Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།


   
   
  collapse section
ཀ་ལཱ་པའི་མཚམས་སྦྱོར་ལྔ་པའི་ལག་ལེན་བདུད་རྩིའི་ཉིང་ཁུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous ཀ་ལཱ་པའི་མཚམས་སྦྱོར་ལྔ་པའི་ལག་ལེན་བདུད་རྩིའི་ཉིང་ཁུ། next

ཀ་ལཱ་པའི་མཚམས་སྦྱོར་ལྔ་པའི་ལག་ལེན་བདུད་རྩིའི་ཉིང་ཁུ།

༄༅། །བྱཱཀརཎཀཏནྟྲཱཎཱཾཔཉྩསནྡྷེཡཔཪྻཡོཿམྲྀཏཾནཱམབིཧརཏིསྨ།
༄༅། །ལུང་སྟོན་པ་ཀ་ལཱ་པའི་མཚམས་སྦྱོར་ལྔ་པའི་ལག་ལེན་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །༈སྡེབ་སྦྱོར་མི་མཉམ་པའི་བྲྀཏྟ་ལས། ཁ་སྒོ་ཕན་པ་ཞེས་བྱའི་པྲ་སྟཱ་རས་མཛེས་པར་བྱས་པའོ། །ཨོཾསྭསྟིཤྲེཡསྟུ།
༄༅། །བདེ་ལེགས་སུ་གྱུར་ཅིགཛྙཱེཡཏཏྭབིཏཱདྲཀྵཱིཏྲ། མཁྱེན་པས་ཤེས་བྱའི་དེ་ཉིད་གཟིགས། །ཀྲྀཔཱབྷིརྫྫགཏོཏྱཀྐྲྀཏ྄། བརྩེ་བས་འགྲོ་ཀུན་འདོར་མི་མཛད། །
༄༅། །ཤཀྟིནཱམདནཾགྷཱཏཻ། །ནུས་པས་ལོག་འདྲེན་གཞོམ་མཛད་པ། །ཤྩིཏྟེཤྲཱིགུརུམརྩྩཏི། །དཔལ་མགོན་བླ་མ་སྙིང་དབུས་མཆོད།
། གང་མཚན་ངོ་མཚར་ནོར་བུའི་ཏམྦུ་ར། །སུ་ཞིག་སྒྲ་འཛིན་བཅུད་དུ་སིམ་ཙམ་གྱིས། །དགེ་མཚན་ཕན་བདེའི་དགའ་སྟོན་རྒྱས་མཛད་པའི། །དཀོན་མཆོག་རིན་ཆེན་གསུམ་གྱིས་དགེ་ལེགས་སྩོལ། །མཁྱེན་རབ་རལ་གྲི་འབར་བའི་གཟི་བྱིན་གྱིས། །རྨོངས་ཆེན་བློ་ཡི་དྲྭ་བ་ཀུན་གཅོད་ཅིང་། །བློ་མཆོག་སྤོབས་པའི་གཏེར་མཛོད་དབྱེ་མཛད་པའི། །འཇམ་དཔལ་སྨྲ་བའི་སེང་གེ་སྙིང་དབུས་རོལ། །ཇི་སྙེད་སྒྲ་དབྱངས་དྭངས་མ་བསྡུས་པའི་དཔྱིད། །སྙན་ངག་ཆུ་བོ་སྟོང་གི་འབྱུང་ཁུངས་མཆོག །ཤེས་རབ་ཕར་ཕྱིན་འཕགས་མ་དབྱངས་ཀྱི་རྒྱལ། །མགྲིན་པའི་འོ་མཚོར་རྟག་པར་བཞུགས་མཛོད་ཀྱེ། །རྣམ་དག་སྒྲ་གཞུང་ཚངས་པའི་རལ་ཀླུང་འབུམ། །རྣམ་དཔྱོད་ལྟོ་བར་ཧུབ་ཀྱིས་བསྐྱིལ་ནས་སླར། །ལེགས་བཤད་རྒྱུན་བཟང་ཕྱོགས་མཐར་ཁྱབ་མཛད་པ། །པཎ་ཆེན་མཐུ་སྟོབས་ཡབ་སྲས་སྤྱི་བོས་མཆོད། །སྒྲ་གཞུང་རྒྱ་མཚོ་བསྲུབས་ལས་ཉེར་ཐོན་པའི། །ལེགས་བཤད་ཆ་ཤས་ཡོངས་རྫོགས་རི་བོང་ཅན། །བློ་གསལ་ཡིད་ཀྱི་ཀུ་མུད་བཞད་ནུས་པའི། །མཚམས་སྦྱོར་ལག་ལེན་མཁས་པའི་གསུང་བཞིན་བྲི། །ཞེས་མཆོད་པར་བརྗོད་པ་དང་དམ་བཅའ་བ་སྔོན་དུ་སོང་ནས། གཞུང་དོན་དངོས་ལ་འཇུག་པ་ལས། དང་པོ་འདི་ལྟར་ཐོས་ཏེ། སྔོན་ལྷའི་ཡུལ་ན། སརྦ་ཛྙཱ་ཞེས་ཐམས་ཅད་མཁྱེན་པར་གྲགས་པའི་སྒྲ་མཁན་ཆེན་པོ་ཞིག་བྱུང་བར་བརྟེན། དབང་པོས་བརྡའ་སྤྲོད་པའི་གཞུང་ལུགས་བྱས་ནས། དྲང་སྲོང་ཕུར་བུ་ལ་བསླབས་ཏེ། གཞོན་ནུའི་ཚོགས་ཀྱི་སློབ་དཔོན་དུ་བསྐོས་པ་ལྷའི་བླ་མར་གྲགས། དེ་ལས་མང་དུ་མཆེད་པའི་གཙོ་བོ་ནི། གཞོན་ནུ་གདོང་དྲུག་ཡིན་པ་གང་ཞིགའཕགས་ཡུལ་ན་རྒྱལ་པོ་བདེ་སྤྱོད་ཀྱི་ཞང་པོ་དབང་ཕྱུག་གོ་ཆས་གྲུབ་ནས། སྒྲ་རིག་པའི་ཡ་གྱལ་ཉི་ཟླ་ལྟར་གྲགས་ཆེ་བ་ཆ་བསགས་ཀྱི་མདོའི་མཆོག་བྱིན་ཏེ་མི་ཡུལ་དུ་དར་བར་བྱས་པ་ནས་བཟུང་དེང་གི་བར་དུ་འཆད་ཉན་གྱི་སྲོལ་མ་ནུབ་བོ་ཞེས་དཔྱོད་ལྡན་རྣམས་ཀྱི་གཏམ་དུ་སྙན་པ་འདི་བརྗེད་དུ་ཕངས་ནས་འཆད་པ་ལ་དྲན་པ་ཉེ་བར་གཞག་པར་བྱའོ། །དེ་ལ་རྒྱ་གར་སྐད་དུ། ཀ་ལཱ་པ་སཱུ་ཏྲ། བོད་སྐད་དུ། ཀ་ལཱ་པའི་མདོ་ཞེས་བྱ་བ་སྒྲ་རང་སོར་བཞག་པ་སྟེ། ད་ལམ་རྟེན་འབྲེལ་གྱི་ཆེད་དུ་སྒྲའི་ཁམས་བྱིངས་སྒྲུབ་བྱེད་ན། ཀ་ལ་ཆ་ཤས་ལའོ། །ཞེས་པའི་བྱིངས་བཞགབྱིངས་མཐར་དབྱངས་རྣམས་མི་སྦྱོར་རོ། །ཞེས་པས། བྱིངས་མཐའི་ཨ་ཕྱིས། ཧ་ལནྟ་བྱས། ཨ་ཙ྄{ཙཱ}འོ། །ཞེས་པས། ཀྲྀཏ་རྐྱེན་ཨཙ྄་བྱིན་ཙ྄་དབྱངས་དོན་ཡིན་པས་ཕྱིས། གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲོང་ངོ་ཞེས་པས། ཀ་ལའི་ལ྄{ལཱ}སྲོག་མེད་དེ་ཨའི་སྟེང་དུ་དྲངས་པས། ཀ་ལ་གྲུབ། ཨཱཔླྀ་ཁྱབ་པ་ལའོ། །ཞེས་ཁྱབ་པ་ལའོ་ཞེས་པའི་བྱིངས། ལྀ་རྗེས་འབྲེལ། ཨཙ྄་སྦྱར། ཙ྄་ཕྱིས། པ྄་དབྱངས་མེད་ཨ་ལ་དྲངས་པས། ཨཱ་པ་གྲུབ། དེ་དང་སྔ་མའི་ཀ་ལ་མཚམས་སྦྱོར་བའི་མདོར། རིམ་པ་ལས་མ་འདས་[པར་ཞུ་མཆན།] ཕྲལ་བར་བྱའོ། །ཞེས་པས། ལའི་སྲོག་གི་དབྱངས་ཨ་ཕྱིར་ཕྲལ། མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོར་འགྱུར་ཏེ། ཞེས་པས། ཨཱ་སྔ་མ་རིང་། ཕ་རོལ་ལའང་དབྱིའོ། །ཞེས་པས། ཕ་རོལ་གྱི་ཨཱ་ཕྱིས། ཨཱ་སྔ་མ་དེར། ལ྄་དབྱངས་མེད་དྲངས་པས། ཀ་ལཱ་པ་གྲུབ་པ། བོད་སྐད་ཕྱོགས་གཅིག་ལ། ཆ་བསགས་ཏེ་ལུང་དུ་སྟོན་ནུས་པའི་བརྗོད་བྱ་ལེགས་པའི་ཆ་ཤས་ཐམས་ཅད་བསགས་པའོ། །སཱུ་ཏྲ་དཀྲི་བ་ལའོ། །ཞེས་པའི་བྱིངས་[བཞག་ཞུ་མཆན།] བྱིངས་མཐའི་ཨ་རྗེས་འབྲེལ་ཡིན་པས་ཕྱིས། ཙུ་ར་སོགས་ཀྱི་ཨཏྲ་མཐའ་ལས་ཨིན྄་འོས། ཨིན྄་ཀ་རི་ཏ་བྱིན། ཨི་ལས་ཨ་ཙ྄འོ། །ཞེས་པས་ཨ྄ིན་གྱི་ཕ་རོལ་ཏུ་ཨཙ྄་བྱིན། དེའི་དོན་གྱིས་ཨ྄ིན་ཕྱིས། ཨཙ྄འི་ཙ྄་ཡང་རྗེས་འབྲེལ་ཡིན་པས་བསུབ། ཏ་སྲོག་མེད་དེ་ཨའི་སྟེང་དུ་དྲངས་པས་སཱུ་ཏྲ་གྲུབ་བ། མདོ་ཞེས་བྱ་སྟེ་སྒྲའི་རབ་བྱེད་མང་པོ་ཕྱོགས་གཅིག་ཏུ་བསྡོམས་པའི་ཕྱིར་ན་མདོའོ། །དེས་ན། ཀ་ལཱ་པ་སཱུ་ཏྲ་བསྒྱུར་ན། ཆ་བསགས་ཀྱི་མདོའམ། ཀ་ཏནྟྲ་སྟེ། གཞུང་འདིར་རྒྱུད་ཉུང་ངུ་ཡང་འབོད་པ་ཡིན་ནོ། །གཉིས་སུ་མེད་པར་གསུངས་པ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་པ་གཞུང་འདི་ཐོག་མར་བསྒྱུར་པའི་ཚེ་མཁས་པ་ཤོང་ལོ་རྡོ་རྗེ་རྒྱལ་མཚན་གྱིས་འགྱུར་ཕྱག་མཛད་པ་སྟེ། རྫུན་མེད་དྲང་པོར་གསུངས་པ་སངས་རྒྱས་བཅོམ་ལྡན་འདས་ཏེ་བདག་ཅག་གི་སྟོན་པ་མཆོག་ལ་འདུད་ཕྱག་བཙལ་བའོ། །དགོས་ཆེད་གནས་སྐབས་བར་ཆད་སེལ་བ་དང་མཐར་ཐུག་བདེ་བར་གཤེགས་པའི་གོ་འཕང་སྒྲུབ་པའོ། །གྲུབ་པའི་ཡི་གེ་ཡང་དག་པའི་མན་ངག་གོ །ཞེས་སྔོན་བཤད་ལྟར་གྲགས་ཤིང་གྲུབ་པའི་ཡི་གེ་དབྱངས་དང་གསལ་བྱེད་ལས་འཕྲོས་པའི་བྱིངས་རྣམས། རང་བཞིན་དང་། རྐྱེན་དང་། རྣམ་འགྱུར་གསུམ་གྱིས་ཡང་དག་པར་བརྗོད་པའི་མན་ངག་གོ །ཞེས་པས་བཤད་བྱའི་ངོ་བོ་བཀོད་ནས། བཤད་པར་དམ་བཅས་པའི་དགོས་འབྲེལ་སྟོན་པའོ། །

