cover

རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

གླེགས་བམ། ཡ༽

ངག་དབང་བློ་བཟང་རྒྱ་མཚོ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་གསུང་འབུམ་པོད་ནང་མ་ག་པའི་དཀར་ཆག


GLG024_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་གསུང་འབུམ་པོད་ནང་མ་ག་པའི་དཀར་ཆག་བཞུགས་སོ།


GLG024_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

༧རྒྱལ་དབང་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་གསུང་འབུམ་པོད་ནང་མ། ༼ག༽ པར་རྒྱལ་པོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ལས་བྱང་ཉི་མའི་སྙིང་པོ་ལ་ཤོག་གྲངས། ༧ ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ལས་བྱང་དང་འབྲེལ་བའི་ཚོགས་མཆོད་ལ་ཤོག་གྲངས། ༣ ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་ལས་བྱང་འཁྲུགས་བདེབས་སུ་བཀོད་པ་བཀླགས་པས་དོན་གྲུབ་ལ་ཤོག་གྲངས། ༡༡ ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཁྲིད་ཡིག་རིག་འཛིན་ཞལ་ལུང་ལ་ཤོག་གྲངས། ༥༡ བྱང་གཏེར་ཐུགས་རྗེ་ཆེན་པོའི་འགྲོ་བ་ཀུན་སྒྲོལ་གྱི་ལས་བྱང་ཕན་བདེའི་འབྱུང་གནས་ལ་ཤོག་གྲངས། ༡༤ བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་ལས་བྱང་གི་དོན་ཚང་ཞིང་འཁྱེར་བདེ་བ་ཕན་བདེའི་འབྱུང་གནས་ལ་ཤོག་གྲངས། ༣ པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ལོ་རྒྱུས་རིག་འཛིན་ཞལ་ལུང་ལ་ཤོག་གྲངས། ༨ པདྨ་ཡང་གསང་ཁྲོས་པའི་ལས་བྱང་གྱེར་སྒོམ་འཇིགས་མེད་རྡོ་རྗེའི་སྒྲ་དབྱངས་ལ་ཤོག་གྲངས། ༢༧ དབང་ཆེན་ཡང་གསང་ཁྲོས་པའི་ལས་བྱང་སྙིང་པོ་བཅུད་བསྡུས་ལ་ཤོག་གྲངས། ༦ པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ་ལ་ཤོག་


GLG024_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས། ༡༤ པདྨ་ཡང་གསང་ཁྲོས་པའི་སྒྲུབ་བསྙེན་ལ་ཉེ་བར་མཁོ་བའི་དངོས་གྲུབ་ལེན་ཆོག་ཡིད་བཞིན་དབང་རྒྱལ་ལ་ཤོག་གྲངས། ༤ པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་པའི་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་གི་ཆོག་བསྒྲིགས་ཡེ་ཤེས་སྣང་བ་རག་འབར་ལ་ཤོག་གྲངས། ༡༠ དབང་ཆེན་ཡང་གསང་ལྷ་དགུའི་སྒོ་ནས་དྲག་པོའི་ཟོར་གྱི་འཕྲིན་ལས་རྡོ་རྗེ་ཕ་ལམ་ལ་ཤོག་གྲངས། ༢༣ གཏེར་ཁ་འོག་མའི་རྟ་ནག་ལྕགས་རལ་ཅན་གྱི་ལས་བྱང་ཉི་མའི་དཀྱིལ་འཁོར་ལ་ཤོག་གྲངས། ༥ དཔལ་རྡོ་རྗེ་ཕུར་པའི་སྒྲུབ་ཆེན་གྱི་ཆོག་བསྒྲིགས་དངོས་གྲུབ་རྒྱ་མཚོའི་རོལ་གར་ལ་ཤོག་གྲངས། ༡༨ རབ་གནས་ཀྱི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསལ་དངོམ་ལ་ཤོག་གྲངས། ༡༧ ལྷ་བྲག་གཏེར་བྱོན་གྱི་ཕུར་པ་ལྕགས་ཁང་དྲག་སྔགས་སྤུ་གྲིའི་ལས་བྱང་འཇིགས་མེད་རྡོ་རྗེ་ཕ་ལམ་ཤོག་གྲངས། ༡༧ བྱང་གཏེར་ཕུར་པ་ལུགས་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་བྱ་ཚུལ་བདུད་སྡེའི་གཡུལ་ལས་རྒྱལ་བ་ལ་ཤོག་གྲངས། ༧ བྱང་གཏེར་ཕུར་པ་ལུགས་གསུམ་གང་ལའང་སྦྱར་ཆོག་པའི་ཞི་བའི་སྦྱིན་སྲེག་མུན་སེལ་འོར་དཀར་ལ་ཤོག་གྲངས། ༡༠ བྱང་གཏེར་གྱི་ཕུར་བ་ཁྲོ་རོལ་གྱི་གཏོར་བཟློག་བདུད་སྡེ་ཕྱར་འཐག་ལ་ཤོག་གྲངས། ༡༢ དཔལ་ཆེན་ཕུར་པའི་དམར་ཆེན་གཏོར་བཟློག་གནམ་ལྕགས་ཐོག་མདའ་ལ་ཤོག་གྲངས། ༥ ཁྲོ་བོ་རོལ་པའི་ངག་འདོད་


GLG024_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་སྡེའི་གཡུལ་ལས་རྒྱལ་བའི་སྒྲ་དབྱངས་ལ་ཤོག་གྲངས། ༧༡ ཁྲོ་བོ་རོལ་པའི་ཟིན་བྲིས་རིག་འཛིན་ཞལ་ལུང་དགོངས་རྒྱལ་ལ་ཤོག་གྲངས། ༡༠ གཏེར་ཁ་འོག་མའི་གསང་འདུས་གཞུང་དང་ལེའུ་བརྒྱད་པ་བསྡེབས་པའི་ལས་བྱང་རྩ་གསུམ་དགྱེས་པའི་རོལ་གལ་ལ་ཤོག་གྲངས། ༢༣ དཔལ་ཀུན་ཏུ་བཟང་པོའི་འཆམ་གྱི་བརྗེད་བྱང་ལྷའི་རོལ་གར་ལ་ཤོག་གྲངས། ༤༠ རྗེ་བཙུན་བསམ་གཏན་གླིང་མའི་ཨ་ཏིའི་ཆོས་སྐོར་གྱི་དཀར་ཆག་ཐེག་མཆོག་རིན་ཆེན་དོ་ཤལ་ལ་ཤོག་གྲངས། ༡༠ ཁྱོན་བསྡོམས། ༤༥༧

རྒྱལ་པོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ལས་བྱང་ཉི་མའི་སྙིང་པོ།


GLG024_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ལས་བྱང་ཉི་མའི་སྙིང་པོ་བཞུགས་སོ། །


GLG024_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཨཱཪྻ་ལོ་ཀེ་ཤྭ་རཱ་ཡ། ཀ་དག་ཆོས་སྐུ་བདེ་བ་ཆེན་པོའི་ཀློང་། །ལྷུན་གྲུབ་འོད་ལྔ་ཞི་ཁྲོ་རབ་འབྱམས་གར། །ཐུགས་རྗེའི་དོན་མཛད་སྤྲུལ་སྐུ་སྲོང་བཙན་ཞབས། ཁ་བའི་ལྗོངས་འདིར་ཕན་བདེའི་དཔལ་སྩོལ་ཞིག །གང་དེའི་རྡོ་རྗེའི་ཚིག་གི་ཚངས་པའི་གསུང་། །མི་འགྱུར་ཕྱག་རྒྱས་བཏབ་པ་གསང་བའི་གཏེར། །སྒོ་འབྱེད་སྤྲུལ་པའི་གཏེར་སྟོན་རྣམ་གསུམ་སོགས། །རིགས་འཛིན་བརྒྱུད་པའི་ཚོགས་རྣམས་ཕྱག་གི་ཡུལ། །དཔལ་ལྡན་སྐུ་བཞིའི་འབྱོར་བ་ལྷུན་གྲུབ་པའི། །འཕྲིན་ལས་སྲིད་མཐར་རབ་རྒྱས་རྡོ་རྗེ་འཛིན། །བཀྲ་ཤིས་གཡས་སུ་འཁྱིལ་བའི་ཀུན་དགའི་དཔྱིད། །དྲིན་ཅན་རྩ་བའི་བླ་མ་གཙུག་ན་མཛེས། །གངས་ཅན་ཕན་བདེའི་འདབ་སྟོང་འཛུམ་བྱེད་པའི། །འཇིག་རྟེན་དབང་ཕྱུག་གྲུབ་ཐོབ་ཉིན་བྱེད་དབང་། །རྣམ་དཔྱོད་ཤིང་རྟ་བདུན་པོས་ཉེར་དྲངས་ཚེ། །སྲིད་ཞིའི་རྒུད་པའི་མུན་ཚོགས་ད་ག་ར། །མཐོང་ཐོས་དྲན་པ་ཙམ་གྱིས་འཁོར་བ་ལས། །རྣམ་གྲོལ་ཉམས་སུ་བླངས་ན་ཚེ་གཅིག་ལ། །རང་རིག་ཀུན་བཟང་གོ་འཕང་མངོན་བྱེད་པའི། །ལས་བྱང་ཉི་མའི་སྙིང་པོ་དེང་འདིར་སྤྲོ། །དེ་ལ་འདིར་ཆོས་སྐྱོང་(༢ན)


GLG024_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་ལས་བྱུང་བའི་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལྷ་ཉེར་གསུམ་མའི་ལས་བྱང་ངག་འདོན་འཁྱེར་བདེ་བ་བརྗོད་པར་བྱའོ། །སྐྱབས་སེམས་ཚོགས་ཞིང་ཚད་མེད་བཞི། །སྲུང་འཁོར་བསྒོམ་ཞིང་བྱིན་དབབ་པ། །ཕྱི་མཆོད་སྨན་རག་གཏོར་མ་རྣམས། །བྱིན་བརླབས་སྔོན་འགྲོའི་རིམ་པའོ། །དང་པོ་སྐྱབས་འགྲོ་ནི། བདག་སོགས་ནམ་མཁའི་མཐའ་མཉམ་འགྲོ་བ་ཀུན། །དེང་ནས་རང་རིག་ཀུན་བཟང་མངོན་གྱུར་བར། །བསླུ་བ་མེད་པའི་དཀོན་ཅོག་རྣམ་གསུམ་ལ། །མི་ཕྱེད་གུས་པའི་ཡིད་ཀྱིས་སྐྱབས་སུ་མཆི། །གཉིས་པ་སེམས་བསྐྱེད་པ་ནི། གདོད་ནས་དག་པའི་རིག་པ་ཀུན་ཏུ་བཟང་། །མ་རིག་འཁྲུལ་བའི་རྙོག་མས་རབ་སྦགས་ཏེ། །འཁོར་བའི་རྒྱ་མཚོ་ཆེན་པོར་བྱིང་བ་རྣམས། །སྒྲོལ་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །གསུམ་པ་ཚོགས་ཞིང་ནི། རང་ཉིད་སྤྱན་རས་གཟིགས་སུ་གསལ་བ་ཡི། །ཐུགས་ཀར་པཾ་ལས་པདྨ་དཀར་པོ་དང་། །ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་སྟེང་། །ཧྲཱིཿཡིག་དཀར་ལས་འོད་ཟེར་འཕྲོས་པ་ཡིས། །བླ་མ་རིགས་བདག་རྣམ་པར་ལེགས་བཞུགས་པའི། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་ལ། །(༢བ)


GLG024_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱང་ཆུབ་སེམས་དཔས་རབ་བསྐོར་བ། །མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ། །དུས་གསུམ་བཞུགས་པའི་བླ་མ་ཐམས་ཅད་དང་། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་དང་། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སྲས་དང་བཅས། །སེམས་ཅན་འཁོར་བའི་སྡུལ་བསྔལ་བསལ་བའི་ཕྱིར། །རང་བཞིན་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ཉི་ཟླ་པདྨའི་གདན་ལ་བརྟན་པར་བཞུགས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དམ་པ་བཞེས། །ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །སྡིག་པའི་ལས་རྣམས་ཅི་བགྱིས་སོ་སོར་བཤགས། །སྐྱེ་བོ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དུས་གསུམ་དགེ་རྩ་བགྱིས་ལ་རྗེས་ཡི་རང་། །དུས་གསུམ་སངས་རྒྱས་ཞལ་ནས་གསུངས་པ་ཡི། །ཆོས་འཁོར་སེམས་ཅན་རྣམས་ལ་བསྐོར་དུ་གསོལ། །འགྲོ་དོན་མི་མཛད་མྱ་ངན་འདའ་བཞེད་ལ། །འགྲོ་བའི་དོན་དུ་བཞུགས་པར་གསོལ་བ་འདེབས། །བདག་གཞན་དགེ་བའི་རྩ་བ་གང་བསགས་པ། །བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག །བཞི་པ་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་བྱ། ལྔ་པ་སྲུང་འཁོར་ནི། རང་གི་སྙིང་གར་རཾ་ཡིག་དམར་པོ་ལས། །ཉི་མའི་དཀྱིལ་འཁོར་སྟེང་དུ་ཧྲཱིཿཡིག་དམར། །དེ་ལས་འོད་ཟེར་དམར་པོས་ལུས་ཀུན་ཁྱབ། །རྣམ་སྨིན་ལུས་བསྲེགས་འོད་ཀྱི་གོང་བུར་གྱུར། །དེ་ཡི་ངང་ལས་རང་སེམས་ཧྲཱིཿཡིག་ནི། །ཡོངས་གྱུར་དཔལ་ཆེན་རྟ་མགྲིན་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་གཡས་པ་བེ་ཅོན་དང་། །གཡོན་པ་རྡོ་རྗེའི་ཐོ་བས་གདུག་པ་འདུལ། །ཞལ་གདངས་མཆེ་གཙིགས་སྡང་མིག་ཕྱོགས་བཅུར་གཟིགས། །ཤངས་(༣ན)


GLG024_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རླུང་འཚུབ་སྙན་ནས་འབྲུག་སྟོང་ལྡིར། །གློག་སྟོང་ལྗགས་འཁྱུག་ཧྲཱིཿདང་ཕཊ་སྒྲ་སྒྲོག །ཐོད་པའི་ཕྲེང་བ་སྦྲུལ་གྱིས་སྐུ་ལ་བརྒྱན། །དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །པདྨ་ཉི་ཟླ་བགེགས་ཀྱི་གདན་སྟེང་དུ། །ཞབས་གཉིས་གྱད་ཀྱི་རོལ་པའི་དོར་སྟབས་ཀྱིས། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས། །ཐུགས་ཀའི་ཧྲཱིཿལས་གྲངས་མེད་ཁྲོ་བོའི་ཚོགས། །ཕྱོགས་བཅུར་རབ་སྤྲོས་ཧཱུཾ་ཕཊ་སྒྲ་ཆེན་སྒྲོག །རྣོ་ངར་མཚོན་ཆའི་འཁོར་ལོ་གྲངས་མེད་འཕྲོ། །འཇིགས་རུང་ཉམས་ཀྱིས་གདུག་པའི་དཔུང་ཚོགས་ཀུན། །རེངས་རྨུགས་རྒྱལ་སྨྱོས་སྲོག་དང་རྣམ་ཕྲལ་ཏེ། །ལྷག་མ་མཐའ་ཡི་རྒྱ་མཚོའི་ཕ་རོལ་བསྐྲད། །འཇིགས་པ་མེད་པ་སྲུང་བའི་འཁོར་ལོ་ཡི། །འབར་བ་ཆེན་པོའི་མཚམས་ལས་མ་འདའ་ཞིག །སུམྦྷ་སོགས་བརྗོད། སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་ས་གཞི་དང་། །ར་གུར་བླ་བྲེ་ཡེ་ཤེས་མེ་དཔུང་འབར། །འཇིགས་རུང་ཁྲོ་ཆུ་ཚོགས་ཀྱིས་རབ་གཏམས་པའི། །སྲུང་བའི་གུར་ཁང་མཚམས་ལས་མ་འདའ་ཞིག །ཨོཾ་ཨཱཿཧཱུཾ། ཨོཾ་ཧ་ཡ་གྲཱི་ཝ་ཧཱུཾ། ཨོཾ་པདྨཱནྟ་ཀྲྀ་ཏ་ཧཱུཾ། ཧྲཱིཿཧྲཱིཿཧྲཱིཿཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། དྲུག་པ་བྱིན་དབབ་པ་ནི། མི་འགྱུར་བདེ་བ་ཆེ་ལས་མ་གཡོས་ཀྱང་། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་པའི། །དཔལ་ལྡན་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱིས། །དབང་བསྐུར་བྱིན་དབབ་དངོས་གྲུབ་ཆར་ལྟར་ཕོབ། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །བཅོམ་ལྡན་ཚེ་དཔག་མེད་མགོན་བྱིན་རླབས་ཅན། །འདིར་གཤེགས་བདག་དང་གནས་ཁང་སྒྲུབ་རྫས་ལ། །བྱིན་ཆེན་ཕོབ་ལ་དངོས་གྲུབ་སྩལ་དུ་གསོལ། །ཚིག་འོག་མ་གཉིས་ལྷག་མ་ཀུན་ལ་འགྲེ །གྲུ་འཛིན་རི་བོའི་ཕོ་བྲང་ཆེན་པོ་ནས། །(༣བ)


GLG024_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མཆོག་སྤྱན་རས་གཟིགས་དབང་བྱིན་རླབས་ཅན། །༴འཕྲུལ་སྣང་སྤྲུལ་པའི་གཙུག་ལག་ཁང་ཆེན་ནས། །ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱིན་རླབས་ཅན། །༴སྤྱི་གཙུག་པདྨ་ཉི་མའི་གདན་སྟེང་ནས། །རྩ་བ་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །༴རང་ལུས་རྒྱལ་བའི་ཞིང་ཁམས་དམ་པ་ནས། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་བྱིན་རླབས་ཅན། །༴མགྲིན་པ་ལོངས་སྤྱོད་འཁོར་ལོའི་ཞིང་ཁམས་ནས། །གྲག་སྟོང་སྔགས་ཀྱི་རང་སྒྲ་བྱིན་རླབས་ཅན། །༴སྙིང་དབུས་གཞོན་ནུ་བུམ་པའི་ཞིང་ཁམས་ནས། །རིག་རྩལ་གདོད་མའི་ཀུན་བཟང་བྱིན་རླབས་ཅན། །༴ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ངག་ལ་ནུས་པ་སྐྱེ་བར་བྱིན་གྱིས་རློབས། །སེམས་ལ་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། །ཕུང་པོ་འོད་སྐུ་གྲོལ་བར་བྱིན་གྱིས་རློབས། །དམ་རྫས་བདུད་རྩིར་འགྱུར་བར་བྱིན་གྱིས་རློབས། །གྲུ་འཛིན་གནས་སུ་བགྲོད་པར་བྱིན་གྱིས་རློབས། །འཕགས་པའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །མཆོག་ཐུན་དངོས་གྲུབ་འགྲུབ་པར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུཾ། ས་མ་ཡ། ཨཾ་བེ་ཤ་ཡ་ཨ་ཨཱཿ བདུན་པ་ཕྱི་མཆོད་བྱིན་གྱིས་བརླབ་པ་ནི། རང་གི་ཐུགས་ཀའི་ས་བོན་ལས་འཕྲོས་པའི། །རཾ་ལས་མེ་བྱུང་མ་དག་སྐྱོན་རྣམས་བསྲེགས། །ཡཾ་ལས་རླུང་བྱུང་མ་དག་སྐྱོན་རྣམས་གཏོར། ཁཾ་ལས་ཆུ་བྱུང་མ་དག་སྐྱོན་རྣམས་བཀྲུས། །ངོ་བོ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལ། །རྣམ་པ་ཉེར་སྤྱོད་འདོད་ཡོན་ལ་སོགས་པའི། །མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས། །ས་གཞི་བར་སྣང་ཁྱོན་ཀུན་ཁྱབ་གྱུར་ཅིག །ཨཱཪྻ་ལོ་ཀི་ཏེ་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷུ་པེ། དཱི་པཾ། གནྡྷེ། ནཻ་ཝི་དྱེ། ཤཔྟ། སརྦ་པཱུ་ཛ་མེ་གྷ་ཧཱུཾ། རཱུ་པ། ཤཔྟ། གནྡྷེ། རཱ་ས། (༤ན)


GLG024_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྤཪྴ། བཛྲ་ལཱ་སེ། བཛྲ་ཤཔྟ། བཛྲ་དྷཱུ་པེ། བཛྲ་ནཻ་ཝི་དྱེ། བཛྲ་པཉྩ་ལི་ཀ །བཛྲ་དྷརྨ། བཛྲ་པུ་ཛ་ས་མ་ཡ་མཎྜ་ལ། ཨ་ལ་ལ་ཧོ། བརྒྱད་པ་སྨན་མཆོད་བྱིན་གྱིས་བརླབ་པ་ནི། ཨཱཿལས་བྱུང་བའི་ཐོད་པའི་སྣོད་ཡངས་སུ། །རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ། །ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས་ཀུན་བསྟིམ་ནས། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋ། དགུ་པ་རཀྟ་བྱིན་གྱིས་བརླབ་པ་ནི། །རབ་དཀར་མཚན་ལྡན་བནྡྷའི་སྣོད་ཡངས་སུ། །ངོ་བོ་ཟག་པ་མེད་པའི་བདུད་རྩི་ལ། །རྣམ་པ་རཀྟའི་རྒྱ་མཚོ་རབ་འཁྱིལ་བ། །རླབས་ཕྲེང་ལྦུ་བའི་དོ་ཤལ་རྒོད་གྱུར་ཅིག །མ་ཧཱ་རཀྟ་ཨ་མྲྀ་ཏཱ་ཧཱུཾ་ཧྲཱིཿཋ། བཅུ་པ་གཏོར་མ་བྱིན་གྱིས་བརླབ་པ་ནི། །རིན་ཅེན་ཐོད་པའི་སྣོད་དུ་གཏོར་མ་ནི། །ངོ་བོ་ཐོགས་པ་མེད་པའི་བདུད་རྩི་ལ། །རྣམ་པ་འདོད་པའི་ཡོན་ཏན་ཀུན་ལྡན་པ། །མཐའ་ཀླས་ནམ་མཁའི་ཁྱོན་ཀུན་ཁྱབ་གྱུར་ཅིག །ཨཱོཾ་མ་ཧཱ་བ་ལིཾ་ཏ་ཧཱུཾ། ཏིང་འཛིན་རྣམ་གསུམ་རྟེན་བརྟེན་པ། །སྙན་གསན་སྤྱན་འདྲེན་བཞུགས་དབང་ཕྱག །ཕྱི་མཆོད་སྨན་རཀ་གཏོར་མ་བསྟོད། །འཛབ་དང་དངོས་གྲུབ་དངོས་གཞིའི་ཁྲིགས། །དང་པོ་ཆོས་སྐུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། སྣ་ཚོགས་སྣང་བའི་སེམས་ཀྱི་རོལ་པའི་རྩལ། །སྣང་བའི་ངོ་བོ་ཀ་དག་སྟོང་པའི་གཤིས། །སྤྲོས་བྲལ་བརྗོད་དུ་མེད་པ་ཆོས་ཀྱི་དབྱིངས། །དབྱེར་མེད་རིག་པའི་ངོ་བོ་ཀུན་ཏུ་བཟང་། །གཉིས་པ་ལོངས་སྐུ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། འཁྲུལ་བའི་འགྲོ་ལ་བརྩེ་བའི་སྙིང་རྗེ་ཡིས། །རིག་པའི་རང་མདངས་འོད་ལྔའི་ཀློང་ཤར་བ། །དངས་པའི་མཚོ་ནང་ཟླ་བའི་གཟུགས་བརྙན་བཞིན། །མི་(༤བ)


GLG024_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བདེ་བའི་རང་མདངས་གཟུགས་སུ་འཆར། །གསུམ་པ་སྤྲུལ་སྐུ་རྒྱུའི་ཏིང་ངེ་འཛིན་ནི། རང་བཞིན་མི་འགྱུར་ཁ་དོག་སྣ་ལྔ་པ། །གཅིག་ཏུ་རབ་འདུས་ཧྲཱིཿཡིག་དཀར་པོ་ནི། །འཇིགས་མེད་སྟོང་པའི་ངང་དུ་རབ་སྣང་བ། །སྐར་ཆེན་ཐང་ལ་ཕེབས་པ་ལྟ་བུར་གྱུར། །བཞི་པ་གཞལ་ཡས་ཁང་བསྐྱེད་པ་ནི། དེ་ལས་ཧཱུཾ་བབས་རྡོ་རྗེའི་རྒྱ་གྲམ་གྱུར། །བྷྲུཾ་ཡིག་སེར་པོ་བབས་ལས་འོད་འཕྲོས་པས། །བདེ་གཤེགས་ཞིང་ཁམས་ཀུན་ཁྱབ་དེ་དག་གི །བཅུད་རྣམས་ཀུན་བསྡུས་ཡོངས་སུ་གྱུར་པ་ལས། །ཕྱི་བལྟས་ནང་གསལ་རིན་ཅེན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་གྲུ་ཆད་བར་ཁྱམས་བཅས། །རིན་ཅེན་རྣམ་པ་ལྔ་ཡི་རྩིག་པའི་སྟེང་། །ཕ་གུ་དྲ་བ་དྲ་ཕྱེད་ད་རུ་སྐད། །རྟ་བབས་བཞིའི་སྟེང་ཆོས་འཁོར་གདུགས་རི་དྭགས། །སྣ་ཚོགས་རྒྱན་གྱིས་མཛེས་ཤིང་ཡིད་དུ་འོང་། །སྟེང་ན་འཁོར་ལོ་རྩིབས་སྟོང་རྣམ་པ་ལ། །འོག་གཞི་པདྨ་སྟོང་གི་དབྱིབས་སུ་མཛེས། །རིན་ཅེན་གཞལ་ཡས་ཁང་གི་དབུས་ཉིད་ན། །པདྨ་འདབ་བཞི་ལྟེ་བ་དང་བཅས་པ། །དེ་ཡི་ཕྱི་རོལ་འདབ་མ་བཅུ་གཉིས་དང་། །སྒོ་བཞིར་པད་རྐྱང་གདན་བཅས་གསལ་བར་གྱུར།ལྔ་པ་ལྷ་བསྐྱེད་པ་ནི། གོང་གི་པདྨའི་འདབ་མ་བཅུ་དྲུག་སྟེང་། །པཾ་ལས་སྣ་ཚོགས་པདྨ་འདབ་བརྒྱད་ཁར། །ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་པའི། །དབུས་ཀྱི་གདན་སྟེང་ཧྲཱིཿལས་འོད་འཕྲོས་པས། །དོན་གཉིས་བྱས་ཤིང་ཚུར་འདུས་ཧྲཱིཿལ་ཐིམ། །དེ་ཉིད་པདྨ་དཀར་པོར་གནས་གྱུར་ལས། །འོད་ཟེར་འཕྲོས་འདུས་ཡོངས་གྱུར་བདག་ཉིད་ནི། །ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས། །སྐུ་མདོག་རབ་དཀར་ཞལ་གཅིག་ཕྱག་བཞི་པ། །རྩ་ཕྱག་ཐལ་སྦྱར་གཡས་འོག་ཤེལ་ཕྲེང་དང་། །གཡོན་གྱི་འོག་ན་པདྨ་(༥ན)


GLG024_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་འཛིན། །ཞི་ཞིང་འཛུམ་པའི་ཉམས་དང་ལྡན་པ་ལ། །རིན་ཆེན་དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དང་། །དཔུང་རྒྱན་སྐ་རགས་ཕྱག་ཞབས་གདུ་བུས་མཛེས། །མགུར་ཆུ་དོ་ཤལ་སེ་མོ་དོ་ཡིས་བརྒྱན། །ལྷ་རྫས་དར་གྱི་ན་བཟའི་ལྷབ་ལྷུབ་མཛེས། །ཞབས་གཉིས་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་ཅན། །མཚན་དཔེས་སྤྲས་པ་འོད་ཕུང་དབུས་ན་བཞུགས། །མདུན་གྱི་པད་སྟེང་ཧྲཱིཿཡིག་ཡོངས་གྱུར་ལས། །ལྷ་མོ་ཡི་གེ་དྲུག་མ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །རིན་ཅེན་རྒྱན་དང་དར་གྱི་ན་བཟས་མཛེས། །ལྷག་མའི་ཕྱག་གཉིས་ཤེལ་ཕྲེང་པདྨ་འཛིན། །རྩ་ཕྱག་ཐལ་སྦྱར་གཙོ་ལ་འདུད་ཚུལ་ཅན། །གཡས་ཀྱི་འདབ་སྟེང་སྲས་མཆོག་ནོར་བུ་འཛིན། །ཕྱག་གཉིས་གཡས་པ་ནོར་བུ་རིན་ཅེན་དང་། །གཡོན་པ་ཕྲེང་འཛིན་གཙོ་ལ་འདུད་ཚུལ་མཛད། །གཡོན་གྱི་འདབ་སྟེང་སྲས་མོ་རིག་སྔགས་འཛིན། །སྐུ་མདོག་དཀར་མོ་ཕྱག་གཡས་ཤེལ་ཕྲེང་དང་། །གཡོན་པ་པདྨ་འཛིན་ཞིང་གཙོ་ལ་འདུད། །རྒྱབ་ཀྱི་འདབ་མར་སྣང་བ་མཐའ་ཡས་ནི། །དམར་པོ་ཕྱག་གཉིས་ཏིང་འཛིན་ཕྱག་རྒྱ་ཅན། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །བཞི་གའང་ཞི་ཞིང་འཛུམ་པའི་ཉམས་དང་ལྡན། །དེ་ཡི་ཕྱི་རོལ་འདབ་མ་བཅུ་གཉིས་ལ། །མདུན་ནས་བརྩམས་ཏེ་གཡས་སྐོར་རིམ་པ་བཞིན། །རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་བསྣམས། །བཅོམ་ལྡན་མི་བསྐྱོད་སྔོན་པོ་རྡོ་རྗེ་བསྣམས། །རིན་ཅེན་འབྱུང་ལྡན་སེར་པོ་ནོར་བུ་བསྣམས། །སྣང་བ་མཐའ་ཡས་དམར་པོ་པདྨ་བསྣམས། །དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་བསྣམས། །ཐུགས་རྗེ་ཆེན་པོ་དཀར་པོ་(༥བ)


GLG024_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་བསྣམས། །སངས་རྒྱས་སྤྱན་མ་དཀར་མོ་འཁོར་ལོ་བསྣམས། །མཱ་མ་ཀི་ནི་སྔོན་མོ་རྡོ་རྗེ་བསྣམས། །ཀུན་ཏུ་བཟང་མོ་སེར་མོ་རིན་ཅེན་བསྣམས། །གོས་དཀར་མོ་ནི་དམར་མོ་པདྨ་བསྣམས། །སྒྲོལ་མ་ལྗང་གུ་རྡོ་རྗེ་རྒྱ་གྲམ་བསྣམས། །ཤེས་རབ་ཕ་རོལ་ཕྱིན་དཀར་པདྨ་བསྣམས། །རིན་ཅེན་རྒྱན་དང་དར་གྱི་ན་བཟས་མཛེས། །ཤར་སྒོར་ལྷ་ཡི་ཐུབ་པ་བརྒྱ་བྱིན་ནི། །སྐུ་མདོག་དཀར་པོ་ཕྱག་གཉིས་པི་ཝཾ་འཛིན། །ལྷ་མིན་ཐུབ་པ་ཐགས་བཟང་རིས་སྔོན་པོ། །ཕྱག་གཉིས་སྲ་བའི་གོ་ཆ་འཛིན་པར་བྱེད། །ལྷོ་སྒོར་མི་ཡི་སྟོན་པ་ཤཱཀྱ་ཐུབ། །སྐུ་མདོག་སེར་པོ་ཕྱག་གཉིས་གསེག་གཤང་འཛིན། །ནུབ་སྒོར་བྱོལ་སོང་ཐུབ་པ་ཤཱཀྱ་སེང་། །སྐུ་མདོག་སེར་པོ་ཕྱག་གཉིས་པོ་ཏི་འཛིན། །ཡི་དྭགས་ཐུབ་པ་ནམ་མཁའ་མཛོད་དམར་པོ། །ཕྱག་གཉིས་འཛད་མེད་གཏེར་གྱི་སྒྲོམ་བུ་འཛིན། །བྱང་སྒོར་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ། །སྐུ་མདོག་ནག་པོ་ཕྱག་གཉིས་མེ་ཆུའི་འཛིན། ཁྱམས་ལ་དུས་གསུམ་སངས་རྒྱས་སྟོང་རྩ་གཉིས། །བྱང་ཆུབ་སེམས་དཔའི་རྣམ་པའི་ཚུལ་དུ་བཞུགས། །དྲུག་པ་སྙན་གསན་དབབ་པ་ནི། ཆོས་དབྱིངས་བདེ་བ་ཆེ་ལས་མ་གཡོས་ཀྱང་། །འགྲོ་བའི་དོན་ཕྱིར་གཟུགས་སྐུའི་རྣམ་རོལ་དུ། །མངོན་པར་བཞེངས་ཤིག་བཅོམ་ལྡན་ཐུགས་རྗེའི་ལྷ། །ཕྱག་ན་པདྨ་འཁོར་དང་བཅས་པ་ཀྱེ། །བདུན་པ་སྤྱན་དྲངས་པ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས། །ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །གཟུགས་སྐུ་འགྲོ་བའི་དོན་དུ་སྐུ་སྤྲུལ་བ། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུཾ། ཨེ་ཧྱེ་ཧི། ཛཿཧཱུཾ་བཾ་ཧོཿ། བརྒྱད་པ་བཞུགས་སུ་གསོལ་བ་ནི། ཐུགས་རྗེ་ཆེན་པོ་འཁོར་དང་(༦ན)


GLG024_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་རྣམས། །འགྲོ་བ་མ་ལུས་སེམས་ཅན་དོན་མཛད་ཕྱིར། །བདག་ལ་ཐུགས་རྗེས་ཉེ་བར་དགོངས་མཛོད་ལ། །ཐུགས་དམ་དབང་གིས་བཞུགས་ལ་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུཾ། །ས་མ་ཡ་ཏིཥྛ་ལྷན། དགུ་པ་དབང་བསྐུར་བ་ནི། སྐུ་ལྔ་ཡེ་ཤེས་ལྔ་ཡི་སྐུར་བཞུགས་ནས། །རྒྱལ་བ་རིགས་ལྔ་རང་བཞིན་གནས་ནས་བཞེངས། །རིགས་ཀྱི་བདག་པོས་དབང་བསྐུར་བྱིན་གྱིས་རློབས། །རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ། །ཨཱོཾ་ཨཱཿཧཱུཾ་སྭཱཧཱ། ཨཱོཾ་ཧ་ཨ་བྷི་ཥིཉྩ་ཨ། གནས་གསུམ་བྱིན་གྱིས་བརླབ་པ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་ཕྱིར། །སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །བྱིན་རླབས་དབང་བསྐུར་རྒྱས་གདབ་པོ། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུཾ། བཅུ་པ་ཕྱག་འཚལ་བ་ནི། ཆོས་ཀྱི་སྐུ་ལ་གཉིས་འཛིན་མི་མངའ་ཡང་། །འགྲོ་བའི་དོན་ཕྱིར་ལོངས་སྤྱོད་རྫོགས་སྐུ་བསྟན། །ཐུགས་རྗེས་སྤྱིར་ཡང་སྤྲུལ་སྐུར་འགྲོ་དོན་མཛད། །སྐུ་གསུམ་ཡེ་ཤེས་ལྔ་ལ་ཕྱག་འཚལ་བསྟོད། །ཨོཾ་མ་ཎི་པདྨེ་ཧཱུཾ། ཨཱཏྨ་ན་ནིཪྻ་ཏ་ཡཱ་མི། བཅུ་གཅིག་པ་ཕྱི་མཆོད་ནི། ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་ལ། །ཉོན་མོངས་སྐྱེས་གྲོལ་གདུང་བ་མི་མངའ་ཡང་། །བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་བསག་ཕྱིར། །པུ་ཛའི་ཚོགས་ཀྱིས་མཉེས་ཤིང་བཞེས་སུ་གསོལ། ཨོཾ་ཨ་ཝ་ལོ་ཀི་ཏེ། ཨརྒྷཾ། པཱདྱཾ། པུཥྤེ། དྷུ་པེ། དཱི་པཾ། གནྡྷེ། ནཻ་ཝི་དྱེེ། ཤཔྟ། སརྦ་པཱུ་ཛ་མེ་གྷ་ཧཱུཾ། ཧཱུཾ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །བཀྲ་ཤིས་ལྷ་མོས་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་(༦བ)


GLG024_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འབུལ། །དགྱེས་ཤིང་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བཛྲ་ལཱ་སེ། བཛྲ་ཤཔྟ། བཛྲ་དྷཱུ་པེ། བཛྲ་ནཻ་ཝི་དྱེ། བཛྲ་པཉྩ་ལི་ཀ །བཛྲ་དྷརྨ། བཛྲ་པུ་ཛ་ས་མ་ཡ་མཎྜ་ལ། ཨ་ལ་ལ་ཧོ། བཅུ་གཉིས་པ་བདུད་རྩི་སྨན་མཆོད་ནི། རྩ་བ་བརྒྱད་དང་ཡན་ལག་སྟོང་སྦྱར་བའི། །གདོད་ནས་རྣམ་དག་དམ་རྫས་བདུད་རྩིའི་མཆོག །མྱོང་གྲོལ་སྨན་གྱི་མཆོད་པ་དམ་པ་འདི། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་ཨ་ཝ་ལོ་ཀི་ཏེ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྣང་བ་མཐའ་ཡས་ཐུགས་རྗེ་ཆེན་པོ་དང་། །ཆོས་རྒྱལ་སྲོང་བཙན་སྒམ་པོ་པདྨ་འབྱུང་། །གྲུབ་ཐོབ་དངོས་གྲུབ་མངའ་བདག་མྱང་བན་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་བཞེས་སུ་གསོལ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཚིག་རྐང་ཕྱི་མ་དང་སྔགས་འོག་མ་ཀུན་ལ་རིགས་འགྲེ །མི་བསྐྱོད་རྡོ་རྗེ་རྗེ་བཙུན་ཤཱཀྱ་བཟང་། །ལྷ་རྗེ་དགེ་འབུམ་སངས་རྒྱས་ལྕམ་མོ་དང་། །ཆུ་སྒོམ་ཞིག་པོ་མཐའ་བཞི་བྱ་བྲལ་ལ། །༴བསོད་ནམས་སེང་གེ་བཀྲ་ཤིས་རྒྱལ་མཚན་དང་། །བློ་གྲོས་རྒྱལ་མཚན་འཕགས་ཆེན་ནོར་བུ་བཟང་། །རྒྱལ་མཚན་བཟང་པོ་མདོ་སྔགས་ཆོས་རྒྱན་ལ། །༴རིན་ཅེན་རྡོ་རྗེ་བཀྲ་ཤིས་རྒྱ་མཚོའི་ཞབས། །ཀུན་དགའ་ཚེ་མཆོག་ངག་དབང་ཡེ་ཤེས་གྲུབ། །པདྨ་བཛྲ་ཟིལ་གནོན་དྲག་རྩལ་ལ། །༴ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་མ་དང་། །ནོར་བུ་འཛིན་དང་རིག་སྔགས་འཛིན་མ་ཟུང་། །བཅོམ་ལྡན་སྣང་བ་མཐའ་ཡས་བཅས་པ་ལ། །༴རིགས་ལྔ་ཡབ་ཡུམ་ཐུགས་རྗེ་ཆེན་པོ་དང་། །ཤེས་རབ་ཕ་རོལ་ཕྱིན་མ་ཐུབ་པ་དྲུག །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་བཅས་པ་ལ། །༴དངོས་གྲུབ་བླང་བ་ནི། བླ་མ་ཡི་དམ་(༧ན)


GLG024_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མར་བཅས་རྣམས་ཀྱི། །མི་འགྱུར་གསང་བ་གསུམ་གྱི་དངོས་གྲུབ་ཀུན། །དུས་འདིར་རྡོ་རྗེའི་མཆེད་ལྕམ་སྤུན་གྲོགས་ལ། །ཐོགས་པ་མེད་པར་མྱུར་དུ་སྩལ་དུ་གསོལ། །ཨོཾ་ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། བཅུ་གསུམ་པ་རཀྟ་ནི། འབྱུང་བའི་རྩ་བཅུད་མཁའ་དབྱིངས་པད་དཀར་སོགས། །གཅིག་ཏུ་རབ་འཁྱིལ་མཚམས་སྤྲིན་མདངས་འཛིན་པ། །འགྲོ་ལ་རྗེས་སུ་ཆགས་པའི་སྙིང་རྗེའི་མདངས། །དབྱེར་མེད་ངོ་བོ་གཅིག་པའི་མཆོད་པ་འབུལ། །ཨོཾ་ཨ་ཝ་ལོ་ཀི་ཏེ་སྭ་ར་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། བཅུ་བཞི་པ་གཏོར་མ་ནི། ཤ་ལྔ་བདུད་རྩི་ལྔ་ལས་གྲུབ་པའི་རྫས། །ངོ་བོ་ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །རྣམ་པ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི། །བཅོམ་ལྡན་ལྷ་ཚོགས་འཁོར་དང་བཅས་ལ་འབུལ། །ཨོཾ་ཨ་ཝ་ལོ་ཀི་ཏེ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། བཅོ་ལྔ་པ་བསྟོད་པ་ནི། ཧྲཱིཿ འཕགས་པ་ཐུགས་རྗེ་ཆེན་པོ་ལྷ་ཡི་ལྷ། །ཡི་གེ་དྲུག་མ་ཤེས་རབ་དབྱིངས་ཀྱི་ཡུམ། །ནོར་བུ་འཛིན་པ་སྲས་མཆོག་ཐབས་ཀྱི་ཚུལ། །རིག་སྔགས་འཛིན་མ་ཤེས་རབ་སྲས་མོའི་ཚུལ། །ཡེ་ནས་མ་གྲུབ་རང་དང་གཉིས་མེད་ལྷ། །ཡེ་ཤེས་ལྷ་ཡི་སྐུ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་སྤྱན་གྱིས་འགྲོ་ལ་གཟིགས། །རྣམ་པར་སྣང་མཛད་ཆོས་དབྱིངས་ཡེ་ཤེས་དང་། །མི་བསྐྱོད་རྡོ་རྗེ་མེ་ལོང་ཡེ་ཤེས་དང་། །རིན་ཆེན་འབྱུང་ལྡན་མཉམ་ཉིད་ཡེ་ཤེས་དང་། །སྣང་བ་མཐའ་ཡས་སོར་རྟོག་ཡེ་ཤེས་དང་། །དོན་ཡོད་གྲུབ་པ་བྱ་གྲུབ་ཡེ་ཤེས་དང་། །སྐུ་ལྔ་ཡེ་ཤེས་ལྔ་ལ་ཕྱག་འཚལ་བསྟོད། །ཕ་རོལ་ཕྱིན་མ་ཆོས་སྐུ་དབྱིངས་ཀྱི་ངང་། །སངས་རྒྱས་སྤྱན་མ་བསམ་གཏན་ཕ་(༧བ)


GLG024_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཕྱིན། །ཀུན་ཏུ་བཟང་མོ་བརྩོན་འགྲུས་ཕ་རོལ་ཕྱིན། །ན་བཟའ་དཀར་མོ་སྦྱིན་པའི་ཕ་རོལ་ཕྱིན། །མཱ་མ་ཀི་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན། །དམ་ཚིག་སྒྲོལ་མ་བཟོད་པའི་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་དྲུག་ཡུམ་གྱི་སྐུ་ལ་བསྟོད། །དུས་གསུམ་བཞུགས་པའི་སངས་རྒྱས་སྟོང་དང་གཉིས། །འགྲོ་བའི་དོན་དུ་བྱང་ཆུབ་ཐུགས་བསྐྱེད་ནས། །བྱང་ཆུབ་སེམས་དཔའི་ཚུལ་གྱིས་འགྲོ་ཀུན་འདུལ། །བསྐལ་བཟང་སེམས་དཔའ་སྟོང་ལ་ཕྱག་འཚལ་བསྟོད། །ལྷ་ཡི་ཐུབ་ཆེན་བརྒྱ་བྱིན་ལྷ་རྣམས་འདུལ། །ལྷ་མིན་ཐུབ་པ་ཐགས་བཟང་ལྷ་མིན་འདུལ། །མི་ཡི་ཐུབ་པ་ཆེན་པོས་མི་རྣམས་འདུལ། །ཤཱཀྱ་སེང་གེ་ཐུབ་པས་དུད་འགྲོ་འདུལ། །ཐུབ་ཆེན་ནམ་མཁའ་མཛོད་ཀྱིས་ཡི་དྭགས་འདུལ། །ཐུབ་པ་ཆོས་ཀྱི་རྒྱལ་པོས་དམྱལ་བ་འདུལ། །འགྲོ་དྲུག་སོ་སོའི་སྐད་དུ་ཆོས་སྒྲ་སྒྲོག །སོ་སོའི་སྡུག་བསྔལ་སེལ་མཛད་སྐྱེ་སྒོ་གཅོད། །ཐུབ་པ་ཆེན་པོ་དྲུག་ལ་ཕྱག་འཚལ་བསྟོད། །བཅུ་དྲུག་པ་འཛབ་བཟླ་བ་ནི། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་སྔགས་ཀྱི་སྒྲ། །བཟླས་པའི་སྔགས་ཕྲེང་དག་ལས་འོད་ཟེར་འཕྲོས། །སངས་རྒྱས་རྣམས་ལ་མཉེས་པའི་མཆོད་པ་ཕུལ། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་མ་ལུས་སྦྱངས། །སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་སྤྱན་རས་གཟིགས་སུ་གྱུར། །ཞེས་དམིགས་པ་དང་བཅས་ཏེ་ཡི་གེ་དྲུག་པ་ཅི་ནུས་སུ་བཟླ། །བཅུ་བདུན་པ་དངོས་གྲུབ་བླང་བ་ནི། ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་དང་བཅས། །བདེ་གཤེགས་རིགས་ལྔ་ཕ་རོལ་ཕྱིན་དྲུག་ཡུམ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཏིང་འཛིན་སྦྱོང་། །སྤྲུལ་སྐུ་ཐུབ་དྲུག་འགྲོ་དྲུག་ཐབས་(༨ན)


GLG024_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འདུལ། །འགྲོ་བ་འདུལ་ཕྱིར་ཐུགས་རྗེས་སྐུ་བསྐྱོད་ལ། །གྲུབ་པ་རྟགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུཾ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུཾ། ཡེ་ཤེས་ཀྱི་ལྷ་རྣམས་ཀྱི་སྐུ་མི་འགྱུར་བ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་གསུང་མི་འགྱུར་འགག་མེད་སྙིང་པོ་ལུང་གི་དངོས་གྲུབ། ཐུགས་མི་འགྱུར་བ་སྤྲོས་བྲལ་ཆོས་ཉིད་རང་གསལ་གྱི་དངོས་གྲུབ་སྩལ་དུ་གསོལ། ཚོགས་ཀྱི་མཆོད་པའི་ཆོ་ག་དང་། །གཏང་རག་བཏང་ཞིང་དཀྱིལ་འཁོར་བསྡུ། སྨོན་ལམ་ཤིས་པ་བརྗོད་པ་ནི། མཇུག་གི་བྱ་བའི་ཁྲིགས་རིམ་མོ། །དང་པོ་ཚོགས་མཆོད་ནི། གཞུང་དུ་མི་གསལ་ཞིང་ཕྱག་ལེན་དུ་པར་བཀབ་མི་མཛད་ལ། ཕུན་སུམ་ཚོགས་པའི་ཡན་ལག་ཏུ་བྱེད་པར་སྤྲོ་ན། ཆོས་དབང་དང་བྱང་གཏེར་སོགས་ཐུགས་རྗེ་ཆེན་པོའི་ཆོས་བཀའ་གཞན་ནས་འབྱུང་བའི་ཚོགས་མཆོད་ཀྱི་ཁ་བསྐང་ན་ལེགས་པར་སེམས་སོ། །གཉིས་པ་གཏང་རག་ནི། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་ལ། །ཕྱི་དང་ནང་དང་གསང་བའི་མཆོད་པ་སོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་ལེགས་འབུལ་ན། །བརྩེ་བས་བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། དཀྱིལ་འཁོར་གཞལ་ཡས་འོད་ཞུ་འཁོར་ལ་ཐིམ། །དེ་ཡང་འོད་ཞུ་གཙོ་བོའི་ཐུགས་ཀར་ཐིམ། །གཙོ་བོ་ཐུགས་ཀའི་ཧྲཱིཿར་བསྡུས་ཧྲཱིཿཡིག་ཀྱང་། །མི་དམིགས་སྤྲོས་བྲལ་ཀ་དག་ངང་དུ་གྱུར། །བཞི་པ་སྨོན་ལམ་ནི། འདི་ལྟར་བསྐྲུན་པའི་དགེ་ཚོགས་ཅི་མཆིས་པས། །འགྲོ་ཀུན་འཁོར་བའི་མཚོ་ལས་རབ་བསྒྲལ་ནས། །སྤྱན་རས་གཟིགས་དབང་གོ་འཕང་མངོན་གྱུར་ཏེ། །དོན་གཉིས་འདོད་དགུའི་དཔལ་(༨བ)


GLG024_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱོད་པར་ཤོག །ལྔ་པ་ཤིས་བརྗོད་ནི། ཆོས་སྐུའི་བཀྲ་ཤིས་མགོན་པོ་འོད་དཔག་མེད། །ངོ་བོ་འགྱུར་མེད་ཀ་དག་བཀྲ་ཤིས་ཤོག །ལོངས་སྐུའི་བཀྲ་ཤིས་འཕགས་མཆོག་སྤྱན་རས་གཟིགས། །རང་བཞིན་ལྷུན་གྲུབ་འོད་ལྔའི་བཀྲ་ཤིས་ཤོག །སྤྲུལ་སྐུའི་བཀྲ་ཤིས་སྲོང་བཙན་སྒམ་པོའི་ཞབས། །ཐུགས་རྗེས་འགྲོ་དྲུག་འདྲེན་པའི་བཀྲ་ཤིས་ཤོག །ཡང་སྤྲུལ་བཀྲ་ཤིས་རིགས་འཛིན་པདྨ་འབྱུང་། །འགྲོ་ཀུན་བདེ་སྐྱིད་འཕེལ་བའི་བཀྲ་ཤིས་ཤོག །བྱིན་རླབས་འབྱུང་གནས་རྩ་གསུམ་ལྷ་ཚོགས་ཀྱི། །དངོས་གྲུབ་ཆར་ལྟར་འབེབས་པའི་བཀྲ་ཤིས་ཤོག །མཐུ་སྟོབས་དབང་ཕྱུག་ཆོས་སྐྱོང་གཏེར་སྲུང་གིས། །བར་ཆད་གཡུལ་ལས་རྒྱལ་བའི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཅི་རིགས་པ་བརྗོད་པར་བྱའོ། །སྨྲས་པ། བསམས་པ་ཙམ་གྱིས་འདོད་པ་ཡི། །རེ་བ་མ་ལུས་སྐོང་བྱེད་པའི། །སྔོན་མེད་དཔག་བསམ་ལྗོན་པ་ཡི། །ལས་བྱང་འདི་ཀོ་ཡིད་བཞིན་ནོར། །སྲོང་བཙན་ཐུགས་ཀྱི་གསང་བའི་མཛོད། །སྒོ་འབྱེད་གཏེར་སྟོན་རྣམ་གསུམ་དང་། །བརྒྱུད་ལྡན་བླ་མས་ཉེར་དྲངས་པའི། །ཟབ་དོན་འབྱོར་བ་ཁོ་བོས་རྙེད། །སོ་སོའི་གཞུང་བཞིན་མ་སྦྱངས་པར། །རྒྱས་འགེབས་རང་བཟོའི་ཟོལ་སྦྱོར་ཅན། །ཆེར་རློམ་སྟོང་པའི་འུར་བརྒྱངས་མཁན། །མི་སྨྲའི་ཁྲི་ལ་ངལ་སོས་ཤིག །ཕྱོགས་འདིར་མཁས་པར་རློམ་འགའ་ཡང་། །གབ་དཀྲུགས་དགོངས་དོན་མ་རྟོགས་པར། །གྱ་ཚོམ་བརྩམས་པའི་ཆོག་སྒྲིགས་དག །བརྟགས་ཚེ་གཡར་ཁྲལ་ཁོ་ནར་བས། །དཀྲུགས་བསྡེབས་གབ་པ་མངོན་ཕྱུང་ཞིང་། །མ་ཚང་ཁ་བཀང་འཁྱེར་བདེ་བའི། །ལས་བྱང་(༩ན)


GLG024_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་སྙིང་པོ་འདི། །རྣམ་དཔྱོད་ནམ་མཁའི་ངོས་ལ་ཤར། །དགེ་འདིས་བདག་སོགས་འགྲོ་བ་ཀུན། །འཁོར་བའི་ཆུ་གཏེར་ལས་བསྒྲལ་ནས། །གྲུ་འཛིན་རིན་ཅེན་གླིང་བགྲོད་དེ། །དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །དེ་ལྟར་བོད་ཡུལ་གྱི་ཕན་བདེའི་སྲོག་ཤིང་སྐྱིད་ཤོད་ཉང་བྲན་ཕ་བོང་ཁ་ཞེས་སྤྲུལ་པའི་རྒྱལ་པོའི་གནས་ཁྱད་པར་ཅན་དེར་འདི་ཉིད་ཀྱི་སྒྲུབ་པ་ཉམས་ལེན་གྱི་རིམ་པ་ཚུགས་ན་བོད་ཡུལ་བསྟན་དང་འགྲོ་བའི་ཕན་བདེའི་སྲོག་ཤིང་དུ་འགྱུར་བར་ངེས་ནས་འཛུགས་པའི་འདུན་པ་མངོན་དུ་གྱུར་སྐབས། མཁས་གྲུབ་གོང་མ་དག་གིས་མཛད་པའི་ཡིག་ཆ་ཡོད་མེད་བརྟགས་ཤིང་བཙལ་བ་ན། པཎ་ཆེན་པདྨ་དབང་རྒྱལ་མཆེད་གཉིས། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་རིགས་འཛིན་ཀུན་དགའ་ཚེ་མཆོག་སོགས་ཀྱིས་མཛད་པ་ནི་མཆིས་ཤིང་། སྡེ་པ་སྣང་རྩེ་གཏེར་སྟོན་པས་མཛད་པ་ཞིག་འདུག་ནའང་། སྔར་འགྱུར་རང་སྐད་ལ་དགོས་པའི་ཁ་འགེངས་མེད་ཅིང་། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ་སོགས་གསར་མའི་ཁ་བགེངས་སྣ་ཚོགས་འདུག་པ་དང་ཆ་ལག་ཚང་བར་ཡང་མི་སྣང་བས་ཚུལ་འདི་ཉམས་སུ་ལེན་པའི་སྐལ་ལྡན་རྣམས་ལ་ཕན་པའི་ཕྱིར་དུ་མཚན་ཉིད་དང་ལྡན་པ་ཞིག་བྱུང་ན་ལེགས་སམ་སྙམ་པའི་བློས་གསར་དུ་བསྐྲུན་པའི་ལས་བྱང་ཉི་མའི་སྙིང་པོ་ཞེས་བྱ་བ་འདི་ནི་བརྒྱུད་པའི་གསུང་འཕྲོས་དང་མན་ངག་ལ་བརྟེན་ནས་རྡོ་རྗེ་འཆང་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་སོགས་དམ་པ་དུ་མའི་བཀའ་དྲིན་ལ་བརྟེན་ནས། སྔ་འགྱུར་གྱི་བརྗོད་དོན་ཕྱོགས་ཙམ་རིག་ཅིང་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་རྗེས་སུ་བཟུང་བའི་ཟ་ཧོར་བནྡྷེ་ངག་དབང་བློ་(༩བ)


GLG024_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རྒྱ་མཚོ་མིང་གཞན་ཟིལ་གནོན་དྲག་པོ་རྩལ་དུ་འབོད་པས་ཆུ་འབྲུག་ནག་པ་ཟླ་བའི་ཚེས་བཅུའི་དུས་ཀྱི་མཆོད་པའི་ཉིན་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་སློབ་དཔོན་སྨོན་འགྲོ་པཎ་ཆེན་བློ་བཟང་འཇམ་དབྱངས་ལྷུན་གྲུབ་བོ། །བཀྲ་ཤིས།

ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ལས་བྱང་དང་འབྲེལ་བའི་ཚོགས་མཆོད།


GLG024_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ལས་བྱང་དང་འབྲེལ་བའི་ཚོགས་མཆོད་བཞུགས་སོ། །


GLG024_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ལས་བྱང་དང་འབྲེལ་བའི་ཚོགས་མཆོད་ནི། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པའི་རྩེར། །རཾ་ལས་ཡེ་ཤེས་མེ་ཡིས་རྫས་རྣམས་ཀྱི། །མ་དག་ཉེས་པའི་སྐྱོན་ཀུན་མ་ལུས་བསྲེགས། །ཡཾ་ལས་ཆོས་ཉིད་རླུང་གིས་རྫས་རྣམས་ཀྱི། །མ་དག་ཉེས་པའི་སྐྱོན་ཀུན་མ་ལུས་གཏོར། ཁཾ་ལས་མཚན་མེད་ཆུ་ཡིས་རྫས་རྣམས་ཀྱི། །མ་དག་ཉེས་པའི་སྐྱོན་ཀུན་མ་ལུས་བཀྲུས། །ཨཱོཾ་གྱིས་ཀུན་རྫོབ་ཆོས་ཀུན་སྟོང་པའི་ངང་། །ཐབས་མཆོག་ཨཱ༔ལས་པདྨའི་སྣོད་ཡངས་པོར། །ཤེས་རབ་ཧཱུཾ་གིས་ཚོགས་ཀྱི་དངོས་པོ་ཀུན། །ཟུང་འཇུག་ཧྲཱིཿལས་ཟག་མེད་བདུད་རྩིར་གྱུར། །སླར་ཡང་འོད་འཕྲོས་འབྱུང་བཞི་ལྷ་མི་སོགས། །སྣོད་བཅུད་ཀུན་གྱི་ཡོན་ཏན་ཐམས་ཅད་དང་། །རྒྱལ་བ་ཞི་ཁྲོའི་སྐུ་གསུང་ཐུགས་བྱིན་རླབས། །འཁོར་འདས་ཡོངས་ཀྱི་རོ་བཅུད་ནུས་པའི་ཚོགས། །ཐོགས་མེད་བཀུག་ནས་དབྱེར་མེད་གཅིག་ཏུ་གྱུར། །རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་བརླབས། སྤྱན་འདྲེན་པ་ནི། རང་སྣང་དག་པའི་ཞིང་ཁམས་ནས། །རྩ་བ་གསུམ་གྱི་ལྷ་(༢ན)


GLG024_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་ཁང་འདི་རུ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་མཆེད་ལྕམ་ཉམས་རྟོགས་སྤོར། །སྣང་སྲིད་བདེ་བ་ཆེན་པོར་མཛོད། །ཨཱོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ བཞུགས་སུ་གསོལ་བ་ནི། སྒྲུབ་པའི་རྟེན་དང་གཏོར་མ་ལ། །གཉིས་སུ་མེད་པར་བརྟན་པར་བཞུགས། །པདྨ་ཀ་མ་ལཱ་ཡེ་སྟྭཾ། ཡི་གེ་བཅུ་པ་ལན་བདུན་བཟླས་ནས། གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཚོགས་དང་པོ་འབུལ་བ་ནི། འཕགས་མཆོག་ཐུགས་རྗེའི་དཀྱིལ་འཁོར་ལ། །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །འདོད་ཡོན་ཕྱིར་མཆོད་ནམ་མཁའ་གང་། །བདུད་རྩི་སྨན་ཕུད་རཀྟ་དང་། །དམ་རྫས་རྒྱན་ལྡན་ནང་མཆོད་བཤམས། །མཛེས་སྡུག་ཕྱག་རྒྱར་མཉམ་སྦྱོར་བ། །གསང་བ་བདེ་ཆེན་མཆོད་པའི་རྫས། །ཀུན་ཀྱང་རིག་པའི་རང་གདངས་ལས། །མཆོད་བྱ་མཆོད་བྱེད་དང་(༢བ)


GLG024_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ། །འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ། །ཐུགས་དམ་སྐོངས་ལ་དངོས་གྲུབ་སྩོལ། །ཨཱོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་གྷ་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི། བར་པ་བཤགས་པ་ནི། བདག་ཅག་མ་རིག་དབང་གྱུར་པས། །ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ། །རྩ་གསུམ་ལྷ་ཚོགས་རྣམས་ལ་བཤགས། །ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩོལ། །ཨཱོཾ་པདྨ་ས་ཏྭ་ས་མ་ཡ་སོགས་སྣང་བ་མཐའ་ཡས་ཀྱི་ཡི་གེ་བརྒྱ་པ་གསུམ་མམ་བདུན་བརྗོད། ཐ་མ་བསྒྲལ་བ་ནི། ཨེ་ལས་ཐར་མེད་འབྲུབ་ཁུང་འབར་བའི་ནང་། །ཪྣྲི་དང་ཏྲི་ལས་གནོད་བྱེད་གཟུགས་ཕུང་ལ། །ཕོ་ཉ་རྣམས་ཀྱིས་དགྲ་དང་བགེགས་ཀྱི་ཚོགས། ཁུག་ཅིག་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་གྱུར། །དབང་ཆེན་རབ་ཁྲོས་སྐུ་སྨད་ཕུར་པའི་དཔལ། །སྙིང་གར་བཏབ་པས་སྲོག་བཅད་རྣམ་ཤེས་སྤར། །སྤུ་གྲི་འབར་བས་ཡན་ལག་ཤ་ཁྲག་རུས། །ནང་ཁྲོལ་མ་ལུས་ཕྱེ་མ་དུམ་བུར་གཏུབས། །ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་དགྲ་བགེགས་ཀྱི་བླ་ཚེ་སྲོག་གསུམ་ཐམས་ཅད་མཱ་ར་ཡ་རྦད་ཅེས་བསྒྲལ། སྟོབ་པ་ནི། ཕྱི་ལྟར་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ནང་དུ་ཚོགས་བརྒྱད་དག་པའི་ཕུང་པོ་ལྔ། །གསང་བ་བདེ་སྟོང་ཡེ་ཤེས་ལྔའི་རང་བཞིན། །གནས་ལུགས་རང་ངོ་ཤེས་པའི་ངང་ནས་འབུལ། །གོང་གི་སྔགས་གཤམ་དུ། མ་ཧཱ་མཾ་ས་རཀྟ་ཀེཾ་ནྲྀ་ཏི་ཁ་རཾ་ཁཱ་ཧི། ལྷག་མ་ནི་ཁ་ཆུས་སྦྲན་ལ། ཕྱི་ཡི་ཁོར་ཡུག་ལ་གནས་པའི། །ཐུགས་རྗེ་ཆེན་པོའི་བཀའ་སྐྱོང་ཚོགས། །ཡང་འཁོར་སྡེ་བརྒྱད་ཕོ་ཉར་བཅས། །ལྷག་མའི་གཏོར་མ་འདི་ལོང་ལ། །སངས་རྒྱས་བསྟན་པ་བསྲུང་བ་དང་། །བསྟན་གནོད་དགྲ་བགེགས་འཇོམས་(༣ན)


GLG024_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །རྣལ་འབྱོར་སྟོང་གྲོགས་བྱ་བ་དང་། །འགྲོ་ཀུན་ཕན་བདེ་སྒྲུབ་པར་མཛོད། །ཨཱོ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སེ་སྭཱཧཱ། ཆད་མཐོ་ནི། སྔོན་ཚེ་འོག་མིན་བདེ་ལྡན་ཞིང་ཁམས་སུ། །དཔལ་ལྡན་ཀུན་བཟང་གར་གྱི་དབང་པོ་ཡིས། །རང་ལས་གཞན་མིན་དག་པའི་འཁོར་རྣམས་ལ། །བྱར་མེད་ངང་ནས་ཆོས་ཀྱི་གནས་ལུགས་ཀུན། །ཚིག་དང་ཡི་གེ་མེད་པར་བསྟན་པའི་ཚེ། །གསང་བ་ཡེ་ཤེས་ལ་སོགས་མཁའ་འགྲོ་ཡིས། །ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ། །གཏོར་མ་འདི་ལོང་བཅོལ་བའི་འཕྲིན་ལས་མཛོད། །དེ་འོག་བར་གྱི་བསྐལ་པ་དབུས་མ་ལ། །ར་ས་འཕྲུལ་སྣང་དཔལ་གྱི་གཞལ་ཡས་སུ། །སྲོང་བཙན་སྒམ་པོ་ཨྱོན་ཁྲི་སྲོང་རྗེས། །འཕགས་མཆོག་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེ་ནས། །གཏེར་ཁ་གསུམ་དུ་ཟབ་གཏེར་སྦས་པའི་ཚེ། །དུང་སྐྱོང་མ་སོགས་ཆོས་སྲུང་གཏེར་བདག་གིས། །ཇི་ལྟར་༴། །གཏོར་མ་འདི་༴། །དེ་འོག་རྩུབ་འགྱུར་བསྐལ་པའི་ཐ་མ་ལ། །ལངྐའི་རྒྱལ་ཁབ་དཔལ་རིའི་ཕོ་བྲང་དུ། །སློབ་དཔོན་ཐོད་འཕྲེང་སློབ་མ་དངོས་གྲུབ་ཉང་། །ཤཱཀྱ་བཟང་པོ་གཏེར་སྟོན་རྣམ་གསུམ་གྱིས། །འཇིག་རྟེན་དབང་ཕྱུག་དཀྱིལ་འཁོར་ཞལ་ཕྱེ་ནས། །མ་སྲིང་དྲེགས་པ་དམ་ལ་བཏགས་པའི་ཚེ། །ཇི་ལྟར་༴། །གཏོར་མ་༴། །ད་ལྟ་བཀྲ་ཤིས་བྱིན་ཆགས་གནས་མཆོག་འདིར། །དམ་གཙང་རྡོ་རྗེ་སྤུན་གྲོགས་མཆེད་ལྕམ་གྱིས། །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །བདག་དོན་བྱང་ཆུབ་ནར་མར་བསྒྲུབས་པའི་ཚེ། །ཡར་གནས་མཆོད་ཅིང་མར་གནས་སྐྱོང་བ་དང་། །བསྟན་སྲུང་དམ་སྐོང་གཡར་དམ་གསོ་བྱེད་ན། །ཇི་(༣བ)


GLG024_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་༴། །གཏོར་མ་༴། །བསྟན་མ་བསྐྱང་བ་ནི། བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་བཙུན་བཞི། །འཁོར་བཅས་དམ་རྫས་བདུད་རྩི་འདི་བཞེས་ལ། །དབུས་གཙང་རུ་བཞིའི་ནད་རིམས་དལ་ཁ་ཆོད། །སད་སེར་བཙའ་ཐན་ལོ་ཉེས་དམག་འཁྲུག་སོགས། །ཉེར་འཚེ་ཀུན་ཞི་ཆོས་སྲིད་ལེགས་ཚོགས་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་བའི་འཕྲིན་ལས་མཛོད། །བྲོ་བརྡུང་ནི། གཏོར་གཞོང་རི་རབ་གསལ་བའི་འོག །གནོད་བྱེད་དགྲ་བགེགས་དམ་སྲི་རྣམས། །ལུས་ངག་ཡིད་གསུམ་མནན་བྱས་ནས། །ཐར་བ་མེད་པའི་བྲོ་བརྡུང་ངོ་། །དབང་ཆེན་རྟ་སྐད་ཙེར་རེ་རེ། །རོལ་པའི་རྟ་བྲོ་ཆེམས་སེ་ཆེམ། ཁྲོ་བོ་རྣམས་ཀྱིས་བྲོ་བརྡུངས་པར། ཁྲོ་མོ་རྣམས་ཀྱིས་རྒྱས་འདེབས་སོ། །དབང་དྲག་ཞི་རྒྱས་བྲོ་བརྡུངས་བས། ཁམས་གསུམ་དབང་སྡུད་གནོད་བྱེད་བསྒྲལ། །ནད་གདོན་ཀུན་ཞི་ཚེ་དཔལ་རྒྱས། །ལས་ཞི་ཐམས་ཅད་ལྷུན་གྲུབ་ཤོག །པཱ་ཤཾ་ཀུ་རུ། མཱ་ར་ཡ། ཤནྟིཾེ་ཀུ་རུ། པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་རྒྱལ་པོ་བཀའ་འབུམ་དུ་ཚོགས་འཁོར་གྱི་ཚིག་ཟིན་མེད་ཅིང་། གངས་རི་བའི་ཡིག་ཆར་ཕྱོགས་ཙམ་སྣང་བ་ཧ་ཅང་ཚང་བ་མི་འདུག་པ། ཉེ་ཆར་འཕྲུལ་སྣང་བྱ་འདབས་ཀྱི་མ་ཎི་བ་ཨྱོན་ཅན་སྤྱི་སོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེ་བྱང་སེམས་མྱུ་གུ་རྩལ་གྱིས་ལྕགས་བྱ་གླུ་དབྱངས་ཀྱི་ཟླ་བར་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་མཆོག་གོ །སརྦ་མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་ལས་བྱང་འཁྲུགས་པ་བསྡེབས་སུ་བཀོད་པ་བཀླགས་པས་དོན་གྲུབ།


GLG024_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་ལས་བྱང་འཁྲུགས་པ་སྡེབས་སུ་བཀོད་པ་བཀླགས་པས་དོན་གྲུབ་བཞུགས་སོ། །


GLG024_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། །ཐུགས་རྗེ་ཉི་མའི་དངོས་བརྒྱ་ཤར་བའི་མོད། །འཛམ་གླིང་སྡུག་བསྔལ་སྨག་རུམ་མཐར་མཛད་ཕྱིར། །ཕྱག་ན་པད་དཀར་འཛིན་ཁྱོད་བརྟུལ་ཞུགས་རྩལ། །གྲུབ་པའི་གར་མཁན་མཚོ་སྐྱེས་རྡོ་རྗེར་འདུད། །གང་གི་རྣམ་སྤྲུལ་བཀའ་གཏེར་བསྟན་པའི་བདག །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལེགས་ལྡན་རྗེ། །ཉི་ཟླ་འོད་ཟེར་རྩོད་དུས་གངས་ཅན་གྱི། །ཕན་བདེའི་སྣང་བ་སྟེར་མཛད་གཙུག་ན་མཛེས། །ཟན་གཡང་རྣམ་སྣང་ཐུགས་ཀྱི་གསང་བའི་མཛོད། །འཕགས་མཆོག་སྙིང་རྗེའི་ལྕགས་ཀྱིས་ལུས་ཅན་ཀུན། །འཁོར་བ་ལས་དྲངས་ཐར་པའི་དབྱིངས་ཆེན་པོར། །སྒྲོལ་བའི་ཟབ་གཏེར་སྔོན་མེད་ལེགས་པའི་ལམ། །སྐྱིད་ཤོད་མི་བདག་གཉེན་མདུན་ཤེ་མོང་གིས། །འཕྲུལ་སྣང་བར་ཁང་ནས་བཏོན་འཕྱོན་མའི་གར། །མ་ཞིག་ཞིག་པོས་འགྲོ་མང་འཁོར་གླིང་ལས། །མི་སྒྲོལ་ཉེས་ཀློང་བསྐྱུར་དང་འདི་མི་འདྲ། །དེ་ཕྱིར་འཕྲིན་ལས་སྒོམ་རིམ་(༢ན)


GLG024_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བསྡེབས་པའི། །ངག་འདོན་བཀླགས་པས་དོན་ཀུན་གྲུབ་པ་འདི། །སྙིགས་དུས་པདྨའི་རྒྱལ་ཚབ་གཏེར་བདག་གླིང་། །བཞེད་སྐོང་སླད་དུ་ཡི་གེའི་ཕྲེང་བར་སྤེལ། །དེ་ལ་འདིར་སྤྲུལ་པའི་གཏེར་ཆེན་ཉི་ཟླ་འོད་ཟེར་ལེགས་ལྡན་བདུད་འཇོམས་རྡོ་རྗེ་དཔལ་བཟང་པོས་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་བར་ཁང་གི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་གདན་དྲངས་པའི་ཟབ་ལམ་འཁོར་བ་དབྱིངས་སྒྲོལ་གྱི་སྒྲུབ་ཐབས་དང་འཕྲིན་ལས་མ་བུ་ཁྲིགས་ཆགས་སུ་འདྲི་བ་ལ། བདེ་ལྡན་ཞིང་ན་ཆོས་སྐུ་འོད་དཔག་མེད། །གྲུ་འཛིན་རྩེ་མོར་ལོངས་སྐུ་སྤྱན་རས་གཟིགས། །རྔ་ཡབ་དཔལ་རིར་སྤྲུལ་སྐུ་ཐོད་ཕྲེང་རྩལ། །སྙིང་ནས་གསོལ་བ་འདེབས་སོ་བདག་བྱིན་རློབས། །དུས་གསུམ་རྒྱལ་བ་ཀུན་ཡུམ་འཚོ་རྒྱལ་མ། །སྔགས་འཆང་སྣ་ནམ་རྡོ་རྗེ་བདུད་འཇོམས་དཔལ། །ཟབ་གཏེར་སྒོ་འབྱེད་སྤྲུལ་སྐུ་ལེགས་ལྡན་རྗེར། །སྙིང་ནས་གསོལ་བ་འདེབས་སོ་བདག་བྱིན་རློབས། །བཀའ་བབས་ཆོས་བདག་རྣམ་རྒྱལ་(༢བ)


GLG024_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བཟང་པོ། །མཁས་བཙུན་གྲུབ་བརྙེས་ངག་དབང་རྣམ་པར་རྒྱལ། །སྤྲུལ་པའི་སྐུ་མཆོག་བཀྲ་ཤིས་དཔལ་གྲུབ་ལ། །སྙིང་ནས་གསོལ་བ་འདེབས་སོ་༴། །ཁྱབ་བདག་སྨན་ལུང་བློ་མཆོག་རྡོ་རྗེའི་ཞབས། །ཟ་ཧོར་རིགས་འཛིན་བྱང་སེམས་མྱུ་གུ་རྩལ། །སྙ་ནམ་ཟློས་གར་པདྨ་ཕོ་ཉའི་སྤྲུལ་པ་གཏེར་བདག་གླིང་པ་ལ་ཞེས་འདོན་པ་བསྒྱུར་ཆོག །འཕྲིན་ལས་ལ། །སྙིང་ནས་གསོལ་བ་འདེབས་སོ་བདག་༴། །བྱིན་རླབས་སྩོལ་མཛད་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །བར་གཅོད་ཀུན་སེལ་མཁའ་འགྲོ་གཏེར་སྲུང་ལ། །སྙིང་ནས་གསོལ་བ་༴། །ཕྱི་ནང་གསང་བ་དེ་ཉིད་དཀྱིལ་འཁོར་དུ། །བུམ་གསང་ཤེས་རབ་ཡེ་ཤེས་རིག་པའི་རྩལ། །སྨིན་བྱེད་དབང་གི་ཆུ་བོས་བདག་རྒྱུད་ཀྱི། །ཟབ་ལམ་རྟོགས་པའི་མྱུ་གུ་སྨིན་པར་ཤོག །ཐུན་མོང་སྔོན་འགྲོས་རྒྱུད་སྦྱངས་རྡུལ་ཚོན་གྱི། །དཀྱིལ་འཁོར་ལ་བརྟེན་ཡེ་ཤེས་འོད་ལྔའི་ཀློང་། །ཡི་དམ་ཐུགས་རྗེ་ཆེན་པོ་ཞི་ཁྲོ་ཡི། །མ་ཧཱ་ཡོ་གའི་རྣལ་འབྱོར་མཐར་ཕྱིན་ཤོག །སྙིང་གའི་རྩ་འདབ་ཞི་བ་རིགས་ལྔ་དང་། །དུང་ཁང་འཁོར་ལོ་རྟ་མགྲིན་ཁྲག་འཐུང་གི །ལྷ་ཚོགས་ཡོངས་ཤར་སྤྲོ་བསྡུའི་སྦྱོར་བ་སོགས། །ཨ་ནུ་ཡོ་གའི་རྣལ་འབྱོར་མཐར་ཕྱིན་ཤོག །ཕྱི་ནང་ལུས་ཀྱི་དཀྱིལ་འཁོར་མ་ལུས་པ། །མེ་ལོང་གཟུགས་བཞིན་གསལ་སྟོང་འཛིན་པ་མེད། །བློ་འདས་རིག་པའི་རྩལ་དུ་ཡོངས་ཤར་བ། །ཨ་ཏི་ཡོ་གའི་རྣལ་འབྱོར་མཐར་ཕྱིན་ཤོག །དྷཱུ་ཏཱིའི་མར་སྣའི་ཨ་ཐུང་གཏུམ་མོའི་མེས། །ཧཾ་ཡིག་(༣ན)


GLG024_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བཞུ་བའི་བྱང་ཆུབ་སེམས་ཀྱི་རྒྱུན། །འབར་འཛག་དྲོད་ཀྱིས་རུ་བྱེ་དངས་མ་རྒྱས། །ལུས་ཀུན་ཁྱབ་པའི་བདེ་སྟོང་སྐྱེ་བར་ཤོག །རིགས་བཟང་བཅུ་དྲུག་ལོན་པའི་མཚན་ལྡན་མར། །མཉམ་སྦྱོར་ཐིག་ལེ་དབབ་དང་ལྡོག་པ་ལས། །དགའ་མཆོག་ཁྱད་པར་ལྷན་ཅིག་སྐྱེས་པ་ཡི། །མཆོག་གི་བདེ་སྟོང་ལམ་དུ་ལོངས་པར་ཤོག །ཤན་འབྱེད་མཉེན་བཙལ་བྱུང་གནས་འགྲོ་གསུམ་འཚོལ། །གནད་དུ་དབབ་པའི་སྔོན་འགྲོས་རྒྱུད་སྦྱངས་ནས། །ཆོས་ཀུན་སེམས་ཀྱི་དབྱིངས་སུ་ཀ་དག་པས། །རིག་རྩལ་ཆོས་སྐུ་རང་ངོ་འཕྲོད་པར་ཤོག །སྒྲོན་མ་རྣམ་བཞི་སྒོ་གསུམ་གཅུན་ཐབས་གསུམ། །གནད་བཞི་ལ་བརྟེན་འོད་གསལ་སྣང་བ་བཞིའི། །ལམ་བཟང་འཁྲུལ་པ་མེད་པར་ཉམས་བླངས་ནས། །ཚེ་འདིར་ཟུང་འཇུག་ཀུན་བཟང་མངོན་གྱུར་ཤོག །དབང་འབྲིང་རང་བཞིན་འཆི་ཁར་ཆོས་ཉིད་ཀྱི། །བར་དོ་གནད་ཀྱི་ཉམས་ལེན་ལ་བརྟེན་ནས། །མ་པང་བུ་རྒྱུག་ལྟ་བུར་རིགས་ལྔའི་ཚོགས། །ངོ་འཕྲོད་རྫུས་སྐྱེས་ཆོས་ཉན་གྲོལ་བར་ཤོག །བརྩོན་འགྲུས་དམན་པས་དབང་པོ་རབ་འབྲིང་གི །ཟབ་ལམ་རྣལ་འབྱོར་ཉམས་འོག་མ་ཆུད་དང་། །སྡིག་ཅན་བཙན་ཐབས་འདྲེན་ཕྱིར་བདག་གཞན་སེམས། །འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་བར་ཤོག །མ་བསྒོམས་སངས་རྒྱས་ཆོས་ལྔར་གྲགས་པ་ལས། །དམ་རྫས་ཏིང་འཛིན་སྔགས་ཀྱིས་ཉེར་བསྒྲུབས་པ། །མྱོང་གྲོལ་བདུད་རྩིས་འགྲོ་ཀུན་ངན་སོང་སྒོ །རབ་(༣བ)


GLG024_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ཐར་པའི་ལམ་དུ་འཁྲིད་པར་ཤོག །རྩ་གསུམ་བྱིན་རླབས་རྟེན་འབྲེལ་སླུ་མེད་མཐུས། །རང་སེམས་དོན་གྱི་འཕགས་མཆོག་འཇིག་རྟེན་དབང་། །མངོན་སུམ་རང་ངོ་འཕྲོད་ནས་ལུས་ཅན་ཀུན། །འདྲེན་པའི་དེད་དཔོན་ཆེན་པོར་བདག་འགྱུར་ཤོག །ཅེས་འཁྲུལ་མེད་ཀྱི་གཏེར་སྟོན་ཉི་ཟླ་འོད་ཟེར་རམ་རྡོ་རྗེ་གྲོ་ལོད་དུ་གྲགས་པ་མཆོག་སྤྲུལ་མངའ་རིས་པ་ལེགས་ལྡན་བདུད་འཇོམས་རྡོ་རྗེའི་གཏེར་གསར་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བརྒྱུད་འདེབས་ལམ་གྱི་རིམ་པ་དང་འབྲེལ་བའི་སྨོན་ལམ་དང་བཅས་པ་འདི་ནི་བྱང་བདག་རིགས་འཛིན་ཆེན་པོའི་སྤྲུལ་པའི་སྐུ་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་རིགས་ལས་སྔགས་དཀར་མ་ཎི་བ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་བསྟན་འཛིན་ནོ། །ཏྭཱ་ཐརྱཊ། ཏཿཐྱ་ཊ་ཆེན་ཊ་ནེ་ཨྱེཿ །མི་འགྱུར་དོན་དམ་ཐུགས་རྗེ་ཆེན་པོ་ལ༔ སྒོ་གསུམ་དམ་འདྲེས་དོན་གྱི་ཕྱག་འཚལ་ལོ༔ སྒྲུབ་པའི་ཁ་སྐོང་ལས་ཀྱི་ཁྲིགས་སུ་སྡེབས༔ མ་འོངས་ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྦྱོར་དངོས་རྗེས་གསུམ་དང་པོ་ནི༔ སྐྱབས་སེམས་བགེགས་བསྐྲད་སྲུང་འཁོར་བྱིན་དབབ་ཅིང་༔ མཆོད་བྱིན་བརླབ་དང་བཤགས་པ་སྔོན་འགྲོ་བདུན༔ དང་པོ་སྐྱབས་སུ་འགྲོ་བ་འདི་སྐད་དོ༔ ན་མོ། བདག་སོགས་མཁའ་མཉམ་སེམས་ཅན་རྣམས༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ རྒྱལ་བ་ཡོངས་རྫོགས་ཐུགས་རྗེ་ཡི༔ ལྷ་ཚོགས་རྣམས་ལ་(༤ན)


GLG024_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི༔ ཧྲཱི༔ སྲིད་མཚོ་འཁོར་བའི་སྡུག་བསྔལ་ལས༔ བདག་གིས་འགྲོ་རྣམས་བསྒྲལ་བའི་ཕྱིར༔ རིགས་འདུས་ཐུགས་རྗེ་ཆེན་པོ་ཡི༔ བསྐྱེད་རྫོགས་དོན་ལས་མི་འདའ་འོ༔ གསུམ་པ་བགེགས་བསྐྲད་པ་ནི༔ ཧྲཱི༔ བདག་ཉིད་ཐུགས་རྗེ་ཁྲོས་པའི་སྐུ༔ དབང་ཆེན་ཡོངས་རྫོགས་ཧེ་རུ་ཀ༔ སྤྲུལ་པའི་ཁྲོ་ཚོགས་སྐར་ལྟར་འཁྲུག༔ དམ་སྲི་ལོག་འདྲེན་བགེགས་ཀྱི་ཚོགས༔ ནམ་ཡང་འདའ་བར་མི་ནུས་པའི༔ མཁྱེན་གཉིས་བར་དུ་མཚམས་བཅད་དོ༔ ཨཱོཾ་ཧ་ཡ་གྲཱི་ཝ་མ་ཧཱ་ཀྲོ་ཏ་སརྦ་དུཥྚན་བིགྷྣཱན་མཱ་ར་ཡ་ཧཱཾ་ཕཊ༔ བཞི་པ་སྲུང་འཁོར་ནིཿ ཧྲཱིཿ གདོད་ནས་རྣམ་དག་རང་བྱུང་གཞལ་ཡས་ཁང་ཿ རིག་པའི་ངོ་བོ་པདྨ་ཧེ་རུ་ཀ༔ དངས་མའི་ཐུགས་སྲོག་ཡེ་ཤེས་རྣམ་ལྔ་ཡི༔ རང་འོད་ཟེར་གྲུབ་ཆོས་དབྱིངས་འཁོར་ལོ་དང་༔ མེ་ལོང་ཡེ་ཤེས་མི་འགྱུར་རྡོ་རྗེའི་དབྱིབས༔ མཉམ་ཉིད་དབྱིངས་ལས་རིན་ཆེན་འབར་བ་སྟེ༔ སོར་རྟོག་སྐྱོན་བྲལ་པདྨའི་གུར་ཁང་དང་༔ བྱ་གྲུབ་རང་བྱུང་རལ་གྲི་འབར་བའི་ཚུལ༔ སྣ་ཚོགས་མཚོན་ཆའི་འོད་ཟེར་མེ་འོད་འཕྲོ༔ སྟེང་འོག་ཕྱོགས་མཚམས་མི་ཤིགས་སྲུང་འཁོར་གྲུབ༔ ཨཱོཾ་བཛྲ་རཀྵ་རཀྵ་ཧཾ། ལྔ་པ་བྱིན་དབབ་པ་ནི༔ ཧྲཱི༔ ཆོས་དབྱིངས་རྣམ་དག་དཀྱིལ་འཁོར་ནས༔ རང་བྱུང་ཐུགས་རྗེའི་ལྷ་ཚོགས་རྣམས༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ དབང་བསྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨཱོཾ་བཛྲ་ཨ་བེ་ཤ་ཡ་ཨ༔ དྲུག་པ་མཆོད་རྫས་བྱིན་རླབས་ནི༔ ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་སརྦ་དྷརྨཱ་སྭ་(༤བ)


GLG024_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱ་ཝ་བི་ཤུདྡྷོ྅ཧཾ། རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུཾ། ཨཱོཾ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནྱཻ་ཝིདྱ། ཤཔྟ་པཱུ་ཛ་ཧོ༔ ཨཱོཾ་ཨཱཿཧཱུཾ་མ་ཧཱ་པཉྩ་པཱུ་ཛ་ཧོ༔ ཨཱོཾ་ཨཱཿཧཱུཾ། བྷོ་དྷི་ཙིཏྟ་ག་ན་གུ་ཧྱ་མ་ཧཱ་པཱུ་ཛ་ཧོ༔ ཨཱོཾ་ཨཱཿཧཱུཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཧཱུཾ་ཧྲི་ཋཿ བདུན་པ་བཤགས་པ་ནི༔ ཧྲཱི༔ རྩེ་གསུམ་ཐུགས་རྗེ་ཞི་ཁྲོའི་ལྷ༔ ཡེ་ནས་རང་བྱུང་དབྱེར་མེད་ལས༔ གཉིས་འཛིན་རྟོག་པས་སོ་སོར་བཟུང་༔ མཉམ་ཉིད་རིག་པའི་ཀློང་དུ་བཤགས༔ ཨཱོཾ་བཛྲ་ས་ཏྭ་ཨ། དེ་ལྟར་སྔོན་འགྲོ་རིམ་པ་བདུན༔ སྐལ་པ་ཅན་གྱིས་ཤེས་པར་བྱ༔ ཏ་རྒ༔རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་ལས་རིམ་ནི༔ དམ་ཚིག་བསྐྱེད་དང་སྤྱན་འདྲེན་དང་༔ བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་བསྟོད༔ འཛབ་བཟླས་བདུན་ནི་དངོས་གཞིའོ༔ དང་པོ་དམ་ཚིག་བསྐྱེད་པ་ནི༔ ཡོ་ག་གསུམ་གྱི་མངོན་རྟོགས་བསྒོམ༔ ཏྭཱ་ཐ༔ གསང་ཆེན་ལམ་ཞུགས་ཐུགས་རྗེའི་རྣལ་འབྱོར་པས༔ ཟབ་མོའི་སྒྲུབ་ཐབས་ཡོ་ག་གསུམ་གྱི་ཚུལ༔ དཀྱིལ་འཁོར་གསུམ་ལ་བརྟེན་ནས་བསྒྲུབ་པར་བྱ༔ དང་པོར་མ་ཧཱ་ཡོ་གའི་སྒོམ་རིམ་ནི༔ ཏིང་འཛིན་མ་ཡེངས་ཡིད་ཀྱིས་འཛིན་ཕུར་གདབ༔ ཨཱོཾ་སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧྲཱིཿ དེ་ལས་འོད་ཟེར་ཐིག་འཕྲོས་འབྱུང་ལྔའི་སྟེང་༔ བྷཱུཾ་ལས་བདེ་ཆེན་ལྷུན་གྲུབ་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན༔ རྩིག་པ་ལྔ་ལྡན་ཕ་གུ་པ་ཏྲར་ལྡན༔ དྲ་ཕྱེད་ཤར་བུ་མདའ་ཡབ་ཕིབས་ཏོག་མཛེས༔ རྡོ་རྗེའི་ར་གུར་ཡེ་(༥ན)


GLG024_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མེ་འོད་འཕྲོ༔ ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར༔ དེ་དབུས་པདྨ་འཁོར་ལོ་ཕྱི་ནང་སྤེལ༔ ལྟེ་བར་ཐིག་ལེ་ཟུང་འབྲེལ་མུ་ཁྱུད་བསྐོར༔ མདུན་གྱི་ཐིག་ལེར་རང་རིག་ལྷ་ཡི་སྐུ༔ ཐུགས་རྗེ་ཆེན་པོ་པདྨ་རཱ་གའི་མདོག༔ ཞལ་གཅིག་ཕྱག་གཉིས་ཤེལ་ཕྲེང་བུམ་པ་བསྣམས༔ རིན་ཆེན་རྒྱན་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ གསང་ཡུམ་དམར་མོ་པདྨ་བུམ་འཛིན་འཁྱུད༔ བདག་ཉིད་སྤྱི་གཙུག་རིགས་བདག་འོད་དཔག་མེད༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་ལྷུང་བཟེད་བསྣམས༔ མཚན་དཔེ་ཡོངས་རྫོགས་ཆོས་གོས་རྣམ་གསུམ་ལྡན༔ གཡོ་མེད་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས༔ ཤར་དུ་མི་བསྐྱོད་ཐུགས་རྗེ་ཤེལ་གྱི་མདོག༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཤེལ་འཕྲེང་བསྣམས༔ རིན་ཆེན་རྒྱན་མཛེས་༴། །མཱ་ཀི་དཀར་མོ་པདྨ་བུམ་༴། །ལྷོ་རུ་རིན་འབྱུང་ཐུགས་རྗེ་གསེར་གྱི་མདོག༔ ཞལ་གཅིག་ཕྱག་གཉིས་རིན་ཆེན་ཤེལ་འཕྲེང་བསྣམས༔ རིན་ཆེན་རྒྱན་མཛེས་༴༔ སྤྱན་མ་སེར་མོ་པདྨ་བུམ་འཛིན་འཁྱུད༔ ནུབ་ཏུ་སྣང་མཐའ་ཐུགས་རྗེ་བྱུ་རུའི་མདོག༔ ཞལ་གཅིག་ཕྱག་གཉིས་པདྨ་ཤེལ་ཕྲེང་བསྣམས༔ རིན་ཆེན་རྒྱན་༴། གོས་དཀར་དམར་མོ་པདྨ་བུམ་༴། བྱང་དུ་དོན་གྲུབ་ཐུགས་རྗེ་ཨིནྡྲའི་མདོག༔ ཞལ་གཅིག་ཕྱག་གཉིས་རྒྱ་གྲམ་ཤེལ་འཕྲེང་བསྣམས༔ རིན་ཆེན་རྒྱན་༴། སྒྲོལ་མ་ལྗང་གུ་པདྨ་བུམ་༴། དེ་ལྟར་རང་བྱུང་ཞི་བའི་ལྷ་ཚོགས་རྣམས༔ མཉེན་ལྕུག་འཁྲིལ་ལྡེམ་ཞི་བའི་ཆས་དགུ་གསོལ༔ གཞོན་ཚུལ་གཟི་ལྡན་ཡེ་ཤེས་འོད་ལྔའི་ཀློང་༔ རང་སྣང་མ་འདྲེས་ཐམས་ཅད་སྐྱིལ་(༥བ)


GLG024_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་བཞུགས༔ ཨཱོཾ་ཨཱཿཧཱུཾ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུཾ། ཧཱུཾ། ཞི་བའི་ངང་ལས་ཁྲོ་བོའི་སྐུར་བཞེངས་པར༔ འབར་བའི་དབང་ཆེན་ལྷ་ཚོགས་རང་བྱུང་ཤར༔ བཅོམ་ལྡན་སྐུ་རྒྱབ་འོད་ཟེར་ཐིག་ལེའི་དབུས༔ དབང་ཆེན་ཡོངས་རྫོགས་པདྨ་ཧེ་རུ་ཀ༔ སྐུ་མདོག་དམར་ནག་སྤྱི་གཙུག་རྟ་གདོང་འཚེར༔ ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ དུར་ཁྲོད་ཆས་གསོལ་བམ་ཆེན་སྟེང་ན་འགྱིང་༔ ཕག་མོ་རང་འདྲའི་འཁྲིལ་སྦྱོར་ཕག་གདོང་དུར༔ ཤར་རྩིབས་དབང་ཆེན་བཛྲ་ཧེ་རུ་ཀ༔ སྐུ་མདོག་དཀར་པོ་སྤྱི་གཙུག་རྟ་གདོང་འཚེར༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོད་ཁྲག་བསྣམས༔ དུར་ཁྲོད་ཆས་གསོལ་བམ་ཆེན་སྟེང་ན་འགྱིང་༔ ཕག་མོ་རང་འདྲ་འཁྲིལ་སྦྱོར་ཕག་གདོང་དུར༔ ལྷོ་རྩིབས་དབང་ཆེན་རཏྣ་ཧེ་རུ་ཀ༔ སྐུ་མདོག་སེར་པོ་༴། ཞལ་གཅིག་ཕྱག་གཉིས་རིན་ཆེན་ཐོད་ཁྲག་བསྣམས༔ དུར་ཁྲོད་ཆས་གསོལ་༴། ཕག་མོ་༴། ནུབ་རྩིབས་དབང་ཆེན་པདྨ་ཧེ་རུ་ཀ༔ སྐུ་མདོག་དམར་པོ་༴། ཞལ་གཅིག་ཕྱག་གཉིས་པདྨ་ཐོད་ཁྲག་བསྣམས༔ དུར་ཁྲོད་ཆས་གསོལ་༴། ཕག་མོ་༴། བྱང་རྩིབས་དབང་ཆེན་ཀརྨ་ཧེ་རུ་ཀ༔ སྐུ་མདོག་ལྗང་གུ་༴། ཞལ་གཅིག་ཕྱག་གཉིས་རྒྱ་གྲམ་ཐོད་ཁྲག་བསྣམས༔ དུར་ཁྲོད་ཆས་གསོལ་༴། ཕག་མོ་རང་འདྲ་༴། ཤར་སྒོར་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར༔ ལྕགས་ཀྱུ་ཐོད་ཁྲག་འཁྲིལ་སྦྱོར་ཚུལ་དུ་འགྱིང་༔ ལྷོ་སྒོར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར༔ ཞགས་པ་ཐོད་ཁྲག་༴ ནུབ་སྒོར་པདྨ་མཁའ་འགྲོ་ཡབ་ཡུམ་དམར༔ ལྕགས་སྒྲོག་ཐོད་ཁྲག་༴ བྱང་སྒོར་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལྗང་༔ དྲིལ་བུ་ཐོད་ཁྲག་༴ དེ་ལྟར་རིག་(༦ན)


GLG024_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་མཁའ་འགྲོའི་ལྷ་ཚོགས་རྣམས༔ བརྗིད་པའི་སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ འབར་བའི་གར་དགུ་རྔམ་བརྗིད་ཁྲོ་ཚུལ་ལྡན༔ བསྐལ་མེ་རབ་འབར་བམ་ཆེན་སྟེང་ན་འགྱིང་༔ ཨཱོཾ་པདྨནྟ་ཀྲྀཏྷ་ཡ་གྲཱི་ཝ་ཧཱུཾ་ཕཊ། གཉིས་པ་སྤྱན་འདྲེན་སྤོས་རོལ་དང་༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧྲཱིཿ དབྱིངས་ཀྱི་འོད་ཁྱིམ་རྣམ་དག་པོ་ཊ་ལ༔ རིག་པའི་རང་སྐུ་བདེ་ཆེན་ལོངས་སྤྱོད་རྫོགས༔ ཐུགས་རྗེ་མཚུངས་མེད་ཡབ་ཡུམ་གཉིས་མེད་སྦྱོར༔ གནས་འདིར་ཐུགས་རྗེས་དགོངས་ལ་གཤེགས་སུ་གསོལ༔ རིག་པའི་རང་རྩལ་འོད་ཕུང་སྐུར་སྣང་བ༔ ཐིག་ལེ་ལྔ་རྫོགས་འབྲེལ་བའི་གཞལ་ཡས་ནས༔ ཡེ་ཤེས་བཞི་སྦྱོར་རིགས་བཞི་ཡབ་ཡུམ་རྣམས༔ ཚད་མེད་ཐུགས་རྗེས་དགོངས་ལ་གཤེགས་སུ་གསོལ༔ དབང་དྲག་ཟླ་གམ་འབར་བའི་གཞལ་ཡས་ནས༔ ཡེ་ཤེས་རང་རྩལ་དབང་ཆེན་ཡོངས་རྫོགས་ལྷ༔ དམིགས་མེད་ཐུགས་རྗེའི་དབང་གིས་བརྩེར་དགོངས་ལ༔ གནས་འདིར་སྤྱན་འདྲེན་མཆོད་ཀྱིས་གཤེགས་སུ་གསོལ༔ ལས་བཞི་ལྷུན་གྲུབ་སྒོ་བ་ཡབ་ཡུམ་རྣམས༔ རྟག་ཆད་མཐའ་བྲལ་དབྱིངས་ནས་སྐུ་བཞེངས་ལ༔ ཚད་མེད་རྣམ་བཞིས་འགྲོ་བ་འདུལ་བའི་ཕྱིར༔ གནས་འདིར་སྤྱན་འདྲེན་བརྩེར་དགོངས་གཤེགས་སུ་གསོལ༔ ཨཱོཾ་བཛྲ་ས་མ་ཡ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ ཆོས་དབྱིངས་ལྷུན་གྲུབ་བདེ་ཆེན་གཞལ་ཡས་འདིར༔ དབྱིངས་ཀྱི་ཐིག་ལེ་འོད་ཕུང་འཁྱིལ་བའི་དབུས༔ རིག་པ་རང་ཤར་ཐུགས་རྗེ་ཞི་ཁྲོའི་ལྷ༔ མཉམ་ཉིད་དོན་གྱི་དབྱིངས་སུ་བརྟན་པར་བཞུགས༔ ཨཱོཾ་(༦བ)


GLG024_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ས་མ་ཡ་ཏིཥྛནྟུ༔ བཞི་པ་ཕྱག་འཚལ་ནི༔ ཧྲཱི༔ རང་རིག་ཐུགས་རྗེ་ཞི་ཁྲོའི་ལྷ་ཚོགས་ལ༔ སྣང་སྟོང་སྐྱེ་འགག་མེད་པའི་དབྱིངས་ཉིད་དུ༔ བཟང་ངན་གཉིས་འཛིན་ཡེ་ནས་བྲལ་བ་ཡི༔ མཉམ་ཉིད་དོན་གྱི་ངང་དུ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི༔ ཧྲཱི༔ རིག་གདངས་ཐུགས་རྗེའི་ལྷ་ཚོགས་ལ༔ མཆོད་པའི་བྱེ་བྲག་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་ལྷ་མོ་རྣམས༔ སོ་སོའི་ཁ་དོག་ཕྱག་རྒྱ་བསྒྱུར༔ རབ་འབྱམས་ནམ་མཁའི་ཁམས་བཀང་ནས༔ རྒྱལ་བའི་དཀྱིལ་འཁོར་མཆོད་པར་བྱ༔ ཨཱོཾ་ཨཱཿཧཱུཾ་བཛྲ་པུཥྤེ་ནས་ཤཔྟ་པཱུ་ཛ་ཧོཿ ཧྲཱི༔ རིག་གདངས་ཞི་ཁྲོའི་ལྷ་ཚོགས་ལ༔ རང་བྱུང་བདུད་རྩི་རྣམ་ལྔ་དང་༔ ཤ་ལྔ་དམ་ཚིག་མཆོག་གི་རྫས༔ ནང་གི་བདག་ཉིད་དག་པར་བཞེས༔ མ་ཧཱ་ཨ་མྲྀ་ཏ་མཾ་ས་པཉྩ་པཱུ་ཛ་ཧོ༔ ཧྲཱི༔ ཐུགས་རྗེ་ཞི་ཁྲོའི་ལྷ་ཚོགས་ལ༔ སྣང་སྟོང་བདེ་ཆེན་ཡབ་ཡུམ་མཁར༔ དགའ་བཞི་ཡེ་ཤེས་ཐིག་ལེར་འཁྱིལ༔ ཟུང་འཇུག་བདེ་ཆེན་མཆོད་པ་བཞེས༔ ཨཱོཾ་བྷོ་དྷི་ཙིཏྟ་པཱུ་ཛ་ཧོ༔ ཧྲཱི༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྩ་བ་བརྒྱད་དང་ཡན་ལག་སྟོང་སྦྱར་བ༔ མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འདི༔ བླ་མ་ཡི་དམ་མཁའ་འགྲོ་སྲུང་མར་འབུལ༔ ཨཱོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ འོད་དཔག་མེད་དང་འཕགས་མཆོག་སྤྱན་རས་གཟིགས། ཨྱོན་པདྨ་ཐོད་ཕྲེང་མཁར་ཆེན་བཟའ། །རྡོ་རྗེ་བདུད་འཇོམས་གཏེར་སྟོན་ལེགས་ལྡན་རྗེར། །མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཨཱོཾ་མ་ཧཱ་སརྦ་༴། རྣམ་རྒྱལ་དཔལ་བཟང་ངག་དབང་རྣམ་པར་རྒྱལ། །བཀྲ་ཤིས་དཔལ་གྲུབ་ཁྱབ་བདག་སྨན་(༧ན)


GLG024_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་པ། །ཟ་ཧོར་རིགས་འཛིན་གཏེར་བདག་གླིང་པ་ལ། །མྱོང་གྲོལ་༴། ཨཱོཾ་མ་ཧཱ་སརྦ་༴། ཡི་དམ་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་ལྷ། །མཁའ་འགྲོ་བཀའ་སྲུང་དམ་ཅན་གཏེར་སྐྱོང་དང་། །ཡུལ་ལྷ་གཞི་བདག་རྡོ་རྗེ་མཆེད་ལྕམ་ལ། །མྱོང་གྲོལ་༴། ཨཱོཾ་མ་ཧཱ་སརྦ་༴། ཧྲཱིཿ ཐུགས་རྗེ་ཞི་ཁྲོའི་ལྷ་ཚོགས་ལ༔ རྩ་བརྒྱད་བདུད་རྩི་མཆོད་པ་དང་༔ བདེ་ཆེན་རཀྟའི་མཆོད་པ་དང་༔ དམ་རྫས་གཏོར་མའི་མཆོད་པ་རྣམས༔ དོན་དམ་དབྱིངས་ཀྱི་མཆོད་པ་འབུལ༔ མཐུན་འཇུག་མཆོག་གི་མཆོད་པར་བཞེས༔ ཨཱོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ དྲུག་པ་བསྟོད་པ་ནི༔ ཧྲཱིཿ དབྱིངས་ཀྱི་འོད་ཕུང་ཡེ་ཤེས་ཆེན་པོ་ལས༔ རིག་པའི་སྐུར་བཞེངས་ཐུགས་རྗེ་ཆེན་པོ་ཡབ༔ བདེ་ཆེན་དགྱེས་པ་བསྐྱེད་ཕྱིར་ཡུམ་དང་སྦྱོར༔ གཉིས་མེད་དོན་དམ་རིག་པའི་སྐུ་ལ་བསྟོད༔ རིགས་ཀྱི་བདག་པོ་སྣང་མཐའ་འོད་དཔག་མེད༔ རྗེས་སུ་ཆགས་པ་སྐུ་མདོག་རཱ་གའི་མདོག༔ མཉམ་གཞག་མི་འགྱུར་གཡོ་མེད་སྐྱིལ་ཀྲུང་བཞུགས༔ རིགས་མཆོག་ཡོངས་རྫོགས་སྐུ་ལ་ཕྱག་འཚལ་བསྟོད༔ དབྱིངས་ཀྱི་འོད་ཕུང་ཡེ་ཤེས་ཆེན་པོ་ལས༔ རིག་པའི་སྐུར་བཞེངས་རིགས་བཞི་སྤྱན་རས་གཟིགས༔ ཁམས་བཞི་རྣམ་དག་ཡུམ་བཞི་འཁྲིལ་སྦྱོར་ཚུལ༔ རིགས་བཞི་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རིག་པའི་རང་རྩལ་ཡེ་ཤེས་འབར་བའི་སྐུ༔ དབང་ཆེན་ཡོངས་རྫོགས་པདྨ་ཧེ་རུ་ཀ༔ ཤེས་རབ་དབྱིངས་ཀྱི་ཕག་མོ་དགྱེས་པ་འཁྲིལ༔ གཉིས་མེད་བདེ་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་ཉིད་དབང་དྲག་ལྷུན་གྲུབ་རོལ་པའི་སྐུ༔ ཡེ་ཤེས་རང་ཤར་རིགས་བཞི་ཧ་ཡ་གྲཱི༔ རང་རིག་ཕག་(༧བ)


GLG024_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྡེ་བཞི་མཉམ་པར་སྦྱོར༔ རྟ་མཆོག་རིགས་བཞིའི་སྐུ་ལ་ཕྱག་འཚལ་བསྟོད༔ ཚད་མེད་རྣམ་བཞིའི་དཀྱིལ་འཁོར་སྒོ་བཞི་རུ༔ འཕྲིན་ལས་བཞི་ལྡན་སྒོ་བ་ཡབ་ཡུམ་བརྒྱད༔ སྣ་ཚོགས་རབ་འབྱམས་ལས་ཀུན་ལྷུན་གྲུབ་པའི༔ ཏྀ་ཀྲ་ཏ་སྒོ་བའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རིག་པ་སྤྲོས་བྲལ་ངོས་བཟུང་མེད་པའི་ལྷ༔ ཅིར་ཡང་མ་གྲུབ་ངང་གི་གསལ་བའི་ལྷ༔ ཡེ་ནས་རང་གྲོལ་རྫོགས་པ་ལྟ་བའི་ལྷ༔ མ་བཅོས་ཅོག་བཞག་རང་འགྲོས་སྒོམ་པའི་ལྷ༔ བླང་དོར་རང་དག་ཟུང་འཇུག་སྤྱོད་པའི་ལྷ༔ རང་བྱུང་ཡེ་དག་མཐར་ཕྱིན་འབྲས་བུའི་ལྷ༔ ཐིག་ལེ་ཆེན་པོ་གྲ་ཟུར་མེད་པའི་ལྷ༔ ཕྱི་དང་ནང་མེད་ཀུན་ཏུ་བརྡལ་བའི་ལྷ༔ སྣང་སྲིད་རྣམ་དག་གཞལ་ཡས་ལྷུན་གྲུབ་པའི༔ ཆགས་སྡང་རང་གྲོལ་ཞི་ཁྲོའི་དཀྱིལ་འཁོར་ཤར༔ ཡེ་ཤེས་སྐུ་མཆོག་རྣམས་ལ་ཕྱག་འཚལ་བསྟོད༔ བདུན་པ་འཛབ་བཟླས་དགོངས་པ་ནི༔ ཡོ་ག་གསུམ་གྱི་མངོན་རྟོགས་ཡིན༔ དེ་ཡི་འཕྲིན་ལས་འདི་ལྟར་རོ༔ ཧྲཱི༔ རང་བྱུང་རྣམ་དག་གཞལ་ཡས་འདིར༔ ཆོས་སྐུ་ཐུགས་རྗེ་ཞི་ཁྲོའི་ལྷ༔ སྣ་ཚོགས་སྐུ་དང་ཆ་ལུགས་ལ༔ ཐུགས་སྲོག་འཛབ་ཀྱི་རང་སྒྲ་སྒྲོག༔ མི་འགྱུར་ཐུགས་ལས་འོད་ཟེར་འཕྲོས༔ ཕར་འཕྲོས་སེམས་དོན་རྣམས་རྫོགས༔ ཚུར་འདུས་དངོས་གྲུབ་བཅུད་དུ་བསྡུ༔ རྟགས་མཐོང་བར་དུ་རྒྱུན་མི་བཅད༔ དེ་ལྟར་མ་ཧཱ་ཕྱི་གྲུབ་བཟླས་བའི་ཚེ༔ བདག་ཉིད་ཐུགས་ཀར་ཉི་སྟེང་ཧྲཱི༔ཡིག་དམར། དེ་མཐར་སྔགས་བསྐོར་འོད་ཟེར་སྤྲོས་པ་ལས༔ རྒྱལ་བ་རྒྱ་མཚོའི་བྱིན་རླབས་འོད་དུ་བསྡུས༔ བདག་ཉིད་ཞལ་ཞུགས་ཐུགས་ཀར་ཐིམ་པ་ཡིས༔ སྐུ་གསུང་ཡེ་ཤེས་ལྔ་ཡི་དབང་ཐོབ་བསམ། བདག་གི་རིགས་(༨ན)


GLG024_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེས་ལྷ་རྣམས་ཀུན་ལ་སྦྱར༔ ཕུང་པོ་ལྔ་ལ་རིགས་ཀྱི་སྤྲོ་བསྡུ་དང་༔ ཞི་སོགས་ལས་ལ་རིགས་བཞིའི་སྤྲོ་བསྡུ་བྱ༔ བརྒྱ་སྟོང་ཁྲི་འབུམ་ཐུན་སྦྱར་བཟླས་པ་སྟེ༔ དེ་ཡིས་དངོས་གྲུབ་ཡིད་བཞིན་འགྲུབ་པ་དང་༔ ཞི་སོགས་ལས་རྣམས་ཐོགས་མེད་མཐར་ཕྱིན་འགྱུར༔ རིགས་འདུས་ཕྱི་སྒྲུབ་ཡིད་བཞིན་ནོར་བུ་འདི༔ མ་འོངས་ལས་ལྡན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨཱོཾ་ཨཱཿཧཱུཾ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུཾ། ཨཱོཾ་པདྨཱནྟ་ཀྲྀཏྷ་ཡ་གྲཱི་ཝ་ཧཱུཾ༔ ཞེས་བྱ་ཞི་ཁྲོའི་ཐུགས་སྲོག་སྔགས༔ འཛབ་དགོངས་འཛབ་དབྱངས་གྲངས་ལྡན་བསྒྲུབ༔ དེ་ནི་དངོས་གཞིའི་རིམ་པའོ༔ དེ་ནས་རྗེས་ཀྱི་རིམ་པ་ནི༔ ཚོགས་དང་ལྷག་མ་ཐུགས་དམ་བསྐུལ༔ ཆད་མདོ་བསྒྲོག་ཅིང་བསྟན་མ་སྐྱོང་༔ གཏོར་མནན་དངོས་གྲུབ་བླང་བ་དང་༔ བསྡུ་ཆོག་བརྒྱད་ནི་རྗེས་ཀྱི་ཆོས༔ དང་པོ་ཚོགས་ནི༔ ཨཱོཾ་སྭ་བྷཱ་ཝ་༴ ། རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུཾ༔ ཧྲཱིཿ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་དྲུག་གི་འཕྲོ་འདུ་ལས༔ ཚོགས་ཀྱི་འཛིན་རྟོག་རང་དག་ནས༔ ཡེ་ཤེས་བདུད་རྩིའི་ངོ་བོར་གྱུར༔ ཧྲཱིཿ གདོད་ནས་རང་བྱུང་རིག་པའི་སྐུ༔ སྣང་སྟོང་ཐུགས་རྗེ་ཞི་ཁྲོའི་ལྷ༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས༔ གཉིས་མེད་ངང་དུ་བརྟན་པར་བཞུགས༔ ཧྲཱི༔ རིག་པ་རང་ཤར་ཞི་ཁྲོའི་ལྷ༔ རྩལ་གདངས་འཁོར་ཚོགས་བཅས་པ་ལ༔ སྣང་བ་རྒྱན་ཤར་འདོད་ཡོན་འདི༔ བླང་དོར་མེད་པར་བཞེས་སུ་གསོལ༔ ཧྲཱི༔ གཉིས་འཛིན་རྟོག་པ་ཨ་འཐས་པའི༔ རིག་པ་ལྷ་དང་འདོད་ཡོན་ཚོགས༔ མཉམ་ཉིད་དབྱིངས་(༨བ)


GLG024_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་རྟོགས་པ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔ རཱུ་པ་དགུག་གཞུག་མཐར་རྒྱས་ནི༔ ཧཱུཾ་ཧྲཱི༔ ཆོས་དབྱིངས་ཡེ་ཤེས་རིག་པའི་རང་རྩལ་ལས༔ ལྷུན་གྲུབ་ལས་མཛད་བུདྡྷ་ཧ་ཡ་གྲཱི༔ ཡབ་ཡུམ་གཉིས་མེད་རོལ་པའི་བྱིན་རླབས་ལས༔ མ་རིག་གཏི་མུག་གཟུང་འཛིན་དགྲ་བགེགས་རྣམས༔ ཆོས་དབྱིངས་ཀློང་དུ་སྒྲོལ་བའི་འཕྲིན་ལས་མཛོད༔ ཧཱུཾ་ཧྲཱི༔ མེ་ལོང་ཡེ་ཤེས་༴། ཞི་བའི་ལས་མཛད་བཛྲ་༴། ཡབ་ཡུམ་༴། མ་རིག་ཞེ་སྡང་༴། གསལ་བའི་ཀློང་དུ་༴། ཧཱུཾ་ཧྲཱི༔ མཉམ་ཉིད་༴། རྒྱས་པའི་ལས་མཛད་རཏྣ་ཧ་ཡ་གྲཱི༔ ཡབ་ཡུམ་༴། མ་རིག་ང་རྒྱལ་༴། མཉམ་པའི་ཀློང་དུ་༴། ཧཱུཾ་ཧྲཱི༔ སོར་རྟོག་ཡེ་ཤེས་རིག་པའི་རང་རྩལ་ལས༔ དབང་གི་ལས་མཛད་པདྨ་ཧ་ཡ་གྲཱི༔ ཡབ་ཡུམ་༴། མ་རིག་འདོད་ཆགས་༴། མཁྱེན་པའི་ཀློང་དུ་༴། ཧཱུཾ་ཧྲཱི༔ བྱ་གྲུབ་ཡེ་ཤེས་༴། དྲག་པོའི་ལས་མཛད་ཀརྨ་༴། ཡབ་ཡུམ་༴། མ་རིག་ཕྲག་དོག་༴ ལས་གྲུབ་ཀློང་དུ་༴། ཧཱུཾ་ཧྲཱི༔ མ་རིག་དུག་ལྔ་འདུས་པའི་རུ་དྲ་འདི༔ རིག་སྐུ་ཡེ་ཤེས་ཡོངས་རྫོགས་ཧེ་རུ་ཀས༔ སྣ་ཚོགས་རང་ཤར་སྤྲུལ་པའི་ཕོ་ཉའི་ཚོགས༔ དུག་ལྔ་གཟུང་འཛིན་རྩད་གཅོད་ཕུར་བུ་འདྲིལ༔ འཁོར་བའི་རྒྱུན་ལམ་ཆོད་ཅིག་ཀཱི་ལཱ་ཡ༔ མཉམ་རྫོགས་དབྱིངས་སུ་སྦྱོར་ཅིག་ཀཱི་ལཱ་ཡ༔ ཨཱོཾ་པདྨ་ཀྲོ་ཏ་ཀཱི་ལཱ་ཡ་ཪྣྲི་ཏྲི་ཧུར་ཐུཾ་མཱ་ར་ཡ་རྦད༔ ཧཱུཾ། དོན་དམ་ཆོས་ཉིད་ཞལ་ཕྱེ་ཞིག༔ ཁམས་གསུམ་འཁོར་བ་ཞལ་དུ་སྟོབ༔ ཡེ་ཤེས་རྣམ་ལྔ་ཞལ་ཕྱེ་ཞིག༔ དུག་ལྔ་གཟུང་འཛིན་ཞལ་དུ་སྟོབ༔ དཀྱིལ་འཁོར་ལྷ་ཚོགས་ཞལ་ཕྱེ་ཞིག༔ བར་ཆད་དགྲ་བགེགས་ཞལ་དུ་སྟོབ༔ མ་ར་ཙི་ཁཱ་ཧི༔ ཚོགས་ལ་རོལ་ཅིང་རྡོ་རྗེའི་གླུ་བྱ༔ ཐཏ྅ཐ། ལྭཱཊཏམཧཱཙཊ། ཧཱཊཧཱཏརྒ༔ (༩ན)


GLG024_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གསང་སྔགས་བསྟན་པ་བསྲུང་བའི་ཕྱིར༔ གཟའ་བདུད་དུག་གི་སྤུ་གྲི་ཡི༔ གསོལ་མཆོད་རིམ་པ་བསྟན་པར་བྱ༔ འདི་ལ་ཤིས་པའི་མཐུན་རྫས་རྣམས༔ ཚང་ཞིང་བཀོད་ལེགས་བཤམས་ནས་ཀྱང་༔ རྒྱུ་དུས་དག་དང་ཟེར་གཉིས་དུས༔ སྔགས་འདིས་དགུག་ཅིང་ཕུད་ཀྱིས་མཆོད༔ ཨཱོཾ་ཧ་ཡ་གྲཱི་ཝ་ཧཱུཾ། བཛྲ་རཱ་ཧུ་ལ་ཙིཏྟ་ཤཀ་རུ་རིམ་མ་ཡོད་ཟ་འགྲམ་ཧ་ཧེ་ཛ་ཛ༔ རྫས་བསྲེག་རོལ་དབྱངས་བཅས་ཏེ་བསྐུལ༔ ཧཱུཾ། སྔོན་ཚེ་དབང་ཆེན་པདྨ་ཧེ་རུ་ཀས༔ དམ་ལ་བཏགས་པའི་ཆོས་སྐྱོང་མཐུ་རྩལ་ཅན༔ དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ༔ དྲག་པོའི་ཆ་ལུགས་དུད་ཁ་མུན་པའི་མདོག༔ དབུ་དགུ་སྤྱན་སྟོང་བསྟན་ལ་བྱ་ར་མཛད༔ ཞལ་བགྲད་མཆེ་གཙིགས་ནད་ཀྱི་ན་བུན་འཁྲུག༔ ཕྱག་གཡས་ཆུ་སྲིན་རྒྱལ་མཚན་ཕྱར་བ་ཡིས༔ འགལ་བྱེད་ཁྱུར་མིད་ཐར་པའི་དུས་སྐབས་མེད༔ གཡོན་པ་མདའ་གཞུས་ཉམས་པའི་སྙིང་ལ་གཟེར༔ སྐུ་སྨད་སྦྲུལ་མཇུག་ཀླུ་བདུད་ཕོ་ཉར་འགྱེད༔ འབྱུང་བཞིའི་འཁོར་ལོ་དཀྲུགས་བསྡེབས་སྲིད་གསུམ་གཡོ༔ སྤྲུལ་པ་གཟའ་བརྒྱད་གདོང་མོ་ཁ་བཞི་དང་༔ ལྷ་སྲིན་སྡེ་བརྒྱད་རྒྱུ་སྐར་ཉི་ཤུའི་ཚོགས༔ རང་རང་མཐུན་པའི་དམ་རྫས་འདི་བཞེས་ལ༔ རྡོ་རྗེ་འཛིན་རྒྱལ་པདྨ་ཧེ་རུ་ཀ༔ ཤྲཱི་སིངྷ་པདྨའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་དྲན་མཛོད་ལ༔ བདག་ལ་སྡང་བའི་ལས་ངན་དགྲ་བོ་འདི༔ ཆོས་སྐྱོང་ཁྱོད་ལ་གསོད་པའི་གཉེར་དུ་གཏད༔ ལོ་ཟླར་མ་བཞག་མྱུར་དུ་སྒྲོལ་བར་མཛོད༔ ཕོ་རྒྱུད་རྩད་ཆོད་མོ་རྒྱུད་མངལ་ནས་སྐྱོམས༔ དགྲ་བོའི་སྲོག་རྩ་དམར་(༩བ)


GLG024_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དོན་སྙིང་བཅས༔ ཁྱོད་ཀྱི་ཟས་སྐལ་མཐུན་རྫས་མ་ཡིན་ནམ༔ སྲོག་ཆོད་སྙིང་ཕྱུངས་ཤ་རུས་དུམ་བུར་གཏུབས༔ བཞེས་ཤིག་རོལ་ཅིག་དམ་ཉམས་དགྲ་ལ་རོལ༔ ཕ་ཚན་བདུན་རྒྱུད་ཐམས་ཅད་རྩད་ནས་ཆོད༔ མིང་ཙམ་མེད་པར་ཐལ་བའི་རྡུལ་དུ་ལྷོགས༔ ཞེས་བསྐུལ་ཡི་དམ་ང་རྒྱལ་གྱིས༔ མཆོད་ལ་གང་འདོད་འཕྲིན་ལས་བཅོལ༔ དམ་ཚིག་ནན་བསྒྲགས་གོང་གནོན་གཅེས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྣོ་མྱུར་ཁྱད་འཕགས་ཐོག་འདྲ་བའི༔ ཆོས་སྐྱོང་ཁྱབ་འཇུག་མཆོད་བསྐུལ་འདི༔ ཡང་ཟབ་ཆོས་ཀྱི་སྲུང་མར་སྦས༔ བསྟན་པ་གཉན་པོ་བསྲུང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་ལྷག་གཏོར་ནི། ཧཱུཾ། དབང་ཆེན་ཐུགས་རྗེ་ཞི་ཁྲོ་ཡི༔ རིག་རྩལ་བཀའ་ཡི་ལྷག་སྡུད་མ༔ རྟོགས་ཚོགས་དབང་སྒྱུར་འཕྲུལ་མོ་ཆེ༔ འདོད་ཡོན་རོལ་པའི་ལྷག་གཏོར་བཞེས༔ སྐྱེ་འགག་མཐའ་བྲལ་ལས་མཛོད་ཅིག༔ གསུམ་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུཾ། རང་བྱུང་དཀྱིལ་འཁོར་ཆེན་པོ་ནས༔ རིག་པ་རང་ཤར་ལྷ་ཡི་ཚོགས༔ ཞི་ཁྲོ་ཡོངས་རྫོགས་སྐུ་བཞེངས་ལ༔ ཤར་གྲོལ་རང་མཚང་གསལ་བར་མཛོད༔ རེ་དོགས་མཐའ་ལས་གྲོལ་བར་མཛོད༔ གཉིས་འཛིན་ལོག་ལྟ་རྒྱུན་ཆོད་ལ༔ རྟག་ཆད་མུ་མཐའ་བྲལ་བ་ཡི༔ ཆོས་ཉིད་ཀློང་དུ་ཐིམ་བར་མཛོད༔ སངས་རྒྱས་རེ་བའི་ཕོ་བདུད་དང་༔ འཁོར་བར་དོགས་པའི་དམ་སྲི་དང་༔ ཚོགས་དྲུག་ཡུལ་གྱི་སྡེ་བརྒྱད་རྣམས༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་གྲོལ༔ ཨ་ཕཊ། བཞི་པ་ཆད་མདོ་ནི༔ ཧྲཱིཿ འོད་གསལ་ལྷུན་གྲུབ་ཕོ་བྲང་དུ༔ གདོད་མའི་སངས་རྒྱས་ཐུགས་རྗེ་ཡིས༔ རང་ཤར་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ འགྱུ་སྣང་བཀའ་སྡོད་ཐམས་ཅད་ཀྱིས༔ རང་དམ་(༡༠ན)


GLG024_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་གྲོལ་མཚང་བསྟན་པས༔ བདག་འཛིན་བྲལ་བར་མ་ཆད་དམ༔ སྣང་རིག་དོན་གྱི་གཏོར་མ་ལོང་༔ ཆོས་ཉིད་མ་ལ་བུ་ཐིམ་མཛོད༔ དེ་འོག་བསྐལ་པ་བར་མ་ལ༔ མི་འགྱུར་དཔལ་གྱི་སྟེང་ཁང་དུ༔ རིགས་འཛིན་པདྨ་སཾ་བྷ་ཝས༔ ཞི་ཁྲོ་ཟུང་འཇུག་ཞལ་ཕྱེ་ཚེ༔ མ་སྲིང་དམ་ཅན་རྒྱ་མཚོ་ཡིས༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ མཆོད་གཏོར་བཞེས་ལ་འཕྲིན་ལས་མཛོད༔ དེ་འོག་བསྐལ་པའི་ཐ་མ་ལ༔ དག་སྣང་དཔལ་རིའི་རྩེ་མོ་རུ༔ མོས་གཟུགས་པདྨ་འབྱུང་གནས་དང་༔ ཐོལ་བྱུང་ཉི་ཟླ་འོད་ཟེར་གྱིས༔ རྩལ་སྣང་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ འོད་སྣང་བཀའ་སྡོད་ཐམས་ཅད་ཀྱིས༔ འགྱུ་དྲན་བྲལ་བར་མ་ཆད་དམ༔ འདོད་ཡོན་རང་ཤར་གཏོར་མ་ལོང་༔ སྣང་སྟོང་ཟུང་དུ་འཇུག་པར་མཛོད༔ ལྔ་པ་བསྟན་མ་སྐྱོང་བ་ནི༔ བྷྱོ༔ དམ་ཚིག་དབང་གི་ལས་མཛད་མ༔ རྟེན་འབྲེལ་བཅུ་གཉིས་རང་དག་པའི༔ མ་མོ་བསྟན་མ་བཅུ་གཉིས་པོ༔ དམ་ལས་མ་འདའ་གནས་འདིར་སྤྱོན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ དྲུག་པ་གཏོར་མནན་ནི༔ ཧཱུཾ། ལྷུན་གྲུབ་ཞི་ཁྲོའི་དཀྱིལ་འཁོར་འདིར༔ གཉིས་འཛིན་དམ་སྲི་བསྒྲལ་བ་ཡི༔ ལྔ་ཕུང་སྙིགས་མར་གྱུར་པ་ལ༔ དངས་མ་ཡེ་ཤེས་བྲོ་བརྡུངས་པས༔ རང་གྲོལ་ཆོས་སྐུ་མི་འགྱུར་བའི༔ སྐྱེ་མེད་རྒྱ་ཡན་ལྷུན་གྱིས་གྲུབ༔ བདུན་པ་དངོས་གྲུབ་བླང་བ་ནི༔ ཧཱུཾ་ཧྲཱི༔ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ ཐུགས་རྗེ་འགག་མེད་ཞི་ཁྲོའི་ལྷ༔ མཉམ་ཉིད་དབྱིངས་ནས་སྐུ་བཞེངས་ལ༔ སྐུ་གསུམ་ཡོངས་རྫོགས་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུཾ། མ་ཧཱ་སིདྡྷི་ཧཱུཾ༔ བརྒྱད་པ་བསྡུ་ཆོག་ནི༔ ཧོ། རང་རིག་(༡༠བ)


GLG024_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་སྒྲུབ་གཞུང་ལས༔ སེམས་སྣང་འཁྲུལ་པའི་ཉེས་པ་རྣམས༔ གཉིས་མེད་དོན་དམ་ངང་དུ་བཤགས༔ དྲི་མེད་རྗེན་པར་རྟོགས་པར་ཤོག༔ སྐྱེ་མེད་ངང་ལས་གཟུགས་སྐུའི་རོལ་པར་ཤར༔ རང་རྩལ་ལྷུན་གྲུབ་ཞི་ཁྲོའི་ལྷ་ཚོགས་རྣམས༔ རྣམ་བཞིའི་འཕྲིན་ལས་དགོངས་པ་མཐར་ཕྱིན་ནས༔ ཆོས་སྐུ་རྣམ་དག་སྐྱེ་མེད་དབྱིངས་སུ་གཤེགས༔ འགྱུར་མེད་དགེ་བ་རྣམ་དག་བསྒྲུབས་པ་ལས༔ གདོད་མའི་མགོན་པོ་ཀུན་གྱིས་རྟོགས་པར་ཤོག༔ ཧྲཱི༔ དགོངས་པ་རང་ཤར་ཐུགས་རྗེས་འགྲོ་རྣམས་འདྲེན༔ རྩ་བརྒྱུད་རིགས་འཛིན་བླ་མའི་བཀྲ་ཤིས་ཤོག༔ དགོངས་པ་རང་ཤར་ཡེ་ཤེས་འོད་འབར་སྐུ༔ ཐུགས་རྗེ་ཡོངས་རྫོགས་ཞི་ཁྲོའི་བཀྲ་ཤིས་ཤོག༔ རང་རྩལ་འགག་མེད་སྒྱུ་འཕྲུལ་ཅིར་ཡང་སྟོན༔ དམ་ཅན་སྲུང་མའི་ཚོགས་ཀྱི་བཀྲ་ཤིས་ཤོག༔ ཅེས་བརྗོད་དགའ་སྟོན་གླུ་གར་བྱ༔ ལས་རྣམས་ཀུན་གྱི་ཁ་སྐོང་བའི༔ ལས་བྱང་ཡེ་ཤེས་འཁོར་ལོ་འདི༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག་ཡོད། དེ་ལྟར་ལས་བྱང་སྒྲུབ་ཐབས་གཏེར་སྲུང་རྣམས་གཏེར་བྱོན་རྡོ་རྗེའི་ཚིག་ལྷད་མེད་ལ། བརྒྱུད་འདེབས་དང་སྨན་མཆོད་ཀྱི་ལྷན་ཐབས་གསར་དུ་སྦྱར། འདོན་ཆ་མིན་པ་ཐམས་ཅད་སེར་གྱིས་ཕྱེ་ནས་བཀླགས་ཆོག་ཏུ་བཀོད་པའོ། །ཆེས་ཆེར་སྙིགས་མ་ལྔ་བདོའི་པུར་རྒྱལ་འགྲོར། །རྗེས་ཆགས་པདྨཱ་ཀ་རས་ཟབ་གཏེར་སྨན། །གྲངས་མེད་སྦས་ཀྱང་ཡིད་སྲུབས་ཀྱིས་བརླམས་འགས། །ཧ་ལའི་རྐྱལ་པ་ཕྱི་ནས་ཕྱོགས་བཅུར་འགྱེད། །རྫུན་པོད་གཟིག་ཤུན་གོས་མཛེས་རང་ཆེ་སྐད། །མགྲིན་མཐོར་བཏེག་ནས་གཞན་འདྲིད་སྣང་འོད་རྐང་། །སྐལ་དམན་རལ་རྩེར་འཛེགས་(༡༡ན)


GLG024_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔོན་བྱུང་དིང་། །སྔ་ཕྱིའི་སྤོ་ཁམས་ཟོག་རྒྱལ་དེས་མཚོན་མང་། །ཆོས་མིན་ཆུ་དང་དམ་ཆོས་འོ་མའི་བཅུད། །དབྱེ་བའི་དཔྱོད་ལྡན་ལུས་དཀར་དབང་པོ་དེས། །བལྟས་ཚེ་ར་གན་གསེར་འཁྲུལ་རིན་གཞལ་བའི། །ཚོད་བླུན་རྣམས་ལ་ཁྲེལ་བའི་མགྲིན་རྔ་འཁྲོལ། །ཚེ་དབང་རིགས་འཛིན་འཁྲུལ་མེད་ཟབ་གཏེར་སྒོ། །འབྱེད་མཛད་མངའ་རིས་པཎ་ཆེན་སྐུ་མཆེད་ཀྱི། །སྨིན་གྲོལ་གདམས་པ་ཡིད་བཞིན་དབང་གི་རྒྱལ། །སྐལ་བཟང་རྒྱལ་མཚན་རྩེ་མོར་མཆོད་དེ་སྤྲོ། །དེ་ཕྱིར་མི་ཟད་འཁོར་བ་མཐའ་ཅན་དུ། །བྱས་ནས་ཆོས་ཉིད་ཟད་སར་འཁྱོལ་བའི་དབྱིངས། །སྒྲོལ་ནུས་ལག་ན་པད་དཀར་འཆང་བ་ཡི། །འཕྲིན་ལས་བཀླགས་པས་དོན་ཀུན་གྲུབ་འདི་བཀོད། །དགེ་འདིས་ནམ་མཁའི་ཚད་མཉམ་མ་རྒན་འགྲོ། །གྲུ་འཛིན་རི་བོའི་གཞལ་ཡས་ཁང་བཟང་དུ། །འཇིག་རྟེན་དབང་ཕྱུག་སྐུ་རུ་སངས་རྒྱས་ནས། །དོན་གཉིས་འདོད་པ་འཇོ་བའི་བཀྲ་ཤིས་ཤོག །ཅེས་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་ལས་བྱང་འཁྲུགས་བསྡེབས་སུ་བཀོད་པ་བཀླགས་པས་དོན་གྲུབ་འདི་ནི་བདག་གི་ཕ་རྒན་ཞབས་དྲུང་ཧོར་བདུད་འདུལ་རབ་བརྟན་གྱི་དགོངས་རྫོགས་སྒྲུབ་མཆོད་ཨྱོན་སྨིན་གྲོལ་གླིང་བར་འཛུགས་པའི་སྟ་གོན་གྱི་ཚེ་སྤྲུལ་སྐུ་རིན་པོ་ཆེ་གཏེར་བདག་གླིང་པས་ཆོག་སྒྲིགས་ཤིག་གིས་གསུང་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་སྔགས་དཀར་མ་ཎི་བ་བྱང་སེམས་མྱུ་གུ་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པའོ། །སརྦ་མངྒ་ལཾ།།

ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་འཁྲིད་ཡིག་རིགས་འཛིན་ཞལ་ལུང་།


GLG024_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་འཁྲིད་ཡིག་རིགས་འཛིན་ཞལ་ལུང་བཞུགས་སོ།།


GLG024_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ནམཿཔདྨཱཀརསཱདྷུམདྨརདཱརཎབཛྲཱ་ཡ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་པདྨ་ཐོད་འཕྲེང་རྩལ་དང་དབྱེར་མ་མཆིས་པ་དྲིན་ཅན་རྩ་བའི་བླ་མ་རྣམ་བཞིའི་ཞབས་ཀྱི་པདྨར་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། བདེ་ལྡན་ཞིང་ན་ཆོས་སྐུ་འོད་མཐའ་ཡས། །གྲུ་འཛིན་ལ་དགྱེས་ལོངས་སྐུ་པད་དཀར་འཆང་། །སིནྡྷུ་རྒྱ་མཚོར་སྤྲུལ་སྐུ་པདྨ་འབྱུང་། །དབྱེར་མེད་བྱང་ཆུབ་བར་དུ་སྙིང་དབུས་བཞུགས། །སྣ་ནམ་སྔགས་ཀྱི་རྣལ་འབྱོར་སྒྱུ་དྲའི་གར། །གཏེར་ཆེན་ཉི་ཟླ་འོད་ཟེར་ཆོས་ཀྱི་རྒྱལ། །ལེགས་ལྡན་བདུད་འཇོམས་རྡོ་རྗེ་དཔལ་བཟང་པོ། །སླུ་མེད་གཏན་གྱི་སྐྱབས་ཁྱོད་གཙུག་ན་མཛེས། །དཔལ་བརྩེགས་ཡང་སྲིད་བསོད་ནམས་རྣམ་པར་རྒྱལ། །ཛྙཱ་ནའི་རྣམ་སྤྲུལ་ཆོས་དབྱིངས་རང་གྲོལ་རྗེ། །བི་མའི་ཟློས་གར་བློ་མཆོག་རྡོ་རྗེའི་ཞབས། །བཻ་རོ་དངོས་བྱོན་གཏེར་བདག་གླིང་པ་རྒྱལ། །འཁོར་མེད་དྲིན་ལས་ཁྲེག་ཆོད་ཐོད་རྒལ་གྱི། །ཟབ་མོའི་ལམ་བཟང་མངོན་སུམ་བསྟན་པའི་མཐུས། །སངས་རྒྱས་གཞན་ནས་མི་འཚོལ་རང་རིག་ཏུ། །འཕྲོད་པས་དད་པ་དབྱར་མཚོ་ལྟ་བུར་འཕེལ། །དེ་ཕྱིར་འཁོར་འདས་གཉིས་སུ་རང་(༢ན)


GLG024_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བའི། །བསྐྱེད་རྫོགས་རྫོགས་པ་ཆེན་པོའི་དམར་ཁྲིད་གཞུང་། །བདག་དང་སྐལ་མཉམ་མང་པོར་ཕན་པའི་ཆེད། །ཉམས་ལེན་གསལ་བྱེད་རིགས་འཛིན་ཞལ་ལུང་སྤེལ། །དེའང་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་འཁྲིད་ཉམས་སུ་ལེན་པ་ལ་རྩ་བ་རྡོ་རྗེའི་ཚིག་རྐང་། རྫོགས་རིམ་འཇའ་ལུས་མཆོག་སྦྱིན། དེའི་དགོངས་འགྲེལ་ཆོས་བདག་པ་ལེ་བ་རྣམ་རྒྱལ་དཔལ་བཟང་གིས་མཛད་པའི་གསལ་བྱེད་ནོར་བུའི་ཕྲེང་བར་ལུང་སྐྱོར་ཡང་ཤིན་ཏུ་རྒྱས་པར་སྣང་བས་རྫོགས་ཆེན་མང་པོར་བློ་སྦྱངས་པའི་རིགས་ལ་ལོགས་སུ་དགོས་དོན་མི་འདུག་ཀྱང་གང་ཟག་ལས་དང་པོ་པ་རྣམས་ལ་ཁ་སྐོང་དང་མི་གསལ་བ་རྣམས་ཚང་ན་ཉམས་ལེན་འཁྱེར་བདེ་ཞིང་རང་ཉིད་ཀྱི་དྲན་པའི་གསལ་འདེབས་སུ་ཚིག་ཉུང་དོན་གསལ་གྱི་ཚུལ་དུ་བཀོད་པ་ལ་རྡོ་རྗེའི་ཚིག་རྐང་ལས། གངས་ཁྲོད་ལུང་སྟོངས་རི་རྩེ་དུར་ཁྲོད་སོགས། །རབ་ཏུ་དབེན་ཅིང་བྱིན་གྱིས་བརླབས་པའི་སར། །ཞེས་འབྱུང་བ་བཞིན་སྤྱིའི་གནས་ཀྱི་མཚན་ཉིད་སྐྱོ་ཤས་འཕེལ་ཕྱིར་གངས་ཁྲོད། དགེ་སྦྱོར་འཕེལ་ཕྱིར་ལུང་སྟོངས། དབྱིངས་རིག་གསལ་ཕྱིར་རི་རྩེ། མི་རྟག་པ་སྐྱེ་ཕྱིར་དུར་ཁྲོད། རྣམ་གཡེང་དུ་མི་འགྲོ་བའི་ཕྱིར་དབེན་གནས། (༢བ)


GLG024_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱིས་གང་ཟག་བྱིན་གྱིས་བརླབ་པའི་ཕྱིར་དམ་པ་གོང་མས་ཞབས་ཀྱིས་བཅགས་པའི་གནས་རྣམས་གསུངས་པ་ཕལ་ཆེར་སྣང་འཁྲིད་ཀྱི་དུས་སུ་བསྔགས་ལ། བྱེ་བྲག་མུན་འཁྲིད་ཀྱི་དབང་དུ་བྱས་ན་མུན་པས་བརྒྱན་པའི་ཁང་བུའམ་རྡོ་རྗེ་ཆོས་འབྱུང་གི་ཁང་བུ་མཚན་ཉིད་དང་ལྡན་པ་མཐོང་བརྒྱུད་ཀྱི་མན་ངག་ལྟར་འདུ་བགྱིད་དགོས་ཤིང་གནས་དེ་ལྟ་བུར་ལམ་ཉམས་སུ་ལེན་པ་ལ། བརྒྱུད་ལྡན་ལྟ་དགོངས་མཐོ་ཞིང་དངོས་གྲུབ་ལམ། འཁྲུལ་མེད་སྟོན་པའི་རྡོ་རྗེ་སློབ་དཔོན་ལ། །ཞེས་སྟོན་པའི་རྡོ་རྗེ་སློབ་དཔོན་བརྒྱུད་པ་ལྔའམ་དྲུག་འདུས་བར་མ་ཆད་ཅིང་དབང་འཁྲིད་མན་ངག་ལ་མཁས་པ། ལྟ་སྒོམ་ཀློང་དུ་གྱུར་བའི་དངོས་གྲུབ་བརྙེས་པས་ཟབ་ལམ་འདི་ཉིད་ལ་ནང་བྱན་ཆུད་དེ་འཁྲུལ་མེད་དུ་སྟོན་ནུས་པ་ཞིག་ལ། དད་བརྩོན་སྙིང་རྗེ་ཆེ་ཞིང་དབང་པོ་རྣོ། །བློ་ཡངས་དམ་ཚིག་ལྡན་པའི་ལས་ཅན་གྱིས། །ཞེས་སློབ་མ་དད་པ་དང་ལྡན་པས་བྱིན་རླབས་འཇུག་པ། བརྩོན་འགྲུས་ཆེ་བས་ཉམས་རྟོགས་མྱུར་དུ་སྐྱེ་བ། སྙིང་རྗེ་ཆེ་བས་ཐེག་ཆེན་ལས་མི་འདའ་བ། དབང་པོ་རྣོ་བས་ལྟ་སྤྱོད་ཟབ་མོ་དབྱེ་ནུས་པ། བློ་ཡངས་པས་སྤྱོད་པ་རླབས་ཆེ་བ། དམ་ཚིག་གཙང་བས་ཉེས་ལྟུང་དང་བྲལ་བ་ཞིག་གིས། ལོའམ་ཟླ་བའི་བར་དུ་གསོལ་བ་བཏབ་ནས། །ཆོས་འདིའི་སྣོད་གྱུར་རིག་ནས་གནད་བྱིན་ཏེ། ཞེས་ལོ་དང་ཟླ་བའི་གོང་ནས་འབད་པས་གསོལ་བ་བཏབ་པར་སྣོད་དུ་རུང་མི་རུང་བརྟགས་ནས་རུང་བ་ལ་སྟེར་བའི་དུས་ཀྱང་། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་སོགས་སྐབས་ལ་བབས་པའི་ཚེ། །ཞེས་དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀ་ཟེར་གཉིས་ཀྱི་དུས་སོགས་གཙོ་བོར་ཐོད་རྒལ་ངོ་སྤྲོད་དང་མངོན་སུམ་གྱི་ཡེ་ཤེས་མྱུར་དུ་སྐྱེ་བའི་ཚད་ལ་དགོངས་ཤིང་གཟའ་སྐར་ཚེས་གྲངས་དུས་ལ་ངེས་པ་(༣ན)


GLG024_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཡང་གསུངས་པས་དུས་སྐབས་དང་བསྟུན་ཏེ། ཚོགས་གཏོར་དབང་ཡོན་ཁམས་ཀྱི་འཚོ་བའི་རྟེན། །ཡོ་བྱད་མ་ཚང་མེད་པ་སྟ་གོན་བྱ། །ཞེས་རྩ་བ་གསུམ་གྱི་ལྷ་ཚོགས་མཉེས་པར་བྱེད་པའི་ཚོགས་ཀྱི་འཁོར་ལོ་དང་དབང་ལུང་འཁྲིད་ཀྱི་ཡོན། ཁམས་འཚོ་བའི་ཟས་མལ་སོགས་མཁོ་བའི་རྫས་དང་ཡོ་བྱད་རྣམས་ཚང་བར་གསོག །དམ་ལྡན་དུག་ལྔ་ཤུགས་ཆུང་དག་སྣང་ཆེ། །བློ་བརྟན་ངང་རིང་བརྩེ་བའི་གྲོགས་བཅས་ལ། །ཞེས་གྲོགས་དམ་ཚིག་དང་ལྡན་ཞིང་དུག་ལྔ་ཤས་ཆུང་བ། དག་སྣང་ཆེ་ཞིང་བློ་བརྟན་ངང་རྒྱུད་རིང་བ། བརྩེ་སེམས་དང་ལྡན་པ་དག་བཙལ་ཏེ་གོང་དུ་བཤད་པའི་རྡོ་རྗེ་སློབ་དཔོན་གྱིས། ངེས་ཤེས་བསྐྱེད་ཕྱིར་ལོ་རྒྱུས་ཟབ་མོ་ཡང་། །བརྒྱུད་པ་རིན་ཆེན་འཕྲེང་བའི་ལུང་སྦྱར་བཤད། །ཅེས་ཆོས་དབྱིངས་ཀུན་ཁྱབ་བདེ་ཆེན་ལྷུན་གྲུབ་ཡངས་པའི་ཀློང་ཀ་དག་རང་བྱུང་གི་པོ་ཏ་ལ་ཡེ་ཤེས་ལྔ་ལྡན་འོད་ཀྱི་གཞལ་མེད་ཁང་དུ། རང་རིག་ཆོས་སྐུ་སྤྲོས་བྲལ་ལས་རིག་རྩལ་མ་འགགས་ལོངས་སྐུ་ཐུགས་རྗེ་ཆེན་པོ་ཡོངས་གྲུབ་བདེ་ཆེན་ལ་སྣ་ཚོགས་རང་ཤར་གྱི་འཁོར་བདེ་ཆེན་རིགས་བསྡུས་ཀྱིས་བསྐོར་བའི་ཚེ། ཆོས་ཉིད་རང་བྱུང་ཨ་ཏི་སྙིང་པོའི་དོན་དགོངས་པ་རང་ཤར་ཆེན་པོར་བསྟན་པ་ལས་བཟང་ངན་མཐའ་གྲོལ་དགོངས་པ་གཅིག །གཏིང་གསལ་ཚོམ་བུ་ལྷུན་གྲུབ་ཆེན་པོར་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་བཞུགས་པར་སྟོན་པ་ཉིད་ལས་མི་གཞན་པའི་བྱང་སེམས་ཐུགས་རྗེ་ཆེན་པོས་བཀའ་རྣམས་བསྡུས་ཏེ་སློབ་དཔོན་ཆེན་པོ་ལ་གདམས་པའི་ཚུལ་ནི། རྡོ་རྗེ་གདན་གྱི་ཤར་པོ་ཏ་ལའི་རྩེར་རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་མར་ཏི་ཀའི་བྲག་ཕུག་ཏུ་པདྨ་ཐོད་འཕྲེང་གིས་འཆི་མེད་ཚེའི་རིགས་འཛིན་བརྙེས་ནས་རྡོས་བཅས་(༣བ)


GLG024_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའི་ཡེ་ཤེས་རང་ཐལ་འོད་ལྔའི་གཞལ་ཡས་སུ་སྤྱན་རས་གཟིགས་དང་དངོས་སུ་མཇལ་ནས་དབང་གི་ཆུ་བོ་རྫོགས་པར་ཕབ་སྟེ་གྲུབ་པ་མཐར་ཕྱིན་མཛད་པའི་མཐར་མན་ངག་ལྷན་ཐབས་ཀྱི་སྐོར་ཐམས་ཅད་ཁ་བཀང་། བོད་ཡུལ་འདིར་མངའ་བདག་རྗེ་འབངས་ཀྱི་དོན་དུ་ཕེབས་པའི་ཚེ་གདམས་པ་འདིའི་སྒོ་ནས་དངས་མའི་འཁོར་ལྔ་སྨིན་གྲོལ་ལ་བཀོད། ཆོས་སྐོར་རྣམས་དུར་ཁྲོད་བརྒྱད་ཀྱིས་སྣ་ལས་གྲུབ་པའི་ཟ་མ་ཏོག་ཏུ་གཏམས་པ་བསམ་ཡས་བར་ཁང་གི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་རྒྱས་བཏབ་སྟེ་ལས་འཕྲོ་ཅན་ལ་སྨོན་ལམ་དུ་མཛད་ལ།དེའང་རིགས་འཛིན་ཡོངས་འདུས་ཀྱི་ལུང་བྱང་ལས། འདི་ནས་ཉི་མ་ནུབ་ཕྱོགས་སུ། །ཡང་འདུལ་པྲ་དུན་རྩེ་ཡི་ལྷོ། །གེ་གར་ཀླུ་ཡི་ཁ་གནོན་བྱང་། །རི་རྒྱལ་གླང་ཆེན་འགྱིང་འདྲའི་འདབས། །ཆུ་ཆེན་དྲག་པོ་འབབ་པའི་འགྲམ། །གློ་བོ་མ་ཐད་ཞེས་བྱའི་ཕུར། །རྗེ་རིགས་སྔགས་འཆང་རྣལ་འབྱོར་པ། །ཕ་མ་རྒྱལ་མཚན་གཉིས་ཀྱི་བུ། །ཀུན་བཟང་དགོངས་པའི་ཀློང་ནས་བསྐྲུན། །བི་མ་འཚོ་རྒྱལ་སྤྲུལ་པའི་སྲས། །སྤུན་བདུན་ཚིགས་སམ་མཐའ་རུ་འབྱུང་། །ལྷུམས་ནས་ཧཱུཾ་ཧྲཱིཿའི་སྒྲ་སྒྲོག་ཅིང་། །སྐྱེས་པའི་ལོ་ནས་བདེ་སྐྱིད་ལྡན། །ཡུལ་ཁམས་བདེ་ཞིང་བསམ་དོན་གྲུབ། །ཆུ་ཁམས་ལུག་གམ་སྤྲེའུ་ལོ་པ། །བདག་གིས་བྱིན་བརླབས་པདྨ་རྒྱལ། །འཚོ་རྒྱལ་བྱིན་བརླབས་འོད་ཟེར་མིང་། །ཆོས་རྒྱལ་བྱིན་བརླབས་གྲོ་བོ་ལོད། །ནམ་སྙིང་རྡོ་རྗེ་ཐོགས་མེད་རྩལ། །བདུད་འཇོམས་བྱིན་བརླབས་རྡོ་རྗེའི་མིང་། །བཻ་རོས་བྱིན་བརླབས་གཏེར་བདག་གླིང་། །ཞེས་སོགས་ཀྱིས་པཎ་ཆེན་སྐུ་མཆེད་གཉིས་ཐུན་མོང་དུ་ལུང་བསྟན་པའི་སྤྲེའུའི་ལོ་པ་དང་རྡོ་རྗེའི་མིང་ཅན་ནི་ལེགས་ལྡན་ཞབས་ཀྱི་དགུང་སྙིང་དང་མཚན་གསལ་(༤ན)


GLG024_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྟན་ལ། སྒོས་གཏེར་འཁོར་བ་དབྱིངས་སྒྲོལ་གྱི་ལོ་རྒྱུས་ལས། བདག་གི་སྨོན་ལམ་དབང་བཙན་པས། །རྡོ་རྗེ་བདུད་འཇོམས་སྐྱེ་བའི་མཐར། །བྱང་སེམས་སྤྲེའུའི་ལོ་པ་ཞིག །ལས་ལྡན་ཐོག་འབབ་ཚུལ་དུ་འབྱུང་། །དེ་ཡིས་འདི་འབྱིན་འགྲོ་འདྲེན་འགྱུར། །ཞེས་པ་ལྟར་མངའ་རིས་གློ་བོ་མ་ཐང་གི་ཕུར་ལྷ་རིགས་སྔགས་འཆང་འཇམ་དབྱངས་རྒྱལ་མཚན་གྱི་སྲས་སུ་འཁྲུངས་པའི་སྤྲུལ་སྐུ་གཏེར་ཆེན་ཉི་ཟླ་འོད་ཟེར་རམ་ལེགས་ལྡན་བདུད་འཇོམས་རྡོ་རྗེས་ཡབ་གཙོ་བོར་གྱུར་པའི་བཤེས་གཉེན་ལྔ་བཅུ་རྩ་བརྒྱད་ལས་ཆོས་འཚོལ་བའི་ཆེད་དུ་དབུས་གཙང་སྟོད་སྨད་ཀུན་ལ་བྱོན་ཏེ་དཀའ་བ་སྤྱད་ཅིང་ཐོས་བསམ་སྒོམ་པ་མཐར་ཕྱིན། སྐབས་ཤིག་སྤ་གྲོ་སྟག་ཚང་དུ་བཞུགས་པའི་མནལ་ལམ་དང་མངོན་སུམ་དུ་སློབ་དཔོན་ཆེན་པོས་ཞལ་མང་དུ་བསྟན་ཅིང་ཟབ་མོའི་གདམས་པ་མཐའ་ཡས་པ་གནང་། གནས་ཀྱི་ལུང་བསྟན་ལྟར་སྤ་གྲོ་ཉིད་ནས་ཁ་བྱང་རྙེད་དེ། ལུགས་གསུམ་མི་འགྱུར་དཔལ་བསམ་ཡས་བར་ཁང་གི་རྟེན་གཙོ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་ཟབ་གཏེར་འདི་ཉིད་སྤྱན་དྲངས། དེའི་ཚེ་ཞང་སྣ་ནམ་པ་དང་རིགས་འཛིན་རྒོད་ལྡེམ་དུ་སྐུ་འཁྲུངས་པ་གསལ་བར་དྲན་ཏེ་གདུལ་བྱའི་ཚོགས་ལ་བཀའ་སྩལ། མཆིམས་ཕུའི་ཡང་དབེན་སོགས་སུ་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་རྫོགས་པ་ཆེན་པོར་ཉམས་ལེན་རྟགས་ཐོན་པར་མཛད་ནས་འབྲི་གུང་བྱང་ཆུབ་གླིང་ཐོག་ཁ་གསེར་ཁང་གི་ཡང་དབེན་དུ་ཤོག་སེར་རྣམས་ཕབ་ཅིང་ལུང་བསྟན་ལྟར་བྱིན་རླབས་ཀྱི་དབང་བཀའ་སྤྲོས་མེད་གསང་རྒྱའི་ཚུལ་དུ་ལོ་གསར་ཟླ་བར་ཞལ་ཕྱེ་བས་བུམ་ཆུ་ཁོལ་ཞིང་ཁ་རྒྱན་གྱི་བ་ལུ་ལས་མེ་ཏོག་ཁ་བྱེ། སྒྲུབ་ཁང་དུ་དྲི་བཟང་རྒྱུན་དུ་འཐུལ་ཞིང་ཡིག་དྲུག་གི་རང་སྒྲ་སྒྲོག་པ་སོགས་གསང་བ་བསམ་(༤བ)


GLG024_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་དང་ལྡན་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེས་ཟབ་ཆོས་འདི་ཉིད་སྐལ་ལྡན་གྱི་སློབ་མ་མང་པོར་སྩལ་བའི་ནང་ནས། ལོ་རྒྱུས་ལུང་བསྟན་དུ། བྱང་ནས་དོན་གྲུབ་སྣ་ཚོགས་དཔལ། །དཀོན་མཆོག་ཕུན་ཚོགས་འབྱུང་གནས་མགོན། །སྔོ་ལྗང་འཛིན་བྱེད་ལས་ལྡན་འབྱུང་། ཞེས་པའི་བཀའ་བབས་ཀྱི་ཆོས་བདག་བ་ལེ་བ་རྣམ་རྒྱལ་དཔལ་བཟང་ལ་རྫོགས་པར་གནང་། དེ་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་སོགས་མཁས་གྲུབ་དུ་མའི་ཡང་སྲིད་རྗེ་སྟག་ལུང་ཐམས་ཅད་མཁྱེན་པ་ངག་དབང་རྣལ་རྒྱལ་གྱིས་གསན། དེ་ལ་རྗེ་བ་ལེ་བའི་སྤྲུལ་པའི་སྐུ་མཆོག་མཁས་བཙུན་བཀྲ་ཤིས་དཔལ་གྲུབ་ཀྱིས་གསན། དེ་ལ་པཎ་ཆེན་བི་མ་ལ་མི་ཏྲའི་རྣམ་པར་སྤྲུལ་པ་ཁྱབ་བདག་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེས་ལེགས་པར་གསན་ནས་ཆོས་འདིའི་སྲོག་འཐུད་པའི་བཀའ་དྲིན་མཐའ་ཀླས་པ་ལ་ཞེས་སོགས་ལོ་རྒྱུས་རྣམས་ཀྱིས་སྤྲོ་བ་བསྐྱེད་ཅིང་འཇུག་པ་བདེ་བར་བྱེད་ན་སྐབས་འདིར་རྡུལ་ཚོན་ནམ་རས་བྲིས་གང་རུང་ལ་བརྟེན་ནས་དབང་བཞི་ལེགས་པར་ནོད་ནས་འཁྲིད་དངོས་ལ། སྔོན་འགྲོ །དངོས་གཞི། རྗེས་དང་གསུམ་གྱི། དང་པོ་ལ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས། དང་པོ་ལ། ཐུན་མོང་སྔོན་འགྲོས་རྒྱུད་སྦྱངས་སྐྱབས་འགྲོ་བྱ། །ཞེས་པས་འདི་དང་པོ་འོག་མའི་ས་བཅད་དང་པོ་སྟོན་པར་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་འབྲས་ཀྱི་རྣམ་གཞག་རྣམས་ལམ་ཐུན་མོང་བས་རྒྱུད་སྦྱངས་པའི་རིགས་ལ་གཏོད་མི་དགོས་ཀྱང་མ་སྦྱངས་པ་རྣམས་ལ་ལམ་གྱི་རྨང་རྡོ་ལྟ་བུ་ཡིན་པས་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ཆོས་སྤྱོད་ལམ་རིམ་ཆེན་མོ་དང་ལམ་མཆོག་རིན་ཆེན་ཕྲེང་བ་སོགས་(༥ན)


GLG024_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ཆ་གཞན་ནས་བླངས་ཏེ་རྡོ་རུས་ཐུག་པར་སྤྲོད། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་ལམ་ལོག་པ་ལས་ལྡོག་པ་སྐྱབས་སུ་འགྲོ་བ། དམན་པ་ལས་ལྡོག་པ་སེམས་བསྐྱེད་པ། སྡིག་སྒྲིབ་སྦྱོང་བ་ཡིག་བརྒྱའི་སྒོམ་བཟླས། བྱིན་རླབས་འཇུག་པ་མོས་གུས་རྣལ་འབྱོར། ཚོགས་གསོག་པ་མཎྜལ། བར་ཆད་སེལ་བ་སྲུང་འཁོར། སྨིན་པར་བྱེད་པ་དབང་བསྐུར་བ་དང་བདུན་ལས། དང་པོ་སྐྱབས་འགྲོ་ནི། སྐྱབས་ཡུལ་སངས་རྒྱས་ཆོས་དང་དགེ་འདུན་གསུམ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྟེ་ཕྱི་ནང་གསང་གསུམ་ལ་སྐྱབས་སུ་འགྲོ་ཚུལ་ནི། འཁོར་བ་སྡུག་བསྔལ་དུ་ཤེས་ནས་དེ་ལས་ཐར་བར་བྱ་བའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་འདོད་ཀྱི་བསམ་པས་ཀུན་ནས་བླངས་ཏེ། འཇུག་པ་བདེ་བའི་དབང་དུ་བགྱིས་ནས་བྱང་གཏེར་གྱི་སྔོན་འགྲོ་གནད་ཀྱི་གཟེར་ལྔའི། བདག་དང་ཁམས་གསུམ་སེམས་ཅན་ཀུན། །ཞེས་པ་ནས། རྩེ་གཅིག་གུས་པས་སྐྱབས་འགྲོ་བྱ། །ཞེས་པའི་བར་གྱི་བརྗོད་དོན། རང་གི་སྤྱི་བོའི་མདུན་གྱི་ནམ་མཁར་པདྨ་འདབ་མ་བཞི་པའི་ལྟེ་བར་བརྒྱུད་པ་དྲུག་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་འཁོར་བ་དབྱིངས་སྒྲོལ་གྱི་རྣམ་པ་ཅན་དགྱེས་འཛུམ་གཟི་མདངས་དང་ལྡན་པ། ཤར་གྱི་འདབ་མ་དང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཤཱཀྱ་སེང་གེ་སོགས་སྤྲུལ་སྐུ་དང་ལོངས་སྐུ་ཞི་ཁྲོའི་ཚོགས། ལྷོའི་འདབ་མ་དང་དེའི་ཕྱོགས་ཀུན་ཏུ་གསུང་གི་སྙིང་པོ་རྒྱུད་འབུམ་ཕྲག་དྲུག་ཅུའི་གླེགས་བམ་དང་གསེར་དང་བཻ་ཌཱུརྱས་དྲིས་པའི་བཏགས་གྲོལ་གྱིས་བར་མཚམས་མེད་པར་ཁྱབ་པའི་ཆོས་དཀོན་མཆོག །ནུབ་ཏུ་རིགས་གསུམ་(༥བ)


GLG024_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་སོགས་ཐེག་པ་གསུམ་གྱི་དགེ་འདུན། བྱང་དུ་གནས་གསུམ་གྱི་མཁའ་འགྲོ་ཆོས་སྲུང་སྤྱི་དང་ཨེ་ཀ་ཛཱ་ཊི་དང་ཁྱབ་འཇུག་ཤིང་བྱ་ཅན་སོགས་སྒོས་ཀྱི་སྲུང་མའི་ཚོགས་རྣམས་གསལ་གདབ། འོག་ཏུ་བདག་གིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་ཡིན་པ་ལ་དེ་མ་རྟོགས་པའི་དབང་གིས་རིགས་དྲུག་ཏུ་འཁྱམས་པ་རྣམས་ཐར་པའི་ས་ལ་འགོད་པའི་ཆེད་དུ། ཀྱེ་མ། ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་ཀུན། །ཞེས་སོགས་ཚིག་རྐང་དྲུག་ཚར་གཅིག་བརྗོད་ནས། ཡོན་ཏན་ཀུན་འབྱུང་དངོས་གྲུབ་མཆོག་གི་གནས། །ཞེས་པ་ནས་བཟུང་སྟེ། ཆོས་སྐྱོང་དམ་ཅན་རྣམས་ལ་སྐྱབས་སུ་མཆིའི་བར་ལན་གྲངས་གསུམ་མམ་བདུན་གང་རུང་དང་ལས་བྱང་གི་སྐྱབས་འགྲོ་བརྒྱའམ་ལྔ་བཅུ་སོགས་བརྗོད་ཅིང་ཡིད་ཁྱད་ཤེས་ཀྱི་དད་པ་བརྟན་པོས་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་དགོས་ཏེ་ཆོས་སྐུ་བློ་འདས་ཀྱི་ངོ་བོ་ལ་བརྟན་པ་ཐོབ་ན་བསྐྱབ་བྱ་སྐྱོབ་བྱེད་དང་བྲལ་ཡང་དེ་ལྟར་མ་རྟོགས་པ་རྣམས་འཁོར་བ་ལས་གྲོལ་བའི་ཐབས་འདི་ལས་ཟབ་པ་མེད་དོ། །གཉིས་པ་སེམས་བསྐྱེད་པ་ནི། བྱང་ཆུབ་སེམས་བསྒོམ་བསམ་སྦྱོར་གཞན་དོན་བསླབ། །ཅེས་གསུངས་པའི་དོན་བཞིན་རང་ཉིད་གཅིག་པུ་ཞི་བདེ་བསྒྲུབ་པའི་ཐེག་དམན་ལ་གོལ་བ་མ་ཡིན་པར་སེམས་ཅན་ཐམས་ཅད་ཕ་མར་ཤེས་ནས་ཕན་འདོགས་འདོད་ཀྱི་སྨོན་སེམས་དང་དེའི་ཆེད་དུ་རང་ལུས་ལྷ་སྐུར་འཆར་བ། རྩ་ཐིག་རླུང་གསུམ་འབྱོངས་པ། དགའ་བཞིའི་ཡེ་ཤེས་འདྲོངས་པ། སྤྲོས་བྲལ་ཀ་དག་རྟོགས་པ། འོད་གསལ་སྣང་བཞི་འཆར་བའི་ཟབ་ལམ་རྫོགས་པ་ཆེན་པོའི་དོན་ཉམས་སུ་བླངས་ཏེ་རང་རིག་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་གོ་འཕང་མངོན་དུ་བྱས་ནས་འགྲོ་བ་རྣམས་འདྲེན་(༦ན)


GLG024_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་སྙམ་དུ་འཇུག་པ་སེམས་བསྐྱེད་ཀྱི་ཆེད་དུ། བདག་གིས་དུས་གསུམ་བསགས་པའི་དགེ་བ་ཡིས། །ཞེས་སོགས་ཚིག་རྐང་དྲུག་ཅི་རིགས་པ་བརྗོད་དོ། །གསུམ་པ་ཡིག་བརྒྱའི་རྣལ་འབྱོར་ནི། རྒྱལ་བའི་ཐུགས་སྲོག་ཡི་གེ་བརྒྱ་པ་ནི། །སྟོབས་བཞིའི་བཤགས་པའི་ཚུལ་གྱིས་རང་རྒྱུད་སྦྱང་། །ཞེས་པ་ལྟར། རང་གི་སྒྱུ་ལུས་བེམ་པོ་འདིའི་ཞེས་སོགས་ཀྱི་སྤྱི་བོར་རྡོ་རྗེ་སེམས་དཔའ་བསྐྱེད་ལུགས། ཞེ་སྡང་ཤས་ཆེ་བ་ལ་མཐིང་ག །སེར་སྣ་དང་ང་རྒྱལ་ཅན་ལ་སེར་པོ། གཏི་མུག་ཅན་ལ་དཀར་པོ། འདོད་ཆགས་ཅན་ལ་དམར་པོ། ཕྲག་དོག་ཅན་ལ་ལྗང་གུ་རྣམས་གང་འདུལ་གྱི་སྐུ་དང་། དུག་ལྔ་སྤྱི་འཇོམས་ལ་རྡོར་སེམས་ཀྱི་གནས་ལྔར་རྡོར་སེམས་རིགས་ལྔ་རྣམས་བསམ། དེ་ཡི་ཐུགས་ཀར་ཡི་གེ་ཨཱཿཞེས་པ་ཧཱུཾ་དུ་བསྒྱུར་ཧཱུཾ་ལ་ཡི་གེ་བརྒྱ་པ་རང་མདོག་དང་མཐུན་པས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པ་ཞབས་ཀྱི་མཐེ་བོང་ནས་ཐོན། རང་གི་སྤྱི་བོ་ནས་ཞུགས་ཏེ་སྡིག་སྒྲིབ་ནད་གདོན་ཐམས་ཅད་དུད་ཁུ། སོལ་ཁུ། རྣག་ཁྲག །སྲོག་ཆགས་ཀྱི་རྣམ་པར་རྐང་མཐིལ་གཉིས་དང་བཤང་གཅི་གཉིས་ནས་ཐོན་ཏེ་རང་གི་ལུས་ཤེལ་གོང་ལྟར་དག་པར་བསམས་པའི་དམིགས་པ་དང་བཅས་ཡི་གེ་བརྒྱ་པ་གྲག་སྟོང་གི་ངང་ནས་ཅི་ནུས་བཟླ། དེའང་སྤྱི་བོར་ལྷ་བསྒོམ་པ་རྟེན་གྱི་སྟོབས།སྔགས་དང་ཏིང་ངེ་འཛིན་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། །སྔོན་ཆད་ཀྱི་སྡིག་པ་ལ་འགྱོད་སེམས་ནི་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་ཀྱི་སྡིག་པ་ལ་སྡོམ་སེམས་ནི་སླར་ལྡོག་པའི་སྟོབས་ཏེ་སྟོབས་བཞི་ཚང་བའི་སྒོ་ནས་ཐལ་མོ་སྦྱར་ཞིང་དོན་རྡོར་སེམས་ཀྱང་བླ་མའི་བར་བལྟས་ནས། བདག་གིས་མི་ཤེས་པ་དང་བག་(༦བ)


GLG024_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང་མ་གུས་པ་དང་སྙོམས་ལས་ཀྱི་དབང་གིས་སྡིག་ལྟུང་ཉེས་པའི་ཚོགས་ཅི་བསགས་པ་ཐམས་ཅད་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྤྱན་སྔར་མཐོལ་ལོ་བཤགས་སོ། །སྒྲིབ་པར་མི་འགྱུར་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་སེམས་དང་དབྱེར་མེད་དུ་འདྲེས་པའི་སྤྲོས་བྲལ་གྱི་ངང་དུ་ཅུང་ཟད་ཅིག་མཉམ་པར་འཇོག་ཅིང་སེམས་ཅན་ཐམས་ཅད་ཀྱང་སྡིག་སྒྲིབ་དག་བྱ་དག་བྱེད་དང་བྲལ་ཏེ་སྣང་གྲག་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་གྱི་སྒོ་ནས་བསྐྱང་། དེའང་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཀ་ནས་དག་པའི་གནས་ལུགས་ཀྱི་རང་ངོ་འཕྲོད་པ་རྣམས་ལ་བསྲུང་བྱ་སྲུང་བྱེད་སྦྱང་བྱ་སྦྱོང་བྱེད་དང་བྲལ་ཡང་། དེ་ལྟར་མ་རྟོགས་པ་རྣམས་ལ་ནི་མཚམས་མེད་ལྔའི་ལས་བྱས་ཀྱང་སྐད་ཅིག་ལ་སྦྱངས་ཏེ་འཁོར་བ་དོང་ནས་སྤྲུག་གོ །བཞི་པ་མོས་གུས་རྣལ་འབྱོར་ནི། བྱིན་རླབས་དངོས་གྲུབ་ཀུན་གྱི་རྩ་བ་སྟེ། །བླ་མའི་ལམ་མཆོག་མོས་གུས་གནད་དུ་བསྣུན། །ཞེས་པ་ལྟར་ཉམས་སུ་བླང་བ་ལ་འཆི་བ་མི་རྟག་པའི་གཟར། རང་གི་ཡུལ་མཁར་ཁང་ཁྱིམ་དང་། །ཞེས་སོགས་ཀྱི་དོན་ཕྱི་སྣོད་ཀྱི་འཇིག་རྟེན་འཇིག །ནང་བཅུད་ཀྱི་སེམས་ཅན་འཆི་བ་སོགས་རིགས་དྲུག་གི་སྡུག་བསྔལ་བསམ་པའི་མི་རྟག་པ་ཐུན་དུ་བཅད་དེ་བསྒོམས་པས་ཆོས་ལ་ངམ་ངམ་ཤུགས་ཀྱིས་འཇུག་ཅིང་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་ནའང་རང་ཉིད་སྐལ་བ་དམན་པས་འཁོར་བར་འཁྱམས་པ་འདིར་དེ་ལས་སྒྲོལ་བའི་ཐེག་པའི་ཡང་རྩེ་འོད་གསལ་རྡོ་རྗེ་སྙིང་པོ་སྟོན་པའི་རྡོ་རྗེ་སློབ་དཔོན་དེས་ཚེ་(༧ན)


GLG024_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སངས་རྒྱས་ཀྱི་སར་འགྲོ་བའི་ལམ་བསྟན་པས་རང་ངོས་ནས་སངས་རྒྱས་ཀུན་ལས་བཀའ་དྲིན་ཆེ་བའི་ཕྱིར་ཡིད་བཞིན་གྱི་ནོར་བུ་ལྟར་དཀོན་པའི་རྒྱུ་མཚན་གྱིས་བླ་མའི་རྣལ་འབྱོར་བསྒོམ་སྙམ་དུ་བསམས་ཏེ། རང་ཉིད་ལྷར་གསལ་བའི་སྤྱི་བོར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་སྟེང་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་རྣམ་པ་བླ་མ་རྡོ་རྗེ་འཆང་པདྨ་ཐོད་འཕྲེང་རྩལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་གཅེར་བུ་རུས་པའི་རྒྱན་དྲུག་གིས་སྤྲས་པ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་པང་གཡོན་དུ་ཡུམ་ཡེ་ཤེས་འཚོ་རྒྱལ་སྐུ་མདོག་དཀར་མོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་ནུ་མ་དང་བྷ་ག་རྒྱས་པ། ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་ཐོད་པ་བདུད་རྩིས་གང་བ་སྟོབ་པ། དབུ་སྐྲ་གནག་སྣུམ་རྒྱབ་ཏུ་ཉིལ་བ། ཕྱག་རྒྱ་ལྔ་དང་རིན་པོ་ཆེས་བརྒྱན་པ། ཡབ་རྡོ་རྗེ་སྐྱིལ་ཀྲུང་དང་ཡུམ་པདྨའི་འདུག་སྟངས་མཛད་པ། མཚན་དཔེ་གསལ་རྫོགས་ཀྱི་བདག་ཉིད་ཅན་ཡེ་ཤེས་རང་འོད་འཁྲུག་པའི་ཀློང་ན་བཞུགས་པའི་དཔྲལ་བར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ལྟེ་བར་ཧྲཱིཿདམར་པོ་དང་མ་མཐིང་གས་མཚན་པ་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་བསམས་ཏེ་གདུང་ཤུགས་དྲག་པོའི་སྒོ་ནས་ཐོག་མར་ལས་བྱང་གི་རྒྱུད་འདེབས་ཚར་གཅིག་གམ་མི་སྤྲོ་ན་ཆད་སྐྱོན་དུ་མི་འགྱུར་བས། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བྱིན་གྱིས་རློབ་ཏུ་གསོལ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་༴། །བདག་ལ་༴། །སྤྲུལ་སྐུ་པདྨ་(༧བ)


GLG024_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་ལ་༴། །བདག་ལ་༴། །མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་ལ༴།། བདག་ལ་༴། །སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་༴། །བདག་ལ་༴། །གཏེར་སྟོན་ཉི་ཟླ་འོད་ཟེར་ལ་༴། །བདག་ལ་༴། །ཆོས་བདག་རྣམ་རྒྱལ་དཔལ་བཟང་ལ་༴། །བདག་ལ་༴། །མཁས་བཙུན་ངག་དབང་རྣམ་རྒྱལ་ལ་༴། །བདག་ལ་༴། །མཚུངས་མེད་བཀྲ་ཤིས་དཔལ་གྲུབ་ལ་༴། །ཁྱབ་བདག་བློ་མཆོག་རྡོ་རྗེ་ལ་༴། བདག་ལ་༴། །དྲིན་ཅན་རྩ་བའི་བླ་མ་ལ་༴། །བདག་ལ་༴། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་༴། །བདག་ལ་༴། །མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་ལ་༴། །བདག་ལ་༴། །དབང་བཞིས་བདག་རྒྱུད་སྨིན་པར་བྱིན་གྱིས་རློབས། །བསྐྱེད་རིམ་ཕྲ་རགས་འབྱོངས་པར་བྱིན་གྱིས་༴། །ཟབ་ལམ་གཏུམ་མོ་འབྱོངས་པར་༴། །དགའ་བཞིའི་བདེ་ཆེན་འདྲོངས་པར་༴། །གནས་ལུགས་རང་ངོ་ཤེས་པར་༴། །བདག་འཛིན་འཁྲི་བ་ཆོད་པར་༴། །ཞེན་མེད་བློ་ལས་འདས་པར་༴། །ཡེ་གྲོལ་ཀ་དག་རྟོགས་པར་༴། །ཆོས་ཉིད་མངོན་སུམ་མཐོང་བར་༴། །ཉམས་སྣང་གོང་དུ་འཕེལ་བར་༴། །རིག་པ་ཚད་ལ་ཕེབས་པར་༴། །ཆོས་རྣམས་ཟད་སར་འཁྱོལ་བར་༴། །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་ཅི་རིགས་དང་། རྩ་གསུམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །བསྐྱེད་རྫོགས་རྫོགས་ཆེན་འབྱོངས་པར་བྱིན་གྱིས་རློབས། །ཞེས་པ་བརྒྱ་ཕྲག་ཙམ་གྱིས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱི་སྐུ་རྡོ་རྗེའི་ངོ་བོ་དཔྲལ་བའི་ཨཱོཾ་ལས་འོད་དང་བདུད་རྩི་དཀར་པོ་བྱུང་བ་(༨ན)


GLG024_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྤྱི་བོར་ཐིམ་པས་རྩེ་མོ་རྣམ་བཀོད་འཁོར་ལོའི་རྩ་འདབ་སུམ་བརྒྱ་དྲུག་ཅུ་གང་བས་ལུས་སྒྲིབ་དག །བུམ་དབང་ཐོབ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་འགྲུབ། དེ་བཞིན་དུ་གསུང་རྡོ་རྗེའི་ངོ་བོ་མགྲིན་པའི་ཨཱཿལས་༴ ། མགྲིན་པར་ཐིམ་པས་རོ་འདུས་འཁོར་ལོའི་རྩ་འདབ་བཅུ་དྲུག་གང་བས་ངག་སྒྲིབ་དག །གསང་དབང་ཐོབ། ལམ་གཏུམ་མོ་༴། འབྲས་བུ་ལོངས་སྐུ་༴། ཐུགས་རྡོ་རྗེའི་ངོ་བོ་ཐུགས་ཀའི་ཧཱུཾ་ལས་༴། སྙིང་ག་དྲན་པའི་འཁོར་ལོའི་རྩ་འདབ་བརྒྱད་གང་བས་ཡིད་སྒྲིབ་དག །ཤེར་དབང་ཐོབ། ལམ་དགའ་བཞི་༴། འབྲས་བུ་ཆོས་སྐུ་༴། ཡེ་ཤེས་རྡོ་རྗེའི་ངོ་བོ་ལྟེ་བའི་ཧྲཱིཿ མ་ལས་༴། ལྟེ་བར་ཐིམ་པས་སྐྱེད་བྱེད་འཁོར་ལོའི་རྩ་འདབ་རེ་བཞི་གང་བས་སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་༴། རིག་པའི་རྩལ་དབང་༴། ལམ་རྫོགས་པ་ཆེན་པོ་༴། འབྲས་བུ་ངོ་བོ་ཉིད་སྐུ་༴། དེའང་སངས་རྒྱས་ཀྱི་རྒྱུ་རང་རིག་ཀུན་ཏུ་བཟང་པོ་གདོད་མ་ནས་རང་ལ་གནས་ཀྱང་དེ་ཉིད་ངོ་འཕྲོད་པ་བླ་མ་ལ་རག་ལས་པས་བླ་མ་ཆོས་སྐུར་བལྟས་ཏེ་གསོལ་བ་བཏབ་པས་ཆོས་ཉིད་ཀྱི་དོན་རྟོགས། ལོངས་སྐུར་བལྟས་པས་སྐུ་དང་ཞིང་ཁམས་ཀྱི་ཡོན་ཏན་སྐྱེ། སྤྲུལ་སྐུར་བལྟས་པས་ས་ལམ་གྱི་ཡོན་ཏན་སྐྱེ་བའི་ཕྱིར་རྣལ་འབྱོར་འདི་ཉིད་ལམ་ཐམས་ཅད་རྒྱུད་ལ་སྐྱེ་བའི་རྒྱུ་ཐུན་མོང་མ་ཡིན་པའོ། །ལྔ་པ་ཚོགས་གསོག་པ་ན། བསོད་ནམས་མི་ཟད་རྒྱ་མཚོ་སྤེལ་བའི་ཕྱིར། །ཕྱི་ནང་གསང་གསུམ་མཎྜལ་ཚོགས་འཁོར་བྱ། །ཞེས་པ་ལྟར་སངས་རྒྱས་བསྒྲུབ་པ་ལ། སྔོན་བྱུང་བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་ཚོགས་གཉིས་གསོག་པར་མཛད་པས་ངེས་པར་གལ་(༨བ)


GLG024_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཞིང་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་དཀའ་བ་བརྒྱ་ཕྲག་སྤྱོད་པ་རྣམས་འདིར་མཎྜལ་དུ་བསྡུས་ཏེ་ཐབས་ཟབ་མོའི་སྒོ་ནས་མཛད་པས་ཕྱིའི་མཎྜལ་ལ་གསེར་དངུལ། འཁར་བ། རྡོ་ཤིང་སོགས་ཅི་འབྱོར་བའི་མཎྜལ་དང་ཚོམ་བུའི་རྒྱུར་གྲོ་ནས་ཀྱིས་མཚོན་པ་སྟ་གོན་བྱ་བླ་མ་སྤྲུལ་སྐུའི་ཞིང་ལ་གླིང་བཞི་རི་རབ་ཉི་ཟླ་སོགས་དངོས་འབྱོར་ཡིད་ཀྱིས་སྤྲུལ་ཏེ། ན་མོ། དབང་ཆེན་གཞལ་ཡས་དབུས་ཀྱི་ལྟེ་བ་ལ། །ཞེས་སོགས་ཀྱིས་དབུལ། བླ་མ་ལོངས་སྐུའི་ཞིང་ལ་ནང་གི་མཎྜལ་སྒྲུབ་པ་པོ་རང་ཉིད་ཚོགས་རྫོགས་པའི་ཆེད་དུ་ཤ་ཁྲག་རུས་པ་དང་གཞན་ཡང་འཇིག་རྟེན་ཁམས་ཀྱི་ཤ་ལྔ་བདུད་རྩི་ལྔ་གཅིག་ཏུ་བྱས་ཏེ། ཧཱུཾ། བདག་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་དུ། །ཞེས་སོགས་བརྗོད། བླ་མ་ཆོས་སྐུའི་ཞིང་ལ་གསང་བའི་མཎྜལ་དངོས་སམ་ཡིད་ཀྱིས་གཟུང་མ་དབུལ་ཏེ། ཧཱུཾ། པདྨ་ཅན་སོགས་ཡིད་འཕྲོག་ལྷ་མོའི་གཟུགས། །རྐེད་ཕྲ་ནུ་འབུར་བྷ་ག་མངོན་པར་རྒྱས། །དབང་པོ་དྲུག་ལ་དགའ་བའི་དཔལ་སྟེར་བ། །ནམ་མཁའི་ཁམས་ཀུན་ཡོངས་སུ་བཀང་སྟེ་དབུལ། །མཁའ་ལ་མཁའ་ཡི་སྦྱོར་བ་ཇི་བཞིན་དུ། །དགའ་བཞི་ལུགས་འབྱུང་ལུགས་ལྡོག་ཏུ་དྲངས་པའི། །བདེ་སྟོང་ཡེ་ཤེས་མཆོག་གིས་དགྱེས་བསྐྱེད་ནས། །ཐབས་ལམ་ཟབ་མོས་ཚེ་འདིར་གྲོལ་བྱིན་རློབས། །ཞེས་བརྗོད། བླ་མ་ངོ་བོ་ཉིད་ཀྱི་ཞིང་ལ་ཡང་གསང་སྤྲོས་པ་མེད་པའི་མཎྜལ་དབུལ་བ་ནི། རང་སེམས་མཁའ་ལ་མཆོད་བྱ་མཆོད་བྱེད་ཡུལ། །སྤྲིན་འཇའ་ལྟར་སྣང་སེམས་ཉིད་གཅིག་པུའི་འཕྲུལ། །བློ་འདས་རིག་ངོ་འཕྲོད་པའི་མཆོད་པ་ཡིས། །སྤྲོས་བྲལ་ཀ་དག་རྟོགས་པར་བྱིན་གྱིས་རློབས། །ཞེས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་ཚོགས་བསགས་ནས་(༩ན)


GLG024_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡུལ་གྱི་བླ་མ་འོད་དུ་ཞུ་རང་སེམས་དང་དབྱེར་མེད་དུ་ཁྲུག་གིས་འདྲེས་པས། ནང་གི་འབྱུང་བ་བཞི་འོད་དཀར་སེར་དམར་ལྗང་དུ་ཞུ། ཕྱི་རོལ་གྱི་འབྱུང་བ་བཞི་ཡང་འོད་དུ་ཞུ་སྟེ་ནང་གི་འབྱུང་བ་བཞི་ལ་ཐིམ། འོད་དེས་རིགས་དྲུག་གི་སྡུག་བསྔལ་སྦྱངས། གཟུགས་སུ་སྣང་བ་ཐམས་ཅད་ལྷ་ཡི་ངོ་བོར་ཤིག་གི །སྒྲར་གྲག་ཚད་ཆོས་ཀྱི་སྒྲར་དིར་རི། སེམས་གསལ་སྟོང་དུ་ཡེར་རེ་བའི་ངང་ནས་རང་བབས་སུ་མཉམ་པར་འཇོག །མཎྜལ་ཕུལ་བས་གནས་སྐབས་སུ་དངོས་པོ་ལ་ཞེན་པ་ལྡོག་ཅིང་ལོངས་སྤྱོད་འཕེལ། ཞིང་ཁམས་བཟང་པོར་སྐྱེ། བླ་མ་ངོ་བོ་ཉིད་སྐུར་བལྟས་ནས་ཕུལ་བས་རིག་པ་ཀུན་ཏུ་བཟང་པོར་ངོ་འཕྲོད། ཆོས་སྐུར་བལྟས་པས་ངེས་དོན་གྱི་ཡོན་ཏན་རྒྱུད་ལ་སྐྱེ། ལོངས་སྐུར་བལྟས་པས་སྐུ་དང་ཞིང་ཁམས་རྒྱས། །སྤྲུལ་སྐུར་བལྟས་པས་འགྲོ་བ་དཔག་མེད་འདྲེན་པར་ནུས་པའི་ཡོན་ཏན་མཐའ་ཡས་པ་རྒྱུད་ལ་སྐྱེ་ཞིང་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གསོག་ནུས་པའི་དགོས་པ་ཡོད་དོ། །རྫོགས་ཆེན་གཞན་ལ་སྐབས་འདིར་ཀུ་སུ་ལུའི་ཚོགས་གསོག་ཡོང་བ་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ཀྱང་གཏེར་གཞུང་དུ་མི་གསལ་བས་བཏང་སྙོམས་སུ་བཞག་ལ་སྤྲོ་ན་གཞན་ནས་འབྱུང་བ་བཞིན་བྱ། དྲུག་པ་སྲུང་འཁོར་དང་བདུན་པ་བུམ་དབང་གཉིས་ནི། ཕྱི་ནང་མཚམས་བཅད་སྒྲུབ་པའི་གཞུང་བསྲངས་ཏེ། བསྙེན་སྒྲུབ་རྫོགས་ནས་བུམ་དབང་ལེགས་པར་བསྐུར། །ཞེས་པ་ལྟར་དབང་བསྐུར་བའི་སྔོན་དུ་སློབ་དཔོན་བསྙེན་པའི་ཁ་གསོ་བྱེད་པའི་ཆེད་དུ་སྲུང་འཁོར་བསྒོམ་ཞིང་གཞུང་བསྲངས་ནས་བསྙེན་སྒྲུབ་བྱས་ཏེ་བུམ་དབང་བསྐུར་རྗེས་བུམ་དབང་གི་འཁྲིད་འབེབས། དེས་(༩བ)


GLG024_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་འོག་མའི་འཁྲིད་རྣམས་ཀྱི་འགོར་སོ་སོའི་དབང་བསྐུར་བ་ལ་དགོངས་ཤིང་རྒྱས་པར་སྤྲོ་ན་དེ་ལྟར་ལེགས་མོད་འཇུག་པ་བདེ་ཕྱིར་དབང་ཐམས་ཅད་གོང་དུ་བསྐུར་བའི་ལུགས་སུ་བགྱིས་ནས་མ་སྤྲོས་སོ། །རྩ་བའི་ས་བཅད་གཉིས་པ་དངོས་གཞི་ལ། བརྩོན་འགྲུས་རབ་ཚེ་འདིར་འཚང་རྒྱ་བ། འབྲིང་བར་དོར་འཚང་རྒྱ་བ། ཐ་མ་དང་སྡིག་ཅན་བཙན་ཐབས་སུ་འཕོ་བའི་གདམས་པ་དང་གསུམ་གྱི། དང་པོ་ལ། བུམ་དབང་གི་འཁྲིད། གསང་དབང་གི་འཁྲིད། ཤེར་དབང་གི་འཁྲིད། རིག་པའི་རྩལ་དབང་གི་འཁྲིད་དང་བཞིའི་དང་པོ་བུམ་དབང་གི་ལམ་སྣང་སྟོང་ལྷའི་བསྐྱེད་རིམ་གྱི་འཁྲིད་ལ། ཕྱི་ནང་བདེན་འཛིན་འཁྲུལ་པ་དག་བྱའི་ཕྱིར། །གསལ་སྟོང་སྒྱུ་འཕྲུལ་ལྷ་ཡི་བསྐྱེད་རིམ་བསྒོམ། །ཞེས་པ་ལྷར་སྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་པ་ཨ་ཏི་ཡོ་ག་དང་གསུམ་ལས་དང་པོ་ནི། སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧྲི༔ ཞེས་པའི་སྟོང་ཉིད་ཀྱི་དོན་ཆོས་ཐམས་ཅད་ཡེ་གདོད་མ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཀ་དག་ཆོས་སྐུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངང་ལས་དེ་ལྟར་མ་རྟོགས་པས་དོན་དམ་པར་མེད་བཞིན་དུ་མ་རིག་པའི་དབང་གིས་བདེན་པར་བཟུང་བས་འཁོར་བར་འཁྱམས་པའི་སེམས་ཅན་རྣམས་ལ་བརྩེ་བའི་སྙིང་རྗེ་ཆེན་པོ་གདངས་འགག་མེད་དུ་ཤར་བ་ལོངས་སྐུ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། སྟོང་ཉིད་སྙིང་རྗེ་དབྱེར་མི་ཕྱེད་པའི་རང་གདངས་དེའི་ངང་ནས་ཆུ་ལས་ཆུ་ལྦུར་རྡོལ་བ་ལྟར་རང་གི་རིག་པ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལམ་གྱིས་ཤར་བ་ནི་སྤྲུལ་སྐུ་རྒྱུའི་ཏིང་ངེ་འཛིན། དེ་ལས་འོད་ཟེར་སྔོ་ལྗང་དཀར་སེར་དམར་པོ་རྣམས་ཀྱི་ཐིགས་པ་ཆད་པ་ལས་འབྱུང་བ་ལྔ་རིམ་བརྩེགས་སུ་བསྐྱེད། དེའི་སྟེང་དུ་བྷཱུཾ་ཡིག་ཆད་པ་ལས་འོག་གཞི་སྣ་(༡༠ན)


GLG024_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེ་ལྟེ་བ་གྲུ་བཞིའི་སྟེང་དུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་དམར་དཀར་སེར་སྔོ་ལྗང་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་ན་རིན་པོ་ཆེའི་ཕ་གུ་ཕྱེད་འབྱར་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། སྒྱུ་འཕྲུལ་དུ་འདོད་སྣམ་གྱི་ཁ་འགྲམ་ཕ་གུས་བསྐོར་བར་བཤད་པས་མཐའ་གཅིག་ཏུ་ངེས་པ་མེད་ཅིང་སྔ་མ་ལྟར་ན། དེའི་སྟེང་ན་རིན་པོ་ཆེའི་བྲེ་ཕུལ་གྱིས་བཏེག་པའི་གསེར་གྱི་སྤང་ལེབ་ཀྱི་ཁ་ནས་དྲ་བ་དང་དྲ་ཕྱེད་འཕྱང་བ། ནང་ཀ་བ་བརྒྱད་ཀྱིས་བཏེག་པའི་པདྨའི་གདུང་བཞི་མིག་མངས་རིས་སུ་བྲིས་པ་གདུང་ཟླུམ་གྱིས་བསྐོར་བ་ཕྱེ་མ་སྣེ་ནང་མ་དང་ཕྱི་མ་གསེར་གྱི་སྐ་རགས་ལ་བཀལ་བའི་བྱ་འདབས་ལས་འཕྱང་བའི་མདའ་ཡབ་སྤྱི་བླུགས་ཁ་ཐུར་དུ་བསྟན་པའི་དབྱིབས་ཅན། དེའི་སྟེང་དུ་པུ་ཤུ་པདྨ་འདབ་མ་ཕྱེད་པའི་རྣམ་པས་བསྐོར་བར་གདུགས་དང་རྒྱལ་མཚན་ལ་སོགས་པས་སྤྲས་པ། དབུས་ཀྱི་རེའུ་མིག་གི་སྟེང་ནས་ཀ་ཆུང་གིས་བཏེག་པའི་རྒྱ་ཕུབས་རིན་པོ་ཆེའི་ཏོག་དང་བཅས་པ། སྔ་འགྱུར་གྱི་གཞུང་ལས། འདི་ཡན་མཆོད་རྟེན་གྱི་བུམ་པའི་དབྱིབས་འདོན་པའང་ཡོད། སྒོ་བཞི་སོ་སོའི་མདུན་དུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བཞི་ལ་འཁོར་ལོ་རི་དྭགས་སོགས་ཡོད་པའི་བུམ་མགོ་ཅན་མཛད། རྩིག་པའི་འགྲམ་དུ་འདོད་སྣམ་ལ་མཆོད་ལྷ་གར་བྱེད་པ། ཕྱི་རོལ་ཏུ་རྡོ་རྭ་མེ་རི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། གཞལ་ཡས་ཁང་གི་ནང་གི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བའི་དབུས་སུ་འཁོར་ལོ་སེར་པོ་ལྟེ་བ་སྟོང་པ་རྩིབས་བཞི་སྦུབས་སྟང་ཅན་རྩིབས་ཀྱི་རྩ་བ་ལས་ཆ་ཕྲན་ཕྱེད་གསུམ་གྱིས་མཐོ་བའི་པདྨ་འདབ་མ་བཞི་པའི་ལྟེ་བའི་མདུན་ངོས་དང་ཕྱོགས་ཀྱི་འདབ་མ་བཞིར་ཟླ་གདན། ལྟེ་རྒྱབ་ཏུ་ཉི་མ་དང་བཾ། རྩིབས་བཞི་དང་སྒོ་བཞིར་(༡༠བ)


GLG024_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཉི་ཞིང་རྐྱང་གི་གདན་རེ་གསལ་གདབ། དབུས་ཀྱི་གདན་སྟེང་དུ་རྒྱུའི་ས་བོན་ཧྲཱིཿཡིག་བབས་པ་འོད་དུ་ཞུ་ནས་ལྟེ་བའི་གདན་གཉིས་ཀྱི་སྟེང་དུ་ཐིག་ལེ་ཡེ་ཤེས་ལྔའི་རང་གདངས་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བ་རེ་རེ་བསམ། འཁོར་རྣམས་ནི་དཔེར་ན་གཙོ་བོའི་ཆོས་དབྱིངས་ཡེ་ཤེས་ཀྱི་རང་གདངས་ལས་མི་བསྐྱོད་ཐུགས་རྗེ་ཆེན་པོ་དང་བྱམས་པ་ཚད་མེད་ལས་ཤར་གྱི་སྒོ་མ་གསལ་འདེབས་པས་ས་བོན་ཟུར་དུ་མི་དགོས། དེའང་གཙོ་འཁོར་རྣམས་ཀྱི་མངོན་རྟོགས་ལས་བྱང་ནས་ཇི་ལྟར་འབྱུང་བ་བཞིན་གསལ་བཏབ་སྟེ། རྟེན་བརྟེན་པ་རྣམས་ཀྱི་རྣམ་པ་སྤྱི་ལ་སེམས་འཛིན། བྱེ་བྲག་ཏུ་སེམས་འཛིན་པ་ནི། གཞལ་ཡས་ཁང་ལ་མཚོན་ན་རྩིག་པ་རིམ་པ་ལྔ་ལ་དམིགས་ཏེ། ཆེད་དུ་གསལ་བཏབ་ནས་རེག་མཐོང་གི་མཚན་མ་མ་བྱུང་གི་བར་དུ་བསྒོམ། དེ་བཞིན་དུ་ཕྱིའི་དུར་ཁྲོད་ནས་ནང་གི་གདན་གྱི་བར་ཐམས་ཅད་ལ་སེམས་འཛིན། བརྟེན་པ་ལྷ་ལའང་ཐུགས་རྗེ་ཆེན་པོའི་སྤྱན་གྱི་མཛོད་སྤུ་དང་རྟ་མགྲིན་གྱི་སྤྱན་དབུས་མ་ལ་སེམས་བཟུང་སྟེ་སྤྱན་གྱི་དཀར་ནག་ཚུན་མ་འདྲེས་པ་གསལ་འདེབས། རིམ་བཞིན་ཤངས་དང་སྙན་སོགས་སྐུའི་ཆ་ཤས་སོ་སོ་དང་རྒྱན་ཆ་ལུགས་ལ་བརྟག །དེ་ནས་སྒོ་མའི་བར་གྱི་འཁོར་རྣམས་ལའང་དམིགས་པ་སྤོ། དེའང་ལོ་ཟླར་སྦྲེལ་ཏེ་ཉམས་འཁྲིད་བྱར་ཡོད་ན་དམིགས་པ་ཤིན་ཏུ་ཞིབ་པར་ངོ་སྤྲོད་ཅིང་ཟླ་གྲངས་དང་ཞག་གྲངས་ལ་ཚར་དགོས་པའི་རིགས་ལ་གཙོ་བོའི་སེམས་འཛིན་རགས་པ་ཙམ་དང་གཞན་རྣམས་ལ་མདོར་བསྡུས་རིག་པས་དཔྱོད། ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་དེ་ངའོ་སྙམ་པའི་ང་རྒྱལ་བརྟན་པོ་སོགས་ལ་སེམས་འཛིན་དུ་འཇུག །བཟླས་པའི་ཚེ་རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་(༡༡ན)


GLG024_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་ཐམས་ཅད་མཆོད་ཅིང་རྒྱལ་བ་རྒྱ་མཚོའི་བྱིན་རླབས་རྣམས་འོད་ཟེར་དམར་པོའི་རྣམ་པར་བསྡུས། བདག་གི་ཞལ་དུ་ཞུགས། ཐུགས་ཀར་ཐིམ་པས་སྐུ་གསུམ་ཡེ་ཤེས་ལྔའི་དབང་ཐོབ་པར་བསམ། དེས་མཚོན་རང་ཉིད་ལྷ་སོ་སོའི་གསལ་སྣང་དང་ང་རྒྱལ་ལ་བརྟེན་ནས་དམིགས་པ་གོང་ལྟར་ཁ་སྤོ། བྱེ་བྲག་གི་དམིགས་པ་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་བསྡུས་པའི་སྣང་མཛད་རིགས་ཀྱི་བདེར་གཤེགས་རྣམས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པ་རང་ལ་ཐིམ་པས་ཉོན་མོངས་པ་གཏི་མུག་སྦྱངས། གཟུགས་ཀྱི་ཕུང་པོ་གནས་བསྒྱུར་ཏེ་མེ་ལོང་ཡེ་ཤེས་མངོན་དུ་བྱེད། དེ་བཞིན་དུ་མི་བསྐྱོད་པའི་ང་རྒྱལ་བཟུང་ནས་མི་བསྐྱོད་རིགས་ཀྱི་འོད་ཟེར་ཐིམ་པས་ཞེ་སྡང་སྦྱང་བ་སོགས་རིགས་འགྲེ། ཡང་འོད་ཟེར་དཀར་པོ་འཕྲོས། ནད་གདོན་སྡིག་སྒྲིབ་སྦྱང་བ་སོགས་ལས་བཞིའི་དམིགས་པ་སོ་སོར་སྤོའོ། །དེ་ལྟར་ཉམས་སུ་བླངས་པས་དངོས་གྲུབ་ཡིད་བཞིན་དུ་འགྲུབ་ཅིང་ཞི་སོགས་ཀྱི་ལས་རྣམས་ཐོགས་པ་མེད་པར་བྱིན་ནོ། །གཉིས་པ་ལུང་ཨ་ནུ་ཡོ་ག་ལ་སྟོང་པ་དེ་བཞིན་ཉིད་ཀྱི་གདངས་སྙིང་རྗེ་ཀུན་སྣང་གི་རྒྱུ་ལས་སྲུང་འཁོར་གྱི་དབུས་སུ་རང་ཉིད་འཁོར་བ་དབྱིངས་སྒྲོལ་ཡབ་ཡུམ་དུ་གསལ་བའི་ཡབ་ཡུམ་གྱི་སྐུ་ཕྲུ་མ་ཕུས་བཏབ་པ་འཇའ་དམར་གྱི་གུར་ལྟ་བུའི་ནང་དུ་རྩ་དབུ་མ་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། ཏིལ་མར་གྱི་མར་མེ་ལྟར་གསལ་བ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ། པདྨའི་འདབ་མ་ལྟར་སྲབ་པ་སྟེ་ཁྱད་ཆོས་བཞི་ལྡན། ལུས་ཀྱི་སྲོག་ཤིང་ལྟར་གནས་པའི་སྙིང་ག་དང་སྤྱི་བོ་གཉིས་སུ་རྩ་འདབ་བརྒྱད་པ་གདུགས་ཀྱི་རྩིབ་མའི་དབྱིབས་ཅན་རེ་རེ་བསམ། དེའི་རྒྱུ་མཚན་དཔེར་ན་ཙན་དན་གྱི་དྲི་སྡོང་པོ་ཀུན་ལ་ཁྱབ་ཀྱང་རྩ་བར་བཟང་ཞིང་ཁྲག་ལུས་བྱིངས་ལ་ཁྱབ་ཀྱང་རྩ་ཆེན་རྣམས་ནས་ལྷག་པར་འབབ་པ་དང་འདྲ་བས་(༡༡བ)


GLG024_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་གཉིས་ཀྱི་གནད་གཅུན་པའི་ཟབ་གནད་འདི་རྫོགས་ཆེན་པ་རྣམས་ཀྱི་མན་ངག་གོ །སྙིང་གའི་རྩ་འཁོར་གྱི་ལྟེ་བར་པདྨ་ཉི་ཟླའི་གདན་ལ་འཁོར་བ་དབྱིངས་སྒྲོལ་ཡབ་ཡུམ་རིགས་བདག་འོད་དཔག་མེད་དང་བཅས་པ་ཕྱོགས་ཀྱི་རྩ་འདབ་བཞིར་རིགས་བཞི་ཡུམ་བཅས། དེ་སོ་སོའི་རྒྱབ་ཙམ་དུ་སྒོ་མ་ཌཱ་ཀི་བཞི་ཞི་བ་གཡས་ལྕགས་ཀྱུ་ཞགས་སྒྲོག་དྲིལ་བུ་འཛིན་ཅིང་གཡོན་སྡིགས་མཛུབ་མཛད་པ་རིན་པོ་ཆེའི་རྒྱན་ལྡན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་མཚམས་ཀྱི་རྩ་ནང་གཞི་ཡེ་ཤེས་ལྔའི་འོད་ཟེར་གྱི་དྲ་བས་འབྲེལ་བར་བསྒོམ། གཙོ་བོའི་ཐུགས་ལས་འཕྲོས་པའི་འོད་ཟེར་དབུ་མའི་ལམ་བརྒྱུད་དེ་སྤྱི་བོར་སླེབས་པར་བརྟེན་དུང་ཁང་གི་རྩ་འཁོར་དབུས་སུ་ཟླ་གམ་དམར་པོར་པད་ཉི་བདུད་བཞི་བསྣོལ་བའི་སྟེང་དུ་རྟ་མགྲིན་ཡབ་ཡུམ། ཕྱོགས་ཀྱི་རྩ་འདབ་བཞིར་དབང་ཆེན་རིགས་བཞི། སོ་སོའི་རྒྱུ་བ་ཙམ་དུ་སྒོ་བ་གིང་ཆེན་སྡེ་བཞི་གཡས་ཐོད་ཁྲག་འཛིན་ཅིང་གཡོན་སྡིགས་མཛུབ་མཛད་པ་རྣམས་གསལ་གདབ། ཡུམ་གྱི་སྐུའི་ནང་དུ་དབུ་མ་འཁོར་ལོ་གཉིས་དང་བཅས་པ་འཇའ་ཚོན་རྣམ་པ་སྟེ་འབྲས་བུ་སྐུ་དང་ཡེ་ཤེས་རྣམ་པར་དག་པ་ཡབ་ཡུམ་ལུས་ཀྱི་དཀྱིལ་འཁོར། རང་གི་སྙིང་དབུས་ཀྱི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧྲཱིཿལས་འཕྲོས་པའི་འོད་ཟེར་དམར་པོ་དབུ་མའི་ལམ་བརྒྱུད་དེ་དུང་ཁང་འཁོར་ལོའི་རྟ་མགྲིན་གྱི་ཐུགས་རྒྱུད་བསྐུལ། དེ་ལས་ཕྱོགས་བཅུར་འཕྲོས་པའི་འོད་ཟེར་གྱིས་རྒྱལ་བ་སྲས་བཅས་སྤྱན་དྲངས། འོད་ཀྱི་རྣམ་པར་རང་གི་ཞལ་དུ་ཞུགས། སྙིང་གའི་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཐིམ་པ་ལས་བདུད་རྩིའི་རྒྱུན་བབས་པ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་ཏེ་སྐུ་གང་། ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས་པ་དོ་ལིའི་བཟླས་པ། ཅི་རིགས་པའི་མཐར་གཙོ་བོ་ཞལ་ནས་འོད་དང་བདུད་རྩི་འཕྲོས་པ་མི་བསྐྱོད་པའི་ཞལ་དུ་ཞུགས། (༡༢ན)


GLG024_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཐིམ་པའི་བདུད་རྩི་ཡུམ་གྱི་མཁར་སྤྲོ་བསྡུ། དོ་ལི་སོགས་སྦྱོར་བ་རིགས་གཞན་རྣམས་ལའང་འགྲེ། དེ་ནས་མི་བསྐྱོད་པའི་ཐུགས་ཀ་ནས་འོད་དང་བདུད་རྩིའི་རྒྱུན་བབས་པ་ཤར་གྱི་སྒོ་མའི་ཞལ་དུ་ཞུགས་སྐུའི་ནང་གང་། དེ་ལས་འཕྲོས་པའི་བདུད་རྩིས་ཀྱང་མཚམས་ཀྱི་ཤར་ལྷོའི་རྩ་འདབ་གང་བ་སོགས་གཞན་གསུམ་ལའང་སྦྱར། ཡང་གཙོ་བོའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་དབུ་མའི་ལམ་བརྒྱུད། རྟ་མགྲིན་གྱི་ཐུགས་རྒྱུད་བསྐུལ། སངས་རྒྱས་སྲས་བཅས་སྤྱན་དྲངས། འོད་ཟེར་གྱི་རྣམ་པ་རང་གི་ཞལ་ནས་ཡར་ཞུགས། སྤྱི་བོའི་རྟ་མགྲིན་གྱི་ཐུགས་ཀར་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པ་སོགས་འཁོར་ལུགས་ཞི་བའི་གཙོ་བོ་དང་མཚུངས། གཙོ་བོ་ལས་འོད་ཟེར་སྤྲོས་ཏེ་བཛྲ་ཧེ་རུ་ཀའི་ཞལ་དུ་ཞུགས་པ་སོགས་རྟ་མགྲིན་ཇི་ལྟ་བ་ནས་མཚམས་ཀྱི་རྩ་འཁོར་བདུད་རྩིས་གང་བའི་བར་སྙིང་ག་དང་འདྲ། དེ་ནས་སྙིང་ག་དང་སྤྱི་བོའི་ལྷ་ལས་བབས་པའི་བདུད་རྩིས་དབུ་མའི་ནང་ཀུན་གང་། དེ་ནས་ཕྱི་དཀྱིལ་གྱི་ཡབ་ཀྱི་སྐུའི་ནང་གང་། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས། སྐུ་གང་བས་དབུ་མ་དང་འཁོར་ལོ་གཉིས་འོད་ཟེར་བཀྲག་མདངས་དང་ལྡན་པར་བསམ། དེ་ནས་ཡུམ་གྱི་ཞལ་ནས་རླུང་གི་གདངས་ཨཱོཾ་ཡིག་གི་རྣམ་པ་ཅན་ཐོན། ཡབ་ཀྱི་ཞལ་དུ་ཞུགས་ཏེ་སྙིང་གར་ཨཱའི་རྣམ་པར་གནས། རྡོ་རྗེའི་ལམ་ནས་ཧཱུཾ་གི་རྣམ་པར་ཐོན་ཏེ་ཡུམ་གྱི་པདྨར་ཞུགས་ནས་ཁོར་མོ་ཡུག་ཏུ་རླུང་རྡོ་རྗེའི་བཟླས་པ་བྱའོ། །དེ་ལྟར་ཉམས་སུ་བླངས་པས་རྩ་ཁམས་བྱིན་གྱིས་བརླབས་ནས་རླུང་དབུ་མར་འཇུག་པའི་འགོ་བརྩམས་ཏེ་བདེ་སྟོང་གི་ཡེ་ཤེས་སྐྱེ་བ་སོགས་དངོས་གྲུབ་མཐའ་ཀླས་པ་འགྲུབ་བོ། །གསུམ་པ་རྫོགས་པ་ཨ་ཏི་ཡོ་ག་ནི། རང་སེམས་(༡༢བ)


GLG024_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མེད་ཆོས་སྐུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། རང་གདངས་འགགས་པ་མེད་པ་ཀུན་སྣང་གི་ཏིང་ངེ་འཛིན། དེ་ཉིད་ཟུང་དུ་འཇུག་པ་རྒྱུའི་ཏིང་ངེ་འཛིན་ཏེ་ཡོ་ག་སྔ་མ་གཉིས་ལྟར་རིམ་བཞིན་བསྐྱེད་མི་དགོས་པར་སྐུ་གསུམ་གདོད་མ་ནས་རང་བཞིན་ལྷུན་གྱིས་གྲུབ་པས་རྡོས་བཅས་འབྱུང་བ་ལྔ་རང་སར་དག་པའི་ཡོན་ཏན་དེ་ག་ལྷུན་གྲུབ་རྟེན་གཞལ་ཡས་ཁང་དང་རིག་པ་རང་བྱུང་རང་ཤར་བ་ཞི་བ་དང་དེའི་རྩལ་འགག་པ་མེད་པ་ཁྲོ་བོ། །སྒྲ་གྲག་སྟོང་དུ་བསྒྲག་པ་བཟླས་པ། འཁོར་འདས་ཀུན་རང་ཤར་རང་གྲོལ་བདེ་ཆེན་དུ་ལྷུན་གྱིས་གྲུབ་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ལ་རྫོགས་ཏེ་རང་སེམས་ལས་གཞན་དུ་རྟེན་བརྟེན་པ་ཀུན་གང་དུའང་མ་གྲུབ་པས་གཞལ་ཡས་ཁང་དང་ལྷ་ཐམས་ཅད་སེམས་ཀྱི་རོལ་པར་ངེས་པ་རྙེད་པ་ལམ་འདིའི་གཙོ་བོ་ཡིན་པས་ཉམས་སུ་བླང་ཞིང་ཕྱི་རྡུལ་ཚོན་ལྟ་བུ་ལ་བརྟེན་པའི་དཀྱིལ་འཁོར་ནི་སེམས་ཀྱིས་ཆེད་དུ་བཏགས་པའི་བཅོས་མའི་དཀྱིལ་འཁོར་ཡིན་ལ། དེ་ལས་ནང་ཕུང་ཁམས་སྐྱེ་མཆེད་རྟེན་བརྟེན་པའི་སྒྲུབ་གཞི་རང་བྱུང་གི་དཀྱིལ་འཁོར་བག་ལ་ཉལ་བ་སེམས་ཀྱིས་ཆེད་དུ་གསལ་བའི་དཀྱིལ་འཁོར་ཟབ། དེ་ལས་མ་བཅོས་ལྷུན་གྲུབ་རིག་པ་རང་བྱུང་གི་དཀྱིལ་འཁོར་འདུས་མ་བྱས་པ་དེ་ཉིད་ཆེས་ཟབ་པས་ཡོ་ག་གཞན་གཉིས་ལའང་འདིས་རྩིས་ཟིན་པ་གནད་དུ་ཆེ་བ་སྔོན་གྱི་སྔགས་འཆང་རལ་པ་ཅན་རྣམས་ཀྱི་ཐུགས་དམ་གྱི་སྙིང་པོ་ཡིན་པས་རྙིང་གསར་པ་རྣམས་དགོངས་འཚལ་ལོ། །གཉིས་པ་གསང་དབང་གི་འཁྲིད་ནི། ལུས་སྣང་བག་ཆགས་རགས་པ་དག་གྱུར་ནས། །གསང་བའི་དབང་བསྐུར་རྩ་རླུང་མན་ངག་བསྒོམ། །ཞེས་པ་ལྟར་གནས་དབེན་པར་སྐྱབས་སེམས་སྔོན་དུ་འགྲོ་བས་སྟན་བདེ་བར་ཙོག་པུར་རྐང་པ་གཉིས་བསྣོལ། ལག་པ་གཉིས་མཉམ་གཞག་ལྟེ་འོག་ཏུ་བཅའ། སྒལ་ཚིགས་དྲང་བར་བསྲང་། མགྲིན་པ་(༡༣ན)


GLG024_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་བཀུག །དཔུང་པ་གཉིས་ཕྱིར་བརྒྱང་། ལུས་ཀྱི་ཆ་བསྒྲིམ། མིག་གཉིས་སྣ་རྩེར་ཕབ། རླུང་རོ་གཡོན་ནས་དལ་བུས་རྒྱང་གིས་འབུད། དེ་བཞིན་དུ་གཡས་དང་དབུས། ཡང་གཡས་སོགས་གོང་ལྟར་ལ་དྲག་པ་གསུམ། ཡང་ཤིན་ཏུ་དྲག་པ་གསུམ་འབུད། མཐར་མཆིལ་མ་ཞིག་མིད་པ་དང་མཉམ་དུ་སྟེང་རླུང་ཆིར་གྱིས་མནན། འོག་སྒོ་འབྱེད་འཛུམ་ཅུང་ཟད་དང་བཅས་བསྡམ་ཡང་ཡར་འཐེན་དྲག་པ་མི་མཛད། རླུང་གང་ཐུབ་ཀྱི་བར་བཟུང་ནས་མཐར་སྣ་རྩེའི་སྤུ་མི་འགུལ་བའི་ཚུལ་གྱིས་གཏོང་། དེ་འདྲ་ཁ་ཡར་བྱས་པའི་རྗེས་སུ་ལུས་སྟོང་སང་ལྟ་བུར་བསམས་པའི་ངང་ནས་ཆུ་ལས་ཉ་འཕར་བ་ལྟར་རང་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་སྐུ་སྟོང་རའི་དབུས་ན་རྩ་དབུ་མ་ཁྱད་ཆོས་བཞི་ལྡན་ཡར་སྣ་ཚངས་བུག་དང་མར་སྣ་རྡོ་རྗེའི་རྩ་བར་ཟུག་པ་སྦ་ལྕག་འབྲིང་པོ་ཙམ་པའི་ཚད་ཀྱི་གཡས་སུ་རོ་མ་དམར་པོ། གཡོན་དུ་རྐྱང་མ་དཀར་བ་ལ་དམར་ཤར་རེ་བའི་མདངས་ཅན་མདའ་སྨྱུག་ཕྲ་ཤོས་ཙམ་པ་ལྟེ་འོག་ནས་གྱེས་ཏེ་འཁོར་ལོ་རྣམས་ལ་འཁྱུད་དེ་ཀླད་རྒྱའི་ཐད་ཀྱི་སྟེང་ནས་སྨིན་མཚམས་སུ་གུག་པ་སྣ་བུག་གཉིས་པོའི་ནང་དུ་ཟུག་པ། མར་སྣ་དབུ་མའི་ནང་དུ་གུག་པ་ཆའི་དབྱིབས་ཅན། གསང་གནས་བདེ་བའི་འཁོར་ལོ་རྩ་འདབ་ཉི་ཤུ་རྩ་བརྒྱད། ལྟེ་བ་སྐྱེད་བྱེད་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། སྙིང་ག་དྲན་པའི་འཁོར་ལོ་རྩ་འདབ་བརྒྱད། མགྲིན་པ་རོ་འདུས་འཁོར་ལོ་རྩ་འདབ་བཅུ་དྲུག །སྤྱི་བོ་རྩེ་མོ་རྣམ་བཀོད་འཁོར་ལོ་རྩ་འདབ་སུམ་བརྒྱ་དྲུག་ཅུ། འདབ་མ་རྣམས་གདུགས་ཀྱི་རྩིབ་མ་བཞིན་ཕུབ་པའི་ལྟེ་བའི་རྩ་འཁོར་གྱི་དབུས་སུ་རིན་འབྱུང་ཡབ་ཡུམ་གསལ་བཏབ། དེའི་རྩ་དབུ་མའི་ཡར་སྣར་ཧཾ་དཀར་པོ་ཆུའི་རང་བཞིན་མགོ་བོ་ཐུར་དུ་བསྟན་པ། རང་ཉིད་ཀྱི་(༡༣བ)


GLG024_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་རྩ་མདུད་དབུས་སུ་ཨ་ཐུང་ཤད་ཀྱི་རྣམ་པ་དྲོད་ཀྱི་རང་བཞིན་དམར་ཧུར་རེ་བ་ཞིག་གསལ་གདབ། རླུང་འཇམ་པོར་སྣ་བུག་གཉིས་ནས་ནང་དུ་རྔུབས། རོ་རྐྱང་གཉིས་ནས་ཐུར་དུ་ཕྱིན་ཏེ་དབུ་མའི་ནང་དུ་ཞུགས་པས་སོལ་མེ་ལ་ཕུས་བཏབ་པ་བཞིན་ཨ་ཤད་ལ་ཕོག་པས་དྲོད་ཇེ་ཆེ་དང་མདོག་ཇེ་དམར་ལ་སོང་བའི་ངང་ནས་མར་མེ་འབྲིང་པོ་ཙམ་ཞིག་ཏལ་གྱིས་འབར་བའི་རྩེ་མོ་རྟ་རྔ་བརྒྱ་གཤགས་ཀྱི་ཚད་ཙམ་པ་ཞིག་ལྟེ་བའི་རིན་འབྱུང་གི་གསང་གནས་ནས་རྩ་ལམ་བརྒྱུད་དེ་སྤྱི་བོའི་ཧཾ་ལ་ཕོག་པས་མར་ལ་ལྕགས་བསྲེགས་བཞིན་ལྟེམ་གྱིས་ཞུ། དེས་རྐྱེན་བྱས་ནས་ཡབ་ཡུམ་གཉིས་ཀྱི་ཐུགས་རྒྱུད་ལ་བདེ་ཆེན་སྐྱེས་ཏེ་སྦྱོར་བ་མཛད་པས་བྱང་ཆུབ་ཀྱི་སེམས་ཐམས་ཅད་རྩ་ལམ་བརྒྱུད་དེ་སྤྱི་བོ་ཧཾ་ལ་ཐིམ། དེ་ནས་འོ་རྐྱལ་ལ་ལྕགས་ཐུར་བསྣུན་པ་ལྟར་ཧཾ་ལས་བྱང་སེམས་བབས་པ་སྐྲ་ཤད་འཛིངས་བཞིན་པའི་ངང་ནས་ཡབ་ཡུམ་གཉིས་ཀྱི་སྐུ་གང་། དེ་ནས་ཕྱིར་ཐོན་ཏེ་དབུ་མའི་ལམ་བརྒྱུད་ནས་རང་གི་གསང་བའི་རྩ་མདུད་ཀྱི་བར་བྱང་སེམས་ཀྱིས་གང་བར་བསམས་ཤིང་བུམ་པ་ཅན་ཅི་ནུས་སུ་བསྒོམ། རླུང་མི་ཐུབ་པར་ཉེ་བ་ན་ཅུང་ཟད་རྔུབས་ནས་འཛིན་ཅིང་། དེ་རྗེས་སྣ་བུག་གཉིས་ནས་དལ་བུར་གཏོང་བའི་ཚེ་དམིགས་པ་རླུང་དབུ་མར་ཞུགས་ཏེ་ཚངས་བུག་ནས་སྔོ་སངས་ཀྱིས་སོང་བར་བསམ། དེ་ལྟར་ཞག་གྲངས་ཅི་ནུས་སུ་ནན་ཏན་བསྒོམས་པས་དྲོད་དང་བདེ་བ་ཆེར་སྐྱེ་ཞིང་དེ་ལ་བརྟེན་ནས་དངས་མ་འཆོར་བའི་ཉེན་བྱུང་ན་ཨ་ཤད་ལྟེ་བར་སྤོ། །སྙིང་གར་མི་བསྐྱོད་པ་ཡབ་ཡུམ་གསལ་བཏབ་སྟེ་སྒོམ་ལུགས་སྔར་ལྟར་བྱས་པས་གཏུམ་མོའི་མེ་ཧཾ་འཕོག་པ་སོགས་གོང་བཞིན་ལ། བྱང་སེམས་ཀྱིས་དབུ་མ་བརྒྱུད་དེ་ལྟེ་བའི་རྩ་འཁོར་གང་ནས་བདེ་དྲོད་མ་སྐྱེས་བར་བསྒོམ། ཡང་ཨ་ཤད་སྙིང་ག་དང་མགྲིན་པར་འོད་དཔག་མེད་གསལ་བཏབ་སྟེ་མེ་སྦར་བས་སྙིང་གའི་བདེ་དྲོད་སྐྱེ། ཨ་(༡༤ན)


GLG024_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཤད་མགྲིན་པ་དང་སྤྱི་བོར་སྣང་མཛད་གསལ་བའི་འབར་འཛག་གི་མཐར་ཡར་ལུད་པས་སྤྱི་བོ་ཡང་གང་བས་མགྲིན་པ་དང་སྤྱི་བོའི་བདེ་དྲོད་སྐྱེ་བ་སོགས་མ་བྱུང་གི་བར་ཉམས་སུ་བསྟར་རོ། །དེ་ལྟར་བསྒོམས་པས་དབུ་མ་ཁ་བྱེ་ནས་རྩ་བདུད་ཕལ་ཆེར་གྲོལ་དངས་མ་རྒྱས་པས་བདེ་སྟོང་གི་ཡེ་ཤེས་གོང་དུ་འཕེལ། ཐུན་མོང་གི་ཡོན་ཏན་དཔག་ཏུ་མེད་པ་ཐོབ་ཅིང་འཆི་མེད་ཚེའི་རིགས་འཛིན་ལ་མངའ་བརྙེས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་འཁྲིད་ལ། རང་ལུས་ཐབས་ལྡན་ནི། བདེ་དྲོད་ཐོབ་ནས་ཤེས་རབ་ཡེ་ཤེས་དབང་། །རྫོགས་པར་བསྐུར་ཞིང་དགའ་བཞིའི་མན་ངག་བསྟན། །ཅེས་པ་ལྟར་གནས་ཤིན་ཏུ་དབེན་པར་སྐྱབས་སེམས་སྔོན་དུ་བཏང་། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་ཨ་ཝ་དྷུ་ཏིའི་ཡར་སྣར་ཧཾ་ཡིག་དང་མདུན་དུ་ཡིད་ཀྱིས་སྤྲུལ་པའི་གཟུང་མ་མཛེས་ཤིང་ཡིད་དུ་འོང་བ་བྷ་ག་དང་ནུ་མ་མངོན་པར་རྒྱས་པ། ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཞིག་གསལ་གདབ། དེ་ཉིད་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མར་བསྒོམ། ཡབ་ཡུམ་གཉིས་ཀྱི་མཁའ་གསང་སྤྱི་ལྟར་བྱིན་གྱིས་བརླབ་པ་ནི་བསྙེན་པ། འཁྱུད་པ་དང་ཙུམྦ་སྣ་ཚོགས་དང་བཅས་ཏེ་མཉམ་པར་སྦྱོར་བ་ནི་ཉེ་བསྙེན། དེ་ནས་བསྲུབ་ཅིང་སྦྱོར་བ་ལ་བརྟེན་ནས་ལྟེ་བའི་དྲོད་ཀྱིས་སྤྱི་བོའི་ཧཾ་ཞུ་བའི་བྱང་སེམས་མགྲིན་པར་སླེབས་པས་དགའ་བའི་ཡེ་ཤེས་ཉམས་སུ་མ་མྱོང་གི་བར་དུ་བསྒོམ། དེ་བཞིན་དུ་སྙིང་གར་མཆོག་དགའ། ལྟེ་བར་དགའ་བྲལ། གསང་གནས་སུ་ལྷན་ཅིག་སྐྱེས་དགའི་བར་བསྒོམ་ཞིང་རླུང་འཛིན་པ་ནི་སྒྲུབ་པ། སླར་ཡང་རླུང་གིས་བསྐུལ་ནས་གྱེན་དུ་ལྡོག་སྟེ་ལྟེ་བར་སླེབས་པས་རྒྱུ་མཐུན་གྱི་དགའ་བ། སྙིང་གར་རྣམ་སྨིན། མགྲིན་པར་སྐྱེས་བུ་ཕྱེད། སྤྱི་བོར་དྲི་བྲལ་འབྲས་(༡༤བ)


GLG024_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་དགའ་བ་རྣམས་ཉམས་སུ་མྱོང་། དེའང་ཐོག་མའི་སྐབས་སུ་རླུང་དང་དམིགས་པ་ཙམ་གྱིས་ཆོག་ཀྱང་བདེ་བ་ཆེར་སྐྱེས་ན་ལྟོ་བ་རི་རབ་ལ་སྦྱར། སོར་མོ་བསྐུམ། ལྕེ་རྩེ་རྐན་ལ་སྦྱར། ཉི་ཟླ་གྱེན་ལ་ལྡོག །ཧཱུཾ་རིང་དང་བཅས་ཏེ་བྱང་སེམས་ཡར་འདྲེན། །དུད་འགྲོའི་སྤྲུག་སྟངས་ཀྱིས་དགྲམ་པར་བྱ་བ་ནི་སྒྲུབ་པ་ཆེན་པོའོ། །རྩ་མདུད་རྫོགས་པར་འགྲོལ་ཕྱིར་གཞན་ལུས་ཐབས་ལྡན་ལ་བརྟེན་ནས་ལས་ལ་སྦྱོར་བ་དངོས་ནི། བདེ་སྟོང་ཏིང་འཛིན་ལས་སུ་རུང་གྱུར་ནས། །ཀརྨ་མུ་དྲའི་བོགས་འབྱིན་རྩལ་སྦྱོང་བྱ། །ཞེས་པ་ལྟར་ཉམས་སུ་བླང་བ་དེང་སང་མཁོ་ཆུང་བས་མ་བྲིས་ཤིང་སྤྲོ་ན་ཤེར་དབང་གི་སྐབས་སུ་ཅུང་ཟད་བསྟན་ཅིང་རྒྱས་པར་ཀློང་གསལ་དང་ཟབ་རྒྱ་སོགས་རྫོགས་ཆེན་གྱི་གཞུང་གཞན་དག་ལས་འབྱུང་བ་ལྟར་ཤེས་པར་བྱའོ། །བཞི་པ་རིག་པའི་རྩལ་དབང་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི། དང་པོ་སྔོན་འགྲོ་ལ། བཞི་པའི་དབང་བསྐུར་འཁོར་འདས་རུ་ཤན་དབྱེ། །རྩལ་སྦྱང་རྒྱས་གདབ་མཉེན་བཙལ་ལམ་གཞུག་དང་། །བྱུང་གནས་འགྲོ་གསུམ་མཚང་བཙལ་རྣལ་དབབ་ཅིང་། །མངོན་འགྲོའི་ཡན་ལག་མ་ལུས་རྫོགས་པར་བྱ། །ཞེས་པ་ལྟར་ལ་འཁྲིད་གཞུང་དུ་མདོར་བསྡུས་ཙམ་ལས་མ་གསུངས་པ་འདིར་ཉམས་ལེན་འཁྱེར་བདེ་བའི་ཆེད་དུ་ཅུང་ཟད་སྤྲོས་ན་རུ་ཤན་དབྱེ་བ། སྒྲིབ་པ་སྦྱང་བ། སྔོན་དུ་འགྲོ་བ། རྣལ་དུ་དབབ་པ་དང་བཞིའི། དང་པོ་རུ་ཤན་དབྱེ་བ་ལ་ལུས་ངག་ཡིད་གསུམ་ལས། དང་པོ་ལུས་འཁོར་འདས་རུ་ཤན་དབྱེ་བ་ལ། གནས་དབེན་པར་འགྲོ་བ་རིགས་དྲུག་གི་སྤྱོད་ཚུལ་ཚ་དམྱལ་ལ་མེ་མདག་བཤོ་བ་དང་གྲང་དམྱལ་ལ་ཆུར་འཇུག་པ། ཡི་དྭགས་ལ་ཟས་སྐོམ་གཅོད་པ། དུད་འགྲོ་ལ་ཐེག་པར་དཀའ་བ་བསྐུར་བ། མི་ལ་ཞིང་ལས་དང་མཁར་བརྩིག་པ་(༡༥ན)


GLG024_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མིན་ལ་གཡུལ་སྤྲོད་པ། ལྷ་ལ་པི་ཝཾ་བརྡུང་བ་ལྟ་བུས་མཚོན་པ་མཛད་སྲོལ་ཡོད་མོད། འཇུག་པ་བདེ་བར་འདོད་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལུས་ངག་ཡིད་དང་འཁོར་བ་རུ་ཤན་ཕྱེ་ལ་ཕྱིས་འཁོར་བར་མི་ལྡོག་སྙམ་དུ་སེམས་བསྐྱེད། དམྱལ་བའི་ལུས་ཀྱི་སྐབས་གནས་དེར་དངོས་སུ་སྐྱེས་པར་བསྒོམས་ནས། འཁུམས་པ། རེངས་པ། འགྲེ་ལྡོག །འཕྲ་གཤག །སོ་ཐམ་པ། འདར་བ་རྣམས་དངོས་སུ་བྱ། དེ་ནས་མི་བསྐྱོད་ཐུགས་རྗེ་ཆེན་པོ་དང་དབང་ཆེན་བཛྲ་ཧེ་རུ་ཀ་སོགས་ཞི་ཁྲོའི་བཞུགས་སྟངས་སྣ་ཚོགས་བྱེད་ཅིང་མཐར་རྡོ་རྗེའི་འདུག་སྟངས་ལག་པ་གཉིས་སྤྱི་བོར་ཐལ་མོ་བརྐྱང་སྦྱར། རྐང་པའི་མཐིལ་གཉིས་སྤྲད། ཉྭ་བཞི་བསྒྲིམ། སྒལ་ཚིགས་ཐད་ཀར་བསྲང་། ལྟག་རྩ་དྲང་པོར་འཐེན། མིག་བར་སྣང་ལ་ཧ་རེ་བལྟས་པའི་ཡར་རྩེ་གསུམ་ངོ་བོ་རང་བཞིན་ཐུགས་རྗེ། མར་རྩེ་གསུམ་སྐུ་གསུམ་མཚོན་ཕྱིར་རྡོ་རྗེ་རྩེ་གསུམ་པའི་དབྱིབས་འབྱུང་བ་དང་སྒོམ་དོན་ཁ་དོག་དཀར་པོ་དང་རྩ་ལྔ་པར་བསླབ། དེ་ནས་དམྱལ་བའི་ལུས་བླངས་པར་སྡུག་བསྔལ། ད་ལྟའི་བདེ་བ། སངས་རྒྱས་ཀྱི་སྐུའི་བཞུགས་སྟངས་རྣམས་ལ་གཉིས་འཛིན་གྱི་རེ་དོགས་དགག་སྒྲུབ་སོགས་ཨེ་འདུག་རྗེས་ཤེས་རང་གི་རྒྱུད་ལ་བཀལ་ནས་བལྟས་ཏེ་སྔོན་ཆད་མ་རིག་པའི་དབང་གིས་དེ་ལྟར་མྱོང་ཡང་རིག་པ་ནི་སངས་རྒྱས་ཀྱི་ཐུགས་དང་དབྱེར་མེད་ཡིན་པས། ད་ཕྱིན་ཆད་དམྱལ་བར་སྐྱེ་འགྱུར་གྱི་སྦྱང་གཞི་ཞི་ཁྲོའི་བཞུགས་སྟངས་ཀྱིས་སྦྱངས་པས་སླད་ནས་དམྱལ་བའི་ལུས་ཀྱི་འབྲེལ་ཐག་གཅོད་སྙམ་དུ་བསམ་ཞིང་གོམས་པའི་དབང་གིས་ལུས་ལ་ཆགས་ཞེན་ཚ་གྲང་གི་སྡུག་བསྔལ་མེད་པའི་རྣམ་པ་ཤར་ན་རུ་ཤན་ཕྱེད་པ་ཡིན་པས་གདེངས་ཚད་མ་རྙེད་ཀྱི་བར་དུ་(༡༥བ)


GLG024_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། གཉིས་པ་ངག་རུ་ཤན་དབྱེ་བ་ནི། ཨ་ཚ། ཨཱ་ན། ཀྱེ་ཧུད། ཨ་ཆུ། ངུ་བ་སོགས་སྨྲེ་སྔགས་སྣ་ཚོགས་བྱ། དེ་ནས་ཞི་བའི་གསུང་དབྱངས་དྲུག་ཅུ། ཁྲོ་བོའི་གད་མོ་བཅོ་བརྒྱད། ཧཱུཾ་རིང་ཐུང་གི་སྣང་གླུ་དང་ཕགས་སོགས་མང་དུ་བརྗོད། རྗེས་ཤེས་ལྟ་ལུགས་སོགས་གོང་ལྟར་ལ་ངག་ལ་ཉམ་ཐག་པའི་གདངས་ཡོད་མེད་བརྟག །གསུམ་པ་སེམས་རུ་ཤན་དབྱེ་བ་ནི། གཤག་ཅིང་གཏུབ་པ། འཚོད་པ། རྩ་རྒྱུས་རྣམས་ཚིག་ནས་འཁུམས་ཤིང་དབང་པོའི་སྒོ་རྣམས་ནས་མེ་འབར་བ། ཆུ་ཝུར་རྡོལ་བ། རྣག་ཁྲག་འཛག་པ། པདྨ་ལྟར་གས་པ་སོགས་ལ་ནན་ཏན་དུ་བསམ། དེ་རྗེས་བདེ་གསལ་མི་རྟོག་པ་ལྟ་བུ་ཏིང་ངེ་འཛིན་གྱི་ངང་དུ་འཇོག །རྗེས་ཤེས་སྔར་བཞིན་བལྟས་ནས་སེམས་ལ་ཉམ་ང་བའི་འཇིགས་སྐྲག་ཨེ་འདུག་བརྟག །ཡི་དྭགས་ལ་གསུམ་གྱི་ལུས་ཀྱི་ཚེ་ཁྲག་དང་བཤང་གཅི་སོགས་ཡི་གར་མི་འོང་བའི་ཟས་ཟ་བའི་སྟང་ཀ །རིན་འབྱུང་ཞི་ཁྲོ། རྡོ་རྗེ་སེར་པོ། མཇུག་ལུས་ལ་བཀྲེས་སྐོམ་ཡོད་མེད་ལྟ་བ་ཙམ་མ་གཏོགས་གོང་དང་འདྲ། ངག་ལ་བཀྲེས་སོ་སྐོམ་མོ་སོགས་བསྒྱུར། མཇུག་དག་ལ་བཀྲེས་ཉམས། ཡིད་ལ་ཟས་སྐོམ་མ་རྙེད་པར་ལྟོགས་པ། གཞན་གྱིས་བསྲུངས་པ། རྙེད་ཀྱང་ཟར་མི་བཏུབ་པ་ལྟ་བུའོ། །མཇུག་ཡིད་ལ་བཀྲེས་ཉམས། བྱོལ་སོང་ལ་གསུམ་གྱི་ལུས་ལ་སྒུར་པོར་འགྲོ་བ་སོགས། སྣང་མཛད་ཞི་ཁྲོ། རྡོ་རྗེ་མཐིང་ཁ། མཇུག་ལུས་ལ་ངལ་དུབ་ཨེ་འདུག །ངག་ལ་རྟ་གཡག་བྱ་ཁྱི་སོགས་ཀྱི་སྐད་སྣ་ཚོགས། མཇུག་ངག་ལ་སྨྲ་མི་ཤེས་པའི་ཉམས། ཡིད་ལ་ཆང་དགག་གི་སྦང་མ་ལྟར་གཡོ་འགུལ་མི་ནུས་པ། གསོད་སྤྱོད། རྡེག་བཀོལ། མཇུག་དུབ་ཉམས། མི་(༡༦ན)


GLG024_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསུམ་གྱི་ལུས་ཀྱི་ཚེ་ལོགས་རྒྱག་པ་སོགས། སྣང་མཐའ་ཞི་ཁྲོ། རྡོ་རྗེ་དམར་པོ། མཇུག་ལུས་ལ་བདེ་སྡུག །ངག་ལ་སོ་ནམ་ཁེ་སྤོགས་སོགས་ཀྱི་གཏམ་སྣ་ཚོགས། །མཇུག་དགའ་སྡུག་བརྗོད་པའི་ཉམས། ཡིད་ལ་སྐྱེ་རྒ་ན་འཆི་སོགས། མཇུག་བདེ་སྡུག་སྤེལ་མའི་ཉམས། ལྷ་མིན་ལ་གསུམ་གྱི་ལུས་ཀྱི་ཚེ་གཡུལ་སྤྲོད་པ་སོགས། དོན་གྲུབ་ཞི་ཁྲོ། རྡོ་རྗེ་ལྗང་གུ། མཇུག་ལུས་ལ་རྨས་པའི་ཟུག་རྔུའི་ཉམས། ངག་ལ་རྒྱོབ་གསོད་དང་ཟུར་ཆག་གི་སྐད་སོགས། མཇུག་ཞེ་སྡང་གི་མཐུས་ང་རོའི་ཉམས། ཡིད་ལ་འཐབ་རྩོད་བྱས་པས་གཡུལ་ཕམ་པའི་བཅད་གཏུབ་སོགས། མཇུག་ཁྲོ་སེམས། ལྷ་ལ་གསུམ་གྱི་ལུས་ཀྱི་ཚེ་བདུད་རྩིའི་བཏུང་བ་ཞིམ་པོ་མྱང་བའམ་ཁྲུས་བྱེད་པ་སོགས། རིན་འབྱུང་ཞི་ཁྲོ། རྡོ་རྗེ་སེར་པོ། མཇུག་མ་རྙེད་ཀྱི་བར་དུ་བྱ། བཤད་མ་ཐག་པ་ལས་སྤྲོས་པ་ཆུང་བའི་ཉམས་ལེན་སྙིང་པོར་དྲིལ་བར་འདོད་ན། ཀློང་གསལ་གྱི་སྔོན་འགྲོ་རུ་ཤན་འབྱེད་པའི་ཊཱིཀྐ་ལྟར་རུ་ཤན་དབྱེ་བ་རྫོགས་ཆེན་གཞན་ལས་ཁྱད་པར་གྱུར་པ་བསྣན་ན་མཆོག་ཏུ་འགྱུར་ཞིང་འཁྱེར་བདེ་བ་སྦས་ཆོས་ཡང་ཏིག་གི་སྟན་གཅིག་ཏུ་རུ་ཤན་དབྱེ་བའི་ཚེ་ལུས་རྡོ་རྗེའི་འདུག་སྟངས། དམིགས་པ་ཧཱུཾ་ཞི་དྲག་སྤེལ་ནས། ལུས་རྡོ་རྗེའི་རྣམ་པ་དེས་འཕར་ཞིང་མཆོངས་ཏེ། ཕྱིའི་རྒྱ་མཚོའི་སྟེང་དུ་ཕར་འགྲོ་བ་དང་དེ་ནས་ཀྱང་སླར་ཤར་ཕྱོགས་ཀྱི་ཞིང་ཁམས་མངོན་པར་དགའ་བ་སོགས་བློས་འཁྱུད་(༡༦བ)


GLG024_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ལ་ཕར་སྤྲོ་ཞིང་། ཚུར་རིམ་གྱིས་བསྡུས་ཏེ་རང་གི་སྟན་ཐོག་ཏུ་སླེབས་ནས་རྡེའུ་བཀྲམ་པ་ལྟར་ཡོད་འཕྲོ་ལ་ཕཊ་བརྗོད་ཅིང་དམིགས་བཟླས་ཐམས་ཅད་རྦད་བཅད་དེ་རིགས་འཛིན་རྒྱལ་བ་དེ་དག་དང་དགོངས་པ་བསྲེས་ཏེ་དར་ཅིག་བཞག་པ་སོགས་ལ་བློ་སྦྱང་། དེ་བཞིན་དུ་རིན་ཆེན་ལྡན། པདྨ་འོད། ལས་རབ་བརྩེགས་སོགས་ཕྱོགས་ཐམས་ཅད་ལ་བསླབ། སྤྲོས་པ་ཆུང་བར་འདོད་ན་འདི་ཉིད་གཅིག་པུས་ཀྱང་མཐུས་སོ། །གཉིས་པ་སྒྲིབ་པ་སྦྱང་བ་ནི། རང་ཉིད་ཀྱི་ལུས་མ་རིག་འཁྲུལ་བ་ལས་གྲུབ་པ་འདིའི་སྤྱི་བོར་ཨ་དཀར་ནག །མགྲིན་པར་སུ་སེར་ནག །སྙིང་གར་ཪྣྲི་སྔོ་ནག །ལྟེ་བར་ཏི་དམར་ནག །གསང་བར་པྲེ་ལྗང་ནག །རྐང་མཐིལ་དུ་དུ་དུད་ཁ་སྟེ་རིགས་དྲུག་དང་ཉོན་མོངས་དྲུག་གི་བག་ཆགས་དང་བཅས་པའི་སྦྱང་གཞིའི་ས་བོན་གསལ་བཏབ་པ་ལ། སྦྱོང་བྱེད་གནས་གསུམ་དུ་ཨཱོཾ་ཨཱཿཧཱུཾ་དམིགས་པ་ལས་ཡེ་ཤེས་ཀྱི་མེ་དཀར་དམར་མཐིང་གསུམ་འཕྲོས་པས་རྐང་མཐིལ་ནས་རིམ་གྱིས་ས་བོན་དྲུག་པོ་བསྲེགས། རང་གཞན་གྱི་སྒོ་གསུམ་གྱི་མ་རིག་འཁྲུལ་བའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐུལ་གྱིས་ཚིག །འཁོར་བ་དང་ངན་སོང་གི་རྒྱུ་འབྲས་ཐམས་ཅད་དག་སྟེ་ལུས་ཤེལ་གོང་ཕྱིས་པ་ལྟར་བསམས་ལ་འབྲུ་གསུམ་དབྱངས་དང་བཅས་པ་བཟླའོ། །འདི་འཁྲིད་གཞུང་དུ་མི་གསལ་ཡང་གལ་ཆེ་བའི་ཕྱིར་སྙིང་ཏིག་གཞན་ནས་ཁ་བཀང་། དགོས་པ་གསུམ་ནི། ཐུན་མོང་སྒོ་གསུམ་གྱི་སྡིག་པའི་ས་བོན་དང་བར་ཆད་ཞི་ནས་ཞེན་པ་ལྡོག །ཁྱད་པར་དེ་ལ་བརྟེན་ནས་ཕྱིས་འཁོར་བར་མི་འཁྱམ། མཐར་ཐུག་སངས་རྒྱས་ཀྱི་རྡོ་རྗེ་གསུམ་འགྲུབ་བོ། །གསུམ་པ་སྔོན་འགྲོ་ནི། འཁྲིད་གཞུང་དུ་འགའ་ཞིག་མི་གསལ་ཞིང་ལ་ལ་འཁོར་འདས་རུ་ཤན་དབྱེ་བ་དང་བསྲེས་པ་ཞིག་སྣང་བ་གོ་བདེ་(༡༧ན)


GLG024_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ལོགས་སུ་བཤད་པ་ལ་ལུས་ངག་ཡིད་གསུམ་ལས། དང་པོ་ལུས་ཀྱི་སྔོན་འགྲོ་རྡོ་རྗེའི་འདུག་སྟངས་དང་ཁ་དོག་སྔོན་པོ་རྩེ་ལྔ་པ་མེ་འབར་བའི་འོད་ཟེར་གྱིས་ནད་གདོན་སྡིག་སྒྲིབ་བསྲེགས་ཏེ་རྡོ་རྗེ་ཁོང་སྟོང་དུ་བསམས་པས་ལུས་ཁང་རུལ་ཞིག་པ་ལྟ་བུ་དང་ཁོལ་བུར་ན་བ་དང་དྲོད་སྐྱེ་བ་དང་སེམས་མི་རྟོག་པའི་ངང་ལ་གནས་པ་ནི་ཚད་དོ། །དགོས་པ་གསུམ་ནི་ཐུན་མོང་ལུས་ཀྱི་སྒྲིབ་པ་འདག་བར་ཆད་ཞི་ཞེན་པ་ལྡོག །ཁྱད་པར་ལུས་འཁོར་བར་མི་ལྟུང་ཞིང་སྤྲུལ་སྐུར་གྲོལ། མཐར་སྐུ་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའོ། །གཉིས་པ་ངག་གི་སྔོན་འགྲོ་ལ་རྒྱས་གདབ། རྩལ་སྦྱང་། གཉེན་བཙལ། ལམ་དུ་གཞུག་པ་དང་བཞི་ལས། དང་པོ་རྒྱས་གདབ་པ་ནི། སོ་དང་མཆུ་མ་རེག་ཙམ་དུ་རླུང་། ཤེས་པ། ཧཱུཾ་གསུམ་གཅིག་ཏུ་བསྲེས་ལ་ཧཱུཾ་གི་གླུ་སྙན་ལ་རིང་བ་བླགས་པས་སྣང་བ་ཐམས་ཅད་ཧཱུཾ་སྔོན་དུ་རོང་རོང་མེར་མེར་ཡོད་པར་བསམས་པ་ནི་ཕྱི་སྣང་བ་ལ་རྒྱས་གདབ་པ་སྟེ་ཕྱི་ཧཱུཾ་དུ་རོང་ངེ་ཤར་བ་ནི་ཚད་དོ། །ཕྱིའི་ཧཱུཾ་དེ་དག་ཁ་དང་སྣའི་སྒོར་ཞུགས་ཏེ། ལུས་ཀྱི་ནང་ཧཱུཾ་གིས་མར་ཁེངས་སྙམ་པ་ནི་ནང་ཕུང་པོ་ལ་རྒྱས་གདབ་པ་སྟེ་ལུས་གང་བ་དང་མི་བདེ་སྙམ་པ་ཚད་དོ། །དགོས་པ་ནི། ཕྱི་ནང་གི་སྣང་བ་ཐམས་ཅད་རང་བཞིན་མེད་པར་འགྱུར་བའོ། །གཉིས་པ་རྩལ་སྦྱང་བ་ནི། ཧཱུཾ་དྲག་ལ་ངར་དང་ལྡན་པ་བརྗོད་ཅིང་ཧཱུཾ་མཐིང་ནག་མེ་འབར་བ་དེས་རི་རབ་ཁང་ཁྱིམ་ཐམས་ཅད་ཕར་ཐལ་ཚུར་ཐལ་དུ་ཕུག་སྟེ་ཁྲོལ་མ་བཞིན་སོང་བར་བསམས་ལ་ཕྱིའི་རྩལ་ཏེ་ཕྱིའི་ཡུལ་ཁྲལ་ཁྲོལ་དུ་སོང་སྙམ་བྱེད་པ་ནི་ཚད་དོ། །ཧཱུཾ་དེས་རང་གིས་ལུས་ཁྲོལ་མ་བཞིན་བཏབ་བར་བསམས་པ་ནི་ནང་གི་རྩལ་ཏེ་ཆུ་ཟླ་ལྟར་སྣང་བ་ནི་ཚད་དོ། །དགོས་པ་ནི། ཕྱི་ནང་གི་ཆོས་རྡོས་བཅས་སུ་སྣང་བ་ཐམས་ཅད་(༡༧བ)


GLG024_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་འཇའ་ཚོན་ལྟར་གྲོལ་བར་འགྱུར་རོ། །གསུམ་པ་མཉེན་བཙལ་བ་ནི། རང་གི་མདུན་དུ་ཤིང་བུ་ཁྲུ་གང་པ་ཞིག་བཙུགས་པ་ལ་ཤེས་པ་བསྟད་དེ་ཧཱུཾ་རིང་བར་བརྗོད་པས་ཧཱུཾ་གི་ཐག་པ་ནར་ར་ར་སོང་སྟེ་ཤིང་བུ་ལ་དཀྲིས་ནས་སྟེང་དུ་ཧཱུཾ་ཡེར་རེར་འདུག་པ་ལ་མཉམ་པར་བཞག །ཡང་ནར་ར་ར་གྲོལ་ཏེ་ཚུར་བྱུང་ནས་སྙིང་གར་གནས་པར་བསམ། ཡང་ན་ཤིང་བུའི་རྩེ་མོར་སླེབས་པ་དང་རྩ་བར་མར་ཕུངས་ཀྱིས་བབས་ཏེ་ཧཱུཾ་རྣམས་ཁྲོམ་ཚོགས་སུ་སྔོ་རོང་ངེ་ཡོད་པར་བསམ། ཡང་ནར་ར་ར་ཤིང་བུ་ལ་དཀྲིས། ཡང་ཞིག་པ་སོགས་ལ་བསླབ། ཤེས་པ་གང་བསྟད་དུ་ལྷམ་མེར་སྡོད་སྙམ་པ་ནི་ཚད་དོ། །འདིའི་དུས་སྐྱེས་པ་རླུང་སྣ་བུག་གཡས་དང་བུད་མེད་ཡིན་ན་སྣ་བུག་གཡོན་ནས་འདྲེན་པ་གནད་ཡིན་ནོ། །དེས་དམིགས་པ་གཞན་དུ་བསྒྱུར་ཐུབ་པའི་དགོས་པ་ཡོད་དོ། །བཞི་པ་ལམ་དུ་གཞུག་པ་ནི། རང་གི་མདུན་དུ་ཤིང་བུ་ཁྲུ་གང་པ་ཞིག་བཙུགས་པའམ་བསམས་ལ་ཧཱུཾ་ཞེས་བརྗོད་པས་སྙིང་ག་ནས་སེམས་ཀྱི་ངོ་བོ་ཧཱུཾ་ཞིག་བྱུང་། ཤིང་བུ་དེའི་རྩེར་ཡེར་རེ་བཞག །ཡང་ཧཱུཾ་རང་གི་སྙིང་གར་ཧྲིལ་གྱིས་བྱུང་། དེ་ལྟར་ཕར་འགྲོ་ཚུར་ཡོང་ལ་ཤེས་པ་བསྟད། ཡང་ན་རང་གནས་པའི་ཡུལ་ཐམས་ཅད་རི་ར་བ་ཁང་ཁྱིམ་སོགས་མེད་པར་ཁ་དོག་ལྗང་གུ་མེ་ལོང་གི་ངོས་ལྟར་འཇམ་པ་ཞིག་བསམ། དེའི་སྟེང་དུ་སྙིང་ག་ནས་ཧཱུཾ་སྔོན་པོ་ཁྲུ་ཚད་ཙམ་པ་མདུན་ནས་ཕར་གསེགས་འགྲོས་ལྟ་བུའི་ལམ་ཕར་འཁྱོག་ཚུར་འཁྱོག་ལ་རི་དང་ས་མཚམས་མ་ཟད་ཀྱི་བར་དུ་ཕྱིན་པར་བསམས་ལ་ཧཱུཾ་རིང་བར་བརྗོད། ཕ་རོལ་དུའང་མཐའ་མེད་པར་ཕྱིན་པ་ལ་སེམས་གཏོད། དེ་བཞིན་དུ་ཕྱོགས་གཞན་ལ་སྦྱོར། དེས་དགའ་བ་དང་སྐྱེ་བ་སོགས་བྱུང་བ་ནི་ཉམས་སྐྱེས་པའི་ཚད་དོ། །དེས་ལུས་ངག་གི་ལམ་སྲོལ་དུ་ཚུད་པའི་(༡༨ན)


GLG024_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ཡོད་དོ། །སྤྱིའི་དགོས་པ་གསུམ་ནི། ཐུན་མོང་ངག་སྡིག་འདག་ཅིང་ཡོན་ཏན་ཐོབ་མངོན་ཞེན་ལྡོག །ཁྱད་པར་ངག་འཁོར་བར་མི་ལྟུང་ཞིང་ལོངས་སྐུར་གྲོལ། མཐར་གསུང་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའོ། །གསུམ་པ་སེམས་ཀྱི་སྔོན་འགྲོ་ལ་གཞི་རྩ་གཅོད་པ། མཚང་བཙལ་བ། གནས་ལུགས་བརྟག་པ་དང་གསུམ་ལས། དང་པོ་གཞི་རྩ་གཅོད་པ་ནི། སེམས་ཀྱི་གཞི་རྩ་བཅད་དེ་ལུས་ངག་ཡིད་གསུམ་པོ་འདི་གང་འཁོར་བར་འཁྱམས་པ་ཡིན། བདེ་སྡུག་དང་དགག་སྒྲུབ་ཀྱི་བྱེད་པ་པོ་གང་ཡིན། ཚེ་སྔ་ཕྱི་གང་དུ་ཡང་འཕོས་ཤིང་བརྒྱུད་པ་ཡིན། གཙོ་བོ་གང་དུ་འདུག་སྙམ་བརྟགས་པས་སེམས་གཙོ་ཆེ་བར་ཤེས་པ་ནི་རྐུན་མ་ངོས་ཟིན་པ་ལྟ་བུའོ། །གཉིས་པ་མཚང་བཙལ་བ་ནི། སེམས་དང་དེའི་ཡུལ་སྣང་གཉིས་གཅིག་དང་ཐ་དད་ལ་བརྟགས་ཏེ། དེའང་ལུས་ངག་སེམས་གསུམ་པོ་གཅིག་གམ་ཐ་དད། གཅིག་ན་ལུས་ངག་ལྟར་སེམས་ཀྱང་མཐོང་ཐོས་སུ་འགྱུར་ལ། སེམས་ལྟར་ལུས་ངག་ཀྱང་མཐོང་ཐོས་སུ་མི་རུང་། ཐ་དད་ན་ལུས་རྡུལ་ཕྲན། ངག་རྗེས་མེད་བྲག་ཅ། སེམས་བྱ་ལམ་རྗེས་མེད་ཡིན་པས་ཐ་དད་བྱ་དད་བྱེད་ཇི་ལྟར་ཡོད། དེ་བཞིན་དུ་ཕྱིའི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་གཅིག་དང་ཐ་དད་ལ་བརྟགས་པས་གཅིག་ན་ལུས་ངག་དང་འདྲ་ཞིང་ཐ་དད་ན་སེམས་དེ་གཟུགས་ལ་སོགས་པ་ལྟར་འདི་ཞེས་བརྗོད་པ་ལས་འདས་པ་ནས་ཡུལ་མེད་རྟེན་བྲལ་བ་ཞིག་ཏུ་རྟོགས་སོ། །དེའི་དུས་ན་གཟུང་འཛིན་གྱི་རྩ་བ་ཆོད། གཉིས་འཛིན་གྱི་མཁར་པོ་འགྱེལ། བདག་གཞན་གྱི་སྣང་བ་ནུབ། དགྲ་གཉེན་གྱི་འཁྲུལ་འཛིན་ཞིག །དགག་སྒྲུབ་ཀྱི་སྤྲིན་ཚོགས་དེངས་པས་ཆོས་ཉིད་ནམ་མཁའ་ལྟ་བུར་རྟོགས་པའི་(༡༨བ)


GLG024_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ཡོད་དོ། །གསུམ་པ་གནས་ལུགས་བརྟག་པ་ལ། དབེན་པའི་གནས་སུ་སྒོ་གསུམ་གྱི་བྱ་བ་རྣམས་བཏང་སྟེ་རང་བབས་ཀྱི་ངང་ནས་སེམས་ཞེས་པ་འཁོར་འདས་གཉིས་ཀའི་འཆར་གཞི་བྱེད་པ་རིག་རིག་ཏུར་ཏུར་འདིའི་བྱུང་གནས་འགྲོ་གསུམ་ལས། དང་པོ་བྱུང་ས་ནི་སེམས་གང་ལས་བྱུང་རྩད་བཅད་པས་རང་གི་ལུས་ལོངས་སྤྱོད་དགྲ་གཉེན་བར་མ་སོགས་དུག་གསུམ་གྱི་ཡུལ་དུ་གྱུར་བ་དེ་དག་གི་གཉེན་ལ་ཆགས་ཡུལ། ཆགས་བྱ། ཆགས་པར་བྱེད་མཁན། དགྲ་ལ་སྡང་ཡུལ། སྡང་བྱ། སྡང་བར་བྱེད་མཁན། བར་མ་ལ་སྙོམས་ཡུལ། སྙོམས་བྱ། སྙོམས་བྱེད་མཁན་རྣམས་ཀྱི་གཟུགས་སོགས་འདོད་ཡོན་ལྔ་ལ་བཙལ་བ། མི་ལ་མཚོན་ན་དབང་པོ་ཚོགས་དྲུག་ཕུང་ཁམས་སྐྱེ་མཆེད། བྱ་སྤྱོད་སོགས་དྲན་ཡུལ་དུ་བྱས་ཏེ་འདི་ཡིན་ནམ་སྙམ་པའི་རྟོག་པ་འཆར་ཡང་ཞིབ་ཏུ་དཔྱད་ཚེ་གཞན་ནས་མི་རྙེད་པར་ཚེ་འདིའི་མ་ལས་བྱུང་བར་ངེས་ཤེས་རྙེད་པ་ལྟ་བུ་ཡོད་ཡང་དེའི་ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཆ་ཤས་ཕྲ་མོ་རེ་རེ་ནས་བཙལ་བས་མི་རྙེད། སེམས་ལས་སེམས་བྱུང་ན་སྐད་ཅིག་རང་དུས་ན་སེམས་ཆ་གཉིས་སུ་འཛིན་དགོས་པ་ལ་དེ་འདྲ་བློས་དཔྱད་མི་བཟོད་པའི་ཕྱིར་སེམས་སྐྱེ་བ་མེད་པ་གཏན་ལ་ཕེབས་པས་ཆོས་སྐུ་བློ་བྲལ་ཆེན་པོ་ཐོག་མའི་ཟད་ས་ཤེས་སོ། །གཉིས་པ་བར་དུ་གནས་ས་མེད་པ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱི་ཕྱི་ནང་བར་གསུམ་དང་ཁྱད་པར་རང་གི་ལུས་ནས་བཙལ་ཀྱང་མི་རྙེད་ཅིང་སེམས་ལ་སེམས་གནས་ན་གནས་ཡུལ་དག་གནས་མཁན་གཉིས་དགོས་པ་ངོས་གཟུང་དུ་མེད་པའི་ཕྱིར་གནས་ས་མེད་པའི་སེམས་ཉིད་ལོངས་སྐུ་བཞི་བྲལ་གསལ་དག་ཆེན་པོའི་ཆོས་ཉིད་རང་བབས་ཀྱི་དགོངས་པར་ཤེས་སོ། །གསུམ་པ་མཐར་འགགས་མེད་པ་ནི། ལུས་(༡༩ན)


GLG024_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བྲལ་བའི་རྗེས་སུ་སེམས་འདིར་འགགས་ཞེས་འཁོར་འདས་གང་གི་སར་ཡང་ངོས་ཟིན་རྒྱུ་མེད། འོ་ན་མར་མེ་ཤི་བ་ལྟར་གཏན་མེད་དུ་སོང་ངོ་སྙམ་ན་སེམས་ཀྱི་ཐོག་ཏུ་རིགས་དྲུག་གི་བདེ་སྡུག་རྣམས་མྱོང་བ་མངོན་སུམ་གྱིས་གྲུབ་ཕྱིན་དུ་དེ་ལ་ཁ་དོག །དབྱིབས། ངོ་བོ་ངོས་བཟུང་རྒྱུ་འདུག་གམ་མི་འདུག་བརྟགས་པས་ཁ་དོག་དཀར་པོ་དང་དབྱིབས་ཟླུམ་པོའོ་ཞེས་པ་ལྟ་བུ་བརྗོད་དུ་མེད་པས། སྣང་དུས་ནས་སྟོང་། སྟོང་དུས་ན་སྣང་། གསལ་དུས་ན་གཞི་མེད་རྩ་བྲལ་དུ་གསལ་ལེ་བ། ཚིག་གིས་བརྗོད་དུ་མེད་པ། བློའི་ཡུལ་དུ་བྲལ་བ་ད་ལྟར་གྱི་ཤེས་རིག་ཝལ་ལེ། གསལ་ལེ། ཧྲིག་གེ་བ་འདི་ག་ཐ་མལ་གྱི་ཤེས་པའམ་གཉུག་མ་ལྷན་ཅིག་སྐྱེས་པའི་བཞུགས་ཚུལ་ལམ་ཀ་དག་བློ་འདས་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྟོང་ཉིད་ཡིན་པའི་ཕྱིར་ཆོས་བརྒྱད་ཀྱི་རྟོག་པ་ཐམས་ཅད་སྒྱུ་མའི་རྟ་གླང་ངམ་རྨི་ལམ་གྱི་སྣང་བ་ལྟར་ནམ་མཁའི་དབྱིངས་སུ་བན་མ་བུན་བཞིན་ཀ་ནས་དག་པར་ཐག་བཅད་མཉམ་གཞག་གི་ངང་ལ་རྣམ་རྟོག་བཟང་ངན་གང་ཤར་ཡང་དེའི་ངོ་བོ་ལ་ཅེར་གྱིས་བལྟས་པ་ན་སྦྲུལ་གྱི་མདུད་པ་བཞིན་ཞིག་འགྲོ་བས་མཉམ་རྗེས་བསྲེ་ཞིང་དགེ་སྦྱོར་གྱི་རྒྱུན་བསྐྱང་། དེ་དག་ཐམས་ཅད་ཀྱི་གཞི་མ་རིག་པའི་དབང་གིས་བདེན་པར་མེད་བཞིན་དུ་གཉིས་སུ་བཟུང་བར་བརྟེན་དུག་ལྔ་རྒྱས་ཤིང་ཀུན་གྱི་རྩ་བ་བདག་གཅེས་འཛིན་གྱིས་ལན་པས་དེ་གར་ཡོད་བརྟགས་པ་ན་ཕྱི་ནང་གི་སྣོད་བཅུད་གང་གི་སྟེང་ནས་ཀྱང་མ་རྙེད་པས་སེམས་ཀྱི་འཁྲུལ་སྣང་གི་འཆར་སྒོ་ཙམ་དུ་ཐག་ཆོད། སེམས་ཀྱི་ངོ་བོ་གསལ་སྟོང་གང་ཤར་འཛིན་མེད་ཀྱི་ངང་ལ་ཆམ་གྱིས་འཇོག །དེར་མ་ཟད་ཕྱི་ནང་གི་སྣོད་བཅུད་རྣམས་ལའང་བྱུང་གནས་འགྲོ་གསུམ་དཔྱད་པས་གཟུགས་སྣང་སྟོང་། སྒྲ་གྲག་སྟོང་། (༡༩བ)


GLG024_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རིག་སྟོང་སྟེ་ཐ་སྙད་ཀྱི་ཆོས་ཀུན་ཀ་དག་ཏུ་ཐག་བཅད་པའི་མཉམ་གཞག་ནམ་མཁའ་ལྟ་བུ་ལ་རྗེས་ཐོག་ཏུ་འཁྲུལ་ཤེས་ཐམས་ཅད་ཆུ་ཟླ་ལྟར་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་ཉམས་འོག་ཏུ་ཚུད་པར་བྱས་པས་མཉམ་ཡངས་ཆེན་པོར་བློ་བདེའོ། །དགོས་པ་གསུམ་ནི། ཐུན་མོང་སེམས་ཀྱི་སྡིག་པ་འདག་ཡོན་ཏན་སྐྱེ་མངོན་ཞེན་ལྡོག །ཁྱད་པར་སེམས་འཁོར་བར་མི་འཁྱམ་ཞིང་ཆོས་སྐུར་གྲོལ། མཐར་ཐུག་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའོ། །བཞི་པ་རྣལ་དུ་དབབ་པ་ནི། རུ་ཤན་དབྱེ་བ་མན་གྱི་དམིགས་སྐོར་རྣམས་ཀྱི་བར་མཚམས་སུ་སྐབས་དང་བསྟུན་ནས་ཉམས་སུ་ལེན་པ་ནི་བདེ་བའི་མལ་དུ་ལུས་འགུལ་བསྐྱོད་དང་བྲལ། ངག་སྨྲ་བརྗོད་དང་བྲལ། ཡིད་སོ་མ་དྲན་རྟོག་དང་བྲལ་བར་ལྷོད་ཀྱིས་གློད་ལ་ཉལ་ལོ། །དགོས་པ་གསུམ་ནི། ཐུན་མོང་རྩ་རླུང་ཁོད་སྙོམས་པས་འབྱུང་བ་མི་འཁྲུག་ཅིང་ནད་མེད། ཁྱད་པར་ཏིང་ངེ་འཛིན་རང་བབས་སུ་སྐྱེ་ཞིང་ལུས་སེམས་བདེ། མཐར་སྒོ་གསུམ་གྱི་འཛིན་པ་རང་སར་གྲོལ་བའོ། །གཉིས་པ་དངོས་གཞི་ལ་སྐྱོན་ཡེ་ནས་ཀ་དག་ཏུ་སྟོན་པ་ཁྲེག་ཆོད་ཀྱི་ལམ་དང་། ཡོན་ཏན་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པ་ཐོད་རྒལ་གྱི་ལམ་གཉིས་ཀྱི། དང་པོ་ལ་གདོད་མའི་གནས་ལུགས་གཏན་ལ་དབབ་པ་དང་། གཏན་ལ་ཕབ་ནས་ངོ་སྤྲོད་པ་གཉིས་ལས། དང་པོ་ནི། སྔར་བཤད་པའི་སྔོན་འགྲོ་སྤྱི་དང་ཁྱད་པར་བྱུང་གནས་འགྲོ་གསུམ་གྱི་མཚང་ལེགས་པར་རྙེད་པའི་གནས་ཆ་མ་སྐྱེས་པར་ངོ་སྤྲོད་སྔས་ན་དྲེད་པོ་གཡུལ་དུ་ཤོར་ནས་ངེས་པའི་དོན་མི་རྟོགས་པའི་ངང་ལ་འགྲོ་བའི་ཉེན་ཡོད་པས་ནན་ཏན་དུ་བྱས་རྗེས་རྩ་བ་གསུམ་གྱི་ཚོགས་གཏོར། གསེར་སོགས་རིན་པོ་ཆེ། སྨན་དང་འབྲུའི་མཎྜལ་བཤམས་ནས་འབུལ། དེ་(༢༠ན)


GLG024_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དངོས་གཞིའི་ཁྱད་པར་ཉམས་ལེན་གནད། །གདོད་ནས་ཀ་དག་རིག་པ་ཆོས་ཀྱི་སྐུ། །ལྷུན་གྲུབ་རང་བྱུང་ཡེ་ཤེས་གཏན་ཕབ་ནས། །ཞེས་པ་ལྟར་འཁོར་འདས་དང་པོ་རྒྱབ་གྱེས་པའི་དུས་སུ་ཀུན་ཏུ་བཟང་པོ་གཞི་ཐོག་ནས་གྲོལ། སེམས་ཅན་རྣམས་འཁོར་བར་འཁྱམས་པ་ཡིན་ཏེ་འཁོར་བའི་གཞི་མ་རིག་པ་ནི་འཐོམ་མེ་བ། འཐིབས་པ། ཡེངས་པ། རྨུགས་པ། འབྱམས་པ། མི་དྲན་པ། བརྒྱལ་བ་ལྟ་བུ་འབྱུང་། དེ་ནི་འཁྲུལ་པའི་མ་རྒན་མོ་ལོང་བ་བཞིན་ཡིན་ལ། སེམས་ཞེས་བྱ་བ་ཟི་ལོང་ལོང་བ། གཡོ་བུན་བུན་པ། མཉམ་ཁྲིག་གེ་བ། རྒྱང་ཡེད་ཡེད་པ། ཏི་འཁོར་འཁོར་བ། ང་བདག་ཆེར་བྱེད་པའི་བུ་ལྟ་བུ་ཞིག་སྐྱེས་པ་དེ་སྲིད་པའི་བཙོན་རར་འཇུག་བས་མ་རིག་པ་དེ་ལ་བརྟེན་ནས་བདག་གཞན་འབྱུང་། བདག་ལ་བརྟེན་ནས་འདོད་ཆགས། ང་རྒྱལ། སེར་སྣ། གཞན་ལ་བརྟེན་ནས་ཞེ་སྡང་། ཕྲག་དོག །དེ་ལྔ་ལས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་གྱེས་ཏེ་འགྱུ་བྱེད་དབུགས་ཀྱི་རྟ་ལ་ཞོན། མི་དགེ་བ་ཅི་ཡང་བྱེད་ཅིང་སྡུག་བསྔལ་གང་ཡང་མྱོང་བ། དུས་རྒྱུན་དུ་འཁོར་བར་འཁྱམས་པ་འདི་རིག་ན་དེ་ལས་གྲོལ་བས་གདོད་ནས་རིག་པའི་ཡེ་ཤེས་ཐིག་ལེ་ཉག་གཅིག་གཤིས་ཀྱི་འདུག་ཚུལ་འདི་ཉིད་ངོ་བོ་སྟོང་པ་ཆོས་ཀྱི་སྐུ་ནམ་མཁའ་རྣམ་པར་དག་པ་ལྟ་བུ་རྒྱ་ཆད་ཕྱོགས་ལྷུང་སྤྲོས་པའི་མཚན་མ་ཐམས་ཅད་ལས་འདས་པར་ཡེ་ནས་གནས་པས་དང་པོར་འདི་ནས་བྱུང་བ་མེད། རང་བཞིན་གསལ་བ་སྟོང་པ་བྱང་ཆད་དུ་མ་སོང་བར་གདངས་རིག་པའི་རང་རྩལ་ཡེ་ཤེས་ལྔ་ལྡན་ཡོངས་སྤྱོད་རྫོགས་སྐུར་ཡེ་ནས་གྲུབ་པས་འདིར་གནས་མེད་བར་སྟོང་པས་གར་ཁྱབ་རིག་པས་ཁྱབ། ཐུགས་རྗེ་མ་འགགས་ཀུན་ལ་ཁྱབ་ཅིང་སྣང་ནུས་པ་སྤྲུལ་པའི་སྐུར་ཡེ་(༢༠བ)


GLG024_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གྲུབ་པའི་མཁྱེན་ཆ་རང་བཞིན་གྱིས་གསལ་བ་ཐུགས་རྗེ་ཡེ་ཤེས་ཀྱི་སྙིང་པོ་ཅན་ཡུལ་ཡུལ་ཅན་གྱི་ཤེས་པའི་སྒྲོ་སྐུར་ཐམས་ཅད་དང་བྲལ་བ་རིན་པོ་ཆེའི་ཤེལ་གོང་འབར་བ་ལྟ་བུ་མཐར་འདིར་འགགས་མེད་པས་གཞི་གནས་ཀྱི་སྐུ་གསུམ་མམ་ཡེ་ཤེས་ལྔ་ལྡན་ནི་ངོ་བོ་སྟོང་པ་ཆོས་དབྱིངས། རང་བཞིན་གསལ་བ་མེ་ལོང་། གསལ་སྟོང་གཉིས་མེད་མཉམ་ཉིད། མཁྱེན་ཆའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་རྟོག་བྲལ་དུ་རིག་པ་སོར་རྟོག །ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པ་བྱ་གྲུབ་སྟེ་དེ་ལྟ་བུའི་ཡེ་ཤེས་ལྔ་ལྡན་དེ་ཉིད། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱིས་མ་གོས་པ་དྲི་བྲལ་དུ་གནས་པའི་ཕྱིར། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཡི་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མཐའ་ཟད། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །ཅེས་བྱུང་བས་ན་ཡར་སངས་རྒྱས་ལ་རེ་བ་དང་མར་ངན་སོང་དུ་ལྷུང་གི་དོགས་པ་མེད་པའི་ཕྱིར་ཆོས་སྐུ་སྐྱོན་ཡེ་ནས་དག་པས་གཞི་རིག་པ་ཀ་དག་ལ་ཡོན་ཏན་ལྷུན་གྱིས་གྲུབ་པའི་བདག་ཉིད་དེ་བཏུལ་སྦྱངས་མ་བྱས་ཀྱང་ས་ལེ་སྦྲམ་གདོད་མ་ནས་གསེར་ཡིན་པ་ལྟར་ཐག་རྦད་ཀྱིས་བཅད་པ་ནི་རིག་པ་རང་བྱུང་གི་ཡེ་ཤེས་ངོ་འཕྲོད་པ་ཡིན་ནོ། །དེ་ནི་ཀུན་གཞི་གཏན་ལ་ཕབ་སྟེ་ངོ་སྤྲད་པའོ། །གཉིས་པ་གཏན་ལ་ཕབ་སྟེ་ངོ་སྤྲོད་པ་ལ་སྣང་བ་སེམས་སུ་ངོ་སྤྲོད་པ། སེམས་སྟོང་པར་ངོ་སྤྲོད་པ། སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲོད་པ། གཉིས་མེད་རང་གྲོལ་དུ་ངོ་སྤྲོད་པ། ངོ་སྤྲད་པའི་རིག་པ་ཅེར་མཐོང་ལ་ངེས་ཤེས་དྲངས་ནས་གདེངས་ཚད་བཙལ་བ་དང་ལྔ་ལས། དང་པོ་ནི། ཁྲེག་ཆོད་ཟབ་མོས་འཁོར་འདས་སྣང་བ་རྣམས། །སེམས་ཀྱི་རྩལ་སྣང་ཙམ་དུ་ངོ་སྤྲོད་ཅིང་། །ཞེས་པ་ལྟར་གཞི་འཁོར་བའི་འཁྲུལ་(༢༡ན)


GLG024_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས། ལམ་ཐེག་དགུའི་བགྲོད་ཚུལ། འབྲས་བུ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་སེམས་ཀྱི་སྣང་ཆ་མ་འགགས་ཙམ་འདིའི་གདངས་ས་མ་རོལ་པ་ཡིན་པས་ན། ཀུན་བྱེད་ལས། སངས་རྒྱས་སྐུ་དང་ཡེ་ཤེས་ཡོན་ཏན་དང་། །སེམས་ཅན་ལས་དང་བག་ཆགས་ལ་སོགས་པ། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་ཡིན། །ཞེས་པའི་དོན་ལྟར་བྱེད་མཁན་ཀུན་སེམས་ལས་མ་འདས་པས་ཆུ་ལས་ཆུ་ལྦུར་རྡོལ་བ་ལྟར་གཞན་ནས་བཙལ་དུ་མེད་པས་སྣང་བ་སེམས་སུ་ཐག་ཆོད་པར་ངེས་པ་མ་རྙེད་ཀྱི་བར་དུ་བསྒོམ། འདི་སེམས་ཙམ་ལུགས་ཀྱི་ལྟ་བ་དང་མཐུན་པར་བཞེད་དོ། །གཉིས་པ་སེམས་སྟོང་པར་ངོ་སྤྲོད་པ་ནི། སེམས་སྣང་སྣ་ཚོགས་ཇི་ལྟར་ཤར་བ་རྣམས། །རང་ངོ་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་། །ཞེས་པ་ལྟར་སེམས་ཀྱི་ངོ་བོ་སྟོང་ཉིད་ཆོས་ཀྱི་སྐུ་སྟེ་དེའི་སེམས་སྣང་མ་འགགས་ཙམ་གྱི་རང་རྩལ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་འགག་མེད་དུ་རང་སྣང་ཡང་ཆོས་རྣམས་ཀྱི་ངོ་བོ་སྟོང་པ་སྤྲོས་པའི་མཐའ་ཐམས་ཅད་ལས་བྲལ་བས། ཇི་སྐད་དུ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་འབྱུང་བས་དེ་ཤེས་ན་གནས་སྐབས་སུ་ཉོན་མོངས་པས་མི་གནོད་ཅིང་འཁྲུལ་གཞི་རྩད་ནས་ཆོད། རྟག་ལྟའི་དངོས་འཛིན་ཞིག་ནས་མཐར་ཐུག་སེམས་ཉིད་སྟོང་པར་ཐག་ཆོད་པ་དཔེར་ན་རྨུགས་ཟིལ་དང་ཆུ་བོ་རླན་གཤེར་དུ་ངོ་འཕྲོད་པ་དབུ་མའི་ལྟ་བ་དང་མཐུན་པར་བཞེད་དོ། །གསུམ་པ་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲོད་པ་ནི། སྣང་སྟོང་གཉིས་ལ་བཟང་ངན་སྔ་ཕྱི་སོགས། །ཐ་དད་མེད་ཕྱིར་ཟུང་འཇུག་དབྱེར་མེད་དང་། །ཞེས་པ་ལྟར་ཆོས་ཐམས་(༢༡བ)


GLG024_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སེམས་ལ་ཤར་བའི་སྣང་བ་དང་འཆར་གཞི་སེམས་རང་བཞིན་གྱིས་སྟོང་པ་གཉིས་དབྱེར་མེད་དེ་སྟོང་པའི་དུས་སྣང་བ་མ་བཀག་པར་དུག་ལྔ་སོགས་ཀྱི་རྟོག་པ་ལམ་གྱིས་ཤར་བའི་ཚེ་དེ་གའི་ངོ་བོ་སྟོང་ཉིད་དུ་གསལ་ལེ་བ། སྣང་བའི་དུས་ན་གང་ཤར་གྱི་ཆོས་རྣམས་སྒྱུ་མའི་རྟ་གླང་ལྟར་དོན་ལ་མེད་པས་སྟོང་པ་མ་སྤངས་པར་སྣང་སྟོང་དབྱེར་མེད་དུ་ཐལ་ལེར་ཤེས་ན་ཉོན་མོངས་ཡེ་ཤེས་སུ་གྲོལ་བས་ན། བརྟག་གཉིས་ལས། རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་དག །ཅེས་འབྱུང་ཞིང་དེ་གཉིས་ལ་རང་བཞིན་གྱི་བཟང་ངན་འདུག་པ་ཐ་དར། །དུས་ལ་སྔ་ཕྱི་མེད་པས་ངོ་བོ་དབྱེར་མེད་གནས་འགྱུའི་སྣང་སྲིད་གཅིག་ཏུ་རྟོགས་པས་ཆོས་ཀུན་ཟུང་འཇུག་ཏུ་གྲོལ་ཞིང་གཉིས་སྣང་གི་གཟུང་འཛིན་དང་བྲལ་བས་སྣང་སྟོང་གཉིས་མེད་དུ་ཐག་ཆོད་པ་བུ་རམ་དང་དེའི་རོ་བཞིན་འདི་ཞེས་སོ་སོར་དབྱེ་མི་ནུས་པ་གསང་སྔགས་ཀྱི་ལྟ་བ་དང་མཐུན་པར་བཞེད་དོ། །བཞི་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲོད་པ་ནི། ཟུང་འཇུག་ཙམ་དུ་འཛིན་པར་རང་དག་ནས། །སེམས་ལས་ཀ་དག་རིག་པ་ཆོས་ཀྱི་སྐུ། །ཞེས་པ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་འཁྲུལ་སྣང་མ་འགགས་ཙམ་ཡིན་པ་དེ་འཁྲུལ་མེད་དུ་ཤེས་པའི་ཐབས་སུ་ཟུང་འཇུག་ཏུ་ངོ་སྤྲད་ནའང་རིག་པ་ཀ་དག་ཆེན་པོའི་དབྱིངས་སུ་སྤྲོས་པ་དང་བྲལ་བའོ། །དེའང་མུ་ཏིག་ཕྲེང་བ་ལས། སེམས་དང་ཡེ་ཤེས་དབྱེ་བ་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །ཞེས་གསུངས་པ་ལྟར་སེམས་དང་རིག་པ་གཉིས་ནི་རྣམ་པ་ཀུན་ཏུ་ཐ་དད་པས་ཀུན་གཞིའི་སེམས་ནི་གློ་བུར་གྱི་ཀུན་རྫོབ་ཡུལ་སྣང་གི་སྤྲོས་པ་ཅན་རྐྱེན་ལས་བྱུང་བའི་འདུས་བྱས་གཉིས་འཛིན་གྱི་རྟོག་པ་ཅན་དེ་གནས་ས་གློ་བར་གནས་ཤིང་ལས་རླུང་གིས་དྲངས་ཏེ་དབང་པོའི་སྒོ་རྣམས་ལས་ཐོན་ནས་ཚོགས་བརྒྱད་ཀྱི་(༢༢ན)


GLG024_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་ལོངས་སྤྱོད། བྱེད་ལས་བདེན་འཛིན་གྱི་འཁྲུལ་པའི་དབང་གིས་འབྲས་བུ་འཁོར་བར་སྐྱེ་ལ། རིག་པ་རང་བྱུང་གི་རྒྱལ་པོ་ནི་མཐར་ཐུག་དོན་དམ་པ་ཡུལ་ཡུལ་ཅན་གྱི་སྤྲོས་པ་དང་བྲལ་བ་རྒྱུས་མ་བསྐྱེད་པའི་འདུས་མ་བྱས་གཉིས་འཛིན་ལས་འདས་པ་དེ་གནས་ས་ཡང་། ཀུན་བཟང་ཐུགས་ཀྱི་མེ་ལོང་ལས། ཙིཏྟ་སྙིང་གི་གཞལ་ཡས་ན། །རིག་པ་ཞི་བའི་སྐུ་རུ་བཞུགས། །ཞེས་པ་ལྟར་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་འདུས་ཀྱི་བདག་ཉིད་ཡེ་ཤེས་ལྔ་ལྡན་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བཞུགས་ཏེ་ཆོས་ཉིད་ཡེ་ཤེས་ཀྱི་རང་སྣང་ལས་ཐོན་ནས་ཆོས་ཉིད་ཀྱི་ཡུལ་ལ་ལོངས་སྤྱོད་ལ། གློ་བ་དང་སྙིང་གི་བར་དུ་རྩ་གྲོ་སོག་གི་སྦུ་གུ་ཙམ་གྱིས་འབྲེལ་ནས་གློ་བའི་ལས་རླུང་ཆེར་གཡོ་བ་དེས་དྲངས་ཏེ་རིག་པ་ཐུགས་རྗེའི་ལས་རླུང་དེ་ཉིད་ལས་རླུང་གི་རྟ་ལ་ཞོན་ནས་འཕྲོ་ཞིང་བྱས་ཆོས་ཀྱང་། ཐལ་འགྱུར་ལས། ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །རྒྱལ་བ་འོད་ཀྱི་ཕུང་པོར་བཞུགས། །ཞེས་གསུངས་པ་ལྟར་བདེན་འཛིན་གྱི་རྣམ་རྟོག་མེད་པའི་འཁྲུལ་བྲལ་ཡེ་ཤེས་གསུམ་དང་ལྡན་པ་དེ་ཡང་མ་ཕྱེ་མི་འབྱེད་འབྱེད་པ་མེད་པར་སྟོང་དུས་ན་སྣང་། སྣང་དུས་ན་སྟོང་། དབྱེར་མེད་དུ་བདེ་ཆམ་མེ། མཁྱེན་ཆ་ནང་དུ་གསལ་ཞིང་ཡེ་ཤེས་ཀྱི་སྒོམ་བྱེ་བའི་གཞོན་ནུ་བུམ་སྐུ་སྐྱོན་ཡེ་ནས་དག་པའི་ཀ་དག་དང་ཡོན་ཏན་ཡེ་ནས་རྫོགས་པའི་ལྷུན་གྲུབ་འཁོར་འདས་ཀྱི་ཆོས་ཀུན་རང་བཞིན་ལྷུན་གྲུབ་ཀྱི་ཐེག་པ་འདིར་རྫོགས་པའི་རང་བཞིན་རྫོགས་པ་ཆེན་པོ་སྟེ་དེ་ལྟ་བུའི་གནས་ལུགས་ལ་སེམས་རྣམ་རྟོག་གི་དྲི་བཅས་འདིས་གདོད་ནས་མ་གོས་པར་ངོ་སྤྲོད་(༢༢བ)


GLG024_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །རང་སྟོང་གཞན་སྟོང་གི་དབུ་མ་པ་དང་གནས་ལུགས་ཕྱག་རྒྱ་བ་སོགས་ལ་མ་གྲགས་པའི་ཁྱད་ཆོས་སེམས་རིག་མ་འདྲེས་པར་ཅེར་མཐོང་དུ་དབྱེ་བའི་གསང་ཚིག་འདི་ནི་རྫོགས་ཆེན་པ་རྣམས་ཀྱི་ཟབ་གནད་ཡིན་ལ། ཟབ་གནད་དུ་མ་ཟད་སྔགས་གསར་མའི་དགོངས་པའང་དཔྱིས་བྱིན་པ་རྟོགས་ན་འདི་ལས་གཞན་དུ་མེད་དེ། བསྡུས་རྒྱུད་ལས། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་བྲལ་ལུས་ཀྱི་དབུས་དག་ཏུ་ཡང་དེ་བཞིན་ནོ། །ཞེས་དང་། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། མི་ཤེས་མུན་པས་བསྒྲིབས་རྣམས་ཀྱིས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །ལུས་གནས་པ་དེ་ལུས་སྐྱེས་མིན། །ཞེས་པས་ཤེས་ནུས་སོ། །དེའང་བཀོད་པ་ཆེན་པོ་ལས། རིན་ཆེན་ཁ་དོག་ལྔ་ལྡན་པ། །ལུས་ཅན་ཀུན་གྱི་སྙིང་ལ་གནས། །ཞེས་པས་ཕུང་ཁམས་སྐྱེ་མཆེད་ཀྱི་དངས་ཆ་རྣམས་གདོད་ནས་གྲུབ་པའི་ལྷ་སྔགས་བདེ་ཆེན་གྱི་ངོ་བོ་དང་སྙིགས་མ་རྣམས་ཀུན་རྫོབ་འཁྲུལ་བའི་རྫུན་སྣང་དུ་དབྱེ་བས་སྔགས་གསར་མ་བ་ལས་ཟབ་པའི་ཁྱད་ཆོས་ཤིག་འདིར་མཆིས་སོ། །ལྔ་པ་ངོ་སྤྲད་པའི་རིག་པ་ཅེར་མཐོང་ལ་ངེས་ཤེས་དྲངས་ནས་གདེངས་ཚད་བཙལ་བ་ལ་ངེས་ཤེས་དྲང་བ། རྩལ་སྦྱང་བ། བོགས་དབྱུང་བ་དང་གསུམ་ལས། དང་པོ་ནི། རིག་པ་རང་ཤར་ལས། ཡེ་གྲོལ་ཅོག་བཞག་ངང་ལས་གཞན་མེད་པས། །རང་བྱུང་བརྡལ་བའི་སྐུ་དེ་གང་བདེར་གློད། །ཅེས་པ་ལྟར་དྲི་མ་ཐམས་ཅད་དང་བྲལ་བའི་ད་ལྟའི་རིག་པ་རང་གསལ་རྗེན་པ་འདི་ལ་ཅེར་གྱིས་བལྟས་པས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་བརྡལ་བའི་ཆོས་སྐུ་ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་ཅིང་གཅིག་ཏུ་ཟླུམ་པ་གཉུག་མ་གཤིས་ཀྱི་གནས་ལུགས་སྟོང་པ་རིག་པའི་(༢༣ན)


GLG024_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཅན། ཐུགས་རྗེ་ཡེ་ཤེས་ཀྱི་སྙིང་པོ་ཅན་འདི་ལ་རྟོག་པ་མ་འཕྲོ། རྩེ་གཅིག་ཏུ་མ་བཟུང་། སྤང་བླང་དང་རེ་དོགས་ཀྱིས་མ་བསླད། གཤིས་ཅིར་ཡང་མ་གྲུབ་པའི་སྟོང་པ་ལ་གདངས་གང་དུའང་མ་འགགས་པར་སྟོང་པས་གར་ཁྱབ་ལ་གསལ་བས་ཁྱབ་པས་གསལ་ལ་འཛིན་པ་མེད། དངས་ལ་ཕྱི་ནང་མེད། ཡངས་ལ་འཆལ་པར་མ་ཤོར། ངང་དངས་ལ་ངོས་བཟུང་མེད། གསལ་བས་གར་ཁྱབ་ལ་རིག་པས་ཁྱབ་པས་ཟང་ཐལ་ཆམ་བརྡལ་བའི་སྟོང་གསལ་རིག་གསུམ་དབྱེར་མེད་ཉག་གཅིག་མཁྱེན་ཆ་ནང་ནས་གསལ་ཞིང་རྟོག་པས་མ་བསླད་པ་ཡེ་ཤེས་སུམ་ལྡན་དེ་ཉིད་ཀྱི་གཤིས་རང་བབ་ཅོག་བཞག་རྒྱ་ཡན་ཆེན་པོར་བཞག་པས་སྣོད་བཅུད་ནམ་མཁའ་ལ་བརྟེན་ཀྱང་ནམ་མཁའ་ལ་སྣོད་བཅུད་ཀྱིས་མ་གོས་ཤིང་ཉི་མའི་སྙིང་པོ་མུན་པ་ཐམས་ཅད་དང་གཏན་བྲལ་ཡིན་པ་ལྟར་ལ་ངེས་པ་རྙེད་ནས་རྒྱུན་བསྐྱང་ངོ་། །རྒྱས་པར་སྤྲོ་ན། སྙིང་ཏིག་ལས། དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །གསལ་ལེ་སིང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་གདངས་ཡིན་ཞོག །འཕྲོག་ནས་རང་རིག་དངས་སངས་ཕྱེད་པར་ཞོག །ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོས་པ་མེད་པར་ཞོག །ཅེས་དང་། འགྲོ་བ་ཀུན་སྒྲོལ་ལས། དཔེར་ན་རྫིངས་ཀྱི་བྱ་ལྟ་བུ། །དང་པོ་ཡེངས་མེད་བསྐྱངས་པ་ན། །(༢༣བ)


GLG024_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ཡན་པར་བཏང་ཡང་ལྡེག །ཐ་མ་བཏང་ཡང་འགྲོར་མི་བཏུབ། །ཅེས་སོགས་ཀྱི་དོན་བཤད་ལ་ངོ་ལེགས་པར་སྤྲད་དོ། །སྙིང་པོར་དྲིལ་ན་དྲན་འཛིན་རེ་དོགས་བླང་དོར་ཐམས་ཅད་ནི་སེམས་ཀྱིས་བྱས་པའི་སྒྲིབ་རྐྱེན་ཡིན་ལ། འཛིན་མེད་རང་གྲོལ་དུ་བཞག་པས་རིག་པ་ཡེ་ཤེས་རྙོག་མ་དང་བྲལ་པའི་ཆུ་ལྟར་གྲོལ་ལོ། །གཉིས་པ་རྩལ་སྦྱང་བ་ལ་རང་གནས་བསམ་གཏན་གྱི་ངང་ལ་སྦྱང་བ། རང་གདངས་ཡེ་ཤེས་ཀྱི་རོལ་པར་སྦྱང་བ་གཉིས་ཀྱི། དང་པོ་ལ་བསམ་གཏན་ངོས་འཛིན་པ་དང་མཉམ་རྗེས་བསྲེ་བའོ། །དང་པོ་ནི། ལུས་རྣམ་སྣང་གི་ཆོས་བདུན་བཅས་ཏེ་ཁྱད་པར་མིག་ཅུང་ཟད་ཐུར་དུ་ཕབ་པས་སེམས་དང་ས་ལ་མི་རྟོག་པ་འཆར། དེའི་ངང་ནས་མིག་དྲང་ཐད་དུ་ཧར་རེར་བསྟད་པས་སྔར་གྱི་མི་རྟོག་པའི་དངས་དེ་ཞིག་ཀྱང་བྱུང་ཚོར་གྱི་རྟོག་པ་དང་དྲན་འཛིན་གཉེན་པོ་མེད་པའི་ཤེས་པ་རང་གསལ་རྒྱ་ཡན་པ་གཞི་ཆལ་པ་ཞིག་འཆར་ཏེ་དེ་ནི་རིག་པ་རང་གནས་ཀྱི་བསམ་གཏན་དུ་ཤེས་པར་བྱ། དེ་ཉིད་ངོས་ཟིན་ནས་ཕྱིས་ཤེས་པ་འཕྲོ་གནས། དགག་སྒྲུབ། ཉོན་མོངས། མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་སོགས་གང་གི་དུས་སུའང་དེ་གའི་ངོ་བོར་རང་རིག་རང་བབས་ལ་ཅེར་བསྟད་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་དེ་རྗེན་སངས་ཀྱིས་འཆར་ཏེ་འདི་ཁོ་ན་མ་བྱས་ལྷུན་གྲུབ་ཀྱི་སྒོམ་ཆུ་བོ་ལྟ་བུ་ཡིན་ནོ། །དེ་ངོ་མ་ཤེས་ན་མཉམ་བཞག་རེས་འགའ་བའི་སྒོམ་གྱིས་རྐྱེན་མི་ཐུབ་ཅིང་བར་དོའི་བསམ་གཏན་ངོས་མི་ཟིན་པའི་སྐྱོན་ཡོད་དེ། ཀློང་དྲུག་པ་ལས། རང་བཞིན་གནས་པའི་བསམ་གཏན་དང་། །རྩ་རླུང་སེམས་ཀྱི་ངལ་གསོ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་བྱུང་བས་ཆོས་འདིའི་དཀའ་བའི་གནད་འདི་རང་བྱུང་པདྨའི་བྱིན་(༢༤ན)


GLG024_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ལས་རང་བབས་པའི་ཤེས་པ་ཡིན་ཞེས་ཀུན་མཁྱེན་ཀློང་ཆེན་པ་གསུང་བ་དོན་ལ་གནས་པས་རྩལ་སྦྱོང་བོགས་འབྱིན་གྱི་ས་བཅད་གཉིས་པོ་གཏེར་གཞུང་གི་ཟིན་སོ་མེད་ཀྱང་དོན་གྱི་ཐོབ་པ་བརྒྱན་པ་ཡིན་ནོ། །དེ་ལྟར་བསྐྱངས་པས། ཇི་སྐད་དུ། གཉིས་འཛིན་གྱི་མདུད་པ་མ་གྲོལ་གྱི་བར་དུ་བརྡར་ཤ་ནང་དུ་བཅད་ཅིང་གཉེན་པོའི་བྱ་ར་བསྟེན། བརྩོན་འགྲུས་ཀྱི་འཕྲད་དུ་བཅུར་ན་རང་སེམས་ཕྱི་རོལ་གྱི་རྐྱེན་གྱིས་མི་འཕྲོག །ཅེས་གསུངས་པས་མཉམ་གཞག་འདི་ལ་གོམས་འདྲིས་བརྟན་པ་ཐོབ་པར་བྱའོ། །གཉིས་པ་མཉམ་རྗེས་བསྲེ་བ་ནི། མཉམ་གཞག་དེ་གའི་ངང་ནས་བསྡད་པ་ལས་ལངས་ཏེ་གཡས་བསྐུམ་གཡོན་བརྐྱང་མིག་ཕར་འཕྲུལ་ཚུར་འཕྲུལ་སོགས་ཞི་ཁྲོའི་སྟང་སྟབས། གོམ་པ་དལ་བུས་གྱ་ཚོམ་དུ་དོར་བའི་གྱད་ཀྱི་དོར་སྟབས། དྲག་ཏུ་འགྲོ་ཞིང་མཆོད་པ། དལ་འགྲོས་ཀྱི་ངང་ནས་སྡོད་པ་ལས་སྐད་ཅིག་ལ་ལངས་ཤིང་ཅ་ཅོ་སྒྲོག་པའི་སེང་གེའི་མཆོད་སྟངས་སོགས་སྤྱོད་ལམ་ཐམས་ཅད་གོང་གི་རང་བཞིན་གྱི་བསམ་གཏན་དང་ཨེ་འདྲེས་བལྟ། མ་འདྲེས་པ་འདུག་ན་གོང་གི་མཉམ་གཞག་བསྐྱར་ཏེ་བསྒོམ་འདྲེས་ན་བྱ་བྱེད་སྨྲ་བརྗོད་དྲན་རྟོག་ཐམས་ཅད་ཆོས་ཉིད་རོལ་པར་ཤར་ཏེ་མཉམ་རྗེས་ཀྱི་རིས་མེད། ཉིན་མཚན་གྱི་བར་མེད། བླང་དོར་གྱི་ཆོས་མེད། བསྒོམ་བྱའི་བློ་མེད། ཡིན་མིན་གྱི་རྩིས་གདབ་མེད་པར་ཐམས་ཅད་རིག་པའི་རང་གདངས་རོལ་པ་གཅིག་ཏུ་འདྲེས་པ་རྒྱ་ཡན་དུ་སོང་ཡང་འཆལ་བར་མི་ཤོར། ཆེད་དུ་མ་བསྒོམས་ཀྱང་ཏིང་ངེ་འཛིན་དང་མི་འབྲལ། ཆོས་ཟད་ཀྱི་དགོངས་པ་དགེ་སྡིག་གིས་ཕན་གནོད་མེད་པར་རྟོགས་པ་ནི་སྒོམ་མེད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཏེ། ཀློང་གསལ་ལས། དགེ་སྦྱོར་མཉམ་རྗེས་(༢༤བ)


GLG024_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་དུས་ཡུལ་ཕྱིན་མི་འབྲེང་། ཞེས་པའི་དོན་ནོ། །གཉིས་པ་རང་གདངས་ཡེ་ཤེས་ཀྱི་རོལ་པར་སྦྱང་བ་ལ། གནས་པ་སེམས་ཀྱི་རྒྱན་དུ་ཤར་བ། འཕྲོ་བ་སེམས་ཀྱི་རོལ་བར་ཤར་བ། གཉིས་མེད་མཉམ་པའི་ངང་དུ་གནས་པ་དང་གསུམ་ལས། དང་པོ་ནི། ལུས་ངག་ཡིད་གསུམ་ཁོང་གློང་ལ་སོས་གདལ་དུ་གནས་པའི་ངང་ནས་རྟོག་པ་སྣ་ཚོགས་འཕྲོར་བཅུག །ཆམ་གྱིས་བཞག་ལ་ཅེར་གྱིས་བལྟས་པས་རྒྱ་མཚོ་ལ་རླབས་ཞི་བ་ལྟར་འགྲོ་མཁན་དང་འཕྲོ་མཁན་དང་འཕྲོ་བྱ་མ་གྲུབ་བར་གཞི་མེད་རྩ་བྲལ་གྱི་རང་བཞིན་གཞིའི་ངང་དུ་གནས་པ་ནི་གདོད་མའི་ཀ་དག་གི་གནས་ལུགས་ཆོས་སྐུ་འཕོ་འགྱུར་མེད་པ་ཡིན་ཅིང་དེར་ངོ་སྤྲོད་དོ། །གཉིས་པ་འཕྲོ་བ་སེམས་ཀྱི་རོལ་པར་ཤར་བ་ནི། སྣ་ཚོགས་པའི་རྟོག་པ་སྤྲོས་ལ་དགག་སྒྲུབ་རེ་དོགས་མེད་པར་གང་ཤར་འཛིན་མེད་ཡན་དུ་བཅུག་པས་སྔ་ཕྱི་དྲན་བསམ་གྱི་མདུན་པ་བོར་ནས་ད་ལྟའི་རིག་པ་ཐོལ་སྐྱེས་ཐོལ་ནུབ་ཏུ་འགྲོ་བ་གཤིས་ཀྱི་གནས་ལུགས་ཇི་ལྟར་འཕྲོས་ཀྱང་རྫིངས་ལ་གནས་པའི་བྱ་རོག་བཞིན་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་བ་རྒྱ་མཚོ་ལས་རླབས་པོ་ཆེ་ཤར་བ་ལྟར་རང་ཤར་རང་གྲོལ་ཐུགས་རྗེ་འགག་མེད་དུ་ངོ་སྤྲོད་དོ། །གསུམ་པ་གཉིས་མེད་མཉམ་པའི་ངང་དུ་གནས་པ་ནི། འཕྲོ་གནས་གཉིས་སུ་མེད་པ་སྟེ་གནས་བདོ་བའི་དུས་སུ་མིག་བསྒྲིལ་བ་འཕྲོ་བ་རང་བབས་སུ་གནས་ལ། འཕྲོ་བདོ་བའི་དུས་མིག་མི་འགུལ་བར་ཆམ་བཞག་པས་གནས་ཏེ་འཕྲོ་གནས་གཉིས་སུ་མེད་པ་རླབས་པོ་ཆུ་རྒྱ་མཚོའི་ངང་དུ་ཞི་བ་ལྟར་བཞག་གོ །དེའང་གནས་པ་མི་གསེང་། འཕྲོ་བ་མི་དགག །མཉམ་པ་མི་བསྒྲུབ། གང་ཤར་ཡང་འཛིན་མེད་བླང་དོར་རེ་དོགས་དང་བྲལ་བའི་ཆོས་ཉིད་ཡེ་གྲོལ་རྫོགས་པ་ཆེན་པོར་ངོ་སྤྲོད་པ་ནི་གཞི་གོམས་དང་རྐྱེན་མིག་ལ་བརྟེན་(༢༥ན)


GLG024_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །གསུམ་པ་བོགས་དབྱུང་བ་ལ་དུག་ལྔ་རང་གྲོལ། སྒོ་ལྔ་རང་གྲོལ། ཚོགས་དྲུག་རང་གྲོལ་དང་གསུམ་ལས། དང་པོ་ནི། ཕྱི་ནད་ཀྱི་འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག་རྣམས་མི་བཟོད་པ་སྐྱེས་པའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཆམ་གྱིས་བཞག་པས་དང་པོ་ལ་བདེ་སྟོང་གཉིས་མེད། གཉིས་པ་ལ་གསལ་སྟོང་གཉིས་མེད། གསུམ་པ་ལ་ཆོས་སྐུ་གཞི་བྲལ། བཞི་པ་དང་ལྔ་པ་གཉིས་ལ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རང་གྲོལ་བའོ། །གཉིས་པ་སྒོ་ལྔ་རང་གྲོལ་ནི། མིག །རྣ་བ། སྣ། ལྕེ། ལུས་རྣམས་ཀྱི་འཛིན་པ་གང་སྐྱེས་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ལ་ཆམ་གྱིས་བཞག་པས་ཆོས་སྐུ་ཀ་དག་ཆེན་པོར་རང་གྲོལ་ལོ། །གསུམ་པ་ཚོགས་དྲུག་རང་གྲོལ་ནི། གཟུགས། སྒྲ། དྲི། རོ། རེག་བྱ། ཡིད་ཀྱི་བྱུང་ཚོར་དྲན་རིག་གི་དགག་སྒྲུབ། ཆགས་སྡང་སྐྱེས་བ་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ལ་ཆམ་གྱིས་བཞག་པས་ཡེ་སྔོད་རྩ་བྲལ་ཆེན་པོའི་ངང་དུ་ལ་ཟློས་ཏེ། གནས་ལུགས་སྟོང་གསལ་མཉམ་པ་ཆེན་པོར་ལྷུན་གྱིས་གྲུབ་བོ། །དེས་ནི་གང་ཤར་བླང་དོར་རེ་དོགས་ལས་འདས་པ་མ་བསྒོམ་ཡེ་ཤེས་ལྷུག་པ་རང་བཞིན་དུ་ཁྲེག་ཆོད་པས། ཀློང་གསལ་ལས། དེ་ལྟར་རྒྱུན་དུ་ཉམས་སུ་བླངས་པས་ནམ་ཞིག་ན་སྣང་སེམས་འདྲེས་ཏེ་དགེ་སྦྱོར་ལ་ཆེད་འཛིན་མེད་ཀྱང་བྱ་རོག་གཟིངས་ལ་འཁོར། གཉེན་པོའི་བྱ་ར་མི་དགོས་ཉམས་མྱོང་ཟད། ཅེས་གསུངས་པ་སོགས་ཀྱི་ཤེས་སོ། །གཉིས་པ་ཡོན་ཏན་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པ་ཐོད་རྒལ་གྱི་ལམ་ནི། དེ་ལྟར་གཞི་དོན་ཁྲེག་ཆོད་གཏན་ལ་ཕབ་ནས། ལྷུན་གྲུབ་ཡོན་ཏན་(༢༥བ)


GLG024_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་འབྱིན་པའི་ཕྱིར། །ཐོད་རྒལ་སྣང་བ་བཞི་ཡི་ལམ་ལ་འཇུག །ཅེས་པ་ལྟར་ཁྲེག་ཆོད་ཀྱི་ལམ་ལ་གཏན་ལ་ལེགས་པར་ཕབ་གྲུབ་པའི་རྗེས་སུ་གོ་རིམ་བཞིན་སྟོན་པར་གསུངས་པ་ལ་དངོས་དང་རྗེས་ཀྱི་བྱ་བ་གཉིས་ལས། དང་པོ་ལ། སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་བ། སྒྲོན་མ་བཞི་གནད་དུ་བཙལ་བ། སྒོ་གསུམ་གྱི་གནད་གཅུན་པ། གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ། སྣང་བ་བཞིའི་འཆར་ཚུལ་དང་ལྔ་ལས། དང་པོ་ནི། ལུས་ངག་ཡིད་ཀྱི་རྩོལ་བ་དགུ་ཕྲུགས་བཏང་། །ཞེས་པ་ལྟར་ལུས་ཀྱི་བྱ་བ་ཕྱི་འཇིག་རྟེན་གྱི་སྤྱོད་ཚུལ། ནང་ཕྱག་དང་སྐོར་བ། གསང་བ་ལྷའི་གར་དང་ཕྱག་རྒྱ་སྤངས་ཏེ་གཅིག་པུར་གནས། ངག་གི་ཕྱི་ལོང་གཏམ། ནང་ཐུན་མོང་གི་ཆོས་སྤྱོད། གསང་བ་སྔགས་རླུང་གི་བཟླས་བརྗོད་སྤངས་ཏེ་སྨྲ་མེད་དུ་གནས། ཡིད་ཀྱི་ཕྱི་འཇིག་རྟེན་གྱི་འགྱུ་དྲན། ནང་བྱམས་སྙིང་རྗེ། གསང་བ་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་རྣམས་སྤངས་ཏེ་བསམ་མེད་རྟོག་བྲལ་དུ་གནས་སོ། །གཉིས་པ་སྒྲོན་མ་བཞི་གནད་དུ་བཙལ་བ་འདི་དང་ས་བཅད་གསུམ་པ་གཉིས་ཚིགས་བཅད་གཅིག་གིས་སྟོན་པས། སྒྲོན་མ་བཞི་ལ་སྒོ་གསུམ་གནད་གཅུན་ཞིང་། །ཞེས་པ་ལྟར་རྒྱང་ཞགས། ཐིག་ལེ། ངག་དབྱིངས། ཤེས་རབ་ཀྱི་སྒྲོན་མ་དང་བཞི་ལས། སྤྱིར་ཀུན་རྫོབ་རྡོས་བཅས་ཟད་པའི་དོན་དམ་གྱི་འབྱུང་བཞི་རྣམ་པར་དག་པ་སྒྲོན་མ་བཞིར་སྨིན་ཏེ་ལས་རླུང་དག་ཅིང་ཡེ་ཤེས་ཀྱི་རླུང་གི་ཆ་ལས་སྒྲོན་མ་བཞི་བྱུང་བ་དཔེར་ན་རྒྱང་ཞགས་ཀྱི་རྟེན་ཆུང་ངུས་རི་སོགས་ཆེན་པོ་སྣང་བ་རླུང་གི་ཆའི་ཕྲ་ཞིབ་ལས་བྱུང་ལ། སྒྲོན་མ་བཞི་ག་རིག་པའི་རང་རྩལ་ཡིན་པས་སེམས་འཁྲུལ་སྣང་དང་ཐ་དད་(༢༦ན)


GLG024_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རིག་པ་མྱང་འདས་ཀྱི་ཆ་འཛིན་པ་དང་སེམས་སྣང་འཁོར་བའི་ཆ་འཛིན་པ་གཉིས་སྣང་བ་ཙམ་དུ་འདྲ་ཡང་སྔར་ཐ་དད་པ་ཁྲེག་ཆོད་ཀྱི་སྐབས་སེམས་རིག་དབྱེ་ཚུལ་གྱིས་རྟོགས་པས་གནད་འདི་སྒྲོན་མ་ཀུན་ལ་ཤེས་པར་བྱ་བ་ལ། དེའང་དང་པོ་ནི། ལུས་ཆགས་པའི་གཞི་རྩ་མདུད་གྲུ་གསུམ་གྱི་ནང་དུ་འབྱུང་བ་དང་སྒྲོན་མའི་སྤྱན་གཉིས་ལས་སྔ་མས་ལུས་དང་ཕྱི་མས་སྣང་བ་ཡེ་ཤེས་ཀྱི་འོད་དང་ཐིག་ལེ་སྐུ་ལ་སོགས་པའི་མྱང་འདས་ཀྱི་ཆོས་རྣམས་འཛིན་པས་དེ་ཉིད་ཀྱི་རྟེན་ལྟེ་བ་ནས་སྙིང་། དེ་ནས་སྒལ་ཚིགས་འདབས་ནས་རྣ་བ་གཉིས་ཀྱི་ནང་ངོས་ཀླད་རྒྱའི་འཁྲིས་ནས་མིག་གི་ཨ་འབྲས་གཉིས་སུ་ཟུག་པའི་རྩ་བ་མེན་གྱི་རྭ་འདྲ་བ་ཁྲག་དང་ཆུ་སེར་མེད་པའི་འོད་ཀྱི་སྣལ་མས་ཁེངས་ནས་སྒོ་ཆུའི་སྒྲོན་མར་ཟུག་པའི་རྩ་གཉིས་ཀྱི་ནང་དུ་གནད་གཅུན་མ་གཅུན་གྱི་ཁྱད་པར་ལས་ཡེ་ཤེས་དང་འཁྲུལ་པའི་རྩ་རྟེན་བརྟེན་པའི་ཚུལ་དུ་ཡོད་པའི་འོད་རྩ་གཉིས་ནི་ཆུའི་སྒྲོན་མ་དངོས་ཡིན་ལ། དེའི་ངོ་བོ་ནི་ཆུའི་སྒྲོན་མའི་རྟེན་གྱིས་གཟུགས་སོགས་རགས་པ་འཁོར་བ་དང་དེའི་བརྟེན་པ་སྒྲོན་མ་མྱང་འདས་ཡེ་ཤེས་རང་སྣང་གི་ཆ་འཛིན་པས་དག་སྣང་དང་འཁྲུལ་སྣང་མཐོང་བྱེད་ཀྱི་དབང་རྟེན་ཡིན་ཞིང་ངེས་ཚིག་འོད་གསལ་དངས་པའི་གཟུགས་བརྙན་དང་འཁྲུལ་སྣང་རགས་པ་ཐམས་ཅད་རྒྱང་རིང་པོ་ནས་འཛིན་པས་ན་རྒྱང་ཞགས་དང་སྣང་བ་ལ་ཞེན་པ་མེད་པར་ནང་ཏིང་ངེ་འཛིན་གྱི་དགའ་བ་དེས་བརླན་པར་བྱེད་ཅིང་ཆུའི་དངས་མ་འདུས་པས་ན་ཆུ་ཞེས་བྱ་ལ། གཟུགས་སྣང་དབང་ཤེས་ལ་གསལ་བ་དང་འོད་སྣང་གོང་འཕེལ་དུ་འཆར་བས་སྒྲོན་མ་ཞེས་བྱའོ། །དེ་ལ་ཡང་རླུང་གི་དངས་མ་རྩ་བ་མེན་གྱི་རྭ་འདྲ་བ་འབྱུང་བའི་རྒྱང་ཞགས། འོད་རྩ་དངས་པ་ཡེ་ཤེས་ཀྱི་ཁ་དོག་འཛིན་ཅིང་འཁྲུལ་སྣང་མི་འཛིན་པ་ཡེ་ཤེས་འདུས་པའི་རྒྱང་ཞགས། དབང་པོའི་དངས་མ་མིག་(༢༦བ)


GLG024_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཨ་འབྲས་ཀྱི་དཀྱིལ་ན་དབང་རྟེན་དངས་པ་གཟུགས་མཐོང་བྱེད་དུ་བསྐྱེད་པ་འཁྲུལ་སྣང་མཐོང་ཞིང་ཡེ་ཤེས་མི་མཐོང་བ་དབང་པོ་འདུས་པའི་རྒྱང་ཞགས་གསུམ་དུ་ཡོད་པའི་སྔ་ཕྱི་གཉིས་ལྟར་སྣང་དང་བར་མ་དངོས་ཡིན། མཐུན་དཔེ་གླང་པོའི་སྣར་ལྕགས་ཀྱུ་འདེབས་པ་བཞིན་འཁོར་འདས་ཀྱི་རྩལ་སྣང་འཛིན་པས་ལྕགས་ཀྱུ་དང་འདྲ་ལ། སྣང་བ་བཞི་ལས་ཆོས་ཉིད་མངོན་སུམ་མཐོང་བས་གྲུབ་མཐའ་འདོད་རྒྱལ་དུ་འཛིན་པ་ལས་བློ་ལྡོག་གོ །གཉིས་པ་ཐིག་ལེ་སྟོང་སྒྲོན་ནི། ངོ་བོ་ཐིག་ལེ་ཟླུམ་པོ་འོད་ལྔའི་མུ་ཁྱུད་དང་བཅས་པ་དེ་ལས་སྒྲོན་མ་ཕྱི་མ་གཉིས་འབྱུང་ངོ་། །ངེས་ཚིག་ནི། རང་གནས་འོད་ཟླུམ་པོ་མི་འགྱུར་བས་ཐིག །ཀུན་ལ་ཁྱབ་པར་བརྡལ་བས་ལེ། དངོས་པོ་ངོས་བཟུང་མེད་པ་སྟོང་། རང་འོད་འཆར་བས་སྒྲོན་མའོ། །དེ་ལ་གནས་པ་བཞིའི་ཐིག་ལེ་སྙིང་ག་ཡེ་ཤེས་ཀྱི་དཔལ་བེའུ་ན་འཁོར་འདས་ཀུན་གྱི་གྱེས་མདོའམ་འབྱུང་གནས་སམ་ཟད་པར་གནས་པ། ལུས་གནས་རྩའི་ཐིག་ལེ་ཁྱད་པར་ཆེན་པོའི་རྩ་བཞིན་རང་གསལ་བས་བདེ་སྡུག་རང་གྲོལ་ཡེ་གྲོལ་དུ་གནས་པ། ཀུན་རྫོབ་རྒྱུའི་ཐིག་ལེ་རོ་མ་ལ་སོགས་པ་ན་ལུས་ཀྱི་ཟུངས་ཙམ་འཛིན་བྱེད་དུ་གནས། དོན་དམ་སྤྲོས་བྲལ་གྱི་ཐིག་ལེ་རིག་པ་ཀ་ནས་དག་པས་དབྱིངས་རིག་དབྱེར་མེད་པའི་དགོངས་པ་ལ་གནས་པ། རང་བྱུང་འབྲས་བུའི་ཐིག་ལེ་དབང་པོའི་མངོན་སུམ་དུ་སྣང་བས་ཉིན་མཚན་འོད་གསལ་དུ་སྣང་བ་སྟེ་ལྔར་དབྱེ་ལ། མཐུན་དཔེ་མདངས་ཟླུམ་པོ་རྨ་བྱའི་མདོངས་སམ། དངས་ཆ་དེའི་གདངས་གསལ་བ་ཁྲའི་མིག་གམ། སྣང་བ་ཉ་མིག །འཚེར་བཀྲག་འོད་ཟེར་བྱི་ལའི་མིག་དཔེར་བཟུང་ལ། སྣང་བ་བཞི་ལས་ཉམས་གོང་འཕེལ་དུ་མཐོང་བས་བདེ་བ་རང་རྒྱུད་དུ་འཛིན་པ་ལས་བློ་ལྡོག་གོ །གསུམ་པ་དག་པ་(༢༧ན)


GLG024_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀྱི་སྒྲོན་མ་ནི། ཕྱིའི་ངོ་བོ་ནི་ནམ་མཁའ་དངས་པའི་དཀྱིལ་ན་གདངས་སྔོ་སང་ངེ་བ་ཞིག་འཆར་ལ། ནང་གི་ངོ་བོ་མཐིང་ཁ་ལས་ལྔ་ལྡན་དུ་མཆེད་དེ་འོད་ལྔའི་མུ་ཁྱུད་ཟླུམ་པོ་ནང་ན་པད་འདབ་དང་བཅས་པ་ཟ་འོག་བེར་ཁྱིམ་ལྟར་སྣང་བ་སྟེ། རིག་པ་ལུ་གུ་རྒྱུད་གཟེར་འདེབས་པའི་ར་བར་བྱུང་ལ། ཐིག་ལེའི་འོད་ཁྱིམ་ཡིན་པས་འགུལ་འཕྲིགས་ཤས་ཆུང་ངོ་། །ངེས་ཚིག་ནི། རིག་པའི་རང་ཡུལ་དང་སྣང་བའི་འཆར་གཞི་བྱེད་པས་ན་དབྱིངས། ཡུལ་དུ་སྣང་ཡང་དྲི་མ་མེད་པས་རྣམ་པར་དག་པ། ལུ་གུ་རྒྱུད་གོ་རར་བཟུང་ནས་སྣང་རིག་གསལ་བར་བྱེད་པས་སྒྲོན་མ་དེ་ལ་གཞིའི་དབྱིངས་སྒྲོན་སྙིང་ནང་ན་ཡེ་ཤེས་རང་འོད་ཀྱི་སྐུ་ལྷུན་གྲུབ་ནང་གསལ་དུ་གནས་པ། ལམ་མུ་ཁྱུད་ལྔ་ལྡན་གྱི་ར་བའི་དབུས་ན་པད་འདབ་ཅན་གྱིས་ཐིག་ལེ་དངས་མ་སྡུད་པ། འབྲས་བུ་ལུ་གུ་རྒྱུད་བཙོན་དུ་འཛིན་པ་སྟེ་འོད་ལྔའི་དྲ་བ་དྲ་ཕྱེད་ཟ་འོག་རིས་སོགས་འཆར་བས་གསུམ་དུ་དབྱེའོ། །མཐུན་དཔེ་ནི། ཡི་གེའི་ན་རོ་ལྟ་བུ་སྟེ་ན་རོ་ནི་གཤོག་པ་གཉིས་བསྡོམས་པས་ན་རོ་གཅིག་གྲུབ་པ་ལྟར་ཕྱིའི་དབྱིངས་མཐིང་ཁ་དང་དེ་ལས་ཤར་བའི་སྣང་བ་གཉིས་བསྡོམས་པས་དབྱིངས་ཀྱི་སྒྲོན་མ་ཞེས་བཏགས་ལ། སྣང་བ་བཞི་ལས་རིག་པ་ཚད་ཕེབས་སུ་མཐོང་བས་མ་དག་པ་འཁྲུལ་པའི་སྣང་བ་ལས་བློ་ལྡོག་གོ །བཞི་པ་ཤེས་རབ་རང་བྱུང་གི་སྒྲོན་མ་ནི། རང་ཤེས་རིག་པ་ཀ་ནས་དག་པ་སྟེ། །དེའང་ངོ་བོ་རྩལ་གདངས་གསུམ་ལ། ངོ་བོ་ནི་རྒྱང་ཞགས་གཟིགས་སྟངས་ཀྱི་གནད་ལས་ཐིག་ལེ་སྟོང་སྒྲོན་ལ་བསྟད་དུས་ནང་གི་རིག་པ་དངས་སངས་རང་གསལ་དུ་མྱང་བ་དེའོ། །རྩལ་ནི་ཕྱི་གསལ་ཡུལ་ཤེས་ཀྱི་ཤེས་རབ་རྣོ་ཞིང་ཚིག་དོན་ཀློང་རྡལ་དུ་འཆར་བ་གདངས་རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་ལྡིང་བ་ལྟ་བུ་དང་བཅས་པ་(༢༧བ)


GLG024_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། དེའང་སྒྲོན་མ་ཀུན་ཤེས་པར་བྱེད་པའི་དགོངས་པ་ཆོས་ཉིད་སྟོང་གསལ་རང་གནས་ཤེས་པའི་རྩལ་དང་བཅས་པ་སྟེ་ཐབས་སུ་སྒྲོན་མ་གཞན་གསུམ་མ་འགུལ་བར་བསྟད་པས་ནང་དུ་རང་རིག་དངས་སངས་ཕྱེད་པ་རང་གནས་ཀྱི་དགོངས་པ་ཀློང་རྡོལ་གྱི་ཤེས་རབ་དང་བཅས་པ་ཡིན་ངེས་ཚིག་ནི། གཞི་དོན་ཀ་དག་གཏན་ལ་ཕེབས་པས་ཆོས་ཐམས་ཅད་སྟོངས་ཤིང་བདག་མེད་པ་ཤེས་པ་དེ་ལྟ་བུའི་དགོངས་པ་ཀུན་གྱིས་རྟོགས་དཀའ་ཞིང་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་རབ་གཞན་ནས་འབྱུང་མིན་ལྷན་ཅིག་སྐྱེས་པ་རང་ངོ་ཤེས་པས་རང་བྱུང་། ངོ་བོ་སྟོངས་ཤིང་རང་བཞིན་གསལ་གདངས་འགག་མེད་དུ་ཤར་བས་སྒྲོན། ཐམས་ཅད་ལ་ཁྱབ་པས་མ་ཞེས་བྱ། གཞི་གནས་རང་བྱུང་གི་ཤེས་རབ་ནི་རིག་པའི་མཁྱེན་ཆ་སྟེ་འཆར་གཞི་དང་རྟེན་དུ་གནས་པའོ། །སྣང་བ་ཅེར་འཛིན་གྱི་ཤེས་རབ་ནི་དབྱིངས་རིག་གཉིས་མེད་ཟུང་འཇུག་གིས་རང་དུས་ན་རང་གསལ་དྲི་མེད་དག་པས་དགོངས་པ་ཆོས་ཉིད་དུ་སྐྱེལ་བར་བྱེད་པའོ། །དྲན་པ་འགག་མེད་ཀྱི་ཤེས་རབ་ནི་རིས་མེད་དུ་མར་ཤར་ཡང་ངོ་བོ་ཆོས་ཉིད་དུ་སྡུད་པར་བྱེད་པའོ། །སོ་སོར་རྟོག་པའི་ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་རང་དང་སྤྱི་མཚན་ཉིད་ལ་སོགས་པ་ཇི་ལྟར་སྣང་བ་མ་འདྲེས་པར་ཤེས་པའོ། །འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ནི་རང་བཞིན་གྱི་བར་དོ་འདིར། ཐོས་པས་གཏན་ལ་འབེབས། བསམ་པས་ངེས་པར་བྱེད། སྒོམ་པས་རོ་མྱོང་། འཁོར་བ་ལས་ངེས་པར་འབྱིན་པ་སྟེ། ཚིག་དོན་རྟོགས་པར་བྱེད་པའོ། །མཐུན་དཔེ་གང་ལ་བལྟས་པའི་ཡུལ་རིག་ཅིང་རྟོགས་ལ་ཉོན་མོངས་པ་ཐམས་ཅད་བསྲེག་པས་སྤྲ་བ་ལ་མེ་མཆེད་པ་འདྲ་ལ། སྣང་བ་བཞི་ལས་ཆོས་ཟད་ཀྱི་སྣང་བ་མཐོང་བས་སྐུ་དང་ཡེ་ཤེས་སུ་ཞེན་པ་ལས་བློ་ལྡོག་གོ །གསུམ་པ་སྒོ་གསུམ་གྱི་གནད་གཅུན་པ་ལ་ལུས་ངག་ཡིད་(༢༨ན)


GLG024_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི། དང་པོ་ལུས་ཀྱི་གནད་བཅུན་པ་ལ་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་ནི་ཐབས་ཤེས་འདྲེས་གནད་རྐང་པའི་ལོང་བུ་གཤིབས། གཟུང་འཛིན་དང་ལས་རླུང་གཉིས་གནོན་རྐང་མཐིལ་ས་ལ་བཅར། འབྱུང་བ་ཡེ་ཤེས་ཀྱི་རྩལ་འབྱིན་གནད་བུས་བྲང་སྦྱར། དབྱིངས་རིག་བསྲེ་གནད་ཐལ་མོ་པུས་སྟེང་བསྣོལ། རྩ་མི་འཆུས་ཤིང་རླུང་དལ་གནད་ལུས་དྲང་པོར་བསྲང་། རླུང་ཡུལ་ལ་ཕུལ་བས་རང་དངས་ལ་གཏོད་གནད་མཇིང་པ་ཐད་ཀར་བསྲང་བ་རྣམས་བཅའ་བ་རྒྱུན་གྱི་གནད་ཡིན། དེས་རྟོག་པ་འཕྲོ་ཞིང་ཡེ་ཤེས་མ་སྐྱེས་ན། ཙོག་པུས་འཕོ་བ་ལས་རླུང་ལྡོག་སྟེ་སྐུ་སྣ་ཚོགས་ཕྱི་རོལ་དུ་སྣང་བས་སེམས་ནང་དུ་སྡོད། རྐང་མཐིལ་གྱིས་སྲོག་རྩོལ་ལས་ཀྱི་རླུང་ལྡོག་སྟེ་ཕྱིར་དྲོད་དང་ནང་དུ་སྐྱེ་མེད་ཀྱི་ཉམས་འཆར། ལག་པ་མཇིང་པར་འཁྱུད་དེ་བསྲངས་པས་ལྡེམ་པ་ལས་རླུང་ལྡོག་སྟེ་ནང་དུ་རྟོག་པ་དུ་མ་འགགས། ཕྱི་རོལ་དུ་ཡེ་ཤེས་ཀྱི་མཐོང་བ་རྣམ་དག་གོང་དུ་འཕེལ་བ་རྣམས་ངལ་གསོ་ཡེ་ཤེས་ཀྱི་གནད་ཡིན་ནོ། །ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་ནི། ལུས་ཀྱི་ཚོགས་པའི་ཆོས་གནོན་གནད་ཁ་བུག་ཏུ་ཉལ། དྲོད་འབེབས་གནད་པུས་མོ་གཉིས་སྦྱར། གཡོ་བྱེད་ཀྱི་ལས་རླུང་གནོན་གནད་རྐང་སོར་སྤྱི་དང་ཁྱད་པར་མཐེ་བོང་ཕྱི་ལ་འཕུལ། དབྱིངས་ལ་རིག་པ་འདྲེན་གནད་གྲུ་མོ་ས་ལ་བཙུགས། རྣམ་རྟོག་ཡེ་ཤེས་སུ་འཆར་གནད་མཇིང་པ་གྱེན་ལ་བཏེག་པ་རྣམས་བཅའ་བ་རྒྱུན་གྱི་གནད་ཡིན། ཁ་བུབ་པས་ཞེན་འཛིན་ཟིལ་གྱིས་གནོན། ཡན་ལག་གིས་རྣམ་རྟོག་གི་ལས་རླུང་ལྡོག་སྟེ་ཕྱིར་འཁྲུལ་སྣང་འགགས་ཤིང་ནང་དུ་ལུས་སེམས་ལ་བདེ་དྲོད་སྐྱེ། ལག་མཐིལ་ས་ལ་བཅར་བས་འགྱུ་བ་(༢༨བ)


GLG024_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རླུང་ལྡོག་སྟེ་ཕྱིར་ཐིག་ལེ་ཐིག་ཕྲན་དང་ནང་དུ་ཉིན་མཚན་མེད་པའི་ཉམས་འཆར། མཇིང་པ་ཡིད་ཙམ་བཏེག་པས་འཛིན་པ་ལས་ཀྱི་རླུང་ལྡོག་སྟེ་ཕྱིར་སྐུའི་སྣང་བ་མཐོང་ཞིང་ནང་དུ་རླུང་གི་འགྱུ་བ་ཟད་པར་བྱེད་པ་རྣམས་ངལ་གསོ་ཡེ་ཤེས་ཀྱི་གནད་ཡིན་ནོ། །ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། ཡེ་ཤེས་ཀྱི་རླུང་འཕངས་པས་ལས་རླུང་གནོན་གནད་ཀྱི་འགྱིང་ཚུགས་སུ་བྱ། འབྱུང་བ་སྙོམས་པ་དྲོད་ཀྱི་གནད་པུས་མོ་གཉིས་ཕྱིར་བགྲད་རྐང་པའི་མཐིལ་གཉིས་མ་རེག་ཙམ་དུ་སྤྲད་དེ་སར་ཕབ། འཕྲོ་བ་ལས་རླུང་ལྡོག་གནད་ལག་སོར་གྱི་ཚིགས་བསྐུམ་སྟེ་རྐང་མཐིལ་གཉིས་ཀྱི་ནང་ལོགས་ཀྱི་ས་ལ་འཛུགས། ཉམས་སྣང་མྱུར་དུ་འཆར་གནད་རོ་སྟོད་བསྲངས་ལ་བོར། དབྱིངས་རིག་དང་མི་འབྲལ་བའི་གནད་རྩལ་མཇིང་བ་ལ་འགེལ་བ་རྣམས་བཅའ་བརྒྱུད་ཀྱི་གནད་ཡིན། རྐང་པས་ཁྱབ་བྱེད་ཀྱི་ལས་རླུང་ལྡོག་སྟེ་ཕྱིར་ཡེ་ཤེས་ཀྱི་ཕྱོགས་དག་པའི་སྣང་བ་མཐོང་ཞིང་ནང་དུ་ཉོན་མོངས་པའི་རྒྱུན་དུམ་པ་འགགས། ལག་པས་བཟུང་བའི་ལས་རླུང་འགགས་ཏེ་ཕྱིར་ཡེ་ཤེས་ཀྱི་སྣང་བ་མཐོང་ཞིང་ནང་དུ་འཛིན་པ་ཡུལ་ཅན་གྱི་རྟོག་པ་གཅོད། རོ་སྟོད་ཀྱིས་འཕན་པ་ལས་རླུང་ལྡོག་སྟེ་ཕྱིར་ཡེ་ཤེས་ཀྱི་སྣང་བ་དང་ནང་དུ་ཉོན་མོངས་པའི་རྒྱུན་འགགས་པ་རྣམས་ངལ་གསོ་ཡེ་ཤེས་ཀྱི་གནད་ཡིན་ནོ། །དེའང་སྤྲུལ་སྐུ་ས་དྲོད་སྐྱེ་ཞིང་འབྱུང་བ་སྙོམས། ལོངས་སྐུས་གཡོ་བྱེད་ཀྱི་རླུང་ཟིན། ཆོས་སྐུས་ནང་གི་འབྱུང་བ་ཟད་ཅེས་གཞུང་རྙིང་མང་པོར་བཤད་དོ། །གཉིས་པ་ངག་གི་གནད་གཅུན་པ་ནི། ཐོག་མར་ཐུན་ཆུང་ངུར་སྨྲ་བ་བཅད་དེ་གོམས་པ་ན་ཇེ་རིང་དུ་གཏོང་། སྐབས་འགར་རྒྱུ་རྐྱེན་མེད་པར་གཅིག་པུར་སྨྲ་བ་ལ་བསླབ། དེ་ནས་བཟླས་བརྗོད་སོགས་མ་བཀག་པ་ལ་གཞན་དང་ངག་མ་འདྲེས་པའི་ངོས་བརྡ་ཙམ་སྟོན་པ་ལ་གནས་པར་(༢༩ན)


GLG024_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། རིམ་གྱིས་བཟླས་བརྗོད་སོགས་སྨྲ་བ་མཐའ་དག་སྤངས་ཏེ་ལ་བཟླ། མཐར་ལུས་བརྡ་ཙམ་ཡང་མི་བྱ་བར་བརྟན་པར་བྱས་པས་ལུས་འབྱོངས། རྩ་བ་གསུམ་གྱིས་བྱིན་གྱིས་བརླབ་ཅིང་ལུང་སྟོན། ལུས་སྒྱུ་མའི་སྐུར་གྲོལ། མི་མ་ཡིན་གྱིས་བརྡ་དང་གཏམ་ཟར་ཞིང་མཐོང་སྣང་ཕྲ་མོའི་མངོན་ཤེས་འཆར། ཁྱད་པར་ལུས་སེམས་མཚམས་ཀྱི་རྟོག་པའི་འབྲེལ་བ་ཐག་གཅོད་ཅིང་བརྗོད་མེད་ཀྱི་དོན་རྒྱུད་ལ་སྐྱེའོ། །གསུམ་པ་ཡིད་ཀྱི་གནད་གཅུན་པ་ནི། མ་ཡེངས་པར་མདུན་ཚུགས་སུ་ནམ་མཁའ་ལ་སེམས་དང་མིག་བསྟད། དུས་གསུམ་གྱི་རྟོག་པའི་རྒྱུན་བཅད་པས་ཡུལ་དང་རིག་པ་གཉིས་ཀ་སྟོང་པར་འཆར་བ་སོགས་རྟོག་བྲལ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་གནས་པ་དེས་སྐུ་གསུམ་རིག་པ་རང་གཟུགས་སྟོང་པའི་དབྱིངས་སུ་འཆར་རོ། །བཞི་པ་གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ་ནི། སྒོ་ཡི་གནད་ནི་ལྡོག་པ་བཟུང་ལྟ་དང་། །ཡུལ་གནད་རྐྱེན་བྲལ་ནམ་མཁའ་དངས་པ་ལ། །རླུང་གནད་དལ་བུས་མངོན་སུམ་ཡེ་ཤེས་འགྲུབ། །རིག་གནད་ལུག་རྒྱུད་བརྩོན་འགྲུས་དྲག་པོས་བཟུང་། །ཞེས་པ་ལྟར་སྒོའི་གནད། ཡུལ་གྱི་གནད། རླུང་གི་གནད། རིག་པའི་གནད་དང་བཞི་ལས། དང་པོ་སྒོའི་གནད་ནི། ཆོས་ཉིད་ཀྱི་སྤྱན་ཁོང་དུ་ཆུད་པའི་གནད་སྤྲུལ་སྐུའི་གཟིགས་སྟངས་ཕྱེད་ཟུམ་ཕབ་པས་མིག་ཤེས་ངན་པར་མི་འགྲིབ་པ་དང་གདུལ་བྱ་ལ་གཟིགས་པའི་དགོས་པ། ཡེ་ཤེས་ཀྱི་སྤྱན་ཁོང་དུ་ཆུད་པའི་གནད་ལོངས་སྐུ་ཟུར་ལ་དལ་ཉམས་ཀྱིས་གཟིགས་པས་མིག་སྐྱོན་ཅན་སླར་གསལ་དུ་འགྲོ་བ་དང་ཞིང་ཁམས་གཞན་ལ་གཟིགས་པའི་དགོས་པ། ཤེས་རབ་ཀྱི་སྤྱན་ཁོང་དུ་ཆུད་པའི་གནད་ཆོས་སྐུ་གྱེན་དུ་གཟིགས་པས་མིག་ཤེས་བཟང་བ་སྣང་བ་མྱུར་དུ་ཚད་ལ་ཕེབས་(༢༩བ)


GLG024_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་གཞི་ལ་གཟིགས་པའི་དགོས་པ་ཡོད་དོ། །གཉིས་པ་ཡུལ་གྱི་གནད་ནི། སྟོང་ཉིད་སྤྲོས་པ་དང་བྲལ་བའི་གདངས་ནང་ནས་འཆར་བ་ལ་ཡུལ་རི་ར་བ་སོགས་ཀྱིས་མི་ཡོད་པར་ཕྱི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ལ་ནང་གི་དབྱིངས་ངོ་བོ་སྟོང་པ་སྤྲོས་དང་བྲལ་བར་ཆེད་འཛིན་རེ་དོགས་མེད་པའི་ངང་ནས་ཉིན་མོ་དང་སྣང་འཁྲིད་ཀྱི་དུས་ལྟ་སྟངས་སྨིན་མཚམས་ཀྱི་མཛོད་སྤུར་བསྟད་དེ་ཆམ་གྱིས་བཞག །མཚན་མོ་དང་མུན་འཁྲིད་ཀྱི་དུས་མདུན་གྱི་མུན་པ་ནག་ལྷིང་བ་དེ་ལ་བསྟད་ཅིང་བཞག་པས་གསང་དབྱིངས་རྣམ་པར་དག་པའི་སྒྲོན་མ་མཐིང་ཁ་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་འཆར་བས་ཕྱི་རིག་པ་འཆར་བའི་ཡུལ་དང་ནང་ཉམས་འཕེལ་བའི་ཡུལ་ཏེ་རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱ་ཞིང་དེ་ལྟར་ཡུལ་ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་དམ་འཁོར་འདས་རོ་མཉམ་མམ་དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་མངོན་དུ་འགྱུར་བའི་དགོས་པ་ཡོད་དོ། །གསུམ་པ་རླུང་གི་གནད་ནི། ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་རང་བབས་སུ་བཞག་ནས་དལ་བར་བསྟེམས་པས་རིག་པ་བཙོན་དུ་འཛིན་པ་སྟེ་མཆུ་དང་སོ་གཉིས་བག་ཙམ་མ་རེག་པ་ཁ་ནས་རླུང་ཤིན་ཏུ་དལ་བར་རྒྱང་རིང་དུ་འཕེན་ཅིང་ཕྱི་རོལ་ཏུ་བཟུང་བས་ཕྱི་ལྟར་ཚེ་རྒྱས། ནང་རྟོག་པ་ནུབ་སྐྱེན། གསང་བ་རིག་པ་མངོན་སུམ་དུ་མཐོང་བའི་ལམ། དེ་ཁོ་ན་ཉིད་ཟག་བཅས་མི་སྣང་བར་འཚང་རྒྱ་བའི་དགོས་པ་ཡོད་དོ། །བཞི་པ་རིག་པའི་གནད་ནི། རང་བབས་ཀྱི་ངང་ནས་རང་གདངས་ལུ་གུ་རྒྱུད་དབྱངས་ཀྱི་ར་བར་བཞག་ནས་མི་འབྲལ་བར་བྱེད་པ་སྟེ་དེ་ཡང་རླུང་དལ་བས་རྟོག་བྲལ་གྱི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་རྟོག་ཟད་ནས་འཁྲུལ་པ་ལོག་སྟེ་ཡེ་ཤེས་མ་བུ་འཕྲོད། རིག་པ་རླུང་དང་བྲལ་བས་འགྲོ་འོང་མེད་པར་ནང་བྱན་ཆུད་(༣༠ན)


GLG024_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུ་གུ་རྒྱུད་གསེར་སྐུད་ནམ་མཁའ་ལ་ལྡིང་བ་ལྟ་བུ། དབྱིངས་འོད་གསལ་གྱི་སྣང་བ་དང་བཅས་པ་ནི་དོན་གྱི་སངས་རྒྱས་ཀ་དག་དང་ལྷུན་གྲུབ་ཀྱི་རང་གདངས་ཡིན་ལ། དེའི་ངང་ལས་ཡེ་གྲོལ་ཆེན་པོར་ཅོག་གིས་བཞག་པ་ན་སྤྲོས་བྲལ་ནམ་མཁའ་ལྟ་བུའི་གདངས་ཤར་བས་དབྱིངས་རིག་གཉིས་མེད་ཀྱི་དགོངས་པ་ཤེས་རབ་རང་བྱུང་གི་ཡེ་ཤེས་དང་ཞལ་མཇལ་བས་ཀུན་ཏུ་བཟང་པོ་ལོགས་སུ་མེད་པ་དེའོ། །དེའང་སྒོ་གསུམ་གྱི་གནད་ཕྱི་མ་ནི་ཡིད་གནད་གཅུན་པས་རྟོག་པ་བསྡུས་པའི་གནས་ཆ་གཙོ་ཆེ་ལ། འདིར་རིག་པའི་གནད་གཅུན་པ་མངོན་སུམ་གྱི་ཆོས་ཉིད་ཡིད་སྤྱོད་དང་བྲལ་བའི་ངང་ལ་སྤྲོ་བསྡུའི་མཚན་མ་མེད་པར་རིག་སྟོང་རྗེན་པར་འཇོག་པས་མི་འདྲའོ། །དེ་ལྟར་ཉམས་སུ་བླངས་པས་རྡོས་བཅས་རང་སར་གྲོལ། མཐར་མ་ཕྱིན་ཀྱང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་དུ་བགྲོད། འགྲོ་དྲུག་གི་གཡང་ས་ལ་ཡ་མི་ང་བའི་དགོས་པ་ཡོད་དོ། །ལྔ་པ་སྣང་བ་བཞིའི་འཆར་ཚུལ་ནི། དེ་ལྟར་བསྒོམས་པས་ཆོས་ཉིད་རིག་པའི་རྩལ། །རང་བྱུང་ཡེ་ཤེས་སྣང་བཞི་རིམ་པས་འཆར། །ཞེས་པ་ལྟར་ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཆད་ཕེབས། ཆོས་ཉིད་ཟད་པའི་སྣང་བ་དང་བཞི་ལས། དང་པོ་ནི། སྤྱིར་མངོན་སུམ་ལ་ཀུན་རྫོབ་དང་དོན་དམ་གཉིས། ཕྱི་མ་ལའང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས། འདས་པ་ལ་སེམས་དང་རིག་པ་གཉིས་ཀྱི་འདིར་རིག་པའི་མངོན་སུམ་ངོ་སྤྲོད་པ་ཡིན་པས། དེའང་ཕྱི་འོད་གསལ་དགག་སྒྲུབ་དང་བྲལ་བར་བལྟས་པས་ནང་གཟུང་འཛིན་གྱི་རྟོག་པ་དང་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བའི་གནད་དང་ལྡན་ན་ཀ་དག་གི་རིག་གདངས་དང་ལྷུན་གྲུབ་(༣༠བ)


GLG024_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འོད་གདངས་ཟུང་དུ་འབྲེལ་བས་དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་བླ་ན་མེད་པ་ཡིན་པས་དེ་འཆར་བ་ལ། སྣང་བ་བཞི་གར་བཞུགས་སྟངས། གཟིགས་སྟངས། གནད་བཞི་ལས་སྐད་ཅིག་ཀྱང་མ་ཡེངས་པར་ཉམས་སུ་ལེན་དགོས་པའི་ཐོག་མར་ལུས་གནད་སྤྲུལ་སྐུའི་བཞུགས་སྟངས་ཀྱི་རྡུལ་མེད་པའི་ཉི་ཟེར་ལ་ཟིམ་བུའི་མིག་གིས་བལྟས་པས་སྙིང་ག་ན་གདོད་མའི་མགོན་པོ་འོད་མི་འགྱུར་བ་དབྱིངས་འོད་ཕུང་ཆེན་པོའི་དབུས་ན་ཡེ་ཤེས་སུམ་ལྡན་གྱི་སྙིང་པོ་རྨ་བྱའི་སྒོ་ད་ལྟར་ནང་གསལ་དུ་བཞུགས་པའི་གདངས་ལས་ཞི་ཁྲོའི་སྣང་བ་སྐུ་དང་ཐིག་ལེ་ཞིང་ཁམས་མཐའ་ཀླས་པ་ལྷུན་གྱིས་གྲུབ་པ་སྐལ་བ་ཅན་གྱི་ནམ་ཐོབ་པ་ན་རང་སྣང་འོག་མིན་གྱི་ཞིང་དུ་འཚང་རྒྱ་བ་ཡིན་པས་རིག་པའི་ངོ་བོ་ཐིག་ལེ་སྟོང་པའི་སྒྲོན་མེ་དེའི་རང་གདངས་དེ་དཀར་འཇམ་རྩའི་སྒྲོན་མ་ཞེས་བྱ་བ་ལམ་རྩ་ཀ་ཏི་ཀ་ཤེལ་གྱི་སྦུ་གུ་ལས་བརྒྱུད་ནས་སྒོ་རྒྱང་ཞགས་ཆུའི་སྒྲོན་མ་ཚེས་མིག་གཉིས་ཀྱི་སྒོ་ལས་ཐོན་པ་ཉི་མ་མ་གཡོས་ཀྱང་འོད་ཟེར་འཕྲོས་པ་བཞིན་བྱུང་བ། རིག་པ་ཡེ་ཤེས་ཀྱི་སྒྲོན་མ་ཆོས་ཉིད་ཀྱི་སྣང་བ་དེ་རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་བྲེང་ཆགས་པ་འཁྱོགས་མཚམས་ཐིག་ལེས་འབྲེལ་བ་ཐོག་མར་དཀར་ཟང་ཟང་། སྐར་མ་འཕོ་བ་ལྟ་བུ་ལས་ཐིག་ལེ་ཁ་དོག་ལྔ་ལྡན། རེ་རེ་བ་སུམ་འབྲེལ་བར་གྱི་སྣང་བ་ཚུན་ཆད་རེ། ལུ་གུ་རྒྱུད་ད་ནི་རིག་པ་ཆོས་ཉིད་ཀྱི་ངོ་བོ་ཡིད་སྤྱོད་ལས་འདས་པ་མངོན་པ་དང་མི་མངོན་པའི་སྒོ་ནས་ཐོན་ཏེ་རིམ་གྱིས་མཐར་ཕྱིན་པ་ལ་སྐུ་དང་ཡེ་ཤེས་ལ་སོགས་པའི་ངོ་བོ་ཉིད་ཡིན་ལ། ངེས་ཚིག་གི་དབང་དུ་བྱས་ན། རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་མཉམ་ཞིང་མི་འགྱུར་བར་གནས་པའི་ཆ་ནས་བཞག་ལ། ལུ་ནི་ལུ་མ་བཟང་པོ་ནས་འཕེལ་འགྲིབ་མེད་པར་འབྱུང་བ་ལྟར་སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་(༣༡ན)


GLG024_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཆར་བར་བྱེད། གྲུ་ནི་དེ་ཉིད་ཀྱི་ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་སྒོམ་འགུགས་པ། རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས་སྐུ་དང་ཐིག་ལེ་འཕྲོ་བ་དང་མཆེད་པ་དང་འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །དེ་ཡུལ་གང་ལ་འཆར་ན་ཕྱིའི་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་འཆར། ཇི་ལྟར་འཆར་ན་འོད་དང་འོད་ཁྱིམ། ཐིག་ལེ་དང་ཐིག་ཕྲན། ལུ་གུ་རྒྱུད་ཀོ་མོག་ཏུ་རྡོ་བསྐྱུར་བའམ་སྦ་ཕུབ་རེ་ལྡེ་མཐིང་ཕྱར། རྨ་བྱའི་མདོངས་སམ་མེ་ལོང་ལྟ་བུར་འཆར། དེ་ལ་མ་ཡེངས་པར་བལྟས་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷག་གིས་སྐྱེས་པའི་ངང་ལ་མཉམ་པར་འཇོག་པའི་ཤེས་རབ་གསལ་དངས་ཀ་དག་ལྷུན་གྲུབ་གཉིས་སུ་མེད་པ་ཤེས་རབ་རང་བྱུང་གི་སྒྲོན་མས་གདོད་མའི་གཞིའི་སྣང་ལུགས་ད་ལྟར་གྱི་སྣང་སེམས་འབྲས་བུ་ཡེ་གྲོལ་དུ་སྨིན་པར་བྱེད་པའི་དོན་ལ་དཔྱད་དེ་གོམས་པས་མངོན་སུམ་རང་སྣང་དབྱིངས་རིག་དབྱེར་མེད་དུ་འཆར་ཞིང་འདི་ཉིད་དང་པོར་མཐོང་བ་ཙམ་གྱིས་ཆོས་ཅན་དུམ་བུར་ཤིག །ཡིད་སྤྱོད་བློ་ལས་འདས། རྟོག་དཔྱོད་ཀྱི་ལྟ་བ་ནུབ། རིག་པ་མངོན་སུམ་དུ་མཐོང་བས་དགེ་སྡིག་གིས་མི་གོས་ཤིང་ཕྱིར་མི་ལྡོག་པའི་གདེངས་དང་ལྡན་པའི་ཕྱིར། ཡི་གེ་མེད་པ་ལས། མངོན་སུམ་མཐོང་བའི་གང་ཟག་ལ། །འཁོར་བ་བྱ་བ་ཡོད་མིན་པས། །སྲིད་གསུམ་བདར་ཤ་ཆོད་པ་ཡིན། །ཞེས་པས་ཤེས་ནུས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་སྣང་ཉམས་དང་ཤེས་ཉམས་གཉིས་སུ་བྱུང་བའི་ཤེས་པ་དགའ་བདེ་ཀླུངས་སུ་ཕེབས་མ་ཕེབས་ཀྱི་བསམ་གཏན་དང་། མཐར་འགྱུར་ཞེས་པ། སྲིན་བུ་མེ་ཁྱེར་སྤྲིན་དུ་བ། །རྨུགས་ཟིལ་ཟླ་(༣༡བ)


GLG024_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྐར་མ་དང་། །ནམ་སྲོས་ཉི་ཤར་ལྟ་བུ་བརྒྱད། །ཅེས་པའི་རྟགས་སྦྱོར་དྲུག་པ་སོགས་ཀྱི་ཟབ་གནད་ནི་རྫོགས་ཆེན་པའི་ལུགས་ལ་དག་བྱར་གསུངས་པས་རྒྱས་པར་མི་སྤྲོ་ཞིང་སྣང་ཉམས་ནི་ལམ་གྱི་ཚད་ངེས་པར་མི་བསླུ་བ་ཡེ་ཤེས་སྣང་བའི་ཉམས་ཕྱིར་ཤར་བས་རིག་པ་ནང་དུ་གྲོལ་བའི་ཚད་ཟིན་པ་ནི་ཆོས་འདིའི་ཁྱད་པར་གྱི་དགོངས་པ་ཟབ་མོ་སྟེ། ཤིན་ཏུ་སྦས་པའི་ཉེ་ལམ་ཆེན་པོ་ཡིན་པས། དེའང་ཆོས་ཉིད་མངོན་སུམ་དབྱིངས་རིག་འོད་གསལ་གྱི་སྣང་བ་དེ་ཉིད་ལ་སྦྱངས་པས་ཕྱི་དབྱིངས་ནང་དུ་རིག་པ་ལུ་གུ་རྒྱུད་དབྱེར་མེད་དུ་གནས་པ་བཞིན་ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་བུ་འདྲེས་པ་ཞེས་བྱ་ལ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་འཁོར་བའམ་ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་སྟེ་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོལ་རང་སངས་སུ་དག་སྟེ་འཛིན་ཆའི་ཕྱེད་སྣང་བ་རང་མཚན་དུ་འཛིན་པ་ལོག་པས་གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པའི་གནད་ཡོད་ཅིང་འཁྲིད་ཚུལ་འདི་ལས་ཉམས་སྣ་ཚོགས་སུ་འཕེལ་བ་སྟེ་འཕེལ་ལུགས་ནི། སྒྲོན་མ་འབར་བ་ལས། ནག་པོ་བསྒྱུར་དུ་བཏུབ་པ་མིན། །དེ་ལ་གོམས་པའི་གདེངས་རྙེད་ནས། །བར་སྣང་འཇའ་ཚོན་དེ་བཞིན་དུ། ཁ་དོག་མ་འདྲེས་ཡོངས་སུ་རྫོགས། །ཞེས་པ་ལྟར་ཐོག་མར་སྨིན་མཚམས་སུ་སྣང་དུས་རེ་ཁཱ་ནག་པོའི་རྣམ་པ་བྲེང་ཙམ་སྣང་བར་གོམས་པས་རིམ་གྱིས་འཇའ་ཚོན་ལྟར་འཆར་ཡང་སྔར་དབྱིངས་རིག་གསལ་འགྲིབ་སྤེལ་མ་ལས་འདིར་དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ་དབྱིངས་ཁྲུ་(༣༢ན)


