cover

གུ་བཀྲའི་ཆོས་འབྱུང་།

བོད་ལྗོངས་པར་མ་དེབ་གཟུགས་སྟོད་སྨད་གཉིས་ཅན།

མཁས་མཆོག་གུ་རུ་བཀྲ་ཤིས།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཀར་ཆག

མཆོད་བརྗོད་དང་གཞུང་འདིའི་སྤྱི་དོན་རྣམ་པ་བརྒྱད་ཀྱི་མཚན་བྱང་། སྤྱི་དོན་དང་པོ། སྟོན་པ་སངས་རྒྱས་འཇིག་རྟེན་དུ་བྱོན་ཚུལ་སྐོར། ༡ སྟོན་པ་གང་དུ་བྱོན་པའི་གཞི་སྣོད་བཅུད་འཇིག་རྟེན་གྲུབ་ཚུལ་གྱི་རྣམ་གཞག ༢ སངས་རྒྱས་འཇིག་རྟེན་དུ་བྱོན་པ། ༣ སྟོན་པ་ཐུབ་པའི་དབང་པོ་འཛམ་བུའི་གླིང་འདིར་འབྱོན་པའི་ཐུགས་བསྐྱེད་པའི་སྐོར། ༤ སྟོན་པ་ཤཱཀྱ་ཐུབ་པས་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་བསྟན་པའི་ཚུལ། ༥ ཐུན་མོང་མ་ཡིན་པའི་ལུགས་ཀྱི་རྣམ་གཞག ༦ བསྟན་པ་དམ་པའི་ཆོས་ཇི་ལྟར་གསུངས་ཚུལ་དང་དེའི་རྣམ་གཞག ༧ ཐེག་པ་དང་གྲུབ་མཐའི་རྣམ་བཤད། ༨ བཀའ་བསྡུ་ཇི་ལྟར་བྱུང་བའི་ཚུལ། སྤྱི་དོན་གཉིས་པ། སངས་རྒྱས་ཀྱི་བསྟན་པ་འཕགས་བོད་སོགས་སུ་ཇི་ལྟར་བྱོན་པའི་སྐོར། སོགས་སུ་ཇི་ལྟར་བྱོན་པའི་སྐོར། ༡ རྒྱ་གར་འཕགས་ཡུལ་དུ་བསྟན་པ་དར་ཚུལ་ལ་ཐུན་མིན་བརྒྱུད་པ་གསུམ་གི་བབ་ལུགས་སྐོར། ༢ སྒྲུབ་སྡེའི་ཕྱོགས་སུ་པཎ་གྲུབ་རྣམས་ལ་བཀའ་གཏེར་གཉིས་ཀྱི་བབ་ཚུལ། ༣ རིག་འཛིན་དགའ་རབ་རྡོ་རྗེ་ནས་བརྒྱུད་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་བསྡུས་དང་སློབ་དཔོན་པདྨས་རྒྱ་བལ་དུ་མཛད་པ་བསྐྱངས་ཚུལ། ༤ བོད་ཁ་བ་ཅན་གྱི་ལྗོངས་སུ་བསྟན་པ་ཇི་ལྟར་བྱོན་ཚུལ་དང་། བོད་ཀྱི་སྣོད་བཅུད་ཀྱི་གྲུབ་ཚུལ། རྒྱལ་བློན་གྱི་ལོ་རྒྱུས་བཅས་ཀྱི་སྐོར། ༥ མཁན་སློབ་རྣམ་གཉིས་གདན་དྲངས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དེར་སྤེལ་གནང་ཚུལ། ༦ སློབ་དཔོན་བོད་ནས་སྲིན་ཡུལ་དུ་བཞུད་ཅིང་འགྲོ་དོན་བསྐྱངས་ཚུལ། ༧ གུ་རུའི་ཐུགས་སྲས་རྗེ་འབངས་ཉེར་ལྔའི་སྐོར་དང་མཁས་ཆེན་གཞན་གྱིས་ལོ་ཙཱ་བར་གདེང་འཇོག་མཛད་སྟངས་ཀྱི་དཔྱད་བརྗོད། སྤྱི་དོན་གསུམ་པ། སྔ་འགྱུར་རྙིང་མའི་རིང་ལུགས་འཛིན་པ་བཀའ་གཏེར་གཉིས་ལས་བཀའ་མའི་ཕྱོགས་ཀྱི་སྐྱེས་བུ་དམ་པ་རྣམས་ཇི་ལྟར་བྱོན་ཚུལ། ༡ ལོ་ཆེན་བཻ་རོ་སོགས་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱིས་ཐུགས་དཀའ་སྤྱད་ཆེན་པོས་བསྡན་པ་འཛིན་སྤེལ་གནང་ཚུལ། ༢ གངས་རིའི་ཁྲོད་འདིར་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་བབ་ཚུལ། ༣ བོད་དུ་དམ་ཆོས་འདུལ་བའི་བསྟན་པ་ཐོག་མར་བྱོན་ཚུལ་དང་གླང་དར་མས་བསྟན་པ་བསྣུབས་པའི་སྐོར། ༤ བོད་དུ་བསྟན་པ་ཕྱི་དར་གྱི་སྐོར། ༥ རང་ལུགས་སོ་ཐར་སྡོམ་རྒྱུན་གྱི་མཁན་རབ་རྣམས་ཀྱི་བྱུང་བ་བརྗོད་པ། སྤྱི་དོན་བཞི་པ། ༡ བཀའ་མདོ་རྒྱུད་དུ་མ་ནས་ཟབ་གཏེར་ཐ་འཛོན་གྱི་དགོས་ཕན་བསྟན་པའི་སྐོར། ༢ སློབ་དཔོན་རིན་པོ་ཆེས་བོད་ལྗོངས་བསྟན་འགྲོའི་དོན་དུ་ཆོས་དང་ལོ་རྒྱུས་ཀྱི་ཡིག་ཆ་དང་རིན་ཐང་བྲལ་བའི་ཁྱད་ནོར་དང་ཟང་ཟིང་གི་དངོས་པོ་གཏེར་དུ་སྦས་པའི་སྐོར། ༣ ཐང་ཡིག་སོགས་ནས་ལུང་ཟིན་གཏེར་སྟོན་རྣམས་ཀྱིས་ཟབ་གཏེར་བཞེས་ཚུལ་མ་འོངས་ལུང་བསྟན་དང་དེའི་དོན་དངོས་ངོ་སྤྲོད། ༤ གཞན་དག་གྲགས་ཆེན་གཏེར་སྟོན་རྣམས་ཀྱི་མཛད་རྣམ་སྐོར། ༥ རྒྱལ་མཆོག་ལྔ་པའི་གསན་ཡིག་ལས་བྱུང་བའི་བྱོན་དུས་སོགས་ངེས་གསལ་མ་རྙེད་པའི་གཏེར་སྟོན་རྣམས་ཀྱི་མཛད་བསྡུས། ༦ རྒྱ་གར་ནས་བྱོན་པའི་གཏེར་སྟོན་དང་དཔལ་ལྡན་ཨ་ཏི་ཤས་བོད་ནས་གཏེར་བཞེས་པའི་སྐོར་སོགས། ༧ བོད་རྒྱལ་གདུང་བརྒྱུད་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཟབ་གཏེར་བཞེས་ཚུལ་སོགས། ༨ གྲུབ་ཆེན་ཐང་སྟོང་རྒྱལ་པོའི་མཛད་བསྡུས་དང་ཟབ་གཏེར་བཞེས་ཚུལ།
སྦྱི་དོན་བཞི་བ། ཟབ་མོ་གཏེར་གྱི་འཁོར་ལོས་བསྒྱར་བའི་སྦུལ་པའི་གཏེར་སྟོན་ཆེན་པོ་རིམ་པར་བྱོན་པའི་སྐོར། གསང་ཆེན་རྙིང་མར་གྲགས་པའི་སྦུལ་པའི་གཏེར་སྟོན་ཆེན་པོ་རྣམས་དང་སྔགས་གསར་མའི་སྐྱེས་ཆེན་འགའ་ཞིག་གིས་ཆོས་གཏེར་དང་རྫས་གཏེར་བཞེས་ཚུལ། ༡ སྦུལ་པའི་གཏེར་སྟོན་ཆེན་པོ་ཡོངས་སུ་གྲགས་པ་ཕལ་ཆེར་གྱི་ལོ་རྒྱས་རགས་རིམ། ༢༥ སྦྱི་དོན་ལྔ་པ། ཟབ་མོ་དག་སྣང་གི་ཆོས་སྡེ་བྱང་ཚུལ་བརྗོད་པ། གསན་རྙིང་རིས་མེད་ཀྱི་སྐྱེས་ཆེན་དམ་པ་ཚན་ལྡན་རྣམས་ལ་གསང་ཆེན་རྙིང་མ་དང་འབྲེལ་བའི་དག་སྣང་གི་ཆོས་སྡེ་བྱུང་རིགས། སྦྱི་དོན་དྲུག་པ། དགོན་གནས་དང་གདན་རབས་སོགས་ཀྱི་སྐོར། ཆུ་འགོ་གངས་ལ་ཐུག་པའི་ལོ་རྒྱུས་བླ་མ་བརྒྱུད་པའི་རྣམ་ཏར་ཟུར་ཙམ་བརྗོད་པ། རིག་འཛིན་ངག་གི་དབང་པོས་མཚོན་ཐུབ་བསྟན་རྡོ་རྗེ་བྲག་གི་གདམ་རབས་སྨོས་པ། ཨོ་རྒྱན་སྨིན་གྲོལ་གླིང་གི་གདན་རབས་བརྗོད་པ། མཚུངས་མེད་བསྟན་འཛིན་རྡོ་རྗེས་ཕྱག་བཏབ་པའི་ཀོང་པོ་ཐང་འབྲོག་དགོན་པའི་གདན་རབས། ཡུལ་མདོ་སྨད་ཀྱི་ཕྱོགས་སུ་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་དར་རྒྱས་བྱུང་ཚུལ། དཔལ་ཡུལ་བྱང་ཆུབ་གླིང་གི་གདན་རབས། གྲུབ་དབང་རྫོགས་པ་ཆེན་པོའི་ལོ་རྒྱུས་བརྗོད་པ། སྡེ་དགེ་རིན་པོ་ཆེའི་གདན་རབས་མདོར་བསྡུས་བརྗོད་པ། བོད་ཡུལ་དབུས་ཀྱི་ཕྱོགས་སུ་རྒྱལ་པོ་ཇི་ལྟར་བྱུང་ཚུལ། སྦྱི་དོན་བདུན་པ། སྔགས་གསར་མ་རྣམས་བྱུང་ཚུལ་སྐོར། སྔགས་སྦྱིའི་བྱུང་ཚུལ་རགས་ཙམ་བརྗོད་པ། གྲུབ་མཐའ་སོ་སོའི་ལོ་རྒྱུས་ཟུར་ཙམ་བརྗོད་པ། ས་སྐྱ་པའི་སྐབས་བརྗོད་པ། ཀམ་ཚང་ངམ་ཀརྨའི་བཀའ་བརྒྱུད་ཀྱི་སྐབས་བརྗོད་པ། ཕག་གྲུ་བཀའ་བརྒྱུད་སྦྱི་དང་འབྲུག་པའི་སྐབས་བརྗོད་པ། ཆོས་བརྒྱུད་སྣ་ཚོགས་པའི་སྐབས་བརྗོད་པ། ར་ས་དང་བསམ་ཡས་སོགས་གཙུག་ལག་ཁང་ཁྱད་པར་ཅན་རྣམས་ལ་བཀའ་དྲིན་ཆེ་བ་འགའ་ཞིག་བརྗོད་པ། འཕྲོད་དོན་ཅུང་ཟད་བརྗོད་པ། སྦྱི་དོན་བརྒྱད་པ། ཐུན་མོང་རིག་གནས་ཀྱི་སྐོར་དང་བསྟན་པའི་གནས་ཚད་བཤད་པའི་སྐོར། བཟོ་རིག་པའི་སྐབས། གསོ་བ་རིག་པའི་སྐབས། སྒྲ་རིག་པའི་སྐབས། ཚད་མ་རིག་པའི་སྐབས། ནང་རིག་པའི་སྐབས། རིག་གནས་ཆུང་བ་ལྔའི་སྐབས། བསྟན་པའི་གནས་ཚད་བཤད་པའི་སྐོར།

མཆོད་བརྗོད་དང་གཞུང་འདིའི་སྤྱི་དོན་རྣམ་པ་བརྒྱད་ཀྱི་མཚན་བྱང་།

འགྱུར་མེད་བདེ་ཆེན་རྟག་པའི་སྐུ་ནི་མཚན་དཔེའི་འཇོ་སྒེག་རོལ་བས་མཛེས། །གཞོམ་མེད་རྡོ་རྗེ་ནཱ་དའི་གསུང་ནི་དྲུག་ཅུའི་དབྱངས་སུ་རྫོགས་པས་སྙན། །ཟབ་གསལ་གཉིས་མེད་ཡེ་ཤེས་ཐུགས་ནི་མཁྱེན་གཉིས་ནམ་མཁའི་རྩེར་རོལ་པ། །ཁྱབ་བདག་བླ་མ་པདྨ་རྒྱལ་པོས་འགྲོ་འདི་དམ་པའི་ལམ་དུ་སྐྱོངས། །སྣ་ཚོགས་སྤྲོས་པའི་མཚན་མས་མ་གོས་མཐའ་བཞི་ལས་གྲོལ་གདོད་ནས་རབ་ཞི་སྟོང་པ་ཆེན་པོ་ཆོས་ཀྱི་སྐུ། མཆོག་ཏུ་མི་འགྱུར་བདེ་ཆེན་ཞི་དབྱིངས་རྣམ་པ་ཀུན་ལྡན་ཟུང་འཇུག་ཆེར་རོལ་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས། །མཐའ་དག་གདུལ་བྱའི་བསམ་པའི་དབྱེ་བས་རྟོག་པ་མེད་བཞིན་གཟུགས་སྐུའི་རོལ་པ་ཅིར་ཡང་འཆར་བ་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོ་ངོ་བོ་ཉིད་སྐུ་དང་པོའི་སངས་རྒྱས་གདོད་མའི་མགོན་པོ་ལ་ཕྱག་འཚལ། །སྟོང་ཆེན་འོད་གསལ་ཆོས་སྐུའི་དབྱིངས་ལས་གཞར་ཡང་འཕོ་མེད་བདེ་བ་ཆེན་པོར་རོ་གཅིག་ཀྱང་། །ཟུང་འཇུག་བདེ་སྟོང་གར་གྱིས་རོལ་པ་རྣམ་ཀུན་མཆོག་ལྡན་ཡེ་ཤེས་སྒྱུ་མ་ཆེན་པོའི་འཕྲུལ། ། གཙོ་དང་འཁོར་སོགས་ཐ་དད་སྣང་ཡང་ངོ་བོ་གཅིག་ཉིད་རྣམ་པ་དུ་མའི་ཚུལ་འཛིན་པའི། །རིགས་ལྔ་རྡོར་འཆང་རྡོ་རྗེ་སེམས་སོགས་གསང་ཆེན་ཐེག་པའི་སྟོན་པ་ཆེ་རྣམས་ལ་(སྟོད་ཆ།༢)ཕྱག་འཚལ། །ཟབ་གསལ་དབྱིངས་སུ་སྤྲོས་མཚན་མཐའ་དག་ཉེ་བར་ཞི་བས་རྣམ་ཀུན་མཆོག་ལས་འཕོ་མིན་ཡང་། །དབང་པོའི་གཞུ་དང་ཆུ་ཟླ་ཇི་བཞིན་གང་འདུལ་དེར་སྣང་ཐབས་མཁས་མཛད་པའི་སྒྱུ་འཕྲུལ་ལས། སྐལ་བཟང་སྐྱེ་དགུའི་ལེགས་བྱས་ཆེན་པོས་མགྲོན་དུ་ཁུག་པའི་མཚན་དཔེའི་རི་མོ་རྫོགས་པའི་སྐུ། །བྱེ་བ་ཕྲག་བརྒྱའི་ཞིང་གི་འགྲོ་ལ་ཅིག་ཅར་སྣང་བྱེད་ཤཱཀྱའི་གཙོ་དེ་ལ་ཕྱག་འཚལ། །རྒྱལ་བ་ཀུན་གྱི་གསང་གསུམ་ལས་བྱུང་ཀམས་གསུམ་བདག་པོས་མཆོག་ཏུ་ཕྱག་བྱས་པ། །སྲིད་གསུམ་དག་པའི་ས་ལ་སྦྱོར་མཛད་རྒྱལ་ཚབས་དབང་པོ་རིག་པ་འཛིན་པའི་སྡེ། གསང་ཆེན་བཀའ་ཡི་བསྡུ་མཛད་ཆེན་པོ་གསང་བའི་བདག་པོ་རྡོ་རྗེ་ཆོས་ལ་སོགས། དཔལ་ཆེན་རྒྱལ་བའི་མྱུ་གུ་དེ་རྣམས་གཙུག་ཏོར་ནོར་བུའི་ཁང་བུར་ལེགས་སྤྱོད་ཞིག །མཆོག་གསང་རྨད་བྱུང་རྫོགས་པ་ཆེན་པོ་སྡེ་གསུམ་སྲོལ་འབྱེད་དགའ་རབ་ཞབས། །རྗེས་སུ་རྣལ་འབྱོར་དབྱིངས་རིག་དབྱེར་མེད་ལམ་བཟང་གསལ་མཛད་རིགས་ཅན་ལྔ། །རྣལ་འབྱོར་ཆེན་པོའི་གླེགས་བམ་དབང་ཐོབ་ལུང་བསྟན་རྡོ་རྗེ་ལ་སོགས་པའོ། །རྣམ་གསུམ་ཡོ་གའི་བཀའ་སྲོལ་འབྱེད་རྣམས་ཞབས་པད་ཚངས་གནས་རྒྱན་དུ་ལེན། འཛམ་གླིང་ལས་ཀྱི་ས་ལས་བྱེ་བྲག་བྱང་ཕྱོགས་མཐའ་འཁོབ་མུན་པའི་གླིང་། །དགེ་སྡིག་ལས་ལ་འཇུག་དང་ལྡོག་བྱེད་གོམ་པའི་འདེགས་འཇོག་སྡིག་སྤྱོད་ཀྱི། །ཉམ་ངའི་གཡང་སར་འདོར་བར་བྱེད་ལ་རྒྱུ་འབྲས་ཆོས་ཀྱི་སྒྲོན་བཏེག་ནས། །བསྟན་པའི་ཕྱི་མོ་སྲིད་ལས་ངེས་འབྱིན་ཆོས་འདུལ་སྲོལ་འབྱེད་ཞི་བ་འཚོ། མི་སྲུན་གདུག་ཅན་འདུལ་བའི་ནུས་མེད་ཀྱེ་མ་འདུལ་བྱེད་སུ་ཞིག་ཅེས་སྨྲེང་ཚེ། །སྨོན་ལམ་དམ་བཅའ་དུས་སུ་(སྟོད་ཆ།༣)སོན་ལས་བོད་ཡུལ་མགོན་དུ་ལེགས་བཞེངས་ཕྱིར། །ལྗོངས་འདིར་ཐུབ་བསྟན་གསལ་བར་བྱེད་ནུས་གཞན་འགའ་ཡོད་མིན་ཨོ་རྒྱན་རྗེའི། བཀའ་དྲིན་ཉིད་པྱིར་འདེགས་པ་རམ་བཟོད་ནོར་འཛིན་བུ་མོའང་རིང་ཞིག་འདར། གང་གི་མཁྱེན་པའི་ལམ་དུ་མ་སོང་ཤེས་བྱ་ཕྲ་རགས་ཅུང་ཟད་མེད། བཅུ་དྲུག་ཡེ་ཤེས་བླ་མའི་ས་ལ་འཇའ་ལུས་རྡོ་རྗེའི་སྐུས་འགྱིངས་ཤིང་། ལྗོངས་འདིར་སྙིང་ཐིག་བཀའ་སྲོལ་ཕྱེ་ལས་འགྲོ་མང་ཟག་བཅས་འོད་སྐུ་རུ། དེངས་པའི་ལག་རྗེས་མངོན་གསུམ་སྣང་འདི་ཡོད་དྲིན་མིན་ནམ་བི་མ་ལ། དཀའ་བ་བརྒྱ་ཕྲག་ཀུར་དུ་བརྩེགས་བྱས་བགྲོད་དཀའ་འཕགས་ཡུལ་གླིང་བརྟོལ་ནས། །བགྲང་ཡས་གསུང་རབ་ནོར་བུའི་དཔྱ་དང་ཁྱད་པར་སྡེ་གསུམ་རྫོགས་པ་ཆེ། འདྲེན་པའི་ཤིང་རྟ་འཇིག་ཏེན་མིག་གཅིག་བཻ་རོའི་མཁྱེན་དཔྱོད་རྟ་བདུན་གྱིས། མཁས་མང་རྒྱུ་སྐར་ཁེངས་པའི་རང་འོད་ཅིག་ཅར་མནན་འདི་ཨེ་མ་མཚར། བྱང་ཆེན་སྤྱོད་པའི་གོམ་སྟབས་ལྷོད་པོ་ས་སྐྱོང་ཟོལ་དུ་ལེགས་བསྒྱུར་ནས། བོད་འབངས་སེམས་ཅན་ཕན་བདེར་བཀྲི་བའི་ཐུགས་བསྐྱེད་མེས་དབོན་གསུམ་མཉམ་ཡང་། རྒྱལ་བསྟན་ཡོངས་རྫོགས་ལྗོངས་འདིར་འདྲེན་བཟོད་དམ་བཅའི་རི་མོ་སྙིང་བཀོད་ནས། སྙིང་སྟོབས་བཙན་པོའི་གོ་ཆ་བགོས་དེ་ཁྲི་སྲོང་ལྡེའུ་བཙན་ལས་གཞན་སུ། སྔོན་མེད་བརྡ་དང་ཡི་གེས་མཚོན་པའི་ཆོས་ལ་འཇུག་རུང་སྲོལ་བཏོད་ནས། རྒྱལ་བསྟན་ཡོངས་རྫོགས་འདྲེན་པའི་དེད་དཔོན་གནའ་བོའི་དུས་ཀྱི་ལོ་ཙཱ་ཡིས། བོད་ཡུལ་ཆོས་དཀར་སྣོད་དུ་སྩལ་བའི་བཀའ་དྲིན་བོད་མིས་ཇི་ལྟར་ཁེང་། བསད་(སྟོད་ཆ།༤)གསོ་ལ་སོགས་རྫུ་འཕྲུལ་གྲུབ་པའི་འཕགས་ཡུལ་གྲུབ་པ་མཆོག་རྣམས་ཀྱི། རྣམ་ཐར་ལ་ཡང་བསྐྱེངས་པ་སྟེར་བྱེད་ཟུང་འཇུག་གྲུབ་བརྙེས་ཧེ་རུ་ཀ། སོ་ཟུར་གནུབ་སོགས་བབ་སོ་གསུམ་གྱི་རིག་པ་འཛིན་པའི་ཚོགས་རྣམས་དང་། བཅུ་ཕྲག་བཅུས་མཚོན་ཟབ་གཏེར་བདག་རྣམས་ཞབས་རྡུལ་དད་བརྒྱས་གཙུག་ན་མཆོད། ལོག་སྨྲའི་རྡུལ་བརྩེགས་ཁེངས་པའི་བགྲོད་པ་ཅིག་ཅར་ཉིད་དུ་སྙམ་པ་ལ། །བརྒལ་བརྟག་དཔྱད་པའི་རྩེ་མོ་བརྒྱ་ལྡན་ཕུང་རིག་རྡོ་རྗེའི་མཚོན་གདེངས་ཤིང་། ཐེག་མཆོག་ས་སྲུང་སྟེང་ན་ལེགས་འགྱིང་ཆོས་རབ་རྣམ་འབྱེད་སྤྱན་སྟོང་ཅན། སྔོན་མེད་ལྷ་དབང་ཀློང་ཆེན་བ་དེ་བསམ་གྱིན་དད་པའི་ལག་པད་ཟུམ། རྒོལ་ངན་གཉིས་འཐུང་ཀླད་པ་འགེམ་བྱེད་སྨྲ་བའི་སེང་གེ་རོང་ཟོམ་ཞབས། གཞུང་ལུགས་རྒྱ་མཚོར་སྤྱོད་ལ་འགྲན་མེད་མངའ་རིས་པཎ་ཆེན་གཡུང་སྟོན་རྗེ་འཛིན། མཁས་དང་གྲུབ་བརྙེས་གསེར་རིའི་ཕྲེང་འདྲའི་རྣམ་ཐར་དད་གསུམ་ཡིད་ཀྱི་གསོས། བསྟན་པའི་སྲོག་རྩ་ཤིན་ཏུ་བརླིང་བར་མི་འཇིགས་སྦྱིན་མཛད་ལྔ་པ་ཆེ། སྔ་འགྱུར་རིང་ལུགས་སླར་ཡང་སློང་མཛད་བཤད་སྒྲུབ་རྩ་ལག་གཏེར་བདག་གླིང་། གསང་ཆེན་བསྟན་པའི་རྒྱལ་མཚན་ཆེ་མཐོར་ནུབ་མེད་བསྒྲེངས་བརྩོན་པད་ཕྲིན་ཞབས། རྙིང་བསྟན་སྐྱོང་བའི་རྡོ་རྗེ་འཛིན་དབང་དེ་དག་བསྔགས་ལ་ཅིས་མི་སྤྲོ། ཚེ་གཅིག་ཁོ་ནས་མི་སློབ་པར་གཤེགས་ངེས་དོན་སྟོན་པ་རྫོགས་ཆེན་པ། ཟབ་མོའི་ལུང་བསྟན་དང་འགྲོ་བའི་ཕན་བདེ་སྒྲུབ་མཁས་ཉི་མ་གྲགས། ངེས་དོན་ཟབ་མོའི་ལྟ་དགོངས་རྩེར་སོན་གྲུབ་པའི་དབང་ཕྱུག་ནམ་མཁའི་(སྟོད་ཆ།༥)མཚན། སྨྲ་བའི་སེང་གེ་རབ་འབྱམས་པ་སོགས་བརྒྱུད་པར་བཅས་ཀུན་གཏན་གྱི་བསྐྱབས། ཁྱད་པར་བདག་བློར་གསང་ཆེན་སྨིན་གྲོལ་བདུད་རྩིའི་དགའ་སྟོན་མཆོག་སྩོལ་བའི། རྡོ་རྗེ་འཛིན་པ་བཅུ་པྲག་གསུམ་དང་ལྔ་ཡིས་ལྷག་པའི་ཚོགས་རྣམས་དང་། རྙིང་བསྟན་སླར་ཡང་གཞི་བཞེངས་མཛད་ལ་ཕྱི་དུས་འདི་ན་ཟླ་མེད་པའི། མཁས་གྲུབ་ཀུན་ལ་བཀའ་དྲིན་བསམ་གྱིན་དད་པའི་གུས་ཕྱག་བརྩེགས་བྱས་ནས། འདི་ན་གསང་ཆེན་བཀའ་གཏེར་རིང་ལུགས་ཟབ་ཅིང་རྒྱ་ཆེའི་ཆུ་གཏེར་ཆེར། མཁས་གྲུབ་གདེངས་ཅན་ཚོགས་རྣམས་རོལ་པའི་ལོ་རྒྱུས་རྣམ་མང་ཉལ་འགྲོའི་ཀླུང་། །གཟུ་བོའི་བློ་ཡིས་དཔྱད་བཟོད་གང་ཡིན་ལེགས་བཤད་འཇུག་ངོགས་བདེར་དྲངས་ནས། སྔོན་མེད་ངོ་མཚར་གཏམ་གྱི་རོལ་མཚོ་མཀས་རྣམས་དགྱེས་པའི་དགའ་སྟོན་བྱ། འདིར་སྔོན་གྱི་མཁས་པ་རྣམས་ཀྱི་རྣམ་པར་ཐར་པ་བཟང་པོའི་རྗེས་སུ་སློབ་པར་འདོད་པའི་འདུན་པས་ཡུལ་དམ་པ་རྣམས་ལ་མཆོད་པར་བརྗོད་པ་དང་། དངོས་པོ་ངེས་པར་བསྟན་པའི་ཚིགས་སུ་བཅད་པ་ཅུང་ཟད་སྔོན་དུ་འགྲོ་བས་ལམ་ཡངས་པར་བྱས་ནས། སྐབས་སུ་བབས་པའི་གླེང་བར་བྱ་བ་ཉིད་ནི་འདི་ལྟར་སློབ་དཔོན་དབྱིག་གཉེན་གྱིས། མདོ་དོན་ཆེ་བ་ཉིད་ཐོས་ནས། ཉན་པ་དང་ནི་འཛིན་པ་ལ། ཉན་པ་པོའི་ནི་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་དང་། ཁ་ཆེའི་ཕཎྜི་ཏ་ཟླ་བ་མངོན་དགས། །ཇི་སྲིད་དགོས་པ་མ་སྨྲས་པར། དེ་སྲིད་ལ་ནི་ཅི་ཞིག་འཛིན། ཞེས་གསུངས་པ་ལྟར། སྒྲོན་མེའི་བསྐལ་(སྟོད་ཆ།༦)པའི་བསྐལ་པ་བཟང་བོ་འདིའི་འཆི་བ་མེད་པའི་ལན་དུ། ཆོས་ཀྱི་སྣང་བྱེད་ཆེན་པོ་སྟོང་ཕྲག་གཅིག་བྱོན་པ་ལས་བཞི་བར་གྱུར་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་རྩོམ་པའི་དངོས་པོ་ཕུལ་དུ་བྱུང་བ་རྣམ་པ་བཞི་དང་ལྡན་ཞིང་། ལེ་ལོའི་དངོས་པོ་བཞི་ཡོངས་སུ་བོར་བའི་བྱང་ཆུབ་སེམསད་པའ་སེམས་དཔའ་ཆེན་པོ་པདྨ་དཀར་པོ་ལྟ་བུའོ་ཞེས་རྒྱ་ཆེར་བསྔགས་པ། བདག་ཅག་གི་སྟོན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པའི་སྲིན་མོར་བྱེད་པའི་དབང་ཕྱུག་ཆེན་པོ། རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ལ་སྨན་པའི་ཐུགས་རྗེ་ཅེན་པོ་དང་ལྡན་པ་དེ་ཉིད་ཀྱིས། མཐའ་ཡས་པའི་གདུལ་བྱ་རྣམ་པ་སྣ་ཚོགས་པ་དག་རང་རང་གི་མོས་པ་དང་ཁམས་དང་དབང་པོ་དང་བག་ལ་ཉལ་དག་རྗེས་སུ་མཐུན་པར་ལེགས་པར་གསུངས་པའི་ཆོས་ཀྱི་ཕུང་པོ་ཟད་མི་ཤེས་པའི་སྒོ་ནས། འཇིག་རྟེན་གསུམ་པོ་མཐའ་དག་བླ་ན་མེད་པའི་འབྱོར་པ་ཕུན་སུམ་ཚོགས་པའི་ཁུར་གྱིས་ཡོངས་སུ་ལྕི་བར་མཛད་པ་ཡིན་ཏེ། དེ་ལྟ་བུའི་སྟོན་པ་ལྷ་དང་བཅས་པའི་རིས་མེད་པའི་འགྲོ་བ་ཐམས་ཅད་ཀྱི་མ་འདྲིས་པའི་མཛས་ཤེས་ཆེན་པོ་ཚད་མེད་པའི་ཐུགས་རྗེ་ཅན་རྒྱལ་བ་ཉི་མའི་གཉེན་གྱི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་པའི་སྐལ་བ་དང་ལྡན་པ་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བ་ན་འཕྲལ་དང་ཡུན་གྱི་ཕན་བདེ་མ་ལུས་པའི་འབྱུང་གནས་གཅིག་པུར་གྱུར་པ་ནི་དམ་པའི་ཆོས་ཡིན་ལ། དེ་ལས་ཀྱང་ཁྱད་པར་དུ་མས་ཁྱད་པར་དུ་བྱས་པ་ནི། གསང་ཆེན་བླ་ན་མེད་པ་སྔ་འགྱུར་རྡོ་རྗེ་ཐེག་པ་མཆོག་གི་བསྟན་པ་རིན་པོ་ཆེ་ཉིད་ཡིན་ཅིང་། དེ་ཉིད་ཇི་ལྟར་བྱུང་བའི་ཚུལ་ལོ་རྒྱུས་མདོར་བསྡུས་པ་ཙམ་ཞིག་འཆད་པར་བྱ་བ་སྟེ་(སྟོད་ཆ།༧)ཇི་སྐད་དུ། རྣ་བརྒྱུད་ལུང་གི་ཕྲེང་བ་ལས། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། དེ་ཡིས་གསུངས་པའི་ལུང་ཅེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་པས། དང་པོ་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨྲོས། ཞེས་དང་། གཞན་ཡང་། ལོ་རྒྱུས་དོན་གྱི་མ་བཤད་ན། གསང་ཆེན་ངེས་པའི་བཀའ་འདི་ལ། ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། དེ་ཕྱིར་བརྒྱུད་པའི་ལོ་རྒྱུས་བཤད། ཅེས་གསུངས་སོ། དེས་ན་དམ་པའི་ཆོས་ཀྱི་ལོ་རྒྱུས་བརྗོད་པ་ནི་ཤིན་ཏུ་གལ་ཆེ་ཞིང་དགོས་པ་དུ་མ་དང་ལྡན་པ་ཡིན་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་པའི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས། མཐོང་དང་མ་མཐོང་བདེ་ལ་ལམ་ནི་ལེགས་བཤད་ཀྱིས་གསལ་སྒྲོན་མེ་ལྟ་བུར་སྤྱོད། །ལེགས་བཤད་བདུད་རྩིའི་རོ་ནི་ཉམས་མྱོང་ལྡན་པས་མཆོག་ཏུ་དགའ་བའི་ཆར་དག་འབེབས། ལེགས་བཤད་དོན་གཉེར་ཡུལ་ལ་གཉེར་བྱེད་ཀུན་མཁྱེན་དག་ཀྱང་དོན་གཉེར་ཉིད་དུ་འགྱུར། དེ་སླད་དམ་པ་རྣམས་ལ་ལེགས་བཤད་དང་མཚུངས་ཅི་ཡང་ཡོད་མ་ཡིན། ཞེས་གསུངས་པ་དང་རྗེས་སུ་མཐུན་པར་ལེགས་པར་བཤད་པའི་གཏམ་གྱི་གྱི་ཕྲེང་བས་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱི་སྙན་ཤལ་མཛེས་པར་བྱེད་པ་ནི་མཆོག་ཏུ་རིགས་པར་མཐོང་སྟེ། དེ་ལྟར་ཡང་། རྒྱ་མཚོ་ཆུ་བོ་སྔོ་ནས་མང་གཅུས་མོད། ད་དུང་སུ་ཡིས་གཅུས་ཀྱང་མི་ཟད་ལྟར། འདི་ཚུལ་སྔོན་རབས་སྐྱེ་བོས་མང་སྦྱར་མོད། ད་དུང་ལེགས་བཤད་མཁས་པའི་སྤྱི་ནོར་ཡིན། ཞེས་དང་། སྤྱོད་འཇུག་ལས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མིན། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། ཞེས་དང་། དེ་ལྟ་བུའི་ལེགས་པར་(སྟོད་ཆ།༨)བཤད་པས་ནི་རང་དང་སྐལ་བ་མཉམ་པ་དག་ལའང་ཤིན་ཏུ་ཕན་པར་འགྱུར་བ་གོར་མ་ཆགས་ཏེ། དེ་ནིད་ལས། བདག་དང་སྐལ་བ་མཉམ་པ་གཞན་གྱིས་ཀྱང་། ཅི་སྟེ་འདི་དག་མཐོང་བ་དོན་ཡོད་འགྱུར། ཞེས་གསུངས་པའི་ཕྱིར་རོ། དེས་ན་སྒོན་གྱི་དུས་སུ་བྱུང་བའི་མཁས་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་དང་རྣམ་ཐར་གསུང་རྒྱུན་སོགས་ལས་བརྩམས་ཏེ་གསང་ཆེན་རྙིང་མར་གྲགས་པའི་བཀའ་གཏེར་ཆོས་ཀྱི་བྱུང་བ་བརྗོད་པ་ཆ་ཤས་ཙམ་ཞིག་གླེང་བར་བྱ་བ་ལ་སྤྱི་དོན་རྣམ་པ་བརྒྱད་ཀྱིས་སྟོན་ཏེ། ཐོག་མར་གང་གིས་བསྟན་པའི་སྟོན་པ་བྱོན་ཚུལ་དང་དེས་བསྟན་པ་དམ་པའི་ཆོས་ཇི་ལྟར་གསུངས་པའི་ཚུལ། བསྟན་པ་དེ་ཉིད་འཕགས་ཡུལ་དང་བོད་ཀྱི་ཡུལ་དུ་ཇི་ལྟར་བྱོན་ཚུལ། དེ་ལས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དང་རིང་ལུགས་འཛིན་པའི་སྐྱེས་བུ་རྣམས་ཇི་ལྟར་བྱུང་བ། བྱེ་བྲག་གཏེར་གྱི་བསྟན་པ་རྒྱ་ཆེར་འཕེལ་ཚུལ། དེ་ལས་ནང་གསེས་ཟབ་མོ་དག་སྣང་གི་ཚུལ་རྣམས་བྱུང་ཚུལ། དེང་སང་དགོན་གནས་དང་བསྟན་པའི་རྒྱུན་སྐྱོང་བ་ཇི་ཙམ་བཞུགས་པའི་གདན་རབས། ཞར་བྱུང་སྔགས་གསར་མར་གྲགས་པ་རྣམས་ཇི་ལྟར་བྱུང་ཚུལ་འཕྲོས་དོན་དང་བཅས་པ། རིག་གནས་ལྔ་ལས་ཕྱི་མ་བཞི་ཡན་ལག་དང་བཅས་པ་བྱུང་ཚུལ་དང་བསྟན་པའི་གནས་ཚད་བཤད་པ་སྟེ་སྐབས་བརྒྱད་ཀྱིས་རྣམ་པ་དབྱེ་བ་རིམ་པར་གླེང་བར་བྱའོ། །(སྟོད་ཆ།༩)

སྤྱི་དོན་དང་པོ། སྟོན་པ་སངས་རྒྱས་འཇིག་རྟེན་དུ་བྱོན་ཚུལ་སྐོར།

སྟོན་པ་གང་དུ་བྱོན་པའི་གཞི་སྣོད་བཅུད་འཇིག་རྟེན་གྲུབ་ཚུལ་གྱི་རྣམ་གཞག །དེ་ལ་དང་བོ་ནི། སྤྱིར་སྟོན་པ་ཇི་ལྟར་བྱོན་པའི་ཚུལ་ལའང་གང་དུ་བྱོན་པའི་གཞི་སྣོད་བཅུད་ཀྱི་འཇིག་རྟེན་རྣམ་པར་གཞག་པ་བསྟན་པ་དང་། འཇིག་རྟེན་དུ་སངས་རྒྱས་ཇི་ལྟར་བྱོན་པའི་ཚུལ་དང་གཉིས་ཀྱི། དང་པོ་འཇིག་རྟེན་གྱི་ཁམས་ཀྱི་རྣམ་གཞག་བསྟན་པ་ལ། སྤྱིར་རྒྱལ་བས་འཇིག་རྟེན་ལ་ཞེན་པས་མ་གཟིགས་པའི་ཕྱིར་དང་། དངོས་པོ་གཅིག་ནིད་ལ་སེམས་ཅན་ལ་མ་དག་པའི་སྣང་བ། རྣལ་འབྱོར་པ་ལ་ཉམས་སྣང་། སངས་རྒྱས་ལ་དག་སྣང་དུ་འཆར་བ་དང་། དོན་དམ་པར་གར་ཡང་མི་གནས་ལ་ཅིར་ཡང་འཆར་བ་ཉིད་ཀྱི་ཡིར་སོ་སོར་སྣང་ཡང་མི་འགལ་བ་དང་། ལས་མཐུན་གྱི་སེམས་ཅན་དུ་མ་ལ་མཐུན་པར་སྣང་ཞིང་དེར་ཞེན་པ་ལ་དེ་དག་འདུལ་བའི་ཆོས་ཀྱི་རྣམ་གྲངས་སྟོན་པ་ན་དེ་དག་གི་བློ་ངོར་སྣང་ཚུལ་དང་མཐུན་པར་རྣམ་པར་གཞག་སྟེ་བཀའ་སྩལ་བའི་ཕྱིར། མདོ་རྒྱུད་བསྟན་བཅོས་རྣམས་སུ་འཇིག་རྟེན་གྱི་རྣམ་གཞག་མི་འདྲ་བ་མང་དུ་གསུངས་པ་ཡིན་ལ། དེས་དོན་དུ་རྣམ་མཁའ་ཇི་སྲིད་པ་དེ་སྲིད་རྡུལ་གཅིག་སྟེང་ན་རྡུལ་སྙེད་དམ་སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་དུ་རྒྱལ་བའི་སྐུ་དང་ཞིང་གིས་ཁྱབ་པའི་ཕྱིར་ཚད་མེད་ཅིང་(སྟོད་ཆ།༡༠)མཐའ་གཟུང་བར་ནུས་སོ། །དེ་ལས་བདག་ཅག་གི་རྟེན་གནས་འདི་ནི་སྣང་སྣང་གང་ཆེན་མཚོའི་ཕྱག་གི་ལྷུང་བཟེད་དུ་པད་སྡོང་ཟེའུ་འབྲུ་ཉེར་ལྔ་བརྩེགས་མར་ཡོད་པ་ཞིག གནས་པའི་བཅུ་གསུམ་པའི་སྟེང་གི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བའི་ཞིང་གི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པ། ཞིང་འདིའི་སེམས་དཔའ་རྣམས་ལྷག་པར་ཡང་བཟོད་པ་དང་ལྡན་པའི་ཡོན་ཏན་ལས། བརྩམས་ཏེ་མི་མཇེད་འཇིག་རྟེན་གྱི་ཁམས་སུ་བརྡར་བཞག་པ་དེའོ། །དེ་ལ་འོག་ཏུ་རླུང་དཀྱིལ་དཔངས་དཔག་ཚད་ས་ཡ་དྲུག་འབུམ། རྒྱར་གྲངས་མེད། དེའི་སྟེང་དུ་སྤྲིན་ཆེན་གསེར་གྱི་གཉའ་ཤིང་ལས་བབས་པའི་ཆར་རྒྱུན་ལས་ཆུའི་ཕུང་པོ་ཚངས་གནས་ལ་ཐུག་པར་འཕྱུར་བ་གསེར་གྱི་ས་གཞི་ཆགས་པས་མནན་ཏེ་ཆུ་དཀྱིལ་རྔམས་སུ་འབུམ་ཕྲག་བརྒྱད། གསེར་གྱི་ས་གཞི་དཔག་ཚོད་སུམ་འབུམ་བཞི་ཁྲི། དེའི་སྟེང་ཆུས་གང་བ་ལ་དབུས་སུ་རི་རབ་ངང ་རིམ་བཞི་པ། ཤར་དངུལ། ལྷོ་བེཌཱུརྱ་སྔོན་པོ། ནུབ་པདྨ་རཱ་ག །བྱང་གསེར་ལས་བྱས་པ་ཞེས་དཔག་ཚོད་བརྒྱད་ཁྲི། དཔངས་དཔག་ཚོད་བརྒྱད་ཁྲི་ཕྲག་གཉིས་ཕྱེད་མཚོར་ནུབ་ཅིང་ཕྱེད་སྟེང་དུ་འཕགས་པ། ལྷུན་པོ་དེ་ལ་ཡོལ་ཐབས་སུ་སྐོར་བའི་གསེར་གྱི་རི་བདུན་ནི། གཉའ་ཤིང་འཛིན། གཤོལ་མདའ་འཛིན། སེང་ལྡེང་ཅན། ལྟ་ན་སྡུག །རྟ་རྣ། རྣམ་འདུད། མུ་ཁྱུད་འཛིན་ཏེ་གསེར་གྱི་རི་བདུན་གྱི་ནང་མའི་ཕྱེད་དུ་ཕྱི་མའི་རྩེས་སླེབས་པར་རི་རབ་ཀྱི་ཕྱི་ནས་རིམ་བཞིན་གྲུ་བཞིར་བསྐོར་བའི་བར་བར་དུ་རོལ་པའི་མཚོ་བདུན་དང་ལོངས་སྤྱོད་པའི་གླིང་དུ་མ་ཡོད་ལ། དེའི་ཕྱི་རོལ་བ་ཚྭའི་རྒྱ་མཚོའི་ནང་དུ་ཤར་གླིང་གསུམ་ཟླ་བ་ཕྱེད་པའི་(སྟོད་ཆ།༡༡)དབྱིབས་ཅན། ལྷོ་གླིང་གསུམ་ཤིང་རྟའི་དབྱིབས་སམ་སོག་ཁ། ནུབ་གླིང་གསུམ་ཟླུམ་པོ། བྱང་གླིང་གསུམ་གྲུ་བཞི། རྒྱུ་སོ་སོའི་ཕྱོགས་ཀྱེ་རི་རབ་དང་མཚུངས་ཀྱང་རྩོད་དུས་སུ་རིན་པོ་ཆེ་ནུབ་སྟེ་ས་གཞི་ཕལ་པར་སྣང་ལ། མིའི་བཞིན་དབྱིབས་རང་རང་གི་གླིང་དང་འདྲ་ཞིང་རྒྱན་འདོགས་ཚུལ་དང་ལོངས་ཐ་དད་པའོ། །རྒྱ་མཚོའི་ཕྱི་རོལ་ལྕགས་རིས་མུ་ཁྱུད་ལྟར་བསྐོར་བའི་འཛམ་གླིང་འོག་ན་དམྱལ་བ་དང་ཡི་དྭགས་ཀྱི་གནས། རྔ་ཡབ་གླིང་ན་སྲིན་པོ་གནས་ཕྱིར་མི་ལས་གཞན་དུ་ཀུན་མཁྱེན་ཀློང་ཆེན་པས་བཞེད་དེ། གླིང་བཞི་དང་གླིང་ཕྲན་གཞན་རྣམས་མེ་རི་རབ་ཀྱི་ཁོང་སེང་ན་ལྷ་མིན། ལོགས་ཀྱི་ཕྱེད་མན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ། ནམ་མཁའ་ལ་རྒྱུ་བ་ཉི་ཟླ་གཟའ་སྐར་སོགས་གཞལ་མེད་ཁང་པའི་ལྷ། དེ་ཡན་གྱི་ལོགས་སུ་སྲུང་མའི་རིགས་འདུག །རྩེ་མོར་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་དངོས། རྣམ་པར་རྒྱལ་བའི་ཁང་བཟང་ན་ལྷའི་དབང་པོ་བརྒྱ་བྱིན། ཉེ་དབང་སུམ་ཅུ་རྩ་གནིས། གླང་པོ་ཆེ་ས་སྲུང་བུ་ལྭ་བ་དཀར་པོའི་རྡོ་ལེབ། ཆོས་བཟང་ལྷའི་འདུན་ས། སྐྱེད་ཚལ་བཞི། ཡོངས་འདུའི་ཤིང་སོགས་འབྱོར་པ་མཐའ་ཡས་པ་ཡོད་དོ། །དེའི་སྟེང་ནས་རིམ་བཞིན་འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་བཞི་ཡོད་པ་དེ་སྟེང་དུ་གཞལ་བའི་ནམ་མཁར་སྤྲིན་བཞིན་དུ་སོ་སོར་ཆགས། གཟུགས་དང་། ཚེ་དང་། ལོངས་སྤྱོད་ནི་རིམ་པས་གོང་མ་གོང་མས་ལྷག་སྟེ། འདི་མན་ལ་འདོད་ཁམས་ཟེར། དེའི་སྟེང་དུ་གཟུགས་ཁམས་གནས་རིས་བཅུ་བདུན། དེ་ནས་གཟུགས་མེད་བཞིས་སྲིད་པའི་རྩེ་མོར་ཐུག །དེ་རྣམས་འདོད་ཆགས་དང་བྲལ་ཞིང་(སྟོད་ཆ།༡༢)ཏིང་ངེ་འཛིན་གྱིས་འཚོ། འདོད་གཟུགས་ལ་རང་རང་གི་རྒྱལ་པོ་སོགས་ཡོད་ཅིང་གཟུགས་མེད་ན་རང་ཉིད་ནས་གཞན་མི་སྣང་ངོ་། །དེ་ཡང་འཛམ་གླིང་འདི་ནས་སུམ་ཅུ་རྩ་གསུམ་བར་དཔག་ཚོད་བཞི་ཁྲི། དེ་ནས་འཐབ་བྲལ་བར་དུ་བཞི་ཁྲི། དེ་ནས་དཀའ་ལྡན་བར་དུ་བརྒྱད་ཁྲི་སོགས་རིམ་བཞིན་བརྩིས་པའི་ཤིན་ཏུ་མཐོ་ནས་འཛམ་གླིང་བར་དུ་དཔག་ཚོད་ཐེར་འབུམ་ཆེན་པོ་ལྔ། ཐེར་འབུམ་བརྒྱད། དུང་ཕྱུར་གཅིག །བྱེ་བ་དྲུག ས་ཡ་གསུམ། ཉིས་འབུམ་རྣམས་ཡོད་ཅིང་། དེ་ནས་གོང་དུ་འོང་མིན་གྱི་བར་དུའང་དེ་ཙམ་དང་། འོག་མིན་ནས་འདི་ཡི་བར་དེ་ཉིས་འགྱུར་ཡོད་པར་ཤེས་དགོས་ཏེ། ཇི་སྐད་དུ། གནས་དང་གནས་འོག་ཇི་སྲིད་པ། །དེ་ནས་དེ་ཡི་གོང་དེ་སྲིད། ཅེས་འབྱུང་བས་སོ། །སོ་སོའི་གནས་པའི་གཞལ་མེད་ཁང་གི་རྒྱ་ཡང་། འཐབ་བྲལ་སོགས་བཞི་ནི་ལྷུན་པོའི་སྟེང་གི་རྒྱ་དང་མཉམ་པ་དང་འགའ་ཞིག་གིས་གོང་ནས་གོང་དུ་ཉིས་འགྱུར་དུ་ཆེར་འདོད་ཅིང་།
བསམ་གཏན་དང་པོ་གླིང་བཞི་པ་དང་། གཉིས་པ་སྟོང་སྤྱི་ཕུད། གསུམ་པ་སྟོང་བར་མ། བཞི་པ་སྟོང་ཆེན་པོ་དང་ཚོད་མཉམ་པར་བཤད་དོ། །དེ་ལྟར་ཁམས་གསུམ་གྱི་ནང་ནས། འཁོར་ལོས་བསྒྱུར་བ། རང་སངས་རྒྱས། རྫོགས་པའི་སངས་རྒྱས་ཏེ་མཆོག་གསུམ་འབྱུང་ཞིང་དགེ་སྡིག་གི་ལས་ཐམས་ཅད་མཐུན་པས། ལྷ་ལས་ལྷག་པ་མིའི་འགྲོ་བར་གསུངས། དེ་ཡང་གླིང་གཞན་གསུམ་ལོངས་སྤྱོད་ཀྱི་ས་པ་དང་། འཛམ་བུའི་གླིང་ལས་ཀྱི་ས་པ་ཏེ་གླིང་གི་མཆོག་ཡིན་ཞིང་། རྫོགས་པའི་སངས་རྒྱལ་འབྱུག་བའི་གནས་ཡིན་པའི་ཕྱིར་ཁྱད་པར་དུ་འཕགས་ལ། གསེར་གླིང་སོགས་གླིང་ཕྲན་(སྟོད་ཆ།༡༣)མང་པོའང་འདིར་འདུ། དེ་ཡང་ཡུལ་དབུས་རྒྱ་གར་གྱི་རྒྱལ་ཁམས་ནི་ཡུལ་འཁོར་ཆེན་པོ་བཅུ་དྲུག་དང་གྲོང་ཁྱེར་ཆེན་པོ་དྲུག་གི་བདག་སྲིད་ཟ་འོག་གི་བླ་རེ་ཕུབ་པ་ལྟ་བུ་རིན་པོ་ཆེའི་གླིང་། སོག་པོ་དང་ལི་ཡུལ་ནི་ཤིང་རྟའི་དབྱིབས་དགོས་འདོད་འབྱུང་བའི་གླིང་། ཧོར་དང་རྒྱ་ནག་ནི་མེ་ཏོག་པདྨ་ཁ་པྱེ་བ་ལྟ་བུ་ངོ་མཚར་ཆེ་བའི་གླིང་། བོད་ཀྱི་རྒྱལ་ཁམས་ནི་སྲིན་མོ་གན་རྐྱལ་དུ་བསྒྱེལ་བ་ལྟ་བུ་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་འདུལ་བའི་གླིང་ཡིན་ནོ། །དེ་ལྟར་སྣོད་ཀྱི་འཇིག་རྟེན་ལས་རིམ་དུ་ཆགས་རྗེས་བསམ་གཏན་གཉིས་པའི་ལྷ་ཞིག་སི་འཕོས་པ་ཚངས་ཆེན་དུ་བརྫུས་ཏེ་སྐྱེས་པ་ནས་བརྩམས། བཅུད་ཀྱི་སེམས་ཅན་ཡས་རིམ་བཞིན་ཅགས་ཏེ་ལྷ་གནས་ཚང་། འོད་གསལ་གྱི་ལྷ་ཞིག་ཚེ་འཕོས་པ་སྐད་ཅིག་གིས་འཛམ་གླིང་དུ་སྐྱེས་ཀྱི་མི་བྱུང་། དེ་དག་ཚེ་ཚད་དཔག་ཏུ་མེད། བསམ་གཏན་གྱི་ཟས་ཀྱིས་འཚོ། ལུས་ལ་འོད་ཡོད། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་སོགས་ཡིན་པ་ལ། བདུད་རྩི་སའི་བཅུ་སྲིད་པས་ཟོས་པས་ཡོན་ཏན་དེ་དག་ལས་ཉམས། ས་ཡི་ཞག་དང་། བདུད་རྩི་མྱུ་གུའི་ཚུལ། མ་རྨོས་སཱ་ལུའི་འབྲས་སོགས་སྔ་མ་སྔ་མ་ཟོས་པས་ནུབ་ཅིང་ཕྱི་མ་ཕྱི་མ་རིམ་གྱིས་ཐོན། ནམ་མཁའ་ལ་ཉི་ཟླ་གཟའ་སྐར་བྱུང་། ཟས་རགས་པས་སྙིགས་མ་དང་། ཕོ་མོའི་དབང་པོ་ཐ་དད་དོད་དེ་འཁྲིག་ཅོས་བཞི་དང་ཁྱིམ་འབུབས་པ་དང་མངལ་སྐྱེས་བྱུང་། གསུམ་ལྡན་བསྐལ་བ་ཟེར། སཱ་ལུ་གསོག་འཇོག་བྱས་པས་སྦུན་པས་གཡོགས་ཤིང་བརྔས་འཕྲལ་སྐྱེ་བ་ཡང་མེད་པས། མཛངས་ཤིང་བསམ་པ་བཟང་པོ་ཞིག་གིས་ཆ་མཉམ་དུ་བགོས་ནས་བྱིན་པས་རང་གི་སྐལ་བ་ཆད་པ་ལ་ཐམས་ཅད་ཀྱིས་བག་རེ་བྱིན་པས་(སྟོད་ཆ།༡༤)ཁོ་སྐལ་བ་རྒྱལ་བས་རྒྱལ་པོར་ཐོགས། བརྐུ་བ་དང་། གསོད་པ་དང་། རྫུན་དུ་སྨྲ་བ་བྱུང་བས་གཉིས་ལྡན་དང་གཅིག་ལྡན་རྩོད་དུས་སུ་གྱུར་པ་ནི་ཐུབ་བསྟན་སྐྱོན་མེད་ལོ་བཅུ་གནིས་དང་ཆུ་བུར་བྱུང་རྣམས་སྔོན་གྱི་དུས་བཞི་དག་སྦྱར་བ་འདུལ་བའི་ལུགས་ཆོས་ཀྱི་དབང་དུ་བྱས་པའི་དུས་བཞི། རྩོད་ལྡན་འཆར་བ་དང་ཞིང་དེའི་སངས་རྒྱས་ཐོག་མ་དུས་མཚུངས་ཤིང་ལོངས་སྤྱོད་མཐའ་དག་ཚང་བ་རྫོགས་ལྡན། རྐང་པ་གཅིག་ཉམས་པ་གསུམ་ལྡན་དུ་བཞག་པ་སོགས་མདོ་སྡེ་ལས་བཤད་པ་ལོངས་སྤྱོད་ཀྱི་དབང་དུ་བྱས་པའི་དུས་བཞིའོ། རྩོད་དུས་སུ་གྱུར་པས་སྐྱེ་ཏེ་ནགས་སུ་གནས་པ་བསམ་གཏན་དང་རྫུ་འཕྲུལ་དུ་ལྡན་པ་དྲང་སྲོང་། སྙན་དངགས་སོགས་ཀྱིས་འཚོ་བ་ལ་བྲམ་ཟེ། དཔྱ་གྲལ་གྱིས་འཚོ་བ་ལ་རྒྱལ་རིགས། ཚོང་དཔོན་སོགས་བྱེད་པ་རྗེའུའི་རིགས། ཞིང་ལས་ཀྱིས་འཚོ་བ་དམངས་རིགས། ངན་ལས་ཀྱིས་འཚོ་བ་ལ་གདོལ་པར་བཞག དེ་བཞིན་དུ་དུད་འགྲོ་ཡི་དྭགས་དམྱལ་བ་རྣམས་ཀྱང་རིམ་པས་ཆགས། སྔར་གྱི་རྒྱལ་པོ་དེ་དང་པོར་ཞིང་དཔོན་དུ་བསྐོས་ཏེ་དྲུག་ཆ་སླར་བྱིན། དེས་ཀྱང་མི་རྣམས་ཆ་མཉམ་དུ་ལེགས་པར་བསྐྱངས་པས་ཀུན་གྱིས་བཀུར་བའི་ཕྱིར་མང་པོས་བཀུར་བའི་རྒྱལ་པོར་གྲགས་ཏེ་བསྐལ་པ་བཟང་པོ་འདི་ལ་འཛམ་གླིང་གི་མིའི་རྒྱལ་པོའི་ཐོག་མ་ཡིན་ནོ། དེ་ལྟ་བུའི་སྣོད་བཅུད་ཀྱི་འཇིག་རྟེན་དེ་ཡང་། གླིང་བཞིའི་རི་རབ་ཁོར་ཡུག་དང་བཅས་པ་རླུང་དཀྱིལ་ནས་འོག་མིན་ལ་ཐུག་གི་བར་དེ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱ་ལ། དེ་ནས་དེ་ཙམ་གྱི་བར་སྟོང་གི་ནམ་མཁའ་འདས་པ་ནས་དེ་འདྲའི་འཇིག་རྟེན་གྱི་ཁམས་གཅིག་གནས་པ་དེ་བཞིན་དུ། གཅིག་ནས་(སྟོད་ཆ།༡༥)གཉིས་སུ་བགྲངས་པའི་སྟོང་དུ་ཚད་པ་ནས་ཁོར་ཡུག་གཅིག་གིས་བསྐོར་བ་སྟོང་དང་པོ་དང་། དེ་འདྲ་བ་སྟོང་ལ་སྟོང་གཉིས་པ་བར་མ་སྟེ་མུ་ཁྱུད་གཉིས་པས་བསྐོར་བ་དང་། སྟོང་གཉིས་བར་མ་སྟོག་ལ་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་ཞེས་བྱ་ཞིང་། ཁོར་ཡུག་གསུམ་པས་བསྐོར་བའོ། སྟོང་དུ་བགྲང་ཚུལ་ཡང་འོག་མིན་དག་བཅས་པ་བགྲང་བ་འདི་ནི་གསེར་འོད་དམ་པའི་ལེའུ་བཅུ་གཉིས་པར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ན་གང་ན་ཟླ་བ་བྱེ་བ་ཕྲག་བརྒྱ་དང་སོགས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་དུ་ཉེ་བར་སོང་བའི་བར་གྱི་ལྷ་བྱེ་བ་ཕྲག་བརྒྱ་དང་ཞེས་གསུངས་པ་དང་རྒྱ་ཆེར་རོལ་པ་ལས་ཀྱང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང་ཞེས་པ་ནས། འོག་མིན་གྱི་ལྷའི་རིགས་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་ཆེན་པོའི་འཇིག་རྟེན་གྱི་ཀམས་གཅིག་ཅེས་བྱ་སྟེ། ཞེས་པའི་བར་གསུངས་པ་སོགས་ཀྱི་དབང་དུ་བྱས་ཤིང་། མངོན་པ་ཕལ་ཆེར་ཚངས་པའི་འཇིག་རྟེན་མན་ཆད་བགྲང་བར་འདོད་དོ། །དེ་དག་ནི་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ་ཏེ། སངས་རྒྱས་འཇིག་རྟེན་དུ་བྱོན་པ། གཉིས་པ་སངས་རྒྱས་འཇིག་རྟེན་དུ་བྱོལ་ཚུལ་ལ་ཐེག་པ་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་གཉིས་ཀྱི་དང་པོ་ལའང་གསུམ་སྟེ་སྤྱིར་འཇིག་རྟེན་དུ་སངས་རྒྱས་བྱོན་ཚུལ། ཁྱད་པར་མི་མཇེད་དུ་བྱོན་ཚུལ། སྒོས་འཛམ་བུ་གླིང་ཐུབ་པའི་དབང་པོ་བྱོན་ཚུལ་ལོ། །དང་པོ་ནི། སྤྱིར་སངས་(སྟོད་ཆ།༡༦)རྒྱས་འཇིག་རྟེན་དུ་འབྱོན་པ་ལ་རྒྱུ་གསུམ་ཚང་དགོས་ཏེ། སངས་རྒྱས་ཀྱི་ཞིང་དག་པ། བྱང་སེམས་ཀྱི་ཚོགས་བསགས་པ། གདུལ་བྱའི་ཁམས་སྨིན་པ་སྟེ་གསུམ་འཛོམས་ན་སངས་རྒྱས་འཇིག་རྟེན་དུ་འབྱོན་གྱི་གཞན་དུ་མི་འབྱོན་ནོ། །དེ་ཡང་སངས་རྒྱས་འཇིག་རྟེན་དུ་འབྱོན་པའི་བསྐལ་པ་ལ་སྒྲོན་མའི་བསྐལ་པ་ཞེས་ཟེར་ལ། མི་འབྱོན་པའི་བསྐལ་པ་ལ་མུན་པའི་བསྐལ་པ་ཞེས་ཟེར་རོ། སྒྲོན་བསྐལ་ཡང་ད་ལྟར་གྱི་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱོན་ལ་དེའི་རྗེས་སུ་མུན་བསྐལ་དྲུག་ཅུ་རྩ་ལྔ། དེ་ནས་སྙན་པ་ཆེན་པོ་ཞེས་བྱ་བའི་སྒྲོན་བསྐལ་ལ་སངས་རྒྱས་ཁྲི། དེའི་རྗེས་སུ་མུན་བསྐལ་ལ་བརྒྱད་ཅུ། དེ་ནས་སྐར་མ་ལྟ་བུ་ཞེས་བྱ་བའི་སྒྲོན་བསྐལ་ལ་སངས་རྒྱས་བརྒྱད་ཁྲི། དེའི་རྗེས་སུ་མུན་བསྐལ་སུམ་བརྒྱ། དེ་ནས་ཡོན་ཏན་བཀོད་པ་ཞེས་བྱ་བའི་སྒྲོན་བསྐལ་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་བ་བསྐལ་བཟང་ནས་བཤད་དོ། ཁ་ཅིག་ཏུ་སྒྲོན་བསྐལ་དང་། མུན་བསྐལ་གྱི་གོ་རིམ་དང་གྲངས་ལའང་མི་འདྲ་བ་ཅི་རིགས་བཤད་སྣང་ངོ་། ཁྱད་པར་མི་མཇེད་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་སྟོང་བྱོན་ཚུལ་ལ། དེ་ཡང་ཞིང་འདི་ལ་མི་མཇེད་ཅེས་ཟེར་བའི་རྒྱུ་མཚན་ནི་ཉོན་མོངས་པས་ཡིད་མི་འཕྲོགས་ཤིང་བཟོད་ཅིང་སྲན་ཐུབ་པས་དེ་སྐད་ཅེས་གྲགས་སོ། བསྐལ་པ་འདི་ལ་སྔོན་འཇིག་རྟེན་ཆགས་པའི་ཚེ་མཚོའི་ནང་ནས་གསེར་གྱི་པདྨ་སྟོང་བྱུང་བ་ལ་གནས་གཙང་མའི་ལྷ་རྣམས་ཀྱིས་བརྟགས་པས་སངས་རྒྱས་སྟོང་འབྱུང་བའི་ལྟས་སུ་ཤེས་ཏེ། ཀྱེ་མ་བསྐལ་པ་འདི་ནི་བཟང་པོའོ་ཞེས་བརྗོད་པས་བསྐལ་པ་བཟང་པོ་ཞེས་གྲགས་པར་གྱུར་ཏོ་ཅེས་སྙིང་རྗེ་ཆེན་པོ་པདྨ་དཀར་པོ་ལས་བཤད་དོ། །དེར་སངས་རྒྱས་བྱོན་པའི་ཚུལ་ནི།(སྟོད་ཆ།༡༧)སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་མཛེས་པར་སྣང་བ་ལ་འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བར་སངས་རྒྱས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་བྱུང་ངོ་། དེའི་ཚེ་ཕོ་བྲང་རྣམ་པར་དག་པ་ཅན་དུ་གླིང་བཞི་པ་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བ་བཙུན་མོ་བདུན་འབུམ་དང་སྲས་སྟོང་དུ་ཚང་བ་ཡོད་དོ། །དེའི་ཚེ་རྒྱལ་པོ་དེས་སངས་རྒྱས་དེ་དགེ་སློག་གི་དགེ་འདུན་དང་བཅས་པ་ལ་ལོ་བྱེ་བ་ཚང་བར་བསྙེན་བཀུར་ཏེ། དགེ་སློང་རེ་རེ་ལའང་གཡོག་གསུམ་ཕུལ་ལོ། །དེའི་ཚེ་རྒྱལ་བུ་དེ་དག སངས་རྒྱས་ཀྱིས་ཆོས་བསྟན་པ་མཉན་ནས་རང་གི་ཁྱིམ་དུ་ཕྱིན་པ་དང་། ཟླ་བ་ཉ་ལ་བབ་པ་ན། བཙུན་མོ་མི་སྨད་པའི་སྤང་པར་ཁྱེའུ་ཆོས་སེམས་དང་དཔེ་མེད་པའི་སྤང་པར་ཆོས་ཀྱི་བློ་གྲོས་གཉིས་བརྫུས་ཏེ་བྱུང་ངོ་། །དེའི་ཚེ་ཡབ་རྒྱལ་པོ་འདི་སྙམ་དུ་རྒྱལ་བུ་འདི་ཐམས་ཅད་བྱང་ཆུབ་ཏུ་ཞུགས་པ་ཤ་སྟག་ཡིན་ན། གང་ཐོག་མར་འཚང་གང་རྒྱས་བརྟག་པར་བྱའོ་སྙམ་སྟེ། གཞོན་ནུ་དེ་ཐམས་ཅད་ཀྱི་མིང་བྲན་ནས་རིན་པོ་ཆེ་སྣ་བདུན་གྱི་བུམ་པར་བཅུག་སྟེ་ཞག་བདུན་དུ་མཆོད་པ་བྱས་ནས་བཙུན་མོའི་འཁོར་དང་། སྲས་སྟོང་དང་གཞོན་ནུ་གཉིས་དང་བཅས་པའི་མདུན་དུ་ནང་མིས་བུམ་པའི་ནང་ནས་མིང་རྣམས་ཕྱུང་བས། ཐོག་མར་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་ཀྱི་མིང་བྱུང་བས་ས་གཡོས་ཤིང་རོལ་མོའི་སྒྲ་བྱུང་སྟེ། དེ་ནི་སངས་རྒྱས་འཁོར་བ་འཇིག་གོ། དེ་ནས་གཞོན་ནུ་རྣམ་པར་རྒྱལ་བའི་སྡེ་གསེར་ཐུབ་བོ། །དབང་པོ་ཞི་བ་འོད་སྲུངས་སོ། །དོན་ཐམས་ཅད་གྲུབ་པ་ནི་ཤཱཀྱ་ཐུབ་པའོ། །སྐེ་རགས་(སྟོད་ཆ།༡༨)ཅན་བྱམས་པའོ། །དེ་བཞིན་དུ་རྒྱ་ཆེར་བྱས་ཏེ་སྲས་སྟོང་གི་ནང་ནས་གཅིག་བཞག་པ་ཅོད་པན་བརྒྱན་པའི་བར་བྱུང་སྟེ། དེ་ནི་སངས་རྒྱས་ཡོན་ཏན་མཐའ་ཡས་གྲགས་པའོ། །དེ་ནས་ཐ་ཆུང་བློ་གྲོས་མཐའ་ཡས་ཀྱི་མིང་འབྱུང་སྟེ། དེ་ནི་སྟོང་གི་མཐའ་མ་མོས་པ་ཞེས་བྱ་སྟེ། སངས་རྒྱས་དགུ་བརྒྱ་དགུ་བཅུ་གོ་དགུའི་ཚེ་ཚད་དང་། ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་པ་དེ་སྙེད་དུ་འགྱུར་ཞིང་། བདག་ཉིད་དེ་ལྟར་མོས་པས་མོས་པ་ཞེས་བྱའོ། ཁྱེའུ་ཆོས་སེམས་དང་། ཆོས་ཀྱི་བློ་གྲོས་གཉིས་ཀྱི་ཆོས་སེམས་ནི་ཕྱག་ན་རྡོ་རྗེ་སྟེ། སངས་རྒྱས་སྟོང་གི་བཀའ་སྡུད་པ་པོ་ཡིན་ཞིང་། ཆོས་ཀྱི་བློ་གྲོས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་གསོལ་བ་འདེབས་པ་པོ་ཚངས་པ་གཙུག་ཕུད་ཅན་ནོ། ཡབ་རྒྱལ་པོ་ཡུལ་འཁོར་སྲུང་ནི་མར་མེ་མཛད་དོ། ཞེས་གསུང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་བྱུང་ངོ་། ཐེག་དམན་པ་དག་ནི་དེ་ལྟ་བུའི་སངས་རྒྱས་སྟོང་ཡང་ཆགས་པའི་བསྐལ་པ་དང་འཇིག་པའི་བསྐལ་པ་ལ་མི་འབྱོན་གྱི། གནས་པའི་བསྐལ་པ་ལ་འབྱོན་ནོ། གནས་པ་ལ་ཡང་ཚེ་ལོ་ཡར་འཕེལ་དང་མར་འགྲིབ་གཉིས་ལས་མར་འགྲིབ་ཀྱི་བརྒྱད་ཁྲི་པ་ནས་བརྒྱ་པའི་བར་ལ་ཕལ་ཆེར་འབྱུང་ངོ་། དེ་ལས་སྔ་བར་སྐྱོ་བ་ཤས་ཅུང་བས་ཆོས་དོན་དུ་མི་གཉེར་བས་སོ། །བརྒྱད་པ་བས་འཕྱི་བར་མི་འབྱུང་སྟེ། སེམས་ཅན་དང་། ཚེ་དང་། ཉོན་མོངས་པ་དང་། ལྟ་བ་དང་། དུས་ཀྱི་སྙིགས་མ་ལྔ་ཤིན་ཏུ་བདོ་བར་འགྱུར་བས་སོ། ཡར་འཕེལ་ལ་མི་འབྱུང་སྟེ། མི་དགེ་བ་ངང་གིས་སྤོང་ཞིང་། དངོས་པོ་རྣམས་འཕེལ་བས་དེ་དག་སྐྱོ་བ་མི་སྐྱེ་བས་སོ། གལ་ཏེ་བརྒྱད་ཁྲི་པ་ནས་སྔ་བར་མི་འབྱུང་ན། འོན་ཀྱང་སངས་རྒྱས་མོས་པ་(སྟོད་ཆ།༡༩)འབྱོན་པའི་དུས་མི་རྣམས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པར་བཤད་པ་ནི། སངས་རྒྱས་དེའི་སྨོན་ལམ་གྱི་སྟོབས་ཀྱིས་ཡིན་ནོ། །དེ་དག་ཀྱང་བསྐལ་པ་བཟང་པོ་འདིའི་རྣམ་གཞག་ལ་དགོངས་ཀྱི་ཐམས་ཅད་དུ་ནི་མ་ཡིན་ཏེ། དམ་པའི་ཆོས་པདྨ་དཀར་པོར། ཚེ་ལོ་བཅུ་པའི་དུས་སུ་འཇིག་རྟེན་གྱི་ཁམས་མཐེ་བོས་ཕེབས་པ་ཞེས་བྱ་བར་མི་མཐེ་བོང་ཙམ་གྱི་ནང་དུ། སངས་རྒྱས་སྐར་མ་ལ་དགའ་བ་ཞེས་བྱ་བ་སྐུ་ཁྲུ་གང་དང་སོར་བདུན་གྱི་ཚད་ཙམ་ཡོད་པ་འབྱུང་བར་བཤད་ཅིང་། དེ་བཞིན་དུ་མ་འོངས་པ་ན་བསྐལ་པ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞེས་བྱ་བ་ལ། མི་རྣམས་ཀྱི་ཚེ་ལོ་བར་བསྐལ་བརྒྱད་ཐུབ་པའི་ཚེ། སངས་རྒྱས་ཀྱི་ཞིང་རྡུལ་མེད་པ་ཞེས་བྱ་བར་ཤཱ་རིའི་བུ་སངས་རྒྱས་པའི་མཚན་པདྨོའི་འོད་ཅེས་བྱ་བ་གཞོན་ནུའི་དུས་མ་གཏོགས་པའིསཀུ་ཚེ་བར་བསྐལ་བཅུ་གཉིས་ཀྱི་བར་དུ་ཆོས་སྟོན་པ་འབྱུང་ཚུལ་ལ་སོགས་པ་མང་དུ་གསུངས་པས་སོ། །བསྐལ་བཟང་འདིའི་ཚེ་ལོ་བཞི་ཁྲི་པའི་དུས་སུ་འཁོར་བ་འཇིག །སུམ་ཁྲི་པའི་དུས་སུ་གསེར་ཐུབ། ཉི་ཁྲི་པའི་དུས་སུ་འོད་སྲུངས། བརྒྱ་པའི་དུས་སུ་ཤཱཀྱ་ཐུབ་པ། བརྒྱད་ཁྲི་པའི་དུས་སུ་བྱམས་པ་འབྱུང་ངོ་། བསྐལ་བཟང་འདིར་འོད་དང་ཡབ་དང་ཡུམ་དང་སྲས་དང་རིམགརོ་པ་དང་ཤེས་རབ་ཅན་དང་རྫུ་འཕྲུལ་ཅན་གྱི་མཆོག་དང་འཁོར་དང་སྐུ་ཚེ་དང་བསྟན་པའི་གནས་ཚད་དང་གདུང་སེམས་བསྐྱེད་ཚུལ་ཏེ་དོན་བཅོ་ལྔ་རེ་ཡོད་དེ། མདོ་བསྐལ་པ་བཟང་པོ་ལས་བཤད་དོ།༢༠)སྟོན་པ་ཐུབ་པའི་དབང་པོ་འཛམ་བུའི་གླིང་འདིར་བྱོན་པའི་ཐུགས་བསྐྱེད་པའི་ཚུལ། འཛམ་བུའི་གླིང་དུ་ཐུབ་པའི་དབང་པོ་བྱོན་པའི་ཚུལ་ལའང་གཉིས་ཏེ། ཐུགས་བསྐྱེད་པའི་ཚུལ་དང་། མཛད་བཅུ་གཉིས་ཇི་ལྟར་བསྟན་པའི་ཚུལ་ལོ། །དང་པོ་ལ་ཡང་བདག་ཅན་རྣམས་ཀྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཏུ་ཐུགས་ཇི་ལྟར་བསྐྱེད་ཅིང་ཆོགས་བསགས་པའི་ཚུལ་ལའང་། ཐེག་དམན་གྱི་ལུགས་དང་། ཐེག་ཆེན་ཐུན་མོང་བའི་ལུགས། རྡོ་རྗེ་ཐེག་པའི་ལུགས་དང་གསུམ་གྱི། དང་པོ་ནི། འདུལ་བ་ལུང་ལས། སངས་རྒྱས་འདོད་ཆགས་བྲལ་ཐོས་ཤིང་། གླང་པོ་དྲིགས་པའི་ཤས་ཆེན་དང་། འཇིག་རྟེན་སྡུག་བསྔལ་གྱུར་མཐོང་ནས། ངས་ནི་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་འབྱུང་བའི་དོན་ནི་སྔོན་བྱུང་བ་འདས་པའི་དུས་ཀྱི་བསྐལ་པ་ལ། སྟོན་པ་ཉིས་གྲོང་ཁྱེར་འོད་ལྡན་དུ་རྒྱལ་པོ་འོད་ལྡན་ནམ་རབ་གསལ་དུ་འཁྲུངས་དུས་རྒྱལ་པོ་དེ་ལ་གླང་པོ་ཆེ་ཐལ་ཀར་ཞིག་ཡོད་པ་དེ་འདུལ་མཁན་འདུལ་དུ་བཅུག་ནས་རྒྱལ་པོ་དང་འདུལ་མཁན་གཉིས་ཀྱི་གླང་པོ་ཆེ་བཞོན་ནས་ནགས་སུ་སོང་བ་ན། གླང་པོས་ནགས་ཀྱི་བ་གླང་མོའི་དྲི་ཚོར་བས་མགྱོགས་པའི་ཤུགས་ཀྱིས་རྒྱུགས་པ་ན། རྒྱལ་པོ་དང་འདུལ་མཁན་གཉིས་སྐྲག་ནས་ཤིང་གི་ཡལ་ག་ལ་འཇུས་ནས་བབ་སྟེ། རྒྱལ་པོས་གླང་པོ་མ་ཐུལ་ལོ་སྨྲས་པས་འདུལ་མཁན་གྱིས་བདག་གིས་དེའི་ལུས་ནི་ཐུལ་གྱི་སེམས་ནི་མ་ཐུལ་ལོ་ཟེར་རོ། །དེ་ཅིའི་ཤེས། ལྷ་ཞག་བདུན་(སྟོད་ཆ།༢༡)ནས་དཔྱད་རྗེས་སུ་དྲན་ཏེ་འོང་བར་འགྱུར་རོ་ཞེས་ཟེར་བ་ལྟར་གླང་པོའང་བྱུང་བས། རྒྱལ་པོས་སེམས་འདུལ་མཁན་ནི་སུ་ཞིག དེ་སྨྲས་པ། ལྷ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །ཞེས་སྨྲས་པ་དང་། དེ་ནས་རྒྱལ་པོ་དེ་སངས་རྒྱས་ཀྱི་མཚན་ཐོས་པ་ཙམ་གྱིས་ཤིན་ཏུ་དད་པར་གྱུར་ཏེ་སྦྱིན་པ་ནི་བྱིན། བསོད་ནམས་ནི་ཅི་ཡང་བསགས་ཏེ་བླ་ན་མེད་པའི་བྱང་ཆུབ་ལ་མོས་པས། སྨོན་ལམ་བཏབ་སྟེ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། དེ་ནས་སངས་རྒྱས་ཤཱཀྱ་ཐུབ་པ་ནས་རིན་ཆེན་གཙུག་ཏོར་ཅན་གྱི་བར་སངས་རྒྱས་བདུན་ཁྲི་ལྔ་སྟོང་བསྙེན་བཀུར་ནས་གྲངས་མེད་དང་པོ་དང་། དེ་ནས་མར་མེ་མཛད་ཡན་གྱི་སངས་རྒྱས་བདུན་ཁྲི་དྲུག་སྟོང་བསྙེན་བཀུར་ནས་གཉིས་པ་དང་། དེ་ནས་རྣམ་གཟིགས་ཡན་གྱིས་སངས་རྒྱས་བདུན་ཁྲི་བདུན་སྟོང་བསྙེན་བཀུར་ནས་གསུམ་པ་སྟེ་བསྐལ་པ་གྲངས་མེད་གསུམ་ཚོགས་བསགས་ཤིང་། དེ་ནས་སངས་རྒྱས་སྐར་རྒྱལ་ལ་ཚིགས་བཅད་གཅིག་གིས་ཞག་བདུན་བར་མ་ཆད་དུ་བསྟོད་པས་བཀྶལ་པ་དགུའི་ཚོགས་འདུམས། དེ་ནས་བསྐལ་པ་འདིའི་སངས་རྒྱས་འོད་སྲུངས་བསྙེན་བཀུར་བ་ཡན་ལ་བསྐལ་པ་དགུ་བཅུ་གོ་གཅིག་སྟེ་བསྐལ་ཆེན་བརྒྱར་མཚན་གྱི་རྒྱུ་བསྒྲུབས་ནས་ལྷའི་བུ་དམ་པ་ཏོག་དཀར་པོར་འཁྲུངས་ཤིང་། དེ་ནས་དགའ་ལྡན་ནས་འཕོ་པ་སོགས་ཀྱི་མཛད་པ་རྣམས་སྒྲ་ཇི་བཞིན་པར་འདོད་དེ། མཛོད་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་སོ། གཞན་ཡང་འདུལ་བ་ལུང་ལས། སངས་རྒྱས་ཤཱཀྱ་ཐུབ་པ་ངས། འདྲེན་པ་ཡུལ་འཁོར་སྐྱོང་གི་བར།(སྟོད་ཆ།༢༢) བདུན་ཁྲི་ལྔ་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །དབང་པོ་རྒྱལ་མཚན་ཐུབ་པའི་བར། །བདུན་ཁྲི་དྲུག་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་མར་མེ་མཛད་ནས་ནི། །སངས་རྒྱས་འོད་སྲུངས་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་འོད་སྲུངས་བར་དག་ཏུ། །ཅེས་བཤད་དོ། །གཉིས་པ་ནི། ཐེག་པ་ཆེན་པོ་ལྟར་ན་སྟོན་པའདི་སྔོན་དམྱལ་བའི་ལྕགས་བསྲེགས་ཀྱི་ས་གཞི་ལ་ཤིང་རྟ་འདྲེན་པའི་གྱད་ཅིག་ཏུ་གྱུར་པའི་ཚེ། ཟླ་བོ་སྟོབས་ཆུང་བ་ལ་དམྱལ་སྲུང་གིས་ཡང་ཡང་བསྣུན་པས་དེ་ལ་བརྩེ་བ་སྐྱེས་ཏེ། དམྱལ་སྲུང་ལ་འདི་ལ་སྙིང་རྗེ་ཅུང་ཟད་སྐྱེད་ཅིག་ཅེས་སྨྲས་པས་དེ་ཁྲོས་ནས་མདུང་རྩེ་གསུམ་པ་བསྣུན་པས་ཚེའི་དུས་བྱས་ནས་བསྐལ་པ་བརྒྱད་ཀྱི་སྡིག་པ་བྱང་པར་མདོ་དྲིན་ལན་བསབ་པ་ལས་བཤད་ལ། དེ་ནས་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ་ཤཱཀྱ་ཐུབ་པ་ཆེན་པོ་ལ་ཐུག་འཇམས་ཡོལ་གོ་གང་ཞིག་ཕུལ་ནས། མེ་ཏོག་ཏུ་འགྲོན་བུ་ལྔས་ཀྱང་མངོན་པར་གཏོར་ནས་བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། སྐུ་ཚེའི་ཚད་ཀྱང་ཁྱེད་དང་ཅི་འདྲ་བ། མཚན་མཆོག་བཟང་པོ་ཁྱེད་དང་ཅི་འདྲ་བ། དེ་བཞིན་བདག་ཀྱང་དེ་དང་འདྲ་བར་ཤོག །ཅེས་སྨོན་ལམ་བཏབ་ཅིང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བསྐལ་བཟང་ལས། ང་ནི་སྔོན་ཆེ་དབུལ་པོ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། འཇམ་གང་དག་གི་དབུལ་བ་བྱས་ནས་ཀྱང་། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་སོ། །ཚོགས་བསགས་ཚུལ་ཡང་དེ་ནས་རྒྱལ་(སྟོད་ཆ།༢༣)པོའི་བུ་གཞོན་ནུ་བརྩོན་འགྲུས་སྤྱོད་དུ་གྱུར་ཞིང་སངས་རྒྱས་ཕུང་པོ་ཆེན་པོ་བསྙེན་བཀུར་བ་ནས་བཟུང་སྟེ་བསྐལ་པ་གྲངས་མེད་གཅིག་ཚོགས་བསགས་པས་ས་དང་པོ་དང་། དེ་ནས་ཚོང་དཔོན་ཤེས་རབ་བཟང་དུ་གྱུར་ཞིང་སངས་རྒྱས་དཀོན་མཆོག་་ཡན་ལག་བསྙེན་བཀུར་བ་ནས་བཟུང་སྟེ་གྲངས་མེད་གཅིག་གིས་ས་བདུན་པ་མན་དང་། དེ་ནས་བྲམ་ཟེའི་ཁྱེའུ་ཆོས་ཀྱི་སྤྲིན་དུ་གྱུར་ཞིང་སངས་རྒྱས་མར་མེ་མཛད་བསྙེན་བཀུར་བ་ནས་བཟུང་སྟེ་གྲངས་མེད་གིཅག་གིས་ས་བཅུ་པ་མན་བགྲོད་པར་བཤད་ཅིང་། གཞན་ཡང་གྲངས་མེད་བདུན་དང་བཅུ་དང་སོ་གསུམ་སོགས་ཀྱི་རྣམ་གཞག་མང་དུ་ཡོད་དོ། །གསུམ་པ་ནི། དང་པོ་སེམས་བསྐྱེད་ནས་དེ་བཞིན་གཤེགས་པ་མེ་ཏོག་ཀུན་ཏུ་སྟོན་པའི་སྤྱན་སྔར་སྔགས་ཐོས་ཏེ་སྔགས་ཀྱི་སྤྱོད་པ་སྤྱད་པའི་སྒོ་ནས་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ་སོགས་རྒྱུད་སྡེ་སོ་སོའི་བཞེད་པ་མི་འདྲ་བ་མང་དུ་ཡོད་ཀྱང་འདིར་མ་བྲིས་སོ། དེ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་ཚུལ་དེ་དག་ནི་སེམས་ཅན་འདུལ་བ་ཐ་དད་པ་རྣམས་ལ་མཛད་པ་ཐ་དད་པ་སྟོན་པར་མཛད་པ་ཡིན་ནོ། སྟོན་པ་ཤཱཀྱ་ཐུབ་པས་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་བསྟན་པའི་ཚུལ། གཉིས་པ་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཇི་ལྟར་སྟོན་པར་མཛད་པའི་ཚུལ་ནི། དེ་ཡང་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ན་བྲམ་ཟེ་དང་རྒྱལ་རིགས་ཏེ་རིགས་གཉིས་ལས་རིགས་གཞན་དུ་སྐུ་བལྟམས་པ་མེད་པས།(སྟོད་ཆ།༢༤) བདག་ཅག་རྣམས་ཀྱི་སྟོན་པ་འདི་ནི་རྒྱལ་རིགས་སུ་སྐུ་འཁྲུངས་པ་ཡིན་པར་གྲགས་ཏེ། དེ་ཡང་བསྐལ་པ་བཟང་པོ་འདི་ལ། ལྷོའི་འཛམ་བུའི་གླིང་འདིར་མང་པོས་བཀུར་བའི་རྒྱལ་པོ་ཐོག་མར་བྱུང་སྟེ། དེའི་བུ་འོད་མཛེས། དེའི་བུ་དགེ་བ། དེའི་བུ་དགེ་མཆོག དེའི་བུ་གསོ་སྦྱོང་འཕགས། དེ་རྣམས་སྔོན་གྱི་རྒྱལ་པོ་ལྔ་ཟེར། དེའི་སྤྱི་བོའི་ཚ་རྨེན་ལས་སྐྱེས་པ་ང་ལས་ནུ་ནས་མཛེས་པ། ཉེ་མཛེས། མཛེས་ལྡན། ཉེ་མཛེས་ལྡན། དེ་ལྔ་ནི་ཙུམ་ཅུ་རྩ་གསུམ་མན་དང་། གླིང་བཞི་ནས་གཅིག་གི་བར་དབང་བའི་འཁོར་ལོས་སྒྱུར་པའི་རྒྱལ་པོ་ལྔའོ། ཉེ་མཛེས་ལྡན་གྱི་བུ་བཟང་པོ་ནས་རྒྱལ་པོ་ས་ཡ་གཅིག་དང་བཞི་ཁྲི་དྲུག་སྟོང་སུམ་བརྒྱ་བདུན་ཅུ་རྩ་དགུ་འདས་པ་ན་རྒྱལ་པོ་ཀྲྀ་ཀི་ཝཱ་རཱ་ ཎ་སཱིར་བྱུང་སྟེ། དེའི་ཚེ་སངས་རྒྱས་འོད་སྲུངས་འཇིག་རྟེན་བྱོན་ནོ། །རྒྱལ་པོ་ཀྲྀ་ཀིའི་བུ་ལེགས་སྐྱེས་ནས་རྒྱལ་པོ་བརྒྱ་འདས་པ་ན། རྒྱལ་པོ་རྣ་བ་ཅན་གྲོང་ཁྱེར་གྲུ་འཛིན་དུ་བྱུང་སྟེ། དེ་ལ་བུ་གཽ་ཏ་མ་ཞེས་པ་རིགས་མཆོག་དང་། བྷ་ར་དྷཱ་ཛ་གཉིས་ལས། བྷ་ར་དྷཱ་ཛས་རྒྱལ་སྲིད་བསྐྱངས། གཽ་ཏ་མ་རབ་ཏུ་བྱུང་ཀྱང་། མ་ཉེས་པར་ཕྲ་མའི་སྐྱོན་ཕེབས་ཏེ་རྒྱལ་པོའི་ཁྲིམས་ཀྱི་གསལ་ཤིང་ལ་བསྐྱོན་པ་ན། མཁན་པོ་དྲང་སྲོང་མདོག་ནག་ཅེས་པས་མཐོང་ནས་རྒྱུ་མཚན་དྲིས་པས། དེས་བདེན་ཚིག་གིས་མཁན་པོའི་སགས་པ་གསེར་དུ་གྱུར་པས་དྲང་སྲོང་གསེར་མདོག་དུ་གྲགས། དྲང་སྲོང་དེས་རྒྱལ་རྒྱུད་ཆད་ན་མི་དགེ་བར་ཤེས་ནས། རྫུ་འཕྲུལ་གྱི་རྫི་ཆར་ཕབ་སྟེ་སྡུག་བསྔལ་མནན་ནས། སྔོན་གྱི་ཡུལ་དྲན་པར་བྱས་པས་ཁུ་བ་ཁྲག་དང་འདྲེས་པ་ཐིགས་པ་གཉིས་ལྷུང་བ་སྒོ་ང་གཉིས་སུ་གྱུར་ནས་བུ་རམ་ཤིང་གི་ཚལ་དུ་ཉི་(སྟོད་ཆ།༢༥)དང་བུ་མོ་བཞི་བྱུང་སྟེ། ཟས་གཙང་། ཟས་དཀར། བྲེ་བོ་ཟས། བདུད་རྩི་ཟས་སོ། བུ་མོ་གཙང་མ། དཀར་མོ། བྲེ་བོ་མ། བདུད་རྩི་མའོ། དེ་ལྟར་རྒྱལ་པོ་ཟས་གཙང་ཡན་ཆོད་དུ་འཁོར་ལོས་བསྒྱུར་པའི་རྒྱལ་རྒྱུད། ས་ཡ། ཆིག་འབུམ། ཉིས་ཁྲི། ཚིག་སྟོང་ལྔ་བརྒྱ་བཅུ་བཞི་བྱུང་བ་ལུང་ལས་བཤད་ཅིང་། འཇིག་རྟེན་གདགས་པར། རྒྱལ་པོ་འབུམ་ཕྲག་བརྒྱད་སུམ་ཁྲི་བཞི་སྟོང་ལྔ་བརྒྱ་སུམ་ཅུ་རྩ་བཞི་ཡོད་པར་བཤད་ཅིང་། གང་ལྟར་ཡང་། ཤཱཀྱའི་གྲོང་ཁྱེར་ནི་ཕུན་སུམ་ཚོགས་ཤིང་སྐྱེ་བོས་གག་བ་དགེ་བའི་རྩ་བ་བསྐྱེད་པ་ཐམས་ཅད་ཀྱི་གནས་ཡིན་ལ། ཀུན་ཀྱང་ཚན་པོ་ཆེའི་སྟོབས་དག་ལྡན་པ་འཕོང་དང་སྒྱུ་རྩལ་ལ་བྱང་ཞིང་སྲོག་གི་ཕྱིར་ཡང་གཞན་ལ་གནོད་པ་མི་བྱེད་པ་དང་། རྒྱལ་པོ་ཟས་གཙང་མ་ཡང་འཁོར་ལོས་བསྒྱུར་པའི་རིགས་སུ་སྐྱེས་པ་བསོད་ནམས་དང་ལྡན་པ། ཀུན་གྱིས་མཆོད་ཅིང་དཔེ་བྱད་བཟང་བ་ནོར་མང་པོ་དང་ལྡན་པའི་ཆོས་ཀྱི་རྒྱལ་པོ་ཡིན་ལ། དེའི་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ཡང་ཚེ་རབས་ལྔ་བརྒྱར་བྱང་ཆུབ་སེམས་དཔའི་ཡུམ་དུ་གྱུར་པ་ཡིན་ཏེ། དེ་ལ་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་བདེ་བར་གཤེགས་པ་ཐམས་ཅད་མཁྱེན་པ་ཚད་མེད་པའི་ཐུགས་རྗེའི་བདག་ཉིད་ཅན་ནུས་མཐུ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ། སྲིད་པ་དང་ཞི་བ་ཀུན་གྱི་སྐྱབས་གནས་གཅིག་པུ་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་རྒྱལ་བ་དོན་ཀུན་གྲུབ་པ་འདིས། མཐའ་ཡས་ཤིང་གཏིང་མཐའ་མེད་པའི་འཁོར་བའི་ཆུ་བོ་ཆེན་པོ་འཇིགས་སུ་རུང་བའི་གནས་སུ་ཉམས་ཉེས་པའི་འགྲོ་བ་ཐོག་མ་མེད་པའི་དུས་ནས་རྟག་ཏུ་རྒྱུ་ཞིང་འཁོར་བའི་སེམས་ཅན་(སྟོད་ཆ།༢༧)མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་བཟུང་སྟེ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བརྩམས། ཐེག་དམན་ལྟར་ན་བསྐལ་པ་གྲངས་མེད་གསུམ་དང་། ཐེག་ཆེན་ལྟར་ན་སུམ་ཅུ་རྩ་གཉིས་སུ་བསོད་ནམས་དང་ཡེ་སེས་ཀྱི་ཚོགས་གཉིས་ཤིན་ཏུ་རྒྱས་པ་མཐར་ཐུག་རྫོགས་པར་མཛད་ནས། དེ་བཞིན་གཤེགས་པ་ཆོས་ཀྱི་སྒྲོན་མ་ཆེན་པོ་སྟོང་གིས་ལེགས་པར་བརྒྱན་པའི་བསྐལ་པ་བཟང་པོ་འདི་ལ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་བསྟན་པར་མཛད་པ་འདི་ཉིད་ཀྱི་མཛད་པབསམ་གྱིས་མི་ཁྱབ་པ་ཇི་སྙེད་པ་ཐམས་ཅད་རྫོགས་པ་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་པའི་སྤྱོད་ཡུལ་ཁོ་ན་ལས་གཞན་གྱིས་རྟོགས་པའི་ཡུལ་ལས་རིང་དུ་གྱུར་པ་ཉིད་དོ། དེ་ལྟ་ནའང་སྟོན་པ་ཐམས་ཅད་མཁྱེན་པ་འདི་ཉིད་ཀྱི་རྗེས་སུ་འཇུག་པའི་གདུལ་བྱ་གྲངས་ཀྱི་ངེས་པ་ལ་མངོན་པར་དགའ་བ་རྣམས་ལ། མཛད་པའི་གཙོ་བོ་རྣམས་སྡེ་ཚན་བཅུ་གཉིས་བསྡུས་ནས་བསྟན་པར་མཛད་ནས། སྐྱེས་བུ་མཐའ་ཡས་གནས་སྐབས་དང་མཐར་ཐུག་གི་ཕན་པ་དང་། བདེ་བ་བླ་ན་མེད་པ་ལ་འགོད་པར་མཛད་པ་ཡིན་ཏེ། དེའི་ཚུལ་ཡང་མགོན་པོ་བྱམས་པས་ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མ་ལས། སྐྱེ་བ་མངོན་པར་སྐྱེ་བ་དང་། དགའ་ལྡན་གནས་ནས་འཕོ་བ་དང་། ལྷུམས་སུ་འཇུག་དང་བལྟམས་པ་དང་། བཟོ་ཡི་གནས་ལ་མཁས་པ་དང་། བཙུན་མོའི་འཁོར་དགྱེས་རོལ་པ་དང་། ངེས་འབྱུང་དཀའ་བ་སྤྱད་པ་དང་། བྱང་ཆུབ་སྙིང་པོ་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། མྱ་ངན་འདས་པར་གཤེགས་མཛད་རྣམས།(སྟོད་ཆ།༢༨) ཡོངས་ས་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། ཞེས་གསུངས་པའི་གོ་རིམ་དང་རྗེས་སུ་མཐུན་པར་ཅུང་ཟད་ཙམ་ཞིག་གླེང་བར་བྱའོ། དེ་ལས་དང་པོ་དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ་ནི། དེ་ཡང་འདི་སྐད་ཅེས་ཐོས་ཏེ། བདག་ཅག་གི་སྟོན་པ་ཐུགས་རྗེ་དཔག་ཏུ་མེད་པའི་བདག་ཉིད་ཅན་འདི་དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཞེས་ཏེ། ལྷའི་འཁོར་དཔག་ཏུ་མེད་པ་ལ་ཆོས་སྟོན་ཅིང་བཞུགས་པ་ལ། འཛམ་བུའི་གླིང་པ་རྣམས་གདུལ་བའི་དུས་ལ་བབ་པར་མཁྱེན་ནས་གཟིགས་པ་ལྔས་གཟིགས་ཏེ། ཡུལ་དང་། རིགས་དང་། དུས་དང་། བུད་མེད་དང་། རུས་དང་ལྔ་ལ་གཟིགས་ཏེ། དེ་ཡང་རྒྱ་ཆེ་རོལ་པ་ལས། བྱང་ཆུབ་སེམས་དཔའི་ཤར་ལུས་འཕགས་པོར་མི་སྐྱེ། ནུབ་བ་གླང་སྤྱོད་དུ་མི་སྐྱེ། བྱང་སྒྲ་མི་སྙན་དུ་མི་སྐྱེ། ལྷོ་འཛམ་བུ་གླིང་ཁོ་ནར་སྐྱེ། ཞེས་པ་གསུངས་པ་དང་། གཞན་ཡང་འཛམ་བུ་གླིང་པ་རྣམས་ཆོས་ཉན་ཕྱིར་དགའ་ལྡན་དུ་འགྲོ་མི་ནུས་ལ། ལྷ་རྣམས་ཀྱིས་དེར་འབབ་པར་ནུས་སོ་སྙམ་དུ་དགོགས་ནས་འཛམ་བུ་གླིང་ལ་གཟིགས་སོ། ཞེས་འབྱུང་ངོ་། དེ་བཞིན་དུ་རིགས་མང་པོས་བཀུར་བའི་རྒྱལ་རྒྱུད་དང་དུས་མཐའ་གཉིས་དང་བྲལ་བ་དང་། བུད་མེད་ཚེ་རབས་མང་པོར་སངས་རྒྱས་ཀྱི་ཡུམ་དུ་སྨོན་ལམ་ཐེབས་པ་སྒྱུ་འཕྲུལ་ལྷ་མོ་དང་། རུས་སམ་རྒྱུད་ཤཱཀྱའི་རིགས་བདུན་རྒྱུད་ཚུན་ལ་སྐྱོན་མེད་པ་རྣམས་ལ་གཟིགས་ནས། དེའི་ཚེ་བྱང་ཆུབ་སེམས་དཔས། ང་ནི་དགའ་ལྡན་གྱི་ལྷའི་རིགས་འདི་ནས་འཕོས་ཏེ། རྒྱལ་པོ་ཟས་གཙང་གི་བུར་གྱུར་ནས་བདུད་(སྟོད་ཆ།༢༩)རྩི་རྟོགས་པར་བྱའོ། །ཞེས་བསྒྲགས་ནས། རང་ཉིད་ཀྱི་ཅོད་པན་མ་ཕམ་པའི་དབུར་བསྐོན་ཏེ་རྒྱལ་ཚབ་ཏུ་བསྐོས་སོ། །དེ་ནས་དུས་ལ་བབ་པ་ན་གཤེགས་པའི་ཚུལ་ཡང་། ལྷ་རྣམས་ཀྱིས་རང་རང་གི་འདོད་ཚུལ་སྣ་ཚོགས་ཤིག་གསོལ་ཡང་། །བྲམ་ཟེའི་རིག་བྱེད་ལས། གླང་པོ་དམ་པ་ལུས་ཆེན་མཆོག་གྱུར་པ། མཆེ་བ་དྲུག་ལྡན་གསེར་གྱི་དྭ་བས་གཡོགས། མགོ་བོ་ར་ཏུ་དམར་ཞིང་ཤིན་ཏུ་མཛེས། འགྲམ་བཟང་བྲག་ཅིང་གཟུགས་བཟང་ལྡན་པའོ། །ཞེས་འབྱུང་ངོ་ཞེས་ལྷའི་བུ་གཟི་བརྗིད་དམ་པ་ཕྱིར་མི་ལྡོག་པས་གསོལ་བ་ལྟར་སྤྲུལ་ཏེ་གཤེགས་སོ། །གཉིས་པ་ལྷུམས་སུ་ཞུགས་པའི་མཛད་པ་ནི། དེ་ནས་ས་ག་ཟླ་བའི་ཚེས་བཅོ་ལྔ་རྒྱུ་སྐར་རྒྱལ་ལ་བབས་པ་ན། ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཡང་བསྙེན་གནས་ཀྱི་སྡོམ་པ་ཡང་དག་པ་བླངས་ཤིང་གནས་པ་ལ། བྱང་ཆུབ་སེམས་དཔའ་ཡང་ནམ་གྱི་གུང་ལ་གླང་པོའི་ཕྲུ་གུ་དམ་པ་ཁ་བ་དང་དངུལ་དང་ཀུ་མུ་དཱ་ལྟར་དཀར་བའི་རམ་པས་ཡུམ་གྱི་གློ་གཡས་པ་ནས་ལྷུམས་སུ་ཞུགས་སོ། དེའི་ཚེ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་ཤིང་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱི་སྣང་བས་ཁྱབ་ཅིང་། སྒྱུ་འཕྲུལ་ལྷ་མོའི་རྨི་ལམ་དུའང་གླང་པོ་ཆེ་མཆོག་གཅིག་ཡུམ་ཉིད་ཀྱི་གློ་གཡས་པའི་ཕྱོགས་ནས་ཞུགས་པར་རྨིས་སོ། དུས་དེ་ནས་བཟུང་ཇི་སྲིད་འཚོ་བའི་བར་དུ་ཡུམ་ཉིད་བསླབ་པའི་གནས་ལྔ་ལ་གནས་ཤིང་འདོད་པ་ལ་ཡིད་གཏོད་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་བཞུགས་པའི་མཐུས། རྒྱལ་པོ་ཟས་གཙང་མ་ཡང་གསོ་སྦྱོང་ལ་གནས་ཤིང་། རྒྱལ་པོའི་བྱ་བ་བཏང་ནས། ཆོས་ལ་རྟག་ཏུ་སྤྱོད་དོ། །རྒྱལ་སྲིད་ཀྱང་བདེ་ཞིང་ལོ་ལེགས། འཁྲུག་པ་(སྟོད་ཆ།༣༠)དང་དགྲ་མེད་པར་ཐམས་ཅད་དགའ་སྤྲོ་དང་ལྡན་པར་གྱུར་ཏོ། གསུམ་པ་བལྟམས་པའི་མཛད་པ་ནི། དེ་ལྟར་ཡུམ་གྱི་ལྷུམས་སུ་ཟླ་བ་བཅུ་རྫོགས་ནས་ལྷ་མོས་བྱང་ཆུབ་སེམས་དཔའ་བཙའ་བའི་དུས་ལ་བབས་པར་མངོན་པར་རིགས་ནས་རྒྱལ་པོ་ལ་དེའི་རྒྱུ་མཚན་གསོལ་པས། རྒྱལ་པོས་ཀྱང་ཡུམ་གྱི་བསམ་པ་བཞིན་དུ་ལུམྦི་ནིའི་ཚལ་གྱི་ཁོར་ཡུག་ཐམས་ཅད་ཡིད་དུ་འོང་བའི་རྒྱན་དུ་མས་བརྒྱན་པར་བྱས་ཏེ། རིན་པོ་ཆེ་བརྒྱ་ཕྲག་དུ་མའི་ཕྲེང་བ་དང་ལྷའི་གོས་རིན་ཐང་བྲལ་བ་མང་པོས་ཀུན་ནས་མཛེས་པར་བྱས་པའི་ཤིང་རྟ་ལ་ལྷ་མོ་སྒྱུ་འཕྲུལ་མ་ཞུགས་ཏེ་ལུམྦི་ནིའི་ཚལ་ག་ལ་བ་དེར་གཤེགས་སོ། དེའི་ཚེ་འཇིག་རྟེན་སྐྱོང་བ་བཞི་དང་། ཚངས་པ་དང་། དབང་པོ་སོགས་ཀྱང་ཕྱི་བཞིན་དུ་འབྲང་ནས་མཆོག་ཅིང་། ཤཱའི་བུ་མོ་སྟོང་ཕྲག་དྲུག་ཁྲི་དང་། ཤཱཀྱའི་ཚོགས་དཔུངས་ཡན་ལག་བཞི་དང་བཅས་པས་ཀྱང་ཡོངས་སུ་བསྐོར་ཞིང་། ལྷ་ཀླུ་མིའི་གླུ་དབྱངས་དང་རོལ་མོའི་ཚོགས་ཀྱིས་མཙོད་པར་བྱེད་དོ། ནགས་ཚལ་དམ་པ་དེ་ན་སྔོན་གྱི་རྒྱལ་བ་རྣམས་ཀྱི་ཡུམ་གྱིས་ཀྱང་བསྟེན་པའི་ཤིང་སླ་ཀྵ་ཞེས་བྱ་བ། ལོ་མ་དང་། མེ་ཏོག་དང་། འབྲས་བུས་བརྒྱན་པ་ཞིག་གཟིགས་ནས། དེའི་ཡལ་ག་ལ་ཡུམ་གྱིས་ཕྱག་གཡས་པས་བཟུག་སྟེ་ཅུང་ཟད་བཞུགས་པ་ན་གློ་གཡས་ནས་ཁྱེའུ་བྱང་ཆུབ་སེམས་དཔའ་དེ་ནི་འོད་དང་ཟེར་གྱི་ཕུང་པོ་རབ་ཏུ་དཀྲིགས་པའི་སྣང་བ་ཆེན་པོས་པྱོགས་བཅུའི་འཇིག་རྟེན་གྱི་ཀམས་མུ་མཐར་ཐུག་པ་མེད་པ་ཐམས་ཅད་ཀྱང་རྒྱས་པར་འགེངས་དང་བཅས་ཏེ། རྨི་ལམ་གྱི་ལྷ་མོའི་ཡ་མཚན་ཉམས་སུ་མྱོང་བ་བཞིན་དུ་ཡུམ་ལ་གནོད་པ་མེད་པར་བལྟམས་སོ། །དེའི་ཚེ་བལྟམས་པའི་མོད་དེ་ལ་ལྷ་ཚངས་པ་དང་(སྟོད་ཆ།༣༡)ལྷའི་དབང་པོ་བརྒྱ་བྱིན་གཉིས་ཀྱིས་ཀཱ་ཤི་ཀའི་རས་མཆོག་དྲི་མ་མེད་པའི་སླེབ་མོས་བླངས་ཀྱང་བཟུང་མ་ཐུབས་སོ། །དེ་ནས་ས་ལ་བབ་མ་ཐག་ཏུ་སའི་ལྷ་མོས་པདྨ་ཤིན་ཏུ་རྒྱས་པ་གདན་དུ་ཕུལ་ལོ། །ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་གཉིས་ཀྱིས་ནམ་མཁའ་ནས་བསིལ་བ་དང་དྲོ་བའི་ཆུ་རྒྱུན་གྱིས་ཁྲུས་བྱེད་དོ། །དེ་ལྟར་བལྟམས་མ་ཐག་ཏུ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། །འོད་ཀྱི་སྣང་བ་ཆེན་པོས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གྱུར་ཏེ། དེ་ནས་བྱང་ཆུབ་སེམས་དཔས་དེ་མ་ཐག་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བར་མཛད་དེ། འདི་སྐད་ཅེས། འདི་ནི་ཤར་ཕྱོགས་ཡིན་ཏེ་མྱ་ངན་ལས་འདས་པའི་ཐོག་མར་འགྲོ་བར་བྱའོ། འདི་ནི་ལྷོ་ཕྱོགས་ཡིན་ཏེ་འགྲོ་བ་ཐམས་ཅད་ཀྱི་ཡོན་གནས་སུ་འགྱུར་བར་བྱའོ། །འདི་ནི་ནུབ་ཕྱོགས་ཡིན་ཏེ་ངའི་སྐྱེ་བའི་མ་ཐ་ཡིན་ནོ། འདི་ནི་བྱང་ཕྱོགས་ཡིན་ཏེ་སྲིད་པའི་མཚོ་ལས་བརྒལ་བར་བྱའོ། ཞེས་གསུངས་སོ། གང་གི་ཉིན་བྱང་ཆུབ་སེམས་དཔའ་བལྟམས་པ་དེའི་ཉིན་ལ། ཡུལ་ཆེན་པོ་བཞིར་རྒྱལ་པོ་བཞིའི་བུ་ཡང་བཙས་ཏེ། ཡུལ་རྒྱལ་པོའི་ཁབ་ཏུ་གཟུགས་ཅན་སྙིང་པོ། གཉན་ཡོད་དུ་གསལ་རྒྱལ། ཀཽ་ཤམྦིར་ཤར་པ། འཕགས་རྒྱལ་དུ་རབ་སྣང་རྣམས་བཙས་པས་འོད་དང་ཆོ་འཕྲུལ་རྣམས་ཀྱང་དེ་དང་དེ་དག་གི་མཐུར་སེམས་པར་བྱེད་དོ། །བཟང་ལྡན་ལ་སོགས་པའི་ཤཱཀྱའི་བུ་ལྔ་བརྒྱ་དང་། གྲགས་འཛིན་མ་ལ་སོགས་པའི་ཤཱཀྱའི་བུ་མོ་ལྔ་བརྒྱ་དང་། འདུན་པ་ལ་སོགས་པའི་བྲན་ལྔ་བརྒྱ་དང་། བྲན་མོ་འདུན་མ་ལ་སོགས་པའི་བྲན་གི་བུ་མོ་ལྔ་བརྒྱ་རྣམས་བཙས་ཤིང་གླང་མོ་ལྔ་བརྒྱ་ཡང་ཕྲུ་གུ་འབྲངས། རྟ་རྟོད་མ་ལྔ་བརྒྱ་ཡང་རྟེའུ་(སྟོད་ཆ།༣༢)འབྲངས། གཏེར་ལྔ་བརྒྱ་ཡང་ཁ་ཕྱེ། ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་དཔྱ་ཕུལ་ལོ། །དེ་ནས་གཞོན་ནུར་མིང་བཏགས་པ་ན་རྒྱལ་པོ་ཟས་གཙང་མས་གཞོན་ནུ་བཙས་པ་ན་དོན་ཐམས་ཅད་གྲུབ་པར་གྱུར་པས། གཞོན་ནུའི་མཚན་ཡང་དོན་ཐམས་ཅད་གྲུབ་བཏགས་སོ། །ཤཱཀྱ་རྣམས་ཀྱིས་རིགས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་མཆོད་པའི་སར་བྱོན་པས་གནོད་སྦྱིན་ཤཱཀྱ་འཕེལ་གྱིས་གཞོན་ནུའི་ཞབས་ལ་ཕྱག་བྱས་པས་ལྷའི་ལྷར་བཏགས་སོ། ཤཱཀྱ་གཏུམ་པ་རྩུབ་པ་གཟུ་ལུམ་ཅན་ཅ་ཅོ་ཆེན་པོ་དག་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་ལམ་དུལ་ཞིང་ཞི་བ་བརྟུལ་ཞུགས་ལ་བྱང་བའི་ཐུབ་པ་བཞིན་དུ་གནས་པར་གྱུར་པས་ཤཱཀྱ་ཐུབ་པར་བཏགས་སོ། །དེ་ནས་གཞོན་ནུ་སྐྱེ་དགུའི་བདག་མོ་གཽ་ཏ་མ་སོགས་མ་མ་སུམ་ཅུ་རྩ་གཉིས་དང་བཅས་པས་རིམ་གྲོར་བྱེད་ཅིང་སྐྱེད་བསྲིངས་སོ། །དེའི་ཚེ་གངས་རིའི་ངོས་ནས་དྲང་སྲོང་ནག་པོ་ཞེས་བྱ་བ་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་རང་གི་སྣག་གི་ཚ་བོ་མེས་བྱིན་དང་ལྷན་ཅིག་བྱང་ཆུབ་སེམས་དཔའ་བལྟ་བའི་ཕྱིར་རྫུ་འཕྲུལ་གྱིས་ནམ་མཁའི་ལམ་ལས་འཕུར་ནས་འོད་ཀྱང་སེར་སྐྱ་དང་ཉེ་བ་ན་བྱང་ཆུབ་སེམས་དཔའི་མཐུས་རྫུ་འཕྲུལ་ཉམས་ཏེ་རྐང་གིས་བགྲོད་པས་ཕོ་བྲང་དུ་ཕྱིན་ཏེ་གཞོན་ནུ་བལྟ་བར་གསོལ་པས། དེའི་ཚེ་གཞོན་ནུ་མནལ་བས་དེ་ཉིད་ལ་དྲང་སྲོང་གིས་བལྟས་ཏེ། རིགས་དང་ལྡན་པའི་རྟ་རྣམས་ནི། མཚན་མོའི་བཞི་ཆ་ཉལ་བ་ལྟར། དགོས་པ་དོན་གཉེར་རྣམས་ཀྱི་གཉིད། མིག་ལ་ཡུན་རིང་གནས་མི་འགྱུར། ཅེས་ཏེ། སྐྱེས་བུ་ཆེན་པོར་མཆོག་ཏུ་རིགས་པར་བྱས་ཤིང་ལེགས་པར་བརྟགས་ནས་སྔོན་ཆད་མཚན་མཁན་རྣམས་ཀྱིས་གཞོན་ནུ་ཇི་ལྟར་ལུང་(སྟོད་ཆ།༣༣)བསྟན་ཅེས་དྲིས་པ་ན། འདི་ནི་གཉིས་སུ་འགྱུར་གྱིས་གཞན་དུ་མི་འགྱུར་རོ། །གལ་ཏེ་ཁྱིམ་ལ་གནས་ན་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། རབ་ཏུ་བྱུང་ན་རྫོགས་པའི་སངས་རྒྱས་སུ་འགྱུར་བ་སོགས་རྒྱས་པར་བཤད་པས། དྲང་སྲོང་ན་རེ། ས་བདག་རྟོགས་པ་པོ་རྣམས་བློ་འཁྲུལ་ཏེ། རྩོད་པའི་དུས་ན་འཁོར་ལོས་སྒྱུར་མི་འབྱུང་། བསོད་ནམས་མཆོག་གི་ཆོས་ཀྱི་མཛོད་འདི་ནི། ཉེས་ལས་རྣམ་པར་རྒྱལ་ནས་སངས་རྒྱས་འགྱུར། ཞེས་ལུང་བསྟན་ཏོ། བཞི་པ་བཟོའི་གནས་ལ་སྦྱངས་པ་ནི། དེ་ནས་གཞོན་ནུ་དེ་ཅུང་ཟད་ཆེར་སྐྱེས་ཏེ་ནར་སོན་པ་ན་འཇིག་རྟེན་དང་མཐུན་པར་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་འཁོར་ཤཱཀྱ་གཞོན་ནུ་ལྔ་བརྒྱ་དང་ལྷན་ཅིག་ཏུ། སློབ་དཔོན་ཀུན་གྱི་བཤེས་གཉེན་ལས་ཡི་གེ་དང་། སྲིད་སྒྲུབ་ལས་རྩིས་སོགས་སྦྱངས་ཏེ། དེའི་ཚེ་ཡི་གེ་དང་རྩིས་ཀྱི་གནས་བསྟན་པ་ཐམས་ཅད་བྱང་ཆུབ་སེམས་དཔས་སྔར་ནས་མཁྱེན་ཟིན་ཅིང་། དེས་ཆ་ཙམ་ཡང་མི་རིག་པའི་ཡི་གེ་དང་རྩིས་ཀྱི་གནས་དཔག་ཏུ་མེད་པ་བྱང་ཆུབ་སེམས་དཔས་གསུངས་ནས་ཐམས་ཅད་ངོ་མཚར་བའི་གནས་ལ་བཀོད་དོ། །དེའི་ཚེ་སློབ་དཔོན་གྱིས། སེམས་ཅན་དག་པ་ངོ་མཚར་ཆེ། བསྟན་བཅོས་ཀུན་ལ་བསླབས་གྱུར་ཀྱང་། འཇིག་རྟེན་འཇིག་རྟེན་རྗེས་བསྙེག་ཕྱིར། །ཡི་གེའི་གྲར་ནི་བྱོན་པར་གྱུར། ཞེས་སོགས་ཀྱིས་བསྟོད་དོ། དེ་བཞིན་དུ་ཉིད་ཀྱི་ཞང་པོ་བཟང་ལེན་ལ། གླང་པོ་ཆེའི་གཉར་ཞོན་པ་སོགས་དང་། ཉིད་ཀྱི་ཞང་པོ་ལྷར་བཅས་ལ་འཕོང་དང་མཚོན་ཆའི་འཕྲུལ་འཁོར་རྣམས་སློབ་པའི་ཚུལ་མཛད་དེ། བྱང་ཆུབ་སེམས་དཔས་ནི་སློབ་དཔོན་གྱིས་བསྟན་(སྟོད་ཆ།༣༤)པ་ལ་མ་ལྟོས་པར་རང་མཁྱེན་པ་ཡིན་ལ། ཤཱ་ཀྱ་གཞོན་ནུ་ལྔ་བརྒྱ་རྣམས་ཀྱིས་ནི་བསླབས་ཤིང་བྱང་བར་གྱུར་ཏོ། བྱང་ཆུབ་སེམས་དཔས་ནི་འཕོང་གི་ཐབས་གཞན་མང་པོ་ཡང་བསྟན་ནོ། །དེ་ལ་གནས་ལྔ་ནི། རྒྱང་ནས་འཕོག་པ་དང་། སྒྲ་གྲགས་པར་འཕོག་པ་དང་། གནད་དུ་འཕོག་པ་དང་། མི་འཆོར་བར་འཕོག་པ་དང་། ཚབས་ཆེ་བར་འཕོག་པའོ། འོན་ཀྱང་ལྷ་སྦྱིན་གདུག་སེམས་དང་ལྡན་པས་གནད་དུ་འཕོག་པ་མ་བསྟན་ཟེར་རོ། །དེ་ནས་གཞོན་ནུའི་ཚོགས་མང་པོ་དང་ཐབས་ཅིག་ཏུ་ཞིང་པའི་གྲོང་དུ་ལྟ་ཞིང་དོངས་ཏེ། མཐར་གྱིས་བྱང་ཆུབ་སེམས་དཔའ་གཅིག་པུ་ཛམྦུའི་ཤིང་གི་གྲིབ་མ་ལ་བཟུགས་པ་ན་སིང་གི་གྲིབས་མས་མ་སྤངས་པར་བཞུགས་པ་དྲང་སྲོང་རྫུ་འཕྲུལ་ཐོབ་པ་ལྔ་ནམ་མཁའ་ནས་འོངས་པསམཐོང་ནས་ཞབས་ལ་ཕྱག་བྱས་སོ། ལྔ་པ་བཙུན་མོའི་འཁོར་དུ་དགྱེས་པར་རོལ་པ་ནི། དེའི་ཚེ་ཤཱཀྱ་རྣམས་ཀྱིས་གཞོན་ནུ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་གདུང་མི་འཆད་པའི་ཕྱིར་ཁབ་མཛད་པར་གསོལ་བ་ན། བྱང་ཆུབ་སེམས་དཔའ་འདོད་པའི་ཉེས་པ་མཐའ་ཡས་པ་ཇི་བཞིན་དུ་གཟིགས་ཤིང་མཁྱེན་ཀྱང་། རེ་ཞིག་རྣམ་པར་རྟགས་ནས་ཐབས་ལ་མཁས་པ་མངོན་དུ་བྱ་བའི་ཕྱིར་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་བའི་བཙུན་མོ་དམ་པ་ཁབ་ཏུ་བཞེས་པ་གནང་གི་དེའི་ཕྱིར། ཐོག་མར་སྒྱུ་རྩལ་འགྲན་པ་བསྐུལ་བ་ན། སྒྱུ་རྩལ་འགྲན་པའི་ཕྱིར་གཞོན་ནུ་ལྷས་བྱིན་སྒོ་ནས་བྱུང་སྟེ། གླང་པོའི་མཆོག་ཅིག་སྒོ་ན་ཡོད་པ་ཐལ་མོས་བསྣུན་ཏེ་བསད་དོ། གཞོན་ནུ་མཛེས་དགའ་པོས་གླང་པོའི་རོ་དེའི་མཇུག་མ་ནས་བཟུང་སྟེ་གྲོང་ཁྱེར་སྒོ་ནས་ཕྱི་རོལ་དུ་འཕངས་སོ།(སྟོད་ཆ།༣༥) དེར་བྱང་ཆུབ་སེམས་དཔའ་ཤིང་རྟ་ལ་བཞུགས་བཞིན་པའི་ཞབས་ཀྱི་མཐེ་བོས་བླངས་ཏེ་ར་བ་རིམ་པ་བདུན་དང་འོབས་རིམ་པ་བདུན་བརྒལ་བའི་ཕྱི་རོལ་རྒྱང་གྲགས་གཅིག་ཏུ་འཕངས་པས་ས་པྱོགས་དེ་ན་གཤོང་ཆེན་པོ་ཞིག་བྱུག་སྟེ་ལྒང་པོའི་གཤོང་ཞེས་བྱ་བར་གྲགས་སོ། དེ་ནས་ཤཱཀྱ་གཞོན་ནུ་དེ་དག་གིས་སྒྱུ་རྩལ་སྟོན་པའི་ས་ཕྱོགས་དེར་གཤེགས་ཏེ། ཏཱ་ལའི་ལྗོན་པ་དང་། ལྕགས་ཀྱི་ཕག་ཏུ་དང་། སླ་ང་རྣམས་བདུན་བདུན་དུ་བརྩིགས་པ་ལ། མདའི་གཅོད་ཚབས་འགྲན་པ་ལ་ཞུགས་པ་ན། ལྷས་བྱིན་གྱིས་གཅིག །གཅུང་དགའ་བོས་གཉིས། བྱང་ཆུབ་སེམས་དཔས་ཐམས་ཅད་ལས་འདས་ཏེ་མདའ་ས་ལ་ཟུག་པ་ནས་ཆུ་བྱུང་བར་མཛའ་ཆུ་ཁྲོན་པར་གྲགས་སོ། །གཞན་ཡང་ཡི་གེ་དང་། རྩིས་དང་། མཆོངས་པ་དང་། རྐྱལ་དང་། བང་དང་། སྟོབས་འགྱེད་པ་ལ་སོགས་པ་སྒྱུ་འཕྲུལ་འགྲན་པ་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་ནི་འགྲན་ཟླ་མེད་པར་གྱུར་ཏེ་ལྷ་དང་མི་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པ་བརྗོད་པའི་ག་ཞ་མག་པོ་སྒྲོགས་པ་རྣམ་པར་འཕེལ་ལོ། །སྐྱེས་བུ་དམ་པ་དེ་ནི་འདོད་ཆགས་དང་བྲལ་ཞིང་བུད་མེད་ལ་མི་སེམས་མོད་ཀྱི། འོན་ཀྱང་ལོག་རྟོགས་ཀྱི་ཁ་ན་མ་ཐོ་བ་སྤངས་པ་དང་། སྔོན་གྱི་སངས་རྒྱས་རྣམས་དང་མཛད་པ་མཐུན་པའི་ཕྱིར་དང་། སེམས་ཅན་སྨིན་པར་བྱ་བའི་ཕྱིར་བཙུན་མོ་དམ་པ་བཞེས་པར་བཞེད་དེ། དེ་ཡང་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་ཞིང་། ཡོན་ཏན་བརྒྱད་དང་ལྡན་པའི་བཙུན་མོའི་མཆོག་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་གྲགས་འཛིན་མ་དང་། དྲིལ་བུ་སྒྲའི་བུ་མོ་ས་མཚོ་མ་དང་སྦེད་མའང་ཟེར། དུས་ལེགས་ཀྱི་བུ་མོ་རི་དྭགས་སྐྱེས་རྣམས་འཁོར་མི་ཉིས་ཁྲི་ཉིས་ཁྲི་དང་བཅས་ཁབ་ཏུ་བཞེས་ཤིང་(སྟོད་ཆ།༣༦)བཙུན་མོའི་འཁོར་བརྒྱད་ཁྲི་བཞི་སྟོང་དང་ཡང་ཐབས་ཅིག་ཏུ་བཞུགས་ཏེ་འདོད་པའི་ཡོན་ཏན་རྣམས་ལ་སྒྱུ་མ་ལྟ་བུར་གཟིགས་ཀྱང་དགའ་ཞིག་བརྩེ་བའི་རྣམ་པས་བཙུན་མོའི་འཁོར་རྣམས་ལ་སྔོན་གྱི་རྒྱལ་བ་རྣམས་ཀྱིས་བཙུན་མོའི་འཁོར་སྨིན་པར་མཛད་པའི་ཚུལ་གྱི་ཆོས་སྒོ་མཐའ་ཡས་པ་གསུངས་ནས་སྨིན་པར་མཛད་ནས་སེམས་ཅན་གྱི་དོན་མཛད་དོ། དྲུག་པ་ཁབ་ནས་མངོན་པར་བྱུང་བ་ནི། དེའི་ཚེ་སིལ་སྙན་ངག་ལས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས། སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། འགྲོ་བའི་མགོན་དང་སྐྱབས་དང་གནས་འགྱུར་ཞིང་། ཕན་བྱེད་མཆོག་དང་དཔུང་གཉེན་གྱུར་ཅིག་ཅེས། ཁྱོད་ཀྱིས་སྒོན་ནི་སྨོན་ལམ་དེ་སྐད་བཏབ། དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང་། འགྲོ་ཕན་བྱ་ཞེས་སྨོན་བཏབ་དྲན་པ་བྱོས། འདི་ནི་ཁྱོད་ཀྱི་དུས་ཡིན་ཚོད་ཡིན་གྱི། དྲང་སྲོང་མཆོག་རབ་མངོན་པར་བྱུང་བར་བྱོས། ཞེས་བྱ་བ་ལ་སོགས་པའི་བསྐུལ་བའི་ཚིག་བརྒྱ་སྟོང་བྱུང་སྟེ་བྱང་ཆུབ་སེམས་དཔའ་མངོན་པར་བྱུང་བ་ལ་ཐུགས་རྩེ་གཅིག་ཏུ་ཕྱོགས་པར་གྱུར་ཏོ། དེ་ནས་གཞོན་ནུ་ཕྱི་རོལ་གྱི་སྐྱེད་མོས་ཚལ་གཟིགས་པའི་ཕྱིར་གཤེགས་པས། གྲོང་ཁྱེར་ཕྱི་སྒོ་བཞི་ན། ལྷས་སྤྲུལ་པའི། རྒས་པ་དང་། ནད་པ་དང་། ཤི་བར་གྱུར་པའི་རོ་དང་། རབ་ཏུ་བྱུང་བའི་གཟུགས་རྣམས་རིམ་བཞིན་དུ་གཟིགས་པས་ཐུགས་སྐྱོ་སྟེ། རྒ་དང་ན་དང་འཆི་འགྱུར་བ། གལ་ཏེ་འདི་གསུམ་ཡོད་མིན་ན། བདག་ཀྱང་ཤིན་ཏུ་ཡིད་འོང་བའི། ཡུལ་རྣམས་ལ་ནི་དགའ་བར་བྱེད། ཅེས་སོགས་གསུངས་ནས་སླར་གྲོང་ཁྱེར་དུ་བཞུགས་སོ། དེའི་ཚེ་ཟས་(སྟོད་ཆ།༣༧)གཙང་གིས་གཞོན་ནུ་རབ་ཏུ་བྱུང་བར་འགྱུར་གྱིས་དོགས་ནས་གྲོང་ཁྱེར་གྱི་ཁོ་ར་ཁོར་ཡུག་ཐམས་ཅད་དུ་མེལ་ཚེ་བས་བསྲུག་བ་ལ་བརྩོན་པར་བྱེད་དེ། དེ་ནས་བྱང་ཆུབ་སེམས་དཔའས་ཡབ་ལ་རབ་ཏུ་བྱུང་བའི་ཚུལ་གསོལ་པས་ཡབ་ཀྱིས་རྣམ་པ་དུ་མས་ལན་གསུམ་བཤོལ་ཡང་བཟློག་པར་མ་སྤོབས་ཏེ། མཐར་ཁྱོད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་གནང་ངོ་། དེ་ནས་བྱང་ཆུབ་སེམས་དཔའ་བཙུན་མོའི་འཁོར་རྣམས་གཉིད་དུ་སོང་བས་ཀྱང་མི་སྡུག་པའི་རྣམ་པར་གཟིགས་པས་ཐུགས་མངོན་པར་སྐྱོ་ཞིང་། འདུན་པ་ཉལ་བ་གཉིད་ལས་བསླངས་ནས། ང་ཡི་བཀྲ་ཤིས་འདི་ནི་དོན་ཀུན་གྲུབ། དོ་ནུབ་གདོན་མི་ཟ་བར་དོན་གྲུབ་ཀྱིས། འདུན་པ་ཕྱི་བཤོལ་མ་བྱེད་ལ་འུར་དུ། །རྟ་རྒྱལ་རྒྱན་གྱིས་བརྒྱན་པའང་ང་ལ་བྱིན། །ཞེས་གསུངས་པས་དེས་ཀྱང་རྟ་རྒྱལ་དམ་པ་བསྔགས་ལྡན་ཞེས་བྱ་བ་རྒྱན་གྱིས་བརྒྱན་ཏ་ཕུལ་ལོ། དེ་ནས་ཆིབས་ཀྱི་སྟེང་ན་ལྷའི་ཚོགས་མང་པོ་དང་རྒྱལ་པོ་ཆེན་པོ་བཞིའི་སྲིད་ཞུ་དང་བཅས་ནམ་མཁའི་དབྱིགས་ནས་གཤེགས་སོ། དེའི་ཚེ་གླང་པོ་ཆེི་ལྟ་སྟངས་ཀྱིས་སེར་སྐྱའི་གྲོག་ལ་ཕྱིར་གཟིགས་ཏེ། སངས་རྒྱས་རྣམས་ཀྱིས་བསྟན་པ་ཡི། ལམ་གྱི་མཆོག་ནི་མ་ཐོབ་པར། གྲོང་ཁྱེར་སེར་སྐྱའི་གཞིར་ནི་སླར། ང་ནི་འཇུག་པར་མི་བྱའོ། །ཞེས་གསུངས་སོ། དེ་ལྟར་མངོན་པར་བྱུང་ནས། མེ་ནེ་ཡའི་ཡུལ་གྱི་གྲོང་བརྡལ་རྗེས་སུ་དཔག་པཞེས་བྱ་བ་ནས། དཔག་ཚད་དྲུག་ཏུ་ཕྱིན་པ་ན་ནམ་ལངས་ཏེ། ཡུལ་དེ་དང་ཤཱཀྱའི་ཡུལ་གྱི་བར་ཡང་དཔག་ཚད་དྲུག་ཡོད་དེ། དྲིལ་བས་དཔག་ཚད་བཅུ་གཉིས་ཀྱི་ཕ་རོལ་ཏུ་བྱོན་ནོ། དེ་ནས་རྟ་ལས་བབས་ནས་འདུན་པ་ཕྱིར་བཏང་(སྟོད་ཆ།༣༨)ནས། མཆོད་རྟེན་རྣམ་དག་གི་དྲུང་དུ་རལ་གྲི་ཨུཏྤ་ལ་མཐིང་ག་འདྲ་བས་བདག་གི་གཙུག་ཕུད་བཅད་དེ། ནམ་མཁར་བོར་བ་ལྷ་རྣམས་ཀྱིས་མཆོད་པའི་ཕྱིར་ཁྱེར་རོ། ལྷའི་བུ་རྔོན་པ་གཟུགས་སུ་སྤྲུལ་པས་ངུར་སྨྲིག་གི་གོས་ཕུལ་བ་བླངས་ཏེ་རག་གི་ན་བཟའ་དེ་ལ་བྱིན་ནོ། ངུར་སྨྲིག་གི་གོས་དེ་སྐུ་ལ་གསོལ་ནས་བདག་ཉིད་རག་གིས་རབ་ཏུ་བྱུང་བ་བསྙེན་པར་རྫོགས་པར་མཛད་དོ། བདུན་པ་དཀའ་བ་སྤྱད་པའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲི་མ་མེད་པར་འཇུག་པའི་གདུལ་བྱ་རྣམས་ལ་བྱང་ཆུབ་དམ་པ་ནི་དཀའ་བ་དཔག་ཏུ་མེད་པས་བསྒྲུབ་དགོས་སོ་ཞེས་བསྟན་པའི་ཕྱིར། ཡངས་པ་ཅན་དུ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང་། རྒྱལ་པོའི་ཁབ་ན་རེངས་བྱེད་ཀྱི་བུ་ལྷག་སྤྱོད་དག་གིས་ཅི་ཡང་མེད་པའི་སྐྱེ་མཆེད་དང་། སྲིད་རྩེའི་སེམས་སྟོན་པ་རྣམས་སུ་བྱོན་ཏེ། དེ་དག་གི་ཚུལ་མྱུར་བར་ཁོང་དུ་ཆུད་པར་མཛད་ཀྱང་། ཏིང་འཛིན་དང་ཀུན་ཏུ་སྤྱོད་པ་དེ་དག་ནི་སྲིད་པའི་ཉེས་དམིགས་ལས་གྲོལ་བའི་ལམ་མ་ཡིན་པར་གཟིགས་ནས་ཆུ་ཀླུང་ཆེན་པོ་ནི་རཉྫ་ན་དལ་གྱིས་འབབ་པའི་འགྲམ་པའི་ཕྱོགས་ཁོད་མཉམ་ཞིང་ཉམས་དགའ་བ་དེར་བཞུགས་སོ། དེའི་ཚེ་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་འཛམ་བུའི་གླིང་འདིར་སྙིགས་མ་ལྔའི་དུས་ལ་བབས། སེམས་ཅན་དམན་པ་ལ་མོས་པ། མུ་སྟེགས་ཅན་གྱི་སྡེས་གང་བ། ལྟ་བ་སྣ་ཚོགས་ལ་ཞུགས་པ། སྐྱབས་མ་ཡིན་པ་ལ་སྐྱབས་སུ་འདུ་ཤེས་པ། བཀྲ་ཤིས་པ་མ་ཡིན་པར་བཀྲ་ཤིས་སུ་འདུ་ཤེས་པ། དག་པ་མ་ཡིན་པ་ལ་དག་པར་འདུ་ཤེས་པ་ཁོ་ན་སྟེ། འདི་དག་རྣམས་ཡང་དག་(སྟོད་ཆ།༣༩)པའི་ལམ་དུ་བསྲང་པའི་ཕྱིར་དང་། ལས་དང་བྱ་བ་ཆུད་གསོན་པ་རྣམས་ཆུད་མི་འཛའ་བར་བསྟན་པའི་པྱིར་དང་། བརྟུལ་ཞུགས་ངན་པ་དང་དཀའ་ཐུབ་ངན་པས་དག་པར་འཛིན་པ་རྣམས་སུན་དབྱུང་བའི་པྱིར་བརྟུལ་ཞུགས་དང་དཀའ་ཐུབ་ཀྱི་ཁྱད་པར་བརྩམ་པར་བཞེད་ནས་ལོ་དྲུག་ཏུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ། དེའི་ཚེ་ལྒ་སྡེ་བཟང་པོས་རིམ་གྲོ་བྱས་ཤིང་། ཏིལ་འབྲུ་གཅིག་དང་། འབྲས་འབྲུ་གཅིག་དང་། རྒྱ་ཤུག་འབྲུ་གཅིག་རྣམས་ཕུལ་བ་བཞེས་སོ། །དེ་ལྟར་ཡང་ལོ་དང་པོ་གཉིས་ལ་འབྲས་ཉག་མ་རེ། བར་པ་གཉིས་ལ་ཆུ་ཐིགས་པ་རེ། ཐ་མ་གཉིས་ལ་ཅི་ཡང་མི་གསོལ་བའི་དཀའ་ཐུབ་ཀྱི་ཏིང་ངེ་འཛིན་ལོ་དྲུག་ཏུ་བསྟེན་ནོ། དེ་ཚེ་ལྷ་རྣམས་ཀྱིས་ཚིགས་སུ་བཅད་པས་ནི་བསྐུལ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་ནི་ལམ་དམན་པ་ལས་སད་པར་བྱས་ནས་བྱང་ཆུབ་སྙིང་པོར་རབ་ཏུ་བསྐུལ་ལོ། དེར་ངལ་ཞིག་དུབ་པའི་མཐའ་བསལ་བའི་ཕྱིར་རགས་པའི་ཟས་ལ་ཅུང་ཟད་སྤྱད་པས་ལྔ་སྡེ་བཟང་པོ་མི་མོས་པར་གྱུར་ཏེ་ཝཱ་རཱ་ཎ་སཱིར་སོང་ངོ་། དེ་ནས་ཕྱག་དར་ཁྲོད་པའི་གོས་འགའ་ཞིག་རྙེད་ན་སྙམ་སྟེ་སེམས་བཏུད་པ་ན། གྲོང་པའི་བུ་མོ་ལེགས་སྐྱེས་མའི་བྲན་མོ་བྲུབ་མ་ཞེས་བྱ་བ་ཤི་བ་ཤ་ནའི་རས་ཀྱིས་དཀྲིས་ཏེ་དུར་ཁྲོད་དུ་བོར་བར་གྱུར་པ་དེ་བླངས་ཏེ་བརྒྱ་བྱིན་གྱིས་རྒྱལ་བའི་རྡོ་ལ་བཞག་སྟེ་ལག་པའི་རྫིང་ཞེས་པའི་རྫིང་དུ་བཀྲུས་པ་ལས་སྣམ་སྦྱར་དྲུབ་པ་ཞིག་དང་། ལྷའི་བུ་དྲི་མ་མེད་པ་ཞེས་བྱ་བས་ལྷའི་གོས་ངུར་སྨྲིག་གི་ཚོན་དུ་བཅོས་པ་ཕུལ་བ་དག་གསོལ་ཏེ། སྔ་དྲོས་སྤྱོད་ཡུལ་གྱི་གྲོང་དུ་ཕྱོགས་པ་དང་། སྔོན་དུ་ལྷ་རྣམས་ཀྱིས་གྲོང་པའི་བུ་(སྟོད་ཆ།༣༩)མོ་ལེགས་སྐྱེས་མ་ལ་ཇི་ལྟར་སྤྲན་པ་ལྟར། དེས་བ་སྟོང་གི་འོ་མ་ལན་བཅུ་དྲུག་ཏུ་ཉིང་ཁུར་བྱས་པ་ཤེལ་གྱི་སྣོད་དུ་གསེར་གྱི་ཡལ་གོའི་ནག་དུ་བླུགས་ནས་འོ་ཐུག་སྦྲང་རྩི་ཅན་གྱིས་བཀང་སྟེ་ཕུལ་ལོ། དེར་གསུངས་པ། སྦྱིན་པ་འདིའི་ཅི་ཞིག་དོན་དུ་གཉེར། དེས་གསོལ་བ། རྒྱལ་བུ་དོན་གྲུབ་འཁོར་ལོས་སྒྱུར་བར་ལུང་བསྟན་པ་དེ་བདག་ཅག་གི་ཁྱིམ་ཐབ་ཏུ་གྱུར་ཅིག་གསུངས་པ། དེ་འདོད་པ་དོན་དུ་མི་གཉེར་གྱི་རབ་ཏུ་བྱུང་ཟིན་ཏོ། གསོལ་བ། བསོད་པ་ཕུལ་བའི་བསོད་ནམས་ཅི་མཆིས་པས། གྲགས་དང་ལྡན་པ་དོན་རྣམས་ཀུན་གྲུབ་པ། མི་ཡི་མཆོག་གྱུར་བློ་མཆོག་ལྡན་པ་དེའི། བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་དུ་གྱུར་ཅིག །ཅེས་གསུངས་ནས། འོ་ཐུག་བསྣམས་ཏེ་ནཻ་རཉྫ་ནའི་འགྲམ་དུ་གཤེགས་ནས་སྔ་དྲོའི་དུས་སུ་མོ་གཉིས་ཀྱི་བྱང་ཆུབ་ཀྱི་ཆོས་རྫོགས་པར་བྱ་བའི་ཕྱིར་འོ་ཐུག་ལེགས་པར་བཞེས་ནས་གསེར་གྱི་གཞོང་པ་ཆུ་བོ་ལ་བསྐྱུར་བ་ཀླུའི་རྒྱལ་པོ་རྒྱ་མཚོས་མཆོད་པའི་ཕྱིར་ཁྱེར་བ། བརྒྱ་བྱིན་གྱིས་མཁའ་ལྡིང་དུ་སྤྲུལ་ནས་འཕྲོགས་ཏེ་རང་གི་གཟུགས་ཀྱིས་སུམ་ཅུ་རྩ་གསུམ་དུ་ཁྱེར་རོ། བྱང་ཆུབ་སེམས་དཔའ་བསོད་ནམས་དང་ཤེས་རབ་ཀྱི་སྟོབས་ཀྱིས་འོ་ཐུག་གསོལ་མ་ཐག །སྐུ་སྔ་མ་ཁོ་ན་ལྟར་ཀ་དོག་བཟང་པོ་རྒྱས་པ་དང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔར་བྱད་བཟང་པོ་བརྒྱད་ཅུ་དང་འོད་འདོམ་གང་བ་རྣམས་ཀྱིས་བརྒྱན་པར་གྱུར་ཏོ། བརྒྱད་པ་བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་ནི། དེ་ལྟ་བུའི་རགས་པའི་ཟས་ཀྱིས་བྱང་ཆུབ་སེམས་དཔའི་སྐུ་ལུས་སྟོབས་དང་ལྡན་(སྟོད་ཆ།༤༡)པར་བསྐྱེད་དེ། དེ་ནས་བྲག་རི་མེ་ཏོག་དང་འབྲས་བུས་བརྒྱན་པ་ཞིག་ཏུ་བཞུགས་པས་དེ་མ་ཐག་ཏུ་རི་དེ་ཉིལ་ལོ། །ལྷ་རྣམས་ཀྱིས་གསིལ་པ། དགེ་བའི་རྩ་བ་ཡོངས་སུ་སྦྱངས་པ་མཐར་ཕྱིན་པ་ནི་ས་གཞན་གྱིས་བཟུང་མི་ནུས་ཏེ། འདི་དང་ཉེ་བ་ནུབ་ཕྱོགས་ན་རྡོ་རྗེ་གདན་མཆིས་པས་དེར་གཤེགས་པར་འཚལ། ཞེས་གསོལ་པ་གསན་ནས་རྡོ་རྗེ་གདན་དུ། ཤིང་གི་རྒྱལ་པོའི་དྲུང་དུ་གཤེགས་སོ། །དེར་ལྷས་ལམ་བསྟན་པ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་དུ་གཤེགས་པའི་ལམ་དུ། ཞབས་གང་དུ་བཞག་པར་པདྨ་དག་བྱུང་ངོ་། ས་ཆེན་པོ་སྒྲ་ཡིད་འཕྲོག་པ་དག་འབྱིན་ནོ། །རྒྱ་མཚོ་ཆེན་པོ་བཞི་ལས་ཆུ་བབས་ཏེ་པདྨའི་རྫིང་དུ་གྱུར་ཏོ། དེ་ནས་ཆུ་ཀླུ་ནཻ་རཉྫ་ནར་ཀླུང་དུག་ཅན་ནམ་ནག་པོ་ཟེར་བ་དུས་གཞན་དུ་ལོང་བ་ལས་སངས་རྒྱས་འཇིག་རྟེན་དུ་བྱོན་དུས་མིག་ཐོབ་པ་ཞིག་ཡོད་དེ། སྔོན་གྱི་སངས་འཁོར་བ་འཇིག་ལ་སོགས་པ་མཐོང་བ་དེ། དེ་བཞིན་དུ་སྐབས་དེར་མིག་ཐོབ་ནས་བྱང་ཆུབ་སེམས་དཔའ་མཐོང་བས། བདག་གི་སྔོན་ནི་མཐོང་བ་ཡི། སངས་རྒྱས་མཐུ་ཆེན་དེ་རྣམས་དང་། ཐུབ་པ་ཁྱོད་ནི་མཐོང་གྱུར་ན། །དེ་དག་ཐ་དད་དབྱེར་མ་མཆིས། ཞེས་པ་སོགས་ཀྱིས་བསྟོད་ཅིང་མཆོད་པར་བྱས་སོ། །ཡང་གཤེགས་པ་ན། རྩྭ་ཚོང་བཀྲ་ཤིས་དང་མཇལ་ཏེ། རི་སྤོས་ངད་ལྡན་ལས་བླངས་པའི་རྩྭ་འཇམ་ཞིང་དགེ་ལ་བདེ་བ་ཁུར་གཅིག་ཐོགས་པ་གཟིགས་ནས་བྱང་ཆུབ་སེམས་དཔས་རྩྭ་དེ་བསླངས་ཏེ། བཀྲ་ཤིས་རྩྭ་དག་ང་ལ་མྱུར་དུ་བྱིན། དེ་རིང་ང་ལ་རྩྭ་ས་ནི་དོན་ཆེན་འགྱུར། དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་དམ་པ་ཞི་ལ་རེག་པར་འགྱུར། ཞེས་(སྟོད་ཆ།༤༢)གསུངས་པས། དེས་ཀྱང་གུས་པ་དང་བཅས་པས་ཕུལ་ཏེ། རྩྭ་ཡིས་བྱང་ཆུབ་འཆི་མེད་པ། སྔོན་གྱི་རྒྱལ་བའི་ལམ་ཐོབ་ན། ཡོན་ཏན་རྒྱ་མཚོ་ཁྱོད་བཞེས་ཤིག །བདག་ཀྱང་ཐོག་མར་འཚང་རྒྱ་གྱིས། ཞེས་གསོལ་ཏེ། དེ་ནས་བྱང་ཆུབ་སྙིང་པོར་གཤེགས་ཏེ་རྡོ་རྗེའི་གདན་ལ་འཛེགས་ནས། བྱང་ཆུབ་ཤིང་དྲུང་དེར་བཞུགས་ནས་རྩྭའི་བམ་བོ་དེ་བསྐྱུར་སྟབས་སུ་བོར་བ་ན། སྲབ་འཐུག་མེད་པར་གཡས་ཕྱོགས་སུ་འཁྱིལ་ཏེ་འདུག་གོ །ལྟས་འདི་དག་ལས་ནི་གདོན་མི་ཟ་བ་བླ་ན་མེད་པའི་ཡེ་ཤེས་རྟོགས་པར་འགྱུར་རོ་སྙམ་དུ་དགོངས་ནས་སྐྱིལ་ཀྲུང་བཅས་ཏེ་སྐུ་དྲང་པོར་བསྲངས་ནས་དྲན་པ་མངོན་དུ་བཞག་ནས་བཞུགས་ཏེ། སྟན་འདིར་བདག་གི་ལུས་ནི་སྐབས་ཀྱང་རུང་། པགས་པ་རུས་པ་ཤ་རྣམས་ཤིག་ཀྱང་རུང་། བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། ཞེས་འབྱུང་བ་ལྟར། ཇི་སྲིད་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིལ་ཀྲུང་ཞིག་པར་མི་བྱའོ། ཞེས་དམ་བཅའ་བར་མཛད་དོ། དགུ་པ་བདུད་བཏུལ་བའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་དཔས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཞིང་གི་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་བཀོད་པ་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་འདིར་བསྟན་ནས། གླིང་བཞི་པའི་འདོད་པའི་ཁམས་ཀྱི་དབང་ཕྱུག་ནི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་བདུད་སྡིག་ཅན་ཡིན་པར་དགོངས་ནས། དེ་ལ་མ་སྦྲན་པར་བདུད་ལས་རམ་པར་རྒྱལ་བའི་གོ་འཕང་མངོན་དུ་མི་འགྱུར་བར་དགོངས་ནས། བྱང་ཆུབ་སེམས་དཔའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་བདུད་(སྟོད་ཆ།༤༣)བསྐུལ་བར་བྱེད་པ་དང་། བདུད་འཇོམས་པར་བྱེད་པའི་འོད་ཟེར་བྱུང་སྟེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་ཀྱི་གནས་ཐམས་ཅད་དུ་སྣང་བར་བྱས་ནས་དེའི་གནས་ཐམས་ཅད་མོག་མོག་པོར་གྱུར་ཅིང་ཐུ་ཟིང་བྱེད་པར་གྱུར་ཏོ། འོད་དེ་ལས་སྒྲ་བྱུང་བ། ཟས་གཙང་སྲས་པོས་རྒྱལ་སྲིད་དག་ནི་ཡོངས་སྤངས་ཏེ། བན་བྱེད་དེ་ནི་བདུད་རྩི་མངོན་པར་འདོད་པས་བྱུང་། བྱང་ཆུབ་ཤིག་དྲུང་འོངས་ཀྱིས་དེ་དང་བསྒྲིམ་བར་གྱིས། དེས་ནི་བདག་ཀྱང་བརྒལ་ལ་གཞན་ཡང་སྒྲོལ་པར་བྱེད། ཅེས་བྱ་བ་ལ་སོགས་པའི་སྒྲ་བྱུང་བ་དང་། བདུད་སྡིག་ཅན་རྔོན་པའི་ཆ་བྱད་དུ་བརྫུས་ནས་འོངས་ཏེ། སེར་སྐྱའི་གྲོང་ནི་ལྷས་བྱིན་གྱིས་མནན། ཕོ་བྲང་ནི་བཅོམ། ཤཱཀྱ་རྣམས་ནི་ཁ་བཏགས་ན། ཁྱོད་འདི་ན་ཅིའི་ཕྱིར་འདུག་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔས། བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རོ། ཞེས་བཀའ་རྩལ་བ་དང་། བདུད་ཀྱིས་སྨྲས་པ། མངོན་པར་རྡོགས་པར་འཚང་རྒྱ་བ་ནི་ཚོགས་དཔག་ཏུ་མེད་པའི་འབྲས་བུ་ཡིན་ན། ཁྱོད་ཀྱི་བསོད་ནམས་དེ་ཙམ་གྱིས་ཐར་པ་ག་ལ་ཐོབ། ཅེས་སྨྲས་པ་དང་། བཀའ་རྩལ་པ། སྡིག་ཅན་ཁྱོད་ཀྱིས་མཆོད་སྦྱིན་གཏན་པ་མེད་པ་གཅིག་བྱས་པས་འདོད་པ་ཁམས་ཀྱི་དབང་ཕྱུག་ཏུ་གྱུར་ན། ངས་བསྐལ་པ་གྲངས་མེད་གསུམ་དུ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བྱས་ཤིང་ཡོངས་སུ་བཏང་བར་དཀའ་བ་རྣམས་བཏང་བས། བླ་ན་མེད་པའི་ཡི་ཤེས་ཐོབ་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། བདུད་ཀྱིས་སྨྲས་པ། ཁོ་བོས་མཆོད་སྦྱིན་གཏན་པ་མེད་པ་བགྱིས་པའི་དཔང་པོ་ནི་ཁྱོད་ཉིད་ཡོད་(སྟོད་ཆ།༤༤)ན། ཁྱོད་ལ་ནི་དཔང་པོ་སུ་ཡང་མེད་དོ། །དེ་ནས་བྱང་ཆུབ་སེམས་དཔའི་ཕྱག་གཡས་བསོད་ནམས་བརྒྱ་ཕྲག་དུ་མས་བསྐྱེད་པ་ས་ལ་རེག་པར་མཛད་དེ། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། རྒྱུ་དང་མེ་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། འདི་ནི་བདག་གི་དཔང་སྟེ་བདག་རྫུན་མེད། འདི་ལ་ཁྱོད་ནི་བདག་གི་དཔང་བྱོས་ཤིག །ཅེས་གསུངས་མ་ཐག་ཏུ་ས་རྣམ་པ་དྲུག་ཏུ་གཡོས་པའི་རྒྱུ་ནས་སའི་ལྷ་མོ་བསྟན་མ་ལུས་ཕྱེད་རྒྱན་གྱིས་སྦྲས་པ་མངོན་པར་བྱུང་སྟེ། སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ། ཁྱོད་ཀྱིས་ཇི་སྐད་གསུངས་པ་བཞིན་ཏེ། འདི་ནི་བདག་ལ་མངོན་སུམ་མོ། འོན་ཀྱང་བཅོམ་ལྡན་འདས་ཉིད་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་དབང་དུ་གྱུར་པ་དང་ཚད་མར་གྱུར་པ་དམ་པའོ་ཞེས་བརྗོད་དེ་མི་སྣང་པར་གྱུར་ཏོ། དེ་ནས་བདུད་སྡིག་ཅན་གྱིས་རྗེས་སུ་ཅགས་པས་བསླུ་བར་ནུས་སམ་མི་ནུས་སད་པར་བྱའོ་སྙམས་ན། རང་གི་བུ་མོ་སྲེད་མ་དང་། དགའ་བྱེད་མ་དང་། དགའ་སྤྱོད་མ་རྣམས་བཏང་སྟེ་བུད་མེད་ཀྱི་གཡོ་སྒྱུ་སུམ་ཅུ་རྩ་གཉིས་ཀྱིས་བསླུ་བར་བརྩམས་པ་ན། དེ་དག་རྒན་མོར་འགྱུར་བར་བྱིན་གྱིས་བརླབས། སླར་སྟོན་པ་ལ་མོས་པ་བསྐྱེད་པས་གྲོལ་ལོ། དེ་ནས་སྡིག་ཅན་བག་འཁུམས་སེམས་ཁོང་དུ་ཆུད་པས་སོང་སྟེ། བདུད་སྡིག་ཅན་གྱིས་བདུད་ཀྱི་རིགས་ཀྱི་འབྱུང་པོ་ཐམས་ཅད་སྦྲན་ཏེ། བདུད་ཀྱི་དཔུང་ཆེན་པོ་གདོང་གཟུགས་སྣ་ཚོགས་པ་འཛིན་པ་མཚོན་ཆ་སྣ་ཚོགས་པ་འཛིན་པ་དཔའ་ཞིང་གཏུམ་ལ་མི་སྲུན་པ། བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་དང་བཅས་ཏེ་གཡུལ་བཤམས་པ་ན། བྱང་ཆུབ་སེམས་དཔའ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་འབྱུང་པོ་རྣམས་ཀྱིས་མཚོན་(སྟོད་ཆ།༤༥)ཆ་སྣ་ཚོགས་པའི་ཆར་དུ་ཕབ་ཀྱང་། ཇི་སྙེད་ཕོབ་པའི་མཚོན་ཆ་ཐམས་ཅད་ཀྱང་སྐད་ཅིག་གཅིག་ིས་མེ་ཏོག་གི་ཕྲེང་བ་དང་། མེ་ཏོག་གི་བླ་རེ་དང་། བྱང་ཆུབ་ཀྱི་ཤིང་མཛེས་པར་བྱེད་པའི་རྒྱན་དུ་གྱུར་ཏོ། དེ་ནས་བདུད་ཀྱི་དཔུང་རྣམས་མགོ་རྨོངས་ཏེ་གྱེས་པར་གྱུར་ཀྱང་ལམ་སྟོན་ནས་ཞག་བདུན་དུ་འཕྲད་པ་མེད་པར་འཐོར་ཞིང་བྱེར་བར་གྱུར་ཏོ། བཅུ་པ་མངོན་པར་བྱང་ཆུབ་པའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་དཔས་བདུད་ཀྱི་དཔུང་པོ་ཆེན་པོ་བཏུལ་ནས་གཡུལ་ལས་རྣམ་པར་རྒྱལ་པའི་རྒྱལ་མཚན་ཐོབ་སྟེ། ནམ་གྱི་ཆ་སྟོད་ལ་ནི་བསམ་གཏན་བཞི་མངོན་པར་མཛད་དོ། གུང་ཐུན་ལ་ནི་རིག་པ་གསུམ་བསྐྱེད་དོ། །ནམ་གྱི་ཆ་སྨད་སྐྱ་རིངས་འཆར་བ་རྔ་བརྡུང་བའི་ཚོད་ཙམ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་དང་། བདེན་པ་བཞི་མངོན་དུ་བྱས་ནས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་དེ་བཞིན་གཤེགས་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་བཞུགས་སོ། དེ་ནས་ཚངས་པ་དང་། བརྒྱ་བྱིན་དང་། འོག་མིན་ཀྱི་བར་གྱི་ལྷ་རྣམས་ཀྱིས་མེ་ཏོག་ཆར་འབེབས་ཤིང་རྒྱལ་བ་རྒྱལ་བ་ཞེས་བསྔགས་སོ། དེའི་ཚེ་ཟླ་བ་ལ་ཡང་སྒྲ་ཅན་ཞུགས། གྲགས་འཛིན་མའི་སྲས་སྒྲ་གཅན་འཛིན་ཡང་བཙས་ཤིང་། བདུད་རྩིས་ཟས་ཀྱི་བུ་ཀུན་དགའ་བོ་ཡང་བཅས་སོ། །ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་ཤིང་ཕྱོགས་ཐམས་ཅད་ནི་འོད་ཀྱི་སྣང་བས་ཁྱབ་པར་གྱུར་ཏོ། དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་ལ་རིམ་པ་ལྟར་བདུན་ཕྲག་དང་པོ་ཀ་སྐྱིལ་མོ་ཀྲུང་མ་བཤིག་པར་ཤིང་གི་རྒྱལ་པོ་ལ་སྤྱན་མི་འཛུམ་(སྟོད་ཆ།༤༦)པར་གཟིགས་ནས་དགའ་བའི་ཟས་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བདེ་བ་མ་མྱོང་བར་མཛད་དོ། དེ་ལྟར་ཆོས་ཀྱི་རོས་བདེ་བ་དང་དགའ་བ་དང་བདེ་བ་བླ་ན་མེད་པའི་བདུད་རྩིས་སྐུ་བརྟན་པར་མཛད་ནས། བདུན་ཕྲག་གཉིས་པ་ལ། རྒ་ཤི་མཐའ་མར་མ་ཕྱིན་བར། སྐྱིལ་མོ་ཀྲུང་ནི་མི་ཤིག་ཅེས། སྡེར་བཅས་པ་ཡི་བདུད་མདུན་འདིར། ང་ཡི་མཚིག་ནི་གང་སྨྲས་པ། ཡེ་ཤེས་རྡོ་རྗེ་བརྟན་པ་བས། ང་ཡིས་མ་རིག་པ་ཡང་བཅོམ། སྟོབས་བཅུ་ཉིད་ནི་ཐོབ་པར་གྱུར། དེ་ལྟར་བས་ན་སྐྱིལ་ཀྲུང་གཞིག །ཅེས་བཀའ་སྩལ་ནས་དལ་གྱིས་བཞེངས་པས་ས་ཆེན་པོ་ཡང་གཡོས་སོ། འགའ་ཞིག་ཏུ་བདུན་ཕྲག་གཉིས་པ་ལ་ཡང་སྐྱིལ་ཀྲུང་མ་བཤིག་པར་བཞིན་བཞིན་པས། གཞན་འཕྲུལ་བདག་པོའི་གནས་སུ་གཤེགས་ཞེས་འབྱུང་ངོ། གཞན་ཡང་འཇིག་རྟེན་འདོད་པའི་བདེ་བ་གང་། ལྷ་ཡུལ་བྱུང་བདེ་གང་ཡིན་པ། སྲིད་པ་ཟད་པའི་བདེ་རེ་ལ། བཅུ་དྲུག་ཆར་ཡང་མི་ཕོད་དོ། ཞེས་རྣམ་པར་གྲོལ་པའི་བདེ་བས་དགྱེས་པའི་གསུང་ཡང་སྩལ་ཏོ། དེ་ནས་བདུན་ཕྲག་གསུམ་པ་ལ་ང་སངས་རྒྱས་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མཐའ་འབྱུང་ངོ་ཞེས་བྱང་ཆུབ་ཀྱི་ཤིག་ལ་གཟིགས། བདུན་ཕྲག་བཞི་པ་ལ་ཤར་ནུབ་རྒྱ་མཚོའི་བར་གྱི་འཛམ་བུ་གླིང་ལ་འཆད་པར་མཛད་དེ། བོད་ཡུལ་ཀྱང་ཞབས་ཀྱིས་བཅག་པར་འདོད་དེ། བདུན་ཕྲག་ལྔ་པ་ལ་ཡུལ་ངན་གྱི་ཚེ་ན་གླུ་བཏང་བཟུང་གི་གནས་སུ་བཞུགས་ཤིང་ཀླུ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་ལ་དཀྲིས་ཤིང་ཡུལ་ངན་གྲོལ་ནས་ལྷའི་ལུས་སུ་བསྒྱུར་ནས་མཆོད་ཅིང་བསྙུན་གསོལ་ཏོ། བདུན་ཕྲག་དྲུག་པ་ལ་ནཻ་རཱཉྫ་ནའི་ངོགས་ཤིང་ནྱ་གྲོ་དྷའི་དྲུང་དུ་རྩྭའི་གདིང་བ་ལ་(སྟོད་ཆ།༤༧)བཞུགས་ནས་ཀླུ་དེ་དག་དང་ཀུན་ཏུ་གཅེར་བུ་བ་རྣམས་སྙུན་འདྲིའི་ཚིག་བཅད་གསུངས། དེའི་ཚེ་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དང་ལུགས་ལྡོག་ལ་གཟིགས་སོ། །བདུན་པྲག་བདུན་པ་ལ་ཤིང་སྒྲོལ་རྒྱུའི་ཚལ་དུ་ཚོང་པ་ངག་གོན་དང་བཟང་པོ་གཉིས་ཀྱིས་སྦྲང་རྩི་ཕུལ་བ། རྒྱལ་ཆེན་བཞིས་རིན་པོ་ཆེ་ནས་རྡོ་བའི་བར་གྱི་ལྷུང་བཟེད་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་ནས་བཞེས་ཏེ་ཚོང་དཔོན་དེ་གཉིས་ལ་བཀྲ་ཤིས་ཚིགས་སུ་བཅད་པ་རྣམས་གསུངས་ནས་ཚོང་དཔོན་གཉིས་ལུང་བསྟན། དེའི་ཚེ་དེ་བཞིན་གཤེགས་པ་ཅུང་ཟད་བསྙུན་པའི་ཚུལ་བསྟན་པ་ན། བདུད་སྡིག་ཅན་ཡིད་མི་བདེ་བར་གྱུར་ཏོ། དེ་ནས་བདག་གིས་རྟོགས་པའི་འཆོས་ཟབ་མོ་འདི་ནི་གཞན་གྱི་ཁོང་དུ་ཆུད་པར་དཀའ་སྟེ། གལ་ཏེ་བདག་གིས་གཞན་ལ་བསྟན་པར་བྱས་ཀྱང་དེས་མི་རྟོགས་པས། བདག་བདག་ཉིད་ཙམ་དུ་ཟད་ཀྱི། དེ་བས་ན་བདག་གཅིག་པུ་དགོན་པར་གནས་པར་བྱའོ་སྙམ་དུ་དགོངས་ཏེ། ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། བདུད་རྩིའི་ཆོས་ནི་བདག་གི་ཐོབ་པར་གྱུར། བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། མི་སྨྲ་ནགས་འདབས་གནས་པར་བྱ་བ་སྙམ། ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་སོ། བཅུ་གཅིག་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བ་མི་མདའ་བ་མ་ཡིན་ཀྱང་། མ་བསྐུལ་བར་ཆོས་ཀྱི་འཁོར་ལོ་མི་བསྐོར་བ་དང་། འཁོར་ལོ་བསྐོར་བ་(སྟོད་ཆ།༤༨)བསྐུལ་བ་པོའི་བསོད་ནམས་ཀྱི་ཁྱད་པར་ལ་དགོངས་པའི་ཚེ། མི་མཇེད་ཀྱི་བདག་པོ་ཚངས་པས་དེ་ཤེས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་སོག་སྟེ། གསོལ་པ། མ་ག་དྷར་ནི་སྔོན་ཆད་ཆོས་བྱུང་བ། རག་པ་མ་ལགས་དྲི་མར་བཅས་པས་རྟོགས། བདུད་རྩི་ཆོས་ཀྱི་སྒོ་ནི་ཡེ་མཛདོ་ལ། དྲི་མ་མེད་པས་རྟོགས་པ་བཤད་པར་མཛོད། ཅེས་པ་ལ། བདུད་རྩིའི་སྒོ་མོ་དག་ནི་དབྱེ་བར་བྱ། །ཉན་པར་སུ་འདོད་སོམ་ཉི་སོལ་ཞིག་དང་། ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས། ཀླན་ཀ་མི་བཅོལ་མདོ་ཙམ་བཤད་པར་བྱ། ཞེས་ཞལ་གྱིས་བཞེས་སོ། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་ལྟར་ཐོག་མར་སུ་ལ་ཆོས་བསྟན་པར་བྱ། སེམས་ཅན་དབང་པོ་རྣོན་པོ་གདུལ་སླ་བ་ནི་གང་ཞིག་ཡིན། དེ་ཡང་རིང་འཕུར་དང་ལྷག་སྤྱོད་ལ་དགོངས་ཀྱང་དེ་གཉིས་གུམ་པར་མཁྱེན་ནས། དེ་ནས་སེམས་ཅན་དག་པ་གདུལ་སླ་བ་ནི། ལྔ་སྡེ་ཡིན་པར་དགོངས་ནས་ཝཱ་རཱ་ཎ་སཱིར་གཤེགས་པའི་ལམ་དུ་ཀུན་ཏུ་རྒྱུ་ཉེར་འགྲོ་དང་མཇལ་ཏེ། དེས་གཽ་ཏ་མ་ཁྱོད་ཀྱི་དབང་པོ་རྣམས་ཤིན་ཏུ་གསལ་ན་སུ་ལས་ཚངས་པར་སྤྱད་པ་སྤྱོད་ཅེས་དྲིས་པས། བཀའ་སྩལ་པ། ང་ལ་སློབ་དཔོན་གང་ཡང་མེད། ང་དང་འདྲ་བ་ཡོད་མ་ཡིན། ང་ནི་གཅིག་པུ་རྫོགས་སངས་རྒྱས། བསིལ་གྱུར་ཟག་པ་མེད་པ་ཡིན། གསོལ་པ། གཽ་ཏ་མ་སངས་རྒྱས་སུ་ཞལ་གྱིས་འཆེས་སམ། དེ་བཞིན་ནོ། གར་བཞུད། ང་ནི་ཝཱ་རཱ་ཎ་སཱིར་འགྲོ། གྲོང་ཁྱེར་གསལ་ལྡན་སོང་ནས་ནི། ལོང་བ་ལྟ་བུའི་འཇིག་རྟེན་ལ། མཚུངས་པ་མེད་པའི་འོད་བྱའོ། ཞེས་གསུངས་སོ། དེ་ནས་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བྱོན་པ་ན་(སྟོད་ཆ།༤༩)སྡེས་རྒྱང་རིང་པོ་ནས་གཤེགས་པར་མཐོང་སྟེ། དགེ་སྦྱོང་གཽ་ག་མ་ལྷོད་པ་མང་དུ་ཟ་བ་སྤང་བ་ལས་ཉམས་པ་འདི་འོངས་ན་བདག་ཅག་རྣམས་ཀྱིས་འདི་ལ་སྨྲ་བར་མི་བྱ། ལྡང་བར་མི་བྱ། ཕྱག་མི་བྱ། སྟན་སྟོབས་པར་མི་བྱ་ཞེས་འོག་ཁྲིམས་བཅས་པ་ལ་ཀཽཎྜི་ནྱས་ནི་སེམས་ཀྱིས་ཁས་མ་བླངས་སོ། དེ་ནས་ལྔ་སྡེའི་གནས་སུ་བྱོན་མ་ཐག་བཅོམ་ལྡན་འདས་ཀྱི་དཔལ་དང་གཟི་བརྗིད་མ་བཟོད་ནས་སྟན་གྱི་སྟེང་ན་འདར་ཞིང་ཀུན་གྱིས་འོག་ཁྲིམས་དྲལ་ཏེ་སྟན་ལས་ལངས་ནས་ཀཽཎྜི་ནྱས་ནི་རིམ་གྲོ་བྱེད། རྟ་ཐུལ་གྱིས་ནི་བསུས། རླུངས་པས་ནི་གདན་བཤམས། མིང་ཆེན་གྱིས་ནི་ཞབས་སྟན་སྟོབས། བཟང་ལྡན་གྱིས་ནི་ཞབས་བསིལ་ཕུལ་ཏེ། ཚེ་དང་ལྡན་པ་གཽ་ཏ་མ་ཁྱོད་བྱོན་པ་ལེགས་སོ། །གདན་བཤམས་པ་ལ་བཞུགས་ཤིག་ཅེས་གསོལ་བ་དང་། སྟོན་པས་གདན་ལ་བཞུགས་ནས་ལྔ་སྡེ་དགའ་བ་དང་མགུ་པར་བྱ་བའི་གཏམ་མང་པོ་མཛད་དོ། ལྔ་སྡེས་ཚེ་དག་ལྡན་པ་གཽ་ཏ་མའི་དབང་པོ་ནི་གསལ་ལོ། །པགས་པ་ནི་ཡོངས་སུ་དག་ན་ཡེ་ཤེས་མཐོང་བའི་ཁྱད་པར་ཅུང་ཟད་མཛད་དམ། བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ལ་ཚེ་དག་ལྡན་པ་ཞེས་མ་བརྗོད་ཅིག །ཁྱེད་ལ་ཡུན་རིག་པོར་གནོངས་དང་མི་ཕན་པ་དང་མི་བདེ་བ་གྱུར་ཏ་རེ། དགེ་སློང་དག་ངས་ནི་བདུད་རྩི་ཐོབ་བོ། འཆི་བ་མེད་པར་འགྱུར་བའི་ལམ་མངོན་དུ་བྱས་སོ། ང་ནི་སངས་རྒྱས་སོ། ཐམས་ཅད་མཁྱེན་པའོ། ཐམས་ཅད་གཟིགས་པའོ། བསིལ་པར་གྱུར་པའོ། ཟག་པ་ཟད་པའོ། ཆོས་ཐམས་ཅད་ལ་དབང་བའོ། དགེ་སློག་དག་ངས་ཁྱེད་ལ་ཆོས་བཤད་ཀྱི་ཚུར་ཤོག །ཉོན་ཅིག །ནན་ཏན་གྱིས་ཤིག་ལ་སོགས་པ་བཀའ་སྩལ་པ་དང་།(སྟོད་ཆ།༥༠) མུ་སྟེགས་ཀྱི་རྟགས་རྣམས་སྐད་ཅིག་དེ་ཉིད་ལ་མེད་པར་གྱུར་ཏེ་དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་གྱུར་ཏོ། དེའི་ཚེ་གང་དུ་སྔོན་གྱི་རྒྱལ་བ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་དགོངས་པ་ན། དེའི་ཕྱོགས་དེར་རིན་པོ་ཆེ་སྣ་བདུན་གྱི་ཁྲི་སྟོང་བྱུང་སྟེ། སྟོན་པས་ཁྲི་སྔ་མ་གསུམ་ལ་འདས་པའི་སངས་རྒྱས་རྣམས་ལ་གུས་པ་བསྐྱེད་པའི་པྱག་དང་སྐོར་བ་མཛད་དེ། ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་བཅས་ནས་སེང་གེ་ལྟར་བག་ཚ་བ་མེད་པར་བཞུགས་པ་ན་ཁྲི་གཞན་རྣམས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། དེའི་ཚེ་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་བཀྱེ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས་སོ། ལྟས་ཆེན་པོ་རྣམ་པ་བཅོ་བརྒྱད་བྱུང་ཞིང་། འོད་དེ་ལས་ཚིགས་སུ་བཅད་པའི་སྒྲ་བྱུང་བ། འཇིག་རྟེན་ཐུགས་རྗེ་བསྐྱེད་ནས་སུ། ཐུབ་པ་ཡིས་ནི་སྣང་བ་མཛད། དེ་ནི་ཐུགས་དམ་བརྟན་པ་སྟེ། ཝཱ་རཱ་ཎ་སཱི་རི་དྭགས་ནགས། གཤེགས་ཏེ་འཁོར་ལོ་བླ་མེད་པ། ཤིན་ཏུ་རྨད་བྱུང་དཔལ་ལྡན་བསྐོར། །རྒྱལ་བས་བསྐལ་པ་ཁྲག་ཁྲིག་བསྒྲུབས། ཆོས་དེ་ཉན་པར་གང་འདོད་པ། དེས་ན་རིངས་པར་ལ་འུར་དུ། ཆོས་ཉན་པ་ཡི་ཕྱིར་ཤོག་ཅིག །ཅེས་བྱ་བ་ལ་སོགས་པའི་སྒྲས་བསྐུལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གང་དག་ཡོད་པའི་བྱང་ཆུབ་སེམས་དཔའ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ལ་སོགས་པའི་ལྷའི་འཁོར་དཔག་ཏུ་མེད་པ་འདུས་ཏེ་ཐམས་ཅད་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བར་མགྲིན་གཅིག་ཏུ་གསོལ་བ་འདེབས་སོ། ས་བླའི་ལྷ་རྣམས་ཀྱིས་ཆོས་ཀྱི་ཁྱམས་དཔག་ཚད་བདུན་ཡོད་པ་སྤྲུལ་ཏེ། ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་(སྟོད་ཆ།༥༡)དང་ལྡན་པ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ནམ་གྱི་ཆ་སྟོད་ལ་ཅང་མི་གསུང་བར་བཞུགས་སོ། གུང་ཐུན་ལ་ཡང་དག་པར་འཆག་པར་འགྱུར་བའི་གཏམ་རྣམས་གསུངས་སོ། ཆ་སྨད་ལ་ལྔ་སྡེ་ལ། དགེ་སློང་དག་མཐའ་གཉིས་པོ་འདི་དག་ནི་རབ་ཏུ་བྱུང་བས་འཇུག་པར་བྱ་བ་མ་ཡིན་ཏེ། འདོད་པ་བསོད་སྙོམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་འོ། དེ་བས་ན་མཐའ་གཉིས་སྤངས་ནས་དབུ་མའི་ལམ་གྱི་དེ་བཞིན་གཤེགས་པས་ཆོས་སྟོན་ཏོ། དེ་ནི་འདི་ལྟ་སྟེ་འཕགས་པའི་བདེན་པ་སྟེ་གང་ཞེ་ན། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མོ་ཞེས། ལན་དང་པོའི་བདེན་པ་བཞིའི་ངོ་བོ་དང་། ཡང་དགེ་སློག་དག་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ། ཀུན་འབྱུང་སྤང་བར་བྱའོ། འགོག་པ་མངོན་དུ་བྱའོ། ལམ་བསྟན་པར་བྱའོ་ཞེས། ལན་གཉིས་པས་བདེན་པ་བཞིའི་བྱ་བ་དང་། ཡང་དགེ་སློང་སྡུག་བསྔལ་ཡོངས་སུ་ཤེས་སོ། ཀུན་་འབྱུང་སྤངས་སོ། འགོག་པ་མངོན་དུ་བྱས་སོ། ལམ་བསྟན་ནོ་ཞེས། ལན་གསུམ་པ་བདེན་པ་བཞི་མཐར་ཕྱིན་པར་ལན་བཅུ་གཉིས་སུ་བཟླས་ཏེ་འཁོར་ལོ་བསྐོར་བས། གཉིས་པ་ལ་ཀཽཎྜ་ནྱི་དགྲ་བཅོམ་པ་ཐོབ། གཞན་བཞི་ལ་མཐོང་ལམ་སྐྱེས། གསུམ་པ་ལ་བཞི་པོས་ཀྱང་དགྲ་བཅོམ་པ་ཐོབ་བོ། ལྷ་བྱེ་བ་ཕྲག་བརྒྱ་བཞི་བཅུ་དང་མི་བརྒྱད་ཁྲི་བཞི་སྟོང་གིས་བདེན་པ་མཐོང་ངོ་། བཅོམ་ལྡན་འདས་ཀྱིས་དང་པོར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་སེམས་ཅན་གྱི་དོན་མཛད་པ་གང་ཡིན་པ་དེ་ནི་ཤཱ་རི་བུས་ཀྱང་ལོ་བརྒྱར་(སྟོད་ཆ།༥༢)རྟོགས་པར་མི་ནུས་སོ། དེ་བཞིན་དུ་གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པར། བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང་། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་རྣམས་བཀྶོར་བར་མཛད་དེ། དེ་དག་ཀྱང་རིམ་ཅན་དུ་བསྐོར་པའི་འདོད་པ་དང་ཅིག་ཅར་དུ་བསྐོར་བ་འདོད་པའི་ཕྱོགས་གཉིས་ཀྱི། དང་པོ་ལྟར་ན་མ་དོ་སྡེ་བདུན་བརྒྱ་པ་ལས། ཐུབ་པ་ཆོས་ཀྱི་ཕུང་པོ་རྣམས། ཚངས་པའི་དབྱངས་ཀྱིས་བཀའ་སྩལ་ཏེ། ཞེས་གསུངས་པ་ལྟར། གནས་བྱ་རྒོད་ཕུང་པོའི་རི་ལ། ཐུན་མོང་གི་འཁོར་བཞི་དང་། ཐུན་མོང་མ་ཡིན་པ་ས་ཆེན་པོ་རབ་ཏུ་འཐོབ་པའི་འཁོར་རྣམས་ལ་བཀའ་བར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འཁོར་བསྐོར་བ་དང་། ལྷ་ཀླུ་མིའི་གནས་ངེས་པ་མེད་པ་རྣམས་སུ་བཀའ་ཐ་མ་ངེས་པ་དོན་གྱི་ཆོས་འཁོར་བསྐོར་བ་སྟེ། ཕྱི་མ་ལྟར་ན། དེ་དག་ཀྱང་བྱ་བ་རྫོགས་པའི་དུས་གཅིག་ལ་བསྟན་པ་ལྟར་སྣང་སྟེ། མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། ང་ཡིས་ཅི་ཡང་མ་གསུངས་པར། སེམས་ཅན་རྣམས་ལ་ཁྱབ་བདག་སྣང་། གང་ཚེ་རིམ་གྱིས་མངོན་འདོད་པ། དེ་དག་ཀུན་ལ་དེ་བཞིན་ཏེ། དུས་གཅིག་ཉིད་དུ་འཇུག་པ་ལ། ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། ཡིད་བཞིན་རེ་བ་རྣམས་བསྐོང་བའི། གསུང་གི་ཆེ་བ་དེ་ཉིད་དོ། ཞེས་དབང་པོའི་རིམ་པས་འཁོར་ལོ་གསུམ་ཅིག་ཅར་དུ་ཐོབ་པ་དང་། རིམ་གྱིས་འཇུག་པའི་ལས་ཅན་རྣམས་ལ་རིམ་པས་ཐོས་པ་གསུང་སྒྲ་ཚིག་དང་མཚན་མ་ལས་འདས་པའི་ཁྱད་ཆོས་ཡིན་ནོ། གཞན་ཡང་སྐབས་དེ་དག་དང་དུས་གཞན་ལའང་རུང་སྟེ། (སྟོད་ཆ།༥༣)གྲགས་པ་ལ་སོགས་པའི་ཉེ་བའི་ལྔ་སྡེ་དང་། གྲོང་པའི་ཁྱེའུ་ལྔ་བཅུས་ཀྱང་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་མཛད། སླར་གྲོང་ཁྱེར་བདེ་ལྡན་དུ་གཤེགས་ཏེ་དགའ་མོ་དང་དགའ་སྟོབས་མ་མདེན་པ་ལ་བཀོད། དེ་ནས་ནཻ་རཱཉྫ་ནའི་འགྲམ་ན་གནས་པའིསཏེང་རྒྱས་འོད་སྲུངས་རལ་པ་ཅན་འཁོར་ལྔ་བརྒྱ་དང་། ཆུ་ཀླུང་འོད་སྲུངས་དང་ག་ཡ་འོད་སྲུགས་གཉིས་འཁོར་ཉིས་བརྒྱ་ལྔ་བཅུ་རེ་དང་བཅས་པ་སྟེ། སྟོང་པ་ཐམས་ཅད་རབ་ཏུ་བྱུང་ནས་རིམ་པར་གཤེགས་ཏེ། ཆོ་འཕྲུལ་གསུམ་གྱི་མཛད་པས་ཐམས་ཅད་ཀྱིས་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། དེ་ནས་མ་གྷ་དྷར་བཏང་བྲང་གི་ཚལ་དུ་གཤེགས་ཏེ། དེར་གཟུགས་ཅན་སྙིང་པོ་མི་འབུམ་ཕྲག་དུ་མ་དང་བཅས་པ་ལྷ་བརྒྱད་ཁྲི་དང་བཅས་པ་བདེན་པ་ལ་བཀོད་དོ། དེ་ནས་འོད་སྲུངས་ཀྱི་ཚོགས་དང་བཅས་པས་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་འདུན་ཞེས་གྲགས་སོ། །དེ་ནས་མགོན་མེད་ཟས་སྦྱིན་གྱིས་སྤྱན་དྲངས་པས། རྒྱལ་པོའི་ཁབ་ནས་གཉན་ཡོད་དུ་གཤེགས་སོ། དེའི་ཚེ་ཟས་གཙང་གིས་སེར་སྐྱར་སྤྱན་དྲངས་ནས། སེར་སྐྱའི་ནྱ་གྲོ་དྷའི་གཙུག་ལག་ཁང་བྱས་ཏེ་དེར་བཞུགས། ཤཱཀྱ་མང་པོ་བདེན་པ་བཀོད་དོ། དེ་བཞིན་དུ་གཉན་དུ་ཡོད་པ་དང་། ཡངས་པ་ཅན་དང་། རྒྱལ་པོའི་ཁབ་དང་། ཀཽ་ཤམབྷི་དང་གནས་བཅས་དང་། ཆུ་སྲིན་བྱིས་པ་གསོད་པ་ལ་སོགས་པར་བསྟན་པ་རྒྱས་པར་མཛད་ཅིང་། སུམ་ཅུ་རྩ་གསུམ་གནས་སུ་ཡུམ་གྱི་དོན་དུ་དབྱར་གནས་པ་དང་། དེ་ནས་ཡུལ་ཀ་ཤིར་ལྷ་ལས་བབས་པ་ལ་སོགས་(སྟོད་ཆ།༥༤)པ་མཛད་ཅིང་། ཆོ་འཕྲུལ་ཆེན་པོ་ནི། ཆོས་འཁོར་བསྐོར་བའི་མཛད་པ་ལས་ཟུར་དུ་མི་བགྲངས་མོད། འོན་ཀྱང་གྲགས་ཅེ་པྱིར་ཅུང་ཟད་བཤད་ན། དེ་ཡང་ཐེག་དམན་གྱི་ལུགས་ལ་ཉིན་གཅིག་ཁོ་ན་དང་། ཐེག་ཆེན་ལྟར་ན་བཞག་བཅོ་ལྔར་བཞེད་དེ། འདིར་ཐེག་ཆེན་ལྟར་མདོ་མཛངས་བླུན་ནས་བྱུང་བ་ཅུང་ཟད་བསྡུས་ཏེ་འཆད་པར་བྱ་སྟེ། དེའི་ཚེ་སྐྱེ་བོའི་ཚོགས་རྣམས་དཀོན་མཆོག་གསུམ་ལ་དད་དེ་སྟོན་པ་དྲུག་ལ་བསྙེན་བཀུ་རམི་བགྱིད་པས། དེ་རྣམས་སེམས་འཁྲུགས་ཏེ་དབེན་པའི་ས་ཕྱོགས་སུ་རྟོག་པ་ལ་ཞུགས་སོ། དེའི་ཚེ་བདུན་སྡིག་ཅན་གྱིས་སྟོན་པ་དྲུག་བསླུས་པས་སྟོན་པ་དྲུག་སོ་སོ་ནས་འདི་སྙམ་དུ་བདག་གཅིག་པུ་མ་མགཏོགས་འདི་དག་ཐམས་ཅད་ནི་རྫུ་འཕྲུལ་ཆེ་འོ་སྙམ་སྟེ། སྔོན་ཡོན་སྦྱོར་རྣམས་ཀྱིས་བདག་ཅག་མཆོད་པར་བྦྷེད་ན། ད་ནི་གཽ་ཏ་མ་ལ་མཆོད་པར་བྱས་པས། ཅི་ནས་ཀྱང་གཽ་ར་མ་ལ་དང་རྫུ་འཕྲུལ་འགྲན་ཏེ། དེས་རྫུ་འཕྲུལ་གཅིག་སྟོན་ན་བདག་ཅག་གིས་གཉིས་སྟོན་ནོ་ཞེས་ང་རྒྱལ་གྱིས་བགྲོས་ནས། རྒྱལ་པོ་གཟུགས་ཅན་་གཟུགས་ཅན་སྙིང་པོའི་དྲུང་དུ་ཕྱིན་ཏེ་ཞུས་པས་མ་གནང་བས། རྒྱལ་པོ་འདི་ནི་གཽ་ཏ་མའི་ཕྱོགས་བྱེད་ཀྱིས། རྒྱལ་པོ་གསལ་རྒྱལ་དེ་གཟུ་བོ་ཞིག་ཡོད་ཅེས་གྲགས་ཀྱི། དེའི་གན་དུ་འགྲོའོ། ཞེས་དེ་རྣམས་གཉན་ཡོད་དུ་ཕྱིན་ནས་རྒྱལ་པོ་གསལ་རྒྱལ་ལ་དོན་དེ་སྨྲས་པས། གསལ་རྒྱལ་གྱིས་དེ་ལྟ་ན་བཅོམ་ལྡན་འདས་ལ་ཞུའོ། དེ་ནས་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་གསོལ་པས། རྒྱལ་པོ་ཆེན་པོ་ཞག་བདུན་ན་དེ་བཞིན་བྱ་ཡི་འདུན་ཁང་བརྩིགས་ཤིག །དེ་ནས་རྒྱལ་པོས་སྟོན་པ་དྲུག་ལ་དོན་དེ་སྨྲས་པ་དང་། དེ་ནས་བགྲོས་པ་གཽ་ཏ་མ་འབྲོས་པའམ་(སྟོད་ཆ།༥༥)གྲོགས་ཚོལ་པ་གཉིས་ལས་གདོན་མི་ཟ་བས་བྲོས་ན་ནི་དེར་ཟད། གྲོགས་ཚོལ་པར་གྱུར་ན། བདག་ཅག་གིས་ཀྱང་གྲོགས་བཙལ་ལོ་ཞེས། རྒྱལ་པོའི་ཁབ་ཀྱི་ཀུན་ཏུ་རྒྱུ་རབ་བཟང་ལ་སྨྲས་པས། དེས་བཟློག་ཀྱང་མ་ཉན་པར། གངས་རིའི་སུལ་ན་གནས་པའི་དྲང་སྲོང་ལྔ་བརྒྱ་ལ་ཚུལ་དེ་སྨྲས་པ་དང་། དེ་རྣམས་ཀྱིས་ཁས་བླངས་ཏེ་འོང་རན་པའི་ཚེ་མཚན་མ་སྟོན་ཅིག་ཅེས་སྨྲས་སོ། དེའི་ཚེ་བློན་པོས་དབྱེན་བྱས་པས་རྒྱལ་པོ་གསལ་རྒྱལ་གྱི་སེམས་དབྱེན་གྱི་གཅུང་ནག་པོའི་ཡན་ལག་བཅད་དེ་སྲང་དུ་དོར་ཏེ་བོར་བ། དེའི་གཉེན་བཤེས་རྣམས་ཀྱིས་སྟོན་པ་དྲུག་ལ་གསོ་བར་བསྐུལ་ཡང་སྤོབས་པ་མེད་པ་དང་། ཀུན་དགའ་བོས་བདེན་ཚིག་བརྗོད་པས་གསོས་ཏེ། ནག་པོའི་ཡན་ལག་སྔ་མཁོ་བཞིན་དུ་སོས་པས་སྐྱེ་བོའི་ཚོགས་རྣམས་ཀྱིས་ཀུན་དགའ་བོས་མུ་སྟེགས་ཕམ་པར་བྱས་སོ་ཞེས་བསྒྲགས་སོ། རྒྱལ་པོ་གསལ་རྒྱལ་གྱིས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་ལྷ་རྣམས་ཀྱི་དགའ་བའི་ཚལ་ལྟ་བུ་བཤམས་སོ། མུ་སྟེགས་ཅན་གྱི་དགེ་བསྙེན་རྣམས་ཀྱིས་ཀྱང་རང་གི་འབྱོར་པ་དང་མཐུན་པའི་འདུན་ཁང་དྲུག་དང་སྟན་དྲུག་ཀྱང་བཤམས་པ་ལ་སྟོན་པ་དྲུག་སྔར་འོངས་ཏེ་འདུག །གཽ་ཏ་མ་དགུག་ཏུ་གསོལ། དེ་ནས་རྒྱལ་པོས་བཅོམ་ལྡན་འདས་སྤྱན་འདྲེན་པར་བྲམ་ཟེའི་ཁྱེའུ་བླ་མ་བཏང་བས། བཅོམ་ལྡན་འདས་ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་དུ་གཤེགས་སོ། དེ་ནས་དུམ་བུའི་ཀུན་དགའ་ར་བ་པ་སྟེ་ནག་པོས་རྫུ་འཕྲུལ་གྱིས་རི་སྤོས་ངད་ལྡན་ལས་ཤིང་ཨཱ་མྲའི་སྡོང་པོ་བྱའི་ཚིགས་སྐད་འབྱིན་པས་བརྒྱན་པ་ཞིག་བླངས་ནས་(སྟོད་ཆ།༥༦)འདུན་ཁང་གི་བྱང་ཕྱོགས་སུ་བཞག་ཅིང་། ཁྱིམ་བདག་ངན་པ་བཟང་སྦྱིན་གྱི་རྫུ་འཕྲུལ་གྱིས་ལྷའི་དཔག་བསམ་གྱི་ཤིང་བླངས་ནས། ལྷོ་ཕྱོགས་ངོས་སུ་བཞག་པ་དང་། དེ་དག་གི་ཚེ་ན་རྒྱལ་པོས་སྟོན་པ་དྲུག་ལ་སྨྲས་པ། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་བསྟན་ཟིན་ན་ད་ཁྱེད་ཀྱིས་སྟོན་ཅིག སྨྲས་པ། ལྷ་ཆོ་འཕྲུལ་འདི་སུའི་ཡིན་པ་སུས་འཙལ། ཞེས་སྤྱི་བརྟོལ་སྨྲ་བར་བྱེད་དོ། བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་ནས་སྒོ་འཕར་གྱི་གསེབ་ནས་མེ་ལྕེ་ལྟ་བུའི་འོད་ཟེར་ཕྱུང་བས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་ཐམས་ཅད་བསྲེགས་པ་དང་། སྟོན་པ་དྲུག་དང་དེའི་སློབ་མ་རྣམས་ནི་རབ་ཏུ་དགའ་བར་གྱུར་ཏོ། དེ་ནས་སངས་རྒྱས་ཀྱི་མཐུས་མེ་དེས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་གི་དྲི་མ་ཐམས་ཅད་བསྲེགས་ནས་འདུན་ཁང་སྔར་ལས་ཀྱང་མཛེས་པར་གྱུར་པ་དང་། རྒྱལ་པོ་དང་འཁོར་རྣམས་དགའོ། དེ་ནས་ཚེས་གཅིག་ལ་རྒྱལ་པོ་གསལ་རྒྱལ་གྱིས་ཐོག་མར་མཆོད་པའི་ཡོ་བྱད་དང་ཞལ་ཟས་བཤམས་ཏེ་བསྙེན་བཀུར་བ་ན། བཅོམ་ལྡན་འདས་ཀྱིས་ཚེམས་ཤིང་ས་ལ་བཙུགས་མ་ཐག་ཏུ་སྐྱེས་ནས་རིན་པོ་ཆེ་སྣ་བདུན་གྱི་ལྗོན་པ་ཆུ་ཞེང་དཔག་ཚད་ལྔ་བརྒྱ་པ་མེ་ཏོག་ཤིང་རྟའི་འཕོང་ལོ་ཙམ་པ་འབྲས་བྲེ་ལྔ་པའི་བུམ་པ་ཙམ་གྱི་འབྲས་བུ་ཅན་དྲི་བསུང་དང་ལྡན་པ་ཆོས་ཀྱི་སྒྲ་འབྱུང་བ་ཉི་འོད་ཟིལ་གྱིས་གནོན་པ་ཞིག་སྤྲུལ་ཏོ། འདི་ནས་བརྩམས་ཏེ་ཟླ་བ་ཕྱེད་ཀྱི་བར་དུ་ཉིན་རེ་བཞིན་ཆོ་འཕྲུལ་རེ་མཐོང་བ་ཙམ་གྱིས་དད་པར་གྱུར་བའི་སྐྱེ་བོའི་ཚོགས་གྲངས་མེད་པ་ལ་ཆོས་བསྟན་པས་ལམ་གསུམ་ལ་སོ་སོར་ངེས་པར་མཛད་དོ། ཚེས་གཉིས་ལ་རྒྱལ་པོ་ཤར་པས་བསྙེན་བཀུར་བ་ན། བཅོམ་ལྡན་འདས་ཀྱི་སྐུའི་གཡས་གཡོན་དུ་(སྟོད་ཆ།༥༧)རིན་པོ་ཆེའི་རི་གཉིས་ཤིན་ཏུ་མཐོ་བ་མཛེས་པ་ཁ་དོག་ལྔར་འཚེར་བ། མེ་ཏོག་དང་འབྲས་བུ་རབ་ཏུ་རྒྱས་པའི་ཤིང་སྣ་ཚོགས་སྐྱེས་པ་གཡས་ཀྱི་རི་ལ་འབྲས་རོ་བརྒྱ་དང་ལྡན་པ་སྐྱེས་པ་ལ་མི་རྣམས་ལོངས་སྤྱོད་ཅིང་། གཡོན་གྱི་རི་ལ་རྩྭ་མངར་བ་སྐྱེས་པ་ལ་དུད་འགྲོའི་ཚོགས་ཟ་ཞིང་ཚིམ་པར་གྱུར་ཏོ། ཚེས་གསུམ་ལ་རྒྱལ་པོ་ཤུ་ཉྩིནྟ་ལས་བསྙེན་བཀུར་བ་ན། བཅོམ་ལྡན་འདས་ཀྱི་ཞལ་བསིལ་བའི་ཆུ་ས་ལ་བོར་བ་རིན་པོ་ཆེའི་རྫིང་བུ་དཔག་ཚད་ཉིས་བརྒྱས་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་ཤིང་པདྨ་ཁ་དོག་སྣ་ཚོགས་པས་གང་བ། དེ་དག་གི་ཁ་དོག་དང་རྗེས་སུ་མཐུན་པའི་འོད་ཟེར་གྱིས་གནམ་ས་ཀུན་སྣང་བར་བྱས་པས་འཁོར་ཏམས་ཅད་ཀྱིས་རྫིག་དེ་ལ་ལྟ་ཞིང་བསྟོད་དོ། ཚེས་བཞི་ལ་རྒྱལ་པོ་ཨིནྚ་ཝ་རྨིས་བསྙེན་བཀུར་བ་ན་རིན་པོ་ཆེའི་རྫིག་དེའི་ངོས་བཞི་ན་ཡུར་བ་ཆེན་པོ་བརྒྱད་བརྒྱད་ལ་ཆུ་འབབ་པ་ལས་ཆོས་ཀྱི་སྒྲ་འབྱུང་བ་ཕྱིར་ཡང་འཁོར་ཞིང་སྙིང་ཉིད་དུའབབ་པ་སྤྲུལ་ཏོ། ཚེས་ལྔ་ལ་རྒྱལ་པོ་ཚངས་བྱིན་གྱིས་བསྙེན་བཀུར་བ་ན། བཅོམ་ལྡན་འདས་ཀྱི་ཞལ་ནས་གསེར་གྱི་འདོ་བཀྱེ་བས་སྟོང་ཆེན་སྣང་བར་བྱས་ཏེ། འོད་དེ་རེག་པའི་སེམས་ཅན་ཀུན་སྡུག་བསྔལ་གསུམ་དང་སྒྲིབབ་པ་ལྔ་དང་བྲལ་ནས་ལུས་དང་སེམས་རབ་ཏུ་བདེ་བར་གྱུར་ཏོ། ཚེས་དྲུག་ལ་ལིཙྪ་བི་རྣམས་ཀྱིས་བསྙེན་བཀུར་བ་ན་བཅོམལྡན་འདས་ཀྱིས་འཁོར་མང་པོ་དག་གཅིག་གིས་གཅིག་ཤེས་པ་དང་སོ་སོའི་ལས་དགེ་བ་དང་མི་དགེ་བའི་ལས་ཀྱང་རྟོགས་པར་མཛད་པས་ཐམས་ཅད་དགའ་སྟེ་བསྟོད་དོ། ཚེས་བདུན་ལ་ཤཱཀྱ་རྣམས་ཀྱིས་བསྙེན་བཀུར་བ་ན་འཁོར་དེ་དག་སོ་སོར་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏེ་རིན་པོ་ཆེ་སྣ་བདུན་དང་བུ་སྟོང་དང་ལྡན་རྒྱལ་ཕྲན་དང་(སྟོད་ཆ།༥༨)བློན་པོ་རྣམས་ཀྱིས་བསྟི་སྟང་བྱེད་པར་མཐོང་བས་སྤྲོ་བ་སྐྱེས་སོ། ཚེས་བརྒྱད་ལ་བརྒྱ་བྱིན་གྱིས་སྤྱན་དྲངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས། གཡས་པ་དྲི་གཙང་ཁང་གི་ནག་དུ་བསྣུན་མ་ཐག་ས་གཡོས་པས་སྟོན་པ་དྲུག་གིས་གྲོགས་སུ་ཤོག་ཅིག་བྱས་པས་དྲང་སྲོང་ལྔ་བརྒྱ་པོས་བརྡ་བྱས་པར་གོ་ནས་དེར་དེ་འོང་བ་དང་། སྐུ་ལས་འོད་ཟེར་བཀྱེ་བས་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཉི་མ་ལྟར་མཛེས་པ་མཏོག་ནས་དད་པས་རབ་ཏུ་བྱུང་ནས་དགྲ་བཅོམ་སྟེ། བཅོམ་ལྡན་འདས་དགྲ་བཅོམ་པ་དེ་ལྔ་བརྒྱ་དང་ལྷན་ཅིག་ཆོ་འཕྲུལ་ཆེན་པོའི་འདུན་ཁང་དུ་བྱོན་ནས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བརྒྱ་བྱིན་གྱིས་བཤམས་པའི་སེང་གེའི་ཁྲི་ལ་བཞུགས་སོ། དེའི་ཚེ་ཁྱིམ་བདག་ངན་པ་བཟང་བྱིན་ཁྱོ་ཤུག་དང་། དགེ་ཚུལ་སྐུལ་བྱེད་དང་། དགེ་ཚུལ་མ་བརྗོྀཾད་མེད་དང་། དགེ་སློང་མ་ཨུཏྤ་ལའི་མདོག་དང་། མཽ་གལ་གྱི་བུ་ཆེན་པོ་རྣམས་ཀྱིས་རེ་རེ་ནས་བདག་གི་རྫུ་འཕྲུལ་གྱིས་མུ་སྟེགས་འདི་རྣམས་ཕམ་པར་བགྱིའོ། ཞུས་པ་ན། བཀའ་སྩལ་པ། མུ་སྟེགས་རྣམས་ང་འབོད་ཀྱི། ཁྱེད་ཅག་མ་ཡིན་པས་སེམས་ལས་ཆུང་ངུར་སྡོད་ཅིག །ང་ཉིད་ཀྱིས་རྫུ་འཕྲུལ་བསྟན་པར་བྱའོ། དེ་ནས་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པ་ལ་མུ་སྟེགས་ཅན་དང་ལྷན་ཅིག་ཏུ་རྫུ་འཕྲུལ་སྟོན་པར་གསོལ་བ་འདེབས་པ་སུ་ཡིན། རྒྱལ་པོ་ལས་ལངས་ཏེ་ཐལ་མོ་སྦྱར་ནས། བདག་ལགས་སོ་བཅོམ་ལྡན་འདས་ཅི་ནས་ཀྱང་རྫུ་འཕྲུལ་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་གདན་ལས་མི་སྣང་བར་གྱུར་ནས། ཕྱོགས་བཞི་ཆར་གཤེགས་པ་དང་། བཞེས་པ་དང་། བཞུགས་པ་དང་། གཟིམས་པའི་སྤྱོད་ལམ་བཞི་མཛད་(སྟོད་ཆ།༥༩)ཅིང་འོད་ཟེར་སྣ་ཚོགས་པ་འབྱིན། སྐུའི་སྨད་ནས་མེ་འབར་སྟོད་ནས་ཆུའི་རྒྱུན་འབེབས་པ་དང་། གཽ་ཟློ་པ་དག་ཀྱང་མཛད་དེ། འདི་ནི་ཉན་ཐོས་དང་ཐུན་མོང་བའི་ཆོ་འཕྲུལ་ཡིན་ནོ། །ཞེས་གསུངས་ནས། སེང་གེའི་ཁྲི་ལ་བཞུགས་པ་ལ། ཚངས་པ་དང་བརྒྱ་བྱིན་གྱིས་གཡས་གཡོན་ནས་མཆོད་དེ་བསྙེན་བཀུར་རོ། །ཡང་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་ལ་ཆོ་འཕྲུལ་བསྟན་པར་གསོལ་བ་འདེབས་པ་སུ་ཡིན། གསལ་རྒྱལ་གྱིས་ཀྱང་བདག་ལགས་སོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ས་ལ་རེག་པས་ཀླུ་རྣམས་ཀྱིས་པདྨ་ཤིག་རྟའི་འཕང་ལོ་ཙམ་གསེར་གྱི་འདབ་མ་སྟོང་དང་ལྡན་རྡོ་རྗེའི་ཟེ་བ་ཅན་པུལ་བ་ས་བརྟོལ་ནས་ཕྱུང་བ་དང་། བཅོམ་ལྡན་འདས་པདྨ་དེའི་སྙིང་པོ་ལ་བཞུགས་སོ། དེ་བཞིན་དུ་པདྨ་དེ་འདྲ་བ་རབ་ཏུ་མང་པོ་བྱུང་བ་རེ་རེ་ལ་སྤྲུལ་པའི་སངས་རྒྱས་མང་པོ་བཞུགས་པས་འོག་མིན་གྱི་བར་དུ་གང་ཞིང་སགས་རྒྱས་དེ་དག་ཁ་ཅིག་ནི་འབར། དེ་བཞིན་དུ་གསལ་བ། ཆར་འབེབས་པ། གློག་འབྱིན་པ། ལུང་སྟོན་པ། ཞུ་བ་ཞུ་བ། ལན་འདེབས་པ་དང་། སྤྱོད་ལམ་རྣམ་པ་བཞི་རྣམས་མཛད་དེ། ཇི་ཏར་བྱིས་པ་རྣམས་ཀྱིས་ཀྱང་སྒྲིབ་པ་མེད་པར་སངས་རྒྱས་ཀྱི་སྐུ་མཐོང་བ་དེ་ལྟར་བྱིན་གྱིས་བརླབས་སོ། ཡུལ་སོ་སོ་ནས་ལྷག་པའི་རྒྱལ་པོ་འཁོར་དང་བཅས་པ་དང་། ལྷ་དང་མི་འབུམ་པྲག་དུ་མ་ཆོ་འཕྲུལ་ལ་མིག་མི་འཛུམ་པར་ལྟ་ཞིང་རྒྱུན་མི་ཆད་པར་ཕྱག་འཚལ། དགའ་བ་སྐྱེས་ནས་མེ་ཏོག་དང་སྤོས་ཀྱི་ཡེ་མ་དག་གིས་གཏོར་རོ། སྤྲུལ་པའི་སངས་རྒྱས་རྣམས་ཀྱིས་ཅིག་ཅར་དུ། ཇི་སྲིད་ཉི་མ་མ་ཤར་བར། དེ་སྲིད་སྲིན་བུ་མེ་ཁྱེར་གསལ། མཁའ་ལ་ཉི་མ་ཤར་བ་(སྟོད་ཆ།༦༠)ན། མོག་མོག་པོར་འགྱུར་གསལ་མི་འགྱུར། ཇི་སྲིད་དེ་བཞིན་གཤེགས་མ་བྱུང་། རྟོག་གེ་བ་རྣམས་སྔོན་གསལ་ཏེ། རྫོགས་པའི་སངས་རྒྱས་འཇིག་རྟེན་སྣང་། རྟོག་གེ་མི་གསལ་དེ་སློབ་མིན། ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་དག་གསུངས་སོ། དེ་ནས་བཅོམལདན་འདས་ཀྱིས་དགེ་སློང་དག་ཆོ་འཕྲུལ་ཆེན་པོ་མི་སྣང་བར་འགྱུར་གྱིས་མཚན་མ་ཟུངས་ཤིག་ཅེས་གསུངས་པའི་མདོ་ལ་མི་སྣང་བར་གྱུར་ཏོ། གསལ་རྒྱལ་གྱིས་སྟོན་པ་དྲུག་ལ་སྨྲས་པ། ཀྱེ་བཅོམ་ལྡན་འདས་ཀྱིས་ནི་ཆོ་འཕྲུལ་བསྟན་ཟིན་གྱིས། ཁྱེད་རྣམས་ཀྱི་རེས་ལ་བབས་པས་སྟོན་ཅིག དེའི་ཚེ་རྫོགས་བྱེད་ཅང་མི་སྨྲ་བར་གནག་ལྷས་ཀྱི་བུ་ལ་གྲུ་སུགས་བྱས་པས། དེས་ཀྱང་ཡང་དག་རྒྱལ་བ་ཅན་ལ། དེས་ཀྱང་མི་ཕམ་པ་ལ། དེས་ཀྱང་ཀཱ་ཏྱའི་བུ་ནོག་ཅན་ལ། དེས་ཀྱང་གཉེན་གྱི་བུ་ལ། དེས་ཀྱང་རྫོགས་བྱེད་ལ་བྱས་སོ། །རྒྱལ་པོས་ལན་གསུམ་གྱི་བར་དུ་སྨྲས་ཀྱང་ཅང་མི་ཟེར་བར་གཅིག་ལ་གཅིག་སྔར་ལྟར་གྲུ་སུགས་བྱེད་ཅིང་ཡུལ་ཡུལ་པོ་དང་ཞུམ་ཞུམ་པོར་གྱུར་ནས་མགོ་སྨད་ཅིང་སྤོབས་པ་མེད་དེ་སེམས་ཁོང་དུ་ཆུད་ནས་འདར་ཞིང་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་གིས་སེང་གེའི་ཁྲི་མནན་པས་དེ་ལས་བ་ལང་གི་སྐད་ལྟ་བུའི་སྒྲ་ཆེན་པོ་གྲགས་མ་ཐག་སྲིན་པོ་ཆེན་པོ་ལྔ་ཞིག་བྱུང་ནས་སྟོན་པ་དྲུག་གི་ཁྲི་བཤིག་གོ །ཕྱག་ན་རྡོ་རྗེས་ནི་རྩེ་ལ་མེ་འབར་བའི་རྡོ་རྗེ་ཐོགས་ནས་སྟོན་པ་དྲུག་གི་མགོར་གཟས་ཤིང་རླུང་དམར་དང་ཆར་དྲག་པོ་བཏང་བས། སྟོན་པ་དྲུག་པོ་སྔངས་ཤིང་འཇིགས་སྐྲག་ནས་བྱེར་ཏེ། གནག་ལྷས་ཀྱི་བུ་ནི་རིའི་གསེབ་ཏུ་ཞུགས། ཡང་དག་རྒྱལ་བ་ཅན་ནི་རྩྭའི་ཚང་ཚིང་དུ། མི་ཕམ་སྐྲའི་ལ་བ་ཅན་ནི་ནགས་(སྟོད་ཆ།༦༡)ཐིབ་པོར། ཀཱ་ཏྱའི་བུ་ནོག་ཅན་ནི་འདུན་ཁང་དུ། གཉེན་གྱི་བུ་ནི་ལྷ་ཁང་དུ་ཞུགས་སོ། འོད་སྲུངས་རྫོགས་བྱེད་ནི་བུམ་པ་བྱེ་མས་གང་བ་མགུལ་ལ་བཏགས་ཏེ་ཆོས་ལོག་པར་བསྟན་ནས་རྫིང་དུ་ལྕེབས་ཏེ་དམྱལ་བ་ཆེན་པོར་སོང་ངོ་། དེ་ནས་འོད་སྲུངས་དང་རུས་མིང་གཅིག་པའི་སློབ་མའི་གཙོ་བོ་ཞིག་ཚབ་ཏུ་བསྐོས་ཏེ། སྟོན་པ་དྲུག་པོ་བྲམ་ཟེའི་གྲོང་དུ་བྲོས་སོ། དེ་དག་གི་འཁོར་དགུ་ཁྲི་དད་ནས་རབ་ཏུ་བྱུང་སྟ་དགྲ་བཅོམ་མོ། དེ་ནས་བཅོམ་ལྡན་འདས་ཀྱི་བ་སྤུའི་ཁུང་བུ་བརྒྱད་ཁྲི་ནས་འོད་བཀྱེ་སྟེ། འོད་རེ་རེ་ལ་པདྨའི་སྟེང་དུ་སྤྲུལ་པའི་སངས་རྒྱས་ཆོས་འཆད་པ་བཞུགས་པར་བསྟན་ཏོ། ཉན་ཐོས་ལུགས་ལ་ཚེས་བརྒྱད་ཀྱི་ཉིན་གཅིག་པོ་འདི་ཉི་ནར་ངེས་བཟུང་བྱེད་དོ། དེ་ནས་ཚེས་དགུ་ལ་ཚངས་པས་བསྙེན་བཀུར་བ་ནས་བཅོམ་ལྡན་འདས་ཀྱི་སྐུ་ཚངས་རིས་ལ་ཐུག་གི་བར་དུ་མཐོ་བ་འོད་ཟེར་གྱིས་གནམ་ས་གསལ་བར་མཛད་དེ་ཆོས་བསྟན་ཏོ། །ཚེས་བཅུ་ལ་རྒྱལ་ཆེན་བཞིས་བསྙེན་བཀུར་བ་ན་སྲིད་པའི་རྩེ་ལ་ཐིག་གི་བར་གྱི་སྐུ་ལས་འོད་ཟེར་འབར་བར་གྱུར་ཏོ། ཚེས་བཅུ་གཅིག་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསྙེན་བཀུར་བ་ན་སྐུ་མི་སྣང་བར་མཛད་ནས་འོད་བཀྱེ་སྟེ་ཆོས་བསྟན་ཏོ། ཚེས་བཅུ་གཉིས་ལ་མྲག་ཤང་ཚལ་པའི་ཁྱིམ་བདག་ནག་པོས་བསྙེན་བཀུར་བ་ན་གསེར་གྱི་འོད་བཀྱེ། དེས་རེག་པའི་སེམས་ཅན་ཀུན་བྱམས་པ་ལ་གནས་སོ། ཚེས་བཅུ་གསུམ་ལ་རྒྱལ་པོ་ཤུ་ཉྩི་ནྡ་ལས་སླར་ཡང་བསྙེན་བཀུར་བ་ན་སྟོན་པ་སེང་གེའི་ཁྲི་ལ་བཞུགས་པིའ་སྐུའི་ལྟེ་བ་ནས་འོད་ཟེར་གཉིས་བྱུང་བ། སྐུ་སྟན་ལས་འདོམ་བདུན་ཙམ་དུ་ནམ་མཁའ་ལ་འཕགས་ནས་འོད་ཟེར་གཉིས་པོ་དེའི་སྟེང་ནས་པདྨ་གཉིས་བྱུང་བ་ལ་སྤྲུལ་པའི་སངས་རྒྱས་(སྟོད་ཆ།༦༢)རྒྱས་གཉིས་བྱུང་ཞིང་། དེ་གཉིས་ཀྱི་ལྟེ་བ་ནས་ཀྱང་འོད་ཟེར་གཉིས་གཉིས་བྱུང་སྟེ་ཚུལ་དེ་འདྲ་བས་སྟོང་ཆེན་གང་བར་སྤྲུལ་ཏོ། ཚེས་བཅུ་བཞི་ལ་རྒྱལ་པོ་ཤར་བས་སླར་ཡང་བསྙེན་བཀུར་བ་ན་དེས་མེ་ཏོག་གཏོར་བ་དེ་དག་ཚངས་པའི་འཇིག་རྟེན་ལ་ཐུག་པའི་རིན་པོ་ཆེའི་ཤིང་རྟ་གསེར་ལྟར་འབར་བ་ནོར་བུ་རིན་པོ་ཆེས་སྤྲས་པ་སྟོང་ཉིས་བརྒྱ་ལྔ་བཅུར་གྱུར་ཅིང་། དེ་རེ་རེའི་སྟེང་དུ་སྤྲུལ་པའི་སངས་རྒྱས་རེ་རེ་བཞུགས་ཏེ་འོད་ཀྱིས་སྟོང་གསུམ་མཐོང་བར་མཛད་དོ། ཚེས་བཅོ་ལྔའི་ཉིན་རྒྱལ་པོ་གཟུགས་ཅན་སྙིང་པོས་བསྙེན་བཀུར་བ་ན་སྣོད་ཐམས་ཅད་ཟས་རོ་བརྒྱ་དང་ལྡན་པས་གང་སྟེ་ཆོ་འཕྲུལ་བལྟ་བའི་འཁོར་ཐམས་ཅད་ཚིམ་པ་དང་། བཅོམ་ལྡན་འདས་ཀྱི་པྱག་ས་ལ་རེག་པས་དམྱལ་ཁམས་བཅོ་བརྒྱད་ཀྱི་སེམས་ཅན་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་འཁོར་རྣམས་ཀྱིས་མཐོང་ཞིག་ཐོས་པས་སྐྲག་ཅིང་སྙིང་རྗེ་སྐྱེས་ལ། དམྱལ་བ་རྣམས་ཀྱི་ཀྱང་སངས་རྒྱས་མཐོང་ཞིང་ཆོས་ཐོས་མ་ཐག་མཐོ་རིས་སུ་སྐྱེས་སོ། ཞེས་འབྱུང་སྟེ་གཞན་ཡང་མཛད་པ་མཐའ་ཡས་པས་གདུལ་བར་འོས་པ་ཐམས་ཅད་ལུས་པ་མེད་པར་བཏུལ་ནས་འགྲོ་དོན་ལ་སྦྱོད་པར་མཛད་དེ་བྱང་ཕྱོགས་ཀྱི་བརྒྱུད་བཏུལ་བ་ཁོ་ན་ཡང་ལོ་བརྒྱར་འགྲོ་བའི་དོན་སྦྱོད་མི་ནུས་པ་དག་ཕྱག་ན་རྡོ་རྗེ་དང་ལྷན་ཅིག་ཏུ་གཤེགས་ཏེ་ཐུན་ཚོད་གཅིག་ལ་གྲུབ་པར་མཛད་པ་སོགས་ཤིན་ཏུ་མཐའ་ཡས་དོ། དེ་དག་ཀྱང་ལུང་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། ས་དཀར་ཅན་དང་ལྷ་ཡི་གནས། བྱིས་པ་གསོད་དང་ཀཽ་ཤམྦཱི། འབྲོག་དང་མཆོད་རྟེན་རི་དང་ནི། འོད་མའི་གྲོང་དང་སྒྲར་བཅས་དང། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་སྟེ། འདི་རྣམས་སུ་ནི་(སྟོད་ཆ།༦༣)ཐུབ་པ་ཡི། སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། ཉི་ཤུ་རྩ་གསུམ་གཉན་ཡོད་དུ། སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། དཀའ་བ་སྤྱད་པ་ལོ་དྲུག་སྟེ། ཉི་ཤུ་རྩ་དགུ་ཁབ་གནས་སུ། རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། ཐུབ་མཆོག་དམ་པ་མྱ་ངན་འདས། ཞེས་འབྱུང་སྟེ། ཐུན་མོང་གི་གདུལ་བྱར་གྱུར་པ་རྣམས་ཀྱི་སྣང་ངོར་རེ་ཞིག་མཛད་པ་རྫོགས་པའི་ཚུལ་བསྟན་པའི་བར་དག་ཏུ་དེ་ལྟར་སྣང་ངོ་། དེ་ལྟ་བུར་ཐེག་པ་གསུམ་དག་བཅས་པའི་ཆོས་ཀྱི་ཚུལ་རྒྱ་མཚོ་ཚད་མེད་པ་དང་། ཕྲིན་ལས་བསམ་མི་ཁྱབ་པའི་རོལ་པ་མཐའ་ཡས་པས། མཐོང་ཐོས་དྲན་རེག་ཡན་ཆོད་ཀྱི་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་ལ་དངོས་དང་བརྒྱུད་ནས་འཇོག་པར་འགྱུར་བའི་དགེ་བའི་ས་བོན་གྲུང་མོ་དག་བཏབ་ནས། གདུལ་བར་བྱ་བའི་སྐྱེ་དགུ་ལ་ལ་ནི་ལྷ་དང་མིའི་བདེ་བ་ལ་བཀོད། ལ་ལ་ནི་ཏེག་པ་གསུམ་གྱི་ལམ་དང་ལམ་གྱི་འབྲས་བུ་ལ་བཀོད་དེ། ཐབས་ལ་མཁས་པ་དང་ཐུགས་རྗེ་ཚད་མེད་པས་ལེགས་པར་བཏུལ་ནས་གྲོང་ཁྱེར་རྩྭ་ཅན་དུ་ཐ་མའི་མཛད་པ་ལ་ལྟེ་བར་དགོངས་པ་མཛད་དོ། དེའི་ཚེ་དཔལ་གྱི་མགུལ་ནས་སྦྲིན་པ་ཞིག་བྱུང་བ་སྐྱེ་དགུའི་བདག་མོ་ཐོས་ནས། སངས་རྒྱས་བསྐལ་པ་གྲངས་མེད་པ་གསུམ་དུ་བཞུགས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། དེ་ས་བླ་བས་ཐོས་པ་ནས་འོག་མིན་གྱི་བར་དུ་སྐད་ཅིག་ལ་ཐོས་ནས་དེ་བཞིན་དུ་སྨོན་ལམ་བཏབ་པས། དེ་བཞིན་གཤེགས་པས་སྐྱེ་དགུའི་བདག་མོ་ལ་ཁྱོད་ཀྱིས་མ་ལེགས་པ་བྱས། བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག་མི་ཟེར་བར། སྐྱེས་བུ་ལེ་ལོ་ཅན་མང་པོའི་ཆོས་བསྒྲུབ་(སྟོད་ཆ།༦༤)པའི་གེགས་སུ་གྱུར་གསུངས་པས། དེའི་བཟོད་གསོལ་དུ་སྐྱེ་དགུའི་བདག་མོ་དགྲ་བཅོམ་མ་ལྔ་བརྒྱ་དང་བཅས་པ་མྱ་ངན་ལས་འདས་སོ། དེའི་ཚེ་ཤཱ་རིའི་བུ་དང་། མཽངྒ་ལ་གྱི་བུས་དམྱལ་བའི་གནས་བལྟར་བྱོན་པས། དེ་ན་མུ་སྟེགས་བྱེད་ཀྱི་སློབ་དཔོན་དང་མཁན་པོ་རྣམས་སྐྱེས་པ་ཀུན་གྱིས་རང་རེའི་ཆོས་དེ་ལོག་ནས་འདུག་པས། སངས་རྒྱས་པའི་ཆོས་ལ་ཞུགས་ཤིག་ཅེས་པའི་འཕྲིན་པ་བརྫངས་པ་ཁྱེར་ནས་མིའི་ཡུལ་དུ་བྱོན་དུས། ལམ་དུ་ཀུན་ཏུ་རྒྱུ་དག་དང་འཕྲད་ནས་དེ་དག་གི་ཤཱ་རིའི་བུ་ལ་དགེ་སྦྱོང་སུ་ལ་ཡོད་དྲིས་པའི་ལན་དུ། དགེ་སྦྱོང་ཤཱཀྱའི་ནང་ན་ཡོད། ཀུན་ཏུ་རྒྱུ་ལ་དགེ་སྦྱོང་མེད། ཁྱེད་རང་གི་མཁན་པོ་དང་སློབ་དཔོན་ཡང་མནར་མེད་པའི་དམྱལ་བ་སྐྱེས་འདུག་སྟེ་ཀུན་འདི་སྐད་ཟེར་རེ་ཞེས་སྔར་གྱི་འཕྲིན་བཤད་ཀྱང་ཤ་འཁོན་མེད་པས་མ་ཐོས། ཕྱི་ལ་མཽངྒ་ལ་གྱི་བུ་འོངས་པ་ལ་དྲིས་པས་སྔར་གྱི་ལྟར་བརྗོད་དུས། འདི་དག་འུ་ཅག་ལ་སྨྲ་བར་མ་ཟད་མཁན་པོ་དང་སློབ་དཔོན་ལ་ཡང་སྨྲ་བར་བྱེད་པས་ཆོམས་ཤིག་ཅེས་དབྱུག་པས་སྐུ་ལུས་འདམ་བུ་བཅོམས་པ་ལྟར་བརྡུངས་སོ། དེ་ནས་ཤཱ་རིའི་བུས་ཆོས་གོས་ཀྱི་གྲྭར་གཏུམས་ཏེ་ཁུར་ནས་གྲོང་ཤིང་ཐག་ཅན་དུ་བསྐྱལ་ཏེ། མི་འཚོ་བར་ཤེས་ནས་གྲོགས་པོ་འཆི་བ་ཐོས་པར་ཡང་མི་བྱ་ན་མཏོང་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཤཱ་རིའི་བུ་ནཱ་ལནྡྲ་ར་སོང་ནས་དེའི་སྔ་དྲོར་དགྲ་བཅོམ་པ་བཞི་སྟོང་དང་བཅས་པ་མྱ་ངན་ལས་འདས་སོ། དེའི་ཕྱི་དྲོར་མཽངྒ་ལ་གྱི་བུ་དགྲ་བཅོམ་པ་བཞི་སྟོང་དང་བཅས་པ་མྱ་ངན་ལས་འདས་སོ། གཞན་ཡང་དགྲ་བཅོམ་པ་མང་པོ་བུད་ཤིང་ཟད་པའི་མེ་ལྟར་མྱ་ངན་ལས་འདས་སོ། ཀུན་དགའ་བོ་ལ་བཀའ་སྩལ་པ། གང་རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་པ་(སྟོད་ཆ།༦༥)བསྐལ་པར་ཡང་འདུག་ན་དེ་བཞིན་གཤེགས་པ་ཡང་བཞེད་ན་བསྐལ་པའི་བར་དུ་ཡང་བཞུགས་སོ་ཞེས་ལན་གསུམ་གྱི་བར་དུ་གསུངས་ཀྱང་། ཀུན་དགའ་བོ་བདུད་ཀྱིས་ཁེབས་པས་ཅང་མི་ཞུའོ། དེའི་ཚེ་བདུད་སྡིག་ཅན་གྱིས་མྱ་ངན་འདའ་བར་གསོལ་བ་དང་། འགར་བའི་བུ་ཙུནྡས་མྱ་ངན་ལས་མི་འདའ་བར་གསོལ་བཏབ་པས། དེ་གཉིས་ཀ་དགའ་པའི་ཕྱིར་ཟླ་བ་གསུམ་ན་མྱ་ངན་ལས་འདའ་བར་ལུང་བསྟན་ཏོ། དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་ཚེའི་འདུ་བྱེད་ནི་སྤངས། འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས་ཏེ་བཞུགས་སོ། དེའི་ཚེ་ཀུན་དགའ་བོས་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་ཀྱང་། དེ་བཞིན་གཤེགས་པ་གཉིས་སུ་མི་གསུངས་པས་མི་གནང་ངོ་། དེ་ནས་རིམ་གྱིས་ལྗོངས་རྒྱུ་ཞིང་གཤེགས་ཏེ། ལོངས་སྤྱོད་ཀྱི་གྲོང་གི་བྱང་ཤིད་ཤི་པའི་ཚལ་ན་བཞུགས་པའི་ཚེ་ས་གཡོ་བ་སོགས་ལྟས་རྣམས་བྱུང་བས། དེའི་རྒྱུ་ཞུས་པས་ང་མྱ་ངན་ལས་འདའ་བའི་ལྟས་ཡིན་གྱིས། དགེ་སློང་དག་དེང་ཕན་ཆད་མདོ་སྡེ་ལ་འཇུག །འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན་ཆོས་ཡིན་གྱི། དེ་ལས་ལྡོག་ན་མ་ཡིན་ནོ། ཞེས་དང་། དགེ་སློང་དག་མདོ་སྡེའི་མཐའི་ལ་བརྟེན་གྱི། གང་ཟག་ལ་བརྟེན་པ་མི་བྱའོ་ཞེས་སོགས་གསུངས་སོ། བཅུ་གཉིས་པ་མྱ་ངན་ལས་འདས་པའི་མཛད་པ་ནི། སྤྱིར་བཅོམ་ལྡན་འདས་ནི་བསྐལ་པ་དཔག་ཏུ་མེད་པར་བདུད་བཞི་ལས་རྣམ་པར་རྒྱལ་བའི་གོ་འཕང་ལ་གནས་པས་མྱ་ངན་ལས་འདའ་བར་མེད་ཀྱང་། གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་རྟག་པར་འཛིན་པ་བཟློག་པའི་ཕྱིར་དང་། ཚུལ་དེས་སེམས་ཅན་མང་པོ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མྱ་ངན་ལས་(སྟོད་ཆ།༦༦)འདའ་བར་སྟོན་པར་མཛད་དོ། དེ་ནས་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་བསྟན་པ་འཁོར་རྣམ་པ་བཞི་དང་བཅས་པ་གནས་བསྟན་འོད་སྲུང ་ཆེན་པོ་ལ་གཏད་དེ། དེ་ནས་ཀྱང་གྲོང་ཁྱེར་རྩྭ་ཅན་དུ་གྱད་ཀྱི་ཡུལ་དང་ལྟ་བ་ཤིག་སཱ་ལ་ཟུང་གི་ཚུལ་དུ་བྱོན་ཏེ་མྱ་ངན་ལས་འདའ་བའི་དགོངས་པ་ཉེ་བར་བཞག་གོ། སྐབས་འདིར་བཅོམ་ལྡན་འདས་སྐུ་དངོས་ཀྱིས་གདུལ་བྱ་མཐའ་མར་གྱུར་པ་དྲི་ཟའི་རྒྱལ་པོ་རབ་དགའ་དང་ཀུན་ཏུ་རྒྱུ་རབ་བཟང་ཡང་བཏུལ་ལོ། དེ་ནས་ཀུན་དགའ་བོས། སྐུ་གདུང་ལ་ཇི་ལྟར་བགྱི་ཞུས་པས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་བྱ་བ་བཞིན་བྱོས་ཤིག་ཅེས་གསུངས་སོ། དགེ་སློང་དག་ཐེ་ཚོམ་ཡོད་པ་དག་དྲིས་ཤིག་དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག །དེ་བཞིན་གཤེགས་པར་ལྟ་བ་ནི་རྙེད་པར་དཀའ་སྟེ་མེ་ཏོག་ཨུ་དུམྦྷཱར་བཞིན་ནོ། དགེ་སློང་དག་ཅང་མ་སྨྲ་ཞིག་དང་། འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ནོ་ཞེས་པ་གསུང་གི་ཐ་མ་ཉིད་སྩལ་ཏོ། གནས་དེ་ཉིད་དུ་སྟན་བདུན་གྱི་ཁྲི་ལ་གློ་གཡས་ཕབ་ནས། སེང་གེའི་སྟབས་ཀྱིས་གཟིམས་སོ། དེ་ནས་བསམ་གཏན་བཞི་དང་གཟུགས་མེད་བཞི་དང་འགོག་སྙོམས་ལུགས་འབྱུང་ལུགས་ལྡོག་ལ་མཉམ་པར་བཞག་ནས། སླར་ཡང་བསམ་གཏན་བཞི་ལ་བཞུགས་ཏེ་རབ་མཐའ་མྱ་ངན་འདས་སོ། དེ་ལྟར། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་རྟག་ཏུ་བཞུགས་མོད་ཀྱི། ཐབས་ཀྱིས་སྒྲོལ་བའི་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པས་གདུལ་བྱར་བྱ་བ་མ་ཐུལ་བ་རྣམས་ཀྱང་འདིས་ཐུལ་ཅིང་(སྟོད་ཆ།༦༧)རྟག་པར་སྟོན་པ་དང་། སྐྱོ་བ་བསྐུལ་བ་དང་། ཆོས་ཀྱི་སྐུ་ལ་སྦྱོར་བ་ལ་སོགས་དོན་བཅུ་ལ་དགོངས་ནས། དཔྱིད་ཟླ་ཐ་ཆུང་ཉའི་གུང་ཐུན་ལ་མྱ་འདས་ལས་འདའ་བའི་ཚུལ་བསྟན་ཏོ། དེ་མ་ཐག་ཏུ་ས་གཡོ་བ་ལ་སོགས་པའི་ལྟས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ནི་འཁྲུགས་པར་གྱུར་ཏོ། བཅོམ་ལྡན་འདས་ཡོངས་སུ་མྱང་ལས་འདས་པ་དང་མཉམ་དུ་དགྲ་བཅོམ་ཁྲི་བརྒྱ་སྟོང་ཡང་མྱ་ངན་ལས་འདས་སོ། དེ་ནས་ཀུན་དགའ་བོ་དག་རྩྭ་ཅན་གྱི་གྱད་རྣམས་ཀྱིས་ཞག་བདུན་བཏེག་སྟེ། གྱད་ཀྱི་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་དྲངས་ནས། སྐུ་གདུང་ཤིང་བལ་དང་། རས་ཟུང་ལྔ་བརྒྱས་གཡོགས་ཏེ་ལྕགས་ཀྱི་སྒྲོམ་བུར་བཅུག་ནས་འབྲུ་མར་གྱིས་བཀང་བ་ཁ་བཀབ་སྟེ་དྲི་ཞིམ་པོའི་ཤིག་སྤག་པ་དག་ལྷན་ཅིག་ཏུ་ཞུགས་ལ་བཞེན་པར་བརྩམས་ཀྱང་མེ་འབར་པར་མ་གྱུར་ཏོ། དེའི་ཚེ་རྒྱལ་པོའི་ཁབ་ནས་གནས་བརྟན་འོད་སྲུངས་ཆེན་པོ་འཁོར་ལྔ་བརྒྱ་དང་བཅས་བྱོན་ནས་སྒྲོམ་གྱི་ཁ་ཕྱེ་ཞིང་དང་རས་བལ་རྣམས་ལེགས་པར་བསལ་ནས་སྐུ་གདུང་མ་ཉམས་པ་ཕྱག་བྱས་ཏེ། སླར་སྔ་མ་ཇི་ལྟ་བ་བཞིན་དུ་བྱས་ནས་བཞག་པ་ན་མེ་རང་འབར་དུ་བྱུང་སྟེ་ཞུགས་བཞེར་པར་གྱུར་ཏོ། དེ་ནས་སྒྲོམ་བུ་ཁ་ཕྱེ་ནས་བལྟ་པས། གདུང་ཡུངས་འབྲུ་ལྟ་བའི་རིང་བསྲེལ་གྱི་ཕུང་པོར་གྱུར་པ་དང་། རས་ཕྱི་མ་དང་ནང་མ་གཉིས་པོ་མ་ཚིག་པར་གནས་པ་དང་བཅས་པ་གྱད་རྣམས་ཀྱིས་གྲོང་ཁྱེར་གྱི་དབུས་སུ་སྤྱན་དྲངས་སོ། དེ་ནས་དགུང་བདུན་ལོན་པ་དང་། ཕྱོགས་ཀྱི་རྒྱལ་པོ་རྣམས་ཀྱིས་ཀྱང་སྐུ་གདུང་རིང་བསྲེལ་གྱི་སྐལ་བ་ལེན་པའི་(སྟོད་ཆ།༦༨)ཕྱིར་དཔུང་ཡན་ལག་བཞི་བགོས་ཏེ་རྩྭ་ཅན་དུ་ཕྱིན་ནས། ངེད་ལ་གདུང་གི་སྐལ་པ་བྱིན་ཅིག མི་སྟེར་ན་དམག་གིས་འཕྲོག་གོ་བྱས་པས། རྩྭ་ཅན་གྱི་གྱད་རྣམས་ཀྱིས་ཀྱང་། དེ་བཞིན་བྱའོ་ཟེར་ནས་གདུང་མ་སྟེར་བས་མཁོན་པར་གྱུར་པའི་ཚེ། སྐབས་དེར་བྲམ་ཟེ་བྲེ་བོ་དང་མཉམ་པ་ཞེས་བྱ་བ་བསོད་ནམས་དང་ལྡན་ཅིང་ཚིག་བཙན་ལ་དགེ་ཞིང་དྲག་ལ་བློ་གྲོས་ཆེ་བ་ཞིག་ཡོད་པ་དེས། ཤེས་ལྡན་དག་ཉོན་ཅིག །བཅོམ་ལྡན་འདས་ནི་ཡུན་རིང་པོ་ནས་བཟོད་པ་དང་ལྡན་ཞིང་བཟོད་པའི་བསྔགས་པ་བརྗོད་པ་ཡིན་ན། དེའི་སྐུ་གདུང་གི་ཕྱིར་རྩོད་པར་མི་རིགས་པས། ངས་གདུང་ཆ་བརྒྱད་དུ་བགོ་བཤའ་བྱ་ཡི། སྣོད་དེ་ཁོ་བོ་ལ་བྱིན་ཅིག་ཅེས་སྨྲས་པས། ཐམས་ཅད་མཁོན་ཞི་ནས་བློ་གྲོས་གཅིག་ཏུ་གྱུར་ནས་ཀུན་གྱིས་ཁས་བླངས་སོ། དེ་ནས་བྲམ་ཟེ་དེས་ཕྱོགས་ཀྱི་རྒྱལ་པོ་རྣམས་ལ་སོ་སོའི་གནས་སུ་སྐུ་གདུང་གི་མཆོད་རྟེན་དག་བརྩིགས་པའི་ཕྱིར་རིང་བསྲེལ་རྣམས་ཆ་བརྒྱད་དུ་བགོས་ཏེ་སོ་སོར་བྱིན་ཏེ། སྐུ་གདུང་ཆ་བརྒྱད་ཀྱི་དང་པོ་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་བྱིན། གཉིས་པ་ཡུལ་སྡིག་པ་ཅན་གྱི་གྱད་ལ་བྱིན། གསུམ་པ་ཡུལ་རྟོགས་པ་གཡོ་བའི་རྒྱལ་རིགས་བུ་ལུ་ཀ་ཆེན་པོ་ལ་བྱིན། བཞི་པ་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་རིགས་ཀྲོ་ཏྱ་པ་ལ་བྱིན། ལྔ་པ་ཁྱབ་འཇུག་གི་གླིང ་གི་བྲམ་ཟེ་ལ་བྱིན། དྲུག་པ་སེར་སྐྱའི་རྒྱལ་རིགས་ཤཱཀྱ་བར་གཏོགས་པ་རི་བྲག་པ་རྣམས་ལ་བྱིན། །བདུན་པ་ཡངས་པ་ཅན་གྱི་ལི་ཙྪ་བའི་རྣམས་ལ་བྱིན། གདུང་བཅུག་པའི་བུམ་པ་བྲམ་ཟེ་བྲེ་བོ་དང་མཉམ་པ་རང་གིས་བགྱིས། གདུང་བསྲེགས་པའི་སོལ་བ་(སྟོད་ཆ།༦༩)རྣམས་བྲམ་ཟེའི་ཁྱེའུ་ནྱ་གྲོ་རྡ་ལ་བྱིན་ཏེ་སོ་སོ་ནས་མཆོད་རྟེན་རེ་རེ་བཞེངས་སོ། དེ་ལྟར་ཡང་ལུང་ལས། སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། བདུན་ནི་འཛམ་བུ་གླིང་པའི་མཆོད་པར་ཐོབ། སྐྱེས་མཆོག་དེ་ཡི་བྲེ་བོ་གང་ཞིག་ནི། གྲོང་ཁྱེང ་སྒྲ་སྒྲོག་ཀླུ་ཡི་རྒྱལ་པོས་མཆོད། སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། སྐྱེས་མཆོད་དེ་ཡི་མཆེ་བ་བཞི་པ་ནི། གྲོང་ཁྱེར་སྒྲ་སྒྲོག་ཀླུ་ཡི་རྒྱལ་པོས་མཅོད། མྱ་ངན་མེད་རྒྱལ་སྐུ་སྣར་བུར་གནས་པས། མཆོད་རྟེན་བདུན་པོ་རྒྱ་ཆེར་སྤེལ་བྱས་ཏེ། དེ་ཡི་མཐུ་ཡིས་དབྱིགས་འཛིན་འདིར་ཡང་ནི། སྨོན་ལམ་དངོས་པོས་མངོན་པར་བརྒྱན་གྱུར་ཏེ། འདི་ལྟར་སྤྱན་ལྡན་སྐུ་གདུང་དེ་ལ་ནི། ལྷ་དབང་ཀླུ་དབང་མི་ཡི་དབང་པོ་དང་། མི་དང་ཀླུ་དག་གནོད་སྦྱིན་བདག་པོ་ཡིས། རབ་ཏུ་བཀུར་ནས་བཀུར་སྟི་མཆོད་པར་བྱས། རབ་མཁྱེན་ཐུགས་རྗེ་ལྡན་པ་སྟོབས་མངའ་བ། ཤཱཀྱའི་རིགས་འཁྲུངས་མ་ག་དྷར་བྱང་ཆུབ། ཀཱ་ཤིར་ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཏེ། གྲོང་ཁྱེར་རྩྭ་ཅན་བརྟེན་ནས་མྱ་ངན་འདས། ཞེས་འབྱུང་ངོ་། དེ་ཡང་སྤྱིར་མྱ་ངན་ལས་འདའ་ཞེས་པ་ནི། ཞེས་འབྱུང་ངོ་། ལུས་ཞིག་ཚེར་བ་བསིལ་བར་གྱུར། འདུ་ཤེས་འགགས་ཤིང་འདུ་བྱེད་ཞི། རྣམ་པར་ཤེས་པ་ནུབ་འགྱུར་བ། གང་ཡིན་དེ་ནི་སྡུག་བསྔལ་མཐའ། ཞེས་ཟེར་ཆོད་ཀྱི་དེ་བཞིན་གཤེགས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འཁོར་བར་མི་གནས་ལ། སྙིང་རྗེ་ཆེན་པོས་(སྟོད་ཆ།༧༠)སེམས་ཅན་རྣམས་ཡོངས་སུ་མི་བཏང་བས་ཞི་བར་མི་གནས་པའི་ཕྱིར་རོ། དེས་ནི་ཉེས་པ་བག་ཆགས་དང་བཅས་སྤངས་པས་སྡུག་བསྔལ་གྱི་ལྷག་མ་མེད་པ། འཁོར་བ་ཇི་སྲིད་བར་སྐུ་དང་ཡེ་ཤེས་ལས་རྒྱུན་མི་འཆད་པས་ལྷག་མ་མེད་པའང་མ་ཡིན་ནོ། དེས་ན་ཉན་ཐོས་རྣམས་ཡང་སྲིད་ལེན་པའི་རྒྱུ་ཟད་ནས་མར་མེ་ཤི་བའམ་བུད་ཤིང་ཟད་པའི་མེ་བཞིན་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདའ་བར་བཞེད་པ་དང་ཁྱད་པར་ཆེ་བའང་ཡིན་ནོ། དེ་ལྟར་སོན་པ་བྱོན་ཚུལ་ཐེག་པ་ཐུན་མོང་བར་གྲགས་པ་ལྟར་ཏེ། སྤྱིར་ཐེག་པ་ཆེ་ཆུང་དང་སྔགས་ཀྱི་ལུགས་དང་ཐེག་མཆོག་རྫོགས་པ་ཆེན་པོའི་ལུགས་སོགས་གང་ཡང་རྒྱལ་བའི་བཀའ་ཡིན་མཉམ་ལས་མ་འདས་མོད། འོན་ཀྱང་དེ་བཞིན་གཤེགས་པའི་མཛད་པ་འགྲོ་བ་ཕལ་པ་ཐམས་ཅད་ཀྱི་མཐུན་སྣང་དུ་གྱུར་པ་ནི་ཐེག་པ་ཐུན་མོང་བའི་ལུགས་ཉིད་གཙོ་ཆེ་ཞིང་གང་ཟག་མཆོག་རྣམས་ཀྱི་ངོར་ནི་ཐེག་པ་ཆེན་པོའི་ཚུལ་དང་གསང་བ་སྔགས་ཀྱི་ཚུལ་རྒྱལ་ཆེ་ཞིང་བསམས་ཀྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། ཀུན་གྱི་ཐུན་མོག་དུ་མ་གྱུར་པའི་གསང་བ་ཅེན་པོའི་རྣམ་པར་ཐར་པ་བླ་ན་མེད་པ་ཡིན་མེད་ཀྱི། དེ་ལྟ་ནའང་ཡོངས་སུ་གྲགས་པ་ཉིད་གཙོ་ཆེ་བའི་དབང་དུ་བྱས་ཤིང་། བསྟན་པའི་གོ་རིམ་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ་སོགས་ཤེས་སླ་བའི་ཕྱིར་ཅུང་ཟད་རྒྱས་པར་བསྙད་པར་བྱས་པ་ཡིན་ནོ། ཐུན་མོང་མ་ཡིན་པའི་ལུགས་ཀྱི་རྣམ་གཞག །གཉིས་པ་ཐུན་མོང་མ་ཡིན་པའི་ལུགས་ཀྱི་རྣམ་གཞག་མདོར་བསྡུས་པ་(སྟོད་ཆ།༧༡)ཙམ་འཆད་པ་ལའང་གཉིས་ཏེ། ཐེག་ཆེན་གྱི་མདོ་རྒྱུད་རྣམས་ནས་གསུངས་པ་ལྟར་དང་། བྱེ་བྲག་འོད་གསལ་རྡོ་རྗེ་སྙིང་པོ་ཐེག་མཆོག་རྫོགས་པ་ཆེན་པོའི་ལུགས་ལྟར་འཆད་པ་དག་གཉིས་ཀྱི། དང་པོ་ནི། ཉན་ཐོས་རྣམས་ཀྱིས་སངས་རྒྱས་ཤཱཀྱ་ཐུབ་ཀྱི་སྐུ་ནི་སངས་རྒྱས་དངོས་དང་། ཐུགས་ནི་ཆོས་ཀྱི་སྐུར་འདོད་ཅིང་། སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱའི་ཞིང་འདི་ལས། ལོངས་སྐུའི་ཞིང་དང་ལོངས་སྐུ་སོགས་སྐུ་གསུམ་གྱི་རྣམ་གཞག་མི་འདོད་ལ། ཐེག་པ་ཆེན་པོའི་མདོ་རྒྱུད་རྣམས་ཀྱང་སངས་རྒྱས་ཀྱིས་གསུངས་པའི་བཀར་མི་འདོད་དོ། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ནས་སྐུ་གསུམ་དང་སྐུ་བཞིའི་རྣམ་གཞག་ཀྱང་མཛད་དེ། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། དེ་བཞིན་གཞན་ཡང་སྤྲུལ་པ་ནི། ཆོས་སྐུ་མཛད་པ་དང་བཅས་པ། རྣམ་པ་བཞི་ནི་ཡང་དག་བརྗོད། ཅེས་སོ། དེ་ལ་ཆོས་ཀྱི་སྐུ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མཐར་ཐུག་པ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་སྟེ་འགྲོ་བ་རྣམས་ལ་བདེ་བར་གཤེགས་པ་དག་གིས་ཕན་པ་བླ་ན་མེད་པ་བསྒྲུབས་པའི་བདག་རྐྱེན་དུ་གྱུར་པ་ཞིག་སྟེ། དེ་ཉིད་ལས། ཐུབ་པ་ཁོ་ནས་མ་འདྲེས་ཆོས། བཅོ་བརྒྱད་བཤད་པ་གང་ཡིན་པ། རྣམ་པ་ཐམས་ཅད་མཁྱེན་ནིད་དང་། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། ཞེས་སོ། ལོངས་སྤྱོད་རྫོགས་པའི་སྐུ་ནི་མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། ཅེས་འབྱུང་བ་ལྟར། བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུའི་(སྟོད་ཆ།༧༢)འབྱོར་པ་མ་ཚང་བ་མེད་པའི་སྐུར་སྣང་ཡང་རང་བཞིན་དང་བྲལ་བས་ཕྱོགས་སུ་མ་ཆད་པའི་ཕྱིར། རྡོ་རྗེ་ཐེག་པར་རྣམ་པ་ཐམས་ཅད་པའི་སྐུ་དང་ཞལ་སོགས་ཀྱི་ཐ་སྙད་མཛད་ཅིང་ཁ་སྦྱོར་ཡན་ལག་བདུན་ལྡན་དུ་གསུངས་པ་དེའོ། ཡན་ལག་བདུན་ནི་ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་དང་འགོགས་པ་མེད། ཅེས་གསུངས་ཏེ། དེ་ལ་བྱང་སེམས་དབྱེར་མེད་ལས་གྲུབ་པའི་སྐུ་མཚན་དཔེས་བརྒྱན་པ་ནི་ལོངས་སྤྱོད་རྫོགས་པའི་ཡན་ལག ལྷན་ཅིག་སྤྱོད་པའི་རིག་མ་དང་སྦྱོར་བའི་རྣམ་པར་གནས་པ་ནི་ཁ་སྦྱོར་གྱི་ཡན་ལག །ཟག་མེད་ཀྱི་བདེ་བ་ཆེན་པོས་རྒྱུད་གང་བ་ནི་བདེ་བ་ཆེན་པོའི་ཡན་ལག །དངོས་པོ་ལ་སོགས་པའི་ངོ་བོ་ཉིད་དུ་མ་གྲུབ་པ་རང་བཞིན་མེད་པའི་ཡན་ལག དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ཁྱབ་པ་ནི་སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག ནམ་མཁའ་ཇི་སྲིད་པར་ཀུན་ཏུ་གནས་པ་ནི་རྒྱུན་མི་ཆད་པའི་ཡན་ལག རྣམ་པ་ཐམས་ཅད་དུ་འདི་ཡི་རིགས་འདྲ་མི་འགོག་པ་ནི་འགོགས་པ་མེད་པའི་ཡན་ལག་སྟེ་བདུན་ནོ། སྤྲུལ་པའི་སྐུ་ནི། བདེ་བར་གཤེགས་པ་ལོངས་སྤྱོད་རྫོགས་སྐུར་མངོན་པར་སངས་རྒྱས་པ་དེ་མ་ཐག་ཏུ་ཉི་མ་དག་འོད་བཞིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱི་རང་གཟུགས་ཞིང་དག་པ་དག་མ་དག་པ་ཅི་རིགས་པ་རྣམས་སུ་སྣང་བ་སྟེ། མཆོག་སྤྲུལ་སྐུ་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་རྣམས་དང་། སྐྱེ་བ་སྤྲུལ་སྐུ་འཕགས་པ་དང་སོ་སོ་སྐྱེ་བོའི་ཚུལ་ལ་སོགས་པ་སེམས་ཅན་དུ་སྟོན་པ་རྣམས་དང་། བཟོ་སྤྲུལ་སྐུ། མཆོད་སྡོང་དང་གཟིངས་དང་ཟམ་པ་ལ་སོགས་བེམ་པོའི་ཚུལ་དུ་སྟོན་པ་རྣམས་ཏེ་(སྟོད་ཆ།༧༣)སྲིད་པ་ཇི་སྲིད་བར་གདུལ་བྱ་དག་མ་དག་སྣ་ཚོགས་ལ་དེ་དང་མཐུན་པའི་སྐུའི་བཀོད་པ་རྣ་ཚོགས་པས་འགྲོ་བའི་དོན་བྱེད་པ་སྟེ། དེ་ཉིད་ལས། གང་གི་སྲིད་པ་ཇི་སྲིད་བར། འགྲོ་ལ་ཕན་པ་སྣ་ཚོགས་དག མཉམ་དུ་མཛད་པའི་སྐུ་དེ་ནི། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། ཅེས་སོ། ངོ་བོ་ཉིད་ཀྱི་སྐུ་ནི། རྟོགས་པ་ཆོས་ཀྱི་སྐུའི་སྟོབས་ཀྱིས་སྟོབས་ཀྱིས་ཐོབ་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཞི་བ་ཆེན་པོ་སྟེ། དེ་ཉིད་ལས། ཐུབ་པའི་གོ་བོ་ཉིད་སྐུ་ནི། ཟག་པ་མེད་པའི་ཆོས་གང་དག །ཞེས་སོ། འདི་ཉིད་རྡོ་རྗེ་ཐེག་པར་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པའི་ཕྱིར་བདེ་བ་ཅེན་དེ་ཉིད་བསྐལ་པ་དཔག་ཏུ་མེད་པའི་དུས་ནས་འོག་མིན་སྟུག་པོ་བཀོད་པར་མངོན་པར་འཇིག་རྟེན་གྱི་ཁམས་རྣམས་སུ་གདུལ་བྱ་འདུལ་བའི་མཛད་པ་སྟོན་པར་བཞེད་དེ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། གང་གིས་དཔལ་ལྡན་སྟུག་པོ་བཀོད་པར་དོན་དམ་རྟོགས་པ་ཉིད། སླར་ཡང་དགའ་ལྡན་སྐྱེ་བོའི་དོན་དུ་དམ་པ་ཏོག་དཀར་གྱུར། དེ་ནས་འདིར་ནི་འགྲོ་བའི་དོན་དུ་ཤཱཀྱའི་ཏོག་གྱུར་པ། འཆི་བ་ལས་རྒྱལ་སྒྱུ་མ་མཐའ་ཡས་སྟོན་དེ་རྒྱལ་གྱུར་ཅིག །ཅེས་སོགས་གསུངས་པ་ལྟར་ཏེ། རྒྱས་པ་གཞན་དུ་ལྟའོ། གཉིས་པ་བྱེ་བྲག་ཐེག་མཆོག་འོད་གསལ་རྡོ་རྗེ་སྙིང་པོའི་ལུགས་ལྟར་མདོར་བསྡུས་ཏེ་ཅུང་ཟད་བརྗོད་ན། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུའང་མ་ཕྱེ་མི་འབྱེད་པ་མེད་པ་ཀུན་གྱི་སྔོན་(སྟོད་ཆ།༧༤)རོལ་དུ། མངའ་དབང་རྫོགས་པའི་སྟོན་པ་ཀུན་དུ་བཟང་པོ་ཉིད་དབྱིངས་རང་བྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་གདོད་མའི་གཞི་ལས་གཞི་སྣང་དུ་ཤར་ཏེ། གཞི་ལས་འཕགས་པའི་སྐད་ཅིག་ལ་རང་སྣང་དུ་ཤེས་པས་རང་བྱུང་གི་ཆོས་གསུམ་གྱིས་ལྷུན་གྲུབ་རིན་པོ་ཆེའི་སྦུབས། གདོད་མའི་ཟད་པ་ཀ་དག་ཆེན་པོ། གཞོན་ནུ་བུམ་པ་སྐུའི་ཞིང་ལ་བཙན་ས་ཟིན་ཏེ། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་ནས་ཆོས་ཀྱི་སྐུའི་རང་བཞིན་དུ་སངས་རྒྱས་ཏེ་ནང་གསལ་དུ་བཞུགས་སོ། དེའི་རྩལ་ལམ་བྱིན་རླབས་ལས་ཡེ་ཤེས་ལྔས་གདུལ་བའི་ཞིང་ཁམས་རང་སྣང་ལྷུན་གྲུབ་སྟུག་པོ་བཀོད་པའི་དཀྱིལ་འཁོར་ནམ་མཁའི་མཐའི་ཀླས་པ་རིགས་ལྔ་སོ་སོ་རང་སྣང་དུ་བཀོད་དེ་གདུལ་བྱའིཡུལ་ལས་འདས་པར་བཞུགས་སོ། དེ་ནས་འགྲོ་བའི་དོན་དུ་ཞིང་ཁམས་རྣམ་པར་བཀོད་པ་ནི། རང་སྣང་ལོངས་སྤྱོད་རྫོགས་པ་སྐུའི་སྣང་ཆ་ལས་རིགས་ལྔའི་རྒྱལ་བ་གང་ཆེན་མཚོའི་ནམ་མཁའི་མཐའ་ཀླས་པར། བཀོད་པ་ཚད་མེད་བསམ་གྱིས་མི་ཁྱབ་པ་སྣང་བར་མཛད་པ་ནི། ནམ་མཁས་གང་དུ་ཁྱབ་པ་དེ་ཙམ་དུ་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་དང་། དེ་དག་ལས་ཤར་བའི་ཞིང་ཁམས་ཀྱིས་ཁྱབ་པར་མཛད་ནས། རྟག་པ་རྒྱུན་གྱི་འཁོར་ལོར་འགྲོ་བའི་དོན་མཛད་པ་ནི། ཐོག་མའི་ཀུན་ཏུ་བཟང་པོ་གཅིག་གི་གདུལ་ཞིང་མཛད་པ་ཡིན་ཏེ། ཐོག་མའི་དུས་འདི་ཙམ་ཞིག་ནས་བྱུང་ངོ་ཞེས་ལོ་དང་བསྐལ་པ་ཞིང་གི་རྡུལ་རྒྱ་མཚོས་དཔག་པར་མི་ནུས་ལ། མཐར་གྱིས་མཛད་པ་འདི་ཙམ་ནས་རྫོགས་སོ་ཞེས་ཕྱི་མའི་མཐའ་གཞལ་བར་མི་ནུས་པས་མི་གཡོ་ལྷུན་གྲུབ་ཆེན་པོའི་ཞིང་ན་(སྟོད་ཆ།༧༥)འཁོར་འདས་ཀུན་གྱི་བླ་མར་ཐོག་མ་མེད་པའི་དུས་སུ་བྱོན་ནས། སྐུ་གསུམ་གྱི་སྣང་བ་ལ་ཞིང་ཁམས་མི་འདྲ་བ་གསུམ་དུ་བཀོད་པ་ནི། ཆོས་ཀྱི་སྐུའི་དུས་ན། འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ཞེས་བྱ། རང་སྣང་ལོངས་སྤྱོད་རྫོགས་པ་སྐུའི་དུས་ན་ཚངས་པ་རྔ་སྒྲའི་ཞིང་ཁམས་ཞེས་བྱ། སྤྲུལ་པ་སྐུའི་དུས་ན་ཚངས་ཆེན་གྱི་བསྐལ་པའམ་ཞིང་ཁམས་ཞེས་བྱའོ། དེ་དག་རྣམས་སུ་གདོད་མའི་མགོན་པོ་ཉིད་ཀྱི་སྤྲུལ་པའི་སངས་རྒྱས་རྒྱ་མཚོ་དུས་གསུམ་དུ་བྱོན་པ་རྣམས་དང་། སེམས་ཅན་ཀྱི་ཁམས་རྒྱ་མཚོ་ཡང་ཡོད་དེ་འབྱུང་བ་བཞི་དང་ནམ་མཁས་ཁྱབ་ཚད་ཐམས་ཅད་ཚངས་ཆེན་གྱི་བསྐལ་པའི་ཁོངས་སུ་འདུའོ། ཞིང་འདིར་རྡོ་རྗེ་འཆང་གིས་ཞི་བ་བརྙེས་པའི་ཚུལ་ལ། ཁ་ཅིག་ཐོག་མའི་མགོན་པོ་ལས། རྒྱུད་ཐ་དད་པའི་སེམས་ཅན་གྱིས་སེམས་བསྐྱེད་པ་ཡིན་ནོ་ཞེས་འདོད་པ་ནི་མི་རིགས་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། དང་པོའི་རྒྱལ་བ་པ་རྒྱལ་བ། སེམས་དཔའ་ཆེ་དང་འཇོམས་པ་ཆེ། ཞེས་པ་དང་། འདི་ནི་སྟོན་པ་རྡོ་རྗེ་འཆང་། སངས་རྒྱས་ཀུན་ལས་སྔར་སངས་རྒྱས། ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། དེས་ན་ཞིང་འདིའི་འགྲོ་བའི་དོན་དུ་ཐོག་མའི་དུས་སུ་ཀུན་ཏུ་བཟང་པོ་ཉིད་ཀྱི་རྣམ་འཕྲུལ་གྱིས་སོ་སོ་སྐྱེ་བོས་སེམས་བསྐྱེད་པ་ལྟར་བསྟན་ནས་སངས་རྒྱས་པའི་ཚུལ་དང་མཛད་པ་ཆེན་པོའི་རོལ་པ་བཀྱེ་བ་ཡིན་ནོ། འདི་ལྟ་བུའི་ཚུལ་ནི་ཐུན་མོང་གི་མདོ་སྡེ་དག་ལས་ཀྱང་གྲགས་ཏེ། ཡབ་སྲས་མཇལ་བ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། ད་དུང་དུ་ཡང་འདྲེན་པ་ཁྱོད། སངས་(སྟོད་ཆ།༧༦)རྒྱས་མང་པོ་སྟེན་པར་མཛད། ཅེས་པ་དང་། ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ཀྱང་། སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང་། མི་འགྲིབ་སྤྱོད་པ་རྒྱ་མཚོ་དུས་ཀུན་སྟོན། བདེར་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ། །ཞེས་གསུངས་པ་བཞིན་ནོ། དེའི་ཕྱིར་ཐོག་མའི་མགོན་པོས་ཞིང་འདི་གདུལ་བར་དགོངས་ནས་རྣམ་པར་འཕྲུལ་བས་སེམས་བསྐྱེད་པའི་ཚུལ་བསྟན་པ་དེ་ཡང་། བསྐལ་པ་བཟང་པོ་འདི་ལ་ལྟོས་ནས། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཞིང་ཁམས་རང་བཞིན་རྣམ་པར་བཀོད་པ་ཞེས་བྱ་བར། སངས་རྒྱས་མེ་ཏོག་མཛེས་པ་ཆེན་པོ་ལ་གསེར་གྱི་རྡོ་རྗེ་ཞིག་ཕུལ་ནས་ཐུགས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། དེ་ནས་སྐྱེ་བ་གཉིས་པ་ལ་བྱང་ཕྱོགས་རླུང་གཡོ་བ་བཀོད་པ་ཞེས་བྱ་བ་ཁྱིམ་བདག་ལེགས་བྱིན་གྱི་སྲས་ནོར་བུའི་ཕྲེང་བ་ཞེས་པ་དང་། དེ་ནས་བདེ་བས་མྱོས་པའི་གླིང་དུ་བྲམ་ཟེ་གློག་གི་འོད་ཅེས་བྱ་བའི་སྲས་བྲམ་ཟེའི་ཁྱེའུ་ལེགས་བྱིན་ཞེས་བྱ་བར་སྐྱེས་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས། ཆོས་སྐུའི་དགོངས་པར་བཞུགས་བཞིན་དུ་ལོངས་སྤྱོད་རྫོགས་སྐུར་བཞེངས་པ་ནི་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའི་རྡོ་རྗེ་འཆང་གི་སྐུར་བྱུང་བ་ནི་ཐུགས་བསྐྱེད་རྡོ་རྗེ་ཕུལ་བ་ལས་བྱུང་སྟེ། དོན་ལ་ཐོག་མའི་མགོན་པོའི་སྒྱུ་འཕྲུལ་ལས་སྔགས་རྒྱུད་ཕལ་ཆེར་གསུངས་པའི་རྡོ་རྗེ་འཆང་དང་སྙིང་ཐིག་གི་སྟོན་པ་ཀུན་ཏུ་བཟང་པོ་དང་། གཞན་དུ་དམ་པ་དང་པོའི་སངས་རྒྱས་དང་། རྡོ་རྗེ་སེམས་དཔའ་སོགས་མཚན་གྱི་རྣམ་གྲངས་ཏེ་དོན་ལ་ཐ་དད་མེད་དོ། དེ་ལས་གཟུགས་ཀྱི་སྐུ་ནི་གཉིས་ཏེ་(སྟོད་ཆ།༧༧)ལོངས་སྐུ་དང་སྤྲུལ་སྐུའོ། དང་པོ་ནི། ཆོས་ཀྱི་སྐུ་ཆེན་པོ་ནང་གསལ་ཆོས་ཉིད་དུ་བཞུགས་པ་དེ་ནིད་མན་ཤེལ་གྱི་ནང་འོད་ཁ་དོག་ལྔ་ཉི་ཟེར་གྱིས་རྐྱེན་གྱིས་གསལ་བ་ལྟར་རང་སྣང་གི་ཡུལ་ལ་ཕྱིར་གསལ་དུ་མཆོད་པའི་ཡེ་ཤེས་ཀྱི་སྣང་ཆ་སྐུ་དང་ཞིང་ཁམས་ཚད་མེད་པ་ལ་ལོངས་སྤྱོད་པའི་གནས་ཡེ་ཤེས་གང་ཆེན་མཚོའི་ཕྱག་གི་མཐིལ་གྱི་པད་སྡོང་ལས་ཞིང་ཀམས་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་སིང་ཞབས་ཀྱི་སྐྱིལ་ཀྲུང་མན་ཆད་སྤོས་ཆུའི་རྒྱུན་འབབ་པ་དག་ཏུ་ཞིང་ཁམས་བཅུ་དྲུག་རེ་ཡོད་པ་དེ་རྣམས་སུ་རིགས་ལྔའི་སངས་རྒྱས་ངེས་པ་ལྔ་ལྡན་གྱི་རང་བཞིན་ཡེ་ཤེས་གག་ཆེན་མཚོའི་ཞིང་དང་སྐུའི་བཀོད་པ་ལོངས་སྐུ་ཆེན་པོའི་མཚན་གཞི་དེ་དག་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་ཞིང་ཡང་མི་འགལ་ཞིང་། སྐུ་གཅིག་ལ་རབ་འབྱམས་རྒྱ་མཚོའི་སྐུ་འདུ་བ་དང་། སྐུ་རེ་རེས་ཀྱང་རབ་འབྱམས་རྒྱ་མཚོར་ཁྱབ་པ་སོགས་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཏེ་ཕལ་པོ་ཆེ་ལས། རྡུལ་གཅིག་སྟེག་ན་རྡུལ་སྙེད་སངས་རྒྱས་དག སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། ཞེས་སོགས་གསུངས་པ་བཞིན་ནོ། ཞིང་དེའི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དེའང་རང་བཞིན་བདུན་གྱི་ཁྱད་པར་དང་ལྡན་པའི་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པ་ཉིད་དོ། དེ་ཡང་གདུལ་བྱའི་དབང་གིས་སྐུ་གསུང་ཐུགས་ཀྱི་མཚན་མ་སྣ་ཚོགས་པར་སྣང་བའི་རྣམ་འགྱུར་གྱི་ཆ་ལས་མཚན་དང་དཔེ་བྱད་དུ་འབར་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལས་ཉིད་ལས་མི་གཞན་པའི་རིགས་ལྔ་ཞི་ཁྲོའི་དཀྱིལ་འཁོར་མཐའ་ཡས་པར་སྣང་བ་དེ་དག་ཀྱང་ཡེ་ཤེས་ཀྱི་རྩ་ལ་འགག་པ་མེད་པས་ཆོས་ཀྱི་དབྱིངས་མཐའ་ཀླས་པར་ཁྱབ་གདལ་ཏེ་སངས་(སྟོད་ཆ།༧༨)རྒྱས་ཁོ་ནའི་རྒྱུད་ཀྱིས་བསྡུས་པའི་ཕྱིར་ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཀྱང་མཐོང་བར་མི་བཞེད་ལ། སྒྲིབ་པ་མཐའ་དག་ལས་མ་གྲོལ་བ་དང་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་རྡ་དང་བྲལ་བ་མ་རྙེད་པའི་ཕྱིར་རོ། དེ་ལ་སྤྲུལ་པའི་སྐུ་ནི་གདུལ་བྱ་རང་རྒྱུད་ཀྱི་བདེར་གཤེགས་སྙིང་པོར་སྒྲིབ་བྱེད་ཀྱི་དྲི་མ་དག་པ་དང་། ཅུང་ཟད་དག་པ་དང་། ཤིན་ཏུ་དག་པའི་རིམ་པས་སྤྲུལ་པའི་སྐུ་ཡང་གསུམ་དུ་རྣམ་པར་གཞག་སྟེ་རང་བཞིན་སྤྲུལ་པ། འགྲོ་འདུལ་སྤྲུལ་པ། སྣ་ཚོགས་སྤྲུལ་པའོ། དེ་ལ་རང་བཞིན་སྤྲུལ་པ་ནི། དབྱིངས་སྣང་ལོངས་སྐུ་ཆེན་པའི་སྟོན་པ་དེ་ཉིད་ཇི་ལྟར་མེ་ལོང་ལ་གཟུགས་བརྙན་འཕོས་པ་ལྟར། ས་བཅུའི་དབང་ཕྱུག་རྣམས་ལ་སྣང་བའི་རང་བཞིན་སྤྲུལ་པའི་ཞིང་ལྔ་སྟོན་པ་ལྔ་སོགས་ཞི་བ་དག་ཁྲོ་བོའི་རྣམ་འགྱུར་དཔག་ཏུ་མེད་པའི་སྐུས་ཆོས་རྣམས་མཇལ་ཞིང་སྟོན་པསཏེ། དེ་ཉིད་སྟོན་པ་ལོངས་སྤྱོད་རྫོགས་སྐུ་དང་འཁོར་གཞན་རྒྱུད་ཀྱིས་བསྡུས་པའི་ཕྱེད་སྣང་རང་བཞིན་སྤྲུལ་པའི་ཐ་སྙད་བྱེད་དོ། ཐེག་ཆེན་གྱི་མདོ་སྡེ་རྣམས་ནས་འཛམ་བུའི་གླིང་དུ་སངས་རྒྱས་པར་མ་གྱུར་པའི་གོང་དུ་འོག་མིན་དུ་འཚང་རྒྱ་བར་གསུང་པའི་ལུང་ཡང་སྐབས་འདིར་སྦྱོར་བར་མཛད་པར་སྣང་ལ། དེ་ཉིད་ཀྱི་ངང་ལ་འགྲོ་འདུལ་སྤྲུལ་པའི་སྐུ་འཇིག་རྟེན་གྱི་ཁམས་མ་ལུས་པར་གདུལ་བྱའི་ཚོགས་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་ཚད་མེད་པའི་ཐབས་ལ་མཁས་པས་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པའི་ཚུལ་སྟོན་ཏེ། ཕལ་པོ་ཆེ་ལས། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་དང་གང་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། ཞེས་གསུངས་སོ། དེ་ལྟར་ཡང་ཡེ་ཤེས་གང་ཆེན་མཚོའི་ཞིང་ཁམས་རྡུལ་སྙེད་(སྟོད་ཆ།༧༩)ཀྱི་དབུས་ཀྱི་ཕྱག་མཐིལ་པདྨའི་སྙིང་པོ་ལ་གནས་པའི་འཇིག་རཏེན་གྱི་ཁམས་རྒྱུད་ཉི་ཤུ་རྩ་ལྔ་བརྩེགས་མར་ཡོད་པའི་བཅུ་གསུམ་པ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཉིད་དེ། དེ་ལ་མི་མཇེད་ཅེས་བཟོད་པ་དང་། བརྟུལ་ཕོད་པ་སྟེ་ཞིང་འདིའི་སེམས་ཅན་རྣམས་ཉོན་མོངས་པ་རྣམས་ལ་མི་མཇེད་པ་ཞེས་བཤད་པས་འདི་དེ་ལྟར་དུ་གྲགས་སོ། །འགྲོ་བ་སོ་སོའི་ལས་སྣང་རིགས་དྲུག་ཏུ་སྣང་བའི་འགྲོ་བ་ཡང་སྟོང་གསུམ་གཅིག་གི་ནང་དུ་ཚང་སྟེ། སྙིང་པོ་འགྲེལ་ཆུང་ལས། སྟོང་གསུམ་གཅིག་ལ་ཆགས་ཚུལ་དྲུག སྤྲུལ་སྐུ་གཅིག་གི་ཞིང་དུ་གྲགས། ཞེས་གསུངས་པ་ལྟར། དེ་ཡང་འོག་གཞི་རླུང་གི་ཞིང་དུ་གྲགས། ཞེས་གསུངས་པ་ལྟར། དེ་ཡང་འོག་གཞི་རླུང་གི་དཀྱིལ་འཁོར་ནས་འོག་མིན་གྱི་བར་གྱི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སྟོང་ཚང་བ་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་སྟོང་དང་། དེ་འདྲ་བ་སྟོང་ལ་སྟོང་བར་མ་དང་། དེ་འདྲ་བ་སྟོང་ལ་སྟོང་གསུམ་གྱི་སྟོང་སྟེ་གླིང་བཞི་བྱེ་བ་ཕྱག་བརྒྱའོ། དེ་ལྟ་བུ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་བརྒྱུད་གཅིག་དང་། དེ་ཡང་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱ་མཚོའི་འཇིག་དྲེན་གྱི་ཁམས་ཞེས་བྱ་སྟེ། དེ་འདྲ་བ་དུང་ཕྱུར་ཕྲག་བཅུ་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་གཅིག་སྟེ་མཆོག་གི་སྤྲུལ་སྐུ་གཅིག་གི་ཞིང་དུ་བཤད་ཅིང་ཞིང་དེ་སྙེད་དུ་གདུལ་བྱའི་ཁམས་དབང་སྤྱོད་ཚུལ་དང་མཐུན་པར་འདུལ་བྱེད་ཀྱི་སྒྲོན་མ་རྣམ་པར་བཀོད་ནས་མཛད་པ་བཅུ་གཉིས་སོགས་འདུལ་བ་རྣམ་པ་བཞིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཡིན་ལ། དེ་ཡང་འདུལ་བ་བཞི་ནི། སྐུ་བསོད་ནམས་ཆེན་པོས་འདུལ་བ། ཐུགས་མངོན་སུམ་པས་འདུལ་བ། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ།(སྟོད་ཆ།༨༠) གསུང་རིག་པས་འདུལ་བ་དང་བཞི་ལས། དང་པོ་ནི་བདག་ཅག་གི་སྟོན་པ་སྤྲུལ་པའི་སྐུའི་མཛད་པ་བཅུ་གནིས་ལ་སོགས་མཛད་པ་བསམ་གྱིས་མི་ཁྱབ་པ་རྣམས་ཏེ། དེ་དག་མཐོང་བའི་གདུལ་བྱ་རྣམས་བསོད་ནམས་ཚད་མེད་པ་དང་ལྡན་པའི་ཕྱིར་རོ། །གཉིས་པ་ཐུགས་མངོན་སུམ་པས་འདུལ་བ་ནི། དུས་གསུམ་ཀུན་ཏུ་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པའི་མངོན་པ་རཤེས་པ་དྲུག་ལ་སོགས་པས་སྒྲིབ་པ་མེད་པར་མངོན་གསུམ་དུ་གཟིགས་ཤིང་དབང་བསྒྱུར་བའི་ཕྱིར་རོ། གསུམ་པ་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་ནི། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པས་འགྲོ་བ་དྲུག་གང་གིས་འདུལ་བ་དེའི་རིགས་མཐུན་དུ་སྤྲུལ་པས་རང་སྣང་དང་མཐུན་པའི་སྐུ་དང་། གདུལ་བྱ་དེ་དང་དེའི་བློ་དང་འཚམས་པའི་ཆོས་སྟོན་པའི་གསུང་དང་། གདུལ་བྱ་རིག་ཅན་ལྔའི་འདུ་ཤེས་དང་། མཐུན་པའི་ཐེག་པ་ལྔ་དང་། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་སོགས་སྒྲ་ཚིག་དང་མཚན་མ་ལས་འདས་པ་ཉིད་སེམས་ཅན་གྱི་ཁམས་ལ་དེ་བཞིན་གཤེགས་པའི་བྱིན་རླབས་ཀྱིས་རྣམ་རིག་དང་མཐུན་པར་གོ་བར་འགྱུར་བ་ནི་གསུང་རིག་པས་འདུལ་བ་ཞེས་བྱའོ། སྣ་ཚོགས་སྤྲུལ་པ་ནི། གང་མུ་གེའི་དུས་ཉ་བོ་ཆེ་དང་། ནད་ཀྱིས་གདུང་བ་ལ་སྲོག་ཆགས་དེས་པ་དང་། སྲིན་མོའི་གླིང་དུ་ཅང་ཤེས་བྷ་ལ་ཧ་སོགས་དང་། གཞན་ཡང་སྐུ་གཟུགས། སྐྱེད་ཚལ་(སྟོད་ཆ།༨༡)གྲུ་གཟིངས། ནོར་བུ། དཔག་བསམ་ཤིང་དང་སྨན་སོགས་མདོར་ན་སེམས་ཅན་ལ་ཕན་ནོ་ཅོག་བཟོ་དང་སྐྱེ་བ་སྣ་ཚོགས་པར་སྟོན་པས་འགྲོ་བའི་དོན་བྱེད་པ་རྣམས་ཡིན་ནོ། བྱེ་བྲག་རྫོགས་ཅེན་ཐུན་མོང་མ་ཡིན་པས་སྤྲུལ་པའི་སྐུའི་འཆད་ཚུལ་ཕྱོགས་གཅིག་ལ། ལོངས་སྤྱོད་རྫོགས་པའི་སྐུའི་སྣང་ཆ་ལས། སྤྲུལ་པའི་སྐུར་བྱོན་པ་ནི་གནས་རིས་བཅུ་གཉིས་སུ་སྟོན་པ་བཅུ་གཉིས་མངོན་པར་སྤྲུལ་ནས་བྱོན་པ་རྣམས་ཏེ། ཕུན་སུམ་ཚོགས་པ་སྣ་ལྔའི་རང་བཞིན་དང་བཅས་པའོ། འདི་དག་གི་དུས་ན་སྤྲུལ་པ་ཆེན་པོ་སུམ་སྣང་བས་ཀྱག་འགྲོ་བ་ལ་ཕན་པར་མཛད་པ་ནི། སྤྲུལ་སྐུས་གདུལ་བའི་གནས་འཛམ་བུའི་གླིང་འདིར། ཆོས་སྐུའི་བསྟན་པ་དངོས་རྫོགས་པ་ཆེན་པོའི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་རང་འཁྲུངས་པའི་རྡོ་རྗེ་ཚེ་ལོ་དཔག་མེད་ནས་ད་ལྟའི་བར་གྱི་མི་རྣམས་ཀྱི་ཕྱག་གང་བ་དང་། ལོངས་སྐུའི་བསྟན་པ་དངོས་རང་བྱུང་བ་བསྟན་པ་བུ་གཅིག་གི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་རང་འཁྲུངས་པའི་ཡི་གེ་གླེངས་བམ་སོར་བཞི་པ་ཆོས་ཀྱི་རང་སྒྲ་གྲགས་པ་དང་། སྤྲུལ་སྐུ་བཅི་གཉིས་པོའི་བྱིན་རླབས་ལས་རག་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་སུས་ཀྱང་མ་བྱས་པར་འཁྲུངས་པའི་སྐུ་གཟུགས་འགྲོ་བའི་ལུས་བོང་དང་མཉམ་པ་སྟེ། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དེ་གསུམ་ནི་སུས་ཀྱང་མ་བྱས་པས་མི་འཇིག་པ། བྱིན་རླབས་ལས་ཤར་ཤར་བས་རྫུ་འཕྲུལ་དང་ཡོན་ཏན་དཔག་ཏུ་མེད་པ། གང་དང་འཕྲད་པ་འབྱུང་བ་རང་དངོས་སུ་གྲོལ་བར་བྱེད་པའི་ཕྲིན་ལས་མངའ་བའོ། དེ་ཡང་ཐུགས་ཀྱི་རྟེན་རྡོ་རྗེ་དེ་ནི་འགྲོ་བ་གང་དག་ནད་ཞི་བར་འདོད་པ་རྣམས་ཀྱི་ནད་མེད་པ་ནས་(སྟོད་ཆ།༨༢)འདོད་པ་བཀང་ཞིང་ཐར་པ་ལ་སྦྱོར་བའོ། གསུང་གི་རྟེན་རང་བྱུང་གི་ཡི་གེ་དང་ཕྲད་པ་དེ་ནི། ཕྲད་པ་དང་སྒྲ་ཐོས་པ་ཙམ་གྱིས་གྲོལ་བའོ། འདིའི་གླེགས་བམ་བྲིས་ནས་འཆང་བའང་འབད་པ་མེད་པར་གྲོལ་བའི་ཕྲིན་ལས་ཡོད་དོ། སྐུ་ནི་གང་དང་ཕྲད་པའི་ལུས་འོད་གསལ་དུ་གྲོལ་བའི་ཕྲིན་ལས་བྱེད་པའོ། འདི་དག་གང་ན་ཡོད་ཅེ་ན། སྐུ་གསུང་ཐུགས་ཀྱི་བསྟན་པའི་དུས་ཀྱི་ས་གནས་ཐ་དད་པ་ན་གནས་སོ། དེའང་ཚེ་ལོ་དཔག་མེད་ནས་སྟོང་ཐུབ་པའི་དུས་ཕན་ཆད་ལ་སྐུས་འདུལ་བའི་བསྟན་པ་སྟེ། ལོ་ལྔ་བརྒྱ་ལྔ་སྟོང་ཕྲག་གཅིག་གོ། ཚེ་ལོ་དེ་དག་གི་བར་དུ་ལོ་དེ་ཙམ་ཡོད་ཀྱི་དུས་མ་ཡིན་གྱི། བསྟན་པ་དེ་དག་གིས་འདུལ་བའི་ལོ་གྲངས་བསད་པ་ཡིན་ནོ། དེའང་སྐུའི་བསྟན་པའི་དུས་ན་རྡོ་རྗེ་དེ་ནི་ཨོ་རྒྱན་གྱི་ཡུལ་རྒྱ་མཚོ་ལན་ཚྭའི་རོ་དང་ལྡན་པའི་གླིང་ན་ཡོད་དེ། སྐབས་སུ་འོད་དང་སྒྲ་དང་དགེ་སློང་རྫུ་འཕྲུལ་དང་ལྡན་པའི་སྤྲུལ་པ་གྲངས་མེད་པ་འབྱུང་བར་བྱེད་དོ། ཡི་གེ་ནི་རྡོ་རྗེ་གདན་གྱི་དཔག་ཚད་ལྔ་བརྒྱའི་སྟེང་གི་ནམ་མཁའ་ལ་མཁའ་འགྲོ་མ་རྣམས་ཀྱིས་བཟུང་ནས་གནས་སོ། སྐུ་ནི་དེ་དང་ལྷན་ཅིག་བཞུགས་སོ། གསུག་གི་བསྟན་པའི་དུས་ན། རྡོ་རྗེ་ནི་རི་མ་ལ་ཡ་ལག་ན་རྡོ་རྗེའི་གནས་ན་གནོད་སྦྱིན་གྱི་རྒྱལ་པོ་རྣམས་ཀྱིས་ཕྱག་བྱེད་དོ། །ཡི་གེ་ནི་རྡོ་རྗེ་གདན་གྱི་སྟེང་གི་ནམ་མཁའ་ན་མཁའ་འགྲོ་མས་བཟུང་ནས་གནས་སོ། སྐུ་ནི་ས་གཅིག་ཏུ་མ་ངེས་ཏེ་འཛམ་བུའི་གླིག་འཁོར་བར་འཕར་ཞིང་། ལྷ་དང་(སྟོད་ཆ།༨༣)མིའི་འདུ་བ་ཁྱད་པར་ཅན་གྱི་མཆོད་པའི་ཞིང་བྱེད་ཅིང་། སྐབས་སུ་བསྟན་པ་ལ་གནོད་པ་བྱུང་བའི་ཚེ། སྐུ་ལས་འོད་དང་། ཞལ་ནས་ཧཱུྃ་དང་། སྤྱན་ལས་མེ་བྱུང་བས་ཟློག་པར་བྱེད་དོ། ཐུགས་ཀྱི་བསྟན་པའི་དུས་ན་རྡོ་རྗེ་ནི་རྡོ་རྗེ་གདན་གྱི་ནམ་མཁའ་ལ་གནས་སོ། ཡི་གེ་ནི་རབ་ཏུ་ཁྲོས་པ་དྲང་སྲོང་གི་ཕུག་ན་གནས་སོ། སྐུ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་། ལག་ན་རྡོ་རྗེའི་ཁང་པ་བརྩིགས་པ་ཞེས་བྱ་བའི་ཡང་ཐོག་ནས་གནས་སོ། དེ་ལྟ་བུའི་སྤྲུལ་པ་གསུམ་གནས་པས་འཛམ་བུའི་གླིང་གཞན་ལས་ཅེས་འཕགས་སོ། བསྟན་པ་དམ་པའི་ཆོས་ཇི་ལྟར་གསུངས་ཚུལ་དང་དེའི་རྣམ་གཞག གནས་རིས་བཅུ་གཉིས་བུ་སྤྲུལ་སྐུ་བཅུ་གཉིས་བྱོན་པའི་ཚུལ་ནི། རྡོ་རྗེ་འཆང་ཉིད་ལོངས་སྐུ་ནས་སྤྲུལ་པའི་སྐུར་འགྲོ་བ་རྣམས་ཀྱི་ཕུང་པོ་ལྔ་དག་པར་བྱ་བའི་ཕྱིར། ཕུན་སུམ་ཚོགས་པ་ལྔའི་རང་བཞིན་ལན་བཅུ་གནིས་སུ་སྣང་བར་མཛད་པའི་དང་པོ། ཡུལ་དགའ་ལྡན་བརྩེགས་པར། གནས་ཕུན་སུམ་ཚོགས་པ་མེ་ཏོག་པདྨའི་ལྟེ་བ་ལ། སྟོན་པ་ཕུན་སུམ་ཚོགས་པ་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་ཉིད་བྱོན་ཏེ། བསྐལ་པ་བཟང་པོ་འདི་སངས་རྒྱས་སྟོང་དང་སེམས་དཔའ་གཉིས་ཀྱིས་འདུལ་བའི་མཚོན་བྱེད་དུ་འོད་ཀྱི་སྣང་བའི་སངས་རྒྱས་སྟོང་དང་རྩ་གཉིས་ཀྱིས་བསྐོར་བའི་འཁོར་ཕུན་སུམ་ཚོགས་པ་ལ། བསྟན་པ་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར་གྱི་རྒྱུད། ཚེ་ལོ་དཔག་མེད་ཀྱི་དུས་སུ་གསུངས་ཏེ། ལྷའི་བུ་དགའ་བྱེད་དབང་ཕྱུག་དང་། ཉི་མ་རབ་ཏུ་སྣང་བྱེད་གཉིས་ཀྱིས་སྡུད་པ་པོ་མཛད་དོ། །(སྟོད་ཆ།༨༤) གཉིས་པ་ནི། གནས་ཕུན་སུམ་ཚོགས་པ་འཇིག་རྟེན་མི་མཇེད་དུ། སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་ཉིད་འོད་ལྔའི་སྒོང་ལས་འཁྲུངས་ཏེ། འཁོར་མཁའ་འགྲོ་མ་འབུམ་ཕྲག་གཉིས་ལ། ཆོས་ཕུན་སུམ་ཚོགས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ། ཚེ་ལོ་བྱེ་བ་གཅིག་ཐུབ་པའི་དུས་སུ་གསུངས་སོ། གསུམ་པ་ནི། གནས་ཕུན་སུམ་ཚོགས་པ་དྲོད་གཤེར་འདུས་པ་འོད་ཀྱིས་སྤུངས་པར། སྟོན་པ་ཕུན་སུམ་ཚོགས་པ་འཇིགས་པ་སྐྱོབ་པའི་ཡིད་ཅེས་བྱ་བས། འཁོར་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག་ལ། ཆོས་ཕུན་སུམ་ཚོགས་པ་འཁོར་བ་དོང་སྤྲུགས། རྨ་བྱ་མཇིང་བསྣོལ། འབྱུང་བཞི་ཟད་པའི་རྒྱུད་རྣམས་ཚེ་ལོ་འབུམ་པའི་དུས་སུ་གསུངས་སོ། འབྱུང་བཞི་ཟད་པའི་རྒྱུད་རྣམས་ཚེ་ལོ་འབུམ་པའི་དུས་སུ་གསུངས་སོ། བཞི་པ་ནི། གནས་ཕུན་སུམ་ཚོགས་པ་ཆགས་འབྱུང་མངལ་དུ་སྣང་བར། སྟོན་པ་གཞོག་ནུ་རོལ་པ་རྣམ་པར་བརྩེ་བས། འཁོར་གནོད་སྦྱིན་དང་བག་སྲིན་སྟོང་ཕྲག་གཅིག་ལ། ཆོས་སེམས་སྡེ་རྩ་བའི་རྒྱུད་ལྔ། ཡན་ལག་གི་རྒྱུད་དྲུག་སྟེ་བཅུ་གཅིག་ཚེ་ལོ་བརྒྱད་ཁྲི་པའི་དུས་སུ་གསུངས་སོ། ལྔ་པ་ནི། གནས་ཕུན་སུམ་ཚོགས་པ་འཚོ་བྱེད་གཞོན་ནུའི་ལྡུམ་རར། སྟོན་པ་དྲུག་པ་རྡོ་རྗེ་འཆང་གིས། འཁོར་སངས་རྒྱས་རབ་བདུན་དུ་སྣང་བ་རང་བཀོད་ནས། ཆོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཚེ་ལོ་བདུན་ཁྲི་པའི་དུས་སུ་གསུངས་སོ། དྲུག་པ་ནི། གནས་ཕུན་སུམ་ཚོགས་པ་རི་རབ་་ཀྱི་བྱང་ཕྱོགས་དུར་ཁྲོད་མེ་རི་འབར་བར། སྟོན་པ་ཕུན་སུམ་ཚོགས་པ་གཞོན་ནུ་དཔའ་པོ་སྟོབས་ལྡན་ཆེན་པོས། འཁོར་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན་དང་། མཁའ་འགྲོ་མ་དང་། ལྷ་དང་ཀླུ་ལ་སོགས་པ་དཔག་ཏུ་མེད་པ་ལ། ཆོས་(སྟོད་ཆ།༨༥)ཕུན་སུམ་ཚོགས་པའི་རིག་པ་རང་ཤར་ཆེན་པོའི་རྒྱུད་ལ་སོགས་པ་མངོན་སུམ་འོད་གསལ་གྱི་རྒྱུད་རྣམས་དང་། གཞན་ཡང་དཔག་ཏུ་མེད་པ་རྣམས་ཚེ་ལོ་དྲུག་ཁྲི་པའི་དུས་ན་གསུངས་སོ། བདུན་པ་ནི། གནས་ཕུན་སུམ་ཚོགས་པ་སྲིན་པོའི་ཡུལ་དུ་ལུའི་སྒྲ་དང་ལྡན་པའི་ཕུག་ཏུ། སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོས། འཁོར་སྲིན་པོ་བྱེ་བ་གཅིག་ལ། ཆོས་རགས་པ་འདུལ་བའི་རྒྱུད་བཅུ་ལ་སོགས་པ། ཚེ་ལོ་ཁྲི་པའི་དུས་སུ་གསུངས་སོ། བརྒྱད་པ་ནི། གནས་ཕུན་སུམ་ཚོགས་པ་བྱེ་རྒོད་སྤུངས་པར། སྟོན་པ་གསེར་འོད་དམ་པས། འཁོར་འཕགས་པ་ཉན་ཐོས་གྲངས་མེད་པ་ལ། ཆོས་འདུལ་བ་ཁྲི་པྲག་དཔག་ཏུ་མེད་པ། ཚེ་ལོ་ལྔ་སྟོང་པའི་དུས་སུ་གསུངས་སོ། དགུ་པ་ནི། གནས་ཕུན་སུམ་ཚོགས་པ་སོག་པོ་གཡུའི་སྨིན་མ་ཅན་གྱི་ཡུལ། བྱང་ཆུབ་ཀྱི་ཤིང་དྲུང་དུ། སྟོན་པ་བརྩེ་བས་སྨིན་མ་ཅན་གྱི་ཡུལ། འཁོར་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ། ཆོས་འཕྲ་རྒྱུད་བདུན་པ་ལ་སོགས་པ། ཚེ་ལོ་སྟོང་གི་དུས་སུ་གསུངས་སོ། བཅུ་པ་ནི། གནས་ཕུན་སུམ་ཚོགས་པ་བྱ་རྒོད་སྤུངས་པར། སྟོན་པ་འོད་སྲུངས་བགྲེས་པོས། འཁོར་ཚེ་དང་ལྡན་པ་སྐར་མ་འོད་བཟང་ལ་སོགས་བདུན་ལ། ཆོས་མདོ་སྡེ་དང་། ཀྲཱི་ཡ་དང་། ལུང་ཨ་ནུ་ལ་སོགས་པ་ཁྲི་ཕྲག་བརྒྱད། གནས་ཕུན་སུམ་ཚོགས་པ་རྡོ་རྗེ་གདན་དུ། སྟོན་པ་མངོན་རྫོགས་རྒྱལ་པོས། འཁོར་རིགས་གསུམ་མགོན་པོ་ལ། ཆོས་ངེས་པ་དོན་གྱི་ཐེག་པ་འབའ་ཞིག །ཚེ་ལོ་ལྔ་བརྒྱའི་དུས་སུ་གསུངས་སོ། བཅུ་གཉིས་པ་ནི། གནས་ཕུན་སུམ་ཚོགས་པ་བཱ་རཱ་ཎ་སཱི་ལ་སོགས་(སྟོད་ཆ།༨༦)པར། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། ཆོས་ཕུན་སུམ་ཚོགས་པ་སྡེ་སྣོད་གསུམ་ལ་སོགས་པ། འཁོར་ཕུན་སུམ་ཚོགས་པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། ཀླུ་ལ་སོགས་པ་ལ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱ་པའི་དུས་སུ་གསུངས་སོ། དེ་ལྟར་ན་གནས་བཅུ་གཉིས་སུ་བྱོན་པ་དེ་དག་ལ་ཕུན་སུམ་ཚོགས་པ་ལྔ་རེ་བསྡོམས་པས་ཆོས་ཀྱི་རྣམ་གྲངས་དྲུག་ཅུ་འབྱུང་ཞིང་མཛད་པ་ཕྲིན་ལས་ཀྱི་སྒོ་ཡང་སྐུའི་མདད་པ་བཅུ་གཉིས་ནི་གནས་མི་འདྲ་བཅུ་གཉིས་སུ་སྟོན་པ་ཉིད་སྐུ་མདོག་ཕྱག་མཚན་མི་འདྲ་བ་བཅུ་གཉིས་སུ་སྤྲུལ་ནས་བྱོན་པས་གདུལ་བྱ་རིགས་མི་མཐུན་བཅུ་གཉིས་ཀྱི་ཚོགས་མི་འ་བ་དཔག་ཏུ་མེད་པའི་དོན་མཛད་པ་མི་འདྲ་བ་བཅུ་གཉིས་མཛད་པའི་མཛད་པ་ཞེས་སྐུའི་གཟི་མདངས་ལ་བརྟེན་ནས་སྐུའི་བསྟན་པ་འཕེལ་བའི་དོན་དུ་བྱུང་བའོ། སྐུ་དེ་དག་གི་དུས་སུ་གསུང་ཆོས་ཀྱི་འཁོར་ལོ་མི་འདྲ་བ་བཅུ་གཉིས་གསུངས་པས་འགྲོ་བའི་ངག་གི་བཅིངས་པ་མི་འདྲ་བ་བཅུ་གཉིས་ལས་གྲོལ་བར་མཛད་པའི་མཛད་པ་ཞེས་གསུང་གི་བསྟན་པ་འཕེལ་བའི་དོན་དུ་བྱུང་བའོ། གསུང་དེ་ཙམ་ཞིག་གི་ཚེ་ན་ཐུགས་ཀྱི་དགོངས་པ་མི་འདྲ་བ་བཅུ་གཉིས་ཀྱིས་འགྲོ་བའི་རིགས་མི་འདྲ་བ་རྣམས་ཀྱི་རྟོག་པ་བཅུ་གཉིས་ལས་གྲོལ་བར་མཛད་པའི་མཛད་པ་ཞེས་གསུགས་ཀྱི་བསྟན་པ་འཕེལ་བའི་དོན་དུ་བྱུང་བ་སྟེ། དེ་ལྟར་བསྟན་པ་ངེས་པའི་སྤྲུལ་པའི་སྐུ་གཅིག་ལ་ཆོས་ཀྱི་རྣམ་གྲངས་དགུ་བཅུ་རྩ་དྲུག་ཚོགས་དགོས་ཏེ། དེ་དག་དང་ལྡན་པ་ནི་བསྟན་པའི་བདག་པོ་ཞེས་བྱའོ། གལ་ཏེ་མི་ལྡན་ན་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཁོལ་བུའི་བསྟན་པ་ཞེས་བྱ་སྟེ་དེ་དག་ཀྱང་སྔོན་གྱི་སེམས་(སྟོད་ཆ།༨༧)བསྐྱེད་རྫོགས་པ་ལས་བྱུང་བའོ། ཞེས་ཁྱད་པར་དུ་མ་དང་བཅས་པས་བཤད་ཅིང་། བཀོད་པ་ཆེན་པོ་ལས། ཕྱི་ལ་སོགས་པ་དགུ་ཡིས་ནི། མཛད་པའི་བྱེད་བྲག་དག་པར་གྱུར། །ཞེས་མཛད་པ་ལའང་སྐུ་གསུང་ཐུགས་ཕྱི་ནང་གསང་གསུམ་རེར་དབྱེ་བ་དང་། དེ་རེ་རེ་ལའང་བཞི་བཞིར་དབྱེ་བ་སོགས་མང་དུ་གསུངས་ཀྱང་འདིར་འབྲི་བར་མ་ནུས་ལ། དེ་དག་རྣམས་ཀྱང་ཁྱད་པར་གྱིས་དགོངས་པའི་ཕྱོགས་གཅིག་ཏུ་མངོན་ཅིང་བདེ་བར་གཤེགས་པ་ཐབས་ལ་མཁས་པས་གདུལ་བྱའི་ཞིག་ཁམས་རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་དང་རྗེས་སུ་མཐུན་པར་འཚམས་གཟུགས་ཀྱི་སྐུ་སྣང་ཞིང་། སངས་རྒྱས་ཀྱི་མཛད་པ་སྟོན་པ་ནི་ཚུལ་གཅིག་ལ་ཐ་དད་པ་དག་ཀྱང་འགལ་བར་མི་བསམས་ཏེ། སངས་རྒྱས་ཀྱི་རྣམ་འཕྲུལ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པའི་ཕྱིར་སོ་སྐྱེ་ལྟ་ཞོག་འཕགས་ཆེན་རྣམས་ཀྱི་བློའི་སྤྱོད་ཡུལ་ཀྱང་མ་ཡིན་ཏེ་དུས་དང་གདུལ་བྱ་སོགས་མཐའ་གཅིག་ཏུ་ངེས་གཟུང་མ་མཆིས་པས་ཕྱོགས་གཅིག་མཏོང་བས་གཅིག་སོས་མེད་པའམ་མ་མཆིས་སོ་ཞེས་སྨྲ་བར་མི་བྱ་སྟེ། འཕགས་པ་ཆོས་ཐམས་ཅད་ཀྱང་དག་པར་སྡུད་པའི་མདོ་ལས། འཇིག་པའི་བསྐལ་པ་འཆགས་པའི་བསྐལ་པར་མོས་ནའང་འཇིག་པའི་བསྐལ་པ་འཆགས་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་འཆགས་པའི་བསྐལ་པར་ཤེས་སོ། འཆགས་པའི་བསྐལ་པ་འཇིག་པའི་བསྐལ་པར་མོ་སན་ཡང་འཆགས་པའི་བསྐལ་པ་འཇིག་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་འཇིག་པའི་བསྐལ་པར་ཤེས་སོ། འཇིག་པ་དང་འཆགས་པ་ཡང་གཞན་དུ་འགྱུར་བ་མ་ཡིན་ཏེ། མོས་པ་དེ་ལྟར་ཡང་འགྱུར་རོ། དེ་(སྟོད་ཆ།༨༨)བཞིན་དུ་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་མོས་ན་ཡང་དེ་ན་སེམས་ཅན་དེ་དག་གིས་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་ཤེས་སོ། སྔ་དྲོ་བསྐལ་པ་ཙམ་དུ་མོས་ན་ཡང་དེ་བཞིན་དུ་འགྱུར་ཏེ། དེ་ན་སེམས་ཅན་དེ་དག་གིས་དེ་བཞིན་དུ་ཤེས་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་མོས་པ་ལས་བྱུང་བའི་རྫུ་འཕྲུལ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། དེ་ལྟར་བྱོན་པའི་རྒྱལ་བ་རྣམས་ཀྱིས་ཀྱང་ཀུན་ཏུ་བཟང་པོ་གཅིག་གི་ངོ་བོ་ལས་དུས་དང་དེ་དག་ཏུ་རང་བྱོན་པའི་ཕྱིར་དགོངས་པ་ཆོས་ཉིད་ལས་མི་གཡོ་བར་འབྱུང་བ་ལྟར་སྣང་བས་རྒྱལ་བ་དགོངས་པས་བརྒྱུད་པ་ཞེས་བྱ་སྟ་སྟོན་པ་དང་འཁོར་ནི་རྒྱལ་བ་ཉིད་ཀྱིས་རྒྱལ་བ་ཉིད་ལ་ཆེད་དུ་གླེང་བ་བཞིན་དུ་དགོངས་པས་བརྒྱུད་དེ་གསུངས་ཀྱི། གང་ཟག་ཐ་དད་པའི་རིམ་པ་ལྟར་དཔོན་སློབ་སོ་སོར་སྣང་བ་ནི་མ་ཡིན་ནོ། གཞན་ཡང་ཐེག་མཆོག་རིན་པོ་ཆེའི་མཛོད་ལས་སྔོན་བྱུང་གི་ལོ་རྒྱུས་སྤྱིར་བསྟན་པའི་སྐབས་སུ་འདི་ལྟར་གསུངས་ཏེ། ཡེ་ཐོག་དང་པོའི་རྒྱལ་མཆོག་ཀུན་ཏུ་བཟང་པོས་འོད་གསལ་བརྙེས་ནས་ཚངས་ཆེན་བླ་མའི་ཞིག་ཁམས་བཀོད་པའི་གོ་ན། རྡོ་རྗེ་འཆང་དང་། མཚན་གྱི་རྣམ་པ་གཞན་ཡང་དུ་མར་སྤྲུལ་པ་སྟོན་པ་དེ་ཉིད་ཀྱིས་བཀོད་པ། དེས་བྱིན་གྱིས་བརླབས་པ་ལས་སངས་རྒྱས་པ་གཞན་གྱིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་ནམ་མཁའི་མཐའ་ཀླས་པར་གྲངས་མེད་བརྗོད་ལས་འདས་པ་དག་གི་ལ་ལ་སྟོང་པ་དང་། ལ་ལ་གནས་པ་དང་། ལ་ལ་འཇིག་པ་དང་། ལ་ལ་ཆགས་ནས་གནས་པ་ལས། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་འདི་ཡན་ཆད་ལ། ཡང་གསང་སྙིང་པོ་འོད་གསལ་གྱི་བསྐལ་པས་འགྲོ་(སྟོད་ཆ།༨༩ བ་འདུལ་བའི་རིམ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང་། དེའི་བར་བར་དུ་བསྐལ་པ་གཞན་དག་གྲངས་ལས་འདས་པ་བྱུང་བ་ལས། འདིར་འོད་གསལ་སྙིང་པོ་བྱུང་བ་རྣམས་བཤད་དེ། དེ་ཡང་ཐོག་མའི་དུས་ནས་ིང་འདིའི་རིམ་པ་ལ་ཐུག་པ་ན། དང་པོར་ཡེ་ཐོག་དང་པོའི་བསྟན་པ་བྱུང་སྟེ། སྙིང་ཏིག་གསང་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་དོ། དེ་ནས་བསྟན་པ་གཉིས་ལ་སྤྱི་ཕུད་འཇིག་རྟེན་མགོན་གྱི་རྒྱལ་བ་དག་། གསུམ་པ་ལ་ཚངས་སྟོང་གི་ཡེ་སྲིད་མགོན་དང་། བཞི་པ་ལ་ཉི་མ་སྟོང་གི་རྒྱལ་བ་དང་། ལྔ་པ་ལ་དྲ་བ་མགོན་གྱི་སངས་རྒྱས་དང་། དྲུག་པ་ལ་འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང་། བདུན་པ་ལ་འཁོར་བ་འཇིག་གི་རྒྱལ་བ་དང་། དེ་ནས་རིམ་བཞིན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བར་གྱི་བསྐལ་པ་སྙིང་ཏིག་གསང་བ་འདི་བཟུག་ནས་འགྲོ་བའི་དོན་མཛད་པ་སྟེ། ཐ་མ་བསྐལ་པ་རྩོད་ལྡན་ཆེན་པོ་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་པའི་བར་རོ། དེ་དག་ཀྱང་བཀོད་པ་ཆེན་པོ་ལས། ཡེ་ཐོག་དང་པོའི་སངས་རྒྱས་དང་། དམ་པ་སྟོང་གི་དཀྱིལ་འཁོར་དུས། དེ་ནས་བསྟན་པ་གཉིས་པ་ལ། སྤྱི་ཕུད་འཇིག་རྟེན་མགོན་ཞེས་པས། དམ་པ་སྟོང་གི་ཡི་སྲིད་མགོན། སངས་རྒྱས་སྟོང་གི་ཐུགས་ཉིད་དྲིལ། དེ་ནས་བསྟན་པ་བཞི་པ་ལ། ཉི་མ་སྟོང་གི་རྒྱས་པ་དང་། སངས་རྒྱས་སྟོང་གིས་མངའ་དབང་བསྒྱུར། བསྟན་པ་ཉིད་ནི་ལྔ་པ་ལ། འཇིག་རྟེན་དྲ་བ་མགོན་ཞེས་པའི། དམ་པ་སྟོང་གི་ཐུགས་ལ་སྦས། བསྟན་པ་དག་ནི་དྲུག་པ་ལ། འོད་ཟེར་སྟོང་མུ་ཁྱུད་མགོན། རིགས་(སྟོད་ཆ།༩༠)ཅན་སྟོང་གིས་འདི་ཉིད་སྦས། དེ་ནས་བསྟན་པ་བདུན་པ་ལ། །ཡེ་ཁྱབ་འཁོར་འཇིག་ཚངས་པའི་མགོན། བདེ་ཆེན་སྟོང་གི་སྤྱི་བོར་བཟུང་། དེ་ལྟ་དེ་ལྟར་བསྟན་པ་ནི། འབུམ་ཕྲག་དྲུག་ཅུ་རྩ་བཞི་རུ། སངས་རྒྱས་གྲངས་ནི་དེ་སྙེད་ཀྱིས། གསང་ཆེན་འདི་ནི་ཡོངས་བཟུང་བའོ། །བསྟན་པའི་སངས་རྒྱས་ངེས་པ་ནི། ས་ཡ་ཕྲག་ནི་བཅུ་དགུ་ཡིས། །འདི་ཉིད་ཕྱག་མཛད་བཅུ་དྲིལ་བའོ། །ཞེས་སོ། དེ་ཡང་བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ནི། ཚངས་ཆེན་གྱི་བསྐལ་པ་ཡིན་ལ། དེ་དག་ཐོག་མའི་མགོན་པོ་ཉིད་ཀྱི་སྤྲུལ་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིས་བཀོད་ནས། གདུལ་བྱའི་ངོར་སངས་རྒྱས་ཡ་ཕྲག་བཅུ་དགུ་སྤྲུལ་ཏེ་དོན་མཛད་པ་ནི། རྒྱལ་མཆོག་ཀུན་ཏུ་བཟང་པོའི་གོ་ན་ཚངས་ཆེན་བཀོད། རྣམ་སྣང་གཅིག་གི་ཕྱག་མཐིལ་གྱི་པདྨའི་ཕྲུམ་ཕྲུམ་དབུས་མའི་སྟེང་གི་བཅུ་གསུམ་པ་ཐུགས་ཀ་དཔལ་གྱི་བེའུ་གཅིག་གི་གོའི་ནམ་མཁའ་ལ་མཛད་པ་བསྟན་པ་ཡིན་ལ། དེའི་སྐུ་ཐམས་ཅད་ཀྱི་གོ་དང་། རིགས་ལྔ་གཞན་གྱི་གོ་ན་ཡོད་པའི་ཞིང་དུ་མཛད་པ་བསྟན་པ་བསམ་པ་ལས་འདས་སོ། གཞན་ཡང་། ཡར་གྱི་ཡ་ཐོག་རིང་མོ་དང་། མར་གྱི་མ་ཐོག་རིང་མོ་དང་། བར་གྱི་ཞུག་པ་ཉི་ཤུ་ཡི། འགྲོ་བ་རིགས་དྲུག་སེམས་ཅན་རྣམས། ངན་སོག་གསུམ་དུ་ལྟུང་བ་ལ། ལས་ཅན་ཡར་ལ་དྲངས་པའི་ཕྱིར། བསྐལ་བཟང་སངས་རྒྱས་ཐོག་མའི་མགོན། དྲུག་ཅུ་རྩ་ལྔར་བྱོན་པ་ནི། མགོན་པོ་རྣམས་ཀྱི་གྲངས་ཡིན་ཏེ། མགོན་པོ་དེ་དག་རེ་རེ་ལ། གདུང་ནི་དཔག་ཏུ་མེད་པ་འཕེལ། རང་རང་གྲངས་དང་མཉམ་པ་ཡི། སྐུ་ཡི་གདུང་དང་གསུང་གི་གདུང་། ཐུགས་ཀྱི་གདུང་ལ་སོགས་པ་ནི་(སྟོད་ཆ།༩༡)འོད་ཟེར་ལས་ནི་སྤྲུལ་པ་དང་། ཡོན་ཏན་ལས་ནི་སྤྲུལ་པ་དག་། ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། སངས་རྒྱས་གདུང་ནི་དཔག་མེད་འཕེལ། གདུང་ནི་གྲངས་མང་རེ་རེ་ཡི། །སེམས་ཅན་ཉིད་ཀྱང་རེ་རེ་དང་། གཉིས་སུ་མེད་པར་རང་སངས་རྒྱས། ཞེས་པས་བསྐལ་མགོན་དྲུག་ཅུ་རྩ་ལྔ་དང་། གདུང་འཕེལ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་པ་རྣམས་དང་། ཡོན་ཏན་དང་ཕྲིན་ལས་དང་། སྐུ་གསུང་ཐུགས་ནམ་མཁའ་དང་མཉམ་པ་ཞེས་བྱ་བ། ས་བཅུ་པའི་སེམས་དཔའ་རྣམས་ཀྱིས་ཀྱང་དཔག་མི་ནུས་ན། ཚུར་རོལ་མཐོང་བའི་བློས་དཔག་པར་ག་ལ་ནུས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། དག་པའི་སེམས་ཅན་གྱི་ཡང་བསམ་བྱ་མིན། ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། ཅེས་གསུངས་པ་བཞིན་ནོ། འདི་དག་ཀྱང་ངེས་པའི་ཁྱད་པར་དུ་ཞར་བྱུང་དུ་སྨྲས་པ་ཡིན་ནོ། སྤྱིར་ཡང་ཐེག་པ་ཆེ་ཆུང་དང་མདོ་རྒྱུད་རྣམས་བཞེད་པ་མི་མཚུངས་ཤིང་བཤད་ཚུལ་མི་འདྲ་བ་ཇི་སྙེད་འབྱུང་བ་ལ་སོམ་ཉི་བྱ་བར་མི་རིགས་ཏེ། མངོན་པ་ནས་བཤད་པའི་གླིང་བཞི་རི་རབ་སོགས་དང་དུས་ཀྱི་འཁོར་ལོ་ལས་གསུངས་པ་གཉིས་ཚུལ་ཐ་དད་ལ། དེ་བཞིན་དུ་རྒྱུད་སྡེ་གཞན་དང་(སྟོད་ཆ།༩༢)དུས་ཀྱི་འཁོར་ལོ་སོགས་ཆོས་སྐད་མི་མཐུན་པ་མང་དུ་འབྱུང་བ་བཞིན་འདིར་ཡང་ཤེས་པར་བྱ་དགོས་ཏེ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་དྲན་པ་ཉེ་བར་བཞག་པར་བྱ་ཞིང་། ཇི་སྐད་དུ། ཀུན་དང་འདྲ་ན་ཁྱད་ཆོས་རྫུན་པ་ཉིད། ཀུན་དང་འགལ་ན་གསང་སྔགས་ལོག་པའི་ཆོས། ཞེས་གསུངས་པ་ལྟར་སྤྱི་ལས་ཁྱད་པར་དུ་འཕགས་པར་རིག་པར་བྱའོ། དེ་དག་གིས་ཐུན་མོང་མ་ཡིན་པའི་ལུགས་ཀྱི་སྟོན་པའི་རྣམ་པར་དབྱེ་བ་ཅུང་ཟད་བརྗོད་ནས། གཉིས་པ་བསྟན་པ་དམ་པའི་ཆོས་ཇི་ལྟར་གསུངས་པའི་ཚུལ་ལའང་གསུམ་སྟེ། ཆོས་འཁོར་གསུམ་གྱི་རྣམ་གཞག་སྤྱིར་བསྟན་པ་དང་། ཐེག་དགུའི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་དང་། བཀའི་བསྡུ་བ་ཇི་ལྟར་བྱུང་བའི་ཚུལ་དང་གསུམ་གྱི། དང་པོ་ནི། སྤྱིར་ཆོས་ཞེས་པའི་སྒྲ་དོན་བཅུ་ལ་འཇུག་སྟེ། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། མྱ་ངན་འདས་དང་ཡིད་ཀྱི་ཡུལ། བསོད་ནམས་ཚེ་དང་གསུག་རབ་དང་། འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་འབྱུང་ཞིང་། དེ་ལས་འདིར། སྡུག་བསྔལ་དག་ནི་ཐམས་ཅད་དང་། སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། ཞེས་པ་ལྟར་དམ་པའི་ཆོས་ཏེ། དེ་ཡང་ཆོས་འཁོར་གསུམ་དུ་རྣམ་པར་གཞག་སྟེ། བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར། བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཏེ་གསུམ་མོ། གསུམ་དུ་དབྱེ་རིགས་པའི་རྒྱུ་མཚན་དང་། གདུལ་བྱའི་གང་ཟག་ཀྱང་རིགས་གསུམ་དུ་ངེས་པས་དབྱེ་བའང་གསུམ་དུ་དབྱེ་བ་གྲངས་ངེས་མཚན་ཉིད་པ་ཡིན་ཞིང་དེ་ལྟར་འཐད་པའི་ཕྱིར། དེའི་དབང་གིས་(སྟོད་ཆ།༩༣)གང་ཟག་ཐེག་དམན་པའི་རིགས་ལ་བདེན་པ་བཞི་དང་རྟེན་འེལ་བཅུ་གཉིས་སོགས་སྟོན་པ་འཁོར་ལོ་དང་པོ་དང་། ཐེག་ཆེན་གྱི་རིགས་སུ་ངེས་པ་ལ་ཟབ་མོ་སྟོང་པ་ཉིད་ཀྱི་གནས་སྟོན་པ་འཁོར་ལོ་བར་པ་དང་། ཤིན་ཏུ་བློ་སྦྱངས་པའི་གང་ཟག་ཟབ་མོའི་དོན་ལ་མི་སྐྲག་པའི་རིས་ལ་མཐར་ཐུག་རྣམ་རིག་ཆོས་ཉིད་ཡོངས་གྲུབ་དོན་དམ་བདེན་པ་གསུངས་པ་འཁོར་ལོ་ཐ་མསཏེ་འདུལ་བྱེད་ཀྱི་ཐབས་ཀྱང་གསུམ་དུ་འདུས་པ་འཐད་ཅིང་ངེས་པའི་ཕྱིར། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟར་དཔེར་ན་ནོར་བུ་མཁན་མཁས་པས་ནོར་བུ་སྤྱོད་པའི་ཚུལ་ལེགས་པར་ཤེས་པ་དེས། ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་བླངས་ཏེ་ལན་ཚྭའི་ཆུ་རྙོགས་པོར་སྤངས་ནས་སྐྲའི་རེ་བས་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། དེ་བཞིན་དུ་དེའི་འོག་ཏུ་ཟས་ཀྱི་ཁུ་བར་སྤངས་ཏེ་བལ་་གྱི་ལྭ་བས་ཡོངས་སུ་སྦྱོང་བར་བྱེད་དོ། དེ་བཞིན་དུ་དེའི་འོག་ཏུ་སྨན་བཟང་པོའི་ཁུ་བ་སྤངས་ཏེ་རས་སྲབ་མོས་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻཌཱུ)་རིགས་ཆེན་པོ་ཞེས་བརྗོད་དོ། དེ་བཞིན་དུ་སེམས་ཅན་ལ་དང་པོ་མི་རྟག་པ་དང་སྡུག་བསྔལ་བ་སོགས་ཡིད་འབྱུང་བའི་གཏམ་གྱིས་འདུལ་བ་འཛུད་པར་མཛད་པ་དང་། དེའི་འོག་ཏུ་རྣམ་པར་ཐར་པ་གསུམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པ ར་མཛད་པ་དང་། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། ཞུགས་པར་གྱུར་ཅིང་ཆོས་ཉིད་རྟོགས་ན་ནི་བླ་ན་མེད་པའི་ཡོན་གནས་སོ། །ཞེས་པ་ལ་སོགས་པས་རྒྱས་པར་གསུངས་ཤིང་། དེ་(སྟོད་ཆ།༩༤)བཞིན་དུ་བཀའ་རིམ་པ་གསུམ་པོ་དྲང་དོན་དང་ངེས་དོན་དུང་རྣམ་པར་དབྱེ་བ་ཡང་། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་སྟོན་པའི་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས་ཏེ། ཐེག་པ་ཆེན་པོར་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ནིད་སྟོན་པའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིར་གྱུར་པ་ལགས་ཀྱི་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ངོ་བོ་ཉིད་ལས་བརྩམས་ཏེ་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན། རྩོད་པའི་གཞིར་མ་གྱུར་པ་ལགས་སོ། ཞེས་པ་ལ་སོགས་པའི་སྒོ་ནས་དྲང་ངེས་ཀྱི་རྣམ་པར་གཞག་པར་མཛད་ལ། དེ་ལ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ནི། བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་དུ་མ་སྤུངས་པའི་ཕུང་པོ་སྣང་བའི་ཕྱིར་ཏེ། སྤྱོད་པ་རྣམས་ཀྱི་གཉེན་པོ་ནི། ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། ཞེས་པ་ལྟར་ཆོས་ཕུང་བརྒྱད་ཁྲི་འདུ་ལ་དེའང་ཆོས་ཕུང་རེའི་ཚད་མངོན་པ་སྡེ་བདུན་གྱི་ནང་ཚན་ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། ཞེས་དེ་ལ་གཞུང་ཚད་ཤོ་ལོ་ཀ་དྲུག་སྟོང་ཡོད་པས། དེ་ཆོས་ཕཔུང་གཅིག་ཚད་དུ་བཞག་པའང་ཡོད་ལ་གཞན་ཡང་(སྟོད་ཆ།༩༥)བཞེད་པ་མི་མཐུན་པ་འགའ་རེ་ཡོད་དོ། ཐེག་ཆེན་ལྟར་ན། དབང་པོའི་གླང་པོ་ཆེ་རབ་བརྟན་གྱིས་བཀུར་བར་འོས་པའི་སྣག་ཚས་ནི་ཆོས་ཕུང་གཅིག་འདྲི་བར་ནུས་སོ་ཞེས་གསུངས་ཏེ། གླང་པོ་ཆེ་དེའི་ལུས་ཀྱི་མཐའ་སྐོར་དཔག་ཚད་བདུན་ཡོད་ཅེས་འབྱུང་སྟེ། དེ་ལྟ་བུའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་སོ། དེ་ཡང་དྲང་ངེས་གཉིས་ལས། ཆོས་འཁོར་དང་པོ་དྲང་དོན་ཡིན་པ་ལ། བཞེད་པ་མི་མཐུན་པ་མེད་ཀྱང་། བར་ཐ་གཉིས་ལ་བཞེད་ཚུལ་ཐ་དད་པར་བྱུང་སྟེ། སློབ་དཔོན་ཐོགས་མེད་སྐུ་མཆེད་ཀྱིས་ནི། འཁོར་ལོ་ཐ་མ་ཉིད་ངེས་དོན་མཐར་ཐུག་ཏུ་བཞེད་ལ། རྒྱ་བོད་ཀྱི་མཁས་པ་ཕལ་ཆེ་བས་ནི་འཁོར་ལོ་བར་པ་ངེས་དོན་མཐར་ཐུག་ཏུ་བཞེད་དོན། འོན་ཀྱང་འདིར་ལུགས་སྔ་མ་ཉིད་གཙོ་བོར་བཟུང་སྟེ་དེའི་རྒྱུ་མཚན་གོང་དུ་དྲངས་པའི་གཟུངས་དབང་གི་མདོ་དང་དགོངས་པ་ངེས་འགྲེལ་སོགས་ལས་རྒྱལ་བ་ཉིད་ཀྱིས་དྲང་ངེས་ཕྱེས་པའི་ཕྱིར་དང་། འཕགས་པ་ཐོགས་མེད་ནི་རྒྱལ་བས་དྲང་ངེས་འབྱེད་པོར་ལུང་དུ་བསྟན་པའི་ཕྱིར་དང་འོག་ཏུ་འཆད་འགྱུར་ལས་ཀྱང་ངེས་པ་ལྟར་རོ། གཉིས་པ་ཐེག་དགུའི་རྣམ་པར་གཞག་པ་བྱེ་བྲག་ཏུ་བཤད་པ་ལ། སེམས་ཅན་རྣམས་ཀྱི་སེམས་ཀྱི་འཇུག་པ་ཇི་སྙེད་དང་རྗེས་སུ་མཐུན་པར་ཐེག་པའི་བྱེ་བྲག་ཀྱང་དཔག་ཏུ་མེད་པ་དབྱེར་ཡོད་པར་གསུངས་ཏེ། ཇི་སྐད་དུ། ཇི་སྲིད་སེམས་ནི་འཇུག་གི་བར། ཐེག་པའི་མཐའ་ལ་ཐུག་པ་མེད། ཅེས་གསུངས་ཏེ། དེ་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་སེམས་ཀྱི་དེ་ཁོ་ན་ཉིད་ལས་མ་གཡོས་ལ། དེ་ནི་གང་ལ་ཡང་མི་གནས་པས་རང་བྱུང་གི་ཡེ་ཤེས་ཞེས་བྱ་བ་སྟེ། རྒྱུད་བླ་མ་(སྟོད་ཆ།༩༦)ལས། ས་ནི་ཆུ་ལ་ཆུ་རླུང་ལ། རླུང་ནི་མཁའ་ལ་རབ་ཏུ་གནས། མཁའ་ནི་རླུང་དང་ཆུ་དག་དང་། ས་ཡི་ཁམས་ལ་གནས་མ་ཡིན། དེ་བཞིན་ཕུག་པོ་ཁམས་དབང་རྣམས། ལས་དང་ཉོན་མོངས་དག་ལ་རྟེན། ལས་དང་ཉོན་མོངས་ཚུལ་བཞིན་མིན། ཡིད་ལ་བྱེད་ལ་རྟག་ཏུ་གནས། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། སེམས་ཀྱི་དག་པ་ལ་རབ་གནས། སེམས་ཀྱི་རང་བཞིན་ཆོས་རྣམས་ནི། ཐམས་ཅད་ལ་ཡང་གནས་མ་ཡིན། ཅེས་སོ། དེ་ལྟར་རང་བྱུང་གི་ཡེ་ཤེས་དེ་རྟོགས་མ་རྟོགས་ལ་ལྟོས་ནས་ཐེག་པ་བསམ་པས་ཤིག་བྱུང་བའི་ཕྱིར་ཏེ། དེས་ན་ཐེག་པ་གསུམ་པོ་དེ་དག་ཀྱང་སེམས་ཅན་གྱི་བློ་དང་དབང་པོ་དམན་འབྲིང་མཆོག་གི་གནས་ལ་གསུམ་གསུམ་དུ་དབྱེ་བར་འདུལ་བྱེད་ཀྱི་ཐེག་པའང་དེ་དང་མཚུངས་པར་སྟོན་པར་མཛད་པ་ཡིན་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ང་ཡིས་བསྟན་པའི་ཆོས་རྣམས་ནི། སེམས་ཅན་བློ་ཡི་རིམ་པ་ལས། ཆེ་དང་ཆུང་གི་ཁྱད་པར་གྱི། རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། རང་རང་ལྟ་དང་སོར་བཞག་གོ །ཞེས་གསུངས་པའི་དོན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས་སུ་དབྱེར་བའི་སྔ་མ་ལའང་། སོར་བཞག་ལོག་རྟོགས་གནིས་ཀྱི་སོར་བཞག་ནི་ལྷ་དང་མི་ཡི་ཐེག་པ་སྟེ། ཇི་སྐད་དུ། ལྷ་དང་མི་ཡི་ཐེམ་སྐས་ལ། འཛེག་ན་ཐར་པ་གམ་ན་འདུག ཅེས་པ་ལྟར་ཏེ། རྡོར་སེམས་སྒྱུ་རྭ་ལས། ཐེག་པ་ལ་སྔ་བ་ལྷ་དང་མིའི་ཐེག་པའོ། །(སྟོད་ཆ།༩༧) ཞེས་གསུངས་སོ། །ཕྱིན་ཅི་ལོག་རྟོགས་ནི། རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟར་ཏེ། འཇིག་ཚོགས་སུམ་བརྒྱ་དྲུག་བཅུར་འདོད། ཅེས་པ་ཀུན་མཁྱེན་ཆེན་པོའི་ཡིད་བཞིན་མཛད་དུ་རྒྱས་པར་བཀྲལ་བ་ཡོད་མེད་ཀྱི། དེ་ཡང་རྩ་བ་རྟག་ཆད་གཉིས་སུ་འདུ་ལ། རྟག་པར་སྨྲ་བ་ནི། སྟོན་པ་དྲང་སྲོང་སེར་སྐྱའི་རྗེས་འབྲང་དེ་ནིད་ཉེར་ལྔ་པས་ལེན་པའི་དྲང་གྲངས་ཅན་པ་དང་། ལྷ་དབང་ཕྱུག་ཅེན་པོས་མཆོག་བྱིན་པའི་དྲང་སྲོང་གཟེགས་ཟན་དང་རྐང་མིག་གི་རྗེས་འབྲང་ཤེས་བྱ་ཚིག་དོན་དྲུག་སོགས་ཁས་ལེན་པ་དབང་ཕྱུག་པ་དང་། ཁྱབ་ཇའུག་ལྟར་འདིན་པའི་སྟོན་པ་རྒྱལ་དཔོགས་སོགས་ཀྱི་རྗེས་འབྲང་ཁྱབ་འཇུག་པ་དང་། དྲང་སྲོང་རྒྱལ་བ་དམ་པའི་རྗེས་འབྲང་རྫས་དྲུག་ཁས་ལེན་པ་གཅེར་བུ་བ་སྟེ་རྟག་སྨྲ་སྡེ་བཞི་ཞེས་གྲགས་པ། དྲང་སྲོང་ཕུར་བུའི་རྗེས་འབྲང་དྲང་སྲོང་འཇུག་སྟོབས་ཀྱིས་དར་བར་བྱས་པ། ཚུ་རོལ་མཛེས་པའམ་རྒྱང་འཕེན་པར་གྲགས་པ་ནི་ཆད་པར་ལྟ་བ་སྟེ། དེ་ལའང་ནང་གསེས་རྒྱ་ཆད་པར་སྨྲ་བ་དང་། འབྲས་བུ་ཆད་པར་སྨྲ་བ་གཉིས་སུ་ཡོད་པར་གསུངས་ཤིང་། གཞན་ཡང་། ལྷ་མ་ཡིན་གྱི་རྗེས་འབྲང་རཏྨ་ཎས་སྦྱར་པའི་གཞུང་ལུགས་འཛིན་པ་ཏ་གཟིག་པའམ་ཀླ་ཀློར་གྲགས་པ་རྣམས་དང་། བོད་དུ་གཤེན་རབ་མི་བོའི་རྗེས་འབྲང་གཡུང་དྲུང་བོན་དང་། རྒྱ་ནག་ཏུ་དྲང་སྲོང་ལ་བགིན་ཞེས་པའི་རྗེས་འབྲང་ཟིན་ཤིང་གི་གྲུབ་མཐའ་རྣམས་ནི་མུ་སྟེགས་དངོས་མིན་ཀྱང་། སྔ་མ་ནི་མུ་སྟེགས་ལས་ཀྱང་ངན་ལ། ཕྱི་མ་གཉིས་ཀྱིས་བདག་ཁས་མི་ལེན་པ་སོགས་མུ་སྟེགས་ལས་དྲག་ཀྱང་རྟག་སྨྲའི་ཕྱོགས་དང་མཐུན་ནོ། ཞེས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་གསུང་སྣང་ངོ་། འོན་(སྟོད་ཆ།༩༨)ཀུན་མུ་སྟེགས་པ་ལ་ཐར་ལམ་མེད་ཀྱང་། མཐོ་རིས་མངོན་པར་མཐོ་བའི་ཆོས་ནི་ཡོད་མེད་གཉིས་ཏེ། རྒྱང་འཕེན་པ་སོགས་མེད་པར་ལྷ་བ་ངན་པ་ཅན་ལས་འབྲས་ལ་སྐུར་བ་འདེབས་པ་སོགས་དང་། འཚེ་བ་ཆོས་སུ་སྨྲ་བ་རྣམས་ལ་མཐོ་རིས་ཀྱི་ལམ་རྣམ་དག་མེད་ཅིང་གྲངས་ཅན་པ་སོགས་ལྷ་མཆོག་གི་རྗེས་འབྲང་འགའ་ཞིག་དང་། མུ་སྟེགས་བསམ་གཏན་ལ་གནས་པ་རྣམས་ལ་ནི་མཐོ་རིས་ཀྱི་ལམ་ཡོད་དེ། མུ་སྟེགས་རྣམས་ལ་ཐར་པ་མེད་པའི་རྒྱུ་མཚན་ནི་གང་ཟག་གི་བདག་འཛིན་ཅེས་བྱ་བ་བདག་ཏུ་འཛིན་པའི་བློ་འདི་སྤོང་བར་མི་བྱེད་དེ། ཇི་སྐད་དུ། ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས། སྐྱེ་བོ་མ་རིག་གིས་ལྡོང་རྣམས། སྲིད་རྩེའི་བར་དུ་སོང་ནས་ནི། སྡུག་བསྔལ་ཡང་འབྱུང་སྲིད་པ་བསྐྲུན། །ཅེས་གསུངས་པ་ལྟར་འཁོར་བ་ཐོམས་མེད་ནས་བརྒྱུད་དེ་འོངས་པའི་བདག་ཏུ་འཛིན་པའི་བློ་བརྟན་པོ་ཡོད་པ་དེ་ནིད་གྲུབ་མཐས་ཀྱང་ང་བདག་དེ་ཉིད་ཁྱབ་པ་མང་པོ་དང་བཅས་པ་ཏེ་ཡོད་པར་སྒྲུབ་ཅིང་དེའི་དོན་བསྒོམས་པ་དང་། དངོས་འཛིན་དེ་ལ་གཉེན་པོ་གཞན་ཡང ་མེད་པའི་ཕྱིར་བདག་འཛིན་ཡོང་མི་ནུས་ཤིང་། བདག་འཛིན་དེ་ཉོན་མོངས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། ཐེག་པ་དང་གྲུབ་མཐའི་རྣམ་བཤད།། འཇིག་རྟེན་ལས་འདས་པའི་ཐེག་པ་བཤད་པ་ལ་གསུམ་སྟེ། ཕྱི་རོལ་པ་ལས་འཕགས་ཚུལ་རྣམ་གྲངས་སྤྱིར་བསྟན་པ། བྱེ་བྲག་རྒྱས་པར་བཤད་པའོ། དང་པོ་ནི། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་(སྟོད་ཆ།༩༩)ཁས་ལེན་ཅིང་། ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕགས་ཏེ། ཕྱི་རོལ་པའི་ལམ་ན་དེ་མེད་པའི་ཕྱིར་རོ། གཉིས་པ་ལ་ལྔ་སྟེ། ངོ་བོ་ངེས་ཚིག དབྱེ་བ། དགོས་པ། འབྲས་བུའོ། དང་པོ་ནི་ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་དམ་པའོ། ངེས་ཚིག་ནི། སྡུད་པ་ལས། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཐེག་པའི་མཆོག ཅེས་སོ། དབྱེ་བ་ནི་ཆེ་ཆུང་གཉིས་སོ། དགོས་པ་ནི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བསྒྲུབས་པའི་དགོས་པ་ཡོད་དོ། འབྲས་བུ་ནི། ཁམས་གསུམ་ལས་ངེས་པར་འབྱུང་ནས་ཐར་པ་ཐོབ་པའོ། གསུམ་པ་བྱེ་བྲག་རྒྱས་པར་བཤད་པ་ལ། རང་ཤར་ལས། ཐོབ་པའོ། མདོ་དང་རྒྱས་པ་ཆེན་པོ་ནི། བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ། རྒྱ་ཆེ་གྲངས་མང་ཆེན་པོ་སྟེ། བསམ་གྱིས་མི་ཁྱབ་གཞལ་དུ་མེད། བརྗོད་མེད་བསམ་འདས་ཆེན་པོའོ། ཞེས་ཏེག་པ༄༅ི་དབྱེ་བ་བསམ་གྱིས་མི་ཁྱབ་པར་དབྱེར་ཡོད་པར་གསུངས་སོ། འོ་ན་རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང་། ལྔ་པ་ཐུབ་པའི་དགོངས་པ་མིན། ཞེས་མ་གསུངས་སམ་ཞེ་ན། དེ་ནི་བྱང་སེམས་ཀྱི་ཐེག་པར་སྔགས་ཀྱི་ཐེག་པ་བསྡུས་ཏེ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སོ་སོར་མ་ཕྱེས་པར་ཐེག་ཆེན་དུ་གཅིག་པ་ལ་དགོངས་ཏེ་སྤྱི་ཙམ་དུ་ཐེག་པ་གསུམ་གྱི་རྣམ་གཞག་མཛད་ཀྱང་། བྱེ་བྲག་སྔགས་ཀྱི་ཐེག་པ་རྒྱ་ཆེར་བཤད་དུ་ཡོད་དེ། འཇམ་དཔལ་སྒྱུ་དྭ་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། འགྲོ་བའི་དོན་ལ་རྟོགས་པ་པོ་(སྟོད་ཆ།༡༠༠)ཞེས་ཐེག་པ་སྣ་ཚོགས་པར་བཤད་པས་ཀྱང་གནད་དོ། །དེས་ན་འདིར་ཐེག་པ་རིམ་པ་དགུར་དབྱེ་སྟེ། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིགས། དབང་བསྒྱུར་ཐབས་ཀྱི་ཐེག་པའོ། ཞེས་ཀུན་འབྱུང་འདྲེན་པའི་ཐེག་པ་ཉན་རང་བྱང་སེམས་གསུམ་དང་། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཀྲི་ཡོག་གསུམ་དང་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཡོ་ག་གསུམ་སྟེ། རང་ཤར་ལས། རྒྱས་པ་ཆེན་པོ་འདི་ལྟར་ཏེ། དབྱེ་བ་རྣམ་པ་དགུ་འདོད་དོ། ཉན་ཐོས་དང་ནི་རང་རྒྱལ་དང་། དེ་བཞིན་བྱང་ཆུབ་སེམས་དཔའ་འོ། ཀྲཱི་ཡ་དང་ནི་ཨུ་པ་ནི། དེ་བཞིན་ཡོ་གའི་ཐེག་པར་བཤད། མ་ཧཱ་ཨ་ནུ་ཡོ་ག་དང་། དེ་བཞིན་རྫོགས་ཆེན་ཨ་ཏིའོ། དེ་ལྟར་རྣམ་པ་དགུར་བཤད་དེ། ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། ཞེས་སོ། དེ་དག་ཀྱང་གདུལ་བྱའི་བློ་ཆེ་ཆུང་གི་རིམ་པས་ཕྱེ་སྟེ། དེ་ཉིད་ལས། ཡང་དག་པ་ནི་རིམ་གསུམ་སྟེ། ཆུང་བའི་བློ་དང་ཆེན་པོ་དང་། དེ་བཞིན་འབྲིང་པོའི་བློ་ཅན་ལ། རིམ་པ་གསུམ་གྱི་ཚུལ་དུ་བསྟན། རྟོག་པས་སྦག་ལ་ཉན་ཐོས་སོ། འདུ་ཤེས་ཅན་ལ་རང་རྒྱལ་ཏེ། རྟོག་འཇུག་ཅན་ལ་བྱང་སེམས་སོ། འབྲིང་པོ་གསུམ་ལ་བསྟན་པ་ནི། རབ་ཏུ་དམན་ལ་བྱ་བ་དང་། དམན་པ་རྣམས་ལ་སྤྱོད་པའོ། རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། ཆེན་པོའི་རིམ་ལྡན་གསུམ་དག་ལ། སེམས་ཡས་པ་ལ་བསྐྱེད་པ་དང་། སེམས་བཅུད་ཅན་ལ་རྫོགས་པ་སྟེ། མཆོག་གསང་རབ་ལ་རྫོགས་པ་ཆེ། ཞེས་གསུངས་པ་ལྟར། དང་པོ་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་ལས་ཉན་ཐོས་ཀྱི་ལམ་ནི་འཁོར་བའི་སྡུག་བསྔལ་ལ་སྐྱོ་ཤས་(སྟོད་ཆ།༡༠༡)དང་ངེས་འབྱུང་གི་བསམ་པས་རང་དོན་དུ་ཐར་པ་དོན་དུ་གཉེར་བ་ཡིན་ཏེ། ལམ་ལ་འཇུག་ཚུལ་ཡང་། ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱོར། ཅེས་པ་ལྟར་སོ་ཐར་རིགས་བདུན་གག་རུང་གི་ཚུལ་ཁྲིམས་ཀྱིས་རྒྱུད་བསྡམ་ནས། ལམ་བསྒོམ་པ་ལ་འཇུག་པ་སྟེ། གཙོ་བོ་བདེན་པའི་བཞིའི་སྒོ་ནས་བླང་དོར་བྱེད་དོ། ཉན་ཐོས་ལ་གྲུབ་མཐའ་གཉིས་ཏེ་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པའོ། དང་པོ་ནི་བྱེ་བྲག་བཤད་མཛོད་ཆེན་མོའི་རྗེས་སུ་འབྲང་བས་དེ་སྐད་ཅེས་གྲགས་ཏེ། མདོ་སྡེ་ནི་དགོངས་པ་ཅན་དང་དྲང་དོན་དུ་གསུངས་པ་མང་བས། ལྟ་གྲུབ་རྣམས་བསྟན་བཅོས་ཀྱི་ལུགས་བཞིན་ཁས་ལེན་དགོས་པར་འདོད་པ་ལ་བསྟན་བཅོས་ནི་བྱེ་བྲག་བཤད་པ་ལ་ངོས་འཛིན་ནོ། འདི་པས། ཤེས་པ་སེམས་བྱུང་གཉིས་ཡུལག་ཟུགས་སོག་བཅུ་སྐྱེ་འཇིག་སོགས་ལྡན་མིན་འདུ་བྱེད། ནམ་མཁའ་སོགས་འདུས་མ་བྱས་གསུམ་དང་། འདས་མ་འོངས་ཀྱི་དངོས་པོ་རྣམས་རང་རང་སོ་སོ་ནས་རྫས་གྲུབ་པ་འདོད་ཅིང་བདེན་གྲུབ་ཀྱི་མར་ཡང་ཡོད་པར་འདོད་ལ། རགས་པའི་དངོས་པོ་དང་རྒྱུད་ཀྱི་དངོས་པོ་སོགས་ནི་བདེན་མེད་དུ་འདོད་ཅིང་། ཡུལ་དང་དབང་ཤེས་བདེན་གྲུབ་ལས་རྣམ་ཤེས་སྐྱེ། འདུས་བྱས་ཐམས་ཅད་སྐད་ཅིག་གིས་འཇིག་ཅིང་མི་རྟག་ལ། གང་ཟག་གི་བདག་བློས་བཏགས་པ་ཙམ་མ་གཏོགས་རྫས་སུ་མེད་པརའདོད་དོ། འདི་ལའང་ནང་གསེས་གྲུབ་མཐའ་ཁས་ལེན་བཟང་ངན་ཅུང་ཟད་ཡོད་དོ། མདོ་སྡེ་བས་ནི། བསྟན་བཅོས་ལ་འཁྲུལ་པ་ཡོད་པས་གྲུབ་མཐའ་ནི་མདོ་སྡེ་དང་བསྟུན་དགོས་པར་འདོད་དེ་ཐེག་པ་ཆུག་ངུའི་མདོ་སྡེ་(སྟོད་ཆ།༡༠༢)རྣམས་ལ་བརྟེན་པའི་ཕྱིར་མདོ་སྡེ་པར་གྲགས་སོ། འདིས་ནི་གོང་དུ་བཤད་པའི་ཆོས་རྣམས་ལས། འདུས་མ་བྱས་དང་ལྡན་མིན་འདུ་བྱེད་ནི་བཏགས་ཡོད་ཅེས་བྱ་སྟེ་བློས་བཏགས་པ་ཙམ་ལས་བདེན་པ་མེད་ཅིང་། གཟུགས་སོགས་ལ་རགས་རྒྱུན་དང་། ཤེས་པ་ལ་བདེན་པར་མ་གྲུབ་འདས་མ་འོངས་ཀྱི་ཆོས་ཀྱང་བཏགས་ཡོད་ཙམ་ཡིན་ལ། ད་ལྟ་བའི་རྡུལ་ཕྲན་ཙམ་དང་། ཤེས་པ་སྐད་ཅིག་མ་ཙམ་ཆ་མེད་བདེན་གྲུབ་ཡིན། མིག་གིས་གཟུགས་མི་མཐོང་། མིག་ཤེས་ཀྱིས་གཟུགས་དངོས་སུ་མཐོང་སྟེ། མིག་ཤེས་ཀྱིས་མཐོང་བ་དེ་ནི་མིག་ཤེས་ཉིད་ལ་གཟུགས་སྣང་ཤར་བ་དེ་གཟུགས་རམ་པར་གྲགས་པ་ཤེས་པར་གྱུར་དེ་ཡིན་ལ། འོན་ཀྱང་རྣམ་པར་འཆར་བ་དེ་ལ་གཏོང་བྱེད་གཟུགས་སོགས་ལྐོག་ན་མོར་་ཡོད་པར་འདོད་དོ། འདི་གཉིས་ཀས་ཐེག་པ་ཆེན་པོར་བཀར་མི་འདོད་ཅིང་། ཐེག་པ་ཆུ་ཆུང་ནི་གང་ཟག་གི་བྱ་བའི་ཁྱད་ཡིན་གྱི། གསུང་རབ་ལ་ཐ་དད་མེད་ཟེར་ཞིང་ཐེག་ཆེན་ཁས་མི་ལེན་ནོ། ཉན་ཐོས་རྣམས་ལའང་རང་སའི་ལམ་ལྔ་དང་། འབྲས་བུ་འཕགས་པ་རྒྱུན་དུ་ཞུགས་པ། ལན་གཅིག་པྱིར་འོང་བ། ཕྱིར་མི་འོག་བ། དགྲ་བཅོམ་པ་དང་བཞི་སྟེ། དེ་དག་རེ་རེ་ལའང་ཞུགས་གནས་གཉིས་རེས་པྱེ་བས་གང་ཟག་པ་བརྒྱད་དོ། དེ་ལྟར་ཉན་ཐོས་དེ་དག་གིས་བདེན་པ་བཞི་ལ་མི་རྟག་ལ་སོགས་བཞི་རེ་བསྒོམས་པས་གང་ཟག་གི་བདག་མེད་རྟོགས་ཤིང་དེ་ཉིད་གོམས་པས་ཉོན་མོངས་པ་ས་བོན་བག་ཆགས་དང་བཅས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་འབྲས་བུ་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་འདོད་དོ། དེ་དག་ཀྱང་རང་ཤར་ལས། ཉན་ཐོས་ཐེག་པ་(སྟོད་ཆ།༡༠༣)འདི་ལྟ་སྟེ། འཇུག་པའི་སྒོ་ནི་བདེན་པ་བཞི། ཉན་ཐོས་སྤྱི་ཡི་འཇུག་སྒོ་སྟེ། དབྱེ་བ་རྣམ་པ་གཉིས་འདོད་དེ། བྱེ་བྲག་པ་དང་མདོ་་སྡེ་པའོ། བྱེ་བྲག་པ་ཡི་ལྟ་བ་ནི། ཞེས་སོགས་རྒྱས་པར་འབྱུང་བ་ལྟར་རོ། གཉིས་པ་རང་བྱང་ཆུབ་ནི། རང་དོན་ཕྱོགས་གཅིག་པས་བྱང་ཆུབ་སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་། གནིས་རྟོགས་པར་འདོད་དེ། དེ་ཡང་རང་སངས་རྒྱས་རྣམས་ཀྱིས་བདེན་པ་བཞིའི་སྟེང་དུ་རྟེན་འབྲེལ་བཅུ་གཉིས་བསྣན་ནས་བསྒོམས་ཏེ། ལྟ་བབ་ནི་གང་ཟག་གི་བདག་དང་ཕྱི་བཟུང་བ་རྡུལ་ཕྲན་དུ་འདོད་ཀྱང་ཡུལ་རྫུན་སྣང་འཛིན་མཁན་གྱི་ཤེས་པ་སྐད་ཅིག་གིས་འཛིན་པ་མ་སྤགཤ་པ་ཡིན་ཏེ་མངོན་རྟོགས་རྒྱན་ལས། གཟུང་དོན་རྟོགས་པ་སྤང་ཕྱིར་དང་། འཛིན་པ་མི་སྤང་ཕྱིར་དུ་ནི། རྟེན་གྱི་བསེ་རུ་ལྟ་བུའི་ལམ། ཡང་དག་བསྡུས་པར་བྱ། ཞེས་གསུངས་སོ། འདི་ལའང་བསེ་རུ་ལྟ་བུ་གཅིག་པུར་གནས་པདང་ནེ་ཙོ་ལྟར་ཁྱུར་ལྡིང་བ་གཉིས་སུ་ཡོད་ལ། སྔ་མས་ནི། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བསྒོམས་པས་ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་སྤང་བར་འདོད་ལ། ཕྱི་མས་ནི་རྟེན་འབྲེལ་ལུགས་ལྡོག་ཏུ་བསྒོམས་ཏེ་དུར་ཁྲོད་དུ་སོང་ནས་རོ་འདི་ཅི་ལ་བྱུང ་ཤི་བ་ལས་བྱུང་ཞེས་པ་ནས་མ་རིག་པའི་བར་དུ་བརྟག་པར་བྱེད་ཅིང་། བདག་མེད་ཕྱེད་དང་གཉིས་རྟོགས་པར་འདོད་དོ། ཚོགས་སྤྱོད་པ་ལ་ནང་སེས་ཆེ་ཆུང་གཉིས་སུ་བཞེད་པའང་སྣང་ཞིང་། རང་སངས་རྒྱས་རྣམས་ཀྱིས་དེ་ལྟ་བུའི་བདག་མེད་པའམ་ལམ་ལྔ་བསྒོམས་པས་ཟད་པ་དང་མི་སྐྱེ་བའི་བྱང ་ཆུབ་མངོན་དུ་བྱེད་དོ། །སངས་རྒྱས་འཇིག་རྟེན་དུ་མི་འབྱོན་པའི་བར་(སྟོད་ཆ།༡༠༤)རྣམས་སུ་རང་རྒྱལ་རྣམས་འབྱུང་ཞིང་ངག་གི་སོག་ནས་ཆོས་མི་སྟོན་ཅིང་ལུས་ཀྱི་བརྡ་ཡི་སྒོ་ནས་ཆོས་སྟོན་ཅིང་རྫུ་འཕྲུལ་བསྟན་པས་གཞན་དད་པ་བསྐྱེད་པར་བྱེད་ཅིང་རྗེས་སུ་འཛིན་ནོ། འདི་དག་ཀྱང་རང་ཤར་ལས། ཨ་ཧོ་གསང་བའི་བདག་པོ་ཉོན། རང་རྒྱལ་མདོ་སྡེའི་ཐེག་པ་ནི། འཇུག་པའི་སྒོ་ནི་རྟེན་འབྲེལ་བཅུ་གཉིས་སོ། རྟོགས་པའི་ལྟ་བ་གང་ཟག་བདག་མེད་ལ། ཆོས་ཀྱི་བདག་ཕྱེད་ཡོད་པར་ལྟ་བའོ། བསྲུང་བའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུངས། སྒོམས་པའི་རིམ་པ་མི་རྟོག་ཆོས་ཉིད་བསྒོམ། ཞེས་པ་ནས། ཉན་དང་ཐོས་པ་མེད་པའི་ཕྱིར། དེ་ཕྱིར་རང་རྒྱལ་ཐེག་པར་བསྟན། ཅེས་སོ། གསུམ་པ་བྱང་ཆུབ་སེམས་དཔའི་ཐེག་པ་ནི་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འཇུག་པས་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་རྣམ་པ་ཅན་ཏེ། སེམས་བསྐྱེད་པ་ནི་གཞན་དོན་དུ། ཡང་དག་རྫོགས་པའི་བྱང་ཆུབ་འདོད། ཅེས་གསུངས་ཏེ་ཐབས་གང་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཐར་པའི་གྲོང་ཁྱེར་དུ་ཁྲིད་པས་ན་ཐེག་པ་ཆེན་པོ་ཞེས་བྱ་སྟེ། རྗེ་བཙུན་མ་ཕམ་པས། དམིགས་པ་ཆེ་བ་ཉིད་དང་ནི། དེ་བཞིན་སྒྲུབ་པ་ཉིད་དག་དང་། ཡེ་ཤེས་བརྩོན་འགྲུས་བརྩོམ་པ་དང་། ཐབས་ལ་མཁས་པར་གྱུར་པ་དང་། ཡང་དག་གྲུབ་པ་ཆེན་པོ་དང་། སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། ཆེན་པོ་འདི་དག་དང་ལྡན་ཕྱིར། ཐེག་ཆེན་ཞེས་ནི་ངེས་པར་བརྗོད། ཅེས་གསུངས་པ་ལྟར་རོ། འོན་ཀྱང་ཉན་ཐོས་རྣམས་ཀྱིས་ཀྱང་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པས་འཁོར་བ་ལས་བརྒལ་ཏེ། རང་རང་གིས་ལྷག་མེད་(སྟོད་ཆ།༡༠༥)མྱང་འདས་མངོན་དུ་བྱེད་པའི་ཕྱིར་ལྟ་བ་རྐྱང་པས་ནི་ཐེག་པ་ཆེ་ཆུག་དབྱེ་བར་དཀའ་བས་གཙོ་བོར་ཐབས་ལ་མཁས་པའི་སྤྱོད་པ་སོགས་ཀྱི་སྒོ་ནས་དབྱེ་བར་བཤད་དེ། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལ་ནི། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། སྤྱོད་པ་ཡོངས་བསྔོ་མ་བཤད་དེས། བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་གསུངས་ཤིང་། ཐེག་པ་ཆེ་ཆུང་གི་རྣམ་དབྱེ་རྒྱ་ཆེར་བཤང་དོ། དེ་ཡང་། ཆོས་ཀྱི་དབྱིངས་ནི་དབྱེར་མེད་ཕྱིར། གཙོ་བོར་ཐེག་དབྱེ་མ་མཆིས་ཀྱང་། ཁྱོད་ཀྱི་ཐེག་པ་གསུམ་པོ་ནི། འགྲོ་བ་འདུལ་ཕྱིར་བསྟན་པ་ཡིན། ཞེས་གསུགས་པ་ལྟར། ཐེག་པ་གསུམ་ལས་ཐེག་ཆེན་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། ཐེག་པ་ཆེན་པོ་དེ་ལའང་གྲུབ་མཐའ་གཉིས་ཏེ། སེམས་ཙམ་པ་དང་དབུ་མ་པ་གཉིས་སུ་འདོད་དོ། དེ་ལ་སེམས་པ་རྣམས་ཀྱིས་གཟུགས་སོགས་ཕྱི་རོལ་གྱི་ཡུལ་རྣམས་རྨི་ལམ་གྱི་གཟུགས་སོགས་ལྟར་ཤེས་པ་ཉིད་དེ་དང་དེར་སྣང་བ་ཡིན་གྱི། ཕྱི་རོལ་ན་དེ་ལྟར་སྣང་བ་མེད་དེ་དཔེར་ན་གཟུགས་ལ་མཚོན་ན། མིག་གི་དབང་པོར་གྲགས་པ་ཡང་མིག་གི་རྣམ་པར་སྣང་བའི་སེམས་ཡིན་ཏེ། མིག་རང་བཞན་པ་ཞིག་མེད་ལ། གཟུགས་སུ་གྲགས་པའང་གཟུགས་ཀྱི་རྣམ་པར་སྣང་བའི་སེམས་ཡིན་པས་གཟུགས་རང་མཚན་པ་མེད་ཅིང་། དེ་དག་ལས་མིག་གི་རྣམ་པར་ཤེས་པ་སྐྱེས་པར་སྣང་བ་ཙམ་ཡིན་པས། གསུམ་ཀར་ཡང་ཐ་དད་པར་སྣང་བ་ནི་འཁྲུལ་པ་ཡིན་ཅིང་ཤེས་པའི་ངོ་བོར་རྫས་གཅིག་པས། མིག་ཤེས་ཀྱིས་གཟུགས་མཐོང་བ་ནི་རང་གིས་རང་ཉིད་མཐོང་བ་མ་ཡིན་ཅིང་གཟུགས་ཀྱི་རྣམ་པར་འཆར་བའི་རྒྱུ་ཤེས་པ་ལས་གཞན་ཕྱི་རོལ་དུ་རྣམ་པ་གཏོད་བྱེད་(སྟོད་ཆ།༡༠༦)གཟུགས་སུ་གྲུབ་པ་ནི་མེད་དོ། །འོན་ཀྱང་མ་བརྟགས་མ་དཔྱད་པའི་ངོར་མིག་གིས་གཟུགས་མཐོང་ཞེས་སོགས་འདོད་ཀྱང་། དཔྱད་ན་གཟུགས་ནི་མ་གྲུབ། གཟུགས་སུ་སྣང་བའི་ཤེས་པ་དེ་ནི་བདེན་གྲུབ་བོ། །དེས་ན་འདིས་ནི་རྣམ་ཤེས་སོགས་ཤེས་པ་ཐམས་ཅད་ཀྱི་ངོ་བོ་བདེན་པར་གྲུབ་ལ། ཡུལ་གྱི་ཕྱི་རོལ་ན་ཡོད་པ་ལྟར་སྣང་བ་གཟུང་ཆ་དང་། རིག་པ་ནང་ན་ཡོད་པ་ལྟར་སྣང་བ་འཛིན་ཆ་སྟེ་དེ་གཉིས་འཁྲུལ་པ་ཡིན་པའི་པྱིར། གཟུང་འཛིན་གཉིས་མེད་ལ། གཟུང་འཛིན་སྤངས་པའི་རྣམ་པར་ཤེས་པ་ནི་བདེན་པར་འདོད་དེ། དྲི་མེད་འོད་ལས། ཡན་ལག་ཅན་ཞེས་བྱ་བ་མེད། ཕྲ་རག་རྡུལ་རྣམས་ཡོད་མ་ཡིན། རྨི་ལམ་ཉམས་སུ་མྱོང་བ་བཞིན། དམིགས་པ་མེད་པ་རབ་ཏུ་སྣང་། གཟུང་དང་འཛིན་པ་གཉིས་བྲལ་བའི། རྣམ་པར་ཤེས་པ་དོན་དམ་ཡོད། ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང་། རྒྱ་མཚོའི་ཕ་རོལ་སོན་རྣམས་སྒྲོགས་ཞེས་སོ། འདིས་ཀྱང་འཁོར་ལོ་ཐ་མའི་མདོ་ལ་བརྟེན་པའི་ཕྱིར་རང་བཞིན་གསུམ་གྱི་རྣམ་གཞག་བྱེད། གཟུང་ཡུལ་རྡུལ་ཕྲན་རྫས་ལས་གྲུབ་པ་དང་། འཛིན་སེམས་ཤེས་པ་སྐད་ཅིག་མར་འདོད་པ་ནི་སེམས་རང་གིས་རང་མ་རིག་པའི་གཞན་དབང་ཡིན་ཅིང་། དེ་ལས་ཡུལ་རྒྱང་ཆད་དུ་ཡོད་པར་འདོད་པ་ནི་མེད་པ་ལ་ཀུན་ཏུ་བརྟགས་པའི་ཀུན་བརྟགས་ཡིན་ལ། གཟུང་འཛིན་རྫས་སོ་སོར་མེད་པར་རང་སེམས་གཅིག་པུར་ཤེས་པ་ནི་ཡོངས་གྲུབ་དོན་དམ་བདེན་པ་ཡིན་ཅིང་། ངོ་ཤེས་པ་ནི་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་དོན་དམ་དུ་འདོད་དོ། འོན་ཀྱང་གཟུང་འཛིན་གཉིས་མེད་དུ་འདོད་ཀྱང་གཟུང་འཛིན་རྫས་གཞན་མེད་པ་ཙམ་ཞིག་ཁས་བླངས་ཀྱང་འཛིན་པ་(སྟོད་ཆ།༡༠༧)རང་ངོས་ནས་ཡོད་པར་ཁས་བླངས་པའི་ཕྱིར་དང་། གཟུགས་སོགས་ཕྱི་དོན་སྣང་བའི་རྣམ་རིག་བདེན་གྲུབ་ཏུ་འདོད་པ་དང་། རྣམ་ཤེས་ཀྱི་ངོ་ལྡོག་ཙམ་གཟུང་འཛིན་གཉིས་མིན་གྱི་ཡེ་ཤེས་སུ་འདོད་པ་དང་། འཛིན་པའི་ངོ་བོ་རྣམ་ཤེས་ནིད་ལ་མི་འདོད་པར་ཡུལ་དུ་སྣང་བའི་རྣམ་རིག་ལས་ཐ་དད་པ་སྣང་བའི་ཆ་ཙམ་ལ་འདོད་པ་སོགས་ཀྱིས་ཆོས་ཀྱི་བདག་མེད་ཇི་བཞིན་རྟོགས་པར་མི་བཞེད་དོ། འདི་ལའང་ནང་གསེས་རྣམ་བདེན་པ་དང་། རྣམ་རྫུན་པ་གཉིས་ལ། སྔ་མས་སྔོན་པོར་འཛིན་པའི་མིག་སཻས་ལ་སྔོན་པོ་སྔོན་པོར་སྣང་བ་ལྟར་གྲུབ་པར་ཁས་ལེན་པ་དང་། ཕྱི་མས་ནི་སྔོན་པོར་སྣང་བ་སོགས་ཐམས་ཅད་དོན་དང་བློ་གཉིས་ཀའི་ངོ་བོར་མེད་དེ་མ་རིག་པའི་བག་ཆགས་ལ་་སྒྲོ་བཏགས་ནས་དེ་ལྟར་སྣང་བ་བློ་མ་རིག་པའིབ་སླད་པ་ཞུགས་པའི་ཤེས་པ་ལ་རྫས་གཞན་མ་ཡིན་པར་འདོད། འདི་སྔ་མ་ལས་འཕགས་པར་བྱེད་འདི་གཉིས་ལའང་ནང་གསེས་དབྱེ་བ་སྔ་མ་ལ། རྣམ་གྲངས་པ། སྒོ་ང་བཀས་པ། སྣ་ཚོགས་པ་སྟེ་གསུམ་དང་། ཕྱི་མ་ལ། དྲི་བཅས་རྫུན་པ་དང་། དྲི་མེད་རྫུན་པ་གཉིས་སོགས་དབྱེ་བ་འགའ་ཡང་ཡོད་དོ། གཉིས་པ་དབུ་མ་ལ་ཡང་། ངོ་བོ་ཉིད་མེད་སྨྲ་བ་དང་། རྣམ་རིཏ་དབུ་མ་ཆེན་པོ་གཉིས་ཀྱི་དག་པོ་ནི། འཁོར་ལོ་བར་པའི་མདོ་རྣམས་ལ་བརྟེན་ཏེ་ཆོས་ཐམས་ཅད་མཐའ་གཉིས་གང་དུའང་མ་ལྷུང་བའི་དབུས་མ་ཉིད་ཁས་བླངས་པའི་ཕྱིར་དབུ་མ་སྟེ། གཟུང་སེམས་གཉིས་ལྡན་མིན་འདུ་བྱེད་སྟེ་འདུས་བྱས་དངོས་པོ་ཐམས་ཅད་དང་། ནམ་མཁའ་སོགས་འདུས་མ་བྱས་དང་དངོས་མེད་ཐམས་ཅད་དེ་ཆོས་ཐམས་ཅད་ཀུན་རྫོབ་ཡིན་ལ།(སྟོད་ཆ།༡༠༨) དེ་གཉིས་ངོ་བོ་གཅིག་དང་ཐ་དད་གང་དུ་ཡང་བརྗོད་དུ་མེད་པ་རྣམ་གཞག་ཙམ་ཐ་དད་དེ་དོན་དམ་དབྱིངས་ཀྱི་ངོ་བོ་ན་གང་ཡང་མེད་པ་སྤྲོས་བྲལ་ནམ་མཁའི་དཔེས་བསྟན་ཅིང་། ཀུན་རྫོབ་སྣང་དུས་ན་བདེན་པས་སྟོང་ཡང་། སྣག་བ་མ་འགགས་པ་སྒྱུ་མའི་དཔེས་བསྟེན་ཏེ། དེ་གཉིས་ཀར་ཡོད་མེད་ཡིན་མིན་སོགས་སྤྲོས་པ་ཐམས་ཅད་ལས་འདས་པར་འདོད་དོ། དེ་ཡང་གཟུགས་སྒྲ་སོགས་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པ་དོན་བྱེད་ནུས་པ་ཡང་དག་པའི་ཀུན་རྫོབ་དང་། མིག་ནད་ཅན་གྱི་སྐྲ་ཤད་སོགས་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་དང་། དོན་དམ་ལའང་། རིག་པས་དཔྱད་པའི་སྟོང་ནིད་མེད་དགག་དང་དེའི་ངེས་ངོ་སྐྱོང་བ་ལ་སྤྲོས་བྲལ་སོགས་རྣམ་གྲངས་པའི་དོན་དམ་དང་། རེ་ཞིག་ཅིར་ཡང་མི་འཛིན་པའི་མཉམ་གཞག་ནི་དོན་དམ་དངོས། ཡིན་པར་བྱེད་ཀྱང་། དངོས་ནི་འཕགས་པའི་གཟིགས་ངོའི་སྟོང་ཉིད་དོན་དམདངོས་ལ་བྱེད་དོ། དེ་ཡང་རང་རྒྱུད་པའི་ངོ་བོ་ནི། གཞན་གྱི་འདོད་པའི་བདེན་འཛིན་གྱི་མཐའ་རྣམས་རིག་པས་བཀག་ནས་ཤུལ་དུ་སེམས་ཀྱི་རང་བཞིན་སྤྲོས་བྲལ་སྒྱུ་མ་ལྟ་བུ་བསྒྲུབས་པ་དང་། ཐལ་འགྱུར་བའི་ངོ་བོ་ནི། གཞན་གྱི་འདོད་པའི་བདེན་འཛིན་གྱི་མཏའ་ཐམས་ཅད་བཀག་ནས་ཤུལ་དུ་སེམས་ཀྱི་རང་བཞིན་སོགས་གང་ཡང་ཁས་མི་ལེན་པའོ། ཁྱད་པར་ཐལ་འགྱུར་བ་རྣམས་ནི་ཁས་ལེན་ཐམས་ཅད་དང་བྲལ་བ་སྟེ་གང་ཡང་ཁས་མི་ལེན་ཏེ། རྩོད་ཟློག་ལས། གལ་ཏེ་ངེས་དམ་བཅས་འགའ་ཡོད། དེ་ཚེ་ང་ལ་སྐྱོན་འདི་ཡོད། ང་ལ་དམ་བཅའ་མེད་པས་ན། ང་ནི་སྐྱོན་མེད་ཁོ་ན་ཡིན། ཞེས་དང་། དབུ་མ་རིན་ཆེན་སྒྲོན་མ་ལས། ཁས་བླངས་པ་ཡི་དངོས་པོ་ནི་(སྟོད་ཆ།༡༠༩)ཕྲ་རབ་ཙམ་ཡང་ཡོད་མིན་ཏེ། གདོད་ནས་སྐྱེ་བ་མེད་པའི་ཕྱིར། མོ་གཤམ་གྱི་ནི་བུ་བཞིན་ནོ། ཞེས་པ་ལྟར་རོ། དེ་ལ་ཐལ་རང་འདི་རྣམས་དོན་དམ་སྟོང་ནིད་མེད་དགག་ལ་ཁྱད་མེད་ཀྱང་། ཀུན་རྫོབ་བཞག་ལུགས་མི་འདྲ་བའི་ཁྱད་ཀྱིས་ནང་གསེས་དབྱེ་བ་མང་དུ་ཡོད་དོ། གྲུབ་པའི་མཏའ་འདི་ལ་ཡང་དོན་དམ་ཆོས་ཉིད་སྤྲོས་པ་བཀགས་པ་ཙམ་གྱི་ནམ་མཁའ་ལྟ་བུ་ལ་འདོད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་སོགས་ཀུན་རྫོབ་ཡིན་ཅིང་བདེན་པ་མེད་མེད་ཟེར་བ་དང་། དོན་དམ་བདེན་པ་ཡང་བདེན་མེད་དུ་འདོད་པ་དང་། ཁྱད་པར་ཐལ་འགྱུར་བ་རྣམས་ནི་གྲུབ་མཐའི་རྣམ་གཞག་འཇོག་བཞིན་དུ། གཞན་གྱི་རྩོད་པ་ལ་འཛེམ་པའི་ཕྱིར་གང་ཡང་ཁས་མི་ལེན་པ་དང་། ངེས་ཤཻས་མ་སྐྱེས་ཀྱང་ལོག་རྟོག་ཟློག་པར་འདོད་པ་སོགས་འགལ་བར་འདུ་བ་ཅུང་ཟད་ཡོད་པར་བཞེད་ལ། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པ་མེད་པ་དང་། བདེན་མེད་ཙམ་དེ་ཡང་བདེན་པར་མ་གྲུབ་པ་སོགས་ནི་མ་ནོར་བར་བཞེད་དོ། གཉིས་པ་ནི། འཁོར་ལོ་ཐ་མའི་མདོ་དང་དགོགཤ་འགྲེལ་བྱམས་ཆོས་ལྔ་སོགས་ལ་བརྟེན་ཏེ། འདི་ཡི་ལུགས་ལ་སེམས་ཙམ་མན་ཆད་ཀྱིས་འདོད་པའི་འདུས་མ་བྱས་གསུམ་སོགས་འདུས་མ་བྱས་བཏགས་པ་དངོས་མེད་རྣམས་དང་། གཟུགས་སོགས་ཕྱི་དོན་དུ་གྲགས་པ་དང་། རྣམ་པར་ཤེས་པ་ཚོགས་བརྒྱད་སེམས་བྱུང་ལྔ་བཅུ་རྩ་གཅིག་སོགས་མདོར་ན་གཞི་འཁོར་བའི་ཆོས་ཐམས་ཅད་དང་། གནས་སྐབས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དང་། འབྲས་བུ་སངས་རྒྱས་ཀྱིས་བསྡུས་པའི་ནང་ནས་གསར་དུ་བྱུང་བའི་ཆ་རྣམས་དང་། གདུལ་བྱ་གཞན་སྣང་གིས་བསྡུས་པ་ (སྟོད་ཆ།༡༡༠)སྟེ། སྣང་གྲགས་ཀྱི་ཆོས་སམ། ཆོས་ཆོས་ཉིད་ཀྱི་ཟླས་ཕྱེ་བའི་ཆོས་སམ། གཟུང་འཛིན་གྱིས་བསྡུས་པའི་ཆོས་སམ། དོན་དམ་གཏན་ལ་འབེབས་པའི་སྐབས་འདིར་དངོས་པོ་དངོས་མེད་ཐམས་ཅད་འདུས་བྱས་དང་། གློ་བུར་བར་བཞག་པ་དེ་རྣམས་ཐམས་ཅད་ནི་བདེན་མེད་ཡིན་ལ། དབྱིངས་དག་ཡེ་ཤེས་གཉིས་སུ་མེད་པའི་ཡེ་ཤེས་རང་རིག་རང་གསལ་དོན་དམ་བདེན་པ་ཆོས་ཉིད་འདུས་མ་བྱས་ཞེས་བྱ་བ། འདི་ནི་རིག་པས་དཔྱད་བཟོད་བདེན་གྲུབ་ཁོ་ན་ཡིན་ནོ། རང་སྟོང་པ་རྣམས་ཀྱིས་འདོད་པའི་ནམ་མཁའ་ལྟ་བུ་སོགས་ནི་དཔྱད་ན་དངོས་མེད་ཡིན་པའི་ཕྱིར། དོན་དམ་བདེན་པ་མ་ཡིན་ནོ། ཞེས་བཞེད་དེ། ཕུང་པོ་རྣམས་དཔྱད་སྟོང་པ་ཉིད། ཆུ་ཤིང་བཞིན་དུ་སྙིང་པོ་མེད། རྣམ་པ་ཀུན་གྱི་མཆོག་ལྡན་པའི། སྟོང་པ་ཉིད་ནི་འདི་ལ་ཡོད། སྟོང་ཉིད་དེ་ལྟ་འགྱུར་མ་ཡིན། ཞེས་སོ། གྲུབ་མཐའ་འདི་ནི་མདོ་ལུགས་གྲུབ་མཐའ་ཐམས་ཅད་ཀྱི་རྩེ་མོར་བཞེད་དོ། དེ་ཡག་དབུས་མཐའ་རྣམ་འབྱེད་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། དེ་ལ་གཉིས་པོ་ཡོད་མ་ཡིན། སྟོང་པ་ཉིད་ནི་འདི་ལཡོད། དེ་ལ་ཡང་ནི་དེ་ཡོད་དེ། སྟོང་པ་མ་ཡིན་མི་སྟོང་མིན། དེ་ལྟ་བས་ན་ཏམས་ཅད་བཤད། ཡོད་པ་མེད་པས་ཡོད་པ་ན། དེ་ནི་དབུ་མའི་ལམ་ཡིན་ནོ། ཞེས་གསུངས་ཏེ། ཀུན་རྫོབ་བདེན་པ་གཏན་ལ་འབེབ་འི་དབང་དུ་བྱས་ན། སྣང་བ་སྣ་ཚོགས་པར་འཆར་བའི་ཤེས་པ་ཡང་དག་མིན་རྟོག་ཙམ་ནི་ཀུན་རྫོབ་ཏུ་ཡོད་ལ། དེ་ལ་སྣང་བའི་གཟུང་ཆ་དང་འཛིན་ཆ་ནི་བློས་བཏགས་པ་ཙམ་ཡིན་པའི་ཕྱིར་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་ནོ། དེས་ན་ཀུན་རྫོབ་བདེན་པ་(སྟོད་ཆ།༡༡༡)ཡང་མཐའ་གཉིས་ལས་གྲོལ་བ་ཡིན་ནོ། སྤྲོས་བྲལ་སྟོང་ཉིད་ཀྱི་ཡེ་ཤེས་དེ་ནི། རྣམ་ཤེས་ཡག་དག་མི་རྟོགས་དེ་ལ་ཆོས་ཉིད་ཚུལ་དུ་བདེན་པར་ཡོད་ཅིང་དྲི་བཅས་སྐབས་ན་ཆོས་ཉིད་དེ་ལ་རྣམ་ཤེས་དེ་ཆོས་ཅན་དྲི་མ་གློ་བུར་བྲལ་རུང་། སྤང་བྱའི་དྲི་མེད་བདེན་མེད་ཀྱི་ངོ་བོར་ཡོད་ཅེས་བྱ་སྟེ། སྟོང་ཉིད་བདེན་གྲུབ་དང་། ཀུན་བརྟགས་སོགས་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་བདེན་མེད་ཡིན་པའི་ཕྱིར་ཡོད་མེད་རྟག་ཆད་ཀྱི་མཐའ་ལས་འདས་པ་ཡིན་ནོ། དེས་ན་ཀུན་རྫོབ་གཟུང་འཛིན་འཁྲུལ་པའི་སྣང་བར་ཤར་ཙམ་མ་གཏོགས་རང་གི་ངོ་བོས་གྲུབ་རྒྱུ་མེད་པའི་ཕྱིར་རང་གི་ངོ་བོས་སྟོང་ལ། རང་གཞན་གཉིས་ཀྱི་ཟླས་ཕྱི་བའི་གཞན་གྱི་ངོ་བོར་གྲུབ་པ་མི་སྲིད་པས་རྣམ་པ་ཀུན་ཏུ་སྟོང་པས་མི་སྟོང་པ་མིན་ལ། ཡེ་ཤེས་ཆོས་ཉིད་དེ་ནི་རང་གི་ངོ་བོས་གདོད་མ་ནས་གྲུབ་ཅིང་ནམ་དུའང་འགྱུར་བ་མེད་པའི་ཕྱིར་རང་གི་ངོ་བོས་སྟོང་པ་མ་ཡིན་ཞིང་རྟག་ཏུ་ཡོད་པའོ། འོ་ན་ཆོས་དབྱིངས་སྟོང་པར་མ་གསུངས་སམ་ཞེ་ན། སྤྱིར་སྟོང་པ་དང་སྟོང་པ་ཉིད་ཡིན་ཀྱང་། རང་གི་ངོ་བོས་སྟོང་པ་ཡིན་མི་དགོས་ཏེ་ཡེ་ཤེས་རང་ལས་གཞན་གྱི་མཚན་ཉིད་ཅན་སྤྲོས་པའམ་གཟུང་འཛིན་ཐམས་ཅད་ཀྱིས་སྟོང་བས་སྟོང་པ་ཉིད་ཅེས་བྱའོ། དེ་ལ་ཀུན་བཏགས། གཞན་དབང་། ཡོངས་གྲུབ་སྟེ་མཚན་ནིད་གསུམ་ལས། ཀུན་བརྟགས་ནི་ནམ་མཁའ་ལ་སོགས་པ་དངོས་མེད་ཐམས་ཅད་དང་། རྣམ་རྟོག་ཤར་བའི་གཟུགས་སོགས་ཡུལ་གྱི་སྣང་ཆ་རྣམས་དང་། མིང་ལ་དོན་དུ་ཞེན་པ་དང་། དོན་ལ་མིང་དུ་འཁྲུལ་པའི་མིང་དོན་གྱི་འབྲེལ་བ་དང་། ཕྱི་ནང་མཐའ་དབུས་ཆེ་ཆུང་(སྟོད་ཆ།༡༡༢)བཟང་ངན་ཕྱོགས་དུས་སོགས་བློས་སྒྲོ་བཏགས་ཀྱིས་གཟུང་བྱ་ཐམས་ཅད་ལ་བཤད་དོ། གཞན་དབང་ནི་གཟུང་འདིན་དངོས་པོར་སྣང་བའི་རྣམ་པར་ཤེས་པ་ཙམ་སྟེ། མ་རིག་པའི་བག་ཆགས་ཀྱི་གཞན་དབང་དུ་གྱུར་པ་སྣང་བ་ཡིན་པའི་ཕྱིར་རོ། ཡོངས་གྲུབ་ནི་རང་རིག་རང་གསལ་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཡིན་ཏེ། ཆོས་ཉིད་དང་། ཆོས་དབྱིངས་དང་། དེ་བཞིན་ཉིད་དང་། དོན་དམ་བདེན་པ་རྣམས་ནི་མིང་གི་རྣམས་གྲངས་སོ། །དེ་ཡང་ཀུན་བརྟགས་ལ་གཟུག་བའི་ཀུན་བརྟགས་དང་འཛིན་པའི་ཀུན་བརྟགས་གནིས། གཞན་དབང་ལ་མ་དག་པའི་གཞན་དབང་དང་དག་པའི་གཞན་དབང་གཉིས། ཡོངས་གྲུབ་ལ་འགྱུར་མེད་ཡོངས་གྲུབ་དང་ཕྱིན་ཅི་མ་ལོག་ཡོངས་གྲུབ་གཉིས་ཡོད་ལ། དེ་ལ་ཀུན་བརྟགས་ནི་བརྟགས་པས་ཡོད་པ་དང་། གཞན་དབང་ནི་རྗེས་སུ་ཡོད་པ་དང་། ཡོངས་གྲུབ་ནི་དེ་གཉིས་སུ་ཡོད་པ་དང་། གཞན་དབང་ནི་རྗེས་སུ་ཡོད་པ་དང་། ཡོངས་གྲུབ་ནི་དེ་གཉིས་སུ་ཡོད་པ་མིན་ཡང་སྤྲོས་མེད་དུ་ཡོད་པའོ། ཡང་། ཀུན་བརྟགས་ནི་མེད་པའི་སྟོང་ཉིད་དང་། གཞན་དབང་ནི་ཡོད་པའི་སྟོང་ཉིད་དང་། ཡོངས་གྲུབ་ནི་དོན་དམ་སྟོང་ཉིད་དེ། ཀུན་བརྟགས་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ལ། གཞན་དབང་སྐྱེ་བ་ངོ་བོ་ནིད་མེད་པདང་། ཡོངས་གྲུབ་ནི་དོན་དམ་ངོ་བོ་ཉིད་མེད་པའོ། རྗེ་བཙུན་གྱིས། ངོ་བོ་ཉིད་ནི་རྣམ་གསུམ་གྱི། ངོ་བོ་ཉིད་མེད་རྣམ་གསུམ་ལ། བརྟེན་ནས་ཆོས་རྣམས་ཐམས་ཅད་ནི། རང་བཞིན་མེད་པར་བསྟན་པ་ཡིན། ཞེས་གསུངས་སོ། འདིའི་ལུགས་ལ་ཤེས་བྱ་ཐམས་ཅད་སྟོང་ཉིད་ཀྱིས་ཁྱབ་པ་དང་། ངོ་(སྟོད་ཆ།༡༡༣)བོ་ཉིད་མེད་པས་ཁྱབ་པར་བཞེད་དོ། དེ་ལ་ཐུན་མོག་མ་ཡིན་བའི་དོན་ནི། སློབ་དཔོན་ཀླུའི་ཆོས་ཀྱི་དབྱིངས་ཀྱི་བསྟོད་པར། ས་ཡི་ནང་ན་གནས་པའི་ཆུ། དྲི་མ་མེད་པར་ཡང་དག་གནས། ཉོན་མོངས་ནག་ན་ཡེ་ཤེས་ཀྱང་། དེ་བཞིན་དྲི་མ་མེད་པར་གནས། ཞེས་གསུངས་པ་ལྟར། ངེས་དོན་སྙིང་པོའི་མདོ་སྡེ་རྣམས་སུ་སྙིང་པོའི་བཞུགས་ཚུལ་བསམ་གྱིས་མི་ཁྱབ་པར་གསུངས་ཤིང་གཤེགས་སྙིང་དེ་ཉིད་རང་ངོ་ལ་ལྟོས་ནས་འཁོར་འདས་བཟང་ངན་མེད་པ་མཉམ་པ་ཉིད་དེ། དེ་བཞིན་ནིད་ཐམས་ཅད་ལ། ཀྱད་པར་མེད་ཅིང་དག་གྱུར་པ། དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། འགྲོ་ཀུན་དེ་ཡི་སྙིང་པོ་ཅན། ཞེས་སོགས་ཀམས་བདེ་བར་གཤེགས་པའི་སྙིང་པོའི་རང་བཞིན་རྒྱ་ཆེར་བཤད་ཅིང་། དེ་ཡང་སེམས་ཅན་གྱི་རྒྱུད་ལ་གཤེགས་སྙིང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ངོ་བོར་གནས་པར་འདོད་དོ། རྒྱུད་བླ་མ་ལས། འོད་གསལ་བྱས་མིན་དབྱེར་མེད་པར། འཇུག་ཅན་གངྒའི་ཀླུང་གི་ནི། རྡུལ་ལས་འདས་པའི་སངས་རྒྱས་ཀྱི། ཆོས་རྣམས་ཀུན་དང་ལྡན་པ་ཉིད། ཅེས་གསུངས་སོ། དེ་ཡང་འདུས་མ་བྱས་ཀྱི་ངོ་བོར་གྱུར་པའི་ཡོན་ཏན་དང་ལྡན་པར་གསུངས་པས་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་ཁྱབ་པའི་གཉིས་མེད་ཀྱི་མི་ཡེ་ཤེས་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ། སྤྲོས་པ་ཐམས་ཅད་དང་བྲལ་ཡང་ཡེ་ཤེས་ཀྱི་རྣམ་པ་ཀུན་ལྡན་འདི་ཉིད་འགྱུར་མེད་ཡོངས་གྲུབ་ཆེན་པོ་ཡིན་ཅིང་། འདི་ཁོ་ན་ཕྱིན་ཅི་མ་ལོག་པའི་གནས་ལུགས་དང་། འཕགས་པའི་ཡེ་ཤེས་མ་འཁྲུལ་བས་མྱོང་བྱ་ཡིན་པའི་ཕྱིར་བདེན་པར་གྲུབ་པ། འགྱུར་བ་མེད་པའི་ཕྱིར་རྟག་བརྟན་ཐེར་(སྟོད་ཆ།༡༡༤)ཟུག་གོ །དེས་ན་ཡོངས་གྲུབ་བདེ་གཤེགས་སྙིང་པོ་འདི་ནི་རང་གི་ངོ་བོས་ནམ་ཡང་མི་སྟོང་ལ་གཞན་ཀུན་རྫོབ་ཀྱིས་གདོད་ནས་སྟོང་པའི་ཕྱིར། ཡོངས་གྲུབ་དེ་ནི་གཞན་སྟོང་ཡིན་གྱི་རང་སྟོང་མིན་ནོ། དེ་ཡི་ཀུན་རྫོབ་རྣམས་གཞན་གྱི་ངོ་བོས་སྟོང་པའི་སྟེང་དུ་རང་གི་ངོ་བོས་ཀྱང་སྟོང་པ་དང་། དོན་དམ་གཞན་གྱི་ངོ་བོ་ཁོ་ནས་སྟོང་པའི་ཕྱིར་ཚུལ་འདི་སྨྲ་བ་ནི་གཞན་སྟོང་དབུ་མ་ཞེས་བྱའོ། དེ་དག་གི་དབྱེ་བ་རྒྱས་པར་ནི་བཤད་ཀྱིས་མི་ལགས་པས་འདིར་མ་སྒྲོས་ལ། འདི་ནི་ངེས་དོན་དབུ་མ་ཆེན་པོ་མཐར་ཐུག་ཏུ་བཞེད་ཀྱི། རྒྱ་བོད་ཀུན་ཏུ་འདི་དག་སེམས་ཙམ་ཆ་མ་ཕྱེད་པའི་གཏམ་མང་དུ་བྱུང་ཡང་། གྲུབ་མེད་བཞིའི་ནང་ཚན་སེམས་ཙམ་དང་གཅིག་པའི་སྐབས་མེད་དེ། དེ་ནི་འཕགས་པ་ཀླུ་སྒྲུབ་མ་བྱོན་གོང་དུ་རྣམ་རིག་སྨྲ་བའི་སློབ་དཔོན་ལྔ་བརྒྱ་བྱུང་སྟེ་སེམས་ཙམ་ལུགས་དེ་དར་བར་མཛད་ཀྱང་། ཀླུ་སྒྲུབ་བྱོན་ཕྱིན་དེའི་གཞུང་འཛིན་པ་མེད་ཅིང་། དེ་དག་གི་གཞུང་བོད་འདིར་མ་འགྱུར་ལ། ཀླུ་སྒྲུབ་ཡབ་སྲས་ཀྱིས་བསྟན་བཅོས་སུ་བཀོད་པའི་སྔ་རྒོལ་ནི་དེའི་ལུགས་ཡིན་ཏེ། རྒྱལ་ཚབས་བྱམས་པ་དང་ཐོགས་མེད་སྐུ་མཆེད་ཀྱིས་གཞུང་བཀོད་པ་མེད་དེ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་སློབ་དཔོན་་ཀླུ་སྒྲུབ་བྱོན་ཞིང་། ལོ་དགུ་བརྒྱ་ནས་འཕགས་པ་ཐོགས་མེད་བྱོན་པས་དུས་མི་མཚུངས་པས་སྔ་རྒོལ་ཇི་ལྟར་བཀོད། དེ་བཞིན་དུ། སེམས་ཙམ་པས་སེམས་བདེན་གྲུབ་ཏུ་འདོད་ལ། འདི་བས་སེམས་ཀྱི་ཆོས་ཉིད་བདེན་གྲུབ་ཏུ་འདོད་པས་མི་མཚུངས་ལ། དེ་བཞིན་དུ། སེམས་ཙམ་པས་རྣམ་ཤེས་ཀྱི་ཆོས་དང་། ཕྱི་མས་ཆོས་ཉིད་བདེན་གྲུབ། སྔ་མས་རྣམ་ཤེས་དང་། ཕྱི་མས་ཡེ་ཤེས་བདེན་གྲུབ་ཏུ་(སྟོད་ཆ།༡༡༥)འདོད་པ་སོགས་ཀྱིས་མི་གཅིག་ལ། གཞན་ཡང་ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། ཕྱི་རོལ་དོན་ནི་མི་བརྟག་གོ །སྣང་བ་མེད་པ་ལ་བརྟེན་ནས། སེམས་ཙམ་ལ་ནི་འདའ་བར་བྱ། ཡང་དག་དམིགས་པ་ལ་བརྟེན་ནི། སྣག་བ་མེད་ལས་འདའ་བར་བྱ། རྣམ་འབྱོར་སྣང་བ་མེད་གནས་ན། ཐེག་པ་ཆེན་པོ་མི་མཐོང་ངོ་། ཞེས་གནས་སྐབས་སུ་སེམས་ཙམ་ལ་བརྟེན་ནས་མཐར་དེ་ལས་ཡང་དག་པར་འདས་ནས་སྣང་མེད་དབུ་མ་དང་། དེ་ལས་ཀྱང་འདས་ནས་སྣང་བཅས་དབུ་མ་སྟོན་ཅིང་། དེ་ལ་མ་སླེབ་ན་ཐེག་ཆེན་གྱི་དོན་ཟབ་མོ་མི་མཐོང་བར་གསུངས་པ་ཡིན་ལ། འཁོར་ལོ་བར་པ་ནས་དངོས་བསྟན་གྱི་སྟོང་ཉིད་ནི། མུ་སྟེགས་པའི་བདག་ལྟ་དང་། རང་སྡེའི་གྲུབ་མཐའ་འཛིན་ཞེན་དང་། སེམས་ཅན་རྣམས་ཀྱི་བློ་ལྷན་སྐྱེས་ཀྱི་ངར་འཛིན་གྱི་སྤྲོས་པ་གཅོད་པའི་ཐབས་ལ་རྣོ་བས་མཆོག་ཏུ་བཞེད་ལ། སྤྱིར་ཡང་ཆོས་འཁོར་གསུམ་པོ་དེ་དག་གིས་གཤེགས་སྙིང་ལ་སྒྲིབ་བྱེད་ཀྱི་དྲི་མ་རགས་པ་དང་ཕྲ་བ་དང་། ཤིན་ཏུ་ཕྲ་བའི་ཚུལ་རྣམས་སྦྱོང་བྱེད་ཀྱི་ཐབས་སུ་རིམ་པར་ཆོས་འཁོར་གསུམ་དུ་འཇོག་པ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དང་པོ་བདག་སྟོན་པའི་འཁོ་རལོ། བར་དུ་བདག་མེད་སྟོན་པའི་འཁོར་ལོ། ཐ་མ་ལྟ་བ་ཀུན་ཟློག་པའི་འཁོར་ལོ་ཞེས་ཐ་སྙད་མཛད་ཅིང་། འཕགས་པ་ལྷས་དེའི་དོན་འགྲེལ་པ་ན། བསོད་ནམས་མ་ཡིན་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། ཐ་མ་ལྟ་གཞི་ཀུན་བཟློག་པ། གང་གིས་ཤེས་ན་མཁས་པ་ཡིན། ཞེས་སོགས་གསུངས་པའི་ཕྱིར་མཐར་ཐུག་ཀླུ་ཐོགས་གཉིས་བཞེད་པ་མི་མཐུན་པ་མེད་པར་གཅིག་ཏུ་བབས་ཏེ་ཆོས་དབྱིངས་(སྟོད་ཆ།༡༡༦)བསྟོད་པ་སོགས་ཀྱིས་ཤེས་པར་ནུས་སོ། ཚུལ་འདི་དག་ཀྱང་རང་ཤར་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ནི། འཇུག་པའི་སྒོ་ནི་བདེན་པ་གཉིས། དོན་དམ་དང་ནི་ཀུན་རྫོབ་བོ། །བསྲུང་བའི་ཚུལ་ཁྲིམས་ཡན་ལག་ནི། བསྡོམ་པ་བརྒྱད་ཅུ་རྩ་ལྔའོ། ལྟ་བ་སྟོང་ཉིད་ཡེ་ཤེས་སོ། ཞེས་པ་ནས། དེ་ནི་བྱང་སེམས་ཐེག་པ་སྟེ། སྟོང་པའི་ཚིག་མེད་ཡི་གེ་མེད། ཅང་མེད་སྟོག་པར་འདོད་པའོ་ཞེས་སོ། ༨ སྔགས་ཀྱི་ཐེག་པའི་སྐོར། སྔགས་ཀྱི་ཐེག་པ་ནི། ཐེག་པ་ཆེན་པོ་ལ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་གསུངས་པའི་ཕྱི་མ་སྟེ། དེ་ཡང་མནྟྲ་ཞེས་པ། ཡིད་དེ་མན་ཞེས་བྱ་བར་བཤད། ཏྲ་ནི་སྐྱོབ་པར་བྱེད་པའི་དོན། ཞེས་གསུགས་པས། ཡིད་འཁོར་བ་དང་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པའི་ཕྱིར་གསང་སྔགས་སམ། ཡང་ན་སྣོད་མིན་རྣམས་ལ་གསང་ནས་ཚུལ་བཞིན་སྤྱད་པས་འགྲུབ་པར་འགྱུར་བའི་ཕྱིར་གསང་སྔགས་ཞེས་བརྗོད་དེ། དུས་ཀྱི་འཁོར་ལོ་ལས། གསང་བས་འགྲུབ་ཕྱིར་གསུངས་སྔགས་ཏེ། རྡོ་རྗེ་ཐེག་པ་འབྲས་བུ་ཆེ། ཞེས་གསུངས་སོ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ནའང་མ་རྨོངས་དང་། ཐབས་མང་དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་དབང་བྱས་ནས། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ཞེས་གསུངས། གཞན་ཡང་ཁྱད་པར་འཕགས་ཚུལ་དུ་མ་ཞིག་གསུངས་ཡོད་ལ། མདོར་བསྡུ་ན། དགོངས་པ་ལུང་སྟོན་ལས།(སྟོད་ཆ།༡༡༧) ཤིན་ཏུ་གྲངས་མེད་བསྐལ་པ་རུ། སངས་རྒྱས་རྣམས་ཀྱིས་གང་མཁྱེན་པ། སྔགས་པ་རྣམས་ཀྱི་དུས་གཅིག་ཏུ། ཚེ་གཅིག་རྫོགས་པའི་བྱང་ཆུ་འཐོབ། ཅེས་གསུངས་སོ། འདི་ལ་སྔགས་གསར་མ་རྣམས་ཀྱིས་རྒྱུད་སྡེའི་དབྱེ་བ་སློབ་དཔོན་སོ་སོའི་བཞེད་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་། ཕལ་ཆེར་མཐུན་པར་བྱ་སྤྱོད་རྣལ་འབྱོར་བླ་མེད་དང་རྒྱུད་སྡེ་བཞིར་བཞེད་དོ། རག་ལུགས་ལ་གོག་དུ་སྨོས་པ་ལྟར་པྱི་ནང་གཉིས་ཀྱི་ཕྱི་པ་ཐུབ་པའི་རྒྱུད་དམ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ་ལ་ཁྲི་ཡོག་སྡེ་གསུམ་དུ་བཤད་པའི་དང་པོ་ཀྲ་ཡ་ནི། ཀུན་རྫོབ་འཁྲུལ་ངོར་སྣང་བའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཆོས་རྣམས་སྦྱང་བྱའི་དྲི་མར་ཤེས་ནས། དབྱིངས་རང་བཞིན་གྱིས་དག་པའི་སེམས་ཉིད་སྦྱང་གཞིར་བྱས་ནས། ལམ་གཙང་སྦྲ་དང་ལྷའི་དེ་ཉིད་བསྒོམ་པའང་བདག་དང་ལྷ་ཡེ་ཤེས་སེམས་དཔའ་རྗེ་ཁོལ་གྱི་ཚུལ་དུ་ལྟ་བས་དངོས་གྲུབ་འདོད་པའོ། དེ་ཡང་ཐུན་མོང་གི་དངོས་གྲུབ་ལབ་སྟེན་ནས་ཀུན་རྫོབ་མི་སྤང་། མཆོག་གི་དངོས་གྲུབ་ལ་བརྟེན་ནས་དོན་དམ་མི་བསྒྲུབ་པའོ། དམིགས་པའི་ཚེ། སྟོང་པའི་ལྷ། ཡི་གེའི་ལྷ། སྒྲའི་ལྷ། གཟུགས་ཀྱི་ལྷ། ཕྱག་རྒྱའི་ལྷ། མཚན་མའི་ལྷ་དང་དྲུག་ལ་དམིགས་ཏེ་རྗེ་འབངས་ཀྱི་རྣམ་པས་དངོས་གྲུབ་དོན་དུ་གཉེར་བ་སྟེ། རིག་པ་ཐམས་ཅད་ཀྱི་དངོས་གྲུབ་ལེན་པའི་རྒྱུད་ལས། རྗེ་དཔོན་རྒྱལ་པོའི་སྐུར་བལྟས་ལ། རང་ཉིད་བྲན་གྱི་འདུ་ཤེས་ཀྱིས། སྔགས་གྲུབ་དངོས་གྲུབ་སྙིང་པོ་ནི། བླ་ན་མེད་པའི་མཆོག་ཏུ་བླང་། ཞེས་སོ། འདི་ལ་དབྱེ་ན་གཙོ་བོའི་རིགས་གསུམ་ནི། དེ་བཞིན་གཤེགས་པའི་རིགས། པདྨའི་རིགས། རྡོ་རྗེའི་རིགས་སོ་(སྟོད་ཆ།༡༡༨)ཕལ་བའི་རིགས་གསུམ་ནི། ནོར་ཅན་གྱི་རིགས། ལྔ་བརྩེན་ནམ་རྒྱས་པའི་རིགས། འཇིག་རྟེན་པའི་རིགས་དང་དྲུག་གོ །དེ་དག་རེ་རེ་ལའང་རིགས་ཀྱི་གཙོ་བོ་དང་། བདག་པོ་དང་། ཡུམ་དང་། གཙུག་གཏོར་དང་། ཁྲོ་བོ་དང་། ཁྲོ་མོ་དང་། ཕོ་ཉ་དང་། ཕོ་ཉ་མོ་དང་། བཀའ་ཉན་ཕོ་མོ་རྣམས་སུ་དབྱེ་བ་ཡོད་དོ། འདི་ཡིས་དབང་པོ་རྣོར་པོ་མི་ཚེ་བདུན་ན་བྱང་ཆུབ་ཐོབ་པར་འདོད་དོ། དེ་ལྟར་ཡང་ཤར་ལས། ཀཱི་ཡའི་ཐེག་པའི་གྲུབ་མཐའ་ནི། འཇུག་པའི་སྒོ་ནི་རྣམ་པ་གསུམ། ཁྲུས་དང་གཙང་སྦྲས་འཇུག་པའོ། ཞེས་དང་། ལྷ་དང་དཀྱིལ་འཁོར་དག་པ་དང་། རྫས་དང་ཡོ་བྱད་དག་པ་དང་། སྔགས་དང་ཏིང་འཛིན་དག་པའོ། རྟོགས་པ་ལྟ་བ་འདི་ལྟ་སྟེ། རྗེ་དང་འབངས་ཀྱི་ཚུལ་དུ་བལྟ། ཞེས་སོ། ལྔ་པ་ཨུ་པ་ཡ་ནི། ལྟ་བ་ཡོ་ག་ལྟར་བྱེད་ཅིང་སྤྱོད་པ་ཀྲི་ཡ་ལྟར་བྱེད་ལ་ཁྱད་པར་དུ་བདག་དམ་ཚིག་པའི་མདུན་དུ་ཡེ་ཤེས་པ་སྤུན་ནམ་གྲོགས་པོའི་ཚུལ་དུ་བསྒོམ་པ་ལས་དངོས་གྲུབ་འདོད་པའོ། དེ་ཡང་ཁྲུས་དང་གཙང་སྦྲ་ལ་གནས་པས་སྒོ་གསུམ་དག་པར་བྱས་ནས། དམིགས་པ་མངོན་བྱང་ལྒེཾ་ལ་སོགས་པས་དཀྱིལ་༄༅ཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་སོགས་བསྒྲུབ་པའོ། དེ་ཡང་ལྟ་རིམ་ལས། གཉིས་ཀའི་རྒྱུད་ཀྱི་འདོད་པ་ནི། ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། ཞེས་གསུངས་སོ། དབྱེ་ན། སྐུ་གསུང་ཐུགས་ཀྱི་རིགས་གསུམ་དུ་དབྱེ་བ་སོགས་ཡོད་ཅིང་། འདིས་མི་ཚེ་ལྔ་ནས་རང་འབྲས་ཐོབ་པར་བཞེད་དོ། དེ་ལྟར་ཡང་རང་ཤར་ལས། ཨུ་པ་ཡ་ནི་འདི་ལྟ་སྟེ། ལྟ་བ་ཡོ་གར་ལྟ་བ་ལ། སྤྱོད་པ་ཀྲི་ཡར་སྤྱོད་(སྟོད་ཆ།༡༡༩)པའོ། དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། ཞེས་སོ། དྲུག་པ་ཡོ་ག་ནི་སྣང་སྲིད་ཀྱི་ཆོས་ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད། དོན་དམ་སེམས་ཉིད་ཀྱི་ངང་དུ་སྦྱངས་ནས་ལམ་མངོན་བྱང་ལྔས་ལྷའི་དཀྱིལ་འཁོར་བསྐྱེད་དུས། བདག་དམ་ཚིག་པ་ལ་ལྷ་ཡེ་ཤེས་པ་དགུགས་གཤེགས་བྱས་པ་ལས་དངོས་གྲུབ་འདོད་པའོ། དེ་ལ་མངོན་པར་བྱང་ཆུབ་པ་ལྔ་ནི། གདན་ཉི་ཟླ་ལ་བྱང་ཆུབ་པ་དག་། སྐུ་ཡོངས་རྡོགས་ལ་བྱང་ཆུབ་པ་དག་། གསུང་ཡིག་འབྲུ་ལ་བྱང་ཆུབ་པ་དག་། ཐུགས་ཕྱག་མཚན་ལ་བྱང་ཆུབ་པ་དང་། ཆོས་ཀྱི་རྣམ་པར་དག་པ་ལ་བྱང་ཆུབ་པ་དང་ལྔས་བདག་ནིད་རིགས་ལྔའི་སངས་རྒྱས་སུ་བསྐྱེད་ནས་དམ་ཡེ་གཉིད་མེད་དུ་བྱས་ནས་དངོས་གྲུབ་ལེན་པ་སྟེ། རྡོ་རྗེ་འབྱུང་བ་ལས། གནིས་སུ་མེད་པའི་ཆོས་ཉིད་དང་། བླ་མེད་དངོས་གྲུབ་དམ་པ་བླངས། ཞེས་སོ། འདི་ལ་དབྱེ་ན། རྩ་རྒྱུད་དང་། བཤད་རྒྱུད་དང་། ཆ་མཐུན་གྱི་རྒྱུད་དང་། ཐབས་དང་ཤེས་རབ་ཀྱི་སྒོ་ནས་དབྱེ་བ་སོགས་ཡོད་ལ། ལུགས་འདིས་འབད་པ་ཆེན་པོས་ལོ་བརྒྱའམ། སྐྱེ་བ་གསུམ་ན་མཆོག་གི་དངོས་གྲུབ་ཐོབ་པར་འདོད་དོ། དེ་ལྟར་ཡང་རང་ཤར་ལས། ཡོ་གའི་གྲུབ་མཐའ་འདི་ལྟ་སྟེ། འཇུག་པའི་སྒོ་ནི་མངོན་བྱང་ལྔ། རྟོགས་པའི་ལྟ་དང་གྲོགས་པོའི་ཚུལ། བསྲུག་བའི་དམ་ཚིག་མ་ཁྲེལ་རྣམ་གསུམ་བསྲུངས། སྤྱོད་པ་དག་ནི་དགག་སྒྲུབ་མེད་པའོ། ཞེས་སོ། བདུན་པ་ནི་ནང་པ་ཐབས་ཀྱི་རྒྱུད་དམ་དབང་སྒྱུར་ཐབས་ཀྱི་ཐེག་པ་ཞེས་བྱ་སྟེ། རྒྱུད་སྡེ་འོག་མ་ལས་འཕགས་ཏེ། ཚེ་ཆུང་ངུས་དོན་ཆེན་པོ་འགྲུབ་པའི་ཕྱི་ནང་པ་ཐབས་ཀྱི་ཐེག་པ་སྟེ། སྔགས་ཕྱི་པས་ཁྲུས་དང་།(སྟོད་ཆ།༡༢༠) གཙང་སྦྲ་ལ་སྤྱོད་ཅིང་སྦྱང་བར་གནས་པ་ལ་སོགས་དཀའ་ཐུབ་ཀྱིས་གདུང་ལ། ནང་པ་ཤ་ལྔ་བདུད་རྩི་ལྔ་ལ་སྤྱོད་ཅིང་། ཉོན་མོངས་པ་ལམ་དུ་ཁྱེར་ནུས་པ་དང་། ཚེ་གཅིག་གིས་ཟུང་འཇུག་གི་གོ་འཕང་ལ་སྦྱོར་ནུས་པ་སོགས་ཀྱིས་ཁྱད་དུ་འཕགས་ཏེ། དེ་ཡང་སྔགས་གསར་མ་ལྟར་ན་ཕ མ་གཉིས་མེད་གསུམ་དང་། སྔགས་རྙིང་མར་ཡོ་ག་གསུམ་དུ་བཞེད་པའི་ཕ་རྒྱུད་དམ་མ་ཧཱ་ཡོ་ག་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་གཏན་ལ་ཕབ་ནས། བསྐྱེད་པའི་རིམ་པ་ཐབས་གཙོ་བས་བདག་དང་ལྷ་ཡེ་ཤེས་པ་དག་མཉམ་གཅིག་གི་ངང་ནས་སྒོ་གསུམ་དཀྱིལ་འཁོར་གྱི་རང་བཞིན་དང་མི་འབྲལ་ཞིག་རླུང་ཕྲ་མོའི་རྣལ་འབྱོར་ལམ་དུ་བྱེད་པས་དངོས་གྲུབ་འདོད་པའོ། འདིས་ནི་ཐེག་པ་འོག་མ་རྣམས་ཀུན་རྫོབ་རྫས་ཡོད་དང་བརྟགས་ཡོད་དུ་བཟུང་ནས་བཟང་ངན་བླང་དོར་དུ་ལྟ་བ་ལས་འཕགས་ཏེ། རང་བཞེད་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས། འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུ་རྟོགས་པར་བྱས་ནས། དེ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པ་སྟེ། སངས་རྒྱས་གསང་བས། ཐབས་ཀྱི་ཐེག་པ་ཆེན་པོར་ནི། རྣམ་པར་བྱད་དང་སྡུག་བསྔལ་དག ཀུན་རྫོབ་ཏུའང་དབྱེར་མེད་དེ། ལྟ་བ་མཐོ་དམན་དེ་ཙམ་མོ། ཞེས་གསུངས་སོ། དེ་ཡང་སྦྱང་གཞི་གཟུང་འཛིན་ལ་སོགས་པ། སྦྱོང་བྱེད་ཐབས་བསྐྱེད་རྫོགས་ཀྱི་རིམ་པ། སྦྱངས་འབྲས་སྐུ་དང་ཡེ་ཤེས་སུ་གྲུབ་པར་འདོད་དོ། འདི་ལ་དབྱེ་ན་འགྱུར་གསར་རྙིང་གི་ཁྱད་དང་། རྒྱུད་སྡེ་དག་སྒྲུབ་སྡེའི་(སྟོད་ཆ།༡༢༡)ཁྱད་པར་ཅི་རིགས་དབྱེར་ཡོད་དོ། འདིས་ནི་སྐྱེ་བ་གཞན་ལ་མ་ལྟོས་པར་འབད་པས་བསྒོམ་ན་ཚེ་གཅིག་ལུས་གཅིག་གིས་རིག་འཛིན་རྣམ་པ་བཞི་གང་ཡང་རུང་བ་ལ་རེག་ཅིང་། འབྲས་ཆོས་ཉེར་ལྔའི་བདག་ཉིད་ཆེན་པོའི་གོ་འཕང་མངོན་དུ་བྱེད་ནུས་པར་གསུངས་སོ། དེ་དག་ཀྱང་རང་རང་ལས། མ་ཧཱ་ཡོ་གའི་གྲུབ་མཐའ་འདི་ལྟར་སྟེ། འཇུག་པའི་སྒོ་ནི་ཏིང་འཛིན་རྣམ་པ་གསུམ། རྟོགས་པའི་ལྟ་བ་ཅི་ཡང་ལྷ་རུ་རྟོགས། བསྲུང་བའི་དམ་ཚིག་རྩ་བ་སྐུ་གསུང་ཐུགས། འབྲས་བུ་ཐབས་དང་ཤེས་རབ་འདུ་འབྲལ་མེད། །ཅེས་སོ། བརྒྱད་པ་མ་རྒྱུད་དམ་ལུག་ཨ་ནུ་ཡོ་ག་ནི། ཆོས་ཐམས་ཅད་ཡེ་ནས་དཀྱིལ་འཁོར་གསུམ་དུ་སངས་རྒྱས་པས་དབྱིངས་དག་ཡེ་ཤེས་བདེན་པ་དབྱེར་མེད་གཅིག་གི་ངང་ནས། ཁམས་བདེ་བ་ཆེན་པོ་ལྷར་མོས་པའི་རྣལ་འབྱོར་ལས་དངོས་གྲུབ་འདོད་པའོ། དབྱེ་བ། ལུང་ནི། ལུང་ལས་བསྟན་པའི་ལུང་། སེམས་དང་ཡེ་ཤེས་ལས་བྱུང་བར་འདོད་པ་དང་བརྗོད་པའི་ལུང་། ཚིག་དང་ཐ་སྙད་ཀྱི་གཞི་མར་འདོད་པའོ། མདོ་ནི། ཡེ་ཤེས་རྔམ་གློག །དུར་ཁྲོད་ཁུ་བྱུག་རོལ་པ། ཀུན་འདུས་རིག་པ། དགོངས་པ་འདུས་པ། སེམས་ལུང་ཆེན་མོའི་མདོ་དང་ལྔས་རིམ་པར། གཞི་ལམ་རྣམ་དག་ཏུ་སྨྲ་བ་དང་། ཡེ་ཤེས་ཐོད་རྒལ་དུ་སྨྲ་བ་དང་། ལམ་གྱུར་དབྱིངས་སུ་སྨྲ་བ་དང་། དབྱིངས་ཡེ་ཤེས་གཉིས་མེད་དུ་སྨྲ་བ་དང་། དབྱིངས་དང་ཡེ་ཤེས་ཅིག་ཅར་དང་། རིམ་གྱིས་དང་། མཐར་ཆགས་དང་། ཐོད་རྒལ་དུ་སྨྲ་བ་དང་ལྔའོ། དེ་དག་ཀྱང་རྟོགས་བྱའི་གཞི་དང་རྟོགས་བྱེད་ཀྱི་ལམ་གཉིས་ཀ་རྣལ་འབྱོར་གསུམ་དུ་བསྡུས་ནས། ཐབས་(སྟོད་ཆ།༡༢༢)མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཆུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་བསྒྲུབ་ཅིང་། ཤེས་རབ་རྣམ་པར་གྲོལ་བའི་ཆོས་ཅན་ཤེས་བྱའི་དོན་ལ། ཤེས་བྱེད་རིག་པའི་གཏན་ཚིགས་རྣམས་ཀྱིས་སོ་སོར་བརྟག་པས་ཆོས་ཏམས་ཅད་གནས་ལུགས་ཆོས་ནིད་ཡེ་ཇི་བཞིན་པར་དཀྱིལ་འཁོར་གསུམ་གྱི་རང་བཞིན་སྨྲ་བསམ་བརྗོད་བྲལ་དུ་གཏན་ལ་འབེབས་པ་ཡིན་ནོ། དེ་ལྟར་ན་བློ་བྲལ་གྱི་རྒྱག་རྒྱ་ཆེན་པོ་དབྱིངས་དང་ཡེ་ཤེས་བདེ་སྟོང་བྱང་ཆུབ་སེམས་ཀྱི་ཐེག་པ་སྟེ་མ་ཧཱ་ཡོ་ག་ལས་ཀྱང་ལམ་གྱུར་ཁྱད་ཆེའོ། དེ་ལྟར་ཡང་རང་ཤར་ལས། ལུང་ཆེན་ཨ་ནུའི་ཐེག་པ་ནི། དབྱིངས་དང་ཡེ་ཤེས་རྣམ་པ་གཉིས། འདུ་འབྲལ་མེད་པའི་རྡོ་རྗེར་འདོད། ཅེས་སོ། དགུ་པ་གཉིས་མེད་རྒྱུད་དམ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི། ཆོས་ཐམས་ཅད་ཡེ་ནས་བྱང་ཆུབ་ཀྱི་སེམས་སུ་རྫོགས་པས། སྤང་བླང་བྱ་རྩོལ་མེད་པའི་ཆོས་ཉིད་སྐུ་གསུམ་ལྷུན་གྲུབ་ཆེན་པོར་ཡེ་ནས་གྲོལ་ཏེ། རང་བྱུང་གི་ཡེ་ཤེས་ལ་ཕྱོགས་དང་རིས་མེད། རྟག་ཆད་དང་འཕོ་འགྱུར་མེད་པར་ལ་ཟློས་པ་སྟེ། རང་བྱུང་གི་ཡེ་ཤེས་འཁོར་འདས་གྲུབ་པ་མེད་པས་ཡེ་གྲོལ་སྤང་བླང་ལས་འདས་པར་འདོད་པའོ། འདི་ཉིད་གང་དུའང་མ་གྲུབ་ལ། ཐམས་ཅད་རོལ་པའི་ཡེ་ཤེས་སུ་མི་འགགས་པས། སྐྱོན་ཀ་ནས་དག་ཡོན་ཏན་ལྷུན་གྱིས་གྲུབ་པས་ན། རྟོགས་བྱའི་གཞིར་གཏན་ལ་ཕབ་ནས། སྒོམ་པ་རང་བྱུང་གི་ཡེ་ཤེས་ལ་རང་བྱུང་ཆོས་ཉིད་རོལ་པར་ཤར་བས། ཆེད་དུ་དམིགས་པའི་སྒོམ་པ་གང་ཡང་མེད་དེ། རྒྱ་ཡན་རང་གྲོལ་ཆེན་པོའི་སྒོམ་པ་མ་སྒོམ་ཆུ་བོའི་རྒྱུན་གྱི་ཡེ་ཤེས་སུ་བབས་ཀྱིས་ཤར་བས། རང་སྣང་ལ་རག་གནས་པ་མར་མེའི་འོད་ལྟ་བུར་ཕྱམ་བརྡལ་ཏེ། མེད་པ་དང་(སྟོད་ཆ།༡༢༣)ཕྱལ་བ་དང་། ལྷུན་གྲུབ་དང་། གཅིག་པུའི་དམ་ཚིག་ལས་མི་འདའ་བ་ནི། རྡོ་རྗེ་ཐེག་པའི་རྩེ་མོ་ཞེས་བྱ་སྟེ། ཡོངས་སུ་རྫོགས་པའི་རྣལ་འབྱོར་ཆེན་པོ་བསགས་པ་རབ་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ལོ། དེས་ན་ཨ་ནུ་མན་ཆད་ཐམས་ཅད་ཀྱིས་རྩོལ་སྒྲུབ་བླང་དོར་བྱས་པའི་རེ་དོགས་ཀྱི་དྲི་མས་རང་བྱུང་གི་ཡེ་ཤེས་ལ་སྒྲིབ་པའི་ཕྱིར། རྫོགས་ཆེན་གྱི་གོལ་སར་བཤད་དེ། ཀུན་བྱེད་རྒྱལ་པོ་ལས། དེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། ཅེས་སོགས་གསུངས་ཏེ། དེ་དག་རྣམས་ནི་སེམས་ཀྱིས་བྱས་ཤིང་བཅོས་པས་སེམས་ནི་ཚོགས་བརྒྱད་ཀུན་ཏུ་རྟོག་པ་དོར་བྱའི་དྲི་མ་ཡིན་ལ། རྒྱུ་མཚན་དེའི་པྱིར་ཨ་ཏི་ཡོ་ག་ནི་བྱ་རྩོལ་དང་བྲལ་བའི་ཡེ་ཤེས་ལ་དབང་བསྒྱུར་བ་སྟེ། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། རྫོགས་པ་ཆེན་པོའི་ལྟ་སྤྱོད་ནི། རྒྱུ་འབྲས་སྒྲུབ་དང་མི་འདྲ་སྟེ། ལྟ་སྤྱོད་བྱང་ཆུབ་སེམས་འདི་ནི། ནམ་མཁའ་ལྟ་བུའི་རང་བཞིན་སྟེ། ནམ་མཁའ་ལ་ནི་རྟོག་དཔྱོད་འདས། ཞེས་སོགས་རྒྱ་ཆེར་གསུངས་སོ། དེས་ན་འབད་རྩོལ་དང་། ཞེ་འདོད་དང་། རྟོག་དཔྱོད་དང་། རྒྱུ་འབྲས་སུ་དམིགས་པའི་རྟོགས་པས་ནི་སེམས་དང་སེམས་བྱུང་གི་ཉེར་ལེན་སྤྲོས་པའི་མཚན་མ་སྣ་ཚོགས་ལྟ་བའི་ཡུལ་ཅན་དུ་བཟུང་བའི་ཕྱིར་རོ་དོགས་ཀྱིས་བསྒྲིབས་པར་འགྱུར་ལ། གང་རྫོགས་པ་ཆེན་པོའི་ལམ་ནི་འཆིང་གྲོལ་ལས་འདས་པའི་གནས་ལུགས་གཏན་ལ་ཕབ་ནས་དེའི་ངང་ལ་མ་བཅོས་པར་མཉམ་པར་བཞག་པས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་བྱ་བྲལ་བློ་འདས་ཆེན་པོའི་དགོངས་པ་ལ་རྒྱུན་དུ་གནས་པ་ལས་གཞན་གྱིས་བཟོ་མི་འཆོས་པ་སྟེ། ཀུན་བྱེད་ལས། ངང་ལ་གནས་པས་(སྟོད་ཆ།༡༢༤)གཡོ་མེད་ལྷུན་གྱིས་གྲུབ། རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད། མ་བཅོས་ཇི་བཞིན་ས་རུ་གནས་པ་དེ། བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟན། གཅིག་ལ་གཉིས་སུ་བལྟས་པས་བསྒོམ་པ་ནོར། ངོ་བོ་གཅིག་ལ་གཉིས་ཀྱི་ཐེག་པ་མེད། ཅེས་གསུངས་སོ། འདི་ལོའང་ནག་གསེས་སུ་དབྱེ་བ་གསུམ་ཡོད་དེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡ་མཁའ་ཅན་ལ་ཀློང་གི་སྡིམ་རྩོལ་བྲལ་ལ་མན་ངག་གོ །ཞེས་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་དབྱེ་བར་མཛད་དེ། དེ་ཡང་རང་སེམས་མ་ཡིན་པའི་སེམས་ལོག་ན་མེད་པས་སྣ་ཚོགས་སེམས་ཀྱི་སྡེ་སྟེ། འདི་དག་ནི་སེམས་རང་བྱུང་གི་ཡེ་ཤེས་ལས། གཞན་དུ་གྱུར་པ་འགོག་པ་ཙམ་ལ་དགོངས་པའོ། ཆོས་ཉིད་ཀུན་ཏུ་བཟག་མོའི་ཀློང་ལས་འགྲོ་ས་གཞན་མེད་པར་སྨྲ་བ་ནི་ཀློང་གི་སྡེ་སྟེ། འདི་དག་ནི་བརྗོད་བྱ་ཆོས་ཉིད་ཀྱི་ཀློག་ལས་གཞན་བྱུང་འགོག་པ་ལད་གོགས་པ་ཙམ་མོ། ཡིན་ལུགས་གནད་ཐོག་ཏུ་འབེབས་པ་མན་ངག་གི་སྡེ་སྟེ། འདི་དག་་ནི་གནད་མ་ཡིན་པ་གཞན་ཁ་འབྱམས་དོན་ལས་འགྱངས་པ་འགོག་པ་ལ་དགོགས་པ་སྟེ་ཀུན་གྱི་རྩེ་མོར་ཕྱིན་པའོ། དེ་དག་ཀྱང་རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། གཅིག་བྱུང་གཉིས་བྱུང་ཐམས་ཅད་བྱུང་། གཅིག་མེད་གཉིས་མེད་ཐམས་ཅད་མེད། བྱས་པའི་ཆོས་ནི་ཀ་ནས་དག། བྱས་དང་བྱས་པ་མེད་པའོ། ཞེས་སོགས་གསུངས་སོ། མི་ལོ་བདུན་ལ་སོགས་པས་ཟག་བཅས་འོད་སྐུར་དེང་ནུས་པའི་ཕྱིར། མི་ལོ་བདུན་ལ་སོགས་པས་ཟག་བཅས་འོད་སྐུར་དེང་ནུས་པའི་ཕྱིར། ཆོས་འདི་ནི་བསགས་པ་ཡང་རབ་ཀྱི་རྣལ་འལབྱོར་པ་རྣམས་ཀྱི་སྤྱོད་ཡུལ་ཏེ། ཀུན་མཁྱེན་(སྟོད་ཆ།༡༢༥)ཆེན་པོས་གང་ན་སངས་རྒྱས་ཐོབ་པ་དེ་ཐམས་ཅད་གསང་ཆེན་འདིའི་གོ་ནས་སངས་རྒྱས་ཏེ། རིག་པ་མངོན་གསུམ་གྱི་ཆོས་ཉིད་གཟིགས་ནས་སངས་རྒྱས་ཀྱི། དེ་ལས་གཞན་གྱིས་སངས་མ་རྒྱས་པའི་ཕྱིར་རོ། དེ་འང་སྔོན་བསྐལ་པ་དུ་མ་ནས་ཚོགས་བསགས་པའི་མཐུས། བསྟན་པ་འདི་དང་གདོང་ཕྲད་ནས། རིང་པོར་མི་ཐོགས་པར་སངས་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་གྱུར་དུ་སངས་རྒྱས་འཐོབ་སྟེ། འབྲས་བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། ཞེས་གསུངས་སོ། དེས་ན་ཐུན་མོང་གི་ཐེག་པ་དང་འཕྲད་པ་ཙམ་ལའང་སངས་རྒྱས་མཆོད་པ་སོགས་དགེ་རྩ་སྔོན་དུ་སོང་ངེས་ན། ཐུན་མོང་མ་ཡིན་པ་འདི་ལྟ་བུ་དང་འཕྲད་པ་ལ་སྔོན་བསགས་ཁྱད་པར་ཅན་ཡོད་ངེས་ཏེ། མངོན་རྟོགས་རྒྱན་ལས། སངས་རྒྱས་རྣམས་ལ་ལྷག་པར་བྱས། དེ་ལས་དགེ་བའི་རྩ་བ་བསྐྲུན། དགེ་བའི་བཤེས་ཀྱིས་མགོན་དང་བཅས། འདི་ཉན་པ་ཡི་སྣོད་ཡིན་ནོ། ཞེས་གསུངས་པ་བཞིན་ནོ། དོན་འདི་ལ་དགོངས་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། བསོད་ནམས་ཆུང་ངུས་ཆོས་འདི་ལ། ཐེ་ཚོམ་ཙམ་ཡང་མི་སྐྱེ་ལགས། གལ་ཏེ་ཐེ་ཚོམ་སྐྱེས་ན་ཡང་། སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། ཞེས་གསུངས་ཏེ་ཆོས་ཟབ་མོར་དད་ཅིང་འཇུག་པ་སྨོས་ཅི་འཚལ་ཐེ་ཚོམ་སྐྱེས་པས་ཀྱང་སྲིད་པ་ཧྲུལ་པོར་བྱེད་པར་ནུས་ཀྱང་། སྔོན་བསགས་བསོད་ནམས་དམན་པ་དག་ཐེ་ཚོམ་ཙམ་ཡང་སྐྱེ་བ་མེད་དོ། ཞེས་གསུངས་སོ། །(སྟོད་ཆ།༡༢༦) ༩ བཀའ་བསྡུ་ཇི་ལྟར་བྱུང་བའི་ཚུལ། གསུམ་པ་བཀའ་བསྡུ་ཇི་ལྟར་བྱུང་བའི་ཚུལ་ནི། ཐུན་མོང་ཐེག་དམན་དང་ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོ་དང་། རྡོ་རྗེ་ཐེག་པའི་ལུགས་དག་གསུམ་གྱི། དང་པོ་ཐུན་མོང་ཐེག་དམན་ཉན་རང་གི་བཀའ་བསྡུ་ནི། སྟོན་པ་འདས་པའི་ཕྱི་ལོར་ལྷ་རྣམས་ཀྱིས་འཕྱ་བ་སེལ་བ་དང་བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་ཤིང་ནྱ་གྲོ་ཏའི་ཕུག་ཏུ། ཀུན་དགའ་བོས་མདོ་སྡེ་ན་བ་འཁོར་གྱིས་འདུལ་བ་འོད་སྲུངས་ཀྱིས་མངོན་པ་བསྡུས་པ་ནི་བཀའ་བསྡུ་དང་བོའོ། སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་རུང་བ་མ་ཡིན་པའི་གཞི་བཅུ་སེལ་བའི་ཕྱིར་ཡངས་པ་ཅན་གྱི་གཙུག་ལག་ཁང་དུ་གྲགས་པ་སོགས་དགྲ་བཅོམ་བདུན་བརྒྱས་བསྡུས་པ་བཀའ་བསྡུ་གཉིས་པ་སྟེ་ཆ་ཤས་ཀྱི་བསྡུ་བའང་ཟེར་རོ། སྟོན་པ་འདས་ནས་ལོ་སུམ་བརྒྱ་ན། ཤཱཀྱ་སེངྒེའི་བསྟན་པ་ནི། ཐ་དད་རྣམ་པ་བཅོ་བརྒྱད་དུ། འགྱུར་ཏེ་འགྲོ་བའི་བླ་མ་དེས། སྔོན་གྱི་ཕྲིན་ལས་དབང་གིས་ཡིན། ཞེས་བཤད་པ་ལྟར། སྡེ་པ་བཅོ་བརྒྱད་བཀའ་མ་ཡིན་པ་སེལ་བའི་ཕྱིར་ཁ་ཆེའི་ཡུལ་དུ། སུ་ནི་བ་སོགས་དགྲ་བཅོམ་ལྔ་བརྒྱ་དང་ཝ་སུ་མི་ཏྲ་སོགས་བྱང་སེམས་ལྔ་བརྒྱ་དང་གོ་སྐྱེའི་པཎྜི་ཏ་ཁྲི་དྲུག་སྟོང་འདུས་ནས་བསྡུས་པ་བསྡུ་བ་གསུམ་པར་བཤད་དོ། འདི་ཡན་སྡེ་སྣོད་གསུམ་གཟུང་ཐོབ་པ་རྣམས་ཀྱིས་གཟུང་བ་ལས་ཡི་གེར་བཀོད་པ་མེད་ལ་འདི་ནས་ཡི་གེར་བཀོད་ཅེས་འབྱུང་ལ། ཁ་ཅིག་གིས་བསྡུ་བ་དང་པོའི་དུས་ནས་ཡི་གེར་བཀོད་པའང་བཤད་དོ། གཉིས་པ་ཐུན་མོང་མ་ཡིན་པ་ཐེག་ཆེན་མདོ་ལུགས་ཀྱི་བཀའ་བསྡུ་ནི། རྒྱལ་(སྟོད་ཆ།༡༢༧)པོའི་ཁབ་ཀྱི་ལྷོ་པྱོགས་བི་མ་སྭ་བྷ་ཞེས་པའི་རི་ལ་བྱང་ཆུབ་སེམས་པ་འབུམ་ཕྲག་བཅུ་འདུས་ཏེ། བྱམས་པས་འདུལ་བ། པྱག་རྡོར་གྱིས་མདོ་སྡེ། འཇམ་དཔལ་གྱིས་མངོན་པ་བསྡུས་པ་གྲགས་ལ། བཤད་ཚུལ་གཞན་ཡང་ཡོད་དོ། གསུམ་པ་རྡོ་རྗེ་ཐེག་པའི་བཀའ་བསྡུས་ཚུལ་ནི། འགྲེལ་པ་གཅིག་ཏུ་རྒྱུད་ཀྱི་ཞུ་བ་པོ་གང་ཡིན་དང་མཇུག་ཏུ་གང་ལ་གཏད་པ་དེས་རྒྱུད་བསྡུས་པར་བཤད་དེ། དཔེར་ན་སྡོམ་འབྱུང་ཕྱག་རྡོར་དང་རྟག་གཉིས་རྡོ་རྗེ་སྙིང་པོ་དང་རྡོ་རྗེ་མཁའ་འགྲོ་དང་ཕྱག་མོ་དང་དུས་འཁོར་ཟླ་བ་བཟང་པོས་བསྡུས་པ་ལྟ་བུའོ། གཞན་ཡང་རྩ་རྒྱུད་རྒྱས་པ་རྣམས་ལས་བསྡུས་ནས་བསྡུས་རྒྱུད་རྣམས་གསུངས་པས་སྟོན་པ་པོ་ཉིད་ཀྱིས་བསྡུས་པའི་འདོད་པ་སོགས་ཡོད་དེ། དཔལ་གསང་བ་གྲུབ་པའི་རྒྱུད་ལས། འདི་ཡི་སྡུད་པ་བྱེད་པ་པོ། གཞན་འགའ་ཡོད་པ་མ་ཡིན་ཏེ། བདག་ནིད་འབའ་ཞིག་སྨྲ་བར་བྱེད། རྒྱུད་མཛད་པོ་ནི་ཐུགས་རྡོ་རྗེ། ཞེས་གསུངས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ནི་དཔལ་གསང་བའི་བདག་པོ་ལས་ལོགས་སུ་བཞག་པ་མེད་པས། གསང་སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་གསང་བདག་གིས་བསྡུས་པར་བཤད་དེ། ལྕང་ལོ་ཅན་དུ་བྱང་སེམས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་འདུས་ཏེ་གསང་བདག་ལ་གསོལ་བ་བཏབ་པས། དེས་སྔགས་ཀྱི་རྒྱུད་མ་ལུས་པ་བསྡུས་ནས་ཡི་གེར་བཀོད་དེ། ཨོ་རྒྱན་དུ་ཀླུ་ལས་གྱུར་པའི་མཁའ་འགྲོ་མ་རྣམས་ལ་དབང་བསྐུར་རྒྱུད་གཏད་ཕྱི་རབས་ཀྱི་སྐལ་ལྡན་ལ་གནང་བར་གདམས་པར་བཤད་དེ། ཨིཎྚ་བོ་དྷིས་མཛད་པའི་བདེ་མཆོག །རྩ་རྒྱུད་ཀྱི་འགྲེལ་པ་ལས། རྒྱལ་པོ་ཨིནྚ་བོ་དྷི་འཁོར་བཅས་ལ། དབང་བཀུར་བྱིན་རླབས་གསང་ཆེན་བླ་མེད་ཆོས། ལྐོག་གྱུར་དག་(སྟོད་ཆ།༡༢༨)ཏུ་རྡོ་རྗེ་ཐེག་མཆོག་གི ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའོ། ཕྱི་དུས་རིམ་པར་ལུང་བསྟན་སྡུད་པ་པོས། རི་བོ་མཆོག་རབ་བྱང་ཤར་ལྷ་གནས་མཆོག །ལྕང་ལོ་ཅན་གྱི་ཕོ་བྲང་ཆེན་པོ་རནི། རྒྱུད་རྣམས་མ་ལུས་སེམས་དཔའ་ཆེན་པོའི་ཚོགས། བྱེ་བ་ཕྲག་ནི་དགུ་བཅུ་རྩ་དྲུག་སོགས། འདུས་ཏེ་རྗེ་བཙུན་གསང་བའི་བདག་པོ་ལ། གསོལ་པ་བཏབ་ཚེ་འདི་སྐད་བདག་ཐོས་ཞེས། རབ་ཏུ་གསུངས་པ་གསེར་གྱི་ཤོག་བུ་ལ། བཻ་ཌཱུ)་ཡི་ཞུན་མས་ཡི་གེར་བཀོད། དེ་ནས་མ་འོངས་དུས་ལ་དགོངས་ནས་ནི། ཨོ་རྒྱན་གནས་སུ་ཀླུ་སལ་གྱུར་པ་ཡི། མཁའ་གྲོ་མ་ཡི་ཚོགས་ལ་བྱིན་གྱིས་བརླབས། མཁའ་འགྲོའི་དབང་ཕྱུག་མངོན་པར་དགའ་མ་སོགས། བྱིན་རླབས་དབང་བཀུར་ཕྱི་རབས་སྐལ་ལྡན་ལ། རྗེས་གནང་ཉེ་བར་གདམ་པ་ལུང་བསྟན་པའོ། ཞེས་སོ། དེ་བས་ན། རྫོགས་པ་ཆེན་པོ་སོགས་རྒྱུད་རྣམས་ཕལ་མོ་ཆེ་གསང་བའི་བདག་པོ་དང་། རྡོ་རྗེ་ཆོས་དང་། རྡོ་རྗེ་སྙིང་པོ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་དང་། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་སོགས་པ་རྣམས་དང་མཁའ་འགྲོ་མ་པཱུ)་ཉེ་བར་ཞི་བ་ལ་སོགས། མཁའ་འགྲོ་དང་། མཁའ་གྲོ་མའི་ཚོགས་དང་། གཞན་ཡང་གདུལ་བྱ་ལྷ་དང་། ཀླུ་དང་། གནདོ་སྦྱིན་ལ་སོགས་རིགས་ཅན་མ་ངེས་པའི་ཚོགས་ཀྱིས་བསྡུ་བར་མཛད་ལ། མཐའ་དག་པའི་རྒྱུད་རྣམས་གསང་བའི་བདག་པོ་ཁོ་ནར་བསྡུས་པ་ཡང་ཤེས་དགོས་སོ། དེ་ལྟར་སྡུད་པ་པོའི་ཙུལ་དུ་བསྟན་པ་རྣམས་ཀྱིས་ལེགས་པར་བསྡུས་པའི་རྒྱུད་སྡེ་མཐའ་དག་ནི་སོ་སོའི་སྐྱེ་བོས་ལྟ་ཅི་སྨོས་(སྟོད་ཆ།༡༢༩)འཕགས་ཅེན་རྣམས་ཀྱིས་ཀྱང་ཚད་བཟུང་དུ་ཡོད་པ་མ་ཡིན་ཞིང་། ཞིང་ཁམས་རྒྱ་མཚོར་གསང་སྒགས་ཀྱི་སྐལ་བ་ཅན་རྒྱ་མཚོ་རྣམས་ལ་དེ་དང་འཚམ་པའི་རྒྱུད་སྡེ་རྒྱ་མཚོ་རྣམས་སྣང་བས་དེའི་དོན་མཛད་པ་ཡིན་པའི་ཕྱིར་རྒྱུད་འདི་དང་འདི་པྱོགས་ཆེ་གེ་མོ་ཞིག་ཏུ་ཡོད་དོ་ཞེས་སྨྲ་བའང་ཕྱོགས་རེ་བ་ཙམ་ཡིན་གྱི་མཐའ་དག་པ་ནི་བརྗོད་པའི་ཡུལ་ལས་འདས་པ་ཉིད་ཡིན་ནོ། དེ་ལྟར་བསྟན་པ་ཆོས་ཀྱི་རྣམ་གཞག་ཅུང་སྨོས་ཀྱི་རྒྱ་ཆེར་འཆད་ཀྱང་མི་སྤོབས་ལ་སྐབས་སུའང་མ་བབས་པའི་ཕྱིར་མདོར་བསྡུས་ཏེ་ཕྱོགས་མཚོན་ཙམ་ཞིག་གླིང་བ་ཡིན་ནོ། བསྟན་པ་ཏམས་ཅད་ཀྱི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དཀའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ལས་སྟོན་པ་དང་བསྟན་པའི་རྣམ་གཞག་བརྗོད་པའི་སྐབས་ཏེ་སརྒ་དང་པོའོ།། །།(སྟོད་ཆ།༡༣༠)

སྤྱི་དོན་གཉིས་པ། སངས་རྒྱས་ཀྱི་བསྟན་པ་འཕགས་བོད་སོགས་སུ་ཇི་ལྟར་བྱོན་པའི་སྐོར།