རྐང་པ་དང་པོ་ཡི་གེའི་བརྡ་ཁྱད་བཤད་པ།

༈མཚམས་སྦྱོར་རྐང་པ་དང་པོ་ཡི་གེའི་བརྡ་ཁྱད་བཤད་པ་ནི། སྤྱིར་སྒྲ་གཞུང་གཞན་དུ་དབྱངས་དང་གསལ་བྱེད་ཀྱི་བགྲང་ཚུལ་མི་འདྲ་བ་དུ་མ་འབྱུང་ཡང་། དེ་ལ་དང་པོར་བཅུ་བཞི་རྣམས་དབྱངས་སོ། །ཞེས་པས། འདིར་དབྱངས་བཅུ་བཞི་ཡིན་ཏེ། གང་ཞེ་ན། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨ། རྣམས་སོ། །དེའི་ནང་གསེས་བཅུ་རྣམས་མཚུངས་པའོ། །ཞེས། ཨ་ཡིག་ནས་ལཱྀའི་བར་ཏེ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། རྣམས་ཐུང་རིང་མཚུངས་པའོ། །དེ་རྣམས་ཀྱི་གཉིས་གཉིས་དགཕན་ཚུན་གྱི་འདྲ་བའི་ཡི་གེ་དག་གོ །ཞེས་པས། མཚུངས་པའི་དབྱངས་བཅུ་བོ་དེའི་ནང་ཕན་ཚུན་གཉིས་རེ་འདྲ་བའི་ཡི་གེར་བརྗོད་པ་ཡིན་ལ། སྔ་མ་ཐུང་ངུའོ། །ཕྱི་མ་རིང་པོའོ། །དེ་ཡང་སྔ་མ་རྣམས་ཐུང་བ་དང་། ཕྱི་མ་ཀུན་རིང་ཆ་ཡོད་པ་ནི་སྨོས་མ་དགོས་སོ། །ཨའི་ཡི་གེ་བོར་བའི་དབྱངས་ནཱ་མི་ན྄འོ། །ཞེས་པ་ཐོག་མའི་ཨ་ཐུང་རིང་གཉིས་མི་བརྩི་བའི་དབྱངས། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨ། བཅུ་གཉིས་པོར་མིང་ལ་ནཱ་མིན྄་གྱི་ཡི་གེ་ཞེས་བྱའོ། །ཨེ་ཡིག་ལ་སོགས་པ་མཚམས་སྦྱོར་གྱི་ཡི་གེའོ། །ཨེ་༡ཡིག་ཐོག་མར་སྨོས་པའི་སོགས་ཁོང་ནས། ཨཻ་༢ཨོ་༣ཨ་༤བཞི་ལ་མཚམས་སྦྱོར་གྱི་ཡི་གེ་བཞི་ཞེས་པ། ཨ་དང་ཨི་མཚམས་སྦྱོར་བས་ཨེ། ཨ་དང་ཨེ་འགྲེང་བུ་གཅིག་ཅན་དང་གཉིས་ཅན་གང་རུང་མཚམས་སྦྱར་བས་ཨཻ། དེ་བཞིན་དུ། ཨ་དང་ཨུ་མཚམས་སྦྱར་བས་ཨོ། ཨ་དང་ཨོ་ཀེ་ཤ་ཅན་དག་སྦྱོར་བས། ཨ་གྲུབ་པ་སྟེ། དུས་རྒྱུན་པར་ལེགས་སྦྱར་ལ་འགྲེང་བུ་དང་ན་རོ་ཡོད་པར་འ་ཆུང་མི་འབྱུང་བ་སྟེ། ཇི་སྐད་དུ། འགྲེང་བུ་ན་རོ་བྱུང་གྱུར་ན། །རིང་པོ་ཉིད་ཕྱིར་འ་འདོགས་འཁྲུལ། །ཞེས་བཤད་པས་སོ། །གཉིས་པ། ཀ་ལ་སོགས་པ་རྣམས་གསལ་བྱེད་དོ། །ཞེས་པས། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། སྟེ་གྲངས་སོ་གསུམ་མོ། །དེ་རྣམས་ཀྱི་ལྔ་ལྔ་པ་རྣམས་སྡེ་པའོ། །ཞེས་པ། ཀ་སྡེ། ཙ་སྡེ། ཊ་སྡེ། ཏ་སྡེ། པ་སྡེ་ལྔ་རྣམས་ལ་ནང་ཚན་ཡི་གེ་ལྔ་ལྔ་ཡོད་པས་དེ་ལྟར་སྨོས་པའོ། །སྡེ་པ་རྣམས་ཀྱི་དང་པོ་དང་། གཉིས་པ་དང་། ཤ་ཥ་ས་རྣམས་སྒྲ་མེད་པའོ། །ཞེས་སྨོས་མ་ཐག་པའི་སྡེ་པ་དེ་རྣམས་ཀྱི་དང་པོ། ཀ་ཙ་ཊ་ཏ་པ་ལྔ། གཉིས་པ་ཁ་ཚ་ཋ་ཐ་ཕ། ལྔ་བསྡོམས་པས་བཅུ། དེའི་ཁར་ཤ་ཥ་ས་གསུམ་བསྣན་པས་སྒྲ་མེད་པའི་ཡི་གེ་བཅུ་གསུམ་སྟེ། ཁ་ནས་བརྗོད་ཚེ་སྒྲ་ཤུགས་ཆུང་བས་དེ་ལྟར་བཏགས་པའོ། །གཞན་རྣམས་སྒྲ་དང་ལྡན་པའོ། །ཞེས་པས། དེ་འཕྲོས། ག་གྷ་ང་། ཛ་ཛྷ་ཉ། ཌ་ཌྷ་ཎ། ད་ངྷ་ན། བ་བྷ་མ། ཡ་ར་ལ་ཝ་ཧ་རྣམས་སྒྲ་ལྡན་གྱི་ཡི་གེ་ཉི་ཤུ་ཡིན། དེ་ཡང་འདོན་དུས་སྒྲ་ཤུགས་ཆེ་བས་དེ་ལྟར་བརྗོད་དོ། །ང་ཉ་ཎ་ན་མ་རྣམས་རྗེས་སུ་སྣ་ལྡན་ནོ། །ཞེས་ང་ཉ་ཎ་ན་མ་ལྔ་པོ་བརྗོད་པའི་ཚེ་སྣ་ནང་ནས་སྒྲ་འབྱིན་པས་སྣ་ལྡན་ཟེར་རོ། །ཡ་ར་ལ་ཝ་རྣམས་མཐར་གནས་སོ། །ཞེས་ཡ་ར་ལ་ཝ་བཞི་ནི། ཡ་བཏགས་ཀྱ། ར་འདོགས་ཀྲ། ལ་བཏགས་ཀླ། ཝ་ཟུར་ཀྭ་བྱས་པ་ལྟ་བུ་རྣམས་ཏེ་ཡི་གེའི་མཐར་གནས་པ་བཞིའོ། །ཤ་ཥ་ས་ཧ་རྣམས་དྲོ་བའོ། །ཞེས་པ། ཤ་ཥ་ས་ཧ་བཞི་བརྗོད་པའི་ཚེ་དབུགས་ཕྱིར་འབྱིན་པའི་ཚེ་ཁ་རླངས་ཀྱིས་དྲོ་བས་དྲོ་བའི་ཡི་གེར་གྲགས་སོ། །ཨཿཞེས་པ་རྣམ་པར་བཅད་བྱའོ། །ས྄{ས}དང་ར྄་སྲོག་མེད་ཀྱིས་ཐིག་ལེ་བྱས་པ་ནུ་མ་ཟུང་གི་རྣམ་པ་ཅནཿའདི་འདྲ་བ་ལ་རྣམ་བཅད་ཅེས་བྱ་སྟེ། ཕྱི་མ་རྗེས་སུ་ང་རོའི་ༀ་དང་འདིའི་ཨ་ནི་བརྗོད་པའི་རྟེན་ཙམ་དུ་བཞག་པའོ། །ྈྐ་ཞེས་པ་ལྕེ་རྩ་ཅན་ནོ། །ྉྤ་ཞེས་པ་མཆུ་ཅན་ནོ། །རྣམ་བཅད་དེ་ཀ་ཁ་དང་མཚམས་སྦྱོར་དུས་ྈཌ་མ་རུའི་དབྱིབས་ཅན་ྈྐ་ྈྑ་ནི་ལྕེ་རྩ་ཅན་དང་། པ་ཕ་དང་འཕྲད་དུས་གླང་པོའི་མྱོས་བུམ་གྱི་རྣམ་པ་ཅན་ལ་འ་མཆུ་ཅན་ཞེས་བརྗོད། ྉྤྉྥ་འདོན་དུས་ྈྐ་ཨཀ྄་དང་། ྉྥྉ་ཨཔ྄་ལྟ་བུར་ཀློག་པར་འཐད་དོ། །ཨཾ་ཞེས་པ་རྗེས་སུ་ང་རོའོ། །ཀི་དབྱངས་གསལ་བྱེད་གང་གི་སྟེང་དུའང་མ྄་ན྄་སྲོག་མེད་ལས་བྱུང་བའི་ཀླད་ཀོར་བྱས་པ་བུག་པའི་རྣམ་པ་ཅན། འདི་འདྲ་ལ་རྗེས་སུ་ང་རོ་ཟེར། དེའི་འོག་ཏུ་ཟླ་ཚེས་བྱེད་པ་ཨཱུྃ་ཀྲུྃ་ལྟ་བུ་ཡང་སྒྲ་གཞུང་གཞན་དུ་བཤད་དོ། །དེ་ལྟར་རྣམ་བཅད་དང་། ལྕེ་རྩ་ཅན། མཆུ་ཅན། རྗེས་སུ་ང་རོ་རྣམས་ལ་གསལ་བྱེད་ཙམ་པོ་བ་ཞེས་གཞན་དུ་མིང་འདོགས་ཡོད་འདུགའདི་ཡན་གྱི་བརྡ་ཁྱད་རྣམ་གྲངས་རྣམས་བློ་ལ་བྱང་ཆུབ་པར་བྱས་ན་གདོད་རི་མོ་འབྲི་དུས་ཕན་བསྐྱེད་ཆེ་བ་ལགས་སོ། །སྔ་མ་དང་ཕྱི་མ་དག་གི་དོན་ཉེ་བར་དམིགས་པ་ན་ཚིག་གོ །དེ་ཡང་བྱིངས་ལ་ཀྲྀ་ཏ྄་རྐྱེན་སྟེར་བས་མིང་ངམ་རྟགས་སུ་གྲུབ་པའི་སྐད་དོད་དེའི་{དེ}མཐར། ཕྱི་མ་སི་སོགས་ཀྱི་རྣམ་དབྱེ་ཉེར་བཞི་གང་རུང་རྣམས། རྟགས་གསུམ་སོ་སོའི་མཐའ་མ་ནོར་བའི་སྦྱོར་ལུགས་གང་དགོས་བྱས་པ་ཚིག་ཏུ་གྲུབ་པ་དང་། སྔ་མ་བྱིངས་སྡེ་ཚན་གང་ཡིན་དེ་ལ། ཝརྟ་མཱ་ན་སོགས་བྱིངས་ཐམས་ཅད་པ་བཞི་ལ་བར་རྐྱེན་རྣམས་སྦྱོར་ཚུལ། ཨདྱ་ཏ་ནཱི་སོགས་ཀུན་བཤད་ཀྱི་རྣམ་དབྱེ་བརྒྱ་བརྒྱད་ཅུ་པོ་སྦྱོར་ཚུལ་མ་འཁྲུགས་པ་རྟོག་དཔྱོད་ཞིབ་མོར་བྱས་ནས་ཚིག་ཏུ་གྲུབ་པ་ཡིན་ཏེ། འཆད་འགྱུར་གྱི་མིང་ལེ་རྐང་པ་དྲུགཀུན་བཤད་རྐང་པ་བརྒྱད་རྣམས་ཀྱི་སྐབས་སུ་རྒྱས་པར་སྟོན་ནོ། །གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲོང་ངོ་། །ཞེས་པས་ཚུ་རོལ་ཏུ་གསལ་བྱེད་སྲོག་མེད་བྱུང་ན། དེའི་ཕ་རོལ་ཏུ་དབྱངས་ཡིག་འདུག་ཚེ་ངོ་ཐོག་དེའི་སྟེང་དུ་ཕར་དྲངས། དབྱངས་དེ་སྲོག་ཏུ་བཅུག་པས། འ་ཆུང་། གི་གུ། འགྲེང་བུ། ན་རོ་སོགས་ཅི་འདུག་ནའང་གསལ་བྱེད་དེར་འདོགས། ཡང་གསལ་བྱེད་དབྱངས་མེད་དེའི་ཕ་རོལ་ཏུ་གསལ་བྱེད་སྣང་ན་དེའི་མགོ་བོར་དྲངས་པ་སྟེ། དཔེར་ན། སམ྄་ཡང་དག་པ། ཨིནྡྲ་དབང་པོ། སཏྲ་དམ་པ། ངྷརྨ་ཆོས་རྣམས་མདོ་དེས་དྲངས་པས། སམིནྡྲ་ཡང་དག་དབང་པོ། སདྡྷརྨ་དམ་པའི་ཆོས་ལྟ་བུའོ། །ྂསཏ྄ངྷརྨ་དང་མཚམས་སྦྱོར་བའི་ཚེ། ཏ་྄ཡིག་ནི་སྡེ་པའི་ཚིག་མཐའ་རྣམས་དབྱངས་དང་སྒྲ་ལྡན་རྣམས་ལ་གསུམ་པ་རྣམས་སོ། །ཞེས་པས། ཏ྄་དར་བསྒྱུར་ནས་དྲངས་པའི་ལུགས་ཡིན་མཆན། །ྂརིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ། །ཚུ་རོལ་གསལ་བྱེད་ཀྱི་ཁོངས་སུ་དབྱངས་བཅུ་བཞི་གང་རུང་ཡོད་པ། དེའི་ཕ་རོལ་ཏུ་ཡང་། དབྱངས་བཅུ་བཞི་ཐོག་མ་ཅན་གང་རུང་སྣང་ན། སྔོན་མའི་དབྱངས་དེ་ཡར་མར་གང་དུའང་མི་བྲི་བར་ཐད་ཀ་དེར་ཕྱིར་ཕྲལ་ནས་བྲི་བ་སྟེ། དཔེར་ན། ཛ་ཡ་རྒྱལ་བ། ཨཱི་ཤྭ་ར་དབང་ཕྱུག་མདོ་དེས་ཕྲལ་ནས། ཛ་ཡ྄་ཨ་ཨཱི་ཤྭ་ར་ལྟ་བུའོ། །གསལ་བྱེད་དབྱངས་མེད་རྟགས། ཧ་ལནྟ་སྦྱར་བ་ལ། རིམ་པ་ལས་མ་འདས་པ་ཟེར། ཧ་ལནྟ་ཟེར་བ་བོད་སྐད་དུ་སྲོག་མེད་མཐའ་ཡིན་ཏེ། ཙནྡྲའི་སྒྲ་གཞུང་གི་བསྡུ་བའི་སྐབས། དབྱངས་ལ་ཨཙ྄་དང་། གསལ་བྱེད་ལ་ཧལ྄་ཟེར་བ་དང་། ཨནྟ་མཐའ་སྟེ། ཧལ྄་གྱི་ལ྄་དེ་ཨནྟའི་ཨ་ལ་དྲངས་པའི་གཟུགས་སོ། །འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་འཛིན་པ་གྲུབ་བོ། །ཀ་ལཱ་པའི་སྒྲ་མདོ་འདིའི་ནང་ནས་མ་བཤད་པ། འཕགས་ཡུལ་གྱི་སྒྲ་གཞུང་། པཱ་ཙཱན྄་སོགས་སུ་བཤད་པའི་བྱ་བ་གང་འོས་པའང་འཇིག་རྟེན་པའི་ཉེ་བར་སྤྱོད་པ་སྟེ་དེ་རྣམས་ཀྱང་འདིར་བྱེད་ཆོག་པ་ཡིན་ཞེས་གཞན་དུ་ཁ་འཕང་བའོ། །ཞེས་པ་མཚམས་སྦྱོར་རྐང་པ་དང་པོ་རྫོགས་སོ། །