GLG024_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཙམ་དུ་སྣང་ཞིང་དབང་པོའི་མངོན་སུམ་དུ་གསལ་ལ། དེའང་ལུས་ལོངས་སྐུའི་བཞུགས་སྟངས་ཀྱིས་མིག་ཉི་མའི་ཕྱོགས་སུ་ཟིམ་བུར་བལྟས་ཏེ་གཡས་གཡོན་དུ་དལ་བུས་འཁྲིད་པས་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང་དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པ་ལས་སྔ་མ་ནི་རྡོ་རྗེའི་རིགས་རྣམ་པར་དག་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོ། དེ་ཉིད་མི་བསྐྱོད་པའི་གདངས་དཀར་ལ་འཚེར་བ། དེའི་རྗེས་སུ་དེ་བཞིན་རིགས། རིན་ཆེན། པདྨ། ལས་རྣམས་རིམ་བཞིན་མཐིང་སེར་དམར་ལྗང་། དེ་དག་ཐ་དད་མེད་པ་མཚོན་ཕྱིར་ཕྱི་རོལ་ཏུ་མཐིང་ཁ་རྡོ་རྭས་བསྐོར་བ། དེ་ལས་སྣང་བའི་འཕེལ་བ་ནི་འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའི་ཐིག་ལེ་རྣམས་སྲན་མ་ཙམ་ལ་ལུག་རྒྱུད་སྐར་མདའ་འཕྲོ་བ་བཞིན་དུ་མགྱོགས་པ། དེ་ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུ། མཉམ་ཉིད། སོར་རྟོག །བྱ་གྲུབ། ཆོས་དབྱིངས་ལྔ་རིམ་བཞིན། གྱེན་སྒྲེང་། རྩིབས་ཤར། གྲུ་ཕྱེད། རེ་ལྡེ། ཡུལ་གྲུ་རྣམས་ཐིག་ལེ་མེ་ལོང་ཙམ་ལ་རིག་པ་བྱ་འཕུར་སྐྱེན་ལྟ་བུར་ཤར་བ་ལ་བརྟེན་ནས་རིམ་པ་བཞིན་སོ་སོའི་ཡོན་ཏན་ཉམས་འཕེལ་བ། འཁྲུལ་སྣང་ཟད་དུ་ཉེ་བ། འབྱུང་བའི་ཕྲ་བ་འགགས་པ། ཡེ་ཤེས་རང་གདངས་སོ་སོར་གསལ་བ། རྟོག་པ་རགས་པ་འགགས་པ་རྣམས་འབྱུང་བ་ལས། དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི་བརྩོན་འགྲུས་རབ་ཞག་ལྔ། འབྲིང་བདུན། ཐ་མ་ཉེར་གཅིག་རེ་ནས་སྔ་མའི་སྣང་བ་འགགས་ཤིང་ཕྱི་མ་རིམ་པས་སྐྱེའོ། །སྐབས་འདིར་རེ་ཞིག་འཆར་འགྲིབ་མེད་པར་གནས་(༣༢བ)


GLG024_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པའང་ཡོད་དོ། །ཕྱི་མ་ནི། དེ་དག་ནུབ་ནས་ཡེ་ཤེས་ལྔའི་དབྱིངས་ཀྱི་སྣང་བ་འཆར་ཏེ་མེ་ལོང་ལྟ་བུ་སོགས་ཡེ་ཤེས་ལྔ་རིམ་གྱིས་མིག་ཆགས་དང་མིག་མངས་རིས། དྲ་བ་དང་དྲ་ཕྱེད། མེ་ཏོག་ཚོམ་བུ། མཚོན་ཆའམ་རིགས་ཀྱི་ཕྱག་མཚན་མཁར་ཐབས་དང་ཟ་འོག་གི་གུར་ཁྱིམ་རྣམས་ཐིག་ལེ་ཁམ་ཕོར་ཙམ་ལ་ལུག་རྒྱུད་སྤང་རྩིབས་ལ་རི་དྭགས་རྒྱུག་པ་འདྲ་བ། དེ་ནས་ཀྱང་ཐིག་ལེ་བསེ་ཕུབ་ཙམ་ལ་རིག་པ་བུང་བ་རྩི་བཅུད་མྱང་བ་ལྟ་བུ་འཆར་བ་ནི་སྔོན་འགྲོ་ཚད་དུ་ཕྱིན་པ། རླུང་གི་སྦྱང་བ་དག་པ། གཟིགས་སྟངས་ཅུང་ཟད་མ་འཁྲུལ་བ། སྔོན་འགྲོ་འབྱངས་པ། བཅོས་མ་བཅོས་པ། སྔོན་འགྲོ་མཐར་ཕྱིན་པ། རིག་པ་མི་གནས་དྲངས་པ་སོགས་ལས་འབྱུང་སྟེ་དེ་དག་ཀྱང་། བརྩོན་འགྲུས་ཀྱི་ཁྱད་པར་ལས་ཞག་གསུམ་མམ། བདུན་བཅུ་བཞི་སོགས་ནས་གཅིག་སྐྱེས་སུ་གཅིག་འགགས་པར་འགྱུར་ཞིང་དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཚུལ་འོད་དེ་དག་ཐིག་ལེའི་རྣམ་པ་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་དེ་ནས་ཐབས་ཤེས་དག་པའི་ཐིག་ལེ་ཉིས་འབྲེལ། ཡེ་ཤེས་ལྔ་ལ་ནང་བྱན་ཆུད་པའི་ལྔ་འབྲེལ་བ་ཆོས་ཉིད་མངོན་སུམ་གྱི་ཐིག་ལེ་ལས་ཆེ་ཆུང་གི་ཁྱད་ཞུགས་པ་ཡིན་ནོ། །དེ་ལྟར་ཉམས་སུ་བླངས་པའི་ཕན་ཡོན་བར་དོའི་སྣང་བ་ཐམས་ཅད་ད་ལྟ་གཏན་ལ་ཕེབས་པས་ལྷུན་གྲུབ་བར་དོ་ཡན་ཆད་དུ་གྲོལ་བར་ངེས་པ་ནི་དགོས་པའམ་འབྲས་བུའི་རིམ་པས། ཐལ་འགྱུར་ལས། ཉམས་སྣང་གོང་འཕེལ་སྣང་བ་ཡིས། །བར་དོའི་ཡེ་ཤེས་རང་ངོས་ཟིན། །ཞེས་པས་ཤེས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། ཞི་གནས་ཀྱི་རིག་པ་ཡེ་ཤེས་སུམ་ལྡན་དེ་ཉིད་རང་གདངས་འགག་མེད་དུ་ཤར་བས་སྣང་སྲིད་(༣༣ན)


GLG024_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་རྫོགས་པ་ཞེས་བྱ་བ་ལ་ལུས་གནད་ཆོས་སྐུའི་བཞུགས་སྟངས་བྱས་ཏེ་མིག་ཟིམ་བུའི་ཚུལ་གྱིས་སྔར་བཞིན་འཁྲིད་པས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་པར་རེ་རེ་སྣང་བ་སྤྲུལ་སྐུའི་སྦྱང་བ་རྣམ་པར་དག་པ་ལས་བྱུང་བ། དེ་ནས་སྐུ་རྐྱང་བ་སྣང་བ་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མཐོང་། དེ་ནས་སྐུ་ཡབ་ཡུམ་ལྔ་ལྔར་སྣང་བ་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ། དེ་ནས་སྟེང་ཕྱོགས་སུ་རྣམ་སྣང་གིས་གཙོ་བྱས་པའི་རིགས་ལྔ། ཕྱོགས་བཞིར་རིགས་སོ་སོས་གཙོ་བྱས་པའི་ཡབ་ཡུམ་ཟུང་འཇུག་གི་ཚོམ་བུའི་དཀྱིལ་འཁོར་བགྲང་བ་ལས་འདས་པ་དང་བཅས་པར་སྣང་བ། མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ཆོས་སྐུའི་སྦྱང་བ་རྣམ་པར་དག་པ་ཚད་དུ་ཕྱིན་པ་ལས་བྱུང་བ། སྟོང་གསུམ་གང་དུ་བལྟས་ཚད་དབྱིངས་རིག་ལ་ཉིན་མཚན་མེད་པར་གསལ་བའོ། །འདི་ནི་ཚད་དུ་ཕེབས་པའི་སྣང་བ་སྟེ་སྔོན་འགྲོའི་དུས་ལུས་ཀྱི་དག་བྱེད་དེ་དག་གིས་འབྲེལ་ཆད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེའང་དག་བྱ་དྲི་མ་སྦྱོང་བའི་གཉེན་པོར་སྔོན་འགྲོ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་འཆར་བར་སྒྲོ་བཏགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་བ་ཡིན་པས་དེས་བསྐྱེད་པ་ལས་བྱུང་བ་མིན་པ། ཡེ་ཤེས་རང་གནས་ཀྱི་གདེངས་གློ་བུར་དྲི་མས་གོས་པ་དག་པའི་སྟོབས་ལས་བྱུང་བའོ། །ཚད་ཕེབས་ཞེས་པས་རིག་པ་ནི་གཞི་གནས་ཀྱི་རིག་པ་སྔར་བརྗོད་པ་ཉིད་དང་ཚད་ཅེས་པ་དང་པོ་སྐུ་ཕྱེད་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་དང་ཕེབས་པ་ནི་དེ་ལས་འདའ་ས་མེད་པས་རྣམ་པར་སྣང་བ་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ་འཕེལ་ཟད་དཀྱིལ་འཁོར་རྫོགས་པས་རང་ངོས་ནས་བཅོས་སུ་མེད་དོ། །དེའང་ཐད་ཀའི་དངོས་སྣང་འགགས་པ་སོགས་སྣང་བ་ལ་དབང་སྒྱུར་ཞིང་ཅིར་སྣང་(༣༣བ)


GLG024_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སྐུར་ཤར་བ་སོགས་ཞིང་ཁམས་འོད་གསལ་དུ་རྫོགས་པ་ཐལ་འགྱུར་དུ་བཤད་པ་རྣམས་ཕྱི་ཚང་བའི་ཚད། ལུས་ཀྱི་རྡོས་བཅས་དག་ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོང་ཁུང་གི་ཉི་ཞུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་དུ་ཤར་བར་ཟུག་ཅིང་ཐོར་ཚུགས་ན་ཡེ་ཤེས་ཀྱི་རླུང་གནས་པས་རང་བཞིན་གྱི་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣ་ལྔ་འདོམ་གང་དུ་གསལ་ཞིང་ལག་པའི་སོར་མོ་ལྔ་ལ་འོད་ལྔའི་ཕྲེང་བ་འཁྲིགས་པའི་ལུས་ཀྱི་བ་སྤུའི་སྒོ་ལ་སོགས་པ་ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་ངུ་རེའི་གོ་ན་ཡང་ཞིང་ཁམས་གྲངས་མེད་དང་དེ་དག་རེ་རེར་ཡང་སངས་རྒྱས་སེམས་ཅན་ཚད་མེད་པར་སྣང་ལ། ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་པའི་སྣང་བ་ཀུན་འདིར་ལྷག་ཆད་མེད་པར་རང་སྣང་དུ་གསལ་བ་ཡིན་པས་དུང་ཁང་དང་དེའི་མཁར་དབང་ཆེན་ཁྲོ་བོའི་ལྷ་ཚོགས་སྙིང་ག་དང་དེའི་མཁར་ཐུགས་རྗེ་ཆེན་པོ་རིགས་འདུས་ཞི་བའི་ལྷ་ཚོགས་ཤར་བའི་ལུས་ཀྱི་ཆ་ནས་རང་བཞིན་སྤྲུལ་པ་དང་འགྲོ་འདུལ་སྤྲུལ་པ་དང་སྣ་ཚོགས་སྤྲུལ་པ་མཐའ་ཡས་པ་སྣང་བས་རང་སྣང་གི་འགྲོ་དོན་མཛད། ཐུགས་རྗེའི་སྒོ་ལས་མངོན་ཤེས་དྲུག་ཚན་རྣམས་དང་ཆོས་ཐམས་ཅད་ཤེས་པའི་ཤེས་རབ་འཆར། དག་པ་ཡེ་ཤེས་ཀྱི་སྒོ་ལས་སངས་རྒྱས་ཀྱི་ཞིང་དག་པ་རང་དག་ལོངས་སྐུར་རྫོགས་པ་དང་སེམས་ཀྱི་དྲི་མ་དག་ཅིང་རྡུལ་དང་བྲལ་བ་ཉིད་ཐེབས་པས་ས་དང་སའི་བག་ཆགས་རང་དག་པ་ནང་ཕུང་པོའི་ཚད། ཕྲ་རགས་འགྱུ་བའི་སེམས་དག་ཀྱང་ཀུན་གཞི་རྣམ་ཤེས་ཙམ་གྱི་སེམས་ཡོད་ལ། རིག་པའི་ཡོན་ཏན་མངོན་ཤེས་དང་སྤྱན་ཆགས་པ་མེད་པར་འཆར་བ་གསང་བ་རིག་པའི་ཚད་དོ། །དེའང་སྣང་བ་གང་མ་གཉིས་སུ་ཉོན་ཡིད་དང་ཡེ་ཤེས་ཀྱི་དྲི་མ་མངོན་གྱུར་སྦྱངས་ནས་འདི་ཐོབ་པའི་ཚེ་ཚོགས་བརྒྱད་ཀྱི་སྔ་མ་བདུན་དག་(༣༤ན)


GLG024_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕྲ་རགས་ཀྱི་དྲི་མ་ལས་གྲོལ་ཞིང་ལུས་སེམས་ཀྱི་འབྲེལ་ཆོད་པས་ཁམས་གསུམ་དུ་ཕྱིར་མི་ལྡོག་པའི་ས་མཆོག་དཀྱིལ་འཁོར་ཆེན་པོ་འགྲུབ་པ་སྟེ་འདིའི་དུས་སུ་གཉེན་པོས་ཆེད་དུ་ལྟ་སྟངས་གཏོད་པ་སོགས་མེད་དེ། རྟག་ཏུ་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བས། ཉམས་ལེན་གྱི་ཚད་རྫོགས་པ་ཞེས་བྱའོ། །དེ་ལྟར་གོམས་པ་མཐར་ཕྱིན་པས་ཚེ་འདི་ཉིད་ལ་ཞིང་ཁམས་ཆོད་ཅིང་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བར་འགྱུར་བས། ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ཡིས་ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། ཞེས་སོ། །བཞི་པ་ཆོས་ཉིད་ཐད་པའི་སྣང་བ་ནི། ཚང་ཕེབས་ཀྱི་དུས་ཀྱི་སྐུ་དང་ཡེ་ཤེས་སོགས་ཀ་དག་གི་དབྱིངས་སུ་ཐིམ་པ་ནི་གཏན་མེད་མ་ཡིན་པར་གྲིབ་མའི་ཤེལ། བུམ་ནང་གི་མར་མེ། གནམ་སྟོང་གི་ཟླ་བ་ལྟར་རྐྱེན་གྱི་དབང་གིས་མི་གསལ་བ་སྟེ་ལུས་སེམས་གཉིས་མེད་འོད་ཀྱི་རང་བཞིན་དུ་འདྲེས་པ་ཐུགས་རྗེའི་ཟེར་ཐག་ལ་འདུས་ཏེ་རིགས་ལྔའི་ཐུགས་ཀར་ཐིམ་ནས་མཐར་ཕྱིན་པས་སློབ་པའི་ལམ་སངས་རྒྱས་ཀྱི་གཞི་གདོད་མའི་ངང་ཀུན་ཏུ་བཟང་པོའི་ཀློང་དུ་འཚང་རྒྱ་བར་བྱེད་པའི་ཚུལ་ལ་རྫོགས་ཆེན་པ་ཕལ་ཆེར་ལ་མ་གྲགས་པའི་ཟབ་གནད་ནི་གནད་ཆོས་སྐུའི་བཞུགས་སྟངས་ལས་རང་གི་སྙིང་གར་རིག་པའི་ད་བ་ཨ་དཀར་པོ་ཞིག་བསམ། ཨ་དེ་ལས་ཐོག་མར་འོད་མཐིང་ཁ་བྱུང་ལུས་ཀྱི་སྟོད་སྨད་ཐམས་ཅད་ལ་ཁྱབ། དེ་བཞིན་དུ་མདུན་ནས་འོད་དཀར་པོ། གཡས་ནས་སེར་པོ། རྒྱབ་ནས་དམར་པོ། གཡོན་ནས་ལྗང་གུ་རྣམས་བྱུང་། འོད་ཁ་དོག་ལྔ་ལྡན་གཅིག་ལ་གཅིག་མ་འདྲེས་པ་དེས་ལུས་ཀྱི་སྟེང་འོག་ཐམས་ཅད་ཁྱབ་པས་ལུས་འོད་ཕུང་དུ་ཁྱོམ་ཁྱོམ་པ་དང་དེའི་ལམ་ལས་ཐིག་ལེ་ཁ་དོག་ལྔ་(༣༤བ)


GLG024_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དང་ཡི་གེ་ཨ་དང་ཧྲཱིཿགྲངས་མེད་པ་ཆུའི་གཉེར་མ་བཞིན་བྱུང་། འོད་དང་ཡི་གེ །ཐིག་ལེ་ཐམས་ཅད་བ་སྤུའི་ཁུང་བུ་ནས་ཕྱིར་ཐོན། སྣང་སྲིད་ཐམས་ཅད་ཀྱང་འོད་ཕུང་དུ་ཁྱོམ་ཁྱོམ་ཤིག་ཤིག་པ་ལ་མཉམ་པར་བཞག །དེའི་ཚེ་རང་གི་ལུས་ཀྱང་ཡོད་དུ་མི་ཚོར་ཞིང་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱ་ཅན་འོད་ལུས་སྒྱུ་མ་ཙམ་ཞིག་ཏུ་འཆར་རོ། །དེའང་ངོ་བོ་ཕྱི་འོད་ལྔའི་སྣང་བ་སྐུ་དང་བཅས་པ། ནང་རྡོས་བཅས་རྟོག་ཚོགས་ཉམས་སྣང་གི་ཡུལ་དང་བཅས་པ་ཟད་ནས་ཀ་དག་གི་དབྱིངས་ནམ་མཁའ་ལྟ་བུའི་ངང་ལ་རིག་པ་གནས་པའི་རྒྱུ་མཚན་གྱིས་ངེས་ཚིག་ཀྱང་སྦྱང་གཞི་སྦྱོང་བྱེད་སོགས་མཚན་བཅས་ཐམས་ཅད་རྫོགས་པ་ཆེན་པོའི་ཀློང་དུ་ཟད་པས་དེའི་རང་བཞིན་ནམ་མཁའ་སྔོ་སྐྱའི་མདངས་ལྟར་ཀ་དག་གི་རང་གདངས་ཙམ་ལ་སྤྱོད་ལ། ཆོས་ཉིད་ལ་སྣང་སྟོང་སོ་སོར་བྱུང་བའི་སྔ་མ་ཕྱི་ནང་གི་རྡོས་བཅས་ཟད་པས་རྩ་རླུང་ཟད། དེས་སེམས་ལ་བརྟེན་པའི་བག་ལ་ཉལ་ཀུན་ནས་ལྡང་བའི་མཚན་ཉིད་ཅན་གྱི་དྲི་མ་ཕྲ་བ་ས་བོན་གྱི་ཆ་རྣམས་ཀྱང་ཟད་དེ་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པས་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་ཞིང་སྤྱན་དང་མངོན་ཤེས་ཆེན་པོ་ལ་མངའ་སྒྱུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་ཐོབ་པ་ལ་ཀུན་གཞི་ཕྲ་མོ་ཤེས་བྱའི་སྒྲིབ་པ་དར་དཀར་ཡོལ་བ་ཙམ་གྱིས་ཆོད་པ་མ་གཏོགས་སྒྲིབ་པ་མེད་པས་ལམ་གྱི་ཆོས་ཟད་ཀྱི་འབྲས་བུ་ཞེས་བྱ་ཞིང་འདི་སྐབས་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཐུས་ཤེས་སྒྲིབ་བསལ་པ་ཙམ་གྱིས་མི་སློབ་པའི་ལམ་སྒྲིབ་བྲལ་ནང་དབྱིངས་ཀ་དག་ཆོས་སྐུར་འཇུག་པ་རབ་ཏུ་ཞི་བ་ཡིན་ནོ། །སྟོང་པའི་ཆོས་ཉིད་ནི། རྩ་རླུང་རགས་པ་ཟད་པས་སེམས་དང་སེམས་བྱུང་ཟད། སྐུ་དང་ཡེ་ཤེས་ཀྱི་སྣང་ཆ་ཚད་དུ་ཕེབས་པའི་ཟླ་བ་ཉ་བ་ལྟ་བུའང་ནང་དབྱིངས་སུ་ནུབ་ནས་ཀ་དག་གི་སྣང་བ་ལ་གནས་པས་ཆོས་སྐུའི་(༣༥ན)


GLG024_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་སྟེ་འབྲས་བུའི་ཆོས་ཉིད་རང་སྣང་བ་ཞེས་བྱ་བར་བརྗོད་པའོ། །དེ་ལྟ་བུའི་ས་མཚམས་ནི་ཆོས་ཟད་ཀྱི་འགོ་རྩོམ་པ་ན་རང་གི་ཡན་ལག་བཞིའི་སོར་མོ་འོད་ལྔར་གསལ་བ་ཙམ་གྱི་ཚེ་ཕྱིའི་འབྱུང་བ་བཞི་ནང་གི་འབྱུང་བ་བཞི་སོ་སོ་ལ་ཐིམ་པས་ཕྱིའི་འབྱུང་བ་ཟད། ནང་གི་འབྱུང་བ་བཞི་ཕྱིའི་འབྱུང་བ་བཞི་ལ་ཕར་ཐིམ་པས་ནང་གི་འབྱུང་བ་ཟད། གསང་བ་སེམས་ཀྱི་རྟོག་ཚོགས་ཟད། དངས་མ་འོད་སྐུར་སོང་བས་གཞོན་ནུ་བུམ་སྐུ་འགྲུབ། ཤ་ལྤགས་རུས་གསུམ་གྱི་སྙིགས་མ་དང་སྐྲ་སེན་སོ་ཙམ་ཤུལ་དུ་ལུས་ཏེ་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ། དེའང་སྐུ་ངེས་སེམས་ཅན་གྱི་དོན་དངོས་སུ་ཆེར་མི་མཛད་ན་སོར་མོའི་འོད་ལ་རིག་པ་བསྟད་པས་ཕྱིའི་སྣང་བ་རང་རང་ལུས་ཀྱི་འོད་གསལ་རྣམས་ནང་དབྱིངས་སུ་ཇེ་ཐིམ་ལ་འགྲོ་ཞིང་ཐད་ཀའི་དངོས་སྣང་མཐིང་ཁ་དག་པ་ཙམ་ལས་འོད་ལུས་སུ་ཡལ་བ་ཤེལ་འོད་ནང་དུ་ཐིམ་པ་ལྟར་ལུས་དང་སྣང་བའི་རང་གདངས་ཀྱང་ལོག་སྟེ་ནང་གསལ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ན་སྐུ་དང་ཡེ་ཤེས་ཀྱི་གཏིང་གདངས་ཙམ་ལ་རིག་པ་ཞུགས་ནས་ཕྱི་སྣང་མཐིང་ཁར་སྣང་བའི་ཆ་ཙམ་ཡང་མེད་པར་བུམ་ནང་དུ་མར་མེ་བཞག་པ་ལྟར། རིག་པ་ཆོས་སྐུར་སངས་རྒྱས་ཏེ་འཁྱིལ་བའོ། །ཕྱི་སྣང་བར་ཚུར་ལོག་ན་སྐུ་དེས་སངས་རྒྱས་ཀྱི་མཛད་པ་དང་མཚུངས་པ་འགྲུབ་པའི་རྟགས་ཏེ། དེ་ཡང་སྐྱེ་བ་དང་འཇུག་པར་དབང་བ་ལས་རིག་པ་སེམས་ལ་ཐུགས་རྗེ་བསྟད་པས་ཅི་ཡང་མེད་པ་ཀ་དག་གི་སྣང་བ་དེ་རང་ལོག་ནས་འཁྲུལ་སྣང་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ཞིང་རང་གི་སྐུ་དེ་ཡང་ཆུ་ཟླ་ལྟར་ཡེ་ཤེས་སྒྱུ་མའི་སྐུར་སྣང་ལ་ཟང་ཐལ་བས་འབྱུང་བའི་གནོད་པ་དང་བྲལ་ཏེ་རྡོ་རྗེའི་སྐུ་ཐོབ་ནས་སེམས་ཅན་གྱི་དོན་དུ་འཕོ་བ་ཆེན་པོའི་སྐུར་བཞེངས་པ་ཞེས་བྱའོ། །མ་(༣༥བ)


GLG024_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ངོར་རྡོས་བཅས་སུ་མཐོང་བ་ནི་རྒྱལ་མཆོག་པདྨ་ཐོད་ཕྲེང་དང་བི་མ་ལ་མི་ཏྲ་ལྟ་བུ་སྟེ་སྐྱེ་འཇུག་ལ་དབང་ཐོབ་པས་སྐད་ཅིག་གིས་ཆོས་ཀྱི་སྐུར་གནས་པའམ་འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་ལ་དབང་འབྱོར་བ་ནས་དུས་གསུམ་གྱི་བདེར་གཤེགས་ཐམས་ཅད་དང་དགོངས་ཀློང་དབྱེར་མེད་ཆུ་ལ་ཆུ་བཞག་ལྟར་གྱུར་བའོ། །སྐྱེ་བ་ལ་དབང་བས་ནང་དབྱིངས་སུ་འཇུག་ཁར་སེམས་ཅན་སུམ་སྟོང་ཙམ་ལ་རིག་པ་བཅུག་པས་ཐམས་ཅད་དུས་གཅིག་ལ་གྲོལ་བ་དང་སྲིན་བུ་རྣམས་ཀྱང་འོད་དུ་དེངས་པ་དང་གང་ལ་ཅི་འདོད་དུ་སྤྲུལ་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བའོ། །འཇུག་པ་ལ་དབང་བས་བེམ་པོ་ལ་རིག་པ་བཅུག་པས་མགུལ་འཕྲིག་སྐད་འབྱིན་པ་དང་ས་རྡོ་སོགས་དངོས་པོ་གང་ལ་བཅུག་པ་དེས་ཆོས་ཀྱི་སྒྲ་འབྱིན་པས་སེམས་ཅན་སྨིན་པར་བྱེད་ཅིང་ཟས་གོས་སོགས་འདོད་དགུའི་ཆར་འབེབས་པར་བྱེད་དོ། །སྐྱེ་འཇུག་ལ་དབང་བ་འདི་གཉིས། ཟད་པའི་རྗེས་སྣང་བ་དབྱིངས་སུ་འཇུག་ཁ་མ་དེར་ཐོབ་པས། སེམས་ཅན་གྱི་དོན་དུ་ཚུར་མི་ལྡོག་པ་ན་བར་དོར་སེམས་ཅན་སུམ་སྟོང་ཅིག་ཅར་དུ་གྲོལ་བར་བྱས་ནས་དབྱིངས་སུ་འཇུག་ལ། ལྡོག་ན་སྐྱེ་བ་ལ་དབང་བས་ཚུར་ལོག་སྟེ། རིམ་གྱིས་སུམ་སྟོང་གྲོལ་བར་བྱས་ནས། སྐྱེ་འཇུག་དུ་མས་བསྐལ་པ་ཞིང་གི་རྡུལ་སྙེད་དུ། སེམས་ཅན་གྱི་དོན་ལ་སྐད་ཅིག་ཀྱང་མི་གཡེལ་བར་འཕྲིན་ལས་རྒྱུན་མི་ཆད་པའོ། །གཉིས་པ་རྗེས་ཀྱི་བྱ་བ་ལ་མི་འགུལ་བ་གསུམ་གྱི་གཞི་བཅའ་བ། སྡོད་པ་གསུམ་གྱི་ཚད་བཟུང་བ། རྟགས་གསུམ་སྒོ་གསུམ་ལ་འཆར་བ། ཚད་གསུམ་རྨི་ལམ་གྱིས་འཛིན་པ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེངས་བཞིའི་དྲོད་ཚད་བསྟན་པ་དང་དྲུག་ལས། དང་པོ་ནི། མི་འགུལ་གསུམ་ལ་གཞི་བཅའ་གཡོ་མེད་བསྐྱེད། །(༣༦ན)


GLG024_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟར་ཁྱབ་པ་སྐུ་གསུམ་གྱི་བཞུགས་སྟངས་མི་འགུལ་ལས་རྩ་གནད་ལ་དབབ། འཆར་བྱེད་གཟིགས་སྟངས་གསུམ་གྱིས་རླུང་ཕྱིར་འཕང་བ་དང་བཅས་ལམ་སྣ་འདྲེན། བཅུད་པ་བསྟེམས་ཀྱིས་མི་འགུལ་བས་རླུང་གི་འགྲོ་འོང་དགག་པ་ནི་ལུས་ཀྱི་ཡན་ལག་བཅུད་པས་འཁྲུལ་པའི་འཁོར་ལོ་རྒྱུན་ཆད། སོར་ཚིགས་རྣམས་བསྐུམ་པས་ལུས་ཀྱི་བྱ་བ་འཇིག །སྐབས་སུ་མཇིང་རྩ་བལྟེམས་པས་འོད་རྣམས་རང་ལུགས་སུ་འཆར་བའི་གཞི་བྱེད། ལུས་ཀྱི་བཅུད་པ་སོར་བཞག་པས་ཁམས་གསུམ་མིང་མེད་དུ་བྱེད་པའོ། །ངག་གི་གསུམ་ནི་སུ་དང་ཡང་དག་མ་འདྲེས་པས་འགྲོ་དྲུག་ཕལ་པའི་ལས་གཏོད། ཚིག་གི་འགྲེ་ལྡོག་བཅད་པས་ཚིག་རང་བྱུང་གི་ཡེ་ཤེས་སུ་འཆར། ངག་གི་བརྗོད་པ་བཀག་པས་ཆོས་ཐམས་ཅད་བརྗོད་མེད་ཀྱི་དོན་ལ་གནས་པར་ངེས་སོ། །སེམས་ཀྱི་གསུམ་ནི་བསྟད་པའི་འབེམ་དང་མ་བྲལ་བས་རྟག་ཏུ་སངས་རྒྱས་ཀྱི་དགོངས་པ་ལ་གནས། རིག་པ་དབྱིངས་ཀྱི་གོ་རར་ཆུད་པས་དངོས་པོའི་གནས་ལུགས་ལས་འཁྱར་ས་མེད། རྟག་ཏུ་དེ་ཉིད་དང་མ་བྲལ་བས་སྣང་བཞི་ཚད་དུ་ཕྱིན་པར་ངེས་ཏེ་དོན་ཧྲིལ་གྱིས་དྲིལ་ན་བཞུགས་སྟངས་གསུམ་ལ་རྒྱུན་དུ་གནས་པ་སྟེ་ལུས་མ་འགུལ་བས་རྩ། རྩ་མ་འགུལ་བས་མིག །མིག་མ་འགུལ་བས་རླུང་། རླུང་མ་འགུལ་བས་སེམས་མི་འགུལ། དེ་ཉིད་ཀྱིས་འགྱུ་བྱེད་རྒྱུན་ཆད་ནས་རིག་པ་གཡོ་འགུལ་མེད་པར་གནས་པའི་དགོས་པ་ཡོད་དོ། །གཟིགས་སྟངས་གསུམ་གྱི་རིག་པའི་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོན་མའོ། །དེའང་རྩ་མ་འགུལ་བས་མིག །མིག་མ་འགུལ་བས་སྒྲོན་མ། །སྒྲོན་མ་མ་འགུལ་བས་སེམས། སེམས་མ་འགུལ་བས་རྟོག་ཚོགས་འབྱུང་(༣༦བ)


GLG024_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྲིད་ལ། བརྟགས་ན་རྟོག་ཚོགས་ཡེ་ཤེས་ཀྱི་རྩལ་ཡིན་ཀྱང་མ་ཤེས་ན་འཁོར་བའི་ངོ་བོ་ཡིན་པས་སོ། །གཉིས་པ་སྡོད་པ་གསུམ་གྱི་ཚད་བཟུང་བ་ནི། སྡོད་པ་རླུང་གསུམ་སྐྱོད་བྱེད་བྲལ་བར་བྱ། །ཞེས་པ་ལྟར་ཕྱི་སྣང་བ་བསྐྱེད་པའི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་འགུལ་བ་མེད་པར་སྡོད། གསང་བ་འགྱུ་བྱེད་ཀྱི་རླུང་ཟད་པས་རྟོག་པ་འགྱུ་དྲན་དང་བྲལ་བར་སྡོད་པའོ། །གསུམ་པ་རྟགས་སྒོ་གསུམ་ལ་འཆར་བ་ནི། རྟགས་ནི་སྣང་བཞི་རེ་རེ་གསུམ་བདག་ཉིད། །ལུས་ངག་ཡིད་ལ་འཆར་བ་ཤེས་པར་བྱ། །ཞེས་པ་ལྟར་ཆོས་ཉིད་མངོན་སུམ་སོགས་སྣང་བ་བཞི་ལ་ལུས་ཀྱི་རྟགས་རེ་རེ་འབྱུང་བ་ནི། རིམ་པ་བཞིན་འཁར་གཞོང་འཇམ་པོར་རུས་སྦལ་བཅུག་པ་ན་ཁོག་པ་གཡོ་འགུལ་མི་ནུས་པ་ལྟར་རྩ་དལ་བས་ལུས་སྒུལ་བསྐྱོད་མེད་པ་སྟེ་རྫོགས་པ་ཆེན་པོ་བྱ་རྩོལ་དང་བྲལ་བ་ལུས་ཀྱི་ཡན་ལག་ལ་ཞུགས་པ་བུམ་དབང་གིས་ལུས་ངག་དག་པས་རྡོས་བཅས་ཡེ་ཤེས་རང་བྱུང་དུ་འབྱུང་བ་འགྱུར་བར་བྱེད། སྐྱེས་བུ་ནད་ཀྱིས་ཟིན་པ་ལྟ་བུ་རྒྱན་དང་བྱི་དོར་གྱི་རྩོལ་བ་མེད་པ་ནི་དབུ་མར་རླུང་ཞུགས་པ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་དགག་སྒྲུབ་མེད་པའི་དོན་ལུས་སྤྱི་ལ་ཞུགས་པ་གསང་དབང་གིས་ལུས་དག་པས་སྤྲོས་མེད་ཀྱི་ལམ་རང་བྱུང་དུ་འབྱུང་བ། གླང་པོ་ཆེ་འདམ་དུ་ཆུད་པ་སྟོབས་རྩལ་གྱིས་སྐད་ཅིག་ལ་ཐོན་པ་ལྟར་ལུས་ལ་འཁྲུལ་པའི་བྱ་བྱེད་དང་བྲལ་བ་ནི་སེམས་རྩ་རླུང་ལ་བརྟེན་ནས་བྱུང་བ་སྟེ་རྫོགས་པ་ཆེན་པོ་སྤང་བླང་མེད་པའི་དོན་སྙིང་ལ་ཞུགས་པ་ཤེར་དབང་གིས་ལུས་དག་པས་ཤིན་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་རང་བྱུང་དུ་འབྱུང་བ། དུར་ཁྲོད་ཀྱི་མི་རོ་ལྟ་བུ་གཤེད་མ་ལྔ་བརྒྱས་བསྐོར་ཡང་ཉམ་ང་དང་བག་ཚ་མེད་པ་སེམས་འོད་གསལ་གྱི་དྲ་བར་ཆུད་(༣༧ན)


GLG024_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་རང་གྲོལ་གྱི་དོན་ལུས་ཀྱི་དམིགས་མ་ཞུགས་པ་ནི་ཚིག་དབང་གིས་ལུས་དག་པས་རབ་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་རང་བྱུང་དུ་འབྱུང་སྟེ་འབྱུང་བ་བཞིས་བཅིངས་པ་ལས་གྲོལ་བས་ཕྱིན་ཆད་འབྱུང་བ་རང་རྒྱུད་དུ་མི་ལྡོག་པའི་དགོས་པ་ཡོད་དོ། །ངག་གི་བཞི་ནི་རིམ་པ་བཞིན་ལྐུགས་པ་ལྟར་སྨྲ་མི་འདོད་པ་རྩ་ནང་དུ་རྣམ་ཤེས་ཞུགས་པ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་བརྗོད་པ་རང་དག་པ་ལ་ཞུགས་ནས་སྤྲོས་བྲལ་ཡེ་ཤེས་ཀྱི་ངང་དུ་གསལ་བ། སྨྱོན་པ་ལྟར་གཏམ་ཐམས་ཅད་དོན་མེད་ཅལ་ཅོལ་དུ་སྨྲ་བ་ནི་བརྗོད་རྐྱེན་གྱི་ཚིག་རང་ངོ་དག་པའི་ཡེ་ཤེས་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་བརྗོད་ཚིག་ངེས་པར་གྲོལ་བ་དག་གི་གདངས་ལ་བཞུགས་པས་སྤྲོས་མེད་ཀྱི་གདངས་ནང་དུ་ཆོད་པ། གྲུལ་བུམ་གྱི་ཕྲུག་གུ་ལྟར་སྐད་སྙན་པོས་གཞན་ཡིད་འཕྲོག་པས་ཅི་སྨྲས་གཞན་ལ་ཕན་པར་འགྱུར་བ་ནི་ཤེར་དབང་དུ་སྙིང་འདུས་པ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་སྨྲ་བསམ་ལས་འདས་པའི་དོན་ངག་གི་སྒྱུར་བྱེད་ལ་ཞུགས་པ་ཤིན་ཏུ་སྤྲོས་མེད་བརྗོད་བྱའི་ཡུལ་ལས་འདས་པར་རང་བྱུང་བ། བྲག་ཅ་ལྟར་གཏམ་གྱི་ཟུངས་ཟད་ནས་རྗེས་ཟློས་བྱེད་པ་ནི་རྩའི་ཡི་གེ་རླུང་གི་ཐིག་ལེར་ཆུད་པ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་རྗོད་བྱེད་དང་བྲལ་བའི་དོན་ངག་གི་གདངས་ལ་ཞུགས་པས་རབ་ཏུ་སྤྲོས་མེད་སྨྲ་བྱའི་ཡུལ་ལས་འདས་པར་བྱུང་བ་སྟེ་བརྗོད་པ་སོགས་བཞིས་བཅིངས་པ་ལས་རྣམ་པར་གྲོལ་བའི་ཕྱིར་ཚིག་རང་རྒྱུད་དུ་སྨྲ་མི་སྲིད། ཡིད་ཀྱི་བཞི་ནི་རིམ་པ་བཞིན་འདབ་ཆགས་སྒྲོག་ཏུ་ཆུད་པ་འཕུར་བར་འདོད་ཀྱང་འཕུར་མི་ཐུབ་པ་ལྟ་བུ་ནི་རིག་པ་འོད་གསལ་དང་འདྲེས་པ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་འཛིན་མེད་རང་གྲོལ་བ། སེམས་སྣང་བ་ལ་ཞུགས་པས་སྤྲོས་མེད་ཀྱི་(༣༧བ)


GLG024_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ལམ་དྲན་པ་དང་ལྡན་པ་ཕྱིན་ཆད་འཁོར་བར་མི་ལྡོག་པའི་ཆོས་ཉིད་ཀྱི་གདེངས་རྙེད་པ། སྐྱེས་བུ་རྩི་དུག་གིས་ཟིན་པས་ཤེས་པ་སྨྱོས་པ་ལྟར་སེམས་དྲན་པ་མེད་པའི་ཀློང་དུ་རང་གྲོལ་བ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་མཐའ་བྲལ་རྟོག་པ་རང་གྲོལ་སེམས་ཀྱི་བྱུང་བ་ལ་བཞུགས་པ་ནི་སྤྲོས་པ་མཐའ་དག་ཡེ་ནས་བྲལ་བའི་དབང་སངས་རྒྱས་རང་ངོ་ཤེས་ནས་རང་ཐོག་ཏུ་གསལ་བའི་རྟགས། སྐྱེས་བུ་འབྲུམ་ནད་བྱང་བ་སླར་ལྡོག་མི་སྲིད་པ་ལྟར་སེམས་རྣམ་དག་རླུང་གནས་པ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་ཡེ་གྲོལ་གྱི་ངོ་བོ་སྐྱེ་མེད་ལ་བསྐྱར་གཞི་མེད་པར་རང་སྣང་དུ་གྲོལ་བས་ཁམས་གསུམ་དུ་མི་ལྡོག་པར་ཐག་ཆོད་པ། བར་སྣང་གི་ན་བུན་ལྟར་བློ་ལས་འདས་པས་སྐད་ཅིག་མ་ལ་མྱུར་བའི་ཚད་བག་ཆགས་ཀྱི་ཕུང་པོ་སྣང་བ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་ཀ་དག་ཆོས་ཉིད་ཟད་སར་ཐུག་ནས་འཚང་རྒྱ་བ་སྟེ་དྲན་པ་སོགས་བཞིས་བཅིངས་པ་ལས་གྲོལ། ཕྱིས་དྲན་བསམ་ཡུལ་གྱི་འཁོར་ལོ་ལ་འཇུག་མི་སྲིད་དོ། །བཞི་པ་ཚད་རྨི་ལམ་གྱིས་འཛིན་པ་ནི། ཚད་ནི་རྨི་ལམ་གསུམ་གྱིས་འཛིན་པར་བྱེད། །ཅེས་པ་ལྟར་བརྩོན་འགྲུས་རབ་རྨི་ལམ་དབྱིངས་སུ་ཐིམ་པ་ནི་གོམས་པ་ཆེན་པོ་ལས་བྱུང་བས་ལས་དང་བག་ཆགས་ཀྱིས་ཕན་གནོད་མེད། འབྲིང་རྨི་ལམ་དུ་ངོ་ཤེས་པ་གོམས་པ་ངེས་པ་ལས་ཏེ་བག་ཆགས་བཟང་ངན་གྱི་རྟོག་པ་མེད། ཐ་མ་རྨི་ལམ་བཟང་པོར་གནས་འགྱུར་བ་ནི་བག་ཆགས་དགེ་བར་རོ་གཅིག་པས་སྤང་གཉེན་རྒྱུ་འབྲས་ཀྱི་ལས་ལ་བླང་དོར་དུ་བྱའོ། །ལྔ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། སྐྱེ་འཇུག་རླུང་གསུམ་ཐོབ་པའི་གཟེར་གདབ་ཅིང་། །ཞེས་པ་ལྟར་སྐྱེ་བ་ལ་དབང་ཐོབ་པས་ཕུང་པོའི་སྣང་བ་འགགས་ནས་རྡོས་བཅས་མི་སྣང་བའི་དུས་མི་ལ་སོགས་པའི་འགྲོ་བ་ལ་རིག་པ་བཅུག་པ་ལ་(༣༨ན)


GLG024_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དེས་མི་དགེ་བའི་ལས་ཇི་ཙམ་སྤྱད་ཀྱང་དེ་ལ་རིག་པ་རང་བྱུང་གི་ཡེ་ཤེས་གནས་པའི་གནད་ཀྱིས་འདི་ཉིད་དུ་འབྱུང་བ་རང་དག་ནས་འཚང་རྒྱ། གཞན་ཡང་བེམ་པོ་འདི་ལ་རིག་པ་བཅུག་པས་འགུལ་ཞིང་ཆོས་ཀྱི་སྒྲ་འབྱིན་པ་སོགས་ཕུལ་དུ་ཕྱིན་པའི་ཡོན་ཏན་དུ་མ་ལྡན་པའོ། །འཇུག་པ་ལ་དབང་ཐོབ་པ་ནི། སོར་མོ་ལ་རིག་པ་བསྟད་ནས་རང་ལུགས་སུ་བཞག་པས་དེ་ཉིད་དུ་མི་སྣང་བར་འཚང་རྒྱ། རླུང་སེམས་ལ་རང་དབང་ཐོབ་པ་ནི། རླུང་སེམས་ལས་སུ་རུང་དུས་རླུང་གི་ཡོན་ཏན་ཐམས་ཅད་འབྱུང་སེམས་ཅན་གཞན་ཚེ་འཕོ་བའི་ཚེ་དེ་ལ་རང་གི་ཤེས་པ་བཅུག་སྟེ་རིག་པ་ཀ་དག་ཆེན་པོར་བཞག་པས་ལས་ལ་བཟང་ངན་མེད་དེ་རང་ཉིད་དང་མཉམ་དུ་འཚང་རྒྱའོ། །འཕོ་བ་འདེབས་པའི་ཟབ་གནད་ལ་འདི་དོན་རྒྱུད་ལ་ཁེལ་བ་ཞིག་དགོས་པ་འདྲ་ཡང་ལམ་འདི་ལ་ཞལ་འདྲིས་མ་ཐོབ་པའི་མཁས་རློམ་རྣམས་ཀྱི་ཐུགས་ཡུལ་དུ་མི་འཆར་རོ། །དྲུག་པ་གདེངས་བཞིའི་དྲོད་ཚད་བསྟན་པ་ནི། གདེངས་བཞིའི་འབྲས་བུ་མཐར་ཕྱིན་ཉིད་དུ་བཟུང་། །ཞེས་པ་ལྟར་རིགས་དྲུག་གི་སྡུག་བསྔལ་མཐོང་ཡང་རྣམ་རྟོག་དབྱིངས་ཐིམ་སྟེ་ལྷུང་མཁན་མེད་པས་ཡ་ང་དང་བག་ཚ་མེད་པའི་གདེངས། སངས་རྒྱས་ཀྱི་ཡོན་ཏན་ཐོས་ཀྱང་རང་རིག་ལས་གཞན་པའི་སངས་རྒྱས་མེད་པས་ཐོབ་ཏུ་རེ་བ་མེད་པའི་གདེངས། ལས་རྒྱུ་འབྲས་ཐོས་ཀྱང་མྱོང་བྱ་མྱོང་བྱེད་དང་བྲལ་བས་རྒྱུ་འབྲས་ལ་ཟླ་བའི་གདེངས། མྱ་ངན་ལས་འདས་པའི་རང་ས་མཐོང་ཡང་སླར་གྲོལ་དུ་རེ་བའི་དགའ་བྲོད་མེད་པས་ཀ་དག་རང་རྫོགས་བཙན་ས་ཟིན་པའི་གདེངས་དང་བཞིའོ། །འདི་དག་གི་ཞར་བྱུང་དུ་སྣང་བ་བཅུ་དྲུག་གི་བཤད་ཚུལ་དང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ས་བཅུ་དྲུག་དང་སྦྱར་ཚུལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་(༣༨བ)


GLG024_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ཆེན་རབ་འབྱམས་ཀྱི་གསུང་རབ་སོགས་ལས་ཤེས་པར་བྱ་ཞིང་དེའང་ས་བཅུ་སོགས་དོད་ཐུབ་ཀྱི་སྦྱར་བ་ཙམ་ལས་དོན་དམ་པར་རིག་པའི་ས་གཅིག་ཉིད་ལ་མདོ་སྔགས་ཐུན་མོང་བ་རིམ་གྱིས་རྩོལ་སྒྲུབ་ཀྱིས་ཐོབ་ཅིང་སྦྱང་དུ་མེད་དེ། ཀུན་བྱེད་ལས། མ་བསྒྱུར་མ་སྦྱངས་རིག་པ་ལྷུན་རྫོགས་པ། །ཞེས་དང་། བཏགས་གྲོལ་ལས། རང་རིག་རྣམ་དག་ས་གཅིག་ལ། །ཐེག་པ་ཀུན་འདུས་ས་ལམ་རྫོགས། །ཞེས་གསུངས་སོ། །དེ་ལྟར་སྣང་བ་བཞི་རྫོགས་ནས་གདོད་མའི་ཀ་དག་ཆེན་པོར་རང་གྲོལ་ཏེ་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་རིག་པ་སྤྲུལ་སྐུ་ཡེ་ཤེས་དང་བཅས་པ་འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་བོ། །སླར་ཡང་ཆོས་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་གཉིས་ཀྱིས་གང་ལ་གང་འདུལ་གྱི་འགྲོ་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་པ་རྒྱུན་མ་ཆད་པར་མཛད་པའོ། །རྩ་བའི་ས་བཅད་གཉིས་པ་བརྩོན་འགྲུས་འབྲིང་བར་དོར་འཚང་རྒྱ་བ་ལ་བར་དོ་སྤྱིའི་མཚན་ཉིད་ངོས་བཟུང་བ། ངོས་བཟུང་ནས་དོན་ཉམས་སུ་ལེན་ཚུལ་བསྟན་པ་གཉིས་ཀྱི། དང་པོ་ལ་ས་མཚམས། གནས་ལུགས་སྣང་ཚུལ་དང་གསུམ་ལས། དང་པོ་ནི། སྐྱེ་གནས་ཀྱི་བར་དོ་མངལ་དུ་ཆགས་པ་ནས་བཟུང་འཆི་རྐྱེན་གྱི་ནད་དྲག་པོས་ཐེབས་ཏེ་འཆི་བར་ཉེ་བ་ཚུན། འཆི་ཁའི་བར་དེ་འབྱུང་བ་ཐིམ་པར་འགོ་བརྩམས་ནས་ནང་དབུགས་ཆད་པ་ཚུན། ཆོས་ཉིད་བར་དོ་ནང་དབུགས་ཆད་པ་ནས་ལྷུན་གྲུབ་ཀྱི་སྣང་བ་ཤར་བ་ཚུན། སྲིད་པའི་བར་དོ་ཆོས་ཉིད་ཀྱི་འོད་གསལ་མ་ཟིན་པར་སྲིད་པའི་ཤ་ཚུགས་ཅན་ནས་སྐྱེ་གནས་སུ་འཇུག་པ་ཚུན་ནོ། །གཉིས་པ་གནས་ལུགས་ནི། སྐྱེ་གནས་བར་དོ་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་ལྷུན་གྲུབ་ཁྱབ་གདལ་ཆེན་པོར་(༣༩ན)


GLG024_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ངོ་མ་ཤེས་པར་མ་རིག་པས་བསྐྱེད་པའི་ལུས་བླངས་ཏེ་འཁོར་བར་འཁྱམས་ནས་བདེ་སྡུག་སྣ་ཚོགས་ཀྱི་བྱ་བ་ལ་འཇུག་པ། འཆི་ཁའི་བར་དོ་ནད་སྣ་ཚོགས་ཀྱིས་མནར་ཞིང་ཤིར་དོགས་པ་དང་འཆི་བར་ཐུག་པའི་སྡུག་བསྔལ་བ། ཆོས་ཉིད་བར་དོ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འཆར་ཞིང་རང་བཞིན་རྣམས་ཀྱི་བསམ་གཏན་ལ་སྤྱོད་པ། སྲིད་པའི་བར་དོ་ཡིད་ལུས་སྲིད་པའི་ཤ་ཚུགས་ཅན་ཀུན་ལ་འཇུག་ཅིང་ཐོགས་མེད་དུ་རྒྱུ་བའོ། །གསུམ་པ་སྣང་ཚུལ་ནི། སྐྱེ་གནས་བར་དོ་རིགས་དྲུག་གི་བྱེད་དབྱིབས་དང་སྤྱོད་ཡུལ་སྣ་ཚོགས་པ། འཆི་ཁ་བར་དོ་འབྱུང་བ་རྣམས་སྡུད་ཅིང་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་པ། ཆོས་ཉིད་བར་དོ་སྒྲ་འོད་ཟེར་གསུམ་སྐུ་དང་ཡེ་ཤེས་སྣ་ཚོགས་འཆར་བ། སྲིད་པ་བར་དོ་རང་དབང་མི་ཐོབ་པར་འཇིགས་སྐྲག་དང་སྡུག་བསྔལ་སྣ་ཚོགས་མྱོང་བའོ། །གཉིས་པ་ངོས་བཟུང་ནས་དོན་ཉམས་སུ་ལེན་ཚུལ་བསྟན་པ་ལ་རང་བཞིན་ནམ་སྐྱེ་གནས་ཀྱི་བར་དོ་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་དེད་དཔོན་གསེར་གླིང་དུ་ཕྱིན་པ་ལྟ་བུ། འཆི་ཁའི་བར་དོ་ལ་གསལ་གདབ་པ་རྒྱལ་པོའི་བཀའ་ཐེམས་བསྐུར་བ་ལྟ་བུ། །ཆོས་ཉིད་བར་དོར་རང་སྣང་ལ་ཡིད་ཆེས་ཕ་མའི་པང་དུ་བུ་རྒྱུག་པ་ལྟ་བུ། སྲིད་པ་བར་དོར་ལས་ཀྱི་འཐོབ་འདྲ་བ་ཡུར་བ་ཀོད་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་བཞི་ལས། དང་པོ་ནི། དང་པོ་རང་བཞིན་བར་དོའི་ཉམས་ལེན་ནི། །ཐོས་བསམ་སྒོམ་པ་མ་ཡེངས་གནད་དུ་བསྣུན། །སྒྲོ་འདོགས་ཐམས་ཅད་ནང་ནས་ཆོད་པའི་ཚེ། །ཐི་བྱ་ཚང་འཇུག་ཐེ་ཚོམ་བྲལ་དང་མཚུངས། །ཞེས་པ་ལྟར་དེད་དཔོན་ནོར་བུའི་གླིང་དུ་འགྲོ་བའི་ཚེ་བྱ་རོག་དུང་། ཆུ་སྲིན་སོགས་ཀྱིས་སྒྲོ་འདོགས་གཅོད་པ་བཞིན་བླ་མ་བསྟེན་ནས་ཕྱི་(༣༩བ)


GLG024_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལུང་མན་ངག་ལ་ཐོས་པས་བློ་སྦྱང་། ནང་ཚིག་དོན་གྱི་ཆ་ལ་སྒྲོ་འདོགས་བཅད་དེ་བསམ། གསང་བ་རང་ཐོག་ཏུ་ཕབ་སྟེ་ཡིན་མིན་གྱི་བརྗོད་གཞི་ཆོས་ཉིད་ཀྱི་ངང་དུ་ཟླ་བར་བསྒོམས་ནས་བར་དོའི་འོད་གསལ་ལ་འཇུག་པ་རྒྱ་ཁྲ་རང་གི་ཚང་དུ་འཇུག་པ་ལ་ཐེ་མི་ཆོམ་པ་ལྟར་ཆོས་ཉིད་མངོན་སུམ་དབང་པོའི་ཡུལ་དུ་ཤར་བ་ལ་ཐེ་ཚོམ་མ་ཆོད་པ་ནི་ཀ་དག་ཆོས་སྐུའི་བར་དོ་ཞེས་བྱ་བ་འཆི་བའི་ཚེ་རྣམ་ཤེས་ནམ་མཁའ་ལ་ཐིམ་པའི་དུས་དབང་པོ་རབ་ཀྱི་རབ་འོད་གསལ་མ་བུ་འདྲེས་ནས་སྐད་ཅིག་དང་པོ་ལ་ངོ་ཤེས། གཉིས་པ་ལ་རང་བཞིན་དུ་གནས། གསུམ་པ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སོགས་ཆོས་སྐུའི་མཁྱེན་པ། ཡེ་ཤེས་ལྔ་སོགས་ལོངས་སྐུའི་མཁྱེན་པ། ཇི་ལྟ་ཇི་སྙེད་སོགས་སྤྲུལ་སྐུའི་མཁྱེན་པ་རྫོགས་ཏེ་སྦྲུལ་མདུད་ནམ་མཁར་གྲོལ་བ་ལྟར་ཤར་གྲོལ་དུས་མཉམ་པས་བར་དོ་མེད་པར་འཚང་རྒྱ་རབ་ཀྱི་འབྲིང་སྐད་ཅིག་དང་པོ་ལ་གནས་པར་མི་ནུས་ཀྱང་གཉིས་པ་ལ་འོད་གསལ་རང་ངོ་ཤེས་ནས་གང་ནས་ང་སྐྱེ་མེད་ཀྱི་རང་བཞིན་དུ་རྟོགས་པས་མཚོ་ལ་ཁ་བ་བབས་པ་ལྟར་ཉོན་མོངས་པ་ཐམས་ཅད་ཆོས་ཉིད་དུ་རོ་གཅིག་པར་གྲོལ་བས་སྐད་ཅིག་མ་གསུམ་པ་ལ་ཡོན་ཏན་རྣམས་རྫོགས་ཏེ་ས་དང་ལམ་ལ་གནས་པར་འཚང་རྒྱ། རབ་ཀྱི་ཐ་མ་གདམས་པ་མཐར་མ་ཕྱིན་ཀྱང་མྱོང་བས་འཁྲུལ་པ་རང་ཐོག་ཏུ་ཆོད་པའི་གནད་ཀྱིས་སྐད་ཅིག་མ་དང་པོ་ལ་ངོ་འཕྲོད་པ་གཉིས་པ་ལ་ངོ་མ་ཤེས་པར་གནས་མ་ནུས་རུང་ཆོས་ཉིད་བར་དོའི་སྣང་བར་མ་སླེབ་ཙམ་ལ་འཁྱགས་རོམ་ཆུར་ཞུ་བ་ལྟར་རང་སྣང་དུ་ངོ་ཤེས་ནས་དེ་གའི་སྟེང་དུ་རང་གསལ་རྟོག་མེད་དུ་སྣང་བ་ལས་འོད་གསལ་རྒྱ་ཆེར་མཆེད་དེ་འཁྲུལ་བས་བར་མ་ཆོད་པར་རིམ་གྱིས་གྲོལ་ཏེ་ཐོག་མའི་གཞི་ཐོག་ཏུ་འཚང་རྒྱའོ། །བློ་བརྩོན་ལས་འཕྲོ་ཅུང་ཟད་ཞན་པས་འོད་གསལ་གྱི་གདམས་པ་(༤༠ན)


GLG024_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་མ་ཕྱིན་ཅིང་ཆོས་ཉིད་བར་དོའི་གྲོལ་ཚད་ལ་ཕྱོགས་འདྲ་ལས་གདེངས་མ་རྙེད་པའི་རིགས་ལ་ད་ལྟ་ནས་གནད་འདི་ཉམས་འོག་ཏུ་ཆུད་པ་གཅེས་པས་དེ་ཡང་ཉིན་མོའི་དུས་སྒྱུ་མའི་འདུན་པས་སྦྱོང་བ་ནི། མཐོང་སྣང་གསལ་བར་ཕྱིན་ཏེ་ཕྱི་སྣོད་དང་ནང་བཅུད་ཀྱི་སེམས་ཅན་སོགས་མདོར་ན་བདེ་སྡུག་གང་ཤར་ཡང་ངེས་པར་ང་ཤི་བ་ཡིན། སྣང་བ་འདི་བར་དོའི་སྣང་བ། ཡིད་ནི་བར་དོའི་ཡིད། ལུས་ནི་བར་དོའི་ལུས་ཡིན་པས་སྣང་སྲིད་ཐམས་ཅད་འཁྲུལ་པའི་སྣང་བ་ཙམ་མ་གཏོགས་དོན་རང་གི་སེམས་ཀྱི་ཆོ་འཕྲུལ་རྫུན་པ་སྒྱུ་མ་ལྟ་བུ་ལས་བདེན་མེད་དུ་སྦྱངས་ནས་གང་ཤར་བླ་མའི་རང་བཞིན་དུ་བལྟས་པས་རང་ཡང་ཡོད་སྙམ་མི་བྱེད་པར་དྲན་མེད་དུ་ཆམ་གྱིས་འགྲོ། མཚན་མོ་འོད་གསལ་གྱིས་སྦྱོང་བའི་ཚེ་གཉིད་དུ་འགྲོ་ཁར་འོད་ཀྱི་སྣང་སྲིད་ཐམས་ཅད་བླ་མའི་རང་བཞིན་དེ་ཚུར་བསྡུས་ནས་སྙིང་གའི་བླ་མ་ལ་བསྟིམ་པས་སྣང་སྲིད་བླ་མའི་རང་བཞིན་ལས་མི་དམིགས་པའི་ངང་ནས་སྙིང་གའི་བླ་མའི་འོད་ཟེར་གྱིས་འཇིག་རྟེན་ཀུན་དཀར་མེར་གྱིས་སོང་བ་ལ་ཤེས་པ་བསྟད་དེ་གཉིད་ལོག་པས་འོད་གསལ་དུ་འགྲོ་ཞིང་། རྨི་ལམ་དུའང་གོང་གི་དམིགས་པ་འཆར་བ་ལ་བསླབས་པས་ཉིན་མཚན་གྱི་འཁྲུལ་ཤེས་ཆོད་དེ་ཁྱུང་ཕྱུག་སྒོང་རྒྱ་ཞིག་པ་བཞིན་གྲོལ། གནས་སྐབས་ཉི་མ་དང་མར་མེ་སོགས་ལ་བརྟེན་འཇའ་ཤེལ་མིག་དབང་ལ་བསྟད་པས་འོད་ལྔའི་མདངས་ལ་གོམས་འདྲིས་བྱས་ཏེ་ཆོས་ཉིད་བར་དོ་ལ་ཡང་འོད་དེ་ཁོ་ནར་འཆར་བའི་གནད་མཚང་རིག་ནས་གྲོལ། གནས་དབེན་པར་ཧ་ཧ་ཧེ་ཧོ། ངུ་དགོད་སོད་རྒྱོབ་སོགས་སྣ་ཚོགས་བརྗོད་རྗེས་སྒྲ་འོད་ཟེར་གསུམ་དེ་དག་ཀྱང་བར་དོའི་འཁྲུལ་སྣང་བདེན་མེད་དུ་སྦྱངས་པས་གང་ཤར་ཡང་སྔར་འདྲིས་ཀྱི་གྲོགས་དང་ཕྲད་པ་ལྟར་སྐད་ཅིག་ལ་རང་རིག་གི་(༤༠བ)


GLG024_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་ཡིན་པས་མཚང་རིག་ནས་གྲོལ་བའི་གནད་ཟབ་མོ་འདི་ཉིད་གཅེས་ཤིང་བློ་དམན་སྲིད་པ་བར་དོའི་དུས་སུ་དགོས་པའི་བུམ་དབང་མན་ཆད་ཀྱི་ཉམས་ལེན་རྣམས་ཀྱང་འདིའི་དུས་ནས་གོམས་འདྲིས་བྱ་ཞིང་སྤྱིར་བར་དོ་བཞི་པོ་ལམ་དུ་བྱེད་པ་ལ་ད་ལྟའི་དགེ་སྦྱོར་ཁྲེག་ཆོད་ཐོད་རྒལ་འོད་གསལ་བར་དོ་ཐམས་ཅད་ལ་ཉིན་མོ་དྲན་འཛིན་རྩེ་གཅིག་གི་དྲན་པ་རྒྱུན་ཆགས་དེའི་ཤུགས་ཀྱིས་མཚན་མོའི་དྲན་འཛིན་དང་རྒྱུན་ཆགས་འབྲེལ། མཚན་མོའི་འོད་གསལ་དང་དྲན་པའི་རྒྱུན་ཤུགས་ཀྱིས་ཉིན་མོའི་དགེ་སྦྱོར་ལམ་དུ་བླངས་ཏེ་མདོར་ན་གཅིག་གྲོགས་གཅིག་གིས་འདོད་པ་ནི་གནད་ཀྱི་གདམས་པ་ཡང་དག་པའོ། །གཉིས་པ་འཆི་ཁ་བར་དོ་ལ་གསལ་གདབ་པ་རྒྱལ་པོའི་བཀའ་ཐེམས་བསྐུར་བ་ལྟ་བུའི་གདམས་པ་ནི། འཆི་བ་བརྟག་བླུས་མ་བཟློག་ཆགས་མེད་བྱ། །བླ་མའམ་ནི་གྲོགས་ཀྱིས་གསལ་གདབ་ལ། །མི་གསལ་གསལ་བྱེད་མེ་ལོང་བྱད་ཤར་འདྲ། །ཞེས་པ་ལྟར་ཡོ་ག་གསུམ་གྱི་རྒྱུད་ལུང་མན་ངག་ལས་བཤད་པའི་ཕྱི་ནང་གསང་བའི་འཆི་བ་བརྟག་བླུའི་རིམ་པ་བྱས་ཀྱང་གསང་བའི་འཆི་ལྟས་ངེས་པར་ཚང་བའི་དུས་ལ་བབས་ནས་མི་བཟློག་པར་ཤེས་ཏེ་ལམ་འདི་ལ་བརྟེན་དགོས་པར་དཔེར་ན་རྒྱལ་པོའི་བཀའ་འཕྲིན་བསྐུར་བསྐུར་བའི་མི་དེ་ཆད་པས་འཇིགས་ནས་མི་བརྗེད་པ་ལྟར་འཆི་ཁའི་དུས་སུ་རང་ཉིད་འཁོར་བར་སྐྲག་ནས་བར་དོའི་གདམས་པ་མི་བརྗོད་པའོ། །དེའང་དཀོན་མཆོག་མཆོད་ཅིང་ངན་ལོང་ལ་སྦྱིན་པ་གཏོང་། སློབ་དཔོན་མཆེད་ལྕམ་ལྟ་བུ་ལ་སེལ་ཡོད་ན་སྐོང་སོགས་ཀྱིས་ཉམས་ཆགས་བཤགས། དབང་ཞུ་བའམ་བླངས་ཏེ་དམ་ཚིག་གསོ། །གཞན་གྱི་འབུན་སྐྱིན་ཡོད་པ་སོགས་ལན་ཆགས་རྣམས་གཞལ་བས་མཚོན་ཏེ་ཚོགས་གསོག་མང་དུ་བྱ། ཡི་དམ་གྱི་ལྷ་ལ་ཆགས་ཀྱང་འཁོར་བར་བསྐྱུར་བས་ཉེ་དུ་(༤༡ན)


GLG024_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཅ་སོགས་གང་ལའང་ཆགས་ཞེན་མེད་པར་ཚེ་འདིའི་འཁྲི་བ་བཅད། དབང་པོ་རབ་ནི་དགའ་བའི་མཛའ་བོ་མཐོང་བ་ལྟར་གདམས་ངག་ཡིད་ལ་དུང་བ་འདུག་ན་དེས་ཆོག །འབྲིང་མེ་ལོང་ལ་བྱད་གསལ་བ་ལྟར་འཆི་ཁར་བླ་མའམ་གྲོགས་དམ་ཚིག་དང་ལྡན་པས་རྣ་བར་ཁ་བསྟད་དེ་ཆོས་ཉིད་བར་དོ་ལ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱུང་བས་དེ་རང་སྣང་དུ་ངོ་ཤེས་པར་མཛོད་ཅིག །ཅེས་གསལ་བཏབ་མ་ཐག་ངོ་ཤེས་པ་ལྟ་བུའོ། །དབང་པོ་ཐ་མར་འོག་ནས་འབྱུང་བའི་གསལ་འདེབས་རྣམས་རིམ་བཞིན་བྱ། དེའང་དབང་པོ་རབ་འབྲིང་གསུམ་པོ་འདི་དབང་པོ་རབ་ཀྱི་རབ་ནས་བཟུང་མཐར་ཕྱིན་པ་ལྷུན་གྲུབ་རིན་པོ་ཆེ་སྦུབས་སུ་གྲོལ་བའི་བར་གང་ལའང་བློའི་མཆོག་དམན་གྱི་སྐབས་ཐོབ་རྩི་བ་མ་གཏོགས་འདི་ལ་འདི་སྦྱོར་གྱི་པར་བཀབ་མེད་དེ་གདམས་པ་ལ་ནང་བྱན་ཆུད་ན་གསལ་འདེབས་ལ་མ་བལྟོས་པར་ཀ་དག་ལྷུན་གྲུབ་ཀྱི་འོད་གསལ་གང་རུང་ཞིག་ནས་གྲོལ་ནུས། འབྲིང་རྟུལ་གཉིས་ཀྱང་གསལ་འདེབས་ནན་ཏན་གྱི་ཆེ་ཆུང་ཁྱད་མིན་པ་གྲོལ་ཞིང་ས་མཚམས་གང་ཟག་དེ་གའི་གོམས་པ་ལ་བལྟོས་པས་སོ། །དེའང་དབང་པོའི་ཁྱད་པར་གསུམ་ག་ལ་བེམ་རིག་བྲལ་བར་ཉེ་བའི་ཚེ་ནང་གི་འབྱུང་བ་ལྔ་ཞིག་པ་ཕྱི་རོལ་གྱི་འབྱུང་བ་ལྔ་ལ་ཐིམ་སྟེ་ས་ས་ལ་ཐིམ་པའི་རྟགས་སུ་ལུས་སྒུལ་བསྐྱོད་མི་ནུས་ཤིང་བྱིང་བ་སྙམ་བྱེད། ཆུ་ཆུ་ལ་ཐིམ་དུས་ཁ་ཆུ་དང་མིག་ཆུ་ཙར་གྱིས་འབྱུང་ཞིང་ཆུ་བོ་ཆེན་པོས་གཡེང་བ་སྙམ་བྱེད། མེ་མེ་ལ་ཐིམ་པས་ཁ་སྣ་སྐམ་ཞིང་མཐིལ་བཞི་ནས་དྲོད་སྡུད། རླུང་རླུང་ལ་ཐིམ་པས་དབུགས་ངར་ངར་དང་ཕྱིར་རིང་ཞིང་ནང་དུ་སྡུད་དཀའ། ཡན་ལག་གཡབ་ཅིང་མིག་གྱེན་ལ་ལྡོག །འདེགས་བྱེད་ཀྱི་རླུང་བྲོས་པས་ལུས་མི་ཐེག་ཅིང་སྒྱིད་པ་སྒྱུར། ཡན་ལག་(༤༡བ)


GLG024_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རང་དབང་མི་འདུས་ཤིང་སྨྲ་བརྗོད་དཀའ། དབུགས་ཕྱིར་འཕུལ། བཀྲག་མདངས་བསྐྱེད་པའི་རླུང་བྲོས་པས་ཁ་སྣ་རབ་ལ་རྡུལ་ཆགས་ཤིང་ཤ་ཚ་ཁ་སྐམ་ཤི་དྲི་མནམ། དངས་སྙིགས་འབྱེད་པའི་རླུང་བྲོས་པས་བཟའ་བཏུང་སྐྱུགས་འབྱངས་དང་ལུས་སྟོབས་འཆོར། མེ་མཉམ་གྱི་རླུང་བྲོས་པས་ལུས་ཀྱི་དྲོད་མཐའ་ནས་འཆོར། ་འདིའི་དུས་མི་གནས་རང་རིག་འོད་ཟེར་དུང་གི་ཐག་པ་ལྟ་བུ་ལ་རྡོ་རྗེ་སེམས་དཔའི་སྣ་ཐག་བྱུང་བར་ངོ་ཤེས་ནས་རིག་པ་རྩེ་གཅིག་ཏུ་གཏོད་པའི་འདུན་པ་དྲག་པོས་ཡར་གྱི་ཟངས་ཐལ་དུ་སྐད་ཅིག་ལ་གྲོལ་བའི་གནད་དང་འཕོ་བ་འདེབས་དགོས་པའི་རིགས་ལ་རང་གིས་དམིགས་པ་བྱེད་དམ་གཞན་གྱིས་གསལ་འདེབས་པའི་དུས་མཚམས་ཀྱང་འདི་ཉིད་དུ་ཟབ་བོ། །བསྐལ་པ་ལས་ཀྱི་རླུང་བྲོས་པས་ཤེས་པ་ཟ་ཟི་ཆ་ཆོ་བྱེད་ཅིང་རྩ་ཕྲན་གྱི་ཁྲག་རྣམས་སྲོག་རྩར་འདུས་པས་ཕྱིའི་སྣང་བས་སྲོས་བཞིན་འཐིབས་ཀྱིས་འགགས། རིག་པ་སྙིང་གི་དཀྱིལ་དུ་དྲན་པ་ཉམས། ཁྲག་ཐིགས་དང་པོ་གཅིག་བརྒྱབ་པས་ཁ་མིག་སྐྱ་ལོག་གིས་འགྲོ་བ་དང་དབུགས་ཕྱིར་ཁྲུ་གང་སོང་ནས་ཆད། གཉིས་པས་མགོ་ཁུག་པ་ཞིག་བྱུང་ནས་ཧ་ཞེས་དབུགས་མདའ་གང་སོང་ནས་ཆད། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཁྲག་ཐིགས་གསུམ་པས་ཨིག་ཅེས་ཟེར་ཞིང་དབུགས་འདོམ་གང་དུ་སོང་ནས་ཕྱི་དབུགས་ཆད། དེ་དུས་རིག་པ་སྙིང་ནང་དུ་ཁྲག་ཐིག་གིས་བརྒྱལ་ནས་ཟན་ཟ་ཡུན་གྱི་རིང་ཙམ་དྲན་རྟོག་གང་ཡང་མི་འབྱུང་དེ་ནས་རྩ་མདུད་རྣམས་གྲོལ་བས་ཕ་ལས་ཐོབ་པའི་སྲོག་འཛིན་གྱི་བྱང་སེམས་ཧཾ་གི་དབྱིབས་ཅན་ཐུར་དུ་བབས་པ་ན་སྟོང་སང་དཀར་ལམ་གྱི་སྣང་བ་ཤར་བས་ཞེ་སྡང་ལས་གྱུར་པའི་རྟོག་པ་ས་གསུམ་འགགས། མ་ལས་ཐོབ་པའི་མཉམ་གནས་ཀྱི་དངས་མ་རཀྟ་ཨ་ཐུང་གི་(༤༢ན)


GLG024_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་ཅན་གྱེན་དུ་ལོག་པས་སྟོང་སང་དམར་ལམ་པའི་སྣང་བ་ཤར་ནས་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགགས། དེ་གཉིས་ཀྱི་བར་དུ་རྣམ་ཤེས་གྱད་སྟོབས་ཅན་གྱིས་སེ་གོལ་ལན་བདུན་གཏོགས་པའི་ཡུན་ཙམ་ཞིག་འཐུམ་ནས་སྟོང་སང་ནག་ལམ་པའི་སྣང་བ་ཤར་བས་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས། དེ་ནས་དཀར་ཆ་རྣམས་རུས་དང་དམར་ཆ་རྣམས་ཤ་ལ་ཐིམ། རིག་པ་མེ་སྟག་ཡར་བ་ལྟར་འགྲོ་བས་འཕྲད་རིང་འདི་ལ་སློབ་དཔོན་པདྨ་འབྱུང་གནས་དང་པཎ་ཆེན་དྲི་མེད་བཤེས་གཉེན་སོགས་འཕོ་བ་ཆེན་པོའི་སྐུ་འགྲུབ་པའི་རིགས་འཛིན་རྣམས་མ་གཏོགས་མཆོག་དམན་བར་པ་མཐའ་དག་གི་ཕེབས་ལམ་གཅིག་པུ་ཡིན་ཅིང་འགྲོ་བའི་འདྲེན་པར་རློམ་པའི་སྐྱེ་བ་དང་གདུང་བརྒྱུད་བཀའ་པོད་བཅུ་དང་སྒྲ་ཚད་བཟོ་གསོ་སོགས་ལ་སྦྱངས་པའི་མཁས་པ་རྣམས་ཀྱང་འོ་བརྒྱལ་ས་ཡིན་པས་སྔགས་རྒན་རྣམས་ཀྱིས་གདམས་པ་སྦར་ཆངས་མ་འདི་བཞིན་བླང་འཚལ་ཏེ་བླ་མའམ་གྲོགས་ཀྱིས་གསལ་གདབ་པ་ནི། སྨྱུག་སྦུགས་ཤིག་སྐྱེས་པའི་རྣ་བ་གཡས་དང་བུད་མེད་ཀྱི་གཡོན་དུ་བསྟད་ལ། ཨེ་མ་རིགས་ཀྱི་བུ་ཚེ་འདིའི་མ་དག་པའི་སྣང་བ་ལ་མ་ཆགས་ཤིག །ཅེས་ལན་གསུམ་བྱ། དེའི་རྗེས་ལ། ཀྱེ་རིགས་ཀྱི་བུ་ཁྱེད་རང་གི་ཤེས་པ་དག་པའི་སྣང་བ་ཆོས་ཉིད་ཀྱི་བར་དོ་ལ་འོད་དང་ཐིག་ལེ་དང་སྐུའི་རྣམ་པར་འཆར་བ་ཡིན་གྱིས་དེ་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །ཅེས་ལན་གསུམ་བྱ། །ཡང་བུ་ཁྱོད་བདེ་བར་གཤེགས་ཤིག །ཅེས་ལན་གསུམ་བྱ། གདམས་ངག་འདེབས་ལོང་མེད་པར་ནང་དབུགས་ཆད་པ་འདྲ་ན་ནད་པ་དང་ཁ་སྣ་སྤྲད་ལ་རང་གི་ཁ་སྣའི་དབུགས་གསུམ་ཨོཾ་ཨཱཿ ཧཱུཾ་དུ་བསམས་པ། ཁོའི་ཁོང་པར་ཧ་ཞེས་འཕངས་པས་ནད་པ་མིག་(༤༢བ)


GLG024_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲིག་ཧྲིག་གིས་འོད། དེའི་དུས་སུ་སྔར་གྱི་མན་ངག་གདབ་པར་བྱ། འདིའི་ཚོགས་གསོག་དང་མན་ངག་གདབ་པ་ནི་ནང་གི་འཆི་ལྟས་ཤར་བ་ནས་བཟུང་ཡང་ཡང་གདབ་པ་གནད་དུ་ཆེའོ། །གསུམ་པ་ཆོས་ཉིད་བར་དོ་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་རྒྱུག་པ་ལྟ་བུའི་གདམས་པ་ནི། གསུམ་པ་ཆོས་ཉིད་བར་དོའི་ཉམས་ལེན་ནི། །འཇུག་དང་གྲོལ་དང་མཐར་ཕྱིན་ཞེས་བྱ་བའི། །དུས་གསུམ་གནད་ཀྱི་གདམས་པ་དྲན་བྱས་པས། །ཆོས་ཉིད་མར་ཐིམ་མ་པང་བུ་རྒྱུག་འདྲ། །དེ་དག་དབང་འབྲིང་ལོངས་སྐུར་གྲོལ་བྱེད་ལམ། །ཞེས་པ་ལྟར་མ་པང་དུ་བུ་འགྲོ་བ་ལ་ཡིད་ཆེས་ཏེ་འཇིགས་པ་མེད་པ་ལྟར་བར་དོའི་འོད་གསལ་རྣམས་ངོ་ཤེས་ནས་རེ་དོགས་མེད་པ་ཞིག་དགོས་པས། དེ་ཡང་ནང་གསེས་ཀྱི་ལུས་ཐོག་འདིར་འཆར་བ་ཀ་དག་ཆོས་སྐུའི་བར་དོ་དང་ལུས་དོར་ནས་འཆར་བ་ལྷུན་གྲུབ་ཀྱི་བར་དོ་གཉིས་ཡོད་པའི་སྔ་མ་ནི་ཨ་ཧཾ་གྱེས་ནས་བརྒྱལ་བ་སངས་ཏེ། ཆོས་ཉིད་ཀྱི་བར་དོ་ལ་སླེབས་པ་ན་སེམས་རྣམ་རྟོག་གློ་བུར་གྱི་དྲི་མ་དང་བྲལ་བ་ཞི་བ་ཆོས་ཀྱི་སྐུའི་ནམ་མཁའ་ཞེས་བྱ་བ་སྟེ་སྟོན་གནམ་གཡའ་དག་པ་ལྟ་བུའི་གཞིའི་འོད་གསལ་འཆར། དེ་ཉིད་ངོས་ཟིན་པ་ཙམ་གྱིས་ཀ་དག་གི་གཞི་ལ་རང་གྲོལ་བ་རང་བཞིན་བར་དོའི་སྐབས་བསྟན་པའི་དབང་པོ་རབ་འབྲིང་ཐ་གསུམ་དུ་གྲོལ་ལུགས་སོ། །དེ་ནས་ཕ་མ་ལས་ཐོབ་པའི་ཁམས་གཉིས་ཀྱི་དམར་ཆ་སྣ་བུག་དང་དཀར་ཆ་འོག་སྒོ་ནས་ཐོན། རླུང་ནམ་མཁར་ཡལ་ནས་དབུགས་ཆད། ལུས་བེམ་པོར་ལིངས་ཀྱི་འགྲོའོ། །འདི་དང་གོང་གི་ས་མཚམས་གཉིས་ཅུང་ཟད་མི་མཐུན་ཙམ་བྱུང་བ་ནི་ཀ་དག་གི་གཞི་ལ་ཐོག་མར་གྲོལ་བ་ཕན་ཆད་ལུས་རྒྱ་དང་མ་བྲལ་བའི་དུས་ཡིན་པས་འཆི་ཁ་བར་དོའི་ཁོངས་སུ་འགྲོ་དགོས་ལ། འདིར་ས་བཅད་ཀྱི་བརྗོད་དོན་དང་བསྟུན་ཆོས་(༤༣ན)


GLG024_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བར་དོའི་ཁོངས་སུ་བསྡུས་པ་དོན་ལ་མི་འགལ་ཞིང་ཞིབ་མོར་བྱེད་ན་ལྷུན་གྲུབ་ཀྱི་འོད་གསལ་ཤར་ནས་ཆོས་ཉིད་བར་དོར་ངོས་འཛིན་དགོས་སོ། །དེ་ནས་དབང་པོ་འབྲིང་གི་རབ་ནི་ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་བྱ་བ་མདུན་གྱི་མཁའ་ལ་ཡེ་ཤེས་ཀྱི་མཐོང་བ་འཇའ་ཚོན་ལྔའི་ཟེར་ཐག་བརྐྱང་བ་ལྟ་བུ་མིག་ནས་ཟུག་པ་མིག་ཐུགས་རྗེ་རྒྱུན་མི་ཆད་ཀྱི་ཐག་པ་རྡོ་རྗེ་སེམས་དཔའི་ཁོང་གསེང་གི་ལམ་ལ་བསྟད། རིག་པ་སྟོང་གསལ་འདུས་མ་བྱས་ལ་བསྟད་དེ་མ་ཡེངས་པས་ཡར་གྱི་ཟང་ཐལ་དུ་སྐད་ཅིག་ལ་གྲོལ་ལོ། །དེ་ངོས་མ་ཟིན་ན་ཟེར་ཐག་དེ་ལས་མཆེད་པས་དུས་མ་འགྱུར་བར་སྣང་བ་འགྱུར་ཏེ་འོད་གསལ་གྱི་ཞིང་ཁམས་མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟར་སྣང་བ་ནི་རི་བྲག་རྩི་ཤིང་ནགས་ཚལ་ཉི་ཟླ་སོགས་ཕྱིའི་སྣང་བ་ནུབ་ནས་ཆོས་ཉིད་དག་པའི་འོད་གསལ་གྱི་སྣང་བ་རྣམ་པར་དག་པས། ཕྲ་ལ་དྭངས་པ། གསལ་ལ་འཚེར་བ། རང་བཞིན་གྱི་བཀྲག་ལ་ཉམ་ང་བ། ཕྱིའི་རྒྱ་མཚོ་མཐོང་བ་ལྟར་མེར་རེར་ཤར་བ། འཇིག་རྟེན་ཀུན་ཏུ་ཁྱབ་པར་བརྡལ་བ། སྣང་སྲིད་འོད་ཀྱི་ཕུང་པོར་འབར་བ། མནན་ན་ནེམ་བྱེད་པ། བཏེག་ན་སྦར་བྱེད་པ། འགྱུ་བ། འགུལ་པ། འཕྲིག་པ། རང་ཉིད་སྣང་བྱེད་འོད་ཀྱི་ལུས་སུ་གསལ་ཞིང་། ཕྱོགས་བཅུ་ཀུན་ཏུ་ཁ་དོག་ལྔ་ལྡན་གྱི་འོད་ཟེར་དང་ཐིག་ལེའི་ར་གུར་གླ་བ་ཆེན་པོའི་རྣམ་པ་ཡོམ་ཡོམ། མེར་མེར། ཤིག་ཤིག་པར་སྣང་བ་ཐམས་ཅད་རྒྱ་ཆེ་ལ་ལྷུན་སྟུག་ཅིང་། དམིགས་སུ་མི་ཆུདཔར་འཆར་བ་དེའི་ཚེ་སྣང་བ་མཆེད་པ་དེ་རྣམས་རང་སྣང་དུ་ངོ་ཤེས་པས་སྐད་ཅིག་ལ་གྲོལ་ལོ། །དབང་པོ་འབྲིང་གི་འབྲིང་འོད་གསལ་ཟུང་འཇུག་གི་སྐུ་ལ་ཐིམ་པས་སེང་གེའི་གསོབ་མཐོང་བ་ལྟར་(༤༣བ)


GLG024_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་རང་སྣང་གི་དཀྱིལ་འཁོར་དབང་ཆེན་ཁྲག་འཐུང་གི་ལྷ་ཚོགས་སྐུ་ཆེ་ཆུང་། གཟུགས་དང་མགོ་བརྙན་ཁ་དོག་ཕྱག་མཚན་སྣ་ཚོགས་པ་མི་སྡུག་པའི་རྣམ་པ་སྟོན་པ་རང་དང་ལྷན་ཅིག་པའི་གནད་ཀྱིས་རང་གང་འགྲོར་རྒྱུག་ཅིང་གདོང་དུ་འོད་ཟེར་ཐམས་ཅད་མཚོན་ཆར་སྣང་བ་བརྡེག །ཆོས་ཉིད་ཀྱི་རང་སྒྲ་འབྲུག་གི་སྒྲ་སྐད་ཙམ་ལ་རང་སྣང་འཁྲུལ་པས་རྒྱོབ་དང་སོད་ཀྱི་སྒྲའི་ང་རོ་འབྱུང་། ལུས་ཀྱི་དུང་ཁང་ན་སྐུ་དེ་དག་ཡུངས་འབྲུ་ཙམ་ལས་མེད་ཀྱང་ལུས་རྒྱ་གྲོལ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་འཆར། དེའི་ཚེ་གདམས་པ་དྲན་པས་ལྔར་འདྲིས་ཀྱི་མི་ལྟར་གོམས་པ་མའི་འོད་གསལ་དང་ཕྱིས་ཤར་བ་བུ་རང་བྱུང་གི་འོད་གསལ་གཉིས་མ་བུ་བསྲེས་པས་རང་ཤར་རང་སྣང་དུ་གྲོལ་ལོ། །དེ་ནས་དབང་པོ་འབྲིང་གི་ཐ་མ་ཟུང་འཇུག་ཆེན་པོའི་སྣང་བ་ནི། སྙིང་གའི་ཞི་བའི་ཚོམ་བུ་ལྔ་ཚན་ལྔ་རིམ་གྱིས་འཆར་བས་ཞག་དང་པོ་འབྱུང་བ་ནམ་མཁའ་རྣམ་པར་དག་པ་གདངས་མཐིང་ཁའི་དབུས་སུ་རྣམ་སྣང་གི་གཙོ་བྱས་པའི་རིགས་ལྔའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ཀྱི་ཚོམ་བུ་འབུམ་ཕྲག་གྲངས་མང་བ་འཆར་བ་དེ་རང་སྣང་དུ་ངོ་ཤེས་པས་རྣམ་སྣང་གི་ངོ་བོར་གྲོལ། ཞག་ལྷག་མ་བཞི་ལ་རིགས་གཞན་རྣམས་རིམ་པ་ལྟར་རིགས་ལྔ་ལྡན། ཡབ་ཡུམ་ཟུང་གིས་བཅུ་ལྡན། ཡེ་ཤེས་ཀྱི་དབྱངས་བརྒྱ་ལྡན། ཕྱོགས་བཅུར་བརྒྱ་ཕྲག་བཅུ་སྣང་བས་སྟོང་ལྡན། གདངས་ཕྱོགས་བཅུ་དེ་ཉིད་དུ་སྣང་བས་འབུམ་ལྡན། དེ་ལས་མཆེད་དེ་སངས་རྒྱས་ནམ་མཁའ་ཀུན་ཁྱབ་གསལ་ལྷུན་སྟུག་པ་བཀོད་པས་ཁྱད་བར་དུ་འཕགས་པ་འཆར་རོ། །དེའི་ཚེ་དུས་གསུམ་གནད་ཀྱི་གདམས་པ་འཇུག་པ་ཤེས་པའི་གནད་གྲོལ་བ་ལུས་ཀྱི་གནད། མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་དྲན་དགོས་པས་འཇུག་པའི་སྐབས་རིག་པ་འོད་(༤༤ན)


GLG024_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕར་འཇུག་པ་ནི་རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོམ་བུའི་ཐུགས་ཀར་འབྲེལ་བར་ཐིག་ལེ་གྲངས་མེད་པར་འཆར། དེའི་ཚེ་ཚོམ་བུའི་སྣང་བ་ལ་སེམས་ཟིན་ཏེ་དེའི་ངང་གསལ་སྟོང་གི་བསམ་གཏན་ལ་ཞག་ལྔར་གནས་པ་འབྱུང་། འོད་རིག་པ་ལ་ཚུར་འཇུག་པའི་ཚོམ་བུའི་ཐུགས་ཀ་ནས་རང་གི་སྙིང་གར་ཟེར་ཐག་ཟུག་པར་སྣང་བ་དང་ཚོམ་བུའི་སྣང་བ་རྣམས་རང་ཤར་རང་ལ་འདུས་པར་འགྱུར། དེའི་རང་ངོ་ཤེས་པའི་གདམས་ངག་དྲན་པ་ཙམ་གྱིས་ལུས་འོད་གསལ་དུ་གནས་པའི་མཚན་མའི་བག་ཆགས་ལས་གྲོལ་བ་དང་རིག་པ་རང་ངོ་ཤེས་པས་མངོན་པར་ཤེས་པ་དང་ལྡན་པ་འབྱུང་བས་དེ་ཉིད་དུ་ཕྱིར་མི་ལྡོག་པའི་གདེངས་རྙེད་པ་ཡིན། གྲོལ་བའི་དུས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་སྟེ་གོང་མ་ལ་གདེངས་མ་རྙེད་ན་འདིའི་དུས་རང་གི་སྙིང་ག་ནས་འོད་ཟེར་དཀར་པོ་ཞིག་ཤར། དེ་ལས་མཆོད་ནས་རང་གི་དབང་པོའི་ཡུལ་ཙམ་ཁ་དོག་དཀར་པོའི་སྣམ་བུ་ཤིན་ཏུ་གསལ་བའི་དཀྱིལ་དུ་ཤེལ་གྱི་མེ་ལོང་འདྲ་བའི་ཐིག་ལེ་དཀར་ཞིང་མཆོག་ཏུ་གསལ་བ་ལ་ཁ་དོག་བཞིའི་ཐིག་ཆུང་བཞིས་བརྒྱན་པ་མེ་ལོང་ཡེ་ཤེས་ཀྱི་རང་གདངས་ཡིན། དེའི་སྟེང་དུ་སེར་པོའི་སྣམ་བུ་གྲུ་བཞིའི་དབུས་སུ་གསེར་གྱི་མེ་ལོང་ལྟ་བུའི་ཐིག་ལེ་ཁ་དོག་བཞིའི་ཐིག་ཆུང་གིས་བརྒྱན་པ་མཉམ་ཉིད་ཡེ་ཤེས། དེའི་སྟེང་དུ་དམར་པོའི་སྣམ་བུའི་དབུས་སུ་པད་རག་གི་མེ་ལོང་ལྟ་བུའི་ཐིག་ལེ་ཁ་དོག་བཞིའི་ཐིག་ཆུང་གིས་བརྒྱན་པ་སོར་རྟོག་ཡེ་ཤེས་དེའི་སྟེང་དུ་མཐིང་ཁའི་སྣམ་བུའི་དབུས་སུ་མཐིང་ཤུན་གྱི་མེ་ལོང་ལྟ་བུའི་ཐིག་ལེ་ཁ་དོག་བཞིའི་ཐིག་ཆུང་གིས་བརྒྱན་པ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་གདངས་ཡིན་ལ། ལྗང་གུའི་སྣམ་བུ་མི་སྣང་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྩལ་རྫོགས་པས་སོ། །འདི་ནི་ཡེ་ཤེས་བཞི་སྦྱོར་(༤༤བ)


GLG024_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྣང་བ་ཞེས་རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་མམ་གསེགས་ལམ་ཞེས་བྱ། དེའི་ཚེ་སྙིང་ཆུ་ཞུགས་པ་གསེར་གྱི་ཐུར་མས་ཡིད་གཞུངས་ཏེ་འདྲེན་པ་ལྟར། མི་འགྱུར་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དྲན་པར་བྱས་ཏེ་འོད་སྣང་གི་སྣམ་བུ་ལ་མ་ཡེངས་པར་རང་སྣང་དུ་ཤེས་པར་བལྟས་པས་རྒྱུན་གྱི་ཏིང་ངེ་འཛིན་སྐྱེ་ཞིང་། དེས་མཚོན་ཡེ་ཤེས་ཀྱི་སྣང་བ་རང་ཤར་རང་ངོ་ཤེས་པར་བྱ་བའི་གདམས་པ་དྲན་པར་བྱ་བ་གནད་ཡིན་ཅིང་ཡེ་ཤེས་བཞི་སྦྱོར་གྱི་སྟེང་དུ་འོད་ཟླུམ་པོ་རྨ་བྱའི་གདུགས་ལྟ་བུའི་སྣང་བ་འཆར་བ་ནི་སྒྲོན་མ་བཞིའི་དབྱིངས་སུ་འཁྱིལ་བའི་སྣང་བའོ། །དེའི་དུས་ལུས་རྡོས་བཅས་དང་བྲལ་བས་འབྱུང་བ། རིག་པ་དྲི་མ་མེད་པས་ཉོན་མོངས་པ། རིག་པ་ལ་ཕྱི་ནང་མེད་པས་གཟུང་འཛིན་ལས་གྲོལ་བ་སྟེ་གྲོལ་པ་གསུམ་འབྱུང་ངོ་། །མཐར་ཕྱིན་བའི་དུས་སུ་དེའང་སྔར་འདྲིས་ཀྱི་གྲོགས་དང་ཕྲད་པ་སོགས་གདམས་པ་གསུམ་དྲན་པར་བྱས་ནས་རིག་པ་ལྷུན་གྲུབ་ཆེན་པོའི་སྐུ་ལ་ཐིམ་པའི་སྐབས་ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེར་ཐིམ་པ་ཞེས་བྱ་སྟེ་གྲོལ་བའི་ཚེ་གདེངས་མ་རྙེད་ན་འདིར་ཡེ་ཤེས་བཞིའི་སྣང་བ་རང་ལ་ཐིམ་པའི་སྐད་ཅིག་མར་སྣང་བ་འདི་དག་ལ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་འོད་ཁྱིམ་ཟླུམ་པོ་དབུས་མཐིང་ཁ་ནམ་མཁའ་རྣམ་པར་དག་པ་ལྟ་བུ་ལ། མཐའ་དམར་ནག་དཀར་དམར་སེར་ལྗང་བའི་ཁ་དོག་ལྔས་ཟླུམ་པོར་བསྐོར་ཞིང་ཕྱི་ནང་ཟང་ཐལ་བ། དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད་དེ་ལྟར་སྣང་བའི་ནང་རྣམས་སུ་ཞི་ཁྲོའི་སྐུ་གྲངས་མེད་པ་སྟེ་འོད་ཟླུམ་ཁ་དོག་ལྔ་ལྡན་གསལ་བར་འཆར་བ་ནི་ལྷུན་གྲུབ་རིན་པོ་ཆེའི་སྣང་བའམ་རིན་པོ་ཆེ་གསང་བའི་སྤུངས་ཞེས་ཀྱང་བཏགས་སོ། །དེ་དུས་སུ་ལྷུན་གྲུབ་ཀྱི་སྒོ་བརྒྱད་དུ་གྲགས་པའི་འཆར་ལུགས་བརྒྱད་སྐད་ཅིག་ལ་འབྱུང་སྟེ་(༤༥ན)


GLG024_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཤར་བས་སེམས་ཅན་ལ་བུ་གཅིག་པའི་མ་ལྟར་བརྩེ་བ་ནས་འཁོར་འདས་རྒྱ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་དུ་གསལ་ནས་འཇིག་རྟེན་སྣང་བར་ནུས། སྐུ་ལྷར་ཤར་བས་ཤེས་པ་ཁ་ཕྱིར་ཤོར་བར་སྣང་བ་ཐམས་ཅད་ཡི་དམ་ཀྱི་སྐུར་སྣང་། ཡེ་ཤེས་ལྟར་ཤར་བས་སངས་རྒྱས་ཀྱི་ཞིང་ཁམས་དག་པ་རང་གི་དབང་པོའི་མངོན་སུམ་དུ་ཟང་ཐལ་ལེར་གསལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་མི་རྟོག་པར་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་གང་ལའང་མི་གནས་པར་ཆོས་ཉིད་ཟང་ཐལ་དུ་རྟོགས། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་འཁྲུལ་སྣང་གི་ཆོས་ཀུན་གྱི་འབྱུང་ཁུངས་མ་འགགས་པར་རྨི་ལམ་སྒྱུ་མ་ལྟར་རྟོགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཇི་ལྟ་ཇི་སྙེད་པའི་ཡེ་ཤེས་ཀྱི་མཁྱེན་ཆ་ཅི་རིགས་ལྟར་གསལ་བས་ཆོས་ཉིད་མ་བུ་འབྲེལ་ལོ། །འདི་དག་གི་སྐབས་སུ་གདམས་ངག་གསུམ་དྲན་པ་ནི། སྔར་འདྲིས་ཀྱི་མི་དང་ཕྲད་པས་ངོ་ཤེས་ནས་སྒྲོ་འདོགས་ཆོད་དེ་རང་ལ་ཡིད་ཆེས་པ་ལྟར་སྔོན་གྱི་གདམས་པ་ངོ་འཕྲོད་ནས་གྲོལ་བ། མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུས་མ་ཡེངས་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པས་གྲོལ་བ། མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུས་ཟང་ཐལ་ཚིག་རྫོགས་སུ་རིག་པ་ལྷུན་གྲུབ་ཆེན་པོའི་སྐུར་ཐིམ་པར་བྱ་བ་གསུམ་ནི་ཆོས་ཉིད་བར་དོའི་གནས་སྐབས་ཐམས་ཅད་དུ་དྲན་པ་གཅེས་སོ། །དེའང་ལྷུན་གྲུབ་ཡེ་ཤེས་རིན་པོ་ཆེའི་སྣང་བ་མཐར་ཕྱིན་ནས་གདེངས་རྙེད་པ་དེའི་ཚེ་དབང་པོ་ལས་སུ་རུང་བ། སེམས་ལས་སུ་རུང་བ། ཤེས་རབ་ལ་དབང་ཐོབ་པ། ཡེ་ཤེས་ལ་གཟིགས་པ་རྣམ་པར་དག་པ། ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བ། (༤༥བ)


GLG024_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་གཟིགས་པ་ཕྱིན་ཅི་མ་ལོག་པར་མཐོང་བ་སྟེ་ནང་གསེས་ཀྱི་མངོན་ཤེས་དྲུག་ཚན་དྲུག་འཆར་རོ། །ཀློང་གསལ་དུ་མངོན་ཤེས་དགུ་དང་རྗེས་དྲན་བདུན་བཤད་ལ། ཀུན་མཁྱེན་ཆེན་པོའི་འཁྲིད་ཡིག་རིན་ཆེན་ཕྲེང་བར་དྲུག་བྱུང་ནའང་གཏེར་གཞུང་དངོས་ཀྱི་དགོངས་པ་ལྟར་ལམ་རྗེས་སུ་དྲན་པས་བར་དོ་རང་སྣང་གི་ཆོས་ཉིད་ལ་དབང་སྒྱུར། ལྟ་བ་རྗེས་སུ་དྲན་པས་མི་འགྱུར་བའི་གདེངས་སུ་ཐག་ཆོད། བསམ་གཏན་རྗེས་སུ་དྲན་པས་མི་འགྱུར་བའི་ཏིང་ངེ་འཛིན་ལ་གནས། ལྷ་རྗེས་སུ་དྲན་པས་རང་སྣང་འོད་གསལ་གྱི་དཀྱིལ་འཁོར་དུ་གྲོལ། གདམས་པ་རྗེས་སུ་དྲན་པས་ཟབ་མོའི་དོན་ལ་དབང་ཐོབ་པ་སྟེ་ལྔའི་གནད་ལས་མར་འཁོར་བའི་སྣང་བ་མཐོང་བས་དེར་མི་འཇུག །ཐད་ཀར་ཆོས་ཉིད་ཀྱི་སྣང་བ་མཐོང་བས་རང་ངོ་ཤེས། ཡར་ཀ་དག་གི་མཚན་ཉིད་མཐོང་བས་ཐོག་མའི་གྲོལ་ས་ངོས་ཟིན་པ་གསུམ་འབྱུང་ཞིང་གཟུངས་དང་ཏིང་ངེ་འཛིན་སོགས་བདེ་བར་གཤེགས་པའི་ཡོན་ཏན་རྣམས་མངོན་དུ་གྱུར་བས་ཡེ་ཤེས་ཀྱི་རྩལ་རྫོགས། དེ་ནས་ལྷུན་གྲུབ་ལ་གདེངས་ཐོབ་པའི་ཚེ་གོང་དུ་ཕྱིར་ཤར་ལུགས་བརྒྱད་པ་ནང་དུ་ཐིམ་ལུགས་བརྒྱད་འབྱུང་བ་ན་ཐུགས་རྗེ་ཕྱིར་གསལ་ནང་གི་ཐུགས་རྗེ་ལ་ཐིམ་པས་ཉི་མ་རྒས་པའི་ཟེར་ལྟར་གདུལ་བྱ་འདུལ་བྱེད་རྣམ་པར་དག །འོད་འོད་ལ་ཐིམ་པས་ནམ་མཁའི་འཇའ་ཚོན་ཡལ་བ་ལྟར་རིས་མེད། སྐུ་སྐུ་ལ་ཐིམ་པས་བུམ་པའི་སྐུ་ལྟར་མཁྱེན་ཆ་ནང་དུ་གསལ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་མ་པང་དུ་བུ་ཞུགས་པ་ལྟར་རིག་པ་གཞི་ཐོག་ཏུ་གྲོལ། གཉིས་མེད་གཉིས་མེད་ལ་ཐིམ་པས་ཆུ་ལ་ཆུ་བཞག་ལྟར་ཆོས་ཉིད་དང་ཆོས་ཉིད་འདྲེས། མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས་བུམ་པ་ཆག་པ་དེའི་ནམ་མཁའ་ཕྱིའི་ནམ་མཁའ་ལ་ཐིམ་པ་(༤༦ན)


GLG024_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དམིགས་ལྟས་ཐམས་ཅད་བྲལ་བས་ཆོས་ཉིད་རང་ངོ་ལ་གནས། མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པས་སྦྲའི་ཕྱོང་ཐག་བསྡུས་པ་ལྟར་འཁོར་འདས་ཐིག་ལེ་ཉག་གཅིག་ཏུ་འདུས། དག་པ་ཡེ་ཤེས་ཀྱི་སྒོ་སྤྲུལ་ལོངས་ཀྱི་སྣང་བ་ངོ་བོ་སྟོང་པ་ལ་ཐིམ་པས་སེང་གེས་གངས་ཟིན་པ་ལྟར་ཆོས་ཉིད་ཀ་དག་གི་རང་ས་ཟིན་པས་ལྷུན་གྲུབ་ཀྱང་ཀ་དག་ལ་ཐིམ་པ་ཞེས་བྱ་སྟེ་གདོད་མའི་སར་གྲོལ་བའི་གཞི་མཐར་ཕྱིན་པའོ། །དེ་ལྟར་དུས་གསུམ་གནད་ཀྱི་གདམས་པ་ལ་མ་ངེས་ཏེ་རང་བཞིན་བར་དོ་ལ་གསལ་འདེབས་ཚུལ་གྱི་ཁྱད་པར་དང་ཆོས་ཉིད་བར་དོ་རང་སྣང་ཟིན་མ་ཟིན་དང་དབང་པོ་རྣོ་རྟུལ་གྱི་རིམ་པས་རབ་སྐད་ཅིག་མ་གསུམ་ལྔ་ཉེར་གཅིག་དང་འབྲིང་ཞག་ལྔ་ལ་གདེངས་རྙེད་པར་གསུངས་ཤིང་འདིར་ནི་འཇུག་པ་ཚོམ་བུའི་སྣང་བ་ལ་ཞག་ལྔ། གྲོལ་བ་ཡེ་ཤེས་ཀྱི་སྣང་བ་ཞག་བཞི། མཐར་ཕྱིན་ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་བརྒྱད་དེ་བཅུ་བདུན་ནོ། །དེའང་རང་གི་ངོ་བོ་ལ་ཞག་ལྔ་མན་ཆད་དུ་གདེངས་ཐོབ། མདོར་ན་གྲོལ་བའི་ཚེ་སྐད་ཅིག་དང་པོ་ལ་བརྟན་པ་ཐོབ་པ། གཉིས་པ་ལ་མངོན་ཤེས་འཆར་བ། གསུམ་པ་ལ་གྲོལ་ས་རྣམས་གནད་དུ་ཆེའོ། །བཞི་པ་སྲིད་པ་བར་དོ་ལས་ཀྱི་འཕྲོ་འཐུད་དེ་ཡུར་ཀོང་ཆག་པ་ལ་ཝ་བཙུགས་ནས་ཆུ་འདྲེན་པ་ལྟ་བུ་ལ། བརྩོན་འགྲུས་ཞན་པས་བར་དོ་ཤར་ཡང་བག་ཆགས་བཟང་པོས་རང་བཞིན་སྤྲུལ་པའི་སྐུར་འཚང་རྒྱ་བ། སྤྲུལ་སྐུའི་ཞིང་དུ་གྲོལ་བར་མ་ནུས་པ་དབང་དུས་ཀྱི་ཉམས་ལེན་དྲན་ནས་མངལ་སྒོ་དགག་པ་དང་གཉིས། དང་པོ་ནི། དབང་རྟུལ་སྲིད་པའི་བར་དོ་གྲོལ་བྱེད་པའི། །གདམས་ངག་རིན་ཆེན་སྙིང་པོའི་ཡང་ཞུན་ནི། །གཞན་སྟོབས་རང་སྟོབས་གཉིས་ཀྱི་(༤༦བ)


GLG024_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གནད་དང་། །ཡང་ཟབ་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས། །ཞེས་པ་ལྟར་ཐ་མའི་རབ་ཚེ་འདིར་ཆོས་ཉིད་མངོན་སུམ་གྱི་དོན་ཤེས་ཀྱང་བསྒོམ་ལོང་མ་བྱུང་བར་བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས་ཆོས་ཉིད་བར་དོ་ཤར་ཡང་ངོས་མ་ཟིན་པར་སྲིད་པའི་བར་དོ་རྨི་ལམ་ཙམ་དུ་སྣང་བ་ན་རྡོ་རྗེ་སློབ་དཔོན་གྱིས་རྣམ་ཤེས་བཀུག་ནས་གདམས་ངག་བསྟན་པས་གཞན་སྟོབས་ཀྱིས་གྲོལ་བ་དང་རང་གི་གདམས་ངག་དྲན་པས་རང་སྟོབས་ཀྱིས་གྲོལ་བ་གཉིས་སུ་ཡོད་པའི་ཕྱི་མ་ལ་སྔོན་བླ་མས་ངོ་སྤྲད་པའི་ཆོས་ཉིད་མངོན་སུམ་གྱི་དོན་ལ་ཡིད་ཆེས་ཤིང་ཅུང་ཟད་ཉམས་སུ་བླངས་པའི་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་སྤྲུལ་པའི་ཞིང་དེ་དྲན་པ་ཙམ་གྱིས་གོང་གི་བག་ཆགས་སད་པའི་སྟོབས་ཀྱིས་རྨི་ལམ་སད་པ་ལྟར་སྲིད་པའི་བར་དོ་ལས་སྐད་ཅིག་གིས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཤེལ་ལས་གྲུབ་པའི་ས་གཞི་གྲུ་ཆེ་ཞིང་རེག་ན་འཇམ་པ། བསེར་བུའི་ངད་དང་ལྡན་པ། མཐའ་རིན་པོ་ཆེ་ར་བས་བསྐོར་བའི་ནང་དུ། མཚོ། ལྟེང་ཀ །ལྗོན་ཤིང་སྣ་ཚོགས་ཚར་དུ་བསྒྲེངས་པའི་རྔ་ཡབ་དར་དཔྱངས་དྲིལ་བུ་ལས་ཆོས་ཀྱི་སྒྲ་སྒྲོག་པའི་དབུས་སུ་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་ཅན་ལ་ཁང་བཟང་དེ་འདྲ་གྲངས་མེད་ཀྱིས་བསྐོར་བ། གདུགས་དང་རྒྱལ་མཚན་སོགས་རྒྱན་དུ་མས་སྤྲས་ཤིང་ཟུར་བཞིར་མཆོད་རྟེན་རིན་པོ་ཆེའི་ཕྲེང་བས་སྦྲེལ་བར་སྙན་པས་སྒྲ་འཁྲོལ་བ། ཁང་བཟང་དུ་ཆོས་འཆད་པའི་སྟན་ལ་དཔལ་རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་གིས་བསྐོར་བ་ཐམས་ཅད་ཀྱང་ཁ་དོག་དཀར་པོ་ཉོན་མོངས་པ་དང་བྲལ་ཞིང་འདོད་ཡོན་སྣ་ཚོགས་ལ་དབང་འབྱོར་བ་ཏིང་ངེ་འཛིན་གྱི་ཟས་ཀྱིས་འཚོ་བར་མཛད་པ་དེ་དག་ལ་ཆོས་བསྟན་ནས་སྨིན་པར་མཛད་(༤༧ན)


GLG024_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེར་རང་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མདོག་དཀར་པོར་ལུས་བླངས་ཏེ་ལོ་བརྒྱར་བཅོམ་ལྡན་འདས་འཁོར་བཅས་ཀྱི་ཞལ་ལྟ་ཞིང་ཆོས་ཉན་པས་ཉོན་མོངས་ལ་ཞེ་སྡང་ལས་གྱུར་པའི་བག་ཆགས་ཕྲ་མོ་དང་ལྷན་ཅིག་པའི་ཤེས་བྱའི་སྒྲིབ་པ་ཡོངས་སུ་སྦྱོང་། དེ་ནས་ལྷོ་ཕྱོགས་དཔལ་དང་ལྡན་པར་གཞལ་ཡས་ཁང་ས་གཞི་དང་བཅས་པ་གསེར་ལས་གྲུབ་པའི་མཚན་ཉིད་གོང་ལྟ་བུར་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་བྱང་སེམས་འཁོར་དང་བཅས་པ་སེར་པོ་དེར་རང་ཉིད་ཀྱང་བྱང་སེམས་སེར་པོར་བྱས་ཏེ་ཆོས་ཉན་པར་ལོ་བརྒྱར་གནས་པས་དེས་དབང་བསྐུར་ཏེ་ཉོན་མོངས་པ་ང་རྒྱལ་དང་ཤེས་སྒྲིབ་སྦྱོང་། དེ་ནས་ནུབ་ཕྱོགས་པདྨ་བརྩེགས་པ་གཞི་དང་གཞལ་ཡས་ཁང་ཐམས་ཅད་པདྨ་རཱ་ག་ལས་གྲུབ་པའི་མཚན་ཉིད་གོང་ལྟ་བུར་བཅོམ་ལྡན་འདས་སྣང་བ་མཐའ་ཡས་འཁོར་བཅས་དམར་པོ་དེར་རང་ཉིད་ཀྱང་བྱང་སེམས་དམར་པོར་བྱས་ཏེ་ཆོས་ཉན་པར་ལོ་བརྒྱར་གནས་པས་དེས་ལུང་བསྟན་ནས་ཉོན་མོངས་པ་འདོད་ཆགས་དང་ཤེས་སྒྲིབ་སྦྱོང་། དེ་ནས་བྱང་ཕྱོགས་ལས་གྲུབ་ཀྱི་ཞིང་ས་གཞི་དང་གཞལ་ཡས་ཁང་ཐམས་ཅད་མར་གད་ལས་གྲུབ་པའི་མཚན་ཉིད་སྔ་མ་ལྟ་བུར་བཅོམ་ལྡན་འདས་དཔལ་དོན་ཡོད་གྲུབ་པ་འཁོར་བཅས་ལྗང་གུར་གནས་པ་དེར་རང་ཉིད་ཀྱང་བྱང་སེམས་ལྗང་གུར་བྱས་ཏེ་ཆོས་ཉན་པར་ལོ་བརྒྱར་གནས་པས་དེས་དབུགས་དབྱུང་སྟེ་ཉོན་མོངས་པ་ཕྲག་དོག་དང་ཤེས་སྒྲིབ་སྦྱོང་། དེ་ནས་དབུས་ཕྱོགས་སྟུག་པོ་བཀོད་པ་ཞིང་ཁམས་གཞལ་ཡས་ཁང་དང་བཅས་པ་བཻཌཱུརྱ་ལས་གྲུབ་པ་མཚན་ཉིད་སྔ་མ་ལྟ་བུར་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་འཁོར་བཅས་མཐིང་ཁར་བཞུགས་པ་དེར་རང་ཉིད་ཀྱང་བྱང་སེམས་མཐིང་ཁར་བྱས་ཏེ་ཆོས་ཉན་པར་ལོ་བརྒྱར་གནས་པས་དེས་ཏིང་ངེ་འཛིན་གྱི་སྒོ་དུ་(༤༧བ)


GLG024_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྐྱེད་ནས་ཉོན་མོངས་པ་གཏི་མུག་དང་ཤེས་སྒྲིབ་སྦྱོང་། དེ་ནས་མདུན་གྱི་ནམ་མཁར་མི་མཇེད་བརྩེགས་པ་ཞེས་བྱ་བ་འཇིགས་པའི་དུར་ཁྲོད་མེ་རི་འབར་བར་ཟླ་གམ་དབང་གི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་དབང་ཆེན་ཡོངས་རྫོགས་ཁྲོ་བོའི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པ་མཐོང་སྟེ་འདི་ཉིད་མཐོང་བ་ཙམ་གྱིས་སྐལ་བ་དང་ལྡན་པའི་སྐྱེས་བུ་དེ། དེ་ཉིད་དུ་གྲོལ་ཏེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་ནས་གང་ལ་གང་འདུལ་གྱིས་སེམས་ཅན་མཐའ་ཀླས་པའི་དོན་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་མཛད་པའོ། །གཉིས་པ་སྤྲུལ་སྐུའི་ཞིང་དུ་གྲོལ་བར་མ་ནུས་པ་དབང་དུས་ཀྱི་ཉམས་ལེན་དྲན་ནས་མངལ་སྒོ་དགོག་པ་ནི། རང་བཞིན་སྤྲུལ་པའི་སྐུའི་ཞིང་དུ་གྲོལ་བར་མ་ནུས་པའི་བློ་དམན་དག་སྔར་བཤད་པའི་བར་དོ་རྣམས་ཤར་ཡང་ངོས་མ་ཟིན་པའི་རྒྱུས་འཁྲུལ་སྣང་ལ་ཨ་འཐས་པའི་བག་ཆགས་ཀྱིས་སྔོན་དུས་ཀྱི་ལུས་ཡོད་སྙམ་པའི་རྨི་ལམ་ལྟ་བུའི་ལུས་དེར་ཇི་ཙམ་གནས་པའི་ཕྱེད་སྔ་མ་ལ་སྔོན་དུས་ཀྱི་གཟུགས་དང་བག་ཆགས། ཕྱེད་ཕྱི་མར་ཡང་སྲིད་རྗེས་མའི་གཟུགས་སྣང་འཆར་བཞིན་པར་ཞག་བཞི་བཅུ་ཞེ་དགུ་ཚུན་གནས་པས། དེའི་ཚེ་བར་དོ་ནང་དང་ལྷ་མིག་དག་པས་མཐོང་། སྔར་བས་དྲན་པ་བདུན་འགྱུར་གྱི་གསལ། མངོན་ཤེས་ཕྲ་མོ་འཆར། དབང་པོ་ཀུན་ཚང་བ་དེ་རྡོ་རྗེ་གདན། རི་རབ། མའི་མངལ་གསུམ་མ་གཏོགས་གང་ལའང་ཐོགས་པ་མེད་པར་ཡད་ཡུད། ཆད་ཆོད། བལ་འདབ་རླུང་གིས་བསྐྱོད་པ་ལྟར་འགྲོ་ཞིང་ཡུལ་ཙམ་རེ་ལ་གར་ཡང་སླེབས་པ་རང་གི་ཁྱིམ་དང་ཉེ་འཁོར་རྣམས་རྨི་ལམ་ཙམ་དུ་འཕྲད་ནས་སྔོན་གྱི་བྱ་བར་བག་ཆགས་ཀྱིས་འཇུག་པ་བྱེད་ཀྱང་ལུས་རྒྱའི་རྟེན་མེད་པས་རང་དབང་མི་ཐོབ། སེམས་སྐྱོ་ཞིང་(༤༨ན)


GLG024_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བག་དྲང་། ཚིག་པ་ཟ། སྙིང་མི་དགའ། སྐྱི་ཟིང་ཟིང་བྱེད། འབྱུང་བཞིའི་རླུང་གིས་བསྐྱོད་པས་རླུང་གིས་གཡེངས་པ། སས་ནོན་པ། ཆུས་ཁྱེར་བ། མེས་ཚིག་པ་སོགས་སྡུག་བསྔལ་གྱི་འཇིགས་སྣང་ཆེ་བས་ལུས་དང་བྲལ་བར་ཤེས་ཏེ་ཤི་བ་ཡིན་འདུག་སྙམ་སྡུག་བསྔལ་ཆེན་པོས་བརྒྱལ་ནས་འཆི་ཆུང་རེ་བྱེད། རགས་པའི་ལུས་རྟེན་མེད་པར་ཉམ་ཐག་པས་ལུས་ཤིག་ཐོབ་ན་ཅི་འདྲ་ཞིག་བྱུང་ཡང་ཆོག་སྙམ་པ་འབྱུང་བར་དེའི་ཚེ་གང་ལ་ཐུག་ཀྱང་གནས་ངན་དུ་མི་འཇུག་བསམ་པའི་གཉེན་པོ་དང་དྲན་འདུན་གལ་ཆེ་ཞིང་སྤང་བླང་གི་སྐྱེ་གནས་ངོས་ཟིན་དགོས་པས། ལྷ་ལ་གཞལ་ཡས་ཁང་ངམ་སྐྱེད་ཚལ། ལྷ་མིན་ལ་འོད་ཀྱི་འཁོར་ལོའམ་རི་རབ་ཀྱི་ཟོམ། མི་ལ་ཁང་བཟང་ངམ་སྐྱེ་བོའི་འདུ་ཚོགས་དབུས་སུ་འདུག་པ། དུད་འགྲོ་ལ་གྲོག་པོའམ་ཆུ་གླིང་། ཡི་དྭགས་ལ་ས་ཕུག་གམ་སྤྱིལ་བུ། དམྱལ་བ་ལ་མུན་ནག་གམ་ཆར་འཐིབས་པ་ལྟ་བུ། འོད་ལམ་དང་འགྲོ་ཚུལ་ཡང་ལྷ་མི་གཉིས་དཀར་པོ་དང་པོ་མགོ་བོ་གྱེན་བསྟན། ལྷ་མིན་དང་བྱོལ་སོང་སེར་ཞིང་འཕྲེད་བསྟན་དམྱལ་བ་དང་ཡི་དྭགས་ནག་ཅིང་ཐུར་དུ་འགྲོ་བ་སྙམ་བྱེད། ཁྱད་པར་མི་ལ་ལུས་འཕགས་གླིང་དུ་སྐྱེ་ན་ངང་པ། སྒྲ་མི་སྙན་དུ་ཉ། བ་ལང་སྤྱོད་དུ་གླང་། འཛམ་བུ་གླིང་དུ་མི་ཕོ་མོ་སྤྱོད་པའི་ཉམས་འཆར་བས་ཐོད་རྒལ་མ་བསྒོམས་ཀྱང་ཁྲེག་ཆོད་ཙམ་མམ་ལུས་ངག་གི་རུ་ཤན་འབྱེད་པའི་དུས་གློ་བུར་དུ་ཚེའི་དུས་བྱས་པ་རྣམས་ལས་བཟང་པོའི་འཕྲོ་འཐུད་དེ་བར་དོ་ནས་འཁོར་བའི་རྒྱུན་ལྡོག་པ་ནི་དབང་པོ་ཐ་མའི་འབྲིང་གིས་གང་ཤར་ཡང་མ་དག་རིགས་དྲུག་གི་ལམ་དང་སྐྱེ་གནས་སུ་ཤེས་པར་བྱས་ནས་སྔོན་བླ་མ་ལ་དབང་ནོད་


GLG024_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲན་པས་བུམ་དབང་གི་ལམ་གསལ་བཏབ་སྟེ་སྣང་བ་ཡབ་ལ་སྟོང་པ་ཡུམ་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་ཤེས་པར་བྱ། གཞན་དག་འཁྲིག་པ་བསྟེན་པ་མཐོང་ན་བླ་མ་དང་ཡི་དམ་ཡབ་ཡུམ་དུ་བསྒོམས་ཏེ་གསང་དབང་ལམ་དུ་ལེན། ཆགས་སེམས་དྲག་པོ་བྱུང་ན་མིག་སེར་དང་ཞེ་སྡང་སྤངས་ནས་ཡབ་ཡུམ་བདེ་བ་གསུམ་པོ་རང་སེམས་སུ་ཤེས་པར་བྱས་ཤིང་དགའ་བཞིའི་དོན་བསྒོམས་པས་ཆགས་སེམས་བདེ་སྟོང་དུ་ངེས་ནས་ཤེར་དབང་ལམ་དུ་ལེན། འཛིན་ཞེན་དང་མིག་སེར་ལ་ནང་བྱན་ཆུད་ནས་རིག་པའི་རྩལ་དབང་ཀ་དག་དང་ལྷུན་གྲུབ་ཀྱི་དོན་བསྒོམས་པས་མངལ་སྒོ་ཁེགས་ནས་གྲོལ། དེ་ཙམ་མ་ནུས་ཀྱང་བདེན་མེད་དང་ཞེན་ལོག་གིས་བཀག་སྟེ་མངོན་དགའ་སོགས་ཞིང་ཁམས་ཡིད་ལ་བྱས་པས་འགྲོ་དྲུག་གི་མངལ་དུ་མི་འཇུག་པར་དག་པའི་ཞིང་དུ་པདྨ་ལས་བརྫུས་ཏེ་སྐྱེ། ཐ་མའི་ཐ་མས་བསྐྱེད་རིམ་གསལ་བཏབ་བླ་མའི་རྣལ་འབྱོར་བསྒོམ་ཞིང་བློས་ལིང་གིས་བཀལ། སྐྱིད་སྡུག་ཁྱེད་ཀྱིས་ཤེས་སྙམ་པའི་འདུན་པ་རྩེ་གཅིག་ཏུ་བྱས་པའི་བྱིན་རླབས་དང་སྐྱེ་གནས་དེ་ཉིད་ཡི་དམ་ཡབ་ཡུམ་དུ་གསལ་བའི་མཁའ་གསང་དུ་པདྨ་ཉི་ཟླའི་སྟེང་ན་ཡི་དམ་གྱི་ས་བོན་གསལ་བཏབ་སྟེ་རྣམ་ཤེས་བཅུག་པས་ཁམས་དྲུག་རྡོ་རྗེའི་ལུས་ཐོབ་ནས་གདམས་པ་འདི་ཉིད་མཁྱེན་པའི་བླ་མ་དང་མཇལ་ཏེ་ཉམས་ལེན་གྱི་འཕྲོ་འཐུད། ཐ་མས་བླ་མ་དང་ཕྱོགས་བཅུའི་སངས་རྒྱས། བདེར་གཤེགས་ཞི་ཁྲོ་སོགས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་རྩེ་གཅིག་ཏུ་ཡིད་ཀྱིས་བསམ་ཞིང་ངག་ཏུ་བརྗོད་པས་སྐྱེ་གནས་ངན་པའི་སྒོ་ཁེགས་ཏེ་དལ་འབྱོར་གྱི་ལུས་ཐོབ་ནས་དམ་པའི་ཆོས་ལ་ཐོས་བསམ་སྒོམས་པས་འཚང་རྒྱ་བ། རྩ་བའི་ས་བཅད་གསུམ་པ་བརྩོན་འགྲུས་ཐ་མ་དང་སྡིག་ཅན་དག་ཞིང་དུ་འཕོ་བའི་གདམས་(༤༩ན)


GLG024_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། སྡིག་ཅན་ངན་འགྲོ་ལས་སྐྱོབ་འཕོ་བའི་དོན། །ཆགས་མེད་དག་ནས་གནད་བཞིས་གྲོལ་བར་བྱེད། །ཅེས་པ་ལྟར་གྱི་ཉམས་ལེན་ནི་གཏེར་གཞུང་གི་འཕོ་བ་ཡེ་ཤེས་ཟང་ཐལ་ལ་མན་ངག་ཕྱག་ལེན་གྱིས་བརྒྱན་པ་བརྒྱུད་ལྡན་བླ་མའི་ཞལ་ལས་ཤེས་པར་བྱའོ། །རྩ་བའི་ས་བཅད་གསུམ་པ་རྗེས་ལ་གཙིགས་ཆེ་བས་བཀའ་རྒྱས་གདམས་པ་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་ལུགས། སྨོན་ལམ་དང་གསུམ་ལས། དང་པོ་ནི། འདི་ལྟ་བུའི་གདམས་པ་ཡིད་བཞིན་ནོར་བུ་བས་ཀྱང་ཆེས་དཀོན་པས་ཕྱི་རབས་ཀྱི་གང་ཟག་སྐལ་བ་དང་ལྡན་པ། བླ་མ་ལ་གུས་པ། དམ་ཚིག་དང་སྡོམ་པ་གསུམ་ལ་གནས་པ། སྒྲུབ་པ་ལ་བརྩོན་པ། རྫོགས་པ་ཆེན་པོའི་སྣོད་དུ་རུང་ཞིང་མཁའ་འགྲོའི་མཚན་རྟགས་ཚང་བ་མ་གཏོགས་རླུང་ཕྱོགས་ཙམ་དུ་ཡང་བསྒྲག་པར་མི་བྱའོ། །ཞེས་གཞུང་ཀུན་ལས་གསུངས། ཅིའི་ཕྱིར་ན། ཉེ་ལམ་འདི་ལྟ་བུ་ན། ཀུན་གྱི་སྤྱད་ཡུལ་མ་ཡིན་པས་ལྟོ་འགྲོས་རི་དྭགས་ཀྱི་འདོམས་རྩིའི་དྲི་ཚོར་བ་ལྟར་སྔར་རྣ་བར་མ་ཐོས་པ་རྒྱུ་མཚན་དུ་བྱས་ཏེ། ལམ་འདི་ལ་གཤེ་སྐུར་བཏབ་ནས་ཆོས་ལ་བརྟེན་པའི་སྡིག་བསགས་པས་ངན་འགྲོར་ལྷུང་བས་སོ། །གདམས་པ་འདིའི་སྣོད་དང་ལྡན་པའི་སྐལ་བ་མཆོག་གི་གང་ཟག་གཅིག་ཙམ་ལ་སྦྱིན་ཏེ། དེ་ཡང་ཐོག་མར་རང་གིས་བར་དོའི་གྲོལ་ཚད་ཡན་ཆད་རྒྱུད་ལ་སྐྱེས་པར་བྱས་ངོས། དེ་ནས་གཞན་གཅེས་འཛིན་གྱི་བསམ་པས་སྐྱོ་ངལ་མེད་པར་བསྟན་པར་བྱའོ། །དེའང་སྤྱིའི་སྲུང་མ་ཨེ་ཀ་ཛཱ་ཊི། སྒོས་སྲུང་ཁྱབ་འཇུག་ཆེན་པོ་དང་ཤིང་བྱ་ཅན་སོགས་བཀའ་གཉན་པས་འཁྲིད་དཔེ་འདི་ཉིད་ཀྱང་ཆོས་འདིར་སྙིང་ནས་མོས་པའི་དོན་གཉེར་ཅན་མ་(༤༩བ)


GLG024_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་ཀུན་ལ་འཆལ་པར་མི་སྟོན་པའི་བཀའ་རྒྱས་བཏབ་པ་གུ་ཧྱ་ས་མ་ཡ་དྷ་ཐིམ། གཉིས་པ་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་ལུགས་ནི། གོང་དུ་བཤད་པའི་ཉམས་ལེན་རྒྱས་པ་མ་འགྲུབ་ཅིང་རྒྱུན་དུ་ཉམས་ལེན་བྱ་འདོད་པ་རྣམས་ཀྱིས་ཐུན་མོང་གི་སྔོན་འགྲོས་རྩིས་ཟིན་པའི་སྒོ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཡོངས་རྫོགས་བྱ་བའམ་བསྡུ་ན་སྐྱབས་སེམས་ཀྱིས་གོ་བཅད། སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧྲཱིཿ། ཞེས་སོགས་ཀྱིས་རྟེན་བརྟེན་པ་བསྐྱེད་པ་དང་མཉམ་དུ་ལུས་དཀྱིལ་མོས་བློས་གསལ་འདེབས་པའམ་བསྡུ་ན་དག་པ་སྦྱོར་ཀ་དག་གི་རྩིས་ཟིན་པས་ཡོ་ག་རྣམ་གསུམ་གྱི་བསྐྱེད་རིམ་ཚང་། འཛབ་ཅུང་ཟད་བཟླ་བའམ་མ་བྱས་ཀྱང་འགལ་བ་མེད། ལོང་ཡོད་ཚེ་གཏུམ་མོའི་དམིགས་རྐང་གཅིག་ཙམ་བྱ། གཙོ་བོར་ཁྲེག་ཆོད་ཀྱིས་གདོད་མའི་གནས་ལུགས་གཏན་ལ་དབབ་པ། ཕབ་ནས་ངོ་སྤྲོད་པའི་ས་བཅད་དང་པོ་བཞི་པོར་བྱང་མ་ཆུབ་ན་དོན་གྱི་སྙིང་པོ་གསལ་འདེབས་ཀྱི་ཚུལ་དུ་ཤར་སྦྱང་ཙམ་དང་གོ་ཡུལ་དུ་ངེས་ཚེ་པར་བཀབ་མི་དགོས་པས། ས་བཅད་ལྔ་པ་ཉིད་ཉམས་ལེན་དངོས་ཡིན་པས་ཆིག་དྲིལ་དུ་བསྐྱང་། ཐོད་རྒལ་གྱི་ཆོས་ཉིད་མངོན་སུམ་དུས་སྐབས་དང་བསྟུན་ནས་ཉམས་སུ་བསྟར་ཞིང་བར་དོ་དང་འཕོ་བ་ཡང་མཆོག་དམན་གྱི་བློ་དང་འཚམ་པར་སྦྱང་ངོ་། །གསུམ་པ་སྨོན་ལམ་ནི། རྒྱལ་བ་ཀུན་གྱི་ཐུགས་བཅུད་འདུས་པ་སྟེ། །མཚོ་སྐྱེས་རྡོ་རྗེ་གུས་པའི་ཡིད་ཀྱིས་གཟུང་། །སྲིད་མཚོ་མི་བཟད་སྐེམ་པའི་ཉི་མ་ཡིན། །སྡུག་བསྔལ་ཆུ་བོ་སྒྲོལ་པའི་གྲུ་ཆེན་ཡིན། །དུས་གསུམ་རྒྱལ་བའི་དགོངས་པའི་ཡང་ཞུན་ཏེ། །སྡེ་གསུམ་རིམ་དགུ་བཅུད་ཀྱི་དངས་མ་འདི། །མཁའ་ཁྱབ་འགྲོ་བ་སྒྲོལ་བྱེད་དཔལ་དུ་ཤོག །ཅེས་རྒྱས་པར་བཀའ་སྩལ་(༥༠ན)


GLG024_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །འཇིག་རྟེན་དབང་ཕྱུག་དགོངས་པ་སྙིང་གི་ཐིག །རྒྱལ་དབང་པདྨའི་ཞལ་གྱི་ལུང་བཟང་རྒྱུན། །ལྷུན་གྲུབ་རྣམ་སྣང་ཐུགས་ཀྱི་ཟབ་མོའི་གཏེར། །ཐེག་མཆོག་རྒྱ་མཚོའི་ཆོས་ཀྱི་ཡང་རྩེར་སོན། །སྔགས་ཀྱི་རྣལ་འབྱོར་སྤྱོད་པ་སྣ་ནམ་ཞང་། །ལེགས་ལྡན་ནག་པོའི་མཐུ་ལས་རྣམ་འཕྲུལ་བས། །བདུད་སྡེ་འཇོམས་ཕྱིར་ནུས་སྟོབས་རྡོ་རྗེའི་མཚོན། །གདེངས་མཛད་པདྨའི་གདུང་འཚོབ་མངའ་རིས་པ། །མགོན་ཁྱོད་སྐལ་ཐོབ་རྩོད་མེད་ཟབ་གསང་ལམ། །ཕན་བདེའི་སྲོག་འཚོར་བདུད་རྩིས་བློ་ཅན་གྱི། །སྙིང་བུམ་གཏམས་ཚེ་ཉི་ཟླ་འོད་ཟེར་ཞེས། །གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་མཚན་དེ་སྙན། །འདི་དོན་ཐོས་དང་བསམ་ཞིང་ལེགས་བསྒོམ་པའི། །སྣོད་ལྡན་གདུལ་བྱར་གྱུར་པ་ཐོག་མེད་ནས། །བསོད་ནམས་དབྱར་གྱི་ཆུ་བོ་གྱེན་ནས་གྱེན། །འཕྱུར་བའི་མཐུ་ལས་བྱུང་གི་གཞན་དུ་ཅི། །མ་ཞིག་ཞིག་བརྫུ་དྭགས་ཀོང་ཁམས་ཕྱོགས་དིང་། །རྨུགས་པས་རང་མདོག་སྟོན་པའི་གཏེར་བརྫུས་མཁན། །ལྷ་མིན་གདོན་མདས་རང་སྙིང་མ་ཕུག་པའི། །ལེགས་བྱས་འདི་ལ་གཅིག་ཏུ་སྤྲོ་ཞིང་རངས། །བདག་འདྲས་གནས་ལྔ་མ་རིག་དབང་རྟུལ་ཡང་། །དྲུག་ལྡན་བརྒྱུད་པའི་ཆུ་བོ་མ་ཆད་ཅིང་། །གཏེར་སྟོན་དངོས་ཀྱི་གནང་བ་རབ་ཐོབ་པས། །བསྟན་བཅོས་རྩོམ་པའི་རྒྱུ་གཉིས་ཚང་ངམ་སྙམ། །དཔེ་མཐོང་ཙམ་ལ་རང་བཟོའི་རྩལ་བཤད་ཀྱིས། །གཞན་འདྲིད་བུམ་སྟོང་གཅིག་ནས་གཅིག་འཕྱོ་བའི། །རྣམ་ཐར་མ་ཡིན་དམར་འཁྲིད་རྒྱུད་ཐོག་ཏུ། །བཀལ་བའི་ཉམས་མྱོང་གདེངས་ཚད་ཅུང་ཟད་མཆིས། །ཟབ་དོན་འདི་ཀོ་ཐུབ་བསྟན་དེ་སྲིད་བར། །གནས་ཤིང་བདག་འདྲའི་དང་པོའི་(༥༠བ)


GLG024_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཅན་ལ། །ཕན་ཕྱིར་སྟོན་ཟླ་ལྟར་དཀར་ལྷག་བསམ་གྱིས། །བསྐྲུན་ལས་ཆོས་བརྒྱད་ཉོན་མོངས་ཅན་གྱིས་མིན། །སངས་རྒྱས་གཞན་ནས་རེ་བའི་མཁས་རློམ་གྱི། །སྟོང་བཤད་ཤར་འདྲེར་ནུབ་ཏུ་ཀླུད་གཏོང་ཚུལ། །མཐོང་ཚེ་ཟག་བཅས་ཕུང་པོ་འོད་སྐུ་རུ། །གྲོལ་འདི་གསང་ཆེན་རྙིང་མའི་ཁྱད་པར་ཆོས། །སྔགས་སྐྱོང་རག་གདོང་མ་དང་གཏོར་སྲུང་ཆེ། ཁྱབ་འཇུག་གནས་བདག་ཤིང་བྱ་ཅན་རྣམས་ཀྱིས། །ལོག་ལྟ་མཁན་ལ་སྦ་པའི་བྱ་ར་དང་། །སྣོད་ལྡན་ཚོགས་ལ་རྒྱས་པའི་འཕྲིན་ལས་མཛོད། །ལུས་ལ་སྣང་སྟོང་མཚན་དཔེ་འོད་སྐུར་སྨིན། །ངག་ལ་གྲག་སྟོང་ཚངས་པའི་དབྱངས་སུ་སྒྲོག །ཡིད་ལ་རིག་སྟོང་ཡེ་ཤེས་ཆེན་པོར་གསལ། །བདེ་སྟོང་ཟུང་དུ་འཇུག་པའི་བཀྲ་ཤིས་ཤོག །ཅེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་ཟླ་འོད་ཟེར་གྱིས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་བར་ཁང་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་གདན་དྲངས་པའི་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་འཁྲིད་ཡིག་རིགས་འཛིན་ཞལ་ལུང་ཞེས་བྱ་བ་འདི་ནི། གཏེར་བྱོན་དུ་རྡོ་རྗེའི་ཚིག་རྐང་དང་རྫོགས་རིམ་འཇའ་ལུས་མཆོག་སྦྱིན་སོགས་ཡིག་ཆ་འགའ་ཞིག་སྣང་བ་རྡོ་རྗེའི་ཚིག་བརླིང་བ་དང་ཆོས་བདག་བ་ལེ་བ་རྣམ་རྒྱལ་དཔལ་བཟང་གིས་མཛད་པའི་འཁྲིད་གཞུང་ནོར་བུའི་སྒྲོན་མེར་བུམ་དབང་ཡན་དང་བར་དོའི་སྐོར་མི་གསལ་པ་འདུག་པས་རིགས་འཛིན་ཆེན་པོ་ཉིད་ཀྱིས་རང་གཏེར་ལ་རྒྱུན་བསངས་འཆད་ཉན་བསམ་སྒོམ་གྱིས་ཤིག་པར་གནང་བར་སྩལ་བའི་རྐྱེན་གྱིས་སྦྱོར་དངོས་རྗེས་ཚང་ཞིག་བྱེད་པའི་འདུན་པ་ལྷག་པར་ཆེ་བའི་སྟེང་དགེ་སློང་འཇམ་དབྱངས་གྲགས་པ་དང་འཚོ་བྱེད་དར་མོ་བ་བློ་བཟང་ཆོས་གྲགས་གཉིས་ཀྱིས་མཚམས་(༥༡ན)


GLG024_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བས་ཀྱང་བྱེད་པོས་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་དང་ཟུར་གསང་བདག་སྒྲོ་ཕུག་པ་སོགས་ཟབ་ལམ་རྫོགས་པ་ཆེན་པོ་ལ་བརྟེན་ནས་གྲོལ་བ་བརྙེས་པ་དམ་པ་དུ་མའི་རྣམ་སྤྲུལ་དུས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་བམ་མཚན་གཞན་བསོད་ནམས་རྣམ་རྒྱལ་གྱི་མཁྱེན་བརྩེ་ནུས་གསུམ་གྱི་མཐུས་རང་བཞིན་རྫོགས་པ་ཆེན་པོར་བག་ཆགས་སད་ཅིང་གཉགས་ཛྙཱ་ན་ཀུ་མཱ་རའི་ཟློས་གར་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། པཎ་ཆེན་དྲི་མེད་བཤེས་གཉེན་གྱི་ཐུགས་རྗེའི་འོད་ཟེར་ཁྱབ་བདག་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེ། པ་ཀོར་བཻ་རོ་ཙ་ནའི་ཡང་སྲིད་ཆོས་རྒྱལ་གཏེར་བདག་གླིང་པ་གསུམ་གྱི་སྤྱན་སྔར་གཏེར་ཁ་དུ་མའི་རྫོགས་པ་ཆེན་པོའི་དབང་ལུང་འཁྲིད་མན་ངག་མྱོང་ཐོག་ཏུ་གཏན་ལ་ཕབ་པའི་བཀའ་དྲིན་ལ་བརྟེན་ནས་ཆོས་ཚུལ་འདི་ལ་བློ་མིག་ཡངས་པོ་ཡུལ་ལྷ་རྒྱུད་དུ་བྱུང་བའི་ཟ་ཧོར་གྱི་རིགས་ལས་སྔགས་པ་རྒན་པོ་གང་ཤར་རང་གྲོལ་གྱིས་གཏེར་བྱོན་གྱི་དགོངས་པ་གཙོ་བོར་བཟུང་རིན་པོ་ཆེ་བ་ལེ་བའི་འཁྲིད་ཡིག །གཞན་ཡང་མཁའ་འགྲོ་ཡང་ཏིག །རིགས་འཛིན་རཏྣ་གླིང་པའི་ཀློང་གསལ། རྒྱལ་སྲས་ཐུགས་མཆོག་རྩལ་གྱིས་མཛད་པའི་གསང་སྐོར་གྱི་འཁྲིད། རྗེ་སྣ་ཚོགས་རང་གྲོལ་གྱིས་མཛད་པའི་ཀུན་བཟང་དགོངས་འདུས་ཀྱི་སྙིང་པོ་དོན་འཁྲིད་རྣམས་ནས་ཁ་འགེང་དགོས་པ་བསྣན། དཔལ་ལྡན་བླ་མ་རྣམས་ཀྱི་གསུང་སྒྲོས་ཁྱད་པར་ཅན་ལས་བྱུང་བས་ལེགས་པར་བརྒྱན་ཏེ་དཔྱད་པས་དག་པར་བྱས་ནས་བློ་གྲོས་ཡངས་པའི་རིགས་ལ་ཡིག་ཆ་གཞན་ནས་རྒྱས་བཤད་ལེན་རྩིས་དང་ཉམས་འཁྲིད་མྱོང་ཐོག་ཏུ་བསྒྲིལ་བའི་སྐབས་མཐའ་གཅོད་རྩོད་སྤོང་ལུང་སྦྱོར་མངས་པ་མགོ་རྨོངས་ཀྱི་རྒྱུར་འགྲོ་འདུག་པས་དགོས་ངེས་འགའ་ཞིག་མ་གཏོགས་(༥༡བ)


GLG024_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཉུང་བ་གཙོ་བོར་བྱས་ཏེ་ཀུན་དགའ་ཞེས་པ་ཤིང་སྟག་ཧོར་ཟླ་དང་པོའི་ཆོ་འཕྲུལ་གྱི་དུས་ཆེན་ཚེས་བཅོ་ལྔའི་ཉིན་རང་བྱུང་འཕགས་པའི་གཙུག་ལག་ཁང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ལས་བྱང་ཕན་བདེའི་འབྱུང་གནས།


GLG024_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ལས་བྱང་ཕན་བདེའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །


GLG024_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཨཱརྱ་པཱ་ཎི་པདྨ་ཤུཀླ་དྷ་རཱ་ཡ། རྨད་བྱུང་ཐུགས་རྗེ་ཆེན་པོའི་ཆར་རྒྱུན་གྱིས། །འགྲོ་བའི་ཕན་བདེའི་ལོ་ཏོག་རྒྱས་མཛད་པའི། །འཁོར་ལོའི་དབང་ཕྱུག་རྗེ་བཙུན་པད་དཀར་འཛིན། །འབྲལ་མེད་གཙུག་གི་པད་མཚོར་རྟག་ཏུ་བསྟེན། །གང་དེའི་སྤྲུལ་པའི་རྣམ་རོལ་པདྨ་འབྱུང་། །གསང་ཆེན་བཀའ་ཡི་བསྡུ་པོ་མཁར་ཆེན་བཟའ། །ཟབ་དོན་གཏེར་གྱི་སྒོ་འབྱེད་རྒོད་ལྡེམ་སོགས། །དངོས་བརྒྱུད་རིག་འཛིན་ཚོགས་རྣམས་ཕྱག་གི་ཡུལ། ཁྱད་པར་ཆོས་རྒྱལ་མངྒའི་མཚན་ཅན་གྱི། །དྲི་མེད་རིང་ལུགས་འཛིན་པའི་རྡོ་རྗེ་འཆང་། །བཀའ་དྲིན་མཉམ་མེད་རྗེ་བཙུན་པདྨ་དབང་། །སྙིང་དབུས་རྡོ་རྗེའི་གདན་ལ་རྟག་བཞུགས་ཤིག །མཐོང་ཐོས་དྲན་པས་འཁོར་བ་ལས་སྒྲོལ་ཞིང་། །ཉམས་སུ་བླངས་ན་རང་རིག་ཀུན་ཏུ་བཟང་། །ཚེ་འདིར་མངོན་དུ་འགྱུར་བྱེད་ཟབ་མོའི་ལམ། །འཕྲིན་ལས་མཁས་པའི་ཕྱག་ལེན་བཞིན་དུ་འདྲི། །བྱང་གཏེར་ཐུགས་སྒྲུབ་རྣམ་གསུམ་ལས་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་འཕྲིན་ལས་འཁྲིགས་སུ་བསྒྲིགས་པ་ལ། བུམ་པ་མཆོད་གཏོར་སོགས་ཡོ་བྱད་རྣམས་ཕྱག་ལེན་ལྟར་བཤམས་ལ། དང་པོ་དད་ལྡན་སྐྱེས་བུ་རྣམས༔ འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས༔ ཡང་དག་སྙིང་པོའི་དོན་ཚོལ་ན༔ ལེགས་པར་ངན་སོང་སྡུག་བསྔལ་བསམ༔ དབེན་པའི་གནས་སུ་ཡོ་བྱད་བསགས༔ བདེ་བའི་(༢ན)


GLG024_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་འདུག་པར་བྱ༔ རིན་ཆེན་གནད་ཀྱི་གཟེར་ལྔ་བརྩིས༔ དང་པོ་སྐྱབས་འགྲོ་སེམས་སྐྱེད་ནི༔ བདག་དང་ཁམས་གསུམ་སེམས་ཅན་ཀུན༔ ལོག་པའི་ལམ་ལས་བཟློག་ནས་ཀྱང་༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ ཉོན་མོངས་དབང་གྱུར་སྡུག་བསྔལ་ལས༔ ཐར་པར་བྱ་ཕྱིར་སེམས་བསྐྱེད་དོ༔ བདག་གི་སྤྱི་བོ་ནམ་མཁའི་ཁམས༔ ཉི་ཟླ་པདྨའི་གདན་སྟེང་དུ༔ བླ་མ་བཀྲག་དང་གཟི་མདངས་ལྡན༔ མཛེས་པའི་ན་བཟའ་སྐུ་ལ་གསོལ༔ ཞལ་འཛུམ་མདངས་དང་ལྡན་པར་བསམ༔ ཤར་ཕྱོགས་མདུན་གྱི་ནམ་མཁའ་ལ༔ ཤཱཀྱ་སེང་གེ་ལ་སོགས་པའི༔ ཡི་དམ་ལྷ་ཚོགས་ཐམས་ཅད་ཀུན༔ ཁ་དོག་ལྔར་གསལ་རྣམ་དག་བསམ༔ ལྷོ་ཕྱོགས་བདེ་བར་གཤེགས་པའི་གསུང་༔ གླེགས་བམ་ཡི་གེའི་རྣམ་པ་ལ༔ དམ་ཆོས་མ་ལུས་འདུས་པར་བསམ༔ ནུབ་ཕྱོགས་བྱང་ཆུབ་སེམས་དཔའི་ཚོགས༔ རིགས་གསུམ་མགོན་པོ་བྱམས་པ་དང༔ འགྲོ་དོན་མཛད་པ་ཐམས་ཅད་བསམ༔ བྱང་ཕྱོགས་དམ་ཆོས་སྐྱོང་བ་ཡི༔ ཆོས་སྐྱོང་མཁའ་འགྲོ་དམ་ཅན་རྣམས༔ བཀའ་ཉན་ལས་བྱེད་ཕོ་ཉར་བསམ༔ འོག་ཏུ་རིགས་དྲུག་སེམས་ཅན་རྣམས༔ སྙིང་རྗེའི་སེམས་ཀྱིས་ཀུན་བསྡུས་ནས༔ ལས་ལ་འགྱོད་པས་སེམས་སྐྱེད་བསམ༔ རྩེ་གཅིག་གུས་པས་སྐྱབས་འགྲོ་བྱ༔ ཀྱེ་མ། ཁམས་གསུམ་འཁོར་བར་འཁྱམས་པའི་(༢བ)


GLG024_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན༔ བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ མ་རིག་མུན་པས་བསྒྲིབས་པའི་ལས་ངན་སྦྱངས༔ དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལ༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ བྱང་ཆུབ་མ་ཐོབ་བར་དུ་ཐུགས་རྗེས་གཟིགས༔ ཡོན་ཏན་ཀུན་འབྱུང་དངོས་གྲུབ་མཆོག་གི་གནས༔ བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི༔ གང་ལ་གང་འདུལ་འགྲོ་བའི་དོན་མཛད་པའི༔ ཡི་དམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི༔ སངས་རྒྱས་གསུང་ལས་སྤྲུལ་པའི་ཡི་གེར་བྱོན༔ ཉོན་མོངས་འཇོམས་བྱེད་ཆོས་ལ་སྐྱབས་སུ་མཆི༔ ཐུགས་རྗེ་ཆེན་པོས་འགྲོ་དོན་སྟོབས་ཆེན་མཛད༔ བྱང་ཆུབ་སེམས་དཔའི་ཚོགས་ལ་སྐྱབས་སུ་མཆི༔ གདུལ་བྱའི་དོན་དུ་དྲག་པོའི་སྐུར་སྟོན་པ༔ ཆོས་སྐྱོང་དམ་ཅན་རྣམས་ལ་སྐྱབས་སུ་མཆི༔ བདག་གིས་དུས་གསུམ་བསགས་པའི་དགེ་བ་ཡིས༔ འགྲོ་བ་མ་ལུས་བྱང་ཆུབ་ཐོབ་པར་ཤོག༔ རང་བྱུང་རིག་པ་རང་ཤར་ཆོས་ཀྱི་སྐུ༔ ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག༔ བདག་ནི་དུས་འདི་ནས་བཟུང་ཚེ་རབས་སུ༔ འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག༔ ཕྱིའི་མཎྜལ་ནི། ན་མོ། དབང་ཆེན་གཞལ་ཡས་དབུས་ཀྱི་ལྟེ་བ་ལ༔ རི་རྒྱལ་ལྷུན་པོ་བརྗིད་ཅིང་འགྱིང་བག་ལྡན༔ གསེར་གྱི་རི་བདུན་རོལ་བའི་མཚོ་བདུན་རྣམས༔ གཉེན་ལྕུག་སྲ་བརྟན་རིན་ཆེན་རྩིག་པར་བལྟམས༔ གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་ཕྱོགས་མཚམས་བསྐོར༔ ལྷ་དང་མི་ཡི་འདོད་ཡོན་རྒྱན་གྱིས་གང་༔ ཉི་ཟླའི་འོད་ཀྱིས་འཇིག་རྟེན་མུན་པ་སེལ༔ ལྕགས་རི་མུ་ཁྱུད་མཐའ་ནས་ལེགས་པར་བསྐོར༔ ཕྱི་ལྟར་སྣོད་ཀྱི་འཇིག་རྟེན་སྣང་བ་འདི༔ བླ་མེད་དཀོན་མཆོག་གསུམ་ལ་གུས་པས་འབུལ༔ བདག་གཞན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས༔ ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག༔ ནང་གི་མཎྜལ་ནི༔ ན་མོ༔ འཇིག་རྟེན་ལས་ཀྱིས་འདུས་པའི་བར་དོ་རུ༔ (༣ན)


GLG024_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལུས་ཤིན་ཏུ་གཅེས་པར་བཟུང་བ་ཡི༔ ཡུལ་མཁར་ལོངས་སྤྱོད་འདོད་པའི་ར་བར་བཅས༔ བྱམས་པའི་ཕ་མ་འཛའ་བའི་གྲོགས་དང་ནི༔ བུ་དང་བུ་མོ་གཅེས་པའི་འཁོར་གྱིས་བསྐོར༔ ཟས་ནོར་གོས་དང་ལོངས་སྤྱོད་རྒྱན་དང་ལྡན༔ བཀྲག་མདངས་མཛེས་པའི་ཁ་དོག་རང་འོད་བཅས༔ འཛིན་པའི་སེམས་ཀྱིས་གཅེས་པར་བཟུང་བ་ཡི༔ བདག་གི་འཇིག་རྟེན་འདི་ཡི་གཅེས་པ་ཀུན༔ གུ་རུ་རཏྣ་སྤྲུལ་པའི་སྐུ་ལ་འབུལ༔ བདག་གི་ཉོན་མོངས་འཛིན་པའི་ཡུལ་དག་ནས༔ དག་པ་ཡེ་ཤེས་རང་གནས་སྟན་དུ་གསོལ༔ གསང་བའི་མཎྜལ་ནི༔ ཧཱུཾ། བདག་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་དུ༔ སེམས་ཀྱི་རྟེན་གནས་ཙིཏྟ་འབར་བ་ལ༔ དབང་པོ་སྒོ་ལྔའི་རྟེན་གྱིས་མཐའ་རྟེན་བྱས༔ རྣམ་ཤེས་ཚོགས་བརྒྱད་འཁོར་གྱིས་རབ་ཏུ་བརྒྱན༔ ཤ་ཁྲག་རུས་པ་ནང་ཁྲོལ་སྣ་ཚོགས་ལྡན༔ མིག་གཉིས་དངས་པའི་འོད་ཀྱིས་མུན་པ་སེལ༔ བདག་ལུས་ལོངས་སྤྱོད་རྒྱས་པའི་སྒྱུ་ལུས་འདི༔ ངེས་པའི་དོན་སྟོན་བླ་མ་ཉིད་ལ་འབུལ༔ བདག་གི་ལམ་གྱི་འཁྲུལ་སྣང་ཀུན་དག་ནས༔ རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལ༔ རང་གི་སྒྱུ་ལུས་བེམ་པོ་འདིའི༔ སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ ཨཱཿལས་རྡོ་རྗེ་སེམས་དཔའ་ཉིད༔ དུང་མདོག་ཞལ་གཅིག་ཕྱག་གཉིས་པ༔ རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་མཛད༔ དེ་ཡི་ཐུགས་ཀར་ཡི་གེ་ཨཱ༔ ཨཱཿལས་འོད་འཕྲོས་མདངས་དང་ལྡན༔ ཨཱཿལས་བདུད་རྩིའི་ཆུ་རྒྱུན་འབབ༔ བདག་གི་སྤྱི་གཙུག་རྐང་མཐིལ་བར༔ ཕྱི་ནང་ལུས་བཀྲུས་དག་པར་བསམ༔ ཨཱོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་ཌི་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་(༣བ)


GLG024_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝ་ན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མ་མེ་མུཉྩ༔ བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ རང་གི་ཡུལ་མཁར་ཁང་ཁྱིམ་དང་༔ ས་རྡོ་རི་བྲག་འཇིག་རྟེན་ཁམས༔ བརྩིགས་དང་གནས་དང་འཇིག་པ་དང་༔ དུས་ཀྱི་འཕོ་འགྱུར་ལེགས་པར་བསམ༔ བར་དུ་རང་གི་དགྲ་དང་གཉེན༔ སྲོག་ཆགས་ཀུན་དང་རང་གི་ལུས༔ སྐྱེ་དང་གསོན་དང་འཆི་བར་བསམ༔ ཐ་མ་འཁོར་བ་རིགས་དྲུག་གི༔ སྡུག་བསྔལ་རིམ་པར་བརྟག་ཅིང་བསམ༔ ཐུན་དུ་བཅད་ལ་མི་རྟག་སྒོམ༔ མི་རྟག་བསྒོམས་པས་ཆོས་ལ་འཇུག༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཐུགས་རྗེས་འགྲོ་བའི་དོན་མཛད་ཀྱང་༔ བདག་ནི་འཁོར་བའི་གནས་སུ་འཁྱམས༔ ད་ལྟ་ངེས་པའི་དོན་སྟོན་པའི༔ བླ་མ་དེ་ནི་སངས་རྒྱས་ཀྱི༔ སྤྲུལ་པ་ཡིན་ཏེ་སྐུ་དྲིན་ཆེ༔ དཔེར་ན་ཡིད་བཞིན་ནོར་བུ་དེ༔ འབྱུང་བ་ལྔ་ཡི་བཅུད་ཡིན་ཡང་༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ༔ རྩོལ་བ་མེད་པར་གྲོགས་སུ་འབྱུང་༔ རྒྱལ་པོ་དགུང་དུ་གཤེགས་པའི་ཚེ༔ ས་རྡོ་གཞན་གྱིས་མི་ཐུབ་པར༔ འབྱུང་བ་ལྔ་ལ་ཟང་ཐལ་དུ༔ གཤེགས་ཏེ་རྒྱ་མཚོ་ཆེན་པོའི་ནང་༔ རིན་ཆེན་གསེར་གྱི་ས་གཞི་ལ༔ ནོར་བུ་རིན་ཆེན་ཆགས་པར་འགྱུར༔ དེ་བཞིན་མན་ངག་ཟབ་མོའི་ཆོས༔ ངེས་དོན་སྟོན་པའི་བླ་མ་དེ༔ སངས་རྒྱས་ཀུན་གྱི་སྤྲུལ་པ་ཡིན༔ བདག་ལ་སངས་རྒྱས་ཀུན་ལས་ལྷག༔ ལས་བྱུང་གང་ཟག་ཡོད་པའི་སར༔ རྩོལ་བ་མེད་པར་འབྱུང་བར་འགྱུར༔ དད་མེད་ལོག་ལྟ་སྡིག་སྤྱོད་གནས༔ དེར་ནི་བཞུགས་པར་མི་འགྱུར་ཏེ༔ དག་པའི་ཞིང་དུ་གཤེགས་པར་འགྱུར༔ གསང་སྔགས་ངེས་པའི་དོན་འདོད་ན༔ བླ་མའི་རྣལ་འབྱོར་བསྒོམ་པར་བྱ༔ བླ་མའི་རྣལ་འབྱོར་ནི༔ རང་མདུན་བྱང་ཆུབ་སེམས་ཀྱི་འོད་ཆེན་ནང་། །ཡན་ལག་བརྒྱད་ལྡན་དབུས་ན་ལེགས་(༤ན)


GLG024_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི། །རིན་ཆེན་ལས་གྲུབ་པད་སྡོང་ལོ་འབྲས་རྒྱས། །འོད་དང་འོད་ཟེར་རིན་ཆེན་དུ་མ་འཕྱང་། །དེ་ཉིད་རྩ་རྩེར་པདྨ་སྟོང་ལྡན་དབུས། །ཉི་ཟླ་འོད་ལྔ་ཀུན་དུ་འཁྲིགས་པའི་ཀློང་། །མགོན་པོ་འོད་དཔག་མེད་པ་སྐུ་མདོག་དམར། །ཆོས་གོས་ཤམ་ཐབས་མཉམ་གཞག་ཕྱག་རྒྱའི་སྟེང་། །རིན་ཆེན་བུམ་པ་བདུད་རྩིས་གང་བ་བཅས། །དེ་འོག་པད་སྡོང་ཉི་ཟླ་འོད་ཕུང་དབུས། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །དཀར་གསལ་ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་། །མུ་ཏིག་ཕྲེང་བ་པདྨ་རིན་ཆེན་རྒྱན། །སྣ་ཚོགས་དར་གྱིས་སྟོད་སྨད་མཛེས་པར་སྤྲས། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །ཨུ་རྒྱན་པདྨ་དཀར་དམར་གཉེན་ཞུ་དང་། །ཟ་བེར་ཆོས་གོས་ཕོད་ཀ་རྡོ་རྗེ་ཐོད། །རིན་ཆེན་དུ་མའི་རྒྱན་སྤྲས་སྤྲུལ་སྐུའི་ཆས། །དེ་འོག་པད་སྡོང་ཕྱོགས་བཞི་དབུས་ལྔའི་སྟེང་། །ཉི་ཟླ་འོད་ལྔ་འཁྱིལ་བའི་དབུས་ཉིད་དུ། །རྒྱལ་ཡུམ་མཚོ་རྒྱལ་དཀར་དམར་རྣལ་འབྱོར་ཆས། །གྲི་གུག་ཐོད་ཁྲག་རིན་ཆེན་དར་གྱིས་བརྒྱན། །ཤར་དུ་མ་སྙེད་རབ་བྱུང་གཉེན་ཞུ་དང་། །ཆོས་གོས་ཟ་བེར་རྡོ་རྗེ་དྲིལ་བུ་འཛིན། །ལྷོ་རུ་ཆོས་རྒྱལ་དཀར་དམར་དར་ཐོད་ཆས། །ཕྱག་གཉིས་རིན་ཆེན་གཙོ་ལ་དབུལ་བའི་ཚུལ། །ནུབ་ཏུ་རྒྱལ་སྲས་དཀར་དམར་རྒྱལ་པོའི་ཆས། །ཕྱག་གཉིས་རིན་ཆེན་གཞོང་པ་བཅུད་གང་འཛིན། །བྱང་དུ་རྡོ་རྗེ་བདུད་འཇོམས་སྔགས་འཆང་ཆས། །ཕྱག་གཉིས་ཕུར་པ་སྡིགས་མཛུབ་བགེགས་ལ་གཟིར། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །གཏེར་སྟོན་ཆེན་པོ་དམར་སྨུག་སྔགས་འཆང་ཆས། །ཕྱག་གཉིས་ཆོས་འཆད་གླེགས་བམ་འཛིན་པའི་ཚུལ། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །རྒྱལ་སྲས་རྣམ་རྒྱལ་མགོན་པོ་རབ་བྱུང་ཆས། །དཀར་དམར་རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །ཐུགས་སྲས་སངས་རྒྱས་བསྟན་པ་རབ་བྱུང་ཆས། །དཀར་དམར་ཕྱག་གཉིས་རྡོ་རྗེ་བུམ་པ་(༤བ)


GLG024_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །རིག་འཛིན་སངས་རྒྱས་བྱམས་བཟང་རབ་བྱུང་ཆས། །དཀར་དམར་ཕྱག་གཉིས་ཆོས་འཆད་ཕྱག་རྒྱའོ། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །རིག་འཛིན་སངས་རྒྱས་དཔལ་བཟང་རབ་བྱུང་ཆས། །དཀར་སྨུག་ཕྱག་གཉིས་རྡོ་རྗེ་ཐོད་པ་འཛིན། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །རིན་ཆེན་ཆོས་རྒྱལ་བསོད་ནམས་སྔགས་འཆང་ཆས། །དམར་སྨུག་ཕྱག་གཉིས་རྡོ་རྗེ་ཕུར་པ་འཛིན། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །སྤྲུལ་སྐུ་ཤཱཀྱ་བཟང་པོ་སྔགས་འཆང་ཆས། །སྨུག་ནག་ཕྱག་གཉིས་རྡོ་རྗེ་བུམ་པ་འཛིན། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །པད་མ་དབང་རྒྱལ་དམར་སྨུག་རབ་བྱུང་ཆས། །ཕྱག་གཉིས་ཆོས་འཆད་རིན་ཆེན་སྦྱིན་པའི་ཚུལ། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །རྡོ་རྗེ་བདུད་འཇོམས་སྔགས་འཆང་སྤྲུལ་སྐུའི་ཆས། །དཀར་དམར་ཕྱག་གཉིས་མཆོག་སྦྱིན་གཏེར་སྒྲོམ་འཛིན། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །རིག་སྔགས་འཆང་བ་ཆོས་རྒྱལ་དབང་པོའི་སྡེ། །དབུ་སྐྲའི་ཐོར་ཚུགས་དཀར་དམར་ན་བཟས་བརྗིད། །ཆོས་འཆད་པད་སྙིང་གླེགས་བམ་རལ་གྲི་བསྣམས། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །སྐྱབས་གནས་ཀུན་འདུས་རིག་འཛིན་ངག་གི་དབང་། །དཀར་དམར་དབང་རྟགས་ཅོད་པན་རྟགས་རྒྱས་མཛེས། །གཡས་གཡོན་རྡོ་རྗེ་ཚེ་ཡི་བུམ་པ་འཛིན། །དེ་འོག་པད་སྟོང་ཉི་ཟླའི་འོད་ལྔའི་དབུས། །ཡོལ་མོ་གཏེར་སྟོན་སྨུག་ནག་སྔགས་འཆང་ཆས། །ཕུར་པ་བདུད་རྩིས་གང་བའི་ཐོད་པ་འཛིན། །དེ་འོག་པད་སྡོང་ཉི་ཟླ་འོད་ལྔའི་དབུས། །རྡོ་རྗེ་འཆང་དངོས་ཟུར་ཆེན་པདྨ་དབང་། །དཀར་དམར་རབ་བྱུང་ཆས་ལྡན་ཕྱག་གཡས་པ། །ཆོས་འཆད་གཡོན་པ་ཚེ་ཡི་བུམ་པ་འཛིན། །དེ་དག་ཀུན་གྱི་པད་སྡོང་རྩ་བའི་སྟོད། །རང་ལུས་སྙིང་ཐད་ཉི་ཟླ་འོད་ལྔའི་དབུས། །རྩ་བའི་བླ་མ་དཀར་དམར་རབ་བྱུང་ཆས། །གཡས་པ་པད་དཀར་འཛིན་(༥ན)


GLG024_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་རྡོ་རྗེ་དང་། །ཕྱག་གཡོན་མཉམ་གཞག་སྟེང་ན་ཚེ་བུམ་འཛིན། །ཟབ་དོན་ཆོས་སྒྲས་འགྲོ་བའི་རེ་བ་བསྐོང་། །པད་སྡོང་ཡལ་ག་ཕྱོགས་ཀུན་རྒྱས་པའི་སྟེང་། །རིམ་དགུ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་དང་། །གཏེར་དབང་ཞིང་སྐྱོང་དཀར་ཕྱོགས་སྐྱོང་བའི་འཁོར། །ཀུན་ཀྱང་མཚན་དཔེར་ལྡན་པའི་དག་སྣང་གིས། །འགྲོ་དྲུག་ཉམས་འོག་ཆུད་པའི་དུངས་སེམས་ཀྱིས། །ཕྱི་ནང་གསང་གསུམ་དངོས་འབྱོར་ཡིད་སྤྲུལ་ནས། །ཕངས་མེད་ལྟོས་པ་མེད་པར་ཡང་ཡང་འབུལ། །ཨཱོཾ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། །མདུན་གྱི་རྟེན་གྱི་མཆོག་གསུམ་རྩ་བ་གསུམ། །སྐུ་གསུམ་འདི་ཕྱིའི་འདྲེན་སྟོན་ཡིན་བསམས་ལ། །གདུང་དབྱངས་ལྡན་པས་གསོལ་བ་འདི་ལྟར་གདབ། །ན་མོ་གུ་རུ་བྷྱཻ། དང་པོའི་མགོན་པོ་ཆོས་སྐུ་འོད་དཔག་མེད། །ཐུགས་རྗེའི་བདག་ཉིད་ལོངས་སྐུ་སྤྱན་རས་གཟིགས། ཁམས་གསུམ་འདྲེན་མཆོག་སྤྲུལ་པ་ཨུ་རྒྱན་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་དང་། །ཧཱུཾ་ཆེན་སྤྲུལ་པ་ནམ་མཁའི་སྙིང་པོ་དང་། །འཇམ་དབྱངས་བྱིན་བརླབས་ཁྲི་སྲོང་ལྡེའུ་བཙན་ཞབས། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །ཨུ་རྒྱན་ཐུགས་སྲས་མུ་ཁྲི་བཙན་པོ་དང་། །གདམས་པའི་བཀའ་བབས་རྗེ་འབངས་ཉི་ཤུ་ལྔ། །གསང་སྔགས་རྣལ་འབྱོར་རྡོ་རྗེ་བདུད་འཇོམས་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །ཟབ་གཏེར་བརྙེས་པའི་རྒོད་ལྡེམ་དངོས་གྲུབ་མཚན། །སྐུ་ཡི་སྲས་མཆོག་རྣམ་རྒྱལ་མགོན་པོ་དང་། །རྩེ་གཅིག་སྒྲུབ་བརྩོན་སངས་རྒྱས་བསྟན་པའི་ཞབས། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །ཐུགས་རྗེའི་བྱིན་རླབས་བྱམས་པ་བཟང་པོ་བ། །བསམས་བཞིན་འགྲོ་དོན་མཛད་པའི་སངས་རྒྱས་དཔལ། །གྲུབ་པའི་དབང་ཕྱུག་ཆོས་རྒྱལ་(༥བ)


GLG024_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །སྤྲུལ་པའི་སྐུ་མཆོག་ཤཱཀྱ་བཟང་པོ་དང་། །མཁྱེན་རབ་ཐུགས་རྗེ་ལྡན་པའི་པདྨ་དབང་། །བརྒྱུད་པའི་བཀའ་བབས་རིག་འཛིན་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །མངའ་བདག་སྐྱེ་སྤྲུལ་ཆོས་རྒྱལ་དབང་པོའི་སྡེ། །རྩོད་དུས་པདྨའི་རྒྱལ་ཚབ་ངག་གི་དབང་། །རྒྱལ་སྲས་ཡོལ་མོ་སྟོབས་ལྡན་དཔའ་བོ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །ཐེག་མཆོག་ཆོས་ཀྱི་རྒྱལ་པོ་ཀུན་དགའི་ཞབས། །རིག་སྔགས་འཆང་བ་གང་ཤར་རང་གྲོལ་དང་། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །ཕུང་ཁམས་རྣམ་དག་ཐུགས་རྗེའི་དཀྱིལ་འཁོར་ལྷ། །འཕྲིན་ལས་ཀུན་སྒྲུབ་དཔའ་བོ་མཁའ་འགྲོའི་ཚོགས། །བཀའ་སྲུང་དབང་གི་མ་བདུན་གཏེར་སྐྱོང་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་གྱིས་རློབས། །བདག་དང་མཁའ་མཉམ་འགྲོ་དྲུག་མ་ལུས་ཀུན། །གསོལ་འདེབས་གདུང་ཤུགས་དྲག་པོས་སྐུལ་འདེབས་ན། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་གསང་མཛོད་ནས། །སྨིན་གྲོལ་དབང་བཞིའི་བདུད་རྩིའི་རྒྱུན་ཕོབ་ལ། །སྒྲིབ་དག་དབང་བཞིས་སྒོ་གསུམ་སྨིན་གྲོལ་ནས། །སྐུ་བཞིའི་རྒྱལ་སྲིད་དག་ལ་མྱུར་གནས་ཤོག །བླ་མ་འཇའ་དང་འོད་དུ་ཆིལ་ལི་ལི། །ཡི་དམ་སྐུ་དང་ཐིག་ལེ་ཤིག་སེ་ཤིག །མཁའ་འགྲོ་དགྱེས་པའི་གར་ཉམས་ཁྱུག་སེ་ཁྱུག །བདག་གཞན་ལུས་ངག་ཡིད་གསུམ་མཉམ་བཞུགས་ནས། །ཐུགས་རྗེ་ཆེན་པོ་ཉིད་དུ་དབྱེར་མེད་ཤོག །རྩ་བརྒྱུད་བླ་མ་ཡས་མར་རིམ་ཐིམ་ནས། །རང་རང་གནས་གསུམ་སྒོ་གསུམ་དབྱེར་མེད་ལྷ། །མ་བཅོས་དོན་དག་ཆོས་སྐུའི་དགོངས་པ་སྐྱོང་། །རྒྱལ་ཆེན་བཞིའི་གཏོར་མ་ནི། ཧྲཱིཿལས་བདག་ཉིད་དབང་ཆེན་ཁྲོ་བོའི་རྒྱལ། །དམར་ནག་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད། །གཡས་པ་(༦ན)


GLG024_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུག་ཐོ་གཡོན་པ་སྡིགས་མཛུབ་མཛད། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བརྗིད། །ཧྲཱིཿཔདྨ་ཏ་ཀྲི་ཏ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ། ཧཱུཾ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ དཀར་སེར་དམར་ལྗང་ཧཱུཾ་ཆེན་བཞི༔ འཕྲོ་འདུ་འོད་དུ་ཞུ་བ་ལས༔ ཡེ་ཤེས་རྒྱལ་པོ་བཞི་རུ་གྱུར༔ ཨཱོཾ་ཛྙཱ་ན་རཱ་ཛ་ས་མ་ཡེ་སྭཱ་ཧཱ༔ ཧཱུཾ། རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ན༔ ཕོ་བྲང་ཆེན་པོ་སྤོས་ངད་ལྡན༔ ཟབ་ཅིང་རྒྱ་ཆེ་གཟིགས་འཕགས་པོ༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ སྐུ་མདོག་དཀར་པོ་པི་ཝང་འཛིན༔ བཙུན་མོ་སྲས་དང་བློན་པོར་བཅས༔ འཁོར་ནི་དྲི་ཟ་འབུམ་གྱིས་བསྐོར༔ སྡེ་བོ་ཆེ་ལ་སྟོབས་པོ་ཆེ༔ མཆོད་གཏོར་འདི་བཞེས་ཤར་ཕྱོགས་ཀྱི༔ གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངས༔ ཧཱུཾ། རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ན༔ ཕོ་བྲང་ཆེན་པོ་བཻ་ཌཱུརྱ༔ ཟབ་ཅིང་རྒྱ་ཆེ་གཟིགས་འཕགས་པོ༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ སྐུ་མདོག་སེར་པོ་རལ་གྲི་འཛིན༔ བཙུན་མོ་སྲས་དང་བློན་པོར་བཅས༔ འཁོར་ནི་གྲུལ་བུམ་འབུམ་གྱིས་བསྐོར༔ སྡེ་བོ་ཆེ་ལ་སྟོབས་པོ་ཆེ༔ མཆོད་གཏོར་འདི་བཞེས་ལྷོ་ཕྱོགས་ཀྱི༔ གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངས༔ ཧཱུཾ། རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ན༔ ཕོ་བྲང་ཆེན་པོ་རྒྱ་མཚོའི་སྦ༔ ཟབ་ཅིང་རྒྱ་ཆེ་གཟིགས་འཕགས་པོ༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང་༔ སྐུ་མདོག་དམར་པོ་སྦྲུལ་ཞགས་འཛིན༔ བཙུན་མོ་སྲས་དང་བློན་པོར་བཅས༔ འཁོར་ནི་ཀླུ་དབང་འབུམ་གྱིས་བསྐོར༔ སྡེ་བོ་ཆེ་ལ་སྟོབས་པོ་ཆེ༔ མཆོད་གཏོར་འདི་བཞེས་ནུབ་ཕྱོགས་ཀྱི༔ གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངས༔ ཧཱུཾ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན༔ ཕོ་བྲང་ཆེན་པོ་ལྕང་ལོ་ཅན༔ ཟབ་ཅིང་རྒྱ་ཆེ་གཟིགས་འཕགས་པོ༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ སྐུ་མདོག་ལྗང་གུ་རྒྱལ་མཚན་འཛིན༔ བཙུན་མོ་སྲས་དང་བློན་པོར་བཅས༔ འཁོར་(༦བ)


GLG024_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གནོད་སྦྱིན་འབུམ་གྱིས་བསྐོར༔ སྡེ་བོ་ཆེ་ལ་སྟོབས་པོ་ཆེ༔ མཆོད་གཏོར་འདི་བཞེས་བྱང་ཕྱོགས་ཀྱི༔ གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངས༔ ཧཱུཾ། རྒྱལ་པོ་ཆེན་པོ་སྡེ་བཞི་པོ༔ དོན་གྱི་སངས་རྒྱས་ཡིན་མོད་ཀྱང་༔ གསང་སྔགས་བསྟན་པ་བསྲུང་བའི་ཕྱིར༔ བར་ཆད་འདུལ་བར་མཛད་དུ་གསོལ༔ ཨཱོཾ་དྷྲི་ཌྜ་རཥྚ་ཡེ་སྭཱ་ཧཱ༔ བི་རུ་ཏ་ཀ་ཡེ་སྭཱ་ཧཱ༔ བྷེ་རུ་བྷཀྵ་ཡེ་སྭཱ་ཧཱ༔ བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཏཱབཏཱཊཱཧནཊཏཱཉཅ྄ོ྅ཌཱཏྵ༔ འཕགས་པ་ཐུགས་རྗེ་ཆེན་པོ་ལ༔ རྩེ་གཅིག་གདུང་བས་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོའི་འཕྲིན་ལས་ནི༔ ཕུན་ཚོགས་བཞི་དང་ལྡན་པ་ཡིས༔ སྔོན་འགྲོའི་རིམ་པ་ཚུལ་བཞིན་བྱ༔ སྐྱབས་འགྲོ་སེམས་སྐྱེ་སྔོན་སོང་ནས༔ དང་པོ་མཚམས་གཅད་བྱ་བ་ནི༔ ཧཱུཾ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར༔ འདུས་པའི་ལྷ་རྣམས་མ་གཏོགས་པ༔ བར་གཅོད་དགྲ་བགེགས་འབྱུང་པོའི་ཚོགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ཐུགས་རྗེ་ཆེན་པོ་ཐུགས་ཁྲོས་ནས༔ ཁྲོ་ཆེན་རྟ་མགྲིན་ཁྲོས་ནས་ཀྱང་༔ སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་གང་༔ གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས༔ བར་ཆད་ཐམས་ཅད་རྡུལ་དུ་རློག༔ ཨཱོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཎི་ཏྲི་ཤ་ཏྲུཾ་མ་ར་ཡ་ཧཱུཾ་ཕཊ༔ རང་གི་གནས་དེ་རྟ་མགྲིན་གྱི་སྤྲུལ་པ་མང་པོས་གང་བར་བསམ༔ དེ་ནས་བཤགས་པ་བྱ་བ་ནི༔ བླ་མ་འཕགས་པ་འཁོར་བཅས་རྣམས༔ མདུན་གྱི་ནམ་མཁར་དམིགས་བྱས་ལ༔ སྒོ་གསུམ་གུས་པས་བཤགས་པ་འབུལ༔ ཧྲཱི༔ འཕགས་པ་འཁོར་བཅས་དགོངས་སུ་གསོལ༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ སྔོན་ཚེ་འཁོར་བ་ཐོག་མེད་ནས༔ ཉོན་མོངས་དུག་ལྔའི་དབང་གྱུར་ཏེ༔ ངན་སོང་གསུམ་གྱི་ལས་བསགས་(༧ན)


GLG024_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ ལུས་ངག་ཡིད་གསུམ་སྡིག་སྒྲིབ་རྣམས༔ འཕགས་པའི་སྤྱན་སྔར་མཐོལ་ཞིང་བཤགས༔ ཚངས་པ་ཁྲུས་ཀྱི་དངོས་གྲུབ་སྩོལ༔ པདྨ་ས་ཏྭ་ཨཱ༔ དེ་ནས་བྱིན་དབབ་པ་ནི༔ སྤོས་དང་རོལ་མོ་ཐོགས་བྱས་ལ༔ ཧྲཱིཿ ཨ་ལ་ལ་ཧོ༔བྷ་ག་ཝ་ན་ས་མ་ཡ་ཧོ༔ ས་མ་ཡ་སྟྭཾ༔ ཧྲཱི༔ ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ༔ ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས༔ ཐུགས་རྗེ་སྤྲུལ་སྐུ་པདྨ་འབྱུང་༔ ཡང་སྤྲུལ་ཐུབ་དྲུག་སྒོ་མ་བཞི༔ འགྲོ་དྲུག་སེམས་ཅན་ཐུགས་རྗེས་གཟིགས༔ དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ བདག་གི་སྡིག་སྒྲིབ་སྦྱང་དུ་གསོལ༔ དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ༔ ཀ་ཡ་ཝ་ཀ་ཙིཏྟ་ཧཱུཾ༔ དེ་ནས་རང་ཉིད་ཁྲུས་བྱས་ཏེ༔ གཙང་མའི་གོས་གྱོན་མེ་ཏོག་ཐོགས༔ གཏོར་མ་མཆོད་རྫས་ཐམས་ཅད་ནི༔ བསང་སྦྱང་བྱིན་བརླབ་བྱ་བ་ནི༔ ཨཱོཾ་སྭ་བྷཱ་ཝ་ཤུདྡྷ༔ སརྦ་དྷརྨཱ༔ སྭ་བྷཱ་ཝ་ཤུདྡྷོ྅ཧཾ༔ ཐམས་ཅད་སྟོང་པར་དག་པར་སྦྱངས༔ ཨཱོཾ་ཨ་ཧ་ར་སརྦ་བྷེ་དྷ་ར་པཱུ་ཛ་ཏེ་ཨཱཿཧཱུཾ༔ ཨཱོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ༔ ཨཱོཾ་བཛྲ་པུཥྤེ་ཨཱཿཧཱུཾ༔ ཨཱོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུཾ༔ ཨཱོཾ་བཛྲ་གནྡྷེ་ཨཱཿཧཱུཾ༔ ཨཱོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུཾ༔ ཨཱོཾ་བཛྲ་ཤཔྟ་ཨཱཿཧཱུཾ༔ ཨཱོཾ་ཨཱཿཧཱུཾ༔ དེ་ནས་བུམ་པ་སྒྲུབ་པ་ནི༔ ཧྲཱི༔ བུམ་ནང་པདྨའི་གཞལ་ཡས་ཁང་༔ དབུས་སུ་པདྨ་ཉི་ཟླའི་གདན༔ དེ་སྟེང་ཧྲཱིཿལས་འོད་འཕྲོས་པས༔ གུ་རུ་འཕགས་པ་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར༔ དང་པོའི་ཕྱག་གཉིས་ཐལ་མོ་སྦྱར༔ ཕྱག་གཡས་འོག་མ་ཤེལ་འཕྲེང་འཛིན༔ གཡོན་གྱི་འོག་མ་པདྨ་བསྣམས༔ ཞི་བའི་རྒྱན་གྱིས་མཛེས་པར་བརྒྱན༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཕྱི་རིམ་པདྨ་འདབ་མ་དྲུག༔ དེ་སྟེང་ཧཱུཾ་དྲུག་རང་ཤར་བས༔ ཤར་དུ་ལྷ་དབང་བརྒྱ་བྱིན་དཀར༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་སྒྲ་སྙན་པི་(༧བ)


GLG024_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཝང་སྒྲོག༔ ལྷ་ལ་ཐུགས་རྗེས་བཞེངས་ནས་ཆས༔ ལྷོ་རུ་ཤཱཀྱ་སེང་གེ་སེར༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་གསེག་ཤང་པར་བུ་ཐོགས༔ མི་ལ་ཐུགས་རྗེས་བཞེངས་ནས་ཆས༔ ལྷོ་ནུབ་ནམ་མཁའ་མཛོད་དམར་པོ༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་རིན་ཆེན་སྒྲོམ་བུ་བསྣམས༔ ཡི་དྭགས་ཐུགས་རྗེས་བཞེངས་ནས་ཆས༔ ནུབ་ཏུ་སེང་གེ་དམ་ལྡན་སྨུག༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་གླེགས་བམ་པོ་ཏི་བསྣམས༔ བྱོལ་སོང་ཐུགས་རྗེས་བཞེངས་ནས་ཆས༔ ནུབ་བྱང་ཐག་བཟང་རིས་སྔོན་པོ༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་སྲུང་ཟློག་གོ་ཆ་བསྣམས༔ ལྷ་མིན་ཐུགས་རྗེས་བཞེངས་ནས་ཆོས༔ བྱང་ཤར་ཆོས་ཀྱི་རྒྱལ་པོ་མཐིང་༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ ཕྱག་གཉིས་སྒྲིབ་སྦྱང་མེ་ཆུ་བསྣམས༔ དམྱལ་བར་ཐུགས་རྗེས་བཞེངས་ནས་ཆས༔ སྒོ་བཞིར་ཛཿཧཱུཾ་བཾ་ཧོཿལས༔ དཀར་སེར་དམར་ལྗང་སྒོ་མ་བཞི༔ གཙང་མའི་གོས་ཀྱིས་མགུལ་ཆིངས་བྱས༔ དཔག་བསམ་སྡོང་པོས་ཁ་བརྒྱན་ལ༔ བྱང་ཆུབ་སེམས་ཀྱི་རྡོ་རྗེས་མཚན༔ ཐུགས་རྗེའི་རྒྱུན་གྱི་གཟུངས་ཐག་བཏགས༔ དེ་ནས་དབྱིངས་ནས་དབང་བསྐུར་བྱ༔ ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་གྱིས་བརླབས་པ་དང་༔ རིགས་ཀྱི་བདག་པོར་དབང་བསྐུར་བས༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ ཨཱོཾ་ཧཱུཾ་ཏྲཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཨ༔ དེ་ནས་དབྱིངས་ནས་སྤྱན་དྲང་བ༔ ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ སྲས་མཆོག་རིག་འཛིན་པདྨ་འབྱུང་༔ སྤྲུལ་སྐུ་བཅོམ་ལྡན་ཐུབ་པ་དྲུག༔ ཡེ་ཤེས་ལྷ་མོ་སྒོ་མ་བཞི༔ འགྲོ་དྲུག་སེམས་ཅན་དོན་མཛད་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལོ་ཀི་ཤྭ་ར་ས་མ་ཡ་ཛཿཛ༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ (༨ན)


GLG024_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་བུམ་པའི་གཞལ་ཡས་སུ༔ གཉིས་མེད་བརྟན་པར་བཞུགས་ནས་ཀྱང་༔ འགྲོ་དྲུག་སྒྲིབ་སྦྱོང་འཕྲིན་ལས་མཛོད༔ ཛཿཧཱུཾ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འགྲོ་དྲུག་སྡུག་བསྔལ་སྦྱོང་མཛད་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ ཧྲཱི༔ དྲི་མེད་ཡིད་འོང་གཙང་མར་སྦྱར་བ་ཡི༔ ཨརྒྷཾ་བདུག་སྤོས་མེ་ཏོག་མར་མེ་དང་༔ དྲི་ཆབ་ཞལ་ཟས་སྙན་པའི་རོལ་མོ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་རྒྱ་ཆེན་འབུལ༔ བཞེས་ནས་འགྲོ་དྲུག་སྡུག་བསྔལ་སྦྱང་དུ་གསོལ༔ ཨཱོཾ་བཛྲ་དྷཱུཥྤེ། པུཥྤེ། ཨ་ལོ་ཀེ༔ གནྡྷེ༔ ནཻ་ཝི་དྱ༔ ཤཔྟ་ཨཱཿཧཱུཾ༔ མཧཱ་སརྦ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོས་འགྲོ་དྲུག་ཀུན་ལ་གཟིགས༔ བྱམས་དང་སྙིང་རྗེས་སེམས་ཅན་ཀུན་ལ་སྙོམས༔ དུས་གསུམ་བདེ་གཤེགས་མ་ལུས་སྐྱེད་པའི་ཡབ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ སྐྱེ་ཤི་གཉིས་སྤངས་ཚེ་ཡི་དངོས་གྲུབ་བརྙེས༔ སྣང་སྲིད་ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ རང་བྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ལྷ་རྣམས་གདུལ་ཕྱིར་ལྷ་ཡི་རྒྱལ་པོར་སྤྲུལ༔ ང་རྒྱལ་དག་པས་འདོད་ཡོན་ལོངས་སྤྱོད་རོལ༔ མ་ཆགས་ཞེན་མེད་ཆོས་ལ་མངའ་བརྙེས་པའི༔ ལྷ་ཡི་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ལྷ་མིན་གདུལ་ཕྱིར་ལྷ་མིན་རྒྱལ་པོར་སྤྲུལ༔ ཕྲག་དོག་དག་པས་འཐབ་རྩོད་སྡུག་བསྔལ་སྦྱོང་༔ ཞེ་སྡང་མཚོན་དབལ་ཞི་ལ་མངའ་བརྙེས་པའི༔ ལྷ་མིན་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ མི་རྣམས་གདུལ་ཕྱིར་མི་ཡི་རྒྱལ་པོར་སྤྲུལ༔ འདོད་ཆགས་དག་པས་དཀའ་ཐུབ་ཉོན་མོངས་(༨བ)


GLG024_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་༔ དམ་པ་ཆོས་ཀྱི་གསུང་ལ་མངའ་བརྙེས་པའི༔ མི་ཡི་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ བྱོལ་སོང་གདུལ་ཕྱིར་བྱོལ་སོང་རྒྱལ་པོར་སྤྲུལ༔ གཏི་མུག་དག་པས་ཤེས་རབ་ཡེ་ཤེས་གསལ༔ མ་རིག་མུན་སེལ་ཡེ་ཤེས་སྒྲོན་མེ་བསྣམས༔ བྱོལ་སོང་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཡི་དགས་གདུལ་ཕྱིར་ཡི་དགས་རྒྱལ་པོར་སྤྲུལ༔ སེར་སྣ་དག་པས་དགོས་འདོད་རེ་བ་སྐོང་༔ འདོད་ཡོན་མི་ཟད་ལོངས་སྤྱོད་མངའ་བརྙེས་པའི༔ ཡི་དྭགས་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ དམྱལ་བ་གདུལ་ཕྱིར་དམྱལ་བའི་རྒྱལ་པོར་སྤྲུལ༔ ཞེ་སྡང་དག་པས་སྙིང་རྗེ་ཐབས་ཀྱིས་འདྲེན༔ སྲིད་པ་ལས་ཀྱི་མེ་ལོང་ཆོས་སྟོན་མཛད༔ དམྱལ་བའི་ཐུབ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཤར་ལྷོ་ནུབ་བྱང་སྒོ་བཞིའི་གཞལ་ཡས་སུ༔ དཀར་སེར་དམར་ལྗང་རིན་ཆེན་རྒྱན་གྱིས་མཛེས༔ ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་བཞི་མཛད༔ ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ ལྷ་རྣམས་དགྱེས་པའི་རང་སྒྲ་ལས༔ འགྲོ་དྲུག་སྒྲིབ་སྦྱོང་གཟུངས་འདི་ཤར༔ ཧྲཱི༔ རང་ཉིད་སྐད་ཅིག་དྲན་པའི་ཏིང་འཛིན་གྱིས༔ སྟོང་པའི་ངང་ལས་པདྨ་ཟླ་བའི་གདན༔ པད་དཀར་ཧྲཱིཿས་མཚན་ཡོངས་སུ་གྱུར་པ་ལས༔ ཐུགས་རྗེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར་ལ་འཚེར༔ དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ ཕྱག་གཡས་འོག་མ་རིན་ཆེན་ཤེལ་ཕྲེང་བསྣམས༔ ཕྱག་གཡོན་པད་དཀར་འདབ་བརྒྱད་ཡུ་བ་འཛིན༔ ཞལ་འཛུམ་སྤྱན་དངས་ཤངས་ཀྱི་དབྱིངས་མཐོ་ཞིང་༔ དབུ་སྐྲ་ལྕང་ལོ་མཐོན་མཐིང་གྱེན་དུ་འཁྱིལ༔ སྤྱི་གཙུག་སངས་རྒྱས་སྣང་བ་མཐའ་ཡས་བཞུགས༔ རང་ཉིད་དེ་ལྟར་གསལ་བའི་ཐུགས་ཀ་རུ༔ པདྨ་དཀར་པོ་འདབ་དྲུག་གྱེས་པའི་དབུས༔ ཡི་གེ་ཧྲཱིཿས་མཚན་འབྲུ་དྲུག་འདབ་སྟེང་གནས༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔(༩ན)


GLG024_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱི༔ དེ་ལྟར་གསལ་བའི་སྐུ་ལས་འོད་འཕྲོས་པས༔ སྣང་བ་ཐམས་ཅད་སྣང་སྟོང་ལྷ་ཡི་སྐུ༔ འཕགས་པའི་རྒྱལ་པོ་ཐུགས་རྗེ་ཆེན་པོར་དམིགས༔ སྔགས་ལས་འོད་འཕྲོས་འབྱུང་བའི་སྒྲ་ལ་སོགས༔ གྲགས་པ་ཐམས་ཅད་གྲགས་སྟོང་སྔགས་ཀྱི་སྒྲ༔ དྲན་རྟོག་སྐྱེ་འགག་གནས་གསུམ་མཐའ་བྲལ་དང་༔ སྨྲ་བསམ་བརྗོད་འདས་དགོངས་པའི་ངང་ལ་གཞག༔ དེ་ལྟར་གསལ་བའི་རིག་སྔགས་འབྲུ་དྲུག་པོ༔ སྒྲ་ཟུར་མ་ཉམས་བརྒྱ་སྟོང་ཁྲི་འབུམ་བཟླས༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཏིང་འཛིན་གསལ་བས་སྙིང་པོ་བཟླས༔ བུམ་པ་ཡེ་ཤེས་བདུད་རྩིས་གང་༔ ལྷ་གཤེགས་བུམ་ཆུས་ཁྲུས་བྱའོ༔ བརྡ་ཡིག་ཡོད། དེ་ནས་དཀྱིལ་འཁོར་སྒྲུབ་པ་ནི༔ ཧྲཱི༔ ཆོས་སྐུ་ནམ་མཁའ་ལྟ་བུ་ལ༔ ཐུགས་རྗེས་འགྲོ་བའི་དོན་ལ་དགོངས༔ རང་བྱུང་རང་རིག་རང་ཤར་སྐུ༔ འབྱུང་བ་ལྔ་འདུས་འཇིག་རྟེན་འདི༔ རང་གསལ་ཆགས་མེད་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་རྒྱན་དང་ལྡན༔ འདོད་ཡོན་ཕ་གུ་དྲ་བ་དང་༔ དྲ་ཕྱེད་མདའ་ཡབ་རྟ་བབས་ལྡན༔ ཆོས་ཀྱི་འཁོར་ལོ་གདུགས་དང་བཅས༔ ཤ་ར་ན་ཡིས་རབ་ཏུ་བརྒྱན༔ ཕྱི་རོལ་རྡོ་རྗེ་མེ་རིས་བསྐོར༔ རིན་ཆེན་གཞལ་ཡས་གསལ་བར་བསྒོམ༔ དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས༔ ཞེས་པ་ནས། སྒོ་བཞིར་ཛཿཧཱུཾ་བཾ་ཧོཿལས༔ ཤར་སྒོར་དཀར་མོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་སེར་མོ་ཞགས་པ་འཛིན༔ ནུབ་སྒོར་དམར་མོ་ལྕགས་སྒྲོག་འཛིན༔ བྱང་སྒོར་ལྗང་གུ་དྲིལ་བུ་འཛིན༔ གཡོན་པ་ཐམས་ཅད་ཤེལ་ཕྲེང་འཛིན༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ ཕྱི་རོལ་ཁོར་ཡུག་ཆེན་པོ་ལ༔ གཙང་རིགས་དཔལ་མགོན་སྲུང་མར་བཅས༔ བསམ་གྱིས་མི་ཁྱབ་སྤྲིན་ལྟར་གཏིབས༔ (༩བ)


GLG024_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་སྲུང་བའི་འཕྲིན་ལས་མཛོད༔ དེ་ནས་དབྱིངས་ནས་དབང་བསྐུར་བྱ༔ ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ དབང་བསྐུར་བྱིན་གྱིས་བརླབས་པ་དང་༔ རིགས་ཀྱི་བདག་པོའི་དབང་བསྐུར་བས༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཨཱ༔ དེ་ནས་སྤོས་དང་རོལ་མོ་ཐོགས༔ རྩེ་གཅིག་གདུང་བས་སྤྱན་དྲང་བ༔ ཧྲཱི༔ སྔོན་ཚེ་བསྐལ་པའི་ཐོག་མ་ལ༔ འགྲོ་དྲུག་སྡུག་བསྔལ་ཐུགས་རྗེས་གཟིགས༔ སྨོན་ལམ་སྟོབས་བསྐྱེད་འགྲོ་དོན་མཛད༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས༔ གནས་མཆོག་འདི་རུ་གཤེགས་སོ་གསོལ༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས༔ འོད་ལྔ་རྒྱ་མཚོའི་ཀློང་དུ་སྤྲོས༔ རྒྱུ་མེད་རྐྱེན་མེད་སྤྲུལ་པའི་སྐུ༔ པདྨ་ལས་འཁྲུངས་ངོ་མཚར་ཅན༔ པདྨ་འབྱུང་གནས་གཤེགས་སུ་གསོལ༔ ཁྱེད་ཀྱིས་འགྲོ་དྲུག་དོན་མཛད་ཕྱིར༔ གང་ལ་གང་འདུལ་ཐབས་ཀྱིས་སྤྲུལ༔ རྒྱུན་ཆད་མེད་པར་འགྲོ་དོན་མཛད༔ བདེ་གཤེགས་སྤྲུལ་སྐུ་ཐུབ་པ་དྲུག༔ ཐུགས་དམ་རྒྱུད་བསྐུལ་གནས་འདིར་གཤེགས༔ སེམས་ཅན་འཛིན་པས་བཅིངས་པ་རྣམས༔ ལམ་གྱི་བར་ཆད་སེལ་བའི་ཕྱིར༔ འགུགས་འདྲེན་འཆིང་སྡོམ་དགྱེས་མཛད་མ༔ སྒོ་སྲུང་ལྷ་མོ་ཆེན་མོ་བཞི༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལོ་ཀེ་ཤྭ་ར་ས་མ་ཡ་ཛཿཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འགྲོ་དྲུག་སྡུག་བསྔལ་སྦྱང་བ་དང་༔ བདག་གི་བསམ་པ་རྫོགས་བྱའི་ཕྱིར༔ དགྱེས་བཞིན་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཨ་བ་ཤ་ཡ་ཨ༔ དེ་ནས་ཕྱག་འཚལ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འགྲོ་བ་སྒྲོལ་མཛད་སྟོབས་ཆེན་ལྷ༔ སྤྲུལ་པའི་སྐུ་རུ་རང་བྱུང་བ༔ པདྨ་འབྱུང་གནས་ཐུགས་ཀྱི་སས༔ གང་ལ་གང་འདུལ་ཐུབ་པ་དྲུག༔ ཚད་མེད་(༡༠ན)


GLG024_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་སྒོ་མ་བཞི༔ རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧྲཱི༔ དྲི་མེད་ཡིད་འོང་གཙང་སྦྱར་ནས༔ རྒྱ་མཚོ་དངས་པའི་ཀློང་ལྟ་བུ༔ གཙང་མའི་ཨརྒྷཾ་མཆོད་པ་འབུལ༔ ཙན་དན་ལ་སོགས་སྤོས་སྦྱར་ནས༔ དྲི་ཞིམ་ངད་ལྡན་མཆོད་པ་འབུལ༔ པདྨ་ཨུཏྤལ་མདངས་ལྡན་པའི༔ གསལ་འཚེར་མེ་ཏོག་མཆོད་པ་འབུལ༔ ཉི་ཟླའི་སྙིང་པོ་མུན་སེལ་དང་༔ སྣང་གསལ་སྒྲོན་མེ་མཆོད་པ་འབུལ༔ ཆུ་བོ་རྙོག་མེད་བསིལ་བ་ཡི༔ གཙང་མའི་དྲི་ཆབ་མཆོད་པ་འབུལ༔ འབྲུ་བཅུད་སྙིང་པོ་ཀུན་བསྡུས་པའི༔ དཀར་གསུམ་མངར་གསུམ་རྒྱན་གྱིས་མཛེས༔ གཏོར་མ་ལྷ་ཡི་ཞལ་ཟས་འབུལ༔ དུང་དང་སིལ་སྙན་རྔ་ཆེན་སྒྲ༔ པི་ཝང་ཕེག་རྡོབ་གླིང་བུའི་སྒྲ༔ སྙན་པའི་རོལ་མོ་སྣ་ཚོགས་འབུལ༔ ཨཱོཾ་ཨཱཿཧཱུཾ༔ ཨཱ་ཧ་ར་སརྦ་བི་དྷ་ར་པཱུ་ཛ་ཏེ་ཨཱཿཧཱུཾ༔ ཨཱོཾ་བཛྲ་དྷཱུ་པེ་ཧཱུཾ༔ ཨཱོཾ་བཛྲ་པུཥྤེ་ཧཱུཾ༔ ཨཱོཾ་བཛྲ་ཨཱ་ལོ་ཀཻ་ཧཱུཾ༔ ཨཱོཾ་བཛྲ་གནྡྷེ་ཧཱུཾ༔ ཨཱོཾ་བཛྲ་ནཻ་ཝི་དྱ་ཧཱུཾ། ཨཱོཾ་བཛྲ་ཤཔྟ་ཧཱུཾ༔ ཧྲཱི༔ རིགས་ལྔའི་དབུ་རྒྱན་ཅོད་པན་ཕྲེང་བ་དང་༔ དོ་ཤལ་དཔུང་རྒྱན་རིན་ཆེན་སེ་མོ་དོ༔ དར་གྱི་སྟོད་གཡོགས་སྨད་དཀྲིས་ཤམ་བུ་ལྡན༔ ཕྱག་གདུབ་ཞབས་གདུབ་རིན་ཆེན་དུ་མས་སྤྲས༔ འདོད་ཡོན་མ་སྤངས་རང་གྲོལ་རྒྱན་དུ་བཞེས༔ རཏྣ་སརྦ་པཱུ་ཛ་ཧཱུཾ༔ ཧྲཱི༔ ཀུན་བཟང་ཀུན་ཁྱབ་བླ་རེ་གུར་ཆེན་པོ༔ སྐྱབས་མཆོག་གདུགས་མཛེས་གསེར་གྱི་ཡུ་བ་ཅན༔ སྙིང་པོ་མི་ནུབ་རྟགས་ཀྱི་རྒྱལ་མཚན་དང་༔ འགྲོ་དྲུག་སྙིང་རྗེས་སྐྱོབ་པའི་ཕན་ཕྲེང་དང་༔ ཤེས་སྐྱོབས་དར་གུར་ཡོལ་བ་སུམ་རིམ་དང་༔ ཕོ་བྲང་བཀྲ་ཤིས་ཡོངས་རྫོགས་མཆོད་པ་འབུལ༔ ཧྲཱི༔ ལོག་རྟོག་གཅོད་པའི་ཤེས་རབ་རལ་གྲི་དང་༔ ཤེས་རབ་ཐབས་ལྡན་མ་རིག་འབིགས་པའི་མདའ༔ སྒྲིབ་མེད་སྐུ་(༡༠བ)


GLG024_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡོངས་རྫོགས་དར་མཚོན་འཕུར༔ མ་རིག་བག་ཆགས་ཀུན་འཁྲུད་ཁྲུས་བུམ་དང་༔ རིག་པའི་སྙིང་རྗེའི་ཐབས་ཀྱི་གཟུངས་ཐག་དང་༔ ཡེ་ཤེས་ལྔ་ལྡན་ཚོན་སྐུ་དྲ་བ་དང་༔ བདུད་བཞི་ཚར་གཅོད་ཡེ་ཤེས་ཕུར་པས་འབིགས༔ དཀྱིལ་འཁོར་རྒྱན་རྣམས་ཡོངས་རྫོགས་མཆོད་པར་འབུལ༔ ཧྲཱི༔ ཆོས་སྐུ་མི་འགྱུར་ཐབས་ཀྱི་རྡོ་རྗེ་དང་༔ ཆོས་དབྱིངས་ཀློང་ཡངས་ཤེས་རབ་དྲིལ་བུ་དང་༔ ཆོས་སྒྲ་སྟོང་གསུམ་ཁྱབ་བྱེད་རྔ་མཆོག་དང་༔ ཚངས་པའི་གསུང་ལྡན་པི་ཝང་ཆོས་སྒྲ་སྒྲོག༔ དངོས་བཤམས་ཡིད་སྤྲུལ་མཆོད་རྫས་ཡོངས་རྫོགས་འབུལ༔ ཧྲཱི༔ འཁོར་ལོ་རིན་ཆེན་ཆོས་ཀྱི་འཁོར་ལོ་སྐོར༔ ནོར་བུ་རིན་ཆེན་དགོས་འདོད་ཐམས་ཅད་སྐོང་༔ བཙུན་མོ་རིན་ཆེན་ཕ་རོལ་ཕྱིན་བཅུ་ལྡན༔ ཁྱིམ་བདག་རིན་ཆེན་ཆབ་སྲིད་རབ་ཏུ་སྤེལ༔ གླང་པོ་རིན་ཆེན་བདུད་ཀྱི་དཔུང་ཚོགས་འཇོམས༔ རྟ་མཆོག་རིན་ཆེན་འཁོར་བའི་ཕ་རོལ་སྒྲོལ༔ དམག་དཔོན་རིན་ཆེན་ཉོན་མོངས་གཡུལ་ངོ་ཟློག༔ རིན་ཆེན་སྣ་བདུན་ཡོངས་རྫོགས་མཆོད་པ་འབུལ༔ ཧྲཱི༔ སྒྲུབ་རྫས་ཡུངས་ཀར་རྒྱལ་པོས་བགེགས་ཚོགས་འཇོམས༔ རྫས་མཆོག་བིལ་བས་ཡོན་ཏན་ཐམས་ཅད་རྒྱས༔ རྩྭ་མཆོག་དུར་བས་གདོན་གྱི་གནོད་པ་སྐྱོབ༔ ལི་ཁྲི་ཚལ་ཆེན་འགྲོ་བ་དབང་དུ་སྡུད༔ གྷི་ཧཾ་སྨན་གྱིས་ཉོན་མོངས་ནད་ཀུན་སེལ༔ བཅུད་ལྡན་ཞོ་ཡིས་དབང་པོའི་གཟི་མདངས་སྐྱེད༔ གསལ་བྱེད་མེ་ལོང་མ་རིག་མུན་པ་སེལ༔ ཆོས་དུང་གཡས་འཁྱིལ་གསུང་དབྱངས་དྲུག་ཅུ་སྒྲོག༔ བཀྲ་ཤིས་རྫས་བརྒྱད་ཡོངས་རྫོགས་མཆོད་པ་འབུལ༔ ཧྲཱི༔ གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་འཛིན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སྤྱན་ལ་འབུལ༔ སྒྲ་ཡི་ལྷ་མོ་སྔོན་མོ་པི་ཝང་སྒྲོག༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སྙན་ལ་འབུལ༔ དྲི་ཡི་ལྷ་མོ་སེར་མོ་སྤོས་ཁང་འཛིན༔ ཐུགས་རྗེ་ཆེན་པོའི་(༡༡ན)


GLG024_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་ཤངས་ལ་འབུལ༔ རོ་ཡི་ལྷ་མོ་དམར་མོ་ཞལ་ཟས་འཛིན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལྗགས་ལ་འབུལ༔ རེག་བྱའི་ལྷ་མོ་ལྗང་གུ་ན་བཟའ་འཛིན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སྐུ་ལ་འབུལ༔ ཆོས་ཀྱི་ལྷ་མོ་མཐིང་ཁ་པོ་ཏི་བསྣམས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐུགས་ལ་འབུལ༔ འདོད་ཡོན་དྲུག་གི་མཆོད་པ་རྒྱ་ཆེན་འབུལ༔ ཕྱི་ནང་མཆོད་སྤྲིན་རྒྱ་མཚོས་མཉེས་གྱུར་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧྲཱི༔ དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས༔ སྨོན་ལམ་སྟོབས་ཀྱིས་འགྲོ་བའི་དོན་མཛད་པའི༔ མཐོང་ཐོས་དྲན་པས་སྡུག་བསྔལ་ཀུན་ལས་གྲོལ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ དེ་ཉིད་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ རྒྱུ་མེད་རྐྱེན་མེད་རྒྱ་མཚོའི་ཀློང་ལས་འཁྲུངས༔ རྒྱལ་བའི་སྲས་མཆོག་རང་བྱུང་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་སྲས་ལ་ཕྱག་འཚལ་བསྟོད༔ ཁྱེད་ཀྱི་ཐུགས་རྗེས་འགྲོ་དྲུག་སྡུག་བསྔལ་གཟིགས༔ ཐབས་མཁས་ཐུགས་རྗེས་ངན་སོང་སྦྱང་བའི་ཕྱིར༔ གང་ལ་གང་འདུལ་སྤྲུལ་པའི་སྐུ་རུ་བསྟན༔ བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་བསྟོད༔ བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཀྱི༔ ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་པ༔ སེམས་ཅན་ལས་དང་མཐུན་པའི་ལམ་སྣ་འདྲེན༔ སྒོ་སྐྱོང་ལྷ་མོ་བཞི་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་ཐུགས་ཀའི་སྙིང་པོ་ལས༔ འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཞིང་དུ་ཐིམ༔ བདེ་གཤེགས་ཐུགས་ཀྱི་བཅུད་འདུས་ཡི་གེར་བྱོན༔ ནམ་མཁའི་འབྲུག་ལྟར་སྒྲོག་པའི་ཡི་གེ་དྲུག༔ སྙིང་པོ་ཡི་གེ་དྲུག་ལ་ཕྱག་འཚལ་བསྟོད༔ སྙིང་པོ་འདི་ཉིད་མཐོང་ཐོས་རེག་པ་ཡིས༔ སེམས་ཅན་ཐམས་ཅད་ངན་སོང་གནས་ནས་ཐར༔ ཐུགས་རྗེ་ཆེན་པོའི་(༡༡བ)


GLG024_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་བཅུད་འདུས་པའི༔ གསུང་མཆོག་ཡི་གེ་དྲུག་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཕྱོགས་རིས་མེད་པ་ཀུན་ལ་སྙོམས༔ རང་རིག་མ་བཅོས་རང་གྲོལ་ཆེན་པོར་ཤར༔ གང་ཡང་མ་སྤངས་འཛིན་མེད་བདེ་བ་ཆེ༔ ཐུགས་ཀྱི་དགོངས་པ་མཆོག་ལ་ཕྱག་འཚལ་བསྟོད༔ དེ་ལྟར་ཆོ་ག་རྣམ་དག་གིས༔ མཆོད་པ་འབུལ་ཞིང་བསྙེན་པ་བྱ༔ རབ་ཀྱིས་ཟླ་གཅིག་འབུམ་ཕྲག་དྲུག༔ འབྲིང་གིས་ཞག་བདུན་འབུམ་དང་ཁྲི་ཚོ་བཞི༔ ཐ་མས་ཞག་གཅིག་ཁྲི་ཕྲག་གཅིག༔ ཡར་ངོ་ཚེས་བཅུའི་ཉིན་བར་ཅི་ནུས་བཟླས༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ འདི་ཉིད་ཅི་ནུས་བཟླ་པར་བྱ༔ ཨཱོཾ་ཨཱཿཧཱུཾ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ སྐབས་འདིར་འཛབ་སྐུལ་ནི་གོང་གི་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་ལེན་དགོས། ཨཱོཾ་ནི་སངས་རྒྱས་ཀུན་གྱི་༔ ཨཱཿནི་སངས་རྒྱས་ཀུན་གྱི་གསུང་༔ ཧཱུཾ་ནི་སངས་རྒྱས་ཀུན་གྱི་ཐུགས༔ ཧྲཱིཿནི་བདེ་གཤེགས་འདུས་པའི་སྐུ༔ ཨཱོཾ་ནི་ཡེ་ཤེས་ལྔ་དང་ལྡན༔ འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ མ་ནི་ཐུགས་རྗེ་ཆེན་པོའི་སྐུ༔ འགྲོ་དྲུག་སེམས་ཅན་སྡུག་བསྔལ་སྦྱོང་༔ ཎི་ནི་ཞི་བས་སྡིག་སྒྲིབ་སྦྱོང་༔ པད་ཀྱིས་ཡོན་ཏན་རྒྱས་པར་སྤེལ༔ མེ་ནི་དབང་གིས་ཀུན་ལ་བསྐུར༔ ཧཱུཾ་གིས་དྲག་པོས་བགེགས་རྣམས་འཇོམས༔ འཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད༔ དབང་དང་དངོས་གྲུབ་སྩལ་དུ་གསོལ༔ དེ་ནས་རྟགས་བསྟོད་བྱ་བ་ནི༔ ཧྲཱི༔ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ སྐུ་མདོག་དཀར་ལ་འོད་ཟེར་འཕྲོ༔ ཉོན་མོངས་སྐྱོན་གྱིས་མ་གོས་རྟགས༔ ཞལ་གྱི་འཛུམ་པའི་ཚུལ་སྟོན་པ༔ སེམས་ཅན་ཀུན་ལ་བྱམས་པའི་རྟགས༔ སྤྱན་གཉིས་ཞི་བས་གཟིགས་པ་ནི༔ ཐུགས་རྗེས་ཀུན་ལ་སྙོམས་པའི་རྟགས༔ ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ ཐབས་དང་ཤེས་རབ་སྦྱོར་བའི་རྟགས༔ གཡས་ཀྱི་འོག་མ་ཤེལ་ཕྲེང་བསྣམས༔ (༡༢ན)


GLG024_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་གནས་ནས་འདྲེན་པའི་རྟགས༔ གཡོན་གྱི་འོག་མ་པདྨ་བསྣམས༔ ཆགས་པའི་སྐྱོན་གྱིས་མ་གོས་རྟགས༔ ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས༔ མཉམ་ཉིད་དོན་ལས་མ་གཡོས་རྟགས༔ པདྨའི་གདན་ལ་བཞུགས་པ་ནི༔ ཆགས་མེད་འགྲོ་དོན་མཛད་པའི་རྟགས༔ རིན་ཆེན་རྒྱན་གྱིས་བརྒྱན་པ་ནི༔ འདོད་ཡོན་མ་སྤངས་རང་དག་རྟགས༔ འོད་ཟེར་རྣམ་ལྔ་འཕྲོ་བ་ནི༔ འགྲོ་དྲུག་སྒྲིབ་པ་སྦྱོང་བའི་རྟགས༔ རྫོགས་པའི་སངས་རྒྱས་དབུ་བརྒྱན་པ༔ པདྨའི་རིགས་ལས་འཁྲུངས་པའི་རྟགས༔ སྤྲུལ་སྐུ་ཐུབ་དྲུག་འགྲོ་དོན་མཛད༔ འགྲོ་དྲུག་སྐྱེ་སྒོ་གཅོད་པའི་རྟགས༔ ལྷ་མོ་བཞི་ཡིས་སྒོ་སྲུང་མཛད༔ འཕྲིན་ལས་རྣམ་བཞི་གྲུབ་པའི་རྟགས༔ སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ དེ་ནས་ཞལ་ཟས་ཚོགས་མཆོད་འབུལ་བ་ནི༔ ཚོགས་ཀྱི་ཞལ་ཟས་ཅི་འབྱོར་བཤམས༔ རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་ཏེ༔ ཨཱོཾ་ཨཱཿཧཱུཾ། གིས་བདུད་རྩིར་བྱིན་གྱིས་བརླབས༔ དེ་ནས་ཚོགས་ལ་སྤྱན་དྲང་བ་ནི༔ ཧྲཱི༔ ཆོས་དབྱིངས་རྣམ་དག་ཕོ་བྲང་ནས༔ ཐུགས་རྗེ་ཆེན་པོ་འཁོར་བཅས་རྣམས༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གྱིས༔ ཐུགས་དམ་ཚུལ་བཞིན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ ཧྲཱི༔ ཐུགས་རྗེ་ཆེན་པོ་འཁོར་བཅས་ལ༔ ཞལ་ཟས་ཚོགས་མཆོད་འབུལ་པ་ནི༔ སྤོས་དང་སྨན་དང་དྲི་ཆབ་དང་༔ བཟའ་བཏུང་གོས་རྒྱན་རོལ་མོ་དང་༔ དཀར་གསུམ་མངར་གསུམ་མཆོད་པ་འབུལ༔ འབྲས་ཆན་འབྲུ་ཆན་ཤིང་ཐོག་སོགས༔ བཟན་བཤོས་འཁུར་བའི་བྱེ་བྲག་དང་༔ བུ་རམ་སྦྲང་རྩི་ཇ་དར་དང་༔ ཁ་མངར་སྐྱུར་བ་ཚ་རྩུབ་སྣུམ༔ འདོད་ཡོན་སྣ་ཚོགས་མཆོད་པ་འབུལ༔ བཞེས་ཏེ་དབང་དང་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧྲཱི༔ འགྲོ་དྲུག་ཐུགས་རྗེས་གཟིགས་མཛད་སྤྱན་(༡༢བ)


GLG024_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས༔ འཁོར་བ་དོང་ནས་དཀྲུགས་པའི་དངོས་གྲུབ་སྩོལ༔ འགྲོ་དྲུག་གནས་སུ་འདུལ་བའི་ཐུབ་པ་དྲུག༔ འགྲོ་དྲུག་སྐྱེ་སྒོ་གཅོད་པའི་དངོས་གྲུབ་སྩོལ༔ ཚད་མེད་བཞི་ལྡན་ཡེ་ཤེས་སྒོ་མ་བཞི༔ འཕྲིན་ལས་རྣམ་བཞི་འགྲུབ་པའི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝ་ཀ་ཙིཏྟ་ཧཱུཾ་ཨ༔ དེ་ནས་ལྷག་མ་བསྔོ་བ་ནི༔ ཚོགས་ལྷག་རྣམས་ལ་ཆབ་བྲན་ལ༔ བསངས་སྦྱངས་བྱིན་རླབས་བྱས་འདི་སྐད་དོ༔ ཧྲཱི༔ ཐུགས་རྗེ་ཆེན་པོའི་བཀའ་འཁོར་ན༔ དམ་པའི་ཆོས་ཀྱི་སྲུང་མ་རྣམས༔ ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ གཟའ་ཆེན་བརྒྱད་དང་གནོད་སྦྱིན་བརྒྱད༔ རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་༔ ཧ་རི་ཀ་དང་པན་ཙི་ཀ༔ འཕྲོག་མ་མ་བུར་བཅས་པ་དང་༔ དཔལ་ལྡན་མགོན་པོ་ལྕམ་དྲལ་དང་༔ ལྷ་དང་ལྷ་མིན་མིའམ་ཅི༔ དྲི་ཟ་གནོད་སྦྱིན་འབྱུང་པོ་དང་༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ༔ མཆོད་སྦྱིན་གཏོར་མ་འདི་བསྔོས་པས༔ ཅི་འདོད་ཕུན་སུམ་ཚོགས་པར་ཤོག༔ ཇི་ལྟར་ནུས་པའི་འཕྲིན་ལས་མཛོད༔ བ་ལིཾ་ཏ་པཱུ་ཛ་ཧོ༔ དེ་ནས་ཕྱི་རོལ་དུ་བསྟན་མ་བསྐྱང་བ་ནི༔ ཧཱུཾ༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ ཨུ་རྒྱན་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ བོད་ཡུལ་བསྟན་མ་བཅུ་གཉིས་དང་༔ ཕྱི་གཏོར་དབང་བར་ཁས་བླངས་རྣམས༔ མཆོད་སྦྱིན་གཏོར་མ་འདི་ལོང་ལ༔ བདུད་དཔུང་ཐུལ་ལ་ཞིང་བཅུ་སྒྲོལ༔ དལ་ཁ་ཆིངས་ལ་འབྲུ་ཕྱུགས་སྤེལ༔ དམག་དཔུང་ཆེམས་ལ་མཚོན་ཆ་བརྟུལ༔ བཅོལ་བའི་དམ་ཚིག་དྲན་པར་མཛོད༔ དཀྱིལ་འཁོར་བསྡུ་བ་ནི། ཧྲཱི༔ སྣོད་བཅུད་མ་ལུས་གཞལ་ཡས་ཁང་ལ་ཐིམ། །དེ་ཉིད་ཐུབ་དྲུག་སྒོ་མ་བཞི་ལ་ཐིམ། །འཁོར་རྣམས་གཙོ་བོ་ཐུགས་རྗེ་ཆེན་པོ་ཡང་། །ཀ་དག་གདོད་མའི་ངང་དུ་འཇའ་ལྟར་ཡལ། །སྐད་ཅིག་ངང་ལ་ཆུ་ལས་ཆུ་བུར་ལྟར། །རང་ཉིད་ཐུགས་(༡༣ན)


GLG024_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོ་སྤྱན་རས་གཟིགས། །མཐོང་ཐོས་དྲན་པས་འགྲོ་ཀུན་འཁོར་བ་ལས།། རྣམ་པར་གྲོལ་བའི་སྐུ་རུ་ལྷུན་གྱིས་གྲུབ།སྨོན་ལམ་ནི། ཧྲཱི༔ དཔལ་ལྡན་ཀུན་བཟང་ཆོས་སྐུ་འོད་དཔག་མེད། །ལོངས་སྤྱོད་རྫོགས་སྐུའི་རྣམ་རོལ་སྤྱན་རས་གཟིགས། །སྤྲུལ་སྐུ་འགྲོ་བའི་དོན་མཛད་པདྨ་འབྱུང་། །སྐུ་གསུམ་ཡོངས་འདུས་ཐུགས་སྒྲུབ་ཉམས་བླངས་པས། །ཚེ་རབས་ཀུན་དུ་དལ་བའི་རྟེན་ཐོབ་ཅིང་། །ཚད་ལྡན་རྡོ་རྗེ་སློབ་དཔོན་ཞབས་བསྟེན་ནས། །ངེས་གསང་རྡོ་རྗེ་ཐེག་པའི་ལམ་ཞུགས་ཏེ། །སྨིན་གྲོལ་ཟབ་མོའི་ཆོས་ལ་ལོངས་སྤྱོད་ཤོག །དཀྱིལ་འཁོར་སྒོ་སྲུང་ཚད་མེད་བཞིའི་ངོ་བོ། །དཀར་སེར་དམར་ལྗང་ལྷ་མོ་རྣམ་བཞི་ཡིས། །ཐེག་མཆོག་ལམ་བཟང་སྒྲུབ་པའི་འགལ་རྐྱེན་ཀུན། །ཞི་ཞིང་མཐུན་རྐྱེན་སྒྲུབ་པའི་གྲོགས་བྱེད་ཤོག །གང་ལ་གང་འདུལ་ཐུགས་རྗེའི་རྣམ་རོལ་ཅན། །བདེ་བར་གཤེགས་པ་ཐུབ་པ་རིགས་དྲུག་གིས། །འགྲོ་དྲུག་འཁོར་བའི་སྡུག་བསྔལ་ཉམ་ཐག་པ། །མྱོང་བྱེད་ལས་ཉོན་དྲུངས་ནས་འབྱིན་པར་ཤོག །ལྷུན་གྲུབ་རང་བཞིན་འོད་གསལ་ལོངས་སྤྱོད་རྫོགས། །འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །མངོན་སུམ་བྱོན་ནས་ལམ་སྣ་ལེགས་དྲངས་ཏེ། །གྲུ་འཛིན་དག་པའི་ཞིང་དུ་སྐྱེ་བར་ཤོག །ངོ་བོ་ཀ་ནས་དག་པ་ཆོས་ཀྱི་སྐུ། །གསལ་སྟོང་འཛིན་པ་མེད་པ་རིག་པའི་གཤིས། །ཡེ་གྲོལ་ཀུན་བཟང་གོ་འཕང་མངོན་གྱུར་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཁྱད་པར་ས་ལའི་ལྗོངས་ཀྱི་ལྷ་གཅིག་པུ། །འཇིག་རྟེན་དབང་ཕྱུག་ཁྱོད་ཀྱི་ཐུགས་རྗེ་ཡིས། །བོད་འབངས་འགྲོ་རྣམས་ཕན་དང་བདེ་བ་ཡི། །དགའ་སྟོན་མཆོག་ལ་ཡུན་དུ་སྤྱོད་པར་ཤོག །པདྨའི་ཐུགས་ཀྱི་ཉིང་ཁུ་ལྷ་བྲག་གཏེར། །རྣམ་གསུམ་ཟབ་མོ་ཐུགས་ཀྱི་སྒྲུབ་པ་ཡི། །དབང་(༡༣བ)


GLG024_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ལུང་དང་གདམས་པའི་ཆོས་ཚུལ་གྱིས། །གངས་ཅན་འགྲོ་རྣམས་སྨིན་ཅིང་གྲོལ་གྱུར་ཅིག །ཤིས་བརྗོད་ནི། ཧྲཱི༔ འཁོར་འདས་ཐམས་ཅད་རིག་པའི་རང་རྩལ་དུ། །རྣམ་པར་གྲོལ་བའི་ཆོས་སྐུའི་བཀྲ་ཤིས་ཤོག །མཁའ་ལ་འཇའ་ལྟར་མ་འདྲེས་རབ་བཀྲ་བའི། །ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག །གདུལ་བྱའི་ཁམས་དང་བསམ་པར་ལེགས་སྟོན་པའི། །ཐུགས་རྗེ་ཆེ་ལྡན་སྤྲུལ་སྐུའི་བཀྲ་ཤིས་ཤོག །བཀྲ་ཤིས་བསྔོ་བ་སྤྱི་མཐུན་བྱའོ༔ དེ་ནས་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱའོ༔ ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཨུ་རྒྱན་པདྨས་མཛད་པ་རྫོགས་སོ༔ ནུབ་ཟངས་མཛོད་དམར་པོ་ནས་སྤྲུལ་སྐུ་རིག་འཛིན་ཆེན་པོས་སྤྱན་དྲངས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྨྲས་པ། རིགས་ཀུན་ཁྱབ་བདག་དཔལ་ལྡན་ཀུན་དུ་བཟང་། །དཀྱིལ་འཁོར་འཁོར་ལོའི་མགོན་པོར་རྣམ་རོལ་བའི། །དུས་གསུམ་སངས་རྒྱས་པདྨའི་ཐུགས་ཀྱི་བཅུད། །འཕགས་མཆོག་འགྲོ་བ་ཀུན་སྒྲོལ་འཕྲིན་ལས་གང་། །རྩོད་དུས་པདྨའི་རྒྱལ་ཚབ་མངའ་རིས་པ། །ལེགས་ལྡན་རྡོ་རྗེའི་ལུགས་འཛིན་བྱང་པ་རྗེའི། །ཟབ་དོན་ཆོས་ཀྱི་བཀའ་བབས་པདྨ་དབང་། ཁྱབ་བདག་བླ་མའི་གསུང་བཞིན་ཡི་གེར་བཀོད། །དགེ་དེས་མཁའ་མཉམ་ལུས་ཅན་མ་ལུས་པ། །མི་མཐུན་ཉེས་པའི་དགྲ་ལས་རྣམ་རྒྱལ་ཞིང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་ནོར་བུ་ལས། །འདོད་པའི་རེ་བ་མ་ལུས་སྐོང་གྱུར་ཅིག །སླར་ཡང་སྨྲས་པ། གངས་ཅན་ཕན་བདེའི་ནོར་བུ་འདྲེན་པའི་རྫིངས། །པདྨའི་ཆོས་ལ་སྨོད་པའི་སྟོབས་ལྡན་འགའི། །སྐུར་འདེབས་རླུང་གིས་ཕྱོགས་ལྷུང་མཚོར་བཤིག་པས། །སྔོན་ཆད་ཉམ་ཆུང་བདག་འདྲའི་ནུས་པ་དམན། །འོན་ཀྱང་བསྐལ་ངན་མཐའ་ལ་མ་ཐུག་ཅིང་། །རིག་འཛིན་པདྨས་བོད་ཁམས་འགྲོ་བ་ཀུན། །(༡༤ན)


GLG024_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བར་ཞལ་གྱིས་བཞེས་པའི་རྡོ་རྗེའི་གསུང་། །སླུ་བ་མེད་དེ་ཡིད་ཀྱི་ངལ་གསོར་གནས། །དེས་ན་དམ་སྲི་སྙིང་ཞུགས་ནག་པོའི་དཔུང་། །ཕ་མཐར་སྐྲོད་པའི་རྫོགས་ལྡན་ཉིན་བྱེད་དབང་། །འདྲེན་ནུས་ཟབ་གཏེར་ཆོས་ཀྱི་རྟ་ལྗང་ཅན། །གངས་ཅན་མཁའ་ལ་རྟག་ཏུ་རྒྱུ་བར་ཤོག །བྱང་གཏེར་ཐུགས་སྒྲུབ་རྣམ་གསུམ་ལས་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་འཕྲིན་ལས་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་ཁྲིགས་ཆགས་སུ་བསྡེབས་ཤིང་སྨོན་ལམ་ཤིས་བརྗོད་གསར་དུ་བསྒྲིགས་པའི་ལས་བྱང་ཕན་བདེའི་འབྱུང་གནས་འདི་ནི་སློབ་དཔོན་ཆེན་པོའི་ལུང་བསྟན་གྱི་དགོངས་པ་ལྟར་བོད་འབངས་བདེ་བའི་ཐབས་སུ་གནས་ཆེན་མང་པོར་ཐུགས་རྗེ་ཆེན་པོའི་སྒྲུབ་པ་ཚུགས་ན་སྙམ་པའི་ལྷག་བསམ་གྱིས་བསྐུལ་ཅིང་རང་གི་ཁ་ཏོན་གྱི་ཆེད་དུ་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་སོགས་ཚད་ཐུབ་ཀྱི་དཔལ་ལྡན་བླ་མ་དམ་པ་དུ་མའི་བཀའ་དྲིན་ལ་བརྟེན་ནས་ཐེག་པ་མཆོག་ལ་མོས་པའི་ཟ་ཧོར་གྱི་རིགས་ལས་སྔགས་དཀར་མ་ཎི་བ་ངག་དབང་བློ་བཟང་རྒྱ་མཚོ་མིང་གཞན་གང་ཤར་རང་གྲོལ་དུ་འབོད་པའི་ལྡུམ་བུ་པས་སློབ་དཔོན་ཆེན་པོ་པདྨས་བསྟན་མ་བཅུ་གཉིས་ལ་གཉེར་དུ་གཏད་པའི་རི་གདང་ལ་དང་ཉེ་བའི་སར་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ངག་དབང་འཕྲིན་ལས་སོ།། །།མངྒ་ལཾ།།

བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་ལས་བྱང་གི་དོན་ཚང་ཞིང་འཁྱེར་བདེ་བ་ཕན་བདེའི་འབྱུང་གནས།


GLG024_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་ལས་བྱང་གི་དོན་ཚང་ཞིང་འཁྱེར་བདེ་བ་ཕན་བདེའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །


GLG024_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ཀྱི་ཐུགས་རྗེ་མ་ལུས་པ། །གཅིག་བསྡུས་ཕྱག་ན་པད་དཀར་ལ་བཏུད་ནས། །འགྲོ་བ་སྡུག་བསྔལ་ཀུན་ལས་རང་སྒྲོལ་བའི། །ཉམས་ལེན་ཉུང་ངུ་དོན་ཚང་འདྲི་བར་བྱ། །དེ་ལ་འདིར་བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་དང་འབྲེལ་བའི་ཉམས་ལེན་རྒྱུན་འཁྱེར་དུ་བྱེད་པ་ལ། ཐུགས་རྗེ་ཆེན་པོའི་མཆོད་གཏོར། རྒྱལ་ཆེན་དང་། བཀའ་སྲུང་དབང་གི་མ་བདུན་གྱི་གཏོར་མ་བཤམས། སྐྱབས་སེམས་ནི། བདག་སོགས་འགྲོ་ཀུན་བྱང་ཆུབ་མ་ཐོབ་བར། །མཆོག་གསུམ་ཀུན་ལ་སྐྱབས་འགྲོ་དུས་གསུམ་དགེས། །རང་བྱུང་རིག་པ་རང་ཤར་ཆོས་ཀྱི་སྐུ། །ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག །ལན་གསུམ་བརྗོད། རྒྱལ་ཆེན་མཐོ་འཛུགས་ནི། ཧྲཱིཿ ལས་བདག་ཉིད་དབང་ཆེན་ཁྲོ་བོའི་རྒྱལ། །དམར་ནག་ཞལ་གཅིག་ཕྱག་གཉིས་བགྲད། །གཡས་པར་དབྱུག་ཏོ་གཡོན་པ་སྡིགས་མཛུབ་མཛད། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བརྗིད། །ཧྲཱི༔ པདྨ་ཏ་ཀྲྀ་ཏ་ཧ་ཡ་གྷྲཱིི་ཝ་ཧཱུཾ་ཕཊ། མཆོད་གཏོར་རྣམས། རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ་གིས་བྱིིན་གྱིས་བརླབ། ཧཱུཾ། ཐུགས་ཀ་ལས་བྱུང་དཀར་སེར་དམར་ལྗང་ཧཱུཾ། །ཡོངས་གྱུར་རྒྱལ་ཆེན་སྡེ་བཞི་འཁོར་བཅས་རྣམས། །གཏོར་མ་འདི་བཞེས་ཕྱོགས་ཀྱི་གདོན་སྲུངས་ལ། །མཐུན་པའི་རྐྱེན་རྣམས་(༢ན)


GLG024_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་སྒྲུབ་པར་མཛོད། །ཨཱོཾ་ཌྷྲི་ཏ་རཥྚ། བི་རུ་ཌྷ་ཀ །བི་རུ་པཀྵ། བཻ་ཤྲ་ཝ་ཎ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཚར་བཞི་བརྗོད། གོང་གི་སྔགས་ལ། ཨརྒྷཾ་ནས། ཤཔྟའི་བར་བཏགས་པས་མཆོད། བགེགས་སྐྲོད་ནི། ཧཱུཾ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར། །འདུས་པའི་ལྷ་རྣམས་མ་གཏོགས་པ། །བར་གཅོད་དགྲ་བགེགས་འབྱུང་པོའི་ཚོགས། །གནས་འདིར་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཐུགས་རྗེ་ཆེན་པོ་ཐུགས་ཁྲོས་ནས། ཁྲོ་ཆེན་རྟ་མགྲིན་ཁྲོས་ནས་ཀྱང་། །སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་གང་། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །བར་ཆད་ཐམས་ཅད་རྡུལ་དུ་རློག །ཨཱོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཪྣྲིཏྭི་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཕཊ། བྱིན་འབེབས་ནི། ཧྲཱི༔ ཨ་ལ་ལ་ཧོ། །བྷ་ག་ཝ་ན་ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཧྲཱི༔ ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ། །ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས། །ཐུགས་རྗེ་སྤྲུལ་སྐུ་པདྨ་འབྱུང་། །ཡང་སྤྲུལ་ཐུབ་དྲུག་སྒོ་མ་བཞི། །འགྲོ་དྲུག་སེམས་ཅན་ཐུགས་རྗེས་གཟིགས། །དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག །བདག་གི་སྡིག་སྒྲིབ་སྦྱང་དུ་གསོལ། །དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། །(༢བ)


GLG024_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུཾ། མཆོད་གཏོར་བརླབ་པ་ནི། །ཨཱོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཐམས་ཅད་སྟོང་པར་དག་པར་སྦྱངས། ཨཱོཾ་ཨ་ཧ་ར་སརྦ་བིདྷ་ར་པཱུ་ཛ་ཏེ་ཨཱཿཧཱུཾ། ཨཱོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ཨཱོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨཱོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨཱོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨཱོཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུཾ། ཨཱོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཨཱོཾ་ཨཱཿཧཱུཾ། དངོས་གཞི་ནི། རྡོ་རྗེའི་ར་བ་མེ་དཔུང་གུར་ནང་དུ། །བྷྲཱུཾ་ལས་རིན་ཅེན་སྣ་ལྔའི་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་མཚན་ཉིད་ཀུན་ལྡན་དབུས། །རང་ཉིད་སྐད་ཅིག་དྲན་པའི་ཏིང་འཛིན་གྱི། །སྟོང་པའི་ངང་ལས་པདྨ་ཟླ་བའི་གདན། །པད་དཀར་ཧྲཱིིཿས་མཚན་ཡོངས་སུ་གྱུར་པ་ལས། །ཐུགས་རྗེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས། །ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར་ལ་འཚེར། །དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །ཕྱག་གཡས་འོག་མ་རིན་ཅེན་ཤེལ་འཕྲེང་བསྣམས། །ཕྱག་གཡོན་པད་དཀར་འདབ་བརྒྱད་ཡུབ་འཛིན། །ཞལ་འཛུམ་སྤྱན་དངས་ཤངས་ཀྱི་དབྱིངས་མཐོ་ཞིང་། །དབུ་སྐྲ་ལྕང་ལོ་མཐོན་མཐིང་གྱེན་དུ་འཁྱིལ། །སྤྱི་གཙུག་སངས་རྒྱས་སྣང་བ་མཐའ་ཡས་བཞུགས། །འདབ་མ་དྲུག་ལ་ཐུབ་པ་རིགས་དྲུག་དང་། །སྒོ་མ་བཞི་སོགས་མ་ལུས་གསལ་བར་གྱུར། །སྤྱན་འདྲེན་ནི། ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །སྲས་མཆོག་རིགས་འཛིན་པདྨ་འབྱུང་། །སྤྲུལ་སྐུ་བཅོམ་ལྡན་ཐུབ་པ་དྲུག །ཡེ་ཤེས་ལྷ་མོ་སྒོ་མ་བཞི། །འགྲོ་དྲུག་སེམས་ཅན་དོན་མཛད་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ལོ་ཀེ་ཤྭ་ར་ས་མ་ཡ་ཛཿཛཿཛཿཧཱུཾ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན་གྱིས་གདན་དབུལ། ཨ་ཏི་པུ་ཧོ༔ པྲ་ཏཱི་ཙྪ་ཧོཿས་ཕྱག་བྱ། །ཧྲཱི༔ དྲི་མེད་ཡིད་འོང་གཙང་མར་སྦྱར་བ་ཡི། །ཨརྒྷཾ་བདུག་སྤོས་མེ་ཏོག་མར་མེ་དང་། །དྲི་ཆབ་ཞལ་ཟས་སྙན་པའི་རོལ་མོ་དབུལ། །(༣ན)


GLG024_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་ལྔ་ཡི་མཆོད་པ་རྒྱ་ཆེན་འབུལ། །བཞེས་ནས་འགྲོ་དྲུག་སྡུག་བསྔལ་སྦྱང་དུ་གསོལ། །ཨཱོཾ་བཛྲ་ཨརྒྷཾ། དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེེ། ཤཔྟ་ཨཱཿཧཱུཾ། མ་ཧཱ་སརྦ་པཱུ་ཛ་ཧོ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་མ་ཧཱ་བ་ལིནྟ་ཁཱ་ཧི། བསྟོད་པ་ནི། ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །འགྲོ་བ་སྒྲོལ་མཛད་སྟོབས་ཆེན་ལྷ། །སྤྲུལ་པའི་སྐུ་རུ་རང་བྱུང་བ། །པདྨ་འབྱུང་གནས་ཐུགས་ཀྱི་སྲས། །གང་ལ་གང་འདུལ་ཐུབ་པ་དྲུག །ཚད་མེད་ལྷ་མོ་སྒོ་མ་བཞི། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ལ། །ལུས་ངག་ཡིད་གསུམ་ཕྱག་འཚལ་བསྟོད། །བཟླས་པ་ནི། རང་ཉིད་འཕགས་པར་གསལ་བའི་ཐུགས་ཀ་རུ། །པདྨ་དཀར་པོ་འདབ་དྲུག་དགྱེས་པའི་དབུས། །ཡི་གེ་ཧྲཱིཿས་མཚན་འབྲུ་དྲུག་འདབ་སྟེང་གནས། །ཨཱོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ དེ་ལྟར་གསལ་བའི་སྐུ་ལས་འོད་འཕྲོས་པས། །སྣང་བ་ཐམས་ཅད་སྣང་སྟོང་ལྷ་ཡི་སྐུ། །འཕགས་པའི་རྒྱལ་པོ་ཐུགས་རྗེ་ཆེན་པོར་དམིགས། །སྔགས་ལས་འོད་འཕྲོས་འབྱུང་བའི་སྒྲ་ལ་སོགས། །གྲགས་པ་ཐམས་ཅད་གྲག་སྟོང་སྔགས་ཀྱི་སྒྲ། །དྲན་རྟོག་སྐྱེ་འགག་གནས་གསུམ་མཐའ་བྲལ་དང་། །སྨྲ་བསམ་བརྗོད་འདས་དགོངས་པའི་ངང་ལ་བཞག །དེ་ལྟར་གསལ་བའི་རིགས་སྔགས་འབྲུ་དྲུག་པོ། །སྒྲ་ཟུང་མ་ཉམས་བརྒྱ་སྟོང་ཁྲི་འབུམ་བཟླས། །ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་གཙོ་བོར་བཟླ་ཞིང་། ཨཱོཾ་ཨཱཿཧཱུཾ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ཡི་གེ་བཅུ་པའང་ཅུང་ཟད་བཟླས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཐང་ལྷ་རྡོ་རྗེ་འབར་བ་རྩལ་དང་། བཀའ་སྲུང་དབང་གི་མ་བདུན་འཁོར་དང་བཅས་པ་བཛྲ་ས་མ་ཡ་ཛ༔ པདྨ་ཀ་མ་ལཱ་ཡེ་སྟྭཾ། ཨོཾ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨཱོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏྤནྣཱ་(༣བ)


GLG024_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཏྭཱ་ཏ་ཨཱོཾ་ཨཱཿཧཱུཾ་ལན་གསུམ་གྱིས་དབུལ། གཏེར་སྲུང་ཁྱེད་རྣམས་ཀྱིས་བདག་ཅག་ཆོས་སྒྲུབ་པའི་བར་ཆད་ཞི་ཞིང་མཐུན་རྐྱེན་སྒྲུབ་པར་མཛད་དུ་གསོལ། བཛྲ་མུཿས་གཤེགས་པར་བསམས། ཉེར་བསྡུ་ནི། ཧྲཱི༔ སྣོད་བཅུད་མ་ལུས་གཞལ་ཡས་ཁང་ལ་ཐིམ། །དེ་ཉིད་ཐུབ་དྲུག་སྒོ་མ་བཞི་ལ་ཐིམ། །འཁོར་རྣམས་གཙོ་བོ་ཐུགས་རྗེ་ཆེན་པོ་ཡང་། །ཀ་དག་གདོད་མའི་ངང་དུ་འཇའ་ལྟར་ཡལ། །སྐད་ཅིག་ངང་ལ་ཆུ་ལ་ཆུ་ལྦུར་ལྟར། །རང་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །མཐོང་ཐོས་དྲན་པས་འགྲོ་ཀུན་འཁོར་བ་ལས། །རྣམ་པར་གྲོལ་བའི་སྐུ་རུ་ལྷུན་གྱིས་གྲུབ། །སྨོན་ལམ་ནི། འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་མཐུས། །དམྱལ་བ་ཡི་དྭགས་ལ་སོགས་མི་ཁོམ་ཀུན། །སྤངས་ནས་སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །དལ་འབྱོར་ཚང་བའི་རྟེན་བཟང་རྙེད་པར་ཤོག །དེར་ཡང་བཤེས་གཉེན་དམ་པའི་མགོན་གྱིས་གཟུང་། །ཟབ་མོའི་ཆོས་ལ་ཐོས་བསམ་སྒོམ་པ་ཡི། །རིང་པོར་མི་ཐོགས་སྤྱན་རས་གཟིགས་དབང་གི །གོ་འཕང་ཐོབ་ནས་འགྲོ་ཀུན་འདྲེན་པར་ཤོག །གནས་སྐབས་སུ་ཡང་ཚེ་དང་བསོད་ནམས་དང་། །དཔལ་འབྱོར་ལོངས་སྤྱོད་མངའ་ཐང་ལ་སོགས་པ། །བླ་ནས་བླར་འཕེལ་བདེ་སྐྱིད་ཕུན་ཚོགས་པར། །སྤྱོད་པའི་སྐལ་པ་བཟང་པོར་འགྱུར་བར་ཤོག །ཤིས་བརྗོད་ནི། ཧྲཱི༔ འཁོར་འདས་ཐམས་ཅད་རིག་པའི་རང་རྩལ་དུ། །རྣམ་པར་གྲོལ་བའི་ཆོས་སྐུའི་བཀྲ་ཤིས་ཤོག །མཁའ་ལ་འཇའ་ལྟར་མ་འདྲེས་རབ་བཀྲ་བའི། །ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག །གདུལ་བྱའི་ཁམས་དང་བསམ་པ་ལེགས་སྟོན་པའི། །ཐུགས་རྗེ་ཆེ་ལྡན་སྤྲུལ་སྐུའི་བཀྲ་ཤིས་ཤོག །ཅེས་བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་ལས་བྱང་གི་དོན་ཚང་ཞིང་འཁྱེར་བདེ་བ་ཕན་བདེའི་འབྱུང་གནས་འདི་ནི་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱི་རྒྱུན་གྱི་ཉམས་ལེན་དུ་དངོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ།། །།སརྦ་མངྒ་ལཾ།། །།

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ལོ་རྒྱུས་རིགས་འཛིན་ཞལ་ལུང་།


GLG024_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ལོ་རྒྱུས་རིགས་འཛིན་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །


GLG024_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཔདྨ་ཀ་རཱ་ཡ། རྒྱལ་བ་ཀུན་གྱི་གསང་གསུམ་རང་བཞིན་མཐའ་ཀླས་འགྲོ་བློའི་རྫིང་བུ་ལ། །རང་རང་སྣང་ངོར་མ་འདྲེས་རྟག་འཆར་བདེ་བ་ཆེན་པོའི་མཁའ་ཀློང་དུ། །གཅིག་ཏུ་གྱུར་ཀྱང་སོ་སོར་སྟོན་པའི་སྒྱུ་འཕྲུལ་དྲ་བའི་རོལ་གར་མཁན། །པདྨ་འབྱུང་གནས་ཐུགས་རྗེའི་འོད་དཀར་ཕན་བདེའི་ས་སྨོས་རྒྱས་པར་མཛོད། །བདེ་གཤེགས་རྒྱལ་བའི་ཞི་དང་ཁྲོ་བོའི་གར། །བཀའ་བརྒྱད་ལྷ་ཡི་རོལ་པར་ཡོངས་ཤར་ལས། །པདྨ་གསུང་གི་ལྷ་ཞེས་སྙན་པའི་རྔ། །སྒྲོག་མཁས་དངོས་བརྒྱུད་སློབ་དཔོན་ཚོགས་སྤྱི་དང་། །དཔལ་སྟུག་ཐེག་མཆོག་རྒྱ་མཚོའི་འབྱོར་པའི་ནོར། །མཁྱེན་པའི་ཟ་མ་ཏོག་ཏུ་ལྷུན་གྲུབ་པའི། །གདོད་མའི་མགོན་པོ་འཁོན་སྟོན་ཀུན་དུ་བཟང་། །འབྲལ་མེད་སྙིང་དབུས་བཞུགས་ལ་བརྩེ་བས་སྐྱོངས། །ངེས་གསང་ལམ་འདི་མཚོ་ལྟར་གཏིང་མཐས་དབེན། །དབང་ཆེན་ཆོས་ཚུལ་མཁའ་ལྟར་ཕ་མཐའ་ཡས། །དམ་པའི་རྣམ་ཐར་གར་ལྟར་ཚད་བཟུང་བྲལ། །སྙོམས་ལས་བློ་གྲོས་རྩྭ་ལྟར་ཆེ་ཆེར་ཕྲ། །དེ་ལྟ་ན་ཡང་སྔ་འགྱུར་ཟབ་དོན་ལ། །གྲུབ་བརྙེས་སྔགས་འཆང་རིགས་ལས་ཉེར་སོན་ཞིང་། །ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན་གྱིས། །གསུང་གིས་བསྐུལ་ཚེ་ཡི་གེའི་(༢ན)


GLG024_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བར་སྤེལ། །དེ་ཡང་ཡེ་གདོད་མ་ནས་ལྷུན་གྱིས་གྲུབ་པའི་ཆོས་སྐུ་ཀུན་དུ་བཟང་པོ་ཡབ་ཡུམ་གྱིས་བདེ་གཤེགས་ཞི་ཁྲོ་མཐའ་ཀླས་པའི་དགོངས་པ་གཅིག་ཏུ་བསྡུས་ནས། ཞི་ཁྲོ་རབ་འབྱམས་ཀྱི་འཁོར་ལོ་དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་སྤྱི་རྒྱུད་དང་སྒོས་རྒྱུད་སོགས་མཐའ་ཡས་པ་གསུངས་ཤིང་། དེ་ཙམ་དུ་མ་ཟད་ཐེག་པ་རིམ་དགུའི་ཡང་རྩེ་རྫོགས་པ་ཆེན་པོའི་རྒྱུད་མཐའ་ཡས་པ་གསུངས། དོན་དངོས་པོའི་གནས་ཚོད་ལ། སྟོན་པས་ཞལ་ནས་མ་གསུངས་པར། །འཁོར་གྱིས་རྟོགས་བརྗོད་བློ་ལ་སྣང་། །ཞེས་གཙོ་འཁོར་ངོ་བོ་ཐ་མི་དད་པའི་དགོངས་པ་གཅིག་པའི་དུས་འདའ་བ་ཡིན་ལ། དེ་ཡང་ཆོས་སྐུ་སྤྲོས་པ་མེད་པའི་ངང་དེ་ཉིད་ལས། ལོངས་སྐུའི་རྣམ་པར་རོལ་པས་སེམས་ཅན་གྱི་དོན་མཛད་པའི་ཚེ། །གསང་སྔགས་ཀྱི་བྱུང་ཁུངས་སློབ་དཔོན་ཆེན་པོའི་གསུང་ལས། སྔོན་གྱི་བསྐལ་པ་དང་པོ་འདས་པའི་དུས༔ མ་ཏྲཾ་རུ་ཏྲ་བསྒྲལ་བའི་རྫས་བརྒྱད་ལས༔ གསང་སྔགས་བྱོན་པའི་གནས་བརྒྱད་བྱིན་བརླབས་པའི༔ ཙི་ཏ་ཨུ་རྒྱན་ཡུལ་དུ་བབས་པ་ལས༔ རྟེན་འབྲེལ་ཁྱད་པར་ཅན་ལ་ཞེས་འབྱུང་བ་ལྟར། བཀོད་པ་ཆེན་པོའི་བསྟན་པ་ལམ་སྟོན་པ་ཐུབ་དཀའ་གཞོན་(༢བ)


GLG024_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ནུའི་དྲུང་དུ། རྒྱལ་རིགས་ཀྱི་དགེ་སློང་ཐར་པ་ནག་པོ་དང་། གཡོག་པོ་དན་ཕག་གཉིས་ཀྱིས་གདམས་པ་ཞུས་པས། གཡོག་གིས་ཚུལ་བཞིན་རྟོགས་ལ། དཔོན་གྱིས་སྒྲས་ཟིན་ལྟར་ལོག་པར་སྤྱད་པས་ལྟ་སྤྱོད་མ་མཐུན་པ་སྟོན་པ་ལ་དྲིས་པར་ལན་དྲང་པོར་གསུངས་པས། ཐར་པ་ནག་པོ་ཁྲོས་ཏེ་སློབ་དཔོན་ལ་གཤེ་བས། རྡོ་རྗེའི་དམྱལ་བ་ནས་རྡོ་རྗེའི་དམྱལ་བར་བརྒྱུད་དེ། བསྐལ་པ་གཉིས་ལྡན་གྱི་མཚམས་ཤིག་ཏུ། སྲིན་ཡུལ་ལངྐ་པུ་རིར་སྨད་འཚོང་མ་བདུད་བཙན་ལྷ་གསུམ་དང་བཤོས་པའི་མངལ་དུ་སྲིད་བཟུང་བས། ཟླ་བ་དགུ་ན་བྱིས་པ་མགོ་གསུམ། ལག་པ་དྲུག །རྐང་པ་བཞི། གཤོག་པ་གཉིས་ཡོད་པ་ཞིག་སྐྱེས་ཏེ། ཐོག་མར་མ་ཤི་བའི་རོ་ཟོས། དེ་རྗེས་ལུས་ཀྱི་ལང་ཚོ་རྒྱས་པ་དང་། དུར་ཁྲོད་ཀྱི་ཆོས་སོགས་ཀྱིས་བརྒྱན་ཅིང་། མཐུ་སྟོབས་ཀྱི་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས། དེ་སྐད་དུ་ཡང་གསོལ་འདེབས་ལས། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་རུ༔ དེ་བཞིན་གཤེགས་པ་ཐམས་ཅད་བཀའ་བགྲོས་མཛད༔ ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་བཞི་ཡིས༔ ལོག་པ་བདུད་ཀྱི་བསྟན་པ་འདུལ་བར་མཛད༔ ཅེས་པ་ལྟར་བདེ་གཤེགས་ཞི་ཁྲོ་རྣམས་བཀའ་འགྲོས་ཏེ། སྤྱན་རས་གཟིགས་དང་སྒྲོལ་མ་གཉིས་ཀྱིས་འདུལ་བའི་དུས་བབ་ཏུ་གཟིགས་ནས་བཀའ་བསྒོས་པས། རྟ་མགྲིན་གྱིས་རཱུ་ཏྲའི་འོག་སྒོ་དང་། ཕག་མོས་དུས་མཚན་མའི་བྷ་ག་ནས་ཞུགས་ཏེ། རྟ་ཕག་གི་དབུ་སྤྱི་གཙུག་ཏུ་རྒྱངས་ཀྱིས་ཐོན་ནས་བཏུལ་བས། ཞུམ་པའི་ཚིག་གིས། དབུས་ལ་མཆིས་པའི་སྐལ་བ་མེད། །དཀྱིལ་(༣ན)


GLG024_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མཐའ་ལ་དེ་རྣམས་ཞོག །ཕུད་ལ་རྩལ་བའི་སྐལ་བ་མེད། །ལྷག་མ་ཞལ་ཆབ་ངེད་ལ་ཞུ། །ཞེས་འབངས་སུ་ཁས་བླངས། དེ་སྐད་དུ་ཡང་གསང་བའི་སྙིང་པོ་ལས། དེ་ནས་དེ་དག་ཤིན་ཏུ་འདར་ཞིང་། རབ་ཏུ་བྲེད་པས་ཞུམ་པའི་ང་རོས། འབངས་སུ་མཆི། འབངས་སུ་མཆི། འབངས་སུ་ནན་ཏན་མ་བགྱིས་ན། །མགོ་དང་ལུས་ནི་བརྒྱར་གས་ཤིང་། །སྙིང་ཡང་གས་ཤིང་གཏུབ་གྱུར་ཅིག །ཅེས་སོགས་གསུངས་པ་ལྟར་རོ། །འདི་དག་གི་ལོ་རྒྱུས་བཀའ་གཏེར་གཉིས་ཚིག་འདྲ་མིན་ཙམ་སྣང་ཡང་། དོན་ཕལ་ཆེར་མཐུན་ལ། དེའི་ཚེ་ཁྲོ་བོའི་གཙོ་བོ་ནི་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ལྷ་ཚོགས་ཡིན་ཞིང་། རིག་འཛིན་རྡོ་རྗེ་ཆོས་ཀྱི་རྒྱུད་ལུང་མན་ངག་ཏུ་བསྡེབས་ནས་མཁའ་འགྲོ་དང་སྡེ་བརྒྱད་ལ་གཏད། དེ་རྣམས་ཀྱི་བདུད་རྩིའི་སྐོར་གསེར་གྱི་སྒྲོམ་བུ། ཡང་དག་དངུལ། གཤིན་རྗེ་གཤེད་ལྕགས། རྟ་མགྲིན་ཟངས། ཕུར་པ་གཡུ། མ་མོ་བསེ། དྲག་སྔགས་གཟི། འཇིག་རྟེན་མཆོད་བསྟོད་མཆོང་གི་སྒྲོམ་བུ། བཀའ་བརྒྱད་སྤྱི་སྒྲིལ་རིན་པོ་ཆེ་སྣ་བརྒྱད་ལས་བྱས་པའི་སྒྲོམ་བུར་བཅུག་སྟེ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས། ནམ་ཞིག་ན་སློབ་དཔོན་བརྒྱད་ཀྱི་གཟིགས་སྣང་མཐུན་པར་ཆོ་འཕྲུལ་སྣ་ཚོགས་སྣང་བས། འཇིག་རྟེན་ཕུང་འཚེངས་གང་རིགས་ཤིག་ཡོད་པར་དགོངས་ནས། གནས་དེར་སྡེ་བརྒྱད་ཀྱི་ཐུན་རྫས་དང་བཅས་ཏེ་བཀའ་བསྒོས་པས། གཏེར་བསྲུང་རྣམས་ཀྱིས། གསེར་བི་མ་ལ། དངུལ་ཧཱུཾ་ཀ་ར། ལྕགས་འཇམ་དཔལ་བཤེས་གཉེན། ཟངས་ཀླུ་སྒྲུབ། གཡུ་པྲ་བྷ་ཧ་སྟི། བསེ་དྷ་ན་སང་ཀྲྀ་ཏ། མཆོང་རོམ་བུ་གྷུ་ཧྱ། གཟི་ཤིནྟི་གརྦ་ལ་གཏད། (༣བ)


GLG024_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུ་སླར་གཏེར་དུ་སྦས་པ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བཏོན་པ་ཡིན་ལ། དེ་ཡང་ཀུན་མཁྱེན་ཡེ་བཟང་རྩེ་པ་འཇིག་རྟེན་པའི་སྡེ་གསུམ་བོད་མ་ཡིན་པར་ལེགས་པར་མཛད་ནའང་། རྒྱ་གར་གྱི་རིག་འཛིན་བརྒྱད་ལ་བཀའ་བབས་ཚུལ་དང་འགལ་བས་ཅུང་ཟད་མ་དགོངས་པར་མངོན་ལ། འབྲི་ཁུང་དཔལ་འཛིན་གྱིས། ཕྱོགས་འདི་ལ་ཁ་མང་དུ་ཟེར་ནའང་། བྱེ་བྲག་སྨྲ་བས་ཐེག་པ་ཆེན་པོའི་སྡེ་སྣོད་ལ་སྨོད་པ་དང་འདྲ་བས། རང་ཉིད་ལས་དང་སྐལ་བ་དམན་པས་ནོངས་སོ། །དེ་ལྟར་བསྒྲུབ་པ་བཀའ་བརྒྱད་ཀྱི་ཡ་གྱལ། པདྨ་གསུང་གི་སྐོར་འདི་ཉིད་བོད་དུ་དར་བར་མཛད་པ་པོ་ཡང་སློབ་དཔོན་པདྨ་ཡིན་ལ། དེ་ཉིད་དྷ་ན་ཀོ་ཤའི་གླིང་དུ་པདྨའི་སྡོང་པོ་ལས་རྫུས་ཏེ་འཁྲུངས་པ། ཨུ་རྒྱན་རྒྱལ་པོ་མ་ཧཱ་བ་དན་བྱ་བའི་བློན་པོ་ཏེ་ཙ་པུ་རིས་མཐོང་སྟེ། རྒྱལ་པོ་ལ་སྲས་མེད་པའི་ཚབ་ཏུ་འོས་པར་སྨྲས་པས། རྒྱལ་པོ་བཙུན་མོ་རྣམས་ཀྱིས་ཁྱེའུ་དེ་སྲས་སུ་མངའ་གསོལ་ནས། མིང་སེ་ཧ་བྷ་ཏར་བཏགས། ནམ་ཞིག་བློན་པོ་མ་ཧཱ་ཨ་ཏའི་བུའི་མགོ་ལ་སོར་བརྡེག་བརྒྱབ་པའི་རྐྱེན་གྱིས་ཤི་བས། རྒྱལ་པོའི་ཁྲིམས་ཀྱིས་ཟླ་བ་གསུམ་གྱི་ཕ་རོལ་དུ་སྤྱུགས། དེ་ནས་སློབ་དཔོན་པྲ་བྷ་ཧ་སྟིའི་དྲུང་དུ་རབ་ཏུ་བྱུང་ནས། སྔགས་ཀྱི་ཆོས་མང་པོ་ཞུས་ཤིང་། ཚེ་ལ་དབང་བའི་རིག་འཛིན་བརྙེས། སླར་ཡུལ་དུ་བྱོན་པས་བློན་པོ་སོགས་གྲོས་བྱས་ཏེ་མེར་བསྲེགས་པ་ན། མེ་དཔུང་མཚོ་རུ་བསྒྱུར་བའི་རྫུ་འཕྲུལ་གྱིས་ཡུལ་དེའི་འགྲོ་བ་མཐའ་དག་ཡང་དག་པའི་ལམ་ལ་བཀོད། ལོ་རྒྱུས་འདི་རྣམས་ཡང་གསང་གི་སློབ་དཔོན་རྣམ་ཐར་ལྟར་བཀོད་པ་ཡིན་ལ། མྱང་དང་ཨུ་རྒྱན་གླིང་པ་སོགས་ཀྱི་གཏེར་ཁའི་རྣམ་ཐར་རྣམས་དང་ཅུང་ཟད། (༤ན)


GLG024_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྲིག་ཀྱང་གདུལ་བྱའི་སྣང་ངོའོ། །དེ་ནས་རིང་པོར་མ་ལོན་པར་བོད་ཀྱི་ལྷ་བཙད་པོ་ཁྲི་སྲོང་ལྡེ་བཙན་གྱིས། དམ་པའི་ཆོས་དར་བའི་སླད་དུ་མཁན་པོ་རིན་པོ་ཆེ་སྤྱན་དྲངས་ཏེ། དཔལ་བསམ་ཡས་ཀྱི་གཙུག་ཁག་ཁང་བཞེངས་ཀྱང་། ལྷ་མ་སྲིན་རྣམས་ཀྱིས་བར་ཆད་མང་དུ་བཏང་བས། མཁན་པོའི་ལུང་བསྟན་ལྟར། བཙད་པོས་གསེར་དང་རྟ་མོག་དྲོ་མགོ་དམར་བསྐུར་ཏེ། ཕོ་ཉ་བ་གདན་འདྲེན་དུ་བཏང་བས། སློབ་དཔོན་གྱིས་མཁྱེན་ཏེ། རྫུ་འཕྲུལ་གྱིས་གཤེགས་པ་དང་ལམ་དུ་མཇལ། དེ་ནས་ལམ་རྣམས་སུ་རིམ་གྱིས་ལྷ་སྲིན་གདུག་པ་ཅན་རྣམས་བཏུལ་ཞིང་། གཏེར་ཁ་ཡང་མང་དུ་སྦས་ཏེ་བསམ་ཡས་སུ་ཕེབས་པའི་ཚེ། བཙད་པོས་དབུ་ཞྭ་དང་ཕྱགས་གསོལ་ཞིང་། སྐུ་རགས་མ་བཅིངས་པར་བསུ་བ་མཛད་པས། སློབ་དཔོན་གྱིས་སྟོད་སྨད་དུ་རྒྱལ་ཁྲིམས་ཅུང་ཟད་ཆགས་ལ། བར་འདིར་རྒྱལ་ཁྲིམས་སིལ་བུར་མྱུར་དུ་འགྲོ་ཞེས་གསུངས། ཐང་ཡིག་ཏུ། སྐབས་འདིར་མཆོད་ཡོན་ཕྱག་ལ་མ་དན་པའི་ལོ་རྒྱུས་ལ། དཔའ་བོ་གཙུག་ལག་འཕྲེང་བས། དེ་མི་དག་པའི་སྒྲུབ་བྱེད་མང་དུ་སྨྲ་ཡང་། ལོ་རྒྱུས་ཀྱི་ཁོག་མི་གཅིག་པ་མ་གཏོགས། སྦ་བཞེད་དུ་ཡང་ཕྱག་ལ་མ་དན་ཚུལ་ཟུར་ཙམ་སྣང་བས། ལྷོ་བྲག་ཆོས་འབྱུང་བའི་དེ་བབ་ཆོལ་དུ་ཟད་དོ། །དེ་ནས་སློབ་དཔོན་གྱིས་ས་གཞི་རྣམས་བཏུལ་ཞིང་བྱིན་གྱིས་བརླབས། རྒྱལ་པོ་ལ་གཤིན་རྗེ་རོ་གཅིག །པདྨ་སྐ་གཅིག །བདུད་རྩི་ཐིགས་གཅིག །ཕུར་པ་སྲོག་གཅིག །མ་མོ་སྙིང་གཅིག །ཐིག་ལེ་ཉག་གཅིག །ཡང་དག་མེ་གཅིག་སྟེ་རྩིས་ཀྱི་ཆོས་བདུན་གནང་། ཁྱད་པར་སློབ་དཔོན་བྲག་དམར་འོམ་བུར་བཞུགས་པའི་ཚེ། བཙད་པོས། དགྲ་བགེགས་སྤྱི་དང་། ཁྱད་(༤བ)


GLG024_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཀླུ་འདུལ་བའི་ཆོས་ཟབ་མོ་ཞིག་ཞུས་པས། པདྨ་སྐད་གཅིག་གི་ནང་ནས་ཟབ་པ་རྟ་མགྲིན་ཡང་གསང་གི་ཆོས་སྐོར་རྣམས་གནང་ཞིང་ཐུགས་ཉམས་སུ་བསྟར་ནས། མན་ངག་མཐའ་དག་ལྷས་ཡེར་པའི་སེ་བ་གདོང་དུ་གཏེར་དུ་སྦས། དེ་ནས་སློབ་དཔོན་སྲིན་ཡུལ་དུ་གཤེགས་པར་བཞེད་པ་ལ། རྒྱལ་བློན་རྣམས་ཀྱིས་བཞུགས་པར་གསོལ་བས། ང་སྡོད་ན་བཙད་པོའི་སྐུ་ཚེ་ཉི་ཟླ་དང་མཉམ་པ་བྱེད། བྱེ་ཕྲུག་ལ་གཟི་འདོགས། གཙང་པོ་ཟངས་ཀྱི་སྦུབས་སུ་འཇུག །གྲམ་པ་ཐམས་ཅད་ཞིང་དུ་སྒྱུར་བར་བྱེད་གསུངས་པས། བོན་བློན་རྣམས་ཀྱིས་དེ་དག་ལ་སྙད་རེ་བཏགས་ཏེ་སློབ་དཔོན་འབྱོན་པར་ཞུས་པ་ལྟར། ཉི་ཟེར་ལ་ཆིབས་ནས་རུ་ལག་ངོས་ལ་ཡར་བྱོན་པས་ལྷ་འདྲེ་རྣམས་ཀྱིས་མ་བཟོད་པར་གཡས་རུ་ཕྱོགས་སུ་བྲོས་པས། ད་ལྟ་གཡས་རུ་བ་ལ་མཛོ་ཅན་དང་མིའུ་ཐུང་སོགས་མང་ངོ་། །དེ་ལྟར་སློབ་དཔོན་བོད་དུ་ཡུན་རིང་མ་བཞུགས་ཚུལ་འདི། ཡང་གསང་གི་ལོ་རྒྱུས་ལྟར་བཀོད་པ་ཡིན་ཞིང་། དེ་དང་མཐུན་པར་འོ་བྲན་ལུགས་ཀྱི་ཕུར་པའི་སྟོང་ཐུན། ལང་ལབ། རོང་ཟོམ། ཇོ་ལུགས་ཀྱི་ཕུར་པའི་ལོ་རྒྱུས། རྡོ་རྗེ་ཐོག་ཟློག་མའི་ལོ་རྒྱུས་དང་། ཆོས་དབང་རིན་པོ་ཆེའི་ཡབ་མེས་དབང་རྗེ་བཙན་ཁྲོམ་གྱིས་བོན་པོའི་ཐོག་ཟློག་པའི་སྐོར་སོགས་གུང་འགྲིག་པར་སྣང་ལ། དེ་དག་དང་སྦ་བཞེད་ཀྱང་ཅུང་ཟད་མཐུན་ཞིང་། ཐང་ཡིག་སོགས་སུ་ལྷ་སྲས་ཀྱིས་རྒྱལ་སྲིད་མཛད་པའི་བར་དུ་སློབ་དཔོན་བཞུགས་པར་བཤད་པ་གཉིས་མི་འགྲིག་པའི་འགལ་འཛོལ་ཆེ་བས། ཕལ་ཆེར་རང་རང་གི་ཕྱོགས་སུ་ཞེན་ཏེ། ཅིག་ཤོས་མི་འཐད་པར་སྨྲ་ནའང་། སློབ་དཔོན་ཆེན་པོ་འདི་ཉིད་ཀྱིས་དུས་གཅིག་ལ་སྐུ་གསུང་ཐུགས་ཀྱི་(༥ན)


GLG024_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་མི་འདྲ་བ་བགྲང་ཡས་པ་སྟོན་པའི་ཕྱིར་ན། ལོ་རྒྱུས་མི་མཐུན་པ་དེ་དག་ཀྱང་གདུལ་བྱ་སོ་སོའི་སྣང་ངོ་དང་མཐུན་པར་བསྟན་པ་ཡིན་ལ། སློབ་དཔོན་བཞུགས་ཀྱང་སྡིག་བློན་སོགས་འགའ་ཞིག་ཁོ་རང་རྣམས་ཀྱི་ལས་སྒྲིབ་དང་། སློབ་དཔོན་གྱི་རྫུ་འཕྲུལ་གྱི་མཐུས་མ་མཐོང་བས་མ་བཞུགས་པར་གླེང་བ་ཡང་བསམ་ངོ་ལ་ལྟོས་ན་བདེན་ཏེ། ཉི་མ་ཤར་ཡང་བྲག་ཕུག་ཁ་བྱང་ལྟ་ལ་མི་འབྱུང་བ་བཞིན་ནོ། །དེའི་ཕྱིར་སྡིག་བློན་སོགས་སློབ་དཔོན་བཞུགས་པ་ལ་མི་དགའ་བ་འགའ་ཞིག་གི་དོན་དུ་སྤྲུལ་པ་གཅིག་གཤེགས་པ་ལྟར་མཛད་ཅིང་། དོན་དུ་སྐུ་དངོས་ཀྱིས་བཞོ་སྟོད་ཏེ་སྒྲོར་བྱོན་ནས་མཁར་ཆེན་བཟའ་ལ་མཁའ་འགྲོ་སྙིང་ཐིག་གསུངས་པ་སོགས། ཡར་ལུངས་ཤེལ་གྱི་བྲག་ཕུག་གིས་གཙོས་པའི་བོད་ཀྱི་གནས་ཆེན་ཐམས་ཅད་བྱིན་གྱིས་བརླབས་ཤིང་། སྐལ་ལྡན་རྣམས་ལ་ཐེག་པ་མཆོག་གི་ཆོས་མང་དུ་སྩལ། རིང་ཞིག་ན་བསམ་ཡས་སུ་ཕེབས་ཏེ། བོན་བློན་རྣམས་ཀྱིས་ལོ་པཎ་རྣམས་གསོད་པར་བརྩམས་པའི་ཚེ། རྫུ་འཕྲུལ་གྱིས་བཏུལ་བས་དེ་ཕྱིན་ཆད་ཆོས་སྒྲུབ་པའི་བར་ཆད་མ་བྱུང་བའི་ཚུལ་སོགས་བྱང་གཏེར་གྱི་ལོ་རྒྱུས་རྣམས་ཀྱང་གུང་འགྲིག་པར་སེམས་སོ། །དེ་ཡང་ཐང་ཡིག་ཏུ། གཏེར་སྟོན་སངས་རྒྱས་བླ་མ་ནས། བདེ་ཆེན་གླིང་པའི་བར་ལུང་བསྟན་པ་རྣམས་སྔ་ཕྱིའི་གོ་རིམ་ངེས་ཅན་དུ་མ་མཆིས་ཤིང་། རྡོར་འབུམ་ཆོས་གྲགས། རིག་འཛིན་རྒོད་ལྡེམ། མངའ་རིས་པཎ་ཆེན་རིན་པོ་ཆེ་པདྨ་དབང་རྒྱལ། རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེ། འབྲི་གུང་རིན་ཆེན་ཕུན་ཚོགས། འཕྲེང་མགོ་ཤེས་རབ་འོད་ཟེར། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་སོགས་གཏེར་སྟོན་གྲགས་ཅན་ཤིན་ཏུ་མང་བ་མ་ཐེབས་པར་འདུག་པས། ཡང་གསང་གི་གཏེར་འདི་འདོན་པའི་གཏེར་སྟོན་ཡང་གསལ་ཁ་མ་མཆིས་མོད། (༥བ)


GLG024_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་དིང་སང་སེ་ར་ཐེག་ཆེན་གླིང་བྱེས་གྲྭ་ཚང་གི་རྟ་མགྲིན་ཁང་ན་བཞུགས་པའི་ཕུར་པ་འདི། ཡང་གསང་གི་ཆོས་སྐོར་རྣམས་དང་གཏེར་གནས་གཅིག་ཅིང་། སློབ་དཔོན་མདའ་འཕྱར་གྱིས་ཕུར་པ་གཏེར་ནས་བཞེས་པ་དང་། ཡང་གསང་གི་བཀའ་བབས་ཡིན་པ་ལ་བརྟེན་ནས་འཁྲུལ་པའི་མདའ་འཕྱར་ཆོས་འདིའི་གཏེར་སྟོན་ཡིན་ཞེས་འཆད་པ་མང་ཡང་། འཁོན་སྟོན་ཆོས་ཀྱི་རྒྱལ་པོས་མཛད་པའི་བྱེས་ཀྱི་ཕུར་པའི་ལོ་རྒྱུས་ན། མདའ་འཕྱར་གྱིས་ཕུར་པ་འདི་གཏེར་ནས་བཏོན་ཞེས་དམིགས་ཀྱིས་བཀར་བས། ཆོས་གཏེར་འདོན་པ་པོ་མ་ཡིན་པ་ཤུགས་ཀྱིས་བསྟན་ལ། དེ་ཡང་གཏེར་སྟོན་དངོས་ནི། སུམ་པ་དབང་ཚུལ། འབྲེ་ཤེས་རབ་བླ་མ། རྐྱང་པོ་གྲགས་པ་དབང་ཕྱུག་གསུམ་གྱིས་ལྷ་ས་ཡེར་པའི་བྲག་ནས་ཡང་གསང་གི་སྐོར་རྣམས་བཏོན་པས། གཏེར་སྔུར་བྱུང་ནས་སུམ་པ་འདས། འབྲེ་སྨྱོ། རྐྱང་པོ་ལ་མཛེ་བྱུང་ནས་ཤོག་སེར་དེ་ཞུ་སྟོན་བྱ་བ་རྟ་མགྲིན་གྱི་གྲུབ་ཐོབ་ཅིག་གི་ལག་ཏུ་བྱུང་ཡང་། ལས་འཕྲོ་གཏེར་གྱི་བརྒྱུད་པའི་བྱིན་རླབས་ཀྱི་བཀའ་མ་ཉམས་པ་གཏེར་སྟོན་ལ་བར་ཆད་བྱུང་བའི་དབང་གིས་སྤེལ་མ་ཐུབ་པས་དབང་ལུང་གི་རྒྱུན་མེད་པར་ཡུན་རིང་པོར་འབྱམས། དེ་ནས་དུས་རིང་མོ་ཞིག་ན། གྲུབ་ཐོབ་མདའ་འཕྱར་ནགས་རྒྱལ་དུ་བཞུགས་དུས། སློབ་དཔོན་པདྨས་ཞང་ཚེས་ཟླ་གྲགས་ཟེར་བའི་སྔགས་པ་ཞིག་ཏུ་སྤྲུལ་ནས་དབང་ལུང་རྣམས་གནང་སྟེ། སྔགས་ཀྱི་ཨོཾ་དེ་ཧྲཱི་རུ་སྒྱུར་ལ་སྒྲུབས་ཤིག་གསུང་བ་ལྟར་བསྒྲུབས་པས་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་ལ། གོང་དུ་གཏེར་སྟོན་གསུམ་བྱུང་བ་ལ་དགོངས་ཏེ། ཁྲི་སྲོང་སྐྱེ་སྤྲུལ་བྱང་པ་གཏེར་སྟོན་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེས། གཏེར་སྟོན་གྲངས་ངེས་ཀྱི་གསོལ་(༦ན)


GLG024_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སུ། གྲགས་པ་སུམ་པ་དབང་ཕྱུག་མཚན་མཐའ་ཅན། །འབྲེ་བན་ཚུལ་བཟང་རྣམ་གསུམ་ཚོགས་པའི་གཏེར། །ཞེས་སོ། །མདའ་འཕྱར་གྱི་གཏེར་མའི་ཕུར་པ་འདི་ཉིད་ཀྱང་། ཕལ་ཆེར་རྟ་མགྲིན་གྱི་ཕུར་པ་ཞེས་གླེང་ནའང་། འཁོར་སྟོན་ཆོས་ཀྱི་རྒྱལ་པོས་རྡོ་རྗེ་གཞོན་ནུའི་ཁུངས་དང་སྦྱར་ཏེ་གསུངས་པ་ཡིད་ཆེས་ཀྱི་གནས་སུ་སྣང་ཞིང་། སྐྱིད་གྲོང་དུ་ས་པཎ་དང་གནས་ཚང་གཅིག་ཏུ་གདན་འཛོམ་པར། བཛྲ་ཀྱི་ལི་ཀྱི་ལཱ་ཞེས་འཛབ་དབྱངས་མཛད་པས། ས་པཎ་གྱིས་དེ་མ་དག་ཀི་ལི་ཀི་ལཱ་ཡིན་གསུངས་པར། མ་དག་ཀྱང་འདི་བཞིན་བྱེད་གསུངས་ནས་བྲག་ལ་བརྒྱབ་པས་འཇིམ་པ་ལ་བརྒྱབ་པ་ལྟར་སོང་། པཎ་ཆེན་སྔགས་དག་པར་འདུག་པས་འདོན་པར་ཞུ་ཞེས་གསོལ་བས། འགུལ་བ་ཙམ་ཡང་མ་བྱུང་བས། སླར་སློབ་དཔོན་རང་གིས་གཅུས་སྟབས་ཀྱིས་བཏོན་པས་གཤོག་པ་གས། ས་པཎ་གྱིས། སློབ་དཔོན་གྲུབ་ཐོབ་ཆེན་པོར་དགོངས་ཏེ། མུ་སྟེགས་དང་རྩོད་པ་མཛད་པའི་སྐུ་རིམ་དུ་འབྱོན་དགོས་གསུངས་ནས་ལྷན་ཅིག་ཏུ་ཕེབས། དེའི་ཚེ་རྩོད་པ་རྗེ་བཙུན་ས་པཎ་རྒྱལ་ཡང་། འཕྲོག་བྱེད་དགའ་བོ་ནམ་མཁའ་ལ་འཕུར་བར། སློབ་དཔོན་གྱིས་སྔགས་དང་བཅས་ཏེ་གྲིབ་མ་ལ་ཕུར་པ་བཏབ་པས་ས་ལ་ལྷུང་། དེ་ནས་མི་རིང་བར་ཕུར་པ་མུ་སྤྲས་གཙུག་ལག་ཁང་གི་རྟེན་གཙོར་བཞུགས་ཤིང་། དུས་ཕྱིས་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་གཞིས་ཀ་དཔལ་འབྱོར་ལྷུན་པོར་བཞུགས་སྐབས། ཡབ་ཡོན་ཏན་མགོན་པོས། པདྨ་ཡང་གསང་གི་ཆོས་སྐོར་དང་། རྡོ་རྗེ་གཞོན་ནུའི་ཕུར་པ་འདི་གཉིས་ཆེད་གཉེར་སྐྱེལ་བར་བཏང་བ་ལ་བརྟེན་ནས། ཀུན་མཁྱེན་པས་གཞིས་ཀར་སྒྲུབ་དབང་དང་གཏོར་ཆེན་གྱི་ཕྱག་ལེན་(༦བ)


GLG024_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་ཤིང་། རིམ་གྱིས་སེ་ར་ཐེག་ཆེན་གླིང་གི་བྱེས་བླ་བྲང་དུ་གཏོར་སྒྲུབ་ཀྱི་རྒྱུན་བཙུགས་པ་ད་ལྟའི་བར་དུ་གནས། སྒར་པ་ཆོས་གྲགས་རྒྱ་མཚོ་དང་རིན་སྤུངས་དོན་ཡོད་རྡོ་རྗེ་མཆོད་ཡོན་ལྷན་ཅིག་པར་པོ་ཏ་ལར་ཕེབས་སྐབས། སེར་འབྲས་ཀྱི་བླ་མ་རྣམས་ཀྱིས་མཇལ་དུ་བྱོན་དུས། ཆོས་རྗེ་གཉལ་སྟོན་པས། ཁྱེད་མཆོད་ཡོན་གྱིས། ངེད་རྣམས་གཞིས་ཀ་སྣེལ་པ་དྲན་མི་དགོས་པ་མཛོད་ཅིང་། མ་མཛད་ན་འདི་རྒྱག་དགོས་པ་ཡོང་། གསུངས་ནས་ཕུར་པ་རྐང་ནས་བཏོན་པས། འཕྲལ་ཉམས་འཆར་གྱི་རྣམ་པ་འདྲ་ཞིག་བྱུང་ཡང་། དོན་ཐུགས་དོགས་ཟོས་པའི་དབང་གིས་མཆོད་ཡོན་གཉིས་ཀའི་སྐུ་ཚེའི་བར་ཆད་དུ་སོང་བ་སོགས་ལོ་རྒྱུས་མང་དུ་མཆིས། པདྨ་ཡང་གསང་གི་བཀའ་སྡོད་གིང་ལྔ་གཟའ་གདོང་གཉན་པས། དགྲ་སྡེའི་དཔུང་ཚོགས་གཞོམ་པའི་ཚུལ་ཆེས་མང་ཡང་ཡི་གེ་མངས་ཀྱིས་དོགས་པས་མ་བཀོད་དོ། །དེ་ལྟར་དཔལ་ཡང་གསང་ཁྲོས་པ་འདི་ཉིད། ཐེག་པ་རིམ་པ་དགུ་ལས་བདུན་པ་མ་ཧཱ་ཡོ་གའི་ཕྱོགས་སུ་གཏོགས་ཤིང་། རྒྱུད་སྒྲུབ་ཐབས་མན་ངག་གཏེར་ལས་བྱོན་པ་རྣམས་དང་། སླད་མར་ཕྱོགས་འདི་ལ་ཚད་ཐུབ་ཀྱི་མཁས་པ་མུ་སྤྲས་པ་ཡབ་སྲས་དང་། གནས་རྙིང་ཆོས་རྗེ་རྡོ་རྗེ་རིན་ཆེན་སོགས་ཀྱིས་མཛད་པའི་ཡིག་ཆ་དང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་ལས་བྱང་འཕྲིན་ལས་བཞིའི་བང་མཛོད། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་ཡིག་ཆ་དང་ཕྱག་ལེན་གྱི་རྒྱུན་ནུབ་དགོན་པ་ནས་བརྒྱུད་པའི་ཕྱག་ལེན། འཁོན་སྟོན་ཆོས་ཀྱི་རྒྱལ་པོས་བླ་མ་བརྒྱུད་འདེབས། བསྟོད་པ་སྨོན་ལམ་སྣང་བ་སོགས་མཁས་གྲུབ་དུ་མས་བསྐྲུན་པའི་ཡིག་ཆ་མང་དུ་ཡོད་མཆིས་ཤིང་། རྟོག་གེ་པ་འགའ་ཞིག་གིས་སྔ་འགྱུར་གྱི་དགོངས་དོན་མ་རྟོགས་པའི་ཕྱིས་འགྱུར་རྒྱས་(༧ན)


GLG024_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འགེབས་ཀྱིས་རང་བཟོ་ཁོ་ན་ལ་བརྟེན་པའི་དབང་ཆོག་སོགས་ཡོད་པར་སྣང་བ་དག་ནི། དཔྱོད་ལྡན་རྣམས་ཀྱིས་དུག་བཞིན་དུ་སྤངས་ཏེ། སྔགས་གསར་རྙིང་མཐའ་དག་སོ་སོའི་དགོངས་བཞེད་ལྟར་མ་འདྲེས་པར་ཉམས་སུ་བསྟར་བ་མཁས་པ་མགུ་བ་སྐྱེད་པའི་གནས་སོ། །ངོ་མཚར་ཆོས་འབྱུང་རྒྱ་མཚོའི་མ་མ་ལས། །དབང་ཆེན་ལོ་རྒྱུས་ཉུང་ངུའི་བསིལ་སྦྱིན་མཁན། །རིག་འཛིན་ཨུཏྤལ་དཀར་པོའི་དགའ་སྟོན་དུ། །བློ་གྲོས་ཀུན་གསལ་བུ་མོའི་འགྲམ་པར་ཤར། །མཐོན་མཐིང་རལ་པ་ཁ་བའི་མདངས་འཛིན་ཅིང་། །དམར་སེར་ཨག་ཚོམ་ལན་བུའི་ཁྱོགས་འཆང་ཡང་། །དབང་ཆེན་སྒྲུབ་ལ་གཡེལ་མེད་དཀའ་ཐུབ་ཅན། །དེ་འདྲར་ལྷ་ཆེན་གྱིས་ཀྱང་ཅི་བྱར་ཡོད། །དེ་ལྟར་སྔོན་འབྱུང་ལོ་རྒྱུས་དག །དག་ཅིང་ཉུང་ངུར་བགྱིས་པའི་ཚིག །ཚིག་གི་ཕྲེང་བར་སྤེལ་བ་ལས། །ལས་བཞིའི་དོན་ཀུན་འགྲུབ་གྱུར་ཅིག །ཅེས་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་གཏེར་འབྱུང་ལོ་རྒྱུས་རིག་འཛིན་ཞལ་ལུང་ཞེས་པ་འདི་ཡང་། རྒྱ་སྔགས་འཆང་ཆེན་པོ་འཇམ་དཔལ་གསང་བ་དང་། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རིང་ལུགས་འཛིན་པའི་པཎ་ཆེན་ཀུན་དགའ་བདེ་ལེགས་སོགས་དམ་པ་རིམ་པར་བྱོན་པའི་གདུང་ལས་སོན་པ། ཐུབ་བསྟན་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་གསུང་གིས་བསྐུལ་བ་ལ་བརྟེན་ནས། ཟུར་གསང་བདག་སྒྲོ་ཕུག་པ་ཆེན་པོའི་སྐྱེ་སྤྲུལ་འཁོན་སྟོན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་ལས། གསང་སྔགས་བཀའ་གཏེར་གྱི་དོན་ཕྱོགས་ཙམ་རིག་ཅིང་། རྒྱལ་བའི་དབང་པོ་ཙོང་ཁ་པ་ཆེན་པོའི་རིང་ལུགས་ཤེས་ནས་དད་པ་ཐོབ་པའི་ཟ་ཧོར་གྱི་སྔགས་(༧བ)


GLG024_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་ངག་དབང་བློ་བཟང་རྒྱ་མཚོ་མིང་གཞན་བཞད་པ་རྩལ་གྱིས་ས་སྐྱོང་གི་ལོ་ནག་པ་ཟླ་བའི་དབྱངས་ཨོ་འཆར་བའི་ཚེས་ལ་སྦྱར་པའི་ཡི་གེ་པ་ནི་རིག་སྔགས་འཆང་བ་ངག་དབང་དགེ་ལེགས་སོ།། །།མངྒ་ལཾ།། །།

པདྨ་ཡང་གསང་ཁྲོས་པའི་ལས་བྱང་གྱེར་སྒོམ་འཇིགས་མེད་རྡོ་རྗེའི་སྒྲ་དབྱངས།


GLG024_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཡང་གསང་ཁྲོས་པའི་ལས་བྱང་གྱེར་སྒོམ་འཇིགས་མེད་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །


GLG024_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་ཧ་ཡ་གྲཱི་ཝཱ་ཡ། དོན་དམ་ཆོས་དབྱིངས་ཟད་མི་ཤེས་པའི་དབང་གི་རྒྱལ་པོའི་བང་མཛོད་ལས། །སྲིད་ཞིའི་ཕུན་ཚོགས་འདོད་དགུའི་དཔལ་སྟེར་ཁྲོ་ཆགས་བརྗིད་པའི་རྣམ་འགྱུར་ཅན། །དབང་དྲག་འཕྲིན་ལས་གར་གྱིས་རྣམ་རོལ་རྟ་མཆོག་པདྨ་ཧེ་རུ་ཀ །གང་གི་ཞབས་པད་གཙུག་ན་བསྟེན་ནོ་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དུས་གསུམ་སངས་རྒྱས་ཀུན་འདུས་པདྨ་འབྱུང་། །ཟབ་གཏེར་གདམས་པའི་མཛོད་འཛིན་འདར་ཆར་ཞབས། །འཁྲུལ་མེད་བརྒྱུད་པའི་བཀའ་བབས་མུས་སྲས་པ། །རྩ་བརྒྱུད་བླ་མའི་ཚོགས་རྣམས་ཕྱག་གི་ཡུལ། །དབང་ཆེན་ལྷ་ཡིས་རྗེས་བཟུང་ཚར་པ་རྗེ། །འཇམ་མགོན་གྲུབ་པ་དཔལ་འབྱོར་ལྷུན་གྲུབ་ཞབས། །ཐེག་མཆོག་བདུད་རྩིའི་དཔལ་སྟེར་ཨཱནནྟ། །དྲིན་ཅན་བླ་མ་གཙུག་གི་པད་མཚོར་བསྟེན། །ཡང་ཟབ་རྒྱུད་སྡེའི་ཆུ་གཏེར་ལས་འོངས་པའི། །སྒྲུབ་ཆེན་བཀའ་བརྒྱད་ཉིན་མོར་བྱེད་པ་ཡི། །ཆ་ཤས་དབང་ཆེན་ལྷ་ཡི་འོད་ཟེར་གྱིས། །ནག་ཕྱོགས་བདུད་སྡེའི་མུན་པ་ཕ་མཐར་སྐྲོད། །དེ་ཕྱིར་རྟ་མཆོག་འཕྲིན་ལས་གྲངས་མེད་ལས། །ཟབ་ལས་ཆེས་ཟབ་ཡང་གསང་ཁྲོས་པ་ཞེས། །བཀའ་གཏེར་ཟུང་དུ་འཇུག་པའི་འཕྲིན་ལས་ཀྱི། །གྱེར་སྒོམ་འཇིགས་མེད་རྡོ་རྗེའི་དབྱངས་སུ་སྒྲོག །རྒྱུད་འདེབས་(༢བ)


GLG024_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སེམས་ཚོགས་སྐྲོད་མཚམས། །བཤགས་བྱིན་མཆོད་ཀུན་སྦྱང་དང་སྤེལ། །ཕྱི་མཆོད་སྨན་གཏོར་རཀྟ་བརླབ། །སྔོན་འགྲོའི་ཁྲིགས་ཏེ་བརྒྱུད་འདེབས་ནི། །དཀོན་མཆོག་གསུམ་དངོས་རིག་འཛིན་འདུས་པའི་གཙོ། །ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་བདག །གསང་ཆེན་བཟང་པོའི་འཕྲིན་ལས་བསྟན་པའི་དཔལ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཆོས་དབྱིངས་འོད་གསལ་བདེ་ལྡན་ཞིང་ཁམས་སུ། །རབ་འབྱམས་རྒྱལ་བའི་ཆོས་སྐུའི་སྣང་བརྙན་ནི། །དམར་གསལ་མཚན་དཔེའི་གཟི་འབར་འོད་དཔག་མེད། །ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །འོག་མིན་བདེ་ཆེན་དག་པའི་ཞིང་ཁམས་སུ། །བདེ་སྟོང་གཉིས་མེད་ཁྲག་འཐུང་ཁྲོ་བོའི་གར། །ཡང་གསང་ཁྲོས་པའི་དཔལ་ཆེན་དཀྱིལ་འཁོར་པ། །ལོངས་སྐུ་པདྨ་དབང་ཆེན་ལ་གསོལ་བ་འདེབས། །ནུབ་ཕྱོགས་ཨུ་རྒྱན་རྔ་ཡབ་དཔལ་རིའི་རྩེར། །དུས་གསུམ་རྒྱལ་བ་ཀུན་འདུས་རིག་འཛིན་ཆེ། །སྲིན་པོའི་ཁ་གནོན་སྐྱེ་དགུ་ཡོངས་ཀྱི་གཉེན། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ནགས་རྒྱལ་ལྷ་ཆུ་མཚན་ལྡན་བསྒྲུབ་གནས་སུ། །པདྨས་རྗེས་བཟུང་རབ་དགའི་ས་ལ་གནས། །གངས་ཅན་ཁྲོད་འདིར་གྲུབ་(༣ན)


GLG024_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་འདར་ཆར་ཞེས། །ཡོངས་སུ་གྲགས་པ་དེ་ཉིད་ལ་༴། དཔལ་ལྡན་བོ་དོང་མཁས་པའི་ཆོས་གྲྭ་རུ། །ཐོས་བསམ་སྒོམ་པས་རང་རྒྱུད་ལེགས་སྦྱངས་ནས། །འཆད་རྩོམ་རྩོམ་པས་རྒྱལ་བའི་བསྟན་པ་སྤེལ། །ཆོས་རྒྱལ་བརྩོན་འགྲུས་རྡོ་རྗེ་ལ་༴། བྱང་ཕྱོགས་ཉན་པོའི་དབེན་གནས་བྲག་རྫོང་དུ། །ཟབ་དང་རྒྱ་ཆེ་གདམས་པའི་མཛོད་བཟུང་ནས། །སྐལ་ལྡན་གདུལ་བྱ་སྐྱོང་བའི་མཁས་གྲུབ་རྗེ། །ཉན་ཆེན་བསོད་ནམས་བརྟན་པ་ལ་གསོལ་བ་འདེབས། །བྲག་རམ་དཔལ་གྱི་གཙུག་ཁང་ཆེན་དུ།། རིག་གནས་རྒྱ་མཚོའི་མཐར་སོན་མཁས་པའི་མཆོག །གཅིག་ཏུ་སྒྲུབ་པ་ལྷུར་ལེན་གྲུབ་པའི་དབང་། །མཁན་ཆེན་ཆོས་རྒྱལ་དཔལ་བཟང་ལ་༴། གཙང་སྟོད་མུས་སྲས་དཔལ་གྱིས་དགོན་པ་རུ། །གསང་ཆེན་བསྟན་པའི་མངའ་བདག་རྡོ་རྗེ་འཛིན། ཁྱད་པར་ལམ་འདིའི་རྩ་ལག་ཆག་སྟོན་རྗེ། །ཀུན་མཁྱེན་དཔལ་ལྡན་སེང་གེ་ལ་༴། རྣམ་པར་གྲོལ་བའི་གནས་ཀྱི་ཡང་རྩེ་རུ། །ཀུན་མཁྱེན་ཆེན་པོའི་སྲས་ཀྱི་ཐུ་བོ་པ། །སྙན་བརྒྱུད་བསྟན་པ་འཛིན་པའི་དཔལ་ཡོན་ཅན། །ཆོས་རྗེ་རིན་ཆེན་བཀྲ་ཤིས་ལ་༴ །གར་བཞུགས་ཆོས་དབྱིངས་དག་པའི་ཞིང་ཁམས་སུ། །བདེ་སྟོང་གཉིས་མེད་ཡེ་ཤེས་རོལ་པ་ལས། །ཉམས་དང་རྟོགས་པའི་རྦ་རླབས་སྟོང་གཡོ་བ། །རྟོགས་ལྡན་ཡོན་ཏན་མགོན་པོ་ལ་༴། རྒྱལ་པོའི་ཁབ་ཀྱི་སྒོ་མང་གཙུག་ལག་ཏུ། །ཟབ་དོན་སྨྲ་བའི་གཙུག་རྒྱན་མཆོག་གྱུར་པ། །མཁྱེན་བརྩེ་ནུས་པས་འགྲོ་བ་འདྲེན་པའི་དཔལ། །བླ་ཆེན་ཆོས་དཔལ་བཟང་པོ་ལ་༴། །དཔལ་ལྡན་ས་སྐྱ་གྲངས་ཆེན་བླ་བྲང་དུ། །གསང་སྔགས་རྒྱ་མཚོའི་ཚོགས་ལ་དབང་འབྱོར་ཞིང་། །གསུང་ངག་བསྟན་པའི་སྒྲོན་མེ་མུས་སྲས་པ། །བྱམས་པ་རྡོ་རྗེ་རྒྱལ་མཚན་ལ་༴། །སྙེ་ཐང་བདེ་མཆོག་དཔལ་གྱི་ཡང་དབེན་(༣ན)


GLG024_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དུ། གསང་ཆེན་གདམས་པས་སྐལ་ལྡན་རྗེས་སུ་འཛིན། །མཐུ་སྟོབས་ནུས་པས་ནག་ཕྱོགས་ཕྱེ་མར་འཐག །མུས་ཆེན་རྣམ་རྒྱལ་བཟང་པོ་ལ་༴། དམ་པས་བྱིན་བརླབས་ནགས་ཕུག་དགོན་པ་རུ། །ཀུན་བཟང་དགོངས་པའི་གནས་ལུགས་མངོན་དུ་གྱུར། །དྲག་སྔགས་གྲུབ་པའི་སྙན་གྲགས་ཕྱོགས་ཀུན་ཁྱབ། །འཁྲུལ་ཞིག་རཏྣ་བྷ་དྲ་ལ༴། མང་འཁར་ཆ་ལུང་རྡོ་རྗེའི་བྲག་རྫོང་དུ། །བློ་གསལ་བུང་བ་འདུ་བའི་པད་མོའི་ཚལ། །རྒྱུད་སྡེ་རྒྱ་མཚོའི་བཅུད་ཕྱུང་གདམས་པའི་གཏེར། །དྲིན་ཆེན་མཚར་པ་སྨྱོན་པ་ལ་༴། གཙང་སྟོད་ཞྭ་ལུ་དཔལ་གྱི་ཆོས་གྲྭ་ཆེར། །གསང་སྔགས་བསྟན་པ་ཕྱོགས་བཅུར་སྤེལ་མཛད་ཅིང་། །མཚར་ཆེན་ཆོས་རྗེའི་ཐུགས་བཅུད་བདུད་རྩིའི་རྒྱུན། །འཛིན་མཁས་མཁྱེན་བརྩེའི་དབང་ཕྱུག་ལ༴།གསུང་ངག་སློབ་བཤད་ཆོས་འཁོར་ཡང་རྩེ་རུ། ཁའུ་པར་གྲགས་འཁྲུལ་མེད་བསྟན་པའི་རྒྱུན། །རྣམ་པར་རྒྱས་མཛད་མཐུ་སྟོབས་ནུས་པའི་བདག །མཁས་གྲུབ་བསོད་ནམས་ཆོས་འཕེལ་ལ་༴། རྗེ་བཙུན་གོང་མའི་ཕྱོགས་མེད་གདན་ས་རུ། །སྙན་རྒྱུད་གདམས་པ་མཆོག་གི་བདུད་རྩི་ཡིས། །སྐལ་བཟང་འཆི་མེད་དགའ་སྟོན་སྤེལ་མཛད་པའི། །སྔགས་འཆང་དབང་ཕྱུག་རབ་བརྟན་ལ་༴། ཕུན་ཚོགས་སློབ་བཤད་ཆོས་ཀྱི་སྡེ་ཆེན་པོར། །གསང་ཆེན་ཐེག་མཆོག་ཡིད་བཞིན་ནོར་བུ་ལས། །ལེགས་བཤད་འདོད་དགུའི་ཆར་ཆེན་འབེབས་མཁས་པའི། །མགོན་པོ་བསོད་ནམས་མཆོག་ལྡན་ལ་༴། བདེ་བའི་རྡོ་རྗེའི་མི་འགྱུར་ཕོ་བྲང་ཆེར། །ཟབ་རྒྱས་ཆོས་ཚུལ་བྱེ་བའི་སྒོ་ཕྱེ་ནས། །སྐལ་ལྡན་གདུལ་བྱ་སྨིན་ཅིང་གྲོལ་མཛད་པའི། །འཇམ་དབྱངས་ཀུན་དགའི་མཚན་ཅན་ལ་༴། དགའ་ལྡན་གྲུ་འཛིན་གཉིས་པའི་ཕོ་བྲང་ཆེར། །རང་རང་གདུལ་བྱའི་བློ་དང་ལེགས་འཚམ་པར། །མདོ་སྔགས་བཤད་སྒྲུབ་ཆོས་ཚུལ་འདོམས་མཛད་པའི། །ངག་དབང་བློ་བཟང་རྒྱ་མཚོ་ལ་༴། དེ་ལྟར་རྒྱལ་(༣བ)


GLG024_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བ་དགོངས་པའི་བརྒྱུད་པ་དང་། །རིག་འཛིན་རིག་པ་བརྡ་ཡི་བརྒྱུད་པ་དང་། །གང་ཟག་སྙན་ཁུང་བརྒྱུད་པའི་བླ་མ་སྟེ། །དུས་གསུམ་རིག་འཛིན་བླ་མ་ལ་གསོལ་༴། བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །མཚན་ལྡན་བླ་མ་དམ་པས་རྗེས་བཟུང་ཞིང་། །ཡང་གསང་ཁྲོས་པའི་རྣལ་འབྱོར་བསྒོམས་པའི་མཐུས། ཁྲག་འཐུང་རྒྱལ་པོ་མྱུར་དུ་འགྲུབ་པར་ཤོག །སྒྲུབ་ཆེན་བཀའ་བརྒྱད་སྙིང་པོ་པདྨ་དབང་། །གསང་ལས་ཡང་གསང་ཁྲོས་པ་ཉིང་ཁུའི་རྒྱུད། །འཕགས་ཡུལ་གྲུབ་དབང་པདྨ་འབྱུང་གནས་དང་། །སྐད་གཉིས་སྨྲ་བའི་དབང་པོ་བཻ་རོའི་ཞབས། །གངས་ཅན་གྲུབ་མཆོག་དཔལ་ལྡན་འདར་ཆར་གྱི། །ཐུགས་ཀྱི་ཉིང་ཁུ་ཞལ་གྱི་གདམས་པ་འདི། །དགོངས་པ་ཇི་བཞིན་འཁྲུལ་མེད་ལེགས་རྟོགས་ཏེ། །རྩེ་གཅིག་བརྩོན་པས་ཉམས་སུ་ལེན་པར་ཤོག །རྣམ་དག་དབང་བཞིས་བདག་རྒྱུད་ལེགས་སྨིན་ཅིང་། །རིམ་གཉིས་ཟབ་མོའི་རྟོགས་པ་ལྡན་བྱས་ནས། །གནས་སྐབས་ལས་བཞིའི་འཕྲིན་ལས་ཀུན་གྲུབ་སྟེ། །ཀུན་བཟང་དགོངས་པ་མངོན་དུ་འགྱུར་བར་ཤོག །ལྟེ་བའི་དབུས་གནས་མཆོག་གི་འོད་དམར་གྱིས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་མ་ལུས་པ། །མུན་ཁུང་སྒྲོན་མེ་བཏེག་པ་ཇི་བཞིན་དུ། །གསལ་དྭངས་སྣང་བའི་བསྐྱེད་རིམ་རྟོགས་པར་ཤོག །དེ་ལྟར་སྣང་བའི་བསྐྱེད་རིམ་ཐམས་ཅད་ཀུན། ལེགས་པར་བརྟགས་ཚེ་སྐྱེ་འགག་གནས་གསུམ་དང་། །གདོད་ནས་བྲལ་བའི་སེམས་ཉིད་རིག་པའི་རྩལ། །སྟོང་ཉིད་རྫོགས་པའི་རིམ་པ་རྟོགས་པར་ཤོག །དེ་ནས་ཆུ་ཟླ་བར་སྣང་འཇའ་ཚོན་ལྟར། །སྣང་ཞིང་བརྟགས་ན་བདེན་པར་མ་གྲུབ་ཅིང་། །མེད་ཅིང་སྣང་བ་མི་འགག་གདོད་མའི་གཤིས། །ཟུང་འཇུག་ངང་ནས་སྐུ་གཉིས་མངོན་འགྱུར་ཤོག །དྲེགས་པའི་རྒྱལ་པོ་གྱིང་ཆེན་སྡེ་ལྔ་དང་། །གཟའ་གདོང་དྲག་པོ་གནོད་སྦྱིན་ལྕམ་དྲལ་སོགས། །ཇི་ལྟར་བསྒོ་བའི་བཀའ་ལས་མི་འདའ་བར། །གསང་ཆེན་བསྟན་པ་སྲུང་བའི་མཐུ་ལྡན་ཤོག །མཁའ་ལ་རིག་(༤ན)


GLG024_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བརྒྱུད་པའི་ཆར་སྤྲིན་གཏིབས། །བར་ལ་རྣལ་འབྱོར་གསང་སྔགས་འབྲུག་སྟོང་སྒྲོག །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ཆེན་གྱིས། །སྒྲུབ་མཆོག་ཕུན་ཚོགས་འབྲས་བུ་འགྲུབ་པར་ཤོག །སྐྱབས་སུ་འགྲོ་བའི་རིམས་པ་ནི། བདག་དང་མཁའ་མཉམ་སེམས་ཅན་མ་ལུས་པ། ཁྱབ་བདག་ཀུན་བཟང་གོ་འཕང་མ་ཐོབ་བར། །དཀོན་མཆོག་འདུས་པའི་བདག་ཉིད་རྩ་བ་གསུམ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི། །གཞན་དོན་བྱང་ཆུབ་སེམས་བསྐྱེད་ནི། མཐའ་མེད་མར་གྱུར་དྲིན་ཅན་འགྲོ་བ་ཀུན། །བླ་མེད་སངས་རྒྱས་ས་ལ་དགོད་པའི་ཆེད། །དབང་ཆེན་ཡང་གསང་ཁྲོས་པ་སྒྲུབ་པའི་ཐབས། །ཟབ་མོའི་འཕྲིན་ལས་ཉམས་སུ་བླང་བར་བྱ། །ཚོགས་ཞིང་གསལ་གདབ་རྣམ་དག་བདུན། རང་གི་མདུན་དུ་པད་ཉི་རུ་དྲའི་སྟེང་། ཁྲག་འཐུང་ལྷ་ཚོགས་རིགས་ཀྱི་བདག་པོ་རུ། །རྩ་བ་བརྒྱུད་པའི་བླ་མ་ཀུན་བཞུགས་པ། །མཁའ་ལ་དབང་པོའི་གཞུ་ལྟར་བཀྲ་བར་གྱུར། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་ཀུན་བཟང་མཆོད་སྤྲིན་དབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང་། །མགོན་རྣམས་ཟབ་རྒྱས་ཆོས་འཁོར་སྐོར་བར་བསྐུལ། །བསྐལ་པར་མྱ་ངན་མི་འདར་གསོལ་བ་འདེབས། །དགེ་ཚོགས་མ་ལུས་སངས་རྒྱས་ཐོབ་ཕྱིར་བསྔོ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །བར་གཅོད་བགེགས་དཔུང་ཕྱིར་སྐྲོད་པ། ཨཱོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། །པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་སུརྱ་མཎྜ་ལ། རུ་དྲ་བཾ། ཧྲཱིཿསྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཧྲཱི༔ པད་ཉི་རུ་དྲ་བསྣོལ་བའི་གདན་སྟེང་དུ། །སྐད་ཅིག་བདག་ཉིད་དབང་ཆེན་དམར་ནག་མདོག །(༤བ)


GLG024_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཅིག་ཕྱག་གཉིས་གཡས་པ་བེ་ཅོན་འཕྱར། །གཡོན་པ་སྡིགས་མཛུབ་རྩེ་ལ་མེ་དཔུང་འབར། །སྐུ་ལ་དུར་ཁྲོད་ཆས་བརྒྱད་རབ་ཏུ་རྫོགས། །དབུ་གཙུག་རྟ་སྐད་སྲིད་གསུམ་ཁྱབ་པར་འཚེར། །ཐུགས་ལས་སྤྲུལ་པའི་ཁྲོ་བོའི་ཚོགས་རྣམས་ཀྱིས། །སྟེང་འོག་ཕྱོགས་མཚམས་མ་ལུས་གང་བར་གྱུར། །ཧྲཱི༔ དཔལ་ཆེན་མི་བཟད་དཀྱིལ་འཁོར་ནས། །འབར་བའི་ཁྲོ་བོ་མེ་དཔུང་འབར། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །བགེགས་དང་ལོག་འདྲེན་རྡུལ་དུ་རློག །དབང་ཆེན་མེ་དཔུང་དམར་ནག་འབར། །བསྐལ་པ་དུས་མཐའི་མེ་ལྟ་བུ། །དབང་དྲག་མཚོན་ཆ་བྲག་ལྟར་གཏམས། །གང་ལ་བབ་ན་གཅོད་ཅིང་སྒྲོལ། །དབང་ཆེན་ཁྲོ་བོ་མི་བཟད་བརྔམས། །སྲིད་པའི་འཁོར་ལོ་ཡེ་ཤེས་འཁྲིགས། །དབང་ཆེན་མཚམས་ལས་གང་འདའ་བ། །རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ། །ཨཱོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲི་ཧ་ན་གྲི་ཧ་ན་ཧཱུཾ། གྲི་ཧ་ནཱ་པ་ཡ་གྲི་ཧ་ནཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝ་ན། བིདྱ་རཱ་ཛ་ཧཱུཾ་ཕཊ། མཚམས་གཅོད་སྲུང་བའི་གུར་ཁང་ནི། ཧྲཱི༔ སྟེང་འོག་ཕྱོགས་མཚམས་མ་ལུས་ཁྲོ་བོ་དང་། །རྡོ་རྗེའི་རྭ་བ་བསྐལ་པའི་མེ་འབར་བས། །བར་མཚམས་མེད་པར་གཏམས་པའི་གུར་ཁང་གི །སྲུང་བའི་འཁོར་ལོའི་མཚམས་ལས་མ་འདའ་ཞིག །ཨཱོཾ་རཾ་ཀྲོདྷ་རཀྵ་བཛྲ་ཛྭ་ལ་རཾ་ཏཾ་ཀྵ་ཎ་བི་ཤྭ་ཛྭ་ལ་རཾ་ཕཊ་རཾ་རཾ། སྡིག་སྒྲིབ་ཉེས་ལྟུང་བཤགས་པ་ནི། རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་ལ། །བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །བསྐོར་བ་མདུན་དུ་བཛྲ་ས་མཱ་ཛ༔ ཧཱུཾ༔ བདག་གིས་དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །གྲུབ་པའི་རིག་འཛིན་དབང་ཕྱུག་གོ་འཕང་དུ། །ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་ལ། འདའ་བར་མི་བྱ་བསྲུང་བར་དམ་བཅས་ཏེ། །ལས་ངན་དབང་གྱུར་སྐྱེ་བོ་བདག་འདྲ་བ། །(༥ན)


GLG024_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཞེ་སྡང་གཏི་མུག་དབང་དུ་གྱུར། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཏེ། །སྔགས་དང་བཟླས་བརྗོད་བསྙེན་྄པའིགྲངས་ཀྱང་ཆག །བསྙེན་བསྒྲུབ་བཀང་ཕྱིར་དུས་ཀྱི་ཆོ་ག་ཆག །ཉ་ཤི་དུས་དྲུག་མཆོད་པ་ལོ་ཟླ་འདས། ཁས་བླངས་དམ་བཅས་གཞན་དུ་མ་བགྱིས་ཏེ། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྙན་ཁུང་བརྒྱུད་ནས་ཐུགས་ཀྱི་དཀྱིལ་འཁོར་དུ། །ལྟ་སྤྱོད་གསང་བའི་མན་ངག་གཉེར་གཏད་པ། །སྤྱོད་པ་གཡེལ་བས་མན་ངག་གཉེར་མ་ཐུབ། །ཉམས་ཤིང་ཚོགས་ཆག་ཉམས་པའི་ཚོགས་དང་འདྲེས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྣང་གསལ་སྒྲོན་མ་རྡོ་རྗེ་སློབ་དཔོན་དང་། །དམ་ཚིག་ཟུང་གིས་འབྲེལ་བའི་ཡུམ་རྣམས་ལ། །སྙིང་ནས་སྨོད་ཅིང་ཐུགས་དང་འགལ་གྱུར་པ། །བཀའ་ཆད་གནས་སུ་གྱུར་པ་མཐོལ་ལོ་བཤགས། །དམ་ཚིག་སྲུང་བས་འབྲེལ་བའི་མཆེད་ལྕམ་ལ། །སྐུ་བརྡུངས་འགྲན་སེམས་ཞེ་སྡང་བསྡིགས་ལ་སོགས། །ངན་སོང་གསུམ་གྱི་སྡུག་བསྔལ་མི་བཟོད་པ། །ལྟུང་བའི་ལུ་གུ་རྒྱུད་དེ་རྒྱུན་ཐག་ཆོད། །དབྱིངས་ཉིད་ནམ་མཁའི་དབྱིངས་སུ་བཟོད་པར་གསོལ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་གསོལ། །ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། པདྨ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ་བྷ་ག་ཝ་ན་པདྨ་ཤྲཱི་ཧེ་རུ་ཀ་མ་མེ་མུཉྩ་པདྨ་ཤྲཱི་ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨ་ཧཱུཾ། ཡེ་ཤེས་བྱིན་ཆེན་དབབ་པ་ནི། ཨ་ལ་ལ་ཧོ། །བྷ་ག་ཝ་ན་ས་མ་ཡ་ཧོ། ས་མ་ཡ་སྟྭཾ༔ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་སྟོན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །


GLG024_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ་བའི་དུས་ལ་བབ། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །ཉམས་ཆག་བཀོང་བའི་དུས་ལ་བབ། །མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །བྱིན་ཆེན་ཕོབ་ཅིག་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བཅོམ་ལྡན་འདས་ཀྱིས་བདག་རྣམས་ལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛཿ། མཆོད་ཀུན་སྦྱང་བའི་རིམ་པ་ནི། རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །སྤྲོས་པའི་རཾ་ལས་ཡེ་ཤེས་མེ་དཔུང་འབར། །ཕྱི་ནང་གསང་བའི་མཆོད་ཚོགས་མ་ལུས་པའི། །མ་དག་ཉེས་སྐྱོན་བསྲེགས་ཤིང་བྱང་བར་གྱུར། །མཆོད་ཀུན་སྤེལ་བའི་རིམ་པ་ནི། རང་གི་ཐུགས་ཀའི་ས་བོན་ལས་སྤྲོས་པའི། །ཨ་ཡིག་འོད་ཟེར་འབར་བའི་ནུས་མཐུ་ཡིས། །ཆུང་དང་ཉུང་ངུའི་མཆོད་པའི་ཚོགས་རྣམས་ཀྱང་། །མང་པོར་འཕེལ་ཞིང་རྒྱ་ཆེར་རྒྱས་གྱུར་ཅིག །ཕྱི་མཆོད་བྱིན་ཀྱིས་བརླབ་པ་ནི། རཾ་ཡཾ་ཁཾཿལས་མེ་རླུང་ཆུ་གསུམ་བྱུང་། །ཕྱི་ཡི་མཆོད་པའི་དྲི་མ་བསྲེགས་གཏོར་བཀྲུས། །ཨ་དྷུ་པུ་ཨ་ག་ན་ཤ༔ ས་མ་ཡ་སྟྭཾ༔ སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ས་བོན་ལས་གྲུབ་མཆོད་པའི་ལྷ་མོ་ནི། །ཆུ་དང་ཉེར་སྤྱོད་རོལ་མོ་ལེགས་ཐོགས་པ། །དམ་ཚིག་དབང་གྱི་བྱོན་ཞིང་འོད་ཟེར་འཕྲོས། །འཕགས་པ་མཆོད་ཅིང་སེམས་ཅན་དོན་ཀུན་བྱས། །སྲིད་ཞིའི་འདོད་པའི་ཡོན་ཏན་ཚོགས་ཀུན་བསྡུས། །ཀུན་དུ་བཟང་པོའི་མཆོད་པའི་སྤྲིན་ཕུང་སྤྲོས། །ཨཱོཾ་ཨཱ་ཧ་ར་ཨཱ་ཧ་ར་ཧཱུཾ༔ ཨཱོཾ་བཛྲ་དྷཱུ་པེ་ཧཱུཾ༔ ཨཱོཾ་བཛྲ་པུཥྤེ་ཧཱུཾ༔ ཨཱོཾ་བཛྲ་ཨ་ལོ་ཀཻ་ཧཱུཾ༔ ཨཱོཾ་བཛྲ་གནྡྷེ་ཧཱུཾ༔ ཨཱོཾ་བཛྲ་ནཻ་ཝཾ་དྱ་ཧཱུཾ༔ ཨཱོཾ་བཛྲ་ཤཔྟ་ཧཱུཾ༔ སྨན་ཕུད་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གིས་བདུད་རྩི་སྨན་མཆོད་ཀྱི། །སྣོད་དང་བཅས་པ་བསྲེགས་གཏོར་བཀྲུས་ཤིང་སྦྱངས། །བྷྲུཾ་བྷི་ཤ་བི་ཤུདྡྷེ༔ ས་མ༔ སུཪྻ༔ རཏྣ༔ ཙནྡྲ༔ ཨེ་མཎྜ་ལ་བྷྲུཾ། འཁོར་ལོ་རྩིབས་བཞིའི་ལྟེ་(༦ན)


GLG024_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བར་པདྨ་ནི། །འདབ་བརྒྱད་རྩིབས་ཀྱི་ཤར་དུ་ཉི་མ་དང་། །ལྷོ་རུ་རིན་ཆེན་ཟུར་བརྒྱད་ནུབ་ཟླ་བ། །བྱང་དུ་རྡོ་རྗེ་རྒྱ་གྲམ་དག་གིས་མཚན། །དབུས་ནས་རིམ་བཞིན་གཡས་སྐོར་རཀྟ་དང་། །དྲི་ཆུ་ཤ་ཆེན་དྲི་ཆེན་ཀླད་པ་ལྔ། །ཨཾ་སྱཾ། ཧཱུཾ་མུཾ༔ སྭ་མཾ༔ ཨཱོཾ་ལཾ༔ ཧ་རཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུཾ༔ ས་བོན་བཅུ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་འོད་དུ་ཞུ་བ་ཡོངས་གྱུར་ལས། །པདྨ་གཎྜ༔ བཛྲ་གཎྜ༔ རཏྣ་གཎྜ༔ ཙཀྲ་གཎྜ༔ ཁངྒ་གཎྜ༔ ས་མ་ཡ་སྟྭཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུཾ། དབུས་ནས་བརྩམས་ཏེ་རིམ་བཞིན་གཡས་སྐོར་དུ། །སྣང་མཐའ་དམར་པོ་གོས་དཀར་མོ་དང་སྤྱོད། །མི་བསྐྱོད་མཐིང་ག་དབྱིངས་ཕྱུག་མ་དང་སྦྱོར། །རིན་འབྱུང་སེར་པོ་རིན་ཆེན་སྒྲོལ་མས་འཁྱུད། །རྣམ་སྣང་དཀར་པོ་སངས་རྒྱས་སྤྱན་མས་འཁྱུད། །དོན་གྲུབ་ལྗང་གུ་དམ་ཚིག་སྒྲོལ་མས་འཁྱུད། །ཡབ་རྣམས་གཡས་པ་རང་རྟགས་གཡོན་དྲིལ་བུ། །ཡུམ་རྣམས་གཡས་འཁྱུད་གཡོན་པ་དྲིལ་བུ་འཛིན། །སྙོམས་པར་ཞུགས་པས་བྱང་སེམས་གསང་གནས་ཕབ། །འོད་འཕྲོས་དོན་གཉིས་བྱས་ཤིང་འབྲུ་གསུམ་གྱིས། །འཇིག་རྟེན་འདས་དང་མ་འདས་སྣོད་བཅུད་ཀྱི། །བདུད་རྩིའི་སྙིང་པོ་བསྡུས་ཏེ་ཡུམ་ལྔར་ཐིམ། །ཡུམ་ལྔ་འོད་ཞུ་བདུད་རྩིའི་རང་བཞིན་གྱུར། །མུ་ཏིག་དཀར་པོ་དྲི་མ་མེད་ལྟ་བུའི། །སྟེང་དུ་ཟླ་བའི་གདན་ལ་ཨཱོཾ་དཀར་པོ། །ཡེ་ཤེས་ལྔ་དང་ལྡན་པའི་མཚན་མ་ཅན། །མ་ཧཱ་སུརྱ་མཎྜ་ལ་ཧཱུཾ་ཕཊ༔ པཾ་པདྨ་མཎྜ་ལ་ཨེ་ཨཾ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ༔ ཨ་ནུ་རཱ་ག་མི༔ ཨ་ནུ་རཱ་ག་ཡ་ཧོ༔ ཛཿཧཱུཾ་བཾ་ཧོ༔ ཨཱོཾ་ཨ༔ མ་པཾ༔ ཧྲཱི༔ སུརྱ༔ ཙནྡྲ༔ པདྨ་དྷ་ར་ཧྲཱི༔ གཡོན་པའི་མཐེབ་སྲིན་བར་དུ་ཨ་ཡིག་དང་། །མ་ལས་ཉི་ཟླ་ཁ་སྦྱོར་གུར་ཁང་དང་། །བདུད་རྩིའི་སྟེང་དུ་པདྨ་འདབ་བཞིའི་དབུས། །རྟ་མགྲིན་དམར་ནག་པདྨ་རྒྱ་གྲམ་(༦བ)


GLG024_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །ཕྱོགས་བཞིར་གསང་ཡུཾ་མི་ཕམ་ཁྲོ་གཉེར་ཅན། །རལ་གཅིག་རོ་ལངས་དཀར་སེར་དམར་ལྗང་མདོག །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན། །བཞི་ཀའང་རྒྱབ་མདུན་ཟུར་ནས་ཡབ་དང་སྦྱོར། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ། རྟ་མགོའི་སྟེང་གི་ཧྲཱིཿ ལས་འོད་འཕྲོས་པས། །འོག་མིན་གནས་ཀྱི་སངས་རྒྱས་ཡབ་ཡུམ་མཆོད། །མདུན་དུ་སྤྱན་དྲངས་སྙོམས་པར་བཞུགས་པ་ཡི། །བྱང་སེམས་ཡབ་ཀྱི་ཞལ་ཞུགས་སྒལ་ཚིགས་རྒྱུད། །ཡུམ་བཞིའི་བྷ་གར་ཐིག་ལེ་དུས་གཅིག་བབས། །ཡབ་ཡུམ་ལྔ་པོ་བདུད་རྩིར་ཞུ་ནས་འདྲེས། །བདག་གྲོགས་རྫས་ལ་གཏོར་བས་ཉེས་པ་ཀུན། །མ་ལུས་དག་པའི་བྱེད་ལས་ལྡན་པར་གྱུར། །ཨཱོཾ་སྭ་བྷཱ་ཝ་བི་ཤུ་དྷེ་ཧཱུཾ༔ དྷརྨ་ཨ་མྲྀ་ཏ་ཧཱུཾ། རཾ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རཾ་ཕཊ༔ རཾ་རཾ༔ ཨཱོཾ་ཨཱཿཧཱུཾ༔ གཏོར་མ་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གྱིས་གཏོར་མའི་དངོས་འཛིན་རྣམས། །བསྲེགས་གཏོར་བཀྲུས་ཏེ་རྣམ་པར་དག་པར་གྱུར། །བྷྲུཾ་པད་མ་བ་ལིཾ་ཏ་བི་ཤ་ཙཀྲ་བྷྲུཾ། མ་ཧཱ་སུཪྻ་མཎྜ་ལ་ཧཱུཾ༔ ས་མ་ཡ་སྟྭཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུཾ༔ པཾ་པདྨ་མཎྜལ་ཨཱ༔ ས་མ་ཡ་སྟྭཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུཾ། ཨ་ཙནྡྲ་མཎྜ་ལ་ཨཾ། ས་མ་ཡ་སྟྭཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུཾ། གཏོར་མ་གཞལ་ཡས་ཁང་དུ་གསལ་བ་ཡི། །ཉི་མའི་སྟེང་དུ་ཧཱུཾ་ལས་འོད་འཕྲོས་པས། །དོན་གཉིས་བྱས་ཤིང་ཚུར་འདུས་ཡོངས་གྱུར་ལས། །གཏོར་མའི་དངོས་པོ་ཆོས་ཉིད་ངང་དུ་སྦྱངས། །སླར་ཡང་གཏོར་མའི་སྟེང་དུ་པདྨ་བརྒྱད། །དབུས་སུ་ཨ་ཡིག་དམར་པོ་གསལ་ཞིང་དངས། །དེ་ལས་བྱུང་བའི་འོད་ཟེར་འཕྲོ་འདུ་ཡིས། །བདུད་རྩི་ཡེ་ཤེས་ལྔ་ཡི་ངོ་བོར་འབར། །སླར་ཡང་གཏོར་སྟེང་ཟླ་བའི་དཀྱིལ་འཁོར་དབུས། །ཨཱོཾ་ཡིག་དཀར་པོའི་འོད་ཟེར་འཕྲོ་འདུ་ལས། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་མཆོད་པའི་སྤྲིན་ཕུང་རྒྱས་གྱུར་ཅིག །(༧ན)


GLG024_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་མ་ཧཱ་བ་ལིཾ་ཏ་པུ་ཛ་ཏེ་ཛ་ཧཱུཾ། རཀྟ་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གྱིས་རཀྟའི་དྲི་མ་ཀུན། །མ་ལུས་སྦྱངས་ཤིང་ཡོངས་སུ་དག་པར་གྱུར། །བྷྲུཾ་བི་ན་དྷ་ཤ་ཀ༔ མ་སུརྱ་མཎྜ་ལ། རཾ་ས་མ་ཡ་སྟྭཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུཾ། ནང་དམར་ཕྱི་དཀར་ཐོད་པའི་གཞལ་ཡས་སུ། །མ་ལས་ཉི་མའི་དཀྱིལ་འཁོར་དམར་སེར་སྟེང་། །ཐུགས་ཀའི་ཧྲཱིཿལས་འཕྲོས་པའི་རཾ་དམར་པོ། །འཕྲོ་འདུ་འོད་ཞུ་ཡོངས་སུ་གྱུར་པ་ལས། །རཀྟའི་རྒྱ་མཚོས་སྟོང་གསུམ་ཁྱོན་ཀུན་གང་། །རླབས་འཁྲུག་ཞིང་འཕྱོ་ཚིལ་ཆེན་དར་ཆགས་པ། །ཕྱི་ལྟར་ཁྲག་མཚོ་ནང་ནི་ཆོས་ཀྱི་དབྱིངས། །གསང་བ་ཡུམ་གྱི་པདྨ་རཀྟ་འཁྱིལ། །ཨཱོཾ་མ་ཧཱ་པདྨ་རཀྟ་ཧཱུཾ། ཏིང་འཛིན་རྣམ་གསུམ་རྟེན་བརྟེན་པ། །སྙན་གསན་སྤྱན་འདྲེན་བཞུགས་གསོལ་ཕྱག །ཉེར་སྤྱོད་འདོད་ཡོན་སྨན་དངོས་གྲུབ། །གཏོར་མ་རཀྟ་སྦྱོར་སྒྲོལ་མཆོད། །ཀླུ་མཆོད་བསྟོད་པ་འཛབ་དེའི་བསྟོད། །དངོས་གྲུབ་བླང་བ་དངོས་གཞིའི་ཁྲིགས། །དེ་ཏིང་ཀུན་ཏིང་རྒྱུ་ཏིང་གསུམ། །ཧཱུཾ། ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཆོས་རྣམས་སྣ་ཚོགས་རང་ཤར་བ། །རང་བཞིན་མེད་དེ་ཆུ་ཟླ་འདྲ། །ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ། །སྙིང་པོ་ཡེ་ཤེས་ཧཱུཾ་གི་དབྱིངས། །ཨཱོཾ་ཤཱུ་ནྱ་ཏ་ཛྙཱ་ན་ས་མ་ཏ་ཧཱུཾ། ཨཱོཾ་དྷརྨཱ་དྷཱ་ཏུ་ས་མ་ཏི་ཧཱུཾ། ཨཱོཾ་ཛྙཱ་ན་བཛྲ་ས་མ་ཏི་ཧཱུཾ། བརྟེན་བྱ་གཞལ་ཡས་ཁང་བསྐྱེད་པ། ཨེ་ཡཾ་རཾ་ཁཾ་སུཾ་ཀེཾ་བྷྲུཾ༔ ས་བོན་སྔགས་རྣམས་ཡོངས་སུ་གྱུར་པ་ལས། །འབྱུང་ལྔ་རི་རབ་གཞལ་ཡས་ལྷུན་གྱིས་གྲུབ། །ཨེ་ཨ་ཀ་ཤ་མཎྜ་ལ་ཧཱུཾ། ཨེ་ལས་ནམ་མཁའ་སྔོ་སྐྱ་གྲུ་གསུམ་སྟེང་། །ཡཾ་བ་ཡ་བེ་མཎྜ་ལ་ཧཱུཾ། ཡཾ་ལས་རླུང་དཀྱིལ་ཟླ་གམ་དུད་ཁ་གཡོ། །རཾ་ཛྭ་མཎྜ་ལ་ཧཱུཾ། རཾ་ལས་མེ་དཀྱིལ་དམར་པོ་ཟུར་གསུམ་འབར། ཁཾ་རཀྟ་ས་མུ་དྲ་མཎྜ་ལ་ཧཱུཾ། ཁཾ་ལས་ཁྲག་མཚོ་དམར་ནག་ཟླུམ་པོ་འཁྲུག །སུཾ་བྲི་ཐི་ཝི་མཎྜ་ལ་ཧཱུཾ། སུཾ་ལས་ས་དཀྱིལ་སེར་(༧བ)


GLG024_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གྲུ་བཞི་བརྟན། །ཀཾ་ནི་རི་ཏི་སུ་མེ་རུ་མཎྜ་ལ་ཧཱུཾ། ཀེཾ་ལས་ཀེང་རུས་རི་རབ་གྲུ་བཞི་དཀར། །བྷྲུཾ་བི་ཤ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲུཾ༔ བྷྲུཾ་ལས་ཐོད་པ་རིན་ཆེན་གཞལ་ཡས་ཁང་། །དབུས་སུ་གྲུ་གསུམ་དམར་ནག་དཀྱིལ་འཁོར་ལ། །ཟླ་གམ་དམར་པོ་ཐོད་པའི་ར་བ་ཅན། །ཕྱི་རོལ་འཁོར་ལོ་རྩིབས་བཞི་ཕྱོགས་ཀྱི་མདོག །མགོ་བོ་རློན་པའི་འཕྲེང་བས་ཟླུམ་པོར་བསྐོར། །དེའི་ཕྱིར་གྲུ་བཞི་སྒོ་བཞི་གཞལ་ཡས་ཁང་། །ཕྱོགས་སྐྱོང་བཅུ་ཡིས་རྩིག་པའི་རྨང་གཞི་བྱས། །ནང་ནི་བན་དྷ་སྐམ་རློན་རྙིང་པ་ཡིས། །རྩིག་པ་གནམ་ལྕགས་འབར་བའི་གཟེར་གྱིས་བཏབ། །ཕྱི་ནི་སྣ་ཚོགས་རིན་ཆེན་ལས་གྲུབ་པ། །དམར་དཀར་སེར་ལྗང་ནག་པོའི་རྩིག་པ་ཅན། །བར་དུ་ལྷ་ཆེན་བརྒྱད་ཀྱིས་རྩིག་པས་གཏམས། །རྩིག་སྟེང་རིན་ཆེན་རུས་པའི་ཕ་གུ་ལ། །རྒྱུ་མ་རློན་པའི་དྲ་བ་དྲ་ཕྱེད་འཕྱང་། །དེའི་སྟེང་རིན་ཆེན་རུས་པ་སྤེལ་མ་ཡིས། །མདའ་ཡབ་པུ་ཤུ་རྩིག་པའི་རྩ་བ་ན། །འདོད་སྣམ་དམར་པོ་མཆོད་པའི་ལྷ་མོས་གང་། །རྒྱལ་ཆེན་བཞི་དང་ཐོད་པ་སྐམ་པོ་ལས། །གྲུབ་པའི་ཀ་བ་བརྒྱད་ཀྱིས་ལེགས་བཏེག་པའི། །ཐོད་པ་རློན་པའི་ཀ་གཞུ་རབ་ཏུ་བརྗིད། །ཀླུ་ཆེན་བརྒྱད་ཀྱི་གདུང་མས་ཕྱོགས་མཚམས་བྲེས། །དེ་ལ་མཛེས་པའི་མེ་ཏོག་རྒྱན་དུ་སྤུད། །གཟའ་ཆེན་བརྒྱད་ཀྱི་བད་ཕུར་བཏང་པ་ལ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དྲལ་ལྕམ་བྱས། །བདུད་རྩི་ལྔ་ལས་གྲུབ་པའི་ཞལ་བ་ཅན། །དབུས་ཀྱི་ལྟེ་བ་ཕྱུར་བུར་མཐོ་བའི་རྩེར། །པདྨས་བཏེག་པའི་ཙིཏྟའི་ཏོག་གིས་བརྒྱན། །སྒོ་བཞི་ཀ་བ་བཞི་བཞིས་བཏེག་པ་ཡི། །རྟ་བབས་བང་རིམ་བཞི་དང་ལྡན་པའི་སྟེང་། །པདྨ་ཆོས་འཁོར་བཅུ་གསུམ་གདུགས་རི་དགས། །མགོ་སྙིང་ཏོག་མཛེས་ཞིང་ཆེན་རྒྱལ་མཚན་དང་། །ལག་པའི་འཕན་དང་སྐྲ་ཡི་རྔ་ཡབ་ཅན། །དབང་པོའི་མེ་ཏོག་སྤེལ་བའི་ཕྲེང་བ་གཡོ། །མདོར་ན་རྔམ་བརྗིད་མཛེས་པའི་རྒྱན་(༨ན)


GLG024_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྤུད། །ཕྱི་རོལ་པད་ར་དུར་ཁྲོད་ཆེན་པོ་བརྒྱད། །རྡོ་རྗེའི་ར་བ་བསྐལ་བའི་མེ་དཔུང་འབར། །དབུས་ཀྱི་གྲུ་གསུམ་དམར་ནག་དཀྱིལ་འཁོར་སྟེང་། །པཾ་པདྨ་བཾ༔ དེ་ལས་སྣ་ཚོགས་པད་མ་མཛེས་པའི་གདན། །ཨ་ཙནྡྲ་བཾ༔ དེ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་པ། །མ་སུཪྻ་བཾ༔ དེ་ལས་ཉི་མའི་དཀྱིལ་འཁོར་འོད་ཟེར་འབར། །རུ་ཏྲ་བཾ༔ དེ་ལས་རུ་ཏྲ་ཕོ་མོ་བསྣོལ་པ་ཡི། །གན་རྒྱལ་ཁ་སྦུབ་བརྩིགས་པའི་གདན་སྟེང་དུ། །བརྟེན་པ་ལྷ་ཚོགས་བསྐྱེད་པ་ནི། ཧྲཱིཿམཾ། སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུཾ༔ ཏིཥྛ་བཛྲ༔ ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། གདན་སྟེང་རྒྱུ་ཏིང་ཧཱུཾ་ཡིག་བབས་པ་ལས། །ཧྲཱིཿ ཡིག་དམར་ནག་བཾ་ཡིག་སྔོན་པོར་གྱུར། །དེ་ལས་འོད་འཕྲོས་འཕགས་ཚོགས་མཆོད་པས་མཉེས། །སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་མ་ལུས་སྦྱངས། །སླར་ཡང་འདུས་ཤིང་བརྟན་པར་བྱས་པ་ལས། །རང་ཉིད་རྟ་མགྲིན་པདྨ་དབང་ཆེན་སྐུ། །ཞལ་གསུམ་གཡས་དཀར་གཡོན་ལྗང་དབུས་དམར་ནག །སྤྱི་བོའི་གཙུག་ཏུ་རྟ་མགོ་ལྗང་གུའི་ཞལ། །རྔོག་མ་དམར་པོ་ཕྲུཾ་ཕྲུཾ་སེར་པོ་དང་། །ཞུར་དཀར་རྟ་སྐད་སྒྲ་དབྱངས་ཕྱོགས་བཅུར་འཚེར། །ཞལ་རྣམས་ཀུན་ལ་སྤྱན་གསུམ་དམར་ཞིང་ཟླུམ། །སྨིན་མ་སྨ་ར་སེར་པོ་གློག་ལྟར་འཁྱུག །དབུ་སྐྲ་རལ་པ་ཁམ་ནག་གྱེན་དུ་བརྫེས། །ཕྱག་དྲུག་གཡས་ཀྱི་དང་པོ་པདྨ་བསྣམས། །གཡོན་གྱི་དང་པོ་ཁྲག་གང་ཀ་པཱ་ལ། །བཟུང་སྟེ་བདེ་ཆེན་ཡུམ་གྱི་མགུལ་ནས་འཁྱུད། །ལྷག་མ་གཡས་གཉིས་ལྕགས་ཀྱུ་བེ་ཅོན་དང་། །གཡོན་གཉིས་ཞགས་པ་རལ་གྲི་མེ་འབར་འཛིན། །སྐུ་སྟོད་ཞིང་ལྤགས་གླང་ཆེན་ཀོ་རློན་གསོལ། །སྐུ་སྨད་སྟག་གི་པགས་པའི་ཤམ་ཐབས་ཀླུབས། །ཐོད་སྐམ་དབུ་རྒྱན་རིན་ཆེན་རྩེ་ཕྲན་ཅན། །མགོ་བོ་སྐམ་རློན་རྙིད་པ་ལྔ་བཅུ་ཡི། །ཚར་གསུམ་འཕྲེང་བའི་དོ་ཤལ་སྐུ་ལ་(༨བ)


GLG024_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །རུས་པ་རིན་ཆེན་སྦྲུལ་རིགས་བཞི་ཡིས་བརྒྱན། །ཞག་གི་སོར་རིས་རཀྟའི་ཐིག་ལེ་དང་། །ཐལ་ཆེན་ཚོམ་བུ་སྐུ་ཡི་གནས་སུ་བྱུགས། ཁམས་གསུམ་རྣམ་པར་རྒྱལ་བའི་ཁྱུང་གཤོག་ཅན། །གར་དགུའི་ཉམས་ལྡན་ཞབས་བཞི་བརྐྱང་བསྐུམས་བཞུགས། །ཨཱོཾ་མཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ། གཙོ་བོའི་གཡོན་ནས་སྐུ་ལ་འཁྲིལ་ཚུལ་ཅན། །གསང་ཡུམ་པདྨ་གར་གྱི་དབང་ཕྱུག་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །སྤྱན་གསུམ་གདངས་མིག་ཞལ་བགྲད་མཆེ་བ་གཙིགས། །དབུ་སྐྲ་རལ་པ་ནག་པོ་མུན་ལྟར་བཏིབས། །ཕྱག་གཡས་ཙིཏྟ་ཐོགས་ནས་ཡབ་ལ་འཁྱུད། །གཡོན་པ་དུང་ཆེན་ཁྲག་གིས་གང་བའི་མཚོ། །དཔལ་ཆེན་གཙོ་བོའི་ཞལ་དུ་འདེབས་ཚུལ་མཛད། །ཡབ་ཡུམ་གཉིས་ཀྱི་སྤྱི་བོར་ཟླ་བ་དང་། །མགྲིན་པར་པདྨ་ཐུགས་ཀར་ཉི་མའི་སྟེང་། །ཨཱོཾ་དཀར་ཨཱཿདམར་ཧཱུཾ་སྔོན་ཡི་གེ་ཡིས། །མཚན་པས་སྐུ་གསུང་ཐུགས་རྣམས་བྱིན་གྱིས་བརླབས། །དབུ་ལ་ཐོད་པའི་ཁང་བུ་ལྔས་བརྒྱན་པའི། །སྤྱི་གཙུག་ཧཱུཾ་སྔོན་མཚོག་མར་ཨཱོཾ་དཀར་པོ། །རྣ་ལྟག་གཡས་སུ་སྭཱ་སེར་ལྟག་པ་ན། །ཨཾ་དམར་རྣ་ལྟག་གཡོན་ན་ཧཾ་ལྗང་གུ། །དེ་རྣམས་སྐད་ཅིག་ཡོངས་སུ་གྱུར་པ་ལས། །ཧཱུཾ་བཛྲ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཁྲག་འཐུང་སྔོན་པོ་རྡོར་དྲིལ་འཛིན། །ཨཱོཾ་བུདྡྷ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། །སངས་རྒྱས་ཁྲག་འཐུང་དཀར་པོ་འཁོར་དྲིལ་འཛིན། །སྭཱ་རཏྣ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། །རིན་ཆེན་ཁྲག་འཐུང་སེར་པོ་རིན་ཆེན་དྲིལ། །ཨཾ་པདྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། །པདྨ་ཁྲག་འཐུང་དམར་པོ་པད་དྲིལ་འཛིན། །ཧཾ་ཀརྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། །ལས་ཀྱི་ཁྲག་འཐུང་ལྗང་གུ་རལ་གྲི་དྲིལ། །རྒྱན་དང་ཆ་ལུགས་གཙོ་བོ་དག་དང་མཐུན། །ཁྲག་འཐུང་རིགས་ལྔ་དབུ་ཡི་རྒྱན་དུ་རྫོགས། །ཡབ་ཀྱི་གསང་གནས་ཡི་གེ་ཧཱུཾ་ཡིག་ནི། །ཡོངས་གྱུར་རྡོ་རྗེ་(༩ན)


GLG024_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལྔའི་རྣམ་པ་ཅན། །ཡུམ་གྱི་གསང་གནས་པཾ་ལས་པད་འདབ་བརྒྱད། །སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་སྒྲས། །སངས་རྒྱས་སྲས་དང་བཅས་པ་སྤྱན་དྲངས་ནས། །ཡབ་ཀྱི་ཞལ་ཞུགས་ཐུགས་གར་འོད་དུ་ཞུ། །རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པའི། །ཐིག་ལེ་ཡིག་འབྲུ་བརྒྱད་ཀྱི་ངོ་བོ་གྱུར། །ཧཱུཾ་ཧཱུཾཿཧཱུཾཿ ཧཱུཾཿཛ་ཧཱུཾ་བཾ་ཧོ༔ ཤར་གྱི་རྩིབས་སྟེང་དེ་ཝ་བཾ་ཡོངས་གྱུར། །དྲི་ཟ་དཀར་པོ་ཕོ་མོ་བསྣོལ་གདན་ལ། །ཨཱོཾ་བཛྲ་ཤྭ་རི་ཀྲོ་དྷ་ཧཱུཾ་ཕཊཿ། དེ་ལས་རྡོ་རྗེ་དབང་ཆེན་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་གཡས་པ་རྡོ་རྗེ་དང་། །གཡོན་པ་དབྱུག་ཐོ་བསྣམས་ཤིང་འགྱིང་བའི་ཚུལ། །ལྷོ་ཡི་རྩིབས་སྟེང་ཡ་མ་བཾ་ཡོངས་གྱུར། །གྲུལ་བུམ་སྔོན་པོ་ཕོ་མོ་བསྣོལ་གདན་ལ། །ཨཱོཾ་རཏྣ་ཤྭ་རི་ཀྲོ་དྷ་ཧཱུཾ་ཕཊ༔། དེ་ལས་རིན་ཆེན་དབང་ཆེན་སྐུ་མདོག་སྔོ། །ཞལ་གཅིག་ཕྱག་གཉིས་གཡས་པ་རིན་ཆེན་དང་། །གཡོན་པ་ལྕགས་ཀྱུ་འགུགས་པའི་ཚུལ་གྱིས་འཛིན། །ནུབ་ཀྱི་རྩིབས་སྟེང་ན་ག་བཾ་ཡོངས་གྱུར། །ཀླུ་རྒྱལ་དམར་པོ་ཕོ་མོ་བསྣོལ་གདན་ལ། །ཨཱོཾ་པདྨ་ཤྭ་རི་ཀྲོ་དྷ་ཧཱུཾ་ཕཊ༔ དེ་ལས་པདྨ་དབང་ཆེན་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་གཡས་པ་པདྨ་དང་། །གཡོན་པ་ཞགས་པ་འཆང་བའི་ཚུལ་གྱིས་འཛིན། །བྱང་ཕྱོགས་རྩིབས་སྟེང་ཡཀྵ་བཾ་ཡོངས་གྱུར། །གནོད་སྦྱིན་ལྗང་གུ་ཕོ་མོ་བསྣོལ་གདན་ལ། །ཨཱོཾ་ཀརྨ་ཤྭ་རི་ཀྲོ་དྷ་ཧཱུཾ་ཕཊཿ། དེ་ལས་ལས་རབ་དབང་ཆེན་ལྗང་དམར་མདོག །ཞལ་གཅིག་ཕྱག་གཉིས་གཡས་པ་རལ་གྲི་དང་། །གཡོན་པ་རྩེ་གསུམ་བསྣུན་པའི་ཚུལ་གྱིས་འཛིན། །ཀུན་ཀྱང་སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས། །དབུ་སྐྲ་ཁམ་ནག་གྱེན་བརྫེས་སྦྲུལ་གྱིས་བཅིངས། །དུར་ཁྲོད་ཆས་རྣམས་མ་ལུས་སྐུ་ལ་བརྒྱན། །མེ་དཔུང་(༩བ)


GLG024_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ན་གར་སྟབས་ཚུལ་གྱིས་བཞུགས། །སྒོ་བཞིར་ཨ་དང་ཙནྡྲ་བཾ་ཡོངས་གྱུར། །ཟླ་བའི་དཀྱིལ་འཁོར་རེ་རེའི་གདན་སྟེང་དུ། །ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛ༔ དེ་ཉིད་ཡོངས་གྱུར་སྒོ་མ་ལྕགས་ཀྱུ་མ། །དཀར་མོ་ཁྲག་རལ་ལྕགས་ཀྱུ་གློ་སྙིང་འཛིན། །ཨཱོཾ་བཛྲ་པཱ་ཤ་ཧཱུཾ། །དེ་ཉིད་ཡོངས་གྱུར་སྒོ་མ་ཞགས་པ་མ། །སེར་མོ་གཡུ་རལ་ཞགས་པ་གློ་སྙིང་འཛིན། །ཨཱོཾ་བཛྲ་སྥོ་ཊ་བཾ༔ དེ་ཉིད་ཡོངས་གྱུར་སྒོ་མ་ལྕགས་སྒྲོག་མ། །དམར་མོ་མཐིང་རལ་ལྕགས་སྒྲོག་གློ་སྙིང་འཛིན། །ཨོཾ་བཛྲ་གྷཎྜེ་ཧོ༔ དེ་ཉིད་ཡོངས་གྱུར་སྒོ་མ་དྲིལ་བུ་མ། །ལྗང་གུ་གསེར་རལ་དྲིལ་བུ་གློ་སྙིང་འཛིན། །ཀུན་ཀྱང་ཞལ་གཅིག་ཕྱག་དང་ཞབས་གཉིས་པ། །དུར་ཁྲོད་ཆས་བརྒྱན་མེ་དཔུང་ཀློང་ན་བཞུགས། །ཡེ་ཤེས་ལྷ་ལ་སྙན་གསན་དབབ། ཧྲཱི༔ ཡེ་ནས་ཀ་དག་ཆོས་ཀྱི་ཀློང་ཡངས་ལས། །སངས་རྒྱས་སྐུ་ལྔའི་བདག་ཉིད་ལོངས་སྤྱོད་རྫོགས། ཁྲག་འཐུང་དབང་ཆེན་ལྷ་དགུའི་དཀྱིལ་འཁོར་པ། །སྣ་ཚོགས་སྤྲུལ་པའི་གར་གྱིས་དབྱིངས་ནས་བཞེངས། །ཨཱོཾ་བཛྲ་ས་མ་ཡཱ་ཧཱུཾ་ཛ༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲང་བ། ཧྲཱི༔ ཆོས་ཀྱི་དབྱིངས་ལས་སྐུ་བཞེངས་པ། །དབང་ཆེན་ཁྲོས་པའི་རྒྱལ་པོ་བཞེངས། །དབུས་ཉིད་ཡེ་ཤེས་གཞལ་ཡས་ནས། །པདྨ་རྟ་མཆོག་གཤེགས་སུ་གསོལ། །མཁའ་དབྱིངས་ཡུམ་གྱི་གཞལ་ཡས་ནས། །ཡུམ་ཆེན་ཁྲོ་མོ་༴། ཕྱོགས་བཞི་འཁོར་ལོའི་རྩིབས་སྟེང་ནས། །སྤྲུལ་པའི་ཁྲོ་བོ་༴། སྒོ་བཞི་གནས་ཀྱི་གཞལ་ཡས་ནས། །སྒོ་མ་བཞི་རྣམས་༴། དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །དབང་ཆེན་བྲན་གཡོག་༴། ཨེ་ཧྱ་ཧི་བྷ་ག་ཝ་ན་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤ་ཧོ། །ས་མ་ཡ་ཛ༔ ས་མ་ཡ་སྟྭཾ༔ བརྟན་པར་བཞུགས་སུ་གསོལ་བ་ནི། ཧྲཱི༔ དམ་ཚིག་དབང་གི་དཀྱིལ་འཁོར་འདིར། །ཡེ་ཤེས་དབང་ཆེན་དཀྱིལ་འཁོར་མཆོག །ཕོ་བྲང་དམ་(༡༠ན)


GLG024_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དཀྱིལ་འཁོར་འདིར། །དགྱེས་བཞིན་བརྟན་པར་བཞུགས་སུ་གསོལ། །ཛཿ ཧཱུཾ་བཾ་ཧོ༔ ས་མ་ཡཱ་སྟྭཾ༔ སྒོ་གསུམ་གུས་པས་ཕྱག་བྱ་བ། ཧྲཱི༔ དཔལ་ཆེན་ཁྲོ་བོ་མི་བཟད་པ། །རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། ཁྲོ་མོ་ཡུམ་ལ་ཕྱག་འཚལ་ལོ། །སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །སྒོ་སྲུང་བཞི་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ། ཉེར་སྤྱོད་རོལ་མོ་འབུལ་བ་ནི། ཧྲཱི༔ གདུག་སྤོས་སྣང་གསལ་ཞུགས་ཏོག་སྒྲ། །ཞལ་ཟས་དྲི་ཆབ་འདི་རྣམས་ཀྱང་། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པདྨ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུཾ། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ་བཛྲ་དྷཱུ་པེ། བཛྲ་པུཥྤེ། བཛྲ་ཨཱ་ལོ་ཀྐེ། བཛྲ་གན་དྷེ། བཛྲ་ནཻ་ཝི་དྱ། བཛྲ་ཤཔྟ་ཧཱུཾ། འདོད་ཡོན་སྣ་ལྔའི་མཆོད་པ་ནི། ཧཱུཾ་གཟུགས་ཀྱི་ལྷ་མོ་སྐུ་མདོག་དཀར། །ཕྱག་ན་མཛེས་སྡུག་ལོངས་སྤྱོད་བསྣམས། །དབང་ཆེན་ལྷ་ཡི་སྤྱན་ལ་འབུལ། །གཟུགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་ཏེ་དགྱེས་པར་མཛོད། །སྒྲ་ཡི་ལྷ་མོ་སྐུ་མདོག་སྔོ། །ཕྱག་ན་སྒྲ་སྙན་༴། དབང་ཆེན་ལྷ་ཡི་སྙན་ལ་འབུལ། །སྒྲ་ཡི་༴། དྲི་ཡི་ལྷ་མོ་སྐུ་མདོག་སེར། །ཕྱག་ན་དྲི་ཡི་༴། དབང་ཆེན་ལྷ་ཡི་ཤངས་ལ་འབུལ། །དྲི་ཡི་༴། རོ་ཡི་ལྷ་མོ་སྐུ་མདོག་དཀར། །ཕྱག་ན་རོ་ཡི་༴། དབང་ཆེན་ལྷ་ཡི་ལྗགས་ལ་འབུལ། །རོ་ཡི་༴། རེག་བྱའི་ལྷ་མོ་སྐུ་མདོག་ལྗང་། །ཕྱག་ན་རེག་བྱའི་༴། དབང་ཆེན་ལྷ་ཡི་སྐུ་ལ་འབུལ། །རེག་བྱའི་༴། ཆོས་ཀྱི་ལྷ་མོ་སྐུ་མདོག་དཀར། །ཕྱག་ན་ཆོས་ཀྱི་པོ་ཏི་བསྣམས། །དབང་ཆེན་ལྷ་ཡི་ཐུགས་ལ་འབུལ། །ཆོས་ཀྱི་༴། བདུད་རྩི་སྨན་མཆོད་འབུལ་བ་ནི། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་(༡༠བ)