༡ རྒྱ་གར་འཕག་ཡུལ་དུ་བསྟན་པ་དར་ཚུལ་ལ་ཐུན་མིན་བརྒྱད་པ་གསུམ་གྱི་བབ་ལུགས་སྐོར། གཉིས་པ་བསྟན་པ་རིན་པོ་ཆེ་དེ་ཉིད་འཛམ་གླིང་འཕགས་བོད་སོགས་སུ་ཇི་ལྟར་བྱོན་ཞིང ་དེ་ཉིད་སྐྱེས་བུ་དམ་པ་སུ་དང་སུ་ཞིག་གིས་ཚུལ་ཇི་ལྟར་བསྐྱངས་པའི་ཚུལ་བརྗོད་པ་ལ། རྒྱ་བོད་གཉིས་ལས། དང་པོ་རྒྱ་གར་འཕགས་པའི་ཡུལ་དུ་ཇི་ལྟར་བྱུང་བའི་ཚུལ་བརྗོད་དེ། དེ་ཡང་དམ་ཆོས་འདུལ་བའི་བསྟན་པ་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ཀྱང་ཉན་ཐོས་དགྲ་བཅོམ་པ་དག་གིས་བཟུངས་ཏེ་འཕེལ་འགྲིབ་མེད་པར་གནས་ཀྱང་། ཐེག་ཆེན་མདོ་སྔགས་གཉིས་ནི་ལྷ་ཀླུའི་གནས་དང་མཁའ་སྤྱོད་ཀྱི་ཞིང་སོགས་ལས་འཇིག་རྟེན་མིའི་ཡུལ་ན་མཚན་ཙམ་ཡང་མེད་དེ། དེ་དག་ཕལ་ཆེར་བསྡུ་བ་གཉིས་པའི་མཇུག་དང ་གསུམ་པའི་དུས་ཙམ་ནས་བྱུང་བར་གྲགས་སོ། དེ་ཡང་རང་ལུགས་ཐུན་མོང་མ་ཡིན་པ་འདིར་བསྟན་པའི་བབ་ལུགས་ཅེན་པོ་གསུམ་དུ་གནས་ཏེ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ་དང་གསུམ་སྟེ། བཤད་རྒྱུད་རྒྱ་མཚོ་ལས།(སྟོད་ཆ།༡༣༡)རྒྱལ་བསེམས་དཔའ་རྣལ་འབྱོར་ལ། དགོངས་པ་རིག་པ་རྣ་བར་བརྒྱུད་ཅིས་གསུངས་པའི་དོན་བཞིན། ཆོས་ཐམས་ཅད་ཀྱི་གཞི་ལྟ་བུ་བསྐྱེད་པ་མ་ཧཱ་ཡོ་ག ཆོས་ཐམས་ཅད་ཀྱི་ལམ་ལྟ་བུ་ལུང་ཨ་ནུ་ཡོ་ག །ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཞེས་ཡོ་ག་རྣམ་པ་གསུམ་གྱི་ཆོས་ཀྱི་བྱུང་ཚུལ་ལ། དང་པོ་རྒྱལ་བ་དགོངས་བརྒྱུད་ནི། འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཁྱབ་བདག་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་རང་སྣང་དབྱིངས་ཀྱི་ཞིང་ཁམས་ཤིན་ཏུ་དག་པ་རྡོ་རྗེའི་འོག་མིན་ཆེན་པོར་མཚན་རྫོགས་རྡོ་རྗེ་འཆང་གི་རྣམ་པས། རང་བཞིན་གཉིས་སུ་མེད་པའི་འཁོར་རྒྱལ་བ་རིགས་ལྔའི་སྟོན་པ་དང་རང་སྣང་གི་འཁོར་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཚད་མེད་པའྀ་རྣམ་པ་དང་བཅས་པར་སྣང་བ་རྣམས་ལ། འོད་གསལ་རྡོ་རྗེའི་སྙིང་པོ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་རོལ་པ་སྨྲ་བརྗོད་དང་བྲལ་བའི་དེ་ཁོ་ན་ནིད་ཀྱི་ཡེ་ཤེས་དགོངས་པའི་བྱིན་གྱི་རླབས་ཀྱིས་རྟོགས་པར་མཛད་དེ་འོག་མིན་སྡུག་པོ་བཀོད་ན་བཞུགས་པའི་གཞན་སྣང་གིས་བསྡུས་པའི་ལོངས་སྐུ་ཆེན་པོ་དང་། ས་ཐོབ་ཙམ་ལ་སྣང་བའི་གཙང་གནས་འོག་མིན་ན་བཞུགས་པའི་ལོངས་སྐུ་ཙམ་པོ་བ་སོགས་ལ་གསུངས་ཏེ། དེ་ཡང་ཆོས་སྐུས་བྱིན་རླབས་ཀྱིས་རླབས་ཀྱིས་རང་གྲོལ་མངོན་སུམ་དུ་གསུངས། ལོངས་སྐུས་རང་གི་ངོ་བོས་གསུངས། གསང་བ་རྡོ་རྗེའི་སྐུས་བདེ་ཆེན་ཐབས་ཀྱིས་གསུངས་ཏེ། ཐུགས་རིག་པ་འོད་གསལ་བའི་ཀློང་དུ་དགོངས་པ་སྡུད་པར་མཛད་དོ། གཉིས་པ་རིག་འཛིན་བརྡའི་བརྒྱུད་པ་ལའང་གཉིས་ལས། རིག་འཛིན་མ་ཡིན་ལས་བརྒྱུད་པ་དང་། མི་དང་མི་མ་ཡིན་པ་གཉིས་ཀ་ལས་(སྟོད་ཆ།༡༣༢)བྱུང་བའོ། དང་པོ་ནི་སྟོན་པ་ཉིད་ཀྱི་སྤྲུལ་པ་རིགས་གསུམ་དུ་སྣང་བར་མཛད་པ། ལྷ་ཀླུ་གནོད་སྦྱིན་གསུམ་ལས་བརྒྱུད་པ་ཡང་། འཇམ་དཔལ་མཁྱེན་པའི་མངའ་བདག་ཏུ་གྱུར་པ་ནི། གཙོ་བོར་ཟབ་མོའི་ཕྱོགས་ཀྱི་འགྲོ་བའི་དོན་མཛད་པ་ལས་ལྟ་བའི་ཕྱོགས་སྟོན་སྤྱན་རས་གཟིགས་ཐུགས་རྗེའི་མངའ་བདག་ཏུ་གྱུར་ཏེ། གཙོ་བོར་བྱམས་སྙིང་རྗེས་སྐྱབས་པའི་ཕྱོགས་ཀྱི་དོན་མཛད་པ་ལས་སྒྲུབ་པའི་ཕྱོགས་སྟོན། ཕྱག་ན་རྡོ་རྗེ་མཐུ་སྟོབས་ཀྱི་མངའ་བདག་གྱུར་ཏེ། གཙོ་བོར་ཐབས་མཁས་པའི་དྲག་ཤུལ་ཕྱོགས་ཀྱི་དོན་མཛད་པ་ལས་སྒྲུབ་པའི་ཕྱོགས་སྟོན། ཁ་ཅིག་རེ་རེས་ཀྱང་ལྟ་སྒྲུབ་སྤྱོད་པའི་གསུམ་ཀ་བསྟན་པར་བཞེད་དོ། དེ་ཡང་འཇམ་དཔལ་གཞོན་ཚུལ་མཛེས་པའི་སྐུ་དང་ལྡན་པས། ལྷ་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་བསྟན་ཏེ། ལྷའི་གནས་སུ་གྲགས་ལྡན་མཆོག་སྐྱོང་ལ་བཤད། དེས་ལྷ་ཚངས་པ་རིན་ཆེན་འོད་འབར། དེས་ཚངས་པ་སྐྱེ་རྒུའི་བདག དེས་ཚངས་པ་ཀུན་གྲོལ། དེས་གཙུག་ཕུད་འཛིན། དེས་ལྷ་དབང་བརྒྱ་བྱིན་ལ། དེས་ཚོམ་བུ་འབུམ་སྡེ་ལ་བཤད་དེ། ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་ཚུལ་འཛིན་ཞིང་སངས་རྒྱས་ཀྱི་གདུང་སོབ་པར་གྱུར་ཏེ་འཁོར་ཚོམ་བུ་དང་བཅས་ཏེ་རྡོ་རྗེ་འཆང་གིས་བརྙེས་སོ། སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པ། ཀླུ་གདུག་པ་ཅན་གྱི་ཡུལ་དང་བསམ་པ་དང་མཐུན་པར་ཀླུ་རྒྱལ་རིགས་གྷྲི་ན་ནག་པོ་ལ་བསྟན། དེས་ཀླུ་མོ་མ་མཁའ་འདུལ། དེས་ཀླུ་མོ་འདུལ་ཚང་མ། དེས་ཀླུ་ཡིད་འོང་དགའ། དེས་ཀླུ་འཇོག་པོ་སོགས་ཀླུའི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ་(སྟོད་ཆ།༡༣༣)བཤད་དེ་འཁོར་ཚོམ་བུ་དང་བཅས་སྔར་བཞིན་དུ་གྱུར་ཏོ། ཕྱག་ན་རྡོ་རྗེ་འཇིགས་ཚུལ་བསྡིགས་པའི་སྐུ་དང་ལྡན་པས་གནོད་སྦྱིན་གྱི་གནས་སུ་གནོད་སྦྱིན་གྱི་ལུས་དང་བསམ་པ་དང་མཐུན་པར་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བསྟན། དེས་གནོད་སྦྱིན་ལག་ན་རྡོ་རྗེ་ལ། དེས་གནོད་སྦྱིན་སྐར་མདའ་གདོང་ལ། དེས་གནོད་སྦྱིན་ཚོམ་བུ་འབུམ་སྡེ་ལ་བཤད། དེས་འཁོར་ཚོམ་བུ་དང་བཅས་སྔར་བཞིན་དུ་རྡོ་རྗེ་འཆང་གིས་བརྙེས་པར་གྱུར་ཏོ། རྩོལ་མེད་ཨ་ཏིའི་ཐེག་པ་མངོན་དུ་གྲགས་པ་ནི། ཉོན་མོངས་རྒྱུད་དྲག་མོས་མཐུ་ཞན། ལས་ཀྱིས་ཚེ་ཐུང་བཀའ་དོན་སྟོར། བསྟན་རྙིང་གྲུབ་མཐའ་ངན་མས་བསྒྱུར། གཉེན་པོས་མི་ནོན་སྒྲུབ་ཚུལ་ཞན། དེ་ཚེ་རིག་པའི་རྣམ་རྟོག་ཤར། ཞེས་པ་ལྟར་སེམས་ཅན་རྣམས་ཉོན་མོངས་པ་རྒྱུད་དྲག དད་པ་མེད་ཅིང་མོས་པའི་མཐུ་ཞན། ལས་དབང་གིས་ཚེ་ཐུང་། བཀའི་དོན་ཙིག་ཙམ་ལབ་རྟེན་ཅིང་ཡིན་ཚུལ་གྱི་དོན་སྟོར། བསྟན་པའི་སྙིགས་མར་གྱུར་པས་གྲུབ་མཐའ་ངན་པ་ནུས་པ་ཆེ། ཉོན་མོངས་པ་གཉེན་པོས་མི་ནོན་ཞིང་རྩོལ་སྒྲུབ་ཞན་པའི་དུས་སུ། ཤན་འབྱེད། ལ་བཟླ། རང་གྲོལ། མངོན་སུམ་དུ་སྟོན་པས་ཨ་ཏིའི་བསྟན་པ་བྱུང་སྟེ། དུས་དེའི་ཚེ་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་ན། ལྷ་དེ་བ་བཟང་སྐྱོང་ཞེས་བྱ་བར་བུ་ལྒ་བརྒྱ་རྩ་གཅིག་ཡོད་པའི་བ་ཀུན་དགའ་སྙིང་པོར་གྲགས་པ། སྐྱེད་ཟླ་གཞན་ལས་བློ་གྲོས་དང་སྒྱུ་རྩལ་ཁྱད་དུ་འཕགས་པ་ཞིག་བྱུང་། དེར་ལྷའི་བུ་གཞན་དག་དགའ་བའི་ཚལ་ལ་སོགས་པར་རོལ་མོ་དང་། རྩེད་འཇོ་དང་། གླུ་གར་ལ་སོགས་པར་དགའ་ནའང་། ཀུན་དགའ་སྙིང་པོ་བསམ་གཏན་གྱི་ཁང་བུར་གཅིག་པུར་འདུག་ཅིང་། རྡོ་རྗེའི་(སྟོད་ཆ།༡༣༤)བཟླས་པ་ལ་དགའ་འོ། །དེ་ལ་ལྷ་ཡི་བུ་སེམས་ལྷག་ཅན་ཞེས་བྱ་བར་གྲགས་སོ། ལྷ་ཡི་བུ་དེ་ཆུ་མོ་གླང་གི་ལོ་ཆོ་འཕྲུལ་གྱི་ཟླ་བ་ལ་རྨི་ལྟས་ཁྱད་པར་ཅན་བཞི་རྨིས་པར་གྲགས་པ་འདི་ལྟ་སྟེ། དང་པོར་སངས་རྒྱས་ཐམས་ཅད་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ་མཐར་རང་ལ་འོད་ཟེར་ལ་སོགས་པས་བསྐོར་བ་བྱས་ཏེ་སྤྱི་གཙུག་ཏུ་ཐིམ་པ་རྨིས་སོ། གསུམ་པ་ལ་ནམ་མཁའི་དབྱིངས་སུ་ཉི་ཟླ་གཉིས་ཤར་ནས། དེ་གཉིས་རང་གི་ལག་ཏུ་བྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་གང་བར་བྱས་པ་རྨིས་སོ། ༢༨ི་པ་ལ་ནམ་མཁའ་ནས་སྤྲིན་རིན་པོ་ཆེའི་ཁ་དོག་ཅན་ལས་བདུད་རྩིའི་ཆར་བབས་ཏེ། རྩི་ཐོག་དང་ནགས་ཚལ་ཐམས་ཅད་རྒྱས་ནས་རིན་པོ་ཆེའི་མྱུ་གུ་མེ་ཏོག་དང་འབྲས་བུ་ཐམས་ཅད་དུས་གཅིག་ལ་རྒྱས་པར་རྨིས་སོ། དེ་ལྟར་རྨི་ལྟས་བཞི་པོ་ནང་པར་ལྷའི་དབང་པོ་ལ་བཟླས་པས། ལྷའི་དབང་པོ་ན་རེ། དེ་ལྟར་རྨི་ལྟས་བཞི་པོ་ནང་པར་ལྷའི་དབང་པོ་བཟླས་པས། ལྷའི་དབང་པོ་ན་རེ། ཨེ་མའོ་སྙིང་པོ་རྣལ་འམ་འབྱུང་བའི་དུས། ཡང་སྤྲུལ་སྣང་ནུས་དུས་གསུམ་བྱང་ཆུབ་རྫོགས། ལོ་ཀའི་མུན་སེལ་དུས་མཐའི་ས་བོན་པའི། ཐུགས་སྲས་འཛམ་གླིང་དཔལ་འགྱུར་ངོ་མཚར་ཡང་། ཞེས་བསྟོད་ནས་རྨི་ལམ་བཞི་ལ་འགྲེལ་པ་བྱས་པ་ནི། དང་པོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ལོན་ནས། སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཚབ་བྱེད་པའི་རྟགས་ཡིན། གཉིས་པ་བདུད་ཐམས་ཅད་དབང་དུ་འདུས་ཤིང་དུག་གསུམ་མ་སྤོངས་པར་ཚད་བཅད་དེ། མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་ཡིན། གསུམ་པ་ཐབས་དང་ཤེས་རབ་ཟབ་པ་དང་རྒྱ་ཆེ་བའི་སྣང་བས་འགྲོ་བ་ཀུན་གྱི་མ་(སྟོད་ཆ།༡༣༥)རིག་པའི་མུན་སེལ་བའི་རྟགས་ཡིན། བཞི་པ་མན་ངག་རང་བྱུང་བདུད་རྩིའི་ཆུས་ཉོན་མོངས་པའི་གདུང་བ་གཏན་ནས་བསལ་ཏེ། རྩོལ་མེད་ཀྱིས་འབྲས་བུ་ལྷུན་གྱིས་གྲུབ་པའི་རྟགས་ཡིན་ཞེས་སྤྲོ་བ་བསྐྱེད་པས། ལྷའི་བུ་ཤིན་ཏུ་དགའ་བར་གྱུར་ཏེ། ཕྱོགས་བཞིར་གདོང་ཕྱོགས་ནས་སངས་རྒྱས་ཐམས་ཅད་ལ་བསྐུལ་བ། གསུང་གི་མངའ་བདག་ཐམས་ཅད་ཀྱིས། རྩོལ་པའི་ཐེག་པ་མཐར་བཏོན་ནས། རྩོལ་མེད་ཐེག་པ་མི་གསུང་བར། ཐུགས་རྗེ་ཅེན་པོ་ཡལ་ལམ་ཅི། སྐལ་ལྡན་གདུལ་བྱ་མཆིས་པ་ན། ལྷུན་གྱིས་གྲུབ་པ་གསུང་དུ་གསོལ། ཞེས་གསོལ་བ་བཏབས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང་རིགས་ལྔའི་སངས་རྣམས་ཀྱིས་དཔལ་རྡོ་རྗེ་སེམས་དཔར་བྱིནགཡིས་བརླབས་ཤིང་ཚིགས་སུ་བཅད་པས་རྩོལ་མེད་རྒྱུ་འབྲས་ལས་འདས་པའི་ཐེག་པ་སྣང་བར་བྱ་བའི་དུས་ལ་བབས་པར་བསྐུལ་བས། རྡོ་རྗེ་སེམས་དཔའི་ཞལ་ནས། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། ཚིག་གིས་སྤྱོད་ཡུལ་མ་ཡིན་པས། བདག་གིས་བགྲོ་བར་ཤིན་ཏུ་དཀའ། མ་རྟོགས་པ་ལ་ཚིག་སྒོ་ནས། མཚོན་ནས་རྟོགས་པར་བྱ་བའི་ཕྱིར། ཅི་རིགས་པ་ནི་རྣམ་པར་བགྲོ། ཞེས་གསུངས་པར་ཁས་བླངས་པ་ནས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་མི་འགལ་བར་བྱ་བའི་ཕྱིར་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་རིགས་ལྔའི་ངོ་བོར་བཞུགས་པ་ལ་འདྲི་བ་དང་ལན་ལྡོན་པའི་ཚུལ་གྱིས་གཞི་འབྲས་ཀྱི་དོན་ལ་སྒྲོ་འདོགས་བཅད་པའི་མཐར་སུམ་ཅུ་གསུམ་གྱི་གནས་རྣམ་པར་རྒྱལ་བའི་ཁང་བཟང་གི་དབུ་རྩེ། སྲོག་ཤིང་རྡོ་རྗེ་དགུ་པ་དགུ་པ་དང་བཅས་པའི་གནས་སུ་བྱོན། དེའི་རྩེ་མོར་རིན་པོ་ཆེ་འབར་བའི་ཁྲི་བཤམས། རིན་(སྟོད་ཆ།༡༣༤)ཆེན་སྣ་ཚོགས་ལས་གྲུབ་པའི་གདུགས་ཕུབ། དེར་གསང་བ་འཛིན་པ་བཞུགས་པ་ནས་ལྷའི་བུ་སེམས་ལྷག་ཅན་ལ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ནས་མན་ངག་འཕྲུལ་གྱི་ལུང་བཅུ་ཕོག ལྷུན་གྲུབ་གསུམ་གྱི་དབང་བསྐུར་ནས་སྐུ་གསུམ་ཐུགས་ཕྲད་ཀྱི་གདམས་ངག་བྱིན། ཐིག་ལེ་ཆེན་པོའི་དབང་བསྐུ་རནས་སེམས་ཉིད་འགྱུར་མེད་ཀྱི་མན་ངག་བྱིན། མི་འགྱུར་བརྟན་པའི་དབང་བསྐུར་ནས་སེམས་ཉིད་འགྱུར་མེད་ཀྱི་མན་ངག་བྱིན། རིག་པ་སྤྱི་བླུགས་ཀྱི་དབང་བསྐུར་ནས་ཡེ་ཤེས་རྫོགས་པའི་མན་ངག་བྱིན། གཉིས་མེད་འདྲེས་པའི་དབང་བསྐུར་ནས་ཕྱག་རྒྱ་ཆེན་པོའི་མན་ངག་བྱིན། གཞན་ཡང་དབང་དང་མན་ངག་གི་རྒྱུད་སྡེ་མང་པོའི་དུས་མཐའི་སྐད་ཅིག་ལ་རྫོགས་པར་བྱིན་ནས། རྒྱལ་ཚབ་ཏུ་མངའ་གསོལ་བ་སྟེ། དེ་སྐད་དུ། རྨད་བྱུང་བསྟན་པའི་སྙིང་པོ་འདི། ལྷ་གནས་གསུམ་དུ་གྲགས་གྱུར་ནས། ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། འཛམ་གླིངདབུས་སུ་རྒྱས་པར་བྱོས། ཞེས་སོ། གཉིས་པ་རིག་འཛིན་མི་དང་མི་མ་ཡིན་པ་གཉིས་ཀ་ལས་བརྒྱུད་པ་ནི། དགོངས་པ་ལུང་བསྟོན་པའི་མདོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། ངེས་པའི་ཐེག་པ་ཅིས་མི་གསུང་། ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པར་རྒྱུའི་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། ཞེས་གསུངས་པ་བཞིན། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན་ལྷ་གྲགས་(སྟོད་ཆ།༡༣༧)ལྡན་མཆོག་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། དམ་པའི་རིག་ཅན་དྲ་མ་ལྔ་པོས་འཇིགརཏེན་ན་མགོན་པོ་ཡོངས་སུ་མྱ་ངན་ལས་འདས་པར་རང་གི་མངོན་པར་ཤེས་པས་ཤེས་ནས་ནང་དུ་ཡང་དག་པར་འཇོག་པ་ལས་ལངས་ཏེ་ལངྐའི་ཡུལ་གྱི་རི་མ་ལ་ཡའི་རྩེ་མོར་རྫུ་འཕྲུལ་གྱི་བྱ་བས་འདུས་ཏེ། ཀྱེ་མ་ཧོ། ཀྱེ་མ་འཇིག་རྟེན་ཀློང་། སྟོན་པ་སྒྲོན་མེའི་འོད་ནུབ་ཚེ། འཇིག་རྟེན་མུན་པ་གང་གིས་བསལ། ཞེས་པ་ལ་སོགས་པའི་གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་ཅིང་ག་ཆད་པར་དུས་སོ། དེའི་ཚེ་གསང་བའིབ་དག་པོ་ལག་ན་རྡོ་རྗེས་སངས་རྒྱས་ཀྱིས་གསང་སྔགས་སྟོན་པར་དབང་བསྐུར་བ་བརྙེས་པའི་ཕྱིར་དེར་མངོན་སུམ་དུ་སྣང་བར་མཛད་ནས་རིགས་ཅན་ལྔ་དང་གཞན་ཡང་རིག་པ་འཛིན་པའི་དགེ་འདུན་ཕལ་མོ་ཆེ་ལ་སྔོན་སྟོན་པས་འོག་མིན། དགའ་ལྡན། རི་རབ་ཀྱི་རྩེ་སྟེ་ལྷ་གནས་གསུམ་དུ་གྲགས་པ་ལ་སོགས་པར་གསང་སྔགས་བླ་ན་མེད་པའི་ཐེག་པ་བསྟན་པ་རྣམས་སླར་ཡང་བཟླས་ཏེ་སྟོན་པར་མཛད་ལ། དེ་རྣམས་སྲིད་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་ནམ་མཁའ་ལ་མི་མངོན་པར་རྒྱས་བཏབ་སྟེ་སྦས་སོ། དེ་ལ་རི་མ་ལ་ཡོད་པའི་ལངྐའི་ཡུལ་དེ་ཡང་འཛམ་བུའི་གླིང་གི་གླིང་གཡོག་རྔ་གཡབ་ཀྱི་ལང་ཀ་དེ་མ་ཡིན་ཏེ་བཅོམལྡན་འདས་ལངྐའི་བདག་པོ་སྒྲ་སྒྲོགས་ཀྱི་བུ་མགྲིན་བཅུས་སྤྱན་དྲངས་ཏེ། མདོ་ལང་ཀར་གཤེགས་པ་གསུངས་པའི་གནས་འཛམ་བུ་གླིང་གི་ཤར་ལྷོ་མཚམས་ཀྱི་རྒྱ་མཚོས་བཅད་པའི་གླིང་ཕྲན་ཞིག་ཡིན་ལ། ཡུལ་དེ་སྔོན་སྲིན་(སྟོད་ཆ།༡༣༨)པོ་སྒྲ་སྒྲོགས་ཀྱིས་བཟུང་བའི་པྱིར་དེ་ལྟར་གྲགས་ལ་ཕྱིས་སྲིན་པོའི་ཡུལ་སྟོངས་ནས་དེད་དཔོན་སེང་གེའི་བཟུག་བས་དེང་སང་སིངྒ་ལའི་གླིང་དུ་འབོད་པ་ཡིན་ཅིང་། ཡུལ་དེར་སྔོན་མིའི་རྒྱལ་པོ་ར་མ་ཎས་སིརན་པོ་ལངྐ་མགྲིན་བཅུ་འཇོམས་པའི་དུས་འཛམ་བུའི་གླིང་དང་དེ་གཉིས་ཀྱི་བར་རྒྱ་མཚོ་ཅེན་པོ་ལ་རྡོརའི་ཟམ་པ་བཙུས་ནས་ཕྱིན་བས་ད་ལྟ་རྒྱ་མཚོའི་ནང་དུ་རྡོའི་ཕུང་པོ་ཆེན་པོ་མངོན་སུམ་དུ་སྣང་ཞིང་། སྐབས་འགར་རྡོར་ཕུང་པོ་ལ་གཟིངས་ཐོགས་པས་བྱོལ་ནས་འགྲོ་དགོས་པ་དང་དེར་སྲིན་པོ་མགྲིན་བཅུ་བསད་པའི་ཁྲག་གིས་སྦགས་པ་ཡིན་ཟེར་བའི་རྡོ་དམར་པོ་ཁོ་ནས་ས་གཞི་ཁྱབ་པ་ལ་སྔ་དྲོ་ཙམ་འགྲོ་དགོངས་ཡོད་ཅིང་། དེའི་དབུས་སུ་མཎ་ཀུཊ་སྟེ་ཡིད་བཟང་བརྩེགས་པ་ཞེས་པའི་རི་སུལ་གཅིག་ཡན་ཆད་བྲག་རིའི་ཕྲེང་བས་བསྐོར་བས་སྐྱེ་བོ་ཕལ་གྱིས་བགྲོད་པར་མི་ནུས་པ་ཞིག་ཡོད་ལ། དེར་ཡོད་པའི་རོ་བོ་དེ་ཡང་ཐུན་མོང་དུ་མིང་དེ་ལྟར་གྲགས་ཀྱང་དོན་དུ་དྲག་ཤུལ་ཡོད་པའམ་མ་ལ་ཡའི་རི་ཡིན་ཅིང་མཚན་ཉིད་ཐམས་ཅད་ཀྱང་ཚང་བ་སྟེ། ཇི་སྐད་དུ། རྩེ་ན་རྩལ་གྱི་རྒྱལ་པོ་གནས། ངོས་ལ་བྲག་དཀར་ཁྲི་ཚུགས་པ། སེང་གེ་གནམ་དུ་འཕྱོང་འདྲས་བརྒྱན། རྩི་སྨན་རྩ་བརྒྱད་རྩ་བར་འཁྲུངས། འདུ་བའི་ནད་ཀྱིས་ཡོངས་མི་ཚུགས། སྤྱི་བོར་ཀ་ལནྟ་ཀ་ནི། མི་གཉིས་གཅིག་པུར་གནས་པ་ཡི། མཛོད་ལྡན་པ་ཡིས་ཚངས་བཅས་པ། སྐལ་ལྡན་རྣམས་ཀྱིས་བསྒྲོད་པར་སླ། སྐལ་མེད་རྣམས་ཀྱིས་ཡོངཤ་མི་ཐར། ཞེས་བཤད་པས་སོ། གླིང་གཞན་ལས་བསྔགས་པར་འོས་པའི་ཡོན་ཏན་གཞན་གྱིས་ཀྱང་འཕགས་པར་ཡོད་དེ་རི་དེའི་རྩ་བ་དང་ཉེ་བའི་བྱང་ངོས་སུ་གུ་ཎ་ཝེ་ར་ཞེས་པའི་མཆོད་རྟེན་ཆེན་པོ་སོགས་དེ་བཞིན་གཤེགས་(སྟོད་ཆ།༡༣༩)པའི་རིང་བསྲེལ་བཞུགས་པའི་མཆོད་རྟེན་མང་པོ་དང་། དེའི་ནུབ་ཕྱོགས་སུ་བུདྷ་ཤ་ར་ཎ་ཞེས་དེ་བཞིན་གཤེགས་པ་ཞག་བདུན་དུ་མཉམ་པར་བཞག་པ་ལ་བཞུགས་པའི་ཤིང་སྡོང་དང་། ཛ་ལཱི་མུ་སྟི་ཀཏ་ལཱི་མ་ཎཱི་ཀ། ར་ཎི་པ་ན་ཀུཉྫ་ར་གྷ་རི་པདྨ་ནཱི་ན་རི། བྷཱ་ལ་དེ་ཤ་སིངྒ་ལ། ཆུ་་རྣམས་མུ་ཏིག་ཁྱིམ་རྣམས་ནོར་བུས་གཅུག། ནགས་རྣམས་གླང པོ་ཁྱིམ་རྣམས་བུད་མེད་པདྨ་ཅན་གྱིས་གང་བའི་ཡུལ་སིངྒ་ལ། ཞེས་ཆེད་དུ་བརྗོད་པར་གྲགས་པ་དང་། བྱང་ཤར་དུ་ཀཎྜ་ལ་ཞེས་པའི་ཕུག་ནགས་འཐུག་པོ་ཟིག་ན་བྲག་ཕུག་འདུག་པ་དེར་ཤྲཱི་སཱ་དུ་ཀ་སྟེ་སངས་རྒྱས་ཀྱི་ཞབས་རྗེས་ཤིན་ཏུ་ཆེ་བ་ཞིག་ཡོད་ཅིང་དེར་ཞབས་རྗེས་ཀྱི་དུས་སྟོན་བྱེད་པ་ན་དགེ་སློང་སྟོང་ཕྲག་བཅུ་གཉིས་རེ་ཚོགས་པ་སོགས་སྔོན་ནས་ད་ལྟའི་བར་དུ་ཐེག་པ་ཆེ་ཆུང་གི་བསྟན་པ་ཤིན་ཏུ་དར་བ་ཡོད་དོ། ཞེས་པ་ནི་འཕྲོས་དོན་ནོ། གསུམ་པ་བསྟན་པ་དེ་ཉིད་མི་ཡུལ་དུ་བབས་པའི་གང་ཟག་སྙན་ཁུང་གི་བརྒྱུད་པར་ཇི་ལྟར་བྱོན་པ་ནི། སྤྱིར་ཐུན་མོང་གི་བཀའི་བསྡུ་བ་གཉིས་པའི་མཇུག་ཙམ་དུ། ཨོ་ཌི་བི་ཤའི་ཡུལ་གྱིརགཡལ་པོ་ཙནྜཱ་རཀྵ་ཏའི་ཁྱིམ་དུ་འཕགས་པ་འཇམ་དཔལ་དགེ་སློང་གི་གཟུགས་ཀྱིས་བྱོན་ཏེ་ཐེག་པ་ཆེན་པོ་ཅི་རིགས་པར་བཤད་ཅིང་གླེགས་བམ་ཞིག་ཀྱང་བཞག་གོ་ཞེས་འབྱུང་ལ། དེ་ནི་འཕགས་པ་བརྒྱད་སྟོང་པ་ཡིན་པར་འདོད་དོ། འདི་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་ཐེག་པཆེན་པོ་མི་ཡུལ་དུ་བྱུང་བའི་ཐོག་མ་ཡིན། ཐེག་ཆེན་དར་ནས་རིང་པོར་མ་ལོན་ནས་བྱ་སྤྱོད་ཀྱི་རྒྱུད་རྣམས་ཀྱང་གསང་ནས་ཉམས་སུ་ལེན་པ་ཆེས་མང་བར་བྱུང་ཞིང་། བླ་མེད་ཀྱི་རྒྱུད་སྡེ་ནི་སྐལ་བ་མཆོག་དང་ལྡན་པ་རེ་གཉིས་ལ་ཐོད་རྒལ་དུ་ལྷག་པའི་ལྷ་སོགས་(སྟོད་ཆ།༡༤༠)ཀྱིས་བསྟན་ཞིང་རང་ཉིད་གཅིག་པུས་ཉམས་སུ་བླངས་པས་དངོས་གྲུབ་ཐོབ་པ་ལས་རྗེས་སུ་གདམས་པ་བཞག་པ་དང་། བརྒྱུད་པར་རིམ་ཅན་དུ་འདོམས་པ་སོགས། མཚན་ཙམ་ཡང་མི་སཻས་སོ། གང་གི་ཚེ་གསང་བའི་བདག་པོས་རི་མ་ལཡར་རིགས་ཅན་ལྔ་ལ་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བ་དེའི་ཚེ། ས་ཧོ་རིའི་རྒྱལ་པ་ཛཿ སང་སྔགས་ཕྱི་རྒྱུད་ཀྱི་སྒྲུབ་པར་བཞུགས་པ་ལ་རྨི་ལྟས་ངོ་མཚར་བ་བདུན་བྱུང་སྟེ། དེ་ཡང་། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། རིན་ཆེན་གླེགས་བམ་བབས་པ་དང་། ཆོས་ཀྱི་བགྲོ་བ་བྱེད་པ་དང་། ཀུན་གྱིས་དམ་པར་སྒྲོགས་པ་དང་། མཆོད་པ་ཆེན་པོ་བྱས་པ་དང་། ཀུན་གྱིས་དམ་པར་སྒྲོགས་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། ཞེས་སོ། དེ་ལ་རྒྱལ་པོ་ཛ་ནེ་སྟོན་པས་མདོ་རྒྱུད་ཐམས་ཅད་ནས་ལུང་བསྟན་པ་སྟེ། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། ལོ་གྲངས་བརྒྱ་དང་བཅུ་གཉིས་ན། ལྷག་ནས་གསུམ་དུ་གྲགས་པ་ཡི། བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། རྒྱལ་པོ་ཛ་ཞེས་བྱ་བ་ལ། བསོད་ནམས་ཆེན་པོའི་མཐུས་སྣང་བས། གསང་བའི་བདག་པོས་སྣག་བར་འགྱུར། ཞེས་པ་དང་། དེ་དང་མཚུངས་པར་སྤྱི་མདོ་དགོངས་འདུས་ལས་ཀྱང་འབྱུང་ངོ་། དེ་ཡང་རྒྱལ་པོ་ཛ་ཞེས་པ་གང་ཡིན་ངོས་འཛིན་ཚུལ་མང་ཡང་། དུས་དང་བསྟུན་ན་སློབ་དཔོན་ཀུ་ཀུ་ར་ཛ་དང་དུས་མཚུངས་སུ་བཤད་པས་དེ་ལྟ་ན། ཨིནྡྲ་བྷུ་ཏི་བལ་པ་ལ་བྱེད་དགོས་པ་འདྲ་ཞིང་། གང་ལྟར་ཡང་རྒྱལ་པོ་དེ་ཉིད་རྒྱུད་སྡེ་འོག་མའི་རྣལ་འབྱོར་བསྒོམ་ཞིང་བཞུགས་པའི་ཚེ་སྔར་གྱི་རྨི་ལྟས་དང་མཐུན་པར་དངོས་སུ་ (སྟོད་ཆ།༡༤༡)རྒྱལ་པོའི་ཁང་པར་སངས་རྒྱས་མཉམ་སྦྱོར་ལ་སོགས་པ་གསང་སྔགས་ཀྱི་སྡེ་སྣོད་ཆེན་པོ་རྣམས་ཀྱིས་གླེགས་བམ་དང་གསང་བའི་བདག་པོའི་སྐུ་ཁྲུ་གང་བ་ཞིག་བབ་པར་གྱུར་ཏོ། །དེ་ནས་གསོལ་བ་བཏབ་པས་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ནས་དེ་དང་ཕྱག་ན་རྡོ་རྗེའི་སྐུ་ལ་བརྟེན་ནས་ཟླ་བ་བདུན་བསྒྲུབས་པས་རྡོ་རྗེ་སེམས་དཔའི་ཞལ་མཐོང་ཞིང་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས་གླེགས་བམ་གྱི་བརྡ་དང་དོན་མ་ལུས་པ་མཁྱེན་པར་གྱུར་ཏོ། དེ་དང་དུས་མཉམ་པར་ཨ་ནུ་ཡོ་གའི་སྡེ་སྣོད་རྣམས་ཀྱང་སིངྒ་ལའི་གླིང་དུ་བབ་པར་གྱུར་ཏེ། དེ་ནས་རྒྱལ་པོས་རྒྱུད་དོན་མ་ལུས་པ་མཁྱེན་པར་གྱུར་ཀྱང་དགེ་བའི་བཤེས་ཀྱི་རྐྱེན་ལ་མ་ལྟོས་པར་གདུལ་བྱ་རྣམས་རྒྱུད་ལ་རག་གར་འཇུག་པ་དགག་པའི་ཕྱིར་མ་རྟོགས་པ་ལྟར་མཛད་ནས་གླེགས་བམ་རྣམས་ཟ་ཧོར་གི་ཡུལ་ཙམ་ན་མཁྱེན་པ་ཆེ་བར་གྲགས་པ་སློབ་དཔོན་ཨུ་པ་རཱ་ཛ་ལ་བསྟན་པས་དེས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་རྭ་བའི་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ཏེ་བསྒྲུབས་པས་རྡོ་རྗེ་སེམས་དཔས་ཞལ་བསྟན་ནས་ད་སྟེ་རྒྱུད་ཀྱི་དོན་རྣམ་གསང་བདག་གིས་སྟོན་པར་འགྱུར་ཏོ། ཞེས་ལུང་བསྟན་དང་། ད་དུང་བསྒྲུབས་པས་གསང་བདག་དངོས་སོ་བྱོན་ནས་དོན་གྱི་བསྟན་པ་དང་། ཐེག་པ་ཐམས་ཅད་རྫོགས་པའི་དབང་བསྐུར་ནས་ཚིག་གི་བསྟན་པ་ལ་ཙ་བཱི་དྲི་མ་མེད་པ་ལ་ཞུས་ཤིང་ཅེས་ལུང་བྱིན་པ་ལྟར་སློབ་དཔོན་གྱིས་གསང་བདག་གི་བཀའ་ལྟར་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་དུ་ཕྱེས་ནས་རྒྱལ་པོ་ཛ་ལ་བསྟན་པར་བཤད་དེ། ཤེས་ཕྱིན་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ་སློབ་དཔོན་ཡེ་ཤེས་བཤེས་གཉེན་གྱིས་མཛད་པ་ལས། སྔོན་(སྟོད་ཆ།༡༤༢)སངས་རྒྱས་མི་ཡུལ་ན་ལོ་བརྒྱད་ཅུ་བཞུགས་པའི་ཚེ་ན། སརྦ་བུདྡྷ་ས་མ་ཡོ་ག་དང་། གུ་ཧྱས་མཱ་ཛ་ལ་སོགས་པས་འདུལ་ཞིང་ཐེག་པ་དེ་དག་གི་སྣོད་དུ་གྱུར་པ་འཛམ་བུའི་གླིང་གི་མི་ཡུལ་ན་མེད་པས་རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་དང་། དགའ་ལྡན་ལ་སོགས་པའི་གནས་ན་ལྷ་རྣམས་དང་སྐལ་བ་བཟང་པོའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྣོད་དུ་གྱུར་ནས་དེའི་ཚེ་མདོ་སྡེ་དེ་ན་བཞུགས་སོ། སླད་ཀྱི་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་ཟ་ཧོར་རྒྱལ་པོ་འཁོར་དང་བཅས་པ་ངོ་མཚར་དུ་ཆོས་ལ་དད་པ་དག་ཅིག་འདུག་པ་ཐེག་པ་དེས་འདུལ་སྐལ་དུ་གྱུར་ཅིང་སྣོད་དུ་གྱུར་ནས་ས་རྦ་བུདྡྷ་ས་མ་ཡོ་ག་ལ་སོགས་པ་སྡེ་སྣོད་ཆེན་པོ་བཅོ་བརྒྱད་ཕྱག་ན་རྡོ་རྗེས་བྱིན་གྱི་རླབས་ཀྱིས་ཟ་ཧོར་གྱི་ཡུལ་དུ་གཤེགས་པ་དང་། ཟ་ཧོར་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏིས་མདོ་སྡེ་དག་བལྟས་ན་བརྡ་མ་འཕྲོད་ནས་སྔོན་གྱི་ལས་ཀྱི་དབང་གིས་ན་མངོན་པར་ཤེས་པ་ཐོབ་པས་བལྟས་ན་ཡུལ་གྱི་དབུས་ཡུལ་མ་ལ་མ་ཎ་ཙཱ)་ཀུ་ཀུ་རཱ་ཛ་ཉིན་ཞིང་ཁྱི་སྟོང་ཙམ་ལ་ཆོས་འཆད་མཚན་ཞིང་ནི་ཁྱི་དེ་དག་ལ་དམ་ཚིག་གི་ལོངས་སྤྱོད་མཛད་པའི་ཁྱིའི་སློབ་དཔོན་མཛད་པ་ཞིག་བཞུགས་པ་དེ་ཐེག་པའི་སྣོད་དུ་གྱུར་ལ། བདག་གི་འདུལ་སྐལ་དུ་གྱུར་པ་ཡང་འདྲ་ནས་རྒྱལ་པོས་ཕོ་ཉ་བཏང་སྟེ་སློབ་དཔོན་གཤེགས་སུ་གསོལ་བ་དང་། སློབ་དཔོན་དེ་ཡང་སྔོན་གྱི་ལས་ཀྱི་དབང་གིས་ན་མངོན་པར་ཤེས་པ་ལྔ་དང་ལྡན་ནས། རྒྱལ་པོ་དེ་དག་གིས་འདུལ་སྐལ་དུ་འབབ་བམ་མི་འབབ་མདོ་སྡེ་དེ་དག་གི་སྣོད་དུ་བདག་གྱུར་རམ་མ་གྱུར་བརྟག་པ་ན། བདག་གི་འདུལ་སྐལ་དུ་ཡང་བབ། བདག་ཀྱང་མདོ་སྡེའི་སྣོད་དུ་ཡང་གྱུར། རྒྱལ་པོའི་ཐེ་ཚོམ་ཡང་སེལ་བར་འགྱུར་མོད་ཀྱི། འོན་ཀྱང་མདོ་སྡེ་དག་(སྟོད་ཆ།༡༤༣)སྔར་མ་བལྟས་ན་བརྒྱ་ལ་རྒྱལ་པོའི་ཐེ་ཚོམ་དག་མ་སོལ་བར་གྱུར་ནས་ཤིན་ཏུ་མི་ལེགས་པས་ཕོ་ཉ་ལ་སླར་སྤྲིངས་པ། མདོ་སྡེ་དག་ཁོ་བོས་སྔར་བལྟས་འཚལ་གྱིས་ཚུར་བསྐུར་ཞིག་ཅེས་སྤྲིངས་པ་དང ་། དེ་ནས་མདོ་སྡེ་དག་ཕས་གཤེགས་ཏེ་བལྟས་ན་མགོ་མཇུག་གར་བལྟ་བའི་ཆ་མ་མཆིས་ན་དེ་ཉིད་དུ་ལུས་བརྡབས་ཏེ་མགོན་མེད་དོ། སྐྱབས་མེད་དོ། ཞེས་བོས་པ་དང་དཔལ་རྡོ་རྗེ་སེམས་དཔའ་མངོན་པར་གཤེགས་ཏེ་ཁྱོད་ཅི་འདོད་ཅེས་དྲིས་པ་དང་། བདག་མདོ་སྡེ་ཟབ་མོ་འདི་བལྟས་པ་ཙམ་གྱིས་ཤེས་པར་འདོད་ཅེས་གསོལ་བ་དང་། དེ་བཞིན་གནང་ངོ་ཞེས་གསུངས་ནས་དེ་ནས་སརྦ་བུདྡྷ་ས་མ་ཡོ་ག་ལ་སོགས་པའི་གླེགས་བམ་རྣམས་མ་པྱེ་བར་དེ་དག་གི་དོན་ཡིད་ལ་མངོན་སུམ་དུ་གསལ་བར་གྱུར་ཏོ། དེ་ནས་སློབ་དཔོན་དེ་ཟ་ཧོར་གྱི་ཡུལ་དུ་གཤཻགས་ནས་རྒྱལ་པོ་འཁོར་དང་བཅས་པ་རྣམས་ལ་དྷརྨ་དེ་དག་བཤད་དེ་རྡོ་རྗེ་སེམས་དཔས་ལུང་བསྟན་ནས་རྒྱལ་པོ་འཁོར་དང་བཅས་པ་རྣམས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟར་བསྒོམ་དུ་སྩལ་ཏེ་དབུས་སུ་རྒྱལ་པོ་ཉིད། བཙུན་མོ་དམ་པ་བཞི་ཡུམ་གྱི་སར་བཀོད། བློན་པོ་བཞི་བཙུན་མོ་ཕལ་པ་རྣམས་ཕྱིའི་ལྷ་མོའི་སར་བཀོད། བློན་པོ་ཕལ་པ་རྣམས་སྒོ་སྲུང་བཞི་དང་། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ལྟར་བཀོད་པ་དང་། རྒྱལ་པོས་བསམ་པབ་དག་ཅག་འཁོར་དང་བཅས་པ་རིག་འཛིན་གྱི་གནས་སུ་གྲུབ་པའི་ཕྱིར་དང་དམ་པའི་ཆོས་འདི་མི་ནུབ་པར་བྱ་བའི་ཕྱིར་སྲས་ཤཱཀྲ་སུ་ཏི་རྒྱལ་ཚབ་ཏུ་དབང་བསྐུར་ནས། ཨཱ་ཙརྱ་ཀུ་ཀུ་པས་ལུང་དང་མན་ངག་བསྟན་པ་རྒྱལ་བུ་དེ་ལ་བསྟན་ཏེ་བཞག་ནས་(སྟོད་ཆ།༡༤༤)བསྒོམས་པ་དང་། རྒྱལ་པོ་འཁོར་དང་བཅས་པ་སྟོང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་རིག་འཛིན་དུ་གྲུབ་བོ། དེའི་སྲས་ཤཱ་ཀྲ་སུ་ཏིས་ཀྱང་དེ་བཞིན་དུ་བསྒོམས་པ་དང་། འཁོར་སྒོམ་པ་བདུན་བརྒྱ་དང་ཡང་རིག་འཛིན་གནས་གྲུབ་བོ། ཡང་རྒྱལ་བུ་ཤཱ་ཀྲ་སུ་ཏིས་སྲས་མོ་བདེ་བྱི་ལ་དཔལ་དམ་པའི་ནང་ནས་ཚུལ་བརྒྱ་ལྔ་བཅུ་པ་བཀོད་དེ་བཤམས་ནས་ཨིདྲ་བྷུ་ཏིའི་ལུག་དེ་སྲས་མོ་ཡུལ་དད་པ་འཛིན་དུ་རྩལ་དེ་བསྟན་པ་ལས་སྲས་མོ་དེ་ཡང་འཁོར་དང་བཅས་པ་བརྒྱ་དང་ཡང་རིག་འཛིན་གྱི་གནས་གྲུབ་པོ། དེ་ནས་སྲས་མོ་དེས། རྒྱལ་བུ་ལ་ལུང་མན་ངག་བཞག་པ་ལས་འཕེལ་བ་ནི་དེང་དུ་འདི་ལགས་ཏེ། ཞེས་བཤད་ཅིང་། དེ་དང་མཚུངས་པར་མཉམ་སྦྱོར་འགྲེལ་པ་ལས་ཀྱང་། སྤྲུལ་པའི་སྐུ་འདས་ཕྱི་མའི་དུས་ཀྱི་ཚེ། རྒྱལ་བའི་བཀའ་གསང་འཛམ་གླིང་གནས་སུ་ཤར། རྒྱལ་པོའི་ཁབ་ཏུ་སྤྱན་དྲངས་མཆོད་བྱས་ཏེ། དགའ་ཞིང་གུས་བསྟོད་ལེགས་བལྟས་བརྡ་མ་མཇལ། ཐུགས་རྗེའི་འབྲེལ་ཤུགས་གསང་སྔགས་འཛིན་པར་གྲགས། དམ་པར་བཟུང་སྟེ་གླེགས་བམ་གཟིགས་པ་ཞུས། སྒྱུ་འཕྲུལ་ཐིག་ལེ་སྟོང་པའི་དཀྱིལ་འཁོར་གཞུང་། གྲུབ་ཐོབ་ལྷག་པའི་ལྷ་ཡིས་ལུང་བསྟན་མཛད། རྡོ་རྗེ་ཐེག་པའི་གཞུང་ལུགས་སྣ་ཚོགས་མཐའ། དམ་པ་རྣམས་ཀྱིས་གདམས་པ་ཇི་བཞིན་པ། མི་འགལ་ལེགས་པར་བསྡུས་ཤིག་རབ་བཀྲོལ་ཏེ། འགྲེལ་དང་བསྡུས་དོན་སྒྲུབ་ཐབས་མང་དུ་བསྟན། ཞེས་གསུགས་པའི་ཕྱིར་ལུགས་དེ་གཉིས་ཀ་འགལ་བ་མེད་ཀྱང་རྒྱལ་པོ་རང་ཉིད་ཀྱིས་རྟོགས་པའི་ཕྱོགས་ལེགས་པར་མངོན་ཏེ་ཉིད་ཀྱིས་མཛད་པའི་ལམ་རྣམ་བཀོད་དུ། ཤར་ཕྱོགས་ཨིནྡྲའི་ལུང་པ་ན། རྒྱ་ལུང་རྡོ་རྗེ་བརྩེགས་པ་རུ། རིགས་(སྟོད་ཆ།༡༤༥)ཅན་ཨིནྡྲ་བྷུ་ཏི་ངས། གསང་བའི་བདག་པོས་མངོན་བསྟན་པའི། སྒྱུ་འཕྲུལ་དྲ་བའི་སྒྲུབ་པ་ཡང་། །ཚོམ་བུ་ལྔ་བཅུ་སྟོང་དང་བཅས། ཕྱག་ན་རྡོ་རྗེར་མངོན་གྲུབ་སྟེ། སྤང་ལེན་བརྟུལ་ཞལུགས་སྤྱོད་པའི་དབང་། དགེ་བར་བསྐུལ་ནས་སྡིག་པ་མེད། དེ་ནས་ས་ལ་རིག་པར་བྱས། ཞེས་པ་ལ་སོགས་པས་རང་ཉིད་ཀྱིས་རྟོགས་པར་བཤད་པའི་ཕྱིར་རོ། དེ་ལ་སློབ་དཔོན་ཀུ་ཀུ་རཱ་ཛ་ཁྱིའི་རྒྱལ་པོ་ཞེས་པར་གྲགས་ཤིང་ལོ་རྒྱུས་འགའ་ཞིག་ཏུ་ཀུ་ཏ་རཱ་ཛ་ཞེས་ཀྱང་འབྱུང་སྟེ་ཉིན་མོ་ཁྱིའི་རྣམ་པ་ཅན་གྱི་དཔའ་བོ་དང་རྣལ་འབྱོར་མ་སྟོང་ཕྲག་རེ་ལ་ཆོས་སྟོན་ཅིང་མཚན་མོ་དེ་དག་དང་ལྷན་ཅིག་ཏུ་དུར་ཁྲོད་ཀྱི་གནས་རྣམས་སུ་གཤེགས་ནས་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དམ་ཚིག་གི་ཀུན་ཏུ་སྤྱོད་པ་ལ་གནས་ཤིང་དེ་ལྟར་ལོ་བཅུ་གཉིས་སུ་སྤྱད་པས་མཐར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཡིན་ལ། ཡང་ཁ་ཅིག་གིས་སློབ་དཔོན་འདིས་སྤྱོད་པ་ལ་གནས་པའི་ཚེ། ཨོ་རྒྱན་དུ་བྱོན་ནས་སླར་ཡང་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་ཀྱི་ནང་ནས་སངས་རྒྱས་མཉམ་སྦྱོར་ལ་སོགས་པའི་ནང་རྒྱུད་སྡེ་ལྔ་རྒྱ་ཆེར་བཤད་ཅིང་མཐར་གྱིས་ཟླ་གསང་ཐིག་ལེ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་པ་ཡིན་ནོ་ཞེས་ཀྱང་ཟེར་རོ། །དེ་ལྟར་མ་ཧཱ་ཡོ་གར་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཡོད་པ་ལས་སྔ་མ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ཆེན་པོ་ལྔ་དང་། སྒྲུབ་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་དང་། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་དང་། མ་ཚང་བ་ཁ་སྐོང་བའི་ཕྱི་མའི་རྒྱུད་གཉིས་དང་། ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་གཅིག་དང་བཅོ་བརྒྱད་དོ། དེ་ཐམས་ཅད་རྒྱལ་པོས་ཀུ་ཀུ་(སྟོད་ཆ།༡༤༦)རཱ་ཛ་ལ་བཤད། དེས་སྲས་ཤ་ཀྲ་སུ་ཏྲིའམ་ཨིནྡྲ་བྷུ་ཏི་ཆུང་བ་ལ་བཤད། དེས་སེང་ཧ་རཱ་ཛ་ལ་བཤད། དེས་ཤ་ཀྲ་པུ་ཏིའམ་ཀུ་པ་རཱ་ཛ་ལ་བཤད། དེས་སྲས་མོ་གོ་མ་དེ་བཱི་མ་ལ་བཤད་ཅིང་སོ་སོའི་ཚོམ་བུ་དང་བཅས་པ་ཚོགས་སྒྲུབ་ཀྱི་ལམ་གྱིས་རྡོ་རྗེ་འཆང་གི་ས་ལ་གཤེགས་སོ། རྒྱལ་པོ་འདིས་སྒྱུ་འཕྲུལ་ལམ་རྣམ་བཀོད་དང་། རིམ་པ་གཉིས་པ་ལ་སོགས་པ་མཛད་ཅིང་བླ་མེད་ཀྱི་བསྟན་བཅོས་གཞན་ཡང་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་དང་། ཡེ་ཤེས་གྲུབ་པ་དང་། ལྷན་ཅིག་སྐྱེས་གྲུབ་སོགས་མཛད། འཕགས་ཡུལ་གྱི་གྲུབ་ཆེན་རྣམས་ཀྱི་རྒྱུད་དང་། གདམས་ངག་ཅི་རིགས་པ་ལས་ཕལ་ཆེར་རྒྱལ་པོའི་རིགས་ཀྱི་སློབ་དཔོན་འདི་ཉིད་ལས་བྱུང་བ་ཤས་ཆེ་ཞིང་། གྲུབ་ཐོབ་བྱིས་པའི་ཞབས་ས་ཛ་མནྡྷ་རི་བ་ནས། ནག་པོ་སྤྱོད་ས་སློབ་ཚོགས་དག་བཅས། ཏིལླི་པ་དང་ནཱ་རོ་པསལོབ་མའི་ཚོགས་དང་བཅས་པ་ཐམས་ཅད་ཀྱང་བརྒྱུད་པའི་སྲོལ་ཀ་འདི་ཉིད་ལས་བྱུང་བ་ཡིན་ནོ། སྲས་མོ་གོ་མ་དེ་བཱིས་རྒྱལ་པོ་ཀུ་ཀུ་རཱ་ཛ། དེས་སློབ་དཔོན་སྒེག་པ་རྡོ་རྗེ་དང་། སངས་རྒྱས་གསང་བ་གསུམ་ལ་བཤད་དེ། དེ་ལ་སློབ་དཔོན་སྒེག་པ་རྡོ་རྗེ་ནི་ཡུལ་ཥ་མ་ཥར་ལ་འཁྲུངས། ཨོ་རྒྱན་གྱི་གནས་སུ་རབ་ཏུ་བྱུང་ཞིང་སྡེ་སྣོད་གསུམ་ལ་སྦྱངས། ཁྱད་པར་ཐེགས་མེད་ལུགས་ཀྱི་གྲུབ་མཐའ་ལ་མཁས་ཤིང་ཐུན་མོང་གི་རིག་པའི་གནས་ཐམས་ཅད་ཀྱང་མཁྱེན། ཨོ་རྒྱན་གྱི་གླིང་ཕྲན་མ་དྷི་མ་ཞེས་བྱ་བར་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་པ་མཛད་པས། གྲུབ་པར་ཉེ་བ་ན་འཇམ་དཔལ་གྱི་བྲིས་སྐུའི་ཞལ་ལས་འོད་ཟེར་བྱུང་སྟེ་གླིང་དེ་ཡུན་རིང་དུ་སྣང་བར་བྱས་པས་ཉི་མ་དང་འདྲ་བ་ཞེས་བྱ་བར་མཚན་གསོལ། དུས་གཞན་ཞིག་ཏུ་ལྟ་བ་ལོག་པའི་སྒྲུབ་པ་པོ་ཞིག་ལ་ནང་པའི་པཎྜི་(སྟོད་ཆ།༡༤༧)ཏའི་དབང་པོ་ལྔ་བསྒྲུབ་རྫས་ལ་དགོས་པ་བྱུང་ནས་སློབ་དཔོན་བཀྲོང་དུ་འོངས་པ་ན་གླང་པོ་ཆེ་དང་། རྟ་དང་། ཁྱེའུ་དང་། བུ་མོ་དང་། མ་ཧེ་དང་། རྨ་བྱ་སོགས་སྣ་ཚོགས་པའི་གཟུགས་སུ་སྣང་བར་མཛད་པས་སློབ་དཔོན་གང་ཡིན་མ་ཤེས་པར་ཕྱིར་ལོག་པས་སྣ་ཚོགས་གཟུགས་ཅན་ཞེས་མཚན་དུ་གྲགས་ཤིང་སྐུའི་ཚེ་སྨད་ལ་ཨོ་རྒྱན་གྱི་ཡུལ་དུ་འགྲོ་བའི་དོན་རྒྱ་ཆེར་མཛད། སློབ་དཔོན་ཆེན་པོ་འདི་སྤྱིར་རྒྱུད་སྡེ་ཐམས་ཅད་དང་ཁྱད་པར་སྒྱུ་འཕྲུལ་དྲྭ་བ་ལ་མཁས་ཤིང་གྲུབ་པ་ལ་བརྙེས་པ་ཡིན། ན་ལནྟ་ར་ཡང་ལོ་བཅུ་བཞུགས་ཤིག་སྔགས་ཀྱི་བསྟན་པ་བསྐྱངས། མཚན་ཡང་དག་པར་བརྗོད་པ་བླ་མེད་རྒྱུད་དུ་བཀྲལ། རྒྱུད་གཞན་དང་། གསང་བབ་སྙིང་པོའི་འགྲེལ་བ་སྤར་ཁབ་སོགས། སྒྱུ་འཕྲུལ་ཕྱོགས་ལའང་བསྟན་བཅོས་མག་དུ་མཛད་ཅིང་རྒྱ་ཆེར་བཤད། མཐར་གྱིས་རྡོ་རྗེའི་སྐུ་བརྙེས་པ་ཡིན་ནོ། འདི་རབ་ཏུ་བྱུང་བའི་མཚན་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ་ཞེས་བྱ། འདི་ལ་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་ཀྱང་། ཏནྟྲ་སྡེ་བཅོ་བརྒྱད་ཀྱི་གཙོ་བོ་ནང་རྒྱུད་སྡེ་ལྔར་གྲགས་པ་རྣམས་གསན་ཅིང་བསྒོམ་པས་ཡེ་ཤེས་ལ་དབང་ཐོབ་པ་ཡིན་ནོ། སློབ་དཔོན་སངས་རྒྱས་གསང་བ་ནི་ཡུལ་དབུས་སུ་འཁྲུངས་ཤིག་ན་ལནྟ་ར་རབ་ཏུ་བྱུང་། ཝཱ་ར་ཎཱ་སཱིའི་གནས་ཤིག་ཏུ་འཕགས་པ་འཇམ་དཔལ་བསྒྲུབས་པས་ནམ་ཞིག་ན་བྲིས་སྐུ་བཞད་ཅིང་། དངོས་གྲུབ་ཀྱི་རྫས་བ་དམར་མོའི་མར་ཁུ་ཡང་ཁོལ། མེ་ཏོག་རྙིང་པ་རྣམས་ཀྱང་ཁ་འབུས་པས་དངོས་གྲུབ་ཀྱི་ལྟས་སུ་མཁྱེན་ཀྱང་ཐོག་མར་མེ་ཏོག་འབུལ་ལམ་མར་ཁུ་གསོལ་སྙམ་པའི་ཐེ་ཚོམ་གྱི་ངང་དུ་ཅུང་ཟད་ལུས་པས་གནོད་སྦྱིན་མོ་ཞིག་(སྟོད་ཆ།༡༤༨)གིས་གེགས་བྱས་ཏེ་སློབ་དཔོན་གྱི་འགྲམ་པར་ཐལ་ལྕག་བསྣུན་པས་ཅུང་ཟད་བརྒྱལ། དེ་སངས་ཙ་ན་བྲིས་སྐུ་རྡུལ་གྱིས་གོས། མེ་ཏོག་རྙིང་། མར་ཁུ་བོ་བ་ཡང་གཟིགས། འོན་ཀྱང་རྡུལ་ཕྱིས་མེ་ཏོག་དངུལ་ཕུལ། མར་ཁུ་གང་ཡོད་གསོལ་བས་སྐུ་ལུས་ནད་ཐམས་ཅད་དང་བྲལ་ཞིང་ཤིན་ཏུ་སྟོབས་དང་ལྡན་པ་དང་བློ་ཤིན་ཏུ་རྣོ་ཞིང་མངོན་པར་ཤེས་པ་ལ་དབང་བསྒྱུར་བ་བྱུང་། དེ་ནས་སྐབས་ཤིག་ཨོ་རྒྱན་དུ་བྱོན་ནས་སློབ་དཔོན་སྒེག་པའི་རྡོ་རྗེ་དང་མཇལ་ཞིང་། རྣལ་འབྱོར་རྒྱུད་དང་བླ་མེད་ནང་རྒྱུད་སྡེ་ལྔ་གསན་ཅིང་ཁྱད་པར་སྒྱུ་འཕྲུལ་ལ་མཁས། དུས་གཞན་ཞིག་ཏུ་སངས་རྒྱས་ཞི་བ་དང་མཉམ་དུ་རི་བོ་ཏ་ལར་འཕགས་པ་སྤྱན་རས་གཟིགས་མཇལ་བར་བྱོན་པས་རིིའི་རྩ་བར་འཕགས་མ་སྒྲོལ་མ་ཀླུའི་ཚོགས་ལ་ཆོས་སྟོན་པ་རྒན་མོ་བ་གླང་གི་ཁྱུ་ཆེན་པོ་འཚོ་བར་མཐོང་། སྐེད་པར་ཁྲོ་གཉེར་ཅན་མ་ལྷ་མ་ཡིན་དང་གནོད་སྦྱིན་གྱི་ཚོགས་ལ་ཆོས་སྟོན་པ་བུ་མོ་ར་ལུག་གི་ཁྱུ་ཆེན་པོ་འཚོ་བར་མཐོང་། རྩེ་མོར་འཕགས་པ་མངོན་སུམ་དུ་བཞུགས་པ་ཡང་རང་རང་གི་སྣང་བས་རྡོ་སྐུ་ཞིག་ལས་མེད་སྐད། དེར་རྩེ་གཅིག་གིས་གསོལ་བ་བཏབས་པས་སངས་རྒྱས་གསང་བས་ཞབས་ས་ལ་མི་རེག་པ་སོགས་དངོས་གྲུབ་ཀྱང་བརྙེས། འཕགས་མ་སྒྲོལ་མས་རི་ཁ་བ་ཅན་གྱི་གངས་ཏི་སེར་སོང་ལ་སྒྲུབ་པ་གྱིས་ཞེས་ལུང་བསྟན། ཚུར་སླེབས་ནས་ཝཱ་ར་ཎཱེ་སཱི་ལ་སོགས་པར་ལོ་མང་པོའི་བདག་དུ་ཆོས་བཤད་པས་སླར་ཡང་འཕགས་པ་འཇམ་དཔལ་གྱིས་སྔར་སྒྲོལ་མས་ལུང་བསྟན་པ་ལྟར་བསྐུལ་བས། རི་ཏི་སེར་བྱོན་ནས་སྒྲུབ་པ་མཛད་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལན་གྲངས་དུ་མར་གཟིགས་ཤིང་འཇམ་དཔལ་དབྱངས་དང་མི་དང་མི་ལབ་པ་བཞིན་དུ་གྱུར།(སྟོད་ཆ།༡༤༩) མི་མ་ཡིན་པ་རྣམས་ཀྱང་བྲན་དུ་ཁོལ། སློབ་དཔོན་འདིས་གསང་བ་སྙིང་པོ་ལ་འགྲེལ་པ་རྣམ་དབྱེ་འགྲེལ་དང་། རྡོ་རྗེ་ལས་རིམ་དང་། དཀྱིལ་འཁོར་ཆོས་དོན་དང་། དམ་བརྒྱན་དང་། དྲྭ་ཆེན་དྲྭ་ཆུང་དང་། ལམ་རིམ་ཆེ་ཆུང་གཉིས་དང་། ཞི་བ་དང་ཁྲོ་བོའི་མངོན་པར་རྟོགས་པའི་རིམ་པ་དང་། རྣལ་འབྱོར་རྒྱུད་ལའང་རྡོ་རྗེ་དབྱིངས་ཀྱི་སྒྲུ་བཐབས་ཡོ་ག་ལ་འཇུག་པ་དང་། རྣམ་སྣང་མངོན་བྱད་གི་བསྡུས་འགྲེལ་དང་། བསམ་གཏན་ཕྱི་མའི་རྒྱས་འགྲེལ་སོགས་ཤིན་ཏུ་མང་བར་མཛད་ཅིང་བོད་ལའང་བཀའ་དྲིན་ཆེ་བའི་ཚུལ་འོག་ཏུ་འཆད་པར་འགྱུར་ལ། མཐར་སྐུ་ལུས་མི་སྣང་བར་གྱུར་སྐད། ཡང་རྒྱལ་པོ་ཀུ་ཀུ་རཱ་ཛས། རོ་ལངས་བདེ་བའི་དངོས་གྲུབ་དང་། དྲང་སོརག་བྷཱ་ཥི་ཏ་གཉིས་ལ་བཤད། སྔ་མས་བཛྲ་ཧ་སྱ་ལ་བཤད། སློབ་དཔོན་འདི་ལས་གསང་བ་འདུས་པ་རྡོ་རྗེ་བཞད་པའི་སྐོར་གྱི་སྲོལ་ཀ་བྱུང་བ་དེ་ཡིན། འདིས་ན་ལནྡྲའི་ནུབ་སྒོ་སྲུང་བ་དག་གི་དབང་ཕྱུག་གྲགས་པ་ལ་འཁོར་ལོ་སྡོམ་པའི་དབང་བསྐུར་བ་མཛད་ཅིག་རྒྱུད་ཀྱང་བཤད་པས། ཟུང་འཇུག་གི་སྐུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དུ་གྱུར་པ་ཡིན་ནོ། སློབ་དཔོན་དེ་དང་དྲང་སྲོང་བྷ་ཥི་ཏ་གཉིས་ཀས་ཟ་ཧོར་རྒྱལ་པོ་པྲ་བྷཾ་ཧ་སྟི་ལ་བཤད་དོ། དེ་ལ་ལངས་རྒྱས་གསང་བ་སློབ་དཔོན་པདྨ་གཉིས་ཀྱིས་གསན་ཞིང་། སློབ་དཔོན་པདྨས་རྒྱལ་པོ་ཛ་ལས་ཀྱང་གསན་པར་བཤད་དོ། (སྟོད་ཆ།༡༥༠) ༢ སྒྲུབ་སྡེའི་ཕྱོགས་སུ་པཎ་གྲུབ་རྣམས་ལ་བཀའ་གཏེར་གཉིས་ཀྱི་བབ་རྩལ། སྒྲུབ་སྡེའི་ཕྱོགས་སུའང་བཀའ་གཏེར་གཉིས་ཀྱི་བབ་ཚུལ་ལས་དང་པོ་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་སྐུ་རྣམ་སྣང་འདི་རིགས་འཇམ་དཔལ་ཕྲོས་པ་གསང་རྒྱུད་ལ་སོགས་གཤིན་རྗེ་གཤེད་ཀྱི་བཀའ་རྣམས་བབས་ཏེ། སློབ་དཔོན་འདི་ནི་རྒྱ་གར་ནུབ་ཕྱོགས་རིམ་པ་གཉིས་པ་ཞེས་བྱ་བའི་གྲོང་ཁྱེར་དུ་ཡབ་སཱ་དྷུ་སཱ་སྟྲི་དང་ཡུམ་སྣང་བ་སྒྲོན་མེ་ཞེས་བྱ་བའི་སྲས་སུ་འཁྲུངས། རིག་བྱེད་ཡན་ལག་དང་བཅས་པ་ལ་མཁས་པ་ཞིག་སྟེ་སློབ་དཔོན་ཆེན་པོ་རོ་ལངས་ཐལ་མདོག་ལ་སོགས་པ་ལས་སྔགས་ཕྱི་ནང་གི་དབང་བསྐུར་བ་དང་། གདམས་ངག་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཐམས་ཅད་ཀྱང་ཐོབ། སློབ་དཔོན་རོལ་པའི་རྡོ་རྗེ་ལས་དགྲ་གདོང་ཇའིགས་གསུམ་སོགས་ཀྱང་གསན་ནོ་ཟེར། གང་ལྟར་ཐུན་མོང་གི་གྲུབ་པ་རྣམས་ཉམས་འོག་ཏུ་ཆུད་ཅིང་ཟུང་འཇུག་གི་གོ་འཕང་ཐོབ་པར་ཉེ་བ་ན་སྤྱོད་པ་ལ་གཤེགས་པས་མུ་སྟེགས་ཀྱི་ཁ་འཛིན་མཆོག་ཏུ་ཆེ་བའི་རྒྱལ་པོ་ཞིག་གླང་པོ་ཆེ་ལབ་ཞོན་ནས་འོངས་པ་དང་ཟམ་པ་གཅིག་གི་སྟེང་དུ་འཕྲད་པ་ན་ལམ་བཟུར་རེས་མ་བྱུང་བར་བར་སློབ་དཔོན་གྱིས་སྡིགས་མཛུབ་བསྟན་པས། རྒྱལ་པོ་གླང་པོ་ཆེ་དང་བཅས་པ་ཕྱིད་ཆལ་དུ་བཀས་ཏེ་ཟམ་པའི་གཡས་གཡོན་ནས་ལྷུང་ངོ་། དེར་རྒྱལ་པོའི་འཁོར་རྣམས་ཀྱིས་བཟོད་པ་རགསོལ་ཞིང་གསོལ་བ་བཏབ་པས་སླར་གསོས་ཏེ་ནང་པའི་བསྟན་པ་ལ་བཀོད་དོ། དེ་ཡང་ཇི་སྐད་དུ། འཇིག་རྟེན་ལྷ་ལ་ཕྱག་མི་(སྟོད་ཆ།༡༥༡)འཚལ། གླང་པོ་བྱུང་ཡང་ལམ་མི་བཟུར། ཁ་ནས་གསང་སྔགས་རྒྱལ་པོ་ཟློ། རྐང་པ་བྲག་རིར་ཐོགས་མེད་འགྲོ། །ཞེས་པའོ། ཇི་ཞིག་ན་འཕགས་པ་འཇམ་དཔལ་དབྱངས་དང་མི་གཉིས་པའི་ཟུང་འཇུག་གི་གོ་འཕང་མཐོན་པོར་གཤེགས་པ་ཡིན་ཅིང་འཇམ་དཔལ་ཡ་མཱནྟ་ཀ་མངོན་སུམ་དུ་སྣང་བས་དབང་བསྐུར་ཞིང་རྒྱུད་དང་མན་ངག་ཐམས་ཅད་བསྟན། སྤྲུལ་པའི་ལས་གཤིན་མང་པོས་བསྐོར་བ་བྱེད་ཅིང་སྲོག་སྙིང་ཕུལ། རི་མ་ལ་ཡ་ནས་ལས་བཞི་ཚང་པའི་གསེར་གྱི་གླེགས་བམ་བཻ་ཌཱུ)ས་བྲིས་པ་བཏོན། གཟིགས་པའི་མདོ་ལ་ཐུགས་ཆུ་ཆུད་དེ་མུ་སྟེགས་འདུལ་བའི་སྔགས་རྒོད་ལས་ལ་སྦྱར་བས་མུ་སྟེགས་ཀྱི་རྒྱལ་ཁམས་བརླག་པར་མཛད། གླེགས་བམ་དངོས་རདོ་རྗེ་གདན་གྱི་བྱང་དུ་མི་སྣང་བར་རྒྱས་བཏབ་བོ། དེ་ཉིད་ལ་སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱི། གཙོ་བོ་ཧཱུྃ་ཀཱ་ར། པདྨ་འབྱུང་གནས། དྷ་ན་ཏེ་ལ་རྣམས་ལ་གསུངས་ནས་དར་བར་མཛད། འཇམ་དཔལ་བཤེས་གཉེན་འདི་ལོ་རྒྱུས་རྙིང་མ་རྣམས་སུ་རྒྱལ་རིགས་གཅིག། བྲམ་ཟེའི་རིགས་གཅིག །བརྫུས་ཏེ་སྐྱེས་པ་གཅིག་སྟེ་གསུམ་དུ་སྣང་བ་རང་ས་རང་སར་གསུམ་ག་འཐད་དེ། དོན་ལ་སྤྲུལ་པ་སྒྱུ་མ་ལྟ་བུས་འགྲོ་བའི་དོན་མཛད་པའི་ཕྱིར་རོ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ལ་གསུང་སྣང་མཐའི་རིགས་རྟ་མཆོག་རོལ་བ་སོགས་པདྨ་གསུང་ཏི་ག་ཏནྟྲ་རྣམས་ཀྱི་བཀའ་བབས་ཤིང་། སློབ་དཔོན་འདི་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས། མཚན་མཁན་ལ་བསྟན་པས་ཞག་བདུན་གྱི་ཚེ་ལས་མེད་དོ་ཞེས་ཟེར། ཐབས་དྲིས་པས།(སྟོད་ཆ།༡༥༢) བྲམ་ཟེ་བརྒྱ་ལ་སྟོན་མོ་དྲངས་ནས་ཟླ་བ་བདུན། དགེ་སློང་བརྒྱ་ལ་དྲངས་ན་ལོ་བདུན། དེ་ནས་ཐབས་མེད་ཟེར་བས་དེ་བཞིན་བྱས། ལོ་བདུན་དུ་ཉེ་བ་དང་བུའི་རོ་ཕ་མས་མཐོང་བ་མི་བཟོད་ཅེས་འཁོར་དང་བཅས་ལྗོངས་རྒྱུ་བར་བཏད། ཅི་ཞིག་ན་ན་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པའི་སྒོ་སོན་ནས་དེར་རིག་བྱེད་བསྒྲགས་པས་ནག་དུ་བོས། རྒྱུ་མཚན་དྲིས་པ་ལྟར་གསོལ་བས། རབ་ཏུ་འབྱུང་ནུས་སམ་གསུངས། འཇམ་དཔལ་རྩ་རྒྱུད་ལས། ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། རིག་པ་རྨ་བྱ་ཆེན་མོ་ནི། བདག་ཉིད་ཆེན་པོ་དེས་འགྲུབ་པོ། ཞེས་པ་ལྟར། བདིན་པའི་ཚེ་གཟུངས་མཚན་རིལ་པོར་སྟོན་པས་འགྲུབ་སྟེ། ལོ་དྲུག་བརྒྱ་འཚོ་བའི་ཐུན་མོང་གི་དངོས་གྲུབ་བརྙེས། སླར་བསྙེན་པར་རྫོགས། གསེར་འགྱུར་མཛད་ནས་དགེའདུན་རྣམས་མུ་གེ་ལས་སྐྱོབས། མཁན་པོ་སྤྱོད་པ་ལ་གཤེགས་ནས་ན་ལེནྡྲ་མཁན་པོ་མཛད། ལྷ་མོ་ཙཎྜི་ཀ་བསྒྲུབས་པས་གྲུབ་སྟེ་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་ཐེག་ཆེན་གྱི་དགེ་འདུན་ལ་འཚོ་བ་སྦྱོར་བར་བསྒོས་པས་ལྷ་མོས་འཚོ་བ་སྦྱོར་ནས་གནས་པའི་ཚེ་ལོག་སྤྱོད་ཅན་ཞིག་གིས་བྱེད་པས་དེ་བཞིན་མ་གྲུབ་ཀྱང་དེས་ལོ་བཅུ་གཉིས་སུ་འཚོ་བ་སྦྱར། དེའི་རྗེས་སུ་སློབ་དཔོན་གྱིས་ཐེག་ཆེན་གྱི་ཆོས་བཞི་བརྒྱ་རྩ་བརྒྱད་བཙུགས། རྡོ་རྗེ་གདན་གྱི་བྱང ་ཆུབ་ཀྱི་ཤིང་ལ་གླང་པོས་གནོད་པ་བྱུང་བ་བཟློག་པའི་ཕྱིར་རྡོ་རིང་དང་། རྡོའི་དྲ་མིག་གིས་བསྐོར་ཅིང་ཕྱི་རོལ་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས། ཀླུའི་ཡུལ་དུ་གཤེགས་ནས་ཀླུའི་རྒྱལ་པོ་ཟུག་རྔུ་ལས་གྲོལ་བར་མཛད་ཅིང་། ཤེས་(སྟོད་ཆ།༡༥༣)རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྡེ་ཡུམ་རྒྱས་པ་སྤྱན་དྲངས། ཀླུ་འཇིམ་ཡང་དེའི་ཚེ་བྱུང་སྟེ། མཆོད་རྟེན་བྱེ་བ་གཅིག་བཞེངས་པར་མཛད། སྤྱིར་ཐེག་པ་ཆེན་པོའི་བསྟན་པའི་སྲོག་ཤིང་དུ་གྱུར། ཁྱད་པར་བླ་མེད་ཐེག་པར་རབ་བཤད་ནས། ཞེས་པ་ལྟར་རྒྱུད་སྡེ་རྒྱ་མཚོའི་དེད་དཔོན་དུ་གྱུར་པ་དེས་རྟ་མཆོག་ཧེ་རུ་ཀའི་དགོངས་པ་མངོན་དུ་ཕྱུང་ནས་རིག་འཛིན་ཆེན་པོ་པདྨ་འབྱུག་གནས་ལ་བཤད་པ་ཡིན་ནོ། སློབ་དཔོན་ཧཱུྃ་ཀ་ར་ལ་ཐུགས་མི་བསྐྱོད་པའི་རིགས་ཧེ་རུ་ཀ་ལག་པོ་སོགས་ཡང་དག་ཐུགས་ཀྱི་བཀའ་བབས་ཏེ། རིག་འཛིན་བརྒྱད་ཀྱི་ནག་ཚན་ཧཱུྃ་ཀ་ར་ནི་རྒྱ་གར་གྱི་མཐའ་འཁོབ་ཅིག་ཏུ་འཁྲུངས། ཐོག་མར་སྟེགས་ཀྱི་ལུགས་མ་མཁས་ཤིང་ནུས་པ་གྲུབ་པ་ལས། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་དད་ནས་ལནྡྲར་སློབ་དཔོན་མར་མེ་མཛད་བཟང་པོ་དང་དེའི་བླ་མ་སངས་རྒྱས་ཡེ་ཤེས་ཞབས་གཉིས་ལ་ཕ་རོལ་ཕྱིན་པ་ནས་བརྩམས་ཏེ་གསང་སྔགས་ཕྱི་ནང་གི་བར་ལ་ཐོས་པས་རྒྱུད་སྦྱངས། དབང་དང་གདམས་པ་མཐའ་དག་གསན། ཁྱད་པར་འདུས་པ་དང་ཧེ་རུ་ཀའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ་མེ་ཏོག་ཁྲོ་བོ་ཧཱུྃ་མཛད་ལ་ཕོག །ཡུན་རིང་དུ་བསྒོམས་པས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས། གདོལ་པའི་རིགས་ཀྱི་ཕྱག་རྒྱ་ཞིག་ལ་བརྟེན་ནས་བསྒྲུབས་པས་ནམ་མཁའ་ནས་ཧཱུྃ་གི་སྒྲ་ཆེན་པོ་བསྒྲགས། ཧེ་རུ་ཀའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་གཟིགས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། གཞན་ཕན་གྱི་ཕྲིན་ལས་དཔག་མེད་བསྐྱངས་ནས་སྐུ་ལུས་དེ་ཉིད་ཕྱིས་ནི་མི་བསྐྱོད་པའི་ཞིང་དུ་གཤེགས་ཞེས་གསར་རྙིང་གཉིས་ཀ་ལ་ལོ་རྒྱུས་གུ་རུ་ལུགས་སུ་(སྟོད་ཆ།༡༥༤)སྣང་བའི་མཚན་གཞི་དེ་ལས་གསར་མ་རྣམས་སློབ་དཔོན་སྨན་པའི་ཞབས་དང་། རྙིང་མ་རྣམས་ཧཱུྃ་ཀ་ར་ཞེས་བརྗོད་ཅིང་དེ་ཉིད་སད་ན་ལེགས་ཀྱི་དུས་བོད་དུ་བྱོན་པར་འཆད་ལ། འཁྲུངས་ཡུལ་ནི་རྒྱ་གར་མཐའ་འཁོབ་ཅིག་ཡིན་པར་བཤད་དེ། ལོ་རྒྱུས་འགར་རྒྱ་གར་ཧཱུྃ་ཀ་རའི་སློབ་མ་བལ་པོ་ཧཱུྃ་ཀ་ར་ཡིན་པ་དང་། དེ་ཉིད་ཡང་དག་གི་རིག་འཛིན་དེ་ཡང་ཡིན་པར་འདྲ་ཞིག་དང་། ཡང་། ཡང ་དག་གི་རིག་འཛིན་ཧཱུྃ་ཀ་ར་ནི་རྒྱ་གར་ཧཱུྃ་ཀ་ར་ཡིན་ལ། བལ་པོ་ཧཱུྃ་ཀ་ར་ནི་ཕུར་པའི་སློབ་དཔོན་གསུམ་གྱི་ནང་ཚན་བལ་པོ་ཤྲཱི་ལ་མ་ཉྫཱའི་གསང་མཚན་ཧཱུྃ་ཀ་ར་སྟེ། དེ་ཉིད་རྒྱ་གར་ཧཱུྃ་ཀ་རའི་སློབ་མ་ཡིན་པར་བཤད་པའང་སྣང་ལབ་ཀའ་བརྒྱད་ཀྱི་རིག་འཛིནའདུས་པ་རྩ་བའི་རྒྱུད་ཀྱི་ལུང་བསྟན་ལྟར་ན་རྒྱ་གར་ཤར་ཕྱོགས་སིངྒའི་གླིང་ཞེས་ཟ་ཧོར་དག་ཁད་ཉེ་འབྲེལ་ཆགས་པ་དེ་ཉིད་ཡིན་པར་གྲུབ་སྟེ། སིང་ག་ལ་ཡི་ཡུལ་དུ་ནི། ཧཱུྃ་ཞེས་གྲགས་པ་འབྱུང་བ་དེས། ཁྱད་པར་ཐུགས་ཀྱི་སྒྲུབ་ལུགས་སྟོན། ཞེས་བཤད་པ་དང་ཡང་འགྲིག་གོ། དེས་ན་འདིར་རྒྱ་བལ་ཐ་དད་དུ་འདོད་པ་ལྟར་ལོ་རྒྱུས་སོ་སོར་སྣང་བས་བལ་པོ་ཧཱུྃ་ཀཱ་ར་ནི། བལ་པོའི་ཡུལ་དུ་འཁྲུངས། གོ་ལེབ་ཅེས་བྱ་བའི་དབུལ་པོར་གྱུར་པས་རྒྱ་གར་དུ་བྱོན་ནས་རྒྱལ་པོའི་ཕྱུགས་རྫི་བྱས། ནགས་གསེབ་ཏུ་ཕྱུགས་འཚོར་སོང་བ་ན། སློབ་དཔོན་ཀུ་ཀུ་ར་ཛ་སྒོམ་ལ་བཞུགས་པ་དང་མཇལ། ཤིན་ཏུ་དད་དེ་ཕྱག་དང་བསྐོར་བ་བྱས། མ་ཧེའི་འོ་མ་བཞེས་ཏེ་དྲངས་པས། བྱིས་པ་ཁྱོད་ཀྱིས་ཆོས་ནུས་སམ་གསུངས། ཆོས་ནུས་ཏེ་བརྒྱག་མེད་དུ་ཞུས་པས། བརྩོན་པས་ནུས་ན་གྲུབ་པ་ཡིན་(སྟོད་ཆ།༡༥༥)གསུངས་ནས་རྡོ་རྗེ་སེམས་དཔའ་རྒྱན་གཅིག་གི་སྒོམ་བཟླས་གནང་། དེར་ཕྱུགས་འཚོ་བཞིན་བསྒོམས་པས་རྡོ་རྗེ་སེམས་དཔའ་གྲུབ་སྟེ། ལན་ཅིག་བྲག་ལ་སྒོམ་པའི་ཚེ་རྒྱལ་པོས་དེའི་ཐད་ཀ་ན་རྡོ་རྗེ་སེམས་དཔའ་འོད་ཀྱིལ་ལེར་བཞུགས་པ་མཐོང་། དགོངས་ཁར་སོང་བ་དང་ཕྱུགས་ཐམས་ཅད་ཀྱང་དེར་འདུས། རྡོ་རྗེ་སེམས་དཔས་ཕྱུགས་དེད་ནས་འོང་བ་མཐོང་། ཕོ་བྲག་ལ་ཉེ་བར་སོང་དུས་ལྷ་མི་གསལ་དུ་སོང་། སྒོ་རྩར་སླེབས་དུས་ཕྱུགས་རྫི་རང་དུ་སྣང་བས་རྒྱལ་པོ་ཐེ་ཚོམ་སྐྱེས། ནང་པ་རགོས་བརྗེས་ནས་ཕྱུགས་རྫིའི་ཕྱི་བཞིན་པ་ལྟར་ཕྱིན་པས། ཡང་བྱིས་པ་དེ་རྡོ་རྗེ་སེམས་དཔའར་ཀྲོང་ངེར་སོང་། སླར་ཕྱུགས་རྫི་གཙང་ཁང་དུ་བོས། སྔོན་ཆད་མ་ཤེས་པ་བཟོད་པར་མཛོད་ལ་ངའི་མཆོད་གནས་མཛོད་ཅེས་བསྒོས་པས། བདག་ལ་ཆེ་བའི་ཡོན་ཏན་ཅི་ཡག་མེད་པས་མི་རུང་ཟེར། རྒྱལ་པོས་སྔར་གྱི་ལོ་རྒྱུས་བརྗོད་པས། ངས་སྐྱེ་བ་འདི་ལ་རྒྱལ་པོ་གདུལ་བར་བྱར་མེད། ཕྱི་མ་མངོན་པར་དགའ་བའི་ཞིང་དུ་མཇལ་ལོ་ཟེར། དེར་རྒྱལ་པོས་ངས་ཡོ་བྱད་སྦྱར་གྱིས་སྒྲུབ་པ་ལ་ཞུགས་སྨྲས་པ་ན། བཡིས་པ་སློབ་དཔོན་ཀུ་ཀུ་རཱ་ཛའི་དྲུང་དུ་སོང་ནས་སྒྲུབ་ཐབས་དངོས་གཞི་ཞུས་པས། སྔར་ལས་འཕྲོ་ཡོད་པས་ལྷ་ངོ་བསྟན་པ་ཡིན། ངས་ཁྱོད་འདུལ་བའི་དུས་ལ་མ་བབས་པས་ཨུ་ཏ་ཡའི་གྲོང་ཁྱེར་ན་སློབ་དཔོན་དུརཁརོད་བདེ་བ་ཡོད་པས་དེར་སོང་ཞེས་ལུག་བསྟན། བྱིས་པས་གྲོང་ཁྱེར་དེར་བཙལ་བས། སློབ་དཔོན་གྲོས་ནས་པུར་དུར་ཁྲོད་དུ་བསྐྱེལ་ཟེར། སླར་ལོག་ནས་ཀུ་ཀུ་རཱ་ཛ་ལ་ཞུས་པས། རོ་ལངས་སྒྲུབ་པའི་མན་ངག་གནང་སྟེ་ཞག་ཉེར་གཅིག་ལ་འགྲུབ། སློབ་དཔོན་ལངས་ཏེ་རོ་ལངས་བདེ་བའི་དངོས་གྲུབ། ཅེས་(སྟོད་ཆ།༡༥༦)གྲགས་སོ། གཤིན་རྗེ་མཁན་པོ་ཁ་ཅིག་གིས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་འཇམ་དཔལ་ཏནྟྲ་འབུམ་སྡེ་དྤེ་ལ་བཀོད། མ་གཤིན་ཚོགས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་བསྒྲུབས་པས། བི་མ་ལ་ཡེ་ཤེས་སེམས་དཔའ་དངོས་སུ་ཞུགས་ཏེ་བཞེངས་པ་རོ་ལངས་བདེ་བའི་དངོས་གྲུབ་ཅེས་གྲགས་སོ་ཟེར་རོ། གང་ལྟར་ཡང་དེས་ཡན་ལག་དྲུག་ཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་བཞེངས་ནས་སྨིན་པར་བྱས། དཀྱིལ་འཁོར་གྱི་མེ་ཏོག་ཧཱུྃ་ཀཱ་ར་ལ་བབས་པས་གསང་མཚན་བཛྲ་ཧཱུྃ་ཀཱ་ར་ཞེས་གྲགས་ཟེར་རོ། དེར་གདམས་པ་མལུས་པ་རྫོགས་པའི་ཚེ་སློ་དཔོན་གྱིས། དངོས་གྲུབ་ཀྱི་རྟེན་དུ་ཕྱག་རྒྱ་མཚན་དང་ལྡན་པ་ཞིག་ཟུངས་ལ། བསེ་བྲག་བྱ་ཁྱུང་གི་ཚལ་དུ་བསྒྲུབ་པར་སོང་བསྐུལ། དེར་ཧཱུྃ་ཀཱ་རས་རིགས་ངན་གྱི་གྲོང་ཁྱེར་དུ་བྱོན་ནས་བཙལ་བས། རྒན་རྒོན་རང་ཐག་མཁན་གཉིས་ལ་བུ་མོ་མཚན་དང་ལྡན་པ་ཞིག་འདུག །འདི་ནི་ངའི་སྒྲུབ་བདེ་མོར་སྦྱིན་དགོས་བྱས་པས། བུ་མོ་ཁྱོད་ལ་མི་བསྐུར་ཟེར་སྟེར་དུ་མ་འདོད། རིན་འཇལ་བར་བྱས་ནས་ཡུལ་གྱི་རྒྱལ་པོ་ལ་དབང་པོ་བཅོལ་བས། གསེར་མོ་རང་དང་མཉམ་པ་དགོས་ཟེར། སླར་ལོག་ནས་སློབ་དཔོན་རོ་ལངས་ལ་ལོ་རྒྱུས་བརྗོད་པས། མི་རོ་གསེར་དུ་བསྒྲུབས་པས་ལོ་གཅིག་གིས་འགྲུབ། དེར་གསེར་དང་བུ་མོ་བརྗེས་ཏེ་གཉིས་ཀས་སློབ་དཔོན་ཀུ་ཀུ་རཱ་ཛའི་དྲུང་དུ་བྱོན་ནས་གདམས་པ་མཐའ་གཅོད་བྱས། ཡོ་གའི་ཤིང་རྟ་ཆེན་པོ་སངས་རྒྱས་གསང་བ་ལའང་གཏུགས་ཏེ་སྒྲོ་འདོགས་བཅད། དེ་བཞིན་དུ་སློབ་དཔོན་སོ་ཀྱ་དེ་ཝ་ལ་ཡང་དག་གི་སྒྲུབ་ལུང་མན་ངག་དག་ཞུས། བསེ་བྲག་བྱ་ཁྱུང་(སྟོད་ཆ།༡༥༧)ཚལ་དུ་བསྒྲུབས་པས། དཔལ་ཆེན་པོའི་ཞལ་མངོན་སུམ་དུ་མཐོང་། ཚེ་ལ་དབང་བའི་རིག་འཛིན་ཐོབ། ཡུམ་གྱིས་མཱ་མ་ཀཱའི་དངོས་སྒྲུབ་བརྙེས། གཞན་དོན་དུ་ཡང་དག་རྩ་བའི་སྒྲུབ་པ་མཛད། འདིས་རྒྱ་གར་སློབ་དཔོན་ཆེན་པོ་པདྨ་ལ་གསུངས་ནས་དར་བ་ཡིན་ནོ། ལོ་རྒྱུས་གཞན་རྣམས་སུ་ཐུགས་ཀྱི་རིག་འཛིན་ཧཱུྃ་ཀ་ར་འདི་དང་གཅིག་པར་མཛད་འདུག་ཀྱང་གཏེར་བདག་གླིང་པ་སོགས་ཀྱིས་སོ་སོར་གསུངས་འདུག་པས་འདིར་གཉིས་ཀ་བྲིས་པ་ཡིན་ནོ། སློབ་དཔོན་བཱི་མ་ལ་མི་ཏྲ་ལ་ཡོན་ཏན་རིམ་འབྱུང་གི་རིགས་བདུད་དཔོན་འདི་འཕགས་ཡུལ་ནུབ་ཕྱོགས་གླང་པོའི་ཚལ་ཞེས་བྱ་བར། ཡབ་ཁྱིམ་བདག་བདེ་ལྡན་བྱ་བ་དང་། ཡུམ་བདག་ཉིད་གསལ་རིག་ཅེས་བྱ་བའི་སྲས་སུ་འཁྲུངས། ལོ་བདུན་ནས་སློབ་གྲྭར་བཞུགས་པས་སུས་ཀྱང་འགྲན་དུ་མེད་པ་ཞིག་བྱུང་། རིག་པ་ཆེ་བའི་སྙན་པས་ཁྱབ་སྟེ་བསྟན་པ་ལ་བཙུད་ནས་རིག་གནས་རེ་རེ་ལ་སློབདཔོན་གསུམ་གསུམ་སྟེ། སློབ་དཔོན་བཅོ་ལྔ་བསྟེན་ནས་བསླབས་པས། ལོ་ཉི་ཤུ་རྩ་གཅིག་ནས་པཎྜི་ཏའི་གྲལ་དུ་ཚུད། རིག་པའི་གནས་ཡན་ལག་དང་བཅས་པ་ལ་མཁས། སྒྲ་སྐད་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་མཁྱེན། འབྱུང་བ་བཞིའི་སྒྲ་དང་། དུད་འགྲོའི་སྐད་ལས་ཀྱང་དོན་འཆད་ནུས། མདོ་སྡེ་ཤེས་ཕྱིན་གྱི་བཀའ་ཐམས་ཅད་ཐུགས་སུ་ཆུད་ནས་ཞལ་འདོན་དུ་མཛད། སྡེ་སྣོད་འཛིན་པ་རྣམས་ལས་ཐེག་པ་ཆེ་ཆུང་གི་མདོ་སྡེ་རྣམས་ཀྱང་གསན་ཅིང་མཁས་པར་མཛད། བཤད་ལུང་དང་སྒོམ་ལུང་ནོད་པའི་སློབ་དཔོན་བརྒྱ་དང་དྲུག་(སྟོད་ཆ།༡༥༨)ཅུ་ལས་རྒྱུ་སྡེ་ཐམས་ཅད་དང་ཁྱད་པར་དུ་སློབ་དཔོན་བུདྡྷ་གུ་ཧྱ་ལས་བདུད་རྩི་ཡོན་ཏན་རྒྱུད་ཀྱི་རྒྱུད་སྡེ་མཐའ་དག་གསན་ཅིང་བསྒོམས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད། སྒྱུ་འཕྲུལ་ལ་ཁྱད་པར་དུ་མཁས་ཤིང་སྙིང་པོའི་འགྲེལ་པ་ཁོག་གཞུང་གསལ་སྒྲོན་དང་། འགྲེལ་ཆུང་སོགས་བསྟན་བཅོས་ཀྱང་མང་དུ་མཛད་དོ། དོན་གྲུབ་ཀྱི་རིགས་ཕྲིན་ལས་ཕུར་འི་རྒྱུད་རྣམས་ཀྱི་བཀའ་སློབ་དཔོན་པྲ་བྷ་ཧ་སྟི་དང་སློབ་དཔོན་པདྨ་ལ་བབས་ཤིང་། སློབ་དཔོན་འདི་ནི་འཕགས་ཡུལ་ནུབ་ཕྱོགས་སུ་རྒྱལ་རིགས་སུ་སྐུ་འཁྲུངས། ཙི་ཏ་བ་རིའི་ཡུལ་གྱི་སློབ་དཔོན་ཞི་བ་འོད་དང་མ་རུའི་ཡུལ་གྱི་འདུལ་འཛིན་ཆེན་པོ་བསོད་ནམས་གྲགས་པས་ལས་རབ་ཏུ་བྱུང་ཞིང་མཚན་ཤཱཀྱ་འོད་དུ་གྲགས། སྡེ་སྣོད་གསུམ་ཀ་ལ་མཁས་པར་སྦྱངས་ཤིག་སློབ་དཔོན་རྡོ་རྗེ་བཞད་པ་སོགས་སྔགས་ཀྱི་རྡོ་རྗེ་འཛིན་པ་ཡང ་ཆེས་མང་བར་བསྟེན་ཅིང་རྒྱུད་སྡེ་ཐམས་ཅད་ཐུགས་སུ་ཆུད་པ་དང་མཆོག་གི་དངོས་གྲུབ་བརྙེས་པ་ཡིན་ཞེས་གྲགས། སྔགས་སུ་ཞུགས་པའི་མཚན་གླང་པོའི་འོད་དེ་པྲ་བྷཱ་ཧ་སྟི་ཞེས་འབྱུང་། སློབ་དཔོན་འདིའི་སློབ་མ་ཤཱ་ཀྱ་བཤེས་གཉེན་ཏེ། འདི་གཉིས་ཀས་ཁ་ཆེར་བྱོན་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་དོ། སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝས་ཀྱང་ཡང་ལེ་ཤོད་དུ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་མངོན་དུ་མཛད་པའི་སྐབས་ཀླུ་གྱོང་པོ་དང་། གནོད་སྦྱིན་རྒོད་མ་ཁ་དང་། བར་སྣང་ཁམས་ཀྱི་གློག་མ་སྤྲིན་གསུམ་གྱི་ཡིད་ལ་མི་བཟོད་པའི་ཚོར་བ་སྐྱེས་ཏེ་མཐོ་བརྩམས་པ་འདུལ་བའི་ཆེད་དུ་བི་ཏྟོ་མ་འབུམ་སྡེའི་རྒྱུད་ལ་བརྟེན་ནས་སྒྲུབ་པ་མཛད་(སྟོད་ཆ།༡༥༩)པས་བཛྲ་ཀུ་མཱ་རས་ཞལ་བསྟན་ཅིང་བར་ཆད་ཀྱི་མཚན་མ་རྣམས་བཅོམ། མ་མོ་བཅུ་གཉིས་དང་ས་བདག་མོ་བཞི་སོགས་དམ་འོག་ཏུ་བཅུག །སླར་སློབ་དཔོན་པྲ་བྷ་ད་སྟི་ལའང་ཀཱི་ལ་ཡའི་རྒྱུད་ཚར་བཅོ་བརྒྱད་གསན་པར་གྲགས་ཤིང་ཕྲིན་ལས་ཕུར་པའི་བཀའ་རྣམས་མ་ལུས་པའི་བདག་ཉིད་དུ་གྱུར་ཏོ། དེ་ལྟར་བཀའ་བར་པ་དེ་དག་གི་སློབ་དཔོན་དེ་རྣམས་སོ་སོར་རང་གིས་ཉམས་སུ་བླངས་ཤིང་སྐལ་པ་དང་ལྡན་པའི་གདུལ་བྱ་གཞན་ལའང་རྒྱ་ཆེར་བཤད་པར་མཛད་དོ། གཉིས་པ་གཏེར་མའི་ཕྱོགས་ནི། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས་སྒྲུབ་སྡེ་སྤྱི་བྱེ་བྲག་རྣམས་གླེགས་བམ་དུ་བཀོད་པ་རེ་ཞིག་མའི་འཇིག་རྟེན་དུ་བསྟན་པའི་ཡུལ་མ་གཟིགས་ནས་མཁའ་འགྲོ་ལས་ཀྱི་དབག་མོ་ཆེ་ལ་གཏད། དེས་སྒྲུབ་པ་བཀའ་བརྒྱད་ཀྱི་སྤྱི་རྒྱུད་ལྔ་དང་། དགོས་རྒྱུད་བཅུ་རྣམས་རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུར་བཅུག །དགོས་རྒྱུད་རྣམས་ཐ་དད་པའི་སྒྲོམ་བུར་བཅུག་ནས་དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པའི་ཚལ་དུ་མི་སྣང་བར་རྒྱས་བཏབ་བོ། དུས་ཕྱིས་གྲུབ་པའི་སློབ་དཔོན་ཆེན་པོ་བརྒྱད་ཀྱིས་མངོན་པར་ཤེས་པས་མཁྱེན་ཏེ་གནས་དེར་འདུས་ཤིང་དགོངས་པའི་བརྟུལ་ཞུགས་བསྐྱེད་དེ་འཇིག་རྟེན་པའི་མཁའ་འགྲོ་མ་དང་དྲགས་པའི་ཚོགས་ལ་བདེན་པའི་ཚིག་དང་མཐུན་པའི་རྫས་ཀྱིས་བཀྲོལ། གཞན་དོན་དུ་དགོངས་པའི་ཏིང་ངེ་འཛིན་གྱི་མཐུས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་མངོན་སུམ་དུ་བྱོན་ནས་སྒྲོམ་བུ་རྣམས་བླངས་ཏེ། ཆེ་མཆོག་གི་གསེར་སྒྲོམ་བི་མ་ལ། ཡང་དག་གི་དངུལ་སྒྲོམ་ཧཱུྃ་ཀཱ་ར། གཤིན་རྗེའི་ལྕགས་སྒྲོམ་འཇམ་དཔལ་བཤེས་གཉེན། རྟ་མགྲིན་གྱི་ཟངས་(སྟོད་ཆ།༡༦༠)སྒྲོམ་ནཱ་ག་ཛུ་མ། ཕུར་པའི་གཡུ་སྒྲོམ་པདྨ་འབྱུང་གནས། མ་མོའི་བསེ་སྒྲོམ་དྷ་ན་སཾ་ཀྲྀ་ཏ། མཆོད་བསྟོད་ཀྱི་མཆོད་སྒྲོམ་རོམ་བུ་གུ་ཧྱ། དྲག་སྔགས་ཀྱི་གཟི་སྒྲོམ་ཞི་བའི་སྙིང་པོ་རྣམས་ལ་སོ་སོར་གཏད་ཏེ་སོ་སོས་ཆོས་སྐོར་བཏོན་ནས་ཉམས་སུ་བླངས་པས་རང་རང་གི་དོན་ལ་མཁས་ཤིང་སྔགས་ཀྱི་དངོས་གྲུབ་བརྙེས་པར་གྱུར་པ་ཡིན་ཏེ། འདིའི་རིག་འཛིན་ཕྱི་མ་གསུམ་གྱི་ལོ་རྒྱུས་ཡི་གེར་འཁོད་པ་ཡོད་སྲིད་ཀྱང་མ་རྙེད་ལ། འཁྲུགས་ཡུལ་ཙམ་ནི་བདེ་འདུལ་རིག་འཛིན་རྩ་རྒྱུད་ལས། ཨོ་རྒྱན་ཐོ་གར་ཡུལ་དུ་ནི། སྐྱེས་པའི་དྷ་ན་སང་སྐྲྀ་ཏ་ས༔ མངོན་རྫོགས་ལྷ་ཡི་རྒྱལ་པོ་སྟན༔ ལྷ་ཡི་ཟླ་བ་ཞེས་བྱ་བས༔ འཇིག་རྟེན་རང་རྒྱུད་མང་པོ་སྟོན། ཞི་བའི་སྙིང་པོ་ཞེས་བྱ་བས༔ དྲག་སྔགས་སྤྱོད་པ་སྒྲུབ་ཅིང་སྟོན༔ ཞེས་གསུགཤ་པ་ལྟར་ན་གནས་དང་མཚན་གྱི་ཁྱད་པར་ཙམ་ལས་རགས་པ་ཡུལ་ཕྱོགས་གཅིག་པ་ལྟ་བུར་སྣང་ཞིང་། ཕྱི་མ་འདིས་བོད་དུའང་བྱོན་ནས་བསམ་ཡས་ཀྱི་རབ་གནས་ཀྱང་མཛད་བར་གྲགས་སོ། འཇིག་རྟེན་རང་རྒྱུད་པའི་སྡེ་གསུམ་སློབ་དཔོན་པདྨ་བོད་དུ་མཛད་པར་སྨྲ་བ་ནི་བབ་ཅོལ་ཙམ་སྟེ་བཀའ་བབ་ཀྱི་ལོ་རྒྱུས་འདིས་གསལ་ལོ། རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུ་ལས་བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་འདུས་པའི་རྒྱུད་མན་ངག་གི་བཀའ་རྣམས་བྱུང་བ་སློབ་དཔོན་པདྨ་ལ་བབས་པ་ཡིན་ནོ། གཉིས་པ་རྫོགས་པ་ཨ་ནུ་ཡོ་གའི་སྐོར་རྣམས་གསང་བའི་བདག་པོས་རྒྱལ་པོ་ཛའམ་ལུང་བསྟན་རྡོ་རྗེ་ལ་དབང་བསྐུར་ཞིང་བསྟན་པ་ཐམས་ཅད་ཐུགས་སུ་ཆུད་པ་ཡིན་མོད། འོན་ཀྱང་ཚུར་མཐོང་གིས་གསང་སྔགས་ལ།(སྟོད་ཆ།༡༦༡) རང་གར་འཇུག་པ་དགག་པའི་ཕྱིར་མིའི་རིག་འཛིན་དགེ་བསྙེན་ལི་ཙ་བཱི་དྲི་མེད་གྲགས་པ་བསྟེན་པའི་ཚུལ་གྱིས་དབང་བསྐུར་བ་དང་ཚིག་གི་བསྟན་པ་ཐམས་ཅད་ཀྱང་ཞུས། སྤྱི་མདོའི་འགྲེལ་པ་སོགས་བསྟན་བཅོས་ཀྱང་མཛད། དེས་སྔར་ལི་ཙ་བཱིལ་བསྟེན་པའི་དུས་ཀྱི་གྲོགས་སློབ་དཔོན་ཨུ་པ་རཱ་ཛ་དང་རང་གི་སྲས་ཤཱ་ཀྲ་པུ་ཏྲི་དང་། ནཱ་ག་པུ་ཏྲི་དང་། གུ་རུ་པུ་ཏྲི་གསུམ་ལ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་གདམས་ངག་ཀྱང་བསྟན། ཨུ་པ་རཱ་ཛ་ལ་ཤྲི་དྷ་ནའི་གླིང་དུ་དཔལ་ལྡན་འབྲས་སྤུངས་སམ་མཆོད་རྟེན་དཔལ་ཡོན་ཅན་དུ་དབང་བསྐུར་ཞིང་རྒྱུད་གཏད་དོ། དེ་ཡང་ཤཱ་ཀྲ་པུ་ཏྲི་ནི་ཨིནྡྲ་བྷུ་ཏི་ཆུང་བར་གྲེག་པ་དེ་ཡིན། ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པ་ལས་ཀྱང་དེ་ལྟར་བཤད་དོ། དེས་ཐོག་མར་སྔགས་ཀྱི་སློབ་དཔོན་ཅེན་པོ་ཞིག་ལས་དབང་བསྐུར་བ་ནོད་ཅིང་གདམས་པ་བསྒོམས་པས་ཡེ་ཤེས་རྟོགས་པར་གྱུར་པ་ན་དུས་གཞན་ཞིག་ཏུ་ཨོ་རྒྱན་གྱི་དྷུ་མ་སྠི་ར་མཁའ་འགྲོ་མའི་གྲོང་ཁྱེར་དུ་སོང་བས་མུ་སྟེགས་ཀྱི་མཀའ་འགྲོ་མ་རྣམས་ཀྱི་མེ་ཏོག་གི་ཕྲེང་བ་ལག་ཏུ་གཏད་པ་དེ་བླངས་པས་སངས་རྒྱས་པའི་མཁའ་འགྲོ་མ་རྣམས་ཀྱིས་བུ་མེ་ཏོག་བླངས་པ་མ་ལེགས། དེ་མུ་སྟེགས་ཀྱི་རྗེས་སུ་འཇུག་དགོས་ན་ཟེར། དེར་སློབ་དཔོན་གྱིས་ཏིང་ངེ་འདིན་བསྒོམས་ཤིང་བཞུགས་པས་བསྐྱེད་རིམ་གྱི་སྲུང་འཁོར་བསྒོམས་པའི་མཚམས་ཚུན་ལ་མ་གནོད། བསྐྱེད་རིམ་གྱི་ཕན་ཡོན་དེ་འདྲ་ན་རྫོགས་རིམ་གྱི་ནུས་པ་བསྟན་པར་བྱའོ་དགོངས་(སྟོད་ཆ།༡༦༢)ནས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པས་རྡོ་ནམ་མཁའ་ལ་ཆགས་སོ། དེང་སང་ཡང་ཨོ་རྒྱན་གྱི་ཡུལ་སློབ་དཔོན་འདིའི་སྒྲུབ་ཕུག་གི་ནམ་མཁའ་ལ་ཕ་ཝང་ཆེན་པོ་རྟེན་མེད་དུ་ཡོད་པ་དང་། བྲག་མེ་ལོང་ལྟར་འཇམ་པའི་ངོས་ལའང་ཕ་ཝང་མང་པོ་ཆགས་པ་མངོན་སུམ་སྤྱོད་ཡུལ་དུ་གྱུར་པ་ཡོད། ལན་ཅིག་རྒྱལ་པོའི་ཕོ་བྲང་གི་སྒོ་དྲུག་ཁོ་ནར་གཟིམས་ནས་བཞུགས་ཤིང་ཕོ་བྲང་དུ་ཕྱིན་པ་ཐམས་ཅད་སློབ་དཔོན་ལ་ཕྱག་མ་བྱས་ན་བྱིན་པ་དེངས་འགྲོ་བ་ཁོ་ན་བྱུང་བས་ཐམས་ཅད་ཀྱིས་ཕྱག་བྱས་ནས་འགྲོ་དགོས་པ་བྱུང་། གཟིམས་ལོག་པའི་ཡུན་ནི་ལོ་གྲངས་བཅུ་གཉིས་ཡིན་ཏེ་སློབ་དཔོན་གྱི་ནི་འོད་གསལ་ཐུན་གཅིག་གོ། སྐབས་ཤིག་ཨོ་རྒྱན་གྱི་ཡུལ་གྱི་ཕྲ་མེན་མ་ལྔ་བརྒྱས་སློབ་དཔོན་ལ་བར་ཆད་བརྩམ་པར་འདོད་ནས་བཙལ་བས་སློབ་དཔོན་གྱི་ཤུལ་དུ་ལྭ་བ་ཞིག་ལས་གཞན་མི་འདུག་པས། ཀྱེ་མ་དགེ་སློང་འདིའི་སྒྱུ་མ་ལ་ལྟོས། རང་གི་ལུས་ལྭ་བར་བསྒྱུར་ནས་འདུག་ན་འདི་དུམ་བུ་སོ་སོར་བསྒོ་ནས་བཟའབ་ར་བྱའོ། ཞེས་ལྭ་བ་དེ་དུམ་བུ་ལྔ་བརྒྱར་བྱས་ནས་ཐོས་སོ། དེར་སློབ་དཔོན་གྱིས་ལུས་སྣང་བར་བྱས་ཏེ་དེ་རྣམས་ལ་དམོད་པ་བོར་བས་ཕྲ་མེན་ལྔ་བརྒྱ་པོ་རྣམས་ལུག་མ་མོ་ལྔ་བརྒྱར་གྱུར། དེ་རྣམས་རྒྱལ་པོའི་དྲུང་དུ་སོང་ནས་དགེ་སློང་དུར་ཁྲོད་བདག་པོས་བདག་ཅག་རྣམས་འདི་ལྟར་བྱས་པས་ལྷས་དགྲོལ་བའི་ཐབས་འཚལ་ལོ་ཟེར། དེར་རྒྱལ་པོས་སློབ་དཔོན་ལ་ཞུས་པས་སློབ་དཔོན་གཅེར་བུར་བཞེངས་ནས་རྒྱལ་པོ་ཁྱོད་ཀྱི་ཡུལ་གྱི་སྔགས་འཆང་མ་རྣམས་ཀྱིས། དགེ་སློང་ལ་ནོར་ལྭ་བ་གཅིག་ཡོད་པའང་ཟོས་སོ། དེ་བས་ན་སྔགས་འཆང་རྣམས་ཁུག་ཅིག་གསུངས། དེར་ཐམས་ཅད་བཀུག་ནས་རེ་རེ་ལ།(སྟོད་ཆ།༡༦༣) སྡིགས་མཛུབ་རེ་བསྟན་པས་མགོ་བརྙན་སྣ་ཚོགས་སུ་གྱུར་ནས་ལྭ་བའི་དུས་བུ་སོ་སོར་སྐྱུགས་སོ། དེ་དག་ཚེམ་བུ་བྱས་པས་ཅུང་ཟད་མ་འགྲིག ད་རུང་གསུམ་ཡོད་པ་ཁུག་ཅིག་གསུངས་པས་བཙུན་མོའི་འཁོར་གྱི་ནང་ནའང་གསུམ་ཡོད་པའང་བཀུག་ནས་སྔ་མ་བཞིན་སྐྱུགས་སུ་བཅུག་པས་འགྲིགས་ནས་སྐུ་ལ་གསོལ་བས་རྗེ་བཙུན་ལྭ་བ་པར་གྲགས་ཤིང་། གཞན་ཡང་འདི་དང་རྒྱལ་པོ་ཨིནྡྲ་བྷུ་ཏི་གཉིས་ཀྱིས་གྲུབ་པ་ཐོབ་པའི་རྟགས་སྐྱེ་བོ་རྣམས་ལ་བསྟན་པའི་ལོ་རྒྱུས་དང་། སློབ་དཔོན་འདི་དང་རོལ་པའིརདོ་རྗེ་གཉིས་སྐབས་ཤིག་ཨོ་རྒྱན་དུ་བྱོན་པས་རི་མུ་རུ་ཀ་ཞེས་བགྲོད་དཀའ་བ་ཡོད་པ་ལ་སློབ་དཔོན་གཉིས་བགྲོས་ནས་པར་ལམ་རོལ་པའི་རྡོ་རྗེའི་རྫུ་འཕྲུལ་དང་། ཚུར་ལམ་ལྭ་བའི་རྫུ་འཕྲུལ་གྱིས་བྱོན་པར་ཆད། དེར་རོལ་པའི་རྡོ་རྗེ་གཤིན་རྗེ་གཤེད་དུ་བྱས་པའི་པྱག་མཚན་གྱིས་རི་ཁག་གཉིས་སུ་ཕྱེས་པའི་ལམ་འཕྲང་དོག་མོ་ཞིག་ལ་གཤེགས། ཚུར་ལམ་རི་འདི་ཤིན་ཏུ་བགྲོད་དཀའ་བས་ཤ་ནང་སྔ་མོར་འགྲོ་ཞེས་གླེང་ནས་ནམ་ཕྱེད་བཞེངས་ཏེ་ཐང་བདེ་མོ་ཞིག་ལ་བྱོན་པས་ནམ་ལངས་པ་དང་ཕྱི་མིག་གཟིགས་པས་རི་ཡོལ་ཚར་བར་མཐོང་བས་རྫུ་འཕྲུལ་དུ་ཤེས་ནས་རོལ་པའི་རྡོ་རྗེས་ལྭ་བ་པའི་ཞབས་ལ་ཕྱག་མཛད་གདམས་པཞུས་པས་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ཅེས་གྲགས་སོ། ཕྱིས་ཨོ་རྒྱན་གྱི་ཡུལ་དེར་རྒྱལ་པོ་དག་སློབ་དཔོན་གཉིས་ཅར་གྱིས་གདམ་པ་བསྟན་པས་ཐམས་ཅད་རིག་པ་འཛིན་པར་གྱུར་ནས་ཨོ་རྒྱན་གྱི་ཡུལ་དེ་ཙམ་དུ་ཆེ་འབང་སྟོངས་སུ་ཉེ་བར་གྱུར་སྐད། དེ་ལྟར་ཨིནྡྲ་བྷུ་ཏི་ཆུང་བས་སིང་ཧ་སུ་ཏྲ་དང་ཀུ་ཀུ་རཱ་ཛཱ་ཕྱི་མ་གཉིས་ལ་རྒྱ་མཚོའི་འགྲམ་དུ་དབང་བསྐུར་ཞིང་རྒྱུད་བཤད། ཕྱི་མས་སློབ་དཔོན་ཆེན་པོ་རོ་ལངས་བདེ་བ་ལ་དབང་(སྟོད་ཆ།༡༦༤)བསྒྱུར་ཞིང་བཤད། འདི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེའི་མཚན་གྱི་རྣམ་གྲངས་སོ། འདི་ཡན་ཆད་གྱི་བརྒྱུད་པ་དེ་རྣམས་རང་རང་གི་འཁོར་ཚོམ་བུ་ཁྲི་ཕྲག་གཅིག་གི་བར་གྱི་ཐམས་ཅད་ཀྱང་སྤྲོས་བཅས་ཀྱི་སྤྱོད་པ་ཚོགས་ཀྱི་སྒྲུབ་པས་ཟུང་འཇུག་གི་སྐུ་བརྙེས་ཏེ་མི་སྣང་བར་གྱུར་སྐད། སློབ་དཔོན་དེས་སློབ་དཔོན་རྡོ་རྗེ་བཞེད་པ་ལ་ཨཏྟ་པ་རའི་ཚལ་དུ་དབང་བསྐུར་ཞིང་རྒྱུད་ཀྱང་བཤད། དེས་སློབ་དཔོན་པྲ་བྷ་ཧ་སྟི་ལ་གྷ་ཛ་ནའི་ཡུལ་གྱི་ཆུ་ཀླུང་སིནྡྷུའི་འགྲམ་དུ་དབང་བསྐུར་བ་དང་རྒྱུད་བཤད། འདི་སྔར་སྨོས་པ་བཞིན་རབ་ཏུ་བྱུང་བའི་མཚན་ཤཱཀྱ་འོད་ཅེས་གྲགས་ཤིང་། དེས་སློབ་མ་ཤཱཀྱ་འོད་ཆུང་བ་དང་། ཤཱཀྱ་བཤེས་གཉེན་དང་། ཤཱཀྱ་སཻངྒ་གསུམ་ལ་བསྟན། བར་པ་འདི་རྣལ་འབྱོར་རྒྱུད་ལ་ཤིན་ཏུ་མཁས་པས་དེ་ཉིད་འསུལ་པའི་་འགྲེལ་པ་ཀོ་ས་ལའི་རྒྱན་ཅེས་བྱ་བ་ཡུལ་ཀོ་ས་ལར་བརྩམས་ཤིང་ཁོང་ཉིད་ཀྱིས་བླ་མ་བཅུ་གཅིག་ཙམ་ལ་ཞུས་པར་བཤད་ཅིང་སྐུ་ཚེའི་སྨད་དུ་ཁ་ཆེར་བྱོན་ནས་འགྲོ་དོན་ཆེར་མཛད། དེས་ལྷའི་བཤོས་ཁང་དགུ་ཐོག་ཏུ་སློབ་དཔོན་དྷ་ན་རཀྵི་ལ་བཤད། འདིས་མདོའི་རྣམ་གྲངས་འཆད་པའི་བསྟན་བཅོས་མཛད། རྒྱ་གར་དང་ཏ་སིག་གི་མཚམས་ཨ་སུ་རའི་བྲག་ཕུག་ཏུ་ཕྱག་རྒྱ་མོ་ག་ག་སིདྡྷ་ལ་བརྟེན་ནས་སྒྲུབ་པ་མཛད་པས་རིག་པ་འཛིན་པའི་སྐུར་གྱུར། དེའག་ལུས་མི་སྣང་བ་ནི་བཅུད་ལེན་དང་། ཐིག་ལེ་དབབ་བཟུང་དང་། སྒྲོན་མ་རླུང་གི་འཁོར་ལོ་སོགས་འཇིག་རྟེན་པའི་ལམ་ལས་འབྱུང་མོད། འདི་དག་ནི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས་རྣམ་སྨིན་གྱི་ལུས་འོད་གསལ་དུ་གནས་འགྱུར་ ༡༦༥)བ་ཡིན་པས་ཁྱད་པར་ཆེ་བར་ཤེས་པར་བྱའོ། སློབ་དཔོན་དེས་བདེ་བ་གསལ་མཛད་ལ་གྲོང་ཁྱེར་དཔལ་ཡོན་ཅན་དུ་དབང་བསྐུར་ཞིང་རྒྱུད་གཏད། འདིས་སློབ་དཔོན་ཧཱུྃ་ཀ་ར་ལའང་གསན། རིག་སྔགས་གྲུབ་པས་རིག་པ་འཛིན་པའི་སྐུར་གྱུར་མདོའི་ཡིག་སྣ་བཅོ་བརྒྱད་དང་རྣལ་འབྱོར་གྱི་རིམ་པ་ཐེག་ཆེན་སྒྲོན་མ་སོགས་མཛད། དེས་སྐལ་བ་མཆོག་དང་ལྡན་པའི་ཐུགས་སྲས་བཞི་ལ་བཤད་དེ། མ་ག་དྷར་མདོའི་མཁན་པོ་དྷརྨ་བོདྷི་ལ་བཤད། འདིས་མདོའི་དོན་བསྡུ་བ་དང་། ཤེས་རབ་སྒྲོན་མ་དང་བཀོལ་མདོ་རྣམས་མཛད། ཤྲི་ན་ལནྡྲར་མཁན་པོ་དྷརྨ་རཱ་ཛ་པཱ་ལར་དབང་བསྐུར་ཞིང་རྒྱུད་རྣམས་བཤད། བལ་པོའི་རྒྱལ་པོ་བ་སུ་དྷ་ར་དང་གཙུག་ལག་དཔལ་དགེ་གཉིས་ལ་རྒྱལ་པའི་ཁབ་ཀྱི་གྲོང་ཁྱེར་དུ་དབང་བསྐུར་ཞིང་རྒྱུད་ཀྱི་བཤད་པ་སྩལ། ཕྱི་མ་གསུམ་པོས་སློབ་དཔོན་དྷ་ན་རཀྵི་ཏ་ལས་ཀྱང་གསན་ཞེས་གྲགས། བཤད་པ་ཐག་པའི་བརྒྱུད་པ་དེ་ཐམས་ཅད་འདུས་པའི་བརྒྱུད་པ་ཡིན་ནོ། ཡང་སློབ་དཔོན་དེ་གསུམ་ཀས་བྲུ་ཤིའི་སློབ་དཔོན་ཆེ་བཙན་སྐྱེས་ལ་ཡུལ་དབུས་སུ་དབང་བསྐུར་ཞིང་རྒྱུད་བཤད། བསྒོམས་པས་གྲུབ་པ་ཐོབ་པ་ལ་ཕྱིས་སློབ་དཔོན་དྷ་ན་རཀྵི་ཏ་བྲུ་ཤའི་ཡུལ་དུ་སྤྱན་དྲངས་ཤིང་མདོ་དགོངས་འདུས་ལ་སོགས་པ་བསྒྱུར་བར་བརྩམས་པ་ན་མོས་པ་ཆུང་བས་མ་འགྱུར་ཏེ་བལ་ཡུལ་དུ་བྱོན་ནས་བ་སུ་དྷ་ར་དང་དྷརྨ་བོ་དྷི་ལ་བཤད། ཕྱིས་བྲུ་ཤའི་ཡུལ་དུ་དྷརྨ་བོ་དྷི་དང་དྷ་ན་རཀྵི་ཏའི་དྲུང་དུ་སློབ་དཔོན་ཆེ་བརྩན་སྐྱེས་ཀྱིས་བྲུ་ཤའི་སྐད་དང་ཡི་གེར་སྒྱུར་རོ། །(སྟོད་ཆ།༡༦༦) ༣ རིག་འཛིན་དགའ་རབ་རྡོ་རྗེ་ནས་བརྒྱུད་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་བསྡུས་དང་སློབ་དཔོན་པདྨས་རྒྱ་བལ་དུ་མཛད་པ་བསྐྱངས་ཚུལ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སྐོར་ནི། གང་གི་ཚེ་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་རི་རབ་ཀྱི་བྱང་ཕྱོགས་དུས་ཁྲོད་མེ་རི་འབར་བར་མཁའ་འགྲོ་དང་། མཁའ་འགྲོ་མ་དང་། གྲུབ་པ་དང་། རིག་པ་འཛིན་པའི་ཚོགས་ལ་གསང་བ་སྔགས་ཀྱི་ཆོས་སྟོན་པ་དེའི་ཚེ་འཕགས་ཡུལ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྡ་ན་ཀོ་ཤའི་གླིང་ཞེས་བྱ་བ་དེའང་ཀོ་ཤ་ཞེས་པཱི་སྲོག་ཆགས་ལུས་མི་ལ་གོ་དང་རིད་ཀྱི་རྣམ་པ་སྦར་མོ་ལྕགས་ཀྱིས་གཏམས་པ་ཁོ་ནས་གང་ཞིག་ཙན་དན་ལ་སོགས་ཤིང་ལྗོན་པ་མང་པོས་བསྐོར་བའི་ཕྱིར་དེ་སྐད་དུ་གྲགས་སོ། །ཡུལ་དེར་སྤྲུལ་པའི་སྐུ་རིག་འཛིན་གྱི་གཙོ་བོ་དགའ་རབ་རྡོ་རྗེ་འཁྲུངས་པའི་ལོ་རྒྱུས་ལ་གཅིག་ཏུ་མ་གཻས་པའི་རྣམ་པར་ཐར་པ་མཐའ་ཡས་པར་སྣང་བ་ནི། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། ཞེས་པ་ལྟར་སྐུ་གསུང་ཐུགས་ཀྱི་རོལ་པ་ཚད་མེད་ཅིང་གདུལ་བར་བྱ་བའི་སྣང་ཚུལ་དང་བསྟུན་ནས་གང་ཟག་རེའི་མོས་ངོར་ཡང་མཛད་པ་མཐའ་ཡས་པར་སྟོན་པའི་ཕྱིར་རྟག་པ་ཏེར་ཟུག་ཏུ་སྨྲ་བར་མི་རིགས་ཀྱང་། རེ་ཞིག་གདུལ་བྱའི་ངོར་སྣང་གི་མཛད་པ་དང་བསྟུན་ནས་གླེང་ན། རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ། དྷ་ན་ཀོ་ཤའི་གླིང་། མཚོ་ཀུ་ཏྲའི་འགྲམ་(སྟོད་ཆ།༡༦༧)རྡོ་རྗེ་གླིང་ཕུག་བྱའི་གནས་སུ། ཡབ་རྒྱལ་པོ་དྷ་ཧེ་ན་ཏ་ལོ་ཞེས་བྱ་བ་དང་། ཡུམ་རྒྱལ་མོ་བརྩོན་རྒྱསལ་གཉིས་ཀྱི་སྲས་མོ་པྲ་ར་ནི་ཞེས་བྱ་བ་མཚན་དང་ལྡན་པ་ལ། དགེ་བའི་སེམས་དང་བྱང་ཆུབ་ཀྱི་ཐུགས་ལྷག་པར་ལྡན་པ་ཞིག་ཡོད་པ། རབ་ཏུ་བྱུང་ནས་དགེ་སློང་མའི་ཁྲིམས་རྣམ་པར་དག་པ་བསྲུངས་ཤིང་། འཁོར་དགེ་སློང་མ་ལྔ་བརྒྱ་དང་བཅས་གནས་པ་ན། ཤིང་མོ་གླང ་གི་ལོ་དབྱར་ཟླ་ར་བའི་ཚེས་བརྒྱད་ཀྱི་ཐོ་རེངས་ཁའི་རྨི་ལམ་ན། དེ་བཞིན་གཤེགས་པ་ཐམས་ཅད་ལས་འོད་འཕྲོས་ཏེ་ཉི་ཟླ་གཉིས་སུ་གྱུར་པ་ལས། ཉི་མ་སྤྱི་བོ་ནས་མར་དང་ཟླ་བ་རྐང་པ་ལས་ཡར་ཐིམ་པ་རྨིས་སོ། དེའི་ནང་པར་རྟོག་པ་སྐྱེས། མཚོ་ཀུ་ཏྲིའི་འགྲམ་དུ་ཁྲུས་བྱས་ཏེ་ཁ་ཤར་དུ་ཕྱོགས་ནས་འདུག་པ་ལས། ཕྱག་ན་རྡོ་རྗེས་གསེར་གྱི་ངང་པ་ཞིག་སྤྲུལ་ནས་ལྷའི་བུ་སེམས་ལྷག་ཅན་ཡི་གེ་ཧཱུྃ་ཞིག་ཏུ་བསྡུས། སྤྲུལ་པའི་བྱ་ངང་པ་བཞི་དང་བཅས་ནམ་མཁའ་ལས་བབས་ཏེ་སྲས་མོའི་མདུན་དུ་ཁྲུས་བྱས་པའི་མཐར་སྤྲུལ་གཞི་ནམ་མཁའ་ལ་འཕུར། སྤྲུལ་པའི་གཙོ་བོ་གསེར་གྱི་བྱ་སྲས་མོའི་ཐུགས་ཀར་ཆགས་ཏེ་མཆུ་ལན་གསུམ་གཏུགས་ནས་ཧཱུྃ་འོད་འབར་བ་ཞིག་བསྟིམ་ཏེ་སྔར་གྱི་གནས་ལ་འཕུར་རོ། དེས་སྲས་མོ་ཡ་མཚན་དུ་གྱུར་ཏེ་རྨི་ལམ་དང་བྱ་ངང་པའི་ལོ་རྒྱུས་རང་གི་ཡབ་དང་འཁོར་སོགས་ལ་ཟློས་པས་ཡབ་ཡ་མཚན་པར་གྱུར་ཏེ་སངས་རྒྱས་ཀྱི་སྤྲུལ་པ་འབྱུང་ངེས་གསུངས་ཤིང་བྱ་དགའ་དང་རིམ་གྲོ་ཡང་མང་དུ་མཛད་དོ། ལོ་དུས་ན་སྲས་མོའི་ཐུགས་ཀ་ནས་གསེར་ལས་གྲུབ་པའི་རྡོ་རྗེ་རྩེ་དགུ་པ་ཞིག་བྱུང་བ་ལས་ཐམས་ཅད་ཡ་མཚན་པར་གྱུར་ཏོ། དེར་རྡོ་རྗེ་དེ་རང་ཞིག་པ་ལས་ཁྱེའུ་མཚན་དང་དཔེས་བརྒྱན་པ། ཕྱག་གཡས་ན་རྡོ་རྗེ་དང་། གཡོན་ན་རིན་པོ་ཆེའི་ཕྱག་ཤིང་(སྟོད་ཆ།༡༦༨)ཐོགས་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་སོགས་པ་ཞལ་འདོན་དུ་མཛད་པ་ཞིག་བྱུང་ངོ་། ཁྱེའུ་དེར་ནངས་པར་ཉི་མའི་འོད་ཟེར་ལས་བ་སྤུའི་བུ་ག་ནས་དེ་བཞིན་གཤེགས་པ་ཐམས་ཅད་གཤེགས་བཞུད་མཛད་ཅིང་། དེ་དག་གིས་མགྲིན་གཅིག་ཏུ་ཁྱོད་ཀྱིས་སེམས་ཅན་གྱི་དོན་གྱིས་ཤིག་པར་ལུང་སྟོན་པ་དང་། ལྷ་མ་སྲིན་སྡེ་བརྒྱད་ཏམས་ཅད་ཀྱང་ཕྱག་བྱེད་པར་སྣང་ངོ་། རེ་ཞིག་ཚེ་དཔལ་རྡོ་རྗེ་སེམས་དཔའ་དངོས་སུ་བྱོན་ནས་གཡས་སུ་ཀློང་ཆེན་བམ་པོ་ཉི་ཁྲི་ཆིག་སྲོང་གི་པུ་ཏི་དང་། གཡོན་དུ་བྱང་ཆུབ་སེམས་ཀྱི་ཕྱག་ཤིང་ལ་སེམས་སྨད་བཅོ་བརྒྱད་ཡོད་པ་བསྟན་ནས། བྱང་ཆུབ་ཡེ་ནས་མ་བཅོས་པ། ཡེ་ནས་སངས་རྒྱས་པར་བཤད་ན། དེར་ཐམས་ཅད་དགའ་སྟེ་བྲམ་ཟེ་མཚན་མཁན་ལ་བསྟན་པས། བྲམ་ཟེ་ཤིན་ཏུ་ངོ་མཚར་ཏེ། འདི་ནི་སྤྲུལ་པའི་སྐུ་ཐེག་པ་མཆོག་གི་བསྟན་པའི་བདག་པོར་གྱུར་ཞེས་ལུང་བསྟན། མཚན་ཡང་དགའ་རབ་རྡོ་རྗེར་བཏགས་སོ། དེར་གཞོན་ནུ་ནས་རོལ་རྩེད་ལ་སོགས་པ་ཐམས་ཅད་ལ་ཕྱག་ན་རྡོ་རྗེ་དངོས་སུ་བྱོན་ནས། རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་ལ་སོགས་པ་དབང་རྣམས་རྫོགས་པར་བསྐུར། ལྷོ་ནུབ་འདམ་ཤོད་ཀྱི་གླིང་ནས་པུ་ཏྲི་རྣམ་གསུམ་བཀུག་སྟེ་དབང་བསྐུར་དམ་ལ་བཞག