Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔེ་དོན་འབྲེལ་བའི་གླུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔེ་དོན་འབྲེལ་བའི་གླུ། next

དཔེ་དོན་འབྲེལ་བའི་གླུ།

༄༅། །དཔེ་དོན་འབྲེལ་བའི་གླུ། ཕ་མཚུངས་མེད་བླ་མའི་ཞབས་ལ་འདུད། །བྱང་སྤུ་ཐོག་གཞུང་གི་ཚུགས་སོ་རུ། །ཁ་བ་ཉིན་མཚན་སྒྲེལ་ཏེ་བབས། །དེའི་སྟོབས་ཀྱིས་མིག་གི་དབང་པོ་ཉམས། །ལུས་སེམས་ལ་བརྣག་དཀའི་ཟུག་གཟེར་ལྡང་། །མྱ་ངན་གྱི་ཐང་ལ་འོ་བརྒྱལ་བྱས། །ཚུལ་དེ་དང་མཐུན་པའི་གླུ་ཞིག་ལེན། །ཚེ་འདིར་སྣང་ཞེན་པའི་ཐང་ཆེན་དུ། །རྣམ་གཡེང་འཛད་མེད་ཀྱི་ཁ་བ་བབས། །དལ་འབྱོར་གྱི་མིག་བུ་བཅོམ་ལ་ཉེ། །དགེ་བློ་ཡི་མིག་ལྕིབས་འཚག་རེ་རན། །བློ་རྟག་འཛིན་གདུག་པའི་ཐང་ཆེན་དུ། །ལོ་ཟླ་ཡི་ཁ་བ་མ་ཚོར་བབས། །ཚེ་སྲོག་གི་མིག་བུ་བཅོམ་ལ་ཉེ། །ལོང་མེད་ཀྱི༴ བློ་ཕྱིན་ཅི་ལོག་བཞིའི་ཐང་༴ རྒྱུ་འབྲས་འཆོལ་ཉོག་གི་ཁ་བ་བབས། །ཐར་ཀྲོལ་གྱི་མིག་བུ༴ བླང་དོར་གྱི་༴ སྤྱིར་སྐྱེ་རྒ་ན་འཆིའི་ཐང་༴ དགོས་སྡུག་བསྔལ་གསུམ་གྱི་ཁ་༴ བདེ་སྐྱིད་ཀྱི་མིག་བུ་༴ ངེས་འབྱུང་གི་༴ རྒྱུད་མ་དག་ལོག་ལྟའི་ཐང་༴ རྐྱེན་སྐྱོན་རྟོག་གདུག་པའི་ཁ་༴ སྐྱབས་སྡོམ་གྱི་མིག་༴ དག་སྣང་གི་མིག་༴ རྒྱུད་མ་བསྡམས་བག་མེད་ཀྱི༴ རྐྱེན་རྙེད་ཚོལ་ཚུལ་འཆོས་ཀྱི་ཁ་༴ སོར་སྡོམ་གྱི་མིག་༴ སྤང་གཉེན་གྱི་༴ རྒྱུད་རང་དོན་ཡིད་བྱེད་ཀྱི་ཐང་༴ རྐྱེན་བདག་རྒྱལ་གཞན་ཕམ་གྱི་༴ བྱང་སེམས་ཀྱི་༴ བློ་སྦྱོང་གི་༴ རྒྱུད་ཐ་མལ་འཁྲུལ་འཛིན་གྱི་ཐང་༴ རྐྱེན་རྨོངས་གཡེངས་མཐར་འཛིན་གྱི་ཁ་བ་༴ སྔགས་སྡོམ་གྱི་མིག་༴ ཤེར་ཏིང་གི་༴ སྒོམ་ལུང་མ་བསྟན་གྱི་ཐང་ཆེན་དུ། །བྱིང་རྒོད་རྨུགས་གསུམ་གྱི་ཁ་༴ མཉམ་བཞག་གི་༴ ཞི་ལྷག་གི་༴ སྒོམ་འཛིན་ཞེན་ཅན་གྱི་ཐང་༴ དགག་སྒྲུབ་བློས་བྱས་ཀྱི་ཁ་བ་༴ དོན་བློ་བྲལ་གྱི་༴ བྱར་མེད་ཀྱི་༴ སེམས་རང་བབ་ཏུ་འཇོག་པའི་ཐང་༴ ཉམས་ཟ་ཟི་མང་པོའི་ཁ༴ དོན་རྟོགས་པའི་མིག་༴ རིག་པ་གཅེར་ཕུད་ཀྱི་༴ སེམས་ཐ་མལ་དུ་ཡེངས་པའི་༴ བློ་དུག་ལྔ་ཟང་ཀའི་ཁ་༴ ལམ་ཁྱེར་གྱི་མིག་༴ རང་གྲོལ་གྱི་མིག་༴ བློ་རེ་དོགས་གཉིས་འཛིན་གྱི་ཐང་ཆེན་དུ། །གེགས་གོལ་ནོར་ཤོང་སའི་ཁ་བ་བབས། །ལྟ་སྒོམ་གྱི་མིག་བུ་བཅོམ་ཉེན་གདའ། །ཟང་ཐལ་འཛིན་མེད་ཀྱི་མིག་ལྕིབས་འཚག་རེ་རན། །ཚུལ་དེ་སྐད་དཔེ་དོན་འབྲེལ་བའི་གླུ། །བློ་བག་ཡངས་པདྨ་རྣམ་རྒྱལ་གྱིས། །བློར་ཤར་བཞིན་བཀག་མེད་ཡི་གེར་བྲིས། །དགེ་དེས་ཀྱང་གཟུང་འཛིན་རྒྱ་གྲོལ་ཤོག །


previousདཔེ་དོན་འབྲེལ་བའི་གླུ། next