GLG024_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་གྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་ལ། །བདག་ཅག་དད་པས་འབུལ་ལགས་ཀྱིས། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི་ཁཱ་ཧི། །སྔ་རབས་འདས་པའི་རྡོ་རྗེ་སློབ་དཔོན་དང་། །ད་ལྟ་བཞུགས་པའི་རྡོ་རྗེ་སློབ་དཔོན་དང་། །སླད་ནས་འབྱོན་པའི་རྡོ་རྗེ་སློབ་དཔོན་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རྒྱལ་བ་དགོངས་པའི་བརྒྱུད་པའི་བླ་མ་དང་། །རིག་འཛིན་རིག་པའི་བརྒྱུད་པའི་བླ་མ་དང་། གང་ཟག་སྙན་ཁུང་བརྒྱུད་པའི་བླ་མ་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ཆོས་སྐུ་སྤྲོས་བྲལ་སྣང་བ་མཐའ་ཡས་དང་། །ལོངས་སྐུ་བདེ་ཆེན་ཁྲོ་རྒྱལ་རྟ་མགྲིན་དཔལ། །སྤྲུལ་པའི་སྐུ་མཆོག་པདྨ་འབྱུང་གནས་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ལོ་ཆེན་བཻ་རོ་མངའ་བདག་ཁྲི་སྲོང་རྗེ། །གཏེར་སྟོན་གསུམ་ལས་སུམ་པ་དབང་ཕྱུག་དང་། །འབྲེ་སྟོན་ཆེན་པོ་ཤེས་རབ་བླ་མ་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །རྐྱང་པོ་གྲགས་བྱང་རྣམ་གསུམ་ལས་འཕྲོ་ཅན། །འབྲུ་ཚད་གཉགས་སྟོན་ཆེན་པོ་གཟི་བརྗིད་འབར། །རྟ་ནག་བླ་མ་རྒྱ་ཡི་མཚན་ཅན་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །རབ་དགའི་སར་གནས་གྲུབ་ཐོབ་འདར་ཆར་དང་། །ཆོས་ཀྱི་རྒྱལ་པོ་བོ་དོང་རིན་པོ་ཆེ། །མཁས་གྲུབ་ཆེན་པོ་བསོད་ནམས་བརྟན་པ་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །འགྲོ་བའི་མགོན་པོ་ཆོས་རྒྱལ་དཔལ་བཟང་པོ། །ཀུན་མཁྱེན་ཆེན་པོ་དཔལ་ལྡན་སེང་གེ་དང་། །མཚུངས་མེད་ཆོས་རྗེ་རིན་ཆེན་བཀྲ་ཤིས་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །རྟོགས་ལྡན་ཆེན་པོ་ཡོན་ཏན་མགོན་པོ་དང་། །འགྲོ་བའི་བླ་ཆེན་ཆོས་ཀྱི་དཔལ་བཟང་པོ། །དཀོན་མཆོག་(༡༡ན)


GLG024_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དངོས་རྡོ་རྗེ་རྒྱལ་མཚན་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །མཐུ་སྟོབས་དབང་ཕྱུག་རྣམ་རྒྱལ་བཟང་པོ་དང་། །འཁྲུལ་ཞིག་ཆེན་པོ་དཀོན་མཆོག་བཟང་པོ་དང་། །རྡོ་རྗེ་འཆང་དངོས་བློ་གསལ་རྒྱ་མཚོ་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ལྷ་རིགས་འ་ཞྭའི་སྔགས་འཆང་མཁྱེན་བརྩེའི་ཞབས། །སྔགས་འཆང་ཆེན་པོ་གཞོན་ནུ་སྟོབས་ལྡན་དང་། །རྫོགས་ཆེན་རྣལ་འབྱོར་བྱམས་པ་རྡོ་རྗེ་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །སླར་ཡང་འཇམ་དབྱངས་མཁྱེན་བརྩེས་རྗེས་བཟུང་བའི། །མཐུ་སྟོབས་དབང་ཕྱུག་བསོད་ནམས་ཆོས་འཕེལ་དང་། །གྲུབ་པ་མཆོག་རྙེད་དབང་ཕྱུག་རབ་བརྟན་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །འཁོར་ལོའི་མགོན་པོ་བསོད་ནམས་མཆོག་ལྡན་ཞབས། །དཀྱིལ་འཁོར་རྒྱ་མཚོའི་བྱེད་པོ་ཨཱ་ནནྡ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །བཅོམ་ལྡན་རྟ་མཆོག་པདྨ་ཧེ་རུ་ཀ །ཡུམ་ཆེན་ཁྲོ་མོ་གར་གྱི་དབང་ཕྱུག་མ། །རིགས་བཞིའི་ཁྲོ་བོ་སྒོ་བ་བཞི་རྣམས་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །གིང་ལྔ་གཟའ་གདོང་བེག་ཙེ་ལྕམ་སྲིང་དང་། །གནས་གསུམ་དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས། །ཆོས་འཁོར་སྐྱོང་བའི་སྲུང་མ་ཐམས་ཅད་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེས་དགོངས་ཏེ་དབང་དང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །སྨན་གྱི་དངོས་གྲུབ་བླང་བ་ནི། ཧཱུཾ༔ ཡེ་ཤེས་ཁྲོ་རྒྱལ་དབང་ཆེན་གྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །རྣལ་འབྱོར་ལུས་ངག་ཡིད་ལ་ཐིམ། །གཉིས་མེད་གྱུར་ནས་བརྟན་པ་ཆེ། །ཀཱ་ཡ་སིདྡྷི་ཨཱོཾ༔ ཝ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུཾ། བ་ལིཾ་གཏོར་མའི་མཆོད་པ་ནི། ཧཱུཾ༔ ཁྱད་པར་འདོད་ཡོན་མཆོད་པ་མཆོག །ཤ་ཁྲག་ཀེང་རུས་གཏོར་མ་ཡིས། ཁྲོ་རྒྱལ་དབང་ཆེན་ཐུགས་དམ་བསྐང་། །མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཁྱད་པར་༴། ཤ་ཁྲག་༴། ཡུམ་ཆེན་ཁྲོ་མོའི་ཐུགས་༴། མ་ཧཱ་༴། ཁྱད་པར་༴། ཤ་ཁྲག་༴། ཁྲོ་རྒྱལ་བཞི་ཡི་༴། མ་ཧཱ་༴། ཁྱད་པར་༴། ཤ་ཁྲག་༴། སྒོ་མ་བཞི་ཡི་༴། མ་ཧཱ་༴། ཁྱད་པར་༴། ཤ་ཁྲག་༴། གྱིང་ཆེན་ལྔའི་༴། གཟའ་གདོང་ལྕམ་དྲལ་༴། མ་ཧཱ་༴། ཁྱད་པར་༴། ཤ་ཁྲག་༴། བེ་གདོང་ལྕམ་དྲལ་༴། མ་ཧཱ་༴། ཧཱུཾ༔ ཤ་ཁྲག་རུས་པ་ནང་(༡༡བ)


GLG024_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོལ་མཁྲིས། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་མཆོད་པར་འབུལ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །འཕྲིན་ལས་དངོས་པོར་བཞེས་སུ་གསོལ། །མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ རཀྟའི་མཆོད་པ་འབུལ་བ་ནི། ཧཱུཾ༔ སྣ་ཚོགས་ཁྲག་གི་མཚོ་འཁྱིལ་བའི། །རཀྟ་དམར་ཆེན་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། བདེ་ཆེན་སྦྱོར་བའི་མཆོད་པ་ནི། ཧཱུཾ། གསང་བ་ཐབས་དང་ཤེས་རབ་ལས། །པད་མ་ནོར་བུ་མཉམ་སྦྱར་ནས། །དགྱེས་པ་ཆེན་པོའི་བདེ་ཆེན་དང་། །བྱང་ཆུབ་སེམས་ཀྱི་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །མ་ཧཱ་སུ་ཀ་བོ་དྷི་ཙིཏྟ་སྭཱཧཱ། དགྲ་བགེགས་བསྒྲལ་བའི་མཆོད་པ་ནི། ཧཱུཾ། སྤྲུལ་པའི་ཁྲོ་བོ་འབར་བ་ཡིས། །ཞིང་བཅུ་མ་ལུས་ཐམས་ཅད་དང་། །འཁོར་བ་ཉོན་མོངས་རྒྱ་དྲལ་ནས། །དུག་ལྔ་དབྱིངས་སུ་བསྒྲལ་བར་བྱའོ། །ཨ་མུ་ཀ་མ་ར་ཡ་ཕཊ༔ ཧཱུཾ། ཞིང་གྱུར་ཐམས་ཅད་རང་བཞིན་བསྒྲལ། །ཤ་ཁྲག་སྲོག་དབུགས་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །མ་ཧཱ་མཾ་ས། མ་ཧཱ་རཀྟ། མ་ཧཱ་ཀེཾ་ནི་རི་ཏི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཡེ་ཤེས་གླུ་ཡི་མཆོད་པ་ནི། ཧྲཱི༔ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །པདྨ་ཉི་ཟླ་བདུད་བསྣོལ་གདན་སྟེང་དུ། །རྣམ་ཤེས་གནས་གྱུར་པདྨ་ཧེ་རུ། །ཞེ་སྡང་རྣམ་དག་ཆོས་དབྱིངས་ཡེ་ཤེས་དང་། །རྒྱུད་དྲུག་ཉོན་མོངས་ཞེ་སྡང་འཇོམས་མཛད་པ། ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་སྩལ་དུ་གསོལ། །དགའ་བཞི་བདེ་བ་(༡༢ན)


GLG024_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་དཀྱིལ་འཁོར་ནས། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །བདེ་སྟོང་ཟུང་འཇུག་ཤེས་རབ་ཐབས་ལ་རོལ། །དབང་དང་ཡེ་ཤེས་དབྱེར་མེད་ཁྲོ་མོའི་སྐུ། །རྒྱུད་དྲུག་ལས་དང་ཉོན་མོངས་འཇོམས་མཛད་མ། ཁྲོ་མོ་གར་དབང་ཡུམ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་རོལ་པ་ལས། །ཤར་ཕྱོགས་འཁོར་ལོ་དྲི་ཟའི་གདན་སྟེང་ན། །གཟུགས་ཕུང་དབང་གྱུར་རྡོ་རྗེ་དབང་ཆེན་སྐུ། །གཏི་མུག་གནས་དག་མེ་ལོང་ཡེ་ཤེས་ངང་། །རྒྱུད་དྲུག་ཉོན་མོངས་གཏི་མུག་འཇོམས་མཛད་པ། །རྡོ་རྗེ་དབང་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་རོལ་པ་ལས། །ལྷོ་ཕྱོགས་འཁོར་ལོ་གྲུལ་བུམ་གདན་སྟེང་ན། །ཚོར་ཕུང་གནས་གྱུར་རིན་ཆེན་དབང་ཆེན་སྐུ། །ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་དང་། །རྒྱུད་དྲུག་ཉོན་མོངས་ང་རྒྱལ་འཇོམས་མཛད་པ། །རིན་ཆེན་དབང་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་རོལ་པ་ལས། །ནུབ་ཕྱོགས་འཁོར་ལོ་ཀླུ་དབང་གདན་སྟེང་དུ། །འདུ་ཤེས་གནས་གྱུར་པདྨ་དབང་ཆེན་སྐུ། །འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་དང་། །རྒྱུད་དྲུག་ཉོན་མོངས་འདོད་ཆགས་འཇོམས་མཛད་པ། །པདྨ་དབང་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་རོལ་པ་ལས། །བྱང་ཕྱོགས་འཁོར་ལོ་གནོད་སྦྱིན་གདན་སྟེང་དུ། །འདུ་བྱེད་གནས་གྱུར་ལས་རབ་དབང་ཆེན་སྐུ། །ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་དང་། །རྒྱུད་དྲུག་ཉོན་མོངས་ཕྲག་དོག་འཇོམས་མཛད་པ། །ལས་རབ་དབང་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་རོལ་པ་ལས། །ཤར་ཕྱོགས་སྒོ་ཁྱུད་ཟླ་བའི་གདན་སྟེང་དུ། །ས་ཁམས་རྣམ་དག་སྒོ་མ་ལྕགས་ཀྱུ་མ། །བྱམས་པ་ཚད་མེད་ཞི་བའི་ལས་རྣམས་(༡༢བ)


GLG024_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ། །རྒྱུད་དྲུག་ལས་དང་ཉོན་མོངས་འཇོམས་མཛད་མ། །རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་རོལ་པ་ལས། །ལྷོ་ཕྱོགས་སྒོ་ཁྱུད་ཟླ་བའི་གདན་སྟེང་དུ། །ཆུ་ཁམས་རྣམ་དག་སྒོ་མ་ཞགས་པ་མ། །སྙིང་རྗེ་ཚད་མེད་རྒྱས་པའི་ལས་རྣམས་སྒྲུབ། །ཚེ་དང་ཡེ་ཤེས་མ་ལུས་རྒྱས་མཛད་མ། །རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་སྦྱོར་བ་ལས། །ནུབ་ཕྱོགས་སྒོ་ཁྱུད་ཟླ་བའི་གདན་སྟེང་དུ། །མེ་ཁམས་རྣམ་དག་སྒོ་མ་ལྕགས་སྒྲོག་མ། །དགའ་བ་ཚད་མེད་དབང་གི་ལས་རྣམས་སྒྲུབ། ཁམས་གསུམ་མ་ལུས་དབང་དུ་སྡུད་མཛད་མ། །རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་སྦྱོར་བ་ལས། །བྱང་ཕྱོགས་སྒོ་ཁྱུད་ཟླ་བའི་གདན་སྟེང་དུ། །རླུང་ཁམས་རྣམ་དག་སྒོ་མ་དྲིལ་བུ་མ། །བཏང་སྙོམས་ཚད་མེད་དྲག་པོའི་ལས་རྣམས་སྒྲུབ། །དགྲ་བགེགས་མངོན་སྤྱོད་ལས་ཀྱིས་ཚར་གཅོད་མ། །རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ། །ཞིང་ཁམས་ཐམས་ཅད་དབང་དྲག་དཀྱིལ་འཁོར་ནས། །ཕུང་པོ་ཁམས་དང་སྐྱེ་མཆེད་ཡེ་ཤེས་ལྔ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །ཚད་མེད་བཞི་དང་འཕྲིན་ལས་རྣམ་བཞིར་ལྡན། །ཐུགས་རྗེ་ཁྲོས་པས་ཁྲོ་བཞད་བརྔམས་པའི་ཞལ། །ཡབ་ཡུམ་གཙོ་འཁོར་བཅུ་ལ་ཕྱག་འཚལ་ལོ། །དབང་དྲག་ཕྱི་ཡི་དཀྱིལ་འཁོར་བཀའ་སྲུང་ནི། །སྲོག་ལ་དབང་སྒྱུར་གྱིང་ཆེན་ལྔ་རྣམས་ཀྱང་། །ལས་སུ་སངས་རྒྱས་བསྟན་པ་སྲུང་མཛད་ཅིང་། །ཟས་སུ་དགྲ་བགེགས་ཤ་ཁྲག་ཚོགས་རྣམས་གསོལ། །དམ་ཉམས་དགྲ་བགེགས་ཐལ་བར་རློག་མཛད་པའི། །དྲེགས་པ་མཐུ་རྩལ་ཅན་ལ་ཕྱག་འཚལ་ལོ། །ཕྱོགས་བཞི་བར་སྣང་ནམ་མཁའི་དཀྱིལ་ཡངས་ནས། །དམ་ཅན་བཀའ་སྡོད་གཟའ་(༡༣ན)


GLG024_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ལྕམ་དྲལ་ཡང་། །ལས་སུ་སངས་རྒྱས་བསྟན་པ་སྲུང་མཛད་ཅིང་། །ཟས་སུ་དགྲ་བགེགས་ལོ་ཐོག་ནར་མར་གསོལ། །དགྲ་བགེགས་ཡུལ་ཁམས་ཐལ་བར་རློག་མཛད་པའི། །གཟའ་གདོང་དྲེགས་པ་ཅན་ལ་ཕྱག་འཚལ་ལོ། །ཤར་དཀྱིལ་འཁོར་ལྷ་ཚོགས་ལ་བསྟོད་པ། འོད་གསལ་དབྱིངས་ལས་མ་གཡོས་ཀྱང་། །ཟུང་འཇུག་བདེ་ཆེན་རྣམས་སྤྲུལ་པ། །སྣ་ཚོགས་སྤྲུལ་པའི་སྐུར་སྟོན་པའི། །རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །སྤྲོས་པ་ཀུན་ལས་རྣམ་གྲོལ་ཡང་། །ཆགས་ཅན་ཆགས་པ་གདུལ་བའི་ཕྱིར། །བུད་མེད་སྒྱུ་མའི་ཚུལ་འཛིན་པ། ཁྲོ་མོ་ཡུམ་ལ་ཕྱག་འཚལ་ལོ། །ཟག་བཅས་ཕུང་པོ་གནས་གྱུར་པའི། །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ། །འཕྲིན་ལས་རྣམ་བཞི་ཡོངས་རྫོགས་མཛད། ཁྲོ་རྒྱལ་བཞི་ལ་ཕྱག་འཚལ་ལོ། །རྟག་ཆད་བདག་མཚན་རྣམ་དག་ཅིང་། །བསྡུ་དངོས་ཚད་མེད་ངོ་བོ་ཉིད། །དགུག་གཞུག་བཅིང་དང་དབང་མཛད་པའི། །སྒོ་མ་བཞི་ལ་ཕྱག་འཚལ་ལོ། །གདུག་པ་ཅན་རྣམས་གདུལ་བའི་ཕྱིར། །རབ་ཁྲོས་བརྔམས་ཤིང་མི་བཟད་པ། །འབར་བའི་འཕྲེང་བ་རབ་འཁྲིགས་པའི། །བཀའ་སྡོད་རྣམས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་བཅུ་གཉིས་རྣམ་དག་ཅིང་། །བྱང་ཆུབ་ཕྱོགས་ཆོས་རང་བཞིན་ཅན། །བདེ་ཆེན་སྙིང་པོ་ལེགས་རྫོགས་པའི། །གཞལ་མེད་ཁང་ལ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་རྡོ་རྗེ་ཡིས། །ས་གཞི་ར་བ་བླ་བྲེ་གུར། །ཡེ་ཤེས་མེ་དཔུང་འབར་བ་ཅན། །སྲུང་བའི་འཁོར་ལོར་ཕྱག་འཚལ་ལོ། ཁྱེད་ལ་བསྟོད་པའི་དགེ་བ་དེས། །ལམ་གྱི་བར་ཆད་ལེགས་བསལ་ནས། །ཚེ་འདིར་ཚོགས་གཉིས་རབ་རྫོགས་ཏེ། །སྐུ་བཞིའི་བདག་ཉིད་སངས་རྒྱས་ཤོག །བསྙེན་པ་འཛབ་ཀྱི་རིམ་པ་ནི། ཧཱུཾ། བདག་ཉིད་ཁྲོ་རྒྱལ་རྟ་མཆོག་དཔལ། །ཐུགས་ཀར་པདྨ་འདབ་བརྒྱད་ཀྱི། །གེ་སར་(༡༣བ)


GLG024_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་སྙིང་པོ་ཧྲཱིཿ། །འདབ་མ་བརྒྱད་ལ་སྔགས་ཀྱིས་བསྐོར། །འོད་འཕྲོས་བདེ་གཤེགས་རྣམས་ལ་ཐིམ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུ། །སེམས་ཅན་སྒོ་གསུམ་དྲི་མ་སྦྱངས། །རྣལ་འབྱོར་ལུས་ངག་ཡིད་ལ་བསྡུ། །ཧྲཱིཿབཛྲ་ཀྲོདྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨཱོཾ་མ་ཧཱ་ཀྲོ་དྷ་ཤྭ་རི་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ༔ ཨཱོཾ་རཏྣ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ༔ ཨཱོཾ་པདྨ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ༔ ཨཱོཾ་ཀརྨ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཨཱོཾ་བཛྲ་པཱ་ཤ་ཧཱུཾ། ཨཱོཾ་བཛྲ་སྥོ་ཊ་བཾ༔ ཨཱོཾ་བཛྲ་གྷཎྜེ་ཧོ༔ འཛབ་ཀྱི་བསྟོད་པ་བྱ་བ་ནི། ཧཱུཾ་པདྨ་རིགས་ཀྱི་ཁྲོ་རྒྱལ་མཆོག །དཔལ་ཆེན་པདྨ་ཧེ་རུ་ཀ །མི་བཟད་ཁྲོ་རྒྱལ་རྟ་མཆོག་དཔལ། །དབང་དྲག་སྟོབས་ཆེན་བརྔམས་ཆེན་གཏུམ། །སྐུ་མདོག་དམར་ནག་བརྗིད་ཅིང་འགྱིང་། །དབུ་གསུམ་རྣམ་ཐར་གསུམ་ཡང་སྟོན། །ཕྱག་དྲུག་རྒྱུད་དྲུག་རྩད་ནས་གཅོད། །ཞབས་བཞི་འཁོར་བའི་ཆོས་བཞི་སྒྲོལ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །རྟ་མགོ་ལྗང་གུ་རྟ་སྐད་འཚེར། །མེ་དཔུང་འབར་བའི་དབུས་ན་བཞུགས། །བརྔམས་པའི་ང་རོ་འབྲུག་སྟོང་སྒྲོག །དྲེགས་པ་ཕོ་མོ་དབང་དུ་སྡུད། །དབང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་བླང་བར་བྱ་བ་ནི། །ཧཱུཾ། ཁྲོ་རྒྱལ་བརྔམས་པ་རྟ་མཆོག་དཔལ། །དཔལ་གྱི་སྐུ་གསུང་ཐུགས་མཆོག་ལས། །མཆོག་གི་དངོས་གྲུབ་ཡེ་ཤེས་དབྱིག །དུས་འདིར་རྣལ་འབྱོར་བདག་ལ་སྩོལ། །ཨཱོཾ་པདྨ་ཏ་ཀྲི་ད་པདྨ་ཤྭ་རི་མཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་མ་མ་དྲག་མོ་དུན་ཏིཾ་ཧྲཱིཾ་ཧྲཱིཾ་ཧཱུཾ་ཛ། ཨཱོཾ་པདྨ་ཀྲོ་དྷ་ཀཱ་ཡ་ཝ་ཀ་ཙིཏྟ་སིདྡྷི་ཨ་ལ་ལ་ཧོ། བཀའ་སྲུང་མཆོད་དང་བཀང་བའི་རིམ། །ཚོགས་བརླབས་སྤྱན་དྲངས་སྤྱིར་འབུལ་བ། །བསྟོད་བཤགས་བསྐྱེད་འགུགས་ཁྲོ་བོ་ཡུངས། །དབྱེ་ཕུར་གྲི་བཏབ་ཚོགས་དབང་བསྐུར། །ཡར་གནས་མཆོད་ལ་མར་གནས་བཏང་། །སྒོ་དབྱེ་གསེར་སྐྱེམས་ཟོར་འཕེན་པ། །ཆད་མཐོ་བསྟན་སྐྱོང་རྟ་བྲོ་བརྩད། །(༡༤ན)


GLG024_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གདབ་མཆོད་བསྟོད་ནོངས་པ་གསོལ། །རྟག་ཆད་མཐའ་གསལ་སྨོན་ལམ་དང་། །བཀྲ་ཤིས་བྱ་བའི་རིམ་པ་རྣམས། །འཇུག་པའི་སྡོམས་སུ་ཚུལ་འདི་ལ། །སྦྱངས་པའི་དཔྱོད་ལྡན་ཚོགས་རྣམས་སྨྲ། །གིང་ལྔ་གཟའ་གདོང་མཆོད་པ་ནི། །རཾ་ཡཾ་ཁཾ། བྷྲུཾ་ཨཱོཾ་ཨཱཿཧཱུཾ། ཨཱོཾ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཏེ་ཛྭ་ཧཱུཾ༔ ལན་གསུམ་གྱིས་གཏོར་མ་བྱིན་གྱིས་བརླབས། མདུན་གྱི་ནམ་མཁར་དུར་ཁྲོད་རོལ་པའི་ས་གཞིར་ར་ཙ་ཏྲི་ཧྲིི་ཤུ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་དབང་ཆེན་ཐུགས་ཀྱི་སྤྲུལ་པ་སྲོག་བདག་འོད་ཀྱི་རྒྱལ་པོ་འོད་ཀྱི་མི་བོ་ཆེ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་དང་གཡོན་འོད་ཀྱི་ཞགས་པ་ཐོགས་པ། སྐུ་ལ་སེང་གེའི་སློག་པ་གསོལ་ཞིང་དབུ་ལ་ཇིལ་དར་དཀར་པོ་བཅིངས་པ། ནམ་མཁའི་འཇའི་སྐེ་རགས་ཅན། ལྕགས་ཀྱི་སྡེར་མོ་རྣོན་པོས་དགྲ་སྙིང་འབྱིན་པ། འཇིགས་སུ་རུང་བའི་སེང་གེ་དཀར་པོ་རླབས་སྒྲ་སྒྲོག་པ་ལ་ཆིབས་པ། ཤར་དུ་ཚངས་པ་དུང་གི་ཐོར་ཚུགས་ཅན་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཟངས་ཀྱི་གྲི་རིང་དང་། གཡོན་ཞགས་པ་དགྲ་ལ་འདེབས་པ། སྐུ་ལ་དར་དཀར་གྱི་རལ་གུ་གསོལ་ཞིང་དབུ་ལ་དུང་གི་ཅོད་པན་བཅིངས་པ། རྟ་དཀར་པོ་ངང་རིང་ལ་ཆིབས་པ། ལྷོར་དམ་ཅན་རྡོ་རྗེ་ལེགས་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་དང་། གཡོན་ཙིཏྟ་དམར་པོ་ཐོགས་པ། ཟ་འོག་སྔོ་ཁྲའི་བེར་གསོལ་ཞིང་དབུ་ལ་བསེ་མེན་གྱི་འགྱིང་ཐོད་བཅིངས་པ། རྟ་ཁམས་པ་ལག་དཀར་ལ་ཆིབས་པ། ནུབ་ཏུ་བདུད་པོ་རི་ནག་དཔུངས་པ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་བདུད་ཀྱི་ཁྲམ་ཤིང་དང་། གཡོན་ཞགས་པ་ནག་པོ་འདེབས་པ། སྐུ་ལ་ལྕགས་ཀྱི་ཞུན་ཁྲབ་གསོལ་ཞིང་དབུ་ལ་བདུད་ཞྭ་ནག་པོ་གསོལ་བ། བདུད་རྟ་ནག་པོ་ལ་ཞོན་པ། བྱང་དུ་སྲོག་(༡༤བ)


GLG024_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཡཾ་ཤུད་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཟངས་ཀྱི་གྲི་རིང་དང་། གཡོན་ཞགས་པ་དམར་པོ་དགྲ་ལ་འདེབས་པ། བསེ་ཁྲབ་དང་བསེ་རྨོག་གསོལ་བ། བསེའི་ར་སྐྱེས་ཁམ་པ་ལ་ཆིབས་པ། ལྔ་ཀ་བརྔམས་ཤིང་ཁྲོས་ལ་དྲག་ཅིང་རྩུབ་པའི་རྣམ་པ་ཅན། སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པས་བསྐོར་བ། དེ་རྣམས་ཀྱི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་མང་པོ་འཕྲོས་པས་པདྨ་དབང་གི་ཞིང་ཁམས་ནས་སྲོག་བདག་འོད་ཀྱི་རྒྱལ་པོ། རྒྱ་ཡུལ་ནམ་མཁའ་ཆད་ཆོད་ནས་ཚངས་པ་དུང་གི་ཐོར་ཚུགས་ཅན། ནུབ་ཕྱོགས་ཕ་ཝཾ་ལོང་བུའི་མཁར་ནང་ནས་དམ་ཅན་རྡོ་རྗེ་ལེགས་པ། བདུད་ཡུལ་ཁ་རག་སྒོ་དགུ་ནས་བདུད་པོ་རི་ནག་སྤུངས་པ། བཙན་ཡུལ་ཟངས་ཐང་དམར་པོ་ནས་བཙན་རྒོད་ཡཾ་ཤུད་དམར་པོ་འཁོར་དང་བཅས་པ་སྐད་ཅིག་ཡུད་ཙམ་ལ་ཨེ་ཧྱ་ཧི། བཛྲ་ས་མཱ་ཛས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་དམ་ཚིག་པ་རྣམས་ལ་གཉིས་སུ་མེད་པར་ཐིམ། རཱ་ཙ་ཏྲི་ཧྲིཿཤུ་ས་མ་ཡ་སྟྭཾ་ཞེས་པས་དམ་ལ་བཞག །རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་མཐར་སེ་གོལ་གཏོག་ཅིང་། ཨཱོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། རཱ་ཛ་སྲོག་ལ་ཧྲཱི༔ ཡ་ཤུག་མེ་ཏྲི་སྲོག་ལ་ཛ༔ ཙ་པ་ལ་ཨ་ཤུགྨ། ཏྲི་ལི་ཛ། བཛྲ་ས་དུ་ཧྲཱིཿ དུན་དུན་ཤུ་ལ་གྲི་ཝ་ཨི་དཾ་བ་ལིཾ་གྷྲིཧྣ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མེ་པྲ་ཡ་ཙྪནྟུ་ཡ་ཐཻ་བཾ་ཡ་ཐཻ་ཥྚཾབྷུཉྩ་ཐ་ཛི་གྷ་ཐ་པི་པ་ཐ་མ་ཏི་པྲ་མ་ཐ་མ་མ་སརྦ་ཀཪྟ་ཡ་ས་ད་སུ་ཁཾ་བི་ཤུངྔྷེ་ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ༔ ཅེས་ལན་གསུམ་དང་། རཱ་ཙ་ཏྲི་ཧྲི་ཤུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི་མ་རཀྟ་ལ་ཁཱ་ཧི་ཁཱ་ཧིས་སྨན་རག་ཕུལ། ཧཱུཾ༔ དབང་དྲག་དཀྱིལ་འཁོར་སྤྱི་ཡི་བཀའ་སྟོད་ནི། སྲོག་ལ་དབང་སྒྱུར་གྱིང་ཆེན་ལྔ་རྣམས་ཀྱང་། །ལས་སུ་སངས་རྒྱས་བསྟན་པ་སྲུང་བྱེད་ཅིང་། །ཟས་སུ་དགྲ་བོའི་ཤ་ཁྲག་ཚོགས་རྣམས་ཟ། །དམ་ཉམས་དགྲ་བགེགས་རྩད་ནས་གཅོད་མཛད་(༡༥ན)


GLG024_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །དྲེགས་པ་མཐུ་རྩལ་ཅན་ལ་ཕྱག་འཚལ་བསྟོད། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་པས་བསྟོད་ཅིང་འཕྲིན་ལས་འཆོལ་ལོ། །ར་ཧུ་ལ་ཡི་གཏོར་ཆོག་ནི། ཡང་སྔར་ལྟར་གཏོར་མ་བྱིན་གྱིས་བརླབས་ལ། །རང་གི་མདུན་དུ་རྒྱ་མཚོ་ཆེན་པོ་རྦ་ཀློང་འཁྲུག་པའི་དབུས་མེ་དཔུང་འབར་ཞིང་སྤྲིན་དང་རླུང་ནག་བུ་ཡུག་འཚུབ་པ། ཐོག་དང་སེར་བ་དྲག་ཏུ་འབབ་ཅིང་འབྲུག་དང་གློག་དམར་འཁྱུག་པའི་སྒྲ་སྒྲོག་པ། གནམ་ས་ཆ་ལང་སྡེབ་པ་ལྟ་བུའི་ཀློང་དཀྱིལ་དུ་ར་མ་ར་ཙ་ཤ་རྣམས་ལས་འོད་འཕྲོས་ཡོངས་སུ་གྱུར་པ་ལས་ཁྲོ་རྒྱལ་པདྨ་ཧེ་རུ་ཀའི་ཐུགས་ཀྱི་སྤྲུལ་པ་གཟའ་རྒོད་དྲག་པོ་ར་ཧུ་ལ་སྐུ་མདོག་དུད་ཁ་སྲིན་པོ་ཁྲོས་པ་ལྟ་བུའི་མགོ་དགུ་པ། ཕྱག་གཡས་ཀྱིན་ཐང་གནམ་ལྕགས་ཀྱི་འཁོར་ལོ་ནམ་མཁར་ཕྱར་ནས་དགྲ་བོའི་ཡུལ་དུ་འཕེན་པ། ཕྱག་གཡོན་ཆུ་སྲིན་གྱི་ཞགས་པས་དམ་ཉམས་འཆིང་ཞིང་ཟ་བ། ལུས་པོ་ཐམས་ཅད་མིག་གིས་གང་བ། ལྟེ་བ་མན་ཆད་དུག་སྦྲུལ་ནག་པོའི་གཟུགས་ཀྱིས་རྒྱ་མཚོའི་གཏིང་ནས་དཀྲུག་པ། དེའི་ཤར་དུ་ཟོར་སྲིན་དཀར་མོ་སྟག་གི་གདོང་ཅན། ལྷོར་བཾ་སྲིན་སེར་མོ་དྲེད་ཀྱི་གདོང་ཅན། ནུབ་ཏུ་ཀོང་སྲིན་དམར་མོ་བ་ལང་གི་གདོང་ཅན། བྱང་དུ་འབྲོག་སྲིན་ལྗང་གུ་ཆུ་སྲིན་གྱི་གདོང་ཅན། བཞི་ཀའང་སྲིན་མོ་ཁྲོས་པའི་རྣམ་པ་ཅན། གཡས་ཟོར་བ་དང་གཡོན་ནད་རྐྱལ་ཐོགས་པ། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་འཁོར་གྱིས་བསྐོར་བ། སྐད་ཅིག་ཉིད་ལ་དགྲ་བོའི་ཡུལ་ཁམས་ཐལ་བར་རློག་པར་བྱེད་པ། གཙོ་འཁོར་དེ་ཐམས་ཅད་ཀྱི་དཔྲལ་བར་ཨཱོཾ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ལྷོ་ནུབ་མཚམས་ཀྱི་སྲིན་ཡུལ་ལང་ཀ་པུ་རིའི་གྲོང་ཁྱེར་ནས་དྲེགས་པ་གཟའ་གདོང་ལྕམ་དྲལ་ལྷ་སྲིན་སྡེ་བརྒྱད་ཀྱི་འཁོར་དང་བཅས་པ་ཨཱོཾ་(༡༥བ)


GLG024_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛ༔ས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོ༔ དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ། ར་ཧུ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཡ་སྟྭཾ། ཞེས་པས་དམ་ལ་གཞག །ཨཱོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ར་ཧུ་ལ་མ་ར་ཙ་ཤ་ཡཿ ཨི་དཾ་བ་ལིཾ་ཏ་གྲི་ཧ་ན་ས་མ་ཡ་རཀྟ་མ་མ་སརྦ་སིདྡྷི་མཾ་པྲ་ཡཙྪནྟ་ཡ་ཐཻ་བཾ་ཡ་ཐཻཥྚི་བྷུཉྩ་ཐ་ཛི་གྷ་ཐ་པི་པ་ཐ་མ་ཧི་པྲ་མ་ཐ་མ་མ་སརྦ་ཀརྠ་ཡ་ས་ད་སུ་ཁཾ་བི་ཤུདྡྷེ་ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ༔ ལན་གསུམ་དང་། ར་ཧུ་ལ་ས་པ་རི་ཝཱ་ར་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་ཧི། མ་ཧཱ་རཀྟ་ཁ་ཧིས་སྨན་རག་ཕུལ། ཧཱུཾ༔ ཕྱོགས་བཞི་བར་སྣང་ནམ་མཁའི་ཀློང་ཡངས་ནས། དམ་ཅན་བཀའ་སྡོད་གཟའ་གདོང་ལྕམ་དྲལ་ཡང་། །ལས་སུ་སངས་རྒྱས་བསྟན་པ་སྲུང་མཛད་ཅིང་། །ཟས་སུ་དགྲ་བོའི་ལོ་ཐོག་ནར་མར་གསོལ། །དགྲ་བགེགས་ཡུལ་ཁམས་ཐལ་བར་རློག་བྱེད་པའི། །གཟའ་གདོང་དྲེགས་པ་ཅན་ལ་ཕྱག་འཚལ་བསྟོད། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་སྩལ་དུ་གསོལ། །ཅེས་པས་བསྟོད་ཅིང་འཕྲིན་ལས་བཅོལ། །བེག་ཙེ་ལྕམ་སྲིང་གཏོར་ཆོག་ནི། རང་གི་མདུན་དུ་རྟ་ཁྲག་དང་མི་ཁྲག་གི་རྒྱ་མཚོ་དམར་ལ་དངས་པ། །ཀློང་གྲུ་གསུམ་བསྣོལ་མར་འཁྲུག་པའི་དབུས་སུ་ཟངས་ཀྱི་རི་གྲུ་བཞི་པའི་སྟེང་དུ་རྟ་རོ་དང་མི་རོ་བརྩེགས་པའི་གདན་ལ་པྲཾ་དང་ཟངས་ཀྱི་རལ་གྲི་ལས་སྐྱེས་པའི་གནོད་སྦྱིན་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་འབར་བ་དང་བཅས་པའི་ཟངས་ཀྱི་རལ་གྲི་ནམ་མཁའ་ལ་ཕྱར་བས་དམ་ཉམས་ཀྱི་སྲོག་རྩ་གཅོད་ཅིང་། གཡོན་མདའ་གཞུ་དང་དགྲ་བགེགས་ཀྱི་གློ་སྙིང་ཐུགས་ཀར་འཛིན་པའི་མཆན་ཁུང་གཡོན་དུ་བསེའི་རུ་མཚོན་དམར་པོ་བསྣམས་པ། ཞལ་རབ་ཏུ་གདངས་ཤིང་མཆེ་བ་རྣོ་ངར་གཙིགས་ནས་ལྗགས་རྣམ་པར་སྐྱོད་པ། སྤྱན་གསུམ་དང་ལྡན་པའི་ཁྲོ་གཉེར་ཤིན་ཏུ་བསྡུས་པ། སྨིན་མ་དང་སྨ་ར་དུས་མཐའི་མེ་ལྟར་(༡༦ན)


GLG024_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་འབར་ཞིང་དབུ་སྐྲ་ཁམ་སེར་ལྟག་པར་བཅིངས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། ཁྲག་འཛག་པའི་མགོ་རློན་ལྔ་བཅུའི་དོ་ཤལ་ཅན། སྐུ་ལ་ཟངས་ཀྱི་བེག་ཙེ་དང་དར་གྱི་རལ་གུ་དམར་པོས་བརྒྱན་ཅིང་ཞབས་ལ་སག་ལྷམ་དམར་འབོབ་གསོལ་བ། སྒེག་པ་དཔའ་བ་མི་སྡུག་པའི་གཟུགས་ཅན། གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་མཾ་ལས་སྲིད་པའི་ལྷ་མོ་གདོང་དམར་མ་སྐུ་མདོག་སྔོ་ནག །གདོང་པ་བསེ། སོ་དུང་། སྨིན་མ་གཡུ། མེའི་རལ་པ་ལ་མཆོང་དང་མུ་མེན་གྱིས་བརྒྱན་ཅིང་གསེར་གྱི་སྣ་རྒྱན་འཕྱང་བ། གཅེར་མོ་སྤྱན་དང་ཞལ་བགྲད་པ། གཡས་ཟངས་ཀྱི་རལ་གྲི་དགྲ་ལ་འཕྱར་བ། གཡོན་ལྕགས་ཀྱི་ཕུར་བུ་བགེགས་ལ་འདེབས་པ། དྲེད་མོ་མི་ཟན་ལ་ཞོན་པ། གཙོ་བོའི་གཡས་སུ་པྲཾ་ལས་ལས་མཁན་སྲོག་བདག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་མདུང་དམར་འཕྱང་ཞིང་གཡོན་བཙན་གྱི་ཞགས་པ་དགྲ་ལ་འདེབས་པ། བསེ་ཁྲབ་དང་བསེ་རྨོག་གྱོན་ཞིང་ལྕེ་སྤྱང་ལ་ཞོན་པ། མཚན་མོ་རྒྱུ་ཞིང་དགྲ་བགེགས་ལ་འོ་དོད་འབོད་པ། གཙོ་འཁོར་གསུམ་གྱི་ཤར་དུ་མི་དམར་ཕྲ་མ། ལྷོར་རི་ཙི་མི་དམར། ནུབ་ཏུ་ཀྲོ་ཏི་མི་དམར། བྱང་དུ་སྲོག་བདག་ཀོ་ཤ །ཤར་ལྷོར་ཨཾ་ཀྲི་མི་དམར། ལྷོ་ནུབ་དུ་རོ་ཀྲི་མི་དམར། ནུབ་བྱང་དུ་ཧ་ཤང་མི་དམར། བྱང་ཤར་དུ་སྲོག་བདག་ཐལ་བ་སྟེ་གྲི་ཐོགས་བརྒྱད་དང་། བཤན་པ་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ། གཡས་ཟངས་ཀྱི་རལ་གྲི་འཕྱར་ཞིང་གཡོན་ལ་ལ་རྒྱུ་མ་ལག་བསྡོགས་བྱེད་པ། ལ་ལ་གློ་སྙིང་མཆིན་པ་འདྲད་པ། ལ་ལ་སྙིང་ཁྲག་ཀླད་པ་བལྡག་པ། ལ་ལ་ཤ་ཁྲག་སྦར་གྱིས་འདེབས་པ། ལ་ལ་རུས་པ་རྐང་མར་འཆའ་བ། ལ་ལ་(༡༦བ)


GLG024_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

པགས་པ་དམར་བཤུས་བྱེད་པ། ལ་ལ་ཤ་གདན་དམར་པོ་འདིངས་པ། ཐམས་ཅད་ཀྱང་དགྲ་བོའི་སྲོག་ལེན་པ། མི་ལྤགས་ཀྱི་གཡང་གཞི་དང་། བ་གླང་གི་ཀོ་བ་རློན་པ་གྱོན་པ། གཞན་ཡང་བཙན་དམར་སྟོང་། བདུད་དང་གནོད་སྦྱིན་སྲིན་པོ་སུམ་སྟོང་། མ་མོ་འབུམ། ཐེའུ་རང་སྟོང་ལ་སོགས་པ་དམ་ཅན་རྒྱ་མཚོའི་དམག་ཚོགས་དཔག་ཏུ་མེད་པས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བྱང་ཤར་མ་རུ་རྩེའི་དུར་ཁྲོད་བྲག་དམར་པོ་མཆོང་ལྡིང་གི་ཕོ་བྲང་ནས་གནོད་སྦྱིན་དྲེགས་པ་ལྕམ་སྲིང་འཁོར་དང་བཅས་པ་སྐད་ཅིག་གིས་བཛྲ་ས་མཱ་ཛ། ཀྱཻ། ཡུལ་ཅིག་མྱ་ངམ་འདས་པ་བདུན་གྱི་ཕ་རོལ་ན། །མདའ་ན་ཁྲག་མཚོ་ཕུ་ན་ཟངས་བྲག་བརྩེགས། །མི་རོ་རྟ་རོ་མང་པོ་གཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་དུ་མ་མཚོ་ལྟར་འཁྱིལ། ཁོར་ཡུག་ཟངས་རིའི་ཕྲེང་བས་ཀུན་ནས་བསྐོར། །བསེ་མཁར་སྨུག་པོ་མཆོང་གི་བ་གམ་ཅན། །ཐོད་པ་བརྩེགས་པའི་གཞལ་ཡས་ཆེན་པོ་ནས། །ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གཤེགས་སུ་གསོལ། །འཁོར་ཚོགས་བཤན་པའི་ཚོགས་རྣམས་གཤེགས་སུ་གསོལ། །ཞིང་བཅུའི་དམ་ཉམས་དགྲ་བོ་འདུལ་བ་དང་། །རྣལ་འབྱོར་བདག་གིས་ལས་བཅོལ་བསྒྲུབ་པའི་ཕྱིར། །ད་ལྟ་ཉིད་དུ་གནས་འདིར་གཤེགས་སུ་གསོལ། །ད་ལྟ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང་། །རིངས་པའི་ཚུལ་གྱིས་མཆོད་གཏོར་འདི་བཞེས་ལ། །ནག་པོའི་ཕྱོགས་དང་གང་ལ་དམིགས་པ་ཡི། །གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །རཀྨོ་པྲ་ཎ་པདྨ་ས་པ་རི་ཝཱ་ར་ཨ་ཀ་རཱ་ཡ་ཛ༔ ཛཿཧཱུཾ་བཾ་ཧོ༔ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལ་ཡེ་སྟྭཾ། ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུང་གདུལ་ཕྱིར་དྲག་པོའི་སྐུར་བསྟན་(༡༧ན)


GLG024_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མཐུ་སྟོབས་ཕུན་ཚོགས་བསྟན་པ་སྲུང་མཛད་པའི། །སྒྲོལ་གྱིང་སྲོག་བདག་དམར་པོ་ལ་ཕྱག་འཚལ། །བཀའ་ཡི་འཁོར་གནས་ཡེ་ཤེས་སྲུང་མའི་ཚོགས། །རྣལ་འབྱོར་འདོད་པའི་བདེ་སྟེར་གསང་བའི་ཡུམ། །ལས་བྱེད་བཤན་པ་གཏུམ་པོ་སྡེ་ལྔ་དང་། །མ་མོ་ཐེའུ་རང་ཚོགས་ལ་གུས་པས་འདུད། །ཅེས་ཕྱག་བྱ། ཨོཾ་རཀྨོ་པྲ་ཎ་ཨཏྨ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཡེ་སྭཱཧཱ། དེ་བཞིན་དུ་ཤཔྟའི་བར་སྦྱར་ལ་མཆོད་པ་འབུལ། །ཨཱོཾ་ཨཱཿཧཱུཾ་བཏགས་ལ་ནང་མཆོད་འབུལ། ཆོས་སྐྱོང་དྲེགས་པ་ལྕམ་སྲིང་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་ནས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་རཀྨོ་པྲ་ཎ་ཨཏྨ་ས་པ་རི་ཝཱ་ར་སརྦ་བི་གྷ་ནན་ཤ་ཏྲུཾ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་གཏོར་མ་ཕུལ། སླར་ཡང་མཆོད་པ་དང་ནང་མཆོད་ཕུལ་ནས། ཀྱེ། རྒྱ་གར་ཡུལ་གྱི་དགྲ་ལྷ། མ་རུ་ཙེའི་གནས་སྲུང་། ལི་ཡུལ་ཆོས་ཀྱི་སྲུང་མ། མ་ཧཱ་དེ་ཝའི་བཀའ་ཉན། གཤིན་རྗེ་གཤེད་ཀྱི་བཀའ་སྡོད། ཡབ་གནོད་སྦྱིན་ཟངས་ཀྱི་རལ་པ་ཅན་དང་ཡུམ་སྲིན་མོ་ཁྲག་གི་རལ་པ་ཅན་གྱི་སྲས་གནོད་སྦྱིན་ཟངས་ཀྱི་བེག་ཙེ་ཅན། སྲིང་མོ་སྲིད་པའི་ལྷ་མོ་གདོང་དམར་མ། འཁོར་སྲོག་གཅོད་བཤན་པའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། བསམས་དོན་ཆོས་མཐུན་ཡིད་བཞིན་དུ་འགྲུབ་ཅིང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྲུང་སྐྱོབ་སྦ་བའི་ཕྲིན་(༡༧བ)


GLG024_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྟོངས་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཀྱཻ། དབང་ལྡན་མ་རུ་ཙེ་ཡི་དུར་ཁྲོད་ནས། །མཆོང་དམར་བྲག་ལ་བརྟེན་པའི་གནས་བཅས་པ། །སྒྲོལ་གྱིང་ཆེན་པོ་སྲོག་བདག་དམར་པོ་དང་། །སྲོག་བདུད་ཆེན་མོ་བསེ་ཡི་ལན་ཕྲན་ཅན། །ལྕམ་སྲིང་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །ལས་མཁན་སྲོག་བདག་དམར་པོ་འཁོར་དང་བཅས། །སྒྲོལ་བྱེད་བཤན་པ་གྲི་ཐོགས་བརྒྱད་པོ་དང་། །རོ་བཤན་ཉི་ཤུ་རྩ་གཅིག་འཁོར་དང་བཅས། །བདུད་དང་གནོད་སྦྱིན་སྲིན་པོ་སུམ་སྟོང་དང་། །བཙན་དམར་སྟོང་གི་དམག་ཚོགས་འཁོར་དང་བཅས། །མ་མོ་འབུམ་དང་ཐེའུ་རང་སྟོང་ལ་སོགས། །སྟོན་པའི་བཀའ་བཞིན་སྒྲུབ་པའི་སྲུང་མའི་ཚོགས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །དགྲ་ཤ་ཁྲག་གི་མཆོད་གཏོར་འདི་བཞེས་ཤིག །གཙང་མ་ཕུད་ཀྱི་གསེར་སྐྱེམས་འདི་བཞེས་ཤིག །རབ་དམར་ཁྲག་ཆང་མཆོད་ཡོན་འདི་བཞེས་ཤིག །སྔར་བཅོལ་ལེགས་པའི་གཏང་རག་གཉེན་པོ་འབུལ། །ད་འཆོལ་ལེགས་པའི་གསལ་འདེབས་རྟེན་དུ་འབུལ། །རྒྱལ་བའི་བསྟན་དང་བསྟན་འཛིན་གཅེས་པར་སྐྱོངས། །རྣལ་འབྱོར་བདག་གི་གནས་ལུས་ལོངས་སྤྱོད་དང་། །འཁོར་དང་ཡོ་བྱད་བཞོན་པ་ལ་སོགས་པ། །བཅོལ་ལོ་གཏད་དོ་སྲུང་མ་མཐུ་རྩལ་ཅན། །ཉིན་གསུམ་བྱ་ར་རྒྱང་ནས་མ་གཡེལ་ཅིག །མཚན་གསུམ་མེལ་ཚེ་དྲུང་ནས་མ་གཡེལ་ཅིག །རྟག་ཏུ་སྒྲུབ་པོའི་སྟོངས་གྲོགས་མ་གཡེལ་ཅིག །བླ་མས་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །སྡང་བའི་དགྲ་ལ་མངོན་པའི་རྟགས་སྟོན་ལ། །རྣལ་འབྱོར་བདག་གི་མགོན་སྐྱབས་དཔུང་གཉེན་མཛོད། །བླ་མའི་སྐུ་དགྲ་བསྟན་པའི་སྤྱི་དགྲ་དང་། །རྣལ་འབྱོར་སྒོས་དགྲ་སེམས་ཅན་ཡོངས་ལ་འཚེ། །མ་ཉེས་ལོག་པར་ལྟ་བའི་དགྲ་དང་བགེགས། །དཔལ་མགོན་ཁྱོད་ཀྱིས་སྒྲོལ་ལ་བསྟན་པ་སྲུངས། །ཞེས་བརྗོད་ལ་བཏབ་བོ། །(༡༨ན)


GLG024_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་ཆོས་སྲུང་བཀང་བ་ནི། ཧྲཱིཿ བཛྲ་ཀྲོ་དྷས་བསངས། སྭ་བྷ་ཝས་སྦྱངས། བྷྲུཾ་ལས་གནས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཨཱ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེའི་ནང་དུ་ཆུ་གཉིས་ཉེར་སྤྱོད་འདོད་ཡོན་སྲོག་ཆགས་གོ་མཚོན་སོགས་ཕྱི་ནང་གསང་བའི་སྤྱན་གཟིགས་བསམ་གྱིས་མི་ཁྱབ་པ་རྩ་བ་གསུམ་གྱི་ལྷ་ཚོགས་སྤྱི་དང་ཁྱད་པར་དབང་ཆེན་ཁྲག་འཐུང་ཡང་གསང་ཁྲོས་པ་ལྷ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཀའ་སྡོད་གིང་ལྔ་གཟའ་གདོང་ཆོས་སྐྱོང་བེག་ཙེ་ལྕམ་སྲིང་ལ་སོགས་པ་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི་ཐུགས་དམ་མ་ལུས་པར་སྐོང་བར་ནུས་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པར་གྱུར། ཨཱོཾ་སརྦ་བིད། པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ། བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཞེས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། ཧྲཱི༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ནས། །ལོངས་སྐུ་ཁྲོ་རྒྱལ་རྟ་མཆོག་དབང་གི་ལྷ། །སྤྲུལ་སྐུ་སྣ་ཚོགས་གར་གྱིས་འགྲོ་རྣམས་འདུལ། །རྩ་གསུམ་དཀྱིལ་འཁོར་ལྷ་ཡི་ཚོགས་རྣམས་ལ། །དགྱེས་པ་སྐྱེད་ནུས་ཕྱི་ནང་གསང་བ་ཡི། །རྨད་བྱུང་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །དངོས་བཤམས་ཡིད་སྤྲུལ་ས་དང་བར་སྣང་ཁྱོན། །མ་ལུས་བཀང་སྟེ་འབུལ་གྱི་བཞེས་སུ་གསོལ། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། །ཁྲག་སྣའི་རྦ་ཀློང་འཁྲུག་པ་རཀྟའི་མཚོ། །ཤ་ལྔ་བདུད་རྩི་ལྔ་སྦྱར་གཏོར་མ་དང་། །བཟའ་བཅའ་བཏུང་བ་ཚོགས་ཀྱི་འཁོར་ལོ་དང་། །རྨད་བྱུང་གསེར་སྐྱེམས་ཛ་གད་སྨན་གྱི་ཕུད། །མཉམ་སྦྱོར་བདེ་བ་ཆེན་པོའི་མཆོད་པ་རྣམས། །རྩ་གསུམ་དཀྱིལ་འཁོར་དགྱེས་པ་བསྐྱེད་ཕྱིར་བཤམས། །དམར་ཆེན་ཁྲག་གི་ཨརྒྷཾ་རྦ་ཀློང་འཁྲུག །དབང་པོ་སྣ་ལྔའི་མེ་ཏོག་ཕང་ཕུང་གཡོ། །ཤ་ཆེན་གུ་གུལ་སྤོས་(༡༨བ)


GLG024_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དུད་སྤྲིན་འཁྲིགས། །ཚིལ་ཆེན་མར་མེ་ཉི་ཟླའི་འོད་ལྟར་གསལ། ཁྲག་ཞག་སྨན་གྱི་དྲི་ཆབ་ཆུ་རྒྱུན་བསྒྲེངས། །ཤ་རུས་རོ་བརྒྱའི་བཅུད་ལྡན་ཞལ་ཟས་དང་། །རྐང་གླིང་ཐོད་རྔ་སིལ་སྙན་དུང་ཆེན་སོགས། །རྩ་གསུམ་ལྷ་ཚོགས་དགྱེས་པ་བསྐྱེད་ཕྱིར་བཤམས། །རྟ་མཆོག་རླུང་གི་ཐུགས་ཅན་གློག་ལྟར་འཁྱུག །འབྲོང་གཡག་རྡོ་རྗེའི་རྭ་ཆེན་མཁའ་ལ་གདེང་། །འཇམ་པའི་སྤུ་ལྡན་ར་བཞི་འཁྱིལ་བའི་ལུག །འོ་མའི་རྒྱུན་འཛིན་འདོད་པ་འཇོ་བའི་བ། །མཛེས་པའི་སྤུ་ལྡན་བསེ་ཡི་ར་སྐྱེས་དང་། །བྱ་རོག་སྲིན་བྱ་འུག་པ་མཁའ་ལ་ལྡིང་། །ཁྱི་ནག་ལྕེ་སྤྱང་དོམ་དྲེད་སྟག་གཟིག་རྣམས། །རྩ་གསུམ་ལྷ་ཚོགས་དགྱེས་པ་བསྐྱེད་ཕྱིར་བཤམས། །རྟག་གཏོར་རྒྱུན་གཏོར་དུས་ཀྱི་གཏོར་མ་དང་། །ཉི་ཟླ་རི་རབ་གླིང་བཞི་བཀང་རྟེན་མདོས། །དར་དཀར་ཟ་འོག་རལ་གུ་སག་ལྷམ་དང་། །བསེ་ལྕགས་ལས་གྲུབ་ཁྲབ་རྨོག་ལྕགས་གཞིབས་འབག །ཞོལ་བཏགས་རྔ་རིས་འཇའ་ཚོན་ལྟ་བུར་བཀྲ། །མདའ་མདུང་རལ་གྲི་དགྲ་སྟ་ཁྲམ་ཤིང་ཞགས། །ཕུར་པ་རྡོ་རྗེ་ཆུ་སྲིན་རྒྱལ་མཚན་ཅན། །རྩ་གསུམ་ལྷ་ཚོགས་དགྱེས་པ་བསྐྱེད་ཕྱིར་བཤམས། །ཟོར་བ་ནད་རྐྱལ་བེ་ཅོན་ཞིང་དབྱུག་དང་། །མི་གླང་སྟག་དང་སེང་གེའི་པགས་པའི་ཚོགས། །མགོ་རློན་དོ་ཤལ་རིན་ཆེན་རུས་པའི་རྒྱན། །རྒྱལ་མཚན་འཕན་གདུགས་བླ་བྲེ་ལྡ་ལྡི་བྲེས། །སྲོག་འཁོར་ཕ་ཝང་ལོང་བུ་སྙུག་རྒོད་སོགས། །དྲེགས་པ་རང་བཞིན་འདུ་བ་གསང་བའི་རྫས། །ཕྱི་ནང་གསང་རྟེན་མ་ཚང་མེད་པ་རྣམས། །རྩ་གསུམ་ལྷ་ཚོགས་དགྱེས་པ་བསྐྱེད་ཕྱིར་བཤམས། །དེ་ལྟར་ལེགས་བཤམས་མཐུན་པའི་བཀང་རྫས་ཀྱིས། །རྒྱལ་བ་དགོངས་པས་བརྒྱུད་པའི་ཐུགས་དམ་བསྐང་། །རིག་འཛིན་བརྡ་ཡི་བརྒྱུད་པའི་༴། གང་ཟག་སྙན་ཁུང་བརྒྱུད་པའི་༴། ལས་འགྲོ་གཏེར་གྱི་བརྒྱུད་པའི་༴། སྨོན་ལམ་གཏད་རྒྱ་བརྒྱུད་པའི་༴། བཀའ་བབས་ལུང་བསྟན་བརྒྱུད་པའི་༴། བྱིན་རླབས་(༡༩ན)


GLG024_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བརྒྱུད་པའི་༴། ཞི་བ་བཞི་བཅུ་རྩ་གཉིས་༴། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་༴། སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་༴། ཁྱད་པར་པདྨ་དབང་ཆེན་༴། ཡུམ་ཆེན་གར་གྱི་དབང་ཕྱུག་༴། དབང་ཆེན་རིགས་བཞིའི་ལྷ་ཡི་༴། སྒོ་སྲུང་ཁྲོ་མོ་བཞི་ཡི་༴། སྲོག་བདག་འོད་ཀྱི་རྒྱལ་པོའི་༴། ཚངས་པ་དུང་གི་ཅོད་པཎ་༴། དམ་ཅན་རྡོ་རྗེ་ལེགས་པའི་༴། བདུད་པོ་རི་ནག་སྤུངས་པའི་༴། སྲོག་བདག་ཡམ་ཤུད་དམར་པོའི་༴། གཟའ་རྒོད་ར་ཧུ་ལ་ཡི་༴། བཀའ་ཉན་གདོང་མོ་བཞི་ཡི་༴། ཆོས་སྐྱོང་བེག་ཙེ་ལྕམ་སྲིང་༴། ལས་མཁན་སྲོག་བདག་དམར་པོའི་༴། གྲི་ཐོགས་བཤན་པའི་ཚོགས་ཀྱི་༴། འཁོར་ཚོགས་དམ་ཅན་རྒྱ་མཚོའི་༴། ཐུགས་དམ་གཉན་པོ་དབྱིངས་སུ་སྐོང་གྱུར་ནས། །བདག་སོགས་རྒྱུ་སྦྱོར་སྦྱིན་པའི་བདག་པོ་ཡི། །འགལ་རྐྱེན་ཟློག་ལ་དངོས་གྲུབ་སྩལ་དུ་གསོལ། །ཚོགས་འཁོར་བྱིན་གྱིས་བརླབ་པ་ནི། ཨཱོཾ་རཾ་ཀྲོ་དྷ་རཀྟ་བཛྲ་ཛྭ་ལ་རཾ་ཏི་ག་ན་བི་ཤོ་ཛྭ་ལ་རཾ་ཕཊ་རཾ་རཾ། རཾ་ཡཾ་ཁཾ། ཨཱོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། བྷྲུཾ། ཨཱོཾ་ཨཱཿཧཱུཾ། ཨཱོཾ་མ་ཧཱ་རཏྣ་ཀཱ་ཡ་བི་ཤུདྡྷེ་ཧཱུཾ། མཆོད་པའི་ཡུལ་རྣམས་སྤྱན་དྲང་བ། ཧཱུཾ། རང་བཞིན་རྣམ་དག་དབྱིངས་ཉིད་ལས། །སྤྲུལ་པའི་ཁྲོ་བོ་མི་བཟད་པ། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ། །ལོངས་སྤྱོད་ཚོགས་ལ་གཤེགས་སུ་གསོལ། །ཨཱོཾ་ཨེ་ཧྱེ་ཧི་བྷ་ག་ཝ་ན་མ་ཧཱ་ཀ་རུ་ཎི་ཀ་མ་ཧཱ་པདྨ་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ པདྨ་ཀ་མ་ལ་ཡེ་སྟྭཾ། ཚོགས་ཀྱི་འཁོར་ལོ་སྤྱིར་འབུལ་བ། ཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །མ་ཧཱ་པདྨ་ཤྭ་རི་ས་པ་རི་ཝཱ་ར་ཨརྒྷཾ་དྷཱུ་པཾ་པུཥྤཾ་དཱི་པཾ་གན་དྷེ་ནཻ་ཝི་དྱ་པྲ་ཏཱི་ཙྪ་ཡ་སྭཱ་ཧཱ། ཧཱུཾ། འདི་ན་སྣ་ཚོགས་གཟུགས་མཆིས་ཏེ། །གཟུགས་ཀྱི་ལྷ་མོ་མེ་ལོང་(༡༩བ)


GLG024_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

མ། །མེ་ལོང་ལས་ཀྱང་གཟུགས་རྣམས་བྱུང་། །མང་པོ་བསམ་གྱིས་མི་ཁྱབ་པ། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་སྟེ། །དཀྱིལ་འཁོར་ལྷ་ཡི་སྤྱན་ལ་འབུལ། །གཟུགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་ཏེ་དགྱེས་པར་མཛོད། །འདི་ན་སྣ་ཚོགས་སྒྲ་མཆིས་ཏེ། །སྒྲ་ཡི་ལྷ་མོ་པི་ཝང་མ། །པི་ཝང་ལས་ཀྱང་སྒྲ་རྣམས་འབྱུང་། དཀྱིལ་འཁོར་ལྷ་ཡི་སྙན་ལ་འབུལ། །སྒྲ་ཡི་༴། འདི་ན་སྣ་ཚོགས་དྲི་མཆིས་ཏེ། །དྲི་ཡི་ལྷ་མོ་སྤོས་ཁང་མ། །སྤོས་ཁང་ལས་ཀྱང་དྲི་རྣམས་འབྱུང་། །དཀྱིལ་འཁོར་ལྷ་ཡི་ཤངས་ལ་འབུལ། །དྲི་ཡི་༴། འདི་ན་སྣ་ཚོགས་རོ་མཆིས་ཏེ། །རོ་ཡི་ལྷ་མོ་ཞལ་ཟས་མ། །ཞལ་ཟས་ལས་ཀྱང་རོ་རྣམས་བྱུང་། །དཀྱིལ་འཁོར་ལྷ་ཡི་ལྗགས་ལ་འབུལ། །རོ་ཡི་༴། འདི་ན་སྣ་ཚོགས་རེག་མཆིས་ཏེ། །རེག་བྱའི་ལྷ་མོ་ན་བཟའ་མ། །ན་བཟའ་ལས་ཀྱང་རེག་རྣམས་འབྱུང་། །རེག་བྱའི་༴། འདི་ན་སྣ་ཚོགས་ཆོས་མཆིས་ཏེ། །ཆོས་ཀྱི་ལྷ་མོ་པོ་ཏི་མ། །པོ་ཏི་ལས་ཀྱང་ཆོས་རྣམས་འབྱུང་། །དཀྱིལ་འཁོར་ལྷ་ཡི་ཐུགས་ལ་འབུལ། །ཆོས་ཀྱི་བྱེ་བྲག་ཐོག་མར་བསྟོད་དེ་འབུལ། ཧྲཱི༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །དགོད་དང་གཤེད་དང་འཇིགས་པར་བྱེད་པ་དང་། །སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་སྒྱུར་བ་ནི། །གར་བཅས་སྒྲུབ་པོ་རྣལ་འབྱོར་པ། །གར་གྱི་དབང་ཕྱུག་གཙོ་བོ་ཆེ། །ཟླ་བ་ལ་སོགས་སྙིང་པོ་ཅན། །མཾ་ས་ལ་སོགས་རོ་མཆོག་བསིལ། །མེ་ཏོག་ལ་སོགས་ཙནྡན་དྲི། །བཟང་རྒུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་རྣམས་ཀྱི་རེག་བྱ་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །སྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པ་མཛོད། །མཧཱ་པདྨ་ཤྭ་ར་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁ་རཾ་ཁཱ་ཧི། བར་པ་བཤགས་ཏེ་འབུལ་བ་ནི། ཧཱུཾ། བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས་(༢༠ན)


GLG024_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་ཀྱི། །ཐུགས་དང་འགལ་བའི་ལས་རྣམས་ཅི་བགྱིས་པ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །བཟོད་པར་གསོལ་ཏེ་ཚངས་པར་སྩལ་དུ་གསོལ། །ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། པདྨ་ཤྲཱི་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ། ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝ་ན། པདྨ་ཤྲཱི་ཧེ་རུ་ཀ་མ་མེ་མུཉྩ། པདྨ་ཤྲཱི་ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨ་ཧཱུཾ༔ མཐར་འབུལ་ཆེད་དུ་བསྐྱེད་ཅིང་འགུགས། ཨེ་རཾ། ཕཊ་རཾ། ཛྭ་ལ་རཾ། ཎི་ཛ། ཏྲི་ཛ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། །ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་༴། ཁྱད་པར་བཅོམ་ལྡན་འདས་པདྨ་དབང་ཆེན་ཁྲག་འཐུང་ལྷ་དགུ་འཁོར་ཟ་བྱེད་བཀའ་ཉན་གྱི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་ཆེན་པོ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པའི་སྤྱི་དགྲ །དཔལ་ལྡན་བླ་མའི་སྐུ་དགྲ། སེམས་ཅན་ཡོངས་ལ་འཚེ་བར་བྱེད་པ། ཁྱད་པར་རྣལ་འབྱོར་བདག་ཅག་ཆོས་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རི་རབ་ཀྱི་ཁོང་གསེང་། ནམ་མཁའི་མཐོངས། རྒྱ་མཚོའི་གཏིང་། གླིང་བཞི་གླིང་ཕྲན་གང་ན་འདུག་ཀྱང་རུང་སྟེ། སྐྱོབ་པར་བྱེད་པའི་ལྷ་དང་ཕྲོལ་ལ། ལིང་ག་དང་། ཚོགས་ཐ་མ་(༢༠བ)


GLG024_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཀྱི་ནང་དུ་ཁུག་ཅིག །པྲ་བེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨ། ཁྲོ་བོའི་ཕོ་ཉ་སྤྲོ་བ་ནི། ཧཱུཾ་བྷྱོ། དམ་ཚིག་ཆེན་པོའི་དུས་ལ་བབ། ང་དཔལ་ཁྲག་འཐུང་ཧེ་རུ་ཀ །ཐུགས་རྗེ་ཐུགས་དམ་རྒྱུད་སྐུལ་བ། །འཇིག་རྟེན་ཐམས་ཅད་བསྒྲལ་བའི་ཞིང་། །འཇིག་རྟེན་ཐམས་ཅད་དུར་ཁྲོད་འབར། །བཟའ་རྒྱུ་ཐམས་ཅད་ཤ་ཁྲག་ཚོགས། །གཟུགས་སྣང་ཐམས་ཅད་ཧེ་རུ་ཀ །མི་རྟོག་ཐུགས་ཀྱི་དཀྱིལ་འཁོར་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །ཐུགས་རྗེ་ཐུགས་དམ་རྒྱུད་བསྐུལ་བས། །ཡེ་ཤེས་རོལ་ཅིང་གཤེགས་སུ་གསོལ། །ཛ༔ ཡབ་གཅིག་སྐུ་མདོག་དམར་པོ་ནི། །རིགས་ལྔའི་སངས་རྒྱས་དབུ་ལ་རྫོགས། །ཕྱག་རྒྱ་ཐུགས་ཀྱི་དཀྱིལ་ནས་སྐྱོང་། །ལྕགས་གྲི་ནག་པོ་ཕྱག་ན་བསྣམས། །སྒྲོལ་གྱིང་ཆེན་པོར་དམ་བཅས་པ། །ནག་པོ་འབུམ་གྱི་བདག་པོ་སྟེ། །མཁའ་འགྲོ་འབུམ་གྱི་དབུས་ན་འགྱིང་། །མི་རོ་འབུམ་གྱི་ཁྲི་སྟེང་ན། །རྟ་རོ་འབུམ་ནི་གཅལ་དུ་བཀྲམ། །ཟས་སུ་དེ་ནི་ཤ་ཆེན་ཟ། །སྐོམ་དུ་དེ་ནི་རཀྟ་འཐུང་། །མཐའ་དག་བསྒྲལ་བའི་རྒྱུ་ཡིན་ཏེ། །འདི་ཡི་སྙིང་པོ་འབུམ་བཟླས་ན། །གཅིག་ཏུ་དེ་ནི་དགྲ་ལ་འཇབས། །གཉིས་སུ་དེ་ནི་བགེགས་ལ་འཇབ། །སྐྱེས་བུ་ཆེན་པོའི་འཕྲུལ་གྱི་སྲས། །གནོད་བགེགས་འདུལ་བའི་དུས་ལ་བབ། །ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་གཉན་ཆེན་པོའི་དུས་ལ་བབ། །བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དུས་གསུམ་རྒྱལ་བའི་གདུང་གསོབ་པ། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང་། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་(༢༡ན)


GLG024_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བརླག་པར་མཛོད། །ཟུང་ཞིག་སྡོམས་ཤིག་རྣམ་པར་ཆིངས། །རྟོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །འདི་ལ་བྱང་ཆུབ་སེམས་མེད་ཀྱིས། །གཞན་དུ་ནམ་ཡང་གཏང་མི་བྱ། །བྱང་ཆུབ་སེམས་སུ་གཏང་བར་བྱ། །ང་ཡི་དབང་དུ་བསྡུས་ལ་ཤོག །ཡུངས་ཀར་ཕོ་ཉ་སྤྲོ་བ་ནི། །བྷྱོ༔ གནོད་སྦྱིན་རྒྱལ་པོ་ཁྲོས་པའི་སྲས། །ཡུངས་ཀར་ཡེ་ཤེས་སྤྲུལ་པའི་མདའ། །ཐུགས་རྗེའི་ཀློང་ནས་ཕར་འཕངས་པས། །དགྲ་བོའི་གཟུགས་ཕུང་འབེན་ལ་རྒྱོབ། །དཀར་ནག་སྙིང་གི་དཀྱིལ་དུ་ཕྱུང་། །ཤིག་ཤིག་དུམ་དུམ་ཉིལ་ཉིལ་རྒྱོབ། ཁྲོ་ཆུང་གཏམས་པའི་ཡུངས་ཀར་འདི། །ཡིད་ཀྱི་ཡེ་ཤེས་སྤྲུལ་པའི་མདའ། །ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས། །ཡེངས་པ་མེད་པར་འཕངས་པ་ཡིས། །དགྲ་བོའི་ནང་ཁྲོལ་འབེན་ལ་རྒྱོབ། །དུམ་བུ་རུལ་རྦད་དུམ་བུ་ཉལ་རྦད། ཡན་ལག་འཆིང་བའི་ཡུངས་ཀར་ནི། །ཕྱག་རྒྱ་རོལ་པའི་མདའ་རྒྱང་སྟེ། །འཕྲོ་འདུ་ཅིར་ཡང་འགྱུར་བའི་མདའ། །དགྲ་བོའི་ཡན་ལག་འབེན་ལ་རྒྱོབ། །ཐུམ་ཐུམ་རིལ་རིལ། དབང་པོ་ལེན་པའི་ཡུངས་ཀར་འདི། །རིག་པའི་རྒྱལ་པོའི་ཐུགས་ཀྱི་མདའ། །རིག་པའི་དབྱིངས་ནས་འཕངས་པ་ཡིས། །དགྲ་བོའི་དབང་པོ་མིག་ལ་རྒྱོབ། །ཐིབས་ཡ་ཐིབས་ཡ། བྷྱོ་བྷྱོ། རྣམ་ཤེས་གཅོད་པའི་ཡུངས་ཀར་འདི། །སྔགས་ཀྱི་རྒྱལ་པོ་བྲམ་ཟེའི་མདའ། །འགུགས་འདྲེན་ཕོ་ཉའི་མདའ་རྒྱང་སྟེ། །དགྲ་བོའི་རྣམ་ཤེས་འབེན་ལ་རྒྱོབ། །ཧུ་ཡ་ཧུ་ཡ། ཧྲོག་ཧྲོག །སྐྱོབ་བྱེད་ལྷ་དང་འཕྲལ་བ་ནི། མ་ཧཱ་གུ་གུལ་པྲ་ཏ་ཡ་ཧཱུཾ་ཕཊ། བྷྱོ། གཉེན་པོ་ཀུན་སྒྲོལ་དམ་ཚིག་ཅན། །མགོ་བའི་ལྷ་རྣམས་བསྒྲལ་བའི་ཕྱིར། །གུ་གུལ་སྦྱར་བའི་རྫས་མཆོག་གིས། །སྲོག་ལྷ་གནམ་དུ་ཡར་དུ་ཆུག །དགྲ་ལྷ་རྒྱ་མཚོའི་གཏིང་དུ་སྐྱུར། །ཕོ་ལྷ་(༢༡བ)


GLG024_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རྡོག་པའི་འོག་ཏུ་གནོན། །ཞང་ལྷ་རྒྱ་མཚོའི་འཁྲིས་ལ་སྐྱོལ། །ཕོ་ལྷ་སྲོག་ལྷ་མྱུར་དུ་ཆོད། །གུ་གུལ་སྦྱར་བའི་རྫས་མཆོག་འདིས། །ལེ་དགུ་ལྷ་དང་ཕྲོལ་ལ་ཤོག །འབོབ་དུད་ཕོ་ལྷའི་གཤེད་མ་གྱིས། །རྒྱ་ཚིལ་དགྲ་ལྷའི་གཤེད་མ་གྱིས། །ཡུངས་ཀར་སྲོག་ལྷའི་གཤེད་མ་གྱིས། །ར་རུ་མོ་ལྷའི་གཤེད་མ་གྱིས། །ཞབས་མས་ཞང་ལྷའི་གཤེད་མ་གྱིས། །གུ་གུལ་སྦྱར་བའི་རྫས་མཆོག་གིས། །དགྲ་བོའི་དམ་ཚིག་ཉམས་སུ་ཆུག །ཕུར་པ་བསྐྱེད་ཅིང་གདབ་པ་ནི། །ཨཱོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ་྅་ཧཾ༔ པཾ་པདྨ་མཎྜ་ལ༔ མ་སུརྱ་མཎྜ་ལ༔ ཧྲཱི༔ སྥ་ར་ཎ་ཕཊ༔ སིང་ཧ་ར་ཎ་ཧཱུཾ༔ ཨཱོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། སྟོང་པའི་ངང་ལས་ཕུར་པ་སྐད་ཅིག་གི །དབང་ཆེན་ཁྲག་འཐུང་པདྨ་ཀཱི་ལ་ཡ། །དམར་དཀར་ལྗང་བའི་ཞལ་གསུམ་ཕྱག་དྲུག་གི །དང་པོ་གཉིས་ཀྱིས་པདྨ་བྷན་དྷ་བསྣམས། །བར་པ་གཉིས་ཀྱིས་ལྕགས་ཀྱུ་ཞགས་པ་འཛིན། །ཐ་མའི་ཕྱག་གཉིས་རི་རབ་ཕུར་བུ་སྒྲིལ། །དུར་ཁྲོད་ཆས་བརྒྱན་སྐུ་སྟོད་ཁྲོ་བོའི་གཟུགས། །སྐུ་སྨད་ཟུར་གསུམ་རྣོ་བའི་དཔལ་དང་ལྡན། །སྐུ་ལ་བསྐལ་པའི་མེ་དཔུང་རབ་ཏུ་འབར། །ཨཱོཾ་ཨཱཿཧཱུཾ་གི་ཡི་གེས་གནས་གསུམ་མཚན། །ཡེ་ཤེས་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་བསྟིམ། ཨཱོཾ་ཏིབ་ཏ་ཙཀྲ་ཧ་ན་ཧ་ན་ཨཱོཾ་ཧྲཱི༔ ཕུར་པ་ཨ། ཨཱོཾ་བཛྲ་ས་ཏྭ་ཧཱུཾ༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝ་ཀ་ཙིཏྟ་ཏིཥྛ་བཛྲ། བདག་དང་ཕུར་པའི་གནས་གསུམ་ཡི་གེ་ལས། །འོད་འཕྲོས་བདེ་གཤེགས་སྐུ་ཡི་བྱིན་རླབས་བསྡུས། །སྐུ་ཡི་སྒོ་ནས་ཁམས་གསུམ་མ་ལུས་པ། །དུས་གཅིག་སྒྲོལ་བའི་ནུས་པ་ཐོབ་པར་གྱུར། །བདེ་གཤེགས་གསུང་གི་བྱིན་རླབས་ཐམས་ཅད་བསྡུས། །གསུང་གི་སྒོ་ནས་ཁམས་གསུམ་མ་ལུས་པ། །དུས་གཅིག་སྒྲོལ་བའི་ནུས་པ་ཐོབ་པར་གྱུར། །བདེ་གཤེགས་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས། །ཐུགས་ཀྱི་སྒོ་ནས་ཁམས་གསུམ་མ་ལུས་པ། །དུས་(༢༢ན)


GLG024_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྒྲོལ་བའི་ནུས་པ་ཐོབ་པར་གྱུར། །ཨཱོཾ་པདྨ་ཀཱི་ལ་ཡ་པེ་ཏ་ལི་མཎྜ་ལ་ལ་རཀྵ་ཧཱུཾ་ཕཊ། ཨཱོཾ་པདྨ་ཀཱི་ལ་ཡ་མ་ཧཱ་གུ་གུལ་པྲ་ཏ་ལ་ཨ་ཏིཥྛ་ན་ཡ་ཧཱུཾ་ཕཊ། ཨཱོཾ་པདྨ་ཀཱི་ལ་ཡ་མ་ཧཱ་རཀྟ་ཛྭ་ལ་ནི་ཧཱུཾ་ཕཊ། བཛྲ་ར་ཀྲི་ཏ། ཨཱོཾ་ལཾ་ཧཱུཾ་ལཾ་སྟྭཾ་བྷ་ཡ་ནན། མོ་ཧ་གྷཱ་ཏ་ཡ་བྷ་ག་ཝན། ཧྲིཥྚི་ཝི་ཀྲི་ཏ་བཛྲ་ཧཱུཾ་ཀ་ར་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོ༔ སརྦ་བིགྷ་ནན། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཕྱོགས་ལས་རྣམ་པར་རྒྱལ་བའི་མཐུ་དང་ལྡན། །ཕ་རོལ་གཞོན་པའི་གཟི་བརྗིད་བཀྲག་མདངས་རྒྱས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་ཆགས་གྱུར། །བདག་དང་དཀྱིལ་འཁོར་ཕུར་པའི་གནས་གསུམ་ལས། །ཨཱཿཡིག་ཕྲ་མོ་གྲངས་མེད་འཕྲོས་པ་ཡིས། །དུས་གསུམ་སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས། །ཨཱ་ཡིག་རྣམ་པ་འོད་ཞུ་ཞུར་འདུས་ཐིམ། །སྒྲིབ་སྦྱངས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །ཡང་འཕྲོས་འཕགས་མཆོད་སེམས་ཅན་སྡིག་སྒྲིབ་སྦྱངས། །སྲིད་གསུམ་ཐམས་ཅད་ཨ་ཡིག་རྣམ་པར་ཞུ། །དངུལ་ཆུ་ལྟར་གྱུར་ཟེས་པོ་ལ་ཐིམ་པས། །རྣམ་ཤེས་ཨཱ་ཡིག་དཀར་པོའི་རྣམ་པར་གྱུར། །ཚེ་ལྷག་ཚུར་བསྡུས་རྣམ་ཤེས་ཞལ་དུ་ཞུགས། །ཧཱུཾ་གྱུར་འོག་མིན་གནས་སུ་རིགས་ལྔ་ཡི། །མཉམ་སྦྱོར་ཁར་བསྐྲུན་རིགས་ཀྱི་སྲས་སུ་གྱུར། །རལ་གྲི་གཤིན་རྗེར་བསྐྱེད་པ་ནི། ཨཱོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧཾ། པཾ་པདྨ་མཎྜ་ལ། མ་སུརྱ་མཎྜ་ལ། ཧཱུཾ་སྥ་ར་ཎ་ཕཊ། སིང་ཧ་ར་ཎ་ཧཱུཾ། ཨཱོཾ་ཡ་མཱན་ཏ་ཀ་ཧཱུཾ་ཕཊ༔ སྐད་ཅིག་སྟོང་པའི་ངང་ལས་རལ་གྲི་ནི། །གཤིན་རྗེ་གཤེད་ནག་ཞལ་གཅིག་ཕྱག་གཉིས་པ། །གྲི་ཐོད་འཛིན་ཅིང་དུར་ཁྲོད་ཆས་ཀྱིས་བརྒྱན། །མེ་དཔུང་དབུས་བཞུགས་གནས་གསུམ་ཡི་གེས་མཚན། །ཡེ་ཤེས་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་བསྟིམ། །དབང་བསྐུར་རིགས་ཀྱི་བདག་པོས་དབུ་བརྒྱན་གྱུར། །གཤིན་རྗེ་གཤེད་པོ་འོད་དུ་ཞུ་བ་ལས། །གནམ་ལྕགས་རལ་གྲི་རྣོ་ངར་(༢༢བ)


GLG024_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་གྱུར། ཨཱོཾ་ཧྲཱིཿཥྚི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ༔ དགྲ་བགེགས་ཐམས་ཅད་ཀཱ་ར་ཡ་ནཱ་ཤ་ཡ་སྟཾ་པ་ཡ་ཧཱུཾ་ཕཊ། དབང་ཆེན་ཐོ་ཐོགས་ཐུགས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་མཚོན་མ་ལྔ་ཡི་ཆར་ཕབ་པས། །དུག་ལྔ་བདུད་རྩི་ལྔ་རུ་དག་བྱས་ཏེ། །ཡེ་ཤེས་ལྔ་ཡི་ལྷ་ཚོགས་མཉེས་པར་བྱ། །ཧཱུཾ་བྷྲུཾ༔ ཨཱོཾ་བྷྲཱུཾ༔ ཏྲཱཾ་བྷྲཱུཾ༔ ཧྲཱིཿབྷྲཱུཾ༔ ཨཱཿབྷྲཱུཾ༔ བསྒྲལ་མཆོད་ཞལ་དུ་གདབ་པ་ནི། ཧྲཱི༔ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །བཅོམ་ལྡན་པདྨ་དབང་ཆེན་ནི། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །ཕྱག་དྲུག་མཚོན་ཆས་རྒྱུད་དྲུག་སྒྲོལ། །རབ་ཏུ་མི་བཟད་ཁྲོས་པ་ཡི། །ཞལ་གསུམ་རྔམས་པའི་ཞལ་གདངས་ཤིང་། །ཞལ་ནི་ཧོམ་ཁུང་གདངས་པ་འདྲ། །ཚེམས་ནི་གངས་རི་བལྟམས་པ་འདྲ། །མཆེ་བ་ཟངས་ཕུར་གཞིབས་པ་འདྲ། །ལྗགས་ནི་ཧོམ་གཟར་བརྐྱང་པ་འདྲ། །ཉམས་པ་གདབ་བོ་ཁ་རཾ་ཁཱ་ཧི། །ཉམས་པ་སྒྲོལ་བའི་ལས་མཛོད་ཅིག །ཡུམ་ཆེན་ཁྲོ་མོ་ཞལ་གདོངས་ཤིག །གར་གྱི་དབང་ཕྱུག་ཞལ་དུ་གདབ། །རྡོ་རྗེའི་རིགས་མཆོག་༴། མཐུ་ཆེན་བརྔམས་པའི་༴། རིན་ཆེན་རིགས་མཆོག་༴། སེར་ནག་འཁྲུག་པའི་༴། པདྨ་རིགས་མཆོག་༴། དམར་ནག་འཁྱིལ་བའི་༴། ལས་ཀྱི་རིགས་མཆོག་༴། ལྗང་ནག་ཁྲོས་པའི་༴། མཁའ་འགྲོ་རིགས་བཞིའི་༴། སྲིང་མོ་བཞི་ཡི་༴། བསྒྲལ་བའི་ཞིང་བཅུར་གྱུར་པ་ཡི། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །དབང་ཆེན་ལྷ་དགུའི་ཞལ་དུ་གདབ། །ཞལ་དུ་གདབ་བོ་ཁ་རཾ་ཁཱ་ཧི། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏཾ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། དབང་བསྐུར་སྨོན་ལམ་གདབ་པ་ནི། ཧོ། བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས་མ་ཧཱ་མཾ་ས་གསོལ་བ་ལ་བརྟེན་ནས་རྡོ་རྗེ་སེམས་དཔའི་སྐུ་ཚེ་དང་ལང་(༢༣ན)


GLG024_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་ལ་མངའ་བརྙེས་པར་གྱུར་ཅིག །འཛའ་གད་དཔའ་བོ་གསོལ་བ་ལ་བརྟེན་ནས་འགྲོ་བ་མང་པོ་འདུས་པར་གྱུར་ཅིག །ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བ་ལ་བརྟེན་ནས་དཔལ་ཆེན་པོ་པདྨ་དབང་ཆེན་གྱི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པར་གྱུར་ཅིག །ཡར་མཆོད་མར་སྐྱོང་ཚུལ་འདི་ལ། །ཚོགས་མཆོད་དཀྱུས་ལྟར་བྱ་བའི་སྐབས། །སྒོ་དབྱེ་གསེར་སྐྱེམས་ཟོར་མནན་དོར། །ཞར་བྱུང་ཚོགས་ཟློག་བྱ་འདོད་ཚེ། །སྒྲུབ་གཏོར་ཡོད་ན་སྔར་བསྐྱེད་པའི། །ལྷ་ཚོགས་སྔགས་ཀྱིས་སླར་གསལ་འདེབས། །སྒྲུབ་གཏོར་མེད་དམ་ཡོད་ན་ཡང་། །གཏོར་མ་ཟུར་དུ་བཤམས་པ་ན། །སྔགས་ཀྱིས་ལྷ་ཚོགས་ལེགས་པར་བསྐྱེད། །ཡར་གནས་མཆོད་པས་མཉེས་པར་བྱས། །དེ་རྗེས་མར་གནས་ལྷག་བཏང་རྣམས། །ལྷན་ཅིག་ཟོར་དུ་བྱས་ནས་འཕེན། །འདི་ཡང་གསང་སྔགས་སྔ་འགྱུར་ལ། །གྲགས་པའི་མན་ངག་ཟུར་པ་སྟེ། །རྒྱས་བཀབ་རང་གཟོའི་འདྲ་ཆོས་མིན། །དེའི་ཕྱིར་ཡར་གནས་མཆོད་པ་ནི། །བྷྲཱུཾ་བི་ཤ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲུཾ། ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨཱོཾ་མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ༔ ཨཱོཾ་རཏྣ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ༔ ཨཱོཾ་པདྨ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ༔ ཨཱོཾ་ཀརྨ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཨཱོཾ་བཛྲ་པཱ་ཤ་ཧཱུཾ༔ ཨཱོཾ་བཛྲ་གྷཎྜེ་ཧོ༔ ཧྲཱི༔ བཛྲ་ཀྲོ་དྷ་ནས། ཨཱོཾ་བཛྲ་གྷཎྜེ་ཧོ༔ ཡར་གྱི་གནས་རྣམས་ཀྱི་ཞལ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀ་ཏ་ཁཱ་ཧི། ཧཱུཾ༔ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །འཁོར་དུ་དྲེགས་པའི་ཚོགས་རྣམས་འབུམ་གྱིས་བསྐོར། །དབང་ཆེན་རྔམས་པའི་གནས་ནས་སྐུ་བཞེངས་ལ། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །ཐུན་མོང་མཆོག་གི་(༢༣བ)


GLG024_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་བདག་ལ་སྩོལ། །གནོད་པའི་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །དབྱིངས་ཉིད་རྣམ་པར་དག་པའི་དཀྱིལ་འཁོར་ནས། །ཡུམ་ཆེན་པདྨ་གར་གྱི་དབང་ཕྱུག་མ། །འཁོར་དུ་མ་མོ་ཆེན་མོ་འབུམ་གྱིས་བསྐོར། །མ་ཚོགས་གནས་ནས་འཁོར་ཚོགས་སྐུ་བཞེངས་ལ། །༴༴ཤར་ཕྱོགས་འཁོར་ལོ་དྲི་ཟའི་གདན་སྟེང་དུ། །སྤྲུལ་པའི་ཁྲོ་རྒྱལ་རྡོ་རྗེ་དབང་ཆེན་ཡང་། །འཁོར་དུ་དྲི་ཟའི་ཚོགས་རྣམས་འབུམ་གྱིས་བསྐོར། །དྲི་ཟའི་གནས་ནས་འཁོར་བཅས་སྐུ་བཞེངས་ལ། །༴༴ལྷོ་ཕྱོགས་འཁོར་ལོ་གྲུལ་བུམ་གདན་སྟེང་དུ། །སྤྲུལ་པའི་ཁྲོ་རྒྱལ་རིན་ཆེན་དབང་ཆེན་ཡང་། །འཁོར་དུ་གྲུལ་བུམ་ཚོགས་རྣམས་འབུམ་གྱིས་བསྐོར། །གྲུལ་བུམ་གནས་ནས་འཁོར་བཅས་སྐུ་བཞེངས་ལ། །༴༴ནུབ་ཕྱོགས་འཁོར་ལོ་ཀླུ་དབང་གདན་སྟེང་དུ། །སྤྲུལ་པའི་ཁྲོ་རྒྱལ་པདྨ་དབང་ཆེན་ཡང་། །འཁོར་དུ་ཀླུ་དབང་ཚོགས་རྣམས་འབུམ་གྱིས་བསྐོར། །ཀླུ་རྒྱལ་གནས་ནས་འཁོར་བཅས་སྐུ་བཞེངས། །༴༴བྱང་ཕྱོགས་འཁོར་ལོ་གནོད་སྦྱིན་གདན་སྟེང་དུ། །སྤྲུལ་པའི་ཁྲོ་རྒྱལ་ལས་རབ་དབང་ཆེན་ཡང་། །འཁོར་དུ་གནོད་སྦྱིན་ཚོགས་རྣམས་འབུམ་གྱིས་བསྐོར། །གནོད་སྦྱིན་གནས་ནས་འཁོར་བཅས་སྐུ་བཞེངས་ལ། །༴༴ཐམས་ཅད་ཞི་བར་བྱེད་པའི་དཀྱིལ་འཁོར་ནས། །ཤར་ཕྱོགས་སྒོ་མ་ཆེན་མོ་ལྕགས་ཀྱུ་མ། །འཁོར་དུ་རང་འདྲའི་དཀར་མོ་འབུམ་གྱིས་བསྐོར། །དུང་གི་སྒོ་ཁྱུད་གནས་ནས་སྐུ་བཞེངས་ལ། །༴༴ཐམས་ཅད་རྒྱས་པར་བྱེད་པའི་དཀྱིལ་འཁོར་ནས། །ལྷོ་ཕྱོགས་སྒོ་མ་ཆེན་མོ་ཞགས་པ་མ། །འཁོར་དུ་རང་འདྲའི་སེར་མོ་འབུམ་གྱིས་བསྐོར། །གསེར་གྱི་སྒོ་ཁྱུད་གནས་ནས་སྐུ་བཞེངས་ལ། །༴༴ཐམས་ཅད་དབང་དུ་བྱེད་པའི་དཀྱིལ་(༢༤ན)


GLG024_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནས། །ནུབ་ཕྱོགས་སྒོ་མ་ཆེན་མོ་ལྕགས་སྒྲོག་མ། །འཁོར་དུ་རང་འདྲའི་དམར་མོ་འབུམ་གྱིས་བསྐོར། །ཟངས་ཀྱི་སྒོ་ཁྱུད་གནས་ནས་སྐུ་བཞེངས་ལ། །༴༴ཐམས་ཅད་དྲག་པོ་ལས་ཀྱི་དཀྱིལ་འཁོར་ནས། །བྱང་ཕྱོགས་སྒོ་མ་ཆེན་མོ་དྲིལ་བུ་མ། །འཁོར་དུ་རང་འདྲའི་ལྗང་མོ་འབུམ་གྱིས་བསྐོར། །གཡུ་ཡི་སྒོ་ཁྱུད་གནས་ནས་སྐུ་བཞེངས་ལ། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །ཐུན་མོང་མཆོག་གི་དངོས་གྲུབ་བདག་ལ་སྩོལ། །གནོད་པའི་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །མར་གནས་ལྷག་མ་གཏོང་བ་ནི། དཔལ་ཆེན་པོའི་ཕམ་བབས་ལ་དབང་བའི་ལྷ་ཚོགས་རྣམས་ཨེ་ཧྱེ་ཧི་ཛཿཛཿ། མུ་དྲ་ས་མཱ་ཡ་ཧཱུཾ། མུ་དྲ་ས་མ་ཡ་ཕཊ། པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཨ་སྱཾ་ས་མ་ཡ་སྟྭཾ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། སྣང་བ་མཐའ་ཡས་ཡབ་ཡུམ་དུ་གྱུར། །མ་སུརྱ་མཎྜ་ལ་ཧཱུཾ་ཕཊ། པཾ་པདྨ་མཎྜ་ལ། ཨེ་ཨཾ་ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡ་མི། ཨ་ནུ་རཱ་ག་ཡ་ཧོ། ཛཿཧཱུཾ་བཾ་ཧོ༔ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། ཧཱུཾ། དང་པོ་ཕུད་ཀྱིས་མི་མཆོད་དུ། །བཅོམ་ལྡན་དཔལ་ཆེན་ཕུད་ཀྱི་བདག །བར་དུ་ཚོགས་ལ་མི་རོལ་དུ། །མ་དང་སྲིང་མོ་ཚོགས་ལ་དགྱེས། །ཐ་མ་ལྷག་མ་མི་བྱ་རུ། །དབང་ཆེན་བྲན་གཡོག་ལྷག་མ་དབང་། །ལྷག་མ་ཁ་ཆུས་མི་བྲན་དུ། །རྗེ་དང་འབངས་གཉིས་ཁྱད་པར་ཆེ། །རྣམ་གསུམ་གཅིག་ཏུ་མི་བསྲེ་རུ། །ཆོས་ཀྱི་དབྱིངས་ལ་བཟང་ངན་མེད། །མཆོད་ནས་ལས་རྣམས་མི་འཆོལ་དུ། །ཆོས་འཁོར་བསྟན་པ་བཤིག་པ་བྱུང་། །ཧྲཱི༔ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །ཡུམ་ཆེན་པདྨ་གར་དབང་ལ། །བདེ་གཤེགས་ཁྱུང་གིས་བསྐོར་བ་ནི། །བུདྡྷ་རིགས་ཀྱི་ཁྱུང་ཆེན་དང་། །རྡོ་རྗེ་རིགས་ཀྱི་ཁྱུང་ཆེན་དང་། །རིན་ཆེན་(༢༤བ)


GLG024_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་ཁྱུང་ཆེན་དང་། །པདྨ་རིགས་ཀྱི་ཁྱུང་ཆེན་དང་། །ལས་ཀྱི་རིགས་ཀྱི་ཁྱུང་ཆེན་ཏེ། །རང་རང་འཁོར་དང་བཅས་པ་ལ། །རྒྱན་གྱི་གཏོར་མ་འདི་འབུལ་གྱི། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །དཔག་བསམ་རྩེ་ནས་བཞེངས་པ་ཡི། །ལས་ཀྱི་ཁྱུང་ཆེན་ཕོ་མོ་ལ། །རྒྱན་གྱིས་གཏོར་མ་འདི་འབུལ་གྱི། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བུདྡྷ་ག་རུ་ཌ། བཛྲ་ག་རུ་ཌ། རཏྣ་ག་རུ་ཌ། པདྨ་ག་རུ་ཌ། ཀརྨ་ག་རུ་ཌ། ཨི་དཾ་བ་ལིཾ་གྲིཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། པཱུ་ཛ་ཧོཿརཀྵ་སི་པཾ་སྭཱཧཱ། ཧྲཱི༔ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །ཡུམ་ཆེན་པདྨ་གར་དབང་ལ། །སྲིན་པོ་ཕོ་མོས་བསྐོར་བ་ནི། །ཕྱོགས་བཞི་ནམ་མཁའི་ཀློང་ཡངས་ནས། །གཟའ་མཆོག་ཆེན་པོ་ར་ཧུ་ལ། །ངན་སྔགས་བདག་མོ་གདོང་མོ་བཞི། །ཤར་གྱི་ཟོར་སྲིན་སྟག་གི་གདོང་། །ལྷོ་ཡི་བཾ་སྲིན་དྲེད་མོའི་གདོང་། །ནུབ་ཀྱི་ཀོང་སྲིན་བ་ལང་གདོང་། །བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། །ངན་སྔགས་བདག་མོ་ཁྱེད་བཞི་ཡང་། །གཏོར་མ་ལེན་པའི་ལེན་ཚུལ་ནི། །ནམ་མཁའི་དཀྱིལ་ནས་འབྲུག་ལྡིར་བ། །བར་སྣང་ཁམས་ནས་གློག་འཁྱུག་པ། །སད་དང་ཐོག་དང་སེར་འབེབས་མ། །སྤྲིན་དང་རླུང་ཚུབ་ནང་ཤེད་ན། །འུར་འུར་ཐོག་ཐོག་འཇིགས་བྱེད་མ། །༴༴ར་ཧུ་ལ་བཛྲ་རཀྵ་མ་ར་ཙ་ཤ་དྷ་ཡ་ཨི་དཾ་བ་ལིཾ་གྲིཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་པུ་ཛ་ཧོ་རཀྵ་སི་པཾ་སྭཱཧཱ། ཧྲཱི༔ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །ཡུམ་ཆེན་པདྨ་གར་དབང་ལ། མ་མོའི་ཚོགས་ཀྱིས་བསྐོར་བ་ནི། །མ་ཚོགས་རང་བྱུང་གཞལ་ཡས་ནས། །སྟོང་གསུམ་ཕུང་བྱེད་མ་མོ་ནི། །ནག་སེར་དམར་ལྗང་རལ་པ་ཅན། །ཕྱག་ན་སྦྲུལ་གྱི་ཞགས་པ་བསྣམས། །སྦྲུལ་དང་ཐོད་འཕྲེང་རྒྱན་དུ་བྱས། །རྨ་བྱའི་ཐུལ་ལ་སྐུ་ལ་གསོལ། །གཏོར་མ་ལེན་(༢༥ན)


GLG024_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལེན་ཚུལ་ནི། ཁ་ནས་གཤུག་པའི་སྒྲ་འབོད་ཅིང་། །ལག་ན་ཐོད་པའི་རྔ་ཆེན་རྡུང་། །མ་ཚོགས་འབུམ་སྡེ་དམ་ལ་སྡུད། །༴༴མ་མ་རག་མོ་མཧཱ་ཀཱ་ལི་ཨི་དཾ་བ་ལིཾ་གྲིཧྞ་པཱུ་ཛ་ཧོ། །རཀྵ་སི་པཾ་སྭཱ་ཧཱ། །ཧྲཱི༔ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །ཡུམ་ཆེན་པདྨ་གར་དབང་མ། །དྲེགས་པའི་ཚོགས་ཀྱིས་བསྐོར་བ་ནི། །བདུད་བཙན་རྒྱལ་པོ་ལ་སོགས་ཏེ། །སྡེ་བརྒྱད་ལྷ་སྲིན་ཐམས་ཅད་ཀྱང་། །གཏོར་མ་ལེན་པའི་ལེན་ཚུལ་ནི། །སྟོང་ཁམས་ཐམས་ཅད་ཁུ་སྒྲས་འདེབས། །ཤ་ཁྲག་ཟ་ཞིང་དགྲ་ལ་ཆས། །མཚོན་ཆ་དགྲ་ལ་སྟོན་ཅིང་བརྔམས། །༴༴རཱ་ཛ་སྲོག་ལ་ཧྲི། ཨ་ཤུ་མེ་ཏྲི་སྲོག་ལ་ཛ། ཙ་པ་ལ་ཨག་ཤུ་ཛ། ཏྲི་ལི་ཛ། བཛྲ་ས་ཏུ་ཧྲི༔ དུན་དུན། ཤུ་ལ་གྲཱི་བ། ཨི་དཾ་བ་ལིཾ་གྲིཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་པཱུ་ཛ་ཧོ། རཀྵ་སི་པཾ་སྭཱ་ཧཱ། གཏོར་མའི་ལམ་བསྟན་སྒོ་དབྱེ་བ། །བྷྱོ། ད་ནི་གཤེགས་སོ་ཤར་ར་ར། །ད་ནི་བཞུད་དོ་སིལ་ལི་ལི། །ད་ནི་གཤེགས་སོ་དབྱིངས་སུ་གཤེགས། །ད་ནི་དབྱིངས་སུ་མི་གཤེགས་སུ། །གནས་ངན་ཐ་མ་དུར་ཁྲོད་གནས། །ཟས་ངན་ཐ་མ་མི་གཙང་ཟས། །གོས་ངན་ཐ་མ་ཤུན་ཆེན་གོས། །རྒྱན་ངན་ཐ་མ་སྦྲུལ་ནག་རྒྱན། །གནས་ངན་ཐ་མ་མ་ལེགས་ཏེ། །འཁོར་བའི་མགོ་བཅད་གཞལ་ཡས་ཁང་། །ཟས་ངན་ཐ་མ་མ་ལགས་ཏེ། །དུག་ལྔ་འཇོམས་པ་བདུད་རྩིའི་ཟས། །གོས་ངན་ཐ་མ་མ་ལགས་ཏེ། །རྣམ་རྟོག་འཇོམས་པ་ཤུན་ཆེན་གོས། །རྒྱན་ངན་ཐ་མ་མ་ལགས་ཏེ། །ཞེ་སྡང་འཇོམས་པ་སྦྲུལ་གྱི་རྒྱན། །ད་ནི་གཤེགས་སོ་ཤར་ར་ར། །ད་ནི་བཞུད་དོ་སིལ་ལི་ལི། །དང་པོ་འབུབ་ཅིང་འབུབ་ཅིང་འགྲོ། །བར་དུ་མཆོད་ཞིང་མཆོད་ཞིང་འགྲོ། །ཐ་མ་འཐེང་ཞིང་འཐེང་ཞིང་འགྲོ། །དང་པོ་འབུབ་ཅིང་མི་འགྲོ་རུ། །གཏི་མུག་ཕུང་པོ་ལྷུན་རེ་སྟུག །གཏི་མུག་ཕུང་པོ་ལྷུན་མི་སྟུག །ཤ་ཡི་ཕུང་པོ་ལྷུན་རེ་སྟུག །བར་དུ་མཆོད་ཞིང་མི་འགྲོ་རུ། །འདོད་ཆགས་ཕུང་པོ་གཏིང་(༢༥བ)


GLG024_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཟབ། །འདོད་ཆགས་ཕུང་པོ་གཏིང་མི་ཟབ། ཁྲག་གི་རྒྱ་མཚོ་གཏིང་རེ་ཟབ། །ཐ་མ་འཐེང་ཞིང་མི་འགྲོ་རུ། །ཞེ་སྡང་ཕུང་པོ་རྩེ་རེ་རྩུབ། །ཞེ་སྡང་ཕུང་པོ་རྩེ་མི་རྩུབ། །རུས་པའི་ཕུང་པོ་རྩེ་རེ་རྩུབ། །ད་ནི་གཤེགས་སོ་ཤར་ར་ར། །ད་ནི་བཞུད་དོ་སིལ་ལི་ལི། །སྒོ་མ་མ་ཡི་སྒོ་ཕྱེ་དང་། །འཕྲང་མ་མ་ཡི་འཕྲང་ཕྱེ་ཅིག །སྒོ་མ་མ་ཡིས་སྒོ་ཕྱེ་ན། །བཅས་སུ་གཟུགས་ཅན་དགྲ་འབུལ་ལོ། །གཡས་སུ་རེ་ཤིག་ཐལ་བ་རེ། །འཕྲང་མ་མ་ཡིས་འཕྲང་ཕྱེ་ན། །བཅས་སུ་གཟུགས་མེད་བགེགས་འབུལ་ལོ། །གཡོན་དུ་རེ་ཤིག་འབུབ་པ་རེ། །ད་ནི་གཤེགས་སོ་ཤར་ར་ར། །ད་ནི་བཞུད་དོ་སིལ་ལི་ལི། །གསེར་སྐྱེམས་གཟུ་དཔང་བྱ་བ་ནི། །ཧཱུཾ༔ བྱིན་རླབས་ཐུགས་རྗེའི་གཏེར་མཛོད་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་བཀའ་བརྒྱད་ལྷ། །དགྲ་བགེགས་སྒྲོལ་མཛད་བཀའ་སྡོད་སྲུང་མའི་ཚོགས། །གསེར་སྐྱེམས་འདི་བཞེས་གཟུ་དང་དཔང་མཛོད་ཅིག །དབང་ཆེན་དཀྱིལ་འཁོར་ཁྲག་འཐུང་ལྷ་དགུའི་ཚོགས། །གིང་ལྔ་གཟའ་གདོང་བེག་ཙེ་ལྕམ་སྲིང་སོགས། །དམ་པའི་ཆོས་སྐྱོང་གཏེར་གྱི་སྲུང་མའི་ཚོགས། །གསེར་སྐྱེམས་༴ གཞན་ཡང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །ཡུལ་ལྷ་གཞི་བདག་ས་ཡི་ལྷ་མོ་དང་། །ལོ་ཟླ་ཞག་དུས་གཟའ་དང་ཚེས་ཀྱི་ལྷ། གསེར་༴ ཚུལ་ལྡན་དམ་ཚིག་སྡོམ་པའི་གཞི་རྟེན་བཟུང་། །ཐོས་དང་བསམ་པའི་ནོར་གྱིས་རྒྱུད་བལྟམས་ནས། །གསང་སྔགས་ཉེ་ལམ་སྒྲུབ་པའི་རྣལ་འབྱོར་ལ། །གནོད་པའི་དགྲ་བགེགས་བྱུང་ངོ་ར་མདའ་མཛོད། །རང་དོན་སྲིད་ཞིའི་བདེ་འབྲས་རྒྱབ་ཏུ་བསྐྱུར། །གཞན་ཕྱིར་སྐུ་གསུམ་གོ་འཕང་འཐོབ་པའི་ལམ། །སྙིང་ནས་ཚུལ་བཞིན་སྒྲུབ་པར་འདོད་པ་ལ། །གནོད་པའི་དགྲ་བགེགས་བྱུང་ངོ་ར་མདའ་མཛོད། །ལྟ་སྒོམ་རྩལ་ལྡན་(༢༦ན)


GLG024_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་མ་ལུས་བཤམས། །བསྙེན་སྒྲུབ་མཆོད་གཏོར་ཆུ་བོའི་རྒྱུན་བཞིན་འབད། །དམ་ཅན་ལུས་དང་གྲིབ་མ་ལྟར་བསྟེན་ན། །གནོད་པའི་དགྲ་བགེགས་བྱུང་ངོ་ར་མདའ་མཛོད། །ཚོགས་ཟློག་ཚུལ་གྱིས་ཟོར་འཕེན་པ། ཧྲཱི༔ རབ་ཏུ་བརྗིད་པའི་ལྕགས་སླང་ནག་པོའི་ནང་། །གཏོར་མ་ཚོགས་དང་ལྷག་མར་བཅས་པ་རྣམས། །ཐོག་མདར་བྱིན་བརླབས་དགྲ་བགེགས་སྟེང་དུ་འཕེན།། ནད་གདོན་བར་ཆད་ཆགས་ཆེ་ཉམ་ང་བཟློག །ཆད་མདོ་བྱ་བའི་རིམ་པ་ནི། ཧྲཱི༔ སྔོན་ཚེ་རྔམས་པ་འབར་བའི་གནས་མཆོག་ཏུ། །བཅོམ་ལྡན་པདྨ་ཁྲག་འཐུང་ཧེ་རུ་ཀས། ཁྱད་པར་བསྟན་པ་ཞེས་བྱའི་ཏིང་འཛིན་གྱིས། །དྲེགས་པ་དབང་དུ་བསྡུས་ནས་རྒྱུད་གསུངས་ཚེ། །བཀའ་སྡོད་སྲུང་མར་བཅས་པའི་ཚོགས་རྣམས་ཀྱིས། །སྒྲུབ་པ་པོ་ཡི་སྟོངས་གྲོགས་བྱེད་དོ་ཞེས། ཁས་བླངས་དམ་བཅས་ཇི་བཞིན་དེང་གི་དུས། །གཏོར་མ་འདི་ལོང་བཅོལ་བའི་འཕྲིན་ལས་མཛོད། །བར་དུ་སློབ་དཔོན་པདྨ་འབྱུང་གནས་དང་། །གཏེར་སྟོན་རྣམ་གསུམ་གྲུབ་ཐོབ་འདར་ཆར་གྱིས། ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་ཞལ་ཕྱེ་ནས། །སྔོན་གྱི་དམ་ཚིག་གཉན་པོ་བསྒྲགས་པའི་ཚེ། །ད་ལྟ་བཀྲ་ཤིས་བྱིངས་ཆགས་གནས་མཆོག་འདིར། །རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་གྱིས། །བསྙེན་སྒྲུབ་ལས་སྦྱོར་མཆོད་གཏོར་བཀང་བ་སོགས། །རིག་འཛིན་བརྒྱུད་པའི་སྲོལ་བཞིན་བགྱིས་ལགས་ན། །༴༴ཕྱི་རོལ་བསྟན་མ་སྐྱོང་བ་ནི། ཧོ༔ ནག་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་ཆེན་མོ་བཞི་དང་། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མོ་ཆེན་མོ་བཞི་དང་། དཀར་བཟང་བཞིན་ལེགས་ཀྱི་བུ་མོ་སྨན་བཙུན་ཆེན་མོ་བཞི་སྟེ། བོད་ཁམས་སྐྱོང་པའི་བསྟན་མ་བཅུ་(༢༦བ)


GLG024_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ། དཔལ་ཆེན་པོའི་ཕམ་བབས་དང་སྒྲུབ་པ་པོའི་སྟོངས་གྲོགས་ལ་འདིར་གཤེགས་ཤིག །ཛཿཧཱུཾ་བཾ་ཧོ༔ ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཛ། མུ་དྲ་ས་མ་ཡ་ཧཱུཾ༔ མུ་དྲ་ས་མ་ཡེ་ཕཊ༔ བྷྱོ། བཀའ་ཡི་ཚོགས་དང་བཅས་པ་ཉིད། ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་གཤེགས་དམ་སྐོང་འཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །གསང་བའི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་མོ་ཆེན་མོ་ཁྱེད་བཞི་ཡང་། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སིལ་མང་པོའི་སྒྲ་དང་བཅས། །འདིར་གཤེགས་དམ་སྐོང་འཕྲིན་ལས་མཛོད། །གངས་དཀར་ཤ་མེད་རྡོ་རྗེ་གཡུ་བུན་མ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང་། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །རྨ་རི་རབ་འབྱམས་རྡོ་རྗེ་གྲགས་མོ་རྒྱལ། །གནོད་སྦྱིན་ཆེན་མོ་ཁྱེད་བཞི་ཡང་། །༴༴ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །བཙན་ལ་རོལ་པ་རྡོ་རྗེ་སྨན་གཅིག་མ། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་སིལ། །གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ། །སྨན་བཙུན་ཆེན་མོ་ཁྱེད་བཞི་ཡང་། །༴༴སློབ་དཔོན་པདྨ་ཐོད་འཕྲེང་དང་། །བཤེས་གཉེན་ལང་དཀར་དཔལ་བརྩེགས་ཀྱིས། །རྒྱ་ཡུལ་དེ་ནི་བརྟན་བཟང་དུ། །ཞིང་ཆེན་འཁྲིགས་པའི་གདན་སྟེང་དུ། །རྣམ་ལྔ་ཞིང་གི་མཆོད་བཀྲམ་སྟེ། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །རྣལ་འབྱོར་སྒྲུབ་པའི་དམ་ལ་བཏགས། །རྡོ་རྗེ་འཆང་གི་གྲལ་དུ་བཞག །ཐར་པ་འཐོབ་ཕྱིར་(༢༧ན)


GLG024_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ཡང་བཏགས། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། དམ་ཚིག་བཞིན་ལས་མ་འདའ་བར། །བོད་ཁམས་སྐྱོང་ཞིང་སྲུང་བ་དང་། །སྒྲུབ་པ་པོ་ཡི་སྟོངས་གྲོགས་མཛོད། །བཀའ་ཡི་གཏོར་མ་འདི་ལོང་ལ། །ཅི་ལས་གྱུར་པའི་ནད་རྣམས་དང་། །རིམས་ནད་ཐམས་ཅད་ཟློག་པ་དང་། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ཀྱི་ཞལ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། གཏོར་གཞོང་སྟེང་དུ་བྲོ་བརྡུང་བ། ཨེ་རཾ། ཕཊ་རཾ། ཛཱ་ལ་རཾ། ཙི་ཛ་ཏྲི། པྲ་པེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨཱ༔ ཧྲཱི༔ དམར་ནག་གྲུ་གསུམ་འཁྱིལ་བ་ཡི། །དབང་ཆེན་དཀྱིལ་འཁོར་ཆེན་པོ་ནས། །བཅོམ་ལྡན་པདྨ་ཧེ་རུ་ཀ །དབང་ཆེན་རྔམས་པའི་སྒྲ་སྒྲོག་ཅིང་། །དབང་གི་རྟ་སྐད་ཚེར་རེ་རེ། ཁྲོ་བོའི་འབྲུག་སྒྲ་འུར་རུ་རུ། །རོལ་པའི་རྟ་བྲོ་ཆེམ་སེ་ཆེམ། །གསང་བའི་གཤུག་གླུ་ཀྱུར་རུ་རུ། །བསྐལ་པའི་གློག་དམར་ལྗིབ་སེ་ལྗིབ། །རྡོ་རྗེའི་ཐོག་འབེབས་ལམ་སེ་ལམ། །ཧཱུཾ་གིས་ཁམས་གསུམ་དབང་དུ་སྡུད། །ཕཊ་ཀྱིས་དྲེགས་པའི་བདུད་དཔུང་སྲེག །རྔམས་ཆེན་སྐུ་ཡི་དཀྱིལ་འཁོར་ནས། །འབར་ཆེན་རུས་པའི་ཕུང་པོ་ལ། །གསོད་བྱེད་བྱམས་པའི་བྲོ་བརྡུངས་པས། །ཞེ་སྡང་མེ་ཡི་ཚོགས་ཆེན་བཅོམ། །ཁྲག་འཐུང་གསུང་གི་དཀྱིལ་འཁོར་ནས། །སྲེག་བྱེད་རཀྟའི་ཆུ་བོ་ལ། །རྡུང་བྱེད་དབང་པོས་བྲོ་བརྡུངས་པས། །འདོད་ཆགས་རྒྱ་མཚོའི་རྦ་ཀློང་བཅོམ། །དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས། །མ་རིག་ཤ་ཡི་ཕུང་པོ་ལ། །ཀུན་མཁྱེན་གསལ་བའི་བྲོ་བརྡུངས་པས། །གཏི་མུག་མུན་པའི་ཚོགས་ཆེན་བཅོམ། །གཏུམ་ཆེན་ཡོན་ཏན་དཀྱིལ་འཁོར་ནས། །ངར་འཛིན་དྲེགས་པའི་ཕུང་པོ་ལ། །བདག་མེད་རྡོ་རྗེས་བྲོ་བརྡུངས་པས། །ང་རྒྱལ་བྲག་རིའི་ཚོགས་ཆེན་བཅོམ། །འཇིགས་བྱེད་འཕྲིན་ལས་(༢༧བ)


GLG024_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ནས། །འགྲོ་རྒྱུད་སེར་ཆེན་འཁྱིལ་བ་ལ། །འདོད་ཆེན་སྙིང་རྗེའི་བྲོ་བརྡུངས་པས། །ཕྲག་དོག་འདོད་པའི་ཚོགས་ཆེན་བཅོམ། །མ་ཆགས་པདྨའི་དཀྱིལ་འཁོར་ནས། །རྣམ་རྟོག་བགེགས་ཀྱི་ཕུང་པོ་ལ། །གཉིས་མེད་རོལ་པའི་བྲོ་བརྡུངས་པས། །གཉིས་འཛིན་གདོན་གྱི་ཚོགས་ཆེན་བཅོམ། །ཉོན་མོངས་རྡུལ་དུ་རློག་པའི་བྲོ། །ཉོན་མོངས་སྟེང་དུ་ད་རྡུངས་ཤིག །རྣམ་རྟོག་ཕྱེ་རུ་འཐག་པའི་བྲོ། །རྟོག་པའི་མགོ་ལ་ད་རྡུངས་ཤིག །སྐྱེ་མེད་ཀློང་དུ་ཆེམ་སེ་ཆེམ། །འགག་མེད་ཀློང་དུ་ཁྲིག་སེ་ཁྲིག །དགྲ་བགེགས་ཐམས་ཅད་མ་ར་ཡ་ནན། དགྲ་བགེགས་ཐམས་ཅད་སྟམ་བྷ་ཡ་ནན། །དཀྱིལ་འཁོར་གསལ་གདབ་གཏང་རག་ནི། །བྷྲཱུཾ་བི་ཤ་བི་ཤུདྡྷོ་ནས་བཟུང་། །ཨཱོཾ་བཛྲ་གྷཎྜེའི་བར་བརྗོད། གཏང་རག་མཆོད་པ་འབུལ་བ་ནི། དབང་ཆེན་ལྷ་དགུ་གིང་ལྔ་གཟའ་གདོང་དང་། །ཆོས་སྐྱོང་བེག་ཙེ་ལྕམ་སྲིང་འཁོར་བཅས་ལ། །སྨན་རག་གཏོར་མ་མཆོད་ཡོན་ཉེར་སྤྱོད་དང་། །རོལ་མོ་འབུལ་གྱི་བརྩེ་བས་བཞེས་སུ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པདྨ་ཤྭ་ར་ས་པ་རི་ཝཱ་རའི་མཐར། སརྦ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཡང་གོང་གི་སྔགས་གཤམ་དུ་ཨརྒྷཾ་ནས་ཤཔྟའི་བར་བརྗོད། གིང་ལྔ་གཟའ་གདོང་དང་བེག་ཙེ་རྣམས་ཀྱི་རང་རང་གི་སྔགས་མཐར་སྨན་རག་གཏོར་གསུམ་དང་ཆུ་གཉིས་ཉེར་སྤྱོད་རོལ་མོ་རྣམས་གོང་བཞིན་བྱ། བསྟོད་ཅིང་འཕྲིན་ལས་འཆོལ་བ་ནི། ཧྲཱི༔ ཟག་མེད་བདེ་བའི་གར་སྒྱུར་རྟ་མཆོག་དཔལ། །སྟོང་ཉིད་སྙིང་རྗེའི་ཉམས་ལྡན་གར་དབང་མ། །སྣ་ཚོགས་སྤྲུལ་པའི་དཀྱིལ་འཁོར་ལྷ་ཡི་ཚོགས། །གིང་ལྔ་གཟའ་གདོང་བེག་ཙེ་རྣམས་ལ་བསྟོད། ཁྲག་འཐུང་ལྷ་དགུ་བཀའ་སྡོད་སྲུང་མ་ཡིས། །ཕན་བདེའི་རྩ་ལག་དྲི་མེད་རྒྱལ་བའི་བསྟན། །བཤད་དང་སྒྲུབ་པའི་སྒོ་ནས་རབ་རྒྱས་ཤིང་། །དེ་འཛིན་འདུས་པའི་སྡེ་རྣམས་འཕེལ་བར་མཛོད། །འཇིག་རྟེན་ཀུན་དུ་སད་(༢༨ན)


GLG024_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སེར་མུ་གེ་དང་། །ནད་རིམས་འཁྲུག་རྩོད་ལ་སོགས་རྒུད་པ་ཀུན། །ཞི་ཞིང་ཕན་དང་བདེ་བའི་དཔལ་ཆེན་པོར། །རྫོགས་ལྡན་བཞིན་དུ་ལོངས་སུ་སྤྱོད་པར་མཛོད། ཁྱད་པར་རྒྱལ་ཀུན་ཡབ་གཅིག་ཙོང་ཁ་པའི། །ལུང་རྟོགས་བསྟན་པའི་ཡིད་བཞིན་ནོར་བུ་མཆོག །སྲིད་ཞིའི་རྒྱལ་མཚན་རྩེ་མོར་ལེགས་བཀོད་དེ། །དོན་གཉིས་འདོད་དགུའི་ཆར་ཆེན་འབེབས་པར་མཛོད། །སུམ་རྩེན་ཡུལ་གྲུ་ཉང་སྟོད་གནས་སྙིང་དུ། །ཆོས་སྲིད་བཤད་སྒྲུབ་བསྟན་པ་རབ་འཕེལ་ཞིང་། །འཇིག་རྟེན་དབང་ཕྱུག་དྲི་མ་མེད་པའི་གདུང་། །གངྒཱའི་རྒྱུན་ལྟར་ཆད་པ་མེད་པར་མཛོད། །ཟབ་རྒྱས་ཐེག་པ་ཆེན་པོའི་དམ་པའི་ཆོས། །ཐོས་བསམ་སྒོམ་པའི་ཁྲིམས་ལྡན་འདུས་པའི་གླིང་། །ཉི་ཟླའི་འོད་ཀྱིས་འཇིག་རྟེན་གསལ་བྱེད་བར། །དབྱར་གྱི་ཆུ་གཏེར་ལྟ་བུར་འཕེལ་བར་མཛོད། །རྨད་བྱུང་སྙན་གྲགས་ཀྱིས་བོས་རིགས་བྲལ་གྱི། །མཁས་རྣམས་ལེགས་བཤད་ཉན་པར་རབ་འདུ་བའི། །མུས་སྲས་བཀའ་བརྒྱུད་རབ་འཛིན་བྱེས་གྲྭ་ཚང་། །བསྐལ་བརྒྱའི་བར་དུ་དར་ཞིང་རྒྱས་པར་མཛོད། །ཡང་དགོས་དབང་ཆེན་གཏོར་མས་ལེགས་སྒྲུབ་པའི། །དམ་ཚིག་གཅིག་པའི་རྡོ་རྗེའི་སྤུན་གྲོགས་རྣམས། །བར་ཆད་ཀུན་ཞི་མཐུན་རྐྱེན་མ་ལུས་ཚང་། །བསམས་པ་ལྷུན་གྱིས་གྲུབ་པའི་དགེ་ལེགས་མཛོད། །ནོངས་པ་བཟོད་པར་གསོལ་བ་ནི། པདྨ་ཧེ་རུ་ཀའི་ཡི་གེ་བརྒྱ་པ་བརྗོད། བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་ཀྱི། །ཐུགས་དང་འགལ་བའི་ལས་རྣམས་ཅི་བགྱིས་པ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །བཟོད་པར་གསོལ་ལོ་ཚངས་པ་སྩལ་དུ་གསོལ། །ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །རྟག་དང་ཆད་པའི་མཐའ་གསལ་བ། །ཨཱོཾ་མ་ཧཱ་(༢༨བ)


GLG024_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧཾ། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཧ་ཡ་གྲཱི་བ་ཧྲཱིཿགབ། པད་མོ་དྷ་ར་ཧྲཱིཿགབ། པདྨ་དྷ་ར་ཧྲཱིཿགབ། ཙན་དྷ་རཀྟ་ཧྲཱི་གབ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ༔ སྣོད་བཅུད་གཞལ་ཡས་དེ་ཡང་འཁོར་ལ་ཐིམ། །འཁོར་རྣམས་གཙོ་བོ་ཡུམ་ཡང་ཡབ་ལ་ཐིམ། །དབང་ཆེན་སྐུ་ཡང་འཇའ་ཚོན་ལྟར་ཡལ་ནས། །ཀ་དག་གདོད་མའི་ཀློང་དུ་བཛྲ་མུ༔ སླར་ཡང་ཆུ་ལས་ཆུ་བུར་རྡོལ་བ་ལྟར། །རང་ཉིད་ཡང་གསང་ཁྲོས་པར་གསལ་བ་ཡི། །སྐུ་ལས་ཡེ་ཤེས་མེ་དཔུང་རབ་འབར་བ། །འཇིག་མེད་སྲུང་བའི་གོ་ཆ་བཙན་པོར་གྱུར། །ཧྲཱི༔ བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། དྲི་མེད་སྨོན་ལམ་འཚམས་སྦྱར་ནི། དགེ་བ་འདི་ཡིས་འགྲོ་ཀུན་སེམས་ཅན་རྣམས། །པདྨ་རྒྱལ་པོའི་གོ་འཕང་མཆོག་ཐོབ་ནས། །མ་རིག་ལྡོངས་པའི་སྐྱེ་ཚོགས་ཐམས་ཅད་ལ། །རོལ་པའི་རྟ་སྐད་ཕྱོགས་བཅུར་སྒྲོག་པར་ཤོག །དུས་ཀུན་དགེ་བའི་བཀྲ་ཤིས་ནི། རྨད་བྱུང་ཐུགས་རྗེས་ཆེན་པོའི་རླབས་ཀྱི་འཕྲེང་། །ནམ་ཡང་ཡོལ་བ་མེད་པའི་ཆུ་གཏེར་ལས། །བྱིན་རླབས་དགོས་འདོད་འབྱུང་བའི་ནོར་བུའི་གཏེར། །སྦྱིན་མཛད་རྩ་རྒྱུད་བླ་མའི་བཀྲ་ཤིས་ཤོག །སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཟ་མ་ཏོག །དངོས་གྲུབ་འཆི་མེད་བདུད་རྩིས་ལེགས་བལྟམས་ནས། །མཆོག་ཐུན་དོན་ཀུན་འགྲུབ་པ་རྡོ་རྗེའི་སྲོག །སྒྲུབ་མཛད་རྟ་མགྲིན་ལྷ་ཚོགས་བཀྲ་ཤིས་ཤོག །བར་གཅོད་དགྲ་དང་བགེགས་ཀྱི་བྲག་གི་རི། །མཐུ་སྟོབས་རྡོ་རྗེའི་ཐོག་གིས་ཕྱེར་འཐག་པའི། །གིང་ལྔ་གཟའ་གདོང་བེག་ཙེ་ལྕམ་སྲིང་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །དེ་ལྟར་ཡང་གསང་ཁྲོས་པ་བཀའ་སྡོད་དང་བཅས་པའི་འཕྲིན་ལས་རང་གཞུང་གཙང་མ་གཞན་དང་མ་འདྲེས་པར་བཀོད་པ་ཡིན་གྱིས་མགོན་པོ་ཨ་གྷོ་ར་སོགས་ལུགས་སྲོལ་འདི་ལ་མེད་ཀྱང་བྱེས་གྲྭ་ཚང་དུ་གཏོང་སྲོལ་འདུག་པ་མ་ཆག་པ་ལེགས་པས་ཡིག་(༢༩ན)


GLG024_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་གི་ནང་ལྟར་བྱས་ལ། འདིར་ནི་ཚོགས་དང་འབྲེལ་བའི་གཏོར་ཟློག་ཙམ་བཀོད་ཅིང་། རྒྱས་པར་འདོད་ན་རྟ་པོད་དུ་བཞུགས་པ་ལས་ཤེས་པར་བྱའོ། །སྨྲས་པ། ཐེག་ཀུན་སྙིང་པོ་མ་ཧཱ་ཡོ་ག་ལས། །བཀའ་གཏེར་ཟུང་འཇུག་ཡང་གསང་ཁྲོས་པ་ཞེས། །བྱིན་རླབས་ནུས་མཐུའི་སྙན་པ་དབྱར་རྔ་ལྟར། །སྒྲོག་ཀྱང་ཚུལ་ལྡན་ཤེས་པ་ཉིན་སྐར་ཙམ། །ལ་ལ་རྟ་མགྲིན་གཤིན་རྗེ་ཕུར་པ་སོགས། །སྔ་འགྱུར་ཆོས་ལ་གསར་མའི་རྒྱས་བཀབ་སྟེ། །ཤེལ་དཀར་ཚོན་གྱིས་བསྒྱུར་པའི་དམར་འོད་ཀྱིས། །བྱིས་པའི་སྐྱེ་བོ་འཁྲུལ་པའི་ལམ་དུ་འཁྲིད། །མཁས་རློམ་འགའ་ཞིག་གསར་མའི་ཕྱག་བཞི་བར། །གསང་ཆེན་རྙིང་མའི་ཆོ་ག་དཔེར་བཟུང་སྟེ། །བློས་བྱས་ཚིག་གི་རྒྱུད་མང་དང་པོའི་སྒྲས། །དབང་རྟུལ་མང་པོའི་གྲུ་རྫིངས་ཆུ་མཚོར་བཤིག །ཁོ་བོ་རང་བཟོར་སྤྱོད་པའི་ཤེས་རབ་དམན། ཁུངས་མེད་དཔེ་ཧྲུལ་སྡུད་ལ་བརྩོན་པ་ཆུང་། །འགལ་དུམ་འཕྲེང་བར་སྤེལ་བའི་སྙིང་ཁམས་ཞན། །དེ་ཕྱིར་བརྒྱུད་པའི་མན་ངག་རང་སོར་བཞག །དལ་བའི་རྟེན་ཐོབ་བཤེས་གཉེན་མགོན་གྱིས་ཟིན། །མདོ་སྔགས་ཐ་སྙད་ཆོས་ཚུལ་མང་དུ་ཐོས། །གསར་རྙིང་ལག་ལེན་མ་འདྲེས་ཁོང་དུ་ཆུད། །ཚུལ་དེས་ལེགས་པར་བཤད་པས་དཔྱོད་ལྡན་མགུ །རྒྱལ་བ་ཀུན་དངོས་པདྨ་འབྱུང་གནས་དང་། །གྲུབ་པའི་དབང་ཕྱུག་འདར་ཆར་བཞེད་སྲོལ་བཞིན། །ཡང་གསང་ཁྲོས་པའི་འཕྲིན་ལས་བཀོད་པའི་དགེས། །འགྲོ་ཀུན་སྐུ་གསུམ་གོ་འཕང་ཐོབ་གྱུར་ཅིག །ཅེས་པདྨ་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུའི་ལས་བྱང་གྱེར་སྒོམ་འཇིགས་མེད་རྡོ་རྗེ་སྒྲ་དབྱངས་ཞེས་བྱ་བ་འདི་ཡང་རྒྱ་སྔགས་འཆང་ཆེན་པོ་འཇམ་དཔལ་གསང་བའི་རིགས་ལས་འཇིག་རྟེན་དབང་ཕྱུག་ཕྱག་ན་པད་དཀར་གྱིས་རྗེས་སུ་བཟུང་བའི་གདུང་དྲི་མ་མེད་པ་ལས་བྱུང་བ་གནས་རྙིང་ཆོས་ཀྱི་རྗེ་སྐུ་འབྲིང་པོའི་གསུང་གིས་སྔ་གོང་ནས་བསྐུལ་བ་དང་། ཉེ་ལམ་ཆོས་སྡེ་ཆེན་པོ་ཐེག་ཆེན་(༢༩བ)


GLG024_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་གི་བྱེས་མཁས་ཉན་གྲྭ་ཚང་པའི་སློབ་དཔོན་བསོད་ནམས་རྒྱལ་མཚན་གཏོར་སྒྲུབ་པར་བཅས་པ་རྣམས་དང་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་སོགས་ཀྱིས་བསྐུལ་བ་ལ་བརྟེན་ནས། མཁོན་སྟོན་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་སོགས་ལམ་འདིའི་སྒོ་ནས་གྲུབ་པ་བསྙེས་པའི་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས། ཟབ་མོའི་ཚུལ་འདི་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་རྒྱས་པའི་ཟ་ཧོར་གྱི་རིགས་ལས་ཨཱ་ཝ་དྷཱུ་ཏཱི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་མིང་གཞན་གང་ཤར་རང་གྲོལ་དུ་འབོད་པའི་ལྡོམ་བུ་པས་ཡང་གསང་ཁྲོས་པའི་རྒྱུད་ལོ་ཆེན་བཻ་རོ་ཙ་ནའི་འགྱུར་ཡེར་པ་སེ་བ་གདོང་ནས་གཏེར་སྟོན་རྣམ་གསུམ་གྱིས་སྤྱན་དྲངས་པའི་གཏེར་མ་གྲུབ་ཐོབ་འདར་ཆར་ལ་བཀའ་བབས་པ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་ལས་བྱང་། མུས་སྲས་པ་དཔལ་ལྡན་སེང་གེས་མཛད་པའི་འཕྲིན་ལས་ཀྱི་སྒོམ་ཁོག་རིན་ཆེན་འཕྲེང་བ། བླ་ཆེན་ཆོས་དཔལ་བཟང་པོས་མཛད་པའི་སྒོམ་ཁོག །གཉགས་ཀྱི་བན་དྷེ་རྣམ་རྒྱལ་བཟང་པོས་མཛད་པའི་ལས་བྱང་། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཆོས་སྐྱོང་སྐོར་གྱི་ཡི་གེ་རྣམས་ལ་གཞི་བྱས། ཡིག་རྙིང་སོ་སོའི་ཚིགས་བཅད་རྣམས་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་ཕྱིར་རང་སོར་བཞག །གསར་དུ་ཁ་སྐོང་དགོས་པ་རྣམས་དང་ཚིག་ལྷུག་ཕལ་ཆེ་བ་ཚིགས་བཅད་དུ་བསྡེབས་ནས་མྱོས་བྱེད་ཀྱི་ལོ་ཧོར་ཟླ་ལྔ་པའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཚེས་ལ་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་བ་ནི་སྔགས་བན་ངག་དབང་འཕྲིན་ལས་སོ།། །།སརྦ་མངྒ་ལཾ། །

དབང་ཆེན་ཡང་གསང་ཁྲོས་པའི་ལས་བྱང་སྙིང་པོ་བཅུད་བསྡུས།


GLG024_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་ཡང་གསང་ཁྲོས་པའི་ལས་བྱང་སྙིང་པོ་བཅུད་བསྡུས་ཞེས་བྱ་བ་བཞུགས་སོ། །


GLG024_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀུན་ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱི། །ཞབས་སེན་ཟླ་ཚེས་གཙུག་ཏོར་རྩེར་བཀོད་ནས། །པདྨ་ཐོད་ཕྲེང་གདམས་པའི་ཉིང་ཁུ་མཆོག །ཡང་གསང་ཁྲོས་པའི་འཕྲིན་ལས་རྒྱུན་འཁྱེར་འདྲི། །སྐྱབས་འགྲོ་ནི། བདག་དང་མཁའ་མཉམ་སེམས་ཅན་མ་ལུས་པ། ཁྱབ་བདག་ཀུན་བཟང་གོ་འཕང་མ་ཐོབ་བར། །དཀོན་མཆོག་འདུས་པའི་བདག་ཉིད་རྩ་བ་གསུམ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི། །སེམས་བསྐྱེད་ནི། མཐའ་མེད་མར་གྱུར་དྲིན་ཅན་འགྲོ་བ་ཀུན། །བླ་མ་སངས་རྒྱས་ས་ལ་འགོད་པའི་ཆེད། །དབང་ཆེན་ཡང་གསང་ཁྲོས་པ་བསྒྲུབ་པའི་ཐབས། །ཟབ་མོའི་འཕྲིན་ལས་ཉམས་སུ་བླང་བར་བྱ། །ཚོགས་ཞིང་ནི། རང་གི་མདུན་དུ་པད་ཉི་རུ་དྲའི་སྟེང་། ཁྲག་འཐུང་ལྷ་ཚོགས་རིགས་ཀྱི་བདག་པོ་རུ། །རྩ་བ་བརྒྱུད་པའི་བླ་མ་ཀུན་བཞུགས་པ། །མཁའ་ལ་དབང་པོའི་གཞུ་ལྟར་བཀྲ་བར་གྱུར། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་བརྗོད། །མཚམས་གཅོད་ནི། ཨཱོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་སཱུཪྻ་མཎྜ་ལ། རུ་དྲ་བཾ། ཧྲཱིཿ སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བཛྲ་ཀྲོ་དྷ་ཡ་ཧ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཧྲཱི༔ དཔལ་ཆེན་མི་(༢ན)


GLG024_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བཟད་དཀྱིལ་འཁོར་ནས། །འབར་བའི་ཁྲོ་བོ་མེ་དཔུང་འབར། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །བགེགས་དང་ལོག་འདྲེན་རྡུལ་དུ་རློག །ཧཱུཾ་བཞིའི་སྔགས་བརྗོད། སྲུང་འཁོར་ནི། །ཧྲཱིཿསྟེང་འོག་ཕྱོགས་མཚམས་མ་ལུས་ཁྲོ་བོ་དང་། །རྡོ་རྗེའི་ར་བ་བསྐལ་པའི་མེ་འབར་བས། །བར་མཚམས་མེད་པར་གཏམས་པའི་གུར་ཁང་གི །སྲུང་བའི་འཁོར་ལོའི་མཚམས་ལས་མ་འདའ་ཞིག །ཨོཾ་རཾ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རཾ་ཏིཀྵ་ཎ་བི་ཤྭ་ཛྭ་ལ་རཾ་ཕཊ་རཾ་རཾ། བཤགས་པ་ནི། རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་ལ། །བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །བསྐོར་བ་མདུན་དུ་བཛྲ་ས་མཱ་ཛཿ། ཧཱུཾ། བདག་ནི་དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །གྲུབ་པའི་རིགས་འཛིན་དབང་ཕྱུག་གོ་འཕང་དུ། །ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་ལ། །འདའ་བར་མི་བྱ་བསྲུང་བར་དམ་བཅས་ཏེ། །ལས་ངན་དབང་གྱུར་སྐྱེ་བོ་བདག་འདྲ་བ། །འདོད་ཆགས་ཞེ་སྡང་གཏི་མུག་དབང་དུ་གྱུར། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆགས་ཀུན། །འཐོལ་ཞིང་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་སོགས་ཡི་གེ་བརྒྱ་པ་བརྗོད། །བྱིན་འབེབས་ནི། ཨ་ལ་ལ་ཧོ། བྷ་ག་ཝན་(༢བ)


GLG024_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་ཧོ། ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་སྟོན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །དགྲ་བགེགས་སྒྲོལ་བའི་དུས་ལ་བབས། །ཉམས་ཆགས་སྐོང་བའི་དུས་ལ་བབ། །མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །བྱིན་ཆེན་ཕོབ་ཅིག་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བཅོམ་ལྡན་འདས་ཀྱི་བདག་རྣམས་ལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ མཆོད་རྫས་བྱིན་བརླབ་ནི། རཾ་ཡཾ་ཁཾ། ཨ་དྷུ་སུ་ཨ་ག་ན་ཤཿ། ས་མ་ཡ་སྟྭཾ། སྥ་ར་ཎ་ཕཊ་སཾ་ཧ་ར་ཎ་ཧཱུཾ། ཨོཾ་བཛྲ་ཨ་ཧ་ར་ཨ་ཧ་ར་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་ནས་ཤཔྟའི་བར་བརྗོད། །ཨཱོཾ་ཨཱཿཧཱུཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋ༔ ཨོཾ་བ་ལིཾ་ཏ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུཾ་ཧྲཱི༔ ཨཱོཾ་ཨཱཿཧཱུཾ༔ མ་ཧཱ་རཀྟ་ཛཱ་ལ་མཎྜ་ལ་ཧཱུཾ། ཏིང་འཛིན་རྣམ་གསུམ་རྟེན་བརྟེན་པ་བསྐྱེད་པ་ནི། ཧཱུཾ། ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཆོས་རྣམས་སྣ་ཚོགས་རང་ཤར་བ། །རང་བཞིན་མེད་དེ་ཆུ་ཟླ་འདྲ། །ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ། །སྙིང་པོ་ཡེ་ཤེས་ཧཱུཾ་གི་དབྱིབས། །ས་བོན་སྔགས་རྣམས་ཡོངས་སུ་གྱུར་བ་ལས། །འབྱུང་ལྔའི་རི་རབ་གཞལ་ཡས་ལྷུན་གྱིས་གྲུབ། །ཨེ་ལས་ནམ་མཁའ་སྔོ་སྐྱ་གྲུ་གསུམ་སྟེང་། །ཡཾ་ལས་རླུང་དཀྱིལ་འཁོར་ཟླ་གམ་དུད་ཁ་གཡོ། །རཾ་ལས་མེ་དཀྱིལ་དམར་པོ་ཟུར་གསུམ་འབར། ཁཾ་ལས་ཁྲག་མཚོ་དམར་ནག་ཟླུམ་པོ་འཁྲུག །སུཾ་ལས་ས་དཀྱིལ་སེར་པོ་གྲུ་བཞི་བརྟན། །ཀཾ་ལས་ཀེང་རུས་རི་རབ་གྲུ་བཞི་དཀར། །བྷྲུཾ་ལས་ཐོད་པ་རིན་ཆེན་གཞལ་ཡས་ཁང་། །དབུས་སུ་གྲུ་གསུམ་དམར་ནག་དཀྱིལ་འཁོར་ལ། །ཟླ་གམ་དམར་(༣ན)


GLG024_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐོད་པའི་ར་བ་ཅན། །ཕྱི་རོལ་འཁོར་ལོ་རྩིབས་བཞི་ཕྱོགས་ཀྱི་མདོག །མགོ་བོ་རློན་པའི་ཕྲེང་བས་ཟླུམ་པོར་བསྐོར། །དེའི་ཕྱིར་གྲུ་བཞི་སྒོ་བཞི་གཞལ་ཡས་ཁང་། །ཕྱོགས་སྐྱོང་བཅུ་ཡིས་རྩིག་པའི་རྨང་གཞི་བྱས། །ནང་ནི་བནྡྷ་སྐམ་རློན་རྙིང་པ་ཡི། །རྩིག་པ་གནམ་ལྕགས་འབར་བའི་གཟེར་གྱིས་བཏབ། །ཕྱི་ནི་རིན་ཆེན་སྣ་ཚོགས་ལས་གྲུབ་པ། །དམར་དཀར་ལྗང་སེར་ནག་པོའི་རྩིག་པ་ཅན། །བར་དུ་ལྷ་ཆེན་བརྒྱད་ཀྱི་རྩིག་པས་གཏམས། །རྩིག་སྟེང་རིན་ཆེན་རུས་པའི་ཕ་གུ་ལ། །རྒྱུ་མ་རློན་པའི་དྲ་བ་དྲ་ཕྱེད་འཕྱང་། །དེའི་སྟེང་རིན་ཆེན་རུས་པ་སྤེལ་མ་ཡི། །མདའ་ཡབ་པུ་ཤུ་རྩིག་པའི་རྩ་བ་ན། །འདོད་སྣམ་དམར་པོ་མཆོད་པའི་ལྷ་མོས་གང་། །རྒྱལ་ཆེན་བཞི་དང་ཐོད་པ་སྐམ་པོ་ལས། །གྲུབ་པའི་ཀ་བ་བརྒྱད་ཀྱིས་ལེགས་བཏེག་པའི། །ཐོད་པ་རློན་པའི་ཀ་གཞུ་རབ་ཏུ་བརྫིད། །ཀླུ་ཆེན་བརྒྱད་ཀྱི་གདུང་མས་ཕྱོགས་མཚམས་བྲེས། །དེ་ལ་མཛེས་པའི་མེ་ཏོག་རྒྱན་དུ་སྤུད། །གཟའ་ཆེན་བརྒྱད་ཀྱི་བད་ཕུར་བཏང་བ་ལ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་གྲལ་ཕྱམ་བྱས། །བདུད་རྩི་ལྔ་ལས་གྲུབ་པའི་ཞལ་པ་ཅན། །དབུས་ཀྱི་ལྟེ་བ་ཕྱུར་བུར་མཐོ་བའི་རྩེར། །པདྨས་བཏེག་པའི་ཙིཏྟའི་ཏོག་གིས་རྒྱན། །སྒོ་བཞི་ཀ་བ་བཞི་བཞིས་བཏེག་པ་ཡི། །རྟ་བབས་བང་རིམ་བཞི་དང་ལྡན་པའི་སྟེང་། །པདྨ་ཆོས་འཁོར་བཅུ་གསུམ་གདུགས་རི་དྭགས། །མགོ་སྙིང་ཏོག་མཛེས་ཞིང་ཆེན་རྒྱལ་མཚན་དང་། །ལག་པའི་འཕན་དང་སྐྲ་ཡི་རྔ་ཡབ་ཅན། །དབང་པོའི་མེ་ཏོག་སྤེལ་བའི་ཕྲེང་བ་གཡོ། །མདོར་ན་རྔམ་བརྗིད་མཛེས་པའི་རྒྱན་གྱིས་སྤུད། །ཕྱི་རོལ་པད་ར་དུར་ཁྲོད་ཆེན་པོ་བརྒྱད། །རྡོ་རྗེའི་ར་བ་བསྐལ་པའི་མེ་དཔུང་འབར། །དབུས་ཀྱི་གྲུ་གསུམ་དམར་ནག་དཀྱིལ་འཁོར་སྟེང་། པཾ་ལས་སྣ་ཚོགས་(༣བ)


GLG024_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་མཛེས་པའི་གདན། །ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། །མ་ལས་ཉི་མའི་དཀྱིལ་འཁོར་འོད་ཟེར་འབར། །བ་ལས་རུ་དྲ་ཕོ་མོ་བསྣོལ་བ་ཡི། །གན་རྒྱལ་ཁ་སྤུབ་བརྩེགས་པའི་གདན་སྟེང་དུ། །རབ་འབར་རྒྱུ་ཏིང་ཧཱུཾ་ཡིག་བབས་པ་ལས། །ཧྲཱིཿཡིག་དམར་ནག་བཾ་ཡིག་སྔོན་པོར་གྱུར། །དེ་ལས་འོད་འཕྲོས་འཕགས་ཚོགས་མཆོད་པས་མཉེས། །སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་མ་ལུས་སྦྱངས། །སླར་ཡང་འདུས་ཤིང་བརྟན་པར་བྱས་པ་ལས། །རང་ཉིད་རྟ་མགྲིན་པདྨ་དབང་ཆེན་སྐུ། །ཞལ་གསུམ་གཡས་དཀར་གཡོན་ལྗང་དབུས་དམར་ནག །སྤྱི་བོའི་གཙུག་ཏུ་རྟ་མགོ་ལྗང་གུའི་ཞལ། །རྔོག་མ་དམར་པོ་ཕྲུམ་ཕྲུམ་སེར་པོ་དང་། །ཞུར་དཀར་རྟ་སྐད་སྒྲ་དབྱངས་ཕྱོགས་བཅུར་འཚེར། །ཞལ་རྣམས་ཀུན་ལ་སྤྱན་གསུམ་དམར་ཞིང་ཟླུམ། །སྨིན་མ་སྨ་ར་སེར་པོ་གློག་ལྟར་འཁྱུག །དབུ་སྐྲ་རལ་པ་ཁམ་ནག་གྱེན་དུ་བརྫེས། །ཕྱག་དྲུག་གཡས་ཀྱི་དང་པོ་པདྨ་བསྣམས། །གཡོན་གྱི་དང་པོ་ཁྲག་གང་ཀ་པཱ་ལ། །བཟུང་སྟེ་བདེ་ཆེན་ཡུམ་གྱི་མགུལ་ནས་འཁྱུད། །ལྷག་མ་གཡས་གཉིས་ལྕགས་ཀྱུ་བེ་ཅོན་དང་། །གཡོན་གཉིས་ཞགས་པ་རལ་གྲི་མེ་འབར་འཛིན། །སྐུ་སྟོད་ཞིང་ལྤགས་གླང་ཆེན་ཀོ་རློན་གསོལ། །སྐུ་སྨད་སྟག་གི་པགས་པའི་ཤམ་ཐབས་ཀླུབས། །ཐོད་སྐམ་དབུ་རྒྱན་རིན་ཆེན་རྩེ་ཕྲན་ཅན། །མགོ་བོ་སྐམ་རློན་རྙིང་པ་ལྔ་བཅུ་ཡི། །ཚར་གསུམ་འཕྲེང་བའི་དོ་ཤལ་སྐུ་ལ་གསོལ། །རུས་པ་རིན་ཆེན་སྦྲུལ་རིགས་བཞི་ཡིས་བརྒྱན། །ཞག་གི་སོར་རིས་རཀྟའི་ཐིག་ལེ་དང་། །ཐལ་ཆེན་ཚོམ་བུ་སྐུ་ཡི་གནས་སུ་བྱུགས། ཁམས་གསུམ་རྣམ་པར་རྒྱལ་བའི་ཁྱུང་གཤོག་ཅན། །གར་དགུའི་ཉམས་ལྡན་ཞབས་བཞི་བརྐྱང་བསྐུམ་བཞུགས། །གཙོ་བོའི་གཡོན་ནས་སྐུ་ལ་འཁྲིལ་ཚུལ་ཅན། །གསང་ཡུམ་པདྨ་གར་གྱི་དབང་ཕྱུག་(༤ན)


GLG024_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་སྡང་མིག་ཞལ་བགྲད་མཆེ་བ་གཙིགས། །དབུ་སྐྲ་རལ་པ་ནག་པོ་མུན་ལྟར་གཏིབས། །ཕྱག་གཡས་ཙིཏྟ་ཐོགས་ནས་ཡབ་ལ་འཁྱུད། །གཡོན་པ་དུང་ཆེན་ཁྲག་གིས་གང་བའི་མཚོ། །དཔལ་ཆེན་གཙོ་བོའི་ཞལ་དུ་འདེབས་ཚུལ་མཛད། །ཡབ་ཡུམ་གཉིས་ཀྱི་སྤྱི་བོར་ཟླ་བ་དང་། །མགྲིན་པར་པདྨ་ཐུགས་ཀར་ཉི་མའི་སྟེང་། །ཨཱོཾ་དཀར་ཨཱཿདམར་ཧཱུཾ་སྔོན་ཡི་གེ་ཡིས། །མཚན་པས་སྐུ་གསུང་ཐུགས་རྣམས་བྱིན་གྱིས་བརླབས། །དབུ་ལ་ཐོད་པའི་ཁང་བུ་ལྔས་བརྒྱན་པའི། །སྤྱི་གཙུག་ཧཱུཾ་སྔོན་མཚོག་མར་ཨཱོཾ་དཀར་པོ། །རྣ་ལྟག་གཡས་སུ་སྭཱ་སེར་ལྟག་པ་ན། །ཨོཾ་དམར་རྣ་ལྟག་གཡོན་ན་ཧཾ་ལྗང་གུ །དེ་རྣམས་སྐད་ཅིག་ཡོངས་སུ་གྱུར་བ་ལས། །རྡོ་རྗེ་ཁྲག་འཐུང་སྔོན་པོ་རྡོར་དྲིལ་འཛིན། །སངས་རྒྱས་ཁྲག་འཐུང་དཀར་པོ་འཁོར་དྲིལ་འཛིན། །རིན་ཆེན་ཁྲག་འཐུང་སེར་པོ་རིན་ཆེན་དྲིལ། །པདྨ་ཁྲག་འཐུང་དམར་པོ་པད་དྲིལ་འཛིན། །ལས་ཀྱི་ཁྲག་འཐུང་ལྗང་གུ་རལ་གྲི་དྲིལ། །རྒྱན་དང་ཆ་ལུགས་གཙོ་བོ་དག་དང་མཐུན། ཁྲག་འཐུང་རིགས་ལྔ་དབུ་ཡི་རྒྱན་དུ་རྫོགས། །ཡབ་ཀྱི་གསང་གནས་ཡི་གེ་ཧཱུཾ་ཡིག་ནི། །ཡོངས་གྱུར་རྡོ་རྗེ་རྩེ་ལྔའི་རྣམ་པ་ཅན། །ཡུམ་གྱི་གསང་གནས་པཾ་ལས་པད་འདབ་བརྒྱད། །སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་སྒྲས། །སངས་རྒྱས་སྲས་དང་བཅས་པ་སྤྱན་དྲངས་ནས། །ཡབ་ཀྱི་ཞལ་ཞུགས་ཐུགས་ཀར་འོད་དུ་ཞུ། །རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པའི། །ཐིག་ལེ་ཡིག་འབྲུ་བརྒྱད་ཀྱི་ངོ་བོར་གྱུར། །ཤར་གྱི་རྩིབས་སྟེང་དེ་བ་བཾ་ཡོངས་གྱུར། །དྲི་ཟ་དཀར་པོ་ཕོ་མོ་བསྣོལ་གདན་ལ། །ཨཱོཾ་ལས་རྡོ་རྗེ་དབང་ཆེན་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་གཡས་པ་རྡོ་རྗེ་དང་། །(༤བ)


GLG024_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་དབྱུག་ཏོ་བསྣམས་ཤིང་འགྱིང་བའི་ཚུལ། །ལྷོ་ཡི་རྩིབས་སྟེང་ཡ་མ་བཾ་ཡོངས་གྱུར། །གྲུལ་བུམ་སྔོན་པོ་ཕོ་མོ་བསྣོལ་གདན་ལ། །སྭཱ་ལས་རིན་ཆེན་དབང་ཆེན་སྐུ་མདོག་སྔོ། །ཞལ་གཅིག་ཕྱག་གཉིས་གཡས་པ་རིན་ཆེན་དང་། །གཡོན་པ་ལྕགས་ཀྱུ་འགུགས་པའི་ཚུལ་གྱིས་འཛིན། །ནུབ་ཀྱི་རྩིབས་སྟེང་ནཱ་ག་བཾ་ཡོངས་གྱུར། །ཀླུ་རྒྱལ་དམར་པོ་ཕོ་མོ་བསྣོལ་གདན་ལ། །ཨཾ་ལས་པདྨ་དབང་ཆེན་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་གཡས་པ་པདྨ་དང་། །གཡོན་པ་ཞགས་པ་འཆིང་བའི་ཚུལ་གྱིས་འཛིན། །བྱང་ཕྱོགས་རྩིབས་སྟེང་ཡཀྵ་བཾ་ཡོངས་གྱུར། །གནོད་སྦྱིན་ལྗང་གུ་ཕོ་མོ་བསྣོལ་གདན་ལ། །ཧ་ལས་ལས་རབ་དབང་ཆེན་ལྗང་དམར་མདོག །ཞལ་གཅིག་ཕྱག་གཉིས་གཡས་པ་རལ་གྲི་དང་། །གཡོན་པ་རྩེ་གསུམ་བསྣུན་པའི་ཚུལ་གྱིས་འཛིན། །ཀུན་ཀྱང་སྤྱན་གསུམ་ཞལ་བགྲད་ཆེ་བ་གཙིགས། །དབུ་སྐྲ་ཁམ་ནག་གྱེན་བརྫེས་སྦྲུལ་གྱིས་བཅིངས། །དུར་ཁྲོད་ཆས་རྣམས་མ་ལུས་སྐུ་ལ་བརྒྱན། །མེ་དཔུང་ཀློང་ན་གར་སྟབས་ཚུལ་གྱིས་བཞུགས། །སྒོ་བཞིར་ཨ་དང་ཙནྡྲ་བཾ་ཡོངས་གྱུར། །ཟླ་བའི་དཀྱིལ་འཁོར་རེ་རེའི་གདན་སྟེང་དུ། །ཛ་ཡིག་ཡོངས་གྱུར་སྒོ་མ་ལྕགས་ཀྱུ་མ། །དཀར་མོ་ཁྲག་རལ་ལྕགས་ཀྱུ་གློ་སྙིང་འཛིན། །ཧཱུཾ་ཡིག་ཡོངས་གྱུར་སྒོ་མ་ཞགས་པ་མ། །སེར་མོ་གཡུ་རལ་ཞགས་པ་གློ་སྙིང་འཛིན། །བཾ་ཡིག་ཡོངས་གྱུར་སྒོ་མ་ལྕགས་སྒྲོག་མ། །དམར་མོ་མཐིང་རལ་ལྕགས་སྒྲོག་གློ་སྙིང་འཛིན། །ཧོཿཡིག་ཡོངས་གྱུར་སྒོ་མ་དྲིལ་བུ་མ། །ལྗང་གུ་གསེར་རལ་དྲིལ་བུ་གློ་སྙིང་འཛིན། །ཀུན་ཀྱང་ཞལ་གཅིག་ཕྱག་དང་ཞབས་གཉིས་པ། །དུར་ཁྲོད་ཆས་བརྒྱན་མེ་དཔུང་ཀློང་ན་བཞུགས། །སྙན་གསན་ནི། བཛྲ་ས་མཱ་ཛ༔ སྤྱན་འདྲེན་ནི། ཆོས་ཀྱི་དབྱིངས་ནས་སྐུ་(༥ན)


GLG024_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པ། །དབང་ཆེན་ཁྲོས་པའི་རྒྱལ་པོ་བཞེངས། །ལྷ་ཚོགས་འཁོར་དང་བཅས་པ་རྣམས། །གནས་འདིར་སྤྱན་འདྲེན་བཞུགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤྱ་ཧོ༔ ས་མ་ཡ་ཛ༔ ས་མ་ཡ་སྟྭཾ། བཞུགས་གསོལ་ནི། ཛཿ ཧཱུཾ་བཾ་ཧོ༔ ས་མ་ཡ་སྟཾ། ཕྱག་འཚལ་ནི། ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ མཆོད་པ་འབུལ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པདྨེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་བརྗོད། དེ་བཞིན་དུ་རཱུ་པ་ནས་སྤཪྴའི་མཐར་དྷརྨ་དྷཱ་ཏུའི་བར་བརྗོད། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུཾ། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཀེཾ་ནྲྀ་ཏི་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་སུ་ཁ་བྷོ་དྷི་ཙིཏྟ་སྭཱཧཱ། མ་ཧཱ་མཾ་ས། མ་ཧཱ་རཀྟ། མ་ཧཱ་ཀེཾ་ནྲྀ་ཏི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། འོད་གསལ་དབྱིངས་ལས་མ་གཡོས་ཀྱང་། །ཟུང་འཇུག་བདེ་ཆེན་རྣམ་སྤྲུལ་བ། །སྣ་ཚོགས་སྤྲུལ་པའི་སྐུར་སྟོན་པའི། །རྟ་མཆོག་ཚོགས་ལ་ཕྱག་འཚལ་བསྟོད། །ཧཱུཾ། བདག་ཉིད་ཁྲོ་རྒྱལ་རྟ་མཆོག་དཔལ། །ཐུགས་ཀར་པདྨ་འདབ་བརྒྱད་ཀྱི། །གེ་སར་ལ་ནི་སྙིང་པོ་ཧྲཱི༔ འདབ་མ་བརྒྱད་ལ་སྔགས་ཀྱིས་བསྐོར། །འོད་འཕྲོས་བདེ་གཤེགས་རྣམས་ལ་ཐིམ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུ། །སེམས་ཅན་སྒོ་གསུམ་དྲི་མ་སྦྱོང་། །རྣལ་འབྱོར་ལུས་ངག་ཡིད་ལ་བསྡུ། །ཧྲཱིཿ བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨཱོཾ་མ་ཧཱ་ཀྲོ་དྷེ་ཤྭ་རི་ཧཱུཾ་ཕཊ། ཨཱོཾ་བཛྲེ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ། ཨཱོཾ་རཏྣེ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ། ཨཱོཾ་པདྨེ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ། ཨཱོཾ་ཀརྨ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཨངྐུ་ཤ་ཛ༔ ཨཱོཾ་བཛྲ་པཱ་ཤ་(༥བ)


GLG024_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཨཱོཾ་བཛྲ་སྥོ་ཊ་བཾ། ཨཱོཾ་བཛྲ་གཎྜེ་ཧོ༔ ཧཱུཾ། ཁྲོ་རྒྱལ་རྔམ་པ་རྟ་མཆོག་དཔལ། །དཔལ་གྱི་སྐུ་གསུང་ཐུགས་མཆོག་ལས། །མཆོག་གི་དངོས་གྲུབ་ཡེ་ཤེས་དབྱིག །དུས་འདིར་རྣལ་འབྱོར་བདག་ལ་སྩོལ། །ཨཱོཾ་པདྨཱནྟ་ཀྲྀ་ཏ་པདྨེ་ཤྭ་རི་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་མ་མ་ཏྲག་མོ་དུན་ཏི་ཧྲཱིཾ་ཧྲཱིཾ་ཛ༔ ཨཱོཾ་པདྨ་ཀྲོ་དྷ་ཀཱ་ཡ་ཝ་ཀ་ཙིཏྟ་སིདྡྷི་ཨ་ལ་ལ་ཧོ༔ བཀའ་སྲུང་མཆོད་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་མང་པོ་འཕྲོས་པས་པདྨ་དབང་གི་ཞིང་ཁམས་ནས་སྲོག་བདག་འོད་ཀྱི་རྒྱལ་པོ། རྒྱ་ཡུལ་ནམ་མཁའི་ཆད་ཆོད་ནས་ཚངས་པ་དུང་གི་ཐོར་ཚུགས་ཅན། ནུབ་ཕྱོགས་ཕ་ཝཾ་ལོང་བུའི་མཁར་ནང་ནས་དམ་ཅན་རྡོ་རྗེ་ལེགས་པ། བདུད་ཡུལ་ཁ་རག་སྒོ་དགུ་ནས་བདུད་པོ་རི་ནག་སྤུངས་པ། བཙན་ཡུལ་ཟངས་ཐང་དམར་པོ་ནས་བཙན་རྒོད་ཡམ་ཤུད་དམར་པོ་འཁོར་དང་བཅས་པ་སྐད་ཅིག་ཡུད་ཙམ་ལ་ཨེ་ཧྱེ་ཧི། བཛྲ་ས་མཱ་ཛ༔ པདྨ་ཀ་མ་ལཱ་ཡ་སྟྭཾ། རྡོ་རྗེ་པདྨ་ཁ་ཕྱེ་བའི་མཐར་སེ་གོལ་གཏོག་ཅིང་ཨོཾ་རཱ་ཛ་སྲོག་ལ་ཧྲཱི༔ ཨ་ཤུག་མི་ཏྲ་སྲོག་ལ་ཛཿཙ་པ་ལ་ཨ་ཤུག་མེ། ཏྲི་ལི་ཛཾ། བཛྲ་སཱ་དྷུ་ཧྲཱི༔ དུན་དུན་ཤུ་ལ་གྲཱི་ཝ་ཨི་དཾ་བ་ལིཾ་ཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ། དབང་དྲག་དཀྱིལ་འཁོར་སྤྱི་ཡི་བཀའ་སྡོད་ནི། །སྲོག་ལ་དབང་སྒྱུར་གིང་ཆེན་ལྔ་རྣམས་ཀྱང་། །ལས་སུ་སངས་རྒྱས་བསྟན་པ་སྲུང་བྱེད་ཅིང་། །ཟས་སུ་དགྲ་བོའི་ཤ་ཁྲག་ཚོགས་རྣམས་ཟ། དམ་ཉམས་དགྲ་བགེགས་རྩད་ནས་གཅོད་མཛད་པའི། །དྲེགས་པ་མཐུ་རྩལ་ཅན་ལ་ཕྱག་འཚལ་བསྟོད། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་སྩལ་དུ་གསོལ། །རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ལྷོ་ནུབ་མཚམས་ཀྱི་སྲིན་ཡུལ་ལང་ཀ་པུ་རིའི་གྲོང་ཁྱེར་ནས་དྲེགས་པ་གཟའ་གདོང་ལྕམ་དྲལ་ལྷ་སྲིན་སྡེ་བརྒྱད་ཀྱི་འཁོར་དང་བཅས་པ་ཨཱོཾ་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ པདྨ་ཀ་(༦ན)


GLG024_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལཱ་ཡ་སྟྭཾ། ཨཱོཾ་རཱ་ཧུ་ལ་མ་ར་ཙ་ཤ་ཡ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཧཱུཾ། ཕྱོགས་བཞི་བར་སྣང་ནམ་མཁའི་ཀློང་ཡངས་ནས། །དམ་ཅན་བཀའ་སྡོད་གཟའ་གདོང་ལྕམ་དྲལ་ཀྱང་། །ལས་སུ་སངས་རྒྱས་བསྟན་པ་བསྲུང་མཛད་ཅིང་། །ཟས་སུ་དགྲ་བོའི་ལོ་ཏོག་ནར་མར་གསོལ། །དགྲ་བགེགས་ཡུལ་ཁམས་ཐལ་བར་རློག་བྱེད་པའི། །གཟའ་གདོང་དྲེགས་པ་ཅན་ལ་ཕྱག་འཚལ་བསྟོད། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་སྩལ་དུ་གསོལ། །བཟོད་གསོལ་ནི། པདྨ་ཧེ་རུ་ཀའི་ཡི་གེ་བརྒྱ་པ་བརྗོད། བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱི། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་ཀྱི། །ཐུགས་དང་འགལ་བའི་ལས་རྣམས་ཅི་བགྱིས་པ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་གསོལ། །ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ཉེར་བསྡུ་ནི། སྣོད་བཅུད་གཞལ་ཡས་དེ་ཡང་འཁོར་ལ་ཐིམ། །འཁོར་རྣམས་གཙོ་བོ་ཡུམ་ཡང་ཡབ་ལ་ཐིམ། །དབང་ཆེན་སྐུ་ཡང་འཇའ་ཚོན་ལྟར་ཡལ་ནས། །ཀ་དག་གདོད་མའི་ཀློང་དུ་བཛྲ་མུ༔ །སླར་ཡང་ཆུ་ལས་ཆུ་བུར་བརྡོལ་བ་ལྟར། །རང་ཉིད་ཡང་གསང་ཁྲོས་པར་གསལ་བ་ཡི། །སྐུ་ལས་ཡེ་ཤེས་མེ་དཔུང་རབ་འབར་བ། །འཇིགས་མེད་སྲུང་བའི་གོ་ཆ་བཙན་པོར་གྱུར། །སྨོན་ལམ་ནི། དགེ་བ་འདི་ཡིས་འགྲོ་ཀུན་སེམས་ཅན་རྣམས། །པདྨ་རྒྱལ་པོའི་གོ་འཕང་མཆོག་ཐོབ་ནས། །མ་རིག་ལྡོངས་པའི་སྐྱེ་ཚོགས་ཐམས་ཅད་ལ། །རོལ་བའི་རྟ་སྐད་ཕྱོགས་བཅུར་སྒྲོག་པར་ཤོག །ཤིས་བརྗོད་ནི། སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཟ་མ་ཏོག །(༦བ)


GLG024_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་འཆི་མེད་བདུད་རྩིས་ལེགས་གཏམས་ནས། །མཆོག་ཐུན་དོན་ཀུན་གྲུབ་པའི་རྡོ་རྗེའི་སྲོག །བསྒྲུབ་མཛད་རྟ་མགྲིན་ལྷ་ཚོགས་བཀྲ་ཤིས་ཤོག །ཅེས་དབང་ཆེན་ཡང་གསང་ཁྲོས་པའི་ལས་བྱང་སྙིང་པོ་བཅུད་བསྡུས་འདི་ནི་མཆོད་དཔོན་ངག་དབང་ཤེས་རབ་ཀྱི་ཉམས་ལེན་དུ་དགོས་ཚུལ་ལྟར་ཟ་ཧོར་སྔགས་བན་གྱིས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་སྨྲ་བ་པ་བསམ་མཐོང་པ་ཕུན་ཚོགས་དབང་པོའོ།། །།སརྦ་མངྒ་ལཾ། །

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ།


GLG024_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །


GLG024_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྩ་གྷོ་རོཏྟ་མ་ཤྲི་ཡེ། ཡེ་དག་མཚན་མའི་སྤྲོས་པ་ཀུན་བྲལ་འོད་མི་འགྱུར་བ་ཆོས་ཀྱི་སྐུ། །གཏུམ་དྲག་མཚོན་གྱིས་བདུད་བཞིའི་སྙིང་འབིགས་ཁྲག་འཐུང་རྟ་མགྲིན་ལོངས་སྤྱོད་རྫོགས། །འཆི་མེད་འཕོ་ཆེན་འཇའ་ལུས་ཡོངས་བརྙེས་པདྨ་ཐོད་ཕྲེང་སྤྲུལ་པའི་གར། །སྐུ་གསུམ་སྒྱུ་འཕྲུལ་ཞབས་པད་ཆུན་པོ་གཙུག་ཏོར་རྩེར་འཆིང་བདག་བྱིན་རློབས། །མཚོ་སྐྱེས་རྡོ་རྗེ་བཻ་རོའི་ཐུགས་གསང་མཛོད། །འཛིན་མཛད་འདར་ཕྱར་དཔལ་ལྡན་སེང་གེ་དང་། །རྭ་བན་ཆོས་བཟང་ཚར་ཆེན་རིགས་ཀྱི་གཙོ། །ཡབ་སྲས་བརྒྱུད་པར་བཅས་པ་ཕྱག་གི་ཡུལ། །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་གནས་གསར་བ། །མགོན་པོ་བསོད་ནམས་རྣམ་ཀུན་མཆོག་ལྡན་ཞབས། །རབ་འབྱམས་རྒྱལ་དངོས་ཆོས་དབྱིངས་རང་སར་གྲོལ། །བྱང་ཆེན་བར་དུ་རིགས་ཀྱི་བདག་པོར་བཞུགས། །སྲིད་གསུམ་འབྱུང་པོའི་སྙིང་གར་རྟ་ཡི་བྲོ། །ཆེམ་ཆེམ་རབ་བརྡུང་པདྨ་ཧེ་རུ་ཀའི། དངོས་གྲུབ་ཟིལ་དངར་སྙིང་གི་ཟ་མ་ཏོག །འཁྱིལ་བྱེད་སྙན་པའི་མན་ངག་ལས་གཞན་སུ། །དེ་ཕྱིར་རྒྱུད་དང་རྒྱ་གར་མཁས་པའི་གཞུང་། །བརྒྱུད་ལྡན་བླ་མའི་ཞལ་རླངས་དྲོད་པོ་ཆེ། །(༢ན)


GLG024_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉམས་རང་བཟོའི་ལྷད་དང་ཉེར་བྲལ་བའི། །ཡིད་བཞིན་དབང་གི་འདོད་པ་འདི་ན་འཇོ། །དེའང་ཡེ་ཤེས་རྔམ་གློག་ལས། སྒོམ་དང་བཟླས་དང་འཕྲོ་འདུལ་སྔགས། །ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲ་བསྐྱོད་ནས། །སྒྲིབ་པའི་བུད་ཤིང་བསྲེག་པར་འགྱུར། །ཞེས་དང་། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པའོ། །ཞེས་བཟླས་བརྗོད་ཀྱི་ནུས་པ་མེ་དང་འདྲ་བས་རང་རྒྱུད་ཀྱི་སྡིག་སྒྲིབ་ཤིང་བུ་ལྟ་བུ་རྣམས་བསྲེག་པར་བྱེད་ཅིང་དཔེར་ན་འཇིག་རྟེན་དུས་ལ་སྤྱོད་པའི་དབང་ཕྱུག་ལ་བརྟེན་ནས་འདོད་དོན་སྒྲུབ་པའི་སྔོན་དུ་སྔར་ཞལ་འདྲིས་ཡེ་མ་ཐོགས་པར་འདྲིས་བཙལ་ཏེ་བསྙེན་བཀུར་བ་སོགས་ཐབས་དུ་མའི་སྒོ་ནས་དགྱེས་པར་བྱས་པས་མགོན་སྐྱབས་དཔུང་གཉེན་མཛད་པ་བཞིན་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པའི་ཆེད་དུ་ཡི་དམ་གྱི་ལྷའི་བཟླས་བརྗོད་བྱ་བ་ནི། བསྙེན་པ་ཞེས་བརྡ་རྙིང་སྟེང་ཛ་བ་ཟུར་ཆག་པ་འཛབ་ལ་བརྟེན་ནས་རང་རིག་དོན་གྱི་ལྷ་མཆོག་རང་ངོ་འཕྲོད་པ་ལ་ཉེ་བར་གྱུར་(༢བ)


GLG024_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པས་དངོས་ཉམས་རྨི་ལམ་དུ་བྱིན་གྱིས་བརླབ་ཅིང་དངོས་གྲུབ་སྩོལ་བས་དེ་ལྟ་བུའི་མཚན་རྟགས་མ་རྙེད་ཀྱི་བར་དུ་ཉམས་སུ་བླང་བ་ཡིན་ནོ། །ཇི་ལྟར་ཉམས་སུ་བསྟར་བྱའི་ཆོས་ནི་ཀུན་བཟང་རྡོ་རྗེ་འཆང་ཆེན་པོས་དབང་ཆེན་རྔམས་པའི་རྒྱལ་པོའི་སྐུར་བཞེངས་ནས་རྒྱུད་ལེའུ་བཅུ་གསུམ་པ་བཀའ་སྩལ། སངས་རྒྱས་གཉིས་པ་དཔལ་ཨྱོན་ཆེན་པོས་བྱང་བུ་དྲུག་དང་སྐབས་སྤྱོད་དོན་འགྲེལ་སོགས་དང་སྐད་གཉིས་སྨྲ་བ་ལོ་ཆེན་བཻ་རོས་སྦས་པ་མིག་འབྱེད་ཀྱིས་མཚོན་པའི་ཟབ་ཆོས་རྣམས་གཏེར་ཁ་གཉིས་སུ་རྒྱས་བཏབ་པ་ལས་རྐྱང་པོ་གྲགས་པ་དབང་ཕྱུག །སུམ་པ་དབང་ཕྱུག་ཚུལ་ཁྲིམས། འབྲེ་ཤེས་རབ་བླ་མ་གསུམ་གྱིས་ཡེར་པ་སེ་བ་ལུང་ནས་གདན་དྲངས་ཏེ་འབྲུ་ཚང་གི་གཉགས་སྟོན་ལ་ཤོག་སེར་གྱི་སྟེང་ནས་ཚར་གཅིག་བཤད་རྗེས་གཏེར་སྟོན་གསུམ་ལ་རྔུར་བྱུང་བས་རྒྱུན་ཆད་པའི་གྲགས་པར་བརྟེན་ཤོག་སེར་རྣམས་ཞུ་སྟོན་གྱི་ཕྱག་ཏུ་བྱུང་རུང་ཞུ་ས་རྩད་མ་ཆོད་ཅིང་ནམ་ཞིག་ན་གྲུབ་པའི་དབང་ཕྱུག་འདར་ཕྱ་རུ་བ་རིན་ཆེན་དཔལ་བཟང་ཇོ་མོ་ནགས་རྒྱལ་ན་བཞུགས་པའི་ཚེ་དཔལ་ཨྱོན་ཆེན་པོས་ཞང་ཚེས་ཟླ་གྲགས་བྱ་བར་སྤྲུལ་ཏེ་སྨིན་གྲོལ་ལུང་གདམས་པ་རྣམས་སྩལ་ཞིང་སྔགས་ཀྱི་ཨཱོཾ་དེ་ཧྲཱིཿར་བསྒྱུར་ཞེས་གདམས་ཤིང་། གྲུབ་ཐོབ་ཆེན་པོས་བླ་མ་གཉགས་ལ་ཤོག་སེར་ཆིག་བརྒྱུད་ཡོད་པ་མཁྱེན་ནས་ཚར་གཅིག་དང་བླ་མ་མངའ་བདག་ཆེན་པོས་ལྷོ་བྲག་ནས་སྤྱན་དྲངས་པ་ཤེ་མ་འོད་འབྱུང་ལ་བརྒྱུད་པའང་གསན་པས་འདར་ཕྱ་རུ་བར་བཀའ་གཏེར་ཟུང་འཇུག་གི་གདམས་པ་མཐའ་དག་ཚང་བར་མངའ་ཡང་མངའ་རིས་པདྨ་དབང་རྒྱལ། མདོང་སྟོན་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། མཉམ་མེད་ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན་སོགས་ཐོར་བུ་ལས་སྔ་འགྱུར་ཕྱོགས་(༣ན)


GLG024_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྗགས་ཀྱི་དབང་པོ་རྐྱོང་བ་ཆེས་ཉུང་མོད་མུས་སྲད་པ་དཔལ་ལྡན་སེང་གེ་ཡབ་སྲས། རྭ་ཆེན་ཆོས་དཔལ་བཟང་པོས་མཚན་རྫོང་ཆུང་ངུ་བའི་མཁས་གྲུབ་དུ་མ་དང་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ཡབ་སྲས་ཀྱིས་ཨཽཌྜི་ཡཱ་ནའི་ཨཱ་ཙཱཪྻ་རྒན་པོ་དང་གན་ཇག་ཐང་ཏ་གཉིས་ཀྱི་བཞེད་གཞུང་ལ་གསར་མའི་ལྷད་དང་གཏེར་ཁ་གཞན་འདྲའི་རྒྱས་འགེབས་དང་བྲལ་བའི་སྲོལ་ལེགས་པར་བཟུང་ནའང་རྙིང་མ་བ་ས་ལུགས་དང་འབྲེལ་ཆེ་བ་ལ་ལས་ཀྱེ་རྡོར་གྱི་དབང་ཁ་བསྒྱུར་བ། ཚེ་དབང་གཞན་ལ་རྫོང་ཆུང་ཚེ་དབང་དུ་མིང་འདོགས་པ། དགེ་ལུགས་ཕྱོགས་ཀྱི་བློ་གྲོས་རིན་སེང་བ་སོགས་ཀྱིས་ལས་བྱང་སྔ་འགྱུར་གྱིས་དགོངས་དོན་མ་ལོན་ཞིང་མགོན་པོ་ཨ་གྷོ་ར་ཚུན་ཆད་ཞབས་སུ་བཏགས་པ། ལ་ལར་སྐྱེ་འཆི་བར་དོ་གསུམ་གྱི་ཆོས་མཐུན་འབད་པས་སྦྱོར་བ་སོགས་ཡིད་བརྟན་ཏུ་མི་རུང་བ་ཅི་རིགས་སྣང་བ་མཐའ་མ་བཀག་མོད་ལམ་འདི་ལ་སྙིང་ནས་སྒྲུབ་པ་ལྷུར་ལེན་པར་འདོད་པ་རྣམས་ཀྱིས་ཀུན་མཁྱེན་རིན་པོ་ཆེས་མཛད་པའི་དབང་ཆོག་བདེ་ཆེན་མྱུ་གུ་དང་བླ་ཆེན་ཆོས་དཔལ་བཟང་པོའི་དབང་ཆུ་མ་དག་པའི་དྲི་མ་འཁྲུད་བྱེད་གང་རུང་ལ་ལྷ་དབང་སོགས་མཐོང་བརྒྱུད་ཀྱི་ཕྱག་ལེན་གྱིས་བརྒྱན་པ། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་ནག་འགྲོས་ཀྱི་སྟེང་ནས་རྫོང་ཆུང་ཚེ་དབང་། གྱིང་ལྔ་གཟའ་གདོང་གི་སྲོག་གཏད་བཅས་སྨིན་བྱེད། རྟ་སྐད་ཐེངས་གཅིག་མ་སོགས་གྲོལ་བྱེད་ཀྱི་ངོ་སྤྲོད། རྒྱབ་རྟེན་གྱི་ལུང་། ཕྱག་བཞེས་མན་ངག་མཐའ་དག་ཁོང་དུ་ཆུད་པར་བྱས་ཏེ་ཉམས་སུ་བསྟར་བ་ལ་སྒྲུབ་ཆེན་བསྙེན་སྒྲུབ་ལས་སྦྱོར་གང་ལའང་ཡིག་ནག་གི་ཐུག་ཕྲད་ཙམ་ལ་ཡིད་བརྟན་དུ་བཟུང་བའི་(༣བ)


GLG024_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་རེའི་མིག་ཅན་དུ་མ་སོང་བར་རྩ་བརྒྱུད་ཀྱི་སྟེང་དུ་དྲིལ་བ། སྒྲུབ་ཐབས་བྱང་བུའི་སྟེང་དུ་དྲིལ་བ། མན་ངག་ལས་ཚོགས་ཀྱི་སྟེང་དུ་དྲིལ་ཤེས་པ་ཞིག་དགོས་ཞེས་པཎ་ཆེན་ཆོས་ཀྱི་རྒྱལ་པོ་པདྨ་དབང་རྒྱལ་རྡོ་རྗེ་སོགས་ཆོས་ཀྱི་སྤྱན་ལྡན་རྣམས་གསུང་ལ། དེ་ལའང་སྔོན་འགྲོ་གནས་དུས་ཡོ་བྱད་འདུ་བྱ་བ། དངོས་གཞི་བསྙེན་སྒྲུབ་ཟུང་འབྲེལ་དུ་ཉམས་སུ་བླང་བ། མཇུག་དངོས་གྲུབ་ལེན་པ་གསུམ་གྱི་དང་པོ་ནི། སྒྲུབ་བྱང་ལས། གནས་དང་གང་ཟག་མཚན་ཉིད་དང་། །སྒྲུབ་པའི་དུས་དང་ཡོ་བྱད་སོགས། །འབྲེལ་ཐག་བཅད་ཅིང་དཀྱིལ་འཁོར་བྲི། །མཆོད་པ་གཏོར་མ་རྒྱན་རྣམས་དགྲམ། །ཕུན་སུམ་ཚོགས་པ་བཞི་ལྡན་པས། །སཱཙྪ་ཆུ་གཏོར་དཔང་སྐོང་དང་། །འདུས་བྱས་དགེ་རྩ་ནུས་ཚང་བྱ། །ཚ་གསུམ་བགེགས་རིགས་གཏོར་མ་བཏང་། །ཞེས་པ་ལྟར་གནས་ནི། རྒྱུད་ལས། དུར་ཁྲོད་རི་བྲག་དམར་པོ་ལ། །ནུབ་ནི་མཐོ་བརྗོད་ཤར་རི་དམའ། །ནགས་ཚལ་སྟུག་པོ་ནུབ་ཏུ་བལྟ། །གནམ་ས་འཁོར་ལོ་པདྨ་འདྲ། །ཉི་ཟླ་གཟའ་སྐར་འོད་འབར་ཞིང་། །ཆུ་བྲན་རི་བྲག་ཀུན་འདུས་གནས། །ཞེས་པ་ལྟར་ནུབ་རི་མཐོ་བ། བྱང་རི་སྐྱོབ་པ། ཤར་དམའ་བ། ལྷོ་གཞོལ་བ། ནུབ་ནས་ཆུ་འབབ་པ། ནགས་ཚལ་འཐུག་པོ་ཕྱོགས་དེར་བལྟ་བ། ཆུ་བྲན་མང་དུ་འདུ་ཞིང་རི་བོ་དུ་མ་འདུད་པའི་དབྱིབས་ཅན། ཉི་ཟླ་རང་བཞིན་གྱི་འོད་གསལ་ཞིང་བྲག་རི་དམར་པོ་དང་དུར་ཁྲོད་ཡོད་པ། རྩི་ཤིང་མེ་ཏོག་འཁྲིག་ཅིང་འདབ་ཆགས་དང་བུང་བ་སྐད་སྙན་པར་འབྱིན་པ། མུ་སྟེགས་བྱེད་དང་ཐེག་པ་(༤ན)


GLG024_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པ་ནག་ཕྱོགས་གདོན་དང་འཐབ་རྩོད་ནད་བསྐྱེད་པ་སོགས་རྐྱེན་རྣམས་ལས་རིང་དུ་གྱུར་པ། ཆོས་ལྡན་གྱི་རྒྱལ་པོས་སྐྱོང་ཞིང་གྲུབ་ཐོབ་གོང་མའི་ཚོགས་ཀྱིས་བྱིན་གྱིས་བརླབས་པ་དང་སྤྱིར་ཡང་གནམ་འཁོར་ལོ་རྩིབས་བརྒྱད། ལོགས་བཀྲ་ཤིས་རྟགས་བརྒྱད། ས་པདྨ་འདབ་བརྒྱད། ཤར་གྱི་སྟག་སྐྱ་བོ། ལྷོའི་གཡུ་འབྲུག་སྔོན་མོ། ནུབ་ཀྱི་བྱ་དམར་པོ། བྱང་གི་རུས་སྦལ་ནག་པོ་སྟེ་གནས་ཀྱི་ཡོན་ཏན་ཐམས་ཅད་ཚང་ན་རབ། འབྲིང་ཕྱོགས་ཙམ་ཚང་བ། ཐ་མའང་ས་བཀྲ་ངན་པ་དང་གཟུགས་ཅན་གཟུགས་མེད་ཀྱི་འཚེ་བ་མེད་ཅིང་མཐུན་པའི་གྲོགས་དང་ཡོ་བྱད་འཚོལ་སླ་བར་རང་ཉིད་དབང་བའི་གནས་ཉམས་ཞིག་དང་བྲལ་བའི་བསམ་གཏན་འཕེལ་བ་ཉིད་གཙོ་བོར་བྱ་དགོས་པ། དྲ་ཆེན་ལས། བདག་དབང་བར་ཆད་མེད་པའི་གནས། །དེར་ནི་ཏིང་འཛིན་བསྒོམ་པར་བྱ། །ཞེས་སོ། །ཆོས་ཐམས་ཅད་ཀ་དག་གི་ཀློང་དུ་གྲོལ་བར་གཟའ་སྐར་དུས་ཚེས་བཟང་ངན་མེད་ཀྱང་ཕུག་འོག་གི་ཆུ་དོང་ལས་ཀུན་རྫོབ་དང་བསྟུན་པ་ཉེས་པ་ཆུང་ཞིང་ཕན་ཡོན་ཆེ་བས་དུས་ཀྱང་སྤྱིར་རྒྱས་པར་ཉི་མ་བྱང་བགྲོད་དང་ཡར་ངོ་། །དྲག་པོར་ཉི་མ་ལྷོ་བགྲོད་དང་མར་ངོ་། །ཞི་བར་ཉི་མ་འཆར་གདོང་སོགས། དབང་ལ་ནུབ་མོ་བྱ་བར་གསུངས་ཤིང་བྱེ་བྲག་ཇི་སྐད་དུ། ལོ་དང་ཟླ་བ་སྐར་མ་བཟང་། །དུས་ཚོད་བཟང་ལ་འཇུག་པར་བྱ། །ཞེས་སྤོར་ཐང་གཙུག་ལག་ནས་བཤད་པའི་མཆེ་བ་ཅན་སོགས་ལོ་ཟླ་རྩུབ་པ། རང་གི་དགྲ་གཤེད་ལྟ་བུ་མ་ཡིན་པའི་ལོ་ཟླ་གཟའ་སྐར་སྦྱོར་བྱེད་ཁྱིམ་གྱི་དུས་སྦྱོར་སོགས་དང་པོའི་སངས་རྒྱས་དང་གཡུལ་ལས་རྣམ་པར་རྒྱལ་(༤བ)


GLG024_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུད་རྣམས་ལས་བྱུང་བ་ལྟར་བསྙེན་སྒྲུབ་ལ་ཤིས་པ་ངེས་པར་བསྒྲིག་ཅིང་གཟའ་ཚེས་འཛོམ་ན་ཡར་ངོ་དང་མར་ངོ་གང་བདེ་བ། དུས་ཚོད་ཇི་སྐད་དུ། ཉི་མ་ཆུང་བར་གྱུར་པ་ནི། །ལྷ་ཡང་བྱིན་གྱིས་རླབས་ཀྱི་འདུ། །ཞེས་ལྷ་དབང་དུ་བྱེད་པའི་རྟེན་འབྲེལ་གྱིས་སྲོད་ཐུན་ནས་འཛུགས། གནམ་སའི་རྒྱན། དཀྱིལ་འཁོར་མཆོད་རྫས། སྒྲུབ་རྟེན་སྤྱན་གཟིགས། །ནད་འཇོམས་ཀྱི་སྨན། གེགས་སེལ་གྱི་རྫས། གནོད་པ་ལས་སྐྱོབ་པའི་གོ་མཚོན། བཟའ་བཅའ་བཏུང་བ་ལ་སོགས་མཚམས་ནང་དེར་ཉེ་བར་མཁོ་བའི་བདོག་པ་རྣམས་ཐོག་མ་ནས་གསོག་པ་དང་སླད་མར་འདི་ནས་ཡོང་དམིགས་འོག་ཏུ་ཆུད་པ་ལས་ཟག་ཟོག་གི་ཟོལ་སྦྱོར་མི་བྱ། བསྙེན་སྒྲུབ་མཐར་ཕྱིན་པའི་ཆེད་དུ་ཆ་གསུམ། གསེར་སྐྱེམས། གསུང་རབ། སཱཙྪ། ཉེ་འདོན། སྦྱིན་གཏོང་སོགས་འདུས་བྱས་ཀྱི་དགེ་རྩ་ཅི་འགྲུབ་བྱའོ། །གཉིས་པ་དངོས་གཞིའི་བསྙེན་སྒྲ་ཟུང་འབྲེལ་ཉམས་སུ་བླང་བ་ནི། རྒྱས་པར་སྒྲུབ་ཆེན་དང་འབྲེལ་བའི་ལག་ལེན་ནི་བསྙེན་སྒྲུབ་ཙམ་ལ་མེད་དུ་མི་རུང་བ་མ་ཡིན་པས་བཏང་སྙོམས་སུ་བཞག་དེའང་སྒྲུབ་ཐབས་རྒྱས་པ་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་ཡོངས་རྫོགས། འབྲིང་པོ་ཡབ་ཡུམ་རྐྱང་སྒྲུབ། བསྡུས་པ་དཔའ་བོ་གཅིག་པ་གསུམ་དུ་བཤད་པའི་དང་པོ་ཤེས་ན་ལྷག་མ་དག་ཞར་གྱིས་རྟོགས་པར་ནུས་ཤིང་དེའང་གནས་ཁང་བྱི་དོར་དང་ཆག་ཆག་བཏབ། སློབ་དཔོན་བཻ་རོ་ཙ་ནས། སྟེང་དུ་བླ་བྲེ་ཕུག་པ་ཡི། །དབུས་སུ་གདུགས་དང་མཚམས་བཞིར་འཕན། །ཕྱོགས་བཞི་རུ་ནི་རྒྱལ་མཚན་གདགས། །ཞེས་པ་ལྟར་འབྱོར་པ་དང་བསྟུན་ནས་དགྲམ། གཞན་ཡང་རྩ་བ་གསུམ་གྱི་(༥ན)


GLG024_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་འབུར་གྱི་སྐུ་དང་བླ་མ་གོང་མའི་ཐུགས་དམ་རྟེན་ནམ། རྒྱུ་བྱིན་རླབས་བྲི་ཚུལ་མཚན་ཉིད་དང་ལྡན་པ་གསར་བསྐྲུན་རབ་གནས་ཅན་ཡང་རུང་བས་ཡང་གསང་ཁྲོས་པའི་བྲིས་འབུར་གྱིས་སྐུ་བཤམས། སྟེགས་བུའམ་ཅོག་ཙེ་ལྟ་བུ་ཇི་ལྟར་འཚམ་པར་བདུད་རྩི་ལྔའི་སྐྱང་ནུལ་དང་ཆག་ཆག་གདབ། སྤྱིར་དཀྱིལ་འཁོར་ལ་ཏིང་འཛིན། རྡུལ་ཚོན། རས་བྲིས་གསུམ་དུ་བཤད་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི་མོས་པ་ལམ་དུ་བྱེད་པའི་ཏིང་ངེ་འཛིན་ལ་གོམས་པ་གོང་འཕེལ་དུ་བསྟར་བས་རྣམ་པ་ལམ་བྱེད་ལ་རྩལ་ཐོན་བདེའི་རྒྱུན་བསྐྱངས་པར་བརྟེན་ནས་ཏིང་འཛིན་དངོས་ཀྱི་ལམ་མཐར་ཕྱིན་པར་བྱེད་ནུས་པའི་ཚེ་མཚན་མ་མེད་ཅིང་བྱ་རྩོལ་དང་བྲལ་བའི་ངང་ནས་བསྒོམ་པ་བློ་ཡང་རབ་ཀྱི་ཉམས་སུ་བླང་བྱ་ཡིན་པས་ལྷའི་སྤྱན་དབུས་མ་ཙམ་ལ་དམིགས་པ་མི་གསལ་བར་བསམ་གཏན་གྱི་སྒྲུབ་མཆོད་དང་སྦྱིན་སྲེག་བྱེད་པ་སྐད་ནི་རང་ཉིད་ཀྱི་ཞར་ལ་འགྲོ་མང་བསླུ་བར་བྱེད་པའི་རྣམ་ཐར་ཡིན་པས་རེ་ཞིག་ངལ་བསོས་ཏེ་རྡུལ་ཚོན་ནི། རིན་པོ་ཆེ། འབྲུ། ཚོན་ཏེ་རྒྱུའི་བཟང་ངན་གྱི་ཁྱད་པར་ཡིན་ཅིང་ལྷ་མཚན་དུ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་ནམ་གདན་ཉི་ཟླ་སོགས་བྲིས་པའི་མཚོན་བྱེད་དཔེའི་དཀྱིལ་འཁོར་ནི་བརྡ་ཙམ་གྱིས་རྟོགས་པར་བྱ་བ་བློ་འབྲིང་པོའི་སྤྱོད་ཡུལ་རང་ཅག་སོ་སྐྱེ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་གནས་ཡིན་པ་རྒྱས་པར་སྤྲོ་ན་སའི་ཆོ་ག་དང་སྤྲོས་པ་ཆུང་ན་རྣམ་བཅད་དང་པོའི་སྐོར་དོར་བའི་ཐིག་ཚོན་གྱི་ཆོ་ག་ཙམ་ལ་བརྟེན་ནས་རྡུལ་ཚོན་ནི་ཚོགས་གསོག་པར་བྱ་བ་ལ་ལྷག་པར་བསྔགས་པས་ལེགས་ནའང་བསྙེན་སྒྲུབ་ཡུན་རིང་པོར་རླུང་དང་སྤྱོད་ལམ་མི་བཟོ་བ་སོགས་ཀྱིས་འཇིག་ཉེན་ཆེ་ཞིང་། རྗེ་བཙུན་རྩེ་མོས། རས་བྲིས་ལ་བརྟེན་(༥བ)


GLG024_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལུགས་འདི་ནི་བདེ་མཆོག་ཨ་བྷི་དྷ་ནར་གསུངས་པ་ལ་བརྟེན་ནས་སློབ་དཔོན་རྡོ་རྗེ་དྲིལ་བུ་པ་དང་སློབ་དཔོན་དགའ་རབ་རྡོ་རྗེ་ལ་སོགས་པས་གསུངས་ལ། དིང་སང་རྒྱ་གར་གྱི་ཡུལ་ན་ཡང་ཆོ་ག་ཕལ་ཆེར་འདི་ཉིད་ལ་མཛད་པས་བླ་མ་གོང་མ་རྣམས་ཀྱང་ཕལ་ཆེར་ཕྱག་ལེན་འདི་ལ་མཛད་པས་ལུགས་འདི་ཧ་ཅང་མ་ལེགས་པ་མ་ཡིན་ནོ། །ཞེས་པའི་དགོངས་དོན་ལྟར་དུས་དང་གཟའ་སྐར་བཟང་པོར་ཕྱག་ཚད་དང་ལྡན་པའི་བཟོ་བོས་རྒྱུར་རུང་བ་རྣམས་ལ་སློབ་དཔོན་ཆོ་ག་ཚད་ལྡན་ཤེས་པས་རྒྱུད་དང་མན་ངག་ལས་བྱུང་བ་བཞིན་བྲིས་ཏེ་རབ་གནས་ཚུལ་བཞིན་བྱས་པའི་དཀྱིལ་འཁོར་ཡོངས་རྫོགས་མ། རྩ་བའི་ལྷའམ་གཙོ་རྐྱང་གང་རུང་གི་སྐུ་ཙ་ཀ་ལིའི་དཀྱིལ་འཁོར་རམ་རས་བྲིས་ཞེས་གྲགས་པ་ཡིན་ལ། སྔ་འགྱུར་ཕྱོགས་མང་པོར་རས་བྲིས་ལ་མཚན་མ་ཙམ་བཀོད་པ་དང་ཚོམ་བུའི་དཀྱིལ་འཁོར་མཛད་པ་མི་རུང་བ་མ་ཡིན་མོད་ལུགས་སྲོལ་འདི་ལ། སློབ་དཔོན་ཛ་ཡ་སེ་ནས། རྡུལ་ཚོན་བྲི་བར་མ་ནུས་ན། དཀྱིལ་འཁོར་དང་མཉམ་རས་ལ་ནི། ངེས་པར་བཅོམ་ལྡན་ཧེ་རུ་ཀཿ །ཕྱག་རྒྱའི་ཚོགས་དང་བཅས་པ་བྲི། །ཞེས་པའི་དོན་དང་མཐུན་པར་ཚད་ཐུབ་ཀྱི་མཁས་པ་རྣམས་བཞེད་པས་ཉ་དང་ཉུང་མ་མི་བསྲེ་བར་གསོལ་ཞིང་གཙོ་བོ་ཙམ་གྱིས་སྐུས་ཆོག་པ་ཅི་ཞེ་ན་གཙོ་བོ་ཉིད་ཀྱི་སྐུ་ལ་ཕུང་པོ་དང་འབྱུང་བ་གཤེགས་པ་དང་གཤེགས་མ། དབང་པོ་དང་ཡུལ་སེམས་དཔའ་དང་སེམས་མ། ཡན་ལག་དང་བྱ་བ་ཁྲོ་བོ་དང་ཁྲོ་མོ་སྟེ་གདན་གསུམ་ཚང་བའི་གནད་འགག་འདི་སྔགས་འཆང་དཀར་སེར་གྱི་ན་བཟའ་མནབས་པ་མཐའ་དག་པའི་ཐུགས་ཀྱི་དཔལ་བེར་བཅང་འཚལ། དཀྱིལ་འཁོར་ཕྱི་མ་གཉིས་ལ་མཚན་(༦ན)


GLG024_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

མ་དབྱིབས། །བསྒོམ་པ་ཏིང་ངེ་འཛིན། གསང་བ་བྱང་ཆུབ་ཀྱི་སེམས། གནས་ལུགས་དོན་གྱི་དཀྱིལ་འཁོར་བཞི་ག་ཚང་བའི་སྒོ་ནས་ཉམས་སུ་ལེན་དགོས་ལ། མུས་སྲད་པ་དཔལ་ལྡན་སེང་གེས། ཐོག་མར་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་སྟེང་དུ་བནྡྷ་བཀོད། ཅེས་སོགས་གསུངས་པའི་དོན་ལྟར། མན་ངག་སྦས་པ་མིག་འབྱེད་ལས། མཆོག་སྒྲུབ་གླིང་ལྔའི་ཐོད་པ་ལ། །སྐྱེས་པ་བུད་མེད་དར་མ་ཡི། །དོན་སྙིང་ལྔ་དང་དབང་པོ་ལྔ། །བུ་མོ་གཙང་མའི་རཀྟ་དང་། །སྒྲུབ་སྨན་དྲི་ལྡན་ཆང་སྦྱར་གྱི། ཁུ་བ་མཚལ་དང་སྦྱར་བ་ཡིས། །རྒྱུ་སྔགས་བསྐྱེད་པ་རྐྱེན་གྱི་སྔགས། །བཟླས་པའི་སྔགས་དང་ལས་སྔགས་རྣམས། །ཐོད་པའི་དབུས་ནས་རིམ་བཞིན་བྲི། །སྔོ་དམར་དར་ལ་རྣལ་འབྱོར་བས། །རང་གི་མཐོ་ཚད་གྲུ་བཞི་པ། །གོང་གི་རྫས་ཀྱིས་དར་དམར་ལ། །པདྨ་ཧེ་རུ་ཀཿ ཉིད་བྲི། །གནས་གསུམ་འབྲུ་གསུམ་བྲིས་ནས་ནི། །བསྐྱེད་པའི་རྐྱེན་གྱི་སྔགས་ཀྱིས་བསྐོར། །ཐུགས་ཀར་པད་ཉི་རྒྱུ་སྔགས་ལ། །བཟླས་པའི་སྔགས་ཀྱིས་བསྐོར་བ་བྲི། །ལྟོ་བར་ལྷ་རྣམས་ཐམས་ཅད་ཀྱི། །ལས་སྔགས་སྤངས་པའི་རྩ་སྔགས་བྲི། །ཕྱག་དྲུག་སྔགས་ཀྱི་དགོད་ལུགས་ནི། །དང་པོ་གཉིས་ལ་དབང་གི་སྔགས། །བར་པ་གཉིས་ལ་དགུག་པ་ནི། །དབྱུག་པ་འཛིན་པ་དྲག་སྔགས་བདུན། །རལ་གྲི་བསྣམས་པ་སྤུ་གྲི་དང་། །ཞབས་བཞི་སྔགས་ཀྱི་དགོད་ལུགས་ནི། །བརྐྱང་བསྐུམ་ཐུན་དང་བཟློག་སྔགས་བྲི། །ནང་མར་གར་སྟབས་ཐོག་སེར་སྔགས། །གང་ལ་དམོད་པ་གཡས་སུ་བྲི། །(༦བ)


GLG024_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་དར་ལ་ཡུམ་བྲིས་ལ། །ཕྱག་གཉིས་དབང་དང་སྤུ་གྲི་བྲི། །ཞབས་གཉིས་ཐོག་དང་སེར་བ་བྲི། །སྔགས་གཞན་དགོད་པ་ཡབ་ལྟར་དུ། །ཤེས་རབ་ལྡན་པའི་རིག་པས་དཔྱད། །དགུག་བསྟིམ་རབ་གནས་ལེགས་བྱས་ལ། །སྐྱེས་པ་དར་མའི་གྲི་སྙིང་གི །དབུ་ནི་གྱེན་དུ་བསྟན་པ་ཡི། །སྲོག་པ་རྩ་ཡི་ནང་དུ་གཞུག །གཞན་ཡང་ཉེར་ལྔའི་བཅུད་བཅུག་ཅིང་། །གཡས་སུ་སྐྱེས་པ་དར་མ་ཡི། །གཡོན་དུ་བུད་མེད་དར་མ་ཡི། །རང་རང་དབང་པོ་ལྔ་རྣམས་གཞུག །དར་སྣ་ལྔ་ཡིས་ཁ་བཀབ་ལ། །དར་དམར་དྲི་ལྔ་ཁུ་བ་ཡིས། །ཡང་ཡང་སྤང་ཞིང་ཡང་ཡང་བསྐམ། །ཙིཏྟ་ལེགས་པར་གྲིལ་ནས་ཀྱང་། །དར་སྣ་ལྔ་ཡིས་ལེགས་པར་བཅིངས། །མཆོག་གི་ཐོད་པའི་ནང་དུ་གཞུག །ཅེས་ཐོད་པ་དང་སྐུ་གཟུགས་ལ་ཡི་གེ་དགོད་ཚུལ་རྫས་སྦྱོར་ལུགས་སོགས་དམ་པའི་ཞལ་གྱི་བདུད་རྩི་ལས་ཐོས་པའི་ཕྱག་ལེན་དམར་འཁྲིད་བཞིན་དང་ལུགས་འདི་གའི་བདུད་རྩི་རིལ་བུ་སྒྲུབ་པ་དང་འབྲེལ་ན་དང་མ་འབྲེལ་ན་སྔར་བསྒྲུབས་པའི་རིལ་བུའམ་དེ་འདྲ་དང་ཆོས་སྨན་ལྟ་བུའི་ཕབ་རྒྱུན་གྱི་རིལ་བུ་བྱས་པའང་ཐོད་པར་འཇུག །མཆོད་གཏོར་སོགས་ལག་པའི་འདུ་བྱེད་ཀྱིས་བསྐྲུན་དགོས་པ་རྣམས་ཚགས་སུ་ཆུད་པ་སྔོན་དུ་འགྲོ་བས་སྟན་བདེ་བ་ལ་འཁོད། སྒྲུབ་བྱང་ལས། རྒྱལ་པོ་བཞི་ཡིས་ཕྱི་མཚམས་བཅད། །དམ་སྲི་མནན་ཅིང་སྒོ་བྱང་གདགས། །དབང་ཆེན་ནང་མཚམས་རྣམ་གཉིས་བཅད། །ཅེས་པ་ལྟར། ལས་བྱང་གྱེར་སྒོམ་འཇིགས་མེད་རྡོ་རྗེའི་སྒྲ་དབྱངས་ཀྱི་སྐྱབས་སེམས་དང་། རང་སྐད་ཅིག་གིས་དབང་ཆེན་དུ་གསལ་གདབ། མཚམས་གཅོད་ལ་(༧ན)


GLG024_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་ཐབས་དང་དོན་དམ་ཤེས་རབ་གཉིས་ཀྱི་ཀུན་རྫོབ་ལ་རྒྱལ་པོ་བཞི་ལ་འཕྲིན་ལས་གཞོལ་བ་ནི་བཅོལ་བ་ཕྱིའི་མཚམས་ཏེ་རྒྱལ་པོ་དབང་དུ་འདུས་ན་འབངས་དབང་དུ་འདུས་པ་དང་འདྲ་བས་ཕྱོགས་བཞིའམ་གནས་ཀྱིས་བསྐལ་ན་སྒོ་དྲུང་དུ་ཐོ་དཀར་པོ་བཞི་བརྩིགས་པའི་མདུན་དུ་མཆོད་གཏོར་བཤམ། བྱིན་རླབས་བསྐྱེད་ཆོག་སྤྱན་འདྲེན་མཆོད་བསྟོད་སོགས་ཕུར་ལྷ་ཁྲའི་དཀྱིལ་ཆོག་རྟོགས་པར་སླ་བ་ལྟ་བུ་ནས་ལེན། འཕྲིན་ལས་འཆོལ་བ་ནི། ཕྱིའི་སྔོན་འགྲོ་ལས། སྔོན་སྟོན་པ་ཞལ་བཞུགས་པའི་ཚེ་གདན་མཚམས་ཆེན་པོ་ལ་བགོས་ཏེ་མགོན་པོ་འོད་མི་འགྱུར་བའི་གདན་ལ་བཞུགས་ནས་སངས་རྒྱས་ཀྱིས་བསྟན་པ་བསྲུང་བར་ཞལ་གྱི་བཞེས་པ་དེ་བཞིན་དུ། བདག་ཅག་གི་སྒྲུབ་པ་འདི་མ་ཐོན་གྱི་བར་དུ་ཕྱིའི་དགྲ་བགེགས་ནང་དུ་མི་བཏང་བ་དང་ནང་གི་དངོས་གྲུབ་ཕྱིར་མི་ཡལ་བ་ལ་སོགས་པའི་ཕྱི་མཚམས་བསྲུང་བའི་འཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད། དིང་སང་བསྙེན་མཚམས་ལ་དམ་སྲི་མི་གནོན་པ་ཤས་ཆེ་ཡང་འདི་སྒྲུབ་པའི་གེགས་ཀྱི་གཙོ་བོར་འདུག་པས་གནོན་པར་འདོད་ན་ཕྱིའི་སྔོན་འགྲོ་དང་། སྒོམ་ཁོག་ནས་བཤད་པ་ལ་ཕྱག་ལེན་མན་ངག་གིས་བརྒྱན་ནས་བགྱིས་ན་བར་མཚམས་ཡིན་པས་རྒྱལ་པོ་བཙོན་དུ་བཟུང་ན་འབངས་ཀྱིས་གནོད་པ་བྱེད་མི་ནུས་པ་ལྟ་བུ། ནང་མཚམས་ནི་རྒྱུད་ལས། རང་ཉིད་སྐད་ཅིག་ཏིང་འཛིན་གྱིས། །པདྨ་ཁྲག་འཐུང་སྐུ་རུ་བསྐྱེད། །ཐུགས་ཀྱི་སྙིང་པོ་འོད་འཕྲོས་པས། །ཕྱོགས་བཅུར་མེ་མཚོན་ཁྲོ་བོའི་གུར། །ཞེས་པ་ལྟར། ནང་གསེས་དྲུག་ཡོད་པའི་བདག་ཉིད་ཆེན་པོའི་མཚམས་ནི། པད་ཉི་རུ་དྲ་བསྣོལ་བའི་གདན་(༧བ)


GLG024_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ། །ཞེས་སོགས་བརྗོད་དེ་དཔའ་བོ་རྐྱང་གཅིག་ཏུ་བསྐྱེད། ཁྲོ་བོ་རོལ་པའི་མཚམས་ནི་རང་ལྷར་གསལ་བའི་ཐུགས་ཀའི་ཧྲཱིཿལས་ཁྲོ་བོའི་ཚོགས་ཆེ་བ་རི་རབ་ནས་ཆུང་བ་རྡུལ་ཕྲན་གྱི་བར་གྲངས་མེད་པ་སྤྲོ། སྣ་ཚོགས་མཚོན་ཆའི་མཚམས་ནི། རྡོ་རྗེ་རལ་གྲི་གྲི་གུག་དགྲ་སྟ་སོགས་དཔག་ཏུ་མེད་པ་བུ་ཡུག་ལྟར་འཚུབ་པའི་རྩ་བ་ནང་དུ་བསྟན་ནས་ཕྱིར་འཕྲོ་བ། ར་བ་གུར་གྱི་མཚམས་ནི་རྡོ་རྗེའི་གུར་གསུམ་རིམ། མེ་རླུང་ཆུ་གསུམ་གྱི་གུར་གསུམ་རིམ་སྟེ་བཅུ་བཞི། ཡང་ན་མཚོན་ཆའི་ཕྱི་རོལ་རྡོ་ར། རིམ་བཞིན་ཆུ་རླུང་མེ་གུར་ཏེ་བཞི་བཞི་པོ་གསུམ་རིམ་དུ་བྱེད། ཁ་ཅིག་རིམ་པ་ལྔར་བྱེད་པའང་སྣང་། གསལ་འདེབས་ཚིག་གི་མཚམས་ན། དཔལ་ཆེན་མི་བཟད་དཀྱིལ་འཁོར་ནས། །ཞེས་སོགས། བཟླས་པ་སྔགས་ཀྱི་མཚམས་ནི། ཨཱོཾ་རཾ་ཞེས་སོགས་མཚམས་ཀྱི་ཚད་ནི། གང་ཟག་གི་བློའི་ཁྱད་པར་ཏེ་དུས་འཁོར་གྱི་སྲུང་འཁོར་ལ་ཡར་ཀླུངས་པ་ཆོས་མགོན་གྱིས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་ལ་དྲི་བ་ཞུས་པ་ལྟ་བུའོ། །དོན་དམ་ནི་སྒྱུ་འཕྲུལ་གྱི་རྒྱུད་ལས། །རྣམ་པར་རྟོག་པ་བགེགས་ཡིན་ཏེ། །བགེགས་ནི་རང་གི་སེམས་ལས་བྱུང་། །སེམས་ལ་རང་བཞིན་མེད་ཤེས་ན། །གཞན་ནས་བགེགས་ཞེས་བྱ་བ་མེད། །ཅེས་པ་ལྟར་ནང་གསེས་ལ་གསུམ་གྱི་གནས་ལུགས་དོན་གྱི་མཚམས་ནི། ཀུན་རྫོབ་ཀྱི་ཆོས་རྣམས་ཆུ་ལས་ཆུ་རླབས་འབྱུང་བ་བཞིན་སེམས་ཀྱི་ཆོ་འཕྲུལ་ཡིན་ཅིང་སེམས་ཀྱི་ངོ་བོ་ཀ་དག་བློ་འདས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་པས་དོན་དམ་པར་སྐྱེ་འགག་གནས་གསུམ་དང་བྲལ་བའི་གནས་ལུགས་རང་ངོ་ཤེས་ན་སྣང་ཡུན་ལྟར་བགེགས་དང་(༨ན)


GLG024_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ལོ། །གླུ་བྲོའི་མཚམས་ནི། དབང་པོ་རབ་ཀྱིས་བྲོ་བྱེད་དེ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སོགས་ཀྱི་དཀྱིལ་འཁོར་དུ་འཕྲིན་ལས་སོ་སོའི་བྲོ་བརྡུངས་པས་དུག་སོ་སོ་འཇོམས་པ་ཡིན་ནོ། །སྟོང་ཉིད་བཙན་ཐབས་སུ་བསྒོམ་པའི་མཚམས་ནི། ཤཱུ་ནྱ་ཏཱ་སོགས་བརྗོད་ནས། སྤྱིར་ཆོས་ཐམས་ཅད། ཁྱད་པར་བཅད་བྱའི་བགེགས། བཅད་པའི་མཚམས། གཅོད་བྱེད་གདམས་ངག་སོགས་དངོས་པོ་དང་དངོས་མེད་གང་དུའང་མ་གྲུབ་ཅིང་བློ་ལས་འདས་པ་ངོས་གཟུང་མེད་པའི་རྣམ་ཀུན་མཆོག་ལྡན་གྱི་རང་བཞིན་ཅན་ཞིག་སྐད་ཅིག་གིས་བསྒོམས་པའི་ངང་ལས་མི་འདའ་བའོ། །དེ་ནས་སྟེགས་བུའི་ཁར་ས་ལྷའི་མཆོད་གཏོར་བཤམས་ནས་དབང་ཆུ་དག་པའི་དྲི་མ་འཁྲུད་བྱེད་ལྟར་བཏང་ནས་དེའི་ཤུལ་དུ་རས་བྲིས་ཀྱི་དཀྱིལ་འཁོར་དགྲམ། དབུས་སུ་མཉྫིའི་སྟེང་བནྡྷ་གླིང་ལྔ་སྙིང་དང་བཅས་པ་དར་གྱིས་གྲིལ་བ་སོགས་ལག་ཚགས་དམ་པ་དབུ་ཞབས་མ་ལོག་པ་ཕྱག་ལེན་ལྟར་བཀོད། ཤར་དུ་ཞུན་ཆེན་ལ་རོ་རས་ཀྱི་སྡོང་བུ་བཙུགས་པའི་མར་མེ། ལྷོར་མ་ད་ན་བཟང་པོར་རྩ་བརྒྱད་སྟོང་སྦྱར་གྱི་བདུད་རྩི་ཨ་མྲྀ་ཏ་བཏབ་པ་དཀར་བ་ཐབས་ཀྱི་རང་བཞིན་མཚོན་པས་གཡས་སུ་འབྱུང་། ནུབ་ཏུ་རིན་པོ་ཆེ་ལས་གྲུབ་པའི་པདྨའི་དབྱིབས་ཅན་ནམ་ཐོད་པ་མཚན་ལྡན་གང་རུང་གཏོར་མ་དབང་ཕྱུག་ཆེན་པོའི་ཙིཏྟའི་དབྱིབས་ཞེས་པ་དཔལ་གཏོར་སྙིང་གཟུགས་རྟ་མགོ་ལྗང་གུས་མཚན་པ་མེ་རི་པདྨ་སོགས་དཀར་དམར་གྱི་རྒྱན་སྤྲོས་དང་མཐེབ་སྐྱུས་ཤ་སྣའི་ཚུལ་དུ་བྱས་པར་ཤ་ཆེན་སོགས་རྒྱན་གྱིས་བརྒྱན་པ་ལྷ་རྟེན་གྱི་ཙ་ཀ་ལི་དང་དར་དམར་པོའི་ཅོད་པན་ཅན། དཀར་དམར་(༨བ)


GLG024_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་ཡབ་ཡུམ་ཟུང་དུ་འཇུག་པའི་རང་བཞིན་མཚོན་པ་དབུས་སུ་དགོད་ནའང་སྒྲུབ་རྟེན་གྱི་དབང་གིས་རྒྱབ་ཏུ་མཛད་རུང་སྒྲུབ་ཐོད་མ་འབྱོར་ན་སྒྲུབ་གཏོར་ལ་བརྟེན་དགོས་པས་དབུས་སུ་དགོད། བྱང་དུ་ལྕང་ལོར་བཅས་པའི་བྷནྡྷའམ་གང་ཡང་རུང་བར་རྩ་བ། དངས་མ། ཕལ་པ། ཡོངས་སྦྱོར་གྱི་རཀྟ་དམར་པོ་ཤེས་རབ་ཀྱི་རང་བཞིན་ཡུམ་མཚོན་པ་གཡོན་དུ་འབྱུང་། གྲི་མདའ་ཚོན་སྐུད་སོགས་དཀྱིལ་འཁོར་རྒྱན་བཀོད་ཀྱི་རིམ་པ་སྤྲོས་པ་ཆེ་བར་འདོད་ན་རུང་ཡང་སྒྲུབ་ཆེན་དང་མ་འབྲེལ་བའི་བསྙེན་སྒྲུབ་ཙམ་ལ་མ་བྱས་ཀྱང་འགལ་བ་མེད། དེའི་ཕྱི་ལ་མཆོད་ཡུལ་གྱི་གཡས་དང་ལས་ཀྱི་རྡོ་རྗེའི་གཡོན་ནས་བརྩམས་ཏེ་ནང་གི་ཆུ་གཅིག་སྔོན་འགྲོའི་ཉེར་སྤྱོད་ལ་ཁྲག་ཆང་བསྲེས་པའི་ཆུ། ཤ་ཆེན་གྱི་བདུག་སྤོས། དབང་པོ་ལྔའི་མེ་ཏོག །ཞུན་ཆེན་གྱི་མར་མེ། མཁྲིས་ཆེན་གྱི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། དེའི་ཕྱིར་ཕྱིའི་ཉེར་སྤྱོད་ལ། དཀར་གསུམ་སྦྱར་བའི་མཆོད་ཡོན། དྲི་བཟང་སྣ་ཚོགས་སྦྱར་བའི་རེང་བུ། འབྲས་བུ་ཆུ་དང་ཐང་ལས་སྐྱེས་པའི་མེ་ཏོག །རྩི་བཅུད་འབྲུ་མར་གྱི་སྒྲོན་མེ། ཙནྡན་གུར་ཀུམ་སོགས་ཀྱིས་སྦགས་པའི་དྲི་ཆབ། ནས་འབྲས་སོགས་བཟང་འབྲུའི་བཤོས། ནུབ་ཏུ་རྩ་གསུམ་གཏོར་མ། གྱིང་ལྔ་གཟའ་གདོང་གནོད་སྦྱིན་ལྕམ་དྲལ་ཡུལ་ལྷ་གཞི་བདག་གི་གཏོར་མ། གཞན་ཡང་རྡོ་རྗེ་དྲིལ་བུ། ཐོད་རྔ། འཐོར་ནས། གུ་གུལ། ཨ་ཀ་རུ། ཡུངས་ཀར་སོགས་ཉེར་སྤྱོད་དང་ནུབ་དང་པོར་ཞིང་ལྤགས་སམ་གཅན་གཟན་གྱི་པགས་པའི་སྟེང་དུ་ཚོགས་མཆོད་གྱ་ནོམ་པ་བཤམ། སའམ་(༩ན)


GLG024_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་དཀར་གྱི་གཡུང་དྲུང་གི་སྟེང་དུ་སྟན་ནང་འཚངས་ཅན་གྱི་ཁར་བསམ་གཏན་གྱི་འདུག་སྟངས་ཀྱིས་གཉགས་བན་རྣམ་རྒྱལ་བཟང་པོས་མཛད་པའི་ལས་བྱང་ཆེན་མོའམ་རྡོ་རྗེའི་སྒྲ་དབྱངས་གང་བྱས་ཀྱང་ཁྱད་པར་མེད་ཅིང་ཕྱི་མའི་དབང་དུ་བགྱིས་ན་སྐྱབས་སེམས་ནས་བཟུང་རྟ་བྲོའི་བར་ལས་བྱང་གཞུང་རྒྱས་པར་བསྲང་པ། དེའང་སྔ་འགྱུར་གྱི་ཕྱོགས་སུ་བདག་མདུན་སྒྲུབ་ལུགས་ཀྱི་ཁྱད་པར་མི་འདྲ་བ་འགའ་ཞིག་ཡོད་ཀྱང་ལུགས་འདིའི་བཞེད་པ་རང་དང་དཀྱིལ་འཁོར་སྒྲུབ་རྟེན་རྣམས་ཐ་མི་དད་པའི་ཚུལ་གྱིས་གསལ་འདེབས་ཤིང་འཕྲིན་ལས་འདིར་སྦྱོར་བ་དོན་གྱི་བསྙེན་སྒྲུབ་ཡན་ལག་བཞི་ཚང་བ་ཡབ་ཡུམ་གྱི་སྐུ་བསྐྱེད་པ་བསྙེན་པ། མཁའ་གསང་བརླབ་པ་ཉེ་བསྙེན། སྦྱོར་བའི་བརྡས་བསྐུལ་ནས་སྙོམ་པར་ཞུགས་པ་སྒྲུབ་པ་བྱང་སེམས་ཡབ་ཀྱི་རྡོ་རྗེ་ནས་ཡུམ་གྱི་མཁར་སྤྲོས་ཏེ་ཧཱུཾ་སོགས་ས་བོན་ཡོངས་སུ་གྱུར་ནས་གདན་སོ་སོར་བཀོད་པ་སྒྲུབ་པ་ཆེན་པོར་མཛད་པ་རྒྱུད་སྡེའི་དགོངས་པ་དྲི་མ་མེད་པ་སྟེ། དམ་པ་རྒྱན་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཡུམ་གི་པདྨའི་དཀྱིལ་འཁོར་དུ། །སངས་རྒྱས་སྤྲིན་ཚོགས་མ་ལུས་པ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །ཞེས་དང་། དེར་མ་ཟད། ལྷ་བསྐྱེད་པ་བསྙེན་པ། སྐྱེ་མཆེད་བརླབ་པ་ཉེ་བསྙེན། དབང་བསྐུར་སྒྲུབ་པ། སྤྱན་དྲང་བསྒྲུབ་པ་ཆེན་པོ་རྣམས་སུ་བཤད་དོ། །སྲོད་ཐུན་ནས་བསྙེན་པ་དངོས་གཞི་འཛུགས་པར་གོང་དུ་འཕྲིན་ལས་གྱར་བའི་མུས་དེ་ག་ཡིན་པས་ཏིང་ངེ་འཛིན་གསལ་འདེབས་ཙམ་ལས་བསྐྱེད་དྲང་མཆོད་བསྟོད་མ་དགོས་རུང་ཐུན་གཞན་རྣམས་ལ་སྐྱབས་སེམས་(༩བ)


GLG024_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྟོད་པའི་བར་ལས་བྱང་རྒྱས་བསྡུས་གང་རུང་ཆ་ཚང་བ་རེ་ངེས་པར་དགོས་པས་བསྟོད་བསྙེན་གྱི་མཚམས་སུ་རྫོགས་རིམ་དང་འབྲེལ་བའི་དམིགས་པ་ཚར་རེ་དགོས་པ་ཐོག་མ་འདིར་བསྟོད་པའི་རྗེས་སུ་པར་བཀབ་མ་བྱུང་ཡང་ཚར་ཆེན་གྱིས་མཛད་པའི་ཡབ་ཡུམ་རྐྱང་སྒྲུབ་ཀྱི་སྒྲུབ་ཐབས་རྒྱུན་འཁྱེར་དངོས་གྲུབ་མྱུར་སྩོལ་དུ། རླུང་རོ་བུས་ནས་འོག་རླུང་གྱེན་དུ་འཐེན། །ཞེས་པ་ནས་བཟུང་། འཛིན་མེད་དུ་འཇོག་གི་བར་ཉམས་སུ་བླང་། ངག་བྱིན་རླབས་སམ་བཟླས་བརྗོད་ནུས་པ་སྟོབས་འབྱིན་དགོངས་འདུས་དང་བྱང་གཏེར་གནུབས་ལུགས་སོགས་མན་ངག་དུ་མར་འབྱུང་བ་བཞིན་སྐབས་འདི་དང་གཞན་ཐོར་ཐུན་ལ་འོས། ཕྲེང་བ་ནི། ཇི་སྐད་དུ། ཤེལ་གྱིས་རངས་དང་ཞི་བ་ཉིད། །དབང་ལ་ཙནྡན་དམར་པོ་ཉིད། །ལུང་ཐང་གིས་ནི་མངོན་སྤྱོད་ཉིད། །རི་རམ་ཤུས་ནི་སྡང་བ་ལ། །རྟ་ཡི་རུས་པས་བསྐྱོད་པ་ལ། །བྲམ་ཟེའི་རུས་པས་འགུགས་པ་ཉིད། །གླང་པོའི་རུས་པས་ཆར་པ་ལ། །ཞེས་སྣ་ཚོགས་གསུངས་ཀྱང་། །དག་པོ་རང་བྱུང་རང་ཤར་ལས། རཀྟ་ཐོད་འཕྲེང་མ་གཏོགས་པའི། །བདེར་གཤེགས་སྒྲུབ་པའི་ཕྲེང་གཞན་མེད། །ཅེས་དང་། སྲིད་པའི་གཏེར་ཁྱིམ་དུ། དྲག་པོ་ལ་རུ་རཀྴ་དང་ཐོད་པ་ཌཱ་ཀི་འདུ་བའི་དངོས་གྲུབ་མྱུར་བར་བཤད་པ་ལྟར་ལ། ཇི་སྐད་དུ། ལྷ་དགུ་ལ་སོགས་སྲད་བུ་ལ། །ལྷ་དགུས་བྱིན་གྱིས་བརླབ་པར་བྱ། །ཞེས་སྲད་བུ་དགུ་བསྒྲིལ་རྡོ་རྗེ་སེམས་དཔའ་དང་ཉེ་སྲས་བརྒྱད་མཚོན་པ་བུ་མོ་མགོ་གཙང་གིས་དྲིལ་བར་བྱེད། རིན་ཆེན་རིགས་ཀྱི་ལྷར་བསྐྱེད་དྲང་མཆོད་བསྟོད་འོད་ཞུའི་མཐར་སྔགས་ཉེར་གཅིག་(༡༠ན)


GLG024_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་ཕུས་གདབ་ཅིང་འདྲེན་ལུགས་ནི། ཇི་སྐད་དུ། ཞལ་ཁྲོ་བོ་དགོད་པར་བྱ། །རྒྱས་ལ་དབུ་མའི་དེ་ཉིད་ལ། །སྲིན་ལ་གཤིས་ན་དབང་དུ་གསུངས། །ཀུན་གྱི་ཐ་མར་མངོན་སྤྱོད་ལ། །མཐེ་བོང་རྡོ་རྗེ་ལྕགས་ཀྱུ་ཡིས། །བསྒོམས་པས་ལྷ་རྣམས་འགུགས་པར་བྱ། །ཞེས་འབྱུང་བ་ལྟར་བགྲད་ཞིང་སྔགས་ཀྱང་། །ལོ་ཆེན་བཻ་རོས། རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་རིམ་མམ་བསྙེན་པའི་སྔགས། །འཕྲིན་ལས་ཚོགས་ཀྱི་སྔགས། ཁ་བསྒྱུར་ཤམ་བུའི་སྔགས་ཏེ་ལྔ་ཙམ་གསུངས་པའི་ནང་ནས་གཙོ་བོའི་ཡི་གེ་བཅུ་བཞི་པ་ཡུམ་དང་འཁོར་སྔགས་རྣམས་ལ་བསྙེན་པར་མཛད་པའི་ཏིང་ངེ་འཛིན་ལ་ཕྱི་རྒྱལ་བ་སྲས་དང་བཅས་པ་ལ་འཕྲོ་འདུ། ནང་བདག་ཉིད་ཀྱི་ཐུགས་ཀ་ལ་འཁོར་བའི་བཟླས་པ། གསང་བ་ཡབ་ཡུམ་གྱི་ཞལ་ནས་ཞལ་མཁའ་ནས་མཁར་འཁོར་བའི་བཟླས་པ། ཡང་གསང་དེ་ཁོ་ན་ཉིད་ལྷ་སྔགས་དབྱེར་མེད་ཀྱི་ཚུལ་དུ་བཟླ་བ་སྟེ་བཞིའི་དང་པོ་ནི། བདག་ཉིད་ཁྲོ་རྒྱལ་རྟ་མཆོག་དཔལ། །ཞེས་སོགས་ཀྱི་དགོངས་པའི་དོན་དངོས་གྲུབ་མྱུར་སྩོལ་ལས། རང་གི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པ། ཞེས་པ་ནས་བཟུང་། མཚོ་ལ་སེར་ཆེན་བབས་པ་བཞིན་དུ་རང་ལ་ཆམས་ཀྱིས་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་གྱི་བར་ཡིན་ལ། ལས་དང་པོ་བ་དང་བློ་ཆུང་བའི་རིགས་ལ་དམིགས་པ་འདི་ཁོ་ནས་འགྲུབ་ཅིང་བློས་འཆུན་ན་ཕྱིའི་བསྙེན་པ་འདི་ལའང་བསྙེན་པ་ཉེ་བསྙེན། སྒྲུབ་པ། སྒྲུབ་པ་ཆེན་པོ་སྟེ་བཞིར་ཡོད་པའི་བསྙེན་པ་(༡༠བ)


GLG024_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་སྲས་བཅས་མཆོད་པ་དང་སེམས་ཅན་གྱི་སྡིག་སྒྲིབ་སྦྱང་བ་སོགས་ལ་འོད་ཟེར་དཀར་པོ་གསེར་གྱི་བ་ཐག་འཛིངས་པ་ལྟ་བུ། ཉེ་བསྙེན་ལ་འོད་ཟེར་དཀར་སེར་མགལ་མེ་ཀླད་ལ་བསྐོར་བ་ལྟ་བུས་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་དངོས་གྲུབ་བསྡུ་བ། སྒྲུབ་པ་ལ་འོད་ཟེར་དམར་པོ་མགར་གྱི་ལམ་ནས་ཚ་ཆ་འཕྲོ་བ་ལྟ་བུས་གོང་ལྟར་བསྡུ་བ། སྒྲུབ་པ་ཆེན་པོར་འོད་ཟེར་ནག་པོ་མཚོ་ལ་ཆར་འབབས་པ་ལྟ་བུས་བསྡུ་བ་རྣམས་ཀྱི་སྤྲོ་བསྡུ་ཡང་བ་སྤུའི་བུ་ག་ནས་བྱས་ཏེ་གནས་གསུམ་དུ་བསྟིམ། ནང་གི་བསྙེན་པ་ནི། ཐུགས་ཀའི་སྔགས་འཁོར་ལ་སེམས་ཞུགས་པ་བཞིན་དུ་དམིགས་པ་བསྟད་ནས་ཡིག་འབྲུ་ཀློག་པ་ལྟ་བུའི་ངང་ནས་བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་པ་ཆེན་པོ་རྣམས་ཀྱི་འོད་ཟེར་འཕྲོ་འདུ་སྙིང་ག་ནས་འཕྲོ་ཞིང་བསྡུ། གསང་བའི་བསྙེན་པ་ནི། ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་བརྒྱད་པདྨ་ནས་རྡོ་རྗེའི་ལམ་དུ་མགལ་མེ་ལྟར་འཁོར་བའི་ངང་ནས་གོང་གི་བསྙེན་པ་ཉེ་བསྙེན་སོགས་བཞི་པོ་གང་དང་འདབ་མ་འཕྲོ་འདུའི་གནས་སྦྱོར་མཚམས་ནས་བྱེད། དེ་ཁོ་ན་ཉིད་ཀྱི་བསྙེན་པ་ནི། ལྷ་སྔགས་བདག་མདུན་སོགས་ངོ་བོ་དབྱེར་མེད་པ་མཆོད་བྱ་མཆོད་བྱེད་དང་དངོས་གྲུབ་བསྡུ་བྱ་སྡུ་བྱེད་དང་བྲལ་བ་བློ་འདས་ཀྱིས་རྩིས་ཟིན་པའི་རང་གིས་རང་ལ་མཆེད་པ་དང་དངོས་གྲུབ་ལེན་པ་ལས་ལོགས་སུ་མེད་པར་ཐག་བཅད་པའི་ངང་ནས་མེད་བཞིན་སྣང་བ་ཆུ་ནང་གི་ཟླ་བ་ལྟར་བསྙེན་པ། ཉེ་བསྙེན་སོགས་ཀྱི་འཕྲོ་འདུ་དམིགས་མེད་ཀྱི་ཀློང་ནས་བྱེད་པ་གསང་སྔགས་འགྱུར་གྱི་དགོངས་པ་ཐུན་མོང་མ་ཡིན་པར་འགྲོ་ཞིང་དེ་ཙམ་བློ་ཡུལ་དུ་མི་འཆར་བའི་རིགས་ལ་བསྒོམ་བྱ་བསྒོམ་བྱེད་ཐམས་(༡༡ན)


GLG024_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དམིགས་མེད་སྟོང་ཆམ་མེ་བའི་ངང་ནས་བཟླས་ཀྱང་རུང་ངོ་། །འདི་དག་གི་སྐབས་སངས་རྒྱས་སྲས་བཅས་མཆོད་པ་དང་དངོས་གྲུབ་བསྡུ་བ་བདག་བསྐྱེད་ཙམ་ལ་བརྟེན་ན་རང་བཞིན་གྱི་གནས་སུ་བཞུགས་པ་རྣམས་ལ་དམིགས་པ་གཏོད་ནའང་སྒྲུབ་པ་དང་འབྲེལ་ཕྱིན་རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་སེ་སྟོན་རིན་ཆེན་རྒྱལ་མཚན་གྱིས། ངེས་དོན་བདེ་འཇུག་ཏུ། དེའང་ཆོས་འདིའི་ལུགས་ཀྱི་བདག་མདུན་གྱི་དཀྱིལ་འཁོར་རྣམས་ཆིག་ཆོད་དུ་སྒྲུབ་པ་ཡིན་ལ། དེ་ཙམ་བློས་མ་ལྕོགས་པ་འཛབ་ཁོང་མདུན་གྱི་དཀྱིལ་འཁོར་རྣམས་ལ་དབྱེ་བའི་གནད་ཤེས་དགོས་སོ། །ཞེས་གསུངས་པ་ལྟར་འཛབ་བཟླ་ཁར་ཕཊ་ཛཿ ཞེས་བདག་མདུན་ཐ་མི་དད་པ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཕྱི་ནས་མེ་རི་འདབ་འབྱར་དུ་བསྒོམ། གནས་ལུགས་རྫོགས་པ་ཆེན་པོའི་ཉམས་ལེན་དང་ལྡན་ཚེ་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་ཀྱི་རྣམ་འཕྲུལ་ལས་མ་འདས་པས་འོག་མིན་སོགས་དག་ཞིང་དང་སངས་རྒྱས་སྲས་བཅས་རྣམས་འཛབ་ཁང་མདུན་གྱི་ལྷ་ཚོགས་ལས་ལོགས་སུ་མེད་པར་ཐག་ཆོད་པས་གོང་དུ་སྨོས་པའི་དམིགས་པའི་འཕྲོ་འདུ་རྣམས་འཛབ་ཁང་གི་ལྷ་ཚོགས་ཁོ་ནར་བགྱིས་པས་ཆོག་ལ། དེ་ཙམ་བློས་མི་ལྕོགས་ན་དག་ཞིང་གི་རྟེན་བརྟེན་པ་ཞིག་ལོགས་སུ་ཡོད་པ་ལྟར་བློས་བཅོས་ནས་བདག་བསྐྱེད་ནས་མདུན་བསྐྱེད་ལ་འཕྲོས། །དེ་ལས་ཀྱང་རང་བཞིན་གྱི་གནས་སུ་སྤྲོས་ཏེ་བདག་མདུན་གཉིས་ཀར་དངོས་གྲུབ་བསྡུ་བ་སོགས་མི་འཐད་པ་མ་ཡིན་ནོ། །དེ་བཞིན་དུ་ཡུམ་དང་འཁོར་བརྒྱད་པོ་སོ་སོའི་ཐུགས་ཀར་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རང་རང་གི་ཁ་དོག་དང་མཐུན་པའི་ས་བོན་དང་འདབ་མ་བརྒྱད་ལ་སྔགས་(༡༡བ)


GLG024_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐོར་བར་དམིགས་ནས་ཏིང་ངེ་འཛིན་རྒྱས་པའམ་བསྡུ་ན་དངོས་གྲུབ་མྱུར་སྩོལ་ནས་བཤད་པ་ཁོ་ནས་འགྲུབ་ཅིང་གཙོ་བོ་ལས་ཆ་ཤས་ཏེ་འཕྲི་ལུགས་རིག་པས་དཔྱད་ནས་བཟླ། པདྨ་རིགས་ཀྱི་ཁྲོ་རྒྱལ་མཆོག་སོགས་ཀྱི་འཛབ་བསྟོད། དབྱངས་གསལ་ཞབས་བཏགས་མ་དང་སྣང་བ་མཐའ་ཡས་ཀྱི་ཡིག་བརྒྱ་ཅི་རིགས་བརྗོད་ནས་ཉམས་ཆགས་བཤགས། །འཛབ་ཁང་གི་ལྷར་དམིགས་ནས་བཛྲ་ཀྲོ་ཏ་ས་མ་ཡ་སྟྭཾ་ཧོཿ ཞེས་མེ་ཏོག་འཐོར། ཁྲོ་རྒྱལ་དབང་ཆེན་རྟ་མཆོག་དཔལ་སོགས་དངོས་གྲུབ་བསྡུ་སྔགས་ཉེར་གཅིག་ཙམ་གྱི་མཐར་ལེན་སྔགས་བརྗོད་པས་འཛབ་ཁང་གི་ལྷའི་གནས་ལྔ་ལས་ཡིག་འབྲུ་འོད་ཟེར་བདུད་རྩིའི་རྒྱུན་འཇའ་ཚོན་ལྟ་བུ་ཐོན་ནས་རང་གི་གནས་ལྔར་ཐིམ་པས་དངོས་གྲུབ་མ་ལུས་ཐོབ་པར་མོས། ཧྲཱིཿཛཿ ཞེས་འཛབ་ཁང་ཚུར་བསྟིམ་པས་བདག་མདུན་ཐ་མི་དད་དུ་བསམ། བསྙེན་སྒྲུབ་ཀྱི་དུས་བར་ཆད་ཀྱི་མཚན་མ་གཞིལ་བའི་སླད་དུ་སྔགས་ཀྱི་དར་བཏགས་ཏེ་ཚར་གཅོད་པ་ནི། དངོས་གྲུབ་མྱུར་སྩོལ་ལས། རང་གི་ཐུགས་ཀའི་ཧྲཱིཿལས་ཁྲོ་ཆུང་དམར་ནག་ཅེས་པ་ནས། བདེར་གཤེགས་གཅེས་དྲིལ་གྱི་སྔགས་ཟབ་མོ་རྣམས་ཐུན་མཚམས་སུ་བརྒྱ་རྩའམ་ཉེར་གཅིག་ཡན་བཟླ་བར་བྱའི་བར། ལྷག་ཆད་ཁ་འགེང་བ་དང་བྱིན་རླབས་བརྟན་པའི་ཕྱིར་སྣང་བ་མཐའ་ཡས་ཀྱི་ཡིག་བརྒྱ་ལན་གསུམ་བརྗོད། མཆོད་པ་ཁ་གསོས་ནས་མཆོད་བསྟོད་མདོར་བསྡུས་བྱེད། ཧ་ཡ་གྲཱི་བ་ཧྲཱིཿ གབ། སོགས་སྔགས་དང་ཕྱག་རྒྱས་ལུས་བསྲུང་། གུང་ཐུན་ལ་འབྱུང་བ་ཆ་མཉམ་པའི་ཆེད་དུ་ཉལ་བའི་རྣལ་འབྱོར་གྱི་ཚེ་འོད་གསལ་གྱི་བར་བསྡུས་ནས་ཀ་དག་གི་ངང་དུ་ཉལ། ཐོ་རངས་ལྡང་བར་འདོད་པས་དེའི་ངང་ལས་རང་ཉིད་(༡༢ན)


GLG024_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་དཔལ་གྱི་སྐུར་ལངས་ཏེ་ལས་བྱང་གྱེར་ཞིང་བསྙེན་པ་གཏང་རག་མཆོད་བསྟོད་ཉེ་བསྡུའི་བར་སྲོད་ཐུན་ཇི་ལྟ་བས་མཚོན་ཏེ་གཞན་ལའང་རིགས་འགྲེ། ཉིན་མོའི་ཐུན་སྒང་ལ་རང་དབང་མ་འདུས་པར་ཁམས་གསེང་བ་ལྟ་བུར། རང་དཔལ་གྱི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཐོན་ལ་སྤྱོད་ལམ་བྱ་ཞིང་ནང་དུ་འཇུག་པ་ན་སྔར་གྱི་དེ་ལ་ཐིམ་པར་བསམ་མོ། །འདི་རིགས་ཀྱི་ཞིབ་ཆ་འགའ་ཞིག་ལ་རྙིང་མ་བ་ལ་ལས་གསར་མ་ནས་རྒྱས་བཀབ་སྙམ་པའི་ལོག་རྟོག་སྐྱེ་སྲིད་མོད། འཕྲེང་འགོ་གཏེར་སྟོན་གྱི་རྣམ་ཐར་ངོ་མཚར་ཐིག་པར། འབྲི་གུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་གསུང་དྲངས་པར། ཁོ་བོའི་རྡོ་རྗེ་སློབ་དཔོན་མངའ་རིས་པཎ་ཆེན་རིན་པོ་ཆེ་དེའི་མཁྱེན་རབ་ལ་མཐའ་མེད། དེའི་བཀའ་ལས་རྙིང་མ་ལུགས་མཐུན་ཞིག་བྱེད་ན་གསང་སྔགས་སྔ་འགྱུར་རང་གི་བསྟན་པའི་བབས་ལ་བཀའ་གཏེར་ཟུང་ཞིག་གཅེས། བཀའ་མ་ནི་མདོ་སྒྱུ་སེམས་གསུམ་ལ་བཀའ་བབས་ཀྱི་ཆུ་བོ་བཞིའི་སྒོ་ནས་བཤད་རྒྱུད་རྣམ་པར་དག་པ་འདུག་པ་བཞིན་བཤད་པ་ལག་ལེན་དང་བཅས་པ་བཀའ་མ་ལྟར་བྱེད་དགོས། ཆོས་ཀྱི་ཟབ་གནད་རྣམས་ནི་བརྒྱུད་པ་དང་ཆོས་ལ་སེལ་མེད་པས་མཁའ་འགྲོའི་ཁ་རླངས་ཆིལ་ལེ་བ་དེ་གཏེར་མ་ཡིན་པས་གཏེར་ཆོས་ཚད་ལྡན་ལྟར་བྱེད་དགོས། དེ་ལྟར་བྱས་ན་རྙིང་མ་བ་ལུགས་དང་མཐུན་པ་ཞིག་ཡོང་ཕེབས་བྱུང་བས་ཁྱེད་རང་ཡང་ཉན་འདོད་ན་ཁོ་བོས་དེ་རྣམས་བཤད་ཆོག །བརྗེད་གསོ་ཙམ་དུ་ཡང་འགྲོ། ཞེས་པ་ལྟར་སྔགས་འཆང་མཁྱེན་རབ་ཅན་མཐའ་དག་བཀའ་གཏེར་གཉིས་ཀའི་དགོངས་པ་ལེན་ཅིང་སྒྱུ་འཕྲུལ་སོགས་བཀའ་མའི་རྒྱུད་མང་དག་ཅིག་གསང་སྔགས་གསར་མ་དང་ཆ་(༡༢བ)


GLG024_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་ཁོག་ཆེ། གཏེར་མར་དངོས་གྲུབ་གསལ་བ་རྣམས་ཀྱང་བརྒྱུད་དང་མན་ངག་བླ་མའི་ཕྱག་བཞེས་ལ་བརྟེན་ནས་འཁྲུགས་སྡེབ་དང་ཁ་འགེངས་དགོས་པ་བདེ་འདུས་དང་མགོན་པོ་འབར་མའི་དབང་ཆོག་ལ་མཁའ་ཀློང་ཡངས་པས་ཆོག་བསྒྲིགས་མཛད་པ་ལྟ་བུ་ཡིན་ནའང་ལ་ལ་དག་གཏེར་ཁ་འགའ་ཞིག་ཏུ་གསལ་མ་གསལ་ཡོད་པ་རྒྱུ་མཚན་དུ་བྱས་ངེས་ཀྱི་ཕ་མེས་ཀྱི་དུས་འདི་ཁོ་ན་ལྟར་ཡིན་ཞེས་ཨ་ཏིར་ཕུག་པའི་རྫོང་བཙན་འཛིན་མོད་གཏེར་ཁ་འོག་མའི་ཕུར་པ་སྤུ་གྲི་དང་བྱང་གཏེར་ཐུགས་རྗེ་ཆེན་པོའི་དབང་ཆོག་གི་སྟོད་ཆ་མི་གསལ་བ་རྗེས་འབྲངས་འདྲས་ཤོག་སེར་གྱི་དྲི་མ་ཁ་ཆིལ་ལི་བ་བྱེད་ཅེས་མགོ་མེད་མཇུག་སྡུམ་དེ་ག་བསྐུར་ཞིང་བུ་སློབ་རྣམས་ཀྱང་སྨིན་མ་གཟེངས་མཐོའི་བརྟུལ་ཞུགས་དེ་གར་གནས་རུང་། ཁྲུས་ཁང་ལོ་ཙཱ་བས་ཕུར་པ་སྤུ་གྲིར་ལེགས་བཤད་ཀྱི་ཡིག་འཇོག་དང་ཐུགས་རྗེ་ཆེན་པོའི་དབང་ཆོག་གི་ཁ་མངའ་རིས་པཎ་ཆེན་གྱིས་བཀང་བ་སོགས་ལ་སྔགས་འཆང་དབུ་ཟླུམ་དང་དབུ་རལ་ཅན་ཐམས་ཅད་ཐལ་མོ་སྦྱོར་བ་རིགས་སོ། །དུས་ཀྱི་བསྙེན་པ་རབ་ལོ། འབྲིང་ཟླ་བ་དྲུག །ཐ་མ་ཟླ་བ་གསུམ། གྲངས་ཀྱི་བསྙེན་པ་གཙོ་བོ་ལ་འབུམ་ཕྲག་བཅུ་བཞི། ཡུམ་ལ་དགུ །འཁོར་རྣམས་ལ་གཙོ་བོའི་ཕྱེད་ཆ་བཟླ། ལས་རུང་ཙམ་ལ་གཙོ་བོར་བཞི་འབུམ་མཛད་པའང་ཡོད། རྟགས་ཀྱི་བསྙེན་པའི་ཚད་ནི། གསང་རྒྱུད་ལས། སྐུ་ཉིད་དངོས་སུ་མཐོང་བའམ། སློབ་དཔོན་ཉི་ཟླ་མགལ་མེ་འཆར། ཉེ་བསྙེན་ལ། སྒྲུབ་རྫས་མེ་འབར་འོད་འཕྲོ་ཞིང་། །སྒྲུབ་ཁང་གཡོ་འགུལ་སྒྲ་ཆེན་འབྱུང་། །རང་ཉིད་ཁྲོ་རྒྱལ་སྐུ་རུ་གྱུར། །སྣང་སྲིད་མེ་ཏོག་དམར་པོས་ཁེངས། །སྒྲུབ་པ་ལ། (༡༣ན)


GLG024_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་སྡོང་པོར་བདག་འདུག་དང་། །སྣང་སྲིད་མེ་ཏོག་པདྨ་ཁེངས། །ཉམས་སུ་མྱོང་ལ་ཞེ་འདོད་མེད། །རང་ཡིད་ཆེས་ལ་ཁར་མི་འདོན། །བརྗོད་མེད་བསམ་མེད་དོན་དེ་རྟོག །སྒྲུབ་ཆེན་ལ། སངས་རྒྱས་ཉག་གཅིག་ཆོས་ཉན་པ། །ཕྱི་ཡི་རྟགས་ནི་རྨི་ལམ་དང་། །ནང་རྟགས་ཉམས་སུ་འབྱུང་བ་ཡིན། །གསང་བའི་རྟགས་ནི་དངོས་སུ་མཐོང་། །ཞེས་པའི་མཚན་མ་བཟང་པོ་རྙེད་ན་དུས་དང་གྲངས་ལ་མ་བལྟོས་ལ། བཟླ་ལུགས་ལ། རྔམ་གློག་ལས། བཟླས་བརྗོད་སྔགས་ཀྱི་བརྟུལ་ཞུགས་ཀྱང་། །སྒྲ་ཆེར་མ་ཡིན་ཆུང་བར་མིན། །མགྱོགས་པར་མ་ཡིན་བུལ་བ་མིན། །དྲག་པར་མ་ཡིན་དལ་བར་མིན། །ཡིག་འབྲུ་ཡན་ལག་ཉམས་པར་མིན། །ཡེངས་དང་གཡེལ་སོགས་ཆོད་མ་ཡིན། །རྒྱུ་ཡི་སེམས་དཔའ་ཡེངས་པ་དང་། །བཟླས་པའི་སྐྱོན་བཅུ་སྤངས་ནས་ནི། །དུས་དང་གྲངས་དང་མཚན་མ་ཡི། །བསྙེན་པ་རྫོགས་པར་རབ་ཏུ་གཅེས། །ཞེས་བཟླས་པའི་སྐྱོན་བཅུ་སྤོང་བར་གལ་ཆེ་ཞིང་བསྙེན་སྒྲུབ་སྤྱིའི་དམ་ཚིག་རྣམས་ལའང་སྤང་བླང་ཞིབ་ཏུ་བྱའོ། །ལས་སྦྱོར་གྱི་མནན་པ་སྲེག་ཟོར་གང་རུང་བྱ་བར་སྤྲོ་ན་རྒྱུད་དང་ལས་ཚོགས་ལས་ཤེས་པར་བྱ། གསུམ་པ་མཇུག་དངོས་གྲུབ་བླང་བ་ནི། གཟའ་ཚེས་ལེགས་པའི་སྔ་དྲོའི་ཆར། །ལོ་ཆེན་སྣང་མཛད་ཀྱིས། མཆོག་ཐོད་གླིང་ལྔ་ཁ་ཕྱེ་ལ། །མདུན་དུ་དཔལ་ཆེན་གཙོ་འཁོར་བསྐྱེད། །བཤགས་པ་མཆོད་པ་བྱས་ནས་སུ། །ཨཱོཾ་ལས་དཔག་མེད་ཨཱོཾ་བྱུང་ནས། །བདུད་རྩི་སྤྱི་བོར་ཐིམ་པ་ལས། །སྐུ་ཡི་དངོས་གྲུབ་ཐོབ་པར་བསམ། །རིལ་བུ་ལྔ་བཟའ་དངོས་གྲུབ་བླང་། །ཨཱོཾ་པདྨ་(༡༣བ)


GLG024_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོ་དྷ་ཀཱ་ཡ་སིདྡྷི་ཨ་ལ་ལ་ཧོ། ཨཱཿཧཱུཾ་གསུང་ཐུགས་གོང་གི་འགྲེ། །ཝཱཀ་ཙིཏྟ་རིམ་པས་སྤེལ། །མཆོད་བསྟོད་བྱས་ལ་ཚོགས་ལ་རིལ། །ལྷག་མ་ཁ་ཆུས་བསྟན་མ་བསྐྱང་། །བསྔོ་བ་སྨོན་ལམ་བཀྲ་ཤིས་བརྗོད། །ཙིཏྟ་རང་གི་རྐེད་ལ་བཅང་། །ཆང་གིས་གླིང་ལྔ་ཡིག་འབྲུ་རྣམས། །དག་པར་བཀྲུས་པའི་ཁུ་བ་དེ། །མ་ཉམས་རང་གིས་ལེགས་པར་འཐུང་། །རྡུལ་ཚོན་རང་གི་ལུས་ལ་བྱུང་། །གླིང་ལྔ་གཏུམས་པའི་དར་ལ་ནི། །བདུད་རྩི་རིལ་བུ་གཏུམས་ནས་ཀྱང་། །དར་སྣ་ལྔ་ཡིས་ཁ་བཅིངས་ལ། །ཉིན་རེ་བཞིན་དུ་རྟག་པར་བཟའ། །ཞེས་པ་ལྟར་སྒྲུབ་ཐོད་ཞལ་ཕྱེ་འཛབ་ཁང་གི་ལྷ་ཚོགས་རྣམས་ལ་ཡེ་ཤེས་སྐུ་མཆོག་མ་དང་ཡིག་བརྒྱ་སོགས་ཀྱི་བཤགས་པ། །ཕྱི་ནང་གསང་བའི་མཆོད་བསྟོད་རྒྱས་པར་འབུལ། མེ་ཏོག་གཏོར་ཞིང་དངོས་གྲུབ་བསྐུལ་ཚིག་བརྗོད། ལྷ་རྣམས་ཀྱི་དཔྲལ་བ་ནས་ཨཱོཾ་བྱུང་བ་སོགས་ཀྱི་ཏིང་འཛིན་དང་རིལ་བུ་བཟའ་ཞིང་སྔགས་སྦྱོར། དེ་བཞིན་དུ་གསུང་དང་ཐུགས་ལའང་སྦྱར་ཞིང་དངོས་སུ་མི་གསལ་ཡང་གུ་ཎ་དང་ཀརྨ་སྔགས་ཀྱིས་ཁ་བསྒྱུར་ནས་ཡོན་ཏན་འཕྲིན་ལས་ཀྱང་བླངས་ན་ལེགས་སམ་སྙམ། དངོས་གྲུབ་ཐོབ་པའི་གཏང་རག་ཏུ་མཆོད་བསྟོད་བྱ། ཐོད་པའི་སྒྲུབ་རྟེན་མེད་ན། ཚེ་གལ། ཟླ་ཁྲོམ། ཟླ་རྒྱས། མཐུན། འཇམ་དེས། མཾ་ས། ཛ་གད། འཛག་ཏི། ཀུན་ཏུ་རྒྱུ། སྤང་ན་སྐྱེས། སི་ཐོག་སོགས་དངོས་གྲུབ་ཀྱི་རྫས་རྣམས་ཚང་བར་བཤམ། དངོས་གྲུབ་བསྡུ་བའི་སྔགས་བརྒྱ་རྩ་བཟླ་ཞིང་དཔལ་གཏོར་ལ་དམིགས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གོང་ལྟར་ལེན་ཞིང་རྫས་རྣམས་ལ་རོལ། ཚོགས་འཁོར་དང་བཀའ་སྲུང་གི་ཚོགས་ལ་གཏང་རག་རྒྱས་(༡༤ན)


GLG024_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པར་དབུལ། ཙིཏྟ་ལུས་ལ་འཆང་ཞིང་ཀ་པཱ་ལའི་ཡིག་འབྲུ་མ་ད་ནས་བཀྲུས་ནས་འཐུང་བ་དང་རིལ་བུ་དར་གྱིས་གཏུམས་ཏེ་འདོགས་པ་སོགས་ཀྱང་གཞུང་བཞིན་དང་གཏང་རག་གི་མཆོད་བསྟོད་རྒྱས་པར་བྱ། ཡིག་བརྒྱ་བརྗོད་ཅིང་ནོངས་པ་བཟོད་པར་གསོལ། དཀྱིལ་འཁོར་སོགས་རྟེན་ཡོད་རྣམས་ལ་བརྟན་བཞུགས་དང་རྟེན་མེད་ཀྱི་ཚོགས་གཤེགས། སྨོན་ལམ་དང་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རྒྱལ་ཆེན་ལ་གཏང་རག་གཏོང་ཞིང་མཐོ་འགྲོལ། །མཚམས་ཕྱི་ནང་གི་འགྲོལ་ལུགས་ལག་ལེན་དཀྱུས་ལྟར་དང་། ཁ་སྐོང་གི་སྦྱིན་སྲེག་བསྙེན་པའི་བཅུ་ཆ་དགོས་པ་མཁས་གྲུབ་རྣམས་ཀྱི་གཞུང་ལས་འབྱུང་ངོ་། །དུས་གསུམ་སངས་རྒྱས་པདྨཱ་ཀ་ར་དང་། །དྲག་སྔགས་གྲུབ་པ་སྣང་མཛད་ལོ་ཙཱ་བའི། །སྲོལ་འཛིན་འདར་ཕྱར་ལུགས་ཀྱི་རྟ་མགྲིན་ཞེས། །གསར་རྙིང་ཀུན་ལ་སྙན་གྱི་བུ་རམ་མངར། །འོན་ཏེ་རྒྱས་བཀབ་རང་བཟོའི་འདྲ་བཅོས་མཁན། །འཕྱོན་མའི་ཟློས་གར་བསྒྱུར་བ་མཐའ་ཀླས་ཀྱང་། །སྨིན་གྲོལ་གདམས་པའི་འཕྲང་ལ་བཅུར་བ་ན། །རྔུལ་ཆུའི་ཐིགས་པ་འགྲམ་པར་འཕྱང་བ་མང་། །རུས་ཆེན་ཕ་མེས་རྡོ་བ་ལག་བརྒྱུད་དང་། །དགོན་གོག་གྲྭ་བཙུན་ཚིག་གི་འཁར་བ་ལ། །བརྟེན་ནས་ཡང་གསང་ཁྲོས་པའི་རྣལ་འབྱོར་དུ། །རློམ་རྣམས་འཇམ་པོའི་སྟན་ལ་ཅི་བདེར་ཉོལ། །ལམ་འདིའི་གྲུབ་བརྙེས་རིགས་སུ་མ་སོན་ཀྱང་། །བཀའ་གཏེར་རྒྱུད་འགྲེལ་མན་ངག་ལ་གོམས་ཤིང་། ཁྱད་པར་དམ་པའི་ཞལ་བཅུད་སྙིང་དབུས་སུ། །སིམ་པས་སྨྲ་བའི་སྤོབས་པ་གཟེངས་སུ་མཐོ། །ཆེས་དཀར་བསྐྲུན་པའི་བསོད་ནམས་ཉི་མའི་ལུས། །བརྒྱ་ཕྲག་འབར་བའི་


GLG024_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་ཡིས་ཡིད་སྲུབས་ཀྱི། །སྨག་རུམ་ཕ་མཐར་བྱས་ནས་བསྟན་དང་འགྲོའི། །བདེ་སྐྱིད་སྣང་བས་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་ཡིག་རིན་ཆེན་དབང་གི་འདོད་འཇོ་ཞེས་བྱ་བ་འདི་ནི་ཏོང་ཁུན་མི་ཉག་རྒྱལ་པོའི་གདུང་ལས་བྱང་བདག་ཆོས་རྒྱལ་ངག་གི་དབང་པོའི་སྤྲུལ་པའི་ཟློས་གར་བྱ་ནག་གི་རིགས་སུ་བལྟམས་པ་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེའི་གསུང་གིས་བསྐུལ་བ་དང་ཉེ་ཆར་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་ཤིན་ཏུ་གསལ་ཞིང་མཐའ་ཆོད་པ་ཞིག་དགོས་ཞེས་བསྐུལ་བ་ལྟར་རིགས་ཀུན་ཁྱབ་བདག་ཟུར་ཐམས་ཅད་མཁྱེན་པའི་བཀའ་དྲིན་ལས་ཆོས་སྐོར་རྣམས་རྫོགས་པར་ཐོས་ཤིང་རྡོ་རྗེ་འཆང་གནས་གསར་བ་མགོན་པོའི་མཚན་ཅན་གྱི་བྱིན་རླབས་དང་གསུང་གི་བདུད་རྩི་སྙིང་གི་ཟ་མ་ཏོག་ཏུ་འཁྱིལ་བའི་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱིས་དམར་སེར་ཅན་གྱི་ལོ་གླུ་དབྱངས་ཀྱི་ཟླ་བའི་གྲལ་ཚེས་ལ་རང་བྱུང་འཕགས་པའི་གཞལ་མེད་ཁང་དུ་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་པའོ།། །།སརྦ་མངྒ་ལཾ།། །།

པདྨ་ཡང་གསང་ཁྲོས་པའི་སྒྲུབ་བསྙེན་ལ་ཉེ་བ་མཁོ་བའི་དངོས་གྲུབ་ལེན་ཆོག་ཡིད་བཞིན་དབང་རྒྱལ།


GLG024_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཡང་གསང་ཁྲོས་པའི་སྒྲུབ་བསྙེན་ལ་ཉེ་བ་མཁོ་བའི་དངོས་གྲུབ་ལེན་ཆོག་ཡིད་བཞིན་དབང་རྒྱལ་བཞུགས་སོ། །


GLG024_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བརྒྱུད་བླ་མ་ཁྲག་འཐུང་དཔལ་གྱི་ལྷ། །དབྱེར་མེད་ཞབས་ལ་གུས་པས་ལེགས་བཏུད་ནས། །དངོས་གྲུབ་ལེན་པའི་ཆོ་ག་མན་ངག་གིས། །རྣམ་པར་བརྒྱན་ནས་གོ་བདེ་གསལ་བར་བཤད། །དེ་ཡང་པདྨ་ཡང་གསང་ཁྲོས་པའི་སྒྲུབ་ཆེན་དང་བསྙེན་པ་ལ་ཉེ་བར་མཁོ་བའི་དངོས་གྲུབ་ལེན་པའི་རིམ་པ་ལ། ལས་བྱང་རྒྱས་པར་གཏོང་ཞིང་ཚོགས་བྱེད་པར་སྤྲོ་ན་ཐ་མའི་བར་དཀྱུས་བཞིན་བཏང་། དངོས་གྲུབ་དངོས་ལ་བཤམ་པ། མཚམས་བཅད་པ། སྒྲུབ་རྟེན་གསལ་བཏབ་ནས་བྱིན་འབེབས་པ། དངོས་གྲུབ་བསྡུ་བ། ལྷ་གནད་ལ་དབབ་པ། བཤགས་མཆོད། དངོས་གྲུབ་ལེན་པ་དང་བདུན། དང་པོ་ནི། སློབ་དཔོན་བཻ་རོ་ཙ་ནས་མཆོག་ཐོད་གླིང་ལྔ་ཁ་ཕྱེ་ལ། །མདུན་དུ་དཔལ་ཆེན་གཙོ་འཁོར་བསྐྱེད་ཅེས་པ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་ཐོག་མ་ནས་དབྱེར་མེད་ཡིན་པས་སྔར་ཡང་གསལ་འདེབས་ཀྱི་ཚུལ་དུ་གསལ་བཏབ་ནས་བཤགས་པ་མཆོད་བསྟོད་བྱེད་པར་གསུངས་པས། མཆོག་ཐོད་གྲི་སྙིང་རིལ་བུ་སོགས་དར་དམར་གྱིས་གཏུམས་པ་དེ་ཞལ་ཕྱེ་བསྡུ་ན་འདི་ཙམ་གྱིས་ཆོག་ལ། རྒྱས་པར་སྤྲོ་ན་ཚེ། གལ། ཟླ་ཁྲོམ། ཟླ་རྒྱས། ཐུན། (༢ན)


GLG024_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དེས། མི་ས། ཛ་གད། ཛཱ་ཏི། ཀུན་ཏུ་རྒྱུ། སྤང་ན་སྐྱེས། སི་ཐོག་སོགས་མདོར་ན་དངོས་གྲུབ་ཀྱི་རྫས་ལ་འོས་པའི་བཟའ་བཅའ་བཏུང་བའི་རིགས་ཅི་འབྱོར་པ་དང་། ཆུ་གཉིས་ཉེར་སྤྱོད། སྨན་རག་གཏེར་གསུམ་གསར་པའམ་རྙིང་པ་ཁ་གསོ། ཁྲག་ཆང་གཟེད་ཞལ་དང་བཅས་པ་བཤམ། གཉིས་པ་མཚམས་གཅོད་ལས་བྱང་ལྟར། གསུམ་པ་སྒྲུབ་རྟེན་གསལ་གདབ་བྱིན་འབེབས་པ་ནི། འཛབ་བསྐང་གོང་ནས་དབྱེ་ཟིན་པ་སླར་གསལ་འདེབས་སྐྱོར་དང་། དཀྱིལ་འཁོར་སྒྲུབ་རྫས་དང་དངོས་གྲུབ་ཀྱི་རྫས་ཐམས་ཅད་ལ་ལས་བྱང་ལྟར་བྱིན་འབེབས། བཞི་པ་དངོས་གྲུབ་བསྡུ་བ་ནི། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་རང་འདྲའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས། རྒྱལ་བ་ཞི་ཁྲོའི་བྱིན་རླབས་ཐམས་ཅད་ལྷ་སྔགས་ཕྱག་མཚན་གྱི་རྣམ་པ་དང་འབྱུང་བ་བཞིའི་བཅུད་ལྷ་དང་མི་ལ་སོགས་པ་རྣམས་ཀྱི་ཚེ་དཔལ་བསོད་ནམས་ཡོན་ཏན་ཐམས་ཅད་བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པ་འདོད་ཡོན་ལྔ་བཀྲ་ཤིས་རྟགས་རྫས་ལ་སོགས་པའི་རྣམ་པར་བྱོན་ནས་མདུན་བསྐྱེད་ཀྱི་རྟེན་དང་སྒྲུབ་རྫས་དངོས་གྲུབ་ཀྱི་རྫས་རྣམས་ལ་ཐིམ་པར་བསམས་ལ། ཨོཾ་པདྨཱནྟ་ཀྲྀ་ཏ་པདྨེ་(༢བ)


GLG024_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཤྭ་རི་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་མ་མ་ཏྲག་མོ་དུན་ཏིཾ་ཧྲིཾ་ཧྲིཾ་ཧཱུཾ་ཛ། ཉེར་གཅིག་བཟླས་རྗེས། ཨཱོཾ་པདྨ་ཀྲོ་དྷ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨ་ལ་ལ་ཧོ་ཞེས་པ་བརྒྱ་རྩ་འདྲེན། གོང་དང་སྦྲེལ་ནས་སརྦ་སིདྡྷི་པ་ལ། མ་ཧཱ་སིདྡྷི་ཨཱ་ཡུ་བ་རི། ད་ན་མི་དི་སིདྡྷི་ཞེས་ཅི་རིགས་བཟླ། ལྔ་པ་ལྷ་གནད་ལ་དབབ་པ་ནི། ཧཱུཾ། པདྨ་དབང་ཆེན་ལྷ་ཚོགས་དབྱིངས་ནས་གཤེགས། །དཀྱིལ་འཁོར་འདིར་བཞུགས་དངོས་གྲུབ་སྩལ་དུ་གསོལ། །གནས་འདིར་མི་གཤེགས་དངོས་གྲུབ་མ་སྟེར་ན། །ཐུགས་བསྐྱེད་ཉམས་ཤིང་དམ་ཚིག་འགལ་བར་མཆིས། །རྩ་སྔགས་མཇུག་ཏུ་ས་མ་ཡ་ཛ། ས་མ་ཡ་སྟྭཾ། དྲུག་པ་བཤགས་མཆོད་འབུལ་བ་ནི། ཡེ་ཤེས་སྐུ་མཆོག་མ་དང་ཡིག་བརྒྱས་ནོངས་པ་གསོལ། །ཧྲཱིཿ བདུག་སྤོས་སྣང་གསལ་ཞུགས་ཏོག་སྒྲ་ནས་རཀྟའི་བར་ལས་བྱང་ལྟར། དེ་ནས་ཧཱུཾ་རིང་ལན་གསུམ་དང་བཅས་ཏེ་རཀྟ་འཕྱར། ཧཱུཾ། པདྨ་དབང་ཆེན་ལྷ་ཚོགས་རྣམས། །དང་པོར་སྐྱབས་མགོན་ཡེ་ཤེས་ལྷ། །བར་དུ་སྒྲུབས་པས་ཡི་དམ་ལྷ། །ད་ལྟ་གཉིས་མེད་ཆོས་ཀྱི་སྐུ། །རཀྟ་དམར་གྱི་མཆོད་པ་འབུལ། །མཆོད་པ་བཞེས་ལ་དངོས་གྲུབ་སྩོལ། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། རྩ་སྔགས་མཇུག་ཏུ། མ་ཧཱ་རཀྟ་ཁཱ་ཧི་ཞེས་བཟླ་ཞིང་། བཟེད་ཞལ་ནས་དཀྱིལ་འཁོར་གྱི་མདུན་དུ་རཀྟ་ལན་གཉིས་འབུལ་བ་ཕྱག་ལེན་ལྟར་རོ། །རང་ལ་ཡང་། མ་ད་ན་ཡ་མཆོད་པ་འབུལ། །ཞེས་ཚིག་རྐང་ལྔ་པ་དང་། མ་ཧཱ་རཀྟའི་ཚབ་ལ། མ་ཧཱ་པཉྩར་འདོན་པ་བསྒྱུར་བ་མ་གཏོགས་གོང་བཞིན་ནོ། །བདུན་པ་དངོས་གྲུབ་ལེན་པ་དངོས་ནི། མེ་ཏོག་འཐོར་ཞིང་ཌཱ་དྲིལ་དང་བཅས་ལ།


GLG024_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ལྷག་པའི་ཡེ་ཤེས་པདྨ་དབང་གི་ལྷ། །རང་བཞིན་དབྱིངས་ནས་རྩོལ་རྟོག་མི་མངའ་ཡང་། །སྔོན་གྱི་ཐུགས་དམ་རང་བཞིན་བྱིན་རླབས་ནི། །ནོར་བུ་རིན་ཆེན་དགོས་འདོད་ཀུན་འབྱུང་ལྟར། །དུས་ལས་མི་འདའ་ཐུགས་རྗེའི་དབང་གི་ལྷ། །དུས་ལས་མི་གཡེལ་གཡར་དམ་གཅོག་པའི་ངང་། །མི་ཟད་རིན་ཆེན་རྒྱན་གྱི་འཁོར་ལོ་ནས། །མཆོག་དང་མཐུན་མོང་དངོས་གྲུབ་མ་ལུས་པ། །སྐལ་ལྡན་རྣམས་ལ་དུས་འདིར་སྩལ་དུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །འཛད་མེད་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། །བརྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མི་འཛད་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །མངོན་ཤེས་རྫུ་འཕྲུལ་དངོས་གྲུབ་སྩལ་དུ་གསོལ། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །ཀུན་བཟང་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །བསྐུལ་རྗེས། དཔལ་ལྷ་རྡོ་རྗེའི་སྐུ་འཆང་པ། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །དེང་བདག་སངས་རྒྱས་སྐུ་འཛིན་པ། །སྐུ་ཡི་རྡོ་རྗེ་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་དཔྲལ་བ་ནས་ཡི་གེ་ཨོཾ་དཀར་པོ་འོད་ཟེར་བདུད་རྩིའི་རྒྱུན་དང་བཅས་ཐོན་རང་གི་དཔྲལ་བར་ཐིམ། སྐུའི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམས་ལ། ཨོཾ་པདྨ་ཀྲོ་དྷ་ཀཱ་ཡ་སིདྡྷི་ཨ་ལ་ལ་ཧོ། ཞེས་བརྗོད་ཅིང་རིལ་བུ་ལྔའམ་གཅིག་སོགས་གང་འོས་ཟ། དེ་བཞིན་དུ་གསུང་ཨཱཿ ཝཱཀ །ཐུགས་ཧཱུཾ། ཙིཏྟ། ཡོན་ཏན། སྭཱ། གུ་ཎ། འཕྲིན་ལས། ཧཱ། ཀརྨ་སོགས་རིགས་འགྲེ། ཧཱུཾ། དགོངས་ཤིག་པདྨ་གསུང་གི་ལྷ། (༣བ)


GLG024_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་མཁའ་འགྲོ་དམ་ཅན་ཚོགས། །དབང་གྱུར་ཐམས་ཅད་དགོངས་སུ་གསོལ། །དང་པོ་བསྙེན་ཅིང་བར་དུ་བསྒྲུབས། །བསྐྱེད་རྫོགས་གཉིས་ཀྱིས་ལས་གཞུང་བསྲངས། །སྨིན་གྲོལ་གཉིས་ཀྱིས་རྒྱུད་ཀྱང་སྦྱངས། །ཞག་དུས་གྲངས་དང་རྟགས་ཀྱང་ཐེམས། །དིང་སང་སྐྱ་རེངས་དང་པོའང་ཤར། །རྡོ་རྗེའི་ནམ་ཡང་ལངས་ལ་ཉེ། །འདོད་དགུའི་དངོས་གྲུབ་རིན་པོ་ཆེ། །ད་ནི་འབྱུང་བའི་དུས་ལ་བབ། །དཔལ་ཆེན་རྟ་མགྲིན་ལྷ་ཚོགས་རྣམས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི། །དབང་དང་དངོས་གྲུབ་བདག་ལ་སྩོལ། །ལྷ་དང་སྐལ་བ་མཉམ་པར་ཤོག །ཁྲག་ཆང་གཉིས་ནས་ཀྱང་གནས་གསུམ་དུ་རེག །གྲུབ་རྫས་དང་དངོས་གྲུབ་ཀྱི་རྫས་རྣམས་འགྲིམ་ཞིང་ལོངས་སྤྱོད། འབད་དང་རྩོལ་བ་སོགས་དང་། སློབ་དཔོན་མཆེད་ལྕམ་ཚོགས་རྣམས་ཀྱིས། །དངོས་གྲུབ་རྫས་ལ་ལོངས་སྤྱད་པས། །ཚེ་རིང་ནད་མེད་བར་ཆད་ཞི། །མཆོག་ཐུན་དངོས་གྲུབ་འགྲུབ་གྱུར་ཅིག །ཚོགས་ལ་རོལ་བ་ནས་བཟོད་གསོལ་གྱི་བར་ལས་བྱང་གི་དཀྱུས་ལྟར། རས་བྲིས་ཀྱི་དཀྱིལ་འཁོར་དང་ཕུར་པ་བྲིས་འབུར་གྱི་སྐུ་སོགས་ལ་བརྟན་པར་བཞུགས། རྡུལ་ཚོན་དང་རྟེན་མེད་པ་རྣམས་ལ་གཤེགས་གསོལ། ཐོད་སྐུ་ཚུར་བླངས་ན་མ་ད་ནས་ཡིག་འབྲུ་རྣམས་བཀྲུས་ནས་འཐུང་། གྲི་སྙིང་རིལ་བུ་དར་དམར་གྱིས་གཏུམས་ནས་ལུས་ལ་བཅང་། བསྔོ་བ་སྨོན་ལམ། ཤིས་བརྗོད་རྣམས་རྒྱས་པར་བྱའོ། །ལྷ་སྔགས་ཡེ་ཤེས་རྫས་ཀྱི་ཆུ་འཛིན་ལས། །མཆོག་ཐུན་དངོས་གྲུབ་ཆར་ཆེན་འབེབས་པའི་ཐབས།། རིགས་འཛིན་བརྒྱུད་པའི་བཞེད་སྲོལ་དབྱར་གྱི་རྔས། །སྐལ་བཟང་རྨ་བྱ་དགའ་(༤ན)


GLG024_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཟློས་གར་བསྒྱུར། །པདྨའི་ཐུགས་བཅུད་བཻ་རོའི་ཞལ་གྱི་ལུང་། །དབང་ཆེན་མན་ངག་མ་དང་མཁའ་འགྲོ་ཡི། ཁ་རླངས་ཟིལ་དངར་འཐུལ་བའི་གཞོམ་མེད་སྲོག །འཚོ་བ་དོན་ལྡན་འདི་ཕྱིའི་གཏན་མདུན་འགྲུབ། །དེ་ཕྱིར་འབད་པས་རབ་བསྐྲུན་བསོད་ནམས་ཚོགས། །མཐོན་པོ་ཏི་སེའི་ཡབ་གཅིག་རབ་བརྩེགས་ལས། །འཕྲིན་ལས་ཟད་མི་ཤེས་པ་གངྒཱའི་རྒྱུན། །བྱང་ཆེན་ཟླ་བའི་མ་མར་རྟག་འབབ་ཤོག །ཅེས་པདྨ་ཡང་གསང་ཁྲོས་པའི་སྒྲུབ་བསྙེན་ལ་ཉེ་བར་འཁོ་བའི་དངོས་གྲུབ་ལེན་པའི་ཆོ་ག་ཡིད་བཞིན་དབང་རྒྱལ་འདི་ནི་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྙེན་ཆེན་བཏང་ཚེ་བསྐུལ་བ་ལྟར་ཟ་ཧོར་གྱི་སྔགས་བཙུན་ཆེ་མཆོག་འདུས་པ་རྩལ་གྱིས་ལྕགས་བྱ་སྤྲེ་ཟླའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་རྒྱལ་ཁབ་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་ངག་དབང་དཀོན་མཆོག་གིས་བྲིས་པ་སིདྡྷི་པྲ་ཡཙྪ།། །།སརྦ་མངྒ་ལཾ།། །།

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་པའི་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་གི་ཆོག་སྒྲིགས་ཡེ་ཤེས་སྣང་བ་རབ་འབར།


GLG024_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་པའི་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་གི་ཆོག་སྒྲིགས་ཡེ་ཤེས་སྣང་བ་རབ་འབར་ཞེས་བྱ་བ་བཞུགས་སོ། །


GLG024_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་ཝ་ཤཾ་པདྨ་ཧེ་རུ་ཀཱ་ཡ། སྲིད་གསུམ་ཟིལ་གནོན་མཚོ་སྐྱེས་རྡོ་རྗེ་དང་། །དྲག་སྔགས་བཀའ་བབས་ལོ་ཆེན་རྣམ་སྣང་མཛད། །གདམས་པའི་སྲོལ་འཛིན་འདར་འཕྱར་མུས་སྲད་པ། །ཚར་ཆེན་ཡབ་སྲས་ཞབས་རྡུལ་གཙུག་ན་བསྟེན། །དང་བའི་ཆུ་གཏེར་འཕེལ་བྱེད་བཀའ་དྲིན་ཟླ། །རྟག་ཏུ་ཡིད་མཁར་འཆར་བ་གནས་གསར་རྗེ། །ཀུན་མཁྱེན་ཟུར་ཆེན་ཁྱབ་བདག་བླ་མ་གཉིས། །ཟུང་འཇུག་མངོན་གྱུར་དེ་སྲིད་སྐྱབས་ཀྱི་ཕུལ། །པདྨ་གར་གྱི་དབང་ཕྱུག་ཡང་གསང་ལྷ། །བསྙེན་སྒྲུབ་གསང་སྔགས་རྟ་སྐད་ང་རོའི་སྒྲ། །དངོས་གྲུབ་འབྲས་འབྱིན་ཁ་སྐོང་སྦྱིན་སྲེག་ཁྲིགས། །སྐད་གཉིས་སྨྲ་བ་བཻ་རོའི་གཞུང་བཞིན་འདྲི། །དེ་ཡང་སློབ་དཔོན་ཆེན་པོ་པདྨས་མཛད་པའི་སྲེག་བྱང་དང་། དེའི་དགོངས་དོན་ལྟར་བཀྲལ་བའི་ཡི་གེ་ཕལ་ཆེར་དབང་དྲག་ལ་སྦྱར་བ་ཤས་ཆེ་ཡང་། བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་སྦས་པ་མིག་འབྱེད་ཀྱི་དངོས་གྲུབ་སྡུད་པའི་དགོངས་དོན་གསལ་བར་བཀོད་པ་ལ། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། ཞི་བའི་ལས་ལ་ཤིས་པའི་གཟའ་སྐར་དུས་སྦྱོར་བཟང་པོའི་ཚེ། །ས་མ་དུལ་བའི་རིགས་ལ་སའི་ཆོ་ག་(༢ན)


GLG024_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གནས་ཁང་རྙིང་པར་ཆ་གསུམ་དང་། གསེར་སྐྱེམས་ཀྱིས་སྡེ་བརྒྱད་ཆ་སྙོམས། མཚམས་མ་གྲོལ་བའི་མཐོ་ཁོངས་སུ་བྱེད་ན་དེ་དག་ཐམས་ཅད་བཏང་སྙོམས་སུ་བཞག་གནས་ཁང་བྱི་དོར་བྱས་ཤིང་བདུད་རྩི་དང་བ་བྱུང་ལྔས་སྐྱང་ནུལ་བྱ། དེའི་སྟེང་བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་པ་ལོགས་རེ་ལ་མདའ་གང་དང་དཔངས་ཕྱག་གང་པ། དེའི་སྟེང་དུ་ཐབ་ཁུང་ནི། དངོས་གྲུབ་སྡུད་པ་ལས། ལས་བཞི་བསྒྲུབ་པའི་ཐབ་ཁུང་ལ། །རབ་འབྲིང་ཐ་མའི་རིམ་པ་ཡི། །རྒྱར་ནི་ཁྲུ་གང་མཐོ་གང་དང་། །མཐེབ་མཛུབ་མཁྱིད་གང་དཔངས་སུ་བྱ། །གཏིང་ན་གྲུ་གསུམ་ཟླ་གམ་གསུམ། །ཟླུམ་པོ་གྲུ་བཞི་སོར་མོ་རེས། །རིམ་པ་བཞིན་དུ་མཐོ་བར་བྱ། །བཤད་བཞིན་མ་འབྱོར་ཤུག་པ་ལ། ཁྲུ་གང་མཐོ་གང་དཔངས་ཀྱི་ཚད། ཅེས་བྱུང་བ་ལྟར་ཚངས་ཟུར་གྱི་ཐིག་བཏབ་པའི་ལྟེ་བ་ནས་མཐོ་གང་བསྐོར་བའི་དབུས་སུ་ཆོས་འབྱུང་གྲུ་གསུམ་ཟླ་གམ། དེའི་ཕྱིར་འཁོར་ལོ་རྩིབས་བཞི་པ་ཆོས་འབྱུང་གི་ལྟེ་བར་ལྷ་མཚན་གྱི་པདྨ་དང་། རྩིབས་ལ་རྡོ་རྗེ་དབང་ཆེན་སོགས་དང་། རྩིབས་ཕྱིའི་ཁྱམས་ཀྱི་མུ་ཁྱུད་ལ་ལྕགས་ཀྱུ་(༢བ)


GLG024_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྒོ་མ་བཞིའི་ཕྱག་མཚན་ནམ་ཡང་ན་ས་བོན། བསྡུ་ན་ཚོན་སྤུངས་ཙམ་གྱིས་ཀྱང་རུང་། ཕྱི་རོལ་ཏུ་ཁ་ཁྱེར་དང་མུ་རན་སོར་བཞི་རེ་བསྐོར་བའི་མུ་རན་ལ་རྡོ་རྗེའི་ཕྲེང་བ། གྲ་བཞིར་ཟླ་ཕྱེད་རྡོ་རྗེའི་ཕྱེད་དང་བཅས་པ་བྲི། དེའི་སྟེང་དུ་ཤུག་པའམ་འོ་མ་ཅན་གྱི་ཤིང་གིས་རུང་མོད། འོན་ཀྱང་བཟོ་དབྱིབས་བདེ་བའི་དབང་དུ་བྱས་ན་ནགས་ཀྱི་ལྕི་བ་སྐམ་པོ་སྲོག་ཆགས་མེད་པ་ལས་གྲུབ་པའི་ཐབ་རྒྱར་ཁྲུ་གང་པ། དཔངས་སུ་ཁྲུ་ཕྱེད་པར་ས་དཀར་རམ་འབྲས་དཀར་གྱི་ཁུ་བས་ཁ་བསྒྱུར། ཤར་ལྷོར་ཏིང་ལོ་ཆེ་བ་ཞིག་གི་མེ་ཚང་བཅའ། རང་དང་ཐབ་ཀྱི་བར་དུ་མེ་ཡོལ་གྱི་ལོགས་ལ་དཀར་རྩི་བྱུགས་པར་གངས་རི་དང་ཝཾ་ཡིག་འདྲི་བའམ། ཡང་ན་གངས་རི་ལས་འོངས་པའི་ཆུ་དངོས་བསྟན་སྣོད་དུ་བླུག་པ་བཞག་ཀྱང་རུང་། གོང་དུ་བཤད་པའི་ཤིང་གི་རྒྱུ་ལས་གྲུབ་པའི་ཡཾ་ཤིང་སྲོག་ཆགས་ཀྱིས་མ་ཟོས་མ་རུལ་བ་སོར་བཅུ་གཉིས་པའི་ཚད་ཀྱི་རྩ་རྩེར་མར་དཀར། འོ་མ། སྦྲང་རྩི། བདུད་རྩི། དྲི་ཞིམ་པོའི་ཆུ་རྣམས་ཀྱིས་སྦགས་པ། བསྲེག་པའི་རྫས་ནི་འདི་ལྟ་སྟེ། ཏིལ་དང་མེ་ཏོག་ཨ་མྲྀ་ཏ། །བྱི་ཏང་འབྲས་བུ་ཁུ་བྱུག་རྩྭ། །རུ་རྟ་ཤུ་དག་རྒྱ་སྤོས་དང་། །པྲི་ཡངྐུ་དང་ལན་ཚྭ་དང་། །པདྨ་གེ་སར་ནཱ་ག་པུས། །ཞིབ་བཏགས་དཀར་དང་ར་དུག་གི་སྦྲུས། །ཇི་ཙམ་བསྲེས་པ་རིལ་བུ་བྱ། །མངར་གསུམ་བསྐུས་པའི་མེ་ཏོག་དང་། །མར་ཁུ་རང་གིས་ཅི་འབྱོར་བ། །ཞེས་པའི་རྫས་རྣམས་བཏབ་པའི་མེ་སྲོག་འཛིན་པའི་མར་ཁུ། རྫས་དེ་རྣམས་ལ་རིལ་བུར་བྱས་པའི་སྲེག་རྫས་གྲངས་ཇི་ཙམ་འོས་པ་མ་གཏོགས། རྫས་ཆེན་བཅུ་གཉིས་དང་། ཉེར་ལྔ་སོགས་གཞན་ནས་འབྱུང་བ་རྣམས་དགོས་པའི་ངེས་པ་མེད་པས་ཆད་(༣ན)


GLG024_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་ཏུ་ཡང་མི་འགྱུར། ཁྱད་པར་རྫས་གུ་གུལ་དཀར་པོ། ཙན་དན་དཀར་པོ། དཱུརྦ། པྲི་ཡངྐུ། ཐང་ཆུ། འབྲས་ཡོས། ཙམ་པ་ཀ་རྣམས་ཞིབ་མོར་བཏགས་པའི་ཁུ་བས་གོང་གི་རྫས་རྣམས་སྦགས། འདོད་གསོལ་ཤིང་བྱང་བྱས་ཀྱང་ཆོག །གཡས་ཕྱོགས་སུ་སྟན་དཀར་པོའི་སྟེང་དུ་ཤེལ་ལམ་དངུལ་སོགས་རིན་པོ་ཆེ་དང་ཁམས་དཀར་པོའི་སྣོད་གས་ཆག་མེད་པའི་ནང་དུ་འདས་མ་འདས་ལ་མང་ཉུང་གི་ཁྱད་པར་དང་བཅས་ཏེ་སྦྲེང་ཚར་དུ་བཀོད། ཕྱི་ལྔ་ནང་གསུམ་མཆོད་པ་བཤམས། །ཞེས་པ་ལྟར། གཡོན་ཕྱོགས་སུ་སྟན་དཀར་པོའི་སྟེང་དུ་རང་རྫས་བསྲེས་པའི་འདས་མ་འདས་སོ་སོར་ཕྱི་མཆོད་ལྔ། ནང་གི་སྨན་རཀ་གཏོར་གསུམ། མདུན་དུ་ནང་མཆོད། ཌཱ་མ་རུ། རྡོ་རྗེ། དགང་བླུགས་ཁ་སྦྱར་བ། དྲིལ་བུ། རཀྟ། མེ་ཏོག །ཀུ་ཤ་བརྒྱད། སྤོར་ལྡེ། རླུང་གཡབ་རི་མོ་ཅན། སོ་རྩི། གོས་ཟུང་། ལས་བུམ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་བཀོད་པས་མཛེས་པར་བྱས། དེ་ནས་སྒྲུབ་པ་པོ་རྣམས་དྲི་ཞིམ་པོའི་ཆུས་ལུས་བཀྲུས། གར་ཆས་དངོས་སམ། མ་འབྱོར་ན་ཐོར་ཚུགས། སྟོད་གཡོགས། སྨད་གཡོགས་རྣམས་དཀར་པོར་བྱ། སྟན་བདེ་བ་ལས་པདྨའི་འདུག་སྟངས་ཀྱིས་ཁ་ཤར་ཕྱོགས་ལ་བལྟས་པའི་ངག་བཅད། གཉིས་པ་དངོས་གཞི་ནི། ལས་བྱང་གི་གཞུང་བསྲངས། ཚོགས་ཐ་མ་ཡན་གཏོང་བའམ། དེའི་སྔོན་དུ་བཏང་ཟིན་ཀྱང་མི་འགལ། རྡོར་དྲིལ་དང་། རྔ་བྱིན་རླབས་བྱེད་པར་སྤྲོ་ན་བཀའ་བརྒྱད་གསང་རྫོགས་ལྟར་དང་། མ་བྱས་ཀྱང་ཆད་ལྷག་ཏུ་མི་འགྱུར། གཟར་བུ་གཉིས་བརླབ་པ་ནི། (༣བ)


GLG024_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། བྱིན་རླབས་རྣམས་འོད་ཟེར་གྱི་ཚུལ་དུ་བཀུག་སྟེ་གཟར་བུ་གཉིས་ལ་ཐིམ། དེ་ཞུ་བ་ཧཱུཾ་ལས་བླུགས་གཟར་རྡོ་རྗེ་དང་ཨ་ལས་དགང་གཟར་དྲིལ་བུའི་རྣམ་པ་ཅན་ཡོངས་སུ་གྱུར་པ་ལས་དབང་ཆེན་དམར་ནག་བེ་ཅོན་དང་སྡིགས་མཛུབ་མཛད་པ། པདྨ་གར་དབང་མཐིང་ནག་ཙིཏྟ་དང་དུང་ཁྲག་འཛིན་པ་དང་སྙོམས་པར་ཞུགས་པའི་རྐྱེན་གྱིས་འོད་དུ་ཞུ་ནས་བླུགས་གཟར་དང་དགང་གཟར་གྱི་རྣམ་པར་བསམ། ལས་བུམ་བསྒྲུབ་པ་ནི་དབང་ཆུ་བདེ་ཆེན་མྱུ་གུ་ལྟར་བྱེད། མཆོད་པ་སྨན་གཏོར་རཀྟ་བརླབ་པ་ལས་བྱང་ལྟར་བྱ། སྲེག་རྫས་འབྲུ་གསུམ་བྱིན་རླབས་བྱ། །ཞེས་པ་ལྟར། གཡས་སྐོར་གྱིས་བསང་ཆུ་དང་། སྨན་ཕུད་ནས་ཀྱང་གཏོར་ཏེ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཉི་ཟླའི་གཞོང་པ་གའུ་ཁ་སྦྱོར་གྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་སྲེག་རྫས་རྣམས་དངས་ཤིང་ཐོགས་པ་མེད་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་ཤིང་རང་རང་གི་ཞི་བའི་ལས་རབ་འབྱམས་མ་ལུས་པ་བསྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ་ཕྱག་རྒྱ་དང་བཅས་རྫས་རྣམས་བཀྲུས་པར་མོས་ཏེ་ཨཱོཾ་ཨཱོཾ་སྭཱཧཱ། ཡཾ་ཤིང་ལ་ཨཱོཾ་ཨཱཿསྭཱཧཱ། མར་ལ་ཨཱོཾ་ཤྲཱི་སྭཱཧཱ། འབྲུ་ལ་ཨཱོཾ་ཛྲིཾ་སྭཱཧཱ། རྫས་གཞན་རྣམས་ལ་ཨཱོཾ་ཀུ་རུ་ཀུ་རུ་སྭཱཧཱ། ཨཱོཾ་ཨཱཿཧཱུཾ་འཇིགས་པ་བརྒྱད་ལ་སོགས་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་ནུས་ལྡན་བདུད་རྩིར་བརླབ། མེ་བསྒྲུབ་པ་ནི། བྲམ་ཟེ་རྒྱུན་བཞག་གི་མེ་ལྟ་བུ་ལས་སྦར་བའི་དཔལ་འབར་ཐལ་ལོ་ཁ་སྦྱར་བའི་བར་དུ་བཟུང་སྟེ་ལན་གསུམ་གཡས་སུ་བསྐོར་བ་དང་མཉམ་དུ་བསྙེན་(༤ན)


GLG024_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཟླ་ཞིང་། ཏིང་ལོ་སྤར་བ་དང་བཅས། ཨཱོཾ་ཨགྣེ་རཾ་ཛྭ་ལ་རཾ་ཞེས་བརྗོད། ཐབ་བསངས་མེ་སྦར་མེ་སྲོག་གཟུང་། །ཐུགས་ཀའི་ཧྲཱིཿལས་རཾ་ཆད་དེ། །རཾ་ལས་མེ་ལྷ་དམར་སེར་ནི། །ར་ཞོན་མེ་ངར་ལྕགས་ཀྱུ་ཐོགས། ཨགྣེ་ཛཿཧཱུཾ་བཾ་ཧོཿཡིས། །དགུག་གཞུག་གནས་གསུམ་བྱིན་གྱིས་བརླབ། །སྣང་བ་མཐའ་ཡས་རྒྱ་ཡིས་བཏབ། །ཅེས་པ་ལྟར། ཐབ་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་ཞི་བའི་ཐབ་ཁུང་ཟླུམ་པོ་དཀར་པོ་རྒྱར་གྲུ་གང་པ། དཔངས་སུ་ཁྲུ་ཕྱེད་པ། ཁ་ཁྱེར་དང་མུ་རན་ལ་རྡོ་རྗེའི་ཕྲེང་བ་ཟླུམ་པོར་བསྐོར་བ། ཕྱི་རོལ་གྱི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དངས་ཤིང་ཐོགས་པ་མེད་པ་མེ་འབར་བའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ཐུགས་ཀའི་ཧྲཱིཿལས་རཾ་ཡིག་ཅིག་ཆད་པ་ལས་འོད་ཟེར་འཕྲོས། འདུས་ཡོངས་སུ་གྱུར་པ་ལས་མེ་ལྷ་དཀར་པོ་ར་སྐྱེས་ལ་ཞོན་པ་ཞལ་གཅིག་ཕྱག་གཉིས་པ་གཡས་མེ་དར་དང་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་བགྲང་འཕྲེང་འཛིན་པ། གསུས་ཁྱིམ་ཆེ་བ་རལ་པའི་ཐོར་ཚུགས་ཅན། སྨ་ར་ཨག་ཚོམ་དང་ཚངས་པའི་སྐུད་པ་འཆང་བ། སྐུ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོ་ཞིང་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བར་བསམ། སྙན་གསན་ནི། ཧོ། མེ་ལྷའི་རྒྱལ་པོ་དྲང་སྲོང་ཁྱེད་སྔོན་ལྷའི་དབང་དུ་སྦྱིན་སྲེག་མཛད་འཚལ་ཏེ་དེང་བདག་ཅག་གི་ནད་གདོན་བར་ཆད་དང་། སྔགས་ཀྱི་ཆད་ལྷག་གི་ཉེས་པ་ཞི་བའི་སླད་དུ་སྦྱིན་སྲེག་གི་མཆོད་པ་ལ་སྤྱན་འདྲེན། མཆོད་པ་འབུལ་ལགས་ན་ཐུགས་རྗེ་དང་དམ་ཚིག་གི་(༤བ)


GLG024_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་འདི་ཉིད་དུ་གཤེགས་སུ་གསོལ། བཛྲ་ས་མ་ཡ་ཛཿ མེ་དར་རམ་རླུང་གཡབ་དང་བཅས་ནས། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཨགྣ་ཡེ་དེ་བ་རཾ་ཥ་ཛིཿཛིཿ ཞེས་བརྗོད་པས་མེ་ལྷ་འཁོར་བཅས་རི་རབ་ཀྱི་མེ་མཚམས་ནས་བྱོན་པ་དམ་ཚིག་པ་ལ་ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསམ། པདྨ་ཀ་མ་ལ་ཡེ་སྟྭཾ་ཞེས་གདན་དབུལ། ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་བསམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་བསམ། མེ་གསོ་ཕྱིར་རྩྭ་སྐམ་ཅུང་ཟད་བཅུག་བླུགས་གཟར་གསུམ་བླུག་ཅིང་རླུང་དར་གཡབ། མེ་པྲ་བརྟག་ལ་ལྟ་བས་རྒྱས་ཐེབས་ན་ངན་པ་འཆོས་མི་དགོས་ཀྱང་། གཞན་དུ་ཀུན་རྫོབ་རྟེན་འབྲེལ་གྱི་ཆོ་ག་བྱེད། ཕྱི་ལྔ་ནང་གསུམ་བརྒྱད་དུ་འབུལ། སྲེག་པའི་རྫས་ཀྱང་བདུན་དུ་དབུལ། །རྩི་ཐོག་མར་ཀྱང་ཐེངས་གསུམ་འབུལ། །མེ་ལྷ་ཞུ་ནས་མེ་རུ་འབར། །ཞེས་པ་ལྟར། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཞི་བའི་དོན་ལ་དམ་ཚིག་དགོངས། །གཟི་བརྗིད་ཆེ་ཞིང་ཐུགས་རྗེར་ལྡན། །བདག་ཅག་གུས་པས་ཁྱེད་ཕྱག་འཚལ། །ཨཱོཾ་ཨགྣ་ཡེ་དེ་བ་རྀ་ཥི་ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོཿས་ཕྱག་བྱ། ཧཱུཾ། བདུག་སྤོས་སྣང་(༥ན)


GLG024_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཞུགས་ཏོག་སྒྲ། །ཞལ་ཟས་དྲི་ཆབ་གཙང་མ་འདི། །མེ་ལྷ་དྲང་སྲོང་འཁོར་བཅས་ལ། །བདག་གིས་དད་པས་འབུལ་ལགས་ཀྱིས། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཨཱོཾ་ཨགྣ་ཡེ་དེ་ཝ་རྀ་ཥི་བཛྲ་དྷཱུ་པེ་པཱུ་ཛ་ཧཱུཾ་ནས། ཤཔྟ་པཱུ་ཛ་ཧཱུཾ་གི་བར་དང་། སྔགས་མཇུག་ཏུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། སྔགས་མཇུག་ཏུ་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི། ཀུ་ཤ་ལག་གཡོན་དུ་བཟུང་སྟེ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་དངས་ཤིང་ཐོགས་པ་མེད་པ་ཞི་བའི་ལས་རབ་འབྱམས་བསྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དགེ་བྱེད་དེ། །ཚངས་པ་ཡི་ཡང་དགེ་བྱེད་ཡིན། །འདི་ཡིས་བདག་ལ་གེགས་མེད་ཅིང་། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བཛྲ་སཏྭ་ཨ། ཞེས་ཀུ་ཤ་རྣམས་རྩེ་མོ་གཡས་སྐོར་དུ་རིམ་པ་བཞིན་རྩ་བས་རྩེ་མོ་མནན་ལ་དགྲམ། བྱོན་ཟན་འབུལ་བ་ནི། མེ་ལྷའི་ཞལ་འཛུམ་ཞིང་ཅུང་ཟད་གདངས་པའི་ལྕེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་དང་དགང་བླུགས་ཀྱི་རྩེ་ལ་རཾ་ཡིག་གིས་མཚན་པར་མོས་ནས། ཨཱོཾ་ཨགྣ་ཡེ་སྭཱཧཱ་ཞེས་བརྗོད་ཅིང་། བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་པུས་མོའི་ཁོངས་ལས་ལག་པ་གཉིས་མི་འདའ་བའི་རྡོ་རྗེ་ཁུ་ཚུར་རམ་བྱང་ཆུབ་མཆོག་གི་ཕྱག་རྒྱས་གཟར་བུ་གཉིས་ཁ་སྦྱར་ཞིང་གཡས་སུ་བསྐོར་ཏེ། ཨཱོཾ་ཨགྣ་ཡེ་དི་བྱ་དི་བྱ་བི་ཤུདྡྷེ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡེ་བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་(༥བ)


GLG024_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཉེས་པ་དང་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་ལན་གསུམ་གྱིས་འབུལ་ཞིང་བླ་བྲེ་བརྟག །འདིར་བསྙེན་པ་ཁ་སྐོང་གི་སྤེལ་ཚིག་བཀོད་པ་ཡིན་ལ། ལས་གཞན་བསྒྲུབ་ན་ཁ་སྒྱུར་ལུགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་བྱེད། མེ་ལྷའི་ཐུགས་ནས་འོད་འཕྲོས་པས། །བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་སོགས། །མི་མཐུན་ཕྱོགས་ཀུན་དུད་ཁུ་དང་། །རྣག་ཁྲག་སྲོག་ཆགས་གཟུགས་བརྙན་ཚུལ། །བ་སྤུའི་བུ་ག་ཐམས་ཅད་ནས། །ཕྱིར་ཐོན་སྲེག་རྫས་རྣམས་ལ་ཐིམ། །ཞེས་བརྗོད། ཧཱུཾ། དྲང་སྲོང་མེ་ལྷ་འཁོར་བཅས་ལ། །རྫས་ཆེན་སྣ་ཚོགས་སྲེག་རྫས་འབུལ། །ཚེ་དཔལ་བསོད་ནམས་སྟོབས་འབྱོར་དང་། །ལུང་རྟོགས་ཆོས་སྲིད་ལེགས་ཚོགས་ལ། །བར་དུ་གཅོད་པའི་གདོན་བགེགས་དགྲ །གཏད་སེལ་མནན་དབྱེ་ཐོད་གཏོང་བྱེད། །དབུལ་ཕོངས་ནད་རིམས་དུས་མིན་འཆི། །སྡིག་སྒྲིབ་ཉེས་ལྟུང་ཇི་སྙེད་པ། །མ་ལུས་བྱང་ཞིང་དག་འགྱུར་བའི། །ཞི་བའི་འཕྲིན་ལས་དུས་ལ་བབས། །ཞེས་བརྗོད་དེ་གཡོན་པས་སྲེག་རྫས་ཀྱི་སྣོད་བཟུང་གཡས་པའི་མཐེབ་སྲིན་གྱིས་བླངས་ཏེ། འོག་ནས་བསྐོར་ཞིང་མཆོག་སྦྱིན་གྱི་ཕྱག་རྒྱས་ཡམ་ཤིང་ནི། ཨཱོཾ་ཨགྣ་ཡེ་བཛྲ་ཛྙཱ་ཡ་བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་སོགས་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། རྫས་སྤྱི་ལ། དྲང་སྲོང་ཆེན་པོས་སྔོན་ཆད་མ་བསྟར་བའི། །ཏིང་འཛིན་དབང་སྒྱུར་ཞལ་ཟས་བདུད་རྩི་འདི། །དག་ཅིང་གཙང་མར་བཤམས་པ་འབུལ་ལགས་ཀྱིས། །ཡེ་ཤེས་ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཨཱོཾ་ཨགྣ་ཡེ་(༦ན)


GLG024_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཝ་ཧ་བྱ་ཀ་བྱ་ཏི་ཨྱ་མ་ཧཱ་ནེ་ཡ་བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་སྤེལ་ཚིག་ཐོག་མཐའ་གཉིས་སུ་ཅི་རིགས་དང་རྫས་སྔགས་རྐྱང་པས་བདུན་ནམ་བཅུ་བཞི་ཉེར་གཅིག་སོགས་སྐབས་སྦྱར་དབུལ། ཤིང་བྱང་བྱེད་པར་སྤྲོ་ན་གཞན་ནས་ལེན། ཧཱུཾ། སྲེག་རྫས་མཆོད་པས་མེ་ཡི་ལྷ། །མཉེས་ཏེ་སྐུ་ལས་འོད་ཟེར་འཕྲོས། །བསྒྲུབ་བྱའི་སྙིང་གར་ཕོག་པ་ཡིས། །སླར་ཡང་སྒོ་གསུམ་སྡིག་སྒྲིབ་བསྲེགས། །འོད་ཟེར་བདུད་རྩིའི་ཆུ་རྒྱུན་ལྟར། །སྦགས་པས་ནད་གདོན་སྡིག་སྒྲིབ་སོགས། །མི་མཐུན་ཕྱོགས་རྣམས་རབ་བཀྲུས་ཏེ། །བཤང་གཅིའི་ལམ་ནས་ཐོན་པར་གྱུར། །ཞེས་བརྗོད། ཧཱུཾ། སངས་རྒྱས་རིགས་ཀྱི་སྤྲུལ་པ་མཆོག །མེ་ཡི་ལྷ་ནི་སྣང་མཐའ་ཡས། །མེ་ཡི་ལྷ་མོ་གོས་དཀར་མོ། །རྒྱལ་བས་ཀུན་གྱི་འོད་མཆོག་ཏེ། །འབྱུང་བ་མེ་ལ་དབང་སྒྱུར་ཅིག །ཐམས་ཅད་ཀུན་གྱི་སྲོག་བདག་ཡིན། །སྲིད་གསུམ་བསྲེག་པར་ཞལ་གྱིས་བཞེས། །འཁོར་བ་བསྲེག་པའི་འཕྲིན་ལས་ལ། །ཐུགས་རྗེའི་དབང་གིས་ཡོངས་མི་འདའ། །མེ་ཡི་ལས་གཉེར་གཏད་བྱའི་ཕྱིར། །མེ་ལྷའི་རྒྱལ་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་དེ། མེ་ལྷ་དྲང་སྲོང་གི་རྒྱལ་པོ་ཁྱོད་ལ་འཕྲིན་ལས་སུ་གཞོལ་བ་ནི། སྔོན་ཐུགས་དམ་ཞལ་གྱིས་བཞེས་པ་བཞིན་དུ་མེ་འབར་བ་དང་གཉིས་སུ་མེད་པར་བཞུགས་ནས་སྦྱིན་སྲེག་གི་ཞལ་ཟས་རྣམས་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་དུ་གནས་སྟོན་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་། བླུགས་གཟར་གསུམ་དབུལ། མེ་ལྷ་འོད་(༦བ)


GLG024_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞུ་ནས་མེ་འབར་བའི་རྣམ་པ་ཅན་དུ་གྱུར། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། དེ་ཀློང་དབང་ཆེན་དཀྱིལ་འཁོར་ནི། །སྙིང་པོ་ཙམ་གྱི་ཆུ་སྦུར་ཚུལ། །དབང་བསྐུར་སྤྱན་དྲངས་ཕྱག་རྒྱས་བསྟིམ། །ཞེས་པའི་དོན་མེ་འབར་བའི་དབུས་སུ་རྟེན་བརྟེན་པའི་ས་བོན་དང་སྙིང་པོ་བརྗོད་པ་ཙམ་གྱིས་ཆུ་ལས་ཆུ་ལྦུར་རྡོལ་བའི་ཚུལ་དུ་བསྐྱེད་པར་བཤད་པ་བཞིན་བྱས་པས་ཆོག་མོད། འོན་ཀྱང་ལས་བྱང་གཞུང་བཞིན་བྱས་པས་འཇུག་པ་བདེ་ཞིང་གསལ་འདེབས་ཀྱི་རྐྱེན་དུ་འགྱུར་བས། ཡེ་ཤེས་མེ་དཔུང་རབ་ཏུ་འབར་བའི་དབུས། བྷྲུཾ་ལས་ཐོད་པ་རིན་ཆེན་གཞལ་ཡས་ཁང་། ཞེས་པ་ནས། ཁྲག་འཐུང་རིགས་ལྔས་དབུ་ཡི་རྒྱན་དུ་རྫོགས། ཞེས་པའི་བར་ལ་གདན་སྟེང་རྒྱུ་ཏིང་ཧཱུཾ་ཡིག་བབས་པ་ལས། ཞེས་པ་དོར་བའི་རང་ཉིད་དཔལ་ཆེན་ཞེས་པ་རང་ཉིད་དཔལ་ཆེན་དུ་བསྒྱུར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཛཿཧཱུཾ་བཾ་ཧོཿནས། དུར་ཁྲོད་ཆས་བརྒྱན་མེ་དཔུང་ཀློང་ན་བཞུགས། །ཀྱི་བར་སོང་ནས། གཙོ་འཁོར་ཀུན་ཀྱང་སྐུ་མདོག་རྩ་བའི་ཞལ། །རབ་དཀར་ཞི་མ་ཁྲོ་ཡི་འཛུམ་མདངས་ཅན། །དཀར་ལ་འཚེར་བའི་འོད་ཟེར་འཕྲོ་བ་ཡི། །ཞི་བའི་ལས་ཀུན་མཛད་པའི་རྣམ་པར་གྱུར། །ཧྲཱིཿ ཡེ་ནས་ཀ་དག་ཆོས་སྐུའི་ཀློང་ཡངས་ནས། །ཞེས་པ་ནས། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་གྱི་བར་བརྗོད། བསྐྱེད་སྔགས་མཆོད་པས་མཐའ་བསྒྱུར་ནས། །ཕྱི་ལྔ་ནང་གསུམ་ཉེར་གཅིག་བགྲང་། །རྫས་རེ་སྔགས་རེས་དབུལ་བར་བྱ། །ཞེས་དང་། རིགས་བཞི་སྒོ་མ་བཞི་རྣམས་ལ། །མཆོད་པ་སྲེག་རྫས་བདུན་བདུན་དབུལ། །ཞེས་པ་ལྟར། ཧྲཱིཿ བདུག་སྤོས་སྣང་གསལ་ཞུགས་ཏོག་སྒྲ། །ཞལ་ཟས་དྲི་ཆབ་འདི་རྣམས་ཀྱང་། །པདྨ་(༧ན)


GLG024_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ས་པ་རི་ཝཱ་ར་བཛྲ་དྷཱུ་པཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུཾ། ནས་བཛྲ་ཤཔྟའི་བར་གྱིས་ཕྱི་མཆོད་ལྔ། རང་བྱུང་གདོད་ནས་རྣམ་པར་དག །ནས། ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧིའི་བར། ཧྲཱིཿ ཁྱད་པར་འདོད་ཡོན་མཆོད་པ་མཆོག །ནས། སྒོ་མ་བཞི་ཡི་ཐུགས་དམ་བསྐང་། །མ་ཧཱ་བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཧྲཱིཿ སྣ་ཚོགས་ཁྲག་གི་མཚོ་འཁྱིལ་བའི། །ནས། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧིའི་བར་རྣམས་ཀྱིས་ནང་གི་མཆོད་པ་གསུམ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་ལྔ་ལྡན་ཚོགས་ཀྱི་མཆོད་པ་འདི། །བཅོམ་ལྡན་འདས་དབང་ཆེན་པདྨ་ལྷ་ཚོགས་ལ། །གུས་པས་འབུལ་ལོ་ཞི་བའི་འཕྲིན་ལས་མཛོད། །ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བྱོན་ཟན་ནི། ཡེ་ཤེས་པའི་ལྷ་ཚོགས་རྣམས་ཀྱི་ཞལ་འཛུམ་ཞིང་ཅུང་ཟད་གདངས་པའི་ལྗགས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་དང་། དགང་བླུགས་ཀྱི་རྩེ་ལ་རཾ་ཡིག་གིས་མཚན་པར་བསམས་ལ། ཕྱག་རྒྱ་སོགས་སྔར་ཇི་ལྟ་བས་ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ་ཚར་བདུན་བརྗོད་ཅིང་བླུགས་གཟར་བདུན་གྱིས་དགང་གཟར་འགེང་བ་སོགས་མེ་ལྷའི་སྐབས་ལྟར་བྱས་ཏེ་ཨོཾ་ཨགྣ་ཡེ་དི་བྱ་དི་བྱ་ནས་ཤཱནྟིཾ་ཀུ་རུ་སྭཱཧཱའི་བར་གྱིས་སྔར་བཞིན་ལན་གསུམ་འབུལ། འདས་ལྷའི་ཐུགས་ནས་འོད་འཕྲོས་པས། །སོགས་བརྗོད། ཧྲཱིཿ ཁམས་གསུམ་ཟ་བར་བྱེད་པའི་རྐན་སྒྲ་ཅན། །གདུག་པ་འདུལ་མཛད་དབང་ཆེན་ལྷ་ཚོགས་ལ། །ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །རྒྱུད་ལྔའི་བག་ཆགས་མ་ལུས་བསྲེགས་སྦྱངས་(༧བ)


GLG024_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །བདུད་རྩི་སྨན་དང་གསང་བའི་མཆོད་པ་སོགས། །དམ་རྫས་གཏོར་མ་སྦྱིན་སྲེག་མཆོད་པ་འབུལ། །ཡེ་ཤེས་ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །དམ་ཉམས་དམ་སྐོངས་མཐུ་དང་དངོས་གྲུབ་སྩོལ། །ཞེས་ལྷ་སོ་སོའི་བསྙེན་སྔགས་བརྗོད་པ་ཙམ་གྱི་ཁྱད་པར་ལས་མེ་ལྷའི་སྐབས་ལྟར་དབུལ་ཞིང་། གྲངས་གསོག་ན་གཙོ་འཁོར་གྱི་ཁྱད་པར་རིགས་པས་དཔྱོད། བསྙེན་པ་ཁ་སྐོང་གི་དུས་ཡིན་ན། རྫས་ཆེན་བཅུ་གཉིས་ཀྱི་ཚེ་རྫས་ཀྱི་གྲངས་གསོག་པ་ཏིལ་ལ་ཆིག་དྲིལ་བྱེད་པ་ཡིན་ཀྱང་། འདིར་དེའི་ཐ་སྙད་མེད་པས་རིལ་བུ་རང་ལ་བྱེད་དགོས་སོ། །སྲེག་རྫས་མཆོད་པ་ཡེ་ཤེས་ལྷ། །ཞེས་སོགས་བརྗོད། ཧྲཱིཿ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །ཞེས་པ་ནས། ཡབ་ཡུམ་གཙོ་འཁོར་བཅུ་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱིས་བསྟོད། དགང་བླུགས་བདུན་ཚན་གསུམ་བྱོན་ཟན་ལྟར་དབུལ། །དབང་ཆེན་ཡང་གསང་ཁྲོས་པ་ཡབ་ཡུམ་དང་། །རིགས་བཞིའི་སྒོ་མ་དཀྱིལ་འཁོར་ལྷ་ཚོགས་ལ། །ཉེར་སྤྱོད་ལྔ་དང་སྨན་རཀ་གཏོར་གསུམ་སོགས། །གུས་པས་འབུལ་གྱི་བརྩེ་བས་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ས་པ་རི་ཝཱ་ར་བཛྲ་དྷཱུ་པེ་སོགས་དང་། སརྦ་པཉྩ་དང་། མ་ཧཱ་རཀྟ་སྦྱར། གཏོར་མ་ལས་བྱང་ལྟར་བརླབ། ཁྱད་པར་འདོད་ཡོན་མཆོད་པ་མཆོག །ཅེས་སོགས་གོང་ལྟར་དང་། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱཧཱས་སོ་རྩི་དང་། ཨཱོཾ་བཛྲ་ཝ་སྟྲ་ཡེ་སྭཱཧཱས་གོས་ཟུང་དབུལ། ཕྱི་མཆོད་ལྔས་མཆོད། དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །ཞེས་སོགས་ཤླཽ་ཀ་གཅིག་གིས་བསྟོད། ཧོཿ ན་མོ་དམར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ཁང་དུ། (༨ན)


GLG024_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་པདྨ་དབང་ཆེན་འཁོར་དང་བཅས་པ་ལ་སྦྱིན་སྲེག་གི་མཆོད་པ་ཚུལ་བཞིན་དུ་སྦྱར་ཏེ་ཕུལ། སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ཏེ་དགྱེས་ཤིང་ལོངས་སྤྱོད་པར་གྱུར་ཅིག །དེའི་བྱིན་རླབས་ཀྱིས་བདག་གིས་ཀྱང་ཆགས་སྡང་གི་སྒོ་ནས། ལས་ངན་པའི་བག་ཆགས་ཅི་བསགས་པ་ཐམས་ཅད་དག་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ནས། བཅོམ་ལྡན་འདས་པདྨ་དབང་ཆེན་གྱི་ཞལ་མངོན་སུམ་དུ་མཐོང་བར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་ལ་བརྟེན་ནས། ཡོན་བདག་བསོད་ནམས་ཀྱིས་འཛིན་ཞིང་། སྨོན་ལམ་གྱི་བྱེད་པ་རྣམས་ཀྱི་འཕྲིན་ལས་སུ་གསོལ་བ་ནི། གནས་སྐབས་སུ་ནད་གདོན་བར་ཆད་དགྲ་བགེགས་འབྱུང་པོའི་གནོད་པ་དང་། མཐར་ཐུག་བྱང་ཆུབ་བསྒྲུབ་པར་གེགས་བྱེད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ཅིང་། ཁྱད་པར་ཡང་གསང་ཁྲོས་པའི་ལྷ་ཚོགས་བསྙེན་ཅིང་བསྒྲུབས་པའི་སྔགས་ཆད་ལྷག་གི་ཉེས་པ་ཞི་ནས་འཕྲིན་ལས་ཐམས་ཅད་ཀྱི་འབྲས་བུ་མྱུར་དུ་འབྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་གསོལ། སྣང་བ་མཐའ་ཡས་ཀྱི་ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་བ་སོགས་ཀྱིས་ཆད་ལྷག་ཁ་བཀང་། རང་ལ་དཀྱིལ་འཁོར་བསྡུ། མེ་ལྷ་མཆོད། ཡེ་ཤེས་མེ་ལྷ་གཤེགས་སུ་གསོལ། །དམ་ཚིག་མེ་ལྷ་རང་ལ་བསྡུ། །ཐལ་བའི་དངོས་གྲུབ་ཚིག་སྔགས་བླངས། །འབྱུང་པོ་ལྷག་མ་ཚིམ་པར་བྱ། །སྨོན་ལམ་བཏབ་དང་བཀྲ་ཤིས་བརྗོད། །ཐལ་བ་ཆུ་ཡིས་རྒྱུན་ལ་བརྐྱལ། །ཞེས་པ་ལྟར། ཨཱོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་མཇུག་ཏུ་བཛྲ་མུཿས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་(༨བ)


GLG024_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། །དམ་ཚིག་པ་བདག་ལ་ཐིམ་པར་བསམ། གསུམ་པ་རྗེས་ཀྱི་རིམ་པ་ལ། སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། བླུགས་གཟར་གང་ཕུལ་བས། འཇིག་རྟེན་པའི་མེ་ལྷ་སྔར་བཞེངས་པ་ལ། བདུག་སྤོས་སྣང་གསལ་ཞུགས་ཏོག་སྒྲ། །ཞེས་པ་ནས། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧིའི་བར་བརྗོད། ཧྲཱིཿ དྲང་སྲོང་མེ་ལྷ་འཁོར་བཅས་ལ། །རྫས་ཆེན་སྣ་ཚོགས་སྲེག་རྫས་འབུལ། །ཞེས་སོགས་ཀྱིས་རྫས་རྣམས་སྔར་ལྟར་དང་། གཤེགས་སྐྱེམས་བདུན་ཚར་གསུམ། སོ་རྩི། གོས་ཟུང་གཏོར་བརླབ་རྣམས་སྔར་བཞིན་བྱ། ཨཱོཾ་ཨགྣ་ཡེ་དེ་ཝ་རྀ་ཥི་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི་ལན་གསུམ་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་འོང་འདོད་པ་ཀུན་གྲུབ་ཤོག་གི་བར་བརྗོད། གོང་ལྟར་བསྟོད། མེ་ལྷ་འཁོར་བཅས་ཁྱེད་རྣམས་ཀྱིས། །བདག་ཅག་དཔོན་སློབ་རྒྱུ་སྦྱོར་ལ། །གནོད་བྱེད་ནད་གདོན་དགྲ་བགེགས་དང་། །མཐུ་བྱད་དབུལ་ཕོངས་དུས་མིན་འཆི། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ། །ཞི་ཞིང་དག་པར་མཛད་དུ་གསོལ། །ཞེས་འདོད་དོན་གསོལ། སྔར་བཞིན་ཕྱི་མཆོད་ལྔས་མཆོད། ཡིག་བརྒྱ་དང་། མ་འབྱོར་བ་སོགས་ཀྱིས་བཟོད་པར་གསོལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་མཛད་ལགས་ཀྱི། །ཚིམ་ཞིང་དགྱེས་པར་མཛད་ནས་ཀྱང་། །རང་གནས་བཟང་པོར་གཤེགས་སུ་གསོལ། །ཨཱོཾ་ཨགྣ་ཡེ་དེ་ཝ་རྀ་ཥི་ཡ་ཧི་གཙྪ། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། །དམ་ཚིག་པ་ཛཿཧཱུཾ་བཾ་ཧོཿས་རང་དང་གཉིས་སུ་མེད་པར་བསམ། གྲལ་ཟླུམ་པོར་བསྐོར་ཞིང་སྲིན་ལག་སྦྲེལ། དཔལ་ཆེན་ཐུགས་ཀྱི་(༩ན)


GLG024_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ནས། །མ་རིག་ཤ་ཡི་ཕུང་པོ་ལ། །ཀུན་མཁྱེན་གསལ་བའི་བྲོ་བརྡུངས་པས། །གཏི་མུག་མུན་པའི་ཚོགས་ཆེན་བཅོམས། །སུམ་བྷ་དང་བཅས་བྲོ་བརྡུངས། ཐལ་བ་ནས་ཅུང་ཟད་བླངས་ལ། ཧྲཱིཿ ཡེ་ཤེས་ཁྲོ་རྒྱལ་དབང་ཆེན་གྱིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །རྣལ་འབྱོར་ལུས་ངག་ཡིད་ལ་ཐིམ། །གཉིས་མེད་གྱུར་ནས་བརྟན་པ་ཆེ། །ཀཱ་ཡ་སིདྡྷི་ཨཱོཾ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་དངོས་གྲུབ་བླངས། ཚོགས་ལྷག །ཆད་མཐོ། བསྟན་སྐྱོང་། མཇུག་ཆོག སྨོན་ལམ་ཤིས་བརྗོད་ཀྱི་བར་བྱ། སྦྲེལ་ནས་བྱེད་ན་ཐལ་བ་ནེམ་ཙམ་བྱས་པའི་སྟེང་། ཨོང་ཀོང་བརྩིགས་ཏེ་ཆོ་ག་ལ་འཇུག །མེ་མ་ཤིའི་བར་མི་བསྒུལ་ཞིང་རིངས་ཁྱད་ཡོད་ན་འོ་མས་གཞིལ་བ་སོགས་ཀྱང་བྱ། བྱིན་རླབས་ཀྱི་རྫས་སུ་འཇུག་པའི་ཐལ་བ་ཚགས་བྱེད་རུང་གཞན་ཆུ་ཀླུང་ཆེན་པོར་དོར། གནས་ཁང་གི་གཞི་རྣམས་སུ་གད་བདར་དང་ཆག་ཆག་བྱ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ཡང་གསང་སྔགས་མ་བཟླས་མི་འགྲུབ་ཅིང་། །སྦྱིན་སྲེག་མ་བྱས་འབྲས་མི་འབྱུང་། །ཞེས་པ་ལྟར། སྔགས་ཀྱི་ནུས་པ་འབྱིན་པ་ལ་སྦྱིན་སྲེག་ཤིན་ཏུ་གལ་ཆེ་ཞིང་། བསྙེན་སྒྲུབ་བཞིའི་མན་ངག་ལས། བསྙེན་པ་འབུམ་ཕྲག་རེ་རེ་ལ། །སྦྱིན་སྲེག་ཁྲི་ཕྲག་རེ་རེ་བྱ། །ཞེས་བཅུ་ཆ་བྱ་དགོས་པར་གསུངས་ཤིང་། བསྲེག་པའི་མཐོ་བྱང་ལས། ཏིལ་དང་མེ་ཏོག་ཨ་མྲྀ་ཏ། །རང་གི་བསོད་ནམས་བསྐྱེད་པ་ཡིན། ཁུ་བྱུག་རྩ་ཡིས་ནོར་འཕེལ་ཏེ། །བྱི་ཏང་འབྲས་བུས་རིགས་བརྒྱུད་འཕེལ། །རུ་རྟ་ཤུ་དག་རྒྱ་སྤོས་དང་། །པྲི་ཡང་ཀུ་དང་ལན་ཚ་དང་། །པདྨ་གེ་སར་ནཱ་ག་པུས། །(༩བ)


GLG024_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་ཏེ་དུད་པ་རང་ལ་བདུག །མི་ཡི་རྒྱལ་པོ་བདག་དབང་འགྱུར། །དགྲ་ཀུན་ཁྲོས་ཀྱང་བརྩེ་ཞིང་བྱམས། །བུད་མེད་ཀུན་གྱི་ཡིད་དུ་འོང་། །གཅན་གཟན་གདུག་པ་ཀུན་ཀྱང་བྱམས། །འདྲེ་གདོན་ཀུན་ཀྱང་མི་གནོད་བསྲུང་། །ཞེས་རྫས་སོ་སོའི་ཕན་ཡོན་རྒྱས་པར་བཤད་དོ། །ཨེ་མ་པདྨའི་རིགས་ཀྱི་དཀྱིལ་འཁོར་གཙོ། །ཡང་གསང་ཁྲོས་པའི་གསང་སྔགས་ཉེར་བཟླས་འབྲས། །དངོས་སུ་འབྱིན་ནུས་སྲེག་བྱེད་ཆོ་གའི་རིམ། །ལོ་ཆེན་གན་ཇག་ཐང་ཏའི་གཞུང་བཞིན་བཀོད། །ཕྱི་འགྱུར་ཆོག་སྒྲིགས་དང་དུ་མ་བླངས་ཤིང་། །སྔ་འགྱུར་ནང་གཤིན་ཙམ་ལ་མི་རེ་བར། །རང་གཞུང་ཚུགས་ཐུབ་སྨྲ་བ་ཕྱོགས་འདི་ལ། །ཅུང་ཟད་གོམས་པའི་ལག་རྗེས་མངོན་སུམ་གསལ། །དགེ་འདིས་འཁོར་རྩ་དུག་ལྔའི་བུད་ཤིང་ཚོགས། །ཡེ་ཤེས་ཞུགས་ཀྱིས་བསྲེག་པ་བདེ་སྟོང་འོད། །རབ་འབར་ཟུང་འཇུག་དབང་ཆེན་ཀུན་ཏུ་བཟང་། །ཚེ་འདིར་རང་ངོ་འཕྲོད་པའི་སྐལ་བཟང་ཤོག །ཅེས་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྙེན་པའི་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་གི་ཆོག་སྒྲིགས་ཡེ་ཤེས་སྣང་བ་རབ་འབར་འདི་ནི་ཞང་སྣ་ནམ་པ་ཆེན་པོའི་སྤྲུལ་པའི་ཟློས་གར་བྱ་ནག་གི་རིགས་སུ་གྱུར་པ་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེས་ལྗགས་བསྙེན་སྐབས་རྩོམས་ཤིག་པར་གསུང་གིས་བསྐུལ་བ་ལ་བརྟེན་ནས་སྔ་འགྱུར་སྤྱི་བྱེ་བྲག་གི་རྒྱུད་གཞུང་མན་ངག་ལ་བློ་གྲོས་ཀྱི་མིག་ཅུང་ཟད་ཡངས་པ་ཟ་ཧོར་གྱི་སྔགས་རྒན་ཟིལ་གནོན་བཞད་པ་རྩལ་གྱིས་བཻ་རོའི་ཞལ་ཁྲིགས་དངོས་གྲུབ་སྡུད་པའི་དགོངས་དོན་ལྟར་ས་རྟ་ནག་པ་ཟླ་བའི་དཀར་ཆའི་རྒྱལ་བ་གསུམ་པའི་ཚེས་ལ་དམར་པོ་རིའི་རྒྱལ་ཁབ་ཏུ་སྦྱར་བའི་ཡི་གེ་པ་ནི་དཔལ་


GLG024_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་སིདྡྷི་རསྟུ།། །།སརྦ་མངྒ་ལཾ།། །།

དབང་ཆེན་ཡང་གསང་ལྷ་དགུའི་སྒོ་ནས་དྲག་པོ་ཟོར་གྱི་འཕྲིན་ལས་རྡོ་རྗེ་ཕ་ལམ།


GLG024_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་ཡང་གསང་ལྷ་དགུའི་སྒོ་ནས་དྲག་པོ་ཟོར་གྱི་འཕྲིན་ལས་རྡོ་རྗེ་ཕ་ལམ་ཞེས་བྱ་བ་བཞུགས་སོ། །


GLG024_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྩ་པ་ར་མ་ཧ་ཡ་གྷྲཱི་བ་ཤྲི་ཡེ། བགྲང་ཡས་སངས་རྒྱས་ཀུན་འདུས་པདྨ་འབྱུང་། །དམོད་པ་དྲག་སྔགས་བཀའ་བབས་བཻ་རོའི་ཞབས། །རྩ་བརྒྱུད་བླ་མ་ཡོངས་ཚང་ཟུར་ཆེན་རྗེ། །ཆོས་དབྱིངས་རང་གྲོལ་ཞབས་རྡུལ་གཙུག་ན་བསྟེན། །པདྨ་གསུང་གི་དཀྱིལ་འཁོར་ཀུན་གྱི་རྩེར། །ལེགས་སོན་ཡང་གསང་ཁྲག་འཐུང་ལྷ་དགུ་ལ། །བརྟེན་ནས་དགྲ་བགེགས་ཕྱེར་འཐག་གཏོར་ཟོར་གྱི། །ལས་རིམ་རྡོ་རྗེ་ཕ་ལམ་གཅིག་ཏུ་མཚར། །དེ་ཕྱིར་རིགས་འཛིན་བརྒྱུད་པའི་བཞེད་སྲོལ་གྱི། །དགོངས་དོན་ཇི་བཞིན་འཁྲུགས་སྡེབས་བཀླགས་ཆོག་ཏུ། །ཉེ་བར་འདྲི་ལ་རྩ་གསུམ་ལྷ་ཚོགས་དང་། །བཀའ་སྐྱོང་གཏེར་བདག་ཚོགས་ཀྱིས་གནང་བ་སྩོལ། །དེའང་པདྨ་གསུང་གི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་འཕྲིན་གྱི་རིམ་པ་གཏེར་བྱོན་མཐའ་ཀླས་པའི་ནང་ནས་བྱིན་རླབས་དང་དངོས་གྲུབ་ཀྱི་ཚན་ཁ་ཕུལ་དུ་བྱུང་བ་ཡང་གསང་ཁྲོས་པ་ཁྲག་འཐུང་ལྷ་དགུའི་འཕྲིན་ལས་ཀྱི་སྒོ་ནས་རང་གཞན་གྱི་དོན་དུ་ཕ་རལ་རིག་སྔགས་ཀྱི་རྦོད་གཏོང་སྡེ་བརྒྱད་འབྱུང་པོའི་གདོན་བྱད་ཟ་ཁ་ཟུག་པ། ཆགས་ཆེ་བ། ལྷ་འདྲེ་དྲག་པོ་གཡོས་པ། རྨི་ལྟས་(༢ན)


GLG024_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ངན་པ་སོགས་གཟུགས་ཅན་དང་གཟུགས་མེད་ཀྱི་གནོད་འཚེ་བར་ཆད་ཐམས་ཅད་དྲག་པོ་ཟོར་གྱི་སྒོ་ནས་བཟློག་པའི་ལས་རིམ་བྱ་བར་འདོད་པས་ཐོག་མར། པདྨ་གསུང་གི་དཀྱིལ་འཁོར་འདི་ཉིད་དུ་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱི་སྤྱན་སྔར་སྨིན་གྲོལ་མན་ངག་ཐམས་ཅད་ལེགས་པར་ནོས་ཤིང་། དམ་ཚིག་དང་སྡོམ་པ་ལ་གནས་པ། བསྙེན་སྒྲུབ་ཚད་དུ་ཐེངས་པའི་སྒྲུབ་པ་པོས་ཉམས་སུ་བསྟར་བ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ། །དང་པོ་ལ་མངོན་སྤྱོད་ཀྱི་ལས་སྦྱོར་བསྒྲུབ་པའི་གནས་ནི། དྲག་པོའི་ལས་བརྩོམ་གནས་བཙལ་བ། །དུར་ཁྲོད་ས་ཕུག་བྲག་ཕུག་གམ། །ཆུ་ཀླུང་ནགས་ཚལ་རྐང་གཅིག་ཤིང་། །གནས་རེངས་ལྷ་ཁང་གོག་པོ་རུ། །གཤིན་རྗེ་ཐེ་བྲང་སྲིན་པོ་དང་། །ཀླུ་དང་ས་བདག་གནོད་སྦྱིན་རྒྱལ། །རིམ་བཞིན་གནས་པ་བསྒྲུབ་པར་བླ། །ཞེས་པ་ལྟར་མཐུན་པའི་གནས་སམ། །ཡང་ན་སྒྲུབ་ཁང་རྙིང་པ་སོགས་མཚན་ཉིད་དང་ལྡན་པར་ཟོར་ལས་ལ་ཉེ་བར་མཁོ་བའི་རྫས་དང་ཡོ་བྱད་རྣམས་ཚོགས་པར་བྱས། དྲག་ལས་ལ་ཤིས་པའི་གཟའ་སྐར་འཕྲོད་སྦྱོར་སོགས་(༢བ)


GLG024_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟུན། ས་སྟེགས་སམ་ཞལ་བ་སྐྱང་ནུལ་ལེགས་པར་བྱས། ལས་བྱང་ཡོངས་རྫོགས་སམ་དཔའ་བོ་རྐྱང་སྒྲུབ་ལྟ་བུའི་སྒྲུབ་ཐབས་རྒྱས་པར་བསྒོམས་ནས་བཟླས་པ་ཅུང་ཟད་བྱ། བཟློག་དཀྱིལ་རྡུལ་ཚོན་གྱིས་འདྲི་ན། ས་ལྷ་ནས་བཟུང་ཐིག་ཚོན་གྱི་ཆོ་གའི་བར་རྭ་ཆེན་གྱི་དབང་ཆུ་མ་དག་པའི་དྲི་མ་འཁྲུད་བྱེད་ལྟར་དཀྱིལ་འཁོར་སྒོ་རྫོགས་སམ། བསྡུ་ན་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་དམར་ནག་གྲུ་གསུམ། དེའི་ཕྱི་རོལ་ན་ཟླ་གམ་དམར་པོ་གསུམ། དེའི་ཕྱི་རོལ་ན་འོག་གཞི་ནག་པོ་ཐོད་པའི་ཕྲེང་བ་ཟླུམ་པོ་དཀར་པོ། ཕྱི་རོལ་ཏུ་འཁོར་ལོ་རྩིབས་བཞི་ཕྱོགས་ཚོན། རྩིབས་མཚན་ཕྱོགས་མདོག་གམ། མཛེས་ཚོན། དེའི་ཕྱི་རོལ་ཏུ་མུ་ཁྱུད་ཟླུམ་པོ་ཁྲག་འཁྱམས། དེའི་ཕྱིར་རྡོ་ར་མེ་རི་མ་ཏྲཾ་མགོ་ལྷོ་ནུབ་ཏུ་བལྟ་བ་འདྲི་བའམ། ཡང་ན་རས་བྲིས་ཀྱིས་རུང་བས། ཐོག་མར་སྒྲུབ་བྱང་ལས། ཆ་གསུམ་བགེགས་རིགས་གཏོར་མ་བཏང་ཞེས་གསུངས་པས། ཆ་གསུམ་སྔོན་དུ་གཏོང་བ་ནི་ཆོས་འདི་གའི་ལུགས་སྲོལ་ལ་གསར་མའི་རྒྱས་བཀབ་ཀྱི་ལོག་རྟོག་ཏུ་སེམས་སོ། །དེ་ནས་བཟློག་དཀྱིལ་གྱི་སྟེང་དུ་མཉྫིའི་ཁར་ལྕགས་སླང་བུག་རྡོལ་མེད་པར་དཔལ་གྱི་གཏོར་མ་ཟུར་གསུམ་དམར་ཟང་ངེ་བ་མེ་རི་སོགས་རྒྱན་གྱིས་སྤྲས་པ་ཟུར་མདུན་དུ་བསྟན་པ་སུམ་ཆ་གཉིས་ཡར་བཅད་པའི་འོག་ཏུ། འབྲུབ་ཁུང་བྲུས་པའི་ནང་། སྦས་པ་མིག་འབྱེད་ལས། ལིངྒ་བཅའ་བའི་རིམ་པ་ནི། སྐྲ་སྣབས་ལུད་པ་མཆིལ་མ་དང་། །དྲི་ཆེན་དྲི་ཆུ་ལ་སོགས་པ། །རྒྱུ་དྲུག་ལིངྒ་སོར་བརྒྱད་བྱ། །བགེགས་ལ་གནོད་པའི་རྫས་དང་ནི། །གནོད་པའི་ཕྱོགས་ནས་ས་བླངས་ལ། །ལིངྒ་སོར་ནི་བརྒྱད་པ་བྱ། །གྲོ་གར་མིང་རུས་བླ་དྭགས་བྲི། །(༣ན)


GLG024_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་དཔྲལ་ལྟེ་བ་གསང་གནས་གཞུག །ཕོ་རིས་པི་པི་ལིང་དང་སྒ། །དུག་སྣ་རྙེད་ཚད་ཀུན་གྱིས་བྱུག །ཅེས་པ་ལྟར་ལ་མཐོང་བ་བརྒྱུད་པའི་མན་ངག་བཞིན་རྒྱས་བསྡུས་སྐབས་དང་སྦྱར་ལ་མགོ་མཇུག་ལྡོག་ལ་གཞུག །འཁོར་བརྒྱད་ཀྱིས་བསྐོར་བའི་མཐར་ཁྲག་ཀོང་མཚེ་ཡུངས། རྩང་། རྒྱུ་ལྡིང་། ཤ་རྫར། ལྷ་རྟེན་ཙཀླི། གཏོར་གདུགས་སོགས་རྔམ་ཞིང་བརྗིད་ཆགས་པར་བྱེད། དེའི་མདུན་ལྕགས་སྣོད་ཆུང་བ་ཞིག་ཏུ་ཟོར་གཏོར་གྲུ་གསུམ་མེ་རི་ཁྱི་མཇུག་མ་མཐེབ་སྐྱུ་ཡུངས་ཀར་རྩང་གིས་བརྒྱན་པ། དེའི་ཕྱི་རོལ་ཏུ་སྣོད་རེར་གཏོར་ཆུང་གྲུ་གསུམ་བཅུ་རེ་བཅུག་པའི་ཚན་པ་བཅུས་ཕྱོགས་མཚམས་བསྐོར། དེ་དག་གི་ཐད་ཀྱི་ཕྱི་རོལ་ཏུ་གཏོར་ཆུང་རེ་རེ་བཤམས་པ་ཐམས་ཅད་ཁྲག་གིས་སྦགས་ཤིང་མཚེ་ཡུངས་ཀྱིས་བརྒྱན་པ། དེའི་ཕྱི་རོལ་གྱི་གཡས་གཡོན་དུ་ཁྲག་ཟོར་ཐོད་པ་མཆན་ངན་དུ་ཁྲག་སྣ་དུག་སྣས་བཀང་བར། ཡུངས་ཀར། སྐྱེ་ཚེ། ཤང་ཙེ་རྣམས་བཏབ་པ། ཡུངས་ཐུན་ལ་ཐོད་པ་མཚན་ངན་དུ་ཡུངས་ཀར་རྒྱལ་པོས་བཀང་བ། །དྲག་པོའི་ཐུན་རྫས་ནི་སྦས་པ་མིག་འབྱེད་ལས། དགྲ་བགེགས་ཐུན་གྱིས་བསད་པ་ལ། །རབས་ཆད་ནག་པོའི་ཐོད་པ་རུ། །ཡུངས་ཀར་ཡུངས་ནག་སྐྱེ་ཆ་དང་། །བཙན་དུག་ར་དུག་སྤྱང་དུག་པ། །རེ་ཅག་རྩ་བ་དུག་བཞི་ཚང་། །མི་རྟ་ཁྱི་ཕག་སྤྱང་ཀིའི་བྲུན། །མི་རུས་མེ་ཡིས་བསྲེགས་པ་དང་། །ཚེར་མའི་རིགས་གྱུར་ཚོགས་ཚད་དང་། །གཅན་གཟན་མཆེ་སྡེར་ཚོགས་ཚད་དང་། །ཞེས་བཤད་པའི་ཐུན་རྫས་རྣམས་ལག་ལེན་ལྟར་བཟོས་པ་རབས་ཆད་ཐོད་པའམ་མ་རྙེད་(༣བ)


GLG024_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཡག་འོག་ཅན་གྱི་རྭ་ལྟ་བུར་ལྡུགས། སྨན་རཀ་གཏོར་གསུམ། ཕྱི་ནང་གི་ཉེར་སྤྱོད། བཀའ་སྲུང་གིང་ལྔ་གཟའ་གདོང་། ཆོས་སྐྱོང་བེག་ཙེ་ལྕམ་དྲལ། གཞན་ཡང་ཡུལ་ལྷ་གཞི་བདག་གི་གཏོར་མ། ཚོགས་འཁོར་འབྲུབ་ཁུང་ལིངྒ། གསེར་སྐྱེམས། ཆད་མཐོའི་རྩ་གསུམ། ཐུན་གཏོར། བགེགས་གཏོར། ཡུངས་ཐུན། གུ་གུལ། འཐོར་ནས། རྡོར་དྲིལ། ཕུར་པ་སྒྲོལ་གྲིི། གཡབ་དར། རོལ་མོ་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་ལེགས་པར་བཤམ་མོ། །གཉིས་པ་དངོས་གཞི་ནི། སྒྲུབ་པ་པོ་སྟན་བདེ་བ་ལ་འདུག་སྟེ་ལས་བྱང་གི་འཛབ་ལ་ཐུག་གི་བར་བཟླས་པ་ལོང་སྐབས་དང་སྦྱར་བའི་རྒྱས་བསྡུས་ཅི་རིགས་པ་གཞུང་དང་མན་ངག་གིས་བརྒྱན་པའི་དམིགས་པའི་འཕྲོ་འདུ་བྱ་ཞིང་། འཛབ་ཁང་དབྱེ་བ་སོགས་བཏང་སྙོམས་སུ་བཞག་སྟེ་བདག་མདུན་མེ་རི་འདབ་ཁྱར་གྱི་ཚུལ་དུ་ཉམས་སུ་བསྟར། དེ་ནས་བཟློག་པའི་དམིགས་པ་ནི། རང་ཉིད་དབང་ཆེན་གསལ་བའི་ཐུགས་ཀ་ཡི། །ཧྲཱིཿལས་འོད་འཕྲོས་མདུན་བསྐྱེད་ལྷ་ཚོགས་ཀྱི། །ཐུགས་ཀར་འཕོག་ནས་རྒྱུད་བསྐུལ་བ་སྤུ་ཡི། །བུ་ག་ཀུན་ནས་ཁྲོ་ཆུང་ཉི་ཟེར་གྱི། །རྡུལ་ལྟར་འཕྲོས་པས་བདག་ཅག་འཁོར་བཅས་ལ། །གནོད་བྱེད་ཕ་རོལ་རྦོད་གཏོང་མཁན་པོ་དང་། །དུག་མཚོན་གཡུལ་སོགས་བསམ་སྦྱོར་ངན་རྩོམ་པའི། །གཟུགས་ཅན་དགྲ་དང་རྦད་འདྲེ་ལྷ་མ་སྲིན། །སྡེ་བརྒྱད་འབྱུང་པོ་སྤྱི་དང་བྱེ་བྲག་སོགས། །ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་གཏོང་། །བསམ་པར་བར་གཅོད་ཆགས་ཆེ་ཉམ་ང་གཡོ། །མདོར་ན་འགལ་རྐྱེན་མི་མཐུན་ཕྱོགས་བརྩོམ་པའི། །གཟུགས་མེད་བགེགས་རྣམས་ཐལ་བའི་རྡུལ་(༤ན)


GLG024_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རློག །རྣམ་ཤེས་བླ་ཚེ་སྲོག་དབུགས་བཅས་པ་རྣམས། །དམིགས་རྟེན་གཟུགས་ཀྱི་ཉ་བོ་འདི་ཉིད་ལ། །རང་དབང་མེད་པར་བཀུག་ནས་ཐིམ་པར་གྱུར། །རྩ་སྔགས་མཇུག་ཏུ་གནོད་བྱེད་བན་བོན་སྔགས་པས་བཏང་བའི་མཐུ་བྱད་རྦད་འདྲེ་དང་སྡེ་བརྒྱད་འབྱུང་པོའི་གནོད་པ་ཐམས་ཅད་ཨ་པ་ན་ཡ་བཟློག་བྷྱོ། ཞེས་དམིགས་པ་དང་བཅས་ཅི་ནུས་སུ་བཟླས། མཐར་ཡུངས་ཀར་ཡུངས་ནག་དུག་ཁྲག་ལ་ཕུས་བཏབ་སྟེ་བཟློག་གཏོར་ལ་བྲབ་ཅིང་བསྐུལ། དེ་ནས་གཏོར་ཟོར་ལ་དམིགས་ཏེ། རང་ཉིད་དབང་ཆེན་གསལ་བའི་ཐུགས་ཀ་ཡི། །ཧྲཱིཿ ལས་འོད་འཕྲོས་གཏོར་ཟོར་ལ་ཕོག་པས། །དབང་ཆེན་རོལ་བའི་ཁྲོ་བོ་སྐར་ལྟར་འཁྲུག །མཚོན་ཆ་སྣ་ཚོགས་བུ་ཡུག་ལྟ་བུ་རུ། །འཚུབ་ཅིང་འཕྲོས་པས་བདག་ཅག་འཁོར་བཅས་ལ། གནོད་བྱེད་ཕ་རོལ་རྦོད་གཏོང་མཁན་པོ་སོགས་གོང་བཞིན་བརྗོད་རྗེས་རྩ་སྔགས་ཤམ་བུར་སརྦ་པཱ་པཾ་སརྦ་དུ་ཧྲི་མཱ་ར་ཡ་བཟློག་བཟློག་བྷྱོ་བྷྱོ། ཞེས་ཅི་ནུས་བཟླས་ཏེ་སྔར་བཞིན་ཐུན་གྱིས་བྲབ། དེ་ནས་ཁྲག་ཟོར་ལ་དམིགས་ཏེ། རང་ཉིད་དབང་ཆེན་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ཁྲག་ཟོར་རྫས་ལ་ཕོག་པ་ཡིས། །མགར་གྱི་སོལ་མལ་ལྕགས་ལས་ཟེར་འཕྲོས་ལྟར། །དྲེགས་པ་མོ་རྒྱུད་ཁྲོ་མོ་ཕྱག་གཉིས་ཀྱིས། །ཐོ་བ་ལྕགས་ཀྱུ་རབ་འཛིན་ལུས་ལ་མེ། །འབར་ཞིང་ཁ་ནས་ནད་རླངས་འཚུབ་ཅིང་འཐུལ། །གྲངས་མེད་རི་རབ་བོངས་ཚད་མེ་དཔུང་འབར། །དེ་ལས་གནམ་ལྕགས་ཐོག་མདའ་ཆར་འབེབས་པ། །དགྲ་བགེགས་ཡུལ་ཀུན་ཁྱབ་པར་སྤྲོས་པ་ཡིས། །གཟུགས་ཕུང་བླ་ཚེ་རྣམ་ཤེས་ཡུལ་འཁོར་དང་། །སྡེ་(༤བ)


GLG024_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་བཅས་པ་མིང་ཙམ་བརྡ་ཙམ་དང་། །ཐ་སྙད་ཙམ་དུ་མི་གྲག་བརླག་པར་གྱུར། །ཅེས་རྩ་སྔགས་ཤམ་བུར་མ་མ་ཏྲ་ག་རཀྴ་མ་ཏྲ་རུ་ཏྲ་སྙིང་ཁ་རག་ཐུན་བྷྱོ་བྷྱོ་བཟློག་བཟློག་ཅེས་བཟླས་ཤིང་ཐུན་བྲབ། དེ་ནས་ཡུངས་ཟོར་ལ་དམིགས་ཏེ། ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་ཡུངས་ཀར་ལ། །ཕོག་པས་དྲེགས་པ་ཕོ་རྒྱུད་ཁྲོ་བོའི་ཚོགས། །མཚོན་ཆ་སྣ་ཚོགས་འཛིན་ཅིང་ཉི་ཐེར་གྱི། །རྡུལ་ཕྲན་ལྟ་བུར་སྟེང་དུ་འཕྲོས་པ་ཡིས། །རྒྱལ་བ་རྒྱ་མཚོའི་ཚོགས་ཀྱི་ཐུགས་དམ་སྐོང་། །འོད་འཕྲོས་ངན་སོང་གསུམ་གྱི་སྐྱེ་སྒོ་བཅད། །དགྲ་བོའི་ཡུལ་སོང་སྐྱོབ་པའི་ལྷ་དང་ཕྲལ། །གཟུགས་ཕུང་ལ་བརྒྱབ་ངན་སྙིང་དམར་པོ་ཕྱུང་། །ནང་ཁྲོལ་ཡན་ལག་དབང་པོ་ལྔ་པོ་དང་། །རྣམ་པར་ཤེས་པའི་འབེམ་ལ་བརྒྱབ་པ་ཡིས། །ཕྱིན་ཆད་འཁོར་བར་སྐྱེ་བའི་ལམ་བཅད་དེ། །དགྲ་བགེགས་རྗེས་ཤུལ་མེད་པར་བརླག་པར་གྱུར། །རྩ་སྔགས་ཤམ་བུར་ཤིག་ཤིག །དུཾ་དུཾ། ཉིལ་ཉིལ་རྒྱོབ། དུམ་བུ་རུལ་རྦད། དུམ་བུ་ཉལ་རྦད། ཐུཾ་རིལ་ཐུཾ་རིལ་བྷྱོ་བྷྱོ། ཐིབས་ཡ་ཐིབས་ཡ་བྷྱོ་བྷྱོ། ཧུ་ཡ་ཧུ་ཡ། སྲོག་སྲོག་བྷྱོ་བྷྱོ། གོང་མ་རྣམས་ཀྱི་དམིགས་པ་དང་བཅས་རྩ་སྔགས་ཤམ་བུར། ཧྲཱིཿཧ་ཡ་གྷྲཱི་ཝ་རཀྴ་རྦད་ཐུན་སོད། པདྨཱནྟ་ཀྲྀ་ཏ་དགྲ་བོའི་སྙིང་ལ་ཐུན། རྦད་མ་མ་རཀྴ་དགྲ་བོའི་སྙིང་ལ་ཐུན་རྦད། རག་མོ་ཚལ་དུན་སྙིང་ལ་ཁས་རྦད། ཀྲོ་ཏ་རཀྴ་དགྲ་བོའི་སྙིང་ལ་རྦད། ཐུན་མཱ་ར་ཡ་རྦད། ཐུཾ་རིལ་ཧ་ན་ཧ་ན་བྷྱོ་བྷྱོ་ཞེས་ཟོར་སོ་སོར་ཐུན་གྱིས་བྲབ། སྤུ་གྲིའི་སྔགས་རིང་མོ་ཡང་མང་དུ་བཟླས་ནས་འཛབ་བསྟོད་བྱ། ཆོས་སྐྱོང་སྤྱི་སྒེར་གྱི་གཏོར་ཆོག་དང་བསྐང་གསོ་སོགས་གང་དགོས་གཏོར། ཚོགས་བར་པ་ཡན་གཞུང་ལྟར་བཏང་རྗེས་(༥ན)


