན་སྲེག་དངོས་གྲུབ་ཉིན་མོར་བྱེད་པ་ཞེས་བྱ་བ་འདིའང་ཁོ་བོས་བགྱིས་པའི་ཞི་བའི་སྦྱིན་སྲེག་དང་སྒོ་བསྟུན་ནས་འཁྱེར་བདེ་བའི་ཆེད་དུ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར། སརྦ་མངྒ་ལཾ།། །།

དབང་གི་སྦྱིན་སྲེག་ཁམས་གསུམ་འགུགས་པའི་ལྕགས་ཀྱུ།


GLG023_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་སྦྱིན་སྲེག་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་བཞུགས་སོ། །


GLG023_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་ལེགས་ལང་ཚོ་རྒྱས་པའི་ངོ་མཚར་ལྟར། ཁམས་གསུམ་ཀུན་ཡིད་འགུགས་པའི་ལྕགས་ཀྱུ་ཆེ། །གཤིན་རྗེ་གཤེད་ཀྱི་དབང་གི་སྦྱིན་སྲེག་གི །ལག་ལེན་འཁྲུལ་མེད་འཁྱེར་བདེ་འདྲི་བར་བྱ། །སྟེགས་དབང་གི་ཁྱད་ཆོས་ཀྱི་རྫས་ཀྱིས་སྦྲུས་པ་དང་། གཏེར་གཞུག་པར་བྱ་ཞིང་། ས་འཁོར་གྱི་སོར་ཚད་ཀྱང་རྒྱས་པ་ལྟར་བྱས་པའི་དབུས་སུ་པད་ཉི་ལ་རྡོ་རྗེ་དང་། མུ་ཁྱུད་རྡོར་འཕྲེང་། ཁ་ཁྱེར་ལ་ལྕགས་ཀྱུ་གྱེན་བསྒྲེང་ངོ་། །ལོགས་ཐིག་ནི་ཞི་བ་བཞིན་ནོ། །བུ་དམར་པོར་ཟླ་གམ་གཟུགས། །ཐབ་ཐད་དྲངས་པ་ཡིན། ཁུང་རྒྱ་དཔངས་རྒྱས་པ་བཞིན། །རྫས་རྣམས་སྤྱི་དང་བྱེ་བྲག་གི །མ་འདྲེས་རྫས་ཆེན་བཅུ་གཉིས་ལས་མར་ཁུ་ཁ་དོག་གིས་དབྱེ། ཡམ་ཤིང་སེ་བ་དང་མཛོ་མོ་ཤིང་སོགས་ཚད་རྒྱས་པ་དང་འདྲ་བ་ལ། དབྱིབས་ཟླ་གམ་དམར་པོའོ། །རྫས་ཁྱད་པར་བ། ཤིན་ཏུ་སྐྱུར་བའི་འབྲུ་དམར་པོ་དང་། འབྲས་དང་མེ་ཏོག་དམར་པོ། །བུད་མེད་ཀྱི་མེ་ཏོག་དང་པདྨ་རཀྟས་སྦགས་ལ། ཙན་དན་དམར་པོ། །གུར་གུམ་གྷི་ཧང་རྣམས་སོ། །མཆོད་པ་ལྔའི་རྫས་དང་ཆུ་བཞིའི་རྫས་ཀྱང་དམིགས་བསལ་ཞལ་ལས་ཤེས་དགོས་ཤིང་། ཕྱོགས་ཀྱི་ཁྱད་པར་ནུབ་དང་། སྦར་བྱེད་ཀྱི་མེ་སྨད་ཚོང་མའི་མེ་དགོས་སོ། །དབྱེ་བ་ཇི་བཞིན་ཟངས་སམ་དམར་པོའི་སྣོད་དུ། དགོད། རྡོ་རྗེ་ནི་ཐབས་དང་། ཞེས་པ་དམར་མཐིང་དཀར་བའི་ཞེས་པར་བསྒྱུར། ནས། ཡེ་ཤེས་ཀྱི་ཐབ་དམར་པོ་ཟླ་(༢ན)


GLG023_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

གམ་གྱི་དབྱིབས་ཅན། མུ་རན་ལ་རྡོ་རྗེའི་འཕྲེང་བ་དང་། ཁ་ཁྱེར་ལ་ལྕགས་ཀྱུ་གྱེན་དུ་བསྒྲེང་བས་བསྐོར་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དབུས་སུ་པདྨ་དང་ཉི་མའི་གདན་ལ་རྡོ་རྗེ་གྱེན་དུ་བསྒྲེང་བར་རཾ་དམར་པོ་དང་། རྒྱན་དང་ན་བཟའ་དམར་པོ། ར་དམར་པོ། རྡོ་རྗེའི་རྣམ་པ་ཅན་དམར་པོ་ཞེས་པར་འདོན་པ་བསྒྱུར། གྱུར་པའི་དབུས་སུ། ཞེས་པ་ནས། མེ་ལྷ་བཅུ་གཉིས་ཀྱི་ནང་ནས་དམར་ཆེན་དམར་པོ་དམར་མཐིང་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །ཞེས་པ་ནས། འོད་ཟེར་འབར་བ་དང་བཅས་པར་གྱུར། མེ་ལྷའི་སྔགས་ལ། ཁམས་གསུམ་གྱི་རྒྱལ་བློན་འབངས་འཁོར། མངའ་ཐང་ལོངས་སྤྱོད་ཚེ་དང་བསོད་ནམས། མཐུ་སྟོབས་ནུས་པ། མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཝ་ཤཾ་དགང་བླུགས་བདུན་ནམ་གསུམ་འབུལ། ཀུ་རུ་ཧོ༔ ཨོཾ་བོ་དྷི་བྲྀ་ཀྵཱ་ཡ་ཨཱཿཧཱུཾ། ཞེས་པ་དབང་ལ་ཡམ་ཤིང་དང་མར་ཁུ། དེའི་རྗེས་སུ་རྫས་ཁྱད་པར་བ་རྣམས་མ་གཏོགས། རྫས་ཆེན་གཞན་རྣམས་མི་འབུལ་བ་ཕྱག་ལེན་བདེ་ཞིང་ཁུངས་དག་པ་ཡིན་པས་ཏིལ་ནས་གྲོའི་བར་རྣམས་དོར་བར་བྱ་ཞིང་རང་སྔགས་ལ་བཤད་མ་ཐག་པའི་སྤེལ་ཚིག་ཉིད་ཀྱིས་འབུལ་ལོ། །ནས། ཞལ་བསིལ་དང་བསང་གཏོར་ཡན་ཕུལ། ལས་སྔགས་ཀྱིས་བསངས། མེ་ལྷའི་ཐུགས་ཀར། ཞེས་པ་ནས། (༢བ)


GLG023_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་བར་སྐུ་མདོག་དང་འོད་ཟེར་དང་རྣམ་པ་ཅན་གསུམ་ལ་དམར་པོ་སྦྱོར་ཞིང་ཧྲཱིཿཥྚཱིའི་མཇུག་ཏུ་ཁམས་གསུམ་ནས་ཝ་ཤཾ་ཀུ་རུ་ཧོའི་བར་སྦྱོར་བ་དང་གཙོ་འཁོར་གྱི་སྲེག་རྫས་སྤེལ་ཚིག་ཀྱང་དེ་གའོ། །སྔ་མ་ལྟར་བྱའོ། །རང་དང་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས། ཁྲོ་བོ་དམར་པོ་དཔག་ཏུ་མེད་པ་འཕྲོས། བསྒྲུབ་བྱ་རང་དབང་མེད་པར་བཀུག་ནས་རང་གི་རྐང་འོག་ཏུ་བསྒྱེལ། འགུགས་བྱེད་ཀྱི་ལྷ་རྣམས་ཐུགས་ཀར་བསྟིམ། དེ་ལས་འོད་དམར་པོ་འབར་བ་ཞལ་ལས་བྱུང་བ། བསྒྲུབ་བྱའི་ཁར་ཞུགས། ལུས་ཡི་གེ་དམར་པོས་གང་བས་ཆགས་པས་མྱོས། མིང་གི་མཐར་སྔགས་འཕྲེང་གིས་བསྐོར་བ། ཐུགས་ཀ་ནས་བྱུང་བའི་སྔགས་དང་གཉིས་སུ་མེད་པར་འདྲེས། སླར་ཡང་འོད་ཟེར་གྱིས་བསྡུས་ཏེ་རང་གི་ཐུགས་ཀར་ཐིམ། མེ་ཏོག་དམར་པོ་དང་འོད་ཟེར་དམར་པོས་གང་སྟེ་དབང་གི་ལས་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧྲཱིཿསོགས་མན་ཆད་ཞི་བ་བཞིན་ལ། ཏིལ་སོགས་འཇོག་པ་དང་། སྤེལ་འདོད་གསོལ་གྱི་རྐང་པ་གསུམ་པ་ལ། ཁམས་གསུམ་དབང་དུ་བསྡུ་བའི་སྦྱོར་བ་སོགས་ཞེས་བསྒྱུར་རོ། །ཚིག་གི་དབྱེ་བ་སྔར་བཞིན་ཤེས་དགོས་སོ། །དབང་གི་སྦྱིན་སྲེག་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་ཞེས་པ་འདིའང་། ཁོ་བོས་བགྱིས་པའི་ཞི་རྒྱས་ཀྱི་སྦྱིན་སྲེག་དང་སྒོ་བསྟུན་ནས་འཁྱེར་བདེ་བའི་ཆེད་དུ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར། སརྦ་མངྒ་ལཾ།། །།

དྲག་པོའི་སྦྱིན་སྲེག་བསྐལ་པའི་མེ་དཔུང་།


GLG023_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་སྦྱིན་སྲེག་བསྐལ་པའི་མེ་དཔུང་བཞུགས་སོ། །


GLG023_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་ཆེན་འབར་བ་གཤིན་རྗེ་གཤེད་ཀྱི་ཞལ། །གནམ་ས་གདངས་པའི་དུས་མཐའི་མེ་དཔུང་ནང་། །དགྲ་བགེགས་བླ་ཚེ་སྲོག་གསུམ་ཤ་ཁྲག་རུས། །འདེབས་བྱེད་དྲག་པོའི་སྦྱིན་སྲེག་འཆད་བྱེད་ཀྱི། །རྟོག་གེ་ཐ་སྙད་མཁན་པོའི་བློས་བྱས་དང་། །ལུང་མེད་དབང་ཆོས་འཆད་པའི་སློབ་དཔོན་དང་། །རྟོགས་ལྡན་གཞན་མགོ་བསྐོར་བའི་ཟོག་པོ་ཡིས། །གཉིས་ཕུང་མང་པོའི་གྲལ་རིང་མ་འགྲིམས་པར། ཁོ་བོས་ཡོངས་འཛིན་བླ་མའི་ཞབས་པད་བསྟེན། །གསང་ཆེན་ཐེག་པའི་ཆོས་ལ་ཅུང་ཟད་སྦྱངས། ཁྱད་པར་མངོན་སྤྱོད་དྲག་པོའི་ལས་སྦྱོར་ཀུན། །ཚིག་ཙམ་མ་ཡིན་ཉམས་མྱོང་ལྡན་ཕྱིར་བྲི། །གཟའ་སྐར་ས་བདག་གདུག་པ་སོགས། །དྲག་པོའི་ཚེས་ལ་སྟེགས་གྲོག་མཁར་སོགས་ས་སྣ་དང་མི་རུས་ཀྱི་ཕྱི་སོགས་རྫས་འཚོགས་པ། བུ་ནི། །གྲུ་བཞི་ནག་དྲག་རྫས་ཀྱིས་བྱུགས་པ། པོ་ལྷོ་ཕྱོགས་བརྩེག །སྟེང་དུ་ཚེར་མ་ཅན་གྱི་ཤིང་། །གྲུ་གསུམ་བརྩེགས་པའི་ཐབ་ལོགས་རེར་སོར་ཉི་ཤུ། དཔངས་སུ་དེའི་ཕྱེད། ཁུང་བཅའ། །ས་འཁོར་ལྟེ་བ་པདྨ་དང་། །རྡོ་རྗེ་ཁ་གྱེས་མུ་ཁྱུད་དང་། ཁ་ཁྱེར་རྩེ་ལྔ་རྩེ་དགུས་སྤྲས། །དེ་མཐར་ཧོམ་ཁུང་ཁ་ཁྱེར་ལྡན། །(༢ན)


GLG023_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

ཚེར་ཅན་ཡམ་ཤིང་རྩེ་མོ་རྣོ། །མར་ནག་ཆུ་བཞི་ཉེར་སྤྱོད་བཤམ། །ཡམ་ཤིང་སོར་བཅུ་པ་ཟུར་གསུམ་ནག་པོ། རྩེ་མོར་མིའམ་ཁྱིའི་རྒྱུ་མ་ཅུང་ཟད་དཀྲིས་པ། མར་ནག་ལ་ཚ་བ་གསུམ་སོགས་རྫས་སྣ་མང་དུ་བསྲེས་པ། ཁྲག་ཆང་གི་ཆུ་བཞི། ཁྲག་གི་ཨརྒྷཾ་སོགས་མཆོད་པ་ལྔ་དང་། དམར་གཏོར། རྫས་ཁྱད་པར་བ། རུས་པ། དུག་སྣ། ཤ་ཚིལ། ནང་ཁྲོལ། ཚ་བ་གསུམ། ཡུངས་ཀར། ཁྲག །རྔ་མོ་དང་བོང་བུའི་སྦངས། དྷ་དུ་ར། སྐམ་གཤེར་གྱི་ཐུན་ཕུར་སོགས་ཕྱག་ལེན་ལྟར་དགོས་ཤིང་། སྣོད་ཐོད་པ་དང་རྫ་སོགས་ཀྱི་དུམ་བུར་བཤམ། ཕྱོགས་ལྷོ་དང་བཤན་པའི་མེ་དགོས་སོ། །སྲིད་གསུམ་ཟིལ་གནོན་ཆས་སུ་གཞུག །ཐུན་མོང་མིན་པའི་བསྲེག་པའི་རྫས། །མན་ངག་ཟབ་མོ་ཞལ་ལས་དགྲ་བགེགས་ཀྱི་ལིངྒ་མེད་དུ་མི་རུང་བ་ནི། རྫས་སྣ་ཚོགས་ལས་བྱས་པའི་ཟན་ལིང་གི་ཁོག་པར་འཁོར་ལོ་དང་ལིང་རྐྱང་སོགས་ཤིན་ཏུ་ཟབ་པའི་མན་ངག་སྙིང་གི་ཁྲག་ལྟ་བུ། རྗེ་བཙུན་ར་ཆེན་དང་། ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཡབ་སྲས་ལས། སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་ཟབ་མོས་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་ཞལ་ལས་དྲིས་ཤིག །དེང་སང་དེ་འདྲའི་རྣམ་དབྱེ་རྣ་བའི་ཁུང་བུ་ཙམ་དུ་ཡང་མ་སོན་པར། ཟན་ལ་མིའི་བཟོ་དབྱིབས་དོད་པ་ཙམ་ལ་ལིངྒར་མིང་འདོགས་པ་དང་། ཟན་གྲུ་གསུམ་དུ་བརྫིས་པ་ཙམ་གྱིས་མཐུ་ཡོད་པར་རེ་བའི་གྲོང་པའི་སྐྱེ་བོ་དང་། བུད་མེད་ཀྱི་སྨོད་མོའི་ངང་ཚུལ་འཛིན་པ། ཁྱི་རྒན་རྣམས་ལ་ཁ་ཟས་ཀྱི་དགའ་སྟོན་སྒྲུབ་པར་བྱེད་པ་དག་མང་ངོ་། །དྲིས། །(༢བ)


GLG023_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ནི་ཐབས་དང་། ཞེས་པ་མཐིང་དཀར་དམར་བ་ཞེས་བསྒྱུར། ནས། ཡེ་ཤེས་ཀྱི་ཐབ་ནག་པོ་གྲུ་གསུམ་པ་མུ་རན་ལ་རྡོ་རྗེ་རྩེ་ལྔ་པའི་འཕྲེང་བ་དང་། ཁ་ཁྱེར་ལ་རྡོ་རྗེ་རྩེ་དགུ་པ་གྱེན་དུ་བསྒྲེང་བས་བསྐོར་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དབུས་སུ་པདྨ་དང་ཉི་མའི་གདན་ལ་རྡོ་རྗེ་གྱེན་དུ་བསྒྲེང་བར་གྱུར་བའི་དབུས་སུ། ཞེས་པ་རཾ་ནག་པོ་ལས་གྲི་གུག་སྔོན་པོའི་རྩེ་མོར་རཾ་གྱིས་མཚན་པ་ཞེས་འདོན་པ་བསྒྱུར་རོ། །ནས། མེ་ལྷ་བཅུ་གཉིས་ཀྱི་ནང་ནས་ཁྲོ་བོ་དམར་ནག་ཞལ་གཅིག་ཕྱག་བཞི་དངོས་གྲུབ་རྒྱ་མཚོར་མེ་ལྷའི་མངོན་རྟོགས་འཇམ་པོ་གསུམ་དང་ཁ་དོག་ཙམ་མ་གཏོགས་མཚུངས་པའམ། མི་འདྲ་བའི་ཁྱད་པར་གཞན་བྱེད་པ་འདམ་ངར་སྣང་བ་ལས། འདི་ནི་མན་ངག་བཞིན་ནོ། །པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། འཇིགས་པའི་ང་རོ་ཕྱོགས་བཅུར་སྒྲོག་པ། ཐོད་སྦྲུལ་ལ་སོགས་པ་ཁྲོ་བོའི་ཆས་ཀྱིས་བརྒྱན་པ། ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་རལ་གྲི །འོག་མ་གཉིས་ཀྱིས་རྡོ་རྗེ་དང་མདུང་འཛིན་པ། སྦོམ་ཞིང་ཐུང་ལ་ཁྲོ་ཞིང་གཏུམ་པ། བ་སྤུ་ལ་གློག་གི་འཕྲེང་བ་གྲངས་མེད་པ་འཁྱུག་པ། མ་ཧེ་ནག་པོའི་གདན་ལ་གཡོན་བརྐྱང་གིས་བཞུགས་པ། གཉུག་མར་གནས་པའི། ཞེས་པ་ནས། དགང་བླུགས་ཀྱི་ཁ་ལ་ཡ་ཡིག་འོད་ཟེར་འབར་བ་དང་བཅས་པར་གྱུར། མེ་ལྷའི་སྔགས་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་སྔ་དགྲ་ལག་ལ་དར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་གནོད་ཅིང་འཚེ་བར་བྱེད་པའི་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བགེགས་རྣམས་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་ཕུན་ཚོགས་བླ་སྲོག་ཚེ་གསུམ་དང་བཅས་པ་མཱ་ར་ཡ་ཧཱུཾ་དགང་བླུགས་བདུན་ནམ་གསུམ་འབུལ། ཕཊ།(༣ན)


GLG023_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བོ་དྷི་བྲྀཀྵཱ་ཡ་ཨཱཿཧཱུཾ། ཞེས་པ་ནས། ཡམ་རང་སྔགས་ལ་བཤད་མ་ཐག་པའི་སྤེལ་ཚིག་སྦྱོར་བ་མ་གཏོགས་སྔགས་དང་སྤེལ་ཚིག་སྣ་ཚོགས་མི་བྱེད་ཅིང་རྫས་ཁྱད་པར་བ་རྣམས་ཀྱང་ལག་ལེན་འཇུག་པ་བདེ་བ་མན་ངག་ལྟར་བྱའོ། །ཤིང་མར་ཁུ་རྫས་ཁྱད་པར་པ་རྣམས་འབུལ། དེ་ནས་གཤིན་རྗེ་གཤེད་ཀྱི་ང་རྒྱལ་བསྐྱེད་ཅིང་། འཆི་བདག་ལས་ཀྱི་གཤིན་རྗེ་བསྐུལ་བ་ནི། བཅོམ་ལྡན་གཤིན་རྗེ་གཤེད་ཀྱི་བཀའ། །ཞེས་སོགས་རྫོགས་པར་བཏང་། གསེར་སྐྱེམས་ཕུལ། ཉ་བོ་ལ་དགུག་གཞུག་བྱ། སྙིང་པོ་དང་ལས་གཤིན་གྱི་སྔགས་མཇུག་ཏུ། སརྦ་ཤ་ཏྲཱུཾ་ཨཱ་ཀརྵ་ཡ་ཛཿཛཿ ཧཱུཾ། སྙིང་རྗེའི་དབང་གིས་ཆེར་ཁྲོས་པ། །འབར་འཕྲེང་འཁྲུག་པའི་དཀྱིལ་འཁོར་ནས། །དྲག་ཅིང་གཏུམ་པ་ཁྲོ་བོའི་རྒྱལ། །རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྐུ། །སྲ་མཁྲེགས་བརྟན་པ་རྡོ་རྗེའི་ལུས། །བཟོད་པར་དཀའ་བ་མ་ཧེའི་གཟུགས། །འཇིགས་རུང་གཤིན་རྗེའི་སྙིང་འདར་བ། །རོ་ལངས་ཆེན་པོ་བརྒྱད་དང་བཅས། ཁྲོ་བོའི་དབང་ཕྱུག་ཡོངས་དང་བཅས། །སྲིད་གསུམ་འབྱུང་པོའི་འཁོར་དང་བཅས། །ལས་ཀྱི་གཤིན་རྗེའི་ཕོ་ཉར་བཅས། །སྲིད་གསུམ་སྙིང་རྗེས་བསྒྲལ་བའི་ཕྱིར། །ཞེ་སྡང་ཆེན་པོ་སྐུ་བཞེངས་ཤིག །སངས་རྒྱས་བསྟན་པའི་སྤྱི་དགྲ་འདི། །ཐེག་པ་ཆེན་པོའི་སྒོས་དགྲ་འདི། །གསང་སྔགས་གཉན་གྱི་བསྟན་དགྲ་འདི། །དཀོན་མཆོག་གསུམ་གྱི་སྐུ་དགྲ་འདི། །རྒྱལ་སྲས་ཡོངས་ལ་བསྔོ་བ་འདི། །སེམས་ཅན་མང་པོ་ཕུང་བ་འདི། །རྣལ་འབྱོར་ཏིང་འཛིན་དཀྲུགས་པ་འདི། །སྡང་ཞིང་གདུག་པའི་སྡིག་ཅན་འདི། །འབྱུང་བའི་དཀྱིལ་འཁོར་ལྔ་རྣམས་དང་། ཁམས་གསུམ་སྒོ་གསུམ་ཕུང་པོ་ཁམས། །སྐྱེ་མཆེད་(༣བ)


GLG023_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དབང་ཡུལ་དང་བཅས། །ཕྱོགས་བཅུ་གཞན་དུ་གནས་ཀྱང་རུང་། །རྡོ་རྗེ་ལྕགས་ཀྱུའི་ཚོགས་སྤྲོས་པས། ཁུག་ཅིག་བཛྲ་ཨཾ་ཀུ་ཤ །རྡོ་རྗེ་ཞགས་པའི་ཚོགས་སྤྲོས་ནས། །དྲོངས་ཤིག་བཛྲ་པཱ་ཤ་ཧཱུཾ། །རྡོ་རྗེ་ལྕགས་སྒྲོག་ཚོགས་སྤྲོས་པས། །སྡོམས་ཤིག་བཛྲ་སྥོ་ཊ་བཾ། །རྡོ་རྗེ་དྲིལ་བུའི་ཚོགས་སྤྲོས་པས། །ཕོབ་ཅིག་བཛྲ་གྷཎྜེ་ཧོཿཧཱུཾ། རབ་འབར་དྲག་པོའི་ཀློང་དཀྱིལ་ནས། ཁྲོ་རྒྱལ་རྡོ་རྗེ་འཇིགས་བྱེད་ཆེ། །འཁོར་དང་ཕོ་ཉ་བྲན་གཡོག་བཅས། །སྡིག་ཅན་སྒྲོལ་བའི་དུས་ལ་བབ། །དམྱལ་བ་ཆེན་པོའི་གཏིང་འགྲོ་བ། །སྙིང་རྗེས་བསྒྲལ་བའི་ཞིང་གྱུར་འདི། །ངར་བཟང་རྡོ་རྗེའི་གྲི་གུག་གིས། ཁོས་ཤིག་བཛྲ་ཀརྟ་རི། །རིང་འགྲོ་ལྕགས་ཀྱི་འཕང་མདུང་གིས། ཕུག་ཅིག་བིནྡྷ་བཱ་ལེ་ན། །རྡོ་རྗེ་འབར་བའི་གཏུན་ཤིང་གིས། །རྡུངས་ཤིག་བཛྲ་མུ་པ་ལ། །རྣོ་དབལ་རྡོ་རྗེའི་ཆུ་གྲི་ཡིས། །གཏུབས་ཤིག་བཛྲ་ཨ་ཡུ་དྷ། །རྩེ་གཅིག་འབར་བའི་རྡོ་རྗེ་ཡིས། །རྒྱོབ་ཅིག་བཛྲ་ཀ་ན་ཡ། །ཤུགས་ཆེན་རྡོ་རྗེ་དགྲ་སྟ་ཡིས། །ཆོད་ཅིག་བཛྲ་པ་ཤུ་ཎ། །རྣོ་ངར་རྡོ་རྡེ་མདུང་རིང་གིས། །ཐོབ་ཅིག་བཛྲ་གུན་དེ་ན། །ཚ་བསྲེག་རྡོ་རྗེའི་མེ་མདའ་ཡིས། །ཟངས་མར་ཕུག་ཅིག་ཝ་ཎེ་ན། །ཤུགས་དྲག་མཚོན་ཆའི་འཁོར་ལོ་ཡིས། །ཚལ་པར་ཐོང་ཞིག་ཙཀྲེ་ཎ། །སྣ་ཚོགས་ཐུན་གྱི་ཆར་པ་ཡིས། །དུམ་བུར་ཆོད་ཅིག་མཱ་ར་ཡ། །ཤུགས་དྲག་རྡོ་རྗེ་ཕུར་བུ་ཡིས། །སྙིང་ལ་སྣུན་ཅིག་ཀཱི་ལཱ་ཡ། །རྣོ་ངར་རལ་གྲི་འབར་བ་ཡིས། །གཤོགས་ཤིག་བཛྲ་ཁཌ་གེ་ཎ། །འབར་བའི་མེ་ཡིས་བསྲེགས་ནས་ཀྱང་། །ཐལ་བའི་རྡུལ་དུ་བརླག་པར་མཛོད། །ཅེས་ཕྱག་མཚན་རྣམས་ཀྱིས་ལག་ལེན་ལྟར་ཉི་བཞིའི་སྔགས་ལ་སྤེལ་ཚིག་སྦྱར་ཏེ་བཟླ། བསྒྲལ། །སྲེག་རྫས་གཞན་(༤ན)