རྐང་པ་གཉིས་པ་དབྱངས་ཀྱི་མཚམས་སྦྱོར་ལས།

༈རྐང་པ་གཉིས་པ་དབྱངས་ཀྱི་མཚམས་སྦྱོར་ལས། ཐོག་མར་མཚུངས་འདྲའི་མཚམས་སྦྱོར་མདོར། མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོར་འགྱུར་ཏེ་ཕ་རོལ་ཡང་དབྱིའོ། །ཞེས་པའི་ལག་ལེན་ནི། དཔེར་ན། བུདྡྷ་སངས་རྒྱས། ཨཱཀར་འབྱུང་གནས་ལ། མདོ་སྔ་མ། རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ། །ཞེས་པས། ངྷའི་སྲོག་གི་དབྱངས་ཨ་ཕྲལ། དྷྲ་སྲོག་མེད་དུ་སོང་། དེ་ནས་མདོ་དངོས། མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོར་འགྱུར་ཏེ། ཞེས་པས། ཨ་སྔ་མ་རིང་། ཕ་རོལ་ཡང་དབྱིའོ། །ཞེས་པས་ཕ་རོལ་གྱི་ཨ་ཕྱིས་པར། བུདྡྷཨཱཀར་དེ་ནས་གསལ་བྱེད་དབྱངས་མེད་ཕྱིར་དྲངས་པས། བུདྡྷཱ་ཀ་ར་གྲུབ་པ། རྒྱལ་བའི་འབྱུང་གནས་ཡིན་པས་མཚོན། ཚུ་རོལ་ཏུ་དབྱངས་ཨ་ནས་ལཱྀ་བར་བཅུ་པོ་ཐུང་རིང་གང་རུང་ཡོད་པར། ཕ་རོལ་ཏུ་དེ་དང་གཟུགས་འདྲ་བའི་མཚུངས་པའི་དབྱངས་རིང་ཐུང་གང་ཡོད་ཀྱང་མཚུངས་འདྲ་སྟེ་སྔ་མ་རིང་། ཕྱི་མ་ཕྱིས་པས་ཆོག་པ་ལྟ་བུའི་འཕྲུལ་ཤེས་པར་བྱས་ནས། ༼ཨ༽བུདྡྷ་སངས་རྒྱས། ཨངྷིཥྛཱན྄ཤས྄་བྱིན་རྗེས། བྱིན་རླབས་རྣམས་ལ། ༈སིངྷ་སེངྒེ་ཨཱ་ས་ན་གདན་ནམ་ཁྲི། ཛྭ་ལ་འབར་བ། ཨ་ན་ལ་མེ། ༈མ་མ་བདག་ནི། ཨཱཡུས྄་ཚེ། པདྨ་པདྨ། ཨཱ་ཀ་ར་འབྱུང་གནས། ༈ངྷརྨ་ཆོས། ཨ་ཏྲ་རྣམ་དབྱེ་བདུན་པའི་དོན་དེ་ཕན་གྱི་ཏྲ་བྱིན་པ་ཡིན། འདིར་ཤྲདྡྷཱ་དད་པ། ཨསྟི་ཡོད་རྣམས་མཚུངས་འདྲ་བྱས་པས། བུདྡྷཱདྷིཥྛཱན྄་སངས་རྒྱས་བྱིན་རླབས་རྣམས་ལ། སིངྷཱསན་སེང་ཁྲི། ཛྭལཱནལ་འབར་བའི་མེ། མམཱཡུས྄་བདག་གི་ཚེ། པདྨཱ་ཀ་ར་པདྨ་འབྱུང་གནས། ངྷརྨཱཏྲ་ཆོས་འདིར། ཤྲདྡྷཱསྟི་{སྟེ}དད་པ་ཡོད། ༼ཨི༽[ཨི]མུ་ནི་ཐུབ་པ། ཨིནྡྲ་དབང་པོ། ནིརྟི་གར། ཨཱིཤྭར་དབང་ཕྱུགདངྔྷི་ཞོ། ཨིཥུ་འདོད་པ། སྭསྟི་བདེ་ལེགས། ཨི་དཾ་འདི། ཨོཥདྷི་སྨན། ཨིཀྵུ་བུར་ཤིང་། པཀྵི་འདབ་ཆགས། ཨིནྡྲ་དབང་པོ། དེ་ཝི་ལྷ་མོ། ཨིནྡྲནཱི་དབང་མོ་རྣམས་མཚམས་སྦྱར་བས། [༼ཨ༽ཞུ་མཆན།] མུནཱིནྡྲ་ཐུབ་དབང་། ནིརྟཱིཤྭར་གར་གྱི་དབང་ཕྱུགདངྔྷཱིཥུཿཞོ་འདོད་པ། སྭསྟཱིདཾ་ལེགས་པ་འདི། ཨོཥངྷཱིཀྵུ་སྨན་བུར་ཤིང་། པཀྵཱིནྡྲ་འདབ་ཆགས་དབང་པོ། དེཝཱིནྡྲཎཱི་ལྷ་མོའི་དབང་པོའོ། ༈། ༼ཨུ༽[ཨུ]བ་ཡུ་རླུང་། ཨུ་ད་ཡ་དར་བ། མངྷུ་མངར་བ། ཨུད་ཀ་ཆུ། གུ་རུ་བླ་མ། ཨུཏྟར་མཆོགཉེར་བསྒྱུར། སུ་བཟང་པོ། ཨུཀྟི་སྨྲས། ཨཾཤུ་འོད་ཟེར། ཨུ་ཤན་པ་སངས། རྣམས། བ་ཡཱུ་ད་ཡ་རླུང་དར་བ། མངྷཱུ་ད་ཀ་མངར་བའི་ཆབ། གུརཱུཏྟར་བླ་མ་མཆོགསཱུཀྟཾ་བཟང་པོར་སྨྲས། ཨཾཤཱུ་ཱུཤན་འོད་ཟེར་པ་སངས༈༼རྀ༽[རྀ]པིཏྲྀ་ཕ། རྀཥབྷ་ཁྱུ་མཆོགཤསྟྲྀ་སྟོན་པ། རྀཥབྷ་ཁྱུ་མཆོག །ཧོཏྲྀ་སྲེགས་བླུགས་མཁན། རྀཥི་དྲང་སྲོང་། པོཏྲྀ་དག་བྱེད། རྀཀཱར་རྀ་ཡིགནྲྀ་མི། རྀཥབྷ་ཁྱུ་མཆོགརྣམས་མཚུངས་འདྲ་མཚམས་སྦྱོར་བས། པིཏྲཱྀཥབྷ་ཕ་ཁྱུ་མཆོགཤསྟྲཱྀ་ཥབྷ་སྟོན་པ་ཁྱུ་མཆོགཧོཏྲཱི{སྟྲཱྀ}ཥིདྲང་སྲོང་སྲེག་བླུགས་མཁན། པོཏྲཱྀ་ཀཱར་དག་བྱེད་རྀ་ཡིགནྲཱྀཥབྷ་མི་ཁྱུ་མཆོག༈༼ལྀ༽[ལྀ]ཀླྀ་ནུས་པ། ལྀ་ཀཱར་ལྀ་ཡིགམཚུངས་འདྲ་བྱས་པས། ཀླཱྀ་ཀཱར་ནུས་པའི་ལྀ་ཡིགལྀཀཱར་ལྀ་ཡིག་སྟེ། ལྀ་འདིའི་དཔེར་བརྗོད་དཀོན་ཞིང་གཞན་དུ་ལྀ་ཡིག་རིང་པོ་མི་བཞེད་ཀྱང་། འདིའི་འགྲེལ་པ་སློབ་ཕན་ལས་རིང་པོ་བཤད་པའང་འགལ་བར་མི་སེམས་སོ། ༈། ཡང་དབྱངས་ཡིག་ཨ་ཐུང་རིང་དང་། དབྱངས་གཞན་རྣམས་མཚམས་སྦྱོར་བའི་མདོ། དེ་བཞིན་དུ་འོག་མ་རྣམས་ཀྱི་མགོར་ཡང་། ཨའི་ཡི་གེ་ཞེས་སྦྱོར་ན་གོ་བ་ཆགས་པར་འདུགམཆན། ༈ཨའི་ཡི་གེ་ཨིའི་ཡི་གེ་རྣམས་ལ་ཨེའོ། །ཨུའི་ཡི་གེ་ལ་ཨོའོ། །རྀའི་ཡི་གེ་ལ་ཨར྄་རོ། །ལྀའི་ཡི་གེ་ལ་ཨལ྄་ལོ། །ཨེ་ཡིག་ལ་ཨཻ་སྟེ། ཨཻ་ཡིག་ལའང་ངོ་། ཨོ་ཡིག་ལ་ཨ་སྟེ། ཨ་ཡིག་ལའང་ངོ་། །ཞེས་ཚུ་རོལ་ཏུ་དབྱངས་ཨ་རིང་ཐུང་གང་རུང་ཡོད་ལ། དེའི་ཕ་རོལ་ཏུ། ཨི་[ཨེ]རིང་ཐུང་། ༡ཨུ་རིང་ཐུང་། ༢རྀ་རིང་ཐུང་། ༣ལྀ་རིང་ཐུང་། ༤ཨེ། ༥ཨཻ། ༦ཨོ། ༧ཨ། ༨རྣམས་ཐོག་མ་ཅན་གང་རུང་བྱུང་ན། སྔོན་མའི་རྟགས་མཐའི་ཨ་རིང་ཐུང་གང་ཡོད་དེ་རིམ་བཞིན། ཨེ། ༡ཨོ། ༢ཨར྄། ༣ཨལ྄། ༤ཨཻ། ༥ཨ། ༦སོ་སོར་བྱེད་ཅིང་། ཕྱི་མ་དབྱི་བ་དང་། སྔ་མའི་ཨ་ལ་འ་ཆུང་འདུག་ན་དབྱི་དགོས་སོ། །དེ་རྣམས་ཀྱི་དཔེར་བརྗོད་པ་ཡང་རིམ་བཞིན་འབྲི་བར། ལོཀ་འཇིག་རྟེན། ཨཱིཤྭར་དབང་ཕྱུགསུར་ལྷ། ཨིནྡྲ་དབང་པོ། ཡཐཱ་ཇི་ལྟར། ཨིདཾ་འདི། ལོཀེཤྭར་འཇིག་རྟེན་དབང་ཕྱུགསུརེནྡྲ་ལྷའི་དབང་པོ། ཡ་ཐེདཾ་ཇི་ལྟར་འདིའོ། ༈། པདྨཔདྨ། ཨུཥྞཱིཥ་གཙུག་ཏོར། ལོ་ཀ་འཇིག་རྟེན། ཨུཏྟར་མཆོགམ་མ་བདག་གི་ཨུདཀཆུ། པདྨོཥྞཱིཥ་པདྨ་གཙུག་ཏོར། ལོ་ཀོཏྟར་འཇིག་རྟེན་མཆོགམམོདཀབདག་གི་ཆུའོ། ༈། མཧཱ་ཆེན་པོ། རྀཥི་དྲང་སྲོང་། པུརུཥ་སྐྱེས་བུ། རྀཥབྷ་ཁྱུ་མཆོགམཧཪྵི་དྲང་སྲོང་ཆེན་པོ། པུརུཥཪྵབྷ་སྐྱེས་བུའི་ཁྱུ་མཆོག༈ཏབ་ཁྱོད། ལྀཀཱར་ལྀ་ཡིག་ཏབལྐཱར་ཁྱོད་ཀྱི་ལྀ་ཡིག[གཅིག་ཞུ་མཆན།] ཨེཀགཅིགཨེཀ་ཏབ་ཁྱོད། ཨཻཌིཀ་ལུགཨེ་ཀཻཀ་རེ་རེའམ་གཅིག་གཅིགཏབཻཌིཀཁྱོད་ཀྱི་ལུག་གོ །༈ཤུདྡྷ་དག་པ། ཨོདན་ཟས། ཁཊྭཱ་ཁྲི། ཨོཔ་ག་བ་ཉེ་བའི་བ་ལང་། ཤུདྡྷདན་ཟས་གཙང་། ཁཊྭོཔ་ག་བ་ཁྲི་དང་ཉེ་བའི་བ་ལང་ངོ་། །ཡང་། ཨིའི་ཡི་གེ་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཡ྄་སྟེ། ཕ་རོལ་དབྱི་བའང་མ་ཡིན་ནོ། །ཨུའི་ཡི་གེ་ཝའོ། །འདྲ་བའི་ཡི་གེ་མ་ཡིན་པ་ལ་རིམ་བཞིན་འགྲེ། རྀའི་ཡི་གེ་ར྄འོ། །ལྀའི་ཡི་གེ་ལ྄འོ། །ཨེཨཡ྄འོ། །ཨཻཨཱཡ྄འོ། །ཨོཨ{ཨོ}ཝ྄འོ། །ཨཨཱ{ཨ}ཝ྄འོ། །ཞེས་པས། ཕ་རོལ་ཏུ་དབྱངས། ༡ཨི་རིང་ཐུང་། ༢ཨུ་རིང་ཐུང་། ༣རྀ་རིང་ཐུང་། ༤ལྀ་རིང་ཐུང་། ༥ཨེ་༦ཨཻ་༧ཨོ་༨ཨ་རྣམས་ཡོད་པར་ཕ་རོལ་ཏུ་རང་གཟུགས་དེ་མིན་པ་ལ་ཨ་རིང་ཐུང་སོགས་དབྱངས་གཞན་བཅུ་གཉིས་གང་རུང་བྱུང་ན། རིམ་པ་ལྟར། སྔ་མའི་དབྱངས་རྣམས། ཡ྄། ཝ྄། ར྄། ལ྄། ཨཡ྄། ཨཱཡ྄། ཨབ྄། ཨཱཝ྄་རྣམས་སུ་གོང་གི་མདོ་སོ་སོས་བསྒྱུར་ནས། འདི་ཕྱིན་ཆད་ཕ་རོལ་དབྱངས་མ་ཕྱིས་པའི་ཐོག་ཏུ་དྲངས་པ་སྟེ། དཔེར་ན། ཨཱདི་གདོད་མ། ཨནུཏྤནྣ་མ་སྐྱེས་པ། ཧརི་སེདྒེ་ཨཱསན་གདན། ནརཱི་མི་མོ་ཨཪྱཀྵ་དབང་པོའི་སྤྱོད་ཡུལ་མིན་པ། དེཝཱི་ལྷ་མོ། ཨུཔསྠཱན་ཉེ་བར་གནས་པ། དེ་རྣམས་མཚམས་སྦྱོར་བས། ཨཱདྱནུཏྤནྣ་གདོད་ནས་མ་སྐྱེས་པ། ཧཪྱཱསན་སེང་ཁྲི། ནཪྱརླཀྵ་མི་མོ་དབང་ཡུལ་མིན་པ། དེཝྱུཔསྠཱན་ལྷ་མོ་ཉེ་བར་གནས་པའོ། །ངྷཏུ་ཁམས། ཨཱཡཏན་སྐྱེ་མཆེད། ཨཐཁལུ་དེ་ནས། ཨཱཡུསྨཱན྄{ན}ཚེ་དང་ལྡན་པ། སམནུ་ཡང་དག་པ་རྗེས་སུ། ཨཱཧརནྟུ་དགོངས་སུ་གསོལ། གུརུ་བླ་མ། ཨེཀ་གཅིགམནུ་ཡིད། ཨིནྡྲ་དབང་པོ། སུ་བཟང་པོ། ཨཏི་ཕུལ་བྱུང་། སུ་བདེ་ལེགས། ཨསྟི་ཡོད་པ། ཏནུ་རྒྱས་པ། ཨཻཌིཀ་ལུགཔཊུ་མཁས་པ། ཨདྒ་ཡན་ལག་རྣམས་སྦྱར་ཚེ། ངྷཏྭཱ་ཡ་ཏན་ཁམས་དང་སྐྱེ་མཆེད། ཨཐཁལྭཱཡུཥྨཱན྄་དེ་ནས་ཚེ་དང་ལྡན་པ། སམནྭཱཧརནྟུ་ཡང་དག་པར་རྗེས་སུ་དགོངས་སུ་གསོལ། གུརྭེཀ་བླ་མ་གཅིག་པུ། མནྭིནྡྲ་ཡིད་ཀྱི་དབང་པོ། སྭཏི་བཟང་པོ་ཕུལ་བྱུང་། སྭསྟི་བདེ་ལེགས་ཡོད་པ། ཏནྭཻཌིཀ་ཕྱུག་པོའི་ལུགཔཊྭཱངྒ་མཁས་པའི་མན་ངག་གོ༈། བིཤྭམཏྲྀ་སྣ་ཚོགས་ཡུམ། ཨུདཡ་དར་བ། པིཏྲྀ་ཕ། ཨིཧ་འདིར། མཏྲྀ་ཡུམ། ཨེཀགཅིགཔིཏྲྀཕ། ཨོཔགཝ་ཉེ་བའི་བ་ལང་རྣམས་མཚམས་སྦྱོར་འབྲས། བིཤྭམཏྲུདཡ་སྣ་ཚོགས་ཡུམ་དར་བ། པིཏྲ{ཏྲི}ཧ་ཡབ་འདིར། མཏ྄ེཀ་ཡུམ་གཅིགཔིཏྲོ{ཏྲ}པགབ་ཕ་དང་ཉེ་བའི་བ་ལང་ངོ་། ༈། ལྀ། ཨནུབནྡྷ་རྗེས་སུ་འཆིང་བ། ལྀཨཱཡུཿཚེ། ལྀཨིཥུ་འདོད་པ། ཀླྀ་ནུས་པ། ཨཱིཤྭར་དབང་ཕྱུགཀླྀ་ནུས་པ། ཨུཔ་ཉེ་བ། ཀླྀཨེཏཿའདི། རྣམས་མཚམས་སྦྱར་བས། ལནུབནྡྷལྀ་རྗེས་སུ་འཆིང་བ། ལཱཡུཿལྀའི་འཚོ་བ། ལིཥུལྀ་འདོད་པ། ཀླཱིཤྭར་ནུས་པའི་དབང་ཕྱུགཀླུཔ་ནུས་པ་ཉེ་བ། ཀླེཏཿནུས་པ་འདིའོ། ༈། ཏེ་དེ་རྣམས། ཨཧུ་སྨྲས་པ། རཻ་ནོར། ཨིཤྭར་དབང་ཕྱུགརྣམས་བསྒྲུབས་འབྲས། ཏ་ཡ་ཧུ་དེ་རྣམས་སྨྲས། རཱཡིཤྭར་ནོར་གྱི་དབང་ཕྱུག་གོ །༈ཡང་གོབ་ལང་། ཨཀྵ་མིག[ཡིག]ཏ་དེ་དགཨིཧ་འདིར། གབཀྵ་བ་ལང་མིགཏཱབིཧ་དེ་འདིར། དེ་བཞིན་དུ་དབྱངས་གཞན་ལའང་རིགས་བསྒྲེ་བའོ། །ཨཡལ་སོགས་པ་རྣམས་ཀྱི་ཡ྄་བ྄་དབྱི་བ་ཚིག་མཐའ་ལ་ཏེ་ཡང་ན་མ་ཡིན་ཞིང་ཕྱིས་པ་ལ་ནི་རང་བཞིན་ནོ། །ཞེས་བྱིངས་ལ་ཀྲྀཏ྄་བྱིན་པའི་རྟགས་མཐར། མིང་ལེའི་རང་བཞིན་སི་སོགས་ཀྱི་རྣམ་དབྱེ་བྱིན་པས། ཨེ་ཨཻ་ཨོ་ཨའི་མཐའ་བྱུང་ན་ཚིག་མཐའ་ཟེར། དེའི་ཕ་རོལ་དབྱངས་བཅུ་གཉིས་གང་བྱུང་ཡང་རུང་མཚམས་སྦྱོར་གྱི་སྐབས། སྨོས་མ་ཐག་པའི། ཨཡ྄། ཨཱཡ྄། ཨཔ྄། ཨཱཝ྄་བྱས་པ་ལ། སྐབས་འགར། ཡ྄བ྄་ཕྱིས་ན། སླར་ཕ་རོལ་གྱི་དབྱངས་དང་མཚམས་མི་སྦྱོར་བ། རང་བཞིན་དུ་འཇོག་པའི་དོན་ཡིན། དཔེར་ན། མོ་རྟགས། ཤྲདྡྷཱལ། རྣམ་དབྱེ་གཉིས་པའི་ཨ་དང་། བཞི་པའི་ངེ་བྱིན་ཚིག་ཏུ་བསྒྲུབས་པས། ཤྲདྡྷ་{དྡྷེ}དད་པ་དག་ལ། ཤྲདྡྷཱཡཻ་དད་པའི་ཆེད་དུ། ༈ཡང་སྐྱེས་པའི་རྟགས་ཨ་ཐུང་མཐའ། ཛཡལ་རྣམ་དབྱེ་དང་པོའི་གཉིས་ཚིག་ཨ་སྦྱར་བས། ཛཡ་རྒྱལ་བ་དགཨཨཱིའོསཨཱིར་བསྒྱུར་མཚམས་སྦྱོར། ང་ལྡན་རྣམས་ཡེཡཱས྄ཡཱས྄ཡཱམམོ་ཞེས་པས། ངེ་ཡཻ་རུ་བསྒྱུར་བ་རེད། གྲུབ་པ་རྣམས་ཏེ། ཤྲདྡྷཱ་ཚིག་ཏུ་བསྒྲུབས་པ་དེ་གཉིས། ཨཱཧུ་དང་། ཛཡ་ཨཱ་ཀར་དང་མཚམས་སྦྱོར་བ། གོང་གི་མདོས། ཡ྄་བ྄་དབྱི་ཚར་རྟིང་མཚམས་སྦྱོར་མི་ཐོབ་པས་འདི་ལྟར་བཞགཤྲདྡྷཱཨཱཧུ་དད་པ་དག་ལ་སྨྲས། ཛཡཱཨཱ་ཀར་རྒྱལ་བ་དག་གི་འབྱུང་གནས། ཛཡཱཝཱ་ཀར་རྒྱལ་བ་དག་གི་འབྱུང་གནས་ལྟ་བུར་འགྲེེ་བར་བྱའོ། །ཚིག་མཐའ་ཡིན་ན། རྟགས་མཐར་ཡ྄་བ྄་དབྱི་རྒྱུ་མེད་དོ། །ཚིག་མཐར་ཨེཏ྄་ཨོཏ྄་ལས་ཕ་རོལ་གྱི་ཨ་ཡིག་དབྱིའོ། །ཞེས་པ་ཨི་ཐུང་མཐར་སི་དང་། ཨུ་ཐུང་མཐར་བོད་སི་བྱིན་པའི་ཨེཏ྄་མཐའ་སྟེ་ཚིག་ཏུ་གྲུབ་པ་དེའི་ཕ་རོལ་ཏུ་ཨ་ཐུང་བྱུང་ན་དབྱི་ཞིང་པླུ་ཏ་བྲི་བའོ། །དཔེར་ན། བུདྡྷ་ལ་རྣམ་དབྱེ་དང་པོའི་སི་བྱིན། སིའི་ཨི་ཡིག་རྗེས་འབྲེལ་ཡིན་པས་ཕྱིས། ས྄་དེ་རེ་ཕ་དང་ས་དག་གི་རྣམ་པར་བཅད་བྱའོ། །ཞེས་རྣམ་བཅད་བྱས་པས། བུདྡྷཿགྲུབ། དེའི་ཕ་རོལ་ཏུ། ཨཏ྄་ཡོད་པ་ལྟ་བུར། འོག་ནས་འབྱུང་བའི་རྣམ་བཅད་ཀྱི་མཚམས་སྦྱོར་བས། རྣམ་པར་གཅད་བྱ་ཨ་ཡིག་དག་གི་བར་དུ་ཨུའོ། །ཞེས་པས། རྣམ་བཅད་ཀྱིས་ཨུ་བྱས། ངྷའི་དབྱངས་ཨ་ཕྱིར་ཕྲལ། ཨ་དང་ཨུ་འཕྲད་པས་ཨོ། ངྷ་དེའི་སྟེང་དུ་དྲངས་པས། བུངྔྷོ་གྲུབ། དེ་ཚིག་མཐར་ཨེཏྲ་ཨོཏ྄་ཀྱི་ཨོ་ཡིན། མདོ་དེས། ཨཏྲའི་ཨ་ཕྱིས། འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་འཛིན་པ་གྲུབ་པོས། པླུཏ་སྟེ་གསུམ་འཁྱོགས་བྱས་པས། བུངྔྷོ྅ཏྲ་སངས་རྒྱས་འདིར། ཞེས་པ་ལྟ་བུ་སྟེ། འཕྲོས་དོན། ངྷའི་སྲོག་གི་ཨ། རྣམ་བཅད་ཨུ། ཕ་རོལ་གྱི་ཨ་གསུམ་ཀ་འདུས་པས་དོན་དུ་྅་འཁྱོགས་བྲི་ཡང་། དབྱངས་གསུམ་འདུས་པའི་རྟགས་ཡིན་ནོ། །དེའི་དོན་གྱིས་སྔགས་ཀློག་རྣམས་སུ། པླུཏ་ནི་མིག་འཛུམ་གསུམ་གྱི་ཡུན་དུ་བཀླགཅེས་གསུངས་པའོ། །ཚིག་མཐའི་ཨེཏ྄་ཨོཏ྄་ཀྱི་ཏ྄་ནི། ཨེ་འགྲེང་བུ་གཅིག་ཅན་དང་། ཨོ་རྣ་རུ་གཅིག་ཅན་ཁ་ོན་རེ་ངེས་བཟུང་དགོས་ཆེད་ཏ་ཡིག་གིས་མཐའ་འགེགས་པ་ཡིན་ནོ། །དེ་ལྟར་། ཨནག་ཏེ། མ་འོངས་པའི། ཨདྡྷཱ་དུས། ཤུངྔྷོ་དག་པ། ཨཧཾ་ངའོ། ཨཏྨཀོ་བདག་ཉིད། ཨ་ཧཾ་ངའོ་རྣམས་བསྒྲུབས་འབྲས། ཨནགཏེ྅ངྷྭ་མ་འོངས་པའི་དུས་ན། ཤུངྔྷོ྅ཧཾ་དག་པ་ངའོ། །ཨཏྨཀོ྅ཧཾ་བདག་ཉིད་ངའོ་ཞེས་པ་ལྟ་བུས་མཚོན་པར་བྱའོ། །གསལ་བྱེད་ལ་དབྱངས་རྣམས་མཚམས་སྦྱོར་མི་བྱའོ། །གསལ་བྱེད་དང་། གསལ་བྱེད་དབྱངས་ཡོད་གཉིས་ནང་འཕྲད་པའི། སྔ་མའི་གསལ་བྱེད་དབྱངས་ཡོད་ཀྱི་དབྱངས་ཕ་རོལ་ཏུ་ཡོད་ཀྱང་རྗེས་མའི་གསལ་བྱེད་ལ་དབྱངས་དེ་མཚམས་སྦྱོར་རྒྱུ་མེད་པས་མི་བྱ་སྟེ། དཔེར་ན། བུདྡྷ་དང་། ངྷརྨ་གཉིས་འཕྲད་ཚེ། བུདྡྷ་ངྷརྨ་ཞེས་རང་སར་འཇོག་པ་ལས། བུདྡྷའི་དབྱངས་ཨ་ཕྲལ་ནས། ངྷརྨ་ལ་མཚམས་སྦྱོར་རྒྱུ་མེད་པ་བཞིན་ནོ། །ཞེས་མཚམས་སྦྱོར་ལས་རྐང་པ་གཉིས་པ་རྫོགས་སོ། །