GLG024_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་གཏོར་ཆུང་བརྒྱ་བཅུ་པོ་རྣམས་རིམ་བཞིན་གཙོ་འཁོར་རྣམས་ལ་དབུལ་ལ། ཧྲཱིཿ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །པདྨ་ཉི་ཟླ་བདུད་བསྣོལ་གདན་སྟེང་དུ། །རྣམ་ཤེས་གནས་གྱུར་པདྨ་ཧེ་རུ་ཀ༔། །ཞེ་སྡང་རྣམ་དག་ཆོས་དབྱིངས་ཡེ་ཤེས་དང་། །རྒྱུད་དྲུག་ཉོན་མོངས་ཞེ་སྡང་འཇོམས་མཛད་པ། ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་བའི་དངོས་གྲུབ་སྩལ་དུ་གསོལ། །དགའ་བ་བདེ་བ་ཆེན་པོའི་དཀྱིལ་འཁོར་ནས། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །བདེ་སྟོང་ཟུང་འཇུག་ཤེས་རབ་ཐབས་དང་རོལ། །དབྱིངས་དང་ཡེ་ཤེས་དབྱེར་མེད་ཁྲོ་བོའི་སྐུ། །རྒྱུད་དྲུག་ལས་དང་ཉོན་མོངས་འཇོམས་མཛད་མ། ཁྲོ་མོ་གར་དབང་ཡུམ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་སྩལ་དུ་གསོལ། །ཡབ་ཡུམ་ཐབས་ཤེས་གཉིས་མེད་རོལ་པ་ལས། །ཤར་ཕྱོགས་འཁོར་ལོ་དྲི་ཟའི་གདན་སྟེང་དུ། །གཟུགས་ཕུང་གནས་གྱུར་རྡོ་རྗེ་དབང་ཆེན་སྐུ། །གཏི་མུག་རྣམ་དག་མེ་ལོང་ཡེ་ཤེས་དང་། །རྒྱུད་དྲུག་ཉོན་མོངས་གཏི་མུག་༴། །རྡོ་རྗེ་དབང་ཆེན་སྐུ་༴། །ཕྱི་ནང་༴། །རྨད་བྱུང་༴། །ཡབ་ཡུམ་༴། །ལྷོ་ཕྱོགས་འཁོར་ལོ་གྲུལ་བུམ་གདན་སྟེང་དུ། །ཚོར་ཕུང་གནས་གྱུར་རིན་ཆེན་དབང་ཆེན་སྐུ། །ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་དང་། །རྒྱུད་དྲུག་ཉོན་མོངས་ང་རྒྱལ་༴། །རིན་ཆེན་དབང་ཆེན་སྐུ་ལ་༴། །ཕྱི་ནང་༴། །རྨད་བྱུང་༴། །ཡབ་ཡུམ་༴། །ནུབ་(༥བ)


GLG024_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འཁོར་ལོ་ཀླུ་དབང་གདན་སྟེང་དུ། །འདུ་ཤེས་གནས་གྱུར་པདྨ་དབང་ཆེན་སྐུ། །འདོད་ཆགས་རྣམ་དག་སོར་རྟོག་༴། །རྒྱུད་དྲུག་ཉོན་མོངས་འདོད་ཆགས་༴། །པདྨ་དབང་ཆེན་སྐུ་ལ་༴། །ཕྱི་ནང་༴། །རྨད་བྱུང་༴། །ཡབ་ཡུམ་༴། །བྱང་ཕྱོགས་འཁོར་ལོ་གནོད་སྦྱིན་གདན་སྟེང་དུ། །འདུ་བྱེད་གནས་གྱུར་ལས་རབ་དབང་ཆེན་སྐུ། །ཕྲག་དོག་རྣམ་དག་བྱ་གྲུབ་༴། །རྒྱུད་དྲུག་ཉོན་མོངས་ཕྲག་དོག་༴། །འཕྲིན་ལས་དབང་ཆེན་སྐུ་ལ་༴། །ཕྱི་ནང་༴། །རྨད་ བྱུང་༴། །ཡབ་ཡུམ་༴། །ཤར་ཕྱོགས་སྒོ་ཁྱུད་ཟླ་བའི་གདན་སྟེང་དུ། །ས་ཁམས་རྣམ་དག་སྒོ་མ་ལྕགས་ཀྱུ་མ། །བྱམས་པ་ཚད་མེད་ཞི་བའི་ལས་རྣམས་བསྒྲུབ། །རྒྱུད་དྲུག་ལས་དང་ཉོན་མོངས་ཞི་མཛད་མ། །རྡོ་རྗེ་ལྕགས་ཀྱུ་མ་ལ་༴། །ཕྱི་ནང་༴། །རྨད་བྱུང་༴། །ཡབ་ཡུམ་༴། །ལྷོ་ཕྱོགས་སྒོ་ཁྱུད་ཟླ་བའི་གདན་སྟེང་དུ། །ཆུ་ཁམས་རྣམ་དག་སྒོ་མ་ཞགས་པ་མ། །སྙིང་རྗེ་ཚད་མེད་རྒྱས་པའི་ལས་རྣམས་བསྒྲུབ། །ཚེ་དང་ཡེ་ཤེས་མ་ལུས་རྒྱས་མཛད་མ། །རྡོ་རྗེ་ཞགས་པ་མ་ལ་༴། །ཕྱི་ནང་༴། །རྨད་བྱུང་༴། །ཡབ་ཡུམ་༴། །ནུབ་ཕྱོགས་སྒོ་ཁྱུད་ཟླ་བའི་གདན་སྟེང་དུ། །མེ་ཁམས་རྣམ་དག་སྒོ་མ་ལྕགས་སྒྲོག་མ། །དགའ་བ་ཚད་མེད་དབང་གི་ལས་རྣམས་བསྒྲུབ། ཁམས་གསུམ་མ་ལུས་དབང་དུ་སྡུད་མཛད་མ། །རྡོ་རྗེ་ལྕགས་སྒྲོག་མ་ལ་༴། །ཕྱི་ནང་༴། །རྨད་བྱུང་༴། །ཡབ་ཡུམ་༴། །བྱང་ཕྱོགས་སྒོ་ཁྱུད་ཟླ་བའི་གདན་སྟེང་དུ། །རླུང་ཁམས་རྣམ་དག་སྒོ་མ་དྲིལ་བུ་མ། །བཏང་སྙོམས་ཚད་མེད་དྲག་པོའི་ལས་རྣམས་བསྒྲུབ། །དགྲ་བགེགས་མངོན་སྤྱོད་ལས་ཀྱིས་ཚར་གཅོད་མ། །རྡོ་རྗེ་དྲིལ་བུ་མ་ལ་༴། །(༦ན)


GLG024_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་༴། །རྨད་བྱུང་༴། །ཞིང་ཁམས་ཐམས་ཅད་དབང་དྲག་གཞལ་ཡས་ཁང་། །ཕུང་པོ་ཁམས་དང་སྐྱེ་མཆེད་ཡེ་ཤེས་ལྷ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །ཚད་མེད་བཞི་དང་འཕྲིན་ལས་རྣམ་བཞིན་ལྡན། །ཐུགས་རྗེ་ཁྲོས་པའི་ཁྲོ་ཞལ་རྔམས་པའི་ཞལ། །ཡབ་ཡུམ་གཙོ་འཁོར་བཅུ་ལ་༴། །ཕྱི་ནང་༴། །རྨད་བྱུང་༴། །དབང་དྲག་དཀྱིལ་འཁོར་བཞི་ཡི་བཀའ་སྲུང་ནི། །སྲོག་ལ་དབང་སྒྱུར་གིང་ཆེན་རྣམ་ལྔ་ཡང་། །ལས་སུ་སངས་རྒྱས་བསྟན་པ་སྲུང་མཛད་ཅིང་། །ཟས་སུ་དགྲ་བགེགས་ཤ་ཁྲག་ཚོགས་རྣམས་གསོལ། །དམ་ཉམས་དགྲ་བགེགས་ཐལ་བར་རློག་མཛད་པ། །དྲེགས་པ་མཐུ་རྩལ་ཅན་ལ་༴། །ཕྱི་ནང་༴། །རྨད་བྱུང་༴། །ཕྱོགས་བཞི་བར་སྣང་ནམ་མཁའི་དཀྱིལ་ཡངས་ནས། །དམ་ཅན་བཀའ་སྡོད་གཟའ་གདོང་ལྕམ་དྲལ་ཡང་། །ལས་སུ་སངས་རྒྱས་བསྟན་པ་སྲུང་མཛད་ཅིང་། །ཟས་སུ་དགྲ་བོའི་ལོ་ཏོག་ནར་མར་གསོལ། །དགྲ་བགེགས་ཡུལ་ཁམས་ཐལ་བར་རློག་མཛད་པ། །གཟའ་གདོང་དྲེགས་པ་ཅན་ལ་༴། །ཕྱི་ནང་༴། །རྨད་བྱུང་༴། །དབང་གསར་བསྒྲིགས་ཆེན་ཁྲག་འཐུང་དཀྱིལ་འཁོར་ལྷ་ཚོགས་དང་། །བཀའ་སྡོད་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས། །མཐུ་སྟོབས་ནུས་པའི་དཔུང་ཚོགས་རབ་བསྐྱེད་ནས། །བཟློག་ཅིང་བསྒྱུར་བའི་འཕྲིན་ལས་དུས་ལ་བབ། །བདག་ཅག་དཔོན་སློབ་དཔོན་ཡོན་མཆོད་འཁོར་བཅས་ལ། །ཕ་རོལ་བན་བོན་སྔགས་པའི་མཐུ་བྱད་དང་། །སྣང་སྲིད་ལྷ་འདྲེའི་གནོད་འཚེ་ཟ་ཁ་ཟུག །དུས་མིན་འཆི་དང་ནད་གདོན་ཀེག་ངན་སྲི། །མི་ཁ་གྲམ་མཆུ་དུག་མཚོན་གཡུལ་གཤོམ་སོགས། །ཆགས་ཆེ་ཉམ་ང་བར་(༦བ)


GLG024_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མ་ལུས་པ། །བྱད་མ་མཁན་དང་ལོག་འདྲེན་དགྲ་བགེགས་ཀྱི། །སྟེང་དུ་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །འཇིགས་བརྒྱད་ཞི་ཞིང་འབྱོར་དྲུག་འཕེལ་བ་དང་། །མོས་བཞི་དབང་སྡུད་གནོད་བྱེད་མ་ལུས་པ། །བསད་བསྐྲད་རེངས་རྨོངས་སོགས་ཀྱིས་ཚར་བཅད་ནས། །འཕྲིན་ལས་རྣམ་བཞི་མ་ལུས་སྒྲུབ་པར་མཛོད། །ཅེས་འཕྲིན་ལས་བཅོལ་ལོ། །ཚོགས་ཐ་མའི་སྔོན་དུ་བསྐུལ་གྱི་རིམ་པ་ལ། རིགས་འཛིན་སྤྱི་བསྐུལ་ནི། རྒྱལ་བ་མུས་སྲད་དཔལ་ལྡན་སེང་གེས་མཛད། ཀུན་བདག་ཆོས་སྐུ་ཀུན་ཏུ་བཟང་། །བདག་དོན་མཚན་ལྡན་ལོངས་སྐུ་རྡོ་རྗེ་སེམས། །ཐུགས་རྗེས་དོན་མཛད་སྤྲུལ་སྐུ་རྡོ་རྗེ་འཛིན། །སྐུ་གསུམ་མཆོག་གི་ཚོགས་རྣམས་དབྱིངས་ནས་བཞེངས། །སློབ་དཔོན་དགའ་རབ་རྡོ་རྗེ་མན་ཆད་ནས། །པཱ་གོར་བཻ་རོ་ཙ་ན་ལ་སོགས་པའི། །རྫོགས་ཆེན་སྒོ་ནས་གྲུབ་པ་བརྙེས་པ་ཡི། །མན་ངག་རིགས་འཛིན་ཚོགས་རྣམས་དབྱིངས་ནས་བཞེངས། །བདུད་པོ་ལངྐ་བདག་པོ་༴། །ལོ་ཙཱ་ཆེ་བཙན་སྐྱེས་མཆོག་༴། །མདོ་ཡི་སྒོ་ནས་༴། །ལུང་གི་རིགས་འཛིན་༴། །གསང་བདག་ཕྱག་ན་རྡོ་རྗེ་༴། །ལོ་ཙཱ་རྨ་གཉགས་རྣམ་གཉིས་༴། །སྒྱུ་འཕྲུལ་སྒོ་ནས་༴། །བརྒྱུད་ཀྱི་རིགས་འཛིན་༴། །སློབ་དཔོན་འཇམ་དཔལ་བཤེས་གཉེན་༴། །གནུབས་ཆེན་སངས་རྒྱས་ཡེ་ཤེས་༴། །གཤིན་རྗེའི་སྒོ་ནས་༴། །སྐུ་ཡི་རིགས་འཛིན་༴། །སློབ་དཔོན་ཀླུ་སྒྲུབ་སྙིང་པོ་༴། །དགེ་སློང་ངན་ལམ་རྒྱལ་མཚན་༴། །པདྨའི་སྒོ་ནས་༴། །གསུང་གི་རིགས་འཛིན་༴། །སློབ་དཔོན་དུར་ཁྲོད་བདེ་བ་༴། །བོད་ཀྱི་དགེ་སློང་མི་ལྔ་༴། །ཡང་དག་སྒོ་ནས་༴། །ཐུགས་ཀྱི་རིགས་འཛིན་༴། །(༧ན)


GLG024_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པ་དུང་གི་ཐོར་ཚུགས་༴། །གཉགས་ཆེན་ཀུ་མཱ་ར་ལ་སོགས་པ་ཡི། །བདུད་རྩིའི་སྒོ་ནས་༴། །ཡོན་ཏན་རིགས་འཛིན་༴། །སེམས་དཔའ་ལྷ་ཡི་དབང་པོ་༴། །གཟུང་མ་མཁར་ཆེན་འཚོ་རྒྱལ་༴། །ཕུར་པའི་སྒོ་ནས་༴། །འཕྲིན་ལས་རིགས་འཛིན་རྣམས་༴། །སྟོན་པ་མངོན་རྫོགས་རྒྱལ་པོ་༴། །འབྲོག་མི་སངས་རྒྱས་ཡེ་ཤེས་༴། །མ་མོའི་སྒོ་ནས་༴། །དམ་ཅན་རིགས་འཛིན་༴། །དགེ་སློང་ཀུ་ཀུ་ར་ཙ་༴། །སོག་པོ་དཔལ་གྱི་ཡེ་ཤེས་༴། །ཐེག་པ་སོ་སོ་ཡི། །གང་ལ་སྦྱངས་པའི་ཡོན་ཏན་ཁྱད་པར་ཅན། །མི་ཡི་ལུས་ཀྱི་སངས་རྒྱས་རིན་པོ་ཆེ། །རྐང་གཉིས་མཆོག་གྱུར་ཚོགས་རྣམས་དབྱིངས་ནས་བཞེངས། །སློབ་དཔོན་པདྨ་འབྱུང་གནས་མན་ཆད་ནས། །དཔལ་ལྡན་གྲུབ་ཐོབ་འདར་ཕྱར་ལ་སོགས་པའི། །མཁྱེན་རབ་སྒོ་ནས་གྲུབ་པ་བརྙེས་པ་ཡི། །བྱིན་རླབས་རིགས་འཛིན་ཚོགས་རྣམས་དབྱིངས་ནས་བཞེངས། །རྒྱུད་ལུང་མན་ངག་ཐུགས་སུ་ཆུད་གྱུར་ཅིང་། །རྟོགས་ཚད་གདེངས་ལྡན་བླ་མ་རིན་པོ་ཆེ། །ཐ་དད་བཞུགས་ནས་བསྟན་པའི་རྒྱལ་མཚན་འཛིན། །བོད་ཀྱི་རིགས་འཛིན་ཚོགས་རྣམས་དབྱིངས་ནས་བཞེངས། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡི། །མངོན་སྤྱོད་འཕྲིན་ལས་སྒྲུབ་པའི་ཐུགས་དམ་རྒྱུད། །རིགས་འཛིན་བརྒྱུད་པའི་ཐུགས་རྗེ་(༧བ)


GLG024_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་དང་། །དམ་ཚིག་གཉན་པོས་བསྐུལ་པའི་དུས་ལ་བབ། དཀོན་མཆོག་སྤྱི་བསྐུལ་ནི། རྣམ་དག་མུས་སྲད་པ་དཔལ་ལྡན་སེང་གེས་མཛད། སྐུ་ལྔ་ཡེ་ཤེས་ལྔ་ཡི་དངོས། ཁྱབ་བདག་རང་བྱུང་རྒྱལ་བ་བཅོམ་ལྡན་འདས། །སྐྱབས་མཆོག་དཔལ་ལྡན་བླ་མ་ཧེ་རུ་ཀ༔། །དབྱེར་མེད་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཡི་དམ་ལྷ་དང་དཀོན་མཆོག་གསུམ་གྱི་དངོས། །རྩ་བརྒྱུད་བླ་མ་མི་མངོན་དབྱིངས་ནས་བཞེངས། །དུར་ཁྲོད་གསང་བ་དབང་དྲག་དཀྱིལ་འཁོར་ནས། །ཐོད་པ་རིན་ཆེན་དུར་ཁྲོད་གཞལ་ཡས་ཁང་། །གནམ་ལྕགས་ཨུར་མོ་ཟེར་ཆེན་ཏ་ལ་ལ། །སྤྲུལ་པའི་ལྕང་ལོ་མང་པོ་ཁ་བད་ཅན། །བསྐལ་པའི་མེ་ནི་སྨུག་ནག་འཚུབ་མར་འབར། །མི་རོ་ཐོད་ཕྲེང་ཀེང་རུས་ཚོགས་ཀྱིས་བརྒྱན། །རཀྟའི་རྒྱ་མཚོ་རྦ་རླབས་ཆིལ་ལི་ལི། །རུས་ཆེན་ཚོགས་ཀྱི་ཕུང་པོ་ཁྲོལ་ལོ་ལོ། །ཁྲག་དང་ཞག་གི་འབབ་ཆུ་ཟུལ་ལུ་ལུ། །རྡོ་རྗེ་ཞིང་ཆེན་དྲི་ངད་ཐུལ་ལུ་ལུ། །ཙིཏྟ་གསར་རྙིང་རྒྱན་མཆོག་ཡེར་རེ་རེ། །དབང་ཆེན་ཁྲག་འཐུང་རྒྱལ་བ་འཁོར་དང་བཅས། །སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས། །མ་མོ་མཁའ་འགྲོས་བདག་ལ་བྱིན་གྱིས་རློབས། །གྲུབ་པའི་རྟགས་མཚན་མྱུར་དུ་བསྟན་དུ་གསོལ། །ཆོས་ཉིད་ཞི་བའི་ཚུལ་གྱིས་དོན་མཛད་པའི། །བཅོམ་ལྡན་ཞི་བའི་ལྷ་ཚོགས་དབྱིངས་ནས་བཞེངས། །ཁྲོ་བོའི་ཚུལ་གྱིས་གདུག་པ་འདུལ་མཛད་པའི། །འབར་བ་ཁྲོ་བོའི་༴། །སྐྱེ་མེད་དམིགས་བྲལ་ངང་ནས་སྐུ་བཞེངས་པ། །འཇམ་དཔལ་སྐུ་ཡི་༴། ཁམས་གསུམ་དབང་དུ་སྡུད་པའི་ལས་མཛད་པ། །པདྨ་གསུང་གི་༴། །དུས་གསུམ་(༨ན)


GLG024_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་ཀུན་གྱི་ཐུགས་ཀྱི་ཐུགས། །ཡང་དག་ཐུགས་ཀྱི་༴། །དུག་ལྔ་གཏན་བཅོམ་ཡེ་ཤེས་སྦྱར་བ་ཡི། བདུད་རྩི་ཡོན་ཏན་༴། །བདུག་པའི་དགྲ་བགེགས་མ་ལུས་ཚར་ གཅོད་པའི། །ཕུར་པ་འཕྲིན་ལས་༴། །དུས་གསུམ་བདེ་གཤེགས་རྒྱལ་བ་འདུས་པ་ཡི། །ཐབས་དང་ཤེས་རབ་གཉིས་མེད་རོལ་པ་ཡི། །མ་མོ་རྦོད་གཏོང་༴། །བསྟན་ལ་གནོད་པའི་དགྲ་བགེགས་ཚར་གཅོད་པའི། །དྲག་སྔགས་སྨོད་པའི་༴། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །ལོ་ཀ་མཆོད་ བསྟོད་༴། །རྡོ་རྗེའི་གདུང་གསོབ་རིགས་འཛིན་ཕོ་མོའི་ཚོགས། །མི་མངོན་དབྱིངས་ནས་བཞེངས་ལ་བྱིན་གྱིས་རློབས། །རྩི་ཤིང་ཐམས་ཅད་ཡེ་ནས་སྨན་དང་བཅུད། །སྣང་སྲིད་ཐམས་ཅད་ཡེ་ནས་བྱང་ཆུབ་སེམས། །སྟོང་གསུམ་ཐམས་ཅད་ཡེ་ནས་གཞལ་ཡས་ཁང་། །རྒྱུད་དྲུག་ཐམས་ཅད་ཡེ་ནས་རྒྱལ་བའི་སྐུ། །སྒྲ་དབྱངས་ཐམས་ཅད་དྲག་པོ་སྔགས་ཀྱི་ཚིག །མ་སྲིང་སྲུང་མ་ཡེ་ནས་བྲན་དང་གཡོག །རྦད་ཅིང་མངགས་སོ་དམ་ཅན་ཐུགས་དམ་ཅན། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །གང་ལྟར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ང་དཔལ་ཁྲག་འཐུང་ཧེ་རུ་ཀཿ། །འཇིག་རྟེན་ཐམས་ཅད་བསྒྲལ་བའི་ཞིང་། །བཟའ་བཏུང་ཐམས་ཅད་ཤ་ཁྲག་ཚོགས། །གཟུགས་སྣང་ཐམས་ཅད་ཁྲོ་བོའི་སྐུ། །དབང་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས། ཁྲོ་བོ་དམར་ནག་སྟེང་གསུམ་བཀང་། །སྒྲུབ་ཐབས་སྦས་པ་མིག་འབྱེད་ཀྱི་ཕོ་ཉ་བཏང་བའི་ཞལ་ཁྲིགས། གནམ་ལྕགས་ཐོག་གི་རལ་པ་ཅན། །སྤྱན་མིག་ཉི་ཟླ་མེ་ཆུ་འབར། །ཤངས་ནས་(༨བ)


GLG024_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དང་རླུང་འཚུབ་འགྱེད། །ཞལ་ནས་གནམ་ལྕགས་ཞུན་མ་འཐོར། །མཚོན་ཆ་སྣ་ཚོགས་བ་སྤུ་ཅན། །ལྕགས་ཀྱུས་འཛིན་ཅིང་ཞགས་པས་འཆིང་། །ཡིད་ལ་བརྣག་པའི་དགྲ་བགེགས་ཀྱི། །ལུས་སྲོག་འཚོ་བའི་ལྷ་དང་ཕྲོལ། །དཔག་ཚད་ཙམ་ནས་སྡེབས་སུ་ཆུག །འདོམ་གང་ཙམ་ནས་མྱོས་སུ་༴། ཁྲུ་གང་ཙམ་ནས་བརྒྱལ་དུ་༴། །མཐོ་གང་ཙམ་ནས་བརླག་པར་གྱིས། །བླ་སྲོག་དྲངས་ཏེ་གཟུགས་ལ་བསྟིམ། །ལིངྒ་འདི་ལ་ཤད་ཀྱིས་ཆུག །རིངས་པར་ཁུག་ལ་མྱུར་དུ་སྒྲོལ། །རྣམ་ཤེས་དབང་པོ་རྟེན་དང་ཕྲོལ། །པགས་པ་ཤུས་ལ་ནང་ཁྲོལ་ཐོན། །མགོ་དང་ཡན་ལག་བྲེགས་ལ་ཤོག །གློ་སྙིང་ཕྱུངས་ལ་ལྷུ་གཟུགས་ཕྲོལ། །ཤ་ཟོ་ཁྲག་འཐུང་རུས་པ་འཆོས། །བདུན་བརྒྱུད་རྩ་བ་ཆོད་ལ་ཤོག །མིང་ཡང་མེད་པར་བརླག་པར་གྱིས། །བྱང་ཆུབ་སེམས་ནི་མ་སྐྱེས་ན། །ཡུན་དུ་ནམ་ཡང་བཏང་མི་བྱ། །བྱང་སེམས་སྐྱེས་ན་བཏང་བར་བྱ། །སྐབས་འདི་རུ་གཟུགས་ལ་བསྟིམ། ཛཿ ང་དཔལ་རྡོ་རྗེ་དབང་ཆེན་སྐུ། །ཁྲོ་བོ་དཀར་པོས་སྟོང་གསུམ་བཀང་། གནམ་༴། ཤངས་༴། ཞལ་༴། མཚོན་༴། ལྕགས་༴། ཡིད་༴། ལུས་༴། དཔག་༴། འདོམ་༴། ཁྲུ་༴། མཐོ་༴། བླ་༴། ལིང་༴། རིངས་༴། རྣམ་༴། པགས་༴། མགོ་༴། གློ་༴། ཤ་༴། བདུན་༴། མིང་༴། བྱང་༴། ཡུན་༴། བྱང་༴། །ཛཿ ང་དཔལ་རིན་ཆེན་དབང་ཆེན་སྐུ། །མཐིང་ནག་ཁྲོ་བོས་སྟོང་གསུམ་བཀང་། །གནམ་༴། སྤྱན་༴། ཤངས་༴། ཞལ་༴། མཚོན་༴། ལྕགས་༴། ཡིད་༴།


GLG024_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་༴། དཔག་༴། འདོམ་༴། ཁྲུ་༴། མཐོ་༴། བླ་༴། ལིང་༴། རིངས་༴། རྣམ་ཤེས་༴། པགས་༴། མགོ་༴། གློ་༴། ཤ་༴། བདུན་༴། མིང་༴། བྱང་༴། ཡུན་༴། བྱང་༴། །ཛཿ ང་ནི་པདྨ་དབང་ཆེན་སྐུ། ཁྲོ་བོ་དམར་སྨུག་སྟོང་གསུམ་བཀང་། །གནམ་༴། སྤྱན་༴། ཤངས་༴། ཞལ་༴། མཚོན་༴། ལྕགས་༴། ཡིད་༴། ལུས་༴། དཔག་༴། འདོམ་༴། ཁྲུ་༴། མཐོ་༴། བླ་༴། ལིང་༴། རིངས་༴། རྣམ་༴། པགས་༴། མགོ་༴། གློ་༴། ཤ་༴། བདུན་༴། མིང་༴། བྱང་༴། ཡུན་༴། །བྱང་༴། །ཆོས་སྐྱོང་སྤྱི་བསྐུལ་ནི། །དུར་མུས་སྲད་པ་དཔལ་ལྡན་སེང་གེས་མཛད། ཁྲོད་རོལ་པ་ཆེན་པོའི་གནས་མཆོག་ནས། །བསྟན་ལ་གནོད་བྱེད་གདུག་པའི་གདན་སྟེང་ན། །དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡེ། །དུས་གསུམ་རྒྱལ་བའི་བཀའ་གཉན་མཐུ་རྩལ་ཅན། །ལེགས་ལྡན་ནག་པོ་གྲོང་ཁྱེར་སུམ་(༩བ)


GLG024_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་དགྲ། །གྲུ་འཛིན་ཆེན་པོ་སྲིད་གསུམ་དབང་སྡུད་ཅིང་། །ལྷ་ཆེན་སྲས་པོ་ཚོགས་བདག་དྲག་ཤུལ་ཅན། །རྣལ་འབྱོར་དགྲ་ལྷ་བསྟན་སྲུང་ཡོངས་ཀྱི་གཙོ། །ཨེ་ཀ་ཛཱ་ཊཱི་བདུད་མོ་རལ་གཅིག་མ། །འདོད་ཁམས་གཙོ་མོ་གཤིན་རྗེ་ཡོངས་ཀྱི་ལྕམ། །གདོང་དམར་ལྷ་མོ་མ་མོ་ཡོངས་ཀྱི་གཙོ། །ཡམ་ཤུད་དམར་པོ་བཤན་པ་ཡོངས་ཀྱི་རྗེ། །དུར་ཁྲོད་བདག་པོ་སྲིན་མོ་ཞིང་སྐྱོང་ཚོགས། །དཔལ་མགོན་བརྒྱད་ཅུ་རྩ་བདུན་འཁོར་དང་བཅས། །ལྷ་སྲིན་སྡེ་བརྒྱད་སྤྲུལ་པ་ཡང་སྤྲུལ་དང་། །པུ་ཏྲ་ལ་སོགས་ལས་མཁན་འཁོར་དང་བཅས། །རྣམ་ལྔ་རྒྱན་གྱི་ལོངས་སྤྱོད་སྣ་ཚོགས་དང་། ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་། །ཛཱཾ་བུ་ཏི་བའི་བདུད་རྩི་སྨན་གྱི་མཆོག །སྔར་བཅོལ་ལས་ཀྱི་གཏང་རག་གཉན་པོར་འབུལ། །ད་འཆོལ་ལས་ཀྱི་གསལ་འདེབས་གཉན་པོར་འབུལ། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །བསྟན་པ་དར་རྒྱས་འཕྲིན་ལས་ཁྱོད་ཀྱིས་སྒྲུབས། །ཚེ་འདིར་ནད་མེད་ལོངས་སྤྱོད་འཕེལ་བ་དང་། །བསམ་པའི་དོན་རྣམས་ཆོས་བཞིན་འགྲུབ་པ་དང་། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤིང་། །ལམ་ལྔ་ཁྱད་པར་ས་རྣམས་བགྲོད་བྱས་ཏེ། །མི་མཐུན་བདུད་ཀྱི་ཚོགས་ལས་གཡུལ་རྒྱལ་ཞིང་། །རྡོ་རྗེ་འཛིན་པའི་ས་མཆོག་ཐོབ་པར་ཤོག །རྒྱུད་ཀྱི་ལེའུ་བཅུ་གཉིས་པ་ལས་ཕྱུང་བ། ཧྲཱིཿ རང་བཞིན་ཆོས་ཀྱི་སྐུ་ལས་རང་བྱུང་བ། །དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །(༡༠ན)


GLG024_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འཁྱིལ་པ་དབང་ཆེན་ཁྲོ་བོའི་སྐུ། །ཐུགས་རྗེ་ཐབས་ཀྱིས་སྤྲུལ་སྐུ་བཞེངས་སུ་གསོལ། །བདུད་ཕོ་བདུད་མོ་སྤྱི་ཆིངས་བསྣོལ་བའི་སྟེང་། །ཆགས་མེད་པདྨ་ཉི་ཟླའི་གདན་སྟེང་ན། །དུས་གསུམ་དབང་སྒྱུར་ཡེ་ཤེས་ལྷ་ཡི་ལྷ། །དབང་ཆེན་ཁྲག་འཐུང་ཧ་ཡ་གྷྲི་བའི་སྐུ། །སྐུ་མདོག་དམར་ནག་དབུ་གསུམ་ཕྱག་དྲུག་པ། །ཞབས་བཞི་བརྐྱང་བསྐུམ་འགྱིང་རྔམ་བརྗིད་པའི་སྐུ། །སྤྱན་གསུམ་ཞལ་བགྲད་དབང་གི་མཆེ་བ་གཙིགས། །སྨིན་མ་སྨ་ར་ཨག་ཚོམས་མེ་ལྟར་འབར། །དབུ་སྐྲ་ཁམས་ནག་རལ་པ་གྱེན་དུ་འཁྱིལ། །སྤྱི་གཙུག་རྟ་མགོ་ལྗང་གུ་ཟིལ་གནོན་རྔམས། །རྔོག་མ་དམར་པོ་དབང་གི་རྟ་སྐད་འཚེར། །གཡས་དཀར་གཡོན་ལྗང་དབུས་དམར་རྔམ་སྒྲ་སྒྲོག །སྐུ་སྟོད་ཞིང་ཆེན་གཡང་གཞི་གླང་ཆེན་ཀོ་རློན་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་བདུད་དཔུང་འདུལ། །ཐོད་རློན་ཚར་གསུམ་ཕྲེང་བས་རྒྱན་དུ་བྱས། །སྦྲུལ་རིགས་བཞི་ཡིས་སྐུ་བརྒྱན་ཕྱག་ཞབས་སྤྲས། །དང་པོ་པདྨ་བནྡྷས་དབང་དུ་སྡུད། །བར་པ་ལྕགས་ཀྱུ་ཞགས་པས་དམིགས་པ་འགུགས། །ཐ་མ་བེ་ཅོན་རལ་གྲིས་དགྲ་བགེགས་སྒྲོལ། །དབང་དྲག་མེ་དཔུང་ཀློང་དཀྱིལ་རིན་ཆེན་སྤྲས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་རྫོགས་པར་ལྡན། །དབང་ཆེན་གདུག་པའི་སྤྱན་རྩ་ལྡོག་པ་ཡིས། །སྣང་སྲིད་དྲེགས་པ་ཐམས་ཅད་དབང་དུ་སྡུད། །ཤངས་ནས་རླུང་ནག་འཚུབ་པའི་བསྐལ་པ་འབྱུང་། །སྣང་སྲིད་ཀུན་འདར་མཐུ་ཆེན་དྲག་རྩལ་འདུལ། །སྙན་ནས་བསྐལ་པའི་འབྲུག་སྟོང་ལྡིར་བ་ཡིས། །སྲིད་པའི་ཆེ་བཙན་ཐམས་ཅད་ཟིལ་གྱིས་(༡༠བ)


GLG024_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གནོན། །ཚེམས་ལ་དྲག་པོའི་ཐོག་ཆེན་ཕབ་པ་ཡིས། །སྡང་དགྲ་གནོད་བགེགས་ཐལ་བའི་རྡུལ་དུ་རློག །ཞལ་ནས་རཀྟའི་རྒྱ་མཚོ་འཁྲུག་ཅིང་འཁྱིལ། །བསྟན་པ་བཤིག་པའི་དགྲ་ལ་སྐྱིན་ཐང་ཕོབ། ཁྲོ་རྒྱལ་དབང་གི་རྟ་སྐད་འཚེར་རེ་རེ། །ཐུགས་རྗེ་དབང་ཆེན་ཆེ་བཙན་དབང་དུ་སྡུད། །པདྨ་དབང་ཆེན་ཁྲག་འཐུང་མི་བཟད་པ། ཁྱོད་ཀྱི་དབང་དྲག་འཕྲིན་ལས་དུས་ལ་བབ། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློག །ཧྲཱི༔ ཁྲོ་རྒྱལ་དབང་ཆེན་སྐུ་ཡི་གཡོན་ཕྱོགས་ནས། ཁྲོ་མོ་པདྨ་གར་གྱི་དབང་ཕྱུག་མ། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །སྤྱན་གསུམ་ཞལ་བགྲད་དབང་གི་མཆེ་བ་གཙིགས། །དབུ་སྐྲ་རལ་བ་ནག་པོ་མུན་ལྟར་གཏིབས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་ལེགས་པར་ལྡན། །ཕྱག་གཡས་རྡོ་རྗེ་ཐོགས་ནས་ཡབ་ལ་འཁྱུད། །ཕྱག་གཡོན་དུང་ཆེན་དམར་འཁྱིལ་གཙོ་ལ་སྟོབ། ཁྲོ་མོ་ཀུན་གྱི་དབང་ཕྱུག་ཆེན་མོ་ཁྱོད། །རྔམས་པའི་ང་རོས་ཐམས་ཅད་ཟིལ་གྱིས་གནོན། །སྤྱན་ནས་ཁྲག་འཛག་ཞལ་ནས་མི་རོ་འཕྲུལ། །སྙན་ནས་འབྲུག་སྒྲོག་ཤངས་ནས་རླུང་ནག་འཚུབ། ཁྱོད་ཀྱི་༴། །སྡང་དགྲ་༴། །ཧྲཱིཿ ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས། །ཐུགས་ཀྱི་སྤྲུལ་པ་དབང་ཆེན་ཁྲོ་བོའི་སྐུ། །ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །དྲི་ཟ་ཕོ་མོ་བསྣོལ་བའི་གདན་སྟེང་ན། །རྡོ་རྗེ་དབང་ཆེན་དཀར་པོ་ཁྲོ་བོའི་སྐུ། །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་བརྒྱད་རྫོགས། །སྤྱན་གསུམ་ཞལ་བགྲད་མཆེ་གཙིགས་མི་རོ་ཟ། །དབུ་སྐྲ་ཁམ་ནག་གྱེན་བསྒྲེངས་སྦྲུལ་གྱིས་བཅིངས། །(༡༡ན)


GLG024_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་རྡོ་རྗེས་དགྲ་བགེགས་མགོ་ལུས་གཤོག །ཕྱག་གཡོན་དབྱུག་ཏོས་མྱོས་ཤིང་བརྒྱལ་བར་བྱེད། །མེ་དཔུང་ཀློང་ནས་འགྱིང་གར་སྟབས་ཚུལ་དུ། །རྔམས་པའི་ང་རོ་འབྲུག་སྟོང་ལྡིར་རི་རི། །ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ་པར་བྱེད། ཁྱོད་ཀྱི་༴། །སྡང་དགྲ་༴། །ཧྲཱིཿ ཡབ་ཡུམ་༴། །ཐུགས་ཀྱི་༴། །ལྷོ་ཕྱོགས་༴། །གྲུལ་བུམ་༴། །རིན་ཆེན་དབང་ཆེན་མཐིང་ནག་ཁྲོ་བོའི་སྐུ། །ཞལ་གཅིག་ཕྱག་གཉིས་༴། །སྤྱན་གསུམ་༴། །དབུ་སྐྲ་༴། །ཕྱག་གཡས་རིན་ཅེན་མྱུ་གུས་དགོས་འདོད་སྐོང་། །ཕྱག་གཡོན་ལྕགས་ཀྱུས་བླ་འགུགས་ཙིཏྟ་འབྱིན། །མེ་དཔུང་༴། །རྔམས་པའི་༴། །ཐུགས་ཀྱི་༴། ཁྱོད་ཀྱི་༴། །སྡང་དགྲ་༴། །ཧྲཱིཿ ཡབ་ཡུམ་༴། །ཐུགས་ཀྱི་༴། །ནུབ་ཕྱོགས་༴། །ཀླུ་དབང་༴། །པདྨ་དབང་ཆེན་དམར་སྨུག་ཁྲོ་བོའི་སྐུ། །ཞལ་གཅིག་༴། །སྤྱན་གསུམ་༴། །དབུ་སྐྲ་༴། །ཕྱག་གཡས་པདྨས་ཆེ་བཙན་དབང་དུ་སྡུད། །ཕྱག་གཡོན་ཞགས་པས་ལུས་དང་ཡན་ལག་འཆིང་། །མེ་དཔུང་༴། །རྔམས་པའི་༴། །ཐུགས་ཀྱི་༴། ཁྱོད་ཀྱི་༴། །སྡང་དགྲ་༴། །ཧྲཱིཿ ཡབ་ཡུམ་༴། །ཐུགས་ཀྱི་༴། །བྱང་ཕྱོགས་༴། །གནོད་སྦྱིན་༴། །འཕྲིན་ལས་དབང་ཆེན་ལྗང་དམར་ཁྲོ་བོའི་སྐུ། །ཞལ་གཅིག་༴། །སྤྱན་གསུམ་༴། །དབུ་སྐྲ་༴། །ཕྱག་གཡས་རལ་གྲིས་རྩ་དང་སྲོག་གཟུགས་གཅོད། །ཕྱག་གཡོན་ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་སྒྲོལ། །མེ་དཔུང་༴། །རྔམས་པའི་༴། །ཐུགས་ཀྱི་༴། །(༡༡བ)


GLG024_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་༴། །སྡང་དགྲ་༴། །ཧཱུཾ། ཤར་ཕྱོགས་དུང་གི་སྒོ་ཁྱུད་ལ། །བུད་མེད་ནག་མོ་འཇིགས་ཚུལ་ཅན། ཁྲག་གི་རལ་པ་ཤར་ར་ར། །ཕྱག་ན་ལྕགས་ཀྱུ་དགྲ་སྙིང་འབྱིན། །རིངས་པར་ཁུག་ཅིག་ཨཾ་ཀུ་ཤ །ལྷོ་ཕྱོགས་གསེར་༴། །སེར་མོ་ནག་མོ་༴། །གཡུ་ཡི་༴། །ཕྱག་ན་ཞགས་པ་བླ་ཚེ་འགུགས། །ཆིངས་ཤིག་སྡོམས་ཤིག་པཱ་ཤྱ་ཧྲི། །ནུབ་ཕྱོགས་ཟངས་ཀྱི་༴། །བུད་མེད་དམར་མོ་༴། །མཐིང་གི་རལ་པ་༴། །ཕྱག་ན་ལྕགས་སྒྲོག་ཚེ་སྲོག་བསྟིམ། །རྟེན་ལ་བསྟིམ་ཞིག་སྥོ་ཊ་བཾ། །བྱང་ཕྱོགས་གཡུ་ཡི་༴། །བུད་མེད་སྔོན་མོ་༴། །གསེར་གྱི་༴། །ཕྱག་ན་དྲིལ་བུས་བརྒྱལ་བར་བྱེད། །མྱོས་པར་གྱིས་ཤིག་གྷཎྜེ་ཧོཿ། །ཧྲཱིཿ བཅོམ་ལྡན་པདྨ་ཧེ་རུ་ཀཿ། །དབང་ཆེན་ཐུགས་ཀྱི་སྤྲུལ་པ་ནི། །སྲོག་བདག་འོད་ཀྱི་རྒྱལ་པོ་བྱུང་། །སྐྱེས་མཆོག་འོད་ཀྱི་མི་བོ་ཆེ། །སྐུ་ལ་སེང་གེའི་སློག་པ་གསོལ། །དབུ་ལ་ཇི་ལེ་དཀར་པོ་བཅིངས། །ནམ་མཁའ་འཇའ་ཡི་སྐ་རགས་ཅན། །ལྕགས་ཀྱི་སྡེར་མོས་དགྲ་སྙིང་འབྱིན། །གཡས་པ་རལ་གྲིས་དགྲ་སྲོག་གཅོད། །གཡོན་པ་འོད་ཀྱི་ཞགས་པ་འཕེན། །དགྲ་བོའི་ཚེ་སྲོག་དོན་སྙིང་ཕྱུངས། །དྲག་ཏུ་བསྐུལ་ལོ་དགྲ་སྲོག་ཆོད། །ཤར་གྱི་དཀར་པོ་དམ་ཚིག་ཅན། །རྟ་རུ་དཀར་པོ་ངང་རིང་ཞོན། །སྐུ་ལ་དར་དཀར་རལ་ཀ་གསོལ། །དབུ་ལ་དུང་གི་ཅོད་པན་ཅན། །ཕྱག་ན་ཤེལ་གྱི་ཟངས་གྲི་ཐོགས། །ཕྱག་གཡོན་ཞགས་པ་དགྲ་ལ་འདེབས། །ཚངས་པ་དུང་གི་ཐོར་ཚུགས་ཅན། །དགྲ་བོའི་ལྷ་ཕྲོལ་ཁོང་སྙིང་ཕྱུངས། །ལྷོ་ཡི་དགེ་བསྙེན་དམ་ཚིག་ཅན། །(༡༢ན)


GLG024_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་ཟ་འོག་སྔོ་ཁྲ་གསོལ། །དབུ་ལ་བསེ་མེན་འགྱིང་ཐོད་བཅིངས། །རྟ་ནི་ཁམ་པ་ལག་དཀར་ཞོན། །གཡས་ན་བསེ་ཡི་རྡོ་རྗེ་ཐོགས། །གཡོན་པ་ཙིཏྟ་དམར་པོ་ཐོགས། །གྱིང་ཆེན་རྡོ་རྗེ་གཤོག་རྒོད་རྩལ། །དགྲ་བོའི་སྙིང་ཕྱུངས་སྲོག་རྩ་ཆོད། །ནུབ་ཀྱི་བདུད་ནག་དམ་ཚིག་ཅན། །སྐུ་ལ་ལྕགས་ཀྱི་ཞུན་ཁྲབ་གསོལ། །དབུ་ལ་བདུད་ཞྭ་ལྡིང་ནག་གསོལ། །ཆིབས་སུ་བདུད་རྟ་ནག་པོ་བཅིབས། །ཕྱག་གཡས་བདུད་ཀྱི་ཁྲམ་ཤིང་བསྣམས། །ཕྱག་གཡོན་ཞགས་པ་ནག་པོ་འདེབས། །ནག་པོ་གསོད་བྱེད་བདུད་ཀྱི་བུ། །དགྲ་བོའི་ཚེ་སྲོག་ཁྲམ་ལ་ཐོབ། །བྱང་གི་སྲོག་བདག་དམ་ཚིག་ཅན། །སྐུ་ལ་བསེ་ཁྲབ་དམར་པོ་གསོལ། །དབུ་ལ་བསེ་རྨོག་ཟངས་རིང་གསོལ། །ཆིབས་སུ་བསེ་ཡི་ར་སྐྱེས་བཅིབས། །ཕྱག་གཡས་ཟངས་ཀྱི་གྲི་རིང་བསྣམས། །གཡོན་པ་ཞགས་པ་དགྲ་ལ་འདེབས། །བསྭོ་ཏོ་སྲོག་གཅོད་ལག་དམར་གྱིས། །དགྲ་བོའི་མདངས་ཕྲོགས་སྲོག་རྩ་ཆོད། །དམ་ཉམས་མ་བཏང་ཤོར་ར་རེ། །ཧྲཱིཿ པདྨ་རྒྱལ་པོ་རྟ་མཆོག་དཔལ། ཁྲོ་རྒྱལ་ཁྲག་འཐུང་ཧེ་རུ་ཀཿ། །ཐུགས་ཀྱི་སྤྲུལ་པ་མི་བཟད་པ། །སྐྱིན་ཐང་ཆུ་འཁྱགས་མངའ་བདག་ཁྱོད། ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །བྱི་ཏྟ་པེ་ཏེ་སྒྲ་གཅན་འཛིན། །དྲང་སྲོང་ཆེན་པོ་ཀུན་ཏུ་རྒྱུ། །གཟའ་རྒོད་དྲག་པོ་སྐྱིན་ཐང་བདག །དུད་ཁ་མགོ་དགུ་མིག་གིས་ཁེངས། །རོ་སྨད་སྦྲུལ་གྱིས་རྒྱ་མཚོ་འཁྲུག །ཕྱག་གཡས་སྐྱིན་ཐང་འཁོར་ལོ་བསྣམས། །ཕྱག་གཡོན་ཆུ་སྲིན་ཞགས་པ་འཕེན། །དགྲ་ཡུལ་ལོ་ཏོག་(༡༡བ)


GLG024_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་དུ་རླག །ཧྲཱིཿ ཕྱོགས་བཞི་ནམ་མཁའ་དཀྱིལ་ཡངས་ནས། །ངན་སྔགས་བདག་མོ་སྐྱིན་ཐང་ཕོབ། །ཤར་གྱི་སྟག་སྲིན་ཟོར་བ་གདོང་། །ལྷོ་ཡི་བཾ་སྲིན་དྲེད་མོ་གདོང་། །ནུབ་ཀྱི་ཀོང་སྲིན་བ་ལང་གདོང་། །བྱང་གིས་འབྲོག་སྲིན་ཆུ་སྲིན་གདོང་། །ངན་སྔགས་བདག་པོ་བཞི་པོ་ནི། །གཡས་པ་ཟོར་བ་གཡོན་ནད་རྐྱལ། །སྐྱིན་ཐང་ཆུ་རྒད་མངའ་བདག་མོ། །དགྲ་བོའི་ལོ་ཏོག་སྣར་མ་ལ། །ཆུ་རྒོད་འཁྱགས་པའི་སྐྱིན་ཐང་ཕོབ། །དགྲ་ཡུལ་ཐལ་བ་རྡུལ་དུ་རློག །གནོད་སྦྱིན་བེག་ཙེ་རིག་པའི་ལྷ་མོ་དང་། །སྒྲོལ་གྱིང་སྲོག་བདག་གྲི་ཐོགས་བཤན་པ་བརྒྱད། །རོ་བཤན་ཉེར་གཅིག་བདུད་ནག་གནོད་སྦྱིན་དང་། །བཙན་དམག་ཕོ་ཉ་འཁོར་ཚོགས་རྒྱ་མཚོ་ཡིས། །རྦོད་གཏོང་ཆགས་ཆེ་བར་གཅོད་མ་ལུས་པ། །གསར་སྒྲིགས། རང་གཤེད་རང་ལ་ཕབ་སྟེ་དགྲ་བགེགས་ཀྱི། །སྙིང་ཁྲག་ཧུབ་འཐུང་སྲོག་རྩ་དམར་པོ་ཆོད། །ཐལ་བའི་རྡུལ་དུ་རློག་པའི་འཕྲིན་ལས་མཛོད། །ཧྲཱིཿ བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨཱོཾ་མཧཱ་ཀྲོ་དྷེ་ཤྭ་རི་ཧཱུཾ་ཕཊ། །ཨཱོཾ་བཛྲ་ཀྲོ་དྷེ་ཤྭ་རི་ཧཱུཾ་ཕཊ། །ཨོཾ་རཏྣ་ཀྲོ་དྷེ་ཤྭ་རི་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་དྷེ་ཤྭ་རི་ཧཱུཾ་ཕཊ། ཨཱོཾ་ཀརྨ་ཀྲོ་དྷེ་ཤྭ་རི་ཧཱུཾ་ཕཊ། ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཨཱོཾ་བཛྲ་པཱ་ཤ་ཧཱུཾ། །ཨཱོཾ་བཛྲ་སྥོ་ཊ་བཾ། ཨཱོཾ་བཛྲ་གྷཎྜེ་ཧོཿ གིངྐར། རཱ་ཧུ་ལ། རགྨོ་པྲ་ཎ་ཨཏྨ་ན། ས་པ་རི་ཝཱ་ར་ཎ། མཐུ་བྱད་རྦོད་གཏོང་སྡེ་བརྒྱད་ཀྱི་གནོད་པ། ནད་གདོན། ཆགས་ཆེ། ཉམ་ང་། བར་གཅོད་ཐམས་ཅད་དགྲ་བགེགས་ཀྱི་སྟེང་དུ་བྷྱོ་བྷྱོ་བཟློག་བཟློག །གསེར་སྐྱེམས་དང་གཟུ་དཔང་གཏོད། (༡༣ན)


GLG024_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུབ་ཁུང་དུ་ཉ་པོ་བསྐྱེད་འགུགས་ནི། སྭ་བྷཱ་བས་སྦྱངས། གསར་སྒྲིགས། སྟོང་པའི་ངང་ལས་ཨེ་ལས་གནམ་ལྕགས་ལས་གྲུབ་པའི་འབྲུབ་ཁུང་ནག་པོ་ཁ་དོག་ཅིང་མཐིལ་ཡངས་པ་ཁ་ཁྱེར་རིམ་པ་གསུམ་དང་ལྡན་ཞིང་། འོག་ཕྱོགས་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ་ཕྱི་ནས་གཏི་མུག་གི་མུན་པ་ཐིབས་ཤིང་། ནང་ཞེ་སྡང་གི་མེ་དཔུང་འཁྲུག་པ། ལྷ་སྲིན་སྡེ་བརྒྱད་ཀྱི་བཤས་ར་འཇིགས་སུ་རུང་བའི་དབུས་སུ། ཪྣྲི་དང་ཏྲི་ལས་གནོད་བྱེད་དགྲ་བགེགས་དེ་ཉིད་ཉམ་ཐག་ཅིང་མྱ་ངན་གྱི་འདུག་སྟངས་ཅན་ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་མངོན་སུམ་ལྟ་བུར་གསལ་བར་གྱུར། བདེན་བརྡར་ནས་བཟུང་སྟོབ་པའི་བར་དཀྱུས་བཞིན་བྱ། བསྐང་བ་ཆོས་སྐུ་སྐྱེ་མེད་མ་གཏོང་། སྒྲུབ་པ་པོ་རྣམས་ཚོགས་ལ་རོལ་རྗེས་དབང་བསྐུར་སྨོན་ལམ་གདབ། བཟློག་བསྒྱུར་ནི། རྩ་བརྒྱུད་མུས་སྲད་པ་དཔལ་ལྡན་སེང་གེས་མཛད། །བླ་མ་ཐམས་ཅད་ལ། །དོ་ནུབ་བཟློག་པའི་ལས་འཆོལ་གྱིས། །ཕྱིར་བཟློག་ཚུར་ལ་བཟློག་པར་མཆིའོ། །གཉེན་བྱས་དགྲ་རུ་སོང་བར་མཆིའོ། །བཟློག་གོ་དམར་ཆེན་གཏོར་མས་བཟློག །བསྒྱུར་རོ་ལྟས་ངན་ཆོ་འཕྲུལ་དགྲ་ལ་སྒྱུར། བཟློག་བསྒྱུར་བཅོལ་བའི་འཕྲིན་ལས་མཛོད། །དུས་ལ་བབ་བོ་ས་མ་ཡ། །བཅོམ་ལྡན་ཁྲོ་རྒྱལ་རྟ་མགྲིན་ལ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། །ཡུམ་ཆེན་པདྨ་གར་དབང་ལ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་(༡༣བ)


GLG024_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། ཁྲོ་རྒྱལ་རྡོ་རྗེ་དབང་ཆེན་ལ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། ཁྲོ་རྒྱལ་རིན་ཆེན་དབང་ཆེན་ལ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། ཁྲོ་རྒྱལ་པདྨ་དབང་ཆེན་ལ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། ཁྲོ་རྒྱལ་ལས་ཀྱི་དབང་ཆེན་ལ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། །ཤར་ཕྱོགས་སྒོ་མ་ལྕགས་ཀྱུ་མ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། །ལྷོ་ཕྱོགས་སྒོ་མ་ཞགས་པ་མ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། །ནུབ་ཕྱོགས་སྒོ་མ་ལྕགས་ཀྱུ་མ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། །བྱང་ཕྱོགས་སྒོ་མ་དྲིལ་བུ་མ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། །ཡི་དམ་ལྷ་ཚོགས་ཐམས་ཅད་ལ། །དོ་ནུབ་༴། །ཕྱིར་བཟློག་༴། །(༡༤ན)


GLG024_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་བྱས་དགྲ་རུ་སོང་བར་མཆིའོ། །བཟློག་གོ་དམར་ཆེན་གཏོར་མས་བཟློག །བསྒྱུར་རོ་ལྟས་ངན་ཆོ་འཕྲུལ་དགྲ་ལ་སྒྱུར། །བཟློག་སྒྱུར་བཅོལ་བའི་འཕྲིན་ལས་མཛོད། །དུས་ལ་བབ་བོ་ས་མ་ཡ། །སྲོག་བདག་འོད་ཀྱི་རྒྱལ་པོ་ལ། །དོ་ནུབ་བཟློག་པའི་ལས་འཆོལ་གྱིས། །ཕྱིར་བཟློག་ཚུར་ལ་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། །དགེ་བསྙེན་རྡོ་རྗེ་ལེགས་པ་ལ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། །གཏུམ་དྲག་རེ་ནག་བླངས་པ་ལ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། །སྲོག་བདུད་བཙན་འཁོར་དམར་པོ་ལ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། །གཟའ་རྒོད་ཁྱབ་འཇུག་ཆེན་པོ་ལ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། །ཡུམ་ཆེན་གདོང་མོ་བཞི་པོ་ལ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། །དྲེགས་བྱེད་སྡེ་བརྒྱད་འཁོར་བཅས་ལ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། །(༡༤བ)


GLG024_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་ལ། །དོ་ནུབ་༴། །ཕྱིར་བཟློག་༴། །གཉེན་བྱས་༴། །བཟློག་གོ་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། །དུས་ལ་༴། །ཞེས་དང་། ཧཱུཾ༔ དང་པོར་རང་སེམས་འཁྲུལ་པ་ཡིས། །གཉིས་མེད་དོན་ནི་མ་རྟོགས་པའི། །ལོག་རྟོག་འཁོར་བའི་བག་ཆགས་བླངས། །འབྲས་བུ་སྨིན་བྱེད་བསྐྱེད་རྫོགས་གསལ། །རང་གཞན་གཉིས་མེད་དོན་རྟོགས་ནས། །རྣམ་རྟོག་འཁོར་བས་ཆགས་པ་རྒྱས། །ཡིག་རྙིང་ཡང་བཟློག་ནག་པོའི་བཟླ་བ། ཧཱུཾ། ང་ནི་དབང་ཆེན་རྟ་མཆོག་དཔལ། །བག་ཆགས་འཁོར་བའི་དུཿ ཁ་རྒྱས། །གཉིས་མེད་རང་གི་ང་རྒྱལ་ཅན། །ཡ་གི་ཁྲོ་བོ་མན་ཆད་ནས། །མ་གི་བསེན་མོ་གྲོང་རྒྱུ་ཡན། །ཐམས་ཅད་མ་ལུས་ང་ལ་ཉོན། །ང་ནི་སེམས་ཅན་དོན་རེ་བྱེད། །ང་ཡིས་མདོས་གཏོར་འདི་བསྔོས་པས། །འཇམ་དཔལ་གཤིན་རྗེའི་རྦོད་ཁ་བཟློག །ཡ་མཱནྟ་ཀྲྀ་ཏ་དགྲ་ལ་བཟློག །སེམས་ཅན་དོན་ལ་ང་མི་ཡེངས། །སྙིང་རྗེས་བསྒྲལ་བའི་ཤ་ཁྲག་གི །ཚད་མེད་མདོས་གཏོར་འདི་བསྔོས་པས། །རྟ་མགྲིན་གསུང་གི་རྦོད་གཏོང་བཟློག །ཧ་ཡ་གྷྲི་ཝ་དགྲ་ལ་བཟློག །དྲག་པོའི་དྲག་སྔགས་གཉིས་མེད་བཟླས། །ཕ་རོལ་རྒྱས་པའི་སྙིང་ཁྲག་གི །ཚད་མེད་རཀྟ་འདི་བསྔོས་པས། །ཕྱག་རྡོར་ཐུགས་ཀྱི་རྦོད་གཏོང་བཟློག །བཛྲ་པཱ་ཎི་དགྲ་ལ་བཟློག །ཨེ་ཡཾ་ས་མ་ཡ་སྙིང་ལ་བྷྱོ་བྷྱོཿ དགྲ་ལ་བཟློག་བཟློག །སྙིང་རྩ་ཕྱུངས་ཕྱུངས། སྲོག་རྩ་ཆོད་ཆོད། བྱད་མ་མཱ་ར་ཡ་བཟློག་བཟློག །ཅེས་བརྒྱ་སྟོང་བཟླས་སོ། །དེ་ནས་ཡང་འདི་སྐད་དོ། ཧཱུཾ། དུས་གསུམ་སངས་རྒྱས་ར་མདའ་སློག །(༡༥ན)


GLG024_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་ལྷ་ཚོགས་ར་མདའ་སློག །ཆོས་སྐྱོང་སྲུང་མ་ར་མདའ་སློག །བྱད་མའི་སྟེང་དུ་དམག་འདྲེན་གྱིས། །དམག་དཔོན་ཡེ་ཤེས་ལྷས་མཛད་དོ། །བྱད་མ་མ་ལུས་ཐལ་བར་ཐོང་། །བདག་ལ་བརྣག་པའི་དགྲ་བགེགས་འདི། །ཡུན་དུ་མ་ཞོག་སྲོག་རྩ་ཆོད། །བྱད་མ་ཤ་ཏྲཱུཾ་བྱེར་བྱེར་སོད་སོད། །ཧཱུཾ། དགྲ་བོ་བསོད་ནམས་ཟད་པ་དང་། །རྣལ་འབྱོར་ཡར་ལ་འཕེལ་བ་གཉིས། །དུས་གསུམ་ལྷ་ཡིས་བྱིན་རློབས་ལ། །རྣལ་འབྱོར་ཚེ་དང་བསོད་ནམས་རྣམས། །གོང་ནས་གོང་དུ་འཕེལ་བར་མཛོད། །དགྲ་བོ་བསོད་ནམས་མེད་པར་མཛོད། །ཧཱུཾ། ཉོན་ཅིག་སྣང་སྲིད་ལྷ་འདྲེའི་ཚོགས། །རྣལ་འབྱོར་ལྷ་མེད་ཟེར་ནས་བརྙས། །ལྷ་ལ་མཐུ་མེད་ཟེར་ནས་བརྙས། བྷྱོ། དམ་ཉམས་དགྲ་ལ་གཏོར་ཟོར་བཟློག །དམ་ཉམས་དགྲ་ལ་ཡུངས་ཟོར་བཟློག །དམ་ཉམས་དགྲ་ལ་བཙོ་ཟོར་བཟློག །དམ་ཉམས་དགྲ་ལ་གྲི་ཟོར་བཟློག །དམ་ཉམས་དགྲ་ལ་རྦབ་ཟོར་བཟློག །དམ་ཉམས་དགྲ་ལ་ཁྲག་ཟོར་བཟློག །དམ་ཉམས་དགྲ་ལ་འུར་ཟོར་བཟློག །དམ་ཉམས་དགྲ་ལ་མཚེ་ཟོར་བཟློག །དམ་ཉམས་དགྲ་ལ་ཕུར་ཟོར་བཟློག །དམ་ཉམས་དགྲ་ལ་མདའ་ཟོར་བཟློག །དམ་ཉམས་དགྲ་ལ་རྡོ་ཟོར་བཟློག །བྷྱོ། ཤར་ཕྱོགས་མི་ནག་མཆེ་བ་ཅན། དམ་ཉམས་དགྲ་ལ་རྦོད་ཁ་སྒྱུར། །བྷྱོ། ལྷོ་ཕྱོགས་མི་སྔོན་མཆེ་བ་ཅན། །དམ་ཉམས་དགྲ་ལ་རྦོད་ཁ་སྒྱུར། །བྷྱོ། ནུབ་ཕྱོགས་མི་དམར་མཆེ་བ་ཅན། །དམ་ཉམས་དགྲ་ལ་རྦོད་ཁ་སྒྱུར། །བྷྱོ། བྱང་ཕྱོགས་མི་སེར་(༡༥བ)


GLG024_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མཆེ་བ་ཅན། །དམ་ཉམས་དགྲ་ལ་རྦོད་ཁ་སྒྱུར། །བྷྱོ། ཁྱེད་ལ་འཕྲིན་ལས་བཅོལ་བ་ནི། །བདག་དང་ཡོན་མཆོད་འཁོར་བཅས་ལ། །ཕུར་ཁ་ཟོར་ཁ་ལངས་པ་བཟློག །མདའ་ཟོར་འུར་ཟོར་འཕེན་པ་བཟློག །ཀོང་ཟོར་འབྲུབ་ཁུང་བཅུག་པ་བཟློག །མི་དམར་ཞགས་པ་འཕེན་པ་དང་། །མི་ནག་གཡབ་མོ་གཡབ་པ་བཟློག །བཤན་པ་ལས་ལ་ཞུགས་པ་བཟློག །མོན་པ་རིམ་པ་བརྗེས་པ་བཟློག །སྐྱེས་པས་མདའ་ཟོར་འཕེན་པ་བཟློག །བུད་མེད་དམོད་ཟོར་བྱེད་པ་བཟློག །བདུད་གཅོད་སྲོག་རྒུད་ལུས་ཀྱི་ན་ཚ་དང་། །བླ་ཉམས་ཚེ་ཉམས་ཐམས་ཅད་དགྲ་ལ་བཟློག །ལྷ་བསྒྲལ་སྲོག་ཞུད་ངན་པ་བཟློག །སྲོག་རྒལ་ཕུར་པ་བཏབ་པ་བཟློག །བདག་ལ་བརྣག་པའི་བསམ་ངན་དང་། །སྦྱོར་བ་ངན་པ་སྣ་ཚོགས་བཟློག །ཡིད་ལ་བརྣག་པའི་དགྲ་བོ་འདི། །སྡེར་མོ་ཅན་གྱིས་སྙིང་ནས་དྲོངས། །མཆེ་བ་ཅན་གྱིས་ཀླད་ནས་ཐུག །ཞགས་པ་ཅན་གྱིས་ཡན་ལག་ཁྱིགས། །ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས། །དྲིལ་བུ་ཅན་གྱིས་མྱོས་སུ་ཆུག །ཐོ་བ་ཅན་གྱིས་མགོ་ནས་རྡུངས། །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །མུན་པ་ནག་པོས་མདུན་ནས་སུས། །ཡིད་ལ་བརྣག་པའི་དགྲ་བོ་འདི། །ལས་མཁན་རྣམས་ཀྱི་ཞལ་དུ་ཐོབ། །གནམ་གྱི་འཇུ་ཐག་ཆོད་ལས་ཤོག །ས་ཡི་རྟེན་ཕུར་ཐོན་ལས་ཤོག །དོན་སྙིང་ལྔ་པོ་ཕྱུངས་ལས་ཤོག །ཁ་ནས་ཁོང་ཁྲག་སྐྱུག་ཏུ་ཆུག །སྐྱོབ་པའི་ལྷ་དང་ཕྲོལ་ལས་ཤོག །ལྟས་ངན་བརྒྱད་ཅུ་རྩ་བཞི་ཐོང་། །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ཐོང་། །ནད་རིགས་བཞི་བརྒྱ་རྩ་བཞི་ཐོང་། །(༡༦ན)


GLG024_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་ལས་ངན་སྡིག་ཅན་འདི། །ལོ་དང་ཟླ་བར་མ་འཇོག་པར། །རྟགས་དང་མཚན་མ་མྱུར་དུ་སྟོན། །བཅོལ་བའི་ལས་འདི་མ་བྱས་ན། །དུས་གསུམ་རྒྱལ་བའི་བཀའ་ཡང་བསླུས། །ཕྱི་རབས་གསང་སྔགས་སུན་ཡང་ཕྱུང་། །རིགས་འཛིན་བདག་གི་རེ་བ་ཆད། །སྔོན་གྱི་ཐུགས་དམ་གཉེན་པོ་ཉམས། །རྩ་བརྒྱུད་བླ་མའི་དམ་ཚིག་འགལ། །ཐུབ་པའི་བསྟན་སྲུང་མིང་ཙམ་གྱུར། །དེ་བས་དམ་ལས་མ་འདའ་བར། །མཐུན་པའི་དམ་རྫས་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ཅེས་དང་། བྷྱོ། ཡིག་རྙིང་བཟློག་པ་རྣམ་རྒྱལ་སྟོབས་ཀྱི་མཚོན་ཆ། སངས་རྒྱས་བསྟན་པ་གཉན་པོ་བཤིག་པ་བཟློག །དཀོན་མཆོག་གསུམ་གྱི་དབུ་འཕང་དམོད་པ་བཟློག །གཙུག་ལག་ཁང་ཆེན་དཀོར་ཁང་བཤིག་པ་བཟློག །གསང་སྔགས་རྒྱུད་ལ་བཅས་སུ་འདོགས་པ་བཟློག །དགེ་འདུན་དཀོར་ལ་རློམ་ཞིང་འཁྱེར་བ་བཟློག །འགྲོ་བ་ཀུན་ལ་གནོད་ཅིང་འཚེ་བ་བཟློག །དཀར་པོའི་ཆོས་ལ་བརྣག་ཅིང་དམོད་པ་བཟློག །བཀའ་ལས་འདའ་ཞིང་དམ་ཉམས་ཁྲིམས་ཉམས་བཟློག །བདག་ལ་གནོད་པར་སེམས་པའི་བསམ་ངན་བཟློག །སྒྲུབ་ལ་བར་དུ་གཅོད་པ་བྱེད་པ་བཟློག །མཚམས་ཀྱི་ཁོངས་སུ་འཇུག་པར་བྱེད་པ་བཟློག །ཚོགས་ཀྱི་ཡོ་བྱད་བརྐུ་ཞིང་འཕྲོག་པ་བཟློག །ཏིང་འཛིན་དྲོད་ལ་བར་དུ་གཅོད་པ་བཟློག །དངོས་གྲུབ་བགེགས་དང་བར་ཆད་བྱེད་པ་བཟློག །དུས་ཚོད་ཕྱོགས་ངན་བདུད་བཙན་ཐམས་ཅད་བཟློག །ཚེས་བརྒྱད་ཡུལ་གྱི་གདོན་འདྲེ་ལངས་པ་བཟློག །བཅོ་ལྔའི་(༡༦བ)


GLG024_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ལ་རྐུ་བར་བྱེད་པ་བཟློག །ཉི་ཤུ་བཞི་ལ་སྲོག་གཅོད་རྩོམ་པ་བཟློག །ཉེར་དགུའི་གདུག་ལ་ཚེ་ལེན་བྱེད་པ་བཟློག །ཡིད་ཀྱིས་དངངས་ནས་སྤྲུག་པར་བྱེད་པ་བཟློག །ཏིང་འཛིན་གསལ་ཁར་སྒྲིབ་ཏུ་ཡོང་བ་བཟློག །དངོས་གྲུབ་ཡོང་ཁར་འཕྲོག་ཏུ་ཡོང་བ་བཟློག །ལྷར་བརྫུས་འབྱུང་པོ་ཁྱིམ་དུ་འཇུག་པ་བཟློག །མིར་བརྫུས་འབྱུང་པོ་སྒོ་རུ་རྒྱུ་བ་བཟློག །དགྲར་བརྫུས་འབྱུང་པོ་སྲང་བར་འཁྱམས་པ་བཟློག །གྲོང་རྒྱུ་འགོང་པ་སྐབས་བལྟར་འཚོལ་བ་བཟློག །ཁྱི་རྐུན་ལྟར་དུ་རྒྱལ་བསེན་ཕུག་པ་བཟློག །རྣམ་རྟོག་གློ་བུར་ཕུང་འདྲེ་ལངས་པ་བཟློག །ཕ་མེས་རྒྱས་པའི་ཕུང་འདྲེ་ལངས་པ་བཟློག །བུ་ལོན་ལན་ཆགས་ཕུང་འདྲེ་ལངས་པ་བཟློག །ཤ་འཁོན་ལངས་པའི་ཕུང་འདྲེ་ལངས་པ་བཟློག །གསང་སྔགས་ཐོག་སེར་ཐོག་ལྟར་འཕེན་པ་བཟློག །མུ་སྟེགས་རྭ་ཟར་སྤྲིན་ལྟར་འཐིབས་པ་བཟློག །རྒྱ་ནག་གཏོར་ཟོར་སེར་ལྟར་འབེབས་པ་བཟློག །ཞང་ཞུང་བཙོ་ཟོར་མེ་ལྟར་འབར་བ་བཟློག །སུམ་པའི་གླང་ཟོར་མཚོ་ལྟར་འཁྱིལ་བ་བཟློག །ཕུར་པའི་དཔལ་ཟོར་རྟ་ལྟར་བརྒྱུག་པ་བཟློག །ཡུངས་ཟོར་རི་གཟར་རྦབ་ལྟར་བསྒྲིལ་བ་བཟློག །མཚེ་ཡི་ཟོར་ཁ་མདུང་ལྟར་འདྲིལ་བ་བཟློག །ཁྲག་ཟོར་དཔག་ཆེན་མདའ་ལྟར་འཕེན་པ་བཟློག །དྲག་སྔགས་ཆུ་བོའི་རྒྱུན་ལྟར་འཁྲུག་པ་བཟློག །འབྱུང་བའི་བཞི་གཤེད་ཀི་ཀང་གཤེད་བཞི་བཟློག །བདུད་གཅོད་རླུང་ནག་བདུན་ཟུར་དྲུག་ཁྲམ་བཟློག །ལུས་སྲོག་དབང་ཐང་རླུང་རྟ་གུད་པ་བཟློག །འབྲེལ་བའི་འཁོན་གཞི་གཙོ་དང་སྒྲོགས་ངན་བཟློག །ཉམས་སུ་སྣང་བའི་ཆད་པ་འབེབས་པ་བཟློག །


GLG024_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཞི་འཁོར་ལ་བར་ཆད་བྱེད་པ་བཟློག །སྔ་དགྲ་ལུས་ངག་ཡིད་ལ་དར་བ་བཟློག །ཕྱི་དགྲ་སེམས་ཤིང་གནོད་སེམས་འཆང་བ་བཟློག །རྫས་ལ་བརྐུ་ཞིང་འཕྲོག་པར་བྱེད་པ་བཟློག །ལོངས་སྤྱོད་འཁོར་ལ་གནོད་པར་བྱེད་པ་བཟློག །བརྒྱགས་ལ་བརྐུ་ཞིང་འཕྲོག་པར་བྱེད་པ་བཟློག །དཔལ་ལ་འཇབ་ཅིང་འཚེ་བར་བྱེད་པ་བཟློག །མ་ཉེས་ཉེས་ཟེར་བརྗོད་ཅིང་མནར་བ་བཟློག །འཁོར་དང་ནད་འཁྲུག་ལེ་པོའི་འཕང་ལེན་བཟློག །ཕ་ཁུའི་རྒན་སྲི་མ་བུའི་གྱུར་སྲི་བཟློག །སྐྱེས་པའི་མདའ་སྲི་ཟ་མའི་འཕང་སྲི་བཟློག །བུ་ཚའི་ཆུང་སྲི་རྣལ་འབྱོར་དམ་སྲི་བཟློག །མཚོན་སྲིས་གཏུབ་ཅིང་མདའ་སྲིས་འབུག་པ་བཟློག །ཆུ་སྲིས་འཁྱེར་ཞིང་རྡིབ་སྲིས་འཚུབ་པ་བཟློག །ལྕེབ་སྲིས་འཕྱེད་ཅིང་གཡང་ལ་ལྷུང་བ་བཟློག །འཕུང་སྲི་ལངས་ཤིང་གནམ་སྲི་ལྟུང་བ་བཟློག །གོད་སྲི་ལངས་ཤིང་རྐུན་སྲི་དར་བ་བཟློག །ཕུ་ན་མི་ཁ་རྟ་སྐད་འཚེར་བ་བཟློག །མདའ་ན་མི་ཁ་རླུང་ལྟར་འཚུབ་པ་བཟློག །ཡུལ་པའི་མི་ཁ་ཁྱི་ལྟར་ཟུག་པ་བཟློག །གླུ་ལྟར་ལེན་ཞིང་སྒྲོག་པའི་མི་ཁ་བཟློག །ཕོ་ཡི་མི་ཁ་མདའ་ལྟར་འབེན་པ་བཟློག །མོ་ཡི་མི་ཁ་བལ་ལྟར་གཡེང་བ་བཟློག །གྲོགས་པོའི་ཁ་དན་རྦབ་ལྟར་བསྒྲིལ་བ་བཟློག །གྲོགས་མོའི་སྙིང་ངན་ཆུ་རྒྱུན་ལྟ་བུ་བཟློག །ཡས་ཀྱི་བདུད་གཡོས་མས་ཀྱི་སྲི་ལངས་བཟློག །བར་གྱི་བདུད་འཁྲུགས་ཕ་ཚན་རྒྱ་འདྲེ་བཟློག །ཕུ་ནུའི་བྱོལ་ཁ་བཞད་ཀ་རྦོད་གཏོང་བཟློག །བྱུར་དུ་གང་ཆེ་སྐལ་དུ་གང་རིང་བཟློག །ལན་དུ་གང་ཆགས་ཤ་རུ་(༡༧བ)


GLG024_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་བ་བཟློག །བྱ་རུ་མི་རུང་བཀྲ་རུ་མི་ཤིས་བཟློག །རྨི་ལམ་མཚན་ངན་ལྟས་ངན་བརྒྱད་སྡིག་བཟློག །མོ་ངན་མཐུ་སྡིག་གོད་ཁ་ཁ་མཆུ་བཟློག །གནོད་ཅིང་འགལ་བྱེད་སྐུ་ལ་བསྡོ་བ་བཟློག །འཐབ་རྩོད་ཚིག་རྩུབ་ངན་སྨྲས་གཏོང་བ་བཟློག །ལག་ངན་མཛུབ་མོའི་རྡེག་རྡུང་བྱེད་པ་བཟློག །རིང་ལ་བཤད་སྙོམ་མཐོ་ལ་འགྲན་སེམས་བཟློག །མཉམ་ལ་འགྲན་སེམས་བཟང་ལ་སྐྱོན་བརྗོད་བཟློག །མགྱོགས་ལ་བང་སྙོམས་ཡ་རབས་རྒྱུད་པ་བཟློག །མཁས་ལ་སྨོད་ཅིང་དམངས་ལ་བསྟོད་པ་བཟློག །བླ་མ་རྡོ་རྗེ་སློབ་དཔོན་སྐུ་དགྲ་བཟློག །རྣལ་འབྱོར་སྒོས་དགྲ་སྔགས་པའི་སྤྱི་དགྲ་བཟློག །མང་པོས་འཐིབ་བརྫིས་ཁ་དྲག་ཟས་ཟོས་བཟློག །དཔུང་པའི་ཚོང་ཟོར་མི་རན་ཆས་ཆོད་བཟློག །མ་ཆགས་བུ་ལོན་འདེད་པ་ཁྱད་གསོད་བཟློག །བརླབ་ཚིག་གཤགས་འདེབས་རྒྱབ་བསྟན་མནའ་ཟ་བཟློག །གཡོ་སྒྱུ་ཟོལ་ཟོག་ཕྲ་མ་འཛུད་པ་བཟློག །ངོ་ཚ་ཁྲེལ་འཛེམ་མེད་པའི་ངན་རྙོག་བཟློག །ལང་དུ་ཤོར་བའི་ཟ་འདོད་ཆུད་ཟོས་བཟློག །འདོད་གཏམ་ལྟ་བའི་ཆུང་ཚད་ཆོད་པ་བཟློག །སྐབས་འཆོལ་རྐྱེན་སྙོམས་གླེགས་པུ་རེ་བ་བཟློག །མཐོ་བའི་ལ་ལ་བརྒལ་དབང་མེད་པ་བཟློག །དམའ་བའི་ཆུ་ལ་བརྒལ་དབང་མེད་པ་བཟློག །དབང་མེད་སྡིག་རྡུང་སྡིག་ལ་བྱེད་པ་བཟློག །གཉའ་གནོན་ཁ་ལ་འགུལ་དབང་མེད་པ་བཟློག །ཐུགས་ལ་ཆགས་ཤིང་བླ་ལ་ཉེ་བ་བཟློག །དགྲ་ལ་གཡག་རྡུང་བྱེད་དོ་ཟེར་བ་བཟློག །ཕ་དང་མེས་པོ་རྒས་སུ་མི་སྟེར་བཟློག །བུ་དང་ཚ་འོ་འཚར་དུ་མི་སྟེར་བཟློག །ངན་པའི་སེམས་བློ་བདེ་རུ་མི་སྟེར་(༡༨ན)


GLG024_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག །གཡོག་དང་འཁོར་རྣམས་སྐྱིད་དུ་མི་སྟེར་བཟློག །ལོངས་སྤྱོད་བསོད་ནམས་རྒྱས་སུ་མི་སྟེར་བཟློག །མནོལ་དང་མི་དམེ་རིགས་བརྒྱུད་འཆལ་བ་བཟློག །རྟ་རྟོད་ལ་རྒྱུག་ལུང་རྒྱུག་ཟེར་བ་བཟློག །ལ་དེད་འཕྲང་དེད་ལུང་འགེགས་ཟེར་བ་བཟློག །ལ་རྒྱུག་འཕྲང་བསྐྱིལ་ཟེར་བ་ཐམས་ཅད་བཟློག །སྐབས་ལྟར་གླགས་ཚོལ་སྒོ་རུ་སྲང་ཚག་བཟློག །སྲོད་ཀྱི་འཇབ་བུ་གུང་གི་ཧུར་ཐུམ་བཟློག །ཐོ་རངས་རྒྱུ་བའི་བསམ་སྦྱོར་ངན་པ་བཟློག །ཐུབ་ཚད་འགྲན་འཚོལ་ཟ་འདོད་སྙད་འཚོལ་བཟློག །ཀུ་རེ་ཀྱལ་ཀ་དགུག་པའི་རྔན་ཆན་བཟློག །འཁོན་གྱི་བསམ་པས་འཐབ་ཁ་སྙད་འཚོལ་བཟློག །མི་ཐུབ་རྩིས་པའི་བརྙས་བཅོས་ཁྱད་གསོད་བཟློག །མི་ནད་ཕྱུགས་ནད་ཕ་རོལ་དམག་དཔུང་བཟློག །མེ་ཆུ་དུག་མཚོན་མུ་གེ་ལྕེ་འབབ་བཟློག །གཅན་གཟན་འཇིགས་པ་སྒྲ་དང་ས་གཡོས་བཟློག །ལྷ་ཀླུ་ཐོག་སེར་དུས་མིན་འཆི་བ་བཟློག །སྐར་མདའ་རྒྱལ་པོའི་ཆད་པས་འཇིགས་པ་བཟློག །གནམ་གྱི་བྱ་ཐན་ས་ཡི་བྱི་ཐན་བཟློག །སད་སེར་ཐན་པ་བཙའ་འབུ་ཁ་བ་བཟློག །དྲུག་ལྷག་ཤོ་རེ་མི་ཡི་ཐན་པ་བཟློག །མནའ་ཁ་རྒྱུ་ལུག་ཕྱུགས་ཀྱི་ཐན་པ་བཟློག །གནམ་ལ་དལ་བབས་ས་ལ་སྲི་ལངས་བཟློག །གདགས་ལ་བྲག་རལ་སྲིབས་ལ་ཤིང་ཆག་བཟློག །ཤ་ཕོ་རུ་འཛིངས་བྱ་རྒོད་སྡེར་འཛིངས་བཟློག །གཡག་པོ་རུ་འཛིངས་ཉ་མོ་རྔ་འཛིངས་བཟློག །སྲེག་པ་ཁྱིམ་ཞུགས་སྦྲུལ་ཆེན་ལམ་ཉལ་བཟློག །བྱི་ལ་ལམ་སྟོར་སྦྲེ་མོ་སྐད་འཚེར་བཟློག །ཕུགས་ན་ར་སྦྲིད་སྒོ་ན་ཁྱི་ངུ་བཟློག །སྲིན་བྱ་རྒོད་ཅིང་(༡༨བ)


GLG024_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རོག་འཕྲལ་བ་བཟློག །གླ་བའི་སྦར་འཛིངས་འུག་པའི་གད་མོ་བཟློག །རྒྱུད་ཀྱི་འཁྲུལ་འཁོར་རྫས་ཀྱི་སྦྱོར་བ་བཟློག །མུ་སྟེགས་ངན་སྔགས་རྒྱ་ནག་རྩིས་ཁ་བཟློག །ཉན་ཐོས་སྤར་ཁ་ས་བདག་གཏད་ཁྲམ་བཟློག །ལྷ་ཆེན་གདུག་པའི་ངན་སྔགས་སྤྲུལ་པ་བཟློག །མ་མོའི་དལ་ཡམས་གནོད་སྦྱིན་ཁྲམ་ཁ་བཟློག །འགོང་པོའི་གོད་ཁ་རྒྱལ་པོའི་སྨྱོ་འབོག་བཟློག །དམུ་ཡི་འཐིབས་ནད་བཙན་གྱི་གཟེར་ནད་བཟློག །ཀླུ་ཡི་མཛེ་ནད་བདུད་ཀྱི་ཁྲམ་ཁ་བཟློག །ཧོར་གྱི་ན་ཁ་མོན་གྱི་ཁྲ་མ་བཟློག །བོད་ཀྱི་སྐྱོ་མ་ནག་མོའི་མཆུ་སྡུར་བཟློག །བྲན་གཡོག་འོག་མི་དཔོན་དུ་གྱུར་པ་བཟློག །མཁར་ལ་ཏོག་ཐོགས་ཁྱིམ་པ་དགྲར་ལངས་བཟློག །ཕྱུགས་ལ་ཞགས་ཐོགས་མི་ལ་མཚོན་ཐོགས་བཟློག །ནོར་དང་འབྲུ་ལ་བྲ་དང་ཕད་ཐོགས་བཟློག །ཟས་སྦྱོར་དུག་གསོད་གཉེན་བྱས་དགྲར་ལངས་བཟློག །གཙང་ཆུ་ཤྭ་བརྒལ་སྒོ་རུ་འཁྲུག་པ་བཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བཟློག །ནད་སྣ་བརྒྱད་ཅུ་རྩ་བཞི་སྤྲིན་འཐིབ་བཟློག །གློ་བུར་བརྒྱད་ཅུ་རྩ་བཞིའི་རླུང་གཡོས་བཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་རྩ་བཞི་བཟློག །རྐྱེན་ངན་ཉི་ཁྲི་ཆིག་སྟོང་ཐོ་དྲུག་བཟློག །གསོད་ཐབས་བརྒྱད་ཅུ་རྩ་བཞི་གློག་འཁྱུག་བཟློག །དུས་མིན་འཆི་བ་བཅོ་བརྒྱད་ཐོག་སེར་བཟློག །ངན་དགུ་སྡིག་བཅུ་བར་བཅད་ཐམས་ཅད་བཟློག །ཕོ་བདུད་དལ་ཁ་ཐམས་ཅད་གཡས་སུ་སྒྱུར། །མོ་བདུད་དལ་ཁ་ཐམས་ཅད་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་ཐམས་ཅད་མཁའ་ལ་སྒྱུར། །བཟློག་སྒྱུར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །སརྦ་པཱ་པཾ་སརྦ་དུ་ཏྲི་མཱ་ར་ཡ་བཟློག་བཟློག །བྷྱོ། གནོད་(༡༩ན)


GLG024_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྦོད་ཟེར་སརྦ་ཨ་པ་ན་ཡ་བཟློག་བཟློག །ཅེས་བརྒྱ་ལ་སོགས་པ་བཟླས་སོ། །བདག་དམོད་པ་དུག་མཚོ་ཁོལ་བ། ལ་གནོད་བྱེད་དགྲ་བགེགས་ངན་པ་འདི། ཁ་དྲག་ཟ་ཞིང་དཔུང་པ་འཚོང་བ་འདི། །རྨད་པོ་མཐེབས་ཀྱིས་བརྫིས་ནས་སྣང་བ་འདི། །མཛའ་བོ་སླུ་བྱེད་རྨས་སུ་འཛུད་པ་འདི། །དམངས་ཀྱི་བདེན་པ་ཁྱད་དུ་གསོད་པ་འདི། རྫུན་གྱི་སྙད་ཀྱིས་བུ་ལོན་འཕྲོག་པ་འདི། །མནར་སེམས་བཅངས་ནས་སྦྱོར་རྩུབ་བྱེད་པ་འདི། །བླ་མའི་སྐུ་དགྲ་སེམས་ཅན་སྤྱི་དགྲ་འདི། །དཀོན་མཆོག་གསུམ་གྱི་དབུ་འཕང་དམོད་པ་འདི། །བསྒྲལ་བའི་ཞིང་བཅུར་གྱུར་པའི་དགྲ་བོ་འདི། །གནོད་བྱེད་འགལ་བྱེད་སྡང་ཞིང་གདུག་པ་འདི། །མཛའ་བོ་རྣམས་དང་ཕྲ་མ་འཛུད་པ་འདི། ཁྲོ་ཞིང་རྩུབ་པས་སྐུ་ལ་བསྡོ་བ་འདི། །ཕ་ཡི་ཞིང་བཅུར་གྱུར་པའི་སྒོས་དགྲ་འདི། །མ་ཉེས་སྒྲོག་ངན་སྐུར་པ་འདེབས་པ་འདི། །མཛའ་བོའི་ནོར་དང་གཟུངས་མ་བརྐུ་བ་འདི། །བརླང་དང་ཚིག་རྩུབ་ཁ་གསག་སྨྲ་བ་འདི། །རིང་ལ་སྙོབ་ཅིང་ཟས་གོས་འཕྲོག་པ་འདི། །མ་ཉེས་ཉེས་ཟེར་སྒྲུབ་ལ་འཚེ་བྱེད་འདི། །ངན་སྨྲས་གཏོང་ཞིང་ལག་ངན་རྡེག་པ་འདི། །ང་རྒྱལ་གཉའ་གནོན་ཐོག་རྫིས་བྱེད་པ་འདི། །གྲགས་དང་ལོངས་སྤྱོད་བསྙེན་བཀུར་འདྲེན་པ་འདི། །ཕྲག་དོག་ཁ་འཇམ་ཞེ་ནས་དམོད་པ་འདི། །རྣམ་བཞི་འཁོར་ལ་བར་དུ་གཅོད་པ་འདི། །ངན་སེམས་གནོད་སྐྱེལ་བྱེད་པ་འདི་དག་ལ། །བདེན་པ་རྫུན་པ་གཉིས་ཀྱི་གཤགས་ཕྱེ་ཞིག །དམ་ཚིག་རྫས་ཆོད་ལེགས་ཉེས་སྟངས་བཟུང་ཞིག །སྨྲས་པ་ཐམས་ཅད་(༡༩བ)


GLG024_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཞིག་གཏང་སར་རྒྱུག །མ་གཡེལ་མ་གཡེལ་དམ་ཅན་རྒྱ་མཚོའི་ཚོགས། །བཅོལ་ལོ་གཏད་དོ་སྔགས་བདག་གཉན་པོ་ལ། །བསྐུལ་ལོ་ཟད་དོ་བསྐོར་རོ་མཐུ་མ་ཆུང་། །བོས་སོ་གཡབ་བོ་སྲུང་མ་སྤྱན་མ་བརྟུལ། །དགྲ་བགེགས་དགུ་བརྒྱུད་ཆོད་ཅིག་རྩལ་མ་ཞན། །དམ་ཚིག་ལྟོས་ལ་ཤོ་རྡེའུ་དཀར་ནག་ལྟོས། ཁྲམ་ལ་ཐོབ་ལ་བྱང་མར་དཀྱུས་ལ་བྲིས། །ཐུགས་ནག་ཚོངས་ལ་ནད་རྐྱལ་ཁ་ཕྱེ་ཞིག །ཀླད་ནད་གཟེར་ནད་མཁྲིས་ནད་མིག་སེར་ཕོབ། །འདུས་རང་ཞིག་པ་རླུང་ནད་གཡོ་བ་ཕོབ། །ཁྲག་ནད་ཚ་གཟེར་ཚ་ནད་ཁོལ་བ་ཕོབ། །བད་ཀན་འཁྱིལ་པ་མཁལ་ནད་སུཪྻ་ཕོབ། །མགོ་ནད་འཁོར་བ་མཛེ་ནད་སྐྲངས་འབུར་ཕོབ། །ལྷོག་པ་གག་པ་སྨན་ལྕགས་ཡོ་མོ་ཕོབ། །རྒྱུ་གཟེར་ཁྲག་འཇག་དུམ་ཆུ་སྐྱ་བབ་ཕོབ། །ཚད་པ་མགོ་ཡོར་གྲང་ནད་གཞང་འབྲུམ་ཕོབ། །སྨྱོ་ནད་སྙིང་རླུང་འབོག་ནད་སྙིང་འགས་ཕོབ། །མཛེ་ནད་གཞོགས་སྐམ་ཤུ་བ་གཡན་པ་ཕོབ། །སྦུས་རེ་ཐེར་ཆད་གཡའ་རི་དུམ་བུ་ཕོབ། །གྲི་སྲི་ཡུ་དམར་མདའ་སྲི་ལྟོང་དམར་ཕོབ། །རྦབ་སྲི་བཅར་ཕོག་ཆུ་སྲི་འདར་ཤད་ཕོབ། །མཚོན་སྲི་ལྕག་ཆེན་ལྕེབ་གྲིས་འགྱེག་པ་ཕོབ། །བསྲུང་བའི་རྒྱབ་ཕྲོལ་མཆེས་པའི་ལྷ་དང་ཕྲོལ། །སྲུང་བྱེད་ལེ་དགུ་འགོ་བའི་སྨན་དང་ཕྲོལ། །སྡོད་པའི་གནས་ཕྲོལ་དབང་བའི་ནོར་དང་ཕྲོལ། །རྒྱུ་བའི་ཡུལ་ཕྲོལ་མཐུན་པའི་གྲོགས་དང་ཕྲོལ། །འཚོ་བའི་ཟས་ཕྲོལ་ལུས་སྲོག་གཉིས་པོ་ཕྲོལ། །འོག་ནས་གྲང་བ་ཆུ་ལྟར་འཁྱིལ་དུ་ཆུག །སྟེང་ནས་ཚ་བ་ཉི་ལྟར་སྲེག་ཏུ་ཆུག །བར་ནས་ཚ་གྲང་རླུང་ལྟར་(༢༠ན)


GLG024_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུག་ཏུ་ཆུག །གནམ་གྱི་འཇུ་ཐག་སྟེང་ནས་ཆོད་ལ་ཐོང་། །ས་ཡི་རྟེན་ཕུར་འོག་ནས་ཕྱུངས་ལ་ཐོང་། །དྲན་རིག་ཀུན་གཞི་བར་དོར་ཆུག་ལ་ཐོང་། །ལུས་ལ་གནམ་ལྕགས་མེ་ཆེན་སྤོར་དུ་ཆུག །ཁ་ནས་གྱོད་གཏམ་དགྲ་ངན་འདོན་དུ་ཆུག །ངུ་འབོད་སྨྲེ་སྔགས་བྲང་ལག་འཐབ་ཏུ་ཆུག །ལས་ཀྱི་རླུང་གིས་རྒྱབ་ནས་མྱུར་དུ་ཕུལ། །འཇིགས་པའི་མུན་ནག་ཆེན་པོས་མདུན་ནས་སུས། །ལུས་སྲོག་དབང་པོ་རྣམ་ཤེས་རྟེན་དང་ཕྲོལ། །ནོར་ལ་གོད་ཁ་སྐྱིད་ལ་རྐེད་ཆོད་ཐོང་། །ཕོ་ཡི་དཔལ་ཕྲོགས་མོ་ཡི་དབང་ཐང་ཕྲོལ། །ནོར་གྱི་གཡང་ཕྲོལ་ཟས་ཀྱི་བཅུད་ཕྲོགས་ཤིག །བྱ་རུ་མི་རུང་བཀྲ་རུ་མི་ཤིས་ཐོང་། །དར་བཞི་སྲང་གསུམ་བཞི་མདོར་འཁྱམ་དུ་ཆུག །ཤ་ཁྲག་ལྷུ་བཞི་ཁྱི་ཡིས་མུར་དུ་ཆུག །རྐང་ལག་ལམ་འཕྲང་བཞི་མདོར་འགོམ་དུ་ཆུག །བཀའ་ཆད་ཕོབ་ཅིག་སྙིང་ཁྲག་སྐྱུག་ཏུ་ཆུག །ཡན་ལག་ཆིངས་ཤིག་པགས་ཤུས་མགོ་བོ་ཆོད། །བརླ་བཞི་ཕྲོལ་ཞིག་དོན་སྙིང་དམར་པོ་ཕྱུངས། །རྩ་རྒྱུས་ཆོད་ལ་ཁོང་ཁྲག་ལོང་དུ་ལྷུག །ཤ་ཟོ་ཁྲག་འཐུང་རྐང་ལྡོག་ལྷ་བ་འཇིབས། །ཀླད་པ་ལྡག་ཅིང་རུས་པ་མུར་དུ་ཆོས། །པགས་ཆེན་སོལ་ཞིག་བསྲེག་པའི་གསུར་ལ་སྣོམས། །ཕོ་རྒྱུད་མོ་རྒྱུད་རིགས་བརྒྱུད་རྩད་ནས་ཆོད། །རྡོ་ཡིས་སྲན་ཕུང་གཏོར་བཞིན་ཕྱོགས་བཅུར་གཏོར། །མེ་སྟག་ཆུ་ལ་ཡར་བཞིན་ཙད་མེད་ཐོང་། །བྱ་སྒྲོ་མེ་ཡིས་བསྲེགས་བཞིན་བརླག་པར་མཛོད། །ཡོན་བདག་སྒྱུ་མ་འདི་ལ་བརྙས་མ་འདོགས། །ནུས་པ་ཕྲན་ཚེགས་ཙམ་ལ་རྩིས་མ་བྱེད། །ནམ་མཁའ་སྟོང་པ་འདི་ལ་ཚད་(༢༠བ)


GLG024_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཛུགས། །དགྲ་བགེགས་འདི་ཡི་སྐྱེ་ཤི་ཁུངས་ཕྱུང་ཞིག །དགྲ་དཔུང་ཐམས་ཅད་རྩད་ནས་མྱུར་དུ་ཆོད། །བདུད་དཔུང་ཐམས་ཅད་བསྒྱུར་ཞིང་རྗེས་མེད་ཐོང་། །སྡང་དགྲ་གནོད་བགེགས་འབྱུང་པོ་དམ་སྲི་རྣམས། །ཐལ་བའི་རྡུལ་དུ་བརླག་པའི་འཕྲིན་ལས་མཛོད། །གསེར་སྐྱེམས་བཏང་ལྷ་བཏེག་ཅིང་བསྡུས། གཟུགས་སྒྱུར་བྱེད། སྒོ་དབྱེ་ནི། ཡིག་རྙིང་། བཅོམ་ལྡན་ཁྲོ་རྒྱལ་རྟ་མགྲིན་ལ། །དོ་ནུབ་ཟོར་གྱི་ལས་གཞོལ་གྱིས། །ཟོར་འཕངས་སླད་ལ་ལོག་པར་མཆིའོ། །གཉེན་བྱས་དགྲ་རུ་སོང་བར་མཆིའོ། །བྱས་ལ་དེ་ནས་ཟོར་ལམ་དབྱེ་སྟེ། སྒོ་བ་རྣམས་ནི་སྒོ་ཕྱེ་ཞིག །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །བདག་ནི་རྣལ་འབྱོར་སྒྲུབ་པ་པོ། །སྒྲུབ་པ་པོ་ལ་དགྲ་བྱུང་གི །ཁྲོ་བོའི་རྒྱལ་པོས་ར་མདའ་སློག །ཆོས་སྐྱོང་སྲུང་མས་ར་མདའ་སློག །སྲིན་པོའི་ཡུལ་དུ་དམག་འདྲེན་གྱིས། །དམག་དཔོན་ཡེ་ཤེས་ལྷ་ཡིས་མཛོད། །དམག་དཔོན་ཆོས་སྐྱོང་སྲུང་མས་མཛོད། །སྟེང་གི་ལྷ་ལ་མི་འཕེན་ནོ། །འོག་གི་ཀླུ་ལ་མེ་འཕེན་ནོ། །བར་གྱི་བཙན་ལ་མི་འཕེན་ནོ། །མཐོ་བ་རྣམས་ཀྱང་ཞབས་སྡུས་ཤིག །དམའ་བ་རྣམས་ཀྱང་དབུ་ཆུམས་ཤིག །བར་པ་རྣམས་ཀྱང་སྐུ་གཟུར་ཞིག །ཟོར་ལམ་ཆེན་པོ་ཁྱེད་ཀྱིས་ཕྱེ། །ད་ནི་གཤེགས་སོ་ཤར་ར་ར། །ཞེས་སོགས་བརྗོད། ཡས་མར་མཆོད་པ། ཆད་མཐོ་བཏང་། ཟོར་འཕེན་སར། གསེར་སྐྱེམས་གཟུ་དཔང་། རྒྱས་པར་སྤྲོ་ན་གོང་གི་དམོད་མཚོ་ཁོལ་མ་བྱས་ཀྱང་ཆོག །གཏོར་ཟོར་འཕང་བ་ནི། ཡིག་རྙིང་། དང་པོ་གཏི་མུག་ཐིབས་ཀྱིས་བསྐྱེད། །དེ་ནས་(༢༡ན)


GLG024_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་ཕ་ཡིས་བསྐྱེད། །དེ་ནས་དྲི་ཟ་ལྟེ་བར་འཁོར། །ཕུང་ལྔ་རྩད་ནས་བཅད་པའི་ཕྱིར། །ལྟེ་བའི་དཀྱིལ་དུ་གཏོར་ཟོར་ཡ། །རྣམ་རྟོག་རྩད་ནས་བཅད་པའི་ཕྱིར། །སྙིང་གི་དཀྱིལ་དུ་གཏོར་ཟོར་ཡ། །དྲན་པ་ཉམས་པར་བྱ་བའི་ཕྱིར། །ཀླད་པའི་རྒྱས་སུ་གཏོར་ཟོར་ཡ། །ལྟ་བའི་རྟེན་དང་བྲལ་བའི་ཕྱིར། །མིག་གི་དཀྱིལ་དུ་གཏོར་ཟོར་ཡ། །སྨྲ་བའི་རྟེན་དང་བྲལ་བའི་ཕྱིར། །མགྲིན་པའི་གནས་སུ་གཏོར་ཟོར་ཡ། །འདུ་བྱེད་ལས་དང་བྲལ་བའི་ཕྱིར། །དཔུང་མགོ་གཉིས་ལ་གཏོར་ཟོར་ཡ། །སྲིད་པ་རྩད་ནས་བཅད་པའི་ཕྱིར། །གསང་བའི་གནས་སུ་གཏོར་ཟོར་ཡ། །འགྲོ་བའི་རྟེན་དང་བྲལ་བའི་ཕྱིར། །བརླ་འོག་གཉིས་ལ་གཏོར་ཟོར་ཡ། །གཏོར་མ་དུག་གི་རང་བཞིན་གྱིས། །བགེགས་རྣམས་དྲན་པ་ཉམས་པར་བྱེད། །གཏོར་མ་མེ་ཡི་རང་བཞིན་པས། །བགེགས་རྣམས་ཐམས་ཅད་ཐལ་བར་བསྲེག །བསྙེན་སྔགས་གཤམ་དུ་ཐུམ་རིལ་ཧ་ན་ཧ་ན་ཙིཏྟ་ལ་བྲེང་ཤག་རྦད། ཧྲཱིཿ བྷྱོ་བྷྱོ། སྤུ་གྲི་རིང་མོ་བཟླ། མཚན་ངན་ཐོད་པའི་སྣོད་ནང་དུ། །དམར་ཆེན་རཀྟ་ལ་སྦྱར་བའི། །ཡུངས་ཡིག་རྙིང་། ཀར་ཟོར་འཕེན་ཤར་ར་ར། །མཚེ་ཡི་ཟོར་འཕེན་སིལ་ལི་ལི། །ཡུངས་མོ་ཟོར་འཕེན་ཐབས་སེ་ཐབ། །སྦྱོར་བ་ངན་པ་གཏོང་བ་ལ། །སྡང་བའི་དགྲ་དང་གནོད་བགེགས་འདི། །དང་པོ་ཞེ་སྡང་ཕ་ཡིས་བསྐྱེད། །བར་དུ་འདོད་ཆགས་ མ་ཡི་མངལ། །ཐ་མ་དྲི་ཟ་ལྟེ་བར་འཁོར། །ལྔ་ཕུང་རྩད་ནས་བཅད་པའི་ཕྱིར། །ཀླད་པའི་རྒྱས་སུ་ཁྲག་ཟོར་ཡ། །སྙིང་(༢༡བ)


GLG024_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གི་དཀྱིལ་དུ་༴། །སྲོག་གི་སྒོ་རུ་༴། །སྲོག་རྩའི་སྦུབས་སུ་༴། །གློ་བའི་དཔྲལ་དུ་༴། །མཆིན་པའི་སྦུབས་སུ་༴། །མཆེར་པའི་སྒང་ལ་༴། །རྒྱུ་མའི་དཀྱིལ་དུ་༴། །མཁལ་མའི་གློ་རུ་༴། །ལྟ་བའི་མིག་ལ་༴། །སྣམ་པའི་སྣ་ལ་༴། །སྨྲ་བའི་ལྕེ་ལ་༴། །ཉན་པའི་རྣ་བར་༴། །སེམས་པའི་སྙིང་༴། །ཚོར་བའི་ལུས་ལ་༴། །འོག་གི་རྟ་ལ་༴། །བར་གྱི་ནོར་ལ་༴། །ཕུགས་ཀྱི་སྲིས་ལ་༴། །སྒོ་ཡི་ཁྱི་ལ་༴། །འོག་གི་ཆུང་མར་༴། །མཆན་གྱི་བུ་༴། །ཡུལ་མཁར་ཁྱིམ་ལ་༴། །རྩི་སྣར་ཞིང་ལ་༴། །གནམ་གྱི་འཇུ་ཐག་སྟེང་ནས་ཆོད། །ས་ཡི་རྟེན་ཕུར་འོག་ནས་ཕྱུངས། །བཀའ་ཡི་ཆད་པ་མྱུར་དུ་ཕོབ། །ཧྲཱིཿཧ་ཡ་གྷྲི་བ་རཀྴ་རྦད། ཐུད་སོད། པདྨཱནྟ་ཀྲྀ་ཏ་དགྲ་བོའི་སྙིང་ལ་ཐུན་རྦད། མ་མ་རཀྵ་དགྲ་བོའི་སྙིང་ལ་ཐུར་རྦད། ཏྲག་མོ་ཚལ་དུན་སྙིང་ལ་ཁོས་རྦད། ཀྲོ་ཏ་རཀྵ་དགྲ་བོའི་སྙིང་ལ་རྦད། ཐུན་མཱ་ར་ཡ་རྦད། ཐུམ་རིལ་ཧ་ན་ཧ་ན་བྷྱོ་བྷྱོ། ཐུམ་རིལ་ཧ་ན་ཧ་ན་ཙིཏྟ་ལ་བྲམ་ཤག་རྦད་ཧྲི་བྷྱོ་བྷྱོ། ཡུངས་ཟོར་ནི། གནོད་སྦྱིན་རྒྱལ་པོ་ཁྲོས་པའི་སོགས་དཀྱུས་ལྟར། གཏོར་ཆེན་འཕང་བ་ནི། གསར་སྒྲིགས། ནག་པོ་ལྕགས་ཀྱི་སྣོད་ཡངས་པར། །དཔལ་གྱི་དམར་ཆེན་གཏོར་མ་ལ། །མཚེ་ཡུངས་རྩང་སོགས་རྒྱན་གྱིས་སྤྲས། །དབང་ཆེན་ཁྲག་འཐུང་རོལ་པའི་ཟོར། །ཐོག་མཚོན་དུག་ནད་འཚུབ་མ་འདི། །དགྲ་དང་བགེགས་ཀྱི་སྟེང་དུ་བརྡེག །བྱད་ཕུར་ཆགས་ཆེ་བར་ཆད་བཟློག །གནོད་བྱེད་ཐལ་བའི་རྡུལ་དུ་རློག །དྲག་སྔགས་སྤུ་གྲི་རིང་མོ་དང་། །བཟློག་སྔགས་སོགས་ཅི་རིགས་བརྗོད་ལ་བརྡེག །ཐལ་མོ་བརྡབ་ཅིང་(༢༢ན)


GLG024_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དམོད་མོ་བྱ། །མེ་ཆུའི་རྒྱས་འདེབས་ནི། ཧཱུཾ། ཡིག་རྙིང་། དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ། །གཉིས་པ་ཐབས་དང་ཤེས་རབ་རྒྱ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་ཚད་མེད་བཞི་ཡི་རྒྱ། །ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ། །དྲུག་པ་རིགས་དྲུག་སངས་རྒྱས་རྒྱ། །བདུན་པ་མ་མོ་ཀུན་གྱི་རྒྱ། །བརྒྱད་པ་རྣམ་ཐར་བརྒྱད་ཀྱི་རྒྱ། །དགུ་པ་ཐེག་པ་རིམ་དགུའི་རྒྱ། །བཅུ་པ་ཁྲོ་བོ་བཅུ་ཡི་རྒྱ། །ང་ཡི་རྒྱ་ལས་མ་འདའ་ཞིག །བཤལ་ཆུས་བསྟན་མ་བསྐྱང་། སྒོ་དྲུག་བྲོ་བརྡུང་། ནང་དུ་ལོག་ནས་ཚེ་འགུགས་ནི། ཡིག་རྙིང་། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་མཆོག་མཚན་དཔེས་བརྒྱན་པའི་སྐུ། །གསུང་མཆོག་ཡན་ལག་དྲུག་ཅུའི་གསུང་། །ཐུགས་མཆོག་མི་རྟོག་པ་ཡི་ཐུགས། །མཁའ་འདྲའི་སྐུ་གསུང་ཐུགས་མངའ་བ། །ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །རྡོ་རྗེའི་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་ར་མི་ཏ་ཨཱ་ཡུཿཔུཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཱཿ ཨོཾ་ཨཱ་ཡུརྫྙ་ན་སིདྡྷི་བྷྲུཾ། ཧཱུཾ། འགུགས་པའི་ལྷ་མོ་ལྕགས་ཀྱུ་མ། །དཀར་མོ་མཛེས་མ་ལྕགས་ཀྱུ་བསྣམས། །དྲི་ཟའི་ལག་ནས་ཚེ་ཁུག་ལ། །མེ་ལྷའི་ལག་ནས་དཔལ་སྐྱོབས་ཤིག །སྔགས་འགྲེ། ཧཱུཾ། འཆིང་བྱེད་ལྷ་མོ་ཞགས་པ་མ། །སྔོན་མོ་མཛེས་མ་ཞགས་པ་བསྣམས། །གཤིན་རྗེའི་༴། །སྲིན་པོའི་༴། །སྔགས་འགྲེ། ཧཱུཾ། སྡོམ་བྱེད་ལྷ་མོ་ལྕགས་སྒྲོག་མ། །དམར་མོ་མཛེས་མ་ལྕགས་སྒྲོག་བསྣམས། །ཀླུ་དབང་༴། །རླུང་ལྷའི་༴། །སྔགས་འགྲེ། ཧཱུཾ། འབེབས་(༢༢བ)


GLG024_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལྷ་མོ་དྲིལ་བུ་མ། །ལྗང་གུ་མཛེས་མ་དྲིལ་བུ་བསྣམས། །གནོད་སྦྱིན་༴། །འབྱུང་པོའི་༴། །སྔགས་འགྲེ །ཁྲོ་རྒྱལ་རྔམས་སོགས་ཀྱིས་དངོས་གྲུབ་བླང་། གཏང་རག་ནས་ཤིས་བརྗོད་ཀྱི་བར་ལས་བྱང་གི་དཀྱུས་བཞིན་བྱའོ། །གསང་རྒྱུད་སྙིང་པོ་རྒྱལ་དབང་པདྨ་དང་། །བཻ་རོའི་དགོངས་དོན་དམར་ཆེན་ཟོར་གྱི་ལས། །མན་ངག་ཐོར་བུར་བཞུགས་པ་ཕྱོགས་འདི་ལ། །མཁས་ཤིང་སྦྱངས་པས་གསལ་བྱེད་ཟིན་བྲིས་མཛད། །འོན་ཏེ་འགྲོ་རྣམས་བློ་གྲོས་རིམ་གྱིས་དམན། །ཕྱག་ལེན་འཁྲུགས་བསྡེབས་མན་ངག་རྟོགས་པ་ ཉུང་། །གསར་མའི་ལྷད་བྲལ་རང་སྐད་ཤེས་པ་དཀོན། །དེ་ཕྱིར་འཁྲུལ་སྤོང་བཀླགས་ཆོག་ཚུལ་དུ་བཀོད།། སྔ་འགྱུར་བཀའ་གཏེར་སྤྱི་དང་བྱེ་བྲག་གི །རྒྱུད་དང་ཕྱག་བཞེས་མན་ངག་དུ་མའི་གནད། །ཡོངས་འཛིན་དྲིན་ལས་རྙེད་ཕྱིར་ལེགས་བཀོད་ཀྱིས། །མགལ་དུམ་ཕྲེང་བར་སྤེལ་བའི་ཟོག་ཆོས་མིན། །དགེ་འདིས་རྟ་སྐད་ཐེངས་གཅིག་ཀ་དག་ལམ། །བསྐྱེད་རྫོགས་ཟུང་དུ་འཇུག་པའི་རྣལ་འབྱོར་ལ། །བརྟེན་ནས་འཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཅིང་། །དབང་ཆེན་ཀུན་བཟང་ཚེ་འདིར་མངོན་གྱུར་ཤོག །པདྨ་གསུང་གི་མཐུ་སྟོབས་ཉིན་བྱེད་ཀྱིས། །བདུད་བཞིའི་དཔུང་ཚོགས་སྨག་རུམ་མཐར་བྱས་ཏེ། །མཆོག་དང་ཐུན་མོང་དངོས་གྲུབ་འོད་སྣང་གིས། །འཇིག་རྟེན་གསུམ་པོ་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་དབང་ཆེན་ཡང་གསང་ལྷ་དགུའི་སྒོ་ནས་དྲག་པོ་ཟོར་གྱི་འཕྲིན་ལས་རྡོ་རྗེའི་ཕ་ལམ་འདི་ནི་མཆོད་དཔོན་(༢༣ན)


GLG024_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དབང་ཤེས་རབ་ཀྱིས་བསྙེན་ཆེན་བཏང་བའི་ཚེ་ཆོག་སྒྲིགས་དགོས་ཚུལ་ལྟར་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱིས་ལྕགས་མོ་བྱ་ལོ་སྤྲེལ་ཟླའི་ཚེས་བཅུ་ཆེན་མོའི་ཉིན་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་ངག་དབང་དཀོན་མཆོག་གིས་བྲིས་པ་དགྲ་བགེགས་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

གཏེར་ཁ་འོག་མའི་རྟ་ནག་ལྕགས་རལ་ཅན་གྱི་ལས་བྱང་ཉི་མའི་དཀྱིལ་འཁོར།


GLG024_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཁ་འོག་མའི་རྟ་ནག་ལྕགས་རལ་ཅན་གྱི་ལས་བྱང་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་བཞུགས་སོ། །


GLG024_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཐུང་རྟ་མཆོག་ངོ་བོ་པདྨ་འབྱུང་། །ཟབ་གཏེར་སྒོ་འབྱེད་གསུང་སྤྲུལ་ཆོས་ཀྱི་དབང་། །བཀའ་བབས་ཉང་སྟོན་བློ་མཆོག་རྡོ་རྗེ་སོགས། །དངོས་བརྒྱུད་རིགས་འཛིན་རྣམས་ལ་གུས་བཏུད་ནས།། བདེ་གཤེགས་ཞི་ཁྲོ་འདུས་པ་བཀའ་བརྒྱད་ལྷའི། །རྟ་མགྲིན་དབང་གི་ནང་ནས་ཡི་དམ་དང་། །ཆོས་སྐྱོང་དབྱེར་མེད་བསྒྲུབ་པ་ལྕགས་རལ་ཅན། །དྲག་རྩལ་རྡོ་རྗེའི་ཐོག་གི་རྗེས་སུ་འགྲོ། །རྒྱལ་བསེན་ཀླུ་གཉན་འབྱུང་པོ་མུན་པའི་དཔུང་། །མཐུ་སྟོབས་ནུས་པའི་འོད་ཀྱིས་མཐར་བྱས་ནས། །ཕན་བདེའི་སྣང་བ་སྟེར་བའི་ལྷག་པའི་ལྷའི། །འཕྲིན་ལས་ཉི་མའི་དཀྱིལ་འཁོར་དེང་འདིར་ཤར། །དེ་ལ་འདིར་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་འཕྲིན་ལས་ཀྱི་རིམ་པ་ཉམས་སུ་ལེན་པ་ལ། མཎྜལ། རྟེན་རྫས། མཆོད་གཏོར་སོགས་ཕྱག་ལེན་ལྟར་བཤམ། ངག་འདོན་དངོས་ལ་སྐྱབས་སེམས་ཚོགས་གསོག་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་བརྗོད། མཚམས་གཅོད་སྲུང་འཁོར་ནི། ཧཱུཾ། ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ འདུ་བའི་ལྷ་རྣམས་མ་གཏོགས་པ༔ མི་དང་མི་མིན་འབྱུང་པོའི་ཚོགས༔ (༢ན)


GLG024_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རུ་མ་འདུག་གཞན་དུ་དེངས༔ ཅི་སྟེ་མི་འགྲོ་འདུག་གྱུར་ན༔ རྟ་མཆོག་རྒྱལ་པོས་རྡུལ་དུ་རློག༔ ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཧྲཱི༔ དབང་གི་རྟ་སྐད་རབ་འཚེར་ཞིང་། །འཁོར་ལོ་རྡོ་རྗེ་མེ་དཔུང་གིས། །སྟེང་འོག་ཕྱོགས་མཚམས་མེད་གཏམས་པ། །སྲུང་བའི་གུར་ཁང་ཆེན་པོར་གྱུར། །ཨཱོཾ་བཛྲ་ཙཀྲ་ཛྭ་ལ་རཾ་ཧཱུཾ་བྷྲུཾ་ཧཱུཾ༔ བརྡ་སྒོ་དབྱེ་བ་ནི། བྷྲུཾ་པྲ་བེ་ཤ་ཡ་ཕཊ༔ བརྡ་ཕྱག་འཚལ་བ་ནི། ཨ་ལ་ལ་ཧོཿ ན་མོ༔ དམ་བཅའ་བ་ནི། ཨཱོཾ་བཛྲ་ས་མ་ཡ་སྟྭཾ༔ བྱིན་འབེབས་ནི། ཧྲཱིཿ དཔལ་ཆེན་ཐུགས་ལས་རྣམ་སྤྲུལ་བའི༔ ལྷ་དང་རིགས་འཛིན་སྲུང་མ་དང་༔ དམ་ཅན་རྒྱ་མཚོ་མ་ལུས་པ༔ མ་གཡེལ་མ་གཡེལ་བྱིན་ཕོབ་ཅིག༔ ཨཱོཾ་གུ་རུ་ཧ་ཡ་གྲཱི་ཝ་དྷེ་བ་དྷ་ཀི་ནཱི་ས་མ་ཡ་བེ་ཤ་ཡ་ཨ་ཨ༔ སྨན་རཀ་གཏོར་གསུམ་དང་མཆོད་རྫས་བརླབ་པ་ནི། རཾ་ཡཾ་ཁཾ༔ ཨཱོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿ ཨཱོཾ་ཨཱཿཧཱུཾ་རཀྟ་ཛྭ་མཎྜ་ལ་ཧཱུཾ་ཧྲཱིཿཐ༔ ཨཱོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་ས་མ་ཡ་ཧཱུཾ་ཧྲཱིཿཐ༔ ཨཱོཾ་ཨཱཿཧཱུཾ་ཨརྒྷཾ། པུཥྤེ། དྷཱུ་པེ། (༢བ)


GLG024_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝི་དྱ། ཤཔྟ་པཱུ་ཛ་ཧོཿ རྟེན་བརྟེན་པ་བསྐྱེད་པ་ནི། ཨཱོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ༔ སྣང་གྲག་གཟུང་འཛིན་གྱིས་བསྡུས་ཆོས་རྣམས་ཀུན། །ཡེ་ནས་མ་བཅོས་ཀ་ནས་དག་པའི་ཀློང་། །དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། དེ་དོན་མ་རྟོགས་འགྲོ་ལ་སྙིང་རྗེ་ཆེ། །ནག་པོ་རྟ་མགྲིན་ལྕགས་རལ་སྒྲུབ་སེམས་བསྐྱེད། །ཨེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲུཾ། འཇིག་རྟེན་ཁམས་འདི་ཀེང་རུས་གསར་རྙིང་རྣམས། །གཅལ་དུ་བཀྲམ་པའི་དུར་ཁྲོད་ཆེན་པོའི་དབུས། །དྲི་ཟ་གཤིན་རྗེ་ཀླུ་དང་གནོད་སྦྱིན་བཞིའི། །ཐོད་པའི་རྩིག་པ་མཁར་གྱི་ཡ་ཁེབས་ལ། །ལྷ་ཆེན་བཞིའི་ཐོད་རལ་པ་ནག་པོ་འཕྱང་། །གྲུ་བཞི་སྒོ་བཞི་མཚན་ཉིད་རྒྱན་རྫོགས་པའི། །གཞལ་ཡས་ཁང་དབུས་ལྕགས་འཁོར་རྩིབས་བཞི་པ། །ལྟེ་བར་ཨེ་ལས་གྲུ་གསུམ་མཐིང་ནག་ནང་། །ཀླུ་གཉན་ས་བདག་ཕྱོགས་སྐྱོང་རྒྱལ་ཆེན་བཞི། །དྲེགས་པ་རྒྱལ་བསེན་པདྨ་ཟླ་ཉིའི་སྟེང་། །རང་སེམས་རིག་པའི་ངོ་བོ་ཧྲཱིཿདམར་ནག །སྐར་ཆེན་མེ་སྟག་ལྟ་བུའི་ཚ་ཚ་འཕྲོ། །དེ་ལས་འོད་འཕྲོས་རྒྱལ་བ་ཞི་ཁྲོ་ཡི། །བྱིན་རླབས་ནུས་མཐུ་ཚུར་བསྡུས་ས་བོན་ལ། །ཐིམ་པ་འོད་ཞུ་ཡོངས་སུ་གྱུར་པ་ལས། །བདག་ཉིད་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ། །མཐིང་ནག་ཞལ་གདངས་ལྗགས་དྲིལ་མཆེ་བ་གཙིགས། །དྲག་པོའི་སྒྲ་སྒྲོག་ཁྲག་གི་ཚ་ཚ་འཕྲོ། །སྨ་ར་སྨིན་མ་མེ་གློག་ལྟར་འབར་འཁྱུག །དབུ་སྐྲ་གནམ་ལྕགས་རལ་པ་ཁམ་ནག་ལས། ཁྲོ་ཆུང་གྲངས་མེད་འཕྲོ་བས་གནོད་བྱེད་འཇོམས། །གཙུག་ན་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །རྔོག་མ་ལེ་བརྒན་དམར་པོ་མེ་ལྟར་འབར། །སྤྱན་གསུམ་སྡང་མིག་(༣ན)


GLG024_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུག་ཅིང་མེ་སྟག་འཕྲོ། །ཤངས་ནས་བསྐལ་བའི་རླུང་ཆེན་དམར་ནག་འབུད། །ཕྱག་གཡས་སོ་ལ་མེ་འབར་རལ་གྲི་འཕྱར། །གཡོན་པ་ཐུགས་ཀར་ལྕགས་ཀྱུ་འཛིན་པ་ཡི། །སྡིགས་མཛུབ་རྩེ་ལ་ལྕགས་སྡིག་ཕག་ཐོད་ཙམ། །རྣོ་དཔལ་མཆེ་གཅིགས་གདུག་པའི་ངར་སྐད་སྒྲོག །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་དང་། །སྦྲུལ་རིགས་ལྔས་བརྒྱན་བྱུག་པའི་རྫས་གསུམ་སྦགས། །དར་ནག་འཇོལ་བེར་སྟེང་ན་གཡང་གཞི་དང་། །གླང་ལྤགས་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་སོགས། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་བགྲད། །བ་སྤུའི་གསེབ་ནས་མེ་དཔུང་ཐོག་སེར་དང་། ཁྲོ་ཆུང་ཚ་ཚ་གློག་སྟོང་ལྟ་བུར་འཕྲོ། །རྒྱལ་བསེན་ས་བདག་ཀླུ་གཉན་ཀུན་བསྲེག་པའི། །བསྐལ་པའི་མེ་དཔུང་འབར་བའི་དབུས་ན་བཞུགས། །སྤྱི་བོར་རྭ་དང་མཆུ་སྡེར་གནམ་ལྕགས་ལས། །གྲུབ་པའི་ཁྱུང་དམར་སྐད་སྒྲོག་ཀླུ་ཆེན་བརྒྱད། །ཟས་སུ་ཟ་ཞིང་ཀླུ་འབུམ་གདན་དུ་བཏིང་། །གཡས་སུ་གྲུ་གསུམ་མཐིང་ནག་མེ་འབར་དབུས། །རྒྱལ་བསེན་ས་བདག་ཀླུ་གཉན་བསྣོལ་བའི་སྟེང་། །ཡཀྴ་མེ་དབལ་དམར་ནག་མེ་རལ་ཅན། །གཡས་གཡོན་མེ་ཡི་ཐོ་བ་ཞགས་པ་འཛིན། །ཞབས་གཉིས་དོར་སྟབས་རང་འདྲའི་ཁྲོ་ཚོགས་འཕྲོ། །གནོད་བྱེད་ཟ་ཞིང་བརླག་ནུས་འཇིགས་རུང་ཅན། །གཡོན་ཕྱོགས་གྲུ་གསུམ་མཐིང་ནག་འབར་བའི་ནང་། །དགྲ་བགེགས་རུ་དྲ་བསྣོལ་བའི་གདན་སྟེང་དུ། །གནོད་སྦྱིན་ནག་པོ་ལྕགས་ཀྱི་རལ་པ་ཅན། །མོན་པའི་གཟུགས་ལྡན་ལྕགས་རྡོར་རྩེ་ལྔ་གཡས། །གཡོན་པ་མེ་ཡི་ལྕགས་ཀྱུ་དམར་པོ་བཟུང་། །ཐོད་པ་(༣བ)


GLG024_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་རློན་དོ་ཤལ་སྟག་ཤམ་གསོལ། །སྤྱན་གསུམ་ཞབས་བགྲད་རང་འདྲའི་གནོད་སྦྱིན་འཕྲོ། །གཡས་སུ་སྤྲུལ་པའི་མོན་པ་བདུན་རྒྱུག་ཅིང་། །བཤན་པ་ནག་པོ་བདུན་ནི་གཡོན་ཕྱོགས་རྒྱུག །གནོད་སྦྱིན་གདུག་པའི་དམག་ཚོགས་འཁོར་གྱིས་བསྐོར། །དགྲ་བགེགས་གནོད་བྱེད་ཐམས་ཅད་ཟ་ཞིང་བརླག །མདུན་དུ་ལྕགས་སྡིག་འཇིགས་རུང་ཁྲོ་ཞིང་གཏུམ། །གཉེར་མས་ལུས་ཁྱབ་ཁ་དགུ་མིག་དགུ་བགྲད། །བ་སྤུའི་ཁུང་ལས་སྡིག་པ་བྱེ་བ་འཕྲོ། །རྐང་ལག་གནམ་ས་གང་བས་རྒྱལ་བསེན་འདུལ། །སྙིང་ཁྲག་འཇིབ་ཅིང་རྩ་རྗེས་གཅོད་པར་བྱེད། །མདུན་དུ་ལྕགས་ཀྱི་མི་རེང་མུན་པའི་མདོག །རལ་ནག་རྐེད་པར་སླེབ་ལས་མཚོན་ཆ་འཕྲོ། །གཡས་པ་ཟིལ་གནོན་ཕྱག་རྒྱའི་རྩེ་མོ་ལས། ཁྱུང་འགྱེད་གཡོན་པ་སྦྲུལ་ཞགས་དགྲ་བགེགས་འཆིང་། །རྐེད་པར་སྤུ་གྲིའི་འཁོར་ལོ་དྲག་འཁོར་བས། །དགྲ་བགེགས་གཏུབ་ཅིང་ལྕགས་སྤྱང་ནག་པོ་བཅིབས། །དེ་ཡི་གཡས་སུ་ལྕགས་ཀྱི་མི་རེང་ནག །གཡས་པ་དགྲ་སྟས་དགྲ་བོའི་ལུས་སྲོག་གཅོད། །གཡོན་པ་སྦྲུལ་གྱི་ཞགས་པས་དགྲ་བགེགས་འཆིང་། །གཡོན་དུ་ལྕགས་ཀྱི་མི་རེང་ནག་པོ་ནི། །གཡས་པ་རལ་གྲིའི་འཁོར་ལོས་དགྲ་བགེགས་གཏུབ། །གཡོན་པ་ཐོད་ནང་གཏོར་མ་གཙོ་ལ་སྟོབ། །སྔ་ཕྱི་གཉིས་ན་ཟངས་ཀྱི་མི་རེང་དམར། །གཡས་པ་ལྕགས་ཀྱི་བེར་ཀས་དགྲ་བགེགས་བརྡུང་། །གཡོན་པ་ཙིཏྟ་དམར་པོ་གཙོ་ལ་སྟོབ། །ཀུན་ཀྱང་གཏུམ་འཇིགས་ཁྲོ་རྔམས་རྒོད་ཅིང་དཔའ། །སྒེག་འབར་གཤེ་བ་གར་དགུའི་ཉམས་དང་ལྡན། །མཐོང་ཚད་འཛིན་ཅིང་ཟིན་ཚད་གསོལ་ཅིང་ཟ། །སྟོང་གསུམ་རབ་གང་ཞལ་ནས་སྔགས་སྒྲ་འུར། །གཞལ་ཡས་ཕྱི་རོལ་ཁྲོ་བཅུ་སྐུ་(༤ན)


GLG024_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དཀར། །ནང་གཟིགས་གཡས་པ་འཁོར་ལོ་གཡོན་བུམ་ལས། །ཚེ་ཡི་བར་གཅོད་སེལ་ཞིང་དངོས་གྲུབ་སྩོལ། །དེའི་ཕྱི་གནམ་ལྕགས་འཁོར་ལོ་རྩིབས་སྟོང་ལྡན། །ཕྱིར་བསྟན་གཡས་འཁོར་དྲེགས་པ་ཕོ་རྒྱུད་གཅོད། །ནང་བསྟན་གཡོན་འཁོར་དྲེགས་པ་མོ་རྒྱུད་གཅོད། །ཕྱི་རོལ་གནམ་ལྕགས་རྡོ་རྗེའི་ས་གཞི་དང་། །ར་བ་དྲ་བ་གུར་ཁར་སྲ་ཞིང་བརྟན། །མི་ཆོད་མི་ཤིགས་བསེར་བུའི་རླུང་མི་ཐར། །ཕྱི་ནང་མཚོན་ཆ་སྣ་ཚོགས་བུ་ཡུག་འཚུབ། །དམིགས་པའི་གནོད་བྱེད་ཚལ་པ་དུམ་བུར་གཏོར། །ཕྱི་རོལ་ཡེ་ཤེས་མེ་དཔུང་དམར་ནག་མདོག །འུར་འུར་འབར་བས་སྡང་དགྲ་གནོད་བྱེད་དང་། །བྱད་མ་རྦོད་གཏོང་བསྲེགས་ཏེ་བརླག་པར་གྱུར། །དབང་བསྐུར་བ་ནི། ཨཱོཾ་ཨཱཿཧཱུཾ་སྭཱ་ཧཱ། རིགས་ལྔའི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བས། །བདག་ཉིད་སྔ་རབས་སྐུ་ཆེ་ཡན་ལག་རགས། །ལྷ་ཚོགས་ཀུན་ཀྱང་འོད་ཟེར་ཕུང་པོར་ལྡན། ཁམས་གསུམ་དུས་གཅིག་སྒྲོལ་ནུས་དབང་ཐོབ་གྱུར། །སྤྱན་འདྲེན་ནི། གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །འོག་མིན་གནས་ནས་ལྷ་ཚོགས་ས་མཱ་ཛཿབཞུགས་སུ་གསོལ་བ་ནི། ས་མ་ཡ་ཏིཥྛ་ལྷན། །ཕྱག་བྱ་བ་ནི། ཨ་ཏི་པུ་ཧོ་པྲ་ཏཱི་ཙྪ་ཧོཿ ཕྱི་ནང་གསང་མཆོད་འབུལ་བ་ནི། ཧཱུཾ། བཅོམ་ལྡན་རྟ་མཆོག་རྒྱལ་པོ་འཁོར་བཅས་ལ། །ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་སྒྲ་ཡི་ཚོགས། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། རཀྟ་དམར་ཆེན་ཁྲག་གི་རྒྱ་མཚོ་བསྐྱིལ། །དམ་རྫས་རྒྱན་དང་ལྡན་པའི་གཏོར་མའི་ཚོགས། །ཡབ་ཡུམ་མཉམ་སྦྱོར་བདེ་བ་ཆེན་པོ་སོགས། །ཕྱི་(༤བ)


GLG024_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གསང་མཆོད་འབུལ་གྱིས་བཞེས་སུ་གསོལ། །ཨཱོཾ་བཛྲ་ཨརྒྷཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནེ་ཝིཾ་དྱ། ཤཔྡ་པཱུ་ཛ་མེ་གྷ་ཧཱུཾ། ཨཱོཾ་ཧ་ཡ་གྲཱི་བ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཨཱོཾ་པདྨ་ཀྲོ་ཏ་ཧ་ཡ་གྲཱི་བ་ཀཱ་ལ་རཱུ་པ་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། བཛྲ་རཀྴ་༴། ཡཀྴ་ཀཱ་ལ་༴། བཛྲ་ཀ་རུ་ཌ་༴། རུ་ར་བྷ་ཤ་ནག་པོ་ལས་མཁན་སྤུ་གྲི་འཁོར་བཅས་ཀྱི་ཞལ་དུ་༴། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་བ་སུ་ཏ་༴། མ་ཧཱ་གོ་རོ་ཙ་ན་༴། མ་ཧཱ་ཀེཾ་ནི་རི་ཏི་༴། བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོཿ བསྟོད་པ་ནི། ཧྲཱི༔ སྣང་བ་མཐའ་ཡས་པདྨ་ཐོད་འཕྲེང་རྩལ། །ཐུགས་རྗེའི་ཟློས་གར་ཁྲོ་རྒྱལ་རྟ་མཆོག་དཔལ། །ཡཀྴ་མེ་དཔལ་གནོད་སྦྱིན་སྡིག་པ་འཁྱུད། །ཟངས་ལྕགས་མི་རེང་འཁོར་དང་བཅས་ལ་བསྟོད། །འཛབ་བཟླ་བ་ནི་གཞུང་ནས་བཤད་པའི་དམིགས་པ་དང་བཅས་ཏེ། ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུཾ་ཕཊ། ཅེས་ཅི་ནུས་བཟླ་ཞིང་། བསྙེན་པ་ཐེངས་ནས་དྲག་སྔགས་རིང་མོ་མན་ངག་ལྟར་ཉམས་སུ་ལེན། ཐུགས་དམ་བསྐུལ་ཞིང་འཕྲིན་ལས་འཆོལ་པ་ནི། དཔལ་ཆེན་རྟ་མགྲིན་ནག་པོ་སྐུ་བཞེངས་འཚལ། །ཁྲག་འཐུང་ལྷ་ཚོགས་འཁོར་དང་བཅས་རྣམས་ཀྱིས། །དམ་རྫས་བརྒྱན་གྱི་གཏོར་མ་འདི་བཞེས་ནས། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །གནོད་ཅིང་འཚེ་བའི་རྒྱལ་བསེན་ཀླུ་གཉན་དང་། །ས་བདག་སྟེང་འོག་བར་གྱི་འབྱུང་པོ་སོགས། །དགྲ་བགེགས་ཀུན་གྱི་ནུས་སྟོབས་ཐལ་བར་རློག །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཚོགས་མཆོད་ཉིན་སྟར་མི་གཏོང་བའི་དབང་དུ་བྱས་ཏེ་ལས་བྱང་ཆེན་མོར་གསལ་བས་འདིར་མ་བཀོད། ཧ་ཡ་གྲཱི་བའི་ཡིག་(༥ན)


GLG024_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱས་ལྷག་ཆད་ཁ་བཀང་། ནོངས་པ་བཟོད་པར་གསོལ། །དཀྱིལ་འཁོར་བསྡུ་བ་ནི། སྣོད་བཅུད་གཞལ་ཡས་དེ་ཡང་འཁོར་ལ་ཐིམ། །འཁོར་རྣམས་གཙོ་བོ་དེ་ཉིད་སྔགས་ཕྲེང་དང་། །རིམ་གྱིས་ཧྲཱིཿ འདུས་པར་བཏགས་ནས། །ནཱ་དའི་བར་ཐིམ་ཀ་དག་ཀློང་ནས་ལྡང་། །སྨོན་ལམ་ནི། རྟ་མཆོག་བསྙེན་ཅིང་བསྒྲུབས་པའི་དགེ་བའི་མཐུས། །བདག་སོགས་འགྲོ་རྣམས་གནོད་བྱེད་བདུད་སྡེ་ལས། །རྣམ་པར་རྒྱལ་ཏེ་རང་རིག་དབང་ཆེན་ལྷ། །གདོད་མའི་མགོན་པོ་ཚེ་འདིར་མངོན་གྱུར་ཤོག །ཤིས་བརྗོད་ནི། །སྒེག་དཔའ་མི་སྡུག་སྐུ་ཡི་བཀྲ་ཤིས་ཤོག །རྒོད་དྲག་འཇིགས་རུང་གསུང་གི་བཀྲ་ཤིས་ཤོག །སྙིང་རྗེ་རྔམ་ཞི་ཐུགས་ཀྱི་བཀྲ་ཤིས་ཤོག །ཧེ་རུ་ཀ་ཡིས་དུས་ཀུན་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་བྱ་ཞིང་མེ་ཏོག་གི་ཆར་དབབ་བོ། །དེ་ཡང་བསྙེན་པའི་ཐོག་མཐའ་དང་སྒྲུབ་པ་དབང་སོགས་ཀྱི་སྐབས་ལས་བྱང་རིན་ཆེན་འཕྲེང་བ་དང་སྒྲུབ་ཐབས་གཅིག་ཏུ་བསྡེབས་ནས་གཏེར་གཞུང་བཅོས་མེད་ཉམས་སུ་ལེན་དགོས་ཤིང་། འདིར་ནི་རྒྱུན་འཁྱེར་གྱི་དབང་དུ་བྱས་པ་ཡིན་ནོ། །སྙིགས་དུས་མི་བསྲུན་རྒྱལ་བསེན་ས་བདག་ཀླུ། །འཇོམས་བྱེད་གནམ་ལྕགས་འབར་བའི་རྡོ་རྗེའི་ཐོག །ནག་པོ་ལྕགས་རལ་འཕྲིན་ལས་ཉིན་མོར་བྱེད། །སྐལ་བཟང་སྙིང་གི་མུན་པ་སེལ་བའི་དཔྱིད། །དེ་འདྲ་ཨྱོན་མཁན་པོ་པདྨ་ཞེས། །སྲིད་པ་གསུམ་ན་ཆེ་བའི་རིགས་སྔགས་འཆང་། །གང་དེའི་ཐུགས་བཅུད་ཆོས་ཀྱི་དབང་ཕྱུག་ལ། །བཀའ་བབས་འདི་ཀོ་བསམ་འཕེལ་དབང་གི་རྒྱལ། ཁ་བྲོད་སྙན་པོའི་ཚིག་གིས་གཞན་གྱི་བློ། །སྒྱུར་བྱེད་གདོལ་གཏམ་མ་ཡིན་ངེས་དོན་དུ། །ཚུལ་འདི་ཉམས་སུ་བསྟར་ན་(༥བ)


GLG024_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་གྱི། །གདོན་བགེགས་མ་ལུས་འདུས་ཀྱང་ཉམ་མི་ང་། །དེ་སྐད་ཞི་ཁྲོ་ཀུན་འདུས་དཀྱིལ་འཁོར་ལྷའི། ཁྱབ་བདག་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །གདུལ་བྱའི་སྣང་ངོར་རྡོ་རྗེའི་སློབ་དཔོན་གཟུགས། །རྣམ་རོལ་ཉང་སྟོན་དམ་པའི་དྲིན་ལས་རྙེད། །ཟླ་གཞོན་ལྟར་དཀར་དགེ་བའི་ཆུ་རྒྱུན་གྱིས། །སྲིད་ཞིའི་ཉེས་བརྒྱའི་ཚ་གདུང་ཀུན་བཅིལ་ནས། །སྨིན་གྲོལ་ག་བུར་ཟེགས་མའི་ཐིགས་པ་ཡིས། །སྙིང་གི་བུམ་བཟང་རྟག་ཏུ་འགེང་བར་ཤོག །ཅེས་གཏེར་ཁ་འོག་མའི་རྟ་ནག་ལྕགས་རལ་ཅན་གྱི་ལས་བྱང་རྒྱུན་ཁྱེར་ཉི་མའི་དཀྱིལ་འཁོར་འདི་ནི་མཆོད་དཔོན་བློ་བཟང་མཐུ་སྟོབས་དང་དབུ་མཛད་བློ་བཟང་ཡོན་ཏན་གཉིས་ཀྱིས་བསྐུལ་བ་ལ་བརྟེན་ནས་འདྲི་འདུན་ཡོད་ཀྱང་རེ་ཞིག་འགྱངས་པ་སྔགས་རམས་པ་བློ་བཟང་དོན་གྲུབ་བཅད་རྒྱའི་སྐབས་བསྐུལ་བས་རྐྱེན་བྱས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །སརྦ་མངྒ་ལཾ།། །།

དཔལ་རྡོ་རྗེ་ཕུར་པའི་སྒྲུབ་ཆེན་གྱི་ཆོག་སྒྲིགས་དངོས་གྲུབ་རྒྱ་མཚོའི་རོལ་གར།


GLG024_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་ཕུར་པའི་སྒྲུབ་ཆེན་གྱི་ཆོག་སྒྲིགས་དངོས་གྲུབ་རྒྱ་མཚོའི་རོལ་གར་ཞེས་བྱ་བ་བཞུགས་སོ། །


GLG024_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཞི་དང་ཁྲོ་བོའི་དཀྱིལ་འཁོར་གྱི། །དབང་ཕྱུག་རིགས་འཛིན་པདྨ་འབྱུང་གནས་དང་། །དབྱེར་མེད་དྲིན་ཅན་རྩ་བའི་བླ་མ་ལ། །གུས་པས་བཏུད་ནས་དཔལ་ཆེན་ཕུར་པ་ཡི། །སྒྲུབ་ཆེན་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིགས། །བཀའ་གཏེར་ཁུངས་ཐུབ་ཕྱག་བཞེས་གཞུང་ཡིག་དང་། །རིགས་འཛིན་དམ་པའི་མན་ངག་ལ་བརྟེན་ནས། །ལྷ་བྲག་གཏེར་གྱི་རྒྱན་དུ་འདི་ན་སྤེལ། །སྔོན་འགྲོ་དངོས་གཞིར་ས་བཅད་དྲུག །དང་པོ་ཕུན་སུམ་ཚོགས་པ་ལྔས་༡ ། །སྒྲུབ་པའི་གཞི་ནི་བཅའ་བ་དང་། །གཉིས་པ་༢ སྟ་གོན་རྣམ་པ་ལྔ། །འདི་ཡན་སྔོན་འགྲོའི་ཁྲིགས་སུ་གསལ། །གསུམ་པ་དཀྱིལ་འཁོར་འདྲི་ལ་༣གསུམ། །བཞི་པ་སློབ་མ་འཇུག་ལ་གསུམ། །ལྔ་པ་དངོས་གྲུབ་སྒྲུབ་ལ་གསུམ། །དྲུག་པ་དབང་བསྐུར་བ་ལ་གཉིས། །འདི་རྣམས་དངོས་གཞིའི་ཁྲིགས་སུ་ངེས། །སྤྱི་དོན་དང་པོ་སྒྲུབ་ཁོག་ཏུ་གསལ། །སྤྱི་དོན་གཉིས་པ་སྔོན་འགྲོ་སྟ་གོན་ལ། །ས་ཆོག་དང་ཞར་བྱུང་བསོད་ནམས་ཀྱི་དཔུང་(༢ན)


GLG024_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ། ལྷ་སྟ་གོན་སློབ་དཔོན་སྟ་གོན། དབང་རྫས་སྟ་གོན་སློབ་མ་སྟ་གོན་དང་ལྔ། རྩ་བའི་དང་པོ་ལ། བརྟག་པ། བསླང་བ། སྦྱང་བ། བཟུང་བ་བཞི་ལས། དང་པོ་ས་བརྟག་པ་གཞན་དུ་གསལ། གཉིས་པ་བསླང་བ་ལ་གཉིས་ཀྱི། སྣང་བ་ལ་བསླང་བ་སྒྲུབ་ཁོག་ཏུ་གསལ། གཉིས་པ་མི་སྣང་བ་ལ་བསླང་བ་ནི། དཀར་གཏོར་དང་དམར་གཏོར་ཕྱག་ལེན་ལྟར་བཤམས་ཏེ། ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨཱོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨཱོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དངས་ཤིང་ཐོགས་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོཾ་ཨཱཿཧཱུཾ། ཧཱུཾ། དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང་། །གངས་རི་གཡའ་རི་ལུ་མ་སྐྱེད་མོས་ཚལ། །མཚོ་རྫིང་ལྟེང་ཀ་སོ་སོའི་གནས་རྣམས་ནས། །ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱི། །འཛམ་བུ་གླིང་བཞི་སྒྲུབ་པའི་ས་བསླང་ཕྱིར། །གཙང་སྦྱར་བདུད་རྩི་(༢བ)


GLG024_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འདི་བཞེས་ལ། །རིན་ཆེན་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པས་བདུད་བཏུལ་ཏེ་སངས་རྒྱས། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་། ས་གཞི་རིན་པོ་ཆེའི་སྟེང་དུ་མཛད་པ་ལགས་པས། དེ་དང་རྗེས་སུ་མཐུན་པར། རིགས་པ་འཛིན་པ་བདག་ཅག་དཔོན་སློབ་རྣམས་ཀྱིས་ཚོགས་ཆེན་པོ་གཉིས་རྫོགས་པར་བགྱི་བའི་སླད་དུ། གནས་འདིར་དཔལ་ཆེན་པོ་རྡོ་རྗེ་ཕུར་པའི་ཕོ་བྲང་འདེབས་པར་འཚལ་བས། ས་བདག་ལྷ་ཀླུ། ས་ཡི་ལྷ་མོ་བསྟན་མ་དང་བཅས་པ་ཐམས་ཅད་ས་གླུད་ཆེན་པོ་འདི་ཁྱེར་ལ་བདག་གི་སྒྲུབ་པ་འདི་དབུ་བཙུགས་ནས་མཇུག་མ་ཐོན་གྱི་བར་དུ་གནས་གཞན་དུ་འཕོས་ལ། ས་གཞི་བརྟན་ཞིང་བཀྲ་ཤིས་པར་མཛད་དུ་གསོལ། གསུམ་པ་ས་སྦྱང་བ་ལ་གསུམ་ལས། ལྟོ་འཕྱེ་གཞན་དུ་གསལ། གཉིས་པ་སྔགས་དང་ཕྱག་རྒྱས་སྦྱང་བ་ནི། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་དང་བཅས། ཨཱོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། གསུམ་པ་ཏིང་ངེ་འཛིན་གྱིས་སྦྱང་བ་ནི། ཧཱུཾ། བདག་ཉིད་ལས་ཀྱི་ཧེ་རུ་ཀཿ །རྔམ་བརྗིད་ཁྲོས་པར་རབ་བསྒོམས་ཏེ། །སྤྱན་མིག་གཡས་གཡོན་ཉི་ཟླར་བསྐྱེད། །རྡོ་རྗེ་འགྲོས་ཀྱིས་རབ་བསྐོར་ཞིང་། ཁྲོ་བོའི་སྡང་མིག་རབ་ཏུ་བལྟ། །འགྱིང་བག་ཚུལ་དུ་རབ་ཏུ་བརྗིད། །ཞལ་ནས་ཧཱུཾ་ཕཊ་འབྲུག་སྒྲ་སྒྲོག །སྤྱན་ལས་འཕྲོས་པའི་འོད་ཟེར་གྱིས། །མ་དག་མེས་བསྲེགས་ཆུ་ཡིས་བཀྲུས། །དུར་ཁྲོད་འབར་བའི་ས་གཞིར་གྱུར། །ཨཱོཾ་སཱུརྱ་ཙཎྜ་ཛྭ་ལ་ཛཱ་ལ་ཧཱུཾ་ཕཊ། བཞི་པ་ས་(༣ན)


GLG024_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་ནི། གཙོ་འཁོར་རྣམས་ཆས་སུ་བཅུག །འཆམས་དང་བཅས་དཀྱིལ་འཁོར་བྲི་བའི་སར་བསྐོར་ཞིང་འཁོད་དེ། ཕྱོགས་རྣམས་སུ་མཆོད་པ་བཤམ། ཨཱོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བནྡྷ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ལྷ་རྫས་ལས་གྲུབ་པའི་མཆོད་རྫས་དངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བ་བསམ་གྱིས་མི་ཁྱབ་པར་གྱུར། ཞེས་པས་བརླབ། ཨཱོཾ་བཛྲ་ཨཱ་ཧ་ར་ཧཱུཾ། ཨཱོཾ་བཛྲ་དྷུ་པེ་ཧཱུཾ། ཨཱོཾ་བཛྲ་པུཥྤེ་ཧཱུཾ། ཨཱོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། ཨཱོཾ་བཛྲ་གནྡྷེ་ཧཱུཾ། ཨཱོཾ་བཛྲ་ཨུཏྟ་པ་ལ་ཡེ་ཧཱུཾ། ཨཱོཾ་བཛྲ་བིསྤུ་ར་ཡེ་ཧཱུཾ། ཞེས་ཕྱི་མཆོད་དང་། གདོད་ནས་རྣམ་དག་རྩ་བརྒྱད་སྟོང་སྦྱར་བ། ཞེས་པ་ནས། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་སྨན་ཕུལ། རྔ་བརྡུང་ཞིང་དབྱངས་དང་བཅས་པས། །ཤར་ནས། ཨེ་མ་ཧོ། མཆོག་ཏུ་གསང་བ་ཡུམ་གྱི་དཀྱིལ་འཁོར་ན། །དུས་གསུམ་འདུ་འབྲལ་མེད་པར་རྟག་ཏུ་སྦྱོར། །གཉིས་མེད་ཐིག་ལེ་བྱང་ཆུབ་དག་པའི་སྐུ། །བྱང་ཆུབ་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་གྱི་སྐུ། །ཕྱག་རྒྱ་རྫོགས་པ་ཀུན་གྱི་གནས། །མཐའ་གཉིས་ལས་ནི་རྣམ་རྒྱལ་བ། །དཀྱིལ་འཁོར་འདྲེན་པས་བཤད་དུ་གསོལ། །ལྷོ་ནས། ཨེ་མ་ཧོ། རོལ་པའི་ཆོ་འཕྲུལ་ཆེ་ལ་མངའ་བརྙེས་པའི། །བཀའ་ཡི་འཁོར་ལོ་གསང་བའི་ཡོན་ཏན་སྟོན། །ཐུགས་རྗེའི་ཆོ་འཕྲུལ་ཆོས་ཀྱི་ཆར་ཡང་འབེབས། །གསང་(༣བ)


GLG024_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བདག་པོ་ཁྱོད་ལ་ཕྱག་འཚལ་ལོ། །འཆི་བདག་བདུད་ནི་ཚར་གཅོད་ཅིང་། །མི་མཐུན་ལོག་ལྟ་འཇོམས་མཛད་པ། །ཡོན་ཏན་རིན་ཅེན་ཀུན་གྱི་གནས། །དཀྱིལ་འཁོར་འདྲེན་པས་བཤད་དུ་གསོལ། །ནུབ་ནས། ཨེ་མ་ཧོ། གསུང་གི་ཐིགས་པ་ཐུགས་ཀྱི་རྒྱ་མཚོའི་ཀློང་། །ལུང་དང་མན་ངག་གཏན་ཚིགས་ཆོས་ཀྱི་མཛོད། །དུས་གསུམ་རྣལ་འབྱོར་དབང་ཕྱུག་བགྲོད་པའི་བཤུལ། །བདུད་རྩི་ཐིགས་པའི་མཛོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་གྱི་གསུང་། །ཡེ་ཤེས་སྤྱོད་པ་རྣམ་པར་སྦྱོང་། །རྡོ་རྗེ་གསུང་ནི་ཀུན་འབྱུང་བ། །དཀྱིལ་འཁོར་འདྲེན་པས་བཤད་དུ་གསོལ། །བྱང་ནས། ཨེ་མ་ཧོ། དུས་གསུམ་བདེ་གཤེགས་ཀུན་གྱི་ཐུགས་ཀྱི་ཐུགས། །མི་ནུབ་ཆོས་ཀྱི་རྒྱལ་མཚན་འཛིན་བྱེད་པ། །སྨྲ་བའི་སེང་གེ་ཆེན་པོར་དབང་བསྐུར་བ། །རྡོ་རྗེ་ལས་མཆོག་ཁྱེད་ལ་ཕྱག་འཚལ་ལོ། ཁམས་གསུམ་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །འབྱུང་གནས་ཀུན་གྱི་གཞིར་གྱུར་པ། །དཀྱིལ་འཁོར་འདྲེན་པས་བཤད་དུ་གསོལ། །ཞེས་བརྗོད། དེ་ནས་ཁྲོ་བོའི་ང་རྒྱལ་གསོར་ཞིང་། རྡོ་རྗེའི་འགྲོས་ཀྱིས་བྱང་ཤར་དུ་སོང་ལ། ཨེ་མ་ང་ནི་རང་བྱུང་བའི། དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ། །བདག་ཉིད་རྡོ་རྗེའི་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ལས་ཁྲོ་ཆུང་ཐོག་སེར་འཕྲོ། །ཡེ་ཤེས་མེ་དཔུང་ཕྱོགས་བཅུར་འབར། །འབྱུང་པོ་གདོན་གྱི་ཚོགས་རྣམས་ཀུན། །གླུད་གཏོར་བྱིན་ཅིང་བཀའ་བསྒོ་ཡང་། །མི་ཉན་(༤ན)


GLG024_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པའི་ཚོགས་ཡོད་ན། །ལུས་སེམས་ཐལ་བའི་རྡུལ་བཞིན་དུ། །བརླག་པར་འགྱུར་གྱི་གཞན་དུ་མིན། །དེ་བས་འདི་མིན་གཞན་དུ་སྤོས། །ཀཱི་ལཱ་ཡ་བརྗོད་ཅིང་། རོལ་མོའི་སྒྲ་དང་ཐུན་གྱིས་བྲབ། དེ་ནས་དཔལ་ཆེན་པོའི་འགྱིང་འཆམས། རིགས་བཞིའི་གྱད་འཆམས། ཁྲོ་བཅུའི་སྟང་སྟབས། ཁྲོ་མོ་བཅུའི་གར་འཆམས། སྒོ་མ་བཞིའི་འདུར་འཆམས་སོགས་བྱ། ཀཱི་ལཱ་ཡའི་སྔགས་དབྱངས་སྟང་སྟབས་དང་བཅས་པའི་རྗེས་སུ་ཕུར་པ་གདབ་ཅིང་། ཨཱོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། བར་ཆད་འབྱུང་པོ་གྷརྫ་གྷརྫ་ཧཱུཾ་ཕཊ། ཅེས་པ་ནས་སྟོབས་པོ་ཆེའི་བར་སྤེལ་ཚིག་སྦྱོར་ལུགས་འདྲ། ཞར་བྱུང་བསོད་ནམས་ཀྱི་དཔུང་བསྐྱེད་པ་ནི། སྦྱིན་གཏོང་། སཱཙྪ། གསུང་རབ་ཀློག་པ། གཏོང་མ་གཏོར་བ་སོགས་སྒྲུབ་ཁོག་ཏུ་གསལ། རྩ་བའི་གཉིས་པ་ལྷ་སྟ་གོན་ལ། ཕྱི་མཚམས་རྒྱལ་ཆེན། བར་མཚམས་དམ་སྲི་མནན་ཅིང་སྒོ་བྱང་གདགས་པ། མ་ཏྲམ་བསྒྲལ་ཞིང་ནང་གསང་གི་མཚམས་བཅད་པ། དཀྱིལ་འཁོར་བཞེངས་ཞིང་བསྙེན་པ་བྱ་བ་དང་བཞི། དང་པོ་ཕྱི་མཚམས་རྒྱལ་ཆེན་སྡེ་བཞི་ལ་གཏད་པ་ནི། ཕྱོགས་བཞིར་མཐོ་བརྩིགས། ཤིང་རས་ཀྱི་བྱང་ཙག་གང་བདེའི་མདུན་དུ་མཆོད་གཏོར་བཤམས་ལ། བཛྲ་ཨ་མྲྀ་ཏས་བསངས། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས་བཅས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་མཆོད་པ་དང་། གཏོར་མ་ས་བསླང་བ་ལྟར་བྱིན་གྱིས་བརླབས། བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །དཀར་སེར་དམར་ལྗང་ཧཱུཾ་ཆེན་བཞི། །འཕྲོས་འདུས་འོད་དུ་ཞུ་བ་ལས། །(༤བ)


GLG024_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རྒྱལ་པོ་བཞི་རུ་གྱུར། །རྒྱལ་ཆེན་སྡེ་བཞི་འཁོར་བཅས་རྣམས། །ཐོགས་པ་མེད་པར་འདིར་སྤྱོན་ལ། །དམ་ཚིག་པ་དང་རོ་གཅིག་བཞུགས། །གཉིས་མེད་ངང་དུ་གུས་ཕྱག་འཚལ། །ཨཱོཾ་ཛྙཱ་ན་རཱ་ཛ་ས་མ་ཡ་ཧཱུཾ་ཛཿ རྒྱལ་ཆེན་སྡེ་བཞི་འཁོར་བཅས་ལ། །ཡིད་འོང་མཆོད་པའི་ཚོགས་རྣམས་དང་། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱི། །བཞེས་ལ་མཚམས་གཅོད་འཕྲིན་ལས་མཛོད། །ཨཱོཾ་ཌྷྲྀ་ཏ་རཱ་ཥྚ། བི་རུ་ཌྷྲ་ཀ །བི་རཱུ་པཀྵ། བཻ་ཤྲ་ཝ་ཎ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཚར་བཞི་བརྗོད། གོང་གི་སྔགས་ལ་ཨརྒྷཾ་ནས། ཤཔྡའི་བར་བཏགས། ༈ ཧཱུཾ། རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ན། །ཕོ་བྲང་ཆེན་པོ་སྤོས་ངད་ལྡན། །ཟབ་ཅིང་རྒྱ་ཆེ་གཟིགས་འཕགས་པོ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུང་། །སྐུ་མདོག་དཀར་པོ་པི་ཝང་འཛིན། །བཙུན་མོ་སྲས་དང་བློན་པོར་བཅས། །འཁོར་ནི་དྲི་ཟ་འབུམ་གྱིས་བསྐོར། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །མཆོད་གཏོར་འདི་བཞེས་ཤར་ཕྱོགས་ཀྱི། །གདོན་རྣམས་བཟློག་ཅིང་ཕྱི་མཚམས་སྲུངས། །ཧཱུཾ། རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ན། །ཕོ་བྲང་ཆེན་པོ་བཻ་ཌཱུཪྻ། །ཟབ་ཅིང་རྒྱ་ཆེ་༴། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །སྐུ་མདོག་སེར་པོ་རལ་གྲི་འཛིན། །བཙུན་མོ་སྲས་དང་༴། འཁོར་ནི་གྲུལ་བུམ་༴། སྡེ་པོ་ཆེ་ལ་༴། མཆོད་གཏོར་འདི་བཞེས་ལྷོ་ཕྱོགས་ཀྱི། །གདོན་རྣམས་བཟློག་ཅིང་༴། ཧཱུཾ། རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ན། །ཕོ་བྲང་ཆེན་པོ་རྒྱ་མཚོའི་རྦ། །ཟབ་ཅིང་རྒྱ་ཆེ་༴། རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །སྐུ་མདོག་དམར་པོ་སྦྲུལ་ཞགས་འཛིན། །བཙུན་མོ་༴། (༥ན)


GLG024_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནི་ཀླུ་དབང་༴། སྡེ་བོ་ཆེ་ལ་༴། མཆོད་གཏོར་འདི་བཞེས་ནུབ་ཕྱོགས་ཀྱི། །གདོན་རྣམས་བཟློག་ཅིང་༴། ཧཱུཾ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན། །ཕོ་བྲང་ཆེན་པོ་ལྕང་ལོ་ཅན། །ཟབ་ཅིང་རྒྱ་ཆེ་༴། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྐུ་མདོག་ལྗང་གུ་རྒྱལ་མཚན་འཛིན། །བཙུན་མོ་སྲས་དང་༴། འཁོར་ནི་གནོད་སྦྱིན་འབུམ་༴། མཆོད་གཏོར་འདི་བཞེས་བྱང་ཕྱོགས་ཀྱི། །གདོན་རྣམས་བཟློག་ཅིང་ཕྱི་མཚམས་སྲུངས། །ཧཱུཾ། རྒྱལ་པོ་ཆེན་པོ་སྡེ་བཞི་པོ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། །གསང་སྔགས་བསྟན་པ་སྲུང་བའི་ཕྱིར། །བར་ཆད་འདུལ་བར་མཛད་དུ་གསོལ། །གཉིས་པ་ལ་དམ་སྲི་དང་སྒོ་བྱང་གཉིས་ལས། དང་པོ་དམ་སྲི་མནན་པ་ནི། དམ་སྲིའི་ལིངྒ་ཕྱག་ལེན་ལྟར་བྲིས་པ་མདུན་དུ་བཤམ། གསེར་སྐྱེམས་གཏོང་། དཔལ་ཆེན་ཕུར་པའི་ལྷ་ཚོགས་མཐུ་རྩལ་བསྐྱེད། །དེང་འདིར་སྒྲུབ་ལ་བར་ཆད་བྱེད་པ་ཡི། །གནོད་བྱེད་དམ་སྲི་གདོན་བགེགས་ཚོགས་རྣམས་ཀུན། །དམིགས་རྟེན་གཟུགས་ཀྱི་བྱང་བུ་འདི་ལ་ཁུག །ཛཿཧཱུཾ་བཾ་ཧོཿ པྲ་པེ་ཤ་ཡ་ཕཊ། ཨ་པེ་ཤ་ཡ་ཨཱཿ ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པ་ནས། ཪྣྲི་ཏྲི་མཱ་ར་ཡ་རྦད། རོལ་མོ་དྲག་ཏུ་བརྡུང་ཞིང་རྡོ་རྗེ་སློབ་དཔོན་གྱིས་ཕུར་ཐུན་བརྡེག །དེ་རྗེས་མནན་ཆས་ལག་ལེན་ལྟར་བྱས་པ་མནན་དོང་དུ་བཅུག་ལ་ལག་ཚགས་དམ་པར་བྱ། མནན་ཆས་སོགས་རྒྱས་པར་སྤྲོ་ན་ལག་ལེན་འདི་ལྟར་ལེགས་མོད། དེང་སང་རྩེ་ལུགས་ཀྱི་ཕྱག་ལེན་འཇུག་པ་བདེ་བའི་དབང་དུ་བཏང་ནས་(༥བ)


GLG024_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ར་སོག་ལ་ལིངྒ་བྲིས་ནས་མེ་འདག་ཁར་བཞག་པར་འབྲུབ་འཚམས་དང་གདབ་ཁ་བསྡུས་པ་ཞིག་བྱས་པའི་མཇུག་ཏུ་སས་གཡོགས་སྟེང་བྲོ་བརྡུང་བྱ་བ་ནི། མཆེད་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཏེ། དཔལ་ཆེན་འཁོར་བཅས་རོལ་བའི་བྲོ། །དམ་སྲིའི་སྙིང་ལ་ཆེམས་སེ་ཆེམ། ཁྲོ་བོ་ཁྲོ་མོ་རོལ་བའི་བྲོ། །དགྲ་བགེགས་སྙིང་ལ་༴། ཁྲོ་བོ་རྣམས་ཀྱིས་བྲོ་བརྡུངས་ལ། ཁྲོ་མོ་རྣམས་ཀྱིས་རྒྱས་འདེབས་སོ། །ཤར་དུ་ཞི་བའི་བྲོ་བརྡུངས་པས། །ནད་གདོན་བར་ཆད་ཞི་བར་ཤོག །ལྷོ་རུ་རྒྱས་པའི་བྲོ་བརྡུངས་པས། །ཚེ་དང་བསོད་ནམས་རྒྱས་པར་ཤོག །ནུབ་ཏུ་དབང་གི་བྲོ་བརྡུངས་པས། །ལྷ་འདྲེ་མི་གསུམ་དབང་སྡུད་ཤོག །བྱང་དུ་དྲག་པོའི་བྲོ་བརྡུངས་པས། །དགྲ་བགེགས་དམ་སྲི་ཞི་བར་ཤོག །བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཤནྟིཾ། པུཥྚིཾ། པཱ་ཤཾ །མཱ་ར་ཡ་ཕཊ། ༈ གཉིས་པ་སྒོ་བྱང་གདགས་པ་ནི། ར་སོག་དང་བྱང་རས་ལ་བདུད་རྩི་འཁྱིལ་པ་དང་། རྟ་མགྲིན། ལུག་སོག་དང་བྱང་བུ་སོགས་ལ་གཤིན་རྗེའི་སྐུ་བྲིས་པ་སྔ་མ་སྒོ་གོང་གི་ནང་དང་རྗེས་མ་ཕྱི་རུ་བཏགས། མཆོད་གཏོར་བཤམ། བྱིན་རླབས་རྒྱལ་ཆེན་གྱི་སྐབས་ལྟར་བྱ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་དགྲ་སྟ་འཛིན་པ། རྟ་མགྲིན་དམར་པོ་དབྱུག་པ་དང་སྡིག་མཛུབ་མཛད་པ། གཤིན་རྗེ་ནག་པོ་བེ་ཅོན་དང་འཁོར་ལོ་འཛིན་པ་རྣམས་སྐད་ཅིག་གིས་བཛྲ་ས་མ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿ རྟེན་ལ་ཐིམ་པར་གྱུར། ཨཱོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཚིནྡྷ་ཚིནྡྷ་དམ་སྲི་མ་ར་ཡ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷྲཱི་ཝ་(༦ན)


GLG024_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀརྨ་ཡ་མ་རཱ་ཙ་ཧཱུཾ་ཕཊ། ཅེས་པའི་སྔགས་གསུམ་པོ་བརྒྱ་ཚར་བཟླ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་གོང་གི་སྔགས་གསུམ་གྱི་མཇུག་ཏུ་གཏོར་སྔགས་བཏགས་ནས་ཚར་གསུམ་གྱིས་གཏོར་མ་འབུལ། ཨརྒྷཾ་ནས། ཤཔྡའི་བར་གྱིས་མཆོད། ཧཱུཾ། རྟ་མགྲིན་བདུད་རྩི་འཁྱིལ་པའི་སྐུ། །སྤྲུལ་པའི་འོད་ཟེར་དགྲ་བགེགས་འདུལ། །དངོས་གྲུབ་བདུད་རྩིའི་རྒྱ་མཚོར་བསྐྱིལ། །དམ་སྲི་ཐལ་བའི་རྡུལ་དུ་རློག །གོང་གི་སྔགས་གཉིས་བརྗོད། ཧཱུཾ། གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས། །ལས་ཀྱི་གཤིན་རྗེའི་རྒྱལ་པོ་ལ། །བཅོམ་ལྡན་ཆོས་རྗེས་བཀའ་སྩལ་ལྟར། །དེ་བཞིན་རིགས་འཛིན་སྒྲུབ་པ་པོས། །བཀའ་གསང་གཞུང་ཆེན་འདི་སྒྲུབ་པས། །ཡང་དག་དོན་མཆོག་མ་ཐོབ་བར། །འདི་ལ་གནོད་ཅིང་བར་གཅོད་ན། །ལྷ་སྲིན་སྡེ་བརྒྱད་འབྱུང་པོའི་ཚོགས། ཁྱོད་ཀྱི་འཁོར་དང་གཡོག་ལགས་ཀྱི། །རྣམ་པར་སྨིན་པའི་ཆོས་ཤོད་ལ། །བླ་མེད་འབྲས་བུ་མ་ཐོབ་བར། །ས་འདི་ཡན་ཆད་བགེགས་མ་བཏང་། །ཕྱི་ཁོར་སྐྱོང་བའི་མུ་རན་ལ། །རྡོ་རྗེ་ཡང་དག་ཐུབ་པར་མཛོད། །ཨཱོཾ་བཛྲ་ཡ་མ་ར་ཙ་ས་མ་ཡ་སྟྭཾ། ཞེས་བརྗོད། གསུམ་པ་མ་ཏྲཾ་བསྒྲལ་ཞིང་ནང་གསང་གི་མཚམས་བཅད་པ་ལ། མ་ཏྲཾ་བསྐལ་པ་དང་མཚམས་གཅོད་གཉིས། དང་པོ་ལ། མ་ཏྲཾ་གནས་གང་ལ་དབང་བྱེད་པ། ངོ་བོ་ངོས་བཟུང་བ། སྔོན་བྱུང་། རྗེས་འཇུག་གི་འདུལ་(༦བ)


GLG024_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས། ཁོག་པ་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ་པ། བཏུལ་བའི་དགོས་པ་དང་དྲུག་ལས། དང་པོ་གསུམ་སྒྲུབ་ཁོག་ལས་ཤེས། བཞི་པ་ལ། ཆོས་ཉིད་ཀྱིས་འདུལ་བ་དང་། ཆོ་གས་འདུལ་བ་གཉིས་ལས། དང་པོ་ནི། ཧཱུཾ། མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད། །སྔོན་ཡང་སྒྲུབ་པ་ཀུན་ནས་བསྒྲིབས། །དེ་ཚེ་དཔལ་ཆེན་ཧེ་རུ་ཀས། །བསྒྲལ་ནས་དུར་ཁྲོད་ཆེན་པོར་བྱས། ཁུངས་དང་རྩད་བཅད་གང་ནས་བྱུང་། ཁུངས་དང་རྩད་བཅད་བདག་ལས་བྱུང་། །བདག་མེད་སྟོང་པའི་ཐོ་བས་གཞོམ། །ཨཱོཾ་མཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཉིས་པ་ཆོ་གས་འདུལ་བ་ནི། མ་ཏྲཾ་གི་གཟུགས་འབྲུབ་ཁུང་གི་སྟེང་དུ་བཞག་ལ། འབྲུབ་ཁུང་བསྐྱེད། བདེན་བརྡར་གྱི་མཐར། མ་ཏྲཾ་ཀ་རུ་དྲ་ཛཿ ཨ་ཀཪྴ་རུ་དྲ་ཛཿ ཁ་ཊྭཱཾ་ཀ་རུ་དྲ་ཛཿཛཿ ཞེས་གསུམ་གྱིས་བཀུག་ལ་བསྟིམ་མོ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཙིཏྟ་པྲ་པེ་ཤ་ཡ་ཤག་ཕཊ། ཅེས་བསྒྲལ། མགོ་ཕྱོགས་མ་ནོར་བར་འཇོག་གོ །ཧཱུཾ། མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད། །རོལ་པའི་སྟབས་ཀྱིས་མནན་པ་ནི། །འཇིགས་བྱེད་ཆེན་པོ་ཧེ་རུ་ཀས། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། ཁྲོ་རྒྱལ་ཞབས་ནི་གཡས་གཡོན་གྱིས། །གྱད་ཀྱི་དོར་སྟབས་ཚུལ་གྱིས་མནན། །ཧཱུཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཏྲི་རུ་ཀ་ཏྲི་ཤ་ཧོཿ ས་མ་ཡསྟྭཾ། མ་ཧཱ་དེ་ཝ་རུ་དྲ་ཛཿཛཿཧཱུཾ་ཧཱུཾ། གོང་གི་བྲོ་འདིར་ཡང་བྱེད་དོ། ལྔ་པ་བྱིན་གྱིས་བརླབ་པ་ལ་དངོས་དང་། སྒོ་དབྱེ་བ་གཉིས་ལས། དང་པོ་ནི། བྷྲཱུཾ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུཾ། བདག་གི་ཐུགས་ཀའི་ཧཱུཾ་ལས་བྷྲཱུཾ་གྲངས་མེད་པ་སྤྲོས་པས། མ་ཏྲཾ་གི་ཁོག་(༧ན)


GLG024_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕོག་སྟེ། དེ་ཉིད་དུར་ཁྲོད་ཀྱི་གཞལ་ཡས་ཁང་ནམ་མཁའི་མཐའ་དང་མཉམ་པ། བནྡྷ་གསར་རྙིང་གི་རྩིག་པ་བྱས་པ། གནམ་ལྕགས་ཀྱི་གཟེར་བཏབ་པ་ལ་རཀྟའི་ཞམ་ཆུ་འབབ་པ། བནྡྷ་ལྕང་ལོ་ཅན་གྱི་ཁ་བད་བཏེག་པ། དྲེགས་པ་ཅན་རྣམས་ཀྱི་ཀ་བ་བཙུགས་པ། ལྷ་ཆེན་བརྒྱད་ཀྱིས་གདུང་མ་བྱས་པ། ལྷ་བྲན་མང་པོས་དྲལ་མ་བྱས་པ། ཞིང་ལྤགས་ཀྱི་ཐོག་ཕུབ་པ། རིན་ཅེན་རྣམ་བཞིས་སྒོ་མོ་བྱས་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ནང་ཕོ་བྲང་རྩིབས་བཅུ་པ། ཕྱི་དུར་ཁྲོད་ཀྱི་གནས་བརྒྱད་ཀྱིས་བརྒྱན་པ། དེའི་ཕྱི་རིམ་ལྕགས་རི་དང་མེ་རིས་བསྐོར་བར་གྱུར། གཉིས་པ་སྒོ་དབྱེ་བ་ནི། ཁུ་ཚུར་དང་བཅས་པའི་སྡིགས་མཛུབ་བསྒྲེང་ཞིང་། བྷྲུཾ་པྲ་པེ་ཤ་ཡ་ཕཊ། ལན་བདུན་བརྗོད། ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ། ཕཊ་ཕཊ་ཕཊ། ཅེས་བརྗོད་ཅིང་བསྐོར་རོ། །དྲུག་པ་བཏུལ་བའི་དགོས་པ་སྒྲུབ་ཁོག་ལས་ཤེས། གཉིས་པ་མཚམས་གཅོད་ལ་གཉིས་ལས། དང་པོ་ནང་མཚམས་ནི། ཧཱུཾ། བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །ཁྲོ་རྒྱལ་ཊཱཀྐི་རཱ་ཛ་འཕྲོས། །དམར་སྐྱ་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་ཐོ་བ་ལྕགས་ཀྱུ་ཐོགས། །ཁྲོས་པ་ཕྱོགས་བཅུར་རབ་འཕྲོས་པས། །ཕྱོགས་སྐྱོང་བཅུ་པོ་བཀུག་ནས་ནི། །ཕྱོགས་བཅུ་ཀུན་ཏུ་གདན་དུ་བཏིང་། །ཕོ་མོ་གན་རྐྱལ་ཁ་སྦུབ་བསྣོལ། །ཨཱོཾ་སུཾ་བྷ་སོགས་དང་། རྗེས་སུ། ཨིནྡྷ་ཡ་ཏི་ར་པཾ། ཨགྣ་ཡེ། ཡ་མཱ་ཡ། ནཻ་རྡི་ཏྱ་ཡ། ཝ་རུ་ཎཱ་ཡ། བཱ་ཡ་བེ། ཀུ་བེ་རཱ་ཡ། ཨི་ཤ་ནཱ་ཡ། ཨུརྡྷ་བྲཧྨ་ཎེ། སཱུཪྻ། ཙནྡྲ། ཨརྡྷོ་(༧བ)


GLG024_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཐི་བི་བྷྱཿཏི་ར་བཾ། ཛཿཧཱུཾ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་བགེགས་རྣམས་བཀུག །རྡོ་རྗེ་སློབ་དཔོན་སོགས་ཀྱིས་ཕུར་པ་བཅུ་པོ་ལག་ཏུ་ཐོགས་ཏེ། ཧཱུཾ། བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །ཕྱོགས་སྐྱོང་བཅུ་ཡི་གདན་སྟེང་དུ། །འབར་བའི་ཧཱུཾ་བཅུ་འཕྲོས་པ་ལས། །འཕྲོས་འདུས་ཁྲོ་བོ་བཅུ་རུ་གྱུར། །ཧཱུཾ་ཀཱ་ར་རྣམ་རྒྱལ་དབྱུག་སྔོན་རྒྱལ། །གཤིན་རྗེ་མི་གཡོ་རྟ་མགྲིན་རྒྱལ། །འདོད་རྒྱལ་བདུད་རྩི་ཁམས་གསུམ་རྒྱལ། །སྟོབས་པོ་ཆེ་རྣམས་རིམ་བཞིན་བསྒོམ། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །སྐུ་སྟོད་ཁྲོ་ཚུལ་མཚོན་ཆ་འཛིན། །དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན། །སྐུ་སྨད་ལྕགས་ཕུར་ཟུར་གསུམ་འབར། །ཕྱོགས་སྐྱོང་བཅུ་ཡི་སྙིང་གར་བཏབ། །མེ་དཔུང་འབར་བའི་ཀློང་དཀྱིལ་ན། །སྤྲུལ་པ་ཡང་སྤྲུལ་བགྲང་ལས་འདས། །བར་ཆད་བགེགས་དཔུང་མ་ལུས་པ། །རྡུལ་ཕྲན་བཞིན་དུ་བརླག་པར་བྱ། །ཨཱོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། བར་ཆད་འབྱུང་པོ་གྷརྫ་གྷརྫ་ཧཱུཾ་ཕཊ། ཅེས་སོགས་དང་། ཐུགས་ལས་སྤྲུལ་པའི་ཁྲོ་བཅུས་མི་དགེ་བཅུ། །ཞེས་པ་ནས་བཟུང་སྟེ། ཕུར་པའི་གུར་ཁང་མཚམས་ལས་མ་འདའ་ཞིག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་རཀྵ་རཀྵ་ཧཱུཾ།གཉིས་པ་གསང་མཚམས་ནི། ཕྱི་ནང་སྣོད་བཅུད་མ་བྱ། བཞི་པ་དཀྱིལ་འཁོར་བཞེང་ཞིང་བསྙེན་པ་བྱ་བ་ལ་བཞེང་བ། རྒྱན་དགྲམ་པ། འཕྲིན་ལས་གྱེར་ཞིང་འཛབ་བྱ་བ་དང་གསུམ། དང་པོ་ལ། སྦྱང་བ། ཐིག་ཚོན་བྱིན་གྱིས་བརླབ་པ། ཐིག་གདབ་པ་དང་གསུམ། དང་པོ་སྦྱང་བ་ནི། བདུད་རྩི་འཁྱིལ་པའི་སྔགས་བརྗོད་ཅིང་དྲི་བཟང་གི་ཆུས་གཏོར། (༨ན)


GLG024_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལྔའི་སྣོད་ཐོགས་ཏེ། ཆོས་དབྱིངས་དག་པའི་བདུད་རྩི་མི་བསྐྱོད་པས། །རྒྱལ་བའི་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཕྱིར། །བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །གསང་བའི་དཀྱིལ་འཁོར་ཆེན་པོར་ཆག་ཆག་འདེབས། །ཨཱོཾ་མ་ཧཱ་མུ་ཏྲཾ་མཎྜ་ལ་ཧཱུཾ། དེ་བཞིན་དུ་འདོད་པ་བསྒྱུར་ཏེ། མེ་ལོང་དག་པའི་བདུད་རྩི་རྣམ་སྣང་འདིས། །རྒྱལ་བའི་སྐུ་ཡི་༴། བཀའ་གསང་སོགས་འགྲེ །ཨཱོཾ་མ་ཧཱ་བི་ཏྲ་མཎྜ་ལ་ཨཱོཾ། མཉམ་ཉིད་དག་པའི་བདུད་རྩི་རཀྟ་འདིས། རྒྱལ་བའི་ཡོན་ཏན། སོགས། ཨཱོཾ་མ་ཧཱ་རུ་དྷི་ར་མཎྜ་ལ་སྭཱ། ཀུན་རྟོག་དག་པའི་བདུད་རྩི་བྱང་སེམས་འདིས། །རྒྱལ་བའི་གསུང་གི་༴། བཀའ་སོགས་ཨཱོཾ་མ་ཧཱ་ཤུཀླ་མཎྜ་ལ་ཨཾཿ བྱ་གྲུབ་དག་པའི་བདུད་རྩི་ཤ་ཆེན་འདིས། །རྒྱལ་བའི་འཕྲིན་ལས་༴། ཨཱོཾ་མ་ཧཱ་མཾ་ས་མཎྜ་ལ་ཧཱ། གཉིས་པ་ཐིག་ཚོན་བྱིན་རླབས་ནི། ཐིག་ཚོན་ཕྱག་ལེན་ལྟར་བཤམ་མཆོད་པ་གོང་ལྟར་བརླབ། བཛྲ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས། རང་ཉིད་དཔལ་ཆེན་པོར་གསལ་བའི་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་རྒྱལ་བ་ཞི་ཁྲོའི་ཚོགས་སྤྱན་དྲངས། ཞལ་དུ་ཞུགས། རྗེས་ཆགས་ཀྱི་མེས་ཞུ་བ་ཡུམ་གྱི་མཁར་བབས་པ། ཨཱོཾ་ཧཱུཾ་སྭཱ་ཨཾ་ཧཱ་ལྔར་གྱུར་པ་ཐིག་ཚོན་ལྔ་སོ་སོའི་གནས་སུ་བབས་པ་ལས། དབུས་སུ་ཨཱོཾ་དཀར་པོ་ལས་བྷུདྡྷ་ཀཱི་ལཱ་ཡ་དཀར་པོ་སྨད་ཞི་བའི་ཕུར་བུ་ཟླུམ་པོར་བཞུགས་པ། ཤར་དུ་ཧཱུཾ་སྔོན་པོ་ལས་བཛྲ་ཀཱི་ལཱ་ཡ་མཐིང་ཁ་སྨད་དྲག་


GLG024_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕུར་བུ་གྲུ་གསུམ་དུ་བཞུགས་པ། ལྷོར་སྭཱ་སེར་པོ་ལས་རཏྣ་ཀཱི་ལ་ཡ་སེར་པོ་སྨད་རྒྱས་པའི་ཕུར་བུ་གྲུ་བཞིར་བཞུགས་པ། ནུབ་ཏུ་ཨཾ་དམར་པོ་ལས་པདྨ་ཀཱི་ལ་ཡ་དམར་པོ་སྨད་དབང་གི་ཕུར་བུ་ཟླ་གམ་དུ་བཞུགས་པ། བྱང་དུ་ཧཱ་ལྗང་གུ་ལས་ཀརྨ་ཀཱི་ལ་ཡ་ལྗང་གུ་སྨད་ལས་ཀྱི་ཕུར་བུ་གྲུ་གསུམ་དུ་བཞུགས་པ། ཐམས་ཅད་ཀྱང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རང་འདྲའི་ཡུམ་དང་གཉིས་སུ་མེད་པའི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། བཛྲ་ས་མ་ཡ་ཛ། ཛཿཧཱུཾ་བཾ་ཧོ། ཨཱོཾ་སརྦ་ཏ་ཐཱ་ག་ཏ། ཨརྒྷཾ་ནས། ཤཔྡའི་བར་བརྗོད། ལྷ་ལྔའི་གནས་གསུམ་གྱི་ཨཱོཾ་ཨཱཿཧཱུཾ་ལས་འོད་ཟེར་འཕྲོས། སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་རྣམས་སྤྱན་དྲངས་ཏེ་ཐིམ་པར་གྱུར། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ། ཞེས་པ་དང་། ཨཱོཾ་ཨཱཿཧཱུཾ། བརྒྱ་རྩ་བཟླས། དཀར་པོ་ཨཱོཾ་གྱི་རང་བཞིན་ལ། །རིན་ཆེན་ཤེལ་གྱི་རང་བཞིན་འཕྲོ། །ཆོས་དབྱིངས་ཡེ་ཤེས་བྱིན་གྱིས་རློབས། མཐིང་ཁ་ཧཱུཾ་གི་རང་བཞིན་༴། བཻ་ཌཱུཪྻཱ་ཡི་རང་བཞིན་འཕྲོ། །མེ་ལོང་ཡེ་ཤེས་བྱིན་གྱིས་༴། སེར་པོ་སྭཱ་ཡི་རང་བཞིན་༴། རིན་ཆེན་གསེར་གྱི་༴། དམར་སེར་ཨཾ་གི་༴། རིན་ཅེན་བྱུ་རུའི་༴། སོར་རྟོག་ཡེ་ཤེས་༴། ལྗང་གུ་ཧཱ་ཡི་༴། ཨིནྡྲ་ནཱི་ལའི་༴། བྱ་སྒྲུབ་ཡེ་ཤེས་བྱིན་གྱིས་རློབས། །ཞེས་བརྗོད་པས་ལྷ་རྣམས་འོད་དུ་ཞུ་ནས་ཐིག་ཚོན་སོ་སོ་ལ་ཐིམ་པར་བསམ། གསུམ་པ་ལ་གནམ་སའི་ཐིག་གཉིས་(༩ན)


GLG024_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་ནི། ཐིག་སྐུད་ཀྱི་སྣེ་སློབ་མ་ལ་གཏད་དེ། ཧཱུྃ། བཀྲ་ཤིས་མཚན་ལྡན་གཟུང་མ་ཡུམ། ཁ་ནས་ཨུཏྤལ་ངད་ལྡང་ཞིང་། །སྐད་ཀྱང་ངང་པ་གཞོན་ནུ་འདྲ། །སྙན་པར་སྨྲ་ཞིང་ཚུལ་དང་ལྡན། །མཉེན་ལྕུག་འཁྲིལ་བས་དབྱེར་མི་ཕྱེད། །རྡོ་རྗེ་ལས་ཀྱི་དངོས་གྲུབ་མ། །གསང་བའི་རྡོ་རྗེ་ཐིག་འདེབས་པའི། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །ཐབས་ཤེས་ལྡན་པའི་བྱིན་རླབས་ལས། །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །བྱང་ཆུབ་སེམས་ཀྱི་ཐིག་གདབ་ཀྱི། །བྷྲཱུཾ་ལས་བསྐྱེད་པའི་གཞལ་ཡས་ཁང་། །ཕྱོགས་མཚམས་ཡེ་ཤེས་རྣམས་དང་ལྡན། །དཀྱིལ་འཁོར་ཆེན་པོའི་ཐིག་བཏབ་པས། །སྒྲུབ་པའི་ལྷ་རྣམས་བཞུགས་པའི་གནས། །ཕོ་བྲང་ཆེན་པོར་ལྷུན་གྱིས་གྲུབ། །བྷྲཱུཾ་ཛྙཱ་ན་ཤྲཱི་ཀྲ་མ་སྭཱ་ཧཱ། གཉིས་པ་ས་ཐིག་ནི། ཧཱུཾ། སྟོང་གསུམ་མཎྜལ་ཡུམ་གྱི་ས་གཞི་ལ། །ཐུགས་རྗེ་འགྱུར་མེད་ཡབ་ཀྱི་ཐིག་བཏབ་པས། །སྲིད་པའི་དཀྱིལ་འཁོར་འབྱམས་ཀླས་དབྱིངས་སུ་གསོལ། །སྒྲུབ་པའི་ལྷ་ཚོགས་བཞུགས་གནས་ལྷུན་གྱིས་གྲུབ། །བྷྲཱུཾ་ཛྙཱ་ན་མཎྜ་ལ་སྭཱ་ཧཱ། དེ་ནས་ཐིག་གི་ལག་ལེན་ནི། ཤར་ནུབ་ཚངས་ཐིག་བཏབ་པའི་རྗེས། །དཀྱིལ་ནས་ཆེ་ཆུང་གང་འཚམ་པ། །མིག་ཚོད་བཏང་ནས་ལན་གཉིས་ནི། །གཞལ་བའི་མཚན་མ་བཏབ་པ་དག །ཤར་ནུབ་གཉིས་ཀར་བྱས་པ་དེའི། །དཀྱིལ་ནས་མཚན་མ་གཉིས་པའི་བར། །གཞལ་བའི་ཚད་དེས་ནང་མ་ནས། །ལྷོ་བྱང་གཉིས་ཀྱི་བྱ་རྗེས་དང་། །ཕྱི་མ་གཉིས་ཀྱི་སྟེང་ནས་ནི། །མཚམས་བཞིར་བྱ་རྗེས་བཙལ་བྱས་ནས་(༩བ)


GLG024_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མའི་ཐིག་དྲུག་གདབ་པར་བྱ། །དེ་རྗེས་དཀྱིལ་ནས་ཟུར་ཐིག་བཞིར། །དཀྱིལ་འཁོར་ཆེ་ཆུང་གང་བྱེད་དང་། །འཚམས་པའི་དུམ་བུ་དྲུག་བཅད་པའི། །མཚན་མ་བཏབ་ལ་ཕྱི་མ་གཉིས། །ཐིག་གིས་ལེགས་པར་ཕྱེ་བ་ཡི། །ནང་མ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་ཡིན། །ཕྱི་མ་ཕྱེད་གདབ་ཕྱི་མ་བགོ །དྲ་བ་དྲ་ཕྱེད་མདའ་ཡབ་ལོ། །ཚངས་ཐིག་གཡས་སུ་ཆ་ཆེན་གཉིས། །ནང་མ་ཕྱེད་གདབ་ཕྱི་མ་བགོ །སྒོ་དང་སྒོ་ཁྱུད་སྒོ་ལོགས་ཐིག །ཕྱི་མ་བཞིར་བགོས་རྩིག་པ་མུན། །ཀ་བ་ཀ་རྒྱན་གཡོན་ལའང་འགྲེ །པུ་ཤུའི་སྟེང་ནས་ཆ་ཆེན་བཞི། །བཏབ་པའི་ནང་མ་གསུམ་པོ་དག །ཐོག་མཐའ་བཞིར་བགོས་དབུས་མ་ཡི། །དཀྱིལ་ལ་ཆ་ཕྲན་གཅིག་གདུང་མ། །དེ་ལྷག་མདུན་རྒྱབ་མུན་པ་སྟེ། །དེ་ཡང་ཀ་རྒྱན་སྟེང་ནས་ནི། །ཆ་ཕྲན་གཅིག་ཐེན་གཅིག་ཕྱིར་བསྐྱེད། །གསུམ་ཐེན་ནང་དུ་གཉིས་བསྐུམ་ལ། །ཆ་ཕྲན་གཅིག་ཐེན་གཅིག་ཕྱིར་བསྐྱེད། །ཆ་ཕྲན་གཅིག་ཐེན་གཉིས་ནང་བསྐུམ། །གཉིས་ཐེན་གཅིག་བསྐྱེད་གསུམ་ཐེན་རྗེས། །གཉིས་བསྐུམ་གཅིག་བསྐྱེད་རྟ་བབས་སོ། །གླང་རྒྱབ་དཔངས་སུ་ཆ་ཕྲན་བརྒྱད། ཚངས་པའི་ཐིག་ནས་གཡས་ངོས་སུ། །ཆ་ཆེན་གཅིག་གཞལ་མུན་སྟེང་ནས། །གཅིག་ཐེན་གཉིས་བསྐྱེད་གསུམ་ཐེན་ཞིང་། །གཅིག་བསྐུམ་གཅིག་ཐེན་གཅིག་བསྐུམ་གཅིག །ཐེན་ཞིང་གཅིག་བསྐུམ་གཉིས་ཐེན་གསུམ། །བསྐུམ་དེ་གཡོན་ཕྱོགས་ལ་ཡང་འགྲེ །ཆ་ཆེན་བཞི་པ་དབུས་དོར་ཏེ། །མཐའ་གཉིས་བཏབ་པས་པདྨ་དང་། །འཁོར་ལོ་གདུགས་(༡༠ན)


GLG024_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐིག་ཏུ་འགྱུར། །རྡོ་རྭ་རྩིག་པ་ནས་བརྩམས་པའི། །ཆ་ཆེན་གསུམ་གྱི་སྟེང་དག་ནས། །གཡས་གཡོན་རྭ་ནང་གསུམ་དང་ནི། །ཕྱི་མ་ལྔ་ནས་བསྐོར་བས་འགྲུབ། །པདྨ་དང་ནི་དམ་ཅན་གཉིས། །ཚད་ལ་ཆ་ཕྲན་གསུམ་གསུམ་ཡིན། །རྡོ་རྗེའི་རྭ་བ་ཆ་ཕྲན་གཅིག །དུར་ཁྲོད་མེ་རི་ཆ་ཆེན་རེ། །ལུགས་འདི་དག་ལ་སྐབས་འགར་ནི། །པདྨ་སྣ་ཚོགས་རྡོ་རྗེའི་རྭ། །བཞག་ནས་ཁྲག་མཚོ་བྱེད་པའི་ཚེ། །འཁོར་ལོའི་རྩེ་ནས་མུ་ཁྱུད་དག །བསྐོར་བའི་ཁྱམས་ལ་འདྲི་བ་ཡིན། །སྔ་འགྱུར་ལུགས་སྲོལ་འགའ་ཞིག་ལ། །དུར་ཁྲོད་ནང་དུ་ཆ་ཕྲན་གཉིས། །བསྐོར་བ་ཁྲག་ཁྱམས་སྲུང་མའི་ས། །གསང་སྔགས་སྔ་འགྱུར་ལུགས་སྲོལ་གྱི། །རྟ་བབས་སྣམ་བུ་བཞི་བྱེད་ན། །དངོས་གཞི་སྔར་དང་འདྲ་བ་ལ། །མདའ་ཡབ་སྟོང་ནས་ཆ་ཆེན་གཉིས། །ནང་མ་བཞིར་བགོས་རྟ་བབས་དང་། །གླང་རྒྱབ་དཔངས་དང་གཡས་གཡོན་དུ། །ཆ་ཕྲན་གསུམ་རེ་དག་གིས་འགྲུབ། །རྡོ་རྭ་རྩིག་པ་ནས་དྲངས་པའི། །ཆ་ཆེན་གཉིས་སྟེང་གཡས་གཡོན་དུ། །གསུམ་དང་ལྔ་ནི་གོང་ལྟར་བསྐོར། །དཀྱིལ་འཁོར་ནང་གི་ཐིག་དག་ནི། །དབུས་ནས་སྒོ་མཚམས་བར་དག་ཏུ། །ཟླུམ་ཐིག་གཅིག་དང་ནང་ཆ་ཕྲན། །གཅིག་དོར་བསྐོར་བ་ཕྱིའི་མུ་ཁྱུད། །ནང་དུ་ཆ་ཕྲན་ལྔ་དོར་ནས། །བསྐོར་བའི་ཟླུམ་ཐིག་རྩིབས་བཅུ་པོ། །འཆོས་དོན་ཡིན་གྱི་དེ་རྗེས་དབྱི། །དེ་ནས་ནང་དུ་ཆེ་ཆུང་གཉིས། །དོར་ཏེ་བསྐོར་ཞིང་སླར་གཅིག་དོར། །བསྐོར་བས་ལྟེ་བའི་ཟླུམ་ཐིག་གོ །ལྟེ་བ་དག་ནས་མུ་ཁྱུད་ཀྱི། །(༡༠བ)


GLG024_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ནང་མར་བྱ་རྗེས་བཙལ་ནས་ནི། །ཕྱོགས་གསུམ་བཏབ་པས་གྲུ་གསུམ་མོ། །ཆ་ཕྲན་དགུ་དང་བཞི་ཆ་གཅིག །གཞལ་བའི་ཚད་ཀྱིས་ལྷོ་བྱང་གི །ཚངས་ཐིག་བར་དུ་བསྐོར་ནས་ནི། །གཞལ་ཏེ་མཚན་མ་ལྔ་བཏབ་པས། །རྩིབས་རྩེ་འབྱུང་ངོ་ཕྱོགས་གཞན་འགྲེ །ཚད་ངེས་རྩེ་མོ་ནས་བརྩམས་ནས། །སྔར་གྱི་ཟླུམ་སྐོར་གསུམ་པའི་སྟེང་། །ཐེན་ནས་བསྐོར་བས་རྩིབས་རྣམས་འགྲུབ། །དེ་ཡང་རབ་རྡུལ་ཚོན་དང་འབྲིང་རས་བྲིས་སུ་བཤད་པ་ནི་སྒྲུབ་ཁོག་ཏུ་ཤེས་ཤིང་། བཀའ་བརྒྱད་གསང་རྫོགས་སོགས་སུ་སྟ་གོན་གྱི་དཀྱིལ་འཁོར་དུ་སློབ་མ་འཇུག་པར་གསུངས་པ་གསར་མ་བ་དག་གི་བློར་མི་ཆུད་ཀྱང་རྟོག་དཔྱོད་ཀྱི་གནས་མ་ཡིན་མོད། འོན་ཀྱང་འཇུག་པ་བདེ་བའི་ཕྱིར། འདིར་བསྡུས་པ་རང་སྔགས་བརྗོད་ཅིང་དྲི་བཟང་གི་ཐིག་ལེའི་སྟེང་དུ་ཚོམ་བུ་བཀོད་དོ། །གཉིས་པ་རྒྱན་དགྲམ་ཞིང་། མཆོད་པ་བྱ་བ་ནི། རྒྱས་པ་སྒྲུབ་ཁོག་ཏུ་ཤེས་ལ། བསྡུ་ན་སྨན་རཀ་གཏོར་གསུམ་མཆོད་པ་སོགས་ཕྱག་ལེན་ལྟར་རོ། །གསུམ་པ་འཕྲིན་ལས་གྱེར་ཞིང་འཛབ་བྱ་བ་ནི། སྐྱབས་འགྲོ་ནས་བཟུང་། ཕུར་སྲུང་བཀའ་སྡོད་བཅས་ལ་ཕྱག་འཚལ་བསྟོད། ཅེས་པའི་བར་ལས་བྱང་ལྟར་བཏང་། འཛབ་ཅུང་ཟད་བཟླ། དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས། །ཉེ་བར་དགོངས་ཤིག་མཆོད་བསྟོད་བསྒྲུབ་པའི་ཆེད། །དཀྱིལ་འཁོར་འདྲི་བར་བགྱི་ན་སྟ་གོན་ལ། །གནས་དེ་བྱིན་གྱིས་རློབ་པར་མཛད་དུ་གསོལ། རྩ་བའི་གསུམ་པ་སློབ་དཔོན་སྟ་གོན་ནི། སྒྲུབ་ཁོག་ཏུ་གསལ། རྩ་བའི་བཞི་པ་དབང་རྫས་སྟ་(༡༡ན)


GLG024_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གོན་ལ་བུམ་པ་བུམ་རྫས། ཞར་ལ་རྫས་གཞན་གྱི་སྟ་གོན་དང་གསུམ། དང་པོ་ལ་ཕྱི་ནང་གསང་གསུམ་ལས། ཕྱི་ནང་གི་བུམ་པ་གཉིས་ནི་སློབ་མ་ལ་དབང་མི་བསྐུར་ཀྱང་དངོས་གྲུབ་ཀྱི་རྫས་སུ་དགོས་པས། དང་པོ་ཕྱིའི་བུམ་པ་སྒྲུབ་པ་ནི། བུམ་པ་བཅུ་གཉིས་སོགས་ཕྱག་ལེན་ལྟར་བཤམ། མཆོད་གཏོར་བྱིན་རླབས་ལྷ་སྟ་གོན་ལྟར་བྱ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བུམ་པ་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པའི་ནང་ཨ་ལས་བདུད་རྩིའི་རྒྱ་མཚོ་ཆེན་པོས་གང་བ། དེར་པདྨའི་སྡོང་པོ་ལྷ་གྲངས་དང་མཉམ་པའི་སྟེང་དུ། བཛྲ་ཏཾ་པདྨ་སུཪྻ་ཙཎྜ་མཎྜ་ལ་རུ་དྲ་དུ་ཏྲི་ཨེ་སརྦ་བིགྷྣཱན། ལྟེ་བར་རྡོ་རྗེ་བྲག་ཆེན་པད་ཉིའི་ཁྲི། ཞེས་པ་ནས། འཛབ་ཀྱི་བར་ལས་བྱང་ལྟར་དང་། དེ་ནས་བཟླས་པ་གྲུབ་རྗེས། ལས་བུམ་ནང་དུ་པདྨ་ཉི་མའི་སྟེང་། །ཧཱུཾ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ནི། །ལྗང་ནག་གཡས་པ་རྒྱ་གྲམ་གཡོན་དྲིལ་བུ། །རབ་འཛིན་གནས་གསུམ་ཡི་གེ་འབྲུ་གསུམ་གྱིས། །མཚན་པ་དག་ལས་འོད་འཕྲོས་ཡེ་ཤེས་པ། །སྤྱན་དྲངས་དམ་ཚིག་པ་དང་གཉིས་མེད་གྱུར། །དབང་ལྷ་སྤྱན་དྲངས་བདུད་རྩིའི་ཆུ་རྒྱུན་གྱིས། །དབང་བསྐུར་དོན་ཡོད་གྲུབ་པས་དབུ་བརྒྱན་གྱུར། །ཨཱོཾ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨ་མྲྀ་ཏ་བརྒྱ་རྩ་བརྒྱད་བཟླས་རྗེས། དུང་ཆོས་ཀྱི་ཆུ་བུམ་པར་བླུག་སྟེ། ཨཱོཾ་ཨཱཿཧཱུཾ་དང་ཧཱུཾ་ལན་བདུན་བཟླས། ལྷ་ཐམས་ཅད་འོད་དུ་ཞུ། བྱང་ཆུབ་ཀྱི་སེམས་ཀྱི་ཆུས་གང་བར་(༡༡བ)


GLG024_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། གཉིས་པ་ནང་གི་བུམ་པ་བསྒྲུབ་པ་ནི། ཐོད་པ་རྫས་བཅས་ཕྱག་ལེན་ལྟར་བཤམས་ཏེ་སྒྲུབ་ཚུལ་ལྷན་ཅིག་པའོ། །གསུམ་པ་གསང་བའི་བུམ་པ་དབང་ཆོག་ཏུ་གསལ། གཉིས་པ་བུམ་རྫས། གསུམ་པ་དབང་རྫས་གཞན་རྣམས་ནི་སྒྲུབ་ཁོག་ཏུ་ཤེས། རྩ་བའི་ལྔ་པ་སློབ་མ་སྟ་གོན་ནི། སྒྲུབ་ཁོག་དང་དབང་གཞུང་དུ་གསལ།སྤྱི་དོན་གསུམ་པ་དཀྱིལ་འཁོར་འདྲི་ཞིང་སྒྲུབ་པ་ལ། ཚོན་བཀྱེ་བ། རྫས་འགོད་པ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་ཅིང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲུབ་པ་དང་གསུམ། རྩ་བའི་དང་པོ་ཚོན་བཀྱེ་བ་ནི། ཧཱུཾ། འདི་ནི་ཆོས་དབྱིངས་དག་པ་སྟེ། །བདེ་འབྱུང་རིགས་ལྔའི་ངོ་བོ་ཉིད། །སེམས་ཅན་མ་ལུས་སྒྲལ་བའི་ཕྱིར། །ཚོན་གྱི་ལས་འདི་བདག་གིས་བརྩམ། །ཞེས་བརྗོད་ཅིང་ཚོན་བཀྱེའོ། །རྩ་བའི་གཉིས་པ་རྫས་འགོད་པ་ལ་རྒྱན། མཆོད་རྫས། དབང་རྫས། དངོས་གྲུབ་ཀྱི་རྫས། ལྷའི་རྟེན་རྫས་དང་ལྔ། དང་པོ་ནི། མཚན་ལྡན་བནྡྷ་ཕུར་པ་རལ་གྲི་མདའ། །མེ་ལོང་ཚོན་སྐུད་དྲ་བ་ཡོལ་བ་དང་། །ཞིང་ལྤགས་བླ་བྲེ་འཕན་གདུགས་རྒྱུ་མའི་འཕྲེང་། །མར་མེ་དང་བཅས་རྒྱན་རྣམས་བཞུགས་སུ་གསོལ། གཉིས་པ་ཕྱི་ནང་གསང་བའི་མཆོད་པ་ནི། །ཕྱག་ལེན་ལྟར་རོ། །གསུམ་པ་དབང་རྫས་ནི། སྒྲུབ་ཁོག་ཏུ་གསལ། བཞི་པ་དངོས་གྲུབ་ཀྱི་རྫས་ནི། རྒྱན་འགོད་དུ་སོང་། ལྔ་པ་ལྷའི་རྟེན་རྫས་འགོད་པ་ལ། རྟེན་བཤམ་པ། གཟི་བྱིན་བསྐྱེད་ཅིང་བྱིན་གྱིས་བརླབ་པ། འགོད་པ་དངོས་དང་གསུམ། དང་པོ་ནི་ཕྱག་ལེན་ལྟར་བཤམ། གཉིས་(༡༢ན)


GLG024_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། སྔགས་བཟླ་ཞིང་བྱུག་བདུག་བྲབ་གསུམ་བྱས་ལ། འདི་སྐད་དོ། །ཧཱུཾ། ཕུར་པ་ཆོས་སྐུ་འགྱུར་བ་མེད་པ་ལས། །སོགས་བརྗོད་ཅིང་རྡོ་རྗེ་སློབ་དཔོན་གྱིས་མཚན་བཅས་མཚན་མེད་ཀྱི་ཕྱག་བཞེས་བྱང་གཏེར་ཕུར་བུ་ལུགས་གསུམ་གྱི་བཀའ་སྲོལ་ལྟར་བྱེད་དོ། །གསུམ་པ་བཞུགས་སུ་གསོལ་བ་ནི། བདེ་གཤེགས་འཁོར་ལོ་རབ་བྲིས་ཐོད་པའི་སྐུ། །གསང་བ་སྔགས་ཀྱི་ཡིག་འབྲུ་རྣམ་པར་བཀྲ །གནམ་ལྕགས་རྡོ་རྗེ་འབར་བ་རྩེ་ལྔ་པ། །ཡོན་ཏན་བདུད་རྩིའི་བུམ་པ་བཞུགས་སུ་གསོལ། །དབུས་ནས་རང་བྱུང་གྲུབ་པའི་ལྷ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཆོས་དབྱིངས་རྡོ་རྗེའི་ངང་ཉིད་ལས། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཡབ་ཡུམ་གཉིས་སུ་མེད་པ་ཡང་། །ལྷ་ཆེན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་དིཔྟ་ཙཀྲ་བཛྲ་ས་མ་ཡ་ཏིཥྛནྟུ། སྟེང་ནས་རང་བྱུང་༴། སངས་རྒྱས་ཀུན་གྱི་༴། ཆོས་དབྱིངས་རྡོ་རྗེའི་༴། ཧཱུཾ་མཛད་རྡོ་རྗེ་སྒྲ་འབྱིན་བཅས། །ཕྲ་མེན་ཕག་དང་རྨིགས་བུའི་མགོ །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཚངས་པ་བསྣོལ་བའི་༴། དགྱེས་ཤིང་བརྟན་པར་༴། ཨཱོཾ་བཛྲ་༴། ཤར་ནས་༴། སངས་རྒྱས་༴། ཆོས་དབྱིངས་༴། རྣམ་རྒྱལ་རྡོ་རྗེ་རྣམ་བསྙེམས་བཅས། །ཕྲ་མེན་སྟག་དང་བྱ་རྒོད་མགོ །དབང་དང་༴། །བརྒྱ་བྱིན་༴། དགྱེས་ཤིང་༴། ཨཱོཾ་བཛྲ་༴། མེ་ནས་༴། སངས་རྒྱས༴།(༡༢བ)


GLG024_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་༴། དབྱུག་སྔོན་རྡོ་རྗེ་སྡེར་མོ་བཅས། །ཕྲ་མེན་གཡག་དང་བྱ་རོག་མགོ །དབང་དང་༴། མེ་ལྷ་༴། དགྱེས་ཤིང་བརྟན་༴། ཨཱོཾ་བཛྲ་༴། ལྷོ་ནས་༴། སངས་རྒྱས་ཀུན་གྱི་༴། ཆོས་དབྱིངས་༴། གཤིན་རྗེ་དུར་ཁྲོད་བདག་མོར་བཅས། །ཕྲ་མེན་ཤ་བ་འུག་པའི་མགོ །དབང་དང་༴། གཤིན་རྗེ་༴། དགྱེས་ཤིང་༴། ཨཱོཾ་བཛྲ་༴། ལྷོ་ནུབ་༴། སངས་རྒྱས་༴། ཆོས་དབྱིངས་༴། མི་གཡོ་རྡོ་རྗེ་གཏུན་ཁུང་བཅས། །ཕྲ་མེན་གཟིག་དང་ཁྭ་དའི་མགོ །དབང་དང་༴། སྲིན་པོ་༴། དགྱེས་ཤིང་༴། ཨཱོཾ་བཛྲ་༴། ནུབ་ནས་༴། སངས་རྒྱས་༴། ཆོས་དབྱིངས་༴། རྟ་མགྲིན་རྡོ་རྗེ་དབང་སྡུད་བཅས། །ཕྲ་མེན་བྱི་ལ་པུ་ཤུད་མགོ །དབང་དང་༴། ཆུ་ལྷ་༴། དགྱེས་ཤིང་༴། རླུང་ནས་༴། སངས་རྒྱས་༴། ཆོས་དབྱིངས་༴། གཞན་གྱིས་མི་ཐུབ་མདའ་བསྙེམས་བཅས། །ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ །དབང་དང་༴། རླུང་ལྷ་༴། དགྱེས་ཤིང་༴། ཨཱོཾ་བཛྲ་༴། བྱང་ནས་༴། སངས་རྒྱས་༴། ཆོས་དབྱིངས་༴། འཁྱིལ་པ་རྡོ་རྗེ་རླུང་འབྱིན་བཅས། །ཕྲ་མེན་སེང་གེ་ཕ་ཝང་མགོ །དབང་དང་༴། གནོད་སྦྱིན་༴། དགྱེས་ཤིང་༴། ཨཱོཾ་བཛྲ་༴། བྱང་ཤར་༴། སངས་རྒྱས་༴། ཆོས་དབྱིངས་༴། ཁམས་གསུམ་རྣམ་རྒྱལ་གསོད་མར་བཅས། །ཕྲ་མེན་དྲེད་དང་སྲེ་མོའི་མགོ །དབང་དང་༴། དབང་ལྡན་༴། དགྱེས་ཤིང་༴། ཨཱོཾ་བཛྲ་༴། འོག་ནས་༴། སངས་རྒྱས་༴། ཆོས་དབྱིངས་༴། སྟོབས་ཆེན་རྡོ་རྗེ་སྐྱོད་བྱེད་བཅས། །ཕྲ་མེན་དོམ་དང་བྱི་བའི་མགོ །དབང་དང་༴། ས་བདག་༴། (༡༣ན)


GLG024_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་ཤིང་༴། ཨཱོཾ་བཛྲ་༴། ཤར་ནས་རང་བྱུང་གྲུབ་པའི་ལྷ། །འགུགས་བྱེད་ཆེན་མོ་པུ་ཤུད་མགོ །ཤར་སྒོར་ཉི་སྟེང་མི་རོའི་སྟེང་། །དགྱེས་ཤིང་༴། ཨཱོཾ་བཛྲ་༴། ལྷོ་ནས་རང་བྱུང་༴། འཆིང་བྱེད་ཆེན་མོ་སྐྱ་ཀའི་མགོ །ལྷོ་སྒོར་༴། དགྱེས་ཤིང་༴། ནུབ་ནས་༴། སྡོམ་བྱེད་ཆེན་མོ་སྲིན་བྱའི་མགོ །ནུབ་སྒོར་༴། དགྱེས་ཤིང་༴། ཨཱོཾ་བཛྲ་༴། མྱོས་བྱེད་ཆེན་མོ་ཁྲ་ཡི་མགོ །བྱང་སྒོར༴། དགྱེས་ཤིང་༴། ཨཱོཾ་བཛྲ༴།རྩ་བའི་གསུམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་ཅིང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲུབ་པ་ནི། ལས་བྱང་རྒྱས་པར་གྱེར་རོ། །སྤྱི་དོན་བཞི་པ་སློབ་མ་དཀྱིལ་འཁོར་དུ་འཇུག་པ་ནི། དབང་གཞུང་དུ་གསལ། སྤྱི་དོན་ལྔ་པ་ལྷ་ལ་སྙན་གསན་འབུལ་ཞིང་དངོས་གྲུབ་སྒྲུབ་པ་ལ། འཛབ་བསྙེན་ལ་ཞུགས་ཏེ་དངོས་གྲུབ་སྒྲུབ་པ། དེ་ལ་བར་གཅོད་ཀྱི་བདུད་བརྟགས་ཏེ་འདུལ་བ། དངོས་གྲུབ་ཀྱི་མཚན་མ་བསྟན་པ་དང་གསུམ། རྩ་བའི་དང་པོ་ནི། ཧཱུཾ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །རྡོ་རྗེ་གཞོན་ནུ་འཁོར་ལོ་རྒྱས་འདེབས་མ། ཁྲོ་བཅུ་ཕྲ་ཕྱག་སྒོ་མར་བཅས་པ་རྣམས། །བརྗིད་པའི་སྐུ་ལ་དུར་ཁྲོད་ཆས་བརྒྱད་རྫོགས། །གསུང་གི་སྙིང་པོ་སྒྲ་སྒྲོག་སྔགས་ཀྱི་སྒྲ། །ཐུགས་ནི་མི་འགྱུར་ཆེན་པོ་ཡེ་ཤེས་སེམས། །འཛབ་ཀྱི་རྒྱུད་བསྐུལ་རྡོ་རྗེའི་སྐུ་གསུང་ཐུགས། །ཨ་ལས་འཕྲོས་པས་སྟོང་གསུམ་སྐུ་ཡིས་གང་། །མ་གསལ་བར་དུ་བསྐྱེད་ཅིང་གསལ་བར་བསྒོམ། །མ་འགྲུབ་བར་དུ་ཏིང་འཛིན་མི་བཏང་ངོ་། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྲཱན་(༡༣བ)


GLG024_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བཾ་ཧཱུཾ་ཕཊ། ཛཿཧཱུཾ་ཨ། ཞེས་བསྙེན་སྒྲུབ་གཞུང་ལྟར་བྱའོ། །རྩ་བའི་གཉིས་པ་ཉུལ་ལེ་བསྐྲད་པ་ནི། རྫས་དམིགས་པ་སོགས་ཕྱག་ལེན་རྣམས་གཞུང་ལྟར། ཧཱུཾ། ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས། ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན། །སྤྱན་རྩ་དམར་ཟླུམ་ཉི་ཟླའི་ཟེར་ལྟར་འཕྲོ། །སྨིན་མ་གློག་འཁྱུག་མུན་པའི་གོ་སྐབས་འབྱེད། །བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུག །བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས། །རྔམ་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར། །ཨག་ཚོམས་མེ་འབར་རབ་འབྱམས་སྲིད་པ་བསྲེག །སྙན་ནས་བསྐལ་པའི་འབྲུག་སྒྲ་ལྡིར་རི་རི། །ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས། །སེན་མོ་ལྕགས་ཀྱུའི་རྩེ་ལ་བསྐལ་མེ་འཕྲོ། །བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུག །སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུའི་ཆར་པ་འབེབས། །ཞལ་གྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར། །རལ་པའི་གསེབ་ནས་ཁྲག་གི་སེར་ཆེན་འབེབས། །མི་བཟད་གཏུམ་ཆེན་ཤ་ཟ་ཁྲག་འཐུང་མ། །སྲིན་པོ་དྲེགས་པའི་སྙིང་འབྱིན་ཆང་པར་འཛིན། །ཤིན་ཏུ་མི་བཟད་འབར་མའི་སྐུ་གཅིག་མ། །དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ། ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ། །སྐུ་ལ་ན་བཟའ་སྤྲིན་གྱི་གཡང་གཞི་གསོལ། །ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་དྲེགས་པ་མནན། །བདུད་ལ་བབས་ན་སྙིང་ཟ་བདུད་དཔུང་འཇིག །སྲི་ལ་བབས་ན་སྲོག་གཅོད་སྲི་ཕུང་འཇིག །(༡༤ན)


GLG024_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་བབས་ན་དགྲ་རྩ་དྲུང་ནས་གཅོད། །བགེགས་ལ་བབས་ན་རུས་པ་རྡུལ་དུ་རློག །དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ། །དམ་ཉམས་དགྲ་དང་འབྱུང་པོ་དགྲ་བགེགས་སོགས། །ཕུང་པོ་དུམ་བུར་གཏུབས་ལ་དོན་སྙིང་གསོལ། །གྲུ་བུ་གྲུ་མ་ཨ་པ་ཙ། །རུ་པ་ཙི་རི་ར་ཙ་ཎ་ཐུན་ཐུན། ན་ཤ་སྟཾ་བྷ་ཡགྴ་བྱི་ན་ཡ། ཕྱེ་མ་ཕྱེ་མ། རྡུལ་ཕྲན་རྡུལ་ཕྲན། ཙིཏྟ་རྦད། ཅེས་བསྐུལ་ལོ། །དེ་ནས་བྱིན་འབེབས་པ་ནི། མི་ལག་གི་གཡབ་དར་བཤུག་པའི་སྒྲ་དང་བཅས་ཏེ་གཞུང་བཞིན་ནོ། །འདི་ནས་དགོངས་སྟར་གྱི་སྒྲུབ་པ་མ་ཐོན་བར་འཛབ་འབུལ་དགོས་པ་ཡིན་ནོ། །རྩ་བའི་གསུམ་པ་དངོས་གྲུབ་ཀྱི་མཚན་མ་ནི་སྒྲུབ་ཁོག་ཏུ་གསལ། སྤྱི་དོན་དྲུག་པ་དབང་བསྐུར་བ་ལ།དབང་བསྐུར་བ་དང་། དངོས་གྲུབ་ལེན་པ་གཉིས། རྩ་བའི་དང་པོ་གཞུང་དུ་ཤེས། རྩ་བའི་གཉིས་པ་ལ། བདག་དོན་དུ་དངོས་གྲུབ་བླང་བ། གཞན་དོན་དུ་དབང་བསྐུར་བ། མཇུག་བསྡུ་བ་དང་གསུམ། དང་པོ་ལ། ངོ་བོ་ངོས་གཟུང་བ། བླང་བའི་ཆོ་ག །ཐོབ་པའི་ཡོན་ཏན་ནོ། །དང་པོ་ནི་སྒྲུབ་ཁོག་ཏུ་གསལ། གཉིས་པ་བླང་བའི་ཆོ་ག་ལ། རྫས་བཤམ་པ། བགེགས་བསྐྲད་པ། དངོས་གྲུབ་བསྡུ་བའི་བཟླས་པ། ལྷ་གནད་ལ་དབབ་པ། གཏོར་ཚོགས་ཀྱི་མཆོད་པ་བྱ་ཞིང་བླང་བ། བསྡུ་ཞིང་བསྟིམ་པ་དང་དྲུག །དང་པོ་ནི་ཕྱག་ལེན་ལྟར་བཤམ། གཉིས་པ་ནི། མཚམས་གཅོད་(༡༤བ)


GLG024_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་ལྟར་བྱེད། གསུམ་པ་ནི་ཕྱག་ལེན་ལྟར་བྱིན་ཕོབ། བདུད་རྩི་བྱིན་གྱིས་བརླབས། ཀཱི་ལཱ་ཡའི་མཇུག་ཏུ། སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་སརྦ་སིདྡྷི་ཧཱུཾ་ཧཱུཾ། ཞེས་བཏགས་པ་བརྒྱ་རྩ་དང་ཨཱ་ཡུཿསིདྡྷི་ཧཱུཾ་བཏགས་པ་བཟླ་ཞིང་དམིགས་པ་བྱ། བཞི་པ་ནི། ཧཱུཾ། རྡོ་རྗེ་གཞོན་ནུའི་ལྷ་ཚོགས་གནས་འདིར་གཤེགས། །དཀྱིལ་འཁོར་འདིར་བཞུགས་དངོས་གྲུབ་སྩལ་དུ་གསོལ། གནས་འདིར་མི་གཤེགས་དངོས་གྲུབ་མི་སྟེར་ན། །ཐུགས་བསྐྱེད་ཉམས་ཤིང་དམ་ཚིག་འགལ་བར་མཆིས། །ཀཱི་ལཱ་ཡའི་མཇུག་ཏུ། ས་མ་ཡ་ཛཿ ས་མ་ཡ་ཧཱུཾ། ཞེས་པ་ལན་བདུན་བཟླ། ལྔ་པ་ནི། ཁྲག་ཆང་བཟེད་ཞལ་དང་བཅས་པ་ཕྱག་ལེན་ལྟར་བཤམ། ཧཱུཾ་རིང་ལན་གསུམ་དང་བཅས་ཏེ་རཀྟ་འཕྱར། དེ་བཞིན་དུ་ཆང་ཡང་ཕྱར་ཏེ། ཧཱུཾ། རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས། །དང་པོར་སྐྱབས་མགོན་ཡེ་ཤེས་ལྷ། །བར་དུ་བསྒྲུབས་པས་ཡི་དམ་ལྷ། །ད་ལྟ་གཉིས་མེད་ཆོས་ཀྱི་སྐུ། །རཀྟ་དམར་གྱི་མཆོད་པ་འབུལ། །མཆོད་པ་བཞེས་ལ་དངོས་གྲུབ་སྩོལ། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཀཱི་ལཱ་ཡའི་མཇུག་ཏུ། མ་ཧཱ་རཀྟ་ཁཱ་ཧི། ཞེས་བཟླ་ཞིང་། བཟེད་ཞལ་ནས་དཀྱིལ་འཁོར་གྱི་མདུན་དུ་རཀྟ་ལན་གཉིས་འབུལ་བ་ཕྱག་ལེན་ལྟར་རོ། །ཆང་ལ་ཡང་། མ་ད་ན་ཡི་མཆོད་པ་འབུལ། །ཞེས་ཚིག་རྐང་ལྔ་པ་དང་། མ་ཧཱ་རཀྟའི་ཚབ་ལ། མ་ཧཱ་པཉྩར་འདོན་པ་བསྒྱུར་བ་མ་གཏོགས་གོང་བཞིན་ནོ། །(༡༥ན)


GLG024_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ལྷག་པའི་ཡེ་ཤེས་རྡོ་རྗེ་ཕུར་པའི་ལྷ། །རང་བཞིན་དབྱིངས་ནས་རྩོལ་རྟོག་མི་མངའ་ཡང་། །སྔོན་གྱི་ཐུགས་དམ་རང་བཞིན་བྱིན་རླབས་ནི། །ནོར་བུ་རིན་ཅེན་དགོས་འདོད་ཀུན་འབྱུང་ལྟར། །དུས་ལས་མི་འདའ་ཐུགས་རྗེའི་དབང་གི་ལྷ། །དུས་ལས་མི་གཡེལ་གཡར་དམ་གཅིག་པའི་ངང་། །མི་ཟད་རིན་ཅེན་རྒྱན་གྱི་འཁོར་ལོ་ནས། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །སྐལ་ལྡན་རྣམས་ལ་དུས་འདིར་སྩལ་དུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །འཛད་མེད་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། །རྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མི་འཛད་གཏེར་གྱི་༴། མངོན་ཤེས་རྫུ་འཕྲུལ་༴། འཕྲིན་ལས་རྣམ་བཞིའི་༴། ཀུན་བཟང་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །སྨན་མཆོད་བྱས་པའི་ལྷག་མ་ནས་མཐེབ་སྲིན་གྱིས་བླང་ཞིང་། ཀཱ་ཡ་སིདྡྷི་ཨཱོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་གནས་གསུམ་དུ་བཞག །ཧཱུཾ། དགོངས་ཤིག་རྡོ་རྗེ་ཕུར་པའི་ལྷ། །རིགས་འཛིན་མཁའ་འགྲོ་དམ་ཅན་ཚོགས། །དཔང་གྱུར་ཐམས་ཅད་དགོངས་སུ་གསོལ། །དང་པོ་བསྙེན་ཅིང་བར་དུ་བསྒྲུབས། །བསྐྱེད་རྫོགས་གཉིས་ཀྱི་ལས་གཞུང་བསྲངས། །སྨིན་གྲོལ་གཉིས་ཀྱིས་རྒྱུད་ཀྱང་སྦྱངས། །ཞག་དུས་གྲངས་དང་རྟགས་ཀྱང་ཐེམས། །དིང་སང་སྐྱ་རེངས་དང་པོའང་ཤར། །རྡོ་རྗེའི་ནམ་ཡང་ལངས་ལ་ཉེ། །འདོད་དགུའི་དངོས་གྲུབ་རིན་པོ་ཆེ། །ད་ནི་འབྱུང་


GLG024_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་ལ་བབ། །རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི། །དབང་དང་དངོས་གྲུབ་བདག་ལ་སྩོལ། །ལྷ་དང་སྐལ་བ་མཉམ་པར་ཤོག །དྲུག་པ་དངོས་གྲུབ་བསྡུ་ཞིང་ཐིམ་པ་ནི། ཁྲག་ཆང་རྣམས་ཕུར་སྲུང་གི་གཏོར་མར་སྦྲན་ཞིང་། ཀ་ཊཾ་ཀ་ཊ་ཡེ་ཞེས་པ་ནས་བཟུང་སྟེ། པྲ་མརྡྷ་ནི་ཧཱུཾ་ཕཊ། ཅེས་པའི་བར་དང་། མ་མ་བ་ཤཾ་ཀུ་རུ་ནས་བཟུང་སྟེ། ཀ་རེ་ཡ་ཧཱུཾ་ཕཊ་ཀྱི་བར་སྦྲེལ་བའི་མཇུག་ཏུ་རཀྟ་ཨ་མྲྀ་ཏ་ལ་ཁཱ་ཧི། ཞེས་བརྗོད། སླར་ཡང་། དགོངས་ཤིག་རྡོ་རྗེ་ཕུར་པའི་ལྷ། །ཞེས་པ་ནས་བཟུང་སྟེ། ལྷ་དང་སྐལ་བ་མཉམ་པར་ཤོག་གི་བར་བརྗོད། ཁྲག་ཆང་ནས་གནས་གསུམ་དུ་རེག་པ་ཕྱག་ལེན་ལྟར་རོ། །གསུམ་པ་ཐོབ་པའི་ཡོན་ཏན་ནི། སྒྲུབ་ཁོག་ཏུ་གསལ། གཉིས་པ་གཞན་དོན་དུ་དབང་བསྐུར་བ་ལ། སློབ་མས་ཞུ་བ་དང་སློབ་དཔོན་གྱིས་བྱིན་པ་གཉིས། དང་པོ་ནི། ཧཱུཾ། སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །དུས་གསུམ་རྒྱལ་བའི་གདུང་གསོལ་པ། །རིགས་འཛིན་བདག་ཅག་རྣམས་ལ་ནི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཞེས་གསོལ་བ་བཏབ། གཉིས་པ་ལ། ཁས་བླངས་པ་དང་། སྦྱིན་པ་དངོས། དང་པོ་ནི། གསང་བ་མཆོག་གི་དཀྱིལ་འཁོར་འདིར། །བྱང་ཆུབ་རྡོ་རྗེས་ལམ་དྲངས་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས། །སྐལ་ལྡན་རྣམས་ལ་སྦྱིན་པར་བྱ། །ཞེས་ཁས་བླངས་སོ། །གཉིས་པ་སྦྱིན་པ་ནི། དབང་སྒྲུབ་(༡༦ན)


GLG024_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་བའི་རྒྱས་པ་སྒྲུབ་ཁོག་ཏུ་གསལ། །སྐབས་འདིར་སྒྲུབ་པ་ཆེན་པོའི་མཇུག་ཏུ་དངོས་གྲུབ་གཙོ་བོར་བླང་བར་བྱས་ཏེ། དངོས་གྲུབ་ཀྱི་རྫས་རྣམས་འབྲིམ་ཞིང་། །རྡོ་རྗེ་གཞོན་ནུའི་རིགས་འཛིན་རྣམས། །ཞེས་སོགས་ཤླཽ་ཀ་གཉིས་ཀྱི་མཇུག་ཏུ། ཀཱི་ལཱ་ཡ་དང་། ཀཱ་ཡ་སིདྡྷི་སོགས་བརྗོད། དེ་ནས་རྫས་བགོ་བ་རྒྱས་པ་ནི་སྒྲུབ་ཁོག་ཏུ་གསལ་ཞིང་། བསྡུས་པ། དཔོན་སློབ་ཐམས་ཅད་ཀྱིས་ལོངས་སྤྱད་པ་ཕྱག་ལེན་ལྟར་རོ། །གསུམ་པ་མཇུག་བསྡུ་བ་ནི། འབད་དང་རྩོལ་བ་མ་དགོས་པར། །ཞེས་སོགས་དང་། སློབ་དཔོན་མཆེད་ལྕམ་ཚོགས་རྣམས་ཀྱིས། དངོས་གྲུབ་རྫས་ལ་ལོངས་སྤྱད་པས། །ཚེ་རིང་ནད་མེད་བར་ཆད་ཞི། །མཆོག་ཐུན་དངོས་གྲུབ་འགྲུབ་གྱུར་ཅིག །ཅེས་བརྗོད་དོ། གཏེར་༡ སྦ་སྦྱིན་སྲེག་༢ ལྷག་༣ མ་ཟོར་༤ ། །ཆད་མཐོ་༥ བསྟན་སྐྱོང་༦ གཏང་རག་༧ བསྡུ ༨ ། །ཚོན་༩ གཤེགས་ཕུར་ཤུལ་༡༠ བཀྲུ་བ་དང་། གཤེགས་༡༡ ཡོན་༡༢ མར་མེ་༡༣ ལུས་བསྲུང་བ་༡༤ ། །ཕྱི་ནང་མཚམས་སྲུང་༡༥ གཏང་རག་གཏོང་། །སྨོན་ལམ་༡༦ བཀྲ་ཤིས་༡༧ གནས་སྲུང་བ་༡༨ ། །རྒྱུན་༡༩ གྱི་སྤྱོད་ལམ་བྱ་བ་ཡིས། །མཇུག་གི་ལས་རིམ་རྣམ་པར་དག །དང་པོ་གཏེར་སྦ་ནི་སྒྲུབ་ཁོག་ཏུ་ཤེས། གཉིས་པ་ནི་སྦྱིན་སྲེག་གི་ཡི་གེར་གསལ། གསུམ་པ་ཚོགས་ལྷག་ནི་ལས་བྱང་ལྟར་རོ། །བཞི་པ་ནི། ཟོར་བསྡུས་པ་ཚོགས་ལྷག་དང་འབྲེལ་བའི་ལུགས་ཡོད་ཅིང་། རྒྱས་པ་དཀྱིལ་འཁོར་བསྡུས་ཟིན་ནས་བྱེད་དགོས་པ་ཡིན་ནོ། །(༡༦བ)


GLG024_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་དང་དྲུག་པ་ཆད་མཐོ་བསྟན་སྐྱོང་ནི་ལས་བྱང་ལྟར་རོ། །བདུན་པ་གཏང་རག་ནི། ཡི་དམ་ཆོས་སྲུང་རྣམས་ལ་གཏོང་བ་ལག་ལེན་གྱི་དཀྱུས་བཞིན་ནོ། །བརྒྱད་པ་དཀྱིལ་འཁོར་བསྡུ་བ་ནི། གཙོ་བོ་ཁྲོ་བཅུ་ཁྲོ་ཐབས་སྒོ་བ་ཡི། །ཡེ་ཤེས་ལྷ་ཡི་ཚོགས་རྣམས་མ་ལུས་པ། །མཚན་མ་རྫས་ཀྱི་ཕུར་པའི་ཚོགས་རྣམས་ལ། །ཐིམ་པས་དབྱེར་མེད་ངོ་བོ་གཅིག་ཏུ་གྱུར། །སྣོད་བཅུད་སྲུང་འཁོར་ལ་ཐིམ་དེ་དུར་ཁྲོད། །དེ་ཉིད་གཞལ་ཡས་ཁང་ཐིམ་དེ་འཁོར་དང་། །དེ་རྣམས་ཡུམ་ཐིམ་ཡུམ་ཡང་གཙོ་བོར་ཐིམ། །གཙོ་བོ་མི་དམིགས་སྟོང་པའི་ངང་དུ་གྱུར། །བདག་ཉིད་སྐད་ཅིག་རྡོ་རྗེ་སྲིན་པོའི་སྐུ། །ཞེས་པ་ནས། བིདྱ་རཱ་ཛ་ཧཱུཾ་ཕཊ། དགུ་པ་རྡུལ་ཚོན་གཤེགས་པ་ནི། ཚངས་ཐིག་ནས་བརྩམས་ཏེ་ལྟེ་བའི་བར་གྱི་རྡུལ་ཚོན་རྣམས་བསུབ་ཅིང་བུམ་པར་བླུག་སྟེ་ཆུ་བོ་ཆེན་པོ་རོལ་མོ་སོགས་དང་བཅས་དོར་བ་ཕྱག་ལེན་ལྟར་རོ། །བཅུ་པ་ཕུར་ཤུལ་བཀྲུ་བ་ནི། གདབ་ཕུར་རྣམས་བཏོན་ལ། ཨཱོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨཪྠ་སཱ་དྷ་ན་ཡེ་སྭཱ་ཧཱ། ཞེས་བཟླ་ཞིང་བུམ་ཆུས་བཀྲུའོ། །བཅུ་གཅིག་པ་མཆེད་ལྕམ་ནང་དུ་བཤགས་པ་བྱ་བ། བཅུ་གཉིས་པ་སློབ་དཔོན་ལ་ཡོན་དབུལ་བ། བཅུ་གསུམ་པ་མར་མེའི་སྨོན་ལམ་རྣམས་ནི། སྒྲུབ་ཁོག་ཏུ་གསལ། བཅུ་བཞི་པ་ལུས་སྲུང་བ་བསྡུས་པ་ནི་དཀྱིལ་འཁོར་བསྡུ་ཆོག་གི་སྐབས་སུ་སོང་ཟིན་ཅིང་། རྒྱས་པ་(༡༧ན)


GLG024_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཁོག་ཏུ་གསལ། བཅོ་ལྔ་པ་ནང་གི་མཚམས་སྲུང་ལ་གཏང་རག་གཏོང་བ་ནི། མཆོད་གཏོར་བྱིན་རླབས་དང་། རྒྱལ་ཆེན་སྡེ་བཞི་འཁོར་བཅས་ལ། །ཞེས་པ་ནས་བཟུང་སྟེ། བར་ཆད་འདུལ་བར་མཛད་དུ་གསོལ། ཞེས་པའི་བར་སྔར་ལྟར་ལ། མཚམས་བཅད་འཕྲིན་ལས་གཏང་རག་ཏུ། །ཡིད་འོང་མཆོད་པའི་ཚོགས་རྣམས་དང་། །མཆོད་སྦྱིན་གཏོར་མ་འབུལ་གྱིས་བཞེས། ཞེས་ཁ་བསྒྱུར། དེ་བཞིན་དུ་ཤར་ཕྱོགས་གདོན་བཟློག་གཏང་རག་ཏུ། །མཆོད་གཏོར་འབུལ་གྱིས་བཞེས་སུ་གསོལ། ལྷོ་ཕྱོགས་སོགས་ལ་འགྲེ་མཆོད་གཏོར་བརླབས་ལ། སྒོ་བྱང་གདགས་པའི་སྔགས་གསུམ་གྱི་མཇུག་ཏུ་གཏོར་མ་འབུལ་བ་ནས། ས་མ་ཡ་སྟྭཾ། ཞེས་པའི་བར་སྔར་ལྟར་ལ། དམ་སྲི་ཐལ་བའི་རྡུལ་བརླག་པའི། །གཏང་རག་ཆེད་དུ་མཆོད་པ་དང་། །གཏོར་མ་འབུལ་ལོ་བཞེས་སུ་གསོལ། ཞེས་དང་། རྡོ་རྗེ་ཡང་དག་ཐུབ་མཛད་པའི། །གཏང་རག་༴། གཏོར་མ་༴། སོ་སོར་བརྟན་བཞུགས་བྱ། བཅུ་དྲུག་པ་སྨོན་ལམ་དང་བཀྲ་ཤིས་ནི། །ལས་བྱང་ལྟར་རོ། །བཅོ་བརྒྱད་པ་གནས་སྲུང་བ་དང་། བཅུ་དགུ་པ་རྒྱུན་གྱི་སྤྱོད་ལམ་ནི། སྒྲུབ་ཁོག་ཏུ་ཤེས་སོ། །སྨྲས་པ། ཟབ་མོའི་གནད་བསྡུས་ཚིག་གི་སྤྲོས་བྲལ་བའི། །ཇོ་ལུགས་ལྷ་བྲག་ཟབ་མོའི་གཏེར་ཁ་ལ། །འཁྲུལ་མེད་སྤྲོས་པའི་ལག་ལེན་གྱིས་བརྒྱན་པས། །སྔ་འགྱུར་ཆོས་ཚུལ་སྤེལ་བའི་དགའ་སྟོན་བྱས། །གསར་རྙིང་བཀའ་གཏེར་(༡༧བ)


GLG024_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་དང་བྲལ་ཞིང་། །གསར་མའི་རྒྱས་འགེབས་ལྷུར་ལེན་ཕུར་པ་མཁན། །དེ་འདྲའི་གྲལ་དུ་འགྱིང་བག་མ་དགོས་པར། །པདྨའི་རིང་ལུགས་མཆོག་ལ་ངེས་པ་རྙེད། །དགེ་དེས་མ་རིག་ཚོགས་དང་བསྟན་པའི་དགྲ །དོན་དང་རྟགས་ཀྱི་ཕུར་བུས་ཡོངས་བསྒྲལ་ཏེ། །གནས་སྐབས་སྲིད་འབྱོར་དོན་ཀུན་རབ་འགྲུབ་ཅིང་། །མཐར་ཐུག་གདོད་མའི་ལམ་དེ་མངོན་གྱུར་ཤོག །སྒྲུབ་ཆེན་དང་འབྲེལ་བའི་ཕུར་སྒྲུབ་དངོས་གྲུབ་རྒྱ་མཚོའི་རོལ་གར་ཞེས་བྱ་བ་འདི་ནི། །བཀའ་བརྒྱད་བདེ་འདུས་ཀྱི་སྒྲུབ་ཆེན་དང་། གཏེར་ཁ་འོག་མ། སངས་རྒྱས་གླིང་པ། རཏྣ་གླིང་པ་གསུམ་གྱི་ཕུར་པ་ནས་ཁ་འགེང་དགོས་པ་རྣམས་བསྐང་། རྩ་འཆམས་སོགས་ལ་ཉེར་མཁོ་རྣམས་ས་ཕུར་ལྷ་ཁྲ་ནས་བཏུས། གཙོ་བོར་ལུགས་འདི་གའི་ཐུན་མོང་མ་ཡིན་པ་ལྷ་བྲག་གཏེར་བྱོན་གྱི་བཀའ་བརྒྱད་དང་ཕུར་པ། རིགས་འཛིན་ཆེན་པོ་ཡོལ་མོ་བའི་བསྙེན་སྒྲུབ་ཀྱི་ཡི་གེ་སོགས་ལ་ཞིབ་མོར་དཔྱད། བོད་འབངས་བདེ་ཐབས་སོགས་དུས་རིམ་ལ་དགོས་པའི་སྒྲུབ་ཆེན་ལྟར་ཁྲིགས་སུ་བསྒྲིགས། དབང་གི་སྒྲུབ་ཆེན་ལ་མེད་དུ་མི་རུང་བའི་ཞིབ་ཆ་མང་ཙམ་འདུག་པ་རྣམས་སྒྲུབ་ཁོག་དབང་ཆོག་སོགས་ཚད་ཐུབ་ཀྱི་གཞུང་གཞན་དུ་ཁ་འཕངས། སྔ་རྩོམ་ལ་ལྷ་ནག་བཀའ་མ་དང་། ས་ཕུར་ལྷ་ཁྲ་སོགས་ཀྱི་ལྷད་ཞུགས་པའི་གོ་རིམ་ཅུང་ཟད་འཁྲུགས་པ་རྣམས་བསྡེབས་ནས་ཤིན་ཏུ་དག་ཅིང་ཡིད་བརྟན་དུ་རུང་བར་བྱས་པ་འདི་ནི། མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཟུར་ཆེན་རྡོ་རྗེ་འཆང་(༡༨ན)


GLG024_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དབང་གི་གྲོང་ཁྱེར་གྱི་བཀའ་དྲིན་ལས། ཐུབ་བསྟན་སྤྱི་དང་ཁྱད་པར་གསང་ཆེན་རྙིང་མའི་རིང་ལུགས་ལ་མི་འཇིགས་པའི་སྤོབས་པ་དགེ་བ་ཟ་ཧོར་གྱི་སྔགས་སྨྱོན་བླ་མེད་རྡོ་རྗེ་བདེ་འདུས་གསང་མཚན་རྩལ་གྱིས་རང་ལོ་ཞེ་གཅིག་པ་ལ་ཞུས་དག་པར་བྱས་ནས་ཡང་སྐྱོར་གྱི་ཚུལ་དུ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ།། །།

རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ།


GLG024_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ་ཞེས་བྱ་བ་བཞུགས་སོ། །


GLG024_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་ཟུང་འཇུག་བླ་མེད་སྙིང་པོ་བདུད་རྩིའི་གཏེར། །གྲུབ་པའི་རང་གཟུགས་ཁ་སྦྱོར་བདུན་ལྡན་ཉིན་མོར་བྱེད། །ལེགས་ལམ་འབུམ་སྡེའི་ཆེས་དཀར་སྣང་བས་མི་མཐུན་སྨག །མཐར་མཛད་དུས་ཀུན་དགེ་བའི་དཔལ་སྩོལ་རྡོ་རྗེ་འཆང་། །སྲས་བཅས་རྒྱལ་བའི་གསང་གསུམ་གཅིག་བསྡུས་པ། །ཚེ་དབང་རིགས་འཛིན་པདྨ་ཐོད་ཕྲེང་གིས། །སྐྱེ་དགུ་དགའ་སྐྱིད་ལྗོན་འབྲས་མངར་པོའི་རོར། །སྤྱོད་ཕྱིར་བཀྲ་ཤིས་དགེ་མཚན་རྒྱ་མཚོར་བསྐྱིལ། །རྣམ་འདྲེན་ཡེ་ཤེས་མཆོག་གི་སྣང་བ་ཡིས། །རྨོངས་པའི་སྔོ་བསངས་ལས་རྒྱལ་འདབ་བརྒྱ་འཛུམ། །བློ་གྲོས་བཟང་པོའི་འཇིགས་མེད་ཆོས་སྲིད་སྒྲ། །གྲགས་པས་སླར་ཡང་འཇིག་རྟེན་ཐམས་ཅད་འགོང་། །རྨད་བྱུང་རྟག་ཞིའི་དཔལ་དང་ལྡན་གྱུར་ཀྱང་། །གདུལ་དཀའི་འགྲོ་ལ་ཁྲོ་ཆགས་སྒྱུ་ཕྲུལ་གཟུགས། །ལྷ་ལམ་དབང་གཞུ་ལྟར་བཀྲའི་གཟི་བརྗིད་ཀྱིས། །མཆོག་ཐུན་དངོས་གྲུབ་མི་ཟད་ཆར་ཆེན་ཕོབ། །མ་དག་ལྕགས་ཁམས་ལྷ་སྔགས་ཡེ་ཤེས་ཀྱི། །གསེར་འགྱུར་རྩི་ལྟར་དངོས་ཕལ་ཇི་སྙེད་པ། །དམ་ཡེ་དབྱེར་མེད་རྟེན་འབྱུང་ལྷུན་གྲུབ་པའི། །བསོད་ནམས་ཞིང་གི་(༢ན)


GLG024_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཤིང་ཆེ་འདི་འཛུགས། །དེའང་། སྐུ་གང་རབ་ཏུ་གནས་བྱ་བ། །དེ་ལ་དེ་ཡི་དཀྱིལ་འཁོར་བྱ། །ཡང་ན་རང་གི་ལྷག་པའི་ལྷ། སློབ་དཔོན་རང་གི་གང་ཡིན་པ། །དེ་ནི་དབྱེ་བ་མཐོང་བས་བྱ། །ཞེས་པ་ལྟར་རབ་ཏུ་གནས་བྱའི་ལྷ། །སློབ་དཔོན། དུས། གནས། དགོས་པ། ཆོ་ག །ཡོ་བྱད་སྟ་གོན་སོགས་མཐའ་དག་འཛོམ་ནས་བདག་མདུན་གྱི་སྒྲུབ་པས་མཚོན་པ་རྒྱས་བསྡུས་སྐབས་ཐོབ་ཕྱེ་སྟེ། བུམ་པ་ཨ་མྲྀ་ཏས་བསངས། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་ཞིང་ཞབས་ཞུམ་པ་མགྲིན་པ་ཕྲ་བ་མཆུ་འཕྱང་བ་ལྷའི་གོས་ཀྱིས་མགུལ་པ་དཀྲིས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་སོ་སོའི་རྫས་རྣམས་ཀྱིས་ཡོངས་སུ་གང་བར་བསམ། ཁྲུས་སྔགས། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་སྣཱ་ན་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་པས་དྲིའི་བུམ་པ་དང་། དེ་ནས་རིམ་པ་བཞིན་དུ། གནྡྷེའི་གནས་སུ་མངར་གསུམ་གྱི་བུམ་པ་ལ། ཏྲི་མ་དྷུ་དང་། ཞོའི་བུམ་པ་ལ། ད་དྷི་དང་། འབྲས་བུ་ལ། ཕ་ལ་དང་། འབྲུ་ལ། བྲུ་ཧི་དང་། (༢བ)


GLG024_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ཡོས་ལ། ལབྫ་དང་། སྨན་ལ། ཨོ་ཥ་དྷི་དང་། རིན་པོ་ཆེའི་བུམ་པ་ལ། མ་ཎི་སྣ་ན་ཞེས་སྦྱོར། གཙུག་ཏོར་རྣམ་རྒྱལ་དང་ལས་ཐམས་ཅད་པ་ཡང་བཟླ། ནང་རྫས་རྣམས་ཞུ་བ་ལས་བྱུང་བའི་སོ་སོའི་བུམ་པ་རྟེན་གྱི་དྲི་མ་སྦྱོང་བའི་ནུས་པ་དང་ལྡན་པར་གྱུར། གཟུངས་བུམ་གྱི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྟེན་འབྲེལ་སྙིང་པོའི་སྔགས་ཀྱི་འཕྲེང་བ་འོད་ཟེར་འཕྲོ་བ་དང་བཅས་པར་གྱུར། དེའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་བདུད་རྩི་ཐམས་ཅད་བཀུག་པ་དང་། བུམ་པའི་ཆུ་དེ་སྔགས་ཀྱི་འཕྲེང་བ་ཞུ་བ་དང་ལྷན་ཅིག་རོ་གཅིག་ཏུ་གྱུར། ཨོཾ་དང་སྭཱ་ཧཱ་ཐོག་མཐར་སྦྱར་བའི་རྟེན་འབྲེལ་སྙིང་པོ་བཟླ། བགེགས་སྦྱང་བ་ནི། གཏོར་མ་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཥེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་བ་ལྱཱ་དེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ལ། འདིར་བདེ་བར་གཤེགས་པའི་རྟེན་ལ་རབ་ཏུ་གནས་པར་བྱེད་པ་ལ། མི་མཐུན་པར་བྱེད་པའི་གདོན་བགེགས་གང་ཡིན་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ཤིག །ཅེས་ཞི་བས་སྦྱངས། ཏིང་ལོ་དང་ཆངས་བུ་རྟེན་ལ་བསྐོར་ཞིང་རྡོ་རྗེ་གསོར་ལ་སུམྦྷ་ནི་བཟླས་པས་ལན་གསུམ་བྱས་ལ། འདི་བདེ་བར་གཤེགས་པའི་སོགས་གོང་བཞིན་ལས། གདོན་བགེགས་གང་ཡིན་པ་ཐམས་ཅད་གཏོར་མ་ལམ་བརྔན། ཏིང་ལོ་ལམ་སྒྲོན། ཆངས་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །གཏོར་མ་ཕྱིར་དོར་བ་ནི། ཞི་དྲག་ཕྱེད་མས་སྦྱང་བའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཐམས་(༣ན)


GLG024_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བཛྲ་ས་མཱ་ཛཿཧཱུཾ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སུ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ས་པ་རི་ཝཱ་ར་ཨརྒྷཾཾ་ནས་ཤཔྟའི་བར། ཧཱུཾ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྐུས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །སྡིག་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟང་སྟབས་རྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། བགེགས་དཔུང་བསྲེག་པར་མཛད་ལ་༴། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུཾ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འདུལ་བ་ཡི། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །(༣བ)


GLG024_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །རབ་གནས་ཆོ་གའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་རབ་གནས་ཆོ་ག་བྱེད། ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདས་གྱུར་ན། །ཡེ་ཤེས་སྤྱན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ། །བདག་ཉིད་སྐད་ཅིག་རྡོ་རྗེའི་སྲིན་པོའི་སྐུ་སོགས་དང་། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་༴། ཆོས་༴། དགེ་འདུན་༴། དཔལ་ཆེན་པོ་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཀྱི་༴། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བདེན་པ་དང་། བདེན་པའི་བྱིན་རླབས་ཀྱིས། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པ་ལ་བར་དུ་གཅོད་པར་བརྩོམ་པའི་བགེགས་ཀྱི་ཚོགས་གང་ཡིན་པ་དེ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་ཞི་བའི་སེམས་དང་ལྡན་པས་རང་རང་གི་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཀཱི་ལཱ་ཡ་དང་ཁྲོ་བོ་བཅུའི་སྔགས་བཟླས་དྲག་སྔགས་གཞན་ཡང་བཟླ་རུང་། སྡིག་པ་སྦྱང་བ་ནི། བདག་དང་སྦྱིན་པའི་བདག་པོ་རྣམས་ཀྱི་རྐང་པ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར། སྙིང་གར་སྡིག་པའི་ས་བོན་ཀཾ་ནག་པོ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དུ་འདུས་པར་གྱུར། ཐུགས་ཀ་ནས་འོད་ཟེར་འཕྲོས་རྐང་པའི་འོག་གི་རླུང་གི་དཀྱིལ་འཁོར་ལ་ཕོག །རླུང་གཡོས་པས་ལྟེ་བའི་མེ་སྦར་ཏེ་དེའི་(༤ན)


GLG024_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱིས་སྙིང་གའི་ཀཾ་དེད་ནས་སྣ་སྒོ་གཡས་ནས་ཐོན་ཏེ། འདོད་ཆགས་ལས་གྱུར་པ་ཐམས་ཅད་བྱའི་རྣམ་པ། ཞེ་སྡང་ལས་གྱུར་པ་ཐམས་ཅད་སྦྲུལ་གྱི་རྣམ་པ། གཏི་མུག་ལས་གྱུར་པ་ཐམས་ཅད་ཕག་གི་རྣམ་པ་བཅས་པའི་ཁ་ན་མ་ཐོ་བ་ཐམས་ཅད་སྡིག་པ་རྭ་ཅན་གྱི་གཟུགས་ཀྱི་རྣམ་པར་གྱུར་ཏེ་ཏིལ་གྱི་ཕུང་པོ་ལ་ཐིམ་པར་གྱུར། མེ་ལ་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་ཞི་བའི་ཐབ་ཁུང་ཟླུམ་པོ་དཀར་པོ་རྒྱར་ཁྲུ་གང་པ། ཟབས་སུ་ཁྲུ་ཕྱེད་པ། མུ་ཁྱུད་ཁ་ཁྱེར་སོར་བཞི་པས་བསྐོར་བའི་ཁ་ཁྱེར་ལ་རྡོ་རྗེའི་འཕྲེང་བས་མཚན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཡེ་ཤེས་ཀྱི་ཐབ་ཁུང་དེའི་ནང་དུ་རཾ་ལས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་ཟ་བྱེད་རྡོ་རྗེ་མཁའ་འགྲོ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞལ་གདངས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཛཿཧཱུཾ་བཾ་ཧོཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་ཨོཾ་བཛྲ་ཌཱ་ཀི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་ཤླཽ་ཀ་གཅིག་གིས་བསྟོད། རང་གི་མཐེབ་མཛུབ་གཉིས་ཀྱི་དབུས་སུ་ཡི་གེ་ཧཱུཾ་འབར་བ་རེ་རེས་མཚན་པར་གྱུར། ཨོཾ་བཛྲ་ཌཱ་ཀྐི་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཡེ་སྭཱ་ཧཱ། ལན་བདུན་ཙམ་བརྗོད། སླར་ཡང་མཆོད་བསྟོད་བྱས། ཨོཾ་ཁྱེད་ཀྱིས་(༤བ)


GLG024_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དོན་ཀུན་མཛད། །ཅེས་སོགས་དང་། བཛྲ་མུཿ ཐབ་ཀྱི་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་གྱུར། ཁྲུས་ནི། རབ་ཏུ་གནས་བྱའི་ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་དེ་དག་ཐམས་ཅད་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། །ཞེས་པས་སྙན་གསན་ཕབ། སྐུ་རབ་གནས་ཅན་ལ་ཁྲུས་བྱ་ཞིང་། ཇི་ལྟར་བལྟམས་པ་སོགས་དང་། འདི་ནི་ཁྲུས་མཆོག་སོགས་དང་། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །ཞེས་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་བརྗོད། དེ་དག་སྐུ་ལ་སོགས་ཚིགས་བཅད་སྔགས་དང་བཅས་པས་སྐུ་ཕྱིའོ། །དེ་ནས་རྟེན་གསར་པ་ལ་ཁྲུས་གསོལ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བེ་ཤོ་དྷ་ན་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་ཏིལ་མར་བྱུག །ཡང་འདག་ཆལ་གྱིས་མཉེ་ཞིང་གོང་གི་སྔགས་བརྗོད། དེ་ནས་དྲིའི་བུམ་པ་ལ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཞེས་སོགས་ཀྱི་རྗེས་སུ། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་སྣཱ་ན་པཱུ་ཛ་མེ་གྷྭ་ས་མུ་དྲ་ཕ་ར་ཎ་ས་མ་ཡ་ཤྲཱི་ཧཱུཾ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས་ནས། ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱའི་བར་བརྗོད། ཡང་སྔར་བཞིན་སྔགས་བརྗོད། རྫས་གཉིས་འཇུག་པ་འོག་མ་ཀུན་ལ་འགྲེ། མངར་གསུམ་གྱི་བུམ་པ་ལ་ཇི་ལྟར་བལྟམས་པ་སོགས་དང་། ཏྲི་མ་དྷུ་སྣཱ་ན་སོགས་(༥ན)


GLG024_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མཇུག་ཏུ་སྐུ་དབྱི་བ་ཡང་གོང་དང་འདྲ། དེ་བཞིན་དུ་ཞོའི་བུམ་པ་ལ། འདི་ནི་སྦྱིན་པའི་རང་བཞིན་ཆུ་སོགས་དང་། ད་དྷི་སྣ་ན་སོགས་དང་། འབྲས་བུའི་བུམ་པ་ལ། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ་སོགས་དང་། ཕ་ལ་སྣཱ་ན་སོགས་དང་། འབྲས་བུའི་བུམ་པ་ལ། འདི་ནི་བཟོད་པའི་རང་བཞིན་ཆུ་སོགས་དང་། བྲུ་ཧི་སྣཱ་ན་སོགས། འབྲས་ཡོས་ཀྱི་བུམ་པ་ལ། འདི་ནི་བརྩོན་འགྲུས་རང་བཞིན་ཆུ་སོགས་དང་། ལབྫ་སྣཱ་ན་སོགས། སྨན་གྱི་བུམ་པ་ལ། འདི་ནི་བསམ་གཏན་རང་བཞིན་ཆུ་སོགས་དང་། ཨོཾ་ཥ་དྷི་སྣཱ་ན་སོགས། རིན་པོ་ཆེའི་བུམ་པ་ལ། འདི་ནི་ཤེས་རབ་རང་བཞིན་ཆུ་སོགས་དང་། མ་ཎི་སྣཱ་ན་སོགས། ཡང་བུམ་པ་དང་པོ་བལྡབས་ནས། ཆུ་བོ་དྲུག་གི་ཁྲུས་བྱས་པས་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་སོགས་བརྗོད། རི་བོ་ལྟར་ནི་མཛེས་པ་ཡི། །ཡོན་ཏན་དམ་པའི་རྒྱན་ལྡན་པ། །མཆོད་གནས་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་ནི་གསོལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་བཀྲུ། དེ་བཞིན་དུ། མ་རིག་འཇོམས་པའི་ཉི་མ་སྟེ། །སྲིད་པའི་ནད་ནི་སེལ་བའི་སྨན། །དམ་ཆོས་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་ནི་གསོལ་བར་བགྱི། །ཆོས་ཀྱི་སྐུ་ཡི་བདག་ཉིད་ཅན། །མཆོག་གི་ཡོན་ཏན་གཟུགས་ཅན་གྱི། །མཆོད་རྟེན་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །བསྐལ་པའི་མཐའ་ཡི་དངོས་འཇོམས་པ། །འཇིགས་བྱེད་མེ་ཡི་ཆ་བྱད་ཅན། །མགོན་པོ་སྙིང་རྗེའི་སྟོབས་ལྡན་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །མཆོག་ཏུ་ཚིམ་ཞིང་སྐལ་པ་བཟང་། །དམ་པའི་བདུད་རྩི་མཛེས་ཆ་བྱད། །དཔལ་ལྡན་བླ་མའི་སྐུ་འདི་ལ། །བདག་(༥བ)


GLG024_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཁྲུས་འདི་གསོལ་བར་བགྱི། །གདུལ་བྱའི་སེམས་ཅན་གང་དག་ལ། །རྒྱལ་བའི་སྤྲུལ་སྐུ་མང་པོ་ཡི། །ཆ་བྱད་ལྷ་ཡི་རྣམ་པ་ནི། །སྙིང་རྗེ་ཡིས་ནི་ངེས་གང་བ། །རྟག་ཏུ་ཕན་དང་བདེ་མཛད་པའི། །མཆོག་ཏུ་དུལ་བ་དེ་དག་ལ། །བདག་གིས་ཁྲུས་༴། །སངས་རྒྱས་གཟུགས་ཅན་གནས་དང་ནི། །སློབ་པའི་དགེ་འདུན་གནས་ཀྱི་ས། །གཙུག་ལག་ཁང་དང་གནས་གཞན་ལ། །བདག་གིས་ཁྲུས་༴། །ཞེས་པའི་ཚིག་མཚམས་རྣམས་རེ་རེ་བཞིན་གྱི་མཚམས་སུ་སྔགས་དང་བཅས་ཏེ་ཁྲུས་གསོལ། སྨོན་ལམ་ནི། སྐུ་མཆོག་རྣམ་དག་ལྟ་བས་མི་ངོམས་ལ། །ངོ་མཚར་སྐྱོན་བྲལ་མཁའ་དཀྱིལ་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་དྲི་མ་མི་མངའ་ཡང་། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བ། །དམ་པའི་སྐུ་མཆོག་བདག་གིས་ཐོབ་པར་ཤོག །བདེ་གཤེགས་སྐུ་གསུམ་མཚན་དང་དཔེ་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡི་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་བདག་ཅག་འགྱུར་བར་ཤོག །ཨོཾ་ཧཱུཾཾ་ཏྲཱཾ་ཧྲཱིཿཨཱཿསྔར་བཞིན་རས་ཀྱིས་སྐུ་ཕྱི་ཚུལ་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་བའི། །སྤོས་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་འདི་དག་(༦ན)


GLG024_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བྱུག་པར་བགྱི། སྔར་བཞིན་དྲིས་བྱུག །ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་ཡིད་འོང་བས། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །གོས་ཟུང་འབུལ། ཨོཾ་ཨཱཿབཛྲ་ཝསྟྲ་ཡེ་སྭཱ་ཧཱ། བདེ་བྱང་སེམས་དང་ལོངས་སྐུའི་ཆ་བྱད་འཛིན་པ་རྣམས་ལ་རྒྱན་གྱི་བྱེ་བྲག་འབུལ་ཚུལ་བྱེད། སྤྲུལ་སྐུ་དང་ཉན་ཐོས་སོགས་ཀྱི་སྐུ་ཡིན་ན་འདི་མངགས་སོ། །ཚུལ་དེ་ལྟ་བུས་ནི་མངའ་དབུལ་སོགས་ཀྱི་སྐབས་སུའང་འགྲོ་ཤེས་དགོས་སོ། །གཤེགས་སྐུ་མཆོག་མཚན་དང་དཔེ་བྱད་དང་། །རིན་ཆེན་འོད་ཆགས་འབར་བས་སྐུར་བརྒྱན་ཅིང་། །བྱང་ཆུབ་ཕྱོགས་ཀྱི་རྒྱན་གྱིས་མཛེས་ལགས་ཀྱང་། །འཇིག་རྟེན་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །རིན་ཅེན་ཕྲེང་བ་སེ་མོ་དོ་ཤལ་དང་། །རྒྱན་གྱི་དམ་པ་ཁྱད་པར་མཆོག་ཕུལ་བས། །བྱང་ཆུབ་ཕྱོགས་ཀྱི་རྒྱན་དང་ལྡན་གྱུར་ནས། །བླ་མེད་ཐེག་པ་མཆོག་ལ་གནས་པར་ཤོག །ཨོཾ་བཛྲ་ཨ་ཝཱ་ར་ཎ་ཝ་སུ་ཥ་ཎེ་སྭཱ་ཧཱ། རྟེན་བསྐྱེད་པ་ནི། ཨ་མྲྀ་ཏས་བསངས། ཤུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨའི་སྟེང་དུ་ཁྲོ་བོ་ལ་རཾ་ལས་ཉི་མ་དང་། ཞི་བ་ལ་ཨཱཿལས་ཟླ་བ་སོགས་ཀྱི་གདན་གྱི་སྟེང་དུ་རང་རང་གི་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། ཐུབ་པའི་དབང་པོ་དང་རྒྱལ་བ་རིགས་ལྔ་སོགས་རང་རང་གི་སྐུ་མདོག་ཕྱག་མཚན་ཇི་ལྟ་བའི་རྣམ་པ་ཅན་དུ་གྱུར། ངོས་གཟུང་བར་མ་ནུས་པའི་སྐུ་གཟུགས་རྣམས། ཨོཾ་ཨཱཿཧཱུཾ་ལས་རྡོ་རྗེ་ཨོཾ་ཨཱཿཧཱུཾ་གིས་མཚན་པ་ལས། རྡོ་རྗེ་འཆང་བཛྲ་ཀུ་མཱ་ར་སྐུ་མདོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ། ཞབས་བཞི་པ། ཕྱག་གཡས་གསུམ་གྱིས་རྡོ་རྗེ་དང་། གཡོན་གསུམ་གྱིས་དེས་ཡུ་བ་བྱས་(༥བ)


GLG024_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་རྡོ་རྗེ་དང་དུང་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། ཡབ་དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་དགུས་བརྒྱན་ཅིང་། ཡུམ་ཁྲོ་མོའི་ཆས་རྣམས་ཀྱིས་བརྒྱན་པ། ལྷ་ཁང་དང་གཙུག་ལག་ཁང་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་རྣམ་སྣང་བཛྲ་ཀུ་མཱ་ར་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། ཕྱག་གཡས་གསུམ་འཁོར་ལོ་དང་། གཡོན་གསུམ་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ་ཞེས་པ་ནས་བཟུང་སྟེ། ཁྲོ་མོའི་ཆས་རྣམས་ཀྱིས་བརྒྱན་པ་ཞེས་པའི་བར་གོང་བཞིན། དེ་ཞུ་བ་ལས་བྱུང་བའི་མཆོད་རྟེན་གདན་ཁྲི། བང་རིམ། བུམ་པ། བྲེ། ཆོས་འཁོར། གདུགས་ཏོག་དང་བཅས་པ། ཁང་པ་རྣམས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་སོ་སོའི་དབུས་སུ་གླང་པོ་ཆེ། ཤར་དུ་སེང་གེ །ལྷོར་རྟ། ནུབ་ཏུ་རྨ་བྱ། བྱང་དུ་མཁའ་ལྡིང་གིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་གདན་ལ། དབུས་སུ་བྷྲུཾ་ལས་འཁོར་ལོ་བྷྲཱུཾ་གྱིས་མཚན་པ་ལས་རྣམ་སྣང་སོགས་གོང་བཞིན་ཤར་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་མི་བསྐྱོད་པ་བཛྲ་ཀུ་མཱ་རཱ་སྐུ་མདོག་སྔོན་པོ་སོགས་དང་ས་གཞི་རྣམ་སྣང་ལྟར་ལ། མི་འདྲ་བའི་ཁྱད་པར་ཕྱག་གཡས་གསུམ་གྱིས་རྡོ་རྗེ་དང་། གཡོན་གསུམ་གྱིས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་མཱ་མ་ཀི་སྔོན་མོ་ཞེས་པ་ཙམ་ཡིན་ནོ། །ལྷོར་ཨཾ་ལས་རིན་པོ་ཆེ་ཨཾ་གིས་མཚན་པ་ལས་རིན་འབྱུང་བཛྲ་ཀུ་མཱ་ར་སྐུ་མདོག་སེར་པོ་ཞེས་སོགས་དང་། ཕྱག་གཡས་གསུམ་གྱིས་རིན་པོ་ཆེ་དང་། གཡོན་གསུམ་གྱིས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རིན་ཅེན་སྒྲོལ་མ་སེར་(༧ན)


GLG024_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སོགས། ནུབ་ཏུ་ཛྲིཾ་ལས་པདྨ་ཛྲིཾ་གིས་མཚན་པ་ལས་འོད་དཔག་མེད་བཛྲ་ཀུ་མཱ་ར་སྐུ་མདོག་དམར་པོ་ཞེས་སོགས། ཕྱག་གཡས་གསུམ་པདྨ་དང་། གཡོན་གསུམ་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་གོས་དཀར་མོ་སྐུ་མདོག་དམར་མོ་ཞེས་སོགས། བྱང་དུ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས་དོན་ཡོད་གྲུབ་པ་བཛྲ་ཀུ་མཱ་ར་སྐུ་མདོག་ལྗང་གུ་ཞེས་སོགས། ཕྱག་གཡས་གསུམ་གྱིས་རལ་གྲི་དང་། གཡོན་གསུམ་གྱིས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་སོགས། པོ་ཏི་རྣམས་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཛྲིཾ་ལས་པདྨ་སོགས་ཀྱི་འོད་དཔག་མེད་བཛྲ་ཀུ་མཱ་རར་བསྐྱེད། ལྷ་རྣམས་ཀྱི་ཀུན་གཞི་ལ་སོགས་པའི་གནས་སོ་སོར་ཧ་བརྒྱད་ཡོངས་སུ་གྱུར་པ་ལས་ཀུན་གཞིའི་རྣམ་ཤེས་གནས་འགྱུར་བ་ཀཽ་རི་སྐུ་མདོག་སྔོན་པོ་ཕྱག་གཡས་ན་བྱིས་པའི་རོ་དབྱུག་པའི་ཚུལ་དུ་འཛིན་པ། ཡིད་ཤེས་གནས་འགྱུར་ཙཽ་རི་སེར་མོ་ཕྱག་གཉིས་མདའ་གཞུ་འགེང་བ། ཉོན་ཡིད་གནས་འགྱུར་པྲ་མོ་ཧ་དམར་མོ་ཆུ་སྲིན་རྒྱལ་མཚན་འཛིན་པ། ལུས་ཤེས་གནས་འགྱུར་པེ་ཏ་ལི་མཐིང་ནག་རྡོ་རྗེ་འཛིན་པ། མིག་ཤེས་གནས་འགྱུར་པུཥྐ་སི་སྐུ་མདོག་དམར་སེར་བྱིས་པའི་རྒྱུ་མ་ཕྱག་གཉིས་ཀྱིས་དྲངས་ནས་འདོམ་གྱིས་འཇལ་བ་ལྟ་བུ། རྣ་བའི་ཤེས་པ་གནས་འགྱུར་གྷསྨི་རཱ་ལྗང་གུ་ཐོད་སྐམ་ནང་ནས་ཁྲག་འཐུང་བ། སྣ་ཤེས་གནས་འགྱུར་སྨ་ཤ་ནཱི་སྟེ་དུར་ཁྲོད་མ་སྐུ་མདོག་ནག་མོ་བྱིས་པའི་སྙིང་ཟ་བ། ལྕེ་ཤེས་གནས་འགྱུར་ཙཎྜ་ལཱི་སྐུ་མདོག་སེར་སྐྱ་ཕྱག་གཉིས་ཀྱིས་མཆོག་ཆེན་མིའི་ལུས་སྟོད་སྨད་འབྲེལ་བ། བརྒྱད་ཀའང་གར་སྟབས་ཀྱིས་འགྱིང་བའི་ཚུལ་གྱིས་བཞུགས་པ། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ།


GLG024_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཧཱུཾ་སྔོན་པོ། ཧཱུཾ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། ཨོཾ་བཛྲོ་རྒྷ་ཊ་པྲ་བེ་ཤ་ཡ་ཧཱུཾ་ཕཊ་ཀྱིས་སྒོ་དབྱེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། འོག་མིན་གྱི་གནས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམས་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པ། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བྱའི་ཕྱིར། །ཡོངས་བདག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མའི་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །འདི་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་(༨ན)


GLG024_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ཕྱིར་འབྲང་བའི་བགེགས་བསྐྲད་པ་ནི། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པ་ནས་བཟུང་སྟེ། བདེན་པའི་བྱིན་རླབས་ཀྱི་བར་བགེགས་སྦྱང་བའི་སྐབས་དང་འདྲ་བ་ལ། ཡེ་ཤེས་སེམས་དཔའི་ཕྱི་བཞིན་འབྲངས་ནས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པ་དང་། བདེ་བ་མཆོག་གི་གནས་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་འདིར་མ་གནས་པར་དེངས་ཤིག །ཀཱི་ལཱ་ཡ་དང་སུཾ་བྷ་བརྗོད། ཐུགས་ལས་སྤྲུལ་པའི་ཁྲོ་བཅུས་མི་དགེ་བཅུ་སོགས་བརྗོད། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་བཞིན་གནང་བར་མཛོད། །ཨོཾ་བཛྲ་ག་ག་ན་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་མཆོད་ཡོན་ཕུལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པའི་ཚིག་གཅིག་གིས་ཁྲུས་གསོལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། པདྨ་ཙཎྜ་ཨ་པ་ནི་ཏིཥྛ་ན་ཏུ། ཞེས་གདན་དབུལ། དེ་ནས་ཐལ་མོ་སྦྱར་ལ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ནི། །བདག་ཀྱང་བློ་དང་ལྡན་པར་མཛོད། །ཅེས་གསོལ་ནས། མཆོད་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། ཞེས་མཆོད་ཡོན་དང་། དེ་བཞིན་དུ་ཞབས་བསིལ་དང་མེ་ཏོག་ནས་རོལ་མོའི་བར་གྱིས་མཆོད་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་


GLG024_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ རང་བཞིན་གྱི་གནས་ནས་སྤྱན་འདྲེན་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བཛྲ་ས་མ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ནས་མཆོད་པའི་བར་གོང་བཞིན་བྱ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ན། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །ཆེ་གེ་མོ་ཡི་དོན་སླད་དུ། །བདག་གི་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ་ཡི་མཆོད་པ་རྣམས། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བར་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་རླབས་ཤིང་། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཨོཾ་བཛྲ་ཨཾ་ཀུ་ཤ་སོགས་བརྗོད། རྒྱས་གདབ་པ་ནི། ལྷ་རྣམས་ཀྱི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། །ཐུགས་ཀར་རྡོ་རྗེ་རྩེ་ལྔ་སྔོན་པོ་ཧཱུཾ་གིས་མཚན་པར་གྱུར། ཨོཾ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །སྐུ་ནི་མཚན་དང་དཔེ་བྱད་ལྡན། །མི་འགྱུར་རྡོ་རྗེ་འཁོར་ལོ་ཨོཾ། །སྐུ་ཡི་གནས་སུ་རྒྱས་གདབ་བོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཨཱཿརྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །གསུང་དབྱངས་དྲུག་ཅུ་ཚངས་པའི་དབྱངས། །མི་འགག་རྡོ་རྗེ་པདྨ་ཨཱཿ། །གསུང་གི་གནས་སུ་རྒྱས་གདབ་བོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཝཱཀྐ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཧཱུཾ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །ཐུགས་ནི་མི་གཡོ་རྡོ་རྗེ་(༩ན)


GLG024_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས། །ཡེ་ཤེས་ལྔ་ལྡན་རྡོ་རྗེ་ཧཱུཾ། །ཐུགས་ཀྱི་གནས་སུ་རྒྱས་གདབ་བོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། །བདག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པ་ནས། ཤྲི་ཡེ་ཧཱུཾ་ཞེས་དབང་བསྐུར་བས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རང་རང་གི་རིགས་བདག་དང་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། མཆོད་པ་རྣམས་རྩ་འཆམས་ཀྱི་དུས་ཀྱི་མཆོད་པ་བྱིན་རླབས་དང་། སྨན་རག་གཏོར་གསུམ་བྱིན་རླབས་བྱ། །རབ་འབྱམས་རྒྱ་མཚོ་མ་སོགས་ཀྱི་ཆུ་གཉིས་ཉེར་སྤྱོད་རོལ་མོ་འབུལ། །སྨན་རག་གཏོར་གསུམ་ཀྱང་གཞུང་བཞིན་འབུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་སོགས་ཀྱིས་སྤྱི་ལ་བསྟོད། །ཕུར་པའི་སྒོས་བསྟོད་ཀྱང་བྱེད། ཆོས་སྐྱོང་གི་གཏོར་མ་བཏང་། དེ་ནས་སྙན་གསན་ནི། ཐུགས་རྗེ་ཡི་ནི་བདག་ཅན་བདག །སློབ་མ་རྣམས་ལ་རྗེས་བརྩེ་དང་། ཁྱེད་རྣམས་ལ་ཡང་མཆོད་སླད་དུ། །ད་ལྟར་རབ་གནས་བགྱི་བར་འཚལ། །བཅོམ་ལྡན་གུས་པས་བདག་ལ་ནི། །དེ་ཕྱིར་བཀའ་དྲིན་མཛད་པར་འོས། །རྡོ་རྗེ་ཅན་བདག་ཆེ་གེ་མོ། །སྐུ་གསུང་ཐུགས་རྟེན་རབ་གནས་ནི། །ཡོན་བདག་ཅི་ནུས་ཡོ་བྱད་ཀྱི། །ད་ལྟ་ཡང་དག་བགྱིད་པར་འགྱུར། །དེ་ཕྱིར་སློབ་མར་བཅས་བདག་ལ། །རྗེས་(༩བ)


GLG024_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བརྩེ་བས་ཉེར་བཟུང་ནས། །འཁོར་བཅས་ཀུན་གྱི་རབ་གནས་ལ། །བྱིན་གྱིས་བརླབ་པར་མཛད་པར་འོས། །བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་ཅོག་གསུམ་གྱི་རྟེན་རབ་ཏུ་གནས་པར་བགྱིད་པར་འཚལ་ན། བདེ་བར་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་སང་ནང་པར་བྱོན་ཞིང་རྟེན་བྱིན་གྱིས་བརླབས་ཏེ། བདག་ལ་དངོས་གྲུབ་ཀྱི་མཆོག་སྩལ་དུ་གསོལ། ཞེས་བརྗོད། མཆོད་བསྟོད་བསྡུས་པ་ཞིག་བྱེད་ཡི་གེ་བརྒྱ་པ་བརྗོད། མ་འབྱོར་བ་དང་ཉམས་པ་དང་ཞེས་སོགས་ཀྱིས་བཟོད་པར་གསོལ། ཨོཾ་བཛྲ་ཨུད་ཏིཥྛ། རྟེན་གྱི་ཡེ་ཤེས་པ་རྣམས་དམ་ཚིག་པ་ལས་ལོགས་སུ་ཕྱེ་སྟེ་མདུན་གྱི་ནམ་མཁར་བཞུགས་པར་གྱུར། མཆོད་བསྟོད་བསྡུས་པ་ཞིག་བྱེད། ཨོཾ་བཛྲ་ཝསྟྲ་ཨཱཿཧཱུཾ། ཞེས་པས་རྟེན་དགབ། ལས་སྔགས་ཀྱིས་བསྲུང་། གཏོར་མགྲོན་གྱི་ཡེ་ཤེས་པ་གཤེགས་པ་དང་། བརྟན་བཞུགས་སོགས་ལག་ལེན་དཀྱུས་བཞིན་ནོ། །སང་ཞོགས་ཐོ་རངས་དུས་དཀྱིལ་འཁོར་སྒྲུབ་མཆོད་བཏང་། བུམ་པ་བསྒྲུབ་པ་ནས་བཟུང་ཁྲུས་གོས་རྒྱན་ཡན་སྟ་གོན་ལྟར། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ། རྒྱུ་དང་འབྲས་བུའི་དགོངས་པ་ཕུན་སུམ་ཚོགས་པ་དང་ལྡན་པ། ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་(༡༠ན)


GLG024_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཡང་དག་པར་ལྡན་པ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་ལ་སོགས་པ་མདོར་ན་སློབ་པ་དང་མི་སློབ་པའི་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་དང་ལྡན་པ། དེའི་ཉེས་པའི་སྐྱོན་ཐམས་ཅད་དང་བྲལ་ཞིང་། བདེ་བར་གཤེགས་པའི་ཡོན་ཏན་གྱི་ཆོས་ཚད་མེད་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་དང་ཡང་དག་པར་ལྡན་པ། ཆོ་འཕྲུལ་གསུམ་དང་། ཏིང་ངེ་འཛིན་གསུམ་དང་། བསླབ་པ་གསུམ་དང་། ཚངས་པའི་གནས་བཞི་དང་། བསམ་གཏན་བཞི་དང་། འཕགས་པའི་བདེན་པ་བཞི་དང་ཡང་དག་པར་ལྡན་པ། དེའི་ཡང་དག་པ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་། ཤེས་བྱའི་ཡུལ་ཐམས་ཅད་བརྙེས་པ་ཉོན་མོངས་པ་ལ་སོགས་པ་རྣམས་མ་ལུས་པར་སྤངས་པ་དང་། བདུད་བཞི་ལས་རབ་ཏུ་རྒྱལ་བའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པ་དང་། སྐྱེས་བུ་ཆེན་པོའི་སྐུ་ལྟ་བས་ཆོག་མི་ཤེས་པ་དང་། མཐོང་ན་མི་མཐུན་པ་མེད་པ་སྟེ། དེའི་(༡༠བ)


GLG024_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་སྐུའི་འབྱོར་པ་མཐར་ཐུག་པ། འགྲོ་བ་མ་ལུས་པའི་རྩ་ལག་ཏུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །ཞེས་བརྗོད་ཅིང་དེ་ཐམས་ཅད་ཀྱི་མཐར་རབ་ཏུ་གནས་བྱའི་རྟེན་ལ་མེ་ཏོག་འཐོར། སྤོས་ཀྱིས་བདུག །རོལ་མོ་དབུལ་ཞིང་། ཨོཾ་ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ནེ་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱ་ཀྶཾ་བུདྷ་ཡ། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཨོཾ་བཻ་རོ་ཙ་ན་ཨཱོཾ་སྭཱ་ཧཱ། ཨཱོཾ་ཨ་ཀྵྱོ་བྷྱཿཧཱུཾ་སྭཱ་ཧཱ། ཨཱོཾ་རཏྣ་སཾ་བྷཱ་ཝ་ཏྲཱཾ་སྭཱ་ཧཱ། ཨཱོཾ་ཨ་མི་ཏཱ་བྷཱ་ཧྲཱིཿསྭཱ་ཧཱ། ཨོཾ་ཨ་མོ་གྷ་སིདྡྷི་ཨཿསྭཱ་ཧཱ། ཞེས་དང་། རབ་ཏུ་གནས་བྱའི་ལྷ་གང་ཡིན་གྱི་སྔགས་དང་། ཨོཾ་བཛྲ་ས་ཏྭ་ཧཱུཾ། ཞེས་བརྗོད་དོ། །སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། འདི་སྐད་ཅེས། ངོ་མཚར་ཆེན་པོ་གྲངས་མེད་ཅིང་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་ཅོག་གསུམ་གྱི་རྟེན་རབ་ཏུ་གནས་པར་བགྱི་བས་དེའི་མཐུས་བདག་གི་སེམས་ཅན་ཐམས་ཅད་ཀྱི་དབུགས་དབྱུང་ངོ་། །འཁོར་བའི་གཅོང་རོང་ཆེན་པོ་ལས་བསྒྲལ་བར་བགྱིའོ། །ཕས་ཀྱི་རྒོལ་བ་བདུད་དང་ལོག་འདྲེན་ཐམས་ཅད་ཕམ་པར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པའི་རྟོག་པ་ཐམས་ཅད་གསལ་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་ང་རྒྱལ་གྱི་རི་བོ་སྙིལ་བར་བགྱིའོ། །སེམས་ཅན་རྣམས་ཀྱི་སྐྱེ་བའི་(༡༡ན)


GLG024_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོན་ཤིང་རྩད་ནས་གཅད་དོ། །འཆི་བདག་གི་ཉི་མ་ཕྱེ་མར་བརླག་གོ །མ་རིག་པའི་མུན་པ་བསལ་བར་བགྱིའོ། །མ་དད་པ་དང་། ཕྱི་རོལ་པ་དག་དང་། ལྟ་བ་ཕྱིན་ཅི་ལོག་པ་དག་ཡང་དག་པའི་ལྟ་བ་ལ་གཟུད་ཅིང་དད་པར་འགྱུར་རོ། །ལས་ཀྱི་ཆུ་བོ་བཟློག་པར་བགྱིའོ། །སྲིད་པའི་རྒྱ་མཚོ་སྐེམ་པར་བགྱིའོ། །ཆོས་ཀྱི་སྒྲོན་མེ་སྦར་བར་བགྱིའོ། །བྱང་ཆུབ་ཀྱི་ལམ་བསྟན་པར་བགྱིའོ། །བཟོད་པ་དང་ངེས་པ་ལ་གཟུད་དོ། །བསམ་གཏན་གྱི་བདེ་བ་ལ་ཆེར་སྩལ་ཏོ། །འདོད་ཆགས་ཀྱི་མེ་དཔུང་ཞི་བར་བགྱིའོ། །ཞེ་སྡང་གི་མཚོན་རྣོན་པོ་གཞོམ་པར་བགྱིའོ། །བདེན་པ་ལ་གཟུད་དོ། །ཕྲག་དོག་གི་འཚུབ་མ་ཞི་བར་བགྱིའོ། །སེར་སྣའི་མདུད་པ་དགྲོལ་བར་བགྱིའོ། །སྡུག་བསྔལ་ཐམས་ཅད་ཞི་བར་བགྱིའོ། །འཇིགས་པ་མ་མཆིས་པ་དང་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འཇུག་ཅིང་གནས་པར་བགྱིའོ། །དེ་བས་ན་བདག་ལ་ལས་ཀྱི་དངོས་གྲུབ་ཀྱི་མཆོག་སྩོལ་ཞིང་གནང་བར་མཛད་དུ་གསོལ། །རྟེན་བསྐྱེད་པ་ནས་ཡེ་ཤེས་པ་སྤྱན་དྲངས། མཆོད་པའི་བར་སྟ་གོན་བཞིན། དེ་ནས། ཐུགས་རྗེ་ཡི་ནི་བདག་གཞན་དང་། །ཞེས་སོགས་ཀྱི་སྙན་གསན་ཕབ། དཀྱིལ་འཁོར་གྱི་ལྷ་དགུག་གཞུག་བྱེད་པ་ནས་བཟུང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་བར་ཀྱང་སྔར་ལྟར་དབང་བསྐུར་བ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོའི་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། སྔར་བཞིན་མཆོད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་(༡༡བ)


GLG024_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པ་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་བརྡུང་། མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་གྱུར། ཛཿ སྲིད་པའི་ཕུར་བུ་བསྒྲུབ་པ་དང་། དབང་དང་དངོས་གྲུབ་བླང་བའི་ཕྱིར། །མི་འགྱུར་ཡེ་ཤེས་ལྷ་ཚོགས་ཀྱིས། །དབང་བསྐུར་དམ་པ་སྩལ་དུ་གསོལ། །ལན་གསུམ་བརྗོད། དེ་ནས་དབུ་རྒྱན་གྱི་དབང་བསྐུར་བ་ནི་འདི་སྐད་དོ། །ཧཱུཾ། སངས་རྒྱས་ཀུན་གྱི་རིན་པོ་ཆེ། །དཔག་ཏུ་མེད་པའི་འོད་དང་ལྡན། །རིགས་མཆོག་ཕྱག་རྒྱ་ལྔར་ལྡན་པ། ཁམས་གསུམ་བདག་པོར་དབང་བསྐུར་རོ། །རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་སཾ། ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། དེ་ནས་རྡོ་རྗེ་དྲིལ་བུ་གཏད་ལ་འདི་སྐད་དོ། །ཧཱུཾ། ཐབས་དང་ཤེས་རབ་དབང་ཆེན་འདི། །རྡོ་རྗེ་དྲིལ་བུའི་རིག་པ་འཛིན། །མྱ་ངན་འདས་ཤིང་འཁོར་བ་ཡི། །སྐྱོན་རྣམས་དག་པའི་དབང་ཐོབ་ཤོག །ཨོཾ་བཛྲ་པྲ་ཛྙ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་བུམ་པ་བླངས་ལ། ཧཱུཾ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་འཕྲིན་ལས་རྫོགས་བྱའི་ཕྱིར། །དབང་དང་དངོས་གྲུབ་འདིར་སྩོལ་ཅི། །ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། །ཨ་མྲྀ་ཏ་ཀུཎྜ་ལི་ཙིཏྟ་བཛྲ་ཧཱུཾ་ཀཱ་ར་ཨཱཿ ཇི་ལྟར་(༡༢ན)


GLG024_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བལྟམས་པ་ནས་ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར་བས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་རང་རང་གི་རིགས་ཀྱི་བདག་པོ་དང་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་རླབས་ནས། ཆུ་གཉིས་ཉེར་སྤྱོད། སྨན་རག་གཏོར་མ་འབུལ་བ། བསྟོད་པ་རྣམས་སྟ་གོན་གྱི་སྐབས་ལྟར་བྱ། སྤྱན་དབྱེ་ན། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤྭ་དྷི་ན་སྭཱ་ཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཞིང་སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཨཱ་ལས་སྐྱེས་པའི་མེ་ལོང་། །ཆས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་པ་ནས་བཟུང་སྟེ། སེམས་ཅན་དོན་ནི་མཉམ་མེད་བྱོས། །ཨོཾ་བཛྲ་ས་ཏྭ་ཨཱཿ ཆུ་གཉིས་ཉེར་སྤྱོད་རོལ་མོ་སྔགས་མཆོད་ཀྱིས་འབུལ། མི་བསྐྱོད་རྡོ་རྗེ་སོགས་ཀྱིས་བསྟོད། རྟེན་སྒྱུར་ནི། རྟེན་རྣམས་མི་བསྐྱོད་བཛྲ་ཀུ་མཱ་ར་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པའི་སྐུ་དེ་ཉིད་ཡོངས་སུ་གྱུར་པ་ལས། བླ་མ། སངས་རྒྱས། བྱང་སེམས། ཉན་ཐོས། ཆོས་སྐྱོང་གི་སྐུ་བྲིས་འབུར་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པར་གྱུར། གླེགས་བམ་རྣམས་འོད་དཔག་མེད་བཛྲ་ཀུ་མཱ་ར་ཞུ་བ་ལས་བྱུང་བའི་ལུང་རྟོགས་ཀྱི་ཆོས་དཀོན་ཅོག་དབྱངས་གསལ་ཡི་གེའི་རྣམ་པ་གླེགས་བམ་གྱི་གཟུགས་སུ་གྱུར། གཙུག་ལག་(༡༢བ)


GLG024_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་བཟང་རྟ་བབས་ལ་སོགས་པ་རྣམས་བཛྲ་ཀུ་མཱ་ར་ཞུ་བ་ལས་བྱུང་བའི་རང་རང་གི་དབྱིབས་ཅན་དུ་གྱུར། དེ་དག་ཀུན་ཀྱང་བདག་དང་ཡོན་བདག་དང་།སེམས་ཅན་ཐམས་ཅད་ཀྱི་ཕྱག་གི་གནས་མཆོད་པའི་རྟེན་བསོད་ནམས་གསོག་པའི་དཔལ་མགོན་དམ་པར་གྱུར་ཏེ། ཞལ་དྲོ། བྱིན་ཆེ། བག་དྲོ་བ་སྐྱོབ་པའི་ནུས་པ་དང་ལྡན་པར་གྱུར། ཆོས་སྐྱོང་རྣམས་ཀྱང་བསྟན་པ་བསྲུང་བའི་མཐུ་སྟོབས་ནུས་པ་དང་ལྡན་པར་གྱུར། བརྟན་བཞུགས་ནི། མེ་ཏོག་ལག་ལེན་ལྟར་གྲུབ་པ་ཐོགས་ཏེ། ཕྱོགས་བཅུ་ན་བཞུགས་པ་སོགས་གུར་ཞལ་གྱི་གཏོར་ཆོག་གི་གཤམ་ན་ཡོད་པ་ལྟར། བདེ་གཤེགས་ཀུན་བཟང་མཐོང་བས་བཀྲ་ཤིས་ལྟར། །རྒྱལ་བ་སྲས་བཅས་དེང་འདིར་བདེ་ལེགས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་རིགས་འཛིན་ཚོགས་རྣམས་འཕེལ་དར་ཞིང་། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང་། །བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེན་ནས། །བསྐལ་པའི་མཐར་ཐུག་བར་དུ་བཞུགས་སུ་གསོལ། །ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གིས་བསྐལ་པ་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །ཅེས་བརྗོད་ལ། ཡིག་བརྒྱ་ལན་བདུན་བཟླས་ཏེ། །མགོན་པོ་བསྐལ་པ་ཇི་བཞིན་དུ། །སྣ་ཚོགས་གཟུགས་ནི་བཟུང་ནས་ཀྱང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །དེ་ན་འགྲོ་བའི་དོན་ཀུན་མཛོད། མངའ་དབུལ་ལ། མཆོད་པ་བྱིན་གྱིས་བརླབས་ལ། ཆུ་གཉིས་ཉེར་སྤྱོད་(༡༣ན)


GLG024_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་རྒྱ་མཚོ་མ་སོགས་ཀྱིས་རོལ་མོའི་བར་འབུལ། འདོད་ཡོན་ལྔ། རྒྱལ་སྲིད་བདུན། ཉེ་བའི་སྣ་བདུན་ནི། གཡུལ་ལས་རྒྱལ་བར་བྱེད་པའི་རལ་གྲི་དང་། །ཚ་གྲང་གནོད་པ་སྐྱོབ་པའི་པགས་པ་དང་། །ཡང་འཇམ་ཉོན་མོངས་མེད་པའི་མལ་ཆ་དང་། །དགའ་མགུ་རྩེ་བར་བྱེད་པའི་ཡིད་འོང་ཚལ། །གང་འདོད་བལྟ་ནུས་བདེ་བར་ཉལ་བའི་ཁྱིམ། །ཐགས་བཟང་སྲེག་བཅད་མི་ནུས་འཇམ་པའི་གོས། །ཆུ་ལ་མི་བྱིང་ངལ་དུབ་མེད་པའི་ལྷམ། །ཉེ་བའི་རིན་ཆེན་སྣ་བདུན་འདི་དག་གིས། །ཞིང་ཁམས་འདི་དང་རབ་འབྱམས་ཞིང་གཞན་རྣམས། །བཀང་སྟེ་བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །ས་བྷ་ཨུ་པ་རཏྣ། བཀྲ་ཤིས་རྟགས་བརྒྱད་ཀྱི་མཆོད་པ་ནི། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ཚེ། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས། །བཀྲ་ཤིས་རྟགས་བརྒྱད་དག་གིས་མཆོད་པར་བགྱི། །མངྒ་ལ་ཨཿབྷྱཿ མགོན་པོ་ཐུགས་རྗེ་ཆེ་ལྡན་པ་སོགས། །སངས་རྒྱས་རྣམ་གཟིགས་སོགས། །སྣ་ཚོགས་པདྨ་ཟླ་བའི་དཀྱིལ་འཁོར་སྟེང་། །སྣ་ཚོགས་རིན་ཅེན་ཁམས་ལས་གྲུབ་པ་ཡི། །སྤྲུལ་པའི་མཆོད་རྟེན་སྣ་ཚོགས་རྒྱན་གྱིས་མཛེས། །ཆོས་སྐུའི་རང་བཞིན་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད་སོགས། །ཐུགས་རྗེས་འགྲོ་བའི་དོན་མཛད་བཅོམ་ལྡན་(༡༣བ)


GLG024_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འདས། །མཚན་ཙམ་ཐོས་པའི་ངན་འགྲོའི་སྡུག་བསྔལ་སྐྱོབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུཪྻ་ཡི་འོད་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས་སོགས། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་༴། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་མཁའ་འདྲ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་༴། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་སྟེ། །རྡོ་རྗེ་གསུང་ལ་༴། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། །སྤྱིའི་མངའ་དབུལ་ལ་བརྒྱད་ཡོད་པ། དེ་ནས། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞིས་ལེགས་པར་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཤིང་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་བཛྲ་པུ་རེ་ཥེ་ཨཱཿཧཱུཾ་སྭཱ་ཧཱ། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་དབུལ་པར་བགྱི། །(༡༤ན)


GLG024_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །དྲི་མེད་མཚན་ལ་བགྲེས་པ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་ཡིས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ཝསྟྲ་ཡེ་ཨཱཿཧཱུཾ་སྭཱ་ཧཱ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཅེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ཨོཾ་བཛྲ་ལངྐ་ར་ཝ་སུ་ག་ཎ་ཨཱཿཧཱུཾ་སྭཱ་ཧཱ། རྒྱལ་བ་ཟག་མེད་འབྱོར་ལ་མངའ་སྒྱུར་ཡང་། །འགྲོ་བའི་དོན་དུ་འདོད་ཡོན་རྣམ་ལྔ་ཡིས། །མཆོད་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །བསོད་ནམས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ས་མནྟ་བྷ་དྲ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱ་ཧཱ། མི་དབང་རིན་ཅེན་སྣ་བདུན་འདི་དག་ནི། སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བསམ་བཞིན་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་མ་ཧཱ་སཔྟ་རཏྣ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱ་ཧཱ། རྒྱལ་བའི་མགོན་པོ་དཔལ་གྱི་ལྷམ་མེར་བཞུགས། །བསོད་ནམས་ཡེ་ཤེས་སྐུ་ལྔ་བརྙེས་པ་ལ། །ལྔ་ཕྲག་ལྔ་ལྡན་སྙིང་པོ་དམ་པ་འབུལ། །འགྲོ་བས་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག །ཨོཾ་བཛྲ་པཉྩ་བི་མ་ལ་པཱུ་ཛ་མེགྷ་ཨཱཿཧཱུཾ་སྭཱ་ཧཱ། བརྩེ་བའི་ཁོར་ཡུག་སྙན་པའི་བ་དན་དང་། །ཏིང་འཛིན་བླ་བྲེས་སྤོབས་པའི་འོད་གསལ་བ། །མཆོག་རྐྱེན་འོས་པའི་ཉེར་མཁོ་འདི་དག་འབུལ། །སྐྱེ་བོས་རྣམ་དག་ཡེ་ཤེས་ཐོབ་པར་ཤོག །ཨོཾ་བཛྲ་མ་ཧཱ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱ་ཧཱ། ཐུན་མོང་གི་མངའ་(༡༤བ)


GLG024_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་བརྒྱད་དོ། །སྐུ་གཟུགས་ཀྱི་དྲུག་ནི། རྒྱལ་བའི་དབུ་སྐྲ་མཐོན་མཐིང་སྐྱོན་བྲལ་ཡང་། །གཞན་དོན་བསྒྲུབ་ཕྱིར་ཁྱིམ་པའི་རྟགས་སྤང་ཕྱིར། །དད་པས་གསེར་གྱི་འབྲེག་གཅད་ཕུལ་བ་ཡིས། །འགྲོ་བ་སྡུག་བསྔལ་ཀུན་ལས་གྲོལ་བར་ཤོག །ཨོཾ་བཛྲ་ཀ་ཙ་མུ་ལ་ཨཱཿཧཱུཾ་སྭཱ་ཧཱ། ཟངས་མདོག་ལྟར་མཛེས་ཡིད་འོང་སྐྱོན་བྲལ་ཡང་། །བདག་ཅག་དད་པས་ཕྱག་དང་ཞབས་རྣམས་ཀྱི། །སེན་མོའི་འབྲེག་གཅད་ཕུལ་བས་འགྲོ་ཀུན་གྱིས། །སངས་རྒྱས་དཔེ་བྱད་བཟང་པོ་ཐོབ་པར་ཤོག །ཨོཾ་བཛྲ་ན་ག་ཚེ་ད་ཛ་ན་ཨཱཿཧཱུཾ་སྭཱ་ཧཱ། དབུ་སྐྲ་རིན་ཅེན་ལྕང་ལོ་མ་དཀྲུགས་ཤིང་། །མཛེས་ཤིང་ལྟ་བས་མི་ངོམས་སྐྱོན་བྲལ་ཡང་། །བདག་བློ་སྦྱངས་ཕྱིར་རྐྱེན་དང་འཚམ་པ་འདི། །ཕུལ་བས་འགྲོ་ཀུན་དུག་གསུམ་བྲལ་བར་ཤོག །ཨོཾ་བཛྲ་བ་ལ་ཤྭ་དྷ་ཡ་ཨཱཿཧཱུཾ་སྭཱ་ཧཱ། དྲི་འཛིན་རྣམ་དག་ཚུལ་ཁྲིམས་ལས་འཁྲུངས་པ། །དགེ་བ་བསྒྲུབ་ཕྱིར་སྐྱོན་ལས་ངེས་གྲོལ་ཡང་། །མོས་པས་འཛིན་དཔྱད་དམ་པ་ཕུལ་བ་ཡིས། །འགྲོ་བས་ཡེ་ཤེས་བླ་མེད་ཐོབ་པར་ཤོག །ཨོཾ་བཛྲ་རོ་མ་དྷ་ར་ཨཱཿཧཱུཾ་སྭཱ་ཧཱ། དཀར་ལ་ཐགས་བཟང་བཞི་བཅུ་ཚང་བའི་ཚེམས། །བརྒྱད་ཁྲི་བཞི་སྟོང་ཆོས་ལ་མངའ་སྒྱུར་ཡང་། །བདག་ཅག་དད་པས་ཚེམས་ཤིང་འབུལ་ལགས་ཀྱིས། །འགྲོ་བས་སངས་རྒྱས་གསུང་དབྱངས་ཐོབ་པར་ཤོག །ཨོཾ་བཛྲ་དནྡྷ་ཤོ་དྷ་ཡ་ཨཱཿཧཱུཾ་སྭཱ་ཧཱ། བསྙེན་བསྲིང་མི་མངའ་ཀུན་ཏུ་གསལ་བར་ལྡན། །ཐུབ་པའི་སྒྲ་འཛིན་ངོ་བོས་དག་ན་ཡང་། །དག་བྱེད་འདི་ནི་བདག་གིས་འབུལ་ལགས་ཀྱིས། །སྐྱེ་བོས་རྟག་ཏུ་དམ་ཆོས་ཐོས་པར་ཤོག །ཨོཾ་བཛྲ་ཀརྞ་ཤོ་དྷ་ཡ་ཨཱཿཧཱུཾ་སྭཱ་ཧཱ། ཁྲོ་(༡༥ན)


GLG024_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་མངའ་དབུལ་ནི། ཧཱུཾ། བླ་མ་དཔལ་ཆེན་འཁོར་བཅས་ལ། །ཐོད་སྐམ་རིན་ཆེན་དབུ་བརྒྱན་པས། །འཁོར་བའི་རྣམ་རྟོག་ཟིལ་མནན་ནས། །སྐུ་གསུམ་ཡེ་ཤེས་ལྔ་ཐོབ་ཤོག །ཨོཾ་བཛྲ་ཀ་པཱ་ལ་མུ་ཀུ་ཊ་པཱུ་ཛ་ཨཱཿཧཱུཾ་སྭཱ་ཧཱ། ཧཱུཾ། བླ་མ་དཔལ་ཆེན་༴། །མི་མགོ་ཁྲག་འཛག་ལྔ་བཅུར་བཅས། །རྒྱུ་མས་འབྲེལ་བ་༴། །འགྲོ་ཀུན་བདུད་སྡེ་དག་པར་ཤོག །ཨོཾ་བཛྲ་ཀ་པཱ་ལ་མ་ལ་པཱུ་༴། །ཧཱུཾ། བླ་མ་༴། །ཐོད་སྐམ་ཚངས་སྐུད་ནག་པོས་སྦྲེལ། །དོ་ཤལ་འཕྲེང་བ་༴། །འགྲོ་ཀུན་བདག་འཛིན་བྲལ་བར་ཤོག །ཨོཾ་བཛྲ་ཀ་པཱ་ལ་ནི་རྟི་པཱུ་༴། །ཧཱུཾ། བླ་མ་༴། །གླང་ཆེན་ཀོ་རློན་དབང་པོས་བརྒྱན། །མཁའ་དང་མཉམ་པ་འདི་༴། །འགྲོ་ཀུན་གཏི་མུག་དག་པར་ཤོག །ཨོཾ་བཛྲ་ཧསྟི་ཝསྟྲ་པཱུ་༴། །ཧཱུཾ། བླ་མ་༴། །རུ་ཏྲའི་ཞིང་ལྤགས་ལྕང་ལོ་ཅན། །དབྱིངས་དང་མཉམ་པ་འདི་༴། །འགྲོ་ཀུན་ཞེ་སྡང་དག་པར་ཤོག །ཨོཾ་བཛྲ་ནི་ར་ཝསྟྲ་༴། །ཧཱུཾ། བླ་མ་༴། །གཅན་གཟན་སྟག་ལྤགས་ཁྲག་ཟིལ་ཅན། །སྤྲིན་ལྟར་ཀླུབས་པ་འདི་༴། །འགྲོ་ཀུན་ང་རྒྱལ་དག་པར་ཤོག །ཨོཾ་བཛྲ་བྱ་ཀ་ཝསྟྲ་༴། །ཧཱུཾ། བླ་མ་༴། །བདུད་དང་རུ་ཏྲའི་སྙིང་ཁྲག་དང་། །འགྲོ་དྲུག་བསྒྲལ་བའི་རཀྟ་འདི། །ཐིག་ལེའི་བྱུགས་པ་འདི་ཕུལ་བས། །འགྲོ་ཀུན་འདོད་ཆགས་དག་པར་ཤོག །ཨོཾ་བཛྲ་མ་ཧཱ་རཀྟ་ཏི་ལ་༴། །ཧཱུཾ། ཁམས་གསུམ་བཅུད་བསྡུས་ཞུན་ཆེན་དང་། །དཀར་དམར་ཟོ་རིས་བྱུགས་པ་འདིས། །འགྲོ་ཀུན་ལོག་འདྲེན་ཀུན་བྲལ་ཤོག །ཨོཾ་བཛྲ་ས་ར་ས་ཏ་གྷ་ཡ་༴། །ཧཱུཾ། བླ་མ་༴། །སྲིད་གསུམ་འགྲོ་བ་ཀུན་བསྲེགས་པའི། །ཐལ་ཆེན་ཚོམ་བུར་བྱུགས་པ་ཡིས། །འགྲོ་ཀུན་ཕྲག་དོག་དག་


GLG024_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ཨོཾ་བཛྲ་མ་ཧཱ་བྷ་སྨིན་ཏི་ལ་པཱུ་༴། །ཧཱུཾ། བླ་མ་༴། །ལྟོ་འགྲོ་སྦྲུལ་རིགས་སྣ་ཚོགས་པའི། །ཆུན་འཁོར་འབར་བ་འདི་ཕུལ་བས། །འགྲོ་ཀུན་སྲིད་པའི་ཞེན་བྲལ་ཤོག །ཨོཾ་བཛྲ་ན་ག་ཨ་ལཾ་ཀ་ར་༴། །ཧཱུཾ། བླ་མ་༴། །དྲི་མེད་པད་ཉི་ཏི་རའི་གདན། །གཟི་བརྗིད་འབར་བ་འདི་ཕུལ་༴། །འགྲོ་ཀུན་བླ་མའི་ས་ནོན་ཤོག །ཨོཾ་བཛྲ་པདྨ་མ་ཏཾ་གྷི་ཏི་ནི་༴། །ཧཱུཾ། བླ་མ་དཔལ་ཆེན་༴། །རང་བཞིན་གསལ་བའི་ཡེ་ཤེས་སྒྲོན། །བསྐལ་པའི་མེ་དཔུང་འདི་ཕུལ་བས། །འགྲོ་ཀུན་ཉོན་མོངས་ཀུན་བསྲེག་ཤོག །ཨོཾ་བཛྲ་ཛྙཱ་ན་ཛྭ་ལ་པཱུ་༴། །ཧཱུཾ། བླ་མ་༴། །བདུད་རྩི་སྨན་དང་རཀྟ་དང་། །གཏོར་ཚོགས་བཟུང་པོ་འདི་ཕུལ་༴། །འགྲོ་ཀུན་ཚོགས་གཉིས་མཐར་ཕྱིན་ཤོག །ཨོཾ་བཛྲ་པཉྩ་རཀྟ་བྷ་ལིཾ་ཏ་ག་ན་ཙཀྲ་པཱུ་༴། །ཧཱུཾ། བླ་མ་དཔལ་ཆེན་འཁོར་བཅས་ལ། །རྐང་གླིང་ཐོད་རྔ་ལ་སོགས་པའི། །རོལ་མོའི་ང་རོ་འདི་ཕུལ་བས། །འགྲོ་ཀུན་ཆོས་སྒྲས་ཚིམ་པར་ཤོག །ཨོཾ་བཛྲ་དྷརྨཱ་ཤཔྟ་པཱུ་༴། །ཆོས་ཀྱི་མངའ་དབུལ་ནི། རིན་ཅེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འོང་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་གསུང་རབ་མཆོག་ལ་ཕུལ་བ་ཡིས། །འགྲོ་རྣམས་རྡོ་རྗེའི་གདན་ལ་བཞུགས་པར་ཤོག །ཨོཾ་བཛྲ་ཨ་པ་ན་ཨཱཿཧཱུཾ་སྭཱ་ཧཱ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བ། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཅེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟྲ་ཨཱཿཧཱུཾ་སྭཱ་ཧཱ། ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ཡང་། །ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་པའི། །ཉི་ཟླ་ལྟ་བུའི་རྟེན་འབྲེལ་དགབ་བྱ་བ། །ཕུལ་བས་སྐྱེ་བོས་ཟུང་འཇུག་ཐོབ་པར་ཤོག །ཨོཾ་བཛྲ་པྲཛྙཱ་ཨུ་པ་ཡ་ཨ་དྷཱ་ཡ་ཨཱཿ(༡༦ན)


GLG024_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་སྭཱ་ཧཱ། སྤྲོས་པ་དུ་མས་རབ་ཏུ་རྒྱས་གྱུར་ཀྱང་། །ཡེ་ཤེས་ཆེན་པོ་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་བྱད་མཆོག་ཕུལ་བས། །འགྲོ་བས་ཡེ་ཤེས་ཆེན་པོ་རྟོགས་པར་ཤོག །ཨོཾ་བཛྲ་པུསྟ་ཀ་བྷནྡྷ་ཨཱཿཧཱུཾ་སྭཱ་ཧཱ། མཆོད་རྟེན་གྱི་མངའ་དབུལ་ནི། ཨོཾ་བཛྲ་ཨཱ་ཡུཿཥེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཤེས་པ་བཅུ་དང་ལྡན་པར་གྱུར་ཅིག །བདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་མི་ནུབ་ཅིང་ཡུན་རིང་དུ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་རྣམ་པར་དག་པ་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་འཇུག་པར་གྱུར་ཅིག །ཅེས་ཞི་བ་སྙིང་པོས་མཛད་པ་དང་། ཡང་ན་པདྨ་ལྕགས་ཀྱུའི་གདུགས་དཀར་གྱི་ཆོ་ག་ལས། སེམས་ཅན་ཤེས་བཅུ་ལྡན་གྱུར་ཅིག །བསྟན་པ་ཡུན་རིང་གནས་པར་ཤོག །སེམས་ཅན་ལྷག་བསམ་དག་པ་ཡིས། །ཀུན་བཟང་སྨོན་ལམ་འཇུག་པར་ཤོག །ཨོཾ་བཛྲ་ཨཱ་ཡུཿཥེ་སྭཱ་ཧཱ། ཞེས་པ་གང་རུང་བྱ། དེ་ནས་འཁོར་ལོ་དབུལ་བར་བསམ་ཞིང་། ཁམས་གསུམ་སེམས་ཅན་མ་ལུས་པ། །སྟོབས་དང་མ་འདྲེས་ཆོས་དང་ནི། །དྲན་པ་ཉེར་གཞག་རྣམ་ཐར་བརྒྱད། །ཡེ་ཤེས་ལྔ་སོགས་ལྡན་འགྱུར་ཤོག །ཨོཾ་པྲ་མ་ར་ད་ན་ཡ་སྭཱ་ཧཱ། ཞེས་བརྗོད། ཅོད་པན་དབུལ་བ་ནི། སེམས་ཅན་རྣམས་ནི་མ་ལུས་པས། །བདེ་བར་གཤེགས་པའི་སྐུ་གཟུགས་ལ། །དར་གྱི་ལྷབ་ལྷུབ་ལ་སོགས་པས། །བྱང་ཆུབ་བར་དུ་མཆོད་པར་ཤོག །ཨོཾ་པ་ཊཾ་ཀ་ལཾ་བ་ཡ་སྭཱ་ཧཱ། ཞེས་བརྗོད། འཕན་འབུལ་བ་ནི། སེམས་ཅན་རྣམས་ནི་མ་ལུས་པའི། །ཕྱོགས་བཅུ་སྙན་པའི་བ་དན་གྱིས། །འཚེ་བ་མེད་ཅིང་ཆོས་ལྡན་པའི། །གྲགས་པས་རྒྱས་པར་འགེངས་པར་ཤོག །ཨོཾ་པ་ཏཾ་ཀེ་སྭཱ་ཧཱ། རྒྱལ་མཚན་དབུལ་བ་ནི། འཁོར་བ་མ་སྟོངས་བར་དུ་ནི། །བདུད་བཞི་དག་ལས་རབ་རྒྱལ་ནས། །སྟོན་པའི་བསྟན་པ་ཟབ་མོ་དག །མ་ནུབ་རྒྱལ་མཚན་ཐོབ་པར་ཤོག །ཨོཾ་ཀུམྦྷི་ར་དྷཱ་ཛ་ཡ་སྭཱ་ཧཱ། གདུགས་འབུལ་(༡༦བ)


GLG024_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། ཁམས་གསུམ་སེམས་ཅན་མ་ལུས་པ། །ཉོན་མོངས་ཚད་པས་གདུངས་པ་ལ། །ཐུགས་རྗེ་བྱང་ཆུབ་སེམས་ཀྱི་གདུགས། །ཕུལ་བའི་བདེ་བས་ཚིམ་པར་ཤོག །ཨོཾ་བྲཧྨ་ཎ་ཡ་སྭཱ་ཧཱ། ཞེས་དང་། མེ་ཏོག་གི་འཕྲེང་བ་དབུལ་ཞིང་། འཁོར་བའི་སེམས་ཅན་མ་ལུས་ཀུན། །མཚན་དང་དཔེ་བྱད་རྫོགས་ཐོབ་ནས། །ལྟ་བས་མི་ངོམས་གཟུགས་ཀྱིས་ནི། །སེམས་ཅན་དོན་རྣམས་རྫོགས་བྱེད་ཤོག །ཨོཾ་རཏྣ་མཱ་ལེ་ཏྲཾ་སྭཱ་ཧཱ། ཞེས་དང་། གདན་དབུལ་བ་ནི། སེམས་ཅན་མ་ལུས་སངས་རྒྱས་ཏེ། །སྟོབས་བཅུ་ལྡན་པ་གླང་པོའི་གདན། །མི་འཇིགས་སེང་གེའི་གདན་དང་ལྡན། །རྫུ་འཕྲུལ་རྐང་པ་རྟ་ཡི་གདན། །དབང་བཅུ་ཐོབ་པ་རྨ་བྱའི་གདན། །ཐོགས་མེད་ཤུགས་ལྡན་མཁའ་ལྡིང་གདན། །འདོད་དགུ་འབྱུང་བ་རིན་ཅེན་གདན། །སྐྱོན་གྱིས་མ་གོས་པདྨའི་གདན། །རང་བཞིན་འོད་གསལ་ཉི་ཟླའི་གདན། །གདན་རྣམས་མྱུར་དུ་ཐོབ་པར་ཤོག །ཨོཾ་སུ་ན་དྷ་རྀ་ཛ་ཡེ་སྭཱ་ཧཱ། ལྷ་བཤོས་འབུལ་བ་ནི། ཨ་མྲྀ་ཏས་བསངས། བྷྲུཾ་ལས་རིན་པོ་ཆེའི་སྣོད་སོགས་ཀྱི་བྱིན་རླབས་དང་། །ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་བརྗོད། གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །མཆོག་ཏུ་གྱུར་པའི་ཟས་མཆོག་འདི། །བདག་གིས་དད་པས་འབུལ་བར་བགྱི། །ཅི་བདེར་བར་ནི་བཞེས་སུ་གསོལ། །ཨོཾ་དི་བྱ་ཨ་ཀ་ནི་ས་མཱ་དྷི་དྷྱ་པྲ་ཎ་ཡེ་སྭཱ་ཧཱ། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །རྒྱལ་བས་བདུད་བཅོམ་བྱང་ཆུབ་སངས་རྒྱས་ཏེ། །རྒྱལ་བའི་སྐུ་ལ་བགྲེས་སྐྱེམས་མི་མངའ་ཡང་། །བདག་ཅག་བསོད་ནམས་ཞིང་དུ་(༡༧ན)


GLG024_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་སླད་དུ། །བཤོས་དང་ཞལ་ཟས་སྦྱར་བ་འདི་ཕུལ་བས། །དུས་ཀུན་དགེ་བའི་ལོ་ཐོག་འཕེལ་རྒྱས་ནས། །བདེ་བ་ཅན་དུ་པདྨོ་ལས་སྐྱེས་ཏེ། །ཏིང་འཛིན་ཟས་དང་ཆོས་ལ་སྤྱོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ཏྱཾ་པྲ་ཏཱིཙྪ་ཡེ་ཨཱཿཧཱུཾ། ཨོཾ་བཛྲ་ཏམྦུ་ལ་ཡ་ཨཱཿཧཱུཾ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ གཟུངས་ཐག་བཏགས་ལ། སྐུ་གཟུགས། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། གཙུག་ལག་ཁང་དང་མཆོད་རྟེན་ལ། ཨོཾ་ཧཱུཾ་ཧྲཱིཿབྷྲུཾ་ཁཾ། བཛྲི་བྷཱ་ཝ་དྲྀ་ཏིཥྛཱ་ཧཱུཾ་བྷྲཱུཾ་ཁཾ། པུ་ཏི་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱཧཱ། ཨོཾ་ཧཱུཾ་ཧྲཱི༔ཏྲཱཾ་ཐཱ། ཅི་འགྲུབ་རེ་དང་། ཐམས་ཅད་ཀྱིས་ཐུན་མོང་དུ་ཡེ་དྷརྨཱ་ཅི་འགྲུབ་རེ་བཟླ། རབ་ཏུ་གནས་པའི་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་འཕྲེང་བ། དེའི་འོད་ཀྱིས་རང་བཞིན་གྱི་གནས་ནས་སངས་རྒྱས་བྱང་སེམས་ཐམས་ཅད་རབ་ཏུ་གནས་པའི་རྟེན་དེ་དག་དང་མཐུན་པའི་གཟུགས་ཀྱི་རྣམ་པས་བྱོན་ནས་རྟེན་སོ་སོ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །དེས་ནི་དེ་རིང་ཁྱེད་ལ་ཞི་བྱེད་བཀྲ་ཤིས་ཤོག །དེ་ཡི་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་མི་དང་ལྷས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེས་ནི་དེ་རིང་ཁྱེད་ལ་ཞི་བྱེད་༴། དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེས་ནི་དེ་རིང་ཁྱེད་ལ་༴། །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་(༡༧བ)


GLG024_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམས་འཕེལ་པ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཅེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུངས་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་༴། །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །སྟོན་མཆོག་ལྷ་དང་མིས་ནི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་༴། །དེ་དག་ཐམས་ཅད་༴། ཞི་བ་ཆགས་བྲལ་༴། །ཆོས་ལ་ཕྱག་འཚལ་འགྲེ། །སེམས་ཅན་གང་༴། །ཚོགས་ཀྱི་དམ་པ་༴། །དགེ་འདུན་ཕྱག་འཚལ་༴། །ཉིན་མོ་བདེ་ལེགས་ནས། ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཔལ་ལྡན་བླ་མས་དེང་འདིར་སྩོལ། །ཡི་དམ་ལྷ་ཡིས་༴། །དཀོན་ཅོག་གསུམ་གྱིས་༴། །ཆོས་སྐྱོང་སྲུང་མས་༴། །གཞི་བདག་རྣམས་ཀྱིས་དེང་འདིར་སྩོལ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་པའང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུང་ཞིང་བརྫུན་མེད་པ། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་(༡༨ན)


GLG024_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །དེང་འདིར་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཉི་མ་དང་། ཟླ་བ་དང་། གཟའ་སྒྲ་གཅན་གྱི་གནོད་པ་ལས་གྲོལ་བ་བཞིན་དུ་བདུད་དང་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཛ་ཡ་ཛ་ཡ། སུ་ཛ་ཡ། ཞེས་ཚིགས་བཅད་རེ་རེ་མཚམས་སུ་རོལ་མོ་དང་བཅས་ཏེ་ཤིས་པ་བརྗོད། གཏོར་འབུལ་གྱི་རྗེས་སུ་སྲུང་བའི་ཕྱག་རྒྱས། ཨོཾ་བཛྲ་རཀྵ་ཧཾ། རྡོ་རྗེས་རེག་སྟེ། རྡོ་རྗེ་འདི་ན་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །གལ་ཏེ་དམ་ལས་འདས་གྱུར་ན། །ཞིག་འགྱུར་འདི་ལ་ཐེ་ཚོམ་མེད། །ཨོཾ་མ་ཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་བྷནྡྷ་ཧཾ། ཞེས་བརྗོད་ལ། འགྲོ་བ་སེམས་ཅན་དོན་སླད་དུ། །བདེ་གཤེགས་རྣམས་ནི་བཞུགས་ཀྱི་བར། །བདག་དང་གཞན་གྱི་དོན་གྱི་ཕྱིར། །སྤྲུལ་པའི་གཟུགས་བརྙན་སྲུང་བར་མཛོད། །རབ་ཏུ་གནས་པར་བྱས་པའི་རྟེན་འདི་ལ་ཁྱོད་ཀྱིས་བསྲུང་བ་དང་། སྐྱོབ་པ་དང་། མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་ཆད་པར་གྱིས་ཤིག །བདག་དང་ཡོན་བདག་འཁོར་དང་བཅས་པ་རྣམས་ལ་ཡང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུང་བ་དང་། ཆོས་དང་མཐུན་པའི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛོད། ཅེས་བསྒོའོ། །ཡོན་བདག་བསྐོ་བ་ནི། ཁྱོད་ཀྱིས་ངེད་ལ་གང་གསོལ་བའི། །གཟུགས་སྐུ་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་རབ་གནས་པ། །དེ་དག་དོན་ནི་ངས་བྱས་པས། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པ་བྱོས། ཁྱོད་ཀྱི་ང་ལ་གསོལ་བ་བཏབ་པའི་རབ་ཏུ་གནས་པ་དེ་ལེགས་པར་ཚར་(༡༨བ)


GLG024_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱས་ཀྱིས། ཁྱོད་ཀྱིས་རྟེན་འདི་ལ་ཞག་བདུན་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །དེ་ནས་ཀྱང་ཅི་འབྱོར་བའི་མཆོད་པས་རྒྱུན་མི་ཆད་པར་མཆོད་པ་གྱིས་ཤིག །ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། སྦྱིན་བདག་ལས་སྔགས་ཀྱིས་བསངས། སྭབྷཱ་ཝས་སྦྱངས་སྟོང་པའི་ངང་ལས་བཛྲ་ཀུ་མཱ་ར་ཞལ་གཅིག་ཕྱག་གཉིས་ཀྱིས་ཕུར་པ་བསྒྲིལ་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། རྗེ་བཙུན་རྩ་བ་ནས་བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱི་བར་སྔར་བཞིན་ལ་རབ་ཏུ་གནས་པར་བྱས་པའི་རྟེན་དང་། སྦྱིན་པའི་བདག་པོ་འཁོར་དང་བཅས་པ་བཀྲ་ཤིས་པར་བྱེད་པ་ལ་བར་དུ་གཅོད་པར་བརྩོམ་པའི་བགེགས་ཀྱི་ཚོགས་ཐམས་ཅད་ས་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །སྔགས་བཟླ་ཞིང་བགེགས་བསྐྲད། ལས་སྔགས་ཀྱིས་བསངས་སྦྱངས། སྟོང་པའི་ངང་ལས་མཾ་ལས་བྱུང་བའི་བཀྲ་ཤིས་ཀྱི་རྫས་བརྒྱད། སྐུ་གསུང་ཐུགས་རྟེན་རྣམས་ཀྱི་བྱིན་རླབས་དང་། བདག་ཅག་དཔོན་སློབ་ཡོན་མཆོད་ཀྱིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་སོགས་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་རྒྱས་པའི་ནུས་པ་དང་ལྡན་པར་གྱུར་ཅིག །དེ་ནས་བཀྲ་ཤིས་རྫས་བརྒྱད་ཀྱི་ཚིག་རྣམས་གཞུང་བཞིན་བྱས། ཚོགས་མཆོད། མཇུག་ཆོག །བསྔོ་བ་སྨོན་ལམ་ཤིས་པ་བརྗོད་པ་སོགས་བྱའོ། །བསྟན་འགྲོའི་ཕན་བདེ་ནམ་མཁའི་མཐའ་མཉམ་པར། །ལེགས་བྱས་རྒྱ་མཚོའི་རླབས་ཕྲེང་ནམ་དུ་ཡང་། །དུས་ལས་ཡོལ་མེད་ཆོ་ག་བཀྲ་ཤིས་པའི། །འབུམ་ཕྲག་མཐའ་ཀླས་ལང་ཚོ་གསར་པ་དངོས། །མཁྱེན་བརྩེ་ནུས་པའི་འོད་ཟེར་ལྕགས་ཀྱུ་ཡིས། །གྲངས་མེད་འགྲོ་བའི་(༡༩ན)


GLG024_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཉོན་སྦྱང་བ་དང་། །ལྷན་ཅིག་སྲིད་ཞིའི་འབྱོར་པ་མ་ལུས་པ། །མི་འཛད་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེ། །ངོ་མཚར་བཀོད་པ་སྐུ་གསུང་ཐུགས་རྟེན་སོགས། །མཐོང་ཐོས་དྲན་རེག་ཙམ་གྱིས་དོན་ལྡན་དུ། །བྱིན་བརླབས་བརྟན་གཡོའི་དངོས་ཀུན་གྱིས་བཏུད་པའི། །རྣམ་དཀར་ཕྱོགས་དུས་གནས་སྐབས་ཡོངས་ཁྱབ་ཤོག །བོད་འབངས་བདེ་ཐབས་སུ་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་རྟེན་བརྟེན་པར་རབ་གནས་བྱེད་པར་འགྲོ་གདོང་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ཞལ་འདོན་དུ་རེག་ཟིག་ཏུ་བཏབ་པའི་ཆོ་ག་བཀྲ་ཤིས་འབུམ་ཕྲག་གསར་དངོམ་ཞེས་པའང་ཟ་ཧོར་གྱི་བནྡེས་བཀོད་པ་པྲ་ཏིཥྛནྟུ་བྷ་ཝནྟུ། ཨོཾ་ཨཱཿཧཱུཾ་གིས་སྦྱང་ཆས་རྣམས་བྱིན་གྱིས་བརླབས། ཨ་ཀཱ་རོ་སོགས། སུམ་བྷ་སོགས། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཨོཾ་སརྦ་པཱ་པཾ་ཧ་ན་བཛྲ་ཡེ་སྭཱ་ཧཱ། ལས་སྔགས་ཚར་བཅུ་གཅིག །གཏོར་མ༡། མར༢། མཆོད༣། མེ༤། སྤོས༥། མར༦། དྲི༧། ཟས༨། ཡུགས༩། ཆུ༡༠། ཁམ༡༡། དུར༡༢། ཟན༡༣། སེང་༡༤། ཉེ༡༥། སྲི༡༦། མེ༡༧། མར༡༨། འབྲས༡༩། སྤོས་མར༢༠།། སརྦ་མངྒ་ལཾ།། །།

ལྷ་བྲག་གཏེར་བྱོན་གྱི་ཕུར་པ་ལྕགས་ཁང་དྲག་སྔགས་སྤུ་གྲིའི་ལས་བྱང་འཇིགས་མེད་རྡོ་རྗེ་ཕ་ལམ།།


GLG024_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བྲག་གཏེར་བྱོན་གྱི་ཕུར་པ་ལྕགས་ཁང་དྲག་སྔགས་སྤུ་གྲིའི་ལས་བྱང་འཇིགས་མེད་རྡོ་རྗེ་ཕ་ལམ་བཞུགས་སོ། །


GLG024_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཀུ་མཱ་རཱ་ཡ། གདོད་ནས་ལྷུན་གྲུབ་སྤྲོས་བྲལ་བདེ་བ་ཆེན་པོར་གཡོ་མེད་ངང་ཉིད་ལས། གཏུམ་ཆེན་ཁྲོ་བོ་མིག་སྨན་གདོག་ཅན་གར་དགུའི་ཉམས་ཀྱིས་རབ་འགྱིང་བས། །ནག་པོའི་རུ་མཚོན་རྣམ་པར་བསྙོལ་ཞིང་དཀར་ཕྱོགས་རྒྱལ་རྔ་ཆེར་སྒྲོག་པའི། །འཕྲིན་ལས་ལྷ་ཚོགས་འཁོར་ལོའི་མགོན་པོ་རྡོ་རྗེ་ཕུར་པས་དངོས་གྲུབ་སྩོལ། །ངེས་གསང་མཆོག་འདིའི་ལམ་བཟང་ལྷ་ལམ་ངོས། །ཕུལ་བྱུང་རྟགས་མཚན་མངོན་གྱུར་གྲུབ་པའི་གཟིས། །རྒྱ་བལ་བོད་འདིར་ལོག་འདྲེན་མུན་པའི་ཚོགས། །འཇོམས་མཛད་རིགས་འཛིན་སར་གཤེགས་ཚོགས་སྤྱི་དང་། ཁྱད་པར་ཡང་ཕུར་སྦྲགས་སྒྲུབ་ལ་བརྟེན་ནས། །མཆོག་གི་དངོས་གྲུབ་ལེགས་ཐོབ་གངས་ཅན་འདིར། །བཀའ་དྲིན་རྒྱལ་བ་ཀུན་གྱིས་ཟླ་བྲལ་བའི། །པདྨཱ་ཀ་རས་ཚེ་རབས་ཀུན་དུ་སྐྱོངས། །ཐེག་མཆོག་བདུད་རྩིའི་བཅུད་ཀྱི་ཟ་མ་ཏོག །མི་ཕྱེད་རྒྱས་འདེབས་བཀའ་ཡི་བསྡུ་བ་པོ། །ཚུལ་འདིའི་བཀའ་བབས་མི་རོ་གསོན་པོར་སློང་། །ཡེ་ཤེས་མཁའ་འགྲོའི་གཙོ་མོ་(༢ན)


GLG024_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ཆེན་བཟའ། །ལྕགས་མཛོད་ཟད་མི་ཤེས་པའི་སྒྲོམ་བུ་ལས། །འཕྲིན་ལས་ཆོས་སྡེའི་སྤུ་གྲི་ངར་མའི་དཔལ། །ཟབ་གཏེར་སྒོ་འབྱེད་རྒོད་ཀྱི་ལྡེམ་ཕྲུ་ནས། །རིམ་བརྒྱུད་སྔགས་འཆང་རྡོ་རྗེ་འཛིན་རྣམས་རྒྱལ། །ཡེ་ནས་རང་རིག་གདོད་མའི་མཁའ་དབྱིངས་སུ། །ཆོས་ཀུན་རྣམ་པར་གྲོལ་བའི་སྒྱུ་ཐབས་ཀྱིས། །གྲངས་མེད་རྒྱལ་བའི་འཁོར་ལོ་ཀུན་གྱི་གཙོ། །དུས་གསུམ་ཀུན་མཁྱེན་དཔལ་འབྱོར་ལྷུན་གྲུབ་ཞབས། །མི་བཟད་ངན་སོང་རྒྱུ་བསྒྲུབ་ཆོས་སྤོང་གི །ལས་ངན་སྒྲིབ་པས་མ་སྦགས་ཁྱོད་དྲིན་ན། །ད་དུང་ཀུན་བཟང་གོ་འཕང་མ་ཐོབ་བར། །ཐུགས་རྗེའི་བརྩེ་བས་སྐྱོངས་ཤིག་འཁོན་སྟོན་རྗེ། །ནག་ཕྱོགས་བདུད་སྡེའི་མེ་དཔུང་རབ་འཇོམས་ཤིང་། །དངོས་གྲུབ་ཞིང་ས་བརླན་པས་མཆོག་ཐུན་འབྲས། །སྩོལ་མཛད་དཔལ་ལྡན་རྡོ་རྗེ་ཕུར་པ་ཡི། །འཕྲིན་ལས་གྲུ་ཆར་འབེབས་སོ་ཤེས་ལྡན་ཀྱེ། །དེ་སྐད་དུ། བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཡང་དག་བདེ་ཆེན་སྙིང་པོ་བསྒྲུབས་པའི་ཚེ༔ བར་ཆད་བགེགས་རྣམས་རྡོ་རྗེ་ཕུར་པས་བསྒྲལ༔ ཕྱག་རྒྱ་ཆེན་པོའི་དངོས་(༢བ)


GLG024_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་གནས་དེར་ཐོབ༔ རྡོ་རྗེ་ཐོད་འཕྲེང་རྩལ་ལ་གསོལ་བ་འདེབས༔ ཞེས་པ་ལྟར། སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེས། རྒྱ་བལ་གྱི་ས་མཚམས། དགུན་དུས་ཀྱང་མེ་ཏོག་རྣམ་པར་བཀྲ་ཞིང་། བཀྲ་ཤིས་བྱིན་ཆགས་པའི་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། དཔལ་ཡང་དག་མར་མེ་དགུ་པའི་དཀྱིལ་འཁོར་ལ་བརྟེན་ནས་མཆོག་གི་རིགས་འཛིན་བསྒྲུབས་པར། མི་བསྲུན་ནག་པོའི་ཕྱོགས་ཀྱིས། སློབ་དཔོན་ཆེན་པོའི་དགོངས་པར་ཐོ་འཚམས་མ་ཐུབ་ཀྱང་། རྒྱ་བལ་བོད་གསུམ་དུ་སད་སེར་མུ་གེ་ཡམས་ནད་བཏང་བར། བར་ཆད་འབུལ་བའི་ཆོས་རྒྱ་གར་གྱི་སློབ་དཔོན་རྣམས་ལས་ལེན་པར་ཕོ་ཉ་མངགས་པ། སློབ་དཔོན་པྲ་བྷ་ཧ་སྟིས། བིདྱོ་ཏྟ་མ་ལ་འབུམ་སྡེ་ནས་དགྲ་འགེགས་འདུལ་བའི་འཕྲིན་ལས་མི་ཁུར་གཉིས་བརྫངས། གླེགས་བམ་ཕེབས་པ་ཙམ་གྱིས་བདུད་སྡེའི་རུ་མཚོན་ཐམས་ཅད་དུས་གཅིག་ཏུ་བསྙོལ་བའི་མཐུ་རྩལ་ཅན་གྱི་རྡོ་རྗེ་ཕུར་པ་འདི་ཉིད་ལ་བཀའ་གཏེར་གཉིས་ལས། སློབ་དཔོན་ཆེན་པོས་དགོངས་གཞི་དུ་མའི་དབང་གིས་འཇིག་པ་མེད་པའི་སྒྲོམ་བུར་རྒྱས་བཏབ་སྟེ། ལས་ལྡན་ལ་སྨོན་ལམ་མཛད་པ་ནི་གཏེར་མ་སྟེ། དེ་ལ་ཡང་། མངའ་བདག་གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག་དང་། རིགས་འཛིན་རཏྣ་གླིང་པ་སོགས་གཏེར་ཁ་འགའ་ཞིག་ཡོད་པ་ལས། འདིར་དུས་ངན་སྙིགས་མ་མཐར་ཐུག་སླེབ་ཁ་རུ༔ རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ༔ སྦས་པའི་རྣལ་འབྱོར་ཞིག་གི་སྨོན་ལམ་གྱིས༔ ང་ཡི་གཏེར་འདོན་ལྷ་སྲས་གདུང་རྒྱུད་སྐྱོབ༔ ཅེས་དང་། རིན་ཅེན་སྡོང་པོར། བྲག་རི་དུག་སྦྲུལ་(༣ན)


GLG024_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་འདྲི་དང་༔ རི་བོ་བཀྲ་བཟང་རྩེ་མོ་ལ༔ རྒྱུན་ཆད་མེད་པར་འཇའ་འོད་འབྱུང་༔ གནས་འདིར་ཐུགས་ཀྱི་ལྷ་བཞེངས་ན༔ བོད་འདིར་བསྟན་པ་དར་ཞིང་བདེ༔ གནས་འདིར་བརྡ་ཡི་ལྡེ་མིག་རྙེད༔ གཏེར་ཆེན་བཏོན་ནས་འགྲོ་དོན་བྱེད༔ ཅེས་པ་ལྟར་གྱི་རིགས་འཛིན་རྒོད་ལྡེམ་གྱིས་གཏེར་ནས་སྤྱན་དྲངས་པའི་ཕུར་པ་ཆེ་མཆོག་དྲག་སྔགས་དྲིལ་སྒྲུབ་སྤུ་གྲི་གསུམ་ལས། དྲག་སྔགས་ལ་དྲིལ་སྒྲུབ་སྦྱར་བའི་ལས་བྱང་བཀླགས་ཆོག་ཏུ་བཀོད་པ་ལ། སྐྱབས་འགྲོ་སེམས་བསྐྱེད་ནི། །ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་ཞི་ཁྲོའི་ལྷ། །ཀུན་འདུས་རྩ་གསུམ་ཆོས་ལོངས་སྤྲུལ་པའི་སྐུ། །སངས་རྒྱས་ཆོས་དང་དགེ་འདུན་བཅས་པ་ལ། །བདག་སོགས་སེམས་ཅན་མ་ལུས་སྐྱབས་སུ་མཆི། །རང་རིག་གདོད་མའི་ཡེ་ཤེས་འགྲོ་ཀུན་གྱིས། །མངོན་གྱུར་སངས་རྒྱས་ཡིན་ཀྱང་མ་རིག་པས། །འཁོར་བའི་ཀློང་དུ་འཁྱམས་པའི་ཆོ་འཕྲུལ་ཀུན། །རིག་པ་རང་ངོར་རྟོགས་ཕྱིར་སེམས་བསྐྱེད་དོ། །བསྙེན་ཕུར་བྱིན་གྱིས་བརླབ་པ་ནི། ཕུར་པ་ཆོས་སྐུ་འགྱུར་བ་མེད་པ་ལས། །ལོངས་སྐུ་གྲངས་མེད་ཁྲོ་བའི་སྐུར་ཤར་བ། །སྤྲུལ་སྐུའི་ཁྲོ་ཚོགས་མི་བཟད་འཕྲོ་འདུ་ཡིས། །དགྲ་བགེགས་བདུད་སྡེའི་དཔུང་ཚོགས་ཚར་གཅོད་གྱུར། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ། ཚོགས་ཞིང་ནི། སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་དུ། །རྩ་གསུམ་ལྷ་ཚོགས་འཁོར་བཅས་གཤེགས་ཤིང་བཞུགས། །བཛྲ་ས་མ་ཡ་ཛཿཛཿ གུས་པས་ཕྱག་འཚལ་ཀུན་བཟང་མཆོད་སྤྲིན་འབུལ། །མ་དག་སྡིག་སྒྲིབ་བཤགས་ཤིང་དགེ་ཚོགས་ལ། །རྗེས་སུ་ཡི་རང་ཟབ་རྒྱས་དམ་པའི་ཆོས། །འཁོར་ལོ་བསྐོར་ཞིང་མི་འགྱུར་རྟགས་བརྟན་གསོལ། །ཇི་སྙེད་བསགས་པའི་དགེ་བ་བྱང་ཆུབ་ཏུ། །བསྔོ་ཞིང་སྐུ་གསུམ་འཕྲིན་ལས་བྱེད་(༣བ)


GLG024_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ཧཱུཾ། ཐུགས་ཀ་ལས་བྱུང་དཀར་སེར་དམར་ལྗང་ཧཱུཾ། །ཡོངས་གྱུར་རྒྱལ་ཆེན་སྡེ་བཞི་འཁོར་བཅས་རྣམས། །གཏོར་མ་འདི་བཞེས་ཕྱོགས་ཀྱི་གདོན་སྲུངས་ལ། །མཐུན་པའི་རྐྱེན་རྣམས་ཡིད་བཞིན་བསྒྲུབ་པར་མཛོད། །ཅེས་རྒྱལ་ཆེན་བཞིའི་མཚམས་གཅོད་བྱས་ལ་བགེགས་གཏོར་རྡོ་རྗེ་སློབ་དཔོན་གྱིས་སྔགས་དང་དམིགས་པས་བསྔོ། །ཕྱི་མཚམས་ནི། བདག་ཉིད་སྐད་ཅིག་རྡོ་རྗེ་སྲིན་པོའི་སྐུ། །རྔམ་བརྗིད་གར་འགྱིང་ཧཱུཾ་ཕཊ་དྲག་པོའི་སྒྲས། །སྟོང་གསུམ་གང་ཞིང་ཚུར་འདུས་སྟེང་འོག་དང་། །ཕྱོགས་མཚམས་འཇིག་རྟེན་དྲེགས་པའི་གདན་སྟེང་དུ། །ཨོཾ་སརྦྦ་བིགྷྣཱན། ཁྲོ་བཅུ་དྲག་པོའི་གསུང་གི་ངར་སྒྲ་སྒྲོག །སྲིད་གསུམ་གནས་པའི་མི་བསྲུན་འབྱུང་པོའི་སྡེ། །འདི་རུ་མ་འདུག་འཇིག་རྟེན་གཞན་དུ་དེངས། །གལ་ཏེ་མི་འགྲོ་ལུས་སྲོག་རྡུལ་དུ་རློགས། །ཨཱོཾ་སུམྦྷ་ནི་སུམྦྷ་ཧཱུཾ། །གྷྲྀཧྣ་གྷྲྀཧྣ་ཧཱུཾ། གྷྲྀཧྞ་པ་ཡ་གྷྲྀཧྣཱའི་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱ་ན་བིདྱ་རཱ་ཛཱ་ཧཱུཾ་ཕཊ། ནང་མཚམས་ནི། ཧཱུཾ། ཐུགས་ལས་སྤྲུལ་པའི་ཁྲོ་བཅུས་མི་དགེ་བཅུ། །ཚར་བཅད་རྣམ་ཐར་ལམ་ལ་འགོད་བྱའི་ཕྱིར། །མ་དག་ཀུན་བཅོམས་ཁྲོ་བོ་ཞལ་ཕྱིར་གཟིགས། །བསྐལ་པའི་མེ་དཔུང་མཚོན་ཆའི་གུར་གྱིས་གཏམས། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ ཧཱུཾ་ཧཱུཾ་ཧཱུཾ། གརྫ་གརྫ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བྷནྡྷ་བྷནྡྷ། ཧུ་ལུ་ཧུ་ལུ། ཏིཥྠ་ཏིཥྠ། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། སྥོ་ཊ་ཡ་སྥོ་ཊ་ཡ། དགྲ་དགེགས་བར་གཅོད་ཐམས་ཅད་མཱ་ར་ཡ་ཧཱུཾ་ཕཊ༔ གསང་མཚམས་ནི། སྟེང་ཕྱོགས་ཕུར་པའི་བླ་བྲེ་བྲེས་པ་ལ། །ཕུར་པའི་གནམ་ལྕགས་ཐོག་ཆེན་ཤར་ར་ར། །འོག་ཕྱོགས་ཕུར་པའི་ས་གཞི་བརྡལ་བ་ལ། །ཕུར་པའི་འཕྲོ་འདུ་མ་ལྟར་འུར་(༤ན)


GLG024_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རུ་རུ། །ཕྱོགས་མཚམས་ཕུར་པའི་ར་བས་བསྐོར་བ་ལ། །ཕུར་པའི་ཚ་ཚ་གློག་ལྟར་ཁྱུགས་སེ་ཁྱུག །གང་གིས་འཇིག་ཏུ་མེད་པའི་སྲུང་བ་ཡི། །ཕུར་པའི་གུར་ཁང་མཚམས་ལས་མ་འདའ་ཞིག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ། རཀྵ་རཀྵ་ཧཱུཾཿ བཤགས་པ་ནི། ཨཱོཾ་བཛྲ་ས་མ་ཡ་ཧཱུཾ་ཛཿ ཞེས་པའི་སྔགས་ཀྱིས་བསྲུང་བའི་འཁོར་ལོའི་ནང་། །སྤྱན་དྲངས་བདེ་གཤེགས་ཞི་ཁྲོའི་ཚོགས་རྣམས་དགོངས། །གྲངས་མེད་བསྐལ་པར་བསགས་པའི་སྡིག་སྒྲིབ་རྣམས། །སྙིང་ནས་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། བརྡ་སྒོ་དབྱེ་བ་ནི། གསང་བའི་ཕོ་བྲང་ནང་དུ་བདག་འཇུག་གི །སྒོ་མ་བཞི་ཡིས་ཡེ་ཤེས་སྒོ་ཕྱེ་ཞིག །བྷྲཱུཾ་པྲ་བེ་ཤ་ཡ་ཕཊ༔ བརྡ་ཕྱག་འཚལ་བ་ནི། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏི་ཙྪ་ཧཱོཿ དམ་བཅའ་ཞུ་བ་ནི། བདག་ནི་མཁའ་མཉམ་སེམས་ཅན་རྣམས་ཀྱི་ཆེད། །བྱང་ཆུབ་སེམས་མཆོག་བསྐྱེད་པར་དམ་བཅའོ། །བྷོ་དྷི་ཙིཏྟ་ས་མ་ཡ་སྟཾ༔ བྱིན་དབབ་པ་ནི། ཧཱུཾཿ ཨ་ལ་ལ་ཧོཿ བྷ་ག་ཝཱན། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཧཱུཾ། དཔལ་ཆེན་འཕྲིན་ལས་གཞལ་ཡས་ཆེན་པོ་ནས། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས། ཁྲོ་བཅུ་ཁྲ་ཐབས་སྒོ་མ་བཀའ་སྲུང་སོགས། །རབ་འབྱམས་ལྷ་ཚོགས་རྣམས་ཀྱིས་ནུས་མཐུའི་དཔུང་། །བསྐྱེད་ནས་གནས་འདིར་དཀྱིལ་འཁོར་སྒྲུབ་པའི་རྫས། །ཀུན་ལ་སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ། །སྒྲུབ་མཆོག་སྔགས་འཆང་བདག་ལ་དབང་བསྐུར་ཞིག །འཕྲིན་ལས་རྣམ་བཞི་(༤བ)


GLG024_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་དུས་ལ་བབ། ས་མ་ཡ་ཨ་བེ་ཤ་ཡ་ཨཱཿ མཆོད་རྫས་བྱིན་གྱིས་བརླབ་པ་ནི། །དམ་རྫས་ཡེ་ཤེས་བདུད་རྩིའི་ངོ་བོར་འབར། །ཞིང་བཅུ་བསྒྲལ་བའི་རཀྟའི་རྦ་ཀློང་འཁྲུག །འདོད་ཡོན་རྣམ་ལྔའི་ལོངས་སྤྱོད་རྣམ་པར་བཀྲ །ཀུན་བཟང་མཆོད་པའི་སྤྲིན་ལྟར་རྒྱས་པར་གྱུར། །རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲིཿ ཨཱོཾ་མ་ཧཱ་རཀྟ་ཛྭ་ལ་ནི་ཧཱུཾ་ཕཊ༔ ཨཱོཾ་ཀ་པཱ་ལ་བྷྲུཾ། མ་ཧཱ་བྷ་ལིཾ་ཏ་ཨཱཿ ཏིང་འཛིན་རྣམ་གསུམ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། གསལ་སྟོང་དབྱེར་མེད་བདེ་ཆེན་རང་གི་སེམས། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། རིས་མེད་སྙིང་རྗེའི་རྩལ་གྱིས་ཡེ་ཤེས་ལྔའི། །འོད་གསལ་མངོན་པར་འབར་ལས་སྤྲུལ་སྐུའི་རྒྱུ། །རྒྱུའི་ཏིང་འཛིན་ནི། རང་གི་རིག་པ་ཡི་གེ་ཧཱུཾ་དུ་གྱུར། །ཨེ་ཡཾ་ར་སུ་ཀེཾ་རཾ་བྷྲཱུཾ་ཧཱུཾ། ཨེ་ལས་མཁའ་ཀློང་ཡཾ་ལས་རླུང་དཀྱིལ་སྟེང་། །ར་ལས་ཁྲག་མཚོ་སུ་ལས་ཞིང་ཆེན་བརྡལ། །ཀེཾ་ལས་ཀེང་རུས་བརྩེགས་པའི་ལྷུན་པོ་བརྗིད། །རཾ་ལས་བསྐལ་པའི་མེ་འབར་དེ་སྟེང་དུ། །སྨུག་ནག་ཨཱོཾ་ལཾ་འོད་དུ་འཚེར་བ་ཤར། །སྣང་སྲིད་མ་ལུས་ཕུར་པའི་གཞལ་ཡས་ཏེ། །གྲུ་གསུམ་དཔལ་ལ་ངན་སོང་གནས་བཅུ་རྫོགས། །རྒྱ་མདུད་འོག་མ་འདོད་ཁམས་ལྕུམ་བཞོགས་ཀྱི། །ཟུར་བརྒྱད་སྨད་ལ་གཟུགས་ཁམས་ཟུར་བརྒྱད་སྟོང་། །གཟུགས་མེད་མུ་བཞི་རྒྱ་མདུད་གོང་མ་ལ། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་གཞལ་ཡས་ཁང་། །ཕྱི་ཡི་འབྱུང་བའི་དཀྱིལ་འཁོར་ཆེན་པོར་གནས། །བྷྲཱུཾ་བི་ཤྭ་བི་ཤུདྡྷེ༔ རཏྣ་བྷནྡྷ༔ ཛྙཱ་ན་ཨེ་མཎྜ་ལ་བྷྲུཾ། རྒྱ་མདུད་དབུས་སུ་དྲག་པོའི་ཕོ་བྲང་ལ། །ཟླ་གམ་དམར་(༥ན)


GLG024_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཐིང་ནག་གྲུ་གསུམ་བརྒྱད། །ཡོངས་བསྐོར་གྲུ་ཆད་བར་ཁྱམས་སྒོ་བཞིར་བཅས། །རུས་སྦལ་གཟའ་དང་ཚངས་པ་ཆུ་སྲིན་སྦྲུལ། །ཞིང་ལྤགས་རྐང་རུས་རྒྱུ་མ་དོན་སྙིང་སོགས། །འཇིགས་རུང་ལས་གྲུབ་ཀ་གདུང་དྲལ་མ་གཞུ། །ཆུན་འཕྱང་དྲ་ཕྱེད་ཕོ་ལོང་ཏོག་ལ་སོགས། །རིན་ཅེན་ཐོད་པ་སྤེལ་བའི་རྩིག་པ་ལ། །གནམ་ལྕགས་གཟེར་བཏབ་དུར་ཁྲོད་ཆེན་པོ་བརྒྱད། །རྡོ་རྗེའི་ར་བ་བསྐལ་པའི་མེ་དཔུང་དབུས། །བཛྲ་ཏཾ་པདྨ་སུརྱ་ཙནྡྲ་མཎྜ་ལ་རུ་དྲ་དུ་ཏྲི་ཨ་སརྦ་བིགྷྣཱན༔ ལྟེ་བར་རྡོ་རྗེ་བྲག་ཆེན་པད་ཉིའི་ཁྲི། །རུ་དྲ་དགྲ་བགེགས་བསྣོལ་སྟེང་རྒྱུ་ཡིག་ཧཱུཾ། །ཧཱུཾ་སྥ་ར་ཎ་ཕཊ། ཧཱུཾ་ལས་འོད་འཕྲོས་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་བྱིན་རླབས་ཚུར་འདུས་ཧཱུཾ་ལ་ཐིམ། །སཾ་ཧ་ར་ཎ་ཧཱུཾ། ཧཱུཾ། སྙིང་རྗེ་ཆེན་པོས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པར་བྱ་བ་མ་ཡིན་ཏེ། །ཕུང་པོ་གཉིས་མེད་རྡོ་རྗེར་གཏམས་བྱས་ནས། །རྟོག་བྲལ་རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །དེ་ལས་འོད་འཕྲོས་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་དངོས་གྲུབ་ཀུན་བསྡུས་བདག་ལ་ཐིམ། །སངས་རྒྱས་མ་ལུས་ཀུན་གྱི་ཡེ་ཤེས་སྐུ། །རང་ཉིད་རྡོ་རྗེ་ཆོས་ཀྱི་དབྱིངས་ཉིད་ལས། །རབ་ཏུ་འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་ཉིད་བསྐྱེད་པར་བགྱི། །དེ་ལས་དྲག་པོའི་འོད་ཟེར་དཔག་མེད་འཕྲོས། །བདེ་གཤེགས་སྐུ་ཡི་གཟི་བརྗིད་ཐམས་ཅད་བསྡུས། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ༔ བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ། །ཞལ་གསུམ་(༥བ)