GLG023_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལྟར་སྔགས་སྤེལ་ཚིག་དང་བཅས་ཏེ་འབུལ། ཞལ་བསིལ་དང་བསང་གཏོར་ཕུལ། ལས་སྔགས་ཀྱིས་བསངས། མེ་ལྷའི་ཐུགས་ཀར། ཞེས་པ་ནས། ཚོགས་སྐུ་མདོག་དང་། འོད་ཟེར་དང་། རྣམ་པ་ཅན་གསུམ་ལ་ནག་པོ་སྦྱོར། འཕྲོ་བར་གྱུར། ལྷོ་སྒོའི་ཐད་དུ་པདྨ་དང་ཉི་མ་ཞེས་སོགས་ལས་གཤིན་མངོན་རྟོགས་སྤྱན་འདྲེན་དཀྱུས་ལྟར་བཏང་། སྔར་བཞིན་ཆུ་བཞི་དང་། ཞེས་པ་ནས། སྔ་མ་ལྟར་བྱའོ། །ཨོཾ་ཨཱཿཧྲཱིཿསོགས་མན་ཆད་ཞི་བ་བཞིན་ལ་མི་འདྲ་བའི་ཧྲཱིཿཥྚཱིའི་མཇུག་ཏུ། བདག་ཅག་དཔོན་སློབ་ནས། ཧཱུཾ་ཕཊ་ཀྱི་བར་སྦྱོར་བ་དང་། སྲེག་རྫས་ཀྱི་སྤེལ་ཚིག་ཀྱང་གཙོ་འཁོར་རྣམས་ལ་དེ་ག་ཡིན་ལ། ཀཱ་ལ་རཱུ་པ་བཏགས་ཏེ་ལས་གཤིན་ལ་ཡང་འབུལ་ལོ། །ཁྱད་འདོད་གསོལ་ནི་འཇམ་དབྱངས་གཤིན་རྗེ་གཤེད་པོའི་ལྷ་ཚོགས་ཀྱིས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །འགལ་རྐྱེན་བར་ཆད་དགྲ་དང་བགེགས་ཀྱི་ཚོགས། །ཐལ་བའི་རྡུལ་དུ་རློག་པའི་འཕྲིན་ལས་མཛོད། །པར་ཤེས་དགོས་སོ། །མཐར་མནན་པ་བྱ་བ་ནི་ཕྱག་ལེན་ལྟར་རོ། །དྲག་པོའི་སྦྱིན་སྲེག་བསྐལ་པའི་མེ་དཔུང་ཞེས་པ་འདིའང་། ཁོ་བོས་བགྱིས་པའི་ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་དང་སྒོ་བསྟུན་ཏེ། འཁྱེར་བདེ་བའི་ཕྱིར་དུ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་རོ། །སརྦ་མངྒ་ལཾ།། །།

འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་དྲག་པོ་ཟོར་གྱི་འཕྲིན་ལས་གནམ་ལྕགས་འབར་བའི་ཐོག་མདའ།


GLG023_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་དྲག་པོ་ཟོར་གྱི་འཕྲིན་ལས་གནམ་ལྕགས་འབར་བའི་ཐོག་མདའ་བཞུགས་སོ། །


GLG023_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་དརྦ་བི་དཱ་ར་ཎ་ཀྲྀ་མཉྫུ་ཤྲཱི་ཡ་མཱ་ར་ཡེ། ཞི་ཁྲོ་ཀུན་འདུས་དཀྱིལ་འཁོར་རྒྱ་མཚོའི་མགོན། །པདྨས་རྗེས་བཟུང་དྲག་སྔགས་བཀའ་བབས་ཅན། །བཻ་རོའི་རྣམ་འཕྲུལ་སྤྲུལ་སྐུ་གཏེར་བདག་གླིང་། །དྲིན་ཅན་བླ་མ་གཙུག་གི་རྒྱན་དུ་མཛེས། །གང་གི་ཟབ་གཏེར་མཁའ་འགྲོའི་ཞལ་དྲོད་རླངས། །མ་ཉམས་དངར་པོར་འཐུལ་བ་གཤེད་སྐོར་གཞུང་། །དྲེགས་པ་འཇོམས་བྱེད་ལས་མཐའ་དྲག་པོའི་ཟོར། །རྣོ་ངར་རྡོ་རྗེའི་ཚ་ཚ་ཕྱོགས་བཅུར་འཕྲོ། །དེ་ཕྱིར་གབ་བསལ་འཁྲུགས་བསྡེབས་འཐོར་བ་བསྡུས། །མ་ཆད་ཁ་བཀང་གཏོར་བཟློག་འཕྲིན་ལས་ཀྱི། །གྱེར་སྒོམ་གནམ་ལྕགས་འབར་བའི་ཐོག་མདའ་ཡིས། །ཡིད་སྲུབས་སྡེ་བཅས་མགོ་བོ་ཅིག་ཅར་འགེམ། །གློ་སྙིང་ཆེམས་ཆེམས་ཟ་ཞིང་རྒྱུ་མ་ཡི། །ག་ཤ་རིང་པོར་འཕྱང་བའི་གཤིན་རྗེའི་ཚོགས། ཁྲོས་པའི་གད་བརྒྱངས་དྲག་པོ་ཐོས་པའི་མོད། །དགྲ་སྲོག་དུམ་བུར་འཆད་པ་དངོས་པོའི་གཤིས། །འོན་ཏེ་དམ་ལྡན་སྒྲུབ་པོར་མཆོག་མཐུན་གྱི། །དངོས་གྲུབ་འདོད་པ་འཇོ་བ་ཡོངས་འདུའི་ལྗོན། །འཇམ་དཔལ་རྣམ་པར་རོལ་པའི་གྲིབ་བསིལ་དུ། །བདེ་བར་ངལ་སོས་ཀྭ་ཡེ་སྐལ་བཟང་ཚོགས། །(༢ན)


GLG023_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐོར་ལ་བཀའ་གཏེར་མང་དུ་བཞུགས་པའི་ནང་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ལོ་ཆེན་བཻ་རོ་ཙ་ན་ལ་གནང་བའི་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ཆོས་སྡེ་ཡར་ཀླུངས་ཤེལ་ཕུག་གི་བྱང་འདབས་རྒྱལ་མཚན་འདྲ་བའི་བྲག་ངོས་ནས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པས་གདན་དྲངས་པའི་ཆོས་སྐོར་གྱི་ནང་ཚན་དྲག་པོ་ཟོར་གྱི་འཕྲིན་ལས་ཉམས་སུ་བླང་བ་ལ། གནམ་ས་ཆོས་འབྱུང་གི་དབྱིབས་ཅན་དང་དུར་ཁྲོད་སོགས་དྲག་པོའི་གནས་སམ། ཡང་ན་ཡིད་དང་མཐུན་པའི་སྒྲུབ་ཁང་དུ་ཕྱག་བདར་དང་སྐྱང་ནུལ་ལེགས་པར་བྱས་ཏེ་ས་རྒྱན་གནམ་རྒྱན་གོ་མཚོན་སྤྱན་གཟིགས་ཀྱི་རིམ་པ་བཀོད་པས་མཛེས་པ་བསྟར་ཞིང་། སྒྲུབ་པ་ལ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་མ་ཚང་བ་མེད་པ་བསག །ཞི་ཁྲོ་སྤྱི་བྱེ་བྲག་དང་ཁྱད་པར་སྒོས་ཀྱི་བླ་མ་ཡི་དམ་སྲུང་མའི་རྟེན་དང་མཆོད་གཏོར་བཤམ། འཕུང་ས་གསུམ་ལས་གྲུབ་པའི་སྟེགས་བུ་ལ་དུག་ཁྲག་གིས་ཆག་ཆག་གདབ། མ་ཏྲཾ་གྱི་ལྟོ་བར་ཆོས་འབྱུང་གྲུ་གསུམ་མཐིང་ནག་ཟླ་གམ་སུམ་ལྡན། འཁོར་ལོ་རྩིབས་བཞི། རྡོར་རྭ་མེ་རི་དང་བཅས་པར་ལྷ་བཅུ་གཉིས་ཀྱི་མཚན་(༢བ)


GLG023_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

མའམ་ཚོན་སྤུངས་དགོད། དེའི་སྟེང་དུ་མཉྫིའམ་ཁྲིའུའི་ཁར་ལྕགས་སམ་བྷནྡྷའི་སྣོད་དུག་རིགས་ཁྲག་སྣ་འབྲུ་སྣ་ལྔའི་ཕྱི་སོགས་རྫས་རྣམས་ཚང་བའི་འབྲུ་ནག་དར་བཏགས་སྦྲུས་པའི་དྲག་པོའི་གཏོར་མ་ཟུར་གསུམ་རྣོ་དབལ་ཅན་ལོགས་རྒྱབ་ཏུ་བསྟན་པ་དམར་སིང་ངེ་བ་མེ་རི་སོགས་དྲག་རྒྱན་རྔམ་བརྗིད་དང་ལྡན་པ། མཐར་ནང་དུ་འཁོར་བཅུ་གཅིག །དེའི་ཕྱི་རོལ་ཏུ་ཁྲོ་བཅུའི་གཏོར་མ། ཁྲག་ཀོང་མཚེ་ཡུངས། རྩང་རྒྱུ་མའི་ལྡ་ལྡིས་བརྒྱན་པ། ལྷ་རྟེན་ཙཀ་ལི་བཀོད་པ། གཏོར་གདུགས་ཀྱི་ནང་དུ་སྲུང་འཁོར། གཏོར་མའི་སྨད་ཆར་བཟློག་འཁོར། དམིགས་ཀྱིས་བསལ་བ་ལ་ལིངྒ་བསད་འཁོར་གྱིས་གཏུམས་པ་བཟློག་འཁོར་འོག་ཏུ་འཇུག །རྡར་རྭའི་ནང་གི་མདུན་ཐད་དུ་མཉྫིའི་ཁར་ལས་གཤིན་གྱི་གཏོར་མ་ཐོག་གཟུགས་འཁོར་སོ་བཞིའམ་བསྡུ་ན་གཙོ་འཁོར་ལྔ་པ་སྐྱུ་གུ་ཉེར་དགུ་ཁྲག་ཀོང་མཚེ་ཡུངས་རྩང་དམར་གྱིས་བརྒྱན་པ་ཙཀ་ལི་གཏོར་གདུག་བཙུགས། གཏེར་གཞུང་དངོས་བསྟན་དུ་ཀོང་ཟོར་དང་མདའ་ཟོར་གཉིས་ལ་ཟོར་རྣམས་ཚང་བ་འདྲ་ཞིག་འདུག་ནའང་། ཇི་སྐད་དུ། ཐུན་དང་ཟོར་གྱི་ཡོ་བྱད་ཀུན༔ མན་ངག་གནད་ཀྱིས་ཚོགས་པར་བཤམས༔ ཞེས་འབྱུང་བས། མདོས་ཟོར་གྱི་རྣ་ཆ་འཇོམས་བྱེད་འཆར་ཀ་ནག་པོ་ནས་ཁ་བཀང་སྟེ། ཀང་ཟོར། རྡོ་ཟོར། མདའ་ཟོར། ཁྲག་ཟོར་རྣམས་གཞུང་ནས་བཤད་པའི་བཅའ་གཞི་རྫས་སོགས་ཚང་མ་བཀོད། ཡུངས་ཟོར་ལོགས་སུ་བྱས་ཀྱང་འགལ་བ་མེད་ཅིང་གོང་གི་རྫས་ཁྲོད་དུ་ཡོད་པས་བཞག་ཀྱང་ཆད་ལྷག་ཏུ་མི་འགྱུར། མཐར་མདུན་ནས་བརྩམས་ཏེ་ཞི་བ་དང་དྲག་པོའི་ཉེར་སྤྱོད། སྨན་རཀ །ལས་གཤིན་གཏེར་སྲུང་གཞི་བགེགས་ཀྱི་གཏོར་མ། ཚོགས། གཙོ་འཁོར་རྣམས་ཀྱི་བཀང་(༣ན)


GLG023_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གཏོར་མ་རྒྱན་སྤྲོས་ཅན། བེ་རོ། རྟ་ནག །གཡག་ནག །གླང་ནག །ལུག་ནག །ར་རོག །བྱ་ནག་རྣམས་རང་རང་གི་ཤ་ཁྲག་བསྲེས་པའི་བཟོ་དབྱིབས་དོད་པ་གཞན་ཡང་སྲོག་ཆགས་གང་འབྱོར་གྱི་ཤ་ཁྲག་གློ་སྙིང་མཁས་མཆིན་རྒྱུ་ཞག་ཚིལ་བུ། སྨན་སྣ། རིན་པོ་ཆེ། བཟའ་བཅའ་སྤྱན་གཟིགས་མཆོད་པའི་རྫས་སྣ་ཚོགས་ཀྱིས་བསྐོར་བ་གསེར་སྐྱེམས་གདབ་ལས་ཀྱི་ཆས་རྣམས་མངོན་པར་འདུ་བགྱིས། བདག་མདུན་གཉིས་ཀ་ལྷན་ཅིག་ཏུ་ལས་བྱང་བདུད་ལས་རྣམ་རྒྱལ་གྱི་གཞུང་བསྲངས། བསྟོད་པ་ཡན་སོང་བ་དང་ཟུར་གཏོར་ལ་དམིགས་ཏེ་ལས་གཤིན་གྱི་འཕྲིན་ལས་བཟླས་པ་མ་གཏོགས་བསྟོད་པའི་བར་བྱ། བདག་མདུན་གྱི་ཏིང་ངེ་འཛིན་འཕྲོ་འདུ་དང་བཅས་བསྙེན་སྒྲུབ་ཀྱི་སྔགས་རྣམས་བཟླ་ཞིང་ཁྱད་པར་ཐུན་ཡོད་ན་ཐོར་ཐུན་ལ་བསྙེན་སྒྲུབ། སྔ་ཐུན་ལ་སྲུང་འཁོར། དགོངས་ཐུན་ལ་བཟློག་པ། སྲོད་ཐུན་ལ་བསད་པ་རྣམས་ཀྱི་སྔགས་དམིགས་མན་ངག་ལྟར་བྱ། འཛབ་བསྟོད་འབུལ་བ་ནི། ཨྱེ་དྲེགས་པ་འཇོམས་བྱེད་ཆོས་ཀྱི་དབྱིངས་ཀྱི་གསུང་། །ཐུགས་དམ་གསུང་གི་ཡེ་ཤེས་རོལ་པ་ལས། །ཐབས་དང་ཤེས་རབ་ཡིག་འབྲུ་དཔག་མེད་མཁར། །འཁོར་ལོ་བསྐོར་ཞིང་ཡིག་འབྲུའི་རང་སྒྲ་ལས། །གྲག་སྟོང་དབྱེར་མེད་རྒྱལ་བའི་གསུང་མཆོག་སྟེ། །འོད་ཟེར་འཕྲོ་འདུ་ཉི་ཟླའི་འཁོར་ལོ་བཞིན། །ཕར་འཕྲོས་འཕགས་མཆོད་སེམས་ཅན་སྒྲིབ་པ་སྦྱངས། །དམ་ཅན་རྒྱུད་བསྐུལ་ལྷ་སྲིན་གནད་ལ་འབེབས། །དགྲ་དང་བགེགས་ལ་ཕོག་པས་རྡུལ་དུ་བརླག །སླར་འདུས་རྣལ་འབྱོར་བདག་གིས་དངོས་གྲུབ་ཐོབ། །བཅོམ་ལྡན་དཔལ་ཆེན་དྲེགས་པ་འཇོམས་བྱེད་ཀྱི། །གསུམ་གྱི་བཟླས་པས་གསུང་གི་རྒྱུད་(༣བ)


GLG023_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་ཞིང་། །སྐུ་ཡི་ཆ་ལུགས་འཇིགས་པར་སྟོན་མཛད་པ། །བདེ་གཤེགས་འཇོམས་བྱེད་གསུང་ལ་ཕྱག་འཚལ་ལོ། །ལས་བྱང་གི་གཞུང་བཞིན་དངོས་གྲུབ་བླང་། །རྒྱས་པར་སྤྲོ་ན། ཨྱེ་བདེ་གཤེགས་རྒྱལ་བ་ཐམས་ཅད་འདུས་པའི་སྐུ། །བཅོམ་ལྡན་དྲེགས་པ་འཇོམས་བྱེད་འཁོར་བཅས་རྣམས། །རྣལ་འབྱོར་བདག་གིས་རྩེ་གཅིག་གདུང་བ་ཡིས། །བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །བསྙེན་ཅིང་བསྒྲུབས་ནས་ལས་ཀྱི་འཕྲོ་འཐུད་དེ། །སྐད་ཅིག་ཙམ་ཡང་མི་བརྗེད་ཁྱེད་བསྒྲུབས་ན། །དུས་འདི་ཉིད་ལ་བདག་གི་བསམ་བསྒྲུབ་ཕྱིར། ཁྱད་པར་གྱུར་པའི་མཆོད་པའི་ཚོགས་རྣམས་དང་། །བཟླས་བསྙེན་སྔགས་ཀྱི་མཆོད་པ་འདི་འབུལ་པས། །ཐུགས་དམ་དབང་གིས་མྱུར་བར་བཞེས་ནས་ཀྱང་། །དངོས་གྲུབ་སྒྲུབ་པའི་འབྲས་བུ་གང་ལགས་པ། །དུས་འདི་ཉིད་དུ་བདག་ལ་གསོལ་བ་ནི། ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པ། །ཐེག་དགུ་བགྲོད་ཅིང་ས་རྣམས་ནོན་གྱུར་ནས། །མཐར་ཐུག་འབྲས་བུ་སྐུ་ལྔའི་བདག་ཉིད་མཆོག །བཅོམ་ལྡན་འཇོམས་བྱེད་གོ་འཕང་མྱུར་ཐོབ་སྩོལ། །དེ་མ་ཐོབ་ཀྱི་གནས་སྐབས་རྣམས་སུ་ཡང་། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་བ་དང་། །ཆེ་བཙན་དྲེགས་པའི་འགྲོ་བ་འདུལ་བ་དང་། །སྒྲུབ་པོ་དམིགས་བྱར་བཅས་པའི་བསྲུང་སྐྱོབ་དང་། །དགྲ་བགེགས་འཇོམས་ཤིང་རྦོད་ཟོར་བཟློག་པ་དང་། །ཟོར་རྣམས་རང་འགགས་མནན་པ་རང་རུལ་དང་། །ལྷ་རྣམས་རང་གཤེད་མི་གཡོ་མི་འགུལ་ཞིང་། །ཕྱི་ནང་བར་ཆད་ཐམས་ཅད་ཞི་བ་དང་། །དྲག་སྔགས་ཕྱི་ལ་ཚུགས་ཤིང་རྣོ་བ་དང་། །བསྲུང་བསྐྲད་བཅོམ་གཟིར་དབབ་བཅད་ལ་སོགས་ཀྱི། །སྟོབས་ཆེན་ཐམས་ཅད་ཟིལ་གྱིས་(༤ན)


GLG023_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པ་དང་། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང་། ཞི་རྒྱས་དབང་དྲག་དངོས་གྲུབ་མ་ལུས་ཏེ། །བཅོམ་ལྡན་དྲེགས་པ་འཇོམས་བྱེད་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ། །རྣལ་འབྱོར་བདག་གི་ལུས་ངག་ཡིད་གསུམ་གྱི། །རྒྱུད་ལ་ད་ལྟ་ཉིད་དུ་ཐོབ་པར་སྩོལ། །ཚོགས་བར་པ་ཡན་སོང་ནས་བསྐུལ་བ་ནི། ཨྱེ་རང་བཞིན་རྣམ་དག་ཆོས་དབྱིངས་དྲག་པོའི་ཞིང་༔ སྐྱེ་མེད་དབྱིངས་ནས་སྒྱུ་མའི་སྐུར་བཞེངས་པ༔ ཁྲག་འཐུང་ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེ་གཤེད༔ མངོན་སྤྱོད་འཕྲིན་ལས་མཛད་ཕྱིར་ཐུགས་དམ་བསྐུལ༔ ཁྱོད་ཐུགས་ཆོས་དབྱིངས་ཞི་ལས་མ་གཡོས་ཀྱང་༔ སྙིགས་མ་ལྔ་བདོའི་ལས་ངན་འགྲོ་བ་རྣམས༔ ཞི་བས་མི་ཐུལ་འདུལ་ཕྱིར་ཐུགས་རྗེ་ཆེས༔ མི་བཟད་རབ་འཇིགས་དྲག་པོའི་སྐུར་བཞེངས་ལ༔ བྱང་ཆུབ་བསྒྲུབ་ལ་འཚེ་བའི་གདོན་ཚོགས་དང་༔ ཞིང་བཅུ་ཚང་བ་བསྟན་པ་སྤྱི་ཡི་དགྲ༔ ཁྱད་པར་བདག་ལ་སྡང་བའི་དགྲ་བོའི་ཚོགས༔ མངོན་སྤྱོད་དྲག་པོའི་འཕྲིན་ལས་མི་གཡེལ་བར༔ མིང་ཙམ་མེད་པར་རྡུལ་དུ་བརླག་པ་ཡི༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ རྣལ་འབྱོར་བདག་གི་དད་པས་བསྐུལ་བསྒྲུབས་ཚེ། འདོད་པའི་འབྲས་བུ་མཆིས་པར་མི་མཛད་ན༔ ཞལ་བཞེས་ཐུགས་དམ་ཉམས་པར་མི་འགྱུར་རམ༔ དེ་བས་ཁྲག་འཐུང་འཁོར་བཅས་དབྱིངས་ནས་བཞེངས༔ མངོན་སྤྱོད་དྲག་པོའི་འཕྲིན་ལས་བསྒྲུབ་པར་མཛོད༔ རྒྱས་པར་སྤྲོ་ན། ཨེ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི །དྲག་པོ་ཨེ་ཡི་གཞལ་ཡས་ནས། །སྡེ་བརྒྱད་ཆུ་གླང་མ་ཧེའི་སྟེང་། ཁྲོ་བོའི་རྒྱལ་པོ་འཇོམས་བྱེད་ནི། །སྐུ་མདོག་དུག་(༤བ)


GLG023_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འཁྱིལ་བ་འདྲ། །སྐུ་ཆེ་གཏུམ་ལ་བརྔམས་ཤིང་འབར། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་ལྷ་བརྒྱད་ཟས་སུ་ཟ། །གཡོན་དམར་ཀླུ་འབུམ་གཉན་ཁྲི་གསོལ། །དབུས་ཀྱི་མཐིང་ནག་བརྔམ་པ་ཡིས། །སྐུ་དགྲར་འོས་པའི་དམ་ཉམས་དང་། །ས་བདག་སྡེ་བརྒྱད་ལྷ་སྲིན་གྱི། །དབང་པོ་ལྔ་དང་ཙིཏྟ་གསོལ། །གཡས་ཀྱི་དང་པོ་འཁོར་ལོ་ཡིས། །དགྲ་བགེགས་མགོ་ལུས་ཚལ་པར་གཤོག །བར་པ་གནམ་ལྕགས་རལ་གྲི་ཡིས། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད། །ཐ་མ་གནམ་ལྕགས་གྲི་གུག་གིས། །དགྲ་བོའི་ཁོག་པ་གཤགས་ནས་འབྱེད། །གཡོན་གྱི་དང་པོ་དུང་ཁྲག་ནང་། །རཀྟ་དམར་གྱིས་བཀང་ནས་གསོལ། །བར་པ་རྡོ་རྗེ་བེ་ཅོན་གྱིས། །དགྲ་བགེགས་ཞེ་སྡང་མགོ་ལ་བསྣུན། །ཐ་མ་སྡིགས་མཛུབ་མེ་འབར་བས། །དགྲ་བགེགས་ལུས་ངག་གཟིར་ཅིང་བསྲེག །སྐུ་ལ་དུར་ཁྲོད་ཆས་བརྒྱད་དང་། ཁྱུང་གཤོག་ལ་སོགས་དཔལ་ཆེན་གྱི། །རྒྱན་དང་ཆས་ཀྱིས་རྣམ་པར་བརྗིད། །མཆེ་བ་དགུ་ཁྲི་རྩང་ཕུར་གཏམས། །སྤྱན་ནས་འཇིགས་པའི་མེ་འབར་ཞིང་། །ཤངས་ནས་རླུང་ནག་འཚུབ་མ་ལྡང་། །དབུ་སྐྲ་སྨ་ར་བ་སྤུ་ལས། །གདུག་རྩུབ་སྨ་ར་མེ་ཆེན་འབར། །སྐུ་དགྲར་འོས་པའི་དམ་ཉམས་དང་། །གདུག་པའི་ཀླུ་གཉན་ས་བདག་བསྲེག །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་ལས་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་(༥ན)


GLG023_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ཆུག །འབྱུང་བའི་གདན་བཞི་རྔམས་ཀྱིས་གནོན། གདུག་རྩུབ་མེ་ཡི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཐལ་བ་བཞིན་དུ་རབ་ཏུ་རློག །བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །ཨྱེ། སྦྱོར་བའི་ཡུམ་གཅིག་པེ་ཏ་ལི། །སྐུ་མདོག་མཐིང་ནག་འབར་བ་ལ། །གདུག་པའི་རལ་པ་མུན་ལྟར་གཏིབས། །དུར་ཁྲོད་རུས་པ་སྦྲུལ་གྱིས་བརྒྱན། །གཡས་པ་གྲི་གུག་མཁའ་ལ་འཕྱར། །གཡོན་པ་དུང་ཁྲག་འཛིན་པས་འཁྱུད། །སྒྲོལ་ཡུམ་རལ་གཅིག་མཐུ་མོ་ཆེ། །ནད་མཚོན་ཆར་པ་དགྲ་ལ་འབེབས། །དྲག་ཏུ་བསྐུལ་ཞིང་རྦད་ཙ་ན། །མ་ཚོགས་འབུམ་ཡང་གཟིར་ཞིང་བསྐུལ། །མ་མོ་ཀི་ཀང་དགྲ་ལ་འབེབས། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་ལས་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བའི་གདན་བཞི་རྔམས་ཀྱིས་གནོན། །གདུག་རྩུབ་མེ་ཡི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཐལ་བ་བཞིན་དུ་རབ་ཏུ་རློག །བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །ཨྱེ། སྤྱི་གཙུག་གདུག་པ་འདུལ་བྱེད་པ། །བྱ་ཁྱུང་རྒྱལ་པོ་སྐུ་མདོག་མཐིང་། །སྤུ་གྲིའི་སྒྲོ་ཤོག་མཚོན་ཆ་ཡིས། །གདུག་ཅན་མ་ལུས་གཤོག་ཅིང་གཏུབ། །སྤྱན་མིག་ཉི་མའི་གཟི་མདངས་ཀྱིས། །བག་ཆགས་རྒྱ་མཚོ་གཏིང་ནས་སྐེམས། །རྡོ་རྗེ་འབར་བའི་མཆུ་དབལ་གྱིས། །གདུག་པའི་ཀླུ་རྒྱལ་སྤྱི་ནས་འདྲེན། །ཞལ་གདངས་ཀླུ་གཉན་ཁོང་དུ་གསོལ། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་ལས་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བའི་གདན་བཞི་རྔམས་ཀྱིས་གནོན། །གདུག་རྩུབ་མེ་ཡི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཐལ་བ་བཞིན་དུ་རབ་ཏུ་རློག །བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །ཨྱེ། ཟླ་གམ་དམར་པོ་གསུམ་གྱི་སྟེང་། །བཾ་ཆེན་རོ་ཡི་གདན་སྟེང་དུ། །ཚེ་བདག་ནག་པོ་གཏུམ་ཞིང་བརྔམ། །གཡས་པ་སྤུ་གྲིས་དགྲ་སྲོག་གཅོད། །(༥བ)


