Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཚོག་ཡིག་འགོར།
   
   
   
   
   


 
previousའཚོག་ཡིག་འགོར།next

འཚོག་ཡིག་འགོར།

༄༅། །འཚོག་ཡིག་འགོར། ༀ་སྭསྟི། དགེ་ལེགས་ཡོན་ཏན་བྱེ་བའི་སྤྲིན་ཆེན་ལས། །གྲུབ་གཉིས་འདོད་དགུའི་གྲུ་ཆར་བསྙིལ་མཛད་པའི། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཨོ་རྒྱན་རྗེས། །བྱིན་རླབས་བདུད་རྩིིའི་དགའ་སྟོན་དེང་སྩོལ་ཅིག །སྔ་འགྱུར་བསྟན་པ་རྒྱ་མཚོའི་མགོན་གྱུར་ཅིང་། །མཁྱེན་བརྩེའི་ཡོན་ཏན་གཏིང་མཐའ་མི་དཔོག་པའི། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པ། །ཡབ་སྲས་བརྒྱུད་པར་བཅས་ཀུན་གཙུག་ན་རྒྱལ། །གུ་རུའི་ཐུགས་སྒྲུབ་བྱེ་བ་བསམ་ཡས་པའི། །སྙིང་པོའི་ཡང་བཅུད་བླ་མ་གསང་འདུས་ཀྱི། །སྤྲོས་བཅས་ཕྱག་བཞེས་རིག་འཛིན་བརྒྱུད་པའི་སྲོལ། །ངོ་མཚར་ཚེས་བཅུའི་མཆོད་པའི་དུས་སྟོན་རྨད། །ཅེས་དགེ་ལེགས་སུ་བྱ་བའི་ཚིགས་སུ་བཅད་པའི་དབྱངས་ཀྱིས་མདུན་བསུས་ཏེ། འདིར་རབ་བྱུང་སོགས།


previousའཚོག་ཡིག་འགོར།next