GLG024_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དྲུག་ཞབས་བཞི་གར་གྱིས་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་རྔམ་པའི་ཞལ། །གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། །གཡོན་གཉིས་མེ་དཔུང་འབར་བ་ཁ་ཊྭཾ་བསྣམས། །ལྷག་མའི་ཕྱག་གཉིས་རི་རབ་ཕུར་བུ་བསྒྲིལ། །དུར་ཁྲོད་ཆས་བརྒྱད་རྡོ་རྗེའི་ཁྱུང་གཤོག་སོགས། །དཔལ་གྱི་ཆས་བརྒྱན་བསྐལ་པའི་མེ་དཔུང་གི །རྩིབས་སྟོང་ཕྱོགས་བཅུར་འཕྲོ་ཞིང་སྲིད་གསུམ་བསྲེག །གྲངས་མེད་ཁྲོ་ཆུང་མཚོན་གང་རབ་འཕྲོ་ཞིང་། །ཐུགས་ཀར་ཡེ་ཤེས་སེམས་དཔའ་གཟི་འོད་འབར། །ཧཱུཾ་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ༔ འཁོར་ལོ་རྒྱས་འདེབས་མཐིང་ནག་ཕྱག་གཉིས་ཀྱིས། །རྡོ་རྗེ་ཐོད་ཁྲག་འཁྲིལ་སྦྱོར་ཡབ་ལ་སྟོབ། །ཨཱོཾ་བཛྲ་ཀྲོ་ཏ་ཧཱུཾ་ཀ་ར་ཧཱུཾ༔ གྷརྫ་གྷརྫ་ཧཱུཾ་ཕཊ༔ སྔགས་དེ་བརྗོད་པ་ཙམ་གྱིས་ནི༔ དཔལ་ཆེན་གཙོ་བོའི་སྤྱི་གཙུག་ཏུ༔ ཁྲོ་བོའི་རྒྱལ་པོ་ཧཱུཾ་ཀ་ར༔ ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ༔ སྤྲུལ་པ་ཕག་དང་རྨིགས་བུའི་མགོ༔ འོད་དང་ཟེར་གྱི་ཚུལ་དུ་བསྒོམ༔ ཨཱོཾ་བཛྲ་ཀྲོ་ཏ་བི་ཛཱ་ཡ་ཧཱུཾ༔ ཧ་ན་ཧ་ན་ཧཱུཾ་ཕཊ༔ ཐུགས་ཀར་ཁྲོ་བོ་རྣམ་པར་རྒྱལ༔ ཡུམ་ཆེན་རྡོ་རྗེ་རྣམ་བསྙེམས་མ༔ སྤྲུལ་པ་སྟག་དང་བྱ་རྒོད་མགོ༔ བཀྲག་དང་གཟི་མདངས་ལྡན་པར་བསྐྱེད༔ ཨཱོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུཾ༔ ད་ཧ་ད་ཧ་ཧཱུཾ་ཕཊ༔ ཅེས་བརྗོད་ནུ་མ་གཡས་ཀྱི་སྟེང་༔ ཁྲོ་བོ་དབྱུག་པ་སྔོན་པོ་དང་༔ ཡུམ་ཆེན་རྡོ་རྗེ་སྡེར་མོ་གཉིས༔ སྤྲུལ་པ་གཡག་དང་བྱ་རོག་མགོ༔ བཀྲག་དང་གཟི་མདངས་ལྡན་པར་བསྐྱེད༔ ཨཱོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུཾ༔ པ་ཙ་པ་ཙ་ཧཱུཾ་ཕཊ༔ ཅེས་བརྗོད་དཔུང་པ་གཡས་ཀྱི་སྟེང་༔ ཁྲོ་བོ་གཤིན་རྗེ་གཤེད་པོ་དང་༔ ཡུམ་(༦ན)


GLG024_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དུར་ཁྲོད་བདག་མོ་གཉིས༔ སྤྲུལ་པ་ཤ་བ་འུག་པའི་མགོ༔ ལས་ལ་ཆས་པ་ལྟ་བུར་བསམ༔ ཨཱོཾ་བཛྲ་ཀྲོ་ཏ་ཨཱ་ཡ་ཨ་ཙ་ལ་ཧཱུཾ༔ བྷནྡྷ་བྷནྡྷ་ཧཱུཾ་ཕཊ༔ ཅེས་བརྗོད་སོག་པ་གཡས་ཀྱི་སྟེང་༔ ཁྲོ་བོ་མི་གཡོ་མགོན་པོ་དང་༔ ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ༔ སྤྲུལ་པ་གཟིག་དང་ཁྭ་དའི་མགོ༔ བཀའ་ཉན་ཚུལ་དུ་བསྒོམ་པར་བྱ༔ ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷཱི་བ་ཧཱུཾ༔ ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཅེས་བརྗོད་རྒྱབ་ཀྱི་སོག་སྦྲག་ཏུ༔ ཁྲོ་བོ་རྟ་མགྲིན་རྒྱལ་པོ་དང་༔ ཡུམ་ཆེན་གཏུམ་མོ་དབང་སྡུད་མ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ སྲུང་བའི་གོ་ཆ་མཛད་པར་བསྒོམ༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུཾ༔ ཏིཥྛ་ཏིཥྛ་ཧཱུཾ་ཕཊ༔ ཅེས་བརྗོད་སོག་པ་གཡོན་པའི་སྟེང་༔ ཁྲོ་བོ་འདོད་པའི་རྒྱལ་པོ་དང་༔ ཡུམ་ཆེན་རྡོ་རྗེ་མདའ་བསྙེམས་མ༔ སྤྲུལ་པ་སྤྱང་ཀི་ཁ་ཡི་མགོ༔ བཀའ་སྡོད་ཕོ་ཉའི་ཚུལ་དུ་བསམ༔ ཨཱོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ༔ ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ༔ ཅེས་བརྗོད་དཔུང་པ་གཡོན་པའི་སྟེང་༔ ཁྲོ་བོ་བདུད་རྩི་འཁྱིལ་བ་དང་༔ ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ༔ སྤྲུལ་པ་སེང་གེ་ཕ་ཝང་མགོ༔ དངོས་གྲུབ་ཆེན་པོའི་ཕོ་ཉར་བསམ༔ ཨཱོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ༔ བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ༔ ཅེས་བརྗོད་ནུ་མ་གཡོན་པའི་སྟེང་༔ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང་༔ ཡུམ་ཆེན་ཁྲོ་མོ་གསོད་བྱེད་མ༔ སྤྲུལ་པ་དྲེད་དང་སྲེ་མོའི་མགོ༔ དགྲ་བགེགས་འདུལ་བའི་སྲུང་མར་བསྒོམ༔ ཨཱོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུཾ༔ སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ་ཕཊ༔ ཅེས་བརྗོད་འོག་གི་བཅུ་དྲུག་མདོར༔ ཁྲོ་བོ་འཇིགས་བྱེད་སྟོབས་པོ་ཆེ༔ ཡུམ་ཆེན་རྡོ་རྗེ་སྐྱོད་(༦བ)


GLG024_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མ༔ སྤྲུལ་པ་དོམ་དང་བྱི་བའི་མགོ༔ བཀའ་སྡོད་ཚུལ་དུ་གསལ་བར་བསྒོམ༔ ཨཱོཾ་བཛྲ་ཀྲོ་ཏ་སྥ་ར་ན་ཧཱུཾ་ཕཊ༔ སྐུ་ལུས་རྒྱ་ཁྱོན་ཐམས་ཅད་དུ༔ བ་སྤུ་རེ་ལ་ཁྲོ་ཆུང་རེ༔ འཇིགས་པའི་མཚོན་ཆ་ཐོགས་ནས་ཀྱང་༔ སྲུང་བྱེད་ཁྲབ་ཏུ་གཏམས་པར་བསྒོམ༔ ཨཱོཾ་བཛྲ་གྷ་རུ་ཌ་ཧཱུཾ་ཕཊ༔ ལྟེ་བའི་གནས་སུ་སྤྲུལ་པའི་ཁྱུང་༔ དུང་མདོག་ལྕགས་ཀྱི་གཤོག་པ་ཅན༔ གསེར་མིག་འཁྱིལ་བ་རྡོ་རྗེའི་སྐུ༔ མཆུ་སྡེར་ལྕགས་ཀྱིས་སྦྲུལ་བཟུང་ནས༔ གདུག་པ་ཅན་རྣམས་ཟས་སུ་ཟ༔ དེ་ལྟར་ཤིན་ཏུ་གསལ་བར་བསྒོམ༔ གཙོ་བོའི་ཐུགས་ལས་ཕྱག་རྒྱ་བཞི་སྤྲོས་པས། །ཕྱོགས་སྐྱོང་བཅུ་པོ་རང་དབང་མེད་པར་བཀུག །ཛཿཧཱུཾ་བཾ་ཧོཿ མོ་གྷ་ཡརྣིར་ཛཿ ཨེ་སརྦ་བིག་ནན༔ སྟེང་འོག་ཕྱོགས་མཚམས་གྲུ་གསུམ་པད་ཉི་ཟླ། དེ་སྟེང་གཙོ་བོའི་ཐུགས་ལས་ཧཱུཾ་ཟུང་བཅུ། །འཕྲོས་པས་བདེ་གཤེགས་ཐུགས་བསྐུལ་འགྲོ་དོན་བྱས། །བཛྲ་བཛྲ་རྡོ་རྗེ་འབར་བ་བཅུ། །ཕན་ཚུན་འཕྲོ་འདུ་ཁྲོ་ཆུང་སྐར་ལྟར་འཕྲོ། །ཀཱི་ལཱ་ཡ་ཧཱུཾ༔ ཧཱུཾ་སྟེང་ཕྱོགས་ཚངས་པ་བསྣོལ་བའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ༔ གརྫ་གརྫ་ཧཱུཾ་ཕཊ༔ དེ་ལས་ཧཱུཾ་མཛད་དང་ནི་སྒྲ་འཛིན་མ། །སྤྲུལ་པའི་ཕྲ་མེན་ཕག་དང་རྨིག་བུའི་མགོ །ཤར་ཕྱོགས་བརྒྱ་བྱིན་བསྣོལ་བའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ༔ ཧ་ན་ཧ་ན་ཧཱུཾ་ཕཊ༔ དེ་ལས་རྣམ་པར་རྒྱལ་དང་རྣམ་བསྙེམས་མ། །སྤྲུལ་པའི་ཕྲ་མེན་སྟག་དང་བྱ་རྒོད་མགོ །ཤར་ལྷོ་མེ་ལྷ་བསྣོལ་བའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ༔ ད་ཧ་ད་ཧ་ཧཱུཾ་ཕཊ༔ དེ་ལས་དབྱུག་སྔོན་ཅན་དང་རྡོ་རྗེ་སྡེར། །སྤྲུལ་པའི་ཕྲ་མེན་གཡག་དང་བྱ་རོག་མགོ །ལྷོ་ཕྱོགས་གཤིན་རྗེ་བསྣོལ་བའི་(༧ན)


GLG024_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ༔ དེ་ལས་གཤིན་རྗེ་གཤེད་དང་དུར་ཁྲོད་བདག །སྤྲུལ་པའི་ཕྲ་མེན་ཤ་པ་འུག་པའི་མགོ །ལྷོ་ནུབ་སྲིན་པོ་བསྣོལ་བའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ༔ བྷནྡྷ་བྷ྄ནྡྷ་ཧཱུཾ་ཕཊ༔ དེ་ལས་མི་གཡོ་མགོན་དང་གཏུན་ཁུང་མ། །སྤྲུལ་པའི་ཕྲ་མེན་གཟིག་དང་ཁྭ་དའི་མགོ །ནུབ་ཕྱོགས་ཀླུ་དབང་བསྣོལ་བའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ཧཱུཾ༔ ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ དེ་ལས་རྟ་མགྲིན་རྒྱལ་དང་དབང་སྡུད་མ། སྤྲུལ་པའི་ཕྲ་མེན་བྱི་ལ་པུ་ཤུད་མགོ །ནུབ་བྱང་རླུང་ལྷ་བསྣོལ་བའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾཿ ཏིཥྛ་ཏིཥྛ་ཧཱུཾ་ཕཊ༔ དེ་ལས་གཞན་གྱིས་མི་ཐུབ་མདའ་བསྙེམས་སམ། །སྤྲུལ་པའི་ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ །བྱང་ཕྱོགས་གནོད་སྦྱིན་བསྣོལ་བའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾཿ ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ༔ དེ་ལས་བདུད་རྩི་འཁྱིལ་དང་རླུང་འབྱིན་མ། །སྤྲུལ་པའི་ཕྲ་མེན་སེང་གེ་ཕ་ཝང་མགོ །བྱང་ཤར་དབང་ལྡན་བསྣོལ་པའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ༔ བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ༔ དེ་ལས་ཁམས་གསུམ་རྣམ་རྒྱལ་གསོད་བྱེད་མ། །སྤྲུལ་པའི་ཕྲ་མེན་དྲེད་དང་སྲེ་མོའི་མགོ །འོག་ཕྱོགས་ས་བདག་བསྣོལ་བའི་གདན་སྟེང་དུ། །ཨཱོཾ་བཛྲ་ཀྲོདྷ་མ་ཧཱ་བ་ལ་ཧཱུཾ༔ སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ་ཕཊ༔ དེ་ལས་སྟོབས་པོ་ཆེ་དང་སྐྱོད་བྱེད་མ། །སྤྲུལ་པའི་ཕྲ་མེན་དོམ་དང་བྱི་བའི་མགོ །ཡབ་རྣམས་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས། །རི་རབ་ཕུར་བསྒྲིལ་སྐུ་སྨད་(༧བ)


GLG024_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་གསུམ་པ། །དྲག་པོའི་དཔལ་ལྡན་རྡོར་གཤོག་དུར་ཁྲོད་ཆས། །ཕྱོགས་སྐྱོང་དྲེགས་པ་ཐལ་གྱིས་ཕྱུང་ནས་བཞུགས། །ཡུམ་བཅུ་མཐིང་སྐྱ་ཁྲོ་མོའི་ཆས་ཀུན་རྫོགས། །གཡས་པ་ཡབ་འཁྱུད་གཡོན་ཀུན་ཐོད་ཁྲག་སྟོབ། ཁྲ་ཐབས་ཀུན་ཀྱང་ལྕགས་ཀྱུ་ཕུར་བུ་བསྒྲིལ། །ཐུགས་ཀའི་ཧཱུཾ་ཡིག་རང་དང་སྔགས་ཀྱིས་བསྐོར། །ཧཱུཾ་ཕཊ་དྲག་པོའི་ང་རོས་སྲིད་གསུམ་གཡོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་ན་བཞུགས། །སྲས་མཆོག་གི་ཕུར་པ་བསྐྱེད་པ་ནི། སྲས་མཆོག་བཛྲ་ཀཱི་ལ་སྐུ་མདོག་ནག །ཕྱག་གཉིས་རྒྱ་གྲམ་ཕུར་བསྒྲིལ་སྐུ་སྨད་ནི། །ཟུར་གསུམ་རྡོར་གཤོག་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པར་མཛོད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཤཱནྟིང་། པུཥྚིཾ། པ་ཤང་། མཱ་ར་ཡ་ཧཱུཾ་ཕཊ། ས་མ་ཡ་ཏིཥྛ་ལྷན༔ མཐིང་ནག་གྲུ་གསུམ་གདན་ལ་བཞུགས་སུ་གསོལ། །སྒོ་མ་བཀའ་སྲུང་བསྐྱེད་པ་ནི། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ དྷ་ཏི་མ་མ་ཤཱི་གྷྲི་ཀ་ར་ཡེ་ཧཱུཾ་ཕཊ༔ དེ་ལས་དམ་ཅན་མ་མོ་བཅུ་གཉིས་པོ། །རང་རང་ཆ་ལུགས་ཡོངས་རྫོགས་བར་ཁྱམས་འཁོད། །སྒོ་བཞིར་ཛཿཧཱུཾ་བཾ་ཧོཿས་ཉི་མ་དང་། །ཞིང་རྐྱང་གདན་སྟེང་ཐུགས་ལས་སྤྲུལ་པ་ཡི། །དཀར་མོ་པུ་ཤུད་མགོ་ཅན་ལྕགས་ཀྱུ་ཐོགས། །སེར་མོ་སྐྱ་ཀའི་མགོ་ཅན་ཞགས་པ་ཐོགས། །དམར་མོ་སྲིན་བྱའི་མགོ་ཅན་ལྕགས་སྒྲོག་ཐོགས། །ལྗང་ནག་ཁྲ་ཡི་མགོ་ཅན་དྲིལ་བུ་ཐོགས། །ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས། བསེ་ལྕགས་དུང་ལ་སོགས་པའི་ཕོ་ཉ་བཞུགས། །སྲོག་ཡེ་ཤེས་སུ་བསྐྱེད་ནས་སྲོག་དབང་བསྐུར་བ་ནི། རྡོ་རྗེ་གཞོན་ནུའི་(༨ན)


GLG024_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་རྣམས། །སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་འཕྲིན་ལས་རྫོགས་བྱའི་ཕྱིར། །དབང་དང་དངོས་གྲུབ་འདིར་སྩོལ་ཅིག །ཨཱོཾ་ཧཱུཾ་ཏྲཾ་ཧྲཱིཿཨཿ ཨ་བྷི་ཥཱིཉྩ་ཧཱུཾ༔ བདག་གི་ཐུགས་ཀའི་འོད་ཟེར་གྱིས། །སྐུ་གསུང་ཐུགས་གྱི་བྱིན་རླབས་བསྡུས། ཁམས་གསུམ་ཐམས་ཅད་དུས་གཅིག་ཏུ། །བསྒྲལ་བར་ནུས་པའི་དབང་ཐོབ་གྱུར། །སྙན་གསན་ནི། འགྱུར་མེད་བདེ་བ་ཆེན་པོའི་ངང་ཉིད་ལས། །རྒྱལ་བ་ཞི་ཁྲོའི་ལྷ་ཡི་འཁོར་ལོའི་ཚོགས། །རྡོ་རྗེ་གཞོན་ནུ་ཡུམ་སྲས་ཁྲོ་བོ་བཅུ། ཁྲ་ཐབས་སྤྲུལ་པའི་གར་གྱིས་དབྱིངས་ནས་བཞེངས། །བཛྲ་ས་མ་ཡ་ཛཿ ལན་གསུམ་བརྗོད། སྤྱན་འདྲེན་པ་ནི། སྲིད་པ་རྡོ་རྗེ་ཕུར་བུ་བསྒྲུབ་པ་དང་། །མ་ལུས་དབང་དང་དངོས་གྲུབ་ལེན་པའི་ཕྱིར། །ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ། །ཕྱི་ནང་གསང་བའི་ཀུན་བཟང་མཆོད་སྤྲིན་བཞེས། །རྟགས་དང་མཚན་མ་བཟང་པོ་སྟོན་པ་དང་། །ཀཱི་ལཱ་ཡ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ ཨེ་ཧྱེ་ཧི་བྷ་ག་ཝཱན། མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤཱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ གཉིས་མེད་བསྟིམ་པ་ནི། ཡེ་ཤེས་ཁྲོ་བོའི་རྒྱལ་པོ་འཁོར་བཅས་རྣམས། །དམ་ཚིག་པ་དང་གཉིས་མེད་བརྟན་པར་བཞུགས། །ཛཿཧཱུཾ་བཾ་ཧོཿས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཱཿ ཆོས་ཀུན་བདག་དང་གཉིས་སུ་མེད་པའི་དོན། །ཡང་དག་དོན་གྱི་ཕྱག་དང་མཆོད་(༨བ)


GLG024_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབུལ། །ཤྲཱི་བཛྲ་ན་མ་ཡ༔ ཕྱག་འཚལ་བ་ནི། སྲིད་གསུམ་གདུག་པ་ང་རྒྱལ་མི་དགེ་བཅུ། །ལོག་འདྲེན་དགྲ་བགེགས་ཚོགས་རྣམས་གཞོམ་བྱའི་ཕྱིར། །བདེ་གཤེགས་རྣམས་ཀྱི་ནུས་མཐུའི་བདག་ཉིད་ཅན། །བཅོམ་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ་པྲ་ཏི་ཛ་ཧོཿ ཕྱི་མཆོད་ནི། དབང་པོའི་གཞུ་ལྟར་བཀྲ་བའི་མེ་ཏོག་གི །ཕུང་ཕུང་ཡལ་འདབ་གེ་སར་རྣམ་པར་ལྡེམ། །མཁའ་ལ་ཆུ་འཛིན་ལྟར་འཁྲིགས་བདུག་སྤོས་ཀྱིས། །དཔག་བསམ་ལྗོན་པའི་དྲི་ཡང་སྐྱེངས་པར་བྱེད། །དུས་ཀྱི་མེ་ལྕེའི་འཕྲེང་འདྲའི་མར་མེ་ཡིས། །ཉིན་མཚན་དབྱེ་བ་མེད་པའི་སྣང་བ་སྟེར། །གཏིང་དཔག་ནུས་དཀའི་དྲི་ཆབ་འཁྲུགས་པའི་རླབས། །སྲིད་པའི་རྩེ་མོར་འཕྱུར་བའི་དབུ་འཕྲེང་འཁྲིགས། །འཆི་མེད་བདུད་རྩིའི་བཅུད་རྣམས་བསྡུས་འདྲ་བའི། །སྣ་ཚོགས་བཤོས་བུའི་འཕྲེང་བ་ཚར་དུ་དངར། །བདུད་སྡེའི་གཡུལ་ལས་རྒྱལ་བའི་རྫ་རྔ་ཡི། །བརྗིད་ལྡན་དྲག་པོའི་སྒྲ་ཡིས་ཕྱོགས་ཀུན་འགེངས། །རྣོ་ངར་མཚོན་ཆའི་རུ་མཚོན་དྲངས་པ་ཡིས། །གཡུལ་ངོར་ལྷ་ཡི་དཔུང་ཚོགས་བཤམས་པ་ལྟར། །ཇི་སྙེད་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །མཁའ་དབྱིངས་ཁྱོན་ཀུན་བཟང་སྟེ་རྣམ་པར་འབུལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ པུཥྤེ་ནས་ཤཔྟའི་བར་བརྗོད། །སྨན་མཆོད་ནི། གདོད་ནས་རྣམ་དག་རྩ་བརྒྱད་སྟོང་སྦྱར་བའི། །མྱོང་གྲོལ་བདུད་རྩིའི་སྨན་གྱི་མཆོད་པ་འདི། །བླ་མ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ། །བཀའ་སྡོད་སྲུང་མར་བཅས་པའི་ཚོགས་ལ་འབུལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱི་ཡ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་(༩ན)


GLG024_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཁཱ་ཧི༔ ཀུན་བཟང་རྒྱལ་བ་རིགས་ལྔ་གསང་བའི་བདག །མཁའ་འགྲོ་ལས་ཀྱི་དབང་མོ་ཚངས་པའི་རྒྱལ། །བརྒྱ་བྱིན་ཀླུ་རྒྱལ་འཇོག་པོ་རྒྱལ་པོ་ཛར། །བདུད་རྩི་སྨན་མཆོད་འབུལ་ལོ་བཞེས་སུ་གསོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ཤཱཀྱ་པྲ་བྷ་པད་འབྱུང་བི་མཱ་ལ། །ཤཱི་ལ་མཉྫུ་འཚོ་རྒྱལ་སྣ་ནམ་ཞང་། །རྒོད་ལྡེམ་སེ་སྟོན་ཉི་བཟང་མགོན་བཟང་ལ། །བདུད་རྩི་སྨན་༴ ཨོཾ་ན་མཿསརྦ་༴ སེ་སྟོན་རིན་རྒྱལ་ཟླ་མགོན་ནུབ་དགོན་རྗེ། །སླར་ཡང་རྡོ་རྗེ་མགོན་དང་ངག་དབང་གྲགས། །སངས་དཔལ་མེས་སྟོན་ནམ་མཁའ་ཡོལ་མོ་བར། །བདུད་རྩི་སྨན་༴ ཨོཾ་ན་མཿསརྦ་༴ །ལེགས་ལྡན་རྗེ་དང་བཀྲ་ཤིས་སྟོབས་ཀྱི་རྒྱལ། །ངག་གི་དབང་པོ་སྟོབས་ལྡན་ཤུགས་འཆང་རྩལ། །པདྨ་བཛྲ་ཟིལ་གནོན་དྲག་རྩལ་ལ། བདུད་རྩི་སྨན་༴ ཨོཾ་ན་མཿསརྦ་༴། དབུས་ཕྱོགས་གྲུ་གསུམ་མཐིང་ནག་དཀྱིལ་འཁོར་ནས། །རྡོ་རྗེ་གཞོན་ནུ་འཁོར་ལོ་རྒྱས་འདེབས་མར། །རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་༴། སྟེང་འོག་ཕྱོགས་མཚམས་འཁོར་ལོའི་རྩིབས་སྟེང་ནས། ཁྲོ་བཅུ་ཡབ་ཡུམ་ཕྲ་ཕྱག་ཚོགས་རྣམས་ལ། རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་༴ གྲུ་གསུམ་འབར་བའི་དགྲ་བགེགས་གདན་སྟེང་དུ། །སྲས་མཆོག་བཛྲ་ཀཱི་ལ་རིགས་ལྔ་ལ། རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །མཧཱ་པཉྩ་༴ ཁྱམས་སུ་དམ་ཅན་མ་མོ་བཅུ་གཉིས་དང་། །སྒོ་བཞིར་འགུགས་འཆིང་སྡོམ་མྱོས་ལས་མཛད་མར། རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་༴ མུ་རན་བཅུ་ལས་དབང་ཕྱུག་ཉི་ཤུ་བརྒྱད། །དུར་ཁྲོད་དབུས་གནས་ཆོས་སྐྱོང་(༩བ)


GLG024_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྲུང་ལ། རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་༴ དངོས་གྲུབ་ལེན་པ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་རྒྱལ་བ་ཡི། །གདུང་ཚོབ་རིགས་འཛིན་སྔགས་འཆང་བདག་ཅག་གི །གནས་གསུམ་ཡི་གེ་ཧཱུཾ་གིས་བྱིན་བརླབས་པས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སཱིདྡྷི་ཧཱུཾ་ཨཱཿ གཏོར་མ་འབུལ་བ་ནི། གསང་བའི་དམ་རྫས་རྨད་བྱུང་བྷ་ལིང་ཆེ། །ཆོས་ཉིད་ཀློང་སྤྲུལ་མི་ཟད་འདོད་ཡོན་ལྔས། །རབ་སྤྲས་བདུད་རྩིའི་ངོ་བོར་བྱིན་བརླབས་འདི། །དཔལ་ཆེན་ལྷ་ཚོགས་འཁོར་དང་བཅས་ལ་འབུལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ མ་ཧཱ་བྷ་ལིང་ཏ་ཁཱ་རཾ་ཁཱ་ཧི༔ རཀྟ་འབུལ་བ་ནི། དུག་གསུམ་བསྒྲལ་བའི་དམར་ཆེན་རཀྟའི་ཚོགས། །དུང་ཆེན་སྣོད་དུ་བསྐྱིལ་བའི་ཁྲག་གི་མཚོ། །ཐུགས་རྗེ་ཆགས་པས་འགྲོ་བའི་དོན་མཛད་པའི། ཁྲག་འཐུང་ལྷ་ཚོགས་འཁོར་དང་བཅས་ལ་འབུལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ སྦྱོར་སྒྲོལ་གྱི་མཆོད་པ་ནི། ཐོད་པ་ཞིག་ཏུ་སྨན་རཀ་བསྲེས་པ་བླུག་པར་དམིགས་ཏེ། མཐིང་ནག་འབྲུབ་ཁུང་ནང་དུ་ཪྣྲི་ཏྲི་ལས། །དགྲ་བགེགས་གཟུགས་ལ་ཟླ་ཚེས་སྲོག་གསུམ་ཁུག །ཛཿཧཱུཾ་བཾ་ཧོཿ དཀར་ནག་སྙིང་ཁྲག་ལ། །མཱ་ར་ཡ་རྦད་དུག་གསུམ་ངོ་བོ་ཡི། །ཤ་ཆེན་ཁྲག་གི་རྒྱ་མཚོ་རུས་པའི་ཚོགས། །དཔལ་ཆེན་འཁོར་དང་བཅས་པའི་ཞལ་དུ་འབུལ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནྲྀ་ཏི་ཁ་རཾ་ཁཱ་ཧི༔ ཁྲོ་མོའི་མཁའ་གསང་ནང་དུ་ཁྲོ་རྒྱལ་གྱི། །ཐོ་བས་བརྡུངས་པས་གདུག་པའི་ཚོགས་རྣམས་བསྒྲལ། ཁ་ཐཾ་ཁ་ཐཾ་ཁ་ཐཾ༔ ཧཱུཾ་ཧཱུཾ་(༡༠ན)


GLG024_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ༔ ཕཊ་ཕཊ་ཕཊ༔ གཉིས་མེད་བྱང་ཆུབ་སེམས་ཀྱིས་ཐུགས་དམ་བསྐང་། །རྣམ་ཤེས་ཧཱུཾ་གྱུར་སྦྱོར་མཚམས་གནས་སུ་འཕངས། །བཛྲ་ཀྲོ་དྷ་བི་ཛཱ་ཡ་ཁཱ་ཧི་ཁཱ་ཧི༔ ལྷ་རྣམས་དགྱེས་པའི་ང་རོ་འབྲུག་ལྟར་སྒྲོག །ཧ་ཧ་ཧ༔ ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ༔ འཕྲིན་ལས་རྒྱ་མཚོར། སྦྱོར་སྒྲོལ་གྱི་བསྒྲལ་མཆོད་ལ་གདབ་ལས་མི་རིགས་པའི་ཤེས་བྱེད། ཉོན་མོངས་སྒྲོལ་བའི་མཆོད་པ་ཡོང་རྒྱུ་ཡིན་མོད་ཅེས་གསུང་ནའང་། ཕུར་པ་ཆེ་མཆོག་གི་ལས་བྱང་ལས། ཞེ་སྡང་ཆེན་པོའི་མཆོད་པ་འདིས། །ཕྱི་ལྟར་བསྒྲལ་བའི་ཞིང་བཅུ་སྒྲོལ། །ནང་ལྟར་ཉོན་མོངས་ཧྲགས་པའི་གཟུགས། །མ་ཏྲཾ་སྔོ་སྐྱ་བཀུག་ལ་སྐྱེལ། །ཞེས་པའི་ཕྱི་ནང་སྦྱོར་སྒྲོལ་གྱི་དོན་སྤྱན་རས་སུ་མ་བཙས་པ་ཡིན་ནམ་སྙམ། བསྟོད་པ་ནི། ཆོས་དབྱིངས་རྣམ་དག་ཡངས་པའི་མཁའ་ཀློང་ནས། །རྡོ་རྗེ་གཞོན་ནུ་མཐིང་ནག་ཆུ་འཛིན་ཆེ། །དྲག་པོའི་འཕྲིན་ལས་གནམ་ལྕགས་རྡོ་རྗེའི་ཐོག །ནག་ཕྱོགས་སྡེར་བཅས་བྲག་རི་འཇོམས་ལ་བསྟོད། །དུས་ཀྱི་མེ་ལྕེ་ལྷབ་ལྷུབ་འབར་བའི་དབུས། །གཏུམ་དྲག་སྲིན་པོའི་ཞལ་ཅན་མི་སྡུག་གཟུགས། །རྡོ་རྗེའི་ཁྱུང་གཤོག་ནམ་མཁའི་ངོས་སུ་བགྲད། །རྣོ་ངར་མཚོན་ཆས་དགྲ་སྙིང་འབིགས་ལ་བསྟོད། །དགྲ་བགེགས་རུ་དྲ་འདམ་ལྟར་བརྫིས་པའི་ཁྲིར། །དཔལ་ཆེན་ཁྲོ་བོའི་དབང་པོ་གར་གྱིས་འགྱིང་། །སྐྱེ་མཆེད་རྣམ་དག་ཤེས་རབ་གསལ་བའི་ཡུམ། །འཁོར་ལོ་རྒྱས་འདེབས་སྐུ་ལ་འཁྲིལ་དེར་བསྟོད། །དགྲ་བགེགས་གླང་པོའི་མགོ་འགེམས་ས་བཅུ་ཡི། །བདག་ཉིད་འཇིགས་བྱེད་ཁྲོ་བཅུ་(༡༠བ)


GLG024_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ལྔའི་དབང་། །ཕ་རོལ་ཕྱིན་བཅུའི་བདག་ཉིད་བདེ་བ་ཆེ། །སྐྱེད་མཛད་གཉིས་མེད་སྦྱོར་བའི་ཡུམ་ལ་བསྟོད། །མི་བསྲུན་ཞིང་བཅུའི་སྙིང་ག་འབིགས་བྱེད་པའི། །ཐུགས་ལས་སྤྲུལ་པའི་སྲས་མཆོག་ཀཱི་ལཱ་ཡ། །ཉོན་མོངས་ཉི་ཤུ་གནས་སྒྲོལ་བརྣག་པའི་སྙིང་། ཁྲག་དྲོན་འཐུང་བའི་ཁྲོ་ཐབས་ཉི་ཤུར་བསྟོད། །འགུགས་འཆིང་སྡོམ་རྡེག་མཛད་པའི་སྒོ་མ་བཞི། །མ་མོ་བཅུ་གཉིས་བསེ་ལྕགས་དུང་ལ་སོགས། །ཐོགས་མེད་འཕྲིན་ལས་བསྒྲུབ་པར་མཛད་པ་ཡི། །ཕུར་སྲུང་བཀའ་སྡོད་བཅས་ལ་ཕྱག་འཚལ་བསྟོད། །འཛབ་ནི། ཐུགས་ཀར་ཡེ་ཤེས་སེམས་དཔའ་རྒྱན་མེད་པ། །ཡབ་དང་ཚུལ་མཐུན་དེ་ཡི་ཐུགས་ཀར་ནི། །རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུཾ་སྔོན་མཐར། །གསེར་གྱི་མདོག་ཅན་སྙིང་པོས་བསྐོར་བ་ལས། །འོད་འཕྲོས་སྟོང་གསུམ་གང་ཞིང་སྲིད་གསུམ་གྱི། །ལོག་འདྲེན་གདུག་པའི་ཚོགས་རྣམས་ཚར་གཅོད་གྱུར། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ༔ གྲངས་རྟགས་ཚད་རྣམས་མན་ངག་ཇི་བཞིན་ལས། །བསྙེན་པའི་ཟབ་གནད་མཐའ་དག་ཞལ་ལས་དྲིས། །བརྒྱུད་འཛབ་ནི། ཧཱུཾ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རང་བྱུང་རྣམ་དག་ཞིང་ཁམས། ལྕང་ལོ་ཅན་རྣམས་ནས། །ཀུན་བཟང་ཧེ་རུ་ཀ་རྒྱལ་བ་ལྔ་དང་གསང་བའི་བདག །འགྲོ་དོན་སྐུར་བཞེངས་ཆོས་ཉིད་རང་སྒྲ་སྒྲོགས། །བདག་ཀྱང་རྗེས་འཇུག་ཐུགས་རྗེས་བྱིན་གྱིས་རློབས། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཚིག་རྐང་ཕྱི་མ་གཉིས་ཧཱུཾ་བདུན་དང་བཅས་པ་འོག་མ་ཀུན་ལ་སྦྱོར། བགྲོད་དཀའི་མཚོ་གླིང་མ་ལ་ཡའི་རྩེ་མོ་སོགས་གནས་མཆོག་དམ་པ་སོ་སོ་ནས། །ཌཱ་སྨུག་ནག་དབང་གི་ཀིའི་(༡༡ན)


GLG024_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པ་པའི་རྒྱལ་པོ་གདོང་གསུམ། ལྷ་དབང་བརྒྱ་བྱིན་ཀླུ་རྒྱལ། འཇོག་པོ་རྒྱལ་པོ། ཛ། །འགྲོ་དོན་སྐུར་བཞེངས་༴། བདག་ཀྱང་༴། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཟ་ཧོར་ཡུལ་ཡང་ལེ་ཤོད་ཆུ་བོ་གངྒའི་རྩ་བ་མཎྜ་ལ་སོགས་རྒྱ་གར་གནས་རྣམས་ནས། །པྲ་བྷ་ཤཱཀྱ་རིག་འཛིན་ཆེན་པོ་པད་འབྱུང་བི་མཱ་ལ་མི་ཏྲ་བལ་པོ་ཤེ་ལ་མཉྫུ། །འགྲོ་དོན་༴། བདག་ཀྱང་༴། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། །མོན་ཁ་སེང་རྫོང་རི་བོ་བཀྲ་བཟང་སོགས་བོད་ཀྱི་གནས་རྣམས་ནས། །མཁར་ཆེན་བཟའ་སྣ་ནམ་རྡོ་རྗེ་བདུད་འཇོམས། སྤྲུལ་སྐུ་རིགས་འཛིན་རྒོད་ལྡེམ་རྗེ། འགྲོ་དོན་༴། །བདག་ཀྱང་༴། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ལས་ལྡན་བཀའ་བབས་སྔགས་འཆང་རྡོ་རྗེ་མགོན། །ངག་དབང་གྲགས་པ་སངས་རྒྱས་དཔལ་བཟང་ཞབས། །འགྲོ་དོན་༴། བདག་ཀྱང་༴། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ནམ་མཁའ་རྒྱལ་མཚན་སྔགས་འཆང་ཤཱཀྱ་བཟང་། །བདུད་འཇོམས་རྡོ་རྗེ་མཁའ་འགྲོ་ཡོངས་གྲུབ་རྩལ། །འགྲོ་དོན་༴། བདག་ཀྱང་༴། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། བསྟན་པའི་རྒྱལ་མཚན་རྗེ་བཙུན་རྡོ་རྗེ་འཛིན། །བཀའ་དྲིན་གསུམ་ལྡན་ཟིལ་གནོན་དྲག་རྩལ་རྗེ། །འགྲོ་དོན་༴། བདག་ཀྱང་༴། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། འབྲལ་མེད། སྙིང་གའི་ཕོ་བྲང་རང་ལུས་རྒྱལ་བའི་དཀྱིལ་འཁོར། བསེ་གཏེར་མཛོད། སྒྲོམ་སྨུག་པོ། སྨུག་ནག་གྲུ་གསུམ་གཞལ་ཡས་རྣམས། ནས། །རྩ་བའི་བླ་མ་རང་རིག་མ་ཧཱ་གུ་རུ་གསང་སྙིང་པོའི་མཐར་ཐུག་སྔགས་བཀའ་སྲུང་ཨེ་ཀ་ཛཱ་ཊི། །འགྲོ་དོན་༴། བདག་ཀྱང་༴། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། རྩ་དང་། ཐིག་ལེ་དང་། བཀའ་དང་དམ་ཚིག་གི་གཞལ་ཡས་རྣམས་ནས། །མ་དང་ཡེ་ཤེས། མཁའ་འགྲོ་བཀའ་ཆོས་སྐྱོང་གཏེར་བདག །སྲུང་རྡོ་རྗེ་སྤུན་གྲོགས་རྣམས། །འགྲོ་དོན་༴། བདག་ཀྱང་༴། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ལུས་ངག་ཡིད་གསུམ་བྱིན་རློབས་ཕྱི་དང་ནང་། གསང་བའི་བར་ཆད་སོལ་ལ་བྱིན་གྱིས་རློབས། །མི་མཐུན་རྐྱེན་སོལ་ལམ་སྣ་ཆོས་ལ་དྲོངས། །(༡༡བ)


GLG024_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཚོགས་ནི། རཾ་ཡཾ་ཁཾ་གིས་ཚོགས་ཀྱི་ཉེས་པའི་སྐྱོན། །མ་ལུས་སྦྱངས་ནས་བདུད་རྩིའི་ངོ་བོར་གྱུར། །ཨཱོཾ་ཨཱཿཧཱུཾ། བླ་མ་རྡོ་རྗེ་གཞོན་ནུ་སྲུང་མར་བཅས། །སྲིད་པ་རྡོ་རྗེ་ཕུར་སྒྲུབ་མཆོག་ཐུན་གྱི། །དངོས་གྲུབ་སྩོལ་ཞིང་དགྲ་བགེགས་སྒྲོལ་བའི་ཕྱིར། །ཚོགས་ལ་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཨཱོཾ་བཛྲ་ས་མ་ཡ་ཛཿཛཿ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝེ་ཏེ། ཤཔྟ་ཨཱཿཧཱུཾ། བླ་མེད་མཆོད་པ་ཡེ་ཤེས་བདུད་རྩིའི་བཅུད། །མི་ཟད་ནམ་མཁའི་མཛོད་བརྙེས་འདོད་ཡོན་ལྔས། །རྣམ་པར་བརྒྱན་འདི་རྩ་གསུམ་འཁོར་ལོའི་ལྷ། །ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་ལ་འབུལ། །གྷ་ན་ཙཀྲ་པཱུ་ཛ་ཁ་རཾ་ཁཱ་ཧི༔ གཡས་ཞལ་ལ་མཆོད་པ་འབུལ་བ་ནི། འོད་སྟོང་འབར་བའི་ཤེལ་དཀར་སྡོང་པོ་བཞིན། །རབ་བཞད་ཟླ་བའི་བཞིན་རས་གཡས་ཞལ་ལ། །ཚོགས་ཕུད་མཆོད་པ་འབུལ་ལོ་བར་ཆད་ཀུན། །ཞི་ཞིང་མཐུན་པའི་དངོས་གྲུབ་སྩལ་དུ་གསོལ། །གཡོན་ཞལ་ལ་བཤགས་པ་ནི། །སྲིད་པའི་ཕུར་བུ་བསྒྲུབ་པའི་མཆེད་ལྕམ་རྣམས། །བག་མེད་དབང་གིས་རྩ་བ་ཡན་ལག་གི །དམ་ཚིག་ཉེས་པའི་ཚོགས་ཀུན་བཤགས་བགྱིད་ན། །ཐུགས་རྗེ་ཆེ་ལྡན་རྣམས་ཀྱིས་བཟོད་པར་མཛོད། །རྩ་ཞལ་ལ་བསྒྲལ་མཆོད་ནི། བཀའ་གཏེར་གཉིས་ཀར་རྒྱས་བསྡུས་དུ་མ་ཡོད་ཀྱང་། འདིར་ནི་འབྲུབ་འཆམས་དང་བཅས་པའི་རྒྱས་པའི་དབང་དུ་བྱས་ཏེ་ཁྲིགས་རིམ་དུ་བསྒྲིག་པར་བྱེད་པ་ཡིན་ལ། དེ་ཡང་མངོན་སྤྱོད་བརྣག་པའི་(༡༢ན)


GLG024_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ། རྡོ་རྗེ་སློབ་དཔོན་ཞྭ་ཕོད་དང་བཅས་ཆས་བསྒྱུར་བ་ཚད་ལྡན་གྱི་ཡིག་ཆ་ཀུན་ལ་ཡོད་ཀྱང་། མཁས་རློམ་ཁ་ཅིག་གིས། ངུར་སྨྲིག་འཛིན་པས་སྡིག་ལ་སྡིག །ཅེས་པའི་ལུང་ལ་བརྟེན་ནས། རབ་བྱུང་རྣམས་ཆས་མི་བསྒྱུར་ཞེས་སྨྲ་བ་ནི། ལུང་དེའི་དོན་ཀྱང་མ་གོ་བའི་རང་མཚང་སྟེ། ལུང་དེ་ནི་ངུར་སྨྲིག་འཛིན་པ་རྣམས་དགེ་སྦྱོང་གི་ཆོས་བཞི་ཉམས་སུ་ལེན་དགོས་པས། སྤྱིར་སེམས་ཅན་གཞན་ལ་སྡིག་པ་སྟེ་གནོད་པར་བྱར་མི་རིགས་ཀྱང་། བསྒྲལ་བའི་ཞིང་དུ་གྱུར་པའི་སྡིག་ཅན་བསྒྲལ་ཞེས་པའི་དོན་ཡིན་གྱི། ཆས་གོས་ཀྱི་དབྱེ་བ་ནི་མ་ཡིན་པ་མངོན་སུམ་དུ་འགྲུབ་བོ། །ལུགས་འདིའི་སྒོ་ནས་དགྲ་བགེགས་དམིགས་ཀྱིས་བཀར་པ་ལ། ལིངྒ་འཁོར་ལོའི་བྲི་ཚུལ། གངས་ཁྲོད་ཀྱི་ཕུར་བུ་མཁན་པོ་ཕལ་ཆེར་ལ་མ་གྲགས་པའི་ཟབ་གནད་མཐའ་ཡས་ཀྱང་། བརྒྱུད་ལྡན་གྱི་མན་ངག་ལས་ལེན་ཕྱིར་འདིར་མ་སྤྲོས་ལ། སྤྱིར་བཏང་ལ་ཡང་། བླ་མ་རིགས་འཛིན་ཡི་དམ་སྲུང་མ་རྣམས་བསྐུལ་ཞིང་། གསེར་སྐྱེམས་ནས་བཟུང་ཞལ་སྟོབ་ཀྱི་བར་ཕྱག་ལེན་འཕྱུགས་མེད་དུ་དགོས་པས། དིང་སང་དྲག་པོའི་ལས་སྦྱོར་གྱི་གནད་མིག་དང་རྣ་བར་མ་སོན་པའི་གང་དྲན་གྱི་ཟན་རོལ་མོ་དང་བཅས་ཏེ། སྲང་མདོའི་ཁྱི་རྒན་དགའ་བར་བྱེད་པའི་དྲེགས་ལྡན་གྱི་རྣམ་ཐར་མ་ཡིན་པའི་ལག་ལེན་ཆེ་ཕྲ་མཐའ་དག་ཉམས་འོག་ཏུ་ཆུད་པར་བྱེད་པ་ནི་གནད་ཡིན་ནོ། །བསྐུལ་བ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་གསོབ་པའི། །རིགས་འཛིན་(༡༢བ)


GLG024_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་དུས་ལ་བབ། །ཨུ་རྒྱན་པདྨ་འབྱུང་གནས་ཀྱིས། །རྒྱ་གར་ཙནྡན་ནགས་ཚལ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །པཎ་ཆེན་བི་མཱ་མི་ཏྲ་ཡིས། །རྒྱ་གར་ཆུ་བོ་གངྒཱ་ལ། ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །བལ་པོ་ཤཱི་ལ་མཉྫུ་ཡིས། །མཎྜ་ལ་ཡི་མཁར་གོང་དུ། ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །མཆིམས་སྟོན་ཤཱཀྱ་པྲ་བྷ་ཡིས། །ཡར་ཀླུངས་བགེགས་ཀྱི་ཕུག་ཆུང་དུ། ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །ཤུད་བུ་དཔལ་གྱི་སེང་གེ་ཡིས། །འུ་ཤང་རྡོ་ཡི་བྲག་ལོགས་ལ། ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས། །ཧས་པོ་རི་ཡི་ཡང་གོང་ལ། ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །མཁར་ཆེན་བཟའ་ཡི་འཚོ་རྒྱལ་གྱིས། །ནམ་མཁའི་ཕོ་རོག་ནག་པོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །མཁར་ཆེན་དཔལ་གྱི་དབང་ཕྱུག་གིས། །རྩིབས་ཀྱི་སྤྱང་ཀུ་སྔོན་པོ་ལ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །སྤྲུལ་སྐུ་གཏེར་སྟོན་ཡབ་སྲས་ཀྱིས། །ཟང་ཟང་རི་བོའི་བྲག་གི་རྩེར། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །སྔགས་འཆང་ཤཱཀྱ་བཟང་པོ་ཡིས། །ཡོལ་མོ་གངས་ཀྱི་ར་བ་རུ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །སྤྲུལ་སྐུ་ལེགས་ལྡན་རྡོ་རྗེ་ཡིས། །འབྲས་གཤོངས་གནས་སྒོ་འབྱེད་པའི་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས། །ཀོང་ཡུལ་གཙང་ཆབ་གྱེན་བཟློག་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །གཞན་ཡང་འཁོན་སྟོན་བསོད་ནམས་དང་། །རླངས་སྟོན་ཀུན་བཟང་རོལ་པའི་ཞབས། །ཐུ་སྟོན་འཇིགས་མེད་དཔའ་བོ་སོགས། །མཁས་ཤིང་གྲུབ་པ་བརྙེས་པ་ཡི། །བཀའ་གཏེར་བརྒྱུད་པའི་བླ་མ་རྣམས། །རང་རང་སོ་སོའི་སྒྲུབ་ཁང་དུ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །ཁྱོད་ཀྱི་འཕྲིན་ལས་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བཅོམ་ལྡན་རྡོ་རྗེ་ཕུར་པ་ཡབ་ཡུམ་སྲས། ཁྲོ་བཅུ་ཁྲ་ཐབས་སྒོ་སྲུང་བཅས་པ་ཡི། །མངོན་སྤྱོད་དྲག་པོའི་འཕྲིན་ལས་(༡༣ན)


GLG024_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལ་བབ། །དགྲ་བོའི་བླ་སྲོག་ཁུག་ལ་སྙིང་ཁྲག་འཐུང་། །ལྕགས་ཀྱི་སྤྱང་མོ་གཡུ་ཡི་ཁྱི་མོ་དང་། །གསེར་གྱི་འཕར་བ་ཟངས་ཀྱི་ཝ་མོ་བཞིའི། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །དྲེལ་རྟ་ཆུ་གླང་ཤ་བ་རྔ་མོ་ལ། །ཞོན་ནས་སྟོང་གསུམ་མྱུལ་བའི་རེ་མ་བཞིའི། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །རྡོ་རྗེ་ཡབ་སྦྱིན་རྡོ་རྗེ་དེ་སྦྱིན་དང་། །རྡོ་རྗེ་བསེ་སྦྱིན་རྡོ་རྗེ་ཕག་སྦྱིན་བཞིའི། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །ཕྱོགས་བཞིའི་སྐྱེས་བུ་བཞི་དང་བདུད་མོ་བཞི། །ཞིང་ཆེན་དམག་དཔོན་ཆེན་པོ་རྣམ་བཞི་ཡི། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །མདོར་ན་ཕུར་སྐྱོང་སྲུང་མའི་ཚོགས་སྤྱི་དང་། །བཀྲ་བཟང་ལྷ་བྲག་གཏེར་གྱི་སྲུང་མ་ཡི། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །དཀྱིལ་འཁོར་མུ་རན་ལས་བྱེད་གདུག་པ་ཅན། །མ་ཚོགས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག །དེ་ཡང་ཐོག་མར་གསེར་སྐྱེམས་གཟུ་དབང་ནི། །རྩ་བརྒྱུད་བླ་མ་ཕུར་པའི་ལྷ་ཚོགས་རྣམས། །དེང་འདིར་དགོངས་ཤིག་སངས་རྒྱས་བསྟན་འཇིག་ཅིང་། །མཚན་ལྡན་བླ་མའི་སྐུ་དགྲ་སྒྲོལ་བགྱིད་ན། །གསེར་སྐྱེམས་མཆོད་པ་འདི་བཞེས་གཟུ་དཔང་མཛོད། །གཙུག་ལག་ཆོས་འཁོར་འཇིག་ཅིང་དགེ་འདུན་གསོད། །ལུས་ཅན་ཀུན་འཚེ་མཚམས་མེད་ལྔར་སྤྱོད་ཅིང་། །རིགས་འཛིན་རྣལ་འབྱོར་སྒོས་དགྲ་སྒྲོལ་བགྱིད་ན། །གསེར་སྐྱེམས་༴། །དགེ་བཅུའི་ལུགས་དམད་མི་དགེའི་སྲོལ་ངན་བསྟོད། །སྣ་ཚོགས་ཐབས་ཀྱིས་ངན་གཡོའི་སེམས་འཆང་བའི། །མི་བསྲུན་གདུག་པའི་དགྲ་བགེགས་སྒྲོལ་བགྱིད་ན། །གསེར་སྐྱེམས་༴། ཕུར་བསྒྱུར་ནི། མི་བཟད་རྣོ་ངར་ལྡན་པ་ཡི། །དྲག་བྱེད་ཕུར་པ་གཉན་པོ་འདི། །སྟེང་(༡༣བ)


GLG024_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྷ་ལ་མི་འདེབས་སོ། །ཕུར་ལམ་གཉན་པོ་ད་ཕྱེ་ཞིག །ཚིག་གཞན་གསུམ་འདྲ་བ་ལ། འོག་གི་ཀླུ་ལ་མ་འདེབས་སོ། །ཡང་སྡེ་བརྒྱད་སུན་ལ་མི་འདེབས་སོ། །དྲག་བྱེད་ཕུར་པ་གཉན་པོ་འདི། །སྡང་བར་བྱེད་པའི་དགྲ་ལ་འདེབས། །གནོད་པར་བྱེད་པའི་བགེགས་ལ་འདེབས། །ཟ་བར་བྱེད་པའི་འདྲེ་ལ་འདེབས། །ཕུང་བར་བྱེད་པའི་སྲི་ལ་འདེབས། །ལས་ཀྱི་བདུད་གཡོས་ཕུར་ཁས་བཟློག །མས་ཀྱི་སྲི་ལངས་ཕུར་ཁས་བཟློག །ཆགས་ཆེ་ཉམ་ང་ཕུར་ཁས་བཟློག །དགྲ་བགེགས་ཐལ་བའི་རྡུལ་དུ་རློག །དེ་ནས་འབྲུབ་ཁུང་བསྐྱེད་ཆོག་ནི་བཀའ་གཏེར་གཉིས་ཀར་གསལ་བ་མི་འདུག་པ་འཁྲུགས་བ་སྡེབས་ཁ་འགེངས་ལ་དགོངས་ལ། དེང་སང་ལག་ལེན་དུ་མི་བྱེད་པ་ནི། དམིགས་པ་རྣོན་པོ་ཡང་རབ་ལ་མེད་ཀྱང་རུང་མོད། འོན་ཀྱང་ཕྱག་ལེན་འཁྲུགས་པའི་རྒྱུན་འབྱམས་པ་ཡིན་ནོ། །རང་གི་ཐུགས་ཀ་ནས། ཞེས་པ་ནས་བཟུང་སྟེ། ཁུག་ཅིག །ཅེས་པའི་བར་ཟིལ་གནོན་གྱི་ལས་བྱང་དཀྱུས་བཞིན་ལ། འཇམ་དཔལ་ཚེ་བདག་ནས་བཅས་པའི་བར། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཐབས་སྒོ་མ་བཀའ་སྲུང་པས་ལྕགས་དུང་ལ་སོགས་པའི་ཕོ་ཉ་དམ་ཅན་དང་བཅས་པ། ཞེས་འདོན་པ་བསྒྱུར་རོ། །རྡོ་རྗེ་གཞོན་ནུའི་ང་རྒྱལ་ལ་གནས་པའི་རྡོ་རྗེ་སློབ་དཔོན་ཞྭ་ཕོད་ཅན་གྱི་རྔ་པ་རྣམས་དང་ལྷན་ཅིག་གམ། རང་ཉིད་གཅིག་པུས་ཀྱང་རུང་སྟེ། བདེན་བདར་དང་། དར་ནག་གི་གཡབ་མོ། ཕྱག་རྒྱ་བཞི་སོགས་བྱེད་དགོས་ལ། དིང་སང་གངས་ཁྲོད་སྔགས་འཆང་མང་པོ་ཞིག་ཁྲོ་བོའི་ཞལ་བརྙན་སོགས་ཀྱི་ཆ་བྱད་དང་


GLG024_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པས་བདེན་པ་དང་དགུག་གཞུག་བྱེད་པ་ནི། མངོན་སྤྱོད་ལ་ནང་བྱན་ཚུད་པ་ཞིག་གིས་བརྟགས་ཚེ་བཞད་གད་ཀྱི་གནས་སོ། །དེ་ནས་རོལ་མོ་དང་བཅས། སྒོ་མ་བསྐུལ་བ་ནི། དཀྱིལ་འཁོར་ཤར་ཕྱོགས་སྒོ་སྲུང་པུ་ཤུད་མགོ །ལོག་འདྲེན་འགུགས་པར་བྱེད་པའི་ལྕགས་ཀྱུ་ཐོགས། །འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་བླ་སྲོག་རྣམས། ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛཿ འོག་མ་འགྲེ །དཀྱིལ་འཁོར་ལྷོ་ཕྱོགས་༴ སྐྱེ་ཀའི་མགོ༔ །ལོག་འདྲེན་འཆིང་བར་༴ ཞགས་པ་ཐོགས། །འཁོར་བཅས་༴ སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །དཀྱིལ་འཁོར་ནུབ་ཕྱོགས་༴ སྲིན་བྱའི་མགོ །ལོག་འདྲེན་སྡོམ་པར་༴ ལྕགས་སྒྲོག་ཐོགས། །འཁོར་བཅས་༴ །ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ། །དཀྱིལ་འཁོར་བྱང་ཕྱོགས་༴ ཁྲ་ཡི་མགོ །ལོག་འདྲེན་མྱོས་པར་༴ དྲིལ་བུ་ཐོགས། །འཁོར་བཅས་༴། མྱོས་པར་གྱིས་ཤིག་བཛྲ་གྷཎྜ་ཧོ༔ ཕོ་ཉའི་ཚོགས་ཀྱིས་དགྲ་བོའི་སྐྱོབ་བྱེད་ལྷ། ཕྱེ་ཞིག་བཛྲ་པྲ་བེ་ཤ་ཡ་ཕཊ། དམིགས་རྟེན་གཟུགས་ཀྱི་མཚན་མ་ཉ་བོ་ལ། །དབྱེར་མེད་སྟིམས་ཤིག་ཨ་བེ་ཤ་ཡ་ཨཱཿ དེ་ནས་དཔལ་ཆེན་ཁྲོ་བཅུ་ཁྲ་ཐབས་ཀྱི་འཆམས་དང་བཅས་ཏེ། མགྱོགས་ཕུར་བརྡེག་པ་ནི། ཧཱུཾ་དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ཁྱེད་ཀྱི་འཕྲིན་ལས་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་(༡༤བ)


GLG024_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ་༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་དྷ་ཏི་མ་མ་ཀ་ར་མ་ཤཱི་གྷྲཾ་ཀ་ར་ཡེ། ཪྣྲི་ཏྲི་མཱ་ར་ཡ་རྦད༔ དེ་ནས་གདབ་ཕུར་གདབ་པ་ནི། ཧཱུཾ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བ་འི་གདུང་གསོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ དངོས་གྲུབ་འཕྲོག་ཅིང་འཚེ་བའི་རིགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་ཞིག་ལ་འདིར་བཀུག་ནས༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་༔ ལུས་ངག་རྡུལ་དུ་བརླག་ནས་ཀྱང་༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨཱོཾ་ལཾ་ཧཱུཾ་ལཾ་སྟམྦྷ་ནཾ་མོ་ཧཾ་གྷ་ཏ་ཡ་བྷ་ག་ཝན༔ ཧྲྀ་ཀྲྀ་བྲྀ་བི་ཀྲྀ་བཛྲ་ཧཱུཾ་ཀ་ར་ཧཱུཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཛཿཧཱུཾ་བཾ་ཧོཿ སརྦ་བིགྷྣཱན༔ བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ༔ བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ༔ཧཱུཾ་ཀཱ་ར་ཧཱུཾ་ཨ་ཕཊ༔ དྲག་པོའི་ཐུན་རྫས་བརྡེག་པ་ནི༔ ཧཱུཾ། དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ རྟོགས་ཤིག་གྲོགས་དང་བྲལ་བར་གྱིས༔ རིངས་པར་ཁུག་ལ་སྨྲ་རུ་ཆུག༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ང་ཡི་དབང་དུ་གྱུར་ནས་ནི༔ བསྒོ་བའི་བཀའ་རྣམས་ཉན་པར་བྱོས༔ ཧཱུཾ་པ་ར་བིཪྻ་ཚིནྡ་ཚིནྡ་ཧཱུཾ་ཕཊ༔ བཱིནྡྷ་བཱིནྡྷ་ཧཱུཾ་ཕཊ༔ གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ༔ ཧ་ན་ཧ་ན་ཧཱུཾ་ཕཊ༔ གནྡྷ་གནྡྷ་ཧཱུཾ་ཕཊ༔ ཏྲ་ཤ་ཡ་ཏྲ་ཤ་ཡ་ཧཱུཾ་ཕཊ༔ ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱི་དཎྜ་ཧཱུཾ་ཕཊ༔ ཤི་གྷྲི་ཨཱ་ན་ཡ་ཧཱུཾ་ཕཊ༔ ཛྭ་ལ་བྷ་ཡ་ཛྭ་ལ་བྷ་ཡ་ཧཱུཾ་ཕཊ༔ ཨ་བེ་ཤ་ཡ་ཨ་བེ་ཤ་ས་ཡ་ཧཱུཾ་ཕཊ༔ བིནྡྷ་ཡ་བིནྡྷ་ཡ་ཧཱུཾ་ཕཊ༔ དེ་ནས་དམ་ཅན་གྱི་ཕུར་པ་གདབ་པ་ནི། ཧཱུཾ། བྲན་དང་ཕོ་ཉ་བཀའ་(༡༥ན)


GLG024_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཇི་ལྟར་ཁས་བླངས་བའི༔ མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད༔ ཧ་ན་ཧ་ན་བཛྲ༔ ད་ཧ་ད་ཧ་བཛྲ༔ པ་ཙ་པ་ཙ་བཛྲ༔ མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ ཀ་ཊཾ་ཀ་ཊ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ༔ མ་ར་སེ་ནྱ་པྲ་མརྡྷ་ནི་ཧཱུཾ་ཕཊ༔ དུག་ཁྲག་གིས་གཤེར་བ་ནི། གདུག་ཅིང་སྡང་སེམས་ལྡན་པ་ཡི༔ ལྷའམ་འོན་ཏེ་བདུད་ཀྱང་རུང་༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་བྱོས༔ སརྦ་ཨཱ་ན་ཡ་ཧཱུཾ་ཕཊ༔ ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ༔ ཧོམ་གཟར་དུ་ཐོ་བས་བརྡུང་བ་ནི། ཧཱུཾ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ༔ དེ་ནས་སྙིང་གར་མཆོག་ཕུར་བསྒྲིལ་བ་ནི། ཧཱུཾ་སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །སྐུ་སྨད་ཟུར་གསུམ་དཔལ་དང་ལྡན། ཁྲོ་བོ་བཅུ་ཡིས་རྣམ་པར་བརྒྱན། །གདུག་པ་མ་ལུས་འདུལ་བར་བྱོས། །ཪྣྲིར་ཏྲི་ཨེ་ཧུར་ཐུཾ་ཛཿམཱ་ར་ཡ་རྦད༔ གྲི་གུག་གིས་བསྒྲལ་བ་ནི། ཧཱུཾ། རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་ན༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ཧཱུཾ་མ་མ་ཝ་ཤཾ་ཀུ་རུ༔ མ་ཏི་ཨེ་ག་ར་དནྡྷ་ཏི་མ་མ་ཀརྨ་ཤཱི་བྷྲཾ་ཀ་ར་ཡེ་ཧཱུཾ་ཕཊ༔ གཏེར་གཞུང་དུ་བསྒྲལ་མཚམས་སོགས་གསལ་བར་མེད་(༡༥བ)


GLG024_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་འཁྲུགས་བསྡེབས་ཁ་འགེངས་ལ་དགོངས་པར་མ་ཟད་བི་དྱོ་ཏྟ་མའི་རྒྱུད་ལས། ལྷ་འབྲལ་གཟུགས་ལ་དབབ་པ་དང་། །བྱད་དུ་གཞུག་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་སྟོབ། །ཅེས་ནང་གསེས་ཀྱི་སོ་སོར་དྲུག་ཏུ་དབྱེ་བའི་ཟབ་གནད་སློབ་དཔོན་ཆེན་པོའི་ཐུགས་ཀྱི་བརྣོག་ཆོས་རིགས་འཛིན་བརྒྱུད་པའི་ཕྱག་ལེན་དུ་ཡོད་ཀྱང་ཐུན་མོང་ཙམ་ལའང་། གྲང་སོ་གཏེར་སྟོན་པའི་སྒྲོལ་བྱེད་དྲག་པོའི་རྣོ་མཚོན་དུ་མན་ངག་གིས་ལེགས་པར་བརྒྱན་པར་མངོན་ཞིང་། ཆོས་རྗེ་བླ་མ་དམ་པའི་བཀླགས་པས་དོན་གྲུབ་དང་། ས་སྐྱོང་ཐམས་ཅད་མཁྱེན་པ་ཀུན་བཟང་རོལ་པའི་རྡོ་རྗེས་ཀྱང་དེར་ཞལ་འཕངས་མཛད་པའི་དགོངས་པ་གཅིག་པར། ཐོག་མར་སྙིང་ཀར་ཕུར་བུ་བཏབ་ནས་བླ་སྲོག་བསྒྲལ་ཞིང་རྣམ་ཤེས་སྤར་བར་བཞེད་རྗེས། ཁྲོ་བཅུའི་ཕུར་པ་ལུས་ཀྱི་གནས་རྣམས་སུ་འདེབས་པ་སོགས་ཕུར་འདེབས་མཛད་སྲོལ་འདུག་པ་ནི། རོལ་མཚོན་བསྣུན་པ་དང་འདྲ་བས་འཐད་པར་མ་མཐོང་ཞེས་སྔགས་འཆང་མང་པོའི་སྒྲོས་སུ་ཐོས་པ་རྣམ་ཤེས་མཐར་སྤར་བ་ལྟར་སྣང་ལ་འཆར་བདེ་ཞིང་ལུགས་སྲོལ་འདི་གའི་བཞེད་པ་དང་མཐུན་མོད། ས་ཕུར་སོགས་སུ་མ་ཟད་ཆོས་དབང་རིན་པོ་ཆེའི་སྤུ་གྲིས་མཚོན་པའི་གཏེར་ཁ་མང་པོར་དེ་ལྟར་བཤད་པ་བཀའ་བརྒྱད་ཀྱི་གདབ་ལས་དང་ཡང་མཐུན་ཞིང་ཐོག་མ་ནས་སྲས་མཆོག་གི་ཕུར་བའམ་ཡང་ན་བསྙེན་ཕུར་བཏབ་ནས་རྣམ་ཤེས་སྤར་བས་ལུས་རྟེན་འདིའི་བླ་སྲོག་བསྒྲལ་ཟིན་ཀྱང་སླར་འཁོར་བ་ལ་མི་ལྡོག་པའི་ཕྱིར་དུ་སྐྱེ་བའི་སྒོ་ལྔ་གཅོད་ཆེད་(༡༦ན)


GLG024_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་ཁ་ལྷག་མ་རྣམས་མཛད་པ་དགོས་གནད་ཆེ་བར་མངོན་ལ། ལྷ་བྲག་གཏེར་བྱོན་གྱི་ཕྱག་བཞེས་སུ་ཐོག་མར་ཟ་གསོད་ཀྱི་མགྱོགས་ཕུར་སྙིང་དཀར་ནག་གི་མཚམས་སུ་འདེབས་པ་རྣམ་ཤེས་གནས་ངན་པར་མི་ཡར་བའི་ཆེད་དུ་གཟེར་བཏབ་པ་ལྟར་བྱེད་པས་ཐུགས་རྗེ་རྗེས་འཛིན་ཀྱི་བཤད་ཚུལ་འདི་ལ་སྦྱོར་བ་ཡོད། གཏེར་ཁ་འོག་མའི་དགོངས་པ་ལྟར་ན་ཕུར་པ་བདུད་རྩི་འཁྱིལ་བར་བསྐྱེད་ནས་འདེབས་པར་གསུངས་པས་བྱང་གི་ཕུར་པ་འདེབས་པ་འཐད་ལ། ལུགས་འདི་ལ་མཐར་གདབ་པའི་ཕུར་པ་སྲས་ཕུར་རམ་མཆོག་ཕུར་དུ་གྲགས་པར་ངོས་འཛིན་པ་དྲག་སྔགས་ཀྱི་དགོངས་པའི་གནད་ཀྱིས་རྟོགས་པས་སྲས་མཆོག་རིགས་ལྔའི་ནང་གི་བར་ཀཱི་ལཱ་ཡར་ངོས་འཛིན་ནོ། །ཁྲོ་བཅུའི་ཕུར་གདབ་ནི། བཀའ་གཏེར་གཉིས་ཀར་འདུག་པའི་དོན་སྔར་བཤད་པ་ཙམ་དུ་མ་ཟད་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གདོད་མ་ནས་རང་ཆས་སུ་ཁྲོ་བོ་བཅུར་གྲུབ་པ་དེ་སོ་སོའི་བདུད་དུ་འབེབས་པར་སེམས་སོ། །མཐར་ལིངྒ་རྡོ་རྗེ་གཞོན་ནུས་གྲི་གུག་གིས་སྒྲོལ་པ་སྨད་ལས་ཀྱི་དབང་སོགས་ཀྱི་སྐབས་ཕྱག་ལེན་དུ་ཡོད་ཅིང་། བཀའ་མར་ཤ་བས་སྒྲོལ་པའང་སྤྲོས་བཅས་ཀྱི་སྐབས་འཆམས་དང་བཅས་མཛད་སྲོལ་ཚེས་ལྔ་རིན་པོ་ཆེར་མནལ་ལམ་ལུང་བསྟན་གྱི་ཚུལ་དུ་བྱུང་པ་ལྟར་རྩེ་ལུགས་ཀྱི་ཕྱག་རྒྱུན་དུ་སྣང་བའང་གཤིན་རྗེའི་ཕྱག་བརྙན་ཤ་བ་ཡིན་པས་འགལ་བ་མེད་ལ། སྔ་རབས་ཀྱི་ཡིག་རྙིང་ལ་ལར་རྣམ་ཤེས་སྤར་ཚར་བའི་མཇུག་གྲི་གུག་གིས་གཏུབ་ཅིང་དམ་ཅན་གྱི་ཕུར་པ་བཏབ་ནས་སྲུང་མ་བཅུ་(༡༦བ)


GLG024_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་ཕུང་པོ་དུམ་བུར་གཏུབ་པར་བཤད་པ་འདི་གནས་སྐབས་ཀྱི་སྤྲོས་བཅས་གཙོ་བོར་སྟོན་པ་མ་ཡིན་པའི་དོན་གྱི་ཕྱག་བཞེས་ཁུངས་དང་མི་འབྲེལ་བ་མིན་པས། དེ་ལྟར་ན་ཤྭ་ན་མཆེད་བཞི་གང་རུང་གིས་བསྒྲལ་བ་འཐད་དམ་སྙམ། རྒྱས་པར་སྤྲོ་ན་ཕུར་པ་མང་དུ་བྱེད་སྲོལ་གོང་དུ་བཤད་པ་ལྟར་ཁ་བསྐང་ཀྱང་འགལ་བ་མེད་ཅིང་། རྒྱས་བསྡུས་འཚམ་པ་ལུགས་འདི་གའི་ཕྱག་ལེན་དུ་དཀྱུས་བཞིན་བདེ་བས། ལས་ཕུར་བསྐྱེད་ཆོག་མན་ངག་བཞིན། ལུས་ཀྱི་ཆ་གང་དང་གང་ལ་བརྡེག་སོགས་ཞལ་ཤེས་ལྟར་བྱའོ། །དེ་ནས་ཞལ་སྟོབ་བྱ་བ་ནི། དཔལ་ཆེན་འཁོར་བཅས་གནམ་ས་ལྟ་བུའི་ཞལ། །གདོངས་ལ་སྤུ་གྲི་ངར་མའི་མཆེ་བ་གཙིགས། །གློག་སྟོང་འཁྱུག་འདྲའི་ལྗགས་ཁྱོད་དགྲ་བགེགས་ཀྱི། །ཤ་ཁྲག་དོན་སྙིང་རུས་ཚོགས་ཞལ་དུ་སྟོབ། །བཛྲ་ཀཱི་ལི་ཀཱི་ལཱ་ཡ་མ་ཧཱ་མཾ་ས། རཀྟ་ཀེཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ལྷག་མ་ནཱི། འཇིགས་རུང་གནས་ནས་མཁའ་འགྲོ་སུམ་ཅུ་གཉིས། །དབང་ཕྱུག་ཉེར་བརྒྱད་གིང་ཆེན་བཅོ་བརྒྱད་དང་། འབར་མ་མ་བདུན་སྲིད་བཞི་ཕོ་ཉའི་ཚོགས། །དམ་ཚིག་དྲན་པར་གྱིས་ལ་གནས་འདིར་གཤེགས། །ལྷག་མའི་ཁྲག་མཚོ་འཁྱིལ་ཞིང་རུས་ཚོགས་སྤུངས། །ཤ་དང་ནང་ཁྲོལ་ཉིལ་ཞིང་བདུད་རྩི་ལྔའི་ལོངས་སྤྱོད་འདི་བཞེས་རྣལ་འབྱོར་དཔོན་སློབ་ཀྱི། །འགལ་རྐྱེན་སོལ་ལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །ཨཱོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་སརྦ་ཌཱ་ཀི་ནི་གིང་ཀ་རཿ མ་ཧཱ་སརྦ་པུ་ཙ་ཁཱ་ཧི༔ ཆད་མཐོ་བསྟན་སྐྱོང་ནི། སྔོན་ཚེ་འོག་མིན་(༡༧ན)


GLG024_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་ཕོ་བྲང་དུ། །དཔལ་ཆེན་ཀཱི་ལཱ་ཡ་ཡི་སྒྲ་བསྒྲགས་ཚེ། །མཁའ་འགྲོ་ལས་མཁན་ཆོས་སྲུང་དམ་ཅན་གྱིས། །སོ་སོའི་རང་རྟགས་སྲོག་སྙིང་ཕུལ་ནས་ཀྱང་། །རང་རང་གཟུགས་བསྟན་སྔགས་འཆང་དམ་ལྡན་ལ། །དངོས་གྲུབ་སྟེར་ཞིང་ཚེ་སྲོག་བསྲིང་བ་དང་། །འཕྲིན་ལས་བསྒྲུབ་པར་དམ་བཅས་ཁས་བླངས་བཞིན། །གཏོར་མ་འདི་ལོང་བཅོལ་བའི་ལས་ཀུན་སྒྲུབས། །ཤློ་ཀ་རྗེས་མ་ཀུན་ལ་འགྲེ །དེ་འོག་ཡང་ལེར་པདྨ་ཐོད་འཕྲེང་དང་། །ཤཱཀྱ་དེ་ཝས་ཕུར་དཀྱིལ་ཞལ་ཕྱེ་ནས། །མ་མོ་མཁའ་འགྲོ་དབང་ཕྱུག་ཉེར་བརྒྱད་སོགས། །ཕུར་པའི་སྲུང་མར་ཁས་བླངས་སྲོག་སྙིང་ཕུལ། །རང་རང་གཟུགས་བསྟན་སྔགས་འཆང་དམ་ལྡན་ལ། །དངོས་གྲུབ་སྟེར་ཞིང་ཚེ་སྲོག་བསྲིང་བ་དང་། །འཕྲིན་ལས་བསྒྲུབ་པར་དམ་བཅས་ཁས་བླངས་བཞིན། །གཏོར་མ་འདི་ལོང་བཅོལ་བའི་ལས་ཀུན་སྒྲུབས། །དེ་འོག་སེང་རྫོང་པད་འབྱུང་མཁར་ཆེན་བཟའ། །རྡོ་རྗེ་བདུད་འཇོམས་ཕུར་དཀྱིལ་ཞལ་ཕྱེ་ནས། །ཤྭ་ན་བསེ་ལྕགས་དུང་སོགས་ཕུར་སྲུང་ཀུན། །ཕུར་པའི་སྲུང་མར་ཁས་བླངས་སྲོག་སྙིང་ཕུལ། །རང་རང་གཟུགས་བསྟན་སྔགས་འཆང་དམ་ལྡན་ལ། །དངོས་གྲུབ་སྟེར་ཞིང་ཚེ་སྲོག་བསྲིང་བ་དང་། །འཕྲིན་ལས་བསྒྲུབ་པར་དམ་བཅས་ཁས་བླངས་བཞིན། །གཏོར་མ་འདི་ལོང་བཅོལ་བའི་ལས་ཀུན་སྒྲུབས། །དེ་འོག་རང་སྣང་ཆོས་དབྱིངས་དག་པའི་ངང་། །པདྨ་འབྱུང་གནས་རྒོད་ཀྱི་ལྡེམ་ཕྲུ་ཡིས། །ཕུར་པ་ལུགས་གསུམ་དཀྱིལ་འཁོར་ཞལ་ཕྱེ་ནས། །ཕུར་སྐྱོང་བཀའ་ཡི་སྲུང་མར་བཅས་པ་ཡི། །རང་རང་གཟུགས་བསྟན་སྔགས་འཆང་དམ་ལྡན་ལ། །དངོས་གྲུབ་སྟེར་ཞིང་ཚེ་སྲོག་བསྲིང་པ་དང་། །འཕྲིན་ལས་བསྒྲུབ་པར་དམ་བཅས་ཁས་བླངས་བཞིན། །གཏོར་མ་འདི་ལོང་བཅོལ་པའི་ལས་ཀུན་སྒྲུབས། །བོད་ཁམས་སྐྱོང་བར་ཁས་བླངས་མཐུ་རྩལ་ཅན། །བསྟན་མ་བཅུ་གཉིས་བཀའ་སྡོད་བྲན་གཡོག་བཅས། །བ་ལིང་རྒྱན་ལྡན་མཆོད་གཏོར་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །ཅེས་ཆད་མཐོ་བསྟན་སྐྱོང་གི་གཏོར་མ་ནམ་མཁར་བཏེག་ཅིང་འབུལ་ལ། །སྤྱིར་ཕུར་པ་ལ་ཁྲོ་བོ་རོལ་པའི་གཏེར་བཟློག་རྒྱས་པར་འདུག་ཅིང་། ཆད་མཐོའི་གཏོར་(༡༧བ)


GLG024_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཟོར་དུ་བྱས་ཏེ་ཟོར་ལམ་དབྱེ་ཞིང་གཏོར་གཞོང་འོག་ཏུ་དམ་སྲི་གནོན་ཅིང་བྲོ་བརྡུང་བ་སོགས་ལྷོ་གཏེར་བྱང་གཏེར་གཉིས་ཀར་འདུག་ཅིང་། རྒྱས་པར་སྤྲོ་ན་ཕུར་པ་སྤུ་གྲིའི་ཆོས་སྡེ་ལས་ཤེས་པར་བྱའོ། །གཏང་རག་འབུལ་བ་ནི། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་ལ། །ཡིད་འོང་རྣམ་པར་མཛེས་པའི་ཕྱི་མཆོད་དང་། །བདུད་རྩི་སྨན་དང་བྷ་ལིང་རཀྟར་བཅས། །བཞེས་ལ་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །དཀྱིལ་འཁོར་བསྡུ་བ་ནི། གཞལ་ཡས་དཀྱིལ་འཁོར་ལྷ་རྣམས་གཙོ་བོ་ཡི། །ཐུགས་ཀར་བསྡུ་ཞིང་རྡོ་རྗེ་གཞོན་ནུ་ཡང་། །མི་དམིགས་ཆོས་དབྱིངས་ངང་དུ་གྱུར་པ་ལས། །སླར་ཡང་ཁྲོ་བོའི་ང་རྒྱལ་དག་གིས་བསྲུང་། །སྨོན་ལམ་ནི། ཁྱབ་བདག་དཔལ་ལྡན་ཀརྨ་ཧེ་རུ་ཀའི། །ཟབ་མོའི་འཕྲིན་ལས་ཉམས་སུ་བླངས་པའི་དགེས། །ཚེ་རབས་ཀུན་ཏུ་དལ་འབྱོར་ལུས་ཐོབ་ཅིང་། །དགེ་བའི་བཤེས་ཀྱིས་རྗེས་སུ་འཛིན་པར་ཤོག །ཐེག་མཆོག་གསང་བ་སྔགས་ཀྱི་དཀྱིལ་འཁོར་དུ། །སྨིན་བྱེད་དབང་གི་ཆོ་ག་ལེགས་ནོས་ཤིང་། །ཨ་ཏི་རྫོགས་པ་ཆེན་པོའི་ལམ་བཟང་གིས། །ཚེ་གཅིག་ཉིད་ལ་མྱུར་དུ་གྲོལ་བར་ཤོག །སྲིད་པ་ཕུར་བུར་ལྷུན་གྲུབ་རྒྱ་མདུད་དུ། །རིན་ཅེན་ཐོད་པའི་གཞལ་ཡས་ཁང་གི་དབུས། །རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཕྲ་ཕྱག་གི །གསལ་སྣང་བསྐྱེད་རིམ་འཇའ་ལྟར་རྣམ་བཀྲ་ཤོག །མ་རིག་འཁྲུལ་པས་བསླད་པའི་ཐ་མལ་སེམས། །རྟོགས་ན་ཧེ་རུ་ཀཿལས་གཞན་མེད་ཕྱིར། །རང་ཉིད་དཔལ་ཆེན་ཕུར་བུར་ངེས་རྙེད་པའི། །ང་རྒྱལ་བརྟན་(༡༨ན)


GLG024_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བགེགས་དཔུང་འཇོམས་པར་ཤོག །ཞི་བས་མི་འཐུལ་མ་རུངས་དགྲ་དང་བགེགས། །མངོན་སྤྱོད་དྲག་པོའི་ལས་ཀྱིས་ཚར་བཅད་ནས། །ཚེ་ཁྲུས་དགོངས་པས་རྣམ་ཤེས་རང་སེམས་དང་། །བསྲེས་ནས་བདེ་བ་ཆེན་པོར་རྣམ་གྲོལ་ཤོག །ཆོས་རྣམས་ཐམས་ཅད་ངོ་བོ་ཀ་ནས་དག །དག་པའི་ངང་ནས་ལྷ་སྐུར་འཇའ་ལྟར་ཤར། །ཤར་བ་ལས་འཕྲོས་སྤྲུལ་སྐུར་འགྲོ་དོན་མཛད། །ཐེག་མཆོག་ཆོས་ཀྱི་དོན་གཉིས་ལྷུན་གྲུབ་ཤོག །བཀྲ་ཤིས་ནི། ཐུགས་རྗེ་ཆེན་པོས་སྒོ་གསུམ་བྱིན་གྱིས་བརླབ། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །མཐུ་སྟོབས་ནུས་པས་དངོས་གྲུབ་ཆར་ལྟར་འབེབས། །ཕུར་པ་འཕྲིན་ལས་ལྷ་ཚོགས་བཀྲ་ཤིས་ཤོག །རྣོ་མྱུར་རྩལ་གྱིས་དགྲ་བགེགས་ཐལ་བར་རློག །ཕུར་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡིད་བཞིན་ནོར་དང་བུམ་པ་བཟང་པོ་ལྟར། །བསམས་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་ཕྱོགས་ཐམས་ཅད་དུ་མེ་ཏོག་སིལ་མས་ཀུན་ཏུ་ཁྱབ་པར་བྱའོ། །སྨྲས་པ། མཁན་སློབ་ཆོས་རྒྱལ་དམ་པའི་དྲིན་ལས་གངས་ཅན་ལྗོངས་འདིའི་ཡོལ་གོའི་ནང་། །ཟབ་རྒྱས་ཆོས་ཀྱི་ཡིད་བཞིན་ནོར་བུས་ཕྱུར་བུར་གཏམས་པའི་འདོད་འཇོ་ལས། །སྐལ་བཟང་རྣམས་ལ་མཆོག་ཐུན་དངོས་གྲུབ་འབྱོར་པའི་བགོ་སྐལ་རབ་ཐོབ་ཀྱང་། །ད་ནི་སྙིགས་མ་ལྔ་བདོའི་ཤུགས་ཀྱིས་དམ་པའི་ལམ་སྲོལ་ཕལ་ཆེར་ཉམས། །ས་འཛིན་དཀར་པོས་བསྐོར་བའི་བོད་ཡུལ་འདིར། །ནོར་ལྡན་བླུན་པོའི་གཙུག་ན་མངོན་པར་(༡༨བ)


GLG024_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

འགྱིང་། །སྟོབས་ལྡན་ཟོག་པོ་འགྲོ་བའི་འདྲེན་པར་རློམ། །རིགས་རུས་ཙམ་གྱིས་དྲེགས་པའི་ང་རོ་སྒྲོག །སྐྱེ་བར་མིང་བཏགས་མཐོན་པོའི་ཁྲི་ལ་འཛེགས། །གང་ཤར་སྐྱོང་ལ་སངས་རྒྱས་མཛད་པར་སྨྲ། །མཁས་རློམ་ཕལ་ཆེར་ཆོས་སྤོང་སྒྲིབ་པས་སྦགས། །བློ་ལྡན་རྣམས་ཀྱང་ཟབ་ཆོས་སྐལ་བས་དབེན། །དེ་ཕྱིར་གསང་ཆེན་ཟབ་མོའི་ལེགས་བཤད་གཏམ། །ཐེག་མཆོག་སྙིང་པོའི་བཅུད་འདིའི་དགོས་པ་ནི། །འོན་ཀྱང་རང་ཉིད་དྲན་པ་གསོ་བ་དང་། །གཟུར་གནས་འགའ་ལ་ཕན་སྙམ་བདག་གིས་བྲིས། །དབང་ལུང་ཆོས་ཀྱིས་ཕོངས་པའི་བླ་ཆེན་དང་། །ཐ་སྙད་ཚིག་ཙམ་ལྷུར་ལེན་རྟོག་གེ་པ། །བླང་དོར་བལྟ་ལ་མིག་ལྡོངས་བླུན་སྒོམ་ལ། །འདི་འདྲ་བསྟན་ཀྱང་སྦྲུལ་ལ་གླ་རྩི་བཞིན། །ཤེས་བྱའི་གནས་ལས་ཐ་ག་པ་བྲིན་པའི། །བོད་འདིར་སྐྱེས་ཀྱང་དམ་པའི་མགོན་གྱིས་ཟིན། །ངེས་གསང་ཐེག་པའི་ཆོས་ལ་གདེངས་ཚད་རྙེད། །བསམས་ཤིང་བཀའ་དྲིན་དྲན་ནོ་རྡོ་རྗེ་འཛིན། །གངས་ཁྲོད་ཕུར་པའི་ལུགས་སྲོལ་རྒྱུ་སྐར་དབུས། །ཇོ་ལུགས་ལྷ་བྲག་ཟབ་གཏེར་ཉིན་བྱེད་ཀྱི། །ལས་བྱང་འཁྱེར་བདེར་བཀོད་པའི་དགེ་བའི་གཟིས། །ནག་ཕྱོགས་བདུད་སྡེའི་གཡུལ་ལས་རྒྱལ་བར་ཤོག །ཅེས་ལྷ་བྲག་གཏེར་བྱོན་གྱི་ཕུར་པ་ལྕགས་ཁང་དྲག་སྔགས་སྤུ་གྲི་ལ་དྲིལ་སྒྲུབ་སྦྱར་བའི་ལས་བྱང་འཇིགས་མེད་རྡོ་རྗེའི་ཕ་ལམ་ཞེས་བྱ་བ་འདི་ཡང་། རང་ཉིད་ཀྱི་བརྗེད་བྱང་དུ། དཔལ་ས་སྐྱ་པ་འཇམ་དབྱངས་འཁོན་གྱི་རིགས་ལས། རྡོ་རྗེ་འཆང་


GLG024_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་དམ་པའི་གཟུགས་ཅན་དཔལ་འབྱོར་ལྷུན་གྲུབ་དང་ཟུར་ཐམས་ཅད་མཁྱེན་པ་སོགས་ཡོངས་འཛིན་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས། གསང་སྔགས་བཀའ་གཏེར་གྱི་དོན་ཕྱོགས་ཙམ་རིག་ཅིང་། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་བཙོང་ཁ་པའི་རིང་ལུགས་པ་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་མིང་གཞན་ཟིལ་གནོན་དྲག་རྩལ་དུ་འབོད་པས་ཚིག་ཕྲད་སྒྱུར་བསྣན་དང་གསར་དུའང་ཅུང་ཟད་ཁ་བཀང་རང་ལོ་ཉེར་བདུན་པ་གྲོ་ཞུན་ཅན་གྱི་དཀར་ཕྱོགས་དགའ་བ་དང་པོའི་ཚེས་ལ་དགའ་ལྡན་ཕོ་བྲང་མེ་ཏོག་རྣམ་པར་བཀྲ་བའི་ལྡིང་ཁང་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།མངྒ་ལཾ།། །།

བྱང་གཏེར་ཕུར་པ་ལུགས་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་བྱ་ཚུལ་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བ།


GLG024_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གཏེར་ཕུར་པ་ལུགས་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་བྱ་ཚུལ་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་བཞུགས་སོ། །


GLG024_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཀུ་མཱ་རཱ་ཡ། སངས་རྒྱས་ཀུན་གྱི་འཕྲིན་ལས་འཁོར་ལོའི་ལྷ། །དཔལ་ཆེན་རྡོ་རྗེ་གཞོན་ནུར་ལེགས་ཤར་པ། །བསྙེན་སྒྲུབ་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་བའི། །འཕྲིན་ལས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་འདྲི། །དེ་ལ་འདིར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་མ་ལུས་པ་གཅིག་ཏུ་འདུས་པའི་བདག་ཉིད་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་ལྷ་རྡོ་རྗེ་ཕུར་པ་ཞེས་སངས་རྒྱས་གཉིས་པ་དཔལ་ཨྱོན་ཆེན་པོའི་ཐུགས་དམ་གོང་ཁུག་མ་ཇོ་མོ་ལུགས་སུ་གྲགས་པ་ལ་བཀའ་གཏེར་གཉིས་སུ་བཞུགས་པའི་ཕྱི་མ་ལ་གཏེར་ཁ་འགའ་ཞིག་ཡོད་པའི་ལྷོ་བྲག་མཛོད་ལྔ་འདུས་པའི་ལྷོ་གསེར་མཛོད་དང་བྱང་ལྕགས་མཛོད་ནག་པོའི་ཟབ་གཏེར་ལས་བྱོན་པའི་ཕུར་པ་ལུགས་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་གྱི་མན་ངག་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་ནི། ཆེ་མཆོག་དང་སྤུ་གྲིའི་དབང་སོ་སོའི་གཏེར་གཞུང་ལྟར་ནོད་པའམ། ཡང་ལྕགས་ཁང་མའི་དབང་ཤིན་ཏུ་རྒྱས་པར་མ་ཚང་བ་རྣམས་ཆེ་མཆོག་ནས་ཁ་བསྐང་བ། ཐ་མའང་ཆེ་མཆོག་དང་དྲག་སྔགས་གང་ཡང་རུང་བའི་དབང་གི་ཆུ་བོ་མ་ནུབ་ཅིང་དམ་ཚིག་གི་སེལ་མ་ཞུགས་པའི་རྡོ་རྗེའི་སློབ་དཔོན་གྱི་དྲུང་དུ་སྨིན་བྱེད་ཀྱི་དབང་ལེགས་པར་མནོས་པ། རྒྱབ་རྟེན་(༢ན)


GLG024_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལུང་སོགས་ཉམས་སུ་བླང་བྱའི་ཆོས་རྣམས་ལ་སྒྲོ་འདོགས་མཐའ་ཆོད་པར་བྱས་ནས་སྔགས་གསར་མའི་རྒྱས་འགེབས་ཁོ་ན་ལྷུར་བླངས་པ་ལ་རེ་བ་འཆའ་མི་དགོས་པར་ཤོག་སེར་གྱི་དྲི་མ་ཁ་ཆིལ་ལི་བའི་གདེང་ཚད་དང་ལྡན་པ་ཞིག་གིས། རྒྱུད་ལས། ར་བྲན་མང་པོ་འདུས་པའི་ཕྱིར༔ རི་བོས་བསྐོར་བའི་ལྕུག་ཕྲན་ཚལ༔ རི་མཐོ་ས་གཙང་ནགས་ཚལ་ལྡན༔ ཤིན་ཏུ་དབེན་པའི་ས་ཕྱོགས་སུ༔ ཞེས་གསུངས་པ་ལྟ་བུས་མཚོན་ཏེ། སྒྲུབ་ཆེན་གྱི་སྔོན་འགྲོ་ནས་བཤད་པའི་གནས། གྲོགས། ཡོ་བྱད་སོགས་སྟ་གོན་ལེགས་པར་བྱས། བསྙེན་སྒྲུབ་ལ་ཤིས་པའི་གཟའ་སྐར་དུས་སྦྱོར་དང་བསྟུན་པའི་ཡར་ངོའམ། ཡང་ན་མར་ངོ་ལའང་རུང་བས་བསྙེན་པའི་དུས་ཀྱི་ཡུན་ཚད་དང་གཟའ་ཚེས་སོགས་ལ་སྐབས་དང་སྦྱར་ནས་གནས་ཁང་བྱི་དོར་བྱ། ས་རྒྱན་གནམ་རྒྱན་སོགས་བཀོད་པས་མཛེས་ཤིང་། རིགས་འཛིན་བརྒྱུད་པ་ཡི་དམ་ཆོས་སྲུང་གི་བྲིས་འབུར་གྱི་སྐུ་བྱིན་རླབས་ཅན་དགྲམ། སྒྲུབ་རྫས་རྣམས་ཞལ་ལྷོར་གཟིགས་པའི་དབང་དུ་བྱས་པའི་སྟེགས་བུའམ་ཅོག་ཙེ་ལྟ་བུ་ཅི་རིགས་པའི་སྟེང་དུ་སྒྲུབ་གཏོར་སྐུ་རྟེན་ཙཀ་ལིས་བརྒྱན་པ་སྟེང་དུ་དར་ནག་གི་གདུགས་ཕུབ་པ། སྨན་རཀ །ཕྱི་ནང་གི་ཉེར་སྤྱོད་རོལ་མོ། ཕུར་སྲུང་། (༢བ)


GLG024_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྲུང་། གཞན་ཡང་གཏོར་བསྔོ་གང་བྱེད་ཀྱི་ཆོས་སྲུང་གི་མཆོད་གཏོར། རྒྱལ་ཆེན་བཞི་དང་གཞི་བདག་གཏོར་མ། ཚོགས་ཆས་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཀོད། ཞལ་སྤྲོད་ཀྱི་ཚུལ་དུ་བྱང་གཟིགས་ཀྱིས་སྒྲུབ་པ་པོའི་སྟན་གྱི་འོག་ཏུ་སའམ་འབྲུ་དཀར་པོའི་གཡུང་དྲུང་རིས་ཆོས་སྐོར་དུ་འདྲི། སྐྱབས་སེམས་སྔོན་དུ་འགྲོ་བའི་རྡོ་རྗེ་སྲིན་པོའི་ང་རྒྱལ་ལ་གནས་པས་བསྙེན་ཕུར་ལ་བྱུག་བདུག་བྲབ་གསུམ་གྱི་སྒོ་ནས་གཟི་བྱིན་བསྐྱེད་པའི་ཕྱག་ལེན་དམིགས་པ་དང་བཅས་པ་དམ་པའི་ཞལ་གྱི་བདུད་རྩི་ལས་ཇི་ལྟར་བྱུང་བ་ལྟར་ལག་ཏུ་བསྟར་ཏེ་སྒྲུབ་གཏོར་གྱི་མདུན་དུ་ཕུར་གདན་ལ་ཞལ་ཚུར་གཟིགས་པའི་ཚུལ་གྱིས་བཙུགས། བགེགས་ལ་དཀར་གཏོར་དམར་གཏོར་བྱིན་ནས་བཀའ་བསྒོ་ཞིང་གུ་གུལ་གྱི་དུད་པས་གདུགས། ཡུངས་ཐུན་རོལ་མོ་དང་བཅས་པའི་ཚམ་ངམ་གྱིས་བསྐྲད། མཐོ་བཞི་ལ་རྒྱལ་པོ་བཞིའི་སྐུ་དང་བཅས་ཏེ་རྒྱལ་ཆེན་མཐོ་འཛུགས་གཞུང་བཞིན་བྱེད། སྲུང་འཁོར་བསྒོམ་ཞིང་སྒོ་དྲུང་དུ་མཐོ་དཀར་པོ་ཞིག་བརྩིག་གོ །གཉིས་པ་དངོས་གཞི་ལ། སྲོད་ཐུན་ནས་འཕྲིན་ལས་ཀྱི་གཞུང་བསྲངས། བཟླས་པའི་འགོར་འཕྲེང་བ་བྱིན་གྱིས་བརླབ་པ་ཟབ་གཏེར་འདི་ཉིད་ཀྱི་ཁྱད་ཆོས་བཞིན་འཕྱུགས་མེད་དུ་བྱ། རང་རྡོ་རྗེ་ཕུར་པར་གསལ་བའི་ཐུགས་ཀར་ཉི་མའི་གདན་ལ་ཡེ་ཤེས་སེམས་དཔའ་ཡབ་དང་ཚུལ་མཚུངས་པ་རྒྱན་མེད་པ་མཚོན་གང་པ་ཞིག་གསལ་བཏབ་པའི་ཐུགས་ཀར་རྡོ་རྗེ་རྩེ་དགུ་པ་ནས་འབྲས་ཙམ་གྱི་ལྟེ་བར་གསུང་གི་ངོ་བོ་ཧཱུཾ་ཡིག་སྔོན་པོ་སྤུས་བྲིས་པ་ཙམ་གྱི་མཐའ་སྐོར་དུ་གསང་བའི་ཡི་གེ་འབྲུ་བཅུ་བཞི་པ་སྤུ་ཤད་ཙམ་གྱིས་བསྐོར་བར་གསལ་འདེབས་པ་ནི། རྒྱུད་ལས། ཐུགས་ཀར་ཡེ་ཤེས་སེམས་དཔའ་ཉིད༔ རྒྱན་


GLG024_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡབ་དང་ཚུལ་མཐུན་པ༔ མཚོན་གང་པ་ཞིག་བསྒོམ་པར་བྱ༔ དེ་ཡི་ཐུགས་ཀར་ཕྱག་མཚན་གྱི༔ རྡོ་རྗེ་རྩེ་དགུ་ནས་འབྲས་ཙམ༔ དེ་ཡི་ལྟེ་བར་གསུང་གི་རྟགས༔ ཧཱུཾ་སྔོན་སྤུ་ཡིས་བྲིས་པ་ཙམ༔ དེ་ཡི་ཐ་མར་ཀཱི་ལཱ་ཡ༔ གསེར་མདོག་སྐྲ་ཤད་ཙམ་གྱིས་བསྐོར༔ ཞེས་པའི་དོན་ནོ། ཁྲོ་བོ་རྣམ་པར་རྒྱལ་བའི་མདུན་དུ་བསྙེན་ཕུར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཞལ་སྤྲོད་ཀྱི་ཚུལ་དུ་སྐད་ཅིག་གིས་བསྐྱེད། བདག་མདུན་གཉིས་ཀའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ཏེ་སྡིག་སྒྲིབ་སྦྱང་བ་མན་ངག་ལྟར་བྱེད། ཡང་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཡི་དམ་ལྷའི་རྣམ་པར་རོང་རོང་གྱུར་པ་བདག་མདུན་ཕུར་གསུམ་ལ་བསྟིམ་པ་དང་། དེ་བཞིན་དུ་བཅུད་ཐམས་ཅད་ལྷ་དང་། སྣོད་ཐམས་ཅད་གཞལ་ཡས་ཁང་དུ་བསྒྱུར་ནས་སོ། །སོ་སོར་བྱིན་གྱིས་བརླབས་པས་རྟེན་བརྟེན་པ་བཀྲག་དང་གཟི་མདངས་རྒྱས་པར་བསམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ཡེ་ཤེས་སེམས་དཔའི་ཤངས་བུག་གཡས་ནས་འཐོན། སྐུའི་དབྱིབས་རྒྱུད་རང་གི་སྣ་བུག་གཡས་ནས་ཕྱིར་འཕྲོས། མདུན་གྱི་གཙོ་བོའི་ཤངས་བུག་གཡོན་དུ་ཞུགས། མདུན་བསྐྱེད་ཀྱི་ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་པར་ཞུགས་ཏེ་སོང་བར་ཏིང་ངེ་འཛིན་སེམས་དཔའི་ཧཱུཾ་ཡིག་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། དེ་ལས་འོད་ཟེར་ཕྱིར་འཕྲོས་ཡེ་ཤེས་སེམས་དཔའི་ཤངས་བུག་གཡས་ནས་འཐོན། སྐུའི་དབྱིབས་བརྒྱུད་མདུན་བསྐྱེད་ཀྱི་ཤངས་བུག་གཡས་ནས་ཕྱིར་བྱུང་སྟེ་རང་གི་གཡོན་དུ་ཞུགས། རིམ་པ་བཞིན་ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་ནས་བརྒྱུད་ཏིང་ངེ་འཛིན་སེམས་དཔའ་ལ་ཕོག །དེ་ལྟ་བུའི་དམིགས་པ་མགལ་མེའི་འཁོར་ལོ་ལྟར་བྱ། ཡང་(༣བ)


GLG024_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་རྣམ་བཞིའི་དམིགས་པ་སྤྱི་བྱེ་བྲག་ཐམས་ཅད་ཀྱང་སྐབས་ཐོབ་ཀྱིས་ཕྱེ་བའི་ཞལ་ཤེས་ལྟར་བྱ། སྙིང་མཛོད་ལས་གསུངས་པའི་ཐུན་མོང་མ་ཡིན་པའི་སྲུང་འཁོར་དྲུག་པོ་གཏེར་གཞུང་གི་རྡོ་རྗེའི་ཚིག་ལ་མན་ངག་གི་མདུད་པ་བཀྲོལ་བ་བཞིན་འཆུབ་ཆེ་ཆུང་དང་བསྟུན་པའི་ཉམས་སུ་ལེན། མཇུག་ཏུ་རང་གི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བས་མདུན་བསྐྱེད་ཀྱི་སྐུ་དེ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སོ་སོར་བྱུང་ནས་གཅིག་འཛབ་ཕུར་ལ་ཐིམ་ཅིག་ཤོས་ཇེ་ཆུང་དུ་སོང་བ་མཐར་རང་གི་སྣ་བུག་གཡོན་པ་ནས་ཞུགས་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་ཐིམ་པས་བདག་དང་ཕུར་པ་གཉིས་ཀ་གཟི་མདངས་རྒྱས་པར་བསམ། ཐུན་མཐར་དབྱངས་གསལ་གྱི་མཇུག་ཏུ་སྤེལ་ཚིག་བཏགས་པ་ལན་བདུན་བརྗོད། ཚོགས་ཐོག་མཐའ་བར་གསུམ་ཕུར་སྲུང་གཏེར་སྲུང་མཆོད་ཅིང་བསྐང་བ་བྱེད། བསྙེན་པ་ལ་ཚོགས་ནུབ་རེ་བཞིན་གྱི་སྤྲོས་པ་མི་དགོས་པས་མི་གཏོང་ཕྱིན་ལྷག་མ་ཆད་མཐོ་བསྟན་སྐྱོང་རྣམས་གཞུང་བཞིན་བཏང་། སླར་བདག་བསྐྱེད་གསལ་བཏབ་སྟེ་མཆོད་བསྟོད་བསྡུས་པ་ཞིག་བྱ། རྟེན་བརྟེན་པ་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བའི་སེམས་ཀྱི་རོལ་རྩེད་ཙམ་དུ་ཐག་བཅད་ནས་ཡེ་སྟོང་ཀ་དག་གི་ངང་དུ་ལྷོད་ཀྱིས་གློད། སླར་ཡང་ལྷུན་གྲུབ་འོད་ལྔའི་རང་མདངས་འཇའ་ཚོན་ལྟ་བུར་ལམ་གྱིས་འཆར་བཅུག་སྟེ་དགེ་བ་བསྔོ། འཛབ་བཟླ་བཞིན་པའི་ངང་ནས་དགུང་ཐུན་ལ་གཉིད་ལོག་ཐོར་ཐུན་སྔ་ཐུན་དགོངས་ཐུན་གསུམ་དང་རྗེས་ཀྱི་སྲོད་ཐུན་རྣམས་ལ་འཕྲིན་ལས་ཀྱི་གཞུང་བསྲངས་ཀྱང་རུང་མོད། སྔགས་གསར་མ་བ་ལྟར་དེ་ལྟར་མ་བྱས་ན་ཆད་ལྷག་ཏུ་གྱུར་གྱི་དོགས་པའི་ཐེ་ཚོམ་ལུགས་སྲོལ་འདི་ལ་བསྐྱེད་པ་མ་ཧཱ་ཡོ་གའི་གཞུང་སྒྲ་ཇི་བཞིན་པ་(༤ན)


GLG024_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་གྱི་སྤྲོས་བཅས་ལའང་། ལྷུན་གྲུབ་འདུས་མ་བྱས་འོད་གསལ་རྫོགས་པ་ཆེན་པོའི་ཀློང་དུ་རྩིས་ཟིན་པའི་གནད་འགག་གིས་བློ་འཚུབ་དང་སྦུབས་འཐུམ་མ་དགོས་པས། མི་སྤྲོ་ན་ཐུན་གཟན་གསུམ་ལ་མངོན་རྟོགས་བསྡུས་པ་ཞིག་གིས་གསལ་བཏབ་རྗེས་བར་ཆད་བསྲུང་དམིགས་དབྱངས་གསལ་ལ་སྤེལ་ཚིག་བཏགས་པ། འཛབ་ཀྱི་ངང་ནས་གཉིད་ལོག་པ་གསུམ་པོ་སྤངས་པའི་སྲོད་ཐུན་ཇི་ལྟ་བའི་བཟླས་བརྗོད་དང་། མཆོད་བསྟོད། ཀ་དག་གི་རྫོགས་རིམ། དགེ་བ་བསྔོ་བ་རྣམས་དཀྱུས་བཞིན་བྱ། སྔ་ཐུན་པ་ཁྱད་ཆོས་ཐུན་འགོར་འབྲུ་གསུམ་གྱི་མཇུག་ཏུ་དབྱངས་གསལ་ལ་སྤེལ་ཚིག་ཞབས་བཅད་མ་བཏགས་པ་བདུན་བརྗོད། ཁམས་ཅུང་ཟད་སེང་བ་སོགས་ཀྱི་དུས་འཕྲེང་བ་ལ་མདུད་པ་རྒྱབ་ནས་གདན་སྟེང་དུ་འཇོག །ཐུན་མཚམས་གང་བོས་ཤིག་ཏུ་དགེ་སྦྱོར་གྱི་རིགས་གཞན་དང་། ཕུར་སྲུང་། གཏེར་སྲུང་། གཞི་བདག་མཆོད་པ་སོགས་བྱེད། བསྙེན་ཚད་ནི། རྡོ་རྗེ་ཕུར་པ་ཐུགས་གསང་སྐུའི་རྒྱུད་ལས། ས་ཡ་དྲུག་འབུམ་བསྙེན་པའི་ཚད༔ དེ་རྫོགས་ནས་ནི་རྟགས་འདི་འབྱུང་༔ ཁྲག་འཐུང་ང་ཡི་ཞལ་མཐོང་ཞིང་༔ ཕྱག་མཚན་ཕུར་བུ་གར་དུ་འཁྲབ༔ གཏོར་མ་རཀྟ་བདུད་རྩི་ཁོལ༔ ཞེས་གསུངས་པས། ཡིག་འབྲུ་བཅུ་བཞི་པའི་བསྙེན་རྐྱང་ལ་དྲག་པོ་རང་བྱུང་རང་ཤར་ལས། བརྒྱ་སྟོང་ཁྲི་འབུམ་བྱེ་བ་བཟླས༔ ཞེས་པ་ལྟར་སྔགས་རྙིང་མའི་ལུགས་སུ་བྱེ་བ་སྔོན་དུ་བཏང་བའི་ས་ཡ་འདྲེན་པས་ཤིན་ཏུ་འགྲུས་པའི་དབང་དུ་བྱས་ན་ཐུན་རེ་ལ་ཁྲི་ཚོ་རེར་ཆ་བཞག་ཚེ་ཟླ་བ་བརྒྱད་འགོར་ཞིང་། ཉི་མ་ཞག་རེར་ཁྲི་ཚོ་གསུམ་ཙམ་གྱི་རྩིས་བྱས་ན་ལོ་གཅིག་ལ་བསྙེན་པ་ཐེམས་སོ། །དེ་ནས་སྒྲུབ་པ་ནི། རྒྱུད་ལས། ས་གཞི་ནག་ལ་གཏིང་ཟབ་པ༔ གནམ་ས་གཉིས་ཀ་དྲག་པོའི་གཟུགས༔ (༤བ)


GLG024_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ནག་ངོས་རྒྱར་བདུག་པ་རུ༔ དྲག་པོའི་ས་ལ་མཎྜལ་བྱ༔ དབུས་སུ་གྲུ་གསུམ་ཐ་མ་རུ༔ ཟླ་གམ་གསུམ་གྱིས་བསྐོར་བ་དང་༔ ཁྱམས་སྒོ་རྟ་བབས་ལ་སོགས་ཏེ༔ དཀྱིལ་འཁོར་རྒྱན་རྣམས་རྫོགས་པར་འདྲི༔ ཞེས་པ་ལྟར་དུར་ཁྲོད་ཀྱི་ས་ལ་སོགས་པ་དྲག་པོའི་རྫས་སྣ་བསྲེས་པའི་སྟེགས་བུ་རོ་སོལ་གྱིས་ཁ་དོག་ནག་པོར་བྱས་པ་ལ་གྲི་ཁྲག་གིས་ཆག་ཆག་བཏབ། ས་བརྟག་བསླང་སོགས་སྒྲུབ་ཆེན་ནས་བཤད་པའི་སྤྲོས་པ་རྣམས་དོར། བགེགས་གཏོར། རྒྱལ་ཆེན་མཐོ་འཛུགས་རྣམས་སྔོན་དུ་བསྙེན་པའི་སྐབས་སོང་ཟིན་པས་བསྙེན་སྒྲུབ་སྦྲེལ་མ་ལ་གོ་བཅད། ཐིག་ཚོན་བྱིན་རླབས་སོགས་རྡུལ་ཚོན་སྐབས་མེད་དུ་མི་རུང་བའི་ཆོ་ག་རྣམས་དང་བཅས་དཀྱིལ་འཁོར་བྲིས་པའི་སྟེང་དུ་ཕུར་ཆ་དགོད། དེ་ཙམ་མ་ལྕོགས་ན་ཚོན་གྱི་རྣམ་གཞག་རྣམས་དོར་བའི་རས་བྲིས་ལ་ཕུར་ཆ་དགོད། ཤིན་ཏུ་བསྡུ་ན་རྩ་བའི་ཐིག་ཆེན་བརྒྱད་ལོགས་ཐིག་དང་བཅས་བཏབ་པར་ཕུར་ཆ་དགོད། ཕུར་ཆ་ཡོངས་རྫོགས་མ་རྙེད་ན་ཁྲོ་བཅུ། ཕྲ་ཕྱག །སྒོ་བ་སོགས་ལ་རྡུལ་ཚོན་གྱི་སྐབས་ཚོན་སྤུངས་སམ་ཕྱག་མཚན་འདྲི་བ་གང་རུང་རས་བྲིས་ལ་སྐུ་དང་མཚན་མ་གང་བྲིས་དེ་ག་དང་། བསྡུ་ན་འཁོར་རྣམས་ལ་འབྲུའི་ཚོམ་བུ་བཀོད་པས་རུང་ལ། གཙོ་བོའི་ཕུར་པ་དང་ལས་ཕུར་གཉིས་ནི་མེད་དུ་མི་རུང་བའོ། །མདུན་དུ་མཉྫིའི་ཁྲི་ལ་སྒྲུབ་གཏོར། གཡས་སུ་སྨན་དང་གཡོན་དུ་རཀྟ། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །ཤར་དུ་མཆོད་ཡོན། ཞབས་བསིལ། ལྷོར་མེ་ཏོག །བདུག་སྤོས། ནུབ་ཏུ་མར་མེ། དྲི་ཆབ། བྱང་དུ་ཞལ་ཟས། ཁྲག་གི་ཨརྒྷཾ། དབང་པོའི་མེ་ཏོག་སོགས་འདོད་ཡོན་ནང་གི་མཆོད་པ་རྣམས་ཀྱང་མཐོང་བ་རྒྱུད་པའི་ཕྱག་ལེན་ལྟར་བཤམ། སྒྲུབ་གཏོར་བཀའ་སྲུང་གི་མཆོད་པ་རྣམས་སྔར་བསྙེན་པའི་སྐབས་(༥ན)


GLG024_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་པ་དེ་ག་ཡོད་ན་གསར་དུ་མ་བཟོས་ཀྱང་ཆོག །སྲོད་ཐུན་ནས་འགོ་བཟུང་སྟེ་ཐུན་བཞིར་གཅོད་པ་སོགས་བསྙེན་པའི་སྐབས་དང་འདྲ། འོན་ཀྱང་དམིགས་པའི་ཁྱད་པར་བདག་བསྐྱེད་ཀྱི་སྲུང་འཁོར་གཞལ་ཡས་ཁང་བསྒོམ་པ་དང་ལྷན་དུ་གཙོ་བོ་དང་རྣམ་རྒྱལ་གྱི་བར་དེར་གཞལ་ཡས་ཁང་བསྒོམ། དེ་བཞིན་དུ་ལྷ་རྣམས་ཀྱང་བདག་མདུན་གཉིས་ཀ་དུས་གཅིག་ཏུ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་གསལ་བཏབ་སྟེ་བདག་མདུན་གྱི་གཙོ་བོ་གཉིས་ཞལ་སྤྲོད་ཀྱི་ཚུལ་གྱི་ལས་བྱང་གི་གཞུང་བསྲངས། གཙོ་བོ་དྲིལ་སྒྲུབ་ལྟར་བསྐྱེད་ན་བདག་ཉིད་རྩ་བའི་དཀྱིལ་འཁོར་མཚན་མ་རྫས་ཀྱི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་གསུམ་ཀ་ཚང་བར་ལུགས་འདི་ལ་ཚད་མར་གྱུར་པའི་སྔགས་རྒན་རལ་བ་ཅན་རྣམས་བཞེད་དོ། །ཆོས་དབང་རིན་པོ་ཆེའི་ཕུར་པ་སྤུ་གྲི་ལ་སྲས་མཆོག་རིགས་བཞིའི་ཐ་སྙད་མ་གསུངས་ཀྱང་། བྱང་གཏེར་གྱི་ཕུར་པ་འབྲིང་པོ་འདིར་སྲས་མཆོག་རིགས་བཞིའི་རྣམ་གཞག་མཚན་ལྡན་བླ་མ་ངག་དབང་གྲགས་པ་སོགས་མཁས་གྲུབ་རྣམས་ཀྱིས་མཛད་པས་བསྒོམ་པར་སྤྲོ་ན་རྣམ་རྒྱལ་གྱི་མདུན་དུ་བུདྡྷ་ཀཱི་ལཱ་ཡ། དེ་བཞིན་དུ། གཤིན་རྗེ། རྟ་མགྲིན། བདུད་རྩི་འཁྱིལ་པ་གསུམ་གྱི་མདུན་དུ་རིམ་བཞིན། རཏྣ། པདྨ། ཀརྨ་ཀཱི་ལཱ་ཡ་རྣམས་བསྒོམ། གཟུངས་ཐག་འཐེན། སྒྲུབ་པའི་སྔགས་ནི། ཡིག་འབྲུ་བཅུ་བཞི་པ་ལ་ཛ་ཧཱུཾ་ཨཱཿགསུམ་བསྣན་པའི་བཅུ་བདུན་པ་ལ་བསྙེན། བསྙེན་ཚད་ནི། གསང་རྒྱུད་ལས། གྲངས་ཀྱི་བསྙེན་པ་བྱེ་བ་གསུམ༔ རྟགས་བསྙེན་རྟགས་བྱུང་བར་དུ་བཟླ༔ ཞེས་བྱེ་བ་གསུམ་བཟླ་བར་གསུངས་པས་ཐུན་རེ་ལ་ཁྲི་ཕྲག་རེ་འགྲོ་བའི་དབང་དུ་བྱས་ན་ཟླ་བ་ཕྱེད་གསུམ་ལ་བསྙེན་ཚད་ཐེམས། སྒྲུབ་པ་ཁོ་ནའི་དབང་དུ་བཏང་སྟེ་ཐུན་བཞི་ག་ལ་ལས་བྱང་གི་གཞུང་བསྡུས་ཙམ་རེ་བཏང་། དགོངས་(༥བ)


GLG024_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་གྱི་མཐར་ཚོགས་བསྡུས་པ་རེ་བཏང་བའི་ཚོགས་ལྷག་དཀྱིལ་འཁོར་གྱི་བྱང་ཤར་མཚམས་སུ་སྤུངས་པ་སོགས་ཕྱག་ལེན་ལྟར་བྱེད། གྲུབ་རྟགས་ནི། རྒྱུད་ལས། སྟོང་གསུམ་ཞབས་ཀྱིས་བརྫིས་པ་དང་༔ ཉི་ཟླ་ཁོང་དུ་མིད་པ་དང་༔ རི་རབ་ལག་གིས་བསྐོར་བ་དང་༔ རྒྱ་མཚོ་ཧུབ་ཀྱིས་བཏུངས་པ་དང་༔ དངོས་སམ་ཉམས་སམ་རྨི་ལམ་དུ༔ གྲུབ་པའི་རྟགས་རེ་ངེས་པར་འབྱུང་༔ ཞེས་སོ། །དེ་ནས་ལས་སྦྱོར་ནི། རྒྱུད་ལས། མཎྜལ་གྲུ་གསུམ་རིམ་པ་གསུམ༔ ཟངས་ལྕགས་འཁར་བའི་ཕྱེ་མ་ལ༔ ཁྲག་རྒོད་པ་སྲས་ལ་བྱུག་པར་བྱ༔ དྲག་པོའི་ཤིང་ལ་ཟུར་གསུམ་རྩང་༔ ཉེར་གཅིག་སྲིན་མོའི་འགྲོས་སུ་བཀོད༔ རྣམ་ཤེས་ཚང་བའི་ལིངྒ་བྲི༔ ཞེས་པ་ལྟར། དཀྱིལ་འཁོར་གྱི་མདུན་དུ་ཕུངས་སོགས་དྲག་པོ་བ་རྫས་ཀྱི་འགྲུབ་ཁུང་ཁ་ཁྱེར་རྩང་སོགས་ཕྱག་ལེན་ལྟར་རྔམ་བརྗིད་དང་ལྡན་པར་བཤམ། ལུགས་སྲོལ་འདི་པའི་མན་ངག་ལས་བྱུང་བའི་ལིངྒ་སྔགས་ཅན་རིགས་འཛིན་བརྒྱུད་པའི་བྱིན་རླབས་ཀྱི་དྲོད་རླངས་མ་ཡལ་བ་ཕྱག་ལེན་ལྟར་བྲིས་ཏེ་ཧོམ་ཁུང་དུ་བཅུག །ཕུར་སྲུང་བསྐུལ་བ། དགུག་འདྲེན། ལྷ་དབྱེ་སོགས་ཡིད་ཆེས་པར་བྱས། ཐུན་བཞི་ལ་ལས་སྦྱོར་གྱི་སྔགས་སྒྲུབ་སྔགས་ཀྱི་མཇུག་ཏུ་དྷ་ཏེ་རྣམ་གསུམ་གྱི་སྔགས་བཏགས་པ་འདྲེན་ནོ། །སྔགས་ནི། དྲང་སོ་གཏེར་སྟོན་གསུམ་པ་ཡོལ་མོ་བ་ཆེན་པོས་གསུངས་པའི་བསྙེན་ཡིག་ལྟར་བཟླ་ཞིང་ཐུན་བཞི་གའི་མཇུག་ཏུ་ཐུན་བརྡེག །རྟགས་རྫོགས་ན་མདུན་གཅིག་ཙམ་ནས་ཕུར་གདབ་སོགས་བསྒྲལ་ལས་ཡོངས་སུ་རྫོགས་པར་བྱས་ཏེ། རྒྱུད་ལས། ཆ་གཅིག་དུག་གསུམ་མེ་ལ་བསྲེག༔ ཆ་གཅིག་ཀླུ་ལ་གཏད་པར་བྱ༔ ཆ་གཅིག་གཏོར་སྟེགས་འོག་ཏུ་མནན༔ ཞེས་པ་ལྟར་མནན་སྲེག་གིས་མཇུག་བསྡུ། འདི་ལ་ཞལ་ཤེས་དང་དྲག་སྔགས་སྤྱི་སྡོམས་ཀྱི་གནད་ལ་ནང་བྱན་(༦ན)


GLG024_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཚུད་དགོས། དགྲ་དམིགས་བསལ་མེད་ཅིང་མཚོན་དོན་ཙམ་བྱེད་ན་ཟན་ལིང་གིས་ཀྱང་གོ་ཆོད་དོ། །གདབ་ཁ་དྲུག་འཁྲུལ་མེད་དུ་ཉམས་སུ་ལེན་པར་འདོད་ན་མཐོང་རྒྱུད་ཀྱི་ཕྱག་བཞེས་དམར་འཁྲིད་ལས་ཤེས་པར་བྱའོ། །མཚམས་འགྲོལ་རྒྱུའི་ཞོགས་ལས་བྱང་རྒྱས་པ་ཚོགས་མཆོད་དང་བཅས་པ་འབུལ། ཕུར་ཆ། སྒྲུབ་གཏོར་སོགས་སྒྲུབ་རྫས་རྣམས་ལས་བསྐུལ་ཚིག་གི་སྒོ་ནས་དངོས་གྲུབ་ལེན་པ་སྔ་འགྱུར་སྤྱི་གཞུང་ལྟར་བྱེད། སྔར་གྱི་ཚོགས་ལྷག་རྣམས་དང་བཅས་ཏེ་ཚོགས་ལྷག་གཏོང་། ཆད་མཐོ། བསྟན་སྐྱོང་། དཀྱིལ་འཁོར་བསྡུ་ཆོག །སྨོན་ལམ། བཀྲ་ཤིས། རྒྱལ་མཐོ་འགྲོལ་བ་སོགས་ལག་ལེན་གཞུང་བཞིན་བྱ། ནང་མཚམས་འགྲོལ་ཉིན་དམ་ལྡན་འགའ་ཞིག་དང་འཕྲད། མིག་དགྲ་དང་ཉི་ཟླའི་ཕྱོགས་སུ་ལྟ་སྟངས་བྱེད། གཞན་ལ་སྲུང་བ་སོགས་བྱིན་རླབས་ཀྱི་རིགས་བྱེད་པ། མཚམས་ནང་གི་དངོས་པོ་ཕྱིར་གཏོང་བ། སྐྲ་སེན་འབྲེག་པ། མཆིལ་མ་འདོར་བ། འཕྲེང་བ་ལ་རེག་པ་སོག་བསྲུང་། ཐོག་མ་ནས་མཚམས་ཁོག་ཏུ་མ་བཅུག་པའི་མི། དངོས་པོ། ཡི་གེ་སོགས་མི་གཏོང་བས་མཚོན་ཏེ་བསྙེན་སྒྲུབ་ཀྱི་དམ་ཚིག་ལ་གནས་པ་ནི་ཤིན་ཏུ་གཅེས་སོ། །འདི་ནི་ཕུར་པ་འབྲིང་པོ་སྤུ་གྲི་ལ་སྦྱར་བའི་བསྙེན་སྒྲུབ་ལས་གསུམ་གྱི་དབང་དུ་བཏང་བ་ཡིན་ལ། བསྙེན་ཚད་ཧ་ཅང་མངས་པས་སྒྱིད་ལུག་ན་གཤོམ་ནི་གོང་དུ་བཤད་པའི་སྒྲུབ་པའི་དཀྱིལ་འཁོར་ཕུར་ཆ་སོགས་རྒྱས་འབྲིང་བསྡུས་གསུམ་གང་རུང་ལ་སྔགས་ཀྱང་འབྲུ་བཅུ་བདུན་པ་བཟླས། ཐུན་རེ་རེ་བཞིན་ལས་བྱང་གཏོང་བ། དགོངས་ཐུན་ལ་ཚོགས་གཏོང་བ་རྣམས་སྤངས་ཏེ་བསྙེན་པ་ལྟར་ཉམས་སུ་བླངས་པའི་གྲངས་བསྙེན་བྱེ་བ་གསུམ་བཏང་བས་བསྙེན་སྒྲུབ་ཟུང་འབྲེལ་དུ་འགྲུབ་པ་འཇུག་པ་བདེ་བའི་གནད་དམ་པ་སྤྲུལ་པའི་སྐུ་ཡོལ་མོ་བ་ཆེན་པོ་ཡང་ཐུགས་(༦བ)


GLG024_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གཙིགས་སུ་མཛད་དོ། །དེ་ནས་སྒྲུབ་པ་པོ་བསྙེན་སྒྲུབ་ཟུང་འབྲེལ་དུ་སོང་བས་གོ་ཆོད་མོད། རྒྱུད་ཀྱི་དགོངས་པ་ལྟར་ས་བཅད་མ་སྟོང་ཙམ་བྱེད་ན་གསང་རྒྱུད་ལེའུ་རྩ་བདུན་པ་ནས་གསུངས་པའི་དྷ་ཏིའི་སྔགས་འབྲུ་ཉེར་བདུན་པ་ཞག་གསུམ་གྱི་བར་བཟླ་ཞིང་། རང་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱི་སྤྲོ་བསྡུས་དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཕུར་སྲུང་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བར་དམིགས་ཏེ་བཟླ། དེ་ཡང་རྒྱུད་ལས། དྷ་ཏི་འདུས་པའི་སྙིང་པོ་འདི༔ སྟོང་ཕྲག་གསུམ་དུ་བཟླས་པར་བྱ༔ དམ་ཅན་དངོས་སུ་འདུ་བར་འགྱུར༔ ཞེས་གསུངས་པས་ཐུན་རེ་ལ་སྟོང་ཕྲག་གསུམ་བཟླ་བའི་དབང་དུ་ཡིན་ཞིང་། དེ་ལས་མང་བ་བྱུང་ན་ལེགས་སོ། །ལས་སྦྱོར་མན་ནི་གོང་དུ་བཤད་པ་བཞིན་ནོ། །ཡང་ཆེ་མཆོག་གི་བསྙེན་སྒྲུབ་ལས་གསུམ་བྱ་བར་འདོད་ན། བསྙེན་པ་ནི་ལས་བྱང་བརྗེ་བ་ཙམ་ལས་ཁྱད་པར་མེད། སྒྲུབ་པའི་སྐབས་སྐུའི་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་ཕུར་པ་གསུམ༔ སྐུ་ཤར་གསུང་ལྷོ་ཐུགས་ནི་བྱང་༔ ཟླ་གམ་གསུམ་ལ་དགོད་པར་བྱ༔ ཞེས་ལུགས་འདི་དང་ཆོས་དབང་གི་སྤུ་གྲི་སོགས་ལ་སྲས་མཆོག་རིགས་ལྔའི་ཐ་སྙད་མི་བྱེད་པར་སྐུ་གསུང་ཐུགས་ཀྱི་ཕུར་པ་གསུམ་ཟླ་གམ་གསུམ་ལ་བཀོད། ཕུར་ཆ་བྱིངས་འགོད་ལུགས་འདྲ། མར་ཁུ་ཁྲག་ཞག་འོ་མ་བཞིན༔ དཀྱིལ་འཁོར་བར་ཁྱམས་དག་ཏུ་བཞག༔ ཅེས་རྫས་བཞི་པོ་ཡང་དགོད། རང་ཆེ་མཆོག་རྡོ་རྗེ་གཞོན་ནུ་དབུ་དགུ་ཕྱག་བཅོ་བརྒྱད་པར་གསལ་བའི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་སྲས་ཕུར་གསུམ་པོ་གསལ་གདབ། རྒྱུད་དང་མན་ངག་ལྟར་སྒྲུབ་སྔགས་གསུམ་ག་བསྒྲིལ་ནས་བཟླ། དྲིལ་སྒྲུབ་ནི་བསྙེན་པ་དྲག་སྔགས་ལྷ་ནག་དང་འདྲ། སྒྲུབ་པའི་སྐབས་སྒྲུབ་སྔགས་ལ་ཁྲོ་བཅུའི་སྔགས་བཏགས་པའོ། །དེ་ལྟར་འཕྲིན་ལས་དཔལ་ཆེན་ཧེ་རུ་ཀ །ལུགས་(༧ན)


GLG024_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕུར་བུར་གྲགས་པ་ལྷ་བྲག་གཏེར། ཨྱོན་སངས་རྒྱས་གཉིས་པའི་གོང་ཁུག་མ། །ཇོ་མོ་ལུགས་སྲོལ་ཀུན་གྱི་ཡང་རྩེར་སོན། །ཚུལ་འདིའི་སྨིན་གྲོལ་གདམས་པའི་གནད་འགག་རྣམས། །རིགས་འཛིན་ཞལ་ལུང་མཁའ་འགྲོའི་ཁ་རླངས་ཅན། །ཟུར་ཆེན་འཇམ་དབྱངས་བླ་མའི་བཀའ་དྲིན་ལས། །ལེགས་ཐོབ་སྙིང་གི་ཟེའུ་འབྲུར་རྟག་ཏུ་བསྟེན། །ལ་ལ་བདག་མདུན་བཅའ་གཞིའི་སྤྲོས་པ་སོགས། །མི་ཤེས་རྫོགས་ཆེན་སྤྲོས་བྲལ་ལྟ་བ་ཡི། །མིང་ཙམ་རྫུ་ལ་བརྟེན་པའི་ཟོལ་སྦྱོར་གྱི། །ཟོག་གིས་རང་གཞན་གཉིས་ཀ་ཕུང་བའང་མཐོང་། ཁ་ཅིག་སྔ་འགྱུར་རྣམ་དབྱེ་མ་དོད་པར། །ཀྱེ་རྡོར་ལ་སོགས་ཕྱི་འགྱུར་ཆོ་ག་ཡིས། །རྒྱས་བཀབ་སྨིག་རྒྱུས་སྐོམ་ནད་སེལ་འདོད་པའི། །མཁས་རློམ་ནམ་མཁའི་འཇའ་ལ་སྦར་འཛིན་འདྲ། །རིགས་འཛིན་པདྨའི་ཐུགས་ཏིག་སྣ་ནམ་པར། །ལེགས་གདམས་རྒོད་ཀྱི་ལྡེམ་ཕྲུར་བཀའ་བབས་པའི། །ཟབ་དོན་རིགས་འཛིན་བརྒྱུད་པའི་ལུགས་སྲོལ་བཞིན། །འདི་བའི་ངོ་མཚར་སྐལ་བཟང་འདི་ན་རྙེད། །དེ་འདྲ་སྔ་འགྱུར་བསྟན་འཛིན་ཀུན་གྱི་རྗེ། །བྱང་བདག་རིགས་འཛིན་མཆོག་གི་སྤྲུལ་པའི་གར། །ལེགས་བསྒྱུར་དམ་ལྡན་རྡོ་རྗེའི་སློབ་མ་ཡི། །བཞེད་སྐོང་ཐེག་མཆོག་བསྟན་ལ་བསམས་ནས་བཀོད། །དགེ་དེས་ལོག་པར་འཁུ་བའི་དགྲ་སྡེའི་དཔུང་། །སྲས་མཆོག་བཛྲ་ཀཱི་ལས་བསྒྲལ་བ་དང་། །ལྷན་ཅིག་བདག་ཏུ་འཛིན་པའི་དགྲ་ཚོགས་ཀུན། །རང་རིག་དོན་གྱི་ཕུར་བུས་སྒྲོལ་གྱུར་ཅིག །ཅེས་ལྷ་བྲག་གཏེར་བྱོན་གྱི་ཕུར་པ་ལུགས་གསུམ་གའི་བསྙེན་སྒྲུབ་ལས་སྦྱོར་བྱ་ཚུལ་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་པ་འདི་ཡང་རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་བྱང་པ་རིགས་འཛིན་ངག་གི་དབང་པོའི་སྤྲུལ་པའི་(༧བ)


GLG024_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གར་མཁན་བྱ་ནག་གི་རིགས་སུ་འཁྲུངས་པ་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེའི་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ། གཏེར་ཁ་འདི་ཉིད་ལ་མེས་སྟོན་ཆེན་པོའི་གདམས་པ་རིགས་འཛིན་མངའ་རིས་པ་ལེགས་ལྡན་རྡོ་རྗེ་ལས་ཉེ་བར་བརྒྱུད་པ་དང་། སེ་སྟོན་ཆེན་པོའི་མན་ངག་མཉམ་མེད་ནུབ་དགོན་པ་ལས་བརྒྱུད་པ་གཉིས་ཚོགས་ཆུ་བོ་གཅིག་འདུས་དཔལ་ཆོས་ཀྱི་རྒྱལ་པོ་བཀྲ་ཤིས་སྟོབས་རྒྱལ་ནས་གཏེར་སྟོན་ཡོལ་མོ་བ་ཆེན་པོའི་བར་དུ་བྱོན་པའི་སྨིན་བྱེད་ལུང་ཕྱག་བཞེས་ཀྱི་བཀའ་བབས་ཟུར་ཆེན་རིགས་ཀུན་ཁྱབ་བདག་ཆོས་དབྱིངས་རང་གྲོལ་ལ་མནོས་ཤིང་། རིགས་འཛིན་མངའ་རིས་པ་ཆེན་པོ་ནས་བཀྲ་བཟང་པ་སེ་སྟོན་ཐུགས་མཚོ་འོད་འབར་གྱི་བར་དུ་བྱོན་པའི་དབང་དང་མན་ངག །སྤྱི་སྟོན་ཚེ་རིང་དབང་པོའི་ཞལ་ཤེས། ཕུར་པ་ལྔ་ཁྲའི་ཆོས་སྡེ་ལས་བྱུང་བའི་ཚེ་དབང་། ལྷ་ཁྲིད་གསུམ་ཟུར་ངག་དབང་ཕུན་ཚོགས་ལས་བརྒྱུད་པ་རྣམས་མཁས་གྲུབ་ཁྲ་ཚང་པ་ཆེན་པོ་ལས་ཐོས་ཏེ་ཚད་ཐུབ་ཀྱི་རྡོ་རྗེ་སློབ་དཔོན་རྣམས་ཡུན་དུ་བསྟེན་པའི་བཀའ་དྲིན་ལས་ཆོས་ཚུལ་འདི་ལ་མི་འཇིགས་པའི་སྤོབས་པ་དགེ་བའི་ཟ་ཧོར་གྱི་སྔགས་སྨྱོན་དྲག་པོ་རྩལ་གྱིས་ལྕགས་ཕོ་བྱི་ལོ་ཁྲུམས་ཀྱི་ཟླ་བའི་ཡར་ཚེས་དགུ་ལ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ།། །།སརྦ་མངྒ་ལཾ།། །།

བྱང་གཏེར་ཕུར་པ་ལུགས་གསུམ་གང་ལའང་སྦྱར་ཆོག་པའི་ཞི་བའི་སྦྱིན་སྲེག་མུན་སེལ་འོད་དཀར།


GLG024_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གཏེར་ཕུར་པ་ལུགས་གསུམ་གང་ལའང་སྦྱར་ཆོག་པའི་ཞི་བའི་སྦྱིན་སྲེག་མུན་སེལ་འོད་དཀར་བཞུགས་སོ། །


GLG024_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ཕུར་བུའི་ལྷ་ཁྱོད་དྲན་པའི་མོད། །བདུད་དཔུང་མེ་ལྕེས་རྩྭ་བཞིན་ཕྱེར་འཐག་ན། །བསྐྱེད་རྫོགས་རྫོགས་ཆེན་རྣལ་འབྱོར་བསྙེན་སྒྲུབ་ལས། །བསྟར་ཚེ་མཆོག་མཐུན་དངོས་གྲུབ་ཅིས་མི་ཐོབ། །དེ་ཕྱིར་ལམ་འདིའི་སྨིན་གྲོལ་མན་ངག་རྣམས། །ལྷུག་པར་སྟོན་མཛད་ཟུར་ཆེན་ཐམས་ཅད་མཁྱེན། ཁྱབ་བདག་ཉང་སྟོན་བློ་མཆོག་རྡོ་རྗེའི་ཞབས། །རིགས་ཀུན་འཁོར་ལོའི་མགོན་དུ་རྟག་པར་བཞུགས། །སྤྱི་དང་བྱེ་བྲག་མི་མཐུན་ཉེས་བརྒྱའི་མུན། །སེལ་བྱེད་ཞི་བའི་སྦྱིན་སྲེག་འོད་དཀར་ཅན། །སྔོན་བྱོན་དམ་པའི་ཕྱག་བཞེས་འཁྲུལ་མེད་བཞིན། །ཉུང་ངུ་རྣམ་གསལ་ཀླགས་ཆོག་དེང་འདིར་སྤེལ། །དེ་ཡང་དཔལ་ཨྱོན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཡང་ལེ་ཤོད་ཀྱི་ཕུག་པར་ཡང་དག་གི་སྒྲུབ་པ་མཛད་པའི་ཚེ་བར་ཆད་ཀྱིས་གླགས་བལྟས་པར་དེ་འདུལ་བའི་གཉེན་པོ་དགོས་ཚུལ་རྒྱ་གར་གྱི་སློབ་དཔོན་རྣམས་ལ་འཕྲིན་བཏང་བས། རྡོ་རྗེ་ཕུར་པའི་གླེགས་བམ་མི་ཁུར་གཉིས་ཡང་ལེ་ཤོད་དུ་འབྱོར་པ་ཙམ་གྱིས་བར་གཅོད་ཞི་བར་བརྟེན། ཡང་དག་ནི་ཚོང་པ་དང་འདྲ་ཕུར་པ་ནི་སྐྱེལ་མ་དང་འདྲ་ཞེས་ནག་པོའི་གཡུལ་ལས་རྣམ་པར་རྒྱལ་བར་མཆོག་ཏུ་བསྔགས་པའི་དཔལ་ཆེན་རྡོ་རྗེ་ཕུར་པའི་སྐོར་ལ་བཀའ་གཏེར་རྣམ་གྲངས་མང་དུ་ཡོད་པའི་ནང་ནས་སློབ་དཔོན་ཆེན་པོའི་ཐུགས་ཀྱི་བརྣོག་(༢ན)


GLG024_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། ལྷ་བྲག་གཏེར་བྱོན་ཕུར་པ་ལུགས་གསུམ་གང་ལའང་སྦྱར་ཆོག་པའི་ཞི་བའི་སྦྱིན་སྲེག་གི་རིམ་པ་ཉམས་སུ་བསྟར་བར། ཐུགས་སྒྲུབ་ཀྱི་ཡེ་ཤེས་རང་འབར་ལས། ནད་གདོན་སྡིག་སྒྲིབ་ཞི་འདོད་ན༔ དབྱར་གྱི་ཐོ་རེངས་སྔ་དྲོ་བརྩམ༔ ཞེས་པ་ལྟར། ཞི་བའི་ལས་བསྒྲུབ་པ་ལ་ཤིས་པའི་དུས་ཚོད་གཟའ་སྐར་སོགས་དང་བསྟུན་སྔོན་ཆད་མ་དུལ་བའི་ས་གསར་པ་ལ་སྒྲུབ་ཆེན་ལས་འབྱུང་བའི་ས་ཆོག་དང་གནས་ཁང་རྙིང་པ་སོགས་ལ་བྱེད་པར་མི་སྤྲོ་ན། བཏང་སྙོམས་སུ་བཞག །བགེགས་གཏོར། གཞི་བདག་གཏོར་མ། སྡེ་བརྒྱད་སྤྱིར་གསེར་སྐྱེམས་བཏང་སྟེ་ཆ་བསྙམས། བསྙེན་མཚམས་ལྟ་བུ་དང་འབྲེལ་བའི་རྒྱལ་མཐོ་མ་བཀྲོལ་གོང་ཡིན་ན། དེ་དག་ཀྱང་ཆེད་དུ་གཉེར་མི་དགོས་སོ། །གང་དུ་བྱེད་ཀྱང་ཕྱག་བདར་དང་། སྐྱང་ནུལ་བྱ། དྲག་ཤུལ་སྤྱོད་པའི་ཆོ་གའི་རྫས་དང་མ་འདྲེས་པའི་གཙང་ཞིང་ས་བཀྲ་བཟང་པོ་ནས་བླངས་པའི་ས་ལ་སྟེགས་བུ་བརྩིག །ཡེ་ཤེས་རང་འབར་ལས། ཞི་བའི་དབྱིབས་ནི་ཟླུམ་པོ་དཀར༔ ཞེས་དང་། རང་རང་ལྷ་ཡི་ས་བོན་ནམ༔ མེ་ཏོག་བསྐོར་བས་འགྲུབ་འགྱུར་ཉིད༔ ཅེས་པ་ལྟར། དེའི་སྟེང་དུ་ཐིག་ཆེན་བརྒྱད་བཏབ་པའི་ལྟེ་བ་ནས་མཐོ་གང་བསྐོར་བའི་དབུས་སུ་འཁོར་ལོ་རྩིབས་བཅུ་པ། (༢བ)


GLG024_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་རྡོ་རྗེ་རྩེ་ལྔ་པ། རྩིབས་ལ་ཁྲོ་བཅུ་ཕྲ་ཕྱག་དང་ཁྱམས་ཀྱི་མཚམས་བཞིར་སྒོ་མ་བཞིའི་ཕྱག་མཚན་ནམ་ས་བོན་བསྡུ་ན་ཚོན་སྤུངས། དེའི་ཕྱི་རོལ་ཏུ་སོར་བཞི་པའི་ཚད་ཀྱི་མུ་ཁྱུད་ཟླུམ་པོ་ཉིས་རིམ་དུ་བསྐོར་པ་ལ་རྡོ་རྗེའི་འཕྲེང་བ་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ཕྱེད་པས་མཚན་པ་བྲིས། ཡེ་ཤེས་རང་འབར་ལས། ཞི་བ་ཙན་དན་དཀར་པོའམ༔ ཤུག་པ་དཀར་པོའི་ཤིང་གིས་བཀང་༔ ཞེས་པ་ལྟར། དེའི་སྟེང་དུ་ཙན་དན་དཀར་པོ་དང་ཤུག་པ་འོ་མ་ཅན་སོགས་ཀྱི་ཤིང་ལ་ཡང་མི་རུང་བ་མིན་ནའང་འཇུག་པ་བདེ་བར་འདོད་ན་སྲོག་ཆགས་མེད་པའི་ནགས་ཀྱི་ལྕི་བ་སྐམ་པོའི་ཐབ་ཟླུམ་པོ་རྒྱར་ཁྲུ་གང་པ་དཔངས་སུ་དེའི་ཕྱེད་ཆ་བརྩིགས་པར་འབྲས་དཀར་རམ་ས་དཀར་ལྟ་བུས་ཁ་དོག་བསྒྱུར། མན་ངག་ལྟར་མེ་ཚང་བཅའ་ཞིང་ཤར་ལྷོའི་མཚམས་སུ་ཏིང་ལོ་ཆེ་བ་ཞིག་འཇོག །མེ་ཡོལ་གྱི་ངོས་ལ་གངས་རིའི་དབྱིབས་དང་ས་བོན་གྱི་ཡི་གེ་ཕྱོགས་མ་ལོག་པར་བྲིས། ཡེ་ཤེས་གསལ་སྒྲོན་ལས། སྤོས་མར་བྱུགས་པའི་ཡམ་ཤིང་ནི༔ རིགས་དང་མཐུན་པའི་རིང་ཐུང་ཚད༔ ཞི་བ་ལྕང་མ་སོར་བརྒྱད་ལ༔ ཞེས། འོ་མ་ཅན་དང་ལྕང་མ་ལ་སོགས་པའི་ཤིང་སྲིན་འབུས་མ་ཟོས་ཤིང་གས་ཆག་གི་སྐྱོན་དང་བྲལ་བ་སྲིད་དུ་སོར་བརྒྱད་པ་སྦོམས་སུ་མཐེའུ་ཆུང་གི་ཚད་ཙམ་པ་རྩ་རྩེ་གཉིས་ལ་མར་དང་འོ་མ་དང་སྦྲང་རྩི་བྱུགས་ཤིང་བདུད་རྩི་དང་དྲི་ཞིམ་པོའི་ཆུ་དཀར་པོས་སྦགས་པ་ཡེ་ཤེས་གསལ་སྒྲོན་ལས། སྡིག་སྒྲིབ་ཞི་བའི་སྲེག་རྫས་ནི༔ ཏིལ་དང་ནས་འབྲས་ཡུངས་ཀར་གྲོ༔ སོ་སྲན་ལ་སོགས་འབྲུ་སྣ་དང་༔ འོ་མ་ཞོ་དང་མར་དཀར་རྫས༔ སྦྲང་བུར་ཀ་ར་སྨན་སྣ་དང་༔ རྒུན་འབྲུམ་ལ་སོགས་ཤིང་ཏོག་དང་༔ ཤ་ཚིལ་དར་ཟབ་རིན་ཅེན་ཚོགས༔ ཆང་དང་ཤ་ཁྲག་བཏུང་བའི་ཚོགས༔ ཕྱེ་དང་ལན་ཚ་སྤོང་ལ་སོགས༔ དུར་བ་ཀུ་ཤ་རྨ་བྱའི་མདོངས༔ (༣ན)


GLG024_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་འབྱོར་ཚོགས་འཁོར་དཔག་མེད་དང་༔ དྲི་ཞིམ་མེ་ཏོག་སྣ་ཚོགས་བསག༔ ཅེས་པ་ལྟར། ཁ་དོག་དཀར་པོའི་མར་ཁུ་སོགས་རྫས་ཆེན་ཉེར་བདུན་རང་རྫས་ཀྱིས་སྦགས་པ། རྫས་སྣ་བརྒྱད་དང་ལྡན་ཞིང་རླངས་བཙོས་བྱས་པའི་འབྲས་དཀར་གྱི་ཟས་མཆོག །ཁྱད་པར་གྱི་རྫས་གུ་གུལ་དཀར་པོ། ཙན་དན་དཀར་པོ། དཱུརྦ། པྲི་ཡངྐུ། ཐང་ཆུ། འབྲས་ཡོས། ཙམྤ་ཀ །འདོད་གསོལ་གྱི་ཤིང་བྱང་སྤེལ་ཚིག་ཅན་རྣམས་ཐུན་མོང་མ་ཡིན་པའི་དམ་རྫས་ལྔས་སྦགས་ཤིང་བྱང་བུམ་གཏོགས་པ་རྣམས་གཅིག་ཏུ་བསྲེས་ནས་རིལ་བུ་བྱས་ཀྱང་རུང་། དེ་ཡང་རྫས་རྣམས་མེ་ལྷ་དང་དཀྱིལ་འཁོར་གྱི་ལྷ་གཉིས་ལ་མང་ཉུང་གི་དབྱེ་བས་ཤེལ་དཀར་པོ་སོགས་རིན་པོ་ཆེའམ་ཁམས་དཀར་པོའི་སྣོད་དུ་བཀོད་ནས་གཡས་ཕྱོགས་སུ་ལས་མཐུན་གྱི་སྟན་ལ་གོ་རིམ་མ་ནོར་བར་བཀོད། རང་རྫས་དམིགས་བསལ་བསྲེས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ། ཆུ་གཉིས་སྔོན་དུ་འགྲོ་བའི་ཕྱི་ནང་གི་ཉེར་མཆོད་སོ་སོར་གཡོན་ཕྱོགས་སུ་བསྒྲིག །མདུན་དུ་ལས་བུམ། མེ་ཏོག །ཐོད་པ་ལྟག་སྤྲོད་ཀྱི་རྔ་ཆུང་། རྡོ་རྗེ། དགང་བླུགས་ཁ་སྦྱར་དྲིལ་བུ། སྨན་རཀ །ཀུ་ཤ་བརྒྱད། དཔལ་འབར། རླུང་གཡབ་རི་མོ་ཅན། སོ་རྩི་སྦྱར་མ། གོས་ཟུངས་སོགས་ཡོ་བྱད་རྣམས་ཚང་བར་བཤམས། དེ་ནས་བསྒྲུབ་པ་པོ་ལུས་ལ་དྲི་ཞིམ་པོ་བྱུགས། ཞི་བའི་གར་ཆས་སམ། མ་འགྲུབ་ན་གོས་རྒྱན། ཐོད་དཀར་པོ་བྱ། སྟན་ནང་ཚངས་ཅན་གྱི་སྟེང་དུ་པདྨའི་འདུག་སྟངས་ཀྱིས་ཤར་ཕྱོགས་སུ་ཁ་བལྟས་ལ། སྔར་མ་ཟིན་ན་ལས་བྱང་ནས་ཚོགས་ཀྱི་བར་བྱ། དེ་ནས་ངག་བཅད། རྡོར་དྲིལ་བཅངས་ཏེ། དེ་ཉིད་དང་རྔ་བྱིན་རླབས་གསང་རྫོགས་ཀྱི་ལྷན་ཐབས་ལྟར་བྱ། གཟར་བུ་གཉིས་(༣བ)


GLG024_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། བྱིན་རླབས་རྣམས་འོད་ཟེར་གྱི་ཚུལ་དུ་བཀུག་སྟེ་གཟར་བུ་གཉིས་ལ་ཐིམ། དེ་ཞུ་བ་ལས། ཧཱུཾ་ལས་བླུགས་གཟར་རྡོ་རྗེ་དང་། ཨ་ལས་དགང་གཟར་དྲིལ་བུའི་རྣམ་པ་ཅན་ཡོངས་སུ་གྱུར་པ་ལས་ཀརྨ་ཧེ་རུ་ཀ་མཐིང་ནག་ཕྱག་གཉིས་ཕུར་བུ་བསྒྲིལ་བ་དང་འཁོར་ལོ་རྒྱས་འདེབས་མ་སྔོན་མོ་རྡོ་རྗེ་དུང་ཁྲག་འཛིན་པ་སྙོམས་པར་ཞུགས་པའི་རྐྱེན་གྱིས་འོད་དུ་ཞུ་ནས་བླུགས་གཟར་དང་དགང་གཟར་གྱི་རྣམ་པར་བསམ། ལས་བུམ་ནི་སྒྲུབ་ཁོག་དངོས་གྲུབ་རྒྱ་མཚོ་ནས་ལེན། གཏོར་མ་བརླབ་པ་ནི། བཀའ་བརྒྱད་གསང་བ་ཡོངས་རྫོགས་ལྟར་བྱ། མཆོད་པ་ནི་གཡས་བསྐོར་གྱིས་བསངས་ཆུ་དང་སྨན་ཕུད་ནས་ཀྱང་གཏོར་ཏེ་གསང་རྫོགས་ལྟར་བརླབ། སྲེག་རྫས་ནི་བདུད་རྩི་འཁྱིལ་བས་བསངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་སྲེག་རྫས་རྣམས་དངས་ཤིང་ཐོགས་པ་མེད་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་ཤིང་རང་རང་གི་ཞི་བའི་ལས་རབ་འབྱམས་མ་ལུས་བསྒྲུབ་པའི་ནུས་པ་དང་ལྡན་པར་མོས་ལ། ཕྱག་རྒྱ་དང་བཅས་ཏེ། ཨཱོཾ་ཨཱོཾ་སྭཱ་ཧཱས་རྫས་རྣམས་བཀྲུ། ཨཱོཾ་ཨཱཿསྭཱ་ཧཱས་ཡམ་ཤིང་། ཨཱོཾ་ཤྲཱི་སྭཱ་ཧཱས་མར། ཨཱོཾ་ཛྲིཾ་སྭཱ་ཧཱས་འབྲུ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས། གཞན་རྣམས་བརླབས། ཨཱོཾ་ཨཱཿཧཱུཾ་འཇིགས་པ་བརྒྱད་ལ་སོགས་པ་ཐམས་ཅད་ཤིནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ནུས་ལྡན་གྱི་བདུད་རྩིར་མོས་སོ། །མེ་སྒྲུབ་པ་ནི། ལས་སྔགས་བརྗོད་ཅིང་གཞུང་བཞིན་ཁུངས་སུ་ལྡན་གྱི་མེ་ལས་སྦར་བའི་སྤོར་ལྡེ་ཐལ་མོ་སྦྱར་བའི་བར་དུ་བཟུང་ནས་ལན་གསུམ་བསྐོར་བ་དང་མཉམ་དུ་ཀཱི་ལ་ཡ་བཟླ་ཞིང་། ཏིང་ལོ་སྦར་བ་དང་བཅས། ཨཱོཾ་ཨགྣི་རཾ་ཛྭ་ལ་རཾ། ཞེས་བརྗོད་(༤ན)


GLG024_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རྩྭ་སྐམ་ཅུང་ཟད་བཅུག །རྩ་སྔགས་དང་བཅས་བླུགས་གཟར་གསུམ་གྱིས་མེ་གསོ་རླུང་གཡབ་ཀྱིས་ཅུང་ཟད་གཡབ། མེ་བཀྲ་བརྟག་ཅིང་ངན་ན་གཞིལ་བའི་ཐབས་བྱ། ཐབ་སྔར་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་ཞི་བའི་ཐབ་ཁུང་ཟླུམ་པོ་དཀར་པོ་རྒྱར་ཁྲུ་གང་པ། དཔངས་སུ་ཁྲུ་བྱེད་པ། ཁ་ཁྱེར་ངང་མུ་རན་གཉིས་ཀ་སོར་བཞི་པ་རྡོ་རྗེའི་འཕྲེང་བས་ཟླུམ་པོར་བསྐོར་བ། ཕྱི་རོལ་གྱི་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དངས་ཤིང་ཐོགས་པ་མེད་པ་མེ་འབར་བའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་བགྲང་འཕྲེང་རཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། མེ་ལྷ་སྐུ་མདོག་དཀར་པོ་ར་སྐྱེས་ལ་ཞོན་པ་ཞལ་གཅིག་ཕྱག་གཉིས་པ་གཡས་གུནྡྷེ་དང་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་བགྲང་འཕྲེང་འཛིན་པ་གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་ཅན། སྨ་རའི་ཨག་ཚོམས་དང་ཚངས་པའི་སྐུད་པ་འཕྱང་བ། སྐུ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོ་ཞིང་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། དེའི་དཔྲལ་བར་ཨཱོཾ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས། རི་རབ་ཀྱི་མེ་མཚམས་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ་ཞིང་དབྱུ་གུ་དེ་གསུམ་པའི་ཕྱག་རྒྱས་རྣ་བའི་དྲུང་ནས་གཡབས་ཏེ། ཧཱུཾ། དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་འབྱུང་བ་ཆེ༔ མེ་ལྷའི་དྲང་སྲོང་བྲམ་ཟེ་མཆོག༔ སྲེག་བླུགས་ཞལ་ཟས་བཞེས་སླད་དུ༔ འབར་བའི་གདན་ལ་བཞུགས་སུ་གསོལ༔ ཨ་ལ་ལ་སྟེ་དགྱེས་པར་མཛོད༔ ཨེ་ཧྱེ་ཧི་བྷ་ག་ཝ་ན་མ་ཧཱ་ཀ་རུ་(༤བ)


GLG024_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཎིཀ་ཏྲི་ཤྱ་ཧོཿ ས་མ་ཡ་སྟཾ༔ ཨགྣི་ཛཿ ཛཿཧཱུཾ་བཾ་ཧོཿ ཨགྣི་དྷེ་ཝ་ཤྲཱི་ཧཱུཾ་ཛ། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ༔ ཞེས་སྤྱན་དྲངས་ཤིང་གདན་འབུལ། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ཞི་བའི་དོན་ལ་དམ་ཚིག་དགོངས༔ གཟི་བརྗིད་ཆེ་ཞིང་ཐུགས་རྗེར་ལྡན༔ བདག་ཅག་གུས་པས་ཁྱོད་ཕྱག་འཚལ༔ ཨཱོཾ་ཨགྣ་ཡེ་དེ་ཝ་ས་ཏི་པུ་པྲ་ཏཱིཙྪ་ཧོཿས་ཕྱག་བྱ། ཧཱུཾ། དྲང་སྲོང་མེ་ལྷ་འཁོར་བཅས་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །སྒྲོན་མེ་དྲི་ཆབ་ཞལ་ཟས་སྒྲ། །འབུལ་གྱིས་ཞི་བའི་འཕྲིན་ལས་མཛོད། །ཨཱོཾ་ཨགྣ་ཡེ་དེ་ཝ་རཱ་ཛ་ཨརྒྷཾ་པཱུ་ཛ་ཧཱུཾ་ཨོཾ་པཱ་དྱཾ་པཱུ་ཛ་ཧཱུཾ་སོགས་ནས་ཤཔྟ་པཱུ་ཛ་ཧཱུཾ་གི་བར་གྱིས་ཕྱི་མཆོད་འབུལ། ཧཱུཾ། དྲང་སྲོང་ཆེན་པོས་སྔོན་ཆད་མ་བསྟར་བའི༔ ཏིང་འཛིན་དབང་བསྒྱུར་ཞལ་ཟས་བདུད་རྩི་འདི༔ དག་ཅིང་གཙང་མར་སྦྱར་ཏེ་འབུལ་ལགས་ཀྱིས༔ ཡེ་ཤེས་ཐུགས་རྗེའི་སྒོ་ནས་བཞེས་སུ་གསོལ༔ ཨོཾ་ཨགྣི་དེ་ཝ་རཱ་ཛ་པཱུ་ཛ་ཁཱ་ཧི། སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། ཞེས་ནང་མཆོད་འབུལ། ཧཱུཾ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་མི་ཟད་ནམ་མཁའ་མཛོད། །ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཨཱོཾ་ཨགྣི་དེ་ཝ་རཱ་ཛ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི་ཞེས་ཚོགས་ཕུད་འབུལ། །ཧཱུཾ། ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ འབྱུང་པོ་ཡོངས་ལ་སྐྱབས་བྱའི་ཕྱིར༔ ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ༔ རིག་སྔགས་སྒྲུབ་པའི་དྲང་སྲོང་ཚུལ༔ ཉོན་མོངས་བསྲེག་པའི་ཤེས་རབ་འོད༔ གཟི་བརྗིད་བསྐལ་པའི་མེ་ལྟར་འབར༔ མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན༔ ཐབས་ཀྱི་ཐེག་པ་ར་ལ་བཅིབས༔ བགྲང་འཕྲེང་འཛིན་ཅིང་རིག་སྔགས་གསུང་༔ (༥ན)


GLG024_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་བཅུད་ལྡན་གུནྡྷེ་བསྣམས༔ ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ༔ ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད༔ འཇིག་རྟེན་ཚུལ་འཛིན་མྱ་ངན་འདས༔ ཞི་བ་མཉེས་ཤིང་ཐུགས་རྗེ་ཆེ༔ དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ༔ ཞེས་བསྟོད། ཀུ་ཤ་བརྒྱད་པོ་ལག་གཡོན་ཏུ་བཟུང་སྔར་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་དངས་ཤིང་ཐོགས་པ་མེད་པ་ཞི་བའི་ལས་རབ་འབྱམས་སྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ། ཀུ་ཤ་འདི་ནི་གཙང་ཞིང་དགེ །


GLG024_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །འདི་ཡིས་བདག་ལ་བགེགས་མེད་ཅིང་། ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བཛྲ་སཏྭ་ཨ། ཞེས་ཀུ་ཤ་རྣམས་རྩེ་མོ་གཡས་བསྐོར་དུ་རིམ་པ་བཞིན་རྩ་བས་རྩེ་མོ་མནན་ལ་དགྲམ། བྱོན་ཟན་འབུལ་བ་ནི། མེ་ལྷའི་ཞལ་འཛུམ་ཞིང་ཅུང་ཟད་གདངས་པའི་ལྕེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་དང་དགང་བླུགས་ཀྱི་རྩེ་ལ་རཾ་ཡིག་གིས་མཚན་པར་མོས་ནས། ཨཱོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་། བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་པུས་མོའི་ཁོངས་ལས་ལག་པ་གཉིས་མི་འདའ་བའི་རྡོ་རྗེ་ཁུ་ཚུར་རམ་བྱང་ཆུབ་མཆོག་གི་ཕྱག་རྒྱས་གཟར་བུ་གཉིས་ཁ་སྦྱར་ཞིང་གཡས་སུ་བསྐོར་ཏེ། ཨཱོཾ་ཨགྣ་ཡེ་དི་བྱ་དི་བྱ་བི་ཤུདྡྷེ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡེ་བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་འབུལ་ཞིང་མེ་བཀྲ་གསལ་བའི་སྒྲོན་མེ་ལྟར་བརྟག་ཅིང་ངན་ན་བསྲུང་། མེ་ལྷའི་ཐུགས་ནས་འོད་འཕྲོས་པས། །བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་སོགས། མི་མཐུན་ཕྱོགས་(༥བ)


GLG024_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དུད་ཁུ་དང་། །རྣག་ཁྲག་སྲོག་ཆགས་གཟུགས་བརྙན་ཚུལ། །བ་སྤུའི་བུ་ག་ཐམས་ཅད་ནས། །ཕྱིར་ཐོན་སྲེག་རྫས་རྣམས་ལ་ཐིམ། །ཞེས་བརྗོད་ནས། ཧཱུཾ། དྲང་སྲོང་མེ་ལྷ་འཁོར་བཅས་ལ། །རྫས་ཆེན་ཉེར་བདུན་སྲེག་རྫས་འབུལ། །ཚེ་དཔལ་བསོད་ནམས་སྟོབས་འབྱོར་དང་། །ལུང་རྟོགས་ཆོས་སྲིད་ལེགས་ཚོགས་ལ། །བར་དུ་གཅོད་པའི་གདོན་བགེགས་དགྲ། །གཏད་སེལ་མནན་དབྱེ་རྦོད་གཏོང་བྱད། །དབུལ་ཕོངས་ནད་རིམས་དུས་མིན་འཆི། །སྡིག་སྒྲིབ་ཉེས་ལྟུང་ཇི་སྙེད་པ། །མ་ལུས་བྱང་ཞིང་དག་འགྱུར་པའི། །ཞི་བའི་འཕྲིན་ལས་དུས་ལ་བབ། །ཅེས་བརྗོད་དེ་གཡོན་པས་སྲེག་རྫས་ཀྱི་སྣོད་བཟུང་། གཡས་པའི་མཐེབ་སྲིན་གྱིས་བསླངས་ཏེ། འོག་ནས་བསྐོར་ཞིང་མཆོག་སྦྱིན་གྱི་ཕྱག་རྒྱས་ཡམ་ཤིང་ནི། ཨཱོཾ་ཨགྣ་ཡེ་བཛྲ་ཡཛྙཱ་ཡ། བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་སོགས་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ཐོག་མཐའ་གཉིས་ཅི་རིགས་དང་རྫས་སྔགས་རྐྱང་པས་བདུན་ནམ་བཅུ་བཞི་ཉེར་གཅིག་སོགས་སྐབས་སྦྱར་འབུལ། འདིར་བསྙེན་པ་ཁ་སྐོང་གི་སྤེལ་ཚིག་བཀོད་པ་ཡིན་ལ། ལས་གཞན་སྒྲུབ་ན་ཁ་བསྒྱུར་ལུགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་བྱེད། ལྷ་རྫས་ཀྱི་སྔགས་གཉིས་གོང་ལྟར་ལ། མེ་ཏོག་སྣ་ཚོགས་ནི་གཟི་བརྗིད་ཕུན་སུམ་ཚོགས་པའི་ཚབ་ཏུ་མདངས་ཕུན་སུམ་ཚོགས་པ་ལ། ཞེས་པས་མཚོན་ཏེ་ལས་སྔགས་བསྒྱུར་མི་དགོས་པའི་དམིགས་བསལ་བྱུང་བ་རྣམས་མ་གཏོགས་འདོན་པ་བསྒྱུར་ལུགས་རིགས་འགྲེ། །དར་སྣ་ནི་ཁ་དོག་ཕུན་སུམ་ཚོགས་པ། མར་ནི། ཨཱོཾ་ཨགྣ་ཡེས། ལྷ་རྫས་གཉིས་ཀའི་སྔགས་ཀྱིས་གོ་བཅད་དེ་འབྱོར་པ་ཕུན་སུམ་(༦ན)


GLG024_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ལ། ཏིལ་ནི། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ། དགེ་བ་ཕུན་སུམ་ཚོགས་པ་ལ། སྔགས་གཉིས་གོང་ལྟར་གྱི། ཆང་ནི་ཉམས་རྟོགས་ཕུན་སུམ་ཚོགས་པ་ལ། སྤོས་ནི་དམ་ཚིག་དང་སྡོམ་པ་ཕུན་སུམ་ཚོགས་པ་ལ། དཱུརྦ་ནི། ཨཱོཾ་བཛྲ་ཨཱ་ཡུ་ཥེ། ཚེ་ཕུན་སུམ་ཚོགས་པ་ལ། འབྲས་ནི། ཨཱོཾ་བཛྲ་པུཥྚ་ཡེ། བསོད་ནམས་ཕུན་སུམ་ཚོགས་པ་ལ། སོ་བ་ནི། ཨཱོཾ་བཛྲ་བི་ཛཱ་ཡ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ། ཟས་མཆོག་ནི། ཨཱོཾ་སརྦ་སཾ་བྷ་དེ། བདེ་བ་ཕུན་སུམ་ཚོགས་པ་ལ། ཀུ་ཤ་ནི། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ། སྲུང་བ་ཕུན་སུམ་ཚོགས་པ་ལ། ཡུངས་ཀར་དང་ཤ་ཁྲག་ཚིལ་གསུམ་རྣམས་ལྷན་ཅིག་ཏུ། ཨོཾ་སརྦ་ཨཪྠ་སདྷཱ་ཡ། གེགས་མེད་ཕུན་སུམ་ཚོགས་པ་ལ། སྔགས་གོང་བཞིན་གྱི། རྨ་བྱའི་སྒྲོ་ནི། འོག་གདོན་གྱི་འཚེ་བ་མེད་པ་ཕུན་སུམ་ཚོགས་པ་ལ། ལན་ཚ་ནི་སྦྱོར་བ་ངན་པ་མེད་པ་ཕུན་སུམ་ཚོགས་པ་ལ། ནས་ནི། ཨཱོཾ་མ་ཧཱ་བེ་གྷཱ་ཡ། ཤུགས་ཕུན་སུམ་ཚོགས་པ་ལ། སྔགས་གཉིས་གོང་ལྟར་གྱི། འོ་མ་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ། སྲན་མ་དང་རིན་པོ་ཆེ་སྣ་ཚོགས་རྣམས་ལྷན་ཅིག་ཏུ། ཨཱོཾ་མ་ཧཱ་བ་ལཱ་ཡ། སྟོབས་ཕུན་སུམ་ཚོགས་པ་ལ། གྲོ་ནི། ཨཱོཾ་བཛྲ་གྷསྨ་རེ། རིམས་མེད་པ་ཕུན་སུམ་ཚོགས་པ་ལ། དངར་གསུམ་ནི། ཨཱོཾ་བཛྲ་མ་ལེ་པུསྟཱ་ཡ། མོས་པ་ཕུན་སུམ་ཚོགས་པ་ལ། སྨན་སྣ་ཚོགས་ནི། ཨཱོཾ་བཛྲ་མ་ཧཱ་ཤྲཱི་ཡཾ་པ་ཏ་ཡེ། ནད་མེད་པ་ཕུན་སུམ་ཚོགས་པ་ལ། ཤིང་ཏོག་སྣ་ཚོགས་ནི། ཨཱོཾ་བཛྲ་ཤ་བ་ལེ། རིགས་བརྒྱུད་ཕུན་སུམ་ཚོགས་པ་ལ། འབྲུ་མར་ནི། ཨཱོཾ་བཛྲ་ཚེ་ཏཱ་ཡ། ས་ལམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལ། ཁྱད་པར་གྱི་རྫས་སྤྱི་རྣམས་(༦བ)


GLG024_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་ཨགྣ་ཡེ་བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཤིང་བྱང་ནི། སྔགས་བཤད་མ་ཐག་པ་ལྟར་དང་། བདག་ཅག་ལ་བར་དུ་གཅོད་པའི་མེའི་འཇིགས་པ་དེ་དང་། ཆུའི་འཇིགས་པ་དང་། ནད་ཀྱི་འཇིགས་པ་དང་། མུ་གེའི་འཇིགས་པ་དང་། ཕ་རོལ་དམག་ཚོགས་ཀྱི་འཇིགས་པ་དང་། གདོན་གྱི་འཇིགས་པ་དང་། མཚོན་གྱི་འཇིགས་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་བརྒྱད་པོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་གྲངས་སྔར་ལྟར་གྱིས་འབུལ། ཧཱུཾ། སྲེག་རྫས་མཆོད་པས་མེ་ཡི་ལྷ། །མཉེས་ཏེ་སྐུ་ལས་འོད་ཟེར་འཕྲོས། །བསྒྲུབ་བྱའི་སྙིང་གར་ཕོག་པ་ཡིས། །སླར་ཡང་སྒོ་གསུམ་སྡིག་སྒྲིབ་བསྲེགས། །འོད་ཟེར་བདུད་རྩིའི་ཆུ་རྒྱུན་ལྟར། །བབས་པས་ནད་གདོན་སྡིག་སྒྲིབ་སོགས། །མི་མཐུན་ཕྱོགས་རྣམས་རབ་བཀྲུས་ཏེ། །བཤང་གཅིའི་ལམ་ནས་ཐོན་པར་གྱུར། ཞེས་བརྗོད། ཨཱོཾ་ཨགྣ་ཡེ་དེ་ཝ་རཱ་ཛ་ཨརྒྷཾ་པཱུ་ཛ་ནས་ཤཔྟའི་བར་གྱིས་སྔར་བཞིན་མཆོད་ཅིང་བསྟོད་པ་བྱ། ཧོ། དྲང་སྲོང་མེ་ལྷ་འཁོར་བཅས་ལ་འཕྲིན་ལས་སུ་གསོལ་བ་ནི། མེ་འབར་བའི་གདན་ལ་གཉིས་སུ་མེད་པར་བཞུགས་ནས་སྦྱིན་སྲེག་གི་མཆོད་པ་རྣམས་ཡེ་ཤེས་ཀྱི་ལྷ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་འཁོར་དང་བཅས་པའི་ཞལ་དུ་བསྟབ་པར་མཛད་ཅིང་འཕྲིན་ལས་རྣམ་བཞི་གང་བྱེད་པ་རྣམས་གྲུབ་པར་མཛད་དུ་གསོལ། ཞེས་འཕྲིན་ལས་གསོལ། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། ཧཱུཾ། དྲང་སྲོང་མེ་ལྷའི་ལྟོ་བ་ཡངས་པའི་ནང་། །བྷྲ྄ུཾ་ལས་བྱུང་བའི་དྲག་པོའི་ཕོ་བྲང་ལ། །ཟླ་གམ་དམར་པོ་མཐིང་ནག་གྲུ་གསུམ་བརྒྱད། །ཅེས་པ་ནས་བཟུང་བསྒྲལ་བར་ནུས་པའི་དབང་འཐོབ་གྱུར། ཞེས་པའི་བར་དཀྱུས་བཞིན་བྱ། དེ་ཡང་ཐུགས་ཀྱི་དངོས་གྲུབ་ཀུན་བསྡུས་བདག་ལ་ཐིམ་ཞེས་པ་རྡོ་རྗེར་(༧ན)


GLG024_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་དང་། སྐུ་ཡི་དབྱིག་ཏུ་བསྐྱེད་པར་བགྱི་ཞེས་པ་ཁྲག་འཐུང་སྐྱེད་པར་བགྱི་དང་། བདག་ཉིད་དཔལ་ཆེན་ཞེས་པ་བཅོམ་ལྡན་དཔལ་ཆེན་ལ་འདོན་པ་བསྒྱུར། གཙོ་འཁོར་ཀུན་ཀྱང་སྐུ་མདོག་རྩ་བའི་ཞལ། །རབ་དཀར་ཞི་མ་ཁྲོ་ཡི་འཛུམ་མདངས་ཅན། །དཀར་ལ་འཚེར་བའི་འོད་ཟེར་འཕྲོ་བ་ཡི། །ཞི་བའི་ལས་ཀུན་མཛད་པའི་རྣམ་པར་གྱུར། །འགྱུར་མེད་བདེ་བ་ཆེན་པོའི་ངང་ཉིད་ལས་ཞེས་པ་ནས་བཟུང་སྟེ། ཕུར་སྲུང་བཀའ་བསྟོད་བཅས་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་དཀྱུས་ལྟར་ལས་རཀྟའི་མཆོད་པའི་རྗེས་སུ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་ལྔ་ལྡན་ཚོགས་ཀྱི་མཆོད་པ་འདི། །དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ། །གུས་པས་འབུལ་ལོ་ཞི་བའི་འཕྲིན་ལས་མཛོད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་ཚོགས་ནས་ཀྱང་འབུལ། བྱོན་ཟན་ནི། ཡེ་ཤེས་པའི་ལྷ་ཚོགས་རྣམས་ཀྱི་ཞལ་འཛུམ་ཞིང་ཅུང་ཟད་གདངས་པའི་ལྗགས་ཧཱུཾ་ལས། རྡོ་རྗེ་རྩེ་ལྔ་པ་ཧཱུཾ་དང་། དགང་བླུགས་ཀྱི་རྩེ་ལ་རཾ་ཡིག་གིས་མཚན་པར་མོས་ནས། ཕྱག་རྒྱ་སོགས་སྔར་ཇི་ལྟ་བས་ཀཱི་ལཱ་མཚར་བདུན་བརྗོད་ཅིང་བླུགས་གཟར་བདུན་གྱིས་དགང་གཟང་འགེང་བ་སོགས་མེ་ལྷའི་སྐབས་ལྟར་བྱས་ཏེ། ཨཱོཾ་ཨགྣ་ཡེ་དི་བྱ་དི་བྱ་ནས་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱའི་བར་གྱིས་སྔར་ལྟར་ལན་གསུམ་འབུལ། མེ་ལྷའི་ཐུགས་ནས་འོད་འཕྲོས་པས། ཞེས་སོགས་འདས་ལྷའི་ཐུགས་རྗེས་འདོན་པ་བསྒྱུར་ནས་བརྗོད། ཐོག་མར་གཙོ་བོ་ལ། ཧཱུཾ། ཁམས་གསུམ་ཟ་བར་བྱེད་པའི་རྐན་སྒྲ་ཅན༔ གདུག་པ་འདུལ་མཛད་ཕུར་པའི་ལྷ་ཚོགས་ལ༔ ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོཾ་ཁུང་དུ༔ བརྒྱུད་ལྔའི་བག་ཆགས་མ་(༧བ)


GLG024_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྲེགས་སྦྱངས་ནས༔ བདུད་རྩི་སྨན་དང་གསང་བའི་མཆོད་པ་སོགས༔ དམ་རྫས་གཏོར་མ་སྦྱིན་སྲེག་མཆོད་པ་འབུལ༔ ཡེ་ཤེས་ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ༔ དམ་ཉམས་དམ་སྐོང་མཐུ་དང་དངོས་གྲུབ་སྩོལ༔ ཞེས་བརྗོད་ནས་མེ་ལྷའི་སྐབས་བཞིན་རྫས་ཆེན་ཉེར་བདུན་ཁྱད་པར་གྱི་རྫས་དང་བཅས་པ་རྣམས་སྔགས་གསུམ་ལས་འདས་མ་འདས་ཀྱི་ལྷ་སྔགས་བརྗེ་བ་མ་གཏོགས་ཁྱད་པར་མེད་ཅིང་། ཉེར་གཅིག་བརྒྱ་སོགས་གྲངས་མང་ཉུང་སྐབས་དང་སྦྱོར། བསྙེན་པ་ཁ་སྐོང་གི་སྒོས་ཆོས་སྔགས་གཅིག་རྫས་གཅིག་ལ་ཆིག་དྲིལ་དུ་བྱ་བའི་ཚུལ་གྱིས་མཚོན་ཏེ་ལས་གང་སྒྲུབ་ཀྱང་དེ་ག་གཙོར་འདོན་གྱི་གནད་འགག་ཞལ་ནས་ཤེས་དགོས་སོ། །ཁྲོ་བཅུ་སོགས་འཁོར་རྣམས་ལས། ཧཱུཾ། རྣམ་པར་རྒྱལ་དང་ཧཱུཾ་ཆེན་ཀཱ་ར་སོགས། ཁྲོ་བཅུ་འབར་བའི་ལྷ་ཚོགས་མ་ལུས་དང་། །སྙེམས་སྡེར་དུར་ཁྲོད་གཏུན་ཁུང་རྡོ་རྗེ་སྡུད། མདའ་བསྙེམས་ལ་སོགས་ཁྲོ་མོ་བཅུ་ཡི་ཚོགས། །ཕག་དང་དམིགས་བུའི་མགོ་ཅན་ལ་སོགས་པ། །ཕྲ་ཕྱག་ཉི་ཤུ་སྒོ་བ་བཞི་རྣམས་ལ། །ཡེ་ཤེས་ཀློང་ཡངས་སོགས་བརྗོད། །ཨཱོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་བི་ཛ་ལ་ཧཱུཾ༔ ཧ་ན་ཧ་ན་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ༔ ད་ཧ་ད་ཧ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ༔ པ་ཙ་པ་ཙ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ༔ བྷནྡྷ་བྷནྡྷ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ༔ ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ༔ ཏིཥྛ་ཏིཥྛ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ༔ བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ༔ སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤྱ་ཧཱུཾ༔ བཛྲ་(༨ན)


GLG024_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ ཞེས་པའི་སྔགས་དང་བཅས་ཏེ་སྲེག་རྫས་རྣམས་བདུན་ནས་ཉེར་གཅིག་དང་གཙོ་བོའི་བཅུ་ཆ་དང་མཉམ་པའི་དམིགས་བསལ་གྱི་རྫས་འབུལ། དེ་ནས་སྲུང་མ་རྣམས། ཧཱུཾ། ཤྭ་ན་མཆེད་བཞི་རེ་མ་མཆེད་བཞི་དང་། །སྲིང་མོ་བཞི་དང་མིང་པོ་གིང་ཆེན་བཞི། །མ་ཚོགས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས། །དཔལ་ཆེན་ཕུར་པའི་བཀའ་སྲུང་ཚོགས་རྣམས་ལ། །ཡེ་ཤེས་ཀློང་ཡངས་སོགས་བརྗོད་པའི་རྗེས་སུ། མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ མ་མ་པ་ཤཾ་ཀུ་རུ༔ མ་ཧཾ་ཉག་ཀ་ར༔ ཨི་ནན་དྷ་དྷི་མ་མ་ཀརྨ༔ ཤྲཱི་ཏྲཾ་ཀ་ར་ཡེ༔ ཀ་ཊཾ་ཀ་ཊ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ༔ མ་ར་སེ་ནྱ་པྲ་མརྡྷ་ནི་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཤྲཱི་ཏྲཾ་ཀ་ར་ཡ༔ མ་ར་ས་ན༔ པྲ་མ་དྷ་ན༔ ཡ་ཧཱུཾ་ཕཊ༔ མ་ནུ་རཀྴ་སི་བྷྱོ༔ པྲ་མ་ཎི་བྷྱོཿ རོའུ་ཏྲི་བྷྱོ༔ བེ་ན་བེ་བྷྱོ༔ ཀོའུ་རི་མ་བྷྱོ༔ ཨིནྡྲ་ནི་བྷྱོ༔ བཛྲ་སིང་ག་ལཾ་བྷྱོ༔ ཨ་མྲྀ་ཏ་བྷྱོ༔ སོའུ་མ་བྷྱོ༔ དན་ད་ཧཾ་བྷྱོ༔ རཀྴ་སི་བྷྱོ༔ བཀྴ་སི་བྷྱོ༔ རཏི་བཛྲ་མ་བྷྱོ༔ རུ་ཏི་ར་མཏྟ་བྷྱོ༔ ཨེ་ཀ་ཙཪྻཾ་བྷྱོཿ མ་ནོ་ཧ་རཾ་བྷྱོ༔ སི་ཏི་ཀ་བྷྱོ༔ བ་ཡ་བྱ་བྷྱོ༔ མ་ཧཱ་མཱ་ར་ན་བྷྱོ༔ ཨགྣེ་བྷྱོ༔ བྷ་ར་ཧི་བྷྱོ༔ ཙ་མུནྟྲི་བྷྱོ༔ སུ་ཏ་ནཾ་བྷྱོ༔ ཝ་རུ་ན་བྷྱོ༔ བཛྲ་མ་ཧཱ་ཀཱ་ལ་བྷྱོ༔ བཛྲ་ཙ་ཀ་ལི་བྷྱོ༔ བཛྲ་ཀུཾ་པ་ཀརྞ་བྷྱོ༔ བཛྲ་ལཾ་བོ་ད་ར་བྷྱོ༔ ཞེས་པའི་སྔགས་དང་བཅས་གོང་གི་སྲེག་རྫས་རྣམས་བདུན་ཙམ་དང་དམིགས་བསལ་གྱི་རྫས་འཁོར་གྱི་བཅུ་ཆ་འབུལ། སྲེག་རྫས་མཆོད་པས་མེ་ཡི་ལྷ་ཞེས་པའི་ཚིག་རྐང་དང་པོ། སྲེག་རྫས་མཆོད་པས་ཡེ་ཤེས་ལྷ་ཞེས་པར་འདོན་(༨བ)


GLG024_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྒྱུར། དགང་བླུགས་བདུན་ཚན་གསུམ་གཤེགས་སྐྱེམས་སུ་བྱོན་ཟན་གྱི་སྐབས་ལྟར་འབུལ། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་ལ་ཞེས་སོགས་གཏང་རག་གི་ཤློ་ཀ་གཅིག་པོའི་མཇུག་ཏུ་ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཨརྒྷཾ་པྲ་ཏཱིཙྪ་ནས་ཤཔྟའི་བར་གྱི་ཕྱི་མཆོད་དང་། སརྦ་པཉྩ་དང་མཧཱ་རཀྟ་སྦྱར་བས་སྨན་རག་འབུལ། གཏོར་མ་བཀའ་བརྒྱད་ལས་བྱང་ལྟར་བྱིན་གྱིས་བརླབས། གསད་པའི་དམ་རྫས་རྨད་བྱུང་བ་ལིཾ་ཆེ། །ཞེས་སོགས་སྔགས་དང་བཅས་པས་འབུལ། ཨཱོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱས་སོ་རྩི་དང་། ཨཱོཾ་བཛྲ་ཝཥྚ་ཡེ་སྭཱ་ཧཱས་གོས་ཟུངས་འབུལ། བསྐལ་པའི་མེ་དཔུང་འབར་བའི་ཀློང་དཀྱིལ་ན༔ གདུག་པ་འདུལ་ཕྱིར་དུས་ལས་མི་ཡོལ་བའི༔ ཁྲོ་རྒྱལ་འདོད་པའི་སྲས་མཆོག་ཀཱི་ལཱ་ཡ༔ འཕྲིན་ལས་ཕུར་པའི་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་པས་མཆོད་བསྟོད་བྱ། །མཁྱེན་བརྩེ་ནུས་མངའ་རྡོ་རྗེ་ཕུར་པའི་ལྷས། །བསྟན་པ་རྒྱས་དང་དེ་འཛིན་ཚོགས་རྣམས་ཀྱི། །ཞེས་སོགས་ཀྱི་འདོད་གསལ་བཀའ་བརྒྱད་སྦྱིན་སྲེག་ན་ཡོད་པ་ལྟར་ལེན། ཧེ་རུ་ཀའི་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བཀང་། མ་འབྱོར་པ་དང་ཉམས་པ་དང་༔ ཞེས་སོགས་ཀྱིས་བཟོད་པར་གསོལ༔ ཨཱོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང་། བཛྲ་མུཿས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ལ་ཐིམ་པར་བསམ། སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ཨཱོཾ་དྲང་སྲོང་མེ་ལྷ་འཁོར་བཅས་ལ། །ཞེས་པ་ནས། དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པའི་བར་གྱིས་མཆོད་བསྟོད་བྱ། དྲང་སྲོང་མེ་ལྷ་འཁོར་བཅས་ལ། །རྫས་ཆེན་ཉེར་བདུན་སྲེག་རྫས་འབུལ། །ཞེས་པ་ནས། ཁྱད་པར་བའི་རྫས་(༩ན)


GLG024_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་སྔར་ལྟར་དང་གཤེགས་སྐྱེམས་དགང་བླུགས་བདུན་ཚན་གསུམ་པོ་བྱོན་ཟན་ལྟར་ཕུལ་རྗེས། སོ་རྩི་དང་གོས་ཟུངས་དཀྱུས་ལྟར་འབུལ། གཏོར་མ་ལས་བྱང་ལྟར་བརླབ། ཨཱོཾ་ཨགྣེ་དེ་ཝ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁྭ་ཧི་ལན་གསུམ་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་གྲུབ་ཤོག་གི་བར་བརྗོད། མེ་ལྷ་འཁོར་བཅས་ཁྱེད་རྣམས་ཀྱིས། །བདག་ཅག་དཔོན་སློབ་རྒྱུ་སྦྱོར་ལ། །གནོད་བྱེད་ནད་གདོན་དགྲ་བགེགས་དང་། །མཐུ་བྱད་དབུལ་ཕོངས་དུས་མིན་འཆི། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ། །ཞི་ཞིང་དག་པར་མཛད་དུ་གསོལ། །ཞེས་འདོད་དོན་གསོལ། ཨཱོཾ་ཨགྣེ་དེ་ཝ་ར་ཛ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཡིག་བརྒྱ་དང་། མ་འབྱོར་བ་སོགས་ཀྱིས་བཟོད་པ་གསོལ། བདག་གི་དོན་དང་གཞན་གྱི་དོན༔ བྱིན་ན་ཁྱོད་ཀྱིས་མཛད་ལགས་ཀྱིས༔ ཚིམ་ཞིང་དགྱེས་པར་མཛད་ནས་ཀྱང་༔ རང་གཞན་བཟང་པོར་གཤེགས་སུ་གསོལ༔ ཨཱོཾ་ཨགྣེ་དེ་ཝ་རཱུ་ཛ་ཡ་ཧི་གཙྪ། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་ཛཿཧཱུཾ་བཾ་ཧོཿས་རང་དང་གཉིས་སུ་མེད་པར་མོས། མཆེད་རྣམས་སྲིན་ལག་སྦྲེལ། གྲལ་ཟླུམ་པོར་བྱས་ཏེ། ཡ་བྷྲུཾ་རཾ། ཨཱོཾ་བུདྡྷ། ཧེ་རུ་ཀ །བུདྡྷ་ཀྲོ་དྷི་ཤྭ་རི་སྟྭཾ། ཧཱུཾ་ཧ་ཧེ་ཕཊ་རཾ། ཨཱོཾ་གཏི་མུག་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ སྐད་ཅིག་ཡུད་ལ་ཞི་མཛད་དེ༔ ཞི་བར་མ་གྱུར་དབྱིངས་སུ་རོལ༔ ཨཱོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྷྲྀ་ཧྞ་གྷྲྀ་ཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱ་ན། བིདྱཱ་རཱ་ཛཱ་ཡ་ཧཱུཾ་ཕཊ༔ སྟཾ་བྷ་ཡ་ནན། ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བྲོ་བརྡུང་། (༩བ)


GLG024_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བ་སྨོན་ལམ་བཀྲ་ཤིས་བྱ་ཞིང་མེ་ཏོག་གི་ཆར་པ་ཕྱོགས་ཀུན་ཏུ་དབབ། རྒྱུན་གྱི་སྤྱོད་ལམ་ལ་འཇུག །སྦྲེལ་ནས་བྱེད་ན་ཐལ་བ་རྙིང་པ་ནེམ་ཙམ་བྱས་པའི་ཁར་ཨོང་ཀོང་བརྩིགས་ཆོག་གོང་ལྟར་བྱེད། མེ་མ་ཤི་བར་དུ་མི་བསྒྲལ་ཞིང་གནས་ཁང་འཕོ་བ་སོགས་མྱུར་བའི་དགོས་པ་ཡོད་ན་འོ་མས་གཞིལ་ལ་འབབ་ཆུ་ཆེན་པོར་ཐལ་བ་རྣམས་དོར།དགོས་དོན་གཞན་ལའང་མཁོ་བས་ཚགས་བྱ་བར་ཡང་རུང་ངོ་། །ཐབ་ཀྱི་ཉེ་འཁོར་ཀུན་ཏུ་དྲི་བཟང་གིས་ཆག་ཆག་གདབ་ཅིང་། ལས་ཀྱི་རྗེས་མི་མངོན་པར་བྱ་བ་སོགས་ཕྱག་ལེན་སྤྱི་ལྟར་རོ། །བཅོམ་ལྡན་དོན་གྲུབ་བྱ་བ་ཡེ་ཤེས་དབྱིངས། །བདུད་སྡེའི་གཤེད་དུ་རབ་ཁྲོས་ཁྲག་འཐུང་དབང་། །དཔལ་ཆེན་ཕུར་པའི་ལྷ་ཚོགས་སྦྱིན་སྲེག་གིས། །མཉེས་ཆེད་ངལ་བ་བསྟེན་པ་དོན་དང་ལྡན། །ལྗོངས་འདིར་རྒྱལ་དབང་པདྨས་ཉེར་བསྟན་པའི། །ཕུར་པའི་ལུགས་སྲོལ་བཀའ་གཏེར་རྒྱུ་སྐར་དབུས། །ཉི་ཟླ་ལྟར་གསལ་ལྷ་བྲག་གཏེར་བྱོན་གྱི། །ལམ་ཟབ་མཁར་ཆེན་འཚོ་རྒྱལ་གོང་ཁུག་མ། །གང་དེའི་དབང་ལུང་གདམས་པ་སེ་སྟོན་དང་། །ལེགས་ལྡན་རྡོ་རྗེའི་མ་དྲོས་ཀླུང་ཆེན་ལས། །ལེགས་འོངས་འཁྲུལ་པའི་རྙོག་བྲལ་གངྒཱའི་རྒྱུན། །དམ་པའི་དྲིན་ལས་ཁོ་བོའི་བློ་མཚོར་བབས། །དགྱེས་མཛད་རྡོ་རྗེའི་དཀྱིལ་འཁོར་ཁ་བསྒྱུར་བའི། །སྨིན་བྱེད་སྟང་སྟབས་རོལ་དབྱངས་འུར་ཙམ་ལ། །ཕུར་པ་མཁན་པོར་རེ་བའི་སྔགས་རློམ་རྣམས། །སྐོམ་འདོད་སྨིག་རྒྱུར་བསྙེག་པའི་ངལ་བ་བཞིན། །ཤོག་སེར་དྲི་ངད་ལྡང་བའི་ཡི་གེའི་སྟེང་། །སྨིན་གྲོལ་གདམས་པར་ཞུན་ཐར་ཡོངས་བཅད་པར། །བསྐྱེད་རྫོགས་རྫོགས་ཆེན་བསྙེན་སྒྲུབ་ལ་བཅུར་བས། །ཚད་ལྡན་ཕུར་པའི་རིག་པ་འཛིན་ནམ་སྙམ། །དེ་སྐད་སྨྲ་བའི་སྤོབས་མཐོར་ཉེར་སོན་པ། །ཟུར་ཆེན་ཉང་སྟོན་ཁྱབ་(༡༠ན)


GLG024_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བླ་མ་ཟུང་། །ཡུན་དུ་བསྟེན་པའི་བླ་མེད་བཀའ་དྲིན་གྱིས། །ཉེར་འཚོ་ཟ་ཧོར་བནྡེས་ཡི་གེར་བཀོད། །སྒྲིབ་གཉིས་བག་ཆགས་བཅས་པའི་རྫས་ཀྱི་ཚོགས། །ཡེ་ཤེས་མེ་དཔུང་ཀློང་དུ་རབ་སྦྱངས་པའི། །སྔོན་མེད་སྲེག་བླུགས་མཆོད་པས་ཡིད་ཅན་རྣམས། །ཀུན་བཟང་གདོད་མའི་རང་ཞལ་མངོན་འགྱུར་ཤོག །ཅེས་ལྷ་བྲག་གཏེར་བྱོན་གྱི་ཕུར་པ་ལུགས་གསུམ་གང་རུང་ལ་སྦྱར་ཆོག་པའི་ཞི་བའི་སྦྱིན་སྲེག་མུན་སེལ་འོད་དཀར་ཞེས་བྱ་བ་འདི་ནི། དགེ་སློང་བློ་བཟང་དོན་གྲུབ། །དགེ་སློང་ཚུལ་ཁྲིམས་རྒྱ་མཚོ། བདེ་སྟོང་ཆོས་རྗེ་བློ་བཟང་པདྨ་གསུམ་གྱིས་ཕུར་པའི་བསྙེན་ཆེན་དང་། སྔགས་རམས་པ་དོན་གྲུབ་རྒྱ་མཚོས་བསྙེན་ཆེན་ཡང་བསྐྱར། སྔགས་བན་བློ་བཟང་མཁྱེན་བརྩེས་ཀརྨ་གུ་རུའི་བསྙེན་པ་བཏང་སྐབས་ཁ་སྐོང་གི་སྦྱིན་སྲེག་ངག་འདོན་ཞིག་དགོས་ཞེས་བསྐུལ་བས་མཚམས་སྦྱར། སླད་མར་ཡང་འཕྲིན་ལས་ཕུར་པའི་རིག་པ་འཛིན་པར་འདོད་པ་རྣམས་ལ་ཕན་པའི་ཆེད་དུ། ཐུགས་སྒྲུབ་དྲག་པོ་རྩལ་གྱི་སྲེག་ཆོག་ལ་གཞི་བྱས། གཏེར་ཁ་གོང་གི་བཀའ་བརྒྱད་དང་དཔལ་འབྲི་གུང་པ་ཆོས་ཀྱི་གྲགས་པས་མཛད་པའི་ཚེ་བདག་སྦྱིན་སྲེག་སོགས། རྙིང་མ་རང་ལུགས་རྣམས་ནས་ཁ་འགངས་དགོས་པ་རྣམས་བཀང་། ཚིག་ཕྲད་སོགས་མི་གསལ་བའི་མེད་དུ་མི་རུང་བ་རྣམས། མཐུ་ཆེན་འཇིགས་མེད་དཔའ་བོ་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་གསུང་རབ་ཀྱིས་བརྒྱན་ཏེ། ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པའི་དཔལ་ལྡན་བླ་མ་རྣམ་གཉིས་ཀྱི་དྲིན་ལས་ལམ་སྲོལ་འདི་ལ་བློ་མིག་རྣམ་པར་ཡངས་པའི་ཟ་ཧོར་སྔགས་བན་གྱིས་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ།། །།སརྦ་མངྒ་ལཾ།།

བྱང་གཏེར་གྱི་ཕུར་པ་ཁྲོ་བོ་རོལ་པའི་གཏོར་བཟློག་བདུད་སྡེ་ཕྱེར་འཐག


GLG024_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གཏེར་གྱི་ཕུར་པ་ཁྲོ་བོ་རོལ་པའི་གཏོར་བཟློག་བདུད་སྡེ་ཕྱེར་འཐག་བཞུགས་སོ། །


GLG024_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སྒེག་དང་དཔའ་བ་མི་སྡུག་ཉམས་ཀྱི་སྲིད་གསུམ་མ་ལུས་གཡོ་མཛད་ཅིང་། །རྒོད་དང་དྲག་ཤུལ་འཇིགས་རུང་གསུང་གིས་དགྲ་བགེགས་སྙིང་ལ་འཇིགས་པ་སྟེར། །རྔམས་དང་སྙིང་རྗེ་ཞི་བའི་ཐུགས་ཀྱིས་འགྲོ་རྣམས་བདེ་བ་ཆེ་ལ་སྦྱོར། ཁྲག་འཐུང་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་དཔལ་ཆེན་ཕུར་བུས་རྟག་ཏུ་སྐྱོངས། །རྒྱལ་དབང་པདྨའི་ཞལ་ལུང་བདུད་རྩིའི་རྒྱུན། །ཐུགས་ཀྱི་བུམ་པར་ལེགས་གཏམས་མཁར་ཆེན་བཟའི། །འཕྲིན་ལས་སྒྲུབ་པའི་ཡང་ཟབ་གོང་ཁུག་མ། །ལུགས་གསུམ་ཕུར་པར་ཡོངས་གྲགས་ལྷ་བྲག་གཏེར། །གང་དེའི་ལུགས་འཛིན་ནུབ་དགོན་ཆོས་རྗེ་དང་། །པདྨའི་གདུང་གསོབ་རིགས་འཛིན་མངའ་རིས་པའི། །གདམས་པའི་ཆུ་བོ་གཅིག་འདྲེས་བྱང་པ་རྗེ། །བརྒྱུད་པར་བཅས་པའི་རིག་སྔགས་འཆང་རྣམས་རྒྱལ། ཁྱད་པར་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ༔། །ཐེག་མཆོག་ཆོས་ཀྱི་བདག་པོའི་ཟློས་གར་ཅན། །བཀའ་དྲིན་མཉམ་མེད་རྗེ་བཙུན་ཨཱ་ནནྡ། ཁྱོད་ཀྱི་མཁྱེན་བརྩེ་ནུས་པས་རྟག་ཏུ་སྐྱོངས། །འཕྲིན་ལས་དྲག་པོ་ཀརྨ་ཧེ་རུ་ཀའི། །དམར་ཆེན་ཁྲོ་བོ་རོལ་པའི་གཏོར་བཟློག་གི །ལས་གཞུང་བདུད་སྡེ་ཕྱེར་འཐག་འདྲི་བྱེད་ན། །ཀྭ་ཡེ་བདུད་སྡེའི་ཚོགས་རྣམས་བག་ཡོད་བྱོས། །དེ་ལ་(༢ན)


GLG024_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བྱང་གཏེར་གྱི་ལྕགས་མཛོད་ནག་པོའི་ཆོས་སྡེ་ལས་བྱུང་བའི་ཕུར་པ་ལ་བརྟེན་པའི་ཁྲོ་བོ་རོལ་པའི་གཏོར་བཟློག་གི་སྒོ་ནས། ཕ་རོལ་མི་བསྲུན་དགྲ་བགེགས་ཀྱི་དཔུང་ཚོགས་མཐུ་སྟོབས་ཕྱེ་མར་འཐག་པའི་ལས་རིམ་ལ། གཏེར་གཞུང་ལས། བཛྲ་ཀུ་མ་ར་ལ་ན་མོ༔ ཁྲོ་བོ་རོལ་པའི་གཏོར་བཟློག་བྱེད་པར་འདོད་པས༔ སྦྱོར་བ་དངོས་གཞི་རྗེས་དང་གསུམ་ལས༔ དང་པོ་དཀྱིལ་འཁོར་བཤམ་པ་ནི༔ མཎྜལ་མདའ་གང་གྲུ་བཞིའམ། ཅི་རིགས་བཤམས་པ་ལ༔ འཁོར་ལོ་སེར་པོ་རྩིབས་བཅུ་པ་མུ་ཁྱུད་ནག་པོ་རྡོ་ར་མེ་རི་དང་བཅས་པའམ༔ ཡང་ན་ལྟེ་བའི་ཕྱི་རོལ་ནས༔ གྲུ་གསུམ་རྩེ་མོ་དབུས་སུ་བསྟན་པ༔ རྡོ་ར་མེ་རི་དང་བཅས་པ་བྲིས་པའི་སྟེང་དུ་མནྫིའི་ཁར་དཔལ་གཏོར་བཅུ་གཅིག་རྒྱན་དང་བཅས་པ་བཤམ༔ གཙོ་བོ་དང་ཁྲོ་བཅུའི་ཙཀླི་འཛུགས༔ འོག་ཏུ་དགྲ་བགེགས་ཀྱི་ལིངྒ་རེ་བཞག༔ ཕྱི་རོལ་དུ་ཐུན་མོང་གི་མཆོད་པ་དང་༔ ནང་དུ་ཁྱད་པར་གྱི་མཆོད་པ་བཤམ༔ རཀྟ་གཡས་ཏེ་བདུད་རྩི་གཡོན། བསྙེན་ཕུར་མདུན། སྐུའི་རྟེན་བཀྲམ༔ རོལ་མོའི་ཆ་བྱད༔ གསུར་ཆེན་སོགས་གང་དགོས་བཤམ༔ ཆོས་སྐྱོང་གང་བྱེད་དང་གཞི་བདག་སོགས་ཀྱི་གཏོར་མ་གང་བདེར་བཞག་གོ །གཉིས་པ་དངོས་གཞི་ལ༔ གསེར་(༢བ)


GLG024_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེམས་རྒྱས་པར་བཏང་༔ གནས་དང་ཡོ་བྱད་རོལ་མོས་བྱིན་ཕབ་པ༔ སྐྱབས་འགྲོ་ནས་བཟུང་སྟེ་ཡི་དམ་ཕུར་པ་གཞུང་བགྲངས་ཏེ༔ རིགས་འཛིན་བསྐུལ་པ་ཡན་གྲུབ་པའི་རྗེས་ལ་ཆོས་སྐྱོང་གི་བསྐུལ་དང་ཚོགས་ཐ་མ་ཡན་ཆོད་བྱས་ལ༔ རྣལ་འབྱོར་པ་རྣམས་ཚོགས་ལ་རོལ༔ གཙོ་བོའི་གཏོར་མ་མ་གཏོགས་གཞན་རྣམས་ཁྱེར། མདའ་ཟོར། ཁྲག་ཟོར། ཡུངས་ཟོར་སོགས་འཕེན་མཁན་སྐྱེས་པ་བུད་མེད་སྟག་ཆས་ཅན་བྱས་ལ༔ གཏོར་ཚོགས་དཀར་པོའམ༔ དགྲ་ཕྱོགས་སུ་ཁྱེར་ལ། ཟོར་མཁན་ཆས་ཀྱིས་བརྒྱན་པ་དང་༔ རྡོ་རྗེ་སློབ་དཔོན་ལྷའི་ང་རྒྱལ་དང་ལྡན་པས་རྔ་བརྡུང་ཞིང་རྔམ་དབྱངས་དང་བཅས་པས་འདི་སྐད་དོ༔ ཞེས་བྱུང་བའི་སྦྱོར་དངོས་མཇུག་གསུམ་གྱི། དང་པོ་སྦྱོར་བ་ལ། དཀྱིལ་འཁོར་གཏོར་མ། ཟོར། ཕྱི་ནང་གི་མཆོད་པ་སོགས་ཕྲ་རགས་རྣམས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་བཤམ། དངོས་གཞི་ལས་བྱང་གཞུང་བསྲངས། ཚོགས་ཐ་མ་ཡན་མདོར་བསྡུས་ཙམ་དང་བཅས་སོང་གྲུབ་ནས། འཕྲིན་ལས་འཆོལ་བ་ནི། ཧཱུཾ། མི་མངོན་དབྱིངས་ན་བཞུགས་པའི་རྒྱལ་བ་ཞི་ཁྲོའི་ཚོགས༔ ཨཱཿབཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཨཱོཾ་བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་དུ་བསྐུལ། །ཧྲཱིཿམཛོད་ཅིག་མཛོད་ཅིག་བཅོལ་བའི་འཕྲིན་ལས་མཛོད། །ཧཱུཾ་ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ལྗང་ནག་གྲུ་གསུམ་ལྷ་ཆེན་བསྣོལ་བའི་སྟེང་། །སྣང་སྲིད་ཕུར་པས་འདེབས་པའི་ལྷ་ཚོགས་ནི། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །སྐུ་གསུང་ཐུགས་སྲས་སྲས་མཆོག་ཉི་ཤུ་གཅིག །བདུད་འདུལ་མཐུ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །ཟ་བྱེད་ཁྲ་ཐབས་ཕྱག་བརྙན་ཉི་ཤུ་དང་། །བསྟན་སྐྱོང་(༣ན)


GLG024_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ་ཤ་ན་མཆེད་བཞི་དང་། །བདག་ཉིད་ཆེན་མོ་རེ་ཏཱི་མཆེད་བཞི་དང་། །ས་བདག་ཆེན་མོ་བསེ་ཡི་ལྷ་མོ་བཞི། །བསེ་ལྕགས་དུང་གསུམ་དགེ་བསྙེན་ཉི་ཤུ་གཅིག །མ་བདུན་སྲིད་བཞི་དབང་ཕྱུག་ཉི་ཤུ་བརྒྱད། །ཕུར་པ་འཕྲིན་ལས་ལྷ་ཚོགས་ཐུགས་དམ་ཅན། །མི་མངོན་དབྱིངས་ནས་གནས་འདིར་སྐུ་སྐྱོད་ལ། །དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད། །བཅོམ་ལྡན་རྡོ་རྗེ་གཞོན་ནུའི་སྐུ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས༔ ཡབ་ཡུམ་ཐབས་ཤེས་རོལ་པ་ལས༔ ཁྲོ་བོའི་ཚོགས་བཅས་བསྐོར་བ་ནི༔ སྟེང་གི་ཕྱོགས་ཀྱི་ཁྲོ་བོ་ནི༔ ཁྲོ་བོ་ཆེན་པོ་ཧཱུཾ་ཀཱ་ར༔ སྐུ་མདོག་སྔོན་པོ་འཇིགས་ཆེན་པོ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ཞལ་སྔོ༔ སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས༔ རྩ་ཕྱག་རྡོ་རྗེ་ཐོད་ཁྲག་དང་༔ བར་པ་རྡོ་རྗེ་དྲིལ་བུ་བསྣམས༔ ཐ་མ་ཕུར་བསྒྲིལ་དགྲ་བགེགས་གཟིར༔ ཁྲོ་བོའི་གར་དགུའི་ཉམས་དང་ལྡན༔ རྡོ་རྗེ་གཤོག་པས་བར་སྣང་ཁྱབ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ ཞབས་གཉིས་ཚངས་པ་ཕོ་མོ་གནོན༔ མེ་དཔུང་འབར་བའི་ཀློང་ན་བཞུགས༔ རྡོ་རྗེ་སྒྲ་འབྱིན་སྐུ་ལ་འཁྲིལ༔ ཕྲ་མེན་ཕག་དང་རྨིགས་བུའི་མགོ༔ སྤྲུལ་པ་ཡང་སྤྲུལ་ཚོགས་དང་བཅས༔ འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ སྟེང་གི་ཕྱོགས་ནས་དགྲ་དང་བགེགས༔ ཧཱུཾ་མཛད་རྒྱལ་པོ་ཉིད་ཀྱིས་བཟློག༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྟས་ངན་ཆོ་འཕྲུལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་འཕྲིན་(༣བ)


GLG024_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཛོད༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས༔ ཡབ་ཡུམ་ཐབས་ཤེས་རོལ་པ་ལས༔ ཁྲོ་བོའི་ཚོགས་ཆེན་སྤྲུལ་པ་ནི༔ ཤར་གྱི་ཕྱོགས་ཀྱི་ཁྲོ་བོ་ནི༔ ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ༔ སྐུ་མདོག་མཐིང་ནག་འཇིགས་ཆེན་པོ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས༔ རྩ་ཕྱག་རྡོ་རྗེ་ཐོད་ཁྲག་དང་༔ བར་པ་ལྕགས་ཀྱུ་རྔ་ཡབ་བསྣམས༔ ཐ་མ་ཕུར་བསྒྲིལ་དགྲ་བགེགས་གཟིར༔ ཁྲོ་བོའི་གར་དགུའི་ཉམས་དང་ལྡན༔ རྡོ་རྗེ་གཤོག་པས་བར་སྣང་ཁྱབ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ ཞབས་གཉིས་དྲི་ཟ་ཕོ་མོ་གནོན༔ མེ་དཔུང་འབར་བའི་ཀློང་ན་བཞུགས༔ རྡོ་རྗེ་བསྙེམས་མ་སྐུ་ལ་འཁྲིལ༔ ཕྲ་མེན་སྟག་དང་བྱ་རྒོད་མགོ༔ སྤྲུལ་པ་ཡང་སྤྲུལ་ཚོགས་དང་བཅས༔ འདིར་གཤེགས་རྒྱན་གྱི་མཆོད་གཏོར་བཞེས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ ཤར་གྱི་ཕྱོགས་ཀྱི་དགྲ་དང་བགེགས༔ དྲི་ཟའི་དམག་ཚོགས་བྱུང་བ་རྣམས༔ རྣམ་པར་རྒྱལ་བ་ཉིད་ཀྱིས་བཟློག༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྟས་ངན་ཆོ་འཕྲུལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་འཕྲིན་ལས་མཛོད༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས༔ ཡབ་ཡུམ་ཐབས་ཤེས་རོལ་པ་ལས༔ ཁྲོ་བོའི་ཚོགས་ཆེན་སྤྲུལ་པ་ནི༔ ཤར་ལྷོ་མཚམས་ཀྱི་ཁྲོ་བ་ནི༔ ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ཞལ་སྔོ༔ སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས༔ དབུ་སྐྲ་ཁམ་ནག་(༤ན)


GLG024_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་དུ་བརྫེས༔ རྩ་ཕྱག་རྡོ་རྗེ་ཐོད་ཁྲག་དང་༔ བར་པ་དབྱུག་ཏོ་མེ་དཔུང་བསྣམས༔ ཐ་མ་ཕུར་བསྒྲིལ་དགྲ་བགེགས་གཟིར༔ ཁྲོ་བོའི་གར་དགུའི་ཉམས་དང་ལྡན༔ རྡོ་རྗེ་གཤོག་པས་བར་སྣང་ཁྱབ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ ཞབས་གཉིས་མེ་ལྷ་ཕོ་མོ་གནོན༔ མེ་དཔུང་འབར་བའི་ཀློང་ན་བཞུགས༔ རྡོ་རྗེ་སྡེར་མོ་སྐུ་ལ་འཁྲིལ༔ ཕྲ་མེན་གཡག་དང་བྱ་རོག་མགོ༔ སྤྲུལ་པ་ཡང་སྤྲུལ་ཚོགས་དང་བཅས༔ འདིར་གཤེགས་རྒྱན་གྱི་མཆོད་གཏོར་བཞེས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ ཤར་ལྷོ་མཚམས་ཀྱི་དགྲ་དང་བགེགས༔ མེ་ལྷའི་དམག་ཚོགས་བྱུང་བ་ན༔ དབྱུག་སྔོན་སྡེར་མོ་ཉིད་ཀྱིས་བཟློག༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྟས་ངན་ཆོ་འཕྲུལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་འཕྲིན་ལས་མཛོད༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས༔ ཡབ་ཡུམ་ཐབས་ཤེས་རོལ་པ་ལས༔ ཁྲོ་བོའི་ཚོགས་ཆེན་སྤྲུལ་པ་ནི༔ ལྷོ་ཡི་ཕྱོགས་ཀྱི་ཁྲོ་བོ་ནི༔ ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད༔ སྐུ་མདོག་སྔོ་ནག་འཇིགས་ཆེན་པོ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སྔོ་ཞལ༔ སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས༔ རྩ་ཕྱག་རྡོ་རྗེ་ཐོད་ཁྲག་དང་༔ བར་པ་དབྱུག་པ་དགྲ་སྟ་བསྣམས༔ ཐ་མ་ཕུར་བསྒྲིལ་དགྲ་བགེགས་གཟིར༔ ཁྲོ་བོའི་གར་དགུའི་ཉམས་དང་ལྡན༔ རྡོ་རྗེ་གཤོག་པས་བར་སྣང་ཁྱབ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ ཞབས་བཞི་གཤིན་རྗེ་ཕོ་མོ་བརྫིིས༔ མེ་དཔུང་འབར་བའི་ཀློང་ན་བཞུགས༔ དུར་ཁྲོད་བདག་མོ་


GLG024_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་འཁྲིལ༔ ཕྲ་མེན་ཤ་བ་འུག་པའི་མགོ༔ སྤྲུལ་པ་ཡང་སྤྲུལ་ཚོགས་དང་བཅས༔ འདིར་གཤེགས་རྒྱན་གྱི་མཆོད་གཏོར་བཞེས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ ལྷོ་ཡི་ཕྱོགས་ཀྱི་དགྲ་དང་བགེགས༔ གཤིན་རྗེའི་དམག་ཚོགས་བྱུང་བ་ན༔ གཤིན་རྗེ་གཤེད་པོ་ཉིད་ཀྱི་བཟློག༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྟས་ངན་ཆོ་འཕྲུལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་འཕྲིན་ལས་མཛོད༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས༔ ཡབ་ཡུམ་ཐབས་ཤེས་རོལ་པ་ལས༔ ཁྲོ་བོའི་ཚོགས་ཆེན་སྤྲུལ་པ་ནི༔ ལྷོ་ནུབ་མཚམས་ཀྱི་ཁྲོ་བོ་ནི༔ ཁྲོ་བོ་ཆེན་པོ་མི་གཡོ་མགོན༔ སྐུ་མདོག་མཐིང་ནག་འཇིགས་ཆེན་པོ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས༔ རྩ་ཕྱག་རྡོ་རྗེ་ཐོད་ཁྲག་དང་༔ བར་པ་རལ་གྲི་ཞགས་པ་བསྣམས༔ ཐ་མ་ཕུར་བསྒྲིལ་དགྲ་བགེགས་གཟིར༔ ཁྲོ་བོའི་གར་དགུའི་ཉམས་དང་ལྡན༔ རྡོ་རྗེ་གཤོག་པས་བར་སྣང་ཁྱབ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ ཞབས་གཉིས་སྲིན་པོ་ཕོ་མོ་གནོན༔ མེ་དཔུང་འབར་བའི་ཀློང་ན་བཞུགས༔ རྡོ་རྗེ་གཏུན་ཁུང་སྐུ་ལ་འཁྲིལ༔ ཕྲ་མེན་གཟིག་དང་ཁྭ་དའི་མགོ༔ སྤྲུལ་པ་ཡང་སྤྲུལ་ཚོགས་དང་བཅས༔ འདིར་གཤེགས་རྒྱན་གྱི་མཆོད་གཏོར་བཞེས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ ལྷོ་ནུབ་མཚམས་ཀྱི་དགྲ་དང་བགེགས༔ སྲིན་པོའི་དམག་ཚོགས་བྱུང་བ་ན༔ མི་གཡོ་མགོན་པོ་ཉིད་ཀྱིས་བཟློག༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ (༥ན)


GLG024_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་རོ་ལྟས་ངན་ཆོ་འཕྲུལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་འཕྲིན་ལས་མཛོད༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཡབ་ཡུམ་ཐབས་ཤེས་རོལ་པ་ལས༔ ཁྲོ་བོའི་ཚོགས་ཆེན་རོལ་པ་ནི༔ ནུབ་ཀྱི་ཕྱོགས་ཀྱི་ཁྲོ་བོ་ནི༔ ཁྲོ་བོ་ཆེན་པོ་རྟ་མཆོག་དཔལ༔ སྐུ་མདོག་དམར་ནག་འཇིགས་ཆེན་པོ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་སྔོ་གཡོན་དཀར་དབུས་ཞལ་དམར༔ སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས༔ རྩ་ཕྱག་རྡོ་རྗེ་ཐོད་ཁྲག་དང་༔ བར་པ་པདྨ་སྦྲུལ་ཞགས་བསྣམས༔ ཐ་མ་ཕུར་བསྒྲིལ་དགྲ་བགེགས་གཟིར། ཁྲོ་བོའི་གར་དགུའི་ཉམས་དང་ལྡན༔ རྡོ་རྗེ་གཤོག་པས་བར་སྣང་ཁེངས༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ ཞབས་གཉིས་ཆུ་ལྷ་ཕོ་མོ་གནོན༔ མེ་དཔུང་འབར་བའི་ཀློང་ན་བཞུགས༔ རྡོ་རྗེ་གཏུམ་མོ་སྐུ་ལ་འཁྲིལ༔ ཕྲ་མེན་བྱི་ལ་པུ་ཤུད་མགོ༔ སྤྲུལ་པ་ཡང་སྤྲུལ་ཚོགས་དང་བཅས༔ འདིར་གཤེགས་རྒྱན་པའི་མཆོད་གཏོར་བཞེས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ ནུབ་ཀྱི་ཕྱོགས་ཀྱི་དགྲ་དང་བགེགས༔ ཀླུ་དབང་དམག་ཚོགས་བྱུང་བ་ན༔ རྟ་མགྲིན་རྒྱལ་བ་ཉིད་ཀྱིས་བཟློག༔ བཟློག་གོ་དམར་ཆེན་༴༔ བསྒྱུར་རོ་ལྟས་ངན་༴༔ བཟློག་བསྒྱུར་༴༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་༴༔ ཡབ་ཡུམ་ཐབས་ཤེས་༴༔ ཁྲོ་བོའི་ཚོགས་ཆེན་སྤྲུལ་པ་ནི༔ ནུབ་བྱང་མཚམས་ཀྱི་ཁྲོ་བོ་ནི༔ ཁྲོ་བོ་ཆེན་པོ་གཞན་མི་ཐུབ༔ སྐུ་མདོག་དཀར་པོ་འཇིགས་ཆེན་པོ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་སྔོ་གཡོན་དམར་དབུས་ཞལ་དཀར༔ སྤྱན་གསུམ་(༥བ)


GLG024_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་བགྲད་མཆེ་བ་གཙིགས༔ དབུ་སྐྲ་ཁམ་ནག་གྱེན་དུ་༴༔ རྩ་ཕྱག་རྡོ་རྗེ་ཐོད་ཁྲག་དང་༔ བར་པ་རྡོ་རྗེ་འཁོར་ལོ་བསྣམས་༴༔ ཐ་མ་ཕུར་བསྒྲིལ་དགྲ་བགེགས་༴༔ ཁྲོ་བོའི་གར་དགུའི་ཉམས་དང་༴༔ རྡོ་རྗེ་གཤོག་པས་བར་སྣང་༴༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་༴༔ ཞབས་གཉིས་རླུང་ལྷ་ཕོ་མོ་༴༔ མེ་དཔུང་འབར་བའི་༴༔ རྡོ་རྗེ་མདའ་བསྙེམས་སྐུ་ལ་༴༔ ཕྲ་མེན་ཅེ་སྤྱང་ཁྲ་མགོ་ཅན༔ སྤྲུལ་པ་ཡང་སྤྲུལ་༴༔ འདིར་གཤེགས་རྒྱན་གྱི་༴༔ ཤ་ཁྲག་གཏོར་མ་༴༔ བདག་ཅག་ཡོན་མཆོད་༴༔ ནུབ་བྱང་མཚམས་ཀྱི་དགྲ་དང་༴༔ རླུང་ལྷའི་དམག་ཚོགས་བྱུང་བ་༴༔ གཞན་གྱི་མི་ཐུབ་ཁྲོ་བོས་བཟློག༔ བཟློག་གོ་དམར་ཆེན་གཏོར་མས་བཟློག་༴༔ བསྒྱུར་རོ་ལྟས་ངན་༴༔ བཟློག་བསྒྱུར་༴༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་༴༔ ཡབ་ཡུམ་༴༔ ཁྲོ་བོའི་༴༔ བྱང་གི་ཕྱོགས་ཀྱི་ཁྲོ་བོ་ནི༔ ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ༔ སྐུ་མདོག་ལྗང་ནག་འཇིགས་ཆེན་པོ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ལྗང་ཞལ༔ སྤྱན་གསུམ་ཞལ་བགྲད་མཆེ་བ་༴༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས༔ རྩ་ཕྱག་རྡོ་རྗེ་དུང་ཁྲག་དང་༔ བར་པ་རྒྱ་གྲམ་བེ་ཅོན་བསྣམས༔ ཐ་མ་ཕུར་བསྒྲིལ་དགྲ་བགེགས་༴༔ ཁྲོ་བོའི་གར་དགུའི་ཉམས་དང་ལྡན༔ རྡོ་རྗེ་གཤོག་པས་༴༔ དུར་ཁྲོད་ཆས་བརྒྱད་༴༔ ཞབས་གཉིས་གནོད་སྦྱིན་ཕོ་༴༔ མེ་དཔུང་འབར་བའི་༴༔ རྡོ་རྗེ་རླུང་འབྱིན་སྐུ་ལ་འཁྲིལ༔ ཕྲ་མེན་སེང་གེ་ཕ་ཝང་མགོ༔ སྤྲུལ་པ་ཡང་སྤྲུལ་༴༔ འདིར་གཤེགས་༴༔ ཤ་ཁྲག་གཏོར་མ་༴༔ བདག་ཅག་༴༔ བྱང་གི་ཕྱོགས་ཀྱི་དགྲ་དང་བགེགས༔ གནོད་སྦྱིན་དམག་ཚོགས་༴༔ ཁྲོ་ཆེན་བདུད་རྩི་འཁྱིལ་པས་བཟློག༔ བཟློག་གོ་དམར་ཆེན་༴༔ བསྒྱུར་རོ་ལྟས་ངན་༴༔ བཟློག་བསྒྱུར་༴ བཅོམ་(༦ན)


GLG024_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་༴༔ ཡབ་ཡུམ་༴༔ ཁྲོ་བོའི་༴༔ བྱང་ཤར་མཚམས་ཀྱི་༴༔ ཁྲོ་ཆེན་ཁམས་གསུམ་རྣམ་པར་རྒྱལ༔ སྐུ་མདོག་སེར་པོ་འཇིགས་ཆེན་པོ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་སྔོ་གཡོན་ལྗང་དབུས་སེར་ཞལ༔ སྤྱན་གསུམ་ཞལ་བགྲད་༴༔ དབུ་སྐྲ་ཁམ་ནག་༴༔ རྩ་ཕྱག་རྡོ་རྗེ་ཐོད་ཁྲག་༴༔ བར་པ་རྡོ་རྗེ་རྩེ་གསུམ་བསྣམས༔ ཐ་མ་ཕུར་བསྒྲིལ་༴༔ ཁྲོ་བོའི་གར་དགུའི་༴༔ རྡོ་རྗེ་གཤོག་པས་བར་སྣང་༴༔ དུར་ཁྲོད་ཆས་བརྒྱད་༴༔ ཞབས་གཉིས་དབང་ལྡན་ཕོ་མོ་༴༔ མེ་དཔུང་༴༔ རྡོ་རྗེ་གསོད་མ་སྐུ་ལ་འཁྲིལ༔ ཕྲ་མེན་དྲེད་དང་སྲི་མོའི་མགོ༔ སྤྲུལ་པ་ཡང་སྤྲུལ་༴༔ འདིར་གཤེགས་རྒྱན་གྱི་༴༔ ཤ་ཁྲག་གཏོར་མ་༴༔ བདག་ཅག་༴༔ བྱང་ཤར་མཚམས་ཀྱི་དགྲ་དང་བགེགས༔ དབང་ལྡན་དམག་ཚོགས་༴༔ ཁམས་གསུམ་རྣམ་རྒྱལ་ཁྲོ་བོས་བཟློག༔ བཟློག་གོ་དམར་༴༔ བསྒྱུར་རོ་༴༔ བཟློག་བསྒྱུར་༴༔ བཅོམ་ལྡན་རྡོ་རྗེ་༴༔ ཡུམ་ཆེན་༴༔ ཡབ་ཡུམ་༴༔ ཁྲོ་བོའི་༴༔ འོག་གི་༴༔ ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ༔ སྐུ་མདོག་དུད་ཀ་འཇིགས་ཆེན་པོ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་༴༔ གཡས་དཀར་གཡོན་དམར་དུད་ཀ་དབུས༔ སྤྱན་གསུམ་ཞལ་བགྲད་མཆེ་བ་༴༔ དབུ་སྐྲ་ཁམ་ནག་གྱེན་དུ་༴༔ རྩ་ཕྱག་རྡོ་རྗེ་ཐོད་ཁྲག་དང་༔ བར་པ་ཐོ་བ་གཏུན་ཤིང་བསྣམས༔ ཐ་མ་ཕུར་བསྒྲིལ་དགྲ་བགེགས་གཟིར༔ ཁྲོ་བོའི་གར་དགུའི་ཉམས་དང་ལྡན༔ རྡོ་རྗེ་གཤོག་པས་བར་སྣང་ཁྱབ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ ཞབས་བཞི་ས་བདག་ཕོ་མོ་གནོན༔ མེ་དཔུང་འབར་བའི་ཀློང་ན་བཞུགས༔ རྡོ་རྗེ་བསྐུལ་བྱེད་སྐུ་ལ་འཁྲིལ༔ ཕྲ་མེན་དོམ་དང་བྱི་བའི་མགོ༔ སྤྲུལ་པ་ཡང་སྤྲུལ་ཚོགས་དང་བཅས༔ འདིར་(༦བ)


GLG024_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་རྒྱན་གྱི་མཆོད་གཏོར་བཞེས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ འོག་གི་ཕྱོགས་ནས་དགྲ་དང་བགེགས༔ ས་བདག་དམག་ཚོགས་བྱུང་བ་ན༔ སྟོབས་ཆེན་རྒྱལ་པོ་ཉིད་ཀྱིས་བཟློག༔ བཟློག་གོ་དམར་ཆེན་གཏོར་མས་༴༔ བསྒྱུར་རོ་ལྟས་ངན་༴༔ བཟློག་བསྒྱུར་བཅོལ་བའི་འཕྲིན་ལས་མཛོད༔ ཅེས་གཏོར་ཆུང་རྣམས་ལ་སྨན་རཀ་སྦྲན་ཏེ་ཕུལ༔ ཐོག་མར་རིག་འཛིན་བསྐུལ་བ་ནི༔ ཧཱུཾ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིགས་འཛིན་རྣམས་ཀྱི་དུས་ལ་བབ༔ ཨྱོན་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་ཙནྡན་ནགས་ཚལ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ནི༔ ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག༔ པཎ་ཆེན་བི་མཱ་མི་ཏྲ་ཡིས༔ རྒྱ་གར་ཆུ་བོ་གངྒཱ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་བསྒྲུབཔའི་གྲོགས་མཛོད་ཅིག༔ བལ་པོ་ཤཱི་ལ་མཉྫུ་ཡིས༔ མཎྜ་ལ་ཡི་མཁར་ཁོངས་སུ༔ ཇི་ལྟར་༴༔ ཕུར་བུ་༴༔ མཁར་ཆེན་དཔལ་གྱི་དབང་ཕྱུག་གིས༔ ཡར་ཀླུངས་བགེགས་ཀྱི་ཕུ་ཆུ་ལ༔ ཇི་ལྟར་༴༔ ཕུར་བུ་༴ ཤུད་བུ་དཔལ་གྱི་སེངྒེ་ཡིས༔ འུ་ཤང་རྡོ་ཡི་བྲག་ལོགས་ལ༔ ཇི་ལྟར་༴༔ ཕུར་བུ་༴༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས༔ ཧས་པོ་རི་ཡི་སྤང་ཁོངས་ལ༔ ཇི་ལྟར་༴༔ ཕུར་བུ་༴༔ མཆིམས་སྟོན་ཤཱཀྱ་པྲ་བྷ་ཡིས༔ རྩིབས་ཀྱི་སྤྱང་ཀི་སྔོན་པོ་ལ༔ ཇི་ལྟར་༴༔ ཕུར་བུ་༴༔ མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་གྱིས༔ ནམ་མཁའི་ཕོ་རོག་ནག་པོ་ལ༔ ཇི་ལྟར་༴༔ ཕུར་བུ་༴༔ སྤྲུལ་སྐུ་གཏེར་སྟོན་ཡབ་སྲས་ཀྱིས༔ ཟང་ཟང་རི་བོའི་བྲག་གི་རྩེར༔ ཇི་ལྟར་༴༔ ཕུར་བུ་༴༔ སྔགས་འཆང་ཤཱཀྱ་བཟང་པོ་ཡིས༔ ཡོལ་མོ་གངས་ཀྱི་ར་བ་རུ༔ ཇི་ལྟར་༴༔ ཕུར་བུ་༴༔ སྤྲུལ་སྐུ་ལེགས་ལྡན་རྡོ་རྗེ་(༧ན)


GLG024_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས༔ འབྲས་གཤོངས་གནས་སྒོ་འབྱེད་པའི་ཚེ༔ ཇི་ལྟར་༴༔ ཕུར་བུ་༴༔ ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས༔ གོང་ཡལ་གཙང་ཆབ་གྱེན་ལྡོག་ཚེ༔ ཇི་ལྟར་༴༔ ཕུར་བུ་༴༔ ཕུར་བུ་བརྒྱུད་པའི་བླ་མ་རྣམས༔ རང་རང་སོ་སོ་བསྒྲུབ་ཁང་དུ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་བསྒྲུབ་པའི་གྲོགས་མཛོད་ཅིག༔ ཅེས་བསྐུལ་ལོ༔ དེ་ནས་དཀྱིལ་འཁོར་ལྷ་ཚོགས་བསྐུལ་བ་ནི༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ ཞེ་སྡང་འཇོམས་མཛད་ཁྲོ་རྒྱལ་དབྱིངས་ནས་བཞེངས༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྐུ་ལ་འཁྲིལ༔ ཡབ་ཡུམ་ཁྱེད་ཀྱི་འཕྲིན་ལས་དུས་ལ་བབ༔ གནོད་བྱེད་དགྲ་བགེགས་ཁུག་ལ་མྱུར་དུ་སྒྲོལ༔ ཧཱུཾ། ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས༔ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ ཉི་ཟླ་ཕྱོགས་སྐྱོང་བསྒྱེལ་བའི་ཁྲི་ཡི་སྟེང་༔ ཁྲོ་བཅུ་ཡབ་ཡུམ་སྤྲུལ་པའི་ཁྲ་ཐབས་རྣམས༔ ཐུགས་དམ་ཚུལ་བཞིན་བཅོལ་བའི་འཕྲིན་ལས་མཛོད༔ ཧཱུཾ། སྟེང་གི་ཕྱོགས་ནས་ཧཱུཾ་མཛད་སྒྲ་འབྱིན་གཉིས༔ སྤྲུལ་པའི་ཕྲ་མེན་ཕག་དང་རྨིགས་བུའི་མགོ༔ གཟིགས་པའི་འཕྲིན་ལས་མཛད་པའི་དུས་ལ་བབ༔ ཧཱུཾ། ཤར་གྱི་ཕྱོགས་ནས་རྣམ་རྒྱལ་བསྙེམས་མ་གཉིས༔ སྤྲུལ་པའི་ཕྲ་མེན་སྟག་དང་བྱ་རྒོད་མགོ༔ འབེབས་མཛད་ཆེན་མོའི་འཕྲིན་ལས་དུས་ལ་བབ༔ ཧཱུཾ། ཤར་ལྷོའི་མཚམས་ནས་དབྱུག་སྔོན་སྡེར་མོ་གཉིས། སྤྲུལ་པའི་ཕྲ་མེན་གཡག་དང་བྱ་རོག་མགོ༔ འཇོམས་མཛད་ཆེན་པོའི་འཕྲིན་ལས་དུས་ལ་བབ༔ ཧཱུཾ། ལྷོ་ཡི་ཕྱོགས་ནས་གཤིན་རྗེ་དུར་ཁྲོད་གཉིས༔ སྤྲུལ་པའི་ཕྲ་མེན་ཤ་བ་འུག་པའི་མགོ༔ གསོད་མཛད་ཆེན་མོའི་འཕྲིན་ལས་དུས་ལ་བབ༔ ཧཱུཾ། ལྷོ་ནུབ་མཚམས་ནས་མི་གཡོ་(༧བ)


GLG024_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གཏུན་ཁུང་གཉིས༔ སྤྲུལ་པའི་ཕྲ་མེན་གཟིག་དང་ཁ་དའི་མགོ༔ སྒྲོལ་མཛད་ཆེན་མོའི་འཕྲིན་ལས་དུས་ལ་བབ༔ ཧཱུཾ། ནུབ་ཀྱི་ཕྱོགས་ནས་རྟ་མགྲིན་གཏུམ་མོ་གཉིས༔ སྤྲུལ་པའི་ཕྲ་མེན་བྱི་ལ་པུ་ཤུད་མགོ༔ འཆིང་མཛད་ཆེན་མོའི་འཕྲིན་ལས་དུས་ལ་བབ༔ ཧཱུཾ། ནུབ་བྱང་མཚམས་ནས་འདོད་རྒྱལ་མདའ་བསྙེམས་གཉིས༔ སྤྲུལ་པའི་ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ༔ བསྡིགས་མཛད་ཆེན་མོའི་འཕྲིན་ལས་དུས་ལ་བབ༔ ཧཱུཾ། བྱང་གི་ཕྱོགས་ནས་བདུད་རྩི་རླུང་འབྱིན་གཉིས༔ སྤྲུལ་པའི་བླ་མེན་སེང་གེ་ཕ་ཝཾ་མགོ༔ བསྐྱོད་མཛད་ཆེན་མོའི་འཕྲིན་ལས་དུས་ལ་བབ༔ ཧཱུཾ། བྱང་ཤར་མཚམས་ནས་ཁམས་གསུམ་གསོད་བྱེད་གཉིས༔ སྤྲུལ་པའི་ཕྲ་མེན་དྲེད་དང་སྲེ་མོའི་མགོ༔ སྟོང་མཛད་ཆེན་མོའི་འཕྲིན་ལས་དུས་ལ་བབ༔ ཧཱུཾ། འོག་གི་ཕྱོགས་ནས་སྟོབས་ཆེན་བསྐྱོད་མ་གཉིས༔ སྤྲུལ་པའི་ཕྲ་མེན་དོམ་དང་བྱི་བའི་མགོ༔ སྦོར་མཛད་ཆེན་མོའི་འཕྲིན་ལས་དུས་ལ་བབ༔ གནོད་བྱེད་དགྲ་བགེགས་ཁུག་ལ་མྱུར་དུ་སྒྲོལ༔ ཧཱུཾ། སྟོང་གསུམ་དྲེགས་པ་འདུལ་བར་ཞལ་བཞེས་པའི༔ སྲས་མཆོག་འཕྲིན་ལས་སྒྲུབ་པའི་དུས་ལ་བབ༔ གནོད་བྱེད་དགྲ་བགེགས་ཁུག་ལ་མྱུར་དུ་སྒྲོལ། ཧཱུཾ། ཤར་ལྷོ་ནུབ་བྱང་སྒོ་བཞིའི་གཞལ་ཡས་སུ༔ པུ་ཤུད་སྐྱ་ཀ་སྲིན་བྱ་ཁྲ་མགོ་བཞི༔ འགུགས་འདྲེན་འཆིང་སྡོམ་དབབ་པའི་དུས་ལ་བབ༔ གནོད་བྱེད་དགྲ་བགེགས་ཁུག་ལས་མྱུར་དུ་སྒྲོལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ དེ་ནས་དམ་ཅན་སྲུང་མ་བསྐུལ་བ་ནི༔ བྷྱོ༔ ནམ་གྱི་སྲོད་ལ་དམ་བཅས་མ༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ༔ མི་མོ་ལྕགས་ཀྱི་མགོ་ཅན་ཞོན༔ ལག་ན་ལྕགས་ཀྱི་ཕུར་པ་བསྒྲིལ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ གཡུ་ཡི་ཁྱི་མོ་རལ་ཅན་ལ༔ མི་མོ་གཡུ་ཡི་མགོ་ཅན་ཞོན༔ ཕྱག་ན་གཡུ་ཡི་ཕུར་(༨ན)


GLG024_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྒྲིལ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ གསེར་གྱི་འཕར་བ་ལྕེ་བརྒྱད་ལ༔ མེ་མོ་གསེར་གྱི་མགོ་ཅན་ཞོན༔ ཕྱག་ན་གསེར་གྱི་ཕུར་པ་བསྒྲིལ༔ ཤི་ཁ་མུ་ཁའི་དུས་ལ་བབ༔ ཟངས་ཀྱི་ཝ་མོ་རྐང་གསུམ་ལ༔ མི་མོ་ཟངས་ཀྱི་མགོ་ཅན་ཞོན༔ ཕྱག་ན་ཟངས་ཀྱི་ཕུར་པ་སྒྲིལ༔ སྲི་ལ་མུ་ཁའི་དུས་ལ་བབ༔ བྷྱོཿ ནམ་གྱི་གུང་གི་དམ་བཅས་མ༔ ནག་མོ་རལ་པ་སྟོང་ཁམས་ཁྱབ༔ ཕྱག་ན་མཆོང་གི་ཕུར་པ་བསྒྲིལ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབས༔ རེ་མ་ཏཱི་ཡི་དུས་ལ་བབ༔ སེར་ནག་རྨ་བྱའི་ཐུལ་པ་ཅན༔ ཕྱག་ན་མཆོང་གི་ཕུར་པ་བསྒྲིལ༔ ཆིབས་སུ་ཆུ་གླང་སྔོན་པོ་བཅིབས༔ རེ་མ་ཏཱི་ཡི་དུས་ལ་བབ༔ དམར་ནག་རེ་ལྡེ་ནག་མོ་གསོལ༔ ཕྱག་ན་མཆོང་གི་ཕུར་པ་བསྒྲིལ༔ ཆིབས་སུ་ཤ་བ་ཡུ་མོ་བཅིབས༔ རྡོ་རྗེ་བསེ་སྦྱིན་དུས་ལ་བབ༔ ལྗང་མོ་གཡུ་ཕུར་རལ་ཅན་མ༔ ཕྱག་ན་གཡུ་ཡི་ཕུར་པ་བསྒྲིལ༔ ཆིབས་སུ་ཀླུ་རྟ་སྔོན་པོ་བཅིབས༔ རྡོ་རྗེ་ཕག་སྦྱིན་དུས་ལ་བབ༔ ལྗང་ནག་དར་ནག་གོ་ཟུ་གསོལ༔ ཕྱག་ན་མཆོང་གི་ཕུར་པ་བསྒྲིལ༔ ཆིབས་སུ་རྔ་མོ་ག་པ་བཅིབས༔ རེ་མ་ཛུ་ཡི་དུས་ལ་བབ༔ བྷྱོཿ ནམ་གྱི་ཐོ་རངས་དམ་བཅས་མ༔ མཐིང་ནག་ལྕགས་ཕུར་རལ་པ་ཅན༔ ཕྱག་ན་ལྕགས་ཀྱི་ཕུར་པ་བསྒྲིལ༔ ཆིབས་སུ་བདུད་རྟ་ནག་པོ་བཅིབས༔ རྡོ་རྗེ་ཡ་སྦྱིན་དུས་ལ་བབ༔ སེར་མོ་གསེར་ཕུར་རལ་པ་ཅན༔ ཕྱག་ན་གསེར་གྱི་ཕུར་པ་བསྒྲིལ༔ ཆིབས་སུ་གཟའ་རྟ་སེར་པོ་བཅིབས༔ རྡོ་རྗེ་བདེ་སྦྱིན་དུས་ལ་བབ༔ དམར་མོ་བསེ་ཕུར་རལ་པ་ཅན༔ ཕྱག་ན་བསེ་ཡི་ཕུར་པ་བསྒྲིལ༔ ཆིབས་སུ་བཙན་རྟ་དམར་ཞུར་བཅིབས༔ རྡོ་རྗེ་བསེ་སྦྱིན་དུས་ལ་བབ༔ ལྗང་མོ་གཡུ་ཕུར་རལ་པ་ཅན༔ ཕྱག་ན་(༨བ)


GLG024_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་ཡི་ཕུར་པ་བསྒྲིལ༔ ཆིབས་སུ་ཀླུ་རྟ་སྔོན་པོ་བཅིབས༔ རྡོ་རྗེ་ཕག་སྦྱིན་དུས་ལ་བབ༔ བྷྱོཿ ཤར་ཕྱོགས་སྲིན་པོའི་སྐྱེས་བུ་ནི༔ དཀར་པོ་ཕྱག་ན་དུང་ཕྱུར་བསྒྲིལ༔ སྲིན་པོ་གྱད་ཆེན་དུས་ལ་བབ༔ ལྷོ་ཕྱོགས་གཤིན་རྗེའི་སྐྱེས་བུ་ནི༔ ནག་པོ་ཕྱག་ན་ལྕགས་ཕུར་བསྒྲིལ༔ གཤིན་རྗེ་ནག་པོའི་དུས་ལ་བབ༔ ནུབ་ཕྱོགས་ཡ་བདུད་སྐྱེས་བུ་ནི༔ དམར་པོ་ཕྱག་ན་ཟངས་ཕུར་བསྒྲིལ༔ སོག་པོ་མིག་རིང་དུས་ལ་བབ༔ བྱང་ཕྱོགས་གནོད་སྦྱིན་སྐྱེས་བུ་ནི༔ སྔོན་པོ་ཕྱག་ན་གཡུ་ཕུར་བསྒྲིལ༔ མོན་པ་མིག་རིང་དུས་ལ་བབ༔ བྷྱོཿ ཤར་བདུད་དཀར་པོ་མཆེ་བ་གཙིགས༔ ཕྱག་ན་དུང་གི་ཕུར་པ་བསྒྲིལ༔ ཤར་གྱི་སྐྱེས་བུའི་དུས་ལ་བབ༔ ལྷོ་བདུད་ནག་པོ་རལ་པ་ཅན༔ ཕྱག་ན་གཡུ་ཡི་ཕུར་པ་བསྒྲིལ༔ ལྷོ་ཡི་སྐྱེས་བུའི་དུས་ལ་བབ༔ ནུབ་བདུད་ནག་པོ་ཞགས་པ་ཅན༔ ཕྱག་ན་ཞགས་པ་ཕུར་པ་བསྒྲིལ༔ ནུབ་ཀྱི་སྐྱེས་བུའི་དུས་ལ་བབ༔ བྱང་བདུད་ལྗང་གུ་རལ་པ་ཅན༔ ཕྱག་ན་རལ་གྲི་ཕུར་པ་བསྒྲིལ༔ བྱང་གི་སྐྱེས་བུའི་དུས་ལ་བབ༔ བྷྱོ༔ ཀྲ་མ་རཱ་ཙ་སྲིན་པོའི་གིང་༔ དཀར་པོ་ཕྱག་ན་དུང་ཕུར་བསྒྲིལ༔ ཤར་གྱི་དམག་དཔོན་དུས་ལ་བབ༔ སྲོ་མ་རཱ་ཙ་གཤིན་རྗེའི་གིང་༔ སྔོན་པོ་ཕྱག་ན་གྲི་ཕུར་བསྒྲིལ༔ ལྷོ་ཡི་དམག་དཔོན་དུས་ལ་བབ༔ ད་ཤ་གྲཱི་བ་བདུད་ཀྱི་གིང་༔ དམར་པོ་ཕྱག་ན་གྲི་ཕུར་བསྒྲིལ༔ ནུབ་ཀྱི་དམག་དཔོན་དུས་ལ་བབ༔ ཡཀྴ་གྲཱི་བ་གནོད་སྦྱིན་གིང༔ སེར་པོ་ཕྱག་ན་ཕུར་པ་བསྒྲིལ༔ བྱང་གི་དམག་དཔོན་༴༔ ཕུར་པ་བཀའ་སྲུང་དམ་ཅན་རྣམས༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ དགྲ་བགེགས་ཁུག་ལ་མྱུར་དུ་སྒྲོལ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་བསྐུལ་ལོ༔ དེ་ནས་གདབ་ལས་ཀྱི་རིམ་པ་གཞུང་བཞིན་དུ་བྱས་ནས་བཟློག་པ་བྱ་བ་ནི༔ གཏོར་མའི་ཁར་སྨན་རག་སྦྲན་ཞིང་འདི་སྐད་དོ༔(༩ན)


GLG024_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། དབུས་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །མ་ཧཱ་དེ་བ་བསྣོལ་བའི་སྟེང་། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །སྲས་མཆོག་ཉེར་གཅིག་འཁོར་གྱིས་བསྐོར། །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །དབུས་ཀྱི་ཕྱོགས་ནས་བདུད་གཡོས་པ། །བཟློག་གོ་དམར་ཆེན་གཏོར་མས་བཟློག །བསྒྱུར་རོ་ངན་སྡིག་དགྲ་ལ་སྒྱུར། །བཟློག་བསྒྱུར་བཅོལ་བའི་འཕྲིན་ལས་མཛོད། །ཧཱུཾ། སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ཚངས་པ་ཕོ་མོའི་གདན་སྟེང་ན། །ཁྲོ་བོའི་རྒྱལ་པོ་ཧཱུཾ་ཀཱ་ར། །ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ། །སྤྲུལ་པ་ཕག་དང་རྨིགས་བུའི་མགོ །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །རྣལ་འབྱོར་བདག་ཅག་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །སྟེང་ཕྱོགས་ཚངས་པའི་གདོན་དང་བགེགས། །བཟློག་གོ་དམར་ཆེན་༴། །སྒྱུར་ཅིག་ངན་སྡིག་༴། །བཟློག་བསྒྱུར་བཅོལ་བའི་འཕྲིན་ལས་མཛོད། །ཧཱུཾ། ཤར་ཕྱོགས་༴། །དྲི་ཟ་ཕོ་མོའི་༴། །ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ། །ཡུམ་ཆེན་རྡོ་རྗེ་བསྙེམས་མར་བཅས། །སྤྲུལ་པ་སྟག་དང་བྱ་རྒོད་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴། །ཤར་ཕྱོགས་དྲི་ཟའི་གདོན་དང་བགེགས།༴༴།ཧཱུཾ། ཤར་ལྷོ་༴། །མེ་ལྷ་༴། ཁྲོ་བོའི་རྒྱལ་པོ་དབྱུག་པ་སྔོན། །ཡུམ་ཆེན་རྡོ་རྗེ་སྡེར་མོ་དང་། །སྤྲུལ་པ་གཡག་དང་བྱ་རོག་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴། །ཤར་ལྷོ་མེ་ལྷའི༴།༴༴།ཧཱུཾ། ལྷོ་ཕྱོགས་༴། །གཤིན་རྗེ་༴། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །ཡུམ་ཆེན་རྡོ་རྗེ་དུར་ཁྲོད་མ། །སྤྲུལ་པ་ཤ་བ་འུག་པའི་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴། །ལྷོ་ཕྱོགས་གཤིན་རྗེའི༴།༴༴།ཧཱུཾ། ལྷོ་ནུབ་༴། །སྲིན་པོ་༴། ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན། །(༩བ)


GLG024_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ། །སྤྲུལ་པ་གཟིག་དང་ཁྭ་དའི་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴། །ལྷོ་ནུབ་སྲིན་པོའི༴།༴༴།ཧཱུཾ། ནུབ་ཕྱོགས་༴། །ཀླུ་བདུད་ཕོ་མོའི་༴། ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །ཡུམ་ཆེན་རྡོ་རྗེ་གཏུམ་མོ་དང་། །སྤྲུལ་པ་བྱི་ལ་པུ་ཤུད་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར༴།༴༴།ཧཱུཾ།ནུབ་བྱང་འཁོར་ལོའི་༴། །རླུང་ལྷ་༴། །ཁྲོ་བོ་རྒྱལ་པོ་འདོད་པའི་རྒྱལ། །ཡུམ་ཆེན་རྡོ་རྗེ་མདའ་བསྙེམས་མ། །སྤྲུལ་པ་སྦྱང་མོ་ཁྲ་ཡི་མགོ །ཡག་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར༴།༴༴།ཧཱུཾ། བྱང་ཕྱོགས་༴། །གནོད་སྦྱིན་༴། །ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ། །ཡུམ་ཆེན་རྡོ་རྗེ་སྣང་འབྱིན་མ། །སྤྲུལ་པ་སེངྒེ་ཕ་ཝང་༴། །ཡང་སྦྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴། །༴༴།ཧཱུཾ།བྱང་ཤར་༴། །དབང་ལྡན་༴། །ཁྲོ་བོའི་རྒྱལ་བོ་ཁམས་གསུམ་རྒྱལ། །ཡུམ་ཆེན་རྡོ་རྗེ་གསོད་བྱེད་མ། །སྤྲུལ་པ་དྲེད་དང་སྲེ་མིའི་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴། །བྱང་ཤར་དབང་ལྡན༴།༴༴། ཧཱུཾ། འོག་ཕྱོགས་འཁོར་ལོའི་༴། །ས་བདག་ཕོ་མོའི་གདན་སྟེང་ན། ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །ཡུམ་ཆེན་རྡོ་རྗེ་བསྐུལ་བྱེད་མ། །སྤྲུལ་པ་དོམ་དང་བྱི་བའི་མགོ །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །འོག་ཕྱོགས་ས་བདག་གདོན་དང་བགེགས། །བཟློག་གོ་དམར་ཆེན་གཏོར་མས་བཟློག །བསྒྱུར་རོ་ངན་སྡིག་དགྲ་ལ་སྒྱུར། །བཟློག་བསྒྱུར་བཅོལ་བའི་འཕྲིན་ལས་མཛོད། །གཞན་ཡང་བཟློག་ཅིང་བསྒྱུར་བ་ནི། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །ཡས་ཀྱི་བདུད་དུ་གཡོས་པ་བཟློག །མས་ཀྱི་སྲི་རུ་ལངས་པ་བཟློག །ལྟག་པའི་བདུད་དུ་༴། །དཔྲལ་བའི་གཤེད་དུ་འཁོར་བ་༴། །ཕོ་སྲི་མོ་སྲི་ཆུང་སྲི་༴། །དམ་སྲི་དབུལ་སྲི་གོད་སྲི་༴། (༡༠ན)


GLG024_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མེས་དུར་སྲི་བཙན་སྲི་༴། །བདུད་ཀྱི་ཐན་ནག་ཕྱག་བརྙན་༴། །ལོ་སྐེག་ཀི་ཀང་གཤེད་བཞི་༴། །ས་ལ་ཞག་རྩིས་འདེབས་པ་༴། །གནམ་ལ་ཟླ་གྲངས་འདེབས་པ་༴། །གཟའ་དང་སྐར་མ་ངན་པ་༴། །ལོ་སྐེག་ཟླ་སྐེག་ཞག་སྐེག་༴། །ཟ་སྐེག་བདུན་ཟུར་ཐམས་ཅད་༴། །དུས་ཚོད་རྩིས་ནས་འདེབས་པ་༴། །གནམ་གྱི་དལ་ཁ་བབས་པ་༴། །ས་ལ་དུག་ནད་ལངས་པ་༴། །ཐོག་བབས་དལ་བབས་ཐམས་ཅད་༴། །བྱས་ཉེས་ཉམས་གྲིབ་ཐམས་ཅད་༴། །ཡུལ་མི་ཁྱིམ་མཚེས་སྨོད་མོ་༴། །གཡས་ན་ཕོ་བརྒྱ་མདའ་འཕེན་༴། །གཡོན་ན་མོ་བརྒྱ་དུག་སྦྱོར་༴། །མདུན་ན་ལངས་ཤིང་སྡོད་པ་༴། །རྒྱ་བ་ན་ཁྱི་བཞིན་འབྲང་བ་༴། མོ་ངན་ལོག་པར་བསྡིགས་པ་༴། །རྨི་ལྟས་མཚན་མ་ངན་པ་༴། །སྲོད་ལ་བྱ་ཕོ་འཚེར་བ་༴། །ཐོ་རངས་སྒོ་ཁྱི་ངུ་བ་༴། །འུག་པ་ཧ་ཧ་རྒོད་པ་༴། །སྲིན་བྱ་ཐོག་ཁར་འཚེར་བ་༴། །ལོགས་ལ་ཝ་སྤྱང་བརྒྱལ་བ་༴། །ལྟས་ངན་བརྒྱད་ཅུ་རྩ་བཞི་༴། །ཕ་ཚན་ནང་གི་རྒྱ་འདྲེ་༴། །མའུ་དེ་ནི་བྱུར་འདྲེ་༴། །དར་ཚན་ནང་གི་སྟོབ་འདྲེ་༴། །ཕོ་བདུད་དལ་ཁ་གཡས་སུ་༴། །མོ་བདུད་དལ་ཁ་གཡོན་དུ་༴། །སྤྱི་བདུད་དལ་ཁ་མཁའ་ལ་༴། །ཕས་ཀྱི་ཕུང་འདྲེ་རྦད་འདྲེ་༴། །ཚུར་གྱི་སྣ་འདྲེ་བྱེད་པ་༴། །ལུས་ལ་ན་ཚ་གཏོང་བ་༴། །ཚེ་ལ་བར་ཆད་བྱེད་པ་༴། །ལྐོག་ན་འབུ་བཞིན་གཡེང་བ་༴། །ངོས་ན་ཏིལ་བརྡུངས་བྱེད་པ་༴། ཁ་ན་དར་བཞིན་འཇམ་པ་༴། །གཏིང་ན་ཚེར་ལས་རྩུབ་པ་༴། །ལུས་ལ་སྦྲུལ་ལྟར་འཁྲིལ་བ་༴། །ངོ་ལ་སྤྲེལ་ལྟར་འཇེག་པ་༴། །མི་ཁ་བྲམ་མཆུ་ཐམས་ཅད་༴། །སྤྱི་རུ་ཆགས་ཆེ་ཐམས་ཅད་༴། །སྒོས་སུ་ཉེས་པ་ཡོད་པ་༴། །རྦོད་གཏོང་རྦོད་འདྲེ་ཐམས་ཅད་༴། །རྨི་ལམ་ངན་པ་ཐམས་ཅད་༴། །ཕོ་བྱོལ་དེ་ནི་གཡས་སུ་བྱོལ། །(༡༠བ)


GLG024_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བྱོལ་དེ་ནི་གཡོན་དུ་བྱོལ། ཁྱིམ་མཚེས་གཞན་གྱི་ས་རུ་བྱོལ། །སྡང་དགྲ་གདོན་བགེགས་དེ་ལ་བྷྱོ། །ཟ་བར་བྱེད་པའི་བསྲིས་ལ་བྷྱོ། །སྦྱོར་ངན་གཏོང་བའི་ལྟག་ཏུ་བྷྱོ། །ཆོ་འཕྲུལ་ངན་པ་ཐམས་ཅད་དགྲ་ལ་སྒྱུར། །བཟློག་ཅིང་བསྒྱུར་བའི་ལས་མཛོད་ཅིག །བཟློག་བསྒྱུར་ལས་ལ་ཁྱེད་རང་མཁས། །ལྕི་ཡང་རི་བོ་པང་དུ་ལོང་། །དཀའ་ཡང་བདུད་ལ་རྒྱུ་ཞགས་ཐོབ། །ཡས་ཀྱི་བདུད་གཡོས་བྱེད་ཀྱིས་བཟློག །མས་ཀྱི་སྲི་ལངས་༴། །ཉེ་བའི་བྱོལ་ཟོར་༴། །ཕ་ཚན་རྒྱ་འདྲེ་༴། །མའུ་བྱུར་འདྲེ་༴། །བཙན་གྱི་ཀི་ཀང་༴། །ས་བདག་བྱད་ཁ་༴། །རྒྱལ་པོའི་སྨྱོ་འདྲེ་༴། །གཟའ་ཡི་ཀི་ཀང་༴། །མུ་སྟེགས་ངན་སྔགས་༴། །ཐེ་རང་བསྲིས་རྐུན་༴། །ནད་ཁ་རིམས་ཁ་༴། །སྔགས་པའི་ཕུར་ཁ་༴། །བོན་གྱི་བོན་ཟོར་༴། །སུམ་པའི་གླང་ཟོར་༴། །མི་ཉག་བོན་གྱི་འབོ་ལེ་༴། །ལོ་ཟླ་ཞག་སྐེག་༴། །མོ་ངན་རྩིས་ངན་༴། །ལྟས་ངན་མཚན་ངན་༴། །ཕོ་བརྒྱ་མདའ་བརྡར་མཚོན་བརྒྱབ་བཟློག །མོ་བརྒྱ་དུག་གཡོས་ཟས་ཁ་བཟློག །མི་ནག་སྐྱེ་བོའི་ཡ་ག་བཟློག །བྲན་འཁོལ་ངན་པའི་སྨོད་མཆུ་བཟློག །བཟློག་བསྒྱུར་བཅོལ་པའི་འཕྲིན་ལས་མཛོད། །བྷྱོཿ བྷྱོཿ དེ་ནས་སྒོ་དབྱེ་བྱ། གཏོར་ཟོར་རྣམས་ཕྱི་རོལ་དུ་ཁྱེར་ནས་གསེར་སྐྱེམས་བཏང་། གཟུ་དཔང་རྒྱས་པར་སྤྲོ་ན། དངོས་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ཚོགས། ཁྱད་བར་དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ། །བསྟན་སྲུང་རྒྱ་མཚོར་བཅས་པའི་ཚོགས་རྣམས་ཀྱིས། །བསྒྲིབས་མེད་ཡེ་ཤེས་སྤྱན་གྱིས་ཉེ་བར་དགོངས། །རྒྱལ་བའི་བསྟན་ལ་རབ་བཞུགས་རིགས་འཛིན་བདག །ཁས་བླངས་སྡོམ་གསུམ་མིག་གི་འབྲས་ལྟར་བསྲུངས། །བསྐྱེད་རྫོགས་ཟབ་མོ་གཞུང་བཞིན་ཉམས་ལེན་པར། །དགྲ་དང་བགེགས་ཀྱིས་ཉེ་བར་འཚེ་བྱེད་(༡༡ན)


GLG024_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཡི་དམ་ཞི་ཁྲོས་གཟུ་དང་དཔང་པོ་མཛོད། །ཆོས་སྐྱོང་སྲུང་མས་དཀར་ནག་བདེན་ཤན་ཕྱེ། །དམ་ཅན་རྒྱ་མཚོས་བརྣག་པའི་དགྲ་བོ་སྒྲོལ། །དམ་བཅའ་དུས་ལས་གཡེལ་ལམ་ར་མདའ་བཟློག །ཚེ་འདིའི་རྣམ་གཡེང་ཆེ་ཐབས་རྒྱང་དུ་བསྲིངས། །སྙིང་ཉེས་བྱང་ཆུབ་སྒྲུབ་ལ་ལྷག་པར་གཞོལ། །ཐོས་བསམ་སྒོམ་པས་ཉིན་མཚན་འདའ་བྱེད་པའི། །ཟོལ་མེད་ཆོས་བཞིན་བྱེད་པའི་རྣལ་འབྱོར་ལ།༴༴།ངལ་བ་ཁྱད་བསད་བླ་མ་ཡུན་དུ་བསྟེན། །དཀའ་བ་མ་རྩེག་བསྙེན་སྒྲུབ་མཐའ་རུ་ཕྱིན། །ཆོས་སྲུང་ལུས་དང་གྲིབ་མ་ལྟར་བསྟེན་པའི།༴༴།གཟུགས་བྱང་མིང་རུས་བཏབ་པའི་དགྲ་བོ་འདིས། །རྒྱལ་བའི་བསྟན་བཤིག་བླ་མའི་སྐུ་དགྲ་བྱས། །དགེ་འདུན་སྡེ་བཅོམས་སྐྱེ་འགྲོ་ཡོངས་ལ་འཚེ། །རིགས་འཛིན་སྲུང་མར་བཅས་ལ་བརྙས་བྱས་ན། །རྟགས་མཚན་མི་སྟོན་སྔོན་གྱི་དམ་བཅའ་འགལ། །ཆོས་དབྱིངས་བདེ་བ་ཆེན་པོའི་ངང་ཉིད་ལས། ཁྲག་འཐུང་ཁྲོ་བོའི་འཁོར་ལོར་སྟོན་མཛད་ནས། །ལོག་འདྲེན་གདུག་པའི་དགྲ་སྡེ་མི་སྒྲོལ་ན། །ཞི་བའི་ཚུལ་ལས་འགོངས་ལ་དགོས་པ་ཅི། །དཔལ་ཆེན་སྤྱན་སྔར་རྒྱལ་བའི་བསྟན་པ་མཆོག །སྐྱོང་བར་ཁས་བླངས་ཆོས་སྲུང་རྒྱ་མཚོ་རྣམས། །ལོག་འདྲེན་གདུག་པའི་དགྲ་སྡེ་མི་སྒྲོལ་ན། །འཇིགས་རུང་ཁྲོ་བོར་བསྟན་ལ་ངོ་རེ་གནོང་། །བདེན་པའི་ཚིག་གིས་སྨྲེང་དུ་གསོལ་བ་ལས། །ཡེ་ཤེས་ལྡན་ལ་བརྫུན་གཏམ་སུ་ཡིས་ནུས། །དེ་ཕྱིར་མཐུ་སྟོབས་ནུས་པའི་དཔུང་བསྐྱེད་ལ། །མངོན་སྤྱོད་དྲག་པོའི་འཕྲིན་ལས་མྱུར་དུ་མཛོད། །ཟོར་བསྐུལ་ནི། དུག་ཅན་ཚེར་མའི་ཤིང་དག་ལ། །ལྟས་ངན་འབྱུང་པོའི་སྒྲོ་ཡིས་བརྒྱན། །གནམ་ལྕགས་འབར་བའི་མདེའུ་བཙུགས། །དུག་དང་མཚོན་(༡༡བ)


GLG024_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་བྱིན་བརླབས་པ། །ལོག་འདྲེན་དགྲ་བགེགས་སྟེང་དུ་བྷྱོ། །སྲོག་རྩ་ཆོད་ལ་རྡུལ་དུ་རློག །བྱད་ཁ་བཟློག་ལ་ཕུར་ཁ་སྒྱུར། །དྲག་པོའི་འཕྲིན་ལས་བསྒྲུབ་པར་མཛོད། །གྲུ་གསུམ་ས་ཡི་ཀོང་བུའི་ནང་། །དམར་ནག་ཁྲག་གི་མཚོ་བསྐྱིལ་བར། །ཧ་ལ་ནག་པོས་དར་བཏགས་པ།༴༴།དམེ་ཡུགས་ཉམས་གྲིབ་ཅན་དག་གི །ནུས་པ་ཉམས་པར་མ་བྱས་པའི། །ལེགས་བཏབ་ཡུངས་ཀར་གང་བཟང་འདི།༴༴།ཕུང་ཤུལ་དུར་ཁྲོད་ལ་སོགས་པའི། །འཇིགས་སུ་རུང་བའི་རྡོ་ནག་པོ། །དྲག་པོ་རྫས་ཀྱིས་ངར་བཏགས་པ།༴༴།གནམ་ལྕགས་འབར་བའི་སྣོད་ནང་དུ། །འབྲུ་ནག་ངར་བཏགས་དཔལ་གཏོར་ལ། །དྲག་པོའི་རྫས་ཀྱིས་ཉེར་བརྒྱན་པ། །དུག་དང་མཚོན་ཆར་བྱིན་བརླབས་ཏེ། །ལོག་འདྲེན་དགྲ་བགེགས་སྟེང་དུ་བྷྱོ། །སྲོག་རྩ་ཆོད་ལ་རྡུལ་དུ་རློག །བྱད་ཁ་བཟློག་ལ་ཕུར་ཁ་སྒྱུར། །དྲག་པོའི་འཕྲིན་ལས་བསྒྲུབ་པར་མཛོད། །ཅེས་གཏོར་ཟོར་འཕང་། །མེ་ཆུའི་རྒྱས་འདེབས། བདག་ཉིད་སྐད་ཅིག་རྡོ་རྗེ་སྲིན་པོའི་སྐུ། །ཞེས་སོགས་རྣམས་བརྗོད། གཏོར་གཞོང་འོག་ཏུ་དམ་སྲི་མནན་པ་ནི༔ ཧཱུཾ། དཔལ་ཆེན་འཁོར་དང་བཅས་པ་རྣམས༔ སྔོན་གྱི་ཐུགས་དམ་རྒྱུད་བསྐུལ་གྱིས༔ དམ་སྲི་བར་གཅོད་རྡུལ་དུ་རློག༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཨཱོཾ་ལཾ། ཧཱུཾ་ལཾ་དམ་སྲི་བར་ཆད་ཐམས་ཅད་ནྲྀ་ཏྲི་སརྦ་སྟཾ་བྷ་ཡ་ནན༔ ཅེས་མནན་པར་བྱའོ༔ ཧཱུཾ། དཔལ་ཆེན་འཁོར་བཅས་རོལ་པའི་བྲོ༔ དམ་སྲིའི་སྙིང་ལ་ཆེམས་སེ་ཆེམ༔ ཁྲོ་བོ་ཁྲོ་མོ་རོལ་པའི་བྲོ༔ དགྲ་བགེགས་སྙིང་ལ་ཆེམས་སེ་ཆེམ༔ ཁྲོ་བོ་རྣམས་ཀྱིས་བྲོ་བརྡུངས་ལ༔ ཁྲོ་བོ་རྣམས་ཀྱིས་རྒྱས་འདེབས་སོ༔ ཨིག་ནན་བིག་ནན༔ སྟཾ་བྷ་ཡ་ནན༔ མཱ་ར་ཡ་


GLG024_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ནན༔ ཆད་མཐོ་བསྟན་སྐྱོང་སོགས་མཇུག་ཆོག་རྣམས་དཀྱུས་ལྟར་བྱ། དགྲ་བགེགས་སྒྲོལ་བའི་མན་ངག་ཟབ་ཁྱད་ཅན་དག །སློབ་དཔོན་ཆེན་པོ་པདྨའི་ཐུགས་ཀྱི་སྙིང་ཁུ་ཕུར་པ་གོང་ཁུག་མའི་གདམས་པ་བཅོས་ལྷད་དང་བྲལ་བ་ལ་མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེའི་སློབ་དཔོན་གྱི་ཞབས་པད་ཡུན་དུ་བསྟེན་པའི་གསུང་གི་བདུད་རྩི་འཐུང་བར་བྱོས་ཤིག །སྨྲས་པ། བསམས་པ་ཙམ་གྱིས་མཆོག་ཐུན་དངོས་གྲུབ་ཆར་དུ་འབེབས་ལ་ཡིད་བཞིན་ནོར། །མ་རུངས་བདུད་སྡེའི་དཔུང་ཚོགས་འཇོམས་ལ་གནམ་ལྕགས་འབར་བའི་རྡོ་རྗེའི་ཐོག །ལོག་འདྲེན་དགྲ་བོའི་སྙིང་ཁྲག་འཐུང་ལ་གཏུམ་ཆེན་ཤན་པ་ཁྲོས་པའི་གར། ཁྱབ་བདག་ཀུན་བཟང་ཧེ་རུ་ཀ་དཔལ་དཔལ་ཆེན་ཕུར་བུར་གྲགས་མིན་ནམ། །གང་དེའི་གདམས་པའི་ཉིང་ཁུ་ལྷ་བྲག་གཏེར། །བདུད་དཔུང་ཕྱེར་འཐག་དམར་ཆེན་གཏོར་མའི་ལས། ཁྲོ་བོ་རོལ་པར་ཡོངས་གྲགས་སྤུ་གྲི་ཡིས། །མི་མཐུན་དགྲ་སྡེའི་སྲོག་རྩ་ཅིས་མི་གཅོད། །དེ་ཕྱིར་ཚུལ་འདིའི་ལས་རིམ་འཁྲུལ་མེད་དུ། །སྔ་འགྱུར་ཆོས་ཀྱི་དགོངས་དོན་ལྟར་བཀོད་ལས། །གསར་མའི་རྒྱས་བཀབ་རང་བཟོའི་གཟུ་ལུམ་གྱིས། །ཚད་ལྡན་མཁས་མང་ཁྲེལ་བའང་འདི་ན་མེད། །དགེ་འདིས་བསྟན་འགྲོའི་ཕན་བདེ་རྣམ་པར་རྒྱས། ཁྱབ་བདག་བླ་མ་ཟུང་འཇུག་ཞབས་པད་བརྟན། །གསང་ཆེན་ཐེག་པ་མཆོག་གི་འོད་སྟོང་གིས། །དོན་གཉིས་འབྲས་བུའི་སྣང་བ་རྒྱས་གྱུར་ཅིག །རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱི་གཏེར་མའི་རྡོ་རྗེ་ཕུར་པ་ལུགས་གསུམ་ལས། འཕྲིན་ལས་བཅོལ་བའི་ཚིག་རྣམས་ལྷ་ཁྲར་འདུག་ཀྱང་། འབྲིང་པོ་སྤུ་གྲི་ལྷ་ནག་ལ་སྦྱོར་དུ་རུང་བའི་དབང་དུ་བྱས་པའི་ཁྲོ་བོ་རོལ་པའི་གཏོར་བཟློག་བདུད་སྡེ་ཕྱེ་མར་འཐག་པའི་མཚོན་ཆ་ཞེས་བྱ་བ་འདི་ནི་རྒྱ་ཧོར་གྱི་རྒྱལ་ཁམས་(༡༢བ)


GLG024_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

མྱུལ་བའི་ཚེ་བྱང་ཕྱོགས་ཏལ་ཁར་ཡོད་ཐོག་དཔལ་ཆེན་པོ་ཉིད་ཀྱི་སྒྲུབ་པ་དང་གཏོར་བཟློག་གི་ཆོག་སྒྲིགས་བྱས་ན་བོད་ཁ་བ་ཅན་གྱི་བདེ་ཐབས་བསྒྲུབ་པ་ལ་གེགས་བྱེད་ཀྱི་བདུད་ཚོགས་རྣམས་མྱུར་དུ་ཞི་བར་འགྱུར་བའི་མཚན་མ་གསལ་པོ་མཐོང་བས་རྐྱེན་བྱས་ཏེ། འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་གྱིས་འཚོ་བའི་ཟ་ཧོར་གྱི་རིགས་ལས་སྔགས་སྨྱོན་གང་ཤར་རང་གྲོལ་ལམ་མིང་གཞན་ངག་དབང་བློ་བཟང་རྒྱ་མཚོས་དེ་འཕྲལ་དུ་དབུ་བཙུགས་ནས་བྱང་ཕྱོགས་འབྲི་ཆུའི་འགྲམ་དུ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ།། །།སརྦ་མངྒ་ལཾ།།

དཔལ་ཆེན་ཕུར་བུའི་དམར་ཆེན་གཏོར་བཟློག་གནམ་ལྕགས་ཐོག་མདའ།


GLG024_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ཕུར་བུའི་དམར་ཆེན་གཏོར་བཟློག་གནམ་ལྕགས་ཐོག་མདའ་བཞུགས་སོ། །


GLG024_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་དང་ཁྲོ་བོའི་འཁོར་ལོ་ཀུན་གྱི་གཙོ། །དཔལ་ལྡན་རྡོ་རྗེ་ཕུར་པ་ལ་བརྟེན་པའི། །དམར་ཆེན་དྲག་པོའི་གཏོར་བཟློག་ལས་རིམ་དག །གོ་རིམ་ཇི་བཞིན་ཡི་གེའི་ཕྲེང་བར་སྤེལ། །དེ་ཡང་དཀྱིལ་འཁོར་འདྲི་བ་ནི། །ལྟེ་བ་གྲུ་གསུམ་མཐིང་ནག །ཟླ་གམ་དམར་པོ། འཁོར་ལོ་སེར་པོ་རྩིབས་བཅུ། རྡོ་ར་མེ་རི་དང་བཅས་པ་ལག་ལེན་ལྟར་འདྲི། ལྕགས་སླང་གི་ནང་དུ་འབྲུ་ནག་ངར་བཏགས་ཁྲག་ཆང་གིས་སྤྲུས་པའི་ཕྱེ་ལ། གཙོ་བོའི་དཔལ་གཏོར་ཆེ་བ་གཅིག་ལ་ཆུང་བ་བཅུས་བསྐོར་བ། མཐར་ཁྲག་གི་ཀོང་བུ་དང་རྩང་དམར་ཉེར་གཅིག་སྲིན་མོ་འགྲོས་སུ་བཙུགས་པ་ལ་རྒྱུ་མའི་ལྡ་ལྡི་བྱ། མཚེ་ཡུངས་ཀྱིས་བརྒྱན། དཔལ་གཏོར་གྱི་རྩེར་བྱ་ཁྱུང་དང་ཙཀླི་མདའ་དར་སོགས་འཛུགས། །མདའ་ཟོར་སོགས་ཟོར་གཞན་རྣམས་ཀྱང་ཚོགས་པར་བྱ། སྨན་རག་གཏོར་གསུམ་ཕྱི་ནང་གི་མཆོད་པ་སོགས་ལེགས་པར་བཤམས། རྩེ་ལུགས་ཀྱི་མངོན་རྟོགས་འཕྲིན་ལས་རྒྱ་མཚོ་ཞེས་བྱ་བའི་ལས་བྱང་གཞུང་བཞིན་གྱེར། ཚོགས་བར་པ་ཡན་གྲུབརྗེས། ཧཱུཾ། མི་མངོན་དབྱིངས་ན་བཞུགས་པའི་རྒྱལ་བ་ཞི་ཁྲོའི་ཚོགས། །ཨཱཿ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་(༢ན)


GLG024_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས། །ཨཱོཾ་བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་དུ་བསྐུལ། །ཧྲཱིཿམཛོད་ཅིག་མཛོད་ཅིག་བཅོལ་བའི་འཕྲིན་ལས་མཛོད། །ཧཱུཾ་ཕུར་པ་རོལ་བའི་དུར་ཁྲོད་ཆེན་པོ་ནས། །ལྗང་ནག་གྲུ་གསུམ་ལྷ་ཆེན་བསྣོལ་བའི་སྟེང་། །སྣང་སྲིད་ཕུར་པས་འདེབས་པའི་ལྷ་ཚོགས་ནི། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །སྐུ་གསུང་ཐུགས་སྲས་སྲས་མཆོག་ཉི་ཤུ་གཅིག །བདུད་འདུལ་མཐུ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །ཟ་བྱེད་ཁྲ་ཐབས་ཕྱག་བརྙན་ཉི་ཤུ་དང་། །བསྟན་སྐྱོང་ཆེན་མོ་ཤྭ་ན་མཆེད་བཞི་དང་། །བདག་ཉིད་ཆེན་མོ་རེ་ཏཱི་མཆེད་བཞི་དང་། །ས་བདག་ཆེན་མོ་བསེ་ཡི་ལྷ་མོ་བཞི། །བསེ་ལྕགས་དུང་གསུམ་དགེ་བསྙེན་ཉི་ཤུ་གཅིག །མ་བདུན་སྲིང་བཞི་དབང་ཕྱུག་ཉི་ཤུ་བརྒྱད། །ཕུར་པ་འཕྲིན་ལས་ལྷ་ཚོགས་ཐུགས་དམ་ཅན། །མི་མངོན་དབྱིངས་ནས་གནས་འདིར་སྐུ་བསྐྱོད་ལས། །དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་གཏོར་མ་ལ་སྨན་རག་སྒྲོན་ཞིང་ཐུན་གཏོར་འབུལ། །བརྒྱུད་གསུམ་བླ་མ་རིགས་འཛིན་རྣམས། །ཞེས་སོགས་(༢བ)


GLG024_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་རྒྱ་མཚོའི་ཁ་སྐོང་ནས་བྱུང་བ་ལྟར་བསྐུལ། །ཚོགས་ཐ་མ་གཞུང་བཞིན་བྱ། དེ་ནས་བཟློག་བསྒྱུར་བྱ་བ་ནི། ཧཱུཾ། དབུས་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས། །མ་ཧཱ་དེ་བ་བསྣོལ་བའི་སྟེང་། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །སྲས་མཆོག་ཉེར་གཅིག་འཁོར་གྱིས་བསྐོར། །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །དབུས་ཀྱི་ཕྱོགས་ནས་བདུད་གཡོས་པ། །བཟློག་གོ་དམར་ཆེན་གཏོར་མས་བཟློག །བསྒྱུར་རོ་ངན་སྡིག་དགྲ་ལ་སྒྱུར། །བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛོད། །ཧཱུཾ། སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ཚངས་པ་ཕོ་མོའི་གདན་སྟེང་ན། ཁྲོ་བོའི་རྒྱལ་པོ་ཧཱུཾ་ཀཱ་ར། །ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ། །སྤྲུལ་པ་ཕག་དང་རྨིགས་བུའི་མགོ །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །རྣལ་འབྱོར་བདག་ཅག་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །སྟེང་ཕྱོགས་ཚངས་པའི་གདོན་དང་བགེགས། །བཟློག་གོ་དམར་ཆེན་གཏོར་༴། །བསྒྱུར་རོ་ངན་སྡིག་དགྲ་༴། །བཟློག་བསྒྱུར་བཅོལ་བའི་འཕྲིན་ལས་མཛོད། །ཧཱུཾ། ཤར་ཕྱོགས་༴། །དྲི་ཟ་ཕོ་མོའི་༴། ཁོ་བོའི་རྒྱལ་པོ་རྣམ་པར་རྒྱལ། །ཡུམ་ཆེན་རྡོ་རྗེ་བསྙེམས་མར་བཅས། །སྤྲུལ་པ་སྟག་དང་བྱ་རྒོད་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴། །ཤར་ཕྱོགས་དྲི་ཟའི་གདོན་བགེགས་དང་།༴༴།ཧཱུཾ། ཤར་ལྷོ་༴། མེ་ལྷ་༴། ཁྲོ་བོའི་རྒྱལ་པོ་དབྱུག་པ་སྔོ། །ཡུམ་ཆེན་རྡོ་རྗེ་སྡེར་མོ་དང་། །སྤྲུལ་པ་གཡག་དང་བྱ་རོག་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴། །ཤར་ལྷོ་མེ་ལྷའི་༴།༴༴། ཧཱུཾ། ལྷོ་ཕྱོགས་༴། །གཤིན་རྗེ་༴། ཁྲོ་(༣ན)


GLG024_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་རྒྱལ་པོ་གཤིན་རྗེ་གཤེད། །ཡུམ་ཆེན་རྡོ་རྗེ་དུར་ཁྲོད་མ། །སྤྲུལ་པ་ཤ་བ་འུག་པའི་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴། །ལྷོ་ཕྱོགས་གཤིན་རྗེ་༴།༴༴། ཧཱུཾ། ལྷོ་ནུབ་༴། །སྲིན་པོ་༴། ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན། །ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ། །སྤྲུལ་པ་གཟིག་དང་ཁྭ་དའི་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴། །ལྷོ་ནུབ་སྲིན་པོའི་།༴༴།ཧཱུཾ། ནུབ་ཕྱོགས་༴། །ཀླུ་བདུད་ཕོ་མོའི་༴། ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །ཡུམ་ཆེན་རྡོ་རྗེ་གཏུམ་མོ་དང་། །སྤྲུལ་པ་བྱི་ལ་པུ་ཤུད་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར༴།༴༴།ཧཱུཾ། ནུབ་བྱང་འཁོར་ལོའི་༴། །རླུང་ལྷ་༴། ཁྲོ་བོའི་རྒྱལ་པོ་འདོད་པའི་རྒྱལ། །ཡུམ་ཆེན་རྡོ་རྗེ་མདའ་བསྙེམས་ན། །སྤྲུལ་པ་སྤྱང་མོ་ཁྲ་ཡི་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴།༴༴།ཧཱུཾ། བྱང་ཕྱོགས་༴། །གནོད་སྦྱིན་༴། ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ། །ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ། །སྤྲུལ་པ་སེང་གེ་ཕ་ཝང་༴། །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར༴།༴༴།ཧཱུཾ། བྱང་ཤར་༴། །དབང་ལྡན་༴། ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ། །ཡུམ་ཆེན་རྡོ་རྗེ་གསོད་བྱེད་མ། །སྤྲུལ་པ་དྲེད་དང་སྲེ་མོའི་མགོ །ཡང་སྤྲུལ་༴། །རྣལ་འབྱོར་༴། །རྒྱུ་སྦྱོར་༴། བྱང་ཤར་དབང་ལྡན་༴།༴༴།ཧཱུཾ། འོག་ཕྱོགས་འཁོར་ལོའི་༴། །ས་བདག་ཕོ་མོའི་གདན་སྟེང་ན། །ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །ཡུམ་ཆེན་རྡོ་རྗེ་སྐུལ་བྱེད་མ། །སྤྲུལ་པ་དོམ་དང་བྱི་བའི་མགོ །ཡང་སྤྲུལ་གྲངས་མེད་ཕྱོགས་བཅུར་འཕྲོ། །(༣བ)


GLG024_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །འོག་ཕྱོགས་ས་བདག་གདོན་དང་བགེགས། །བཟློག་གོ་དམར་ཆེན་༴། །བསྒྱུར་རོ་༴། །བཟློག་བསྒྱུར་༴། གཞན་ཡང་བཟློག་ཅིང་བསྒྱུར་བ་ནི། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །ཡས་ཀྱི་བདུད་དུ་གཡོས་པ་བཟློག །མས་ཀྱི་སྲི་རུ་ལངས་པ་བཟློག །ལྟག་པའི་བདུད་དུ་༴། །དཔྲལ་བའི་གཤེད་དུ་འཁོར་བ་༴། །ཕོ་སྲི་མོ་སྲི་ཆེ་སྲི་ཆུང་སྲི་༴། །དམ་སྲི་དབུལ་སྲི་གོང་སྲི་༴། །ཕ་མེས་དུར་སྲི་བཙན་སྲི་༴། །བདུད་ཀྱི་ཐན་ནག་ཕྱག་བརྙན་༴། །ལོ་སྐེག་ཀི་ཀང་གཤེད་པ་ཞིག །ས་ལ་ཞག་རྩིས་འདེབས་པ་༴། །གནམ་ལ་ཟླ་གྲངས་འདེབས་པ་༴། །གཟའ་དང་སྐར་མ་ངན་པ་༴། །ལོ་སྐེག་ཟླ་སྐེག་ཞག་སྐེག་༴། །ཟ་སྐེག་བདུན་ཟུར་ཐམས་ཅད་༴། །དུས་ཚོད་རྩིས་ནས་འདེབས་པ་༴། །གནམ་གྱི་དལ་ཁ་བབས་པ་༴། །ས་ལ་དུག་ནད་ལངས་པ་༴། །ཐོག་བབས་དལ་བབས་ཐམས་ཅད་༴། །བྱས་ཉེས་ཉམས་གྲིབ་ཐམས་ཅད་༴། །ཡུལ་མི་ཁྱིམ་མཚེས་སྨོད་མོ་༴། །གཡས་ན་ཕོ་བརྒྱ་མདའ་བརྡར་༴། །གཡོན་ན་མོ་བརྒྱ་དུག་སྦྱོར་༴། །མདུན་ན་ལངས་ཤིང་སྡོང་བ་༴། །རྒྱབ་ན་ཁྱི་བཞིན་འབྲབ་བ་༴། །མོ་ངན་ལོག་པར་བསྡིགས་པ་༴། །རྨི་ལྟས་མཚན་མ་ངན་པ་༴། །སྲོད་ལ་བྱ་ཕོ་འཚེར་བ་༴། །ཐོ་རངས་སྒོ་ཁྱི་ངུ་བ་༴། །འུག་པ་ཧ་ཧ་རྒོད་པ་༴། །སྲིན་བྱ་ཐོག་ཁར་འཚེར་བ་༴། །ལོགས་ལ་ཝ་སྤྱང་བརྒྱལ་བ་༴། །ལྟས་ངན་བརྒྱད་ཅུ་རྩ་བཞི་༴། །ཕ་ཚན་ནང་གི་རྒྱ་འདྲེ་༴། །མའུ་དེ་ནི་བྱུར་འདྲེ་༴། །དར་ཚན་ནང་གི་སྟོང་འདྲེ་༴། །ཕོ་བདུད་དལ་ཁ་གཡས་སུ་༴། །མོ་བདུད་དལ་ཁ་གཡོན་དུ་༴། །སྤྱི་(༤ན)


GLG024_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དལ་ཁ་མཁའ་ལ་༴། །ཕས་ཀྱི་ཕུང་འདྲེ་རྦད་འདྲེ་༴། །ཚུར་གྱི་སྣ་འདྲེན་བྱེད་པ་༴། །ལུས་ལ་ན་ཚ་གཏོང་བ་༴། །ཚེ་ལ་བར་ཆད་བྱེད་པ་༴། །ལྐོག་ན་འབུ་བཞིན་གཡེང་བ་༴། །ངོས་ལ་ཏིལ་བརྡུང་བྱེད་པ་༴། ཁ་ན་དར་བཞིན་འཇམ་པ་༴། །གཏིང་ན་ཚེར་ལས་རྩུབ་པ་༴། །ལུས་ལ་སྦྲུལ་ལྟར་འཁྲིལ་བ་༴། །ངོ་ལ་སྤྲེལ་ལྟར་འཛེག་པ་༴། །མི་ཁ་བྲམ་མཆུ་ཐམས་ཅད་༴། །སྤྱི་རུ་ཆགས་ཆེ་ཐམས་ཅད་༴། །སྒོས་སུ་ཉེས་པ་ཡོད་པ་༴། །རྦད་སྟོང་རྦད་འདྲེ་ཐམས་ཅད་༴། །རྨི་ལམ་ངན་པ་ཐམས་ཅད་༴། །ཕོ་བྱོལ་དེ་ནི་གཡས་སུ་བྱོལ། །མོ་བྱོལ་དེ་ནི་གཡོན་དུ་བྱོལ། ཁྱིམ་མཚེས་གཞན་གྱི་ས་རུ་བྱོལ། །སྡང་དགྲ་གནོད་བགེགས་དེ་ལ་བྷྱོ། །ཟ་བར་བྱེད་པའི་འདྲེ་ལ་བྷྱོ། །ཕུང་བར་བྱེད་པའི་སྲི་ལ་༴། །སྦྱོར་ངན་གཏོང་བའི་ལྟག་ཏུ་བྷྱོ། །ཆོ་འཕྲུལ་ངན་པ་ཐམས་ཅད་དགྲ་ལ་སྒྱུར། །བཟློག་ཅིང་བསྒྱུར་བའི་ལས་མཛོད་ཅིག །དེ་ནས་སྒོ་དབྱེ་ནི། འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཀྱིས། །ཞེས་སོགས་བརྗོད། ཟོར་རྣམས་ཕྱི་རོལ་ཏུ་ཁྱེར། གསེར་སྐྱེམས་བཏང་། གཟུ་དབང་རྒྱས་པར་སྤྲོ་ན། དངོས་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ཚོགས། ཁྱད་པར་དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ། །བསྟན་སྲུང་རྒྱ་མཚོར་བཅས་པའི་ཚོགས་རྣམས་ཀྱིས། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་ཉེ་བར་དགོངས། །རྒྱལ་བའི་བསྟན་ལ་རབ་ཞུགས་རིགས་འཛིན་བདག ཁས་བླངས་སྡོམ་གསུམ་མིག་གི་འབྲས་ལྟར་བསྲུངས། །བསྐྱེད་རྫོགས་ཟབ་མོ་གཞུང་བཞིན་ཉམས་ལེན་པར། །དགྲ་དང་བགེགས་ཀྱིས་ཉེ་བར་འཚེ་བྱེད་ན། །ཡི་དམ་ཞི་ཁྲོས་གཟུ་དང་དཔང་པོ་མཛོད། །ཆོས་སྐྱོང་སྲུང་མས་དཀར་ནག་བདེན་ཤན་ཕྱེ། །དམ་ཅན་རྒྱ་མཚོས་བརྣག་པའི་དགྲ་བོ་སྒྲོལ། །(༤བ)


GLG024_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅའ་དུས་ལས་གཡེལ་ལམ་ར་མདའ་བཟློག །ཚེ་འདིའི་རྣམ་གཡེང་ཆེ་ཐབས་རྒྱང་དུ་བསྲིངས། །སྙིང་ནས་བྱང་ཆུབ་བསྒྲུབ་ལ་ལྷག་པར་གཞོལ། །ཐོས་བསམ་སྒོམ་པས་ཉིན་མཚན་འདའ་བྱེད་པའི། །ཟོལ་མེད་ཆོས་བཞིན་བྱེད་པའི་རྣལ་འབྱོར་ལ།༴༴༴། ངལ་བ་ཁྱད་བསད་བླ་མ་ཡུན་དུ་བསྟེན། །དཀའ་བར་མ་རྩེགས་བསྙེན་སྒྲུབ་མཐའ་རུ་ཕྱིན། །ཆོས་སྲུང་ལུས་དང་གྲིབ་མ་ལྟར་བསྟེན་པའི།༴༴།གཟུགས་བྱང་མིང་རུས་བཏབ་པའི་དགྲ་བོ་འདིས། །རྒྱལ་བའི་བསྟན་བཤིག་བླ་མའི་སྐུ་དགྲ་བྱས། །དགེ་འདུན་སྡེ་བཅོམས་སྐྱེ་འགྲོ་ཡོངས་ལ་འཚེ། །རིགས་འཛིན་སྲུང་མར་བཅས་ལ་བརྙས་བྱས་ན། །རྟགས་མཚན་མི་སྟོན་སྔོན་གྱི་དམ་བཅའ་འགལ། །ཆོས་དབྱིངས་བདེ་བ་ཆེན་པོའི་ངང་ཉིད་ལས། ཁྲག་འཐུང་ཁྲོ་བོའི་འཁོར་ལོར་སྟོན་མཛད་ནས། །ལོག་འདྲེན་གདུག་པའི་དགྲ་སྡེ་མི་སྒྲོལ་ན། །ཞི་བའི་ཚུལ་ལས་འགོངས་ལ་དགོས་པ་ཅི། །དཔལ་ཆེན་སྤྱན་སྔར་རྒྱལ་བའི་བསྟན་པ་མཆོག །སྐྱོང་བར་ཁས་བླངས་ཆོས་སྲུང་རྒྱ་མཚོ་རྣམས། །ལོག་འདྲེན་གདུག་པའི་དགྲ་སྡེ་མི་སྒྲོལ་ན། །འཇིགས་རུང་ཁྲོ་བོར་བསྟན་ལ་ངོ་རེ་གནོང་། །བདེན་པའི་ཚིག་གིས་སྨྲེང་དུ་གསོལ་བ་ལས། །ཡེ་ཤེས་ལྡན་ལ་བརྫུན་གཏམ་སུ་ཡིས་ནུས། །དེ་ཕྱིར་མཐུ་སྟོབས་ནུས་པའི་དཔུང་བསྐྱེད་ལ། །མངོན་སྤྱོད་དྲག་པོའི་འཕྲིན་ལས་མྱུར་དུ་མཛོད། །དེ་ནས་ཟོར་གཞན་རྣམས་རྩི་ལུགས་ཀྱི་ཕྱག་ལེན་ལྟར་ཕྱོགས་སུ་འཕེན། གཏོར་ཟོར་གོམ་པ་ཞེ་དགུའི་སར་ཁྱེར་ཏེ། གནམ་ལྕགས་འབར་བའི་སྣོད་ནང་དུ། །འབྲུ་ནག་ངར་བཏགས་དཔལ་གཏོར་ལ། །དྲག་པོའི་རྫས་ཀྱིས་ཉེར་བརྒྱན་པ། །དུག་དག་མཚོན་ཆར་བྱིན་བརླབས་པ། །ལོག་འདྲེན་(༥ན)


GLG024_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་སྟེང་དུ་བྷྱོ། །སྲོག་རྩ་ཆོད་ལ་རྡུལ་དུ་རློག །བྱད་ཁ་བཟློག་ལ་ཕུར་ཁ་སྒྱུར། །དྲག་པོའི་འཕྲིན་ལས་བསྒྲུབ་པར་མཛོད། །ཅེས་གཏོར་ཟོར་འཕང་། མེ་ཆུའི་རྒྱས་འདེབས། འཕྲིན་ལས་རྒྱ་མཚོའི་སྲུང་འཁོར་རྣམས་བརྗོད། ལས་བཞིའི་བྲོ་བརྡུང་། ཆད་མཐོ་བསྟན་སྐྱོང་སོགས་མཇུག་ཆོག་གཞུང་ལྟར་བྱའོ། །ཞེས་དཔལ་ཆེན་ཕུར་བུའི་དམར་ཆེན་གཏོར་བཟློག་གི་རིམ་པ་གནམ་ལྕགས་ཐོག་མདའ་ཞེས་པ་འདི་ཡང་ཕོ་བྲང་གོང་རི་དཀར་པོའི་དཀོན་གཉེར་དཔོན་འཕྲིན་ལས་ཕུར་བུའི་རིག་པ་འཛིན་པ་དགེ་སྟེང་བླ་མ་བྱམས་པ་ཀུན་དགའ་འབྱུང་གནས་ཀྱིས་བསྐུལ་བ་ལྟར་བཀའ་མ་ནས་གཏོར་བཟློག་གི་ཡིག་ཆ་ཁུངས་མ་ཞིག་སྔོན་ཆད་མ་མཐོང་པས། ལྷ་བྲག་གཏེར་བྱོན་གྱི་བཟློག་གཞུང་དང་། ཕྱག་ལེན་གྱིས་ཁ་བཀང་། རྒྱལ་བ་སྤྱི་སྒེར་བསྐུལ་བ་ཁྲོ་རོལ་ནས་བགྱིས་ཤིང་། གཞན་ས་སྐྱོང་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་ཀྱི་འཕྲིན་ལས་རྒྱ་མཚོར་ཁ་འཕངས་པས། རྩེ་ལུགས་ཕྱག་ལེན་གྱི་མཛེས་རྒྱན་དུ་འགྲོ་བར་བགྱིས་ཏེ་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།

ཁྲོ་བོ་རོལ་པའི་ངག་འདོན་བདུད་སྡེའི་གཡུལ་ལས་རྒྱལ་བའི་སྒྲ་དབྱངས།


GLG024_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་རོལ་པའི་ངག་འདོན་བདུད་སྡེའི་གཡུལ་ལས་རྒྱལ་བའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །


GLG024_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་རིགས་ཀུན་ཁྱབ་བདག་པདྨ་འབྱུང་། །ཟབ་དོན་གཏེར་གྱི་སྒོ་འབྱེད་ཉང་རལ་རྗེ། །བཀའ་བབས་གཉོས་དང་རིགས་འཛིན་མཆེད་གཉིས་སོགས། །མཚུངས་མེད་བརྒྱུད་པའི་ཚོགས་རྣམས་ཕྱག་གི་ཡུལ། ཁྱད་པར་ཆོས་ཀུན་ཀ་ནས་དག་པའི་དབྱིངས། །རང་སར་རྣམ་གྲོལ་ཟུར་ཆེན་ཐམས་ཅད་མཁྱེན། །བཀའ་གཏེར་གནད་ལ་བློ་གྲོས་རབ་ཡངས་པ། །མཆོག་གི་རྡོ་རྗེའི་སློབ་དཔོན་གཙུག་ན་མཛེས། །མངའ་བདག་བླ་མའི་ཕྱག་ལེན་གཉོས་ཞིག་ལ། །བབས་དང་ལེགས་ལྡན་རྡོ་རྗེའི་གསུང་རྒྱུན་རྣམས། །མཚུངས་པར་དྲིན་ཅན་བླ་མ་ཉང་སྟོན་གྱི། །གསུང་རྒྱུན་ཇི་བཞིན་ཁྲོ་རོལ་རེག་ཟིག་འདྲི། །ཁྲོ་བོ་རོལ་པའི་གཏོར་བཟློག་ལག་ཏུ་བསྟར་བ་ལ་བདག་མདུན་གྱི་རྟེན། དཀྱིལ་འཁོར། གཏོར་མ། འཁོར་ལོ་སོགས་བཅའ་གཞི། ཏིང་ངེ་འཛིན་ཕྲ་རགས་ཀྱི་ཕྱག་བཞེས་མཐའ་དག་དམ་པའི་ཞབས་པད་ཡུན་དུ་བསྟེན་ནས་བདེ་འདུས་གཏོར་གཞུང་གི་དགོངས་དོན་ཟབ་གནད་དམར་ཁྲིད་དུ་ཐོབ་པ་དང་མཐོང་བ་བརྒྱུད་པ་ལ་རག་ལུས་པས། ཚུལ་དེ་དག་ཏུ་ཤེས་པར་བྱས་ནས་འདིར་ངག་འདོན་ཁྲིགས་སུ་བཀོད་པ་ལ། །ཉམས་ལེན་གནད་གདམས་ནས་བདག་(༢ན)


GLG024_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་ཟུང་འཇུག་ཏུ་སྒྲུབ་པའི་ཚུལ་དང་། ཆོག་སྒྲིགས་གཅེས་པའི་ལྡེ་མིག་ལས། ཤེས་པ་རྣམ་པ་གསུམ་གྱི་དབང་དུ་བཏང་བའི་ལོགས་སུ་སྒྲུབ་ཚུལ་གསུངས་པ་གཉིས་བྱུང་བ་ལས་འདིར་ཕྱི་མའི་དབང་དུ་བྱས་ཏེ་ཚོགས་དང་བསྐང་རྫས་བྱིན་གྱིས་བརླབ་པ་ཡན་སོང་ནས། བཟློག་གཏོར་རྣམས་ལྷར་གསལ་གདབ་པ་ནི། སྭ་བྷཱ་ཝས་སྦྱངས། དཔལ་གཏོར་རྣམས་རང་བཞིན་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གཏོར་སྣོད་བྷྲུཾ་ལས་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་ཧཱུཾ་ལས་དཔལ་གཏོར་གཙོ་བོ་ཁྲག་འཐུང་ལྷ་དགུ་དང་མཐེབ་སྐྱུ་རྣམས་བདུན་བརྒྱ་ཉེར་ལྔའི་འཁོར་ཚོགས་རྒྱ་མཚོར་གསལ་བ་ཞལ་ཕྱག་སྐུ་མདོག་ཆ་ལུགས་ཅིར་ཡང་བསྒྱུར་བ་བསམ་གྱིས་མི་ཁྱབ་པར་གྱུར༔ ཧཱུཾ། རང་བྱུང་དཀྱིལ་འཁོར་དཔལ་ཆེན་རྫོགས༔ ཞེས་པ་ནས་ཨཱཏྨ་ཀོ྅ཧཾ་གི་བར་གྱི་བྱིན་རླབས་དབང་བསྐུར་རྒྱས་གདབ་བྱ། ཚོགས་སྤྱན་འདྲེན་ནས་བསྐང་བཟློག་གི་བར་དཀྱུས་བཞིན། མཆོད་པ་ཕུད་སྐོང་བདེ་འདུས་ཀྱི་གཏེར་གཞུང་ཇི་ལྟ་བ་བཞིན་དུ་གཏོང་། ཚོགས་ཕུད་དང་པོ་དང་བར་པ་གཉིས་དཀྱུས་བཞིན་བཏང་རྗེས། ཉམས་ཆགས་བཤགས་སྐོང་ཡོངས་རྫོགས་གཏེར་གཞུང་ལྟར་བྱ། ཚོགས་ཐ་མ་(༢བ)


GLG024_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་ལས་ལ་སྦྱར་བའི་ཕྱིར་ཆེ་བ་བསྐྱེད་དེ་སྣང་སྲིད་ཟིལ་གྱིས་གནོན་པ་ནི། སྒོམ་ཁོག་ལས། ཧོཿ འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་སེམས་སྐྱེ་མེད་ཐིག་ལེ་ཉག་གཅིག་ཏུ་ཐག་ཆོད་པས། ཕྱི་སྣོད་ཀྱི་སྣང་བ་ཐམས་ཅད་གཞལ་ཡས་ཁང་དུ་བལྟ༔ ནང་རིག་པ་བཅུད་དུ་སྣང་བ་ཐམས་ཅད་ཡོངས་རྫོགས་ཀྱི་ལྷར་གསལ་གདབ༔ དྲེགས་པ་ཅན་ཕོ་མོ་ཐམས་ཅད་བྲན་དུ་བཀོལ༔ སེམས་རྟོག་འགྱུ་དྲན་ཐམས་ཅད་གཅེར་མཐོང་རང་གྲོལ་ཡེ་ཤེས་སུ་གསལ་བར་གྱུར༔ ཧཱུཾ་སྣང་སྲིད་ཐམས་ཅད་གཞལ་ཡས་ཁང་སོགས་ནས། ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཞེས་ཆེ་བའི་ང་རྒྱལ་བསྐྱེད། འཕྲིན་ལས་བསྐུལ་བ་ནི། ཧོཿ བདག་ཉིད་ཚོམ་བུ་དགུའི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་སྤྲུལ་པ་སྣ་ཚོགས་ལས་ལ་བཀྱེ་སྟེ། ཁྲོ་བོ་སྐོར་ལྟར་འཁྲུག ཁྲོ་མོ་སྤྲིན་ལྟར་བཏིབས། ཕོ་ཉ་གློག་ལྟར་འཁྱུག །མཚོན་ཆ་ཆར་ལྟར་འབེབས། ཐུན་ཟོར་ཐོག་ལྟར་ཟང་ཐལ། དེ་ཡང་ལྷ་རེ་རེ་ལས་ཀྱང་སྤྲུལ་པ་ཡང་སྤྲུལ་ཚན་བཞི་བཞིན་འགྱེད་དེ༔ ལ་ལས་འཇིགས་པ་བརྒྱད་སྐྱོབ་ཀྱི་འཕྲིན་ལས་བསྒྲུབ༔ ལ་ལས་འབྱོར་དྲུག་སྤེལ་བའི་འཕྲིན་ལས་བསྒྲུབ༔ ལ་ལས་མོས་པ་རྣམ་བཞིའི་ཚུལ་གྱིས་ཐམས་ཅད་དབང་དུ་སྡུད༔ ལ་ལས་དྲག་པོ་ཚར་གཅོད་ཀྱི་ལས་སྒྲུབ་སྟེ༔ ཨེ་གྲུ་གསུམ་ལྕགས་ཀྱི་ཁང་སྒྲོམ་འབར་བའི་ནང་དུ་དགྲ་བགེགས་ནང་ལ་བྱ་བ་ཐམས་ཅད་ལྕགས་ཀྱུ་ཅན་གྱིས་སྙིང་ནས་འགུགས༔ ཞགས་པ་ཅན་གྱིས་མགུལ་ནས་ཆིངས༔ ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས༔ དྲིལ་བུ་ཅན་གྱིས་སྤྱི་ནས་ཆོམས༔ རྡོ་རྗེ་ཅན་གྱིས་བདག་ལ་སྲུངས༔ ཐུན་ཟོར་ཅན་གྱིས་བརྒྱལ་བར་བྱེད༔ མཆེ་བ་ཅན་གྱིས་བརྡེག་པར་བྱེད༔ (༣ན)


GLG024_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གཤོག་པ་ཅན་གྱི་འཇུམས་པར་བྱེད༔ སྡེར་མོ་ཅན་གྱིས་འབྲད་པར་བྱེད༔ ཕུར་པ་ཅན་གྱིས་སྙིང་ལ་འདེབས༔ དུག་ཕོར་ཅན་གྱིས་མྱོས་པར་བྱེད༔ རལ་གྲི་ཅན་གྱིས་ལྷུ་ལྡུམ་འབྲལ༔ མདའ་མདུང་ཅན་གྱིས་ཟང་ཐལ་བྱེད༔ འཁོར་ལོ་ཅན་གྱིས་དུམ་བུར་གཏུབས༔ ཐོ་བ་དགྲ་སྟས་རྡུལ་དུ་རློག༔ མེ་དཔུང་ཅན་གྱིས་ཐལ་བར་སྲེགས༔ རླུང་གཡབ་ཅན་གྱིས་རྗེས་མེད་དུ་བཏང་སྟེ༔ ཆོས་ཀྱི་དབྱིངས་སུ་གཞིལ་ཞིང་བཟློག་པར་གྱུར༔ ཧཱུཾ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་སོགས་ནས་རྦོད་ཟོར་སརྦ་བཟློག །བྷྱོཿ ཞེས་ལས་གཞུང་ལྟར་བྱ༔ སྤྱི་བསྐུལ། སྒོས་བསྐུལ། དམོད་བྱང་དང་བཅས་པ་ནི་ཡོངས་རྫོགས་ཀྱི་གཏེར་གཞུང་ན་གསལ་བ་འདི་ལྟ་སྟེ༔ བརྡ་ཡིག་ཡོད། ཞི་ཁྲོ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ ཐུགས་དམ་བསྐུལ་བའི་མདོ་ལ་གསུམ་སྟེ༔ བདེ་གཤེགས་སྤྱིར་བསྐུལ་ཏེ་མཆོད་བཤགས་ལས་བཞི་ཐུན་མོང་དུ་བསྐུལ་བ་དང་༔ ཕོ་ཉ་སྒོས་སུ་བསྐུལ་ཏེ་བསྒྲུབ་བྱ་ལ་འབད་པ་དང་༔ ཕུར་ཐུན་ཚོམ་བུར་བསྐུལ་ནས་དགྲ་བགེགས་ཚར་གཅོད་པའོ༔ དང་པོ་བདེ་གཤེགས་སྤྱིར་བསྐུལ་བ་ནི༔ གཞུང་ལྟར་བཏང་བས་མཆོད་བཤགས་ལས་བཞི་ཐུན་མོང་དུ་བསྐུལ་བའོ༔ གཉིས་པ་ཕོ་ཉ་སྒོས་སུ་བསྐུལ་ཏེ་བསྒྲུབ་བྱ་ལ་རྦད་པ་ནི༔ བརྡ་ཡིག་ཡོད། ཧེ་རུ་ཀ་དཔལ་ཆེ་ལ་འདུད༔ ཞི་ཁྲོ་ཡོངས་རྫོགས་ཚོམ་བུ་དགུའི༔ བཀའ་སྲུང་དམ་ཅན་སྒོས་བསྐུལ་བ༔ ཤིན་ཏུ་ཟབ་གཉན་གུང་འདིར་བསྟན༔ ཨེ་མའོ། དང་པོ་ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་ཀྱི་བཀའ་སྲུང་ཅེ་སྤྱང་མ་བརྒྱད་རྦད་ཅིང་བསྐུལ་བ་ནི༔ ཧཱུཾ། ཤར་ཕྱོགས་ཁྱབ་པར་རྒྱུག་པ་ཡི༔ དཔལ་གྱི་བཀའ་ཉན་(༣བ)


GLG024_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱེད་མ༔ དབུ་ནི་སེང་གེའི་མགོ་བོ་ལ༔ ཤེལ་གྱི་རལ་པ་ཤར་ར་ར༔ ཤེལ་གྱི་ཕུར་བུ་སིལ་ལི་ལི༔ རལ་བ་རེ་ལ་ཕུར་བུ་རེ༔ རལ་པ་སྤྲུགས་པའི་སྐྲ་གསེབ་ནས༔ ཤེལ་གྱི་སེང་གེ་འབུམ་འབུམ་འགྱེད༔ ཅེ་སྤྱང་རྒྱུག་ཚུལ་ཞུངས་སེ་ཞུང་༔ ལག་ན་ཤེལ་གྱི་རྡེའུ་ཆུང་བརྡུང་༔ དྲི་ཟའི་དམག་ཚོགས་དབང་སྡུད་ཅིང་༔ དགྲ་བགེགས་ཐམས་ཅད་ཐལ་བར་རློག༔ ཧཱུཾ། ལྷོ་ཕྱོགས་ཁྱབ་པར་རྒྱུག་པ་ཡི༔ དཔལ་གྱི་བཀའ་ཉན་ལས་བྱེད་མ༔ དབུ་ནི་སྟག་གི་མགོ་བོ་ལ༔ གསེར་གྱི་རལ་པ་ཤར་ར་ར༔ གསེར་གྱི་ཕུར་བུ་སིལ་ལི་ལི༔ རལ་པ་རེ་ལ་ཕུར་བུ་རེ༔ རལ་པ་གསིགས་པའི་སྐྲ་གསེབ་ནས༔ གསེར་གྱི་སྟག་མོ་འབུམ་འབུམ་འགྱེད༔ ཅེ་སྤྱང་རྒྱུག་ཚུལ་ཞུངས་སེ་ཞུང་༔ ལག་ན་གསེར་གྱི་རྡེའུ་ཆུང་བརྡུང་༔ གྲུལ་བུམ་འཁོར་ཚོགས་དབང་སྡུད་ཅིང་༔ དགྲ་བགེགས་ཐམས་ཅད་ཐལ་བར་རློག༔ ཧཱུཾ། ནུབ་ཕྱོགས་ཁྱབ་པར་རྒྱུག་པ་ཡི༔ དཔལ་གྱི་བཀའ་ཉན་ལས་བྱེད་མ༔ དབུ་ནི་གཟིག་གི་མགོ་བོ་ལ༔ བྱུ་རུའི་རལ་པ་ཤར་ར་ར༔ བྱུ་རུའི་ཕུར་བུ་སིལ་ལི་ལི༔ རལ་པ་རེ་ལ་ཕུར་བུ་རེ༔ རལ་པ་གསིགས་པའི་སྐྲ་གསེབ་ནས༔ བྱུ་རུའི་གཟིག་མོ་འབུམ་འབུམ་འགྱེད༔ ཅེ་སྤྱང་རྒྱུག་ཚུལ་ཞུངས་སེ་ཞུང་༔ ལག་ན་བྱུ་རུའི་རྡེའུ་ཆུང་བརྡུང་༔ ཀླུ་གདོན་དམག་ཚོགས་དབང་སྡུད་ཅིང་༔ དགྲ་བགེགས་ཐམས་ཅད་ཐལ་བར་ལོག༔ ཧཱུཾ། བྱང་ཕྱོགས་ཁྱབ་པར་རྒྱུག་པ་ཡི༔ དཔལ་གྱི་བཀའ་ཉན་ལས་བྱེད་མ༔ དབུ་ནི་དོམ་གྱི་མགོ་བོ་ལ༔ ལྕགས་ཀྱི་རལ་པ་ཤར་ར་ར༔ ལྕགས་ཀྱི་ཕུར་བུ་སིལ་ལི་ལི༔ རལ་པ་རེ་ལ་ཕུར་བུ་རེ༔ རལ་པ་གསིགས་པའི་སྐྲ་གསེབ་ནས༔ ལྕགས་ཀྱི་དོམ་བུ་འབུམ་འབུམ་འགྱེད༔ ཅེ་སྤྱང་རྒྱུག་ཚུལ་ཞུངས་སེ་ཞུང་༔ (༤ན)


GLG024_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་ལྕགས་ཀྱི་རྡེའུ་ཆུང་བརྡུང་༔ གནོད་སྦྱིན་དམག་ཚོགས་དབང་སྡུད་ཅིང་༔ དགྲ་བགེགས་ཐམས་ཅད་ཐལ་བར་རློག༔ ཧཱུཾ། ཤར་ལྷོ་ཁྱབ་པར་རྒྱུག་པ་ཡི༔ དཔལ་གྱི་བཀའ་ཉན་ལས་བྱེད་མ༔ དབུ་ནི་སྤྱང་མོའི་མགོ་བོ་ལ༔ གཡུ་ཡི་རལ་པ་ཤར་ར་ར༔ གཡུ་ཡི་ཕུར་བུ་སིལ་ལི་ལི༔ རལ་པ་རེ་ལ་ཕུར་བུ་རེ༔ རལ་པ་གསིགས་པའི་སྐྲ་གསེབ་ནས༔ གཡུ་ཡི་སྤྱང་མོ་འབུམ་འབུམ་འབྱེད༔ ཅེ་སྤྱང་རྒྱུག་ཚུལ་ཞུངས་སེ་ཞུང་༔ ལག་ན་གཡུ་ཡི་རྡེའུ་ཆུང་བརྡུང་༔ དྲང་སོང་དམག་ཚོགས་དབང་སྡུད་ཅིང་༔ དགྲ་བགེགས་ཐམས་ཅད་ཐལ་བར་རློག༔ ཧཱུཾ། ལྷོ་ནུབ་མཚམས་ནས་རྒྱུག་པ་ཡི༔ དཔལ་གྱི་བཀའ་ཉན་ལས་བྱེད་མ༔ དབུ་ནི་བསེ་ཡི་ཀང་ཀའི་མགོ༔ བསེ་ཡི་རལ་པ་ཤར་ར་ར༔ བསེ་ཡི་ཕུར་བུ་སིལ་ལི་ལི༔ རལ་པ་རེ་ལ་ཕུར་བུ་རེ༔ རལ་པ་གསིགས་པའི་སྐྲ་གསེབ་ནས༔ བསེ་ཡི་ཀང་ཀ་འབུམ་འབུམ་འགྱེད༔ ཅེ་སྤྱང་རྒྱུག་ཚུལ་ཞུངས་སེ་ཞུང་༔ ལག་ན་བསེ་ཡི་ཀྱི་རྡེའུ་ཆུང་བརྡུང་༔ བདེན་བྲལ་དམག་ཚོགས་དབང་སྡུད་ཅིང་༔ དགྲ་བགེགས་ཐམས་ཅད་ཐལ་བར་རློག༔ ཧཱུཾ། ནུབ་བྱང་མཚམས་ནས་རྒྱུག་པ་ཡི༔ དཔལ་གྱི་བཀའ་ཉན་ལས་བྱེད་མ༔ དབུ་ནི་དུར་བྱ་ཁྭ་ཁའི་མགོ༔ ཁྲག་གི་རལ་པ་ཤར་ར་ར༔ ཁྲག་གི་ཕུར་བུ་སིལ་ལི་ལི༔ རལ་པ་རེ་ལ་ཕུར་བུ་རེ༔ རལ་པ་གསིགས་པའི་སྐྲ་གསེབ་ནས༔ དུར་བྱ་ཁྭ་ཁ་འབུམ་འབུམ་འགྱེད༔ ཅེ་སྤྱང་རྒྱུག་ཚུལ་ཞུངས་སེ་ཞུང་༔ ལག་ན་གསང་བའི་རྡེའུ་ཆུང་བརྡུང་༔ རླུང་ལྷའི་དམག་ཚོགས་དབང་སྡུད་ཅིང་༔ དགྲ་བགེགས་ཐམས་ཅད་ཐལ་བར་རློག༔ ཧཱུཾ། བྱང་ཤར་མཚམས་ནས་རྒྱུག་པ་ཡི༔ (༤བ)


GLG024_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་བཀའ་ཉན་ལས་བྱེད་མ༔ དབུ་ནི་ཟངས་ཀྱི་དྲེད་མོའི་མགོ༔ ཟངས་ཀྱི་རལ་བ་ཤར་ར་ར༔ ཟངས་ཀྱི་ཕུར་བུ་སིལ་ལི་ལི༔ རལ་པ་རེ་ལ་ཕུར་བུ་རེ༔ རལ་པ་གསིགས་པའི་སྐྲ་གསེབ་ནས༔ ཟངས་ཀྱི་དྲེད་མོ་འབུམ་འབུམ་འགྱེད༔ ཅེ་སྤྱང་རྒྱུག་ཚུལ་ཞུངས་སེ་ཞུང་༔ ལག་ན་ཟངས་ཀྱི་རྡེའུ་ཆུང་བརྡུང་༔ དབང་ལྡན་དམག་ཚོགས་དབང་སྡུད་ཅིང་༔ དགྲ་བགེགས་ཐམས་ཅད་ཐལ་བར་རློག༔ ཧུ་ལུ་ཧུ་ལུ་རཀྟ་སྙིང་ཁཱ་ཧི༔ ཧཱུཾ་བྷྱོ་ཧཱུཾ་བྷྱོ། ཁ་རཀྵ་ཁ་རཀྵ། ས་མ་ཡ་བྷྱོ༔ མུན་ཏ་ཨ་བེེ་ཤ་ན་ཁ་རཀྵ་ཁ་བྷྱ་བྷྱ༔ ཧུ་ལུ་ཧུ་ལུ་ཧྲིང་༔ ཞེས་རྦད་ཅིང་བསྐུལ་ལོ༔ ཡང་དག་ཐུགས་ཀྱི་བཀའ་སྲུང་སྲིན་མོ་ཉི་ཤུ་རྩ་བརྒྱད་བསྐུལ་བ་ནི༔ ཧཱུཾ། སྨུག་ནག་གཡག་གི་མགོ་བོ་ཅན༔ གཡས་ན་ཞིང་གི་དབྱུག་ཏོ་བསྣམས༔ གཡོན་ན་བྷནྡྷ་རཀྟས་བཀང་༔ དམར་སེར་སྦྲུལ་གྱི་མགོ་བོ་ཅན༔ གཡས་ན་རྡོ་རྗེ་རྩེ་ལྔ་བསྣམས༔ གཡོན་ན་བྷན་ད་རཀྟས་བཀང་༔ སེར་ནག་གཟིག་གི་མགོ་བོ་ཅན༔ གཡས་ན་སྤུ་གྲི་འབར་བ་བསྣམས༔ གཡོན་ན་བྷནྡྷ་༴༔ དཀར་དམར་སྲེ་མོའི་མགོ་བོ་ཅན༔ གཡས་ན་དུང་ཆེན་འབར་བ་བསྣམས༔ གཡོན་ན་བྷནྡྷ་༴༔ སེར་ནག་ཕ་ཝང་མགོ་བོ་ཅན༔ གཡས་ན་འཁོར་ལོ་འབར་བ་བསྣམས༔ གཡོན་ན་བྷནྡྷ་རཀྟས་༴༔ དམར་སེར་དྲེད་ཀྱི་མགོ་བོ་ཅན༔ གཡས་ན་ཞིང་གི་དབྱུག་པ་བསྣམས༔ གཡོན་ན་བྷནྡྷ་རཀྟས་༴༔ དམར་ནག་དོམ་གྱི་མགོ་བོ་ཅན༔ གཡས་ན་ཞིང་གི་རྡེའུ་ཆུང་བསྣམས༔ གཡོན་ན་བྷནྡྷ་རཀྟས་༴༔ སྔོ་ནག་ཆུ་སྲིན་མགོ་བོ་ཅན༔ གཡས་ན་ཞིང་གི་བཾ་རིལ་འཕྱར༔ གཡོན་ན་བྷནྡྷ་༴༔ སྔོ་སྐྱ་སྡིག་པའི་མགོ་བོ་ཅན༔ གཡས་ན་ཞིང་གི་གློ་སྙིང་(༥ན)


GLG024_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས༔ གཡོན་ན་བྷནྡྷ་༴༔ སེར་ནག་ཁྲ་ཡི་མགོ་བོ་ཅན༔ གཡས་ན་ཞིང་གི་རྡེའུ་ཆུང་བསྣམས༔ གཡོན་ན་བྷནྡྷ་༴༔ ལྗང་ནག་ཝ་ཡི་མགོ་བོ་ཅན༔ གཡས་ན་དབྱུག་ཏོ་འབར་བ་བསྣམས༔ གཡོན་ན་བྷནྡྷ་༴༔ མཐིང་ནག་སྟག་གི་མགོ་བོ་ཅན༔ གཡས་ནི་ཞིང་གི་དབྱུག་ཏོ་བསྡམས༔ གཡོན་ན་བྷནྡྷ་༴༔ དམར་ནག་བྱ་རྒོད་མགོ་བོ་ཅན༔ གཡས་ཀྱི་ཕྱག་ན་ལྕགས་སྒྲོག་བསྣམས༔ གཡོན་ན་བྷནྡྷ་༴༔ དམར་ནག་རྟ་ཡི་མགོ་བོ་ཅན༔ གཡས་ན་རྡོ་རྗེ་དབྱུག་པ་འཕྱར༔ གཡོན་ན་བྷནྡྷ་༴༔ དམར་སེར་བྱི་ལའི་མགོ་བོ་ཅན༔ གཡས་ཀྱི་ཕྱག་ན་རྡོ་རྗེ་བསྣམས༔ གཡོན་ན་བྷནྡྷ་རཀྟས་༴༔ དམར་ནག་ཁྱི་ཡི་མགོ་བོ་ཅན༔ གཡས་ན་ཏི་རའི་དབྱུག་པ་ཐོགས༔ གཡོན་ན་བྷནྡྷ་རཀྟས་༴༔ དཀར་དམར་པུ་ཤུད་མགོ་བོ་ཅན༔ གཡས་ཀྱི་ཕྱག་ན་པདྨ་བསྣམས༔ གཡོན་ན་བྷནྡྷ་རཀྟས་༴༔ ལྗང་སེར་ཤ་བའི་མགོ་བོ་ཅན༔ གཡས་ན་ཞིང་ཆེན་ཟ་བའི་ཚུལ༔ གཡོན་ན་བྷནྡྷ་རཀྟས་༴༔ དམར་ནག་ཁྭ་དའི་མགོ་བོ་ཅན༔ གཡས་ན་ཞིང་གི་རྡེའུ་ཆུང་བསྣམས༔ གཡོན་ན་བྷནྡྷ་རཀྟས་༴༔ ལྗང་ནག་ཀྱིན་གྱི་མགོ་བོ་ཅན༔ གཡས་ན་ཞིང་གི་རྒྱུ་ཞགས་བསྣམས༔ གཡོན་ན་བྷནྡྷ་རཀྟས་༴༔ དམར་སེར་ཕག་གི་མགོ་བོ་ཅན༔ གཡས་ན་རྩེ་ལྔ་འབར་བ་བསྣམས༔ གཡོན་ན་བྷནྡྷ་རཀྟས་༴༔ དམར་ནག་སྐྱ་ཀའི་མགོ་བོ་ཅན༔ གཡས་ན་ཞིང་གི་རྒྱུ་ཞགས་བསྣམས༔ གཡོན་ན་བྷནྡྷ་རཀྟས་༴༔ ལྗང་ནག་བ་ལང་མགོ་བོ་ཅན༔ གཡས་ན་བཾ་ཆེན་བུམ་རིལ་བསྣམས༔ གཡོན་ན་བྷནྡྷ་རཀྟས་༴༔ སྔོ་སྐྱ་བྱ་རོག་མགོ་བོ་ཅན༔ གཡས་ན་ཟངས་གྲི་འབར་བ་བསྣམས༔ གཡོན་ན་བྷནྡྷ་(༥བ)


GLG024_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟས་༴༔ ནག་མོ་ཁུ་བྱུག་མགོ་བོ་ཅན༔ གཡས་ན་ལྕགས་ཀྱུ་འབར་བ་བསྣམས༔ གཡོན་ན་བྷནྡྷ་རཀྟས་༴༔ སྔོན་མོ་ར་ཡི་མགོ་བོ་ཅན༔ གཡས་ན་ཞགས་པ་འབར་བ་བསྣམས༔ གཡོན་ན་བྷནྡྷ་རཀྟས་༴༔ དམར་མོ་སྤྲེའུའི་མགོ་བོ་ཅན༔ གཡས་ན་ལྕགས་སྒྲོག་འབར་བ་བསྣམས༔ གཡོན་ན་བྷནྡྷ་རཀྟས་༴༔ ལྗང་གུ་སྤྱང་མོའི་མགོ་བོ་ཅན༔ གཡས་ན་དྲིལ་བུ་འབར་བ་བསྣམས༔ གཡོན་ན་བྷནྡྷ་རཀྟས་༴༔ སྲིན་མོ་ཉི་ཤུ་རྩ་བརྒྱད་ཐུགས་དམ་ཅན༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ ཏྲཀ་རཀྴ་རག་མོ་ཁ་ལ་ཁ་ཚེ་ཐུན༔ ཏྲཀ་རཀྴ་ཁ་ལ་ཁ་ཚེ་ཐུན༔ བྷྱོ་བྷྱོ༔ ཞེས་རྦད་དོ༔ འཇམ་དཔལ་སྐུའི་ལྷ་ཚོགས་རྣམས་ཀྱི་བཀའ་སྲུང་བསྐུལ་བ་ནི༔ ཧཱུཾ། གྲི་ཐོགས་གིང་གི་ཐུགས་དམ་བསྐུལ༔ ཤར་ཕྱོགས་གིང་ཆེན་དཀར་པོ་ནི༔ སྐུ་ལ་དུང་ཁྲབ་དཀར་པོ་གསོལ༔ ཕྱག་ན་དུང་གི་རལ་གྲི་བསྣམས༔ སྲོག་ཆོད་སྙིང་ཕྱུངས་ཤ་རུས་གཏུབས༔ ལྷོ་ཕྱོགས་གིང་ཆེན་སེར་པོ་ནི༔ སྐུ་ལ་གསེར་ཁྲབ་སེར་པོ་གསོལ༔ ཕྱག་ན་གསེར་གྱི་རལ་གྲི་བསྣམས༔ སྲོག་ཆོད་སྙིང་ཕྱུངས་ཤ་རུས་གཏུབས༔ ནུབ་ཕྱོགས་གིང་ཆེན་དམར་པོ་ནི༔ སྐུ་ལ་བསེ་ཁྲབ་དམར་པོ་གསོལ༔ ཕྱག་ན་ཟངས་ཀྱི་རལ་གྲི་བསྣམས༔ སྲོག་ཆོད་སྙིང་ཕྱུངས་ཤ་རུས་གཏུབས༔ བྱང་ཕྱོགས་གིང་ཆེན་སྔོན་པོ་ནི༔ སྐུ་ལ་གཡུ་ཁྲབ་སྔོན་པོ་གསོལ༔ ཕྱག་ན་གཡུ་ཡི་རལ་གྲི་བསྣམས༔ སྲོག་ཆོད་སྙིང་ཕྱུངས་ཤ་རུས་གཏུབས༔ ཧཱུཾ་ཁྲམ་ཐོགས་བདུད་ཀྱི་ཐུགས་དམ་བསྐུལ༔ ཤར་བདུད་རོལ་པོ་རལ་པ་ཅན༔ ཕྱག་ན་བདུད་ཀྱི་ཁྲམ་ཤིང་བསྣམས༔ (༦ན)


GLG024_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་དགྲ་བོ་ཁྲམ་ལ་ཐོབ༔ ཁྲམ་བདག་སྲོག་བདུད་མཆེ་བ་ཅན༔ ཕྱག་ན་བདུད་ཀྱི་ཁྲམ་ཤིང་བསྣམས༔ དམ་ཉམས་དགྲ་བོ་ཁྲམ་ལ་ཐོབ༔ ཟླ་བདུད་རོལ་པོ་ཞགས་པ་ཅན༔ ཕྱག་ན་བདུད་ཀྱི་ཁྲམ་ཤིང་བསྣམས༔ དམ་ཉམས་དགྲ་བོ་ཁྲམ་ལ་ཐོབ༔ སྲོག་བདུད་གསེར་གྱི་སྟ་རེ་ཅན༔ ཕྱག་ན་བདུད་ཀྱི་ཁྲམ་ཤིང་བསྣམས༔ དམ་ཉམས་དགྲ་བོ་ཁྲམ་ལ་ཐོབ༔ ཤོད་ཐོགས་རྩིས་པའི་ཐུགས་དམ་བསྐུལ༔ ཉི་མ་དང་པོའི་རྩིས་བྱེད་གིང་༔ དཀར་པོ་ལག་ན་ཤོད་རྡེ་ཐོགས༔ དམ་ཉམས་དགྲ་བོ་རྩིས་ལ་ཐོབ༔ ཉི་མ་གཉིས་པའི་རྩིས་བྱེད་གིང་༔ སེར་པོ་ལག་ན་ཤོད་རྡེ་ཐོགས༔ དམ་ཉམས་དགྲ་བོ་རྩིས་ལ་ཐོབ༔ ཉི་མ་གསུམ་པའི་རྩིས་བྱེད་གིང་༔ དམར་པོ་ལག་ན་ཤོད་རྡེ་ཐོགས༔ དམ་ཉམས་དགྲ་བོ་རྩིས་ལ་ཐོབ༔ ཉི་མ་བཞི་པའི་རྩིས་བྱེད་གིང་༔ སྔོན་པོ་ལག་ན་ཤོད་རྡེ་ཐོགས༔ དམ་ཉམས་དགྲ་བོ་རྩིས་ལ་ཐོབ༔ བཤན་པ་བཞི་ཡི་ཐུགས་དམ་བསྐུལ༔ ནད་གཏོར་མ་མོའི་བཤན་པ་ནི༔ གསོད་བྱེད་ཆེན་མོའི་ཐུགས་དམ་བསྐུལ༔ བདུད་དང་མཁའ་འགྲོ་ཀུན་གྱི་བདག༔ ནག་མོ་ཆེན་མོ་ཁ་གདངས་མ༔ བཤན་པ་དགྲ་ལ་རྔམས་པའི་ཚེ༔ བཤན་པ་གྲི་ཐོགས་ཟིངས་སེ་ཟིང་༔ མ་མོའི་ཟོར་ཐོགས་ཆིལ་ལི་ལི༔ ཐུན་གྱི་སེར་བ་ཤར་ར་ར༔ ཁྲག་གི་ན་བུན་ཐུལ་ལུ་ལུ༔ ནད་ཀྱི་ན་བུན་ཐིབས་སེ་ཐིབ༔ མ་མོའི་བཤན་པ་དགྲ་ལ་བྷྱོ༔ མྱོས་པ་བཙན་གྱི་བཤན་པ་ནི༔ དམར་བ་བཙན་གྱི་ལིང་པ་སྟེ༔ དམར་པོ་འཇིགས་བྱེད་ཁྲོ་གཏུམ་ཅན༔ སྤྱན་ནི་ཁྲག་གི་མཚོར་འཁྱིལ་ཞིང་༔ ཁྲག་གི་ཁ་ཆུ་ཙར་ར་ར༔ དུག་གི་ཁ་རླངས་ཕྱུར་རུ་རུ༔ ཕྱག་ན་བཙན་གྲི་དམར་པོ་(༦བ)


GLG024_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས༔ བཙན་གྱི་བཤན་པའི་དུས་ལ་བབ༔ གླེན་པ་ཀླུ་ཡི་བཤན་པ་ནི༔ སྐུ་མདོག་མཐིང་ནག་འཇིགས་པ་ལ༔ སྦྲུལ་གྱི་རལ་པས་ས་གཞི་ཁེངས༔ སྐུ་ལ་སྦྲུལ་གྱི་བེར་ཆེན་གསོལ༔ སྦྲུལ་ནག་རློན་པའི་རྐེད་ཆིངས་ཅན༔ ཕྱག་ན་སྦྲུལ་ནག་ཞགས་པ་ཐོགས༔ སྦྲུལ་གྱི་ཁ་ནས་དུག་མདའ་རྒྱོབ༔ ཀླུ་ཡི་བཤན་པའི་དུས་ལ་བབ༔ གདུག་རྩུབ་གཟའ་ཡི་བཤན་པ་ནི༔ སྐུ་མདོག་ནག་པོ་ཙེར་རེ་རེ༔ གཡས་ན་མདུད་ལ་དར་ནག་འཕྱར༔ གཡོན་ན་སྙིང་དང་ཞགས་པ་བསྣམས༔ རུ་མཚོན་གཡས་ན་བསྣམས་པའི་ཚེ༔ བདུད་ཀྱི་དམག་ཚོགས་ཉེར་རེ་རེ༔ ཞགས་པ་ནག་པོ་ནར་ར་ར༔ ནག་པོ་སྲོག་ལ་དབང་བྱེད་པ༔ གཟའ་ཡི་བཤན་པའི་དུས་ལ་བབ༔ འཇམ་དཔལ་སྐུ་ཡི་བཀའ་སྲུང་ཐུགས་དམ་ཅན༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ ཡ་མ་ར་ཙ། ས་ཏྭ་མེ་ཡ། ཡ་མེ་དུ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡཀྵེ་ཡ། ཡཀྵེ་ཡ་ཚ། ནི་ར་མ་ཡ། ཐུན་ཡ། ཐུན་ཡ། པདྨ་གསུང་གི་བཀའ་སྲུང་བསྐུལ་བ་ནི། ཧཱུཾ། སྐུ་ལས་སྤྲུལ་པའི་ཁམ་རྒྱ་མོ༔ དུང་གི་སྤྱང་མོ་མགོ་གསུམ་ཞོན༔ གསུང་ལས་སྤྲུལ་པའི་ཁམ་རྒྱ་མོ༔ ཟངས་ཀྱི་འཕར་བ་ལྕེ་བརྒྱད་ཞོན༔ ཐུགས་ལས་སྤྲུལ་པའི་ཁམ་རྒྱ་མོ༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་ཞོན༔ ཡོན་ཏན་སྤྲུལ་པའི་ཁམ་རྒྱ་མོ༔ གཡུ་ཡི་སྤྱང་མོ་རྐང་གསུམ་ཞོན༔ འཕྲིན་ལས་སྤྲུལ་པའི་ཁམ་རྒྱ་མོ༔ གསེར་གྱི་སེང་གེ་རྔམ་ཁྲི་ཞོན༔ གཉིས་མེད་སྤྲུལ་པའི་ཁམ་རྒྱ་མོ༔ དུང་གི་སེང་གེ་མགོ་དགུ་ཞོན༔ ཤར་ཕྱོགས་ལོང་བ་རྒྱབ་འབྲེལ་ནི༔ འབྲུག་ཆེན་སྔོན་པོ་(༧ན)


GLG024_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས་སུ་བཅིབས༔ ན་བཟའ་ནེའུ་ལེའི་དཔུང་རྡུམ་གསོལ༔ ལག་ན་ལྕགས་ཀྱུ་དགྲ་སྟ་ཐོགས༔ དབུ་ཡི་རལ་པ་ཚར་རེ་ལ༔ གཟའ་རྒོད་མིག་དམར་ཚར་དུ་འབེབས༔ སྤྲུལ་པ་དམུས་ལོང་བཅོ་ལྔས་བསྐོར༔ ལྷོ་ཕྱོགས་ལོང་བ་རྒྱབ་འབྲེལ་ནི༔ ལྕགས་ཀྱི་སྡིག་པ་ཆིབས་སུ་བཅིབས༔ ཕྱག་ན་ལྕགས་ཀྱི་ཁྱུང་ཆེན་བསྣམས༔ ན་བཟའ་གསའ་ཡི་རལ་མ་གསོལ༔ དབུ་ཡི་རལ་བ་ཚར་རེ་ལ༔ ཉི་མ་འབུམ་གྱི་ཆར་བ་འབེབས༔ སྤྲུལ་པ་དམུས་ལོང་བཅོ་ལྔས་བསྐོར༔ ནུབ་ཕྱོགས་ལོང་བ་རྒྱབ་འབྲེལ་ནི༔ བ་ལང་དཀར་པོ་ཆིབས་སུ་བཅིབས༔ ན་བཟའ་ཀླུ་འབྲུག་པགས་པ་གསོལ༔ ལག་ན་སྦྲུལ་གྱི་ཞགས་པ་ཐོགས༔ དབུ་ཡི་རལ་པ་ཚར་རེ་ལ༔ དུག་དག་མེ་ཡི་ཆར་པ་འབེབས༔ སྤྲུལ་པ་དམུས་ལོང་བཅོ་ལྔས་བསྐོར༔ བྱང་ཕྱོགས་ལོང་བ་རྒྱབ་འབྲེལ་ནི༔ ལྕགས་ཀྱི་དྲེལ་རྟ་རྐང་གསུམ་བཅིབས༔ ན་བཟའ་ཞིང་གི་གཡང་གཞི་གསོལ༔ ལག་པ་ཕྲལ་ནས་གར་སྟབས་བྱེད༔ དབུ་ཡི་རལ་པ་ཚར་རེ་ལ༔ ལོང་བའི་སྤྲུལ་པ་ཆར་དུ་འབེབས༔ སྤྲུལ་པ་དམུས་ལོང་བཅོ་ལྔས་བསྐོར༔ ཧཱུཾ། ཤར་གྱི་ཕྱོགས་ནས་རྒྱུག་པའི་ཁྱི་༴༔ དུང་གི་ཁྱི་མོ་རལ་པ་ཅན༔ ལྷོ་ཡི་ཕྱོགས་ནས་རྒྱུག་པའི་ཁྱི༔ གསེར་གྱི་ཁྱི་མོ་རལ་པ་ཅན༔ ནུབ་ཀྱི་ཕྱོགས་ནས་རྒྱུག་པའི་ཁྱི༔ ཟངས་ཀྱི་ཁྱི་མོ་རལ་པ་ཅན༔ བྱང་གི་ཕྱོགས་ནས་རྒྱུག་པའི་ཁྱི༔ གཡུ་ཡི་ཁྱི་མོ་རལ་པ་ཅན༔ ཤར་ལྷོ་མཚམས་ནས་རྒྱུག་པའི་ཁྱི༔ བྱུ་རུའི་ཁྱི་མོ་རལ་པ་ཅན༔ ལྷོ་ནུབ་མཚམས་ནས་རྒྱུག་པའི་ཁྱི༔ མཆོང་གི་ཁྱི་མོ་རལ་པ་ཅན༔ ནུབ་བྱང་མཚམས་ནས་རྒྱུག་པའི་ཁྱི༔ བསེ་ཡི་ཁྱི་མོ་རལ་པ་ཅན༔ བྱང་ཤར་(༧བ)


GLG024_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ནས་རྒྱུག་པའི་ཁྱི༔ ཤེལ་གྱི་ཁྱི་མོ་རལ་པ་ཅན༔ དཔལ་གྱི་ཁྱི་བརྒྱད་ཐུགས་དམ་ཅན༔ ཀུན་ཀྱང་འཇིགས་ཚུལ་རྔམས་པའི་གཟུགས༔ མཆེ་བ་སྤུ་གྲི་གཏམས་པ་འདྲ༔ མིག་ནི་ཉི་མའི་ཟེར་བས་འཚེར༔ དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག༔ ཤར་གྱི་ཕྱོགས་ནས་རྒྱུག་པ་ཡི༔ དུང་གི་སྤྱང་མོ་རལ་པ་ཅན༔ ལྷོ་ཡི་ཕྱོགས་ནས་རྒྱུག་པ་ཡི༔ གསེར་གྱི་སྤྱང་མོ་རལ་པ་ཅན༔ ནུབ་ཀྱི་ཕྱོགས་ནས་རྒྱུག་པ་ཡི༔ ཟངས་ཀྱི་སྤྱང་མོ་རལ་པ་ཅན༔ བྱང་གི་ཕྱོགས་ནས་རྒྱུག་པ་ཡི༔ གཡུ་ཡི་སྤྱང་མོ་རལ་པ་ཅན༔ ཤར་ལྷོ་མཚམས་ནས་རྒྱུག་པ་ཡི༔ མཐིང་གི་སྤྱང་མོ་རལ་པ་ཅན༔ ལྷོ་ནུབ་མཚམས་ནས་རྒྱུག་པ་ཡི༔ མུ་མེན་སྤྱང་མོ་རལ་པ་ཅན༔ ནུབ་བྱང་མཚམས་ནས་རྒྱུག་པ་ཡི༔ མཆོང་གི་སྤྱང་མོ་རལ་པ་ཅན༔ བྱང་ཤར་མཚམས་ནས་རྒྱུག་པ་ཡི༔ ར་གན་སྤྱང་མོ་རལ་པ་ཅན༔ སྤྱང་མོ་རོ་ཤལ་ཐུགས་དམ་ཅན༔ ཀུན་ཀྱང་སྤྱན་གྱིས་དུར་ཁྲོད་གཟིགས༔ ལས་སུ་དུར་ཁྲོད་གནས་སུ་རྒྱུག༔ ཁ་ནས་རོ་ཤལ་དུར་ཐག་གཅོད༔ མ་ཐོགས་མྱུར་དུ་ལས་གྱིས་ཤིག༔ ཤར་གྱི་ཕྱོགས་ཀྱི་ཕོ་ཉ་ནི༔ དཀར་མོ་ཟླ་འདབ་འཇིགས་པའི་གཟུགས༔ ལྷོ་ཡི་ཕྱོགས་ཀྱི་ཕོ་ཉ་ནི༔ སེར་མོ་ཉི་འདབ་འཇིགས་པའི་གཟུགས༔ ནུབ་ཀྱི་ཕྱོགས་ཀྱི་ཕོ་ཉ་ནི༔ དམར་མོ་མེ་འདབ་འཇིགས་པའི་གཟུགས༔ བྱང་གི་ཕྱོགས་གྱི་ཕོ་ཉ་ནི༔ སྔོན་མོ་ཆུ་འདབ་འཇིགས་པའི་གཟུགས༔ ཀུན་ཀྱང་ལྗགས་ལས་གློག་འགྱུ་བས༔ འཇིག་རྟེན་ཐམས་ཅད་སྲེག་པར་བྱེད༔ ཞལ་ནས་ཆུ་འབབ་རྦ་རླབས་གཡེང་༔ ཤངས་ནས་རླུང་འཐོར་བུ་ཡུག་འཚུབ༔ སྤྱན་ནས་ཁྲོ་ཆུའི་ཐོག་(༨ན)


GLG024_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འབེབས༔ ལྗགས་ལས་སྤྲུལ་པའི་ཕོ་ཉ་འགྱེད༔ མཆེ་བས་ཁམས་གསུམ་སྒྲོལ་བར་བྱེད༔ ཕོ་ཉ་ཆེན་མོ་བྱེད་རྣམས་ཀྱིས༔ མ་ཐོགས་མྱུར་དུ་འཕྲིན་ལས་མཛོད༔ རླུང་འབྲུག་སྐུ་མདོག་སྔོན་མོ་ལ༔ རིན་ཅེན་གཡུ་ཡི་འདབ་གཤོག་ཅན༔ མེ་འབྲུག་སྐུ་མདོག་དམར་མོ་ལ༔ འབར་བ་མེ་ཡི་འདབ་གཤོག་ཅན༔ ཀླུ་འབྲུག་སྐུ་མདོག་སྔོན་མོ་ལ༔ གདུག་པ་སྦྲུལ་གྱི་འདའ་གཤོག་ཅན༔ གཅིག་ནི་སྣ་ཚོགས་གཟུགས་ཅན་མ༔ རྡོ་རྗེའི་འདབ་གཤོག་འབར་བས་གཏམས༔ ཀུན་ཀྱང་འབྲུག་སྒྲ་འུར་རུ་རུ༔ ཁ་ནས་གློག་དམར་ཁྱུགས་སེ་ཁྱུག༔ དམ་ཉམས་དགྲ་ལ་མངགས་པའི་ཚེ༔ ཡུད་ཙམ་གྱིས་ནི་དགྲ་བགེགས་སྒྲོལ༔ པདྨ་གསུང་གི་སྲུང་མ་ཐུགས་དམ་ཅན༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ ཏྲི་པ་ཏྲི་པ་ཧཱུཾ་ཕཊ༔ ཁ་ལ་རོ་ཤ་ཁ་ལ་རོ་ཤ་ཧཱུཾ་ཕཊ༔ ཡཀྴ་ཀུན་བཾ་ཛཿཧཱུཾ་ཕཊ༔ ཛ་ལཾ་ཛ་ལཾ་ཧཱུཾ་ཕཊ༔ ས་མ་ཡ་ཡཀྴ་ཧཱུཾ་ཕཊ༔ ཛ་ལ་ཨ་མོ་ཀ་ཏྲཾ་ཧཱུཾ་ཕཊ༔ ཅེས་རྦད་དོ༔ ཕུར་པ་འཕྲིན་ལས་ཀྱི་བཀའ་སྲུང་བསྐུལ་བ་ནི༔ ཧཱུཾ། ནམ་གྱི་སྲོད་ཀྱི་དམ་ཅན་མ༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ༔ མི་མོ་ལྕགས་ཀྱི་མགོ་ཅན་ཞོན༔ ལག་ན་ལྕགས་ཀྱི་ཕུར་བུ་འདྲིལ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ གསེར་གྱི་འཕར་བ་ལྕེ་བརྒྱད་ལ༔ མི་མོ་གསེར་གྱི་མགོ་ཅན་ཞོན༔ ལག་ན་གསེར་གྱི་ཕུར་བུ་འདྲིལ༔ སྲི་ལ་མུ་ཁའི་དུས་ལ་བབ༔ ཟངས་ཀྱི་ཝ་མོ་རྐང་གསུམ་ལ༔ མི་མོ་ཟངས་ཀྱི་མགོ་ཅན་ཞོན༔ ལག་ན་ཟངས་ཀྱི་ཕུར་བུ་འདྲིལ༔ སྲི་ལ་མུ་ཁའི་དུས་(༨བ)


GLG024_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བབ༔ ལྕགས་ཀྱི་ཁྱི་མོ་རལ་པ་ཅན༔ མི་མོ་ལྕགས་ཀྱི་མགོ་ཅན་ཞོན༔ ལག་ན་དུང་གི་ཕུར་བུ་འདྲིལ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ ནམ་གྱི་གུང་གི་དམ་ཅན་མ༔ ནག་མོ་རལ་པས་སྟོང་ཁམས་ཁྱབ༔ ཕྱག་ན་མཆོང་གི་ཕུར་བུ་འདྲིལ༔ ཆིབས་སུ་དྲེལ་རྟ་ནག་པོ་བཅིབས༔ རེ་མ་ཏཱི་ཡི་དུས་ལ་བབ༔ སེར་ནག་རྨ་བྱའི་ཐུལ་བ་ཅན༔ ཕྱག་ན་མཆོག་གི་ཕུར་བུ་འདྲིལ༔ ཆིབས་སུ་དྲེལ་རྟ་ནག་པོ་བཅིབས༔ རེ་མ་ཏཱི་ཡི་དུས་ལ་བབ༔ དམར་ནག་རེ་ལྡེ་ནག་པོ་གསོལ༔ ཕྱག་ན་མཆོག་གི་ཕུར་བུ་འདྲིལ༔ ཆིབས་སུ་དྲེལ་རྟ་ནག་པོ་བཅིབས༔ རེ་མ་ཛ་ཡི་དུས་ལ་བབ༔ ལྗང་ནག་དར་ནག་གོས་ཟུང་གསོལ༔ ཕྱག་ན་མཆོག་གི་ཕུར་བུ་འདྲིལ༔ ཆིབས་སུ་དྲེལ་རྟ་ནག་པོ་བཅིབས༔ རེ་མ་ཛུ་ཡི་དུས་ལ་བབ༔ ནམ་གྱི་ཐོ་རངས་དམ་ཅན་མ༔ མཐིང་ནག་ལྕགས་ཕུར་རལ་པ་ཅན༔ ཕྱག་ན་ལྕགས་ཀྱི་ཕུར་བུ་འདྲིལ༔ ཆིབས་སུ་བདུད་རྟ་ནག་པོ་བཅིབས༔ རྡོ་རྗེ་ཡ་བྱིན་དུས་ལ་བབ༔ སེར་མོ་གསེར་ཕུར་རལ་པ་ཅན༔ ཕྱག་ན་གསེར་གྱི་ཕུར་བུ་འདྲིལ༔ ཆིབས་སུ་གཟའ་རྟ་སེར་པོ་བཅིབས༔ རྡོ་རྗེ་དེ་བྱིན་དུས་ལ་བབ༔ དམར་མོ་བསེ་ཕུར་རལ་པ་ཅན༔ ཕྱག་ན་བསེ་ཡི་ཕུར་བུ་འདྲིལ༔ ཆིབས་སུ་བཙན་རྟ་ནག་པོ་བཅིབས༔ རྡོ་རྗེ་བསེ་བྱིན་དུས་ལ་བབ༔ ལྗང་མོ་གཡུ་ཕུར་རལ་པ་ཅན༔ ཕྱག་ན་གཡུ་ཡི་ཕུར་བུ་༴༔ ཆིབས་སུ་ཀླུ་རྟ་སྔོན་པོ་༴༔ རྡོ་རྗེ་ཕག་བྱིན་དུས་ལ་བབ༔ ཤར་ཕྱོགས་སྲིན་པོའི་སྐྱེས་བུ་ནི༔ དཀར་པོ་ལག་ན་ཕུར་བུ་འདྲིལ༔ སྲིན་པོའི་གྱད་ཆེན་དུས་ལ་བབ༔ ལྷོ་ཕྱོགས་གཤིན་རྗེའི་སྐྱེས་བུ་ནི༔ (༩ན)


GLG024_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ལག་ན་ཕུར་བུ་༴༔ གཤིན་རྗེ་ནག་པོའི་དུས་ལ་བབ༔ ནུབ་ཕྱོགས་ཡ་བདུད་སྐྱེས་བུ་ནི༔ དམར་པོ་ལག་ན་ཕུར་བུ་༴༔ སོག་པོ་མི་ཧྲེང་དུས་ལ་བབ༔ བྱང་ཕྱོགས་གནོད་སྦྱིན་སྐྱེས་བུ་ནི༔ སྔོན་པོ་ལག་ན་ཕུར་བུ་ཐོགས༔ མོན་པ་མི་ཧྲང་དུས་ལ་བབ༔ ཤར་བདུད་དཀར་པོ་མཆེ་བ་ཅན༔ ཕྱག་ན་དུང་གི་ཕུར་བུ་༴༔ ཤར་གྱི་སྐྱེས་བུའི་དུས་ལ་བབ༔ ལྷོ་བདུད་སྔོན་པོ་རལ་པ་ཅན༔ ཕྱག་ན་གཡུ་ཡི་ཕུར་བུ་༴༔ ལྷོ་ཡི་སྐྱེས་བུའི་དུས་ལ་བབ༔ ནུབ་བདུད་ནག་པོ་ཞགས་པ་ཅན༔ ཕྱག་ན་ཞགས་པ་ཕུར་བུ་༴༔ ནུབ་ཀྱི་སྐྱེས་བུའི་དུས་ལ་བབ༔ བྱང་བདུད་ལྗང་ནག་རལ་པ་ཅན༔ ཕྱག་ན་རལ་གྲི་ཕུར་བུ་འདྲིལ༔ བྱང་གི་སྐྱེས་བུའི་དུས་ལ་༴༔ པྲ་མ་ར་ཙ་སྲིན་པོའི་གཙོ༔ དཀར་པོ་ལག་ན་ཕུར་བུ་འདྲིལ༔ ཤར་གྱི་དམག་དཔོན་དུས་ལ་བབ༔ ཡ་མ་རཱ་ཙ་གཤིན་རྗེའི་གིང་༔ སྔོན་པོ་ལག་ན་ཕུར་བུ་འདྲིལ༔ ལྷོ་ཡི་དམག་དཔོན་དུས་ལ་༴༔ དྷ་ཤ་གྷྲཱི་བ་བདུད་ཀྱི་གིང་༔ ནག་པོ་ལག་ན་ཕུར་བུ་༴༔ ནུབ་ཀྱི་དམག་དཔོན་དུས་ལ་བབ༔ ཡཀྴ་གྷྲཱི་བ་གནོད་སྦྱིན་གིང་༔ སེར་པོ་ལག་ན་ཕུར་བུ་འདྲིལ༔ བྱང་གི་དམག་དཔོན་དུས་ལ་བབ༔ ཕུར་པ་འཕྲིན་ལས་སྲུང་མ་ཐུགས་དམ་ཅན༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ ཀ་ཏཾ་ཀ་ཏེ་ཧེ་ཛ་ཡེ་བི་ཛ་ཡེ༔ ཨ་ཙི་ཏ་ཨ་པ་ར་ཙིཏྟ་མ་ར་པ་ན་པྲ་མརྟ་ན་ཡེ་ཧཱུཾ་ཕཊ༔ ཅེས་རྦད་དོ༔ མ་མོ་རྦོད་གཏོང་གི་བཀའ་སྲུང་བསྐུལ་བ་ནི༔ ཧཱུཾ། སྔོན་མོ་འབུམ་གྱི་ལས་བྱེད་མ༔ མཚོ་སྨན་རྒྱལ་(༩བ)


GLG024_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དཔལ་མོ་ལྡན༔ སྐུ་མདོག་སྔོན་མོ་མེ་ལོང་ཐོགས༔ དཀར་མོ་འབུམ་གྱི་ལས་བྱེད་མ༔ དཀར་མོ་ཆེན་མོ་དབུ་དགུ་མ༔ ལག་ན་བྷནྡྷ་སྐམ་པོ་ཐོགས༔ སེར་མོ་འབུམ་གྱི་ལས་བྱེད་མ༔ སྲིད་པའི་བུ་མོ་དམ་ཚིག་ཅན༔ ལག་ན་བྷནྡྷ་སྐམ་པོ་ཐོགས༔ སྨུག་པོ་འབུམ་གྱི་ལས་བྱེད་མ༔ སྨུག་ནག་ཆེན་མོ་དབུ་ལྔ་མ༔ ལག་ན་བྷནྡྷ་རློན་པ་ཐོགས༔ དཀར་མོ་སྟོང་གི་ལས་བྱེད་མ༔ ཁྲམ་ཁ་སྟོང་གི་དབང་མོ་ཆེ༔ ལག་ན་ཐོད་པ་སྐམ་པོ་ཐོགས༔ སེར་མོ་སྟོང་གི་ལས་བྱེད་མ༔ རི་རབ་གླིང་བཞིའི་དབང་མོ་ཆེ༔ ལག་ན་བྷནྡྷ་སེར་པོ་ཐོགས༔ སྨུག་ནག་སྟོང་གི་ལས་བྱེད་མ༔ ཐེག་ཆེན་ས་གཞིའི་དབང་མོ་ཆེ༔ ལག་ན་བྷནྡྷ་དམར་པོ་ཐོགས༔ སྔོན་མོ་སྟོང་གི་ལས་བྱེད་མ་༔ རྒྱ་མཚོ་གླིང་གི་དབང་མོ་ཆེ༔ ལག་ན་བྷནྡྷ་སྔོན་པོ་ཐོགས༔ གནམ་གྱི་ཡེ་འདར་ཆེན་མོ་ནི༔ ནག་མོ་མུན་པའི་གོ་ཟུ་ཅན༔ ལག་ན་བྷནྡྷ་ཁྲག་བཀང་ཐོགས༔ བར་གྱི་གློག་མ་སྲིན་མོ་ཡང་༔ ཁྲག་གི་བུད་མེད་དམར་ནག་ལ༔ ལག་ན་བྷནྡྷ་ཁྲག་བཀང་ཐོགས༔ ས་ཡི་འཕུང་བྱེད་ཆེན་མོ་ནི༔ མུན་པའི་བུད་མེད་ནག་མོ་ལ༔ ལག་ན་བྷནྡྷ་ཁྲག་བཀང་ཐོགས༔ རྩིས་ཀྱི་མ་གསུམ་དུས་ལ་བབ༔ གསང་བའི་མ་མོ་སྦེད་བྱེད་མ༔ ནག་མོ་ཆེན་མོ་ལྕགས་ཀྱུ་ཐོགས༔ ཕོ་ཉར་ལྕགས་ཀྱི་ཁྱི་མོ་ཁྲིད༔ གསང་བའི་མ་མོ་འཁྲུག་བྱེད་མ༔ ནག་མོ་ཁྲག་གི་ལྕགས་ཀྱུ་ཐོགས༔ ཕོ་ཉར་ཟངས་ཀྱི་ཁྱི་མོ་ཁྲིད༔ གསང་བའི་མ་མོ་གསོད་བྱེད་མ༔ ནག་མོ་ལག་ན་ལྕགས་ཀྱུ་ཐོགས༔ ཕོ་ཉ་ལྕགས་ཀྱི་ཁྱི་མོ་ཁྲིད༔ གསང་བའི་མ་གསུམ་དུས་ལ་བབ༔ ལྕགས་ཀྱི་སྤྱང་མོ་མཆེ་(༡༠ན)