GLG023_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་ཞགས་པས་སྡམ་ཞིང་འཆིང་། །དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་ལས་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བའི་གདན་བཞི་རྔམས་ཀྱིས་གནོན། །གདུག་རྩུབ་མེ་ཡི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཐལ་བ་བཞིན་དུ་རབ་ཏུ་རློག །བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །ཨྱེ། སྲོག་བདག་དམར་པོ་ཁྲག་རུལ་མདོག །གཡས་པ་བེ་ཅོན་མཁའ་ལ་འཕྱར། །གཡོན་པ་རལ་གྲིས་དགྲ་བགེགས་གཏུབ། །ཞལ་གདངས་མཆེ་གཙིགས་བཞིན་མི་སྡུག །དུར་ཁྲོད་ཆས་ཀྱིས་རྣམ་པར་སྤྲས། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་ལས་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བའི་གདན་བཞི་རྔམས་ཀྱིས་གནོན། །གདུག་རྩུབ་མེ་ཡི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཐལ་བ་བཞིན་དུ་རབ་ཏུ་རློག །བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །ཨྱེ། འཆི་བདག་དུད་ཁ་སྲིན་པོའི་གདོང་། །གཡས་པ་དགྲ་བོ་ཁྲམ་ལ་འདེབས། །གཡོན་པ་དོན་སྙིང་ཕྱུང་ནས་ཟ། །མཆེ་གཙིགས་ལྗགས་འདྲིལ་རྐན་སྒྲ་གཏོག །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་ལས་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བའི་གདན་བཞི་རྔམས་ཀྱིས་གནོན། །གདུག་རྩུབ་མེ་ཡི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཐལ་བ་བཞིན་དུ་རབ་ཏུ་རློག །བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །ཨྱེ། ཤར་རྩིབས་ཡ་མ་ར་ཙ་མཐིང་། །གཡས་པ་རལ་གྲི་ཐོད་ཁྲག་གཡོན། །སྲིན་པོའི་གཟུགས་ཅན་གཏུམ་ཞིང་བརྔམ། །དུར་ཁྲོད་ཆས་ཀྱི་རྣམ་པར་བརྗིད། །ཡུམ་དང་གཉིས་སུ་མེད་པར་འཁྲིལ། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་ལས་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བའི་གདན་བཞི་རྔམས་ཀྱིས་གནོན། །གདུག་རྩུབ་མེ་ཡི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཐལ་བ་བཞིན་དུ་རབ་ཏུ་རློག །བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །ཨྱེ། ལྷོ་རྩིབས་མྱོས་བྱེད་འབར་བ་སེར། །གཡས་པ་བེ་ཅོན་འཁོར་ལོ་གཡོན། ཁྲོ་གཏུམ་མི་བཟད་སྲིན་པོའི་གཟུགས། །སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས། །གསང་བའི་ཡུམ་དང་མཉམ་པར་སྦྱོར། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་ལས་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བའི་གདན་བཞི་རྔམས་ཀྱིས་གནོན། །གདུག་རྩུབ་མེ་ཡི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཐལ་བ་བཞིན་དུ་རབ་ཏུ་རློག །བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །ཨྱེ། ནུབ་རྩིབས་ཨཪྻ་མ་རུ་དམར། །རྩེ་གསུམ་གཡས་ལ་མི་སྙིང་གཡོན། །ཞལ་གདངས་མཆེ་གཙིགས་མི་སྡུག་གཟུགས། །དུར་ཁྲོད་རྫས་ཀྱིས་སྐུ་ལ་སྤྲས། །གཏུམ་ཆེན་ཡུམ་མཆོག་སྐུ་ལ་འཁྱུད། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་ལས་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བའི་གདན་བཞི་རྔམས་ཀྱིས་གནོན། །གདུག་རྩུབ་མེ་ཡི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཐལ་བ་བཞིན་དུ་རབ་ཏུ་རློག །བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །ཨྱེ། བྱང་རྩིབས་རལ་པ་ཚར་དགུ་ལྗང་། །ཐོད་དབྱུག་གཡས་ལ་འཁོར་ལོ་གཡོན། །གཏུམ་དྲག་འབར་བ་འཇིགས་པའི་གཟུགས། །དུར་(༦ན)


GLG023_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་རྒྱན་དང་གོས་ཀྱིས་བརྗིད། །ཡུམ་མཆོག་ཁྲོ་མོ་སྐུ་ལ་འཁྱུད། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་ལས་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བའི་གདན་བཞི་རྔམས་ཀྱིས་གནོན། །གདུག་རྩུབ་མེ་ཡི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཐལ་བ་བཞིན་དུ་རབ་ཏུ་རློག །བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །ཨྱེ། སྒོ་བཞིར་བྱ་རྒོད་སྟག་ཆན་དང་། །ཀང་ཀ་སྤྱང་གདོང་བརྔམ་ཤིང་བརྗིད། །ལྕགས་ཀྱུ་ཞགས་སྒྲོག་དྲིལ་བུ་འཛིན། བཞི་གའང་དུར་ཁྲོད་ཆས་དང་ལྡན། །འགུགས་འཆིང་སྡོམ་མྱོས་ལས་རྣམས་མཛད། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་ལས་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བའི་གདན་བཞི་རྔམས་ཀྱིས་གནོན། །གདུག་རྩུབ་མེ་ཡི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཐལ་བ་བཞིན་དུ་རབ་ཏུ་རློག །བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །ཨྱེ། བསྲུང་བའི་འཁོར་ལོའི་རྩིབས་སྟེང་ན། །བདུད་འདུལ་ཆེན་པོ་ཁྲོ་བོ་བཅུ། །གཡས་གཡོན་ལྕགས་ཀྱུ་ཐོ་བ་བསྣམས། །དུར་ཁྲོད་ཆས་ཀྱིས་སྐུ་ལ་སྤྲས། །སྲུང་བཟློག་འཕྲིན་ལས་མ་ལུས་མཛད། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་ལས་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བའི་གདན་བཞི་རྔམས་ཀྱིས་གནོན། །གདུག་རྩུབ་མེ་ཡི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཐལ་བ་བཞིན་དུ་རབ་ཏུ་རློག །བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །ཨྱེ། དྲག་པོའི་གཞལ་ཡས་བར་ཁྱམས་ན། །གཤིན་རྗེའི་དམག་ཚོགས་བསམ་མི་ཁྱབ། །སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དང་། །ཕོ་ཉ་གློག་འཁྱུག་སྐར་ལྟར་འཁྲུག །གསོད་གཅོད་དྲག་པོའི་ལས་ལ་བརྔམ། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་ལས་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བའི་གདན་བཞི་རྔམས་ཀྱིས་གནོན། །གདུག་རྩུབ་མེ་ཡི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཐལ་བ་བཞིན་དུ་རབ་ཏུ་རློག །བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །ཨྱེ། རིམ་པ་བདུན་གྱི་ས་འོག་ནས། །འཆི་བདག་སྨུག་ནག་ཁྲོ་ཞིང་བརྔམ། །ཐོད་དབྱུག་དུང་ཁྲག་ཕྱག་ན་བསྣམས། །མི་སྲུན་གཏུམ་མོ་དུག་ཧྲུལ་མ། །གཤེད་བཞི་མོན་བཞི་བདུད་པོ་བཞི། ཁྲམ་བདག་བཅུ་གཉིས་སྒོ་བ་བཞི། །བདུན་བརྒྱ་ཉི་ཤུ་ཡང་འཁོར་བཅས། །སྡེ་བརྒྱད་དྲེགས་པའི་འཁོར་གྱིས་བསྐོར། །ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དངས་སྙིགས་ཕྱེ། །རྩ་རྒྱུས་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་ལས་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུག །འབྱུང་བའི་གདན་བཞི་རྔམས་ཀྱིས་གནོན། །གདུག་རྩུབ་མེ་ཡི་ཞལ་དུ་སྟོབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཐལ་བ་བཞིན་དུ་རབ་ཏུ་རློག །བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །ཨྱེ། དུས་དགྲའི་དབང་པོ་གཤིན་རྗེའི་གཤེད། །སྤྲུལ་པ་ཡང་སྤྲུལ་ཕོ་ཉ་དང་། ཁྱད་པར་སྐྱེ་འགྲོ་ཐམས་ཅད་ཀྱི། །བླ་ཚེ་སྲོག་ལ་དབང་བསྒྱུར་བ། །རལ་པ་ཚར་དགུ་གཏུམ་དྲག་ཅན། །དྲེགས་པའི་སྡེ་དཔོན་ཀུན་གྱི་གཙོ། །ཕོ་(༦བ)


GLG023_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་མོ་བརྒྱད་གཤིན་རྗེ་སོགས། །ལྷ་སྲིན་སྡེ་བརྒྱད་ཡོངས་ཀྱི་རྗེ། །འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། །སངས་རྒྱས་བསྟན་བཤིག་སེམས་ཅན་འཚེ། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །བླ་མའི་སྐུ་དགྲ་ཆོས་འཁོར་འཇིག །ཁྱད་པར་རིགས་འཛིན་སྒྲུབ་པ་པོ། །དགོན་གནས་ཡོན་བདག་བཅས་པ་ལ། །སྔ་དགྲ་ལག་དར་ཕྱི་དགྲ་སེམས། །ད་དགྲ་གནོད་ཅིང་འཚེ་བ་ཡི། །སྡང་བར་བྱེད་པའི་གཟུགས་ཅན་དང་། །ཚེ་སྲོག་བསམ་སྦྱོར་འདོད་པའི་དོན། །ཆོས་སྲིད་ལེགས་ཚོགས་བསྒྲུབ་པ་ལ། །བར་དུ་གཅོད་པའི་གཟུགས་མེད་བགེགས། །སྟེང་འོག་ཕྱོགས་མཚམས་གར་འདུག་ཀྱང་། །ཕོ་ཉ་དུས་མེའི་ཚ་ཚ་ནི། །གློག་སྟོང་ལྟར་འཁྱུག་སྐད་ཅིག་ལ། །སྤྲོས་ཏེ་ལྕགས་ཀྱུས་སྙིང་ནས་བཟུང་། །ཞགས་པས་སྐེ་དང་མགོ་ལུས་ཆིངས། །ཡན་ལག་ལྕགས་ཀྱི་སྒྲོག་ཏུ་ཆུག །དྲིལ་བུའི་སྒྲ་ཡིས་རྣམ་ཤེས་སྨྱོས། །ལྷ་དང་བསྲུང་བའི་འཁོར་ལོ་རྫས། །བསོད་ནམས་ཟ་ཐང་མངའ་ཐང་སོགས། །སྐྱོབ་བྱེད་ཀུན་དང་རྣམ་པར་ཕྲོལ། །འདྲེ་གདོན་གཤེད་མའི་ལག་ཏུ་ཕྲོད། །ལས་ཀྱི་རླུང་དམར་ལ་བསྐྱོན་ནས། །སྐད་ཅིག་ཐངས་ཅིག་ཡུད་ཙམ་ལ། །གནམ་ལྕགས་འབྲུབ་ཁུང་ནང་འདིར་ཆུག །རྣམ་ཤེས་ལུས་ཀྱི་རྟེན་དང་ཕྲོལ། །སྲོག་རྩ་དམར་པོ་རྦད་ཀྱིས་ཆོད། །ཤ་རུས་ནང་ཁྲོལ་ཚོགས་རྣམས་ཟོ། །སྙིང་ཁྲག་དྲོན་མོ་ཧུབ་ཀྱིས་འཐུང་། །པགས་པ་དམར་བཤུས་གོས་སུ་གྱོན། །མུ་སྟེགས་དྲང་སྲོང་བྲམ་ཟེ་དང་། །བན་བོན་སྔགས་པའི་མཐུ་བྱད་ཚོགས། །དྲག་སྔགས་དམོད་པའི་མཚོན་ཆ་དང་། །རྦད་འདྲེ་རྦོད་གཏོང་མ་ལུས་པ། །ཐམས་ཅད་རང་གཤེད་རང་ལ་ཕོབ། །མདོར་ན་དགྲ་བོ་མི་ནོར་བྲན། །(༧ན)


GLG023_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་ཚན་སྲིད་སྡེ་ཡུལ་མཁར་རྣམས། །མིང་ཙམ་བརྡའ་ཙམ་མ་ལུས་པར། །ཐལ་བའི་རྡུལ་བཞིན་བརླག་པར་མཛོད། །ཅེས་བསྐུལ། བསྒྲལ་ལས་བསྡུས་པ་ལས་བྱང་གི་ཚོགས་ཐ་མས་གོ་ཆོད་ཀྱང་འདིར་རྒྱས་པའི་དབང་དུ་བཏང་སྟེ་འབྲུབ་ཁུང་ལིང་ག་ཕུར་ཐུན་སྒྲོལ་གྲི་སོགས་ཡོ་བྱད་རྣམས་རྡོ་རྗེ་སློབ་དཔོན་གྱི་མདུན་དུ་གསར། སྔགས་པ་བདུད་ཆས་སུ་ཞུགས། ཐོག་མར་གསེར་སྐྱེམས་ནི། ཧཱུཾ། རིགས་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ཚོགས། ཁྱད་པར་འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ལས་གཤིན་འཆི་བདག་བྷེ་བ་ས་ཏྭ་སོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་པ་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་ཡི་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །གཟུ་དཔང་གསོལ་བ་ནི། ཧཱུཾ། དཀྱིལ་འཁོར་ཀུན་བདག་མཆོག་གསུམ་བླ་མ་དང་༔ ཡི་དམ་ཞི་ཁྲོ་རབ་འབྱམས་མཁའ་འགྲོའི་ཚོགས། ཁྱད་པར་བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད། །འཁོར་བཅས་བདག་ལ་དགོངས་ཤིང་གསན་དུ་གསོལ། །སྣང་སྲིད་གདོད་ནས་ཆོས་སྐུར་རོ་གཅིག་ལ༔ མ་རྟོགས་སྒྲིབ་བསལ་འགྲོ་ཀུན་བསྒྲལ་སེམས་ཀྱང་༔ དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ༔ རྩ་བརྒྱུད་བླ་མས་གཟུ་དང་དཔང་མཛོད་ཅིག༔ སྨིན་གྲོལ་ལམ་ཞུགས་བསྐྱེད་རྫོགས་ཟབ་མོའི་དོན༔ ཚུལ་བཞིན་ཉམས་(༧བ)


GLG023_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་དངོས་གྲུབ་བླང་སེམས་ཀྱང་༔ དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ༔ ཡི་དམ་ལྷ་ཚོགས་གཟུ་དང་དཔང་མཛོད་ཅིག༔ བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ འགྲོ་ལ་ཕན་བདེའི་དགའ་སྟོན་སྤེལ་སེམས་ཀྱང་༔ དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ༔ དཔའ་བོ་མཁའ་འགྲོ་གཟུ་དང་དཔང་མཛོད་ཅིག༔ ཚེ་འདི་བློས་བཏང་དབེན་པའི་གནས་རྣམས་སུ༔ བདེ་ཆེན་བྱང་ཆུབ་བསྒྲུབ་པར་སེམས་ན་ཡང་༔དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ༔ དམ་ཅན་ཆོས་སྐྱོང་གཟུ་དང་དཔང་མཛོད་ཅིག༔ མ་ཉེས་མ་ལེན་ཡེ་ཤེས་ལྷ་ཡི་ཚོགས༔ སྡིག་ཅན་ལས་ངན་བསྟན་པའི་སྤྱི་དགྲ་འདིས༔ སངས་རྒྱས་བསྟན་བཤིག་དཀོན་མཆོག་དབུ་འཕང་སྨད༔ བླ་མའི་ཐུགས་དཀྲུགས་དགེ་འདུན་སྡེ་ལ་སྨོད༔ ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ རི་ལྟར་བརྗིད་ཅིང་རྩང་ལྟར་འཛུགས་པ་དང་༔ མདུན་ནས་དགུག་དང་རྒྱབ་འདེད་ཟུར་ནས་གསོད༔ ལུས་ཀྱིས་བརྡུང་བརྡེག་དཀོར་རྫས་རྐུ་ཞིང་འཕྲོག༔ ངག་གིས་ཡ་གས་གཞན་གྱི་ནུས་མཐུ་བསྒུལ༔ ཡིད་ཀྱིས་བསམ་ངན་དུག་ལྟར་གཡོ་བྱེད་པའི༔ སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་སེམས་དང་༔ ད་དགྲ་སྡོ་བའི་དགྲ་བགེགས་གར་གནས་ཀྱང་༔ གཤིན་རྗེ་གཤེད་པོའི་བཀའ་ཉན་འཁོར་ཚོགས་ཀྱིས༔ སྐད་ཅིག་འདིར་ཁུག་མངོན་སྤྱོད་ལས་མཛོད་ཅིག༔ མཁྱེན་དགོངས་དམོད་བཅོལ་ནི། ཧོ་བླ་མ་ཡི་དམ་ཆོས་སྐྱོང་སྲུང་མའི་ཚོགས་སྤྱི་དང་ཁྱད་པར་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་དཀྱིལ་འཁོར་ལྷ་ཚོགས་བཀའ་སྡོད་ལས་ཀྱི་གཤིན་རྗེ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་རྣམས་གཟུ་དང་དཔང་པོ་མཛོད་ཅིག༔ བསྟན་དང་འགྲོ་ལ་འཚེ་བ་སྤྱིའི་དགྲ། རྣལ་འབྱོར་པར་སྒོས་སུ་སྡོ་བའི་སྔ་དགྲ་ངན་པ་ལག་ལ་བཀལ་བ། ཕྱི་(༨ན)


GLG023_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བསམ་ངན་རླུང་ལྟར་འཚུབ་པ། ད་དགྲ་དྲག་པོ་དངོས་སུ་འཛུགས་པའི་གཟུགས་ཅན་གྱི་དགྲ་དང་གཟུགས་མེད་གདོན་བགེགས་ཀྱི་ཚོགས་འདི་རྣམས་ཀྱིས། སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིག་གོ །དཀོན་མཆོག་གི་དབུ་འཕང་སྨད་དོ། །རྡོ་རྗེ་འཛིན་པའི་སྐུ་དགྲ་བྱས་སོ། །རབ་བྱུང་ངུར་སྨྲིག་འཛིན་པ་དང་སྔགས་འཆང་གོས་དཀར་ལྕང་ལོ་ཅན་གྱི་སྡེ་བཅོམ་མོ། །སེམས་ཅན་རྣམས་ཀྱི་བདེ་སྐྱིད་ཕྲོགས་སོ། །སྣང་སྲིད་ལྷ་འདྲེའི་ཟ་ལམ་བཀག་གོ །ཡང་སྒོས་རིགས་འཛིན་བདག་དང་སྲུང་མ་ཁྱེད་རྣམས་ལ་དོ་བསྡོས་སོ། །སྒྲུབ་པ་པོ་སྡེ་དང་བཅས་པ་རྣམས་ཀྱི་འདི་ཕྱིའི་བདེ་བ་བསྒྲུབ་པ་ལ་བར་དུ་གཅོད་པའི་དགྲ་བགེགས་གཟུགས་བྱང་བུར་བྲིས་ཤིང་མིང་ཡི་གེར་བཏབ་པ་འདི་རྣམས་དམིགས་རྟེན་གྱི་ཉ་བོ་འདི་ཉིད་ལ་ད་ལྟ་ཉིད་དུ་འགུགས་པའི་འཕྲིན་ལས་མཛོད་ཅིག །འབྲུབ་ཁུང་བསྐྱེད་ཆོག་གཏེར་གཞུང་གི་གདབ་ལས་ལྟར་བྱས་ཀྱང་རུང་མོད་རྒྱས་པར་སྤྲོ་ན་བསང་སྦྱངས། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་ཨེ་མཐིང་ནག་གཅིག་ཆད་མདུན་དུ་འཕྲོས་ཡོངས་སུ་གྱུར་པ་ལས། དུག་དང་ཟངས་ལྕགས་ཁྲོ་ཆུ་ལས་གྲུབ་པའི་ཁང་སྒྲོམ་མེ་འབར་བ། གྲུ་གསུམ་པ་བང་རིམ་དགུ་དང་ལྡན་པ། ཁ་ཁྱེར་ཡངས་ཤིང་གཏིང་ཟབ་པ། དེའི་ནང་དུ་འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་བ། ཞེ་སྡང་གི་མེ་རླུང་འཚུབ་པ། གཏི་མུག་གི་མུན་པ་འཁྲིགས་པ། མཚོན་ཆའི་དྲག་ཆར་འབབ་པ། ནད་ཀྱི་ན་བུན་འཐུལ་བ། དུག་གི་རླངས་པ་སྔོ་དམར་དུ་འཕྱོ་བ། ཁྲག་གི་སེར་ཆེན་འབེབས་པ། གཤིན་རྗེའི་སྐྱེས་བུ་དཔག་ཏུ་མེད་པ་རྒྱུག་པ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་(༨བ)


GLG023_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གང་བ། གཞན་ཡང་སྤྲུལ་པའི་ཕོ་ཉ་འཇིགས་སུ་རུང་བ་རྣམས་ནི། སེང་གེ་ལྟར་བརྔམ་པ། སྟག་ལྟར་མཆོང་བ། འབྲོང་ལྟར་འགྱིང་བ། ཁྲ་ལྟར་འཛུལ་བ། སྦྲུལ་ལྟར་འཁྱུག་པ། འདྲེ་སྲིན་ལྟར་ངུར་བ། འགོང་པོ་ལྟར་སྨྱོ་བ། སྲིན་བྱ་ལྟར་རྒོད་པ། ཝ་མོ་ལྟར་བརྒྱལ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། སོད་སོད་དང་རྒྱོབ་རྒྱོབ་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། དེའི་ནང་དུ་བསྐལ་པ་སྟོང་གི་མུན་པ་འཁྲིགས་པ། ཕྱི་ནས་བསྐལ་པ་སྟོང་གི་མེ་འབར་ཞིང་རླུང་ནག་འཚུབ་པ། གཤིན་རྗེའི་ཞིང་ཁམས། བཤན་པའི་ཕོ་བྲང་། སྲོག་གཅོད་ཀྱི་གྲོང་ཁྱེར། སྲིད་པ་ལས་ཀྱི་གཞལ་ཡས་ཁང་ཆེན་པོ། དགྲ་བོ་ཕྱིན་མ་ཐག་ལྷ་དང་འབྲལ་ཞིང་གཤེད་དུ་འབེབས་པ། ལས་ངན་ཐམས་ཅད་རྣམ་པར་སྨིན་པའི་བཙོན་ཁང་དྲག་པོ་དེའི་དབུས་སུ། སངས་རྒྱས་ཀྱི་བསྟན་དགྲ། དཀོན་མཆོག་གི་སྤྱི་དགྲ། བླ་མའི་སྐུ་དགྲ། རྣལ་འབྱོར་གྱི་སྒོས་དགྲ། དམིགས་པའི་དགྲ་བོ་གང་གི་རྣམ་པར་ཤེས་པ་ཪྣྲི་ཏྲི་དུད་ཁ་ཡོངས་སུ་གྱུར་པ་ལས་དམ་ཉམས་པའི་དགྲ་བགེགས་དེ་དག །ཉམ་ཆུང་བ། སྒྱིད་པ་ཕྲ་བ། སྐྲ་གཟིངས་པ། མདོག་ནག་ཅིང་བམ་པ། མྱ་ངན་གྱི་ཕྱག་རྒྱ་ཅན། བུ་ག་དགུ་ནས་ཁྲག་དང་རྣག་འཛག་པ། ཁ་ནས་སིད་ཀྱི་སྒྲ་སྒྲོག་པ། བསྲུང་ཞིང་སྐྱོབ་པའི་ལྷ་དང་འབྲལ་ཞིང་གཤེད་དུ་འབེབས་པ། གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། དེའི་འོག་ཏུ་ཞིང་ཆེན་གྱི་ས་གཞི་བརྡལ་བ། མཚོན་ཆ་སྣ་ཚོགས་གཟིངས་ཏེ་འདུག་པ། དྲག་པོའི་ཚ་ཚ་ཆིལ་ལི་ལི་ཁོལ་བ། དེའི་འོག་ཏུ་རཀྟའི་རྦ་རླབས་འཁྲུག་ཅིང་ཞིང་ཆེན་གྱི་རྦ་ཉིལ་ཉིལ་འཕྱོ་བ། དེའི་འོག་ཏུ་(༩ན)


GLG023_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པའི་རླུང་དམར་ནག་འུར་འུར་འབར་བ། དེའི་འོག་ཏུ་བསྐལ་པའི་རླུང་སྤུ་གྲི་སོ་རྒལ་ཆིལ་ལི་ལི་འཁྲུག་པ། དེའི་འོག་ཏུ་དྲག་པོ་ཆོས་ཀྱི་དབྱིངས་ནམ་མཁའི་དཀྱིལ་འཁོར་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར། དགྲ་བོ་ཐམས་ཅད་གཏན་ནས་བརླག་པར་བྱེད་པ། མཐའ་དང་དབུས་མེད་པའི་རང་བཞིན་དུ་གྱུར། ན་མོ་རིགས་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ། སངས་རྒྱས་ཀྱི་བཀའ་བདེན་པ། ཆོས་ཀྱི་བཀའ་བདེན་པ། དགེ་འདུན་གྱི་བཀའ་བདེན་པ། གསང་སྔགས་དང་རིག་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བཀའ་བདེན་པ། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་ཁྱད་པར་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་ལས་ཀྱི་གཤིན་རྗེ་འཆི་བདག་རལ་པ་ཚར་དགུ་ལྷ་སྲིན་སྡེ་བརྒྱད་རྣམས་ཀྱི་བདེན་པ་དང་བདེན་པའི་ནུས་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། རིག་པ་འཛིན་པ་བདག་ཅག་དཔོན་སློབ་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ་སྡང་བར་བྱེད་པ་སྒོས་ཀྱི་དགྲ་བོ་གནོད་བྱེད་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་ད་ལྟ་ཉིད་དུ་དམིགས་རྟེན་འདི་ཉིད་ལ་ཁུག་ཅིག །ལན་གསུམ་མམ་བདུན་སོགས་ཀྱི་མཐར་སྒྲུབ་སྔགས་ཀྱི་ཤམ་བུར་ཆེ་གེ་ཪྣྲི་ཛ། ཏྲི་བཾ་རིལ་ཛ། ཨ་ཀརྴ་ཡ་ཛ། གཪྠ་ནི་ཛ། ཨ་བེ་ཤ་ཡཱ་ཛ་ཞེས་བསྟིམ། དགྲ་བོ་མི་ནོར་སྲིད་སྡེ་དང་བཅས་པ་འདི་རྣམས་ཀྱི་ཤ་ཁྲག་བླ་ཚེ་སྲོག་དབུགས་རྣམས་འཆི་བདག་གཤིན་རྗེ་ནག་པོས་གཙོ་བྱས་སྔགས་བདག་དྲེགས་པའི་སྡེ་དཔོན་ཚོགས་ཀྱི་ཟས་སྐལ་དུ་གཏད་པ་ཡིན་པས། དགྲ་བོ་འདི་རྣམས་འགོ་བའི་ལྷ་(༩བ)


GLG023_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དང་ཕྲོལ་ཞིག །གནོད་པའི་འདྲེ་ལྔ་དང་སྤྲོད་ཅིག །གནམ་གྱི་འཇུ་ཐག་སྟེང་ནས་ཆོད་ཅིག །ས་ཡི་རྟེན་ཕུར་འོག་ནས་ཕྱུངས་ཤིག །བླ་ཚེ་འཁྱམ་པོ་ད་ལྟ་ཁྱེར་ཞིག །སྲོག་རྩ་དམར་པོ་དུམ་བུར་གཏུབས་ཤིག །གསལ་གསལ་ཡིད་ཀྱི་སྣང་བ་སྒྲིབས་ཤིག །བརྗོད་པ་གཏམ་གྱི་སྨྲ་བ་ལྐུགས་ཤིག །རྒྱུ་བ་དབུགས་ཀྱི་འགྲོ་འོང་ཆོད་ཅིག༔ རྣམ་ཤེས་རྟེན་གྱི་གཟུགས་དང་ཕྲོལ་ཞིག །ཕ་ཚན་མི་རབས་རྩ་བ་ཕྱུངས་ཤིག །ཞང་ཚན་ཉེ་རིགས་ཕ་མཐའ་བཏུལ་ཞིག །མངའ་འབངས་འཁོར་གཡོག་སྲིད་སྡེ་གཏོར་ཞིག །དབང་ཐང་བསོད་ནམས་ཟད་དུ་ཆུག་ཅིག །དཔལ་འབྱོར་ལོངས་སྤྱོད་ཡལ་དུ་ཆུག་ཅིག །མཁར་དར་གྲོང་ཁྱེར་སྟོངས་སུ་ཆུག་ཅིག །ཞིང་ལ་ལོ་མེད་ཐ་བར་ཐོང་ཞིག །ཚ་གྲང་ནད་ཀྱིས་མནར་དུ་ཆུག་ཅིག །སྡེ་བརྒྱད་ཟ་ཁ་ཟུག་ཏུ་ཆུག་ཅིག །བསྟེན་པའི་ལྷ་སྲུང་བདུད་དུ་ཕོབ་ཅིག །བྱད་མ་རྦོད་གཏོང་རང་གཤེད་ཕོབ་ཅིག །མདོར་ན་དགྲ་བགེགས་འདི་རྣམས་ལོ་ཟླ་ཞག་དུས་ལས་མ་འགྱངས་པར་དམ་ཅན་སྲུང་མ་ཁྱེད་རྣམས་ཀྱིས་རྐན་སྒྲ་དྲག་པ་དང་བཅས་ཏེ་ད་ལྟ་ཉིད་དུ་རབ་དཀར་ཚེམས་ཀྱིས་ཆེམས་ཆེམས་བཞེས་ལ་ཐལ་བའི་རྡུལ་དུ་རློག་པའི་འཕྲིན་ལས་མཛོད་ཅིག །ཧཱུཾ། ཁྲག་འཐུང་འཇམ་དཔལ་གཤིན་རྗེ་ཡི༔ ལས་བྱེད་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ དགྲ་བགེགས་འགུགས་པའི་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ བླ་སྲོག་རྣམ་པར་ཤེས་པ་ཀུན༔ མ་ཤར་མ་གཏང་ཁུག་ལ་ཤོག །བཏབ་པའི་དུས་ལས་མ་འདའ་བར༔ ཞིང་བཅུ་ཚང་བའི་དགྲ་དང་བགེགས༔ ཐམས་ཅད་མ་ལུས་མྱུར་དུ་ཁུག༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་དྲོངས༔ ཞགས་པ་(༡༠ན)


GLG023_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱིས་ཡན་ལག་ཆིངས༔ ལྕགས་སྒྲོག་ཅན་གྱིས་དབང་པོ་སྡོམས༔ དྲིལ་བུ་ཅན་གྱིས་མྱོས་སུ་ཆུག༔ ལས་ཀྱི་རླུང་གིས་རྒྱབ་ནས་ཕུལ༔ འཇིགས་པའི་མུན་པས་མདུན་ནས་སུས༔ སྐད་ཅིག་དེ་ནི་ཡུད་ཙམ་ལ༔ རང་དབང་མེད་པར་ཁྲིད་ལ་ཤོག༔ ཨ་མུ་ཀ་སརྦ་ཪྣྲི་ཏྲི་བཛྲ་ཨཾ་གུ་ཤ་ཛཿཛཿ། ཕོ་ཉ་བསྐུལ་ཞིང་བླ་འགུགས་པ་ནི། ཧཱུཾ་བྷྱོ། ད་ནི་བསྒྲལ་བའི་ཐུགས་དམ་དུས་ལ་བབས༔ དོ་ནུབ་ནམ་གྱི་སྲོད་དང་གུང་ལ་བབས། །ད་ལྟ་ནམ་གྱི་གུང་ལ་བབ་དུས་འདིར༔ སེམས་མེད་འབྱུང་བ་ཆུ་ཡང་གཉིད་ལོག་གི །དགྲ་བོ་ལས་ངན་སྡིག་ཅན་གཉིད་ལོག་པའི། །བླ་ཚེ་འཁྱམ་པོ་ད་ལྟ་ཁྲིད་ལ་ཤོག །བྷྱོ། ད་ལྟ་ནམ་གྱི་སྲོད་ལ་བབ་དུས་འདིར། །ཆོམ་རྐུན་ལས་ལ་འགྱེད་པའི་དུས་ཡིན་པས། །དམ་ཉམས་དགྲ་བོའི་བླ་ཚེ་འཁྱམ་པའི་དུས༔ བླ་ཚེ་འཁྱམ་པོ་ད་ལྟ་ཁྲིད་ལ་ཤོག །བྷྱོ། ད་ལྟ་ནམ་གྱི་ཐོ་རངས་བབས་དུས་འདིར། །དགྲ་བོའི་བླ་ཚེ་འཕྱོ་ཞིང་འཕྲོ་བའི་དུས། །དམ་ཉམས་དགྲ་བོའི་བླ་ཚེ་འཕྱོ་བའི་དུས། །བླ་ཚེ་འཁྱམ་པོ་ད་ལྟ་ཁྲིད་ལ་ཤོག །བྷྱོ། ད་ལྟ་ནམ་ལངས་ཉི་མ་ཤར་དུས་འདིར། །མི་ཕྱུགས་ཐམས་ཅད་ལས་ལ་གྲམ་པའི་དུས། །དགྲ་བོའི་བླ་ཚེ་སྒོ་རུ་འཐོན་པའི་དུས། །བླ་འཁྱམ་ལས་ངན་མྱུར་དུ་ཁྲིད་ལ་ཤོག །བྷྱོ། ད་ལྟ་ཉི་མའི་གུང་ལ་བབ་དུས་འདིར། །དགྲ་ཀུན་རྣམ་ཤེས་བྱིང་ཞིང་མྱོས་པའི་དུས། །དགྲ་བོའི་བླ་ཚེ་འཐོམ་ཞིང་འཁྱམ་པའི་དུས། །བླ་ཚེ་འཁྱམ་པོ་ད་ལྟ་ཁྲིད་ལ་ཤོག །བྷྱོ། ད་ལྟ་ཉི་ནུབ་གྲིབ་སོ་ཕོག་དུས་འདིར། །སྙིང་མི་དགའ་ཞིང་ཤེས་པ་འཕྱོ་བའི་དུས། །དགྲ་བོའི་བླ་ཚེ་རྣམ་ཤེས་འཕྱོ་བའི་དུས། །བླ་ཚེ་འཁྱམ་པོ་ད་ལྟ་ཁྲིད་ལ་ཤོག །བྷྱོ། བླ་འཁྱམ་ལས་ངན་འཕྱོ་བའི་དུས་དྲུག་ལ༔ བླ་གཤེད་ཕོ་ཉ་ཁྱེད་རྣམས་མྱུར་དུ་རྒྱུག །མགོན་མེད་བྱིའུ་ཕྲུག་རྒྱ་ཁྲས་ཟིན་པ་ལྟར། །རང་(༡༠བ)


GLG023_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོ་བླ་འཁྱམ་མི་རུ་རྫུ་བ་ན། །ཕོ་ཉ་གནོད་སྦྱིན་སྲིན་པོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམ་ཤ་བར་རྫུ་བ་ན། །ཕོ་ཉ་གསེར་གྱི་སྟག་མོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམ་དགོ་བར་རྫུ་བ་ན། །ཕོ་ཉ་ལྕགས་དོམ་ནག་པོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམ་ལུག་ཏུ་རྫུ་བ་ན། །ཕོ་ཉ་ལྕགས་ཀྱི་སྤྱང་མོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམ་ར་རུ་རྫུ་བ་ན། །ཕོ་ཉ་བྱུ་རུའི་ཁྱི་མོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམ་བྱ་རུ་རྫུ་བ་ན། །ཕོ་ཉ་བྱ་རྒྱལ་ཁྱུང་དུ་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམ་གླ་བར་རྫུ་བ་ན། །ཕོ་ཉ་གསེར་གྱི་འཕར་བར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམ་བོང་བུར་རྫུ་བ་ན། །ཕོ་ཉ་ཟངས་ཀྱི་དྲེད་མོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །བྷྱོ། དམ་ཉམས་དགྲ་བོའི་བླ་རྟགས་བརྒྱད་པོ་ལ། །ཕོ་ཉ་བརྒྱད་ཀྱིས་གཉེན་པོར་སྐུ་སྤྲུལ་ལ། །འབྲུབ་ཁུང་འཁོར་བའི་བཙོན་ཁང་འདིའི་ནང་དུ། །དམ་ཉམས་ལིང་གའི་རྟེན་ལ་བླ་སྲོག་ཁུག །བླ་སྲོག་གསུམ་ལ་དྲག་པོའི་ཕུར་པས་ཐོབ། །ཕུར་མཚོན་དཔལ་གྱིས་ལུས་སེམས་ཕྱེ་ལ་སྒྲོལ། །དགྲ་བོའི་བླ་སྲོག་སྟེང་དུ་མཱ་ར་ཡ། །སྲོག་རྩ་དམར་པོ་རྦད་ཀྱིས་ཆོད་ལ་ཤོག །བླ་འཁྱམ་ལས་ངན་སྟེང་དུ་མཱ་ར་ཡ། །ར་དང་ལུག་དང་བོང་བུ་རྣམ་པ་གསུམ། །བླ་རྟགས་ཡིན་པས་མྱུར་དུ་ཁྱེར་ལ་ཤོག །སོ་དང་སེན་མོ་པགས་པ་རྣམ་པ་གསུམ། །ཕྱི་རྟགས་ཡིན་པས་མྱུར་དུ་ཁྱེར་ལ་ཤོག །སྣ་དང་ལྕེ་དང་མིག་དང་གསུམ་པོ་ནི། །དབང་པོ་ཡིན་པས་མྱུར་དུ་ཁྱེར་ལ་ཤོག །ཕོ་བ་སྙིང་དང་མཆིན་པ་(༡༡ན)


GLG023_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་ནི། །དོན་སྙིང་ཡིན་པས་མྱུར་དུ་ཁྱེར་ལ་ཤོག །གཉེ་མ་རྒྱུ་མ་མཁལ་མ་གསུམ་པོ་ནི། །ནང་ཁྲོལ་ཡིན་པས་མྱུར་དུ་ཁྱེར་ལ་ཤོག །ཤ་ཁྲག་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་མྱུར་དུ་གྲུབ་པར་མཛོད། །སྒྲུབ་སྔགས་ཇུག་ཏུ་དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུལ་ཐུལ། མྱོགས་མྱོགས། ཡེད་ཡེད། ཤ་མརུ་ཏི་ཁུག་ལིང་། མྱོག་ལིང་། ཤ་ལིང་། ཐུམ་ཙ་མུན་ཏྲི་བྷྱོ་ཛ། ལྷ་དང་དབྱེ་བ་ནི། ཧཱུཾ། དབྱེ་བྱེད་ལས་ཀྱི་ཕོ་ཉའི་ཚོགས༔ ལས་ངན་སྡིག་ཅན་དགྲ་བོ་འདི༔ བསྲུང་ཞིང་སྐྱོབ་པར་བྱེད་པ་ཡི༔ ཡེ་ཤེས་འཇིག་རྟེན་ལྷ་ཡི་ཚོགས༔ ཕྲོལ་ཞིག་ཕྱེ་ཞིག་རྣམ་པར་ཕྱེ༔ དགྲ་ལྷ་སྤྱི་བོའི་གཙུག་ནས་ཕྲོལ༔ སྲོག་ལྷ་ཕྲག་པ་གཡས་ནས་ཕྲོལ། །ཡུལ་ལྷ་ཕྲག་པ་གཡོན་ནས་ཕྲོལ། །ཞང་ལྷ་ལྟེ་བའི་ཁུང་ནས་ཕྲོལ། །མ་ལྷ་གསང་བའི་གནས་ནས་ཕྲོལ། །རིགས་འཛིན་སྲུང་མ་རྒྱབ་ནས་ཕྲོལ། །མཉམ་པོར་འོང་བའི་བདུད་དང་སྤྲོད༔ མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེ་ཕྱེ༔ ཪྣྲི་ཏྲི་དེ་ཝ་སརྦ་ཨུ་ཙ་ཏ་ཡ་ཕཊ༔ ཐུན་རྫས་སྣ་ཚོགས་ཀྱིས་བྲབ་པ་ནི། ཧཱུཾ། ཁྲག་འཐུང་འཇམ་དཔལ་གཤིན་རྗེ་ཡི༔ ཕོ་ཉར་མངགས་པ་ཐུན་གྱི་བདག༔ དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡཱ༔ སྣ་ཚོགས་དྲག་པོ་རྫས་ཀྱི་ཐུན༔ གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབས༔ དགྲ་བགེགས་ལུས་སེམས་འབེམ་ལ་ཡཱཿ སྒྲུབ་སྔགས་ཤམ་བུར་ཨེ་ཡ་མ་རཱ་ཛ་དགྲ་བོ་བྱད་མ་ཤ་ཏྲཱུཾ༔ སྲོག་ཪྣྲི་ཏྲི་ཧུར་ཐུཾ་ཛཿ མཱ་ར་ཡ་རྦད་སོད༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད༔ དགྲ་བོ་ཆེ་གེ་མོའི་སྲོག་རྩ་མཱ་ར་ཡ་ཆོད༔ ཐུཾ་རིལ་རྦུད༔ ཨེ་མྱགས་ཐུན་བྷྱོ༔ མཱ་ར་ཡ་རྦད་ཛ༔ ཉེས་(༡༡བ)


GLG023_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྒྲག་ཅིང་ཕུར་གདབ་ནི། ཧཱུཾ། དུག་ལྔའི་དབང་གྱུར་ལས་ངན་ཁྱོད༔ བསྒྲལ་བའི་ཞིང་བཅུ་ཚང་བ་སྟེ༔ སྙིང་རྗེས་ཁྲོས་ནས་བསྒྲལ་བར་བྱ༔ བྱང་ཆུབ་མཆོག་ཏུ་སེམས་སྐྱེད་ཅིག༔ རང་གི་ལག་གཉིས་ཉི་ཟླ་རུ༔ གྱུར་པའི་གཡས་ཀྱི་སོར་མོ་ལྔ༔ ཨོཾ་ཧཱུཾ་ཏྲཾ་ཧྲཱིཿཨཱཿདང་ནི། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལྔ་གཡོན། །རིགས་ལྔ་ཡབ་ཡུམ་སྦྱོར་མཚམས་ནས། །སྲས་མཆོག་གཤིན་རྗེ་ཀཱི་ལཱ་ཡ། །ཞལ་གཅིག་ཕྱག་གཉིས་རྡོར་གཤོག་ཅན། །ཕྱག་གཉིས་ཕུར་པ་ཐུགས་ཀར་བསྒྲིལ། །འཆང་ཟུང་རྡོ་རྗེའི་ལྟེ་བ་ལ། །འཇམ་དཔལ་ཡབ་ཡུམ་ཡེ་ཤེས་སེམས། །ཡར་དང་མར་གྱི་ར་ལྔ་ལ། །ཞི་ཁྲོ་རིགས་ལྔ་ཡབ་དང་ཡུམ། །རྒྱ་མདུད་གོང་མར་ཡི་དམ་ལྷ། །འོག་མར་དམ་ཅན་བཀའ་སྐྱོང་ཚོགས། །སྐུ་སྨད་ཕུར་བུའི་དཔལ་གསེང་ལ། །མེ་ཡི་ཚ་ཚ་སྡེ་བརྒྱད་དམག །རྩེ་མོར་མཚོན་ཆའི་བུ་ཡུག་འཚུབ། །བསྒྲིལ་བས་སྲིད་པ་གསུམ་འདར་ཞིང་། །ཕྱར་བ་ཙམ་གྱིས་ཁམས་གསུམ་དངངས། །བཏབ་པས་དགྲ་བགེགས་རྡུལ་དུ་རློག །ཨཱོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱོཾ་ཨཱཿཧཱུཾ། ཕུར་པ་ལས་འཕྲོས་འོད་ཟེར་གྱིས། །སྲས་བཅས་རྒྱལ་བའི་བྱིན་རླབས་རྣམས། །ཚུར་འདུས་ཁམས་གསུམ་དུས་གཅིག་ཏུ། །སྒྲོལ་བར་ནུས་པའི་དབང་ཐོབ་གྱུར། །ན་མཿས་མནྟ་བུདྡྷ་ནཱཾ་ཀཱ་ཡ་ཝཱཀ་ཙིཏྟ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཧཱུཾ། ཁྲོ་རྒྱལ་ཁྲག་འཐུང་ཆེན་པོ་ཡི༔ སྲས་མཆོག་བཛྲ་ཀཱི་ལཱ་ཡ༔ བསྒྲིལ་བས་ལྷ་ཡང་སྐྲག་བྱེད་ན༔ བཏབ་པས་དགྲ་བགེགས་སྨོས་ཅི་དགོས༔ ཞིང་བཅུ་ཚང་བའི་ལོག་འདྲེན་ཚོགས༔ སྒྲོལ་ཅིག་ཡེ་ཤེས་ཀློང་དུ་སྒྲོལ༔ ཨེ་མྱགས་རྔུབས་མུགས་ཤག་ལ་དུན་སྒྲུབ་(༡༢ན)


GLG023_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་མཇུག་ཏུ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ་ལ་གོང་གི་བསད་སྔགས་བཏགས་ཏེ་ཚེ་ཁྲུས་ཀྱི་དགོངས་པ་ལྟར་སྙིང་གར་བཏབ་ནས་བསྒྲལ། ཨེ་མ་ཁམས་གསུམ་སེམས་ཅན་རྣམས༔ མ་རྟོགས་འཁྲུལ་པ་སྙིང་རེ་རྗེ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཐུགས་རྗེའི་ཐབས་ཀྱི་སྦྱོར་བ་ཡིས༔ ཕུང་པོ་བསྒྲལ་བའི་ཞིང་དུ་བྱས༔ རྣམ་ཤེས་ཡུམ་གྱི་མཁའ་ལ་སྦ༔ ཡེ་ཤེས་དཔའ་བོར་བྱིན་བརླབས་ཏེ༔ རིག་པ་ཆོས་ཀྱི་དབྱིངས་སུ་འཕངས༔ ཁྱོད་ནི་རྒྱལ་བའི་སྲས་སུ་བསྐྱེད༔ ཅེས་བརྗོད། སླར་ཡང་འཁོར་བར་མི་ཟློག་པའི་ཕྱིར་གནས་བཅུར་བརྡེག་པ་ནི། ཧཱུཾ། དྲག་པོ་སྒྲོལ་མཛད་ཕུར་བུ་ཡིས། །ལུས་ཀྱི་འཁྲུལ་བ་རྩད་གཅོད་ཕྱིར། །ལྟེ་བའི་དཀྱིལ་དུ་ཀཱི་ལཱ་ཡ། །གཟུགས་སུ་འཁྲུལ་བ་རྩད་གཅོད་ཕྱིར། །མིག་གི་དཀྱིལ་དུ་ཀཱི་ལཱ་ཡ། །དྲི་རུ་འཁྲུལ་བ་རྩད་གཅོད་ཕྱིར། །སྣ་ཡི་དཀྱིལ་དུ་ཀཱི་ལཱ་ཡ། །སྒྲ་རུ་འཁྲུལ་བ་རྩད་གཅོད་ཕྱིར། །རྣ་བའི་དཀྱིལ་དུ་ཀཱི་ལཱ་ཡ། །རོ་རུ་འཁྲུལ་བ་རྩད་གཅོད་ཕྱིར། །ལྕེ་ཡི་དཀྱིལ་དུ་ཀཱི་ལཱ་ཡ། །འཁོར་བར་འཁྲུལ་བ་རྩད་གཅོད་ཕྱིར། །གསང་བའི་དཀྱིལ་དུ་ཀཱི་ལཱ་ཡ། །རེག་བྱར་འཁྲུལ་བ་རྩད་གཅོད་ཕྱིར། །ཡན་ལག་བཞི་ལ་ཀཱི་ལཱ་ཡ། །གོང་གི་སྔགས་དང་བཅས་གདང་། དེ་ནས་རལ་གྲིས་དུམ་བུར་གཅོད་ཅིང་། །ཧཱུཾ། སྙིང་རྗེས་ཁྲོས་པའི་ཁྲོ་རྒྱལ་གྱི༔ ཡེ་ཤེས་རྣོ་དབལ་མཚོན་ཆ་ཡིས༔ དགྲ་བགེགས་བག་ཆགས་འཁྲུལ་སེམས་བསྒྲལ༔ རྣམ་ཤེས་སྐྱེ་མེད་དབྱིངས་སུ་ཐིམ༔ ཨེ་མྱགས་རྔུབས་མུགས་ཤ་ལ་དུན༔ ཨ་མུ་ཀ་ཤ་ཧྲཱུཾ་ཏྲིག་ནན་རྦད་ནན་ཙིཏྟ་ཐུམས་རིལ་རྦད༔ ཆེ་གེ་མོའི་སྲོག་ཪྣྲི་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད༔ མཱ་ར་ཡ་རྦད༔ ཅེས་བསྒྲལ། ཐོ་བ་ཧོམ་གཟར་ཐོགས་ལ། ཧཱུཾ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔(༡༢བ)


GLG023_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ ཁྲོ་མོ་འབར་བའི་གཏུན་ཁུང་དུཿ རྡོ་རྗེ་ཐོ་བས་བརྡུངས་བྱས་པས༔ ལྷ་ཡང་རུང་སྟེ་བརླག་བྱེད་ན༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ ཨཱོཾ་པདྨ་ཨ་ཀོ་ཊ་ཡ་ཁ་ཐཾ་ཁ་ཐཾ༔ སྟོབ་པ་ནི། ཧཱུཾ། བསྐལ་པ་མེ་ལྟར་འབར་བའི་ཀློང་༔ ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད༔ སྐུ་ནི་རི་རབ་ལྟ་བུར་བཞེངས༔ གནམ་ས་ལྟ་བུའི་ཞལ་གདོངས་ཤིག༔ གངས་རི་གཏམས་འདྲའི་མཆེ་བ་གཙིགས༔ གློག་དམར་འཁྱུག་འདྲའི་ལྗགས་སྐྱོངས་ལ༔ ཞིང་བཅུ་བསྒྲལ་བའི་ཤ་ཁྲག་རུས༔ དུག་གསུམ་སྐུ་གསུམ་ཀློང་དུ་འབུལ༔ བཞེས་ཤིག་རོལ་ཞིག་ཁ་རཾ་ཁཱ་ཧི༔ ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་མ་ཧཱ་མཾ་ས་རཀྟ་ཀེཾ་ནྲི་ཏི་ཙིཏྟ་བྷ་སུ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལིང་རོའི་ཕུད་ནས་གཏོར་མར་སྟོབ། གཏེར་སྲུང་གི་གསོལ་ཁ་བྱ། བསྐང་རྫས་རྒྱས་པའམ་མདོར་བསྡུ་ན་ཚོགས་ཙམ་ལ་དམིགས་ནས་བསྐང་བ་ནི། མར་མེ་སྦར། གསུར་ཆེན་གྱི་དུད་པ་བཏང་། རོལ་མོ་སྣ་ཚོགས་འཁྲོལ་ཞིང་། ཧཱུཾ། གདོད་ནས་དག་པའི་རང་རིག་འདུས་མ་བྱས། །རྟོགས་ན་ཀུན་བཟང་འཇམ་དཔལ་གཤིན་རྗེའི་གཤེད། །མ་རྟོགས་བླ་ཚེའི་གཤེད་པོ་འཆི་བདག་ནག །ཉོན་མོངས་དུག་གསུམ་རང་གདངས་འགག་མེད་དུ། ༡ །ཤར་བའི་རྒྱུད་གསུམ་སྡེ་བརྒྱད་དྲེགས་པའི་ཚོགས། །དར་ནག་གཡབ་ཅིང་ཚིལ་ཆེན་དུད་པ་འཐུལ། ཁྲག་ཆང་སྐོམ་སྦྲེང་རྐང་གླིང་ཐོད་རྔ་སྒྲོག །ཏིང་འཛིན་སྔགས་དང་ཕྱག་རྒྱས་འབོད་བྱེད་ན། ༢ །དུར་ཁྲོད་རུས་པའི་གཞལ་ཡས་གནས་མཆོག་འདིར། །དབྱར་གྱི་གློག་དམར་བཞིན་དུ་འཁྱུག་ཅིང་སྤྱོན། །དགུན་གྱི་བུ་ཡུག་བཞིན་དུ་འཚུབ་ཅིང་སྤྱོན། །ཐོགས་(༡༣ན)