རྐང་པ་གསུམ་པ་དབྱངས་ཀྱི་མཚམས་སྦྱོར་དེ་རྣམས་ཀྱི་དམིགས་བསལ་ཚིག་ཟིན་འགའ་ཞིག་མཚམས་སྦྱོར་མི་ཐོབ་པ།

༈རྐང་པ་གསུམ་པ་དབྱངས་ཀྱི་མཚམས་སྦྱོར་དེ་རྣམས་ཀྱི་དམིགས་བསལ་ཚིག་ཟིན་འགའ་ཞིག་མཚམས་སྦྱོར་མི་ཐོབ་པ་ནི། ཨོཏ྄་མཐའ་རྣམས་དང་། ཨ་ཨི་ཨུ་ཨཱ་ནི་པཱ་ཏ་རྣམས་དབྱངས་ལ་རང་བཞིན་གྱིས་སོ། །འདིར་དབྱངས་ཨོཏ྄་མཐའ་མི་ཟད་པ་ཡིན་པ། ངོ་མཚར་བ་དང་། སྐྱོ་བ་དང་། འདྲི་བ་དང་། རྣམ་པར་དཔྱད་པ་ལ་འཇུག་པའི། ཨཧོ་ཨུཏ྄་དང་། ཨཧོ་དེ་མཚམས་སྦྱར་བ། ཨུཏཧོ་སྟེ་ཡང་ན་ལ་འཇུག་པ། བཀྲ་ཤིས་པ་དང་། དེ་མ་ཐག་རྩོམ་པ། འདྲི་བ། མཐའ་དག་རྣམས་ལ་འཇུག་པ། ཨཐོ་སྟེ་ཨོཏ྄་མཐའ་དང་། ཉེར་བསྒྱུར་ཨཱང་ལས་གཞན་པའི་ནི་པཱ་ཏ་སྟེ་མི་ཟད་པའི་ཚིག་ཕྲད་དབྱངས་གཅིག་པ་རྣམས་མཚམས་མི་སྦྱོར་ཏེ། ཅུང་ཟད་དང་དངོས་མེད་བརྗོད་པའི་ཨ། སྐྱོ་བ་དང་ཁྲོས་ཚིག་གི་ཨེ། ཡང་དག་པར་རྟོགས་པ་དང་། ཁྲོ་ཚིག་གི་ཨུ། དྲན་པའི་དོན་དང་། ངག་སྦྱོར་གྱི་ཨཱ་རྣམས་དང་། ཤུགས་བསྟན་དུ། སྲུང་བ་དང་། སྲུང་བྱེད་དང་། གཙང་བ་དང་། བྱ་བ་དང་། རྩོམ་པ་དང་། གྲངས་མེད་པ་རྣམས་ལ། ཨཱུ་ལྷའི་མ་དང་། སྨན་པའི་དོན་ལ། རྀ་ལྀ་ལྷ་མ་ཡིན་གྱི། ལ་དང་། སྨད་པའི་དོན་ལ། རཱྀ་དྲན་པ་དང་། གླུ་ལེན་པ་རྣམས་ལ། ཨི་དྲན་པ་དང་། འགྲན་པ་རྣམས་ལ། ཨ་ཕྱག་དར་ལ། ཨཿའཇུག་པ་འདི་རྣམས་ཀྱི་ཕ་རོལ་ཏུ་དབྱངས་གང་བྱུང་ཡང་། མཚམས་མི་སྦྱོར་བར་འཇོག་དགོས་པའོ། །གཉིས་ཀྱི་ཚིག་ཨ་མ་ཡིན་པའོ། །ཞེས་མོ་རྟགས་ཨཱ་རིང་མཐར་དང་། མ་ནིང་ཨ་ཐུང་མཐར། རྣམ་དབྱེ་དང་པོའི་ཨ་དང་། གཉིས་པའི་ཨ་བྱིན་པ། ཤྲངྔྷེ་གཉིས་ཛ་ལེ་གཉིས་ལྟ་བུ། ཨགྣིའི་རྟགས་ཨི་ཐུང་དང་། ཨུ་ཐུང་མཐར། ཨ་ཡིག་སྔ་མ་ལ་འོས། ཨི་དང་། ཨུ་བྱེད་མཚམས་སྦྱོར་བའོ། །ཨ་གཉིས་བྱིན་པས་ཚིག་ཏུ་གྲུབ་པ། ཨ་ཨིའོ་ཞེས་མཚམས་སྦྱོར་བའོ། །ཧརཱི་གཉིས། པཊཱུ་གཉིས། རྣམས་ཀྱིས་མཚོན། ཨའི་རང་གཟུགས་འགྱུར་བ་དེའི་ཕ་རོལ་ཏུ་དབྱངས་གང་བྱུང་ཡང་མཚམས་མི་སྦྱོར་བ་སྟེ། དཔེར་ན་འདི་བཞིན་འཇོགཤྲངྔྷེཨསྟི་དད་པ་དག་ཡོད། ཤྲངྔྷེཨཱཤྲམ་དད་པ་དག་ལ་གནས། ཛལེཨིནྡྲ་ཆུ་དག་དབང་པོ། ཛལེཨོདན་ཆུ་དག་ལ་ཟས། ཧརཱིཨིདཾསེང་གེ་དག་འདི། པཊཱུཨོཥདྷི་མཁས་པ་དག་ལ་སྨན་ལྟ་བུའོ། །མང་པོའི་ཚིག་ཨལམཱིའོ། །ཞེས་པ། སརྦནཱམའི་ཏྱད྄་ནང་ཚན། ཨདས྄་ལ་མང་ཚིག་ཛས྄{སྲ྄}བྱིན། ཨདས྄་ཛས྄{སྲ྄}བྱིན། ངྷུ་ཊ་མང་པོ་ཉིད་ལ་ནི་ཨེའོ་ཞེས་པས། དེའི་སྲོག་གི་དབྱངས་ཨ་ཨིར་བྱེད། མང་པོ་ཉིད་ལ་ཨེཏྲ་ཨཱི་ཉིད་དོ་ཅེས་པས་ཨེ་ཨཱི་བྱེད། ཏྱཏ྄་ཆོ་གཏྱད྄་སོགས་ཀྱི་རྣམ་དབྱེ་ལ་ཨའོསས྄{སྲ྄}ཨར་བསྒྱུར། ཨ་ཡིག་ལ་དབྱིའོས། དའི་སྲོག་གི་དབྱངས་ཨ་ཕྱིས། གསལ་བྱེད་དབྱངས་མེད་ཕྱིར་དྲངས་པས། ཨད་གྲུབ་པའོ། །ཛས྄{སྲ྄}ཐམས་ཅད་ཨཱིའོས། ཛས྄{སྲ྄}ཨི་བྱེད། དེ་ནས་ཛས྄{སྲ྄}ཀྱི་ཨཱི་དང་མཚུངས་འདྲ་བྱས་པས། ཨདཱི་གྲུབ། དེས་ཚིག་ཏུ་གྲུབ་ཚར་པ་ཡིན་པས། ཨདས྄་ཀྱི་ཚིག་ལ་མའོ། །ཞེས་པས། ད་མར་བསྒྱུར་བས། ཨམཱི་འདི་རྣམས། དེ་ལྟར་གྲུབ་པའི་ཨཱ་མཱི་འདི་ཁོ་ན་ཉིད། ཕ་རོལ་གྱི་དབྱངས་དང་མཚམས་མི་སྦྱོར་བ་མཚོན་ན། ཧེཨམཱིཨོཥངྷི་ཀྱེ་འདི་རྣམས་སྨན། ལྟ་བུ་རང་སར་འཇོག་གོ །ཉེ་བར་མ་བསྟན་པ་རྣམས་ཀྱང་ངོ་། །སྒྲ་གཞུང་འདིར་ཉེ་བར་མ་བསྟན་པ། སྐབས་ཐོབ་སྦྱོར་དུ་རུང་བ་གཞུང་གཞན་ནས་བཤད་པ་རྣམས་ཀྱང་ཆོག་པར། ཀྱང་ཞེས་སྡུད་པའི་སྒྲས་བསྟན་པ་སྟེ། གཞན་དུ། རྒྱང་རིང་པོ་ནས་འབོད་པ་དང་། ངུ་བ་དང་། གླུ་ལེན་པ་ལ་སོགས་པའི་དོན་ལ་པླུ་ཏ་སྦྱར་བ་སོགས། འདིར་མ་བཤད་པ། མཚམས་མི་སྦྱོར་རྒྱུ་ཡང་ཡོད་དོ། །ཧེདེཝདདྟ྅ཨཏྲ་ཀྱེ་ལྷས་བྱིན་འདིར། ལྟ་བུ། ཡི་གེ་ཤིན་ཏུ་མང་པོ་ནི་ཡུན་དུ་བརྗོད་པ་ཡང་ཡོད་དོ། །འགའ་ཞིག་གིས་དེ་འདྲའི་ཡི་གེ་མེད་ཟེར་བ་ནི། མ་བསླབས་{བསླབ}པའི་ཤེས་བྱ་ལ་རྣམ་གཞག་བྱེད་པ་ཙམ་དུ་ཟད་དོ། །ཞེས་པ་མཚམས་སྦྱོར་ལས་རྐང་པ་གསུམ་པ་རྫོགས་སོ། །