GLG024_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅན༔ ཟངས་ཀྱི་ཝ་མོ་སྡེར་མོ་ཅན༔ དུང་གི་ཁྱི་མོ་རལ་པ་ཅན༔ མ་མོ་ཆེན་མོ་རོ་ཁ་མོ༔ ནག་མོ་ཐོད་པ་ཁྲག་བཀང་ཐོགས༔ མ་མོ་ཆེན་མོ་ཙ་མུན་ཏྲི༔ སྨུག་མོ་ཐོད་པ་ཁྲག་བཀང་ཐོགས༔ མ་མོ་ཆེན་མོ་ནམ་གྲུ་མ༔ ནག་མོ་ཐོད་པ་ཁྲག་བཀང་ཐོགས༔ རོ་ཁ་མཆེད་གསུམ་དུས་ལ་བབ༔ ཤར་གྱི་སྟག་སྲིན་ཟོར་བ་གདོང་༔ དཀར་མོ་ལག་ན་ཟོར་བ་ཐོགས༔ ལྷོ་ཡི་བཾ་སྲིན་དྲེད་མོ་གདོང་༔ སེར་ནག་ལག་ན་ཟོར་བ་ཐོགས༔ ནུབ་ཀྱི་ཀོང་སྲིན་བ་ལང་གདོང་༔ དམར་མོ་ལག་ན་ཟོར་བ་ཐོགས༔ བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་༔ སྔོན་མོ་ལག་ན་ཟོར་བ་ཐོགས༔ གདོང་ཁ་མ་བཞིའི་དུས་ལ་བབ༔ མ་མོ་རྦོད་གཏོང་སྲུང་མ་ཐུགས་དམ་ཅན༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ མ་མ་རུ་ལུ་ཧཱུཾ་བྷྱོ༔ ཏྲག་ཏྲག་རཀྵ་བྷྱོ༔ ཏྲག་རཀྵ་བྷྱོ༔ རག་མོ་རག་མོ་སརྦ་བྷྱོ༔ རིགས་འཛིན་གྱི་བཀའ་སྲུང་བསྐུལ་བ་ནི༔ ཧཱུཾ། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ སྔོན་མོ་རྡོ་རྗེ་ཐོད་ཁྲག་ཐོགས༔ རིན་ཅེན་རིགས་ཀྱི་མཁའ་འགྲོ་མ༔ སེར་མོ་རིན་ཆེན་ཐོད་ཁྲག་ཐོགས༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ དམར་མོ་པདྨ་ཐོད་ཁྲག་ཐོགས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ལྗང་གུ་རྒྱ་གྲམ་ཐོད་ཁྲག་ཐོགས༔ འཇིག་རྟེན་ལས་ཀྱི་མཁའ་འགྲོ་མ༔ སྣ་ཚོགས་གྲི་གུག་ཐོད་ཁྲག་ཐོགས༔ རྡོ་རྗེ་རིགས་ཀྱི་དཔའ་བོ་ནི༔ སྔོན་པོ་རྡོ་རྗེ་ཐོད་ཁྲག་ཐོགས༔ རིན་ཅེན་རིགས་ཀྱི་དཔའ་བོ་ནི༔ སེར་པོ་རིན་ཅེན་ཐོད་ཁྲག་ཐོགས༔ པདྨ་རིགས་ཀྱི་དཔའ་བོ་ནི༔ (༡༠བ)


GLG024_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་པདྨ་ཐོད་ཁྲག་ཐོགས༔ ལས་ཀྱི་རིགས་ཀྱི་དཔའ་བོ་ནི༔ ལྗང་གུ་རྒྱ་གྲམ་ཐོད་ཁྲག་ཐོགས༔ འཇིག་རྟེན་ལས་ཀྱི་དཔའ་བོ་ནི༔ སྣ་ཚོགས་གྲི་དང་ཐོད་པ་ཐོགས༔ དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས༔ སིལ་སྙན་མང་པོ་སིལ་ལི་ལི། རྒྱན་ཆ་མང་པོ་པུར་རུ་རུ༔ མཁའ་འགྲོ་སྟོང་དང་སྤུངས་སེ་སྤུང་༔ འདིར་སྤྱོན་རིགས་འཛིན་སྲུང་མའི་ཚོགས༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ བདེ་འདུས་ལས། འཇིག་རྟེན་པ་དང་། དྲག་སྔགས་ལ་བཀའ་སྲུང་བསྐུལ་དུ་མ་མཆིས་སོ༔ རེ་རེ་ལའང་འཁོར་འབུམ་ཕྲག་གཉིས་གཉིས་དང་ལྡན་ནོ༔ བཀའ་སྲུང་གི་བསྐུལ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པ་ནི་སྒྲུབ་སྡེ་དྲུག་གི་དཀྱུས་ལྟར་འཇིག་རྟེན་པའི་སྡེ་གཉིས་སྐུ་མདོག་ཕྱག་མཚན་གྱི་སྒོ་ནས་བསྐུལ་ན་ཧ་ཅང་མངས་ཆེས་པས་མ་གསུངས་ཀྱང་༔ ཡོངས་རྫོགས་ཕོ་ཉ་སྒོས་བསྐུལ་དཀྱུས་སུ་མདོར་བསྡུས་གསུངས་པ་འདི་ལྟ་སྟེ༔ འཇིག་རྟེན་མཆོད་བསྟོད་ཀྱི་བཀའ་སྲུང་ཕོ་ཉ་བསྐུལ་བ་ནི༔ ཧཱུཾ། སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས༔ དབང་ཕྱུག་མ་ཧཱ་དེ་བ་དང་༔ བཙུན་མོ་ཨུ་མ་དེ་ཝཱཾ་བཅས༔ དགྲ་བགེགས་ཁུག་ལ་མྱུར་དུ་སྒྲོལ༔ འཆི་བདག་ཡ་མ་རཱ་ཙ་བྷྱོཿ སྐྱེ་འགྲོ་སྲོག་གི་བདག་མོ་བྷྱོ༔ དགྲ་བགེགས་ཁུག་༴༔ མ་མོ་སྲིད་པའི་རྒྱལ་མོ་བྷྱོ༔ སྔགས་སྲུང་ཨ་ཀཱེ་ཛཱ་ཏཱི་བྷྱོཿ དགྲ་བགེགས་ཁུག་༴༔ བདུད་པོ་བསྐོས་རྗེ་བྲང་དཀར་བྷྱོཿ དགྲ་བགེགས་ཁུག་༴༔ བདུད་མོ་ཆེན་པོ་རཱེ་ཏཱི་བྷྱོ༔ རྒྱལ་པོ་ཆེན་པོ་པེ་ཀར་བྷྱོ༔ སྲོག་བདག་ཚངས་པ་དཀར་པོ་(༡༡ན)


GLG024_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ༔ དགྲ་བགེགས་ཁུག་༴༔ སྐྱེས་མཆོག་རྡོ་རྗེ་ལེགས་པ་བྷྱོཿ གཟའ་བདུད་ཆེན་པོ་རཱ་ཧུ་བྷྱོཿ དགྲ་བགེགས་ཁུག་༴༔ སྲིན་པོ་ནག་པོ་གློག་འཕྲེང་བྷྱོཿ སྲིན་མོ་སྦལ་མགོ་ཁྲག་མིག་བྷྱོཿ དགྲ་བགེགས་ཁུག་༴༔ གནོད་སྦྱིན་ཡཀྴ་མེ་དབལ་བྷྱོཿ གནོད་སྦྱིན་མོན་མོ་ནག་མོ་བྷྱོཿ དགྲ་བགེགས་ཁུག་༴༔ མགོན་ནག་མ་ཧཱ་ཀཱ་ལ་བྷྱོཿ བདེ་ཆེན་རྡོ་རྗེ་བདུད་འདུལ་བྷྱོཿ དགྲ་བགེགས་ཁུག་༴༔ དམུ་བདུད་ནག་པོ་བཀྲག་མེད་བྷྱོཿ མུ་སྟེགས་གུ་ལང་ནག་པོ་བྷྱོཿ དགྲ་བགེགས་ཁུག་༴༔ སྲིད་པའི་ལྷ་རབས་ཤམྦྷུ་བྷྱོཿ གནམ་སྨན་ཐོག་གི་བུ་ཡུག་བྷྱོཿ དགྲ་བགེགས་ཁུག་༴༔ མ་སངས་གཡའ་སྤང་སྐྱེས་གཅིག་བྷྱོཿ ཁྲག་བཙན་སྲོག་ཟན་དམར་པོ་བྷྱོཿ དགྲ་བགེགས་ཁུག་༴༔ སྲོག་བདག་གནམ་ཐེ་དཀར་པོ་བྷྱོཿ བཙན་འགོང་ཡཾ་ཤུད་དམར་པོ་བྷྱོཿ དགྲ་བགེགས་ཁུག་༴༔ བགེགས་རྒྱལ་བྱི་ན་ཡ་ཁ་བྷྱོཿ དཔལ་ལྡན་ནག་མོ་མགྱོགས་བྱེད་བྷྱོཿ དགྲ་བགེགས་ཁུག་༴༔ ཀླུ་བདུད་ནག་པོ་མགོ་དགུ་བྷྱོཿ ཀླུ་མོ་ནག་མོ་གདུག་བྱེད་བྷྱོཿ དགྲ་བགེགས་ཁུག་༴༔ སྡེ་དཔོན་སུམ་ཅུ་གཙོ་འཁོར་བཅས༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚཱ་ན་ཧཱུཾ་ཕཊ༔ གིང་ཀ་ར་བདུད་ཏྲི་མཱ་ར༔ ཨ་བི་བུ་པ་ཤང་མི་ཀི་ནཱ་ག་ཡཀྵ་རཀྴ་མ་མ༔ དགྲ་བགེགས་གནོད་བྱེད་འབྱུང་པོ་མཱ་ར་ཡ་རྦད༔ ཅེས་བསྐུལ་ལོ༔ དམོད་པ་དྲག་སྔགས་ཀྱི་ཕོ་ཉ་བཀའ་སྲུང་བསྐུལ་བ་ནི༔ ཧཱུཾ་བྷྱོ་ཛཿ ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ དྲེགས་པ་སྤྱི་ཡི་སྡེ་དཔོན་བྷྱོ༔ དགྲ་སྲོག་(༡༡བ)


GLG024_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ཆོད་ལ་ཤོག༔ འཆི་བདག་གཤིན་རྗེ་ནག་པོ་ཆེ༔ གཤིན་རྗེ་ཡོངས་ཀྱི་སྡེ་དཔོན་བྷྱོཿ དགྲ་སྲོག་དམར་པོ་ཆོད་༴༔ འཆི་བདག་ནག་པོའི་བཙུན་མོ་སྟེ༔ སྐྱེ་འགྲོ་དབུགས་ཀྱི་བདག་མོ་བྷྱོ༔ དགྲ་སྲོག་དམར་པོ་༴༔ འབྱུང་བ་ལྔ་ཡི་བདག་མོ་སྟེ༔ སྣང་སྲིད་མ་མོའི་སྡེ་དཔོན་བྷྱོ༔ དགྲ་སྲོག་དམར་པོ་༴༔ བདུད་པོ་མེ་ཡི་ཁ་རླངས་ཅན༔ བདུད་རྣམས་ཀུན་གྱི་སྡེ་དཔོན་བྷྱོ༔ དགྲ་སྲོག་དམར་པོ་༴༔ བདུད་མོ་ནག་མོ་ཁྲག་འཛག་མ༔ བདུད་མོ་ཡོངས་ཀྱི་སྡེ་དཔོན་བྷྱོ༔ དགྲ་སྲོག་དམར་པོ་༴༔ མ་ཧཱ་དེ་ཝ་ལྷ་ཆེན་པོ༔ ལྷ་རྣམས་ཡོངས་ཀྱི་སྡེ་དཔོན་བྷྱོ༔ དགྲ་སྲོག་དམར་པོ་༴༔ གནོད་སྦྱིན་གང་བ་བཟང་པོ་ནི༔ གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་བྷྱོ༔ དགྲ་སྲོག་དམར་པོ་༴༔ གནོད་སྦྱིན་ཤ་ཟ་རལ་གཅིག་མོ༔ གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་བྷྱོ༔ དགྲ་སྲོག་དམར་པོ་༴༔ མུ་སྟེགས་ཀཱ་ལ་ཡཀྴ་སྟེ༔ ལོག་འདྲེན་ཡོངས་ཀྱི་སྡེ་དཔོན་བྷྱོ༔ དགྲ་སྲོག་དམར་པོ་༴༔ སྔགས་པ་ལྟ་བ་ལོག་པ་ཅན༔ རུ་དྲ་ཡོངས་ཀྱི་སྡེ་དཔོན་བྷྱོ༔ དགྲ་སྲོག་དམར་པོ་༴༔ ཀུ་ལེ་ལག་དགུ་ཞེས་བྱ་བ༔ འགོང་པོ་ཡོངས་ཀྱི་སྡེ་དཔོན་བྷྱོ༔ དགྲ་སྲོག་དམར་པོ་༴༔ རྡོ་རྗེ་ལེགས་པ་ཞེས་བྱ་བ༔ ཐེའུ་རང་ཡོངས་ཀྱི་སྡེ་དཔོན་བྷྱོ༔ དགྲ་སྲོག་དམར་པོ་༴༔ སྲོག་བདག་རྒྱལ་པོའི་ལི་བྱིན་ཧར༔ རྒྱལ་པོ་ཡོངས་ཀྱི་སྡེ་དཔོན་བྷྱོཿ དགྲ་སྲོག་དམར་པོ་༴༔ དམུ་རྗེ་བཙན་པོ་ཞེས་བྱ་བ༔ དམུ་རྣམས་ཡོངས་ཀྱི་སྡེ་དཔོན་བྷྱོ༔ དགྲ་སྲོག་དམར་པོ་༴༔ ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ༔ གཟའ་རྣམས་ཡོངས་ཀྱི་སྡེ་དཔོན་བྷྱོ༔ དགྲ་སྲོག་དམར་པོ་༴༔ རཀྴ་ནག་པོ་གློག་འཕྲེང་ཅན༔ སྲིན་པོ་ཡོངས་ཀྱི་(༡༢ན)


GLG024_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་དཔོན་བྷྱོཿ དགྲ་སྲོག་དམར་པོ་༴༔ སྲིན་མོ་སྦལ་མགོ་ཁྲག་མིག་མ༔ སྲིན་མོ་ཡོངས་ཀྱི་སྡེ་དཔོན་བྷྱོཿ དགྲ་སྲོག་དམར་པོ་༴༔ ཡམ་ཤུད་དམར་པོ་ཞེས་བྱ་སྟེ༔ བཙན་རྣམས་ཡོངས་ཀྱི་སྡེ་དཔོན་བྷྱོཿ དགྲ་སྲོག་དམར་པོ་༴༔ ཀླུ་རྒྱལ་གཞོན་ནུ་གཏུམ་པོ་སོགས༔ ཀླུ་བརྒྱད་ཀླུ་ཡི་སྡེ་དཔོན་བྷྱོཿ དགྲ་སྲོག་དམར་པོ་༴༔ སྔགས་བདག་སྡེ་དཔོན་བཅོ་བརྒྱད་པོ༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ ཨཱོཾ་བཛྲ་སརྦ་དུཥྚཱཾ་ཧཱུཾ་ཕཊ༔ ཡ་མ་ནཱ་ག་དེ་ཝ་རཱ་ཧུ་ལ་ཡཀྴ་རཀྴ༔ དྷ་ཤ་གྷཱི་ཝ་དགྲ་བགེགས་མཱ་ར་ཡ་རྦད༔ ཅེས་པས་བསྐུལ་ཞིང་རྔ་བརྡུང་འཆམས་སྟབས་བྱ༔ ཕུར་ཐུན་གྱིས་བྲབ་བོ། ཁུགས་རྟགས་བྱུང་བྱུང་དུ་རྦད་དོ༔ དམ་ཅན་སྒོས་སུ་བསྐུལ་ཏེ། དགྲ་བགེགས་བླ་ཚེ་དགུག་པའོ༔ སྒྲུབ་ཆེན་གསང་བ་ཡོངས་རྫོགས་ཀྱི་ཕོ་ཉ་སྒོས་སུ་བསྐུལ་བ་རྫོགས་སོ༔ གྷུ་ཧྱ་གཏད་རྒྱ། གཏེར་རྒྱ། ཟབ་རྒྱ། རྒྱ་རྒྱ་རྒྱ། གསུམ་པ་དམོད་བྱང་ནི༔ ཡོངས་རྫོགས་གཏེར་གཞུང་ལས༔ བརྡ་ཡིག་ཡོད། སློབ་དཔོན་པདྨ་འབྱུང་གནས་ཀྱི༔ ཕྱི་རབས་སྔགས་འཆང་རྣལ་འབྱོར་པ་རྣམས་ཀྱི་སྐུ་དགྲ །སྒྲལ་བའི་ཞིང་བཅུར་གྱུར་པ་རྣམས༔ འཇིག་རྟེན་ལས་འདས་པ་དང་མ་འདས་པ་རྣམས་ཀྱི་ཞལ་དུ་སྟོབ་པའི་ཕྱིར༔ སྲུང་མ་ལ་དམ་བདར་ཞིང་དམོད་པ་འདོར་བ་ནི༔ ཡོངས་རྫོགས་ཀྱི་བཀའ་སྲུང་ཡན་ཆད་བསྐུལ་ཞིང་འཕྲིན་ལས་བཅོལ་བའི་རྗེས་ལ༔ ཧོཿ རྡོ་རྗེ་སློབ་དཔོན་བཀའ་ཡི་སྲུང་མའི་ཚོགས་རྣམས་དགོངས་སུ་གསོལ༔ གཞན་ཡང་ཕ་མེས་བརྒྱུད་ཀྱི་སྲུང་མ། དབེན་གནས་(༡༢བ)


GLG024_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་གྱི་སྲུང་མ། ཉ་སྟོང་དུས་དྲུག་གི་སྲུང་མ། །བསྟེན་བསྟེན་པ་བསྒྲུབས་བསྒྲུབས་པ། གསོལ་གསོལ་བ། མཆོད་མཆོད་པ། སྐུ་དང་གྲིབ་མ་བཞིན་དུ་གནས་པའི་དམ་ཅན་རྒྱ་མཚོའི་ཚོགས་རྣམས་དགོངས་ཤིག༔ སངས་རྒྱས་ཀྱི་བསྟན་པ་གང་ན་གནས་པ་ན། ཆོས་སྐྱོང་སྲུང་མའི་ཚོགས་ཀྱང་དེ་ན་གནས་པ་ཡིན་ནོ༔ རྣལ་འབྱོར་གྱི་དབང་ཕྱུག་གང་ན་གནས་པ་ན། དམ་ཅན་རྒྱ་མཚོའི་ཚོགས་ཀྱང་དེ་ན་གནས་པ་ཡིན་ནོ༔ གསང་བའི་སྙིང་པོ་གང་ན་གནས་པ་ན༔ སྔགས་བདག་དྲེགས་པའི་ཚོགས་ཀྱང་དེ་ན་གནས་པ་ཡིན་ནོ༔ ཆོས་སྐྱོང་བསྟན་པ་མི་བསྲུང་ཅི་ཞིག་བསྲུང་༔ དམ་ཅན་དམ་ལ་མི་གནས་ཅི་ལ་གནས༔ སྔགས་བདག་དགྲ་བགེགས་མི་སྒྲོལ་ཅི་ཞིག་སྒྲོལ༔ སུ་ལ་མི་རེ་ཁྱོད་ལ་རེ༔ སུ་ལ་མི་བལྟོས་ཁྱོད་ལ་བལྟོས༔ རྒྱལ་མཚན་དུ་ཁྱོད་འཛུགས། ཕྲག་པ་ལ་ཁྱོད་འཁུར། དམག་དཔུང་དུ་ཁྱོད་བསྐྱེད། དཔའ་དར་དུ་ཁྱོད་འཕྱར་བ་ཡིན་ན༔ སྔོན་གྱི་དམ་ཚིག་ཡལ་བར་མ་འདོར༔ སྡང་བའི་དགྲ་ལ་མཐུ་མ་ཆུང་༔ གནོད་བྱེད་བགེགས་ལ་རྩལ་མ་ཞན༔ བཅོལ་བའི་ལས་ལ་བང་མ་བུལ༔ མཐུ་དང་རྩལ་ཕྱུངས་ལ་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་བཟློག་པའི་འཕྲིན་ལས་མཛོད་ཅིག༔ ཡུལ་འཁོར་ཁྱིམ་དང་བཅས་པའི་སྲུང་མ་མཛོད་ཅིག༔ མི་ནོར་ཕྱུགས་གསུམ་གྱི་གཉེར་ཀ་མཛོད་ཅིག༔ ཡུལ་དུ་འཁོར་སྲུངས་ཤིག༔ བྱེས་སུ་རྐྱེན་ཟློག་ཅིག༔ ཕྱི་ནང་གི་བར་ཆད་སྲུངས་ཤིག༔ བཅོལ་བའི་ལས་ཀྱིས་ཤིག༔ བསྒྲུབས་པའི་རྟགས་སྤུངས་ཤིག༔ འཕྲིན་ལས་སྔོན་དུ་གྱིས་ཤིག༔ རྣལ་འབྱོར་པ་བདག་ཅག་གི་བསམ་པ་ཡིད་བཞིན་དུ་(༡༣ན)


GLG024_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་མཛོད་ཅིག༔ སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་ཅོག་གི་དབུ་འཕང་དམོད་པ། སྔ་དགྲ་དར་བ། ཕྱི་དགྲ་སེམས་པ། ད་དགྲ་རྩོམ་པ། གཟུགས་ཅན་གྱི་དགྲ །གཟུགས་མེད་ཀྱི་བགེགས། བསྟན་པ་བཤིག་པར་བྱེད་པའི་དགྲ་བོ་འདི་རྣམས་ཐལ་བའི་རྡུལ་དུ་རློག་ཅིག༔ རྣལ་འབྱོར་བ་བདག་གིས་ཁས་མ་ཉེས། ལག་གིས་མ་ཉེས། སྤྱོད་པས་མ་ཉེས། དགྲ་བོ་འདི་རྣམས་ཀྱིས་སྐུ་ལ་བདོས་སོ༔ རིགས་ལ་བསྙེགས་སོ༔ བསྟན་པ་བཤིག་གོ༔ འདི་ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་འཕུལ་ཞིག༔ འཇིགས་པའི་མུན་ནག་གིས་མདུན་ནས་བསུས་ཤིག༔ གནམ་གྱི་འཇུ་ཐག་སྟེང་ནས་ཆོད་ཅིག༔ སའི་རྟེན་ཕུར་འོག་ནས་ཕྱུངས་ཤིག༔ དཀོན་པའི་ཚེ་སྲོག་དང་ཕྲོལ་ཤིག༔ ཚེའི་འདུ་བྱེད་སྐུམས་ཤིག༔ ཁ་རུ་ལག་པ་རྒྱུག་ཅིག༔ མིག་འབྲས་ཐང་ལ་ལྟུང་ཞིག༔ འཆི་བདག་གི་བདུད་ཐོང་ཞིག༔ འཁོར་བཤིག་ཅིག༔ ཚང་དཀྲུགས་ཤིག༔ མགོ་བོ་ཁོས་ཤིག༔ ལུས་གཏུབས་ཤིག༔ སྒོ་ཡི་ནོར་དང་ཕྲོལ་ཞིག༔ མཆན་གྱི་བུ་དང་ཕྲོལ་ཞིག༔ ཡུལ་གྱི་ཁང་ཁྱིམ་བཤིག་ཅིག༔ ཞིང་གི་སྐྱེ་བརྒྱུད་ཆོད་ཅིག །ཡར་གྱི་ཕ་བརྒྱུད་ཆོད་ཅིག༔ མར་གྱི་བུ་བརྒྱུད་ཆོད་ཅིག༔ རྩད་ནས་ཆོད་ཅིག༔ དྲུང་ནས་ཕྱུངས་ཤིག༔ གློ་བུར་དང་ཡེ་འབྲོག་ཐོང་ཞིག༔ སྨྱོ་འབོག་དང་བརྒྱལ་ནད་ཐོང་ཞིག༔ ལྟས་ངན་དང་ཆོ་འཕྲུལ་ཐོང་ཞིག༔ མནའ་མནོལ་དང་དམེ་འཁྲུག་ཐོང་ཞིག༔ ལོ་དང་ཟླ་བར་མ་བཞག་ཅིག༔ ཞག་དང་ཟ་མར་སྒྲོལ་ཅིག༔ ནམ་མཁའ་སྟོང་པ་ལ་ཚད་མ་འཛུགས༔ འཇིག་རྟེན་ཕྱི་མ་ལ་དུས་མ་འདེབས༔ རང་བཞིན་གྱིས་གྲུབ་(༡༣བ)


GLG024_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེ་འཆི་ལ་ཁུངས་མ་འབྱིན༔ ལས་ཀྱི་དབང་བཙན་ནོ་ཞེས་སྙད་མ་འདོགས་པར། རྟགས་དང་མཚན་མ་མྱུར་དུ་སྔོན་དུ་ཕྱུངས་ཤིག༔ ཁྱེད་ལ་གཏང་རག་གཉན་པོ་གཏོང་ངོ་། །ཡེ་ཤེས་ཀྱི་སྤྱན་འབྱེད་དོ༔ ཐུགས་དམ་གྱི་རྒྱུད་བསྐུལ་ལོ༔ བཅོལ་བའི་ལས་ཀྱི་འབྲས་བུ་མྱུར་དུ་མཆིས་པ་མཛོད༔ ཅེས་དམ་བདར། འཕྲིན་ལས་བཅོལ་ལོ༔ དམོད་པ་བཏབ་སྟེ༔ གོས་གདབ་ཅིང་བཏང་བས། དང་པོས་དམ་ཚིག་རྗེས་སུ་དྲན་པར་བྱེད༔ གཉིས་པས་དུས་རྟག་ཏུ་སྒྲུབ་པ་པོ་འཁོར་དང་བཅས་པ་ལ༔ བྲན་བཞིན་དུ་བཀའ་ཉན༔ གསུམ་པས་སངས་རྒྱས་ཀྱི་བསྟན་པ་བཤིག་པའི་རུ་དྲ་འགལ་བ་ཅན་ལ། རང་དབང་མེད་པར་གཤེད་དུ་འབེབས་པར་བྱེད་པས། རྣལ་འབྱོར་པ་རྣམས་ཀྱིས་དུས་གསུམ་དུ་འཕྲིན་ལས་གདགས་པར་བྱའོ༔ ཞེས་གདམས་སོ༔ དམ་བདར་འཕྲིན་ལས་བཅོལ་བའི་རིམ་པ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། ཇོ་མོ་མཁར་ཆེན་བཟའ་ལ་ཟབ་པར་གདམས་པ་རྫོགས་སོ༔མི་བརྗེད་པའི་གཟུངས་ཐོབ་པའི་ཇོ་མོ་མཁར་ཆེན་བཟའི་དཔེ། དར་ཤོག་སྔོན་པོ་ལ་བཻ་ཌཱུཪྻས་བྲིས་པ་ལས་ཞལ་བཤུས་ཤིང་དག་པར་བྲིས་པའོ༔ ལོ་བདུན་བཀའ་རྒྱས་བཏབ་པོ༔ མནྟྲ་གྷུ་ཡ། བརྡ་ཡིག་ཡོད། རྒྱ་རྒྱ་རྒྱ༔ སྒྲུབ་ཁོག་གི་དམིགས་པ་དང་བཅས་ཏེ་དྲག་སྔགས་སོ་ལྔ་པ་བརྒྱ་ཙམ་བཟླ༔ གསེར་སྐྱེམས་ནི། བྱིན་རླབས་གཏེར་མཛོད་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཞི་ཁྲོ་བཀའ་བརྒྱད་ལྷ༔ བར་ཆད་ཀུན་སེལ་དཔའ་བོ་མཁའ་འགྲོའི་ཚོགས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །བསྟན་(༡༤ན)


GLG024_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་དམ་ཅན་རྒྱ་མཚོའི་ཚོགས་སྤྱི་དང་། ཁྱད་པར་དཔལ་མགོན་ནག་པོ་མ་ནིང་ཆེ། །དྲེགས་པའི་སྡེ་དཔོན་སུམ་ཅུ་འཁོར་བཅས་རྣམས། །གསེར་སྐྱེམས་འདི་བཞེས་༴། །ཚེ་རབས་རིགས་བརྒྱུད་ལ་བརྟེན་སྲུང་མ་དང་། འགོ་བའི་ལྷ་ལྔ་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་ཚེས་ཕྱོགས་མཚམས་སྒོ་འཕྲང་ལྷར༔ གསེར་སྐྱེམས་༴། བརྡ་ཡིག་ཡོད། སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ དུས་ཕྱི་རབས་ཀྱི་སྔགས་འཆང་སྒྲུབ་པ་བཀའ་བརྒྱད་ཡོངས་སུ་རྫོགས་པའི་རྣལ་འབྱོར་པ་རྣམས་ཀྱིས། ཆོས་སྐྱོང་སྲུང་མ་གནད་ནས་བསྐུལ་བའི་ཕྱིར་གཟུ་དཔང་གསོལ་བ་ནི༔ བྷྱོ། ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམ༔ མ་ཡོ་མ་ནོར་གཟུ་དང་དཔང་མཛོད་ཅིག༔ འགྲོ་བའི་དོན་མཛད་བཅོམ་ལྡན་ཤཱཀ་ཐུབ་ལ༔ སྡིག་ཅན་ལྷ་སྦྱིན་ངན་པས་བརྙས་བཙུགས་སོ༔ ཆེ་རྟགས་ངུར་སྨྲིག་ན་བཟས་བརྒྱན་བྱས་ནས༔ རྫོགས་པའི་སངས་རྒྱས་ཐོབ་པ་དོན་མེད་དམ༔ ནམ་མཁར་གནས་པའི་གཡུ་འབྲུག་སྔོན་མོ་ལ༔ ལྟས་ངན་བུང་བ་ངན་པས་བརྙས་བཙུགས་སོ༔ ཆེ་རྟགས་ལྕེ་ལ་གློག་དམར་བརྒྱན་བྱས་ནས༔ སྟོང་གསུམ་འབྲུག་སྒྲ་བཀང་བ་དོན་མེད་དམ༔ མཁའ་ལ་གནས་པའི་བྱ་ཁྱུང་ག་རུ་ལ༔ ལྟས་ངན་སྲིན་བྱ་ངན་པས་བརྙས་༴༔ ཆེ་རྟགས་ལྕགས་རུས་དབུ་ལ་༴༔ གཤོག་སྒྲོ་སྤུ་གྲིར་གཏམས་པ་༴༔ གངས་ལ་གནས་པའི་སེང་གེ་དཀར་མོ་ལ༔ དུར་ཁྲོད་ཝ་སྐྱ་འཇོལ་མོས་༴༔ ཆེ་རྟགས་གཡུ་རལ་སྔོན་པོས་༴༔ རྩལ་གསུམ་ལུས་ལ་རྫོགས་པ་༴༔ ཀུན་ལ་དབང་སྒྱུར་ས་བདག་རྒྱལ་པོ་ལ༔ འབངས་འཁོར་སྐྱེ་བོ་ངན་པས་༴༔ ཆེ་རྟགས་མེན་ཏྲི་ཐོད་(༡༤བ)


GLG024_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བརྒྱན་༴༔ རྒྱལ་སྲིད་ཆོས་བཞིན་བསྐྱངས་པ་༴༔ གྲུབ་ཐོབ་སློབ་དཔོན་པདྨ་འབྱུང་གནས་ལ༔ བོད་ཁམས་ལྷ་སྲིན་ངན་པས་༴༔ ཆེ་རྟགས་ཐོད་པའི་ཕྲེང་བས་༴༔ ལྷ་སྲིན་དམ་ལ་བཏགས་པ་དོན་མེད་དམ༔ དམ་ཆོས་སྟོན་པའི་རྡོ་རྗེ་སློབ་དཔོན་ལ༔ དམ་ཉམས་སློབ་མ་ངན་པས་༴༔ ཆེ་རྟགས་འཆད་ཅིང་ཀླད་ལ་བསྐོར་བྱས་ནས༔ སྒྲུབ་པའི་རྒྱལ་མཚན་བཙུགས་པ་དེ་ན་༴༔ ད་ལྟ་སྒྲུབ་པའི་རྣལ་འབྱོར་སྔགས་འཆང་ལ༔ དམ་ཉམས་དགྲ་བོ་ངན་པས་༴༔ ཡི་དམ་རྒྱལ་བ་ཞི་ཁྲོའི་སྐུར་བསྒོམས་ནས༔ བཟླས་བརྗོད་ཚུལ་བཞིན་བྱས་པ་དོན་མེད་དམ༔ ཧཱུཾ་བྷྱོཿ གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ༔ མི་ཕྱེད་དད་པས་ཞུགས་པའི་རྣལ་འབྱོར་བདག༔ སྒྲུབ་པའི་སྙིང་པོ་དམ་དུ་བཅས་པ་ལ༔ བར་ཆོད་འཚེ་བ་དམ་ཉམས་དགྲ་ཡིས་བྱས༔ ད་ནི་མངོན་སྤྱོད་དྲག་པོའི་ལས་རྩོམ་ན༔ ལྷ་དང་དམ་ཅན་རྒྱ་མཚོ་གྲོགས་ལ་སྤྱོན༔ བདག་གི་མ་ཉེས་དམ་ཉམས་དགྲ་ཡིས་ཉེས༔ ཉེས་བྱས་འདི་ལ་ཆད་པའི་ལས་མཛོད་ཅིག༔ ཉེས་མེད་རྣལ་འབྱོར་བདག་གི་གྲོགས་གཡེལ་ན༔ སྔོན་གྱི་ཐ་ཚིག་འགལ་བར་གྱུར་ཏ་རེ༔ ཁས་བླངས་གཉན་གྱི་མཐའ་ལས་མ་བཏང་བར༔ དོ་ནུབ་གཟུ་དཔང་གཉན་པོའི་གྲོགས་ལ་སྤྱོན༔ ཁྱེད་ཀྱིས་དྲངས་པའི་སེམས་ཉིད་ད་ལྟ་རང་༔ སྡིག་ཅན་དགྲ་བོ་སྒྲོལ་བའི་འཕྲིན་ལས་མཛོད༔ དུས་གསུམ་སངས་རྒྱས་རྣམས་ཀྱང་བྱིན་མ་ཆུང་༔ ཆོས་སྐྱོང་སྲུང་མ་རྣམས་ཀྱང་མཐུ་མ་ཆུང་༔ བཀའ་སྲུང་ལས་མཁན་རྣམས་ཀྱང་རྩལ་མ་ཞན༔ སྔགས་འཆང་རྣལ་འབྱོར་བདག་གི་བསམ་པ་སྒྲུབས༔ ཞེས་(༡༥ན)


GLG024_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་སྐྱེམས་གཏོར༔ བདེན་པ་བརྗོད༔ ཡུས་པའི་གཤགས་གདབ༔ ཨྱོན་མཧཱ་གུ་རུས་མཛད་པ་མངོན་སྤྱོད་དྲག་པོའི་གཟུ་དཔང་གཉན་ཞིང་ཤིན་ཏུ་གཉན་པ་ས་མ་ཡ། རྒྱ་རྒྱ་རྒྱ༔ དེ་ནས་རྒྱལ་བ་སྤྱི་བསྐུལ་དཀྱུས་ཀྱི་མཇུག་ནས་གསུངས་པ་ལྟར་མཁྱེན་པར་གསོལ་ཞིང་གནད་ནས་བསྐུལ་བ་ནི། ཧཱུཾ་བྷྱོཿ གདོད་ནས་མ་སྐྱེས་བྱང་ཆུབ་སེམས་ཉིད་འདི༔ མ་དག་སྐྱེ་བོ་རྣམས་ཀྱིས་མ་གཏོགས་པས༔ སྐྱེས་མཆོག་བདག་གིས་དྲང་ཞིང་དོན་བགྱིད་དུ༔ བདུད་དང་སྲིན་པོས་ཚེ་ལ་བར་གཅོད་ཅིང་༔ བགེགས་དང་འབྱུང་པོས་འདི་ལ་གླགས་ལྟ་ན༔ ཀུན་མཁྱེན་མགོན་པོས་འདི་ལ་དཔང་མཛོད་ཅིག༔ མ་ནོངས་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ༔ ངེས་པའི་དོན་རྟོགས་འབྲས་བུ་ཆུང་མ་གསོན༔ དམ་ཅན་སྲུང་མ་མེད་དམ་ར་མདའ་མཛོད༔ ཧཱུཾ་བྷྱོ༔ ཐོས་བསམ་སྒོམ་གསུམ་ཤེས་རབ་རྣམ་པ་གསུམ༔ ཞི་གནས་ལྷག་མཐོང་མཉམ་ཞིང་འབྲེལ་བ་ཡི༔ ཏིང་འཛིན་དྲོད་མཆོག་སྐྱེ་བའི་རྒྱུ་ཡིན་ཡང་༔ གནོད་བྱེད་བགེགས་ཀྱིས་སྒོམ་དུ་མ་སྟེར་ན༔ ཀུན་མཁྱེན་མགོན་པོས་འདི་ལ་དཔང་མཛོད་ཅིག༔ མ་ནོངས་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ༔ ངེས་པའི་དོན་དུ་འབྲས་བུ་ཆུད་མ་གསོན༔ དམ་ཅན་སྲུང་མ་མེད་དམ་ར་མདའ་མཛོད༔ ཧཱུཾ་བྷྱོ༔ འཇིག་རྟེན་ཁམས་འདིར་འདུས་བྱས་ཟས་དང་ནོར༔ ཨཱཪྻ་མཆོད་ཅིང་འགྲོ་དོན་བགྱིད་དགོངས་པས༔ དམ་ཉམས་དགྲ་བོས་བགྱིད་དུ་མ་སྟེར་ན༔ ཀུན་མཁྱེན་མགོན་པོས་འདི་ལ་དཔང་མཛོད་ཅིག༔ མ་ནོངས་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ༔ ངེས་པའི་(༡༥བ)


GLG024_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་འབྲས་བུ་ཆུད་མ་གསོན༔ དམ་ཅན་སྲུང་མ་མེད་དམ་ར་མདའ་མཛོད༔ ཧཱུཾ་བྷྱོཿ བདག་ནི་ཟོག་མེད་ངེས་པའི་རྣལ་འབྱོར་བ༔ བྱང་ཆུབ་སྒྲུབ་ཅིང་འགྲོ་བའི་དོན་བགྱིད་པར༔ སེམས་ཀྱིས་ཐག་བཅད་སྐྱེས་མཆོག་བདག་ལྟ་བུས༔ བཤགས་ཀྱང་མི་ཚང་སྨྲས་ཀྱང་མི་དགོངས་ན༔ བྱམས་མགོན་ཐུགས་རྗེ་ཆུང་བར་མི་འགྱུར་རམ༔ བཅོལ་ཀྱང་མི་མཛད་བསྐུལ་ཀྱང་མི་གསན་ན༔ སྔོན་གྱི་དམ་བཅའ་འགལ་བར་མི་འགྱུར་རམ༔ ཐུགས་དམ་གནད་ནས་བསྐུལ་ལོ་འཕྲིན་ལས་མཛོད༔ཧཱུཾ་བྷྱོཿ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་ནས༔ བསྟན་པའི་རུ་དྲ་བར་ཆོད་རྣམ་གཉིས་སོ༔ མངོན་སྤྱོད་ཚུལ་གྱིས་མྱུར་སྒྲོལ་འཕྲིན་ལས་མཛོད༔ ཅེས་ཕུད་གཏོར་ཞིང་བསྐུལ་ལོ༔ ཞེས་གསུངས་པ་ལྟར་བསྐུལ་ཞིང་༔ ཉམས་ལེན་གནད་གདམས་ལས༔ ཨཱོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ སརྦ་ཀརྨ་ཡཀྵ་བྷྱོ་ཛཿ ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ༔ སརྦ་ཀརྨ་ཡཀྵ་བྷྱོ་ཛ༔ གཤིན་རྗེ་སོགས་ལྷ་གཞན་རྣམས་ལ་ཡང་རིགས་འགྲེ་བར་བྱས་ཏེ་བཟླས་པས་གོང་གི་སྣོད་བཅུད་ལྷའི་དཀྱིལ་འཁོར་དུ་བསྐྱེད་པ་ཐམས་ཅད་སྔོན་གྱི་ཐུགས་དམ་ལས་བཞེངས་ནས་དམག་དཔུང་གོ་གསར་བྱེད་པ་ལྟ་བུའི་དམིགས་པ་རྣམས་བྱའོ༔ འབྲུབ་ཁུང་བསྐྱེད་པ་ནི༔ རུ་དྲ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ནྲྀ་ཛཿ མདུན་དུ་བྷཉྫ་གྲུ་གསུམ་འབར་བ༔ ཕྱི་ནག་ལ་རྩུབ་པ། ནང་དམར་ལ་ཚ་བ། འཆི་བདག་གཤིན་རྗེའི་བཙོན་དོང་སྡིག་ཅན་གྱི་བཤས་ར་འཇིགས་ཤིང་ཡ་ང་བ༔ བར་མེད་མུན་ཁང་ཆེན་པོའི་ནང་དུ་དགྲ་བགེགས་ཀྱི་རྣམ་པར་ཤེས་པ་ནྲྀ་སྔོ་(༡༦ན)


GLG024_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་དང་ཏྲི་དམར་སེར་མར་མེ་ལྟ་བུར་གནས་པ་དེ་ཡོངས་སུ་གྱུར་པ་ལས་ཉ་པོ་འདི་རྣམས་དགྲ་བགེགས་གང་ཡིན་པ་དེ་དག་དངོས་སུ་གྱུར་ཏེ་མི་སྡུག་པའི་གཟུགས་ཅན་སྔོ་ལ་ཧམ་པ༔ ནག་ལ་རིད་པ་གཅེ་བུ་ཉམ་ཐག་པ༔ འདར་ཁྲིལ་ལི་ལི། སྐྱི་བུན་བུན། འགུལ་མི་ནུས་པ་ཞིག་ཏུ་གྱུར་པར་བསམས་ལ༔ ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་བཅས་རྡོ་རྗེ་དྲིལ་བུ་གཡབ་དར་འཛིན་པས༔ ལིངྒའི་མགོ་ངོས་སུ་ལངས་ཏེ་འདུག་ལ་བདེན་པ་བདར་བ་ནི་གཏོར་བཟློག་གི་ཉམས་ལེན་མན་ངག་གནད་གདམས་ལས༔ ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ བཀའ་སྲུང་ཕོ་ཉ་ལས་མཁན་རྣམས་ཀྱི་བཀའ་བདེན་པ་དང་༔ གཞན་ཡང་གསང་སྔགས་དང་རིག་སྔགས་དང་༔ གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་འཆང་བདག་གི་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་བདེན་པའི་སྟོབས་ཀྱིས་བདག་ཅག་རྣལ་འབྱོར་པ་དཔོན་སློབ་ཡོན་མཆོད༔ དགེ་སྡེ་གྲྭ་ཚན་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། བར་ཆད་ཀྱི་རྐྱེན། ཁྱད་པར་དུ་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་རྣམས། མགོན་བྱེད་ཀྱི་ལྷའམ། ཚེ་དང་དབང་ཐང་ངམ། བསོད་ནམས་དང་དུས་ཀྱི་དབང་དུ་མ་བཏང་བར། ད་ལྟ་ཉིད་དུ་ལིངྒ་འདི་ལ་ཁུག་ཅིག༔ ཅེས་བརྗོད་ལ་སྒྲུབ་ཁོག་ནས་གསུངས་པ་ལྟར། དྲག་སྔགས་སོ་ལྔ་པའི་ཤམ་བུར། ནྲྀ་ཏྲི་ཧུར་ཐུཾ་ཛཿཛཿཧཱུཾ་བཾ་ཧོཿ ཨ་བེ་ཤ་ཡ་ཨ་ཨཱ༔ བསད་ལས་(༡༦བ)


GLG024_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་དང་། བསད་པ་དོན་བརྒྱད་ཀྱི་གཤོར་ལས། ཧཱུཾ་མཐིང་ནག་མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ དཔལ་ཆེན་ཁོ་བོ་ཁྲོ་མོ་ཀུན་བཞེངས་ཏེ༔ སྤྲུལ་པ་ཡང་སྤྲུལ་སྣ་ཚོགས་ཕྱོགས་བཅུར་ཁྱེ༔ ཕོ་ཉ་ཀུན་གྱིས་དྲག་པོའི་འཕྲིན་ལས་མཛོད༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་བཟུང་༔ ཞགས་པ་ཅན་གྱིས་ཡན་ལག་ཆིངས༔ ལྕགས་སྒྲོག་ཅན་གྱིས་ལུས་ཀུན་སྡོམས༔ དྲིལ་བུ་ཅན་གྱིས་རྡུལ་དུ་རློག༔ བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧོ༔ བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོ༔ བརྡ་ཡིག་ཡོད། སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ དྲག་པོ་བསྒྲལ་བའི་ལས་མཐའ་ལ༔ རྒྱས་དང་བསྡུས་པ་ཤིན་ཏུ་བསྡུས༔ རྒྱས་པ་འཕྲིན་ལས་ཚར་རྗེས་སུ༔ ཚོགས་མཆོད་སྒྲོལ་བའི་སྐབས་སུའམ༔ མནན་སྲེག་འཕང་གསུམ་གང་ཡང་རུང་༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམས༔ བསད་ལས་རྒྱས་པ་འདི་ཡིས་བསྐུལ༔ ཧཱུཾ། སྨུག་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་རྣམས༔ བསྟན་པ་གཉན་ལ་དགྲ་དར་ན༔ མི་མངོན་དབྱིངས་ནས་སྐུ་བཞེངས་ལ༔ རྣལ་འབྱོར་བདག་གི་ར་མདའ་རློག༔ གནས་འདིར་དྲག་པོའི་ལས་ལ་ཡཱ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ དྲག་པོའི་ལས་ཀྱིས་མྱུར་དུ་སྒྲོལ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ སྒྲུབ་པ་བཀའ་བརྒྱད་ཀྱི་བསྒྲལ་བའི་ལས་ལ་དོན་བརྒྱད་དེ༔ བླ་སྲོག་སྔུན་དུ་དགུག་དང་གཅིག༔ མཐུ་དང་རྫུ་འཕྲུལ་དབྲོག་དང་གཉིས༔ གྲོགས་བྱེད་ལྷ་དང་དབྲལ་དང་གསུམ༔ རྣམ་ཤེས་གཟུགས་ལ་དབབ་དང་བཞི༔ མི་འཆོར་བྱད་དུ་གཞུག་དང་ལྔ༔ (༡༧ན)


GLG024_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་མེད་སྨྱོ་རུ་གཞུག་དང་དྲུག༔ གཏུན་དུ་བརྡུང་ཞིང་བརླག་དང་བདུན༔ ཕུང་པོ་ཞལ་དུ་སྟོབ་དང་བརྒྱད༔ རེ་རེ་ལའང་དོན་བརྒྱད་བརྒྱད་དེ། དེ་ཡང་བསྐུལ་བའི་ལྷ་དང་གཅིག༔ འཕྲིན་ལས་ཀྱི་དམིགས་པ་དང་གཉིས༔ གདགས་པའི་མཆོད་དང་གསུམ༔ བཟླས་པའི་སྔགས་དང་བཞི༔ སྒོམ་པའི་ཏིང་ངེ་འཛིན་དང་ལྔ༔ བྲབ་པའི་རྫས་དང་དྲུག༔ བཅའ་བའི་ཕྱག་རྒྱ་དང་བདུན༔ ཞལ་གྱི་དམོད་པ་དང་བརྒྱད་དོ༔ དང་པོ་ཆེ་མཆོག་གིས་དགུགས་པ་ནི༔ ཧཱུཾ། དང་པོ་ནི། ཆེ་མཆོག་ལྷ་ཚོགས་ཐུགས་དམ་ཅན༔ དྲག་པོའི་གཉིས་པ་ནི་འཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ ཡུད་གསུམ་པ་ནི་ཙམ་གཅིག་གིས་འདིར་ཁུག་ཅིག༔ ཨཱོཾ་བཞི་པ་ནི་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་དགྲ་བགེགས་ནྲྀ་ཏ་རི་ཨཾ་ཀུ་ཤ་ཛཿ བསད་ལྔ་པ་ནི་ཁང་ནང་གི་གཟུགས་དངོས་ལ། བླ་སྲོག་རྣམ་ཤེས་དབྱེར་མེད་བསྟིམ༔ རྣོན་དྲུག་པ་ནི་པོའི་མཚོན་གྱིས་སྙིང་ནས་དྲོངས། །ཕྱག་བདུན་པ་ནི་རྒྱའི་འཕྲུལ་གྱིས་ཉེ་བར་ཁུག །ཧོཿ བརྒྱད་པ་ནི། དཔལ་ཆེན་པོ་ཆེ་མཆོག་དྲག་པོའི་ལྷ་ཚོགས་ཁྲོ་བོ་དང་ཁྲོ་མོ་སྤྲུལ་པ་དང་ཡང་སྤྲུལ༔ ཕོ་ཉ་ལས་བྱེད། བཀའ་སྲུང་དང་བཅས་པ་རྣམས་ཀྱིས༔ བསྟན་པ་འཇིག་པའི་དགྲ་བགེགས་དམ་ཉམས་འདི་རྣམས་ལྕགས་ཀྱུས་གནས་བཟུང་༔ ཞགས་པས་སྐེ་ནས་ཆིངས༔ རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཞོག་ལ་སྐད་ཅིག་གིས་འདིར་ཁུག་ཅིག༔ སྒྱུ་འཕྲུལ་དང་གཏོར་བཟློག་ལས་ཐུགས་དམ་བསྐུལ་བ་ནི༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ འབར་བ་གཏུམ་ཆེན་རྔམས་པ་རྣམས༔ ཁྲོས་པའི་ཡིད་ཀྱིས་བསྐུལ་(༡༧བ)


GLG024_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན༔ སངས་རྒྱས་བསོད་ནམས་སྐུ་ཡང་འཇིག༔ བདུད་རྩི་ལྔ་ཡི་ཟག་རྫས་ལ༔ མཚན་མ་མིང་དུ་བཅས་པ་བྱས༔ བཀུག་སྟེ་རྡོ་རྗེ་ཕུར་པ་བཏབ༔ རྡུལ་དུ་བརླག་སྟེ་ཚོགས་སུ་འབུལ༔ ཞེ་སྡང་རྡོ་རྗེའཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ ཐལ་བ་བཞིན་དུ་བརླག་ནུས་ཕྱིར༔ དྲག་པོའི་འཕྲིན་ལས་གྲུབ་པར་མཛོད༔ དེ་ནས་ཕོ་ཉ་བཏང་སྟེ༔ ལྷ་མོ་བླས་བྱན་ཚོགས་ཀྱི་བདག༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ དཀོན་ཅོག་དབུ་འཕང་དམོད་པ་དང་༔ སློབ་དཔོན་ལ་ནི་བརྙས་བྱེད་དང་༔ རྡོ་རྗེ་སྤུན་ལ་འཁུ་བ་དང་༔ བདག་ལ་བར་དུ་གཅོད་པ་ཡི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ ཁྲག་འཐུང་ལྷ་ཚོགས་འཁོར་བཅས་ཀྱིས༔ དབང་དུ་སྡུད་ལ་རྡུལ་དུ་རློག༔ བསད་ལས་རྒྱས་པར། ཧཱུཾ། མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས༔ བསྟན་པ་གཉན་ལ་དགྲ་དར་ན༔ མི་མངོན་དབྱིངས་ནས་སྐུ་བཞེངས་ལ༔ རྣལ་འབྱོར་བདག་གི་ར་མདའ་རློག༔ གནས་འདིར་དྲག་པོའི་ལས་ལ་ཡཱ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ དྲག་པོའི་ལས་ཀྱིས་མྱུར་དུ་སྒྲོལ༔ གཉིས་པ་ཡང་དག་གིས་མཐུ་དང་རྫུ་འཕྲུལ་དབྲོག་པ་ལའང་བརྒྱད་ལས༔ ཧཱུཾ། ཡང་དང་པོ་ནི་དག་ལྷ་ཚོགས་ཐུགས་དམ་ཅན༔ དྲག་གཉིས་པ་ནི་པོའི་འཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ མཐུ་གསུམ་པ་ནི་དང་རྫུ་འཕྲུལ་བརླག་པར་གྱིས༔ བཞི་པ་ནི། ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ༔ དགྲ་བགེགས་སརྦ་ཨ་བ་ན་ཡ་ཨ་བ་ན་ཡ་ཧཱུཾ་ཕཊ༔ བཀྲག་ལྔ་པ་ནི་མདངས་མཐུ་སྟོབས་རྫུ་འཕྲུལ་(༡༨ན)


GLG024_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །དབྲོགས་ཏེ་བདག་གི་དབང་དུ་གྱུར། །མྱོས་བྱེད་དྲུག་པ་ནི་འབྲུ་ཡིས་རྣམ་པར་བརྡུང་། །ཕྱག་བདུན་པ་ནི་རྒྱའི་འཕྲུལ་གྱིས་རབ་ཏུ་ཕྲོགས༔ བརྒྱད་པ་ནི་ཧོཿ དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་དྲག་པོའི་ལྷ་ཚོགས་ཁྲོ་བོ་དང་ཁྲོ་མོ་སྤྲུལ་པ་ཡང་སྤྲུལ་ཕོ་ཉ་ལས་བྱེད་བཀའ་སྲུང་དང་བཅས་པ་རྣམས་ཀྱིས་བསྟན་པ་འཇིག་པའི་དགྲ་བགེགས་དམ་ཉམས་འདི་རྣམས་ཀྱི་བཀྲག་དང་གཟི་བརྗིད་སྟོབས་དང་ནུས་པ་མཐུ་དང་རྫུ་འཕྲུལ་ཐམས་ཅད་གཏན་ནས་བརླག་པར་གྱིས་ཤིག༔ དེ་ནས་ལྷ་དང་དབྲལ་བ་ནི་ཉམས་ལེན་གནད་གདམས་ལས༔ ཧཱུཾ། དམ་ཉམས་དགྲ་བོ་སྡིག་ཅན་ལ། འགོ་བར་བྱེད་པའི་ལྷ་ཁྱོད་ཉོན༔ དམ་ཉམས་དགྲ་བོ་སྡིག་ཅན་འདིས༔ དང་པོར་སངས་རྒྱས་བསྟན་པ་བཤིག༔ བར་དུ་དཀོན་ཅོག་དབུ་འཕང་དམད༔ ཐ་མར་གསང་སྔགས་སྙིང་པོ་དབྲལ༔ དགེ་བ་བཅུ་ནི་ཁྱད་དུ་བསད༔ མི་དགེ་བཅུ་ནི་དང་དུ་བླངས༔ མཚམས་མེད་ལྔ་པོ་འབྲས་བུར་སྨིན༔ འདི་ནི་བསྒྲལ་བའི་ཞིང་ཡིན་ཕྱིར༔ འདི་ཡི་མགོན་སྐྱབས་མ་མཛད་པར༔ ཡེ་ཤེས་ལྷ་ནི་དབྱིངས་སུ་གཤེགས༔ འཇིག་རྟེན་ལྷ་རྣམས་རང་གནས་སོང་༔ གལ་ཏེ་མི་འགྲོ་འདི་ཡི་སྐྱབས་མཛད་ན༔ ཡེ་ཤེས་ལྷ་ནི་ཐུགས་དམ་ཉམས་པར་འགྱུར༔ འཇིག་རྟེན་ལྷ་ནི་རྡུལ་དུ་བརླག་པར་འགྱུར༔ དེ་བས་འདི་ཡི་མགོན་སྐྱབས་མ་མཛད་ཅིག༔ ཧཱུཾ་ཧཱུཾ་བཾ་ཤྭ་ཀྲོ་ཏ་ཛྭ་ལ་མཎྜ་ལ་ཧཱུཾ༔ སྒྲུབ་ཁོག་ནས་གསུངས་པ་ལྟར་སོ་ལྔ་པའི་ཤམ་བུར་དགྲ་བོ་ལ་འགོ་བའི་ལྷ་པྲ་བེ་ཤ་ཡ་ཕཊ༔ ཨུ་ཙ་ཏ་ཡ་ཕཊ༔ ཅེས་བརྗོད་པས་སྤྲུལ་པའི་ཕོ་ཉས་འཇིག་རྟེན་དང་འཇིག་རྟེན་(༡༨བ)


GLG024_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་སྲུང་མ་རྣམས་གཏོར་ཏེ་ལྷ་དང་དབྱེ་བའི་དམིགས་པ་གསུང་རྒྱུན་ལྟར་བྱེད༔ བསད་ལས་རྒྱས་པར། ཧཱུཾ། སེར་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་རྣམས༔ བསྟན་པ་གཉན་ལ་དགྲ་དར་ན༔ མི་མངོན་དབྱིངས་ནས་སྐུ་བཞེངས་ལ༔ རྣལ་འབྱོར་བདག་གི་ར་མདའ་བརློག༔ གནས་འདིར་དྲག་པོའི་ལས་ལ་ཡཱ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ དྲག་པོའི་ལས་ཀྱིས་མྱུར་དུ་སྒྲོལ༔ བསད་པ་དོན་བརྒྱད་ཀྱི་གསུམ་པ་གཤིན་རྗེས་ལྷ་དང་དབྲལ་བ་ལའང་བརྒྱད་ལས༔ ཧཱུཾ། དང་པོ་ནི་གཤིན་རྗེའི་ལྷ་ཚོགས་ཐུགས་དམ་ཅན༔ དྲག་གཉིས་པ་ནི་པོའི་འཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ མགོན་གསུམ་པ་ནི་སྐྱབས་གྲོགས་དང་བྲལ་བར་གྱིས༔ ཨཱོཾ་བཞི་པ་ནི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ༔ དགྲ་བགེགས་ཧ་ས་ན་ཡ་ཧ་ས་ན་ཡ་ཧཱུཾ་ཕཊ༔ སྟོང་ལྔ་པ་ནི་ཁམས་གང་བའི་དུད་སྤྲིན་གྱིས༔ མགོན་སྐྱབས་ལྷ་འཁྲུག་བསྐྲད་ཅིང་བྱེར། རྫས་དྲུག་པ་ནི་ཀྱིས་བདུག་བྱབ་བྲབ་ཅིང་བརྡུང་། །ཕྱག་བདུན་པ་ནི་རྒྱའི་འཕྲུལ་གྱིས་རབ་ཏུ་དབྱེ། ཧོཿ བརྒྱད་པ་ནི་དཔལ་ཆེན་པོ་འཇམ་དཔལ་གཤིན་རྗེའི་གཤེད་དྲག་པོའི་ལྷ་ཚོགས་ཁྲོ་བོ་ཁྲོ་མོ་སྤྲུལ་པ་དང་ཡང་སྤྲུལ་ཕོ་ཉ་ལས་བྱེད་བཀའ་སྲུང་དང་བཅས་པ་རྣམས་ཀྱིས་བསྟན་པ་བཤིག་པའི་དགྲ་བགེགས་དམ་ཉམས་པ་འདི་ལ་འགོ་བའི་ལྷ་རྣམས་བྱ་སྤུ་རླུང་གིས་གཏོར་བ་བཞིན་ཐོང་ཞིག༔ མགོན་སྐྱབས་དཔུང་གཉེན་བྱེད་པ་ཀུན་བྱ་རོག་རྡོས་བདས་པ་བཞིན་དུ་ཐོང་ཞིག༔ དེ་ནས་དགུག་སྟེ་གནད་གདམས་ལས༔ ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ༔ ཆེ་མཆོག་(༡༩ན)


GLG024_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ དགྲ་བགེགས་འགུགས་པའི་དུས་ལ་བབ༔ གང་ལ་བྱ་བ་ཁྱེད་ཀྱིས་ཤེས༔ ཡིད་ལ་བརྣག་པའི་དགྲ་བགེགས་འདི༔ རང་དབང་མེད་པར་འདི་རུ་ཁུག༔ དབང་དུ་སྡུད་ལ་རྡུལ་དུ་རློག༔ ཧཱུཾ། ཁྲག་འཐུང་སྐུ་ལ་སྤྲུལ་པའི་ཕོ་ཉ་ནི༔ ལྕགས་ཀྱུ་དཀར་པོའི་ཚོགས་ནི་སྐར་ལྟར་འཁྲུག༔ ཞགས་པ་སེར་པོའི་ཚོགས་ནི་སྤྲིན་ལྟར་གཏིབས༔ ལྕགས་སྒྲོག་དམར་པོའི་ཚོགས་ནི་གློག་ལྟར་འཁྱུག༔ དྲིལ་བུ་ལྗང་མོའི་ཚོགས་ནི་ཐོག་ལྟར་འབབས༔ ཁྱེད་རྣམས་དཔལ་གྱི་ཕོ་ཉ་སྟེ༔ རྦད་ཅིང་བཏང་བ་ང་ཡིས་བྱེད༔ འགུགས་ཤིང་བརྡེག་པ་ཁྱེད་ཀྱིས་གྱིས༔ གང་ལ་བྱ་བ་ཁྱེད་ཀྱིས་ཤེས༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་བཟུང་༔ ཞགས་པ་ཅན་གྱིས་འགུལ་ནས་ཆིངས༔ ལྕགས་སྒྲོག་ཅན་གྱིས་དབང་པོ་སྡོམས༔ དྲིལ་བུ་ཅན་གྱིས་མྱོས་སུ་ཆུག༔ རང་དབང་མེད་པར་འདིར་ཁུག་ལ༔ གཟུགས་དང་ལིངྒ་འདི་ལ་བསྟིམ༔ མིང་བྱང་འདི་ལ་གནས་པར་མཛོད༔ དྲག་སྔགས་སོ་ལྔ་པའི་ཤམ་བུར༔ གནོད་བྱེད་དགྲ་བགེགས་བཛྲ་ཨཾ་ཀུ་ཤ་ཡ་ཛ༔ རཏྣ་པཱ་ཤྭ་ཧཱུཾ། པདྨ་སྥོ་ཊ་བཾ། ཀརྨ་གཎྜེ་ཧོཿ ཞེས་པས་གནོད་བྱེད་འགྱེལ་ཐབས་སུ་གནས་པ་དེ༔ སྤྲུལ་པའི་ཕོ་ཉ་རྣམས་ཀྱི་ལྕགས་ཀྱུ་ཅན་གྱིས་སྙིང་ནས་བཟུང་༔ ཞགས་པ་ཅན་གྱིས་མགུལ་ནས་ཆིངས༔ ལྕགས་སྒྲོག་ཅན་གྱིས་དབང་པོ་སྡོམས༔ དྲིལ་བུ་ཅན་གྱིས་མྱོས་སུ་ཆུག༔ མཚོན་ཆ་ཅན་གྱིས་རྒྱབ་ནས་དེད༔ ལས་ཀྱི་རླུང་གིས་ཞབས་ནས་བཏེག་སྟེ༔ རང་དབང་མེད་པར་བདག་གི་མདུན་དུ་(༡༩བ)


GLG024_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་སྟེ༔ ལིངྒ་ལ་བསྟིམ་མོ༔ བསད་ལས་རྒྱས་པར། ཧཱུཾ། དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་རྣམས༔ བསྟན་པ་གཉན་ལ་དགྲ་དར་ན༔ མི་མངོན་དབྱིངས་ནས་སྐུ་བཞེངས་ལ༔ རྣལ་འབྱོར་བདག་གི་ར་མདའ་རློག༔ གནས་འདིར་དྲག་པོའི་ལས་ལ་ཡཱ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ དྲག་པོའི་ལས་ཀྱིས་མྱུར་དུ་སྒྲོལ༔ བསད་པ་དོན་བརྒྱད་ལས། བཞི་པ་རྟ་མགྲིན་གྱིས་རྣམ་ཤེས་གཟུགས་ལ་དབབ་པ་ལའང་བརྒྱད་ལས༔ དང་པོ་ནི་ཧཱུཾ། རྟ་མགྲིན་ལྷ་ཚོགས་ཐུགས་དམ་ཅན༔ གཉིས་པ་ནི་དྲག་པོའི་འཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ གསུམ་པ་ནི་བླ་སྲོག་རྣམ་ཤེས་རྟེན་ལ་ཕོབ༔ བཞི་པ་ནི་ཨཱོཾ་པདྨནྟ་ཀྲི་ཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་དགྲ་བགེགས་ཨ་བེ་ཤ་ཡ་ཧཱུཾ་ཕཊ༔ ལྔ་པ་ནི་ལྕགས་ཀྱུས་སྙིང་བཟུང་མཚོན་ཆ་དེད༔ ལས་རླུང་ལ་བསྐྱོན་གཙུག་ནས་བསྟིམ༔ དྲུག་པ་ནི་རྫས་ཀྱིས་བྲབ་ཅིང་རྣམ་པར་གཡབ། བདུན་པ་ནི་ཕྱག་རྒྱའི་འཕྲུལ་གྱིས་རབ་ཏུ་འབེབས། བརྒྱད་པ་ནི་ཧོཿ དཔལ་ཆེན་པོ་རྟ་མགྲིན་དྲག་པོའི་ལྷ་ཚོགས་ཁྲོ་བོ་དང་ཁྲོ་མོ་སྤྲུལ་པ་དང་ཡང་སྤྲུ་ལ་ཕོ་ཉ་ལས་བྱེད་བཀའ་སྲུང་དང་བཅས་པ་རྣམས་ཀྱིས་བསྟན་པ་འཇིག་པའི་དགྲ་བགེགས་འདིའི་བླ་སྲོག་རྣམ་ཤེས་སྙིང་ནས་དྲངས་ཏེ་ལིངྒ་འདི་ལ་གཉིས་སུ་མེད་པར་གྱིས་ཤིག །ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་བྱེ་མ་ལ་མར་ཐིམ་པ་བཞིན་དུ་གྱུར་ཅིག༔ ལིངྒའི་རྟེན་འདི་ལ་ད་ལྟ་ཉིད་དུ་ཕོབ་ཅིག༔ བཟློག་གཞུང་ལས་བཅོལ་དམ་བྱ་ཞེས་པ་ནི་གབ་པ་དོན་སྙིང་དུ༔ ཧཱུཾ། དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་རྣམས༔ དམ་ཉམས་དགྲ་བགེགས་(༢༠ན)


GLG024_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་འདི༔ བསད་ཅིང་བསྒྲལ་བར་བྱ་བའི་ཕྱིར༔ མགོ་ལུས་རྒྱན་དང་བཅས་པ་འབུལ༔ བཅོལ་ལོ་གཏད་དོ་གཉེར་དུ་ལོང་༔ འགུགས་བྱེད་ཚོགས་ཀྱིས་སྙིང་ནས་བཟུང་༔ འཆིང་བྱེད་ཚོགས་ཀྱིས་ཡན་ལག་ཆིངས༔ སྒོམ་བྱེད་ཚོགས་ཀྱིས་ཉིང་ལག་སྡོམས༔ མྱོས་བྱེད་ཚོགས་ཀྱིས་ལུས་ངག་གནོན༔ གཏུམ་བྱེད་ཚོགས་ཀྱིས་ཤ་རུས་གཏུབས༔ ཟ་བྱེད་ཚོགས་ཀྱིས་ཤ་ལ་རོལ༔ འཐུང་བྱེད་ཚོགས་ཀྱིས་ཁྲག་ལ་འཐུང་༔ འཆའ་བྱེད་ཚོགས་ཀྱིས་རུས་པ་ཆོས༔ རྣག་བྱེད་ཚོགས་ཀྱིས་རྗེས་ཤུལ་དྲོངས༔ དམ་ཉམས་དགྲ་བགེགས་འབྱུང་པོ་འདི༔ ཡུལ་མཁར་ཞིང་དང་བཅས་པ་འབུལ༔ བཅོལ་ལོ་གཏད་དོ་གཉེར་དུ་ལོང་༔ བཅོལ་བས་མི་བཞེས་མི་སྲིད་དོ༔ གཏད་པས་མི་ཐུབ་མི་སྲིད་དོ༔ བཟུང་བས་ཤོར་བ་མི་སྲིད་དོ༔ གསད་ལས་རྒྱས་པར༔ ཧཱུཾ། ལྗང་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ ཕུར་པ་འཕྲིན་ལས་ལྷ་ཚོགས་རྣམས༔ བསྟན་པ་གཉན་ལ་དགྲ་དར་ན༔ མི་མངོན་དབྱིངས་ནས་སྐུ་བཞེངས་ལ༔ རྣལ་འབྱོར་བདག་གི་ར་མདའ་རློག༔ གནས་འདིར་དྲག་པོའི་ལས་ལ་ཡཱ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ དྲག་པོའི་ལས་ཀྱིས་མྱུར་དུ་སྒྲོལ༔ བསད་པ་དོན་བརྒྱད་ཀྱི༔ ལྔ་པ་ཕུར་པས་མི་འཆོར་བྱད་དུ་གཞུག་པ་ལའང་བརྒྱད་ལས༔ དང་པོ་ནི་ཧཱུཾ། ཕུར་པའི་ལྷ་ཚོགས་ཐུགས་དམ་ཅན༔ གཉིས་པ་ནི་དྲག་པོའི་འཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ གསུམ་པ་ནི་བཟུང་ཞིག་རྒྱབ་ཅིག་རྣམ་པར་ཆིངས༔ བཞི་པ་ནི་ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ༔ དགྲ་བགེགས་ཤཱི་ཀྲཾ་ཨཱ་ན་ཡ་ཧཱུཾ་ཕཊ༔ ལྔ་པ་ནི་


GLG024_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉའི་བྱད་ཀྱི་ཐག་པ་ཡིས༔ དྲུ་བུ་ལྟ་བུར་འགུལ་མི་བྱེད༔ དྲུག་པ་ནི་འཆིང་སྒྲིལ་རྫས་ཀྱིས་བཅིངས་ཤིང་སྒྲིལ༔ བདུན་པ་ནི་ཕྱག་རྒྱའི་འཕྲུལ་གྱིས་རྣམ་པར་སྡོམས༔ བརྒྱད་པ་ནི་ཧོཿ ཕུར་པ་དྲག་པོའི་ལྷ་ཚོགས་ཁྲོ་བོ་དང་ཁྲོ་མོ་སྤྲུལ་པ་དང་ཡང་སྤྲུལ་ཕོ་ཉ་ལས་བྱེད་བཀའ་སྲུང་དང་བཅས་པ་རྣམས་ཀྱིས་བསྟན་པ་འཇིག་པའི་དགྲ་བགེགས་འདིའི་ཡན་ལག་གཟུགས་ཕུང་ལས་ཀྱི་ཞགས་པ་དང་མཚོན་གྱི་དྲུ་བུས་ཆིངས་ཤིག༔ མཁར་ནག་གི་ཁུག་མར་འགུལ་དུ་མེད་པར་གྱིས་ཤིག༔ བྱད་ཀྱི་དྲ་བར་ཆུག་ལ་དྲག་པོའི་བཙོན་ཁང་དུ་སྐྱུར་ཅིག༔ དེ་ནས་ཉེས་པ་བསྒྲགས་ཏེ༔ གབ་པ་དོན་སྙིང་ལས༔ ཧཱུཾ། དུག་ལྔ་འདུས་པའི་འབྲས་བུ་ལ། །ཕུང་པོ་ལྔ་ཡི་ཡན་ལག་རྒྱས༔ ཉོན་མོངས་ཤ་ཁྲག་རུས་སུ་སྨིན༔ དུག་ལྔའི་དབང་གིས་ལུས་སྟོབས་རྒྱས༔ གཟུང་འཛིན་ལུས་ལ་སེམས་བརྟན་ནས༔ ཉོན་མོངས་དབང་གིས་སྣ་ཁྲིད་པས། །དཀར་པོའི་ཆོས་ལ་ལོག་ལྟ་སྐྱེས༔ བསྟན་པ་གཉན་པོའི་རུ་དྲ་བྱས༔ དཀོན་ཅོག་གསུམ་གྱི་དབུ་འཕང་དམད༔ གསང་སྔགས་བསྟན་ལ་སྐུར་བ་བཏབ༔ བླ་མ་རྣམས་ཀྱི་སྐུ་ལ་བསྡོས༔ དཀོན་ཅོག་གསུམ་གྱི་དཀོར་ཁང་བཅོམས༔ སེར་ཆགས་ཡོངས་ལ་ངན་སྨྲས་བྱས༔ རྣལ་འབྱོར་བདག་དང་ཤིན་ཏུ་འགྲས༔ སེམས་ཅན་ཡོངས་ཀྱི་སྲོག་ཀྱང་གཅོད༔ མ་འོངས་བསྐལ་པ་ཕྱི་མ་ལ༔ བསྟན་པའི་རུ་དྲར་འགྱུར་པས་ན༔ འདི་ལ་བསྒྲལ་བའི་ཞིང་བཅུ་ཚང་༔ ད་ལྟ་ཉིད་དུ་བསྒྲལ་བར་བྱ༔ གདུག་པའི་དགྲ་བགེགས་ལས་ངན་ཁྱོད༔ ཁྱོད་ལ་མགོན་མེད་སྐྱབས་མེད་པས༔ སྔར་བྱས་ལས་ཀྱི་འབྲས་བུར་སྤྱོད༔ ལས་ངན་བརྒྱུད་ལ་འཛད་མེད་པས༔ སྔགས་འཆང་རྒྱལ་པོ་བདག་ཅག་གིས༔ ཁྱོད་ལ་བརྩེ་བའི་སེམས་ཀྱིས་ནི༔ སྡུག་བསྔལ་འདི་(༢༡ན)


GLG024_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྲལ་བས་ན༔ དད་པའི་སེམས་ཀྱིས་ང་ལ་ཉོན༔ གདུངས་པའི་སེམས་ཀྱིས་ང་ལ་ལྟོས༔ ཁྱོད་ལ་མགོན་དུ་ང་ལས་མེད༔ ང་ཡིས་སྨྲས་པའི་ངག་ལ་ཉོན༔ ཁྱོད་ལིངྒ་འདི་ལ་འདུག་ཙམ་ན༔ འདི་ནི་ཁྱོད་ཀྱི་གཞལ་ཡས་ཁང་༔ ལྕགས་ཀྱུའི་ཕྱག་རྒྱས་བཟུང་བ་ནི༔ འཁོར་བའི་གནས་ནས་འདྲེན་པ་ཡིན༔ ལྕགས་སྒྲོག་དྲ་བས་བསྡམས་ཙ་ན་༔ འཁོར་བའི་དོང་ཁ་སྡོམ་པ་ཡིན༔ སྣ་ཚོགས་ཐུན་གྱིས་བྲབ་ཙ་ན༔ ལས་ངན་རྣམས་དང་ཕྲལ་བ་ཡིན༔ དྲག་པོའི་མཚོན་གྱིས་གཏུབས་ཙ་ན༔ དུག་གསུམ་རྩད་ནས་གཅོད་པ་ཡིན༔ ཤ་ཁྲག་ཚོགས་སུ་ཕུལ་ཙ་ན༔ སྐྱེ་ཤི་རྩད་ནས་གཅོད་པ་ཡིན༔ ཁྱོད་ལུས་ངན་འདི་ལ་མ་ཆགས་ཤིག༔ ལས་ངན་འདི་ལ་མ་ཞེན་ཅིག༔ ཁྱོད་ལ་བརྩེ་བ་ང་ཡིན་པས༔ འཁོར་བའི་གནས་ནས་བསྒྲལ་བ་ཡིན༔ སྤྱན་མིག་ཟུམ་པས་ང་ལ་ལྟོས༔ ཉམས་ལེན་གནད་གདམས་ལས༔ ཧཱུཾ། སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག༔ ཁྱོད་ནི་གཏི་མུག་དབང་གྱུར་པས༔ དགེ་བ་སྤངས་ནས་མི་དགེ་བསྒྲུབས༔ ཁྱོད་ནི་ཞེ་སྡང་དབང་གྱུར་པས༔ སྙིང་རྗེ་མེད་པར་གསོད་ལ་དགའ༔ ཁྱོད་ནི་ང་རྒྱལ་དབང་གྱུར་པས༔ བདག་བསྟོད་གཞན་གྱི་ཡོན་ཏན་དམོད༔ ཁྱེད་ནི་འདོད་ཆགས་དབང་གྱུར་པས༔ མ་བྱིན་ལེན་དང་མི་ཚངས་སྤྱོད༔ ཁྱོད་ནི་ཕྲག་དོག་དབང་གྱུར་པས༔ དུས་གསུམ་སངས་རྒྱས་ཡོན་ཏན་དམོད༔ ལས་དགེ་བ་བཅུ་ནི་ཁྱད་དུ་བསད༔ མི་དགེ་བ་བཅུ་ནི་དང་དུ་བླངས༔ མཚམས་མེད་ལྔ་པོ་འབྲས་བུར་སྨིན༔ དང་པོར་སངས་རྒྱས་བསྟན་པ་བཤིག༔ བར་དུ་དཀོན་ཅོག་དབུ་འཕང་དམད༔ ཐ་མ་(༢༡བ)


GLG024_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་སྙིང་པོ་དབྲལ༔ དེ་ནས་སློབ་དཔོན་སྐུ་ལ་བསྡོས༔ ཁྱོད་ནི་བསྒྲལ་བའི་ཞིང་ཡིན་པས༔ ཐུགས་རྗེ་ཐབས་ཀྱིས་བསྒྲལ་བར་བྱ༔ ཞེས་ཁྲག་འཐུང་གི་ལྷ་ཚོགས་ཐམས་ཅད་ཅེ་སྤྱང་ཤ་ལ་རྔམ་པའམ་ཁྲག་ལ་དགའ་བ་ལྟར་ཞིང་བཅུ་བསྒྲལ་བའི་ལས་ལ་རྔམ་པར་བསམ་མོ༔ བསད་ལས་རྒྱས་པར༔ ཧཱུཾ། སྨུག་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་རྣམས༔ བསྟན་པ་གཉན་ལ་དགྲ་དར་ན༔ མི་མངོན་དབྱིངས་ནས་སྐུ་བཞེངས་ལ༔ རྣལ་འབྱོར་བདག་གི་ར་མདའ་རླག༔ གནས་འདིར་དྲག་པོའི་ལས་ལ་ཡཱ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ དྲག་པོའི་ལས་ཀྱིས་མྱུར་དུ་སྒྲོལ༔ བསད་པ་དོན་བརྒྱད་ལས། དྲུག་པ་མ་མོས་དྲན་མེད་སྨྱོ་རུ་གཞུག་པ་ལའང་བརྒྱད་ལས། དང་པོ་ནི་ཧཱུཾ། མ་མོའི་ལྷ་ཚོགས་ཐུགས་དམ་ཅན༔ གཉིས་པ་ནི་དྲག་པོའི་འཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ གསུམ་པ་ནི་རིངས་པར་ཁུག་ལ་སྨྱོར་ཆུག་ཅིག༔ བཞི་པ་ནི་ཨཱོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿགུ་ཧྱ་ཛྙཱ་ན་ཀྲོ་ཏཱི་ཤྭ་རཱི་སྟིམ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུཾ་བྷྱོཿཧཱུཾ༔ དགྲ་བགེགས་ཛྭ་ལ་ཡ་ཛྭ་ལ་ཡ་ཧཱུཾ་ཕཊ༔ ལྔ་པ་ནི་དུག་རླངས་ཆར་བབས་ན་བུན་ལྟར། །དྲུག་པ་ནི་གཏིབས་པས་རྣམ་ཤེས་སྨྱོ་ཞིང་འབོག །མྱོས་བྱེད་རྫས་ཀྱིས་རྣམ་པར་གཤེར། བདུན་པ་ནི་ཕྱག་རྒྱའི་འཕྲུལ་གྱིས་བརྒྱལ་ཞིང་འཁྲུགས། །བརྒྱད་པ་ནི་ཧོཿ མ་མོ་དྲག་པོའི་ལྷ་ཚོགས་ཡེ་ཤེས་དང་ལས་ལ་གྲུབ་པའི་མ་མོ་མཁའ་འགྲོ་མ་རྣམས་ཀྱིས་བསྟན་པ་འཇིག་པའི་དགྲ་བགེགས་འདི་ལ་དུག་ཁྲག་ནད་ཀྱི་ཆར་ཕོབ་ཅིག༔ སྨྱོ་འབོག་བརྒྱལ་ནད་ཀྱིས་ལུས་སེམས་འཁྲུག་པར་གྱིས་(༢༢ན)


GLG024_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག༔ དྲན་པ་གཏན་ནས་བརླག་པར་གྱུར་ཅིག༔ དེ་ནས་བསྒྲལ་བའི་ལས་བྱ་བ་ལ༔ ཕུར་པ་སྤུ་གྲིའི་སྒྲུབ་འབུམ་ལྷན་ཐབས་ལས། ཧཱུཾ། གུ་གུལ་སྦྱར་བའི་རྫས་མཆོག་དམ་པ་འདིས༔ སྡང་བའི་དགྲ་ལ་འཕོག་ན་ལྷ་དང་འབྲལ༔ གནོད་པའི་བགེགས་ལ་འཕོག་ན་བརྒྱལ་ཞིང་མྱོས༔ སྲས་མཆོག་ཀཱི་ལཱ་ཡ་ནི་གཟི་བྱིན་བསྐྱེད༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ། སུ་རུ་སུ་རུ། པྲ་སུ་རུ། ཨ་ཏིཥྛ་མུ་ག་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱོགས་མཱ་ར་ཡ་ཧཱུཾ་ཕཊ༔ ཧཱུཾ། ཡུངས་ཀར་རྒྱལ་པོའི་རྫས་མཆོག་དམ་པ་འདི༔ གསེར་མདོག་གཟི་མདངས་འོད་ཟེར་ཕྱོགས་བཅུར་འཕྲོ༔ དགྲ་དང་བགེགས་ནི་ཐལ་བ་རྡུལ་དུ་རློག༔ སྲས་མཆོག་ཀཱི་ལཱ་ཡ་ནི་ཐུགས་དམ་བསྐུལ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ། མ་གུ་ཏ་ཡ། མ་གུ་ཏ་ཡ། པྲ་ཏ་ལ་པྲ་ཏ་ལ་ཤ་ཏ་ར་ཙ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ༔ ཧཱུཾ། རཀྟ་ཁོལ་མའི་རྫས་མཆོག་དམ་པ་འདི༔ སྡང་བའི་དགྲ་ལ་འཕོག་ན་དབང་དུ་སྡུད༔ གནོད་པའི་བགེགས་ལ་འཕོག་ན་ཐལ་བར་རློག༔ སྲས་མཆོག་ཀཱི་ལཱ་ཡ་ནཱི་གཟི་མདངས་བསྐྱེད༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ། རཀྟ་ཛྲ་ལ་མཎྜལ། རཀྵ་རཀྵ། དགྲ་བགེགས་བ་ཤཾ་ཀུ་རུ་མཱ་ར་ཡ་ཧཱུཾ་ཕཊ༔ དེ་ལྟར་རྫི་དུག་གི་གསེབ་ནས་ཁྲོ་ཆུང་འཕྲོ་བ་སོགས་ཀྱི་དམིགས་པ་བྱ། རྒྱུད་དག་སྒྲུབ་ཁོག་ལས་ཕུར་པ་རིགས་བཞི་གསུངས་པའི་མཚན་མ་རྫས་ཀྱི་ཕུར་པ༔ སྲས་མཆོག་ཡཀྴ་ཀྲོ་ཏར་བསྐྱེད་ཚུལ་གསུངས་པ་ནི༔ གདབ་ཕུར་ལག་ཏུ་ཐོགས་ལ༔ བདག་གི་ལག་པ་གཡས་པའི་སོར་མོ་ལྔ་ཟླ་བའི་དཀྱིལ་འཁོར་ལ༔ ཨཱོཾ་ཧཱུཾ་ཧྲཱཾ་ཧྲཱིཿཨཱཿ དཔའ་བོ་འབྲུ་ལྔ་ལས། རིགས་ཀྱི་ཡབ་ལྔར་བསྐྱེད༔ གཡོན་གྱི་སོར་མོ་ལྔ་མཱུཾ་(༢༢བ)


GLG024_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ལཱཾ་མཱཾ་པཱཾ་ཏཱཾ། དཔའ་མོ་འབྲུ་ལྔ་ལས་རིགས་ཀྱི་ཡུམ་ལྔར་བསྐྱེད། ཐལ་མོ་སྦྱར་བའི་མཚམས་སུ་ཕུར་པ་བཟུང་སྟེ༔ ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྟོང་པར་བསམ་མོ༔ དེ་ཡང་རིགས་ལྔ་ཡབ་ཡུམ་སྦྱོར་བ་བྱས་པའི་བྱང་ཆུབ་སེམས་ལས་བྱུང་བའི་ཧཱུཾ་མཐིང་ནག་ལས་འོད་འཕྲོས་པས་དགྲ་བགེགས་ཐམས་ཅད་ཚར་བཅད༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ དེ་དག་གི་ནུས་པ་ཐམས་ཅད་ཚུར་འདུས་ཏེ༔ ཧཱུཾ་ལ་ཐིམ་པར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་དུས་གཅིག་ལ་བསྡུས་པའི་བདག་ཉིད། སྲས་མཆོག་བཛྲ་ཀཱི་ལཱ་ཡ། སྐུ་སྟོད་ཞལ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན་ཞལ་གཡས་དཀར་གཡོན་དམར། དབུས་མཐིང་ནག །ཕྱག་གཡས་དང་པོ་རྡོ་རྗེ་རྩེ་དགུ་པ། བར་པ་ན་དགྲ་སྟ། གཡོན་དང་པོ་མེ་དཔུང་། བར་པ་ན་ཁ་ཊྭཱཾ། ཐ་མ་གཉིས་རི་རབ་ཀྱི་ཕུར་པ་བསྒྲིལ་བ། དུར་ཁྲོད་ཀྱིས་བརྒྱན་པ། རྡོ་རྗེའི་གཤོག་པ་ཕྱོགས་བཅུར་བརྒྱངས་པས་འཇིགས་སུ་རུང་བ། སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་མགར་གྱི་སོལ་མལ་ནས་དྲངས་པ་ལྟ་བུ་ཆུ་སྲིན་གྱི་ཁ་ནས་སྦྲུལ་གྱི་ཆུན་པོ་སྐྱུག་པ་ཞིག་ཏུ་བསྐྱེད་དོ༔ དེའི་རྒྱ་མདུད་གོང་མ་ལ་ཞི་བ་རིགས་ལྔའི་ཕོ་བྲང་དང་བཅས་པ་འཆང་བཟུང་ཁྲག་འཐུང་ལྷ་དགུའི་ཕོ་བྲང་དང་བཅས་པ། རྒྱ་མདུད་འོག་མ་ལ་དཔལ་གྱི་བཀའ་སྲུང་གི་ཕོ་བྲང་དང་བཅས་པ། རྩེ་མོ་ཟུར་གསུམ་པ་མཚོན་ཆ་སྣ་ཚོགས་ཀྱི་ཚ་ཚ་འཕྲོ་བ། བསྒྲིལ་བ་ཙམ་གྱིས་སྲིད་གསུམ་འདར་བ། ཕྱར་བ་ཙམ་གྱིས་ཁམས་གསུམ་དངངས་པར་བྱེད་པ། བཏབ་པ་ཙམ་གྱིས་སྟོང་གསུམ་བརླག་པར་བྱེད་པ་ཞིག་ཏུ་བསྐྱེད་ལ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ་(༢༣ན)


GLG024_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས། ཕུར་པ་དེ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས་པས། ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་མཉེས་པའི་མཆོད་པ་ཕུལ༔ འོད་ཟེར་ཚུར་བསྡུས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཕུར་པ་བཏབ་པ་ལ་ཐིམ་པས་སྐུ་འགྱིང་བ་ཙམ་གྱིས་ཁམས་གསུམ་སྒྲོལ་ནུས་པའི་དབང་ཐོབ་པར་བསམ་མོ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་ཕུར་པ་དེ་ལས་འོད་དམར་པོ་དཔག་ཏུ་མེད་པ་འཕྲོས༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་མཉེས་པའི་མཆོད་པ་ཕུལ༔ འོད་ཟེར་ཚུར་བསྡུས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཕུར་པ་ལ་ཐིམ་པས་གསུང་བསྒྲགས་པ་ཙམ་གྱིས་སྟོང་གསུམ་སྒྲོལ་ནུས་པའི་དབང་ཐོབ་པར་བསམ་མོ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པས་ཕུར་པ་དེ་ལས་འོད་སྔོན་པོ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཉེས་པའི་མཆོད་པ་ཕུལ༔ འོད་ཟེར་ཚུར་བསྡུས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ཕུར་པ་ལ་ཐིམ་པས། ཐུགས་གཡོས་པ་ཙམ་གྱིས་སྲིད་གསུམ་སྒྲོལ་ནུས་པའི་དབང་ཐོབ་པར་བསམ༔ ཕུར་པ་བསྒྲིལ་ཞིང་འདི་སྐད་དོ༔ ཧཱུཾ། བདག་ཉིད་ཁྲག་འཐུང་ཧེ་རུ་ཀ༔ གཡས་པ་ཐབས་ཀྱི་རང་བཞིན་ལ༔ རིགས་ལྔ་ཡབ་ལྔའི་ངོ་བོར་གསལ༔ གཡོན་པ་ཤེས་རབ་རང་བཞིན་ལ༔ རིགས་ལྔ་ཡུམ་ལྔའི་ངོ་བོར་གསལ༔ ཐབས་དང་ཤེས་རབ་སྦྱོར་བ་ལས༔ མཐིང་ནག་ཧཱུཾ་ལས་བསྐྱེད་པའི་ལྷ༔ སྲས་མཆོག་བཛྲ་ཀཱི་ལཱ་ཡ༔ ལྟེ་བ་ཡན་ཆོད་སྐུ་སྟོད་ནི༔ དབུ་(༢༣བ)


GLG024_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན༔ དུས་གསུམ་བདེ་གཤེགས་འཕྲིན་ལས་འདུས་པའི་སྐུ༔ ལྟེ་བ་མན་ཆད་སྐུ་སྨད་ནི༔ ཡེ་ཤེས་ཕུར་པ་དཔལ་དང་ལྡན༔ དུག་ལྔ་འཇོམས་མཛད་མགོ་བོ་རྒྱ་མདུད་ནི༔ སྲིད་གསུམ་བླ་མེད་གནས་སུ་བསྒྲལ་བའི་ཕྱིར༔ ཞི་བའི་དཀྱིལ་འཁོར་བཞུགས་པར་མངའ་གསོལ་ནས༔ མ་བཅོས་ལྷུན་གྱིས་གྲུབ་པར་གཟི་བྱིན་བསྐྱེད༔ འཆང་བཟུང་ཟུར་བརྒྱད་དུར་ཁྲོད་བརྒྱད་ཀྱི་ངང་༔ རྣམ་ཤེས་ཚོགས་བརྒྱད་དབྱིངས་སུ་སྒྲོལ་བའི་ཕྱིར༔ ཁྲོ་བོའི་དཀྱིལ་འཁོར་བཞུགས་པར་མངའ་གསོལ་ནས༔ བཅུ་དྲུག་རོལ་པ་ཆེན་པོར་གཟི་བྱིན་བསྐྱེད༔ རྐེད་པ་རྒྱ་མདུད་འཕྲིན་ལས་རྣམ་བཞིའི་ངང་༔ ཆུ་སྲིན་ཁ་ནས་སྦྲུལ་གྱིས་ཆུན་པོས་བརྒྱན༔ འཁོར་བ་ཆོས་ཀྱི་དབྱིངས་སུ་སྒྲོལ་བའི་ཕྱིར༔ བཀའ་སྲུང་ཕོ་ཉ་བཞུགས་པར་མངའ་གསོལ་ནས༔ མཁའ་དབྱིངས་ཡུམ་གྱི་བྷ་གར་གཟི་བྱིན་བསྐྱེད༔ རྩེ་མོ་ཐུར་གསུམ་མངོན་སྤྱོད་དྲག་པོ་ཡིས༔ དུག་གསུམ་སྐུ་གསུམ་དབྱིངས་སུ་སྒྲོལ་བའི་ཕྱིར༔ མཐུ་རྩལ་རྨད་དུ་བྱུང་བར་མངའ་གསོལ་ནས༔ འབྲས་བུ་སྐུ་གསུམ་དབྱིངས་སུ་གཟི་བྱིན་བསྐྱེད༔ འཕྲིན་ལས་རྫོགས་པའི་རྡོ་རྗེ་ཕུར་པ་འདི༔ བསྒྲིལ་བ་ཙམ་གྱིས་སྲིད་པ་གསུམ་ཡང་འདར༔ ཕྱར་པ་ཙམ་གྱིས་ཁམས་གསུམ་དངངས་པར་བྱེད༔ བཏབ་པས་ཁམས་གསུམ་སྐད་ཅིག་ཙམ་ལ་བརླག༔ གནོད་བྱེད་དགྲ་བགེགས་རྣམས་ལ་སྨོས་ཅི་དགོས༔ གདུག་པ་འདུལ་མཛད་བཛྲ་ཀཱི་ལཱ་ཡ༔ འགལ་བྱེད་ཆམ་ལ་ཕོབ་ཅིག་བཛྲ་ཀཱི་ལཱ་ཡ༔ སྒྲུབ་པའི་རྟགས་འབྱིན་མཛོད་ཅིག་བཛྲ་ཀཱི་ལཱ་ཡ༔ ལས་རྣམས་དོན་དུ་གཉེར་ཞིག་བཛྲ་ཀཱི་ལཱ་ཡ༔ བཏབ་ན་ཐེབས་(༢༤ན)


GLG024_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད་ཅིག་བཛྲ་ཀཱི་ལཱ་ཡ༔ ཕངས་ན་ཕྱིར་ལ་བཟློག་ཅིག་བཛྲ་ཀཱི་ལཱ་ཡ༔ སྲོག་དབུགས་ལུས་དང་ཕྱེ་ཞིག་བཛྲ་ཀཱི་ལཱ་ཡ༔ རྣམ་ཤེས་རྟེན་དང་ཕྲོལ་ཅིག་བཛྲ་ཀཱི་ལཱ་ཡ༔ དགྲ་བགེགས་རྡུལ་དུ་རློག་ཅིག་བཛྲ་ཀཱི་ལཱ་ཡ༔ ན་མཿས་མནྟ་བུདྡྷཱ་ནཱཾ། ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ཕཊ་ཕཊ། བཛྲ་ཀཱི་ལཱ་ཡ་བཛྲ་དྷ་རོད་ཨཛྙ་པ་ཡ་ཏི་གནོད་བྱེད་སརྦ་བི་གྷྣཱན་བཾ་ཧཱུཾ་ཕཊ༔ ཕུར་པ་དེ་ཡེ་ཤེས་ཀྱི་ལྷ་ལ་བསྟད་དེ་བསྒྲིལ་བས༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཕུར་པ་ལ་འོད་དུ་ཞུ་ནས་ཐིམ་པས། ཕུར་པ་གཟི་བརྗིད་དང་ལྡན་པར་གྱུར༔ ཕུར་པ་ཕྱོགས་མཚམས་བཅུར་བསྟད་དེ་བསྒྲིལ་བས། གནོད་བྱེད་རྣམས་འོད་དུ་ཞུ་ནས་ཕུར་པ་ལ་ཐིམ་པས་ཕུར་པ་རྫུ་འཕུལ་དང་ལྡན་པར་གྱུར༔ དེ་ནས་ཡོངས་རྫོགས་བསྐུལ་བྱང་ལས༔ གསུམ་པ་ཕུར་ཐུན་ཚོམ་བུར་བསྐུལ་ཏེ་བསྒྲུབ་བྱ་ཚར་བཅད་པ་ནི། གདབ་ལས་ལ་སྦྱོར་བར་གསལ་བ་གསུམ་དང་ལྡན་པས་འདི་སྐད་དོ༔ ཧཱུཾ་ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཞེས་སོགས་ལས་བྱང་ནས་བྱུང་བ་ལྟར་བསྐུལ༔ རྣམ་ཤེས་སྦར་བའི་ཆེད་དུ། ཨེ་མ་ཁམས་གསུམ་སེམས་ཅན་རྣམས༔ མ་རྟོགས་འཁྲུལ་པ་སྙིང་རེ་རྗེ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཐུགས་རྗེའི་ཐབས་ཀྱིས་སྦྱོར་བ་ཡིས༔ ཕུང་པོ་བསྒྲལ་བའི་ཞིང་དུ་བཅས༔ གཟུགས་ཀྱི་ལྷ་རྣམས་མཆོད་པར་བྱ༔ རྣམ་ཤེས་ཡུམ་གྱི་མཁའ་ལ་སྤར༔ ཡེ་ཤེས་སེམས་དཔར་བྱིན་བརླབས་ཏེ༔ ཁྱོད་ནི་རྒྱལ་བའི་སྲས་སུ་བསྐྱེད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ།(༢༤བ)


GLG024_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་རཾ་ཡཾ་རཾ། སྥ་ར་ཎ་ཕཊ༔ བོ་དྷི་ཙིཏྟ་ཧྲཱིཿ སཾ་ཧ་ར་ཎ་ཧཱུཾ༔ ཞེས་བརྗོད། དྲག་སྔགས་སོ་ལྔ་པ་ལ་ཡོངས་རྫོགས་གཞུང་དང་མན་ངག་ལས་བྱུང་བའི་གདངས་དང་བསྟུན་ཏེ་ཕུར་བསྐོར་བྱ་ཞིང་སྙིང་གར་ཕུར་པ་བཏབ་སྟེ་བསྒྲལ་ལོ༔ འདིའི་སྐབས་ཚེ་ལུང་ཁྲུས་ལུང་གི་ཉམས་ལེན་ཟབ་མོ་བརྒྱུད་ལྡན་བླ་མའི་གསུང་རྒྱུན་ཐོས་པས་མ་གོམས་པར་བྱས་པས་རྫོང་འཕྲང་སྲོག་གསུམ་གྱིས་རྩིས་ཟིན་པར་བྱེད་པ་ནི་དམིགས་པ་རྣོན་པོ་རྣལ་འབྱོར་པའི་མཚོན་ཆ་ཡིན་པས་ངག་འདོན་གཙོ་མི་ཆེ་ཡང་ཕཊ་གསུམ་གྱི་འོག་མིན་དུ་འཕང་བའི་ཚེ་ངག་ནས་ཕཊ་ཤིན་ཏུ་ཆེ་བ་གསུམ་བརྒྱབ་སྟེ་ཐག་ཆོད་པར་བྱའོ༔ སྐྱེ་སྒོ་བཅད་ནས་ཕྱིར་མི་ལྡོག་པར་བྱ་བའི་ཆེད་དུ་དཔལ་དགུའི་གདབ་སྔགས་སོ་སོས་གདབ་པ་ནི། ཚེ་མཆོག་གི་གདབ་སྔགས་རྒྱས་པའམ། བསྡུ་ན་སྔགས་བྱང་སྐོར་ལྡེའི་རྒྱ་ཅན་ལས་གསུངས་པ་ལྟར། ཨཱོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱན་བཾ༔ དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུཾ་ཕཊ༔ ཅེས་ཆེ་མཆོག་དང་། དེ་བཞིན་དུ་བཀའ་གཞན་རྣམས་ལ་སོ་སོའི་སྔགས་ཀྱི་མཇུག་ཏུ་བཛྲ་ཀཱི་ལི་མན་ཆད་སྦྱར་ཏེ་དཔལ་དགུ་སོ་སོའི་ཕུར་པ་གང་དུ་གདབ་པའི་གནས་མ་ནོར་བ་བྱས་ནས་གདབ་བོ༔ དེ་ནས་སྤྱིར་བཏང་གདབ་ལས་ལ་ཐུན་དགུའམ་བདུན་རྒྱག་པ་ཡིན་ཀྱང་། གཏོར་བཟློག་སྐབས་སུ་བཟློག་གཞུང་དུ་ཕུར་སྐོར་བྱ༔ ཞེས་གསུངས་པ་གབ་པ་དོན་སྙིང་ལས་འབྱུང་བ་ལྟར། སྤྲོ་ན། ཕུར་བུ་བསྒྲིལ་ཞིང་འདི་སྐད་དོ༔ ཧཱུཾ། ལྕགས་སམ་གདུག་པའི་ཤིང་རྣམས་ལ༔ མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ༔ རྐེད་པ་རྒྱ་མདུད་གཞལ་ཡས་ཁང་༔ རྩེ་མོ་ཟུར་གསུམ་(༢༥ན)


GLG024_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དང་ལྡན༔ ཆུ་སྲིན་ཁ་ནས་འབྲུག་སྟོང་ལྡིར༔ རྒྱ་མདུད་ཁ་ནས་གློག་སྟོང་འཁྱུག༔ མགོ་བོ་སུམ་ཅུ་རྩ་གསུམ་གཞལ་ཡས་ཁང་༔ རྐེད་པ་གླིང་བཞི་འགྲོ་བ་མི་ཡི་ཡུལ༔ རྩེ་མོ་ཟུར་གསུམ་ངན་སོང་གསུམ་གྱི་གནས༔ མགོ་བོ་རྒྱ་མདུད་གཞལ་ཡས་ཁང་༔ བདེ་གཤེགས་ཞི་བའི་ལྷ་ཚོགས་བཞུགས༔ སྦྱོར་སྒྲོལ་འདྲེན་པའི་འཕྲིན་ལས་མཛོད༔ རྐེད་པ་གླིང་བཞི་མི་ཡུལ་ན༔ རྟག་ཆད་གཉིས་ཀྱི་མཐའ་འཛིན་པ༔ ཕྱི་ནང་བསྟན་པའི་སྒོར་ཞུགས་པ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྩེ་མོ་ངན་སོང་གསུམ་གནས་ན༔ བདག་འཛིན་དུག་གི་རང་དབང་གིས༔ འགྲོ་བ་རིགས་དྲུག་སེམས་ཅན་རྣམས༔ སྡུག་བསྔལ་རྣམ་པ་སྣ་ཚོགས་སྤྱོད༔ སྲིད་པའི་ཕུར་བུ་ཆེན་པོ་ཡིས༔ སྟོང་གསུམ་འཇིག་རྟེན་ཀུན་གྱི་བདག༔ མཐོ་རིས་ངན་སོང་ཀུན་གྱི་ངང་༔ ཁྱོད་ནི་སྲིད་པ་ཀུན་གྱི་བདག༔ ཁྱོད་ནི་ཟློག་བྱེད་ཀུན་གྱི་བདག༔ ཁྱོད་ནི་འབྱུང་བ་ཀུན་གྱི་རྗེ༔ ཁྱོད་ནི་འགྲོ་བ་ཀུན་གྱི་ལམ༔ ཁྱོད་ནི་འདྲེན་པ་ཀུན་གྱི་གཙོ༔ ཁྱོད་ནི་ངན་སོང་གསུམ་གྱི་རྒྱུད༔ ཁྱོད་ནི་འགྲོ་དྲུག་ཀུན་གྱི་གནས༔ ཁྱོད་ཀྱི་ཆ་ལ་ཐམས་ཅད་བརྟེན༔ ཁྱོད་ཀྱི་འཁོར་དུ་ཐམས་ཅད་འདུས༔ ཁྱོད་ནི་དྲེགས་པ་ཐམས་ཅད་འདུལ༔ ཁྱོད་ནི་ངན་སྔགས་ཐམས་ཅད་སྒྲུབ༔ དྲེགས་པ་ལྷ་སྲིན་ཐམས་ཅད་ཀྱང་༔ ཁྱོད་ཀྱི་སྐུ་ཡི་ཆ་ལ་བརྟེན༔ སྲིད་པ་ཕོ་རྒྱུད་མོ་རྒྱུད་ཀྱང་༔ ཁྱོད་ཀྱི་སྐུ་ཡི་ཆ་ལ་བརྟེན༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་ལྟར༔ དམ་ལས་མ་འདས་འཕྲིན་ལས་མཛོད༔ སྲིད་(༢༥བ)


GLG024_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕུར་བུ་དག་གིས་བསྐུལ༔ ཟས་སུ་ཉམས་པའི་ཤ་ལ་ཟོ༔ སྐོམ་དུ་ཉམས་པའི་ཁྲག་ལ་འཐུང་༔ ཀཱི་ལཱ་ལ་ཡི་སྒྲ་བསྒྲགས་པས༔ དམ་ཉམས་རྣམས་ཀྱི་ཀླད་པ་འགེམས༔ སྲིད་པའི་ཕུར་བུ་བདག་གིས་བསྐུལ༔ བསྟན་པ་བཤིག་པའི་དགྲ་བོ་དང་༔ བར་ཆད་བྱེད་པའི་བདུད་བགེགས་ལ༔ སྲིད་པའི་ཕུར་བུ་ཀཱི་ལཱ་ཡ༔ སྔགས་འཆང་རྒྱལ་པོ་བདག་ཉིད་ལ༔ ཕྱོགས་བཞི་མཚམས་དང་སྟེང་འོག་ནས༔ ངན་པར་དམིགས་ནས་སྔགས་བཟློག་དང་༔ ལོག་པར་བལྟ་བའི་ངན་སེམས་དང་༔ འཚེ་ཞིང་གནོད་པའི་སྦྱོར་བ་དང་༔ གཏུམ་ཞིང་གདུག་པའི་སེམས་ཀྱིས་སུ༔ མནན་སྲེག་ཐུན་ལ་སོགས་པ་ཡིས༔ གདུག་སེམས་བྱད་མཁན་གང་ཡིན་གྱི༔ སྙིང་གི་དཀྱིལ་དུ་ཀཱི་ལཱ་ཡ༔ སྨྲ་བྱེད་ལྕེ་ལ་ཀཱི་ལཱ་ཡ༔ དྲན་བྱེད་སེམས་ལ་ཀཱི་ལཱ་ཡ༔ དབང་པོ་ལྔ་ལ་ཀཱི་ལཱ་ཡ༔ རྣམ་ཤེས་ལྔ་ལ་ཀཱི་ལཱ་ཡ༔ སྐྱེ་མཆེད་བཞི་ལ་ཀཱི་ལཱ་ཡ༔ ཕུང་པོ་ལྔ་ལ་ཀཱི་ལཱ་ཡ༔ ནུས་མཐུ་སྔགས་ལ་ཀཱི་ལཱ་ཡ༔ སྐྱོབ་བྱེད་ལྷ་ལ་ཀཱི་ལཱ་ཡ༔ འཕངས་པའི་སྲོག་ལ་ཀཱི་ལཱ་ཡ༔ གཅེས་པའི་བུ་ལ་ཀཱི་ལཱ་ཡ༔ མཛའ་བཤེས་གཉེན་ལ་ཀཱི་ལཱ་ཡ༔ ཕུར་གང་ལྷ་ལ་ཀཱི་ལཱ་ཡ༔ ཁྱིམ་གང་མི་ལ་ཀཱི་ལཱ་ཡ༔ སྒོ་གང་ནོར་ལ་ཀཱི་ལཱ་ཡ༔ དབང་ཐང་ལོ་ལ་ཀཱི་ལཱ་ཡ༔ ཡུལ་དང་མཁར་ལ་ཀཱི་ལཱ་ཡ༔ ཧཱུཾ། ཟློག་བྱེད་ཆེན་པོའི་དུས་ལ་བབ༔ སྲིད་པའི་བྱེད་ཟོར་བཟློག་ཏུ་གསོལ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ དམ་ཚིག་ཉམས་ཆགས་བསྐང་དུ་གསོལ༔ ལྷ་ཆེན་ཐུགས་དམ་དུས་ལ་བབ༔ ལྷ་ཀླུའི་བྱད་ཁ་བཟློག་ཏུ་གསོལ༔ ཧཱུཾ། ཡོན་ཏན་(༢༦ན)


GLG024_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས་བྱུང་བ་ཡི༔ ཆེ་མཆོག་ཐུགས་ཀྱི་སྤྲུལ་པ་སྟེ༔ འདེབས་བྱེད་གསེར་གྱི་ཕུར་པ་འབུམ༔ སྲིད་གསུམ་བྱད་མའི་ཕུར་ཁ་བཟློག༔ སྲིད་པའི་ཕུར་བུ་ཆེན་པོ་ཡིས༔ བྱད་ཟོར་ཐམས་ཅད་བཟློག་ཏུ་གསོལ༔ ཧཱུཾ། ཐུགས་ཀྱི་རྒྱུད་ལས་བྱུང་བ་ཡི༔ ཡང་དག་ཐུགས་ཀྱི་སྤྲུལ་པ་སྟེ༔ འདེབས་བྱེད་ལྕགས་ཀྱི་ཕུར་པ་འབུམ༔ སྲིད་གསུམ་བྱད་མའི་ཕུར་ཁ་བཟློག༔ སྲིད་པའི་ཕུར་བུ་ཆེན་པོ་ཡིས༔ བྱད་ཟོར་ཐམས་ཅད་བཟློག་ཏུ་གསོལ༔ ཧཱུཾ་སྐུ་ཡི་ངང་ལས་བྱུང་བ་ཡི༔ འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་སྟེ༔ འདེབས་བྱེད་ཤེལ་གྱི་ཕུར་པ་འབུམ༔ སྲིད་གསུམ་བྱད་མའི་ཕུར་ཁ་བཟློག༔ སྲིད་པའི་ཕུར་བུ་ཆེན་པོ་ཡིས༔ བྱད་ཟོར་ཐམས་ཅད་བཟློག་ཏུ་གསོལ༔ ཧཱུཾ་གསུང་གི་ངང་ལས་བྱུང་བ་ཡི༔ དབང་ཆེན་ཐུགས་ཀྱི་སྤྲུལ་པ་སྟེ༔ འདེབས་བྱེད་ཟངས་ཀྱི་ཕུར་པ་འབུམ༔ སྲིད་གསུམ་བྱད་མའི་ཕུར་ཁ་བཟློག༔ སྲིད་པའི་ཕུར་བུ་ཆེན་པོ་ཡིས༔ བྱད་ཟོར་ཐམས་ཅད་བཟློག་ཏུ་གསོལ༔ ཧཱུཾ་འཕྲིན་ལས་ངང་ལས་བྱུང་བ་ཡི༔ ཕུར་པ་ཐུགས་ཀྱི་སྤྲུལ་པ་སྟེ༔ འདེབས་བྱེད་གཡུ་ཡི་ཕུར་པ་འབུམ༔ སྲིད་གསུམ་བྱད་མའི་ཕུར་ཁ་བཟློག༔ སྲིད་པའི་ཕུར་བུ་ཆེན་པོ་ཡིས༔ བྱད་ཟོར་ཐམས་ཅད་བཟློག་ཏུ་གསོལ༔ ཧཱུཾ། ཤེས་རབ་ངང་ལས་བྱུང་བ་ཡི༔ བླ་མེད་ཐུགས་ཀྱི་སྤྲུལ་པ་སྟེ༔ འདེབས་བྱེད་མཐིང་གི་ཕུར་པ་འབུམ༔ སྲིད་གསུམ་བྱད་མའི་ཕུར་ཁ་བཟློག༔ སྲིད་པའི་ཕུར་བུ་ཆེན་པོ་ཡིས༔ བྱད་ཟོར་ཐམས་ཅད་བཟློག་ཏུ་གསོལ༔ ཧཱུཾ་ཆོས་ཉིད་ཕྱག་རྒྱའི་ངང་ལས་བྱུང་བ་ཡི༔ རིགས་འཛིན་ཐུགས་ཀྱི་སྤྲུལ་པ་སྟེ༔ འདེབས་བྱེད་མུ་མེན་ཕུར་པ་འབུམ༔ སྲིད་གསུམ་(༢༦བ)


GLG024_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་མའི་ཕུར་ཁ་བཟློག༔ སྲིད་པའི་ཕུར་བུ་ཆེན་པོ་ཡིས༔ བྱད་ཟོར་ཐམས་ཅད་བཟློག་ཏུ་གསོལ༔ ཧཱུཾ། གཏུམ་ཞིང་དྲེགས་པའི་རྒྱུད་ལས་བྱུང་༔ དྲེགས་པ་ཀུན་འདུལ་ཐུགས་ཀྱི་སྤྲུལ་པ་སྟེ༔ འདེབས་བྱེད་མཆོང་གི་ཕུར་པ་འབུམ༔ སྲིད་གསུམ་བྱད་མའི་ཕུར་ཁ་བཟློག༔ སྲིད་པའི་ཕུར་བུ་ཆེན་པོ་ཡིས༔ བྱད་ཟོར་ཐམས་ཅད་བཟློག་ཏུ་གསོལ༔ ཧཱུཾ། བདེ་གཤེགས་མངོན་སྤྱོད་རྒྱུད་ལས་བྱུང་བ་ཡི༔ སྟོབས་ཆེན་ནག་པོའི་ཐུགས་ལས་སྤྲུལ༔ འདེབས་བྱེད་རཏྣའི་ཕུར་པ་འབུམ༔ སྲིད་གསུམ་བྱད་མའི་ཕུར་ཁ་བཟློག༔ སྲིད་པའི་ཕུར་བུ་ཆེན་པོ་ཡིས༔ བྱད་ཟོར་ཐམས་ཅད་བཟློག་ཏུ་གསོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ། ཡང་བྷྱོས་གདབ་ཅེས་པ་ནི་རྣལ་འབྱོར་པ་བདག་དང་༔ མཆེད་ལྕམ་རྣམས་ཀྱིས་ནས་ཐོགས་ནས་གཏོར༔ དར་ནག་གིས་གཡབ་ཅིང་བཟློག་པ་འདི་སྐད་དོ༔ ཧཱུཾ། ང་ནི་སྔགས་འཆང་རྒྱལ་པོ་ཡིན༔ ང་ནི་ཟློག་བྱེད་ཆེན་པོ་ཡིན། ང་ནི་སྟོང་གསུམ་བདག་པོ་ཡིན༔ སྣང་སྲིད་ང་ཡིས་དབང་དུ་སྡུད༔ རང་བྱུང་བསྟན་པ་རིན་ཅེན་ལ༔ བདག་ཅག་ཞུགས་དང་སྐྱོང་ལགས་ཏེ༔ འགྲོ་དྲུག་སེམས་ཅན་གྲངས་མང་བས༔ ལོག་རྟོག་མུན་པའི་སེམས་ཀྱིས་སུ༔ བསྟན་པའི་རུ་དྲ་བྱེད་པ་དང་༔ དུག་ལྔ་རྒྱས་པའི་དབང་གིས་ནི༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་༔ སྔགས་འཆང་རྒྱལ་པོ་བདག་ཅག་ལ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ གདུག་རྩུབ་གཏུམ་པའི་སེམས་ཀྱིས་སུ༔ ངན་སྔགས་དམོད་པ་གང་བྱེད་ཀྱིས༔ སྟོང་གསུམ་མ་མོའི་བྷྱོ་ཡིས་ཐོབ༔ (༢༧ན)


GLG024_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་བྷྱོ་སྒྲ་དིར་རི་རི༔ སྣང་སྲིད་ལྷ་འདྲེ་བྷྱོ་ཡིས་ཐོབ༔ སྣང་སྲིད་བྷྱོ་སྒྲ་དིར་རི་རི༔ བྷྱོ༔ ནམ་མཁའ་ལྷ་ཡི་བྱད་སྣ་ཡང་༔ ཉམས་པའི་དགྲ་བགེགས་འདི་ལ་བྷྱོ༔ བར་སྣང་གཉན་གྱི་བྱད་སྣ་ཡང་༔ དམ་ཉམས་དགྲ་བགེགས་འདི་ལ་བྷྱོ༔ ས་བདག་ཀླུ་ཡི་བྱད་སྣ་ཡང་༔ ཉམས་པའི་དགྲ་བགེགས་འདི་ལ་བྷྱོ༔ སྣང་སྲིད་ལྷ་འདྲེའི་བྱད་སྣ་ཡང་༔ ཉམས་པའི་དགྲ་བགེགས་འདི་ལ་བྷྱོ༔ གླིང་བཞི་མི་ཡི་བྱད་སྣ་ཡང་༔ དམ་ཉམས་དགྲ་བགེགས་འདི་ལ་བྷྱོ༔ འགྲོ་དྲུག་ཡོངས་ཀྱི་དམོད་ཟོར་ཡང་༔ དམ་ཉམས་དགྲ་བགེགས་འདི་ལ་བྷྱོ༔ དེ་རིང་ཚོགས་པའི་གདུག་རྩུབ་ཀྱང་༔ དམ་ཉམས་དགྲ་བགེགས་འདི་ལ་བྷྱོ༔ སེམས་ཀྱིས་བསམས་པའི་གདུག་སེམས་ཀྱང་༔ སྡང་བའི་དགྲ་བགེགས་འདི་ལ་བྷྱོ༔ ལུས་ལས་བྱུང་བའི་གདུག་རྩུབ་ཀྱང་༔ སྡང་བའི་དགྲ་བགེགས་འདི་ལ་བྷྱོ༔ དུག་ལྔ་གཡོས་པའི་གདུབ་རྩུབ་ཀྱང་༔ སྡང་བའི་དགྲ་བགེགས་འདི་ལ་བྷྱོ༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོཿ བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ༔ བྷྱོ་བྷྱོ་བར་ཆད་བདུད་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་སྲོག་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་ཤ་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་སྙིང་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་ཁྲག་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་རུས་ལ་བྷྱོ༔ལ བྷྱོ་བྷྱོ་བྱད་མའི་ལྕེ་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་ལུས་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་ངག་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་ཡིད་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་ལྷ་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་སྔགས་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་ཐོག་ཏུ་བྷྱོ༔ ཨྠྀི༔ དེ་ནས་ཕུར་ཐུན་ཚོམ་བསྐུལ་ལས༔ ཐུན་བདུན་གྱིས་བྲབ་པ་ནི༔(༢༧བ)


GLG024_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། རྡོ་རྗེ་ཕུར་པ་ཀཱི་ལཱ་ཡ༔ སངས་རྒྱས་ཡོངས་རྫོགས་འཕྲིན་ལས་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ སོ་ལྔ་པའི་རྗེས་ལ༔ དགྲ་བགེགས་གནོད་བྱེད་ཤ་ཏྲུཾ་ཧུར་ཐུཾ་ཛ༔ ནྲྀ་ཏྲི་མཱ་ར་ཡ་རྦད༔ ཅེས་ཕུར་ཐུན་སོར་བཞི་པས་བྲབ༔ ཧཱུཾ། ཡུངས་ཀར་རྒྱལ་པོ་ཤཱ་རི་རམ༔ ཁྲོ་རྒྱལ་ཡོངས་རྫོགས་སྤྲུལ་པའི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ སྔགས་འགྲེ། །ཧཱུཾ། རཀྟའི་རྒྱ་མཚོ་རྦ་རློང་འཁྲུག༔ མ་མོ་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག་༴༔ ཧཱུཾ། མཚེ་མདའ་དྲག་པོ་སྐར་ལྟར་འཁྲུག༔ དྲེགས་པ་ཡོངས་རྫོགས་རྩལ་གྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག་༴༔ ཧཱུཾ། འབྱུང་བའི་དུག་འདུས་རླུང་ལྟར་འཚུབ༔ གདུག་པ་དུག་ལྔ་མདོས་རྫོགས་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག་༴༔ ཧཱུཾ། ཐོགས་མེད་དྲག་པོ་ལས་ཀྱི་མཚོན༔ ཕྱག་མཚན་ཡོངས་རྫོགས་མཚོན་ཆའི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག་༴༔ ཧཱུཾ། སྟོབས་ཆེན་འདུས་པ་མདའ་རྡོ་ཡི༔ བདུད་འཇོམས་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག་༴༔ གསང་རྫོགས་ན་ཐུན་བདུན་ལས་མི་འདུག་ཀྱང་བདེ་འདུས་ནས་ཁ་བཀང་སྟེ༔ ཟངས་ཕྱེས་ལུས་སེམས་དབང་དུ་སྡུད༔ དབང་ཆེན་ཡོངས་རྫོགས་གར་གྱི་སྐུ༔ དགྲ་བགེགས་ལྔ་ཕུད་རྡུལ་དུ་རློག་༴༔ རྡོ་རྗེ་ཐལ་ཆེན་ཐབས་ཀྱིས་གནོན༔ དཔའ་བོ་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ དེ་ནས་སྲས་མཆོག་གིས་གཏུབས་ཏེ༔ ཧཱུཾ། སྟོང་པའི་ཡེ་ཤེས་མཁའ་འདྲ་བ༔ མུན་པ་ཀུན་དང་རྣམ་པར་བྲལ༔ ཅི་(༢༨ན)


GLG024_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བ་ང་ལས་བྱུང་༔ ང་ནི་དུས་གསུམ་བཞུགས་པ་ཡི༔ སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ༔ ཡེ་ཤེས་རྣོ་དབལ་མཚོན་ཆ་ཡིས༔ ལོག་རྟོག་འཁོར་བ་རྒྱུན་ཆོད་ཅིག༔ ཨཱོཾ་མནྡྲ་སུམྦྷ་ནི་བྲུཾ། ཨཱོཾ་བཛྲ་ཛྭ་ལ་ཧཱུཾ། ཨཱོཾ་བྷྲུཾ་ཧཱུཾ་བྲུཾ། ཏྲཾ་བྲུཾ། ཧྲཱི་བྲུཾ། ཧཱ་བྲུཾ། ཆེ་གེ་མོ་ཚལ་པ་དུམ་བུ་མ་ར་ཡ་རྦད་རྦད་ཛཿཛཿ ཞེས་པས་ཕུར་པའི་དབལ་ལས་མཚོན་ཆའི་ཆར་དབབ་པས་གཟུགས་ཕུང་དེ་ཕྱེ་མ་དང་དུམ་བུར་བཏབ་པར་བསམ། གཞུང་གཞན་ལས་འདི་ལའང་མཚོན་གྱིས་གཏུབ་པར་གསུངས༔ དེ་ནས་བཟློག་གཞུང་དུ་ཉ་བོ་བསྒྲལ་ཅེས་པ་ནི། གབ་དོན་ལས་ཉ་བོ་མཚོན་གྱིས་གཏུབ་ཅིང་འདི་སྐད་དོ༔ ཧཱུཾ། ཆེ་མཆོག་ཡོན་ཏན་སྤྲུལ་པའི་བཤན་པ་འབུམ༔ སྤུ་གྲི་རླུང་གི་འདབ་གཤོག་ཅན༔ སྒྲོལ་བྱེད་མཚོན་ཆ་སྣ་ཚོགས་ཀྱིས༔ ལས་ངན་གདུག་པའི་དགྲ་བགེགས་འདི༔ ཤ་རུས་གཏུབ་ཅིང་སྲོག་དང་ཕྲོལ༔ སྦྱོར་སྒྲོལ་ཉམས་ཆགས་བསྐང་བ་དང་༔ བསད་དང་མནན་པ་བཟློག་པ་དང་༔ དྲག་བྱེད་ཤུགས་ཀྱིས་འཕྲིན་ལས་སྒྲུབས༔ ཧཱུཾ། ཡང་དག་ཐུགས་ཀྱི་སྤྲུལ་པའི་བཤན་པ་འབུམ༔ སྤུ་གྲི་རླུང་གི་འདབ་གཤོག་ཅན༔ སྒྲོལ་བྱེད་མཚོན་ཆ་སྣ་ཚོགས་ཀྱིས༔ ལས་ངན་གདུག་པའི་དགྲ་བགེགས་འདི༔ ཤ་རུས་གཏུབ་ཅིང་སྲོག་དང་ཕྲོལ༔ སྦྱོར་སྒྲོལ་ཉམས་ཆགས་བསྐང་བ་དང་༔ བསད་དང་མནན་པ་བཟློག་པ་དང་༔ དྲག་བྱེད་ཐུགས་ཀྱིས་འཕྲིན་ལས་སྒྲུབས༔ ཧཱུཾ། འཇམ་དཔལ་སྐུ་ཡི་སྤྲུལ་པའི་བཤན་པ་འབུམ༔ སྤུ་གྲི་རླུང་གི་འདབ་གཤོག་ཅན༔ སྒྲོལ་བྱེད་མཚོན་ཆ་སྣ་(༢༨བ)


GLG024_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས༔ ལས་ངན་གདུག་པའི་དགྲ་བགེགས་འདི༔ ཤ་རུས་གཏབ་ཅིང་སྲོག་དང་ཕྲོལ༔ སྦྱོར་སྒྲོལ་ཉམས་ཆགས་བསྐང་བ་དང་༔ བསད་དང་མནན་པ་བཟློག་པ་དང་༔ དྲག་བྱེད་ཤུགས་ཀྱིས་འཕྲིན་ལས་སྒྲུབས༔ ཧཱུཾ། པདྨ་གསུང་གི་སྤྲུལ་པའི་བཤན་པ་འབུམ༔ སྤུ་གྲི་རླུང་གི་འདབ་གཤོག་ཅན༔ སྒྲོལ་བྱེད་མཚོན་ཆ་སྣ་ཚོགས་ཀྱིས༔ ལས་ངན་གདུག་པའི་དགྲ་བགེགས་འདི༔ ཤ་རུས་གཏུབ་ཅིང་སྲོག་དང་ཕྲོལ༔ སྦྱོར་སྒྲོལ་ཉམས་ཆགས་བསྐང་བ་དང་༔ བསད་དང་མནན་པ་བཟློག་པ་དང་༔ དྲག་བྱེད་ཤུགས་ཀྱིས་འཕྲིན་ལས་སྒྲུབས༔ ཧཱུཾ། ཕུར་པ་འཕྲིན་ལས་སྤྲུལ་པའི་བཤན་པ་འབུམ༔ སྤུ་གྲི་རླུང་གི་འདབ་གཤོག་ཅན༔ སྒྲོལ་བྱེད་མཚོན་ཆ་སྣ་ཚོགས་ཀྱིས༔ ལས་ངན་གདུག་པའི་དགྲ་བགེགས་འདི༔ ཤ་རུས་གཏུབ་ཅིང་སྲོག་དང་ཕྲོལ༔ སྦྱོར་སྒྲོལ་ཉམས་ཆགས་བསྐང་བ་དང་༔ བསད་དང་མནན་པ་བཟློག་པ་དང་༔ དྲག་བྱེད་ཤུགས་ཀྱིས་འཕྲིན་ལས་སྒྲུབས༔ ཧཱུཾ། མ་མོ་རྦོད་གཏོང་སྤྲུལ་པའི་བཤན་པ་འབུམ༔ སྤུ་གྲི་རླུང་གི་འདབ་གཤོག་ཅན༔ སྒྲོལ་བྱེད་མཚོན་ཆ་སྣ་ཚོགས་ཀྱིས༔ ལས་ངན་གདུག་པའི་དགྲ་བགེགས་འདི༔ ཤ་རུས་གཏུབ་ཅིང་སྲོག་དང་ཕྲོལ༔ སྦྱོར་སྒྲོལ་ཉམས་ཆགས་བསྐང་བ་དང་༔ བསད་དང་མནན་པ་བཟློག་པ་དང་༔ དྲག་བྱེད་ཤུགས་ཀྱིས་འཕྲིན་ལས་སྒྲུབས༔ ཧཱུཾ། རིགས་འཛིན་སློབ་དཔོན་སྤྲུལ་པའི་བཤན་པ་འབུམ༔ སྤུ་གྲི་རླུང་གི་འདབ་གཤོག་ཅན༔ སྒྲོལ་བྱེད་མཚོན་ཆ་སྣ་ཚོགས་ཀྱིས༔ ལས་ངན་གདུག་(༢༩ན)


GLG024_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགྲ་བགེགས་འདི༔ ཤ་རུས་གཏུབ་ཅིང་སྲོག་དང་ཕྲོལ༔ སྦྱོར་སྒྲོལ་ཉམས་ཆགས་བསྐང་བ་དང་༔ བསད་དང་མནན་པ་བཟློག་པ་དང་༔ དྲག་བྱེད་ཤུགས་ཀྱིས་འཕྲིན་ལས་སྒྲུབས༔ ཧཱུཾ། འཇིག་རྟེན་མཆོད་བསྟོད་སྤྲུལ་པའི་བཤན་པ་འབུམ༔ སྤུ་གྲི་རླུང་གི་འདབ་གཤོག་ཅན༔ སྒྲོལ་བྱེད་མཚོན་ཆ་སྣ་ཚོགས་ཀྱིས༔ ལས་ངན་གདུག་པའི་དགྲ་བགེགས་འདི༔ ཤ་རུས་གཏུབ་ཅིང་སྲོག་དང་ཕྲོལ༔ སྦྱོར་སྒྲོལ་ཉམས་ཆགས་བསྐང་བ་དང་༔ བསད་དང་མནན་པ་བཟློག་པ་དང་༔ དྲག་བྱེད་ཤུགས་ཀྱིས་འཕྲིན་ལས་སྒྲུབས༔ ཧཱུཾ༔ དམོད་པ་དྲག་སྔགས་སྤྲུལ་པའི་བཤན་པ་འབུམ༔ སྤུ་གྲི་རླུང་གི་འདབ་གཤོག་ཅན༔ སྒྲོལ་བྱེད་མཚོན་ཆ་སྣ་ཚོགས་ཀྱིས༔ ལས་ངན་གདུག་པའི་དགྲ་བགེགས་འདི༔ ཤ་རུས་གཏུབ་ཅིང་སྲོག་དང་ཕྲོལ༔ སྦྱོར་སྒྲོལ་ཉམས་ཆགས་བསྐང་བ་དང་༔ བསད་དང་མནན་པ་བཟློག་པ་དང་༔ དྲག་བྱེད་ཤུགས་ཀྱིས་འཕྲིན་ལས་སྒྲུབས༔ སོ་ལྔ་པའི་ཤམ་བུར་ནྲྀ་ཏྲི་རི་མཱ་ར་ཡ་རྦད༔ ཅེས་བཟླ། དེ་ནས་གཏུན་དུ་བརྡུང་སྟེ༔ ཕུར་པ་ནས་འབྱུང་བ་ལྟར་ཉམས་ལེན་གནད་གདམས་ལས། ཧཱུཾ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེའི་མཚོན་ཆས་བསྒྲལ་ནས་ཀྱང་༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ཏེ༔ ལྷ་ཡང་རུང་སྟེ་བརླག་པར་བྱ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཨོཾ་བཛྲ་པདྨ་ཀྲོ་ཏ་ཡ་ཁ་(༢༩བ)


GLG024_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཐཾ། བསད་ལས་རྒྱས་པར། ཧཱུཾ། མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་རྣམས༔ བསྟན་པ་གཉན་ལ་དགྲ་དར་ན༔ མི་མངོན་དབྱིངས་ནས་སྐུ་བཞེངས་ལ༔ རྣལ་འབྱོར་བདག་གི་ར་མདའ་རློག༔ གནས་འདིར་དྲག་པོའི་ལས་ལ་ཡཱ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ དྲག་པོའི་ལས་ཀྱིས་མྱུར་དུ་སྒྲོལ༔ བསད་པ་དོན་བརྒྱད་ལས། བདུན་པ་མཆོད་བསྟོད་ཀྱིས་གཏུན་དུ་བརྡུང་ཞིང་རྡུལ་དུ་བརླག་པ་ལའང་བརྒྱད་ལས༔ དང་པོ་ནི་ཧཱུཾ། དྲེགས་པའི་ལྷ་ཚོགས་ཐུགས་དམ་ཅན༔ གཉིས་པ་ནི་དྲག་པོའི་འཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ གསུམ་པ་ནི་ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ བཞི་པ་ནི་ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚཱན་དགྲ་བགེགས་ཏ་ཐཱ་ཡ་ཧཱུཾ་ཕཊ༔ ལྔ་པ་ནི་ཐུན་མཚོན་སྤྲུལ་པའི་ཆར་ཆེན་པོས། ཤ་ཁྲག་རུས་པ་དམར་མྱོག་གྱུར། དྲུག་པ་ནི་ཕྱག་མཚན་ཕྱི་གསུམ་རྫས་ཀྱིས་རྡུངས༔ བདུན་པ་ནི་ཕྱག་རྒྱའི་འཕྲུལ་གྱིས་རྡུལ་དུ་རློག༔ བརྒྱད་པ་ནི་ཧོཿ མཆོད་བསྟོད་དྲེགས་པའི་ལྷ་ཚོགས༔ དྲེགས་པའི་སྡེ་དཔོན་སུམ་ཅུ༔ བཀའ་སྲུང་ལྷ་སྲིན་སྡེ་བརྒྱད་དང་བཅས་པ་རྣམས་ཀྱིས༔ བསྟན་པ་འཇིག་པའི་དགྲ་བགེགས་དམ་ཉམས་འདི་ཚེའི་འདུ་བྱེད་ཟད་ཅིང་བསོད་ནམས་ཀྱི་མེ་ཤིར་ཆུག་ཅིག༔ ལས་ངན་གྱི་རྣམ་པར་སྨིན་པའི་ཆར་འབབ་ཅིང་༔ སྡུག་བསྔལ་གྱི་མཚོ་འབྲུབ་པར་གྱུར་ཅིག༔ ཐལ་བའི་རྡུལ་དུ་བརླག་པར་གྱུར་ཅིག༔ ཅེས་དམོད་པ་བྱ། དེ་ནས་སྟོབ་པ་བྱ་སྟེ་ལས་ཀྱི་སྒྲོལ་གིང་གིས་ལིང་རོ་དང་གདབ་(༣༠ན)


GLG024_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བཟུང་ལ༔ གཤིན་རྗེ་རྔམ་སྒྲོལ་གྱི་རོལ་མོའི་སྒྲ་དབྱངས་དང་བཅས་ཏེ༔ སྒྲུབ་པ་པོ་རྣམས་ཀྱང་ཁྲག་འཐུང་གི་འགྱིང་འགྲོས་བྱས་ལ༔ ཧཱུཾ། དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཞལ་ཕྱེ་ཞིག༔ བག་ཆགས་ཀུན་སྦྱངས་འཁོར་བའི་ལམ་དགག་ཕྱིར༔ དགྲ་བགེགས་བསྒྲལ་བའི་དུག་གསུམ་ཤ་ཁྲག་རུས༔ ཟ་བྱེད་མི་འགྱུར་ཆོས་ཉིད་ཀློང་དུ་རོལ༔ བཛྲ་ཡཀྵ་ཀྲོ་ཏ་བི་ཛ་ཡ་ཁཱ་ཧི༔ ཆེ་མཆོག་དྲག་པོའི་ལྷ་ཚོགས་ཞལ་དུ་ཁ་རཾ་ཁཱ་ཧི༔ ཞེས་སོགས་ནས་དམོད་པ་དྲག་སྔགས་ལྷ་ཚོགས་ཞལ་དུ་ཁ་རཾ་ཁཱ་ཧི༔ བསད་ལས་རྒྱས་པར། ཧཱུཾ། མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་རྣམས༔ བསྟན་པ་གཉན་ལ་དགྲ་དར་ན༔ མི་མངོན་དབྱིངས་ནས་སྐུ་བཞེངས་ལ༔ རྣལ་འབྱོར་བདག་གི་ར་མདའ་རློག༔ གནས་འདིར་དྲག་པོའི་ལས་ལ་ཡཱ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ དྲག་པོའི་ལས་ཀྱིས་མྱུར་དུ་སྒྲོལ༔ བསད་པ་དོན་བརྒྱད་ནི། བརྒྱད་པ་དྲག་སྔགས་ཀྱི་ཞལ་དུ་སྟོབ་པ་ལའང་བརྒྱད་ལས༔ དང་པོ་ནི་ཧཱུཾ། དྲག་སྔགས་ལྷ་ཚོགས་ཐུགས་དམ་ཅན༔ གཉིས་པ་ནི་དྲག་པོའི་འཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ གསུམ་པ་ནི་གཟུགས་ཕུང་རྔམས་པའི་ཞལ་དུ་སྟོབ༔ བཞི་པ་ནི་ཨཱོཾ་བཛྲ་སརྦ་དུཥྚཾ་ཨེ་ཛ་བྷྱོ༔ དགྲ་བགེགས་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུཾ་ཕཊ། ལྔ་པ་ནི་ཤ་ཁམ་ཁྲག་ཐིགས་མ་ལུས་པར། །ཧབ་སྒྲར་བཅས་ཏེ་ཞལ་དུ་གསོལ། དྲུག་པ་ནི་བསྒྲལ་བའི་གཟར་བུས་ཉེ་བར་བླངས། །བདུན་པ་ནི་ཕྱག་རྒྱའི་འཕྲུལ་གྱིས་(༣༠བ)


GLG024_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དུ་འདེབས༔ བརྒྱད་པ་ནི་ཧོ༔ དྲག་སྔགས་དམོད་པའི་ལྷ་ཚོགས་སྟོབས་ལྡན་ནག་པོ་ཡབ་ཡུམ༔ སྔགས་བདག་དྲེགས་པ་བཅོ་བརྒྱད༔ བཀའ་སྲུང་བཤན་པ་སྡེ་བརྒྱད་དང་བཅས་པ་རྣམས་ཀྱིས་བསྒྲལ་བའི་ཞིང་དུ་གྱུར་པའི་དགྲ་བགེགས་དམ་ཉམས་འདིའི་ཤ་ལ་རོལ་ཅིག༔ ཁྲག་ལ་འཐུང་ཞིག༔ རུས་པ་ཆོམས་ཅིག༔ རྐང་པ་མུར་ཅིག༔ ཀླད་པ་ལ་ཧབ་ཀྱིས་ཐོབ་ཅིག༔ སྲོག་གི་རྩ་ལ་འཇིབས་ཤིག༔ དབང་པོ་རྣམ་ཤེས་ཟོ་ཞིག༔ དོན་སྙིང་སྤར་གྱིས་ཐོབ་ཅིག༔ ལྷག་མ་མ་ལུས་པར་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཐོབ་ཅིག༔ ཅེས་དམོད་མོ་བྱ། གབ་པའི་སྔགས་བརྒྱད་ཀྱི་བསད་པ་གདུག་པ་ཀུན་སྒྲོལ་ཞེས་བྱ་བའི་ཊཱིཀྐ་ཨྱོན་པདྨ་བདག་གིས་བོད་ཀྱི་མངའ་བདག་ཁྲི་སྲོང་ལྡེ་བཙན་ལ་གདམས་པའོ༔ ཞེས་འབྱུང་ངོ་༔ འོན་ཀྱང་ཏིང་ངེ་འཛིན་རྫས་ཕྱག་རྒྱ་གསུམ་པོ་འཇུག་པ་བདེ་ཕྱིར་ཚིགས་བཅད་དུ་བསྡེབས་པ་ཡིན་ནོ༔ དེ་ནས་བཟློག་གཞུང་དུ་སྟོབ་པ་བྱ་ཞེས་པ་ལ་ནི་གབ་དོན་ལས། ཧཱུཾ། དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་རྣམས༔ གནམ་ས་ཙམ་གྱི་ཞལ་གདངས་ལ༔ རི་རབ་ཙམ་གྱི་མཆེ་བ་གཙིགས༔ བར་སྣང་ཙམ་གྱི་ལྗགས་ཁྱོངས་ལ༔ སྟོང་གསུམ་ཙམ་གྱི་མིད་པ་རུ༔ དགྲ་བགེགས་འབྱུང་པོ་ཐམས་ཅད་ཞལ་དུ་སྟོབ༔ ཞལ་དུ་སྟོབ་པ་ཁ་རཾ་ཁཱ་ཧི༔ མགུལ་དུ་དྲིལ་ལོ་ཨ་ར་ལི༔ དབྱིངས་སུ་བསྒྲལ་ལོ་ས་མ་ཡ༔ ཧཱུཾ། དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་རྣམས༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔ རི་རབ་ཙམ་གྱི་མཆེ་བ་གཙིགས༔ བར་སྣང་ཙམ་གྱི་ལྗགས་ཁྱོངས་ལ༔ སྟོང་གསུམ་ཙམ་གྱི་མིད་པ་རུ༔ (༣༡ན)


GLG024_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་དགྲ་བོ་ཞལ་དུ་སྟོབ༔ ཞལ་དུ་སྟོབ་བོ་ཁ་རཾ་ཁཱ་ཧི༔ མགུལ་དུ་དྲིལ་ལོ་ཨ་ར་ལི༔ དབྱིངས་སུ་བསྒྲལ་ལོ་ས་མ་ཡ༔ ཧཱུཾ། དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་རྣམས༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔ རི་རབ་ཙམ་གྱི་མཆེ་བ་གཙིགས༔ བར་སྣང་ཙམ་གྱི་ལྗགས་ཁྱོངས་ལ༔ སྟོང་གསུམ་ཙམ་གྱི་མིད་པ་རུ༔ གནོད་བྱེད་བགེགས་འདི་ཞལ་དུ་སྟོབ༔ ཞལ་དུ་སྟོབ་པོ་ཁ་རཾ་ཁཱ་ཧིཿ མགུར་དུ་དྲིལ་ལོ་ཨ་ར་ལི༔ དབྱིངས་སུ་བསྒྲལ་ལོ་ས་མ་ཡ༔ ཧཱུཾ། དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་རྣམས༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔ རི་རབ་ཙམ་གྱི་མཆེ་བ་གཙིགས༔ བར་སྣང་ཙམ་གྱི་ལྗགས་འདྲིལ་ལ༔ སྟོང་གསུམ་ཙམ་གྱི་མིད་པ་རུ༔ བར་གཅོད་བདུད་རྣམས་ཞལ་དུ་སྟོབ༔ ཞལ་དུ་སྟོབ་བོ་ཁ་རཾ་ཁཱ་ཧི༔ མགུར་དུ་དྲིལ་ལོ་ཨ་ར་ལི༔ དབྱིངས་སུ་བསྒྲལ་ལོ་ས་མ་ཡ༔ ཧཱུཾ། དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་རྣམས༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔ རི་རབ་ཙམ་གྱི་མཆེ་བ་གཙིགས༔ བར་སྣང་ཙམ་གྱི་ལྗགས་འདྲིལ་ལ༔ སྟོང་གསུམ་ཙམ་གྱི་མིད་པ་རུ༔ བར་གཅོད་བདུད་རྣམས་ཞལ་དུ་སྟོབ༔ ཞལ་དུ་སྟོབ་བོ་ཁ་རཾ་ཁཱ་ཧི༔ མགུར་དུ་དྲིལ་ལོ་ཨ་ར་ལི༔ དབྱིངས་སུ་བསྒྲལ་ལོ་ས་མ་ཡ༔ ཧཱུཾ། དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་རྣམས༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔ རི་རབ་ཙམ་གྱི་མཆེ་བ་གཙིགས༔ བར་སྣང་ཙམ་གི་ལྗགས་འདྲིལ་ལ༔ སྟོང་གསུམ་ཙམ་གྱི་མིད་པ་རུ༔ དམར་ཆེན་ཁྲག་འདི་ཞལ་དུ་སྟོབ༔ ཞལ་དུ་སྟོབ་པོ་ཁ་རཾ་ཁཱ་ཧི༔ མགུར་དུ་དྲིལ་ལོ་ཨ་ར་(༣༡བ)


GLG024_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ལི༔ དབྱིངས་སུ་བསྒྲལ་ལོ་ས་མ་ཡ༔ ཧཱུཾ། དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་རྣམས༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔ རི་རབ་ཙམ་གྱི་མཆེ་བ་གཙིགས༔ བར་སྣང་ཙམ་གྱི་ལྗགས་འདྲིལ་ལ༔ སྟོང་གསུམ་ཙམ་གྱི་མིད་པ་རུ༔ བཾ་ཆེན་ཚོགས་ནི་ཞལ་དུ་སྟོབ༔ ཞལ་དུ་སྟོབ་བོ་ཁ་རཾ་ཁཱ་ཧི༔ མགུར་དུ་དྲིལ་ལོ་ཨ་ར་ལི༔ དབྱིངས་སུ་བསྒྲལ་ལོ་ས་མ་ཡཱ༔ ཧཱུཾ། དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་རྣམས༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔ རི་རབ་ཙམ་གྱི་མཆེ་བ་གཙིགས༔ བར་སྣང་ཙམ་གྱི་ལྗགས་འདྲིལ་ལ༔ སྟོང་གསུམ་ཙམ་གྱི་མིད་པ་རུ༔ བསྟན་པ་བཤིག་པའི་དགྲ་བོ་ལས་ངན་འདི༔ ཕུང་པོ་ལྔ་ནི་ཞལ་དུ་སྟོབ༔ དབང་པོ་ལྔ་ནི་ཞལ་དུ་སྟོབ༔ སྐྱེ་མཆེད་བཅུ་གཉིས་ཞལ་དུ་སྟོབ༔ ཤ་ཁྲག་དམར་འདི་ཞལ་དུ་སྟོབ༔ ཞལ་དུ་སྟོབ་བོ་ཁ་རཾ་ཁཱ་ཧི༔ མགུར་དུ་བྲིལ་ལོ་ཨ་ར་ལི༔ དབྱིངས་སུ་བསྒྲལ་ལོ་ས་མ་ཡ༔ ཧཱུཾ། དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་རྣམས༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔ རི་རབ་ཙམ་གྱི་མཆེ་བ་གཙིགས༔ བར་སྣང་ཙམ་གྱི་ལྗགས་འདྲིལ་ལ༔ སྟོང་གསུམ་ཙམ་གྱི་མིད་པ་རུ༔ སྔགས་འཆང་རྒྱལ་པོ་བདག་ཉིད་ལ༔ ནམ་མཁའ་ལྷ་ཡི་བྱད་བྱེད་དང་༔ བར་སྣང་གཉན་གྱི་བྱད་བྱེད་དང་༔ ས་གཞི་ཀླུ་ཡི་བྱད་བྱེད་དང་༔ སྟོང་གསུམ་མི་ཡི་བྱད་བྱེད་དང་༔ སྣང་སྲིད་ལྷ་འདྲེའི་བྱད་བྱེད་དང་༔ གླིང་བཞི་བོན་པོ་མུ་སྟེགས་དང་༔ ཡུལ་མི་རྗེ་དང་ཁྱིམ་མཚེས་དང་༔ འཚེ་བའི་སེམས་ཀྱིས་བདག་ཉིད་ལ༔ ཡིད་ཀྱིས་བསམས་དང་ངག་ཏུ་སྨྲ༔ ལུས་ཀྱིས་བྱས་པ་ལ་སོགས་པ༔ རྩུབ་པས་སྦྱོར་(༣༢ན)


GLG024_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྣ་ཚོགས་སྤྱོད༔ དེ་དག་སྦྱོར་བའི་ལས་རྣམས་ཀྱི༔ གཞི་དང་རྟེན་དང་ལུས་སེམས་རྣམས༔ ཞལ་དུ་སྟོབ་པོ་ཁ་རཾ་ཁཱ་ཧི༔ མགུར་དུ་དྲིལ་ལོ་ཨ་ར་ལི༔ དབྱིངས་སུ་བསྒྲལ་ལོ་ས་མ་ཡ༔ ཧཱུཾ། དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་རྣམས༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔ རི་རབ་ཙམ་གྱི་མཆེ་བ་གཙིགས༔ བར་སྣང་ཙམ་གྱི་ལྗགས་འདྲིལ་ལ༔ སྟོང་གསུམ་ཙམ་གྱི་མིད་པ་རུ༔ སྔགས་འཆང་རྒྱལ་པོ་བདག་ཅག་ལ༔ འཚེ་ཞིང་སྦྱོར་བ་རྩུབ་པ་ཡི༔ ནུས་མཐུ་ཐམས་ཅད་ཞལ་དུ་སྟོབ༔ ཕོ་ཉ་ཐམས་ཅད་ཞལ་དུ་སྟོབ༔ གཟི་བརྗིད་ཐམས་ཅད་ཞལ་དུ་སྟོབ༔ རྫུ་འཕྲུལ་ཐམས་ཅད་ཞལ་དུ་སྟོབ༔ ཡུལ་མཁར་ཐམས་ཅད་ཞལ་དུ་སྟོབ༔ མི་ནོར་ཐམས་ཅད་ཞལ་དུ་སྟོབ༔ གཉེན་བདུན་ཐམས་ཅད་ཞལ་དུ་སྟོབ༔ ལོ་ཏོག་ཐམས་ཅད་ཞལ་དུ་སྟོབ༔ ཞལ་དུ་སྟོབ་བོ་ཁ་རཾ་ཁཱ་ཧི༔ མགུར་དུ་དྲིལ་ལོ་ཨ་ར་ལི༔ དབྱིངས་སུ་བསྒྲལ་ལོ་ས་མ་ཡ༔ ཞེས་ཀ་དག་གི་དབྱིངས་སུ་མཉམ་པར་བཞག་སྟེ༔ དེ་ལས་མི་འདའ་བར་བྱ་བ་ནི༔ བཟློག་པ་ཐམས་ཅད་ཀྱི་མཐར་ཐུག་ཡིན་ནོ༔ དེ་ནས་བཟློག་གཞུང་དུ༔ གཏོར་མ་འབུལ་ཞེས་པ་ནི༔ མཆོད་པ་རྣམ་པ་ལྔ་བླུག་ལ་འདི་སྐད་དོ༔ ཧཱུཾ། འཇིག་རྟེན་གཏོར་སྣོད་བཅུད་རྣམས་གཏོར་མར་བཅས༔ སྣང་སྲིད་ཐམས་ཅད་མཆོད་པའི་ཡོ་བྱད་དེ༔ མཛེས་ཤིང་བཀྲམ་པར་བཤམས་ནས་སུ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་འཁོར་བཅས་ལ༔ གཉིས་སུ་མེད་པའི་ཚུལ་དུ་འབུལ༔ ཕུང་པོའི་སྣོད་དུ་དབང་པོའི་གཏོར་མར་བཅས༔ དུར་ཁྲོད་གཞལ་ཡས་ཁང་དུ་མཆོད་པའི་ཡོ་བྱད་དེ༔ མཛེས་ཤིང་བཀྲམ་པར་བཤམས་ནས་སུ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་འཁོར་བཅས་ལ༔ གཉིས་སུ་མེད་པའི་ཚུལ་དུ་འབུལ༔ བྷནྡྷ་ལྕང་ལོ་འབྲུ་བཅུད་གཏོར་མར་བཅས༔ གཟུགས་སྒྲ་དྲི་རོ་ལ་སོགས་(༣༢བ)


GLG024_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་རྣམས༔ མཛེས་ཤིང་བཀྲམ་པར་བཤམས་ནས་སུ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་འཁོར་བཅས་ལ༔ གཉིས་སུ་མེད་པའི་ཚུལ་དུ་འབུལ༔ མཆོག་ཆེན་མཆོག་ཕྲན་སྣ་ཚོགས་དང་༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ བཟའ་དང་མྱང་བའི་བྱེ་བྲག་རྣམས༔ མཛེས་ཤིང་བཀྲམ་པར་བཤམས་ནས་སུ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་འཁོར་བཅས་ལ༔ གཉིས་སུ་མེད་པའི་ཚུལ་དུ་འབུལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་རྣམས༔ མཛེས་ཤིང་བཀྲམ་པར་བཤམས་ནས་སུ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་འཁོར་བཅས་ལ༔ གཉིས་སུ་མེད་པའི་ཚུལ་དུ་འབུལ༔ བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི༔ ཞེས་འབུལ་ལོ། །དེ་ནས་བཟློག་གཞུང་དུ་དམར་སྦྲེང་ཞེས་གསུངས་པ་ནི༔ གབ་དོན་ལས། བརྡ་ཡིག་ཡོད། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་ལ་ཕྱག་འཚལ་ལོ༔ བདེ་གཤེགས་འདུས་པའི་གཏོར་མས་བཟློག་པའི་གཟེར་ཁ་ལས༔ གབ་པ་དོན་གྱི་སྙིང་པོ་ཞེས་བྱ་བ་ལ་སྤྱི་དོན་བདུན་གྱིས་སྟོན་པ་ལས༔ དང་པོར་དམར་སྦྲེང་ཞེས་པ་ནི༔ ཁྲག་གི་གཟར་བུས་འཕྱར་ཞིང་འདི་སྐད་དོ༔ དེ་ཡང་གཏེར་གཞུང་དུ་བཀའ་སོ་སོར་འདུག་ནའང་འཇུག་པ་བདེ་བའི་དབང་དུ་བྱས་ནས་ཕྱག་ལེན་ལ་འདི་ལྟར་མཛད༔ ཧཱུཾ། ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ གཏི་མུག་ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ གཏི་མུག་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ ཞེ་སྡང་ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི༔ དཔལ་ཆེན་ཁྲག་(༣༣ན)


GLG024_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་ལྷ་ཚོགས་འདིར་གཤེགས་ལ༔ ཞེ་སྡང་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ ང་རྒྱལ་ཁྲག་གི་རྒྱ་མཚོ་འདི་༴༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ ང་རྒྱལ་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ འདོད་ཆགས་ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ ཕྲག་དོག་ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ ཕྲག་དོག་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ འགྲོ་དྲུག་ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ འགྲོ་དྲུག་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ ཉོན་མོངས་ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ ཉོན་མོངས་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ དུག་ལྔ་ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ དུག་ལྔ་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ ཁམས་གསུམ་ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ ཁམས་གསུམ་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་(༣༣བ)


GLG024_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཆེན་པོ་འདིར༔ སྲིད་གསུམ་ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ སྲིད་གསུམ་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ གཟུང་འཛིན་ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ གཟུང་འཛིན་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ བསྟན་པའི་རུ་དྲའི་ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ བསྟན་པའི་རུ་དྲའི་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ གནོད་བྱེད་བྱད་མའི་ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ གནོད་བྱེད་བྱད་མའི་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ ཟོང་མཁན་ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ ཟོང་མཁན་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ བར་ཆད་བདུད་རྣམས་ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ བར་ཆད་བདུད་ཀྱི་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ དམ་ཉམས་སྡིག་ཅན་ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ དམ་ཉམས་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ དཔལ་ཆེན་ཁྲག་འཐུང་ལྷ་(༣༤ན)


GLG024_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མཁའ་དང་མཉམ༔ མ་ཚོགས་མཁའ་འགྲོ་དབྱིངས་ནས་སྤྲིན་ལྟར་གཏིབས༔ འཕྲིན་ལས་རྣམ་གཞིའི་འགྲོ་དོན་ཆར་ལྟར་འབེབས༔ གདུག་པའི་འོད་ཟེར་སྣ་ཚོགས་གློག་ལྟར་འཁྱུག༔ རྔམ་པའི་ང་རོ་འབྲུག་ལྟར་ལྡིར་རི་རི༔ ལས་མཁན་གསོད་བྱེད་ཚོགས་རྣམས་ཁྱུགས་སེ་ཁྱུག༔ ཕོ་ཉ་ལས་བྱེད་ཚོགས་རྣམས་ཐིབས་སེ་ཐིབ༔ གླུ་གར་བྲོ་བརྡུང་ཚོགས་རྣམས་ཆེམས་སེ་ཆེམ༔ སྒྲ་བརྙན་རོལ་མོའི་ཚོགས་རྣམས་སིལ་ལི་ལི༔ མཁའ་དབྱིངས་པདྨའི་རཀྟ་ཤར་ར་ར༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འཁོར་དང་བཅས༔ མཁའ་དབྱིངས་ཁྲག་ལ་རོལ་ཏེ་དགྱེས་པར་མཛོད༔ དམར་ཆེན་ཁྲག་གི་སྦྲེང་མོ་ཤར་ར་ར༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འཁོར་བཅས་རྣམས༔ དམར་ཆེན་ཁྲག་ལ་རོལ་ཏེ་དགྱེས་པར་མཛོད༔ བསྒྲལ་བའི་ཁྲག་ཞག་མཛེས་པའི་སྣོད་དུ་གཏམ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འཁོར་དང་བཅས༔ དམར་ཆེན་ཁྲག་གི་མཆོད་པ་འདི་བཞེས་ལ༔ བསྲུང་དང་བཟློག་དང་མནན་པ་དང་༔ དམ་ཚིག་ཉམས་ཆགས་བསྐང་བ་དང་༔ དངོས་གྲུབ་རྣམ་གསུམ་ཐོབ་བྱའི་ཕྱིར༔ དེ་སོགས་འཕྲིན་ལས་བསྒྲུབ་ཏུ་གསོལ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འཁོར་བཅས་རྣམས༔ མ་ཧཱ་མཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཞེས་རཀྟ་ཕྱར་རོ༔ རྒྱ་རྒྱ། ཉ་བོ་ཆེ་བ་གདབ་ལས་རྒྱས་པའི་དུས་བཏབ་ཅིང་༔ ཆུང་བ་རྣམས་ཚིག་དང་བསྟུན་ནས་ཕུལ༔ དམར་སྦྲེང་གི་དུས་ཚིག་དང་བསྟུན་ནས་མི་རྐང་གཟར་བུས་རཀྟ་འཕྱར་བ་སོགས་ཕྱག་ལེན་ལྟར་ཕུལ་བས༔ ཁྲག་འཐུང་གི་ལྷ་ཚོགས་རྣམས་ཀྱིས་དྲག་པོའི་དཀན་སྒྲ་དང་བཅས་(༣༤བ)


GLG024_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཏེ་ཤིན་ཏུ་དགྱེས་ནས་ལྷ་ཐམས་ཅད་ཞལ་ཕྱིར་གཟིགས་ཏེ་བཟློག་པའི་ལས་མཛད་པར་བསམ༔ ལིངྒ་ལྷག་མ་རྣམས་གཏོར་མ་ལྷར་གསལ་བའི་མདུན་དུ་བཞག་སྟེ༔ བཟློག་གཞུང་བསྲང་བ་ནི༔ སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ ཁྲོ་བོ་རོལ་པའི་གཏོར་བཟློག་བྱ་བའི་ཐབས་ལ༔ བསངས་ཕྱེ་ཁལ་གཅིག་ལ་དཔལ་གྱི་གཏོར་མ་བཅུ་བཤམ༔ ཡང་ན་སྣོད་ཟངས་གཞོང་ལ་སོགས་པ་ཆེན་པོར་དམར་གཏོར་དགུའམ་བཅུ་བྱ༔ཐ་མ་མཐེབ་སྐྱུས་དགང་ཟན་གྱི་ཉ་བོ་བཅུ་བྱའོ༔ དམར་གྱི་གཏོར་མ་སྤྲིན་ཆེན་ཀྱིས་ཁ་བཅད་བམ་གཙང་མ་ཡོད་ན་བཟང་༔ མེད་ན་ཡང་སྲོག་ཆགས་གཅིག་བསྒྲལ་ལ་བྱ༔ དེ་ཡང་མེད་ན་ཟན་གྱི་ཉ་བོ་བཅུ་བྱའོ༔ ཕུར་བསྐོར་ཡམ་རེ་བྱ་ཞིང་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ལ་བསྟབ་པ་ཡམ་རེ་བྱ༔ མི་ཤ་ལ་སོགས་པའི་ཤ་སྣ་ཚོགས་དང་༔ ཁྲག་སྣ་ཚོགས་དང་༔ མེ་ཏོག་སྣ་ཚོགས་དང་༔ སྨན་ཕུད་གཏོར་མར་སྦྲེང་ངོ༔ དེ་ནས་མཆེད་ལྕམ་དྲལ་རྣམས་ཀྱང་ལག་ཏུ་ཕུད་དང་ནས་ཐོགས་ལ་བཟློག་ཅིང་བྷྱོ་ཡིག་གདབ་བོ༔ རྒྱ་རྒྱ་རྒྱ། དང་པོ་ཆེ་མཆོག་ཡོན་ཏན་ལྷ་ཚོགས་ལ་བཟློག་པའི་འཕྲིན་ལས་བཅོལ་བ་ནི༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སྐུ་ནི་སྨུག་ནག་འབར་བ་ཆེན་པོ་ལ༔ དབུ་ནི་ཉི་ཤུ་རྩ་གཅིག་དག་དང་ལྡན༔ གཡས་གཡོན་ཕྱག་ནི་བཞི་བཅུ་རྩ་གཉིས་ན༔ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་བསྣམས༔ གཡས་ཀྱི་ཞལ་བདུན་དཀར་བར་བསྟན་པ་ནི༔ བག་ཆགས་མེད་པའི་ཆོས་རྣམས་དབང་སྡུད་དང་༔ (༣༥ན)


GLG024_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་རྒྱལ་ཁྲག་འཐུང་སྐུ་ལ་རྫོགས་པ་ཡིས༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ གཞན་འཕྲུལ་ཁྲོ་བོའི་ཚོགས་རྣམས་བཟློག་ཏུ་གསོལ༔ ཧོམ་ཆེན་གཡོན་གྱི་ཞལ་བདུན་དམར་བ་ནི༔ བསླད་པ་མེད་པའི་ཆོས་རྣམས་དབང་སྡུད་དང་༔ མ་མོ་མཁའ་འགྲོ་དབང་དུ་བསྡུ་བ་ཡི༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ མ་མོ་མཁའ་འགྲོའི་ཐུན་སྔགས་བཟློག་ཏུ་གསོལ༔ ཧོམ་ཆེན་དབུས་ཀྱི་ཞལ་བདུན་མཐིང་བ་ནི༔ འགྱུར་མེད་ཆོས་རྣམས་དབང་དུ་བསྡུ་བ་དང་༔ བདུད་དང་སྲིན་པོ་ཕོ་ཉར་འགྱེད་པ་ཡི༔ དམ་ཉམས་དགྲ་བགེགས་ཀླད་ཁྲག་འདི་རོལ་ལ༔ བདུད་དང་སྲིན་པོའི་ཚོགས་རྣམས་བཟློག་ཏུ་གསོལ༔ ཞལ་གྱི་མཆེ་བ་དཀར་པོར་གཙིགས་པ་ནི༔ མི་བཟད་སྲིན་པོ་འབུམ་སྡེ་སྐུར་རྫོགས་པས༔ དམ་ཉམས་དགྲ་བགེགས་རྒྱུ་ཁྲག་འདི་རོལ་ལ༔ སྲིན་པོ་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ སྤྱན་རྩ་དམར་པོ་སྡང་མིག་བགྲད་པ་ནི༔ དབྱིངས་ཀྱི་མ་མོ་སྐུ་ལ་རྫོགས་པ་དང་༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ ཡེ་ཤེས་མ་མོའི་དམག་དཔུང་དགྲ་ལ་བཟློག༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ་ན༔ རྣམ་ཐར་སྲིད་གསུམ་སྐུ་ལ་རྫོགས་པ་དང་༔ དགྲ་བགེགས་གཟུགས་ཕུང་འདི་ལ་ད་རོལ་ལ༔ སྲིད་གསུམ་གདུག་པའི་ཚོགས་རྣམས་བཟློག་ཏུ་གསོལ༔ རིགས་ལྔའི་སངས་རྒྱས་དབུ་ལ་བརྒྱན་པ་ནི༔ ཁྲག་འཐུང་རིགས་ལྔ་སྐུ་ལ་རྫོགས་པ་ཡིས༔ དམ་ཉམས་དགྲ་བགེགས་འབྱུང་བ་ལྔ་ལ་རོལ༔ ཁྲག་འཐུང་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ (༣༥བ)


GLG024_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བྷནྡྷ་ལྕང་ལོས་དབུ་རྒྱན་བྱས་པ་ནི༔ དུས་གསུམ་སྟོན་པས་དབང་དུ་སྡུད་པ་དང་༔ དམ་ཉམས་དགྲ་བགེགས་བྷནྡྷ་འདི་ལ་རོལ༔ ལྷ་ཡི་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ གཡས་ཀྱི་དབུ་ལ་ལྷ་ཆེན་བརྒྱད་ཀྱིས་བརྒྱན༔ སྲིད་པའི་ལྷ་རྣམས་དབང་དུ་སྡུད་པ་དང་༔ དམ་ཉམས་དགྲ་བགེགས་གློ་སྙིང་འདི་རོལ་ལ༔ ལྷ་ཡི་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ གཡོན་གྱི་དབུ་ལ་ཀླུ་བརྒྱད་མགུར་ཆུ་བྱས༔ ས་བདག་ཀླུ་སྲིན་དབང་དུ་སྡུད་པ་དང་༔ དམ་ཉམས་དགྲ་བགེགས་ཤ་རུས་འདི་རོལ་ལ༔ ས་བདག་ཀླུ་སྲིན་ཕོ་ཉའི་ཚོགས་རྣམས་བཟློག༔ དབུས་ཀྱི་དབུ་ལ་བདུད་ཀྱིས་མགུར་ཆུ་བྱས༔ ལ་བདུད་བཅུ་གསུམ་དབང་དུ་སྡུད་པ་དང་༔ དམ་ཉམས་དགྲ་བགེགས་དབང་པོ་ལྔ་ལ་རོལ༔ བདུད་ཀྱི་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ མ་མོ་བདུན་གྱིས་མགུར་ཆུ་བྱས་པ་ནི༔ དུར་ཁྲོད་གནས་བརྒྱད་དབང་དུ་སྡུད་པ་དང་༔ དམ་ཉམས་དགྲ་བགེགས་ནང་ཁྲོལ་འདི་རོལ་ལ༔ མ་མོ་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ མ་བདུད་སྟོང་གིས་མགུར་ཆུ་བྱས་པ་ནི༔ མ་བདུད་འབུམ་ཕྲག་དབང་དུ་སྡུད་པ་དང་༔ དམ་ཉམས་དགྲ་བགེགས་ཐོད་རུས་འདི་རོལ་ལ༔ མ་བདུད་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ གཡོན་གྱི་དབུ་ལ་གཟའ་བརྒྱད་མགུར་ཆུ་བྱས༔ གཟའ་ཆེན་ཉི་ཟླའི་འོད་ཟེར་དབང་སྡུད་དང་༔ དམ་ཉམས་དགྲ་བགེགས་དོན་སྙིང་འདི་རོལ་ལ༔ གཟའ་སྐར་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ ཕྱག་མཚན་ཞི་བ་བཞི་བཅུ་རྩ་གཉིས་བསྣམས༔ སངས་རྒྱས་སེམས་ཅན་གཉིས་མེད་དབང་སྡུད་དང་༔ (༣༦ན)


GLG024_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་དགྲ་བགེགས་ཐུགས་རྗེས་བསྒྲལ་བའི་ཕྱིར༔ ཕུང་པོ་ཁམས་དང་སྐྱེ་མཆེད་འདི་རོལ་ལ༔ རིགས་ལྔ་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ཧཱུཾ། ཡུམ་ཆེན་ཁྲོ་མོ་གནམ་ཞལ་དབྱིངས་ཕྱུག་མ༔ དབུ་དགུ་ཕྱག་ནི་རྣམ་པ་བཅོ་བརྒྱད་དེ༔ ཞལ་དགུ་ཤིན་ཏུ་འཇིགས་པར་གདམས་པ་ནི༔ ཐེག་པ་རིམ་དགུ་དབང་དུ་སྡུད་པ་དང་༔ བག་ཆགས་སྒྲིབ་པ་བཅུ་པོ་སྤངས་པ་དང་༔ ཤེས་བྱའི་སྒྲིབ་པ་བཅུ་པོ་སྦྱང་བ་དང་༔ མི་དགེ་བཅུ་པོ་རྩད་ནས་བཅད་པ་དང་༔ དགྲ་བགེགས་འདི་ཡི་ཕུང་པོ་དབང་པོར་རོལ༔ ཁྲོ་རྒྱལ་སྤྲུལ་པའི་ཚོགས་རྣམས་བཟློག་ཏུ་གསོལ༔ བཅོ་བརྒྱད་ཕྱག་རྣམས་གྱེན་དུ་གདེངས་པ་ནི༔ སྟོང་པ་བཅོ་བརྒྱད་དབང་དུ་སྡུད་པ་དང་༔ མ་རྟོགས་འཁྲུལ་པས་མནར་བའི་དགྲ་བགེགས་འདིའི༔ ཁམས་དང་སྐྱེ་མཆེད་འདི་ལ་ད་རོལ་ལ༔ གནས་ཡུལ་ཁྲོ་བོའི་ཚོགས་རྣམས་བཟློག་ཏུ་གསོལ༔ ཞབས་བརྒྱད་ཐུར་དུ་སྟབས་ཀྱིས་བགྲད་པ་ནི༔ རྣམ་ཐར་བརྒྱད་པོ་དབང་དུ་སྡུད་པ་དང་༔ ཡུལ་བརྒྱད་ཆགས་པས་མནར་བའི་དགྲ་བགེགས་འདི༔ རྣམ་པར་ཤེས་པའི་ཚོགས་བརྒྱད་འདི་རོལ་ལ༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉའི་ཚོགས་རྣམས་བཟློག༔ ཕྱག་ན་གདུག་པའི་མཚོན་ཆ་བསྣམས་པ་ནི༔ བདུད་པོ་ཕོ་ཉར་འགྱེད་ཅིང་དགྲ་བགེགས་གསོད༔ དུག་ལྔའི་མཚོན་ཆས་མནར་བའི་དགྲ་བགེགས་འདི༔ ཤ་རུས་བཅས་པ་གཏུབ་ཅིང་ད་རོལ་ལ༔ གནོད་བྱེད་གདུག་པའི་ཚོགས་རྣམས་བཟློག་ཏུ་གསོལ༔ ཤར་གྱི་ཕྱོགས་ནས་རཀྴ་ཧེ་རུ་ཀ༔ རྡོ་རྗེ་(༣༦བ)


GLG024_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་ཕོ་ཉ་དབང་སྡུས་ལ༔ དམ་ཉམས་དགྲ་བགེགས་དབང་པོ་ལྔ་ལ་རོལ༔ རྡོ་རྗེ་རིགས་ཀྱི་ཕོ་ཉའི་ཚོགས་རྣམས་བཟློག༔ ལྷོ་ཡི་ཕྱོགས་ནས་གུ་ཧྱ་ཧེ་རུ་ཀ༔ རིན་ཅེན་རིགས་ཀྱི་ཕོ་ཉ་དབང་སྡུས་ལ༔ དམ་ཉམས་དགྲ་བགེགས་དྲོད་ལ་ད་རོལ་ལ༔ རིན་ཅེན་རིགས་ཀྱི་ཕོ་ཉའི་ཚོགས་རྣམས་བཟློག༔ ནུབ་ཀྱི་ཕྱོགས་ནས་བི་ཤྭ་ཧེ་རུ་ཀ༔ པདྨ་རིགས་ཀྱི་ཕོ་ཉ་དབང་སྡུས་ལ༔ དམ་ཉམས་དགྲ་བགེགས་འདོད་ཆགས་མཚན་མར་རོལ༔ པདྨ་རིགས་ཀྱི་ཕོ་ཉའི་ཚོགས་རྣམས་བཟློག༔ བྱང་གི་ཕྱོགས་ནས་ཡཀྴ་ཧེ་རུ་ཀ༔ ལས་ཀྱི་རིགས་ཀྱི་ཕོ་ཉ་དབང་སྡུས་ལ༔ དགྲ་བགེགས་འདི་ཡིསྐྱེ་བརྒྱུད་ཤ་ཁྲག་རོལ༔ ལས་ཀྱི་རིགས་ཀྱི་ཕོ་ཉའི་ཚོགས་རྣམས་བཟློག༔ ཡུམ་ཆེན་རཀྴ་ཀྲོ་ཏི་ཤྭ་རཱི་མ༔ ས་ཡི་བསྐལ་པས་ཐམས་ཅད་གཟིར་ཞིང་གནོན༔ ས་ལ་གནས་པའི་ལྷ་འདྲེ་དབང་སྡུས་ལ༔ དམ་ཉམས་དགྲ་བགེགས་འདི་ཡི་ཤ་ལ་རོལ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོའི་ཚོགས་རྣམས་བཟློག༔ ཡུམ་ཆེན་གུ་ཧྱ་ཀྲོ་ཏི་ཤྭ་རཱི་མ༔ མེ་ཡི་བསྐལ་པས་སྲིད་གསུམ་ཐལ་བར་སྲེགས༔ མེ་ལ་གནས་པའི་ལྷ་འདྲེ་དབང་སྡུས་ལ༔ དམ་ཉམས་དགྲ་བགེགས་འདི་ཡི་སྲོག་ལ་རོལ༔ རིན་ཅེན་རིགས་ཀྱི་མཁའ་འགྲོའི་ཚོགས་རྣམས་བཟློག༔ ཡུམ་ཆེན་བི་ཤྭ་ཀྲོ་ཏི་ཤྭ་རི་མ༔ ཆུ་ཡི་བསྐལ་པས་ཐམས་ཅད་གཡེང་ཞིང་བཀྲུ༔ ཆུ་ལ་གནས་པའི་ལྷ་འདྲེ་དབང་སྡུས་ལ༔ དམ་ཉམས་དགྲ་བགེགས་འདི་ཡི་ཁྲག་ལ་རོལ༔ པདྨ་རིགས་ཀྱི་མཁའ་འགྲོའི་ཚོགས་རྣམས་བཟློག༔ ཡུམ་ཆེན་ཡཀྴ་ཀྲོ་ཏི་ཤྭ་རཱི་མ༔ རླུང་གི་བསྐལ་པས་ཐམས་ཅད་ཕྱགས་(༣༧ན)


GLG024_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གཏོར༔ རླུང་ལ་གནས་པའི་ལྷ་འདྲེ་དབང་སྡུས་ལ༔ དམ་ཉམས་དགྲ་བགེགས་འདི་ཡི་དབུགས་ལ་རོལ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོའི་ཚོགས་རྣམས་བཟློག༔ སྟེང་ཕྱོགས་ལྷ་གདོན་འདུལ་བྱེད་ཁྲོ་བོ་ཡིས༔ འདོད་ཁམས་གཟུགས་ཁམས་དབང་དུ་བསྡུ་བ་དང་༔ དམ་ཉམས་དགྲ་བགེགས་འདི་ཡི་སྙིང་ལ་རོལ༔ ལྷ་ཡི་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ ཤར་ཕྱོགས་དྲི་ཟ་འདུལ་བྱེད་ཁྲོ་བོ་ཡིས༔ དྲི་ཟའི་འཁོར་ཚོགས་དབང་དུ་བསྡུ་བ་དང་༔ དམ་ཉམས་དགྲ་བགེགས་ཟག་པའི་རྫས་ལ་རོལ༔ དྲི་ཟའི་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ ཤར་ལྷོ་མེ་ལྷ་འདུལ་བྱེད་ཁྲོ་བོ་ཡིས༔ མེ་ལྷའི་འཁོར་ཚོགས་དབང་དུ་བསྡུ་བ་དང་༔ དམ་ཉམས་དགྲ་བགེགས་སྲོག་དང་དྲོད་ལ་རོལ༔ མེ་ལྷའི་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ ལྷོ་ཕྱོགས་གཤིན་རྗེ་འདུལ་བྱེད་ཁྲོ་བོ་ཡིས༔ གཤིན་རྗེའི་འཁོར་ཚོགས་དབང་དུ་བསྡུ་བ་དང་༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ གཤིན་རྗེའི་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ ལྷོ་ནུབ་སྲིན་པོ་འདུལ་བྱེད་ཁྲོ་བོ་ཡིས༔ ཤ་ཟ་སྲིན་པོ་དབང་དུ་བསྡུ་བ་དང་༔ དམ་ཉམས་དགྲ་བགེགས་ཁོང་ཁྲག་འདི་རོལ་ལ༔ སྲིན་པོའི་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ ནུབ་ཕྱོགས་ཀླུ་གདོན་འདུལ་བྱེད་ཁྲོ་བོ་ཡིས༔ ཀླུ་གཉན་འཁོར་ཚོགས་དབང་དུ་བསྡུ་བ་དང་༔ དམ་ཉམས་དགྲ་བགེགས་མཆིན་ཁྲག་འདི་རོལ་ལ༔ ཀླུ་གཉན་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ ནུབ་བྱང་རླུང་ལྷ་འདུལ་བྱེད་ཁྲོ་བོ་ཡིས༔ (༣༧བ)


GLG024_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ལྷ་འཁོར་བཅས་དབང་དུ་བསྡུ་བ་དང་༔ དམ་ཉམས་དགྲ་བགེགས་སྲོག་དང་དབུགས་ལ་རོལ༔ རླུང་ལྷའི་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ བྱང་ཕྱོགས་གནོད་སྦྱིན་འདུལ་བྱེད་ཁྲོ་བོ་ཡིས༔ གནོད་སྦྱིན་འཁོར་ཚོགས་དབང་དུ་བསྡུ་བ་དང་༔ དམ་ཉམས་དགྲ་བགེགས་དབུགས་དང་གློ་བར་རོལ༔ གནོད་སྦྱིན་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ བྱང་ཤར་དབང་ལྡན་འདུལ་བྱེད་ཁྲོ་བོ་ཡིས༔ དབང་ལྡན་འཁོར་ཚོགས་དབང་དུ་བསྡུ་བ་དང་༔ དམ་ཉམས་དགྲ་བགེགས་རྐང་དང་རུས་ལ་རོལ༔ བགེགས་ཀྱི་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ འོག་ཕྱོགས་ས་བདག་འདུལ་བྱེད་ཁྲོ་བོ་ཡིས༔ ས་བདག་འཁོར་ཚོགས་དབང་དུ་བསྡུ་བ་དང་༔ དམ་ཉམས་དགྲ་བགེགས་ཀླད་པར་ད་རོལ་ལ༔ ས་བདག་དམག་ཚོགས་མ་ལུས་བཟློག་ཏུ་གསོལ༔ ཤར་ནས་ལྕགས་ཀྱུ་ཅན་གྱི་སྒོ་བ་ཡིས༔ ལྕགས་ཀྱུས་བཟུང་ལ་ཕུར་པས་ད་ཐོབ་ལ༔ དམ་ཉམས་དགྲ་བགེགས་འདི་ཡིས་སྙིང་ལ་རོལ༔ ལྕགས་ཀྱུ་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ ལྷོ་ནས་ཞགས་པ་ཅན་གྱི་སྒོ་བ་ཡིས༔ ཁྲག་ཞགས་དམར་པོས་འདབས་ཤིང་འཆིང་བར་བྱེད༔ དམ་ཉམས་དགྲ་བགེགས་འདི་ཡི་མགོ་ལ་རོལ༔ ཞགས་པ་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ ནུབ་ནས་ལྕགས་སྒྲོག་ཅན་གྱི་སྒོ་བ་ཡིས༔ ལྕགས་སྒྲོག་ནག་པོས་ཡན་ལག་འཆིང་བར་བྱེད༔ དམ་ཉམས་དགྲ་བགེགས་ཡན་ལག་བཞི་ལ་རོལ༔ ལྕགས་སྒྲོག་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ བྱང་ནས་དྲིལ་བུ་ཅན་གྱི་སྒོ་བ་ཡིས༔ དྲིལ་བུས་འདུལ་ཞིང་མགོ་(༣༨ན)


GLG024_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྡེག་པར་བྱེད༔ དམ་ཉམས་དགྲ་བགེགས་གཟུགས་ཕུང་ལྔ་ལ་རོལ༔ དྲིལ་བུ་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ བཀའ་ཡི་བསྟན་སྲུང་ཅེ་སྤྱང་མ་བརྒྱུད་རྣམས༔ ཅེ་སྤྱང་རྒྱུག་ཚུལ་དགྲ་ལ་འཇབ་པར་བྱེད༔ དམ་ཉམས་དགྲ་བགེགས་འདི་ཡི་དོན་སྙིང་རོལ༔ གདོན་དང་དགྲ་དང་མི་མཐུན་ཕྱོགས་རྣམས་བཟློག༔ ཧཱུཾ། སྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་འཁོར་དང་བཅས༔ དགྲ་ཤ་ཁྲག་གི་མཆོད་པ་འདི་བཞེས་ལ༔ དམ་ཉམས་འབྱུང་པོ་འདི་ལ་ད་རོལ་ཅིག༔ མ་ཧཱ་མཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ མ་ཧཱ་ཙཀྵུ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ཁཱ་ཧི༔ ཞེས་དམར་སྦྲེང་། ཕུར་སྐོར་བྱ། ཉ་བོ་བསྒྲལ། སྟོབ་ལ་བྱ། གཏོར་མ་འབུལ། བྷྱོས་གདབ། བཅོལ་དམ་བྱའོ༔ རྒྱ་རྒྱ། བཀའ་བརྒྱད་ཡོངས་རྫོགས་ལས། དུས་མིན་འཆི་བའི་འཇིགས་པ་ནད་གདོན་བར་ཆད་རྦོད་ཟོར་ལྟས་ངན་བཟློག་བྷྱོ༔ ཞེས་གསུངས་པ་སྦྱར། ཡང་དག་ཐུགས་ཀྱི་ལྷ་ཚོགས་ལ་བཟློག་པའི་འཕྲིན་ལས་བཅོལ་བ་ནི༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ རྡོ་རྗེ་ཁྲག་འཐུང་དབང་དུ་བསྡུ་བ་དང་༔ དགྲ་བགེགས་འདི་ཡི་རྣམ་ཤེས་ད་རོལ་ལ༔ རྡོ་རྗེ་ཁྲག་འཐུང་ཕོ་ཉའི་ཚོགས་རྣམས་བཟློག༔ གཏི་མུག་དཔལ་ཆེན་བུདྡྷ་ཧེ་རུ་ཀ༔ བུདྡྷ་ཁྲག་འཐུང་དབང་དུ་བསྡུ་བ་དང་༔ དམ་ཉམས་དགྲ་བགེགས་གཟུགས་ཕུང་ད་རོལ་ལ༔ དེ་བཞིན་ཁྲག་འཐུང་ཕོ་ཉའི་ཚོགས་རྣམས་བཟློག༔ ང་རྒྱལ་དཔལ་ཆེན་རཏྣ་ཧེ་རུ་ཀ༔ (༣༨བ)


GLG024_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཅེན་ཁྲག་འཐུང་དབང་དུ་བསྡུ་བ་དང་༔ དགྲ་བགེགས་འདི་ཡི་ཚོར་བའི་ཕུང་པོར་རོལ༔ རིན་ཅེན་ཁྲག་འཐུང་ཕོ་ཉའི་ཚོགས་རྣམས་བཟློག༔ འདོད་ཆགས་དཔལ་ཆེན་པདྨ་ཧེ་རུ་ཀ༔ པདྨ་ཁྲག་འཐུང་དབང་དུ་བསྡུ་བ་དང་༔ དགྲ་བགེགས་འདི་ཡི་འདུ་ཤེས་ཕུང་པོར་རོལ༔ པདྨ་ཁྲག་འཐུང་ཕོ་ཉའི་ཚོགས་རྣམས་བཟློག༔ ཕྲག་དོག་དཔལ་ཆེན་ཀརྨ་ཧེ་རུ་ཀ༔ ལས་ཀྱི་ཁྲག་འཐུང་དབང་དུ་བསྡུ་བ་དང་༔ དགྲ་བགེགས་འདི་ཡི་འདུ་བྱེད་ཕུང་པོར་རོལ༔ ལས་ཀྱི་ཁྲག་འཐུང་ཕོ་ཉའི་ཚོགས་རྣམས་བཟློག༔ ཡུམ་ཆེན་བཛྲ་ཀྲོ་ཏི་ཤྭ་རཱི་མ༔ དགྲ་བགེགས་འདི་ཡི་བཀྲག་དང་མདངས་ལ་རོལ༔ རྡོ་རྗེ་རིགས་ཀྱི་སྤྲུལ་པའི་ཚོགས་རྣམས་བཟློག༔ ཡུམ་ཆེན་བུདྡྷ་ཀྲོ་ཏི་ཤྭ་རཱི་མ༔ དགྲ་བགེགས་འདི་ཡི་ཤ་དང་རུས་ལ་རོལ༔ དེ་བཞིན་རིགས་ཀྱི་སྤྲུལ་པའི་ཚོགས་རྣམས་བཟློག༔ ཡུམ་ཆེན་རཏྣ་ཀྲོ་ཏི་ཤྭ་རཱི་མ༔ དགྲ་བགེགས་འདི་ཡི་ཁྲག་དང་ཆུ་ལ་རོལ༔ རིན་ཆེན་རིགས་ཀྱི་སྤྲུལ་པའི་ཚོགས་རྣམས་བཟློག༔ ཡུམ་ཆེན་པདྨ་ཀྲོ་ཏི་ཤྭ་རཱི་མ༔ དགྲ་བགེགས་འདི་ཡི་དྲོད་དང་མེ་ལ་རོལ༔ པདྨ་རིགས་ཀྱི་སྤྲུལ་པའི་ཚོགས་རྣམས་བཟློག༔ ཡུམ་ཆེན་ཀརྨ་ཀྲོ་ཏི་ཤྭ་རཱི་མ༔ དགྲ་བགེགས་འདི་ཡི་དབུགས་དང་རླུང་ལ་རོལ༔ ལས་ཀྱི་རིགས་ཀྱི་སྤྲུལ་པའི་ཚོགས་རྣམས་བཟློག༔ རྡོ་རྗེ་ཐུགས་ཀྱི་ཕོ་ཉ་ཆེན་མོ་སྟེ༔ ཕོག་པར་རྒྱོབ་ཅིག་མ་མོ་ཀོའུ་རི༔ རྡོ་རྗེ་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ རིན་ཅེན་སྐུ་ཡི་ཕོ་ཉ་ཆེན་མོ་སྟེ༔ སྙིང་ལ་གཟིར་ཅིག་མ་མོ་ཙཽ་རི་མ༔ མདའ་གཞུ་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ པདྨ་གསུང་གི་ཕོ་ཉ་ཆེན་མོ་སྟེ༔ དབང་(༣༩ན)


GLG024_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྡུས་ཤིག་མ་མོ་པྲ་མོ་ཧ༔ རྒྱལ་མཚན་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ ལས་བྱེད་ལས་ཀྱི་ཕོ་ཉ་ཆེན་མོ་སྟེ༔ རྒྱུ་ཞགས་དྲོངས་ཤིག་མ་མོ་པེ་ཏ་ལི༔ རྒྱུ་ཞགས་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ འདོད་ཆགས་འཇོམས་པའི་ཕོ་ཉ་ཆེན་མོ་སྟེ༔ གློ་སྙིང་དྲོངས་ཤིག་མ་མོ་པུ་ཀ་སི༔ གློ་སྙིང་ཐོགས་པའི་ཕོ་ཉའི་ཚོགས་རྣམས་བཟློག༔ ཞེ་སྡང་འཇོམས་པའི་ཕོ་ཉ་ཆེན་མོ་སྟེ༔ རཀྟ་འཐུང་ཞིག་མ་མོ་ཀསྨ་རི༔ ཐོད་ཁྲག་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ ང་རྒྱལ་འཇོམས་པའི་ཕོ་ཉ་ཆེན་མོ་སྟེ༔ ཙིཏྟ་ཕྱུངས་ཤིག་མ་མོ་སྨ་ཤ་ནི༔ སྙིང་ཆེན་འབྱིན་པའི་ཕོ་ཉའི་ཚོགས་རྣམས་བཟློག༔ ཕྲག་དོག་འཇོམས་པའི་ཕོ་ཉ་ཆེན་མོ་སྟེ༔ མགོ་ལུས་ཕྲོལ་ཅིག་མ་མོ་ཙནྡྷ་ལི༔ མགོ་ལུས་འབྲལ་བའི་ཕོ་ཉའི་ཚོགས་རྣམས་བཟློག༔ ཕྱག་ན་ཞིང་གི་མཆོག་ཕྲན་བསྣམས་པ་སྟེ༔ ཤ་ལ་རོལ་ཅིག་ཕྲ་མེན་སིང་ཧ་མ༔ སེང་མགོ་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ ཕྱག་མཚན་ཕྱག་ན་ཏི་ར་བསྣམས་པ་སྟེ༔ རུས་པ་འཆོས་ཤིག་ཕྲ་མེན་བྱ་གྷྲི་མ༔ སྟག་མགོ་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ ཕྱག་ན་ལྤགས་ཆེན་ལྡག་པའི་ཕྲ་མེན་མ༔ དགྲ་བོའི་ལྤགས་ཆེན་ལྡོགས་ཤིག་སྲི་ཀ་མ༔ ཝ་མགོ་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ ཟས་སུ་ཤ་ཆེན་ཟ་བའི་ཕྲ་མེན་མ༔ དགྲ་བོའི་ཤ་ལ་ཟོ་ཞིག་ཤྭ་ན་མ༔ སྤྱང་མགོ་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ སྐོམ་དུ་ཐོད་ཁྲག་འཐུང་བའི་ཕྲ་མེན་མ༔ དགྲ་བོའི་དུང་ཁྲག་འཐུང་ཞིག་ཀྲི་ཏ་མ༔ བྱ་རྒོད་མགོ་ཅན་ཕོ་ཉའི་ཚོགས་རྣམས་བཟློག༔ ཞིང་ཆེན་ཕྲག་ལ་(༣༩བ)


GLG024_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཁུར་བའི་ཕྲ་མེན་མ༔ དགྲ་བོའི་ལྤགས་ཆེན་ཤུས་ཤིག་ཀཾ་ཀ་མ༔ ཀང་ཀའི་མགོ་ཅན་ཕོ་ཉའི་ཚོགས་རྣམས་བཟློག༔ མིག་ཚིལ་འབྱིན་པར་བྱེད་པའི་ཕྲ་མེན་མ༔ དགྲ་བོའི་མིག་ཚིལ་བྲུས་ཤིག་ཀཱ་ཀ་མ༔ ཤ་ཟན་བྱ་རོག་མགོ་ཅན་ཕོ་ཉ་བཟློག༔ གློ་བ་སྙིང་བཅས་འབྱིན་པའི་ཕྲ་མེན་མ༔ དགྲ་བོའི་གློ་སྙིང་ཕྱུངས་ཤིག་ཧུ་ལུ་མ༔ འུག་པའི་མགོ་ཅན་ཕོ་ཉའི་ཚོགས་རྣམས་བཟློག༔ ཉོན་མོངས་སེམས་ཅན་གནས་ནས་འདྲེན་མཛད་མ༔ དགྲ་བོའི་སྙིང་ནས་དྲོངས་ཤིག་རྟ་གདོང་མ༔ རྟ་གདོང་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ དགྲ་བགེགས་ཡན་ལག་འཆིང་མཛད་ཞགས་པ་མ༔ དགྲ་བགེགས་ཡན་ལག་ཆིངས་ཤིག་ཕག་གདོང་མ༔ ཕག་གདོང་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ འཁོར་བ་གནས་སུ་འཆིང་ཞིང་སྡོམ་བྱེད་མ༔ དམ་ཉམས་དགྲ་བགེགས་སྡོམས་ཤིག་སྤྲེལ་གདོང་མ༔ སྤྲེལ་གདོང་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ རྣམ་པར་རྟོག་པ་མྱོས་བྱེད་དྲིལ་བུ་མ༔ དགྲ་ལ་རྒྱོབ་ཅིང་སོད་ཅིག་སྤྱང་གདོང་མ༔ སྤྱང་གདོང་ཅན་གྱི་ཕོ་ཉའི་ཚོགས་རྣམས་བཟློག༔ བཀའ་ཡི་བསྟན་པ་བསྲུང་བའི་ལས་མཛད་མ༔ སྲིན་མོ་ཆེན་མོ་ཉི་ཤུ་རྩ་བརྒྱད་ཀྱང་༔ དགྲ་བགེགས་འདི་ཡི་ཤ་དང་ཁྲག་ལ་རོལ༔ སྲིན་མོ་ཉི་ཤུ་རྩ་བརྒྱད་གདུག་རྩུབ་བཟློག༔ ཧཱུཾ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་དང་བཅས༔ དགྲ་ཤ་ཁྲག་གི་མཆོད་པ་འདི་བཞེས་ལ༔ དམ་ཉམས་འབྱུང་པོ་འདི་ལ་ད་རོལ་ཅིག༔ མ་ཧཱ་མཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཀེཾ་ནྲྀ་ཏྱ་ཁཱ་ཧི༔ མ་ཧཱ་ཙིཏྟ་(༤༠ན)


GLG024_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཙཀྵུ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཞེས་དམར་སྦྲེང་། ཕུར་སྐོར་བྱ། ཉ་བོ་བསྒྲལ། སྟོབ་པ་བྱ། གཏོར་མ་འབུལ། བྷྱོས་གདབ། བཅོལ་དམ་བྱའོ༔ རྒྱ་རྒྱ། བཀའ་བརྒྱད་ཡོངས་རྫོགས་ལས་དུས་མིན་འཆི་བའི་འཇིགས་པ་ནད་གདོན་བར་ཆད་རྦོད་ཟོར་ལྟས་ངན་བཟློག་བྷྱོ༔ ཞེས་གསུངས། དེ་ནས་འཇམ་དཔལ་སྐུའི་ལྷ་ཚོགས་ལ་བཟློག་པའི་འཕྲིན་ལས་བཅོལ་བ་ནི༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ ཐམས་ཅད་དབང་དུ་བསྡུ་མཛད་ཁྲོ་བོའི་རྗེ༔ ཤ་ཁྲག་སྲོག་ལ་དབང་སྒྱུར་བདུད་ཀྱི་གཙོ༔ དགྲ་བགེགས་འདི་ཡི་ཤ་ཁྲག་སྲོག་ལ་རོལ༔ ལས་ཀྱི་གཤིན་རྗེ་ཕོ་ཉའི་དམག་ཚོགས་བཟློག༔ སྦྱོར་བའི་ཡུམ་མཆོག་ཀྲོ་མོ་པེ་ཏ་ལི༔ མ་བདུད་འབུམ་གྱི་གཙོ་མོ་ཆེན་མོ་སྟེ༔ དམ་ཉམས་དགྲ་བགེགས་འདི་ཡི་ཁྲག་ལ་རོལ༔ མ་བདུད་ནག་མོའི་དམག་ཚོགས་ཐམས་ཅད་བཟློག༔ སྒྲོལ་བའི་ཡུམ་མཆོག་ཨེ་ཀ་ཛཱ་ཊཱི་མ༔ དམ་ཅན་རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་མོ༔ དམ་ཉམས་དགྲ་བགེགས་འདི་ཡི་སྙིང་ལ་རོལ༔ སྒྲོལ་བྱེད་སྔགས་ཀྱི་ཕོ་ཉའི་དམག་ཚོགས་ཐམས་ཅད་བཟློག༔ གཤེད་ཆེན་གཤིན་རྗེ་ཡ་མ་རཱ་ཙ་ཁྱོད༔ དམ་ཉམས་དགྲ་བགེགས་འདི་ཡི་མགོ་བོ་སྐོར༔ གཤིན་རྗེ་ཕོ་ཉའི་དམག་ཚོགས་ཐམས་ཅད་བཟློག༔ སྦྱོར་བའི་ཡུམ་གཅིག་བདུད་ཀྱི་ལྕམ་གཅིག་མ༔ དམ་ཉམས་དགྲ་བགེགས་འདི་ཡི་ཁྲག་ལ་རོལ༔ མ་བདུད་ཕོ་ཉའི་དམག་ཚོགས་ཐམས་ཅད་བཟློག༔ སྒྲོལ་བའི་ཡུམ་གཅིག་དཔལ་གྱི་བཀའ་ཉན་མ༔ དམ་ཉམས་དགྲ་བགེགས་འདི་ཡི་ཁོང་ཁྲག་རོལ༔ ལས་ཀྱི་ཕོ་ཉའི་དམག་(༤༠བ)


GLG024_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཐམས་ཅད་བཟློག༔ གཤེད་ཆེན་གཤིན་རྗེ་མྱོས་བྱེད་འབར་བ་ཁྱོད༔ དམ་ཉམས་དགྲ་བགེགས་འདི་ཡི་ཡིད་དཀྲུགས་ལ༔ གཤིན་རྗེ་སྲིན་པོ་ཕོ་ཉའི་དམག་ཚོགས་བཟློག༔ སྦྱོར་བའི་ཡུམ་གཅིག་གཏུམ་མོ་དུག་ཧྲུལ་མ༔ དམ་ཉམས་དགྲ་བགེགས་སྙིང་རྩ་གཙོ་ལ་སྟོབ༔ མཁའ་འགྲོ་ཕོ་ཉའི་དམག་ཚོགས་ཐམས་ཅད་བཟློག༔ སྒྲོལ་བའི་ཡུམ་ནི་ཆགས་གཞི་ཁྲག་གི་བདག༔ དམ་ཉམས་དགྲ་བགེགས་འདི་ཡི་སྙིང་ཁྲག་འཐུང་༔ ཁྲག་བཟུང་མ་མོ་ཕོ་ཉའི་དམག་ཚོགས་བཟློག༔ གཤེད་ཆེན་བདུད་པོ་ཨ་ཡ་རྨི་རུ་ཁྱོད༔ དམ་ཉམས་དགྲ་བགེགས་ཁྲག་ཏུ་སྐྱུག་ཏུ་ཆུག༔ གཤིན་རྗེ་བདུད་ཀྱི་ཕོ་ཉ་ཐམས་ཅད་བཟློག༔ སྦྱོར་བའི་ཡུམ་མཆོག་ཁྲོ་མོ་འོད་ཟེར་ཅན༔ དམ་ཉམས་དགྲ་བགེགས་ཆགས་པའི་ཁྲག་ལ་རོལ། མ་མོ་ཕོ་ཉའི་དམག་ཚོགས་ཐམས་ཅད་བཟློག༔ སྒྲོལ་བའི་ཡུམ་ནི་གླིང་བཞི་གཙུག་འབྱམས་མ༔ དམ་ཉམས་དགྲ་བགེགས་ཡན་ལག་གཙུགས་ཕུད་རོལ༔ སྲིད་པ་གླིང་བཞིའི་གནོད་བྱེད་ཐམས་ཅད་བཟློག༔ གཤེད་ཆེན་གཤིན་རྗེ་རལ་པ་ཚར་དགུ་ཁྱོད༔ དམ་ཉམས་དགྲ་བགེགས་འདི་ཡི་སྲོག་ཆོད་ལ༔ གཤིན་རྗེ་གནོད་སྦྱིན་དམག་དཔུང་དགྲ་ལ་བཟློག༔ སྦྱོར་བའི་ཡུམ་ཆེན་ནག་མོ་རེ་མ་ཏཱི༔ དམ་ཉམས་དགྲ་བགེགས་ཁྲག་གི་མཚོ་ལ་རོལ༔ དཔལ་ལྡན་མ་ཡི་ཕོ་ཉའི་ཚོགས་རྣམས་བཟློག༔ སྒྲོལ་བའི་ཡུམ་ནི་སྲིན་མོ་མགོ་འཕྱང་མ༔ དམ་ཉམས་དགྲ་བགེགས་རྩ་ཁྲག་འདི་རོལ་ལ༔ སྲིན་མོ་ཕོ་ཉའི་དམག་ཚོགས་ཐམས་ཅད་བཟློག༔ སྟེང་གི་ཕྱོགས་ནས་གཤིན་རྗེ་ནག་འཇོམས་ཁྱོད༔ དམ་ཉམས་དགྲ་བགེགས་འདི་ཡི་ཀླད་པར་རོལ༔ (༤༡ན)


GLG024_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་གི་ཕྱོགས་ཀྱི་གནོད་བྱེད་ཐམས་ཅད་བཟློག༔ སྟེང་གི་ཕྱོགས་ནས་གཤིན་རྗེ་ཕྱ་སངས་ཁྱོད༔ དགྲ་བགེགས་འདི་ཡི་མགོ་དང་སྲོག་ལ་རོལ༔ སྟེང་གི་ཕྱོགས་ཀྱི་གདོན་རྣམས་བཟློག་ཏུ་གསོལ༔ ཤར་གྱི་ཕྱོགས་ནས་ཀོང་རྩེ་ཁྲག་འཇོམས་ཁྱོད༔ དམ་ཉམས་དགྲ་བགེགས་རུས་ལ་ད་རོལ་ལ༔ ཤར་གྱི་ཕྱོགས་ཀྱི་གདོན་རྣམས་བཟློག་ཏུ་གསོལ༔ ཤར་ལྷོ་མཚམས་ནས་ཨ་བ་གླང་མགོ་ཁྱོད༔ དགྲ་བགེགས་སྲོག་རྩ་དམར་ནས་ད་དྲོངས་ལ༔ ཤར་ལྷོ་མཚམས་ཀྱི་དགྲ་བགེགས་མ་ལུས་བཟློག༔ ལྷོ་ཡི་ཕྱོགས་ནས་གཤིན་རྗེ་ཡ་བ་ཏི༔ དམ་ཉམས་དགྲ་བགེགས་སྤྲུགས་ཤིང་འཐིབས་སུ་ཆུག༔ ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་ཐམས་ཅད་བཟློག༔ ལྷོ་ནུབ་མཚམས་ནས་གཤིན་རྗེ་མིག་དམར་ཁྱོད༔ དམ་ཉམས་དགྲ་བགེགས་ཐལ་བ་རྡུལ་དུ་རློག༔ ལྷོ་ནུབ་མཚམས་ཀྱི་དགྲ་བགེགས་ཐམས་ཅད་བཟློག༔ ནུབ་ཀྱི་ཕྱོགས་ནས་གཤིན་རྗེ་རྨིག་པ་ཁྱོད༔ དམ་ཉམས་དགྲ་བགེགས་སྐྱེ་བརྒྱུད་རྩ་བ་ཆོད༔ ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་ཐམས་ཅད་བཟློག༔ ནུབ་བྱང་མཚམས་ནས་གཤིན་རྗེ་ཏེལ་པ་ཁྱོད༔ དམ་ཉམས་དགྲ་བགེགས་མ་ལུས་ཞལ་དུ་རྔུབས༔ ནུབ་བྱང་མཚམས་ཀྱི་དགྲ་བགེགས་ཐམས་ཅད་བཟློག༔ བྱང་གི་ཕྱོགས་ནས་གཤིན་རྗེ་བདུད་འཇོམས་ཁྱོད༔ དམ་ཉམས་དགྲ་བགེགས་འཇིགས་པའི་གནས་སུ་སྐྱོལ༔ བྱང་གི་ཕྱོགས་ཀྱི་དགྲ་བགེགས་ཐམས་ཅད་བཟློག༔ བྱང་ཤར་མཚམས་ནས་གཤིན་རྗེ་ཆོས་རྒྱལ་ནི༔ དམ་ཉམས་དགྲ་བགེགས་ཁྲམ་ལ་འདེབས་པར་བྱེད༔ བྱང་ཤར་མཚམས་ཀྱི་དགྲ་བགེགས་ཐམས་ཅད་བཟློག༔ འོག་གི་ཕྱོགས་ནས་གཤིན་རྗེ་དམར་(༤༡བ)


GLG024_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི༔ དགྲ་བགེགས་མ་ལུས་དབང་དུ་སྡུད་པར་བྱེད༔ འོག་གི་ཕྱོགས་ཀྱི་དགྲ་བགེགས་ཐམས་ཅད་བཟློག༔ འོག་གི་ཕྱོགས་ནས་གཤིན་རྗེ་ཐོད་དབྱུག་ཐོགས༔ དམ་ཉམས་དགྲ་བགེགས་མགོ་ལུས་འབྲལ་བར་བྱེད༔ འོག་གི་ཕྱོགས་ཀྱི་དགྲ་བགེགས་ཐམས་ཅད་བཟློག༔ སྟེང་གི་ཕྱོགས་ནས་ནག་མོ་རལ་གཅིག་མ༔ དམ་ཉམས་དགྲ་ལ་བྱིང་ནད་འཐིབས་པོ་ཐོབ༔ ནག་མོ་འབུམ་གྱི་བཀའ་སྒྱུར་དགྲ་ལ་བཟློག༔ སྟེང་གི་ཕྱོགས་ནས་ཤེལ་གྱི་གདོང་དགུ་མ༔ དམ་ཉམས་དགྲ་ལ་རིམས་ནད་ཆར་ལྟར་ཐོབ༔ ལྷ་སྲིན་སྡེ་བརྒྱད་བཀའ་སྒྱུར་དགྲ་ལ་བཟློག༔ ཤར་གྱི་ཕྱོགས་ནས་རལ་གཅིག་ཤེལ་མིག་མ༔ དམ་ཉམས་དགྲ་ལ་སྙིང་ཆུ་གཟེར་ནད་ཐོང་༔ དྲི་ཟ་ཕོ་མོའི་བཀའ་སྒྱུར་དགྲ་ལ་བཟློག༔ ཤར་ལྷོ་མཚམས་ནས་དཀར་སྐྱ་མཆེ་གཙིགས་པ༔ དམ་ཉམས་དགྲ་ལ་མགོ་ནད་དེ་ཐོང་ལ༔ དྲང་སྲོང་ཕོ་མོའི་བཀའ་སྒྱུར་དགྲ་ལ་བཟློག༔ ལྷོ་ཡི་ཕྱོགས་ནས་དྲེད་ཀྱི་རྔམ་སྟབས་ཅན༔ དམ་ཉམས་དགྲ་ལ་རྒྱུ་གཟེར་བཤལ་ནད་ཐོང་༔ གྲུལ་བུམ་ཕོ་མོའི་བཀའ་སྒྱུར་དགྲ་ལ་བཟློག༔ ལྷོ་ནུབ་མཚམས་ནས་ཁྲག་གི་རལ་གཅིག་མ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་ད་རོལ་ལ༔ སྲིན་པོ་ཕོ་མོའི་བཀའ་སྒྱུར་དགྲ་ལ་བཟློག༔ ནུབ་ཀྱི་ཕྱོགས་ནས་ཀླུ་མོ་པུས་འགྲོས་མ༔ དམ་ཉམས་དགྲ་ལ་མཛེ་ནད་སྣ་དགུ་ཐོང་༔ ཀླུ་རྒྱལ་ཕོ་མོའི་བཀའ་སྒྱུར་དགྲ་ལ་བཟློག༔ ནུབ་བྱང་མཚམས་ནས་རླུང་ལྷ་སྤྱན་གསུམ་མ༔ དམ་ཉམས་དགྲ་ལ་སྨྱོ་འབོག་བརྒྱལ་ནད་ཐོང་༔ རླུང་ལྷ་ཕོ་མོའི་བཀའ་སྒྱུར་དགྲ་ལ་བཟློག༔ བྱང་གི་ཕྱོགས་ནས་སྨུག་ནག་རལ་གཅིག་མ༔ དམ་ཉམས་དགྲ་ལ་ལྷོག་པ་སྐེམ་(༤༢ན)


GLG024_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཐོང་༔ གནོད་སྦྱིན་ཕོ་མོའི་བཀའ་སྒྱུར་དགྲ་ལ་བཟློག༔ བྱང་ཤར་མཚམས་ནས་དམར་མོ་རལ་གཅིག་མ༔ དམ་ཉམས་དགྲ་བགེགས་དབང་པོ་སྡོམ་པར་བྱེད༔ དབང་ལྡན་ཕོ་མོའི་བཀའ་སྒྱུར་དགྲ་ལ་བཟློག༔ འོག་གི་ཕྱོགས་ནས་རལ་གཅིག་ཤེལ་མིག་མ༔ དམ་ཉམས་དགྲ་ལ་བྱིང་ནད་འཐིབས་པ་ཐོང་༔ ཀླུ་བདུད་ཕོ་མོའི་བཀའ་སྒྱུར་དགྲ་ལ་བཟློག༔ འོག་གི་ཕྱོགས་ནས་ནག་མོ་ཕག་མགོ་མ༔ དགྲ་ལ་དམུ་ཆུ་སྐྲན་ནད་གཏོང་བར་བྱེད༔ ས་བདག་ཕོ་མོའི་བཀའ་སྒྱུར་དགྲ་ལ་བཟློག༔ ཤར་གྱི་སྒོ་བ་དུང་གི་བྱ་རྒོད་མགོ༔ དགྲ་བགེགས་སྲོག་རྩ་དམར་ནས་ད་དྲོངས་ལ༔ འགུགས་ཤིང་བཟློག་པའི་འཕྲིན་ལས་དུས་ལ་བབ༔ ལྷོ་ཡི་སྒོ་བ་ནག་པོ་སྟག་མགོ་ཅན༔ དམ་ཉམས་དགྲ་བགེགས་མགོ་ལུས་འཆིང་བར་བྱེད༔ དགྲ་བགེགས་དགུག་ཅིང་འཆིང་བའི་དུས་ལ་བབ༔ ནུབ་ཀྱི་སྒོ་བ་བསེ་ཡི་ཀང་ཀའི་མགོ༔ དམ་ཉམས་དགྲ་བགེགས་དབང་པོ་སྡོམ་པར་བྱེད༔ དགྲ་བོ་འཆིང་ཞིང་བཟློག་པའི་དུས་ལ་བབ༔ བྱང་གི་སྒོ་བ་ལྕགས་ཀྱི་སྤྱང་ཀིའི་མགོ༔ དམ་ཉམས་དགྲ་བགེགས་ཐལ་བ་རྡུལ་དུ་རློག༔ བཟློག་ཅིག་བསད་པའི་འཕྲིན་ལས་དུས་ལ་བབ༔ བཀའ་ཡི་བསྟན་སྲུང་གིང་བཞི་བདུད་བཞི་དང་༔ རྩིས་པ་བཞི་དང་བཤན་པ་བཅུ་གཉིས་རྣམས༔ དམ་ཉམས་དགྲ་བོའི་ཤ་ཁྲག་རུས་ལ་རོལ༔ བཟློག་ཅིང་བསད་པའི་འཕྲིན་ལས་དུས་ལ་བབ༔ ཧཱུཾ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་དང་བཅས༔ དགྲ་ཤ་ཁྲག་གི་མཆོད་པ་འདི་བཞེས་ལ༔ (༤༢བ)


GLG024_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་འབྱུང་པོ་འདི་ལ་ད་རོལ་ཅིག༔ མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཀིཾ་ནྲྀ་ཏྱ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མཧཱ་ཙཀྵུ་ཁཱ་ཧི། མཧཱ་བ་སུ་ཏ་ཁཱ་ཧི། ཞེས་དམར་སྦྲེང་། ཕུར་སྐོར་བྱ། ཉ་བོ་བསྒྲལ། སྟོབ་བ་བྱ། གཏོར་མ་འབུལ། བྷྱོས་གདབ། བཅོལ་དམ་བྱའོ༔ རྒྱ་རྒྱ་རྒྱ༔ བཀའ་བརྒྱད་ཡོངས་རྫོགས་ལས། དུས་མིན་འཆི་བའི་འཇིགས་པ་ནད་གདོན་བར་ཆད་རྦོད་ཟོར་ལྟས་ངན་བཟློག་བྷྱོ༔ དེ་ནས་པདྨ་གསུང་གི་ལྷ་ཚོགས་ལ་བཟློག་པའི་འཕྲིན་ལས་བཅོལ་བ་ནི༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་དབང་ཆེན་རྟ་མགྲིན་རྒྱལ༔ ཁམས་གསུམ་མ་ལུས་དབང་དུ་བསྡུ་བ་དང་༔ དམ་ཉམས་དགྲ་བགེགས་ཆགས་པའི་རྫས་ལ་རོལ༔ དབང་ཆེན་བགེགས་ཀྱི་ཚོགས་རྣམས་བཟློག་ཏུ་གསོལ༔ ཡུམ་ཆེན་པདྨ་གཟི་ལྡན་རལ་གཅིག་མ༔ དམ་ཉམས་དགྲ་བགེགས་རྩ་ཁྲག་སྙིང་ལ་རོལ༔ དབང་ཆེན་མོ་གདོན་ཚོགས་རྣམས་བཟློག་ཏུ་གསོལ༔ ལས་ཀྱི་རྒྱལ་པོ་བྱི་ལའི་མགོ་བོ་ཅན༔ དགྲ་བགེགས་གནོད་བྱེད་ཐམས་ཅད་འདིར་ཁུག་ལ༔ བསམ་སྦྱོར་ངན་པ་ཐམས་ཅད་བཟློག་ཏུ་གསོལ༔ ལས་ཀྱི་རྒྱལ་པོ་པུ་ཤུད་མགོ་བོ་ཅན༔ དམ་ཉམས་དགྲ་བགེགས་འབྱུང་བའི་བཅུད་སྡུས་ལ༔ གདུག་པའི་སྡང་སེམས་ངན་པ་བཟློག་ཏུ་གསོལ༔ ཡེ་ཤེས་ཟིལ་གནོན་ཁྲོ་བོ་ཆེན་པོ་ཡིས༔ ལྷ་ཡི་གདོན་ཚོགས་དབང་སྡུས་ཕོ་ཉ་བཟློག༔ ལས་ཀྱི་ཁྲོ་བོ་ཟིལ་གནོན་ཆེན་པོ་ཡིས༔ ལས་ཀྱི་ཁྲོ་བོ་དབང་སྡུས་ཕོ་ཉ་བཟློག༔ ཡེ་ཤེས་མ་མོ་ཟིལ་གནོན་ཆེན་མོ་ཡིས༔ མ་མོ་ཐམས་ཅད་དབང་སྡུས་ཕོ་ཉ་བཟློག༔ ཡེ་ཤེས་ཁྱུང་ཆེན་ཟིལ་གནོན་ཆེན་པོ་ཡིས༔ (༤༣ན)


GLG024_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་རྣམས་དབང་སྡུས་ཀླུ་ཡི་ཕོ་ཉ་བཟློག༔ ཕོ་རྒྱུད་ཟིལ་གནོན་ཁྲོ་བོ་ཆེན་པོ་ཡིས༔ སྲིད་པ་ཕོ་རྒྱུད་དབང་སྡུས་ཕོ་ཉ་བཟློག༔ མོ་རྒྱུད་ཟིལ་གནོན་ཁྲོ་བོ་ཆེན་མོ་ཡིས༔ སྲིད་པ་མོ་རྒྱུད་དབང་སྡུས་ཕོ་ཉ་བཟློག༔ ཀླུ་རྣམས་དབང་སྡུད་ཁྲོ་བོ་ཆེན་པོ་ཡིས༔ ཀླུ་རྣམས་དབང་སྡུས་ས་བདག་ཀླུ་སྲིན་བཟློག༔ གཟའ་རྣམས་ཟིལ་གྱིས་གནོན་པའི་ཁྲོ་བོ་ཡིས༔ གཟའ་རྣམས་དབང་སྡུས་གཟའ་བདུད་མིང་སྲིང་བཟློག༔ ཟིལ་གནོན་ཁྲོ་མོ་ཆེན་མོ་མི་ཕམ་མས༔ ཡེ་ཤེས་ལྷ་མོ་དབང་སྡུས་ཕོ་ཉ་བཟློག༔ ཟིལ་གནོན་ཁྲོ་མོ་ཆེན་མོ་རལ་གཅིག་མས༔ ཡེ་ཤེས་ཁྲོ་མོ་དབང་སྡུས་ཕོ་ཉ་བཟློག༔ ཟིལ་གནོན་ཁྲོ་མོ་ཆེན་མོ་ཟ་བྱེད་མས༔ ཡེ་ཤེས་མ་མོ་དབང་སྡུས་ཕོ་ཉ་བཟློག༔ ཟིལ་གནོན་ཁྲོ་མོ་ཆེན་མོ་ཁྲོ་གཉེར་མས༔ ཀླུ་མོ་རྣམས་ཀྱི་ཕོ་ཉ་བཟློག་ཏུ་གསོལ༔ ཟིལ་གནོན་ཁྲོ་མོ་རྡོ་རྗེ་ལས་བྱེད་མས༔ ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཕོ་ཉ་བཟློག༔ ཟིལ་གནོན་ཁྲོ་མོ་གཤིན་རྗེ་ལས་བྱེད་མས༔ ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་བཟློག་ཏུ་གསོལ༔ ཟིལ་གནོན་ཁྲོ་མོ་ཀླུ་མོ་ལས་བྱེད་མས༔ ཀླུ་རྣམས་དབང་སྡུས་ཕོ་ཉའི་གདོན་ཚོགས་བཟློག༔ ཟིལ་གནོན་ཁྲོ་མོ་གནོད་སྦྱིན་ལས་བྱེད་མས༔ གནོད་སྦྱིན་གདོན་རྣམས་དབང་སྡུས་ཕོ་ཉ་བཟློག༔ ཤར་གྱི་སྒོ་བས་དམ་ཉམས་སྙིང་ནས་དྲོངས༔ ཤར་གྱི་གདོན་ཚོགས་བཟློག་ཅིང་དགྲ་ལ་སྒྱུར༔ ལྷོ་ཡི་སྒོ་བས་དགྲ་བགེགས་ཡན་ལག་ཆིངས༔ ལྷོ་ཡི་གདོན་ཚོགས་བཟློག་ཅིང་དགྲ་ལ་སྒྱུར༔ ནུབ་ཀྱི་སྒོ་བས་དགྲ་བགེགས་དབང་པོ་སྡོམས༔ ནུབ་ཀྱི་གདོན་ཚོགས་བཟློག་ཅིང་དགྲ་ལ་སྒྱུར༔ བྱང་གི་སྒོ་བས་དགྲ་(༤༣བ)


GLG024_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་སྲོག་ལུས་ཆོམས༔ བྱང་གི་གདོན་ཚོགས་བཟློག་ཅིང་དགྲ་ལ་སྒྱུར༔ བཀའ་ཡི་བསྟན་སྲུང་ཁམ་རྒྱ་དམུས་ལོང་དང་༔ དཔལ་གྱི་ཁྱི་སྤྱང་མེ་འབྲུག་རླུང་འབྲུག་རྣམས༔ དགྲ་བགེགས་འདི་ཡི་ཤ་ཁྲག་གློ་སྙིང་རོལ༔ གདུག་པའི་དགྲ་བགེགས་ཐམས་ཅད་བཟློག་ཏུ་གསོལ༔ ཧཱུཾ། དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་འཁོར་དང་བཅས༔ དགྲ་ཤ་ཁྲག་གི་མཆོད་པ་འདི་བཞེས་ལ༔ དམ་ཉམས་འབྱུང་པོ་འདི་ལ་ད་རོལ་ཅིག༔ མ་ཧཱ་མཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཀེཾ་ནྲྀ་ཏྱ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཙཀྵུ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཞེས་དམར་སྦྲེང་། ཕུར་སྐོར་བྱ། ཉ་བོ་བསྒྲལ། སྟོབ་པ་བྱ། གཏོར་མ་འབུལ། བྷྱོས་གདབ། བཅོལ་དམ་བྱའོ༔ རྒྱ་རྒྱ་རྒྱ། བཀའ་བརྒྱད་ཡོངས་རྫོགས་ལས། དུས་མིན་འཆི་བའི་འཇིགས་པ་ནད་གདོན་བར་ཆད་རྦོད་ཟོར་ལྟས་ངན་བཟློག་བྷྱོ༔ ཞེས་གསུངས་པ་སྦྱར། དེ་ནས་ཕུར་པ་འཕྲིན་ལས་ཀྱི་ལྷ་ཚོགས་ལ་བཟློག་པའི་འཕྲིན་ལས་བཅོལ་བ་ནི༔ ཧཱུཾ། ཁྲོ་མཆོག་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ རིགས་ཀྱི་ཁྲོ་རྒྱལ་ཐམས་ཅད་དབང་སྡུས་ལ༔ དམ་ཉམས་དགྲ་བགེགས་གཟུགས་ཕུང་རྣམ་ཤེས་རོལ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུ༔ ཀུན་ནས་གནོད་པའི་དགྲ་བགེགས་ཐམས་ཅད་བཟློག༔ ཡུམ་ཆེན་ཁྲོ་མོ་འཁོར་ལོ་རྒྱས་འདེབས་མས༔ འཁོར་བའི་རྒྱུན་ཆོད་སྐྱེ་མེད་རྒྱ་ཡིས་ཐོད༔ དམ་ཉམས་དགྲ་བགེགས་བཀྲག་ལ་ད་རོལ་ལ༔ བཟློག་ཅིང་བསྒྱུར་བའི་འཕྲིན་ལས་དུས་ལ་བབ༔ ཤར་གྱི་སྲས་(༤༤ན)


GLG024_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བཛྲ་ཀཱི་ལཱ་ཡས༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ཤར་གྱི་དགྲ་བགེགས་ཐམས་ཅད་ཞི་བས་བཟློག༔ ལྷོ་ནས་སྲས་མཆོག་རཏྣ་ཀཱི་ལཱ་ཡས༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ལྷོ་ཡི་དགྲ་བགེགས་ཐམས་ཅད་རྒྱས་པས་བཟློག༔ ནུབ་ཕྱོགས་སྲས་མཆོག་པདྨ་ཀཱི་ལཱ་ཡས༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ནུབ་ཀྱི་དགྲ་བགེགས་ཐམས་ཅད་དབང་གིས་བཟློག༔ བྱང་གི་སྲས་མཆོག་ཀརྨ་ཀཱི་ལཱ་ཡས༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ བྱང་གི་དགྲ་བགེགས་ཐམས་ཅད་དྲག་པོས་བཟློག༔ རྣམ་པར་རྒྱལ་བས་དགྲ་ཤ་འདི་རོལ་ལ༔ དྲི་ཟའི་དམག་ཚོགས་བཟློག་ཅིང་དགྲ་ལ་སྒྱུར༔ དབྱུག་པ་སྔོན་པོས་དགྲ་ཤ་འདི་རོལ་ལ༔ དྲང་སྲོང་དམག་ཚོགས་བཟློག་ཅིང་དགྲ་ལ་སྒྱུར༔ གཤིན་རྗེ་གཤེད་པོས་དགྲ་ཤ་འདི་རོལ་ལ༔ གཤིན་རྗེའི་དམག་ཚོགས་བཟློག་ཅིང་དགྲ་ལ་སྒྱུར༔ མི་གཡོ་མགོན་པོས་དགྲ་ཤ་འདི་རོལ་ལ༔ སྲིན་པོའི་དམག་ཚོགས་བཟློག་ཅིང་དགྲ་ལ་སྒྱུར༔ རྟ་མགྲིན་རྒྱལ་པོས་དགྲ་ཤ་འདི་རོལ་ལ༔ ཀླུ་ཡི་དམག་ཚོགས་བཟློག་ཅིང་དགྲ་ལ་སྒྱུར༔ གཞན་གྱིས་མི་ཐུབ་དགྲ་ཤ་འདི་རོལ་ལ༔ རླུང་ལྷའི་དམག་ཚོགས་བཟློག་ཅིང་དགྲ་ལ་སྒྱུར༔ བདུད་རྩི་འཁྱིལ་པས་དགྲ་ཤ་འདི་རོལ་ལ༔ གནོད་སྦྱིན་དམག་ཚོགས་བཟློག་ཅིང་དགྲ་ལ་སྒྱུར༔ ཁམས་གསུམ་རྣམ་རྒྱལ་དགྲ་ཤ་འདི་རོལ་ལ༔ དབང་ལྡན་དམག་ཚོགས་བཟློག་ཅིང་དགྲ་ལ་སྒྱུར༔ ཧཱུཾ་ཆེན་རྒྱལ་པོས་དགྲ་ཤ་འདི་རོལ་ལ༔ ཚངས་པའི་དམག་ཚོགས་བཟློག་ཅིང་དགྲ་ལ་སྒྱུར༔ སྟོབས་(༤༤བ)


GLG024_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྒྱལ་པོས་དགྲ་ཤ་འདི་རོལ་ལ༔ ས་བདག་དམག་ཚོགས་བཟློག་ཅིང་དགྲ་ལ་སྒྱུར༔ རྡོ་རྗེ་སྙེམས་མས་དགྲ་ཡི་ཁྲག་ལ་རོལ༔ ཤར་གྱི་ཕྱོགས་ཀྱི་དགྲ་བགེགས་སྒྲོལ་ཞིང་བཟློག༔ རྡོ་རྗེ་སྡེར་མོས་དགྲ་ཡི་ཁྲག་ལ་རོལ༔ ཤར་ལྷོ་མཚམས་ཀྱི་དགྲ་བགེགས་སྒྲོལ་ཞིང་བཟློག༔ དུར་ཁྲོད་བདག་མོས་དགྲ་ཡི་ཁྲག་ལ་རོལ༔ ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་སྒྲོལ་ཞིང་བཟློག༔ རྡོ་རྗེ་གཏུན་ཁུང་དགྲ་ཡི་ཁྲག་ལ་རོལ༔ ལྷོ་ནུབ་མཚམས་ཀྱི་དགྲ་བགེགས་སྒྲོལ་ཞིང་བཟློག༔ རྡོ་རྗེ་གཏུམ་མོས་དགྲ་ཡི་ཁྲག་ལ་རོལ༔ ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་སྒྲོལ་ཞིང་བཟློག༔ རྡོ་རྗེ་མདའ་སྙེམས་དགྲ་ཡི་ཁྲག་ལ་རོལ༔ ནུབ་བྱང་མཚམས་ཀྱི་དགྲ་བགེགས་སྒྲོལ་ཞིང་བཟློག༔ རྡོ་རྗེ་རླུང་འབྱིན་དགྲ་ཡི་ཁྲག་ལ་རོལ༔ བྱང་གི་ཕྱོགས་ཀྱི་དགྲ་བགེགས་སྒྲོལ་ཞིང་བཟློག༔ རྡོ་རྗེ་གསོད་བྱེད་དགྲ་ཡི་ཁྲག་ལ་རོལ༔ བྱང་ཤར་མཚམས་ཀྱི་དགྲ་བགེགས་སྒྲོལ་ཞིང་བཟློག༔ རྡོ་རྗེ་སྒྲ་འབྱིན་དགྲ་ཡི་ཁྲག་ལ་རོལ༔ སྟེང་གི་ཕྱོགས་ཀྱི་དགྲ་བགེགས་སྒྲོལ་ཞིང་བཟློག༔ རྡོ་རྗེ་སྐུལ་བྱེད་དགྲ་ཡི་ཁྲག་ལ་རོལ༔ འོག་གི་ཕྱོགས་ཀྱི་དགྲ་བགེགས་སྒྲོལ་ཞིང་བཟློག༔ རྡོ་རྗེ་ཕྲ་མེན་སྟག་གི་མགོ་བོ་ཅན༔ ཏི་ར་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་བསྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ འཕྲིན་ལས་ཤར་གྱི་དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་གཡག་གི་མགོ་བོ་ཅན༔ རྒྱུ་མ་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་བསྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་(༤༥ན)


GLG024_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རང་གི་ལས་བྱེད་པ༔ འཕྲིན་ལས་ཤར་ལྷོའི་དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་ཤ་བའི་མགོ་བོ་ཅན༔ ཞིང་ཆེན་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་བསྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ འཕྲིན་ལས་ལྷོ་ཡི་དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་གཟིག་གི་མགོ་བོ་ཅན༔ ཙིཏྟ་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་བསྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ འཕྲིན་ལས་ལྷོ་ནུབ་དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་བྱི་ལའི་མགོ་བོ་ཅན༔ ཀླད་ཁྲག་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་བསྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ འཕྲིན་ལས་ནུབ་ཕྱོགས་དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་སྤྱང་ཀིའི་མགོ་བོ་ཅན༔ ཤ་ཆེན་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་བསྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ འཕྲིན་ལས་ནུབ་བྱང་དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་སེང་གེའི་མགོ་བོ་ཅན༔ ཞིང་ཆེན་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་བསྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ འཕྲིན་ལས་བྱང་གི་དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་དོམ་གྱི་མགོ་བོ་ཅན༔ རྐང་གཟུག་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་བསྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ (༤༥བ)


GLG024_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་བྱང་ཤར་དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕ་མེན་ཕག་གི་མགོ་བོ་ཅན༔ ལག་གཟུག་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་བསྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ འཕྲིན་ལས་སྟེང་གི་དགྲ་བགེགས་བཟློག་ཏུ་གསོལ༔ རྡོ་རྗེ་ཕྲ་མེན་དྲེད་ཀྱི་མགོ་བོ་ཅན༔ ལྷུ་གཟུག་ཐོགས་ནས་ཟ་ཞིང་རྒྱུག་པར་བྱེད༔ ཅིར་ཡང་བསྒྱུར་བའི་མཚོན་ཆ་ཐོགས་ནས་ནི༔ ཁྲོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ འཕྲིན་ལས་འོག་གི་དགྲ་བགེགས་བཟློག་ཏུ་གསོལ༔ ཕྲ་མེན་བྱ་རྒོད་མགོ་ཅན་མགྱོགས་པའི་གཟུགས༔ ཤར་གྱི་དགྲ་བགེགས་ཐམས་ཅད་སྦྱར་ཞིང་བཟློག༔ ཕྲ་མེན་བྱ་རོག་མགོ་ཅན་རིག་པའི་སྐུ༔ ཤར་ལྷོའི་དགྲ་བགེགས་ཐམས་ཅད་སྒྱུར་ཞིང་བཟློག༔ ཕྲ་མེན་འུག་པའི་མགོ་ཅན་ཤེས་རབ་ཅན༔ ལྷོ་ཕྱོགས་དགྲ་བགེགས་ཐམས་ཅད་སྒྱུར་ཞིང་བཟློག༔ ཕྲ་མེན་ཁྭ་དའི་མགོ་ཅན་སྒྲིབ་ཤིང་ཅན༔ ལྷོ་ནུབ་དགྲ་བགེགས་ཐམས་ཅད་སྒྱུར་ཞིང་བཟློག༔ ཕྲ་མེན་པུ་ཤུད་མགོ་ཅན་མིག་ཚིལ་ཅན༔ ནུབ་ཕྱོགས་དགྲ་བགེགས་ཐམས་ཅད་སྒྱུར་ཞིང་བཟློག༔ ཕྲ་མེན་མགྱོགས་མ་ཁྲ་ཡི་མགོ་བོ་ཅན༔ ནུབ་བྱང་དགྲ་བགེགས་ཐམས་ཅད་སྒྱུར་ཞིང་བཟློག༔ ཕྲ་མེན་ཕ་ཝང་མགོ་ཅན་ཐབས་ལ་མཁས༔ བྱང་གི་དགྲ་བགེགས་ཐམས་ཅད་སྒྱུར་ཞིང་བཟློག༔ ཕྲ་མེན་གསོད་བྱེད་སྲེ་མོའི་མགོ་བོ་ཅན༔ བྱང་ཤར་དགྲ་བགེགས་ཐམས་ཅད་སྒྱུར་ཞིང་བཟློག༔ ཕྲ་མེན་རྨིགས་བུའི་མགོ་ཅན་ས་ལ་སྤྱོད༔ སྟེང་ཕྱོགས་དགྲ་བགེགས་(༤༦ན)


GLG024_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྒྱུར་ཞིང་བཟློག༔ ཕྲ་མེན་སྒྲོལ་བྱེད་བྱི་ལའི་མགོ་བོ་ཅན། འོག་ཕྱོགས་དགྲ་བགེགས་ཐམས་ཅད་སྒྱུར་ཞིང་བཟློག༔ ཤར་གྱི་སྒོ་བ་པུ་ཤུད་མགོ་བོ་ཅན༔ ཤར་གྱི་དགྲ་བགེགས་ཐམས་ཅད་བསྒྱུར་དུ་གསོལ༔ ལྷོ་ཡི་སྒོ་བ་སྐྱེ་ཁའི་མགོ་བོ་ཅན༔ ལྷོ་ཕྱོགས་དགྲ་བགེགས་ཐམས་ཅད་བསྒྱུར་དུ་གསོལ༔ ནུབ་ཀྱི་སྒོ་མ་སྲིན་བྱའི་མགོ་བོ་ཅན༔ ནུབ་ཀྱི་དགྲ་བགེགས་ཐམས་ཅད་བསྒྱུར་དུ་གསོལ༔ བྱང་གི་སྒོ་བ་ཁྲ་ཡི་མགོ་བོ་ཅན༔ བྱང་གི་དགྲ་བགེགས་ཐམས་ཅད་བསྒྱུར་དུ་གསོལ༔ བཀའ་ཡི་བསྟན་སྲུང་མ་མོ་བཅུ་གཉིས་ཀྱང་༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ དཔལ་གྱི་བཀའ་བཞིན་ལས་ཀྱི་དགྲ་བགེགས་སྒྲོལ༔ བསེ་ལྕགས་དུང་གསུམ་གྱང་ཆེན་གིང་ལ་སོགས༔ བཀའ་ཡི་བསྟན་སྲུང་ཕོ་བདུད་བཅུ་གཉིས་ཀྱང་༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ དཔལ་གྱི་བཀའ་བཞིན་ལས་ཀྱི་དགྲ་བགེགས་སྒྲོལ༔ ཧཱུཾ་གྲུ་གསུམ་ལྗང་ནག་འབར་བའི་དཀྱིལ་འཁོར་ནས༔ ཕུར་པ་འཕྲིན་ལས་ལྷ་ཚོགས་འཁོར་དང་བཅས༔ དགྲ་ཤ་ཁྲག་གི་མཆོད་པ་འདི་བཞེས་ལ༔ དམ་ཉམས་འབྱུང་པོ་འདི་ལ་ད་རོལ་ཅིག༔ མ་ཧཱ་མཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཀ་ནྲྀ་ཏྱ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཙཀྵུ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཞེས་དམར་སྦྲེང་། ཕུར་སྐོར་བྱ། ཉ་བོ་བསྒྲལ། སྟོབ་པ་བྱ། གཏོར་མ་འབུལ། བྷྱོས་གདབ་བཅོལ་དམ་བྱའོ༔ རྒྱ་རྒྱ་རྒྱ། བཀའ་བརྒྱད་ཡོངས་རྫོགས་ལས། དུས་མིན་འཆི་བའི་འཇིགས་པ་ནད་(༤༦བ)


GLG024_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་བར་ཆད་རྦོད་ཟོར་ལྟས་ངན་བཟློག་བྷྱོ༔ ཞེས་གསུངས་པ་སྦྱར། དེ་ནས་མ་མོ་རྦོད་གཏོང་གི་ལྷ་ཚོགས་ལ་བཟློག་པའི་འཕྲིན་ལས་བཅོལ་བ་ནི༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ སྲིད་པའི་མ་མོ་ཐམས་ཅད་ཟིལ་གྱིས་གནོན༔ དམ་ཉམས་དགྲ་བགེགས་རྣམ་ཤེས་ད་རོལ་ལ༔ མ་མོ་མཁའ་འགྲོའི་དམག་དཔུང་དགྲ་ལ་བཟློག༔ གསང་བའི་ཡུམ་ཆེན་ཀུན་ཏུ་བཟང་མོ་ནི༔ མ་མོ་ཐམས་ཅད་དབང་སྡུས་དགྲ་སེམས་རོལ༔ སྲིད་པ་མ་མོའི་གདུག་རྩུབ་དགྲ་ལ་བཟློག༔ རྟག་པའི་རྒྱལ་མོ་མ་མོ་རྣམ་སྣང་གསལ༔ དམ་ཉམས་དགྲ་བགེགས་ཤ་ལ་ད་རོལ་ལ༔ རྡོ་རྗེ་མཁའ་འགྲོའི་དམག་དཔུང་དགྲ་ལ་བཟློག༔ རྟག་པའི་རྒྱལ་མོ་མ་མོ་འོད་གསལ་འབར༔ དམ་ཉམས་དགྲ་བགེགས་དྲོད་ལ་ད་རོལ་ལ༔ རིན་ཅེན་མཁའ་འགྲོའི་དམག་དཔུང་དགྲ་ལ་བཟློག༔ རྟག་པའི་རྒྱལ་མོ་མ་མོ་གཉེན་གསལ་མ༔ དམ་ཉམས་དགྲ་བགེགས་ཁྲག་ལ་ད་རོལ་ལ༔ པདྨ་མཁའ་འགྲོའི་དམག་དཔུང་དགྲ་ལ་བཟློག༔ རྟག་པའི་རྒྱལ་མོ་མ་མོ་ཡང་གསལ་གཡོས༔ དམ་ཉམས་དགྲ་བགེགས་དབུགས་ལ་ད་རོལ་ལ༔ ལས་ཀྱི་མཁའ་འགྲོའི་དམག་དཔུང་དགྲ་ལ་བཟློག༔ རྟག་པའི་རྒྱལ་མོ་མ་མོ་བཀྲག་གསལ་མཉམ༔ དམ་ཉམས་དགྲ་བགེགས་བཀྲག་ལ་ད་རོལ་ལ༔ ཡེ་ཤེས་མཁའ་འགྲོའི་དམག་དཔུང་དགྲ་ལ་བཟློག༔ སྲིད་པ་བདེ་འགྲོ་ཁམས་གསུམ་ཡུམ་མཆོག་མ༔ ཕྲ་མེན་རྒྱ་མཚོ་ཆེན་མོ་གསང་བའི་ཡུམ༔ སྣང་སྲིད་ལྷ་འདྲེའི་དམག་དཔུང་དགྲ་ལ་བཟློག༔ དཔག་བསམ་ཤིང་གི་ཡལ་(༤༧ན)


GLG024_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཆེན་པོ་ལ༔ མ་གཅིག་ཉི་ཟླ་སྟོང་གི་ཐོད་འཕྲེང་ཅན༔ སྲིད་པའི་གཟའ་སྐར་དམག་དཔུང་དགྲ་ལ་བཟློག༔ རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ༔ ཁམས་གསུམ་མ་ལུས་ཐམས་ཅད་གསལ་མཛད་མ༔ བཟློག་ཅིག་རྡོ་རྗེ་རིགས་ཀྱི་ཕོ་ཉས་བཟློག༔ ཁམས་གསུམ་འཚོ་བྱེད་ཁྲོས་པའི་དབང་མོ་ཆེ༔ ཁམས་གསུམ་ཐམས་ཅད་གསལ་བར་སྦྱོར་མཛད་མ༔ བཟློག་ཅིག་རིན་ཅེན་རིགས་ཀྱི་ཕོ་ཉས་བཟློག༔ པདྨ་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ༔ ཁམས་གསུམ་ཐམས་ཅད་དབང་དུ་བསྡུ་མཛད་མ༔ བཟློག་ཅིག་པདྨ་རིགས་ཀྱི་ཕོ་ཉས་བཟློག༔ སྲིད་པ་བདེ་སྦྱོར་ཁྲོས་པའི་དབང་མོ་ཆེ༔ སྲིད་པ་གསུམ་པོ་ཐམས་ཅད་བདེ་ལ་འཁོད༔ བཟློག་ཅིག་ལས་ཀྱི་རིགས་ཀྱི་ཕོ་ཉས་བཟློག༔ སྣང་སྲིད་ཀུན་གྱིས་རྒྱན་མཛད་རྒྱན་གྱིས་བརྒྱན༔ རྒྱལ་ཁམས་ཡོངས་ལ་དབང་སྒྱུར་མཐུ་མོ་ཆེ༔ རྒྱན་དང་ཤོ་རྡེ་ཁྲམ་ཁ་དགུ་ལ་སྒྱུར༔ བཟློག་སྒྱུར་བྱེད་པའི་བདག་ཉིད་ཆེན་མོ་ནི༔ བཟློག་སྒྱུར་བྱེད་ཅིང་བདག་ཉིད་ལྷག་ལྷག་བཞད༔ རྒོད་པའི་སྟོབས་ཀྱིས་བཟློག་ཅིང་སྒྱུར་དུ་གསོལ༔ དབྱིངས་ནས་དབྱིངས་ཕྱུག་རྒྱལ་མོ་ཆེན་མོ་ཡིས༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་སྦྱོར༔ དབྱིངས་ནས་བཟློག་བསྒྱུར་ཆེན་མོ་མཛད་དུ་གསོལ༔ ཁམས་གསུམ་ཀུན་ཏུ་རྒྱུག་ཅིང་འགྲོ་བ་མོ༔ གཅིག་པུ་ཡུམ་མཆོག་རྒྱལ་མོ་ཆེན་མོ་ཡིས༔ མི་མཐུན་དགྲ་བགེགས་བཟློག་པའི་དུས་ལ་བབ༔ ཤར་གྱི་ཕྱོགས་ནས་དཀར་མོ་སྤྱན་གཅིག་མ༔ དམ་ཉམས་དགྲ་ཡི་རུས་པ་འདི་རོལ་ལ༔ (༤༧བ)


GLG024_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་གྱི་ཕྱོགས་ཀྱི་དགྲ་བགེགས་མ་ལུས་བཟློག༔ ལྷོ་ཡི་ཕྱོགས་ནས་ནག་མོ་མཆེ་བ་ཅན༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་མ་ལུས་བཟློག༔ ནུབ་ཀྱི་ཕྱོགས་ནས་དམར་མོ་དབང་སྡུད་མ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་ད་རོལ་ལ༔ ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་མ་ལུས་བཟློག༔ བྱང་གི་ཕྱོགས་ནས་སེར་མོ་རྐང་བལྡག་མ༔ དམ་ཉམས་དགྲ་བགེགས་དབུགས་ལ་ད་རོལ་ལ༔ བྱང་གི་ཕྱོགས་ཀྱི་དགྲ་བགེགས་མ་ལུས་བཟློག༔ སྲིད་པ་གསུམ་པོ་བྷྱོ་བཟློག་བྱེད་པ་མོ༔ སྲིད་པ་ཆགས་བྱེད་མ་མོ་ཆེན་མོ་ཡིས༔ དམ་ཉམས་དགྲ་བགེགས་ལྟེ་བར་ད་རོལ་ལ༔ སྲིད་པ་ལྷ་འདྲེའི་དམག་དཔུང་དགྲ་ལ་བཟློག༔ སྲིད་པ་ཆ་སྙོམས་མ་མོ་ཆེན་མོ་ནི༔ སྲིད་པ་གསུམ་པོ་བསྐོས་ལ་འདེབས་པ་མོ༔ དམ་ཉམས་དགྲ་བོའི་ཕོ་བར་ད་རོལ་ལ༔ སྲིད་གསུམ་གདུག་པའི་དམག་དཔུང་བཟློག་ཏུ་གསོལ༔ རྣལ་འབྱོར་དགྲ་ལྷ་ཙ་ཏི་རལ་གཅིག་མ༔ རྣལ་འབྱོར་ལས་ཀྱི་དགྲ་བགེགས་མ་ལུས་བཟློག༔ བསྟན་སྲུང་ལས་བྱེད་ཨེ་ཀ་ཛཱ་ཊཱི་མ༔ བསྟན་པའི་རུ་དྲ་ཐམས་ཅད་དགྲ་ལ་བཟློག༔ བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་གཅིག་མ༔ མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆོད་ལ༔ བདུད་དང་གཤིན་རྗེའི་ཆོ་འཕྲུལ་དགྲ་ལ་བཟློག༔ མདོག་བཟང་ནག་མོ་གྲུབ་པའི་རྣལ་འབྱོར་མ༔ ནག་མོའི་ཚོགས་ཀྱི་དམག་དཔུང་དགྲ་ལ་བཟློག༔ མདོག་བཟང་སྔོན་མོ་ལྷ་མོ་རྣལ་འབྱོར་མ༔ སྔོན་མོའི་ཚོགས་ཀྱི་དམག་དཔུང་དགྲ་ལ་བཟློག༔ མདོག་བཟང་དཀར་(༤༨ན)


GLG024_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

མོ་གླིང་བཞི་སྤྱི་འགྲོ་མ༔ དཀར་མོའི་ཚོགས་གིས་དམག་དཔུང་དགྲ་ལ་བཟློག །མདོག་བཟང་སྲིན་མོ་རིན་ཅེན་ལས་བྱེད་མ༔ སྲིན་མོའི་ཚོགས་ཀྱི་དམག་དཔུང་དགྲ་ལ་བཟློག༔ དབུ་བརྒྱན་སྤྱན་སྟོང་ལྡན་པའི་གར་དབང་མ༔ སྟོང་ཕྲག་བརྒྱད་ཅུའི་དམག་དཔུང་དགྲ་ལ་བཟློག༔ པདྨ་གར་དབང་ས་བདག་པད་མ་འཕྲེང་༔ ས་བདག་གདོན་གྱི་དམག་དཔུང་དགྲ་ལ་བཟློག༔ ཤར་གྱི་མ་མོ་དཀར་མོ་མཆེ་གཙིགས་མ༔ དཀར་མོ་འབུམ་སྡེའི་དམག་དཔུང་དགྲ་ལ་བཟློག༔ ལྷོ་ཡི་ནག་མོ་ཆེན་མོ་ཁ་འཕྱུང་མ༔ ནག་མོ་འབུམ་སྡེའི་དམག་དཔུང་དགྲ་ལ་བཟློག༔ ནུབ་ཀྱི་དམར་མོ་ཆེན་མོ་མཆུ་འཇིབ་མ༔ དམར་མོ་འབུམ་སྡེའི་དམག་དཔུང་དགྲ་ལ་བཟློག༔ བྱང་གི་སེར་མོ་ཆེན་མོ་རྐང་བལྡག་མ༔ སེར་མོ་འབུམ་སྡེའི་དམག་དཔུང་དགྲ་ལ་བཟློག༔ ཧར་ཏིང་དཀར་མོ་བྱང་ཤར་གྲུ་འདེགས་མ༔ བྱང་ཤར་གདོན་གྱི་དམག་དཔུང་དགྲ་ལ་བཟློག༔ དུན་ཏིང་ནག་མོ་ཤར་ལྷོ་གྲུ་འདེགས་མ༔ ཤར་ལྷོ་གདོན་གྱི་དམག་དཔུང་དགྲ་ལ་བཟློག༔ ཤན་ཏིང་དམར་མོ་ལྷོ་ནུབ་གྲུ་འདེགས་མ༔ ལྷོ་ནུབ་གདོན་གྱི་དམག་དཔུང་དགྲ་ལ་བཟློག༔ གྲུམ་ཏིང་སེར་མོ་ནུབ་བྱང་གྲུ་འདེགས་མ༔ ནུབ་བྱང་གདོན་གྱི་དམག་དཔུང་དགྲ་ལ་བཟློག༔ རྒྱ་མཚོ་ཆེན་པོ་རབ་འབྱམས་དཀྱིལ་འཁོར་ནས༔ དཔལ་ལྡན་ཤུགས་འགྲོ་དྲུག་ཅུས་དགྲ་བགེགས་བཟློག༔ ཁྲོ་གཏུམ་རྔམས་པའི་དཀྱིལ་འཁོར་ཆེན་པོ་ནས༔ མཛེས་ཚུལ་འགྲོ་བྱེད་རྣམས་ཀྱིས་དགྲ་བགེགས་བཟློག༔ ནམ་མཁའ་ཡངས་པའི་དཀྱིལ་འཁོར་ཆེན་པོ་ནས༔ བདུད་བགེགས་ཀུན་འདུལ་(༤༨བ)


GLG024_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡི་དགྲ་བགེགས་བཟློག༔ དབང་ཕྱུག་ཆེན་པོ་རྔམས་པའི་དཀྱིལ་འཁོར་ནས༔ ལྕགས་ཀྱུ་འཕྲོ་འདུ་མ་ཡིས་དགྲ་བགེགས་བཟློག༔ གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་མོ་སྟེ༔ ལྷ་ཆེན་མ་ཧཱ་དེ་བའི་བཀའ་སྒྱུར་ལ༔ ལྷ་ཡི་ཆད་པ་དམ་ཉམས་དགྲ་ལ་བཟློག༔ མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་མོ་སྟེ༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་བཀའ་སྒྱུར་ལ༔ གཤིན་རྗེའི་ཆད་པ་དམ་ཉམས་དགྲ་ལ་བཟློག༔ དམར་མོ་གཡག་ཐོད་ཀླུ་ཡི་སྲིང་མོ་སྟེ༔ ཀླུ་རྒྱལ་འཇོག་པོ་ཆེན་པོའི་བཀའ་སྒྱུར་ལ༔ ཀླུ་ཡི་ཆད་པ་དམ་ཉམས་དགྲ་ལ་བཟློག༔ ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་མོ་སྟེ༔ གནོད་སྦྱིན་གང་བ་བཟང་པོའི་བཀའ་སྒྱུར་ལ༔ གནོད་སྦྱིན་ཆད་པ་དམ་ཉམས་དགྲ་ལ་བཟློག༔ དཀར་མོ་ཆེན་མོ་དབུ་དགུ་རྒྱལ་པོའི་སྲིད༔ ཤར་ཕྱོགས་གིང་ཆེན་སྲོག་བདག་བཀའ་སྒྱུར་ལ༔ བརྒྱལ་ནད་སྨྱོ་འབོག་དམ་ཉམས་དགྲ་ལ་ཐོང་༔ མཚོ་སྨན་རྒྱལ་མོ་ཆེན་མོ་དཔལ་མོ་ལྡན༔ ས་བདག་གཉན་གྱི་གདོན་ཚོགས་བཀའ་སྒྱུར་ལ༔ མཛེ་ནད་སྣ་དགུ་དམ་ཉམས་དགྲ་ལ་ཐོད༔ སྲིད་པའི་བུ་མོ་ལས་མཁན་མཐུ་མོ་ཆེ༔ ཐེའུ་རང་ཧལ་པོ་ཆེ་ཡི་བཀའ་སྒྱུར་ལ༔ རིམས་ནད་ཡམས་ནད་དམ་ཉམས་དགྲ་ལ་ཐོད༔ དུར་ཁྲོད་གནས་པའི་མ་མོ་ཙ་མུན་ཏྲི༔ བཙན་རྒོད་ཡམས་ཤུད་དམར་པོའི་བཀའ་སྒྱུར་ལ༔ མཁྲིས་པ་ཤ་ཡ་དམ་ཉམས་དགྲ་ལ་ཐོད༔ སེམས་ཅན་བསྐྱེད་པའི་མ་མོ་རྣམ་པ་བཞི༔ ལུས་ལས་བསྐྱེད་པའི་བུ་མོ་རྣམ་པ་བཞི༔ དམ་ལ་གནས་པའི་སྲིང་མོ་རྣམ་པ་བཞི༔ ཡིད་ལ་ཞུགས་པའི་མཛའ་མོ་རྣམ་པ་བཞི༔ བདུད་རྩི་བསྒྲུབ་(༤༩ན)


GLG024_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་མོ་རྣམ་པ་བཞི༔ ཕུར་བུ་བསྒྲུབ་པའི་བློན་པོ་རྣམ་པ་བཞི༔ མ་མོ་ཀུན་གྱི་གཙོ་མོ་རྣམ་པ་བཞི༔ མ་མོ་ཐུན་གྱི་བདག་མོ་རྣམ་པ་བཞི༔ ལས་ལ་གཤིན་པའི་བྲན་མོ་རྣམ་པ་བཞི༔ དགྲ་བོའི་སྙིང་རྩ་འཕྲོག་པའི་ལྷ་མོ་བཞི༔ སྲིད་པའི་མ་མོའི་བཀའ་སྲུང་ལས་བྱེད་མ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་གློ་སྙིང་དང་༔ དབང་པོ་ནང་ཁྲོལ་རྣམས་ལ་ད་རོལ་ལ༔ སྲིད་པ་མ་མོའི་བཀའ་སྒྱུར་དགྲ་ལ་བཟློག༔ ཧཱུཾ། ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་དཀྱིལ་འཁོར་ནས༔ མ་མ་རྦོད་གཏོང་ལྷ་ཚོགས་འཁོར་དང་བཅས༔ དགྲ་ཤ་ཁྲག་གི་མཆོད་པ་འདི་བཞེས་ལ༔ དམ་ཉམས་འབྱུང་པོ་འདི་ལ་ད་རོལ་ཅིག༔ མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཀེཾ་ནྲྀ་ཏྱ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧཱི། མ་ཧཱ་ཙཀྵུ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཞེས་དམར་སྦྲེང་། ཕུར་སྐོར་བྱ། ཉ་བོ་བསྒྲལ། སྟོབ་པ་བྱ། གཏོར་མ་འབུལ། བྷྱོས་གདབ། བཅོལ་དམ་བྱའོ༔ རྒྱ་རྒྱ་རྒྱ། བཀའ་བརྒྱད་ཡོངས་རྫོགས་ལས། དུས་མིན་འཆི་བའི་འཇིགས་པ་ནད་གདོན་བར་ཆད་རྦོད་ཟོར་ལྟས་ངན་བཟློག་བྷྱོ༔ དེ་ནས་རིགས་འཛིན་སློབ་དཔོན་གྱི་ལྷ་ཚོགས་ལ་བཟློག་པའི་འཕྲིན་ལས་བཅོལ་བ་ནི༔ ཧཱུཾ། ཆེ་མཆོག་ཡོན་ཏན་རིགས་འཛིན་ཆེན་པོ་རྣམས༔ ཡོན་ཏན་གནས་ནས་སྐུ་བཞེངས་འདིར་གཤེགས་ལ༔ དགྲ་བགེགས་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད༔ ཡང་དག་ཐུགས་ཀྱི་རིགས་འཛིན་ཆེན་པོ་རྣམས༔ ཐུགས་ཀྱི་གནས་ནས་སྐུ་བཞེངས་འདིར་གཤེགས་ལ༔ དགྲ་བགེགས་(༤༩བ)


GLG024_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད༔ འཇམ་དཔལ་སྐུ་ཡི་རིགས་འཛིན་ཆེན་པོ་རྣམས༔ སྐུ་ཡི་གནས་ནས་སྐུ་བཞེངས་འདིར་གཤེགས་ལ༔ དགྲ་བགེགས་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད༔ པདྨ་གསུང་གི་རིགས་འཛིན་ཆེན་པོ་རྣམས༔ གསུང་གི་གནས་ནས་སྐུ་བཞེངས་འདིར་གཤེགས་ལ༔ དགྲ་བགེགས་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད༔ ཕུར་པ་འཕྲིན་ལས་རིགས་འཛིན་ཆེན་པོ་རྣམས༔ འཕྲིན་ལས་གནས་ནས་སྐུ་བཞེངས་འདིར་གཤེགས་ལ༔ དགྲ་བགེགས་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད༔ མ་མོ་རྦོད་གཏོང་རིགས་འཛིན་ཆེན་པོ་རྣམས༔ རྦོད་གཏོང་གནས་ནས་སྐུ་བཞེངས་འདིར་གཤེགས་ལ༔ དགྲ་བགེགས་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད༔ ལྷུན་གྱིས་གྲུབ་པའི་རིགས་འཛིན་ཆེན་པོ་རྣམས༔ ལྷུན་གྲུབ་གནས་ནས་སྐུ་བཞེངས་འདིར་གཤེགས་ལ༔ དགྲ་བགེགས་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད༔ ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཆེན་པོ་རྣམས༔ ཕྱག་རྒྱའི་གནས་ནས་སྐུ་བཞེངས་འདིར་གཤེགས་ལ༔ དགྲ་བགེགས་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད༔ ས་ལ་གནས་པའི་རིགས་འཛིན་ཆེན་པོ་རྣམས༔ རིགས་འཛིན་གནས་ནས་སྐུ་བཞེངས་འདིར་གཤེགས་ལ༔ དགྲ་བགེགས་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད༔ ཚེ་ལ་དབང་པའི་རིགས་འཛིན་ཆེན་པོ་རྣམས༔ རང་བཞིན་གནས་ནས་སྐུ་བཞེངས་འདིར་གཤེགས་ལ༔ དགྲ་བགེགས་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད༔ རིགས་འཛིན་བཀའ་སྲུང་དཔའ་བོ་དཔའ་མོའི་(༥༠ན)


GLG024_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས༔ དུར་ཁྲོད་གནས་ནས་སྐུ་བཞེངས་འདིར་གཤེགས་ལ༔ དགྲ་བགེགས་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད༔ ཧཱུཾ། ཐུགས་རྗེ་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིགས་འཛིན་སློབ་དཔོན་ལྷ་ཚོགས་འཁོར་དང་བཅས༔ དགྲ་ཤ་ཁྲག་གི་མཆོད་པ་འདི་བཞེས་ལ༔ དམ་ཉམས་འབྱུང་པོ་འདི་ལ་ད་རོལ་ཅིག༔ མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཀེཾ་ནྲྀ་ཏྱ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཙཀྵུ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཞེས་དམར་སྦྲེང་། ཕུར་སྐོར་བྱ། ཉ་བོ་བསྒྲལ། སྟོབ་པ་བྱ། གཏོར་མ་འབུལ། བྷྱོས་གདབ། བཅོལ་དམ་བྱའོ། །རྒྱ་རྒྱ་རྒྱ། ཡོངས་རྫོགས་གཏོར་བཟློག་དྲག་པོ་ལས། དུས་མིན་འཆི་བའི་འཇིགས་པ་ནད་གདོན་བར་ཆད་རྦོད་ཟོར་ལྟས་ངན་བཟློག་བྷྱོ༔ དེ་ནས་འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་ལ་བཟློག་པའི་འཕྲིན་ལས་བཅོལ་བ་ནི༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་ནི༔ དམ་ཉམས་དགྲ་བགེགས་ཕུང་པོ་འདི་ལ་རོལ༔ དྲེགས་པ་ཕོ་མོའི་བཀའ་སྒྱུར་དགྲ་ལ་བཟློག༔ ཡུམ་ཆེན་ཁྲོ་མོ་ཁམས་གསུམ་སྤྱི་འདུལ་མ༔ དམ་ཉམས་དགྲ་བགེགས་སྐྱེ་མཆེད་འདི་ལ་རོལ༔ དྲེགས་པ་ཕོ་མོའི་བཀའ་སྒྱུར་དགྲ་ལ་བཟློག༔ དབང་ཕྱུག་མ་ཧཱ་དེ་བ་བཙུན་མོར་བཅས༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ ལྷ་སྲིན་སྡེ་བརྒྱད་བཀའ་སྒྱུར་དགྲ་ལ་བཟློག༔ གཤིན་རྗེའི་སྡེ་དཔོན་ཡ་མ་རཱ་ཙ་ཁྱོད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ གཤིན་རྗེ་(༥༠བ)


GLG024_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ ཡུམ་ཆེན་སྒྲོལ་བྱེད་ནག་མོ་ཆེན་མོ་ཡིས༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ གཤིན་རྗེ་མོ་ཡི་བཀའ་སྒྱུར་དགྲ་ལ་བཟློག༔ མ་མོའི་སྡེ་དཔོན་སྲིད་པའི་རྒྱལ་མོ་སྟེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ མ་མོ་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ སྔགས་སྲུང་སྡེ་དཔོན་ཨེ་ཀ་ཛཱ་ཊཱི་མ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ ནག་མོ་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ བདུད་ཀྱི་སྡེ་དཔོན་བསྐོས་རྗེ་བྲང་དཀར་ནི༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ བདུད་པོ་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ བདུད་མོའི་སྡེ་དཔོན་ནག་མོ་རེ་མ་ཏཱི༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ བདུད་མོ་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ རྒྱལ་པོའི་སྡེ་དཔོན་པེ་ཧར་དགྲ་ལྷ་སྟེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ རྒྱལ་པོ་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ གིང་གི་སྡེ་དཔོན་སྲོག་བདག་ཚངས་པ་སྟེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ གིང་ཆེན་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ དགྲ་ལྷའི་སྡེ་དཔོན་སྐུ་ལྷ་གསང་བ་སྟེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ དགྲ་ལྷ་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ གཟའ་ཡི་སྡེ་དཔོན་གཟའ་བདུད་རཱ་ཧུ་ལ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ གཟའ་བདུད་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ སྲིན་པོའི་སྡེ་དཔོན་ནག་པོ་གློག་འཕྲེང་ཅན༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ སྲིན་པོ་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ (༥༡ན)


GLG024_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་མོའི་སྡེ་དཔོན་སྦལ་མགོ་ཁྲག་མིག་མ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ སྲིན་མོ་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ གནོད་སྦྱིན་སྡེ་དཔོན་ཡཀྴ་མེ་དབལ་ནི༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ གནོད་སྦྱིན་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ གནོད་སྦྱིན་མོ་ཡི་སྡེ་དཔོན་མོན་མོ་ནག་མོ་སྟེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ གནོད་སྦྱིན་མོ་ཡི་བཀའ་སྒྱུར་དགྲ་ལ་བཟློག༔ མགོན་པོའི་སྡེ་དཔོན་མ་ཧཱ་ཀཱ་ལ་སྟེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ མགོན་པོ་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ རུ་དྲའི་སྡེ་དཔོན་རྡོ་རྗེ་བདུད་འདུལ་ཏེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ རུ་དྲ་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ དམུ་བདུད་སྡེ་དཔོན་ནག་པོ་བཀྲག་མེད་དེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ དམུ་བདུད་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ མུ་སྟེགས་སྡེ་དཔོན་གུ་ལང་ནག་པོ་སྟེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ མུ་སྟེགས་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ ལྷ་ཡི་སྡེ་དཔོན་ལྷ་རབས་ཤཾ་བྷུ་སྟེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ ལྷ་རྣམས་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ གནམ་སྨན་སྡེ་དཔོན་ཐོག་གི་བུ་ཡུག་སྟེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ གནམ་སྨན་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ མ་སངས་སྡེ་དཔོན་སྤྱི་བདུད་གུ་རུམ་རྩེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ མ་སངས་ཡོངས་ཀྱི་བཀའ་(༥༡བ)


GLG024_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་དགྲ་ལ་བཟློག༔ བྲག་བཙན་སྡེ་དཔོན་སྲོག་ཟན་དམར་པོ་སྟེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ བྲག་བཙན་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ ཐེའུ་རང་སྡེ་དཔོན་གནམ་ཐེ་དཀར་པོ་སྟེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ ཐེའུ་རང་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ འགོང་པོའི་སྡེ་དཔོན་བཙན་འགོང་ཡམ་ཤུད་དམར༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ བཙན་འགོང་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ བགེགས་ཀྱི་སྡེ་དཔོན་བྱི་ན་ཡ་ཀ་སྟེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ བགེགས་རྣམས་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ མཁའ་འགྲོའི་སྡེ་དཔོན་ནག་མོ་མགྱོགས་བྱེད་མ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ མཁའ་འགྲོ་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ ཀླུ་ཡི་སྡེ་དཔོན་ཀླུ་བདུད་མགོ་དགུ་སྟེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ ཀླུ་བདུད་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ ཀླུ་མོའི་སྡེ་དཔོན་ཡཀྴ་ནག་མོ་སྟེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ ཀླུ་མོ་ཡོངས་ཀྱི་བཀའ་སྒྱུར་དགྲ་ལ་བཟློག༔ བཀའ་ཡི་བསྟན་སྲུང་ལྷ་སྲིན་སྡེ་བརྒྱད་རྣམས༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ ལྷ་སྲིན་སྡེ་བརྒྱད་བཀའ་སྒྱུར་དགྲ་ལ་བཟློག༔ ཧཱུཾ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་འཁོར་དང་བཅས༔ དགྲ་ཤ་ཁྲག་གི་མཆོད་པ་འདི་བཞེས་ལ༔ དམ་ཉམས་འབྱུང་པོ་འདི་ལ་ད་རོལ་ཅིག༔ མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཀེཾ་ནྲྀ་(༥༢ན)


GLG024_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཏྱ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཙཀྵུ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཞེས་དམར་སྦྲེང་། ཕུར་བསྐོར་བྱ། ཉ་བོ་བསྒྲལ། སྟོབ་པ་བྱ། གཏོར་མ་འབུལ། བྷྱོས་གདབ། བཅོལ་དམ་བྱའོ༔ རྒྱ་རྒྱ་རྒྱ། ཡོངས་རྫོགས་གཏོར་བཟློག་དྲག་པོ་ལས། དུས་མིན་འཆི་བའི་འཇིགས་པ་ནད་གདོན་བར་ཆད་ཐོད་ཟོར་ལྟས་ངན་བཟློག་བྷྱོ༔ དེ་ནས་དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་ལ་བཟློག་པའི་འཕྲིན་ལས་བཅོལ་བ་ནི༔ ཧཱུཾ། ལྷ་མཆོག་སྟོབས་ལྡན་ནག་པོ་ཆེན་པོ་ནི༔ དམ་ཉམས་དགྲ་བགེགས་རྣམ་ཤེས་འདི་ལ་རོལ༔ དྲེགས་པའི་ཚོགས་རྣམས་ཐམས་ཅད་གཟིར་ཞིང་བཟློག༔ ཡུམ་ཆེན་འབྱུང་བ་ལྔ་ཡི་བདག་མོ་སྟེ༔ དམ་ཉམས་དགྲ་བགེགས་འབྱུང་བའི་ལུས་འདི་རོལ༔ དྲེགས་པའི་ཚོགས་རྣམས་དབང་དུ་བསྡུས་ཤིང་བཟློག༔ འཆི་བདག་གཤིན་རྗེའི་དྲེགས་པ་ནག་པོ་ཁྱོད༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ གཤིན་རྗེ་རྣམས་ཀྱི་དམོད་པའི་མཚོན་ཆ་བཟློག༔ འཆི་བདག་གཤིན་རྗེའི་བཙུན་མོ་སྲོག་བདག་མོ༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ གཤིན་རྗེ་མོ་རྣམས་དམོད་པའི་མཚོན་ཆ་བཟློག༔ ཀ་ལ་ཡཀྴ་མུ་སྟེགས་སྔགས་ཀྱི་བདག༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ མུ་སྟེགས་རྣམས་ཀྱི་དམོད་པའི་མཚོན་ཆ་བཟློག༔ བདུད་པོ་མེ་ཡི་ཁ་རླངས་བདུད་སྔགས་བདག༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ བདུད་ཕོ་རྣམས་ཀྱི་དམོད་པའི་མཚོན་ཆ་བཟློག༔ བདུད་མོའི་སྔགས་བདག་ནག་མོ་ཁྲག་འཛག་མ༔ དམ་ཉམས་དགྲ་(༥༢བ)


GLG024_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་སྙིང་ལ་ད་རོལ་ལ༔ བདུད་མོ་ཡོངས་ཀྱི་དམོད་པའི་མཚོན་ཆ་བཟློག༔ རུ་དྲའི་སྔགས་བདག་ཐར་པ་ནག་པོ་སྟེ༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ རུ་དྲ་རྣམས་ཀྱི་དམོད་པའི་མཚོན་ཆ་བཟློག༔ ནག་པོ་གསོད་བྱེད་སྲིན་པོ་དམོད་པའི་བདག༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ སྲིན་པོ་རྣམས་ཀྱི་དམོད་པའི་མཚོན་ཆ་བཟློག༔ སྲིན་མོའི་སྔགས་བདག་ནག་མོ་གསོད་བྱེད་མ༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ སྲིན་མོ་རྣམས་ཀྱི་དམོད་པའི་མཚོན་ཆ་བཟློག༔ གཟའ་ཡི་སྔགས་བདག་གཟའ་བདུད་རཱ་ཧུ་ལ༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ གཟའ་བདུད་རྣམས་ཀྱི་དམོད་པའི་མཚོན་ཆ་བཟློག༔ གང་བ་བཟང་པོ་གནོད་སྦྱིན་སྔགས་ཀྱི་བདག༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ གནོད་སྦྱིན་རྣམས་ཀྱི་དམོད་པའི་མཚོན་ཆ་བཟློག༔ གནོད་སྦྱིན་མོ་ཡི་སྔགས་བདག་ཤ་ཟ་རལ་གཅིག་མ༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ གནོད་སྦྱིན་མོ་ཡི་དམོད་པའི་མཚོན་ཆ་བཟློག༔ མ་ཧཱ་དེ་བ་ལྷ་ཡི་དམོད་པའི་བདག༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ ལྷ་རྣམས་ཀུན་གྱི་དམོད་པའི་མཚོན་ཆ་བཟློག༔ རྒྱལ་པོའི་སྔགས་བདག་ལི་བྱིན་ཧ་ར་སྟེ༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ རྒྱལ་པོ་རྣམས་ཀྱི་དམོད་པའི་མཚོན་ཆ་བཟློག༔ བཙན་གྱི་སྔགས་བདག་ཡམ་ཤུད་དམར་པོ་སྟེ༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ བཙན་འགོང་རྣམས་ཀྱི་དམོད་པའི་མཚོན་ཆ་བཟློག༔ དམུ་ཡི་སྔགས་བདག་དམུ་རྗེ་བཙན་པོ་སྟེ༔ (༥༣ན)


GLG024_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ དམུ་བདུད་རྣམས་ཀྱི་དམོད་པའི་མཚོན་ཆ་བཟློག༔ འགོང་པོའི་སྔགས་བདག་ཁུ་ལེ་ལག་དགུ་སྟེ༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ འགོང་པོ་རྣམས་ཀྱི་དམོད་པའི་མཚོན་ཆ་བཟློག༔ ཐེའུ་རང་སྔགས་བདག་རྡོ་རྗེ་ལེགས་པ་སྟེ༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ ཐེའུ་རང་རྣམས་ཀྱི་དམོད་པའི་མཚོན་ཆ་བཟློག༔ གཞོན་ནུ་གཏུམ་པོ་ཀླུ་ཡི་སྔགས་བདག་སྟེ༔ དམ་ཉམས་དགྲ་བགེགས་སྙིང་ལ་ད་རོལ་ལ༔ ཀླུ་རྣམས་ཡོངས་ཀྱི་དམོད་པའི་མཚོན་ཆ་བཟློག༔ བཀའ་ཡི་བསྟན་པ་བསྲུང་བའི་ལས་མཛད་པ༔ བཤན་པ་དབང་ཆེན་ལྷ་སྲིན་སྡེ་བརྒྱད་ཀྱང་༔ དམ་ཉམས་དགྲ་བོའི་སྙིང་ལ་ད་རོལ་ལ༔ སོ་སོའི་དམོད་པའི་མཚོན་ཆ་དགྲ་ལ་བཟློག༔ ཧཱུཾ། གཏུམ་དྲག་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་འཁོར་དང་བཅས༔ དགྲ་ཤ་ཁྲག་གི་མཆོད་པ་འདི་བཞེས་ལ༔ དམ་ཉམས་འབྱུང་པོ་འདི་ལ་ད་རོལ་ཅིག༔ མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཀེཾ་ནྲྀ་ཏྱ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཙཀྵུ་ཁཱ་ཧ། མ་ཧཱ་བ་སུ་ཏ་ཁཱ་ཧི། ཞེས་དམར་སྦྲེང་། ཕུར་བསྐོར་བྱ། ཉ་བོ་བསྒྲལ། སྟོབ་པ་བྱ། གཏོར་མ་འབུལ། བྷྱོས་གདབ། བཅོལ་དམ་བྱའོ༔ རྒྱ་རྒྱ་རྒྱ། ཡོངས་རྫོགས་གཏོར་བཟློག་དྲག་པོ་ལས། དུས་མིན་འཆི་བའི་འཇིགས་པ་ནད་གདོན་བར་ཆད་རྦོད་ཟོར་ལྟས་ངན་བཟློག་བྷྱོ༔ ཞེས་གསུངས་པ་སྦྱར་བར་བྱ། དེ་ནས་དཔལ་གྱི་བཀའ་བསྟོད་ལ་བཟློག་པའི་(༥༣བ)


GLG024_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་བཅོལ་བ་ནི༔ ཧཱུཾ། དཀར་མོ་ཆེན་མོ་ཞི་བའི་ལས་བྱེད་བདུན༔ སེར་མོ་ཆེན་མོ་རྒྱས་པའི་ལས་བྱེད་བདུན༔ དམར་མོ་ཆེན་མོ་དབང་གི་ལས་བྱེད་བདུན༔ ལྗང་མོ་ཆེན་མོ་དྲག་པོའི་ལས་བྱེད་བདུན༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ཀྱང་༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ལྷ་ཆེན་ཉི་ཤུ་རྩ་བརྒྱད་གདུག་རྩུབ་བཟློག༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་རྣམ་པ་བརྒྱད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ཤར་ཕྱོགས་དྲི་ཟའི་ཚོགས་ཀྱི་བཀའ་སྒྱུར་ལ༔ དྲི་ཟའི་ཆད་པ་དམ་ཉམས་དགྲ་ལ་བཟློག༔ རིན་ཅེན་རིགས་ཀྱི་མཁའ་འགྲོ་རྣམ་པ་བརྒྱད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ལྷོ་ཕྱོགས་གཤིན་རྗེའི་ཚོགས་ཀྱི་བཀའ་སྒྱུར་ལ༔ གཤིན་རྗེའི་ཆད་པ་དམ་ཉམས་དགྲ་ལ་བཟློག༔ པདྨ་རིགས་ཀྱི་མཁའ་འགྲོ་རྣམ་པ་བརྒྱད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ནུབ་ཕྱོགས་ཀླུ་ཡི་ཚོགས་ཀྱི་བཀའ་སྒྱུར་ལ༔ ཀླུ་ཡི་ཆད་པ་དམ་ཉམས་དགྲ་ལ་བཟློག༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་རྣམ་པ་བརྒྱད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ བྱང་ཕྱོགས་གནོད་སྦྱིན་ཚོགས་ཀྱི་བཀའ་སྒྱུར་ལ༔ གནོད་སྦྱིན་ཆད་པ་དམ་ཉམས་དགྲ་ལ་བཟློག༔ འབར་མ་གནོད་སྦྱིན་ཆེན་མོ་བརྒྱད་རྣམས་ཀྱང་༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ལྷ་སྲིན་སྡེ་བརྒྱད་ཚོགས་ཀྱི་བཀའ་སྒྱུར་ལ༔ སྡེ་བརྒྱད་ཆད་པ་དམ་ཉམས་དགྲ་ལ་བཟློག༔ གིང་དང་ལང་ཀ་ཆུང་མར་བཅས་པ་རྣམས༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ དུར་ཁྲོད་བདག་མོ་(༥༤ན)


GLG024_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་བཀའ་སྒྱུར་ལ༔ སྲིན་པོ་ཕོ་མོའི་ཆད་པ་དགྲ་ལ་བཟློག༔ ས་བདག་བདུད་འདུལ་ཆེན་མོ་རྣམ་པ་བརྒྱད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ བདུད་སྣ་རིང་པོ་རྣམས་ཀྱི་བཀའ་སྒྱུར་ལ༔ བདུད་ཀྱི་ཆད་པ་དམ་ཉམས་དགྲ་ལ་བཟློག༔ ས་བདག་གཟའ་འདུལ་ཆེན་མོ་རྣམ་པ་བརྒྱད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ གཟའ་རྒོད་མིག་དམར་ཆེན་པོའི་བཀའ་སྒྱུར་ལ༔ གཟའ་ཡི་ཆད་པ་དམ་ཉམས་དགྲ་ལ་བཟློག༔ ས་བདག་བཙན་འདུལ་ཆེན་པོ་རྣམ་པ་བརྒྱད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ཟླ་བ་ཐོད་དཀར་ཞེས་བྱའི་བཀའ་སྒྱུར་ལ༔ བཙན་གྱི་ཆད་པ་དམ་ཉམས་དགྲ་ལ་བཟློག༔ ས་བདག་ཀླུ་འདུལ་ཆེན་པོ་རྣམ་པ་བརྒྱད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ཀླུ་རྒྱལ་འཇོག་པོ་ཞེས་བྱའི་བཀའ་སྒྱུར་ལ༔ ཀླུ་ཡི་ཆད་པ་དམ་ཉམས་དགྲ་ལ་བཟློག༔ རིགས་བཞི་ཕོ་ཉ་དྲུག་ཅུ་རྩ་བཞི་ཡང་༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ རིགས་པའི་ཕོ་ཉའི་ཚོགས་ཀྱི་བཀའ་སྒྱུར་ལ༔ རིགས་བཞི་ཕོ་ཉའི་ཆད་པ་དགྲ་ལ་བཟློག༔ ས་བདག་ཆེན་པོ་སུམ་ཅུ་རྩ་གཉིས་ཀྱང་༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ཕྱོགས་བཞིའི་དམ་སྲི་རྣམས་ཀྱི་བཀའ་སྒྱུར་ལ༔ གྲོང་རྗེ་དཀར་ནག་ཆད་པ་དགྲ་ལ་བཟློག༔ ཕོ་ཉ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ སྣང་སྲིད་མཁའ་འགྲོ་ཡོངས་ཀྱི་བཀའ་སྒྱུར་ལ༔ མཁའ་འགྲོའི་ཆད་པ་དམ་ཉམས་དགྲ་ལ་བཟློག༔ བོད་ཁམས་སྐྱོང་(༥༤བ)


GLG024_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསྟན་མ་བཅུ་གཉིས་ཀྱང་༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ མ་ཡམས་ནག་མོ་འབུམ་གྱི་བཀའ་སྒྱུར་ལ༔ རིམས་ནད་ཡམས་ནད་ཐམས་ཅད་དགྲ་ལ་བཟློག༔ ཧཱུཾ། དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ཁོར་ཡུག་ནས༔ ཅི་བགྱི་བཀའ་ཉན་ལྷ་ཚོགས་འཁོར་དང་བཅས༔ དགྲ་ཤ་ཁྲག་གི་མཆོད་པ་འདི་བཞེས་ལ༔ དམ་ཉམས་འབྱུང་པོ་འདི་ལ་ད་རོལ་ཅིག༔ མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཀེཾ་ནྲྀ་ཏྱ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཙཀྵུ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཞེས་དམར་སྦྲེང་། ཕུར་བསྐོར་བྱ། ཉ་བོ་བསྒྲལ། སྟོབ་པ་བྱ། གཏོར་མ་འབུལ། བྷྱོས་གདབ། བཅོལ་དམ་བྱའོཿ རྒྱ་རྒྱ་རྒྱ། ཡོངས་རྫོགས་གཏོར་བཟློག་དྲག་པོ་ལས། བསྐུལ་བྱང་ཀུན་གྱི་ཤམ་བུར༔ དུས་མིན་འཆི་བའི་འཇིགས་པ་ནད་གདོན་བར་ཆད་ཐོད་ཟོར་ལྟས་ངན་བཟློག་བྷྱོ༔ ཞེས་གསུངས་པ་སྦྱར། སྔགས་བཟློག་ཆེན་མོ་འདི་གཏེར་གཞུང་གི་དགོངས་པ་ལྟར་དཀྱིལ་འཁོར། མཆོད་རྟེན། འབྲུབ་ཁུང་། ཕུར་པ་སོགས་ལ་བརྟེན་ནས་གཞུང་བཙུགས་པའི་སྒྲུབ་པ་བྱས་ཏེ་ཁྲོ་རོལ་གྱི་གཏོར་བཟློག་འདིའི་ཆ་ལག་ཏུ་འགྲོ་བ་འདྲ་ཞིག་འདུག་ནའང་སྔ་འགྱུར་གྱི་བླ་མ་གོང་མ་མཁས་གྲུབ་ཚད་ལྡན་མང་པོས་ཁྲོ་རོལ་ལ་སྔགས་བཟློག་སྦྱོར་བ་མཛད་ཅིང་ཁྱད་པར་རྩོད་དུས་རིགས་འཛིན་པདྨའི་རྒྱལ་ཚབ་རྗེ་འབྲི་གུང་ཟུར་པ་ཡང་ཕྱག་ལེན་དེ་ལྟར་མཛད་པས་བཀའ་རེ་རེ་བཞིན་གྱི་སྔགས་བཟློག་གི་མཐར་སྔགས་སྒྲུབ་ནས་བཤད་པའི་སོ་སོའི་ཤམ་བུ་རྣམས་བཏགས་ཏེ་བཟླ༔ དམིགས་པ་སྔགས་བཟློག་གི་གཞུང་བཞིན་ཉམས་སུ་ལེན། (༥༥ན)


GLG024_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་མེད་པའམ་མདོར་བསྡུས་ཀྱི་ཚེ་མན་ངག་གབ་པ་དོན་སྙིང་དུ༔ བདེ་གཤེགས་སྤྱི་དྲིལ་གྱི་དྲག་སྔགས་བརྒྱད་ཅུ་པ་ཤམ་བུ་བསྒྱུར་བ་ནི༔ ཨཱོཾ་ཨཱཿཧཱུཾ་སྭཱ་ཧཱ་མུཾ་ཧྲཱི༔ཧཱུཾ་ཨཱཿ ཨཱོཾ་ཤྲཱི་བཛྲ་མ་ཧཱ་ཀྲོ་ཏ་ཧཱུཾ་ཤྲཱི་ཧེ་རུ་ཀ ཡ་མཱནྟ་ཀ་ཧྲཱི༔པདྨནྟ་ཀྲྀ་ཏ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ། མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ། ཡཀྵ་ཀྲོ་ཏ། བཛྲ་ཙཎྜ་སརྦ་དུཥྚཾ། ཨེ་ཛ་བྷྱོ༔ ཁྲོཾ་ག་རུ་ཌ་མ་མ་ཀྲོ་ཏི་ཤྭ་རཱི་ཀརྨ་རཾ་རཾ། ཛྭ་ལ་རཾ་རཾ། དམ་སྲི་དང་། བྱད་ཁ་དང་། ཕུར་ཁ་རྦོད་གཏོང་། རྦད་འདྲེ་ཐམས་ཅད་ཕྱིར་བཟློག་བཟློག༔ ས་མ་ཡ། བཟློག་བཟློག །བྷྱོ་བྷྱོ། ཅེས་ཐུན་ལ་སྔགས་ཤིང་བྲབ་བོ༔ དེ་ནས་དམར་གཏོར་གྱི་ལྕགས་རིར་བཙུགས་པའི་ལས་བཞིའི་རྩད་ཕུར་ལ་དམིགས་ཏེ་འདི་སྐད་དོ༔ ༈ ཧཱུཾ། དཔལ་ཆེན་ཁྲོ་རྒྱལ་ཆེ་མཆོག་ཧེ་རུ་ཀའི༔ དྲག་པོ་དཔལ་གྱི་གཏོར་ཆེན་ལྕགས་རི་ལ༔ སྤྲུལ་པའི་ཕོ་ཉ་མང་པོ་མངགས་པའི་རྟེན༔ དམར་ནག་རྩང་ཕུར་ཟུར་གསུམ་པ༔ བསྣོལ་ཐབས་སྲིན་མོ་འགྲོས་སུ་བཙུགས་པ་ནི༔ ཉོན་མོངས་གདུག་པ་མ་ལུས་འདུལ་བའི་རྟགས༔ སྤྲུལ་པའི་ཕྱག་བརྙན་རྟགས་ཀྱི་ཕྱག་རྒྱ་གསལ༔ གདུག་པའི་རྩང་ཕུར་ཟུར་གསུམ་རྩེ་མོ་གཉིས་དང་ལྡན༔ ཡར་གྱི་རྩེ་མོས་ཆོས་ཉིད་དབྱིངས་སུ་འབིགས༔ མར་གྱི་རྩེ་མོས་ངན་སོང་གནས་སུ་འབིགས༔ རྐེད་པ་རྒྱ་མདུད་ཕོ་ཉ་འབྱུང་བའི་གནས༔ ཡར་གྱི་རྩེ་མོས་ལྷག་མཐོང་ཡུལ་ལ་འཇུག༔ མར་གྱི་རྩེ་མོས་རྒྱུད་དྲུག་གནས་སུ་ཟུག༔ རྐེད་པ་རྒྱ་མདུད་ཁམས་གསུམ་དོན་དང་ལྡན༔ སྟོད་ཀྱི་རྩེ་མོ་ཟུར་གསུམ་གདུག་པའི་མེ་སྟག་འབར༔ (༥༥བ)


GLG024_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་ཀྱི་རྩེ་ལས་གདུག་པའི་མེ་འོད་འཕྲོ༔ རྐེད་པ་རྒྱ་མདུད་མཚོན་ཆའི་གུར་དུ་ཕུབ༔ ཡར་གྱི་རྩེ་མོས་རཾ་གྱི་ཐོག་སེར་འབེབས༔ མར་གྱི་རྩེ་ལས་མཚོན་ཆའི་བུ་ཡུག་འཚུབ༔ རྐེད་པ་རྒྱ་མདུད་ལྷ་ཡི་ཕོ་བྲང་བཅས༔ དམར་ནག་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས༔ རྩང་ཕུར་རྔམ་སྟབས་ཁྲིགས་སེ་ཁྲིག༔ རྩང་ཕུར་ཤ་ཟ་འཇིབས་སེ་འཇིབ༔ རྩང་ཕུར་ཁྲག་འཐུང་ཀྱུར་རུ་རུ༔ རྩང་ཕུར་རུས་འཆའ་ཆེམས་སེ་ཆེམ༔ ལས་མཁན་ཕོ་ཉ་རྣམས་ཀྱི་ཐུགས་དམ་དུས་ལ་བབ༔ བར་ཆོད་སོལ་ལ་རྐྱེན་རྣམས་བཟློག༔ དགྲ་བགེགས་བྱད་མ་རྡུལ་དུ་རློག༔ བཟློག་ཅིང་དགྲ་བགེགས་དམག་དཔུང་བཟློག༔ ས་མ་ཡ་བྱད་དང་རིགས་སྔགས་བཟློག༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀས༔ འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན༔ སྐད་ཅིག་ཉིད་ལ་ཞི་མཛད་དེ༔ ཐུགས་རྗེ་ཞི་བའི་འཕྲིན་ལས་ཀྱིས༔ གནོད་བྱེད་དགྲ་བགེགས་བྱད་མ་ཡི༔ རིགས་སྔགས་རྦོད་གཏོང་ཞི་བར་མཛོད༔ ཞི་བར་མ་གྱུར་གང་ཡང་མེད༔ དངུལ་ལམ་དཀར་པོའི་ཤིང་རྣམས་ལ༔ ཞི་བའི་རྩང་ཕུར་ཟུར་གསུམ་རྩེ་མོ་གཉིས་དང་ལྡན༔ རྐེད་པ་རྒྱ་མདུད་ཟླུམ་པོ་གཞལ་ཡས་ཁང་༔ ཧེ་རུ་ཀ་ཡི་སྐུར་བསྒོམས་པས༔ དགྲ་བགེགས་བྱད་མའི་ཤ་ཟ་བ༔ ཤར་ཕྱོགས་གཏོར་ཆེན་ལྕགས་རི་ལ༔ བཙུགས་པས་ཐམས་ཅད་ཞི་བར་འགྱུར༔ ཞི་བར་མ་གྱུར་གང་ཡང་མེད༔ གནོད་བྱེད་དགྲ་བགེགས་བར་ཆོད་དང་༔ རིགས་སྔགས་རྦོད་གཏོང་བྱད་སྟེམས་རྣམས༔ ཞི་མཛད་བཅོམ་ལྡན་ཧེ་རུ་ཀས་ཞི་(༥༦ན)


GLG024_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛོད༔ ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ ཞི་བར་གྱུར་ཅིག་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞི་མཛད་རྣོ་དབལ་རྩང་ཕུར་གྱིས༔ ཡར་གྱི་རྩེ་ལ་དུང་གི་སེང་གེ་འགྱིང་༔ སྤྲུལ་པའི་སེང་གེས་ནམ་མཁའ་གང་༔ གཡུ་རལ་སྔོན་པོ་སྤྲིན་ལྟར་གཏིབས༔ སེང་གེའི་ངར་སྐད་ལྷབས་སེ་ལྷབ༔ མར་གྱི་རྩེ་ལས་ཆུ་སྲིན་མཆེ་བ་གཙིགས༔ སྤྲུལ་པའི་ཆུ་སྲིན་བསམ་མི་ཁྱབ༔ ཞལ་གདངས་མཆེ་གཙིགས་རྐན་སྒྲ་བརྡབ༔ རྐེད་པ་རྒྱ་མདུད་མེ་འབྲུག་རླུང་འབྲུག་རྒྱུག༔ སྤྲུལ་པ་འབྲུག་གིས་བར་སྣང་གང་༔ འབྲུག་སྒྲ་ཆེམ་ཆེམ་གློག་མོ་འགྱུར༔ ཞི་བྱེད་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས༔ རྩང་ཕུར་རྔམ་སྟབས་ཁྲབས་སེ་ཁྲབ༔ རྩང་ཕུར་གར་སྟབས་ཁྲིགས་སེ་ཁྲིག༔ རྩང་ཕུར་ཤ་ཟ་འཇིབས་སེ་འཇིབ༔ རྩང་ཕུར་ཁྲག་འཐུང་ཀྱུར་རུ་རུ༔ རྩང་ཕུར་རུས་འཆའ་ཆེམས་སེ་ཆེམ༔ ལས་མཁན་ཕོ་ཉ་རྣམས་ཀྱི་ཐུགས་དམ་དུས་ལ་བབ༔ བར་ཆོད་སོལ་ལ་རྒྱན་རྣམས་བཟློག༔ དགྲ་བགེགས་བྱད་མ་རྡུལ་དུ་རློག༔ བཟློག་ཅིང་དགྲ་བགེགས་དམག་དཔུང་བཟློག༔ གསོད་ཅིག་དགྲ་བགེགས་དམག་དཔུང་གསོད༔ བཟློག་ཅིག་རིགས་སྔགས་བྱད་སྟེམས་བཟློག༔ ས་མ་ཡ༔ བྱད་མ་རིགས་སྔགས་བྷྱོ་བྷྱོ་བཟློག་བཟློག༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀས༔ འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན༔ སྐད་ཅིག་ཉིད་ལ་རྒྱས་མཛོད་ཅིག༔ ཚེ་དང་ལོངས་སྤྱོད་རྒྱས་པའི་འཕྲིན་ལས་ཀྱིས༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ རྒྱས་(༥༦བ)


GLG024_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་གྱུར་གང་ཡང་མེད༔ གསེར་རམ་སེར་པོའི་ཤིང་རྣམས་ལ༔ རྒྱས་པའི་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས༔ རྐེེད་པ་རྒྱ་མདུད་གྲུ་བཞི་གཞལ་ཡས་ཁང་༔ ཧེ་རུ་ཀ་ཡི་སྐུར་བསྒོམས་ཏེ༔ དགྲ་བགེགས་བྱད་མའི་ཤ་ཟ་བ༔ ལྷོ་ཕྱོགས་གཏོར་ཆེན་ལྕགས་རི་ལ༔ བཙུགས་པས་ཐམས་ཅད་རྒྱས་པར་འགྱུར༔ རྒྱས་པར་མ་གྱུར་གང་ཡང་མེད༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས༔ རྒྱས་མཛད་ཧེ་རུ་ཀས་རྒྱས་པར་མཛོད༔ ཨཱོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཚེ་དང་བསོད་ནམས་དཔལ་དང་གྲགས་པ་ཐམས་ཅད་རྒྱས་པར་གྱུར་ཅིག༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱས་མཛད་རྣོ་དབལ་རྩང་ཕུར་གྱི༔ ཡར་གྱི་རྩེ་ལ་མཚལ་སྟག་དམར་པོ་མཆོད༔ སྟག་མཆོད་འཛུམ་མདངས་ཤིགས་སེ་ཤིག༔ མར་གྱི་རྩེ་ལ་ཕག་རྒོད་མཆེ་བ་གཙིགས༔ ཕག་རྒོད་ངུར་སྒྲ་འུར་རུ་རུ༔ རྐེད་པ་རྒྱ་མདུད་དྲེད་མོ་རལ་པ་གསིགས༔ དྲེད་མོའི་རལ་པ་ཡེངས་སེ་ཡེང་༔ རྒྱས་མཛད་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས༔ རྩང་ཕུར་རྔམ་སྟབས་ཁྲིགས་སེ་ཁྲིག༔ རྩང་ཕུར་ཤ་ཟ་འཇིགས་སེ་འཇིག༔ རྩང་ཕུར་ཁྲག་འཐུང་ཀྱུར་རུ་རུ༔ རྩང་ཕུར་རུས་འཆའ་ཆེམས་སེ་ཆེམ༔ ལས་མཁན་ཕོ་ཉ་རྣམས་ཀྱི་ཐུགས་དམ་དུས་ལ་བབ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ བར་ཆོད་སོལ་ལ་རྐྱེན་རྣམས་བཟློག༔ དགྲ་བགེགས་བྱད་མ་རྡུལ་དུ་རློག༔ བཟློག་ཅིག་དགྲ་བགེགས་དམག་དཔུང་བཟློག༔ གསོད་ཅིག་དགྲ་(༥༧ན)


GLG024_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་བྱད་མ་གསོད༔ བཟློག་ཅིག་རིགས་སྔགས་བྱད་སྟེམས་བཟློག༔ ས་མ་ཡ༔ བྷྱོ་བྷྱོ། བཟློག་བཟློག །ཧཱུཾ། དཔལ་ཆེན་ཆེ་མཆོག་ཧེ་རུ་ཀས༔ འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན༔ སྐད་ཅིག་ཉིད་ལ་དབང་དུ་སྡུད༔ གསུང་གི་ང་རོ་འབྲུག་ལྟར་སྒྲོག༔ རྒྱལ་བློན་རྗེ་འབངས་འབྲུ་བཅུད་སོགས༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ དབང་དུ་མ་འདུས་གང་ཡང་མེད༔ ཟངས་སམ་དམར་པོའི་ཤིང་རྣམས་ལ༔ དབང་གི་རྩང་བུར་ཟུར་གསུམ་རྩེ་མོ་གཉིས་དང་ལྡན༔ རྐེད་པ་རྒྱ་མདུད་ཟླ་གམ་གཞལ་ཡས་ཁང་༔ ཧེ་རུ་ཀ་ཡི་སྐུར་བསྒོམས་པས༔ དགྲ་བགེགས་བྱད་མའི་ཤ་ལ་ཟ༔ ནུབ་ཕྱོགས་གཏོར་ཆེན་ལྕགས་རི་ལ༔ བཙུགས་པས་ཐམས་ཅད་དབང་དུ་སྡུད༔ དབང་དུ་མ་འདུས་གང་ཡང་མེད༔ ཚེ་དང་བསོད་ནམས་ལོངས་སྤྱོད་རྣམས༔ དབང་མཛད་ཧེ་རུ་ཀ་དཔལ་གྱི་དབང་དུ་སྡུས༔ ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ རྒྱལ་བློན་རྗེ་འབངས་འབྲུ་བཅུད་ཐམས་ཅད་དབང་དུ་སྡུས་ཤིག༔ བ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དབང་མཛད་རྣོ་དབལ་རྩང་ཕུར་གྱི༔ ཡར་གྱི་རྩེ་ལ་གསེར་གྱི་གཟིག་མོ་ངུར༔ གཟིག་ཆེན་ཉེར་སྒྲ་འུར་རུ་རུ༔ མར་གྱི་རྩེ་ལ་དོམ་ནག་མཆེ་བ་གཙིགས༔ དོམ་ཆེན་མཆེ་བ་ཐབས་སེ་ཐབ༔ རྐེད་པ་རྒྱ་མདུད་གཡུ་ཡི་སྤྱང་མོ་ངུར༔ གཡུ་སྤྱང་ངུ་འབོད་ལྷངས་སེ་ལྷང་༔ དབང་གི་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས༔ རྩང་ཕུར་རྔམ་སྟབས་ཁྲབས་སེ་ཁྲབ༔ རྩང་ཕུར་གར་སྟབས་ཁྲིགས་སེ་ཁྲིག༔ རྩང་ཕུར་ཤ་ཟ་འཇིབས་སེ་འཇིབ༔ རྩང་ཕུར་ཁྲག་འཐུང་ཀྱུར་རུ་རུ༔ རྩང་ཕུར་རུས་འཆང་ཆེམས་སེ་ཆེམ༔ ལས་(༥༧བ)


GLG024_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཕོ་ཉ་རྣམས་ཀྱི་ཐུགས་དམ་དུས་ལ་བབ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ བར་ཆོད་རྐྱེན་རྣམས་བཟློག་ཏུ་གསོལ༔ དགྲ་བགེགས་བྱད་མ་རྡུལ་དུ་རློག༔ བཟློག་ཅིག་དགྲ་བགེགས་དམག་དཔུང་བཟློག༔ གསོད་ཅིག་དགྲ་བོ་བྱད་མ་གསོད༔ བཟློག་ཅིག་རིགས་སྔགས་བྱད་སྟེམས་བཟློག༔ ས་མ་ཡ། བྷྱོ་བྷྱོ། བཟློག་བཟློག །ཧཱུཾ། བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀས༔ འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན༔ སྐད་ཅིག་ཉིད་ལ་བརླག་པར་མཛོད༔ སྡིག་ཅན་དགྲ་བོ་བྱད་མ་འདི༔ མངོན་སྤྱོད་དྲག་པོའི་འཕྲིན་ལས་ཀྱིས༔ ཐམས་ཅད་མ་ལུས་བརླག་པར་བྱེད༔ བརླག་པར་མ་གྱུར་གང་ཡང་མེད༔ ལྕགས་སམ་དྲག་པོའི་ཤིང་རྣམས་ལ༔ དྲག་པོའི་རྩང་ཕུར་རྩེ་མོ་གཉིས་དང་ལྡན༔ རྐེད་པ་རྒྱ་མདུད་ཟུར་གསུམ་གཞལ་ཡས་ཁང་༔ ཧེ་རུ་ཀ་ཡི་སྐུར་བསྒོམས་པས༔ དགྲ་བོ་བྱད་མའི་ཤ་ཟ་བ༔ བྱང་ཕྱོགས་གཏོར་ཆེན་ལྕགས་རི་ལ༔ བཙུགས་པས་དགྲ་བགེགས་བརླག་པར་བྱེད༔ བརླག་པར་མ་གྱུར་གང་ཡང་མེད༔ བརླག་མཛད་ཧེ་རུ་ཀས་བརླག་པར་མཛོད༔ ཨཱོཾ་ཀརྨ་ཤྲི་ཧེ་རུ་ཀ་ཧཱུཾ་ཕཊ༔ དགྲ་བགེགས་བྱད་མ་བརླག་པར་མཛོད༔ མཱ་ར་ཡ་ཕཊ༔ དྲག་པོ་ལས་ཀྱི་རྩང་ཕུར་འདི༔ ཡར་གྱི་རྩེ་ལ་བྱ་གླག་མང་པོ་འཛུམ༔ བྱ་གླག་འཛུམ་ཆུང་ཅུངས་སེ་ཅུང་༔ མར་གྱི་རྩེ་ལ་ལྕགས་ཀྱི་ཕོ་རོག་འགྱེད༔ ཕོ་རོག་འགྱེད་སྒྲ་ཁྲབས་སེ་ཁྲབ༔ རྐེད་པ་རྒྱ་མདུད་གསེར་གྱི་འུག་པ་འཁུན༔ འུག་པ་ཧཱུཾ་སྒྲ་དིར་རི་རི༔ གསེར་མིག་འཁྱིལ་བ་ཀྱིལ་ལི་ལི༔ གདུག་པ་དྲག་པོའི་རྩང་ཕུར་འདི༔ དམར་ནག་སྲིན་མོ་འགྲོས་སུ་(༥༨ན)


GLG024_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས༔ གསོད་བྱེད་རྔམ་སྟབས་ཁྲབས་སེ་ཁྲབ༔ རྩང་ཕུར་གར་སྟབས་ཁྲིགས་སེ་ཁྲིག༔ རྩང་ཕུར་ཤ་ཟ་འཇིབས་སེ་འཇིབ༔ རྩང་ཕུར་ཁྲག་འཐུང་ཀྱུར་རུ་རུ༔ རྩང་ཕུར་རུས་འཆའ་ཆེམས་སེ་ཆེམ༔ རྩང་ཕུར་རྣོ་དབལ་ཟངས་སེ་ཟང་༔ ལས་མཁན་ཕོ་ཉ་རྣམས་ཀྱི་ཐུགས་དམ་དུས་ལ་བབ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ བར་ཆོད་སོལ་ལ་རྐྱེན་རྣམས་བཟློག༔ དགྲ་བགེགས་བྱད་མ་རྡུལ་དུ་རློག༔ བཟློག་ཅིག་དགྲ་བགེགས་དམག་དཔུང་བཟློག༔ གསོད་ཅིག་དགྲ་བགེགས་བྱད་མ་གསོད༔ རིགས་སྔགས་བྱད་སྟེམས་བཟློག་ཏུ་གསོལ༔ ས་མ་ཡ། བྷྱོ་བྷྱོ། བཟློག་བཟློག །གདུག་རྩུབ་དྲག་པོའི་རྩང་ཕུར་འདི༔ ཡར་གྱི་རྩེ་མོ་གདུག་ལ་རྩུབ༔ མར་གྱི་རྩེ་མོ་དཔལ་དང་ལྡན༔ རྐེད་པ་རྒྱ་མདུད་བྷྲུཾ་ལས་གྲུབ༔ ཟུར་གསུམ་སྐུ་གསུང་ཐུགས་སུ་གྲུབ༔ ངོས་གསུམ་རིགས་གསུམ་ངོ་བོར་བརྡུངས༔ རྐེད་པ་རྒྱ་མདུད་གཞལ་ཡས་ཁང་དུ་བརྡུངས༔ ཡར་གྱི་རྩེ་མོ་དར་དང་ལྡན༔ མར་གྱི་རྩེ་མོ་དཔལ་དང་ལྡན༔ གདུག་རྩུབ་དྲག་པོའི་རྩང་ཕུར་འདི༔ བྱད་མ་གསོད་པའི་མཚོན་ཆར་བརྡུངས༔ དབང་དྲག་རྩང་ཕུར་ཡར་རྩེ་ལ༔ ལྕགས་ཀྱི་སེར་བ་ཁྲལ་ལ་ལ༔ དབང་དྲག་རྩང་ཕུར་མར་རྩེ་ལ༔ མཚལ་གྱི་ཁུ་འཕང་ཤར་ར་ར༔ རྐེད་པ་རྒྱ་མདུད་ཟུར་གསུམ་ལ༔ ཁྲག་གི་ཆར་པ་སིལ་ལི་ལི༔ རྣོ་དབལ་ཟུར་གསུམ་ཡར་རྩེ་ན༔ གཡུ་ཡི་དུད་འཐུལ་ཕྱུར་རུ་རུ༔ རྣོ་དབལ་ཟུར་གསུམ་མར་རྩེ་ན༔ སོལ་བའི་མཚོ་འཁྱིལ་མེར་རེ་རེ༔ རྐེད་པ་རྒྱ་མདུད་ཟུར་གསུམ་ལ༔ ཟངས་ཀྱི་མེ་འབར་ཡལ་ལ་ལ༔ དབང་དྲག་ལས་ཀྱི་རྩང་ཕུར་(༥༨བ)


GLG024_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

འདི༔ དགྲ་བགེགས་བྱད་མའི་སྙིང་ལ་གདབ༔ ཆོས་སྐྱོང་ཕོ་ཉའི་རྟེན་དུ་འཛུགས༔ རྩང་ཕུར་ཡར་གྱི་རྩེ་མོ་ན༔ ལས་མཁན་ཚོགས་ནི་སྤྲིན་ལྟར་གཏིབས༔ རྩང་ཕུར་མར་གྱི་རྩེ་མོ་ན༔ མ་མོ་མཁའ་འགྲོའི་ཚོགས་རྣམས་ས་གཞི་གང་༔ རྩང་ཕུར་རྒྱ་མདུད་ཟུར་གསུམ་ལ༔ ཧཱུཾ་ཕཊ་འབྲུག་སྒྲས་སྟོང་གསུམ་ཁེངས༔ དམར་ནག་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས༔ རྩང་ཕུར་རྔམ་སྟབས་ཁྲབས་སེ་ཁྲབ༔ རྩང་ཕུར་གར་སྟབས་ཁྲིགས་སེ་ཁྲིག༔ རྩང་ཕུར་ཤ་ཟ་འཇིབས་སེ་འཇིབ༔ རྩང་ཕུར་ཁྲག་འཐུང་ཀྱུར་རུ་རུ༔ རྩང་ཕུར་རུས་འཆའ་ཆེམས་སེ་ཆེམ༔ ལས་མཁན་ཕོ་ཉ་རྣམས་ཀྱི་ཐུགས་དམ་དུས་ལ་བབ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ བར་ཆོད་སོལ་ལ་རྐྱེན་རྣམས་བཟློག༔ དགྲ་བགེགས་བྱད་མ་རྡུལ་དུ་རློག༔ བཟློག་ཅེས་དགྲ་བགེགས་དམག་དཔུང་བཟློག༔ གསོད་ཅིག་དགྲ་བགེགས་བྱད་མ་གསོད༔ རིག་སྔགས་རྦོད་གཏོང་ཐམས་ཅད་བཟློག༔ ས་མ་ཡ། བྷྱོ་བྷྱོ། བཟློག་བཟློག །དེ་ལྟར་མངའ་གསོལ་མཆོད་པ་ཡིས༔ ད་ནི་བཟློག་པའི་འཕྲིན་ལས་མཛོད༔ བཟློག་ཅིག་མགོན་པོའི་མཐུ་བྱད་བཟློག༔ གཤིན་རྗེའི་འཁོར་ལོ་བསྐོར་བ་བཟློག༔ མགོན་པོའི་སྦྱིན་སྲེག་བྱེད་པ་བཟློག༔ མ་མོའི་ཐུན་ཟོར་འཕེན་པ་བཟློག༔ ཡུངས་ཀར་ཁྲོ་བོའི་རྦབ་ཟོར་བཟློག༔ བྱད་མ་ལྷ་དང་བཅས་པ་བཟློག༔ བནྡྷེ་ཡོངས་ཀྱི་སྔགས་ཟོར་བཟློག༔ དགེ་སློང་འཆར་ཀའི་པར་བུ་བཟློག༔ ཀླུ་བདུད་ནག་པོའི་གཏད་ཁྲམ་བཟློག༔ ཞང་ཞུང་བཙོ་དམར་འཕེན་པ་བཟློག༔ བོན་པོ་ཡོངས་ཀྱི་ལྟ་བྱད་བཟློག༔ མུ་སྟེགས་ངན་སྔགས་ཐམས་ཅད་བཟློག༔ མ་མོའི་ངན་(༥༩ན)


GLG024_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དམོད་པ་བཟློག༔ རྒྱ་གར་ཆོས་ཀྱི་མཐུ་བྱད་བཟློག༔ དྲང་སྲོང་དམོད་པ་འདོར་བ་བཟློག༔ ཕྲ་མེན་མ་ཡི་ངན་བྱེད་བཟློག༔ སུམ་པས་གླང་དམར་རྨོ་བ་བཟློག༔ བོད་ཀྱི་རྦོད་བྱ་གཏད་བྱེད་བཟློག༔ བྲམ་ཟེས་ངན་སྔགས་དམོད་པ་བཟློག༔ དྲི་ཟས་མྱོས་ཤིང་འཐིབས་པ་བཟློག༔ རྒྱལ་པོས་སྨྱོ་འབོག་གཏོང་བ་བཟློག༔ སྲིན་མོས་ཤོད་ཁ་གཏོང་བ་བཟློག༔ ཀླུ་ཡིས་བྱད་དུ་བཅུག་པ་བཟློག༔ བདུད་ཀྱིས་ཁྲམ་ལ་བཏབ་པ་བཟློག༔ བཙན་གྱིས་ཞགས་པ་འཕེན་པ་བཟློག༔ གནོད་སྦྱིན་རྩིས་ལ་འདེབས་པ་བཟློག༔ འབྱུང་པོས་མྱུལ་ལེ་བྱེད་པ་བཟློག༔ ཚེ་ཟོར་ཡུངས་ཟོར་འཕེན་པ་བཟློག༔ ཐེའུ་རང་སྲི་ལ་བརྐུ་བ་བཟློག༔ གློ་བུར་ཡེ་འབྲོག་བྱེད་པ་བཟློག༔ འབྱུང་པོས་གོད་འདྲེ་བྱེད་པ་བཟློག༔ བསེ་རགས་བསྲིས་ལ་བརྐུ་བ་བཟློག༔ ཕ་ཚན་ནང་གི་རྒྱ་འདྲེ་བཟློག༔ མ་ཚན་ནང་གི་སྟོང་འདྲེ་བཟློག༔ བདུད་བཙན་ཡོངས་ཀྱི་རིམས་ནད་བཟློག༔ ནད་དང་མཚོན་གྱི་དྲུ་བུ་བཟློག༔ རིམས་ནད་གག་ལྷོག་གཟེར་གསུམ་བཟློག༔ མི་ནད་ཡོངས་དགུ་ཐམས་ཅད་བཟློག༔ ཡས་ཀྱི་བདུད་དུ་གཡོས་པ་བཟློག༔ མས་ཀྱི་སྲི་རུ་ལངས་པ་བཟློག༔ ཕ་ཁུའི་སྲི་ཅན་ལངས་པ་བཟློག༔ མ་སྲུའི་སྒབ་འདྲེ་བྱུང་བ་བཟློག༔ བྱིས་པའི་ཆུང་སྲི་ལངས་པ་བཟློག༔ གསོན་པོའི་བདུད་དུ་གཡོས་པ་བཟློག༔ གཤིན་གྱི་དུར་སྲི་ཐམས་ཅད་བཟློག༔ རུས་ལ་ཚིག་ངན་སློང་བ་བཟློག༔ གནག་ལ་མཆིན་ངན་འཐབ་པ་བཟློག༔ རྟ་ནད་ནོར་ནད་ཐམས་ཅད་བཟློག༔ ལོ་དགྲ་བཙའ་དང་སད་སེར་བཟློག༔ (༥༩བ)


GLG024_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག༔ ནད་རིགས་བཞི་རྒྱ་རྩ་བཞི་བཟློག༔ སྐེག་ཆེན་སུམ་བརྒྱ་དྲུག་ཅུ་བཟློག༔ ལྟས་ངན་ཉིས་ཁྲི་ཆིག་སྟོང་བཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག༔ ཕྱི་ཡི་བར་ཆད་ཕྱི་རུ་གཞིལ༔ ནང་གི་བར་ཆད་ནང་དུ་གཞིལ༔ གསང་བའི་བར་ཆད་དབྱིངས་སུ་གཞིལ༔ ས་མ་ཡ༔ བྷྱོ་བྷྱོ༔ བཟློག་བཟློག་སྒྱུར་ཅིག༔ དེ་དང་འབྲེལ་བར་ཁ་བསྒྱུར་བཅུ་གཉིས་དང་ཆོས་ཚན་གཅིག་པའི་གཏོར་བཟློག་ཕྱི་ནང་གསང་གསུམ་ལས། ཕྱིའི་གཏོར་མས་འཁོར་བ་མྱ་ངན་ལས་འདས་པར་བཟློག་པ་ནི༔ ཧཱུཾ་ཧཱུཾ། སྣང་ཞིང་སྲིད་པས་བསྡུས་པ་ཡི༔ སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀུན༔ ཡེ་ཤེས་གཞལ་ཡས་ཁང་དུ་སྒྱུར༔ ཐ་མལ་རང་དགའི་འཁྲུལ་སྣང་བཟློག༔ སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀུན༔ གཉིས་མེད་སངས་རྒྱས་ཉིད་དུ་སྒྱུར༔ སེམས་ཅན་ཆགས་སྡང་འཁྲུལ་བ་བཟློག༔ འཁོར་བའི་སྡུག་བསྔལ་སྣ་ཚོགས་ཀུན༔ གཉིས་མེད་བདེ་བ་ཆེན་པོར་སྒྱུར༔ གཉིས་སྣང་རྟོག་པ་ཆོས་སྐུར་བཟློག༔ འཁོར་བའི་སེམས་ཅན་ཐམས་ཅད་ཀུན༔ མྱང་འདས་བདེ་བ་ཆེན་པོར་སྒྱུར༔ ཆོས་སྐུ་སྐྱེ་མེད་ངང་དུ་བཟློག༔ ནང་གི་གཏོར་མས་སེམས་ཅན་སངས་རྒྱས་སུ་བཟློག་པ་ནི༔ ཧཱུཾ། སྐྱེ་འགྲོའི་སེམས་ཅན་ཐམས་ཅད་ཀུན༔ ལྷ་དང་ལྷ་མོའི་ངང་དུ་སྒྱུར༔ ཐ་མལ་རང་རྒྱུད་འཛིན་པ་བཟློག༔ སྐྱེས་པ་ཞེ་སྡང་རང་བཞིན་ལ༔ མེ་ལོང་ཡེ་ཤེས་ངང་དུ་སྒྱུར༔ གསལ་སྟོང་བདེ་བ་ཆེན་པོར་བཟློག༔ བུད་མེད་འདོད་ཆགས་རང་བཞིན་ལ༔ ཀུན་རྟོག་ཡེ་ཤེས་ངང་དུ་སྒྱུར༔ འཛིན་ཞེན་མེད་པའི་(༦༠ན)


GLG024_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་དུ་བཟློག༔ སྐྱེ་འགྲོའི་སེམས་ཅན་ཐམས་ཅད་ཀུན༔ ཕོ་ནི་ཐབས་ཀྱི་རང་བཞིན་ལ༔ མོ་ནི་ཤེས་རབ་རང་བཞིན་ཏེ༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ གཉིས་མེད་སངས་རྒྱས་ཉིད་དུ་བཟློག༔ གསང་བའི་གཏོར་མས་དུག་ལྔ་ཡེ་ཤེས་ལྔར་བཟློག་པ་ནི༔ ཧཱུཾ། གཏི་མུག་མ་རིག་འཁྲུལ་པ་ནི༔ ཆོས་དབྱིངས་ཡེ་ཤེས་ཉིད་དུ་སྒྱུར༔ མ་རིག་འཁྲུལ་བའི་རྟོག་པ་བཟློག༔ ཞེ་སྡང་བརྣག་པའི་རྟོག་པ་ནི༔ མེ་ལོང་ཡེ་ཤེས་ཉིད་དུ་སྒྱུར༔ འགྲན་སེམས་ངན་པའི་རྟོག་པ་བཟློག༔ ང་རྒྱལ་ཁེངས་པའི་རྟོག་པ་ནི༔ མཉམ་ཉིད་ཡེ་ཤེས་ཉིད་དུ་སྒྱུར༔ དམན་པ་ཁྱད་གསོད་རྟོག་པ་བཟློག༔ འདོད་ཆགས་ཞེན་པའི་རྟོག་པ་ནི༔ ཀུན་རྟོག་ཡེ་ཤེས་ཉིད་དུ་སྒྱུར༔ འཛིན་ཆགས་མེད་པའི་ངང་དུ་བཟློག༔ ཕྲག་དོག་མནར་བའི་རྟོག་པ་ནི༔ ནན་ཏན་ཡེ་ཤེས་ཉིད་དུ་སྒྱུར༔ དམན་སེམས་ངན་ལ་བཟློག་ཏུ་གསོལ༔ ཕུང་པོ་ཡེ་ཤེས་ལྔ་རུ་བཟློག་ཐབས་བསྟན་པ་ནི༔ ཧཱུཾ། གཟུགས་ཀྱི་ཕུང་པོ་གནས་གྱུར་པ༔ རྡོ་རྗེ་སེམས་དཔའ་ཉིད་དུ་བཟློག༔ ཚོར་བའི་ཕུང་པོ་གནས་གྱུར་པ༔ རིན་ཅེན་འབྱུང་ལྡན་ཉིད་དུ་བཟློག༔ འདུ་ཤེས་ཕུང་པོ་གནས་གྱུར་པ༔ སྣང་བ་མཐའ་ཡས་ཉིད་དུ་བཟློག༔ འདུ་བྱེད་ཕུང་པོ་གནས་གྱུར་པ༔ དོན་ཡོད་གྲུབ་པ་ཉིད་དུ་བཟློག༔ རྣམ་ཤེས་ཕུང་པོ་གནས་གྱུར་པ༔ རྣམ་པར་སྣང་མཛད་ཉིད་དུ་བཟློག༔ འབྱུང་བ་ས་ཡི་གནས་གྱུར་པ༔ སངས་རྒྱས་སྤྱན་མ་ཉིད་དུ་(༦༠བ)


GLG024_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག༔ འབྱུང་བ་མེ་ཡི་གནས་གྱུར་པ༔ ཡུམ་ཆེན་གོས་དཀར་ཉིད་དུ་བཟློག༔ འབྱུང་བ་ཆུ་ཡི་གནས་གྱུར་པ༔ ཡུམ་ཆེན་མཱ་མ་ཀི་རུ་བཟློག༔ འབྱུང་བ་རླུང་གི་གནས་གྱུར་པ༔ དམ་ཚིག་སྒྲོལ་མ་ཉིད་དུ་བཟློག༔ འབྱུང་བ་ནམ་མཁའི་གནས་གྱུར་པ༔ ཀུན་ཏུ་བཟང་པོ་ཉིད་དུ་བཟློག༔ མིག་གི་རྣམ་ཤེས་གནས་གྱུར་པ༔ སེམས་དཔའ་ས་སྙིང་ཉིད་དུ་བཟློག༔ རྣ་བའི་རྣམ་ཤེས་གནས་གྱུར་པ༔ སེམས་དཔའ་ནམ་སྙིང་ཉིད་དུ་བཟློག༔ སྣ་ཡི་རྣམ་ཤེས་གནས་གྱུར་པ༔ སེམས་དཔའ་འཇམ་དཔལ་ཉིད་དུ་བཟློག༔ ལྕེ་ཡི་རྣམ་ཤེས་གནས་གྱུར་པ༔ སེམས་དཔའ་སྤྱན་རས་གཟིགས་སུ་བཟློག༔ ལུས་ཀྱི་རྣམ་ཤེས་གནས་གྱུར་པ༔ སེམས་དཔའ་ཕྱག་རྡོར་ཉིད་དུ་བཟློག༔ ཡིད་ཀྱི་རྣམ་ཤེས་གནས་གྱུར་པ༔ སྒྲིབ་པ་རྣམ་སེལ་ཉིད་དུ་བཟློག༔ ཉོན་མོངས་ཡིད་ཀྱི་གནས་གྱུར་པ༔ ཀུན་ཏུ་བཟང་པོ་ཉིད་དུ་བཟློག༔ ཀུན་གཞིའི་ཡིད་ཀྱི་གནས་གྱུར་པ༔ བྱམས་པ་མེ་ཏྲི་ཉིད་དུ་བཟློག༔ ལྟ་བྱེད་ཡུལ་གྱི་གནས་གྱུར་པ༔ རྡོ་རྗེ་སྒེག་མོ་ཉིད་དུ་བཟློག༔ ཉན་བྱེད་ཡུལ་གྱི་གནས་གྱུར་པ༔ རྡོ་རྗེ་དབྱངས་ཅན་ཉིད་དུ་བཟློག༔ སྣོམ་བྱེད་ཡུལ་གྱི་གནས་གྱུར་པ༔ རྡོ་རྗེ་བདུག་སྤོས་ཉིད་དུ་བཟློག༔ མྱང་བྱེད་ཡུལ་གྱི་གནས་གྱུར་པ༔ རྡོ་རྗེ་ནཻ་ཝི་ཏྱ་ཉིད་དུ་བཟློག༔ སྐྱོང་བྱེད་ཡུལ་གྱི་གནས་གྱུར་པ༔ རྡོ་རྗེ་གར་བསྒྱུར་ཉིད་དུ་བཟློག༔ དྲན་བྱེད་ཡུལ་གྱི་གནས་གྱུར་པ༔ རྡོ་རྗེ་མར་མེ་ཉིད་དུ་བཟློག༔ ཉོན་མོངས་ཡུལ་གྱི་གནས་གྱུར་པ༔ རྡོ་རྗེ་དྲི་ཆབ་ཉིད་དུ་བཟློག༔ ཀུན་གཞིའི་ཡུལ་གྱི་གནས་གྱུར་པ༔ རྡོ་རྗེ་ཕྲེང་བ་མ་རུ་བཟློག༔ ལུས་ཀྱི་བདག་འཛིན་འཇོམས་པའི་ཕྱིར༔ (༦༡ན)


GLG024_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད་པོ་ཉིད་དུ་བཟློག༔ ངག་གི་བདག་འཛིན་འཇོམས་པའི་ཕྱིར༔ རྟ་མགྲིན་རྒྱལ་པོ་ཉིད་དུ་བཟློག༔ སེམས་ཀྱི་བདག་འཛིན་འཇོམས་པའི་ཕྱིར༔ རྣམ་པར་རྒྱལ་བ་ཉིད་དུ་བཟློག༔ ཡོན་ཏན་བདག་འཛིན་འཇོམས་པའི་ཕྱིར༔ བདུད་རྩི་འཁྱིལ་བ་ཉིད་དུ་བཟློག༔ འཆི་འཕོ་ལྟུང་བྱེད་འཇོམས་པའི་ཕྱིར༔ ཐུབ་པ་བརྒྱ་བྱིན་ཉིད་དུ་བཟློག༔ འཐབ་རྩོད་སྡུག་བསྔལ་འཇོམས་པའི་ཕྱིར༔ ཐུབ་པ་ཐགས་བཟང་རིས་སུ་བཟློག༔ མི་ཡི་སྐྱེ་འཆི་འཇོམས་པའི་ཕྱིར༔ ཐུབ་པ་ཤཱཀ་ཐུབ་ཉིད་དུ་བཟློག༔ བྱོལ་སོང་བླུན་ལྐུགས་འཇོམས་པའི་ཕྱིར༔ ཤཱཀྱ་སེང་གེ་ཉིད་དུ་བཟློག༔ ཡི་དྭགས་བཀྲེས་སྐོམ་འཇོམས་པའི་ཕྱིར༔ ཐུབ་པ་ཁ་འབར་ཉིད་དུ་བཟློག༔ དམྱལ་བ་ཚ་གྲང་འཇོམས་པའི་ཕྱིར༔ ཆོས་ཀྱི་རྒྱལ་པོ་ཉིད་དུ་བཟློག༔ དགྲ་བགེགས་ཐམས་ཅད་འགུགས་པའི་ཕྱིར༔ རྡོ་རྗེ་ལྕགས་ཀྱུ་ཉིད་དུ་བཟློག༔ དགྲ་བགེགས་ཐམས་ཅད་བཅིང་བའི་ཕྱིར༔ རྡོ་རྗེ་ཞགས་པ་ཉིད་དུ་བཟློག༔ དགྲ་བགེགས་ཐམས་ཅད་སྡོམ་པའི་ཕྱིར༔ རྡོ་རྗེ་ལྕགས་སྒྲོག་ཉིད་དུ་བཟློག༔ དགྲ་བགེགས་ཐམས་ཅད་བསྒྲལ་བའི་ཕྱིར༔ རྡོ་རྗེ་དྲིལ་བུ་ཉིད་དུ་བཟློག༔ ཅེས་བརྗོད་ཅིང་དོན་བསྒོམ་དེ་རྣམས་ཀྱི་ཆོག་སྒྲིགས་གཅེས་པའི་ལྡེ་མིག་ཏུ། བཟློག་དང་ཡང་བཟློག་ཁྱུང་བཟློག་བྱ༔ ཞེས་གསུངས་པའི་དང་པོ་བཟློག་པ་སོང་ནས། གཉིས་པ་ཡང་བཟློག་ནི༔ འབྲུག་པ་པད་དཀར་སོགས་ཀྱིས་སྒྲ་དང་བསྟུན་པའི་དག་ཆ་བྱས་ཏེ་སྔགས་ཆུད་ཟོས་སུ་བཏང་བའི་ལུགས་ངན་རྣམས་དུག་བཞིན་སྤངས་ནས་(༦༡བ)


GLG024_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་འབྲུ་སོ་དྲུག་པ་རིགས་འཛིན་བརྒྱུད་པའི་གསུང་རྒྱུན་བཞིན་བརྒྱའམ་ཉེར་གཅིག་བཟླ༔ གསུམ་པ་ཁྱུང་བཟློག་ནི༔ བྱ་ལུང་རྒྱ་མཚོར། ད་ནི་ལྟས་ངན་བྱུང་ན་ཁྱུང་གིས་བཟློག་པས་ན༔ དང་པོ་ཡེ་ཤེས་ཀྱི་བྱ་ཁྱུང་སྤྱན་དྲང་བ་ནི༔ ཧཱུཾ། དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས༔ འདབ་ཆགས་རྒྱལ་པོ་ཀ་རུ་ཌ༔ གསེར་མིག་འཁྱིལ་བའི་བྱ་ཁྱུང་དཀར་ལ་ཁྲོ༔ གནམ་ལྕགས་ཨུར་མོའི་མཆུ་སྡེ་འཕྱར་བ་ཡིས༔ ས་བདག་ཀླུ་གཉན་འདར་ཞིང་འཇིགས་པར་བྱེད༔ གཤོག་པ་གསེར་གྱི་རལ་གྲི་གདེངས་པ་ཡིས༔ གནམ་ས་མ་ལུས་ཟིལ་གྱིས་གནོན་པར་བྱེད༔ ཁྱུང་རུ་ནག་པོ་གནམ་དུ་ཟངས་སེ་ཟང་༔ གཡུ་ཡི་ཁལ་ཁེབས་ལེ་བརྒན་གཤོག་པས་མཛེས༔ མཇུག་མ་གཡུ་ཡི་རུ་མཚོན་ཕྱོགས་བཅུར་འབར༔ རིན་ཆེན་སྣ་ཚོགས་རྡོ་རྗེའི་ཐེའུ་ཕྲན་མཛེས༔ འཁོར་ལོ་རིན་ཅེན་འབར་བས་དབུ་ལ་བརྒྱན༔ རྣལ་འབྱོར་བདག་གིས་བྱ་ཁྱུང་བོས་པའི་ཚེ༔ སྤྱན་ནས་ཁྲག་གི་རྦ་ཀློང་ཁྱིལ་ལི་ལི༔ གཤོག་པ་གཡས་པས་ཉི་ཟླ་ཙོག་པོར་འཕེན༔ གཤོག་པ་གཡོན་པས་ས་གཞི་བདར་ཤ་གཅོད༔ བྱ་ཁྱུང་རྒྱལ་པོ་འབོད་དོ་སྙན་མ་སྲ༔ བྱ་ཁྱུང་རྒྱལ་པོ་གཡབ་བོ་སྤྱན་མ་རྟུལ༔ བྱ་ཁྱུང་རྒྱལ་པོ་བསྟེན་ནོ་རྒྱང་མ་རིང་༔ བྱ་ཁྱུང་རྒྱལ་པོ་བསྒྲུབ་བོ་མཐུ་མ་ཆུང་༔ བྱ་ཁྱུང་རྒྱལ་པོ་བསྐུལ་ལོ་སྒབ་མ་ལྕི༔ ལྟས་ངན་བཟློག་དང་ལས་ཀུན་བསྒྲུབ་པའི་ཕྱིར༔ རི་རབ་རྩེ་ཡི་གནས་མཆོག་དམ་པ་ནས༔ བསྟན་པ་བསྲུང་ཕྱིར་གནས་འདིར་སྤྱན་འདྲེན་ན༔ འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ༔ (༦༢ན)


GLG024_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུཾ་བཾ་ཧོཿ བཛྲ་ཀཱ་རུ་ཌ་རཱ་ཙ་ས་མ་ཡ་ཛཿ་ཛཿ ཞེས་བརྗོད་པས་བདག་ཉིད་ཆེ་མཆོག་གི་དབུ་ལ་བྱ་ཁྱུང་གིས་བརྒྱན་པ་བསྒོམ་པར་བྱའོ༔ ཧཱུཾ། ཁྱོད་ལ་མཐུན་པའི་དམ་རྫས་འབུལ་བ་ནི༔ རྨད་དུ་བྱུང་བའི་གཏོར་མའི་མཆོད་པ་དང་༔ དམ་རྫས་བདུད་རྩི་འབར་བའི་མཆོད་པ་དང་༔ སྦྱོར་སྒྲོལ་རཀྟའི་མཆོད་པ་ཆེན་པོས་མཆོད༔ མ་ཧཱ་ཀཱ་རུ་ཌ་རཱ་ཙ་བ་ལིང་ཏ་ཁ་རི་ཁཱ་ཧི༔ པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ གྷ་ན་ཏ་ན་རཀྟ་པཱུ་ཙ་མེ་གྷ་ཧཱུཾ། ཞེས་མཆོད་པ་འབུལ༔ ཧཱུཾ། འདབ་ཆགས་རྒྱལ་པོ་བཅོམ་ལྡན་ཀ་རུ་ཌ༔ ལྕགས་སྡེར་བགྲད་པས་ཚངས་པའི་ཡུལ་ས་གནོན༔ གཤོག་པ་བརྐྱང་བས་གཟའ་ཀླུ་དབང་དུ་སྡུད༔ སྤུ་གྲིའི་མཆེ་བ་གཙིགས་ཤིང་འཇིགས་པ་ཡིས༔ ཀླུ་ཆེན་བརྒྱད་པོ་ལས་ལ་འཁོལ་བར་བྱེད༔ མཉམ་ཞིང་ཐབས་མཁས་ཐུགས་རྗེའི་བདག་ཉིད་ཅན༔ ཁྲོ་རྒྱལ་བདག་དང་དགོངས་པ་མཉམ་པར་བཞུགས༔ ཐབས་དང་ལྡན་པའི་ཤེས་རབ་ཡུམ་དང་སྦྱོར༔ དགྲ་བགེགས་གཤེད་མ་བྱ་ཁྱུང་རྒྱལ་པོ་ཡིས༔ ལྟས་ངན་མ་ལུས་བཟློག་པའི་འཕྲིན་ལས་མཛོད༔ ཅེས་བརྗོད་ལ་ཁྱུང་ཞལ་ཕྱིར་བསྒྱུར་ལ་བཟློག་པ་དྲག་ཏུ་བྱ་སྟེ༔ གཞུང་ཆེན་དཀྱུས་ལས་དེ་ནས་ཁྱུང་གིས་ལྟས་ངན་བཟློག་པ་ནི༔ བདག་ཉིད་ཆེ་མཆོག་གསལ་བའི་དབུ་གཙུག་ཏུ་ཁྱུང་ཆེན་འབར་བས་བརྒྱན་པར་བསྒོམས་ལ༔ ཏིང་ངེ་འཛིན་གསལ་བའི་ངང་ནས༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ དབུ་ནི་ཉེར་གཅིག་ཕྱག་ནི་བཞི་བཅུ་གཉིས༔ ཕྱག་མཚན་སངས་རྒྱས་བཞི་བཅུ་རྩ་གཉིས་བསྣམས༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྒྱན་དུ་སྤྲས༔ ཁྲོ་ཚུལ་ཉི་ཤུ་རྩ་གཅིག་བརྗིད་(༦༢བ)


GLG024_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྲུལ༔ དབུ་ལ་ཁྱུང་ཆེན་འབར་བས་རབ་ཏུ་བརྒྱན༔ ཁྱུང་གིས་རལ་བ་སྤྲུགས་པ་ལས༔ ཡུལ་གྱི་མ་མོ་བཅུ་གསུམ་སྐྱོང་༔ ནམ་མཁའ་སྨུག་ནག་འཐིབས་པའི་བྱད༔ དྲེད་མོ་རང་འཛིངས་ལྟས་ངན་བཟློག༔ གཡས་ཀྱི་གཤོག་རུ་དང་པོ་ལ༔ སྟེང་གི་ཁྲོ་བཅུ་འབར་བ་སྤྲུལ༔ སེང་གེ་འབྲུག་སྔོན་འཐབ་པའི་བྱད༔ གནམ་ལྕགས་འབར་བའི་ལྟས་ངན་བཟློག༔ གཤོག་རུ་འབར་བ་གཉིས་པ་ལ༔ གསད་པའི་ཁྲོ་བོ་བཅུ་རུ་འབར༔ གླང་ཆེན་རྦ་ལ་འཕྱོ་བའི་བྱད༔ སྟག་སེང་འཛིང་བའི་ལྟས་ངན་བཟློག༔ གཤོག་རུ་འབར་བ་གསུམ་པ་ལ༔ སྤྱི་དཔལ་ཁྲོ་བཅུ་འབར་བ་སྤྲུལ༔ གནམ་ས་སྤྲིན་དམར་མཆེད་པའི་བྱད༔ བུད་མེད་རལ་འཛིངས་ལྟས་ངན་བཟློག༔ གཡས་ཀྱི་གཤོག་རུ་བཞི་པ་ལ༔ རྫོགས་པ་ཆེན་པོའི་ཁྲོ་བཅུ་འབར༔ སྐར་མདའ་ས་ལ་ལྷུང་བའི་བྱད༔ དབྱིག་གི་ནོར་བུའི་ལྟས་ངན་བཟློག༔ གཡས་ཀྱི་གཤོག་རུ་ལྔ་པ་ལ༔ ཏ་ཀྲྀ་ཁྲོ་བོ་བཅུ་དྲུག་ཤར༔ རི་རབ་མེ་ཆེན་མཆེད་པའི་བྱད༔ ལྕི་བའི་ཟས་ཀྱི་ལྟས་ངན་བཟློག༔ གཡོན་གྱི་གཤོག་རུ་དང་པོ་ལ༔ སྲོག་རྩེཾའི་མ་མོ་བདུན་དུ་ཤར༔ རྒྱ་མཚོ་དུག་སྦྲུལ་འཁྱིལ་བའི་བྱད༔ མེ་ཏོག་བཅུད་ཉམས་ལྟས་ངན་བཟློག༔ གཡོན་གྱི་གཤོག་རུ་གཉིས་པ་ལ༔ ཨེ་ཀ་དྲག་མོ་སྤུན་དྲུག་སྤྲུལ༔ མཁའ་ལ་སྟག་མོ་འཕྱོ་བའི་བྱད༔ རྫི་བས་བསྐྱོད་པའི་ལྟས་ངན་བཟློག༔ གཡོན་གྱི་གཤོག་རུ་གསུམ་པ་ལ༔ སྲིན་མོ་འབར་མ་བདུན་དུ་ཤར༔ མཁའ་ལ་བྱ་རྒོད་སྡེར་འཛིངས་བྱེད༔ གཏེར་གྱི་བཅུད་ཉམས་ལྟས་ངན་བཟློག༔ གཡོན་གྱི་གཤོག་རུ་(༦༣ན)


GLG024_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ལ༔ གདོང་མ་བཞི་དང་རྒྱལ་མོ་བཞི༔ གཡུ་ཤ་རཱ་བཅུ་འཛིང་པའི་བྱད༔ སེང་གེ་ངུ་འབོད་ལྟས་ངན་བཟློག༔ གཡོན་གྱི་གཤོག་རུ་ལྔ་པ་ལ༔ ཉི་ཤུ་རྩ་བརྒྱད་སྤྲུལ་པ་བྱུང་༔ རྣོ་དབལ་ངར་གྱི་ལྟས་ངན་དང་༔ རྨ་བྱ་གཡེང་བའི་ལྟས་ངན་བཟློག༔ གཡུ་སྒོང་སྔོན་པོ་ཡར་བ་དང་༔ ལྕགས་ཀྱི་སེར་བ་འབབ་པ་དང་༔ ཤེལ་དཀར་སྣོད་དུ་དུག་གཡོས་དང་༔ ཟངས་སྒོང་དམར་པོ་འདྲིལ་བ་དང་༔ མི་བཟད་འབར་བ་ཀླད་ལ་བསྐོར༔ ཉི་མ་སྤྲིན་གྱིས་འཁྲིགས་པ་དང་༔ འཚུབ་མ་མང་པོའི་མིག་ལྟས་དང་༔ སེང་གེ་གངས་ཀྱི་སྟོངས་ནས་ལྷུང་༔ ཤེལ་གྱི་སྒོ་ང་ཡར་བ་དང་༔ སྤྲིན་ཆེན་ཡར་བའི་རྟགས་བསྟན་དང་༔ དབང་པོའི་བཅུད་ཆེན་ཐགས་པ་དང་༔ དབང་མོ་ཉི་ཤུ་རྩ་བརྒྱད་ཀྱི༔ ལྟས་ངན་བཅུ་གསུམ་སླར་ལ་བཟློག༔ ཁྱུང་གི་མཇུག་སྒྲོ་བརྒྱད་པོ་ལ༔ རྒྱལ་མོ་བཞི་དང་གདོང་མོ་བཞི༔ སྤྲུལ་པ་འོད་ཀྱི་ཕྲེང་བ་ཤར༔ བསེ་སྡོང་ཁྲ་བོའི་ཟུར་བསྟན་ཏེ༔ ལྕུག་ཕྲན་ཟོར་གྱིས་འདེབས་པ་དང་༔ གཟའ་སྐར་འཁྲུག་པའི་བྱད་བྱུང་མ༔ ཟོར་བརྒྱད་རྩ་ལ་སྤུད་པ་ཆགས༔ དེ་ཡི་ལྟས་ངན་སླར་ལ་བཟློག༔ འདིར་གཏེར་གཞུང་ཟུར་བཀོལ་བྱ་ལུང་རྒྱ་མཚོར་ཁྱུང་གི་ལྟས་ངན་བཟློག་པའི་ཤམ་བུ་གུད་དུ་སྦས་པ་ནི༔ དེ་ཡི་ལྟས་ངན་སླར་ལ་བཟློག༔ ཅེས་པའི་མཇུག་ཏུ་འདི་གདགས་སོ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ ཧཱུཾ་གི་ཐུགས་མཆོག་འབར་བ་ལས༔ གསེར་གྱི་ཐིག་ལེ་གྲུ་གསུམ་ནས༔ བཙོ་མ་གསེར་གྱི་སློག་པ་ལས༔ རྡོ་རྗེ་ཧ་ཡི་འཕྲེང་བས་བརྒྱན༔ ཐུགས་ལས་ཡེ་ཤེས་འོད་གསལ་(༦༣བ)


GLG024_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

བས༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ ལྕགས་སྒོང་ནག་པོ་འབར་བ་ལས༔ གཡུ་ཡི་ཐིག་ཕྲན་འབར་བ་འཕྲོ༔ ཡུམ་གྱི་ཐུགས་ལས་སྤྲུལ་པ་སྟེ༔ མཐོ་ཡང་དེ་ནི་མི་མཐོ་སྟེ༔ རི་རབ་ཉིད་ཀྱི་ཟོམ་ན་འབར༔ དམའ་ཡང་དེ་ནི་མི་དམའ་སྟེ༔ རྒྱ་མཚོ་ཆེན་པོའི་གཏིང་ན་ཉལ༔ སྒོ་ང་རང་གིས་རང་བརྟོལ་བས༔ ཤ་ཟན་མཆུ་བཀུག་རིགས་སུ་བྱུང་༔ བྱ་ཆེན་དེ་ཡི་དཔྲལ་བ་ནི༔ རི་རབ་བུམ་པའི་ལྟོས་དང་མཉམ༔ དབུ་ལ་གཡུ་ཡི་རྭ་འབར་བས༔ ནམ་མཁའི་ཁམས་ཀྱི་སྟོངས་སུ་སླེབ༔ ཁ་ནས་ཀླུ་བདུད་དྲངས་པ་ནི༔ འོག་གི་རྒྱ་མཚོའི་གཏིང་ནས་འདྲེན༔ མིག་ནི་ཉི་ཟླ་འབར་བ་སྟེ༔ ཀླུ་བདུད་ཟིལ་གྱིས་གནོན་པར་བྱེད༔ ཁ་ནས་མེ་འབར་རྒྱ་མཚོ་སྐེམས༔ སེམས་ནི་ཆགས་པ་ལྔ་དང་ལྡན༔ སྡེར་མོ་གཡུ་སྡེར་འབར་བ་ཡིས༔ ཆུ་སྲིན་ནག་པོའི་སྙིང་ནས་འདྲེན༔ ཁ་རླངས་ན་བུན་བཞིན་དུ་ཆགས༔ དུང་གི་གཤོག་རླབས་འབར་བ་ཡིས༔ གཡུ་ཡི་གཤོག་རྩེར་ཟེར་འཕྲོས་པས༔ ཐགས་བཟང་རིས་ཀྱི་མགོ་བོ་གཅོད༔ གཡས་ཀྱི་གཤོག་པ་བརྐྱང་བ་ཡིས༔ ལྷ་ཡི་དབང་པོའི་གནས་ལ་སླེབ༔ གཡོན་གྱི་གཤོག་པ་བརླབས་པ་ཡིས༔ གསེར་གྱི་ས་གཞི་འབར་བ་གཤིག༔ ལྟེ་བ་འབྲུག་སྔོན་འབར་བ་འབྱུང་༔ ཁ་ནས་གློག་དམར་འཇིབས་སེ་འཇིབ༔ མེ་ཡི་རྩེ་ཐོག་ཆེན་པོ་འབབས༔ མིག་ནས་ལྕགས་ཀྱི་སེར་ཆེན་འབེབས༔ སྣ་ནས་བུ་ཡུག་འཚུབ་མར་འཚུབ༔ ཁྱོད་ཀྱི་རྩི་ཐོག་འབར་བ་ལ༔ མཁལ་མ་ཧག་ནེ་འབར་བ་སྟེ༔ མཆིན་པ་རོ་སྙིང་ཆེན་པོ་ལ༔ མཁྲིས་པ་གསོད་བྱེད་(༦༤ན)


GLG024_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྟེ༔ ཟུར་ཕུད་ལྔ་ཡི་ཆོ་འཕྲུལ་འགྱེད༔ མཆེར་པ་མྱོང་བྱེད་འབར་བ་ཡི༔ གློ་བ་སྐྱེ་མཆེད་སྟོབས་ཆེན་ཏེ༔ གྲོང་པ་སྡེ་དཔོན་ཆེན་པོ་ལ༔ སྙིམ་པ་དབང་ཆེན་འབར་བ་སྤྲུལ༔ སྒལ་ཚིགས་འཁོར་ལོ་བཅུ་དྲུག་ལ༔ སྲིད་པའི་ཕོ་རྒྱུད་བཅུ་དྲུག་སྤྲུལ༔ གཡས་ཀྱི་འདབ་གཤོག་ལྔ་བཅུ་དྲུག༔ ཁྲག་འཐུང་ལྔ་བཅུ་རྩ་དྲུག་སྤྲུལ༔ གཡོན་གྱི་འདབ་གཤོག་ལྔ་བཅུ་དྲུག༔ སྨན་མོ་ལྔ་བཅུ་རྩ་དྲུག་སྤྲུལ༔ མདོངས་ཀྱི་ཐིག་ལེ་བཅུ་གསུམ་ལ༔ ཡུལ་གྱི་མ་མོ་བཅུ་གསུམ་འཆར༔ དཔལ་བེའི་ཐུགས་སྒྲོམ་བཅོ་བརྒྱད་ལ༔ སེམས་ཀྱི་མ་མོ་བཅོ་བརྒྱད་གནས༔ ཤ་སྒྲོམ་ཐིག་ལེ་བརྒྱད་པོ་ལ༔ སྲིད་པའི་ཕོ་རྒྱུད་མོ་རྒྱུད་འཆར༔ མ་མོར་གྲགས་པ་ཐམས་ཅད་ཀྱང་༔ ཁྱུང་ཆེན་སྐུ་ཡི་ཁོངས་སུ་རྫོགས༔ ཀླུ་ཡི་རྒྱལ་པོ་ནོར་འཛིན་དང་༔ སྲིད་པའི་བྱ་ཁྱུང་འབར་བ་གཉིས༔ གནོད་སྦྱིན་བུ་མོ་རྟ་གདོང་མས༔ རྒྱ་མཚོ་ཆེན་པོའི་གཏིང་ནས་དཀྲུགས༔ ཁ་རླངས་ནམ་མཁའི་སྤྲིན་དུ་ཆགས༔ ཀླུ་དང་བྱ་ཁྱུང་སེམས་འཁྲུགས་པས༔ སྲིད་པའི་མ་མོ་སེམས་འཁྲུགས་ཏེ༔ དེ་ཕྱིར་བསྐང་དང་བཟློག་པ་གསུངས༔ བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་༔ བྱ་ཁྱུང་རྒྱལ་པོའི་ཐུགས་དམ་བསྐང་༔ ཁྲོ་རྒྱལ་རྣམས་ཀྱི་ཐུགས་དམ་བསྐང་༔ མ་མོའི་ཚོགས་ཀྱི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས༔ ལྟས་ངན་ཆོ་འཕྲུལ་དགྲ་ལ་སྒྱུར༔ དེ་ནས་གཞུང་གི་དཀྱུས་ལྟར༔ ཧཱུཾ། ཁྲོ་རྒྱལ་ཁམས་གསུམ་ཧཱུཾ་སྒྲ་ཅན༔ སྐུ་ལ་ཟངས་(༦༤བ)


GLG024_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲབ་འོད་ཀྱིས་མཛེས༔ ཕྱག་ན་མདུང་དམར་ཆེམས་སེ་ཆེམ༔ བ་དན་རྩེ་གསུམ་གཡབ་མོས་བདེབས༔ གཡས་ནས་བསྐོར་བས་ལྷ་སྲིན་སྡུད༔ གཡོན་ནས་བསྐོར་བས་ཀླུ་སྲིན་སྡུད༔ ཀླད་ལ་བསྐོར་བས་བདུད་དཔུང་འཇོམས༔ སྲོག་དབུགས་དབང་བྱེད་དྲོད་ལ་ཁྱབ༔ ལྟས་ངན་དམིགས་ཀྱིས་དྲལ་དུ་གསོལ༔ ལྟས་ངན་དམིགས་ཀྱིས་གཞིག་ཏུ་གསོལ༔ ལྟས་ངན་དམིགས་ཀྱིས་བསྒྲལ་དུ་གསོལ༔ བྷྱོ། བཟློག །བསྒྱུར་རོ༔ བྱ་ཁྱུང་བསྙེན་ཅིང་བསྒྲུབ་པའི་སྔགས་ནི༔ ཨཱོཾ་བཛྲ་མ་ཧཱ་ཀྲོ་ཏ་སོ་ལྔ་པའི་ཤམ་བུར༔ ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཀ་རུ་ཌ་སརྦ་ཌཱ་ཀི་ནི་ས་མ་ཡ་ཧྲིཾ་ཧཱུཾ་ཕཊ༔ ཅེས་བསྙེན་པ་བགྲང་ངོ་༔ དྲག་པོའི་སྔགས་ཀྱི་ཞབས་སུ་བཏགས་པ་བཟླས་སོ༔ ཁྱུང་རིགས་ལྔའི་སྔགས་བཟླ་བར་སྣང་བ་ཡང་བརྟག་པའི་གནས་ཡིན་ཅིང་༔ གོང་ར་བ་སོགས་གཉན་ལྷོག་གི་སྔགས་ལྷང་ལྷང་ཙེར་ཙེར་བཟླ་ཟེར་བ་ནི་ནང་ཟོང་སྟོན་པའི་གནས་ཡིན་ནོ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ ཁྲོ་བོ་རོལ་པའི་ལས་ཚོགས་ལས་འདེབས་ཀ་དགུའི་སྔགས་བཟློག་འདི༔ རྩ་བའི་སྔགས་ལ་བཟློག་སྔགས་བཏགས་པ་བརྒྱ་རྩ་བརྒྱད་སོགས་ཅི་རིགས་པ་བཟླས༔ འདི་སྐད་བཟློག་བསྒྱུར་དྲག་ཏུ་བྱའོ༔ བདུད་བཟློག་པའི་འདེབས་ཀ་ནི༔ དུ་ར་ཀེ་རུ་མ་མ་ཤུ་ར། ས་ར་ཏྲི་ཤི་མ་གུ་བྷ་ཡུ་ནི་བཟློག༔ ཧཱུཾ། སྨུག་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ དཔལ་ཆེན་ཆེ་མཆོག་སྤྲུལ་པའི་ཁྱུང་༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྨུག༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་ལས༔ སྤྲུལ་པའི་བྱ་ཁྱུང་སྣ་ཚོགས་འགྱེད༔ དམ་རྫས་གཏོར་(༦༥ན)


GLG024_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདི་བཞེས་ལ༔ དབུས་ཕྱོགས་ལྷ་ཡི་གདོན་ཚོགས་དང་༔ ནག་པོ་བདུད་ཀྱི་དམག་ཚོགས་བཟློག༔ རྒྱལ་པོ་བཟློག་པའི་འདེབས་ཀ་ནི༔ ར་ཙ་པྲ་དུ་ཧ་ན་ཕཊ༔ ར་ཙ་ཡེ་དུ་རྦད་ན་ཆོད་དུ་བཟློག༔ ཧཱུཾ། མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ བཛྲ་ཧེ་རུ་ཀ་ཡི་སྤྲུལ་པའི་ཁྱུང་༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་ལས༔ སྤྲུལ་པའི་བྱ་ཁྱུང་སྣ་ཚོགས་འགྱེད༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ཤར་ཕྱོགས་དྲི་ཟའི་གདོན་ཚོགས་དང་༔ རཱ་ཙ་རྒྱལ་པོའི་དམག་ཚོགས་བཟློག༔ གཤིན་རྗེའི་འདེབས་ཀ་ནི༔ ཡ་མ་མི་དུ་རུ་རཀྴ་བྷྱོཿ ར་ག་ར་པྲེ་དུ་མ་བཟློག་ཅིག༔ ཧཱུཾ། སེར་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ དཔལ་ཆེན་གཤིན་རྗེའི་སྤྲུལ་པའི་ཁྱུང་༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་ལས༔ སྤྲུལ་པའི་བྱ་ཁྱུང་སྣ་ཚོགས་འགྱེད༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་དང་༔ གྲུལ་བུམ་དམག་ཚོགས་བཟློག་ཏུ་གསོལ༔ ཀླུ་བཟློག་པའི་འདེབས་ཀ་ནི༔ ནཱ་ག་ཤི་ན་ས་དུ་རཾ། ནཱ་ག་མ་རི་ཏྲ་སུ་ཏྭ་རཾ་དུ་ཤན་བཟློག༔ ཧཱུཾ། དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ དཔལ་ཆེན་རྟ་མགྲིན་སྤྲུལ་པའི་ཁྱུང་༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་ལས༔ སྤྲུལ་པའི་བྱ་ཁྱུང་སྣ་ཚོགས་འགྱེད༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ནུབ་ཕྱོགས་ས་བདག་གདོན་ཚོགས་དང་༔ ཀླུ་ཡི་དམག་ཚོགས་བཟློག་ཏུ་གསོལ༔ བཙན་བཟློག་པའི་འདེབས་ཀ་ནི༔ ཤུ་ཀྵ་(༦༥བ)


GLG024_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཡ་དུ་དང་ཤེ་སརྦ་རི་བྲ་ནི༔ ར་ད་སེ་དུ་དུར་ཡུ་དང་ཀ་ཀྵ་ས་དུ་བཟློག༔ ཧཱུཾ། ལྗང་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ རྡོ་རྗེ་གཞོན་ནུ་སྤྲུལ་པའི་ཁྱུང་༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་ལས༔ སྤྲུལ་པའི་བྱ་ཁྱུང་སྣ་ཚོགས་འགྱེད༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བྱང་ཕྱོགས་གནོད་སྦྱིན་གདོན་ཚོགས་དང་༔ དམར་པོ་བཙན་གྱི་དམག་ཚོགས་བཟློག༔ མ་མོ་བཟློག་པའི་འདེབས་ཀ་ནི༔ མ་མ་རུ་ན་དུ་རུ་བྷྱོ༔ མ་སན་དུར་ཧྲཾ་ཧཱུཾ་བཟློག༔ ཧཱུཾ། མ་མོ་རོལ་པའི་དཀྱིལ་འཁོར་ནས༔ དཔལ་ཆེན་བླ་མེད་སྤྲུལ་པའི་ཁྱུང་༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྨུག༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་ལས༔ སྤྲུལ་པའི་བྱ་ཁྱུང་སྣ་ཚོགས་འགྱེད༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ཤར་ཕྱོགས་མེ་ལྷའི་གདོན་ཚོགས་དང་༔ མ་མོའི་དམག་ཚོགས་བཟློག་ཏུ་གསོལ༔ སྲིན་པོ་བཟློག་པའི་འདེབས་ཀ་ནི༔ རཀྵ་ས་དྷེ་ཝ་ཤཀ་ཏུ་བྱ་ཏ་རི་སུ་མ་ག་ཡ་ར་ཏུ་མུ༔ ཏྲེ་བ་བཟང་སྐྱེ་ར་རར་ཤ་རིག་བཟློག༔ ཧཱུཾ། རིགས་འཛིན་རོལ་པའི་དཀྱིལ་འཁོར་ནས༔ རིགས་འཛིན་སློབ་དཔོན་སྤྲུལ་པའི་ཁྱུང་༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་ལས༔ སྤྲུལ་པའི་བྱ་ཁྱུང་སྣ་ཚོགས་འགྱེད༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ལྷོ་ནུབ་བདེན་བྲལ་གདོན་ཚོགས་དང་༔ སྲིན་པོའི་དམག་ཚོགས་བཟློག་ཏུ་གསོལ༔ གཟའ་བཟློག་པའི་འདེབས་ཀ་ནི༔ ཨ་ཡ་མ་པྲེ་དུ་ཀྵ་གཟའ་ཁ་ཏྲ་རུ་ཏྲ་ཡེ་བཟློག༔ ཧཱུཾ། དྲེགས་པ་རོལ་པའི་དཀྱིལ་འཁོར་ནས༔ དཔལ་(༦༦ན)