GLG023_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འདིར་སྤྱོན་དགྱེས་པའི་གདན་ལ་བཞུགས། ༣ །རང་རང་དབང་པོ་སྣ་ལྔ་ཚིམ་བྱེད་པ། །མཆོད་པའི་སྤྲིན་ཕུང་ནམ་མཁའ་མཛོད་ཀྱི་སྒོ། །རབ་ཕྱེ་དངོས་བཤམས་ཡིད་ཀྱིས་སྤྲུལ་བྱེད་ན། །བསྐང་ངོ་བསྐལ་པར་ཐུགས་དམ་གཉན་པོ་བསྐང་། ༤ །སྨན་ཆབ་དྲི་ངད་འཐུལ་བའི་མཆོད་ཡོན་དང་། །རྙོག་མེད་བསིལ་བའི་ཀླུང་ཆེན་ཞབས་བསིལ་སྦྲེང་། །པད་དཀར་ཀུ་མུད་མེ་ཏོག་སྣ་ཚོགས་འཕྲེང་། །དྲི་ཞིམ་སྡོང་པོ་བསྲེགས་པའི་དུད་སྤྲིན་འཁྲིགས། ༥ །ཉི་ཟླ་ནོར་བུར་རྩི་འབྲུའི་སྣང་གསལ་སྦར། །ག་བུར་གུར་ཀུམ་བསྲེས་པའི་བྱུག་པའི་རྫས། །བརྒྱ་ཕྲག་རོ་བདའ་ལྷ་དང་མི་ཡི་ཟས། །སྙན་ཅིང་བརྗིད་པའི་རོལ་མོ་འབྲུག་ལྟར་སྒྲོག ༦ །བསད་ཁྲག་དྲོད་རླངས་མ་ཉམས་ཨརྒྷཾ་དང་། མིག་ལྕེ་རྣ་བ་སྣ་སྙིང་མེ་ཏོག་བཤམས། །བཾ་རོ་སྦམ་པོར་བསྲེགས་པའི་དུད་པ་འཐུལ། །ཚིལ་ཆེན་རོ་སྐྲ་ལ་སྦར་མར་མེ་གསལ། ༧ །མཁྲིས་ཞག་ངད་པ་ལྡང་བ་བྱུག་པའི་དྲི། །ནང་ཁྲོལ་ཤ་རུས་བཤོས་བུ་འཕྲེང་བར་བསྒྲིགས། །མི་ཐོད་གསང་བའི་རྔེའུ་ཆུང་རྐང་གླིང་སྒྲ། །གཟུགས་མཛེས་ལྷ་མོ་གར་བསྒྱུར་པི་ཝཾ་བརྡུང་། ༨ །བཅུད་ལྡན་དུང་ཆོས་བཟའ་བཅས་གང་བའི་སྣོད། །ལྷ་མིའི་གོས་བཟང་འཇམ་པའི་རེག་བྱ་རྔོམ། །མི་སྡུག་སྲིན་པོ་དྲག་ཤུལ་གར་སྟབས་བསྒྱུར། །བླ་ཚེ་བཞུགས་པའི་འོ་དོད་ཕྱོགས་བཅུར་འབོད། ༩ །ལྕང་ལོའི་བྷནྡྷས་ཁྲག་ཞག་དྲི་ལྡན་འཕྱར། །གློ་སྙིང་ཤ་ཁྲག་གཏམས་པའི་ཡོལ་གོ་བཏེག །དམར་བཤུས་པགས་པ་རྒྱུ་མའི་ཐག་པར་བཀལ། །སྐམ་རློན་ཐོད་པ་བརྒྱུས་པའི་རྒྱན་དྲུག་བྲེས། ༡༠ །གླང་སྟག་སྣ་ཚོགས་པགས་པར་ཁྲག་རྒྱུན་འཛག །རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་(༡༣ན)


GLG023_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

ཏ། །པད་རཱཀ་དམར་ཆེན་ཁྲག་གི་རྒྱ་མཚོ་འཁྲུག །དམ་རྫས་གཏོར་མའི་རི་བོ་མཁའ་ལ་སྙེག ༡༡ །སྟོང་ཕྲག་ཤ་སྣའི་ལྷུ་དུམ་བརྩིགས་ཤིང་ཉིལ། །གློ་སྙིང་མཁལ་མཆིན་མཆེར་པ་ཕྱུར་བུར་སྤུངས། །ཀླད་པ་ཞག་ཚིལ་རྐང་མར་འདམ་རྫབ་གཡོ། ༡༢ །སྣ་ཚོགས་རུས་པའི་གྲམ་ཀྲོད་ས་གཞི་གཡོགས། །རྒྱུ་མའི་སྲད་བུར་བརྒྱུས་པའི་ནང་ཁྲོལ་དང་། །རྐང་ལག་སྤེལ་མར་བྱས་པའི་ལྡ་ལྡི་གཡོ། །ཞིང་གི་རྒྱལ་མཚན་མི་མགོའི་ཏོག་གིས་མཛེས། ༡༣ །རོ་སྐྲའི་རྔ་ཡབ་རུས་པའི་ཡུ་བ་ཅན། །ཞལ་ཟས་ཚོགས་ཀྱི་མཆོད་པ་འཇའ་ལྟར་བཀྲ། །ཛ་གད་གསེར་སྐྱེམས་ཆང་ཕུད་ཆལ་ཆིལ་གཡོ། །རྟ་མཆོག་རྒྱན་གྱིས་སྤྲས་པ་མཁའ་ལ་འཕྱོ། ༡༤ །འབྲོང་གཡག་ལྕགས་རྭ་རྣོན་པོས་དགྲ་སྙིང་འབིགས། །འོ་མའི་རྒྱུན་འཛིན་བ་མོ་འདོད་པ་འཇོ། །འཇམ་པའི་སྤུ་ལྡན་ལུག་ནག་རོག་པོའི་རྭ། །ཕོ་རོག་ཁྲ་སོགས་གནམ་ལ་འཕུར་དགུ་ལྡིང་། ༡༥ །སྟག་གཟིགས་ཁྱི་དང་ཅེ་སྤྱང་སེང་གེ་སོགས། །ས་ལ་འཛུལ་དགུའི་སྲོག་ཆགས་ཕ་མཐའ་ཡས། །ཤ་རྐྱང་ལ་སོགས་རི་དྭགས་འཕྱོ་དགུ་རྒྱུ། ཁྲབ་རྨོག་ཞོལ་བཏགས་ལྕགས་བཞིབས་རང་བསྲུང་གོ ༡༦ །མདའ་མདུང་གྲི་སོགས་ཕ་རོལ་འཇོམས་པའི་མཚོན། །བླ་བྲེ་འཕན་གདུགས་ལྡ་ལྡི་བགྲང་ཡས་བསྟར། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རྣམ་པ་བདུན། །ཉ་བའི་རིན་ཆེན་བདུན་དང་གླུ་གར་མ། ༡༧ །རིན་ཆེན་རི་བོ་དཔག་བསམ་ལྗོན་པའི་ཤིང་། །མ་རྨོས་ལོ་ཏོག་གསལ་བྱེད་ཉི་ཟླ་ཟུང་། །རི་རབ་གླིང་བཞི་གླིང་ཕྲན་དང་བཅས་པའི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་གྲུལ་བུམ་དང་། ༡༨ །མི་སོགས་མཐོ་རིས་གནས་ཀྱི་འབྱོར་བ་ཡིས། །རྒྱལ་བ་དགོངས་པས་བརྒྱུད་པ་ཐུགས་དམ་བསྐངས། །རིགས་འཛིན་བརྡ་ཡི་བརྒྱུད་པ་ཐུགས་དམ་བསྐངས། །(༡༤ན)


GLG023_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་སྙན་ཁུང་བརྒྱུད་པ་ཐུགས་དམ་བསྐངས། ༡༩ །སྨོན་ལམ་དབང་བསྐུར་བརྒྱུད་པ་ཐུགས་དམ་བསྐངས། །བཀའ་བབས་ལུང་བསྟན་བརྒྱུད་པ་ཐུགས་དམ་བསྐངས། །མཁའ་འགྲོ་གཏད་རྒྱ་བརྒྱུད་པ་ཐུགས་དམ་བསྐངས། །ལས་འཕྲོ་གཏེར་གྱི་བརྒྱུད་པ་ཐུགས་དམ་བསྐངས། །ཤོག་སེར་ཚིག་གི་བརྒྱུད་པ་ཐུགས་དམ་བསྐངས། །གྲངས་མེད་རྒྱལ་བ་ཞི་ཁྲོ་ཐུགས་དམ་བསྐངས། །འཇམ་དཔལ་གཤིན་རྗེ་དྲེགས་འཇོམས་ཐུགས་དམ་བསྐངས། །སྦྱོར་ཡུམ་རོ་ལངས་ནག་མོའི་ཐུགས་དམ་བསྐངས། ༢༡ །སྒྲོལ་ཡུམ་ཨེ་ཀ་ཛ་ཊིའི་ཐུགས་དམ་བསྐངས། །སྤྲུལ་པ་བྱ་ཁྱུང་རྒྱལ་པོའི་ཐུགས་དམ་བསྐངས། །ཐུགས་སྤྲུལ་ཚེ་བདག་ནག་པོའི་ཐུགས་དམ་བསྐངས། །གསུང་སྤྲུལ་སྲོག་བདག་དམར་པོའི་ཐུགས་དམ་བསྐངས། །སྐུ་སྤྲུལ་འཆི་བདག་དུད་ཁའི་ཐུགས་དམ་བསྐངས། །གཤིན་རྗེ་ཡ་མཱ་རཱ་ཙའི་ཐུགས་དམ་བསྐངས། །སྲིན་པོ་མྱོས་བྱེད་འབར་བའི་ཐུགས་དམ་བསྐངས། །ཀླུ་བདུད་ཨཪྻ་མ་རུའི་ཐུགས་དམ་བསྐངས། ༢༤ །གནོད་སྦྱིན་རལ་པ་ཚར་དགུའི་ཐུགས་དམ་བསྐངས། །སྒོ་བསྲུང་ཆེན་པོ་བཞི་ཡི་ཐུགས་དམ་བསྐངས། །འཇིགས་བྱེད་ཁྲོ་བོ་བཅུ་ཡི་ཐུགས་དམ་བསྐངས། ཁྱམས་ཀྱི་གཤིན་རྗེའི་དམག་ཚོགས་ཐུགས་དམ་བསྐངས། །འཆི་བདག་བྷེ་ཝ་ས་ཏྭའི་ཐུགས་དམ་བསྐངས། །གཏུམ་མོ་དུག་ཧྲུལ་ནག་མོའི་ཐུགས་དམ་བསྐངས། །གཤེད་པོ་སྒྲོལ་གིང་རྣམ་བཞིའི་ཐུགས་དམ་བསྐངས། །བླ་འགུགས་མོན་པ་བཞི་ཡི་ཐུགས་དམ་བསྐངས། ༢༦ །བཤན་པ་བདུད་པོ་སྡེ་བཞིའི་ཐུགས་དམ་བསྐངས། །ལས་ཀྱི་འཆི་བདག་བཅུ་གཉིས་ཐུགས་དམ་བསྐངས། །ཕྱོགས་ཀྱི་སྒོ་སྐྱོང་རྣམ་བཞིའི་ཐུགས་དམ་བསྐངས། །སྲོག་གཅོད་རུ་དྲ་སྡེ་བཞིའི་ཐུགས་དམ་བསྐངས། ༢༧ །དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐངས། །རྩ་གསུམ་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས། ཁྱེད་ཀྱི་ཐུགས་དམ་བདག་གིས་སྐོངས་ལགས་ཀྱི། །བདག་གི་འགལ་རྐྱེན་བར་ཆད་ཁྱེད་ཀྱིས་ཟློག ༢༨ །ཡར་གནས་ཕ་མེས་བཞིན་དུ་ངས་མཆོད་ན། །བུ་སྡུག་ཚ་བོ་བཞིན་དུ་ཁྱོད་ཀྱིས་སྐྱོངས། །མཁའ་འགྲོ་སྤུན་གྲོགས་བཞིན་དུ་ངས་བསྟེན་ན། །གདུངས་པའི་གཉེན་བཞིན་ཕན་པ་ཁྱོད་ཀྱིས་སྒྲུབས། ༢༩ །དམ་ཅན་མངའ་འབངས་བཞིན་དུ་ངས་བསྐྱངས་ན། །སྙིང་ཉེ་བྲན་ལྟར་ལས་རྣམས་ཁྱོད་ཀྱིས་སྒྲུབས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐངས་པའི་(༡༤བ)


GLG023_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས། །མཆོད་པའི་ཡུལ་རྣམས་དགྱེས་པ་རབ་བསྐྱེད་དེ། ༣༠ །རྩ་བ་ཡན་ལག་དམ་ཚིག་དང་འགལ་བའི། །སྐུ་གསུང་ཐུགས་ཀྱི་ཉམས་ཆགས་སོས་གྱུར་ཞིང་། །མཐུན་པའི་དངོས་གྲུབ་མ་ལུས་སྩོལ་བ་དང་། །བྱང་ཆུབ་བསྒྲུབ་པའི་གདོང་གྲོགས་དཔུང་གཉེན་མཛོད། །ཚོགས་ལ་རོལ། ལིང་རོ་ལྷག་མ་རྣམས་སྨན་རཀ་དང་བཅས་འབུལ་ཞིང་འཕྲིན་ལས་འཆོལ་བ་ནི། ཨྱེ། ཆོས་དབྱིབས་དྲག་པོ་ཨེ་ཡི་གཞལ་ཡས་ན། །དྲེགས་པ་གླང་རྒོད་པདྨ་ཉི་མའི་སྟེང་། །འཇོམས་བྱེད་བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད། །སྐུ་མདོག་མཐིང་ནག་མུན་པའི་མདོག་འདྲ་ཞིང་། །ཞལ་གསུམ་གདངས་པས་སྲིད་གསུམ་ཟས་སུ་ཟ། །མཆེ་བ་གཙིགས་པས་སྐྱེ་ཤི་རྩད་ནས་གཅོད། །ཞལ་ནས་ཁྲག་འབབ་སྟོང་གསུམ་ནད་ཀྱིས་འགེང་། །ཤངས་ནས་རླུང་བྱུང་རི་རབ་ཆེན་པོ་གཏོར། །སྤྱན་ནི་ཉི་ཟླ་རིགས་དྲུག་འདམ་རྫབ་སྐེམ། །སྙན་གྱི་འབྲུག་སྒྲས་བདུད་ཁམས་ཀླད་པ་འགེམ། །རལ་པ་ཁམས་ནག་སྲིད་པའི་རྩེ་མོར་འཁྱིལ། །དུར་ཁྲོད་དཔལ་གྱི་ཆས་རྣམས་སྐུ་ལ་རྫོགས། །གཡས་གསུམ་འཁོར་ལོའི་རྩིབས་བར་དགྲ་བོ་གཏུབ། རྣོ་ངར་རལ་གྲིས་མགོ་ལུས་ཚལ་པར་གཤོག །གྲི་གུག་བརྡེག་པས་ཁོག་པ་དམར་པོར་བྲལ། །གཡོན་གསུམ་ཐོད་པར་ཁྲག་རྒྱུན་བཅུས་ནས་གསོལ། །བེ་ཅོན་དགྲ་བགེགས་ཚོགས་ཀྱི་མགོ་ལ་བསྣུན། །སྡིགས་མཛུབ་རྩེ་ལས་མེ་འབར་སྲིད་གསུམ་བསྲེག །བཟློག་པའི་ལས་མཛད་ཁྲོ་ཆུང་སྤྲུལ་པ་འགྱེད། །ངན་སྔགས་བསྲེག་བྱེད་བ་སྤུ་མེ་དཔུང་འཕྲོ། །ལས་རྣམས་བསྒྲུབ་ཕྱིར་མ་གཤིན་འཁོར་གྱིས་བསྐོར། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་(༡༥ན)


GLG023_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །བྷྱོ། གཉིས་མེད་སྦྱོར་བའི་ཡུམ་མཆོག་པེ་ཏ་ལི། །སྐུ་མདོག་མཐིང་ནག་གཏུམ་དྲག་ཁྲོ་མོའི་གཟུགས། །གཡས་པ་གྲི་གུག་དགྲ་བོའི་མགོ་ལུས་གཤོག །གཡོན་པ་ཐོད་ཁྲག་གཙོ་བོའི་ཞལ་དུ་སྟོབ། །སྒྲོལ་བའི་ཡུམ་མཆོག་ཨེ་ཀ་ཛ་ཊི་མ། །མཚོན་ཆ་དལ་ཡམས་སྣ་ཚོགས་དགྲ་ལ་གཏོང་། །དྲག་པོའི་ལས་རྣམས་བསྒྲུབ་པའི་བཤན་པ་མོ། །མ་མོ་འབུམ་སྡེ་ཕོ་ཉ་ལས་ལ་འགྱེད། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། སྤྱི་བོའི་གཙུག་ན་བྱ་ཁྱུང་ཀ་རུ་ཌ། །སྐུ་མདོག་མཐིང་ནག་སྤུ་གྲིའི་སྒྲོ་གཤོག་ཅན། །རྭ་དང་མཆུ་སྡེར་གནམ་ལྕགས་ལས་གྲུབ་རྣོ། །གདུག་པ་ཀླུ་གཉན་ས་བདག་ཞལ་དུ་གསོལ། །རིན་ཆེན་རྒྱན་དང་སྦྲུལ་གྱིས་སྐུ་ལ་སྤྲས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། ཐུགས་ཀྱི་སྤྲུལ་པ་ཚེ་བདག་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་རལ་གྲི་ཞགས་པ་འཛིན། །དུར་ཁྲོད་ཆས་ལྡན་ཁྲོ་གཏུམ་མི་བཟད་འཇིགས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། གསུང་གི་སྤྲུལ་པ་སྲོག་བདག་དམར་པོ་ནི། །ཞལ་གཅིག་ཕྱག་གཉིས་བེ་ཅོན་རལ་གྲི་བསྣམས། ཁ་གདངས་མཆེ་གཙིགས་དུར་ཁྲོད་ཆས་ཀྱིས་བརྒྱན། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། སྐུ་ཡི་སྤྲུལ་པ་འཆི་བདག་དུད་ཁའི་མདོག །ཞལ་གཅིག་ཕྱག་གཉིས་ཁྲམ་ཤིང་མི་སྙིང་འཛིན། །སྲོག་ལ་(༡༥བ)


GLG023_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

བརྔམས་ཤིང་དུར་ཁྲོད་ཆས་རྣམས་ཚོགས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། ཡ་མ་རཱ་ཙ་མཐིང་ནག་མུན་པའི་མདོག །གཡས་གཡོན་ཕྱག་ན་རལ་གྲི་ཐོད་ཁྲག་འཛིན། །དུར་ཁྲོད་ཆས་བརྗིད་གསང་བའི་ཡུམ་དང་སྦྱོར། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་ཁ་རླུང་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། མྱོས་བྱེད་འབར་བ་སེར་ནག་མི་སྡུག་གཟུགས། །གཡས་གཡོན་ཕྱག་གཉིས་བེ་ཅོན་འཁོར་ལོ་བསྣམས། །ཡུམ་ཆེན་སྐུར་འཁྲིལ་དུར་ཁྲོད་ཆས་གོས་གསོལ། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། ཨཪྻ་མ་རུ་དམར་ནག་ཁྲོ་ཞིང་གཏུམ། ཕྱག་གཉིས་རྩེ་གསུམ་མི་སྙིང་དྲོན་མོ་ཐོགས། །དུར་ཁྲོད་ཆས་སྤྲས་སྐུ་ལ་ཡུམ་གྱིས་འཁྲིལ། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། རལ་པ་ཚར་དགུ་ལྗང་ནག་མིག་རྩ་དམར། །ཕྱག་གཉིས་ཐོད་དབྱུག་ལྕགས་ཀྱི་འཁོར་ལོ་ཐོགས། །དུར་ཁྲོད་ཆས་ཀྱིས་ཉེར་བརྗིད་ཡུམ་དང་འཁྲིལ། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། སྒོ་བསྲུང་རྒོད་སྟག་ཀང་ཀ་སྤྱང་གདོང་བཞི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན། །འགུགས་འཆིང་སྡོམ་མྱོས་ལས་རྣམས་ཐོགས་མེད་མཛད། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། སྟེང་ཕྱོགས་ཁྲོ་བོའི་རྒྱལ་པོ་ཧཱུཾ་ཀ་ར། །གཡས་པ་ལྕགས་ཀྱུས་དགྲ་བགེགས་སྙིང་ནས་འདྲེན། །གཡོན་པ་ཐོ་བས་ལུས་སེམས་རྡུལ་དུ་རློག །ཁྲོ་གཏུམ་འབར་ཞིང་དུར་ཁྲོད་ཆས་ཀྱིས་བརྒྱན། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། སྟེང་ཕྱོགས་ཚངས་པའི་གདོན་ཚོགས་བཟློག་པར་མཛོད། །ཤར་ཕྱོགས་ཁྲོ་བོ་རྣམ་པར་རྒྱལ་བ་མཐིང་། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། ཤར་ཕྱོགས་བརྒྱ་བྱིན་གདོན་ཚོགས་བཟློག་པར་མཛོད། །ཤར་ལྷོ་ཁྲོ་བོ་དབྱུག་པ་སྔོན་པོ་ནག །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། ཤར་ལྷོ་མེ་ལྷའི་གདོན་ཚོགས་བཟློག་པར་མཛོད། །ལྷོ་ཕྱོགས་གཤིན་རྗེའི་གཤེད་པོ་མུན་པའི་མདོག །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ལྷོ་ཕྱོགས་འཆི་བདག་གདོན་ཚོགས་བཟློག་པར་མཛོད། །ལྷོ་ནུབ་ཁྲོ་བོའི་རྒྱལ་པོ་མི་གཡོ་མཐིང་། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། ལྷོ་ནུབ་སྲིན་པོའི་གདོན་ཚོགས་བཟློག་པར་མཛོད། །ནུབ་ཕྱོགས་ཁྲོ་བོ་རྟ་མགྲིན་སྐུ་མདོག་ནག །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། ནུབ་ཕྱོགས་ཀླུ་དབང་(༡༦ན)


GLG023_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཚོགས་བཟློག་པར་མཛོད། །ནུབ་བྱང་ཁྲོ་བོ་གཞན་གྱིས་མི་ཐུབ་སྔོ། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། །ནུབ་བྱང་རླུང་ལྷའི་གདོན་ཚོགས་བཟློག་པར་མཛོད། །བྱང་ཕྱོགས་ཁྲོ་བོ་བདུད་རྩི་འཁྱིལ་བ་མཐིང་། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། བྱང་ཕྱོགས་གནོད་སྦྱིན་གདོན་ཚོགས་བཟློག་པར་མཛོད། །བྱང་ཤར་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ནག །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། བྱང་ཤར་འབྱུང་པོའི་གདོན་ཚོགས་བཟློག་པར་མཛོད། །འོག་ཕྱོགས་ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་མཐིང་། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། འོག་ཕྱོགས་ས་བདག་གདོན་ཚོགས་བཟློག་པར་མཛོད། །དཀྱིལ་འཁོར་བར་འཁྱམས་གཤིན་རྗེ་དམག་གི་ཚོགས། །ཤ་ཟ་ཁྲག་འཐུང་སྲོག་གཅོད་ལམ་ལ་དགའ། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །དྲག་པོ་ཟོར་གྱི་དཔུང་ལ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཆགས་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་བཟློག་པའི་ལས་མཛོད་ཅིག །ཟོར་ཁ་རླུང་ཁ་བསྒྱུར་བའི་ལས་མཛོད་ཅིག །ཨྱེ། བྱང་ཕྱོགས་དཔག་ཚད་བརྒྱད་ཁྲི་མར་འདས་ན། །ཐོད་པ་ལྕགས་ཀྱི་མུན་ཁང་ནག་པོའི་དབུས། །ལས་ཀྱི་གཤིན་རྗེ་རལ་པ་ཚར་དགུ་ནི། །སྨུག་ནག་ཞལ་གཅིག་ཕྱག་ཀྱང་གཉིས་པ་སྟེ། །གཡས་པ་ཐོད་དབྱུག་གཡོན་པ་དུད་ཁྲག་འཛིན། །དམ་ཉམས་དགྲ་བོ་ཁྲམས་ལ་འདེབས་པར་བྱེད། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །བསྟན་པ་འཇིག་པའི་དམ་ཉམས་དགྲ་བོ་འདི། ཁྲམ་ལ་ཐོབ་ལ་འཁོར་ལོ་བསྐོར་ལ་སྒྲོལ། །ལོ་དང་ཟླ་བར་བཞག་པའི་སྐབས་མེད་པས། །ཞག་དང་ཟ་མར་མ་བཞག་མྱུར་དུ་སྒྲོལ། །ཨྱེ། དེ་ཡི་ཐུགས་དམ་རྒྱུད་བསྐུལ་ཆེན་མོ་ནི། །གཏུམ་མོ་དུག་ཧྲུལ་གོས་གྱོན་སྐྱེ་འགྲོའི་གཤེད། །སྲིད་གསུམ་ལྟོར་གནས་ལས་ཀྱི་རླུང་དམར་ཞོན། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །བསྟན་པ་འཇིག་པའི་དམ་ཉམས་དགྲ་བོ་འདི། འདུས་པའི་ནད་ཐོད་གཤིན་རྗེའི་ལག་ཏུ་ཐོད། །ཨྱེ། ཕྱོགས་བཞི་གྲུབ་པ་ཐོད་པའི་ལྕགས་མཁར་ནས། །དགྲ་བོའི་གཤེད་མ་སྒྲོལ་བའི་གིང་ཆེན་བཞི། །ཡ་མ་རཱ་ཛ་མྱོས་བྱེད་འབར་བ་དང་། །ཨཪྻ་མ་རུ་རལ་པ་ཚར་དགུ་(༡༦བ)


