Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བློ་ཡུལ་ལམ་སྣང་ཡུལ་སྒྱུ་མའམ་སྐྲ་ཤད་ལྟ་བུ།
   
   
   
   
   
   
   
   
   
   


 
previousབློ་ཡུལ་ལམ་སྣང་ཡུལ་སྒྱུ་མའམ་སྐྲ་ཤད་ལྟ་བུ།next

བློ་ཡུལ་ལམ་སྣང་ཡུལ་སྒྱུ་མའམ་སྐྲ་ཤད་ལྟ་བུ།

༄༅། །བློ་ཡུལ་ལམ་སྣང་ཡུལ་སྒྱུ་མའམ་སྐྲ་ཤད་ལྟ་བུ་དེ་རང་གི་ངོ་བོས་གྲུབ་པ་མེད་པ་ནི་གཟུགས་སྟོང་པའོ། །ཡུལ་གྱི་སྣང་བ་བློ་ལ་ཤར་བའམ་རང་གི་སེམས་ཀྱི་སྣང་ཆ་དེ་ངོ་བོ་སྟོང་བཞིན་པར་མ་འགགས་པར་སྣང་བ་ནི་སྟོང་པ་ཉིད་གཟུགས་སོ། །རང་གི་བློ་ངོར་གཟུགས་ཀྱི་རྣམ་པར་ཤར་བའི་སྣང་ཆ་དང་། དེ་གང་ལ་སྣང་བའི་སེམས་ཉིད་ངོ་བོ་ཉིད་ཀྱིས་སྟོང་པ་གཉིས་ཐ་དད་དུ་མ་གྱུར་པ་ནི་གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །བློས་སྟོང་ཕྱི་རོལ་སྣང་ཡུལ་གྱི་གཟུགས་དང་གཟུགས་དེ་ཉིད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་གཉིས་སོ་སོ་མ་ཡིན་ཐ་མི་དད་པ་ནི་སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་པ་སྟེ། མདོར་ན་སྣང་སྣང་ཡུལ་ཕྱི་ནང་གིས་བསྡུས་པའི་རྟེན་འབྱུང་གི་ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་སྤྲོས་བྲལ་བསམ་བརྗོད་ལས་འདས་པར་གཏན་ལ་ཕེབས་པ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མའི་དགོངས་པ་ཡང་དག་པའོ། །དགེའོ། །


previousབློ་ཡུལ་ལམ་སྣང་ཡུལ་སྒྱུ་མའམ་སྐྲ་ཤད་ལྟ་བུ།next