Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སུམ་ཚན་བཅུར་དྲིལ་གྱི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསུམ་ཚན་བཅུར་དྲིལ་གྱི་ཕྲེང་བ། next

སུམ་ཚན་བཅུར་དྲིལ་གྱི་ཕྲེང་བ།

༄༅། །སུམ་ཚན་བཅུར་དྲིལ་གྱི་ཕྲེང་བ། རྗེ་འགྲན་ཟླ་མེད་པའི་བཀའ་དྲིན་ཅན། །ཕ་བློ་གྲོས་མཐའ་ཡས་ཞབས་ལ་འདུད། །བུའི་བློ་སྣ་ཆོས་ལ་བསྒྱུར་དུ་གསོལ། །ཀྱེ་གསོན་དང་རྣལ་འབྱོར་དུང་རྒྱན་ཅན། །ཁྱེད་རྣལ་འབྱོར་རྒྱན་མེད་མ་ལགས་ཀྱང་། །དོན་མེད་ཐབས་མེད་པའི་རྒྱན་འགའ་ཞིག །དུས་དེ་རིང་ཉམས་ལ་ཤར་ནས་སྨྲ། །ཁྱེད་རྣལ་འབྱོར་སྤྱོད་པའི་རྒྱན་དུ་མཛོད། །མཚན་ལྡན་བླ་མ་ཚོལ་དང་གཅིག །གདམས་ཟབ་སྒྲོ་འདོགས་གཅོད་དང་གཉིས། །ཐོས་དོན་ཉམས་སུ་ལེན་དང་གསུམ། །འདི་གསུམ་རྣལ་འབྱོར་རྒྱན་དུ་ཆེ། །ངེས་འབྱུང་བློ་སྣ་བསྟུང་དང་གཅིག །ཕྱོགས་མེད་རྒྱལ་ཁམས་འགྲིམ་དང་གཉིས། །གང་བྱུང་ལམ་དུ་ཁྱེར་དང་གསུམ། །འདི་གསུམ་ཡང་རྣལ་འབྱོར་རྒྱན་དུ་ཆེ། །དག་སྣང་ཕྱོགས་མེད་རྒྱས་དང་གཅིག །སྡོམ་གསུམ་གནང་བཀག་ཤེས་དང་གཉིས། །སྤྱོད་པ་དུས་ཚོད་འབྲེལ་དང་གསུམ། །འདི་གསུམ༴ བླ་མ་སྤྱི་བོར་སྒོམ་དང་གཅིག །ཡི་དམ་བསྙེན་སྒྲུབ་བརྩོན་དང་གཉིས། །མཁའ་འགྲོ་གྲོགས་སུ་བསྟེན་དང་གསུམ། །འདི་གསུམ་ཡང་༴ སྒྲུབ་ཕུག་ཞྭ་ལྟར་གྱོན་དང་གཅིག །དཀའ་སྤྱད་སྙིང་རུས་ཐོན་དང་གཉིས། །དམ་བཅའ་མཐའ་རུ་ཕྱིན་དང་གསུམ། །འདི་གསུམ་ཡང་རྣལ་འབྱོར་པའི༴ སྦྱོར་བ་སེམས་བསྐྱེད་བཟང་དང་གཅིག །དངོས་གཞི་ཤེར་ཏིང་འཛོམས་དང་གཉིས། །འགྲུབ་རྟགས་མངོན་དུ་འགྱུར་དང་གསུམ། །འདི་གསུམ་ཡང་༴ ལྟ་བ་ཡིད་དཔྱོད་བྲལ་དང་གཅིག །སྒོམ་པ་དབྱིངས་རིག་འབྲལ་མེད་གཉིས། །སྤྱོད་པ་རང་གྲོལ་ལམ་ཁྱེར་གསུམ། །འདི་གསུམ་ཡང་རྣལ་འབྱོར༴ སེམས་རིག་ལ་ཤན་ཕྱེད་དང་གཅིག །གཟུང་འཛིན་རྟོད་ཕུར་བུད་དང་གཉིས། །ཆོས་ཉིད་བཙན་ས་ཟིན་དང་གསུམ། །འདི་གསུམ༴ ཉིན་མོ་སྣང་བ་རྒྱས་འདེབས་གཅིག །མཚན་མོ་འོད་གསལ་སྦུབས་འཇུག་གཉིས། །དུས་རྒྱུན་རྩོལ་མེད་དྲན་བརྟེན་གསུམ། །འདི་གསུམ༴ སྒྲུབ་མཐའ་འཆི་ལ་གཏད་དང་གཅིག །སྒྲུབ་འབྲས་བསྟན་ལ་ཕན་དང་གཉིས། །འབྲེལ་ཚད་དགེ་ལ་སྦྱོར་དང་གསུམ། །འདི་གསུམ་ཡང་རྣལ་འབྱོར་རྒྱན་དུ་ཆེ། །ཁྱེད་རྣལ་འབྱོར་རི་ཁྲོད་འཛིན་པ་ལ། །རྒྱན་ཕལ་པ་བརྒྱ་ཡི་དགོས་པ་མེད། །དོན་མེད་ཐབས་མེད་པའི་རིན་ཆེན་རྒྱན། །སུམ་ཚན་བཅུར་དྲིལ་གྱི་ཕྲེང་བ་འདི། །དུས་དེ་རིང་ཉམས་ཀྱི་རྩལ་ལས་ཤར། །སྙིང་ཉེ་བས་བཀག་མེད་གླུ་རུ་བླངས། །དགེ་འདིས་ཀྱང་རྣལ་འབྱོར་སྤྱོད་པ་ཁྱེད། །ཚེ་སྒྲུབ་པ་མཉམ་པའི་སྨོན་ལམ་ཞུ། །ཞེས་པའང་འགྱུར་བསྟན་ངོར་པདྨ་བི་ཛས་བརྗོད་པ་དགེ།


previousསུམ་ཚན་བཅུར་དྲིལ་གྱི་ཕྲེང་བ། next