GLG024_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དྲེགས་པ་ཀུན་འདུལ་བྱུང་༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ཁམ༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་ལས༔ སྤྲུལ་པའི་བྱ་ཁྱུང་སྣ་ཚོགས་འགྱེད༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ནུབ་ཕྱོགས་རླུང་ལྷའི་གདོན་ཚོགས་དང་༔ དྲང་སྲོང་གཟའ་ཡི་དམག་ཚོགས་བཟློག༔ ཐེའུ་རང་བཟློག་པའི་འདེབས་ཀ་ནི༔ ཏྲིའུ་ཨ་པ་རཀྵན་ཡ་དུ་ཏྲག༔ ཏྲི་དུ་ས་དུ་ར་ཏྲི་མང་ཀ་བཟློག༔ ཧཱུཾ། དྲག་སྔགས་རོལ་པའི་དཀྱིལ་འཁོར་ནས༔ དཔལ་ཆེན་སྟོབས་ལྡན་ནག་པོའི་ཁྱུང་༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་ལས༔ སྤྲུལ་པའི་བྱ་ཁྱུང་སྣ་ཚོགས་འགྱེད༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བྱང་ཤར་བགེགས་ཀྱི་གདོན་ཚོགས་དང་༔ ཐེའུ་རང་དམག་ཚོགས་དགྲ་ལ་བཟློག༔ ཅེས་འདེབས་ཀ་དགུའི་བཟློག་པའི་སྨྲེང་ཤིན་ཏུ་ཟབ་པ་འདི་ཡང་མྱང་སྨན་ལུང་པ་མི་བསྐྱོད་རྡོ་རྗེའི་ཕྱག་བཞེས་ལས་བྱུང་བ་ཨྠྀི༔ དེ་ནས་རྒྱལ་མཚན་རྣམ་དགུའི་སྨྲེང་ནི༔ ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ གཏོར་བཟློག་གཟེར་ཁའི་ལྷན་ཐབས་རྒྱལ་མཚན་རྣམ་དགུ་ནི༔ དབུས་ཀྱི་ཆེ་མཆོག་གི་གཏོར་མའི་སྟེང་དུ་ཞེས་སོགས་བཅས་རྣམས་གཏེར་གཞུང་ནས་གསལ་བ་ལྟར་བྱས་ལ༔ དེ་ནས་ཏིང་ངེ་འཛིན་གསར་ཞིང་འདི་སྐད་དོ༔ ཧཱུཾ། དབུས་ཀྱི་དཔལ་ཆེན་གཏོར་མའི་སྟེང་༔ ཆེ་མཆོག་དབུ་ལ་ཁྱུང་ཆེན་ནི༔ མཐིང་ནག་མེ་ཡི་གཤོག་པ་ཅན༔ གདོང་བས་གདོང་ཅན་ལྟས་ངན་བཟློག༔ གཤོག་པས་གཤོག་ཅན་ལྟས་ངན་དང་༔ སྡེར་མོས་སྡེར་ཅན་ལྟས་ངན་དང་༔ མཆུ་ཡི་མཆུ་ཅན་(༦༦བ)


GLG024_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་ངན་དང་༔ རྭ་ཡི་རྭ་ཅན་ལྟས་ངན་རྣམས༔ བཟློག་གོ་བསྒྱུར་རོ་གཏོར་མས་བཟློག༔ ཧཱུཾ། ཤར་གྱི་ཡང་དག་གཏོར་མའི་སྟེང་༔ རྨ་བྱ་མི་རོ་ཟ་བ་ཡིས༔ རྨ་བྱ་གཡེང་བའི་ལྟས་ངན་བཟློག༔ མི་ཡི་དུག་སྦྱོར་གཡོས་པ་དང་༔ ལྷ་འདྲེ་འཁྲུག་པའི་ལྟས་ངན་དང་༔ གང་ཟོས་དུག་ཏུ་སོང་བ་རྣམས༔ བཟློག་གོ་བསྒྱུར་རོ་གཏོར་མས་བཟློག༔ ཧཱུཾ། ཤར་ལྷོ་མ་མོའི་གཏོར་མའི་སྟེང་༔ ཤ་ཕོ་ངུ་འབོད་བཙུགས་པ་ཡིས༔ ནད་ཁ་རིམས་ཁ་གཡོས་པ་བཟློག༔ ཤ་ཕོ་རྭ་འཛིངས་ལྟས་ངན་བཟློག༔ ཉ་མོ་མངལ་འཛིངས་ལྟས་ངན་དང་༔ ནག་མོ་སླར་འཛིངས་ལྟས་ངན་དང་༔ དུར་ཁྲོད་ཝ་མོ་བརྒྱལ་བ་རྣམས༔ བཟློག་གོ་བསྒྱུར་རོ་གཏོར་མས་བཟློག༔ ཧཱུཾ། ལྷོ་ཕྱོགས་གཤིན་རྗེའི་གཏོར་མའི་སྟེང་༔ སྟག་མོ་མི་རོ་ཟ་བ་ཡིས༔ དགྲ་བགེགས་སྟག་ལྟར་འཕྱོ་བ་བཟློག༔ སྲེ་མོང་བྱི་རོ་ཁྱེར་བ་དང་༔ འདྲེ་མོའི་ཁ་ནས་སྡོམ་ཁྱེར་དང་༔ སྔ་དགྲ་བདར་དང་ཕྱི་དགྲ་སེམས༔ མདུན་ནས་འགུགས་པ་ཐམས་ཅད་དང་༔ མི་མཐུན་སྦྱོར་རྩུབ་ལྟས་ངན་རྣམས༔ བཟློག་གོ་བསྒྱུར་རོ་གཏོར་མས་བཟློག༔ ཧཱུཾ། ལྷོ་ནུབ་རིགས་འཛིན་གཏོར་མའི་སྟེང་༔ བུད་མེད་འཐབ་ཅིང་འཛིང་བ་ཡིས༔ ནག་མོ་སྤྱོ་འཛིང་ལྟས་ངན་བཟློག༔ ངན་དགུ་དགུ་བཅུ་གཤོམ་པ་དང་༔ རྒྱ་འདྲེ་སྟོང་འདྲེ་ལངས་པ་དང་༔ གཡོས་ཚད་དུག་ཏུ་སོང་བ་དང་༔ ཁྱོ་ལ་བུད་མེད་འཁུ་བ་རྣམས༔ བཟློག་གོ་བསྒྱུར་རོ་གཏོར་མས་བཟློག༔ ཧཱུཾ། ནུབ་ཀྱི་རྟ་མགྲིན་གཏོར་མའི་སྟེང་༔ མི་ཧྲེང་དམར་པོ་སྦར་གདེངས་ཀྱིས༔ གཤིན་མིག་གསོན་ལ་བལྟ་བ་བཟློག༔ དུར་ནས་འོ་དོད་འབོད་པ་དང་༔ ཕ་ཁུའི་རྒན་(༦༧ན)


GLG024_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

སྲི་ལངས་པ་དང་༔ མ་བུའི་བྱུར་འདྲེ་ལངས་པ་དང་༔ བྱིས་པའི་ཆུང་སྲི་ལ་སོགས་པ༔ རྐྱེན་ངན་གནོད་འཚེ་ལྟས་ངན་རྣམས༔ བཟློག་གོ་བསྒྱུར་རོ་གཏོར་མས་བཟློག༔ ཧཱུཾ། ནུབ་བྱང་མཆོད་བསྟོད་གཏོར་མའི་སྟེང་༔ སེང་གེ་དགྲ་སྙིང་ཟ་བ་ཡིས༔ མི་ཆེན་དམངས་བབས་ལྟས་ངན་བཟློག༔ སེང་གེ་ཀླུངས་བབས་ལྟས་ངན་དང་༔ ཆེ་བཙུན་ནང་འཁྲུག་ལྟས་ངན་དང་༔ རྗེ་བློན་བཀའ་ཆད་ལྟས་ངན་རྣམས༔ བཟློག་གོ་བསྒྱུར་རོ་གཏོར་མས་བཟློག༔ ཧཱུཾ། བྱང་གི་འཕྲིན་ལས་གཏོར་མའི་སྟེང་༔ ལྕགས་ཀྱི་སྤྱང་མོ་བཙུགས་པ་ཡིས༔ ཕུར་པའི་དབལ་ཟོར་འཕེན་པ་བཟློག༔ ཁྲག་ཟོར་རྦོད་གཏོར་ངན་པ་དང་༔ ཡུངས་ཀར་མདའ་ཟོར་འཕེན་པ་དང་༔ སྔགས་པའི་སྔགས་ཟོར་རྦུད་པ་དང་༔ མུ་སྟེགས་པར་བུ་ངན་སྔགས་དང་༔ ཕྲ་མེན་མ་ཡི་ཉེ་འབྱེད་རྣམས༔ བཟློག་གོ་བསྒྱུར་རོ་གཏོར་མས་བཟློག༔ ཧཱུཾ། བྱང་ཤར་དྲག་སྔགས་གཏོར་མའི་སྟེང་༔ མེ་ནག་སྤྱང་གདོང་བཅུགས་པ་ཡིས༔ མི་ནག་འོ་དོད་འབོད་པ་བཟློག༔ གཅན་གཟན་མི་རོ་ཁྱེར་བ་དང་༔ སྤྱང་ཁུ་འོ་དོད་འབོད་པ་དང་༔ བདུད་མོས་ཁྲམ་ལ་བཏབ་པ་དང་༔ བཙན་འགོང་ཟ་འདྲེ་ལངས་པ་རྣམས༔ བཟློག་གོ་བསྒྱུར་བ་གཏོར་མས་བཟློག༔ བྷྱོ། དཔལ་གྱི་བཀའ་སྡོད་གཏོར་མའི་སྟེང་༔ བྱ་རོག་འུག་པ་ཞོན་པ་ཡིས༔ བྱ་རྒོད་སྡེར་འཛིངས་ལྟས་ངན་བཟློག༔ འུག་པ་སྦོ་ལ་རྒོད་པ་དང་༔ སྲིན་བྱ་ལོགས་ལ་བརྒྱལ་བ་དང་༔ བྱ་རོག་བྲང་འབྲད་བསྒྱུར་བ་དང་༔ འདབ་ཆགས་གཅིག་ལ་(༦༧བ)


GLG024_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཞོན་དང་༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་རྣམས༔ བཟློག་གོ་བསྒྱུར་རོ་གཏོར་མས་བཟློག༔ བྷྱོ༔ གཞན་ཡང་ལྟས་ངན་བཟློག་པ་ནི༔ མོན་ནག་འཇིགས་པའི་ཆ་བྱད་ཅན༔ མཛེ་ཕོའི་འཁོར་གྱིས་བསྐོར་བ་ནི༔ ལས་ཀྱི་གཤིན་རྗེའི་ཆོ་འཕྲུལ་ཡིན༔ དེ་ཡང་དཔལ་ཆེན་གཏོར་མས་བཟློག༔ ནག་མོ་དྲེད་ཞོན་ཁྲམ་བམ་ཅན༔ བདུད་བྱ་ནག་པོ་ལྡིང་བ་སོགས༔ མ་མོ་མཁའ་འགྲོའི་ཆོ་འཕྲུལ་ཡིན༔ དེ་ཡང་དཔལ་ཆེན་གཏོར་མས་བཟློག༔ མི་ནག་ཁྱི་ནག་བྱ་ནག་ཚོགས༔ ནག་པོ་བདུད་ཀྱི་ཆོ་འཕྲུལ་ཡིན༔ དེ་ཡང་དཔལ་ཆེན་གཏོར་མས་བཟློག༔ མི་དཀར་རྟ་དཀར་སེང་གེ་སོགས༔ དཀར་པོ་ལྷ་ཡི་ཆོ་འཕྲུལ་ཡིན༔ དེ་ཡང་དཔལ་ཆེན་གཏོར་མས་བཟློག༔ བུད་མེད་བྱ་ནག་སྦྲ་གུར་སོགས༔ མ་བདུད་རྒྱལ་མོའི་ཆོ་འཕྲུལ་ཡིན༔ དེ་ཡང་དཔལ་ཆེན་གཏོར་མས་བཟློག༔ བུད་མེད་མི་སྡུག་གཅན་གཟན་ཞོན༔ ནག་མོ་ཁྲོས་མས་བསྐོར་བ་ནི༔ ཁྲག་འཐུང་སྲིན་མོའི་ཆོ་འཕྲུལ་ཡིན༔ དེ་ཡང་དཔལ་ཆེན་གཏོར་མས་བཟློག༔ བྱ་ཁྱི་དཀར་པོ་བུ་ཆུང་དང་༔ བན་ནག་སེང་གེ་བཙུན་པ་སོགས༔ ཆོས་དཀོར་རྒྱལ་པོའི་ཆོ་འཕྲུལ་ཡིན༔ དེ་ཡང་དཔལ་ཆེན་གཏོར་མས་བཟློག༔ མི་དམར་སྐྱེས་ཕྲན་ཞུབ་ཅན་དང་༔ རྟ་ཁྱི་དམར་པོ་བྱ་དམར་སོགས༔ དམར་པོ་བཙན་གྱི་ཆོ་འཕྲུལ་ཡིན༔ དེ་ཡང་དཔལ་ཆེན་གཏོར་མས་བཟློག༔ འདབ་ཆགས་ཕུག་རོན་འཕུར་ཞིང་རྨི༔ མུན་པ་ནག་པོ་འཐབས་པ་ནི༔ ནག་པོ་དམུ་ཡི་ཆོ་འཕྲུལ་ཡིན༔ དེ་ཡང་དཔལ་ཆེན་གཏོར་མས་བཟློག༔ སྤྱང་ཀི་ནག་(༦༨ན)


GLG024_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཉེར་ཞིང་རྒྱུག༔ བནྡེ་སྐྱེས་ཕྲན་བྲོ་བ་ནི༔ རྡོ་རྗེ་ལེགས་པའི་ཆོ་འཕྲུལ་ཡིན༔ དེ་ཡང་དཔལ་ཆེན་གཏོར་མས་བཟློག༔ མི་ལུས་གཅན་གཟན་པགས་པ་གྱོན༔ ལུས་ལས་མེ་སྟག་འཕྲོ་བ་ནི༔ གནོད་སྦྱིན་ཕོ་མོའི་ཆོ་འཕྲུལ་ཡིན༔ དེ་ཡང་དཔལ་ཆེན་གཏོར་མས་བཟློག༔ བན་ནག་བོན་ནག་དར་ནག་འཕྱར༔ མི་ནག་ཕོ་མོས་བསྐོར་བ་ནི༔ ཆོས་སྐྱོང་མགོན་པོའི་ཆོ་འཕྲུལ་ཡིན༔ དེ་ཡང་དཔལ་ཆེན་གཏོར་མས་བཟློག༔ སྤྲང་པོ་ཧྲིལ་པོ་གླ་དཀར་ཅན༔ སྦྲ་ཕྱི་བྱི་བས་བསྐོར་བ་ནི༔ ཐེའུ་རང་འགོང་པོའི་ཆོ་འཕྲུལ་ཡིན༔ དེ་ཡང་དཔལ་ཆེན་གཏོར་མས་བཟློག༔ སྦལ་སྦྲུལ་སྡོམ་སྡིག་འབུ་སྲིན་དང་༔ རྒན་རྒོན་ཁྱི་ཕྲུག་བྱི་བླ་སོགས༔ ས་བདག་ཀླུ་ཡི་ཆོ་འཕྲུལ་ཡིན༔ དེ་ཡང་དཔལ་ཆེན་གཏོར་མས་བཟློག༔ ཁྱི་དཀར་རྟ་རྒོད་བོང་སྟོང་དང་༔ མོན་དང་སྤྲང་པོ་རྒོལ་བ་སོགས༔ དམ་སྲི་ནག་མོའི་ཆོ་འཕྲུལ་ཡིན༔ དེ་ཡང་དཔལ་ཆེན་གཏོར་མས་བཟློག༔ ཐོག་བབས་སད་སེར་ཁ་བ་དང་༔ སྒྱོགས་དང་མདའ་རྡོ་ཤྭ་རྡོལ་དང་༔ དམག་དཔུང་མཚོན་རྩེ་ཚུར་འཕངས་སོགས༔ རྦོད་གཏོང་སྤྱི་ཡི་ཆོ་འཕྲུལ་ཡིན༔ དེ་ཡང་དཔལ་ཆེན་གཏོར་མས་བཟློག༔ སྡེ་བརྒྱད་ཆོ་འཕྲུལ་དགྲ་ལ་སྒྱུར༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་༔ དུས་མིན་འཆི་བ་རྣམ་བརྒྱད་དང་༔ གཤིས་ངན་འབུམ་པ་བཅོ་ལྔ་དང་༔ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་དང་༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ སྤྱི་ཆགས་སྒོས་ཆགས་ལྟས་ངན་དང་༔ མོ་ངན་པྲ་ངན་ལ་སོགས་པ༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཞེས་བཟློག་སྔགས་མང་དུ་བཟླས༔ རྗེས་སུ་ཁྱུང་ལྔ་བསྐུལ་ལོ༔ གཟེར་ཁ་དགུའི་ལས་མཐའ་སློབ་དཔོན་པདྨ་འབྱུང་(༦༨བ)


GLG024_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱིས༔ མ་འོངས་སྔགས་འཆང་རྣམས་ཀྱི་བཙས་སུ་བཞག༔ ཟབ་ཅིང་གུད་དུ་བསྟན་པའི་སྐོར་རྫོགས་སོ༔ སྩོགས་སྩོགས༔ གཏད་རྒྱ། རྒྱ་རྒྱ་རྒྱ། ལྷོའི་མཁོ་ལྡིང་ནས་རྣམ་སྣང་སྐུ་རྒྱབ་གཏེར༔ སྤྲུལ་སྐུ་མྱང་གིས་བཏོན་པའོ༔ གོང་དུ་རྗེས་སུ་ཁྱུང་ལྔ་བསྐུལ་ལོ༔ ཞེས་གསུངས་པ་ལྟར་ཁྱུང་ལྔའི་བསྐུལ་བྱང་ནི༔ བདེ་གཤེགས་འདུས་པའི་གཏོར་བཟློག་གཏོང་བའི་དུས་སུ། བདག་ཆེ་མཆོག་གི་དབུ་ལ་བྱ་ཁྱུང་གིས་བརྒྱན་པར་བསྒོམས་ལ༔ ཏིང་ངེ་འཛིན་གསལ་ལ། གཅིག་གི་ལག་ཏུ་ཁྱུང་གི་གཟུགས་ཐོགས་ལ་འདི་སྐད་དོ༔ ཧཱུཾ། བདེ་གཤེགས་ཞི་ཁྲོ་བཀའ་བརྒྱད་དཀྱིལ་འཁོར་ནས༔ སྲིད་པའི་ཁྱུང་གིས་ལྟས་ངན་བཟློག་པ་ནི༔ དཔལ་ཆེན་ཆེ་མཆོག་ཡབ་ཀྱི་རོལ་པ་ལས༔ སྲིད་པའི་བྱ་ཁྱུང་ཉི་མའི་དབུ་རྒྱན་ཅན༔ འོད་ཟེར་བྱེ་བ་ས་ཡའི་སྤྲུལ་པ་འགྱེད༔ ཁྱུང་གཤོག་ནམ་མཁའ་རླུང་གི་འུར་རྒྱངས་ཅན༔ འུར་འུར་ཆེམ་ཆེམ་ཕྱོགས་མཚམས་མེད་པར་ལྡིང་༔ བྱ་ཁྱུང་གཤོག་རྡེབ་ཁམས་གསུམ་སྲིད་གསུམ་འདུལ༔ རི་རབ་གླིང་བཞི་འཇིག་རྟེན་ཟིལ་གྱིས་གནོན༔ གཤོག་ཟེར་གཡས་པ་རླུང་དང་བུ་ཡུག་ལྡང་༔ ལས་ངན་དགྲ་བགེགས་མ་ལུས་ཕྱགས་མས་འདེབས༔ གཤོག་ཟེར་གཡོན་པ་ལྕགས་ཀྱི་སེར་ཆེན་འདྲིལ༔ བདུད་དང་སྲིན་པོ་མ་ལུས་དབང་དུ་སྡུད༔ སྤྲིན་གྱི་སྤུ་གཏིབས་སྣང་སྲིད་ཟིལ་གྱིས་གནོན༔ གཡུ་ཡི་བྱ་ཁྱུང་གསེར་གྱི་སྤྱན་མིག་ཅན༔ སྣང་སྲིད་ཕྱི་ནང་མེད་པར་བྱ་ར་བྱེད༔ ལྕགས་ཀྱི་མཆུ་སྡེར་དབྱིངས་ནས་འབར་བ་ཡིས༔ དམ་ཉམས་བསྒྲལ་བའི་དོན་སྙིང་སྦར་གྱིས་འདེབས༔ རལ་ནག་དགུ་སྤུགས་འདྲེ་སྲིན་རྡུལ་(༦༩ན)


GLG024_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རློག༔ འདབ་གཤོག་གྲ་རྒྱས་ཡེ་ཤེས་མཁའ་ལ་འཕུར༔ ཁ་ཡིས་སྦྲུལ་ཟ་ཀླུ་ཡི་གྲོང་ཁྱེར་འཇོམས༔ ས་བདག་གཉན་འདུལ་ལྟས་ངན་དགྲ་ལ་སྒྱུར༔ དོ་ནུབ་རྒྱུ་སྦྱོར་དོན་དུ་སྲིད་པའི་བྱ་ཁྱུང་བསྐུལ༔ དགྲ་བགེགས་འདུལ་ཞིང་དུག་ལྔ་ཟས་སུ་ཟ༔ དྲག་པོའི་འཕྲིན་ལས་མཛད་ཅིང་མི་མཐུན་ཕྱོགས་རྣམས་སྒྱུར༔ ཆགས་ཆེ་ལྟས་ངན་བཟློག་ཅིང་གནོད་བྱེད་ཚར་གཅོད་མཛོད༔ ཁྱུང་ཆེན་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ད་ནི་སྤྲུལ་པའི་ཁྱུང་ལྔ་བསྐུལ་བ་ནི༔ ཧཱུཾ། སྲིད་པའི་བྱ་ཁྱུང་ཐབས་ཆེན་ཡབ་ཀྱི་བྱ༔ ཁྱུང་སྨན་རླུང་གཤོག་ཤེས་རབ་ཡུམ་གྱི་བྱ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པ་ལས༔ ཡེ་ཤེས་སྤྲུལ་པའི་སྒོ་ང་ལྔ་རུ་བྱུང་༔ མེ་དྲོད་ཆ་བཅས་འབྱུང་བ་དྲོད་ལ་ཕོབ༔ ཐུགས་རྗེ་རོལ་པའི་ཤུགས་ཀྱིས་རྡོལ་བ་ལས༔ ཡ་མཚན་ཆེ་བའི་བྱ་ཁྱུང་ལྔ་བྱུང་སྟེ༔ རྫུ་འཕྲུལ་བདུད་ལས་ཆེ་ལ་རིག་པ་ལྷ་བས་རྣོ༔ ཤུགས་ནི་ཐོག་བས་དྲག་ལ་བང་ནི་གློག་བས་མགྱོགས༔ སྤྱན་ནི་ཤེལ་བས་དངས་ལ་སྙན་ནི་བྱ་བས་གསང་༔ ཐུགས་རྗེའི་ཕོ་ཉ་ཤར་ནས་འགུགས་པར་བྱེད༔ དཔལ་ཆེན་ཆེ་མཆོག་ཐུགས་རྗེའི་ངང་གི་བྱ༔ ཤར་དུ་སྤྲུལ་པའི་བྱ་ཁྱུང་དཀར་ལ་འཚེར༔ དུང་གྲི་གཤོག་བརྐྱངས་ཤར་གྱི་ནམ་མཁའ་གང་༔ ཤེལ་གྱི་མཆུ་སྡེར་དགྲ་བགེགས་སྙིང་ནས་འདྲེན༔ བསྐལ་པའི་ཀློང་ནས་ཤར་ཕྱོགས་ཁྱབ་པར་མྱུལ༔ ཁྱུང་ཆེན་དཀར་པོས་གདུག་པའི་ཚོགས་རྣམས་བཟློག༔ ཉིན་གུང་ལྡིང་ཞིང་སྲིད་པ་ཁྱབ་པར་མྱུལ༔ ཁྱོད་ནི་ལྟས་ངན་བཟློག་པའི་བྱ་ཁྱུང་ཡིན༔ བཛྲ་ཧེ་རུ་ཀའི་ལས་ཀྱི་ཕོ་ཉ་མཛོད༔ ཤར་ནས་ལྟས་ངན་གཏོང་བ་ཐམས་ཅད་བཟློག༔ དམ་རྫས་མཐུན་པའི་མཆོད་གཏོར་འདི་བཞེས་ལ༔ ལྟས་(༦༩བ)


GLG024_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ངན་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད༔ ཧཱུཾ། ཐུགས་རྗེའི་སྤྲུལ་པ་ལྷོ་ནས་འགུགས་བྱེད་པ༔ དཔལ་ཆེན་གཤིན་རྗེ་དབང་སྡུད་ལས་ཀྱི་ཁྱུང་༔ སྐུ་མདོག་སེར་པོ་གསེར་ལྟར་འོད་དུ་འབར༔ གསེར་གཤོག་བརྡབས་པས་ནམ་མཁའ་གང་བར་བྱེད༔ ལྕགས་ཀྱི་མཆུ་སྡེར་དགྲ་བོའི་སྲོག་ལ་འདེབས༔ ལྷོ་ཕྱོགས་ཁྱབ་པར་འཕུར་ཞིང་མཁའ་ལ་བརྒྱུ༔ ཁྱུང་ཆེན་སེར་པོས་གདུག་པའི་ཚོགས་རྣམས་བཟློག༔ ནམ་གུང་རྒྱུག་ཅིང་དགྲ་བོའི་སྲོག་རྩ་གཅོད༔ ཁྱོད་ཀྱི་ལྷོ་ཡི་ལྟས་ངན་བཟློག་པའི་ཁྱུང་༔ རཏྣ་ཧེ་རུ་ཀའི་ལས་ཀྱི་ཕོ་ཉ་མཛད༔ ལྷོ་ནས་ལྟས་ངན་བྱུང་བ་ཐམས་ཅད་བཟློག༔ དམ་རྫས་མཐུན་པའི་མཆོད་གཏོར་འདི་བཞེས་ལ༔ ལྟས་ངན་བཟློག་བསྒྱུར་འཕྲིན་ལས་དུས་ལ་བབ༔ ཧཱུཾ། ཐུགས་རྗེའི་སྤྲུལ་པ་ནུབ་ནས་འགུགས་བྱེད་པ༔ དཔལ་ཆེན་རྟ་མགྲིན་དབང་སྡུད་ལས་ཀྱི་ཁྱུང་༔ ནུབ་ནས་སྤྲུལ་པའི་བྱ་ཁྱུང་དམར་ལ་འཚེར༔ མེ་ཡི་གཤོག་བརྡེབ་འོད་ཟེར་མཁའ་ལ་འགྱེད༔ ཟངས་ཀྱི་མཆུ་སྡེར་ཤ་ཟ་ཁྲག་ལ་འཐུང་༔ ནུབ་ཕྱོགས་ཁྱབ་པར་འཕུར་ཞིང་མཁའ་ལ་བརྒྱུ༔ ཁྱུང་ཆེན་དམར་པོས་གདུག་པའི་ཚོགས་རྣམས་བཟློག༔ དགོངས་དང་སྲོད་ལ་དགྲ་བོའི་བླ་སྲོག་ལེན༔ ཁྱོད་ནི་ལྟས་ངན་བཟློག་པའི་བྱ་ཁྱུང་ཡིན༔ པདྨ་ཧེ་རུ་ཀའི་ལས་ཀྱི་ཕོ་ཉ་མཛད༔ ནུབ་ནས་ལྟས་ངན་བྱུང་བ་ཐམས་ཅད་བཟློག༔ དམ་རྫས་མཐུན་པའི་གཏོར་མ་འདི་བཞེས་ལ༔ ལྟས་ངན་བཟློག་བསྒྱུར་འཕྲིན་ལས་དུས་ལ་བབ༔ ཧཱུཾ། ཐུགས་རྗེའི་སྤྲུལ་པ་བྱང་ནས་འགུགས་བྱེད་པ༔ རྡོ་(༧༠ན)


GLG024_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གཞོན་ནུ་མཁའ་ཀློང་ལས་ཀྱི་ཁྱུང་༔ བྱང་དུ་སྤྲུལ་པའི་བྱ་ཁྱུང་ལྗང་ལ་ཁྲོས༔ གཡུ་ཡི་གཤོག་བརྒྱངས་བར་སྣང་མཁའ་ལ་འགེབས༔ གདུག་བྱེད་མཆུ་སྡེར་ཁྲོ་བཅུ་འབར་བ་ཡིས༔ དགྲ་བོའི་ཁྲག་དང་ཆུ་རྒྱུས་རྩ་བ་འབྲལ༔ བྱང་དུ་འཕུར་ཞིང་མཁའ་ལ་ལྡིང་ཞིང་རྒྱུག༔ ཐོ་རེངས་རྒྱུག་ཅིང་དགྲ་སྲོག་མ་ལུས་གཅད༔ གནོད་སྦྱིན་སྐར་མདའ་གདོང་གི་ཁྱུང་ཡིན་ཏེ༔ ཀརྨ་ཧེ་རུ་ཀའི་ལས་ཀྱི་ཕོ་ཉ་མཛད༔ གནོད་སྦྱིན་གདུག་པའི་ནད་རྣམས་ཁྱོད་ཀྱིས་བཟློག༔ དམ་རྫས་མཐུན་པའི་མཆོད་གཏོར་འདི་བཞེས་ལ༔ ལྟས་ངན་བཟློག་བསྒྱུར་འཕྲིན་ལས་དུས་ལ་བབ༔ ཧཱུཾ། ཐུགས་རྗེའི་སྤྲུལ་པ་དབུས་ནས་གཤེགས་པ་ཡི༔ དཔལ་ཆེན་ཆེ་མཆོག་ལྷུན་གྱིས་གྲུབ་པའི་ལྷ༔ མཐིང་ནག་སྐུ་ལས་འོད་ཟེར་འཕྲོ་བའི་ཁྱུང་༔ གཡུ་གཤོག་རླབས་ཆེན་འོད་ཟེར་ཀུན་ཏུ་འཕུར༔ ལྕགས་མཆུ་སྡེར་མོས་དགྲ་བོའི་ཁ་གདོངས་ལ༔ འབྲད་ཅིང་སྙིང་ལ་ཧུར་ཐུམ་ལས་བྱེད་པ༔ དབུས་ན་ལྡིང་ཞིང་ཕྱོགས་མཚམས་ཟིལ་གྱིས་གནོན༔ ཁྲ་ཐབས་སྔོན་པོར་སྤྲུལ་པའི་བྱ་ཁྱུང་གིས༔ ནམ་སྟོད་དམག་ལ་རྒྱུག་ཅིང་དགྲ་བགེགས་ཚེ་སྲོག་འཕྲོག༔ ཁྱོད་ནི་དབུས་དང་མཚམས་ཀྱི་ལྟས་ངན་བཟློག་པའི་ཁྱུང་༔ བུདྡྷ་ཧེ་རུ་ཀའི་ལས་ཀྱི་ཕོ་ཉ་མཛད༔ དབུས་དང་མཚམས་ཀྱི་ལྟས་ངན་ཐམས་ཅད་བཟློག༔ མཐུན་པའི་དམ་རྫས་མཆོད་གཏོར་འདི་བཞེས་ལ༔ ལྟས་ངན་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད༔ ཧཱུཾ། ཡེ་ཤེས་སྤྲུལ་པའི་བྱ་ཁྱུང་རིགས་ལྔ་ཡིས༔ བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ༔ ཡས་ཀྱི་བདུད་གཡོས་(༧༠བ)


GLG024_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཀྱི་སྲི་ལངས་བཟློག༔ ལོགས་ལ་བཙན་ཁྲོས་རྒྱལ་པོའི་བཀའ་ཆད་བཟློག༔ ཆོས་ཟོར་བོན་ཟོར་དམོད་མོ་ཁ་མཆུ་བཟློག༔ ཕོ་ཡི་རྒྱ་འདྲེ་མོ་ཡིས་རྩིས་ཁ་བཟློག༔ དར་ཚན་སྟོང་འདྲེ་སྐྱེ་བོའི་ཡ་ག་བཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་དགྲ་ལ་བཟློག༔ ལོ་སྐེག་ཟླ་སྐེག་ཞག་དང་ཟ་སྐེག་བཟློག༔ མོ་ངན་རྩིས་ངན་ཐན་ངན་ཐམས་ཅད་བཟློག༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཐམས་ཅད་བཟློག༔ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག༔ གློ་བུར་བརྒྱད་ཅུ་རྩ་གཅིག་བཟློག༔ དུས་མིན་འཆི་བ་རྣམ་བརྒྱད་བཟློག༔ ཕོ་བདུད་དལ་ཁ་གཡས་སུ་བཟློག༔ མོ་བདུད་དལ་ཁ་གཡོན་དུ་བཟློག༔ སྤྱི་བདུད་དལ་ཁ་མཁའ་ལ་བཟློག༔ ཟློག་ཅིག་སྒྱུར་ཅིག་མཐུ་མ་ཆུང་༔ རྦད་ན་སྟོབས་རྩལ་མ་ཞན་ཅིག༔ དོ་ནུབ་རྒྱུ་སྦྱོར་ཡོན་བདག་གི༔ ཆགས་གཡོས་ཐམས་ཅད་གཏོར་མས་བཟློག༔ སྒོས་སུ་ལྟས་ངན་ཁྱུང་གི་བཟློག༔ ནད་ཁ་རིམ་ཁ་ཟོར་གྱིས་བཟློག༔ ཆགས་ཆེ་ཉམ་ང་བཟློག་ཏུ་གསོལ༔ ཞེས་བསྐུལ་ལ་སྨན་རག་སྦྲན༔ དམར་སྦྲེང་། བསྟོད་བསྐུལ་དེ་ལྟར་བཏང་ལ་ཁྱུང་ཆེན་གཏོར་མར་གཟུགས་སོ༔ དེ་ནས་གཟའ་ལམ་བདུན་ཅུ་བསྐུལ༔ དགྲ་བགེགས་ཀྱི་ཕྱོགས་སུ་བསྐྱལ་ལོ༔ ཁྱུང་གི་བསྟོད་བསྐུལ་གུད་དུ་སྦས་སོ༔ བརྡ་ཡིག་ཡོད། རྫོགས་སོ༔ ཉིན་རྗེས་མ་པྲ་བརྟག་པ་ཡང་ཟབ་གནད་དུ་མཛད༔ གླུད་རྫོང་བཀའ་བརྒྱད་ཡོངས་རྫོགས་ཀྱི་འཆི་བླུའི་གླུད་ཆོག་ཐེམ་མེད་ནི༔ བརྡ་ཡིག་ཡོད། འཆི་གླུད་ཡོངས་རྫོགས་ཀྱི་ལྟོ་ཆོས་ཆེན་པོ་འདི་ལ༔ ཡོངས་རྫོགས་གཞུང་བསྲང་༔ རྒྱས་པར་བྱེད་ན་དཔལ་དགུ་བཤམས༔ ལྟོ་དང་རྫས་གླུད་ལས་(༧༡ན)


GLG024_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཞུང་བཞིན་བཤམས་ལ༔ སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ནས༔ ཆོ་ག་བསྔོ་ཞིང་འཕྲིན་ལས་བཅོལ་བ་ནི༔ ན་མོ། དཀོན་ཅོག་རྒྱལ་བའི་བཀའ་དང་ནི༔ ཆོས་ཉིད་བདེན་པའི་བྱིན་རླབས་མཐུས༔ འཇམ་དཔལ་སྤྲུལ་པ་རུས་སྦལ་དང་༔ གཙུག་ལག་འབྱུང་བའི་ལྷ་ལྔ་དང་༔ སྤར་ཁ་རུས་པའི་ལྷ་བརྒྱད་དང་༔ ཕོ་བྲང་གླིང་དགུའི་སྨེ་བ་དང་༔ ཕྱོགས་ཀྱི་ལོ་སྐོར་བཅུ་གཉིས་དང་༔ ལོ་ཁྱིམ་དྲུག་ཅུ་ཐམ་པ་དང་༔ ས་བདག་རྗེ་བློན་བཅུ་བཞི་དང་༔ ཀོ་ལོང་སྡོམ་པའི་ལྷ་དགུ་དང་༔ གཙུག་ལག་བདུན་ཅུ་རྩ་གཉིས་དང་༔ གབ་རྩེ་སུམ་བརྒྱ་དྲུག་ཅུ་དང་༔ འབྱུང་བའི་ལྷ་ཚོགས་ཐམས་ཅད་ལ༔ ཚེ་སྲོག་གླུད་ཀྱི་ལྟོ་ཆེན་འབུལ༔ མི་མཐུན་རྐྱེན་རྣམས་བཟློག་ཏུ་གསོལ༔ ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ གཟའ་ཆེན་བརྒྱད་དང་ཕྱོགས་སྐྱོང་བཅུ༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་༔ དྲི་ཟ་གྲུལ་བུམ་ཤ་ཟ་དང་༔ མིའམ་ཅི་དང་ལྟོ་འཕྱེ་དང་༔ མཁའ་ལྡིང་འདབ་བཟང་ལུས་སྲུལ་པོ༔ འཕྲོག་མའི་བུ་དང་འབྲོག་གནས་དང་༔ གཙང་རིགས་སྡེ་བརྒྱད་ཐམས་ཅད་ལ༔ ཚེ་སྲོག་སྐྱོབ་ཀྱི་གླུད་ཀྱང་འབུལ༔ མི་མཐུན་རྐྱེན་རྣམས་བཟློག་ཏུ་གསོལ༔ རབ་འཇིགས་གཤིན་རྗེའི་སྡེ་ཚོགས་དང་༔ ནད་བདག་མ་མོའི་སྡེ་ཚོགས་དང་༔ མཐུ་ཆེན་ལྷ་ཡི་སྡེ་ཚོགས་དང་༔ དྲག་པོ་བདུད་ཀྱི་སྡེ་ཚོགས་དང་༔ དཀར་པོ་གིང་གི་སྡེ་ཚོགས་དང་༔ མྱུར་མགྱོགས་བཙན་གྱི་སྡེ་ཚོགས་དང་༔ སྨྱོ་འབོག་རྒྱལ་པོའི་སྡེ་ཚོགས་དང་༔ ཞེ་གདུག་ཀླུ་ཡི་སྡེ་ཚོགས་དང་༔ སྡེ་བརྒྱད་དྲེགས་པའི་ཚོགས་བཅས་(༧༡བ)


GLG024_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ ཚེ་སྲོག་གླུད་ཀྱི་ལྟོ་ཆེན་འབུལ༔ མི་མཐུན་རྐྱེན་རྣམས་བཟློག་ཏུ་གསོལ༔ འཇོམས་བྱེད་གཟའ་ཡི་སྡེ་ཚོགས་དང་༔ དཔའ་ཆེན་གནོད་སྦྱིན་སྡེ་ཚོགས་དང་༔ ལོག་ལྟ་མུ་སྟེགས་སྡེ་ཚོགས་དང་༔ ཞེ་སྡང་ཀླུ་བདུད་སྡེ་ཚོགས་དང་༔ དྲེགས་པ་ཀླུ་བཙན་སྡེ་ཚོགས་དང་༔ ཐོམ་པོ་དམུ་ཡི་སྡེ་ཚོགས་དང་༔ ཁྲོ་གཏུམ་སྲིན་པོའི་སྡེ་ཚོགས་དང་༔ འཕུང་དཀྲུགས་རྒྱལ་འགོང་ཐེའུ་རང་དང་༔ དྲེགས་པའི་སྡེ་ཚོགས་ཐམས་ཅད་ལ༔ ཚེ་སྲོག་གླུད་ཀྱི་ལྟོ་ཆེན་འབུལ༔ མི་མཐུན་ཕྱོགས་རྣམས་བཟློག་ཏུ་གསོལ༔ ཞེ་བརྣག་བདུད་མོའི་ཚོགས་བཅས་དང་༔ བསྙགས་རིང་ཀླུ་མོའི་ཚོགས་བཅས་དང་༔ དྲག་ཐུང་གནོད་སྦྱིན་མོ་ཡི་ཚོགས་བཅས་དང་༔ འཕྲང་དམ་སྨན་མོའི་ཚོགས་བཅས་དང་༔ སྲོག་ལ་རྔམ་པ་སྲིན་མོའི་ཚོགས༔ ཉུལ་ལེ་དམ་སྲིའི་ཚོགས་རྣམས་དང་༔ སྲིད་པ་མོ་རྒྱུད་ཐམས་ཅད་ལ༔ ཚེ་སྲོག་གླུད་ཀྱི་ལྟོ་ཆེན་འབུལ༔ མི་མཐུན་རྐྱེན་རྣམས་བཟློག་ཏུ་གསོལ༔ མཐོ་བ་སྲིད་པའི་རྩེ་མོ་མན་ཆད་ནས༔ དམའ་བ་ན་རག་དམྱལ་བ་ཡན་ཆད་དུ༔ ང་རྒྱལ་ལྷ་ཡི་སྡེ་ཚོགས་དང་༔ འདོད་ཆགས་མི་ཡི་སྡེ་ཚོགས་དང་༔ ཕྲག་དོག་ལྷ་མིན་སྡེ་ཚོགས་དང་༔ གཏི་མུག་བྱོལ་སོང་སྡེ་ཚོགས་དང་༔ འཇུར་གེགས་ཡི་དྭགས་སྡེ་ཚོགས་དང་༔ ཞེ་སྡང་དམྱལ་བའི་སྡེ་ཚོགས་དང་༔ ཁམས་གསུམ་འགྲོ་དྲུག་ཐམས་ཅད་ལ༔ ཚེ་སྲོག་གླུད་ཀྱི་ལྟོ་ཆེན་འབུལ༔ མི་མཐུན་རྐྱེན་རྣམས་བཟློག་ཏུ་གསོལ༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང་༔ གདོན་ཆེན་ཕལ་པ་བཅོ་བརྒྱད་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ འབྱུང་པོ་སྟོང་ཕྲག་དྲུག་ཅུ་དང་༔ ཡུལ་བདག་མ་(༧༢ན)


GLG024_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

སངས་བྲག་སྲིན་དང་༔ ཁྱིམ་སྒོ་ལམ་སྲང་རྒྱུ་བ་དང་༔ ལན་ཆགས་ཤ་འཁོན་བསྙགས་པ་དང་༔ གནོད་འགལ་བར་ཆད་རྩོམ་པ་ཡི༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ༔ ཚེ་སྲོག་གླུད་ཀྱི་ལྟོ་ཆེན་འབུལ༔ མི་མཐུན་རྐྱེན་རྣམས་བཟློག་ཏུ་གསོལ༔ འདི་ལྟར་གླུད་ཆེན་བསྒོ་བའི་རྗེས༔ མ་ཧཱ་གསེར་གྱི་རུས་སྦལ་དང་༔ འབྱུང་བ་ལྔ་ཡི་རྫས་བཅུད་དང་༔ སྤར་ཁ་བརྒྱད་ཀྱི་ཕྱག་མཚན་དང་༔ སྨེ་བ་དགུ་ཡི་ལྟོ་རྫས་དང་༔ བཅུ་གཉིས་ལོ་ཡི་གླུད་ཆེན་དང་༔ གཟའ་དང་རྒྱུ་སྐར་ཐམས་ཅད་ལ༔ མཐུན་པའི་རྫས་དང་གླུད་རྫས་རྣམས༔ ཚེ་སྲོག་གཉིས་ཀྱིས་བླུད་དུ་འབུལ༔ ངར་གླུད་རིན་ཅེན་འབར་བ་དང་༔ ནམ་མཁའ་མདའ་འཕང་རྐྱང་བུ་དང་༔ མཁར་ཐབས་ཤིང་རིས་རྒྱལ་མཚན་དང་༔ དར་ཟབ་སྨན་དང་འབྲུ་སྣའི་ཚོགས༔ གསེར་སྐྱེམས་སྤྱན་གཟིགས་བཤོས་བུ་དང་༔ གཏོར་མ་ཆང་བུ་ཤ་ཆང་དང་༔ བཟའ་བཏུང་ཟས་བཅུད་སྣ་ཚོགས་དང་༔ འདབ་ཆགས་རྐང་འགྲོས་མང་པོ་དང་༔ སྲོག་ཆགས་སྐྱེ་རྒུ་བསམ་མི་ཁྱབ༔ ངར་གླུད་ལོ་གྲངས་བརྒྱ་རྩ་ལ༔ འདོད་ཡོན་ལོངས་སྤྱོད་རྒྱན་གྱིས་བརྒྱན༔ ཚེ་སྲོག་གཉིས་ཀྱི་གླུད་དུ་འབུལ༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི༔ ཁྱད་པར་ཚེ་སྲོག་གླུད་ཆེན་འདི༔ ཕ་ནི་གནམ་ལ་མ་ནི་ས༔ གནམ་ས་ཚོགས་པའི་ངར་གྱི་གླུད༔ བདག་ཅག་རྣམས་ཀྱི་རྩོལ་བས་བསྒྲུབས༔ རྒྱུ་ནི་རིན་ཅེན་འབྲུ་སྣ་ལྔ༔ རྐྱེན་ནི་སྔགས་དང་ཕྱག་རྒྱས་བསྒྱུར༔ ཀུ་བའི་མགོ་ལ་ཟེར་མོའི་སྐྲ༔ ལུང་ཐང་མིག་ལ་མགྲོན་བུའི་སོ༔ སྤྲི་ཡང་སྣ་ལ་ལེ་བརྒན་ལྕེ༔ ཟངས་མའི་རྣ་བ་མཚལ་ཆེན་(༧༢བ)


GLG024_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

མདངས༔ ཞོ་ཤའི་སྙིང་ལ་དབང་པོའི་ལག༔ སྲོ་ལོའི་གློ་བ་བ་མཁལ་མཆེར༔ མཁལ་མ་ཞོ་ཤ་བླ་སྒང་མཆེར༔ གྲོ་སྦོས་རྒྱུ་ལོང་ཏིག་ཏའི་མཁྲིས༔ དུང་རྒྱུས་བསེ་ཤ་སྤུ་རྩེའི་རྩ༔ ཚོས་ཁྲག་མེ་ཏོག་སྤང་མས་མཛེས༔ རྣམ་ཤེས་མར་མེ་རྫུ་འཕྲུལ་རྐང་༔ འདི་འདྲའི་གླུད་མཆོག་ངོ་མཚར་ཆེ༔ ཕོ་མོའི་གླུད་དུ་མདའ་འཕང་བརྒྱན༔ ལོ་གྲངས་གྲངས་སུ་ཁྲམ་ཤིང་བཙུགས༔ སྐུ་ལ་དར་ཟབ་བྱ་སྤུས་བརྒྱན༔ ཡུལ་འཁོར་རི་རབ་གླིང་བཞིར་བཅས༔ འཕངས་པ་མེད་པའི་སེམས་ཀྱིས་འབུལ༔ གླུད་བདག་འཁོར་བཅས་གླུད་བཞེས་ཤིག༔ བཟུང་བ་ཐོང་ལ་བཅིངས་པ་ཁྲོལ༔ ཀྱེ༔ གླུད་སྐོར་གཡས་སུ་ལན་གསུམ་བསྐོར༔ ལོ་སྐོར་གསུམ་གྱི་གླུད་དུ་འབུལ༔ གླུད་སྐོར་གཡོན་དུ་ལན་གསུམ་བསྐོར༔ ལོ་སྐོར་དྲུག་གི་གླུད་དུ་འབུལ༔ གླུད་སྐོར་ལན་གསུམ་འདུར་ཞིང་འབུལ༔ ལོ་སྐོར་དགུ་ཡི་གླུད་དུ་འབུལ༔ དཀོན་ཅོག་གསུམ་གྱི་བཀའ་མ་བཅག༔ དཔལ་ཆེན་ཧེ་རུའི་དམ་མ་འདའ༔ ལན་ཆགས་བུ་ལོན་ད་ཁྱེར་སོང་༔ ཁྱེར་ཅིག་ཁྱེར་ཅིག་ད་ཁྱེར་ཅིག༔ སྲེད་དང་ཆགས་དང་ཞེན་པ་དང་༔ དྲན་དང་བཟུང་དང་བསམ་དང་རེག༔ གློད་དང་ཞི་དང་གྲོལ་བར་མཛོད༔ ཀྱེ། སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས༔ ཚེ་སྲོག་གླུད་ཆེན་འདི་བཞེས་ལ༔ དེ་རིང་ཡོན་བདག་རྒྱུ་སྦྱོར་ལ༔ རང་ལོའི་སྐེག་དང་ཟླ་བའི་སྐེག༔ སྤར་ཁའི་སྐེག་དང་དགུ་མིག་སྐེག༔ བཞི་གཤེད་བདུན་ཟུར་མཐུན་གསུམ་དང་༔ ཕྱོགས་ངན་བདུད་གཅོད་བྱུར་བབས་དང་༔ བླ་འཁྱམས་ཕ་ཁུའི་རྒན་སྲི་དང་༔ སྐེག་དང་བྱོལ་ཁ་ལ་སོགས་པ༔ དུས་མིན་འཆི་བའི་རྐྱེན་རྣམས་ཀུན༔ གླུད་ཆེན་(༧༣ན)


GLG024_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིས་བཟློག་ཏུ་གསོལ༔ ཀྱེ། སྣང་སྲིད་ལྷ་སྲིན་ཐམས་ཅད་ཀྱིས༔ ཚེ་སྲོག་གླུད་ཆེན་འདི་བཞེས་ལ༔ དེ་དག་རྒྱུ་སྦྱོར་ཡོན་བདག་ལ༔ རླུང་མཁྲིས་བད་ཀན་འདུས་པའི་ནད༔ ཁྲག་དང་ཆུ་སེར་སྙིགས་མ་དང་༔ རྒྱུ་རྐྱེན་འབྱུང་བའི་ནད་ལ་སོགས༔ ནད་རིགས་བཞི་བརྒྱ་རྩ་བཞི་ཡིས༔ དུས་མིན་འཆི་བའི་རྐྱེན་རྣམས་ཀུན༔ གླུད་ཆེན་འདི་ཡིས་བཟློག་ཏུ་གསོལ༔ ཀྱེ། སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས༔ ཚེ་སྲོག་གླུད་ཆེན་འདི་བཞེས་ལ༔ དེང་གི་རྒྱུ་སྦྱོར་ཡོན་བདག་ལ༔ སྨྱོ་བྱེད་བརྗེས་བྱེད་ལ་སོགས་པའི༔ བགེགས་དང་ལོག་འདྲེན་འབྱུང་པོ་དང་༔ བདུད་དང་སྲིན་པོ་དམ་སྲི་དང་༔ ཕྲ་མེན་ཡི་དྭགས་མཁའ་འགྲོའི་ཚོགས༔ གདོན་དང་བགེགས་ཀྱི་བར་གཅོད་ཀྱིས༔ དུས་མིན་འཆི་བའི་རྐྱེན་རྣམས་ཀུན༔ གླུད་ཆེན་འདི་ཡིས་བཟློག་ཏུ་གསོལ༔ ཀྱཻ། སྣང་སྲིད་ལྷ་སྲིན་ཐམས་ཅད་ཀྱིས༔ ཚེ་སྲོག་གླུད་ཆེན་འདི་བཞེས་ལ༔ དེང་གི་རྒྱུ་སྦྱོར་ཡོན་བདག་ལ༔ རྒྱུ་ནད་མཁྲིས་པ་རྩ་རྒྱུས་ནད༔ བལ་ནད་རྒྱུ་གཟེར་ཁྲག་འཁྲུག་དང་༔ ཚད་རིམས་འབྲུམ་བུ་དཀར་ནག་དང་༔ གག་ལྷོག་གཟེར་ཐུང་ཆམ་རིམས་སོགས༔ རིམས་ནད་སྡེ་ལྔ་ལ་སོགས་པ༔ དུས་མིན་འཆི་བའི་རྐྱེན་རྣམས་ཀུན༔ གླུད་ཆེན་འདི་ཡིས་བཟློག་ཏུ་གསོལ༔ ཀྱེ། སྣང་སྲིད་ལྷ་སྲིན་ཐམས་ཅད་ཀྱིས༔ ཚེ་སྲོག་གླུད་ཆེན་འདི་བཞེས་ལ༔ དེང་གི་རྒྱུ་སྦྱོར་ཡོན་བདག་ལ༔ དམུ་ཆུ་སྐྲན་དང་སྐྱ་བབ་དང་༔ དྲེག་དང་གྲུམ་བུ་ཆུ་སེར་དང་༔ འབྲས་དང་ཕོལ་མིག་གཡོན་པ་དང་༔ ཤུ་ཐོར་བལ་ལྡགས་མེ་དབལ་དང་༔ མཛེ་རིགས་བཅོ་བརྒྱད་ལ་སོགས་པ༔ དུས་མིན་འཆི་བའི་རྐྱེན་རྣམས་ཀུན༔ གླུད་ཆེན་འདི་ཡིས་བཟློག་ཏུ་གསོལ༔ ཀྱེ༔ (༧༣བ)


GLG024_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་ལྷ་སྲིན་ཐམས་ཅད་ཀྱིས༔ ཚེ་སྲོག་གླུད་ཆེན་འདི་བཞེས་ལ༔ དེང་གི་རྒྱུ་སྦྱོར་ཡོན་བདག་ལ༔ རང་བཞིན་དུག་དང་སྦྱར་བའི་དུག༔ རྩི་དུག་ཟས་དུག་རེག་དུག་དང་༔ འབྱུང་བའི་དུག་དང་རྫི་དུག་དང་༔ གཅན་གཟན་མཆེ་བའི་དུག་ལ་སོགས༔ དུག་རིགས་སྦྱོར་སྡེ་མང་པོ་ཡིས༔ དུས་མིན་འཆི་བའི་རྐྱེན་རྣམས་ཀུན༔ གླུད་ཆེན་འདི་ཡིས་བཟློག་ཏུ་གསོལ༔ ཀྱེ། སྣང་སྲིད་ལྷ་སྲིན་ཐམས་ཅད་ཀྱིས༔ ཚེ་སྲོག་གླུད་ཆེན་འདི་བཞེས་ལ༔ དེང་གི་རྒྱུ་སྦྱོར་ཡོན་བདག་ལ༔ མེ་གྲི་ཆུ་གྲི་མཚོན་གྲི་དང་༔ རྟ་གྲི་རྦབ་གྲི་གཡང་གྲི་དང་༔ འཐིབས་གྲི་ལྕེབས་གྲི་སྨྱོ་འབོག་དང་༔ མི་རྒོད་གཅན་གཟན་མུན་པ་སོགས༔ གྲི་འཐབས་གཟེར་ནད་མང་པོ་ཡིས༔ དུས་མིན་འཆི་བའི་རྐྱེན་རྣམས་ཀུན༔ གླུད་ཆེན་འདི་ཡིས་བཟློག་ཏུ་གསོལ༔ ཀྱེ། སྣང་སྲིད་ལྷ་སྲིན་ཐམས་ཅད་ཀྱིས༔ ཚེ་སྲོག་གླུད་ཆེན་འདི་བཞེས་ལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ གློ་བུར་རྐྱེན་གྱིས་འཆི་བ་བཟློག༔ ཕས་ཀྱི་རྦོད་གཏོང་ཟོར་ཁ་དག་༔ ངན་སྔགས་གཏད་ཁྲམ་ལྟོ་བཟློག་དང་༔ ལྕེ་འབབ་ཐོག་དང་གཟའ་གདོང་དང་༔ རྒྱལ་པོའི་ཆད་པ་ལ་སོགས་པ༔ གློ་བུར་རྐྱེན་དག་ཡེ་འབྲོག་གིས༔ དུས་མིན་འཆི་བའི་རྐྱེན་རྣམས་ཀུན༔ གླུད་ཆེན་འདི་ཡིས་བཟློག་ཏུ་གསོལ༔ གལ་ཏེ་དུས་ལ་བབས་གྱུར་ཀྱང་༔ ལོ་གསུམ་བར་དུ་ཕྱིར་ནུར་ཅིག༔ སྔགས་དང་ཕྱག་རྒྱའི་བྱིན་རླབས་མཐུས༔ བཅུ་ཐུབ་པ་ཡང་བརྒྱ་ཐུབ་ཤོག༔ རྒྱུ་འབྲས་རྟེན་འབྲེལ་མི་བསླུ་བས༔ མཐོང་ཆོས་འབྲས་བུ་སྨིན་པར་གྱིས༔ དཀོན་ཅོག་གསུམ་གྱི་བཀའ་ལ་ཉོན༔ བཅོལ་བའི་འཕྲིན་ལས་(༧༤ན)


GLG024_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པར་མཛོད༔ ཅེས་ལན་བདུན་བསྐྱར་ནས་བྱའོ༔ ཡང་གླུད་ཀྱི་ཕྱོགས་བཞིར་བྱའོ༔ ཐ་མ་ལན་གསུམ་བརྗོད༔ རང་གི་ལོ་དང་སྤར་ཁའི་དུས་སམ་གྲོགས་ཀྱི་དུས་སུ། འདྲེ་ལྔ་སྡོད་སར་བསྐྱལ་ལོ༔ ཕྱི་མིག་མི་བལྟ་བར་ལོག་ལ་བཀྲ་ཤིས་གསོལ་ལོ༔ ཚེ་དགུག་བསྐྲད་པ་དྲག་ཏུ་བྱའོ༔ དེ་ལྟར་བྱས་པས་ཕན་ཡོན་མན་ངག་ནས་གསུངས་པ་བཞིན་འབྱུང་ངོ་༔ ཨྠྀི༔ རྒྱ་རྒྱ་རྒྱ། སྐལ་བ་ཅན་དང་འཕྲད་པར་ཤོག༔ བརྡ་ཡིག་ཡོད། ཞི་བྱེད་འཆི་བ་བསླུ་བའི་སྙིང་པོ་འདི་བརྒྱའམ་སྟོང་དུ་བཟླ་བར་བྱའོ༔ ཨཱོཾ་མ་ཧཱ་ཀ་ལི་མོ་ཏ་ཡེ་སྭཱ་ཧཱ༔ ཨཱོཾ་མ་མ་རཾ་རཾ་ཡེ་སྭཱ་ཧཱ༔ ཨཱོཾ་མ་མ་ཁཾ་ཁཾ་ཡཾ་ཡཾ་ཡེར་པ་ཡེ་སྭཱ་ཧཱ༔ ཨཱོཾ་སུ་སུ་མ་མ་ཏང་ཏང་ཡེ་སྭཱ་ཧཱ༔ ཨཱོཾ་མ་མ་ཀ་ར་ཀ་ར་ཡེ་སྭཱ་ཧཱ༔ ཨཱོཾ་མ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱ༔ ཨཱོཾ་མ་མ་ཁ་ཞུ་ཁ་ཞུ་སྭཱ་ཧཱ༔ ཤི་མ་གྷ་ལ་སྭཱ་ཧཱ། ཨ་ཏྲཾཨ་ཏྲཾ་སྭཱ་ཧཱ༔ ཨ་ཏ་ན་མ་ཧཱ་གྲ་ཧ་ན་མ་བྷི་ཛྙཱ་ན་ཏི་སུ་ན་སྭཱ་ཧཱ༔ ཨཱོཾ་ཏྲུཾ་བྷྲུཾ་ཧཱུཾ་ཧཱུཾ་ཕཊ༔ ཨཱོཾ་བྱི་ཤ་མི་མེ་ཡེ་དཾ་སྭཱ་ཧཱ༔ ཨཱོཾ་ཛི་མི་ཛི་མི་མུ་ཛེ་པ་ག་ཤཾ་སཾ་རྦད་ཏོ༔ མ་ཧཱ་ཡག་ཤ་བྷོ་དྷེ་པར་ཤ་ཡང་ཀི་རོ་གི་ཧཱུཾ་ཕཊ༔ ཨཱོཾ་ས་མ་ཡ་ཡེ་མི་ཡེ། ཡ་དུ་ཡེ་དུ་ཡེ་མི་ཏི་ཏ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ ཨཱ་ན་རུ་ཤཾ་པ་དུས། སརྦ་ཨ་ཡ་ཤགྷ་ཚ་བྷ་ཚ་ཕཊ༔ ཨོཾ་དྷ་ལ་མདྷུ་སེ་ཡ་པདྨེ་ཧཱུཾ། དྷ་ལི་མནྡྷ་ལེ་སྭཱ་ཧཱ༔ ཨཱོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྱི་ལ་མནྡྷ་ལེ་སྭཱཧཱ༔ གབ་དོན་ལས། ཡབ་ལ་བརྟེན་ནས་མདོས་དང་༔ ཡུམ་ལ་བརྟེན་ནས་སྐེག་བསྒྱུར་བ་སྤྲོ་ཚེ་འདིར་བྱ་ནའང་རེ་ཞིག་བཏང་སྙོམས་སུ་བཞག་སྟེ༔ གཟེར་ཁ་བཅུའི་སྨྲེང་ནི༔ ཧཱུཾ། རྒྱུ་ནི་རིན་ཅེན་དར་ཟན་ལ༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྱིར༔ (༧༤བ)


GLG024_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཡི་གཟུགས་ཕུང་ཉ་བོ་བཅུས༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ལ༔ དགྲ་བགེགས་དམ་སྲིའི་གནོད་པ་རྣམས༔ ཁྲོ་རྒྱལ་གཤིན་རྗེ་གཤེད་པོས་བཟློག༔ འོག་གདོན་ས་བདག་འདུལ་བའི་ཕྱིར༔ ཟན་གྱི་ཉ་ཆུང་སེར་པོ་བཅུས༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ ས་བདག་ཀླུ་གཉན་གནོད་པ་རྣམས༔ ཁྲོ་རྒྱལ་ཕྱག་ན་རྡོ་རྗེས་བཟློག༔ གནོད་སྦྱིན་རྒྱལ་པོ་འདུལ་བའི་ཕྱིར༔ མཆོད་རྟེན་ས་སྣའི་བཙུན་ཆུང་བཅུས༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ལ༔ དཀོར་བདག་རྒྱལ་པོའི་གནོད་པ་རྣམས༔ ཁྲོ་རྒྱལ་རྟ་མཆོག་དཔལ་གྱིས་བཟློག༔ ནོར་གྱི་གོད་འདྲེ་འདུལ་བའི་ཕྱིར༔ ཤ་དང་ཟན་གྱི་མཐེབ་ཀྱུ་བཅུས༔ བདག་དང་རྒྱུ་སྦྱོར་འཁོར་བཅས་༔ ཟས་དང་ནོར་གྱི་གོད་ཁ་རྣམས༔ ཁྲོ་རྒྱལ་ཡཀྴ་མེ་དབལ་གྱིས་བཟློག༔ ཐེའུ་རང་སྲི་རྐུན་འདུལ་བའི་ཕྱིར༔ ཟན་དང་ཁམ་སའི་ཤོ་ཆུང་བཅུས༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ལ༔ གནམ་ཐེ་དཀར་པོའི་གནོད་པ་རྣམས༔ ཁྲོ་རྒྱལ་ཡཀྴ་མེ་དབལ་གྱིས་བཟློག༔ མ་མོའི་ཡམས་ནད་འདུལ་བའི་ཕྱིར༔ ནག་མོ་ཟན་གྱི་བུད་མེད་བཅུས༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ལ༔ རིམས་དང་ཡམས་ནད་གནོད་པ་རྣམས༔ ཁྲོ་རྒྱལ་རྣམ་པར་རྒྱལ་བས་བཟློག༔ བན་བོན་ཕུར་པ་བཟློག་པའི་ཕྱིར༔ དྲག་པོ་སྐྱེར་བའི་རྩད་ཟོར་བཅུས༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ལ༔ ཕུར་ཟོར་རྦད་གཏོང་གནོད་པ་རྣམས༔ ཁྲོ་རྒྱལ་རྡོ་རྗེ་གཞོན་ནུས་བཟློག༔ མི་གཙང་ཉམས་གྲིབ་འདུལ་བའི་ཕྱིར༔ རིན་ཅེན་སྣ་ཚོགས་བུམ་པ་བཅུས༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ལ༔ དམེ་གྲིབ་ཡུགས་(༧༥ན)


GLG024_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་འཕོག་པ་རྣམས༔ ཁྲོ་རྒྱལ་རྣམ་པར་འཇོམས་པས་བཟློག༔ མི་ཁ་སྨྲ་མཆུ་འདུལ་བའི་ཕྱིར༔ ཟན་དང་སྦྲང་མའི་གཞོང་པ་བཅུས༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ལ༔ མི་ཁ་རྒྱ་འདྲེ་ལངས་པ་རྣམས༔ ཁྲོ་རྒྱལ་ཧཱུཾ་ཀ་ར་ཡིས་བཟློག༔ དམུ་བདུད་སྲིན་མོ་འདུལ་བའི་ཕྱིར༔ ཟན་གྱི་མི་རོ་རལ་ཅན་བཅུས༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ལ༔ སྲིན་མོ་དམ་སྲི་གནོད་པ་རྣམས༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་པས་བཟློག༔ ཅེས་གཞན་ཡང་བཟློག་ཚན་མང་དུ་བརྗོད་དོ༔ ས་མ་ཡ། རྒྱ་རྒྱ་རྒྱ། སྐབས་འདིའམ་ལམ་སོགས་སྐབས་སྦྱར་དུ་ལས་ཕྲན་བཅུ་གཉིས་པ་ཚན་གཉིས། ཁ་བསྒྱུར་བཅུ་གསུམ་སོགས་ཀྱི་ལས་ལ་སྦྱར་འོས་རྣམས་ལུས་པ་མེད་པར་སྦྱར་ཞིང་། ཁྱུང་ཞོན་གྱི་བཟློག་པ་ཐུན་མོང་མིན་པ་ལས་བཅས་རྣམས་འཁྲུལ་མེད་དུ་བྱས་ཏེ་སྨྲེང་འདི་སྐད་དོ༔ ཧཱུཾ། དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ བཟློག་སྒྱུར་བྱེད་པའི་ཕོ་ཉ་ནི༔ སྒྱུར་བྱེད་རྔ་མོ་སྟོབས་པོ་ཆེ༔ སྐྱེས་པ་སྟག་ཆས་བྱས་པ་དགུ༔ དཔྲལ་བའི་སྟེང་ནས་སྭ་སྒྲ་འདེབས༔ གདུག་པ་ཟིལ་གྱིས་གནོན་བྱེད་ཅིང་༔ རྣལ་འབྱོར་འཁོར་དང་བཅས་པ་ལ༔ སྐྱེས་པའི་མདའ་ཟོར་འཕེན་པ་ཡི༔ དེ་ཡི་ལྟས་ངན་དགྲ་ལ་བྷྱོ༔ རྔ་མོ་དཔུང་པ་གཡས་པ་ལ༔ སྔགས་པ་སྔགས་འདྲེན་ཐལ་མོ་བརྡེབ༔ སྔགས་པ་ཟོར་ཁ་འཕེན་པ་ཡིས༔ ཡས་ཀྱི་བདུད་གཡོས་དགྲ་ལ་བཟློག༔ དེ་ཡི་ལྟས་ངན་དགྲ་ལ་བྷྱོཿ རྔ་མོ་དཔུང་པ་གཡོན་པ་ལ༔ བཙུན་པ་བསྙེན་པར་རྫོགས་པ་དགུ༔ ཆོས་པའི་ཆོས་ཟོར་འཕེན་པ་ཡིས༔ དེ་ཡིས་ལྟས་ངན་དགྲ་ལ་བྷྱོ༔ རྔ་མོ་དབྱི་སྟེང་(༧༥བ)


GLG024_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་ལ༔ བྱིས་པ་འུར་རྡོ་ཐོགས་པ་ཡིས༔ ཆུང་སྲི་ལངས་པའི་ལྟས་ངན་བཟློག༔ དེ་ཡི་ལྟས་ངན་དགྲ་ལ་བྷྱོ༔ རྔ་མོ་དབྱི་སྟེང་གཡོན་པ་ལ༔ བུད་མེད་དུལ་ནག་བརྡེབ་པ་དགུ༔ བུད་མེད་དུལ་ནག་བརྡེབ་པ་ཡིས༔ ཟ་མ་བུད་མེད་ལྟས་ངན་བཟློག༔ དེ་ཡི་ལྟས་ངན་དགྲ་ལ་བྷྱོ༔ རྔ་མོ་རྩིབ་ལོགས་གཡས་པ་ལ༔ བོན་པོ་བཙོ་དམར་འཕེན་པ་ཡིས༔ དམར་ཆེན་འཕེན་པའི་ལྟས་ངན་བཟློག༔ དེ་ཡི་ལྟས་ངན་དགྲ་ལ་བྷྱོ༔ རྔ་མོ་རྩིབ་ལོགས་གཡོན་པ་ལ༔ ངར་གླུད་དཀར་དམར་བྱས་པ་ཡིས༔ དེ་ཡི་ལྟས་ངན་དགྲ་ལ་བྷྱོ༔ ལྟས་ངན་ཐམས་ཅད་བཟློག་པའི་གླུད༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག༔ རྔ་མོའི་སྟེང་ན་ཞོན་པ་ཡི༔ ཆེ་མཆོག་སྤྲུལ་པའི་ཁྱུང་ཆེན་ནི༔ ནག་པོ་ལྕགས་ཀྱི་གཤོག་པ་ཅན༔ གནམ་ལྕགས་རྡོ་རྗེའི་རྭ་གཉིས་བཤིབས༔ གཙུག་ན་ནོར་བུ་འབར་བས་བརྒྱན༔ གནམ་ལྕགས་འབར་བའི་མཆུ་སྡེར་ཅན༔ ཉི་ཟླ་འབར་བའི་སྤྱན་མིག་ཅན༔ ཁྱུང་སྐད་འབྲུག་སྒྲས་ས་བདག་འདུལ༔ ཐམས་ཅད་འདུལ་བའི་མཐུ་བོ་ཆེ༔ ཐམས་ཅད་འདུལ་བའི་དུས་ལ་བབ༔ ཁྱུང་གི་རལ་པ་སྤྲུགས་པ་ལས༔ ཡུལ་གྱི་མ་མོ་བཅུ་གསུམ་བསྐྱོད༔ ནམ་མཁའ་སྨུག་ནག་འཐིབས་པའི་བྱད༔ དྲེད་མོ་རལ་འཛིངས་ལྟས་ངན་བཟློག༔ གཡས་ཀྱི་གཤོག་རུ་དང་པོ་ལ༔ སྟེང་གི་ཁྲོ་བཅུ་འབར་བ་སྤྲུལ༔ སེང་གེ་འབྲུག་སྔོན་འཐབ་པའི་བྱར༔ གནམ་ལྕགས་འབར་བའི་ལྟས་ངན་བཟློག༔ གཤོག་རུ་འབར་བ་གཉིས་པ་ལ༔ གསང་བའི་ཁྲོ་བོ་བཅུ་རུ་འབར༔ གླང་ཆེན་རྦ་ལ་འཕྱོ་བའི་བྱད༔ སྟག་སེང་འཛིང་བའི་ལྟས་ངན་བཟློག༔ གཤོག་རུ་འབར་བ་(༧༦ན)


GLG024_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ༔ སྤྱི་དཔལ་ཁྲོ་བཅུ་འབར་བ་སྤྲུལ༔ གནམ་ས་སྤྲིན་དམར་མཆེད་པའི་བྱད༔ བུད་མེད་རལ་འཛིངས་ལྟས་ངན་བཟློག༔ གཡས་ཀྱི་གཤོག་རུ་བཞི་པ་ལ༔ རྫོགས་པ་ཆེན་པོའི་ཁྲོ་བཅུ་འབར༔ སྐར་མདའ་ས་ལ་ལྷུང་བའི་བྱད་༔ དབྱིག་གི་ནོར་བུའི་ལྟས་ངན་བཟློག༔ གཡས་ཀྱི་གཤོག་རུ་ལྔ་པ་ལ༔ ཏ་ཀྲྀཏ་ཁྲོ་བོ་བཅུ་དྲུག་ཤར༔ རི་རབ་མེ་ཆེན་མཆེད་པའི་བྱད༔ ལྕི་བའི་ཟས་ཀྱིས་ལྟས་ངན་བཟློག༔ གཡོན་གྱི་གཤོག་རུ་དང་པོ་ལ༔ སྲོག་རྩའི་མ་མོ་བདུན་དུ་ཤར༔ རྒྱ་མཚོ་དུག་སྦྲུལ་འཁྱིལ་བའི་བྱད༔ མེ་ཏོག་བཅུད་ཉམས་ལྟས་ངན་བཟློག༔ གཡོན་གྱི་གཤོག་རུ་གཉིས་པ་ལ༔ ཨེ་ཀ་དྲག་མེ་སྤུན་དྲུག་སྤྲུལ༔ མཁའ་ལ་སྟག་མ་འཕྱོ་བའི་བྱད༔ རྫི་ཡིས་བསྐྱོད་པའི་ལྟས་ངན་བཟློག༔ གཡོན་གྱི་གཤོག་རུ་གསུམ་པ་ལ༔ སྲིན་མོ་འབར་བ་བདུན་དུ་ཤར༔ མཁའ་ལ་བྱ་རྒོད་སྡེར་འཛིངས་བྱད༔ གཏེར་གྱི་བཅུད་ཉམས་ལྟས་ངན་བཟློག༔ གཡོན་གྱི་གཤོག་རུ་བཞི་པ་ལ༔ གདོང་མོ་བཞི་དང་རྒྱལ་མོ་ལྔ༔ གཡུ་ཤ་རུ་བཅུ་འཛིངས་པའི་བྱད༔ སེང་གེ་ངུ་འབོད་ལྟས་ངན་བཟློག༔ གཡོན་གྱི་གཤོག་རུ་ལྔ་པ་ལ༔ ཉི་ཤུ་རྩ་བརྒྱད་སྤྲུལ་པ་བྱུང་༔ རྣོ་དཔལ་ངར་གྱི་ལྟས་ངན་དང་༔ རྨ་བྱ་གཡེང་བའི་ལྟས་ངན་བཟློག༔ གཡུ་སྒང་སྔོན་པོ་ཡར་བ་དང་༔ ལྕགས་ཀྱིས་ར་བ་འབབ་པ་དང་༔ ཤེལ་དཀར་སྣོད་དུ་དུག་གཡོས་དང་༔ ཟངས་སྒོང་དམར་པོ་འདྲིལ་བ་དང་༔ མི་བཟད་འབར་བ་བླང་ལ་བསྐོར༔ ཉི་མ་སྤྲིན་གྱིས་འཁྲིགས་པ་དང་༔ འཚུབ་མ་མང་པོའི་མིག་ལྟས་དང་༔ སེང་གེ་གངས་(༧༦བ)


GLG024_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྟོངས་ནས་ལྷུང་༔ ཤེལ་གྱི་སྒོ་ང་ཡར་བ་དང་༔ སྤྲིན་ཆེན་ཡར་བའི་རྟགས་བསྟན་དང་༔ མང་པོའི་བཅུད་ཆེན་ཟགས་པ་དང་༔ དབང་མོ་ཉི་ཤུ་རྩ་བརྒྱད་ཀྱི༔ ལྟས་ངན་བཅུ་གསུམ་སླར་ཡང་བཟློག༔ ཁྱུང་གི་མཇུག་སྒྲོ་བརྒྱད་པོ་ལ༔ རྒྱལ་མོ་བཞི་དང་གདོང་མོ་བཞི༔ སྤྲུལ་པ་འོད་ཀྱི་འཕྲེང་བ་ཤར༔ བསེ་སྒོང་ཁྲ་བའི་ཟུར་བསྟན་ཏེ༔ ལྕུག་འཕྲན་ཟོར་གྱིས་འདེབས་པ་དང་༔ གཟའ་སྐར་འཁུག་པའི་བྱད་བྱུང་བ༔ ཟོར་བརྒྱད་རྩེ་ལ་སྦུད་པ་ཆགས༔ དེ་ཡི་ལྟས་ངན་སླར་ལ་བཟློག༔ ཧཱུཾ། ཁྲོ་རྒྱལ་ཁམས་གསུམ་ཧཱུཾ་སྒྲ་ཅན༔ སྐུ་ལ་ཟང་ཁྲབ་འོད་ཀྱིས་མཛེས༔ ཕྱག་ན་མདུང་དམར་ཆེམས་སེ་ཆེམ༔ བ་དན་རྩེ་གསུམ་གཡབ་མོས་འདེབས༔ གཡས་ནས་བསྐོར་བས་ལྷ་སྲིན་སྡུད༔ གཡོན་ནས་བསྐོར་བས་ཀླུ་སྲིན་སྡུད༔ ཀླད་ལ་བསྐོར་བས་བདུད་དཔུང་འཇོམས༔ སྲོག་དབུགས་དབང་བྱེད་དྲོད་ལ་ཁྱབ༔ ལྟས་ངན་དམིགས་ཀྱིས་གཞིག་ཏུ་གསོལ༔ ལྟས་ངན་དམིགས་ཀྱིས་བསྒྲལ་དུ་གསོལ༔ འཕུང་སྲི་རྔ་མོ་ཁྱོད་ཀྱིས་ལྟས་ངན་བཟློག་པ་ནི༔ སྐུ་མདོག་དམར་བས་མ་མོ་ཡོངས་ཀྱི་ལྟས་ངན་བཟློག༔ ཤ་སྒ་གཏད་པས་སྣང་སྲིད་ལྷ་འདྲེའི་ལྟས་ངན་བཟློག༔ གཡག་གི་ཐོད་པས་འགོང་པོ་ཡོངས་ཀྱི་ལྟས་ངན་བཟློག༔ སྤྲེའུའི་གདོང་པས་རྒྱལ་པོ་ཡོངས་ཀྱི་ལྟས་ངན་བཟློག༔ སྦྲུལ་གྱི་རྐེད་པས་ཀླུ་བདུད་ཡོངས་ཀྱི་ལྟས་ངན་བཟློག༔ ཤ་ཡི་སྡེར་མོས་དྲང་སྲོང་གཟའ་ཡིས་ལྟས་ངན་བཟློག༔ གཞན་ཡང་བདེ་གཤེགས་འདུས་པའི་མ་ཚང་བ་ཁ་སྐོང་བའི་རྒྱུད་ལས༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་བྱུང་༔ གདོང་(༧༧ན)


GLG024_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

པས་གདོང་ཅན་ལྟས་ངན་བཟློག༔ རྭ་ཡིས་རྭ་ཅན་ལྟས་ངན་བཟློག༔ གཤོག་པས་འདབ་ཆགས་ལྟས་ངན་བཟློག༔ རྐང་པས་སྡེར་ཆགས་ལྟས་ངན་བཟློག༔ མཆུ་ཡིས་ལྟོ་འགྲོའི་ལྟས་ངན་བཟློག༔ ཅེས་གསུངས་པས༔ རྐང་གྲངས་ཀྱིས་བཅད་ནས༔ དང་པོ་གདོང་ཅན་ལྟས་ངན་བཅུ་དྲུག་བཟློག་པ་ནི༔ མི་ལ་བྱོལ་སོང་གཅན་གཟན་གཟུགས་སྐྱེས་པ༔ འཕུང་ལྟས་ལྟས་ངན་ཆེན་པོ་བབས་པ་ཡིན༔ དེ་ཡང་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ལྟས་ངན་ཐམས་ཅད་དགྲ་ལ་སྒྱུར༔ རྐང་ལག་དབང་པོ་མང་དང་ལྷག་པ་སྐྱེས༔ ཕ་མེས་བུ་ཚའི་ཟ་འདྲེ་བྱེད་པའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ལྟས་ངན་དམིགས་ཀྱིས་བསྒྲལ་དུ་གསོལ༔ དུས་ངན་ཕོ་མོ་ལྷ་སར་མནོལ་ཤོར་བ༔ ལྷ་ལྔ་ལར་ནས་བདུད་ལངས་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ལྟས་ངན་དམིགས་ཀྱིས་བསྒྲལ་དུ་གསོལ༔ ཕ་མིང་སྒོ་རུ་ནལ་ཕྲུག་བཙས་པ་ནི༔ ལྷ་འཕངས་མི་རབས་ཆད་པའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་མ་༴༔ བསྒྱུར་རོ་ལྟས་ངན་དམིགས་ཀྱིས་༴༔ བུ་སྲིང་བཙོག་མནོལ་བྱི་ཕྲུག་སླག་པ་ནི༔ ཀླུ་དང་མ་མོ་མི་ནོར་བརླག་པའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་མ་འདི་ཡིས་༴༔ བསྒྱུར་རོ་ལྟས་ངན་དམིགས་ཀྱིས་བསྒྲལ་༴༔ མི་ལ་མཚེ་མ་ཟུང་དུ་བཅོས་པ་ནི༔ འཕུང་སྲིས་མི་ནོར་འཇིག་པའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་མ་འདི་༴༔ བསྒྱུར་རོ་ལྟས་ངན་དམིགས་བྱས་༴༔ དྲེད་མོ་སྐྲ་འབལ་བྲང་བརྡུང་མི་རོ་(༧༧བ)


GLG024_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཟ༔ ལྷ་བདུད་གནམ་དུ་འཕངས་པའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་མ་འདི་ཡིས་༴༔ བསྒྱུར་རོ་ལྟས་ངན་དམིགས་ཀྱིས་༴༔ དྲེད་མོ་བོང་བུ་ཞོན་ནས་གྲོང་ཡུལ་འགྲིམ༔ གཉན་དང་མ་མོས་བརླག་པའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་མ་འདི་༴༔ བསྒྱུར་རོ་ལྟས་ངན་དམིགས་༴༔ སྤྲེའུས་གོ་སོགས་གནོད་པ་སྣ་ཚོགས་བྱེད༔ རྒྱལ་པོ་གཟའ་ཀླུ་གསུམ་གྱི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་མ་འདི་༴༔ བསྒྱུར་རོ་ལྟས་ངན་དམིགས་ཀྱིས་༴༔ སྤྲེའུ་ལག་ན་གྲམ་ཁྱེར་བ༔ འཕུང་སྲི་ལངས་པའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་མ་༴༔ བསྒྱུར་རོ་ལྟས་ངན་དམིགས་ཀྱིས་༴༔ སྤྲེའུ་གསུམ་རྟ་ལ་ཞོན་པ་ནི༔ ཐེའུ་བྲང་སྤུན་དགུའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ བསྒྱུར་རོ་ལྟས་ངན་དམིགས་ཀྱིས་༴༔ བྱིས་པ་ཁ་བརྡ་ངན་པ་ནི༔ ནོར་གོད་ཡོང་བའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ བསྒྱུར་རོ་ལྟས་ངན་དམིགས་༴༔ གཟའ་མི་སྤྱོད་ལོག་ངན་དགུ་བྱེད༔ ཉེས་དགུ་འབྱུང་བའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ བསྒྱུར་རོ་ལྟས་ངན་དམིགས་ཀྱིས་༴༔ མནའ་མ་ཉེ་བར་ངན་གཤོམ་པ༔ ཟས་ནོར་བཅུད་འཇིབ་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ བསྒྱུར་རོ་ལྟས་ངན་དམིགས་ཀྱིས་༴༔ ཤང་ཤང་དྲེད་ལ་ཞོན་པ་ནི༔ རྗེ་འབངས་འཁྲུགས་པའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ བསྒྱུར་རོ་ལྟས་ངན་དམིགས་ཀྱིས་༴༔ བུད་མེད་འཐབ་ཅིང་འཛིང་བ་ནི༔ མ་ཡམས་ས་སྲིན་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ བསྒྱུར་རོ་ལྟས་ངན་དམིགས་ཀྱིས་༴༔(༧༨ན)


GLG024_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་འདབ་ཆགས་ལྟས་ངན་བཅུ་དྲུག་བཟློག་པ་ནི༔ འདབ་ཆགས་ཁ་ན་སྦྲུལ་འཁྱེར་བ༔ ཀླུ་དང་མ་མོའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ ལྟས་ངན་དམིགས་ཀྱིས་༴༔ དུར་བྱ་ཁ་ན་ཉ་ཁྱེར་བ༔ ཀླུ་དང་མ་མོའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ ལྟས་ངན་དམིགས་ཀྱིས་༴༔ རྨ་བྱ་མི་རོ་ཟ་བ་ནི༔ སྲིད་པ་མ་མོའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ ལྟས་ངན་དམིགས་ཀྱིས་༴༔ བྱ་རོག་ཀྱུང་ཀ་ཉིས་བརྩེགས་ནི༔ བདུད་ཆེན་འབྱུང་བའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ ལྟས་ངན་དམིགས་ཀྱིས་༴༔ བྱ་རྒོད་སྡེར་འཛིང་གཤོག་འཐབ་པ༔ གནམ་ལྷ་དཀར་པོའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ ལྟས་ངན་དམིགས་ཀྱིས༔ སྲིན་བྱ་ཐོག་ཏུ་འཚེར་བ་ནི༔ ཐེའུ་རང་འགོང་པོའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ ལྟས་ངན་དམིགས་ཀྱིས་༴༔ འུག་པ་ཤིང་ཁར་རྒོད་པ་ནི༔ མ་བདུད་རོ་འདོད་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ ལྟས་ངན་དམིགས་ཀྱིས་༴༔ བྱ་ནག་ཕོ་རོག་འཕྱང་མོ་ཉུག༔ ཡ་བདུད་ནག་པོའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ ལྟས་ངན་དམིགས་ཀྱིས་༴༔ སྲོད་ལ་ཁྱིམ་བྱ་འཚེར་བ་ནི༔ སྲོག་བདག་རྒྱལ་པོའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ ལྟས་ངན་དམིགས་ཀྱིས་༴༔ རི་བྱ་ཀླུང་བབས་ལྟས་ངན་གཏོང་༔ གཟའ་བདུད་ནག་པོའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར༔ ལྟས་ངན་དམིགས་༴༔ ཆུ་བྱ་ངང་པ་ཐག་སྟེང་བབ༔ ཀླུ་དང་གཉན་གྱི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ ལྟས་ངན་དམིགས་ཀྱིས་༴༔ ཁྲ་ཡིས་བྱ་བྱེ་ཁྱིམ་ཕུག་བདས༔ བུ་ཚ་བོད་པའི་ལྟས་ངན་༴༔ དེ་ཡང་དམར་ཆེན་གཏོར་མས་༴༔ ལྟས་ངན་དམིགས་ཀྱིས་༴༔ པུ་ཤུད་སྐྱེར་པོའི་རྩ་རུ་བབས༔ འགོང་(༧༨བ)


GLG024_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལག་རིང་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་༴༔ ལྟས་ངན་དམིགས་༴༔ བྱ་རོག་ཆགས་པ་སྤྱོད་པ་མཐོང་༔ སྲི་གསུམ་ལངས་པའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་༴༔ ལྟས་ངན་དམིགས་༴༔ བྱ་གླག་སྤུ་ལོག་ཁང་སྟེང་བབས༔ ཟ་འདྲེ་ཕུང་སྲིའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ ལྟས་ངན་དམིགས་༴༔ འདབ་ཆགས་ཉ་རོ་ཐོག་སྟེང་འབོར༔ ཀླུ་བདུད་རོ་འདོད་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་༴༔ ལྟས་ངན་དམིགས་༴༔ གསུམ་པ་སྡེར་ཆགས་ལྟས་ངན་བཅུ་དྲུག་བཟློག་པ་ནི༔ དོམ་གྱིས་མི་རོ་ཟ་བ་ནི༔ དབྱིངས་ཀྱི་མ་མོའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་༴༔ ལྟས་ངན་དམིགས་༴༔ སྤྱང་ཀི་བུ་ག་དགུ་ནས་ངུ་༔ བདུད་རྒྱལ་བཙན་གྱི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་༴༔ ལྟས་ངན་དམིགས་༴༔ སྟག་གི་ཁ་ན་རོ་ཁྱེར་བ༔ ཆུང་སྲི་ལངས་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ ལོགས་ལ་ཝ་སྤྱང་གཉིས་བརྒྱལ་བ༔ ལྷ་སྲིན་འཁྲུག་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ སྟག་མོ་སྤྲེལ་ཕྲུག་འཁུར་པ་ནི༔ བཙན་དང་རྒྱལ་པོའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ སྲེ་མོ་ཁ་ན་བྱི་རོ་ཁྱེར༔ རོ་ཟླ་འདོད་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ བྱི་བ་ཕྲུག་གུ་གཞན་དུ་ཁྱེར༔ བུ་ནོར་ཉམས་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ བྱི་ཆུང་ཁྱིམ་དུ་འཕུང་འདྲེ་བྱེད༔ མི་ནོར་འཕུང་བའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་༴༔ ལྟས་ངན་དམིགས་༴༔ ཨོ་དཀར་ཁྱིམ་དུ་(༧༩ན)


GLG024_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

རྐུན་མ་བྱེད༔ ཕ་ཁུ་གསོད་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ བྱི་བས་རང་གི་སྐྲ་ལ་ཟ༔ ཟླ་གྲོགས་འཆི་བའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ ཐོ་རེངས་སྒོ་ཁྱི་ངུ་ཟུག་བྱེད༔ པེ་ཀར་རྒྱལ་པོའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ འཕར་པ་ར་ལ་ཤོད་འདེབས་པ༔ བཙན་གོ་ཁ་བཞིའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་༴༔ ལྟས་ངན་དམིགས་༴༔ སྤྱང་ཀི་ལུག་ལ་ཤོད་འདེབས་པ༔ ཀི་ཀང་གཟའ་ཡི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ ཚ་མེས་མི་རོ་ཟ་བ་ནི༔ དམུ་བདུད་རྒྱལ་པོའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ རི་བོང་ཁྱིམ་དུ་འོང་བ་ནི༔ གཤིན་རྗེ་ནག་པོའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ ཁྱི་ལ་ཚི་བ་བྱུང་བ་ནི༔ མི་ནོར་འབྱེད་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ བཞི་པ་རྭ་ཅན་ལྟས་ངན་བཅུ་དྲུག་བཟློག་པ་ནི༔ མཛོ་ལ་དུར་བྱ་ཞོན་པ་ནི༔ ལྟས་ངན་ཆེན་པོ་བབས་པ་ཡིན༔ དེ་ཡང་དམར་ཆེན་༴༔ ལྟས་ངན་དམིགས་༴༔ ཕྱུགས་ལ་མཚེ་མ་བྱུང་བ་ནི༔ ནོར་གཡང་ཉམས་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ ཕྲུག་གུ་རྐང་ལག་མེད་པ་སྐྱེས༔ མི་ནོར་འཚག་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ རྐང་ལག་ལྷག་གམ་མགོ་བརྙན་ལོག༔ ནད་ཀྱི་བདག་མོའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ ལུག་ལ་(༧༩བ)


GLG024_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཁལ་བྱུང་བ་ནི༔ འཕུང་སྲི་ལངས་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ རྭ་ལ་ཟངས་ལྡན་བྱུང་བ་ནི༔ འཕུང་གསུམ་ནག་མོའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ གནག་ལ་བེའུ་མགོ་གཉིས་སྐྱེས༔ དམུ་བདུད་ནག་མོའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ རི་དྭགས་ཁྱིམ་རྩར་ཆགས་པ་སྤྱོད༔ ལྷ་ཀླུ་ཁྲོས་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ གནའ་བ་ཁྱིམ་དུ་འོང་བ་ནི༔ ཀླུ་བཙན་ཁྲོས་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ ཤ་བ་ཁང་པར་འཇུག་པ་ནི༔ སྨན་མོ་ཁྲོས་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ དུར་བྱ་ཀང་ཀ་དུར་ས་སྤོ༔ ཤི་ཁ་འབྱེད་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ བྱང་གཡག་རྭ་འཛིང་བྱེད་པ་ནི༔ འབྲོག་སྲིན་གཡོས་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ རྨོན་གླང་སྒོ་ན་འཁུན་པ་ནི༔ ས་བདག་གཡོས་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ གླང་བུ་རོག་པོ་ལྟ་དཀར་བྱུང་༔ ཀླུ་བདུད་ཁྲོས་པའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་༴༔ ལྟས་ངན་དམིགས་༴༔ དངོས་སུ་སྡིག་པའི་ཆར་པ་འབེབས༔ ཕུང་ཟོར་གཏད་ཁྲམ་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ ཤ་ཕོ་རཱ་འཛིང་བྱེད་པ་ནི༔ ཕོ་བདུད་གཡོས་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ ལྔ་པ་ལྟོ་འགྲོའི་ལྟས་ངན་བཅུ་དྲུག་བཟློག་པ་ནི༔(༨༠ན)


GLG024_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་ནག་ཁྱིམ་དུ་ཚང་འཆའ་བ༔ མཛེ་ནད་ཀླུ་ཡི་ལྟས་ངན་ཡིན༔ དེ་ཡང་༴༔ ལྟས་ངན་༴༔ སྦྲུལ་དང་སྦལ་པ་འཛིང་བ་ནི༔ ཀླུ་དང་མ་མོའི་ལྟས་ངན་ཡིན༔ དེ་ཡང་༴༔ ལྟས་ངན་༴༔ ཉ་གཉིས་ཆབ་ལ་རྔ་འཛིང་བྱེད༔ འཕུང་སྲི་ལངས་པའི་ལྟས་༴༔ དེ་ཡང་༴༔ ལྟས་ངན་༴༔ སྦྲུལ་དང་རྩང་པ་འཛིང་བ་ནི༔ ཀླུ་བཙན་གཉན་གྱི་ལྟས་༴༔ དེ་ཡང་༴༔ ལྟས་ངན་༴༔ སྦྲུལ་ནག་ཁ་ན་ཉ་རོ་ཁྱེར༔ མ་བདུད་ཀླུ་མོའི་ལྟས་ངན་ཡིན༔ དེ་ཡང་༴༔ ལྟས་ངན་༴༔ ཉ་རོ་མགོ་མེད་མི་ལ་འབོར༔ ས་བདག་གནོད་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་༴༔ ཉ་རོ་ཆུ་ཡིས་ཁྱེར་བ་མཐོང་༔ ཀླུ་སྨན་གནོད་པའི་ལྟས་ངན་ཡིན༔ དེ་ཡང་༴༔ ལྟས་ངན་༴༔ སྦལ་ལྗོང་ཉ་སྦྲུལ་ཁང་པར་བྱུང་༔ ཀླུ་གཉན་ས་བདག་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་༴༔ སྦལ་སྦྲུལ་ཐུར་ལ་རྒྱུག་པ་ནི༔ ཀླུ་དང་མ་མོའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་༴༔ སྦལ་པ་རྨིགས་བུ་ཞོན་པ་ནི༔ ཀླུ་བདུད་ནག་པོའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་༴༔ འབུ་སྲིན་གསོན་ལ་ཚང་འཆའ་བ༔ འཕུང་གསུམ་ནག་པའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་༴༔ ལྗོང་མོའི་ཁ་ན་མི་རོ་ཟ༔ མ་བདུད་སྲིན་མོའི་ལྟས་ངན་ཡིན༔ དེ་ཡང་དམར་༴༔ ལྟས་ངན་དམིགས་༴༔ དུག་སྦྲུལ་མི་ལ་འཁྲིལ་བ་ནི༔ མཛེ་དུག་ཀླུ་བདུད་ལྟས་༴༔ དེ་ཡང་༴༔ ལྟས་ངན་༴༔ སྲིན་བུ་པད་མ་མི་ལ་འཛུག༔ བུ་ཚ་གསོད་པའི་ལྟས་༴༔ དེ་ཡང་༴༔ ལྟས་ངན་༴༔ ས་སྲིན་ལག་ན་སྡོམ་ཁྱེར་བ༔ ཤི་ཁ་བྱོ་བའི་ལྟས་༴༔ དེ་ཡང་༴༔ ལྟས་(༨༠བ)


GLG024_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ངན་དམིགས་ཀྱིས་བསྒྲལ་དུ་གསོལ༔ བོང་བུ་དམར་པོ་སྦྲུལ་མཇུག་ཅན༔ ཀླུ་བདུད་ཁྲོས་པའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ ལྟས་ངན་དམིགས་ཀྱིས་བསྒྲལ་དུ་གསོལ༔ ལྷ་སྲིན་སྡེ་བརྒྱད་འཁྲུགས་པ་ལས༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ ལྟས་ངན་བཅུ་ཕྲག་བཅུ་དབྱུང་ཡང་༔ ལྟས་ངན་ཆེན་པོ་ཞེས་བྱ་བ༔ དངོས་སུ་གང་བྱུང་དེ་ཉིད་ཡིན༔ ཤ་ཁྲག་ཀླད་པ་འདི་ཡིས་བཟློག༔ སྤུ་དང་མཆུ་སྡེར་འདི་ཡིས་བཟློག༔ དོན་སྙིང་ནང་ཁྲོལ་འདི་ཡིས་བཟློག༔ ཡན་ལག་དབང་པོ་འདི་ཡིས་བཟློག༔ དྲག་པོའི་ཁྲམ་ཤིང་འདི་ཡིས་བཟློག༔ གླུད་དང་བདུད་བྱང་འདི་ཡིས་བཟློག༔ སོ་སོའི་གཟུགས་བྱད་འདི་ཡིས་བཟློག༔ རང་རང་བདེན་ཚིག་འདི་ཡིས་བཟློག༔ གླུད་དང་བསྒྱུར་བྱད་འདི་ཡིས་བཟློག༔ དམར་ཆེན་གཏོར་མ་འདི་ཡིས་བཟློག༔ སྲིད་པའི་ཁྱུང་ཆེན་ཁྱོད་ཀྱིས་བཟློག༔ རྔ་མོ་གཟུགས་ཆེན་འདི་ཡིས་བཟློག༔ གང་བྱུང་དངོས་སུ་བཟློག་ཏུ་གསོལ༔ དམར་ནག་ཟོར་ཆེན་འདི་ཡིས་བཟློག༔ ལྟས་ངན་དམིགས་ཀྱིས་བསྒྲལ་དུ་གསོལ༔ བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད༔ ཆགས་ཆེ་མྱ་ངན་དགྲ་ལ་སྒྱུར༔ མི་མཐུན་རྐྱེན་དང་བར་ཆད་བཟློག༔ གཏོར་བཟློག་གཞུང་བཞིན་བྱས་ནས་ཁ་བྱང་འདི་བཏགས་ན༔ ལྟས་ངན་ཆགས་སྒོ་ཇི་ལྟར་ཆེ་ཡང་མི་བཟློག་མི་སྲིད་དོ༔ དེ་ནས་དམིགས་ཀྱིས་ལྟས་ངན་བཟློག་པ་གཞུང་བདེ་འདུས་སྨད་ལས་རིགས་འཛིན་བསྐུལ་བའི་མཇུག་ནས༔ ཧཱུཾ། ཁྲོ་རྒྱལ་ཁམས་གསུམ་ཧཱུཾ་སྒྲ་ཅན༔ སྐུ་ལ་ཟངས་ཁྲབ་འོད་ཀྱིས་མཛེས༔ ཕྱག་ན་མདུང་དམར་ཆེམས་སེ་ཆེམ༔ བ་དན་(༨༡ན)


GLG024_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གསུམ་གཡབ་མོས་འདེབས༔ གཡས་ནས་བསྐོར་བས་ལྷ་སྲིན་སྡུད༔ གཡོན་ནས་བསྐོར་བས་བདུད་དཔུང་འཇོམས༔ སྲོག་ལ་དབང་བྱེད་དྲོད་ལ་ཁྱབ༔ ལྟས་ངན་དམིགས་ཀྱིས་བཟློག་པ་ནི༔ ཁྲ་གསུམ་ཁ་ན་སྦྲུལ་ཁྱེར་བ༔ ཀླུ་དང་རྒྱལ་པོའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ དུར་བྱ་ཁ་ན་ཉ་ཁྱེར་བ༔ ཀླུ་དང་མ་མོའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྱ་གསུམ་སྡེར་འཛིངས་བྱེད་པ་ནི༔ འཕུང་སྲི་ལངས་པའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ རྒོད་བཞི་གཤོག་འཛིངས་བྱེད་པ་ནི༔ གནམ་ལྷ་དཀར་པོའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ རྨ་བྱ་མི་རོ་ཟ་བ་ནི༔ སྲིད་པ་རྒྱལ་མོའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྱ་གསུམ་གནམ་ལ་ཤ་འབྲད་པ༔ བདུད་ཀྱི་ཕྱ་བརྙན་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ འདབ་ཆགས་ལྟས་ངན་ཉི་ཤུ་པོ༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ དམ་གསུམ་ཁ་ན་མི་རོ་ཁྱེར༔ དབྱིངས་ཀྱི་མ་མོའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ སྦྲུལ་ནག་ཐུར་ལ་རྒྱུག་པ་ནི༔ ཀླུ་དང་མ་མོའི་ལྟས་(༨༡བ)


GLG024_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ ཝ་མོ་དུར་སར་བརྒྱལ་བ་ནི༔ འཕུང་སྲི་དུར་སྲི་ལངས་པའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ ནེ་ལེའི་ཁ་ན་བྱི་རོ་ཁྱེར༔ མོ་བརྒྱུད་ཆུང་སྲི་ལངས་པའི་ལྟས་ངན་ཡིན༔བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ སྤྱང་གསུམ་འོ་དོད་འབོད་པ་ནི༔ རྒྱལ་པོ་བཙན་གྱི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ ཤྭ་འོད་ནང་དུ་ཁྱེར་བ་ནི༔ ལྷ་བདུད་ཁྲོས་པའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ ཐོ་རེངས་སྒོ་ཁྱི་ངུ་ཟུག་བྱེད༔ ཡ་བདུད་ལངས་པའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྱི་བ་སྐྲ་ལ་ཟ་བ་ནི༔ གནམ་ས་འཁྲུག་པའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ སྡེར་ཆེན་ལྟས་ངན་ཉི་ཤུ་པོ༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ ཅང་ཤེས་དྲུག་གྲུམ་ཤེལ་མིག་ནི༔ ཡ་བདུད་རྒྱལ་པོའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ སྟག་ཕྲུག་སླང་མགོར་བྱུང་བ་ནི༔ ཀླུ་བཙན་གདོང་པའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་(༨༢ན)


GLG024_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་སྒྱུར༔ རྔ་མོ་མི་རོ་བཀལ་བ་ནི༔ འཕུང་གསུམ་ལངས་པའི་ལྟས་ངན་ཡིན༔ བཟློག་གོ་དམར་ཅེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ ཕྲུག་གུ་མགོ་བརྙན་བྱུང་བ་ནི༔ དགྲ་སྲི་ལངས་པའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ དྲེའུའི་སྟེང་ན་བྱ་བབས་པ༔ མ་མོ་དམ་སྲིའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ མིང་སྲིང་སྲིད་པའི་བུ་བྱུང་བ༔ གདམས་སྲིབས་ལོག་པའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བོང་བུ་སྦྲུལ་གྱི་མཐུར་ཐག་ཅན༔ མ་བདུད་ཁྲོས་པའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བོང་ཐོར་མགོ་གསུམ་བྱུང་བ་ནི༔ མ་ཡམས་བསྟན་མའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ རྨིག་ཟླུམ་ལྟས་ངན་ཉི་ཤུ་རྣམས༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ སྤྲེལ་གསུམ་ལག་ན་ཁྲམ་ཁྱེར་བ༔ ཐེའུ་རང་སྤུན་གསུམ་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ སྤྲེལ་གསུམ་རྟ་ལ་ཞོན་པ་ནི༔ འཕུང་སྲི་ལངས་པའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ འདབ་ཆགས་དྲེལ་ལ་ཞོན་པ་ནི༔ རྒྱལ་(༨༢བ)


GLG024_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

བློན་བྲན་གསུམ་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ ཤ་ཕྲུག་མི་རོ་ཟ་བ་ནི༔ མ་ཡམས་བསྟན་པའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ སྦལ་པ་ལག་ན་སྦྲུལ་ཁྱེར་བ༔ ཀླུ་དང་ས་བདག་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བུད་མེད་འཐབ་ཅིང་འཛིང་བ་ནི༔ མ་ཡམས་དམ་སྲིའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ དྲེད་མོ་སྐྲ་འབལ་བྲང་བརྡུང་བ༔ ལྷ་མོ་བདུད་མོའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ ཕོ་མོས་ལྷ་སར་མནོལ་བྱེད་པ༔ ལྷ་ཀླུ་འཕངས་པའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ གདོང་ཅན་ལྟས་ངན་ཉི་ཤུ་པོ༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ ལྟས་ངན་ཆེན་པོ་ཞེས་བྱ་བ༔ མཛོ་ལ་དུར་བྱ་ཞོན་པ་ནི༔ བདེ་ཆེན་མ་མོའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ སྲོད་ལ་བྱ་ཕོ་བོད་པ་དང་། ནམ་གུང་འོག་རྟ་འཚེར་བ་དང་༔ ཐོ་རེངས་སྒོ་ཁྱི་ངུ་བ་དང་༔ ཐད་ནས་ཤིང་ཆེན་ཆགས་པ་དང་༔ ལྟག་ལྐོགས་ཆད་བྲག་རལ་བ་རྣམས༔ སྡེ་བརྒྱད་འཁྲུགས་པའི་ལྟས་ངན་ཡིན༔ བཟློག་གོ་དམར་ཆེན་གཏོར་མས་(༨༣ན)


GLG024_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག༔ བསྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོས་གདབ་པ་ནི༔ དེ་ཉིད་ཀྱི་མཆོང་ལས། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ གཞུང་ལས། བྷྱོས་གདབ། ཅེས་འབྱུང་བས། བྷྱོས་གདབ་ཅིང་ལྟས་ངན་བཟློག་པ་ནི་འདི་སྐད་དོ༔ བྷྱོ་བྷྱོ་བྷྱོ༔ དང་པོ་བྷྱོ་ཡིས་མི་གདབ་ཏུ༔ མ་མོའི་ལས་ཁ་བྷྱོ་ལ་ཐུག༔ བར་དུ་བྷྱོ་ཡིས་མི་གདབ་ཏུ༔ སྣང་སྲིད་ལྷ་འདྲེ་བྷྱོ་ཡིས་བཟློག༔ ཐ་མ་བྷྱོ་ཡིས་མི་གདབ་ཏུ༔ ནད་དང་ལྟས་ངན་བྷྱོ་ཡིས་བཟློག༔ བྷྱོ་ལྟས་ངན་ཀུན་གྱི་ཕ་སྨོས་པ༔ གནམ་ལ་བྱ་དཀར་མཆེ་བ་ཅན༔ བྱ་ལ་མཆེ་བ་ཡོང་མི་སྲིད༔ ལྟས་ངན་དང་པོ་ཕ་རུ་བྱུང་༔ ལྟས་ངན་ཀུན་གྱི་མ་སྨོས་པ༔ ས་ལ་བྱི་དཀར་གཤོག་པ་ཅན༔ བྱི་བར་གཤོག་པ་ཡོང་མི་སྲིད༔ ལྟས་ངན་དང་པོ་མ་རུ་བྱུང་༔ དེ་ཉིད་སྲིད་ཅིང་སྤྲུལ་པ་ལས༔ ལྟས་ངན་བརྒྱད་ཅུ་བྱུང་བ་ནི༔ གནམ་གྱི་མ་བདུད་ལྟས་ངན་དུ༔ ཉི་ཟླ་ཤི་བའི་ལྟས་ངན་བྱུང་༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ བར་སྣང་སྟོང་པའི་ལྟས་ངན་ནི༔ སྲོག་བདག་རྒྱལ་པོའི་ལྟས་ངན་ཏེ༔ བྱ་དང་རྒོད་ཀྱི་ལྟས་ངན་བབས༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ གངས་མ་དེ་ནི་དཀར་གོང་ནས༔ ལྷ་བདུད་མ་བུའི་ལྟས་ངན་ཏེ༔ དབྱིངས་དག་མཐའ་ཡི་ལྟས་ངན་བབས༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ སྤང་མ་དེ་ནི་སྣར་གོང་ནས༔ སྨན་དང་གཟའ་ཡི་ལྟས་ངན་ཏེ༔ ཤ་བ་དགོ་བའི་ལྟས་ངན་བབས༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ བྲག་དམར་དེ་ནི་དམར་གོང་ནས༔ བྲག་བཙན་གཉན་གྱི་ལྟས་ངན་ཏེ༔ གླ་བ་འུག་པའི་(༨༣བ)


GLG024_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་ངན་བབས༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ ནགས་མ་དེ་ནི་མུན་གོང་ནས༔ མ་བདུད་གཉན་གྱི་ལྟས་ངན་ཏེ༔ དོམ་དང་དྲེད་ཀྱི་ལྟས་ངན་བབས༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ གཡའ་མ་དེ་ནི་སྔོ་གོང་ནས༔ དམུ་དང་བདུད་ཀྱི་ལྟས་ངན་ཏེ༔ འབྲོང་བུ་གཡག་གི་ལྟས་ངན་བབས༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ གནམ་ནས་ལྟས་ངན་བྱུང་བ་ནི༔ གཟའ་སྐར་གཉན་གྱི་ལྟས་ངན་ཏེ༔ རྒོད་པོ་སྡེར་འཛིངས་ལྟས་ངན་བབས༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ རྒྱ་མཚོ་ཆེན་པོའི་གཏིང་རུམ་ནས༔ ས་བདག་ཀླུ་ཡི་ལྟས་ངན་ཏེ༔ སྦལ་སྦྲུལ་ཉ་ཡི་ལྟས་ངན་བབས༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ ས་ལས་ལྟས་ངན་འབྱུང་བ་ནི༔ ས་བདག་གཉན་གྱི་ལྟས་ངན་ཏེ༔ ལུས་ལ་མཛེ་ཤུ་གཡན་པ་བྱུང་༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ ངུར་དང་མཆད་པ་གྲོག་པོ་ནས༔ འདྲེ་མོ་ནག་མོའི་ལྟས་ངན་ཏེ༔ སྲིན་བྱ་ཁུ་ཡིས་འདེབས་པ་འབྱུང་༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ བྲག་དང་ནགས་ཀྱི་ཤིང་གསེབ་ནས༔ འདྲེ་སྲིན་ཕྲ་མོའི་ལྟས་ངན་ཏེ༔ གོང་སྲེག་གླུ་ཆུང་ལེན་པ་བྱུང་༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ ཕུ་ནས་ལྟས་ངན་བྱུང་བ་ནི༔ བདུད་དང་གཉན་གྱི་ལྟས་ངན་ཏེ༔ ཤྭ་ཕོ་རྭ་འཛིངས་ལྟས་ངན་བྱུང་༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ མདའ་ནས་ལྟས་ངན་བྱུང་བ་ནི༔ ཀླུ་སྲིན་འཁྲུག་པའི་ལྟས་ངན་ཏེ༔ ཉ་མོ་མཐའ་འཛིངས་ལྟས་ངན་བྱུང་༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ དུར་ནས་ལྟས་ངན་བྱུང་བ་ནི༔ དུར་འདྲ་དུར་སྲིའི་ལྟས་ངན་ཏེ༔ དུར་(༨༤ན)


GLG024_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཝ་བརྒྱལ་ཝ་རོ་སྦྲམ༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ རྟ་ལ་ལྟས་ངན་བྱུང་བ་ནི༔ དྲུག་གྲུམ་གདོང་གས་གཟི་མིག་འབྱུང་༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ ཕྱུགས་ལ་ལྟས་ངན་བྱུང་བ་ནི༔ འབྲི་ལ་བེའུ་མཆེ་མ་བྱུང་༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ ལུག་ལ་ལྟས་ངན་བྱུང་བ་ནི༔ རོ་སྒལ་རྐེད་སྐོར་ནག་པོ་བྱུང་༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ ར་ལ་ལྟས་ངན་བྱུང་བ་ནི༔ ཟངས་ལྡན་སྤུ་རྟགས་དམར་པོར་བྱུང་༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ ཁྱི་ལ་ལྟས་ངན་བྱུང་བ་ནི༔ ཚི་བ་བྱུང་དང་ཐོ་རེངས་ངུ་༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ བྱིས་པ་ཆུང་གི་ལྟས་ངན་ཏེ༔ སྲེ་མོང་ཁ་ན་བྱི་རོ་ཁྱེར༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ བྱ་ལ་ལྟས་ངན་བྱུང་བ་ནི༔ རྒྱལ་འགོང་འདྲེ་ཡི་ལྟས་ངན་ཏེ༔ སྲོད་ལ་དེ་ཕོ་འཚེར་བ་བྱུང་༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ ཕོ་རོག་འུག་པ་སྡེར་འཛིངས་བྱེད༔ དམེ་འཁོན་བདུད་ཀྱི་ལྟས་ངན་བབས༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ འཇའ་འཁྱིལ་ལྷ་ཡི་ལྟས་ངན་ཡིན༔ སེང་གེ་ངུ་འབོད་གཤིན་རྗེའི་ལྟས༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ དོམ་དྲེད་སྟག་གཟིག་འཐབ་པ་དང་༔ ཕ་སྤུན་ནང་དམེ་བྱེད་པ་ནི༔ སྲིད་པ་མ་མོའི་ལྟས་ངན་ཡིན༔ དེ་ཡང་དམར་ཆེན་གཏོར་མས་བཟློག༔ ཤ་རྐྱང་བཙན་གྱི་ལྟས་ངན་ཡིན༔ སྦྲུལ་ནག་འཁྱིལ་པ་ཀླུ་ཡི་ལྟས༔ དོམ་ནག་བདུད་ཀྱི་ལྟས་ངན་ཡིན༔ གླ་བ་སྨན་གྱི་ལྟས་ངན་ཡིན༔ དེ་ཡང་དམར་ཆེམ་གཏོར་མས་བཟློག༔ བྱ་རྒོད་རྒྱལ་པོའི་(༨༤བ)


GLG024_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་ངན་ཡིན༔ ཁྲུང་ཁྲུང་དྲེ་མོའི་ལྟས་ངན་ཡིན༔ སྤྱང་ཀི་དགེ་བསྙེན་ལྟས་ངན་ཡིན༔ བྱ་རྒོད་སྡེར་འཛིངས་བྱེད་པ་སོགས༔ བདུད་ཀྱི་ལྟས་ངན་ཐམས་ཅད་བཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག༔ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག༔ དུས་མིན་འཆི་བ་བཅོ་བརྒྱད་བཟློག༔ གློ་བུར་དགུ་བཅུ་རྩ་གཅིག་བཟློག༔ ནད་རིམས་བཞི་བརྒྱ་རྩ་བཞི་བཟློག༔ གདོན་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག༔ བྱིས་པའི་གདོན་ཆེན་བཅོ་ལྔ་བཟློག༔ རྨིས་ལྟས་མཚན་མ་ངན་པ་བཟློག༔ ལུས་ལ་ནད་དུ་གཏོང་བ་བཟློག༔ ཚེ་ལ་བར་དུ་གཅོད་པ་བཟློག༔ སྐེག་ངན་སྲི་ངན་ཐམས་ཅད་བཟློག༔ མོ་ངན་གཙུག་ལག་ངན་པ་བཟློག༔ ཁ་བརྡ་ལ་ཉེ་ངན་པ་བཟློག༔ བསམ་ངན་སྦྱོར་བ་རྩུབ་པ་བཟློག༔ འདུན་ངན་གྲོས་ངན་གཤོམ་པ་བཟློག༔ མི་རུང་ལྟས་ངན་ཐམས་ཅད་ནི༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ༔ བྷྱོ་བྷྱོ་ཟ་བའི་འདྲེ་ལ་བྷྱོ༔ བྷྱོ་བྷྱོ་འཕུང་བའི་སྲི་ལ་བྷྱོ༔ བྷྱོ་བྷྱོ་བཟློག་བཟློག་དགྲ་ལ་བཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཞེས་བྷྱོས་གདབ་ཅིང་ལྟས་ངན་བཟློག་གོ༔ བྷྱོས་གདབ་ཅིང་ལྟས་ངན་བཟློག་པའི་ལས་མཐའ་ཤིན་ཏུ་གསང་བ་རྫོགས་སོ༔ ས་མ་ཡ། རྒྱ་རྒྱ་རྒྱ། མངའ་བདག་མྱང་གི་གཏེར་མའོ༔ འདྲེ་མོ་བོང་ཞོན་གྱི་གཞུང་ཡིན་ཟེར་བ་ལྟས་ངན་བརྒྱ་བཟློག་ལ་གཞོགས་དྲུད་པའི་དཔེ་ཧྲུལ་འདྲ་ཁམས་དང་ཨེ་ཕྱོགས་ནས་དར་བར་སྔགས་རློམ་མང་པོ་ཡིད་བརྟན་བྱེད་ན་དང་། རྗེ་འབྲི་གུང་པ་སོགས་ཚད་ཐུབ་རྣམས་ལ་མ་གྲགས་ཤིང་། སྨྲེང་དེ་ལ་བརྗོད་དོན་ལྷག་པོ་ཡང་མེད་པས། མཚན་ཉིད་དང་ལྡན་པ་ནི་མན་ངག་གབ་དོན་ལས། བཅའ་གཞི་(༨༥ན)


GLG024_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

དང་བོང་ཞོན་ལ་ལྟས་ངན་བསྟིམ་པའི་དམིགས་པ་ཟབ་མོ་གསུངས་པའི་མཇུག་ཏུ། སྔགས་འདིའི་ཐུན་གྱིས་བྲབ་པོ༔ ཨཱོཾ་བཛྲ་བ་ཏྲི་ཀ་རུ་ཎ་ཛ་ལེ་ཀ་རུ་ཎ་ཛ་ལེ༔ ལྟས་ངན་ཐམས་ཅད་ཨུ་ཙ་ཏ་ལ་ཕཊ༔ བདུད་ཀྱི་ལྟས་ངན་ཐམས་ཅད་བཟློག༔ བཙན་གྱི་ལྟས་ངན་ཐམས་ཅད་བཟློག༔ རྒྱལ་པོའི་ལྟས་ངན་ཐམས་ཅད་བཟློག༔ མ་མོའི་ལྟས་ངན་ཐམས་ཅད་བཟློག༔ གཤིན་རྗེའི་ལྟས་ངན་ཐམས་ཅད་བཟློག༔ གཟའ་ཡི་ལྟས་ངན་ཐམས་ཅད་བཟློག༔ ཀླུ་ཡི་ལྟས་ངན་ཐམས་ཅད་བཟློག༔ དམུ་ཡི་ལྟས་ངན་ཐམས་ཅད་བཟློག༔ དམུ་བདུད་ལྟས་ངན་ཐམས་ཅད་བཟློག༔ སྨན་གྱི་ལྟས་ངན་ཐམས་ཅད་བཟློག༔ སྲིན་པོའི་ལྟས་ངན་ཐམས་ཅད་བཟློག༔ བགེགས་ཀྱི་ལྟས་ངན་ཐམས་ཅད་བཟློག༔ ཐེའུ་རང་ལྟས་ངན་ཐམས་ཅད་བཟློག༔ དབང་ཕྱུག་མ་ཡི་ལྟས་ངན་བཟློག༔ བསྟན་མའི་ལྟས་ངན་ཐམས་ཅད་བཟློག༔ མགར་བའི་ལྟས་ངན་ཐམས་ཅད་བཟློག༔ མོན་པའི་ལྟས་ངན་ཐམས་ཅད་བཟློག༔ ལྷ་མ་སྲིན་གྱི་སྡེ་བརྒྱད་ཀྱི་ཐན་དང་ལྟས་ངན་ཐམས་ཅད་བཟློག༔ ཅེས་བརྗོད། ཐུན་འཛིན་པ་མང་ཉུང་ཇི་ལྟར་འོས་པས༔ ས་མ་ཡ་ཞེས་སོགས་ཀྱི་སྔགས་ཟུར་གསལ་གྱིས་ཐུན་ནུས་ལྡན་དུ་བྱས་ཏེ་གཏོར་མ་དང་གླུད་ལ་བྲབ་ཅིང་འདེད་དོ༔ གཅེས་པའི་ལྡེ་མིག་ནས་བཤད་པའི་ཁྱུང་བཟློག་ཡན་སོང་ནས། དེ་ནས་ཉམས་ལེན་གནད་གདམས་སུ་རྗེས་གཏོར་མ་གཏང་བའི་རིམ་པ་ལ་གསུམ་སྟེ༔ དང་པོ་སྲིན་མོ་ཟ་ལམ་དགྲ་ལ་བསྟན་ཏེ་དམོད་མོ་གདབ་ཅིང་སྔགས་བཟློག་བྱ་བ་དང་། གཉིས་པ་གཏོར་མ་ཟོར་དུ་འཕངས་ནས་དགྲ་བགེགས་ཀྱི་ཕུང་པོ་(༨༥བ)


GLG024_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

གཞོམ་པ་དང་། གསུམ་པ་རྗེས་ཀྱི་བྱ་བའི་ལས་རིམ་མོ༔ དང་པོ་ཟ་ལམ་དགྲ་ལ་བསྟན་ཅིང་འཕྲིན་ལས་བཅོལ་བ་ནི༔ མཆོད་པ་ཕུད་སྐོངས་དང་ལྷ་བསངས༔ རྒྱགས་རྔན་སོགས་བླ་གབ་མེད་པའི་སར་གཏོང་བ་དང་ལྷན་དུ་ཕྱོགས་བཞིའི་ལྷ་མོ་བདུན་ཚན་བཞི་ལ་བཀའ་བསྒོ་བའི་གསེར་སྐྱེམས་ཉི་མ་ཤར་ཕྱོགས་མ་གཏོང་། སྒྲུབ་པ་པོ་རྣམས་ཀྱིས་གསེར་སྐྱེམས་བསྡུས་པ་བྱ་ཞིང་མདོས་ལམ་འཐེན། སྔགས་དང་ཏིང་ངེ་འཛིན་ལ་བརྟེན་ནས་བླ་མའི་དབང་གཏོར་མ་གཏོགས་གཏོར་མ་ལས་བསྡུ་བ་དང་བརླག་པ་ཕྱག་ལེན་ལྟར་བྱ། སློབ་དཔོན་གྱིས་ཕྱོགས་སོ་སོར་ཕྱིན་ཏེ་སྒོ་དབྱེ་བའི་ཕྱག་རྒྱ་དང་དམིགས་པ་མན་ངག་ལྟར་བྱས་ནས། ཤར་ཕྱོགས་སྒོ་མ་རྟ་གདོང་དཀར༔ ཞེས་སོགས་ཀྱིས་སྒོ་དབྱེ། གཏོར་དྲིལ་ནི་གོང་ར་བ་སོགས་གཏོར་མ་སྒྲུབ་ཁང་ནས་ཕྱིར་འདོན་པའི་དོན་ཡིན་ཟེར་བ་སོགས་རྣམ་དབྱེ་མ་དོད་པའི་ནང་ཟོང་ཕྱིར་སྟོན་གྱི་ཡོད་འདུག་ཅིང་༔ སྔ་འགྱུར་གྱི་བསྟན་འཛིན་དུ་རློམ་པ་མང་པོ་ནི་ཕྱོགས་འདིར་མི་སྨྲ་བའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་མོད༔ རྗེ་འབྲི་གུང་པ་ཆེན་པོ་ཆོས་ཀྱི་གྲགས་པ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། ཁྲ་ཚང་པ་མཁས་གྲུབ་ཆེན་པོ་བློ་མཆོག་རིག་པའི་རྡོ་རྗེ་གསུམ་བཞེད་པ་མཐུན་པར་གཏོར་མ་གཞན་རྣམས་གཙོ་བོར་དྲིལ་བའི་དགོངས་དོན་དང་ཕྱག་ལེན་རྣམས་མཐོང་བརྒྱུད་མན་ངག་ལྟར་བྱས་ནས་ངག་འདོན་ནི། སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ ཁྲོ་བོ་རོལ་པའི་གཏོར་བཟློག་བྱེད་པའི་སྐབས་སུ། གཏོར་བཟློག་གི་གཞུང་ལྟས་ངན་བཟློག་པ་མན་ཆོད་ཚར་ནས༔ སྲིན་མོ་ཟ་ལམ་གཏོང་བའི་དུས་སུ༔ གཏོར་དྲིལ་འདི་ལྟར་བྱའོ༔ (༨༦ན)


GLG024_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མཚམས་ཀྱི་གཏོར་མ་བརྒྱད་པོ་རེ་རེ་བཞིན་དབུས་ཀྱི་གཏོར་མར་དྲིལ་ཞིང་། འདི་ལྟར་བྷྱོ་བཟློག་གི་འཕྲིན་ལས་བྱའོ༔ ཧཱུཾ། དབུས་མཐའ་མེད་པའི་ཆོས་དབྱིངས་ཆེན་པོ་ནས༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ ཀུན་བཟང་རིགས་ལྔ་ཡབ་ཡུམ་དབྱིངས་ནས་བཞེངས༔ སྲས་མཆོག་སེམས་དཔའ་ལྕམ་དྲལ་གཤེགས་སུ་གསོལ༔ སྤྲུལ་སྐུ་ཐུབ་དྲུག་འགྲོ་བའི་དོན་མཛོད་ཅིག༔ མཐར་བྱེད་སྒོ་བ་ཡབ་ཡུམ་ཐུགས་དམ་བསྐུལ༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ དགྲ་དང་བགེགས་དང་མི་མཐུན་གནོད་པའི་ཕྱོགས༔ དེ་རིང་དཔལ་ཆེན་འཁོར་དང་བཅས་པ་ཡིན༔ བྷྱོ་བཟློག་བསྒྱུར་བའི་འཕྲིན་ལས་མཛད་དུ་གསོལ༔ ཧཱུཾ། ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ སྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་ཆེ་མཆོག་ཡབ་ཡུམ་དབྱིངས་ནས་བཞེངས༔ སྲས་མཆོག་སྤྲུལ་པའི་ཚོགས་རྣམས་གཤེགས་སུ་གསོལ༔ བཀའ་སྲུང་ཕོ་ཉའི་ཚོགས་རྣམས་ལས་ལ་ཕྱོས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ དགྲ་དང་བགེགས་དང་མི་མཐུན་གནོད་པའི་ཕྱོགས༔ དེ་རིང་དཔལ་ཆེན་འཁོར་དང་བཅས་པ་ཡིས༔ བྷྱོ་བཟློག་བསྒྱུར་བའི་འཕྲིན་ལས་མཛད་དུ་གསོལ༔ ཧཱུཾ། ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ བཛྲ་ཧེ་རུ་ཀ་ཡབ་ཡུམ་དབྱིངས་ནས་བཞེངས༔ སྲས་མཆོག་ཀེའུ་རིའི་ཚོགས་རྣམས་གཤེགས་སུ་གསོལ༔ (༨༦བ)


GLG024_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྲུང་དབང་མོའི་ཚོགས་རྣམས་ལས་ལ་བྷྱོ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ དགྲ་དང་བགེགས་དང་མི་མཐུན་གནོད་པའི་ཕྱོགས༔ དེ་རིང་དཔལ་ཆེན་འཁོར་དང་བཅས་པ་ཡིས༔ བྷྱོ་བཟློག་བསྒྱུར་བའི་འཕྲིན་ལས་མཛད་དུ་གསོལ༔ ཧཱུཾ། གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ སེར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཡ་མཱནྟ་ཀ་ཡབ་ཡུམ་དབྱིངས་ནས་བཞེངས༔ གཤེད་བཞི་ཕྱོགས་སྐྱོང་ཡབ་ཡུམ་གཤེགས་སུ་གསོལ༔ བཀའ་སྲུང་ཕོ་ཉའི་ཚོགས་རྣམས་ལས་ལ་བྷྱོ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ དགྲ་དང་བགེགས་དང་མི་མཐུན་གནོད་པའི་ཕྱོགས༔ དེ་རིང་དཔལ་ཆེན་འཁོར་དང་བཅས་པ་ཡིས༔ བྷྱོ་བཟློག་བསྒྱུར་བའི་འཕྲིན་ལས་མཛད་དུ་གསོལ༔ ཧཱུཾ། པདྨ་རོལ་བའི་དུར་ཁྲོད་ཆེན་པོ་ནས༔ དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ དབང་གི་རྒྱལ་པོ་ཡབ་ཡུམ་དབྱིངས་ནས་བཞེངས༔ ཐུགས་སྲས་ཟིལ་གནོན་ཡབ་ཡུམ་གཤེགས་སུ་གསོལ༔ བཀའ་སྲུང་ཕོ་ཉའི་ཚོགས་རྣམས་ལས་ལ་ཕྱོས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ དགྲ་དང་བགེགས་དང་མི་མཐུན་གནོད་པའི་ཕྱོགས༔ དེ་རིང་དཔལ་ཆེན་འཁོར་དང་བཅས་པ་ཡིས༔ བྷྱོ་བཟློག་བསྒྱུར་བའི་འཕྲིན་ལས་མཛད་དུ་གསོལ༔ ཧཱུཾ། ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་དབྱིངས་ནས་བཞེངས༔ སྲས་(༨༧ན)


GLG024_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཁྲོ་བཅུ་ཡབ་ཡུམ་གཤེགས་སུ་གསོལ༔ བཀའ་སྲུང་ཕོ་ཉའི་ཚོགས་རྣམས་ལས་ལ་ཕྱོས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ དགྲ་དང་བགེགས་དང་མི་མཐུན་གནོད་པའི་ཕྱོགས༔ དེ་རིང་དཔལ་ཆེན་འཁོར་དང་བཅས་པ་ཡིས༔ བྷྱོ་བཟློག་བསྒྱུར་བའི་འཕྲིན་ལས་མཛད་དུ་གསོལ༔ ཧཱུཾ། མ་མོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས༔ བླ་མེད་ཧེ་རུ་ཀ་ཡབ་ཡུམ་དབྱིངས་ནས་བཞེངས༔ ཡེ་ཤེས་རྗེ་མོ་སྨན་མོའི་ཚོགས་རྣམས་གཤེགས༔ སྒོ་སྐྱོང་ཕོ་ཉའི་ཚོགས་རྣམས་ལས་ལ་ཕྱོས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ དགྲ་དང་བགེགས་དང་མི་མཐུན་གནོད་པའི་ཕྱོགས༔ དེ་རིང་དཔལ་ཆེན་འཁོར་དང་བཅས་པ་ཡིས༔ བྷྱོ་བཟློག་བསྒྱུར་བའི་འཕྲིན་ལས་མཛད་དུ་གསོལ༔ ཧཱུཾ། རིགས་འཛིན་རོལ་བའི་དུར་ཁྲོད་ཆེན་པོ་ནས༔ ཐུགས་རྗེ་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔ རྡོ་རྗེ་སློབ་དཔོན་ཡབ་ཡུམ་དབྱིངས་ནས་བཞེངས༔ སྒྲུབ་པའི་རིགས་འཛིན་ཚོགས་རྣམས་གཤེགས་སུ་གསོལ༔ བཀའ་སྲུང་ཕོ་ཉའི་ཚོགས་རྣམས་ལས་ལ་ཕྱོས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ དགྲ་དང་བགེགས་དང་མི་མཐུན་གནོད་པའི་ཕྱོགས༔ དེ་རིང་དཔལ་ཆེན་འཁོར་དང་བཅས་པ་ཡིས༔ བྷྱོ་བཟློག་བསྒྱུར་བའི་འཕྲིན་ལས་མཛད་དུ་གསོལ༔ ཧཱུཾ། དྲེགས་པ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ དུག་ལྔ་མེ་ལྟར་འབར་བའི་དཀྱིལ་(༨༧བ)


GLG024_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནས༔ དྲེགས་པ་ཀུན་འདུལ་ཡབ་ཡུམ་དབྱིངས་ནས་བཞེང་༔ སྡེ་དཔོན་སུམ་ཅུ་ཡབ་ཡུམ་གཤེགས་སུ་གསོལ༔ སྒོ་སྐྱོང་དྲག་པོའི་ཚོགས་རྣམས་ལས་ལ་ཕྱོས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ དགྲ་དང་བགེགས་དང་མི་མཐུན་གནོད་པའི་ཕྱོགས༔ དེ་རིང་དཔལ་ཆེན་འཁོར་དང་བཅས་པ་ཡིས༔ བྷྱོ་བཟློག་བསྒྱུར་བའི་འཕྲིན་ལས་མཛད་དུ་གསོལ༔ ཧཱུཾ། དྲག་སྔགས་རོལ་བའི་དུར་ཁྲོད་ཆེན་པོ་ནས༔ གཏུམ་དྲག་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ སྟོབས་ལྡན་ནག་པོ་ཡབ་ཡུམ་དབྱིངས་ནས་བཞེངས༔ སྔགས་བདག་དྲེགས་པ་བཅོ་བརྒྱད་གཤེགས་སུ་གསོལ༔ སྤྲུལ་པའི་ལྷ་སྲིན་སྡེ་བརྒྱད་ལས་ལ་ཕྱོས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ དགྲ་དང་བགེགས་དང་མི་མཐུན་གནོད་པའི་ཕྱོགས༔ དེ་རིང་དཔལ་ཆེན་འཁོར་དང་བཅས་པ་ཡིས༔ བྷྱོ་བཟློག་བསྒྱུར་བའི་འཕྲིན་ལས་མཛད་དུ་གསོལ༔ ཞེས་བཀའ་བརྒྱད་རེ་རེ་བཞིན་བསྐུལ་ལ༔ གཏོར་མ་རྣམས་ཕྱོགས་མཚམས་ནས་རིམ་བཞིན་དུ་དབུས་ཀྱི་གཏོར་མར་དྲིལ་ལོ༔ དེ་ནས་སྲིན་མོ་ཟ་ལམ་བསྟན༔ དམ་བདར། བྷྱོས་གདབ། བཟློག་པ་བྱ། བྷྱོས་གདབ་པའི་རྗེས་སུ་སྒྲུབ་པ་ཆེན་པོའི་དབང་ཐོབ་པའི་རྣལ་འབྱོར་པས་འཆམས་སྟབས་སུ་དང་པོ་དོར་སྟབས་བགྲད་ལ་ཕྱིར་བཟློག་ཏུ་ཐལ་མོ་གདབ་ཅིང་༔ དཀྱིལ་འཁོར་ལ་བསྐོར་ཞིང་འདི་སྐད་དོ༔ ཧཱུཾ། དགོངས་ཤིག་མཁའ་འགྲོ་དམ་ཅན་རྣམས༔ སྔོན་ཚེ་ཞལ་བཞེས་མ་གཡེལ་ཅིག༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་(༨༨ན)


GLG024_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

འདི༔ མིང་ཙམ་འཛིན་པར་བྱེད་པ་ཡང་༔ གཡོ་སྒྱུ་མེད་ཅིང་གུས་ལྡན་པར༔ སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི༔ གཙུག་ཏུ་བཞག་སྟེ་བཀུར་བར་བགྱི༔ དེ་སྐད་ཁྱེད་ཀྱི་དམ་བཅས་ཏེ༔ དཔལ་གྱི་བཀའ་བཞིན་བདག་བསྒྲུབ་ན༔ མ་ཐོགས་མྱུར་དུ་སྟོབས་ལ་བྱོན༔ བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ སྔོན་མའི་འཆམས་སྟབས་ཀྱིས་བསྐོར་རོ༔ ཨཱོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡ་སྟཾ༔ མ་ནུ་རཀྴ་སི་བྷྱོ༔ པྲ་མ་ནི་བྷྱོ༔ རོའུ་ཏྲི་བྷྱོ༔ བེ་ན་བེ་བྷྱོ༔ ཀོའུ་རི་མ་བྷྱོ༔ ཨིནྡྲ་ནི་བྷྱོ༔ བཛྲ་སིང་ཀ་ལི་བྷྱོ༔ ཨ་མྲྀ་ཏ་བྷྱོ༔ སོའུ་མ་བྷྱོ༔ དན་ད་ཧཾ་བྷྱོ༔ རཀྴ་སི་བྷྱོ༔ བཀྴ་སི་བྷྱོ༔ ར་ཏི་བཛྲ་མ་བྷྱོ༔ རུ་ཏི་ར་མཏྟ་བྷྱོ༔ ཨེ་ཀ་ཙཪྻཾ་བྷྱོ༔ མ་ནོ་ཧ་རཾ་བྷྱོ༔ སི་ཏི་ཀ་བྷྱོ༔ བ་ཡ་བེ་བྷྱོ༔ མཧཱ་མཱ་ར་ན་བྷྱོ༔ ཨགྣེ་བྷྱོ༔ བྷ་ར་ཧི་བྷྱོ༔ ཙ་མུན་ཏྲི་བྷྱོ༔ པུ་ཏ་ནཾ་བྷྱོ༔ བ་རུ་ན་བྷྱོ༔ བཛྲ་མ་ཧཱ་ཀཱ་ལ་བྷྱོ༔ བཛྲ་ཙ་ག་ལེ་བྷྱོ༔ བཛྲ་གུཾ་བ་ཀརྞ་བྷྱོ༔ བཛྲ་ལཾ་བྷོ་ད་ར་བྷྱོ༔ བཛྲ་ནི་བ་ར་བྷྱོ༔ བཛྲ་ལ་བར་བྷྱོ༔ བཛྲ་དུ་ཏྲི་ཧར་བྷྱོ༔ བཛྲ་ཤ་ཡེ་བྷྱོ༔ བཛྲ་ད་ཤིང་བྷྱོ༔ དྷུ་ར་སཾ་བྷྱོ༔ བཛྲ་ལན་ཏེ་བྷྱོ༔ བཛྲ་མ་ཧཱ་ཏེ་བྷྱོ༔ བཛྲ་སུ་ཙི་ར་བྷྱོ༔ བཛྲ་ར་ལི་བྷྱོོ༔ བཛྲ་ར་མི་བྷྱོ༔ མ་མ་ཧྲིཾ་ཧྲིཾ་ཛ་ཛ ཨཱོཾ་བཛྲ་ཀཱི་ལཱི་ཀཱི་ལཱ་ཡ་སརྦ་བིགྷྣཾ་བཾ་ཧཱུཾ་ཕཊ༔ དགྲ་བགེགས་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ༔ ཅེས་བསྐུལ་ལོ༔ སྔགས་དྲག་ཏུ་བཟླས་སོ༔ ཁྲོ་བོ་རོལ་པའི་གཏོར་བཟློག་གི་ལས་ཕྲན། ཕྱག་ལན་གཏོར་དྲིལ་ཤིན་ཏུ་ཟབ་ཅིང་གནད་ཆེ་བ་སློབ་དཔོན་པདྨས་མཛད་པ་རྫོགས་སོ༔ དྲག་སྔགས་ཀྱི་མདུན་དུ་བཀའ་སྡོད་ཀྱི་གཏོར་མ་དཔགས༔ དགོངས་ཤིག་མཁའ་འགྲོ་དམ་ཅན་གྱི་ཚེ་ལས་གཞན་རྣམས་ཀྱང་དེའི་(༨༨བ)


GLG024_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་སླེབས་ཚར་བ་བྱས་ནས་དམ་ཅན་རྣམས་དབང་དུ་བསྡུ་བའི་དམིགས་པ་བྱ། ཕུད་ལྷག་རྣམས་གཙོ་གཏོར་དང་ཉེ་བར་བཤམས་པ་ལ་སྨན་རཀ་སྦྲན། ལྷག་མ་དང་ཆད་མཐོ་དཀྱུས་བཞིན་བཏབ། བཀའ་སྲུང་རྣམས་ཀྱི་སྔོན་གྱི་ཐ་ཚིག་དྲན་ནས་གཏོར་མ་རྣམས་བླངས་པའི་རྗེས་སུ་གཏོར་མ་རྣམས་དམག་དཔུང་དུ་ཤེས་པའི་ཟབ་གནད་ཞལ་ལས་ཤེས༔ སྒྲུབ་ཁོག་ནས་དར་འཕྱར། དུང་འབུད། ཕུད་བཏང་། མེས་སྣ་དྲངས། ཆོས་སྐྱོང་གི་རུ་དར་འཕྱར། རྔ་དང་རོལ་མོ་བརྩམས་ཏེ༔ རྡོ་རྗེ་སློབ་དཔོན་གྱི་ལྟ་བའི་རྫོང་བསྐྱེད༔ ལྷའི་ང་རྒྱལ་གྱིས་གོ་བཅའོ༔ ཞེས་དཔའ་བོ་དམག་ལ་ཆས་པའི་གོ་གསར་བ་ལྟར་རྣལ་འབྱོར་པ་རྣམས་ལྟ་བའི་གྱབ་དང་གསལ་བའི་ཏིང་ངེ་འཛིན་བརྟན་པོའི་ང་རྒྱལ་གྱིས་རིག་པ་ཧུར་ཕྱུང་སྟེ༔ ཨོཾ་བཛྲ་སརྦ་དུཥྚཾ་ཨེ་ད་བྷྱོ༔ དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ༔ ཅེས་དིར་དིར་བཟླ་ཞིང་ཕྱོགས་ལས་རྣམ་པར་རྒྱལ་བའི་བརྟུལ་ཞུགས་ཀྱི་འགྲོའོ༔ ཉམས་ལེན་གནད་གདམས་ལས༔ གོམ་པ་བདུན་ཅུའི་སར་གཏོར་མ་ཁྱེར་ལ། གཏོར་མ་ལ་རཀྟ་སྦྲན༔ སྔགས་པས་བདུད་ཀྱི་ཆས་གསར། རྔ་བརྡུང་། དུང་འབུད། ཞིང་ལྤགས་གདབ། འོ་དོད་འབོད། དམོད་མོ་བྱ། ཞེས་གསུངས་པ་ལྟར་ལས། ཟོར་འཆམས་སོགས་སྤྲོས་པ་ཆེ་བར་བྱེད་ན་ལ་ལ་དག་བཀའ་བརྒྱད་ལ་ཆར་ཀའི་མ་གཤིན་ཉེར་བརྒྱད་ཀྱི་བསྐུལ་སྦྱོར་བ་སོགས་མི་མང་གི་གསེབ་ཏུ་ངག་འདོན་བྱེད་རྒྱུ་ཡོང་བ་ཙམ་རྒྱུ་མཚན་དུ་བྱས་ཏེ་རང་གཞན་གྱི་མགོ་བོ་མགལ་མེ་ལྟར་བསྐོར་བའི་སྤྱོད་ཚུལ་རྣམས་རིང་དུ་དོར་ཏེ་རིགས་འཛིན་བརྒྱུད་པའི་ཕྱག་ལེན་བཞིན་དུ་བྱའོ༔ སྲིན་མོ་ཟ་ལམ་ནི། གཙང་དང་(༨༩ན)


GLG024_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་རྒྱུད་ཀྱི་སྔགས་རློམ་ལ་ལ་དག་ཞལ་ཕྱག་ཙམ་བཟོས་པའི་རྒྱུག་ཧྲེང་སྤང་ལ་བཙུགས་པར་ཤོག་བུའི་ཕོད་ཀ་གཡོགས་པ་ཙམ་ལས་རྫས་མན་ངག་ཐམས་ཅད་དང་བྲལ་བའི་སྲོལ་ངན་ལུགས་འདིར་ཡེ་མ་ཤོར་བ་བྱས་ཏེ་གབ་དོན་གཏེར་གཞུང་གི་དགོངས་པ་དང་བླ་མའི་ཕྱག་བཞེས་ལྟར་བཅས་རྣམས་མངོན་པར་འདུ་བྱས་ནས༔ ཏིང་ངེ་འཛིན་དང་ཚིག་རྐང་མན་ངག་བཞིན་བསྣན་ཏེ་དཀྱུས་བཞིན་བྱ། དེ་ནས་གང་དུ་འཕེན་པའི་སར་སྒྲ་གཅན་གྱི་། ཐེབས་དང་བསྟུན་ཏེ་ཕྱིན་ནས་གསེར་སྐྱེམས་ཕུལ། གཅེས་པའི་ལྡེ་མིག་དང་གནད་གདམས་སོགས་གཏེར་གཞུང་དང་བླ་མའི་ཞལ་ཤེས་སྒོ་བསྟུན་ཏེ་བཞི་པ་ཟོར་དུ་ཤེས་པའི་གནད་འགག་ཀུན་ཁོང་དུ་ཆུད་པར་བྱས་ནས་ཟོར་བསྐུལ་རྣམས་བཏང་སྟེ་དྲག་སྔགས་སོ་ལྔ་པ་ཤམ་བུ་དང་བཅས་པ་བརྗོད་ནས་རིམ་པ་བཞིན་དུ་འཕེན། ཞིང་ལྤགས་གདབ། དུལ་མོ་རྡུལ། ཐལ་མོ་གདབ། དུང་དང་གླིང་བུ་འབུད་དོ༔ བྷྱོས་གདབ་བོ༔ གཏོར་ཟོར་ཁྱུང་གདོང་དགྲ་ཕྱོགས་སུ་བསྟན་འཁོར་ལོ་མེར་བསྲེག་པ་དང་མི་སྲེག་པའི་དབྱེ་བ་ངེས་པར་བྱ༔ མཚམས་གཅོད་ཀྱི་ཁྱུང་གི་དམིགས་སྔགས་ཟབ་མོ་ཉམས་སུ་བསྟར། གཅེས་པའི་ལྡེ་མིག་ཏུ། དེ་ནས་གཏོར་གཞོང་བཤལ་ཆུས་སྦྲན། འབྲུ་གསུམ་བྱིན་བརླབས་བསྟན་མ་བསྐྱང་༔ གཏོར་གཞོང་མནན་ལ་རྟ་བྲོས་གཟིར༔ དྲག་སྔགས་བཟླ་ཞིང་ལྷ་ཁྱུང་སྒོམ༔ ཞེས་པ་ལྟར་བསྟན་མ་གཞུང་བཞིན་བསྐྱངས༔ རྡོ་རྗེ་སློབ་དཔོན་གྱིས་ཕྱིར་སྙེག་བཟློག་པའི་ཕྱིར་མན་ངག་ཟབ་མོ་དང་བཅས་སྒོ་དྲུང་དུ་སླེབས་ནས་ལས་ཕྲན་གྱི་རྫས་མནན་པའི་སྟེང་དུ་བྲོ་བརྡུང་༔ མེ་ཆུའི་རྒྱས་འདེབས། ནང་དུ་སླེབས་ནས་ཚེ་(༨༩བ)


GLG024_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

འགུགས་ནས་བཟུང་ཤིས་བརྗོད་ཀྱི་བར་ལས་བྱང་གི་དཀྱུས་བཞིན་བྱ་བ་ནི། གཅེས་པའི་ལྡེ་མིག་ལས། བཀྲ་ཤིས་བརྗོད་ཅིང་སྨོན་ལམ་གདབ༔ ཡེ་ཤེས་ལྷ་གཤེགས་དམ་ཚིག་བསྡུ༔ སྤྲོས་མེད་ཕྱག་རྒྱ་ཆེན་པོ་བསྒོམ༔ ལྷར་ལངས་སྤྱོད་ལམ་ཅི་བདེར་བྱ༔ བཀའ་བརྒྱད་དྲག་སྔགས་གཏོར་བཟློག་འདི༔ རུ་དྲ་བསྒྲལ་དང་ནང་དམེ་བཟློག༔ བར་ཆད་རྐྱེན་ངན་བཟློག་པའི་ཕྱིར༔ པདྨ་བདག་གིས་བཙས་སུ་བཞག༔ ཅེས་གསུངས་པ་ལྟར་རོ༔ ཕན་ཡོན་ནི། ཉམས་ལེན་གནད་གདམས་ལས། འདི་ལྟ་བུའི་བཟློག་པ་འདི་ཤིན་ཏུ་གཉན་པས༔ རྡོ་རྗེ་སློབ་དཔོན་གྱི་སྐུའི་རིམ་གྲོའམ། སྔགས་པ་ནང་འགྲས་སམ་བྱད་དང་རྦོད་གཏོང་བཟློག་པ་ལ་སོགས་པའམ༔ དུས་ཀྱི་འཁྲུག་པ་མང་བའམ། ནད་ཡམས་ཆེན་པོ་ལངས་པའམ། ཉམས་ཆགས་ཆེན་པོ་བྱུང་བའམ། རྒྱལ་པོའི་ཆད་པའམ། ཕ་རོལ་གྱི་དམག་ཚོགས་བྱུང་བ་ལ་བྱ་བ་ལས་གར་ཐོད་ཐོད་དུ་གཉན་པས་མི་བྱའོ༔ ལས་འདི་ནི་སྔགས་པ་ནང་འགྲས་སམ༔ རྦོད་གཏོང་དང་ཕུར་ཁ་དྲག་པོ་ཐུག་པའམ། ལྷ་འདྲེའི་གཡོས་དྲག་པོ་བྱུང་བའམ༔ ཆགས་ཆེན་པོ་བྱུང་བའམ༔ ནད་ཚབས་པོ་ཆེ་ཅི་བྱས་ཀྱང་མི་གསོལ་བ་ལ་བྱའོ༔ གང་རུང་རུང་ལ་བྱས་ན་རང་ལ་གནོད་པས་གཉན་ནོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་ཁྲོ་བོ་རོལ་པའི་གཏོར་བཟློག་སྒྲུབ་པ་བཀའ་བརྒྱད་ཀྱི་ལས་མཐའ། བཟློག་པ་ཐུན་མོང་མ་ཡིན་པ༔ ཤིན་ཏུ་ཟབ་པའི་ལས་མཐའ་རྫོགས་སོ༔ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཕྱག་དཔེ་རྒྱས་བཏབ་ནས་གཏེར་དུ་སྦས་པའོ༔ གཏེར་(༩༠ན)


GLG024_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ། སྦས་རྒྱ། ཟབ་རྒྱ། ས་མ་ཡ། རྒྱ་རྒྱ་རྒྱ། སྨྲས་པ། ཆོས་ཀྱི་དབྱིངས་ནས་དུག་ལྔའི་གཉེན་པོ་རུ། །མི་བཟད་ཁྲོ་བོ་གཏུམ་རྔམས་རོལ་པའི་མཚོན། །འཇིགས་རུང་གཏོར་ཟོར་དབང་ཕྱུག་མིག་གི་མེས། །དགྲ་བགེགས་ཡིད་སྲུབས་མིང་གི་ལྷག་མར་བྱེད། །བདུད་ལས་རྒྱལ་བའི་སྙན་གྲགས་རྔ་བོ་ཆེ། །ཐོས་པས་ཚུལ་འདིར་འཇུག་པ་ཆེས་མང་ཡང་། །བདེ་འདུས་གཏེར་གཞུང་དགོངས་དོན་སྙན་བརྒྱུད་ཀྱིས། །བཀྲོལ་བའི་ཟབ་གནད་ཤེས་པ་ཉིན་སྐར་བཞིན། །མོན་སྔགས་དཔེ་ཧྲུལ་མཐོང་ལ་ཡིད་སྟོན་དང་། ཁུངས་མེད་ཟེར་སྒྲོས་ཙམ་ལ་ཚད་མར་འཛིན། །ཕལ་ཆེར་གབ་དཀྲུགས་མ་གཏོགས་གཏེར་གཞུང་གི །ཚིག་རིགས་སྨྲ་ཟིན་སྐྱོན་རྣམས་ངལ་གསོ་མཛོད། །སྣ་ཚོགས་གཏེར་ཁའི་བཀའ་བརྒྱད་གླེགས་བམ་ཀུན། །པད་འབྱུང་གསུང་གསང་བདུད་རྩིའི་བཅུད་ཡིན་ཀྱང་༔ བདེ་འདུས་གཞུང་ལ་མ་བརྟེན་རང་གཏེར་གྱིས། ཁྲོ་རོལ་བྱེད་རློམ་ཆུ་འདོད་སྨིག་རྒྱུར་བསྙེགས། ཁོ་བོ་སྔོན་བསགས་ལས་འཕྲོ་མི་དམན་པས། །མངའ་བདག་ཉང་རལ་ཟབ་གཏེར་ཆོས་དང་མཇལ། །གཉོས་ཞིག་ལེགས་ལྡན་རྡོ་རྗེ་འབྲི་གུང་པ། ཁུངས་བཙུན་བརྒྱུད་པའི་གསུང་བགྲོས་ཞིབ་མོར་ཐོས། །ཚིག་ཚོགས་ལོ་མས་དངོས་དོན་མི་སྒྲིབ་ཅིང་། །གཏེར་བྱོན་ངེས་རྙེད་ལུང་ཁུངས་འཁྲི་ཤིང་རྩེར༔ ཁྲིགས་ཆགས་ངག་འདོན་འབྲས་བུ་གཡུར་ཟ་བ། །བྱིན་རླབས་འདོད་འཇོའི་ཡོངས་འདུ་དེང་འདིར་བསྐྲུན། །དགེ་ཚོགས་རྡོ་རྗེ་རྩེ་བརྒྱ་གདེངས་ཙམ་གྱིས། །ནད་མུག་འཁྲུག་སོགས་ཉེས་བརྒྱ་ལྷ་མིན་དཔུང་། །རབ་བཅོམ་བདུད་(༩༠བ)


GLG024_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱལ་བའི་བ་དན་དཀར༔ གངས་ཅན་ཕན་བདེའི་ཁང་བཟང་རྩེར་བསྒྲེང་ཤོག །དེ་ལྟར་ཁྲོ་བོ་རོལ་བའི་གཏོར་བཟློག་གི་གཞུང་ལེ་ལག་དང་བཅས་པ་བདེ་གཤེགས་འདུས་པའི་གཏེར་བྱོན་དུ་ཁ་འཐོར་བའི་ཚུལ་གྱིས་བཞུགས་ཤིང་། དེ་དག་ལ་གསུང་རྒྱུན་དང་ཆོག་སྒྲིགས་སོགས་རྣམ་གྲངས་སྣ་ཚོགས་འདུག་པ་ཕན་ཚུན་ཞུས་དག་མི་ཕེར་བའི་དཔྱད་བཟོད་མི་བཟོད་སྣ་ཚོགས་སྣང་བ་ནས་བོད་འབངས་ཀྱི་བདེ་ཐབས་དང་སྤྱི་སྒོས་ཀྱི་རིམ་གྲོར་ཟུར་དྲིན་ཅན་བླ་མ་ཆོས་དབྱིངས་རང་གྲོལ་གྱི་དགོངས་གཏད་ལྟར་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་བཀའ་བརྒྱད་ཡོངས་རྫོགས་ཀྱི་ལས་བྱང་བཙུགས་པའི་ཆ་ལག་ཏུ་ཁྲོ་བོ་རོལ་པའི་ངག་འདོན་བདུད་སྡེའི་གཡུལ་ལས་རྒྱལ་བའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི་འཁོན་རིགས་གྲུབ་པའི་དཔའ་བོ་རྡོ་རྗེ་འཆང་ཕ་བོང་ཁ་བ་དཔལ་འབྱོར་ལྷུན་གྲུབ་ཀྱི་མཁྱེན་བརྩེ་ནུས་པའི་བྱིན་རླབས་སྙིང་ལ་འཕོས་པས་ཐེག་པ་མཆོག་ལ་འཇུག་པའི་བློ་མིག་རྣམ་པར་ཡངས་ཤིང་ཟུར་ཆེན་འཇམ་དབྱངས་བླ་མ་ཆོས་དབྱིངས་རང་གྲོལ་གྱི་དྲུང་དུ་བདེ་གཤེགས་འདུས་པའི་དབང་ལུང་མན་ངག་ཁྱད་པར་རྗེ་འབྲི་གུང་པའི་བཞེད་སྲོལ་གྱི་ཁྲོ་བོ་རོལ་པའི་ཕྱག་ལེན་རྫོགས་པར་མནོས་ལ། ཁྲ་ཚང་པ་མཁས་གྲུབ་ཆེན་པོ་བློ་མཆོག་རིག་པའི་རྡོ་རྗེའི་དྲུང་དུ་གསང་བ་ཡོངས་རྫོགས་ཀྱི་དབང་ལུང་མན་ངག་དཔྱིས་ཕྱིན་པ་དང་། མངའ་བདག་མྱང་གི་བུ་ཆེན་བྱང་ལས་ཀྱི་མཁའ་འགྲོས་བྱིན་གྱིས་བརླབས་པ་གུང་རུ་བ་གཉོས་ཞིག་ཆེན་པོའི་ཕྱག་ལེན་གྱི་ཁྲོ་བོ་རོལ་པའི་ཕྲ་ཞིབ་མཐའ་དག་ཐོས་པས་ཆོས་ཚུལ་འདི་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོ་མིང་གཞན་སྔགས་སྨྱོན་


GLG024_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཤར་རང་གྲོལ་དུ་འབོད་པས་གཏེར་གཞུང་དངོས་དང་བླ་མའི་མན་ངག་ལ་གཞི་བྱས། རྗེ་ཟུར་པའི་ཆོག་སྒྲིགས་དེ་ཡིད་ཆེས་ཀྱི་གནས་ཡིན་ནའང་དམར་སྦྲེང་ནས་བཅོལ་དམ་གྱི་བར་རྣམས་བཀའ་སོ་སོར་སྦྱར་ནས་མཛད་པས་ཧ་ཅང་མང་སྐྱོན་གྱིས་ཁྱོངས་དཀའ་བའི་སྐྱོན་ཙམ་མཆིས་ལ། སྨྱོས་ཞིག་གི་བཞེད་སྲོལ་དེ་འཇུག་པ་བདེ་ཞིང་ཁུངས་བཙུན་པར་མ་ཟད་པདྨའི་རྒྱལ་ཚབ་རིགས་འཛིན་མངའ་རིས་པ་ཆེན་པོའི་ཟིན་ཐོ་དང་ཡང་ཕྱོགས་མཐུན་པ་ནས་དེ་དོན་བཞིན་མཛེས་བྱེད་ཅེས་པ་ཆུ་ཡོས་ཧོར་ཟླ་དགུ་པའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ།། །།

ཁྲོ་བོ་རོལ་པའི་ཟིན་བྲིས་རིགས་འཛིན་དགོངས་རྒྱན།


GLG024_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་རོལ་པའི་ཟིན་བྲིས་རིགས་འཛིན་དགོངས་རྒྱན་བཞུགས་སོ། །


GLG024_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་སིདྡྷི་ཧཱུཾ། འདིར་ཁྲོ་རོལ་གྱི་ཕྱག་ལེན་རེག་ཟིག་ཏུ་བཀོད་པར། སྒྲུབ་ཆེན་དང་མི་འབྲེལ་ན། སྒྲུབ་དཀྱིལ་རས་བྲིས་ཀྱི་དཀྱིལ་འཁོར་ལ་ཁྱད་པར་རྟེན་དགུ་བཞུགས། སྨན་རཀ་གཏོར་མཆོད་ཀྱིས་བསྐོར། བསྡུ་ན་ཚོམ་བུ། ཤིན་ཏུ་བསྡུ་ན་བྲིས་འབུར་སྐུ་དང་སྒྲུབ་གཏོར་གྱིས་འཐུས། གཏོར་བཟློག་གི་དཀྱིལ་འཁོར་ལ། སྔོན་དུ་ཆ་གསུམ་མམ་བགེགས་གཏོར་བཏང་། ལྷ་སྟ་གོན། མ་ཏྲཾ་བསྒྲལ་བ་ཐིག་ཚོན་བྱིན་རླབས། དཀྱིལ་འཁོར་འདྲི་བ་ལ་རྒྱས་པ་ཕོ་བྲང་ཉི་མ་དགུ་ཞལ་དབང་གི་སྐབས་ལྟར་བྲི། འབྲིང་གླིང་དགུ་རུ་བཅད་པའི་གླིང་སོ་སོར་དབང་དྲག་གི་དཀྱིལ་འཁོར་ཞེས་པ་གྲུ་གསུམ་མཐིང་ནག་ཟླ་གམ་དམར་པོ་སུམ་ལྡན། གླིང་གི་གཅོད་མཚམས་རྡོ་རྗེའི་གདུང་སེར་གཞི་སྔོན་པོ་གླིང་དགུའི་ཕྱི་རོལ་ཐོད་རྭ་བཞི་པ་ཕྱི་ནང་གི་ཁྱམས་ཕྱོགས་མདོག །ཕྱི་རོལ་དུ་རྡོར་མེ་རི་འདྲི། བསྡུས་པ་གྲུ་གསུམ་མཐིང་ཟླ་གམ་དམར། ཐོད་རྭ་དཀར། རྩིབས་བརྒྱད་མཐིང་། རྡོ་ར་མེ་རི་བྱ། འབྲིང་བསྡུས་གཉིས་ལ་དུར་ཁྲོད་ཀྱི་ཚབ་ལ་མ་ཏྲཾ་འདྲི་བ་ལེགས། སླང་གཅིག་མ་ལ་དབུས་མ་དཔལ་གཏོར་འཁོར་ཟུར་གསུམ། སླང་དགུ་ལ་གཙོ་བོ་དགུ་ཀ་དཔལ་གཏོར་འཁོར་བཞི་པོ་ཟུར་གསུམ། མ་མོ་དང་དྲེགས་པ་ལ་ལྔ་བྱེད། བཀའ་སྲུང་གི་གཏོར་མ་སྒྲུབ་པའི་རང་བཀའ་སྲུང་གི་གཏོར་མ་རྒྱལ་བ་སྤྱི་བསྐུལ་དང་ཕོ་ཉ་སྒོས་བསྐུལ་གྱི་དུས་འབྲལ་བ་མ་གཏོགས་ལྷ་མི་བསྐྱེད་པས། རྡོར་དྲིལ་ལོགས་(༢ན)


GLG024_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་གསུངས་ཀྱང་། འཕེན་དུས་དམག་དཔུང་དུ་ཤེས་དགོས། ནི་རྒྱས་བསྡུས་གཉིས་ཀར་དགོས་པ་ཡོངས་རྫོགས་ཀྱི་བཀའ་སྲུང་མཆོད་བྱང་ལྟར་བྱ། དཀྱིལ་འཁོར་བྱང་ཤར་གྱི་མེ་རིའི་ཐང་ཙམ་འཇོག །དེ་དགུ་ཀ་ལ་འོག་འཁོར་མུ་ཁྱུད་གསུམ་པ། ལྟེ་བར་གྲུ་གསུམ་བསྣོལ་བ་ལ་བཟློག །རྩིབས་ལ་ཧཱུཾ་མུ་ཁྱུད་ལ་སྒྲུབ་པ་པོ་ལ་གནོད་པའི་འབྱུང་པོ་སོགས་དང་མ་རི་ཅན་ད་ཟན་ཅུང་ཟད་ཙམ་གྱི་སྟེང་ནས་ཁ་ཡར་སྟོན་དེའི་སྟེང་ཟན་སོར་གང་ཙམ་གྱི་སྟེང་བསད་འཁོར་རྩིབས་རྩེ་ནང་བསྟན། ལྟེ་བར་ལིངྒ་ལྟེ་བ་དང་རྩིབས་ལ་བཀའ་སོ་སོའི་སྔགས། མཆན་ལ་ཕྱག་མཚན། གྲི་གུག །རྩ་གསུམ། བེ་ཅོན། ཐོད་དབྱུག །རལ་གྲི། ཐོ་བ། ཕུར་པ། ལྕགས་ཀྱུ་རྣམས་མ་ནོར་བ་དགོས། དཔེའུ་རིས་ཚོར་སྣ་ཚོགས་འདུག །མུ་ཁྱུད་ནང་མར་བྱད་མ་ལྷ་སྲུང་དང་བཅས་པའི་གུར་ཤིག་སོགས་ཕྱི་མར་བྷནྡྷེ་ཤ་ཡ་སོགས་ཡོད་པ་དེར་ངོས་འཛིན། རྩིབས་རྩེ་ཕྱིར་བསྟན་པའི་མན་ངག་བསད་འཁོར་ལ་གཙིགས་སུ་མི་མཛད། སླང་དགུའི་སྐབས་ཆེ་མཆོག་ལ་བཀའ་བརྒྱད་ཀའི་སྔགས་ཕྱག་མཚན་ཚང་བ་དེ་ག་མཛད། ཡང་དག་ལ་བསད་འཁོར་རྩིབས་བཞི་ལྟེ་བར་རུ་ལུ་རྩིབས་ལ་སྲས་ཡབ་བཞི། མ་མོ་ལ་བཀྲག་གསལ་མཉམ་དང་དྲེགས་པ་ལ་དབང་ཕྱུག་གི་སྔགས་གཙོ་བོའི་སྔགས་གཤམ་དུ་བཏགས་ནས་ལྟེ་བར་འགོད་པ་ལེགས། མཆན་ལ་གྲི་གུག་ཁོ་ན་འདྲི་བ་ཡིན། བསད་འཁོར་མུ་ཁ་ག་ག་ནེ་པཱ་ཤྱ་ལ། བཟློག་འཁོར་ལྟེ་བར་ཆེ་མཆོག་རྩིབས་ལ་བཀའ་སོ་སོ། མཆན་(༢བ)


GLG024_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་མཚན། མུ་ཁྱུད་ནང་མར་ནང་པ་སངས་རྒྱས་པ་སོགས། ཕྱི་མར་ཨོཾ་བཛྲ་ཀྲོ་དྷ་སོགས་ཡོད་པ་དེ་མུ་ཁུ་བྷཱུ་མཽ་དྲིཥྚ་བྱས་ཏེ་ཡོ་ག་བྱེད། བསད་འཁོར་ལྟར་བཟློག་འཁོར་ཡང་ཆེ་མཆོག་ལ་རྩིབས་བརྒྱད་དཀྱུས་མ་ལས་ཟུར་ཁྱད་མི་བྱེད། ཡང་དག་སོགས་ལ་མུ་ཁྱུད་བཞི་སོགས་བྱེད་ལུགས་རིག་པས་དཔག །སླང་དགུའི་སྐབས། ཁྱུང་དབུས་མཐིང་། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞི་དབུས་དང་མཐུན། དྲེགས་འཇོམས་སྐུ་འཁོར་ལྟེ་བར་དྲག་སྔགས་སོ་ལྔ་པ། རྩིབས་དཀར་བརྒྱད་ལ་ཨ་ཀྲོ །མཆན་ལ་ཤ་རི་བྷྱོ། མུ་ཁྱུད་ནང་མར། ཨོཾ་མྱགས་མཱ་ར་ཡ་སོགས་ཕྱི་མར་ཨཱོཾ་ཏྲོ་མ་རི་སོགས་བྲིས་པ་སྤྱི་བོ། ཡེ་ཤེས་བསྐྱེད་པ་གསུང་འཁོར་ནི། ལྟེ་བར་སོ་ལྔ་བ། རྩིབས་དམར་དྲུག་ལ་པདྨཱནྟ་ཀྲྀ་ཏ། མཆན་ལ་བྷྱོ་བཟློག །མུ་ཁྱུད་ནང་མར་ཨོཾ་ཧ་ཧེ་སོགས། ཕྱི་མར་ཨོཾ་ག་རུ་ཌ་སོགས་བྲིས་པ་མགྲིན་པ། རྦང་འབྲེ་བཟློག་པ་ཐུགས་འཁོར་ནི། ལྟེ་བར་སོ་ལྔ་པ། རྩིབས་མཐིང་བཞི་ལ་རུ་ལུ། མཆན་ལ་ཨཻ་ཀ་དུ་ན་སོགས། མུ་ཁྱུད་ནང་མ་ལ་བྷྱོ་བཟློག་སོགས། ཕྱི་མ་ལ་ག་རུ་ཌ་སོགས་བྲིས་པ་སྙིང་ག །བྱ་ཁྱུང་འཕྲིན་ལས་ཀྱི་འཁོར་ལོ་ལྟེ་བར་སོ་ལྔ་པ། རྩིབས་ལྗང་ལྔ་ལ་ཀཱི་ལཱ་ཡ། མཆན་ལ་བྱད་ཁ་བཟློག །མུ་ཁྱུད་ནང་མར་ཧཱུཾ་ཧ་ཧེ་སོགས། ཕྱི་མར་ཨོཾ་ག་རུ་ཌ་སོགས་བྲིས་པ་གསང་གནས། ལྟོ་འཁོར་རྒྱས་པ་ལྟེ་བར་བཛྲ་ཀྲོ་དྷ། རྩིབས་བརྒྱད་ལ་སོ་ལྔ་པ། མཆན་ལ་སརྦ་དུཥྞཱན་སོགས། རྩིབས་བཅུ་དྲུག་ལ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་སོགས། མཆན་ལ་ཧཱུཾ། རྩིབས་བརྒྱད་ལ་བཀའ་བརྒྱད། ལིང་ཚེ་བཅུ་གསུམ་ལ་སེང་གེ་གངས་སྟོངས་ལྷུང་བ་སོགས། ཟུར་ལ་རྡོ་རྗེ་པདྨ་རལ་གྲི་བྷ་ལིཾ་ཡོད་པ་དེ་དང་འཁོར་ལོ་ཆུང་བ། ལྟེ་བར་བུདྡྷ་ག་རུ། རྩིབས་བཞི་ལ་བཛྲ་ག་རུ་སོགས། མཆན་ལ་འཇིག་རྟེན་ཁྱུང་གི་སོགས། མུ་ཁྱུད་ལ་རྭ་ཡིས་རྭ་ཅན་སོགས་བྲིས་པ་དེ་འཁོར་ལོ་ཆེ་བའི་ཁར་བརྩེགས་ནས་ལྟེ་བར་འཇུག་མ་ཤོང་ན་སྐུ་གསུང་ཐུགས་ལྟོ་འཁོར་(༣ན)


GLG024_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་འཕྲིན་ལས་འཁོར་ལོ་ལྔ་མདུན་མས་རྒྱབ་མའི་ཕྱེད་ཙམ་ནོན་པ་བྱས་ནས་ཁྱུང་གི་རྒྱབ་ནས་འཛུགས། ལྟེ་འཁོར་ཆུང་བ་ལྟོ་བའི་ནང་དུ་ཤོང་ངེས་བྱེད་དགོས། གཤོག་པ་གཡས་ལ་ལྟོ་བར་སྲིད་པ་ཕོ་བརྒྱུད་སོགས་མགོ་ནང་དུ་བསྟན། ཁྲོམ་ག་རུ་ཌ་སོགས་ཕྱིར་བསྟན། རྩིབས་ལ་ཨེ་ཧུར་ཐུམ་སོགས། མཆན་ལ་ཨོཾ་ཨེ་ཀ་སོགས། མུ་ཁྱུད་ལ་ཧཱུཾ་ཧ་ཧེ་སོགས་བྲིས། ཕྱག་མཚན་ཤར་ནས་བརྩམས་ཏེ་རྡོ་རྗེ། མདུང་། འཁོར་ལོ། མདའ། རལ་གྲི། ཐོ་བ། ཕུར་པ། ལྕགས་ཀྱུ། གཤོག་པ་གཡོན་ལ་ཡང་ཕོ་མོ་ཁྱད་ཙམ། མཇུག་མ་ལ་ལྟེ་བ་དྲག་སྔགས་བརྒྱད་ཅུ་པ། རྩིབས་དང་རྩིབས་མཆན་བརྒྱད་ལ་སྡེ་བརྒྱད་བཟློག་པ། མུ་ཁྱུད་ལ་ཁྲོམ་ག་རུ་ཌ་ཧ་ར་སོགས་ཕྱི་ཕྱག་མཚན་ཡང་དག་སོགས་ལ་ལྟོ་འཁོར་ཆུང་བ་དང་ཤོག་རྫར་དགོས། ལྟོ་འཁོར་ཆེ་མཆོག་ལྟར་ལས་སྒྱུར་ཁ་མི་དགོས། འཁོར་ལོ་གཞན་ཚོ་མ་བྱུང་ཀྱང་ཡོང་། ཁྱུང་ལ་ཁྲམ་འཛུགས་པ་ལུགས་འདི་ལ་མེད་ཀྱང་ཡོད་པ་ལེགས། སྤྲིན་ཆེན་འཁོར་ལོ་ལྟེ་བར་ཆོས་འབྱུང་བསྣོལ་བའི་དབུས་སུ་ཨོཾ་ཨཱཿཧཱུཾ་དཀར་དམར་མཐིང་། ཟུར་དྲུག་ལ་བཟློག །རྩིབས་བརྒྱད་ལ་ཕཊ་སེར། རྩིབས་བཅུ་དྲུག་ལ་ཧཱུཾ་ཧྲི་སྤེལ་བར་མཐིང་དམར་མེ་རི། མུ་ཁྱུད་ལ། སྒྲུབ་པ་པ་ལ་སོགས་མེ་རི་ཅན། གཡང་གཞིའི་ལྟོ་བར་བྲི་བ་དེ་གཏོར་སྟེང་ནས་འགྲམ། ཡང་དག་སོགས་ལ་སྒེར་དུ་མི་དགོས་པ་མཛད་ཀྱང་འཁོར་བརྒྱད་ལ་ལྟེ་བར་ཆོས་འབྱུང་བསྣོལ་བའི་དབུས་འབྲུ་གསུམ། རྩིབས་བཞི་ལ་ཕཊ་བརྒྱད་ལ་ཧཱུཾ། མུ་ཁྱུད་ལ་སྔགས་འཆང་བདག་ཅག་ཡོད་པ་དེ་འཐད་པ་ཡིན་གསུང་། ཤར་དུ་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ཟླུམ་གཏོར་པད་འདབ་བཞི་པ་ཡོངས་རྫོགས་དྲིལ་མ་ཐུབ་ན་ལྷག་མ་རྣམས་ལོགས་ཤིག་ཏུ་འཇོག །ལྷོར་བླ་མ་གསང་འདུས་ཀྱི་གཏོར་མ། གཏོར་དྲིལ་གྱི་སྔོན་ཙམ་དུ་སྒྲུབ་དཀྱིལ་གྱི་མདུན་དུ་སྐྱེ་ལ། ནུབ་ཏུ་དཔལ་དགུའི་གཏོར་དྲིལ་བྱེད་མཆོད་རང་གི་ཡི་དམ་གྱི་ལྷ་དྲག་པོ་གཤིན་རྗེ་སོགས་གཞན་ཡོད་ན་དེའི་གཏོར་མ་འདིར་བཤམས་ནས་གདབ་ལས་ཀྱི་མཇུག་གི་(༣བ)


GLG024_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གཏོར་སྣོད་སོགས་ཀྱི་འབུལ་བའི་གཏོར་མ་ལོགས་སུ་བཤམ་དགོས་ལ་འདི་ཁར་དཔལ་དགུའི་གཏོར་མ་བཤམ་ན་འཇིག་རྟེན་སྣོད་བཅུད་ཀྱི་གཏོར་མ་ལོགས་སུ་མི་དགོས་སོ། །དཔལ་དགུའི་མཆོད་གཏོར་ཡོངས་རྫོགས་དྲིལ་མ་ཐུབ་ན་ལྷག་མ་རྣམས་ཚོགས་ལྷག །ཟ་ལམ་མ། མི་ཁའི་རྫས་སོགས་གང་འོས་སུ་བླུག་ནས་ཕྱིར་ཁྱེར། གཏོར་སྙིང་གཟུགས་གཅིག་གམ་ཁ་ཕྲལ་ན་དགུ །བྱང་དུ་མ་ནིང་སོགས་ཆོས་སྐྱོང་གི་བསྐང་གཏོར། གཞི་བདག་བཀའ་སྲུང་གི་གཏོར་མ་དང་ལྷན་དུ་སྤག །དང་བསྟན་མ་བཅུ་གཉིས་ཀྱི་དཀར་གཏོར་ཟླུམ་པོ་མདུན། ཁྱུང་གཏོར་དྲིལ་བྱེད། གཏོར་སྙིང་བཟོ་གཙོ་འཁོར་དགུའམ་སླང་གཅིག་སྐབས་རིགས་ལྔའི་དབང་དུ་བྱས་ནས་འཁོར་ལྔ་པ་མདུན། མཆོད་པ་སྨན་རག་རྫས་སོགས་ཆོག་སྒྲིགས་གཅེས་པའི་ལྡེ་མིག་ན་གསལ། གཅེས་པའི་ལྡེ་མིག་ལྟར་ན། ལས་བྱང་བཏང་ནས་འཛབ་བཟླ་རིང་གཏོར་མ་དགུ་པ་རུ་དྲའི་སྙིང་ལ་དོན་སྙིང་ལྔས་བསྐོར་བ་སྟེ་མཆོད་རྫས་སུ་བསམ། ཚོགས་བྱིན་རླབས་དང་བསྐང་རྫས་བྱིན་རླབས་ཟིན་ནས་སྐད་ཅིག་བྷྲཱུཾ་དང་ཧཱུཾ་གི་ས་བོན་ལས། གིས་གཏོར་མ་ལྷར་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཚོགས་ཀྱི་ཚིག་གིས་བྱེད་དམ། བདེ་འདུས་ཀྱི་རྒྱལ་བ་སྤྱི་བསྐུལ་འདུས་པས་ཀྱང་བྱེད། ཡང་ན་ཉམས་ལེན་གནད་གདམས་ལྟར་ལས་བྱང་གཞུང་བསྲང་དུས་ཚིག་གཅིག་གི་བདག་མདུན་སོ་སོར་གསལ་གདབ་པ་གང་རུང་འདེམ་ཁ་ཡིན། གང་ལྟར་རྒྱས་པ་འགྲུབ་ན་དམ་རྫས་མདངས་སྐོངས། མཆོད་པ་ཕུད་སྐོངས། ཉམས་ཆགས་བཤགས་བསྐོངས་བྱེད་པ། མདངས་སྐོངས་དང་བཤགས་སྐོངས་གཉིས་བདེ་གཤེགས་འདུས་པ་ནས་བླངས་ན་ཧ་ཅང་མངས་པས་འཇུག་པ་བདེ་བ་གསང་རྫོགས་ཀྱི་ཡི་པའི་ནང་གི་ཞི་ཁྲོ་རྒྱལ་བ་ཡོངས་རྫོགས་ལྷ། ཞེས་སོགས་ནས་བསྐང་རྫས་རང་རྟགས་རྣམས་སོང་རྗེས། རྒྱལ་བ་སྤྱི་བསྐུལ་གྱི་ཞི་བ་ལ་ཁ་བསྒྱུར་ཚིག་ལྷུག་འཇོག །ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛོད་སོགས་བཏགས། དེ་ནས་བསྐང་རྫས་རང་རྟགས་ཀྱི་མཇུག་ཏུ་ཆེ་མཆོག་སོགས་རེ་རེ་ནས་སྤྱི་བསྐུལ་ཁ་བསྒྱུར་བ་ཞི་པ་ལྟར། ཞི་ཁྲོ་ཐམས་(༤ན)


GLG024_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་བསྐང་བ་རྫོགས་ནས་རྐྱེན་བཟློག་གི་བྷྱོས་གདབ། བཤགས་སྐོངས་མི་པའི་ནང་གི་ཕྱོགས་བཅུ་དུས་བཞི་ཀུན་གྱི་བདག་ཉིད་ཆེ་སོགས་གཏོང་། ཡང་བཤགས་སྐོངས་དང་ཡེ་ཤེས་སྐུ་མཆོག་ལས་བྱང་གི་བཤགས་པའི་སྐབས་གཏོང་བ་ཡང་ཡོད། མཆོད་པ་ཕུད་སྐོངས་ཕྱོགས་བཅུ་ནམ་མཁའ་ཞེས་པ་ནས་དངོས་གྲུབ་སྩལ་དུ་གསོལ་གྱི་བར་བདེ་འདུས་ལྟར་གཏོང་བ་ཚོགས་སམ་ཡང་ན་ཁ་ཤས་ཀྱིས་ཐོག་ཏུ་གཏོང་། ཡང་ན་མདངས་སྐངས་དང་བཤགས་སྐོངས་བསྡུས་པ་བཀའ་མ་ལྟར་ན་མོ་ཧཱུཾ་བསྐང་ངོ་བསྐལ་བའི་ཐུགས་དམ་བསྐང་བསྐང་བ་གཉིས་ཀ་བྱེད་ན་འདི་སྔོན་ལ་བྱེད། ནས་ཨེ་ཧོ་ཤུདྡྷེ་སོགས་ཀྱི་བར་རོ། །ཚོགས་ཕུད་དང་གཉིས་ཕུལ། དེ་ནས་བདག་མདུན་སོགས་ཀྱི་ཁྲིགས་བཅད་བཞག་ནས་སྣོད་གཞལ་ཡས་ཁང་བཅུད་ཁྲག་འཐུང་ལྷ་དགུར་བསྒྱུར་བ་ཐམས་ཅད་མཐོང་ན་ཞལ་གཅིག་ཕྱག་གཉིས་ཕུར་བུ་བསྒྲིལ་བར་བསམ། ལས་བྱང་ནས་སྣང་སྲིད་ཐམས་ཅད་གཞལ་ཡས་སོགས་ཀྱིས་ཆེ་བ་བསྐྱེད། མ་ཧཱ་ཡོ་གའི་སྒོམ་ཁོག་འཁོར་ལོའི་རྒྱ་ཅན་ནས་འཕྲིན་ལས་བཅོལ་བའི་དམིགས་པ་བདག་ཉིད་ཚོམ་བུ་དགུའི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་སོགས་ཚིག་ལྷུག་པ་གཏོང་ཞིང་དམིགས་པ་ཚིག་དང་བསྟུན་ནས་བྱ། ལས་བྱང་གི་བསྐུལ་ཆུང་ཆོས་སྐུ་སྐྱེ་མེད་ངང་ཉིད་ལས་སོགས་ནས་རྦོད་ཟོར་སརྦ་བཟློག་བྷྱོའི་བར་དང་། ཡང་དུས་མིན་འཆི་བ་ནད་གདོན་བར་ཆད་རྦོད་ཟོར་ལྟས་ངན་སརྦ་བཟློག་བྷྱོ་ཟེར་བའི་ཤམ་བུ་འདི་སྤྱི་བསྐུལ་སྒོས་བསྐུལ་ཐམས་ཅད་ཀྱི་མཇུག་རེ་རེ་ནས་སྦྱོར། བདེ་གཤེགས་སྤྱི་བསྐུལ་བཏང་ནས་དེའི་མཇུག་གི་མཁྱེན་གསོལ་བཞག་ནས་ཕོ་ཉ་སྒོས་བསྐུལ། དམོད་བྱང་ལྷུག་པ། སྒྲུབ་ཁོག་རིན་པོ་ཆེ་འབར་བའི་རྒྱ་ཅན་གྱི་སོ་དྲུག་པ་ནས་དམིགས་པ་བླངས། དམིགས་པ་འདི་གདབ་ལས་ཀྱི་དུས་ཐམས་ཅད་ལ་བྱ། དྲག་སྔགས་སོ་ལྔ་པ་བརྒྱ་ཙམ་བཟླ། གསེར་སྐྱེམས་བྱེད། དཔང་འཛུགས་ནི། བྷྱོཿ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམ༔ མ་གཡེལ་མ་གཡེལ་གཟུ་དང་དཔང་མཛོད་ཅིག༔ འགྲོ་བའི་དོན་(༤བ)


GLG024_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་བཅོམ་ལྡན་ཤཱཀྱ་ཐུབ་ལ་སོགས་དང་། གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་འདི་ཞེས་པ་ནས། སྔགས་འཆང་རྣལ་འབྱོར་བདག་གིས་བསམ་པ་བསྒྲུབས་ཀྱི་བར། སྤྱི་བསྐུལ་མཇུག་གི་གདོད་ནས་རྣམ་དག་བྱང་ཆུབ་སེམས་མཆོག་འདི་ནས། མངོན་སྤྱོད་ཚུལ་གྱིས་མྱུར་སྒྲོལ་འཕྲིན་ལས་མཛོད་ཀྱི་བར། ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ སརྦ་ཀརྨ་ཡཀྵ་བྷྱོ་ཛ༔ ཡང་དག་སོགས་གཙོ་བོ་དགུ་ལ་སྦྱར་ནས་བཟླ་བར་ཉམས་ལེན་གནད་གདམས་ལས་གསུངས། དང་པོ་ཆེ་མཆོག་ནི་ཉམས་ལེན་གནད་གདམས་ནས་རུ་ཏྲར་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ནྲྀ་ཛཿདང་འབྲུབ་ཁུང་བསྐྱེད། ཉམས་ལེན་གནད་གདམས་ཀྱི་ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་ནས་ཁུག་ཅིག་གི་བར། སྒྲུབ་ཁོག་ནས་སོ་ལྔ་པའི་མཇུག་ཏུ་ནྲྀ་ཏྲི་ཧུར་ཐུཾ་ཛཿཛཿཧཱུཾ་བཾ་ཧོཿཨ་བེ་ཤ་སོགས། དོན་བརྒྱད་ཀྱི་གཤོར་ནས་མཐིང་ནག་མེ་དཔུང་འབར་བའི་ཀློང་དཀྱིལ་ནས་ཞེས་པ་ནས་བཛྲ་གནྡྷཿཧོའི་བར་དོན་བརྒྱད་མའི་སྨུག་ནག་གྲུ་གསུམ་དཀྱིལ་འཁོར་ནས། དྲག་པོའི་ལས་ཀྱིས་མྱུར་དུ་སྒྲོལ་གྱི་བར་ཤློ་ཀ་གཉིས། དེ་ནས་དོན་བརྒྱད་ཀྱི་དང་པོ། བླ་སྲོག་སྔོན་དུ་འགུགས་པ་ལ་ནང་གསེས་ཀྱི་བརྒྱད་ཡོད་པ་ལས། ཆེ་མཆོག་ལྷ་ཚོགས་ཐུགས་དམ་ཅན་སོགས་ཤློ་ཀ་གཅིག་གི །བསྐུལ་བའི་ལྷ་དང་གཅིག །ཚིག་རྐང་དང་པོ། འཕྲིན་ལས་ཀྱི་དམིགས་པ་དང་གཉིས། གཉིས་པ་དང་གསུམ་གདགས་པའི་མཆོད་དང་གསུམ། པ་བཞི་པ། ཨོཾ་བཟླས་པའི་སྔགས་དང་བཞི། བཛྲ་ཀྲོ་ཏེ་སོགས། སྒོམ་པའི་ཏིང་ངེ་འཛིན་དང་ལྔ། ཉ་བོ་ལ་ཐིམ་པ། ལྕགས་ཀྱུས་བྲབ་པའི་རྫས་དང་དྲུག་འགུགས་པ། ལྕགས་ཀྱུའི་བཅའ་བའི་ཕྱག་རྒྱ་དང་བདུན། ཕྱག་རྒྱ། ཧོ་དཔལ་ཆེན་པོ་ཞལ་གྱི་དམོད་པ་དང་བརྒྱད་དོ། །ནས་ཁུག་ཅིག་གི་བར་རོ། །གཉིས་པ་ཡང་དག་ནི་གནད་གདམས་ནས། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ་ནས། དྲག་པོའི་འཕྲིན་ལས་གྲུབ་པར་མཛོད། དེ་ཉིད་ལས། ལྷ་མོ་སླས་བྱན་ཚོགས་ཀྱི་བདག་ནས། དབང་དུ་སྡུས་ལ་རྡུལ་དུ་རློག་གི་བར། མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས་སོགས་ཆེ་མཆོག་དང་འདོན་པ་བསྒྱུར་བ་ལས་ཤློ་ཀ་གཉིས་(༥ན)


GLG024_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རིགས་འགྲེ། ས་བཅད་གཉིས་པ་མཐུ་དང་རྫུ་འཕྲུལ་རློབ་པ་ལ། ཡང་དག་ལྷ་ཚོགས་སོགས་ཤློ་ཀ་གཅིག་པོའི་ཐོག་མཐའ་བསྒྱུར་བའི། ཚིག་རྐང་བཞི་ལ་གཅོད་མཚམས་དང་ནང་གསེས་ཀྱིས་བཅད་གསུམ་ལྷ་དམིགས་གདགས། འགྲོ་ལུགས་འདྲ། རུ་ལུ་བཟླ་སྔགས། སོགས། རྫུ་འཕྲུལ་ཏིང་འཛིན་བདག་ལ་ཐིམ་པས་ནག་ཧམ་སོགས། རྫས། ཐང་ཁྲོམ། སོར་མོ་ཁ་སྦུབ་གཟིངས་ཕྱག་རྒྱ། ཏེ་འདྲད་པའི་ཚུལ། ཧོ་དམོད་པ་ནས་བརླག་པར་གྱིས་ཀྱི་བར། གསུམ་པ་གཤིན་རྗེ་ནི། གནད་གདམས་ནས། དམ་ཉམས་དགྲ་བོ་སྡིག་ཅན་ལ་ནས། མ་དྷ་ལ་ཧཱུཾ་ཕཊ། སྒྲུབ་ཁོག་ནས་སོ་ལྔ་པའི་མཇུག་ཏུ་འགོ་བའི་ལྷ་པྲ་དེ་ཤ་ཡ་ཕཊ། ཨུ་ཙ་ཌ་ཡ་ཕཊ་དང་གནད་གདམས་ནས། ལྷ་དབྱེའི་དམིགས་པ་བདག་དང་དཀྱིལ་འཁོར་གྱི་ལྷ་སོགས། སེར་ནག་གྲུ་གསུམ་སོགས་ཤློ་ཀ་གཉིས་པོ་འདོན་པ་བསྒྱུར། ས་བཅད་གསུམ་པ་ལྷ་དང་བྲལ་བ་ལ་གཤིན་རྗེ་ལྷ་ཚོགས་སོགས་ཤློ་ཀ་གཅིག་པོའི་ཐོག་མཐའ་བསྒྱུར་བའི་གཅོད་ལྷ་དམིགས་གདགས། མཚམས་ཡང་དག་ལྟར། ཨ་སྔགས། ཀྲོ། སྐྱོབ་ཏིང་ངེ་འཛིན། བྱེད་འཐོར་བ། གུ་རྫས། གུལ་སོགས། ཐལ་མོ་ཕྱག་རྒྱ། རྒྱབ་སྤྲད་སོར་མོ་བསྣོལ་བ་ཡང་ཡང་ཕྲལ་བའི་ཚུལ། ཧོཿ དཔལ་ཆེན་སོགས་དམོད་པ། བཞི་པ་རྟ་མགྲིན་ནི། གནད་གདམས་ཀྱི་དམ་ཚིག་ཆེན་པོའི་དུས་ལ་བབ། དབང་དུ་སྡུས་ལ་རྡུལ་དུ་རླག༔ ཡང་ཁྲག་འཐུང་སྐུ་ལས་སྤྲུལ་པའི་ཕོ་ཉ་ནི་ནས། མིང་བྱང་འདི་ལ་གནས་པར་མཛོད། སོ་ལྔ་པ། དགྲ་བགེགས་བཛྲ་ཨངྐུ་ཤ་ཛ༔ རཏྣ་སྤཪྴ། པད་མ་ས་སྥོ་ཊ། ཀརྨ་གྷནྡྷ་སོགས། གནད་གདམས་ཀྱི་གནོད་བྱེད་འགྱེལ་ཐབས་སུ་སོགས། དམར་ནག་གྲུ་གསུམ་སོགས་ཤློ་ཀ་གཉིས། ས་བཅད་བཞི་པ་རྣམ་ཤེས་གཟུགས་ལ་དབབ་པའི། ལྷ་དམིགས་གདགས། རྟ་མགྲིན་ལྷ་ཚོགས་ཤློ་ཀ་གཅིག །སྔགས་པདྨཱནྟ་ཀྲྀཏ། ཏིང་ངེ་འཛིན། སྤྱི་གཙུག་ནས་བསྟིམ་པ། རྫས། ཡུངས་ཀར་མི་ལག །མཐེ་བོ་སྦྲེལ་བའི་ཐལ་མོ་ཁ་སྦུབ། ཕྱག་རྒྱ། ཧོ་དཔལ་ཆེན་པོ་ལྔ་པ་ཕུར་མ་ནི། ཡང་(༥བ)


GLG024_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྙིང་ནས། ཆེ་མཆོག་བཅོལ་དམ་ཟེར་བ་འདི་ཡིན། ཡོན་ཏན་ལྷ་ཚོགས་འཁོར་བཅས་དཔལ་ཆེན་ཁྲག་འཐུང་ཞེས་འདོན་པ་བསྒྱུར་ནས་བཀའ་དགུ་གཅིག་ཏུ་བྱེད། ཀྱི་ནས། རླག་བྱེད་དོགས་ཀྱི་རྗེས་དམ་ཉམས་དགྲ་བགེགས་འབྱུང་པོ་འདིའི། ཡུལ་མཁར་ཞིང་དང་བཅས་པ་འབུལ། བཅོལ་ལོ་གཏད་དོ་གཉེར་དུ་ལོང་། །བཅོལ་བས་མི་བཞེད་མི་སྲིད་དོ། །གཏང་བས་མི་ཐུབ་མི་སྲིད་དོ། །བཟུང་བས་ཤོར་བ་མི་སྲིད་དོ། །ཤུལ་དྲོངས། ལྗང་ནག་གྲུ་གསུམ་སོགས་ཤློ་ཀ་གཉིས། ས་བཅད་ལྔ་པ་བྱད་དུ་གཞུག་པ་ནི། ཕུར་པའི་ལྷ་ཚོགས་ཤློ་ཀ་གཅིག །ཀཱི་ལཱ་སྔགས་ཡ། བྱད་ཐག་གི་ཏིང་ངེ་འཛིན། དྲུ་བུ་ལྟར། རྫས། ཡུགས་སྐྲ་ཚོན་སྐུད་སྔོ་དམར། དྲུ་བུའི་ལག་ཕྱག་རྒྱ་དོགས་ལྟ་བུ། ཧོ་ཕུར་པ་དྲག་པོ། དྲུག་པ་འདི་ཉེས་པ་བསྒྲག་པ་ཡིན་པས། མ་མོའི་ཁྲབ་དུ་འདུས་ཀྱང་རུང་ལ་མ་འདུས་ཀྱང་རུང་། མ་མོ་ནི། གབ་སྦས་དོན་སྙིང་ལས། དུག་ལྔ་འདུས་པའི་འབྲས་བུ་ལ་ནས། སྤྱན་མིག་ཟླུམ་པོར་ང་ལ་ལྟོས། གནད་གདམས་ནས། སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག་ནས་ཐུགས་རྗེའི་ཐབས་ཀྱིས་བསྒྲལ་བར་བྱ། སྨུག་ནག་གྲུ་གསུམ་སོགས་ཤློ་ཀ་གཉིས། ས་བཅད་དྲུག་པ་སྨྱོ་རུ་གཞུག་པ་ནི། དམོད་པ། མ་མོའི་ལྷ་ཚོགས་སོགས་ལྷ་དམིགས་གདགས། ཤློ་ཀ་གཅིག །སྔགས། གུ་ཧྱ་ཛྙཱ་ན། དུག་ཏིང་ངེ་འཛིན། ཆར་གྱི་འབོག་པ། བཙན་དུག་རྫས་ར་དུག་ཐང་ཁྲོམ་སྨྱོན་ཁྲིག །སོར་མོ་ཕྱག་རྒྱ་གཟིངས་པ་མཁྲིག་མ་སྤྲད་ལ་འཁོར་ལོ་ལྟར་བསྐོར། ཧོ་མ་དམོད་པ་མ་མོ་དྲག་པོ། བཀའ་ཕྱི་མ་གཉིས་ཀྱི་གོང་དུ་བསྒྲལ་བ་ལ། གསང་རྫོགས་སྒྲུབ་ཁོག་ལྟར་བྱས་ཀྱང་རུང་རྒྱས་པ་ཕུར་པ་ཡང་གསང་སྤུ་གྲིའི་སྒྲུབ་འབུམ་ལྷན་ཐབས་ལྟར་གུ་གུལ་སྦྱར་བ་ནས་མཱ་ར་ཡ་ཕཊ། ཡུངས་ཀར་རྒྱལ་པོ་ནས་མཱ་ར་ཡ་ཕཊ། རཀྟ་ཁོལ་མ་ནས། མཱ་ར་ཡ་ཧཱུཾ་ཕཊ། རྫི་དུག་གི་དུད་སྤྲིན་ཁྲོད་ནས་ཁྲོ་ཆུང་སྐར་ལྟར་འཁྲུག་པས་དགྲ་བགེགས་བརླག་པར་བསམ། རིག་པ་ཡེ་ཤེས་ཀྱི་ཕུར་པ། ཚད་མེད་སྙིང་རྗེའི་ཕུར་པ། སྦྱོར་མཚམས་བྱང་སེམས་ཀྱི་ཕུར་པ། མཚན་མ་རྫས་ཀྱི་ཕུར་པ་དང་བཞི་ལས་ཕྱི་མ་བསྐྱེད་པ་ནི། ཉམས་ལེན་གནད་གདམས། བདག་གི་ལག་པ་གཡས་པའི་སོར་མོ་ལྔ་ནས། སྲིད་གསུམ་(༦ན)


GLG024_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་ནུས་པའི་དབང་ཐོབ་པར་བསམ། ཕུར་པ་དྲིལ་ཞིང་གནད་གདམས་ནས། ཧཱུཾ་བདག་ཉིད་ཁྲག་འཐུང་ཧེ་རུ་ཀ །གཡས་པ་ཐབས་ཀྱི་རང་བཞིན་ལ་ནས། ཕུར་པ་རྫུ་འཕྲུལ་དང་ལྡན་པར་བསམ་མོ། །བདག་དཔལ་ཆེན། ཕུར་པ་ཡཀྴ་ཀྲོ་ཏ། ལིངྒ་དགྲ་བགེགས་སུ་གསོལ་བ་སུམ་ལྡན་གྱིས། བདེ་གཤེགས་ཀྱི་བསྐུལ། ཕོ་ཉ་སྒོས་བསྐུལ་ཕུར་ཐུན་ཆོམ་བསྐུལ་ཏེ་བསྐུལ། གསུམ་ལ་ཆོས་ཚན་སོ་སོར་ཡོད་པའི། ཕུར་ཐུན་ཚོམ་བསྐུལ་ནས། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ་ནས། གནོད་བྱེད་དགྲ་བགེགས་རྡུལ་དུ་རློག །རྣམ་ཤེས་སྦར་བ་ལ། གནད་གདམས་ནས་ཨེ་མ་ཁམས་གསུམ་སེམས་ཅན་རྣམས་ནས། སཾ་ཧ་ར་ཎ་ཧཱུཾ། ཨོཾ་སྲུང་ཕྱིར་ཀླད་ལ་ལན་གསུམ་གཡས་སུ་བསྐོར། བཛྲ་མ་ཧཱ་ཀྲོ་དྷ། པདྨ་མི་བཟློག་པའི་ཕྱིར་སྐེད་པ་ལ་ལན་གསུམ་གཡོན་དུ་བསྐོར། ཀྲོ་ཏཱ་ཤྭ་རཱི། བཛྲ་ཀཱི་ལི་གཟིར་ཕྱིར་ལན་གསུམ་མདུན་དུ་བསྒྲིལ། ཀཱི་ལཱ་ཡ། མཕོ་བརྒྱུད་འགུགས་ཕྱིར་གཡས་སུ་ཆ་རྔམ་ཧཱ་ཡཀྴ། ཀཱ་དབང་དུ་སྡུད་ཕྱིར་མདུན་དུ་ལན་གསུམ་བསྒྲིལ། ལ་རུ་པ། ཀརྨ་རཾ་རཾ་མོ་བརྒྱུད་འགུགས་ཕྱིར་གཡོན་དུ་ཆ་རྔམ། ཛྭ་ལ་རཾ་དགྲ་བགེགས་འབྱུང་པོ་མཱ་ར་སྙིང་གར་འདེབས། ཡ་ཕཊ། དམིགས་པ་གཟས་པོའི་སྙིང་གར་ཚེའི་ངོ་བོ་ཨའི་རྣམ་པ་ཐིག་ལེ་དཀར་པོ་བ་ཐག་གི་རྣམ་པའི་དབུས་ནས་རྣམ་ཤེས་ནྲྀ་ལྗང་གུ་ཡོད་པ་ཕུར་རྩེས་འཕྲལ་ནས་ནྲྀ་ཕུར་རྩེར་ཕཊ་གསུམ་ཧཱུཾ་གསུམ་ཡོད་པའི་ཧཱུཾ་ལ་ཐིམ། ཕུར་རྩེ་རང་ལ་ཡ་ཙམ་བྱས་པས་ཚེ་སྙིང་གར་བསྡུ། ངག་ནས་ཕཊ་གསུམ་དྲག་ཏུ་བརྗོད་པས་བསྐུལ་ཏེ་ཧཱུཾ་གསུམ་འོག་མིན་གྱི་དཔལ་ཆེན་གྱི་གནས་གསུམ་དུ་ཐིམ། དེ་ཡང་ཐུགས་ཀར། དེ་མགྲིན་པར། དེ་སྤྱི་བོར་ཐིམ་པ་བྱང་ཆུབ་སེམས་སུ་གྱུར་པ་དྷཱུ་ཏིའི་ལམ་ནས་བརྒྱུད་དེ་ཡུམ་གྱི་མཁར་ཕབ་པ་རྒྱལ་བའི་སྲས་སུ་བསྐྲུན་ནོ། །དགྲ་བོའི་སྐྱེ་བ་འདིའི་འཁོར་བ་རྩད་བཅད་ཟིན་ཀྱང་། འཁོར་བ་ལས་ཕྱིར་མི་བཟློག་པའི་ཕྱིར་དུ། སྒྲུབ་ཁོག་གི་གདབ་སྔགས་རྒྱས་པའམ། ཡང་བཀའ་སོ་སོའི་སྔགས་གཤམ་དུ། ཕུར་པ་ལ་མི་སྦྱོར། བཛྲ་ཀཱི་ལི་ཀཱི་ལཱ་ཡ་(༦བ)


GLG024_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་བིགྷྣཱན་བཾ་དགྲ་བགེགས་མཱ་ར་ཡ་ཧཱུཾ་ཕཊ་སྦྱར་ནས། ཆེ་མཆོག །སྲེག་རྩ་འོག །ཡང་དག །སྙིང་སྟེང་། གཤིན་རྗེ། དཔྲལ་བ། རྟ་མགྲིན། མགྲིན་པ། ཕུར་པ། ལྟེ་བ། མ་མོ་གསང་གནས། རིགས་འཛིན། སྤྱི་བོ། དྲེགས་པ། བརླ་གཡས། སྟོབས་ལྡན་བརླ་གཡོན། གྱི་ཕུར་པ་འདེབས་པ་གཏོར་བཟློག་ལ་ཕུར་པ་གཅིག་པོ་གནས་དགུར་འདེབས། དེ་རྗེས་ཕུར་ཐུན་ཚོམ་བསྐུལ་ལས། ཐུན་བདུན་ནམ་དགུ་འདེབས་པ་ཡིན་ཀྱང་ཁྲོ་རོལ་གྱི་གཏོར་བཟློག་ལ་རྒྱས་པར་བྱེད་པའི་ཕུར་བུ་དྲིལ་ཞིང་། གབ་པ་དོན་སྙིང་ནས། ལྕགས་སམ་གདུག་ཕུར་པ་སྐོར་རྒྱུ་མེད་ཀྱང་བུད་སྐོར་ཉམས་ལེན་གནད་གདམས་ན་ལྕགས་སམ་ནག་པོའི་ཤིང་ཟེར་པ་ཡོད་པ་དེ་འདིར་དོན་གྱིས་ཚང་བས་བྱེད་མི་དགོས། པའི་ཤིང་རྣམས་ནས། བྱད་ཟོར་ཐམས་ཅད་བཟློག་ཏུ་གསོལ་གྱི་བར་ལ་བཀའ་སོ་སོ་ལ་བརྟེན་ནས་ཕུར་བཟློག་སྦྱར་བ་རྣམས་བྱེད། བྷྱོས་གདབ་པ་ནི་གབ་པ་དོན་སྙིང་ནས། ང་ནི་སྔགས་འཆང་རྒྱལ་པོ་ཡིན་ནས་བྷྱོ་བྷྱོ་བྱད་མའི་ཐོག་ཏུ་བྷྱོ། ཕུར་ཐུན་ཚོམ་བསྐུལ་གྱི། རྡོ་རྗེ་ཕུར་པ་ཀཱི་ལཱ་ཡ་སོགས། དེ་བཞིན་དུ། ཡུངས་ཀར་ཆེ་མཆོག །རཀྟ། མ་མོ། མཚེ་མདའ། དྲེགས་པ། འབྱུང་བའི། ཡང་དག །ཐོགས་མེད། གཤིན་རྗེ། དམོད་པ། སྟོབས་ཆེན་གསང་རྫོགས་ན་བདུན་ལས་མི་འདུག་ཀྱང་། བདེ་འདུས་ནས་ཁ་བཀང་ཆེ། ཟངས་ཕྱེས་ལུས་རྟ་མགྲིན། སེམས་དབང་དུ་སྡུད། དབང་ཆེན་ཡོངས་རྫོགས་གར་གྱི་སྐུ། དགྲ་བགེགས་རྡོ་རྗེ་རིགས་འཛིན། ཐལ་ཆེན་ཐབས་ཀྱིས་གནོན། དཔའ་བོ་ཡོངས་རྫོགས་གྱད་ཀྱི་སྐུ། དགྲ་བགེགས་སོགས་འདི་གཉིས་བསྣོན། ཕུར་པས་གཏུབ་པའི་ཚུལ་གྱིས་གདབ་ཅིང་། ཉམས་ལེན་གནད་གདམས་ནས། ང་ནི་དུས་གསུམ་བཞུགས་པ་ཡི་ནས། མཱ་ར་ཡ་ཛཿཛཿ རལ་གྲིས་གཏུབ་ཅིང་། གབ་པ་དོན་སྙིང་ནས། ཆེ་མཆོག་སྤྲུལ་པའི་བཤན་པ་འབུམ་ནས་དྲག་བྱེད་ཤུགས་ཀྱིས་འཕྲིན་ལས་མཛོད་ཀྱི་བར་བཀའ་བརྒྱད་བཀའ་སྡོད་དང་བཅས་པའི་བར་ཐམས་ཅད་ལ་ཡོད་པ་ཆང་བར་བྱེད། སོ་ལྔ་པ་ལ་ནྲྀ་ཏྲི་མཱ་ར་ཡ་རྦད་སྦྱོར། མཆོད་བསྟོད་ནི་ཉམས་ལེན་གནད་(༧ན)


GLG024_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ནས་རུངས་ཤིག་རྡོ་རྗེ་འབར་བའི་གཏུན་ནས། ཀྲོ་ཏ་ཡ་ཁ་ཐམ། མཐིང་ནག་གྲུ་གསུམ་སོགས་ཤློ་ཀ་གཉིས། ས་བཅད་བདུན་པ་གཏུན་དུ་བརྡུང་བ་ནི། དྲེགས་པའི་ལྷ་དམིགས་གདགས། ལྷ་ཚོགས་ལ་ཤློ་ཀ་གཅིག །སྔགས་བཛྲ་ཙཎྜ། ཐུན་ཚར་གྱི་ཏིང་ངེ་འཛིན་དམར་ཉོག་སོང་། ཐོ་བ་མགོ་དགུ་ཟུར་གསུམ། སོར་མོ་ཕྱག་རྒྱ། ནང་བསྡམས་ཀྱི་རྩེ་བསྣོལ་བས་མཐིལ་གཉིས། ཧོ་མཆོད་དམོད་པ། བསྟོད། དམོད་པ་དྲག་སྔགས་གསང་རྫོགས་ལས་བྱང་གི་དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཞལ་ཕྱེ་ཞིག་ནས། ཞལ་དུ་ལིང་རོའི་སྟོད་ནས་ཕྱེད་ཙམ་སྟོབ། ཁ་རཾ་ཁཱ་ཧི། མཐིང་ནག་གྲུ་གསུམ་སོགས་ཤློ་ཀ་གཉིས། ས་བཅད་བརྒྱད་པ་ཞལ་དུ་སྟོབ་པ་ནི་དྲག་ལིང་རོ་བཏུབ་པའི་ལྷག་གང་ཡོད་སོན་འདི་ཡན་ལ་སྤྱི་སྟོབ་ཟར། པོའི་ལྷ་ཚོགས་སོགས་ཤློ་ཀ་ལྷ་དམིགས་གདགས། གཅིག བཛྲ་སྔགས། ཏིང་ངེ་འཛིན་སརྦ་རྗེས་མེད་དུ་གསོལ་བ། མི་རྐང་གི་གཟར་བུ་ཝལ་མོ་གཟིངས་ཕྱག་རྒྱ། པ། ཧོ་དམོད་པ་དྲག་སྔགས་དམོད་པ། གབ་པ་དོན་སྙིང་ནས། ཧཱུཾ་དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་རྣམས། གནམ་ས་ཙམ་གྱི་ཞལ་འདི་ལ་སྟོབ་པའི་ཚིག་མང་པོ་ཡོད་པ་རེ་རེ་བཞིན་ལིང་ཆུང་མ་བསྒྲལ་བ་རེ་འབུལ་ཞིང་། དེ་རྗེས་ཚིག་དང་བསྟུན་ནས་སྨན་དང་རཀྟ་འབུལ། དེ་མན་གྱི་སྟབ་པའི་ཚིག་ཆ་ལ་དངོས་སུ་ལིངྒ་འབུལ་རྒྱུ་མེད། གདོངས་ལ་ནས་མ་ཧཱ་བྷ་སུ་ཏ་ཁཱ་ཧི། རྒྱས་པ་བཀའ་སོ་སོ་བསྡུ་ན། ཆེ་མཆོག་ཐམས་ཅད་དཔལ་ཆེན་ཁྲག་འཐུང་དུ་བསྒྱུར་ནས། ལྷན་ཅིག་ཏུ་འགྲོ་བ་བྱ། གཏོར་མ་འབུལ་བ་ནི་གབ་པ་དོན་སྙིང་ནས། འཇིག་རྟེན་སྣོད་བཅུད་གཏོར་མར་བཅས་ནས། བྷ་ལིནྟ་ཁཱ་ཧི། དམར་སྦྲེང་བ་ཐོག་མར་གཏོར་མ་རྣམས་ལ་རཀྟ་སྦྲེང་ཞིང་། དེ་ནས་ཁྲག་གི་རྒྱ་མཚོ་འདི་ལ་རོལ་ཟེར་བའི་ཚིག་བྱུང་རེས་ཀྱིས་བཟེད་ཞལ་ནང་དུ་རཀྟ་འཕྱར། རཀྟ་ཤར་ར་སོགས་ལ་འཕྱར་རོ། །ནི། གབ་པ་དོན་སྙིང་ནས། སྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་འདིར། གཏི་མུག་ཁྲག་གི་རྒྱ་མཚོ་འཁྱིལ་ལི་ལི་ནས། དེ་སོགས་འཕྲིན་ལས་སྒྲུབ་ཏུ་གསོལ། ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཀྱི་ཞལ་དུ་མ་ཧཱ་མཾ་ས་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། བཀའ་གཞན་ཚོར་བསྒྱུར་རྩིས་ཧ་ཅང་མངས་པས། སྨུག་ནག་གྲུ་གསུམ་གྱི་ཚབ་ཏུ། ཁྲོ་བོ་རོལ་པའི་དུར་(༧བ)


GLG024_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཆེན་པོ་ནས༔ ཆེ་མཆོག་གི་ཚབ་ཏུ་དཔལ་ཆེན་ཁྲག་འཐུང་བྱེད་རཀྟས་དགྱེས་ཏེ་རྐན་སྒྲ་དང་བཅས་གསོལ་བར་མོས། ལིངྒར་ལྷག་མར་སྨན་རཀ་སྦྲན་པ་གཏོར་མའི་མདུན་དུ་བཞག །སྔགས་བཟློག་གཞུང་ནས་དམིགས་པ་བླངས་ཏེ་བཟློག་གཞུང་བཀའ་བརྒྱད་བཀའ་སོ་སོའི་བཟློག་པ་རེ་རེ་བཞིན་གྱི་མཇུག་ཏུ། དམ་ཉམས་འབྱུང་པོ་འདི་ལ་ད་རོལ་ཅིག་གི་ཚིག་གི་སྐབས་ལིང་རེ་སྟོབ། ཀ་དཀྱུས་གཅིག་ཏུ་བཀའ་སྲུང་ཡན་རྫོགས་པར་གཏོང་། དེ་ནས་སྔགས་བཟློག །ཟོར་འཕེན་ཉིན་བསྡུ་ན་དྲག་སྔགས་སོ་ལྔ་པས་གོ་ཆོད་མཛད། ཆེ་མཆོག་གི་གཙོ་འཁོར་ཀུན་གྱི་སྔགས་རེ་རེ་བཞིན་གྱི་གཤམ་དུ་རྦོད་གཏོང་བྷྱོ་བཏགས་ནས་མཐར་སྔགས་སྒྲུབ་ནས་ཆེ་མཆོག་གི་ཤམ་བུའི་སྔགས་རྣམས་འདོགས་དེས་ཡང་དག་སོགས་ལ་འགྲེ། གཏོང་། དེ་ནས་སྔགས་བཟློག་ནས་དམིགས་པ་ལེན། རྩང་གྱེར་བྱེད། སྣང་ཞིང་སྲིད་པས་བསྡུས་པ་ཡི་ནས། ཆོས་དབྱིངས་སྐྱེ་མེད་ངང་དུ་བཟློག་གི །ཕྱིའི་གཏོར་མས་འཁོར་བ་མྱང་འདས་སུ་བཟློག །སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀུན་ནས། གཉིས་མེད་སངས་རྒྱས་ཉིད་དུ་བཟློག་གི་ནང་གི་གཏོར་མས་སེམས་ཅན་སངས་རྒྱས་སུ་བཟློག །གཏི་མུག་མ་རིག་འཕྲུལ་བ་ནི་ནས། དམན་སེམས་ངན་པ་བཟློག་ཏུ་གསོལ་གྱི་གསང་བའི་གཏོར་མས་དུག་ལྔ་ཡེ་ཤེས་ལྔར་བཟློག །གཟུགས་ཀྱི་ཕུང་པོ་གནས་གྱུར་པའི། ཞེས་པ་ནས་བཟུང་སྟེ་རྡོ་རྗེ་དྲིལ་བུ་ཉིད་དུ་བཟློག་ཅེས་པས་ཕུང་པོ་ཡེ་ཤེས་ལྔ་དུ་བཟློག་གོ །ཡང་བཟློག་ཏྲིག་ཁྲོཾ་མ། བྱ་ལུང་རྒྱ་མཚོ་འདི་ནས་ཁྱུང་བཟློག་རྫོགས་པའི་བར་བདག་མདུན་དབྱེར་མེད་དབུ་ལ་ཁྱུང་གིས་བརྒྱན་པར་བསྒོམ། ནས་དད་པ་དང་ནི་དམ་ཚིག་གི་ནས། ས་མཱ་ཡ་ཛཿཛཿའི་བར་གྱི་ཁྱུང་སྤྱན་འདྲེན། བྱ་ཁྱུང་རྒྱལ་པོ་ག་རུ་ཌ་ནས། པཱུ་ཛ་མེ་གྷ་ཧཱུཾ་གིས་མཆོད་པ་འབུལ། འདབ་ཆགས་རྒྱལ་པོ་བྱ་ཁྱུང་ག་རུ་ཌ་ནས། ལྟས་ངན་མ་ལུས་བཟློག་པའི་འཕྲིན་ལས་ཀྱིས་བསྟོད་ཅིང་ཕྲིན་ལས་བཅོལ། བཀའ་བརྒྱད་ཀའི་བཟློག་གཞུང་ཟིན་པའི་མཇུག་ཏུ་ཁྱུང་བཟློག་ཡོད་པ་ནི། བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །དབུ་ནི་ཉེར་གཅིག་ཕྱག་ནི་བཞི་བཅུ་གཉིས་ནས་དེ་ཡི་ལྟས་ངན་སླར་ལ་བཟློག་ཅིག །བྱ་ལུང་རྒྱ་མཚོ་(༨ན)


GLG024_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གུད་དུ་སྦས་པའི། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཡི། །ཐུགས་ཀྱི་ཐུགས་མཆོག་འཕར་བ་ལ་ནས། དེ་ཕྱིར་བསྐང་དང་བཟློག་པ་གསུང་བསྐང་ངོ་བསྐལ་བ་སོགས་ཀྱི་ཚིག་ལྷག་ཕྲན་བུ་འདུག །བཟློག་གཞུང་དངོས་གཞིའི་འཕྲོའི་ཁྱུང་བཟློག་མཇུག་ན། ཁྲོ་རྒྱལ་ཁམས་གསུམ་ཧཱུཾ་སྒྲ་ཅན་ནས། ལྟས་ངན་དམིགས་ཀྱིས་བསྒྲལ་དུ་གསོལ་གྱི་བར་ཚིག་དགུ་ཡོད་པ་དེ་བྱེད། འདེབས་བྱ་ཁྱུང་བསྒྲུབ་སྔགས་བཟླ་ཞིང་བྱུང་ན་ཐུན་ཡང་བྱེད། བྱང་བུ་ཁྱུང་སོ་སོར་འདོགས་ལུགས་མན་ངག་ལྟར་བྱ། ཀ་དགུའི་དུར་ཀེ་དུ་སོགས་སྔགས་རེའི་གཤམ་དུ། སྨུག་ནག་གྲུ་གསུམ་དཀྱིལ་འཁོར་ནས་སོགས་ཀྱི་སྨྲེང་གཏོང་དབུས་ཀྱི་དཔལ་རྒྱལ་མཚན་དགུའི་སྔགས་བྲི་རྒྱུ་མན་ངག་ལྟར་བྱ། ཆེན་གཏོར་མའི་སྟེང་ནས། བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར་གྱི་རྒྱལ་མཚན་དགུའི་བཟློག་པ་བྱེད། འདི་ཡན་ཉིན་སྟེར་གཏོང་། བྱ་ལུང་ནས་བདེ་གཤེགས་ཞི་ཁྲོ་བཀའ་བརྒྱད་དཀྱིལ་འཁོར་དུ། སྤྲུལ་པའི་ཁྱུང་གི་ལྟས་ངན་བཟློག་པ་ནི་ནས། ཆགས་ཆེ་ལྟས་ངན་བཟློག་ཏུ་གསོལ་གྱིས་ཁྱུང་ཟོར་འཕེན་ཉིན་ཁྱུང་རྣམས་གཏོར་མ་ནས་བཏོན་ཁྱུང་པྲ་བརྟག་པའི་སྔགས་བཟླ་ཞིང་ནས་ཆག་གིས་བྲབས་ནས་བརྟག་པ་བྱེད་པ་ཡང་འདུག །ལྔ་བསྐལ། གླུད་རྫོངས་བྱེད་ལས་ཕྲན་བཅུ། ཉ་བོ། ཉ་བཙུན་སོགས་སོ་སོའི་རྫས་དག་བཅས་ཞབས་དཀྲིས་ཀྱི་མཐའ་སྐོར་དུ་བཤམ་སྨྲེང་། རྒྱུ་ནི་རིན་ཅེན་ངར་ཟན་ལ་ནས། ཁྲོ་རྒྱལ་བདུད་རྩི་འཁྱིལ་པས་བཟློག་གི་གཞུང་ཚིག་དང་བསྟུན་ཀ་ཊོ་ར་ལྟ་བུར་ཉ་བོ་སོགས་སྡེ་ཚན་རེ་རེ་ནས་ལྡུག་པ་སྒོ་བར་དུ་བསྐྱལ། ཚུར་ལམ་མནན་པའི་སྟེང་ནས་གཏོར་གཞོང་སྦུབ་ནས་བྲོ་བརྡུང་། རྔ་མོ་ཁྱུང་ཞོན་གྱི་ལྟོ་བར་ཁྱུང་འཁོར་བསྡུས་པ་འཇུག །ཤོག་རྫར་ཚར་མ་འདོགས། རལ་པ་ལ་བུད་མེད་སྡེར་འཛིངས་སོགས་གཤོག་པའི་ལྟས་ངན་གྱི་གཟུགས་ཚོ་ཤོག་བུར་དཔེ་ཆུང་དང་གཞུང་བསྟུན་པ་བྲིས་ལ་རྒྱབ་ནས་སློང་། རྔ་མོའི་དཔྲལ་བ་དཔུང་པ་སོགས་ལ་སྐྱེས་པ་སྔགས་པ་སོགས་འཛུགས་རྒྱུ་ཟན་པར་རམ། ཙཀླི་གང་རུང་། རྩིབས་གཡོན་ལ་ངར་གླུད་བཟོས་པ་སྨྱུག་མ་ཕྲ་མོར་འཛུགས། རྫས་སོགས་གཞན་ན་གསལ། གྲོད་(༨བ)


GLG024_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཁྲག་བླུད་ཡན་བདག་གི་ལོ་གྲངས་ཀྱི་རྡེའུ་ལྡུག་ཁ་ལ་མིག་བྲིས་པ་སྐེ་ལ་འདོགས། ཟོར་ཀོང་བཅུ་གསུམ་གྱི་བསྐོར་གཡང་གཞིའི་གདན་སོགས་བཤམ། རྔ་མོ་ཁྱུང་ཞོན་གྱི་སྨྲེང་། ཐུན་མོང་མ་ཡིན་པ་ཟེར་བ་ནས། དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །བཟློག་བསྒྱུར་བྱེད་པའི་ཕོ་ཉ་མོ་ནས། ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག་དང་། དེའི་མཇུག་ཏུ། རྔ་མོ་སྟེང་ན་ཞོན་པ་ཡི་ནས། ཐམས་ཅད་འདུལ་བའི་དུས་ལ་བབ་ཀྱི་བར། ཁྱུང་གི་རལ་པ་སྤྱུགས་པ་ཡི་ནས། དེ་ཡི་ལྟས་ངན་སླར་ལ་བཟློག་གི་བར་དང་། ཁྲོ་རྒྱལ་ཁམས་གསུམ་གཉིས་པོ་གོང་གི་ཁྱུང་བཟློག་ནི་ཡོད་པ་འདིར་ལེན། ཡང་རྔ་མོང་སྟེང་ན་ཞོན་པ་ཡི་ནས། ལྟས་གཞུང་མི་གཅིག་པ་རྒྱས་པ་འདི་འདྲ་ཞིག་ཀྱང་འདུག །ད་ལྟ་མཛད་མི་ཉུང་བྱེད་ན་ཁྲོ་རྒྱལ་ཁམས་གསུམ་སོང་ནས་བྱེད། ངན་གནོད་སྡིག་དགྲ་ལ་བཟློག །ལྟས་ངན་བརྒྱད་ཅུའི་བཟློག་ཐབས་ཡོད་པའི། རྔ་མོ་ཁྱུང་ཞོན་ནས་རྒྱུད་ནས་གདོང་གཤོག་རྭ། །རྐང་མཆུ་སོགས་ཀྱི་ལྟས་ངན་བརྒྱད་ཅུའི་བཟློག་པ། མི་བྱོལ་སོང་གཅན་གཟན་གཟུགས་སྐྱེས་པ་ནས། རྔ་མོང་གཟུགས་ཆེན་འདི་ཡིས་བཟློག །གང་བྱུང་དངོས་སུ་བཟློག་ཏུ་གསོལ། དམར་ཆེན་༴། ལྟས་ངན་༴། སྤུ་གྲི་ཀ་མ་ལ་ནས་མག་ག་ལྟས་ངན་བཟློག་པ་སྨྲེང་། ཁྲོ་རྒྱལ་ཁམས་གསུམ་ཧཱུཾ་སྒྲ་ཅན་ནས། སྡེ་བ་འཁྲུག་པའི་ལྟས་ངན་ཡིན། བཟློག་གོ་༴། བསྒྱུར་རོ་༴། བརྒྱ་བཟློག་གི །དང་པོར་བྷྱོ་ཡིས་མི་གདབ་ཏུ་ནས། བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། འདྲེ་མོ་བོང་ཞོན་ལ་སྨྲེང་ཁུངས་ཐུབ་མི་འདུག་པས་འོས་ལྟས་ཁ་འདི་ལ་སྔགས་དང་དམིགས་པ་སོགས་མན་ངག་གབ་པ་དོན་སྙིང་ན་གསལ༔ སྔགས་དྲ་ནས་ཐག་ཁར་ཁ་ཤས་ཀྱིས་གཏད། བསྒྱུར་ནས་བྱེད། བཅས་སོགས་གབ་པ་དོན་བདུན་ནས་བྱེད། རྗེས་ནི། ཐོག་ཏུ་མཆོད་པ་ཕུད་སྐོངས་གསེར་སྐྱེམས་རྒྱས་པ་ཉི་མ་ཤར་ཕྱོགས་མ་ཡང་དེ་དང་ལྷན་དུ་བྱེད། དང་བསངས་གཏོང་། གསེར་འདིར་གསེར་སྐྱེམས་བསྡུས་པ་ཞིག་བཏང་ཡང་རུང་མོད་བཀའ་དཔེ་མ་མ་དགོས། སྐྱེམས་བཏང་། མདོས་ལམ་འཐེན། བདེ་འདུས་རྣམ་བཤད་ལས་ཧཱུཾ་ཧ་ཧེ་ཕཊ་བྷྱོ་རི་ཞེས་གཏོར་མའི་ཡེ་ཤེས་པ་བདག་དབྱེར་མེད་དུ་ཁྱུང་སྤྱན་འདྲེན་ནས་བཟུང་འདབ་མང་ན་དབྱེར་(༩ན)


GLG024_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡིན་ནས། འདིའི་དུས་བདག་མདུན་དབྱེར་མེད་ལས་གཏོར་མ་ལོགས་སུ་ཕྱེད་ནས་ཤ་ཁྲག་ཏུ་བྱིན་གྱིས་བརླབས་ནས་འཕུལ་པའི་དོན། བསྡུས། གཏོར་མ་ཤ་ཁྲག་ཏུ་བརླབས། ཤར་ཕྱོགས་སྒོ་མ་རྟ་གདོང་དཀར་སོགས་ཀྱི་སྒོ་དབྱེ། གཏོར་དྲིལ་ནི་དབུས་མཐའ་མེད་པའི་ཆོས་དབྱིངས་ཆེན་པོ་ནས་ཞེས་པ་ནས། བྷྱོ་བཟློག་བསྒྱུར་བའི་འཕྲིན་ལས་མཛད་དུ་གསོལ་ཞེས་པའི། དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལའི་ཚིག་བྱུང་དུས་ཐོག་མར་ཞི་བའི་ཟླུམ་གཏོར་གྱི་སྐྱུ་གུ་གཙོ་གཏོར་ལ་བསྒྲིལ། དེས་གཞན་ལ་དགོངས་ཤིག་མཁའ་འགྲོ་དམ་ཅན་རྣམས་ཀྱི་ཚིག་སླེབས་པ་དང་བཀའ་སྲུང་གི་གཏོར་མ་དྲག་སྔགས་ཀྱི་མདུན་དུ་སྤགས། དེའི་མདུན་དུ་གླུད་ཡས་ཟ་ལམ་མ་བསྐྱལ་རིགས་དཔེར་ན་ཡང་དག་གི་གཏོར་མ་སྨྱུ་གུ་གཅིག་ཆེ་མཆོག་ལ་དྲིལ། འགྲེ །ཡང་དག་གི་གཏོར་མ་ཆེ་མཆོག་གི་མདུན་དུ་སྤགས། དེས་ཀུན་ལ་འགྲེ །གཏོར་དྲིལ་གྱི་གོ་དོན་ཐ་དད་དུ་ཞེན་པ་དག་པའི་ཕྱིར་གཏོར་མ་ཐམས་ཅད་གཅིག་ཏུ་དྲིལ་ནས་ལྷ་ཚོགས་རྣམས་ལ་འབུལ་བའི་དོན་ནོ། །གཏོར་མའི་ཕྱོགས་གང་འོས་སུ་ཚོགས་ལྷག་ཀྱང་བཤམས་ནས་ཕུད་ལྷག་གཉིས་ཀ་ལ་སྨན་རཀ་སྦྲེང་། ཚོགས་ལྷག་བཏང་། ཚོགས་ལྷག་རོ་མ་ནས་ཟོར་གཏོར་དང་། སྲིན་མོ་ཟ་ལམ་མར་ལྡུགས། ཆད་མཐོ་བཏང་བས་ཚིག་ཐ་ཚོགས་ལྷག་ནས་གཏོར་ཟོར་ལ་བླུག་པའི་སྟབས་ཀྱིས་སྨན་རཀ་སྦྲེང་། མའི་ཚེ་བཀའ་སྲུང་རྣམས་ཀྱི་གཏོར་མ་ཁྱེར་བར་བསམ་ཞིང་། སྐད་ཅིག་ལ་གཏོར་མ་བཀའ་སྲུང་དམག་དཔུང་དུ་ཤེས་པར་དེ་ནས་དར་འཕྱར་དུང་འབུད་སོགས་གོ །གསར་རེ་ལམ་དུ་འཇུག །བྱ། མཐིལ་དུ་སླབ་ནས་དམོད་བྱང་བྱེད། གསེར་སྐྱེམས་གཟུ་དཔང་། འབྲུབ་ཁུང་བསྐྱེད། དགུགས་འདྲེན། མཐིང་ནག་མེ་དཔུང་འབར་བའི་ཀློང་དཀྱིལ་ནས་བཟུང་། བཛྲ་གྷནྡྷེ་ཧོཿས་སྒོ་མ་རྒྱུག །ལྷ་དབྱེ་བྱེད། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ་སོགས་དང་། ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ་སོགས་ཀྱི་མཐར་སོ་ལྔ་པས་ཕུར་པ་གདབ། ཟོར་ལ་ལྕགས་ཕུར་ཡན་པ་གཅིག །གཏོར་ཆུང་། མདའ། འུར་རྡོ། ཀང་ཟོར་དུ་ཐུན་བླུག་པ། ཀོང་ཟོར་དུ་དུག་བླུག་པ། མི་བསད་པའི་གྲི་རྣམས་སྒྲུབ་པའི་དུས་ནས་ཚོགས་པར་བྱས་པ་འདིར་ལིངྒ་ལ་བརྡེག་ཅིང་། བསྐུལ་གསང་རྫོགས་སྒྲུབ་ཁོག་(༩བ)


GLG024_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཧཱུཾ། བྷྱོ་སྡང་བའི་དགྲ་བགེགས་དམ་སྲི་འདི་ནས་ཡོངས་རྫོགས་ཟོར་གྱིས་རྡུལ་དུ་རློག་གིས་བསྒྲལ། དཔལ་ཆེན་རྔམས་པའི་ཞལ་དུ་སྟོབ་སོགས་ཀྱིས་སྟོབ་པ་བྱ། སྲིན་མོ་ཟ་ལམ་མའི་ཤམ་ཐབས་སོགས་གབ་པ་དོན་བདུན་ཡོད་ཅིང་། བྷྱོ་བྷྱོ་བྷྱོ། བཟློག་བྱེད་མ་གཅིག་སྤྱན་འདྲེན་ནོ། །སྒྱུར་བྱེད་མ་གཅིག་སྤྱན་འདྲེན་ནོ། །ཞེས་པའི་ཚིག་རྐང་གཉིས་ནས་སྨྲེང་། བཟློག་གཞུང་ནས། སྲིན་མོ་ཟ་ལམ་གོམ་པ་བདུན་དུ་འདས་པའི་ཕ་རོལ་ན་ནས། བསྒྱུར་རོ་མ་མོའི་ཁྲམ་སྣ་དགྲ་ལ་སྒྱུར་གྱི་བར་བཏང་ནས་གཏོར་མ་འཕེན་སར་འགྲོ ། འདིའི་དུས་སྦྱིན་བདག་གཏོར་རྒྱབ་པ་སོགས་ཀྱིས་ཐུན་བྲབ། བོན་པོས་ཤང་དཀྲོལ། བྱིས་པས་འུར་རྡོའི་ལྗག་སྒྲ་སོགས་བྱེད་སྲོལ་ཡོད། ཕྱི་རོལ་ཏུ་སླེབས་ནས་གསེར་སྐྱེམས། རྒྱས་པར་བྱེད་ན་ལས་བྱང་གི་མ་ཉེས་དཔང་དུ་དཀོན་ཅོག་བཞུགས་སོགས་ཤློ་ཀ་གཅིག །གོང་གི་གཏི་མུག་གཤོལ་མདའ་ཟོར་རྒྱབ་ནས་བཟུང་། ལྔ་ཕུང་ལུས་ལ་གྲི་ཟོར་རྒྱོབ་ཀྱི་བར་དང་། བདེ་འདུས་ཟོར་ལས་འབྲིང་པོ་ནས། ཁྲག་གི་གོང་བུ་ལ་ཆང་འདིས་ཞེས་པ་ནས་བཟུང་སྟེ། རྦད་འདྲེ་རྦོད་གཏོང་གནོད་པ་བཟློག་གི་བར་དང་། སྲིན་མོ་ཟ་ལམ་མས་གཞན་ཡང་བཟློག་ཅིག་བསྒྱུར་བ་ནི། ཞེས་པ་ནས། ཕྱེ་མ་ཕྱེ་མ། བརླག་བརླག །བྷྱོ་བྷྱོའི་བར་དང་བཅས་ཏེ་གཏོར་མ་སོགས་རྒྱབ། ཆོས་ཀྱི་དབྱིངས་ནས་རང་བྱུང་སོགས་ཀྱི་བསྐུལ་འདིར་མི་དགོས། གཏོར་མ་ཟོར་དུ་བསྒྱུར། གོང་གི་ཆོས་ཀྱི་དབྱིངས་རང་བྱུང་སོགས་ཀྱི་བསྐུལ་ནས་སྒྲུབ་ཁོག་དང་སྔགས་སྒྲུབ་ནས་བཤད་པའི་དམིགས་པ་བྱ། གཏོར་གཞོང་དུ་ཁྲག་ཆང་འབྲུ་བླུག་སྟེ་བསྟན་མ་བསྐྱང་། ཁྱུང་ནག་གཤོག་པ་བརྐྱང་པ་ཞལ་ཕྱིར་གཟིགས་པས་ཟོར་ཚུར་མི་བཟློག་ཅིང་ཕར་སོང་བར་བསམས་ནས། ཁྲོམ་བསྟན་སྐྱོང་གི་སྔོན་ལ་ཁྱུང་གི་མཚམས་གཅོད་འདི་བྱས་ན་ལེགས། གྷ་རུ་སོགས་སྒྲུབ་ཁོག་ལྟར་བྱ། སྒོ་དྲུང་དུ་སླེབས་ནས་ཕྱིར་བསྙེགས་བཟློག་ཕྱིར་བདུད་པྲ་མ་སོགས་བརྗོད་ཐལ་མོ་བརྡབ། ལས་ཕྲན་བཅུའི་གཟུགས་ཚོ་མནན་པའི་སྟེང་ནས་བྲོ་བརྡུང་། མེ་ཆུའི་རྒྱས་འདེབས། ནང་དུ་སླེབས་ནས་ཚེ་གཏོར་རམ་གྷུ་རུའི་གཏོར་མ་ལ་བརྟེན་ནས་ཚེ་འགུགས། སྒྲུབ་ཁོག་གི་ཉེར་དྲུག་པའི་བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས་དམ་དང་སོགས་ཚིག་(༡༠ན)


GLG024_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་དྲུག་གིས་ཚེ་ནང་མཆོད་ཀྱིས་ཐུས་ཆང་དང་གཏོར་ཟན་འགྱེད། མདུན་བསྐྱེད་ཀྱི་དཀྱིལ་ཁྱུང་གི་སྤྱན་འདྲེན་ནས་བདག་མདུན་དབྱེར་མེད་དུ་སོང་ཟིན་པས། ནང་དུ་ལག་ནས་བདག་མདུན་དབྱེར་མེད་མཆོད་པ་མ་གཏོགས་མདུན་དུ་གསལ་མི་འདེབས། འཁོར་གསལ་འདེབས། མཆོད་བསྟོད། ཨཱ་ལི། ཀཱ་ལི། ཡིག་བརྒྱ་བརྗོད། སྒྲུབ་ཁོག་གི་སོ་གཅིག་པ་ནས་ཨཱོཾ་ཨཱཿཧཱུཾ་རྒྱལ་བ་ཞི་ཁྲོ་རྡོ་རྗེ་སློབ་དཔོན་དང་སོགས་ཀྱི་རྒྱུན་བཤགས། དཀྱིལ་འཁོར་བསྡུ་ཆོག་རྒྱུན་སྤྱོད་ལས་བྱང་ལྟར་དང་། སྒྲུབ་ཁོག་གི་བཅུ་དྲུག་པ་རང་ལུས་བསྲུང་བ། སྨོན་ལམ་བཀྲ་ཤིས་བརྗོད། གཤིན་རྗེའི་ཁྲམ་ཁ་བཟློག་པ་སོགས་འདེབས་ཀ་དགུ་དང་། ཉ་བོ། ཉ་སོགས་ལས་ཕྲན་བཅུ་པོ་རྒྱུན་དུ་བྱེད། སྲིའུ་གསོ། ཤྭ་བཟློག །ཤི་ཁ་གཅོད་པ། གསེ་ཁ་བཅིངས་པ། སྨྱོ་བཟློག །སེར་བསྲུང་། ནད་ཡམས་གཅོད་པ། ཚེ་བསྲིངས། ནད་པ་བསྲུང་བ། ཞོ་ཆང་སྲུང་བ། འོ་ཞོ་སྲུང་བ་སྟེ་ལས་ཕྲན་བཅུ་གཅིག །ནད་རིམས། སྒོ་ཆགས། ནད་པ་འཆི་ཤན་མ་ཕྱེད་པ། ཁ་སྨྲས་ནད་པ། ནད་ཡམས། ཕུར་ཁ། ལྟས་ངན། དཀར་མཛོད་མི་འཕེལ། ལ་ཉེས། གཡང་ཤོར། སྲིའུ་རྟ་ཕྱུགས་མི་འཕེལ་བ་རྣམ་བཟློག་བསྲུང་སྟེ་ཁ་བསྒྱུར་བཅུ་གསུམ་མི་ཕྱུགས་ལོ་ཏོག་གསུམ་བསྲུང་བ། རྦོད་གཏོང་གཡུལ་ཤྭ་གསུམ་བཟློག །དགྲ་བསད་གནོན་བསད་གཉིས་མེད་དུ་རྟོགས་པ་བསད་པ་གསུམ། དགྲ་གདོན་ངག་མནན་པ་དང་བཅས་པའི་ཁ་བསྒྱུར་བཅུ་གཉིས། ཡབ་ལ་བརྟེན་ནས་མདོས། ཡུམ་ལ་བརྟེན་ནས། སྐེག་བསྒྱུར་པ་སོགས་རྒྱུན་དུ་མི་དགོས་ལ་གལ་ཏེ་དམིགས་བསལ་དགོས་པ་བྱུང་ན་བཅའ་གཞི་སྒྲུབ་པའི་དུས་ནས་བསྒྲིགས་ཏེ་བྱེད་པ་ཕྱག་ལེན་ཡིན་ནོ། །ངེས་གསང་ཆོས་ཚུལ་རྒྱ་མཚོ་ལྟ་བུར་ཟབ། གནད་འགག་གབ་དཀྲུགས་རྒྱ་ཡིས་རྣམ་པར་སྤྲས། །གསལ་བར་བསྟན་ཀྱང་དཔྱོད་པར་མ་ཤེས་སོགས། །བློ་ཆུང་ཕལ་ཆེར་འཁྲུལ་པའི་དྲ་བར་ཆུད། །དེ་ཕྱིར་ཚུལ་འདིར་འབད་པས་རབ་སྦྱངས་ཀྱང་། །ཤེ་བར་བརྩོན་འགྲུས་ཆེས་དམན་ལེ་ལོ་སོགས། །རྣམ་(༡༠བ)


GLG024_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

གཡེང་ཁོལ་པོ་ཟ་ཧོར་སྔགས་བཙུན་གྱིས། །བརྗེད་ངས་དགྲ་ལས་རྒྱལ་ཕྱིར་ཅུང་ཟད་བཀོད། །ཕ་མེས་རིགས་ཀྱི་ཡི་དམ་ཞི་ཁྲོ་ཡི། །སྨིན་གྲོལ་གདམས་པར་མོས་པའི་བློ་ལྡན་ཀྱང་། །སྦྱང་སྟོབས་གོམས་འདྲིས་ཆུང་བས་ནོར་འཁྲུལ་དག །མཆིས་ན་རྩ་བ་གསུམ་ལ་མཐོལ་ལོ་བཤགས། །གནམ་སྐས་ཀླུ་བདུད་ལྟོ་བའི་ཟབ་གཏེར་རྒྱུན། །ཉང་སྟོན་དམ་པའི་ཕྱག་ལེན་དྲི་མ་མེད། །དཔྱད་གསུམ་དག་པའི་ཏམ་བུ་ར་ཡི་རྒྱུད། །བཀྲ་ཤིས་སྙན་པའི་སྒྲ་དབྱངས་སྒྲོག་གྱུར་ཅིག། །།

གཏེར་ཁ་འོག་མའི་གསང་འདུས་གཞུང་དང་ལེའུ་བརྒྱད་པ་བསྡེབས་པའི་ལས་བྱང་རྩ་གསུམ་དགྱེས་པའི་རོལ་གར།


GLG024_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཁ་འོག་མའི་གསང་འདུས་གཞུང་དང་ལེའུ་བརྒྱད་པ་བསྡེབས་པའི་ལས་བྱང་རྩ་གསུམ་དགྱེས་པའི་རོལ་གར་བཞུགས་སོ། །


GLG024_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་སྶརྦྦ་བུདྡྷ་ས་མཱ་ཛེ་ན་པདྨཱ་ཀ་རཱ་ཡ་ཨཱ་སིདྡྷི་པྲ་ཡཙྪ། འཆི་མེད་ཚེ་དབང་རིགས་འཛིན་ས་བརྙེས་གཞོམ་གཞིག་བྲལ་བ་རྡོ་རྗེའི་སྐུ། །མཐའ་ཡས་གདུལ་བྱར་འཚམ་པའི་ཆོས་སྟོན་ཡན་ལག་དྲུག་ཅུ་ནཱ་དའི་གསུང་། །ཤེས་བྱར་སྲིད་ཚོན་ཤེལ་ལ་ཇི་བཞིན་རྣམ་པ་ཐམས་ཅད་མཁྱེན་པའི་ཐུགས། །ཡོན་ཏན་བྱེ་བའི་གཏེར་གྱུར་ཨྱོན་སངས་རྒྱས་གཉིས་པ་རྒྱལ། །མགོན་ཁྱོད་གཞན་ནས་མི་འཚོལ་རང་གི་སེམས། །ངེས་པ་དོན་གྱི་པདྨ་ཐོད་འཕྲེང་དུ། །གནས་ལུགས་རང་ངོ་སྤྲོད་པའི་བཀའ་དྲིན་ཅན། ཁྱབ་བདག་བླ་མ་རྣམ་གཉིས་གཙུག་ན་བསྟེན། །དེ་ཕྱིར་སྙིང་དབུས་ཟངས་མདོག་དཔལ་རིའི་རྩེར། །རྟག་ཏུ་འདུ་འབྲལ་མེད་པའི་རིགས་ཀྱི་བདག །མཚོ་སྐྱེས་རྡོ་རྗེ་སྣང་གསུམ་ཟད་པའི་མཐར། །འཁྱོལ་མིན་དེ་སྲིད་སླུ་མེད་གཏན་གྱི་སྐྱབས། །ར་གན་གསེར་ཆུས་བྱུགས་པའི་གཏེར་བརྫུས་མཁན། །མ་ཞིག་ཞིག་པོར་བརྫུ་བའི་རིགས་མིན་པ། །འཁྲུལ་མེད་གཏེར་སྟོན་རྒྱལ་པོ་ཆོས་ཀྱི་དབང་། །སྲས་སློབ་བརྒྱུད་པའི་(༢ན)


GLG024_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་ཕྱག་གི་ཡུལ། །གང་གི་ཐུགས་གཏེར་ཡང་ཟབ་བླ་མའི་སྐོར། །ཀུན་གྱི་ཁ་སྐོང་ལས་བྱང་ལེའུ་བརྒྱད། །གསང་འདུས་གཞུང་དག་མན་ངག་གསུང་རྒྱུན་བཞིན། །སྤེལ་ལེགས་ཕྲེང་མཛེས་བློ་གསལ་ཐོད་དུ་ཆིངས། །དེ་ཡང་བཀའ་རྩིས་ལས། བླ་མའི་ཐུགས་སྒྲུབ་ཐུགས་དམ་ཁྱད་འཕགས་སྐོར༔ གཙོར་བཏོན་དགོས་པ་ཀུན་འབྱུང་ཐུགས་གཏེར་གཅིག༔ ལྷོ་བྲག་གནམ་སྐས་ཅན་གྱི་བྲག་ལ་མཆིས༔ ཐུགས་གཏེར་ལྔ་ལས་ཁྱད་འཕགས་འདི་ཁོ་ན༔ ཅི་ཕྱིར་ང་ཡི་སྙིང་ནོར་མིག་འབྲས་ཡིན༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་གསུང་གི་སྤྲུལ་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གནམ་སྐས་བྲག་ནས་སྤྱན་དྲངས་པའི་གཏེར་ཆོས་ཀྱི་གཙོ་བོ་ནི། དེ་ཉིད་ལས། བླ་མའི་གསོལ་འདེབས་སྒྲུབ་པའི་ཆོས་མང་གི༔ རང་དང་དབྱེར་མེད་སྒྲུབ་ཆོས་འདི་ན་མཆིས༔ དེ་གང་ཞེ་ན་བླ་མའི་ཐུགས་སྒྲུབ་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་བླ་མའི་སྒྲུབ་སྐོར་མང་(༢བ)


GLG024_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཞུགས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ། ཇི་སྐད་དུ། འོན་ཀྱང་ཀུན་གྱི་མཐར་ཐུག་པ༔ ཐུགས་སྒྲུབ་གསང་བ་འདུས་པ་ཡིན༔ཞེས་གསུངས་པ་ལྟར་ཐུགས་སྒྲུབ་གསང་བ་འདུས་པའི་སྐོར་ནས་ལེའུ་བརྒྱད་པར་མི་གསལ་བ་རྣམས་ཁ་བཀང་སྟེ་ཚེས་བཅུའི་མཆོད་པའི་ཉམས་ལེན་ཆོག་ཁྲིགས་སུ་བཀོད་པ་ལ། ༈ དཔལ་༡ ལྡན་༢ སངས་རྒྱས་༣ པདྨ་སྐྱེས ༤༔ ཀུན་མཁྱེན་༥ ཡེ་ཤེས་༦ མཛོད་འཛིན་༧ པ ༨༔ སངས་རྒྱས་ཀུན་གྱི་རང་བཞིན་ཅན༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་འདུད༔ བསོད་ནམས་ཚོགས་རྫོགས་བྱང་ཆུབ་ཕྱིར། །སྒྲུབ་པའི་ལས་བྱང་ལེའུ་བརྒྱད་དེ། །སྔོན་༡ འགྲོ་སྒྲུབ་༢ རྫས་སྤྱན་༣ དྲང་མཆོད། །འཛབ་༥ བཟླས་༦ བཀང་བསྐུལ་༧ མཐའ་༨ རྒྱས་སོ། །ཞེས་བྱུང་བའི་ལས་བྱང་དང་གཞུང་དུ་མི་གསལ་ཡང་དཀྱིལ་འཁོར་འདྲི་བ་སོགས་གཤོམས་ཀྱི་སྔོན་དུ་མི་སྣང་བ་ལ་ས་བསླང་བ་ནི་བླ་མ་ཡོངས་རྫོགས་ལས་ཞི་བ་བྱང་ཆུབ་སེམས་ཀྱི་ངང་ནས་རང་ཡི་དམ་དུ་བསྒོམས་ཏེ་བྱ་བར་གསུངས་པས་དཀར་གཏོར་ཞིག་བཤམས་ལ། རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུཾ་གིས་སྦྱངས་སྤེལ་བསྒྱུར། བྷཱུ་མི་ལ་ཏི་ས་པ་རི་ཝཱ་ར་ས་མཱ་ཛཿས་མགྲོན་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨ་དྱ་ནུཏྤ་ནྣ་ཏྭཱད། ཨཱོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ནས། ཇི་ལྟར་སྔོན་གྱི་དབང་མཛད་ལྟར། །བདག་ནི་བྱང་ཆུབ་ངེས་བསྒྲུབ་ཕྱིར། །ས་བདག་ཁྱེད་ལ་གཏོར་མ་འབུལ། །ས་འདི་བདག་སློང་སྦྱིན་དུ་གསོལ། ཞེས་འདོད་དོན་གསོལ་ནས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ་ས་རང་གནས་(༣ན)


GLG024_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཤེགས་སུ་གསོལ་ལོ༔ དེ་ནས་དང་པོ་སྔོན་དུ་འགྲོ་བའི་ལེའུ་ལ་གསུམ་ལས། ལས་བྱང་དུ་མཚམས་གཅོད་ཀྱི་རྗེས་ལ་སྐྱབས་སེམས་མཛད་པ་ཁྲིད་དང་འབྲེལ་བའི་སྐབས་ལགས་ཀྱང་སྤྲུལ་སྐུ་ཆོས་ལྡན་པའི་ཆོག་ཁྲིགས་བཞིན་ཐོག་མར་སྐྱབས་སེམས་མཛད་པ་སྤྱི་དང་མཐུན་པ་སྤྲོས་བཅས་ཀྱི་སྐབས་འཇུག་པ་བདེ་བ་ཡིན་ནོ། །དང་པོ་སྐྱབས་སུ་འགྲོ་བ་ནི། ན་མོ་བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་ཅོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་འཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའོ༔ གསུམ་པ་མཚམས་བཅད་པ་ནི༔ གཏེར་ཁ་གོང་མ་ལས། ཧཱུཾ་ཧྲཱིཿབླ་མ་རྣམས་ཀྱི་བྱིན་རླབས་དང་༔ ཡི་དམ་ལྷ་ཡི་ཏིང་འཛིན་དང་༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་གཅོད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ དེ་ནས་མཚམས་གཅོད་ཀྱི་སྟང་སྟབས་དང་བཅས༔ རང་གཏེར་ལས། ཧཱུཾ། ང་ནི་ཡེ་ནས་ངང་གི་ཁྲོཿ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང་༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨཱོཾ་ཨཱཿཧཱུཾ་ཧྲཱིཿགུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུཾ་ཕཊ༔ ལེའུ་གཉིས་པ་སྒྲུབ་རྫས་ལ་གསུམ་གྱི་དང་པོ་སྒྲུབ་རྫས་དངོས་ནི། གོང་གིས་བསླང་བ་དང་འབྲེལ་བར་སྟེགས་བུ་(༣བ)


GLG024_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

བརྩིག་པ། ཆག་ཆག་གདབ་པ། ཐིག་ཚོན་ལྷག་གནས་ཐིག་གདབ། དཀྱིལ་འཁོར་འདྲི་བ་བུམ་པ། བྷནྡྷ། སྐུ་འབག །ཕྱི་ནང་གསང་མཆོད། སྨན་རཀ་གཏོར་གསུམ། ཚེ། གལ། དུང་ཆེན། རྔ། དྲིལ་བུ། དྷ་རི། གླིང་བུ། བླ་བྲེ། རིན་ཅེན་སྣ་བདུན། བཀྲ་ཤིས་རྫས་བརྒྱད། ཟླ་ཁྲོམ། ཟླ་རྒྱས། ཛ་གད། ཛ་ཏི། འཇམ་དེས། ཀུན་ཏུ་རྒྱུ། སྤང་ན་སྐྱེས། ཚ་བ་གསུམ། ཤེལ་སྒོང་། ཐང་པ། ཚམ་པོ། སི་ཐོག །བྱ་དཀར་མ། ཀར་ཤ་ནི། བི་ཤུདྡྷ་སོགས་ཡོ་བྱད་རྣམས་གཞུང་དང་ལས་བྱང་བརྒྱད་ལྡན་དམ་པའི་གསུང་འགྲོས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བྱ། བསྡུ་ན་རས་བྲིས། ཚོམ་བུ། གཏེར་མ་ལའང་བརྟེན་དུ་རུང་ཞིང་ས་བཅད་ཀྱི་དབང་གིས་འདིར་བྲིས་པ་ལས་ལག་ལེན་གྱི་སྐབས་ཐོག་མར་དགོས་པའི་གནད་ཀྱི་རིམ་པ་འཕྲུལ་ཤེས་དགོས་སོ། །མཆོད་རྫས་བྱིན་གྱིས་བརླབ་པ་སྔགས་རྐྱང་གིས་རུང་ཡང་། ལས་དང་པོ་པ་རྣམས་ལ་གསལ་འདེབས་ཀྱི་ཚིག་གལ་ཆེ་བས་གཏོར་དབང་གནད་ཀྱི་ཤོག་གཅིག་མ། སྨན་ལུང་ཆོས་ལྡན་པ་དང་། རིགས་འཛིན་ཆེན་པོ་རཏྣ་གླིང་པའི་ཐུགས་སྒྲུབ་འབྲུ་འགྲེལ་གྱི་དགོངས་པ་དང་བསྟུན་ནས་ངག་འདོན་ཚིགས་བཅད་དུ་བསྡེབས་པ་ལེགས་པར་མངོན་པས། ཨཱོཾ་སྭ་བྷཱ་ཝ་བི་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་བ་ཤུདྡྷོ྅ཧཾ༔ རཾ་ཡཾ་ཁཾ་གིས་མཆོད་རྫས་སྐྱོན་རྣམས་སྦྱངས། །ཡཾ་རཾ་ཀེཾ་ལས་རླུང་མེ་མི་མགོ་ཡིས། །སྒྱེད་པོའི་སྟེང་དུ་ཨ་ལས་ཐོད་པའི་ནང་། །འབྲུ་གསུམ་རིགས་ལྔ་ཡབ་ཡུམ་ས་བོན་རྣམས། །འཕྲོས་ལས་ཤ་ལྔ་བདུད་རྩི་ལྔའི་རང་བཞིན། །སྨན་གཏོར་(༤ན)


GLG024_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟའི་ངོ་བོ་རྒྱ་མཚོ་ཆེ། །སྨན་གྱི་ཐོད་པ་ཉི་ཟླའི་ཁ་གཅོད་ཅན། །ཟླ་བར་དབྱངས་དང་ཉི་མར་གསལ་བྱེད་མཚན། །དེ་དབུས་རྡོ་རྗེའི་རྩེར་ཨཱཿལྟེ་བར་ཧཱུཾ། །ཡར་མར་རྭ་ལ་ཨཱོཾ་ཧཱུཾ་སྭཱ་ཨཾ་ཧཱུཾ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་རིགས་ལྔར་གྱུར། ཨཱོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋ༔ ཨཱོཾ་ཨཱཿཧཱུཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱིཿཋ༔ ཨཱོཾ་ཨཱཿཧཱུཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་ཧཱུཾ་ཧྲཱིཿཋ༔ བརྗོད་པས་རླུང་གིས་མེ་སྦར་རྫས་རྣམས་ཁོལ། །འཆི་མེད་ར་ས་ཡ་ན་ཉེར་ཞུ་བའི། །རླངས་པ་རྡོ་རྗེའི་ཁོང་གསང་ལ་ཐོན་པས། །རྒྱལ་བ་ཀུན་མཆོད་མདུན་བྱོན་སྦྱོར་མཚམས་ནས། །བྱང་ཆུབ་རྡོ་རྗེའི་རྩེར་བབས་ཨཱཿའོད་ཞུ། །དེ་འོད་རིགས་ལྔར་ཕོག་ཞུ་ཧཱུཾ་ལ་འདུས། །དེ་ཞུ་དབྱངས་གསལ་ཉི་ཟླ་ཀུན་འདྲེས་པས། །བདུད་རྩི་ཕྱི་ནང་གསང་བའི་རྩ་བ་བརྒྱད། །ལྔ་ཆེན་བརྒྱུད་དང་ཡན་ལག་སྟོང་འདུས་པའི། །ཡེ་ཤེས་ལྔ་ཡི་རང་བཞིན་འོ་མའི་མཚོར། །ཟླ་བའི་འོད་ཟེར་ཤར་བ་ལྟ་བུར་གྱུར། །གཏོར་སྣོད་ལྕགས་རི་མུ་ཁྱུད་གཏོར་མའི་རྗེས། །གླིང་བཞི་རི་རབ་རྣམ་རྒྱལ་ཁང་བཟང་མཛེས། །རྒྱན་རྣམས་འདོད་ལྷ་དམ་རྫས་བཅུད་ཀྱི་འགྲོ། །ཟག་མེད་བདུད་རྩིའི་རང་བཞིན་རོ་བརྒྱའི་ཟས། །བླ་བྲེ་རྒྱལ་མཚན་འཕན་དར་ལེགས་བཀོད་པ། །ཀུན་བཟང་མཆོད་སྤྲིན་དགོས་འདོད་རེ་བ་སྐོང་། །རཾ་ཡིག་ཡོངས་གྱུར་ལྷ་མོ་གཱི་ཏཱི་དམར། །བདེ་བའི་འབྱུང་གནས་མཁའ་གསང་ལས་བབས་པའི། །བྱང་སེམས་དམར་པོའི་རང་བཞིན་རཀྟའི་མཚོ། །ཉི་མ་སྟོང་གི་གཟི་འོད་ལྟ་བུར་འབར། །མེ་ཏོག་སྤོས་ཁང་(༤བ)


GLG024_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

དུང་ཆོས་སྣང་གསལ་བཤོས། །སིལ་སྙན་འཛིན་པའི་མཆོད་ལྷ་སྒེག་ལྡེམ་ཅན། །རྟོག་མེད་རང་བྱུང་ལུས་ལས་ཡོངས་གྲུབ་པའི། །ནང་མཆོད་དུར་ཁྲོད་རྫས་ཀྱི་ཉེར་སྤྱོད་ཚོགས། །མཉམ་སྦྱོར་བཅུ་དྲུག་དགའ་བཞི་རབ་སྤེལ་བ། །གསང་མཆོད་བདེ་སྟོང་ཟུང་དུ་འཇུག་པར་གྱུར། ཨཱོཾ་ཨཱཿཧཱུཾ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནི་ཝི་དྱ། ཤཔྟ། སརྦ་པཱུ་ཛ་ཨཱོཾ་ཨཱཿཧཱུཾ༔ ཨཱོཾ་ཨཱཿཧཱུཾ་མ་ཧཱ་མཾ་ས། རཀྟ་ཀེཾ་ནྲྀ་ཏི། མ་ཧཱ་པཉྩ་ཨཱོཾ་ཨཱཿཧཱུཾ༔ ཨཱོཾ་ཨཱཿཧཱུཾ་བོདྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ སྨན་རཀ་གཏོར་གསུམ་གྱི་རྒྱུ་སྣོད་བཀོལ་བ་སོགས་ཐུན་མོང་དུ་དགོས་པ་དང་སོ་སོའི་དམིགས་བསལ་རྣམས་མ་འདྲེས་པར་གནད་ཤེས་པའི་དམིགས་རིམ་སྤྲོ་བསྡུ་དགོས་སོ། །གཉིས་པ་བཤགས་པ་བྱ་བ་ནི། ཧཱུཾ། བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆགས་སྡིག་སྒྲིབ་མཐོལ་ཞིང་བཤགས༔ བཛྲ་ས་མ་ཡ་བི་ཤུདྡྷ་ཡ༔ ཡེ་ཤེས་སྐུ་མཆོག་མའང་བྱ། གཞུང་དུ་མཆོད་པ། གསོལ་གདབ། དབང་བཞི་སོགས་གསུངས་པ་ཉམས་ལེན་ཁོ་ན་གཙོ་བོར་འདོན་ན་གལ་ཆེ་མོད། གར་འཆམས་སོགས་སྤྲོས་པ་ཆེ་བའི་དུས་ཆད་ལྷག་ཏུ་མི་འགྱུར་བས་བཏང་སྙོམས་སུ་བཞག་གོ །གསུམ་པ་བསྐྱེད་རིམ་སྒོམ་པ་ནི། གཏེར་གཞུང་སོར་བཞག་ལེགས་པར་མངོན་ཞིང་། སྤྲུལ་སྐུ་ཆོས་ལྡན་པས་ཨྱོན་ཟ་ཧོར་མ་བསྐྱེད་པར་གསུངས་པ་ནི་རཏྣ་གླིང་པ་དང་པདྨ་གླིང་པ་སོགས་ཀྱི་གཏེར་ཆོས་ཚད་ལྡན་ཚོར་ཡང་སྣང་ལ་(༥ན)


GLG024_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པའི་གསོལ་འདེབས་སུ་ཡོད་པ་སྐབས་སུ་བབས་པས་དཀྱུས་སུ་བཅུག་ཅིང་སྐུ་ལྔ་མཚན་བརྒྱད་མདོར་བསྡུས་པ་སོ་སོའི་མངོན་རྟོགས་དང་བསྟུན་ནས་གསུང་རྒྱུན་ལྟར་ཁ་བཀང་བ་འདི་ལྟར། ཨཱོཾ། ཆོས་སྐུ་མི་འགྱུར་རྡོ་རྗེ་སེམས༔ པདྨ་རྒྱལ་པོ་འདི་སྐད་སྨྲ༔ དང་པོར་ཆོས་རྣམས་དམིགས་མེད་ཅིང་༔ སྨྲ་བརྗོད་བྲལ་བར་རྫོགས་པ་ཆེ༔ བློ་འདས་ཆོས་སྐུ་མི་འགྱུར་པའི༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ བློ་བྲལ་དེ་ཡི་ངང་ཉིད་ལས༔ སེམས་ཅན་ཀུན་ལ་ཁྱབ་པ་ཡི༔ བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ འགྲོ་དོན་དཔག་མེད་བྱེད་པའི་སླད༔ རང་རིག་གསེར་གྱི་རྡོ་རྗེར་བསྒོམ༔ རྡོ་རྗེའི་འོད་ལས་གཞལ་ཡས་ཁང་༔ པདྨ་རིན་ཅེན་འབར་བ་སྤེལ༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང་༔ ལྟེ་དབུས་ཉི་ཟླ་པདྨའི་གདན༔ རྡོ་རྗེ་གནས་འགྱུར་དྲན་རྫོགས་སུ༔ རྟ་མགྲིན་དབང་ཆེན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་དབུ་ཡི་གཙུག༔ རྟ་མགོ་རྟ་སྐད་ཕྱོགས་བཅུར་སྒྲོག༔ ཕྱག་གཡས་དབང་སྡུད་གྲི་གུག་འཕྱར༔ ཕྱག་གཡོན་ཐོད་པ་ཁྲག་བཀང་གསོལ༔ རུས་པའི་རྒྱན་དྲུག་ཁ་ཊྭཱཾ་བསྣམས༔ གཡས་བསྐུམ་གཡོན་བརྐྱང་བདུད་བཞི་བརྫིས༔ ཉི་ཟླ་པད་སྟེང་འགྱིང་ཞིང་བརྗིད༔ གཡོན་ནས་རྡོ་རྗེ་ཕག་མོས་འཁྱུད༔ ཆ་ལུགས་ཡབ་འདྲ་སྤྱི་བོའི་གཙུག༔ ཕག་ཞལ་མཐིང་ཁ་ངུར་སྒྲ་སྒྲོག༔ གཞོན་ཚུལ་ནུ་མ་བྷ་ག་རྒྱས༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ འོད་ཟེར་རྡོ་རྗེའི་ཚ་ཚ་འཕྲོ༔ དེ་ཉིད་སྤྱི་གཙུག་ཉི་ཟླའི་སྟེང་༔ པདྨ་གེ་སར་སྡོང་པོ་ལ༔ བདག་(༥བ)


GLG024_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་པདྨ་ཐོད་ཕྲེང་རྩལ༔ ཨཱ་ཙརྱ་གཞོན་དཀར་སྨུག་ཞལ༔ རྡོ་རྗེ་བནྡྷ་ཁ་ཊྭཱཾ་བསྣམས༔ གསང་གོས་ཟབ་བེར་ཆོས་གོས་དམར༔ པད་ཞྭ་སྒྲོ་དར་མེ་ལོང་མཚན༔ སྙན་རྒྱན་མགུལ་རྒྱན་སྐྱིལ་ཀྲུང་བཞུགས༔ དེ་ཉིད་གནས་འགྱུར་དྲན་རྫོགས་སུ༔ རང་རིག་བླ་མ་རྡོ་རྗེ་འཛིན༔ རྡོ་རྗེ་སེམས་དཔའི་ཆ་ལུགས་སུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཅེར་བུ་སྤྱན་གསུམ་རུས་རྒྱན་ཅན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ ཕྱག་གཡོན་དྲིལ་བུ་ཡུམ་ལ་འཁྱུད༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ དེ་ཡི་ཕང་གཡོན་རིག་མ་ནི༔ ཡེ་ཤེས་མཁའ་འགྲོ་འཚོ་རྒྱལ་མ༔ བཅུ་དྲུག་ལོན་པ་གཞོན་ཚུལ་ཅན༔ པད་མདོག་ནུ་མ་བྷ་ག་རྒྱས༔ རིན་ཅེན་རུས་རྒྱན་ཅོད་པན་ཅན༔ ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད༔ ཕྱག་གཡོན་ཐོད་པའི་བདུད་རྩི་སྟོབ༔ ཞབས་གཉིས་ཡབ་ཀྱི་རྐེད་པ་འཁྲིལ༔ སྐུ་མདོག་དཀར་དམར་འཛུམ་མདངས་ཅན༔ སྐྲ་གྲོལ་གཅེར་བུ་འོད་ལྡན་བསམ༔ ཁོར་ཡུག་འཇའ་འདྲའི་དྲ་བར་བསྒོམ༔ བདག་ཉིད་ཆེན་པོའི་ཐུགས་ཀ་ནས༔ འོད་ཟེར་དཀར་པོ་ཧཱུཾ་འཕྲོས་པས། །ཞི་བའི་ལས་མཛད་ཐོད་འཕྲེང་རྩལ། །སྐུ་མདོག་དཀར་པོ་དར་དཀར་གསོལ། །རྡོ་རྗེ་ལྕགས་ཀྱུ་ཌཱ་དྲིལ་བསྣམས། །བདག་ཉིད་༴། འོད་ཟེར་སེར་པོ་སྭཱ་འཕྲོས་པས། །རྒྱས་པའི་༴། སྐུ་མདོག་སེར་པོ་དར་སེར་གསོལ། །རིན་ཅེན་ཞགས་པ་ཌཱ་དྲིལ་བསྣམས། །བདག་ཉིད་༴། འོད་ཟེར་དམར་པོ་ཨཾ་འཕྲོས་པས། །དབང་གི་༴། སྐུ་མདོག་དམར་པོ་དར་དམར་(༦ན)


GLG024_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །པདྨ་ལྕགས་སྒྲོག་ཌཱ་དྲིལ་བསྣམས། །བདག་ཉིད་༴། འོད་ཟེར་ལྗང་གུ་ཧཱ་འཕྲོས་པས། །མངོན་སྤྱོད་༴། སྐུ་མདོག་ལྗང་གུ་དར་ལྗང་གསོལ། །རྒྱ་གྲམ་དྲིལ་བུ་ཌཱ་དྲིལ་བསྣམས། །བདག་ཉིད་༴། འོད་ཟེར་སྣ་ལྔ་ཨཱོཾ་འཕྲོས་པས། །ཐམས་ཅད་ལྷུན་གྲུབ་༴། སྐུ་མདོག་སྨུག་པོ་ཟབ་བེར་གསོལ། །འཁོར་ལོ་དྲིལ་བུ་ཌཱ་དྲིལ་བསྣམས། །ཕྱོགས་མཚམས་རིན་ཅེན་ཟུར་བརྒྱད་ཀྱི། །འཛུམ་སྟེང་བར་སྣང་འཇའ་འོད་ཀློང་། །ཤར་དུ་པདྨ་འབྱུང་གནས་མཐིང་། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས། །གཡོན་པ་སྡིགས་མཛུབ་ཡུམ་ལ་འཁྱུད། །རྒྱན་དྲུག་གིས་སྤྲས་སྐྱིལ་ཀྲུང་བཞུགས། །ཤར་ལྷོར་པདྨ་སཾ་བྷ་ཝ། །དཀར་སྨུག་མདངས་ཅན་གཡས་ཐོད་པ། །རིན་ཅེན་དང་ལྡན་གཡོན་མཆོག་སྦྱིན། །དགེ་སློང་ཆས་མཛེས་གཞོན་ནུའི་ཚུལ། །ལྷོ་ཕྱོགས་བློ་ལྡན་མཆོག་སྲེད་དཀར། །ཐོད་རྔ་གཡས་ལ་པད་ཕོར་གཡོན། །བདུད་རྩི་ལྡན་པ་རིན་ཅེན་རྒྱན། །དར་དཀར་ལྷབ་ལྷུབ་ན་བཟའ་གསོལ། །ལྷོ་ནུབ་པདྨ་རྒྱལ་པོ་དམར། །ལྕགས་སྒྲོག་ཌཱ་རུ་གཡས་ན་བསྣམས། །མེ་ལོང་ཡིག་དྲུག་གཡོན་ན་འཛིན། །དར་དམར་ན་བཟའ་མཛེས་པར་ཀླུབས། །ནུབ་ཕྱོགས་ཉི་མ་འོད་ཟེར་སེར། །ཕྱག་གཡས་ཁ་ཊྭཱཾ་གཡོན་སྡིགས་མཛུབ། །ཉི་ཟེར་ཞགས་འཛིན་སྟག་ཤམ་ཅན། །རིན་ཅེན་རུས་པའི་རྒྱན་དྲུག་ལྡན། །ནུབ་བྱང་ཤཱཀྱ་སེང་གེ་སེར། །ཕྱག་གཡས་ས་གནོན་གཡོན་ལྷུང་བཟེད། །བདུད་རྩི་ལྡན་པ་ཆོས་གོས་དམར། །རབ་ཏུ་བྱུང་བའི་ཆ་ལུགས་ཅན། །བྱང་ཕྱོགས་སེང་གེ་སྒྲ་(༦བ)


GLG024_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག་མཐིང་། །ཕྱག་གཡས་ལྕགས་རྡོར་གཡོན་སྡིགས་མཛུབ། །ཐོར་ཚུགས་དར་དམར་དོར་སྟབས་བགྲད། །སེང་གེའི་སྟོད་སློག་སྟག་ཤམ་གསོལ། །བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག །སྟག་སྟེང་རབ་ཁྲོས་སྤྱན་གསུམ་བགྲད། །ཨམ་གཙིགས་ཨག་ཚོམ་གཡས་རྡོ་རྗེ། །གཡོན་པ་ཕུར་པས་དགྲ་སྙིང་གཟིར། །གཞན་ཡང་ཉི་དང་ཟེར་བཞིན་དུ། །བརྒྱུད་པའི་བླ་མ་ཐམས་ཅད་དང་། །དབང་བསྐུར་བྱིན་རླབས་ལུང་ཐོབ་ཅིང་། །མན་ངག་སྟོན་དང་ཤེས་རྒྱུད་གྲོལ། །འདྲེན་བྱེད་ལ་སོགས་བླ་མ་ཡིས། །སྟེང་ཕྱོགས་བར་སྣང་སྤྲིན་ལྟར་གཏིབས། །འོད་ཕུང་དཀྱིལ་དུ་བཞུགས་ནས་ཀྱང་། །བདག་ལ་བྱིན་གྱིས་བརླབ་པར་གྱུར། །ཕོ་བྲང་ཕྱོགས་བཞི་པད་འདབ་བཞི༔ དཀར་སེར་དམར་ལྗང་རིན་ཅེན་འབྲུའི༔ ནང་ཁོངས་ཞིང་གི་གདན་བཞི་ལ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དང་༔ རིན་ཅེན་མཁའ་འགྲོ་ཡབ་ཡུམ་དང་༔ པདྨ་མཁའ་འགྲོ་ཡབ་ཡུམ་དང་༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་རྣམས༔ སྐུ་མདོག་རིགས་ཀྱི་ཁ་དོག་ལ༔ འཁྲིལ་སྦྱོར་རྒྱན་དང་ཆ་ལུགས་རྣམས༔ གཙོ་བོ་ཡབ་ཡུམ་གཉིས་ལྟར་བསྐྱེད༔ སྣ་ཚོགས་པད་ཁོར་ཕྱི་མ་ལ༔ བདག་སྐྱོབ་ལྷ་དང་རིགས་འཛིན་དང་༔ རིགས་འདུས་མཁའ་འགྲོ་ཆོས་སྐྱོང་རྣམས༔ དངོས་གྲུབ་སྟེར་ཞིང་བར་ཆད་སེལ༔ གླུ་ལེན་གར་བྱེད་རོལ་མོ་སྒྲོག༔ འདོད་ཡོན་མཆོད་པ་སྣ་ཚོགས་སྟོབ༔ ཆར་སྤྲིན་གཏིབས་པ་ལྟ་བུར་གྱུར༔ ཨཱོཾ་ཨཱཿཧཱུཾ་གིས་གནས་གསུམ་མཚན༔ སྤྱི་དཔྲལ་རྣ་གོང་གཡས་ལྟག་གཡོན། །ཧཱུཾ་ཨཱོཾ་སྭཱ་ཨཾ་ཧཱ་ཡིག་རྣམས། རབ་(༧ན)


GLG024_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་རིགས་ལྔས་དབུ་བརྒྱན་གྱུར། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ནས། །ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག །ལེའུ་གསུམ་པ་སྤྱན་དྲང་བ་ལ་གསུམ་གྱི་དང་པོ་སྤྱན་འདྲེན་པ་དངོས་ནི། གཞུང་དུ་སོ་སོའི་ཡུལ་གྱི་མིང་སོགས་རྒྱས་པར་འདུག་པ་སྤྲུལ་སྐུ་སྨན་ལུང་པས་ཁྱེར་བདེར་མཛད་པ་དོན་ལ་ཚང་ཞིང་ལེགས་པར་སྣང་བ་འདི་ལྟར། ཧཱུཾ། སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨྱོན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སཾ་བྷ་ཞེས་སུ་གྲགས༔ བྱིན་གྱིས་༴ རཱ་ག་རཀྟའི་གནས་མཆོག་ཏུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་ཅེས་སུ་གྲགས༔ བྱིན་གྱིས་༴ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོ་ཞེས་སུ་གྲགས༔ བྱིན་གྱིས་༴ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་ཞེས་སུ་གྲགས༔ བྱིན་གྱིས་༴ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཀྱ་སེང་གེ་ཞེས་སུ་གྲགས༔ བྱིན་གྱིས་༴ མ་ག་དྷ་ཡི་གྲོང་ཁྱེར་དུ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོག་ཅེས་སུ་གྲགས༔ བྱིན་གྱིས་༴ (༧བ)


GLG024_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ཚང་སེང་གེའི་བསམ་གྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་ཅེས་སུ་གྲགས༔ བྱིན་གྱིས་༴ ཧཱུཾ། ཡུལ་གྱི་མིང་ནི་རྔ་ཡབ་གླིང་༔ ཟངས་མདོག་དཔལ་གྱི་རི་བོའི་རྩེར༔ པདྨ་འོད་ཀྱི་གཞལ་ཡས་སུ༔ གྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ སློབ་དཔོན་པདྨ་འབྱུང་གནས་ལ༔ པདྨ་ཐོད་ཕྲེང་རྩལ་དུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་༴ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བྱིན་འབེབས་ཀྱི་འགྲོས་དང་བསྟུན་པའི་འཛབ་དང་བཅས། ཧྲཱིཿ བདེ་ཆེན་འབར་བའི་གཞལ་ཡས་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ རིགས་བཞི་མཁའ་འགྲོ་གཤེགས་སུ་གསོལ༔ བདུད་འདུལ་གིང་བཞི་གཤེགས་སུ་གསོལ༔ དཔའ་བོ་དཔའ་མོ་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་དཔའ་བོ་མ་ལུས་དང་༔ རིགས་འཛིན་ཆོས་སྐྱོང་ཐམས་ཅད་སྤྱོན༔ དབུ་ལ་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་གྱི་ཅོད་པན་པུར་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ སིལ་སྙན་མང་པོ་སིལ་ལི་ལི༔ རྒྱན་ཆ་མང་པོ་ཁྲོལ་ལོ་ལོ༔ རོལ་མོ་མང་པོ་དིར་རི་རི༔ དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག༔ དཔའ་(༨ན)


GLG024_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་གླུ་ལེན་ཀྱུར་རུ་རུ༔ ཡི་དམ་ལྷ་ཚོགས་ཡལ་ལ་ལ༔ མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ༔ ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཅན་སྟོང་སྒྲ་སིལ་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤར་ར་ར༔ གཡས་ནས་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ནས་མོ་རྒྱུད་ཐིབས་སེ་ཐིབ༔ དཔལ་གྱི་རུ་མཚོན་ལྷབས་སེ་ལྷབ༔ མཁའ་འགྲོའི་བརྡ་སྐད་དིར་རི་རི༔ དཔའ་བོའི་བཤུག་པ་ཀྱུར་རུ་རུ༔ དཔའ་མོའི་གར་བྱེད་ཤིགས་སེ་ཤིག༔ ཧཱུཾ་གི་སྣང་གླུ་དིར་རི་རི༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བསྙེན་སྒྲུབ་ལས་གསུམ་གྱི་འཛབ་སྤེལ་ཚིག་ཅན་བཟླས་པས་བྱིན་ཐིབས་ཀྱིས་བྱིན་པར་བསམ། གཉིས་པ་བཞུགས་སུ་གསོལ་བ་ནི། ཉང་གཏེར་ལས། ཧཱུཾ། རིན་ཅེན་ཕོ་བྲང་ཉམས་རེ་དགའ༔ དུར་ཁྲོད་གཞལ་ཡས་བྱིན་རེ་ཆེ༔ པདྨ་འདབ་བཞི་མདངས་རེ་གསལ༔ རྟོག་མེད་རོ་གདན་བག་རེ་དྲོ༔ ཉི་ཟླ་བརྩེགས་པ་འོད་རེ་གསལ༔ བཞུགས་པའི་གནས་སུ་དང་རེ་སྤྲོ༔ གུ་རུ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་བྱིན་གྱིས་བརླབ་ཕྱིར་བཞུགས༔ མོས་པའི་བུ་ལ་ཞལ་བསྟན་འཚལ༔ གསུང་གི་གདམས་པའི་གནད་བསྒྲག་འཚལ༔ ཐུགས་ཀྱི་དགོངས་པའི་སྒོ་དབྱེ་འཚལ༔ འགྲོ་བའི་དོན་དུ་སྐུ་བཞུགས་འཚལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི། ས་མ་ཡ་ཏིཥྛ་ལྷན༔ གསུམ་པ་ཕྱག་འཚལ་བ་ནི༔ རང་(༨བ)


GLG024_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལས། ཨེ་མ་ཧོ། སྐྱེ་འགག་འགྱུར་མེད་འཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ ཐོད་འཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྤྲོས་བྲལ་བདེ་ཆེན་ཀུན་བཟང་མོ༔ རྡོ་རྗེ་སྨན་གཅིག་འཚོ་རྒྱལ་ཡུམ༔ བདེ་སྟོང་གཉིས་མེད་ཐབས་ཤེས་སྦྱོར༔ ཡབ་ཡུམ་གཉིས་མེད་ཕྱག་འཚལ་ལོ༔ བྱ་བྱེད་འདི་ཆོས་རྣམ་པར་དག༔ རང་བྱུང་ཐུགས་རྗེས་འགྲོ་བ་འདུལ༔ དབང་ཆེན་རྟ་མཆོག་ཡབ་ཡུམ་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ མཁའ་འགྲོ་གིང་ལ་ཕྱག་འཚལ་ལོ༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོལ༔ ཆོས་སྲུང་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ བཞི་པ་མཆོད་པའི་ལེའུ་ལ་གསུམ་ལས། དང་པོ་ཕྱི་ནང་གསང་མཆོད་འབུལ་བ་ནི། གཞུང་དུ་མཆོད་པ་སྔོན་འགྲོར་མཛད་ཅིང་ལས་བྱང་དུ་ཚོགས་ཀྱི་ཁོངས་སུ་བསྡུས་ཀྱང་སྤྲུལ་སྐུ་ཆོས་ལྡན་པའི་ཕྱག་ལེན་ལྟར་འདིར་སྐབས་སུ་བབས་པས། ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང་༔ ཞལ་དང་སྙན་དུ་མཆོད་པར་འབུལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི༔ པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤཔྟ་པཱུ་ཛ་ཧོ༔ ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འདུལ་བ་ནི༔ དབང་པོ་རྣམ་ལྔའི་མེ་ཏོག་མཆོད༔ གསུར་ཆེན་བདུག་སྤོས་དྲི་(༩ན)


GLG024_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་ཆོད༔ རྡོ་རྗེ་དྲི་ཆུའི་བྱུགས་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་སརྦ་པཱུ་ཛ་ཧོ༔ ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ལས༔ བྱང་སེམས་དཀར་དམར་བདེ་བའི་རྒྱུན༔ བདེ་བའི་རོ་མཉམ་མཆོད་པར་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་བོ་དྷི་ཙིཏྟ་ག་ན་གུ་ཧྱ་པཱུ་ཛ་ཧོ༔ ཞར་བྱུང་སྨན་རཀ་འབུལ་བ་རྩེ་ལུགས་གསུང་རྒྱུན་བརྒྱུད་མཆོད་ཀྱི་མཇུག་རྣམས་མོས་གུས་གཙོར་བཏོན་གྱི་བླ་མ་གྲགས་ཆེ་ཆེ་སྣ་ཚོགས་བཀོད་པ་ལས་སྨིན་གྲོལ་གདམས་པའི་བརྒྱུད་པ་མཐར་ཆགས་མེད་པའི་ད་ལྟའི་སྡེ་གོག་དང་ཆེར་རློམ་ཚོའི་རྣམ་ཐར་དུ་འདུག་པས་བཏང་སྙོམས་སུ་བཞག་ནས་འདི་ལྟར། ཨཱོཾ། རིགས་འཛིན་གསང་བའི་དཀྱིལ་འཁོར་ཀུན་འདུས་པར། །རྩ་བརྒྱད་སྟོང་སྦྱར་ཡེ་ཤེས་ལྔ་རྫོགས་རྫས། །མྱོང་བས་འགྲོ་ཀུན་གྲོལ་བའི་བདུད་རྩི་ཆེ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པད་འབྱུང་ཇོ་མོ་མཁར་ཆེན་བཟའ། །ཁྲི་སྲོང་ལྡེ་བཙན་གཏེར་སྟོན་ཆོས་དབང་ལ། །སྨན་མཆོད་༴༔ གུ་རུ་དེ་ཝ་༴༔ ཡར་ཀླུངས་སྤྲུལ་སྐུ་དགས་(༩བ)


GLG024_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་དབང་ཕྱུག་མཚན། །གཉན་སྟོན་ཆེན་པོ་སེ་སྡིངས་ཡབ་སྲས་གཉིས། །ཆོས་སྐུ་འོད་ཟེར་དཔལ་འབྱོར་དབང་ཕྱུག་ལ། །སྨན་མཆོད་༴། གུ་རུ་དེ་ཝ་༴། ཆོས་ཀྱི་དབང་པོ་ཀརྨ་གུ་རུའི་ཞབས། །ཐུགས་སྲས་དབང་འབྱོར་ཁྱབ་བདག་ཁྲ་ཚང་པ། །རིགས་འཛིན་བློ་གྲོས་མཆོག་གི་རྡོ་རྗེ་ལ། །སྨན་མཆོད་༴། གུ་རུ་དེ་ཝ་༴། སླར་ཡང་ཆོས་དབང་བསམ་གྲུབ་ཀུན་བཟང་རྗེ། །རིགས་ཀུན་བདག་པོ་མགོན་པོ་བསོད་ནམས་ཞབས། །ཀུན་མཁྱེན་ཟུར་ཆེན་ཆོས་དབྱིངས་རང་གྲོལ་ལ། །སྨན་མཆོད་༴། གུ་རུ་དེ་ཝ་༴། འགྲོས་འཆམས་དབྱངས་རོལ་གསལ་བྱེད་ཀུན་བཟང་རྩེ། །བསོད་ནམས་རྒྱལ་མཚན་ཀུན་བཟང་རོལ་པ་དང་། །ཡེ་ཤེས་དབང་པོ་ཆོས་ཀྱི་དབང་ཕྱུག་ལ། །སྨན་མཆོད་༴། གུ་རུ་དེ་ཝ་༴། རྟ་ཕག་ཡབ་ཡུམ་མཁའ་འགྲོ་རིགས་བཞི་གིང་། །བདག་སྐྱོབ་ལྷ་དང་རིགས་འཛིན་ཌཱ་ཀིའི་ཚོགས། །དཔལ་མགོན་མ་ནིང་དམ་ཅན་གཏེར་སྲུང་ལ། །སྨན་མཆོད་༴། གུ་རུ་དེ་ཝ་༴། རང་གཏེར་བླ་མ་དངོས་གྲུབ་བསྟན་གཟིགས་ལས། ཨཱཿ འདོད་ཆགས་རྣམ་དག་པདྨ་རཀྟ་འདི༔ རྒྱུད་དྲུག་ཀུན་སྒྲོལ་ཁམས་གསུམ་དབང་དུ་སྡུད༔ བདེ་མཆོག་བདེ་སྤྱོད་རཀྟའི་མཆོད་པ་འདིས༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང་༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་མཧཱ་རཀྟ་ཛྭ་ལ་ཁ་རཾ་ཁཱ་ཧི༔ གཉིས་པ་དམ་རྫས་གཏོར་མའི་མཆོད་པ་ནི། ལས་བྱང་དུ་བསྐུལ་གྱི་ཁོངས་སུ་བསྡུས་ཀྱང་ཆོས་ལྡན་པའི་ཕྱག་ལེན་ལྟར། ཧཱུཾ། རྗེ་བཙུན་བླ་མ་གཤེགས་སུ་གསོལ༔ གདུང་བ་དྲག་པོས་གསོལ་འདེབས་ཀྱིས༔ འདོད་ཡོན་ལྔ་(༡༠ན)


GLG024_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མཆོད་པ་འབུལ༔ བ་ལིཾ་རྒྱན་གྱི་༴ སྨན་རཀ་བདུད་རྩི་༴ ཞལ་ཟས་ཚོགས་ཀྱི་༴ ཏིང་འཛིན་རྩེ་གཅིག་༴ བླ་མ་རིགས་འཛིན་མཆོད་པ་བཞེས༔ ཡི་དམ་ལྷ་ཚོགས་༴ མཁའ་འགྲོའི་ཚོགས་རྣམས་༴ གང་གི་ཚོགས་༴ དཔའ་བོའི་ཚོགས་༴ དཔའ་མོའི་ཚོགས་༴ ཧཱུཾ། རྣལ་འབྱོར་ཕོ་མོ་དམ་རེ་གཙང་༔ མཁའ་འགྲོའི་ཚོགས་རྣམས་དང་རེ་སྤྲོ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ ཞིང་ཆེན་བླ་བྲེ་རྒྱན་དང་ལྡན༔ ཤ་སྣ་སྙིང་སྣ་བསམ་མི་ཁྱབ༔ སྤྲོ་དགའ་གནས་ཀྱི་མཆོད་པ་འབུལ༔ ཧཱུཾ། སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རི་རབ་ལྷུན་པོ་བས་ཀྱང་དཔངས་རེ་མཐོ༔ མ་མོའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་པས་ཀྱང་བཀོད་རེ་ལེགས༔ དཀར་གྱི་ཐིག་བཏབ་དམར་གྱི་གུར་ཕུབ་པས༔ གསེར་གྱི་རི་བདུན་བས་ཀྱང་བརྗིད་རེ་ཆེ༔ རཀྟ་དམར་གྱི་ཨརྒྷཾ་སྦྲེང་བ་འདི༔ རྒྱ་མཚོའི་མཆིང་ནམ་བས་ཀྱང་རྒྱ་རེ་ཆེ༔ བདུད་རྩི་སྨན་གྱིས་གཏོར་མ་བྲན་པ་འདི༔ ལྷ་ཡི་ཞལ་ཟས་བས་ཀྱང་རོ་རོ་བདའ༔ དཀར་རྩི་དམར་རྩི་ཤ་ཆེན་དྲི་ཆེན་དང་༔ དྲི་ཆུ་བྱུག་པའི་རྫས་ཏེ་རྣམ་པ་ལྔ༔ སེང་གེ་རྟ་དང་གླང་ཆེན་བ་ལང་དང་༔ མཆོག་ཆེན་མི་ལ་སོགས་ཏེ་རྣམ་པ་ལྔ༔ མ་ཧཱ་མཾ་ས་ལ་སོགས་ཤ་སྣ་སྟོང་༔ མ་ཧཱ་ཙི་ཏ་ལ་སོགས་སྙིང་སྣ་སྟོང་༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང་༔ བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ༔ ཤིང་ཏོག་མེ་ཏོག་འབྲུ་སྣ་སྨན་སྣ་དང་༔ ཟན་དང་འཁུར་བ་(༡༠བ)


GLG024_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་པའི་བྱེ་བྲག་དང་༔ མར་ཐུད་ཕྲུམ་དང་ཞོ་དང་འོ་མར་བཅས༔ ཙི་དང་ཙ་རུ་ཙི་ཆེན་གོ་སྙོད་དང་༔ སྒ་དང་ལན་ཚྭ་སྤོད་ཀྱི་བྱེ་བྲག་དང་༔ རི་སྒོག་ཀླུངས་སྒོག་ཤ་མོ་སྣ་ཚོགས་དང་༔ བཟའ་དང་བཅའ་བ་བཏུང་བའི་བྱེ་བྲག་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་སྣ་ཚོགས་ཀུན༔ ཐོགས་མེད་བློ་ཡིས་ཐམས་ཅད་ཀུན་བསྡུས་ནས༔ ཏིང་འཛིན་དགོངས་བརྒྱུད་དག་པས་བྱིན་བརླབས་ཏེ༔ བདུད་རྩིར་གྱུར་པའི་གཏོར་མ་ཆེན་པོ་འདིས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་སྐོངས་གྱུར་ཅིག༔ ཡི་དམ་ལྷ་ཚོགས་༴ མཁའ་འགྲོ་སྡེ་བཞིའི་༴ དཔའ་བོ་གིང་བཞིའི་༴ དམ་ཅན་སྲུང་མའི་༴ མཆོད་པར་འོས་པའི་༴ གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ གསུམ་པ་ཚོགས་མཆོད་ནི། ཨཱོཾ་སརྦ་དྲི་བྱཾ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ༔ བདུད་རྩི་ཚོགས་ལ་གཏོར་ཞིང་མ་དག་པ་རྣམས་བསངས་ནས་སྦྱང་བར། ཧཱུཾ། རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རཾ་རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ་ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུ༔ སྤེལ་བ་ནི༔ ཧཱུཾ། རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་བརླབ་པའི་ཡི་གེ་སྤྲོ༔ ཧཱུཾ་ཧཱུཾ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱ་ཨཱཿཡིས་ཡེ་ཤེས་བདུད་རྩི་བསྒྱུར༔ ཨཱོཾ་ཨཱོཾ་གྱིས་འདོད་ཡོན་སྣང་སྲིད་གང་༔ ཧྲཱི༔ཧྲཱི༔ཡིས་མཐོང་སྣང་ལྷ་ཚོགས་དགྱེས༔ དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས༔ ཀྱེ་གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང་༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་(༡༡ན)


GLG024_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཅིག་ཏུ་དགོངས་ཏེ་རོལ༔ ཞེས་དྲངས། ཨ་ལ་ལ་ཧོ༔ རིན་ཐང་མེད་ལས་ལེགས་འོང་ཆོས༔ འདོད་ཆགས་དྲི་མ་རྣམ་པར་དག༔ གཟུང་དང་འཛིན་པ་ཀུན་སྤངས་པའི༔ དེ་བཞིན་ཉིད་ནི་བདག་ཀྱང་འཚལ༔ ཨ་ཧོ་མ་ཧཱ་སཱུ་ཁ་ཧོ༔ ཞེས་བླང་། གཏེར་གཞུང་དུ་རྟོག་པ་བསལ་བ་འདིའི་གོང་དུ་མཆོད་པ་དང་། སྤྲུལ་སྐུ་ཆོས་ལྡན་པའི་ལས་བྱང་སྒོམ་རིམ་དུ་བསྐང་བ་བྱ་བར་གསུངས་ཤིང་། རྩེ་ལུགས་ཆོས་ལྡན་པའི་ཆོག་སྒྲིགས་ལ་མཚམས་འདིར་འཛབ་དང་བསྐང་བ་བྱ་ཟེར་བ་འདུག་རུང་མཆོད་པ་གོང་དུ་སོང་ཟིན་ཅིང་། འཛབ་བསྐང་འོག་ཏུ་འབྱུང་བས་བཏང་སྙོམས་སུ་བཞག་ལ། དེ་ནས་ཚོགས་ཕུད་སྤྲོས་ཏེ། དང་པོ་ནི། ཧཱུཾ། བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་སརྦ་པཱུ་ཛ་ལ་ཁཱ་ཧི༔ བར་པ་ནི། ཧཱུཾ། སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་བདག་ཅག་ལུས་ངག་སེམས༔ རྩ་བ་ཡན་ལག་དམ་ཉམས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡ་ཐ་མ་ནི། ཨེ་ལས་ལྕགས་ཁང་གྲུ་གསུམ་འབར་བའི་ནང་། །རྣྀར་ཏྲི་ཡོངས་གྱུར་དགྲ་དང་བགེགས་ཀྱི་གཟུངས། །ཉམ་ཐག་བུ་ག་དགུ་ནས་རྣག་ཁྲག་འཛག །ཡན་ལག་ལྕགས་སྒྲོག་གིས་བཅིངས་གསལ་བར་གྱུར། །རྩ་བརྒྱུད་བླ་མ་དཀོན་ཅོག་རྩ་གསུམ་ལྷ། །སྙིང་པོ་ཕྱག་རྒྱ་གསང་སྔགས་རིག་སྔགས་དང་། ཁྱད་པར་དབང་(༡༡བ)


GLG024_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པདྨ་ཐོད་འཕྲེང་རྩལ། །ལྷ་ཚོགས་བདེན་པ་ཆེན་པོའི་བྱིན་རླབས་མཐུས། །བསྟན་འགྲོ་ཡོངས་ལ་འཚེ་བ་སྤྱི་ཡི་དགྲ །རིགས་འཛིན་བདག་ལ་བསྡོ་བ་སྒོས་ཀྱི་དགྲ །བོད་ཁམས་འཕུང་བྱེད་དམ་སྲི་འབྱུང་པོའི་ཚོགས། །དམིགས་རྟེན་གཟུགས་ཀྱི་ཉ་ཕོ་འདི་ལ་ཁུག །ཨཱོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཨཱོཾ་བཛྲ་པཱ་ཤ་ཧཱུཾ། ཨཱོཾ་བཛྲ་སྥོ་ཊ་བཾ། ཨཱོཾ་བཛྲ་གྷནྡྷེ་ཧོ༔ ཞེས་དགུག་གཞུག་བྱས་ལ། ཟིལ་གནོན་འདོན་དང་བཅས། ཧཱུཾ། ཆེ་མཆོག་པདྨ་ཐོད་འཕྲེང་རྩལ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པ་ཕུར་བུས་དགྲ་སྙིང་གཟིར༔ གནོད་བྱེད་ཕོ་མོ་རྡུལ་དུ་རློག༔ ཨཱོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལཱི་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱ་ཡ་ཀརྨ་ར་ར་ཛ་ཡ་རཾ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུཾ་ཕཊ༔ ཨཱོཾ་ཨཱཿཧཱུཾ། བཛྲ་གུ་རུ་པདྨ་ཐོད་འཕྲེང་རྩལ༔ བཛྲ་ས་མཱ་ཛ༔ རྣྀར་ཏྲི་ཤ། དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ༔ ཨ་ཡཾ་རྦད༔ ཅེས་ཆ་ལུང་ཁྲུས་ལུང་གི་སྒོ་ནས་ཕུར་པ་གཏབ་ལ་བསྒྲལ་ཏེ་རྣམ་ཤེས་སྤར། དེ་ཡང་ཉང་སྟོན་ཆེན་པོའི་བསྟན་པ་དར་དུས་གཏུན་རྔམ་གྱི་རྗེས་སུ་བཀའ་བརྒྱད་བསྒྲལ་འཆམས་མཛད་སྲོལ་ཡོད་འདུག་ཀྱང་། རིན་པོ་ཆེ་ཀུན་བཟང་རྩེ་ནས་ཀྱིས་བསྒྲལ་འཆམས་ཡོངས་རྫོགས་བཞག་སྟེ་དྲག་སྔགས་སོ་ལྔ་པར་བརྟེན་ནས་མདོར་བསྡུས་ཙམ་མཛད་ཅིང་། བཀའ་བརྒྱད་རང་གི་སྐབས་དྲག་སྔགས་ལ་ཕྱག་རྒྱ་ལས་ཞབས་ཀྱི་སྟང་སྟབས་མི་འདུག་རུང་། སྟང་སྟབས་འདི་ཀུན་བཟང་རྩེ་བའི་དགོངས་གཏེར་ལྟ་བུ་འཆམས་དབྱངས་གཉིས་ཀ་ཤུགས་ཆེ་ཞིང་ལེགས་པར་སྣང་ལ། ཞལ་གདམས་གསང་ཐེམས་ལས། (༡༢ན)


GLG024_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ང་བསྒྲུབས་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང་༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཐམས་ཅད་འདུས་པའི་ངོ་བོ་ཡིན་པའི་ཕྱིར་བཀའ་བརྒྱད་ཀྱི་བསྒྲལ་ལས་སྦྱར་བ་ཁུངས་དང་འབྲེལ་གྱི། འབྲུག་པ་པདྨ་དཀར་པོས་འཇམ་དཔལ་གཤིན་རྗེ་ཚེ་བདག་གི་སྒོས་བཀའ་ལ་བཀའ་བརྒྱད་ཀའི་ཐུན་བརྡེག་པ་སོགས་སྦྱར་བའི་མུ་ཅོར་གྱི་གཏམ་དང་འདྲ་བ་ནི་མིན་ནོ། །སླར་ནན་གྱིས་བསྒྲལ་བ་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ཚོགས་ཐ་མའི་དབྱངས་ཚིག་ཡིན་ཅིང་། འདིའི་སྔོན་དུ་མ་མོ་སྤྱན་དྲངས་ནས། དེར་མོས་པ་ནི། རིགས་འཛིན་ཆེན་པོ་རཏྣ་གླིང་པའི་འབྲུ་འགྲེལ་དུ། བདག་ཉིད་དཔལ་ཆེན་པོའི་སྐུ་དང་། ཕུར་པ་ཡཀྴ་ཀྲོ་ཏ་ར་གསལ་བར་གསུང་བ་གཞན་དག་གིས་གསན་གཟིགས་མ་བྱུང་བའི་སྐྱོན་དུ་སེམས་སོ། །དེས་ན་ཚོགས་ལེན་གྱི་སྟང་སྟབས་དང་བཅས་སྐྱེ་བའི་སྒོ་ལྔ་རྩད་བཅད་ཕྱིར་གནས་ལྔར་ཕུར་བུ་གདབ། དེ་རྗེས་མ་མོ་སྤྱན་འདྲེན་དང་བཅས་པའི་འགྲོས་ཀྱིས་ཚོགས་བརྒྱད་བསྒྲལ་ཏེ་ཕྱིར་མི་ལྡོག་པའི་ཆེད་དུ་གནས་དགུར་ཕུར་བུ་གདབ་ཅིང་མཚོན་ཆས་གཏུབས་ནས། རྩ་བརྒྱུད་རིགས་འཛིན་ཀུན་འདུས་ཐོད་འཕྲེང་རྩལ། །བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་འཁོར་ལོའི་ལྷ། །མཁའ་འགྲོ་དམ་ཅན་སྲུང་མར་བཅས་རྣམས་ལ། །དུག་གསུམ་དབྱིངས་སུ་བསྒྲལ་བའི་མཆོད་པ་འབུལ། །གུ་རུ་དེ་ཝ་ཌཱ་ཀི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི་བྷིནྡྷ་ཡ་ཧཱུཾ་ཕཊ༔ ཅེས་ཞལ་སྟོབ་བྱ། རྒྱུ་གཉིས་རྐྱན་སྦྱར་འབྲུ་བཅུད་(༡༢བ)


GLG024_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །དུག་ལྔ་སྨན་གྱུར་དམ་པའི་རྫས། །ཛ་གད་དཔའ་བོའི་བདུད་རྩི་འདིས། །རྩ་བ་གསུམ་གྱི་ཐུགས་དམ་བསྐང་། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཛ་གཱད་ཁཱ་ཧི། འདི་སྨན་གཏོར་རཀྟའི་རྗེས་སུ་བདུད་རྩི་གསང་བ་ནན་ཏན་གྱི་ཚུལ་དུ་ཚར་ལྔ་འབུལ་བར་བཤད་པའི་བཀའ་བརྒྱད་ཀྱི་ཚིག་ཡིན་ལ། བླ་མའི་ལས་གཞུང་རྣམས་དང་རིགས་འཛིན་རཏྣའི་འབྲུ་འགྲེལ་དུ་མི་གསལ་ཡང་ལིང་རོ་ལ་བདུད་རྩི་སྦྲན་པ་འབུལ་ཆད་དུ་སྨན་ལུང་ཆོས་ལྡན་པས་སྦྱར་བ་ནི། བཀའ་མའི་གསུང་རྒྱུན་དུ། འཆི་མེད་པཉྩ་ཨ་མྲྀ་ཏ། །རོ་ཡི་ཁམས་རྣམས་སློང་བར་བྱེད། །དུག་གི་ཁམས་རྣམས་འཇོམས་པར་བྱེད། །རྩི་མཆོག་སྨན་གྱི་མཆོད་པ་བཞེས། །ཞེས་དང་། ཁྲོ་རོལ་གྱི་སྟོབ་པའི་སྐབས་བདུད་རྩི་སྨན་འདི་ཞལ་དུ་སྟོབ་ཅེས་པ་ཡོད་པས་ཁུངས་བཙུན་པའོ། །དེ་ནས་ཚོགས་ཁམ་གཅིག་བཅད་ལ། ཧོ། ཞལ་ཟས་ཚོགས་ཀྱི་མཆོད་པ་འདི། །འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན། །དངོས་གྲུབ་སྣ་ཚོགས་འདི་ལས་དབྱུང་། །ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། ཨ་ལ་ལ་ཧོ༔ གཏེར་གཞུང་དང་ཆོས་ལྡན་པའི་དེར་ཚིག་རྐང་ཕྱི་མ་མ་གཏོགས་མི་འདུག་ཀྱང་། རྒྱལ་སྲས་པདྨ་དབང་ཆེན་གྱི་ཆོ་ག་ཁྲིགས་སུ་བཀའ་བརྒྱད་ནས་ཁ་བཀང་བ་ལྟར་བྱས་པ་ཡིན་ནོ། །ལྔ་པ་འཛབ་ཀྱི་ལེའུ་ལ་གསུམ་ལས། དང་པོ་བསྙེན་པ་ནི༔ ཨཱོཾ་ཨཱཿཧཱུཾ། བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། གཉིས་པ་སྒྲུབ་པ་ནི། ཨཱོཾ་ཨཱཿཧཱུཾ། བཛྲ་གུ་རུ་པདྨ་ཐོད་འཕྲེང་རྩལ། བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུཾ་ཨཱ༔ གསུམ་པ་ལས་ལ་སྦྱོར་བ་ནི། ཧྲཱིཿམ་ཧཱ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿ བསྙེན་སྒྲུབ་ལས་གསུམ་གྱི་དམིགས་(༡༣ན)


GLG024_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཏེར་གཞུང་དང་བརྒྱུད་ལྡན་དམ་པའི་ཞལ་ལུང་ལས་བླངས་ཏེ་ཉམས་སུ་ལེན་དགོས་ལ། སྡོར་དཀར་དུ་ཚུལ་འཆོས་པའི་སྒྲིབ་ཤིང་དུ་ཤ་ཆང་ཕུང་པོར་སྤུངས་པའི་ཆས་བཅུ་མཁན་པོ་ཆེར་རློམ་སྟོང་འུར་ཅན་རྣམས་ཀྱི་སྤྱོད་ཡུལ་ནི་མ་ཡིན་ནོ། །འཕྲིན་སྒྲུབ། དགོངས་བསྐྱང་། རྟགས་རྣམས་ཀྱང་གཞུང་དང་ཞལ་གདམས་ལས་ལེན་དགོས་པའི་དབང་དུ་བྱས་ཤིང་། ཁྱད་པར་དགོངས་པ་བསྐྱང་བ་ནི་མན་ངག་གི་སྙིང་པོ་ཡིན་པས་ཁྱབ་གདལ་དུ་འདྲི་བ་སོགས་ཀུན་གྱི་སྤྱོད་ཡུལ་མ་ཡིན་ནོ། །དྲུག་པ་ཐུགས་དམ་བསྐང་བའི་ལེའུ་ལ་གསུམ་ལས། དང་པོ་རྫས་ཀྱིས་སྐུ་ལ་བསྐང་བ་ནི། མཆོད་པའི་རྫས་སུ་གྱུར་ཚད་དང་། ཁྱད་པར་མར་མེ་དང་བདུད་རྩི་ཐོགས་ལ། མདུན་གྱི་རྟེན་ལ་སྐོར་བ་འཆམས་སྟབས་བྱའོ། །གཉིས་པ་བཤགས་ཚིག་གིས་གསུང་ལ་བསྐང་བ་ནི། ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང་༔ སྒྲུབ་རྫས་གཉན་པོ་གཞུང་བཞིན་བཤམས་ལགས་ན༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་གཉན་སྐོངས་ཏེ༔ རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཞིག༔ ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ༔ ལེའུ་བརྒྱད་རྩ་བར། ཞེས་པ་ལན་བདུན་བསྐྱར་ཞིང་བསྐང་༔ བསྐང་གསོའི་ཆོ་ག་གཞན་ཡང་བྱ༔ རྗེས་སུ་ན་རག་ལ་སོགས་ཏེ༔ རུས་གཟུངས་བཞི་ཡི་བཤགས་པ་བྱ༔ ཞེས་བྱུང་བས་རུ་ལུ་ལན་བདུན་བསྐྱར༔ བསྐང་གསོ་གཞན་སྒྱུ་འཕྲུལ་སྐོང་བཤགས་ལྟར་རམ༔ ཉང་ལུགས་གུ་རུ་ཞི་བ་དང་༔ (༡༣བ)


GLG024_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡོངས་རྫོགས་ཀྱི་བསྐང་བ། ན་རག་དོང་སྤྲུག་ཆེན་མོ་དང་། བརྗོད་མེད་ཀྱི་བཤགས་པ། རྡོ་རྗེ་དཔལ་ཆེན། ཡེ་ཤེས་མཁའ་འགྲོ་སྟེ་རུས་གཟུངས་བཞི་པོ་སྤྲོ་ན་བྱ། གསུམ་པ་ལྟ་བས་ཐུགས་ལ་བསྐང་བ་ནི། ཀུན་གཞི་མ་བཅོས་ཀློང་ཡངས་ནས༔ རང་རིག་རང་གསལ་ཀུན་ཏུ་བཟང་༔ གདོད་ནས་མ་སྐྱེས་ཀུན་བཟང་མོ༔ གཉིས་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ གཉིས་མེད་རྟོགས་པས་ཐུགས་དམ་བསྐང་༔ དེ་ལྟར་རྟོགས་ན་བསྐང་བཤགས་མཆོག༔ བདུན་པ་ཐུགས་དམ་བསྐུལ་བའི་ལེའུ་ལ་གསུམ་ལས། དང་པོ་གཏོར་མ་སྨན་རཀ་གི་མཆོད་པ་ནི། དམ་རྫས་གཏོར་ཆེན་བཤགས་པ་ཡང་༔ རྩ་གསུམ་ལྷ་ཚོགས་བསྟེན་ཕྱིར་འབུལ༔ བདུད་རྩི་སྨན་མཆོད་སྦྲེང་བ་ཡང་༔ རྩ་གསུམ་༴ བནྡྷ་རཀྟས་བཀང་བ་ཡང་༔ རྩ་གསུམ་༴ དུར་ཁྲོད་རྫས་ཆེན་བཀྲམ་པ་ཡང་༔ རྩ་གསུམ་༴ རྐང་གླིང་ཐོད་རྔ་སྒྲོག་པ་ཡང་༔ རྩ་གསུམ་༴ ཞུན་ཆེན་སྣང་གསལ་གཏམས་པ་ཡང་༔ རྩ་གསུམ་༴ མཾ་སའི་གསུར་དུད་བཏང་བ་ཡང་༔ རྩ་གསུམ་༴ འདོད་ཡོན་རོ་མཆོག་སྤུངས་པ་ཡང་༔ རྩ་གསུམ་༴ ཐུགས་དམ་གཉན་པོ་སྐོངས་གྱུར་ལ༔ གཡར་དམ་ཉམས་ཆགས་སོར་སྩོལ་ཞིག༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧོ། དམ་རྫས་མཆོད་པ་འདི་དག་ཀུན༔ གཉིས་མེད་མཉམ་པའི་(༡༤ན)


GLG024_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ངང་དུ་འབུལ་ལགས་ན༔ བླང་དོར་མེད་པའི་ཚུལ་གྱིས་བཞེས་ནས་ཀྱང་༔ ཐིམ་པའི་ཚུལ་གྱིས་དགྱེས་པ་ཆེན་པོར་རོལ༔ ཨྱོན་རྡོ་རྗེ་འཆང་གཙོ་འཁོར་རྣམས་ཕྱག་ལེན་ལྟར་སྤྱན་དྲངས་པར་བཀའ་དྲིན་ཅན་མའི་གསོལ་འདེབས་བྱ། གཉིས་པ་བླ་མ་ཡི་དམ་ཌཱ་ཀི་ལ་བསྟོད་པ་ནི། ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང་༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་དབང་སྒྱུར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་ཐོད་འཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་འཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་འཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་འཕྲེང་རྩལ༔ མངོན་སྤྱོད་ལས་མཛད་ཀརྨ་ཐོད་འཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་འཕྲེང་རྩལ༔ འཕྲིན་ལས་རྫོགས་པའི་རྗེ་ལ་ཕྱག་འཚལ་བསྟོད༔ དཔའ་མོའི་འགྲོས། མཚན་བརྒྱད་ཀྱི་བསྟོད་གར་རྣམས་ཚིག་དང་བསྟུན་དགོས་པ། ཧྲཱིཿམ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་སྐུ་ལ་བསྟོད༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སཾ་བྷའི་༴ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་༴ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ པདྨ་(༡༤ན)


GLG024_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་༴ རྨོངས་པའི་མུན་སེལ་འགྲོ་བ་འདུལ༔ ཉི་མ་འོད་ཟེར་༴ ལོག་འདྲེན་བདུད་བཞི་འདུལ་མཛད་པའི༔ ཤཱཀྱ་སེང་གེའི་༴ མུ་སྟེགས་དམ་སྲི་འདུལ་མཛད་པའི༔ སེང་གེ་སྒྲ་སྒྲོག་༴ དྲེགས་པའི་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་༴ ལས་བྱང་གི་བརྗོད་དོན་དང་བསྟུན་ན་གང་རྣམས་སྐབས་འདིར་བྱ་བ་འཐད་ཅིང་། དེང་སང་འཆམས་དབྱངས་བདེ་ཆེན་གླིང་པའི་ལུགས་ཡིན་ཟེར་བའི་བསྐལ་མེ་མར་སྦྱར་བ་ནི་གཏེར་གཞུང་འདི་ཀའི་སྣང་བ་མ་འགགས་སོགས་ཡོད་བཞིན་དུ་གཞན་ནས་ཡིན་པ་མཚལ་དང་བཙག་གི་དཔེ་དང་། གིང་ཞེས་པ་ཟུར་ཆག་སྟེ་ལེགས་སྦྱར་དུ་ཀིངྐ་རའི་སྒྲས་ལས་ཅི་བགྱི་ཞེས་ཕོ་ཉ་བཀའ་སྡོད་ཀྱི་སྤྱི་མིང་ཡིན་ལ། བསྐལ་མེ་མ་རྟ་མགྲིན་གཅིག་པུར་སྦྱར་བས་ཤེས་བྱ་མཐའ་བཀག་པའི་གུ་དོག་ཆེས་ཤིང་། རང་གཏེར་དུ་དཔའ་བོ་མཁའ་འགྲོ་དང་དམ་ཅན་སྲུང་མ་ཚང་མ་ཡོད་པས་ཚིག་དོན་འབྲེལ་ཆགས་པའི་ཕྱིར་ཤེས་ལྡན་ཡོད་ཚེ་རིག་པའི་དངས་སྙིགས་འབྱེད་པར་རིགས་སོ། །ཧྲཱིཿ སྣང་བ་མ་འགགས་ཐུགས་རྗེ་ཆེན་པོའི་སྐུ༔ རྟ་མགྲིན་དབང་གི་ལྷ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དག་པའི་ཀློང་༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ སྐྱེ་འགག་གཉིས་སུ་མེད་པའི་མཁའ་དབྱིངས་ལས༔ ཐུགས་རྗེ་མ་འགགས་ཅིར་ཡང་སྟོན་ཅིང་སྤྲུལ༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དམ་ཅན་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཕུན་སུམ་ཚོགས་པའི་ཡན་ལག་ཏུ་གར་བ་ལ་སྣོན་མ་དང་བཅས་ཁྱེད་འདིར་ཚོགས་སོགས་ཀྱི་གླུ་གར་བྱ་བས་མཚོན་ཏེ་(༡༥ན)


GLG024_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

གོང་འོག་གི་གར་འཆམས་ལ་དགོས་པའི་གདངས་དབྱངས་ཀྱི་འདོན་ཆ་ཟུར་པ་རྣམས་འཆམས་ཡིག་ཏུ་གསལ་བས་དཀྱུས་སུ་མ་བཀོད་དེ། མཇུག་གི་ཆོས་དྲུག་གི་བསྟོད་པ་ཙམ་མ་གཏོགས་མ་བཀོད་ཅིང་། སྤྲོ་ན་དཀྱུས་དང་ཞིབ་ཆ་ཞལ་ལས་ཤེས་སོ། །གསུམ་པ་ཐུགས་དམ་བསྐུལ་བ་དངོས་ནི་རྒྱས་པར་བྱེད་ན་གཏེར་གཞུང་བཞིན་གྲགས་མཚན་གྲུབ་པ་ཐོབ་ཚུལ་སོགས་བྱེད་ཀྱང་ཧ་ཅང་མངས་པས་རྒྱས་བསྡུས་འཚམ་པ་སྤྲུལ་སྐུ་ཆོས་ལྡན་པའི་ཆོག་སྒྲིགས་ལྟར། ཧཱུཾ། མ་གཡེལ་མ་གཡེལ་རིགས་འཛིན་ཚོགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ མ་གཡེལ་མ་གཡེལ་གིང་གི་ཚོགས༔ མ་གཡེལ་མ་གཡེལ་དམ་ཅན་ཚོགས༔ ཧཱུཾ། རྗེ་བཙུན་པདྨ་ཐོད་འཕྲེང་རྩལ༔ རང་བཞིན་གནས་ནས་སྐུ་སྐྱོད་ལ༔ མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ༔ གིང་གི་ཚོགས་༴ དཔའ་བོའི་ཚོགས་༴ དཔའ་མོའི་༴ དམ་ཅན་༴ ཆོས་ཀྱི་དབྱིངས་ནས་སྐུ་སྐྱོད་ལ༔ རྡོ་རྗེ་ཕག་མོས་བྱིན་གྱིས་རློབས༔ དུར་ཁྲོད་གནས་ནས་སྐུ་སྐྱོད་ལ༔ མཁའ་འགྲོ་རིགས་བཞིས་བྱིན་༴ ནམ་མཁའི་དབྱིངས་ནས་སྐུ་སྐྱོད་ལ༔ རྡོ་རྗེ་ཕྲ་མེན་༴ རྒྱ་མཚོའི་ཀློང་ནས་སྐུ་སྐྱོད་ལ༔ མཚོ་གླིང་མཁའ་འགྲོས་༴ ཕྱོགས་བཞིའི་གནས་ནས་སྐུ་སྐྱོད་ལ༔ ལས་བྱེད་མཁའ་འགྲོས་༴ གངས་དཀར་རྩེ་ལ་སྐུ་སྐྱོད་ལ༔ རྡོ་རྗེ་གིང་ཆེན་༴ ཧཱུཾ་ཧཱུཾ། ལྷོ་ནུབ་རྔ་ཡབ་གླིང་ཕྲན་ན༔ པདྨ་འོད་ཀྱི་གཞལ་ཡས་ཁང་༔ གནས་མཆོག་དམ་པ་ཉམས་རེ་དགའ༔ གནས་མཆོག་ཉམས་སུ་(༡༥ན)


GLG024_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགའ་རུ༔ རྗེ་བཙུན་པདྨ་ཐོད་འཕྲེང་དང་༔ ཡེ་ཤེས་མཁའ་འགྲོ་འཚོ་རྒྱལ་གཉིས༔ སྐྱེ་འཆི་མེད་པའི་སྐུར་བཞེངས་ནས༔ སྲིན་པོ་རྣམས་ལ་དམ་ཆོས་སྟོན༔ མཁའ་འགྲོ་སྡེ་བཞིའི་འཁོར་གྱིས་བསྐོར༔ གིང་ཆེན་སྡེ་བཞི་བྲན་དུ་འཁོལ༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད༔ གདོང་དམར་སྲིན་པོ་ཐབས་ཀྱིས་འདུལ༔ དབུ་ལ་རིན་ཅེན་རྒྱན་གྱིས་སྤྲས༔ རུས་པའི་རྒྱན་ཆ་ཁྲོལ་ལོ་ལོ༔ སིལ་སྙན་མང་པོ་སིལ་ལི་ལི༔ རྒྱན་ཆ་མང་པོ་པུར་རུ་རུ༔ རོལ་མོ་མང་པོ་དིར་རི་རི༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དྲག་སོ་སོ་ཡི༔ འཕྲིན་ལས་མྱུར་དུ་ཁྱེད་ཀྱིས་སྒྲུབས༔ བསྒྲལ་བའི་ཞིང་བཅུ་ཁྱེད་ཀྱིས་སྒྲོལ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་ཅོག་དབུ་འཕང་ཁྱེད་ཀྱིས་བསྟོད༔ རྣལ་འབྱོར་སྒོས་དགྲ་ཁྱེད་ཀྱིས་ཐུལ༔ ལྷ་འདྲེ་མི་གསུམ་ཁྱེད་ཀྱིས་སྡུས༔ འབྱུང་བཞིའི་བར་ཆད་ཁྱེད་ཀྱིས་སོལ༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ བརྒྱད་པ་མཐར་རྒྱས་ཀྱི་ལེའུ་ལ་གསུམ་ལས། དང་པོ་དངོས་གྲུབ་བླང་བ་ནི། རྩེ་ལུས་མཆོག་སྒྲིགས་སུ་མཇུག་ན་འདུག་རུང་། གཏེར་གཞུང་དུ་གྲལ་མཆོད་ལས་དངོས་གྲུབ་ལན་པ་མ་བྱུང་། སྤྲུལ་སྐུ་ཆོས་ལྡན་པའི་སྒོམ་ཁོག་དང་རྒྱལ་སྲས་ཀྱི་ལེའུ་གསུམ་(༡༦ན)


GLG024_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཡང་ཆད་མཐོའི་གོང་དུ་བྱུང་ལ། ཐུགས་སྒྲུབ་ཡང་སྙིང་འདུས་པ་དང་། ནོར་བུ་རྒྱ་མཚོ་སོགས་གཏེར་ཁ་གཞན་གྱི་ལེའུ་བརྒྱད་མ་ཚོར་ཡང་དེ་དང་མཐུན་པས་གོ་རིམ་དཀྱུས་བཞིན་འཐད་པར་མངོན། དེ་ཡང་གཏོར་མ་ཤེས་པ་རྣམ་པ་གསུམ་གྱི་སྐབས་འདིར་ལྷར་ཤེས་ནས་རང་གིས་དབང་ལེན་པ་དང་གཞན་ལ་བསྐུར་བ་རྒྱལ་སྲས་དབང་ཆེན་གྱི་ལེའུ་གསུམ་མ་ལྟར་གཏོར་དབང་གནད་ཀྱི་ཤོག་གཅིག་མ་བསྐུར་བར་གསུངས་པ་ཤིན་ཏུ་ལེགས་ཤིང་། སྤྲོ་ན་བླ་མའམ། དེ་མིན་མདུན་བསྐྱེད་ལ་སློབ་དཔོན་གསོལ་བཏབ། གསོལ་བ་གདབ་པ་ནི། རྡོ་རྗེ་སློབ་དཔོན་འདྲེན་པའི་གཙོ༔ བདག་ཅག་ལས་འཕྲོ་སྐལ་བ་ཅན༔ རང་གཞན་དོན་ཀུན་བསྒྲུབ་བྱའི་ཕྱིར༔ དབང་ཆེན་ཡོངས་རྫོགས་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་སྟེ་དབང་བསྐུར་བ་དངོས་ནི༔ ཨེ་མ་ངོ་མཚར་རྨད་དུ་བྱུང་༔ བླ་མ་རྣམས་དང་གཅིག་པ་དང་༔ ཡི་དམ་ལྷ་དང་དབྱེར་མེད་ཅིང་༔ མཁའ་འགྲོ་དབང་དུ་བསྡུ་བའི་ཕྱིར༔ དམ་རྫས་གཏོར་མའི་དབང་བསྐུར་བས༔ རྩ་བ་གསུམ་གྱི་བྱིན་རླབས་ཀྱི༔ སྐུ་གསུང་ཐུགས་དབང་ཡོངས་རྫོགས་པ༔ སྐལ་ལྡན་འདི་ལ་བསྐུར་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་འཕྲེང་རྩལ༔ བཛྲ་ས་མཱ་ཛཿསིདྡྷི་ཕ་ལ་ཧཱུཾ་ཨཱ༔ གུ་རུ་དེ་ཝཱ་ཌཱ་ཀི་ནཱི༔ ཛོ་ཀི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ༔ ཀཱ་ཡ་ཝཱ་ཀ་ཙིཏ་ཨ་བྷི་ཥིཉྩ་ཨཱོཾ་ཨཱཿཧཱུཾ་ཧྲཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་དང་། (༡༦བ)


GLG024_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙམ་མ་གྲུབ་ཀྱང་ཉང་ཆོས་ལྡན་པའི་སྒོམ་རིམ་དང་ཐུགས་སྒྲུབ་ཡང་སྙིང་འདུས་པའི་འབྲུ་འགྲེལ་ལྟར་ཐོག་ནས་འབྱུང་བའི་གུ་རུ་དེ་ཝ་སོགས་སྔགས་ཚིག་གིས་བསྐུར་ཏེ་དབང་བཞི་དམིགས་པས་བླངས་ནས་མཐར་གཏོར་མ་དངོས་གྲུབ་ཏུ་ཤེས་དགོས་ཀྱི་ཆེར་རློམ་བླ་དཔོན་ཡི་འདུན་ས་མང་པོར་ཤེས་པ་རྣམ་པ་གསུམ་གྱི་བརྡ་ཆད་མ་ཆགས་པའི་ཟན་གོང་མགོ་ལ་བཞག་ནས་བཛྲ་གུ་རུ་བརྗོད་པ་ནི་བཞད་གད་ཀྱི་གནས་སོ། །གུ་རུ་དེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨ། ཟབ་མོ་ཐུགས་སྒྲུབ་ལས། བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་ཡངས་ནས༔ རྒྱལ་བའི་འཁོར་ལོ་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་ཐོད་འཕྲེང་གི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ འདི་མན་སྤྲུལ་སྐུ་ཆོས་ལྡན་པའི་ཁ་སྐོང་སྟེ། འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །འགག་མེད་གསུང་གི་༴ འཁྲུལ་མེད་ཐུགས་ཀྱི་༴ ཡོན་ཏན་རེ་སྐོང་༴ འཕྲིན་ལས་འགྲོ་འདུལ་༴ འཆི་མེད་ཚེ་ཡི་༴ འཛད་མེད་ལོངས་སྤྱོད་༴ ཐུན་མོང་ཡིད་བཞིན་༴ བླ་མེད་མཆོག་གི་༴ ཨཱོཾ་ཨཱུཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་འཕྲེང་རྩལ༔ བཛྲ་ས་མཱ་ཛཿ སིདྡྷི་ཕ་ལ་ཧཱུཾ། ཞེས་ཕྱག་ལེན་རྣམས་མཐོང་བརྒྱུད་ལྟར་བྱ། གཏོར་ཕུད། སྲེག་རྫས་སུ་དབུལ་བ་དང་། གྲལ་མཆོད་ནི་མ་བྱས་ཀྱང་སྐྱོན་དུ་མི་འགྱུར་ལ་བྱེད་པར་སྤྲོ་ན་གཞན་དུ་ཤེས་པར་བྱའོ། །མ་ནིང་དང་གཏེར་སྲུང་གི་བསྐང་བ་(༡༧ན)


GLG024_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་མཆོད། སྒོས་ཀྱི་ཆོས་སྐྱོང་རྣམས་ལ་གཏོར་བསྔོ་བྱེད་དགོས་ཀྱི་རིགས་ཀྱང་འདིར་བྱ་བའམ་ཡང་ན་བསྟོད་པའི་མཇུག་ལྟ་བུར་བྱས་ཀྱང་འགལ་བ་མེད་དོ། །གསང་འདུས་གཏེར་གཞུང་དུ་ཚོགས་ལྷག་གི་གསོལ་ཁ་མ་བྱུང་ཞིང་། གཏེར་ཁ་འདི་གའི་ཐམས་ཅད་ཀྱི་བླ་སྒྲུབ་རང་རྐྱ་ཕེར་བ་བདུན་ཡོད་པའི་བླ་མ་གསང་བ་ཡོངས་རྫོགས་སུ་འདུག་པ་འབྲེལ་ཆགས་ཀྱང་ཧ་ཅང་མངས་སྐྱོན་ནས་ཉང་ཆོས་ལྡན་པའི་ལས་བྱང་ལྟར། ཧཱུཾ། དང་པོ་ཕུད་ཀྱིས་མི་མཆོད་དུ༔ པདྨ་ཧེ་རུ་ཀ་ཉིད་གཉན༔ བར་དུ་ལྷག་མས་མི་མཆོད་དུ༔ མ་དང་མཁའ་འགྲོ་ལྷག་ལ་དགྱེས༔ ཐ་མར་གཅིག་ཏུ་མི་བསྲེ་རུ༔ གཉིས་མེད་ཆོས་སྐུ་གཅིག་ལས་བྱུང་༔ ཧཱུཾ། བཅོམ་ལྡན་པདྨ་ཧེ་རུ་ཀ༔ ཡུམ་ཆེན་རྡོ་རྗེ་ཕག་མོ་ལ༔ བཀའ་ཡི་ལྷག་སྡུད་ཚོགས་ཀྱིས་བསྐོར༔ ལྷག་མའི་ཚོགས་ལ་རོལ་པ་རྣམས༔ འདིར་སྤྱོན་བཀའ་ཡི་ལྷག་གཏོར་བཞེས༔ བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ ཅེས་གཏོར་མ་གཙང་སར་འབུལ། གཉིས་པ་གཏོར་མ་གཞན་ལ་བཏང་བ་ནི། ཆོས་སྐྱོང་གི་གཏོར་མ་སོགས་ཕྱིར་བསྣུད་ལ། ཆད་མཐོ་བྱ་བ་བླ་མ་ཡོངས་རྫོགས་དཀར་ཆག་ཏུ་སྟོད་སྨད་ལས་ཀྱི་མདེ་ཁ་ཉི་ཤུ་རྩ་གཅིག་ཅེས་བྱུང་བའི་ཆད་མཐོའི་མདེ་ཁ་ཡུམ་གྱིས་མཛད་པ་ལས། ཧཱུཾ་བྷྱོཿ སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ༔ འོག་མིན་གནས་མཆོག་བདེ་ཆེན་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས༔ རྟ་སྐད་ཐེངས་གསུམ་བསྒྲགས་ནས་སྣང་སྲིད་མ་མོ་བཏུལ༔ ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ༔ རྡོ་རྗེ་ཕག་མོ་ལ་སོགས་མཁའ་འགྲོ་བྱེ་བ་བརྒྱས༔ སོ་(༡༧བ)


GLG024_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ ཡལ་གམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་འཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ བྲག་དམར་བསམ་ཡས་ཨཱཪྻ་པཱ་གླིང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ ཤེས་རབ་ཡུམ་ཆེན་མཁར་ཆེན་འཚོ་རྒྱལ་གྱིས༔ དབང་ཆེན་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ དུར་ཁྲོད་གནས་པའི་མཁའ་འགྲོ་སྡེ་ལྔ་དང་༔ དྲེགས་པ་སྡེ་བརྒྱད་བསྟན་མ་བཅུ་གཉིས་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ ཡལ་གམ་༴ བཀའ་ཡི་གཏོར་༴ བཅོལ་བའི་༴ སྔོན་ཚེ་༴ ཤ་ཁྲག་༴ ཐུགས་དམ་༴ དེ་འོག་བསྐལ་པ་ཐ་མའི་དུས་ཀྱི་ཚེ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་དང་༔ རིགས་འཛིན་ཆོས་དབང་ལངྒའི་ཚོགས་བཅས་ཀྱིས༔ གསང་བ་སྒྲུབ་ཆེན་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ བསེ་ལམ་མཁའ་འགྲོ་བཀའ་སྡོད་སྒྲོལ་གིང་བཞེས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ ཡལ་གམ་༴ བཀའ་ཡི་༴ བཅོལ་བའི་༴ སྔོན་ཚེ་༴ ཤ་ཁྲག་༴ ཐུགས་དམ་༴ དེ་ཡང་མགོན་པོ་དུས་མཚན། ཤེལ་གིང་དཀར་པོ། བསེ་གིང་དམར་པོ། ནག་པོ་སྐྲ་ཐན་ཏེ་སྒྲོལ་གིང་བཞི་དང་རེ་མ་ཏཱི་མཆེད་བཞི་འཁྲིལ་སྦྱོར་དུ་ཡོད་ཅིང་གཏེར་གཞུང་སོར་(༡༨ན)


GLG024_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་དཀྱུས་ལྟར་ཡིན་རུང་དེང་སང་འདུས་ཆེ་བའི་དབང་དུ་བྱས་ནས་དམ་ཅན་རྒྱ་མཚོ་ཆོས་སྐྱོང་སྲུང་མ་ཡིས་ཞེས་པ་སོ་སོའི་གཟུགས་མཆོག་གི་གོང་དུ་འཇུག་སྲོལ་འདུག་པ་བྱས་ཀྱང་མི་འགལ་ལོ། །ཧཱུཾ། མི་མངོན་དབྱིངས་ན་བཞུགས་པ་རྒྱལ་བ་ཞི་ཁྲོའི་ཚོགས༔ ཨཱཿབཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཨཱོཾ། བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་དུ་བསྐུལ༔ ཧྲཱིཿ མཛོད་ཅིག་མཛོད་ཅིག་བཅོལ་བའི་འཕྲིན་ལས་མཛོད༔ ཅེས་པ་འདི་བཀའ་བརྒྱད་གཏོར་མར་མ་ཟད་བཀའ་མའི་སྤྱི་བསྐུལ་གཉགས་ཀྱིས་མཛད་པ་ལའང་ཡོད་ཅིང་རིན་པོ་ཆེ་ཀུན་བཟང་རྩེ་བའི་ཕྱག་རྒྱུན་དུ་འདུག་པས་བྱས་ཀྱང་མི་འགལ་ལོ། །བཤལ་ཆུས་བསྟན་མ་བསྐྱང་བ་འཇུག་པ་བདེ་བའི་ཕྱིར་བཀའ་བརྒྱད་ལྟར་བཀོད་པ་ནི། བསྟན་པ་སྐྱོང་མཛད་མ་དང་སྲིང་༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་སྟག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤནྟིཾ་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པའི༔ བསྟན་མ་བཅུ་གཉིས་གཏོར་མ་ལོང་༔ མི་མཐུན་གནོད་པའི་ཕྱོགས་རྣམས་བཟློག༔ ཨཱོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཁཱ་ཧི༔ མ་མ་ཧྲི་མ་མ་ཧྲིཾ་ཁཱ་ཧི་ཁཱ་ཧི༔ ཞེས་བཤལ་ཆུ་དོར་ནས་གཏོར་གཞོང་ཁ་སྦུབ་ལ༔ ཨཱོཾ་ལཾ་ཧཱུཾ་ལཾ་དགྲ་བགེགས་ཤ་ཏྲུཾ་སྟམྦྷ་ཡ་ནན༔ ཞེས་རྟ་བྲོ་བྱ་སྟེ། ཧཱུཾ་ཧྲཱི༔ རྟ་ཡི་བརྟུལ་ཞུགས་ཆེན་པོ་ནི༔ བདག་ཉིད་ཆེན་པོའི་སྐུར་བསྒོམས་ཏེ༔ ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ༔ གཏུམ་ཆེན་རྔམས་པའི་སྒྲ་སྒྲོག་ཅིང་༔ དབང་ཆེན་རྟ་སྐད་ཙེར་རེ་རེ༔ ཁྲོ་བོའི་བྲོ་བརྡུང་འུར་རུ་རུ༔ དཔལ་གྱི་རྟ་(༡༨བ)


GLG024_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དིར་རི་རི༔ རོལ་བའི་རྟ་གྲོ་ཆེམས་སེ་ཆེམ༔ གསང་བའི་བཤུག་པ་ཀྱུར་རུ་རུ༔ བསྐལ་པའི་གློག་དམར་ལྗིབས་སེ་ལྗིབ༔ རྡོ་རྗེའི་ཐོག་འབེབས་ལམས་སེ་ལམ༔ ཧཱུཾ་གིས་དབང་སྒྱུར་ཁམས་གསུམ་གཡོ༔ ཕཊ་ཀྱི་སྤྲུལ་པས་འཇིག་རྟེན་ཁྱབ༔ རཾ་གིས་མེ་འབར་ཐམས་ཅད་བསྲེགས༔ གཅན་གཟན་མུ་ཁ་སྤྲིན་ལྟར་གཏིབས༔ ཀངྐ་འདབ་ཆགས་སྐར་ལྟར་འཁྲུག༔ སྔོན་གྱི་ཐུགས་དམ་བསྐང་བའི་ཕྱིར༔ ཀུན་ཏུ་བཟང་པོའི་མཁའ་དབྱིངས་སུ༔ ཁམས་གསུམ་ཡོངས་སྒྲོལ་མཛད་པའི་ཚེ༔ ཟ་བྱེད་ཆེན་པོའི་དཀྱིལ་འཁོར་དུ༔ དུག་ལྔ་འདུས་པའི་ཕུང་པོ་ལ༔ གཅན་གཟན་ཆེན་པོའི་བྲོ་བརྡུངས་པས༔ བདག་ཏུ་ལྟ་བའི་ཞེ་སྡང་བཅོམས༔ ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་དུ༔ རཀྟའི་རྒྱ་མཚོ་འཁྱིལ་བ་ལ༔ མ་ཚོགས་ཌ་ཀིའི་༴ ཀུན་ཏུ་ཞེན་པའི་འདོད་ཆགས་བཅོམས༔ རྔམ་ཆེན་འཁྲུག་པའི་དཀྱིལ་འཁོར་དུ༔ གཏི་མུག་ཤ་ཆེན་སྤུངས་པ་ལ༔ སྡེར་ཆགས་འདུས་པའི་༴ རྨོངས་པའི་གཏི་མུག་ངོ་བོ་བཅོམས༔ གཏུམ་ཆེན་ཁྲོས་པའི་དཀྱིལ་འཁོར་དུ༔ དབང་བ་ཡན་ལག་རྫོགས་པ་ལ༔ གཤོག་པ་རྡོ་རྗེའི་༴ ཀུན་ཏུ་རྨོངས་པའི་ཕྲག་དོག་བཅོམས༔ འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ༔ དབུས་ཀྱི་ཁྲི་རྐང་ཟླུམ་པོ་ལ༔ རྡོ་རྗེ་མཆུ་ཡི་༴ བདག་ཏུ་འཛིན་པའི་ང་རྒྱལ་བཅོམས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ དུག་གསུམ་འཇོམས་པའི་ལས་བྱས་པས༔ སྔོན་གྱི་དམ་ཚིག་ཆེན་པོ་སྐོངས༔ མ་ཚོགས་ཌཱ་ཀིའི་དཀྱིལ་འཁོར་དུ༔ ཏན་གན་སྤྲུལ་པའི་ལས་བྱས་པས༔ རྣལ་འབྱོར་བསྐང་བའི་ཆོ་ག་རྫོགས༔ དབང་(༡༩ན)


GLG024_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གར་གྱི་དཀྱིལ་འཁོར་དུ༔ བདུད་བཞི་འཇོམས་པའི་ལས་བྱས་པས༔ ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས༔ ཕྱག་བརྙན་ཆེན་པོའི་དཀྱིལ་འཁོར་དུ༔ བཀའ་འདས་བསྒྲལ་བའི་ལས་བྱས་པས༔ རུ་དྲ་མནན་པའི་ཆོ་ག་རྫོགས༔ ཨཱོཾ་བཛ་ཀྲོ་དྷ་སིདྡྷི་ཧཱུཾ། ཨཱོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ གཏོར་གཞོང་ཁ་སྒྱེན་ནས། རྣལ་འབྱོར་པ་བདག་ཅག་འཁོར་བཅས་ཀྱི་ཚེ་དཔལ་འབྱོར་པ་ཐམས་ཅད་ཟླ་བ་ཡར་གྱི་དེ་བཞིན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཟོར་འཕེན་གཏོར་མནན་སོགས་ཀྱི་རྗེས་ཚེ་འགུགས་པ་སྔ་འགྱུར་གྱི་སྤྱི་ལུགས་ཡིན་པས་ཆོས་དབང་རིན་པོ་ཆེའི་མ་ཎི་བཀའ་འབུམ་གྱི་ལེའུ་བདུན་པ་ལས། ཧྲཱི༔ མཁའ་མཉམ་ཚེ་བདག་འོད་དཔག་མེད། །ཆོས་ཀྱི་དབྱིངས་ནས་ཚེ་ཁུག་ལ། །ཚེ་ཡི་དངོས་གྲུབ་འདིར་སྩོལ་ཞིག །བདུད་རྩིའི་ཆར་འབེབས་བདུད་རྩི་ཆེ། །ལོངས་སྐུའི་ཞིང་ནས་༴། ཚེ་ཡི་དངོས་གྲུབ་༴། སྣང་སྲིད་དབང་སྡུད་པདྨ་རྒྱལ། །འབྱུང་ལྔའི་ཀློང་ནས་༴། ཚེ་ཡི་དངོས་གྲུབ་༴། ཡེ་ཤེས་འཚོ་རྒྱལ་ཚེ་ཡི་ལྷ། །སྲིད་པ་གསུམ་གྱི་༴ །ཚེ་ཡི་དངོས་གྲུབ་༴ །རྩ་བརྒྱུད་བླ་མ་ཚེ་དབང་རྒྱལ། །ཡེ་ཤེས་ལྔ་ཡི་༴ ཚེ་ཡི་དངོས་གྲུབ་༴། རང་བྱུང་ཡེ་ཤེས་སྐྱེ་འཆི་མེད། །འཁོར་འདས་གཉིས་ཀྱི་༴། ཚེ་ཡི་དངོས་གྲུབ་༴། ཡེ་ཤེས་མཁའ་འགྲོ་ཚེ་ཡི་ལྷ། །མཁའ་ལ་སྤྲིན་ཚོགས་གཏིབས་པ་བཞིན། །ཚེ་དང་བསོད་ནམས་གཏིབ་ཏུ་གསོལ། །བདུད་འདུལ་གིང་བཞི་ཚེ་ཡི་ལྷ། །ནགས་ལ་མེ་ཆེན་སྦར་བ་བཞིན། །ཚེ་དང་བསོད་ནམས་སྦར་དུ་གསོལ། །དཔའ་བོ་ཡབ་(༡༩བ)


GLG024_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཕོ་ཉ་མོ། །སྡེ་བརྒྱད་ལག་ན་ཚེ་ཁུག་ལ། །ཚེ་དང་བསོད་ནམས་གཏིབ་ཏུ་གསོལ། །ཨཱོཾ་ཚེ་བྷྲཱུཾ་གཡུ་བྷྲཱུཾ་གཡུ་ཚེ་བྷྲཱུཾ་ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུཾ། ཞེས་བརྗོད། དབང་བསྐུར་བ་བསྐུལ་གྱི་རྗེས་སུ་བྱེད་པ་གཙོ་ཆེ་ཞིང་ཟབ་ཀྱང་དངོས་གྲུབ་ཙམ་ལེན་ན་སྐབས་འདིར་མཛད་པ་མང་ལ་དབང་ཡང་ལེན་མི་རུང་བ་མིན་པས་ཁྲོ་རོལ་གྱི་གཅེས་པའི་ལྡེ་མིག་ཏུ། ནང་དུ་ལོག་ལ་ཚེ་འགུགས་བྱ༔ གུ་རུའི་དངོས་གྲུབ་གཏོར་མ་ཡིས༔ བདག་གཞན་ཀུན་ལ་དབང་བསྐུར་བྱ༔ འཛབ་བཟླས་དངོས་གྲུབ་རྫས་ལ་རོལ༔ ཞེས་པ་དང་འབྲེལ་ལོ༔ ལེའུ་བརྒྱད་གཏེར་གཞུང་དང་ཆོས་ལྡན་པའི་སྒོམ་རིམ་ཆོག་ཁྲིགས་རྣམས་སུ་དཀྱིལ་འཁོར་བསྡུ་བའི་གསལ་ཁ་མ་བྱུང་བ། སྲས་པད་དབང་གི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྡུ་མི་དགོས་པའི་ཤེས་བྱེད་མཛད་པ་དང་དགོངས་པ་གཅིག་པ་ཐོག་མཐའ་བར་དུ་རང་སེམས་དང་བླ་མ་དབྱེར་མེད་ཁོ་ནའི་ངང་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་བསྡུ་བ་ལས་སྤྲོས་པ་གཞན་ལ་རག་མ་ལུས་པར་རང་སེམས་ཀ་དག་དོན་གྱི་བླ་མར་གནས་པ་ནི་དཀྱིལ་འཁོར་བསྡུ་ཆོག་ཡིན་པས། དེའི་དོན་གསང་འདུས་གཞུང་གི་རྗེས་ཆག་ཉམས་ཆགས་བསྐང་བ་ནི། སྤྱི་གཙུག་པད་ཟླའི་གདན་སྟེང་དུ༔ བླ་མ་རྡོ་རྗེ་སེམས་དཔའི་སྐུ༔ སྐུ་མདོག་ཤེལ་འདྲའི་ཐུགས་ཀ་ནས༔ ཟླ་སྟེང་ཧཱུཾ་ལས་ཡིག་བརྒྱས་བསྐོར༔ དེ་ལས་བདུད་རྩིའི་ཆུ་རྒྱུན་བབས༔ བདག་གི་ཉམས་ཆགས་སྒྲིབ་དག་གྱུར༔ ཅེས་བརྗོད་ཅིང་གཏོར་མགྲོན་སོགས་མདུན་བསྐྱེད་རྣམས་ཀྱང་ཐུགས་ཀའི་ཧཱུཾ་ལ་བསྡུས། ཡི་གེ་བརྒྱ་པ་བརྗོད། བླ་མ་རྡོ་རྗེ་སེམས་དཔའ་ཉིད། །དགྱེས་པ་ཆེན་པོས་རང་ལ་ཐིམ། །(༢༠ན)


GLG024_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཡང་ཀུན་གཞི་མ་བཅོས་པའི། །ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཞེས་པའི་དོན་ལ་མཉམ་པར་བཞག་གོ །གསུམ་པ་སྨོན་ལམ་གདབ་ཅིང་ཤིས་པ་བརྗོད་པ་ནི༔ ཨེ་མ་ཧོ༔ བདག་གིས་འགྲོ་བ་ཀུན་དོན་དུ༔ བསྐལ་པ་དཔག་མེད་ཚུན་ཆད་ནས༔ ཐ་མ་ད་ལྟ་ཐུག་གི་བར༔ བདག་གི་ལུས་ངག་ཡིད་གསུམ་གྱིས༔ བླ་མ་སྐྱེས་མཆོག་ཡི་དམ་ལྷ༔ སངས་རྒྱས་བྱང་སེམས་ཌཱ་ཀིའི་ཚོགས༔ སྒོམ་སྒྲུབ་མཆོད་ཅིང་བསྟོད་པ་དང་༔ བྲིས་བཀླག་བཅངས་ཤིང་ཀུན་ཆུབ་བགྱིས༔ ལྷ་སྒོམ་ལ་སོགས་དགེ་སྤྱད་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ནས༔ ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག༔ གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི༔ བླ་མའི་ཐུགས་དགོངས་རབ་རྫོགས་ཤིང་༔ དུས་གསུམ་ཕ་མས་སྣ་དྲངས་པའི༔ འགྲོ་དྲུག་སེམས་ཅན་མ་ལུས་ཀུན༔ བླ་མ་མཆོག་གི་རྗེས་བཟུང་ནས༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམས་པ་དེ་འགྲུབ་པའི༔ དོན་གྲུབ་མཆོག་གི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ནས༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་གཏོར་ཏེ་ཕུན་སུམ་ཚོགས་པའི་དགའ་སྟོན་གྱི་དཔལ་ལ་རོལ་བར་བྱའོ། །བླ་མ་སྒྲུབ་པའི་ལས་བྱང་ལེའུ་བརྒྱད་པ་ཞེས་བྱ་བ། རང་གཞུང་ཚུགས་ཤིང་སྒྲུབ་ཐབས་ཀུན་གྱིས་ཁ་སྐོངས་རྫོགས་སོ། །བརྡ་ཡིག་ཡོད། ༈ དེའང་གཏེར་ཁ་གོང་འོག་གི་བླ་མ་ཞི་དྲག་གི་སྐོར་ལ་སྔ་འགྱུར་(༢༠བ)


GLG024_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིའི་ལས་བྱང་དང་མི་འདྲ་བའི་རང་སྐད་ཟུར་པ་ཡོད་པར་རྒྱལ་སྲས་པདྨ་དབང་ཆེན་གྱིས་ལས་བྱང་ལེའུ་གསུམ་པའི་ཆོག་བསྒྲིགས་མཛད་པ་ཁྲིགས་ཀྱི་རིམ་པ་གཏེར་གཞུང་འདི་གའི་ལུགས་དང་མི་འདྲ་བའི་རྙིང་མ་སྤྱི་གཞུང་དང་མཐུན་ཤས་ཆེ་བ་སོགས་ཀྱི་སྣོན་ཕྲི་འགའ་ཞིག་བྱུང་བ། གཏེར་སྟོན་གྱི་ཐུགས་སྲས་དང་ལང་འགྲོ་ལོ་ཙཱ་བའི་སྐྱེ་བརྒྱུད་སོགས་ནས་ཁུངས་མི་བཙུན་པ་མ་ཡིན་རུང་། ཀ་ཐོག་རྡོར་བཟང་གིས། གཏེར་གཞུང་ལེའུ་བརྒྱད་ལ་བརྟེན་ནས། །དབང་ཆེན་ལེའུ་གསུམ་པ་མཛད། །དེས་ཀྱང་དགོངས་པ་ཅུང་མ་ལོན། །གསང་འདུས་གཞུང་དང་འགལ་བ་མང་། །ཞེས་དཔྱད་པ་མཛད་ཅིང་ལེའུ་གསུམ་མའི་རྗེས་སུ་འབྲངས་ནས་བྱང་པ་རིགས་འཛིན་ཆེན་པོ་འཕྲིན་ལས་རྣམ་རྒྱལ་མཚོ་སྐྱེས་བཞད་པའི་དབང་པོས་ཆོག་བསྒྲིགས་མཛད་འདུག་པ་སོགས་གསང་ཆེན་རྙིང་མའི་རིང་ལུགས་ལ་མཁས་ཤིང་གྲུབ་པ་བརྙེས་པའི་གསུང་ཡིན་པས་བཞེད་པ་མི་འདྲའང་ལོག་རྟོག་གི་ཡུལ་མིན་ལ། ཆོས་རྗེ་དཀོན་གཉེར་དཔོན་པ་ཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚན་ནས་བཟུང་། ཟི་ན་ཆོས་ཀྱི་དབང་ཕྱུག་གི་བར་དུ་བྱོན་པའི་སྔགས་འཆང་གྲུབ་བརྙེས་མཁྱེན་དཔྱོད་ཅན་རྣམས་ཀྱི་གསུང་རྒྱུན་ཕྱག་བཞེས་ཡིད་རྟོན་པའི་གནས་ཡིན་ནའང་། རྩེ་ལུགས་སུ་གྲགས་པའི་ཆོག་སྒྲིགས་ལའང་རྗེས་འཇུག་འདྲས་ལྷད་ཅུང་ཟད་བཅུག་པར་མངོན་ཞིང་། ཀར་ལུགས་པ་དག་ལས་འབྲེལ་རྩལ་གྱི་མཁའ་འགྲོ་འབུམ་བསྐུལ་སྣོན་པ། འབྲུག་ལུགས་པ་འདྲེས་གཏེར་ཁ་གོང་འོག་བསྲེ་བ་སོགས་གང་དྲན་ལག་ཏུ་ལེན་པ་ནི་སྟོབས་འབྱོར་སྒྱུ་ཐབས་ཀྱི་ཕུ་འཁྱེར་དང་བཅས་ཕྱོགས་འདིར་མ་འདྲིས་པའི་མུན་པའི་མདའ་འཕེན་དུ་ཟད་(༢༡ན)