རྐང་པ་བཞི་པ་གསལ་བྱེད་ཀྱི་མཚམས་སྦྱོར་བསྟན་པ།

༈རྐང་པ་བཞི་པ་གསལ་བྱེད་ཀྱི་མཚམས་སྦྱོར་བསྟན་པ་ནི། སྡེ་པའི་ཚིག་མཐའ་རྣམས་དབྱངས་དང་སྒྲ་ལྡན་རྣམས་ལ་གསུམ་པ་རྣམས་སོ། །ཞེས་པ། སྡེ་པའི་དང་པོའི་ཚིག་མཐར་སྟེ། ཀ྄ཙ྄ཊ྄ཏ྄པ྄་འདི་རྣམས་ཀྱི་མཐའ་ཅན་ལ་རྣམ་དབྱེ་དང་པོའི་སི་སོགས་འཇིག་པ་དེ་རྣམས་ཀྱི་ཕ་རོལ་ཏུ་དབྱངས་བཅུ་བཞི་ནས། སྒྲ་ལྡན་ཉི་ཤུ་གང་རུང་བྱུང་ན་སྡེ་པ་རང་རང་གི་གསུམ་པར་མདོ་དེས་བསྒྱུར་བ་སྟེ། ཚིག་མཐའ་མིན་ན་མི་འགྱུར་བའང་ཤེས་དགོས་སོ། །དཔེར་ན། ཝཱཀ྄ངགཨཱིཤྭར྄་དབང་ཕྱུགཝཱཀ྄ངགངྷཏུ་ཁམས། སྦྱོར་བས་ཝཱགཱིཤྭར་ངག་གི་དབང་ཕྱུགཝཱགྔྷཏུ་ངག་གི་ཁམས། ཨཙ྄་དབྱངས། ཨནྟ་མཐའ། ཨཙ྄་གམྦྷིར་ཟབ་མོ་སྦྱོར་བས། ཨ་ཛནྟ་དབྱངས་མཐའ། ཨམྦྷིར་དབྱངས་ཟབ་མོ། ཥཊ་དྲུགཨངྒ་ཡན་ལགཥཊ྄་[དྲུག་ཞུ་མཆན།] བཱསུ་ནོར། སྦྱོར་བས། ཥཌངྒ་ཡན་ལག་དྲུགཥསུ་ནོར་དྲུགཏཏྲ་དེ། ཨེཥཿའདིར། ཏཏྲ་ངྷརྨ་ཆོས་སྦྱོར་བས། ཏདེཥཿདེ་འདིར། ཏདྡྷརྨ་དེ་ཆོས། ཏྲིཥྚུཔ྄{པ}གསུམ་བསྔགས། ཨ་བ་ལི་ཕྲེང་བ། ཏྲིཥྚཔ྄ལཏཱ་འཁྲི་ཤིང་། སྦྱར་། ཏྲིཥྚུཔབལི་གསུམ་བསྔགས་ཕྲེང་བ། ཏྲིཥྚུབླཏཱ་གསུམ་བསྔགས་འཁྲི་ཤིང་། ལྟ་བུ། དབྱངས་དང་སྒྲ་ལྡན་གཞན་ཐམས་ཅད་ལ་དེས་འཕྲུལ་ལོ། །སྡེ་པའི་དང་པོ་ཚིག་མཐའ་རྣམས། ལྔ་པ་རྣམས་སུ་སྟེ། ཡང་ན་མ་ཡིན་པར་གསུམ་པ་རྣམས་སོ། །སྡེ་པའི་དང་པོ། ཀ྄་ཙ྄་ཊ྄་ཏ྄་པ྄་དེ་རྣམས་ཀྱི་ཚིག་མཐའི་ཕ་རོལ་ཏུ། སྡེ་པ་དེ་རྣམས་ཀྱི་ལྔ་པ། ང་ཉ་ཎ་ན་མ་རྣམས་སྣང་ན། ཚུ་རོལ་གྱི་ཚིག་མཐའི་སྡེ་པའི་དང་པོ་དེ། རང་རང་གི་ལྔ་པར་མདོ་འདིས་བསྒྱུར་བའམ། ཡང་ན་སྔ་མ་ལྟར་རང་རང་གི་གསུམ་པ་བྱེད་པ་འདམ་གའོ། །དཔེར་ན། ཝཱཀ྄་མན་ཡིད་ལ། ཝཱདྨནའམ། ཝཱགྨན་ངག་ཡིད་དོ། ཨཙ྄་ཉཀཱར་ཉ་ཡིག་ལ། ཨ་ཀཱརའམ། ཨཛྙཀཱར་དབྱངས་དང་ཉ་ཡིག་གོ །ཥཊ྄ཎཀཱར་ཎ་ཡིག་ལ། ཥཀཱརའམ། ཥཀཱར་ཎ་ཡིག་དྲུག་གོ །ཏཏ྄་ནཱ་ཐ་མགོན་པོ་ལ། ཏནྣཱཐའམ། ཏཏྣཱཐ་དེ་མགོན་པོའོ། །ཏྲིཥྚུཔ྄་ངཀཱར་ང་ཡིག་ལ། ཏྲིཥྚུངྐཱརའམ། ཏྲིཥྚུཔྡཀཱར་གསུམ་བསྔགས་ང་ཡིག་གོ །ལྟ་བུས་མཚོན་པར་བྱའོ། །སྡེ་པའི་དང་པོ་རྣམས་ལས་ཤ་ཡིག་དབྱངས་དང་ཡ་ཝ་ར་ཕ་རོལ་ཅན་ནི་ཚ་ཡིག་སྟེ། ཡང་ན་མ་ཡིན་ནོ། །ཡང་སྡེ་པའི་དང་པོར། དཔེར་ན། ཝཱཀ྄་སི་བྱིན། གསལ་བྱེད་མཐའ་ལ་སི་དབྱིའོས། སི་བྱིན་པའི་རྗེས་མེད་ཀྱང་ཚིག་ཏུ་གྲུབ་པ་ལྟ་བུའོ། །སི་བྱིན་མཐར། ཀ྄་ཙ྄་ཊ྄་ཏ྄་པ྄་སྲོག་མེད་ལ། དེའི་ཕ་རོལ་ཏུ། ཤ་ཡིག་ལ་དབྱངས་ཁོག་ཞུགས་དང་། ཡ་ཝ་རའི་འདོགས་ཅན་བྱུང་ན། མདོ་འདིས་ཤ་ཚ་རུ་འགྱུར་བ་འམ། ཡང་ན་མ་ཡིན་ནོ་ས་མི་འགྱུར་བ་འདམ་ག་བྱེད་པ་སྟེ། དཔེར་ན། ཝཱཀ྄་ཤུར་དཔའ་བོ་ལ། ཝཱརའམ། ཝཀྴུར་ངག་གི་དཔའ་བོ། ཥཊ྄ཤྱཱམ་སྔོ་བསངས། ཥམའམ་ཥམ། སྔོ་བསངས་དྲུགཏཏྲ་ཤྭེཏ་དཀར་པོ། ཏཏ྄་ཀྱི་ཏ྄་དང་། ཏྲིཥྚུ་པ྄་ཀྱི་པ྄་དེ་ཤ་ཚ་རུ་བསྒྱུར་བའམ་ཤ་དངོས་ཀྱི་མགོ་བོར་དྲངས་པས། སྒྲ་མེད་པ་ལ་དང་པོ་འོས་ཏ྄་དང་པ྄་སྟེང་མ་ཚ་རུ་བསྒྱུར་བ་རེད། ཏ་ཙྪྭེཏ་འམ། ཏཙྴཱེཏ་དེ་དཀར་པོ། ཏྲིཥྚུཔ྄་ཤྲུཏི་ཐོས་པ། ཏྲིཥྚུཙྪྲུཏམཏའམ། ཏྲིཥྚུཏཾ་གསུམ་བསྔགས་ཐོས་པའོ། །དེ་རྣམས་ཉིད་ལས་ཧ་ཡིག་སྔ་མའི་བཞི་པ་སྟེ་ཡང་ན་མ་ཡིན་ནོ། །ཞེས་པ། སྡེ་པའི་དང་པོ་དང་། ཚིག་མཐའ་ཡིན་པར། ཕ་རོལ། ཧ་ལ་གི་དབྱངས་ཡོད་བྱུང་ན། སྡེ་པ་སྔོན་དུ་གང་ཡོད་དེའི་བཞི་པར། ཧ་ཉིད་མདོ་འདིས་བསྒྱུར་ཞིང་། སྡེ་པའི་དང་པོ་དེ་ཡང་རང་སྡེའི་གསུམ་པར་བསྒྱུར་ནས་པར་དྲངས། ཡང་ན་ཧེ་ཡིག་སྔ་མའི་བཞི་པར་མ་བསྒྱུར་ཀྱང་། དང་པོའི་ཚིག་མཐའ་གསུམ་པར་བསྒྱུར་ནས་ཕར་དྲངས་པ་གང་བྱས་འདྲ་ཞིང་། དཔེར་ན། ཝཱཀ྄་ངག་ཧིཏ་ཕན་པ་བསྒྲུབས་འབྲས། ཝཱཏའམ་ཏའམ་ཝཱགྷི་ཏ་ངག་ལ་ཕན་པ། ཏཏ྄་དེ་ཧེ་ཏུ་རྒྱུ་ལ། ཏངྔྷེཏུའམ་ཏངྷེཏུ་དེ་རྒྱུ་ཨཙ྄་དབྱངས་ཧེརུཀ་ཁྲག་འཐུང་ལ། ཨཛྫྷེརུཀའམ་ཨཛྷེརུ་ཀ་དབྱངས་ཀྱི་ཁྲག་འཐུང་། ཥཊ྄་དྲུག་ཧིམན་གངས་ཅན་ཥཌྜྷིམན་ནམ་ཥཌྷམན་དྲུག་གངས་ཅན། ཨཔ྄་ཆུ་ཧརི་སྦལ་པ་ཨབྦྷརིའམ་ཨབྷརི་ཆུ་ཡི་སྦལ་པ། ལྟ་བུས་མཚོན་ནོ། །འདི་ཐད་དཔྱད་པར་བྱ་བ། དཔེར་བརྗོད་ཕྱི་མ་འདི་རྣམས་ཀྱི། ཚིག་མཐའ་སྡེ་པ་དང་པོ་དེ་རྣམས་སྡེབ་སྦྱོར་གྱི་སྐབས་བརྩེགས་པའི་ཕྱིར། འབྲུ་སྔོན་མ་ལྕི་དགོས་པ་ག་དང་ཧ་བརྩེགས་པའི་ཡིག་གཟུགས། གྷ་བྲིས་པ་དེ་འདྲ་མ་གཏོགས། སྡེ་པ་དང་པོའི་བཞི་པ་གྷ་སོགས་ཀྱི་ཡིག་གཟུགས་སུ་འབྲི་བས་འཁྲུལ་གཞི་མི་བསྐྱེད་དོ། །ཏ་ཡིག་ལ་དང་། ཙ྄ཊ྄འི་སྡེ་པ་རྣམས་ལ་ཕ་རོལ་གྱི་གཟུགས་སོ། །ཤ་ལ་ཙའོ། །དེ་ལ་སྡེ་པ་བཞི་པའི་དང་པོ། ཏ་ཡིག་མཐའ་སི་བྱིན་པས་ཚིག་མཐའ་ལ། ཕ་རོལ་ཏུ། ལ་དང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ་རྣམས་བྱུང་ན། སྔ་མའི་ཏ་དེ། ཕྱི་མར་གང་ཡོད་དེའི་གཟུགས་སུ་མདོ་ཚིག་གིས་བསྒྱུར་ནས་དྲངས། ཕ་རོལ་སྒྲ་མེད་ཚ་ཋ་ཡིན་ན། སླར་ཡང་ཚ་ཋ་དེ་སྒྲ་མེད་པ་ལ་དང་པོའོ། །ཙ྄་{ཛྷ}དང་ཊྲ{ཊ}བྱེད་ནས་ཕར་དྲངས་དང་། ཏ་ཡིག་དེའི་ཕ་རོལ་ཏུ་ཤ་ཡོད་ན་ཏ་དེ་ཙ་བྱེད་ནས་ཕར་དྲངས་པ་སྟེ། དཔེར་ན། ཏཏ྄་ལུན་ཏི་གཅོད་པར་བྱེད། ཏལླུན་ཏི་དེ་གཅོད་པར་བྱེད། ཏཏ྄་ཙརཏི་སྤྱོད་པར་བྱེད། ཏཙྩརཏི་དེ་སྤྱོད་པར་བྱེད། ཏཏ྄་ཚཱཏྲཾ་གདུགས། ཏཙྪཏ྄ཾ་དེ་གདུགས། ཏཏ྄་ཛཡ་རྒྱལ་བ་ཏཛྫཡ་དེ་རྒྱལ་བ། ཏཏ྄་ཛྷཥཡཏི་ཉ་རུ་བྱེད། ཏཛྫྷཥཡཏི་དེ་ཉརུ་བྱེད། ཏཏ྄་ཉཀཱར་ཏཀཱར་དེ་ཉ་ཡིགཏཏ྄་ཊཱིཀྐ་འགྲེལ་པ། ཏཊྚཱིཀྐ་དེ་འགྲེལ་པ། ཏཏ྄་ཋཀུར་ཕྱུག་པོ། ཏཊྠཀུར་དེ་ཕྱུག་པོ། ཏཏ྄་ཌཱམརུ་ཏཌྜམརུ་དེ་ཅང་ཏེའུ་ཏཏ྄ཌྷོཀཏི་འབུལ་བར་བྱེད། ཏཌྜྷོཀཏི་དེ་འབུལ་བར་བྱེད། ཏཏ྄་ཎཱཀར་ཏཎྞཀཱར་དེ་ཎ་ཡིགཏཏྲ་ཤཱསན་བསྟན་པ་། ཏཙྴཱསན་ཏཏ྄ཤརབྷསེང་གེ་རྐང་པ་བརྒྱད་པ། ཏཙྴར་བྷ་དེ་རྐང་པ་བརྒྱད་པའོ། །ཞེས་པས་མཚོན་ནོ། །ང་ཎནཨུཔངྷཱ་ཐུང་ངུ་ཅན་རྣམས་དབྱངས་ལ་གཉིས་སོ། །ཡང་ཚིག་མཐའ་ང྄་ཎ་྄ན྄་སྲོག་མེད་ཀྱི་སྔ་མ་དེ་ལ་ཨུ་པ་ངྷཱ་ཟེར་ཞིང། དེ་ཉིད་དབྱངས་ཨ་ནས་ལྀ་བར་ཐུང་བ་དང་། གསལ་བྱེད་ཁོག་ཏུ་ཞུགས་པ་འདུག་ན། མདོ་འདིས། ཕ་རོལ་དབྱངས་ལ་དྲང་རྒྱུའི་ང྄་ཎ྄་ན྄་གང་ཡིན་གཉིས་ལྡབས་སུ་བྲིས་ནས་དྲངས་པ་སྟེ། དཔེར་ན། ཀྲུང྄་ཁྲུང་ཁྲུང་ཨཏྲ་འདིར། ཆོ་ག་བྱས་པས། ཀྲུདྔཏྲ་ཁྲུང་ཁྲུང་འདིར། སུགཎ྄་ག་འདི་ཨུ་པ་ངྷཱ་ཡིན། ལེགས་བྱས། ཨི་དཾ་འདི། སུགཎྞིདཾ་ལེགས་བྱས་འདི། པཉྩན་ལྔ་ཨུཀྟཾ་སྨྲས། པཉྩནྣུ་ཀྟཾ་ལྔ་སྨྲས་སོ། །ཨུཔངྷཱ་དེ་ཐུང་ངུ་མིན་ན། ད྄་ཎ྄་ན྄་རྣམས་གཉིས་སུ་མི་འགྱུར་བའང་ཤེས་དགོས་སོ། །དེ་ནས་གསལ་བྱེད་ན་མཐའ་མཚམས་སྦྱོར་བའི་མདོ། ན་མཐའ་ཙ་ཚ་དག་ལ་ཤ་ཡིག་སྟེ་སྔ་མར་རྗེས་སུ་ང་རོའོ། །ཊ་ཋ་དག་ལ་ཥ་ཡིག་གོ །ཏ་ཐ་དག་ལ་ས྄་ཡིག་གོ །ལ་ལ་ལའོ། ཛ་ཛྙ་ཉ་ཤ་ཡིག་རྣམས་ལ་ཉ྄་ཡིག་གོ །ཤ་ལ་ཉྩ་དག་ཡང་ནའོ། །ཌ་ཌྷ་ཎ་ཕ་རོལ་ཅན་ནི་ཎ྄་ཡིག་གོ །ཞེས་ཚུ་རོལ་གསལ་བྱེད་ན྄{ན}སྲོག་མེད་སི་ཕྱིས་པ་དེའི་ཕ་རོལ་ཏུ། ཙ་ཚ་ཊ་ཋ་ཏ་ཐ་ལ་རྣམས་བྱུང་ན་སྲོག་མེད་ན྄་དེ། མདོ་ཚིག་གིས་རིམ་པར། ཤ྄་ཥ྄་ས྄་ལ྄་རྣམས་སུ་བསྒྱུར་ནས་དྲང་ཞིང་སྔ་མ་ཨུ་པ་ངྷཱ་རིང་ཐུང་གང་ཡོད་དེར་རྗེས་སུ་ང་རོའི་མཚན་མ་བྱེད། ལ྄་ལ་བསྒྱུར་དུས་སྔ་མར་ང་རོ་མི་བཞེད་པའང་འདོད་དོ། །དེ་བཞིན་དུ་ན྄་མཐའི་ཕ་རོལ་དུ། ཛ་ཛྷ་ཉ་ཤ་ཡིག་རྣམས་བྱུང་ན། ན྄་དེ་ཉ་བྱེད། ཡང་ན་དམིགས་བསལ་དུ། ཤ་ལ་ན྄་དེ་ཉྩར་བསྒྱུར། ཌ་ཌྷ་ཎ་ཕ་རོལ་ཡོད་ན། ན྄་དེ་ཎ྄་ཡིག་ཏུ་མདོ་སོ་སོས་བསྒྱུར་ནས་དྲངས་པས་འཐུས་ཤིང་། སྔ་མར་ང་རོ་མི་དགོས་སོ། །དཔེར་བརྗོད་ཀྱང་རིམ་པ་ལྟར་འདྲི་ན། བྷཝཱན྄་ཁྱོད། ཙར་ཏི་སྤྱོར་པར་བྱེད། བྷབཱཾཤྩར་ཏི་ཁྱོད་སྤྱོད་པར་བྱེད། བྷཝཱན྄་ཚད་ཡཏི་སྒྲིབ་པར་བྱེད། བྷཝཱཾཤྪདཡཏི་ཁྱོད་སྒྲིབ་པར་བྱེད། བྷཝཱན྄ཊཱིཀཏེ་འགྲེལ་པར་བྱེད། བྷཝཱཾཥྚིཀཏེ་ཁྱོད་འགྲེལ་པར་བྱེད། བྷཝཱན྄་ཋཀུར་ཕྱུག་པོ། བྷཝཱཥྠཀུར་ཁྱོད་ཕྱུག་པོའོ། །བྷཝཱན྄་ཏརཏི་སྒྲོལ་བར་བྱེད། བྷཝཱཾསྟརཏི་ཁྱོད་སྒྲོལ་བར་བྱེད། བྷཝཱན྄་ཐུཌཏི་རྡེག་པར་བྱེད། བྷབཱཾསྠུཌཏི་ཁྱོད་རྡེག་པར་བྱེད་དོ། །བྷཝཱན་྄ལུན་ཏི་གཅོད་པར་བྱེད། བྷཝཱཾལླུནཏིའམ་ཁྱོད་གཅོད་པར་བྱེད་དོ། བྷཝཱནལཀྵྨཱི་ཕུན་སུམ་ཚོགས་པ། བྷབཱལླཀྵྨཱི་ཁྱོད་ཕུན་སུམ་ཚོགས་པ། བྷཝཱན྄ཛཡཏི་རྒྱལ་བར་བྱེད། བྷཝཱཉྫཡཏི་ཁྱོད་རྒྱལ་བར་བྱེད། བྷཝཱན྄་ཛྷཥཡཏི་ཉ་རུ་བྱེད། བྷབཱཥཡཏི་ཁྱོད་ཉ་རུ་བྱེད། བྷཝཱན྄{ན}ཉཀཱརེ{རཱེ}ཎ་ཉ་ཡིག་གིས། བྷཝཱཀཱརེཎ་ཁྱོད་ཉ་ཡིག་གིས། བྷཝཱན྄་ཤེཏེ་ཉལ་བར་བྱེད། བྷཝཱཏེ་ཁྱོད་ཉལ་བར་བྱེད་དོ། །བྷཝཱན྄་ཤེཏེ་བྷཝཱཏེ་ཁྱོད་ཉལ་བར་བྱེད་དེ་ཡང་ན་ཉལ་བའོ། །བྷཝཱན྄་ཌཱིནཾ་འཕུར་རོ། བྷཝཱཎྜིནཾ་ཁྱོད་འཕུར་རོ། །བྷཝཱན྄་ཌྷོཀཏི་འགུལ་བར་བྱེད། བྷཝཱཀ་ཏི་ཁྱོད་འགུལ་བར་བྱེད། བྷཝཱན྄་ཎཀཱར་ཎ་ཡིགབྷཝཱཎྞཀཱར་ཁྱོད་ཎ་ཡིག་གོ །ཞེས་པས་མཚོན་ཏེ་དཔག་པར་བྱའོ། །གསལ་བྱེད་མ་མཐའ་ཕ་རོལ་གྱི་ཡི་གེ་དང་མཚམས་སྦྱོར་བའི་མདོ། །མ་གསལ་བྱེད་ལ་རྗེས་སུ་ང་རོའོ། །སྡེ་པ་ལ་དེའི་སྡེ་པའི་ལྔ་པར་ཡང་ནའོ། །ཞེས་པས། ཚུ་རོལ་ཏུ་དབྱངས་དང་གསལ་བྱེད་གང་ཡིན་ཡང་དེའི་མཐར་མ་སྲོག་མེད་འདུག་ན། མདོ་སྔ་མ་དེས། རྗེས་སུ་ང་རོར་བསྒྱུར་ཞིང་། ཚུ་རོལ་ཏུ་སྡེ་པ་ལྔ་པོ་གང་རུང་སྣང་ན། མདོ་ཕྱི་མ་དེའི་ལྔ་པར་བསྒྱུར་ནས་ཕར་དྲངས་པ་འདམ་ག་བྱེད་པ་སྟེ། དཔེར་ན། སམ་ཡང་དག་པ། བྷཱར། ཚོགས་པ་མཚམས་སྦྱར་བས། སཾབྷཱརའམ་སམྦྷཱར་ཡང་དག་པར་ཚོགས་པ། ཀམ྄་སྡིག་པ། ཀནི་བཀག་པ། སྦྱར་བས། ཀཾ་ཀནིའམ། ཀངྐནི་སྡིག་པ་བཀག་པ། སམ྄གཏེའགྲོ་བ། སཾགཏེའམ་སངྒཏེ་ཡང་དག་པར་འགྲོ་བ། སམ྄ཙར་ཏི་སྤྱོད་པར་བྱེད། སཾཙརཏིའམ་སཉྩརཏི་ཡང་དག་པར་སྤྱོད་པར་བྱེད། སམ྄ཊཱིཀཏེ་འགྲེལ་བར་བྱེད། སཾཊཱིཀ་ཏེའམ་སཎྚཱིཀཏེ་ཡང་དག་པར་འགྲེལ་བྱེད། སམ་ཏཐཱ་དེ་བཞིན། སཾ་ཏཐཱའམ་སནྟཐཱ་ཡང་དག་དེ་བཞིན། སམ྄་ཕལ་བྷདྲ་འབྲས་བུ་བཟང་པོ། སཾ་ཕལ་བྷདྲའམ་སམྥལ་བྷདྲ་ཡང་དག་འབྲས་བཟང་། ལྟ་བུས་རིགས་འགྲེའོ། །ཞེས་པ་མཚམས་སྦྱོར་ལས། རྐང་པ་བཞི་པ་རྫོགས་སོ། །

