Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒོམ་ཆེན་རྒན་པོ་སྒོམ་གྱིས་བཅིངས་ནས་གདའ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒོམ་ཆེན་རྒན་པོ་སྒོམ་གྱིས་བཅིངས་ནས་གདའ། next

སྒོམ་ཆེན་རྒན་པོ་སྒོམ་གྱིས་བཅིངས་ནས་གདའ།

༄༅། །སྒོམ་ཆེན་རྒན་པོ་སྒོམ་གྱིས་བཅིངས་ནས་གདའ། བླ་མ་ལ་ཕྱག་འཚལ་ལོ། །ཆོས་ཀུན་རྩ་བ་རང་རིག་བྱང་ཆུབ་སེམས། །ཐིག་ལེ་ཉག་གཅིག་སྤྲོས་མཐའ་ཀུན་བྲལ་ཀློང་། །ཐེག་དང་གྲུབ་མཐའི་མཚན་འཛིན་ཡེ་ནས་དང་། །བལྟ་བྱ་མེད་ལ་བློ་ཡིས་ཇི་ལྟར་རྟོག །རྟོགས་སོ་སྙམ་པའི་ཞེན་པས་བསླུས་ནས་གདའ། །ད་ནི་བློས་བྱས་ལྟ་བ་བོར་ལ་ཐོངས། །སེམས་ཉིད་དུས་གསུམ་འགྲོ་འོང་འཕོ་འགྱུར་བྲལ། །མ་བཅོས་མ་བསླད་རང་བབས་གཉུག་མའི་གཤིས། །བསྒོམ་བྱ་མེད་ལ་སྒོམ་མཁན་ཇི་ལྟར་ཡོད། །སྒོམ་ཆེན་རྒན་པོ་སྒོམ་གྱིས་བཅིངས་ནས་གདའ། །ད་ནི་སྒོམ་འཛིན་ཐག་པ་ཆོད་ལ་ཐོངས། །བྱ་རྩོལ་གཉེན་པོ་མེད་པའི་སེམས་ཉིད་ལ། །བྱས་ཆོས་སྤྲོས་པ་མང་པོས་ཅི་བྱར་ཡོད། །བྱ་བྱེད་མང་པོས་བྱར་མེད་བསྒྲིབས་ནས་གདའ། །ད་ནི་ཚུལ་འཆོས་སྤྱོད་པ་ཤིག་ལ་ཐོངས། རིག་པའི་ཀློང་དུ་འཁོར་འདས་ཆོས་ཀུན་རྫོགས། །ཐིག་ལེ་ཉག་གཅིག་གྲུབ་བསལ་འཕོ་འགྱུར་བྲལ། །བཅིངས་པ་མེད་ལ་གང་ཞིག་འགྲོལ་དུ་ཡོད། །ཐོབ་བྱ་མེད་ལ་ཐོབ་བོ་སྙམ་པས་བསླུས། །ད་ནི་རེ་དོགས་མདུད་པ་ཁྲོལ་ལ་ཐོངས། །བལྟ་བྱ་མེད་ལ་བློ་ཡིས་བཟུང་བས་འཁྲུལ། །བསྒོམ་བྱ་མེད་ལ་སེམས་འཛིན་ཞེན་པས་བཅིངས། །སྤྱོད་བྱ་མེད་ལ་དགག་སྒྲུབ་འཆིང་བས་བསླུས། །ཐོབ་བྱ་མེད་ལ་རེ་དོགས་འཛིན་པས་བསྒྲིབས། །དེ་བས་མ་བཅོས་རྣལ་མའི་དོན་ལ་སྦྱོར། །བྱར་མེད་ངང་དུ་བདེ་བར་གཉིད་ལོག་དང་། །བྱ་བྲལ་བློ་བདེའི་ཉི་མ་ཁོང་ནས་འཆར། །ཆོས་ཉིད་དོན་གྱི་པད་འབྱུང་མངོན་དུ་འགྱུར། །དེ་སྐད་གྲུབ་པའི་གནས་མཆོག་སེང་གེ་རྫོང་། །བདེ་ཆེན་འོད་གསལ་ཕུག་གི་དབེན་སྐྱིལ་ནས། །དམ་པས་རྗེས་བཟུང་ཆོས་མེད་སྙོམ་ལས་མཁན། །པདྨ་རྣམ་པར་རྒྱལ་བས་དེ་སྐད་ལོ། །


previousསྒོམ་ཆེན་རྒན་པོ་སྒོམ་གྱིས་བཅིངས་ནས་གདའ། next