Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ན་མོ་གུ་རུ། ཨ་ནུ་{ནི} ཟུང་གི་ཡིད་ལ་འཇོག་རྒྱུར།
   
   
   
   
   
   
   
   
   
   
   
   
   
   


 
previousན་མོ་གུ་རུ། ཨ་ནུ་{ནི} ཟུང་གི་ཡིད་ལ་འཇོག་རྒྱུར།next

ན་མོ་གུ་རུ། ཨ་ནུ་{ནི} ཟུང་གི་ཡིད་ལ་འཇོག་རྒྱུར།

༄༅། །ན་མོ་གུ་རུ། ཨ་ནུ་{ནི} ཟུང་གི་ཡིད་ལ་འཇོག་རྒྱུར། འཕགས་མཆོག་ཕྱག་ན་པདྨོའི་རོལ་གར་འགྲོ་ཕན་གྱི་ཕྲིན་ལས་མཁའ་དང་མཉམ་པའི་མཆོག་གི་སྤྲུལ་པའི་སྐུ་ཆེན་པོ་དེ་ཉིད་ཀྱི་ཞལ་ལུང་གི་གདམས་པ་ཟབ་མོ་ཆུད་ཟོས་སུ་མ་སོང་བར་རང་རྒྱུད་དུ་སྦྱར་ཅི་ནུས་མཛོད། དུས་རྒྱུན་དུ་འཆི་བ་མི་རྟག་པ་དྲན་པས་ངེས་འབྱུང་གི་བློ་སྣ་སྟུངས ། ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོས་ཅི་བྱེད་དགེ་བའི་ལས་ལ་དྲིལ། སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་གྱིས། ཉམས་ལེན་གྱི་སྙིང་པོ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བློ་སྦྱོངས། སྦྱོོར་རྗེས་ཀུན་ཏུ་ཅི་བྱེད་ཐེག་པ་ཆེན་པོའི་ལམ་ལ་བསྒྱུར་མཛོད། ཚེ་འདིའི་སྟོབས་འབྱོར་སྙན་གསུམ་མེད་ཀྱང་བཟོད། ཨ་ནུའི་གཏན་གྱི་དོན་ཆེན་འགྲུབ་པ་ཡིན་པས་སེམས་ལ་ཆོངས། དམ་ཆོས་ཚུལ་བཞིན་འགྲུབ་པའི་སྐྱབས་སྲུང་ནན་དུ་བགྱིད་འཇོག


previousན་མོ་གུ་རུ། ཨ་ནུ་{ནི} ཟུང་གི་ཡིད་ལ་འཇོག་རྒྱུར།next