GLG023_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། །གདུག་པའི་སྐུ་མདོག་སྨུག་སེར་དམར་ལྗང་ནག །དབྱུག་པ་བརྡེག་ཅིང་བདུད་ཞགས་ནག་པོ་འཕེན། །ལས་ཀྱི་ཡུམ་ཆེན་བཞི་དང་བཅས་པ་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །བསྟན་པ་འཇིག་པའི་དམ་ཉམས་དགྲ་བོ་འདི། །མགོ་བསྐོར་ཡིད་དཀྲུགས་ཁྲག་ཏུ་སྐྱུག་པ་དང་། །རྣམ་ཤེས་གཟིར་ལ་མྱུར་དུ་སྒྲོལ་བར་མཛོད། །ཨྱེ། གཤིན་རྗེའི་བཀའ་བསྒྲུབ་དགྲ་གཤེད་མོན་པ་བཞི། །དུང་གི་མོན་པ་ལྕགས་ཀྱི་མོན་པ་དང་། །བསེ་ཡི་མོན་པ་གསེར་གྱི་མོན་པ་བཞི། །སེང་གེ་སྟག་དྲེད་ཁྱུང་གི་མགོ་བོ་དགུ། །གཡས་རྣམས་བེ་ཅོན་གཡོན་རྣམས་དགྲ་སྙིང་འཛིན། །མོན་མོ་བཞི་ནི་ལྕགས་ཀྱུ་ཞགས་པ་བསྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །བསྟན་པ་འཇིག་པའི་དམ་ཉམས་དགྲ་བོ་འདི། །ཉེས་བྱེད་དགྲ་བོ་གཟུགས་ཕུང་རྣམ་ཤེས་ཕྲོལ། །ཕ་ཚན་ཡུལ་འཁོར་མི་ནོར་སྡེ་དཔུང་ཆོམས། །རང་དབང་མེད་པར་སྐད་ཅིག་བརླག་པར་གྱིས། །ཨྱེ། གཤིན་རྗེའི་བཤན་པ་བདུད་པོ་སྡེ་བཞི་ནི། །ཞེ་སྡང་མེ་འབར་འདོད་ཆགས་ཁྲག་མཚོ་འཁྱིལ། །ང་རྒྱལ་རི་ཉིལ་གཏི་མུག་དུག་མཚོའི་ཀློང་། །སྔོ་ནག་ཁྲག་རུས་དུད་ཁ་ཁམ་པའི་མདོག །འབྱུང་བཞིའི་རང་བཞིན་རྩ་བཞི་འཇིབ་ཅིང་གཅོད། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །བསྟན་པ་འཇིག་པའི་དམ་ཉམས་དགྲ་བོ་འདི། །རྩ་བཞི་ཆོད་ལ་འབྱུང་བཞིའི་དངས་མ་སྡུས། །ཀླད་ཁྲག་དཀྲུགས་ལ་ཁོང་ཁྲག་སྐྱུག་ཏུ་ཆུག །ལུས་སེམས་ཕྲོལ་ལ་ཚེ་ཡི་འདུ་བྱེད་སྟུངས། །ཨྱེ། གྲུབ་པའི་ཐོད་པ་ལྕགས་ཀྱི་མུན་ཁང་ནས། །ལས་ཀྱི་འཆི་བདག་ཁྲམ་བདག་བཅུ་གཉིས་ཀྱང་། །ལས་ཀྱི་སྲིང་མོ་ཆུང་མར་བཅས་པ་རྣམས། །མུན་པའི་ཀློང་ནས་འདིར་བྱོན་འཕྲིན་ལས་མཛོད། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །བསྟན་པ་འཇིག་པའི་དམ་ཉམས་དགྲ་བོ་འདི། །གཟེར་ནད་ཚ་བའི་ནད་དང་ཁྲག་སྐྱུག་དང་། །(༡༧ན)


GLG023_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་འབྲུམ་ནག་མཁྲིས་པ་ཤ་ཡ་དང་། །མཛེ་ནད་ལྷོག་གཟེར་སྐྱ་རྦབ་བལ་ནད་དང་། །སྐྲངས་འབུར་རིམས་ནད་གཞོགས་སྐམས་ནད་རྣམས་ཀྱིས། །མྱུར་དུ་གཟིར་ལ་ཚེ་ཡི་འདུ་བྱེད་བཀུམས། །ཨྱེ། དཔལ་ཆེན་གཤིན་རྗེའི་སྒོ་བ་ཆེན་པོ་བཞི། །ཤར་ལྷོ་ནུབ་བྱང་བསྲུང་བའི་ཕོ་ཉའི་ཚོགས། །དཀར་པོ་སྙིང་འབྱིན་མགོན་པོ་ནག་པོ་དང་། །བདུད་པོ་ཡབ་རྗེ་གནོད་སྦྱིན་བཤན་པ་སྟེ། །ཕྱག་ན་འཁོར་ལོ་ཐུན་ཁྲག་བེར་ཁྲབ་གསོལ། །ཡུམ་མཆོག་མཁའ་འགྲོ་རོ་ལངས་མཆེད་བཞིར་བཅས། །མ་ཏྲཾ་རོ་དབྱུག་ལྕགས་ཀྱུ་དྲིལ་བུ་བསྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །སྒོ་བ་རྣམ་བཞིས་དགྲ་བོའི་དུས་མཐའ་སྟུངས། །སྒོ་མ་བཞི་ཡིས་དགྲ་བོ་ཁ་འཕུང་ཐོང་། །ཨྱེ། སྲོག་གཅོད་རུ་དྲ་སྡེ་བཞི་དྲེགས་པའི་ཚོགས། །ཕོ་གཤེད་མོ་གཤེད་བདུན་བརྒྱ་ཉི་ཤུ་དང་། །ཡང་འཁོར་གཤིན་རྗེ་དགུ་འབུམ་དགུ་ཁྲི་རྣམས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི་བཞེས་ལ། །བཅོམ་ལྡན་གཤིན་རྗེ་གཤེད་པོའི་ཞབས་དྲུང་དུ། །སྔོན་གྱི་དམ་བཅས་ཚུལ་བཞིན་མནའ་བོར་བ། །དམ་ལས་མ་འདའ་བཅོལ་བའི་འཕྲིན་ལས་མཛོད། །དམར་སྦྲེང་ཞིང་བཟློག་བསྒྱུར་ནི། ཨྱེ། ཆོས་དབྱིངས་དྲག་པོ་ཨེ་ཡི་ཞིང་ཁམས་སུ༔ རྡོ་རྗེ་ར་གུར་ཡེ་ཤེས་མེ་དཔུང་དབུས༔ དྲེགས་པ་སྡེ་བརྒྱད་ཆུ་གླང་མ་ཧེའི་སྟེང་༔ དུས་གསུམ་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་པ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ སྐུ་མདོག་མཐིང་ནག་དུག་ཆེན་ཧ་ལའི་མདོག༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་བགྲད༔ རྣོ་དབལ་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས༔ དཔའ་བརྗིད་དུར་ཁྲོད་འབར་བའི་ཆས་ཀྱིས་ཀླུབས༔ སྐུ་ནི་མི་བཟད་གར་གྱི་(༡༧བ)


GLG023_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་དགུར་ལྡན༔ གསུང་གི་ང་རོ་འབྲུག་སྟོང་ལྟར་བརྔམ་སྒྲ༔ ཐུགས་ནི་ཆོས་དབྱིངས་སྤྲོས་བྲལ་སྙིང་རྗེའི་ངང་༔ ཡོན་ཏན་མཆོག་མཐུན་དངོས་གྲུབ་སྟེར་བའི་མཛོད༔ འཕྲིན་ལས་དགྲ་བགེགས་བྱད་མ་སྒྲོལ་བའི་གཤེད༔ བདེ་གཤེགས་ཁྲོ་རྒྱལ་ཀུན་གྱི་རྗེ་བོ་ཆེ༔ རབ་འཇིགས་གཤིན་རྗེ་མང་པོའི་འཁོར་གྱིས་བསྐོར༔ ཁྱོད་ཀྱིས་མི་བཟློག་མི་བསྒྱུར་གང་ཡང་མེད༔ དེང་འདིར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་རྣམས་ཀུན༔ ད་ནུབ་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད༔ སྟོང་ཉིད་ཤེས་རབ་མ་མོ་ཀུན་གྱི་གཙོ༔ གཉིས་མེད་སྦྱོར་ཡུམ་པེ་ཏ་ནག་མོ་དང་༔ སྒྲོལ་བའི་ཡུམ་མཆོག་ཨེ་ཀ་ཛ་ཊི་མས༔ མི་མཐུན་བདུད་ཀྱི་བར་གཅོད་དགྲ་ལ་བཟློག༔ སྐུ་གསུང་ཐུགས་སྤྲུལ་དུག་གསུམ་སྒྲོལ་བའི་གཤེད༔ རྡོ་རྗེ་གསུམ་གྲུབ་སྐུ་གསུམ་ངོ་བོ་རྫོགས༔ ཚེ་སྲོག་འཆི་བདག་ཆེན་པོ་རྣམ་གསུམ་གྱིས༔ གདུག་པའི་དགྲ་བགེགས་ཐམས་ཅད་བཟློག་ཏུ་གསོལ༔ ཡ་མ་ར་ཙ་མྱོས་བྱེད་འབར་བ་དང་། །ཨཪྻ་མ་རུ་རལ་པ་ཚར་དགུ་སྟེ༔ འཇིགས་བྱེད་གཤེད་ཆེན་རྣམ་བཞི་ཡུམ་དང་བཅས༔ རིག་སྔགས་དམོད་པའི་མཚོན་ཆ་བཟློག་ཏུ་གསོལ༔ འཁོར་ལོའི་རྩིབས་སྟེངས་བདུད་འདུལ་ཁྲོ་བོའི་རྒྱལ༔ དཔལ་ཆེན་ཁྲོ་རྒྱལ་ཆེན་པོ་རྣམ་པ་བཅུ༔ རང་རང་བཀའ་སྡོད་འཁོར་དང་བཅས་རྣམས་ཀྱིས༔ ཕྱོགས་བཅུའི་བྱད་དང་རྦོད་གཏོང་བཟློག་ཏུ་གསོལ༔ ས་བདག་གདོན་འཇོམས་མཁའ་ལྡིང་ཁྱུང་ཆེན་དང་༔ ཕྱོགས་སྐྱོང་སྒོ་བསྲུང་བཀའ་ཉན་ལས་བྱེད་བཅས༔ གཤིན་རྗེ་གཤེད་པོའི་ལྷ་ཚོགས་འཁོར་བཅས་ཀྱིས༔ བསྟན་དགྲ་གདུག་པའི་ཚོགས་རྣམས་ཐམས་ཅད་དང་༔(༡༨ན)


GLG023_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐུན་འཁྲུལ་འཁོར་ཐམས་ཅད་བཟློག་ཏུ་གསོལ༔ ཟོར་གྱི་རབས་དང་བཅས་བཟློག་པ་ནི། བྷྱོ། སྔོན་ཚེ་བཟློག་པ་གང་ནས་བྱུང་། །བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ་ལ། །ལྷས་བྱིན་བདུད་ཀྱི་བར་ཆད་བྱུང་། །བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཡིས། །དམར་ཆེན་ཁྲག་གི་ཟོར་བརྒྱབ་པས། །ལྷས་བྱིན་ངན་པ་ཁྲག་ཏུ་སྐྱུགས། །བདུད་ཀྱི་དམག་དཔུང་བརྒྱལ་ཞིང་བོག །བར་དུ་བཟློག་པ་གང་ནས་བྱུང་། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ། །མུ་སྟེགས་ངན་པའི་ཆད་པ་བྱུང་། པ་གོར་བཻ་རོ་ཙ་ན་ཡིས། །དམར་ཆེན་ཁྲག་གི་ཟོར་བརྒྱབ་པས། །མུ་སྟེགས་ངན་པ་རྩད་ནས་བཅད། །ཐ་མར་བཟློག་ན་འདིར་ལྟར་བཟློག །ཨྱེ། དྲག་པོ་ཨེ་ཡི་གཞལ་ཡས་ན། །སྡེ་བརྒྱད་དྲེགས་པའི་གདན་སྟེངས་སུ། །བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད། །སྐུ་མདོག་མཐིང་ནག་སྟོང་གསུམ་གང་། །རལ་པ་ཁམ་ནག་སྲིད་རྩེར་ཁྱབ། །སྟེང་ཕྱོགས་ལྷ་རྣམས་མ་ལུས་བཟློག །ཐོད་སྐམ་རིན་ཆེན་ལྔ་ཡིས་བརྒྱན། །ཉོན་མོངས་དུག་ལྔའི་དམག་དཔུང་བཟློག །སྤྱན་དགུ་དམར་ཟླུམ་བགྲད་པ་ཡིས། །གཟའ་དང་རྒྱུ་སྐར་དམག་དཔུང་བཟློག །ཨག་ཚོམས་སྨ་ར་མེ་འབར་བས། །ལས་ཀྱི་གཤིན་རྗེའི་དམག་དཔུང་བཟློག །མཆེ་བ་བཅུ་གཉིས་ཟླ་ཚེས་གཏམས། །ལས་ཀྱི་བཤན་པའི་དམག་དཔུང་བཟློག །དུར་ཁྲོད་ཆས་ཀྱིས་བརྒྱན་པ་ཡིས། །ཕོ་རྒྱུད་དམག་དཔུང་ཐམས་ཅད་བཟློག །ཞལ་ནས་ཁྲག་ཞག་རྒྱ་མཚོར་འབབ། །མོ་རྒྱུད་དམག་དཔུང་ཐམས་ཅད་བཟློག །གཡས་ཀྱི་མཚོན་ཆ་འབར་བ་ཡིས། །བདུད་དང་སྲིན་པོའི་དམག་དཔུང་བཟློག །གཡོན་གྱི་ཕྱག་མཚན་བསྣམས་པ་ཡིས། །(༡༨བ)


GLG023_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་བཙན་གྱི་གནོད་པ་བཟློག །རྡོ་རྗེ་འབར་བའི་ཁྱུང་གཤོག་གིས། །དྲེགས་བྱེད་ཕོ་མོའི་གནོད་པ་བཟློག །དབུ་གཙུག་ཁྱུང་ཆེན་འབར་བ་ཡིས། །ས་བདག་ཀླུ་གཉན་གནོད་པ་བཟློག །བ་སྤུ་རང་འདྲའི་སྤྲུལ་པ་འགྱེད། །བྱད་ཁ་རྦད་འདྲེ་རྦོད་གཏོང་བཟློག །གཤིན་རྗེའི་ཚོགས་ཀྱིས་བསྐོར་བ་ཡིས། །ལྷ་སྲིན་སྡེ་བརྒྱད་གནོད་པ་བཟློག །ཚངས་པ་བརྒྱ་བྱིན་ལ་སོགས་པའི། །ལྷ་སྲིན་འཁྲུག་པའི་གདུག་རྩུབ་རྣམས། །འཇིགས་པའི་སྟོབས་ཀྱིས་བཟློག་ཏུ་གསོལ། །དགའ་བོ་འཇོག་པོ་ལ་སོགས་པའི། །ཀླུ་སྲིན་འཁྲུག་པའི་གདུག་རྩུབ་རྣམས། །གཟི་བརྗིད་སྟོབས་ཀྱིས་བཟློག་ཏུ་གསོལ། །གང་བ་བཟང་པོ་ལ་སོགས་པའི། །གནོད་སྦྱིན་འཁྲུག་པའི་གདུབ་རྩུབ་རྣམས། །འཇིགས་པའི་སྟོབས་ཀྱིས་བཟློག་ཏུ་གསོལ། །ཟ་བྱེད་རྔམ་པ་ལ་སོགས་པ། །སྲིན་པོ་འཁྲུག་པའི་གདུག་རྩུབ་རྣམས། །རྔམ་པའི་སྟོབས་ཀྱིས་བཟློག་ཏུ་གསོལ། ཁ་འབར་རྒྱལ་མོ་ལ་སོགས་པ། །ཡི་དྭགས་འཁྲུག་པའི་གདུག་རྩུབ་རྣམས། །བཞད་པའི་སྟོབས་ཀྱིས་བཟློག་ཏུ་གསོལ། །ཕག་གདོང་འཇིགས་པ་ཤ་ཟའི་གདོན། །གཏུམ་པའི་སྟོབས་ཀྱིས་བཟློག་ཏུ་གསོལ། །བི་ན་ཡ་ཀ་བགེགས་ཀྱི་གདོན། །འགྱིང་བའི་སྟོབས་ཀྱིས་བཟློག་ཏུ་གསོལ། ཁྱབ་འཇུག་བྱི་ནུ་གཟའ་ཡི་གདོན། །དྲེགས་པའི་སྟོབས་ཀྱིས་བཟློག་ཏུ་གསོལ། ཁྲམ་ཐོགས་གྲི་ཐོགས་གིང་གི་གདོན། །སྤྲུལ་པའི་སྟོབས་ཀྱིས་བཟློག་ཏུ་གསོལ། ཁ་བཞིན་མགྱོགས་པ་བཙན་གྱི་གདོན། ཁྲོས་པའི་སྟོབས་ཀྱིས་བཟློག་ཏུ་གསོལ། །ཏེལ་པ་ཕྱ་སང་གཤིན་རྗེའི་གདོན། །སྤྲུལ་པའི་སྟོབས་ཀྱིས་བཟློག་ཏུ་གསོལ། །རལ་གཅིག་ནག་མོ་མ་མོའི་གདོན། །གསུང་གི་སྟོབས་ཀྱིས་བཟློག་ཏུ་གསོལ། །རོལ་པ་སྐྱ་བདུན་དམུ་ཡི་གདོན། །མགོ་བརྙན་སྟོབས་ཀྱིས་བཟློག་ཏུ་གསོལ། །མ་ཧཱ་དེ་ཝ་མུ་སྟེགས་གདོན། །བདེན་པའི་སྟོབས་(༡༩ན)


GLG023_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཟློག་ཏུ་གསོལ། །བྷྱོ། གཞན་ཡང་བཟློག་ཅིང་བསྒྱུར་བ་ནི༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གནོད་ཅིང་བར་དུ་གཅོད་པ་ཡི༔ ལྟས་ངན་བརྒྱད་ཅུ་རྩ་བཞི་བཟློག༔ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག༔ གློ་བུར་བདུན་བརྒྱ་ཉི་ཤུ་བཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག༔ གདོན་རིགས་སྟོང་ཕྲག་བཅོ་བརྒྱད་བཟློག༔ སྐེག་ཆེན་སུམ་བརྒྱ་དྲུག་ཅུ་བཟློག༔ ལྷ་ཆེན་དྲག་པོའི་གདུག་རྩུབ་བཟློག༔ ལྷ་མ་ཡིན་གྱི་རྒྱུ་སྟབས་བཟློག༔ མགོན་པོའི་པར་བུ་བསྐོར་བ་བཟློག༔ གཤིན་རྗེའི་འཁྲུལ་འཁོར་བཅས་པ་བཟློག༔ དྲང་སྲོང་བྲམ་ཟེའི་དམོད་པ་བཟློག༔ གཟའ་ཡི་ཀི་ཀང་འཕེན་པ་བཟློག༔ བཙན་ནད་གཟེར་ཁ་གཏོང་བ་བཟློག༔ ས་བདག་ཀླུ་ཡི་མཛེ་ནད་བཟློག༔ བནྡེའི་འབུམ་བསྐོར་བྱེད་པ་བཟློག༔ སྔགས་པའི་སྔགས་ཐོར་འཕེན་པ་བཟློག༔ བོན་གྱི་བཙོ་དམར་འཕེན་པ་བཟློག༔ མུ་སྟེགས་ངན་སྔགས་བྱེད་པ་བཟློག༔ བྱད་ཕུར་རྦོད་གཏོང་བྱུང་བ་བཟློག༔ མནན་གཏད་བསྲེག་འབངས་བྱས་པ་བཟློག༔ སྔ་ཞགས་མདའ་ལྟར་འཕེན་པ་བཟློག༔ ཕྱི་ཞགས་དྲུ་ལྟར་འཐུལ་བ་བཟློག༔ ཡས་ཀྱི་བདུད་དུ་གཡོས་པ་བཟློག །མས་ཀྱི་སྲི་རུ་ལངས་པ་བཟློག །ཕ་ཚན་ནང་གི་རྒྱ་འདྲེ་བཟློག །མ་ཚན་ངན་པའི་དུག་འདྲེ་བཟློག །མོ་བཏབ་མོ་རུ་ངན་པ་བཟློག །རྩིས་བྱས་རྡེའུ་ངན་པ་བཟློག །ཁྱིམ་གང་མི་ཡི་ནད་འདྲེ་བཟློག །སྒོ་གང་ནོར་གྱི་གོད་འདྲེ་བཟློག །བན་བོན་སྔགས་པའི་ཟོར་ཁ་བཟློག །མགོན་པོས་སྦྱིན་སྲེག་བྱེད་པ་བཟློག །མ་མོས་ཐུན་ཟོར་འཕེན་པ་བཟློག །ཡུངས་ཀར་ཁྲོ་བོའི་རྦབ་ཟོར་བཟློག །བནྡེ་ཡོངས་ཀྱི་སྔགས་བྱད་བཟློག །དབང་ཕྱུག་ཆེན་པོའི་པར་བུ་བཟློག །ཀླུ་བདུད་ནག་པོའི་(༡༩བ)


GLG023_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་ཁྲམ་བཟློག །བོན་པོ་ཡོངས་ཀྱི་ལྷ་བྱད་བཟློག །བལ་པོའི་ངན་སྔགས་སྦྱོར་བ་བཟློག །རྒྱ་གར་ཆོས་ཀྱི་མཐུ་བྱེད་བཟློག །མར་པས་ཕྲ་མིན་གཏོང་བ་བཟློག །སུམ་པས་གླང་དམར་རྨོ་བ་བཟློག །མི་ཉག་འབོ་ལེ་ཐམས་ཅད་བཟློག །བོད་ཀྱིས་རྦོད་གཏོང་བྱེད་པ་བཟློག །བྲམ་ཟེའི་སྔགས་རྒོད་དམོད་པ་བཟློག །དྲི་ཟས་སྨྱོས་ཤིང་འཐིབས་པ་བཟློག །རྒྱལ་པོས་སྨྱོ་འབོག་གཏོང་བ་བཟློག །སྲིན་པོས་ཤོད་ཁ་གཏོང་བ་བཟློག །བདུད་ཀྱིས་ཁྲམ་ལ་བཏབ་པ་བཟློག །བཙན་གྱིས་ཞགས་ལ་འཕེན་པ་བཟློག །གནོད་སྦྱིན་རྩིས་ལ་འདེབས་པ་བཟློག །འབྱུང་པོས་ཉམས་ལེན་བྱེད་པ་བཟློག །མཚེ་ཟོར་ཡུངས་ཟོར་འཕེན་པ་བཟློག །ཐེའུ་རང་སྲི་ལ་རྐུ་བ་བཟློག །གློ་བུར་ཡེ་འབྲོག་ཐམས་ཅད་བཟློག །འབྱུང་པོས་གོད་འདྲེ་བྱེད་པ་བཟློག །སེ་རགས་སྲིས་ལ་རྐུ་བ་བཟློག །དར་ཚན་ནང་གི་སྟོང་འདྲེ་བཟློག །བདུད་བཙན་ཡོངས་ཀྱི་གནོད་འདྲེ་བཟློག །མ་མོ་རྣམས་ཀྱི་རིམས་ནད་བཟློག །ནད་དང་མཚོན་གྱི་དྲུ་བུ་བཟློག །རིམས་ནད་གག་ལྷོག་གཟེར་གསུམ་བཟློག །མི་ནད་སྣ་དགུ་ཐམས་ཅད་བཟློག །རྒན་སྲི་དར་སྲི་ཐམས་ཅད་བཟློག །བྱིས་པའི་ཆུང་སྲི་ཐམས་ཅད་བཟློག །བདུད་ཀྱི་ཆོ་འཕྲུལ་གཏོང་བ་བཟློག །གཤིན་གྱི་དུར་སྲི་ལངས་པ་བཟློག །རུས་ལ་ཚིག་ངན་གཏོང་བ་བཟློག །སྣག་ལ་མཚན་ངན་འདོགས་པ་བཟློག །རྟ་ནད་ནོར་ནད་ཐམས་ཅད་བཟློག །ལོ་དགྲ་བཙའ་དང་སད་སེར་བཟློག །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །ལྟས་ངན་ཉི་ཁྲི་ཆིག་སྟོང་བཟློག །བྱིས་པའི་གདོན་ཆེན་བཅོ་ལྔ་བཟློག །ཕྱི་ཡི་ལྟས་ངན་ཕྱི་རུ་བཟློག །བར་གྱི་ལྟས་ངན་དབྱིངས་སུ་བཟློག །བྱད་མ་ལྷ་སྲུང་བཅས་པ་བཟློག །མི་མཐུན་གནོད་པའི་ཕྱོགས་ཀུན་བཟློག༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ སྒྱུར་རོ་འཇམ་དཔལ་མཐུ་ཡིས་བསྒྱུར༔ ཟོར་རོ་དགྲ་དང་བགེགས་ལ་ཟོར༔ བཅོམ་(༢༠ན)


GLG023_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གཤིན་རྗེ་གཤེད་པོའི་ཚོགས༔ དམ་རྫས་མཆོད་པ་འདི་བཞེས་ལ༔ བྱད་དང་རྦོད་གཏོང་བསྒྱུར་བ་དང་༔ བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ ཨཱོཾ་ཡ་མཱནྟ་ཀ་ཪྣྲི་ཏྲི་དགྲ་བགེགས་ཨ་མུ་ཀཾ་མཱ་ར་ཡ་རྦད་བཟློག༔ ཏྲིག་ནན། གཟེར་ནན། རྦུད་ཐུམས་བཟློག༔ མྱོགས་རྔུབས་མཱ་ར་ཡ་དུར་ན་བཟློག༔ གནོད་བྱེད་རཱུ་པ་ཙིཏྟ་ཧ་ན་ད་ཧ་པ་ཙ་ཚིནྡྷ་ཧཱུཾ་ཕཊ༔ མཱ་ར་ཡ་རྦད་བཟློག༔ མདོས་ལམ་འཐེན་ལ་སྒོ་དབྱེ་བ་ནི། ཧཱུཾ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ རིགས་འཛིན་བདག་གི་བཀའ་ལ་ཉོན༔ དམར་ཆེན་དྲག་པོའི་གཏོར་ཟོར་འདི༔ ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ༔ དཀར་པོའི་ཕྱོགས་ལ་མི་འཕེན་ནོ༔ ཁྱེད་རྣམས་རང་རང་གནས་ལ་གཤེགས༔ ཧཱུཾ། རྣལ་འབྱོར་ཟོར་འཕེན་གང་དུ་འཕེན༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན༔ ཕྱོགས་དེར་གནས་པའི་གཞི་བདག་རྣམས༔ སྐུ་གཟུར་དབུ་སྨོད་ཞབས་བསྡུས་ལ༔ དོ་ནུབ་ཟོར་གྱི་ཟོར་ལམ་ཕྱེ༔ འཁོར་བཅས་དྲག་པོའི་དམག་སྣ་དྲོངས༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་ཁྱེར༔ ཧཱུཾ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ཁྲག་འཐུང་ཀུན་གྱི་རྒྱལ་པོ་ཡིན༔ བཀའ་འཁོར་ལས་བྱེད་སྟོང་གསུམ་གང་༔ ཐམས་ཅད་དྲག་པོའི་ལས་ལ་ཕྱོས༔ སྒྲོལ་བྱེད་དྲག་པོ་ཟོར་གྱི་རྫས༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན༔ གཏོར་ཟོར་ཐོག་ལྟར་ཤར་ར་ར༔ ཁྲག་ཟོར་མཚོ་ལྟར་ཁྱིལ་ལི་ལི༔ མདའ་ཟོར་འཁྱུག་ལྟར་ཁྱུགས་སེ་ཁྱུག༔ རྡོ་ཟོར་རྦབ་ལྟར་ཉིལ་ལི་ལི༔ ཐུན་ཟོར་སེར་ལྟར་ཤར་ར་ར༔(༢༠བ)