GLG024_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

མོད། འོན་ཀྱང་བདེ་མཆོག་དང་བཀའ་བརྒྱད་ཀྱི་རྟེན་བརྟེན་པར་དཔེ་བླངས་ཏེ་རྣ་བར་ཐོས་ཚད་ཀྱི་སྲུང་མ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་མགོན་མང་དང་། ལུས་ཕྱེད་གདོང་ལ་གདོང་ཕྱེད་ཁའི་ཚད་དུ་བྱེད་པའི་སྲུང་མ་དང་། ཡུམ་ལ་ཡབ་ཀྱིས་ཕར་འཁྲིལ་བའི་ཞལ་གཟིགས་མ་སོགས་མགལ་དུམ་འཕྲེང་བར་བསྒྲིགས་པའི་སྤུན་ཟླར་མཐོང་བས་ཚེས་བཅུའི་ལས་བྱང་དུ་མིང་བཏགས་པ་ཙམ་ལ་ཡིད་བརྟན་དུ་མ་བཟུང་བར་གཏེར་བྱོན་གྱི་གསང་འདུས་གཞུང་དང་ལས་བྱང་། སྤྲུལ་སྐུ་ཆོས་ལྡན་པའི་སྒོམ་རིམ་དང་ཆོག་བསྒྲིགས་རིགས་འཛིན་བརྒྱུད་པའི་གསུང་རྒྱུན་རྣམས་ཚད་ཐུབ་ཀྱི་དབང་པོར་བྱས་པ་ཡིན་ནོ། །དུས་གསུམ་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་གཟུགས། །སྤྲུལ་སྐུའི་སྒྱུ་འཕྲུལ་གར་བསྒྱུར་པདྨ་འབྱུང་། །ཡང་ཟབ་ཐུགས་སྒྲུབ་ཀུན་གྱི་རྩེར་སོན་པ། །གནམ་སྐས་ཀླུ་བདུད་སྐུ་སྟོད་བླ་མའི་སྐོར། །ཟབ་ཟབ་དབྱངས་སུ་ལེན་པའི་ཆོས་མང་ཡང་། །མངོན་སུམ་ཞལ་མཇལ་བྱིན་རླབས་ལུང་སྟོན་པར། །བྱེད་ནུས་མཁའ་འགྲོའི་ཁ་རླངས་དངར་པོའི་རོ། །འཐུལ་འདི་སྐལ་བཟང་ཀུན་ད་བཞད་པའི་གཉེན། །ཟོག་རྫུན་འུག་པ་ལྟར་སྦོས་ཆེར་རློམ་འགའི། །བློས་བྱས་ལག་ལེན་མུ་ཏོའི་ཕྱེ་འགམ་པར། །གཏན་བདེའི་བཅུད་དུ་རེ་རྣམས་ཐོ་བ་ཡིས། །ཕ་མགོ་བཅོམས་པས་སངས་རྒྱས་ཐོབ་སེམས་བཞིན། །རང་གཞུང་དངོས་བསྟན་དོར་ནས་གཏེར་གཞན་ལེན། །ལ་ལ་ཕྱེས་འགྱུར་ཆོ་གའི་རྒྱས་འགེབས་བྱེད། །གནའ་བོའི་སྒྲོས་དང་དཔེ་ཧྲུལ་རྗེས་འཇུག་པ། །ཚད་ལྡན་བསྟན་པའི་གྲངས་(༢༡བ)


GLG024_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདྲེན་རྣམས་རྨོངས། ཁོ་བོ་མདོ་རྒྱུད་གཙུག་ལག་མང་དུ་ཐོས། །ཡང་དག་ལྟར་སྣང་འབྱེད་པའི་བློ་མིག་གསལ། །དེ་ཕྱིར་གྲགས་སྐམ་ཅལ་སྒྲོག་རྗེས་རྒྱུག་དང་། །གཞན་ཟེར་ཚིག་གི་འཁར་བར་ག་ལ་བརྟེན། །ཚད་ལྡན་རྡོ་རྗེའི་སློབ་དཔོན་ཡུན་དུ་བསྟེན། །སྨིན་གྲོལ་གདམས་པའི་གནད་ཀྱི་འཕྲེང་ལ་བཅུར། །རང་རིག་བླ་མར་ཤེས་པའི་ཉམས་ལེན་བསྐྱངས། །རིགས་འཛིན་སྒྲུབ་པོར་རློམ་ཡང་མི་གནོད་ཙམ། །སྔ་འགྱུར་བཀའ་གཏེར་གཞུང་ལུགས་མང་མང་ཐོས། །ཐོས་ཙམ་མ་ཡིན་འབད་པས་ངལ་ངལ་བསམས། །བསམས་པ་ཇི་བཞིན་འཁྲུལ་མེད་ཡང་ཡང་བསྒོམས། །བསྒོམས་དོན་སྨྲ་བའི་བརྟུལ་ཞུགས་བརྟན་བརྟན་རྙེད། །དེ་འདྲ་ཁྱབ་བདག་ཀུན་ཏུ་བཟང་པོ་དང་། །དབྱེར་མེད་ཆོས་བཞིན་སྤྱོད་མཛད་ཡོངས་འཛིན་འགའི། །ཟླ་མེད་བཀའ་དྲིན་དྲན་པའི་མོད་ཉིད་ལ། །སྙིང་དབུས་དད་པའི་འདབ་བརྒྱ་ཅི་ཡང་བཞད། །དགེ་འདིས་ཨྱོན་སངས་རྒྱས་གཉིས་པ་ཡི། །ཐུགས་རྗེ་ཉི་མའི་དངོས་བརྒྱ་འབར་བའི་གཟིས། །གངས་ཅན་རྒུད་པའི་མུན་པ་མཐར་སངས་ནས། །ཕན་བདེའི་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་གཏེར་ཁ་འོག་མའི་གསང་འདུས་གཞུང་དང་ལས་བྱང་ལེའུ་བརྒྱད་པ་འཁྲུགས་པ་སྡེབས་སུ་ཚེས་བཅུའི་མཆོད་པའི་དུས་བཀླགས་པས་དོན་ཀུན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་རྩ་གསུམ་དགྱེས་པའི་རོལ་གར་ཞེས་པ་འདི་ནི་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་དྲུང་དུ་ཁྲོ་ཆུའི་ཀླུ་བདུད་ཀྱི་སྐུ་སྟོད་དང་རྐེད་པ་ནས་བླ་མའི་སྒྲུབ་སྐོར་ཐེམས་ཅན་བདུན་བྱོན་པའི་ལྔ་ཙམ་གྱི་ལུང་རགས་རིམ། པདྨ་(༢༢ན)


GLG024_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་འཕྲེང་གསང་མཚན་གྱི་སྒྲུབ་པའི་སྨིན་བྱེད་ཀྱི་བཀའ་དྲིན་མནོས་ཤིང་། རིགས་ཀུན་ཁྱབ་བདག་ཁྲ་ཚང་བ་བློ་མཆོག་རྡོ་རྗེའི་དྲུང་དུ་གཏེར་ཁ་འདིའི་བླ་སྒྲུབ་ཐེམས་ཅན་ཐེམས་མེད་ཡོད་དོ་ཅོག་གི་དབང་ཁྲིད་ལུང་མན་ངག་ཡོངས་སུ་རྫོགས་པར་ཐོབ་པ་ལ་བརྟེན་ནས་སྨྲ་བའི་སྤོབས་པ་གཟེངས་སུ་མཐོ་བ་ཟ་ཧོར་གྱི་རིགས་ལས་སྔགས་སྨྱོན་གང་ཤར་རང་གྲོལ་གྱིས་ཞི་བ་ཞེས་པ་ས་མོ་བྱའི་ལོ་ཆུ་ཤེལ་གྱི་དབང་པོ་མགོས་ཉ་བའི་རྒྱལ་བའི་ཚེས་ལ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ལ་དཔལ་ལྡན་ཀུན་བཟང་རྩེ་བའི་ཕྱག་བཞེས་ཀྱི་གར་འཆམས་དབྱངས་རོལ་དང་འབྲེལ་བའི་ཚེས་བཅུའི་མཆོད་པ་འཛུགས་པའི་སྟ་གོན་གྱི་ཚེ་མཆོད་གཏོར་བརླབ་པ། གནས་གསུམ་བྱིན་རླབས། དབང་བསྐུར། སྨན་ཕུད། རྒྱུན་མཆོད། ཚོགས་ཐ་མའི་བསྒྲལ་ལས་སྟོབ་པ་རྣམས་ཚིག་སྦྱོར་གསར་དུ་བསྡེབས། མཚན་བརྒྱད་མངོན་རྟོགས་གསུང་རྒྱུན་མའི་ཚིག་ཟུར་བསྒྱུར། དེ་ཕྱིན་གཏེར་གཞུང་དང་གོང་མའི་གསུང་འཕྲོས་རྣམས་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་ཕྱིར་རང་སོར་བཞག་སྟེ་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་དང་འཇམ་དབྱངས་དཔལ་བཟང་གཉིས་ཀྱིས་ཅི་རིགས་པར་བགྱིས་པ་སིདྡྷི་རསྟུ། ༈ གངྒཱའི་རྡུལ་སྙེད་གྲངས་ཀྱི་ཆ་ཙམ་དུ། །བསྐྲུན་པར་མི་ནུས་ཞི་ཁྲོའི་རྟེན་བརྟེན་པ། །ཀུན་ཀྱང་རང་རིག་ཁྱབ་བདག་རྡོ་རྗེ་སེམས། །གཅིག་ལས་དུ་མར་འཆར་བ་འཕྲུལ་པོ་ཆེ། །ལྷ་སྔགས་ཡེ་ཤེས་རོལ་པའི་རྣལ་འབྱོར་གྱིས། །ཡིད་སྲུབས་སྡེ་ལས་རྣམ་པར་རབ་རྒྱས་པའི། །གཞན་ཕན་ལྷུན་གྲུབ་ཟུང་འཇུག་བདེ་ཆེན་གར། །ལེགས་བསྒྱུར་རིག་སྔགས་འཆང་བའི་བཤད་སྒྲུབ་གླིང་། །གང་བདེའི་རྒྱུན་གྱི་ཉམས་བཞེས་ཞལ་འདོན་རྣམས། །ཕྱོགས་གཅིག་ཡི་གེར་ཉེར་བཀོད་པུསྟི་ཀཿ།


GLG024_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྦྱིན་འཛད་མེད་པར་གྱི་སྒོ་འབྱེད་པ། །དཔྱད་གསུམ་དག་པའི་ལྡེ་མིག་དེང་འདིར་བསྐྲུན། །གངས་རི་བརྒྱ་ཕྲག་ཟླ་ཞུན་གྱིས་བྱུགས་ལས། །ཆེས་དཀར་རྣམ་དག་བསམ་པས་ཕྱོགས་འདི་ལ། །སྒོ་གསུམ་འབད་དང་མཐུན་རྐྱེན་ཉེར་སྦྱོར་བའི། །བྱེད་པོར་གཏོགས་སོ་ཅོག་གི་ལུས་ཅན་རྣམས། །རྫོགས་ལྡན་དུས་ཀྱི་ཚེ་འབྱོར་བདེ་སྐྱིད་ཀུན། །མངོན་སུམ་ཉམས་མྱོང་སྐྱེ་བར་དལ་འབྱོར་རྙེད། །ངེས་གསང་ཐེག་མཆོག་ཆོས་ལ་ལོངས་སྤྱད་ནས། །བཅུ་གསུམ་རྡོ་རྗེའི་ས་དེར་མྱུར་བགྲོད་ཤོག །སྤྱི་དང་ཁྱད་པར་འཇམ་མགོན་བཙོང་ཁ་པའི། །རིང་ལུགས་དེ་འཛིན་སྡེ་རྣམས་ཕྱོགས་བཅུར་འཕེལ། །རྡོ་རྗེའི་སློབ་དཔོན་གཡུང་དྲུང་ལྟར་བརྟན་ནས། །སྨིན་གྲོལ་འཁོར་ལོ་ཆད་མེད་བསྐོར་བར་ཤོག །དགའ་བ་བརྒྱ་བའི་དཔལ་ལྡན་ཕོ་བྲང་ཆེའི། །ཆོས་སྲིད་གྱེན་འདེགས་ནོར་འཛིན་སྐྱོང་བའི་ལྷ། །ཞབས་བརྟན་མངའ་ཐང་རབ་རྒྱས་ལུགས་གཉིས་ཁྲིམས། །མཆོག་དམན་ཕྲག་པར་ཁུར་དུ་ལྕི་བར་ཤོག །རང་གཞན་ཕན་བདེའི་རྩ་ལག་ཐེག་ཆེན་ལམ། །ལེགས་པར་བཤད་དོན་ཉམས་སུ་བསྟར་བའི་གླིང་། །སྲིད་མཐའི་བར་དུ་རྣམ་གསུམ་འཁོར་ལོ་རྣམས། །དཀར་ཆའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །འཇིག་རྟེན་སྤྱི་དང་བྱེ་བྲག་རྒྱ་ཧོར་བོད། །དུས་ཀྱི་ཆད་པ་བརྣག་དཀའི་ཟུག་རྔུ་རྣམས། །མིང་མཐར་བྱས་ནས་ལུས་ངག་ཡིད་གསུམ་ལ། །སིམ་པའི་ཚོར་བ་རྟག་ཏུ་མྱོང་བར་ཤོག །རྩ་གསུམ་བྱིན་རླབས་དམ་ཅན་མཐུ་སྟོབས་རྩལ། །ཆོས་དབྱིངས་འགྱུར་བ་མེད་པ་རྣམ་པར་དག །ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་མཐུས། །ཇི་ལྟར་ཡོངས་སྨོན་འདོད་དོན་ལྷུན་གྲུབ་ཤོག །རྒྱལ་སྲས་སློབ་མར་བཅས་པས་མགྲིན་གཅིག་ཏུ། །བདེན་ཚིག་དབྱངས་སྙན་ལེན་དང་ཕྱོགས་མཐུན་དུ། །མཁའ་ལ་འཆི་(༢༣ན)


GLG024_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཚོགས་ཀྱིས་གོམ་བཀོད་དེ། །བཀྲ་ཤིས་མནྡྷ་ར་ཡི་ཆར་འབེབས་ཤོག །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་རྒྱུན་གྱི་རྣལ་འབྱོར་དུ་བྱ་བའི་རིམ་པ་རྣམས་མི་འཆལ་ཞིང་ཁུངས་དག་པའི་ཆེད་པར་དུ་འཁོད་པ་ཞིག་བྱུང་ན་ཞེས་གྲ་དམངས་རྣམས་གླེང་བརྗོད་མཛད་པ་སྔགས་རམས་པ་བསོད་ནམས་རྒྱལ་མཚན་གྱིས་བསྐྱར་བར་བརྟེན་ས་ལུག་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་མ་ཡང་ཡང་བྱུང་བས་རྐྱེན་བྱས། སྒྲ་མདོ་ཆེན་པོ་བཞི་ལ་ཕུལ་དུ་ཕྱིན་པའི་འདར་བ་ལོ་ཆེན། མོན་ཁར་རྣམ་གླིང་པཎ་ཆེན། དགེ་སློང་འཇམ་དབྱངས་གྲགས་པ་གསུམ་གྱིས་དཔེ་ཁུངས་སྟུབ་མང་པོ་དང་བསྟུན་ཞིང་ངེད་རང་ལ་དོགས་དཔྱད་ནས་ཞུས་དག་པར་བྱས་པའི་ཤོག་གྲངས་ལྔ་བརྒྱར་ཉེ་བ་ལྕགས་བྱ་ལོ་ས་སྐྱོང་སངས་རྒྱས་རྒྱ་མཚོས་དགོས་བྱེད་མཐུན་རྐྱེན་གྱི་བཀོད་པ་དང་བཅས་སྔགས་རམས་པ་མཁས་བཙུན་རྒྱ་མཚོ་དོ་དམ་དུ་བཏང་ནས་དགའ་ལྡན་ཕུན་ཚོགས་གླིང་དུ་པར་ཡིག་གི་མ་དཔེ་དང་མཐུན་མི་མཐུན་གྱི་ཞུས་ཆེན་ཡར་འབྲོག་པ་དགེ་སློང་བློ་གྲོས་བརྟན་པ། དགེ་སློང་སྨྲ་བའི་དབང་ཕྱུག །རྩེ་སྐོར་བ་དགེ་སློང་བློ་གསལ་མཁས་པ་གསུམ་དང་། ཡིག་མཁན་བློ་བཟང་དམ་ཆོས་ཅན་དགུ །པར་བརྐོས་པ་དབུ་མཛད་དགོས་སླེབས་ཅན་སུམ་ཅུ་སོ་བརྒྱད། ཤིང་བཟོ་བ་བསོད་ནམས། གཉེར་པ་ཁང་སེར་མ་ཤེས་རབ་དཔལ་བཟང་། ཀ་བཞི་སྨད་པ་བསོད་ནམས་ནོར་བུ་གཉིས་དང་བཅས་པས་གང་དགོས་ཀྱི་རྐྱེན་སྦྱར་ནས་པར་དུ་བརྐོས་པའི་སྨོན་ལམ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་ཛ་ཡནྟུ། །སརྦ་མངྒ་ལཾ།། །།

དཔལ་ཀུན་ཏུ་བཟང་པོའི་འཆམས་ཀྱི་བརྗེད་བྱང་ལྷའི་རོལ་གར།


GLG024_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཀུན་ཏུ་བཟང་པོའི་འཆམས་ཀྱི་བརྗེད་བྱང་ལྷའི་རོལ་གར་བཞུགས་སོ། །


GLG024_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ཐམས་ཅད་ཀྱི། ཁྱབ་བདག་གདོད་མའི་ཀུན་བཟང་ཧེ་རུ་ཀ །སྣ་ཚོགས་སྤྲུལ་པའི་གར་མཁན་པདྨ་འབྱུང་། །དབྱེར་མེད་དྲིན་ཅན་རྩ་བའི་བླ་མར་འདུད། །མིག་སྨན་ཁུ་བས་སྦགས་པའི་ལྷུན་པོ་ལ། །དུས་མཐའི་མེ་དཔུང་འབར་བའི་གོས་གྱོན་པ། །ཁྲོ་བོའི་དབང་པོ་དཔལ་ཆེན་ཕུར་པ་ཡི། །ལྷ་ཚོགས་རྣམས་ཀྱིས་དངོས་གྲུབ་ཆར་ལྟར་ཕོབ། །གར་ཐིག་དབྱངས་ཞེས་གསང་སྔགས་འཆང་ཀུན་ལ། །རླུང་ལྟར་གྲགས་པའི་ཁྲག་འཐུང་ཁྲོ་བོའི་འཆམས། །སྟང་སྟབས་ཙམ་གྱིས་བདུད་སྡེ་ཚར་གཅོད་པའི། །རིགས་འཛིན་བརྒྱུད་པའི་ལུགས་སྲོལ་ཇི་བཞིན་འདྲི། །དེའང་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་གྱི་ཆོ་ག་ལ། །སྔོན་འགྲོའི་སྐབས་བློས་བཟུང་བ་དང་། སྟང་སྟབས་ཀྱིས་བཟུང་བ་གཉིས་ལས། ཕྱི་མའི་སྐབས་གསང་སྔགས་གསར་མ་ལ། མཁའ་འགྲོ་རྡོ་རྗེ་གུར་དང་། ཡོ་ག་ལས་བཤད་པའི་གར་ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་རྗེ་སོགས་ཀྱིས་དར་རྒྱས་སུ་མཛད་པ་དང་། གསང་སྔགས་རྙིང་མ་ལ་ཁྲག་འཐུང་གི་འཆམས་ཞེས་བཀའ་གཏེར་གཉིས་ཀའི་རིག་སྔགས་འཆང་བ་རྒྱུ་སྐར་གྱི་འཕྲེང་བ་ལྟ་(༢ན)


GLG024_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལ་ཡོངས་སུ་གྲགས་པའི་ནང་ནས། དཔལ་ཆེན་ཕུར་བུའི་བསྐྱེད་རིམ་ཕྱག་རྒྱའི་གར་འཆམས། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཕྱག་བཞེས་མཆོད་དཔོན་ཤེས་རབ་སྣང་བས་བརྗེད་བྱང་དུ་བཀོད་པ་ལུས་འགྱུར་སྣང་བ་དང་སྒོ་བསྟུན། ས་སྐྱོང་ཐམས་ཅད་མཁྱེན་པ་གྲགས་པ་འབྱུང་གནས་དང་། དཔལ་ཀུན་བཟང་རྩེ་བའི་ཕྱག་བཞེས་མཐོང་བརྒྱུད་ལྟར་བྲི་བར་བྱའོ། །སྤྱིར་དཔལ་ཀུན་ཏུ་བཟང་པོ་དང་། རྒྱལ་བ་རིགས་ལྔ་ལས་བརྒྱུད་དེ། རྡོ་རྗེ་སེམས་དཔས་ཆེ་མཆོག་ཧེ་རུ་ཀ་ལ་གསུངས། དེས་རིགས་གསུམ་མགོན་པོ་ལ་གསུངས་ཏེ། ལྷ་ཀླུ་གནོད་སྦྱིན་གྱི་ཡུལ་དུ་དར་བ་དང་། ཁྱད་པར་སྐལ་ལྡན་རྒྱལ་པོ་ཛས་མཁས་པ་མི་གསུམ་ལ་བཤད། དེ་ནས་བརྒྱུད་དེ་སློབ་དཔོན་པདྨ་སམྦྷ་ཝ། བི་མཱ་ལ་མི་ཏྲ། ཤཱི་ལ་མཉྫུ། ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར་སོགས་ལ་བརྟེན་ནས། ཨྱོན། རྒྱ་གར། བལ་ཡུལ། བོད་སོགས་སུ་དར་རྒྱས་ཆེ་བར་བྱུང་ལ། དགོས་པའི་གཙོ་བོ། བཛྲ་ཧེ་རུ་ཀས། རུ་དྲ་འདུལ་བའི་ཆེད་དུ། གླུ་དྲུག་བླངས་པས་དོན་དྲུག་རྫོགས། སྟབས་དྲུག་བསྐྱོད་པས་འགྲོ་དྲུག་སྒྲོལ། །ཞེས་སྟང་སྟབས་དྲུག་(༢བ)


GLG024_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

གམ་བརྒྱད་ཀྱི་སྒོ་ནས་མཛད་ཅིང་། རིགས་འཛིན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། དཔལ་བསམ་ཡས་ཀྱི་ས་འདུལ་འཕྲིན་ལས་ཀྱི་དཀྱིལ་འཁོར་ཆེན་པོ་འདི་ཉིད་ལ་བརྟེན་ནས་གར་འཆམས་མཛད་པས། ལྷ་སྲིན་གྱིས་གདུག་རྩུབ་ཞི་བ་སོགས་དགོས་པ་ཁྱད་པར་ཅན་བྱུང་བས། ས་ཆོག་དང་། འཕྲིན་ལས་ཀྱི་ཁ་སྐོང་བ་དང་། བསྒྲལ་བ་དང་། མདོས་ཟོར་གྱི་སྐབས་སུ་ཉམས་སུ་བསྟར་བ། རྒྱུད་ཀྱི་ཁུངས་དང་འབྲེལ་ཞིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་ཡིན་ནོ། །དེ་ཡང་ལག་སྟབས་གཙོ་ཆེ་བ་ལ་གར། རྐང་སྟབས་གཙོ་ཆེ་བ་ལ་འཆམས། དེ་གཉིས་ཀ་གཙོ་ཆེ་བ་སྟང་སྟབས་ཞེས་བཤད་པས། གནས་སྐབས་སུ་མི་འདྲ་བ་འདྲ་ཞིག་མཆིས་ཀྱང་། དོན་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་འཕྲིན་ལས་བསྒྲུབ་པ་ལ་མི་འགལ་ལོ། །ལུས་ཀྱི་རྣམ་འགྱུར། འགྱིང་བ། སྤྲུག་པ་སོགས་ཕྱག་རྒྱ་མཁས་པའི་མན་ངག་དང་ལྡན་ཞིང་། ངག་སྔགས་ཀྱི་བཟླས་པ་རྒྱུན་མི་ཆད་པ་དང་། ཡིད་ལྷ་གང་དང་གང་གི་ང་རྒྱལ་བརྟན་པོ་འཛིན་ཅིང་། དེ་ཐམས་ཅད་ཀྱང་གསལ་སྟོང་འཛིན་པ་མེད་པ་ལྟ་བས་རྒྱས་ཐེབས་པ་ཞིག་དགོས་པས། ཚེ་འདིའི་རྙེད་གྲགས་ཆོས་བརྒྱད་ཀྱི་ཆེད་ཁོ་ན་དང་། ལྟད་མོ་དང་རྩེད་མོ་ཙམ་གྱི་ཆེད་དུ་བྱ་བའི་ཐ་མལ་གྱི་སྤྱོད་ཚུལ་དང་མཚུངས་པ་ནི་མ་ཡིན་ནོ། །འོན་ཀྱང་འོག་ནས་འབྱུང་བའི་ཆས་གོས་རྒྱན་སྤྲོད་སོགས་ནི་ཁུངས་དག་འབྲེལ་ངོས། ཤིན་ཏུ་རྒྱས་པ་བྱ་བ་མ་གཏོགས། རས་སུ་བོར་ཞིང་སྤང་བར་མི་བྱ་སྟེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྤྲོས་པའི་མཚན་མ་ཀུན་དང་བྲལ་ཡང་། སྤྲོས་པ་སྣ་ཚོགས་ཀྱིས་བརྒྱན་པས་སོ། །འོག་ནས་འབྱུང་བ་རྣམས་ལ་ཐུན་མོང་དུ་(༣ན)


GLG024_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་ཡན་ལག་ནི། ཁྱུང་ཆེན་ནམ་མཁའ་ལ་ལྡིང་བ་ལྟར་ཕོད་ཀའི་ཐང་ཤ་བཅད། སེང་གེ་གཡུ་རལ་སྤྲུག་པ་ལྟར་མ་རལ་གྱི་འཁྱིལ་བ་ཤིག །རྒྱ་སྟག་ནགས་མའི་ཚལ་དུ་འགྱིང་བ་ལྟར་ལུས་ཀྱི་འཛུམ་བསྟན། ལུས་སྟོད་ལ་སེང་ཆགས། རྐེད་པ་ལ་འཁྲིལ་ཆགས། སྒྱིད་པ་ལ་ལྡེམ་ཆགས། ཚིགས་བཞི་ལ་འཕྲུལ་ཆགས། རྐང་མགོ་ལ་བདེ་ཆགས། བཞག་ཤ་ལ་ལྷོད་ཆགས། རྣམ་འགྱུར་ལ་འགྱིང་ཆགས། ཤ་འགྱུར་ལ་མེར་ཆགས། སྤྱོད་པ་དལ་ལ་དོད། ཕྱག་རྒྱ་གཡས་སུ་འཆའ་ཞིང་འགྲོལ་ན་གཡོན་དུ་བལྟ། གཡོན་དུ་དེ་ལས་ལྡོག །དབུས་སུ་ཐད་ཀར་ལྟ་ཞིང་འགྱིང་བ་རྣམས་ཡིན་ནོ། །འདིར་རྡོ་རྗེ་ཕུར་པའི་འཆམས་སྤྱིར་བསྟན་པ་དང་། བྱེ་བྲག་འཆམས་ཀྱི་རྣམ་གྲངས་གཞན་བསྟན་པ་གཉིས། དང་པོ་ལ། སྟོད་ལས་བྱང་ཆུབ་བསྒྲུབ་པའི་ཡན་ལག་ཏུ་རྩ་བའི་འཆམས་བཤད། སྨད་ལས་གདུག་པ་སྒྲོལ་བའི་ཡན་ལག་ཏུ་བྲུབ་འཆམས་བཤད་པ་གཉིས། དང་པོ་ལ་སྔོན་འགྲོ། དངོས་གཞི། མཇུག་དང་གསུམ། དང་པོ་རང་ལུས་ཆས་སུ་འཇུག་པ་ནི། ཕོད་ཀ །རུས་རྒྱན། སེ་རལ་ཁ། སྐྲ་བརྫུས། བསེ་ཐེབ་ལ་ཞྭ་དར་དང་། མེ་ལོང་ནི་མེད་དུ་མི་རུང་སྟེ། སྤྱིར་སྔགས་འཆང་རྣམས་ཀྱིས་གྱོན་པའི་ཞྭ་ནག་ལ་སྲིད་པ་སྤྱི་ལུགས་ཀྱི་ཞྭ་ཞེས་བཤད་ཅིང་། དེའི་དོན་སྲིད་པ་ཞེས་པ། འཇིག་རྟེན་གྱི་ཁམས་དང་། ཁམས་སྤྱིའི་དབྱིབས་ལུགས་ལ་དཔེ་བྱས་ལ། བྱས་ཚུལ་ནི། པདྨའི་གདུང་ཚབ་སྔགས་འཆང་བཀྲ་ཤིས་སྟོབས་རྒྱལ་གྱི་གསུང་ལས། མགུལ་སྒྲོག་ཆོས་དབྱིངས་གདེངས་ཀ་གྱེན་བསྟན་དབྱིབས། །དེ་(༣བ)


GLG024_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་རྒྱབ་བསྣོལ་རླུང་དཀྱིལ་རྒྱ་གྲམ་ཚུལ། །དེ་སྟེང་གྲུ་གསུམ་ཀུན་ནས་འབར་བའི་མེ། །ཕན་ཚུན་བསྣོལ་མ་རཀྟའི་རྦ་ཀློང་འཁྲུག །ས་ཆེན་གྲུ་བཞིའི་དབྱིབས་སུ་རྩ་བ་བརྟན། །མུ་ཁྱུད་ཁོར་ཡུག་ཀུན་ནས་བསྐོར་བའི་དབུས། །ལྷུན་པོ་ལྟར་བརྗིད་རྐེད་པར་ཉི་ཟླའི་རྒྱན། །ནང་གི་རུ་ཤིང་ཀེང་རུས་ལྷུན་སྡུག་བརྗིད། །མཚོ་སྟེང་མཚོན་སྐུད་པཉྩས་ཟུར་བརྒྱད་དུ། །དྲིས་པ་གླིང་ཆེན་བཞི་དང་གླིང་ཕྲན་བཅས། །སྦས་དོན་ནམ་མཁར་རྒྱས་བཏབ་ཐོག་རིས་བཀོད། །ཏོག་ཕོད་དར་དཕྱངས་ཡོངས་བརྟོལ་དཔག་བསམ་ཤིང་། །གདོད་ནས་འགྱུར་མེད་བུང་བའམ་སྟང་ཟིལ་མདོག །ལས་བཞི་གང་བསྒྲུབ་ཐོད་བཅིངས་ཁ་དོག་བསྒྱུར། །ནུས་ལྡན་རྫས་ཀུན་མཛེས་པའི་རྒྱུན་དུ་བཀོད། །ཅེས་སོ། །གཙོ་བོར་ཞྭ་འདི་ཉིད་དགོས་རྒྱུ་ཡིན་ནའང་། །འཆམས་ཡུན་རིང་བ་དང་བཅས་འཇུག་པ་བདེ་བའི་ཆེད་དུ་ཞྭ་ཐེབ་འདི་ཉིད་མཛད་ཅིང་། དེ་ལྟར་མཛད་པ་ཁུངས་དང་མི་འབྲེལ་བའི་སྐྱོན་མེད་དེ། དབང་པོའི་སྡེས། རྒྱ་བཟོའི་རྒྱུན་གྱི་ཞྭ་དམར་དར་སོ་ཆེ། །དབང་དྲག་སྒོ་མཐུན་དོན་གྱི་ལས་ཞྭར་མཛད། ཅེས་སོ། །རྒྱས་པར་སྤྲོ་ན། རྨ་བྱའི་སྒྲོ་མདོངས་ནོར་བུའི་དབྱིབས་ལ་གཟུང་མོ་བྱེ་ཐུར་གཡས་གཡོན་དུ་གླང་པོའི་མཆེ་བ་ལྟར་མཛེས་པ་དང་། དར་གྱི་སྦྲུལ་མགོ་ལྔའམ་གསུམ་གང་འོས། །བནྡྷ་སྐྲ་ཅན། ཕུར་པ་དར་གྱི་ཅོད་པན་ཅན་སོགས་འཚོགས་པར་བྱ་ཞིང་ཆས་གོས་རྣམས། གཡས་ནས་བརྔམ་པར་བླངས་ཏེ་གཡོན་ཕྱོགས་ནས་གྱོན། བན་ཕུར་པད་ཀོར་གྱི་ཚུལ་གྱི་ལན་པ་སོགས་བྱའོ། །གཉིས་པ་གསེར་སྐྱེམས་ནི། ལྷའི་ཕྱག་རྒྱ་མི་བཟོད་པའི་ཡུལ་ལྷ་དང་། སྡེ་བརྒྱད་རྣམས་ལ་གཏོང་བ་སྟེ། རྔ་པ་རྣམས་(༤ན)


GLG024_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་སུ་མི་འཇུག་ཀྱང་། བེར་སོགས་རང་ཆས་གང་ལེགས་བྱས་ནས་གསེར་སྐྱེམས་འབུལ་ཞིང་། ཕུར་བསྒྱུར་བྱ། དེ་ནས་འཆམས་དཔོན་གྱིས་སྣ་དྲངས་ཏེ། ཕྱོགས་ཀྱི་གསོལ་གདབ་རྣམས་ཀྱང་གོ་རིམ་མི་འཕྱུགས་པ་ཡོད་པར་བསྒྲིགས་ནས་འཆམས་གྲལ་ཕྲེང་བ་མཉམ་པར་བྱས། ལག་པ་རྒོད་གཤོག་ལྟར་བརྒྱངས་པའི་གཡས་ཕུར་པ་མཁྲིག་མ་ནང་དུ་བཀུག་པས་བཟུང་བ་ཅུང་མཐོ། གཡོན་བནྡྷ་ཅུང་ཟད་གཞོལ་བར་བཟུང་སྟེ། རྐང་གཡོན་བཏེག་ནས་སྦྲམ་ཞེས་རོལ་མོ་ཆེ་བ་༡་ལ་རྐང་གཡས་རྟིང་གསིག་བྱས་པའི་གཡོན་འགྲོ་ཕྱོགས་ཕབ། འགྱིང་བའི་ངང་ནས་རོལ་མོ་ཐེངས་བརྡུང་ཆུང་ངུ་གསུམ་བཞི་རྐང་གཡས་གཡོན་ཕྱོགས་སུ་བསྐོར་བའི་བཞག་ཐད་གཡོན་དྲུང་ནས། རྐང་གཡས་བཏེག་པའི་སྦྲམ་ཞེས་རོལ་མོ་ཆེ་བ་གཅིག་ལ་རྐང་གཡོན་རྟིང་གསིག་བྱས། རྐང་གཡས་འགྲོ་ཕྱོགས་སུ་ཕབ་འགྱིང་བའི་ངང་ནས་རོལ་མོ་ཐེང་བརྡུང་ཆུང་ངུ་གསུམ་བཞི་ལ་རྐང་གཡོན་གཡས་ཕྱོགས་སུ་བཞག་ཐད་གཡས་དྲུད་པ་བྱ། འདོན་དེ་ག་རེ་མོས་ཀྱི་དོ་ར་འཁོར་བ་དང་། འཆམས་དཔོན་དབུས་སུ་སླེབ་པར་བྱས་ནས། གསུམ་པ་ལ་གསུམ་ལས། དང་པོ་ས་གཞི་འཁོད་སྙོམས་པར་བྱ་བ་ནི། རྐང་གཡོན་བཏེག་སྦྲམ་ཞེས་གཡས་པའི་རྟིང་གསིག་བྱས། རྐང་གཡས་གཡོན་ཕྱོགས་སུ་བསྐོར་བའི་བར་དེར། དང་པོ་དང་གཉིས་པ་སོང་ནས་གསུམ་པ་ནས་སྟོན་པར་བྱེད་པ་ནི་འདི་ལྟར། ཞེས་འཆམས་སྐད་ཀྱི་བརྡའ་སྦྱར་མཚམས། སྦྲམ་ཞེས་རྐང་གཡས་མདུན་དུ་ཕབ། གཡོན་དེ་དང་མཉམ་པར་དྲུད་ནས། སྦྲམ་གཅིག་ཅེས་པའི་༡་དེ་ལ་རོལ་མོ་ཆུང་ཙམ་ཡོང་བའི་སྒམ་ལ་བན་ཕུར་(༤བ)


GLG024_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཕྱོགས་བསྐོར་ནས། ༡་ལ་གཡས་སུ་གཞོལ་བ་བྱ། སྦྲམ་གཉིས་ཞེས་པ་དེ་དང་འདྲ། སྦྲམ་སྦྲམ་ཆུང་ངུ་གསུམ་བཞི་ལ་བན་ཕུར་ནང་དུ་བསྐོར་བའི་འོག་ནས་ཡར་སྟེང་དུ་འཕྱར། འདི་ལ་ཆིག་བརྡུང་རོལ་བ་ཞེས་བྱ་སྟེ་འོག་ཏུའང་རིགས་འགྲེ། ལག་གཉིས་འཕྱར་བ་དང་རྐང་གཡས་བཏེག་ནས་རྐང་གཡོན་པའི་རྩེར་ལྕགས་མདའ་རིགས་སུ་ཕབ། སྦྲམ་ཞེས་ཆེ་བར་རྐང་གཉིས་ཀ་རྟིང་གསིག་དང་ལུས་གཡས་ཕྱོགས་འགྱིང་གསིག །ཡང་སྦྲམ་ཞེས་རྟིང་གསིག་ལུས་གཡོན་ཕྱོགས་བགྱིང་གསིག །ཡང་སྦྲམ་ཞེས་པར་གཡས་གོང་ལྟར་འགྱིང་གསིག་བྱ། དེ་ནས་འཆམས་དཔོན་ཁྲིའུའི་སྟེང་དུ་བཞུགས། ཕྱོགས་ཀྱི་མཆོད་འབུལ་རམ་འདེགས་དང་བཅས་པ་ཕྱོགས་སོ་སོར་འཁོད། གསོལ་བཏབ་སོགས་དངོས་གྲུབ་རྒྱ་མཚོའི་རོལ་གར་ལྟར་རོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་རོལ་མོ་དང་བསྟུན། འོག་ནས་འབྱུང་བའི་རྡོ་རྗེ་ཕྱེད་འགྲོས་ཀྱི་བྱང་ཤར་དུ་འགྲོ། དེ་རྗེས་ཕྱོགས་དཔོན་བཞི་སློབ་དཔོན་གྱི་གཡས་གཡོན་དུ་འཁོད། སྦིར་སྦྲམ། སྦིར་སྦྲམ་གཉིས་རྗེས་དགུ་བརྡུངས་༡་བྱས་བསྒྲལ་མཆོད་ཀྱི་དབྱངས་བཀབ་སྟེ། ཨེ་མ་ང་ནི་ཞེས་པའི་སྐབས་རྐང་གཡས་བཏེག་ཅིང་གཡོན་ཅུང་ཟད་འགྱིང་། རང་ཞེས་པའི་སྐབས་སུ་གཡས་འགྲོ་ཕྱོགས་སུ་འཛུགས། འབྱུང་ཞེས་པར་གཡོན་པའི་རྩེ་གཡས་པའི་རྟིང་ཐད་དུ། བ་ཞེས་པ་དེ་གར་འགྱིང་། རྐང་པ་གཡས་གཡོན་གོ་ལྡོག་པའི་རེ་མོས་ཙམ་མ་གཏོགས་ཚིག་རྐང་ལྷག་མ་བདུན་ལའང་དེ་ག་བཞིན་བྱ། དེ་ནས་མི་ཞེས་པའི་སྐབས་སུ་གཡས་སུ་ཤུགས་ཆེའི་ཛམ་ནས་གཡོན་ཕྱོགས་དོ་རེའི་ནང་དུ་བསྐོར། ཉན་ཞེས་པར་རྐང་(༥ན)


GLG024_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་འགྲོ་ཕྱོགས་བཙུགས། གདུག་ཅེས་པར་རྐང་གཡས་བཏེག །པའི་ཞེས་པར་གཡས་བཙུགས། ཚོགས་ལ་གཡོན་བཏེག །བ་ལ་གཡོན་བཙུགས། ཡོད་ལ་གཡས་བཏེག །ན་ལ་གཡས་བཙུགས། འའི་བའི་ལ་གོང་བཞིན་ནས། ༡༢༣༤ཞེས་རོལ་མོ་ཆེ་བ་བཞི་གཡས་སུ་རྒྱག །ཆུང་བ་བཞི་གཡོན་དུ་རྒྱག །ཡང་སྔ་མ་གཉིས་ཇི་ལྟ་བ་བྱ། དེ་ནས་གཡས་ཕྱོགས་སུ་རོལ་མོ་ཆེམ་བརྡུང་ལ་ཕབ་རྗེས། སྦིར་སྦྲམ། སྦིར་སྦྲམ་ཞེས་ཐེངས་བརྡུང་བྱ། དེ་ནས་༡་ལ་གཡས་བཏེག །༢ལ་ཕབ། ༣ལ་གཡོན་བཏེག །༤ལ་ཕབ། ༥༦༧༨ལ་གོང་བཞིན་རེ་མོས་བྱ། ༩༩་ལ་རང་སར་འདུག །ཡང་། འབྱུང་པོ་གདོན་གྱི་ཚོགས་བཅས་ཀུན། །ཞེས་སོགས་ཀྱི་ཚིག་གཉིས་ལ། གོང་གི་ཤློ་ཀ་གཉིས་པོའི་ལེན་ལུགས་ལྟ་བ་ལ། གཡས་གཡོན་སྔ་ཕྱི་ལྡོག །མི་ཉན་གདུག་པ་མན་ཆད་བྱེད་ལུགས་སྔ་མ་བཞིན་ལ། གཡོན་དུ་ཤུགས་ཆེའི་ཛམ་ནས་གཡས་ཕྱོགས་སུ་དོ་རའི་གཡོན་སྐོར་འགྲོ་བ་སོགས་དང་། རོལ་མོ་བཤད་མ་ཐག་དེ་ག་གཡོན་དུ་སྔ་མ་གོ་ལྡོག་ལེན་ཅིང་། ཡང་འབྱུང་པོ་གདོན་མན་ཆད་སྔར་བཞིན་ལན་༡བྱས་པའི་མཇུག་ཏུ་ཆེམ་བརྡུང་འབེབས་པ་སོགས་སོ། །དེ་ནས་རོལ་མོ་རྣམས་བཞག །བན་ཕུར་ཐོགས་ཏེ་སྔར་བཞིན་རོལ་འགྲོས་ལ་འཇུག །གཉིས་པ་རྐང་གཡས་འགྲོ་ཕྱོགས་སུ་བསྐོར་པ་དང་མཉམ་དུ། འཆམས་སྐོར་དང་པོ། ཞེས་བརྗོད། སྦྲམ་ཞེས་རྐང་གཡས་ཕབ། གཡོན་མདུན་དུ་དྲུད་པའི་རྩེར་གཡས་ལྕགས་མདའ་རིགས་སུ་བྱས། ལག་གཉིས་བརྒྱངས་པའི་གཡོན་ཐོ་བས། སྦྲམ་༡། སྦྲམ་༢། སྦྲམ་༣། སྦྲམ་༤། (༥བ)


GLG024_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པར་གཡས་སྐོར་དུ་རྟིང་གསིག་གི་དོ་རའི་ཕྱིར་ཕྱོགས་པའི་བར་བསྐོར། སྦྲམ་སྦིར་སྦྲམ་གསུམ་གྱི་དང་པོ་ལ་ཡངས་པད། འདི་རིགས་ཀྱི་ཡངས་པད། གོང་གི་བཞིའི་སྐབས་ནས་བླངས་ནས། འདི་གའི་དང་པོ་ལ་ཕུར་པ་པུས་སྟེང་དུ་ཡོང་བ་ཞིག་དགོས་པས་འོག་ཏུའང་རིགས་འགྲེའོ། །གཉིས་པར་ཕུར་དར་གཡུག །གསུམ་པར་ཕུར་རྩེ་བནྡྷར་གཏོད་པ་དང་མཉམ་དུ། རྐང་གཡས་བཏེག་པའི་རང་བབས་སུ་ཕབ་པའི་རྩེར། རྐང་གཡོན་ལྕགས་མདའ་རིས་སུ་བྱས། ལག་གཉིས་བརྒྱངས་པ་གཡས་མཐོ་བ་དང་བཅས། གཡོན་སྐོར་དུ་རོལ་མོ་ཆེ་བཞི་ལ་རྟིང་གསིག་གི་དོ་རའི་མདུན་ཕྱོགས་བར་བསྐོར། ཆུང་གསུམ་ལ་དང་པོ་དང་གཉིས་པར་ཡང་པད་ལེན་གཡུག་དང་། གསུམ་པར་ཕུར་རྩེ་བནྡྷར་གཏོད་པ་དང་མཉམ་དུ་རྐང་གཡོན་འགྲོ་ཕྱོགས་སུ་ཕབ་ནས་རོལ་འགྲོས་ལ་འཇུག །གསུམ་པ་རྐང་གཡོན་བཏེག་པ་དང་མཉམ་དུ། འཆམས་སྐོར་གཉིས་པ། ཞེས་བརྗོད་གཡོན་ཕབ། སྦྲམ་ཞེས་རྐང་གཡས་གཡོན་ཕྱོགས་སུ་བབ་པའི་རྩེར་གཡོན་ལྕགས་མདའ་རིས་སུ་བྱས་པའི་གཡོན་སྐོར་དུ་རྟིང་ག་སིག་གིས་རྒྱབ་ཀྱི་ཚབ་གཡས་ཡོང་ཕྱོགས་དང་། གཡས་སྐོར་གྱི་རྟིང་གསིག་བྱས་མདུན་གྱི་ཚབ་གཡོན་འགྲོ་ཕྱོགས་བྱེད་པ་གོ་རིམ་བརྗེ་བ་མ་གཏོགས་སྔ་མ་ལྟར་རོ། །བཞི་པ་ནི། རོལ་འགྲོས་ཀྱི་ངང་ནས་གཡོན་དོ་རའི་འགྲོ་ཕྱོགས་སུ་ཕབ། གཡས་པ་གཡོན་ཕྱོགས་བསྐོར་བ་དང་མཉམ་དུ། ཆོས་ཀྱི་དབྱིངས་བསྐྱེད་པར་བྱ་བའི་ཕྱིར་སྐོར་བ་ལན་གསུམ་དུ་བྱ་བ། ཞེས་བརྡའ་སྦྱར། སྦྲམ་ཞེས་རྐང་གཡས་མདུན་དུ་ཕབ། སྦྲམ། སྦིར། སྦྲམ་སྦིར་ཞེས་པའི་(༦ན)


GLG024_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་ལག་གཉིས་བརྒྱངས་གཡས་སུ་གཅུ་ཞིང་འགྱིང་། གཉིས་པར་གཡོན་དུ་གཅུ་ཞིང་འགྱིང་། གསུམ་པར་རྐང་གཡས་རྒྱབ་ཏུ་འཐེན་པ་དག་ལག་གཉིས་མཁྲིག་མ་ནང་དུ་གུག་པས་འགྱིང་། འདི་ལ་རོལ་འགྱིང་ཞེས་བྱ་སྟེ་འོག་ཏུ་རོལ་འགྱིང་ཞེས་པར་འདིས་མཚོན་ནོ། །བཞི་པ་ཆུང་བར་ཡངས་པད་ཀྱི་འགོ་བརྩམ། སྦྲམ་སྦིར་སྦྲམ་གསུམ་གྱི་དང་པོར་ཡངས་པད་བྱ། ཕུར་པ་པུས་སྟེང་། གཉིས་པར་ཕུར་དར་རྒྱབ་ཏུ་གཡུག །གསུམ་པར་ཕུར་རྩེ་བནྡྷར་གཏོད་པ། འདི་ལ་ཡངས་པད་ཅེས་བྱའོ། །རོལ་མོ་དང་ལག་སྟབས་དེ་འདྲ་བའི། གཏོད་པ་དང་མཉམ་དུ་རྐང་གཡོན་བཏེག་པའི་གཡས་ཡོང་ཕྱོགས། གཡས་བཏེག་མདུན་དུ། གཡས་བཏེག་གཡོན་འགྲོ་ཕྱོགས། གཡོན་བཏེག་མདུན་རྣམས་དུ་ཡངས་པད་ལེན་པ་འདི་ལ་བཞི་པད་ཅེས་བྱ་སྟེ། འོག་ཏུ་བཞི་པད་ཡོངས་རྫོགས་ལ་འདིར་རིགས་འགྲེའོ། །འོག་མ་རྣམས་སུ་བཞི་པད་སོང་ནས་བརྩམ་ཞེས་བརྡའ་སྦྱར་ཚེ་བསྡུས་ནས་ཡངས་པད་༡གིས་ཆོག་པས་ཤེས་པར་བྱའོ། །དེ་ནས་བན་ཕུར་ཐུགས་ཀར་མཉམ་པས། སྦྲམ་སྦིར་སྦྲམ་གསུམ་ལ་དང་པོར་གཡོན་ཕྱོགས་གཅུ། གཉིས་པར་གཡས་ཕྱོགས་གཅུ། གསུམ་པར་བནྡྷར་ཕུར་པ་ནང་དུ་བསྐོར་བའི་འོག་ནས་ཡར་སྟེང་དུ་བརྒྱངས། འདི་ལ་ཛམ་ཆུང་ཞེས་བྱའོ། །དེ་ནས་རྐང་གཡས་བཏེག་གཡོན་ཅུང་ཟད་འབར་བ་དང་བཅས། སྦྲམ་༡། སྦྲམ་༢། སྦྲམ་༣། སྦྲམ་༤། སྦྲམ་༥། ཞེས་པར་༡ལ་རྐང་གཡས་མདུན་དུ་འབེབས། དེ་ནས་གཡས་སྐོར་གྱི་གཉིས་པར་གཡས་སུ། གསུམ་པར་རྒྱབ་ཏུ། བཞི་པར་གཡོན་དུ། ལྔ་པར་མདུན་དུ་འགྱིང་བ་དང་བཅས་(༦བ)


GLG024_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་པ་དང་མཉམ་དུ་པད་ཀོར་ལེན་པའི་འགོ་འཛུགས། ཆུང་གསུམ་གྱི་ཡངས་པད་ལེན་པ། གཡུག་པ། གཏོད་པ་སོགས་གོང་བཞིན་ནས། རྐང་གཡས་བཏེག་གཡོན་དུ། གཡོན་བཏེག་མདུན་དུ། གཡོན་བཏེག་གཡས་སུ་ཡངས་པད་ལེན་པ་འདི་ལ་མཆོངས་པད་ཅེས་བྱ། འོག་ཏུ་མཆོངས་པད་ལ་འདིས་རིགས་འགྲེ །མཆོངས་པད་སོང་ནས་བརྩམ་ཞེས་བརྡའ་སྦྱར་ཚེ་བསྡུས་ནས་པད་ཀོར་༡གིས་ཆོག་པ་ཤེས་པར་བྱའོ། །དེ་ནས་རྐང་གཡོན་གཡོན་དུ་དྲུད་པ་དང་མཉམ་དུ། སྦྲམ་༡སྦྲམ་༢ཐེང་བརྡུངས་ཀྱི། སྦྲམ་ལ་བན་ཕུར་གཡོན་དུ་བསྐོར་ནས་༡ལ་གཡས་སུ་གཞོལ། སྦྲམ་༢ལའང་སྔ་མ་བཞིན་བྱ། འདི་ལ་རོལ་བ་ཞེས་བྱ་བས་འོག་ཏུའང་ཤེས་པར་བྱོས་ཤིག །སྦྲམ་སྦྲམ་ཞེས་ཆུང་ངུ་བཞི་ལྔ་ལ་རྐང་གཡས་གཡས་སུ་འདེགས་འཇོག་དང་བསྟུན། ལག་གཡས་གཡས་ནང་དུ་བསྐོར། རྐང་གཡོན་འདེགས་འཇོག་དང་བསྟུན། ལག་གཡོན་ནང་དུ་བསྐོར་ནས་འགྲོ་ཕྱོགས་སུ་བལྟས་ཏེ་ཕུར་དར་ལག་གཡོན་མཁྲིག་མ་ནང་ནས་དྲངས་ཏེ། ལག་གཉིས་བརྒྱང་བ་དང་མཉམ་དུ་གཡོན་རྟིང་གསིག །རྐང་གཡས་བཏེག་འགྲོ་ཕྱོགས་སུ་སྦིར་ཞེས་ཕབ་པའི་རྩར་རྐང་གཡོན་དྲུད་པའི་རྩེར་གཡས་ལྕགས་མདའ་རིས་སུ་བཞག་སྟེ་སྦྲམ་ལ་གཉིས་ཀའི་རྟིང་གསིག་བྱས་ལ་འགྱིང་བ་འདི་ལ་བསྐྱོད་འགྲོས་ཏེ་འོག་ཏུའང་རིགས་འགྲེ་དགོས་སོ། །དེ་ནས་རོལ་འགྲོས་ལ་འཇུག །ལྔ་པ་ནི། སྣང་སྲིད་རྣམས་དབང་དུ་བསྡུ་བར་བྱ་བའི་ཕྱིར་གཡབ་མོ་ལན་གསུམ་དུ་བྱ་བ། ཞེས་བརྗོད། སྦྲམ་ཞེས་མདུན་དུ་རྐང་གཡས་ཕབ། ཡངས་པའི་མཆོངས་པད་ཡོངས་རྫོགས་ཀྱི་མདུན་གྱི་(༧ན)


GLG024_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མར་བན་ཕུར་གཉིས་གཡས་གཡོན་བརྗེས། གཡས་ཀྱི་ཡངས་པད་དུས་རྐང་གཡས་གཡོན་པའི་རྒྱབ་ཏུ་གཞག་པའི་ཡོངས་ཕྱོགས་སུ་བལྟ། དེ་ནས། སྦྲམ་༡། སྦྲམ་༢ལ་བན་ཕུར་བརླ་སྟེང་ནས་མདུན་དུ་དུད་པ་རེ་བྱས་སྦྲམ་སྦྲམ་ཞེས་ཆུང་ངུ་ཁ་ཡར་ལ་བན་ཕུར་ནང་དུ་བསྐོར་ནས་གཡོན་དགུ་ལ་བརྟེན། ལག་གཡས་འཕྱར་བ་དང་རྐང་གཡས་བཏེག་འགྲོ་ཕྱོགས་སུ་ཕབ་པའི་སྦྲམ་ཞེས་བན་སྐྲ་གཡབ་ཅིང་། རོལ་མོ་ཆུང་ངུ་ཁ་ཡར་ལ་རྐང་གཡས་བཏེག་ནས་གཡས་འགྲོ་ཕྱོགས་སུ་སྦྲམ་ཞེས་ཕབ། ལག་གཡས་ཀྱང་བརླ་སྟེང་དུ་རྐྱོང་། ཡང་སྔ་མ་ཇི་ལྟ་བ་བཞིན་འགྲོ་ཕྱོགས་སུ་གཡབས་རྗེས། རྐང་གཡོན་མདུན་དུ་བསྐོར་བའི་བཞག །གཡས་རྒྱབ་ཏུ་དྲུད་ཙམ་གྱི་འགྱིང་ནས་རོལ་འགྲོས་ལ་འཇུག །དྲུག་པ་ནི། མཁའ་འགྲོ་རྣམས་དཔའ་བསྐྱེད་པར་བྱ་བའི་ཕྱིར་གསིག་གསིག་ལན་གསུམ་དུ་བྱ་བ། ཞེས་བརྗོད། ཛམ་ཆུང་ཡན་ཆོས་དབྱིངས་ཇི་ལྟ་བ་ལས་མདུན་དུ་པད་ཀོར་གསུམ་པའི་དབུས་མར་ཕྱག་མཚན་བརྗེ། དེ་ནས། སྦྲམ་༡། སྦྲམ་༢། སྦྲམ་༣། སྦྲམ་༤། ཞེས་པའི་བར་རྐང་གཡས་བརྐྱངས་ནས་སྤོས་པའི་གཡས་ཕྱོགས་གསིག་ཅིང་། སྦྲམ་༤ཞེས་པའི་བཞི་དེ་ལ་རོལ་མོ་ཆུང་བ་ཞིག་ཡོང་བ་དེ་ལ་རྐང་གཡོན་གཡས་སུ་མི་འགྲོ་བར་གཡོན་དུ་འཐེན། སྦྲམ་སྦིར་སྦྲམ་གསུམ་གྱི་དང་པོར་གཡས་སུ་གཅུ་སྟེ་འགྱིང་། གཉིས་པར་གཡོན་དུ་གཅུ་པའི་འགྱིང་། གསུམ་བར་མདུན་དུ་ནེམ། དེ་ནས་གཡོན་ཕྱོགས་ལ་གོ་ལྡོག་པའི་གསིག་འགྱིང་། དབུས་སུ་བཞི་ལ་རེ་མོས་ཀྱིས་གསིག་རྗེས། རྐང་གཡས་བཏེག་ལག་གཡས་འཕྱར་ཏེ། གཡོན་འགྲོ་(༧བ)


GLG024_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་སྦྲམ་ཞེས་གཡོན་པའི་རྟིང་གསིག་དང་བསྟུན་ནས་ཕབ། ཕུར་དར་གཡོན་ཕྱོགས་གཡུག །སྦིར་ཞེས་པར་གཡས་བཏེག་ཕུར་དར་གཡས་སུ་གཡུག །སྦྲམ་ཞེས་པར་རྐང་གཡས་གཡས་ཕྱོགས་ཕབ། ཡང་སྦྲམ་ལ་རྐང་གཡོན་གཡོན་ཕྱོགས་བསྐོར་ནས་མདུན་དུ་ཕབ། གཡས་རྒྱབ་ཏུ་དྲུད། སྦིར་ལ་རྐང་གཡོན་བཏེག་གཡོན་པའི་བན་སྒྲ་གཡོན་ཕྱོགས་གཡུག་ཅིང་འཕྱར། སྦྲམ་ལ་རྐང་གཡོན་རང་བབས་སུ་ཕབ། འདི་ལ་འཇོལ་ལམ་གཞོལ་ཞེས་བྱ་བ། འོག་ཏུ་གཞོལ་ཞེས་པར་འདིས་འགྲེའོ། མཆོངས་པད་སོང་ནས་ཙམ། ཞེས་བརྗོད། ཡངས་པད་༡བྱ། དེ་ནས་རོལ་པ་དང་བསྐྱོད་འགྲོས་ཀྱི་འགྱིང་ཆོས་དབྱིངས་ཇི་ལྟ་བ་ནས་རོལ་འགྲོས་ལ་འཇུག །བདུན་པ་ནི། དམ་ཉམས་ཀྱི་བླ་འགུགས་པར་བྱ་བའི་ཕྱིར་མགོ་ཁུག་ལན་གསུམ་དུ་བྱ་བ། ཞེས་དང་། བཞི་པར་བརྗོད་ནས་ཡངས་པད་༡བྱ། ཛམ་ཆུང་ནས་བཟུང་། ལག་གཉིས་དཀུ་ལ་བརྟེན་པ་དང་། མགོ་ཁུག་བྱེད་པ་མ་གཏོགས་དཔའ་བསྐྱེད་ཇི་ལྟ་བ་བཞིན་ནོ། །དེ་ནས་རོལ་འགྲོས་ལ་འཇུག །བརྒྱད་པ་ནི། བསྲུང་མ་རྣམས་སྤྱན་དྲང་བའི་ཕྱིར་ཤུག་པ་ལན་གསུམ་དུ་བྱ་བ། ཞེས་དང་། བཞི་པད་བརྗོད། ལག་གཉིས་ཀྱི་སྲིན་ལག་མཐེའུ་ཆུང་། མཐེ་བོང་གིས་མནན། གོང་མཛུབ་གཉིས་བརྐྱངས་ནས། གོང་གི་དབུས་ལྟར་གཡས་གཡོན་རེ་མོས་སུ་གཅུ་བའི་གསུམ་ལ་ཤུག་པ་འཚེར། བཞི་པར་གཡས་སུ་ནེམས་བྱས་ནས་གཞོལ་སོགས་སྔ་ཕྱི་རྣམས་བླ་འགུགས་ལྟར་བྱས་ནས་རོལ་འགྲོས་ལ་འཇུག །དགུ་པ་ལ་གསུམ་ལས། དང་པོ་ནི། སྟེང་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་གནམ་འཁོར་ལོ་རྩིབས་བརྒྱད་དུ་(༨ན)


GLG024_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

བྲི་བ། ཞེས་བརྗོད། རོལ་འགྱིང་། བཞི་པད་ཡོངས་རྫོགས་ཆོས་དབྱིངས་བཞིན་ལས་གཡས་སུ་ཡངས་པད་ཀྱི་སྐབས་རྐང་གཡས་གཡོན་རྒྱབ་ཏུ་བཞག་སྟེ་ཡོངས་ཕྱོགས་ལ་བལྟས་བླངས་རྗེས། བན་ཕུར་བརླ་སྟེང་ནས་མདུན་དུད་ཙམ་གཉིས་གཡབ་མོ་ལྟར་བྱས་ནས། རྐང་གཡོན་པའི་པུས་སྟེང་རྐང་གཡས་བཞག །ལག་གཡོན་དཀུ་ལ་བརྟེན། ལག་གཡས་འཕྱར་བའི་ཕུར་རྩེ་ནམ་མཁའ་ལ་བསྟན། རོལ་མོ་ཆེ་བ་བརྒྱད་ལ་གཡས་སྐོར་དུ་འཕར་ཞིང་དལ་བུས་བསྐོར་བའི། ༨་༨་ཞེས་པའི་རྗེས་མར་ཆུང་བ་ཞིག་ཡོད་དེ་ལ་ལག་གཡས་ཕབ། རྐང་གཡས་ཅུང་ཟད་ཕབ་པའི་ངང་ནས། སྦྲམ་སྦིར་སྦྲམ་གསུམ་གྱི་དང་པོ་ལ་ཕུར་དར་གཡོན་དུ་གཡོབ། གཉིས་པར་ལག་གཡས་སུ་འཕྱར། གསུམ་པར་རྐང་གཡས་ཕབ། ཡང་རོལ་མོ་གསུམ་ལ་རྐང་གཡོན་བཏེག་པའི་གོ་ལྡོག་པའི་ལེན་ལུགས་གོང་ལྟར་བྱ་བ་འདི་ལ། གྲོལ་བསྡུ་ཞེས་པའམ་འགྲོ་ལ་བསྡུ་ཞེས་བྱ་སྟེ་འོག་ཏུའང་འདིས་འགྲེའོ། །དེ་ནས་མཆོངས་པད་བྱ། རོལ་བ་བསྐྱོད་འགྲོས་རྣམས་ཆོས་དབྱིངས་དང་འདྲ། དེ་ནས་རོལ་འགྲོས། གཉིས་པ་ནི། བར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་ལོགས་བཀྲ་ཤིས་རྟགས་བརྒྱད་དུ་བྲི་བ། ཞེས་བརྗོད། སྔར་དང་འདྲ་བ་ལས། ཕུར་རྩེ་བར་དུ་གཏོད། གསུམ་པ་ནི། འོག་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་ས་པདྨ་འདབ་བརྒྱད་དུ་བྲི་བ། ཞེས་བརྗོད། སྔ་མ་ལྟར་ནས་ཕུར་རྩེ་འོག་ཏུ་གཏོད། བསྡུས་པ་བྱེད་ན་འདི་གསུམ་འཆམས་སྐད་གཅིག་ཏུ་བསྒྱུར་ནས། རོལ་མོ་བརྒྱད་ཀྱི་དང་པོ་གཉིས་ལ་ཕུར་རྩེ་གནམ། བར་པ་གསུམ་ལ་ཕུར་རྩེ་བར། ཐ་མ་གསུམ་ལ་ཕུར་རྩེ་འོག་ཏུ་གཏོད་པའོ། (༨བ)


GLG024_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པ་ནི། རྡོ་རྗེ་ཕྱེད་འགྲོས་ཀྱིས་ས་བཙལ་བ། ཞེས་བརྗོད། རོལ་མོ་ཆེ་བ་གསུམ་ལ་རོལ་འགྱིང་། དེ་ནས་རོལ་མོ་བཞི་བརྡུང་དུ་བསྒྱུར། མཆོངས་པད་བྱ་བས་བཞི་བརྡེག་གཉིས་ཀྱི་དང་པོ་ལ་ཡངས་པད། གཉིས་པ་ལ་གཡས་སུ་གཞོལ་ཙམ་ནས་རྐང་གཡོན་བཏེག་ནས་ལེན་བྱ། དེ་ནས་བཞི་བརྡེག་གསུམ་གྱི་དང་པོ་ལ་རྐང་གཡས་འགྲོ་ཕྱོགས་སུ་བལྟས་པའི་གཡོན་དུ་ཕབ། ཕུར་རྩེ་བནྡྷའི་ནང་དུ་གཏོང་། གཉིས་པར་རྐང་གཡས་གཡས་སུ་ཕབ་ཅིང་ཡངས་པད་དང་ཕུར་དར་གཡུགས། གསུམ་པར་དེ་གཉིས་ཀྱིས་དབུས་སུ་གཡས་ཕབ་ནས་ལག་གཉིས་ཐུགས་ཀར་བསྣོལ་ནས་འདིའི་བཞི་བརྡེག་གི་གསུམ་ལ་གཡོན་ཕབ་བཞི་ལ་གཡས་བཏེག་ནས། སླར་བཞི་ཚན་གཅིག་གི་དང་པོར་རྐང་གཡས་གཡས་སུ་ཕབ། གཉིས་པར་གཡོན་བཏེག །གསུམ་པར་ཕབ་བཞི་པར་གཡས་པའི་རྩེར་གཡོན་ལྕགས་རིས་སུ་ཕབ་ནས་༡ཅེས་ཆིག་བརྡེབ་ལ་ལག་གཉིས་དཀུར་བརྟེན་ནས་འགྱིང་། ༢་༢ལ་རྐང་གཡོན་བཏེག །བཞི་བརྡེག་གསུམ་གྱི་དང་པོ་ལ་རྐང་གཡོན་གཡས་སུ་ཕབ། གཉིས་པར་གཡོན། གསུམ་པར་དབུས་སུ་ཕབ། འདི་རྣམས་ཀྱི་ལག་སྟབས་གོང་ལྟར། འདིའི་གསུམ་པ་ལ་གཡས་ཕབ། བཞི་པ་ལ་གཡོན་བཏེག །དེ་ནས་བཞི་བརྡེག་གཅིག་གི་དང་པོ་ལ་རྐང་གཡོན་གཡོན་དུ་ཕབ། གཉིས་པ་ལ་རྐང་གཡས་བཏེག །གསུམ་པ་ལ་རྐང་གཡས་མདུན་དུ་ཕབ། བཞི་ལ་གཡོན་བཏེག་ནས་རྐང་གཡས་པའི་རྩེར་གཡོན་ལྕགས་རིས་སུ། ༡་ཅེས་ཆེམ་རྒྱབ་ལ་འབེབས་པ་དང་ལག་གཉིས་དཀུར་བརྟེན་ལྡེམ་འགྲོས་ཀྱི་འགྱིང་། ༢་༢ལ་རྐང་གཡོན་བཏེག་འབེབས་ནས་གཡས་ཀྱི་བཞི་འགྲོས་ནས་བརྩམ་སྟེ་བཞི་(༩ན)


GLG024_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་ལ་འཇུག །བཅུ་གཅིག་པ་ནི། བཞི་འགྲོས་ཇི་ཙམ་འོས་པའི་གཡོན་པའི་བཞི་འགྲོས་ཀྱི་གསུམ་པའི་ཐོག་ནས། རྡོ་རྗེ་རྐྱང་འགྲོས་ཀྱིས་ས་བཏུལ་བ། ཞེས་པ་རྐང་གཡོན་པའི་གཉིས། གཡས་པའི་བཞི་འགྲོས་གསུམ་པའི་ཐོག་ཏུ་རྫོགས་པ་ཡོང་། དེ་ནས་བཞི་ཚན་གཉིས་ཀྱི་དང་པོའི་གསུམ་ཡན་ལག་གཡས་སུ་གཅུ་བའི་འགྱིང་། བཞི་དང་གཉིས་པའི་གཉིས་ཡན་གཡོན་དུ་གཅུ་བའི་འགྱིང་། གསུམ་བཞི་ལ་གཡས་ཕྱོགས་ནས་ཡངས་པད་ཀྱི་འགོ་བརྩམ། དེ་ནས་བཞི་ཚན་བཅུ་ལས། དང་པོའི་༡ལ་ཡངས་པད། ༢་པར་ཕུར་པ་མདུན་ནས་ཡར་དྲངས། ༣་པར་པུས་སྟེང་། བཞི་པར་རྒྱབ་ཏུ་ཕུར་དར་གཡུག །གཉིས་པར་བན་ཕུར་གཡས་སུ་གཞོལ་བའི་འགྱིང་། གསུམ་པར་རྐང་གཡས་བཏེག་འབེབས་ངོས་གཡས་ཟུར་དུ་ཡངས་པད་གོང་ལྟར། བཞི་པར་བན་ཕུར་གཡས་སུ། ལྔ་པར་རྐང་གཡོན་བཏེག་ཙམ་བཞག་པའི་རྒྱབ་ཏུ་རྐང་གཡས་བཞག་པའི་ཡོང་ཕྱོགས་ཀྱི་པད་མ་འདྲི་ཚུལ་གཡས་སུ་ཡངས་པད། དྲུག་པར་བན་ཕུར་གཡས་སུ། བདུན་པར་རྐང་གཡས་བཏེག་ཙམ་བཞག་པའི་རྒྱབ་ཏུ་རྐང་གཡོན་བཞག་པའི་འགྲོ་ཕྱོགས་ཀྱི་པདྨ་འདྲི་ཚུལ་གཡོན་ཕྱོགས་ཡངས་པད། བརྒྱད་པར་བན་ཕུར་གཡས་སུ། དགུ་པར་གཡོན་གཏེག་ཙམ་གྱིས་བཞག་པའི་རོལ་ལ་གཡས་པའི་རྟིང་པ་གཏད་ལྟེ་བ་སྐོར་ཚུལ་ནས་མདུན་དུ་ཡངས་པད་བཅུ་པར་བན་ཕུར་གཡས་སུ་གཞོལ་བའི་འགྱིང་རྣམས། དེ་ནས་གཡོན་འགྲོ་ཕྱོགས་སུ་རྐང་གཡས་རྡོ་རྗེའི་རྭ་ཕྱེད་འགྲོས་ཇི་ལྟ་བ་ལ་དབུས་རྭ་རྫོགས་ནས། ༡ཅེས་ཆེམ་རྒྱག་ལ་གཡས་ཕབ། ༢་༢ལ་རྐང་གཡོན་བཏེག །གཡས་པའི་རྟིང་(༩བ)


GLG024_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

གསིག་གིས་གཡས་སུ་བསྐོར་ཡོང་ཕྱོགས་ལ་རྐང་གཡོན་གྱི་རྡོ་རྗེའི་རྭ་དང་། ལྡེམ་འགྲོས། བཞི་འགྲོས་ལ་འཇུག་པ་རྣམས་ཕྱེད་འགྲོས་ལྟར་བྱའོ། །བཅུ་གཉིས་པ་ནི། བཞི་འགྲོས་གཡོན་པའི་གསུམ་ཐོག་ནས། སྣ་ཚོགས་རྡོ་རྗེས་ས་གཞི་བྱིན་གྱིས་རློབ་པ། ཞེས་བརྗོད། བན་ཕུར་གཡས་སུ་གཞོལ་བ་ཡན་ཕྱེད་འགྲོས་ལྟར་བྱ། དེ་ནས་བཞི་ཚན་གསུམ་ལ་རྐང་གཡས་ཀྱི་མདུན་དུ་རྡོ་རྗེའི་རྭ་སུམ་ཀྱི་དབུས་རྭའི་བཞི་གྲངས་རྫོགས་ནས། ༡་ཅེས་ཆེམ་བརྡུང་ལག་གཡས་ཕབ། ༢་༢ལ་གཡོན་བཏེག་གཡས་པའི་རྟིང་གསིག་གིས་བསྐོར་ཏེ་གཡས་ཡོང་ཕྱོགས་སུ། བཞི་ཚན་གསུམ་ལ་རྐང་གཡོན་པས་རྡོ་རྗེའི་རྭ་གསུམ་རྫོགས་ནས། ༡་ཅེས་ཆེམ་བརྡུང་གཡོན་བབ། ༢་༢ལ་གཡས་བཏེག་གཡོན་རྟིང་གསིག་གི་རྒྱབ་ཏུ་རྐང་གཡས་ཀྱི་མདུན་དེ་ལྟ་བ་དང་། གཡོན་འགྲོ་ཕྱོགས་སུ་རྐང་གཡོན་གྱི་གཡས་སུ་ཇི་ལྟ་བ་བཞིན་བྱས་ནས། ལྡེམ་འགྲོས་དང་བཞི་འགྲོས་ལ་འཇུག་པ་ཕྱེད་འགྲོས་བཞིན་ནོ། །བཞི་འགྲོས་དེ་གའི་ངང་ནས་རྒྱབ་ཏུ་བལྟ་བའི་གཡས་ཀྱི་བཞི་འགྲོས་ཐོག་ནས་མཆོངས་པད་སོང་ནས་བརྩམ་ཞེས་བརྗོད། རྐང་གཡོན་མདུན་ཕྱོགས་ཕབ་ནས་གཡས་གཡོན་གྱི་རོལ་བགྱིང་། ཡངས་པད། བན་ཕུར་གཡས་སུ་གཞོལ་བ་རྣམས་རྐྱང་འགྲོས་ལྟར་བྱས་རྗེས། བཞི་ཚན་གསུམ་གྱི་དང་པོ་ལ་བན་ཕུར་གཡོན་དུ་བསྐོར་ནས་གཡས་སུ་གཞོལ་བའི་རོལ་པ། གཉིས་པར་ལག་རོལ་པ་དང་གསུམ་བཞི་ལ་རྐང་གཡོན་བཏེག་འབེབས། གསུམ་པའི་༡་༢ལ་རྐང་གཡས་བཏེག་འབེབས། གསུམ་བཞི་ལ་བན་ཕུར་ནང་དུ་བསྐོར། རྐང་གཡས་བཏེག །སྦིར་སྦྲམ་ལ་བསྐྱོད་འགྲོས་ཆོས་(༡༠ན)


GLG024_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཇི་ལྟ་བ་བཞིན་བྱས་ནས་རོལ་འགྲོས་ལ་འཇུག །དེ་ལྟར་སྔོན་དུ་འགྲོ་བའི་སྐོར། བློ་ལྡན་མིག་གི་དགའ་སྟོན་ཏེ། །སྟེང་འོག་ཕྱོགས་མཚམས་བྱིན་བརླབ་པའི། །ཕྱག་རྒྱའི་གར་འཚམས་ཨེ་མ་མཚར། གཉིས་པ་དངོས་གཞི་ལ། རྟེན་དང་བརྟེན་པ་གཉིས་ལས། དང་པོ་ནི། མཁའ་དབྱིངས་འབྱུང་བཞི་རཀྟ་དང་། རྐང་རུས་གཞལ་ཡས་ཁང་གི་གཟུགས། །གསལ་སྟོང་རིག་པའི་མེ་ལོང་དུ། །འཆར་བྱེད་ཕྱག་རྒྱ་འདི་ནའོ། །ཞེས་བརྒྱད་ལས། དང་པོ་རོལ་འགྲོས་ངང་ནས་རྐང་གཡོན་བཏེག་པའི་རྒྱབ་ཏུ་བལྟ་བ་དང་། ས་ལས་མཁའ་དབྱིངས་དག་པའི་ནམ་མཁའི་དཀྱིལ། ཞེས་བརྗོད། རོལ་འགྱིང་ཆོས་དབྱིངས་དང་འདྲ། དེ་ནས་བཞི་བརྡུང་ལ་བསྒྱུར་ནས། བཞི་པད་ཀྱི་བརྡའ་སྦྱར་བའི་བཞི་ཚན་གཉིས་ཀྱི་དང་པོ་ལ་ཡངས་པད། གཉིས་པའི་༡དང་གཉིས་ལ་བན་ཕུར་གཡས་སུ་གསུམ་པ་དང་བཞི་པ་རྐང་གཡོན་བཏེག་འབེབས་བྱས་ནས། བཞི་ཚན་གསུམ་གྱི། དང་པོའི་༡དང་གཉིས་ལ་རྐང་གཡས་གཡོན་པའི་རྩེར་ཕབ། གཡོན་ཕྱོགས་སུ་ཕུར་དར་གཡོན་སྐོར་དུ་གཡུགས་ནས་གཡོམ་ཞིང་གསིག །གསུམ་པ་དང་བཞི་པ་ལ་གཡས་སུ་ཅུང་ཟད་གཅུ་བའི་འགྱིང་། འདི་དང་འདྲ་བ་བཞི་ཚན་གཉིས་པ་དང་གསུམ་པ་ལ་བྱེད་ཅིང་། གསུམ་པའི་གསུམ་དང་གཉིས་ལ་རྐང་གཡོན་བཏེག་འབེབས་བྱས། རྐང་གཡས་བཏེག །༡ཅེས་ཆེམ་བརྡུང་ལ་མདུན་ཟུར་དུ་མཆོངས། གཡོན་བཏེག་པའི་ངང་ནས། ༢་༢ལ་གཡས་པའི་རྟིང་གསིག་བྱས། བཞི་ཚན་ལྔ་ཡི་དང་པོའི་༡ལ་གཡོན་ཟུར་འགྲོ་ཕྱོགས་སུ་མཆོངས་པའི་བཞི་ཚན་གསུམ་ལ་གཡོམ་གསིག་སྔ་མ་ཇི་ལྟ་བ་ནས། བཞི་ཚན་བཞི་(༡༠བ)


GLG024_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྔ་པ་ལ། ལག་གཡོན་པའི་མཁྲིག་མ་ནས་ཕུར་དར་དྲངས་ཏེ་ཕུར་རྩེ་བནྡྷ་ལ་གཏད་ནས་རྟིང་གསིག་གི་གཡས་སུ་ཅུང་ཟད་བསྐོར་ནས་ཡོངས་སུ་བལྟ། ཡང་བཞི་ཚན་ལྔ་ལ་ལེན་ལུགས་སྔ་མ་ལྟར་གྱིས་རྐང་གཡས་ཡོང་ཕྱོགས་དང་། གཡོན་ཟུར་དུ་མཆོངས་པའི་གཡོམ་གསིག །རྟིང་གསིག་རྫོགས་ནས། བཞི་ཚན་ལྔ་ལ་གོང་ལྟར་གཡས་གཡོན་འགྲོ་ཕྱོགས་དང་། གཡོན་གཡས་ཡོངས་སུ་མཆོངས་པའི་གཡོམ་གསིག་རྟིང་གསིག་སྔ་མ་བཞིན་རྫོགས་ནས། བཞི་ཚན་བརྒྱད་ལ་བཞི་བརྡུང་གི་འགྲོས་བསྡུ་ལེན་ལུགས་དང་པོའི་༡ལ་རྐང་གཡས་དལ་བུས་བཏེག །ལག་གཡོན་ཐུགས་ཀ །ལག་གཡས་ནང་དུ་བསྐོར་ནས་གཡས་ཕྱིར་བརྒྱངས། །གཉིས་པའི་༡ལ་གཡས་ཕབ། ལྷག་མ་གསུམ་ལ་འགྱིང་། གསུམ་པའི་༡ལ་རྐང་གཡོན་བཏེག །ལག་གཡོན་ནང་དུ་བསྐོར་ནས་གཡོན་ཕྱིར་བརྒྱངས་ནས། བཞི་པའི་༡ལ་གཡོན་པར་ལྷག་འགྱིང་ཞིང་ཡངས་པད་ཀྱི་འགོ་བརྩམ། ལྔ་པར་ཡངས་པད་བྱ། །དྲུག་པ་བདུན་པ་གཉིས་ལ་རོལ་བར་བྱ། བདུན་པའི་གསུམ་བཞི་ལ་རྐང་གཡོན་བཏེག་འབེབས་དང་ལག་གཡོན་རོལ། བརྒྱད་པའི་༡༢ལ་རྐང་གཡས་བཏེག་འབེབས་དང་ལག་གཡས་རོལ། གསུམ་བཞི་ལ་བན་ཕུར་ནང་དུ་བསྐོར་ནས་ཕྱིར་བརྒྱངས་ནས། སྦིར་སྦྲམ་ཞེས་པར་བསྐྱོད་འགྲོས་ཆོས་དབྱིངས་དང་འདྲ་བ་ལ་ལག་གཉིས་དཀུར་བརྟེན་པའི་རོལ་འགྲོས་ལ་འཇུག །གཉིས་པ་ནི། ཡཾ་ལས་རླུང་ཆེན་རྒྱ་གྲམ་སྲ་ཞིང་བརྟན། ཅེས་དང་། ཆེ་གསུམ་གྱི་རོལ་འགྱིང་བྱ། དེ་ནས་རོལ་མོ་ལྔ་བརྡུང་ཆེ་ཆུང་སྤེལ་མར་བསྒྱུར། བཞི་པད་བརྗོད། ལྔ་ཚན་ཆེ་ལ་ཡངས་པད་ལན་ཚུལ། དང་པོར་པད་ཀོར། གཉིས་པར་ལག་གཡས་པུས་(༡༡ན)


GLG024_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་། གསུམ་པར་ཕུར་དར་གཡུག །བཞི་པར་བནྡྷ་ར་ཕུར་པ་གཏད། ལྔ་པར་གཡས་སུ་ཅུང་ཟད་གཅུས་ནས་བན་ཕུར་ཁ་གྱེན་དུ་བསྟན་ནས་ཛཾ་བྱ། དེ་ནས་ལྔ་ཚན་དྲུག་པ་ལ་དང་པོ་ལ་ལག་གཉིས་བརྒྱངས་ནས་རྐང་གཡས་བཏེག་གཡོན་པས་རྟིང་གསིག་གི་གཡོན་འགྲོ་ཕྱོགས་སུ་བསྐོར། གཉིས་པར་གཡོན་བཏེག་གཡས་རྟིང་གསིག་གི་གཡས་ཡོང་ཕྱོགས་བསྐོར། གསུམ་པར་རྐང་གཡས་བཏེག་པའི་གནས་སྐོར་དུ་མདུན་གྱི་བར་དང་བཞི་པར་གཡོན་བཏེག་པའི་གཡོན་སྐོར་དུ་མདུན་བར་བསྐོར། ལྔ་པར་ཡངས་པད་གོང་ལྟར་བླངས་པའི་མཆོངས་པད་བྱ། །དྲུག་པར་༡་༢ལ་གཡས། གསུམ་ལ་གཡོན། བཞི་ལ་གཡས་རྣམས་ལ་ལག་པ་རྐང་པ་ཕྱོགས་མཐུན་བྱ། ལྔ་པར་རྐང་གཡོན་བཏེག་བན་ཕུར་ནང་དུ་བསྐོར་བའི་བསྐྱོད་འགྲོས་དཀུར་བརྟེན་སྔར་བཞིན་རོལ་འགྲོས་སོ། །གསུམ་པ་ནི། དེ་སྟེང་པཾ་ལས་ཆུ་ཡི་དཀྱིལ་འཁོར་དཀར། ཞེས་བརྗོད། ལྔ་ཚན་གཉིས་པ་རླུང་དཀྱིལ་དང་འདྲ། དེ་ནས་ལྔ་ཚན་དྲུག་ལ། དང་པོ་ལ་ལག་གཡས་མཆན་ཁུང་ནས་བསྐོར་ནས་བརྒྱངས། རྐང་གཡས་བཏེག་གཡོན་འགྲོ་ཕྱོགས་པར་དང་། གཉིས་པར་རྐང་གཡོན་བཏེག་གཡོན་སྐོར་དུ་གཡས་ཡོང་ཕྱོགས་བར་དང་། གསུམ་པའི་༡ལ་རྐང་གཡས་རྒྱབ་ཏུ་ཕབ་རྐང་གཡོན་བཏེག་གཡས་སྐོར་དུ་མདུན་དུ་བསྐོར། བཞི་པར་ཡངས་པད་བྱ། ལྔ་པར་གཡས་ཟུར་དུ་མཆོངས་པད་དང་། ཡངས་པད་བྱ། དྲུག་པར་རླུང་དཀྱིལ་ལྟར་བསྐྱོད་འགྲོས་རོལ་འགྲོས་སོགས་བྱ། བཞི་པ་ནི། རཾ་ལས་མེ་བྱུང་བསྐྱོད་པ་དེ་ཡི་ཆེད། །ཅེས་དང་། བཞི་པ་དེ་བརྗོད་པ་མ་གཏོགས་བཞི་ཚན་(༡༡བ)


GLG024_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཡན་རྡོ་རྗེ་ཕྱེད་འགྲོས་དང་འདྲ། དེ་ནས་མེ་དཀྱིལ་གྲུ་གསུམ་རྩ་མོ་ཡོང་ཕྱོགས་སུ་བསྟན་པ་གཉིས་ཡོད་པས། བཞི་ཚན་གསུམ་གྱི་དང་པོ་ལ་འགྲོ་ཕྱོགས་སུ་བལྟ་བའི་མདུན་ནས་གཡས་ཟུར་དུ་རྐང་གཡས་ཀྱི་གོམ་པ་གཉིས་སྤོ་དུས་ལག་བནྡྷ་ཁ་ཕྱིར་བསྟན་ལ་ཕུར་རྩེ་གཏོད། གཉིས་པར་གཡོན་ཟུར་དུ་རྐང་གཡོན་གྱི་གོམ་པ་གཉིས་སྤོ་དུས་བནྡྷ་ཁ་ཁྱེར་བསྟན་ལ་ཕུར་རྩེ་གཏོད། གསུམ་པའི་༡ལ་གཡས་ཀྱི་གོམ་གང་མདུན་ཟུར་དུ་སྤོ་བ་དང་ཕུར་དར་གཡས་སུ་གཡུག །གཉིས་གསུམ་ལ་རྐང་གཡོན་བཏེག་འཇོག་བྱ། བཞི་ལ་རྐང་གཡས་བཏེག་ནས། ༡ཅེས་ཆེམ་རྒྱག་ལ་རྐང་གཡས་གཡོན་པའི་རྩེར་འཇོག་པ་དང་ལག་གཉིས་དཀུར་བརྟེན་གྱི་ལྡེམ། ༢་༢་ཞེས་པར་དེ་གར་འདུག །ཡང་བཞི་ཚན་གསུམ་ལ་སྔ་མ་གོ་ལྡོག་པའི་རྐང་གཡོན་གཡོན་ཟུར་དུ། གཡས་གཡས་ཟུར། གཡོན་གྱི་གཅིག་ལ་མདུན་ཟུར་དུ། ལྷག་མ་གསུམ་ལ་གཡས་སུ་བསྐོར་ནས་མདུན་དུ། ལག་གཉིས་དཀུར་བརྟེན། ༡་ཅེས་ཆེམ་རྒྱག་ལ་ལྡེམ་འགྲོས་བརྗོད། ༢་༢ལ་རྐང་གཡོན་ནས་བརྩམ་པའི་བཞི་འགྲོས་ལ་འཇུག་གོ །ལྔ་པ་ནི། བཞི་འགྲོས་གཡོན་པའི་གསུམ་ཐོག་ནས། ལཾ་ལས་ས་ཡི་དཀྱིལ་འཁོར་བརྟན་པར་གྱུར། ཅེས། བཞི་ཚན་བཞི་པ་རྡོ་རྗེ་རྐྱང་འགྲོས་བཞིན་བྱས་ནས། བཞི་པད་བརྗོད་དེ། ཆུ་དཀྱིལ་གྲུ་བཞི་པའི་དབང་དུ་བྱས། བཞི་ཚན་དྲུག་གི་དང་པོ་ལ་རྐང་གཡས་མདུན་ཟུར་གཡོན་དུ་ཕབ་ནས་བན་ཕུར་སྤྲོད། གཉིས་པར་རྐང་གཡས་གཡས་ཟུར་དུ་ཕབ་ཅིང་ཡངས་པད་ཀྱི་ཕུར་དར་གཡས་སུ་གཡུག །གསུམ་པའི་༡་༢ལ་གཡས་སུ་ཅུང་ཟད་ཕབ་ནས་གསིག །རོལ་མོ་ཆེ་བའི་༣་༤ལ་རྐང་གཡས་བཏེག་གཡོན་(༡༢ན)


GLG024_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྐོར་ནས། རྒྱབ་ཏུ་བཞི་པར་རྐང་གཡས་ཀྱི་གཡོན་ཟུར་དུ་ལག་སྟབས་གོང་ལྟར། ལྔ་པར་རྐང་གཡས་གཡས་ཟུར་དུ། དྲུག་པའི་༡ལ་རྐང་གཡོན་ཕབ། ༢་ལ་རྐང་གཡས་བཏེག །༣་ལ་རྐང་གཡས་གཡས་ཕྱོགས་ཕབ། ༤་ལ་རྐང་གཡོན་བཏེག་མདུན་དུ། ༡་ཅེས་ཆེམ་རྒྱག་ལ་འབེབས་པ་དང་བསྟུན་ལྡེམ་འགྲོས་དཀུར་བརྟེན་བྱ། ༢་༢ལ་བཞི་འགྲོས་གོང་བཞིན་བྱ། དྲུག་པ་ནི། དེ་སྟེང་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག །ཅེས་དང་། མཆོངས་པད་བརྗོད་བཞི་ཚན་བཞི་པ་ཡན་རྡོ་རྗེ་རྐྱང་འགྲོས་ལྟར་བྱས་ནས། བཞི་ཚན་དྲུག་གི །དང་པོ་ལ་རྐང་གཡས་གཡོན་པའི་པུས་ཐད་བཏེག །ལག་གཉིས་གཡོན་དུ་བསྐོར་རྟིང་གསིག་དང་བཅས་གཡས་སུ་གཞལ་བ་རིམ་གྱིས་མཐོ་བ། བཞི་ཚན་༢པའི་༡དང་༢ལ་རྦ་ཀློང་གི་ཚུལ་གྱི་ནང་དུ་ལག་གཉིས་གཡབ་པ་དང་རྐང་གཡས་མདུན་དུ་ཕབ། གསུམ་པ་དང་བཞི་པ་ལ་འགྱིང་། བཞི་ཚན་གསུམ་པ་དང་བཞི་པ་ལ་རྐང་གཡོན་བཏེག །ལག་གཉིས་གཡས་སུ་བསྐོར་བ་ནས་བཟུང་གཡས་གོ་ལྡོག་པའི་ལེན་བཞི་ཚན་ལྔ་པར་གཡས་ཇི་ལྟ་བ་དང་། བཞི་ཚན་དྲུག་པའི་༡་༢ལ་རྐང་གཡས་འབེབས། །གསུམ་ལ་རྐང་གཡོན་ཤུགས་ཅུང་ཆེ་བ་རེ་བཏེག །བཞི་ལ་ཕབ་ནས་མཆོངས་པད་བརྗོད་ནས། ཡངས་པད་༡དང་རོལ་པ་བསྐྱོད་འགྲོས་ཀྱི་འགྱིང་དང་། ༡ནས་བརྩམས་པའི་རྐང་གཡོན་པའི་བཞི་འགྲོས་ལ་འཇུག །བདུན་པ་ནི། དབུས་སུ་ཀེང་རུས་རི་རབ་བརྩེགས་པའི་སྟེང་། ཞེས་བརྗོད། བཞི་ཚན་བཞི་པ་ཡན་རཀྟ་དང་མཚུངས། དེ་ནས་བཞི་ཚན་དགུའི་དང་པོ་ལ། རྐང་གཡས་བཏེག །ལག་གཉིས་ནང་དུ་བསྐོར་བའི་གར་གྱི་རྐང་གཡོན་པའི་རྟིང་གསིག་(༡༢བ)


GLG024_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གཡོན་དུ་བསྐོར་ནས་འགྲོ་ཕྱོགས་སུ་ལག་གཡས་མཆོག་སྦྱིན་གཡོན་དཀུར་བརྟེན་ནས། བཞི་ཚན་གཉིས་པའི་༡ལ་རྐང་གཡས་ཕབ། གཉིས་ལ་དེ་གར་འདུག །གསུམ་བཞི་ལ་ལག་གཉིས་གྱེན་དུ་བསྟན་རྐང་གཡོན་བཏེག །བཞི་ཚན་གསུམ་པར་གཡོན་ནས་ལག་གཉིས་ནང་དུ་ནང་བསྐོར་བའི་གར་དང་རྐང་གཡས་པའི་རྟིང་གསིག་གི་གཡས་སུ་བསྐོར། ཡོང་ཕྱོགས་སུ་ལག་གཡོན་མཆོག་སྦྱིན་གཡས་དཀུར་བརྟེན་ནས། བཞི་ཚན་བཞི་པའི་༡ལ་གཡོན་ཕབ་གཉིས་ལ་དེ་གར་འདུག །གསུམ་བཞི་ལ་ལག་གཉིས་གྱེན་བསྟན་རྐང་གཡས་བཏེག །བཞི་ཚན་ལྔ་པར་གོང་གི་གཡས་ཇི་ལྟ་བ་ནས། གཡས་འགྲོ་ཕྱོགས་སུ་ཤུགས་ཆེ་བས་དྲུག་པའི་༡ལ་རྐང་གཡས་ཕབ། གཉིས་པར་རྐང་གཡོན་གཡས་ཀྱི་མདུན་དུ་སྤོས། གསུམ་པར་རྐང་གཡས་མདུན་དང་། བཞི་པར་རྐང་གཡོན་མདུན་དུ་མཉམ་པར་ཕབ། བདུན་པར་ལག་གཉིས་ཐལ་སྦྱར་པུས་མོ་ཅུང་ཟད་ཕབ་ནས་ལན་གཉིས་གསིབ། བརྒྱད་པར་ལག་གཉིས་གཡས་སུ་གཞོལ་ནས་ཡངས་པད་ཀྱི་འགོ་བརྩམས་པའི། དགུ་པར་ཡངས་པད་ནས་བཟུང་བཞི་འགྲོས་ལ་འཇུག་པ་ཡན་རཀྟ་དང་འདྲའོ། །བརྒྱད་པ་ནི། བཞི་འགྲོས་དེའི་ངང་ནས་རྐང་གཡས་པའི་བཞི་འགྲོས་ཀྱི་གསུམ་པའི་ཐོག་ནས། བྷྲཱུཾ་ལས་རིན་ཅེན་སྣ་ལྔའི་རང་བཞིན་ལས། །ལེགས་གྲུབ་དངས་ཤིང་ཐོགས་མེད་གཞལ་ཡས་ཁང་། ཞེས་བརྗོད། བཞི་ཚན་གསུམ་གྱི་ཕུར་དར་གཡུག་པ་ཡན་གོང་དང་འདྲ། དེ་ནས་སྦིར་སྦྲམ་ལ་ཕུར་རྩེ་བནྡྷར་གཏད་དེ་གཡས་སུ་གཞོལ། སྦིར་སྦྲམ་ལན་གསུམ་ལ་རོལ་བ་བྱས་པའི་གསུམ་པའི་སྐབས་རྐང་གཉིས་གཡས་(༡༣ན)


GLG024_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དྲུད་ཙམ་བྱས། རོལ་མོ་ཐེང་བརྡུང་ལ་རྐང་གཡས་གཡོན་འདེགས་འཇོག་རེ་མོས་དང་བསྟུན་ལག་གཉིས་གཡས་གཡོན་རེ་མོས་སུ་འཕྱར་བ་ནི་བཤུད་འགྲོས་ཆིག་རྡེག་ཅེས་བྱ། འགྲོས་འདིས་ཕྱོགས་བཞི་ཀའམ་ཕྱོགས་༡ཏུ་རེ་ཁ་འཐེན་པའི་ཚུལ་དང་། སྒོ་འཁྱོག་སྒོ་འགྲམ་སྒོ་ལོགས་ཡ་ཕུབ་སོགས་ཀྱི་དོད་རེ་བྱས་ཏེ་གྲུབ་རྗེས། མཆོངས་པད་བྱ། རོལ་མོ་ཆེ་ཆུང་ཐེངས་བརྡུང་རེ་ལ་ཡངས་པད་ཀྱི་ལེན་གཡུག་གཏོད་པ་རེ་རེ་བྱ། རོལ་པ་དང་བཅས་བླངས་རྗེས། སྦྲམ་སྦྲམ་ཞེས་ཆུང་ངུ་ཁ་ཤས་ལ་ལག་གཉིས་ནང་དུ་བསྐོར་ནས་བསྐྱོད་འགྲོས་བྱས་ཏེ་རོལ་འགྲོས་ལ་འཇུག །དེ་ལྟར་རྟེན་གྱི་རིམ་པ་རྣམས། །མིག་ལ་བདེ་བའི་སྟང་སྟབས་ཀྱི། །འཛིན་མེད་སྟོང་པའི་ངང་ཉིད་ལས། །འཇའ་ཚོན་ལྟ་བུར་གསལ་བར་ཤར། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་བརྒྱད་ལས། དང་པོ་གཙོ་བོ་བསྐྱེད་པ་ལ་དགུ་སྟེ། འདི་ནས་སྒོ་མའི་བར་འཆམས་སྐད་གཏོང་མཚམས་ཆོས་དབྱིངས་དང་འདྲའོ། །བརྟེན་པ་ལྷ་བསྐྱེད་པ་ལ་དགུའི་དང་པོ་དཔལ་ཆེན་པོའི་འགྱིང་ཆེན། ཅེས་བརྗོད། ཛཾ་ཆུང་ཡན་བླ་འགུགས་ཇི་ལྟ་བ་ནས་ཅུང་དལ། ལག་གཉིས་བརྒྱངས་པའི་ངོས་ལག་གཡས་ཅུང་ཟད་མཐུ་བར་བྱ། སྦྲམ་༡སྦྲམ་༢སྦྲམ་༣སྦྲམ་༤ལ་རྐང་གཡས་བརྐྱང་གི་ཡོང་ཕྱོགས་སུ་འགྲོ་བ་སྤོས་ཕྲལ་དེའི་རྟིང་པའི་ཐད་རྐང་གཡོན་སླེབ་པ་ལ་དཔའ་བསྐྱེད་དང་འདྲ་བ་བྱེད། །སྦྲམ་༤པའི་༤དེ་ལ་རོལ་མོ་ཆུང་བ་ཞིག་ཡོང་བས་དེ་ལ་གཡས་པའི་རྟིང་པའི་རྩར་གཡོན་མི་འགྲོ་བར་གཡོན་འགྲོ་ཕྱོགས་སུ་ཅུང་ཟད་འཐེན་ཅིང་། གཡས་བཏེག་སྦྲམ་ཞེས་པར་ཕུར་དར་གཡོན་དུ་གཡུག །སྦིར་ལ་གཡས་ཕྱར་(༡༣བ)


GLG024_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་དར་རྒྱབ་ཏུ་གཡུག །སྦྲམ་ཞེས་པར་རྐང་གཡས་ཕབ་ཡང་སྦྲམ་སྦིར་སྦྲམ་ལ་གཡོན་ལ་གོ་ལྡོག །འདི་གྲོལ་བསྡུའམ་འགྲོས་བསྡུ་ཞེས་བྱ་སྟེ་སྟེང་བར་འོག་དང་འདྲ། གསུམ་བརྡུང་གཉིས་ཀྱི་དང་པོ་ལ་ཡངས་པད། གཉིས་པ་ལ་ཛཾ་ཆུང་། དེ་ནས་རྐང་གཡོན་བརྐྱང་གི་གཡོན་འགྲོ་ཕྱོགས་ལ་ཆེ་བཞི་ལ་གོང་གི་གཡས་གོ་ལྡོག་དང་འགྲོས་བསྡུ་ཛཾ་ཆུང་བྱ། དབུས་སུ་ཆ་བཞི་པ་གཡས་གཡོན་རེ་མོས་དང་། འགྲོས་བསྡུ། མཆོངས་པད། རོལ་པ། བསྐྱོད་འགྲོས་དང་། འདི་ནས་སྟག་ཤམ་གྱི་བར་བསྐྱོད་འགྲོས་དཀུར་བརྟེན་གྱི་རོལ་འགྲོས་བྱ། གཉིས་པ་ནི། དཔལ་ཆེན་པོའི་འགྱིང་ཆུང་། ཞེས་བརྗོད། ཛཾ་ཆུང་ཡན་འགྱིང་ཆེན་དང་འདྲ། དེ་ནས་ལག་གཉིས་དཀུར་བརྟེན་ནས་འགྱིང་ཆེན་གྱིདབུས་མ་ནས་གཟུང་བསྐྱོད་འགྲོས་རྣམས་བྱའོ། །གསུམ་པ་ནི། དབུ་གསུམ་རྫོགས་སུ་བསྐྱེད་པ། ཞེས་བརྗོད། ཛཾ་ཆུང་ཡན་འགྱིང་ཆེན་དང་འདྲ་བ་ལས། ཛཾ་ཆུང་གི་རོལ་མོ་གསུམ་གྱི་རེ་རེར་ཚིག་རྐང་གསུམ་རེ་བརྗོད་པས། ཞལ་གཡས་དཀར་ལ་བཞད་པས་རྒོད་རྒོད་འདྲ་ཞེས་བྱ། ལག་གཉིས་ཐལ་མོ་ཁོང་སྟོང་རྣ་བ་གཡས་ཐད་དུ་གཡས་ཞལ་མཚོན་བྱེད་སྟེང་འོག་ཏུ་གཅུ་ཙམ་རེ་བྱ་བ་མ་གཏོགས་ཆེ་བཞི་ལ་གཡས་གསིག་འགྱིང་བཞིན་བྱ། དེས་མཚོན། ཛཾ་ཆུང་ལ། ཞལ་གཡོན་དམར་ལ་གདངས་པས་གཤེ་གཤེ་འདྲ། ཞེས་བརྗོད། ཆེ་བཞི་ལ་གཡོན་འགྲོ་རྐང་ལག་གཡས་གོ་ལྡོག་གི་གཡོན་ཞལ་མཚོན་པར་བྱ། ཛཾ་ཆུང་ལ། ཞལ་དབུས་མཐིང་ལ་རྔམས་པས་འཇིགས་པར་སྟོན། ཞེས་བརྗོད། དབུས་སུ་རེ་མོས་ཀྱི་གཅུ་བས་དབུས་ཞལ་མཚོན་པར་བྱས་ནས་གཞན་མ་རོལ་འགྲོས་པར་འགྱིང་(༡༤ན)


GLG024_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཇི་ལྟ་བ་བཞིན་ནོ། །བཞི་པ་ནི། ཕྱག་དྲུག་རྫོགས་སུ་བསྐྱེད་པ། ཞེས་བརྗོད། ཡངས་པད་ཡན་འགྱིང་ཆེན་དང་འདྲ། ཛཾ་ཆུང་དང་བསྟུན། རྡོ་རྗེ་རྩེ་དགུའི་ས་དགུས་རྟོག་པ་འཇོམས། །ཞེས་བརྗོད་ནས། ཆེ་བཞི་ལ་ལག་གཡོན་དཀུར་བརྟེན་གཡས་མཐོ་བར་འཕྱར། གཡས་ཡོང་ཕྱོགས་སུ་རྐང་གཡས་བཏེག་གཡོན་རྟིང་གསིག །གཡས་ཕབ་མཚམས་གཡོན་སླེབ་པ་བྱ། སྦྲམ་བཞི་ཞེས་པའི་བཞི་དེར་རོལ་མོ་ཆུང་བ་ཞིག་ཡོང་བས་རྐང་གཡོན་བཏེག་གཡོན་འགྲོ་ཕྱོགས་སུ་གཡས་གཡོན་གཉིས་ཀའི་གཞོལ་བྱ། དེ་ནས་ཡངས་པད་དང་། ཛཾ་ཆུང་དུས། རྡོ་རྗེ་རྩེ་ལྔས་དུག་ལྔ་དབྱིངས་སུ་དག །ཅེས་བརྗོད། ལག་གཡས་ཐད་ཀར་བརྒྱད་པ་མ་གཏོགས་ཡངས་པད་ཡན་སྔ་མ་ཇི་ལྟ་བ་བྱ། ཛཾ་ཆུང་དང་བསྟུན། མེ་དཔུང་འབར་བས་འཁོར་བའི་ཉོན་མོངས་བསྲེག །ཅེས་བརྗོད། ལག་གཡས་དཀུར་བརྟེན། གཡོན་པའི་སྲིན་ལག་དང་མཐེའུ་ཆུང་གཉིས་བསྐུམ་གཟན་གསུམ་བརྐྱང་ནས་མཐོ་བར་བརྐྱངས། རྐང་གཡོན་བཏེག་གཡོན་འགྲོ་ཕྱོགས་སུ། གཡས་གོ་ལྡོག་པའི་གཞོལ་དང་བཅས་པ་བྱ། ཛཾ་ཆུང་དང་བསྟུན། ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད། །ཅེས་བརྗོད། ལག་གཡོན་པའི་མཐེ་བོས་མཐེའུ་ཆུང་མནན་གཞན་གསུམ་བརྐྱད་པ་ཐད་ཀར་བརྒྱང་བ་མ་གཏོགས་སྔ་མ་དང་འདྲ། ཛཾ་ཆུང་ལ། རི་རབ་ཕུར་བུས་དགྲ་བགེགས་གཟིར་བར་བྱེད། ཅེས་བརྗོད་ལག་གཉིས་ཕུར་པ་སྒྲིལ་ཚུལ་བྱ་བ་མ་གཏོགས་གཞན་མ་རོལ་འགྲོས་ཡན་དབུས་ཞལ་དང་མཚུངས་སོ། །ལྔ་པ་ནི། ཞབས་བཞི་རྫོགས་སུ་བསྐྱེད་པ། ཞེས་བརྗོད། ཛཾ་(༡༤བ)


GLG024_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ཡན་འགྱིང་ཆེན་དང་འདྲ། དེ་ནས་ལག་གཉིས་པུས་མོའི་ཐད་ཀར་བརྐྱང་། །རྐང་གཉིས་གཡོན་བརྐྱང་དུ་བསྒྲད་པའི་གཡས་གཡོན་ནང་དུ་གཅུ་ཞིང་གསིག་ཅིང་གཞོལ་སོགས་ནས་རོལ་འགྲོས་བར་དཔའ་བསྐྱེད་བཞིན་བྱ། དྲུག་པའི་དང་པོ་ནི། བཏགས་པའི་རྒྱན་གཉིས་ཀྱི་ཐོག་མར་མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན། ཞེས་བརྗོད། ཛཾ་ཆུང་ཡན་འགྱིང་ཆེན་བཞིན་བྱ། དེ་ནས་སྦྲམ་༡ནས་སྦྲམ་ལྔའི་བར་ཆེ་ལྔ་ཡི་བཞི་ཡན་ལ་རྐང་གཡས་གཡོན་རེ་མོས་ཀྱི་གཅུ། ལྔ་པར་རང་སར་འདུག །ལག་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ། དཔྲལ་བའི་དབུས། རྣ་ལྟག་གཡས། དེ་གཉིས་ཀྱི་བར། རྣ་ལྟག་གཡོན། དེ་དང་དཔྲལ་དབུས་ཀྱི་བར་རྣམས་སུ་ཐོད་སྐམ་ལྔའི་ཚུལ་བྱ། དེ་རྗེས་འགྲོས་བསྡུ་ནས་རོལ་འགྲོས་པར་འགྱིང་ཆེན་དང་འདྲ། གཉིས་པ། ཐོད་རློན་ལྔ་བཅུའི་དོ་ཤལ། ཅེས་བརྗོད། ཡངས་པད་ཡན་འགྱིང་ཆེན་དང་འདྲ། ཛཾ་དང་བསྟུན་ནས་སྐྲ་ལག་གཡས་ཀྱི་བཟུང་། རྣ་ལྟག་གཡོན་ཐད་དུ་འཕྱར་ནས། སྦྲམ་༡ནས་སྦྲམ་དྲུག་གི་བར་རིམ་གྱིས་བསུས་པའི་མཐའ་སྐོར་ནས་རྣ་ལྟག་གཡས་ཐད་དུ་འཕྱར་ནས། སྦྲམ་སྦིར་སྦྲམ་གསུམ་ལ་འགྱིང་། སྦྲམ་༡ནས་ལྔའི་བར་སྔ་མ་གོ་ལྡོག་ཏུ་བསྐོར་བའི། དྲུག་ལ་སྐྲ་བཞག་རྐང་གཡོན་བཏེག་ནས་གཞོལ་བྱེད་པ་ནས་རོལ་འགྲོས་རྣམས་དཔའ་བསྐྱེད་བཞིན་ནོ། །བདུན་པའི་དང་པོ་ནི་བྱུག་པའི་རྩི་གསུམ་གྱི་ཐོག་མར་རཀྟའི་ཐིག་ལེ། ཞེས་བརྗོད། ཡངས་པད་ཡན་འགྱིང་ཆེན་དང་འདྲ། ཛཾ་ཆུང་གི་༡་༢་ལ་གོང་མཛུབ་སྲིན་གསུམ་བན་ནང་དུ་བཅུག །གསུམ་པར་སྟོན་ཏེ། སྦྲམ་༡རས། སྦྲམ་བཞིའི་བར་རྐང་གཡས་གཡོན་རེ་མོས་སུ་མདུན་(༡༥ན)


GLG024_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྤོ་ཞིང་གཅུ་བ་དང་། བྱུག་པའི་རྒྱན་ནི་དང་པོ་ལ་གོང་མོའི་རྩེས་སྨིན་དབྲག །གཉིས་པར་མཛུབ་སྲིན་གྱི་མཁུར་ཚོས་གཡས་གཡོན། གསུམ་པར་སྣ་རྩེ། བཞི་པར་ཨོག་མ་རྣམས་སུ་རཀྟའི་ཐིག་ལེ་བྱ། དེ་ནས་རྔ་གསུམ་ལ་ཕུར་རྩེ་ཕྱིར་བསྟན་གཡས་སུ་བསྐོར་ནས། འགྲོས་བསྡུ་དང་། ཡངས་པད་དང་བསྟུན། གཉིས་པ། ཐལ་ཆེན་གྱི་ཚོམ་བུ། ཞེས་བརྗོད། ཛཾ་ཆུང་མན་དངོས་གཞི་སྔ་མ་དང་འདྲ་བ་ལ། ཕྱག་རྒྱ་ཐལ་ཆེན་གྱི་ཚོམ་བུ་བྱུག་ཚུལ། དང་པོ་དཔྲལ་མཚམས་ཀྱི་དབུས། གཉིས་པར་དེའི་གཡས། གསུམ་པར་གཡོན། བཞི་པར་དབུས་ཀྱི་འོག་ཏུ་བྱ། གསུམ་པ། ཞག་གི་ཟོ་རིས། ཞེས་བརྗོད། གཞན་གོང་དང་འདྲ། ཕྱག་རྒྱ་བྱུག་ཚུལ་ལུས་མི་གཅུ་བར་ལག་གཡས་ཀྱི་སོར་མོས། ནུ་མ་གཡོན་འོག་ནས་བཟུང་ལྟེ་བ་དང་། ནུ་མ་གཡས་པའི་འོག་གི་བར་བྱུག་ཚུལ་བྱས་རྗེས་ཕུར་རྩེ་མི་བསྐོར་བར་འགྲོས་བསྡུ་ནས་བཟུང་རོལ་འགྲོས་བར་འགྱིང་ཆེན་བཞིན་བྱ། བརྒྱད་པའི་དང་པོ་ནི། བགོ་བའི་གོས་གསུམ་གྱི་ཐོག་མར་གླང་ཆེན་གྱི་ཀོ་རློན། ཞེས་བརྗོད། ཡངས་པད་ཡན་འགྱིང་ཆེན་བཞིན་དང་། ཛཾ་ཆུང་དང་བསྟུན་པའི་དང་པོ་གཉིས་པར་ལག་གཡོན་པས་ཕུར་དར་གྱི་སྣེ་ནས་བཟུང་གསུམ་པར་གླང་ལྤགས་གྱོན་ཚུལ་བྱས་ནས། གཡས་གཡོན་དུ་འགྲོ་ལུགས། དབུས་སུ་རེ་མོས་རྣམས་ཀྱིས་མཚམས་སུ་སྦྲམ་སྦིར་སྦྲམ་གསུམ་ལ་ལུས་མི་གཅུ་བར་འགྱིང་སྟེ་སྡོད་པ་མ་གཏོགས་དཔའ་བསྐྱེད་ཇི་ལྟ་བ་བཞིན་ནོ། །གཉིས་པ། ཞིང་ཆེན་གྱི་གཡང་གཞི། ཞེས་བརྗོད། ཕུར་དར་གྱི་སྣེ་འཛིན་པ་ཡན་གླང་ལྤགས་དང་འདྲ། གསུམ་པར་གྱོན་(༡༥བ)


GLG024_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དང་བསྟུན་རྐང་གཡོན་བཏེག་པ་གཡོན་ཟུར་ཕབ་གཡོན་དུ་བསྐོར་ནས་དོ་རའི་ཕྱིར་ཁ་ཕྱོགས་པས་རྐང་གཡས་ཀྱི་འགྲོ་ཕྱོགས་སུ་གསིག་པ། སྦྲམ་སྦིར་སྦྲམ་གསུམ་ལ་དེ་གར་འགྱིང་གསུམ་པར་རྐང་གཡོན་བཏེག་པའི་གཡོན་སྐོར་དུ་མདུན་དུ་ཕྱོགས་པའི་གཡས་ཡོང་ཕྱོགས་སུ་གསིག །གསུམ་ལ་འགྱིང་ནས་དབུས་སུ་གསིག་པ་མན་ནས་རོལ་འགྲོས་པར་དཔའ་བསྐྱེད་དང་འདྲའོ། །གསུམ་པ། སྟག་ལྤགས་ཀྱི་ཤམ་ཐབས། ཞེས་བརྗོད། ཕུར་དར་གྱི་སྣེ་འཛིན་པ་ཡན་གླང་ལྤགས་དང་འདྲ། དེ་ནས་ལག་གཉིས་བརླ་སྟེང་བརྐྱང་ནས་སྟག་ཤམ་གྱི་ཚུལ་བྱས། རྐང་གཡས་གཡོན་རེ་མོས་ནས་རོལ་འགྲོས་རྣམས་དཔའ་བསྐྱེད་བཞིན་ནོ། །དགུ་པ་ནི། ཁམས་གསུམ་ཟིལ་གྱིས་གནོན་པ་རྡོ་རྗེའི་ཁྱུང་གཤོག །ཅེས་བརྗོད། འདིའི་དངོས་གཞི་འགྱིང་ཆེན་དང་འདྲ་བ་ལ་གཡས་གཡོན་དབུས་གསུམ་གྱི་མཚམས་སུ་འགྲོས་བསྡུའི་ཚབ་ཏུ་གཞོལ་བྱ། རྗེས་བསྐྱོད་འགྲོས་ཀྱི་འགྱིང་ལ་དཀུར་བརྟེན་མི་བྱ་བར་ལག་གཉིས་བརྒྱངས་པའི་མཚམས་ཆན་བྱས་ནས་རོལ་འགྲོས་སོ། །གཉིས་པ་ཡུམ་བསྐྱེད་པ་ནི། འཁྲིལ་སྦྱོར་ཡུམ་གྱི་ཕྱག་རྒྱ། ཞེས་བརྗོད། ཛཾ་ཆུང་ཡན་འགྱིང་ཆེན་དང་འདྲ། དེ་ནས་རོལ་མོ་ཆེ་བཞི་ལ་གཙོ་བོའི་དབུས་ཞལ་ཇི་ལྟ་བ་བྱས་ནས་འགྲོས་བསྡུ་ཡངས་པད་ཛཾ་ཆུང་བྱ། ཆེ་བཞི་ལ་ལག་གཡོན་དཀུ་ལ་བརྟེན། ལག་གཡས་བརྐྱངས་ཏེ་རྐང་གཡས་ཀྱི་འགྲོ་བ་འགྱིང་ཆེན་གྱི་གཡས་འགྲོ་ལྟར་བྱ། འགྲོས་བསྡུ་ཡངས་པད་ཛཾ་ཆུང་བྱས་ནས། ཆེ་བཞི་ལ་ལག་གཡས་དཀུ་ལ་བརྟེན་གཡོན་མདུན་དུ་བརྐྱང་། རྐང་གཡོན་བཏེག་ནས་བྱ། འགྲོས་བསྡུ་ཡངས་པད་ཛཾ་ཆུང་བྱ། ཡང་ཆེ་བཞི་ལ། རྐང་(༡༦ན)


GLG024_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བཏེག །ལག་གཉིས་འཁྱུད་པའི་ཚུལ་གྱི་བྱ། འགྲོས་བསྡུ་མཆོངས་པད་རོལ་པ་བསྐྱོད་འགྲོས་ཀྱི་འགྱིང་། ལག་གཉིས་བརྒྱངས་པའི་མཚམས་ཆེན་བྱས་ཏེ་རོལ་འགྲོས་སོ། །དེ་ལྟར་ཆོས་དབྱིངས་བདེ་བའི་ངང་། ཧེ་རུ་ཀ་དཔལ་ཡབ་ཡུམ་གྱི། སྣ་ཚོགས་གཟུགས་སྐུའི་གར་མཁན་མ། །སྟང་སྟབས་མེ་ལོང་ངོས་ལ་ཤར། གསུམ་པ་ནི། ཁྲོ་བཅུ་རོལ་པའི་སྟང་སྟབས། ཞེས་བརྗོད། གཡས་གཡོན་དུ་གཅུ་བའི་འགྱིང་གཉིས་ཀྱི་རྗེས། བན་ཕུར་ཁ་གྱེན་བསྟན་བྱས་སྦྲམ་སྦྲམ་ཞེས་ཆེམ་བརྡུང་ཆུང་ངུར་ཕབ་སྟེ་རོལ་མོ་བཞག །དབྱངས་དང་བཅས་ཏེ། ཨོཾ་མའི་ལ་ལུས་བསྲངས་ལག་གཉིས་བརྒྱངས། ཧཱུཾ་ངའི་ལ་རྐང་གཡས་བཏེག །ཆེན་༼ཉེར༽ལ་རྐང་གཡས་མདུན་དུ་ཕབ། ལག་གཉིས་ཀྱང་ཅུང་ཟད་ཕབ། ནཱའི་ལ་རྟིང་གསིག །ཀ་བའི་ལ་རྐང་གཡོན་བཏེག་གཡས་སྐོར་དུ། རའི་༼ཉེར༽ལ་རྐང་གཡོན་གཡས་ཡོང་ཕྱོགས་སུ་ཕབ། ཡའི་ལ་རྟིང་གསིག་ཕྱག །གའི་ལ་རྐང་གཡས་བཏེག་ནས་རིམ་གྱི། རྒྱ་༼ཉེར༽ལ་རྐང་གཡས་གཡོན་འགྲོ་ཕྱོགས་སུ་ཕབ། པའི་ལ་རྟིང་གསིག་རྐང་གཡོན་བཏེག་ནས། ནི་ལ་གཡོན་མདུན་དུ་ཕབ། ཡ་བ་ཞེས་པར་འགྱིང་། འའི་ཝའི་ལ་ལུས་གཡས་སུ་གཅུ་ཞིང་། རྐང་གཡས་བཏེག་ཙམ་བྱས་པའི་ཡངས་པད་ཀྱི་འགོ་བརྩམ། ལག །གའ་ཞེས་པར་པད་ཀར་ལེན། གཉིས་ལ་ཕུད་དར་མདུན་ནས་ཡར་འཐེན། ཐལ་༼ཉེར་༽ལ་ཕུར་པ་པུས་སྟེང་། སྦྱར་ལ་ཕུར་དར་རྒྱབ་ཏུ་གཡུག །རའ་ཞེས་པར་རྐང་གཡས་བཏེག་ཙམ་གྱི། གྱེན། ནའི་ལ་གཡས་སུ་ཡངས་པད་ལེན། དུའི་༼ཉེར༽ལ་ཕུར་པ་པུས་སྟེང་། བསྒྲེང་ངའ་ལ་ཕུར་དར་རྒྱབ་ཏུ་(༡༦བ)


GLG024_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

གཡུགས་ནས་ལག་ཐལ་སྦྱར་བྱ། འའི། ཝའི་ལ་ལུས་གཡས་སུ་ཅུང་ཟད་གཅུ་ཞིང་རྐང་གཡས་བཏེག་པའི་ཡངས་པད་བརྩམ། རྐང་ངའི། གཉིས་ལ་ཡངས་པད་གཡོན་ཟུར་དུ་བླངས། མཐིལ་༼ཉེར༽ཕུར་པ་པུས་སྟེང་། སྦྱར་ལ་ཕུར་དར་རྒྱབ་ཏུ་གཡུག་ཐུར། རའི། དུ་༼ཉེར༽ཞེས་པར་ལག་ཐལ་སྦྱར། རྐང་གཉིས་རྟིང་པ་སྦྱར། ཟུག་ལ་པུས་མོ་ཅུང་ཟད་ཕབ། ཝ་འའི་ཝའི། ཚིགས། གའི། ཆེན། ནའི། ཞིའི་༼ཉེར༽རྣམས་ཀྱི་ཚིགས་དང་ལྷུ་རེར་བསྟུན་ལག་གཉིས་སྦྱར་བ་གཡས་སུ། རྐང་གཡས་བཏེག་འབབས་ཀྱི་རྟིང་གསིག་བཅས་ལན་གསུམ་གསིག །ཡང་ལ་རྐང་ལག་གཉིས་མདུན་དུ་མཉམ། བཅག །ག །བར། རའ། བྱ་ཞེས་བར་གཡས་གོ་ལྡོག་ཏུ་གཡོན་ཕྱོགས་ལན་གསུམ་གསིག །ཝའི། ཝའ་ཞེས་པར་བན་ཕུར་ཁ་གྱེན་བསྟན་མདུན་དུ་མཉམ། ཨོཾ་མའི་ཞེས་པར་རྐང་གཡས་བཏེག་ཙམ་གྱི་ཡངས་པད། བཛྲ་ལ་ཕུར་པ་མདུན་ནས་ཡར་བནྡྷར་བསྐོར། ཀྲོ་ལ་པུས་སྟེང་། དྷ་ལ་ཕུར་དར་གཡུག །ཧཱུཾ། ངོ་ལ་རྐང་གཡས་བཏེག་ཙམ་ནས་གཡོན་དུ་ཡངས་པད། ཀ་ལ་ཕུར་པ་པུས་སྟེང་། ར་ལ་ཕུར་དར་གཡུག །ཧཱུཾ། ངོ་ལ་གཡོན་བཏེག་གཡས་སུ་ཡངས་པད། གར་ལ་ཕུར་པ་པུས་སྟེང་། ཛ་ལ་རྐང་གཡོན་དྲུད་པའི་རྟིང་གསིག་དང་བཅས་ཕུར་དར་གཡུག །གརྫ་ལ་ལག་གཉིས་བརྐྱངས་རྐང་གཡོན་བཏེག་ནས། ཧཱུཾ་ལ་ཕབ་ལག་གཉིས་བན་ཕུར་ནང་དུ་བསྐོར། རྐང་གཡས་བཏེག་གཡོན་འགྲོ་ཕྱོགས་སུ་ཕཊ་ལ་བསྐོར་བའི་མདུན་དུ་ཕབ། ཊ་ལ་རྐང་གཡོན་བརྐྱང་། ལག་གཡས་འཕྱར། གཡོན་ཐུགས་ཀར་སྡིགས་མཛུབ་བྱ། ཁྲོ་བོ་གཞན་རྣམས་ཀྱི་ཕྱག་རྒྱ་ཚིག་དང་མཐུན་པར་བྱ་ཞིང་། སྔགས་ལ་ཕྱོགས་བཞིའི་ཁྲོ་བོ་སྟེང་(༡༧ན)


GLG024_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐུན་པར། ཨོཾ་ལ་ལག་གཉིས་བརྒྱངས་རྐང་གཡོན་བཏེག་ནས། བཛྲ་ལ་ཕབ། ཀྲོ་དྷ་ནས་བཟུང་གཡོན་སྐོར་དུ་རིམ་གྱིས་བསྐོར་ནས། མདུན་དུ་ཧཱུཾ་ཕཊ་ལ་རྐང་གཡོན་བརྐྱང་། ལག་གཡས་འཕྱར་གཡོན་ཐུགས་ཀར། མཚམས་བཞི་དང་འོག་གི་ཁྲོ་བོ་ལ། ཨོཾ་ལ་ལག་གཉིས་བརྒྱངས། རྐང་གཡས་བཏེག །བཛྲ་ལ་ཕབ། ཀྲོ་དྷ་ནས་བཟུང་གཡས་སྐོར་དུ་རིམ་གྱིས་བསྐོར་ནས་མདུན་དུ་ཧཱུཾ་ཕཊ་ལ་རྐང་གཡས་བརྐྱང་། ལག་གཡོན་འཕྱར་གཡས་ཐུགས་ཀར་སྡིགས་མཛུབ། ཧཱུཾ་ཆེན་ཀ་རའི་ཕྱག་རྒྱ་ནི། ལག་གཉིས་ཐལ་སྦྱར་གྱེན་དུ་སྒྲེང་། རྐང་གཉིས་མཐིལ་སྦྱར་ཐུར་དུ་ཟུག །ཚིགས་ཆེན་བཞི་ཡང་བཅག་པར་བྱ། །ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ། རྣམ་པར་རྒྱལ་བའི་ཕྱག་རྒྱ་ནི། ལག་གཉིས་ཐུགས་ཀར་བསྣོལ་ནས་ནི། མཆེ་བ་གཙིགས་ཤིང་ཞལ་བགྲད་པ། རྣམ་པར་རྒྱལ་བའི་ཕྱག་རྒྱ་ཡིན། །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། དབྱུག་པ་སྔོན་པོའི་ཕྱག་རྒྱ་ནི། །གཡོན་པ་དགུ་ལ་བརྟེན་ནས་ནི། །གཡས་པའི་མཛུབ་དང་གོང་གཉིས་བསྒྲེང་། །ལྡེབས་པའི་ཚུལ་དུ་བྱས་པ་ཡིན། །ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། །གཤིན་རྗེ་གཤེད་པོའི་ཕྱག་རྒྱ་ནི། །གཡས་པ་གདེངས་ཤིང་ཁུ་ཚུར་བཅིངས། གཡོན་པ་དཀུ་ལ་བརྟེན་པ་ནི། །གཤིན་རྗེ་གཤེད་པོའི་ཕྱག་རྒྱ་ཡིན། །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། མི་གཡོ་མགོན་པོའི་ཕྱག་རྒྱ་ནི། །ལག་གཉིས་སྦར་མོ་གདེངས་ནས་ནི། །སྔོན་གྱི་ཕྱོགས་སུ་འཕྱར་བ་ནི། །མི་གཡོ་མགོན་པོའི་ཕྱག་རྒྱ་ཡིན། །ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུཾ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། རྟ་མགྲིན་རྒྱལ་པོའི་ཕྱག་རྒྱ་ནི། །ལག་གཉིས་སྤྱི་བོར་རྒྱ་བཅིང་ནས། །(༡༧བ)


GLG024_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པོ་བསྟུངས་པར་བསྟན་པ་ནི། །རྟ་མགྲིན་རྒྱལ་པོའི་ཕྱག་རྒྱ་ཡིན། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། གཞན་གྱིས་མི་ཐུབ་ཕྱག་རྒྱ་ནི། །ལག་གཉིས་སྦར་མོ་གདེངས་ནས་ནི། །འཛིན་པའི་སྟབས་སུ་བྱས་པ་ནི། གཞན་གྱིས་མི་ཐུབ་ཕྱག་རྒྱ་ཡིན། །ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། བདུད་རྩི་འཁྱིལ་པའི་ཕྱག་རྒྱ་ནི། ལག་གཉིས་དཀུ་ལ་བརྟེན་ནས་ནི། །རྐེད་པ་བསྟུངས་པར་བསྟན་པ་ནི། །བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ཡིན། །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ནི། །གཡས་པ་དཀུ་ལ་བརྟེན་ནས་ནི། །གཡོན་པའི་མཐེ་བོས་མཐེ་ཆུང་མནན། །གསུམ་པོ་འཛིན་པ་ལྕགས་ཀྱུའི་ཚུལ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ། བིནྡྷ་བིནྡྷ་ཧཱུཾ་ཕཊ། སྟོབས་པོ་ཆེ་ཡི་ཕྱག་རྒྱ་ནི། ལག་གཉིས་སྦར་མོ་བསྣོལ་ནས་ནི། །སྟེང་ནས་གནོན་པ་ལྟ་བུ་ནི། །སྟོབས་པོ་ཆེ་ཡི་ཕྱག་རྒྱ་ཡིན། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། དེ་ནས་རོལ་མོ་དང་བཅས་རོལ་པ་བསྐྱོད་འགྲོས་ལག་གཉིས་བརྒྱངས་པའི་མཚམས་ཅན་བྱས་ནས་རོལ་འགྲོས་བྱ། བཞི་པ་ནི། ཕྱག་བརྙན་བསྐྱེད་པ་ལ་ལྔ་ལས། དང་པོ་ནི། ཕྱག་བརྙན་བཅུ་ཡི་བརྗིད་འཆམས་ལས། སྟེང་དང་ཤར་གྱི་ཕྱག་བརྙན་ནི། །མདའ་ཆེན་དང་ནི་རྩེ་གསུམ་འཛིན། །ཞེས་བརྗོད་ནས་ཚིག་བརྡུང་གསུམ་ལ་རོལ་འགྱིང་འགྱིང་ཆེན་དང་འདྲ། དེ་ནས་རོལ་མོ་ལྔ་བརྡུང་ཆེ་ཆུང་སྤེལ་བར་བསྒྱུར་ནས། ལྔ་ཚན་ཉི་ཤུ་རྩ་གཉིས་ཀྱི། ལྔ་ཚན་དང་པོ་བཞི་པར་རླུང་དཀྱིལ་དང་འདྲ། གཉིས་པའི་གསུམ་ཡན་ལ་བན་ཕུར་མདུན་མཉམ་དང་། བཞི་པ་དང་ལྔ་པ་ལ་ལག་གཡོན་མཁྲིག་མ་ནས། གཡས་པའི་ཕུར་དར་དྲངས་པའི་གཡས་འཕྱར་(༡༨ན)


GLG024_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཐུགས་ཀ །གསུམ་པ་ལ་རྐང་གཡས་བཏེག་གཡོན་ལྕགས་མདའ་རིས་ཀྱི་འཕར་ཞིང་ཡོང་ཕྱོགས་སུ་བཞི་ཡི་བར་འགྲོ་ལྔ་ལ་འདུག །བཞི་པ་ཆུང་བར་ཡངས་པད་བྱ། ལྔ་དྲུག་དང་བདུན་བརྒྱད་ལ་བཤད་མ་ཐག་པ་དེ་ག་བྱེད་ལྔ་ཚན་དགུ་པ་དང་བཅུ་པར་གཡས་གཡོན་གྱི་འགྲོས་བསྡུ། ལྔ་ཚན་བཅུ་གཅིག་པར་མདུན་དུ་ཡངས་པད། བཅུ་གཉིས་པར་གཡས་སུ་ཡངས་པད་ཀྱི་གསུམ་པར་རྐང་གཡོན་བཏེག །བཞི་ལ་ཕབ་ལྔ་ལ་རྐང་གཡས་བཏེག་པའི་གཡོན་དུ་བསྐོར་དོ་རའི་ཕྱི་ངོས་སུ་བལྟས་འགྲོ་ཕྱོགས་ལ་ཕྱག་རྒྱ་རྐང་སྟབ་སྔ་མ་ལྟར། ལྔ་ཚན་ཆེ་ཆུང་། ༡༣ ༡༤ ༡༥ ༡༦ ༡༧ ༡༨ རྣམས་ལ་སྔ་མ་བཞིན་དང་། ༡༩ ༢༠ལ་གཡས་གཡོན་གྱི་འགྲོས་བསྡུའི་གཡོན་འགྲོས་བསྡུས་དོ་རའི་ནང་དུ་བསྐོར། ༢༡པར་མཆོངས་པད་ཀྱི་ཡངས་པད་དང་། ཉི་ཤུ་རྩ་གཉིས་པའི་གཅིག་དང་གཉིས་ལ་བན་ཕུར་གཡས་སུ་ཛཾ། ༣པར་རྐང་གཡོན་བཏེག་འབེབས་དང་བན་ཕུར་གཡོན་དུ། ༤པ་ལ་རྐང་གཡས་བཏེག་འབེབས་དང་བན་ཕུར་གཡས་སུ། ལྔ་པར་རྐང་གཡོན་བཏེག །ལག་གཉིས་བན་ཕུར་ནང་དུ་བསྐོར་ནས་བརྒྱངས། འགྲོ་ཕྱོགས་སུ་སྦིར་སྦྲམ་ལ་བསྐྱོད་འགྲོས་དཀུར་བརྟེན་བྱས་ཏེ་རོལ་འགྲོས་སོ། །འདིར་དོ་རའི་ཁ་ནང་དུ་བསྟན་པའི་དུས་ཕག་དང་། དོ་རའི་ཕྱིར་བསྟན་པའི་དུས་སྟག་གི་འགྲོས་ཡིན་པས། དང་པོའི་ཚེ་ལག་གཡས་བརྐྱངས་ཏེ་མདའ་འཕྱར་བའི་ཚུལ་དང་། ཕྱི་མའི་ཚེ་ལག་གཡས་གྲུ་མོ་ནས་གྱེན་དུ་བསྒྲེངས་ཏེ་མཐོ་བར་འཕྱར་བའི་མཐེ་བོས་མཐེའུ་ཆུང་མནན། མཛུབ་གོང་སྲིན་གསུམ་བརྐྱང་བ་རྩེ་གསུམ་གྱི་ཚུལ་བྱ། གཉིས་ཀའི་ལག་གཡོན་ཕུར་བུ་འཛིན་པའི་(༡༨བ)


GLG024_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱི་སྡིགས་མཛུབ་བྱའོ། །མེ་དང་ལྷོ་ཡི་ཕྱག་བརྙན་ནི། དབྱུག་ཏོ་དང་ནི་བེ་ཅོན་འཛིན། ཞེས་བརྗོད། རོལ་མོ་དང་རྐང་གྲངས་འཆམས་ཚུལ་སྔ་མ་དང་ཁྱད་པར་མེད། གཡག་ཁ་ནང་བསྟན་དང་། ཤ་བ་ཁ་ཕྱིར་བསྟན་ཡིན་ཅིང་། དང་པོའི་ལག་གཡས་མདུན་བསྒྲེང་སྟེ་དབྱུག་ཏོ་འཛིན་ཚུལ། གཉིས་པ་ལག་གཡས་འཕྱར་སྟབས་སུ་བེ་ཅོན་འཕྱར་ཚུལ་དང་། གཉིས་ཀའི་ལག་གཡོན་བརླའི་སྟེང་དུ་བརྐྱང་བའི་སྡིགས་མཛུབ་བྱེད། བདེན་བྲལ་ནུབ་ཀྱི་ཕྱག་བརྙན་ནི། །སྤུ་གྲི་དང་ནི་རལ་གྲི་འཛིན། །ཞེས་བརྗོད། འཆམས་ཚུལ་སྔ་མ་བཞིན། གཟིག་ཁ་ནང་བསྟན། བྱི་ལ་ཁ་ཕྱིར་བསྟན་ཡིན་ཅིང་། གཉིས་ཀའི་ལག་གཡས་ཀྱི་མཐེ་བོས། སྲིན་ལག་དང་མཐེའུ་ཆུང་མནན། གུང་མཛུབ་རྐྱང་པ་རལ་གྲིའི་ཚུལ་བྱས་ནས། ༡༢༣ཞེས་པའི་སྐབས་ཕྱི་ནས་ནང་དུ་བསྐོར། ༤༥ལ་ཕྱིར་གཡུག་པའི་གཅོད་ཚུལ་བྱེད། དེ་གཉིས་ཀྱི་ལག་གཡོན་སྙིང་གའི་ཐད་ནས་མདུན་དུ་བརྒྱངས་པའི་སྡིགས་མཛུབ་བྱ། རླུང་དང་བྱང་གི་ཕྱག་བརྙན་ནི། །བ་དན་དང་ནི་རྒྱ་གྲམ་འཛིན། །ཞེས་བརྗོད། འཆམས་ཚུལ་སྔར་ལྟར། སྤྱང་ཀི་ཁ་ནང་དུ་བསྟན་སྐབས་དང་སེང་གེ་ཁ་ཕྱིར་བསྟན། དང་པོའི་ལག་གཡས་གྲུ་མོ་ནས་ཅུང་ཟད་བཀུག་ཅིང་བ་དན་འཕྱར་ཚུལ་དང་། ཕྱི་མར་ལག་གཡས་ཀྱི། ༡༢ལ་གཡོན་སྐོར། གསུམ་ལ་གཡས་སྐོར་བྱས་ནས་རྒྱ་གྲམ་འདྲི་ཚུལ་བྱེད། གཉིས་ཀའི་ལག་གཡོན་གཡས་པའི་གྲུ་མོའི་འོག་ཏུ་སྡིགས་མཛུབ་བྱ། དབང་ལྡན་འོག་གི་ཕྱག་བརྙན་ནི། ཁ་ཊྭཱཾ་དང་ནི་ཐོ་བ་འཛིན། །ཞེས་བརྗོད། འཆམས་ཚུལ་སྔར་བཞིན། དྲེད་ཁ་ནང་བསྟན་དོམ་ཁ་ཕྱིར་བསྟན། དང་པོའི་གཡས་རྩེ་གསུམ་དང་འདྲ་གཉིས་པའི་གཡས་གཡོན་པའི་དཔུང་ཐད་དུ་བཀུག་(༡༩ན)


GLG024_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཐོ་བ་འཛིན་ཚུལ་བྱ། གཉིས་ཀའི་གཡོན་ཐུར་དུ་བརྐྱང་སྟེ་སྡིགས་མཛུབ་བྱེད་དོ། །འདི་ཡི་བསྐྱོད་འགྲོས་ཀྱི་འགྱིང་ལ་ལག་གཉིས་བརྒྱངས་པའི་མཚམས་ཆེན་བྱས་ཏེ་རོལ་འགྲོས་སོ། །ལྔ་པ་ནི། ཕྲ་མེན་བསྐྱེད་པ་ལ་ལྔ་ལས། དང་པོ་ནི། ཕྲ་མེན་བཅུ་ཡི་ཤོན་འཆམས་ལས། སྟེང་དག་ཤར་གྱི་ཕྲ་མེན་ནི། །གཞུ་མཆོག་དང་ནི་འཁོར་ལོ་འཛིན། །ཞེས་བརྗོད། ཆེ་བ་གསུམ་ལ་རོལ་འགྱིང་། དེ་ནས་བཞི་བརྡུང་དུ་བསྒྱུར་བའི། ཆེ་ཆུང་སྤེལ་ནས་བྱ་བའི། བཞི་ཚན་ཆེ་བར་བཞི་པད་བརྗོད་ནས་ཡངས་པད་ལེན་ལུགས་གོང་གི་ཆེ་གསུམ་གྱི་རྗེས་མར་ཡངས་པད་འགོ་བརྩམ། འདི་གའི་༡ལ་ཡངས་པད། གཉིས་པར་ཕུར་དར་གཡུག །གསུམ་པར་བན་ཕུར་སྤྲོད། བཞི་ལ་འགྱིང་། བཞི་ཚན་ཆུང་བར་བན་ཕུར་མདུན་མཉམ་ནས། བཞི་ཐོག་ནས་དངོས་གཞི་བརྩམ་དགོས་ཤིང་། དེ་ནས་བཞི་ཚན་བཅུ་དྲུག་ཡོད་པར་རོལ་མོ་ཆེ་ཆུང་སྤེལ་མའི་ནང་ཚན། སོ་སོའི་ཕྱག་རྒྱ་བྱ་བ་དང་། ཡངས་པད་དུས། ༡ལ་གསུམ་ལ་ཆེ་ངེས་ཀྱི་ཐེང་བརྡུང་དང་། འགྲོས་བསྡུ་གཡས་པ་ཆེ་བའི་རི་མོས་ཡིན་ཡང་ཅུང་ཟད་ཆུང་བ་ཙམ་བྱེད་པ་ཀུན་ལ་འགྲེ །དང་པོའི་༡ལ་རྐང་གཡས་གཡོན་ཐད་དུ་ཕབ་ཙམ་བྱས་ཏེ། ༢༣ལ་གཡས་བཏེག །ལག་གཡས་ཕུར་དར་གཡོན་དུ་བསྐོར་ནས་གཡས་སུ་ཅུང་ཟད་བརྒྱངས་ཏེ། བཞི་ལ་རྐང་གཡས་གཡས་སུ་ཕབ། བཞི་ཚན་གཉིས་པར་གཡས་ཟུར་དུ་བལྟ་བའི་འགྱིང་ནས་༣༤ལ་རྐང་གཡས་ནེམ་པ་བྱས་ནས་སྔ་མ་བཞིན་བཞི་ཚན་གསུམ་པ་དང་བཞི་པ། ལྔ་པ་དང་དྲུག་པ་རྣམས་དེ་ལན་གཉིས་པོའང་སྔ་མ་ལྟར་བྱ། གཉིས་པའི་ཕྱག་རྒྱ་འཁོར་ལོ་(༡༩བ)


GLG024_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

བྲི་བ་རྒྱ་གྲམ་དང་འདྲ་བའི། བཞི་ཚན་བདུན་པ་དང་བརྒྱད་པ། དགུ་པ་དང་བཅུ་པ། བཅུ་གཅིག་པ་དང་བཅུ་གཉིས་པ་རྣམས་ལ་རྐང་སྟབས་སྔ་མ་ཇི་ལྟ་བ་བཞིན་བྱས་ནས། བཅུ་གསུམ་པ་དང་བཅུ་བཞི་པར། གཡས་གཡོན་གྱི་འགྲོས་བསྡུ་བྱ། བཅོ་ལྔ་པར་ཡངས་པད། བཅུ་དྲུག་པའི་༡ལ་རྐང་གཡས་བཏེག་འཇོག་དང་བསྟུན་བན་ཕུར་གཡས། གཉིས་པར་རྐང་གཡོན་བཏེག་འཇོག་དང་བསྟུན་བན་ཕུར་གཡོན། གསུམ་པར་སྔ་མའི་གཡས་བཞིན། བཞི་པར་རྐང་གཡོན་བཏེག་ལག་གཉིས་བན་ཕུར་ནང་དུ་བསྐོར་བ་དང་གཡོན་ཕབ། འགྲོ་ཕྱོགས་སུ་རྐང་གཡས་བཏེག་ནས་སྦིར་སྦྲམ་ལ་བསྐྱོད་འགྲོས་དཀུ་བརྟེན་བྱས་ཏེ་རོལ་འགྲོས་སོ། །ཕྱག་རྒྱ་འཆིང་བ་དང་པོ་གསུམ་རྨིགས་བུ་དང་། ཕྱི་མ་གསུམ་བྱ་རྒོད་ཡིན་ལ། དང་པོའི་ལག་གཡས་མདུན་གྱི་གཡས་ཟུར་དུ་གྲུ་མོ་ཅུང་ཟད་བཀུག་ཅིང་གཞུ་མཆོག་ངོམ་ཚུལ་བྱེད། གཉིས་པ་འཁོར་ལོ་བསྐོར་ཚུལ་རྒྱ་གྲམ་དང་འདྲ། གཉིས་ཀའི་ལག་གཡོན་དཔུང་པ་གཡོན་པ་དང་འབྲེལ་བ་ལྟར་བྱས་ནས་སྡིགས་མཛུབ་བྱ། མེ་དང་ལྷོ་ཡི་ཕྲ་མེན་ནི། །མེ་དཔུང་དང་ནི་དབྱུག་ཏོ་འཛིན། །ཞེས་བརྗོད། འཆམས་ཚུལ་སྔ་མ་ལྟར། དང་པོ་གསུམ་བྱ་རོག་དང་། ཕྱི་མ་གསུམ་འུག་པ། དང་པོའི་གཡས་མདུན་ཟུར་དུ་མཁྲིག་མ་ཅུང་ཟད་བཀུག་ཅིང་། མའི་རྒྱ་མཐེའུ་ཆུང་དང་སྲིན་ལག་བསྐུམ་གཞན་བརྐྱང་བ་བྱ། ཕྱི་མ་མདུན་ཕྱོགས་སུ་དབྱུག་ཏོ་འཛིན་ཚུལ་བྱ། གཉིས་ཀའི་ལག་གཡོན་མེ་དང་ལྷོའི་ཕྱག་བརྙན་དང་འདྲ། བདེན་བྲལ་ནུབ་ཀྱི་ཕྲ་མེན་ནི། །ཞགས་པ་དང་ནི་སྦྲུལ་ཞགས་འཛིན། །ཞེས་བརྗོད། འཆམས་ཚུལ་གོང་ལྟར། དང་པོ་གསུམ་ཁྭ་ད། ཕྱི་མ་གསུམ་པུ་(༢༠ན)


GLG024_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

ཤུད། འགྲོ་ཕྱོགས་སུ་ཁ་གཏོད་པའི་ཚེ། དང་པོ་ལག་གཉིས་ཁུ་ཚུར་རྒྱབ་བསྣོལ་གྱི་ཞགས་པས་འཆིང་ཚུལ། གཉིས་པ་ལག་གཡོན་པར་གཡས་པས་བསྐོར་བའི་སྦྲུལ་ཞགས་འཆིང་ཚུལ། གཉིས་ཀའི་ཁ་གཡས་སུ་གཏོད་དུས་ལག་གཡོན་བདེན་བྲལ་ནུབ་ཀྱི་ཕྱག་བརྙན་དང་འདྲ། །རླུང་དང་བྱང་གི་ཕྲ་མེན་ནི། །བ་དན་དང་ནི་དྲིལ་བུ་འཛིན། །ཞེས་བརྗོད། རྐང་སྟབས་སྔ་མ་ལྟར། དང་པོའི་གསུམ་ཁྲ་དང་། ཕྱི་མ་གསུམ་ཕ་ཝང་། དང་པོའི་གཡས་བཤད་ཟིན། ཕྱི་མའི་གཡས་དཔུང་པ་གཡས་པར་འབྱོར་བ་ལྟ་བུའི་དྲིལ་བུ་དཀྲོལ་ཚུལ་བྱེད། གཉིས་ཀའི་གཡོན་རླུང་དང་བྱང་གི་ཕྱག་བརྙན་དང་འདྲ། དབང་ལྡན་འོག་གི་ཕྲ་མེན་ནི། །འཁོར་ལོ་དང་ནི་གཏུན་ཤིང་འཛིན། །ཞེས་བརྗོད། འཆམས་ཚུལ་སྔར་ལྟར། དང་པོ་གསུམ་སྲེ་མོང་དང་། ཕྱི་མ་གསུམ་བྱི་བ། དང་པོའི་གཡས་བཤད་ཟིན། གཉིས་པ་ལག་གཡས་ཁུ་ཚུར་གསང་གནས་ཀྱི་ཐད་དུ་བརྐྱང་ངོ་། །གཉིས་ཀའི་གཡོན་དབང་ལྡན་འོག་གི་ཕྱག་བརྙན་དང་འདྲ། འདི་རྗེས་ཀྱི་བསྐྱོད་འགྲོས་ལ་ལག་གཉིས་བརྒྱངས་པའི་མཚམས་ཆེན་བྱས་ནས་རོལ་འགྲོས་ལ་འཇུག །དྲུག་པ་སྒོ་མ་བསྐྱེད་པ་ནི། རོལ་འགྲོས་དེ་གའི་ངང་ནས་རྐང་གཡས་གཡོན་དུ་བསྐོར་བ་དང་མཉམ་དུ། སྒོ་མ་ཁྲོ་མོ་བཞི་ཡི་རྔམས་འཆམས་ལས། གནོད་སྦྱིན་དཀར་མོ་ལྕགས་ཀྱུ་འཛིན། །ཞེས་བརྗོད། དོ་རའི་ཕྱར་ཁ་བསྟན་པ་བཞི་ག་མ་རྫོགས་པར་ཡིན། འདིའི་རོལ་འགྱིང་སྔ་མ་གཡས་ཀྱིས་བྱ། དེ་ནས་རོལ་མོ་བཞི་བརྡུང་དུ་བསྒྱུར་ནས། བཞི་ཚན་ལྔ་ཡི་གཡོན་གསུམ་པོ་ལ་ནམ་མཁའ་དབྱིངས་ལྟར་བྱས། དེ་ནས་༡༢ ༡༢ ཞེས་པའི་ལེ་ཚན་ལ། ༡ལ་རྐང་(༢༠བ)


GLG024_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་འཛུགས། གཉིས་ལ་གཡོན་རྒྱབ་ཏུ་ཕབ། དེའི་ཚེ་ལག་གཡས་ལྕགས་ཀྱུའི་ཕྱག་རྒྱས་འདྲེན་པའི་སྟངས་ཀ་བྱེད། དེ་ནས་ཆིག་བརྡུང་༡་ལ་རྐང་གཡས་འཛུགས་གཡོན་རྒྱབ་ཏུ་བཏེག །ལག་གཉིས་ཐུགས་ཀར་བསྣོལ་ནས་འགྱིང་། དེ་རྗེས་༢༢ཞེས་པའི་དང་པོ་ལ་རྐང་གཡོན་ཕབ། གཉིས་པར་གཡབ་བཏེག །དེ་ནས་བཞི་ཚན་གསུམ་གྱི་དང་པོའི་༡ལ་ལག་གཉིས་བརྒྱངས་རྐང་གཡས་གཡས་ཕྱོགས་ཕབ། གཉིས་ལ་རྐང་གཡོན་གཡས་པའི་རྩར་སྤོ། གསུམ་ལ་གཡས་བཏེག་གཡོན་རྟིང་གསིག་གིས་བསྒིར་ཞིང་ཡངས་པད་ངོས། ཕུར་དར་གཡས་སུ་གཡུག་པ་དང་བསྟུན། བཞི་ལ་རྐང་གཡས་གཡོན་ཟུར་དུ་འབེབས། བཞི་ཚན་གཉིས་པར་དེ་གཡོན་ལ་གོ་ལྡོག་པ་ནི། ༡ལ་རྐང་གཡོན་གཡོན་ཕྱོགས་ཕབ། གཉིས་ལ་རྐང་གཡས་གཡོན་པའི་རྩར་སྤོ། གསུམ་ལ་གཡོན་བཏེག་གཡས་རྟིང་གསིག་གིས་བསྒིར་ཞིང་ཡངས་པད་ངོས་ཕུར་དར་གཡས་སུ་གཡུག་པ་དང་བསྟུན། བཞི་ལ་རྐང་གཡོན་ཟུར་དུ་འབེབས། བཞི་ཚན་གསུམ་པར་གཡས་སྔ་མ་ལྟར་བྱེད་པ་དང་བསྟུན། འཇིགས་བྱེད་སེར་མོ་ཞགས་པ་འཛིན། །ཞེས་བརྗོད་མཚམས་དང་། བཞི་པར་རྐང་གཡས་གཡོན་ཟུར་དུ་འབེབས་པ་འགྲིག་ཡོང་ཞིང་། དེ་ནས་གཡོན་བཏེག་ཙམ་གྱི་གཡོམ་གསུམ་སྔ་མ་ལྟར་བྱས་ནས། ༡༢ ༡༢ལྕགས་ཀྱུའི་འདྲེན་ཚུལ་གྱི་དོད། ལག་གཡོན་པར་གཡས་པས་བསྐོར་བ་ཙམ་གྱི་འཆིང་ཚུལ་བྱ་བ་མ་གཏོགས། གཞན་རྣམས་བཤད་མ་ཐག་པ་བཞིན་ནས། བཞི་ཚན་གསུམ་པའི་རྗེས་མ་དང་བསྟུན། བདུད་རྩི་དམར་མོ་ལྕགས་སྒྲོག་འཛིན། །ཞེས་བརྗོད། ལག་གཉིས་དཔུང་ཐད་ནས་མདུན་(༢༡ན)


GLG024_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕབ་པའི་ལྕགས་སྒྲོག་གི་སྡམ་ཚུལ་མ་གཏོགས་སྔར་བཞིན། གསོད་བྱེད་ལྗང་གུ་དྲིལ་འཁྲོལ་དགྱེས། །ཞེས་བརྗོད། དྲིལ་བུ་འཁྲོལ་ཚུལ་བྱ་ཞིང་གཞན་སྔར་ལྟར། འདི་ཡི་བཞི་ཚན་གསུམ་པ་རྫོགས་ནས། སླར་བཞི་ཚན་དྲུག་ལས་དང་པོ་དང་གཉིས་པར་གཡས་གཡོན་གྱི་འགྲོས་བསྡུས་ནང་དུ་འཁོར་བ་དང་། གསུམ་པར་མཆོངས་པད་བརྗོད་པའི། ཡངས་པད་བྱ། བཞི་པ་དང་ལྔ་པར་རོལ་པ་དང་དྲུག་པར་བསྐྱོད་འགྲོས་ལེན་པ་ཀེང་རུས་ལྟར་དང་འགྱིང་ལ་རོལ་པའི་མཚམས་ཆེན་བྱས་ཏེ་རོལ་འགྲོས་ལ་འཇུག །བདུན་པ་ནི། དམ་ཅན་སྤྱིའི་བསྐུལ་འཆམས། མཆོངས་པད་སོང་ནས་བརྩམ། ཞེས་བརྗོད། སྦྲམ། སྦིར། སྦྲམ་སྦྲམ། ཞེས་པའི་ཆེ་གསུམ་ལ་རོལ་འགྱིང་། བཞི་པའི་སྦྲམ་ལ་ཡངས་པད་ཀྱི་འགོ་བརྩམ་ཡང་སྦྲམ་སྦིར་སྦྲམ་སྦྲམ། ཞེས་པའི་དང་པོར་ཡངས་པད། གཉིས་པར་ཕུར་དར་གཡུག །གསུམ་པ་དང་བཞི་པའི་ཆུང་བར་ཕུར་རྩེ་བནྡྷ་ལ་གཡས་སུ་གཏོད། སྦིར་སྦྲམ་ཞེས་པ་གསུམ་ལ་རོལ་པ་རེ་བྱས་པའི་རྗེས་མར་གཡས་སུ་གསེགས་ནས། འགྲོ་ཕྱོགས་ལ་སྦིར་སྦྲམ་ཞེས་པར་རྐང་གཡས་གཡོན་གསེགས་ལ་བཏེག་འབེབས་དང་ཕུར་དར་གཡས་སུ་གཡུག །སྦིར་སྦྲམ་ལ་རྐང་གཡོན་གཡས་བཏེག་གེགས་ལ་བཏེག་འབེབས་བྱས། བནྡྷ་གཡོན་དུ་འཕྱར་བའི་ལྕགས་སྒྲོག་འགྲོས་ཇི་ཙམ་འོས་པ་སོང་ནས། བརྒྱད་པ་ནི། དབང་ཕྱུག་མ་ལ་གོང་གི་འགྲོས་དེའི་གཡས་པའི་ཐོག་ནས། དབང་ཕྱུག་མ་ལས་བཞིའི་འདུར་འཆམས། མཆོངས་པད་སོང་ནས་བརྩམ། ཞེས་བརྗོད་པ་གཡས་པ་དང་གཡོན་པའི་ཐེང་བརྡུང་གི་འགྲོས་ལ་རྫོགས་པ་(༢༡བ)


GLG024_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་བས། དེ་ནས་སྦྲམ་སྦྲམ་ཞེས་པའི་དང་པོ་ལ་རྐང་གཡས་ཕབ། གཉིས་པ་ལ་རྐང་གཡོན་གཡས་མདུན་དུ་བསྐོར་ནས། སྦྲམ་སྦིར་སྦྲམ་སྦྲམ་ལ་ཡངས་པད་དང་། སྦིར་སྦྲམ་ལ་རོལ་སོགས་དམ་ཅན་སྤྱིའི་འཆམས་ལྟར་བྱ། ལྕགས་རིས་མི་བྱེད་པར་བཤུད་འགྲོས་དང་། ལག་གཡས་འཕྱར་གཡོན་དཀུར་བརྟེན་པའི་ངོས་རྐང་གཡས་པའི་ཐོག་ནས། ཤར་ནས་གཤེགས་པའི་རྣལ་འབྱོར་བདུན། །ཁྱོད་ཀྱིས་ཞི་བ་འི་ལས་མཛོད་ཅིག །ཅེས་བརྗོད་གཡས་པ་ནས་བཟུང་ཤུགས་ཆེ་བར་འཕར་བའི་ཟླུམ་སྐོར་གྱི་ཚུལ་ལ་འགྲོས་སྔར་ལྟར། མཆོངས་པད་རོལ་པ་གོང་བཞིན་ནས། ལག་གཡོན་འཕྱར་གཡས་དཀུར་བརྟེན། རྐང་གཡོན་པའི་ཐོག་ནས། ལྷོ་ནས་གཤེགས་པའི་རྣལ་འབྱོར་བདུན། ཁྱོད་ཀྱིས་རྒྱས་བའི་ལས་མཛོད་ཅིག །གཡོན་ནས་བཟུང་ཤུགས་ཆེ་ཙམ་གྲུ་བཞིའི་ཚུལ་བྱ། མཆོངས་པད་རོལ་པ། ལག་གཡས་འཕྱར་གཡོན་དཀུ །ནུབ་ནས་གཤེགས་པའི་རྣལ་འབྱོར་བདུན། །ཁྱོད་ཀྱིས་དབང་གི་ལས་མཛོད་ཅིག །གཡས་ནས་ཤུགས་ཆེ་ཙམ་ཟླ་གམ་གྱི་ཚུལ། མཆོངས་པད་རོལ་པ། ལག་གཡོན་འཕྱར་གཡས་དཀུ། བྱང་ནས་གཤེགས་པའི་རྣལ་འབྱོར་བདུན། ཁྱོད་ཀྱིས་དྲག་པོའི་ལས་མཛོད་ཅིག །གཡོན་ནས་བཟུང་ཤུགས་ཆེའི་གྲུ་གསུམ་དུ་བསྐོར་བའི་ཚུལ་བྱ། དེ་རྣམས་ཀྱི་དངོས་གཞི་རྣམས་སོང་ནས། རྗེས་ཀྱི་བྱ་བ་བཅུ་གཅིག་ལ། དང་པོ་ནི། བཤུད་འགྲོས་དེ་གའི་རྐང་གཡས་པའི་ཐོག་ནས། བམ་རོལ་པས་འཚོལ་བ། མཆོངས་པད་སོང་ནས་བརྩམ། ཞེས་བརྗོད། ཡངས་པད་དང་རོལ་པ་གསུམ་གོང་ལྟར་ནས་བཤུད་འགྲོས་གཡས་གཡོན་དང་བསྟུན་ལག་གཉིས་རོལ་པ་(༢༢ན)


GLG024_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཇི་ལྟར་རིགས་པ་ནས། གཉིས་པ་ནི། བམ་སྤྲུལ་ནག་གིས་འཚོལ་བ། མཆོངས་པད་སོང་ནས་བརྩམ། ཞེས་བརྗོད། ཡངས་པད་རོལ་པ་སྔར་ལྟར་བྱས་ནས། བཤུད་འགྲོས་ཀྱི་སྦྲུལ་འཁོར་བ་ལྟར་འཁྱོག་འཁོར་བྱ་ཞིང་། འགུགས་མཚམས་རོལ་མོ་དྲག་པ་དང་། ལུས་གཅུམ་ནས་འཕར་བའི་མཐར་སྐོར་ལམ་དུ་འཁོད་པའི་ངང་ནས། འཆམས་དཔོན་གྱིས་བན་སྐྲ་ནས་བཟུང་སྣར་བའི། རོལ་དཔོན་གྱི་མདུན་དུ་སླེབ་པ་དང་རྐང་གཡོན་པ་མདུན་དུ་ཅུང་དོར་བས་བནྡྷ་ཁ་སྦུབ་ཏུ་བཞག་ནས། འཆམས་པ་དམངས་རྣམས་ཀྱི་བན་སྐྲ་ནས་བཟུང་སྣར་ནས་བཤུད་འགྲོས་དེ་ག་བྱ། འཆམས་དཔོན་གྱི། ༡༡ ༢༢ ༣༣ ༤༤ ༥༥ ༦༦ གི་ཐེང་བརྡུང་ལ་ལག་གཡས་མཆན་ཁུང་ནས་བསྐོར་ཏེ་བརྒྱང་བ་དང་། རྐང་གཡས་བཏེག་གཡས་སྐོར་དུ་༡༡ལ་འགྲོ་ཕྱོགས་སུ་ཕབ། གཡོན་བཏེག་༢༢ལ་གཡས་སྐོར་འགྲོ་ཕྱོགས་ལ་ཕབ། གཡས་བཏེག་ཡོང་ཕྱོགས་ལ་བལྟས་ནས་༣༣ལ་རྒྱབ་ཏུ་འགྲོ་ཕྱོགས་ལ་འཐེན། གཡོན་བཏེག་༤༤ལ་གཡོན་ཟུར་དུ་འཐེན་གཡས་བཏེག་ཕུར་དར་གཡས་སྐོར་དུ་གཡུགས་ནས་༥༥ལ་འགྲོ་ཕྱོགས་སུ་ཕབ། གཡོན་བཏེག་གཡོན་སྐོར་༦༦ལ་འགྲོ་ཕྱོགས་སུ་ཕབ་༦ཚན་དེ་གས་སྐོར་བ་༡སོང་བའི་རོལ་དཔོན་མདུན་དུ་འཆམས་དཔོན་གྱིས་སླེབ་པ་དང་། འཆམས་པ་དམངས་ཀྱིས་བནྡྷ་སོ་སོའི་མདུན་དུ་ཁ་སྦུབ་ཏུ་བཞག་ནས། ༦ཚན་གྱི་སྐོར་འགྲོས་འཆམས་དཔོན་དང་བསྟུན་ནས་སྐོར་བ་༡བྱ། གསུམ་པ་ནི། རྐང་གཡོན་པའི་ཐོག་ནས། བམ་རྡེའུས་བརྟག་པ། མཆོངས་པད་སོང་ནས་བརྩམ། ཞེས་བརྗོད། སྦྲམ་སྦྲམ་གཡས་འབེབས་(༢༢བ)


GLG024_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

འཕར་དང་། སྦྲམ་སྦྲམ་ལ་གཡོན་འབབས། འཕར་བྱ། སྦྲམ་སྦི་སྦྲམ་སྦྲམ་ཞེས་ཆེམ་བརྡུང་གསུམ་ལ་ཡངས་པད་དང་ཆུང་བ་ཁོང་འདྲེན་དུ་བྱས་པ་སྔར་བཞིན་བྱས། གཡས་ཀྱི་རྒྱབ་ཟུར་དུ་ལག་གཡས་བརྒྱངས། གཡོན་དཀུ་ལ་བརྟེན་ནས། ༡༠ ༢༢ ༣༣ ལ་རྐང་གཡས་༡སྔ་མར་ཕབ། གཡོན་༡རྗེས་མར་སྤོ་བ་གསུམ་གྱི་བར་རིགས་འགྲེ་བས་ཛཾ་ཆུང་གསུམ་དང་། མདུན་དུ་བམ་ཕྱོགས་ལ་སྔ་མ་ལྟར། ༡༡ ༢༢ལ་ཛཾ་བྱ། ༣༣ལ་ཤུགས་ཆེ་བས་དང་པོ་ལ་རྐང་གཡས་ཕབ། གཉིས་པར་གཡོན་བཏེག་ཙམ་བྱ། དེ་ནས་ཆེམ་རྒྱག་གསུམ་དང་ཆུང་བ་༡ལ་གོང་ལྟར་བྱ། དེ་རྗེས་ལག་གཉིས་ཐུགས་ཀར་སྡིགས་མཛུབ་སྤྲད་དེ་རྡེའུ་འཛིན་ཚུལ་བྱ། ལུས་གཡོན་བནྡྷར་བསྟན། མིག་ཟུར་གྱི་བལྟ་ཞིང་། རོལ་མོ་༡༡ ༢༢ ༣༣ལ་རྡེའུ་རྒྱག་པའི་སྟངས་ཀ་ཚར་གཅིག་དང་བཅས། རྟིང་པ་ཅུང་ཟད་བཏེག་ཙམ་གྱིས་འཕར་ཆུང་བྱས་ཏེ་ཤི་མ་ཤི་ཐེ་ཚོམ་ཟོས་པ་བཏག་པའི་ཕྱིར། བནྡྷ་ཕྱོགས་སུ་ཅུང་ཞིག་ཉེ་བར་འགྲོ་ཚུལ་བྱེད། གསུམ་རྗེས་མར་ལག་གཡོན་མཁྲིག་མར་ཕུར་དར་དྲངས་ཏེ། བྲེད་ཚུལ་གྱི། ༡༢ ༣༤ཡི་གསུམ་ལ་གཡས་སུ་ཕྱིར་བརྒྱངས་ཏེ་ཟུར་འཐེན་བྱས་བཞི་ལ་དེ་གར་འདུག །དེ་བཞིན་ལན་གསུམ་དགོས་པར་རྗེས་མ་གཉིས་ལ་བམ་ལ་བལྟ་མི་ནུས་བཞིན་དུ། ༡༡ ༢༢ ༣༣ ༤༤ ལ་སྔ་མར་རྡེའུ་རྒྱག་པ། ཉེ་བར་འགྲོ་ཚུལ་བྱས་ནས་བཞི་པར་གོང་གི་གསུམ་པ་དང་འདྲ་བར་ཕུར་དར་དྲངས་ནས་ཟུར་འཐེན་སྔ་མ་དང་འདྲ་བ་བྱས་ཏེ། དྲུག་ཚན་གྱི་སྐོར་འགྲོས་དེ་གས་དོར་བསྐོར་ནས། རྡེའུ་རྒྱག་པ་སོགས་སྙིང་ཁམ་ཆེར་གཏོང་བའི་རྒྱག་ཚུལ་མ་གཏོགས་སྔ་མ་ཇི་ལྟ་བ་བྱས་ཏེ། རང་(༢༣ན)


GLG024_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་བནྡྷ་ལ་སྐོར་འགྲོས་ཀྱིས་སྐོར་བ་༡བྱས་རྗེས། ཡང་སྔ་མ་བཞིན་སྙིང་ཁམ་ཆེ་བའི་རྒྱག་ཚུལ་རྣམས་བྱས་ཏེ། དོ་རར་སྐོར་འགྲོས་ཀྱིས་སྐོར་བ་༡བྱའོ། །བཞི་པ། བམ་རྡོ་རྗེའི་འགྲོས་ཀྱི་མཆོངས་པད་སོང་ནས་བརྩམ། ཞེས་བརྗོད་ནས། ཐུ་གཤམ་བསྡུས་ནས་ཙོག་པུར་འདུག་ནས་གཡོམ་གསུམ་བྱས་ནས། གཡས་ངོས་སུ་རྡོ་རྗེའི་འགྲོས་གསུམ་བྱ་བཞི་ལ་དེ་གར་འདུག་ནས། ཡང་གཡོམ་གསུམ་བྱས་ཏེ། རྡོ་རྗེའི་འགྲོས་གསུམ་གྱི་བནྡྷའི་རྩར་འགྲོ་བཞི་ལ་དེ་གར་འདུག །བཞི་ཚན་༡གི་དང་པོ་ལ་བནྡྷ་ལ་ལག་རེག་གཉིས་པ་ལ་བནྡྷ་ཁ་སྒྱེལ། ༣༤ལ་ལངས་ནས་སྔར་བཞིན་དོ་རར་སྐོར་བ་བྱས་ནས། བནྡྷ་དང་འདོམ་གང་གི་སར་ཙོག་པུར་བསྡད་གཡོམ་གསུམ་བྱ། ༤གྲངས་༡ལ་རྡོ་རྗེའི་འགྲོས་ཀྱིས་བནྡྷའི་རྩར་ཕྱིན། ཕྱེད་སྐྱིལ་དུ་སྡད། ལྔ་པ་བམ་འདོད་ཡོན་དུ་བྱིན་གྱིས་བརླབ་པ་ནི། རོལ་མོ་ལྔ་བརྡུང་ཆེ་ཆུང་སྤེལ་མར་བསྒྱུར་ཏེ། བཞི་པད་ཡོངས་རྫོགས་༡བྱ། ལྔ་ཚན་ཆུང་བ་༡ལ་ཡངས་པད་ཐོལ་༡བྱས་ནས་འདོད་ཡོན་ཏུ་བྱིན་གྱིས་བརླབ་པ་ནས་བཟུང་། རང་གི་ཨམ་པྲག་ཏུ་འཇུག་པ་ཡན་ལ། ལྔ་ཚན་ཆེ་བ་གང་ཡིན་ལ་ཕྱག་རྒྱ་རྣམས་རིམ་པར་བྱ་ཞིང་། ལྔ་ཚན་ཆུང་བ་གང་ཡིན་ལ་ཡངས་པད་ཁོ་ན་བྱེད་པས། དེ་ལྟར་ཤེས་པར་བྱས་ཏེ། ལག་གཡོན་ཁུ་ཚུར་སྟེང་གཡས་སྐྱབས་སྦྱིན་ཕྱག་རྒྱས་གཟུགས་ཀྱི་མེ་ལོང་མཚོན། ལག་གཡོན་ཁུ་ཚུར་རྣ་བ་གཡོན་ཐད་དུ་མཁྲིག་མ་ནང་དུ་བཀུག་གཡས་པའི་གོང་མཛུབ་ཀྱིས་རྒྱུད་བརྡུང་ཚུལ་ཏེ་སྒྲ། ལག་མཐིལ་གཉིས་ཕྱིར་བསྟན་པའི་ཕྱག་རྒྱ་དྲི། ལག་གཉིས་རྡོར་ཐལ་ཁ་ཕྱེ་བའི་ཕྱག་རྒྱ་རོ་(༢༣བ)


GLG024_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་དར་འཕྱར་བ་རེག་བྱའོ། །དྲུག་པ་མགྲོན་སྤྱན་འདྲེན་ནི། ལག་གཡས་ཀྱི་གཡས་ངོས་ནས་སྨིན་མཚམས་ཀྱི་བར་གཡོབ་ཅིང་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་སྤྱན་དྲངས། ལག་གཡོན་གཡོན་ཕྱོགས་ནས་གཡོབ་ཅིང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་སྤྱན་དྲངས་གཉིས་སྨིན་མཚམས་ཀྱི་མདུན་ངོས་ནས་གཡོབ་སྟེ། རྒྱལ་བ་དགོངས་བརྒྱུད། རིགས་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད། ལས་འཕྲོ་གཏེར་བརྒྱུད། སྨོན་ལམ་གཏད་རྒྱའི་བརྒྱུད་པ་རྣམས་སྤྱན་དྲངས། སླར་ལག་གཡས་གཡས་ཟུར་ནས་གཡབ་སྟེ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་སྤྱན་དྲངས། ལག་གཡོན་གཡོན་ཟུར་ནས་གཡོབ་སྟེ་ཕུར་པ་བཀའ་གཏེར་གྱི་སྲུང་མ་རྣམས་སྤྱན་དྲངས། བདུན་པ་བསྒྲལ་བ་ནི་ཕུར་པ་ཕྲག་པ་གཡས་པའི་ཐད་དུ་བསྒྲིལ། ཕྲག་པ་གཡོན། དཔྲལ་བའི་ཐད་ནས་ཀྱང་བསྒྲིལ་ཕུར་པ་གཡས་ཕྱོགས་སུ་བརྡར་ཚུལ་བྱ། བརྒྱད་པ་བསྒྲལ་མཆོད་ནི་ཕུར་པ་བཏབ་སྟེ་ལག་གཉིས་གཡས་ངོས་སུ་གྱེན་དུ་ཕྱོགས་པས་ཞི་བའི་ལྷ་ཚོགས་རྣམས་མཆོད། ཕུར་པ་བཏབ་སྟེ་ལག་གཉིས་གཡོན་ངོས་སུ་གྱེན་དུ་ཕྱོགས་པས་ཁྲོ་བོའི་ལྷ་ཚོགས་རྣམས་མཆོད། ཕུར་པ་བཏབ་སྟེ་ལག་གཉིས་མདུན་ངོས་སུ་གྱེན་དུ་བཏབ་སྟེ་བླ་མ་རིགས་འཛིན་རྣམས་མཆོད། ཕུར་པ་འདབས་པ་སོགས་སྔ་མ་བཞིན་གཡས་ཟུར་དུ་ཆོས་སྐྱོང་རྣམས་མཆོད། གཡོན་ཟུར་དུ་སྲུང་མ་རྣམས་མཆོད། གཡས་ཕྱོགས་སུ་གྲོགས་ལ་འདྲེན། གཡོན་ཕྱོགས་སུ་གྲོགས་ལ་འདྲེན། རང་ཉིད་ཟ་བའི་ཚུལ་དང་། རང་གི་ཨམ་ཕྲག་ཏུ་འཇུག་པའི་ཚུལ་རྣམས་བྱས་ཏེ། རོལ་མོ་ཆེམ་བརྡུང་དུ་ཕབ། དགུ་པ་ལྷག་མ་ཁུར་ནས་རྒྱུག་པ་སྟེ། ལག་


GLG024_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གྱིས་བནྡྷའི་སྐྲ་ནས་བཟུང་། ཤ་པགས་རུས་པ་སོགས་ལྷག་མ་རྣམས་ཁུར་བའི་ཚུལ་གྱིས་པུས་མོ་བཙུགས། ལག་གཡས་ཀྱིས་ཕུར་པ་ས་ལ་བཙུགས་ཏེ་ཅུང་ཟད་མི་ཐེག་པ་ལྟར་འདར་བའི་ཚུལ་བྱེད། དེ་ནས་ལུས་ཅུང་ཟད་བསྲངས་ཏེ་ཧར་ལངས་རྐང་གཡོན་བཏེག་པ་དང་མཉམ་དུ་བནྡྷ་ཕྲག་པ་ལ་སྦྲམ་ཞེས་བཀལ་རོལ་མོ་ཐེར་བརྡུང་གིས་བཤུད་འགྲོས་ཀྱིས་མགྱོགས་པར་སྐོར་བ་གསུམ་མམ་༡གང་རུང་སོང་རྗེས། སྦྲམ་ཞེས་རྐང་གཡོན་ཡོང་ཕྱོགས་སུ་བསྐོར་ནས། བཅུ་པ་དཔལ་ཆེན་པོའི་སྟོབ་འཆམས་ནི། ཡོང་ཕྱོགས་ལ་རྐང་གཡོན་གྱི་བཞི་འགྲོས། གཡས་ཀྱི་བཞི་འགྲོས་གཡོན་གྱི་བཞི་འགྲོས་གསུམ་པ་ལ་རྐང་གཡོན་རྒྱབ་ཏུ་ཕབ། མདུན་དུ་བཞི་ལ་གཡས་ནུར་ནས། ༡ཅེས་ཆེམ་རྒྱག་ལ་དེ་གར་ནེམ། ༢༢ལ་རྐང་གཡས་བཏེག་འབེབས་དང་། རྐང་གཡོན་བཏེག །༤ཚན་གསུམ་པའི་དང་པོའི་༡ལ་གཡོན་ནས་བརྩམ། འཆམས་ལུགས་སྒོ་མའི་བཞི་ཚན་གསུམ་པོ་དང་འདྲ་བའི་རྫོགས་མཚམས། ༡ཅེས་ཆེམ་རྒྱག་ལ་གཡོན་དུ་ནེམ། ༢༢ལ་རྐང་གཡས་ཕྱིར་འཐེན་གཡོན་བཏེག་པའི་འབེབས་བྱས། རྐང་གཡས་བཏེག་སྟེ་༤ཚན་གསུམ་པོ་སྔ་མ་གོ་ལྡོག་དང་། འགྲོ་ཕྱོགས་ལ་རྐང་གཡས་གཡོན་གྱི་བཞི་འགྲོས་རེ་དང་། སླར་གཡས་པའི་བཞི་འགྲོས་དང་གསུམ་པར་རྐང་གཡས་རྒྱབ་ཏུ་འཐེན་མདུན་དུ་རྐང་གཡོན་ནུར་ནས། ༡ཅེས་ཆེམ་རྒྱག་ལ་མདུན་དུ་ནེམ། ༢༢ལ་གཡོན་བཏེག་འབེབས་དང་གཡས་བཏེག །བཞི་ཚན་གསུམ་པོ་སྒོ་མ་བཞི་དང་འདྲ་བ་སྔ་མ་གོ་ལྡོག །རྫོགས་མཚམས་དོ་རའི་ནང་དུ་གཡོན་ཟར་བཙུགས་ཏེ། ༡ཅེས་ཆེམ་རྒྱག་ལ་གཡོན་(༢༤བ)


GLG024_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ནེམ། ༢༢ལ་རྐང་གཡས་ཕྱིར་འཐེན། གཡོན་བཏེག་འབེབས་བྱས་ནས་མདུན་ཕྱོགས་སུ། རྐང་གཡས་གཡོན་གྱི་བཞི་འགྲོས་རེ། སླར་གཡས་ཀྱི་བཞི་འགྲོས་༡རྫོགས་ནས་ཆེམ་བརྡུང་ཆུང་ངུར་ཕབ་སྟེ་རོལ་མོ་བཞག །བཅུ་གཅིག་པ་བགེགས་ལ་ཕུར་བུས་བཏབ་པ་ནི། འཆམས་དཔོན་དབུས་ནས་ཤར་དུ་ཕྱོགས་པས་གཡས་རྡོ་རྗེའི་ཐོ་བ་གཡོན་ཕུར་བུ་བཟུང་སྟེ། ཨོཾ་མའི་ཞེས་པར་རྐང་གཡས་གཡས་ཕྱོགས་འཐེན་ལག་གཡས་འཕྱར། བཛྲ་ལ་རྐང་གཡས་བཏེག །གཡོན་ཕྱོགས་སུ་འདེབས་པ་དང་ལག་གཉིས་ཕུར་བུ་བརྡུང་བའི་ཚུལ་བྱ། ཀཱི་ལི་ལ་རྐང་གཡས་བཏེག་གཡས་སུ་ཕབ་ལག་གོང་ལྟར། ཀཱི་ལཱ་ལ་དེ་གཉིས་ཀྱི་དབུས་སུ་རྐང་གཡས་བཏེག་འབེབས་དང་ལག་གོང་ལྟར། ཡ་ལ་རྐང་གཡས་རང་སར་འཐེན་ལག་གཉིས་བརྒྱངས་པའི་འགྱིང་། ཝའི་སརྦ་ལ་ལག་གཉིས་བརླའི་ཐད་ཕྱིར་གཞོལ་ཏེ། མདུན་ནས་ཡར་ལག་གྱེན་བསྟན་པར་བསྣོལ་ཕྱི་བརྒྱངས་ནས་བརླ་སྟེང་ཕབ་པ་དང་། བེགྷཾ་ཡོང་བར་བྱ། བཾ་མའི་ལ་རྐང་གཡས་གཡས་སུ་འཐེན། ལག་གཡས་བརྒྱངས། ཧཱུཾ་ངའི་ཕཊ་ལ་རྐང་གཡས་གཡོན་གོམ་པ་ར་དང་ཕུར་བུ་བརྡུང་ཚུལ་བྱ། དེ་ལྟ་བུ་སླར་ལན་༡བལྡབས་ནས་ཁྲོ་བོ་བཅུ་སོ་སོའི་ཕུར་བུ་རང་རང་གི་སྔགས་རྗེས་ཕུར་གདབ་ཀྱི་སྔགས་ཀྱིས་འདེབས་པའོ། །བསྔོ་སྨོན་ཤིས་བརྗོད་བྱས་ཏེ། སྦྲམ་༡ སྦྲམ་༢ལ་རོལ་མོ་དག་རོལ་བ་བྱ། སྦྲམ་སྦྲམ་ཞེས་བཞི་ལྔ་ལ་བན་ཕུར་གཉིས་ནང་དུ་བསྐོར་ནས་ལག་གཉིས་བརྒྱངས་ཏེ། ཆེམ་རྒྱག་བཞི་ལ། དང་པོ་ལ་རྐང་གཡས་མདུན་དུ་ཕབ། སླར་གཡས་པ་འབའ་ཞིག་བཞི་པའི་བར་དོ་རའི་བར་འགྲོ་ཚུལ། གཉིས་པར་གཡས་ཕྱོགས་སུ། གསུམ་པར་རྒྱབ་(༢༥ན)


GLG024_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ། བཞི་པར་མདུན་ཕྱོགས་སུ། དེ་ནས་མཆོངས་པད་བརྗོད་ནས། རྡོ་རྗེ་ཕྱེད་པ་ལན་གསུམ་སྔར་དང་འདྲ་བ་ལས། འདི་སྐབས་ཀྱི་གསུམ་པ་རྐང་གཡས་པས་ལེན་ཅིང་། ༡༢༢ཞེས་པའི་སྐབས། ༡སྔ་མར་གཡས་བཏེག་ནས་འགྲོ་ཕྱོགས་སུ་འཛུགས། གཉིས་སྔ་མར་རྐང་གཡས་འགྲོ་ཕྱོགས་སུ་འཛུགས་པའི་ཁྱད་པར་ཙམ་མོ། །དེ་ནས་བཞི་འགྲོས་ཁོ་ནས་སྦྲུལ་ནག་འཁྱོག་འགྲོས་བྱས་ཏེ་རྡོགས་ནས། ཆས་ཞུགས་ཁང་པར་སོང་སྟེ་ཆས་རྣམས་སོ་སོར་བཞག །ལྷའི་ང་རྒྱལ་དང་གསལ་སྟོང་གི་ལྟ་བའི་ངང་ནས་ཆོ་གའི་ཁྲིགས་རིམ་དང་། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །དཔལ་ལྡན་གསང་ཆེན་རྒྱུད་སྡེའི་མན་ངག་ལས། །བསྐྱེད་རིམ་ཕྱག་རྒྱའི་གར་འཆམས་ངོ་མཚར་གནད། །རིགས་འཛིན་བརྒྱུད་པའི་ཕྱག་བཞེས་ཇི་བཞིན་དུ། །བཀོད་འདི་སྔགས་འཆང་རྣམས་ཀྱི་དགའ་སྟོན་གནས། །སྟོད་ལས་བྱང་ཆུབ་བསྒྲུབ་པ་ལ། །ཉེར་མཁོ་ཁྲག་འཐུང་རྩ་བའི་འཆམས། །བརྒྱུད་ལྡན་མཁས་པའི་ཕྱག་བཞེས་ལྟར། །འཁྲུལ་པ་མེད་པར་བཀོད་ཟིན་ནས། །མ་རུངས་གདུག་ཅན་དགྲ་སྡེའི་དཔུང་། །དོན་དམ་དབྱིངས་སུ་རོ་གཅིག་ཀྱང་། །ཀུན་རྫོབ་འཁྲུལ་ངོར་སྒྲོལ་བྱེད་པའི། །བྲུབ་འཆམས་ལག་ལེན་འདི་ནའོ། །གཉིས་པ་སྨད་ལས་གདུག་པ་སྒྲོལ་བའི་ཡན་ལག་ཏུ་བྲུམ་འཆམས་བཤད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ། དང་པོ་ལ་བསྒྲལ་ལས་ཀྱི་ས་དེར། ས་ཚོན་གྱི་བྲུབ་ཁུང་ནག་པོ་མེ་རི་དང་བཅས་པ། དབུས་སུ་དགྲའི་ས་བོན་ནྲྀ་དང་། བགེགས་ཀྱི་ས་བོན་ཏི་བྲིས་པ། དེའི་སྟེང་ལིངྒ་ཉམས་དོད་ཅིང་། ཀླད་པ་སྙིང་ཁྲག་རྒྱུ་མ་སོགས་བམ་དངོས་ལྟ་བུ་གདབ་(༢༥བ)


GLG024_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ཆེ་སྐྲག་རྔམ་དང་ཟིལ་ཆེན་པོ་ཡོང་བ་བཤམ། རྡོ་རྗེ་སློབ་དཔོན་གྱི་གཡས་ངོས་སུ་སྟེགས་ཇི་ཙམ་འོས་པའི་ཁར། མགྱོགས་ཕུར། གདབ་ཕུར། དམ་ཅན་གྱི་ཕུར་པ། ལས་ཕུར། སྐམ་ཐུན། རློན་ཐུན། ཐོ་བ། ཧོམ་གཟར། གྲི་ཁུག །སྒྲོལ་གྲི་རྣམས་བཤམ། རྔ་པ་རྣམས་ཞྭ་ནག་ཕོད་ཀ །མགོ་དར་སྐབས་དར། རུས་རྒྱན། སྐྲ་ཚབ། རྔ། རྔ་གཡོག །དེ་དག་ལ་འདོགས་རྒྱུའི་དར། སྣ་ཞུར། གདབ་ལས་དུས་དཀྲོལ་རྒྱུའི་སྦུག་ཆོལ། དེའི་གདན། རྔ་གདན། རྡོ་རྗེ་སློབ་དཔོན་གྱི་བཞེས་པའི་རྡོ་རྗེ་གཞོན་ནུའི་ཞལ་བརྙན། མ་རལ་དར་ཚོན་སྣ་ལྔས་བཅིངས་པར་ནོར་བུ་འབར་བའི་རྩེ་རྒྱན་ཅན། གཞན་ཕྲ་ཕྱག་ཉི་ཤུ་སྒོ་མ་བཞི་རྣམས་སོ་སོའི་ཞལ་བརྙན། ཕོད་ཀ་རུས་རྒྱན། མ་རལ་མགོ་དང་། གཡས་སོ་སོའི་ཕྱག་མཚན། གཡོན་ཕུར་པ་དར་གྱི་ཅོད་པན་ཅན་ཞེ་གཅིག །དུང་ཆེན། རྐང་གླིང་། སྤོས་ཕོར། གསེར་སྐྱེམས་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ་སྔ་འཆམས་དང་། བྲུབ་འཆམས་དངོས་གཉིས། དང་པོ་ལ་བརྒྱད་ལས། དང་པོ་འཇམ་འགྲོས་ནི། རྔ་ཡུ་བརླ་ལ་བརྟེན་ཅིང་། རྔའི་ལོགས་རང་གི་གདོང་ཐད་དུ་བསྟན་པར་སྟེང་བརྡུང་ཞེས་བྱ། རྐང་གཡས་བཏེག་གཡོན་རྟིང་གསིག་དང་བཅས། རྔ་དབྱུག་སྡིགས་མཛུབ་ཀྱིས་བཟུང་སྟེ་སྟེང་བརྡུང་སྒྲ་ཐོས་ཙམ་གྱི་ཆུང་ངུར་བརྡུང་ཞིང་གོམ་པ་ཆུང་བ་འགའ་ཞིག་འགྲོ་ཕྱོགས་སུ་སྤོས་པའི་ངང་ནས་ནང་དུ་ཁ་བསྒིར། དོ་རའི་ནང་དུ་ཁ་བལྟ་བའི་རྐང་གཉིས་རྟིང་གསིག་ཅུང་ཟད་བྱེད་པ་དང་མཉམ་དུ་རྔ་དྲང་ཐད་དུ་བླང་སྟེ་ལག་གཉིས་བརྒྱངས་ངོས་མདུན་དུ་ཕབ། རྔ་ཡུ་བརླ་ལ་བརྟེན་ནས་རྔའི་རི་རང་གི་གདོང་(༢༦ན)


GLG024_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

ཐད་དུ་ཡོང་བ་བྱས། རྐང་གཡོན་བཏེག་རྟིང་གསིག་དང་བཅས་རྔ་འོག་བརྡུང་བྱས་ཏེ་གོམ་པ་ཆུང་བ་འགའ་ཞིག་སྤོས། དེའི་ངང་ནས་རྔ་སྟེང་བརྡུང་དུ་བསྒྱུར་ཅིང་། རྐང་གཡས་བཏེག་ནས་འགྲོ་བ་སོགས་གཡས་གཡོན་རེ་མོས་སྤེལ་བས་ངོར་འཁོར་བ་དང་། དོ་རའི་ནང་དུ་ཕྱོགས་པས་ལག་གཉིས་བརྒྱངས་ཏེ་རྐང་གཡོན་བཏེག་རྔ་མདུན་དུ་འབེབས་པ་དང་བསྟུན། རྔ་དཔོན་གྱིས་འོག་བརྡུང་གི་རྔ་བརྡ་ཆེ་བ་གཅིག་བྱ། ཆུང་བ་གསུམ་གྱི་དང་པོར་སྟེང་བརྡུང་། གཉིས་པར་འོག་བརྡུང་། གསུམ་པར་སྟེང་བརྡུང་བྱེད། གཉིས་པ་རྩེ་གསུམ་ནི། ལྔ་བཞི་བརྡུང་གི་བཞི་ཚན་བཅུ་གསུམ་ལས། དོ་རར་མདུན་ཕྱོགས་པའི་བཞི་ཚན་དང་པོ་གཡས་ངོས་སུ་འོག་བརྡུང་བྱ། བཞི་ཚན་གཉིས་པའི་༡༢ལ་སྟེང་བརྡུང་༣པར་སྟེང་བརྡུང་དང་མཉམ་དུ་ནེམ་རྗེས་༤པར་རྔ་མདུན་དུ་བསྒྲེངས་ཏེ་བླངས་པའི་འོག་བརྡུང་བྱ། ༤ཚན་༣པར་རྔ་གཡས་སུ་སྟེང་བརྡུང་བདེ་ཁྱེར་ངོས་༡ལ་རྐང་གཡས་ཕབ་༢ལ་གཡོན་བཏེག་༣ལ་ཕབ་༤ལ་གཡས་བཏེག་སྟེང་བརྡུང་དེ་གའི་ངང་ནས་འགྲོ་ཕྱོགས་སུ། ༤ཚན་༤པར་རྐང་གཡས། ༤ཚན་ལྔ་པར་རྐང་གཡོན་པར་འོག་བརྡུང་། ༤ཚན་དྲུག་པར་དེ་གཉིས་ཀྱི་དབུས་སུ་རྐང་གཡས་ལ་རྔ་མདུན་དུ་བསྒྲེངས་ཏེ་བསླང་བའི་འོག་བརྡུང་རྣམས་ཀྱི་རྐང་པའི་འབེབས་ལུགས་དང་རྔ་བརྡུང་བ་སོགས་རྡོ་རྗེ་ཕྱེད་པ་ལྟར་རོ། །༤ཚན་༧པར་རྔ་ཡུ་བརླ་ཁུགས་སུ་བརྟེན། གཡས་སུ་རྔ་སྟེང་བརྡུང་བདེ་ཁྱེར་གྱིས་གཅུ་བ་མ་གཏོགས་རྐང་པ་རྡོ་རྗེ་ཕྱེད་པ་ལྟར་བྱས་པའི། དེ་རྗེས་རྐང་གཡས་མདུན་འགྲོ་ཕྱོགས་སུ་འབེབས་པ་དང་ལུས་བསྲངས། རྔ་བསྒྲེངས་ཏེ་འཛིན་ཅིང་༡ཅེས་ཆིག་བརྡུང་ཆུང་བར་བྱ། ༢་ཁོང་འདྲེན་བྱས་ངོས་རྔ་སྟེང་བརྡུང་དུ་བསྒྱུར་ཏེ། ༣་༤ལ་རྔ་ཆུང་བརྡུང་བྱ། དེ་ནས་རྐང་གཡོན་བཏེག་གཡས་སུ་༤ཚན་བརྒྱད་པ། གཡོན་དུ་༤་ཚན་དགུ་པ། དེ་གཉིས་ཀྱི་དབུས་སུ་༤ཚན་༡༠(༢༦བ)


GLG024_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། ༤ཚན་༡༡པར་གཡོན་དུ་རྔ་སྟེང་བརྡུང་བདེ་ཁྱེར་གྱི་གཅུ་བ་སོགས་གཡས་གོ་ལྡོག་བྱ། ༤ཚན་༡༢པར་གཡས་སུ་འོག་བརྡུང་། ༤ཚན་༡༣པར་མདུན་དུ་སྟེང་བརྡུང་ངོ་། །གསུམ་པ་ཡོངས་བསྒྱུར་ནི། རྔ་ཡུ་བརླ་ལ་བརྟེན་ནས་གཡས་སུ་ཉེ་བར། ༡༢ཞེས་ཉིས་བརྡུང་བཅུ་གཅིག་ལས། དང་པོ་གཡས་སུ་འོག་བརྡུང་། ༢པར་མདུན་དུ་སྟེང་བརྡུང་ནེམ་པ་བྱས་པའི་༣པར་རྔ་བསྒྲེངས་ཏེ་འོག་བརྡུང་བྱ་བ་དང་རྐང་གཡོན་བཏེག་གཡོན་དུ་ཕབ། ༤པར་རྐང་གཡས་བཏེག་གཡོན་ཕྱོགས་ཕབ། ལྔ་པར་རྒྱབ་ཏུ་རྔ་སྟེང་བརྡུང་ནེམ་པ་བྱ། དྲུག་པར་རྔ་བསྒྲེངས་ཏེ་རྐང་གཡས་བཏེག་གཡས་སུ་བསྐོར་ནས་ཕབ། བདུན་པར་རྐང་གཡོན་བཏེག་གཡས་སུ་བསྐོར་བ་ཕབ་པའི། བརྒྱད་པར་མདུན་དུ་རྔ་སྟེང་བརྡུང་ནེམ་པ་བྱ། གོང་ལྟར་གཅིག་བལྡབས་པའི་རྗེས་མའི་བརྒྱད་ཀྱི་ནེམ་པའི་ཚབ། དགུ་པའི་༡ལ་རྔ་བརྡ་བྱ། ༢པར་ཆུད་པ་བྱས་ངོས་གཡས་སུ་༡༠པར་འོག་བརྡུང་། ༡༡པར་མདུན་དུ་སྟེང་བརྡུང་བྱའོ། །བཞི་པ་མེ་བྱུང་ནི། བཞི་བརྡུང་དྲུག་ལས། ༤བརྡུང་༣གྱི་ལེན་ལུགས་རྩེ་གསུམ་ཇི་ལྟ་བ་དང་། དེ་ནས་༤ཚན་༣ལ་མའི་དཀྱིལ་འཁོར་གྱི་ལོགས་གསུམ་རྩ་འཆམས་དང་འདྲ་བའི་དང་པོར་འོག་བརྡུང་། ༢བར་སྟེང་བརྡུང་། ༣པར་ཡང་སྟེང་བརྡུང་བྱ། དེ་རྗེས། ༡༢ ༡༢ ༡༢ ༣་༤ཞེས་པའི་དང་པོའི་ཉིས་བརྡུང་ལ་ལུས་ཅུང་ཟད་སྒུར་བ་དང་བཅས་རྐང་གཡས་མདུན་དུ་ཕབ་པའི་འོག་བརྡུང་། ༢པར་རྐང་གཡོན་མདུན་དུ་ཕབ་པའི་སྟེང་བརྡུང་། ༣པའི་༤བརྡུང་ལ་རྐང་གཡས་མདུན་དུ་འབེབས་པ་དང་མཉམ་དུ་རྔ་བསྒྲེངས་ཏེ་འོག་བརྡུང་བྱ། དེ་ནས་རྐང་གཡོན་མེ་དཀྱིལ་ལྟར་ལོགས་གསུམ་གྱི་དང་པོར་སྟེང་བརྡུང་། ༢པར་འོག་བརྡུང་། གསུམ་པར་སྟེང་བརྡུང་། དེ་ནས། ༡༢ ༡༢ ༡༢ ༣༤ ལ་སྔ་མ་གོ་ལྡོག་པའི་ཉིས་བརྡུང་དང་པོར་རྐང་གཡོན་མདུན་དུ་འབེབས་པ་དང་(༢༧ན)


GLG024_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅུང་ཟད་སྒུར་བ་བཅས་འོག་བརྡུང་། ༢པར་རྐང་གཡས་མདུན་དུ་འབེབས་པ་དང་སྟེང་བརྡུང་། ༣པའི་བཞི་བརྡུང་ལ་རྐང་གཡོན་མདུན་དུ་འབེབས་པ་དང་རྔ་བསྒྲེངས་ཏེ་འོག་བརྡུང་གི་བཞི་བརྡུང་བྱ། དེ་ནས་གཡས་སུ་གཅུས་ཏེ་འོག་བརྡུང་དེ་གའི་བཞི་བརྡུང་༡དང་། མདུན་དུ་སྟེང་བརྡུང་གི་བཞི་བརྡུང་༡བྱའོ། །ལྔ་པ་ངར་འཛིན་ནི། སྦིར་སྦྲམ་མམ། ༡༢ཞེས་པའི་ཉིས་བརྡུང་དྲུག་ལས། དང་པོ་གཡས་སུ་གཅུས་ཏེ་སྟེང་བརྡུང་། ༢་ཕར་གཡོན་དུ་བཅུས་ཏེ་འོག་བརྡུང་། དེ་ལྟར་ལན་གསུམ་སོང་རྗེས། ཡང་ཉིས་བརྡུང་དྲུག་གི་དང་པོའི་༡༡ལ་རྔ་བསྒྲེངས་ཏེ་རྐང་གཡས་མདུན་དུ་ཕབ། ༢༢ལ་རྐང་གཡས་རྒྱབ་ཏུ་འཐེན་པ་དང་རྔ་སྟེང་བརྡུང་། དེ་ལྟར་ལན་གསུམ་སོང་རྗེས། དེ་ནས་༡༡ལ་རྔ་བསྒྲེངས་ཏེ་འོག་བརྡུང་ངོས་རྐང་གཡས་མདུན་དུ་འབེབས་པ་དང་༢༢ལ་རྐང་གཡོན་འབེབས་པ་སོགས་གཡས་སྐོར་གྱིས། ༡༡ ༢༢ ༣༣ ༤༤ ༥༥ ༦༦ ༧༧ ཞེས་པའི་བར་རྐང་གཉིས་རེ་མོས་ཀྱིས་ཕབ་མདུན་དུ། ༨༨ཅེས་པར་རྔ་བརྡ་བྱ་ཞིང་། དེ་ནས་གཡས་སུ་གཅུས་པའི་སྟེང་བརྡུང་གི་ཉིས་བརྡུང་༡ གཡོན་དུ་གཅུས་པའི་འོག་བརྡུང་ཉིས་བརྡུང་༡། མདུན་དུ་སྟེང་བརྡུང་༡བྱའོ། །དྲུག་པ་ཤང་ཤང་ནི། རྔ་ཡུ་བརླ་ལ་བརྟེན་ཏེ། སྟེང་བརྡུང་གི །༡༢༣ལ་རྔ་བརྡ་ཆེ་བ་བྱ་ཞིང་། དེའི་༣བར་ལུས་ཅུང་ཟད་ནེམ་ཙམ་བྱས་ནས་རྔ་བསྒྲེངས་ཏེ་འཛིན་ཞིང་། ཆིག་བརྡུང་གི་༡༢༣། ༡༢ཞེས་པའི་གསུམ་ལ་གྲངས་པར་ཐག་རན་པ། ༡༢ལ་ཆིག་བརྡུང་དལ་བ་ཡོད་པའི། ལྔ་ཚན་དང་པོའི་༡ལ་རྐང་གཡོན་ཕབ། ༢ལ་རྐང་གཡས་བཏེག་ནས་བར་སྣང་། གསུམ་པར་ཕབ། ༡ལ་རྐང་གཡོན་བཏེག་ནས་ཕབ། ༢ལ་རྐང་གཡས་བཏེག་ཕབ་(༢༧བ)


GLG024_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འགྲོ་ཕྱོགས་སུ་སྤོ། ༢པའི་ཚེ་རྔ་ཡུ་བརླ་ལ་བརྟེན་ནས་སྟེང་བརྡུང་ངོས་རྒྱབ་ལ་ཕྱི་ཐེན་བྱེད་པ་མ་གཏོགས་སྔ་མ་གཤིན་འབེབས་ལུགས་བྱ། ༢པར་སྔ་མ་ཇི་ལྟ་བ་བཞིན་འགྲོ་ཕྱོགས་སུའོ། །༤པ་ལ་༢པ་ཇི་ལྟ་བའི་རྒྱབ་ཐེན་ངོས་རྗེས་མའི་༢ཞེས་པར་རྔ་བརྡ་ཆེ་བ་༡བྱ། དེ་ནས་རྔ་བསྒྲེངས་ཏེ་འཛིན་ཞིང་། ལྔ་པའི་༡ལ་རྐང་གཡོན་གཡོན་དུ་ཕབ། ༣པར་རྐང་གཡས་བཏེག་ཅིང་ཅུང་ཤུགས་ཆེ་བས་གཡོན་སྐོར་དུ་བསྐོར་ངོས་ཡོང་ཕྱོགས་སུ་སླེབ་པ་དང་༣པར་ཕབ། ༡ལ་རྐང་གཡོན་གཏེག་ལ་གཡོན་དུ་ཅུང་ཟད་གཅུ་༢ལ་རྐང་གཡས་བཏེག་ནས་གཡས་ཕྱོགས་སུ་གཅུ་ཞིང་བགྱིད་པ་ནེམ་བྱེད། ༦པ་འགྲོ་ཕྱོགས་ལ་རྒྱབ་བསྟན་པའི་མདུན་འགྲོ་དང་། ༧བར་རྒྱབ་ཐེན། ༨པར་མདུན་འགྲོ། ༧པར་རྒྱབ་ཐེན་སོགས་སྔ་མ་ལྟར་བྱས་པའི། དགུ་པའི་༡༢ལ་རྔ་བརྡ་ཆེ་བ་དང་། ༡༠པའི་༡ལ་རྔ་མདུན་དུ་བསྒྲེངས་ཏེ་ཆིག་བརྡུངས་ངོས་རྐང་གཡོན་བཏེག་ནས་གཡོན་དུ་ཅུང་ཟད་གཅུས་ངོས། ༢ལ་གཡས་སྐོར་དུ་བསྐོར་ཏེ་ཕབ། གསུམ་ལ་རྐང་གཡས་བཏེག་ནས་འགྲོ་ཕྱོགས་སུ་ཕབ། ༡ལ་རྐང་གཡོན་བཏེག་ནས་མདུན་དུ་བཙུགས། ༢ལ་རྔ་ཡུ་བརླ་ལ་བརྟེན་ནས་སྟེང་བརྡུང་ངོས། ༡༡བར་རྔ་བསྒྲེངས་ཏེ་མདུན་འགོ་གཅིག་བྱའོ། །བདུན་པ་རྦ་རླབས་ནི། རྔ་ཡུ་བརླ་ལ་བརྟེན་ཅིང་སྟེང་བརྡུང་ངོས་རྔ་བརྡ་ཆེ་བ་གསུམ་དང་ཆུང་བ་༡ལ་རྐང་གཡོན་གཡོན་ཕྱོགས་སུ་ཅུང་ཟད་ནུད། དེ་ནས་སྦིར་སྦྲམ་ཞེས་པར་རྔ་འོག་བརྡུང་གི་སྦིར་ལ་རྐང་གཡས་བཏེག་ཅིང་། སྦྲམ་ལ་ཕབ། དེ་བཞིན་གཡོན་གྱི་ཚེ་རྔ་སྟེང་བརྡུང་བྱེད་པ་མ་གཏོགས་འདྲ་ཞིང་། གཡས་གཡོན་རེ་མོས་ཀྱི་མང་ཉུང་ཇི་ལྟར་འཚམ་པ་བྱས་རྗེས། རྐང་གཡོན་བཏེག་ནས་རྔ་སྟེང་བརྡུང་ངོས་རྔ་བརྡ་ཆེ་བ་(༢༨ན)


GLG024_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

༣གྱི་རྗེས་མར་གཡོན་ཕབ། གཡོན་དུ་བསྐོར་ཞིང་བསྒིར་ནས་ཡོང་ཕྱོགས་སུ་བལྟ་བའི་རྐང་གཡས་གཡོན་འདེགས་འཇོག་རྔ་སྟེང་འོག་བསྒྱུར་བ་སོགས་སྔ་མ་བཞིན་ཇི་ལྟར་འཚམ་པ་སོང་རྗེས། གཡོན་བཏེག་ཐོག་རྔ་བརྡ་ཆེ་བ་གསུམ་སྔར་བཞིན་བྱས་པའི་གཡོན་སྐོར་དུ་འགྲོ་ཕྱོགས་སུ་བལྟས་ནས་གཡས་གཡོན་རེ་མོས་སྔ་མ་ལྟར་ཇི་ལྟར་འཚམ་པ་སོང་རྗེས། རྐང་གཡོན་པའི་ཐོག་གཡོན་མ་བཏེག་པར་རྔ་བརྡ་ཆེ་བ་གསུམ་བྱའོ། །བརྒྱད་པ་སྦྲུལ་ནག་ཆིག་འགྲོས་ནི། གོང་གི་རྔ་བརྡ་གསུམ་གྱི་བར་མར་ལུས་ནེམ་ཙམ་དང་རྗེས་མ་རྐང་གཡོན་འདེབས་པ་དང་མཉམ་དུ་རྔ་བསྒྲེངས་ཏེ། ༡༢༣དང་། ༡༢ཞེས་པར་ཤང་ཤང་བཞིན་ལས་གཡོན་འདེགས་དུས་གཡས་འཕར་བའི་ཤུགས་ཆེ་བ་བྱ་བའི་དང་པོའི་༡ལ་རྐང་གཡོན་ཕབ། གཉིས་ལ་རྐང་གཡས་བཏེག །༣ལ་རྐང་གཡས་ཕབ། ཆིག་བརྡུང་༡ལ་རྐང་གཡོན་འདེགས་འཇོག་དང་། ༢ལ་རྐང་གཡས་འདེགས་འཇོག །ཡང་གོང་བཞིན་ལ་རྔ་སྟེང་བརྡུང་གི ༡ལ་རྐང་གཡོན་ཕབ། ༢ལ་གཡས་བཏེག །༣ལ་གཡས་ཕབ། ཆིག་བརྡུང་༡ལ་གཡོན་འདེགས་འཇོག་དང་། ༢ལ་རྐང་གཡས་མདུན་དུ་འབེབས་པ་དང་མཉམ་དུ་སྟེང་བརྡུང་ནེམ་པ་བྱེད། སྦྲུལ་ནག་མ་རྫོགས་བར་གོང་ལྟར་བལྡབ་པའོ། །དེ་ནས་རྔ་པ་རྣམས་བྲུབ་ཁུང་གི་དབུས་སུ་དགྲ་བགེགས་ཀྱི་གཟུགས་བརྙན་བཀོད་པའི་མདུན་དུ་ཕྱོགས་ལ། གཉིས་པ་བྲུབ་འཆམས་དངོས་ལ། སྒོ་མ་བྱ་འུག་ཤ་གཡག་གི་འཆམས་དང་། གཙོ་བོ་ཕྲ་ཕྱག་གི་འཆམས་གཉིས། དང་པོ་ནི་རོལ་མོ་ཆེ་བར་བྱས་ཏེ། སྦྲམ་སྦྲམ་ཞེས་ཇེ་མྱུར་ཕབ་པའི་འབེབས་ལ་འཆམས་པའི་ལག་གཉིས་གྲུ་མོ་ཅུང་ཟད་བཀུག་ཅིང་། དཔུང་པའི་ཐད་ཀར་ལག་པའི་མགོ་ཡོད་(༢༨བ)


GLG024_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྒྱངས། ལུས་དྲང་པོར་བསྲང་ཞིང་མགོ་བོ་གཡས་གཡོན་དུ་བལྟ་བའི་ངོས་ཤབ་རྒྱུགས་བྱས་ལ་འབྲུབ་ཁུང་མཐར་སྐོར་བ་༡བག་མེད་ཙམ་ནས་རྐང་གཡོན་བཏེག་པའི་འབེབ་པ་དང་མཉམ་དུ་དཔུང་གཡོན་དོར་རའི་ནང་དུ་བསྟན། ལུས་ཅུང་ཟད་ནེམ་པ་བྱས་ནས་གཡོན་རྟིང་གསིག་དང་བཅས་ལུས་བསྲངས། ༡ ༢ ༣ ༤ ༥ ༦ ༧ ༨ ༩༩༩ ཞེས་པའི་དང་པོར་རྐང་གཡས་གཡོན་སྐོར་འགྲོ་ཕྱོགས་སུ་ཕབ། ༢པར་གཡས་རྟིང་གསིག་ཆེ་བ་བྱ། ༣ པར་རྐང་གཡོན་གཡོན་སྐོར་ཡོང་ཕྱོགས་སུ་ཕབ། ༤པར་གཡོན་རྟིང་གསིག་ཆེ་བ་དང་གཡས་བཏེག །༥ བར་རྐང་གཡས་གཡས་སྐོར་དུ་འགྲོ་ཕྱོགས་ཕབ། ༦པར་གཡས་རྟིང་གསིག་ཆེ་བ་དང་གཡོན་བཏེག །༧ པར་གཡོན་མདུན་དུ་ཕབ། ༨པར་གཡོན་རྟིང་གསིག་ཆེ་བ་དང་། དགུ་དང་པོར་རྐང་གཡས་གཡོན་དུ་བསྐོར་ཞིང་འབེབས། ༢བར་རྐང་གཡོན་གཡོན་དུ་བསྐོར་ནས་འབེབས། ༣པར་རྐང་གཡས་གཡས་སུ་བསྐོར་ཞིང་འབེབས། ༤པར་རྐང་གཡོན་གཡས་སུ་བསྐོར་ཅིང་མདུན་ཕྱོགས་འབེབས། བལྡབས་ནས་ལེན་དུས་རོལ་མོ་ཆུང་བ་གཅིག་གི་ཐེན་རྐང་ཡོང་བ་གྲངས་སུ་མི་གཏོགས་པས་དེ་ལྟར་དགུ་སྐོར་ལན་གསུམ་སོང་ནས། ཐེན་རྐང་མེད་པར་རྐང་གཡས་བཏེག་པའི་ངང་ནས་དོ་རའི་ནང་དུ་བསྒིར་བ་དང་མཉམ་དུ། དཀྱིལ། ལའི་ཞེས་པར་རྐང་གཡས་འགྲོ་ཕྱོགས་སུ་ཕབ། ལག་གཉིས་གྲུ་མོ་ཅུང་ཟད་བཀུག་སྟེ་བརྒྱངས་པའི་ངང་ནས་པད་ཀོར་ཚུལ་གྱིས་ལག་ཁ་སྦུབ་དང་། འཁོར། རོ་ཞེས་པར་རྐང་གཉིས་རྟིང་གསིག་དང་ལག་གྱེན་བསྟན་མཐེ་བོང་ཕྱིར་བསྟན་ངོས། ཤར། ར་ཞེས་པར་རྐང་གཡོན་རྒྱབ་ཏུ་ཕབ། ལག་གཡས་མདུན་དུ་བརྐྱང་སྟེ་ནང་ནས་ཡར་དྲངས། ཕྱོགས་ལ་རྐང་གཉིས་རྟིང་(༢༩ན)


GLG024_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

གསིག་བྱས་ནས་གཡས་བཏེག་ལག་གཡས་བརྒྱངས་ཏེ། སྒོ་འོལ་རྐང་གཡས་གཡས་སྐོར་དུ་ཡོང་ཕྱོགས་སུ་ཕབ། བསྲུང་ངོ་ཞེས་པར་རྐང་གཉིས་རྟིང་གསིག་བྱ། པུ་ལ་རྐང་གཡོན་མདུན་དུ་བསྒིར་ཞིང་འབེབས་པ་དང་ལག་གཡས་ནང་ནས་མས་ཡར་སྡིགས་མཛུབ་བསྒྲེངས་ཏེ་གཡས་སུ་འཕྱར། འུ་ལ་རྟིང་གསིག་བྱ། ཤུད་ལ་རྐང་གཡས་གཡས་སུ་ཕབ། འོ་ལ་རྐང་གཡོན་མདུན་དུ་ཛཾ་ཞིང་རྟིང་གསིག་ཅུང་ཞིག་བྱ། མགོ་ཝལ་རྐང་གཡས་གཡས་སུ་ཕབ། འའི་ལ་རྐང་གཡོན་བཏེག་ནས་གཡོན་སྐོར་དུ་ཕབ་ཝའི་རྟིང་གསིག་དང་བཅས་རྐང་གཡས་བཏེག་ནས་གཡོན་སྐོར་དུ་ཚིག་རྐང་གཉིས་པོའི་འབེབས་པ་ནས་བཟུང་བཤད་མ་ཐག་པ་དེ་གའི་འགྲོས་བྱ་ཞིང་། ཚིག་རྐང་བཞི་པའི་ཨཾ་གུ་ཤ་ཡ་ཛ༔ ཞེས་པའི། གུ་ལ་ལག་གཡས་མདུན་དུ་བརྐྱང་བའི་ནང་ལ་བཀུག་པའི་མས་ནས་ཡར་ཕྱར་ཞིང་། ཤ་ལ་རྐང་གཡས་གཡས་ཟུར་དུ་བཞག །འ་ལ་རྐང་གཉིས་རྟིང་གསིག་བྱས་ནས། ཡ་ལ་རྐང་གཡོན་ཛཾ་པའི་ཕབ། འ་ལ་རྐང་གཡས་བཏེག །ཛཿལ་རྐང་གཡས་ལིངྒའི་མདུན་དུ་འབེབས་པ་དང་ལྕགས་ཀྱུས་སྒུག་པའི་བརྡ་བྱེད། ཝ་ལ་རྐང་གཡོན་རྟིང་པ་ཅུང་ཟད་བཏེག་ཙམ་བྱ། འའི་ལ་རྐང་གཡས་སུ་ཕྱིར་འཐེན། ཝའི་ལ་རྐང་གཡོན་བཏེག་ཙམ་གྱི་ཛཾ་ནས་རྐང་གཡས་བཏེག་སྟེ། ལྷོའི་སྒོ་མ་ནས་རིམ་གྱིས་ཚིག་དང་བསྟུན་པའི་འཆམས་ཚུལ་འདྲ་བ་ནས་ཞགས་པས་འཆིང་ཚུལ། ལྕགས་སྒྲོག་གིས་བསྡམ་ཚུལ། དྲིལ་བུས་དབང་དུ་སྡུད་ཚུལ་བྱེད་པ་མ་གཏོགས་གཞན་མ་ཤར་གྱི་སྒོ་མ་དང་ཁྱད་པར་མེད། པུ་ཤུད་ལྷོའི་དབྱངས་དང་བསྟུན་པའི་དངོས་གཞི་སྔར་ལྟར་ལ་གོམ་ཆུང་ཅུང་ཟད་མང་བ་བྱས་ཏེ་འཆམས་ཁང་དུ་རྡོག །སྒོ་མ་(༢༩བ)


GLG024_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གསུམ་གྱི་སྔ་མ་གཉིས་པུ་ཤུད་ལྟར་རྡོག་ཅིང་། ཁྲའི་འཆམས་རྐང་རྫོགས་རྗེས། ༡༡ ༢༢ ཞེས་པའི་ཉིས་བརྡུང་ཐེན་རྐང་གི་༡༡ལ་རྐང་གཡས་བཏེག་ནས་རྟིང་གསིག་དང་བཅས་མདུན་དུ་ཕབ། ༢༢ལ་རྐང་གཡོན་བཏེག་རྟིང་གསིག་དང་བཅས་གཡོན་ཐུར་དུ་ཕབ་ཡང་༡༡ལ་རྐང་གཡས་བཏེག་རྟིང་གསིག་དང་བཅས་མདུན་དུ་ཕབ། ༢༢ལ་རྐང་གཡོན་བཏེག །གཡས་སུ་ཅུང་ཟད་གཅུ་ཞིང་བཙུགས། ཡང་། ༡༡ལ་རྐང་གཡས་བཏེག་འབེབས་གཡས་ཕྱོགས་དང་། ༢༢ལ་རྐང་གཡོན་བཏེག་འབེབས་གཡོན་དུ་བྱེད་ཅིང་འཆམས་ཁང་བར་འདི་ཀ་བལྡབས་ལྡོག །ལག་པའི་ཕྱག་རྒྱ་རྩ་འཆམས་བཞིན་ནོ། །བྱ་འུག་གཉིས་སྒོ་མ་དང་འདྲ་བ་ལ་རྡོག་པ་དུས་མཉམ་དུ་བྱེད། ཤ་གཡག་གི་ཛཾ་རྒྱུག་པའི་ཚེ་དགུ་སྐོར་རླུང་ནག་འཚུབ་མ་ལེན་པའི་བར་སྒོ་མ་དང་འདྲ་བ་ལ། དེ་ནས་ཤ་འཆམས་ཀྱི་ནང་གི་དགུ་སྐོར་རྐྱང་མ་ཚར་གཅིག་བླངས། དེ་ནས་དགུ་སྐོར་རླུང་ནག་ཚུབ་མ་རེ་དང་རྐྱང་མ་རེ་སྤེལ་བའི་ངང་ནས་བརྡོག་གོ །མིག་ལ་བདེ་བའི་དཔལ་སྟེར་ཞིང་། །དགྲ་བོའི་བླ་སྲོག་འགུགས་བྱེད་པའི། །ལས་མཁན་ཕོ་མོའི་སྟང་སྟབས་ཀྱི། །རྣམ་པར་དབྱེ་བ་ད་ཙམ་མོ། །གཉིས་པ་གཙོ་བོ་ཕྲ་ཕྱག་གི་འཆམས་དང་། གདབ་ཁའི་འཆམས་སོ། །དང་པོ་ལ་བརྒྱད་ལས། དང་པོ་འདོན་ནི་འཆམས་དཔོན་གཅིག་པོ་སྒོ་ནང་ནས་འགྲོ་ཕྱོགས་སུ་ལུས་ཀྱི་གཡོན་ངོས་བསྟན། སྦིར་སྦྲམ། སྦིར་སྦྲམ་ཞེས་གཉིས་ཀྱི། དང་པོ་ལ་རྐང་གཡོན་འགྲོ་ཕྱོགས་ཕབ་ལག་གཡས་ཕྱག་མཚན་མཐོ་བར་འཕྱར། ལག་གཡོན་ཅུང་ཟད་དམའ་བའི་བནྡྷཱ་ཁ་གྱེན་བསྟན་ནས། སྦིར་ལ་རྐང་གཉིས་རྟིང་གསིག་དང་གཡོན་ཕྱོགས་འགྱིང་། སྦྲམ་ཞེས་བར་རྐང་གཡས་གཡས་སུ་ཕབ། ༢པའི་སྦིར་ལ་རྐང་གཉིས་རྟིང་གསིག་ལག་(༣༠ན)


GLG024_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྔ་མ་གོ་ལྡོག་གི་གཡས་ཕྱོགས་འགྱིང་། སྦྲམ་ལ་རྐང་གཡོན་འགྲོ་ཕྱོགས་ནུད་དེ་ཕབ་བོ། །སྦིར་ལ་རོལ་མོ་ཆེ་ཞིང་སྦྲུམ་ལ་ཆུང་བའི་ཐེང་བརྡུང་བྱ། དེ་ནས་བཞི་འགྲོས་ནི། ༡༢༣༤ཞེས་པའི་༡དང་༤ལ་རོལ་མོ་ཆེ་བ་ཡོད་པས། གཡས་པའི་བཞི་འགྲོས་ནི། ༡ལ་རྐང་གཡས་འགྲོ་ཕྱོགས་སུ་འབེབས་ཤིང་། ལག་གཡས་མདུན་དུ་གཡབ་པའི་པད་ཀོར་ལེན། ༢ལ་རྐང་གཡོན་གཡས་པའི་སར་དྲུད་ཅིང་ལག་གཡོན་བན་སྐྲ་ཕྱིར་ཕྱོགས། ༣ལ་རྐང་གཡས་འགྲོ་ཕྱོགས་ཕབ། ལག་གཉིས་མདུན་མཉམ་ནེམ། ༤ལ་རྐང་གཡོན་བཏེག །ལག་གཡོན་བན་སྐྲ་རྒྱབ་ཏུ་གཡུགས་ཅིང་། རྐང་གཡས་འཕར། རྐང་གཡོན་གཡས་སུ་བསྐོར་ནས། གཡོན་བཞི་འགྲོས་ཀྱི་༡ལ་འབེབས་ཤིང་། ལག་གཡོན་པད་ཀོར་བྱས་ཏེ། ༢ལ་རྐང་གཡས་གཡོན་པའི་རྩར་དྲུད་པ་དང་། ༣ལ་རྐང་གཡོན་འགྲོ་ཕྱོགས་སུ་འབེབས་ཤིང་ལག་མདུན་མཉམ་བྱས་ཅུང་ཟད་ཤུགས་ཆེ་ཙམ་ནས་༤ལ་རྐང་གཡས་མདུན་དུ་ཕབ་ཅིང་བན་སྐྲ་རྒྱབ་ཏུ་གཡུགས་ནས་གདོང་འགྲོ་ཕྱོགས་ལ་བསྟུན་ནས། ༤བརྡུང་གསུམ་གྱི། དང་པོའི་༡༢ལ་ཡངས་པད་ལེན། ༣༤ལ་ལག་གཡོན་ཐུགས་ཀར་སྡིགས་མཛུབ་དང་གཡས་ཕྱིར་བརྒྱངས་ཏེ། ༢པའི་༡༢ལ་དེ་གར་འགྱིང་། ༣ལ་ལག་གཡས་པུས་སྟེང་། ༤ལ་ཕྱིར་གཡུག །འདི་རྣམས་ལ་པད་ཀོར་ལེན་དགག་བསྐྱུར་གསུམ་སྟེ། དགག་པད་ཅེས་བྱའོ། །༣པའི་༡ལ་ལག་གཉིས་གཡས་སུ་གཞོལ་བ་དང་། རྐང་གཡོན་པ་བཏེག་ཙམ་བྱ། ༢པར་རྐང་གཡས་རྒྱབ་ཏུ་དྲུད། ༣ལ་རྐང་གཡོན་བཏེག་འབེབས་དང་། ༤ལ་རྐང་གཡས་བཏེག །གཡོན་ཅུང་ཟད་འཕར་ཏེ་བཞི་འགྲོས་ལ་འཇུག་པ་དང་བསྟུན། འདི་ནས་འཆམས་དམངས་ཀྱང་རིམ་འདོན་བྱེད། བཞི་འགྲོས་ནི་གོང་དུ་བཤད་མ་ཐག་དེ་(༣༠བ)


GLG024_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལ་གཡོན་པའི་བཞི་འགྲོས་སྐབས་ལག་པའི་འགྱུར་བ་ནི། གཡས་འཕྱར། གཡོན་འཕྱར། གཉིས་ཀ་བརྒྱང་བ། གཉིས་ཀ་དཀུར་བརྟེན་པ་རྣམས་རིམ་གྱིས་བྱ་དགོས་ཤིང་། འདོན་འདིས་དོ་ར་འཁོར་བ་དང་། གཉིས་པ་ནི། རྐང་གཡོན་པའི་བཞི་འགྲོས་༣པའི་ཐོག །འཆམས་དཔོན་གྱི་ཕཊ་ཅེས་བརྗོད་དེ་བསྒྱུར། ༤ལ་རྐང་གཡོན་འབེབས་པ་དང་མདུན་དུ་ཡངས་པད་ཀྱི་འགོ་བརྩམ། ༤བརྡུང་༢ལ་ཡངས་པད་ལེན་དགག་བསྐྱུར་༣གོང་དུ་བཤད། དེ་ནས་བཞི་བརྡུང་གསུམ་གྱི། དང་པོའི་༡༢ལ་ལག་གཉིས་གཡས་སུ་གཞོལ། ༣༤ལ་ལག་གཉིས་གཡོན་དུ་བསྐོར་ཏེ། ༢པའི་༡༢ལ་གཡས་སུ་གཞོལ་ནས། ༣༤ལ་རྐང་གཡོན་བཏེག་འབེབས་ཅུང་ཟད་ཤུགས་ཆེ་བ་དང་། ལག་གཉིས་གཡོན་ཕྱོགས་བསྐོར། ༣པའི་༡ལ་རྐང་གཡས་འབེབས་པ་དང་ལག་གཡས་པུས་སྟེང་བརྐྱང་། ༣༤ལ་རྐང་གཡོན་བཏེག་འབེབས་དང་ལག་གཉིས་ནང་དུ་བསྐོར་ཏེ་འོག་ནས་ཡར་སྟེང་དུ་འཕྱར། ༤ལ་རྐང་གཡས་བཏེག་སྟེ། ཆིག་བརྡུང་བཞིའི་དང་པོ་ལ་རྐང་གཡས་མདུན་དུ་ཕབ། རྟིང་གསིག་གི་གཡོན་སྐོར་འགྲོ་ཕྱོགས་ལ་བལྟ་བས་རྐང་གཡོན་རྒྱབ་ཏུ་རྟིང་གསིག་གི་གཡས་སྐོར་མདུན་དུ་བལྟ་བས་རྐང་གཡས་ཡོང་ཕྱོགས་ཀྱི་གཡས་ཟུར་དུ། ༤པར་རྟིང་གསིག་གི་རྐང་གཡོན་མདུན་རྣམས་སུ་ཕབ། འདི་ལ་དགའ་བ་ཡོངས་བསྒྱུར་ཅེས་བྱ་སྟེ་རྒྱས་པར་བྱ་ན་ལན་༡བལྡབ། གསུམ་པ་ནི། རྐང་གཡོན་ཕབ་ནས་ཕཊ་ཀྱི་བསྒྱུར། དགའ་བ་ཡོངས་བསྒྱུར་གྱིས་ཞེས་པའི་རྗེས་རོལ་མོ་ཆུང་བ་ཞིག་ཡོང་བར་ཡངས་པད་ཀྱི་འགོ་བརྩམ། སྦིར་སྦྲམ་ཞེས་༢ཚན་ལྔའི། དང་པོ་ལ་ཡངས་པད། ༢བར་ལག་གཡོན་ཐུགས་ཀ་དང་གཡས་འཕྱར། ༣བར་ཕུར་དར་རྒྱབ་ཏུ་གཡུག །༤པ་དང་༥པར་ལག་(༣༡ན)


GLG024_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རོལ་པ་བྱས། དེ་ནས་སྦྲམ་སྦྲམ་ཞེས་ཆུང་ངུ་ཁ་ཡར་ལ་རྐང་གཡས་བཏེག་འབེབས་དང་བསྟུན་ལག་གཡས་གཡས་སུ་ཕབ། རྐང་གཡོན་བཏེག་དང་བསྟུན་ལག་གཉིས་ནང་དུ་བསྐོར་ཏེ་འོག་ནས་ཡར་འཕྱར་ཞིང་བརྒྱངས། བཞི་པ་ནི། རྐང་གཡས་བཏེག་འགྲོ་ཕྱོགས་སུ་གཡོན་རྟིང་གསིག་གིས་སྦྲམ་ཞེས་པར་རྐང་གཉིས་བགྲད་དེ་བརྗིད་འབེབས་དང་། པུས་མོ་ཅུང་ཕབ་སྟེ་ཟླུམ་པོའི་འདུག་སྟངས་བྱ། ཐེང་བརྡུང་ཆུང་ངུ་ལ་རྐང་གཡོན་གཡས་སུ་ཅུང་ཟད་བསྐོར་ཏེ། རྐང་གཡས་ཕྱིས་འཐེན། རྐང་གཡོན་འབེབས་པ་དང་སྦྲམ། སླར་ཐེང་བརྡུང་ཆུང་ངུ་ལ་ལག་གཉིས་ནང་དུ་བསྐོར་ཏེ་བརྒྱངས། རྐང་གཡས་བཏེག་སྟེ་འགྲོ་ཕྱོགས་སུ་སྔ་མ་ཇི་ལྟ་བ་བཞིན། ༡གམ་༢་བལྡབ་འདི་ལ་སེང་གེའི་བརྗིད་འཆམས་ཞེས་བྱ། སྦྲམ་ཞེས་གཡོན་འབེབས་པ་དང་། ཕཊ་ཀྱིས་བསྒྱུར་རྗེས་རོལ་མོ་ཆུང་བར་ཡངས་པད་ཀྱི་འགོ་བརྩམ་པ་ནས། ཐེང་བརྡུང་ཆུང་ངུར་ལག་གཉིས་བརྒྱངས་པའི་བར་གོང་བཞིན་བྱས་ནས། ལྔ་པ་ནི། རྐང་གཡས་བཏེག །སྦྲམ་༡། སྦྲམ་༢། སྦྲམ་༣། སྦྲམ་༤། ཞེས་པར་སྦྲམ་ལ་ཆེ། གྲངས་ལ་ཆུང་བས། རྐང་གཡོན་འཕར་བ་དང་བཅས་རྐང་གཡས་དང་པོ་མདུན་དུ་ཕབ། གྲངས་ལ་རྐང་གཡོན་བཏེག་ཙམ་བྱས༔ དེ་བཞིན་དུ། ༢པར་གཡས་ཡོང་ཕྱོགས། ༣པར་རྒྱབ། ༤པར་གཡོན་འགྲོ་ཕྱོགས་རྣམས་སུ་དང་པོ་ཇི་ལྟ་བ་དང་། རྗེས་མའི་གྲངས་༤ཞེས་པར་རྐང་གཡོན་མདུན་དུ་བསྐོར་ཏེ་ཕབ། འདི་ལ་བཞི་སྐོར་ཞེས་བྱ། དེ་ནས་སྦིར་སྦྲམ་ཞེས་༢ཀྱི་དང་པོའི་སྦིར་ལ་ལག་གཉིས་བརྒྱངས་པ་གཡོན་ཕྱོགས་འཕྱར་བའི་ཛཾ་དང་རྐང་གཉིས་རྟིང་གསིག་བྱ། སྦྲམ་ལ་རྐང་གཡས་གཡས་སུ་འཐེན། ༢པའི་སྦིར་ལ་ལག་གཉིས་གཡས་སུ་འཕུར་བའི་ཛ་དང་རྟིང་གསིག །(༣༡བ)


GLG024_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲམ་ལ་རྐང་གཡོན་བཏེག་ཙམ་བྱས་ཏེ་བཞི་འགྲོས་ལ་འཇུག །གཡོན་གཡས་ཀྱི་ཛཾ་འདི་འོག་ཏུའང་འགྲེ །དེ་ནས་བཞི་འགྲོས་ཇི་ཙམ་འོས་པའི། གཡོན་པའི་གསུམ་པའི་ཐོག་ཕཊ་ཀྱིས་བསྒྱུར་ནས། དྲུག་པ་ནི། སྦིར་སྦྲམ་ཞེས་པའི་༢་ཚན་པ་ལ་དགག་པད་རོལ་པ་བྱས་ཏེ། སླར་སྦིར་སྦྲམ་༡ལ་གཡས་སུ་ཅུང་ཟད་འཕར་ཏེ་རྐང་གཡས་བཏེག་གཡོན་རྟིང་གསིག་གིས་གཡས་སྐོར་དུ། ༡༢༣༤༥༦རྣམས་ལ་བསྐོར་ཏེ། མདུན་དུ་༧ལ་རྐང་གཡས་ཕབ། གཡོན་བཏེག །༨ལ་གཡོན་ཕབ་ནས་༩༩༩༩ཞེས་པར་གཡོན་གཡས་སུ་ཛམ་པ་གོང་གི་སྦིར་སྦྲམ་དང་འདྲ་བ་ནས་བཞི་འགྲོས་ལ་བཅུག །འདི་ལ་དགུ་སྐོར་ཆུང་བ་ཞེས་བྱ། ཇི་ཙམ་འོས་པའི་གཡོན་གསུམ་པའི་ཐོག་ཕཊ་ཀྱིས་བསྒྱུར་ནས། བདུན་པ་ནི། སྦིར་སྦྲམ་གྱི་ཉིས་ཚན་ཆུང་བ་༢དང་ཆེ་བ་རེ་སྦལ་པའི་༢ཚན་དྲུག་གི །དང་པོ་དང་༢པ་ཆུང་བར་དགག་པད། ༣པ་ཆེ་བའི་སྦིར་ལ་རྐང་གཡོན་བཏེག་གཡས་འཕར་བ་དང་ལག་གཉིས་མདུན་མཉམ་ནས་ནེམ། སྦྲམ་ལ་རྐང་གཡོན་མདུན་དུ་འབེབས་པ་དང་ཕུར་དར་རྒྱབ་ཏུ་གཡུགས་དེ་གཡས་ཡོང་ཕྱོགས་ལ། ༤པ་དང་༥པ་ཆུང་བར་དགག་པད། ༦པ་ཆེ་བར་རྐང་གཉིས་རང་སར་ནེམ་ཅིང་ཕུར་དར་གཡུགས་ནས། ༡༡ ༢༢ ༣༣ ༤༤ ཞེས་པར་ལག་གཡས་འཕྱར་གཡོན་དཀུར་བརྟེན་ནས། ༢ཚན་༤ཡི་དང་པོའི་༡ལ་རྐང་གཡས་གཡས་སུ་གོམ་པ་རེ་དང་། ༢པར་རྐང་གཡོན་དྲུད་པ་རྗེས་མ་༣ལ་འགྲེ་བའི་རྗེས་མའི་༤༤ལ་ཅུང་ཤུགས་ཆེ་ཙམ་ངོས། ༡༢༣༤ཞེས་ཆེ་བཞིའི་དང་པོ་ལ་རྐང་གཡས་བཏེག་གཡོན་དུ་བསྐོར་བའི་མཆོད་སྟབས་ཀྱིས་གཡས་ངོས་བཙུགས་ནས་༢༣༤ལ་གསིག །ཆུང་བ་བཞིའི། ༡༢ལ་རང་ས་དང་། ༣ལ་ལག་གཉིས་བརྒྱངས། རྐང་གཡས་བཏེག་ནས་འགྲོ་ཕྱོགས་སུ་(༣༢ན)


GLG024_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

༤ལ་ཕབ་ནས། རྐང་གཡོན་བཏེག་ཙམ་གྱི། སྦིར་སྦྲམ་༢ཚན་༣གྱི་དང་པོ་དང་༢པ་ཆུང་བར་དགག་པ་དང་། ༣པ་ཆེ་བར་རྐང་གཉིས་ནེམ་པ་དང་བཅས་ཕུར་དར་རྒྱབ་ཏུ་གཡུགས་ཏེ། ལག་གཡས་དཀུར་བརྟེན་གཡོན་འཕྱར་ནས་རྐང་གཡོན་གཡོན་དུ། ༡༡ ༢༢ ༣༣ ༤༤ ཞེས་པར་གཡས་ཇི་ལྟ་བ་གོ་ལྡོག །དེ་བཞིན་དུ་ཆེ་༤དང་ཆུང་༤ཡང་སྔ་མ་གོ་ལྡོག་ནས། ཆུང་བཞིའི་༣༤ལ་ཡང་རང་ས་ནས། སྦིར་སྦྲམ་གཉིས་ལ་གཡོན་གཡས་སུ་ཛཾ་རྗེས་བཞི་འགྲོས་ལ་བཅུག །འདི་ལ་གཡས་གཡོབ་གཡོན་གཡོབ་ཅེས་བྱའོ། །གོང་ལྟར་ཕཊ་ཀྱིས་བསྒྱུར་ནས། བརྒྱད་པ་ནི། སྦིར་སྦྲམ་ཞེས་༢ཚན་ཆུང་བ་༢རེ་དང་ཆེ་བ་རེ་སྤེལ་བའི་༢ཚན་བཅུ་གཉིས་ཀྱི་དང་པོ་དང་གཉིས་པ་ཆུང་བར་དགག་པ་དང་། གསུམ་པ་ཆེ་བར་ལག་གཉིས་མདུན་མཉམ་ནེམ་པ་དང་བཅས། རྐང་གཡོན་བཏེག་གཡས་ཡོང་ཕྱོགས་སུ་རྐང་གཡས་ལྕགས་རིས་སུ་ཕབ། ༤པ་དང་༥་པ་ཆུང་བར་དགག་པད། ༦པ་ཆེ་བར་ལག་གཉིས་སྔ་མ་ལྟར་དང་རྐང་གཡས་བཏེག་གཡོན་བསྐོར་ཏེ་མདུན་དུ་རྐང་གཡོན་ལྕགས་རིས་སུ་ཕབ། ༧པ་དང་༨པ་ཆུང་བར་དགག་པད་༧པ་ཆེ་བར་ལག་གོང་ལྟར་རྐང་གཡོན་བཏེག་གཡས་ཡོང་ཕྱོགས་སུ་རྐང་གཡས་ལྕགས་རིས་སུ་ཕབ། ༡༠པ་དང་། ༡༡པ་ཆུང་བར་དགག་པད་༡༢པ་ཆེ་བར་རྐང་ལག་ནེམ་པ་དང་བཅས་ཕུར་དར་རྒྱབ་ཏུ་གཡུག །དེ་ནས་༡༡ ༢༢ ཞེས་པ་འདི་ག་ལེ་ཚན་དྲུག་གི །དང་པོའི་༡༡དང་། ༢སྔ་མར་སྡིགས་མཛུབ་འབྲུབ་ཁུང་ལ་བསྡིགས། ༢རྗེས་མར་དང་གཡས་གཡས་སུ་འཐེན་ཅིང་རྐང་གཡོན་ལྕགས་རིས། ལག་གཉིས་གཡས་འཕྱར། ༢པའི་༡༡པ་དེ་ག་རང་ས། ༢༢ཆེ་བའི་རྐང་གཡོན་བཏེག་གཡས་འཕར་བའི་ལྕགས་(༣༢བ)


GLG024_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

རིས་སུ་ཕབ། ༣པའི་༡༡། ༢་༢ལ་སྡིགས་མཛུབ་བྲུབ་ཁུང་ལ་བསྡིགས། ༤པའི་༡༡ལ་ལག་གཉིས་གཡས་འཕྱར། ༢༢ཆེ་བར་རྐང་གཡས་བཏེག་གཡོན་འཕར་བའི་ལྕགས་རིས་སུ་ཕབ་ནས། ལྔ་པའི་༡༡། ༢༢ལ་སྡིགས་མཛུབ་བྲུབ་ཁུང་ལ་བསྡིགས། ༦པའི་༡་༡། ༢༢ལ་ལག་གཉིས་གཡས་འཕར། དེ་ནས་ལྷན་གྱིས་རྐང་གཡས་གྱི་མཐིལ་དང་གཡོན་པའི་པུས་མོ་བཙུགས་ཏེ་བསྡད་ནས། སྦིར་སྦྲམ་ཞེས་པ་༤ལ་གཡོན་གཡས་སུ་རོལ་པ་གཉིས་རེ་བྱས་ཏེ་གཡས་རོལ་རྗེས་མར་ཕངས་ནས་ལག་གཡས་འཕྱར་གཡོན་དཀུར་བརྟེན་ཏེ། ༡་༢་༣་༤་༥་༦རྣམས་ལ་གཡོན་དུ་བསྐོར་ཅིང་རྟིང་གསིགས་ནས། འབྲུབ་ཁུང་ལ་གཡས་ངོས་བསྟན་ཏེ། ༧་༨ལ་ལག་གཡས་ནང་དུ་བསྐོར་ནས་ལ་ལ་ལག་གྱེན་བསྟན་གྱིས་བསྡིགས། དེ་ནས། ༡༢༣༤ ༡༢༣༤ཞེས་༤ཚན་གཉིས་ཀྱི་དང་པོ་ལ་ལག་གཡས་ནང་དུ་བསྐོར་ནས་བསྡིགས་པ་གོང་ལྟར་དང་། ༢པའི་༡༢ལ་རང་ས། ༣༤ལ་རྐང་གཡས་བཏེག་གཡོན་འཕར་བ་དང་བཅས་འགྲོ་ཕྱོགས་ལ་རྐང་གཡོན་ལྕགས་རིས་སུ་ཕབ་ནས། སྦིར་སྦྲམ་ཞེས་པ་༧ལ་འགྲོ་ཕྱོགས་སུ་ཆུང་བ་༢ལ་དགག་པད། ཆེ་བ་རྐང་གཡོན་བཏེག །མདུན་དུ་ཆུང་བ་༢ལ་དགག་པད། ཆེ་བར་རྐང་གཡས་བཏེག་འགྲོ་ཕྱོགས་སུ་ཆུང་བ་༢ལ་དགག་པད། ཆེ་བར་རྐང་ལག་ནོམ་པ་དང་བཅས་ཕུར་དར་གཡུགས། དེ་ནས། ༡༡ ༢༢ ཞེས་པ་ལེ་ཚན་དྲུག་དང་། བསྡད་ནས་རོལ་པ། ལང་སྟེ་དགུ་སྐོར་གྱིས་གསིག་པ། ལག་གཡས་གྱེན་བསྟན་གྱི་བསྡིགས་པ་རྣམས་དང་། ༤ཚན་༢པའི་༢པ་ཡན་གཡོན་ཇི་ལྟ་བ་གཡས་ལ་གོ་ལྡོག །༢པའི་༣༤པ་རང་སར། འདི་ལ་པད་ཀོར་འཁྱིལ་ཉལ་ཞེས་བྱའོ། །དེ་ནས་སྦིར་སྦྲམ་༢ཀྱི་(༣༣ན)


GLG024_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གཡས་སུ་ཛཾ་རྗེས། གཉིས་པ་གདབ་ཁའི་འཆམས་དམ་ཚིག་ཆེན་པོའི་འགྲོས་ལ་འཇུག་སྟེ། འདི་ནས་འཆམས་དཔོན་དོ་རའི་དཀྱིལ་འབྲུབ་ཁུང་གི་མཐར་བསྐོར་ཅིང་། ཛཿཞེས་དང་། ཝའི་གསུམ་ལ་གཡས་ཕྱོགས་ལག་གཉིས་འཕྱར་ཏེ་འགྱིང་། འའི་ཝའི་ལ་རྐང་གཡོན་བཏེག་འབེབས་བྱས་ནས། དམ་མའ་ཞེས་པར་རྐང་གཡས་འགྲོ་ཕྱོགས་སུ་འབེབས་ཤིང་། ལག་ཡངས་པད་ཚིམས་ལ་རྐང་གཡོན་དྲུད། ཆེན་ནའི་ཞེས་པར་རྐང་གཡས་བཏེག་འབེབས་དང་ལག་མདུན་མཉམ། པོའི་ལ་རྐང་རྟིང་གསིག །ལག་གཉིས་མདུན་འཕྱར། དུས་ཡའི། ཅེས་པར་རྐང་གཡོན་དུ་ཕབ་ལག་གཉིས་གཡོན་དུ་ཕྱོགས། ལ་ཝའི་ལ་རྐང་གཡས་གཡས་སུ་འཐེན་ནས་ལག་གཉིས་གཡས་འཕྱར། བབ་ལ་རྐང་གཡས་འགྲོ་ཕྱོགས་སུ་འབེབས་པ་དང་ལག་ཡངས་པད། ཝའ་ཞེས་པར་རྐང་གཡོན་དྲུད། འའི་ལ་རྐང་གཡས་བཏེག་འབེབས་དང་ལག་མདུན་མཉམ། ཝའི་ལ་རྟིང་གསིག །སྦྲུལ་ལའི་ཞེས་པར་རྐང་གཡོན་འགྲོ་ཕྱོགས་སུ་ཕབ་ནས་ལག་གཉིས་གཡོན་ཕྱོགས། པ་ལ་རྐང་གཡས་གཡས་སུ་འཐེན། ཆེན་ནའི་ཞེས་པར་རྟིང་གསིག་ལག་གཉིས་གཡས་འཕྱར། པོའི་ཞེས་པར་རྐང་གཡོན་འགྲོ་ཕྱོགས་སུ་བཏེག་འབེབས་དང་། དུས་ལ་རྐང་གཡས་འགྲོ་ཕྱོགས་སུ་འབེབས་པ་དང་ལག་ཡངས་པད། ཡའི་ཞེས་པར་རྐང་གཡོན་དྲུད། ལ་ཞེས་པར་རྐང་གཡས་བཏེག་འབེབས་དང་། བཛྲའི་ལ་རྟིང་གསིག །བབ་ཅེས་རྐང་གཡོན་འགྲོ་ཕྱོགས་ཕབ། ཝའ་ལ་རྐང་གཡས་བཏེག་ནས་ལག་གཡས་འཕྱར། འའི་རྐང་གཡོན་བཏེག་ནས་ཡངས་པད་ཀྱི་འགོ་བརྩམ། ཝའི་ཞེས་པར་རྐང་གཡོན་ཕབ་བོ། །ཚིགས་བཅད་རེར་བཞི་བརྡུང་༣རེའི་རྩིས་ཡིན་ཡང་། རྟིང་(༣༣བ)


GLG024_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

གསིག་ལ་རྔ་ཆུང་བ་རེ་ཡོད་ཞིང་། བསྒྲལ་ཚིག་ཤློ་ཀ་འགྲིག་ན་རྫོགས་མཐར་རྐང་གཡོན་དང་འགྲིག་ཅིང་། ཤློ་ཀ་འགྲིག་ན་རྫོགས་ཚིག་ཐ་མར་རྐང་གཡོན་འགྲོ་ཕྱོགས་ཕབ། ཚིག་ལྷད་གསུམ་གོང་དུ་བཤད་པ་ལྟར་ནས་གཡས་གཡོབ་ལེན། གདབ་རྫུས་ཡིན་ན་གཡས་གཡོབ་རྫོགས་རྗེས། སྦིར་སྦྲམ་གྱི་ཛཾ་རྗེས་འཆམས་དབྱངས་ལ་འཇུག་པ་ཡིན་ནོ། །བསྒྲལ་བ་དངོས་ལ་གཡས་གཡབ་རྫོགས་རྗེས་ཀྱི་འབྲུབ་ཁུང་ལ་ལུས་ཀྱི་གཡས་ཟུར་བསྟན་ཏེ་༤བརྡུང་བ་ཡོད་པའི་དང་པོར་ལག་གཡས་ནང་དུ་བསྐོར་ནས་ཕྱིར་བསྔགས་པ་གོང་བཞིན་དང་། ༢པའི། ༣པ་ལ་རྐང་གཡས་བཏེག་འབེབས་དང་ལག་གཉིས་གཡས་ཕྱོགས་ནས་ཡངས་པད་ལེན་ཞིང་། ༤པར་རྐང་གཡོན་བཏེག །སླར་༤བརྡུང་༡གི་དང་པོར་ལག་གཡོན་འོག་ཏུ་གཡས་པའི་མཁྲིག་མ་བཀུག །༢པར་རྐང་གཡོན་འབེབས་པ་དང་ལག་མདུན་མཉམ། ༣པར་རྐང་གཡས་ཀྱི་རྩེ་རྒྱབ་ཏུ་དྲུད་ཅིང་ལག་གཉིས་ཐུར་དུ་བརྐྱང་། ༤ལ་རྟིང་གསིག་ཆེ་བ་དང་ལག་གཉིས་སྟེང་དུ་འཕྱར་ནས། སྦིར་སྦྲམ་༢ལ་གཡོན་གཡས་སུ་ཛཾ་ཞིང་བསྡད་ནས། རོལ་མོ་འབེབས་༡གམ་༣ལ། ལས་གཞུང་ལྟར་བསྒྲལ་རྗེས། རོལ་པ་༢ཀྱི་རྗེས་མར་ལངས་ཏེ། གཡས་སུ་དགུ་སྐོར་ཆུང་བ་ལྟར་གསིག་རྗེས། གཡོན་གཡས་སུ་ཛཾ་ནས་འཆམས་དབྱངས་སོ། །བསྒྲལ་ཚིག་ཤློ་ཀ་༡རང་ཡིན་ཚེ་འབེབས་ཀྱི་རྗེས་རོལ་མོ་༡གིས་མཚམས་བཅད། བསྡད་པའི་རང་ནས་ལག་གཉིས་གཡས་སུ་འཕྱར་ཏེ། ཛཾཿཝའི་རྫོགས་རྗེས། ཚིག་རྐང་དང་པོར་ཡངས་པད་ངལ་བ་༡བྱ། ༢པར་ཡངས་པད་བྲེལ་ཙམ་༡དང་ལག་གཡས་གཡབ། ༣པར་ཡངས་པད་གཡོན་གཡབ། ༤པར་ཡངས་པད་༢ཀ་གཡབ་རྗེས་སྦིར་སྦྲམ་༢ལ་ཕུར་པ་(༣༤ན)


GLG024_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གཡས་སུ་བརྡར་ཚུལ་བྱས་ཏེ་སྒྲོལ། གདབ་ཁ་ཐ་མའི་རྗེས་སུ་ཤ་བས་སྒྲོལ་ཚེ། རོལ་མོ་འབེབས་ཀྱི་རྗེས་ནས། ལྔ་བརྡུང་ཆེ་ཆུང་སྤེལ་བ་ཁོ་ན་ཡིན་ནའང་། དའི་རོལ་མོ་ལྔ་བརྡུང་ཆེ་བའི་དུས་ཆེ་བཞིའི་བར་དང་ལྔ་པར་ཆུང་བ་བྱ། ཆུང་བའི་དུས་སུ་ཆུང་བཞིའི་བར་དང་ལྔ་པར་ཆེ་བ་ཡོད་པ་ཀུན་ལ་འགྲེ། རྡོ་རྗེའི་འགྲོས་ལ་ཆེ་བ་འབའ་ཞིག་གོ །ཤ་འཆམས་རྫོགས་རྗེས་རོལ་པ་ལེན་དང་། འཆམས་པ་དམངས་ཀྱིས་བསྟུན་ནས་རོལ་པ་གཉིས་བླངས་ནས་དགུ་སྐོར་ཆུང་བས་གསིག་པ་དང་། ཤ་བས་དགུ་སྐོར་རྐྱང་མས་འཆམས་བྲལ་དུ་སླེབ་པ་མཐུན་པར་བྱས་རྗེས། གཡོན་གཡས་སུ་ཛཾ་ནས། དགུ་སྐོར་རླུང་ཚུབ་འཛག་གཉིས་མ་བཞི་ལ། དངོས་གཞི་སྒོ་མའི་སྐབས་བཤད་པ་བཞིན་ནས། ༧པའི་ཚེ་རྐང་གཡོན་མི་འབེབས་པར་བརྒྱད་ལ་ཕབ་རྗེས། ༧༧ཞེས་པར། ལག་གཡོན་དཀུར་བརྟེན་གཡས་འཕྱར་ཏེ། དང་པོ་ལ་རྐང་གཡས་བཏེག་ལག་གཉིས་གཡོན་ཕྱོགས་དང་། ༢པར་རྐང་གཡོན་བཏེག་ལག་གཉིས་གཡས་ཕྱོགས་ལ་ཛཾ་རེ་བྱ། དེ་བཞིན་དུ། ༢པར་ལག་གཡས་གཡོན་གོ་ལྡོག ༣པར་ལག་གཉིས་ཀ་འཕྱར། ༤པར་ལག་གཉིས་དཀུ་ལ་བརྟེན་པའོ། །དེ་ནས་གཡས་པས་བརྩམས་ཏེ་བཞི་འགྲོས་འགྲོ་ཕྱོགས་ལ་གསུམ་སོང་རྗེས། ༡་༢ཞེས་པར་རྐང་གཡོན་མདུན་ཕབ་ནས། སྟོབ་དབྱངས་བྱ་སྟེ། ཧཱུཾ། ༤ངའི་ཕྱི། ཡའི། ནང་། གསང་ཞེས་པ་རྣམས་ལ་ལག་གྱེན་བསྟན་མདུན་མཉམ་བྱ་སྟེ་རང་སའོ། །བའི་ལ་རྐང་རྟིང་གསིག་དང་། ལག་གཉིས་གཡས་སུ་ཅུང་ཟད་འཕྱར། མཆོད་འོ་འ་ཞེས་པར་ནང་གཡོན་བཏེག་ལག་གཉིས་གཡོན་དུ་གཞོལ་བའི་འགྲོ་ཕྱོགས་(༣༤བ)


GLG024_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

ཕབ། པ་ལ་རྐང་རྟིང་གསིག་དང་། ལག་གཉིས་གཡོན་ཕྱོགས་བཏེག་ནས་སྟོབ་ཚུལ་བྱ། རྒྱ་ཞེས་པར་རྐང་གཡས་གཡོན་དུ་བསྐོར་ནས་འགྲོ་ཕྱོགས་ཕབ། མའི་ལ་རྐང་རྟིང་གསིག་ལག་མདུན་མཉམ། མཚོའི་ཞེས་པར་རྐང་གཡས་རྒྱབ་ཕྱོགས་ཀྱི་གཡོན་དུ་བཏེག་འབེབས། འོ་འ་ཞེས་པར་རྟིག་གསིག །ཚོགས་ལ་རྐང་གཡས་རྒྱབ་ཕྱོགས་ཀྱི་གཡོན་ངོས་སུ་ཕབ་ཅིང་ལག་གཉིས་ཀྱང་གཡོན་དུ་ཕྱོགས། ཝའ་ཞེས་པར་རྐང་གཡོན་དྲུད་པ་དང་། འའི་ལ་རྐང་གཡས་འགྲོ་ཕྱོགས་སུ་བཏེག་འབེབས། ཝའི་ལ་རྟིང་གསིག་གི་གཡས་སུ་ཅུང་ཟད་བསྐོར། དང་། ངའི་ལ་རྐང་གཡོན་མདུན་དུ་བཏེག་འབེབས་དང་ལག་མདུན་མཉམ། ཝའི་ལ་རྟིང་གསིག །སེམས། མའི་ཞེས་པར་རྐང་གཡས་ཡོང་ཕྱོགས་སུ་འཐེན། ཀྱི་ལ་རྟིང་གསིག་དང་ལག་གཉིས་གཡས་སུ་འཕྱར། འབུལ་འུ་ཞེས་པར་རྐང་གཡོན་འགྲོ་ཕྱོགས་སུ་བཏེག་འབེབས་ལག་གཉིས་གཡོན་དུ་གཞོལ། ལོ་ཞེས་པར་རྐང་རྟིང་གསིག །ལག་གཉིས་གཡོན་ཕྱོགས་བཏེག་པའི་སྟོབ་ཚུལ། བཞེས་ལ་རྐང་གཡས་འགྲོ་ཕྱོགས་ཕབ་ལག་གཉིས་གཡོན་དུ་ཕྱོགས། ཡའི་ལ་རྐང་གཡོན་བཏེག་ཙམ། སུ་ལ་རྐང་གཡས་འགྲོ་ཕྱོགས་ཕབ། འུ་ཞེས་པར་རྟིང་གསིག་གི་གཡས་སུ་ཅུང་ཟད་བསྐོར། གསོལ་ལ་རྐང་གཡོན་འགྲོ་ཕྱོགས་ཕབ། ལ་ཞེས་པར་རྟིང་གསིག །འའི་ལ་རྐང་གཡོན་བཏེག་འབེབས། ལའི་ལ་རྐང་གཡས་བཏེག་ནས་བཞི་འགྲོས་གསུམ་གྱི་རྗེས་༡་༢ལ་རྐང་གཡོན་མདུན་དུ་ཕབ་ནས། སྟོབ་དབྱངས་གཉིས་པ་སྔུན་མ་ཇི་ལྟ་བ་བཞིན་རྫོགས་རྫས་ཀྱི་རྐང་གཡས་བཏེག་སྟེ། ཏྲི་ཤུ་འགྲོས་གསུམ་བྱ་བ་ནི། རྩ་བའི་འཆམས་ཀྱི་རྡོ་རྗེ་ཕྱེད་འགྲོས། རྐང་གཡས་ལེན་ཁོ་ན་ལན་གསུམ་བྱ་བ་ཡིན་ཅིང་། དེ་ནས་བཞི་(༣༥ན)


GLG024_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་ཉིད་ཀྱིས་སྦྲུལ་ནག་འཁྱོག་འགྲོས་བྱས་ཏེ་འཆམས་ཁང་དུ་རིམ་བཞིན་བརྡོག་པའོ། །དེ་ལྟར་དཔལ་ཆེན་རྡོ་རྗེ་ཕུར་བུ་ཡི། །སྟོད་ལས་བྱང་ཆུབ་བསྒྲུབ་དང་སྨད་ལས་ཀྱི། །འཆམས་ཀྱི་གསལ་བྱེད་བཀླགས་པས་ཀུན་ཤེས་པ། །རིག་སྔགས་འཆང་བའི་དགའ་སྟོན་བླ་ན་མེད། །ལུས་འགྱུར་སྣང་སོགས་སྔོན་རབས་མཁས་པ་ཡི། །གསུང་བཅུད་ཉིན་བྱེད་དབང་པོའི་དཀྱིལ་འཁོར་དག །རྟོགས་དཀའི་ཆུ་འཛིན་སྒྲིབ་གཡོགས་ཀུན་བསལ་ནས། །མཐོང་གྲོལ་སྣང་བའི་འོད་སྟོང་འདི་ན་འབར་ཅེས་སོ། །ས་སྐྱོང་གྲགས་པ་འབྱུང་གནས་གསུང་གི་བཅུད། །ལེགས་པའི་ཕྱག་རྒྱའི་རིགས་ཀུན་ཉེར་བསྡུས་པའི། །འཆམས་ཡིག་སྣང་བ་ཀུན་ནས་འགྱུར་ནུས་པ། །ངོ་མཚར་བཀོད་པའི་དགའ་སྟོན་འདི་ནའོ། །དེ་ལ་སྔོན་དུ་འགྲོ་བ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ་དགུ་ལས། དང་པོ་འདོན་ནི། འཆམས་དཔོན་སྒོ་ཁང་ནས་འདོན་པ་ལུས་ཀྱི་གཡོན་ཟུར་བསྟན་ཏེ་གཡོན་གཡས་སུ་ཛཾ་དང་བཅས་བཞི་འགྲོས་ལེན་པ་རྣམས་ངོ་བོ་བྲུབ་འཆམས་དང་འདྲ་ཡང་ཅུང་བྲེལ་བ་དང་ཤུགས་ཆེ་བའི་དབང་གིས་གཡས་པའི་བཞི་འགྲོས་ལ་རྐང་གཡས་བཏེག་ལག་ཡངས་པད་༡ལ་རྐང་གཡོན་འཕར་བའི་གཡས་གཡབ། ༢ལ་རྐང་གཡོན་འདེགས་འཇོག་དང་། རྐང་གཡས་བཏེག །༣ལ་འགྲོ་ཕྱོགས་སུ་ལག་མདུན་མཉམ་དང་། གཡོན་འཕར་བའི་རྐང་གཡས་ཕབ་སྟེ་གཡོན་བཏེག །༤ལ་གཡས་འཕར་ཞིང་། རྐང་གཡོན་འགྲོ་ཕྱོགས་སུ་ལག་གཡོན་ནང་དུ་བསྐོར་ཞིང་། ༡ལ་གཡས་འཕར་བའི་གཡོན་འབེབས་པ་སོགས་གཡས་གོ་ལྡོག་རྗེས། དེ་ནས་༤བརྡུང་༢ལ་གདོང་འགྲོ་ཕྱོགས་སུ་བལྟ་བས། དང་པོའི་༡ལ་(༣༥བ)


GLG024_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གཡས་འཕྱར་གཡོན་དུ་གཡབ་ཅིང་། རྐང་གཡས་གཡོན་ཕྱོགས་སུ་རྐང་གཡོན་འཕར་ཏེ་ཕབ། ༢པར་རྐང་གཡོན་བཏེག་གཡས་འཕར་ཏེ་ལག་གཡོན་མདུན་འཕྱར་དང་། ༣ལ་གཡས་འཕར་བའི་གཡས་ཕྱོགས་སུ་རྐང་གཡོན་ཕབ། ༤ལ་རྐང་གཡས་བཏེག་ལག་གཡས་འཕྱར་བའི་ཕྱིར་བསྐོར་ཏེ་༢པའི་༡ལ་གཡོན་འཕར་བའི་རྐང་གཡས་གཡས་སུ་ཕབ། ༢ལ་གཡོན་བཏེག་གཡས་འཕར་ཏེ་ལག་མདུན་མཉམ་དང་། ༣ལ་རྐང་གཡོན་བཏེག་གཡས་འཕར་བའི་གཡོན་ཕྱོགས་ཕབ་སྟེ། ༤ལ་རྐང་གཡོན་འཕར་ཞིང་གཡོན་དུ་བསྐོར། ཡོང་ཕྱོགས་སུ་༡ལ་རྐང་གཡས་ཕབ་སྟེ་བཞི་འགྲོས་བྱས་ཤིང་འཆམས་ཁང་མཚམས་སུ་བརྡོག །དེ་ནས་སླར་བཞི་འགྲོས་བརྩམ་སྟེ་འཆམས་དམངས་ཀྱང་རིམ་འདོན་ངོས་རྐང་གཡས་གཡོན་གྱི་བཞི་འགྲོས་གཉིས་རེ་དང་། བཤད་མ་ཐག་པའི་༤ཚན་གཉིས་པོའི་ལེན་སྤེལ་བའི་འདོན་གྱི་དོ་ར་འཁོར་བ་དང་། གཡོན་པའི་བཞི་འགྲོས་༣ཐོག་ཕཊ་ཅེས་པས་བསྒྱུར། གཉིས་པ་ནི། གོང་གི་གྲངས་ལྷག་༤ལ་ཡངས་པད་ཀྱི་འགོ་བརྩམས་ཏེ། དེ་ནས་༤ཚན་༤ལ་དགག་པད་དང་། རོལ་པ་༡བྱ་བ་མ་གཏོགས། རྐང་གཡས་གཡོན་འདེགས་འཇོག །ལག་ནང་དུ་བསྐོར་ནས་ལག་བརྒྱང་བ། ཆེམ་རྒྱག་བཞི་ལ་དགའ་བ་ཡོངས་བསྒྱུར་རྐང་གཡོན་མདུན་དུ་འབེབས་པ་ཡན་བྲུབ་འཆམས་དང་འདྲ། སླར་ཆེམ་རྒྱག་༢ཀྱི་དང་པོ་ལ་ལག་གཡས་གཡས་ཕྱོགས་ནས་བསྐོར་ཏེ་ཕྱིར་བརྒྱང་བ་དང་མཉམ་དུ་རྐང་གཡས་གཡས་སུ་ཕབ། ༢པར་གཡོན་གོ་ལྡོག་བྱ་བ་ནི་དགའ་བ་ཡོངས་བསྒྱུར་འཐོལ་བཅས་ཞེས་བྱ། གསུམ་པ་ནི། རྐང་གཡོན་གཡོན་དུ་འབེབས་དང་ཕཊ་ཅེས་བསྒྱུར། སྦིར་སྦྲམ་༤ལ་དགག་པར་རོལ་པ་༡། (༣༦ན)


GLG024_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གཉིས་ནང་དུ་བསྐོར་ནས། བརྗིད་འབེབས་བགྲད་ཟླུམ་གྱི་སེང་གེའི་བརྗིད་འཆམས་བྱ་བ། བཞི་པ་ནི། ཕཊ་ཀྱིས་བསྒྱུར་ནས། དགག་བདེ། ལག་གཉིས་ནང་དུ་བསྐོར་ནས་བཞི་སྐོར་དང་། གཡོན་གཡས་སུ་ཛཾ་པ་རྣམས་བྲུབ་འཆམས་བཞིན་བྱ། ལྔ་པ་ནི་ཕཊ་ཅེས་བསྒྱུར་ནས། སྦིར་སྦྲམ་༣ལ། དང་པོ་དང་༢པའི་སྦིར་ལ་འགྲོ་ཕྱོགས་སུ་རྐང་གཡས་བཏེག་གཡོན་འཕར་བའི་ཕབ་རྗེས་གཡོན་བཏེག་ནས། སྦྲམ་ལ་ཕབ་པའི་མྱུར་བ་བཏུད་མ་༢སོང་རྗེས་༣པའི་སྦིར་ཞེས་ཆེམ་རྒྱག་པར་ཐག་རིང་བར་རྐང་གཡོན་མདུན་དུ་ཕབ་ནས་ཅུང་ཟད་འགྱིངས་ནས། སྦྲམ་སྦྲམ་ཞེས་ཆུང་བ་དང་བཅས་པར་རྐང་གཡོན་འདེགས་འཇོག་བྱས་ནས། སླར་འགྲོ་ཕྱོགས་སུ་གཡས་གསིག་གོང་ལྟར་༡གམ་༢གང་འོས་བལྡབ་པ་འདི་ལ་ཀླུ་པ་ཞེས་བྱ། ཡང་ཕན་ཅེས་བསྒྱུར་ནས། དྲུག་པ་ནི། གོང་གི་སྦྲམ་སྦྲམ་ལ་ཡངས་པད་ཀྱི་འགོ་བརྩམས་ཏེ། དགག་པད་དང་། འདི་ལ་རོལ་པ་༣བྱ་བའི་རྗེས་མར་གཡས་སུ་གསིག་པའི་དགུ་སྐོར་ཆུང་བ་གཡོན་གཡས་ཀྱི་ཛཾ་ནས་བཞི་འགྲོས་རྣམས་བྲུབ་འཆམས་ལྟར་རོ། །བདུན་པ་ནི། བཞི་འགྲོས་གཡོན་གསུམ་པའི་ཐོག་ཕཊ་ཀྱིས་བསྒྱུར་ཏེ། གོང་གི་༤ལ་ཡངས་པད། དེ་ནས་༤བརྡུང་༢ཀྱི་དང་པོའི་༡ལ་ལག་གཡས་ཕྱག་མཚན་པུས་སྟེང་། ༢ལ་གཡས་སྟེང་དུ་འཕྱར་བ་དང་མཉམ་དུ་རྐང་གཡོན་བཏེག་གཡས་འབར་བའི་ཡོང་ཕྱོགས་སུ་༣ལ་ཕབ། ༤ལ་གཡས་བཏེག་གཡོན་འཕར་བའི། ༢པའི་༡ལ་ལག་གཡས་སུ་ཕབ་སྟེ། གཡོན་བཏེག་༢ལ་གཡས་འཕར་ནས། ༣ལ་གཡོན་དུ་ཕབ། ༤ལ་གཡས་བཏེག་ནས་ཡོང་ཕྱོགས་ལ་བལྟ་བས། ༡་༡་(༣༦བ)


GLG024_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

༢་༢ལ་གཡས་སུ་རྐང་བཏེག་འབེབས་དང་ལག་གཡས་འཕྱར་གྱི་ཛཾ་ནས། ༤ཚན་༢ཀྱི་དང་པོའི་༡ལ་རྐང་གཡས་བཏེག་གཡོན་དུ་བསྐོར་མདུན་དུ་མཆོད་སྟབས་ཀྱིས་གཡས་ཟུར་བསྟན་ལྷག་མ་༣ལ་གསིག་པ་དང་། ལག་གཡས་ནང་དུ་བསྐོར་ནས་ཕྱིར་བསྡིགས་ནས། ༢པའི་༡༢ལ་རང་ས་དང་། ༣ལ་རྐང་གཡས་བཏེག་འབེབས་པ་དག་བསྟུན་ཡངས་པད་བྱ། ༤ལ་གཡོན་བཏེག་ནས། སླར་༤ཚན་༡གི་དང་པོ་ལ། གཡས་འཕར་བའི་རྐང་གཡོན་འགྲོ་ཕྱོགས་ཕབ་ནས། ༢ལ་གཡས་བཏེག་གཡོན་འཕར་བའི་༣ལ་ཕབ་བསྟུན་ལག་གཡས་པུས་སྟེང་། ༤ལ་འགྲོ་ཕྱོགས་བལྟ་བའི་རྐང་གཡོན་བཏེག་ལག་གཡོན་འཕྱར་ནས། གཡོན་ཕྱོགས་སུ་ཛཾ་གཉིས་དང་། ༤ཚན་༢ཀྱི་དང་པོར་གཡས་སུ་བསྐོར་གཡོན་ཟུར་བསྟན་ནས་གསིག་པ་སོགས་སྔ་མ་གོ་ལྡོག །༢པའི་༡་༢ལ་རང་ས། ༣ལ་རྐང་གཡས་མདུན་དུ་སྤོ། ༤ལ་ཡངས་པད། སླར་༤ཚན་༡གི་དང་པོ་ལག་གཡས་པུས་སྟེང་། ༢ལ་ལག་གཡས་སྟེང་དུ་འཕྱར། ༣ལ་གཡས་སུ་ཅུང་ཟད་གཞོལ། ༤ལ་རྐང་གཡོན་མདུན་དུ་སྤོས་ནས་གཡོན་གཡས་སུ་ཛཾ་བྱ། འདི་ལ་གཡས་གཡོབ་གཡོན་གཡོབ་བོ། །བརྒྱད་པ་ནི། གོང་གི་གཡས་ཛཾ་ཐོག་ཕཊ་ཀྱིས་བསྒྱུར་ཏེ། སྦིར་སྦྲམ་ཞེས་པ་གཉིས་ཀྱི་སྦིར་ལ་རོལ་མོ་ཆེམ་རྒྱག་ཆེ་བའི་བར་ཐག་རིང་བ་དང་། སྦྲམ་ལ་བར་ཐག་ཅུང་ཐུང་བ་ཡོད་པས་དང་པོའི་སྦིར་ལ་རྐང་གཡས་བཏེག་གཡོན་འཕར་བ་དང་ལག་གཡས་ཕྱིར་ནས་མཆན་ཁུང་ནས་བསྐོར་ཏེ་ཕྱིར་བརྒྱད་པའི་འགྲོ་ཕྱོགས་སུ་ཕབ། སྦྲམ་ཞེས་པར་ལག་གཡོན་འཕྱར་རྐང་གཉིས་རྟིང་གསིག་བྱ། ༢པ་ལ་གཡས་ཇི་ལྟ་བ་གཡོན་གོ་ལྡོག །འདི་ལ་གྲོས་གསར་ཞེས་བྱ་ལན་(༣༧ན)


GLG024_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

༡གམ་༢བལྡབ་ཅིང་། མཧ་དང་བཅས་ཞལ་བརྙན་རྭ་ཅན་གྱི་རྭ་ཁྱེར་དང་། ཞལ་བརྙན་ངོམ་པ་ཞེས་པ་ནི། ལག་པ་གཡས་གཡོན་གྱི་འཁྱེར་ལ་མིག་བལྟས་པས་ཡོང་བ་ཡིན་ཏེ། འདོན་ནས་བརྩམས་ཏེ་རྣམ་བཤད་བར་ཀུན་ལ་འགྲེའོ། །དགུ་པ་ནི། གོང་གི་གཡོན་རེས་ཀྱི་རྟིང་གསིག་ཐོག་ཕཊ་ཀྱིས་བསྒྱུར་ནས། སྦིར་སྦྲམ་ཞེས་པ་བཞི་ལ་རོལ་མོ་གྲོས་གསར་དང་ལེན་ལུགས་འདྲ་བས། དང་པོའི་སྦིར་ལ་ཡངས་པད་ལེན་སྐྱུར་བྱ་སྟེ། རྐང་གཡོན་བཏེག་གཡས་སུ་བསྐོར་ཡོང་ཕྱོགས་གཡས་འཕར་བའི་སྦྲམ་ཞེས་ཕབ། གཡས་བཏེག་གཡོན་འཕར་བས་ཡངས་པད་ལེན་སྐྱུར་བྱས་ཏེ་༢པའི་སྦིར་ལ་ཕབ་རྗེས་རྐང་གཡོན་གཡས་སུ་དྲུད་དེ། གཡས་བཏེག་གཡོན་དུ་ཅུང་ཟད་བསྐོར་སྦྲམ་ལ་ཕབ། གཡོན་བཏེག་གཡོན་འཕར་བའི་ཡངས་པད་ལེན་སྐྱུར་བྱས་ནས་༣པའི་སྦིར་ལ་ཕབ་རྗེས། གཡས་གཡོན་ཕྱོགས་དྲུད་དེ། གཡོན་བཏེག་གཡས་སུ་ཅུང་ཟད་བསྐོར་ཡོང་ཕྱོགས་ལ་སྦྲམ་ལ་ཕབ་རྗེས། གཡས་བཏེག་གཡོན་འཕར་བས་ཡངས་པད་ལེན་སྐྱུར་བྱས་ཏེ་༤པའི་སྦིར་ལ་ཕབ་རྗེས། གཡས་འདེགས་འཇོག་ལ་སྦྲམ་སྦྲམ་ཞེས་རྗེས་མ་ཆུང་བར་གཡོན་བཏེག་ཙམ་ནས་འབྲུབ་ཁུང་ལ་གཡོན་ཟུར་བསྟན་ཏེ། ༡༡ ༢༢ ཞེས་པའི་ལེ་ཚན་དྲུག་དང་། རོལ་པ། དགུ་བརྡུང་། ༤ཚན་༢ཀྱི། ༢པའི་༢པ་ཡན་བྲུབ་འཆམས་དང་མཚུངས། ལྷག་མའི་༣༤ལ་རྐང་གཡས་བཏེག་འབེབས་བྱ། དེ་ནས་སྦིར་སྦྲམ་༣ལ་དང་པོ་ལ་གཡོན། ༢པ་བདུན། ༣པ་གཡོན་འགྲོ་ཕྱོགས་རྣམས་ལ་སྔ་མ་གོ་ལྡོག །དེ་བཞིན་དུ་༡༡ ༢༢ ཞེས་པ་དྲུག་དང་། རོལ་བ། དགུ་བརྡུང་། ༤ཚན་༢ཀྱི་དང་པོ་ཡན་ཀྱང་སྔ་མ་གོ་ལྡོག་བྱས་ཏེ། ༤ཚན་༢པ་རང་སར་བསྡད་དེ་གཡོན་(༣༧བ)


GLG024_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་ཛཾ་ནས། གཉིས་པ་གདབ་ཁ་དངོས་གཞི་ལ་གསུམ་ལས། དང་པོའི་བསྐུལ་ཚིག་ལ་འཆམས་དང་དབྱངས་གཉིས་ཀ །བྲུབ་འཆམས་ཀྱི་དམ་ཚིག་ཆེན་པོ་བཞིན་དང་། གཡས་གཡབ་ཀྱང་བྱ། གཉིས་པའི་ཚེ། ཆོས་རྒྱལ་གྱི་ཞལ་བརྙན་དུས། དབྱངས་གོང་བཞིན་དང་འཆམས་གྲོས་གསར་བྱ་སྟེ་ཚིག་རྐང་རེར་གཡས་གཡོན་གྱི་འགྲོས་རེ་འགྲོ་བའི་རྫོགས་མཚམས་ཀྱི་ཚིག་ལྷད་གཉིས་ལ་རྐང་གཡོན་འདེགས་འཇོག་བྱས། དེ་ནས་༤བརྡུང་༢ཀྱི་དང་པོའི་༡ལ། རྐང་གཡས་བཏེག་ལག་གཡས་མདུན་བརྐྱང་བྱས་རྐང་གཡོན་འཕར་ཏེ་མདུན་འབྲུབ་ཁུང་ཕྱོགས་སུ་ཕབ་རྗེས། གཡོན་བཏེག་གཉིས་ལ་རྐང་གཡས་འཕར་ལག་གཡོན་མདུན་བརྐྱང་ནས་༣ལ་འབྲུབ་ཁུང་མདུན་དུ་ཕབ་རྗེས། གཡས་བཏེག་༤ལ་གཡོན་འཕར། ༢པའི་༡ལ་རྐང་གཡས་མི་འབེབས་པར་ལག་མདུན་མཉམ་བྱ་ཞིང་འགྱིང་། ༢ལ་རྐང་གཡས་ཀྱི་རྩེ་འབེབས་པ་དང་ལུས་ཅུང་གུག་ཙམ་ནས། ༣ལ་རྐང་རྟིང་གསིག་དང་བཅས་ལག་གཉིས་སྟེང་དུ་འཕྱར། ༤ལ་རྐང་གཡོན་མདུན་དུ་དྲུད་དེ། སྦིར་སྦྲམ་གྱི་གཡོན་གཡས་སུ་ཛཾ་ཞིང་བསྡད་ནས་རོལ་མོ་འབེབས་བྱས་བསྒྲལ་བའོ། །ལྷ་མོའི་ཞལ་བརྙན་འཆམ་དུས། གཉིས་པའི་ཚེ་དྲུག་བརྡུང་གི་འགྲོས་ནི། འཆམས་དབྱངས་གོང་ལྟར་གྱི་ཚིག་རྐང་རེར། ༡༢༣༤༥༦ཅེས་པ་༢ཀྱི་དང་པོའི་༡༢༣རེ་རེར་འགྲོ་ཕྱོགས་སུ་རྐང་གཡས་བཏེག་འབེབས་རེ་རེར་གཡོན་འཕར་ཆུང་རེ་བྱས་ཏེ་འགྲོ། ༤ལ་རང་གཡོན་ཡོང་ཕྱོགས་སུ་འཐེན་ནས། ༥༦ལ་ལག་གཉིས་གཡོན་འཕྱར་གདོང་ཡོང་ཕྱོགས་ལ་བལྟས་ཏེ་འགྱིང་། ༢པ་ལ་རྐང་གཡོན་བཏེག་ནས་འགྲོ་ཕྱོགས་ལ་རྐང་གཡས་གཡོན་དང་ལག་གོ་ལྡོག་བྱ། ཕྱག་མཚན་སོ་སོ་བརྡེག་དུས། གཡོན་པའི་དྲུག་ཚན་གྱི། ༡ལ་(༣༨ན)


GLG024_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་གཡོན་མདུན་བསྐོར་ཏེ་འབེབས་པ་དང་ལུས་ཀྱི་གཡོན་ནམ་ཞིང་གཡས་སུ་བལྟ། ༢ལ་གཡོན་འཕར་བ་དང་གཡས་གོམ་རྐུན་བྱས་ཏེ་འབྲུབ་ཁུང་མདུན་དུ་རྐང་གཡས་བཏེག་འབེབས་དང་བསྟུན་༣ལ་ཕྱག་མཚན་བཏབ་སྟེ། ༤ལ་རྐང་གཡོན་ཕྱིར་འཐེན། ༥༦ལ་གཡས་སུ་ལག་གཉིས་འཕྱར་ཞིང་འགྱིངས་ནས། དེ་ནས་གཡས་བཏེག་པའི་འགྲོས་གོང་ལྟར་བྱ། མཚམས་ཀྱི་བསྒྲལ་ལུགས་རྣམས་མཐོང་བརྒྱུད་ལྟར་བྱ་དགོས་པ་རྫོགས་ནས། རྗེས་ཀྱི་བྱ་བ་གསུམ་ལས་དང་པོ་སྦིར་སྦྲམ་གྱི་རོལ་པ་༣གྱི་རྗེས་མར་ལངས་ཏེ། དགུ་སྐོར་ཆུང་བ། གཡོན་གཡས་ཀྱི་ཛཾ་ནས། དགུ་སྐོར་འཛག་གཉིས་མ་༤དང་། བཞི་འགྲོས་༣རྗེས་༡༢ལ་རྐང་གཡོན་མདུན་དུ་འབེབས་རྣམས་བྲུབ་འཚམས་ལྟར་བྱ། གཉིས་པ་སྟོབ་དབྱངས་ལ། ཧཱུཾ། ༤ངའི། ཕྱི། ཡའི། ནང་། གསང་ཞེས་པར་ལག་གྱེན་བསྟན་མདུན་མཉམ། བའི་ལ་ལག་གཉིས་གཡས་སུ་འཕྱར་རྐང་རྟིང་གསིག་བྱ། མཆོད། འོའ་ཞེས་པར་ལག་གཉིས་གཡོན་ཕྱོགས་གཞོལ་ནས། པའ་ཞེས་པར་ལག་གཉིས་གཡོན་ཕྱོགས་མཐོ་བར་བཏེག་ནས་སྟོབ་ཚུལ་བྱ་སྟེ། རྐང་གཡོན་རང་ས། རྐང་གཡས་བརྐྱང་གི་རྟིང་པ་བཙུགས་ཏེ་རྐང་མགོ་བཏེག །སྤྱིར་མགོ་ཅུང་ཟད་ཕབ། གདོང་གཡས་སུ་བསྟན་ནས། རྒྱ་མའི། མཆོའ། འོས། ཚོགས། ཝའ། འའི། ཝའི། དང་། ངའ། བའི། སེམས་བར་དེ་ཁ་རང་ས། ཀྱི་ལ་ལག་གཉིས་གཡོན་ཕྱོགས་འཕྱར་རྐང་རྟིང་གསིག འབུལ་འུལ་ལག་གཉིས་གཡས་སུ་གཞོལ་ནས། ལོ་ཞེས་པར་ལག་གཉིས་གཡས་སུ་བཏེག་སྟེ་སྟོབ་ཚུལ་ལ་རྐང་། ལག །སྤྱི། གདོང་རྣམས་སྔ་མགོ་ལྡོག་ནས། བཞེས། ཡའི། སུའུ་རྣམས་ལ་རང་ས། གསོལ་ལ་རྐང་གཡོན་མདུན་དུ་འདེགས་(༣༨བ)


GLG024_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་དང་། ལ་ཞེས་པར་རྐང་གཡས་བཏེག་ཙམ་བྱ། འའི་རྐང་གཡོན་འགྲོ་ཕྱོགས་སུ་འདེགས་འཇོག་བྱས་ནས། ལའི་ལ་རྐང་གཡས་བཏེག་ནས་བཞི་འགྲོས་༣བྱས་ཏེ། མདུན་༡༢ཞེས་པར་རྐང་གཡོན་ཕབ། ༢༢ལ་སླར་རྐང་གཡོན་བཏེག་གཡོན་འཕར་ཏེ་ཕབ་གཡས་བཏེག །༤བརྡུང་གསུམ་ལ་གཡས་པས་བརྩམས་ཏེ། རྩ་བའི་འཆམས་དཔལ་ཆེན་པོའི་སྟོབ་འཆམས་ལྟར་བྱས་ནས་༡༢ལ་རྐང་གཡོན་མདུན་དུ་ཕབ་ནས། སྟོབ་དབྱངས་གཉིས་སྔ་མ་ཇི་ལྟ་བ་སྔ་ཕྱི་གོ་ལྡོག་པ་རྫོགས་མཚམས་ཀྱི་གསོལ་ལ་རྐང་གཡས་མདུན་དུ་འདེགས་འཇོག་ནས། ཚིག་ལྷད་གསུམ་དང་། བཞི་འགྲོས་གསུམ་ཡང་སྔ་མ་གོ་ལྡོག་བྱས་ཏེ། ༡ལ་རྐང་གཡས་མདུན་དུ་ཕབ། ༢༢ལ་སླར་རྐང་གཡས་འདེགས་འཇོག་བྱས། ༤ཚན་༣ལ་གཡོན་ནས་བརྩམ་སྟེ་སྟོབ་འཆམས་བཞིན་ནོ། །དེ་ནས་༡ལ་རྐང་གཡོན་མདུན་དུ་ཕབ། ༢ལ་གཡས་ཕྱིར་འཐེན་ཙམ། ༢རྗེས་མར་གཡོན་བཏེག་འཇོག་ནས། གཡས་ནས་བརྩམས་པའི་བཞི་འགྲོས་གསུམ་མདུན་ཕྱོགས་སུ་བྱས་ཏེ། ༡༢ལ་རྐང་གཡོན་མདུན་དུ་ཕབ་ནས་ཆེམ་བརྡུང་ཆུང་ངུར་བྱ། དེ་ནས་ཆེམ་རྒྱག་བཞི་ལ། དང་པོ་ལ་ལག་གཡས་གཡས་ཕྱོགས་ནས་ནང་དུ་བསྐོར་ཏེ་ཕྱིར་བརྒྱང་བ་དང་མཉམ་དུ་རྐང་གཡས་ཕྱིར་འཐེན། ༢པར་ལག་གཡོན་གཡོན་ཕྱོགས་ནས་ནང་དུ་བསྐོར་ཏེ་ཕྱིར་བརྒྱང་བ་དང་མཉམ་དུ་རྐང་གཡོན་ཕྱིར་འཐེན། ཕྱི་མ་༢ལའང་དེ་ག་བལྡབ། དེ་ནས་ཕཊ་ཀྱིས་བསྒྱུར། སྦྲམ་སྦིར་སྦྲམ་༣ལ་དང་པོ་ཡངས་པད། ༢པ་ལ་ལག་གཡས་སྟེང་དུ་འཕྱར། ༣པར་གཡས་སུ་གཞོལ། དེ་རྗེས་རོལ་གསུམ་གྱིས་རྗེས་མར་གཡས་སུ་གསིགས་ནས། སྦིར་སྦྲམ་གྱིས་རོལ་མོ་ཐང་བརྡུང་ལ་རྐང་གཡས་བཏེག་གཡོན་འཕར་ཏེ་སྦིར་ལ་འབེབས་པ་དང་བསྟུན་ལག་གཡས་མདུན་དུ་


GLG024_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་། རྐང་གཡོན་བཏེག་སྦྲམ་ལ་གཡོན་འཕར་བ་དང་ལག་གཡས་དཀུར་བརྟེན། སྦིར་ལ་ལག་གཡོན་མདུན་བརྐྱང་བ་དང་། སླར་རྐང་གཡས་འཕར་བའི་གཡོན་འབེབས། གཡས་བཏེགས་སྦྲམ་ལ་གཡོན་འཕར་ཏེ་ལག་གཡོན་དཀུར་བརྟེན་པ་འདི་ལ་རྣམ་བཤད་འགྲོས་སམ་སྦར་བསྣོལ་ཞེས་བྱ། འདི་གས་སྦྲུལ་ནག་འཁྱོག་འགྲོས་བྱས་ཏེ་འཆམས་ཁང་དུ་བརྡོག་པའོ། །དེ་ལྟར་བསྐྱེད་རིམ་ཕྱག་རྒྱའི་གར་འཆམས་ཀྱི་རིམ་པ་མཐའ་དག་མ་ཚང་བ་མེད་པར་བཤད་ཟིན་ཏོ། །སྤྱིར་བཟོ་ལ་ལུས་ངག་ཡིད་གསུམ་གྱི་བཟོ་གསུམ་དུ་སྟག་ཚང་ལོ་ཙཱ་བ་སོགས་མཁས་པ་རྣམས་ཀྱིས་གསུངས་ལ། ཕྱག་རྒྱའི་གར་འཆམས་འདི་ཉིད་ལ་ལུས་ངག་ཡིད་གསུམ་གྱི་བཟོ་གསུམ་ག་ཚང་བ་ཡིན་ཏེ། ལུས་ཀྱི་བཟོ་ནི་མངོན་སུམ་དུ་གྲུབ་ཅིང་། ངག་གི་བཟོ་ནི་གསང་སྔགས་ཀྱི་སྒྲ་གྲག་སྟོང་སྐྱེ་བ་མེད་པའི་ཚུལ་དུ་བཟླ། ཡིད་ཀྱི་བཟོ་ནི་ལྷའི་བསྐྱེད་རིམ་གྱི་ང་རྒྱལ་གསལ་སྣང་དང་མ་བྲལ་བས་སོ། །གསང་སྔགས་རྙིང་མ་ལ་ཞི་ཁྲོ་སྒྱུ་འཕྲུལ་དང་། སྒྲུབ་ཆེན་བཀའ་བརྒྱད། རིག་འཛིན་བླ་མའི་དཀྱིལ་འཁོར། བསྟན་སྲུང་ཆོས་སྐྱོང་གི་སྐོར་སོགས་ལ་འཆམས་ཀྱི་རིམ་པ་རྣམ་གྲངས་མང་ཞིང་། ཁྱད་པར་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་དང་། འབྲི་ཁུང་ཞབས་དྲུང་རིན་ཅེན་ཕུན་ཚོགས་སོགས་གཏེར་བཏོན་མང་པོ་ཞིག་གིས་མནལ་ལམ་བཟུང་ནས་ཟངས་མདོག་དཔལ་རིར་བྱོན་ཏེ། དེར་གར་འཆམས་མཛད་ཀྱི་འདུག་པ་རྣམས་གཟིགས་པ་ལ་བརྟེན། ལུས་འགྱུར་གྱི་རིམ་པ་མང་དུ་འདུག་པའང་ངོ་མཚར་བའི་གནས་སུ་སྣང་ཞིང་། བཀའ་བརྒྱད་བྱེ་བྲག་པ་ཕུར་པའི་འཆམས་འཁོན་ཀླུའི་དབང་པོ་སྲུངས་ནས་ཉེ་བར་བརྒྱུད་དེ་དཔལ་ལྡན་ས་སྐྱ་པ་ཡབ་སྲས་(༣༩བ)


GLG024_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱག་ལེན་དུ་ཉེ་བར་བསྟར་བ། མཁྱེན་བརྩེ་ནུས་པའི་བདག་ཉིད་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པའི་གསུང་རྒྱུན་ཇི་ལྟ་བར་མཆོད་དཔོན་ཤེས་རབ་སྣང་བས་བཀོད་པའི་ལུས་འགྱུར་སྣང་བའི་ལུགས་བཞིན་གནམ་བསྐོས་རྒྱལ་པོའི་ཕོ་བྲང་སྣེའུ་སྡོང་རྩེར་ས་སྐྱོང་ཐམས་ཅད་མཁྱེན་པ་གྲགས་པ་འབྱུང་གནས་དང་། དཀོན་གཉེར་དཔོན་རིན་པོ་ཆེ་ཀུན་བཟང་རྩེ་བ་རྣམས་ཀྱི་ཕྱག་བཞེས་སུ་མཛད་པ་དག་རང་ཉིད་ཀྱིས་སྦྱངས་ཤིང་ཉམས་སུ་མྱོང་བ་ཡི་གེར་བཀོད་པ་ཡིན་ནོ། །ས་སྐྱ་ནས་བདག་པོ་སྔགས་འཆང་ཆེན་པོས་ཕུར་པ་སྨད་ལས་ཀྱི་འཆམས་ལ་དུར་ཁྲོད་བདག་པོའི་འཆམས་བཅུག་ནས་གཟིགས་མོ་འབུལ་ཕྱིར་ངེད་རང་གི་བློ་ལ་ཤར་ནས་བྱས་གསུང་བ། བདག་ཆེན་པ་འཕྲེང་པོ་གཏེར་བཏོན་པའི་ལུང་བསྟན་ན་སློབ་དཔོན་བཻ་རོ་ཙ་ནའི་སྤྲུལ་པར་བསྟན་ཡོད་འདུག་པས་དམ་པའི་གཟིགས་སྣང་ལ་ཤར་བ་དག་ཁུངས་དང་འབྲེལ་བའི་གནས་ཡིན་ཤས་ཆེ་ནའང་། གོང་མའི་ཕྱག་ལེན་ལ་མེད་པ་གསར་དུ་བཅུག་པ་འབྲེལ་མ་ཆགས་ཤིང་། གཟིགས་མོ་འབུལ་ཕྱིར་གསུང་བ། དིང་སང་གསང་སྔགས་ཀྱི་ཕྱག་ལེན་སོགས་མི་ཤེས་པར་ལྟོ་ཕྱིར་དུ་སྣང་བ་ལ་གང་ཤར་གྱི་འཆམས་བྱས་ནས་གཞན་མགོ་བསྐོར་བ་རྣམས་ཀྱི་ངང་ཚུལ་ལ་བརྟེན། འཆམས་ལྟད་མོ་དང་རྩེད་མོ་ལྟ་བུ་ཡིན་སྙམ་པའི་ཕལ་ཚིག་ཤོར་འདུག་པས་རྫོབ་རྟགས་ཀྱི་གསུང་དུ་འདུག་གོ །ལུས་ནི་ལྷ་ཡི་རྣམ་འགྱུར་རོལ་གར་ཅན། །ངག་ནི་གསང་སྔགས་དབྱར་རྔ་ལྟ་བུར་སྒྲོལ །ཡིད་ནི་བསྐྱེད་རྫོགས་ཟུང་འཇུག་ཏིང་འཛིན་ཅན། །ཚད་ལྡན་རིག་སྔགས་འཆང་བ་དེ་རྨད་བྱུང་། །དྲི་མེད་རྒྱུད་སྡེའི་ཕྱག་ལེན་ཇི་བཞིན་དུ། །ཆད་མེད་རིགས་འཛིན་ཚོགས་ལ་ཉེར་འོངས་པའི། །སྔོན་མེད་འཆམས་ཀྱི་ལུས་འགྱུར་གསལ་(༤༠ན)


GLG024_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་འདི། །འཁྲུལ་མེད་ཀུན་བཟང་རྩེ་བའི་ལུགས་སྲོལ་ཡིན། །ཚད་ལྡན་ལག་ལེན་བོར་ནས་རང་བཟོ་ཡི། །གང་ཤར་ཁྲོམ་གྱི་དབུས་སུ་འཆམས་པ་རྣམས། །གསང་ཆེན་བསྟན་པ་ཉམས་པའི་བྱེད་པོ་རུ། །གཞན་འཕྲུལ་དབང་བྱེད་གནས་ནས་འོངས་མིན་ནམ། །དེ་ཕྱིར་འགོང་པོའི་གདོན་གྱིས་མ་ཟིན་པའི། །རྣམ་དཔྱོད་ལྡན་རྣམས་སྔོན་བྱོན་དམ་པ་ཡི། །རིང་ལུགས་ཉམས་པ་མེད་ལ་བསླབས་བྱས་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་བྱོས། །དེ་ལྟར་ཆེར་འབད་དགེ་ཚོགས་ཡིད་བཞིན་དབང་། །བསམས་དོན་ལྷུན་གྱིས་གྲུབ་པའི་རྒྱལ་མཚན་རྩེར། །བཀོད་པའི་མཐུ་ཡིས་གར་ཐིག་དབྱངས་ལ་སོགས། །གསང་ཆེན་བསྟན་པའི་ཕྱག་ལེན་རྒྱས་གྱུར་ཅིག །ཅེས་དཔལ་ཀུན་ཏུ་བཟང་པོའི་འཆམས་ཀྱི་བརྗེད་བྱང་ལྷའི་རོལ་གར་ཞེས་པ་འདིའང་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་སོགས་རིག་སྔགས་འཆང་བའི་འདུས་པའི་སྡེ་དུ་མ་ལ་ཕན་པར་བསམ་པའི་བློས། ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོ། མིང་གཞན་བླ་མེད་རྡོ་རྗེ་རྩལ་དུ་འབོད་པས་མེ་ཕག་ཧོར་ཟླ་བཞི་པའི་ནང་དུ་འགོ་བཙུགས་ཏེ། རྩ་འཆམས་ཡོངས་སུ་རྫོགས་པ་དང་། བྲུབ་འཆམས་ཀྱི་ཕལ་ཆེར་གྲུབ་སྐབས་རྣམ་གཡེང་གི་ཁོལ་པོར་སོང་ནས་འཕྲོ་ལུས། དེ་ནས་ས་གླང་ནང་དུ་ཕོ་བྲང་པོ་ཏ་ལར་སྣེའུ་སྡོང་རྩེ་ནས་ཞབས་དྲུང་རིན་པོ་ཆེ་མ་ཆེན་ཕེབས་སྐབས། སྤྱན་ལམ་དུ་ཕབ་ནས་ཞུས་དག་གནང་ཞིང་། སླར་ཕོ་བྲང་གོང་རི་དཀར་པོའི་དཀོན་གཉེར་དཔོན་དགེ་སྟེང་བླ་མ་བྱམས་པ་ཀུན་དགའ་འབྱུང་གནས་ཀྱིས་ཞུས་དག་དང་། ཅུང་ཟད་ལུས་པ་རྣམས་གོང་དང་ཆ་མཚུངས་སུ་ཡི་གེར་བཀོད་བཅུག་པའི་མཇུག་སྡོམ་དང་བཅས་ཡོངས་སུ་རྫོགས་པར་ཆུ་འབྲུག་ནག་པ་ཟླ་བའི་རྒྱལ་བ་གསུམ་པའི་ཚེས་ལ་དགའ་ལྡན་ཕོ་བྲང་དུ་བཀོད་པ་སིདྡྷི་རསྟུ།། །།

རྗེ་བཙུན་བསམ་གཏན་གླིང་པའི་ཨ་ཏིའི་ཆོས་སྐོར་གྱི་དཀར་ཆག་ཐེག་མཆོག་རིན་ཅེན་དོ་ཤལ།


GLG024_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བསམ་གཏན་གླིང་པའི་ཨ་ཏིའི་ཆོས་སྐོར་གྱི་དཀར་ཆག་ཐེག་མཆོག་རིན་ཅེན་དོ་ཤལ་ཞེས་བྱ་བ་བཞུགས་སོ། །


GLG024_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་སངས་རྒྱས་ཨྱོན་སྤྲུལ་པའི་སྐུ། །སྣང་བཞི་མཐར་ཕྱིན་པཎ་ཆེན་བི་མ་ལ། །རྒྱ་བོད་རིགས་འཛིན་མུ་ཏིག་ཀ་འཕྲེང་ལྟར། །ཚད་མེད་ཚོགས་རྣམས་སྙིང་དབུས་ཟེའུ་འབྲུར་བསྟེན། །འཇམ་མགོན་འཁོན་རིགས་ཟབ་དོན་གངྒཱའི་ཀླུང་། །ལྡོང་སྟོན་རིམ་བྱོན་ཐུགས་མཚོར་འཁྱིལ་བའི་འཇིངས། །ལེགས་བཞུགས་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ། །དེའི་དབོན་འཇམ་དབྱངས་རྒྱལ་མཆོག་རྟག་ཏུ་བསྔགས། །རང་རིག་སྙན་བརྒྱུད་གདམས་པས་རབ་མྱོས་ཤིང་། ཁྱད་པར་པད་འབྱུང་གཏེར་སྟོན་ཆོས་དབང་སོགས། །མཁས་གྲུབ་དུ་མས་དངོས་ཉམས་བྱིན་བརླབས་པ། །ཟབ་ལམ་གསལ་མཛད་བསམ་གཏན་གླིང་པར་འདུད། །མགོན་ཁྱོད་ཐུགས་ཀྱི་ཀློང་བརྡོལ་ཡང་ཕུར་གྱི། །གདམས་ངག་ཨ་ཏི་སྟོན་མཁས་ཞ་ལུ་པ། །དཔལ་ལྡན་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །རིན་ཅེན་བསོད་ནམས་མཆོག་གྲུབ་གཙུག་ན་མཛེས། །དམ་པའི་དྲིན་ལས་ཐོས་པའི་གླེགས་བམ་འདིའི། །དཀར་ཆག་སྒྲིགས་ཞེས་རྡོ་རྗེའི་སློབ་དཔོན་གྱིས། །(༢ན)


GLG024_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་མི་བཟློག་གཞན་ཕན་རང་ཡིད་ལ། །གོམས་ཕྱིར་འདྲི་བར་ཆོས་སྲུང་གནང་བ་སྩོལ། །དེ་ཡང་རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་རྣམས་དང་བླ་རེས་སློབ་རེས་ཀྱི་ཚུལ་དུ་བྱོན་ནས་སྙན་བརྒྱུད་ཀྱི་བསྟན་པ་འཛིན་པ་ལྡོང་སྟོན་རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག་སོགས་རིམ་པར་བྱོན་པའི་གདུང་ལས་མཉམ་མེད་རྗེ་བཙུན་བསམ་གཏན་གླིང་པ་ནམ་མཁའ་བསོད་ནམས་དེ་ཉིད་རྣལ་འབྱོར་གྱི་དབང་ཕྱུག་ལྡོང་སྟོན་སེང་གེ་རྒྱལ་མཚན་གྱིས་བྱིན་གྱིས་བརླབས། དཔོན་འཇམ་དབྱངས་བསོད་ནམས་རྒྱལ་མཆོག་གིས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་གདམས་པ་རྣམས་གནང་ཞིང་རྗེས་སུ་བཟུང་བའི་མཁས་ཤིང་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོར་གྱུར། ཁྱད་པར་ཨ་ཏི་རྫོགས་པ་ཆེན་པོ་ཀ་དག་སྣང་བཞིའི་ལམ་ལ་རིང་བརྒྱུད་ལ་ལྟོས་མི་དགོས་པར་དུས་གསུམ་སངས་རྒྱས་དཔལ་ཨྱོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དངོས་དང་མནལ་ལམ་དུ་བྱིན་གྱིས་བརླབས་པས་མན་ངག་རྣམས་ཐུགས་ཀྱི་ཀློང་ནས་རང་བརྡོལ་བ་ལྟ་བུར་གྱུར་ལ། གཞན་ཡང་གནུབས་ཡོན་ཏན་རྒྱ་མཚོ་སྤྲུལ་པའི་གཏེར་སྟོན་གུ་རུ་(༢བ)


GLG024_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབང་ཕྱུག །མགོན་པོ་འཇམ་དཔལ་དབྱངས། བླ་ཆེན་འབྲོག་མི། ཞང་དགོན་པ་བ། བ་རི་ལོ་ཙཱ་བ། འཁོན་རིགས་འཇམ་དཔལ་རྡོ་རྗེ་ས་སྐྱ་པ་གོང་མ་ལྔ། དཔལ་ལྡན་བླ་མ་དམ་པ་སོགས་ཀྱིས་རྗེས་སུ་བཟུང་བ་ལ་བརྟེན་ནས་མན་ངག་འདི་ཉིད་ཡི་གེར་བཀོད་ཅིང་སྐལ་ལྡན་གྱི་སློབ་མ་རྣམས་ལ་གནང་བས་བསམ་གཏན་གླིང་པའི་ཨ་ཏི་ཞེས་ཟབ་པའི་སྙན་གྲགས་ཕྱོགས་བཅུར་ཁྱབ་ཅིང་། གསང་སྔགས་གསར་རྙིང་སྤྱི་དང་། ཁྱད་པར་སྔགས་རྙིང་མའི་ཕྱོགས་ལ་བར་སྐབས་སུ་དར་རྒྱས་ཤིན་ཏུ་ཆེ་ནའང་། དུས་དབང་གིས་རང་གཞན་ཀུན་ལ་གལ་ཆུང་ཆོས་སུ་བྱེད་པ་འདི་ཆེས་མང་བས་རིམ་གྱི་འགྲིབ་སྟེ་རྒྱུན་དཀོན་པར་སྣང་བ། ཁོ་བོ་སྔོན་གྱི་བསགས་རྒྱབ་དང་སྨོན་ལམ་གྱི་འཚམས་སྦྱོར་མི་དམན་པས་ཟབ་ཆོས་འདི་ཉིད་ཐོས་པའི་སྐལ་བ་ཅན་དུ་གྱུར་པས་གླེགས་བམ་གང་འདིའི་དཀར་ཆག་འདྲི་བ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པ་བརྒྱུད་པ་དང་ལོ་རྒྱུས་ཀྱི་སྐོར། མན་ངག་ཉམས་ལེན་དངོས་ཀྱི་སྐོར། ཁུངས་དང་རྒྱབ་རྟེན་གྱི་སྐོར། རྩ་གསུམ་ལས་བྱང་ཆོས་སྲུང་གི་སྐོར་དང་བཞི། དང་པོ་ནི། ཤིན་ཏུ་ཉེ་བརྒྱུད་ཀུན་ཏུ་བཟང་པོ་ལ་རྗེ་བསམ་གཏན་གླིང་པས་གསན་པ། ཉེ་བརྒྱུད་སློབ་དཔོན་ཆེན་པོ་པདྨ་ལ་གསན་པ། རིང་བརྒྱུད་ཡང་ཕུར་གློང་བཤགས་རྣམས་ཀྱི་དགོངས་པ་གཅིག་ཏུ་བསྡུས་པ་རྩ་བའི་བརྒྱུད་པ་རིན་པོ་ཆེ་དོན་གྲུབ་དཔལ་འབྱོར་ལ་གསན་པ་དང་། ཕུར་པ་རྩ་དུམ། ཡང་ཕུར་རྩ་དུམ་ལྟ་བའི་གློང་བཤགས་དང་བཅས་པ། བི་མ་ལའི་བསམ་གཏན་མིག་གི་སྒྲོན་མ། ཕུར་པ་ལྕམ་ལུགས་སུ་གྲགས་པའི་རྩ་བ་གསུམ་གྱི་ལས་བྱང་རྣམས་ཀྱི་བརྒྱུད་ཚུལ་མི་འདྲ་བ་སོ་སོ་རང་གི་ཁུ་བོ་མཁན་ཆེན་འཇམ་དབྱངས་བསོད་ནམས་རྒྱལ་(༣ན)


GLG024_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལ་གསན་པ། གཉན་ལོ་ནས་བརྒྱུད་པའི་རིམ་པ་རྣམས་ཀྱི་མཇུག་ཏུ། སྟོང་ཉིད་མ་རྟོགས་ཐར་པ་གང་གིས་ཐོབ། །རྫོགས་ཆེན་མེད་ན་སྟོང་ཉིད་ཅི་ཕྱིར་གོ །བསོད་ནམས་དམན་པས་རྫོགས་ཆེན་ག་ལ་རྙེད། །དེ་ལ་ཁོ་བོ་མིན་པ་སུ་ཡིས་བསྔགས། །ཞེས་པའི་ཚིགས་བཅད་ལྟར་ན་མཉམ་མེད་ཆེན་པོའི་གསུང་འདྲ་ཡང་། འདིའི་འགོར་ཕ་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་བསམ་གཏན་གླིང་པ་ཞེས་པའི་ཚིག་རིགས་ལ་དཔགས་ན་དངོས་སློབ་ཞིག་གིས་མཛད་དམ་སྙམ་མོ། །སྔོན་གྱི་མཁས་པ་རྣམས་ཀྱིས་མཛད་པའི་རྫོགས་ཆེན་རྩོད་སྤོང་གི་ཡི་གེ་རྣམས་ལས་རྗེ་བཙུན་བསམ་གཏན་གླིང་པས་སྙིང་པོ་བསྡུས་ཏེ་ཚིག་ཉུང་དོན་རྒྱས་སུ་མཛད་པ་འདིའི་སྦྱར་བྱང་དུ། དེ་སྐད་འདི་ནི་འདྲི་བ་པོ། །ཆོས་སྐུ་ཀུན་བཟང་རོལ་པ་རུ། །འཆར་བར་རེ་བའི་རྣལ་འབྱོར་པ། །གདོད་ནས་རང་གྲོལ་མ་ཡིན་ནམ། །ཞེས་གསུངས་པས་གདོད་ནས་རང་གྲོལ་དེ་མཚན་གྱི་རྣམ་གྲངས་སུ་ངེས་སོ། །རྩོད་སྤོང་འདིས་འགོས་ལྷས་བཙས། ཕོ་བྲང་ཞི་བ་འོད་སོགས་སྔོན་བྱོན་མང་པོའི་འཇམ་ཡིག་དང་། ཕྱིས་ཀྱི་འབྲི་གུང་དཔལ་འཛིན། ཀརྨ་པ་མི་བསྐྱོད་རྡོ་རྗེ་སོགས་དུ་མའི་རྩོད་ཡིག་མཐའ་དག་བྱེ་མའི་ཆངས་བུ་ལྟར་གྱུར་ནས་བྱ་བརྒྱ་འུར་རྡོ་གཅིག་གིས་དེད་པའི་ཚུལ་འདི་ནི་ཤིན་ཏུ་ངོ་མཚར་བར་སྣང་བས་དཔྱོད་ལྡན་རྣམས་སྙིང་ལ་འཆང་བར་བྱའོ། །བི་མ་ལའི་བསམ་གཏན་མིག་གི་སྒྲོན་མའི་བླ་མ་བརྒྱུད་པའི་གསོལ་འདེབས་སྤྱི་གཙུག་ཉི་ཟླ་མ། ཡང་ཕུར་ཐུན་མོང་གི་གདམས་པའི་རྫོགས་ཆེན་བླ་མ་བརྒྱུད་པའི་གསོལ་འདེབས་འགྱུར་མང་ཐིག་ལམ། བརྒྱུད་འདེབས་གོང་འོག་གཉིས་ཀའི་མཇུག་ཏུ་ཤློ་ཀ་རེ་གཉིས་ཙམ་རྗེས་འཇུག་གིས་བཅུག་པ་(༣བ)


GLG024_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དངོས་གཞི་རྗེ་བཙུན་ཆེན་པོ་ཉིད་ཀྱི་གསུང་དུ་ངེས་ཤིང་། ཁྱད་པར་འགྱུར་མེད་ཐིག་ལེ་མའི་གཤམ་ན། བྱར་མང་བསམ་གཏན་གླིང་པ་ཡིས། །དད་པའི་ཆར་སྤྲིན་གཡོས་ལགས་སོ། །ཞེས་པས་ཀྱང་ཤེས་ནུས། བརྒྱུད་འདེབས་ཕྱི་མ་འདི་ཆོས་འདི་ལ་བཀའ་དྲིན་ཆེ་བའི་བླ་མ་རྣམས་བསྡུས་པ་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་མིན་ནོ། །མཉམ་མེད་བསམ་གཏན་གླིང་པའི་བསྟོད་པ་དད་པའི་སྒྲ་དབྱངས་ཞེས་བྱ་བ་སྡེ་སྣོད་འཛིན་པ་སངས་རྒྱས་ལྷུན་གྲུབ་ཀྱིས་མཛད་པ། མཉམ་མེད་ཆེན་པོ་ཉིད་ཀྱིས་ཉམ་ང་བའི་རྩར་རླུང་སེམས་འདུས་པའི་རྟེན་འབྲེལ་གྱིས་དངོས་ཉམས་སུ་ཁུ་འཁྲིག་གི་མཚན་མ་བྱུང་བར་བརྟེན་གནས་ལུགས་མངོན་སུམ་དུ་སྟོན་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་གནས་སྤྱི་བོ་བདེ་ཆེན་མ། མཉམ་མེད་བསམ་གཏན་གླིང་པ་ཉིད་ཀྱི་མནལ་ལམ་བརྡ་ཆོས་ཀྱི་ཚུལ་དུ་འཇམ་དབྱངས། འབྲོག་མི། ཞང་། བ་རི་བ། ས་སྐྱའི་རྗེ་བཙུན་གོང་མ་ལྔ་དང་། དྲུང་ཆོས་རྗེ་པ། །ཨྱོན་ཆེན་པོ། གཏེར་སྟོན་ཆོས་དབང་། གནུབས་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་རྗེས་སུ་བཟུང་ཚུལ་གྱི་རྣམ་ཐར་ཚིག་ཉུང་ཞིང་དོན་ཟབ་པ་མཐོང་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་བར་ནུས་པ་རྗེ་བཙུན་རང་ཉིད་ཀྱིས་མཛད་པ། ཡང་དག་དང་ཕུར་པའི་ཆོས་ཀྱི་བྱུང་ཚུལ་བདུད་རྩི་ཁུངས་འབྱིན་རྗེ་བཙུན་བསམ་གཏན་གླིང་པས་མཛད་པ། བྲམ་ཟེ་མི་ཐོད་ཅན་སོགས་ཀྱིས་བསྐུལ་བ་ལ་བརྟེན་ནས་ཀུན་ཏུ་བཟང་པོའི་ཐུགས་ཀྱི་གོང་ནས་བརྟོལ་བའི་ཡང་ཕུར་གྱི་གླེགས་བམ་པྲ་བྷ་ཧསྟི་དང་ཧཱུཾ་ཀ་ར་ལ་བཀའ་བབས་པ། སློབ་དཔོན་ཆེན་པོའི་རྣམ་ཐར་ལས་བརྩམས་ཏེ་བཀའ་གཏེར་གྱི་བྱུང་ཚུལ། བི་མ་ལ་དང་གནུབས་ཀྱི་ལོ་རྒྱུས་སོགས་ཆོས་འདིར་མཁོ་བའི་ཆོས་འབྱུང་(༤ན)


GLG024_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཉུང་དོན་རྒྱས་པ་ཞིག་སྣང་ངོ་། །གཉིས་པ་མན་ངག་ཉམས་ལེན་དངོས་ཀྱི་སྐོར་ལ། ཨ་ཏི་ཡོ་གའི་ཟབ་འཁྲིད་ཀྱི་ས་གཅད་འགྲོ་ཀུན་དགའ་བསྐྱེད་ཅེས་བྱ་བ་མཉམ་མེད་བསམ་གཏན་གླིང་པ་ཆེན་པོའི་གསུང་རྒྱུན་བླ་མ་སངས་རྒྱས་ལྷུན་གྲུབ་ཀྱིས་ཟིན་བྲིས་སུ་བཏབ་པ། འདི་འཁྲིད་འཆད་པ་ལ་ཤིན་ཏུ་མཁོ་བའི་གཅེས་གནད་ཡིན། ཡང་ཕུར་གཉིས་ཀྱི་ཐུན་མོང་གི་རྫོགས་རིམ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་འཁྲིད་ཡིག་ལམ་རིམ་ཐར་པའི་སྒོ་གཅིག་ཅེས་བྱ་བ་རྗེ་བཙུན་བསམ་གཏན་གླིང་པས་མཛད་པ། འདི་ལ་སྐུ་གསུམ་གྱི་བཞུགས་སྟངས་དང་འོག་གསལ་སྣང་བ་བཞིའི་ལམ་གྱི་རིམ་པ་རྫོགས་ཆེན་སྤྱི་སྐད་དང་མཐུན་པ་ལ་རླུང་སྦྱོར་དང་རིགས་དྲུག་གི་ས་བོན་སྦྱོང་བ་ཕུར་པ་དང་སྦྱར་བ། གཅིག་དུ་བྲལ་གྱིས་གཏན་ལ་ཕབ་པ་རྣམས་ལས་ཁྱད་ཞུགས་པའི་ཞི་ལྷག་དང་སྦྱོར་ཚུལ་སོགས་མན་ངག་ཟུར་ཁྱད་ཅན་ངོ་མཚར་བའི་གནད་གསང་ཆེས་ཤིན་ཏུ་ཟབ་པས། ཇི་སྐད་དུ། དབྱིབས་དང་ཁ་དོག་ཆ་ཚད་ངེས་ན་ཡང་། །རྒྱུ་འབྲས་ངོ་བོ་གསུམ་གྱིས་སྟོང་བས་ན། །གཉེན་པོས་མི་འཇིག་རྐྱེན་གྱིས་མི་འགྱུར་བའི། །དོན་གྱི་རྡོ་རྗེ་འཛིན་པ་ཁོ་བོ་ཙམ། །ཞེས་གསུང་བའང་དོན་ལ་གནས་ཤིང་མཇུག་ཏུ་སྔགས་བདག་གིང་ཆེན་བཅོ་བརྒྱད་དང་དཔལ་སྔགས་ཀྱི་སྲུང་མ་ལ་གཉེར་གཏད་ཤིན་ཏུ་འཇིགས་པ་ཡོད་དོ། །སེམས་འཛིན་གྱི་མན་ངག་ཅུང་ཟད་ཙམ་ཟུར་དུ་ཕྱེ་བ་རྗེ་བཙུན་ཉིད་ཀྱིས་གསུངས་ཏེ། ཞི་གནས་བསྒོམ་པའི་ཚུལ་སྐབས་དོན་འགྲུབ་པ་ཞིག་སྔར་བསྟན་ཟིན་ཅེས་པས་ཀྱང་ཤེས་སོ། །བསམ་གཏན་གྱི་གོལ་ས་གཅོད་པ་རྗེ་བཙུན་བསམ་གཏན་གླིང་པས་མཛད་པ། གོང་གི་མཆོད་བརྗོད་ཀྱི་ཚིག་རྐང་ལྔ་པོ་རི་བོ་རྩེ་ལྔར་ཆོས་རྗེ་པཎྜི་ཏས་ཡེ་ཤེས་(༤བ)


GLG024_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ་འཕགས་པ་རིན་པོ་ཆེར་བསྟན་ནས་རྟོགས་པ་དཔེའི་ཕྱག་ཆེན་ངོ་སྤྲད་པའི་ཚེ་འཕགས་པས་མཛད་པར་འདུག །འདིའི་ནང་དུ་རྒྱ་ནག་ཧྭ་ཤང་གི་ལྟ་བ་ངན་པ་ཀ་མ་ལས་བཀག་ལ། ཉང་ཏིང་འཛིན་བཟང་པོར་ལོ་ཟླ་བདུན་གྱི་བར་དུ་རྩེ་གཅིག་ཏུ་གནས་པའི་ཞི་གནས་ལྟེང་པོ་ཡོད་པར་མཁས་པ་བི་མ་ལས་དེ་འདྲས་འཚང་མི་རྒྱ་ཞེས་རྫོགས་ཆེན་བསྟན་པ། ཕྱིས་ཕྱག་ཆེན་མཚན་ཉིད་པ་མ་ཡིན་པར་ལྟ་བ་ལ་ཕྱག་ཆེན་དུ་མིང་བཏགས་པའི་ཟོག་ཆོས་རྣམས་སྡོམ་གསུམ་དུ་བཀག་པ་དང་། སེམས་གནས་ཙམ་གྱི་ཕྱག་ཆེན་བཀའ་བསྟན་བཅོས་ཀྱི་ལུང་ཁུངས་རྣམས་དང་མི་འགྲེལ་ཚུལ་སྙིང་པོ་བསྡུས་ཏེ་བསྟན་པས་ཨ་ཏི་སྒོམ་པ་ལ་ཉེ་བར་མཁོ་ཞིང་ལམ་ལོག་པར་མི་འཁྱམ་པའི་དགོས་པ་ཡོད་དོ། །གསུམ་པ་ཁུངས་དང་རྒྱབ་རྟེན་གྱི་སྐོར་ལ། སྣང་བཞིའི་དོན་སྟོན་པའི་བསམ་གཏན་མིག་གི་སྒྲོན་པ་པཎ་ཆེན་བི་མ་ལས་མཛད་པ། ཚིག་དྲུག་དྲུག་གིས་རྡོ་རྗེ་སེམས་དཔའ་ཞལ་མཐོང་བར་བྱེད་པ་སྤྲོས་པ་གཅོད་པའི་སྒྲོན་མ། རིག་པ་ཚད་ལ་འབེབས་པའི་སྣང་བ་སྟོན་པ། མེའི་ལོག་གནོན་ཞར་བྱུང་དུ་རྨི་ལམ་སྦྱང་བ། རིམ་པ་གཉིས་ལ་འཇུག་པའི་སྒོ་མཉམ་མེད་བསམ་གཏན་གླིང་པས་མཛད་པ། འདིར་བསྐྱེད་རྫོགས་ཀྱི་སྐབས་གསང་འདུས་དུས་འཁོར་གཉིས་དང་མི་འདྲ་བའི་ཁྱད་པར། དེ་བཞིན་མདོ་སྔགས་ཀྱི་ལྟ་བ་ལ་རྟོགས་ལུགས་ཀྱི་སྒོ་ནས་མྱུར་བུལ་སོགས་གནད་འགག་ཡོད་དོ། །རླུང་སྦྱོར་ལ་མཁོ་བ་རིན་པོ་ཆེ་ལུང་གི་ཕྲ་ཐིག །འདི་ཟབ་པ་པོད་བཞིར་ཡོད་པ་དང་འདྲ་མིན་ཞིག་འདུག་རུང་དྲི་མེད་བཤེས་གཉེན་གྱི་གསུང་འགྲོས། སྒྲོན་མ་དྲུག་གི་གནད་སྟོན་པ་གསང་བའི་ཐིགས་པ་ཡང་གསང་སྦས་པའི་དུམ་བུ། རྒྱུད་བཅུ་བདུན་གྱི་ཁོང་སྙིང་(༥ན)


GLG024_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་ལེན་ཚུལ་སྣོད་མིན་ལ་མི་སྟེར་བའི་བཀའ་རྒྱ་ཅན། འདི་གཉིས་ལྕེ་བཙུན་སེང་གེ་དབང་ཕྱུག་གིས་མཛད། གདོད་ནས་དག་པའི་སེམས་ཀྱི་གནས་ལུགས་སྟོན་པའི་རྩ་བ་སློབ་དཔོན་བཻ་རོ་ཙ་ནས་མཛད་པ། བྱང་ཆུབ་ཀྱི་སེམས་བསྒོམ་པ་དོན་དྲུག་པ་གནུབས་ཡོན་ཏན་རྒྱ་མཚོས་མཛད་པ། ཐིག་ལེ་གསང་སྐོར་གྱི་གནད་ཆོག་བཞི་མ། གདམས་པ་ཚིག་གཅིག་མ། གནད་གསུམ་གྱིམན་ངག་ཚངས་པ་ལྷའི་མེ་ཏོག་གི་ཐུགས་གཏེར། ལྟ་སྒོམ་སྤྱོད་འབྲས་ཀྱི་གནད་སློབ་དཔོན་རིན་པོ་ཆེས་གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ལ་མནལ་ལམ་གྱི་ཚུལ་དུ་གསུངས་པ། ཨ་ཏི་ཡོ་གའི་ལམ་གྱི་རིམ་པ་ལ་ཉེ་བར་མཁོ་བ་མཉམ་མེད་བསམ་གཏན་གླིང་པའི་གསུང་འགྲོས་ཐོར་བུ་ཞལ་སློབ་རྣམས་ཀྱིས་ཟིན་བྲིས་སུ་བཏབ་པ་ཚོགས་ཆེན་སྟན་གཅིག་དཔལ་འབྱོར་བཟང་པོས་འཁྲིད་ཡིག་གི་གོ་རིམ་དང་བསྟུན་ནས་བསྒྲིགས་པར་མཉམ་མེད་ཆེན་པོའི་དངོས་སློབ་གསང་ཕུ་བ་ཆོས་རྒྱལ་བས་ཞུས་དག་མཛད་པ། འདི་ལ་མདོ་སྔགས་བསྟན་བཅོས་ཀྱི་ལུང་འདྲེན་གྱི་རྒྱབ་ཆོས་མང་དུ་ཡོད་དོ། །གླང་པོ་ཆེ་རབ་འབོགས་ནས་བཀོལ་བའི་དྲི་མེད་བཤགས་རྒྱུད་ཀྱི་ཡེ་ཤེས་ལྷ་དང་འཁོན་གཅུགས་བཤགས་པའི་ལེའུ་ཟུར་དུ་ཕྱུང་བ་ལྟ་བའི་ཀློང་བཤགས་ཡེ་ཤེས་སྐུ་མཆོག་ལྟ་བའི་ཀློང་བཤགས་ཀྱི་བཤད་ཐབས་མཉམ་མེད་ཆེན་པོའི་དངོས་སློབ་ཞལ་ཕུབ་ནམ་མཁའི་རྒྱལ་མཚན་གྱིས་མཛད་པ། རྫོགས་པ་ཆེན་པོ་ཕྱི་སྐོར་ནང་སྐོར་གསང་བ་བླ་ན་མེད་པ་རྣམས་ཀྱི་རྣམ་པར་དབྱེ་བ་གསལ་བའི་སྒྲོན་མ་ཞེས་བྱ་བ་མཉམ་མེད་བསམ་གཏན་གླིང་པའི་དགོངས་བཞེད་ལྟར་རྗེ་དཔལ་འབྱོར་བཟང་པོས་མཛད་པ། རྫོགས་པ་ཆེན་(༥བ)


GLG024_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕྱི་སྐོར་གྱི་གཞུང་དོན་གསལ་བྱེད། འདིའི་མཇུག་ན། གངས་རིའི་ཁྲོད་ཀྱི་ལམ་རྫོགས་པ། །དམ་པའི་དྲིན་ཐོབ་གང་ཡིན་དེས། །དཔལ་ལྡན་དྭགས་པོའི་རིང་ལུགས་པ། །སྐལ་ལྡན་སྐྱེས་བུ་ཞིག་ལ་གདམས། །ཞེས་པ་ལ་དཔགས་ན་མཉམ་མེད་ཆེན་པོའི་གསུང་ཡིན་པ་འདྲའོ། །རེ་ག་ནག་པོ་དང་དྲི་མེད་འོད་ཟེར་གྱི་འཆར་ཚུལ་མཉམ་མེད་ཆེན་པོའི་གསུང་རྒྱུན། ཨ་ཏི་ཕྱི་སྐོར་གྱི་འཁྲིད་ཡིག་ཚིགས་བཅད་མ་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པ། རྗེ་རང་བྱུང་རྡོ་རྗེ་འདི་ཉིད་མཁའ་འགྲོ་སྙིང་ཐིག་གི་ཆོས་བདག་དང་བི་མ་ལས་བྱིན་གྱིས་བརླབས་པས་སྙིང་ཐིག་གཉིས་ལ་མངའ་བརྙེས་ནས་རྫོགས་ཆེན་གྱི་བསྟན་འཛིན་ཡིན་ནའང་། གང་གི་སྤྲུལ་པར་གྲགས་པའི་མི་བསྐྱོད་རྡོ་རྗེས་གསང་སྔགས་སྔ་འགྱུར་གྱི་ཕྱོགས་ལ་སྙིང་ནས་སྨོད་ཅིང་། ཟབ་མོ་ནང་དོན་གྱི་བརྒྱུད་པར་བཞུགས་པའི་གྲྭ་ཕྱི་རྒྱལ་བ་གཡུང་སྟོན་པས་བལ་ཡུལ་ནས་གསང་བ་སྙིང་པོའི་རྒྱ་དཔེ་རྫུས་མ་བཟོས་ཞེས་སྐུར་པ་གདབ་པ་སོགས་ལ་དཔགས་ན་ཁྱེད་རང་གིས་སྣེའུ་གདོང་གོང་མ་ཆེན་པོར་ཕུལ་བའི་ཆབ་ཤོག་ཏུ། དེང་དུས་དབུ་རུ་བྱང་ཕྱོགས་རྒྱུད་འདི་ན། །གཏེར་སྟོན་ལྕང་ལོ་ཅན་སོགས་བདུད་སྤྲུལ་འགས། ཞེས་ལྷ་སྲས་རྒྱལ་པོའི་རྣམ་འཕྲུལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས་ལ་ཟུར་ཟ་བར་མཛད་འདུག་ཀྱང་བདུད་དེ་ཁྱེད་རང་གི་ཤངས་སུ་མཛུབ་མོ་འཛུགས་པར་རིགས་སམ། ཟབ་ཆོས་འདི་ཉིད་ཀྱི་བཤད་ཁུངས་ཡང་དག་རྩ་བ། རུ་ལུ་འབྲུ་བརྒྱད་གསེར་འཕྲེང་ཐུགས་ཀྱི་ལྡེ་མིག་སློབ་དཔོན་ཧཱུཾ་ཀ་རས་མཛད་པ། ཟབ་ཆོས་འདི་ཉིད་ཀྱི་བཤད་ཁུངས་ཕུར་པ་རྩ་དུམ། དེ་ཡང་གོང་དུ་ཡང་ཕུར་གཉིས་ཀྱི་རྩ་བ་ཡོད་པའི་རྒྱུ་མཚན་ཡང་ཕུར་ནི་(༦ན)


GLG024_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འདི་ཉམས་སུ་ལེན་པའི་ཡི་དམ་ཡིན་ཅིང་། དེར་མ་ཟད་ལྟ་བའི་སྐབས་ཀྱང་ཡང་དག་རྩ་བ་ནས་ཡིག་འབྲུ་བཅུ་བཞི་དང་། ཕུར་པ་རྩ་དུམ་ནས་ཡིག་འབྲུ་གསུམ་གྱི་དགོངས་པ་དང་སྦྱོར་ལ། སྣང་བཞི་སྒྲོན་དྲུག་གི་སྐོར་ལ་བསམ་གཏན་མིག་སྒྲོན་དང་། ཉམས་ཆགས་སྐོང་བར་ལྟ་བའི་ཀློང་བཤགས་རྣམས་ལ་རྩ་བ་ལྟ་བུར་མཛད་པ་ཡིན་ནོ། །སྡེ་པ་སྣང་རྩེ་བས་ཡང་ཕུར་གཉིས་ལ་སྨིན་བྱེད་དགོས་པ་ཡིན། ཞེས་ཁོ་རང་གི་བློས་དཔྱད་ཀྱིས་བྱིན་རླབས་ཉུང་ངུ་ཞིག་བརྩམས་ནས་རྒྱུན་སྤེལ་བ་ནི་རང་གཏེར་རྣམས་ཀྱང་ཤོག་སེར་ལ་མ་ལྟོས་པར་ཐོགས་མེད་དུ་བརྩམས་པའི་ལང་ཤོར་དང་། ཁྱད་པར་ཆོས་འདིའི་གནད་མ་རྟོགས་པའི་མུན་ནག་འདོམ་འཇལ་ཏེ་ཨ་ཏི་འདི་ནི་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་གཉིས་ཀྱི་རྫོགས་རིམ་ཟབ་པའི་མཐར་ཐུག་ཡིན་པས། སྨིན་བྱེད་ཀྱི་དབང་ས་ལུགས་ཡང་ཕུར་གྱི་དབང་ལས་གཞན་དུ་མི་དགོས་ལ། གལ་ཏེ་དེ་ཉིད་མ་ཐོབ་ན་བཀའ་གཏེར་གང་ཡང་རུང་བའི་ཡང་ཕུར་གྱི་སྨིན་བྱེད་ཐོབ་པས་མི་རུང་བ་མ་ཡིན་ནོ། །ཕུར་པ་རྩ་དུམ་གྱི་བཤད་རྒྱུད་ཀྱི་ཟིན་བྲིས་རྗེ་བཙུན་བསམ་གཏན་གླིང་པའི་གསུང་རྒྱུན་བཞིན་གསང་ཕུ་ཆོས་རྒྱལ་བས་མཛད་པ། ཕུར་པ་སྟོད་ལས་ཀྱི་དོན་འགྲེལ་མཉམ་མེད་ཆེན་པོའི་གསུང་རྒྱུན། རྩ་བ་གསུམ་གྱི་བསྟོད་པ་མནལ་ལམ་དུ་ལྷས་གནང་བ་བྱིན་པ་ལ་བརྟེན་ནས་མཉམ་མེད་ཆེན་པོས་མཛད་པ། བུམ་སྨུག་ལུང་དུམ་དཔལ་ཡང་གསང་སྒྲུབ་པའི་བཀོལ་བྱང་སིངྒ་ལའི་སློབ་དཔོན་ཧཱུཾ་ཀ་རས་མཛད་པ། ཟབ་དོན་འདི་ལ་འཇུག་པའི་སྐྱེས་བུ་ཡིད་ཆེས་སླད་ལུང་ཚད་མ་བཀའ་བསྟན་བཅོས་ཀུན་ལས་མཉམ་མེད་(༦བ)


GLG024_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་བཏུས་པ་བར་བར་དུ་གནད་འགག་ཅུང་ཟད་ཀྱིས་འཚམས་སྦྱར་བའི་ཟབ་མོ་ལུང་གི་འཕྲེང་བ་འདི་ལུང་སྦྱོར་ཆུང་བར་ངོས་འཛིན། རྗེ་བཙུན་བསམ་གཏན་གླིང་པའི་གསུང་རྒྱུན་བཀའ་བསྟན་བཅོས་ཀྱི་ལུང་དང་དེ་དག་གི་དཀའ་གནད་བསྟན་པ་རང་ཉིད་ཀྱིས་གསན་པ་དང་ཞལ་སློབ་གཞན་གྱིས་ཟིན་བྲིས་སུ་བཏབ་པ་རྣམས་སྟན་གཅིག་པ་དཔལ་འབྱོར་བཟང་པོས་ཕྱོགས་གཅིག་ཏུ་བསྒྲིགས་པ་འདི་ལུང་སྦྱོར་ཆེ་བ་ཡིན། བཞི་པ་རྩ་གསུམ་ལས་བྱང་དང་ཆོས་སྲུང་གི་སྐོར་ལ། རྩ་བ་གསུམ་གྱི་ལས་བྱང་ཞེས་པ་རང་ཉིད་གཟའ་རྒོད་སྒྱིད་རེངས་སུ་བསྒོམས་ནས་བསྟན་མ་བཅུ་གཉིས་དང་མོན་བུ་པུ་ཏྲ་སྤུན་གཉིས་ལ་འཕྲིན་ལས་འཆོལ་བ། འཁོར་ལོ་རྣམ་ལྔའི་གནད་གལ་ཆེ་ཚུལ་གནུབས་ཆེན་གྱི་གསུང་བགྲོས་གུར་མགོན་གྱི་བསྐང་བ་ལས་ཉེ་བར་བཏུས་པ་ཅིག །ན་ག་ཀ་ལའི་གནད་ཀྱི་མན་ངག །མ་མོ་རྦོད་གཏོང་གི་རྣམ་བཤད་གསལ་བར་བྱེད་པའི་སྒྲོན་མ་ཡིད་ཀྱི་མུན་སེལ་ཚོགས་ཆེན་པ་དཔལ་འབྱོར་བཟང་པོས་མཛད་པ། རྩ་གསུམ་ལས་བྱང་གི་གསལ་བྱེད་མཉམ་མེད་བསམ་གཏན་གླིང་པས་ལག་ལེན་མདོ་རུ་དྲིལ་བ། ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་ལ་མ་མོ་རྦོད་གཏོང་ངམ་སྡེ་བརྒྱད་འོ་དོད་མའམ་བདེ་གཤེགས་འདུས་པ་ཞེས་བྱ་བ། གོང་གི་རྩ་བ་གསུམ་གྱི་སྐོར་འདི་རྣམས་བླ་མ་གུ་རུ་པད་མ་འབྱུང་གནས། ཡི་དམ་ཡང་ཕུར། ཆོས་སྐྱོང་ལ་ཡང་ཕུར་སྲུང་། ལ་ལར་བསྟན་མ་བཅུ་གཉིས་དང་པུ་ཏྲ་མིང་སྲིང་། ལ་ལར་གདོང་ཟླ་སྡེ་བརྒྱད་ཐམས་ཅད་ཚང་བ་ལྟ་བུ་མན་ངག་གབ་པའི་ཉམས་ཀྱིས་ཧ་ཅང་མི་གསལ་ཞིང་། གཟའ་རྒོད་སྒྱིད་རེངས་སྦྲུལ་ཞགས་འཛིན་པ་དེ་(༧ན)


GLG024_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡི་དམ་རྣམས་ངོ་བོ་གཅིག་པ་འདྲ་བ་ཞིག་འདུག་པ་རྫོགས་ཆེན་གྱི་སྐབས་འདིར་རྩ་གསུམ་མཐའ་དག་རྟོགས་ན་ཀུན་ཏུ་བཟང་པོ་མ་རྟོགས་ན་དྲེགས་པ་རྒྱུད་གསུམ་གྱི་རྣམ་པར་འཆར་ཞིང་། དོན་རང་གི་རིག་པར་ཐག་ཆོད་པའི་བཟང་ངན་དང་དགག་བསྒྲུབ་མེད་པ་ཞིག་གནད་དུ་ཆེ་བ་ལ་དགོངས་སམ་སྙམ། དེ་ཡང་གཟའ་རྒོད་སྦྲུལ་ཞགས་འཛིན་པ་དམར་ནག་འདི་གཉིས་ལ་གནོད་སྦྱིན་དམར་ནག་ཏུ་ཡང་འབོད་ཅིང་ཆོས་ཉིད་ཀྱི་སྲུང་པར་གྲགས་ལ། ཁྲི་སྲོང་རྣམ་འཕྲུལ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་སྐྱིད་སྨད་ཆུ་ཤུར་དུ་བྲག་སྟོན་པོའི་སྔགས་འཆང་ལེགས་ལྡན་རྡོ་རྗེ་ལ་ཆོས་འདི་གསན་པའི་ལོ་རྒྱུས་སུ་གཏོར་སྒམ་གྱི་ལོགས་ལ་སྲུང་མ་གནོད་སྦྱིན་དམར་ནག་གི་ཐང་སྐུ་བཀྲམ་འདུག་ཚུལ་གནད་པས་ཀྱང་ཤེས་ནུས་སོ། །རྗེ་བཙུན་མི་ལས། རོང་སྟོན་དང་ལྷ་དགའ་ཡན་ཆད་དུ། །སྤྱིར་དྲིན་ཆེན་གྱི་བླ་མ་བཅུ་ཙམ་བཞུགས། །ཁྱད་པར་ལྷ་རྗེ་གནུབས་ཆུང་ལ། །དྲག་སྔགས་གཟའ་གདོང་དམར་ནག་ཞུས་ཞེས་གསུངས་པའི་གཟའ་གདོང་དམར་ནག་དེ་ཕལ་ཆེར་ལས་འབྲེལ་སྩལ་དང་། རཏྣ་གླིང་པའི་གཟའ་གདོང་དམར་ནག་དང་དབྱིབས་འདྲ་བ་ལ་དེ་ལས་རྒྱས་པ་ཞིག་གནུབས་ལུགས་ལ་ཡོད་པ་དེ་ཡིན་པར་འདོད། འབྲི་གུང་ཕྱོགས་སུ་གཤིན་རྗེ་གཟའ་གདོང་དམར་ནག་ལ་ངོས་འཛིན། འགའ་ཞིག་གནོད་སྦྱིན་དམར་ནག་འདི་ཉིད་ཡིན་ཞེས་སྨྲ་བ་སོགས་མི་མཐུན་པ་སྣང་ངོ་། །དམ་ཅན་སྤྱིའི་གནད་སྡོད་སྟོན་མཉམ་མེད་བསམ་གླིང་པས་མཛད་པ་འདིར་པུ་ཏྲའི་ལོ་རྒྱུས་ནི་ཡོངས་གྲགས་དང་། དེ་མིན་ཁྱབ་འཇུག་གི་ཀིང་ཀང་ལས་ཕུར་སྲུང་གི་བསེ་མོ་བཞི་དང་དཔེ་ཧར་བྱུང་བ། གློག་མ་སྲིན་གནས་ཚུལ་གྱི་སྒོ་ནས་གདོང་མོ་བཞིར་བསྟན་པ། སྡེ་བརྒྱད་(༧བ)


GLG024_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

གིང་ཆེན་བཅོ་བརྒྱད། དགེ་བསྙེན་ཉེར་གཅིག་དབང་ཕྱུག་ཉེར་བརྒྱད་སོགས་ཀྱི་འབྱུང་ཁུངས་དང་ངོས་འཛིན་ལོ་རྒྱུས་བྱིངས་ལ་མ་གྲགས་པའི་ལེགས་བཤད་ངོ་མཚར་ཅན་སྣང་ངོ་། །གཏུམ་པོ་ཁྱི་གཟུགས་ཅན་གྱི་ལོ་རྒྱུས་འདིའི་བརྗོད་བྱར་ཏ་ཐཱ་ག་ཏ་རཀྵི་ཏས་གནོད་སྦྱིན་ཁོལ་པོར་བསྒྲུབས་ཚུལ། དེའི་མཇུག་ཏུ་ན་མགོན་པོ་ཞལ་གྱི་བསྟོད་པ་སྲིན་གཟུགས་མ་དང་པཎྜི་ཏ་དང་གཉན་ལོ་གྲོ་མོ་ཤ་དཀར་དུ་མཇལ་ཚུལ་འདུག་པ་ལ་དཔགས་ན་གཏུམ་པོ་ཁྱི་གཟུགས་དེ་ཞལ་དང་རྒྱུད་གཅིག་གམ་སྙམ། པུ་ཏྲ་མིང་སྲིང་བཀའ་གཏེར་ནས་བྱུང་བའི་ལོ་རྒྱུས། གནོད་སྦྱིན་དམར་པོའི་ཉམས་ལེན་འདི་སྲུང་མ་གནོད་སྦྱིན་དམར་ནག་གཉིས་སུ་གྲགས་པའི་དམར་པོའི་སྐོར་རོ། །མཇུག་ཏུ་རྣམ་སྲས་ལ་བརྟེན་ནས་མི་ནོར་ཟས་གསུམ་དབང་དུ་བྱེད་པ་ཞིག་སྣང་། ཟང་ཟང་ལྷ་བྲག་གི་གཏེར་བྱོན་གྱི་སྲོག་བདག་བདུད་ཀྱི་རྒྱལ་པོའི་སྒྲུབ་ཐབས། ལོ་རྒྱུས། མཆོད་འཕྲེང་རྣམས། བདུད་རྒྱལ་འདི་ལ་ལེགས་ལྡན་དང་སྟོང་དཔོན་སོགས་མིང་སྣ་ཚོགས་ཡོད་ཀྱང་དོན་དུ་རྒྱལ་པོ་དཔེ་ཧར་ཉིད་ལ་ངོས་འཛིན་པ་ཡིན་ནོ། །ཟབ་ཆོས་འདི་ཉིད་ཀྱི་བླ་མ་བརྒྱུད་པ་ལ། ཤིན་ཏུ་ཉེ་བརྒྱུད་ནི། རྗེ་བཙུན་བསམ་གླིང་པ་ཉིད་ཀྱི་ཐུགས་ཀྱི་ཀློང་ནས་བརྡོལ་བས་སྟོན་པ་ཀུན་ཏུ་བཟང་པོ་དངོས་ལ་གསན་པ་ཡིན། ཉེ་བརྒྱུད་ནི། སློབ་དཔོན་པད་མ་འབྱུང་གནས་ཀྱིས་དངོས་ཉམས་སུ་བྱིན་གྱིས་བརླབས་པས་ཨྱོན་ཆེན་པོ་ལ་གསན་པ་དང་། དེ་ལས་ཅུང་ཟད་རིང་ཙམ་ནི། གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གསུངས་པ་ཡིན། རྫོགས་ཆེན་བསམ་གཏན་མིག་སྒྲོན་གྱི་རིང་བརྒྱུད་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ། སློབ་དཔོན་ཧཱུཾ་ཀ་ར། ཨྱོན་སངས་རྒྱས་གཉིས་པ། པཎ་ཆེན་(༨ན)


GLG024_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

བི་མ་ལ་མི་ཏྲ། བལ་པོ་ཤྲཱི་ལ་མཉྫུ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མཁར་ཆེན་བཟའ་འཚོ་རྒྱལ། མཁར་ཆེན་དཔལ་གྱི་དབང་ཕྱུག །སྣ་ནམ་རྡོ་རྗེ་བདུད་འཇོམས། མཆིམས་སྟོན་ཤཱཀྱ་པྲ་བྷ། ཤུད་བུ་དཔལ་གྱི་སེང་གེ །ཉང་ཏིང་འཛིན་བཟང་པོ། སྦ་སྒོམ་བློ་གྲོས་དབང་ཕྱུག །ལྡང་བ་ལྷུན་གྱི་རྒྱལ་མཚན། ལྕེ་བཙུན་སེང་གེ་དབང་ཕྱུག །གྲུབ་ཐོབ་ལྕེ་སྒོམ་ཆེན་པོ། སློབ་དཔོན་གཉེར་སྒོམ་ཆེན་པོ། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །མཚུངས་མེད་ཤེས་རབ་རིན་ཅེན། འབྲི་ཕྱུག་པ་རིན་ཅེན་འབུམ། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཆོག །མཉམ་མེད་བསམ་གཏན་གླིང་པ་ནམ་མཁའ་བསོད་ནམས། ཞལ་ཕུག་ནམ་མཁའ་རྒྱལ་མཚན། རིན་པོ་ཆེ་ནམ་མཁའ་རྡོ་རྗེ། གྲུབ་མཆོག་ངག་དབང་ཆོས་རྒྱལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་། དེ་སྲས་འཁོན་སྟོན་ངག་དབང་བསོད་ནམས་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་། ཞ་ལུ་མཁན་ཆེན་རིགས་ཀུན་བདག་པོ་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ཟ་ཧོར་བནྡེ་ལ་སྩལ་བ་ནི་བྱང་ཆུབ་ཀྱི་བར་དུ་བཀའ་དྲིན་གཞལ་བར་དཀའ་བ་ཡིན་ནོ། །ཡང་དག་རྩ་བའི་བརྒྱུད་པ་ནི། སྟོན་པ་ཀུན་ཏུ་བཟང་པོ། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། སློབ་དཔོན་ཧཱུཾ་ཀ་ར། མཁས་པ་བི་མ་ལ་མི་ཏྲ༔ གཉགས་ཛྙ་ན་ཀུ་མཱ་ར། འོ་བྲན་(༨བ)


GLG024_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་གཞོན་ནུ། འོ་བྲན་དཔལ་གྱི་དབང་ཕྱུག །འོ་བྲན་ཆོས་ཀྱི་འབྱུང་གནས། འོ་བྲན་གྲགས་པ་རྒྱ་མཚོ། འོ་བྲན་དབང་གི་རྒྱལ་པོ། འོ་བྲན་རྟ་མཆོག་རྒྱལ་པོ། འོ་བྲན་རི་རབ་བརྟན་པ། རིན་པོ་ཆེ་དོན་གྲུབ་དཔལ་འབྱོར། མཉམ་མེད་བསམ་གཏན་གླིང་པ་མན་གོང་ལྟར། ཕུར་པ་རྩ་དུམ་གློང་བཤགས་དང་བཅས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ལས་ཀྱི་དབང་མོ་ཆེ། པྲ་ཧསྟི། ལྷ་ལྕམ་ཨུ་པ་དཱ་ན། ཨྱོན་སངས་རྒྱས་གཉིས་པ། ཇོ་མོ་འཚོ་རྒྱལ། ཨཱ་ཙཱཪྻ་ནུ་རུ། ཇོ་བོ་ལང་ལབ། ཁྱི་གྱང་འགྱེལ། སྟོང་གསུམ་སྒོམ་ཆེན། ཐག་བཙུན་ཤེས་རབ་འོད། གནུབས་ཆེན་གྲུབ་ཐོབ་ཀྱི་རྣམ་ཐར་ལ་ཚད་བཟུང་མི་འདུག་ཀྱང་ལང་ལབ་རྭ་ལོ། མི་ལ་སོགས་དུས་མཚུངས་ཤིང་། མི་ལ་གནུབས་ཆུང་པའི་སློབ་མ་ཡིན་པས་འདི་གནུབས་ཀྱི་ཞལ་ངོ་ཕྱི་མ་གཅིག་དང་ནོར་རམ་སྙམ་དཔྱད་དོ། །སངས་རྒྱས་ཡེ་ཤེས། རྒྱ་ཆོས་གྲགས། ཡོལ་ལྕགས་རྒྱ་སྟོན་འབར། རྣལ་འབྱོར་གཞུང་སྨོན། ཕོ་རོག་མདོ་སྡེ་མགོན། ཡོལ་ལྕགས་སངས་རྒྱས་ཉི་འབུམ། རྗེ་དོན་གྲུབ་གཞོན་ནུ། དཔྱལ་འཕགས་པ་དཔལ། དཔྱལ་ཀུན་དགའ་ཉི་མ། དཔྱལ་ཀུན་མཁྱེན། འཇམ་དབྱངས་རྒྱལ་མཆོག །མཉམ་མེད་ཆེན་པོ་མན་གོང་ལྟར། ཡང་ན་ཨྱོན་ཆེན་པོ་ནས། སྣ་ནམ་རྡོ་རྗེ་བདུད་འཇོམས། ཁམས་པ་སྒོམ་ཆེན། མཆོག་གི་ལེགས་པ། ཤེས་རབ་ཚུལ་ཁྲིམས། མཆོག་གི་སེམས་དཔའ། འཁོན་དཀོན་ཅོག་རྒྱལ་པོ། མཐའ་བཞི་སྟོན་པ། རྡོ་རྗེ་དྲག་རྩལ། རྡོ་རྗེ་ཐོད་འཕྲེང་རྩལ། རོལ་པའི་རྡོ་རྗེ། གློ་བོ་ལོ་ཙཱ་བ། (༩ན)


GLG024_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་རིན་པོ་ཆེ། མང་མཁར་ལོ་མཆོག་པ། བླ་མ་དཔལ་ལྡན་སེང་གེ །དྲུང་ཆོས་རྗེ་པ། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ། མཁན་ཆེན་རྒྱལ་མཆོག་མན་གོང་ལྟར། ཕུར་པ་ལྕམ་ལུགས་སུ་གྲགས་པ་རྩ་བ་གསུམ་གྱི་ལས་བྱང་གཟའ་གདོང་དང་བཅས་པའི་བརྒྱུད་པ་ནི། ཨྱོན་ཆེན་པོ་ནས། ཅོག་རོ་དཔལ་གྱི་མཆོད་གནས། འཁོན་རྡོ་རྗེ་རིན་ཅེན། འཁོན་ཤེས་རབ་ཡོན་ཏན། འཁོན་ཡོན་ཏན་འབྱུང་གནས། འཁོན་ཚུལ་ཁྲིམས་རྒྱལ་པོ། འཁོན་རྡོ་རྗེ་གཙུག་ཏོར། འཁོན་དགེ་སྐྱབས། འཁོན་དགེ་མཐོང་། འཁོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། འཁོན་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་ཅོག་རྒྱལ་པོ། བརྩེ་བ་ཆེན་པོ། རྗེ་བཙུན་རིན་པོ་ཆེ། ས་པཎ། སློབ་དཔོན་འོད་ཟེར་ཤཱཀྱ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག །མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་མན་གོང་ལྟར། ཡང་ན་འཕགས་པ་རིན་པོ་ཆེ་ནས་དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། དྲུང་ཆོས་རྗེ་པ། ཡར་ཀླུངས་པ་མན་གོང་བཞིན་ནོ། །ཨ་ཧོ་བསྐལ་བརྒྱར་རྙེད་དཀའ་ཐེག་པའི་རྩེ། །ཚེ་གཅིག་འཇའ་ལུས་འགྲུབ་པ་སྣང་བཞིའི་ལམ། །ཟབ་དོན་བསམ་གཏན་གླིང་པའི་ཐུགས་ཀྱི་བཅུད། །མངོན་སུམ་མྱོང་འདི་བསོད་ནམས་ཕུང་པོས་རྙེད། །སྟོབས་འབྱོར་དམ་པའི་མིང་གིས་བཟང་རྫུ་འདེབས། །ཐ་སྙད་རྟོག་གེའི་ཁེངས་པའི་ངེས་དོན་སྤོང་། །ཕལ་ཆེར་ཚེ་འདིའི་ལྟོ་གོས་འཁོལ་པོར་སོང་། །རྙེད་དཀའི་(༩བ)


GLG024_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

དལ་འབྱོར་སྟོང་པར་འཛད་པ་མང་། ཁོ་བོའི་སྔོན་བྱོན་དམ་པའི་རྣམ་ཐར་ལ། །ཡར་བལྟས་ཚད་ལྡན་བཤེས་གཉེན་མང་བསྟན་པས། །གྲངས་མེད་ཟབ་རྒྱས་ཆོས་ཚུལ་ཐོས་པ་ཡིས། །རང་ཞེ་རང་ལ་མི་ཁྲེལ་སྤོབས་མཐོར་སོན། །ཆོས་དཀོན་ཡིད་བཞིན་ནོར་འདྲའི་གླེགས་བམ་གྱི། །ཆོས་ཀྱི་བཞུགས་ཚུལ་འཁྲུལ་མེད་རིན་ཅེན་འཕྲེང་། །དཀར་ཆག་སྲད་བུར་བརྒྱུས་པ་སྣོད་ལྡན་ཆེད། །ཡིན་གྱིས་དམ་ཅན་མ་འཁྲེན་སྟོང་གྲོགས་མཛོད། །ཀུན་བཟང་རང་ངོ་མ་འཕྲོད་འཁོར་འཁྱམས་འགྲོ། །དགེ་འདིས་སྒྲིབ་གཉིས་ཕ་མཐར་རྡོ་རྗེ་སེམས། །གདོད་ནས་སྙིང་དབུས་བཞུགས་པའི་རང་རིག་མགོན། །དབུལ་པོས་སྒྱེད་རྡོའི་གསེར་བཞིན་རྙེད་པར་ཤོག །སྤྱི་དང་ཁྱད་པར་ངེས་གསང་ཐེག་པ་ཡི། །སྨིན་གྲོལ་ཆོས་ཀྱིས་རྒྱལ་བསྟན་སྤེལ་མཛད་པའི། །རྡོ་རྗེ་འཛིན་རྣམས་བསྐལ་བརྒྱར་ཞབས་བརྟན་ཞིང་། །ཐུབ་བསྟན་སྲིད་མཐའི་བར་དུ་གནས་པར་ཤོག །སྒོ་གསུམ་རྣམ་དག་ལྷ་སྔགས་ཏིང་འཛིན་ཆུས། །འཁྲུལ་ཚོགས་རྟོག་པའི་དྲི་མ་ཀུན་སྦྱངས་ཏེ། །ཀ་དག་དབྱིངས་ལས་ལྷུན་གྲུབ་འོད་ལྔའི་མདངས། །ལེགས་ཤར་དོན་གཉིས་བསམ་འཕེལ་བཀྲ་ཤིས་ཤོག །ཅེས་མཁས་ཤིང་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་བསམ་གཏན་གླིང་པའི་ཨ་ཏིའི་ཆོས་སྐོར་གྱི་དཀར་ཆག་ཐེག་མཆོག་རིན་ཅེན་དོ་ཤལ་ཞེས་བྱ་བ་འདི་ནི། ཞ་ལུ་མཁན་ཆེན་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་པ་རིན་ཅེན་བསོད་ནམས་མཆོག་གྲུབ་ཀྱི་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ། རྡོ་རྗེ་འཆང་ཕ་བོང་ཁ་བ་དཔལ་(༡༠ན)


GLG024_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ལྷུན་གྲུབ་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས། གསང་ཆེན་རྙིང་མའི་སྨིན་གྲོལ་གདམས་པའི་ཚུལ་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་དཀར་བ་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་ཟིལ་གནོན་གྱི་ལོ་སྨིན་དྲུག་ཅན་གྱི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དབྱངས་དཔལ་བཟང་གིས་བགྱིས་པ་འདིས་ཀྱང་ཐེག་མཆོག་སྙིང་པོའི་བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག། །།ཆོས་སྦྱིན་རྒྱ་ཆེར་སྤེལ་ཕྱིར་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བསྒྲུབས། མངྒ་ལཾ།།