རྐང་པ་ལྔ་པ་རྣམ་པར་བཅད་པའི་མཚམས་སྦྱོར་བསྟན་པ།

༈རྐང་པ་ལྔ་པ་རྣམ་པར་བཅད་པའི་མཚམས་སྦྱོར་བསྟན་པ་ནི། རྣམ་པར་གཅད་བྱ་ཙའམ་ཚ་ལ་ཤ྄འོ། །ཊའམ་ཋ་ལ་ཥ྄འོ། །ཏའམ་ཐ་ལ་ས྄འོ། །ཀ་ཁ་དག་ལ་ལྕེ་རྩ་ཅན་ཏེ་ཡང་ན་མ་ཡིན་ནོ། །པ་ཕ་དག་ལ་མཆུ་ཅན་ཏེ་ཡང་ན་མ་ཡིན་ནོ། །ཤ་ཥ་ས་ལ་ཕ་རོལ་གྱི་གཟུགས་སུ་ཡང་ནའོ། །ཞེས་པ་སྔ་མར་སྐྱེས་པའི་རྟགས་མཐའ་ལ་སི་སོགས་བྱིན་ནས་ཚིག་ཏུ་བསྒྲུབས་པའི་རྗེས་རྣམ་བཅད། དེའི་ཕ་རོལ་ཏུ་སྒྲ་མེད་པའི་ཡི་གེ་བཅུ་གསུམ་སྟེ། ༼ཙ་༡ཚ༽༼ཊ་༢ཋ༽ཏ་ཐ་རྣམས་སྣང་ན་རིམ་བཞིན་མདོ་སོ་སོས། ཤ་༡ཥ་༢སར་བསྒྱུར་ནས་ཕ་རོལ་གྱི་མགོར་དྲངས། ཀ་ཁ་༡པ་ཕ་༢ཤ་༣ཥ་༤ས་༥རྣམས་ཕ་རོལ་ལ་རིམ་བཞིན། ལྕེ་རྩ་ཅན་༡མཆུ་ཅན་༢ཤ་༣ཥ་༤སའི་༥རང་གཟུགས་སུ་མདོ་ཚིག་གིས་བསྒྱུར་ནས་ཕར་དྲངས་པའམ། རྣམ་བཅད་དེ་ཀ་ལྟར་འཇོག་པ་འདམ་ག་ཡིན་ལ། སྡེབ་སྦྱོར་སྐབས་དེ་འདྲའི་རྒྱ་ཡིག་གཟུགས་བརྩེགས་པ་མིག་སྔར་མཛེས་མིན་སྟབས་ཀྱིས་ཕལ་ཆེར་རྣམ་བཅད་རང་སར་བཞག་པ་མང་ངོ་། །དཔེར་ན། ནམཿཕྱག་འཚལ་ལོ། །ཙནྡྲབྷདྲཱཡ་ཟླ་བ་བཟང་པོའི་ཆེད་དུ། དེ་མཚམས་སྦྱོར་བས། ནམཤྩནྡྲབྷདྲཱཡཟླ་བ་བཟང་པོའི་ཆེད་དུ་ཕྱག་འཚལ་ལོ། །ནམཿཚཱཏྲཤུཀླཱཡ་གདུགས་དཀར་པོའི་ཆེད་དུ་། ནམཤྪཱཏྲཤུཀླཱཡ་གདུགས་དཀར་པོའི་ཆེད་དུ་ཕྱག་འཚལ་ལོ། །ནམཿཊཱཀྐིརཱཛྙེ་འདོད་པའི་རྒྱལ་པོའི་ཆེད་དུ། ནམཥྚཱཀྐིརཱ་ཛྙེ་འདོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ནམཿཋཀུར་བཻཤྲབཎཱ་ཡ་ཕྱུག་པོ་རྣམ་སྲས་ཆེད་དུ། རྣམ་དབྱེ་བཞི་པའི་ངེ་བྱིན། དེ་ལའོ། །དེ་ཡ་ཨ་ཡིག་སྒྲ་ལྡན་ལ་རིང་པོའོ། །རྟགས་མཐའ་རིང་བའོ། །ནམཥྛཀུར་བཻཤྲབཎཱཡ་ཕྱུག་པོ་རྣམ་སྲས་སྲས་ལ་ཕྱག་འཚལ་ལོ། །ནམཿཏཱརཱཡཻ། སྒྲོལ་མ་ལ། ནམསྟཱརཱཡེ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ནམཿཐརཐརཀྲྀཏྭ་འདར་འདར་བྱས་ནས། ནམསྠར་ཐརཀྲྀཏྭ་འདར་འདར་བྱས་ནས་ཕྱག་འཚལ་ལོ། །ནམཿཀན་ཀམུནཡེ་གསེར་ཐུབ་ཆེད་དུ། ནམྈྐནཀམུནཡེའམ་ནམཿཀནཀམུནཡེ་གསེར་ཐུབ་ཀྱི་ཆེད་དུ་ཕྱག་འཚལ་ལོ། །ནམཿཁགརྒྷཱཡ་ནམ་མཁའི་སྙིང་པོའི་ཆེད་དུ། ནམྈྑགརྦྷཱཡ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །ནམཿཔརྞྞཤཝཪྱཻ་ལོ་མ་གྱོན་མའི་ཅན་གྱི་ཆེད་དུ་། ནམྉྤརྞྞཤཝཪྱེའམ། ནམཿཔཪྞྞཤཝཪྱཻ། ལོ་མ་ཅན་ལ་འདུད་དོ། །ཀཿཅི་ཕལ་འབྲས་བུ། ཀཀྤལའམ། ཀཿཕལ་ཅི་འབྲས་བུ། ནམཿཤཱཀྱམུ་ན་ཡེ་ཤཱཀྱ་ཐུབ་པ་ལ། ནམཤྴཱཀྱ་མུ་ན་ཡེའམ་ན་མཿཤཱཀྱམུནཡེ་ཤཱཀྱ་ཐུབ་པ་ལ། ནམཥྵཌངྒཱཡའམ་ནམཿཥཌངྒཱཡ་ཡན་ལག་དྲུག་པ་ལ་འདུད་དོ། །ནམཿསངྒྷཱཡ་དགེ་འདུན་ལ། ནམསྶངྒཱཡའམ་ནམཿསངྒཱཡ་དགེ་འདུན་ལ་ཕྱག་འཚལ་ལོ། །ལྟ་བུའོ། ༈། རྣམ་པར་གཅད་བྱ་དེ། ཨ་ཡིག་དག་གི་བར་དུ་ཨུའོ། །ཨ་དང་སྒྲ་ལྡན་དག་གིའང་ངོ་། །ཞེས་པས་ཚུ་རོལ་ཏུ་གསལ་བྱེད་ལ་ཨ་ཐུང་ཁོག་ཞུགས་མཐར་སི་བྱིན་པས། རྣམ་བཅད་དེའི་ཕ་རོལ་ཏུ་ཨ་ཐུང་དང་། སྒྲ་ལྡན་ཉི་ཤུ་གང་རུང་བྱུང་ན། མདོ་ཚིག་གིས་རྣམ་བཅད་ཨུ་ལ་བསྒྱུར་ནས། སྔ་མ་དང་མཚམས་སྦྱོར་ནས་དྲངས། ཕ་རོལ་ཨ་ཐུང་ཡིན་ན་སྔར་བཤད་ལྟར། ཚིག་མཐར་ཨེཏ྄་ཨོཏ྄་སོགས་ཀྱི་ཕ་རོལ་གྱི་ཨ་ཕྱིས། འཇིག་རྟེན་པའི་ཉེར་སྤྱོད་ཀྱིས་པླུ་ཏ་ར་བསྒྱུར་བ་སྟེ། དཔེར་ན། ཤུངྷཿདག་པ། ཨཧཾངའོ། །མཚམས་སྦྱོར་བས། ཤུངྔྷོ྅ཧཾ་དག་པ་ངའོ། །ཡཿགང་། ཨཏྲི་འདིར། ཡོ྅྅ཾ་གང་འདིར། ནམཿཨམོགྷསིདྡྷཡདོན་ཡོད་གྲུབ་པའི་ཆེད་དུ། ནམོ྅མོགྷསིདྡྷཡ་ཕྱག་འཚལ་དོན་ཡོད་གྲུབ་པ་ལ། ནམཿཨཀྵརབཛྲཱཡ་འགྱུར་མེད་རྡོ་རྗེ་ལ། ནམོ྅ཀྵར་བཛྲཱ་ཡ་འགྱུར་མེད་རྡོ་རྗེ་ལ་འདུད་དོ། །ནམཿབུདྡྷཱ་ཡ་སངས་རྒྱས་ལ། ན་མོ་བུདྡྷཱ་ཡ་སངས་རྒྱས་ལ་ཕྱག་འཚལ་ལོ། །ནམཿངྷརྨཱཡཆོས་ལ། ནམོངྷཱརྨཱཡ་ཆོས་ལ་ཕྱག་འཚལ་ལོ། །ནམཿརཏྣཱརཱཡཱ་དཀོན་མཆོག་རྒྱལ་པོ་ལ། ནམོརཏྣརཱཛཱཡ་དཀོན་མཆོག་རྒྱལ་པོར་ཕྱག་འཚལ་ལོ། །ལྟ་བུས་མཚོན་ནོ། །ཨ་ལས་ཕ་རོལ་དབྱངས་གཞན་ལ་དབྱི་བའམ་ཡང་ན་ཡ྄འོ། །ཨཱཿབྷོ་དག་ལས། དབྱངས་ལ་འདི་ལྟ་ཉིད་དོ། །སྒྲལྡན་ལ་དབྱིའོ། །ཞེས་པ་ཚུ་རོལ་ཨ་ཐུང་རྟགས་མཐར་སི་བྱིན་པ་དང་། ཕ་རོལ་ཏུ་དེ་མིན་པའི་དབྱངས་གཞན་རྣམས་བྱུང་ན་རྣམ་བཅད་དབྱི་བའམ་ཡང་ན་ཡ྄་བསྒྱུར་ནས་དབྱངས་གང་ཡིན་པ་དེའི་སྟེང་དུ་དྲངས་པ་འདམ་དང་། སྐྱེས་པའི་རྟགས་ཨ་ཐུང་ལ་ཛས྄། ཤྲདྡྷཱའི་རྟགས་མཐར། ཛས྄{ས}ཤས྄སིསིངས། ནདཱིཨཱིཨཱུལ། ངསི་བྱིན་པ། དཔེར་ན། དེཝཱཿཛས། ལྷ་རྣམས་ཏཱརཱཿཛས྄། སྒྲོལ་མ་རྣམས། ཏཱརཱཡཱཿསྒྲོལ་མ་རྣམས་ལ། ཏཱརཱཡཱངེཨཱམཿསྒྲོལ་མའི་ཆེད་དུ། དེཝྱཱདེཨཱམཿལྷ་མོའི། དེཝྱངསི་ལྷ་མོ་ལ་ས། བདྷཱངསི་བུད་མེད་ལས། འདི་རྣམས་ཨཱ་རིང་མཐར་རྣམ་བཅད་བྱས་པ། ག་ལ། ཤས་བྱིན་པ། གཿབ་ལང་རྣམས་ལ། སྐྱེས་པའི་རྟགས་ཨཱ་རིང་མཐར། སི་བྱིན་པས། སོམཔཱཿསྐྱེས་པ་ལྟ་བུ་འདི་རྣམས་ལ་ཨཱ་ཟེར། བྷཝནྟྲ། སི་བྱིན། བརྩེགས་པའི་མཐའ་དབྱི་འོས། ཏྲ་ཕྱིས། ཨནུཥྐང་དང་ཀྲུཉྩ་དང་། ཨིཏ྄མ་ཡིན་པའི་འོས། ན྄ཨནུཥངྒ་ཕྱིས། བྷཝནྟའི་ཝ་ལ་སོགས་པའི་སཾབུངྔྷི་ལ་ཨུ་ཉིད་དོས་བ་ཨུ་བྱས། མཚམས་སྦྱོར་བས། བྷོཿགྲུབ་པའོ། །ལ་བོད་སི་བྱིན་པས། བྷོཿཀྱེ་ཁྱོད་དེ། ཨཱཿབྷོཿདག་གི་ཕ་རོལ་ཏུ་དབྱངས་བཅུ་གཉིས་གང་བྱུང་ཡང་། རྣམ་བཅད་ཕྱི་པའོ་། །ཡང་ན་ཡ྄་རུ་བསྒྱུར་ནས་དྲངས་པ་ལ་དེ་ལྟ་ཉིད་དོ། །ཞེས་མདོ་སྔ་མ་ལ་ཁ་འཕང་བ་ཡིན། ཕྱིས་པ་ལ་སླར་མཚམས་མི་སྦྱོར་རོ། །ཕ་རོལ་སྒྲ་ལྡན་ཉི་ཤུ་བྱུང་ན་རྣམ་བཅད་དེ་དབྱི་བ་ཡིན། སྒྲ་མེད་བཅུ་གསུམ་བྱུང་ན་རྣམ་བཅད་དེ་མཚམས་སྦྱོར་ལྟར་བྱེད་ཆོགདེ་དག་ཀྱང་མདོ་སོ་སོས་རིམ་བཞིན་བསྒྲུབས་འབྲས། དཔེར་བརྗོད་ན། ནམཿཨིནྡྲཡ་དབང་པོའི་ཆེད་དུ། ནམཨིནྡྲཡ་ཕྱག་འཚལ་ལོ་དབང་པོའི་ཆེད་དུ། ནམཿཨཱཪྱཡ་འཕགས་པའི་ཕྱིར། ནམཨཱཪྱཱཡའམ། ནམཡཱཪྱཱཡ་འཕགས་པའི་ཕྱིར་དུ་ཕྱག་འཚལ་ལོ། །ནམཿཨཱིཤྭརཱཡ་དབང་ཕྱུག་ལ། ནམཨིཤྭརཱཡའམ་ནམཡཱིཤྭརཱལ་དབང་ཕྱུག་ལ་ཕྱག་འཚལ་ལོ། །དེཝཱཿལྷ་རྣམས། ཨཱཧུ་སྨྲས་པ། དེཝཱཨཱཧུའམ་དེཝཱཡཱཧུ་ལྷ་རྣམས་སྨྲས། ཏཱརཱ་སྒྲོལ་མ་རྣམས། ཨཱཀར་འབྱུང་གནས། ཏཱརཱཨཱཀརའམ་ཏཱརཱཡཱཀར་སྒྲོལ་མ་རྣམས་ཀྱི་འབྱུང་གནས། ཏཱརཱཡ་སྒྲོལ་མ་ལས། ཨཱཡུརྫྙཱ་ན་ཚེ་དང་ཡེ་ཤེས། ཏཱརཱཡཱཨཱཡུརྫྙཱནའམ་ཏཱརཱཡཱཡཱཡུརྫྙཱན། སྒྲོལ་མ་ལས་ཚེ་དང་ཡེ་ཤེས། དེཝྱཱཿལྷ་མོའི། ཨིནྡྲ་དབང་པོ། དེཝྱཱཨིནྡྲའམ། དེཝྱཱཡིནྡྲ་ལྷ་མོའི་ཕྱིར་དབང་པོ། དེཝྱཱཿལྷ་མོ་ལས། ཨུམ། ཨུམ། དེཝྱཱཨུམའམ་དེཝྱཱཿཡུམ། ལྷ་མོ་ལས་ནི། ཨུམ། བངྷྭཱཿབུད་མེད་ཀྱི། ཨིཥུ་འདོད་པ། བངྷྭཱཨིཥུའམ་བངྷྭཱཡིཥུ་བུད་མེད་ཀྱི་འདོད་པ། གཱཿབ་ལང་རྣམས་ལ། ཨཔྲ་ཆུ། གཱཨཔའམ་གཱཡཔྲ་བ་ལང་རྣམས་ལ་ཆུ། སོམཔཱཿསྐྱེས་པ། ཨེཥཿའདི། སོམཔཱཨེཥཿའམ། སོམཔཱཡེཥཿསྐྱེས་པ་འདིའོ། །བྷོཿཁྱོད། ཨཏྲ་འདིར། བྷོཨཏ྄འམ། བྷོཡཏྲ་ཁྱོད་ནི་འདིར། བྷོཿཨཱིཤྭརབྷོཨཱིཤྭརའམ། བྷོཡིཤྭ་ར། ཀྱེ་དབང་ཕྱུག་གོ །ཡེངྷརྨཿགང་ཆོས་རྣམས། ཧེཏུ་རྒྱུ། ཡེངྷརྨཱཧེཏུ། ཆོས་རྣམས་གང་དག་རྒྱུ། བུདྡྷཱཿསངས་རྒྱས་རྣམས། བལ་སྟོབས། བུདྡྷཱབལ་སངས་རྒྱས་ཐམས་ཅད་སྟོབས། བྷོཿཨཱསི། ཐོབ་བྱེད། བྷོཡཱསི། ཁྱོད་ཐོབ་པར་བྱེད། ཅེས་པ་ལྟ་བུ་རིགས་པས་སྤྲོ་བར་བྱའོ། །ནཱ་མིན྄་གྱི་ཕ་རོལ་ར྄འོ། །སྒྲ་ལྡན་དང་དབྱངས་ཕ་རོལ་ལོ། །ར྄འི་རང་བཞིན་ཅན་ན་ནཱ་མིན་གྱི་ཕ་རོལ་མ་ཡིན་པའང་ངོ་། །རེ་ཕ་དང་ས྄་དག་གི་རྣམ་པར་གཅད་བྱའོ། །ཞེས་པའི་ཚུ་རོལ་ནཱ་མིན་གྱི་དབྱངས་བཅུ་གཉིས་དངོས་སམ་གསལ་བྱེད་ཀྱི་ཁོག་ཏུ་ཞུགས་པ་དེའི་མཐར་སི་བྱིན་པའི་རྣམ་བཅད་དེ། ཕ་རོལ་ཏུ་དབྱངས་དང་སྒྲ་ལྡན་གང་བྱུང་ཡང་། མདོ་སྔ་མ་དག་གིས་ར྄་རུ་བསྒྱུར་ནས་དྲངས་པ་དང་། ཡང་རྣམ་བཅད་དེ་ར྄་སྲོག་མེད་ལས་གྲུབ་པ་ཡིན་ན། ནཱ་མིན་ཚུ་རོལ་ཏུ་ཡོད་མེད་ལ་མི་ལྟོས་པས་ར྄་རུ་བསྒྱུར། འདིའི་ཕ་རོལ་ལ་སྒྲ་ལྡན་ཀྱང་ཡོད་མེད་འདྲ་བ་ཡིན། སྤྱིར་རྣམ་བཅད་ནི་ར྄་སྲོག་མེད་དང་ས྄་སྲོག་མེད་དག་ལས་འབྱུང་བས་ན། རེ་ཕ་དང་ས་དག་གིའོ། །ཞེས་པའོ། །དཔེར་བརྗོད་པ་ཡང་། ཨགྣི་ལ་སི་བྱིན་རྣམ་བཅད་བྱས་པས། ཨགྣིཿམེ། བཡཱུ་རླུང་མཚམས་སྦྱོར་བས། ཨགྣིརྦཡཱུ་མེ་རླུང་། བངྷུཿབུད་མེད། གརྦྷ་སྙིང་པོ། བདྡྷུརྒརྦྷ་བུད་མེད་སྙིང་པོ། གུརུཿབླ་མ། བུདྡྷ་སངས་རྒྱས་གུརུརྦུདྡྷ་བླ་མ་སངས་རྒྱས། གླཿཟླ་བ། ཨུདཡ་དར་བའམ། འཆར་པ། གླརུདཡ་ཟླ་བ་འཆར་བ། ཧརིཿའཕྲོག་བྱེད། ཨཱུཧ་བཀོད་པ། ཧརིརཱུཧ་སེང་གེ་བཀོད་པ། པཏིཿབདག་པོ། ཨཱིཤྭར་དབང་ཕྱུགཔཏིརཱིཤྭར་བདག་པོ་དབང་ཕྱུགམུནིཿཐུབ་པ། ལྀཀཱར་ལིཡིགམུནིརླྀཀཱར་ཐུབ་པའི་ལྀ་ཡིགཧརེཿསཻངྒའི། ཨལཾཀར་རྒྱན། ཧརེརཱལཾཀར་སེངྒེའི་རྒྱན། པཊོཿམཁས་པ་ལས། ཛྙེཡཾ་ཤེས་བྱ། པཊོརྫྙེ་ཡཾ་མཁས་པ་ལས་ཤེས་བྱའོ། །ཨནྟར྄་ཡི་ར྄་རྣམ་བཅད་བྱས་པས། ཨནྟཿནང་གཏ་འགྲོ་བ། ཨཾཏརྒཏ་ནང་དུ་འགྲོ་བ། སྭར྄སྭཿདབྱངས་སམ་མཐོ་རིས། ཨཏྲ་འདིར། སྭརཏ྄་མཐོ་རིས་འདིར། སྒྲ་མེད་པ་ལའང་འགྱུར་ཏེ། ཨཧར྄་ཨཧཿཉི་མ། པ་ཏི་བདག་པོ། ཨཧཪྤ་ཏི་ཉིན་མོའི་བདག་པོ་ལྟ་བུའོ། །ཨེཥཿསཿལས་ཕ་རོལ་གསལ་བྱེད་ལ་དབྱིའོ། །རྣམ་པར་གཅད་བྱ་ཕྱིས་པ་ལ་སླར་མཚམས་སྦྱོར་མི་བྱའོ། །ཞེས་པ་འཆད་འགྱུར་སརྦནཱ་མ་ཞེས་མིང་ཐམས་ཅད་པའི་ཏ་ད྄་སོགས་བརྒྱད་ཀྱི་བྱེ་བྲགཨེཏཏྲ་ལ་སི་བྱིན། ཨེཏཏྲ་སྔར་སྨོས་བཞིན་ཏྱད྄་ཆོ་ག་བྱས། སིལ་སྲ྄འོ། །ཏའི་འང་འོས། ཨཏའི་ཏ་དེ་ས་ཡིག་གི་གཟུགས་སུ་བསྒྱུར། སི་རྣམ་བཅད་བྱས་པས། ཨེཥཿའདི་དང་། ཡང་ཏྱད྄་ལ་སི་བྱིན། སྔ་མ་ལྟར་བསྒྲུབས་པས། སཿདེ། འདི་གཉིས་ཀྱི་རྣམ་བཅད་ཕ་རོལ་ཏུ་གསལ་བྱེད་སྒྲ་ལྡན་ཡོད་མེད་ལ་མི་ལྟོས་པར་གང་བྱུང་ཡང་ཕྱིའོ། །རྣམ་བཅད་ཕྱིས་ཟིན་ནས་གོང་འོག་ཏུ་དབྱངས་ཡོད་ཀྱང་མཚམས་སྦྱོར་མི་ཐོབ་པས་མི་བྱ་ཞིང་། དཔེར་ན། ཨེཥཿཙརཏི་སྤྱོད་པར་བྱེད། ཨེཥཙརཏི་འདི་སྤྱོད་པར་བྱེད། ཨེཥཿགཏ་འགྲོ་བ། ཨེཥགཏ་འདི་འགྲོ་བ། ཨེཥཿབྷདྲ་བཟང་པོ། ཨེཥབྷདྲ་དེ་བཟང་པོ། སཿདཱད་ཏི་སྦྱིན་པར་བྱེད། སདཱདཏི་དེ་སྦྱིན་པར་བྱེད། སཿཔཱུརྞྞ་གང་བ། སཔཱུརྞྞ་དེ་གང་བ། སུཨེཥཙརཏི་བཟང་པོ་འདི་སྤྱོད་པར་བྱེད། སཨེཥ་དེ་འདི་ལྟ་བུའོ། །ཞར་བྱུང་དུ། ར྄འི་ར་ལ་དབྱི་ཞིང་དབྱངས་སྔ་མའང་རིང་བའོ། །དབྱངས་ལས་ཕ་རོལ་ཚ་ཡིག་གཉིས་སུ་འགྱུར་རོ། །འདིར་ར་ཡིག་སྲོག་མེད་ཕ་རོལ་ཏུ་རའི་མགོ་བོར་དྲངས་པ་གཟུགས་མི་མཛེས་པས་ར྄་སྔོན་མ་ཕྱིས། སྔ་མར་དབྱངས་ཐུང་བ་རྣམས་ལ་རིང་ཆ་འདོགས། མཚམས་སྦྱོར་དབྱངས་ཡིག་བཞི་ནས་ཡིན་ན་རིང་ཆ་མི་དགོས། ཡང་ཚུ་རོལ་ཏུ་དབྱངས་རིང་ཐུང་གང་བྱུང་ཡང་། དེའི་ཕ་རོལ་ཏུ་ཚ་ཡོད་པ་དེ་མདོ་ཚིག་གིས་གཉིས་སུ་བསྒྱུར་ནས། སྒྲ་མེད་པ་ལ་དང་པོའོ། །ཚ་སྔོན་མ། ཙར་བསྒྱུར་ཏེ་དྲངས་དགོས་སོ་ཅེས་པ་སྟེ། དཔེར་ན། ཨགྣིར྄་མེ། རཐ་ཤིང་རྟ། ཨགྣིརཐ་མེའི་ཤིང་རྟ། པུནར྄་སླར། རཱཛ་རྒྱལ་པོ། པུནཱརཱཛ་སླར་ཡང་རྒྱལ་པོ། ཧརིཿསེངྒེ་རཱཛ་རྒྱལ་པོ། ཧརཱིརཱཛ། སེངྒེའི་རྒྱལ་པོ། ཧྲཱིཚཧཱིཙྪམླེཚམླེཙྪ་དགའ་འཇོམས་ཏེ་ཀླ་ཀློ་ལྟ་བུའོ། །སྭསྟིསིངྔྷྱཱཏྲ། བདེ་ལེགས་གྲུབ་པར་མཛོད་ཅིགཅེས་པ་མཚམས་སྦྱོར་ལས་རྐང་པ་ལྔ་པ་རྫོགས་སོ། །དེ་ལྟར་མཚམས་སྦྱོར་ལྔའི་རི་མོའི་ལག་ལེན་གོ་དོན་བཅས་དཔྱིས་ཕྱིན་པར་བཤད་པ་འདི་ཉིད་སྒྲ་རིག་ལ་སློབ་པར་འདོད་པའི་ལས་དང་པོ་པ་རྣམས་ལ་ཕན་པའི་ཕྱིར་དུ་ཟེ་ཆེན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་མངྒལཾ། དགེའོ། །དགེའོ། །དགེའོ། །


previous ཀ་ལཱ་པའི་མཚམས་སྦྱོར་ལྔ་པའི་ལག་ལེན་བདུད་རྩིའི་ཉིང་ཁུ། next