GLG023_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ཟོར་མུན་ལྟར་ཐིབས་སེ་ཐིབ༔ དྲག་པོ་སྣ་ཚོགས་ཟོར་གྱི་རྫས༔ སྡང་བ་དགྲ་ཡི་སྙིང་ལ་ཡཱ༔ བདུན་བརྒྱུད་ཆོད་ཅིག་མཱ་ར་ཡ༔ གནོད་པ་བགེགས་ཀྱི་སྙིང་ལ་ཡཱཿ མེད་པར་ཆོམས་ཤིག་མཱ་ར་ཡ༔ ཡུལ་མཁར་ཁྱིམ་ལ་གཏོར་ཟོར་ཡཱཿ རྡུལ་དུ་རློག་ཅིག་མཱ་ར་ཡ༔ བདག་འཛིན་བདུད་ལ་གཏོར་ཟོར་ཡཱཿ གཉིས་མེད་སྒྲོལ་ཅིག་མཱ་ར་ཡ༔ དམག་ལྟོའི་ཚུལ་དུ་ཐོག་མར་ཚོགས་ལྷག་བཏང་། དེ་ནས་ཆད་མཐོ་ནི། །ཧཱུཾ། སྔོན་ཚེ་འོག་མིན་ཆོས་དབྱིངས་གནས་མཆོག་ཏུ། །བཅོམ་ལྡན་འཇམ་དཔལ་ཀུན་ཏུ་བཟང་པོ་ཡིས། །སྒྲ་ཚིག་བྱ་རྩོལ་བྲལ་བའི་རྒྱུད་གསུངས་ཚེ། །རང་ལས་མི་ཞན་རིག་པའི་རང་གདངས་འཁོར། །མཁའ་ལ་འཇའ་ལྟར་ཤར་བའི་ཚོགས་རྣམས་ཀྱིས། །རང་བྱུང་རང་ཤར་རྟོགས་གྲོལ་དུས་གཅིག་ཏུ། །བླང་དུ་མེད་པའི་དམ་ཚིག་མ་བཅས་སམ། །སྣང་རིག་དོན་གཏོར་ལེན་པར་མ་ཆད་དམ། ཁས་བླངས་ཇི་བཞིན་གཏོར་མ་འདི་ལོང་ལ། །ཇི་ལྟར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །དེ་འོག་བསྐལ་པ་བར་མའི་དུས་ཀྱི་ཚེ། །རི་རྒྱལ་མེ་རི་འབར་བའི་རྩེམོ་རུ། །སྐུ་ཡི་རིགས་འཛིན་འཇམ་དཔལ་བཤེས་གཉེན་གྱིས། །འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་ཞལ་གཟིགས་ནས། །ཟླ་གསང་རྒྱུད་དོན་མན་ངག་ལ་བསྡེབས་ཚེ། །གཤིན་རྗེ་དྲུག་ཁྲིས་སྲོག་སྙིང་རབ་ཕུལ་ནས། །བཀའ་ཡི་གཏོར་ལེན་རྣལ་འབྱོར་བུ་བཞིན་སྐྱོང་། །འཕྲིན་ལས་རྣམ་བཞི་སྒྲུབ་པར་མ་ཆད་དམ། ཁས་བླངས་ཇི་བཞིན་གཏོར་མ་འདི་ལོང་ལ། །ཇི་ལྟར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །དེ་འོག་དུར་ཁྲོད་སྒྲུབ་པའི་གནས་ཆེན་ཚོར། །གཙུག་ལག་དཔལ་དགེ་དྷ་ན་ད་ལ་དང་། །ཤཱནྟིང་གརྦྷ་བྷ་སུ་དྷ་ར་སོགས། །དྲག་སྔགས་བཀའ་བབས་རིགས་འཛིན་ཚོགས་རྣམས་ཀྱིས། །འཇམ་དཔལ་གཤིན་རྗེའི་དངོས་གྲུབ་གྲུབ་པའི་ཚེ། །ལས་ཀྱི་གཤིན་རྗེའི་སྲོག་སྙིང་རབ་ཕུལ་ནས། །བཀའ་ཡི་གཏོར་ལེན་རྣལ་འབྱོར་བུ་བཞིན་སྐྱོང་། །འཕྲིན་ལས་རྣམ་བཞི་སྒྲུབ་པར་མ་ཆད་དམ། ཁས་བླངས་ཇི་བཞིན་གཏོར་མ་འདི་ལོང་ལ། །ཇི་ལྟར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །དེ་འོག་བསྐལ་པ་ཐ་མའི་དུས་ཀྱི་ཚེ། །འཕྲིན་ལས་(༢༡ན)


GLG023_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་གནས་ཡར་ཀླུངས་ཤེལ་བྲག་ཏུ། །པདྨ་ཐོད་ཕྲེང་ཇོ་མོ་མཁར་ཆེན་བཟའ། །སྒྲ་སྒྱུར་ཆེན་པོ་བཻ་རོ་ཙ་ན་ཡིས། །དྲེགས་པ་འཇོམས་བྱེད་དཀྱིལ་འཁོར་ཞལ་ཕྱེ་དུས། །མ་གཤིན་དྲེགས་པའི་སྲོག་སྙིང་རབ་ཕུལ་ནས། །བཀའ་ཡི་གཏོར་ལེན་རྣལ་འབྱོར་བུ་བཞིན་སྐྱོང་། །འཕྲིན་ལས་རྣམ་བཞི་སྒྲུབ་པར་མ་ཆད་དམ། ཁས་བླངས་ཇི་བཞིན་གཏོར་མ་འདི་ལོང་ལ། །ཇི་ལྟར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །དེ་འོག་རྩུབ་འགྱུར་ལྔ་བརྒྱའི་བསྐལ་པ་ལ། །རྔ་ཡབ་ཟངས་མདོག་དཔལ་རིའི་ཕོ་བྲང་དུ། །འཁོར་འདས་དབང་སྒྱུར་པདྨ་འབྱུང་གནས་དང་། །སློབ་མའི་དངས་མ་འགྲོ་འདུལ་གླིང་པ་ཡིས། །འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །རལ་པ་ཚར་དགུས་སྲོག་སྙིང་རབ་ཕུན་ནས། །བཀའ་ཡི་གཏོར་ལེན་རྣལ་འབྱོར་བུ་བཞིན་སྐྱོང་། །འཕྲིན་ལས་རྣམ་བཞི་སྒྲུབ་པར་མ་ཆད་དམ། ཁས་བླངས་ཇི་བཞིན་གཏོར་མ་འདི་ལོང་ལ། །ཇི་ལྟར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ད་ལྟ་སྒྲུབ་པའི་གནས་མཆོག་དམ་པ་འདིར། །མ་དང་མཁའ་འགྲོའི་ཁ་རླངས་མ་ཉམས་པ། །སྨིན་གྲོལ་མན་ངག་ཆད་མེད་བརྒྱུད་འཛིན་པའི། །རིགས་འཛིན་སྔགས་འཆང་བདག་གིས་གཤིན་རྗེའི་གཤེད། །ཚུལ་བཞིན་བསྒྲུབས་ནས་འཕྲིན་ལས་བཅོལ་བའི་ཚེ། །ལས་གཤིན་གཙོར་གྱུར་སྡེ་བརྒྱད་ཚོགས་རྣམས་ཀྱིས། །བཀའ་ཡི་གཏོར་ལེན་རྣལ་འབྱོར་བུ་བཞིན་སྐྱོང་། །འཕྲིན་ལས་རྣམ་བཞི་སྒྲུབ་པར་མ་ཆད་དམ། ཁས་བླངས་ཇི་བཞིན་གཏོར་མ་འདི་ལོང་ལ། །ཇི་ལྟར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །དེ་ནས་ཕྱི་རོལ་དུ་གསེར་སྐྱེམས་བཏང་ཟོར་འཕེན་པ་ནི། རྩང་དམར་མཚེ་ཡུངས་ཐུན་རྫས་མེ། །སྣ་ཚོགས་རྫས་ཀྱིས་བར་བཏགས་པའི། །དྲག་པོའི་ཀོང་བུ་ཟུར་གསུམ་ཅན། །དུག་དང་མཚོན་ཆར་བྱིན་བརླབས་པ། །ལོག་འདྲེན་དགྲ་བགེགས་སྟེང་དུ་བྷྱོ། །སྲོག་རྩ་ཆོད་ལས་རྡུལ་དུ་རློག །བྱད་ཁ་བཟློག་ལ་ཕུར་ཁ་བསྒྱུར། །དྲག་པོའི་འཕྲིན་ལས་སྒྲུབ་པར་མཛོད། །སྒྲུབ་སྔགས་མཇུག་ཏུ་ཨེ་ཡ་མ་ར་ཙ༔ ཤ་ཏྲཱུཾ་རཱུ་པ་ཏྲིག་ནན༔ སྲོག་ཪྣྲི་ཏྲི་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་བྷྱོ༔ ཕུང་ཤུལ་དུར་ཁྲོད་ལ་སོགས་པའི༔ འཇིགས་སུ་རུང་བའི་རྡོ་ནག་པོ། །དྲག་པོ་རྫས་ཀྱིས་ངར་བཏགས་པ། །ལོག་འདྲེན་དགྲ་བགེགས་སྟེང་དུ་བྷྱོ། །སྲོག་རྩ་ཆོད་ལས་རྡུལ་དུ་རློག །བྱད་ཁ་བཟློག་ལ་ཕུར་ཁ་བསྒྱུར། །དྲག་པོའི་འཕྲིན་ལས་སྒྲུབ་པར་མཛོད། །(༢༡བ)


GLG023_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ཆེན་ཚེར་མའི་ཤིང་དག་ལ། །ལྟས་ངན་འབྱུང་པོའི་སྒྲོ་ཡིས་བརྒྱན། །གནམ་ལྕགས་འབར་བའི་མདེའུ་བཙུགས། །ལོག་འདྲེན་དགྲ་བགེགས་སྟེང་དུ་བྷྱོ། །སྲོག་རྩ་ཆོད་ལས་རྡུལ་དུ་རློག །བྱད་ཁ་བཟློག་ལ་ཕུར་ཁ་བསྒྱུར། །དྲག་པོའི་འཕྲིན་ལས་སྒྲུབ་པར་མཛོད། །གྲུ་གསུམ་ས་ཡི་ཀོང་བུའི་ནང་། །དམར་ནག་ཁྲག་གི་མཚོ་བསྐྱིལ་བར། །ཧ་ལ་ནག་པོའི་ངར་བཏགས་པ། །ལོག་འདྲེན་དགྲ་བགེགས་སྟེང་དུ་བྷྱོ། །སྲོག་རྩ་ཆོད་ལས་རྡུལ་དུ་རློག །བྱད་ཁ་བཟློག་ལ་ཕུར་ཁ་བསྒྱུར། །དྲག་པོའི་འཕྲིན་ལས་སྒྲུབ་པར་མཛོད། །གནམ་ལྕགས་འབར་བའི་སྣོད་ནང་དུ། །འབྲུ་ནག་དར་བཏགས་དཔལ་གཏོར་ལ། །དྲག་པོའི་རྫས་ཀྱིས་ཉེར་བརྒྱན་པ། །ལོག་འདྲེན་དགྲ་བགེགས་སྟེང་དུ་བྷྱོ། །སྲོག་རྩ་ཆོད་ལས་རྡུལ་དུ་རློག །བྱད་ཁ་བཟློག་ལ་ཕུར་ཁ་བསྒྱུར། །དྲག་པོའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་དམིགས་པ་དང་བཅས་དགྲ་བགེགས་བར་ཆོད་ཐམས་ཅད་རྡུལ་དུ་བརླག་པར་བསམ་ཞིང་བསྲུང་བ་ནི། ཧཱུཾ། དང་པོ་ཐིག་ལེ་ཉག་གཅིག་རྒྱ། །གཉིས་པ་ཐབས་དང་ཤེས་རབ་རྒྱ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་ཚད་མེད་བཞི་ཡི་རྒྱ། །ལྔ་པ་རྒྱལ་བ་རིགས་ལྔའི་རྒྱ། །དྲུག་པ་ཐུབ་པ་དྲུག་གི་རྒྱ། །བདུན་པ་སངས་རྒྱས་རབས་བདུན་རྒྱ། །བརྒྱད་པ་སེམས་དཔའ་བརྒྱད་ཀྱི་རྒྱ། །དགུ་པ་ཐེག་པ་རིམ་དགུའི་རྒྱ། །བཅུ་པ་ཁྲོ་བོ་བཅུ་ཡི་རྒྱ། །བཅུ་གཅིག་ཨྱོན་པདྨའི་རྒྱ། །བཅུ་གཉིས་རྣལ་འབྱོར་བདག་གི་རྒྱ། །བཅུ་གསུམ་རྡོ་རྗེ་འཛིན་པའི་རྒྱ། །བཅུ་བཞི་ཕན་ཆད་མྱ་ངན་འདས། །མྱ་ངན་འདས་པའི་ཕ་རོལ་ན། །སྣང་སྲིད་འཁོར་འདས་དགྲར་ལངས་ཀྱང་། །དགྲ་ཞེས་བྱ་བའི་མིང་ཡང་མེད། །བགེགས་ཞེས་བྱ་བའི་མིང་ཡང་མེད། །མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །བསྲུང་སྔགས་བཟླ་ཞིང་མེ་ཆུས་རྒྱས་འདེབས། གཏོར་གཞོང་གི་བཤལ་ཆུས་བསྟན་མ་བསྐྱང་ཞིང་སྒོ་དྲུང་དུ་བྲོ་བརྡུང་། །ནང་དུ་སླེབས་ནས་ཚེ་འགུགས། །གཏང་རག་ནི། ཧཱུཾ། ཕྱི་ནང་ཉེར་སྤྱོད་སྨན་རག་གཏོར་གསུམ་སོགས། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོའི་ཚོགས། །གཤིན་རྗེ་གཤེད་པོའི་ལྷ་ཚོགས་འཁོར་(༢༢ན)


GLG023_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ། །འབུལ་གྱིས་བཞེས་ལ་དངོས་གྲུབ་རྣམ་གཉིས་སྩོལ། །གཤིན་རྗེའི་གཤེད་ཀྱི་ཡི་གེ་བརྒྱ་པ་བརྗོད་དེ། ནོངས་པ་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་བྱ་ཞིང་མེད་ན་གཤེགས་གསོལ་དང་དཀྱིལ་འཁོར་ཉེར་སྡུ་བྱེད། སྨོན་ལམ་ནི། དགེ་བ་འདི་ཡིས་བདུད་བཞིའི་དཔུང་བཅོམ་སྟེ། །ཀུན་བཟང་འཇམ་དཔལ་གཤིན་རྗེའི་ས་བརྙེས་ནས། །རང་དོན་མཐར་ཕྱིན་མཁའ་མཉམ་སེམས་ཅན་རྣམས། །ཕན་དང་བདེ་བའི་དཔལ་ལ་སྤྱོད་པར་ཤོག །ཤིས་པ་བརྗོད་པ་ན། སྐུ་ཡི་རིགས་འཛིན་རྩ་བརྒྱུད་བླ་མ་དང་། །འཇམ་དཔལ་ཞི་ཁྲོ་ཡི་དམ་དཀྱིལ་འཁོར་ལྷ། །མ་དང་མཁའ་འགྲོ་ལས་གཤིན་སྲུང་མ་ཡི། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །གཞན་ཡང་ཤིས་བརྗོད་ཅི་རིགས་བྱའོ། །ཟླ་གསང་རྒྱུད་སྡེ་རྒྱ་མཚོའི་བཅུད་ཕྱུང་བ། །སངས་རྒྱས་གཉིས་པ་ཨྱོན་ཞལ་གྱི་ལུང་། །དྲག་སྔགས་བཀའ་བབས་བཻ་རོ་ཙ་ན་ཡི། །ཟབ་ཆོས་དྲེགས་པ་འཇོམས་བྱེད་གཤིན་རྗེའི་སྐོར། །ཤེལ་བྲག་རི་བོར་རྒྱས་བཏབ་གསང་བའི་གཏེར། །འགྲོ་འདུལ་གཏེར་བདག་གླིང་པས་སྤྱན་དྲངས་པ། །ཤོག་སེར་དྲི་ངད་ལྡང་བའི་ཙནྡན་ལྗོན། །དགྲ་བགེགས་ཚ་གདུང་གཞིལ་བའི་ཆོ་ག་མཁན། །གང་གི་འཕྲིན་ལས་བཞི་དང་ཁྱད་པར་དུ། །དྲག་སྦྱོར་མངོན་སྤྱོད་ནང་ཚན་ཟོར་གྱི་ལས། །གནམ་ལྕགས་འབར་བའི་ཐོག་གི་མདའ་ཆེན་པོས། །དགྲ་བགེགས་སྡེ་བརྒྱད་མགོ་བོ་ཅིག་ཅར་འགེམས། ༣ །འདི་ཀོ་རྩོད་བྲལ་སྤྲུལ་པའི་གཏེར་སྟོན་གྱིས། །བཀླགས་ཆོག་ཚུལ་དུ་སྒྲིགས་ཞེས་སྐབས་དབྱེ་ལྟར། །ལུང་ཟིན་ཆོས་ཀྱི་བདག་པོར་ཉེར་རློམ་པའི། །ཟ་ཧོར་སྔགས་སྨྱོན་(༢༢བ)


GLG023_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་པ་རྩལ་གྱིས་བཀོད། ༤ །བསོད་ནམས་བཙུག་ན་ཟླ་བའི་མིག་གི་མེས། །དགྲ་བགེགས་དགའ་རབ་དབང་ཕྱུག་ལུས་བསྲེགས་ནས། །ཐུབ་བསྟན་སུམ་རྩེན་ལྷ་རྣམས་རྒྱལ་བའི་རྔ། །བརྡུངས་པའི་སྒྲ་ཡིས་འཇིག་རྟེན་ཀུན་ཁྱབ་ཤོག ༥ །ཅེས་རྣམ་སྣང་ལོ་ཙཱའི་ཡང་སྲིད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པས་ཡར་ཀླུངས་ཤེལ་རི་རྒྱལ་མཚན་འདྲ་བའི་བྱང་འདབས་ཀྱི་བྲག་ངོས་ནས་སྤྱན་དྲངས་པའི་འཇམ་དཔལ་དྲེགས་པ་འཇོམས་བྱེད་ཀྱི་སྨད་ལས་དྲག་པོ་ཟོར་གྱི་སྐོར་ཆོག་སྒྲིགས་བཀླགས་ཆོག་མ་ཞིག་བྲིས་ཞེས་རིགས་འཛིན་ཆེན་པོ་ཉིད་ཀྱི་གསུང་དང་དུ་བླངས་ཏེ་སྨད་ལས་གནམ་ལྕགས་འབར་བའི་ཐོག་མདའ་འདི་ནི་ཟ་ཧོར་གྱི་སྔགས་རྒན་ཟིལ་གནོན་བཞད་པ་རྩལ་གྱིས་གཏེར་གཞུང་རྡོ་རྗེའི་ཚིག་རྣམས་རང་སོར་བཞག །ཁ་འགེང་དགོས་པ་སྒྲོལ་ཆེན་བསམ་གྲུབ་རྡོ་རྗེས་མཛད་པའི་ཚེ་བདག་གི་འཕྲིན་ལས་འབྲིང་པོ། འབྲི་ཁུང་ལུགས་ཀྱི་ཡང་བཟློག་མེའི་སྤུ་གྲིའི་ལྷན་ཐབས་རིགས་འཛིན་ཀུན་དགའ་ཚེ་མཆོག་གིས་མཛད་པའི་འཇམ་དཔལ་ཁྲོ་ཆུ་དུག་སྡོང་གི་སྨད་ལས། བྱང་གཏེར་ཕུར་བཟློག་གི་ཆོག་བསྒྲིགས་རྣམས་ལས་བླངས་ཤིང་། གསེར་སྐྱེམས། ལིང་རོ་འབུལ་བའི་འཕྲིན་བཅོལ། ཆད་མཐོ་སོགས་འགའ་ཞིག་རང་བློས་གསར་དུ་བསྐྲུན་ཏེ་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ་རྣམ་འདྲེན་ཤཱཀྱ་སེང་གེས་གཞན་སྡེ་ཚར་བཅད་པའི་ཆོ་འཕྲུལ་གྱི་དུས་ཆེན་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་ལ་རྒྱལ་ཁབ་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་བདུད་སྡེའི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིག། །། སརྦ་མངྒ་ལཾ།། །།

འཆི་བདག་ཞལ་དབྱེའི་ཕྲིན་ལས་རྒྱུན་འཁྱེར་ཚིག་ཉུང་དོན་གསལ་བ།


GLG023_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བདག་ཞལ་དབྱེའི་ཕྲིན་ལས་རྒྱུན་འཁྱེར་ཚིག་ཉུང་དོན་གསལ་བ་བཞུགས་སོ། །


GLG023_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་སྟོབས་མི་བཟད་འབར་བའི་རྡོ་རྗེ་ཡིས། །བདུད་དཔུང་ཕྱེར་འཐག་པདྨ་འབྱུང་གནས་དང་། །དྲག་སྔགས་བདག་པོ་གནུབས་ཆེན་ཡབ་སྲས་ཀྱི། །བཞེད་གཞུང་འཆི་བདག་འཕྲིན་ལས་རྒྱུན་འཁྱེར་འདྲི། །རྟེན་དང་ཕྱི་ནང་དམ་རྫས་ཉེར་མཁོའི་ཡོ་བྱད་རྣམས་འདུ་བགྱིས། མཆོད་རྫས་རྣམས། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དགྲ་བགེགས་གདུག་པ་ཅན་མཐའ་དག་བསྒྲལ་བ་ལས་བྱུང་བའི་ཁྲག་གི་ཡོན་ཆབ། དབང་པོའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། མཁྲིས་ཆེན་གྱི་དྲི་ཆབ། །ཙིཏྟའི་ཞལ་ཟས། རྐང་ཆེན་གྱི་གླིང་བུ་ལ་སོགས་མཆོད་པའི་རྫས་བསམ་གྱིས་མི་ཁྱབ་པར་བསམ། ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཙ་ནི། བྷེ་ཝ་ས་ཏྭ་ཛ་མ་རི་ཧཱུཾ། སརྦ་འབུ་པ་ཏ་ཡ་པ་ཏི། ཨརྒྷ་ཨཱཿཧཱུཾ། པུཥྤེ་ནས་ཤཔྟའི་བར་བརྗོད། ཆང་ལ་ཆོས་སྨན་བཏབ་ན་ཆེད་གཉེར་བརླབ་མི་དགོས་ཤིང་མེད་ཀྱང་བདག་བསྐྱེད་ཀྱི་དུས་སོང་བས་ཆད་སྐྱོན་མེད། གཏོར་མ་བསངས་སྦྱངས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་(༢ན)


GLG023_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཨ་ལས་བྷནྡྷའི་སྣོང་ལྕང་ལོར་བཅས་པ་གྲུ་གསུམ་འབར་བའི་ནང་དུ་ནྲྀ་དང་ཏྲི་ལས་རྣམ་པར་དགྲ་བགེགས་བྱད་མའི་ཤ་ཁྲག་ལ་ངོ་བོ་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། ཨཱོཾ་མ་ཧཱ་བ་ལིནྟ་ཧཱུཾ་ཧྲཱིཿཋ་ལན་གསུམ། རཀྟ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་སྲིད་གསུམ་དགྲ་བགེགས་གདུག་པ་ཅན་མ་ལུས་པ་བསྒྲལ་བ་ལས་བྱུང་བའི་རཀྟའི་རྒྱ་མཚོ་ཆེན་པོ་ལྦུ་འཕྲེང་རྦ་རླབས་འཕྱོ་ཞིང་ཡོངས་སུ་གང་བ་ལས་ཀྱི་གཤིན་རྗེའི་ལྷ་ཚོགས་དགྱེས་པ་བསྐྱེད་ནུས་པར་བསམ། ཨཱོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུཾ་ཧྲཱིཿཋ་ལན་གསུམ་གྱིས་བརླབ་བོ། །ལས་ཁུང་དང་རྟེན་བསངས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་ལྕགས་ཁང་སྒོ་མེད་ཟུར་གསུམ་པ་ཡངས་ཤིང་རྒྱ་ཆེ་བའི་ཕྱི་ལྕགས་མཁར་ཐོད་པའི་ར་བས་བསྐོར་བའི་ནང་མུན་པ་ནག་པོའི་གླིང་ཕྲག་དོག་གི་རླུང་གིས་ཞེ་སྡང་གི་མེ་སྦར་ཞིང་འདོད་ཆགས་ཀྱི་ཁྲག་དུག་ཁོལ་བའི་རླངས་པས་གཏི་མུག་གི་མུན་པ་འཐིབས་པའི་དབུས་སུ་ལྕགས་མཁར་གཅིག །དེའི་ཕྱི་རོལ་ཏུ་རིམ་པ་བཞིན་ལྕགས་མཁར་བརྒྱད། བཅུ་གཉིས། མུན་པའི་གླིང་། ལྕགས་མཁར་བཅུ་དྲུག་(༢བ)


GLG023_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འཇིགས་ཤིང་རྔམ་པ་དུར་ཁྲོད་ཀྱི་རྫས་ལས་གྲུབ་པའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་འཆི་བདག་གཤིན་རྗེའི་ཕོ་བྲང་འཇིགས་ཤིང་སྐྱི་གཡའ་བའི་དབུས་ཀྱི་ལྕགས་མཁར་དུ་དགྲ་བོ་གན་རྐྱལ་ཁ་སྦུབ་ཏུ་བརྫིས་པའི་མ་ཧེ་ནག་པོ་ཁ་གདངས་ཤིང་མཆེ་བ་གཙིགས་པ་རྣོ་ངར་དང་ལྡན་པའི་རྭ་གདེངས་པ་འཇིགས་སུ་རུང་བའི་སྟེང་ཡ་ནག་པོ་ལས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས། ལོག་འདྲེན་དགྲ་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་འཆི་བདག་གཤིན་རྗེ་བྷེ་ཝ་ས་ཏྭ་སྐུ་མདོག་རྡོ་སོལ་ལྟར་གནག་པ་སྲིན་པོའི་ཞལ་ཅན། རབ་ཏུ་ཁྲོས་པའི་གཉེར་མ་སྨིན་མཚམས་སུ་བསྡུས་ཤིང་དམར་ལ་ཟླུམ་པའི་སྤྱན་གསུམ་ཕྱོགས་བཅུར་གཟིགས་པ། གནམ་ས་ལྟ་བུའི་ཞལ་གདངས་པ་ལས་རླངས་པ་དུག་གི་མེ་ལྕེར་འབར་བ། ཚེམས་དང་མཆེ་བ་གངས་རི་ལྟ་བུའི་བར་ནས་ལྗགས་གློག་བཞིན་འཁྱུག་པའི་གྲ་ནས་ཁྲག་རྒྱུན་འཛག་པ་དབུ་སྐྲ་དང་སྨིན་མ་སྨ་ར་རྣམས་མེ་ལྟར་འབར་བ། ཕྱག་གཡས་བེ་ཅོན་འཕྱར་ཞིང་གཡོན་གནམ་ལྕགས་ལས་གྲུབ་པའི་མཚོན་ཆའི་འཁོར་ལོ་བསྐོར་བ། གསུས་ཁྱིམ་ཆེ་ཞིང་ལྟོ་བ་འཕྱང་བ། མི་ལྤགས་ཀྱི་གཡང་གཞི་དང་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་ཞིང་རུས་པའི་རྒྱན་དྲུག་གིས་སྤྲས་པ། རྒྱུ་མ་དང་དུག་སྦྲུལ་ཁྲག་ཞག་གི་ཐིག་ལེས་བརྒྱན་ཅིང་ཞབས་གཉིས་པ། མ་ཧེ་ལ་ཞོན་ནས་སྟོང་གསུམ་མྱུལ་བ། བྷྱོ་ལས་གཏུམ་མོ་དུག་ཧྲུལ་མ་ནག་མོ་ཁྲོ་ཞིང་རྔམ་པ། གཡས་གྲི་གུག་དང་གཡོན་ཐོད་ཁྲག་བཟུང་ནས་དགྲ་ལ་ནད་ཡམས་གཏོང་ཞིང་ལས་ཀྱི་རླུང་དམར་ལ་ཞོན་པ། གཉིས་ཀའང་མེ་རླུང་འཁྲུག་པའི་ཀློང་དཀྱིལ་(༣ན)


GLG023_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཞུགས་པ། ཡབ་ཡུམ་དེ་གཉིས་ཀྱི་ལྟོ་བར་སྲིད་པའི་གྲོང་ཁྱེར་ལྕགས་མཁར་བཅུ་དྲུག་ཕྱི་ནང་དུ་མ་མེ་ད་ཀྵེ། རཱ་ཙ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཛ་ནི་རྣམས་དང་ནང་གི་དབུས་སུ་ཡ་ཡོངས་སུ་གྱུར་པ་ལས་རང་འདྲའི་ལས་གཤིན་ཡབ་ཡུམ་གྱི་འཁོར་དུ་གཤེད་བཞི་ཁྲམ་ཐོགས་བཅུ་གཉིས་སོགས་ལྷ་སྲིན་སྡེ་བརྒྱད་བུ་ཡུག་ལྟར་འཚུབ་པས་དགྲ་བགེགས་སྒྲོལ་བའི་ལས་བྱེད་པའི་བདག་ཉིད་ཅན་དུ་བསམ། འཆི་བདག་ཡབ་ཡུམ་གྱི་འཁོར་དུ་ལྕགས་མཁར་བརྒྱད་ཀྱི་ནང་ན་ཕྱོགས་ཀྱི་ཡི་གེ་བཞི་ལས་གཤེད་བཞི་གྲུབ་པ་ནི། ཤར་དུ་གཤིན་རྗེ་ཡ་མ་རཱ་ཛ་སྨུག་ནག །ལྷོར་བདུད་པོ་མྱོས་བྱེད་འབར་བ་སེར་ནག །ནུབ་ཏུ་སྲིན་པོ་ཨཱཪྱ་མ་རུ་དམར་ནག །བྱང་དུ་གནོད་སྦྱིན་རལ་པ་ཚར་དགུ་ལྗང་ནག །བཞི་གའང་གཡས་རིམ་བཞིན་རྡོ་རྗེ་རིན་ཅེན་པདྨ་རྒྱ་གྲམ་གྱིས་མཚན་པའི་བེ་ཅོན་དང་གཡོན་མཚོན་ཆའི་འཁོར་ལོ་འཛིན་པ། མཚམས་བཞིར་གཤེད་མོ་བཞི་དང་བཅས་པ། དེའི་ཕྱི་རོལ་ཏུ་ཡི་གེ་བཅུ་གཉིས་ལས་ཁྲམ་བདག་བཅུ་གཉིས་གྲུབ་པ་ནི་ཤར་ནས་བརྩམས་ཏེ་གཡས་སྐོར་དུ་བདུད་འཇོམས། དམར་པོ། ཀོང་ཙེ་བྲག་འཇོམས། མིག་དམར། མགོ་དགུ། ལྷ་མཆོག །ཨ་བ་གླང་མགོ །ཏེལ་པ། ཡ་བ་ཏི། སྟག་མགོ །ཕྱ་སངས། ཆོས་རྒྱལ་རྣམས་རང་རང་གི་ཆུང་མ་དང་བཅས་པའི་ཡབ་རྣམས་གཡས་དབྱུག་ཏོ་དང་གཡོན་ཞགས་པ། ཡུམ་རྣམས་གཡས་སྤུ་གྲི་དང་གཡོན་ཐོད་ཁྲག་ཐོགས་པ། དེ་དག་གི་འཁོར་དུ་གཤིན་རྗེ་ཕོ་མོ་བདུན་བརྒྱ་ཉི་ཤུ། ཤ་ཟ་ཡི་དྭགས་འཇིག་རྟེན་དྲེགས་པའི་ཚོགས་འཇིགས་སུ་རུང་བས་ས་གཞི་བར་སྣང་(༣བ)


GLG023_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁྱོན་ཐམས་ཅད་གང་བར་བསམ། སྤྱན་དབྱེ་ནི། ཡ་མ་རཱ་ཛ་ནྲི་ཛ༔ ཧཱུཾ། ཡ་མཱནྟ་ཀྲྀ་ཏ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། སྙན་དབྱེ་ནི། ཡ་མན་ཙཀྲ་གྲ་ཧ་པྲ་བེ་ཤ་ཤ །ཤངས་དབྱེ་ནི། ནྲྀ་ཡཾ་བྷྲུཾ་བྲུཾ། ཞལ་དབྱེ་ནི། ཧ་ཧ་པྲ་བེ་ཤ་ཁཱ་ཧི། དྲག་པོར་འགྱུར་བ་ནི། ཏྲི་པོ་པྲ་བེ་ཤ་བཛྲ་ཨངྐུ་ཤ་ལཾ། བཞེངས་བསྐུལ་ནི། མུཉྫ་བ་སི་ལ། ཞེས་བརྗོད། ལག་གཡས་བེ་ཅོན་དང་གཡོན་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། ཨཱོཾ་ན་མོ་བུདྡྷ་ཡ། དྷརྨ་སངྒྷེ་བྷྱཿ ཏ་ཐཱ་ག་ཏ་ཀྲོ་ཏ་བི་ཛ་ཡ་ཨགྷིརྫ་ལི་ཏཱ་པྲ་ཙ་ཤི་ཀ་པྲ་ཏ་ཡ་ཧཱུཾ་ཕཊ། བེ་ཅོན་ས་གཞིར་བསྣུན་པས་ས་གཞི་གས་ནས་སྒོ་བྱེ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ཏེ་ལས་ཀྱི་གཤིན་རྗེའི་སྙིང་གའི་ཡ་ལ་འཕོག་པས་རླུང་གི་དཀྱིལ་འཁོར་གྱི་སྟེང་རྒྱ་མཚོ་ཆེན་པོའི་འོག་གཤིན་རྗེ་བྷེ་ཝ་ས་ཏྭ་འཁོར་དང་བཅས་པ་སྐད་ཅིག་གིས་གློག་འཁྱུག་པ་ལྟར་བཀུག་པར་བསམས་ལ། འབོད་པའི་བརྡ་ལན་གསུམ། བཤུག་གླུ་ལན་གསུམ། མི་རྐང་འབུད་ཐེངས་གསུམ། ཐལ་མོ་ལན་གསུམ་བརྡབ། དར་ནག་གིས་ཕྱོགས་བཞི་ནས་ལན་གསུམ་རེ་གཡབ་ཅིང་ཐོད་རྔ་དང་རྫ་རྔ་བརྡུང་ཞིང་ཤ་ཚལ་གྱི་དུད་པ་བཏང་སྟེ། ཧཱུཾ། འདི་ནས་བྱང་ཕྱོགས་རི་རབ་ཆེན་པོའི་རྨང་། །དཔག་ཚད་བརྒྱད་ཁྲི་ཐུར་དུ་ཟུག་པ་ནས། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །ཡིད་ཀྱིས་རྒྱུ་བའི་སྒོ་ཅན་ན། །ཕྱོགས་ཕྱོགས་མི་རོས་གཏམས་པའི་གནས་མཆོག་ན། །འཆི་བདག་ལས་ཀྱི་གཤིན་རྗེ་ཆེན་པོ་དང་། །བདུད་ཀྱི་རྒྱལ་མོ་དུག་ཧྲུལ་གོས་གྱོན་མ། །ལས་ཀྱི་གཤེད་པོ་ཁྲམ་བདག་ཡབ་ཡུམ་རྣམས། །སྲིད་གསུམ་ལྟོ་ན་འཆང་ཞིང་འགལ་བྱེད་ཞགས་པས་(༤ན)


GLG023_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན། །བེ་ཅོན་འཁོར་ལོ་བསྐོར་ཞིང་དམ་ཉམས་རྩད་ནས་གཅོད། །བསྟན་པ་གཉན་བསྲུང་ལས་ཀྱི་རྫུ་འཕྲུལ་ཅན། །ཐ་ཚིག་གཉན་པོ་ཐུགས་དམ་རྒྱུད་བསྐུལ་གྱི། །དམ་ཚིག་རྗེས་སུ་དྲན་ཞིང་དམར་ཆེན་དམ་ལ་བྷྱོ། ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཙ་ནི། བྷྱེ་ཝ་ས་ཏྭ། ཛ་མ་རི་ཧཱུཾ། ཨ་ར་ལི་ཏོ། ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟཾ། བཞུགས་གསོལ་ནི། ཧཱུཾ། གྲུབ་པའི་འཆི་བདག་གཤིན་རྗེ་སྲིང་མོའི་ཚོགས། །མིང་དང་སྲོག་ཏུ་བརྗོད་པས་གྲུབ་པའི་ཚོགས། །རྡོ་རྗེའི་ཐ་ཚིག་དམ་ཚིག་རྗེས་དྲན་ཞིང་། །གྲུབ་པའི་ལས་རྣམས་སྔོན་ཚེ་ཁས་བླངས་ཏེ། །དཀྱིལ་འཁོར་གནས་འདིར་དམ་ཚིག་བརྟན་པར་བཞུགས། །ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཙ་ནི། ས་མ་ཡ། ཡ་ན་མ་ར། ཨ་དྷི་ཏི་ཥྛ་ས་མ་ཡ་ལྷན། ཟིལ་གྱིས་གནོན་པ་ནི། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ཏེ། ཨཱོཾ་ཤྲཱི་མཉྫུ་ཀྲོ་ཏ་ཛྙ་སརྦ་དུཥྚཱཾ་བྷནྡྷ་ཡ་ཕཊ། དབང་དུ་བསྡུ་བ་ནི། རྩེ་གསུམ་གྱི་ཕྱག་རྒྱ་བསྟན་ལ། ཧཱུཾ། འཇིག་རྟེན་འཆི་བདག་གཤིན་རྗེ་མཐུ་ཆེན་རྣམས། །འཇིགས་རུང་ལས་ཀྱི་རྫུ་འཕྲུལ་སྟོབས་ཆེན་ལས། །ཡེ་ཤེས་ཏིང་ངེ་འཛིན་གྱི་བྱིན་སྟོབས་ཀྱིས། །འཇིག་རྟེན་གདུག་པ་འདུལ་བའི་ཡེ་ཤེས་དང་། །སྲིད་པའི་སྙིང་ཁྲག་འདྲེན་པའི་ཏིང་འཛིན་ང་ལ་ཡོད། །ང་ནི་བགེགས་ཆེན་འདུལ་བ་ཡི། །སངས་རྒྱས་རྫུ་འཕྲུལ་བདག་སྦྱོང་བས། །བགེགས་ཀྱི་ཚོགས་རྣམས་ངལ་འདུལ་ལོ། །ཨཱོཾ་ཧྲཱིཿཥྚཱི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་མཧཱ་པི་ཀ །ཛི་བི་ཏ་ཨནྟ་ཀ་ར། སརྦ་དུ་ཤ་སྟཾ་བ་ཡ་ཧཱུཾ་ཕཊ། དམ་ཚིག་བསྟན་པ་ནི། རྡོ་རྗེ་རྩེ་གཉིས་པའི་ཕྱག་རྒྱ་(༤བ)


GLG023_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ། ཧཱུཾ། སྔོན་ཚེ་དཔལ་ཆེན་གཤིན་རྗེའི་གཤེད། ཁྲོ་མཆོག་འབར་བའི་སྐུ་མངའ་དེས། །འཆི་བདག་གཤིན་རྗེ་གཟིར་ནག་ནི། །དྲེགས་པ་སྤོངས་ནས་སྲོག་སྙིང་ཕུལ། །ཕོ་བྲང་འཁོར་དུ་དམ་ཚིག་བྱིན། །སྐུ་གསུང་ཐུགས་སུ་བདག་སྦྱོར་བའོ། །ཕོ་བྲང་དཀྱིལ་འཁོར་མངའ་བདག་འདིར། །རྟག་ཏུ་དམ་ཚིག་ཚུལ་བཞིན་གྱིས། །བྷེ་ཝ་ས་ཏྭ། ས་མ་ཡེ་ས་མ་ཡ་ཐཱ། དམ་བསྒྲག་ནི། བེ་ཅོན་གྱི་ཕྱག་རྒྱ་བསྟན་ཏེ། ཧཱུཾ། འཆི་བདག་ནག་པོ་འཁོར་བཅས་རྣམས། །རང་སེམས་དཔང་དུ་རབ་བཙུགས་ལ། །དམ་ཚིག་དག་ལ་གནས་པར་གྱིས། །འགལ་ན་མགོ་བོ་ཚལ་པར་འགས། །ཡ་མ་རཱ་ཛཱ་ས་མ་ཡ་ཧཱུཾ་ཕཊ། རྡོ་རྗེ་མནའ་ཆུ་སྦྱིན་པ་ནི། ཆུ་སྟེར་བའི་སྟངས་ཀ་དང་བཅས་ཏེ། ཧཱུཾ། འདི་ནི་འཇམ་དཔལ་གཤིན་རྗེའི་གཤེད། །སྤྱན་སྔར་ཁས་བླངས་རྡོ་རྗེའི་ཆུ། །མ་ཉམས་དངོས་གྲུབ་འཐོབ་བྱེད་ཅིང་། །འགལ་ན་མགོ་འགས་དམྱལ་བར་ལྷུང་། ཡ་མ་རཱ་ཛ་ཨི་དཾ་ཧོཿ པཀྵ་ས་མ་ཡ་ཨི་དཾ་ན་ར་སྐན། རྡོ་རྗེའམ་ཕྱག་རྒྱ་སྤྱི་བོར་བཞག་པར་མོས་ཏེ། ཧོཿ འཆི་བདག་ལས་ཀྱི་གཤིན་རྗེ་བྷེ་ཝ་ས་ཏྭ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་སློབ་དཔོན་པདྨ་འབྱུང་གནས་གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པའི་ཚོགས་ཀྱི་དམ་ཚིག་དྲན་པར་གྱིས་ལ་མངོན་སྤྱོད་དྲག་པོའི་འཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པར་མཛོད་ཅིག །ཡ་མ་རཱ་ཛ་བཛྲ་ས་མ་ཡ་ཧཱུཾ། ཁྲག་གི་མཆོད་ཡོན་ནི། ཧཱུཾ། གྲུབ་པའི་འཆི་བདག་གཤིན་རྗེའི་ཚོགས། །འཕུང་བྱེད་ཤ་ཁྲག་ཞལ་གསོལ་ཏེ། །དམར་ཆེན་ཁྲག་ལ་ས་(༥ན)


GLG023_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡ། །མཐུན་པའི་དམ་རྫས་འདི་ལ་རོལ། །ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཙ་ནི། ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་མ་ཧཱ་རཀྟ་པྲ་ཏཱིཙྪ་ཧོ༔ ཨརྒྷཾ་པྲ་ཏཱིཙྪ་ཁ་རཾ་ཁཱ་ཧི། བཟེད་ཞལ་དུ་སྦྲེང་། ཉེར་སྤྱོད་ནི། ཧཱུཾ། ལས་ཀྱི་གཤིན་རྗེ་འཁོར་བཅས་ལ། །དབང་པོའི་མེ་ཏོག་རྣམ་པར་བཀྲ །ཤ་ཆེན་དུད་པ་སྤྲིན་བཞིན་གཏིབས། །ཚིལ་ཆེན་མར་མེ་ཉི་ལྟར་གསལ། །མཁྲིས་པའི་དྲི་ཆབ་རྦ་ཀློང་འཁྲུག །ཤ་རུས་ཞལ་ཟས་རི་ལྟར་སྤུངས། །ཐོད་རྔ་རྐང་གླིང་རོལ་མོ་འབུལ། །དགྲ་བགེགས་སྒྲོལ་བའི་འཕྲིན་ལས་མཛོད། །ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། རཱ་ཡ་ཙ་ནི། ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་པུཥྤེ་ནས་ཤཔྟ་པྲ་ཏཱིཙྪ་སྭཱཧཱ། སྨན་ནི། ཧཱུཾ། རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི། །བདུད་རྩི་སྨན་གྱི་མཆོད་པ་ནི། །འཆི་བདག་གཤིན་རྗེའི་ཚོགས་ལ་འབུལ། །བཞེས་ནས་འཕྲིན་ལས་སྒྲུབ་པར་མཛོད། །ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཙ་ནི། ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རཀྟ་ནི། ཧཱུཾ། མི་དང་སྲོག་ཆགས་སྣ་ཚོགས་པ། །བསད་ཁྲག་རཀྟའི་མཆོད་པ་འདི། །འཆི་བདག་གཤིན་རྗེའི་ཚོགས་ལ་འབུལ། །བཞེས་ནས་འཕྲིན་ལས་སྒྲུབ་པར་མཛོད། །ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཙ་ནི། ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་མ་ཧཱ་རཀྟ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གཏོར་མ་ནི། ཕྱུགས་ཆེན་ཤ་དང་ཁྲག་དང་རྐང་། །ལྟ་བ་རུས་པ་བདུད་རྩི་སྦྱར། །དབང་པོ་ཚིམ་བྱེད་འདོད་ཡོན་ལྔ། །འདོད་ཡོན་བདུད་རྩིའི་ཏིང་འཛིན་(༥བ)


GLG023_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །གྲུབ་པའི་གཤིན་རྗེའི་ཚོགས་ལ་འབུལ། །ཧ་ཧ་ཧི་ཧི་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷ་ལིཾ་མཆོད་པ་བཞེས་སུ་གསོལ། ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ན། ར་ཡ་ཙ་ནི། ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་མ་ཧཱ་བྷ་ལིནྟ་ཁ་རཾ་ཁཱ་ཧི། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བྷ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཀེ་ཾནྀ་ཏི་ཁཱ་ཧི། ལན་གསུམ་བརྗོད། ནས་ནག་འཐོར་ཞིང་། ཧོ། འཆི་བདག་གཤིན་རྗེའི་ཚོགས་རྣམས་ལ་སྔར་བཅོལ་ལེགས་པའི་གཏང་རག་དང་ད་འཆོལ་སྒྲུབ་པའི་གསོལ་འདེབས་ཀྱི་རྟེན་དུ་མཆོད་གཏོར་རྒྱ་ཆེན་པོ་འདི་འབུལ་གྱིས་བཞེས་ལ་རིག་པ་འཛིན་པ་བདག་གིས་བཅོལ་བའི་དྲག་པོའི་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པའི་འཕྲིན་ལས་མཛོད་ཅིག །བསྟོད་པ་ནི། ཧཱུཾ། མུན་པའི་མདོག་ཅན་སྲིན་པོའི་གཟུགས། །མ་ཧེ་ཞོན་ནས་སྟོང་གསུམ་མྱུལ། །སྣ་ཚོགས་མཚོན་ཆས་དགྲ་སྲོག་གཅོད། །འཆི་བདག་ནག་པོ་ཁྱོད་ལ་བསྟོད། །སྦྱོར་ཡུམ་གཏུམ་མོ་རོ་གོས་མ། །ལས་ཀྱི་གཤེད་བཞི་གཤེད་མོ་དང་། ཁྲམ་བདག་བཅུ་གཉིས་ཆུང་མར་བཅས། །འཁོར་གྱི་བཀའ་ཉན་རྣམས་ལ་བསྟོད། །སྤྲུལ་པ་ཡང་སྤྲུལ་ལ་སོགས་པ། །རབ་འཇིགས་གཤིན་རྗེའི་དམག་ཚོགས་དང་། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི། །འཁོར་དང་བཅས་ལ་བདག་བསྟོད་དོ། །བཟླས་པ་ནི་ལས་གཤིན་གྱི་ཐུགས་ཀར་ཉི་མའི་གདན་ལ་ཡ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ། འཁོར་རྣམས་ཀྱི་ཐུགས་ཀར་རང་རང་གི་ས་བོན་གྱིས་མཚན་པ། བདག་ཡ་མཱ་རཱིའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པ་ལས་གཤིན་གྱི་(༦ན)


GLG023_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ས་བོན་སྔགས་འཁོར་དང་བཅས་པ་ལ་འཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་བདག་གིས་གང་བསྒོ་བའི་འཕྲིན་ལས་ཐམས་ཅད་སྐད་ཅིག་ལ་བསྒྲུབ་ཅིང་ལས་གཤིན་གྱི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པ་འཁོར་རྣམས་སྙིང་ཁའི་ས་བོན་ལ་འཕོག་པས་རང་དབང་མེད་པར་ལས་ལ་བསྐུལ་ཏེ་འཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་པར་བསམ། འཁོར་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་སྤྲོས་པས་སྣང་སྲིད་འཇིག་རྟེན་དྲེགས་པའི་ཚོགས་ཐམས་ཅད་ལས་ལ་བསྐུལ་ཏེ་འཕྲིན་ལས་ཐམས་ཅད་ད་ལྟ་ཉིད་དུ་བསྒྲུབ་པར་བསམ། ཨཱོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུཾ་ཕཊ། ཨཱོཾ་ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཙ་ནི་ཧཱུཾ་ཕཊ། ཨཱོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ་ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཧཱུཾ་ཕཊ། ཅེས་འབུམ་གསུམ་དང་བྱེ་བ་སོགས་རྟགས་དང་བསྟུན་ནས་བཟླ། ཐུན་མཚམས་སུ་བསྐུལ་དང་བསྒྲལ་མཆོད་གཞུང་བཞིན་བྱ། བཤགས་པ་ནི། གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་བཟླ། །ཧཱུཾ་བདག་སོགས་མ་རིག་དབང་གྱུར་པས། །མཆོད་པ་ཡོ་བྱད་མ་ཚང་དང་། །མ་དག་མི་གཙང་རྫས་ཀྱིས་སྦགས། །འཕྲིན་ལས་ནོར་འཁྲུལ་ཐམས་ཅད་བཤགས། །བཟོད་པར་མཛོད་ལ་ལས་རྣམས་ཀུན། །ཐོགས་མེད་གྲུབ་པའི་དངོས་གྲུབ་སྩོལ། །བཞུགས་གསོལ་ནི། ནས་ནག་གི་མེ་ཏོག་དང་བཅས། ཧཱུཾ། ལས་ཀྱི་གཤིན་རྗེ་འཁོར་བཅས་རྣམས། །འཆི་བདག་རང་གཟུགས་དངོས་གྲུབ་པའི། །དྲག་པོའི་རྟེན་མཆོག་འདི་ཉིད་ལ། །རྟག་ཏུ་བཞུགས་(༦བ)


GLG023_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལས་མཛོད་ཅིག །ཨཱོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ། བཀྲ་ཤིས་ནི། ཧཱུཾ། ཐུགས་རྗེའི་བྱིན་རླབས་ཆར་ལྟར་འབེབས་མཛད་པའི། །པད་གནུབས་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །དངོས་གྲུབ་མ་ལུས་ཐོགས་པ་མེད་སྩོལ་བའི། །ཡི་དམ་ཚེ་བདག་ནག་པོའི་བཀྲ་ཤིས་ཤོག །མཐུ་སྟོབས་ནུས་པས་དགྲ་བགེགས་ཚར་གཅོད་པའི། །ལས་ཀྱི་གཤིན་རྗེའི་ལྷ་ཚོགས་བཀྲ་ཤིས་ཤོག །བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་ཡི། །བདེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །མེ་ཏོག་གིས་ཕྱོགས་ཀུན་ཁྱབ་པར་དགྲམ་མོ། །དེ་ལྟར་སེམས་ཅན་ཀུན་ལ་རང་ཆས་སུ། །ཡོད་པའི་འཆི་བདག་ཞལ་དབྱེ་སྒྲུབ་པའི་ཐབས། །རིམ་བདུན་ས་འོག་གནས་ནས་འབོད་པའི་བརྡ། །འཕྲིན་ལས་དྲག་པོའི་རྫ་རྔ་འདི་བརྡུངས་སོ། །ཞེས་པའང་མེ་འབྲུག་གི་ལོ་འཆི་བདག་ཞལ་དབྱེ་སྒྲུབ་པའི་དུས་ཚིག་ཉུང་དོན་གསལ་བར་ཟ་ཧོར་གྱི་སྔགས་སྨྱོན་དྲག་པོ་རྩལ་གྱིས་ཕོ་བྲང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ།། །།སརྦ་མངྒ་ལཾ།། །།