ཀློང་དགུ་བམ་པོ་ཉི་ཁྲི་ལ་སོགས་པའི་རྒྱུད་དབང་མན་ངག་ཐམས་ཅད་དུས་མཐའི་སྐད་གཅིག་ལ་རྫོགས་པར་གཏད་ནས་བསྟན་པའི་སྒྲོན་མེ་ཆེན་པོར་དབང་བསྐུར་དམ་ཅན་རྣམས་ལ་གཉེར་དུ་གཏད་དོ། དེར་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཉིད་སྐད་ཅིག་ཉིད་(སྟོད་ཆ།༡༦༩)ལ་རྩོལ་མེད་རྫོགས་པ་ཆེན་པོའི་ས་ལ་མངོན་པར་སངས་རྒྱས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དགོངས་པ་གཅིག་ཏུ་གྱུར། སྤྱིར་རྒྱུ་འབྲས་ཀྱི་ཆོས་མཐའ་ཡས་པ་དང་། ཁྱད་པར་རྩོལ་མེད་རྫོགས་པ་ཆེན་པོའི་བསྟན་པ་དམ་པའི་ཆོས། རྩ་བའི་རྒྱུད་ཀློང་དགུ་བམ་པོ་ཉི་ཁྲི། ཡན་ལག་གི་རྒྱུད་རྒྱལ་བ་རིགས་ལྔ། གསང་བདག་དཔའ་བོའི་བཤད་རྒྱུད། བྱེ་བྲག་གི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དང་རང་གྲོལ་མངོན་སུམ་དུ་སྟོན་པའི་མན་ངག་རྒྱལ་ཐབས་སྤྱི་བླུགས་ལ་སོགས་ཏེ་རྒྱལ་བ་སྐུ་བཞིའི་དབང་གི་ཆུ་བོ་ཐམས་ཅད་ཐུགས་འོད་གསལ་ནམ་མཁའ་ཀློང་ཆེན་གྱི་དབྱིངས་སུ་རྫོགས་ནས། རྩོལ་མེད་རང་རྫོགས་པ་ཆེན་པོའི་བསྟན་པ་འཁོར་ཐུན་མོང་མ་ཡིན་པ་ལ་སྒྲོགས་ཤིང་བཞུགས་སོ། དེ་ལྟ་བུའི་སློབ་དཔོན་དགའ་རབ་རྡོ་རྗེ་ལ་ཐུགས་ཀྱི་སྲས་འཇམ་དཔལ་བཤེས་གཉེན་གཙོ་བོར་གྱུར་པའི་གསུམ་བརྒྱུད། བདུན་བརྒྱུད། ཉི་ཤུ་རྩ་གཅིག་བརྒྱུད་པ་མཐའ་ཀླས་པར་ཡོད་དེ། དེ་ལས་ཤན་འབྱེད་པ་བྲམ་ཟེའི་སྐོར། བཟླ་བ་རྒྱལ་པོའི་སྐོར། རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་གི་སྐོར་དང་གསུམ་ལས། ཁྱད་པར་དུ་གྱུར་པ་ཕྱི་མ་མན་ངག་གི་སྐོར་ལའང་བརྒྱུད་སྲོལ་ཐ་དད་པ་ཡོད་པ་དེ་འདིར་རིག་འཛིན་ངེས་པའི་ལུང་བསྟན་ལྟར་བརྡ་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུས་མཉམ་དུ་གྱུར་ཀྱང་བསྟན་པ་ཡོངས་དུ་རྫོགས་པར་བྱ་ཕྱིར་རྒྱུད་དང་མན་ངག་ལ་ནན་ཏན་དུ་བྱས་པའི་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ནི། གང་གི་ཚེ་མ་གྷ་དྷ་རྡོ་རྗེ་གདན་གྱི་ནུ་ཕྱོགས་སུ་ཡབ་ཟེ་དཔལ་ལྡན་སྐྱོང་དང་། ཡུམ་བྲམ་ཟེ་ཀུ་ཧ་ན་ཞེས་བྱ་བ་ལ། འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་སྲས་ཁྱེའུ་མཚན་(སྟོད་ཆ།༡༧༠)དང་ལྡན་པ་ཞིག་བྱུང་སྟེ། དེའི་མིང་བྲམ་ཟེ་སྙིང་པོ་གྲུབ་པའམ། བདེ་མཆོག་སྙིང་པོ་ཞེས་གྲགས་ཏེ་རིག་པའི་གནས་ལྔ་ལ་མཁས་པའི་དགེ་སློང་རྒྱུ་འབྲས་ཀྱ་ིཆོས་ཐམས་་སུ་ཆུད་པ་ཞིག་ཏུ་གྱུར་ཏོ། དེ་པཎྜི་ཏ་ལྔ་བརྒྱའི་མཆོག་ཏུ་གྱུར་ནས་བཞུགས་པའི་ཚེ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཞེས་བྱ་བས་རྒྱུ་འབྲས་ལས་འདས་པའི་རྨད་བྱུང་བསྟན་པའི་སྙིང་པོ། རྩོལ་མེད་རྫོགས་པ་ཆེན་པོ་ཞེས་བྱ་བ་སྒྲོག་གོ་ཞེས་པཎྜི་ཏ་ཀུན་གྱིས་ཐོས་པ་ལས། དེར་བྲམ་ཟེ་སྙིང་པོ་གྲུབ་པ་ལ་འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་པ། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀི་ཤའི་གླིང་། མཚོ་ཆེན་པོ་ཀུ་ཤའི་འགྲམ། དུར་ཁྲོད་གསེར་གླིང་ཧེ་ཆེན་བརྡལ་བའི་འདབས་རྡོ་རྗེ་གླིང་གི་ཕུག་ན། རྡོ་རྗེ་སེམས་དཔའི་སྤྲུལ་པ་སངས་རྒྱས་ཐམས་ཅད་ཀྱིས་རྩོལ་མེད་བསྟན་པའི་སྒྲོན་མེར་དབང་བསྐུར་བ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཞེས་བྱ་བ་ཡོད་ཀྱི། དེ་ལ་རྨད་བྱུང་བསྟན་པའི་སྙིང་པོ་ཨ་ཏི་ཡོ་ག་ཞེས་བྱ་བ་རྩོལ་མེད་པར་སྐད་ཅིག་ལ་འཚང་རྒྱ་བའི་ཆོས་ཡོད་པས་དེ་ལོངས་ལ་སྤྲུལ་པའི་སྡུད་པ་པོ་གྱིས་ཤིག་པའི་ལུང་བསྟན་ཏོ། དེར་པཎྜི་ཏ་གཞན་རྣམས་ན་རེ། རྒྱུ་འབྲས་ལས་འདས་པའི་ཆོས་ཡོད་པ་མི་རིགས་ཞེས་སུན་དབྱུང་བར་བགྲོས་སོ། བྲམ་ཟེ་སྙིང་པོ་གྲུབ་པས་ཀྱང་མཁྱེན་བཞིན་དུ་ཆོས་དང་གང་ཟག་གི་ཆེ་བ་འབྱིན་པའི་ཕྱིར་པཎྜི་ཏ་རྣམས་ཀྱི་རྗེས་སུ་འགྲོས་པ་ལས་ཐམས་ཅད་ཞལ་འཆམ་སྟེ་ཨོ་རྒྱན་གྱི་ཡུལ་ས་ཐག་རིང་བ་དང་། ཀུན་གྱིས་མི་བགྲོད་པས། སྙིང་པོ་གྲུབ་པ་དང་། རཱ་ཛ་ཧ་སྟི་ལ་སོགས་པ་བདུན་སུམ་དབྱུང་བར་མངགས་སོ། དེར་བདུན་པོས་དགའ་རབ་རྡོ་རྗེའི་དྲུང་དུ་བརྟོལ་ཏེ་ཉམས་སད་པའི་ཕྱིར་དུ་རྒྱུ་འབྲས་ཀྱི་ཐེག་པའི་ཆེ་བ་དང་། ཆོས་ཀྱ་ི)༡༧༡)བགྲོ་བ་བྱས་པས། རྒྱུའི་ཆོས་སྡེ་སྣོད་གསུམ་དང་། འབྲས་བུའི་ཆོས་གསང་སྔགས་ཕྱི་ནང་གཉིས་གང་གི་སྒོ་ནས་ཀྱང་མ་ཐུབ་པས། བདེ་མཆོག་སྙིང་པོས་མཁྱེན་བཞི་དུ་པཎྜི་ཏ་གཟན་རྣམས་ལ་འོ་ཅག་གིས་རོད་པ་ནོངས་སྤྲུལ་པའི་སྐུ་འདི་ལ་རྒྱུ་འབྲས་ལས་འདས་པའི་ཆོས་མི་ཞུ་འམ་ཞེས་བགྲོ་བ་ལྟར་མཛད་པས། པཎྜི་ཏ་ལ་ལ་ནི་སྐྱེངས་ནས་ངོ་གནག་པར་གྱུར་ཞིང་། ལ་ལ་ནི་འོ་ཅག་གིས་བརྩོད་དིང་བརྙས་པ་བྱས་པས་ཞུ་བར་མི་སྤོབས་ཟེར་རོ། དེར་བདེ་མཆོག་སྙིང་པོ་ལ་སོགས་པས་བཤགས་པ་བྱ་བར་བགྲོས་ཏེ་པཎྜི་ཏ་རྣམས་ཀྱིས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཕྱག་དང་སྐོར་བ་བྱས། མཆི་མ་སྙིལ་བའི་ཚེ་སྙིང་པོ་གྲུབ་པས་རང་གི་ལྕེ་བཅད་དེ་བཤགས་པ་བྱ་བར་དགོངས་པ་དང་། རིག་འཛིན་མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེས་མཁྱེན་ཏི་ཚིགས་སུ་བཅད་པ་འདི་གསུངས་སོ། མཉམ་ཉིད་ཕྱོགས་བྲལ་ལྷུན་གྲུབ་བདེ་བ་ཆེ། ཆོས་རྣམས་ཐམས་ཅད་བྱང་ཆུབ་སྙིང་པོ་ལ། འགྲོ་དྲུག་རང་ལ་ཡུལ་བཟུང་ཞེན་པས་བཅིངས། མུ་སྟེགས་མཐར་འཛིན་རྟག་ཆད་ལོག་ལྟར་ཞུགས། ཐེག་བརྒྱད་ངང་ལ་གཉིས་བཟུང་ཡིན་མིན་གྱིས། ཞེ་འདོད་ཕྱོགས་རིས་དབྱིངས་ལ་ཕྱོགས་སུ་ཞེན། མཉམ་པའི་དོན་ལ་ཕྱོགས་དང་རིས་སུ་བཅད། རང་ལ་ཡོད་བཞག་མེད་པས་གཞན་དུ་འཚོལ། ལྷུན་གནས་བདེ་པོར་བརྩོལ་བས་དང་དུ་ལེན། རང་སེམས་སངས་རྒྱས་ནམ་ཞིག་དུས་ལ་ལྟོས། མཉམ་ཉིད་མ་རྟོགས་ཞེ་འདོད་ཕྱོགས་ལྟ་ལ། འདི་ཡི་ཐང་ཆད་ཡུས་རྒྱས་སྙིང་རེ་རྗེ། དེ་བས་ཕྱོགས་འཛིན་ཞེན་པའིི་དུག་ཆོམས་ལ། མཉམ་ཉིད་ཕྱོགས་བྲལ་བདེའི་དོན་ལ་ཞུགས། ཞེས་གསུངས་ནས་སྙིང་པོ་གྲུབ་པ་ལ་ཁྱོད་ཀྱིས། ལྕེ་བཅད་པས་སྡིག་པ་མི་དག་(སྟོད་ཆ།༡༧༢)རྒྱུ་འབྲས་ལས་འདས་པའི་ཆོས་ཁྱད་དུ་འཕགས་པ་ཞག་རྩོམས་ཤིག་དས་སྡིག་པ་འདག་པར་འགྱུར་རོ། །ཞེས་གསུངས་པས་ཕྱིན་ཆད་བྱང་སེམས་སྔ་ལ་འགྲེལ་པ་གསེར་ཞུན་བརྩམས་ཤིང་བཀའ་བསྡུ་བ་པོར་མཛད། དེར་བརྡ་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུས་མཉམ་དུ་གུར་ཀྱང་བསྟན་པ་ཡོངས་སུ་རྫོགས་པར་བྱ་བའི་སླད་དུ་ཕྱག་དང་བསྐོར་བ་བྱས། རིན་པོ་ཆེའི་མཎྜལ་སྣ་ཚོགས་པ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཕུལ་ནས་གསོལ་བ་བཏབ་སྟེ་སྙིང་པོའི་དོན་ཞུས་པས། སེམས་སྡེའི་སྐོར་རྩ་བའི་རྒྱུད་བརྒྱད་དང་། ཡན་ལག་གི་རྒྱུན་མཐའ་ཡས་པ། དབང་དང་མན་ངག་ལ་སོགས་པ་རྒྱས་པར་གནང་། དེ་ནས་ཀློང་སྡེའི་སྐོར། ཕྱི་རྩིབས་རྒྱ། ནང་གསང་རྒྱ། གསང་བ་རྒྱའུ་ཆུང་། དགོངས་པ་གཏད་རྒྱའི་སྐོར་ལ་སོགས་པ་རྒྱུད་མན་ངག་དང་བཅས་པས་མཚོན་ཏེ་ཨ་ཏི་ཡོ་གའི་རྒྱུད་དཔག་ཏུ་མེད་པ་གསུངས་སོ། དེས་ཀྱང་ཐུགས་མ་ཚིམ་པར་ཕྱག་དང་སྐོར་བ་བྱས་ཏེ་རིན་པོ་ཆེའི་མེ་ཏོག་ཕུལ་ནས་གསོལ་བ་བཏབ་པས། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར། རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་སྡེའི་སྐོར་ཡང་བྱིན་ཏེ་ཕྱི་ལྟར་འཇམ་དཔལ་བཤེས་གཉེན་ནང་ལྟར་རྡོ་རྗེ་བདེ་བ་རྩལ་དུ་མིང་བཏགས། འཇམ་དཔལ་བཤེས་གཉེན་གྱིས་གདུང་ཚིག་ལན་གསུམ་བཏོན་པས་ནམ་མཁར་འོད་ཕུང་གི་དཀྱིལ་ནས་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་གསེར་གྱི་ཟ་མ་ཏོག་སེན་གང་བ་ཞིག་ཕྱག་ཏུ་བབས་པས་ཚིག་གསུམ་གནད་དུ་བརྡེག་པའི་འདས་རྗེས་ཀྱི་གླེགས་བམ་བབས་པ་གཙིགས་པ་ཙམ་གྱིས་ཐུགས་སུ་ཆུད། དགའ་རབ་རྡོ་རྗེ་དང་རྟོགས་པ་མཉམ་པར་གྱུར་པས་རྫོགས་པ་ཆེན་(སྟོད་ཆ།༡༧༣)པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་བཏུས་ནས་གནས་པ་སེམས་ཀྱི་སྡེ། བྱ་བྲལ་ཀློང་གི་སྡེ། ཟབ་པ་མན་ངག་གི་སྡེ་དང་གསུམ་དུ་ཕྱེ་ནས། གནད་ཟས་ཟབ་པ་སྙིང་གི་ཐིག་ལའེི་སྐོར་ལ་བཤད་རྒྱུད་དང་། རྣར་རྒྱུད་གཉིས་སུ་ཕྱེ་ནས་རྣར་རྒྱུད་མཚན་དུ་བཏབ། བཤད་རྒྱུད་སྙིང་གི་ཐིག་ལེ་སྤེལ་བའི་གནས་མ་རྙེད་པས་རྡོ་རྗེ་གདན་དུ་གཏེར་ལ་སྦས་ཏེ་རྒྱལ་པོ་དྷ་ཉེ་ན་ཏ་ལ་སོགས་ལ་དགོངས་པའི་དོན་སྟོན་བཞིན་སོས་གླིང་གི་དུར་ཁྲོད་དུ་ལོ་བརྒྱ་དང་ཉི་ཤུ་རྩ་དགུར་བཞུགས་ཤིང་། མི་སྡུག་པའི་མཁའ་འགྲོ་མ་རྣམས་དང་སྤྱོད་པ་ལ་གནས་པའི་སྒྲུབ་པ་པོ་དང་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པར་གྲགས་སོ། སློབ་དཔོན་འདིའི་སློབ་མ་ནི་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཡིན་ཅིང་ཐོག་མར་སློབ་དཔོན་ཛ་ལན་དྷ་རི་བ་དང་། ཨོ་རྒྱན་གྱི་སློབ་དཔོན་སྒེག་པ་རྡོ་རྗེ་དང་། རྣལ་འབྱོར་མ་གུ་ནེ་རུ་སོགས་བླ་མ་མང་པོ་བསྟེན་ནས་གསང་སྔགས་ཀྱི་ཚུལ་རྣམས་མང་དུ་གསན། ཡོ་བྱད་རྣམས་རྨུགས་འཛིན་དང་ནོར་རྒྱུན་མས་སྦྱོར། ལན་ཅིག་ཀོང་ཀ་ནའི་སློབ་དཔོན་པཱ་ལི་ཏ་པཱ་ད་ལོ་དགུའི་བར་བསྟེན་ཅིང་འདུས་པའི་རྒྱུད་ཚར་བཅོ་བརྒྱད་མཉན་ཀྱང་དེ་ཁོ་ན་ཉིད་མ་རྟོགས་པར་བླ་མ་ལ་ཞུས་པས་དེ་ཁོ་བོས་ཀྱང་མ་རྟོགས་སོ་གསུངས། དེ་ནས་རྡོ་རྗེ་གདན་གྱི་རྒྱབ་ཀུ་ཡའི་ཚལ་ཟེས་བྱ་བར་བསྙེན་སྒྲུབ་ཡན་ལག་བཞི་སྤོག་ཆོག་དང་བཅས་པ་ཟླ་བ་བཅུ་གཉིས། དྲག་ཤུལ་སྤྱོད་པ་ཟླ་བ་དྲུག་སྟེ་བཅོ་བརྒྱད་དུ་བསྒྲུབས་པས་དེ་ཁོ་ན་ཉིད་རྟོགས་པར་འདོད་ན་འཕགས་པ་འཇམ་དཔལ་ལ་དྲིས་ཤིག་ཅེས་ལུང་བསྟན་བྱུང་བས། འོ་ན་འཇའམ་དཔལ་རྩེ་ལྔར་བཞུགས་པས་དེར་(སྟོད་ཆ།༡༧༤)འགྲོ་དགོས་དགོངས་ཏེ་དེ་ཕྱོགས་སུ་སོང་སོང་བ་ཉི་མ་ཕྱེད་ཙམ་ན་ཁང་པ་དཀར་ཙག་ཙག་ཞིག་གི་འགྲམ་ན་འཇམ་དཔལ་བཤེས་གཉེན་ཁྱིམ་བཙུན་རྒན་པོ་ཆོས་གོས་ཀྱི་ཐོད་བྱས་པ་བུད་མེད་ངན་ངོན་གཅིག་དང་ལྷན་ཅིག་ཞིང་རྨོ་བར་གཟིགས་པས་ཅུང་ཟད་མ་དད། དེའི་འགྲམ་ཞིག་ཏུ་ཀྱི་མོ་དཀར་པོ་ངན་མ་ཞིག་ཀྱང་ཉལ་ནས་འདུག དེར་ཟས་ཀྱི་དུས་ལ་བབ་པས་བསོད་སྣོམས་སློང་བ་ཞིག་ལ། ཡུར་བ་ནས་ཉ་ཞིག་བཟུང་སྟེ་ཁྱི་མོ་ལ་བྱིན། དེས་སྐྱུགས་པ་སློབ་དཔོན་ལ་དྲངས་པ་ན་རྣམ་པར་རྟོག་པས་མ་བླངས་པས། ཁྱིམ་བཙུན་ན་རེ། འཛམ་བུ་གླིང་པ་རྣམ་རྟོག་ཆེ། ཟས་བཟང་པོ་དྲོངས་གསུངས་ཏེ་གཞན་ཞིག་ཏུ་སོང་ངོ་། དེར་བུད་མེད་དེས་འབྲས་ཆན་དང་ཞོ་དྲངས་པ་གསོལ་ནས་འགྲོ་བར་བརྩམས་པས། དེ་རིང་ནི་མ་ཕྱིས་པས་གྲོག་དུ་ནི་མི་སླེབ། སང་ཉིན་སོང་ཟེར་བ་བཞིན་བཞུགས་ཏེ་གསང་འདུས་ཀྱི་རྒྱུད་བཀླགས་པས་སློབ་དཔོན་རང་ཉིད་ཐེ་ཚོམ་ཟ་བའི་གནས་གར་ཡོད་ཀྱི་ཐད་དེར་བུད་མེད་དེས་ཀྱང་མི་དགའ་བའི་རྣམ་འགྱུར་རེ་བྱས་པས། འདིས་གཞན་སེམས་ཤེས་པར་འདུག་དགོངས་ཏེ་ཐེ་ཚོམ་བསལ་བར་ཞུས་པས་ངས་མི་ཤེས། ད་ཅིའི་ཁྱིམ་བཙུན་དེ་འདུས་པ་ལ་ཤིན་ཏུ་མཁས་ཕྱི་མོ་རེ་ན་སླེབ་འོང་བས་དེ་ལ་ཐེ་ཚོམ་ཆོད་ཟེར་བ་ལྟར་ཕྱི་མོ་རང་ན་ཁྱིན་བཙུན་ཆང་གིས་བཟི་ནས་གོམ་པ་འཁྱོར་བཞིན་དུ་བྱུང་བས་དེར་སྔགས་ཀྱི་སྤྱོད་པ་ཅན་དུ་ཤེས་ཏེ་ཞབས་ལ་ཕྱག་བྱས་ནས་ཐེ་ཚོམ་གཅོད་པར་ཞུས་པས་དབང་བསྐུར་དགོས་དགོངས། གཞན་ནས་ཐོབ་ཞུས་པས། ངའི་ཆོས་སྟོན་པ་ལ་ང་རང ་གིས་དབང་བསྐུར་དགོས་གསུངས་ནས་ཁང་པ་ཞིག་ཏུ་སོང་། སྲོད་ཀྱི་དུས་སུ་སློབ་དཔོན་ནང་དུ་བོས་པ་ལ། འཇམ་དཔལ་(སྟོད་ཆ།༡༧༥)རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་སྤྲུལ་པའི་དྲུང་ན་ཁྱིམ་བཙུན་བུད་མེད་ཁྱི་མོ་དང་བཅས་པ་སྣང་སྟེ་དབང་སུ་ལས་ལེན་གསུངས་པས། དཀྱིལ་འཁོར་ལས་འཚལ་ལོ་ཞུས་པས་འོ་ན་ལོངས་ཤིག་གསུངས་ཏེ་གསུམ་ག་ཁང་པ་གཞན་ཞིག་ཏུ་སོང་དཀྱིལ་འཁོར་ཡང་མི་སྣང་བར་གྱུར། དེར་སློབ་དཔོན་ཐུགས་སྐྱེ་སྟེ། ཁྱོད་ནི་སེམས་ཅན་ཀུན་གྱི་ཡབ་གཅིག་ལ་སོགས་གདུང་བའི་ཡུས་ཀྱིས་གསོལ་བ་བཏབ་པས་སླར་ཡང་སྔར་བཞིན་དཀྱིལ་འཁོར་སྤྲུལ་ཏེ་དབང་བསྐུར། རྫོགས་པ་ཆེན་པོ་སེམས་སྡེའི་མན་ངག་བཤད་པས་རྟོགས་པ་ནམ་མཁའ་དང་མཉམ་པར་གྱུར། འཇམ་དཔལ་ཞལ་ལུང་ཞེས་རིམ་པ་གཉིས་ཀྱི་དེ་ཁོ་ན་ཉིད་བསྒོམ་པ་འདི་ཉིད་སློབ་དཔོན་གྱིས་སྡུད་པ་པོའི་ཚུལ་མཛད་པ་ཡིན། དེས་ཆོས་ཐམས་ཅད་ཀྱི་གཏིང་སླེབ། ཐོག་མར་ཁྱིས་སྐྱུགས་པའི་ཟས་དང་ཁྱིམ་བཙུན་གྱི་སྤྱོད་པ་སོགས་ལ་མ་དད་པའི་རྟེན་འབྲེལ་གྱིས་སྐུ་ལུས་དེ་ནིད་ཀྱིས་མཆོག་གི་དངོས་གྲུབ་མ་ཐོབ་ཀྱང་བར་དོར་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད་པ་ཡིན་ཞེས་གྲགས། སླར་བསྲུང་བའི་ཞབས་ཀྱིས་ཀྱང་སློབ་དཔོན་འདི་ལས་གདམས་པ་ཞུས་པས་གྲུབ་པ་ཐོབ་བོ། བསྟན་བཅོས་ཀྱང་གྲོལ་བའི་ཐིག་ལེ་དང་། སྒྲུབ་ཐབས་ཀུན་བཟང་སོགས་ཤིན་ཏུ་མང་བར་མཛད། སློབ་དཔོན་འདིའི་རྫོགས་རིམ་གྱི་མན་ངག་སྔོན་ཆད་བོད་དུ་འགྱུར་བ་རྣམས་སྡེ་སྡེ་ཁོ་ནའི་གྲུབ་མཐའ་གཙང་ཙིང་ངེ་བར་གནས་ཤིང་རྒྱུ་མཚན་དེས་རྗེས་འབྲངས་སློབ་མའི་ཚོགས་དང་བཅས་པའང་རྫོགས་པ་ཆེན་པོའི་དོན་གྱི་བརྒྱུད་པར་འགྲོ་ལ། འགའ་ཞིག་གིས་སློབ་དཔོན་ཤྲཱི་སིདྷ་ཡང་འདི་ནིད་ཀྱི་མཚན་གྱི་རྣམ་གྲངས་སུ་འདོད་པའང་ཐོས་སོ། དུས་དེ་ཙམ་ན་རྒྱ་ནག་ཞོ་ཤོའི་གླིང་གི་ཡབ་རྒྱལ་པོ་གྲུ་ཁྱེར། ཡུམ་ནན་(སྟོད་ཆ།༡༧༦)ཀ་ཞེས་བྱ་བ་གཉིས་ཀྱི་བུ། ཤྲཱི་སིདྷ་པྲ་བ་ཏ་ཞེས་བྱ་བ། པཎྜི་ཏ་ལྔ་བརྒྱ་ལ་རིག་པ་སྦྱངས་པས་རིག་པའི་གནས་ལྔ་ལ་མཁས་པ་ཞིག་ཡོད་པ་དེར། སྐབས་ཤིག་ནུབ་ཕྱོགས་ཀྱི་གྲོང་ཁྱེར་གསེར་གླིང་བྱ་བར་འགྲོ་བའི་ལམ་བར་དུ་འཕགས་པ་སྤྱན་རས་གཟིགས་ནས་ནམ་མཁར་བྱོན་ནས་སྐལ་ལྡན་འབྲས་བུ་ངེས་པར་འདོད་ཅན་རྒྱ་གར་གྱི་དུར་ཁྲོད་སོ་ས་གླིང ་དུ་སོང་ཞིག །ཅེས་ལུང་བསྟན་པས་སློབ་དཔོན་ཉིད་ཚིམ་པར་གྱུར་ཏེ་ད་དུང་འབྲས་བུ་བླ་ན་མེད་པ་དེ་ནིད་གོ་སླ་བའི་ཕྱིར་གསང་སྔགས་ཀྱི་གཞན་ལའང་མཁས་པསར་བྱ་སྙམ་དུ་དགོངས་ཏེ་རི་བོ་རྩེ་ལྔར་གདོལ་པའི་རིགས་ཀྱི་སློབ་དཔོན་ལྷ་ལ་ཀི་རྟིར་སྔགས་ཕྱི་ནང་གི་ཅོས་རྣམས་མ་ལུས་པར་གསན་ཅིང་ཉམས་འོག་ཏུ་ཆུད་པར་མཛད། རབ་ཏུ་བྱུང་ནས་དགེ་སློང་སྡེ་སྣོད་འཛིན་པ་མཛད་ཅིང་ལེ་སུམ་ཅུའི་བར་དུ་འདུལ་ཁྲིམས་ཀྱི་བརྟུལ་ཞུགས་སུ་གནས། སླར་ཡང་འཕགས་པའི་ལུང་གིས་སྔོན་བཞིན་བསྐུལ་བས་རྒྱ་གར་དུ་བགྲོད་པའི་ལམ་ལ་དཀའ་བ་མེད་པའི་རྫུ་འཕྲུལ་ཞིག་བསྒྲུབ་པར་བྱ་དགོངས་ཏེ་ལོ་གསུམ་དུ་སྒྲུབ་པ་མཛད་པས་རིག་པ་འཛིན་པའི་སྐུར་གྱུར། དེ་ནས་ཞབས་ས་ལ་ཁྲུ་གང་ཙམ་གྱིས་མ་རེག་པར་དུར་ཁྲོད་སོ་ས་གླིང་དུ་བྱོན་ནས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་མཇལ་ཞིང་བླ་མའི་བྱ་བ་རྣམས་བྱས། ཞེས་དང་། ལོ་རྒྱུས་ཁ་ཅིག་ཏུ། ཤྲཱི་སིདྷས་སློབ་དཔོན་བཙུན་པ་ཤམས་ཐབས་ཐོད་དུ་བཅིངས། ཐོང་གཤོལ་ཕྲག་པ་ལ་བཟུང་བའི་རྨོས་མཁན་དུ་མཐོང་སྟེ། ཤྲཱི་སིདྷ་ཡིད་མ་ཆེས་པས་འདི་ནི་འཇམ་དཔལ་བཤེས་གཉེན་ག་ལ་ཞིག་སྟེ་དེ་ནི་ཡང་ན་པཎྜི་ཏའམ། ཡང་ན་རྣལ་འབྱོར་པའི་ཆ་བྱད་དུ་འོང་ཐད་སྙམ་ནས་བཟའ་བ་ཞིག་བསླངས་པས།(སྟོད་ཆ།༡༧༧) ངའི་ཆུང་མ་ལ་སློངས་ཟེར། དེ་ནས་གྲོང་ཁྱེར་དུ་ཕྱིན་ནས་བསླངས་པས། ཇོ་མོས་ཚོང་འདུས་ནས་བྱིའུ་མཆིལ་པ་བདུན་ཉོས། དེ་འབྲས་ཆན་དང་བསྲེས་ནས་དྲངས་བྱུང་། ང་དགེ་སློང་ཡིན་པས་བཟའ་བར་མི་རུང་བྱས་པས་རྗེས་སུ་ཡི་རག་ཟེར་ལག་མཐིལ་དུ་བཞག །ཕུས་བཏབ་པས་ཅི་དིར་གྱིས་ནམ་མཁའ་ལ་དེངས། དེར་ཁྱིམ་བཙུན་བྱོན་ནས། འདི་ལ་བཟའ་བ་བྱིན་ནམ་གསུངས་པས། ཇོ་མོ་ན་རེ་བཟའ་བ་བྱིན་ཀྱང་ཁོང་མི་འདོད་པར་གདའ་གསུངས་པས། གང་ཟག་འཆིང་བ་ཅན་གསུངས། ཤྲཱི་སིདྷས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞལ་འདོན་མཛད་པས། སློབ་དཔོན་གྱིས་དང་པོར་མལ་ལས་གཟིམས་བཞིན་དུ་གསན། དེ་ནས་བཞེངས་ཏེ་གསན། རྫོགས་པ་དང་དོན་ལ་ལྟ་ཅི་ཚིག་ལའང་རྨོངས་གསུངས་པས་འཇམ་དཔལ་བཤེས་གཉེན་ཡིན་པར་དགོངས་ཞེས་འབྱུང་ལ། དེར་རྗེས་སུ་གཟུང་བར་གསོལ་བ་བཏབ་པས་བླ་མས་ཀྱང་དགྱེས་བཞིན་དུ་གནང་། ལོ་ཉེར་ལྔའི་བར་ལ་གདམས་པ་དང་རྗེས་སུ་གདམས་པ་རྣམས་རྩལ་བའི་འོག་ཏུ་སློབ་དཔོན་ཆེན་པོ་ཉིད་སྐུ་འོད་ཕུང་དུ་ཡལ། དེའི་ཚེ་ཤྲཱི་སིདྷིས་སྨྲེ་སྔགས་ཀྱི་གདུང་དབྱངས་བཏོན་པས་ནམ་མཁའ་ནས་སློབ་དཔོན་གྱིས་སྐུ་དངོས་སུ་བསྟན་ཏེ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་ཞིག་ཕྱག་ཏུ་གཏད་པར་སྒོམ་ཉམས། དྲུག་པ་ཞེས་བྱ་བའི་འདས་རྗེས་བབ་པས་སློབ་དཔོན་ཉིད་དོན་གྱི་གདེང་དང་ལྡན་པས་གྱུར་ཏོ། དེ་ནས་སློབ་དཔོན་ཤྲཱི་སིདྷས་རྡོ་རྗེ་གདན་གྱི་འོག་ནས་སྔར་སྦས་པའི་རྒྱུད་རྣམས་བཏོན་ཏེ་རྒྱ་ནག་ཏུ་བྱོན་ཅིང་རྫོགས་པ་ཆེན་པོ་མན་ངག་གི་སྡེ་ལ། ཕྱི་སྐོར། ནང་སྐོར། གསང་སྐོར། གསང་བ་བླ་ན་མེད་པ་བཞིར་ཡེས་ནས་སྐོར་སྔ་མ་གསུམ་སྤྲོས་བཅས་(སྟོད་ཆ།༡༧༨)ཀྱི་དོན་དུ་བསྡེབས་ནས་བྱང་ཆུབ་ཤིང་གི་ལྷ་ཁང་བྱ་འདབས་སུ་གཏེར་དུ་སྦས། གསང་བ་བླ་ན་མེད་པའི་སྐོར་མཁའ་འགྲོས་ལུང་བསྟན་པ་ལྟར་བཀྲ་ཤིས་ཁྲི་སྒོའི་ཀ་བར་སྨོན་ལམ་གྱི་རྒྱས་བཏབ་སྟེ་སྦས། སློབ་དཔོན་ཉིད་བསིལ་བྱིན་ཞེས་དུར་ཁྲོད་ཅེན་པོས་གདུག་པའི་མི་མ་ཡིན་རྣམས་ཀྱི་བཀུར་སྟི་དང་བཅས་པས་ཏིང་ངེ་འཛིན་ལ་བཞུགས། དེ་ལ་སློབ་དཔོན་བི་མ་ལ་དང་ཛྙཱ་ན་སུ་ཏྲ་གཉིས་ཀྱིས་ཞུས་ཏེ། དེ་ལ་ཛྙཱ་ན་སུ་ཏྲ་ནི། ཡབ་གདོལ་པའི་རིགས་ཨ་པ་རྟ་ཛ་ན་བྱ་བ་དང་། ཡུམ་རྒྱ་མཚོ་མ་བྱ་བའི་བུ་སྦྲུལ་གྱི་གདེངས་ཀས་མཚན་པ་ཞིག་བྱུང་། ཕ་མ་གཉིས་སྐྲག་སྟེ་དུར་ཁྲོད་དུ་བསྐྱལ་ནས་ཁྱེའུ་ན་རེ། སྙིང་པོའི་དོན་ལ་ཐུགས་པངས་པའི་སྤྲུལ་པ་ཡིན་གྱིས། ལས་ཀྱིས་འབྲེལ་བའི་ཕ་མ་ཡིན་པས་གསོས་ཤིག་ཅེས་ཟེར་བས། བདེན་པར་བཟུང་ནས་བླངས་ཏེ་གསོས། བྱང་ཆུབ་སེམས་དཔའི་སྤྲུལ་པ་ཀླུའི་རྒྱལ་པོ་དགའ་བོས་རྩོལ་མེད་ཀྱི་ཐེག་པ་ལུག་པར་མཁྱེན་ནས་སྤྲུལ་པ་ཡིན་པས་མིང་ནཱ་ག་རཱ་ཛ་བ་ཏྲི་ཞེས་བྱ་བར་བཏགས། ཁྱེའུ་དེ་སྐྱེད་ཆེ་ཞིང་བློ་གྲོས་དག་ལྡན་པར་གྱུར་ནས་རྒྱལ་པོ་ཧ་སྟི་དང་། སྲས་མོ་པྲ་ར་ན་ནི་སོགས་ལས་སེམས་ཕྱོགས་ཀྱི་ཆོས་མང་དུ་ཉོན་ནོ། སློབ་དཔོན་བཱི་མ་ལ་མི་ཏྲ་ནི་རྣམ་པར་ཐར་པ་མཐའ་ཡས་ཀྱང་ལོ་རྒྱུས་ཅུང་ཟད་སྒྲུབ་སྡེའི་སྐབས་སུ་སྨྲས་ཟིན་པ་ལྟར་ཏེ། ལོ་རྒྱུས་ཁ་ཅིག་ཏུ། ཕ་མེད་ཀྱི་བུར་གྱུར་པས་ཡུམ་གནོང་སྟེ་གཡོག་མོས་བྱེ་མའི་ཁུང་དུ་སྦ་བར་མངགས། དེ་སྟར་བྱས་རྗེས་ཕྱིས་བལྟས་ཙ་ན་མིག་བཀྲ་ཧྲིག་གེ་མ་ཤི་བར་འདུག་པས་སྤྲུལ་པའི་སྐུ་ཡིན་པར་ཤེས་ནས་བླངས། སླར་པཎྜི་ཏ་ལྔ་བརྒྱའི་སྤྱི་ཕུད་དུ་གྱུར་ནས་དགེ་སློང་ཆེན་པོ་བཱི་མ་ལ་མི་ཏྲ་སྟེ་བོད་སྐད་དུ།(སྟོད་ཆ།༡༧༩) པཎ་ཆེན་དྲི་མེད་བཤེས་གཉེན་དུ་གྲགས་ཏེ་རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཅེས་གྲགས་སོ། འདིར་བི་མ་ལ་མི་ཏྲ་ནི། དྲི་མེད་བཞེས་གཉེན་དང་། བྱེ་མ་ལ་མུ་དྲ་ནི་ལེགས་སྦྱར་སྐད་དངོས་ཀྱང་མིན་ལ། ཀུན་མཁྱེན་ཆེན་པོས་བ་ཡེམ་ལ་མུ་དྲ་སྟེ་ཕྱག་རྒྱ་ཆེན་དུ་བཀྲལ་མོད། ཁ་ཅིག་གིས། བི་མ་ལ་མི་ཏྲར་ཕྱག་རྒྱ་ཆེན་འཆད་པ་འཁྲུལ། ཞེས་དང་། བྱེ་མ་ལ་མུ་དྲ་བྱེ་མའི་ཁུང་བུར་བོར་བ་མིག་བཀྲ་བས་ཟེར་བ་སོགས་ནི་མ་བརྟག་པར་གྱ་ཚོམ་དུ་སྨྲ་བ་སྟེ་དཔྱད་པ་མ་ཞུགས་པའི་གཏམ་མོ། དེའི་ཕྱིར་ལོ་རྒྱུས་ལ་མི་མཁས་པ་རེ་ཙམ་གྱི་སྨྲ་བ་ལ་ཡིད་བརྟན་མི་རུང་ངོ་། དེ་ལྟ་བུའི་སློབ་དཔོན་གཉིས་ཀའང་མཁས་པའི་བྱ་བ་མཐར་པྱིན་པས་རྡོ་རྗེ་གདན་དུ་པཎྜི་ཏ་ལྔ་བརྒྱའི་གཙོ་བོར་གྱུར། ཚེ་སྔོན་སྤུན་ཟླར་གྱུར་པའི་རྟེན་འབྲེལ་ལས་ཐུགས་ཤིན་ཏུ་མཐུན་པར་གནས། རེ་ཞིག་ན་སྐྱོ་སངས་ལ་བྱོན་པས་ནམ་མཁར་དཔལ་རྡོ་རྗེ་སེམས་དཔའ་མངོན་དུ་བྱོན་ནས། །ཀྱེ་རིགས་ཀྱི་བུ་གཉིས། ཁྱེད་གཉིས་སྐྱེ་བ་ལྔ་བརྒྱར་པཎྜི་ཏའི་ལུས་བླངས་ཤིང་དམ་པའི་ཆོས་སྤྱོད་ཀྱང་འབྲས་བུ་སྔར་ཡང་མ་ཐོབ། ད་ཡང་མི་འཐོབ་པས་ཚེ་འདི་ཉིད་ཀྱིས་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ་བར་འདོད་ན་རྒྱ་ནག་པོའི་བྱང་ཆུབ་ཤིང་དྲུང་གི་ལྷ་ཁང ་དུ་སོང་ཞིག །ཅེས་ལུང ་བསྟན་པས་བི་མ་ལ་མི་ཏྲ་བརྩོན་འགྲུས་ཆེ་བས་དེ་ཉིད་དུ་ལྷུང་བཟེད་བླངས་ཏེ་བྱོན་པས་སློབ་དཔོན་ཤྲཱི་སིདྷ་མཇལ་ཞིང་ལོ་ཉི་ཤུའི་བར་ལ་སྙན་བརྒྱུད་ཕྱི་ནང་གསང་གསུམ་གྱི་གདམས་པ་མ་ལུས་པར་རྩལ་མོད་ཀྱི། འོན་ཀྱང་དེ་དག་གི་དཔེ་ནི་མ་གནང་ངོ་། དེར་བི་མ་ལ་ཐུགས་ཚིམས་ཏེ་སླར་རྒྱ་གར་དུ་བྱོན་ནས་ཛྙཱ་ན་སཱུ་ཏྲ་ལ་ཇི་ལྟར་གྱུར་ས་རྣམས་བསྙད་པ་ཁོང་ཉིད་ཀྱང་(སྟོད་ཆ།༡༨༠)འབད་རྩོལ་ཆེན་པོས་རྒྱ་ནག་ཏུ་བྱོན་པས་བླ་མའི་བྱིན་རླབས་ཀྱིས་ཟླ་བ་དགུའི་ལམ་ཉིན་གཅིག་གིས་བཅད། མཛེས་མཆུ་ཡི་བུམ་པ་ཁྱེར་བས་བཀྲ་ཤིས་ཁྲི་སྒོ་ལུང་བསྟན། དེར་བརྟོལ་བ་ན་སློབ་དཔོན་བསིལ་སྦྱིན་དུ་དུར་ཁྲོད་ན་བཞུགས་སོ་ཟེས། མཁའ་འགྲོས་ལུང་བསྟན་པ་བཞིན་དུར་ཁྲོད་ཆེན་པོ་བསིལ་སྦྱིན་དུ་སློབ་དཔོན་དང་མཇལ། ལོ་གསུམ་གྱི་བར་བླ་མའི་བྱ་བ་ཅི་རིགས་པས་མཉེས་པར་མཛད་ཅིང་མཐར་གསེར་གྱི་མཇལ་ཕུལ་ནས་གདམས་པ་དང་གནང་བར་ཞུས་པས་ལོ་དགུའི་བར་དུ་སྙན་རྒྱུད་ཀྱི་གདམས་པ་དཔེ་དང་བཅས་པ་གནང་། དེ་ཙམ་གྱིས་ཐུགས་ཚིམས་ཏེ་འབྱོན་པར་བརྩམས་པ་ན་སློབ་དཔོན་གྱིས་རབ་ཏུ་ཚིམ་མམ་གསུངས་པས་ཚིམ་མོ་ཞུས་པ་ན། བླ་མས་གཏད་པ་མེད་དོ། གསུངས་པས་ཛྙཱ་ན་སུ་ཏྲ་རྟོག་པ་སྐྱེས་ཏེ་ད་དུང་རབ་ཏུ་ཟབ་པའི་གདམས་པ་གནང་བར་ཞུས་པས་འདི་ལ་དབང་བཀུར་ཐོབ་དགོས་གསུངས་ནས་ཕྱི་སྤྲོས་བཅས་ཀྱི་དབང་རྫོགས་པར་གནང་ནས་གསང་བ་བླ་ན་མེད་པའི་མན་ངག་རྣམས་ཀྱང་ལོ་གསུམ་གྱི་བར་དུ་གནང་། དེ་ནས་ཉམས་སུ་བླང་བར་ཞུས་པས་སྤྲོས་མེད་ཀྱི་དབང་རྫོགས་པར་གནང་ཞིང་རི་བོ་ཀོ་ས་ལའི་རྩེ་མོར་འཁོར་འདས་རུ་ཤན་དབྱེ་བའི་སྤྱོད་པ་མཛད་ཅིང་རབ་ཏུ་སྤྲོས་མེད་ཀྱི་དབང་དང་། རིམ་པས་ཤིན་ཏུ་སྤྲོས་མེད་ཀྱི་དབང་ཡང་རྫོགས་པར་གནང་། དེ་ནས་ལོ་བཅུ་དྲུག་ཏུ་ཉམས་སུ་བླངས་ནས་བསྒོམས། སློབ་དཔོན་ནི་ཁྱད་པར་གྱི་སྤྱོད་པ་སྣ་ཚོགས་པས་གནས་ཤིང་དུས་གཞན་ཞིག་ཏུ་ཡི་ཡུལ་གྱི་རྒྱལ་པོས་སྤྱན་དྲངས་ནས་དེར་བཞུད་པའི་ཞག་བདུན་ན་སྒྲ་དང་ལྟས་ཆེན་པོ་བྱུང་བས་ཡེ་ཤེས་མདོས་སྟེང་གི་ནམ་མཁའ་ལ་སློབ་དཔོན་བཞུགས་པ་མཐོང་བས་སྐུ་མྱ་ངན་ལས་འདས་(སྟོད་ཆ།༡༨༡)པར་ཤེས་ཏེ་སྨྲེ་སྔགས་ཀྱི་གདུང་ཚིག་བཏོན་པས། གཟེར་པུ་བདུན་པའི་ཞལ་ཆེམས་ཕྱག་ཏུ་བབ་པ་དང་། སྙིང་ཐིག་གསང་བའི་མན་ངག་གི་དཔེ་རྣམས་བཀྲ་ཤིས་ཁྲི་སྒོའི་ཀ་བའི་ནང་ན་ཡོད་པས་དེ་ལོངས་ལ་དུར་ཁྲོད་བྷ་སིང་དུ་སོང་ཞིག ཅེས་ལུང་བསྟན་པའང་ཐོས། དེར་ཛྙཱ་ན་སཱུ་ཏྲས་གསང་བའི་དཔེ་རྣམས་བཏོན་ནས་རྒྱ་གར་གྱི་དུར་ཁྲོད་བྷ་སིང་དུ་བྱོན་ཅིང་དེར་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ལ་གསང་བ་སྙིང་ཐིག་གི་ཆོས་ཀྱི་འཁོར་ལོ་སྐོར་བཞིན་དུ་བཞུགས་པ་ལ། དེའི་ཚེ་བི་མ་ལ་སྤྱོད་པ་ལ་གནས་པར་མཁའ་འགྲོའི་ལུང་གིས། ཀྱེ་སྐལ་ལྡན། སྔར་བས་ཟབ་པའི་སྙིང་ཐིག་གི་གདམས་པ་བཞེད་ན་དུར་ཁྲོད་ཆེན་པོ་བྷ་སིང་གི་ནགས་སུ་སོང་ཞིག །ཅེས་ལུང་བསྟན་པ་བཞིན་དུ་དེ་ཉིད་དུ་བྱོན་ནས་ཛྙཱ་ན་སཱུ་ཏྲ་དང་མཇལ་ཞིང་ཆེས་ཟབ་པའི་གདམས་པས་རྗེས་སུ་གཟུང་བར་གསོལ་བ་བཏབ་པས། སློབ་དཔོན་གྱིས་ཆོ་འཕྲུལ་སྣ་ཚོགས་པ་སྣང་བར་མཛད་ཅིང་སྤྲོས་བཅས་དང་སྤྲོས་མེད་ཀྱི་དབང་རྣམས་བསྐུར། རི་བོ་སྣང་བྱེད་ཀྱི་རྩེ་མོར་འཁོར་འདས་རུ་ཤིན་འབྱེད་པའི་སྤྱོད་པ་དང་། ཤིན་ཏུ་ཕྲོས་མེད་ཀྱི་དབང་རྫོགས་པར་མཛད་པས་ཐུན་མོག་མ་ཡིན་པའི་རྟོགས་པ་འཁྲུངས། ཤངས་ཀྱི་རྩེ་མོར་ཡི་གེ་ཨ་དཀར་པོ་ཟག་ལ་ཁད་པ་གཅིག་ཀྱང་བྱུང་། དེ་ནས་རབ་ཏུ་སྤྲོས་མེད་ཀྱི་དབང་རྫོགས་པར་གནང་བས་སེམས་ཀྱི་དེ་ཉིད་རྗེན་པར་མཐོང་། དབང་དེ་དག་གི་རིམ་པ་བཞིན་རྫོགས་པ་ཆེན་པོ་སྐོར་བཞིའི་གདམས་པ་དཔེ་དང་བཅས་མ་ལུས་པར་གནང་། ལོ་བཅུའི་བར་ལ་ཞུན་ཐར་བཅད་ཅིང་དེའི་འོག་ཏུ་ཛྙཱ་ན་སཱུ་ཏྲ་ནིད་འོད་ཕུང་དུ་ཡལ་བར་རི་མ་ལས་སྨྲེ་སྔགས་དང་(སྟོད་ཆ།༡༨༢)གདུང་དབྱངས་བཏོན་པས་སླར་ཡང་སྐུ་མངོན་སུམ་དུ་སྣང་བར་མཛད་ནས་རིན་པོ་ཆེའི་ཟ་མ་ཏོག་རིན་ཆེན་སྣ་ལྔའི་རྒྱས་བཏབ་པ་ཞིག་ཕྱག་ཏུ་བབ་པ་ལས་བཞག་ཐབས་བཞི་པ་ཞེས་པའི་འདས་རྗེས་ཐོབ་པས་ཚིག་ལ་ལྷག་ཆེད་མེད་ཅིང་དོན་ལ་འཁྲུལ་པ་མེད་པའི་གདེང་ཐོབ་པར་གྱུར་ཏོ། དེ་ནས་སློབ་དཔོན་བི་མ་ལ་ཤར་ཕྱོགས་ཀ་མ་རུའི་གྲོང་ཁྱེར་དུ་རྒྱལ་པོ་སེང་གེ་བཟང་པོའི་བླ་མཆོད་དུ་ལོ་ཉི་ཤུར་བཞུགས་ཤིང་། དེ་ནས་ནུབ་ཕྱོགས་སུ་གྲོང་ཁྱེར་བྷིརྻི་ཞེས་པར་རྒྱལ་པོ་དྷརྨ་པཱ་ལའི་མཆོད་གནས་ཀྱང་མཛད། དེའི་འོག་ཏུ་རབ་ཏུ་སྣང་བྱེད་ཅེས་པའི་དུར་ཁྲོད་ཆེན་པོར་ཕྱོགས་ལས་རྣམ་པར་རྒྱལ་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་ཅིང་གདུག་པའི་ཚོགས་ལ་ཆོས་སྟོན་ཅིང་བཞུགས། གསང་བ་མཆོག་གི་དཔེ་རྣམས་ཚར་གསུམ་དུ་བྲིས་ནས། ཚར་གཅིག་ཨོ་རྒྱན་གྱི་ཡུལ་རྒྱ་མཚོ་གསེར་གྱི་བྱེ་མ་བརྟལ་བའི་གླིག་དུ་སྦས། ཚར་གཅིག་ཁ་ཆེའི་ཡུལ་གསེར་གླིང་ཞེས་པའི་བྲག་སྐྱིབས་སུ་སྦས། ཚར་གཅིག་དུར་ཁྲོད་དེར་མཁའ་འགྲོ་མ་རྣམས་ཀྱི་མཆོད་པའི་རྟེན་དུ་བཞུགས་སོ། སློབ་དཔོན་ཉིད་ཀྱིས་མཐར་འཕོ་བ་ཆེན་པོའི་སྐུ་གྲུབ་པས་འཕགས་ཡུལ་དུ་ཅི་རིགས་པར་བཞུགས་ཤིང་བོད་དུ་བྱོན་ཚུལ་ནི་འོག་ཏུ་འཆད་པར་འགྱུར་རོ། སྤྱིར་འཛམ་བུ་གླིང་ན་མཁའ་འགྲོ་ངེས་པར་འདུ་བའི་དུར་ཁྲོད་བརྒྱ་དང་བཅུ་གསུམ་ལས་སྤྱོད་པའི་གནས་དྲུག་ཉམས་སྐྱོང་བའི་གནས་བཅུ་བཞི་དམ་ཚིག་སྐོང་བའི་གནས་བརྒྱད་འདོད་ཅིང་འདུན་པའི་གནས་བཞི་སྟེ་སོ་གཉིས་རྒྱ་གར་ན་ཡོད་ལ། ཨོ་རྒྱན་ན་བརྒྱད་ཁ་ཆེ་ན་བཅུ་ལི་དང་ཧོར་ན་ལྔ་མི་ཉག་དང་ཟ་ཧོར་ན་བཅུ་རྒྱ་ཡུལ་ན་སོ་གཅིག་བོད་ན་གཉིས་ལྷག་མ་ཡུལ་གྲུ་གཞན་ལ་ཁ་འཐོར་དུ་ཡོད་ལ། དེ་རྣམས་ཀྱི་ནང་ནས་དུར་ཁྲོད་ཆེན་(སྟོད་ཆ།༡༨༣)པོ་བརྒྱད་ནི་རང་བཞིན་གྱི་མཁའ་འགྲོའ་གཙོ་མོ་གནས་པས་མཆོག་ཡིན་ལ། དེ་དག་ན་མཆོད་རྟེན་རེ་ཆུ་རེ་ལྷ་འདྲེ་དྲག་པོ་རེ་མ་མོ་རེ་གྲུབ་པའི་སློབ་དཔོན་རེ་དངོས་གྲུབ་རེ་ཡོད་ཅིང་ལྷ་དང་མ་མོ་དེ་དག་ལ་གྲུབ་ཐབས་ཟབ་མོ་རེ་ཡང་ཡོད་ལ། དུར་ཁྲོད་དངོས་དེ་རྣམས་སུ་སུས་ཀྱང་མ་བསྐྱལ་བར་གླིང་བཞི་ཀའི་སེམས་ཅན་གྱི་རོ་རང་བཞིན་གྱིས་འདུ་ཞིང་མཆོག་གི་དངོས་གྲུབ་འཐོབ་ལ། དུར་ཁྲོད་དངོས་དེ་དག་ནི་རྙེད་པར་ཤིན་ཏུ་དཀའ་ལ་རོ་མིས་སྐྱེལ་བའི་དུར་ཁྲོད་རྣམས་ནི་མི་མ་ཡིན་གདུག་པ་དང་ཤ་ཟ་མཁའ་འགྲོའི་གནས་ཏེ་བར་ཆད་ཀྱང་མང་ཐུན་མོང་གི་དངོས་གྲུབ་ཀྱི་གནས་ཙམ་དུ་ཟད་ཅིང་དུར་ཁྲོད་གཙོ་བོ་བརྒྱད་པོ་དང་མིང་གཅིག་པ་ཙམ་ནི་ཤིན་ཏུ་མང་ལ། བོད་ཀྱི་གཉིས་ནི་གཞོའི་ཏི་སྒྲོ་མཁའ་འགྲོ་རེས་འགའ་འདུ་བའི་གནས་དང་། ཙཱ་རི་ནི་མཆོག་གི་དངོས་གྲུབ་འཐོབ་པའི་གནས་ཡིན་པར་ལམ་ཡིག་ཅུག་ཟད་དང་བཅས་བཤད་ཅིང་འདིའི་ཡང་གནས་ཀྱི་སྙིང་པོ་ནི་མཁའ་འགྲོ་མ་ཁྲུས་བྱེད་ཀྱི་མཚོ་འོ་མ་ལྟ་བུ་ལ་སྔོ་དམར་གྱི་རི་མོ་ཡོད་པའི་དབུས་ན་ཤེལ་གྱི་མཆོད་རྟེན་སོག་བདུན་ཅུ་རྩ་བདུན་པ་ལྷ་ཚོགས་ཐམས་ཅད་ཀྱི་ཕོ་བྲང་དུ་བཞུགས་པར་བཤད་ལ། འཛམ་གླིང་གི་གྲུབ་པའི་གནས་དེ་ཐམས་ཅད་དུ་བཱི་མ་ལས་སྤྱོད་པ་མཛད་ལ་ཙཱ་རི་ན་ཡང་མུ་སྟེགས་ཀྱི་རྣལ་འབྱོར་པ་བཏུལ་བའི་བཱི་མ་ལའི་ཞབས་རྗེས་ཡོད་དོ། ཡང་སློབ་དཔོན་ཆེན་པོ་པདྨ་ལས་བརྒྱུད་པའི་ཚུལ་ནི། སྤྱིར་སློབ་དཔོན་ཆེན་པོ་འདི་ཉིད་སྐུ་གསུམ་གྱི་སྟོན་པ་རྒྱ་མཚོའི་ངོ་བོ་ནིད་ཡིན་པས་བརྒྱུད་པ་སྲེད་ཆགས་ཀྱི་མཚན་ལ་ལྟོས་པ་མེད་དེ། ཀླུ་གསུམ་གྱི་ཞིང་ཁམས་རྟེན་བརྟེན་པར་བཅས་པ་རང་གི་མཚན་ཉིད་དང་གཉིས་སུ་མེད་པས་(སྟོད་ཆ།༡༨༤)སོ། དེ་ལས་གཞན་སྣང་གི་ངོར་བསྟུན་པཎ་གྲུབ་སྤྱི་ལྟར་ཡང་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཏུ་གྱུར་པར་མ་ཟད་ངེས་དོན་འོད་གསལ་རྫོགས་པ་ཆེན་པོ་སྙིང་ཐིག་ཟབ་མོའི་གནས་ལ་མངའ་དབང་འབྱོར་བའི་ཉེ་བརྒྱུད་གཞན་དུ་མ་གྲགས་པ་མངའ་བ་ཞིག་སྟེ། བཏགས་གྲོལ་སྙིང་པོའི་རྒྱུད་ལས། སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས། ཉིད་ལས་མི་གཞན་སེམས་པའི་སྣོད། བྱིན་གྱིས་རླབས་ཀྱིས་བདག་ཉིད་ལ། བཏགས་པས་གཅིག་ཤེས་ཀུན་གྲོལ་ལོ། །བཅིངས་དང་གྲོལ་བའི་མཐའ་ལས་འདས། རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། རང་བྱུང་དགའ་རབ་ཐུགས་ལ་ཤར། སིང་ཧ་ཉིད་ལ་རྒྱུད་གཏད་པ། འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད། ཨོ་རྒྱན་པདྨ་ཉིད་ལ་གཏད། ལྔ་ལྡན་བུ་ལ་འདི་སྟོན་ཅིག །ཅེས་གསུངས་པ་ལྟར། སློབ་དཔོན་ཆེན་པོ་འདིས་དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན། ཤྲཱི་སིདྷ་གསུམ་ཆར་ལས་གསན་མོད་ཀྱི། ཁྱད་པར་རྡོ་རྗེ་ཕག་མོས་ལུང་བསྟན་པ་ལྟར་རེ་ཞིག་གདུལ་བྱའི་སྣང་ཚུལ་ཙམ་དུ་གུ་རུ་ཤྲཱི་སིང་ཧ་ལས་གསན་པའི་ཚུལ་མཛད་པ་སྟེ། དེ་ཡང་བདག་ཉིད་ཆེན་པོ་འདིའི་རྣམ་པར་ཐར་པ་ནི་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཏེ། སྤྱིར་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་རྣམས་སུ་མདོ་སྟོན་པའི་སྟོན་པ་རེ་དང་སྔགས་སྟོན་པའི་སློབ་དཔོན་རེ། དེ་གཉིས་ལས་རེ་རེ་ལའང་སྤྲུལ་པ་བརྒྱད་དང་སྟེང་འོག་གི་འཇིག་རྟེན་དྲུག་རྣམས་སུ་ཐུབ་པ་དྲུག་དང་གུ་རུ་དྲུག་བྱུང་ཚུལ་སོགས་ཐང་ཡིག་ལས་རྒྱས་པར་བཤད་ཅིང་། གཞན་ཡང་འགྲོ་བ་རིགས་དྲུག་གི་སེམས་ཅན་རེ་རེའི་དྲུག་ན་གང་ལ་གང་འདུལ་གྱི་སྤྲུལ་པ་དེ་དང་དེའི་གཟུགས་སུ་བསྟན་པ་བསམ་གྱིས་མི་ཁྱབ་པ་ཡོད་ལ། གཞན་ཡང་འོག་མིན་དང་། དག་(སྟོད་ཆ།༡༨༥)པའི་ཞིང་ཁམས་ལྔ་ལ་སོགས་པར་རྡོ་རྗེ་འཆང་དང་རིགས་ལྔ་གངས་ཆེན་མཚོ་ལ་སོགས་པ་རྣམས་ཀྱང་སློབ་དཔོན་ཉིད་ལས་མ་འདས་ཏེ། ཉིད་ཀྱི་བཀའ་ལས། རང་བྱུང་པདྨ་ཞེས་བྱར་གྲགས་པ་བདག སངས་རྒྱས་སྣང་བ་མཐའ་ཡས་ཐུགས་ལས་བརྟོལ། འཕགས་པ་སྤྱན་རས་གཟིགས་དབང་གསུང་ལས་སྤྲུལ། མཁའ་འགྲོ་ཡོངས་ཀྱི་མིང་ཕོ་དཔའ་བོའི་རྒྱལ། དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་བདག མཉམ་མེད་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ། སྤྲུལ་པའི་སྐུར་སྣང་ཐུགས་རྗེ་ཆེན་པོ་ལྡན། གང་ལ་གང་འདུལ་ཕྲིན་ལས་རླབས་པོ་ཆེས། སེམས་ཅན་རྣམས་ཀྱི་རེ་འདོད་ཡིད་བཞིན་སྐོང་། ཞེས་གསུངས་ལྟར་ཏེ་དེ་དག་གི་ཚུལ་རྒྱས་པ་ཐང་ཡིག་སོགས་ལ་བལྟ་བར་བྱ་སྟེ། དེ་དག་ཀྱང་མཛད་པ་ཕྱོགས་གཅིག་གི་ཆ་ཤས་ཙམ་ཡིན་པར་སྣང་སྟེ་ཡོངས་སུ་རྫོགས་པ་ནི་རྒྱལ་བ་ཉིད་ཀྱི་སྤྱོད་ཡུལ་ལས་ས་ཆེན་པོ་ལ་བཞུགས་པའི་འཕགས་པ་རྣམས་ཀྱིས་ཀྱང་བརྗོད་པར་ནུས་པ་མ་ཡིན་ནོ། དེས་ན་བློ་ཆུང་འགའ་ཞིག་གིས་སངས་རྒྱས་ཀྱི་རྣམ་འཕྲུལ་གང་དང་གང་དུ་ཡང་སྣང་བ་དེ་མ་གོ་བར་པཎ་གྲུབ་རང་རྒྱུད་པ་ཞིག་ཏུ་སེམས་ནས། འདི་ནི་པདྨོ་ལས་རྫུས་ཏེ་སྐྱེས་པ་ཡིན་ཞེས་དང་། འདི་ནི་མངལ་སྐྱེས་ཁོ་ན་ཡིན་ཟེར་ནས་མཐའ་གཉིས་སུ་ལྷུང་ན་གཡག་ཞར་གྱི་རྩྭ་ལྟར་པྱོགས་རེས་འཛིན་པ་ནི་རང་ཉིད་ཀྱི་བློ་གྲོས་ཕུར་ཁུངས་ཐུག་པའི་གཏམ་ཡིན་ཏེ། བདེ་བར་གཤེགས་པའི་ཕྲིན་ལས་ཀྱི་གནས་ཟབ་ཅིང་རྒྱ་ཆེ་བའི་ཚུལ་ལ་བལྟ་བའི་བློ་གྲོས་ཀྱི་མིག་བརྟུལ་བའི་སྐྱོན་དུ་ཟད་དེ། གདུལ་བྱ་རང་རང་གི་ལས་སྣང་དང་རྗེས་སུ་མཐུན་པའི་སྣང་ཚུལ་གཅིག་ཏུ་མ་ངེས་པས་འགྲོ་བའི་དོན་མཛད་པའི་ཕྱིར་ཇི་ལྟར་སྣང་ཡང་འགལ་བ་མེད་དོ། རེ་ཞིག་གདུལ་(སྟོད་ཆ།༡༨༦)བྱའི་ངོར་སྣང་གི་འཇིག་རྟེན་ན་གྲགས་ཚོད་དང་མཐུན་པའི་མཛད་ཚུལ་ཅུང་ཟད་ཅིག་བརྗོད་ན། དེ་ཡང་སློབ་དཔོན་ཆེན་པོ་འདི་ཉིད་རྫུས་སྐྱེས་སུ་འདོད་པ་དང་། མངལ་སྐྱེས་སུ་འདོད་པ་ལུགས་གཉིས་ཀྱི་དང་པོ་ནི་རྒྱ་བོད་རྣམས་སུ་རྫུས་སྐྱེས་སུ་ཡོངས་སུ་གྲགས་པ་དང་། མདོ་རྒྱུད་དུ་མ་ནས་ལུང་དུ་བསྟན་པ་དང་མངལ་སྐྱེས་ཀྱི་ལུས་ཀྱིས་ལྷ་འདྲེའི་ཟེར་མི་ཐུབ་པ་སྟེ་དོན་གསུམ་གྱིས་རྫུས་སྐྱེས་སུ་འདོད་དོ། དེ་ཡང་དང་པོ་ནི། རྒྱ་བོད་ཐམས་ཅད་དུ་རྫུས་སྐྱེས་ཁོ་ན་ཡིན་པར་ཡོངས་སུ་གྲགས་ཤིང་གྲུབ་པ་སྟེ་རྒྱ་གར་གྱི་གཏམ་ཁུངས་མ་རྣམས་ནས་ཀྱང་བཤད་དོ། མདོ་རྒྱུད་ནས་ལུང་བསྟན་ཚུལ་ནི། དབུས་འགྱུར་འཆང་ལུང་བསྟན་པའི་མདོ་སྡེ་ནས། ཀུན་དགའ་བོས་སྟོན་པ་མྱ་ངན་ལས་འདས་ནས་མུན་པའི་སྨག་རུམ་དང་འདྲ་བར་ཐུགས་རྗེ་ཇི་ལྟར་འབྱུང་ཞུས་པས། ང་ནི་འདི་ནས་མི་སྣང་ནས། ལོ་ནི་བཞི་གཉིས་ལོན་པ་ན། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། དྷ་ན་ཀོ་ཤའི་མཚོ་གླིང་དུ། པདྨ་གེ་སར་སྡོང་པོ་ལས། ཀུན་ལས་ལྷག་པའི་སྐྱེས་བུ་འབྱུང་། ཞེས་དང་། འཇམ་དཔལ་སྒྱུ་དྲྭ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། ཞེས་སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་མང་ཡང་གཞན་རྣམས་བྲི་མར་ནུས་པས་གཞན་དུ་བལྟའོ། དེ་ལ་སྐུ་འཁྲུངས་ཚུལ་དངོས་ནི་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཨིན་བྷུ་ཏི་ཞེས་བྱ་བ་རིམ་པར་བྱོན་པའི་བར་པའམ་གཉིས་པ་ཡིན་ཏེ། དེ་ཡང་སྤྱན་གཉིས་ལོང་བ་བཙུན་མོ་བརྒྱ་རྩ་གཅིག་ཡོད་པར་སྲས་མེད་ཅིང་སྲས་ཀྱིས་ཕོངས་པས། རྒྱལ་པོས་ལོངས་སྤྱོད་ཐམས་ཅད་སྤྱན་དང་སྲས་ཀྱི་དོན་སྦྱིན་པ་བཏང་སྟེ་དབྱར་ཟླ་རེ་བའི་བཅོ་(སྟོད་ཆ།༡༨༧)ལྔ་ལ་རང་བྱུང་གཟི་བཀྲའི་མཆོད་རྟེན་ལ་མཆོད་པ་རྒྱ་ཆེར་བཤམས། ཆོས་ཀྱི་སྤྲིན་ཞེས་བྱ་བའི་མདོ་ཡི་དམ་དུ་བྱས་ཏེ་བཏོན་པས། རྫུས་ཏེ་སྐྱེས་པའི་ཁྱེའུ་གཅིག་གིས་བུ་བྱས་ཏེ། རྒྱལ་སྲིད་འཛིན་པའི་ལྟས་ཁྱད་པར་ཅན་ཤར། དཀོར་མཛོད་ཟད་ནས་ཀྱང་སློང་མི་རྒྱུན་མི་ཆད་པར་བྱུང་བས་ཀླུའི་བོ་མོ་མཛེས་ལྡན་མར་ཡིད་བཞིན་གྱི་ནོར་བུ་ཡོད་པ་ལེན་པའི་ཕྱིར་ཕྱིའི་རྒྱ་མཚོ་ཆེན་པོར་འཇུག་པའི་ཆས་དར་པོ་ཆེ་ལ་སོགས་པའི་དགོས་ཆ་ཐམས་ཅད་ཆང་བར་མཛད་ནས་དེད་དཔོན་མཁས་པ་ཞིག་དང་ལྷན་ཅིག་ཏུ། གཟིངས་སུ་ཞུགས་ཏེ་ཕྱིན་ནས་ནོར་བུ་བསླངས་པས། རྒྱལ་པོའི་སྔོན་གྱི་ལེགས་བྱས་ཀྱིས་ཀཱི་རྒྱལ་པོའི་བུ་མོས་ནོར་བུ་རིན་པོ་ཆེ་བྱིན་པས། ཡིད་བཞིན་ནོར་བུ་ཕྱག་ཏུ་སོན། དེ་ལ་གསོལ་བ་བཏབ་པས་སྤྱན་གཡོན་པ་བྱེ། སླར་ཕྱིར་འོངས་པ་ན་བློན་པོ་ཀྲིཥྞ་འཛིན་བསུ་བར་བྱུང་བ་དང་ཕྲད་ཅིང་རྒྱལ་པོས་རྒྱང་རིང་པོ་ན་ངུར་པ་ཁྲུང་ཁྲུང་སོགས་ཆུ་བྱའི་རིགས་དུ་མས་བསྐོར་བའི་དབུས་ན་འཇའ་ཚོན་གྱི་གུར་ཕུབ་འདུག་པར་གཟིགས་པས་ཆོས་བློན་ཀྲྀཥྞ་འཛིན་ཕོ་ཉར་མངགས་ཏེ་བལྟ་བར་བཏང་། ཕྱིར་འཁོར་ནས་གནས་ཚུལ་ཞུས་པས། རྒྱལ་པོ་ལ་ནུབ་མོ་ལྟས་ཁྱད་པར་ཅན་བྱུང་བས་ཐུགས་ཤིན་ཏུ་དགྱེས་ཏེ་བློན་པོ་དག་མཉམ་དུ་གྲུ་ཆུང་ཞིག་ལ་ཞུགས་ནས་ཕྱིན་པ་དང་། དྷ་ན་ཀོ་ཤའི་གླིང་དུ། ནེའུ་གསིང་གསེར་གྱི་མདོག་ཅན་ཤིན་ཏུ་མཚར་བའི་དབུས་ན་ཆུ་མིག་གཡུའི་མདོག་ཅན་དུ་འཁྱིལ། དེའི་ནང་ནས་པདྨའི་སྡོང་པོ་ཁྲི་འཕང་འཁོར་ལོ་བཞི་པ་ཞིག་འཁྲུངས་པའི་དབུས་མའི་སྟེང་ན། ཁྱེའུ་མཛེས་ཤིག་ལྟ་ན་སྡུག་པ་ལོ་བརྒྱད་ལོན་པ་ཙམ་ཞིག་བཞུགས་འདུག་པ་དང་། ཤིང་སྦྲེལ་སྦྲེལ་ཟླའི་ཚེས་བཅུའི་ཉིན་མཇལ་(སྟོད་ཆ།༡༨༨)ཏེ་པད་སྡོང་ནས་ཕབ་སྟེ་ས་ལ་བཞག་པས། སླར་ཡང་པདྨ་གདན་གཅིག་སྐྱེས་ཏེ། སླར་ཕབ་ཀྱང་ཡང་ཡང་སྐྱེད་པས་བློན་པོ་ན་རེ། ཁྱེའུ་འདི་པདྨའི་འབྱུང་གནས་སུ་འདུག་གོ་ཟེར་བས་མཚན་ཡང་དེ་ལྟར་གྲགས། རྒྱལ་པོས་དོན་དང་འབྲེལ་བར་མཚོ་སྐྱེས་རྡོ་རྗེར་མཚན་དུ་གསོལ་ནས། དྲི་བ་རྣམ་པ་ལྔ་བྱས་ཏེ། ཁྱོད་ཀྱི་ཕ་ནི་སུ་ཡིན། མ་ནི་སུ། ཡུལ་ནི་གང་། ཟས་སུ་ཅི་ཟ། ལས་སུ་ཇི་ལྟར་བྱེད་པ་ཞིག་ཡིན་དྲིས་པས། ཁྱེའུ་ན་རེ། ངའི་ཕ་ནི་རང་རིག་པའི་ཡེ་ཤེས། མ་ནི་དབྱིངས་རིག་ཀུན་ཏུ་བཟང་མོ། ཡུལ་ནི་ཆོས་ཀྱི་དབྱིངས། ཟས་སུ་གཉིས་སྣང་གི་རྟོག་པ་ཟ། ལས་སུ་ཉོན་མོགས་པ་འདུལ་བའི་ལས་བྱེད་དོ་ཟེར་བས། རྒྱལ་པོ་ཤིན་ཏུ་ངོ་མཚར་སྐྱེས་ཏེ་སྱན་ཆབ་ཤོར་བས་སྤྱན་གཡས་པ་བྱེ་ཞིང་ཐུགས་ལ་དགྱེས་པ་དཔག་ཏུ་མེད་པ་འཁྲུངས་ནས་ཕོ་བྲང་དུ་གདན་དྲངས། ལམ་དུ་སྲིད་པ་བཟུང་བ་དང་རྒྱལ་སྲིད་ཐབས་ཀྱིས་སྤང་དགོས་པའི་ལྟས་ཀྱང་གཟིགས་ཏེ་ཕོ་བྲང་དུ་ཕེབས། རྒྱལ་པོས་ཡིད་བཞིན་ནོར་བུ་ལ་གསོལ་བ་བཏབ་པས་དཔལ་དང་འབྱོར་པ་ཚད་མེད་པར་འཕེལ་ཏེ་རྒྱལ་སྲིད་རིན་པོ་ཆེ་བདུན་སོགས་ལོངས་སྤྱོད་དང་ལྡན་པར་གྱུར། བང་མཛོད་སྟོང་པ་རྣམས་ཀྱང་སྔར་ལྟར་ཁེངས་པ་སོགས་ཅི་འདོད་པ་བཞིན་དུ་གྱུར་ཏེ་རྒྱལ་བུ་དེ་ལ་སྲས་ཀྱི་དམ་པར་བཟུང་ནས་འོད་འཆང་མ་སོགས་བཙུན་མོའི་འཁོར་དང་བཅས། རྒྱལ་སྲིད་ཀྱི་དཔལ་ལ་སྤྱོད་ཅིང་མདའ་དབང་བསྒྱུར་ནས་དགེ་བཅུའི་ཁྲིམས་བཅས་པས་མཚན་པདྨ་རྒྱལ་པོར་གྲགས། རྒྱལ་པོ་ཐོར་ཅོག་ཅན་ཡང་ཟེར། དེ་ནས་རྒྱལ་བུའི་ཐུགས་ལ་རྒྱལ་སྲིད་ནི་ཉེས་བརྒྱའི་འབྱུང་ཁུངས་སུ་གཟིགས་ནས་རབ་ཏུ་འབྱུང་བར་འདོད་ནའང་ཡབ་རྒྱལ་པོས་གནང་བར་མ་(སྟོད་ཆ།༡༨༩)བཏུབ་པས། ཐབས་ཀྱིས་རྒྱལ་སྲིད་སྤང་བར་དགོངས་ནས་ཕོ་བྲང་གི་རྩེ་ལ་གར་མཛད་དེ་ཕྱག་གི་ཁ་ཊཾ་རྩེ་གསུམ་ཤོར་སྟབས་སུ་བསྒྱུར་བར། བློན་པོ་ཀ་མ་ཏིའི་བུ་ལ་ཕོག་སྟེ་གུམ་པ་ན། རྒྱལ་ཁྲིམས་ཀྱི་ཆད་པས་སྐྱུགས་པར་བརྩམ་པའི་ཚེ་ཡབ་རྒྱལ་པོ་ན་རེ། རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལ་ཕ་དང་མ་མེད་ཁྱེའུ་སྤྲུལ་པའི་སྐུ། སྲས་ཀྱིས་ཕོངས་པས་རྒྱལ་སར་དབང་བཀུར་བྱས༔ རྒྱལ་པོའི་སྤྱོད་པས་བློན་པོའི་ཕྲུག་གུ་བཀུམས༔ལ བློན་པོ་རྣམས་ཀྱིས་ཁྲིམས་ཀྱིས་ཆད་པ་གཅོད༔ མི་བསད་སྤྱུགས་པར་གནང་བས་ད་ནི་གག་དར་གཤེགས༔ ཞེས་གསུངས་རྒྱལ་བུ་ན་རེ། འཇིག་རྟེན་འདི་ན་ཕ་དང་མ་དགོན་ཡང་༔ ཡབ་དང་ཡུམ་དུ་བགྱིས་ནས་རྒྱལ་སར་ཕྱུང་༔ ལས་ཀྱི་ལན་ཆགས་བློན་པོའི་བུ་ཡང་དགུམ༔ ཡབ་ཀྱི་རྒྱལ་སྲིད་གཉན་པས་བདག་ནི་སྤྱུགས་པ་ལེགས༔ སེམས་ལ་སྐྱེ་འཆི་མེད་པས་བསད་ཀྱག་ང་མི་འཇིགས༔ ཡུལ་ལ་ཞེན་ཆགས་མེད་པར་སྤྱུགས་ཀྱང་མི་དགའ་མེད། ཡབ་དང་ཡུམ་སྐྱང་སྐུ་ཁམས་ཅི་བདེར་བཞུགས༔ ལས་ཀྱི་འབྲེལ་བས་ཕྱིན་ཆད་མཇལ་དེ་མཆིས༔ ཞེས་གསུངས། དེ་ནས་དུར་ཁྲོད་དུ་གཤེག་པར་བཤད་ལ། ཡང ་ཞར་བྱུང་མངལ་སྐྱེས་ཀྱི་པྱོགས་ཀྱང་གཏེར་སྟོན་བ་མཁལ་སྨུག་པོའི་ཐང་ཡིག་སོགས་ཕུར་པ་བདག་གིས། སྤྱིར་སློབ་དཔོན་ཆེན་པོ་འདི་པདྨ་ལས་རྫུས་ཏེ་སྐྱེས་པ་ཡིན་ན་ཡང་ཕྲིན་ལས་ཕུར་པའི་ཆོས་འདི་སྤེལ་བའི་སླད་དུ་མངལ་དུ་སྐྱེ་བ་བཟུང་བར་མཛད་པ་ཡིན་ཏེ། དེའི་རྒྱུ་མཚན་མངལ་སྐྱེས་ཀྱིས་གདུལ་བར་འོས་པ་རྣམས་རྫུས་སྐྱེས་ཀྱིས་མི་ཐུལ་བས། སངས་རྒྱས་རྣམས་ཀྱང་མཇལ་འཛིན་པའི་ཚུལ་སྟོན་དགོས་པའི་ཕྱིར། སློབ་དཔོན་གྱིས་ཀྱང་མངལ་དུ་བཞུགས་པའི་ཚུལ་བསྟན་པ་(སྟོད་ཆ།༡༩༠)ཡིན་ཅེས་བཤད་ཀྱང་མཐའ་གཅིག་ཏུ་མངལ་སྐྱེས་ཁོ་ནར་ཡང་མི་སྨྲ་སྟེ། སྐྱེ་བརྒྱུད་གཉིས་ལས་འཁྲུངས་ཤིང་རྨད་དུ་བྱུང་བའི་རིགས་གཉིགས་ལྡན། ཞེས་འབྱུང་སྟེ་གདུལ་བྱའི་སྣང་ཚུལ་དུ་བཤད་དོ། དེ་ལ་ཡང་ཕུར་པ་མཁན་པོ་རྣམས་ཀྱང་ནང་གསེས་བཤད་ཚུལ་མི་འདྲ་བ་འགའ་ཞིག་ཡོད་མོད་ཀྱི། འདིར་ཕུར་འགྲེལ་འབུལ་ནག་ལས་འདི་བཞིན་འབྱུང་སྟེ། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན། རྒྱལ་པོ་ཤཱཀྱ་བྱ་བ་དང་། བཙུན་མོ་ཛ་ལནྡྷ་གཉིས་ལས། འབྲུག་གི་ལོའི་སྟོན་ཟླ་ཐ་ཆུང་གི་ཉི་ཤུ་གཅིག་ལ། གཟའ་པ་སངས། སྐར་མ་སྨལ་པོ་མགོ། དུས་ཉི་མ་རྩེ་ཤར་བ་ལ་སྲས་ཤིག་བཙས་པ་དང་། ཞལ་ཁྲོ་གཉེར་མཆེ་བ་བག་ཙམ་གཙིགས་པ། ལག་པ་གཡས་རལ་གྲིའི་ཕྱག་རྒྱ་ཅན་གཡོན་པ་གྷུནྷེའི་ཕྱག་རྒྱ་ཅན་ཅིག་བཙས་པ་ལ། མ་དེ་འཇིགས་ནས་སྨྲས་པ། མི་ཡི་བུ་མིན་འདྲེ་ཡི་བག་ཏུ་སྣང་། གཞན་གྱིས་མཐོང་ན་ལྟས་ངན་ཆེན་པོར་འགྱུར། དེ་བས་མ་ཚོར་བ་ལ་དབེན་པར་ཞོག་ཟེར་བ་དང་། ཡབ་ཀྱིས་སྨྲས་པ། སེམས་ཅན་སྐྱེ་བ་མི་ལུས་ཐོབ་པ་ལ། གཟུགས་དང་ཁ་དོག་མི་མཐུན་སོ་སོར་སྣང་། དེ་བས་བྲམ་ཟེ་མཚན་མཁན་ཁུག་ལ་སྟོན། ཟེར་ཏེ་མཚན་མཁན་ལ་བསྟན་པས། ཀྱེ་མ། གཡས་གཡོན་ཕྱག་ནི་ཕྱག་རྒྱར་ལྡན། ཁྲོ་གཉེར་སྐྲ་མཚམས་ཤིན་ཏུ་མཐོ། ཞལ་བསྒྲད་འཇོ་སྒེག་ཁྲོ་བོའི་སྐུ། རིག་བྱེད་དག་ལས་བཟང་བར་བཤད། ཅེས་བརྗོད་ནས། པཱུཙ་ཕུལ། ཕྱག་ཚལ་ནས་མཚན་བཤད་པ། གཡས་ཀྱི་ཕྱག་རྒྱ་འདིས། དུག་གསུམ་གྱི་དགྲ་བགེགས་འཇོམས་པ་ཡིན། གཡོན་གྱི་ཕྱག་རྒྱས་དངོས་གྲུབ་རྣམ་གསུམ་ཐོབ་པ་ཡིན། སྤྱན་ལྡོག་ཁྲོ་གཉེར་བདུད་དང་མུ་སྟེགས་འདུལ་བ་ཡིན་པས། རྒྱལ་པོ་རྡོ་(སྟོད་ཆ།༡༩༡)རྗེ་བདུད་འདུལ་དུ་ཐོགས་ཟེར་ནས་བཏགས་སོ། དེ་ཡང་འབྲུག་ལོ་ལ་སྐྱེས་པས་གྲགས་ཆེ་བར་འོང་། སྟོན་ཐ་ལ་སྐྱེས་པས་འབྲ་བུའི་ཐེག་པ། མགོ་ལ་སྐྱེས་པས་སྔགས་ཀྱི་མགོ་འདྲེན། པ་བ་སངས་སྡུག་བསྔལ་སངས། ཉི་མ་ཤར་བས་ཐུགས་རྗེ་ཆེ་བ་ཡིན་ནོ། ལོ་སྐོར་གཅིག་ཏུ་མི་ལམ་བསྟན། བསྟན་ན་འབངས་སྙིང་དང་འདྲ་བ་ཞིག་ལ་ངན་ནོ། །ཟེར་རོ། དེ་ནས་ལོ་བཅུ་ལོན་ཙམ་ན། ཕྱིར་ཤོར་བ་དང་། བློན་པོ་གུ་རུ་དྷེ་བ་ལ། གཞོན་ཙ་ན་བུ་མ་གསོས། ཤིན་ཏུ་རྒས་པའི་ཚེ། བུ་གཅིག་ཡོད་པ་ལ། དེ་ཤིང་གི་བསིལ་གྲིབ་ལབ་སྙལ་བའི་དཔྲལ་བ་ན་ཤ་སྦྲང་ཞིག་ཟ་ཡི་འདུག་པ་ལ་རྒྱལ་པོ་རྡོ་རྗེ་བདུད་འདུལ་གྱིས་རྡོ་བརྒྱབ་པས་སྦྲང་མ་དང་བཅས་པ་ཀླད་པའི་རྒྱས་སུ་བཙངས་སོང་ནས་ཤིའོ། དེར་བློན་པོ་རྣམས་ན་རེ། ཆད་པས་བཅད་དགོས་ཟེར་ཏེ། རྒྱལ་བུ་བསྲེགས་པ་ལས། བུ་བསད་ཀྱི་ཕ་གུ་རུ་དེ་བས་སྨྲས་པ། ལུས་ཀྱི་རྟེན་ནི་མགོ་བོ་ཡིན། མགོ་བཅད་ལུས་ཀྱིས་ཅི་བྱར་ཡོད། འབངས་ཀྱི་རྟེན་ནི་རྗེ་བོ་ཡིན། རྗེ་མེད་འབངས་ཀྱིས་ཅི་བྱར་ཡོད། དེ་བས་ཆད་པ་ཐ་མ་ཙམ། ཟེར་བ་དང་། ཆད་པ་ཐ་མ་སྤྱུགས་པ་ཡིན་པས་གཡོག་པོ་བྱིས་པ་ག་ར་བྱ་བ་དང་། ཙུ་ཏ་ཀ་ཞེས་བྱ་བ་གཉིས་གཡོག་ཏུ་བརྫངས་ནས་སྤྱུགས་སོ། ཞེས་བྱུང་ཞིང་། དེ་དང་མཐུན་པར་ཕྱོགས་གཉིས་ཀ་འཕགས་པའི་ཡུལ་གྱི་གཏམ་དུ་འང་གྲགས་མོད། དེ་ཡང་རྫུས་སྐྱེས་ལྟར་ན་མུ་རྨུ་ཛུ་དང་། སི་ཤོ་དྷ་ར་དང་། དྷ་ན་ཀོ་ས་དང་། ཏུགྨ་སོགས་གླིང་ཕྲན་རེ་ཡིན་ཅིང་ཨོ་ཌི་ཡ་ནའི་ཡུལ་དངོས་མ་ཡིན་ཀྱང་དེ་རྣམས་སུ་འགྲོ་དོན་ཅི་རིག་པར་མཛད་དོ། ཞེས་འབྱུང་ལ། ཨོ་(སྟོད་ཆ།༡༩༢)རྒྱན་གྱི་ཡུལ་ཉིད་དུའང་ཤར་དང ལྷོ་དང་བྱང་གསུམ་དུ་རྒྱ་མཚོ་ཆེན་པོ་རེ་ཡོད་པས། དེ་དག་གང་དུ་འཁྲུངས་པའི་ཚུལ་གསལ་ཀ་འཕགས་ཡུལ་པའི་གཏམ་རྒྱུད་དུ་མ་བྱུང་། འོན་ཀྱང་རྒྱ་གར་ནུབ་ཕྱོགས་ཆུ་བོ་སིནྡྷུ་བརྒལ་ནས་སོང་བར་སློབ་དཔོན་པདྨ་སྐུ་འཁྲུངས་པའི་གནས་དྷ་ན་ཀོ་ཤའི་མཚོ་ཡོད་ཟེར། གང་ལྟར་ཡག་ཨོ་ཌི་ཡཱ་ནའི་འཕྲལ་སྐད་དུ་པྲ་དོ་ཟེས་པ་རྒྱ་གར་བ་རྣམས་སྲིག་དྷ་རེ་མེ་ཏོག་ཕྲེང་བ་འཛིན་ཞེས་པ་ཨོ་རྒྱན་གྱི་རྒྱལ་པོའི་རིགས་སུ་གྱུར་པའི་བློན་པོ་དཀོན་མཆོག་གསུམ་ལ་བླ་མར་བྱེད་པ་ཞིག་གིས་ཐོག་མར་རྙེད་ཅིང་མཇལ་བར་བཤད། མཇལ་སྐྱེས་ཀྱི་ཕྱོགས་སུ་དེའི་སྲས་ཡིན་པར་འདོད། འདིའི་མིང་ཟུར་ཆག་པས་ཀྲིཥྞ་འཛིན་དུ་གྱུར་པ་དེ་ཡིན་ནོ། འདིར་ཁ་ཅིག་རྫུས་སྐྱེས་སུ་ཁས་ལེན་བཞིན་དུ་མངལ་སྐྱེས་སྨྲ་བ་མི་རིགས་སོ་སྙམ་ན་སྐྱོན་མེད་དེ། སྤྲུལ་པའི་རྣམ་འགྱུར་ནི་གདུལ་བྱ་གང་གིས་འདུལ་བར་འགྱུར་བ་དེ་དག་དེར་སྟོན་པ་ཆོས་ཉིད་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་དྲི་ཟའི་རྒྱལ་པོ་རབ་དགའ་འཏུལ་བའི་ཚེ་པི་ཝང་འཛིན་པར་སྤྲུལ་པ་སོགས་དང་མཚུངས་ཏེ། ཇི་སྐད་དུ། གག་དང་གང་གིས་གང་ལ་ནི། གང་ཚེ་བྱ་བ་ཕན་འགྱུར་བ། དེ་དང་དེར་ནི་དེ་སྣང་ངོ་། ཞེས་དང་། སངས་རྒྱས་ཕལ་པོ་ཚེ་ལས་ཀྱང་། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་དང་གང་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། ཞེས་དང་། རྒྱུད་བླ་མ་ལས། གདུལ་བྱའི་ཁམས་དང་གདུལ་བའི་ཐབས་དང་ནི། གདུལ་བྱའི་ཁམས་ཀྱིས་འདུལ་བའི་བྱེ་བ་དང་། དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་དང་། བདེ་གཤེགས་འདུས་(སྟོད་ཆ།༡༩༣)པ་མཛད་པ་ཆོ་འཕྲུལ་ལྷའི་ལུང་ལས་ཀྱང་། གང་གིས་འདུལ་བར་དེར་སྟོན་ཏེ༔ མཐུན་པས་མཐུན་པ་འདུལ་བར་བྱེད༔ ཅེས་གསུངས་པ་བཞིན་ནོ། དེས་ན་འདོད་དགུར་བསྒྱུར་བའི་གཟུགས་ཀྱི་རྣམ་རོལ་གདུལ་བྱའི་མོས་བློར་སྣང་ཚུལ་ཙམ་སྟེ། དཔེར་ན་ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ནི་ཚོན་སྣ་ཚོགས་པ་གང་དང་འཕྲད་ན་དེ་དང་དེའི་ཁ་དོག་མདེས་པ་འཛིན་པ་ཇི་ལྟ་བ་དེ་བཞིན་དུ་ཤེས་པར་བྱ་སྟེ། གང་དང་གང་གི་གཟུགས་ཀྱིས་ནི། ལུས་ཅན་རྣམས་ནི་འདུལ་གྱུར་པ། དེ་དག་དེར་ནི་རྣམ་སྟོན་ཏེ། སྣ་ཚོགས་ནོར་བུ་ཇི་བཞིན་ནོ། ཞེས་པ་ལྟར་རོ། དེས་ན་སྤྲུལ་པ་སྒྱུ་མ་ལྟ་བུ་སྟེ་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་རོལ་པ་ལ་དབང་འབྱོར་བའི་ཕྱིར། གསང་སྙིང་ལས། དེ་ཚོ་མི་མཐུན་སྣ་ཚོགས་ལ། སོ་སོར་འདྲ་བར་སྣང་བ་ནི། དེ་བཞིན་ཉིད་ལས་མ་གཡོས་ཀྱང་། ལས་ཀྱི་དབང་གིས་སོ་སོར་སྣང་། ཞེས་གསུངས་པ་ལྟར། དེ་ཡང་དཔེར་ན་མངོན་པ་ལུགས་ཀྱི་རི་རབ་གྲུ་བཞི་དང་དུས་འཁོར་ལུགས་ཀྱི་རི་རབ་ཟླུམ་པོ་གཉིས་གང་ཟག་སོ་སོའི་སྣང་ཚུལ་དུ་མཁས་པ་དག་གིས་བཞེད་པ་བཞིན་འདིར་ཡང་དེ་དང་མཚུངས་ཏེ་གདུལ་བྱ་རང་རང་གི་མོས་ངོར་སྣང་ཚུལ་ཙམ་ལས། དོན་ལ་ལས་ཀྱིས་སྐྱེས་པའི་སེམས་ཅན་སྐྱེ་བ་ལེན་པ་དང་མི་མཚུངས་ཏེ་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་ནི་གདུལ་བྱའི་ངོར་ཚུལ་ཇི་ལྟར་སྣང་ཡང་དེ་དང་དེར་ཆེད་དུ་སྤྲུལ་པ་སོགས་མེད་ཀྱང་ཐུགས་རྗེ་དང་ཕྲིན་ལས་ཀྱིས་དེ་ལྟར་སྣང་བ་སྟེ། རྫུས་སྐྱེས་དང་མངལ་སྐྱེས་སོགས་ཇི་ལྟར་སྣང་ཡང་། དཔེར་ན་ནམ་མཁའ་ལ་མཐོ་དམན་སོགས་ཇི་ལྟར་མཐོང་ཡང་དེ་ལྟར་གྲུབ་པ་མེད་པ་བཞིན་དུ་སངས་རྒྱས་ཀྱི་སྐུ་ཡི་རྣམ་པའང་མཐོང་ཡང་དེ་ལྟར་མ་(སྟོད་ཆ།༡༩༤)གྲུབ་སྟེ། རྒྱུད་བླ་མར། མཁའ་ལ་ཇི་ལྟར་མཐོ་དང་དམའ། མཐོང་ཡང་དེ་ནི་དེ་ལྟ་མིན། དེ་བཞིན་ཐམས་ཅད་སངས་རྒྱས་ལ། མཐོང་ཡང་དེ་ནི་དེ་ལྟ་མིན། ཞེས་གསུངས་པ་བཞིན་ནོ། དེ་ལྟར་སྐྱེ་རྒྱུད་གཉིས་གང་དུ་བཟུང་ཡང་འགལ་བར་མི་འདུ་མོད། །འོན་ཀྱང་གོང་དུ་སྨྲོས་པ་ལྟར་པྱོགས་འདིར་ཡོངས་སུ་གྲགས་པ་དང་། མདོ་རྒྱུད་ནས་ལུང་བསྟན་པ་སོགས་ཀྱིས་རེ་ཞིག་འདིར་ཡང་རྫུས་སྐྱེས་སུ་བཟུང་བར་བྱེད་པ་ཡིན་ནོ། དེ་ལྟར་འཕྲོས་དོན་ཅུང་ཟད་གླེང་ནས་ཀྱུས་ལ་འཇུག་སྟེ། དེ་ལ་འཕགས་ཡུལ་པའི་གཏམ་རྒྱུད་དུའང་གསང་སྔགས་ཕྱི་ནང་གི་དབང་དང་གདམས་པ་མང་པོ་ཡང་ཞུས། བསྒྲུབས་པས་དངོས་གྲུབ་ཐོབ། ཡི་དམ་གྱི་ལྷས་་ཞལ་གཟིགས། རྒྱལ་སྲིད་ཀྱི་བྱ་བའང་ཅི་རིགས་མཛད། དུས་གཞན་ཞིག་ཏུ་་ཡུལ་དེའི་བློན་པོའི་ཚོགས་དང་མ་འཆམས་པ་ལྟར་མཛད་ནས་སྲིད་སྤངས་ཏེ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བྱོན། ཞེས་འབྱུང་སྟེ། གང་ལྟར་ཡང་དུར་ཁྲོད་བསིལ་བའི་ཚལ་དུ་གཤེགས་པ་མཚུངས་ཏེ། ལྔ་ལྡན་ཡུལ་གྱི་བཀའ་སྐྱོང་བྲག་ཕུག་ཏུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་བསྒྲུབས་པས་ཞག་བདུན་ནས་ཞི་བའི་ལྷ་ཚོགས་རྣམས་ཞལ་གཟིགས་ཏེ་དངོས་གྲུབ་ཐོབ། བསིལ་བ་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས་སྲིན་པོ་ཤཱནྟ་རིཀྵ་ཏ་ཞེས་གྲགས། ཡུལ་མི་རྣམས་ཀྱིས་བསད་པར་བྱས་པས་མ་ཟིན་ཏེ། བདུད་ཤོར་བ་གཞོན་ནུར་ཡང་གྲགས་སོ། ཟ་ཧོར་གྱི་དུར་ཁྲོད་དགའ་བ་ཚལ་དུ་མཁའ་འགྲོ་བདུད་འདུལ་མས་དབང་བསྐུར་ཞིང་བྱིན་གྱིས་བརླབས། ཨོ་རྒྱན་གྱི་ལྷོ་པྱོགས་དུར་ཁྲོད་ཡོས་གླིང་དུ་མཁའ་འགྲོ་མ་ཞི་བ་མཚོས་བྱིན་གྱིས་བརླབས། འཁྲུངས་ཡུལ་དྷ་ན་ཀོ་ཤར་བྱོན་ནས་(སྟོད་ཆ།༡༩༥)གསང་སྔགས་མཁའ་འགྲོའི་བརྡ་སྐད་ཀྱིས་བསྒྲུབས་པས་རྒྱ་མཚོའི་གླིང་གི་མཁའ་འགྲོ་མ་རྣམས་དབང་དུ་འདུས། རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས། རྒྱ་མཚོའི་ཀླུ་དང་ནམ་མཁའི་གཟའ་སྐར་ཐམས་ཅད་བྲན་དུ་བཀོལ་ཏེ་དམ་ལ་བཏགས། དེ་ནས་རྡོ་རྗེ་གདན་དུ་སྤྲུལ་པ་གླང་པོ་ཆེ་བརྒྱ་སྟོང་དུ་བྱས་ནས་རྟེན་ལ་མཆོད་པ་དང་སྐོར་བ་མཛད། རེས་འགའ་རྣལ་འབྱོར་པ་བརྒྱ་སྟོང་དུ་སྤྲུལ་ནས་སྤྱོད་པ་སྣ་ཚོགས་མཛད་པའི་དུས། མཚན་རྡོ་རྗེ་དྲག་པོ་རྩལ་དུ་གྲགས། དེ་ནས་ཟླ་བ་ཚལ་གྱི་གཙུག་ལག་ཁང་སོགས་སུ་འཚོ་བྱེད་གཞོན་ནུ་ལས་སྨན། པཎྜི་ཏ་ཀུན་གྱི་བཤེས་གཉེན་ལས་སྒྲ། བི་ཤྭ་མི་ཏྲ་ལས་བཟོ་རིགས་སྣ་ཚོགས། ཤཱཀྱའི་དྲང་སྲོང་སྲིད་སྒྲུབ་ལས་རྩིས། པཎྜི་ཏ་མང་པོ་ལས་ཚད་མ་རིག་པ་སྟེ། ཕྱི་ནང་གི་པཎྜི་ཏ་རྣམས་ལས་རིག་པའི་གནས་ལྔ་ཡན་ལག་དང་བཅས་པ་སོ་སོའི་སློབ་དཔོན་བསྟེན་ནས་བསླབ་སྦྱངས་མཛད་པའི་ཚུལ་བསྟན། དེ་ནས་བྲག་དམར་བྱ་ཁྱུང་ཚལ་ལམ་བྱ་སྐྱིབས་ཅན་དུ་གྲོགས་ཤཱཀྱ་པྲ་བྷ་དང་སཱཀྱ་མི་ཏྲ་གཉིས་དང་བཅས་ཏེ། སློབ་དཔོན་པྲ་བྷ་ཧ་སྟི་ལས་ཡོ་གའི་ཆོས་རྣམས་གསན་ཅིང་སྦྱངས། རྒྱུས་ཡོ་ག་བ་རྣམས་དང་མཐུན་པར་སྣང་ཞིང་། ཡང་ཕུར་པ་བ་རྣམས་ཀྱིས་གྲོགས་གཉིས་པོ་སྔར་སྤྱུགས་དུས་ཀྱི་བྱིས་པ་དེ་གཉིས་ཡིན་ཏེ་ཕྱིས་བི་མ་མི་ཏྲ་དང་། ཤི་ལ་མཉྫུ་གཉིས་ཡིན་ཟེར་བའང་ཡོད། སློབ་དཔོན་པྲ་བྷ་ཧ་སྟི་ལས་རབ་ཏུ་བྱུང་བར་བཤད་པའང་ཡོད་མོད། འགའ་ཞིག་གིས་མཁན་པོ་ཤཱཀྱ་བོ་དྷི་ལས་རབ་ཏུ་བྱུང་བའང་བཤད་ཀྱང་ཐང་ཡིག་ལས་ཨ་སུ་རའི་བྲག་ཕུག་ཏུ་དགྲ་བཅོམ་པ་ཉི་མའི་གུང་དང་ལྷན་ཅིག་ཏུ་འཕགས་པཀུན་དགའ་བོ་ལས་རབ་ཏུ་བྱུང་བར་བཤད། འཕགས་ཡུལ་གྱི་གཏམ་རྒྱུད་དུ་འོག་ཏུ་(སྟོད་ཆ།༡༩༦)འཆད་འགྱུར་ལྟར་སློབ་དཔོན་སངས་རྒྱས་ཡེ་ཤེས་ལས་རབ་ཏུ་བྱུང་ཚུལ་བཤད་པའང་ཡོད་དེ། མཚན་ཡང་ཤཱཀྱ་སེང་གེར་གྲགས། སླར་ལྷོ་ཕྱོགས་བཻདྷེའི་ཡུལ་གྱི་དུར་ཁྲོད་སྐུ་ལ་རྫོགས་སུ་མཁའ་འགྲོ་རྣམས་ཀྱིས་མཆོད་པ་ནས་ཆོས་གསུངས་པས་མཚན་ཉི་མ་འོད་ཟེར་དུ་གྲགས་སོ། དེ་ནས་ནགས་ཚལ་དྲྭ་བ་ཅན་དུ་བྱོན་ནས་སྲས་མོ་གོ་མ་དེ་ཝིས་ཕྱི་ནང་གསང་བའི་དབང་བསྐུར་ཞིང་། སློབ་དཔོན་འཇམ་དཔལ་བཤེས་གཉེན་མཇལ་བས་ངས་ཁྱོད་འདུལ་བའི་དུས་ལ་མ་སླེབས་པས་མཁའ་གྲོ་གསང་བ་ཡེ་ཤེས་དགེ་སློག་མ་ཀུན་དགའ་མོར་ཞུས་ཞེས་ལུང་བསྟན་པ་ལྟར། མཁའ་གྲོ་མ་བདེ་བའི་འཁོར་ལའམ། དགེ་སློང་ཀུན་དགའ་མོ་ལས་ཡི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར་བ་ནོད་པར་བཤད་དོ། ལོ་རྒྱུས་འདི་ལ་འཕགས་ཡུལ་པའི་གཏམ་རྒྱུད་དུ་རྣལ་འབྱོར་མ་སུ་ཁ་དྷ་རི་ཡིན་པར་གྲགས་ཏེ་ངོ་བོ་གཅིག་པར་མངོན། གཞན་ཡང་འཛམ་བུའི་གླིང་དུ་གདོང་ནས་གྲུབ་པའི་དུར་ཁྲོད་ཅེན་པོ་བརྒྱད་ཡོད་པ་རྣམས་སུ་ཡང་སྔགས་བཟླས་པའི་རྫུ་འཕྲུལ་གྱིས་ཡང་ཡང་བྱོན། དེ་དག་ཏུ་འདོང་ནས་གྲུབ་པའི་སློབ་དཔོན་ཆེན་པོ་བརྒྱད་དང་ཡལ་མཇལ། ཐུན་མོང་གི་དངོས་གྲུབ་རེ་རེ་ཡང་ཐོབ་པས་རིག་པ་འཛིན་པར་གྱུར། དེ་ནས་སྤྱོད་པ་སྤྱད་དེ་སངས་རྒྱས་འཐོབ་པར་བྱ་འོ་དགོངས་པ་ལ། མནལ་ལམ་དུ་སངས་རྒྱས་འོད་དཔག་མེད་པ་ལུང་བསྟན་ཏེ། ཆོས་ཀྱི་མྱུ་གུའི་དགོན་པར་མཁན་པོ་སངས་རྒྱས་ཡེ་ཤེས་ཀྱིས་མཛད་ནས་དགེ་འདུན་ཕལ་ཆེན་སྡེའི་སྡེ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་དེ། འདུལ་འདིན་གཅིག་ལས་འདུལ་བ་འབུམ་སྡེ་ལན་གཅིག་ཉན་པས་དོན་ཐུགས་སུ་ཆུད་པར་མཛད། དེར་སློབ་དཔོན་སངས་(སྟོད་ཆ།༡༩༧)རྒྱས་ཡེ་ཤེས་ཞབས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསན་པས། ལྟ་བ་ནམ་མཁའ་དང་མཉམ་པར་གྱུར། སློབ་མ་གཞན་རྣམས་དབང་བསྐུར་ཞུ་བར་དཀའ་ཚེགས་ཆེན་པོ་དགོས་པ་ལ། སློབ་དཔོན་འདིས་དཀའ་ཚེགས་མེད་པར་དབང་ཐམས་ཅད་རྫོགས་པར་ཐོབ། སློབ་དཔོན་ཡེ་ཤེས་ཞབས་ཀྱི་སློབ་མ་སངས་རྒྱས་གསང་བ་ལས་ཀྱང་རྣལ་འབྱོར་གྱི་རྒྱུད་དུ་དབང་བསྐུར་བ་དང་མན་ངག་ཐོབ། སློབ་དཔོན་ཡེ་ཤེས་ཞབས་ལས། འདུས་པ་དང་། རྒྱུ་འཕྲུལ་དྲྭ་བ་དང་། ཟླ་གསང་ཐིག་ལེ་དང་། སངས་རྒྱས་མཉམ་སྦྱོར་དང་། ལས་ཀྱི་ཕྲེང་བ་སྟེ་ན་རྒྱུད་སྡེ་ལྔ་ལ་སོགས་པ་རྒྱུད་དང་མན་ངག་མཐའ་དག་གསན་ནོ། དེར་དབང་གི་ཡེ་སེས་ཇི་བཞིན་དུ་ངོ་འཕྲོད་ཟབ་གསལ་གཉིས་སུ་མེད་པའི་རྟོགས་པ་ལ་བརྟན་པ་ཐོབ། སངས་རྒྱས་གསང་བ་ལས་ཀྱང་རྣལ་འབྱོར་རྒྱུད་དང་གསང་བ་སྙིང་པོ་ལ་སོགས་རྒྱུད་སྡེ་མང་པོ་གསན་ཅིང་མཐའ་དག་པ་ལ་ཐུགས་སུ་ཆུད་པར་མཛད་ཅེས་འབྱུང་སྟེ། འདི་དུས་ཐང་ཡིག་ཏུ་དུར་ཁྲོད་བརྒྱད་སོ་སོར་བྱོན་ཚུལ་འབྱུང་བ་དང་། བཀའ་བརྒྱད་སྒྲུབ་སྡེ་བརྒྱད་ཀྱི་ལོ་རྒྱུས་སོགས་སུ་ནཱ་གརྫུ་ན་སོགས་སློབ་དཔོན་རྣམས་དང་མཇལ་ཚུལ་བཤད་པ་སོགས་དང་གུང་འགྲིགས་ཏེ་མཚན་ཡང་གུ་རུ་བློ་ལྡན་མཆོག་སྲེད་ཅེས་སུ་གྲགས་སོ། དེ་ནས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་དང་། འཇམ་དཔལ་བཤེས་གཉེན་དང་། ཤྲི་སིདྷ་གསུམ་ལས་རྫོགས་པ་ཆེན་པོ་དོན་བརྒྱུད་ཀྱི་མན་ངག་རིག་པ་རྒྱལ་ཐབས་སྤྱི་བླུགས་ཀྱི་ཚུལ་དུ་ཐོབ་པས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ནམ་མཁའ་དང་མཉམ་པ་ལ་རང་དབང་བརྙེས་ཤིང་རྡོ་རྗེ་འཆང་དང་མི་གཉིས་པར་གྱུར། ཁྱད་པར་དུ་རྡོ་རྗེ་ཕག་མོས་ལུང་བསྟན་པ་བཞིན་སེངྷ་(སྟོད་ཆ།༡༩༨)ལས་སྙིང་ཐིག་ཟབ་མོའི་སྐོར་རྣམས་ལོ་ཉི་ཤུ་རྩ་ལྔའི་བར་དུ་གསན་སྦྱངས་མཛད། རྫུ་འཕྲུལ་གྱིས་གནས་རྣམ་པ་སྣ་ཚོགས་སུ་མི་དང་མི་མ་ཡིན་པའི་འགྲོ་བ་རབ་ཏུ་མང་པོའི་དོན་མཛད་ཅིང་ཁྱད་པར་དུ་དུར་ཁྲོད་ཆེན་པོ་རྣམས་སུ་མཁའ་འགྲོ་འབབ་པའི་སྤྲིན་ཕུང་དང་ལྷན་ཅིག་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པས་གནས་པར་མཛད་དེ། འཕགས་ཡུལ་བའི་གཏམ་རྒྱུད་དུ་སློབ་དཔོན་འདི་ཉིད་ཡེ་སཻས་ཞབས་ཀྱི་སློབ་མ་མཐོང་བའི་ཆོས་སུ་མྱ་ངན་ལས་འདས་པ་བཞིའི་ཡ་གྱལ་བདེ་བ་ཆེན་པོ་པདྨ་བཛྲ་ཞེས་པ་ཡིན་ཅེས་གྲགས་ཏེ། སློབ་དཔོན་དེ་ཉིད་ཀྱིས་ལུང་བསྟན་པ་ལྟར་གྲོང་ཁྱེར་པཎྜ་བེའི་བྱང་ངོས་བཪྴི་བྱ་བའི་གནས་ཀྱི་མཐོངས་སུ་རི་དེའུ་ཞིག་ཡོད་པ་དེར་ཡིན་ཟེར། དོན་དུ་བྲག་པུག་མ་ར་ཏི་ཀར་པདྨ་ཅན་གྱི་ལས་རྒྱ་མནྡ་ར་ལ་བརྟེན་ནས་བདེ་བ་ཆེན་པོའི་ལམ་གྱིས་ཟླ་བ་དྲུག་ཏུ་སྒྲུབ་པ་ཆེན་པོ་མཛད་པས་ཕྲ་ཡང་སོགས་ཀྱིས་ཡོན་ཏན་དང་ལྡན་པའི་རྡོ་རྗེའི་སྐུར་གྱུར་ཏེ་ཚེའི་རིག་འཛིན་བརྙེས། མཚན་ཡང་འཆི་མེད་པདྨ་འབྱུང་གནས་སུ་གྲགས། འདི་དུས་རྣམ་ཐར་བོད་མ་རྣམས་སུ་ཟ་ཧོར་རྒྱལ་པོའི་བུ་མོ་ལྷ་ལྕམ་མནྡཱ་ར་བ་ལ་བརྟེན་ནས་ཟ་ཧོར་རྒྱལ་ཁམས་ཆོས་ལ་བསྒྱུར་བར་བཤད་དེ་མཚན་ཡང་པདྨ་སམྦྷ་ཝར་གྲགས། སླར་ཨོ་རྒྱན་གྱི་ཡུལ་དུ་བྱོན་ནས་རྫུ་འཕྲུལ་གྱིས་རྒྱལ་པོ་ཨིནྡྲ་བྷུ་དྷི་ཨོ་རྒྱན་གྱི་རྒྱལ་ཁམས་དང་བཅས་པ་ཆོས་ལ་བཀོད་པའི་ཚོ་མཚན་པདྨ་རྒྱལ་པོ་འམ་པདྨ་ཐོང་ཕྲེང་རྩལ་དུ་གྲགས་སོ། དེ་ནས་མ་ག་དྷའི་གྲོང་ཁྱེར་དུ་བྱོན། མེ་སྟེགས་ཀྱི་སྟོན་པ་ལྔ་བརྒྱ་དང་བརྩོད་པས་སློབ་དཔོན་ཉིད་རྒྱལ། མེ་སྟེགས་ཀྱིས་ནགས་གསེབ་ཏུ་མཐུ་བསྒྲུབས་པས། ཡེ་ཤེས་ཀྱི་མཁའ་འགྲོ་བདུད་འདུལ་མས་ལུང་བསྟན་པ་ལྟར་གཏེར་གྱི་སྒྲོམ་བུ་ཕྱུང་(སྟོད་ཆ།༡༩༩)ནས་ཐོག་སེར་གཏད་སོགས་ཀྱིས་ཞག་བདུན་ནས་མུ་སྟེགས་ཐམས་ཅད་ཚར་བཅད་ཕལ་ཆེར་ནང་པའི་བསྟན་པ་ལ་བཙུད་དེ་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད་པས་མཚན་སེང་གེ་སྒྲ་སྒྲོག་ཏུ་གྲགས་སོ། དེ་ནས་འཔགས་ཡུལ་པའི་གཏམ་རྒྱུད་དུ་སེམས་ཅན་གྱི་དོན་ཅི་རིགས་པར་བྱའོ་དགོངས་ནས་ཏི་ར་ཧུ་ཏི་སོགས་ཏ་རུའི་རྒྱལ་ཁམས་དང་། ཀ་མ་རུ་དང་བལ་པོ་སོགས་བྱ་པྱོགས་ཀྱི་ཡུལ་རྣམས་སུའང་ཆོས་སྟོན་པ་དང་། ཐུན་མོང་གི་གྲུབ་པ་རྣམས་ཀྱིས་ཕན་འདོགས་པར་མཛད། གསེར་འགྱུར་གྱི་རྩི་དང་བཅུད་ལེན་གྱི་སྨན་སོགས་ཀྱིས་ཀྱང་སྐྱེ་བོ་སྟོང་ཕྲག་མང་པོ་ཚེ་བསྲིངས་བ་དང་ལོངས་སྤྱོད་རྒྱས་པར་མཛད། ཆུ་མེད་པ་རྣམས་སུ་ཆུ་འབྱུང་བ་དང་། ཆུ་ཆེ་བ་རྣམས་ས་འོག་ཏུ་འཇུག་པ་སོགས་མང་དུ་མཛད་དེ། ཐ་རུའི་ཡུལ་དང་། ཙམ་པའི་ཕྱོགས་དང་། ཁ་སྱ་སོགས་ཀྱི་ཡུལ་ཀུན་ན་སློབ་དཔོན་འདིའི་སྒྲུབ་ཆུ་དང་། ཆུ་ས་འོག་ཏུ་བཅུག་པ་སོགས་ད་ལྟ་ཡང་མང་དུ་ཡོད། ཙམྤཱ་(སྟོད་ཆ།འི་ཡུལ་དུ་ཆུ་བོ་བྷ་ཏྲཾ་ཆེན་པོ་ཞེས་པ་གཙང་ཆུ་རྒྱས་པ་ཙམ་ཞིག་ཉིན་ལམ་གཅིག་ཙམ་པའི་འོག་ཏུ་བཅུག་པ་གཅིག་དང་། ཚ་ལམ་ཙམ་རིར་བཙུགས་པ་གཉིས་ཡོད། དེ་སྐབས་ཙམ་དུ་རྒྱ་གར་ལྷོ་ཕྱོགས་ཏྲི་ལིང་ག་དང་ཉེ་བ་ཏྲི་མ་ལའི་ཡུལ་ལཀྵ་མཱན་གྱི་གནས་དང་ཉེ་བ་ན་ཤི་བ་སྠཱ་ན་ཞེས་པར་དབང་ཕྱུག་གི་ལིངྒ་ཁྲུ་གང་བ་ཙམ་ཞིག་རང་བྱུང་དུ་བྱུང་། ཉིན་རེ་བཞིན་སྲོག་ཆགས་མང་པོ་བསད་པའི་ཁྲག་གིས་མཆོད་པ་བྱེད་དགོས། དེར་མུ་སྟེགས་པ་རྣམས་ཀྱིས་དམོད་པ་དྲག་པོ་བྱས་པ་ཙམ་གྱིས་ནང་པའི་སྡེ་རྣམས་ལ་ནད་ཡམས་སོགས་མི་མཚམས་པ་དུ་མ་འབྱུང་བ་ཞིག་ཡོང་། དེས་ནང་པའི་སྡེ་རྣམས་དང་ལྷ་ཁང་སོགས་ལ་ཤིན་ཏུ་གནོད་པ་ཞིག་ཡོད་ལ།(སྟོད་ཆ།༢༠༠) ཡང་ཤར་ཕྱོགས་བྷཾ་བྷ་ལར་ཉེ་བ་ན་ཙནྡན་གྱི་ནགས་བ་རེནྡེའི་ལྷོ་ནུབ་པཱ་ག་ལ་ཞེས་བྱ་བར་མཚོ་ཆུང་ངུ་ཞིག་གསར་དུ་བརྡོལ་ཞིང་དེར་མུ་སྟེགས་པ་ལ་དགའ་བའི་ཀླུ་གདུག་པ་ཅན་ཞིག་ཀྱང་གནས་བཅས། མུ་སྟེགས་རྣམས་ཀྱིས་མཚོ་དེ་ལ་མཆོད་གཏོར་ཕུལ་བ་ཙམ་གྱིས་གསེར་དངུལ་མུ་ཏིག་ལ་སོགས་པའི་རིན་པོ་ཆེ་དཔག་ཏུ་མེད་པ་རྙེད་འོང་ཞིང་མང་དུ་འབྱོར་བས། དེའི་མཐུས་ཤར་ཕྱོགས་སུ་མུ་སྟེགས་ཀྱི་སྡེ་གསར་པ་མང་དུ་བྱུག །སངས་རྒྱས་པ་རྣམས་ལ་ཀལུ་དེ་ཤིན་ཏུ་ཆོ་འཕྲུལ་ཆེ་བས་གནོད་པར་གྱུར། མ་ག་དྷའི་རྒྱལ་པོའི་ཁབ་ན་ཤེལ་གྱི་ཕ་ཝང་གཅིག་ལ་མུ་སྟེགས་པའི་ལྷ་བྲམ་ཟེའི་རིགས་ཀྱི་འབྱུང་པོ་མང་དུ་གནས་པས་བསྒྲུབ་མི་དགོས་པར་མིག་མཐོང་དང་རྣ་སྒྲོགས་དང་མོ་རྩིས་ཀྱི་མངོན་ཤེས་སོགས་སྟོན་པ་ཞིག་བྱུང་། དེ་རྣམས་འདུལ་བར་དགོངས་ཏེ་རྡོ་རྗེ་གདན་དུ་སྒྲུབ་ཁང་མཛད་ནས་འཁོར་ལོས་བསྒྱུར་བ་དྲུག་གི་དཀྱིལ་འཁོར་ཞལ་ཕྱེས་ནས་དཔལ་ཡང་དག་ཧེ་རུ་ཀ་བསྒྲུབ་པས་འབར་བ་དང་། ཧ་ཧ་ཧི་ཧི་སོགས་བཞད་པ་བརྒྱད་ཀྱིས་བཞད་པའི་དཔལ་ཧེ་རུ་ཀས་ཞལ་བསྟན། ཕུར་བུ་གསུམ་བྱུང་བ་ལས་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་ཕུར་བུ་སློབ་དཔོན་ཉིད་ཀྱིས་བླངས་ཏེ་རྫུ་འཕྲུལ་གྱིས་ཡུད་ཙམ་ལ་ལྷོ་ཕྱོགས་སུ་བྱོན། ཏྲི་མ་ལའི་ལིངྒ་དང་ཉེ་བའི་ཤིང་སྡོང་གཅིག་ལ་བཏབ་པས་དེ་སྐོར་གྱི་ནགས་ཐམས་ཅད་ཚིག །ལིངྒ་ཕྱེད་ལྷག་ཙམ་ཐལ་བར་སོང་། ཕྱི་ནང་པ་ལ་གནོད་པ་མེད་ཅིང་མཆོད་པ་ཉམས་པ་རྣམས་ཀྱང་གསོས། ཁྲོ་བོ་བདུད་རྩི་འཁྱིལ་བའི་ཕུར་བུ་དཀྱིལ་འཁོར་གྱི་གཟུངས་ཡ་མན་དཱ་རའི་ངང་ཚུལ་ཅན་གྱིས་བླངས་ཏེ་བྷཾ་ག་ལའི་མཚོ་དེ་ལ་བཏབ་པས་ཀླུ་འཁོར་བཅས་ཐལ་བར་སོང་། ཞག་བདུན་ནས་མཚོ་ཡང་སྐམ་(སྟོད་ཆ།༢༠༡)མུ་སྟེགས་ཀྱི་སྡེ་དེ་རྣམས་ཞིག །ཕུར་བུ་ཆུང་བ་དེ་སྒྲུབ་གཡོག་ཀ་མ་རུའི་རྣལ་འབྱོར་པ་རཏྣ་ཤྲཱི་ལས་བླངས་ཏེ་རྒྱལ་པོའི་ཁབ་ཀྱི་ཤེལ་གྱི་ཕ་ཝང་དེ་ལ་བཏབ་པས་སིལ་གྱིས་ཞིག དེ་གཉིས་ཀྱིས་ཀྱང་སངས་རྒྱས་པའི་སྡེ་རྣམས་ལ་ཕན་པར་བྱུང་། གཉིས་ཀའང་རིག་པ་འཛིན་པའི་ལུས་སུ་གྱུར་ཏེ་མི་སྣང་ལ། འདོད་ན་སྤྲུལ་པའི་ལུས་ཀྱིས་སྣང་བར་བྱེད་དོ། སློབ་དཔོན་གྱིས་ཏྲི་མ་ལ་དང་བི་ཀྲ་མ་ཤཱི་ལར་ཐོགས་རེ་བཞུགས་ཤིང་ལྷ་ཁང་རེའང་བཞེངས། དེ་ནས་སླར་ཡང་ཨོ་རྒྱན་དུ་བྱོན། སྐལ་བ་དང་ལྡན་པ་རྣམས་རྣམས་ལ་གསང་སྔགས་ཕྱི་ནང་གི་ཆོས་མང་དུ་བསྟན་ཅིང་ཐམས་ཅད་ཀྱང་དངོས་གྲུབ་སྣ་རེ་མ་ཐོབ་པ་མེད། ལྷ་ཁང་ཆེན་པོ་གཅིག་ཀྱང་བཞེངས་ཞེས་འབྱུང་ལ། གཞན་ཡང་ལོ་རྒྱུས་ཁ་ཅིག་ན། ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་ཆོས་བཤད་པས་བློན་པོའི་ཚོགས་ཀྱིས་རྒྱལ་པོ་རིགས་སླད་པར་མཐོང་ནས་མེའི་དག་བྱེད་བྱས་ཀྱང་འབྱུང་བའི་གནོདད་པས་མ་ཚུགས་པར་ཡབ་ཡུམ་གཉིས་ཀ་རྒྱ་མཚོའི་དབུས་ན་པདྨའི་སྡོང་པོ་སྐྱེས་པའི་སྟེང་ན་བཞུགས་པར་མཐོང་བས་དད་ཅིང་པདྨ་འབྱུང་གནས་སུ་མཚན་གསོན་ཞེས་ཟེར་ཏེ་པདྨ་བཛྲ་དུ་ཡང་གྲགས་པ་དང་། ཡང་ཨོ་རྒྱན་གྱི་རྒྱལ་པོ་མ་ཧཱ་ས་ལའམ། རྒྱལ་པོ་བི་སུ་ཀལྤར་གྲགས་པ། དེ་ལ་ཐུགས་རྗེ་ཆེན་པོས་ལུང་བསྟན་ཏེ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་ཁྱོད་རང་འབྲེལ་བ་ཡོད་པས་དེ་ལ་དབང་བཀུར་སྒྲུབ་ཐབས་དང་བཅས་པ་ཞུས་ཤིག་གསུངས་པ་བཞིན་ཕྱོགས་ཐམས་ཅད་དུ་བཙལ་བས་མ་རྙེད་དེ་གླང་མའི་རི་བོ་ལ་ཁྱེའུ་པདྨ་བཛྲ་བྱ་བ་ཞིག་ཡོད་པ་ལ་ཕྱག་དང་སྐོར་བ་མང་པོ་བྱས་ཏེ་རྗེས་སུ་འཛིན་པར་གསོལ་བ་བཏབ་པས། ཁྱོད་ཀྱིས་ནོར་བ་མིན་ནམ་གསུངས་པས། དེ་ལྟར་མ་་ཡིན་འཕགས་པ་ཉིད་ཀྱིས་ལུང་(སྟོད་ཆ།༢༠༢)བསྟན་པ་ཡིན་ཞུས་པས་འོ་ན་དེ་ལྟར་ན་འདི་ལྟར་བྱའི་གསུངས་ནས་སེ་གོལ་ཞིག་ཅིག་གཏོགས་པས། ས་གཞི་དེ་གསེར་གྱི་རང་བཞིན་པད་སྡོང་ཉི་ཟླའི་སྟེང་དུ་ཁྱེའུ་སྤྱན་རས་གཟིགས་ཕྱག་སྡོང་སྤྱན་སྟོག་དུ་གྱུར་ནས་རྒྱལ་པོ་དང་མནྡ་ར་བ་དང་ཛ་ལན་དྷ་ར་དེ་གསུམ་ལ་དབང་བཞི་རྫོགས་པར་བསྐུར་བས་གསུམ་གས་མཆོག་གི་དངོས་གྲུབ་བརྙེས་པར་གྲགས་སོ། དེ་ལ་མནྡ་ར་བ་ནི། རྗེ་མར་པའི་དུས་རྣལ་འབྱོར་མ་མུ་རིས་ཀྱི་རྒྱན་ཅན་དང་ཆུ་ཤིང་གི་སྙེ་མ་ཅན་ན་མ་བྷང་ག་ལའི་ཕག་མོར་གྲགས་ཤིང་། ཁྱུང་པོ་རྣལ་འབྱོར་གྱི་དུས་ནེ་གུ་མ་དང་། གཉན་ལོའི་དུས་རི་སུལ་གྱི་རྣལ་འབྱོར་མ་དང་། རས་ཆུང་རྡོ་རྗེ་གྲགས་ཀྱི་དུས་མ་གཅིག་གྲུབ་པའི་རྒྱལ་མོ་གྲགས་ཏེ། དུས་སྐབས་དེ་དང་དེར་དེ་ལྟར་གྲགས་པ་ལས་དོན་ལ་མནྡ་ར་བ་ཉིད་ཡིན་ཅེས་བླ་མ་མཁས་པ་དག་གི་གསུང་ལས་ཐོས་སོ། ཡང་ཨོ་རྒྱན་དང་ཉེ་བའི་ཡུལ་ཀཙྪ་ན་ཞེས་པར་སངས་རྒྱས་པའི་སྡེ་བཟང་བ་ཞིག་ཡོད་པ་ལ། ཡུལ་མོ་ལ་ཏྲ་ནའི་གྲོང་ཁྱེར་བཱ་ག་དའི་རྒྱལ་པོ་སྟེག་གཟིག་ཏུ་རུཥྐ་ཡིན་པ་དེའི་དམག་གིས་ཡུལ་རྣམས་བཅོམས། ཆོས་གྲྭ་འགའ་ཞིག་ནི་བཤིགས། མང་པོ་ཞིག་འཇོམས་ལ་ཁད་ཀྱི་སྐབས་དམག་མི་རྣམས་ནཱི་ལ་ཞེས་པའི་ཆུ་ཀླུང་ལ་གྲུ་དང་རྐྱལ་གྱིས་བྱུང་བར། རྐྱལ་ཞིང་འོང་བའི་མི་དང་བཅས་པ་ཐམས་ཅད་ཆུར་བྱིངས་ནས་ཏུ་རི་ཥྐའི་དཔའ་བོ་ཐམས་ཅད་ཤིའོ། དེ་ཕྱིན་ཆད་ཕྱོགས་དེར་ཏུ་རུ་ཥྐའི་གནོད་པ་མ་བྱུང་ངོ་། གཞན་ཡང་ཐང་ཡིག་སོགས་ནས་ལི་ཡུལ་དང་ཡུལ་ཕྲན་མང་པོར་བྱོན་ཚུལ་དང་སྡིག་སྤྱོད་ཀྱི་རྒྱལ་པོ་ནོར་བུ་འོད་ལྡན་དང་རྒྱལ་(སྟོད་ཆ།༢༠༣)པོ་ཀླུའི་ཁྱབ་འཇུགས་བརྟུལ་ཚུལ་སོགས་དང་། ཟངས་གླིང་གི་རྒྱལ་པོས་ཟངས་ཁ་སྦྱོར་དུ་བཅུག་ནས་ཆུར་སྐྱུ་རཡང་ནམ་མཁར་བྱོན་ནས་གར་མཛད་པ་དང་། མེ་སྟེགས་ཀྱི་རྒྱལ་པོས་དུག་ཁལ་ལྔ་བརྒྱ་དྲངས་ཀྱང་མ་ཚུགས་པར་སླར་རྨ་བྱ་ལྟར་བཀྲག་མདགས་རྒྱས་པ་དང་། འབྲས་ལྡན་ཀ་ཀརྟའི་ཚོང་འདུས་སོགས་སུ་སྐྱེ་བདུན་གྱི་ཤ་ཚོལ་བ་དང་རྫུ་འཕྲུལ་གྱིས་སྟག་ལ་ཆིབས་པ་དང་། ཉི་མ་བརྟོད་ལ་མནན་ཅིང་ཆུ་བོ་གྱེན་ལ་ཟློག་ཚུལ་སོགས་ངོ་མཚར་ཅན་གྱི་མཛད་པ་མང་ཡང་འདིར་ཡི་གེ་མང་གིས་དོགས་ནས་མ་བྲིས་སོ། འདི་སྐབས་ཐང་ཡིག་ཏུ་མཚན་རྡོ་རྗེ་གྲོ་ལོད་དུ་གྲགས་པར་བཞེད། དེ་ནས་བལ་ཡུལ་ཕྱོགས་སུ་ཕེབས་ནས་ཡང་ལེ་ཤོད་དུ་དཔལ་ཡང་དག་ཧེ་རུ་ཀའི་སྒྲུབ་པ་ཚོམ་བུ་ལྔ་པའི་ཚོགས་ཀྱི་སྤྱོད་པ་སྤྲོས་བཅས་ཟླ་བ་དྲུག་ཏུ་སྤྱད་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཞལ་རྟག་ཏུ་སྟོན་ཅིང་གསུང་གླེང་མཛད་པ་དང་། འོད་གསལ་གྱི་སྐུ་ལས་ཟུང་འཇུག་གི་སྐུ་བཞེངས་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་མཛད་དོ། འདིའི་དུས་བལ་ཡུལ་གྱི་ལྷ་འདྲེ་ཀླུ་གྱོང་པོ་དང་གནོད་སྦྱིན་རྒོད་མ་ཁ་བྱི་དུར་གློག་དམར་སྤྲིན་གསུམ་གྱིས་བར་ཆད་བརྩམས་པ་ལ། འཕགས་ཡུལ་གྱི་སློབ་དཔོན་རྣམས་ལ་བར་ཆད་འདུལ་བའི་ཆོས་ཞུ་བར་བརྫངས་པས། རྡོ་རྗེ་ཕུར་པ་བྱི་ཏོ་ཏྟ་མའི་རྒྱུད་དང་ཕུར་པ་མི་ཁུར་གཉིས་བརྫངས་པས་ཡང་ལེ་ཤོད་དུ་ཕེབས་མ་ཐག་ནས་བར་ཆད་ཐམས་ཅད་ཞི་ཞེས་འབྱུང་་ལ། དེ་ནས་སློབ་དཔོན་གྱིས་བསྒྲུབས་པས་རྡོ་རྗེ་གཞོན་ནུས་ཞལ་གཟིགས། ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་སོགས་བསྟན་བཅོས་ཀྱང་མང་དུ་མཛད། ཤྭ་ན་མ་བཞི་དང་། བདག་ཉིད་མ་བཞི་སོགས་དམ་ལ་བཏགས། སླར་རྒྱ་གར་དུ་ཆོས་ཀྱི་དག་(སྟོད་ཆ།༢༠༤)ཐེར་ལ་བྱོན་བས། ཡུལ་ཚ་པའི་ཚ་ཤོད་དུ་ནུབ་གཅིག་གཟིམས་པའི་ནམ་ཕྱེད་ན། ཆོ་འཕྲུལ་ཆེ་བ་སྙེམ་བྱེད་པ་ན་ཕྱག་གིས་ཉུལ་བས་མདུན་ན་ནེ་གུ་དྲུད་དྲུད་པ་གཅིག་འདུག །དེ་ཕྱག་རྒྱས་བསྡམས་ཏེ་ལྷུང་བཟེད་དུ་བཅུག་ནས་བཞག་སྟེ། ནང་པར་ཆུ་མིག་བྱང་ཆུབ་རིང་མོར་བྲོ་བཏབ་པའི་ཚེ་གཟིགས་པས། བུད་མེད་མཛེས་སྡུག་ཅན་བཞི་འདུག །ཁྱེད་རྣམས་སུ་ཡིན་བྱས་པས། ངེད་རྣམས་ཡུལ་ཚ་བའི་ཤོད་ལ་དབང་བྱེད་པའི་ས་བདག་མོ་བཞི་ཡིན་ཟེར། དེར་སློབ་དཔོན་གྱིས་དམ་ལ་བཏགས་ནས་རྡོ་རྗེ་ཕུར་པའི་སྲུང་མར་བསྐོས་སོ། གདུག་རྩུབ་ཆེས་པས་ཡུལ་སོ་སོར་ཁ་འཕྲལ་ནས་བཞག་ཅེས་འབྱུང་། སློབ་དཔོན་ཉིད་རྒྱ་གར་དུ་གཤེགས་ནས་སླར་ཡང་ཡང་ལེ་ཤོད་དུ་སློབ་དཔོན་རྣམ་གསུམ་གྱིས་ཕུར་པ་བསྒྲུབས་པའི་ལོ་རྒྱུས་གོང་དུ་སྨྲོས་པ་དེ་འདི་དུས་ཙམ་ཡིན་པར་མངོན་ནོ། མཚན་ཡང་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གྲགས་སོ། ཡུལ་དེར་ཡུན་རིང་བཞུགས་པས། དེང་སང་བལ་པོའི་སྔགས་འཆང་རྣམས་ཀྱིས་ཞྭ་པད་ཞྭ་འདྲ་བ་གྱོན་ཅིང་ཨོ་རྒྱན་པདྨའི་ལུགས་ཡིན་ཟེར་བ་དང་། ཡུལ་དེར་སློབ་དཔོན་གྱིས་ལྷ་ཁང་ཞིག་བརྩིགས་པ་ཏིང་ངེ་འཛིན་གྱིས་གཟིར་ནས་དམ་ལ་བཏགས་པའི་ལོ་རྒྱུས་བལ་པོ་རྣམས་ཀྱིས་སྨྲ་བར་སྣང་། ཞེས་ཀུན་མཁྱེན་སི་ཏུ་རིན་པོ་ཆེས་གསུངས་སོ། ཡང་སློབ་དཔོན་འདི་འགྲོ་ལྡིང་སུ་བྱོན་པའི་ཚུལ་ལ། བོད་རྣམས་བོད་ཡུལ་ནས་སྲིན་པོའི་གླིང་དུ་བྱོན་པར་འདོད་ལ། འགྲོ་གྲིང་བ་རྣམས་འགྲོ་ལྡིང་ནས་དེར་ཕེབས་པར་འདོད་དེ། སྐུའི་བཀོད་པ་གཉིས་ཅིག་ཅར་བསྟན་པར་བྱས་ཀྱང་མི་འགལ་མོད། དེ་ཡང་རྒྱ་གར་ལྷོ་ཕྱོགས་(སྟོད་ཆ།༢༠༥)ནས་ནུབ་དྲང་ཐད་དུ་གྲུས་བརྒལ་ཏེ་འགྲོ་དགོས་པའི་སར་རྒྱ་མཚོའི་དབུས་ཀྱི་གླིང་ཆུང་ཌཱོ་མི་ཌོ་དི་པ་ཞེས་བྱ་བ་ཡོད་དེ། སྔོན་སྲིན་པོ་རང་མཁའ་འགྲོ་མ་ནམ་མཁའ་ལ་ལྡིང་ཞིག་འགྲོ་བ་ཁོ་ནས་གང་བ་ཡིན་པས། ཌཱོ་མི་ཊོ་སྟེ་འགྲོ་ལྡིག་ངོ་། དུས་དེའི་ཚེ་ཡང་བུད་མེད་ཤས་ཆེ་བ་ཞིག་ནི་གདུག་པའི་མཁའ་འགྲོ་མ་རིག་སྔགས་སྣ་ཚོགས་པ་བྱེད་པའི་ཕྱིར་སྔགས་འཆང་མ་ཞེས་བྱ་བ་དེ་འདྲ་ཡིན་ལ། སྐྱེས་པ་ཡང་འབྱུང་པོ་མའི་གཙུགས་ཅན་མང་པོ་ཡོད་དོ། དེར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཡུལ་གྱི་སྐྱེ་བོ་རྣམས་འདུལ་བར་བཞེད་དེ། གླིང་དེའི་བྲག་ཕུག་ཅིག་ཏུ་བཞུགས། སློབ་དཔོན་གྱིས་དགོངས་པ་གཏད་པས། ཡུལ་དེའི་བདག་མོ་མ་མོ་དྲུག་ཅུ་རྩ་བཞིའི་སྤྲུལ་པ་རྒྱལ་པོའི་བཙུན་མོ་སྔགས་འཆང་མ་དྲུག་ཅུ་རྩ་བཞི་ཡོད་པ་དེ་རྣམས་ཏིང་ངེ་འཛིན་གྱི་ཐུས་དངོས་སུ་བཀུགས་ནས། རེངས་པ་དང་། ཚོར་བ་དྲག་པོ་གནད་དུ་ཕོག་པར་གྱུར། དེ་སྦྱིན་སྲེག་གི་ཐབ་ཏུ་བསྲེག་གོ་ཞེས་སྡིགས་པས། དེ་རྣམས་ཐུལ་ཏེ་སློབ་དཔོན་གྱིས་ཅི་གསུངས་བསྒྲུབ་པར་ཁགས་བླངས་སོ། དེ་རྣམས་ལ་སྔགས་འཆང་མའི་གཙོ་མོ་གཞན་ཐམས་ཅད་ཀྱང་བསྡུར་བཅུག་ནས་ཐམས་ཅད་འདུས་པ་ལ་ཆོས་བསྟན་ཏེ་དམ་བཞག་དང་པོ་མཛད་དོ། ལན་ཅིག་སློབ་དཔོན་གྲོང་ཁྱེར་དུ་བཞུད་པ་ལ། སྔགས་འཆང་མ་མང་པོས་འཛམ་བུའི་གླིང་གི་མི་མང་པོ་ཁྲིད་ནས་ཟ་བར་གཟིགས་ཏེ། ཡང་བྲག་པུག་ཅིག་ཏུ་ཁྲོ་བོའི་དཀྱིལ་འཁོར་ཆེན་པོར་བཞེངས་མཁའ་འགྲོ་མ་ཐམས་ཅད་དང་དབང་མེད་དུ་བཀུག་ནས་བསྡིགས་པས། དེ་རྣམས་འབྲོས་པར་བརྩམས་པ་ལས། ཐམས་ཅད་ཀྱི་ཡན་ལག་ལ་ཕུར་བུས་(སྟོད་ཆ།༢༠༦)བཏབ། ཕྱིན་ཆད་འཛམ་བུའི་གླིང་གི་མི་རྣམས་ལ་གནོད་པ་མི་བྱེད་པའི་མནའ་བོར་རོ། དུས་གཞན་ཞིག་ན་མགྲོན་ཁང་ཞིག་ཏུ་བོན་པས་དེ་ན་བུད་མེད་མང་པོས་ཆུ་བསྐོལ་གྱིན་འདུག་པ། ཇི་ཞིག་ན་ཆུ་རྣམས་ལ་ལ་ཁྲག་ཏུ་འགྲོ་ལ་ལ་ཚིལ་དུ་འགྲོ། ལ་ལ་ཐིག་ལེར་འགྲོ། ལ་ལ་ཤ་ཆེན་དུ་འགྲོ། ལ་ལ་མར་ཁུར་འགྲོ། ལ་ལ་བུ་རམ་དུ་འགྲོ། ལ་ལ་འབྲུ་ཅན་དུ་འགྲོ། ལ་ལ་ཆང ་དུ་འགྲོ་བ་སོགས་གཟིགས་ནས། དེ་རྣམས་ལ་དྲིས་པས། སློབ་དཔོན་ཡིན་པར་ངོ་མ་ཤེས་ཏེ། འདི་དག་ནི་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ལུས་བཅུད་དང་ཟས་བཅུད་བཀུག་པ་ཡིན་ཟེར། ཁྱོད་རྣམས་ཀྱིས་སློབ་དཔོན་པདྨ་ཀ་རའི་དྲུང་དུ་མའ་བོར་བ་མ་ཡིན་ནམ་བྱས་པས། ངེད་རྣམས་ཀྱི་དཔོན་མོས་མནའ་བོར་ཡང་ཁོ་མོ་ཅག་གིས་མ་བོར་རོ་ཟེར་བས། ཡང་སྔར་གྱི་རི་ཕུག་དེར་དཀྱིལ་འཁོར་གྱིས་སྔགས་འཆང་མ་གཙོ་འཁོར་ཐམས་ཅད་བསྡུས་པས་འབུམ་ཕྲག་བཅུ་གཉིས་བྱུང་སྐད་དོ། ཐམས་ཅད་ཀྱི་སྲོག་སྔགས་དང་སྒྲུབ་ཐབས་བླངས་གཙོ་མོ་རྣམས་དཀྱིལ་འཁོར་དུ་བཅུག་འཁོར་རྣམས་ལ་སེམས་བསྐྱེད་ཕོག །གཞན་ཡང་ཡུལ་དེའི་གནོད་སྦྱིན་དང་སྲིན་པོ་དང་ཀླུ་གདུག་པ་ཅན་རྣམས་བཏུལ། ཡི་དྭགས་སརྦཱ་རེ་ཞེས་བྱ་བ་ཡུལ་དེའི་རྒྱལ་པོའི་ཕ་ལྷ་གདུག་རྩུབ་ཆེ་བ་ཞིག་ཡོད་པ་དེ་ཡང་བཏུལ། སངས་རྒྱས་ཀྱི་བསྟན་པ་དར་བའི་ཕྱིར། མི་རྣམས་ཀྱང་འདུལ་དགོས་པར་དགོངས་ཏེ། རྒྱལ་པོའི་ཕོ་བྲང་དང་ཉེ་བའི་ནགས་ཤིག་ཏུ་བཞུགས། དེར་རྒྱལ་པོའི་བཙུན་མོ་ཐམས་ཅད་དཀྱིལ་འཁོར་མཆོད་པའི་གཟུངས་མའི་དོན་དུ་ཏིང་ངེ་འཛིན་གྱི་མཐུས་ཡང་ཡང་བཀུག་པས་རྒྱལ་པོས་(སྟོད་ཆ།༢༠༧)ཀྱང་བཙུན་མོ་རྣམས་མི་སྡོང་པར་ཤེས་ནས། ཕལ་པའི་གཟུགས་སུ་བསྒྱུར་ནས་ཕྱི་བཞིན་དུ་འབྲངས་པས། སློབ་དཔོན་གྱི་མཐའ་བསྐོར་ནས་འདུག་པ་མཐོང་ངོ་། ནང་པར་རྒྱལ་པོ་དམག་དང་བཅས་པས་མཚོན་སྣ་ཚོགས་ཐོགས་ཏེ་སློབ་དཔོན་འཇོམས་དུ་འོངས་པ་ན། སློབ་དཔོན་གྱིས་ཡུངས་ཀར་གཏོར་བས་རྒྱལ་པོའི་འཁོར་གྱི་གོ་ཆ་དང་མཚོན་ཆ་རྣམས་ནི་ཚིག །མི་ཐམས་ཅད་ཀྱང་ཡན་ལག་ཁྲག་ཟག་ཅིང་ལུས་རེངས། ངག་ལྐུགས། སེམས་མྱོས་ཏེ་ཟག་གསུམ་ལུས། དེ་ནས་འཆི་བ་ལ་ཐུག་པ་ན། སྐྱེ་བོ་ཐམས་ཅད་ཀྱིས་གསོལ་བ་བཏབ་པས། སློབ་དཔོན་གྱིས་བུམ་པའི་ཆུས་བཀྲུས་པས་སྐད་ཅིག་ལ་ཐམས་ཅད་གོས་སོ། དེ་ནས་རྒྱལ་པོ་འཁོར་བཅ་སཀྱིས་ཀྱང་ཞབས་ལ་ཕྱག་བཙལ་སློབ་དཔོན་ཅི་གསུངས་བཞིན་དུསགརུབ་པར་བྱས་པས་སངས་རྒྱས་ཀྱི་བསྟན་པ་ཚུགས་ཤིག་གསུངས། ཡུལ་དབུས་མ་གདྷ་ནས་སྡེ་སྣོད་གསུམ་གྱི་མཁན་པོ་སྤྱན་དྲངས། དྷི་དྷ་ཞེས་པ་དང་། ཨཛྙ་ཞེས་པ་དང་། སུ་དྷཱ་ཞེས་པ་སྟེ་གཙུག་ལག་ཁང་གསུམ་བཞེངས། རབ་གནས་སློབ་དཔོན་གྱིས་མཛད། སྡེ་སྣོད་གསུམ་གྱི་བཤད་པ་དང་ལག་ལེན་རྐང་ཚུགས་པ་བཙུགས། རྒྱལ་པོ་འཁོར་བཅས་ལ་གསང་སྔགས་ཀྱི་ཆོས་ཀྱི་གདམས་པ་མང་དུ་གསུངས། སྐལ་བ་དང་ལྡན་པའི་སློབ་མ་དྲུག་ལ་རྒྱུད་དྲུག་བཤད། རྫོགས་རིམ་དང་ལས་ཚོགས་མང་དུ་གསུངས། སློབ་མ་དྲུག་པོས་ཀྱང་གྲུབ་པ་ཐོབ་བོ། ཡུལ་སོ་སོ་ན་ལྷ་ཁང་ཆུང་ངུ་ལྔ་བརྒྱ་ཙམ་བཞེངས་ཏེ་ཐམས་ཅད་ཆུ་ཚོད་གཅིག་ལ་དུས་གཅིག་ཏུ་གྲུབ་པ་ཡིན་སྐད། དེ་ལྟར་ཡུལ་དེར་ལོ་བཅུ་གནིས་ཙམ་བཞུགས་ནས་ལྷོ་ནུབ་རྔ་ཡབ་སྲིན་པོའི་གླིང་དུ་བཞུད་དེ་ཟེར། འགྲོ་ལྡིང་གི་གླིང་དེ་ན། བཤད་སྒྲུབ་(སྟོད་ཆ།༢༠༨)བྱེད་ཚལ་སློབ་དཔོན་འདིའི་ལུགས་ཁོ་ན་ཡིན་ལ། དགྱེས་རྡོར། ཟླ་གསང་ཐིག་ལེ། དཔལ་མཆོག་རྣམས་ཤིན་ཏུ་དར་ཞིང་། གཞན་ཡང་རྡོ་རྗེ་ཕུར་པ། ཁྲོ་བཅུའི་རྒྱུད། རྟ་མགྲིན། ཡང་དག །མ་མོའི་སྐོར་སོགས་རྒྱ་གར་ན་མ་གྲགས་པའི་རྒྱུད་སྡེ་མང་པོའང་ཡོད་དེ། དུས་ཕྱིས་རྒྱ་གར་གྱི་སློབ་དཔོན་བུདྡྷ་ནཱ་ཐ་གུ་སྟ་དེར་ཕེབས་ཤིག་སློབ་དཔོན་པདྨའི་ལུགས་ཀྱི་བདེ་མཆོག་དང་ཀྱཻ་རྡོ་རྗེ་སོགས་དང་རྒྱུད་ཀྱི་བཤད་པ་མང་པོའང་གསན། ཡུལ་དེར་དེང་སང་ཡང་རྒྱུད་སྡེ་བཞིའི་སྒོམ་སྒྲུབ་དང་ཉན་བཤད་ཐམས་ཅད་སློབ་དཔོན་པདྨའི་ལུགས་ཉིད་ཤིན་ཏུ་དར་ལ། མཁའ་འགྲོ་མ་རྣམས་དམ་བཞག་དང་པོ་མཛད་པའི་གནས་དེ་ལ་སཪྠ་ཟེར། བྲག་ལ་ཕྱག་གིས་བཅོས་པའི་མེ་ཐབ་ཀྱང་ཡོད། དམ་བཞག་ཕྱི་མ་གཉིས་མཛད་པའི་གནས་ལ་ཨཝ་སྠ་ཟེར་ཏེ། མཁའ་འགྲོ་མ་རྣམས་ལ་ཕུར་བུས་བཏབ་པའི་ཕུར་བུའི་རྗེས་སྟོང་ཕྲག་ཙམ་དང་། གྲུབ་པའི་ཕུར་བུ་དེ་རྣམས་སྐྱེ་བོ་ཕལ་པའི་སྤྱོད་ཡུལ་དུ་མི་སྡོད་པས། གཞན་རྣམས་ཡང་ཀྱང་། གཅིག་མ་འོངས་པའི་སེམས་ཅན་ཡོད་ཆེས་པའི་དོན་དུ་ཡེ་ཤེས་པ་སློབ་དཔོན་གྱི་སྐུ་ལ་བསྟིམས་ནས་རྫས་ཀྱི་ཕུར་བུ་བཞག་པ་ཡིན་ཟེར་བ་རྒྱུ་རྡོ་ཤིང་ཟངས་ལྕགས་སོགས་གང་དུ་ཡང་མཚོན་དུ་མེད་པ། བཅོས་མ་མི་འདྲ་བ་རང་བྱོན་ལྟ་བུ་ཆེ་ཚད་མའི་བོངས་སུམ་འགྱུར་ཙམ་ཞིག་ཡོད་ཅིང་། དེ་ཡང་དང་པོ་ཤིང་ལ་བཅོས་པའི་ཕུར་བུ་ཆུང་ངུ་རེ་ཡོད་པ་ལ། དེ་འགྲུབ་པའི་དུས་རབ་ཏུ་འཕེལ་ཞིང་ཆེ་ཆུང་བློས་གང་བྱས་སུ་འགྲོ་བ་འགྲོ་འོད་དང་གསུང་གི་སྣང་བ་སོགས་ལྷ་དངོས་དང་འདྲ་བ་འབར་འཕྲེང་འཁྲིགས་པ་ཞིག་ཏུ་གྱུར་ལ། དེ་སྐབས་ཕྲ་མེན་སྔགས་འཆང་མའི་གཙོ་མོ་ཞིག་ལུས་རི་རྒྱལ་(སྟོད་ཆ།༢༠༩)ཙམ་དུ་བསྒྱུར་ནས་འབྲོས་པར་བརྩམས་པ་ལ། ཕུར་བུ་དེ་རི་རབ་ཙམ་དུ་གྱུར་ནས་བཏབ། སླར་ཡེ་ཤེས་པ་སློབ་དཔོན་གྱི་སྐུ་ལ་བསྟིམས་པས། འོད་འཕྲོ་བ་དང་མེ་འབར་བ་སོགས་ཞི་ནས། ལྷག་རོ་ལུས་པའི་ཚུལ་དུ་དེ་ལྟར་གྱུར་སྐད་དོ། ཞན་ཡང་སློབ་དཔོན་འདིས། ཧུར་ལུ་ཛུ་ཞེས་ཞེས་པའི་གླིང་དང་། སི་ཀ་དྷ་ར་དང་། དྷ་ན་ཀོ་ཤ་དང་། རུག་མ་ལ་སོགས་པའི་ཡུལ་རྣམས་སུ་བྱོན་ནས་འགྲོ་བའི་དོན་མཛད་ཅེས་འཕགས་ཡུལ་དུ་གྲགས་ཀྱང་ལོ་རྒྱུས་མ་འཚལ་ལོ། གཞན་ཡང་རྒྱ་མོན་མཚམས་ཤིག་ན་སྒྲི་རྡོ་ཟེར་བའི་ཀླ་ཀློ་ལོངས་སྤྱོད་ཀྱི་གཙོ་བོ་བ་མེན་ལ་བྱེད་པ་ཞིག་ཡོད་དེ། སྔོན་སྲིན་བོ་མིའི་ཤ་ཁྲག་ལ་ལོངས་སྤྱོད་ཅིང་ཟ་བའི་རྫུ་འཕྲུལ་ཅན་གྱི་རིགས་ཡིན་པ་ལ་སློབ་དཔོན་གྱིས་རྫུ་འཕྲུལ་གྱིས་བཏུལ་ནས་དམ་འོག་ཏུ་བཅུག་པས། ད་ལྟའང་དམ་འོག་ཏུ་བཅུག་པའི་རྟགས་ཡིན་ཟེར་ནས། རྐང་ལག་གི་ངར་པ་ཚོར་རྩིད་སྐུད་ཀྱིས་དཀྲིས། མི་ཤ་མི་ཟ་བར་བཀར་བཏགས་ཚེ། བདག་ཅག་གིས་ལྟོ་མི་རྙེད་བྱས་པས། སློབ་དཔོན་གུ་རུས་ནམ་མཁའ་ནས་བ་མེན་ཕོ་མོའི་ས་བོན་བཀུག་ནས་འདིའི་འོ་མ་ལ་ལོངས་སྤྱོད་ཅེས་ལྟོ་སྐལ་དུ་བྱིན་པ་ཡིན་ཟེར། བ་མེན་གྱི་འོ་མ་ལ་ལོངས་སྤྱོད་པའི་སྡེ་རྒྱ་མོན་མཚམས་སུ་ཡོད་ལ། ཡང་ལྷོར་གྱི་ཡུལ་དུ་རྒྱལ་པོ་ཇི་ཆེ་མེར་གན་ཟེར་བ་མངོན་ཤེས་དང་རྫུ་འཕྲུལ་ཅན་ཞིག་བྱུག་སྟེ་ད་ལྟ་སྟིན་པོའི་ཁ་ནོན་དུ་བཞུགས་ཟེར་ཏེ་སློབ་དཔོན་འདི་ཡིན་ཟེར་རོ། གཞན་ཡང་ཤར་ཕྱོགས་སུ་མཐའ་འཁོབ་ཀྱི་ཡུལ་དང་ཡུལ་ཕྲན་མང་པོའི་སྤྱིའི་མིང་ཀོ་ཀིའི་ཡུལ་དུ་གྲགས་པ་དང་། ལྷོ་ཕྱོགས་སུ་ཌཱ་མི་ཌོ་པ་དང་། དྷ་ན་ཤྲཱིའི་གླིང་དང་། ཙནྡྲ་དྭི་པ་ལ་སོགས་པ་དང་། བྱང་གི་ཕྱོགས་སུ་གུ་ཛི་རཱ་ཐ་སོགས་ཅི་རིགས་པར་ཐེག་པ་ཆེ་ཆུང་དང་གསང་(སྟོད་ཆ།༢༡༠)སྔགས་ཀྱི་བསྟན་པ་སྔོན་ནས་དར་བ་མ་ཉམས་པ་དང་། གསར་དུ་བྱུང་བ་སོགས་ད་ལྟ་འང་བསྟན་པ་རྣལ་མ་བཞུགས་པ་གསང་སྔགས་པ་རྣམས་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞབས་ཀྱི་བཀའ་སྲོལ་འཛིན་པ་ཤས་ཆེ་བ་ཡོད་པར་གྲགས་སོ། གཞན་ཡང་སངས་རྒྱས་མྱ་ངན་ལས་འདས་ནས་བྱོན་པའི་ཆོས་རྒྱལ་མྱ་ངན་མེད་དུ་འདུལ་བའི་དགེ་ཚུལ་དེ་དང་དགེ་སློང་དབང་པོའི་སྡེ་དེ་ཡང་སློབ་དཔོན་གྱི་སྤྲུལ་པ་ཡིན་ཏེ། སྤྱོད་ཡུལ་རྣམ་པར་འཕྲུལ་པའི་མདོ་ལས། མྱ་ངན་ལས་འདས་ནས་རྒྱལ་པོ་མ་སྐྱེས་དགྲའི་སྐལ་བའི་རིང་བསྲེལ་དང་མདོ་འདི་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་སུ་མ་འོངས་པ་ན་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་འབྱུང་བ་དེའི་དོན་དུ་སྦེད་པར་འགྱུར་ལ། དེའི་ཚེ་དགེ་སློང་དབང་པོའི་སྡེ་ཞེས་བྱ་བས་ཕྱུངས་ཏེ་མདོ་སྡེ་འདིས་རྒྱལ་པོ་དེ་འདུལ་ཞིང་། རྒྱལ་པོ་དེས་རིང་བསྲེལ་ཅན་གྱི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བྱེད་པར་འགྱུར་ཞིང་། དགེ་སློང་དེས་མདོ་སྡེ་འདི་བྱང་ཕྱོགས་སུ་འཇོག་པར་འགྱུར་མོད་ཀྱི། སུས་ཀྱང་ཤེས་པར་མི་འགྱུར་རོ། ཞེས་གསུངས་པས། ཡང་ཨོ་རྒྱན་དྷརྨ་གཉྫི་ལས་དགྱེས་རྡོར་གྱི་རྒྱུད་སྤྱན་འདྲེན་པ་པོ་སློབ་དཔོན་མཚོ་སྐྱེས་སུ་གྲགས་པ་དེ་ཡང་སློབ་དཔོན་འདི་ཉིད་ཡིན་ལ། དུས་ཕྱིས་བོད་དུ་བྱོན་པའི་ཇོ་བོ་མི་ཏྲ་ཛོ་ཀིའང་སློབ་དཔོན་ཉིད་ཡིན་ཏེ། བོད་དུ་བྱོན་དུས་གསེར་གྱི་པ་ཏྲ་ལ་གཡུ་ཡི་ཕྲ་བཏབས་པ་ཞིག་གཏེར་བཏོན་ནས་ཚོགས་ཀྱི་ཆ་རྐྱེན་མཛད་ནས་དམར་པོ་རིར་ཐུགས་རྗེ་ཆེན་པོའི་སྒྲུབ་མཆོད་མཛད་པའི་ཚེ། གསེར་གྱི་པ་ཏྲ་གཏེར་ནས་འདོན་པ་ཇི་ལྟར་ལགས་ཞུས་པས། སྔོན་བསམ་ཡས་སུ་ས་གཞི་འདུལ་དུ་འོང་བའི་དུས། རྒྱལ་(སྟོད་ཆ།༢༡༡)པོས་མགུལ་རྒྱན་ཕུལ་བ་སྦས་པ་ཡིན་གསུངས། འོ་ན་ཁྱེད་སློབ་དཔོན་པདྨ་ལགས་སམ་ཞུས་པས། ཅི་ཡང་མི་གསུང་བར་ཞལ་འཛུམ་པར་མཛད་ནས་ཕྱག་མཛུབ་ཉི་མ་གཏད་པར་མཛད་། ཡང་བསམ་ཡ་ས་སུ་བྱོན་དུས་རྣམ་སྣང་གི་དབུ་ཐོག་ཏུ་སྐྱིལ་ཀྲུང་མཛད་ནས་བཞུགས་པས། དཀོན་གཉེར་ཁྲོས་ནས་ཕབ་པར་བརྩམས་པའི་ཚེ་དེར་ཡོད་རྗེ་འབངས་ཀུན་གྱིས་སློབ་དཔོན་པདྨ་རུ་མཐོང་། ཇོ་བོ་ལྷ་བཙུན་གྱིས་ཁྱེད་སློབ་དཔོན་པདྨ་ཡིན་པར་འདུག་ཞུས་པས། པདྨ་འབྱུང་གནས་ཟེར་བ་དེ་ཨོ་རྒྱན་དུ་ཤི། དེའི་རོ་ཟོས་པས་ང་རེད་པ་ཡིན་གསུངས་སོ། གཞན་ཡང་། ཌོམྦི་པ་དང་། བཱི་རུ་པ་དང་། ནག་པོ་སྤྱོད་པ་ཆེན་པོ་ལ་སོགས་པ་རྣམས་ཀྱང་སློབ་དཔོན་ཉིད་སྐུའི་རྣམ་པ་གཞན་དང་མཚན་གཞན་གྱིས་ཡུལ་ཅི་རིགས་པར་འགྲོ་དོན་མ་ངེས་པར་མཛད་པར་གྲུབ་ལ། དེ་དག་ཀྱང་རྣམ་པ་འདི་དང་མཚན་འདིས་མཚོན་པའི་རྣམ་ཐར་གྱི་དབང་དུ་བྱས་པ་ཡིན་མོད། དངོས་རྒྱུད་ཀྱི་ཁྱད་པར་ཙམ་མ་གཏོགས་སྤྲུལ་པའི་སྐུ་འདི་ཉིད་ཀྱི་གདུལ་བྱའི་ཞིང་དུ་མ་གྱུར་པ་གཅིག་ཀྱང་མེད་པའི་ཕྱིར་ཟུང་འཇུག་གི་གོ་འཕང་ལ་བཞུགས་པ་རྣམས་ཀྱི་རྣམ་པར་ཐར་པའི་མཐའ་ནི་སུས་ཀྱང་བརྗོད་པར་མི་ནུས་སོ། གཞན་ཡང་རྒྱ་གར་ཤར་ནུབ་ལྷོ་དབུས་རྣམས་སུ་འགྲོ་དོན་ཅི་རིགས་པར་མཛད་ལ། དེ་ནས་ཆུ་གོ་གང་གཱའི་བྱང་ཕྱོགས་ནཱཻ་པ་ལའི་ཡུལ་ཕན་ཆད་དུ་འགྲོ་བའི་དོན་རྒྱ་ཆེར་མཛད། དེ་བས་ཀྱང་འགྲོ་ལྡིང་གི་ཡུལ་དུ་འགྲོ་དོན་ཆེ། དེ་བས་ཀྱང་བོད་ཀྱི་ཡུལ་དུ་འགྲོ་བའི་དོན་རྒྱ་ཆེ། དེ་ལས་ཀྱང་རྔ་ཡབ་གླིང་ཕྲན་སོགས་སུ་མི་མ་ཡིན་གྱི་འགྲོ་དོན་མཛད་པ་ཤིན་ཏུ་རྒྱ་ཆེས་ཆེ་བ་ཡིན་ཏེ། སྔ་མ་རྣམས་ནི་ཡུལ་ཉི་ཚེ་བ་དང་སྐྱེ་བོ་ཉུང་ངུ་ཙམ་དང་། དུས་ཀྱང་ལོ་གྲངས་(སྟོད་ཆ།༢༡༢)བརྒྱ་སྟོང་སྙེད་སོགས་ཡུན་ཐུང་དུ་ཅིག་ཡིན་ལ། ཕྱི་མ་འདི་ལ་ནི་ཡུལ་དུས་སྐྱེ་བོ་སོགས་ཚད་གཞལ་བར་དཀའ་བའི་ཕྱིར་སློབ་དཔོན་འདི་ཉིད་གཙོ་བོར་མི་མ་ཡིན་འདུལ་བའི་ཕྲིན་ལས་ཅན་ནོ། གཞན་ཡང་གྲུབ་ཐོབ་ཆེན་པོ་རྣམས་གདུལ་བྱ་ཕལ་གྱིས་མངོན་སུམ་དུ་མི་སྣང་བར་ཡུན་རིང་པོར་སོང་བ་ན་སླར་ཡང་སྣང་སྐུ་སྣང་བར་མཛད་ནས་དུས་རིང་པོར་བཞུགས་པ་དང་། སྐབས་རེརེ་ཡུལ་ལ་ལར་མི་སྣང་བར་ལ་ལར་སྣང་བ་དང་། ཁ་ཅིག་ཏུ་འཕོ་ཚུལ་མདད་ནས་ཁ་ཅིག་ཏུ་སྐྱེ་བར་སྟོན་པ་སོགས་རྣམ་འཕྲུལ་མཐའ་ཡས་པའི་ཕྱིར་སྔོན་བཱི་རུ་པ་མི་སྣང་བར་གྱུར་ནས་སླར་ཡང་སྐུ་དངོས་ཀྱིས་ལན་གསུམ་དུ་བྱོན་པ་དང་། ཛ་ལན་དྷ་རི་པ་ལན་ལྔ་བྱོན་པ་དང་། སྤྱོད་པ་བ་ཆེན་པོ་དེ་བཱི་ཀོ་ཊེ་གྲོངས་པའི་ཚུལ་མཛད་ནས་སློབ་མ་རྣམས་ཀྱིས་སྐུ་གདུང་བསྲེགས་པ་བཅས་གྲུབ་པ་ན་སླར་ཡང་ཡུལ་གཞན་དུ་སྔ་མའི་སྐུ་དེ་ཉིད་ཀྱིས་འགྲོ་དོན་མཛད་པ་དང་ཡུལ་ལ་ལར་སྐྱེ་བ་གསར་དུ་བཟུང་ནས་མཆོག་གི་དངོས་གྲུབ་བརྙེས་པའི་ཚུལ་མཛད་པར་གྲགས་པ་སོགས་ལ་སོ་སྐྱེའི་སྣང་ཚུལ་དང་བསྟུན་པའི་དུས་སྔ་ཕྱི་དང་གནས་ཡུལ་སོགས་ཁྲིག་ཁྲིག་ཀང་ཀང་སྒྲིག་ཏུ་མི་བཏུབ་ཅིང་ཕལ་པའི་རྣམ་གཞག་རྒྱལ་པོ་ལ་འགྲིགས་པའི་སྐབས་མེད་པ་བཞིན་ནོ། དེ་ཡང་སློབ་དཔོན་འདིའི་རྣམ་པར་ཐར་པ་ཐང་ཡིག་ཆེན་མོ་སོགས་གཏེར་ཁ་སོ་སོ་ནས་བྱུང་བ་དང་ཕུར་པ་བཀའ་མ་དང་རྟ་མགྲིན་སོགས་ཀྱི་ལོ་རྒྱུས་ལས་བྱུང་བ་ཟབ་ཅིང་རྒྱ་ཆེ་བ་མང་དུ་ཡོད་མོད་ཀྱང་འདིར་བྲི་བར་མ་ལོངས། འོན་ཏེ། སྤྱིར་སློབ་དཔོན་ཆེན་པོ་འདི་ཡོངས་གྲགས་བརྫུས་སྐྱེས་སུ་བཞེད་པས་མངལ་སྐྱེས་སུ་གླེང་བ་ན་རང་ཕྱོགས་ཐོས་ཆུང་ཁ་ཅིག་སྲོག་འགག་པ་ཙམ་བྱེད་པ་དང་། ཕྱིས་ཀྱི་མཁས་རློམ་འགའ་ཞིག་གིས་གང་ཟག་(སྟོད་ཆ།༢༡༣)རང་རྒྱུད་པ་ཞིག་གི་རྣམ་ཐར་ལྟར་ཡུལ་དུས་སོགས་མི་འགྲིག་བཞིན་དུ་ནན་གྱིས་སྒྲིག་པར་བྱེད་པ་སོགས་མཐོང་བས། ཇི་ལྟར་སྣང་ཡང་སྤྲུལ་པ་སྒྱུ་མ་ལྟ་བུས་འགྲོ་བའི་དོན་བྱེད་པ་སྟེ་རྣམ་འཕྲུལ་བསམ་མི་ཁྱབ་པའི་རོལ་པ་ལ་དབང་འབྱོར་བའི་ཕྱིར་ནམ་ཡང་འགལ་བར་མི་འདུ་བའི་ཚུལ་ཤེས་པའི་ཆེད་དུ་ཕྱོགས་གཉིས་ཀ་མདོ་ཙམ་སྨྲས་པ་ཡིན་ནོ། བོད་དུ་བྱོན་ཚུལ་ནི་གཤམ་དུ་འཆད་འགྱུར་ལས་འབྱུང་ངོ་། ༤ བོད་ཁ་བ་ཅན་གྱི་ལྗོངས་སུ་བསྟན་པ་ཇི་ལྟར་བྱོན་ཚུལ་དང་། བོད་ཀྱི་སྣོད་བཅུད་ཀྱི་གྲུབ་ཚུལ། རྒྱལ་བློན་གྱི་ལོ་རྒྱུས་བཅས་ཀྱི་སྐོར། དེ་ནས་རི་ཁ་བ་ཅན་གྱི་ཁོངས་སུ་བསྟན་པ་རིན་པོ་ཆེ་འདི་ཉིད་ཇི་ལྟར་བྱོན་ཅིང་བསྐྱངས་པའི་ཚུལ་ནི། ལྗོངས་འདིར་རྒྱལ་བའི་བསྟན་པ་དར་བའི་རྒྱུ་ནི་སློབ་དཔོན་ཆེན་པོ་པདྨའི་ཞབས་ཀྱི་བཀའ་དྲིན་ཁོ་ན་ལས་ཏེ། ཐོག་མར་ཆོས་བྱར་མ་བཏུབ་པ་ལ་སྒོ་དུ་མ་ནས་དམ་པའི་ཆོས་བྱར་བཏུབ་པའི་སྣོད་དུ་བྱིན་གྱིས་བརླབས་ཤིང་། གདོད་གཙུག་ལག་ཁང་བཞེངས། དེ་ནས་མདོ་དང་སྔགས་ཀྱི་གྲྭ་བཙུགས་ནས་བསྟན་པ་དངོས་གཞི་དར་བར་མཛད་པ་ཡིན་ཏེ། དེ་ཡང་བཀའ་རྩིས་ལས། རྡོ་རྗེ་གདན་ལ་མཉམ་བཞག་གནས་པའི་ཚེ༔ སྤྱན་རས་གཟིགས་ཀྱིས་རབ་བསྐུལ་བོད་མཆིས་ཀྱང་༔ བོན་གྱིས་དབང་བསྒྱུར་དམ་ཆོས་སྤེལ་དཀའ་ནས༔ ལྷ་གཤེན་ཐོད་དཀར་ཅེས་བྱར་སྐུ་སྤྲུལ་ཚེ༔ བོད་རྒྱལ་མཐོ་མཐོ་རི་ལ་བཀའ་རྟགས་སྩལ༔ ཆོས་ཕྱོགས་མོས་བསྒྱུར་དགེ་སྡིག་ངོ་ཤེས་ཤིང་༔ གཤེན་རབ་རྣམས་ཀྱང་(སྟོད་ཆ།༢༡༤)དཀར་ཆོག་བོན་བློར་བསྒྱུར༔ སླར་ལོག་རེ་བོ་ཏ་ལར་འོངས་ནས་ན༔ མ་ར་ཏི་ཀར་ཏན་ཏྲ་བཅོ་བརྒྱད་ཀྱི༔ དོན་བཀྲལ་དེ་ཚེ་སྤྲུལ་པ་བརྒྱད་བཀྱེས་ནས༔ ཨོ་རྒྱན་རྒྱ་གར་ཤར་ནུབ་དར་རྒྱས་བྱས༔ བོད་ཁམས་རྣམས་ཀྱང་རྒྱུ་འབྲས་ཆོས་གོ་ཙམ༔ གདུལ་བྱར་གཟིགས་ནས་ཆོས་རྒྱལ་སྤྲུལ་པར་བཀྱེས༔ དགེ་བཅུའི་ཁྲིམས་བཅས་དམ་ཆོས་སྲོལ་ཆེན་བཏོད༔ མཐའ་དབུས་གཙུག་ལག་བརྒྱ་དང་རྩ་བརྒྱད་བཞེངས༔ ཅེས་གསུངས་ཏེ། རྒྱལ་པོ་སྲོང་བཙན་སྒམ་པོའང་ཨོ་རྒྱན་ཉིད་ཡིན་ལ། ཡང་སྲོལ་བཙན་དུས་སུ་ཨོ་རྒྱན་ཤཱི་ཝ་མཉྫུ་ཞེས་པ་བྱུང་ཞེས་ཆོས་འབྱུང་ཁ་ཅིག་ལས་འབྱུང་ངོ་། དེ་ཡང་། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་མྱངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོག་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། ཞེས་དང་། གཞན་ཡང་ཟ་མ་ཏོག་བཀོད་པའི་མདོ། ཤེར་ཕྱིན་བརྒྱད་སྟོང་རྡོ་རྗེ་མཁའ་འགྲོའི་རྒྱུད་ལ་སོགས་ལུང་གི་ཕྲེང་བ་མང་པོ་ནས་མངོན་པར་བསྔགས་པའི་ཡུལ་ཀྱཻ་ལ་ཤའི་ར་བས་ཡོངས་སུ་བསྐོར་བའི་ལྗོངས་འདི་ནི་ཐོག་མར་དག་བྱེད་ཀྱི་ཕུང་པོས་ཡོངས་སུ་གཏམས་ཤིང་བཻཌཱུ)་སྔོན་པོའི་མཎྜལ་ཕྱིས་པ་ལྟ་བུའི་མཚོར་ཡོད་པ། རིམ་གྱིས་བྲི་ནས་ཤུག་པ་ལ་སོགས་པའི་རྩི་ཤིང་ནགས་ཚལ་སྡུག་པོས་ཁེངས་ནས་ཡུལ་དུ་གྱུར་པ་ནི་ཇི་སྐད་དུ་འཇམ་དཔལ་རྩ་རྒྱུད་ལེའུ་སོ་དྲུག་པའི་བདག་ཉིད་ཅན་ནས། ད་ཡི་དུས་ནས་ལོ་བརྒྱ་ན། ཁ་བ་ཅན་དུ་མཚོ་བྲི་ནས། སཱ་ལའི་ནགས་ནི་འབྱུང་བར་འགྱུར། ཞེས་སོ། འདིར་བོད་ཀྱི་མཁས་པ་ཕལ་ཆེ་བས། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པར་སྔོན་རྒྱལ་པོ་སྐྱ་བསེང་གི་བུ་ལྔ་དང་སྒྲ་(སྟོད་ཆ།༢༡༥)ངན་དཔུང་ཚོགས་བཅུ་གཉིས་འཐབ་པ་ན་རྒྱལ་པོ་རུ་པ་ཏེ་ཞེས་པ་འཁོར་བརྒྱ་དང་བཅས་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་བྲོས་པ་ལས་འཕེལ་བ་ལ་དེང་སང་ཡང་བོད་དུ་གྲགས་སོ། ཞེས་པ་ལྟར་སྨྲ་བར་བྱེད་དོ། དེ་ལ་དཔལ་གཙུག་ལག་པྲེང་བས། དེ་ནི་བོད་མི་མཐའ་དག་གི་ཁུངས་ནི་མ་ཡིན་ཏེ། ཞེས་དང་། དེ་དག་ནི་བོད་དང་ཉེ་བའི་མོན་ཡུལ་ཁ་ཅིག་ལ་བོད་ཀྱི་སྒྲ་བྱས་པ་དུ་མ་སྣང་བས་དེ་ལྟ་བུར་ཟད་དོ། ཞེས་སོགས་གསུངས་པས་དེ་ལྟར་འཐོད་པར་ཡང་སེམས་ཏེ། རྒྱལ་པོ་སྐྱ་བསེང་ནི་རྩོད་དུས་ཀྱི་ཐོག་མར་བྱུང་བར་གྲགས་པའི་ཕྱིར་སྟོན་པ་ལས་ཆེས་སྔ་བ་རྒྱ་ཆེ་རོལ་པའི་ལུང་གིས་ཀྱང་གྲུབ་ཏེ། དེ་ཡང་མདོ་དེར། བྱང་ཆུབ་སེམས་པ་རིགས་ལ་གཟིགས་པའི་སྐབས། ལྷའི་བུ་ཁ་ཅིག་གིས་གླང་པོའི་གྲོང་གི་རྒྱལ་པོ་སྐྱ་བསེང་གི་རིགས་རྒྱུད་ལས་སྐྱེས་ཤིང་གཞན་གྱི་ལྡེ་འཇོམས་པ་འདིར་རུང་ངོ་། ཁ་ཅིག་དེ་ནི་རིགས་རྒྱུད་རྣམ་པར་འཁྲུགས་ཏེ། ཞེས་སོགས་འབྱུང་བས་དེ་ལྟ་ན་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དང་འགལ་བའི་ཕྱིར་རོ། ཡང་ཁ་ཅིག་གིས་བོད་ཡུལ་ཡང་ཡུལ་གཞན་བཞིན་དུ་མི་དང་ཡུལ་སོགས་གདོད་ནས་ཡོད་པར་འདོད་པ་ལའང་ལུང་འདིས་གནོད་དོ། དེ་ཡང་བོད་འདིར་སྔོན་མ་གྲགས་པ་ཞིག་ལ་མཁས་ཁྱད་བྱེད་སྲོལ་ཞིག་འདུག་པ་མིན་ན། བོད་ཡུལ་གྱི་གཏམ་ཁུངས་སྲོང་བཙན་ཉིད་ཀྱི་མཛད་ཕྱིར། ཀ་བཀོལ་མ་དང་རྒྱལ་པོ་བཀའ་ཆེམས་སོགས་ལས་ཁུངས་བཙན་པ་གང་དུ་བཙལ། དེས་ན་དེ་དག་གི་དགོངས་པ་ཡོངས་གྲགས་ལྟར་འཆད་ན། དེ་ཡང་འདི་ལྟར་གྲགས་ཏེ། དང་པོ་མི་མ་ཡིན་གྱིས་རིམ་པར་བདག་ཏུ་བཟུང་ཞིང་། དེ་ཡང་ཐོག་མར་གནོད་སྦྱིན་གྱིས་བཟུང་སྟེ་ཡུལ་མིང་བཟང་ཡུལ་(སྟོད་ཆ།༢༡༦)རྒྱན་མེད་དང་། དེ་ནས་བདུད་ཀྱིས་བཟུང་སྟེ་བདུད་ཡུལ་ཁ་རག་མགོ་དགུ། དེ་ནས་སྲིན་པོས་བཟུང་ནས་སྲིན་པོ་ནག་པོ་དགུ་ཡུལ། དེ་ནས་ལྷས་བཟུང་སྟེ་ལྷ་ཡུལ་གུང་ཐང་། དེ་ནས་རྨུས་བཟུང་སྟེ་འཕྲང་ཅ་འཕྲང་། དེ་ནས་འདྲེས་བཟུང་སྟེ་ལང་ཐང་ལིང་ཐང་། དེ་ནས་མ་སངས་སྤུན་དགུས་བཟུང་སྟེ་བོད་ཁ་ཉ་དྲུག །དེ་ནས་ཀླུས་བཟུང་སྟེ་བོད་ཁམས་གླིང་དགུ། དེ་ནས་རྒྱལ་པོས་བཟུང་སྟེ་ངམ་པོ་རྩེ། དེ་ནས་འགོང་པོ་སྤུན་དགུས་བཟུང་སྟེ་སྟོང་སྡེ་བཅོ་བརྒྱད་ཅེས་ཡུལ་མི་ཐ་དད་དུ་གྲགས་པ་ལས། ཅི་ཞིག་ན་བདེ་བ་ཅན་དུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་འཕགས་པ་སྤྱན་རས་གཟིགས་ལ་བོད་གདུལ་བར་ལུང་བསྟན་པ་ལྟར་སྤྱན་རས་གཟིགས་ཀྱིས་ཕྱག་མཐིལ་གཡོན་ནས་འོད་ཟེར་སྤྲོས་ལས་སྤྲེའུ་ཞིག་སྤྲུལ། དེ་ལ་ཡོངས་རྫོགས་ཀྱི་དགེ་བསྙེན་བྱིན་ཏེ་བྱིན་གྱིས་བརླབས་ནས་ཁ་བ་ཅན་གྱི་རི་ལ་སྒོམ་དུ་བཏང་བས། དེ་བྲག་ལ་སྒོམ་པའི་ཚེ་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་ཞིག་འོངས་ཏེ་སྤྲེའུར་ཆགས་པའི་བརྡ་ཐབས་བསྟན་པ་ན། སྤྲེའུས་འཕགས་པའི་དགེ་བསྙེན་ཡིན་གྱི་ཁྱིམ་ཏཥས་བྱར་མི་རུང་བའི་ཚིག་གིས་བཀྲོལ་ཀྱང་བྲག་སྲིན་མོ་ལྡོག་ཏུ་མ་བཟོད་ནས་སྤྲེའུ་སྙིང་རྗེའི་བསམ་པས་པོ་ཊ་ལར་རྫུ་འཕྲུལ་གྱིས་བསྐྱོད་དོ། འཕགས་པས་སྤྲེའུ་ལ་གནང་བ་བྱིན་པ་ལྟར་སྔ་མའི་གནས་སུ་འདུག་པ་ལས། ཐོག་མར་སྤྲེའུ་ཕྲུག དེ་ནས་རིམ་གྱིས་མིར་གྱུར་པ་ལས་དེ་དག་ཆ་བཞིར་བགོས་པ། རིགས་སེད་རྨུ། ལྡོང་སྟོང་སྟེ་མིའུ་རིགས་བཞི་དང་། དབྲ་དང་འབྲུ་བསྣན་པས་དྲུག་ཏུའང་འགྱུར་ལ། གཞན་དུ་རིགས་དྲུག་ནས་ཚེ་འཕོས་པའི་སྤྱོད་ཚུལ་མི་འདྲ་བའི་ཕྲུག་གུ་དྲུག་བྱུང་བ་ཡང་། ཕ་རིགས་རྣམས་འཆར་སྒོ་མྱུར་ཞིང་སྙིང་རྗེ་ཆེ་བ་ཁག་གྲིམས་པ། མ་རིགས་(སྟོད་ཆ།༢༡༧)རྣམས་གདོང་དམར་སྡིག་ལས་ལ་རྔམས་ཤིག་རོ་གྱོང་བྱུང་བ་དེ་དག་ལས་རིམ་པར་འཕེལ་བས་བོད་མིའི་རྒྱལ་ཁམས་སུ་གྱུར་ཏེ། རུས་ཆེན་བཞི་ལས་གྱེས་པའི་ཁམས། ཡེ་སང་དཀར་པོ་གནམ་གྱི་འཇུ་ཐག་ཅན་དང་གཅིག་ཡེ་སྨོན་ནག་མོ་ཁྲོ་ཆུའི་ཕ་བོང་འདྲ་བ་དང་གཉིས། སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མེ་དང་གསུམ། མོན་རྫུ་ནག་པོ་ཁྱིའི་རྔ་ལྗང་ཅན་དང་བཞིར་དབྱེ་བ་བྱུང་། དེ་ལས་ཀྱང་རྒྱལ་ཕྲན་བཅུ་གཉིས་དང་། སིལ་མ་བཅུ་བཞི་ལ་སོགས་པས་རིམ་གྱིས་དབང་བྱས་ཀཡང་སྤྱི་ལ་དབང་བསྒྱུར་བ་ཞིག་མ་བྱུང་ན་སངས་རྒྱས་ཀྱི་བསྟན་པ་འབྱུང་དཀའ་བར་དགོངས་ནས། སྤྲུལ་པའི་བདག་ཉིད་ལི་ཙཱ་བིའི་རིགས་ལས་ཆད་པའི་བུ་གཅིག་བྱུང་བར་གྲགས་པ་ནི། འདི་སྐབས་འཆད་ཚུལ་ཞལ་མི་མཐུན་པ་མང་མོད་ཀྱི། གང་ལྟར་ཡང་འཇམ་དཔལ་རྩ་རྒྱུད་ཀྱི་ལུག་བསྟན་ལྟར་ན་རྒྱ་གར་གྱི་རྒྱལ་པོ་ཤཱཀྱ་ལི་ཙཱ་བིའི་རིགས་ཞིག་ལ་སྲས་མིག་མས་འགེབས་གཡུའི་སྨིན་མ་ཅན་དུང་སོ་འཁོར་མར་ཡོད་པ། ལག་པའི་མཐིལ་དུ་འཁོར་ལོའི་རི་མོ་ཡོད་པ་མི་ལས་འདས་པ་ཞིག་བཙས་པ། དེ་དག་གིས་ལྷ་འདྲེའི་སྤྲུལ་པ་ལྷ་བུར་དོགས་ནས་སྤྱུགས་པས་ལྷ་རི་གྱང་ཐོའི་རྩེར་བྱོན་ནས་གཟིགས་པས། དགེ་བཅུའི་མཚན་མ་ཕུན་སུམ་ཚོགས་པ་ཡུལ་ཡར་མོ་ཀླུང་། ཤམ་པོའི་གངས་རི་དཔྱད་བཟང་བར་མཁྱེན་ཅིང་གཟིགས་ནས་ལྷ་རི་རོལ་པའི་སྟེང་ནས་ལྷ་སྐས་བརྒྱུད་བཙན་ཐང་སྒོ་བཞིར་བྱོན་ཏེ། དེར་ཕྱུགས་སྐྱོང་བ་དག་གིས་མཐོང་སྟེ། དངོས་ལ་ཁྱོད་སུ་ཞིག་སྨྲས་པས། བཙན་པོ་ཞེས་དང་། གང་ནས་བྱོན་དྲིས་པས་གནམ་ལ་མཛུབ་མོ་བསྒྲེངས་པས་ལྷར་ངོས་བཟུང་། འདི་ནི་ཁོ་བོ་ཅག་གི་རྗེ་བོ་བྱེད་དོ་ཞེས་གཉའ་བར་ཁྲི་བྱས་ནས་གདན་དྲངས་པས་(སྟོད་ཆ།༢༡༨)གཉའ་ཁྲི་བཙན་པོར་གྲགས་ཏེ་རྗེ་ལ་སྔ་བ་ཡིན། བོན་རྣམས་རྨུ་ཐག་ལས་འོངས་ཟེར། དེའི་སྲས་མུ་ཁྲི་བཙན་པོ་ནས་རིམ་བཞིན། དེང་ཁྲི། སོ་ཁྲི། མེར་ཁྲི། གདགས་ཁྲི། སྲིབ་ཁྲི་བཙན་པོ་སྟེ་རྒྱལ་རབས་བདུན་པོ་འདི་ལ་གནམ་གྱི་ཁྲི་བདུན་ཟེར། སྲིབ་ཁྲི་བཙན་པོའི་སྲས་གྲི་གུམ་བཙན་པོ་ནས་བཟུང་། བྱ་ཁྲི་སྤུ་དེ་གུང་རྒྱལ་དེ་འདི་གཉིས་ལ་བར་གྱི་སྟེང་གཉིས་ཟེར། ཝུད་གུ་གུང་རྒྱལ་གྱི་སྲེས་ཨེ་ཤོ་ལེགས་ནས་བཟུང་། དེ་ཤོ་ལེགས། ཐི་ཤོ་ལེགས། གུང་རུ་ལེགས། འབྲོང་གཞིར་ལེགས། ཨི་ཤོ་ལེགས་ཏེ་དྲུག་པོ་འདི་ལས་ཡི་ལེགས་དྲུག་ཟེར། ཨི་ཤོ་ལེགས་ཀྱི་སྲས་ཟ་ནམ་ཟིན་སྡེ་ནས་བཟུང་། ལྡེ་འཕྲུལ་གནམ་གཞུང་བཙན། སེ་སྣོལ་གནམ་སྡེ། སེ་རྣོལ་སོ་སྡེ། སྡེ་སྣོལ་ནམ། སྡེ་རྣོལ་པོ། ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན་ཏེ་བརྒྱད་ལ་བར་གྱི་སྡེ་བརྒྱད་ཟེར། ལྡེ་སྤྲིན་བཙན་གྱི་སྲས་རྒྱལ་ཏེ་རི་ལུང་བཙན་ནས་བཟུང་། ཁྲི་བཙན་ནམ། ཁྲི་སྒྲ་དཔུང་བཙན། ཁྲི་ཐོག་རྗེ་བཙན། ལྷ་ཐོ་ཐོ་རི་གཉན་བཙན་དང་ལྔ་ལ་བཙན་ལྔ་ཟེར། འདི་ཡན་ཆད་ལ་བོད་ན་དམ་པའི་ཆོས་ཀྱི་མི་ཡང་མི་གྲགས་པར་ཆབ་སྲིད་གནམ་མཆོད་པ་སོགས་བོན་གྱི་ལུགས་སུ་བསྐྱངས་པ་ཡིན། ཐོ་ཐོ་རི་གཉན་བཙན་འདི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟག་པོའི་རྣམ་པར་འཕྲུལ་པ་ཡིན། དགུང་ལོ་བརྒྱད་ཅུའི་དུས་སུ་ཕོ་བྲང་ཡུམ་བུ་གླ་སྒང་གི་ཐོག་ལ་སྤང་ཀོང་ཕྱག་རྒྱ། གསེར་གྱི་མཆོད་རྟེན། སྤྱན་རས་གཟིགས་ཀྱི་མདོ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་མ་ཙྪནྡྷ་མ་ཎིའི་སྐོར་ཕོར་རྣམས་ནམ་མཁའ་ནས་བབས་པའི་བྱིན་རླབས་ཀྱིས་རྒྱལ་པོ་སླར་ཡང་སྐུ་གཞོན་ནུར་གྱུར་ནས་ལོ་བཞི་བཅུ་ཐུབ་པས་དགུང་ལོ་(སྟོད་ཆ།༢༡༩)བརྒྱ་དང་ཉི་ཤུ་བར་བཞུགས་ཤིང་། དེ་དུས་ཆོས་དང་མཆོད་རྟེན་གྱི་མིང་བོད་ཀྱིས་མི་ཤེས་པས་ནམ་མཁའ་ནས་བབས་པའི་རྟེན་དེ་རྣམས་ཀྱི་མཚན་ལ་གཉན་པོ་གསང་བར་བཏགས་ནས་མཛོད་པུག་ཏུ་བཟག་ནས་མཆོད་པ་བྱས། རྒྱལ་པོས་ད་ཕྱིན་མི་རབས་ལྒ་ནས་འདིའི་དོན་ཤེས་པའི་རྒྱལ་རྒྱུད་འོང་པར་ལུང་བསྟན། ཐོ་ཐོ་རི་གཉན་བཙན་གྱི་སྲས་ཁྲི་གན་བཟུང་བཙན་ནས་བཟུང་འབྲོ་གཉན་ལེའུ་དམུས་ལོང་དཀོན་པ་བཀྲཱམ་སྟག་རི་གཉན་གཟིགས་ཏེ་འདིས་བྲག་གསུམ་ལྡིང་མའི་མཚོ་འགྲམས་ནས་རྟ་མདོ་ཅང་ཤེས་རྙེད་པ་ཆིབས་ནས་ཕུང་གཡག་ཐལ་དཀར་རུ་རིང་བྱ་བའི་འབྲོང་བསྙད་པའི་ཤ་རྟ་སྒ་ལ་བཏགས་པ་ས་ལ་ལྷུང་བ་བླངས་ནས་ཟོས་པས་ཚྭ་བྲོ་བས་དེ་པར་བོད་ན་ཚ་ངོ་མི་སཻས་པར་དེ་ནས་ཚྭ་འདེབས་པའི་སྲོལ་དོད། སྟག་རི་གཉན་གཟིགས་ཀྱི་སྲས་གནམ་རི་སྲོང་བཙན་ཏེ་འདིའི་རིང་ལ། རྒྱ་ནག་ནས་རྩིས་དང་སྨན་བྱུང་ཞིང་། གངས་ཅན་རི་ཡི་ནག་གནས་པའི། རྒྱལ་པོ་མི་ཡི་ལྷ་ཞེས་པ། ལེ་ཙ་བྱི་རྣམས་རིགས་སུ་འབྱུང་། ཞེས་པ་ལྟར་རྒྱལ་པོ་གནམ་རི་སྲོང་བཙན་གྱི་སྲས་སུ་འཕགས་པ་སྤྱན་རས་གཟིགས་རྒྱལ་པོའི་ཚུལ་བཟུང་བ་སྲོང་བཙན་སྒོམ་པོ་འཁྲུངས། སྔ་མིང་། འཇིག་རྟེན་སྒྲོན་མེ་ཞེས་གྲགས་དང་། ལྷ་མོ་གོས་དཀར་མོ་དང་ནི། དཀར་མོ་ཆེན་པོ་གཞན་ཕན་བརྩོན། ཞེས་པ་ལྟར་ཇོ་ཤཀ་རྣམ་གཉིས་སྤྱན་འེན་པའི་ཕྱིར་དུ་འཇིག་རྟེན་མཐུན་འཇུག་གི་ཚུལ་དུ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་མོ་ཁྲི་བཙུན་དང་། སྒྲོལ་མ་དང་གཉིས་སུ་མེད་པའི་རྒྱ་མོ་བཟའ་འུ་ཤིང་ཀོ་ཇོ་གཉིས་ཁབ་ཏུ་བཞེས་པའི་རྫོངས་སུ་སངས་རྒྱས་དངོས་དང་(སྟོད་ཆ།༢༢༠) མཚུངས་པའི་ཤཱཀ་རྣམ་གཉིས་སྤྱན་དྲངས། ཐུ་མི་སམྦྷོ་ཊ་རྒྱ་གར་དུ་བརྫངས་ནས་སྔར་བོད་དུ་ཡི་གེ་མེད་པ་སཡི་གེ་འདྲི་ཀལོག་གི་སྲོལ་བཏོད་ཅིང་། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ལ་སོགས་པའི་བསྟན་བཅོས་བརྩམས། བོད་སྲིན་མོ་གན་རྐྱལ་གྱི་རྣམ་པ་རཡོད་པ་ལ་རས་ས་བསྐྱལ་ཞིང་། བཟོ་ཁྱད་ལས་འཕྲུལ་ལྟ་བུར་སྣང་བས་ར་ས་འཕྲུལ་སྣང་གྲགས་པས་མཚོན་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་བརྩིགས་ཤིང་ས་དགྲ་མནན། དགེ་བ་བཅུའི་ཁྲིམས་བཅས། ཀ་ཁོལ་མར། ཆོས་རྒྱལ་འདིའི་རིང་ལ་རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཀ་ར། བལ་་པོའི་སློབ་དཔོན་ཤི་ལ་མཉྫུ། རྒྱ་ནག་གི་སློབ་དཔོན་ཧཱ་ཤང་མ་ཧཱ་ཡཱ་ན་ལ་སོགས་སྤྱན་དྲངས་ནས་སྡེ་སྣོད་གསུམ་དང་། རྒྱུད་ཀྱི་ཆ་ལག་མང་ཙམ་བསྒྱུར་ཞིང་བསྟན་པའི་སྲོལ་བཏོད། དངོས་སུ་འཆད་ཉན་མ་བྱུང་ཡང་རྒྱལ་པོ་རང་གིས་སྐལ་ལྡན་མང་པོར་ལྐོག་ཆོས་ཀྱི་ཚུལ་དུ་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་གདམས་པ་ཕོག་པ་ལས། དེ་དག་གིས་ཉམས་སུ་བླངས་ཤིང་དེའི་ཚེ་ཐུགས་རྗེ་ཆེན་པོའི་རྣལ་་འབྱོར་སྤྱོད་པའི་རལ་པ་ཅན་བརྒྱ་ཕྲག་ཙམ་ཉང་བྲན་ཕ་ཝང་ཁར་བྱུང་བ་འང་བཤད་དོ། སྲོང་བཙན་སྒམ་པོའི་སྲས་གུང རི་གུང་བཙན་ནས་བཟུང་། མང་སྲོང་མང་བཙན། འདུས་སྲོང་མང་པོ་རྗེའམ་རླུང་ནམ་འཕྲུལ་གྱི་རྒྱལ་པོ། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་རྣམས་ཏེ། འདིའི་སྐུ་རིང་ལ་ཏི་སེ་ནས་རྒྱ་གར་གྱི་པཎྞི་ཏ་སངས་རྒྱས་གསང་བ་དང་སངས་རྒྱས་ཞི་བ་གཉིས་སྤྱན་དྲངས་པ་མ་བྱོན་ཀྱང་ཕོ་ཉ་བས་ཐེག་ཆེན་གྱི་མདོ་སྡེ་ལྔ་བློ་ལ་བཟུང་ནས་འོངས་པ་བཞེངས། རྒྱ་ཡུལ་ཀིམ་ཤི་ནས་གསེར་འོད་དང་། འདུལ་བ་ལས་རྣམ་འབྱེད་དང་(སྟོད་ཆ།༢༢༡)སྨན་དཔྱད་འགའ་ཞིག་བསྒྱུར། ལི་ཡུལ་ནས་རབ་བྱུང་མང་པོ་སྤྱན་དྲངས་ནས་མཆོད། རྒྱལ་པོ་འདིའི་སྲས་ཁྲི་སྲོང་ལྡེའུ་བཙན་ཡིན་ཏེ། རྒྱལ་རབས་དེ་རྣམས་ཀྱི་སྐུ་རིང་ལ་སྔ་ཕྱིར་བོད་ཀྱི་འཕྲུལ་བློན་མཛངས་པ་མི་བདུན་ཟེར་བ་བྱུང་སྟེ། གོང་གི་རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་དུས་འཕྲུལ་བློན་མཛངས་མི་དང་པོ་རུ་ལས་སྐྱེས་བྱུང་སྟེ། ཡན་ཆད་བོད་ལ་རྨོ་རྐོ་སོ་ནམ་མི་ཤེས་པར་བློན་པོ་འདིས་སོལ་བའི་མེ་བྱས་དེས་རྡོ་རྣམས་བཞུས་ནས་གསེར་དངུལ་ཟངས་ལྕགས་བཏོན། ལྕགས་ལ་འགར་བྱས། ཤིང་ལ་མིག་ཕུག་ནས་ཐོང་གཤོལ་དང་གཉའ་ཤིང་བྱས། ཆུ་ཡུར་བར་ཁྲིད་སྤང་ཐང་ཞིང་ལ་རྨོས། ཆུ་ཆེན་ལ་ཟམ་པ་བཙུགས་པ་སོགས་བྱས་ལོ་ཏོག་གི་སྔ་བ་འདི་ནས་བྱུང་བ་ཡིན། ཨི་ཤོ་ལེགས་ཀྱི་དུས་འཕྲུལ་བློན་མཛངས་མི་གཉིས་པ་ལྟ་བུ་མགོ་དཀར་བྱ་བ་བྱུང་སྟེ། ཞིང་ཆུ་མ་བྱས་ཞིང་གི་དོར་གྲངས་བརྩིས། ཕྱུག་དབུལ་གྱི་ཁྱད་པར་ཕྱེ་བར་བྱུང་། སྟག་རི་གཉན་གཟིགས་ཀྱི་དུས། འཕྲུལ་བློན་མཛངས་མི་གསུམ་པ་ཁྲོ་ངོར་སྣང་བཙུན་བྱུང་སྟེ། འདི་ཡན་ཆད་རྒྱ་འདོང་དམ་བྲེ་སྲང་དང་ཉོ་ཚོང་མི་ཤེས་པ་ལ། བློན་པོ་འདིས་བྲེ་ཕུལ། སྲང་ཉག་བཟོས། འབྲུ་རིགས་རྣམ་འདོང་མཇལ། ཡང་ལྗི་རྣམས་རྒྱ་འཇོག་དང་ཉོ་ཚོང་གི་སྲོལ་བཏོད། སྲོང་བཙན་སྒམ་པོའི་དུས་འཕྲུལ་བློན་མཛངས་མི་བཞི་པ་ཐོན་མི་སམྦྷོ་ཊ་བྱུང་སྟེ། དེ་ཡན་ཆད་བོད་ན་ཡི་གེ་དང་ཆོས་ཀྱི་ཉན་བཤད་མི་ཤེས་པར་ཆོས་བློན་འདིས་བོད་ཡིག་ཀ་ཁ་འབྲུ་སུམ་ཅུ་ལ་སོགས་པའི་ཡི་གེའི་གཟུགས་དང་བརྡ་སྤྲོད་པའི་བསྟན་བཅོས་བརྩམས། ཆོས་སྒྱུར་པའི་སྲོལ་བཏོད། འདི་དང་དུས་མཉམ་དུ་འཕྲུལ་(སྟོད་ཆ།༢༢༢)བློན་མཛངས་མི་ལྔ་པ་ཁྲི་བཟང་ཡང་སྟོན་གྱིས་དེ་ཡན་ཆད་བོད་ཀྱི་ཁང་པ་རི་ལ་ཡོད་པ་ལ་ཀླུང་དུ་ཕབ་ནས་གྲོང་པ་བཟོས། ས་བཙན་ལ་རྫོང་བརྩིགས་པ་སོགས་བྱས། གཞན་ཡང་ཆོས་རྒྱལ་འདི་ཡི་སྐུ་རིང་ལ་འཕྲུལ་བློན་བརྒྱ་ཐམ་པ་བྱུང་། མཐའ་བཞིའི་རྒྱལ་པོ་རྣམས་ཀྱི་ལོངས་སྤྱོད་དང་ལུང་ལས་ཀ་ཐམས་ཅད་ལ་དབང་བསྒྱུར། འདུསལ་སྲོང་མང་པོ་རྗེའི་དུས་རྩལ་པོ་ཆེའི་བློན་འབངས་མི་བདུན་བྱུང་སྟེ། རྔོག་རིང་ལ་ནག་པོས་གླང་པོ་ཆེ་ཁུར་ནུས། རྔོག་གླིང་ཁམས་ཀྱིས་བྱང་གཡག་ལྕོག །གནོན་རྒྱལ་མཚན་གྱིས་མདའ་སྟེའུ་ཁ་མས་བྱ་ཕྲ་འཕུར་ཞོར་གྱི་རྐང་པ་བཅད། སྦས་རྒོད་མདོངས་ཅན་གྱིས་མིག་རྒྱང་གསུམ་ལ་མདའ་རྒྱང་གང་རེས་སླེབས། མགོས་གཡག་ཆུང་གིས་ཤ་བའི་བླུད་བུ་བྱེ་མས་བཀང་སྟེ་ཀླད་ལ་བསྐོར། ཅོག་རོ་འབྲོང་བཤོར་གྱིས་འབྲོང་ཐུར་དུ་རྒྱུག་པ་གྱེན་དུ་འཐེན་ནུས། གནོན་ཁྲི་བདུན་གཡུ་བྱིན་གྱིས་རྟ་བཟང་པོ་གཡང་ལ་ལྷུང་བ་གྱེན་ལ་འཐེན་ཐུབ་པ་བྱུང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས། འཕྲུལ་བློན་མཛངས་མི་དྲུག་པ་མགོས་ཁྲི་བཟང་ཡབ་ལྷག་གིས་ཁྲིམས་དང་ཞལ་ལྕེའི་བཅད་ཁྲ་ཐམས་ཅད་མི་རེའི་ཁྲིམས་རེ་ལྟ་བུ་བྱེད་རྒྱུ་མེད་པར་ཁྲིམས་ལམ་གཅིག་ཏུ་རྒྱུག་ཆོག་པའི་ཡི་གེ་བྱང་བུ་བཞགས། དེ་དང་དུས་མཉམ་དུ་འཕྲུལ་བློན་མཛངས་མི་བདུན་པ་སྟག་བཙན་གདོང་གཟིགས་ཀྱིས་འབངས་མི་ཁྱིམ་རེ་ལ་རྟ་རེ། མཛོ་རེ། བ་རེ། གླང་རེ་ཚགས་དགོས་པ་དང་། དེ་དག་དགུན་གསོ་ཆོས་ཀྱི་རྩྭ་སྔོན་དབྱར་ཀ་ནས་ཚགས་བྱེད་དགོས་པའི་ཁྲིམས་བྱས་པས་རྩྭ་ཐུ་བའི་སྲོལ་འདི་ནས་ཚུགས་པ་ཡིན་ནོ། དེ་དག་ནི་འཕྲུལ་བློན་མཛངས་མི་བདུན་ནོ། །(སྟོད་ཆ།༢༢༣) དེ་ནས་རྒྱལ་པོ་དེ་རྣམས་ཀུན་ལས་ལྷག་པར་བོད་གངས་ཅན་གྱི་ལྗོངས་འདི་ན་སངས་རྒྱས་ཀྱི་བསྟན་པའི་ཉི་མ་ཤར་བར་མཛད་པ་པོ་ནི་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཡིན་ཏེ། ཆོས་ཀྱི་རྒྱལ་པོ་འདིའི་ལོ་རྒྱུས་ཅུང་ཟད་གླེང་ན། དེའི་ཚེ་བོད་ཀྱི་ཡུལ་གངས་རིའི་ར་བས་བརྒྱན་པ༄༅ི་ནག་བྲག་དམར་མཚོ་མའི་མགུལ་དང་ཉེ་བར། བསིལ་ཁང་གི་ཕོ་བྲང་ན། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དང་བཙུན་མོ་གྱིམ་ཤིང་ཀོང་ཇོ་གཉིས་རིན་པོ་ཆེའི་ཁྲི་ལ་གཟིམས་པའི་རྨི་ལམ་དུ་རྒྱ་ནག་པོའི་རི་བོ་རྩེ་ལྔ་ནས་འོད་ཉི་མ་ཤར་བ་ལྟ་བུའི་རྩེ་ལས་ཁྱེའུ་ཞིག་བྱུང་ནས་བཙུན་མོའི་ལྷུམས་སུ་ཞུགས་པ་རྨིས་ཏེ་རྒྱལ་པོ་ལ་བཤད་པས་ཧཱ་ཤང་མགོན་ཤེས་མཁན་ཞིག་བཞུགས་པ་ལ་དྲིས་པས། སྲས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སྤྲུལ་པ་ཞིག་འཁྲུངས་པའི་ལྟས་ལགས་པས་རིམ་འགྲོ་ཆེར་སྐྱེད་ཅེས་ཅིག་ཟེར་རོ། དེའི་ཚེ་ཕོ་བྲང་གི་བྱང་ཤར་དུ་ཚེ་དཔག་ཏུ་མེད་པའི་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་པའི་འཇིམ་པ་ལྷག་མ་ལས་མཆོད་རྟེན་གཅིག་བརྩིགས་པས་གཟུགས་མ་ཐུབ་ནས་གྲེས་ཐག་གིས་བསྡམས་པས་གླེད་པོར་ཤོར་ཞེས་ཐམས་ཅད་བཞད་གད་དིར་དིར་བྱུང་བས་དེའི་མིང་མཆོད་རྟེན་གླེད་པོ་གྲེས་ཐག་ཅན་ཞེས་གྲགས་ཤིང་རྒྱལ་པོ་སྐུ་ཚེ་རིང་བར་རྟོགས་སོ། དེ་ནས་སྣ་ཚོགས་ཞེས་པ་ཆུ་ཕོ་རྟའི་ལོའི་དཔྱད་ཟླ་ར་བའི་སྐར་མ་རྒྱལ་གྱི་ཉིན་པར་སྐུ་བལྟམས། དུས་དེར་རྒྱལ་པོའི་བཙུན་མོ་སྣ་ནམ་བཟའ་ཞི་སྟིང་གིས་ཀྱང་རྒྱལ་པོའི་སྲས་ཤིག་མངལ་དུ་ཆགས་པ་སྐད་ཟེར་ནས་ཀོང་ཇོའི་སྲས་ཕྲོགས་ཏེ་ཁོང་རང་ལས་སྐྱེས་པ་ལྟར་བྱས་པས། རྗེ་བློན་རྣམས་ཐེ་ཚོམ་དུ་གྱུར་པས་ཞལ་ལྕེ་གཅོད་པའི་སྤོབས་པ་མ་བྱུང་ཞིང་།(སྟོད་ཆ།༢༢༤) ཀོང་ཇོ་ཡིད་མ་རངས་པར་བོད་ཀྱི་ས་དཔྱད་བཟང་བ་འགའ་ཞིག་ཉམས་སུ་བཅུག །མི་རིང་བར་སྲས་ཞཥས་འཛུགས་ཀྱི་དགའ་སྟོན་ལ་བཙུན་མོ་གཉིས་ཀྱི་ཕ་མིང་བློན་འབངས་རྣམས་ཚོགས་པའི་དབུས་སུ། རྒྱལ་པོས་འབྲས་ཆང་གིས་བཀང་བིའ་གསེར་གྱི་པོར་པ་སྲས་ཀྱི་ལག་ཏུ་གཏད། སྣོད་གསེར་སྐྱོགས་ཆང་གིས་གང་བ་འིད། བུ་ཁྱོད་རང་གི་ཞང་པོའི་ལག་ཏུ་ཐོད། མ་གང་ཡིན་གྱི་ཡིད་ཅཻས་དེ་ལ་བྱེད། གསུངས་པས། སྲས་ཀྱིས་རིན་པོ་ཆེའི་ཕོར་པ་རྒྱ་རྣམས་ཀྱི་ལག་ཏུ་གཏད་ནས། ང་ཁྲི་སྲོང་ལྡེའུ་བཙན་རྒྱ་ཚ་ཡིན། སྣ་ནམ་ཞང ་གི་དོན་མི་འཚལ། གསུངས་པ་དང་། ཀོང་ཇོ་ཡིད་རབ་ཏུ་དགའ་སྟེ། ཚེ་སྔོན་མའི་ལས་ཀྱི་འཕེན་པ་ཡིས། ང་རྒྱ་ནས་འོང་བའི་བུ་མོ་ལ། རྗེ་འགྲན་མེད་རྒྱལ་པོའི་སྲས་ཤིག་འཁྲུངས། ཞེས་སོགས་ཀྱི་གཏམ་སྲས་ནས། སྔར་ས་དཔྱད་ཉམས་སུབ་ཅུག་པ་རྣམས་བསོད་སྐད། དེ་ནས་སྲས་དགུང་ལོ་ལྔ་ལ་ཡུམ་གཤེགས། སྲས་དགུང་ཆུང་ངུའི་དུས། རྒྱ་ཡུལ་དུ་སང་ཤི་གཙུག་ལག་འགའ་ཞིག་ལེན་དུ་བཏང་བ་ལམ་དུ་ཞུགས་པ་དང་། རྒྱ་ཡུལ་གྱི་ཇུ་ཞག་མཁན་མཁས་པ་ཞིག་གིས། ད་སྟེ་ཟླ་བ་གསུམ་ན་ནུབ་ཕྱོགས་ནས་བོད་བཙད་པོའི་ཕོ་ཉ་རྟགས་དང་ཤ་ཚུགས་འདི་འདྲ་བ་འབྱུང་ཞེས་གཟུགས་བརྣན་བྲིས་ནས་རྒྱལ་པོར་གསོལ་བ་བཞིན་བྱུང་བས་རྒྱ་རྗེ་དགྱེས། དུས་སྐབས་དེ་དག་ན་བོད་དུ་ཡབ་རྒྱལ་པོ་དགུང་ལོ་དྲུག་ཅུ་རེ་གསུམ་ལ་གཤེགས། སང་ཤི་སླར་བོད་དུ་ཡོང་བའི་ལམ་དུ་ཧཱ་ཤང་མངོན་ཤེས་ཅན་ཞིག་ལ་བོད་ཀྱི་བདེ་དོག་དྲིས་པས། བཙད་པོ་གཤེགས། རྒྱལ་བུ་ནར་མ་སོན། བདུད་བློན་རྣམས་ཀྱིས་ཁྲིམས་བུ་ཆུང་བཅས་ནས་ཆོས་བསྣུན་པ་སོགས་ཀྱི་ལུང་(སྟོད་ཆ།༢༢༥)བསྟན། ཧཱ་ཤང་གཅིག་ཁྲིད་ནས་བོད་དུ་འོངས་པ་ན། རྒྱལ་བུ་སྐུ་ནར་མ་སོན་པས་མ་ཞང་གྲོམ་པ་སྐྱེས་སོགས་བློན་པོ་ཚོས་ལ་མི་དགའ་བ་རྣམས་ཀྱིས་ཁྲིམས་བུ་ཆུང་བཅས་ནས་ཆོས་བཤིག །རྒྱལ་པོ་སྐུ་ཚེ་ཐུང་བ་དང་བཀྲ་མི་ཤིས་པ་ཆོས་ཀྱིས་ལན་པས་ཆོས་བྱས་ན་ཕོ་རེང་ལ་སྤྱུགས་ཏེ་བཏང་ཟེར་ནས་ཆོས་བྱར་མེད་པའི་ཁྲིམས་བཅས་ཏེ། མཁར་བྲག་དང་། བྲག་དམར་མགྲིན་བཟང་བཤིག ཤཱཀྱ་མུ་ནེ་རྒྱ་ཡུལ་དུ་སྐྱེལ་བའི་ཐབས་བྱས་ཀྱང་མ་ཏེག་པས་ས་འོག་ཏུ་སྦས། འཕྲུལ་སྣང་དུ་བཤས་ར་བྱས། དུས་དེར་སྣ་ནམ་ཁྲི་ཐོག་རྗེ་ཐང་ལྷ་འབར་བྱ་བ་རྒྱ་གས་ནས་ཤི། ལྕོག་རོ་སྐྱེས་བཟང་རྒྱལ་མགོ་བྱད་བསྐམས་ནས་ཤི་བས། ལྟས་མཁན་དང་མི་ཕལ་ཆེར་གྱིས་ལྷ་ས་འོག་ཏུ་སྦས་པས་ལན་ཟེར་བས་ཇོ་བོ་སྐྱིད་གྲོང་དུ་བསྐྱལ། དེར་སང་ཤིས་སླེབ་པས་རྒྱའི་གླེགས་བམ་རྣམས་མཆིམས་ཕུའི་རྫ་ལ་སྦས། གསལ་སྣང་ཆོས་ཀྱི་ཆེད་དུ་ལྷོ་བལ་དུ་འགྲོ་བར་རྗེ་ལ་གསོལ་བས་མང་ཡུལ་གྱི་ཁང་དཔོན་དུ་བརྫངས་པས། དེར་གསལ་སྣང་གིས་གཙུག་ལག་ཁང་གཉིས་བརྩིགས་ཤིང་རྐྱེན་རིས་ཀྱང་བཅད། བལ་པོར་མཁན་པོ་ཞི་བ་འཚོ་བཞུགས་པ་མཇལ་དུ་ཕྱིན་ནས་སེམས་བསྐྱེད་ཞུས་བོད་དུ་འབྱོན་པར་གསོལ་བས། བོད་ངའི་གདུལ་ཞིང་ཡིན་ནའང་། བཙན་པོ་དང་ཁྱོད་མ་སྐྱེས་པས། ངས་འདི་ན་བོད་ཀྱི་རྒྱལ་རབས་དགུའི་བར་དུ་སྒུག་གིན་བསྡད་པ་ཡིན། ད་ཁྱོད་གཉིས་ཀྱང་ནར་སོན་པས་འོ་སྐོལ་རྣམས་ཀྱིས་བོད་དུ་བསྟན་པ་འཛུགས་པའི་དུས་ལ་བབ། ཅེས་གསུངས། མི་རིང་བར་རྒྱལ་བུ་སྐུ་ནར་སོན་ཏེ། མེས་རྣམས་ཀྱི་ཡིག་ཚང་གཟིགས་པས་ཆོས་མཛད་པར་དགོངས་པའི་གཏམ་མཛད་པས་སང་ཤིས་སྔར་ཧཱ་ཤང་གིས་(སྟོད་ཆ།༢༢༦)ལུང་བསྟན་པའི་དུས་དེར་གོ་ནས་གླེགས་བམ་རྣམས་རྫ་ཁྲོད་ནས་བླངས་ཏེ། དགེ་བ་བཅུའི་མདོ། རྡོར་གཅོད། སཱ་ལུ་ལྗང་པ་རྣམས་གཟིགས་སུ་ཕུལ་བས་ལྷ་སྤྱོད་དག་ཅིང་ཟུང་དུ་འབྲེལ་བར་གོ་ནས་དད་དོ། ཆོས་བློན་རྣམས་ཀྱིས་སང་ཤི་སྟོད་དུ་བརྫངས། དེ་ནས་གསལ་སྣང་གིས་རྡོ་རྗེ་གདན་དུ་མ་ཧཱ་བོ་དྷི་ལ་མཆོད་པ་བྱེད་དུ་ཕྱིན། སླར་ལོག་སྟེ་དབུས་སུ་འོངས་ནས། བཙན་པོ་ལ་མཁན་པོའི་གསུང་རྣམས་གསོལ་བས། བཙན་པོའི་ཞལ་ནས། མ་ཞང་གིས་ཆད་པ་བཆད་དོགས་ཡོད་པས་ཁྱོད་རང་མྱུར་དུ་སོང་། ངས་ལྐོག་ཏུ་འགོས་རྒན་དང་གྲོས་བྱས་ནས་ཐབས་ཀྱིས་སྤྱན་འདྲེན་དུ་བཏང་གི་གསུངས། དེར་བློན་པོ་ཆེན་པོ་མ་ཞང་གྲོམ་པ་སྐྱེས་དབང་ཆེ་ནས་ཆོས་དར་དུ་ནི་མ་བཏུབ། ཐམས་ཅད་བོན་ལ་བཀོད་ནས་ཆབ་སྲིད་འཛིན་པའི་ཚེ་རྒྱལ་པོ་ཐུགས་མ་བདེ་ནས། བློན་པོ་ཆེན་པོ་འགོས་ལ་བོད་ཐམས་ཅད་དམ་པའི་ཆོས་ལ་འགོད་པའི་ཐབས་དྲིས་པས། འགོས་ཀྱི་མཆིད་ནས་དེ་ཤིན་ཏུ་ལེགས་པས་རྒྱལ་པོ་སྐུ་ཆག་ཆེ་བའི་གླུད་དུ་བློན་པོ་ཆེན་པོ་གཉིས་ལོ་གསུམ་མཆད་པར་བཅུག་ན་ཕན་ཞེས་སྒྲོག་ཏུ་གཞུག་གིས། དེ་དུས་དེ་ལྟར་མཛད་པར་ཞུ་གླེང་ནས་མོ་རྩིས་པ་རྣམས་ལ་བརྔན་པ་བྱིན་ནས་སྒྲོག་ཏུ་བཅུག་པས་རྒྱལ་ཁམས་ཐམས་ཅད་དུ་བསྒྲགས་པའི་ཚེ་རྒྱལ་པོས་བློན་འཁོར་ཀུན་བསགས་ནས་ངའི་གླུད་ལ་འགྲོ་ནུས་པ་སུ་ཡོད་དྲིས་པས། འགོས་རྒན་པོ་ལངས་ཏེ་ངས་གཅིག་འགྲོ་བར་ཞུ་ཟེར་བ་དང་། མ་ཞང་ཡང་འགྲན་པས་ལངས་ཏེ་ངས་ཀྱང་འགྲོ་བར་ཞུ་ཟེར་རོ། དེ་ནས་སྟོད་ལུང་བྲང་མདར་མཆད་པ་བརྩིགས་ཏེ་ལོ་གསུམ་གྱི་ཡོ་བྱད་དང་བློན་པོ་ཆེན་པོ་གཉིས་བཅུག་དུས། གྱད་ཀྱི་སྐུ་བློན་ལོ་ཏེ་གུ་ལ་རྒྱལ་(སྟོད་ཆ།༢༢༧)པོས་འགོས་རྒན་ཐོན་ཅིག་གསུངས་པས། དེར་མཆད་པའི་སྒོ་ཕ་ཝང་ཆེན་པོས་གཅོད་དུས། འགོས་ཀྱིས་བྱ་རྒོད་ཀྱི་ལྷམ་དང་ཐུལ་བགྱོན་ནས། ཕ་བ་གོལ་གོལ་ཐོག་སཏེ་བུག་སྐོར་འོངས་པའི་ཕྱི་བཞིན་མ་ཞང་གིས་ཀྱང་འབྲངས་པས། ཐལ་མོ་བརྡབས་ནས་ཕ་ན་ཞེས་ལགས་པ་དེད་བྱས་པས། དོང་ནས་ཡར་ཐོན་པ་ལ་མ་ཞང་གིས་འཇུས་པས་རྒོད་སྤུ་སྤར་གང་ཐོབ་ནས་ལུས་སོ། དེ་ནས་སྒོ་བཅད་ཏེ་མཆད་པ་སྲུང་མི་བཞག་ནས་ཚུར་འོངས་ཏེ། རྒྱ་ཚ་ལྷས་སྣང་བྱང་མི་མེད་ལུང་སྟོང་དུ་གནག་རྟ་འཚོ་བ་ལ་སྙད་བཏགས་ནས་སྤྱུགས། སྦས་རྒྱལ་ཏོ་རི་འཛུམ་ལྷག་སྐྱེད་ཀྱིས་ཤི་བས་ཆོས་ལ་མི་དགའ་བའི་བློན་པོ་གཅིག་ཀྱང་མེད་པའི་ཚེ། རྗེ་ཡིས་བློན་འབངས་མང་དུ་ཚོགས་པའི་ཚེ་བཀའ་སྩལ་པ། ངའི་ཡབ་མེས་ཀྱིས་ལྷ་ཆོས་མཛད་པ་མ་ཞང་གིས་བཤིགས་པ་དེ་ཤིན་ཏུ་མ་ལེགས། རྒྱའི་ལྷ་ཤཱཀྱ་མུ་ནེ་ཡང་སླར་སྤྱན་དྲོངས། ངེད་རང་ཡང་ཆོས་བྱར་རུང་བས་ཆོས་བྱའོ་གསུངས་ནས་ཐམས་ཅད་ཆོས་བྱ་བར་གྲོས་འཆམ་མོ། དེ་ནས་གསལ་སྣང་པཎྜི་ཏ་གདན་འདྲེན་པར་མངགས། དེ་ནས་འགོས་ཀྱིས་རྒྱལ་པོ་ལ་གསོལ་པ། བོད་ཀྱི་བློན་འཁོར་ནི་ཆོས་ལ་དད་པ་ཉུང་བས་དང་པོ་ནས་གཟུག་ལག་ཁང་བཞེངས་པར་བྱས་ན་མི་དགའ་བས་ཐབས་བྱེད་དགོས་སོ། ཐམས་ཅད་ཚོགས་པ་ན་སྔོན་གྱི་ཡབ་མེས་རྣམས་ཀྱིས་ཕྱག་རིས་དག་མངའ་ཐང་རྒྱ་ཆེར་མཛད་པའི་རྗེས་སུ་འཇུག་དགོས་པས། ཤངས་རི་མི་འགྱུར་རིན་པོ་ཆེའི་རྩེ་ལ་ཤེལ་གྱི་མཁར་ཐོག་སྟོང་དང་ལྡན་པ་ཤར་ཕྱོགས་སུ་ཞང་པོ་རྒྱ་ཡི་ཡུལ་མཐོང་བ་ཞིག་བརྩེགས་གམ། ཧས་པོ་རི་ཟངས་ཀྱི་སྦུབས་སུ་འཐུམ་མམ། ཝ་ལུང་གྲོག་པོ་གསེར་ཕྱེས་འགེངས་སམ། ཀ་ཆུའི་ཐང་ལ་ཁྲོན་པ་(སྟོད་ཆ།༢༢༨)འདོམ་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ཡོད་པ་ཞིག་འདྲུའམ། གཙུག་ལག་ཁང་བྲེའི་ཞབས་ཙམ་ཞིག་བཞེངས། གང་བྱེད་དྲིས་ཤིག་ཅེས་ཞུས་ནས། ལོ་གསར་རྒྱལ་གྱི་ཟླ་བ་ལ་ཐམས་ཅད་ཚོགས་པའི་ཚེ་རྒྱལ་པསོ་དེ་སྐད་བཀའ་སྩལ་བ་དང་། ཐམས་ཅད་ཀྱིས་ལན་མ་ཐེབས་པར་ཁ་རོག་ལུས་པ་ལས་འགོས་ཀྱིས་ལངས་ཏེ། རྗེ་གཅིག་ལགས་ཤངས་རིའི་སྟེང་དུ་ཤེལ་གྱི་མཁར་ཞང་པོ་རྒྱ་ཡི་ཡུལ་མཐོང་བ་སུས་ཀྱང་མི་འབྱོངས། འབྱོངས་ཀྱང་དེ་ལ་དགོས་པ་ཆུང་། བོད་ཀྱི་ཕྲུ་བ་དང་གཟར་བུ་ཡན་ཅོད་ཟངས་སུ་སོང་ཡང་ཧས་པོ་རི་མི་ཐུམ། ཝ་ལུང་གྲོག་པོ་གཙང་འགྲམ་གྱི་བྱེ་མས་ཀྱང་མི་ཁེངས་ན་གསེར་ཕྱེས་ག་ན་ཁེངས། ཀ་ཆུའི་ཐང་ལ་ཁྲོན་པ་འདོམ་གང་འདྲུས་པ་དང་ཆུས་ཁེངས་ནས་འདྲུ་ས་མེད་ན་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ཇི་ལྟར་འདྲུ། དེ་བས་ཀྱང་གཙུག་ལག་ཁང་བྲེ་ཞབས་ཙམ་ཞིག་བཞེངས་ནས་ཚེ་འདི་ཕྱི་གཉིས་ཀར་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ཞིག་འབྱུང་བས་དེ་མི་འཐད་ལགས་སམ་ཞེས་ཞུས་པས། བོད་འབངས་ཀྱི་བློན་འཁོར་ཐམས་ཅད་དགའ་སྟེ་འཐད་དི་རིར་བྱུང་ངོ་། ༥ མཁན་སློབ་རྣམ་གཉིས་གདན་དྲངས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གནང ་ཚུལ། དེ་ནས་ཕོ་ཉ་མངགས་པ་གསལ་སྣང་གིས་མཁན་པོ་སྤྱན་དྲངས་ནས་ལྷ་སར་ཕྱག་ཕེབས། བཙན་པོས་བློན་པོ་རྣམས་ལ་ཨཱ་ཙརྱ་དེ་ཇི་ལྟར་འདུག་ལྟོས་ལ་ཤོག་ཅིག །བཟང་པོ་ཞིག་འདུག་ན་འདིར་ཡང་སྤྱན་འདྲེན་ནོ་གསུངས། བློན་པོ་རྣམས་ཀྱིས་ཕྱིན་ཏེ་དྲིས་པས། མཁན་པོའི་ཞལ་(སྟོད་ཆ།༢༢༩)ནས་ཁོ་བོའི་ཆོས་ལུགས་ནི་རིག་པས་བརྟགས་ནས། གང་འཐད་པ་དེ་བྱེད། མི་འཐད་པ་དེ་མི་བྱེད་གསུངས། དེར་རྒྱལ་བློན་མཐུན་པས་སྤྱན་དྲངས་ཏེ་འོམ་བུའི་ཚལ་དུ་མཇལ། བཙན་པོས་ཕྱག་མཛད་པའི་ཚེ་ཨཱ་ས)འི་ཞལ་ནས། འོ་ལྐོལ་འོད་སྲུང་གི་བསྟན་པ་ལ་བལ་པོའི་མཆོད་རྟེན་གྱི་དྲུང་དུ་བོད་དུ་དམ་ཆོས་སྤེལ་བར་སྨོན་ལམ་བཏབ་པ་དེ་རྒྱལ་པོས་བསྙེལ་གསུངས་པའི་ལན་དུ་སྒོམ་ཡུན་ཐུང་བས་མ་འཚལ་ཞུས་པ་ན། མཁན་པོས་བྱིན་གྱིས་བརླབས་པས་བཙན་པོས་སྔོན་གྱིསཀཡེ་བ་ཡང་དག་པར་རྗེས་སུ་དྲན། དེ་ནས་ཕོ་བྲང་ཀླུངས་ཚུགས་ཀྱི་ཡང་ཐོག་ཏུ་དར་གྱི་གུར་ཕུབ་པར་བཞུགས་སུ་བཅུག །ཟླ་བ་བཞིར་ཁ་ཆེ་ཨ་ནནྟས་ལོ་ཙཱ་བྱས་ནས་བཙན་པོ་ལ་དགེ་བ་བཅུ་དང་རྟེན་འབྲེལ་བཅུ་གནིས་ཁམས་བཅོ་བརྒྱད་རྣམས་ལས་བརྩམས་ཏེ་ཆོས་བཤད་པས། བོད་འདྲེ་རྣམས་ཁྲོས་ཏེ་ཕོ་བྲང་ཕོང་ཐང་ཆུས་ཁྱེར། དམར་པོ་རིའི་ཕོ་བྲང་ལ་ཐོག་བརྒྱབ། ཡུལ་ཁམས་རྣམས་སུ་ལོ་ཉེས་དང་མི་ནད་ཆེན་པོ་བྱུང་བས། བོད་འབངས་ཐམས་ཅད་ཆོས་བྱས་པ་སལན་ཟེར་ཆོས་བྱར་མ་བཏུབ་ནས། བཙན་པོས་མཁན་པོ་ལ་གསེར་ཕྱེ་བྲེ་གང་གི་ཡོན་ལན་གསུམ་ཕུལ་ནས་འདི་སྐད་ཅེས། ཨཱ་ཙརྱ་རེ་ཞིག་བལ་ཡུལ་དུ་བཞུད་ལ་དེ་བར་བོད་མི་རྣམས་ལྷ་ཆོས་མི་བྱེད་དུ་མི་རུང་བར་གླེང་ཞིང་བརྔན་པ་སྦྱིན། ཞང་བློན་རྣམས་ཐབས་ཀྱིས་བྲིད་ནས་ཆོས་བྱར་བཏུབ་པའི་ཚེ་སླར་སྤྱན་འདྲེན་ནོ་ཞུས་པས། མཁན་པོའི་ཞལ་ནས། ཡབ་མེས་ཀྱི་རིང་ལ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་པ། ཆོས་བསྒྱུར་བ་སོགས་མཛད་ནའང་། ལྷ་སྲིན་རྣམས་མ་བཏུལ་བས། བཙན་པོ་འགའ་ཞིག་གི་སྐུ་ཚེ་ལ་བར་ཆད་དང་། ཆོས་(སྟོད་ཆ།༢༣༠)ལ་སྐེད་ཉག་སོགས་སྐྱོན་འགའ་ཞིག་བྱུང་འདུག་པས། ས་གཞི་འདི་དག་དྲག་པོས་འདུལ་བའི་ཆེད་དུ། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་ནས་ཞེས་བྱ་བ་འཛམ་བུ་གླིང་ན་ཆེ་བའི་རིགས་སྔགས་མཁན་ཞིག་ཡོད་པ་དེ། རྒྱལ་པོ་ཉིད་དང་སྔོན་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་པའི་དུས་སུ་སྨོན་ལམ་གྱི་འབྲེལ་བ་ཡོད་པས་སྤྱན་དྲངས་ན། བཙན་པོའི་རྣམ་པར་དཀར་བའི་ཐུགས་ཀྱི་བཞེད་པ་མཐའ་དག་འགྲུབ་གསུངས། གསེར་ཁྱེར་བ་གང་བལ་པོའི་རྒྱལ་པོ་ལ་སྦྱིན་དགོས་གསུངས་ནས་བསྣམས། ལྷག་མ་བཙན་པོ་ལ་གཏད་དེ། ཕྱི་ལྟར་ན་བསྐྲད་པ་ལྟར་བྱས་ཏེ་གསལ་སྣང་དང་ལང་འགྲོ་སྣ་རས་བལ་ཡུལ་གྱི་བར་དུ་བསྐྱལ། སླར་ལོག་ནས་གསལ་སྣང་ཆོས་ཀྱི་སྤྱན་བར་བསྐོས་ཏེ་འཁོར་སུམ་ཅུ་དང་བཅས་རྒྱ་ནག་ཏུ་ཕོ་ཉར་ཕྱིན། དེ་བར་ཞང་བློན་ཐམས་ཅད་བསྡུས་ནས་ཆོས་བྱེད་པའི་ཆད་པོ་གྲུབ་པའི་ཚེ་རྒྱ་རྗེས་ཕོ་ཉ་རྣམས་ལ་བྱ་དགའ་ཆེན་པོ་དང་། བཙན་པོ་ལ་དར་ཡུག་ཁྲི་ཕྲག་སོགས་སྐྱེས་མང་པོ་དང་བཅས་ཏེ་བསླེབས། དེ་ནས་མཁན་པོས་ལུང་བསྟན་པ་དེ་རྨི་ལམ་དུ་བྱུང་བ་ལྟར་མཛད་ནས། སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་སྔ་རྟིང་དུ་བརྫངས་ཤིང་། སླར་སྣ་ནམ་རྡོ་རྗེ་བདུད་འཇོམས་སོགས་ལམ་དུ་བཤད་རྩོལ་དྲག་པོས་རིན་པོ་ཆེའི་ཕྱག་རྟེན་དང་བཅས་པ་ཏེ་མངགས་པས་ཕོ་ཉ་རྣམས་ངལ་ཞིག་དུབ་པ་སློབ་དཔོན་གྱིས་མཁྱེན་ནས། རྫུ་འཕྲུལ་གྱིས་མང་ཡུལ་གུང་ཐང་དུ་ཕེབས་པ་ན། ཕོ་ཉ་བ་རྣམས་ཀྱིས་མཇལ་བས་སྐུ་ལ་མོས་པ་ཐོབ། ཕྱག་རྟེན་གྱི་གསེར་ཕྱེ་བསྐུར་བ་ཕུལ་བ་གཏོར་ནས་མ་འོངས་པ་དེར་གསེར་ཁ་འབྱུང་བར་བྱིན་གྱིས་བརླབས། ཕོ་ཉ་རྣམས་ཕངས་སེམས་སྐྱེས་པས་རྡོ་དང་གསེག་མ་ལ་(སྟོད་ཆ།༢༣༡)འཁར་སིལ་བསྣུན་པས་ཐམས་ཅད་གསེར་དུ་གྱུར། མང་ཡུལ་གྱི་གཡས་རི་རྣམས་གཡོན་དང་གཡོན་རི་རྣམས་གཡས་སོ་སྤོ་པའི་རྫུ་འཕྲུལ་བསྟན། དེ་ནས་རིམ་གྱིས་ལམ་དུ་ཞུགས་ཏེ་ཕེབས་པ་ན། མང་ཡུལ་གྱི་གྲོང་ཁྲོང་ཟེར་བྱ་བར་ཕེབས། དེའི་དུས་མང་ཡུལ་ན་ཁྱིམ་བདུན་ལས་མེད། རྒན་མོ་གསུམ་ལ་གདམས་པ་བཏབ་པས་སྐད་ཅིག་ལ་གྲོལ། དེ་དུས་བོད་ཀྱི་ལྷ་འདྲེ་རྣམས་ཀྱིས་ཉི་མ་ཕྱེད་ན་ནམ་སྲོས་སུ་བཙུག་པས། ལྕགས་ཀྱུའི་ཕྱག་རྒྱས་སྐད་ཅིག་ཉིད་ལ་བཀུག་ནས་ཞག་བདུན་དུ་ཉི་མ་མ་བཏང་བར་ལྷ་འདྲཱེི་ཁ་གནོན་དུ་ཁྲོང་ཟེའི་གོང་ཁ་དེར་ལྷ་ཁང་བརྩིགས། དེ་ལ་དེ་དུས་མུན་པའི་ལྷ་ཁང་ཟེར་རོ། དེའི་རྩ་ན་ཆུ་མིག་གཉན་པོ་སུས་ཀྱང་རེག་མི་ནུས་པ་ཞིག་ཡོད་པ་དེའི་ཀླུ་བཏུལ་ནས་ཆུ་ཞིང་ལ་དྲངས། ལྷ་ཁང་དུ་ཐུགས་རྗེ་ཆེན་པོ་བཞུགས་སུ་གསོལ་ལོ། རི་གོང་ཞིག་ཏུ་བལ་པོའི་ལྷ་འདྲེ་ཕྱིར་འབྲེངས་པ་རྣམས་ཀྱི་ཁ་གནོན་དུ་རྡོའི་མཆོད་རྟེན་བཞེངས། ཕུར་པ་གསུམ་རྡོ་ལ་ནུབ་པར་བཏབ་ནས་བཞག་པ་ད་ལྟའང་ཡོད། དེ་ནས་ཡ་ཚད་པ་ནས་ཁུང་བུ་ནས་རླུང་འོང་བའི་ས་དེ་བོད་ལ་གནོད་པར་གཟིགས་ནས་ལྷ་ཁང་བརྩིགས་པས་མང་ཡུལ་བྱམ་སྤྲིན་ཡིན། དེ་ནས་ཡར་བྱོན་ཏེ་མ་ཆུང་གི་བར་དུ་གྲོ་གསོལ། དེར་སློབ་དཔོན་ལ་ལྷ་འེས་མ་ཚུགས། འཁོར་རྣམས་སྨྱོ་བས་སྨྱོན་ཐ ང་དུ་གྲགས། དེ་འདུལ་བའི་དོན་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་མཛད་དོ། ཡང་ཞང ཞུང་ཡུལ་ཏེ་གུ་གེ་ལ་བྱོན། དེའི་གཞི་བདག་དགྲ་ལྷ་མུ་ཙ་མེད་ཀྱིས་མ་བཟོད་ནས། རི་ཕན་ཚུན་འཐབ་པའི་བར་དུ་སློབ་དཔོན་གཡོག་བཅས་བཅར་བ་བརྩམས་པས་གསེག་ཤང་གི་ཡུ་བ་བསྣུན་པས་རི་ཕན་ཚུན་དུ་བསྒྱེལ་ནས། དཔོན་(སྟོད་ཆ།༢༣༢)གཡོག་རྣམས་ནམ་མཁའ་ལ་གཤེགས། དགྲ་ལྷ་མུ་ཙ་མེད་སྐྲག་སྟེ་བྲོས་པ་ལ། ཕྱག་མཚན་རྡོ་རྗེ་གསོར་བས། མོ་དྲུང་དུ་ལྷགས་ཏེ་སྲོག་སྙིང་ཕུལ་བྲན་དུ་ཁས་བླངས་ཏེ་དམ་ལ་བཏགས་སོ། དེ་ནས་ལྷ་ཡུལ་གུང་ཐང་དུ་བྱོན། དགེ་བསྙེན་རྣམས་དབང་དུ་བསྡུས་ནས་ཆོས་ཀྱི་སྲུང་མར་བསྐོས་སོ། དེ་ནས་མང་ཡུལ་ཁ་ལའི་རོང་སྒོ་རུ་བསྟན་མ་བཅུ་གཉིས་ཀྱིས་ཐོག་མདའ་བཅུ་གཉིས་དུས་གཅིག་ལ་ཕབ། སྡིགས་མཛུབ་ཀྱི་རྩེ་ལ་བླངས་ཏེ་ཀླད་ལ་བསྐོར་བས། སོལ་དུམ་བཅུ་གཉིས་སུ་ནག་ཧྲུལ་གྱིས་སོག་བས་བསྟན་མ་སྐྲག་སྟེ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས། དེ་དུས་གཙོ་མོ་གགཤ་དཀར་མ་ཤེའུ་གཟས་བྲོས་ཏེ་དཔལ་མོ་ལྷ་མཚོའི་ནག་བྲོས་པས། སློབ་དཔོན་གྱིས་དཔལ་མཚོ་ནས་ཆུ་སྤར་བུ་གང་བླངས་ནས་དགོངས་པ་གཏད་པས། སྐད་ཅིག་ལ་སྤར་བུའི་ཆུ་ལ་རླངས་ངད་ཆིལ་གྱིས་བྱུང་བ་དང་མཚོ་ཡང་རླངས་པ་ཕྱུར་གྱིས་བྱུང་། སྤར་བུའི་ཆུ་དེ་ཁོལ་བ་དང་མཚོ་ཡང་ཁོལ་བས་མོས་མ་བཟོད་དེ། མཚོ་ལས་ཐོན་པདང་ཤ་རུས་བྲལ་ནས་ཀེང་རུས་སུ་སོང་བ་ལ། ཕྱག་མཚན་རྡོ་རྗེ་འཕངས་པས་མིག་ཡ་གཅིག་བཅར་བས་མོ་སྐྲག་ནས་སྲོག་སྙིང་ཕུལ། སྔར་བསྟན་མའི་གཙོ་མོ་ཡིན་པ་ལ་ཕྱིས་རང་མཉམ་དུ་བཞག་གོ། །དེ་ནས་གཙང་ལྷས་ལྷག་ཕུག་ཏུ་བསྙེན་བཀུར་ནས་བཀའ་འབངས་སུ་བྱས་ཏེ་དམ་ལ་བཏགས་སོ། དེ་རྣམས་སུ་ལྷ་འདྲེ་ཐམས་ཅད་ལྟར་ལ་བརྒྱུས་པ་དམ་ལ་བཏགས་པས་ཆུའི་མིང་ཡང་དམ་ཆུ་ཞེས་གྲགས། དེ་ནས་བྱང་ལམ་ཚུར་ཐ་ནས་བྱོན། སྟག་མོ་སྡིངས་ཀྱི་ཁ་ནས་གྲོམ་པ་ལྷ་ཁང་གི་རབ་གནས་མཛད་པས། གྲོམ་པ་རྒྱང་དུ་དེ་ནས་(སྟོད་ཆ།༢༣༣)གྲགས། བྱང ཕྱི་གོང་ནས་མར་ལ་བྱོན། འོ་ཡུག་བྲེ་མོ་ལ་ཁ་རུ་ལྷ་སྲིན་ཐམས་ཅད་དམ་ལ་བཏགས། དེ་ནས་ཐང་ལྷ་དམ་འོག་ཏུ་གཞུག་པར་དགོངས་ནས། ལུག་བོང་གི་ཤ་བཅོས་པའི་ཐབ་ཞབས་ཀྱིས་སྒྱེལ་ནས་དམར་ཐབ་མཛད་པས་ཁོ་ཁྲོས་ཏེ། ཐང་ལྷའི་གངས་ལ་གློང་བར་དུ་སྤྲིན་ནག་པོ་ཆགས་གློག་དང་འབྲུག་དང་སེར་བ་སོགས་སྐྱེ་བོ་ཕལ་གྱིས་བཟོད་པ་རདཀའ་བའི་ཆོ་འཕྲུལ་ཆེན་པོ་བསྟན། ཀླུའི་ཕྲུ་གུ་མི་སྲུན་པ་ཞིག་ཀྱང་རྒྱ་མཚོར་བྲོས་གསུངས་ནས་ཞག་གསུམ་དགོངས་པ་མདད་པས་ཆོ་འཕྲུལ་ཐམས་ཅད་ཞི་ཐུག་ཚོམ་ཡང་མ་མཆིས་ཡུལ་ཡང་འཇམ་པར་གྱུར། ཀླུ་དམ་ལ་ཐོགས་ཏེ་ཐང་ལྟས་ཀྱང་བཀའ་ཉན་དུ་ཁས་བླངས་ཤིང་གདུགས་ཚོད་དྲངས་སོ། དེ་ནས་ལེ་ཤོར་དུ་བྱོན་ནས་འཕན་ཡུལ་གཟིགས་པས་ཡུལ་ངན་རྟ་རོ་དམར་པོ་ཁ་བྱེ་བ་འདྲ་བ་འདི་ལ་མི་འགྲོ་གསུངས་ནས་སྟོད་ལུངས་ཡ་རལ་ན་ཡར་བྱོན། བཙུན་མོ་ཕྲེང་གི་བྲག་ལ་ཨ་ཙ་ར་འགྲོ་འཕྲོ་ལ་རེངས་པ་འདྲ་བ་འདིའི་གོང་མ་བཅད་ན་མུ་སྟེགས་ཅན་གྱི་རིགས་བོད་དུ་འཆོར་གསུངས་ནས་བཅད། གཞོང་པར་གྲོ་ཐོབ་གསུངས་ནས་ཆུ་མ་མཆིས་བྱས་པས་ཆས་དབྱུང་བར་བྱ་གསུངས་ནས་གསེག་ཤང་གི་ཡུ་བ་ས་ལ་ཐམས་ཐམས་བརྒྱབ་པས་ཆུ་ཀ་བདུན་བྱུང་སྟེ་གཞོང་པའི་ལྷ་ཆུར་གྲགས། སྙེ་འཕྲེད་དུ་ངའི་གྲོ་རན་གསུང་བ་དང་མཁར་ནག་གི་མཚོ་འདི་ལ་ཀླུ་བཙན་དྲག་པོ་འདུག་པས་འདུལ་ལོ་གསུངས། འདི་ནི་ཤིན་ཏུ་ཐུ་བ་ཞིག་འདུག་པས་འདུལ་བྱེད་ཅིག་བྱ་གསུངས་ནས་བྲག་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་ཞིག་བསྐྱེད་པས་རང་བྱུང་དུ་བྱུང་། བལ་པོའི་རྡོ་མཁན་ན་རེ་བོད་ཀྱི་རྡོ་ལ་གཟོ་བཏུབ་མི་བཏུབ་བལྟའོ་ཟེར་ནས་བྲག་ལ་ཤ་བའི་གཟུགས་(སྟོད་ཆ།༢༣༤)ཤིག་བརྐོས་སོ། དེ་ནས་ངམ་ཤོད་ལ་བྱོན་ཟུར་མཁར་འཕྲང་ལ་རྡོའི་མཆོད་རྟེན་ལྔ་མཛད། དེ་ནས་ཕོ་བྲང་བྲག་དམར་འོམ་བུའི་ཚལ་དུ་ཕེབས། བཙུན་པོ་དང་མཇལ་བ་ལ་ཕོ་ཉས་བརྡ་སྦྱར། ཕྱག་བཞེད་ཟེར་བ་ལ། སློབ་དཔོན་ན་རེ། ང་ཡི་ཕྱག་བཙན་པོས་མི་ཐུབ་གསུངས་ནས། ཕ་ཝང་ཞིག་ལ་ཕྱག་འཚལ་བས་ཤག་སེར་གས། རྒྱལ་པོའི་ན་བཟའ་ཕུད་པ་ལ་ཕྱག་མཛད་པས་ཐུལ་གྱིས་ཚིག །དེར་བཙུན་པོས་སློབ་དཔོན་གྱི་ཞབས་ལ་ཕྱག་ཕུལ། དེའི་གོང་དུ་སང་ཤིས་བྲག་དམར་མགྲིན་བཟང་དུ་རྒྱ་ནག་གི་ལྷ་ཁང་གོའུ་དེ་ཤན་ལ་དཔེ་བླངས་པ་ཞིག་བཞེངས་ནི་གྲུབ། ཞལ་སྲོ་ནི་མ་གྲུབ་པའི་སྐབས་ཡིན་པས། སློབ་དཔོན་ཆེན་པོ་དེར་གདན་ཕེབས་པ་ཞུས་ནས་ཕེབས། རབ་གནས་མངའ་གསོལ་གྱི་ཚེ། རྒྱལ་པོ་དང་བློན་པོ་ཆེན་པོ་ནི་མ་བྱོན། གནང་ཆེན་པོ་དང་། གཟིམ་མལ་བ་ཀུན་གྱིས་ལྟ་བར་འོངས། སློབ་དཔོན་གྱིས་ལྷ་སྐུ་ཆེན་པོ་ཐམས་ཅད་ལ་མི་ལ་བྱ་བ་བཞིན་དུ་བྱས་ནས། ནམ་ཕྱེད་ལ་དེ་ཀུན་གྱིས་མར་མེ་ཀྱེར་ནས་བལྟས་པས་ནང་ན་འཇིམ་སྐུ་གཅིག་ཀྱང་མེད་པ་སྟོང་པར་འདུག །དབྱུག་པས་བཙལ་ཀྱང་རེག་ཐོགས་མི་འདུག་པས་ཡིད་ཆེས། ནང་པར་སྒོ་གསེབ་ནས་བལྟས་པས་སྐུ་གཟུགས་ཐམས་ཅད་སྔར་བཞིན་འཁོད་པ་ལ། སློབ་དཔོན་པདྨས་མཅོད་པ་མཛད་པ་དང་ལྷ་རྣམས་ཀྱིས་བཤོས་གསོལ་ཞིང་གཏམ་མཛད་པ་དངོས་སུ་མཐོང་ངོ་། དེའི་ཉིན་མོ་སྤོས་མར་མེ་ཐམས་ཅད་རང་འབར། རོལ་མོ་ཐམས་ཅད་རང་འཁྲོལ། ཅོང་རྣམས་རང་སྒྲ་སྒྲོགས། འཕན་ལྔ་བཏགས་པས་ལྔ་བརྒྱར་འཕེལ། སྡེར་མ་ཞིག་ཏུ་རྒུན་འབྲུམ་སྙིམ་པ་གང་(སྟོད་ཆ།༢༣༥)ཡོད་པ་དེར་ཚོགས་ཀྱི་མི་རྣམས་ཀྱིས་ཅི་ཙམ་ཟོས་ཀྱང་ཉུང་དུ་མ་སོང་། ཐམས་ཅད་ངོ་མཚར་སྐྱེས་སོ། དེའི་ནག་པར་གཟིམས་མལ་བ་ལྟ་ལུང་མཚོ་གཞེད་གཉན་ལེགས་ཞེས་བྱ་བ་ལ་པྲ་རྟེན་བྱས། ལྷ་མོ་འོད་ཟེར་ཅན་མའི་པྲ་སེན་ཕེབས་སྨྲ་རུ་བཅུག་པས། བོད་ཀྱི་ལྷ་ཀླུ་མི་སྲུན་པ་ཐམས་ཅད་ཀྱི་མིང་སྨྲས། འཕང་ཐོང་དུ་ཆུ་ཐོག་འབེབས་པ་ཤམ་པོ། དམར་པོ་རི་ལ་ཐོག་འབེབས་པ་ཐང་ལྷ། མི་ནད་ཕྱུགས་ནད་གཏོང་བ་བརྟན་མ་བཅུ་གཉིས། སད་སེར་གཏོང་བ་བོད་ཀྱི་ལྷ་གཉན་དགུ་ཡིན་ནོ། ཞེས་སོགས་སྨྲས། གཞན་ཡང་ཆོ་རིགས་བཟང་བའི་བྱིས་པ་མང་པོ་ལ་རྒྱལ་ཆེན་བཞིའི་པྲ་ཕབ། གནོད་སྦྱིན་མེ་ལྷས་ཞལ་མངོན་སུམ་དུ་བསྟན། ལྷ་ཀླུ་གདུག་པ་ཅན་ཐམས་ཅད་ཀྱི་མིང་དང་གནས་དང་སྤྱོད་ཚུལ་སྨྲས། དེ་ནས་རྒྱལ་བློན་སོགས་ཡིད་ཆེས་པའི་ཕྱིར་དུ། ལྷ་འདྲེ་མ་རུངས་པ་རགས་རིམ་ཞིག་དངོས་སུ་མི་ལ་ཕབས་ནས་བསྡིགས་ཤིང་གཟིར་བ་དང་ཆོ་ག་བཤད་ནས་དམ་འོག་ཏུ་བཅུག་པས་རང་རང་གི་སྲོག་སྔགས་དང་ཆོ་ག་རྣམས་སློབ་དཔོན་ལ་ཕུལ། དེས་ཀྱང་མ་ཐུལ་བ་རྣམས་སྦྱིན་སྲེག་མཛད་པ་སོགས་ཐབས་སྣ་ཚོགས་ཀྱིས་བཏུལ། དེ་འདྲ་བ་ལན་གཉིས་མཛད། དེར་སློབ་དཔོན་ན་རེ། སླན་ཆད་ལྷ་ཆོས་ཅི་བདེར་མཛོད། གཙུག་ལག་ཁང་དགོངས་པ་བཞིན་དུ་རྩིགས་ཤིག །སྔར་ལྷ་ཀླུ་དམ་འོག་ཏུ་ལན་གཉིས་ཆུད་ལགས་ཏེ། ད་དུག་ལན་གཅིག་བགྱིད་དེ་འཚམ་གསུངས། དེ་ནས་ཕོ་བྲང་ཟུར་ཕུད་རྒྱང་བུ་ཚལ་དུ་ཡང་ཕེབས། དེར་བཞུགས་དུས་མ་གྲོས་གཟི་ཅན་ལ་སོགས་པའི་ཀླུ་རྣམས་བཏུལ། མ་གྲོས་གཟི་ཅན་ན་རེ་། ས་སྟེང་ན་(སྟོད་ཆ།༢༣༦)བཙན་པོ་ཁྲི་སྲོང་ལྡེའུ་བཙན་ཆེ། ས་འོག་ན་ང་ཆེ། ངེད་གཉིས་གྲོགས་པོ་བྱ། རྒྱལ་པོའི་ལྷ་ཁང་བཞེངས་པའི་གསེར་ཕྱེ་དྲེའུ་ཁལ་བཅུ་བཞི་འབུལ་བས་གསེར་ཁུད་ཀློང་སྣར་ལེན་ཐོངས་ཟེར་བ་བཞིན་གསེར་རྣམས་དེ་ཁོ་ན་ལྟར་བྱུང་། ཤབ་སྤང་ཐང་ལྷའི་མཚོ་མལ་་གྲོལའི་ནང་སོགས་ན་དམྱལ་བ་ཉི་ཚེ་བའི་གནས་ཆུ་ཐམས་ཅད་ཟངས་ཞུན་ལྟར་ཁོལ་ཞིང་ས་གཞི་ལྕགས་བསྲེགས་པ་འདྲ་བ་ནམ་མཁའ་ལ་བྱ་རྒྱུ་བ་ཡང་འཚིག་ཅིང་ལྷུང་བ་དེ་ལྟ་བུ་མང་དུ་ཡོད་པ་རྣམས་སུ་དཀྱིལ་འཁོར་གྱི་ཆོ་ག་མཛད་དེ་གཟུངས་ཆུ་དང་བྱེ་མ་གཏོར་བས་དམྱལ་བ་པ་རྣམས་དག་པའི་ཞིང་དུ་དྲངས། དམྱལ་བའི་མེ་ཞི་སྡེ་ས་གཞི་ཡུལ་དུ་རུང་བར་གྱུར། རྒྱལ་པོ་པེ་ཧར་ཡང་བཏུལ་ཏེ། དེ་ཡང་ཁོང་འདུལ་བའི་དཀྱིལ་འཁོར་སྒྲུབ་དུས་པེ་ཧར་གྱིས་དཀྱིལ་འཁོར་བལྟར་འོངས་པས་མིག་ལ་ཕུར་བུ་བཏབ། སྔགས་ཉན་པས་རྣ་བ་ལ་བཏབ། སྔགས་ཟློས་པའི་ལེན་མོ་བྱས་པས་ལྕེ་ལ་བཏབ། དེ་ནས་འབྲོས་པ་འདོད་པ་ཡན་ལག་བཞི་ལ་བཏབ་པས་འགྲོ་མ་ཏུབ། དེ་བསྲེག་གོ་ཅེས་གསུངས་པས་ཤིན་ཏུ་སྐྲག་ཏེ་མནའ་བོར་དམ་ལ་བཏགས་སོ། ཡང་ཤམ་པོ་འདུལ་བར་ཕེབས་པས་ཤམ་པོས་སློབ་དཔོན་གྱི་སྟེང་དུ་ཆུ་ཆེན་པོ་ཕོབས་ན་སློབ་དཔོན་གྱིས་བེར་སྣ་ནས་རྡོ་རྗེ་གདེངས་པས་ཆུ་གྱེན་ལ་སླར་ལོག་པར་ལྷ་རྫིང་དུ་གྲགས། དེར་རྡོ་རྗེ་འཕངས་པས་ཆུ་ཁོལ་ཏེ་ཤམ་པོའི་གངས་ཀྱི་སུམ་ཆ་ཙམ་ཞུ། དེར་ཁོ་གངས་ཀྱི་རྩེ་ལ་བསྡད་ནས། ང་ལ་དེ་ཙམ་དུ་མཐོ་མཚམས་པ་ཟེར། སློབ་དཔོན་གྱི་ཞལ་ནས། ཁྱོད་ཀྱང་ང་ལ་དེ་ཙམ་མཐོ་མཚམས་པ་ད་ཕྱིན་དམ་འོག་ཏུ་མ་འཛུལ་ན་བསྲེག་གོ་གསུངས་པས། དེས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་བཞིན་དུ།(སྟོད་ཆ།༢༣༧) བདག་ནག་པོའི་རིགས་ཡིན་པས་ཆོས་བགྱི་བའི་རྔོ་མི་ཐོགས། ཕྱིན་ཆད་གནོད་པ་མི་བགྱིའི་ཞེས་དམ་བཅས། དེ་ལྟར་ལ་བ་དྲུག་ཙམ་གྱི་རིང་ལ་མི་མ་ཡིན་ཕལ་ཆེར་དམ་འོག་ཏུ་ཆུད་པར་མཛད་དོ། སྐབས་དེར་རྒྱལ་པོའི་དབུ་སྐྲ་འཁྲུ་བ་ནས། མཁན་པོའི་གསུག་གིས་རི་རབ་བྱང་ངོས་ཀྱི་ཆུ་མིག་རྟག་ཏུ་སྣང་བའི་ཆུས་བཀྲུས་ན་ལེགས་ཚོགས་ཆེ་ཚུལ་གསུངས་པ་བཞིན་སློབ་དཔོན་གྱིས་ཆུ་དེ་རྫུ་འཕྲུལ་གྱིས་བླངས་ཀྱང་བདུད་བློན་རྣམས་ཀྱིས་མོན་གྱི་སྨྱོ་ཆུ་ཡིན་ལས་ཆེ་ཟེར་ནས་ཕོས་སོ། དེ་ནས་རྒྱལ་པོ་ལ་དབང་མཛད་པའི་ཚེ། བཙུན་མོ་མཆོག་རྣམས་ཀྱིས་དཀྱིལ་འཁོར་མཆོད་པའི་གཟུངས་མ་བྱེད་པར་ཞུས་པས། དེ་ཀུན་སྐལ་པ་དང ་ལྡན་པ་ཁོ་ནར་མི་སྣང་གསུངས། མཆིམས་བཟའ་ལྷ་མོ་བཙུན་དང་མཁར་ཆེན་བཟའ་མཚོ་རྒྱལ་གཉིས་མཆོད་པའི་གཟུངས་མ་བྱེད་པའི་སྐལ་བ་ཅན་དུ་ལུང་བསྟན་པས། ས་ཐགས་རིང་པོ་ལ་ཇི་ལྟར་བགྱི་ཞུས་པས། འདི་ལ་ཚེགས་མེད་གསུངས་ནས། སློབ་དཔོན་གྱིས་དགོངས་པ་ལ་མཉམ་པར་བཞག་པས། ཡུད་ཙམ་ཞིག་ན་དེ་གཉིས་དཀྱིལ་འཁོར་གྱི་མཐའ་རུ་སླེབས་སོ། དེར་མ་ཟད་དེ་གཉིས་ལ་ལྷུན་གྱིས་གྲུབ་པའི་དགོངས་པ་སྐྱེས་ནས་ཕྱིས་འཇིག་རྟེན་གྱི་ལས་སྤངས་ཏེ་སྒྲུབ་པ་ལ་བཞུགས་སོ། ཡང་རྒྱལ་པོའི་ལྷ་ཁང་གི་ས་འདུལ་མཛད་པའི་ཚེ། དཀྱིལ་འཁོར་བཞེངས་པའི་ཐིག་སྐུད་འཐེན་པ་ལ། བོད་ཀྱི་ཡུལ་ཁམས་ཀྱི་བུ་མོ་གཙང་མ་མཚར་བའི་མཐར་ཐུག་པ་གཉིས་དགོངས་པ་བྱུང་བ་ལ། བོད་ཙམ་པའི་ཡུལ་ཁམས་ཆེ་བ་ན། མཚར་བའི་མཐར་ཐུག་པ་སུ་ཡིན་མི་ཤེས་པས། འགུགས་པར་ཞུས་པས། སློབ་དཔོན་དགོངས་པ་ལ་མཉམ་པར་བཞག་པས། དར་ཅིག་ནས་ཅོག་(སྟོད་ཆ།༢༣༨)རོ་བཟའ་བུ་ཆུང་སྨན་དང་། ཅོག་རོ་བཟའ་ལྷ་བུ་སྨན་གཉིས་གང་ནས་བྱུང་ཆ་མེད་པར་དེར་བྱུང་། དེ་ལ་ཡེ་ཤེས་ཀྱི་ལྷ་ཕབ་སྟེ་ཐིག་སྣ་བ་བྱས་སོ། ཕྱིས་བོད་འབངས་ཀྱི་མི་ཐམས་ཅད་བསྡུས་པས་ཀྱང་། དེ་གཉིས་ལས་མཚར་བ་ཡེ་མ་བྱུང་སྐད། ཡང་ཁྱུང་པོ་སྟག་ཚ་ཟར་བའི་བློན་པོ་གཅིག་ཆོས་ལ་ཤིན་ཏུ་མི་དད་པ་དེའི་བསམ་པ་ལ། བྲག་དམར་མགྲིན་བཟང་དང་སྔགས་མཁན་འདི་མེ་ལ་བསྲེག་དགོས་པར་འདུག་བསམ་ནས་སློབ་དཔོན་གྱི་དྲུང་དུ་ཕྱིན་པ་ཞིག་ལ། བློན་པོ་སོགས་སྐྱེ་བོ་མང་པོཡོད་པའི་དབུས་དེར། ཁྱོད་འདི་ལྟ་བུ་བསམ་མམ་ཞེས་གསུངས་པས། ཤིན་ཏུ་ངོ་ཚ་ཞིང་ཕྱིར་སོག་ནས་མཐའི་མོན་བུ་འདིས་ཅི་ཡང་ཤེས་པར་འདུག་ཟེར་སྐད། ཡང་དབས་སྟོང་གཟིགས་ཟེར་བ་ཆོས་ལ་ཤིན་ཏུ་ཞེ་གནག་པ་ཞིག་ཡོད་པ་ལ། འདི་མི་རིང་བར་དབང་ཆེ་བར་གྱུར་ཏེ་ཆོས་དར་དུ་མི་སྟེར་བ་ཞིག་ཡོང་བར་འདུག་པས་ཚར་གཅོད་འི་ཁོ་དུས་དེ་རང་དུ་ལུས་ལས་ཁྲག་ཟགས་ནས་ཤི། ཡང་སློབ་དཔོན་གྱི་གསུང་ལས། བཙན་པོ་ཁྱོད་ཀྱི་ཡུལ་འདི་བཟང་པོར་བྱ། ངམ་ཤོད་ཀྱི་བྱེ་མ་ཚལ་དང་ནེ་གསེང་དུ་བྱེ། གྲ་དང་དོལ་དང་རྟ་ལ་དང་ཡུལ་པོ་ཆེ་ཚུན་ཆད་ཆབ་མེད་པ་རྣམས་སུ་ཆུད་དབྱུང་། གྲམ་པ་ཐམས་ཅད་ཀྱང་ཞིང་སར་འགྱུར་བར་བྱས་ལ་བོད་འཚོ་བར་བྱ། བཻ་ཤྲ་མ་ཎ་ལ་ནོར་བླངས་འཛམ་བུའི་གླིང་གི་དཀོར་ནོར་ཡོད་དོ་ཅོག་གི་འབྱུང་ཁུངས་བོད་དུ་འབྱུག་བར་བྱ། གཙང་པོ་སྦུབས་སུ་འཇུག །ཆབ་འདི་ལས་ཆེ་བ་ཞིག་ཀྱང་ངེས་སྦུབས་སུ་བཅུག་པ་ཡིན་གསུངས་པ་དང་། རྒྱ་དང་ཧོར་ལ་སོགས་པའི་རྒྱལ་པོ་(སྟོད་ཆ།༢༣༩) ཐམས་ཅད་ཀྱང་བོད་ཀྱི་དབང་དུ་འདུས་པར་བྱའོ་སོགས་བཀའ་མཆིད་རྒྱ་ཆེར་གསུངས་པ་ལ་དེ་ལྟར་འོང་ངམ་ཉམས་སད་པའི་ཕྱིར་མཛད་པར་ཞུས་པས། དཀྱིལ་འཀོར་བཞེངས་ནས་སྔ་དྲོ་ཅིག་དགོངས་པ་མཛད་པས་བྲག་དམར་གྱི་སྐམ་པ་ཞིག་ཏུ་ཆུ་ཆེན་པོ་རྡོག །མུ་ཀླུ་རྫིང་དུ་བཏགས། ད་དུང་མཛད་དགོས་ཞུས་པས་བྲག་དམར་མཚོ་མོ་འགུར་སྔར་བྱེ་མར་ཡོད་པ་ནེ་གསེང་དུ་སྔོ་ཆམ་གྱིས་སོང་། ད་ཞིང་ས་གང་བྱེད་གསུངས། དེ་ལྟར་ཐམས་ཅད་འོང་ངེས་པར་འདུག་པ་ལ། ཕྱིས་སེམས་ཅན་སྤྱི་མཐུན་གྱི་ལས་དང་། ནག་ཕྱོགས་ཁྱི་འདྲེ་དང་བདུན་བློན་རྣམས་ཀྱི་རྐྱེན་གྱིས་མ་གྲུབ། ལྷ་སྲིན་དམ་འདོག་དང་སྦྱིན་སྲེག་གསུམ་པ་ཡང་མ་གྲུབ་སྟེ་ལུས་སོ། སྐབས་འདིར་ཐམས་ཅད་མཀྱེན་པ་ལྔ་པ་རིན་པོ་ཆེས། སློབ་དཔོན་བོད་དུ་ཡུན་རིང་བཞུགས་མ་བཞུགས་ཀྱི་ལོ་རྒྱུས་དུ་མ་སྣང་བ། མཆོག་དམན་གྱི་བློ་ངོར་ཤར་ཚུལ་ཡིན་ཡང་། རྒྱུ་མཚན་མ་གོ་བར་སོ་སོའི་ལུགས་ལ་ཞེན་ཏེ་གཏམ་སྣ་ཚོགས་སྨྲ་བ་ནི་རྗེ་ས་པཎ་གྱིས། མཁས་པ་རང་གིས་དཔྱོད་ཤཻས་ཀྱི། བླུན་པོ་གྲགས་པའི་རྗེས་སུ་འབྲང་། ཁྱི་རྒན་ཀུ་ཅོ་འདོན་པ་ན། རྒྱུ་མཚན་མེད་པ་གཞན་དག་རྒྱུག །ཅེས་གསུངས་པའི་རྣམ་ཐར་འཛིན་པ་ཡིན་ཞིང་། བྱ་བ་སྤྲུལ་པའི་སྐུ་པདྨ་དཀར་པོར་གྲགས་པའི་སྙིགས་དུས་ཀྱི་མཁས་པ་ཆེན་པོ་དེའི་གསུང་ལས། དེ་ནི་དུས་གཅིག་ལསཀུའི་བཀོད་པ་སྣ་ཚོགས་སྟོན་པའི་རྫུ་འཕྲུལ་ཅན་ཡིན་པས། དེ་དག་ལ་གོ་རིམ་མི་དགོས་ཀྱི་གཏན་ཚིགས་སུ་བསྒྲུབ་དཀའོ། ཞེས་པ་ནི་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པའི་ལེགས་བཤད་ཀྱི་གསུང་ཡིན་(སྟོད་ཆ།༢༤༠)ནོ། །ཞེས་གསུངས་སོ། འོན་ཀྱང་མཁས་པ་ཕྱི་མ་འགའ་ཞིག་གིས་སྦ་བཞེད་ལས་ཟླ་བ་བཅོ་བརྒྱ་དལས་བཞུགས་པར་མ་བཤད་ཅེས་ནན་གྱིས་སྒྲོགས་པར་བྱེད་མོད་ཀྱི། དེ་ལ་ཡང་ངེས་པ་མ་མཐོང་སྟེ་བཀའ་མའི་ལོ་རྒྱུས་དང་། སྦ་བཞེད་ཁ་ཅིག་ནས་བསམ་ཡས་ཀྱི་རབ་གནས་མཛད་པར་བཤད། མཁས་མཆོག་བུ་སྟོན་རིན་པོ་ཆེ་དང་། ཆོས་རྗེ་བླ་མ་དམ་པ་སོགས་ཀྱིས་ཀྱང་དེ་ལྟར་དུ་བཞེད་པ་ཡིན་ཏེ་སོ་སོའིའ་ཆོས་འབྱུང་ལས་ཀྱང་དེ་བཞིན་བཤད་པར་སྣང་ལ། འཁོར་ས་ཆེན་མོའི་ངོས་རིས་ལའང་བྲིས་ཡོད་པར་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་བཤད་དོ། སྤྱིར་ཡང་སྦ་བཞེད་དང་། ཕུར་པའི་སྟོང་ཐུན་སོགས་ལོ་རྒྱུས་ཕྱོགས་རེ་བ་ཡིན་གྱི་སློབ་དཔོན་གྱི་རྣམ་ཐར་མཐར་ཆང་ཚང་བར་བརྗོད་པ་མིན་པས་སྐབས་དེ་དང་དེའི་ལོ་རྒྱུས་ཙམ་ལས་ལོ་རྒྱུས་བྲེང་ཆགས་སུ་བྲིས་པ་མེད་དོ། འོན་ཀྱང་བོད་མ་དག་པ་འགའ་ཞིག་གི་སྣང་ངོར་གཤེགས་པ་ལྟར་མཛད་ནས། སླར་སྐུ་ཁྱབ་གདལ་དུ་སྣང་བས་རབ་གནས་སོགས་རྒྱལ་པོའི་དགོངས་པ་བསྒྲུབས་ཤིག་བོད་ཡུལ་དུ་ལོ་བརྒྱ་དང་བཅུ་གཅིག་ལ་སོགས་པར་བཞུགས་ནས་སྒྲུབ་གནས་རྣམས་བྱིན་གྱིས་བརླབས་པ་དང་ཟབ་གཏེར་སྦ་བ་སོགས་ཐང་ཡིག་ནས་བཤད་པ་ལྟར་ཀུན་མཁྱེན་ལྔ་པ་སོགས་མཁས་གྲུབ་ཕལ་ཆེར་གྱིས་བཞེད་དོ། དེ་བཞིན་ཐང་ཡིག་ཁ་ཅིག་ལས། ལོ་ལྔ་བཅུ་རྩ་གཅིག་དང་། ཕལ་ཆེར་བརྒྱ་དང་བཅུ་གཅིག་འབྱུང་བའང་ཕྱེད་ལོ་དང་སྒང་ལོའི་ཁྱད་ཡིན་པར་ཀོང་པོ་རྒོད་ཚང་བ་དང་འཇམ་མགོན་སཱ་རའི་ཞབས་ཀྱིས་བཞེད་ཅིང་དེར་མཚུངས་རྒྱ་གར་ནས་བྱོན་ལོའང་སུམ་སྟོང་ལོན་ནས་ཞེས་པ་དང་སྟོང་དང་དྲུག་བརྒྱ་ཞེས་འབྱུང་བ་འང་ཕྱེད་ལོ་དང་(སྟོད་ཆ།༢༤༡)སྒང་ལོའི་ཁྱད་པར་དུ་བཀྲལ་བར་མཛད་དོ། དོན་ལའང་གནས་པར་སྣང་ངོ་། དེས་ན་རེ་ཞིག་གདུལ་བྱ་ཕལ་ཆེ་བའི་སྣང་ངོར་བཞུགས་ཚུལ་སོགས་ཐང་ཡིག་ལྟར་ཁས་ལེན་དགོས་ཏེ། ཅིའི་ཕྱིར་ཞེ་ན། སློབ་དཔོན་ཉིད་ཀྱི་གཟུངས་མ་མཁར་ཆེན་བཟའ་དང་རྗེ་འབངས་ཞབས་འབྲིང་བདག་གིས་བཀོད་པ། ཕྱིས་གཏེར་སྟོན་ཚད་ལྡན་རྣམས་ཀྱི་གཏེར་ཆོས་སླང་མེད་ལས་བྱུང་བ་ལ་སོམ་ཉི་དགོས་པ་མི་སྣང་ལ། བཀའ་མའི་ལོ་རྒྱུས་སྣང་ལ་མ་ངེས་པ་སྣ་ཚོགས་སྨྲ་བ་དག་ལ་ཡིད་བརྟན་དགོས་པ་མེད་དོ། དེས་ན་བོད་ཡུལ་དུ་བཞུགས་ཚུལ་ཀུན་གྱི་མཐོང་བར་སྣང་ཚུལ་མཐུན་པ་དེ་ཙམ་ཞིག་ལས་གཞན་དུ་ཟུང་འཇུག་གྲུབ་པ་དག་གི་རྣམ་པ་ཐར་པ་སུ་ཞིག་གི་བརྟགས་པར་ནུས་ཏེ་རྫུ་འཕྲུལ་མཐའ་ཡས་པ་ལ་མངའ་བརྙེས་པའི་ཕྱིར་མངའ་གཅིག་ཏུ་འདིན་པར་མ་ནུས་སོ། འདི་དག་གི་དུས་སུའང་མ་དག་པ་གིས་མ་མཐོང་བའང་སྲིད་དེ། ཐོགས་མེད་ཀྱིས་བྱམས་པ་བསྒྲུབ་ནས་གཞན་ལ་བསྟན་པ་འགྲིབ་ལ་ཉེ་བ་ན། དག་པས་ང་རང་དངོས་སུ་མཐོང་ཡང་སྲིད། ཅེས་དང་། ང་ལ་འགྲོ་སྡོད་གཉིས་སུ་ག་ལ་ཡོད། ཅེས་དང་། གསོལ་བ་ཐོབ་དང་པད་འབྱུང་སྒོ་ཉལ་ཡོད། ཅེས་སོགས་གསུངས་པ་བཞིན་ནོ། དེ་ལྟར་འཕྲོས་དོན་ཅུང་ཟད་སྨྲོས་ནས། སྔ་མའི་འཕྲོར། དེ་ནས་མཁར་སློབ་གདན་འཛོམ་སྟེ་སློབ་དཔོན་གྱིས་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས་ཏེ་ལྷ་འདྲེ་རྣམས་དགའ་བའི་མཐུན་རྫས་དང ་བཅས། དྲེགས་པ་ཟིལ་གནོན་གྱི་མགུར་གསུངས་ནས་ནམ་མཁའ་ལ་(སྟོད་ཆ།༢༤༢)རྡོ་རྗེའི་གར་མདད་ཅིང་ས་གཞི་བྱིན་གྱིས་བརླབས། སྐུའི་གྲིབ་མ་གང་བྱུང་སར་ལྕགས་རི་བརྩིགས་པས་ལྕགས་རི་ཟུར་མང་པོ་བྱུང་བར་གྲགས། རྒྱལ་པོས་དར་དཀར་གྱི་ན་བཟའ་གསོལ། གསེར་གྱི་སྟ་རེ་ཐོགས་ནས་རྨང་བརྐོས་པས་གྲུ་གང་ཙམ་གྱི་འོག་ནས་ས་ཞག་དཀར་སེར་དམར་གསུམ་རོ་ཕུན་སུམ་ཚོགས་པ་བྲོ་བ་བྱུང་བས་བཙན་པོ་ཐུགས་དགྱེས་སོ། དེ་ནས་མཁན་པོས་གཙུག་ལག་ཁང་གི་བཟོ་དབྱིབས་ཀྱི་བཀོད་པ་མཛད་པར་བཞེད་དེ། སྔོན་མུ་སྟེགས་ཀྱི་རིག་འཛིན་ཞིག་གིས་རོ་ལངས་བསྒྲུབས་པའི་དགོས་གྲུབ་ལེན་པ་ཉེ་བ་ན། གྲོགས་རྟགས་མཚན་དང་ལྡན་པ་ཞིག་དགོས་པས། དབུས་འགྱུར་འཆང་གི་དགེ་སློང་སྒྲུབ་པ་པོའི་གཡོག་དགེ་ཚུལ་ཞིག་མཚན་དང་ལྡན་པ་ཤེས་ནས། དགེ་ཚུལ་གྱི་རིན་དུ་གསེར་གྱི་མཎྜལ་ཕུལ། དགེ་ཚུལ་དང་ལྷན་ཅིག་ཏུ་སྒྲུབ་ཁང་དུ་ཕྱིན་ཏེ། དགེ་ཚུལ་ལ་རོའི་ལྕེ་གཅོད་ཚུལ་བསླབས་ཏེ། ལྕེ་གསེར་གྱི་རལ་གྲིར་འགྲོ་བ་བཟུང ནས་ཡིད་ལ་གང་འདོད་པར་འགྲོ་ནུས་པ་དེ་ངེད་ལ་ཐོད། རོ་གསེར་དུ་འགྲོ་བ་ཁྱོད་ལ་རྔན་པ་བྱིན་ནོ་ཟེར་བས། ལྕེ་དར་ཤམ་ཙམ་པ་ལན་གཉིས་སུ་བྱུང་ཡང་མ་ཟིན། དེར་མུ་སྟེགས་ཀྱིས། ད་ལན་ཅིག་འོང་བ་དེ་ལ་མ་ཟིན་ན། ངེད་རང་གཉིས་ཀིས་འགོ་བྱས་པའི་སྲིད་པ་གསུམ་གྱི་སེམས་ཅན་གསོད་པས་སྒྲིམས་ཤིག་ཟེར་བ་དང་། ལྕེ་སོས་བཟུང་ནས་བཅད་པས་རལ་གྲིར་གྱུར་པ་ན་དགེ་ཚུལ་གྱིས་ནམ་མཁའ་ལ་དབྱུགས་ནས་རི་རབ་ཀྱི་ཁར་ཕྱིན་གླིང་བཞི་ཕྲན་ལྕོག་དང་བཅས་པ་ལེགས་པར་བལྟས་ནས་སླར་གྲི་མུ་སྟེགས་ལ་གཏད། རོ་གསེར་རུ་གྱུར་པས་ཡོ་བྱད་བྱས་ནས་རི་རབ་གླིང་བཞི་གླིང་ཕྲན་དག་བཅས་པ་ལ་དཔེ་བྱས་ནས་(སྟོད་ཆ།༢༤༣)བཞེངས་པ་ལ་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ཞེས་བྱ་བ་ཨ་མཚན་ཅན་ཞིག་ཡོད་པས། དེ་ལ་དཔེ་བྱ་བར་གསུངས་ཏེ། ཆུ་ཕོ་སྟག་གི་ལོ་ལ། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྨང་བཏིང་རྒྱ་ཁྱོན་གྱི་ཚད། བཙད་པོ་རང་གི་མདའ་རྒྱང་གང་བྱ་བར་གསུངས་པས། བློན་པོ་རྣམས་ཀྱིས་ལྐོག་ཏུ་བགྲོས་ཏེ། རྗེའི་མདའ་རྒྱང་གང་ལ་གཞན་གྱི་གསུམ་ཡོད་པས་དེ་ཙམ་མི་འགྲུབ་ཅིང་། བཀའ་བཅག་པ་ཡང་མི་རིགས་པས་ཐབས་ཤིག་བྱེད་པ་རམཐུན་ཏེ། མདའི་སྨྱུགས་སྦུབས་སུ་དངུལ་ཆུ་བླུགས་པས་གཞན་གྱི་མདའ་རྒྱང་གང་དང་མཉམ་པ་བྱུང་ལ། དེར་ས་རྣམས་ཡར་ཀླུངས་གང་པ་ཐོག་དང་། རྡོ་ཧས་པོ་རི་ནས་ཤིང་རྟ་ལ་དྲངས། ཤིང་ཤུགས་པ་ལ་བྱས། སློབ་དཔོན་ཆེན་པོས་ལྷ་འདྲེ་དམ་འོག་ཏུ་བཙུད་དེ་ལས་ལ་བཀོལ་བས་ཉིན་པར་མིས་བརྩིགས་པ་ལས་མཚན་མོ་ལྷ་འདྲེས་བརྩིགས་པ་འཚར་ཆེ་བའི་ལོ་རྒྱུས་ལ་ཕྱིས་ཞིག་གསོའི་དུས་གྱང་ཁ་ནས་མི་མ་ཡིན་གྱི་རྐང་རྗེས་ཁྲུ་གང་པ་དང་ཆེ་ཆུང་སྣ་ཚོགས་ཐོན་པ་སོགས་ཀྱིས་ངེས་པ་འདྲོངས། ལྷ་ཁང་འབྱོངས་ནས་སྐུ་གཟུགས་ཇི་ལྟ་བུ་བགྱི་དགོངས་པ་ན་བཙན་པོའི་མནལ་ལམ་དུ་མི་དཀར་པོ་གཅིག་གིས་ས་གཞི་འདི་ཇོ་མོ་སྒྲོལ་མས་བྱིན་གྱིས་བརླབས་པ་ཡིན། ཧས་པོ་རིའི་རྩེ་ན་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་ཤཱཀྱ་ཐུབ་པ་གཙོ་འཁོར་བཅུ་གསུམ་ཡོད་ཅེས་ལུང་བསྟན་པ་ལྟར། ནང་པར་བློན་པོ་ཁམས་པ་གོ་ཆ་ཁྲིད་དེ་བལྟར་བྱོན་པས་བྱེ་མའི་འབོལ་ནས་རྡོ་སྐུ་རང་བྱུང་ཐེའུའི་རྗེས་མེད་པ་སྤྱན་བཀྲ་ཧྲིག་གེ་བའི་ཇོ་བོ་བྱང་ཆུབ་ཆེན་པོ་རྙེད། དེ་ཤིང་རྟ་ལ་སྤྱན་དྲངས་པས་གཙུག་ལག་ཁང་གི་ཤར་སྒོར་བྱོན་པ་དང་ས་(སྟོད་ཆ།༢༤༤)གཡོས། དྲི་གཙང་ཁང་དུ་བྱོན་པ་དང་ཆེར་གཡོས། ཁྲི་ལ་བཞུགས་སུ་གསོལ་བ་ན་ཕྱ་མཁན་ན་རེ། བཙན་པོའི་ལྷ་ཁང་ལ་དཔག་ན་ལྷ་སྐུ་ཚད་ཆུང་མཆི་ཟེར་བས། སྤྲུལ་པའི་བཟོ་བོས་འཇག་མ་དང་དར་རྒྱས་ཀྱིས་གཡོགས། གསེར་ལ་སོགས་རིན་པོ་ཆེ་འབའ་ཞིག་བསྲེས་པའི་འཇིམ་ལས་བཟོ་གནས་བོད་ཀྱི་ལུགས་སུ་བྱས་པས་མཐོང་ན་མི་མཐུན་པ་མེད་པའི་སྐུ་རྒྱལ་བ་མངོན་སུམ་པའི་མཚན་དཔེ་རྫོགས་པར་བྱོན། རྒྱུད་རིས་མདོ་སྡེ་དང་མཐུན། ལྷ་ཚོགས་གསང་སྔགས། མཐུན་པའི་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ཁང་ཞེས་གྲགས་ལ། དེ་ཡང་ཟན་ཞེས་པ་ལུགས་དང་གཡང་ཞེས་པ་གསུམ་གྱི་བརྡ་རྙིང་ཡིན་ཏེ་ཟན་གཡང་དུ་གྲགས་སོ། བཟོ་གནས་ཀྱང་རྒྱ་གར། རྒྱ་ནག ལི་ཡུལ་ཐ་དད་པའི་ལུགས་སུ་བྱས་པས་སིང་བསྒྲིགས་དང་བཀོད་པའི་རྣམ་ཆ་ཡང་བློ་ཡུལ་དུ་འདོམས་པར་མི་ནུས་པ་ཇོ་མོ་གླིང་གསུམ་དང་བཅས་མེ་ཕོ་རྟའི་ལོ་ལ་རྫོགས་པར་གྲུབ་སྟེ། མཁན་སློབ་གཉིས་ཀྱིས་རབ་ཏུ་གནས་པར་མཛད་པས། དབུ་རྩེའི་ལྷ་རྣམས་ཕྱི་རོལ་དུ་བྱོན་པ། རྟ་མགྲིན་གྱིས་རྟ་སྐད་ཐེངས་གསུམ་བཏོན་པ། པདྨའི་སྡོང་པོ་སྐྱེས་པ་སོགས་ངོ་མཚར་བའི་ལྷས་ཁྱད་པར་དུ་འཕགས་པ་བསམ་གྱིས་མི་ཁྱབ་པ་དུ་མས་སྐྱེ་རྒུ་ཐམས་ཅད་ངོ་མཚར་ཡ་མཚན་གྱི་གནས་ལ་བཀོད། རྗེ་འབངས་རྣམས་ཀྱིས་དགའ་སྟོན་ཆེན་པོ་ལོ་བཅུ་གཉིས་སུ་བྱས་སོ། དེ་རྗེས་བྲི་ཀ་མ་ཤཱི་ལའི་གཙུག་ལག་ཁང་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། ལུག་གི་ལོ་ལ་ཨ་ཙརྱ་(སྟོད་ཆ།༢༤༥)བོ་དྷི་སཏྭས་མཁན་པོ་མཛད་དེ་སད་མི་བདུན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེ་ནས་ཀྱང་དད་པ་ཅན་དང་ཤེས་རབ་ཅན་གསུམ་བརྒྱ་ཙམ་དང་གཞན་མང་པོ་རབ་ཏུ་བྱུང་ཞིང་ཁྲི་སྲོང་གི་རིང་ལ་བོད་ཀྱི་ཡུལ་འདིར་ཆོས་གྲྭ་ཆེན་པོ་བཅུ་གཉིས་དང་། ཡེར་པ་ཆུ་བོར་རི་དང་མཆིམས་ཕུ་རྣམས་སུ་སྒོམ་གྲྭ་ཅེན་པོ་བཙུགས་ཏེ། ཡེར་པ་གྲུབ་ཆེན་བརྒྱ་དང་བརྒྱད། ཆུ་བོ་རིར་བརྒྱ་དང་བརྒྱ། མཆིམས་ཕུར་གྲུབ་ཆེན་ཉི་ཤུ་རྩ་ལྔ་རྣམས་ལས་དཔལ་གྱི་རྡོ་རྗེ་མ་གཏོགས་ཐམས་ཅད་ཀྱིས་འོད་ལས་གྲུབ། རབ་བྱུང་ཐམས་ཅད་ཀྱི་འཚོ་བ་བླ་ནས་སྦྱར། སློབ་དཔོན་གྱིས་སྤྲུལ་པའི་ལོ་ཙཱ་བཻ་རོ་ཀ་ཅོག་རྣམས་ལུང་བསྟན་ཅིང་། གཞན་ཡང་ལོ་ཙཱ་བ་བརྒྱ་རྩ་བརྒྱད་དང་། པཎྜི་ཏ་མང་པོ་སྤྱན་དྲངས་ནས། མཚན་ཉིད་ཀྱི་ཆོས་ཐམས་ཅད་དང་བསྟན་བཅོས་ཀྱང་ཕལ་མོ་ཆེ་བསྒྱུར་ཞིང་ཉན་བཤད་ཀྱིས་གཏན་ལ་ཕབ། སྔགས་བླ་མེད་རྣམས་ཁྱབ་གདལ་དུ་བསྒྱུར་བར་མ་མཛད་པར་སྐལ་བ་དང་ལྡན་པ་དག་གི་སྤྱད་བྱར་གནང་། བཻ་རོ་ནམ་སྙིང་སོགས་ཀྱིས་རྒྱ་གར་ནས་ཟབ་དོན་གྱིབ་དུད་རྩི་བླངས་ཀྱང་། བདུད་བློན་རྣམས་ཀྱི་ཕྲ་མས་རེ་ཞིག་སྤྱུགས་དང་། སླར་སྤྱན་དྲངས། ཁྱད་པར་དུ་པཎ་ཆེན་བི་མ་ལ་མི་ཏྲ་གདན་དྲངས་ཏེ། རྫོགས་པ་ཆེན་པོའི་ཆོས་རྣམས་བསྒྱུར། སྔར་བོད་འདིར་བོན་དར་ཞིང་ཕལ་ཆེར་དེའི་རྗེས་སུ་འཇུག་པས། ཆོས་སྒྲུབ་པའི་གེགས་མང་དུ་ཕྱུང་བར། དུས་དེར་ལོ་པཎ་རྣམས་ཀྱིས་བོན་གྱི་རིང་ལུགས་མཐའ་དྲི་མེད་པའི་གཏན་ཚིགས་རིག་པས་ཚར་བཅད་ནས་སུན་བྱུང་། ཕྱིན་ཆད་བོན་བགྱིད་དུ་མི་གནང་བར་བཀས་བཅད་ནས་བོན་པོ་རྣམས་མཐར་སྤྱུགས་སོ། གཞན་ཡང་སྔོན་(སྟོད་ཆ།༢༤༦)མ་ཞང་གྲོམ་པ་སྐྱེས་ལ་སོགས་པས་ཆོས་བཤིག་པ་ཐུགས་ལ་བཅགས་ནས་ཕྱིན་ཆད་དེ་ལྟ་བུ་མི་འབྱུང་བའི་ཕྱིར་བོད་སུས་ཀྱང་ཆོས་མི་བཤིག་པའི་བཀའ་གཙིགས་བཅས། དབུ་སྙུང་བཞེས་མནའ་བསྒྲགས་ཏེ་དེ་འདྲ་ལན་གཉིས་མཛད་དེ། རྗེ་བློན་ཀུན་གྱིས་དབུ་སྙུང་དང་བྲོ་བོར་བ་ཡང་མཛད། དེ་ནས་གཙུག་ལག་ཁང་གི་སྲུག་མར་མཁན་སློབ་ཆོས་གསུམ་བཀའ་བགྲོས་ཏེ། སློབ་དཔོན་རིན་པོ་ཆེས་ཀླུ་རྒྱལ་ཟུར་ཕུད་པ་ལྔ་པ་ལ་བཀའ་བསྒོས་པས། ཀླུས་ངེད་རྣས་དགུན་ཟླ་གསུམ་ལ་ཉལ་བས་དེའི་དུས་ཅི་ཡང་མི་ཤེས་པས་དེ་བས་དམུའི་རིགས་ལ་ཀླུའི་ཚ་བོ་རྒྱལ་པོ་ཧུ་ཞེས་བྱ་བ་ནོར་རྒྱ་ཁབ་ཙམ་གྱི་པྱིར་ལ་བྱ་རྒོད་པའི་ཉིན་ལམ་བཅོ་བརྒྱད་ཙམ་རེ་འགྲོ་བ་ཞིག་ཡོད་པ་དེ་བསྐོ་བར་ཞུས། དེ་དུས་ལྷ་སྲས་མུ་རུབ་བཙད་པོ་བྱང་གི་སོ་ཁ་བསྲུང ་བར་བྱོན་པས། སློབ་དཔོན་ཆེན་པོས་རྣམ་སྲས་རྟ་བདག་བརྒྱད་ལ་བཀའ་བསྒོས་ཏེ་གྲོགས་སུ་བརྫངས་ནས་རྒྱལ་བུ་དཔུང་དང་བཅས་ཁམས་ཀྱི་གཡར་མོ་ཐང་དུ་ཕེབས། རྣམ་སྲས་ཀྱི་སྤྲུལ་པའི་དམག་ཤར་ནས་བྱ་ཁྲའི་གདོང་ཅན་དང་། ལྷོ་ནས་གྲུལ་བུམ་རྐང་རྩེའི་དམག་རྟ་བོང་གི་རྐང་པ་ཅན། ནུབ་ནས་མི་ལུས་བྱི་བའི་མཇག་མ་ཅན་དང་། བྱང་ནས་མི་ལུས་བོང་བུའི་རྣ་བ་ཅན་སོགས་བགྲང་བ་ལས་འདས་པ་བྱུང་ཞིང་། དེ་རྣམས་ཀྱིས་རྒྱ་ཧོར་གྲུ་གུའི་ཡུལ་རྣམས་བཅོམ། རྒྱལ་པོ་པེ་ཧར་སྐྲག་སྟེ་བྱ་རྒོད་དུ་སྤྲུལ་ནས་བྲོས་པར་གནོད་སྦྱིན་ཞིག་གིས་མདའ་འཕངས་པ་གཤོག་པ་ལ་ཐེབས་ནས་ས་ལ་ལྷུངས། རྣམ་སྲས་འཁོར་བཅས་ཀྱིས་བཟུང་སྟེ་བསམ་ཡས་སུ་བསྐྱལ་ཞེས་འབྱུང་སྟེ། གང་ལྟར་ཡང་མཁན་སློབ་ཆོས་གསུམ་བཀའ་བགྲོས་པ་ལྟར། རྒྱལ་པོའི་དམག་གིས་བྷ་ཏ་ཧོར་གྱི་སྒོམ་(སྟོད་ཆ།༢༤༧)གྲྭ་བཅོམ་པའི་ཀ་ཅའི་རྗེས་སུ་པེ་ཧར་འབྲངས་ཏེ་བྱུང་བ་ལ། སློབ་དཔོན་ཆེན་པོས་པེ་ཧར་གླིང་དུ་རྟེན་བཅས་ཏེ་བོད་ཡུལ་གྱི་གཙུག་ལག་ཁང་ཐམས་ཅད་ཀྱི་སྲུང་མར་བསྐོས་ནས་གཉེར་དུ་གཏད་དོ། ས་སྐྱའི་བསེ་འབག་སྨུག་ཆུང་དང་བསམ་ཡས་ཀྱིས་བསེ་འབག་གཉིས་ཀྱང་འདི་དུས་འཕུར་ནས་བྱུང་བ་ཡིན་པར་སྣང་ངོ་། སློབ་དཔོན་གྱིས་མཆིམས་ཕུ་སོགས་སྒྲུབ་གནས་རྣམས་སུ་ངེས་གསང་རྡོ་རྗེ་ཐོག་པའི་རྒྱུད་དང་། སྒྲུབ་ཐབས་མང་དུ་བསྒྱུར་ཏེ། མཁས་པ་དང་གྲུབ་པ་བརྙེས་པའི་སྐྱེས་བུས་གངས་ཅན་གྱི་ཡུལ་ཐམས་ཅད་མཛེས་པར་བྱས། མཚན་ཡང་སྤྲུལ་པའི་སྐུ་པདྨ་འབྱུང་གནས་སུ་གྲགས་སོ། །དུས་ཕྱིས་ཇོ་བོ་དཱི་པམ་ཀ་རས་བསམ་ཡས་སུ་ཕེབས་ནས་པེ་ཧར་གླིང་དུ་བཞུགས། རྒྱ་དཔེ་མང་པོ་འདུག་པ་གཟིགས་པས་ཤིན་ཏུ་དགྱེས་ཏེ། སྔོན་བོད་དུ་བསྟན་པ་བྱུང་བ་འདྲ་བ་རྒྱ་གར་དུ་ཡང་མ་བྱུང་བ་འདུག་ཅེས་བསྔགས་པར་མཛད་དོ། མཁན་པོ་དགུང་ལོ་དགུ་བརྒྱ་བཞེས་པའི་ཚེ་བོད་ཡུལ་དུ་བྱོན་ཞེས་གྲགས་པ་ནི། མཁན་པོ་ཉིད་ཐོ་ཐོ་རི་གཉེན་བཙན་དང་དུས་མཉམ་པ་ཙམ་བྱས་ན་བོད་དུ་བྱོན་གྱི་བར་ལ་རགས་རྩིས་ལོ་བཞི་བརྒྱ་ལྷག་ཙམ་སོང་བས་དགུ་བརྒྱ་ཞེས་པ་ནི་ཕྱེད་ལོ་ཡིན་པར་མངོན་ལ། དེ་ལྟར་ན་ཐོ་ཐོ་རིའི་དུས་ལོ་ཙཱ་བ་ལི་ཐེ་སེས་སྤྱན་དྲངས་པའི་པཎྜི་ཏ་བློ་སེམས་འཚོ་ཞེས་པ་དེ་ཡང་བོ་དྷི་སཏྭ་བློ་སེམས་དང་། འཚོ་ཞེས་པ་ཞི་བ་འཚོ་ལ་འབྱོར་བར་འགོས་ལོ་ཙཱ་བ་ཆེན་པོ་བཞེད་པ་དང་། བོད་ཀྱི་རྒྱལ་རབས་དགུའི་བར་ཁྲི་སྲོང་སྒུག་གིན་བཞུགས་པ་སོགས་དང་ཡང་སྒྲིག་ནུས་སོ། དེ་ནས་བོད་ཀྱི་ཡུལ་འདིར་ཡང་ལོ་བཞི་བཅུའི་བར་དུ་བསྟན་པ་བསྐྱངས་མཐར་བྲག་(སྟོད་ཆ།༢༤༨)དམར་གྱི་ཕོ་བྲང་དུ་རྟས་ཕྲ་བརྒྱབ་པའི་རྐྱེན་བྱས་ཏེ་སྐུ་གཤེགས་པའི་ཚུལ་བསྟན་ནས། སྐུ་གདུང་ཧས་པོ་རིའི་རྒྱབ་ཏུ་མཆོད་རྟེན་བཞེངས་པར་བཞུགས་སོ། གཞན་ཡང་བསམ་་ཡས་གྲུབ་ཙམ་ནས་བཙུན་མོ་དང་བློན་པོ་རྣམས་བགྲོས། མཁན་པོ་དང་སློབ་དཔོན་བཀྲོང་ཟེར་ནས་རྒྱལ་པོ་མཛད་དཀར་བསྟན་པའི་ཚེ་སློབ་དཔོན་ལ་ཞུས་ནས། སློབ་དཔོན་གྱི་གསུང་བཞིན་དབུ་ཚལ་གསེར་ཁང་དུ་ལོ་པཎ་ཐམས་ཅད་དགདན་དྲངས་ནས་བསྙེན་བཀུར་ཕུལ་བའི་ཚེ་བཙུན་མོ་དང་བློན་པོ་རྣམས་ཀྱིས་མཐོ་བརྩམ་ནས་གཤེད་མ་བཀྱེ་བ་ན། དེར་སློབ་དཔོན་གྱིས་ལོ་པཎ་ཐམས་ཅད་སྔ་གྲོ་སྤྱན་རས་གཟིགས་དང་ཉིན་གུང་རིན་པོ་ཆེ་འབར་བ། དགོང་མོ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་སུ་སྤྲུལ་པས་གཤེད་མ་རྣམས་ལྟས་མོ་ལ་ཡེངས། དེ་ནས་སྲོད་ལ་གཤེད་མ་རྣམས་ལོ་པཎ་ཀུན་གསོད་དུ་ཕྱིན་པ་ན་སློབ་དཔོན་ཉིད་ཁྲོ་བོའི་སྐུར་བཞེངས་པའི་སྐུ་ལས་ཁྲོ་བོའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱུང་བས་གཤེད་མ་རྣམས་སྐྲག་ནས་བྲོས་པས་ལྕགས་རིའི་རྒྱབ་ཏུ་ཐམས་ཅད་འགྱེལ་ནས་འཇོམ་གཟུགས་ལྟར་རེངས་པར་གྱུར། དེར་སློབ་དཔོན་གྱིས་རྒྱལ་པོ་ལ་ས་སྤར་གང་གནང་ནས་གཏོར་དུ་བཅུག་པས་ཐམས་ཅད་སོས་ནས་རང་རང་གི་ཁྱིམ་དུ་སོང་སྟེ་དེ་ནས་བཟུང་། ལོ་པཎ་རྣམས་ལ་གནོད་པ་ཅི་ཡང་བྱེད་མ་ནུས་སོ། དེ་ནས་ལྷ་སྲས་མུ་རུབ་བཙད་པོས་ཀྱང་བྱང་གི་སོ་ཁ་སྲུང་བར་ལོ་ལྔ་བཞུགས་ནས་ཡར་བྱོན་ནས་བསམ་ཡས་མཆིམས་ཕུར་སློབ་དཔོན་དྲུང་དུ་སྡིག་པ་བཤགས་ཤིང་ཆོས་གསན་པས་རྡོ་རྗེ་ཕུར་པའི་ཞལ་གཟིགས། སླར་ཀོང་པོར་ཕེབས་པས་མཆིམ་གྱི་གད་པ་སྐྱ་བོར་ཐུགས་དམ་གྱི་ལྷ་ཁང་དེང་སང་ཡང་ཡོད། དེ་ནས་མི་རིང་བར་(སྟོད་ཆ།༢༤༩)མདོ་ཁམས་སྨད་ནས་འུ་ར་བཀྲ་ཤིས་ཟེར་བ་རྒྱ་ནག་ལ་ངོ་ལོག །མངའ་རིས་སྟོད་ནས་ཞང་ཞུང་ཧ་ལ་འབར་བྱ་བ་མུ་སྟེགས་གུ་ལང་ལ་ངོ་ལོག་པ་སོགས་བྱུང་བ་སློབ་དཔོན་ལ་ཞུས་པས་དེ་གཉིས་ཀྱི་ལིང་ག་ཁྱི་སྤྱང་གི་ཐོད་པར་མནན་པས་ཟླ་བ་གསུམ་ནས་དབང་དུ་འདུས་ཤིང་། ཡང་དམྱལ་བ་སྤུན་གཉིས་ཕ་གཞིས་ལ་མ་འཆམ་པ་འཐབ་ཏེ་འཁྲུག་པ་ཆེན་པོ་ལངས་པ་ཡང་སྐད་ཅིག་གིས་འདུམ་པར་མཛད་དོ། ཡག་དཔལ་བསམ་ཡས་ཀྱི་རབ་གནས་མངའ་གསོལ་སོགས་གྲུབ་ནས་ཀུན་དད་ཅིང་འདུན་པས་རྒྱ་དཀར་ནག་ཁ་ཆེ་ཏ་གཟིགས་སོགས་དབང་དུ་འདུས་ཏེ་ཡབ་མེས་ཀྱི་དུས་ལས་མངའ་ཐང་བདུན་འགྱུར་དུ་འཕེལ་ཡང་། གེ་སར་གྱི་རྒྱལ་པོ་ལི་ཧར་བྱ་བས་བསྐུལ་ནས་རྒྱ་དཀར་ནག་ཏ་གཟིག་གེ་སར་སོགས་མཐའ་བཞིའི་རྒྱལ་པོའི་དམག་གིས་བོད་ཁམས་ཐམས་ཅད་འཇོམས་སུ་ཉེ་བ་ན། རྒྱལ་བློན་རྣམས་ཀྱིས་སློབ་དཔོན་ཆེན་པོ་བསམ་ཡས་མཆིམས་ཕུར་བཞུགས་པའི་སྤྱན་སྔར་བྱོན་ནས་ཐབས་ཞུས་པས། རྒྱལ་པོ་ཆེན་པོ་འདི་ཤིན་ཏུ་འཇིགས་པས་གཟབ་འཚལ། སེམས་ཅན་སྣ་ཚོགས་ཀྱི་ཐོད་པ་འཚོལ་ཞིག་གསུངས། མཐའི་དམག་དཔོན་རྣམས་ཀྱི་ལིངྒ་ཐོད་པར་བཅུག་ནས་སོ་སོའི་གཤེད་ཀྱི་ཐོད་པས་མནན་ནས་ཕྱོགས་བཞིར་ངོ་ལེན་ཆེན་པོ་བཞི་སྦས་པས། དམག་རྣམས་རང་སར་གྱེས་ཏེ་བོད་ལ་གནོད་པ་མ་བྱུང་། སླར་མཐའ་བཞིའི་རྒྱལ་པོ་རྣམས་ཀྱིས་སྐྱེས་ཕུལ་ཏེ་གུས་འདུད་བྱེད་པ་བྱུང་སྟེ་འཛམ་གླིག་སུམ་གཉིས་དབང་དུ་འདུས་སོ། སྐབས་འདི་ཙམ་ཞིག་ན་གངས་ཏི་སེ་ནས་བོན་པོ་རྣམས་ཀྱིས་ཐོག་མདའ་སྟོང་རྩ་བརྒྱད་ཕབ་བྱུག་བ་དེ་མཁྱེན་ནས་ཕྱག་མཚན་རྡོ་རྗེ་འཕངས་པ་ནམ་མཁར་སོང་ཏེ་ཉང་སྟོད་ཁུའི་ལེའུ་ཐང་དུ་ཐོག་གི་རྫ་མ་(སྟོད་ཆ།༢༥༠)ལ་ཕོག་པས་ཐོགས་མར་དུ་ཞུ་བས་མར་ཁུ་གཤོང་དུ་གྲགས། ཡང་སྐབས་འགའ་ཞིག་ནས། མཆིམས་ཕུར་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་རྗེ་འབངས་ཉེར་ལྔ་སྨིན་པར་མཛད་ཚུལ་དང་། གཞུ་སྟོང་ཏི་སྒྲོར་མཁའ་འགྲོ་མ་འབུམ་ཕྲག་གཅིག་ལ་ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་ཆོས་འཁོར་བསྐོར་ཞིང་པདྨ་གསལ་ལུང་བསྟན། སྒྲུབ་གནས་རྣམས་སུ་ཟབ་གཏེར་སྦ་བ་དང་སྤྲུལ་པའི་གཏེར་སྟོན་རྣམས་ལུང་མཛད་ཚུལ་དང་། མན་ངག་ལྟ་བའི་ཕྲེང་བ་གསུངས་ཚུལ་སོགས་འབྱུང་། གཞན་ཡང་རྒྱལ་པོའི་སྐུ་ཚེ་བསྲིང་བར་བཞེད་ནས་གཡའ་མ་ལུང་དུ་ཚེ་སྒྲུབ་མཛད་ཀྱང་རྟེན་འབྲེལ་གཞན་དབང་དུ་སོང་བས་བཞེད་པ་བཞིན་མ་འགྲུབ་སྟེ། རྣམ་ཐར་གསེར་གྱི་ཕྲེང་བར། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད། མི་ཡུལ་ཚེ་ལོ་སྟོང་ཕྲག་གསུམ། བཞུགས་པའི་ཚེ་ཆུ་ངས་བསྒྲུབས་ཀྱང་། རྒྱལ་པོ་བདུད་བློན་དབང་དུ་ཐལ། འོན་ཀྱང་ལོ་སྐོར་གཅིག་དུ་བསྲིང་། ཞེས་འབྱུང་ངོ་། གཞན་ཡང་འོན་ལ་མོ་ལུག་རིང་བྱ་བ་ན། བདུད་དང་དམུ་དང་དམ་སྲི་ཤིན་ཏུ་མཐུ་ཆེ་བས་འགྲོ་བ་རྣམས་ལ་གནོད་པར་གཟིགས་ནས་འདུལ་བར་བརྩམས་པ་ན་དམུ་དེས་སྟག་ཆེན་པོ་ཞིག་ཏུ་སྤྲུལ་ནས་ཚོར་རྒོལ་བར་སློབ་དཔོན་ཉིད་རྡོ་རྗེ་ཁྲོ་བའི་སྐུར་བཞེངས་ནས་ཞབས་གཉིས་བགྲད་པའི་སྟང་སྟབས་ཀྱིས་སྟག་བརྫིས་ཤིང་། ཕྱག་གི་རྡོ་རྗེ་དང་ཕུར་པས་གདུག་ཅན་རྣམས་ཀྱི་སྙིང་ལ་གཟིར་ཏེ་དྲེག་ཚོགས་རྣམས་བཏུལ་བས་མཚན་ཡང་རྡོ་རྗེ་གྲོ་ལོད་དུ་གྲགས། མཚན་འདི་སྔར་ལི་ཡུལ་དུ་འང་གྲགས་མོད་ཀྱི་གཙོ་ཆེར་བོད་ཡུལ་དུ་གྲགས་ཤིང་། མོན་སྤ་གྲོ། འོན་ཕུ་སྟག་ཚང་། ཁམས་ཀྱི་རྡོ་རྗེ་གྲོ་ལོད་རྣམས་སུ་སྐུའི་བཀོད་པ་ཅིག་ཅར་དུ་བསྟན་ནས་དྲེགས་པ་ཅན་རྣམས་བཏུལ་(སྟོད་ཆ།༢༥༡) བས་གནས་སོ་སོར་ཕྱག་ཞབས་ཀྱི་རྗེས་དང་སྐུ་རང་བྱོན་སོགས་ཤིན་ཏུ་གསལ་བ་ཡོད་ལ། ལི་ཡུལ་ཞེས་པའང་རྒྱ་ནག་སྐད་དུ་ལི་ཀྱང་ཧུ་ཞེས་པ་བསྒྱུར་བ་ལི་ཡུལ་ཏེ་ད་ལྟ་འཇང་ཡུལ་ཡིན་ལ། ལྕང་ར་སྨུག་པོའང་འཇང་རི་སྨུག་པོ་ཡིན་ཏེ་ཡུལ་དེ་སྔོན་རྒྱ་གར་གྱི་རྒྱལ་པོས་བདག་བྱས་པའི་ལོ་རྒྱུས་ཏའི་ལིའི་ཕྱོགས་སུ་རྒྱ་གར་གྱི་རྡོ་རིང་ལ་ཡི་གེ་གསལ་བར་ཡོད་ཅེས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་གསུང་ལས་ཐོས་སོ། ཙཱ་ནའི་སྐད་དུ་ལི་ཀྱང་ཧུ་ཞེས་པ་འཇང་གི་ཡུལ་དུ་སྔོན་ཆོས་མི་དར་བ་ལ། ཆོས་ཀྱི་རྗེ་ཀརྨ་པ་དམར་མཐིང་ཅོད་པན་འཛིན་པ་རྣམས་དེར་བྱོན་པས་དམ་པ་ཆོས་ཀྱི་སྲོལ་དོད་པར་གྱུར་ཏེ། ཡུལ་འདི་རྒྱ་འོག་ཏུ་གཏོགས་པས་མཐའ་དམག་གིས་བརྫི་བར་མ་ནུས་ཤིང་། ཕྱིས་སུ་འཇམ་མགོན་སི་ཏུ་བསྟན་པའི་ཉིན་བྱེད་ཉིད་ལན་དུ་མར་ཕེབས་པས་སྔ་ཕྱིར་ས་མཐམ་འོག་མིན་གླིང་དང་འཇང་རི་སྨུག་པོ། ཀུན་རྡོར་དར་རྒྱས་གླིང་། ལ་གཤིས་སོགས་དང་། ཁྲ་འབུར་ཕུན་ཚོགས་བསྟན་འཕེལ་གླིང་སྟེ་ཆོས་སྡེ་ཆེ་ཕྲ་མང་པོ་ཚུགས་ཤིང་དེ་རྣམས་སུ་བླ་བླ་མ་གསང་འདུས་ཀྱི་ཚེས་བཅུ་ཆེན་མོ། རཏ་གླིང་ཆོས་བསྐོར། ཀར་གླིང་ཞི་ཁྲོ། རིག་འཛིན་འཇའ་ཚོན་སྙིང་པོ་དང་། ཡང་དགེ་མི་འགྱུར་རྡོ་རྗེ། གཏེར་ཆེན་ཆོས་རྗེ་གླིང་པ་སོགས་ཀྱི་ཆོས་སྐོར་རྣམས་དར་ཞིང་། ས་ཐམ་རྒྱལ་པོའི་ཕོ་བྲང་དུ་འང་ལོ་ཏར་བཞིན་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡང་གསང་འདུས་པའི་མ་ཎི་བུམ་སྒྲུབ་འཛུགས་པ་སོགས་ཀར་རྙིང་གཉིས་ཀའི་བསྟན་པ་དེང་སང་གི་བར་དུ་དར་རྒྱས་ཆེ་བར་ཡོད་ལ། དེ་བཞིན་དུ་གླ་ཕི་དམ་པ་གནས་སུ་རྗེ་འབྲི་གུང་པའི་ཆོས་སྡེ་ཡོད་པ་རྣམས་ཀྱིས་ཀྱང་རྙིང་མའི་ཆོས་གཙོ་བོར་སྤྱོད་པ་ཤ་སྟག་ཡིན་ནོ། གཞན་ཡང་བོད་ཀྱི་(སྟོད་ཆ།༢༥༢)གངས་ཆེན་བཞི་དང་། བྲག་ཕུན་ཆེན་པོ་བརྒྱད་ལ་སོགས་པར་ཡུན་རིང་དུ་བཞུགས་ནས་སྒྲུབ་གནས་མང་པོ་བྱིན་གྱིས་བརླབས་ནས་ཟབ་མོའི་གཏེར་ཁ་གྲངས་མེད་སྦས། ལྷ་མོན་ཕྱོག་བུམ་ཐང་དང་བྲག་ལོ་ཕྲང་སོགས་ལ་སྐུ་རྗེས་བརྒྱ་དང་བརྒྱད་ཕྱོགས་བཞིའི་བྲག་ལ་ཞབས་རྗེས། མཚོ་ཆེན་བཞི་ལ་ཕྱག་རྗེས་སོགས་་རྫུ་འཕྲུལ་གྱི་བཀོད་པ་གྲངས་ལས་འདས་པ་བསྟན་ཏེ་ངོ་མཚར་བའི་མདད་པ་བསམ་གྱིས་མི་ཁྱབ་བོ། ཡང་མཁན་པོ་འདས་སློབ་དཔོན་སྒྲུབ་གནས་སུ་གཤེགས་པ་ན། རྒྱའི་ཧ་ཤང མ་ཧ་ཡ་ན་བྱུང་སྟེ་ལུས་ངག་གི་དགེ་བས་འཚང་མི་རྒྱ། ཅི་ཡང་ཡིད་ལ་མི་བྱེད་པས་འཚང་རྒྱ་ཟེར་ནས་བོད་འབངས་མང་པོ་ལོག་པའི་ལམ་ལ་ཁྲིད། བཙན་པོ་ཡང་བཀས་བཅད་དཀའ་བར་གྱུར་ཀྱང་མཁན་པོའི་གསུང་དྲན་ཏེ། རྒྱ་གར་ནས་ཀ་མ་ལ་ཤི་ལ་གདན་དྲངས་པ་བཞིན་བྱོན་ཏེ། ཏྭོན་རྩེན་རྩོད་པས་ཏྭོན་མུན་ཕམ་སྟེ་ཧཱ་ཤང་རྒྱ་ཡུལ་དུ་བརྫངས། དེའི་ལུགས་མི་བྱེད་པར་བཀས་བཅད་དོ། དེ་ནས་རྒྱལ་པོའང་ལྕགས་ཕོ་འབྲུག་གི་ལོ་ལ་བོད་འབངས་བྱིངས་ཀྱི་སྣང་ངོར་ཚན་པའི་སྙུན་གྱིས་མྱ་ངན་ལས་འདས་ཏེ་རྗེ་བཙུན་འཇམ་དཔལ་རྡོ་རྗེའི་ཐུགས་ཀར་ཐིམ་མོ། དེ་ཡང་རྒྱལ་པོ་འདས་ལོ་ལྔ་བཅུ་རྩ་དགུ་དང་། དྲུག་ཅུ་རེ་དགུ་ཐང་ཡིག་སོ་སོ་ནས་བཤད་པའང་དོན་ལ་མི་འགལ་བའང་། རྒྱལ་པོ་སྐུ་ཚེ་ང་དྲུག་ལས་མེད་པར་རིམ་གྲོ་བྱས་ཏེ་ལོ་གསུམ་དངོས་ཀྱི་སྐུ་ཚེ་སྲིངས་བ་དང་མི་ལོ་བཅུ་གསང་བསྡམས་ཏེ་ཡོད་ཚུལ་དུ་སྐུ་ཚེ་བསྲིངས་པའི་དབང་གིས་ཁྱོན་བརྗོད་དོན་འདོམས་ཏེ་བཅུ་གསུམ་སྐུ་ཚེ་བསྲིངས་པའང་སྟག་ལོར་གསང་བརྟོལ་བའི་དབང་དུ་བྱས་ཞེས་རིག་ལྡན་ཆེན་པོ་འཇམ་མགོན་སཱ་རའི་ཞབས་ཀྱིས་བཞད་(སྟོད་ཆ།༢༥༣)དོ། ཆོས་ཀྱི་རྒྱལ་པོ་འདི་ལ་བཙུན་མོ་འགའ་ཞིག་ཡོད་ཀྱང་ཚེ་སྤོང་བཟའ་ལ་སྲས་གསུམ་བྱུང་བའི་ཆེ་བ་མུ་ནེ་བཙན་པོ་རྒྱལ་སར་བསྐོས། འབངས་ཀྱི་ལྟོགས་ཕྱུག་ལན་གསུམ་དུ་སྙོམས་ཀྱང་། མ་འགྱགས་པར་སྔར་བཞིན་གྱུར་པར། ལོ་པཎ་རྣམས་ཀྱིས་སྔོན་གྱི་སྦྱིན་པའི་འབྲས་བུ་ཡིན་པར་གསུངས་པས། རྣམ་དཀར་གྱི་ལས་ལ་ལྷག་པར་མོས་པ་ཐོབ་སྟེ། བསམ་ཡས་སོགས་སུ་སྡེ་སྣོད་གསུམ་གྱི་མཆོད་པ་བཙུགས། མདོ་སྡེའི་མཆོད་པ་དེང་སང་ཡང་ཡོད། རྒྱལ་སྲིད་མདད་ནས་ལོ་གཅིག་དང་ཟླ་བ་བདུན་ལ་ཡབ་ཀྱི་བཀས་ཡབ་ཀྱི་བཙུན་མོ་རུ་ཡག་མོད་རྒྱལ་ཁབ་བཞེས་པ་ལ་ཕྲག་དོག་སྐྱེས་ནས་ཡུམ་གྱིས་དུག་བཏབ་ནས་བཀྲོངས། འབྲིང་པོ་མུ་རུབ་བཙན་པོ་ནི་སྔར་ཞང་གི་བུ་འུ་རིང་བསད་པས། རེ་ཞིག་སྤྱུགས་པ་སླར་མོན་ནས་སྤྱན་དྲངས་ཏེ་རྒྱལ་སྲིད་ལ་བསྐོར་བར་རྩོམ་པ་ན། བློན་པོའི་ཤུལ་མི་ཞང་སྣ་ནམ་གྱིས་ཚིགས་སྐྲོལ་ནས་བཀྲོངས་སོ། སྲས་ཆུང་བ་མུ་ཏིག་བཙན་པོ་སད་ན་ལེགས་མཇིང་ཡོན་གྱིས་དགུང་ལོ་བཞིའི་སྟེང་དུ་རྒྱལ་སྲིད་བཟུང་། སློབ་དཔོན་གྱིས་ཆོས་སྐལ་སྩལ། ཡབ་མེས་ཀྱི་གཙུག་ལག་ཁང་རྣམས་ལ་མཆོད་པ་དང་། ཤུལ་ན་བཞུགས་པའི་ལོ་པཎ་རྣམས་ལ་ཕུལ་དུ་བྱུང་བའི་བསྙེན་བཀུར་དག་བཅས་ཏེ། སྔར་མ་འགྱུར་བའི་གསུང་རབ་འགའ་ཞིག་ཀྱང་བསྒྱུར། སྐབས་འདིར་ཁྲི་སྲོང་གཤེགས་པའི་ལོ་ཏེ་ལ་སློབ་དཔོན་སྲིན་ཡུལ་དུ་གཤེགས་པའི་ལུགས་གཅིག་དང་། གསང་ནས་ལོ་གསུམ་སློབ་དཔོན་གྱིས་རྒྱལ་སྲིད་མཛད་ནས་གཤེགས་ཞེས་འབྱུང་སྟེ། གཉིས་ཀའང་དོན་ལ་འགལ་བར་མི་འདུ་སྟེ་གང་ཟག་སོ་སོའི་སྣང་ངོར་ཟད་(སྟོད་ཆ།༢༥༤)དོ། ཁྲི་སྲོང ་གཤེགས་ནས། སློབ་དཔོན་དང་། ལྷ་སྲས་མུ་ཁྲི་བཙན་པོ་བཅའ་ཟབ་བུ་ལུང་དུ་བྱོན། ལྷ་སྲས་ཀྱི་སྐུ་ཚེ་སྐྱོབ་པ་ལ་རྣམ་རྒྱལ་མཆོད་རྟེན་བཞེངས། ཤོག་བསེ་ལ་སློབ་དཔོན་གྱི་སྐུ་འདྲ་བྱ་པ་ད་ལྟ་འང་ཡོད། དེ་ནས་སློབ་དཔོན་སྲིན་པོ་འདུལ་དུ་གཤེགས་པར་བཞེད་པས་རྒྱལ་བློན་ཐམས་ཅད་མྱ་ངན་གྱིས་གདུང་སྟེ་འཛམ་བུ་གླིང་གི་ནོར་ཐམས་ཅད་ཕུལ་ནས་བཤོལ་བཏབ་ཀྱང་བཞུགས་པར་མ་གནང་། ཡར་ལུང་ཁྲ་འབྲུག་ཏུ་ཕེབས་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ནས་དབང་སྒྲུབ་མཛད་པའི་ས་སྟེགས་དང་སློབ་དཔོན་ང་འདྲ་མའི་སྐུ་ད་ལྟ་འང་ཡོད། འདི་དུས་ལྷ་ལྕམ་མནྡ་ར་བས་སྐུ་ཚབ་མཚོ་སྐྱེས་རྡོ་རྗེ་ཨོ་རྒྱན་སྤྲིན་ནག་འདུས་པའི་དུར་ཁྲོད་ནས་བླངས་ཏེ། ཕུལ་བ་ཉང་གི་གཏེར་ནས་ཕྱུང་བས་ད་ལྟ་བསམ་ཡས་ན་བཞུགས་པ་འདི་ཡིན། སླར་ཡང་ལྷ་ས་བསམ་ཡས་རྣས་སུ་ཕེབས་ནས་བོད་ཀྱི་རྒྱལ་བློན་རྗེ་འབངས་སྤྱི་དང་བྱེ་བྲག་སོ་སོར་ཞལ་གདམས་རྒྱས་པར་སྩལ་ནས་རྗེ་བློན་རྣམས་ཀྱིས་མང་ཡུལ་གུང་ཐང་དུ་བསྐྱལ་བའི་ཚེ། ལྷ་སྲས་ཉིད་ཀྱིས། བདག་གི་ཡབ་གཅིག་ཁྲི་སྲོང་ལྡེའུ་བཙན་དེ། སྲོང་བཙན་སྒམ་པོ་ལྟ་བུར་མ་གྱུར་པས། རྒྱལ་པོའི་དབང་ཕྱེད་བློན་པོའི་ལག་ཏུ་ཤོར། གོ་མ་ཆོད་ཀྱིས་ནོར་བ་བག་རེ་བྱུང་། ཐལ་ཟིན་ལྡོག་ཏུ་མེད་པའི་འགྱོད་པས་སླེབ། ད་ནི་གུ་རུ་གཤེགས་པའི་དུས་ཀྱང་བྱུང་། ཞེས་པ་ལ་སོགས་པའི་སྨྲེ་སྔགས་དང་། སྤྱན་ཆབ་མང་པོ་ཟགས་ཤིང་། ཕྱག་ལ་འཇུས་ནས་ཕྱག་སེན་ཞོག་ཅིག་ཞུས་ཤིང་ཧ་ཅང་གདུང་བ་དྲག་པོ་གནང་བའི་ཚེ། རྡོ་ལ་ཞབས་རྗེས་ཟུང་(སྟོད་ཆ།༢༤༥)ཞིག་བཞག་ནས་གནང་བ་ཡ་གཅིག་དམར་པོ་རིར་ལོ་ཀི་ཤྭ་རའི་མདུན་དང་། ཡ་གཅིག་བསམ་ཡས་སུ་བཞུགས་པ་དེང་སང་ཡང་མཇལ་དུ་ཡོད་པ་འདིའོ། དུས་ཀྱི་ཐ་མ་ལ་ལྷ་སྲས་ཀྱི་གདུང་བརྒྱུད་གུང་ཐང་དུ་འོང་བར་ལུང་བསྟན། ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་སོགས་གདམས་པ་མང་དུ་སྩལ། དེ་ནས་སློབ་དཔོན་ཉིད་ནམ་མཁར་འཇའ་ཚོན་གྱིས་འཁྲིགས་པའི་དབུས་སུ་ལྷ་དང་ལྷ་མོ་མང་པོས་མཆོད་པའི་ཡོ་བྱད་དུ་མས་མཆོད་ཅིང་གཤེགས་ཏེ་སེང་གེ་དང་རྟ་མཆོག་ཆིབས་པ་སོགས་མཐོང་ཚུལ་ི་འདྲ་བའང་སྣ་ཚོགས་བྱུང་ན་སྣང་ངོ་། དེ་ནས་ལྷ་སྲས་འཁོར་བཅས་བསམ་ཡས་སུ་ལོག་ནས་བྱོན་ཏེ། ཡབ་མེས་ཀྱི་མཛད་སྲོལ་བཟང་པོས་མངའ་རིས་ཆོས་བཞིན་དུ་བསྐྱངས་ཞིང་། ཧས་པོ་རིས་དམ་པས་རྒྱ་མཁར་རྩེ་དགུ་བཞེངས་པའི་ཤུལ་དེང་སང་རྫིང་དུ་སོང་བར་དམ་པ་རྫིང་དུ་གྲགས། ཁྱད་པར་སྐྱི་ཤོད་དུ་དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་ི་གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་བསྒྲགས་ཤིང་རེ་རེ་ནས་བཀར་ཏེ་མནའ་འབོར་དུ་བཅུ་གཔ་སོགས་བསྟན་པ་དར་རྒྱས་སུ་འགྲོ་བའི་ཐབས་དུ་མས། བོད་ཀུན་ཕན་པ་དག་བདེ་བའི་ལམ་དུ་འགོད་པར་མཛད་ནས་གཤེགས་སོ། དེ་ཡང་ལྷ་སྲས་མུ་ཏིག་བཙན་པོ་དང་། སད་ན་ལེགས་མཇིང་ཡོན་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཅིང་། འདི་སྐབས་ཆོས་འབྱུང་རྣམས་སུ་ཞལ་མི་མཚུངས་པ་དང་། ཁྲི་སོརང་ལ་སྲས་བཞི་་ཡོད་པར་འདོད་པ་སོགས་སྣ་ཚོགས་ཤིག་འདུག་ཀྱང་། ཐམས་ཅད་མཁྱེན་པ་ལྔ་པ་རིན་པོ་ཆེས། མེ་ནེ་བཙན་པོ། མུ་རུབ་བཙན་པོ། མུ་ཏིག་བཙན་པོ་སྟེ།(སྟོད་ཆ།༢༥༦) གསུམ་དུ་ཞལ་ཚོན་གཅོད་པར་གནང་བ་དོན་ལའང་གནས་ཤིང་། དེ་བཞིན་མུ་ཏིག་སྲས་ལའང་གཙང་མ། དར་མ། རལ་པ་ཅན། ལྷ་རྗེ། ལྷུན་གྲུབ་ལྔར་བཞེད་པ་དོན་ལ་གནས་སོ། ༦ སློབ་དཔོན་བོད་ནས་སྲིན་ཡུལ་དུ་བཞུད་ཅིང་འགྲོ་དོན་བསྐྱངས་ཚུལ། དེ་ནས་སློབ་དཔོན་ཉིད་སྲིན་ཡུལ་གླིག་དགུའི་དབུས་ན་མཁའ་སྤྱོད་ཟངས་མདོག་དཔལ་རིའི་རྩེར་ཡེ་ཤེས་རང་རྩ་གྱི་མདངས་ལས་ཤར་བའི་པདྨ་འོད་ཀྱི་གཞལ་ཡས་ཁང་དུ་སྐྱེ་ཤི་བགྲེས་རྒུད་སྤངས་པའི་རྡོ་རྗེའི་སྐུས་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་ཏེ་གསང་གསུམ་སྒྱུ་འཔྲུལ་རྡོ་རྗེའི་རོལ་པ་མཐའ་ཡས་པའི་རྫུ་འཕྲུལ་གྱིས་སྲིན་པོ་རྣམས་ཆོས་ལ་འཛུད་པ་དང་། གདུལ་བྱ་རྣམས་རྗེས་སུ་འཛིན་པའི་ཕྲིན་ལས་ཀྱི་འཇུག་པ་མི་བརྟུལ་བས་བོད་ཡུལ་ཁ་བ་ཅན་གྱི་འགྲོ་ལ་ལྷག་པར་བརྩེ་བའི་ཐུགས་རྗེ་གཞན་ལས་འཕགས་པར་ཞལ་གྱིས་བཞེས་པ་བཞིན་དུ་ཡེ་ཤེས་ཀྱི་གཟིགས་པ་དུས་ལས་མི་ཡོལ་བས་བསྐྱངས་ཏེ་བཞུགས་སོ། སློབ་དཔོན་རིན་པོ་ཆེ་འདི་རྒྱ་གར་འཕགས་པའི་ཡུལ་སོགས་དང་། བོད་ཡུལ་དུ་ཇི་ཙམ་བཞུགས་པའི་ལོ་ཟླའི་གྲངས་ངེས་ཐང་ཡིག་ཏུ་རྒྱས་པར་གསུངས་ཀྱང་འདིར་ཡི་གེ་མད་ཀྱི་དོགས་ནས་མ་བྲིས། དེར་མཚུངས་ཞལ་སློབ་ཀྱང་བསམ་མི་ཁྱབ་པ་བྱོན་ཀྱང་རེ་རེ་ནས་འགྲངས་པར་མི་ནུས་མོད། འོན་ཀྱང་འཁོར་གྱི་གཙོ་བོ་ཐུགས་སྲས་རྗེ་འབངས་ཉེར་ལྔའི་ལོ་ཀུས་ཅུང་གླེང་བར་བྱ་སྟེ། དེ་ཡང་གོང་དུ་སྨོས་པ་ལྟར་དཔལ་གྱི་བསམ་ཡས་མཆིམས་ཕུའི་ཡང་དབེན་དུ་བཀའ་བརྒྱད་བདེ་(སྟོད་ཆ།༢༥༧)གཤེགས་འདུས་པིའ་དཀྱིལ་འཁོར་ཞལ་ཕྱེས་ནས་རྗེ་འབངས་རྣམས་ལ་དབང་བསྐུར་བའི་ཚེ་གསེར་སྲང་བཅུ་རེ་ལ་མེ་ཏོག་བྱས་ཏེ་དཀྱིལ་འཁོར་ལ་ཕུལ་བས་གང་དུ་མེ་ཏོག་ཕོག་པའི་ལྷ་སོ་སོར་བཀའ་བབས་ཏེ་གྲུབ་པ་ཐོབ་པས་རྗེ་འབངས་ཉེར་ལྔར་གྲགས་པ་བྱུང་སྟེ། འདི་དུས་ལྷ་སྲིན་རྣམས་ཀྱིས་སློབ་དཔོན་ལ་མཐོ་འཚམས་ཕྱིར་ཀླད་ཀྱི་རྫ་མོ་སྙིལ་བ་སློབ་དཔོན་གྱིས་ཧཱུྃ་ཞེས་གསུངས་པས་རྫ་མོ་ཉིལ་བ་ཡར་ལོག་སྟེ་ཡི་གེ་ཧཱུྃ་གི་གཟུགས་སུ་གནས་པར་དེང་སང་རྫ་མོ་ཧཱུྃ་འདྲ་མར་གྲགས་སོ། འདིར་ཁྲི་སྲོང་རྣམ་འཕྲུལ་དབང་པོའི་སྡེས། ཐུགས་སྲས་མི་རྗེ་འབངས་རིགས་ཉེར་ལྔ། ཞེས་གསུངས་པས། མི་རྗེ་ཁྲི་སྲོང་ལྡེའུ་བཙན་ནི་ལོ་རྒྱུས་རྒྱས་པ་བཤད་མ་ཐག་པ་དེ་ལྟར་ལས། དབང་བཀུར་ཞུ་བའི་དུས་མེ་ཏོག་དབུས་སུ་བབས་པས། སློབ་དཔོན་གྱིས་གསང་མཚན་ཚངས་པ་ལྷའི་མེ་ཏོག་རྩལ་དུ་གནང་། ཆེ་མཆོག་བདེ་གཤེགས་འདུས་པའི་བཀའ་བབས་ཏེ། ཏིང་ངེ་འཛིན་ལས་མི་གཡོ་བར་ལྷུན་གྲུབ་ཀྱི་དགོངས་པ་སྐྱེས། མཁན་པོ་བོ་དྷི་ས་ཏཱ་ལས་མདོ་པྱོགས་གསན་པས་ཤེས་ཕྱིན་གྱི་རྟོགས་པ་འཁྲུངས་ནས་བཀའ་ཡང་དག་པའི་ཚད་མ་ཞེས་པའི་བསྟན་བཅོས་དང་། འབུམ་གྱི་ཊི་ཀ་སོགས་བསྟན་བཅོས་མང་པོ་མཛད། སྤྲུལ་པའི་དམག་བྱེ་བ་ཕྲག་བཅུ་བཞིས་རྒྱ་གར་མཆོད་རྟེན་པདྨ་ཅན་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་ལེན་པ་དང་། གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པར་མཛད་དེ། ཆོས་ཀྱི་རྒྱལ་པོ་འདི་བསིལལདན་ཁ་བའི་ལྗོངས་འདིར་རྒྱལ་བསྟན་ཉིན་བྱེད་འདྲེན་པའི་ཤིང་རྟ་གཅིག་པུར་གྱུར་པ་དེའོ། །(སྟོད་ཆ།༢༥༨) ༧ གུ་རུའི་ཐུགས་སྲས་རྗེ་འབངས་ཉེར་ལྔའི་སྐོར་དང་མཁས་ཆེན་གཞན་གྱིས་ལོ་ཙཱ་བར་གདེང་འཇོག་མཛད་སྟངས་ཀྱི་དཔྱད་བརྗོད། འབངས་ཉེར་ལྔ་ལས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ནི། ཡུལ་གནུབས་ཡུལ་རོང་དུ་འཁྲུངས། ལོ་རྒྱུས་རྒྱས་པ་འོག་ཏུ་འབྱུང་ལ། མེ་ཏོག་སྐུ་གཤིན་རྗེར་ཕོག་པས་ལྷ་ཚོགས་ཐམས་ཅད་ཀྱིས་ཞལ་གཟིགས། བྲག་ལ་ཕུར་པ་བཏབས་པ་དང་། ཉི་ཟླ་གདན་དུ་བཏིང་བ་སོགས་གྲུབ་པའི་རྟགས་མཚན་མངོན་སྣང་དུ་སྟོན་པར་ནུས། རྒྱ་གར་དང་བལ་ཡུལ་དུ་ལན་བདུན་བྱོན། བལ་པོ་བྷ་སུ་དྷ་ར་ལས་མངོནསཔཡོད་ཀྱི་ལས་མང་དུ་ཞུས་ཤིང་དྲག་པོའི་ཕྲིན་ལས་མང་དུ་མཛད། ཁྱད་པར་དུ་རྒྱལ་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བཤིགས་པའི་དུས་སློ་དཔོན་འདིས་རྒྱལ་པོ་སྡིག་ཅན་སྐྲག་པར་མཛད་དེ། རྒྱལ་པོས་ཁྱོད་ལ་ནུས་པ་ཅི་ཡོད་ཟེར་བས་ངས་སྔགས་ཙམ་བཟླས་པའི་ནུས་པ་འདི་ལ་གཟིགས་ཤིག་ཅེས་སྡིགས་མཛུབ་གནམ་དུ་ཕྱར་བས་སྡིགས་མཛུབ་ཀྱི་སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་གཡག་པོ་ཙམ་དགུ་རྩེགས་སུ་འདུག་པ་མཐོང་བས་རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པ༄༅ི་སྐུ་ལ་མི་སྡོ་འོ་ཆོས་མཛོད་ཅིག་ཟེར། ད་དུང་ནུས་པ་འདི་ལ་གཟིགས་ཤིག་ཟེར་ནས་སྡིགས་མཛུབ་ཀྱིས་ཐོག་ཕབ་སྟེ་པ་རིའི་བྲག་ལ་བསྣུན་པས་ཚལ་བར་སོང་། དེར་རྒྱལ་པོ་འཇིགས་ཤིང་སྐྲག་ནས་ཁྱེད་འཁོར་བཅས་ལ་གནོད་པ་མི་བྱེད་དོ་ཟེར་ནས་བཏང་སྟེ། སྔགས་འཆང་གོས་དཀར་ལྕང་ལོ་ཅན་རྣམས་ལ་གནོད་པ་མ་བྱུང་བ་ཁོང་གི་དྲིན་དུ་མངོན་ཏེ་སངས་རྒྱས་ཀྱི་བསྟན་པ་སྤྱི་ལའང་ཕན་ཆེར་བྱུང་ངོ་། འདིའི་སྒྲུབ་གནས་(སྟོད་ཆ།༢༥༩)སྒྲགས་ཡངས་རྫོང་ཡིན་པས། ཆོས་འབྱུང་མཁན་རྣམས། སྒྲགས་པ་དང་། གནུབས་པ་གཉིས་སུ་འཁྲུལ་བ་དེས་ཡིན་པ་འདྲའོ། ཚེ་ཡི་རིག་འཛིན་བརྙེས་པས་མངའ་བདག་དཔལ་འཁོར་བཙན་གྱི་དུས་བར་བཞུགས་སོ། ངན་ལམ་རྒྱལ་བ་མཆོག་དབྱངས་ནི། དབུ་རུ་ཕན་ཡུལ་དུ་འཁྲུངས། རུས་ངན་ལམ། མཁན་པོ་བོདྷི་ས་ཏྭ་ལས་རབ་ཏུ་བྱུང་སྟེ་བོད་འདིར་རབ་བྱུང་གི་སྔ་བ་སད་མི་བདུན་གྱི་གྲས་ཡིན། སྐུ་ཤིན་ཏུ་བཙུན་པར་གྲགས་ཏེ། སྦ་བཞེད་ཀྱི་ལོ་རྒྱུས་ལས་རབ་ཀྱི་མི་དགུ་འདྲེན་པ་ན། བཙུན་པའི་རབ་ནི་ངན་ལམ་ལྷ་ལུང་གཉིས། ཞེས་འབྱུང་ངོ་། མེ་ཏོག་གསུང་རྟ་མགྲིན་ལ་ཕོག དབེན་རྩར་སྒྲུབ་པ་མཛད་པས་ཡུལ་གསུམ་གྱད་དུ་གྱུར་ཏེ་དབུ་གཙུག་ནས་རྟ་མགོ་ཐོན་ཞིང་རྟ་སྐད་འཚེར་བ་བྱུང་། ཚེ་ཡི་རིག་འཛིན་བརྙེས་པས། མངའ་བདག་དཔལ་འཁོར་བཙན་གྱི་དུས། རྨ་བན་བྱང་ཆུབ་བློ་གྲོས་སྟོད་དུ་འབྲོ་རྣམས་ཀྱིས་མི་ཤ་ལ་བཀུམས་པ་རྒྱལ་པོར་སྐྱེས་ཏེ་མངའ་བདག་ལ་གནོད་པ་ལ། རྒྱལ་བ་མཅོག་དབྱངས་ཀྱིས་རྒྱལ་པོ་རྩེ་མདོར་མཛད་ནས། བཙན་པོ་སྙུངས་ལས་གྲོལ་བར་མཛད། མདོས་དེའི་སྨྲེང་མཁར་ཆུར་གཏེར་དུ་སྦས་པ། དུས་ཕྱིས་ཁམས་པ་དར་བེར་ཅན་གྱིས་བཏོན་པར་གྲགས་སོ། དགེ་སློག་ནམ་མཁའི་སྙིང་པོ་ནི་རུས་གནུབས། འཁྲུངས་ཡུལ་གཉལ་སྨད་ཉང་དཀར་མདའ་ཤམ་བུར་འཁྲུངས། མཁན་པོ་ལས་རབ་ཏུ་བྱུང་། རྟེན་དགེ་སློང་། སློབ་དཔོན་ཆེན་པོས་དབང་བསྐུར་དུས་མེ་ཏོག་ཡང་དག་ཐུགས་ལ་ཕོག་པས་གྲུབ་པའི་མཚན་མ་བརྙེས་ཏེ་ཉི་ཟེར་ལས་གཤེགས་བཞུད་མཛད། ལོ་ཙྪ་ལེགས་པར་སྦྱངས་ནས་རྒྱ་གར་ལ་བྱོན། སློབ་(སྟོད་ཆ།༢༦༠)དཔོན་ཧཱུྃ་ཀ་ར་སོགས་པཎ་གྲུབ་མང་པོ་དང་མཇལ། དབང་དང་གདམས་པ་མང་པོ་གསན་ནས་བོད་དུ་བྱོན། བོན་བློན་རྣམས་ཀྱི་ཕྲ་མས། རེ་ཞིག་ལྷོ་བྲག་མཁར་ཆུར་བྱོན། སྐབས་ཤིག་འཁྲུངས་ཡུལ་གྱི་ཉེ་འཁོར། བྲག་དམར་ཞེས་བྱ་བའི་ཕུག་པར་བཟུགས་པ་ན། གཅུང་པོ་འཇིག་རྟེན་འཛིན་པ་ཞིག་ཡོད་པ་དེ། སློབ་དཔོན་ལ་ཞུ་བར་ཕྱིན་པས། ཁྱོད་འཇིག་རྟེན་པ་ལ་ས་བོན་མེད་ན། ང་རི་ཁྲོད་འགྲིམ་པ་ལ་ས་བོན་གང་ལས་འོང་། འོན་ཀྱང་འདི་གཏོར་ལ་སོ་ནམ་བྱེད་པ་བཞིན་གྱིས། མི་ལ་ངོ་ཚ་གསུངས་ནས་ལྡེའུ་ཕད་བུ་གང་གནང་བ་དེ། གཅུང་པོས་ཀྱང་བཀའ་བཞིན་བྱས་པས། ཡུལ་མི་གཞན་ལས་ལྷག་པའི་ལོ་ཐོག་སྐྱེས། ཡང་ལན་གཅིག་གནས་དེ་ནས། གཞལ་སྨད་ཀྱིད་གྱེ་རིའི་རྩེར་ནམ་མཁའ་ལ་འཕུར་ནས་བྱོན་པ་ན། ལམ་དུ་ཕྱག་ཕྲེང་ཟགས་པ་ཉང་སྨད་འཁར་ཐང་དཀྱིལ་དུ་ལྷུང་བ། ནམ་མཁའ་ནས་རྫུ་འཕྲུལ་གྱིས་ཕྱག་བརྐྱངས་ནས་བླངས་པས། ས་ལ་ཕྱག་སོར་ལྔའི་རྗེས་བྱུང་བ་ལ་མེ་ཏོག་ལྔ་སྐྱེས། དེ་ལ་མཁའ་འགྲོ་སྡེ་ལྔ་དང་། འབྱུང་བ་བཞིའི་ལྷ་མོས་མཆོད་རྟེན་ལྔ་བཞེངས་པ་ད་ལྟ་ཡང་ཡོད། དགྱེ་རི་སྤྱང་དམར་ཕུག་པར་བཞུགས་སྐབས། དགྱེ་རིའི་འདབ་དཔེ་སྤེ་དྲིལ་གྱི་གཞོན་པ་མང་པོས་བཟའ་བཅའ་སྣ་ཚོགས་ཁྱེར་ནས་རི་ལྟས་ལ་ཕྱིན་པ་ན། དགེ་སློང་དང་མཇལ། ཁོང་ཚོས་ཚོགས་འཁོར་ཞུས་པས། འགྲོ་ཕར་བྱིན་རླབས་ཡིན་གསུངས་ནས། མི་རེ་ལ་རྡེའུ་དམར་པོ་འགའ་རེ་གནང་བས། མདའ་བཏོན་པན། གཡུ་ཐོན། སྔར་སློབ་དཔོན་གྱིས་རྡེའུ་གནང་བ་(སྟོད་ཆ།༢༦༡)དེ་དངོས་གྲུབ་ཡིན་པར་ཤེས་ནས་གཞན་ཚོ་ལ་བཤད་པས། རྡེའུ་ཕོས་པར་འགྱོད་ནས། སླར་སློབ་དཔོན་ལ་དངོས་གྲུབ་ཞུ་བར་ཕྱིན་པས། ཕུག་པའི་ནང་ན་སློབ་དཔོན་ནི་མེད་པར་སྤྱང་ཀི་དམར་པོ་ཞིག་མཐོང་བས། སྤྱང་དམར་ཕུག་པར་གྲགས། སྔར་གྱི་གཡུ་དེ་རྣམས་ལ། ཐོད་པ་དྲུག་དམར། ཙད་པོ་བརྒྱད་དཀར། སྐར་མ་མིག་བཞི་སོགས་གཡུ་མིང་ཅན་འགའ་བྱུང་བར་གྲགས། ཡང་ལོ་རྒྱུས་གཞན་ཞིག་ན། སློབ་དཔོན་ལ་བུད་མེད་ཞིག་གི་ནང་རེ་བཞིན་ཞོ་རྫིའུ་རེ་ཕུལ་བས་སྐབས་ཤིག་སློབ་དཔོན་གྱིས་ཞོ་སྣོད་རྡེའུས་བཀང་ནས་གནང་བས་མོས་ཀྱང་དངོས་གྲུབ་ཡིན་པར་ཤེས་ནས་ཁྱིམ་དུ་ཁྱེར་ཏེ་ཞག་འགའ་ཞིག་ནས་བལྟས་པས་རྡེའུ་ཐམས་ཅད་གཡུ་རུ་སོང་འདུག་ཟེར་བའང་སྣང་། ལྷོ་བྲག་མཁར་ཆུར་དཔལ་གྱི་ཕུག་རིང་ལ་སོགས་པར་སྒྲུབ་པ་མཛད་པས་ཡི་དམ་མང་པོའི་ཞལ་གཟིགས་ཤིང་། ཕྱག་རྒྱ་ཆེན་པོའི་རིག་འདིན་བརྙེས་ནས། ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་ཏེ། རྒྱལ་པོའི་བསྙུང་བསལ་ཚུལ་སོགས་ཐང་ཡིག་བཞིན་དང་། ཤེལ་དཀར་བཟའ་རྡོ་རྗེ་མཚོ་དང་མཇལ་ཚུལ་གཞན་དུ་ཤེས་སོ། གཉག་ལོ་ཡེ་ཤེས་གཞོན་ནུ་འམ་ཛྙཱ་ན་ཀུ་མ་རཱ་ནི། གདུང་རུས་གཉག་རྟེན་དགེ་སློང་། ལོ་ཙྪ་མཁས་པར་མཁྱེན་ཏེ་རྨ་གཉག་གཉིས་སུ་གྲགས་པའི་ཡ་གྱལ་ཡིན། ལོ་རྒྱུས་རྒྱས་པ་གཤམ་དུ་འཆད་འགྱུར་ནས་ཤེས། སློབ་དཔོན་གྱི་དབང་བསྐུར་དུས་མེ་ཏོག་རྒྱལ་པོ་དང་ལྷན་ཅིག་དབུ་ཀྱི་ཆེ་མཆོག་ལ་ཕོག་པས། གསང་མཚན་དྲི་མེད་ཟླ་ཤར་ཏེ་བདུད་རྩི་སྨན་གྱི་བཀའ་བབས། སྒྲུབ་གནས་ཡར་ལུང་ཤེལ་བྲག་ནས་རྫུ་འཕྲུལ་གྱིས་སྒྲུབ་ཆུ་བཏོན་པ་ད་ལྟ་འང་ཡོད། ཡང་ངན་ལམ་རྒྱལ་བ་མཆོག་དབྱངས་དང་(སྟོད་ཆ།༢༦༢)ལྷན་ཅིག་ཡེར་པར་སྒྲུབ་པ་མཛད་པས་གྲུབ་པ་ཐོབ་པ་སྟེ་བྱ་རོ་གཅིག་ཏུ་བརྫུས་ནས་གྲོགས་པོའི་རྩར་བྱོན་པས་རྒྱལ་བ་མཆོག་དབྱངས་ཀྱིས་ཀྱང་ངོ་མཁྱེན་པས། སླར་རྔ་མོང་ཆུང་ངུ་ཞིག་ཏུ་སྤྲུལ་ནས་སྐོར་བ་ལན་གསུམ་བྱས་ནས་མཆོག་དབྱངས་ལ་སྤྱད་རབ་བྱུང་གསུངས་སྐད་དེ། དབེན་པ་དེར་དེང་སང་ཡང་བྱ་རོག་རྫོང་དུ་གྲགས། བཀའ་བབ་མི་བརྒྱད་ཀྱི་དུས་གཉག་མི་བགྲང་བའང་འདུག་སྟེ། དབང་པོའི་སྡེས་ཀྱང་བགྲང་བར་མ་གནང་ཡང་། འདིར་བཀའ་བརྒྱད་བདེ་འདུས་ལྟར་བྲིས་པ་ཡིན། དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་ནི། འདིའི་འཁྲུངས་ཡུལ་དང་། ཡབ་ཡུམ་གྱི་མཚན་སོགས་ལ་མི་འདྲ་བ་མང་དུ་སྣང་ཡང་ཐང ཡིག་ལྟར་ན། ཡབ་ནམ་མཁའ་ཡེ་ཤེས་དང་། ཡུམ་གནུབས་མོ་དགེ་བ་འབུམ་གྱི་སྲས་སུ། སྒྲགས་ཀྱི་གྲོང་མོ་ཆེར་འཁྲུངས། རུས་མཁར་ཆེན་ཏེ། འཁྲུངས་ཡུལ་དེར་སྐུ་གཞོན་ནུའི་དུས་ཀྱི་ཞབས་རྗེས་དང་། བླ་མཚོ་ཆུང་ངུ་ཞིག་ཀྱང་ཡོད། སྔོན་རྒྱལ་པོའི་བཙུན་མོ་ཡིན་ཡང་སློབ་དཔོན་ལ་དབང་ཡོན་དུ་ཕུལ་བས་གུ་རུའི་ཐུགས་ཀྱི་གཟུང་མར་གྱུར། སློབ་དཔོན་དང་མཇལ་ཚུལ་ལ་ཡང་མི་འདྲ་བ་སྣ་ཚོགས་ཡོད་མོད། མེ་ཏོག་ཕུར་པའི་དཀྱིལ་འཁོར་མཇལ་ཚུལ་ལ་ཡང་མི་འདྲ་བ་སྣ་ཚོགས་ཡོད་མོད། མེ་ཏོག་ཕུར་པའི་དཀྱིལ་འཁོར་ལ་ཕོག་པས་རྡོ་རྗེ་པུར་པའི་ལྷ་ཚོགས་རྣམས་ཀྱིས་ཞལ་གཟིགས་ཤིང་གྲུབ་པ་བརྙེས་པས་ཕ་མེས་ཀྱི་ཟ་འདྲེ་བཏུལ། བསད་གསོ་གྲུབ་པས། མཚོན་གྱིས་བསད་པའི་མི་རོ་གསོན་པོར་བསླངས་ནུས། སྐུ་གཞོན་དུས་ཆོས་ལ་བར་ཆད་བྱེད་པའི་བདུད་བློན་ཤ་ཏ་ཟེར་བ་དམྱལ་བར་སོང་བས་དེ་འདྲེན་ཕྱིར་དམྱལ་བའི་ཡུལ་དུ་བྱོན་ནས་དམྱལ་བའི་ལྕགས་ཁང་གི་རྩར་ཞི་ཁྲོ་ན་རཀ་དོངས་སྤྲུགས་ཀྱི་དཀྱིལ་ལའཁོར་བཞེངས་པས་ལྕགས་(སྟོད་ཆ།༢༦༣)ཁང་སིལ་གྱིས་ཞིག་ནས་ཤ་ཏས་གཅོས་པའི་དམྱལ་བའི་སེམས་ཅན་ཐམས་ཅད་དྲོགས་ཏེ་དམྱལ་ཁམས་ལེན་གཅིག་སྟོང་བར་མཛད། སློབ་དཔོན་ཆེན་པོའི་གསུང་གསང་བསམ་མི་ཁྱབ་པའི་ཆོས་སོ་ཅོག་གི་བཀའི་བསྡུ་བ་མཛད་ཅིང་། བོད་ཡུལ་དུ་ལོ་ཉིས་བརྒྱར་འགྲོ་དོན་བསྐྱངས་ནས་སྐུ་དེ་ཉིད་མ་སྤངས་པར་མཁའ་སྤྱོད་ཟངས་མདོག་དཔལ་རིར་གཤེགས་ཏེ་གུ་རུའི་ཐུགས་ཀྱི་གཟུང་མར་བཞུགས་ཤིང་བོད་ཡུལ་འགྲོ་ལ་བཀའ་དྲིན་འགྲན་ཟླ་མེད་པའི་མ་གཅིག་ཡིད་བཞིན་ནོར་བུ་དེའོ། གཤེགས་ལོ་སོགས་ལའང་སྣ་ཚོགས་སྨྲ་བ་སྣང་ཡང་འདིར་ཡོངས་གྲགས་ལྟར་བྱས་པའོ། སློབ་དཔོན་འབྲོག་མི་དཔལ་གྱི་ཡེ་ཤེས་ནི། གདུང་རུས་འབྲོག་མི་ཡིན། ལོ་ཙཱ་མཁས་པར་མཁྱེན་པས་མ་མོའི་རྒྱུད་སོགས་མདོ་སྔགས་མང་དུ་བསྒྱུར། སློབ་དཔོན་ཆེན་པོས་དབང་བཀུར་གནང་དུས་མེ་ཏོག་བླ་མེད་ཧེ་རུ་ཀའི་དཀྱིལ་འཁོར་ལ་ཕོག་སྟེ་སྲིད་པ་མ་མོའི་བཀའ་བབས། སྲིད་པ་བདེ་འགྲོའི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་ཤིང་སྣང་སྲིད་མ་མོ་ཐམས་ཅད་བྲན་དུ་ཁོལ། ཡར་སྟོད་ཤམ་པོ་གངས་རང་སྒྲུབ་གནས་མཛད་པས། ལྷ་ཆེན་ཤམ་པོས་སྲོག་གི་བླ་རྡོ་ལྷ་ཀླུ་མིའི་རིན་པོ་ཆེ་བཅོ་ལྔའི་རྒྱུ་ལས་གྲུབ་པ་དྲོད་རྟ་རྔ་ཙམ་རྒྱུན་དུ་ཡོད་པ་ཞིག་ཕུལ་བ་གཏེར་དུ་བཅོལ་བ་ཕྱིས་སུ་སྐལ་ལྡན་རྡོ་རྗེས་བཏོན་པར་གྲགས། སྐུའི་རྟེན་རིག་སྔགས་འཆང་བ་ཆེན་པོའི་ཚུལ་དུ་བཞུགས་པ་ཞིག་ཡིན་ནོ། རླང་དཔལ་གྱི་སེང་གེ་ནི། ལྷ་གཟིགས་རླང་གི་གདུང་ལས། ཡབ་ཨ་མེས་བྱང་ཆུ་འདྲེ་ཁོལ་ཞེས་ལོ་བརྒྱད་ནས་ཨོ་རྒྱན་དུ་བྱོན་པ་དང་། སྲིན་པོ་བཏུལ་བ་དང་། གླིང་རྗེ་གེ་སར་གྱིས་གླིང་ཡུལ་དུ་གདན་ལན་གཉིས་(སྟོད་ཆ།༢༦༤)དྲངས་ནས་ཕྱོགས་བཞིའི་འདྲེ་ཆེན་པོ་བཞི་བཏུལ་བ་དང་། ལྷ་སྲིན་བྲན་དུ་ཁོལ་བ་དེ་དང་། ཡུལ་ཇོ་མོ་སྐལ་ལྡན་གཉིས་ལ་སྲས་གསུམ་ཡོད་པའི་ཆེ་བར་འཁྲུངས། རྫུ་འཕྲུལ་དང་ནུས་པ་བསམ་གྱིས་མི་ཀྱབ་པ་མངའ། ཁྱད་པར་སློབ་དཔོན་ཆེན་པོའི་ཐུགས་སྲས་སུ་གྱུར། དབང་བཀུར་ཞུ་དུས་མེ་ཏོག་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་ལ་ཕོག་པས་དྲེགས་པའི་བཀའ་བབས། དྲེགས་ཚོགས་ལྷ་སརིན་ཐམས་ཅད་བྲན་དང་ཡོག་ཏུ་བཀོལ་ནུས། སྒྲུབ་གནས་སྤ་གརོ་སྟག་ཚང་དུ་བཅོམ་ལྡན་དྲེགས་པ་ཀུན་འདུལ་གྱིས་ཞལ་གཟིགས་ཤིང་དངོས་གྲུབ་རྣམ་པ་གཉིས་ཐོབ་པ་ཡིན་ནོ། རླང་ལྷ་གཟིགས་ཀྱི་གདུང་ལས་སྡེ་སྲིད་ཕག་མོ་གྲུབ་པ་ཞེས་སྣེའུ་གདོང་པ་རྣམས་བྱུང་བའོ། ལོ་ཆེན་བཻ་རོ་ཙ་ན་ནི། གདུང་པ་གོར། འཁྲུངས་ཡུལ་ཕྱོགས་གཉིས་སྣང་སྟེ་ཐང་ཡིག་ལས་སྙེ་མོར་བཤད་ཀྱང་བཻ་རོ་ཉིད་ཀྱི་འདྲ་འབག་ལས། ཉང་ཆུ་གཙང་ཆུ་འདྲེས་པ་ཞེས་འབྱུང་བས། ད་ལྟ་ཕོ་བྲང ཅེན་པོ་བསམ་འགྲུབ་རྩེའི་ཆུའི་ཤར་ཁ། ཟངས་དཀར་ཟེར་བའི་གྲོང་ཡོད་པ་དེ་ནིད་ལ་ཉེ་བའི་ཐད་དུ་འཁྲུངས་པར་གསལ་ཞིང་། གནས་དེ་ཉིད་ན། ལོ་ཆེན་བྱིས་པའི་དུས་ཀྱི་ཞབས་རྗེས་ཀྱང་རྡོ་ལ་གསལ་བར་ཡོད་དོ་ཟེར། ཡབ་པ་གོར་རྡོ་རྗེ་རྒྱལ་པོ་བ་གོར་ཧེ་འདོད་ཁུ་བོ་ཡིན་པར་བཞེད། ཐང་ཡིག་ལས་ཡབ་ཡིན་པར་གསུངས། ཡུམ་བྲན་ཀ་བཟའ་སྒྲོན་སྐྱིད་ཀྱི་སྲས་སུ་འཁྲུངས། སྐུ་གཞོན་ནུའི་དུས་འཁྲུངས་ཡུལ་བྲག་པོ་ཆེའི་རི་ཕན་ཚུན་དུ་འཕུར་ནས་རྫུ་འཕྲུལ་གྱིས་གཤེགས་བཞུད་མཛད། སད་མི་བདུན་གྱི་ནང་ཚན་དུ་མཁན་པོ་ལས་རབ་ཏུ་བྱུང་། མཚན་བཻ་རོ་ཙ་ན་རཀྵི་ཏ་སྡེ་རྣམ་(སྟོད་ཆ།༢༦༥)པར་སྣང་མཛད་བསྲུང་བ་ཞེས་བཏགས། སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན་ཏེ་བསིལ་ལྡན་མྱུ་གུས་དཀྲིགས་པའི་ལྗོངས་འདི་ན་སྔ་ཕྱིར་བྱོན་པའི་ཁམས་པ་སུས་ཀྱང་འགྲན་བཟོད་པ་མེད། རྒྱ་གར་དུ་བྱོན་ཚུལ་ལོ་རྒྱུས་རྒྱས་པ་སེམས་སྡེའི་སྐབས་སུ་འཆད་འགྱུར་ལས་ཤེས། སློབ་དཔོན་ལ་བཀའ་བརྒྱད་ཀྱི་དབང་ནོས་ཚེ་མེ་ཏོག་དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་ལ་ཕོག་པས། སྔགས་བདག་དྲེགས་པར་བཀའ་བབས། སྟོབས་ལྡན་ནག་པོས་ཞལ་གཟིགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་དངོས་གྲུབ་བརྙེས། དྲག་སྔགས་ཀྱི་དམོད་པས་བསྟན་པའི་དགྲ་བོ་བསྒྲལ། ཁྱད་པར་རྒྱལ་པོའི་་བཙུན་མོ་དམར་རྒྱན་མར་མཛེ་ཐོད་རྒལ་བཏང ་བ། སློབ་དཔོན་པདྨའི་ཐུགས་རྗེས་གསོས་པཔའི་ལོ་རྒྱུས་ཡོད་ལ། དེ་དུས་བཻ་རོས་བཙུན་མོར་རྦད་རྒྱུའི་ཀླུ་དེ་དང་སང་མི་ལ་ཁོག་ཞུགས་འབྱུང་ཡང་བཙུན་མོའི་གྲིབ་ཀྱིས་ངང་སྐུག་ནས་བླང་དོར་སྨྲ་རུ་མེད་པས་མཆོད་པ་བཞེས་ལུགས་ལ་སྲ་བརྟག་བྱེད་པ་ཡོད། བཻ་རོ་ཡན་ཆད་འདི་དག་ལ་བཀའ་བབ་མི་དགུ་ཞེས་ཟེར་རོ། རྒྱལ་མོ་གཡུ་སྒྲ་སྙིང་པོ་ནི། གཙང་ལེགས་གྲུབ་ཀྱི་སྐྱེ་བ་སྟེ། མདོ་གཞོར་རྒྱལ་ཁབ་རྒྱལ་མོ་ཚ་བའི་རོང་དུ་འཁྲུངས། ལོ་ཆེན་བཻ་རོ་སརྗེས་སུ་བཟུང་ཞིང་། མཁས་པ་དང་གྲུབ་པའི་ཕུལ་དུ་ཕྱིན། ལོ་ཙྪ་བ་བརྒྱ་རྩ་བརྒྱད་ཀྱི་གྲངས་སུ་བྱོན་ཞིང་། སློབ་དཔོན་ཆེན་པོའི་དྲུག་དུ་མན་ངག་ལྟ་བའི་ཕྲེང་བ་ལ་སོགས་མནོས་ཤིང་། སྐུ་གསེར་གྱི་རྡོ་རྗེར་སྤྲུལ་པ་སོགས་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས། ཐེག་མཆོག་རྫོགས་པ་ཆེན་པོའི་ལྟ་དགོངས་ཀློང་དུ་གྱུར་པ་ཞིག་སྟེ། རྣམ་ཐར་ཞིབ་རྒྱས་སེམས་སྡེའི་སྐབས་གཤམ་དུ་འཆད་དོ། །(སྟོད་ཆ།༢༦༦) སྣ་ནམ་རྡོ་རྗེ་བདུད་འཇོམ་ནི། རུས་སྣ་ནམ་སྟེ་གཞོན་དུས། ཆོས་རྒྱལ་ཁྲི་སྲོང་གི་ཆོས་བློན་མཛད། ཕྱིས་སློབ་དཔོན་ཆེན་པོ་ལ་སྔགས་ཀྱི་སྒོར་ཞུགས་ཕྱིན་ཆད་ནས་སྔགས་འཆང་ཆེན་པོར་བཞུགས་པ་ལ། རྡོ་རྗེ་ཕུར་པའི་སྒོ་ནས་གྲུབ་པ་བརྙེས་པ་ཞིག་སྟེ། ཧས་པོ་རིའི་ཡང་གོང་དུ་བྲག་ལ་ཕུར་པ་བཏབས་པའི་རྗེས་ད་ལྟ་ཡང་ཡོད། བསམ་ཡས་མཁན་སློབ་ཆོས་གསུམ་གྱི་རབ་གནས་སྐབས་སུ་རྡོ་རྗེ་བདུད་འཇོམ་གྱིས་ཡེ་ཤེས་ཀྱི་གཟིགས་པས་འགུལ་ཕུར་བྲག་ལ་གཟིར། རླུང་སེམས་ལ་དབང་འབྱོར་པས་བྲག་ཁོང་གསེང་ཆུང་ངུ་ཞིག་ནས་ཟང་ཐལ་གྱིས་དོན་ཏེ་ཤར་མར་བསམ་ཡས་སུ་ཕེབས་ཤུལ་བྲག་ཁང་གསེང་ནི་དེང་སངས་ཡང་ངོ་འཕྲོད་པ་ཡོད། རྫུ་འཕྲུལ་གྱིས་བར་སྣང་ཁམས་ལ་ཐོགས་པ་མེད་པར་གླིང་བཞི་སྐད་ཅིག་ལ་བསྐོར་ནུས་པ་སོགས་ངོ་མཚར་བའི་མཛད་པ་མཐའ་ཡས། འདིའི་སྒྲུབ་གནས་རོང་གསུམ་འདུས་པའི་བྲག་དམར་ཀེའུ་ཚང་ངམ་རི་མོ་ཅན་དུ་གྲགས་པ་ནི། གྲུ་ཤུལ་རོང་གི་བིམ་ཐང་མཁར་དུ་གྲགས་པ་འདི་ཡིན་སྟེ། དེས་ན་འཁྲུངས་ཡུལ་ཡང་གྲུ་ཤུལ་བ་ཞིག་གོ། ཞེས་ཤག་ཟུགས་པ་ངག་དབང་བཀྲ་ཤིས་རམ་རྒྱལ་གྱིས་བཞེད་ཀྱང་། རོང་གི་བྲག་དམར་ཀེའུ་ཚང་ཞེས་པ་དངོས་ནི་གཙང་རོང་ཆེན་དང་ཡར་འབྲོག་དཔལ་དེའི་མཚམས་སུ་ཡོད་པ་རྡོ་བྲག་པད་ཕྲིན་རྣམ་ཐར་ན་སྣང་ངོ་། སློབ་དཔོན་ཡེ་ཤེས་དབྱངས་ནི། ཨོ་རྒྱན་ཆེན་པོའི་ཟབ་གཏེར་རྣམས་ཀྱི་གཏེར་ཡིག་འབྲི་མི་གསལ་དག་མཁས་པའི་ཡིག་མཁན་མི་བརྒྱད་དུ་གྲགས་པའི་ཡ་གྱལ་ཏེ། ཇི་སྐད་དུ། གསལ་ལ་དག་པ་ལྡན་མ་རྩེ་མང་ཡིན། ཨ་ཙར་ཡེ་ཤེས་སྦམ་རགས་བདེ་བ་སྟེ། ཀློག་ཁར་བདེ་བ་ཤེལ་དཀར་མགོན་(སྟོད་ཆ།༢༦༧)སྐྱིད་ཡིན། ཞེས་སོགས་གསུངས་པ་ལས་ཤེས་སོ། གང་ལྟར་ཡང་མཁའ་སྤྱོད་ཀྱི་ཞིང་བགྲོད་ནུས་པའི་སྒྱུ་འཕྲུལ་དང་དངོས་གྲུབ་བརྙེས་པ་ཞིག་གོ། འདི་ལ་སྦ་ཡེ་ཤེས་དབྱངས་ཟེར་བ་སྣང་ཡང་། ཨ་ཙ་ར་ཡེ་ཤེས་དབྱངས་སུ་ངེས་ཏེ་ཨ་ཙ་རའི་ཆ་བྱད་དུ་འབྲི་བ་འང་སྣང་སྟེ། རྟེན་རབ་བྱུང་ཡིན། གྲུབ་ཆེན་སོག་པོ་ལྷ་དཔལ་ནི། མགར་བའི་མིང་ལ་སྒོན་དུས་སོག་པོར་འབོད་དེ། རྟེན་ཁྱིམ་པ། བརྟུལ་ཤུགས་ཀྱིས་གཅན་གཟན་གདུག་པ་ཅན་ཡང་རྙ་བ་ནས་འཛིན་པར་ནུས་པ་ཞིག་སྟེ། ལོ་རྒྱུས་རྒྱས་པ་འོག་ཏུ་འཆད་འགྱུར་ལས་ཤེས་སོ། སྣ་ནམ་ཡེ་ཤེས་ནི། སྐ་ཅོག་ཞང་གསུམ་དུ་གྲགས་པའི་ནང་གསེས་ཞང་གི་བནྡེ་ཡེ་ཤེས་སྡེ་ཡིན་པར་བཞེད་དེ་ལོ་ཙཱ་མཁས་པིའ་ཕུལ་དུ་ཕྱིན་ཞིང་། ནམ་མཁའ་ལ་བྱ་ལྟར་འཕུར་བར་ནུས་པའི་རྫུ་འཕྲུལ་ལ་མངའ་དབང་འབྱོར་བའི་གྲུབ་ཐོབ་ཆེན་པོ་སྟེ་མཁས་གྲུབ་གཉིས་ཀ་དང་ལྡན་པ་ཡིན་ནོ། རྟེན་རབ་བྱུང་ཡིན་པར་སྣང་ངོ་། མཁར་ཆེན་དཔལ་གྱི་དབང་ཕྱུག་ནི། མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་མིང་པོ་ཡིན་ཏེ། གུ་རུ་རིན་པོ་ཆེས་རྗེས་སུ་བཟུང་བའི་ཐུགས་སྲས་སུ་གྱུར། ཕྱག་གིས་ཕུར་པ་གདེངས་པ་ཙམ་གྱིས་གཟས་པ་པོ་ཇི་ཙམ་ཡང་བསྒྲལ་ནས་འགུམ་བར་བྱེད་ནུས་ཏེ། རྒྱལ་པོ་ཤེལ་གིང་བསྒྲལ་ཚུལ་དང་། རྡོ་རྗེ་ཕུར་པ་ལས་དངོས་གྲུབ་བརྙེས་ཚུལ་གཤམ་དུ་འང་ཅུང་ཟད་འཆད་དོ། རྟེན་ཁྱིམ་པར་བཞུགས་ཏེ་མངོན་སྤྱོད་ཀྱི་ལས་ལ་མངའ་དབང་འབྱོར་བའི་རིག་སྔགས་འཆང་བའི་དབང་ཕྱུག་ཞིག་གོ། །ལྡན་མ་རྩེ་མང་ནི། ཁམས་ལྡན་གྱི་ཡུལ་དུ་འཁྲུངས་པས་ལྡན་མར་(སྟོད་ཆ།༢༦༨)གྲགས་ཏེ་མཚན་དངོས་སུ་རྩེ་མང་པོ། ཡི་གེ་འབྲི་བ་ལ་མཁས་པའི་ཕུལ་དུ་གྱུར་པས་ལག་རྒྱུན་མ་ཉམས་པའི་ཁྲིད་སྲོལ་ད་ལྟའང་ཡོད་པར་སྣང་། ལོ་ཙཱ་ཡང་མཁྱེན་སྟེ་ལོ་ཙཱ་ཆེ་གསུམ་ཆུང་གསུམ་དུ་གྲགས་པའི་ནང་ཚན་མཆེན་བུའི་ལོ་ཙཱ་ཡིན། སློབ་དཔོན་ཆེན་པོ་ལས་གསང་སྔགས་ཀྱི་ཆོས་མང་པོ་ཐོབ་སྟེ། རྟོགས་པ་ཤར་བས་ཆོས་ཐམས་ཅད་ལ་མི་བརྗེད་པའི་གཟུངས་ཐོབ། བཀའ་བརྒྱད་བདེར་འདུས་སོགས་གཏེར་ཡིག་ཕལ་ཆེར་འབྲི་བ་པོ་ཡང་འདི་ཡིན་པར་བཤད་དེ། ཁོ་བོའི་ཀྱང་བདེ་འདུས་ཀྱི་གཏེར་ཡིག་གྲུབ་ཆེན་འདིའི་ཕྱག་བྲིས་དངོས་སུ་མཇལ་བའི་སྐལ་བཟང་ཐོབ་བོ། ལོ་ཆེན་སྐ་བ་དཔལ་བརྩེགས་ནི། སྐ་ཅོག་ཞང་གསུམ་དུ་གྲགས་པའི་ནང་ཚན་ཏེ། དབུ་རུ་འཕན་ཡུལ་སྐ་བ་ཞེས་པའི་སྲ་འཁྲུངས། སློབ་དཔོན་ཆེན་པོས་སྤྲུལ་པའི་ལོ་ཙཱར་ལུང་བསྟན་པ་བཞིན་སྒྲ་སྐད་ལོ་ཙཱ་ལ་མཁས་པའི་སུམ་དུ་ཕྱིན། མཁན་པོ་བོ་དྷི་སཏྭ་ལས་རབ་ཏུ་བྱུང་སྟེ་སད་མི་བདུན་གྱི་ནང་ཚན་ཡིན། སློབ་དཔོན་རིན་པོ་ཆེ་ལས་གསང་སྔགས་ཀྱི་ཆོས་ཞུས་པས། མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་ཏེ་གཞན་སེམས་ཐོགས་མེད་དུ་མཁྱེན་པའི་དངོས་གྲུབ་བརྙེས། བོད་ཀྱི་ཡི་གེ་འབྲི་བ་པོ་ཐམས་ཅད་ཀྱི་ཕྱི་མོ་་ཡིན་ཏེ་ཁྲིད་རྒྱུན་མ་ཉམས་པ་དེང་སང་ཡང་མཁས་བོད་གཉིས་ཀར་དར་རྒྱལ་ཆེ་གསུངས། རིན་པོ་ཆེའི་གཏམ་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་མཛད་དོ། ཤུད་པུ་དཔལ་གྱི་སེང་གེ་ནི། གདུང་རུས་ཆོས་རྒྱལ་དང་གཅིག་ཀྱང་བོན་དང་སྒྲུང་དང་ལྡེའུ་གསུམ་ལ་མཁས་པ་ཞིག་ལ་བོན་གྱིས་བྱུང་པུར་མཚན་གསོལ་པས་དེ་ལྟར་གྲགས་ཀྱང་ཟེར། སྔོན་རྒྱལ་པོའི་ནང་བློན་(སྟོད་ཆ།༢༦༩)ཡིན། ཤུད་པུ་ཁྲི་འབྲིང་ཁོང་བཙན་ཡང་ཟེར། སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་ཡང་མཛད། གུ་རུ་པདྨའི་དྲུང་དུ་ལོ་ཙཱ་མཁས་པར་སྦྱངས་ཏེ། མ་གཤིན་ཕུར་གསུམ་གྱི་གདམས་པ་དང་རྙིང་མའི་ཆོས་བཀའ་མང་དུ་བསྒྱུར། བོད་ཀྱི་མཁས་པ་ཆེན་པོ་བརྒྱད་ཀྱི་ནང་ཚན་དུ་གཏོགས་ཤིང་། རྡོ་རྗེ་ཕུར་པ་དང་མ་མོའི་སྒོ་ནས་གྲུབ་པ་ཐོབ། གྲུབ་རྟགས་ཕུར་པ་ངམ་ཤོད་ཀྱི་ཆུ་ལ་བཏབ་པས། ཆུ་ཡན་མན་དུ་ཆད་པ་དང་། བྲག་ལ་བཏབ་པས་བྲག་རལ་བ་སོགས་བྱུང་། མཆིམས་ཕུར་ཆུ་བོ་གྱེན་ལ་ཟློག་པའི་རྗེས་ཀྱང་ཡོད། ཡང་ཁོང་རང་གི་གསུང་ལས། ཞང་པོ་དམུ་ནས་ཆད་པས་རྗེ་དང་ཏྲི་ལེར་མཉམ། དབུ་རྩེ་རིགས་གསུམ་གྱི་ཤར་ལོགས་བཞེངས་པས་རྗེ་དང་ཏྲི་ལེར་མཉམ། མཆོད་རྟེན་དཀར་པོ་བཞེངས་པས་རྗེ་དང་ཏྲི་ལེར་མཉམ། ཞེས་གསུངས་ཤིང་། མར་ཁུ་ཝ་ལས་དྲངས་པས་རྗེ་ལས་ལྷག་པར་བྱུང་། ཞེས་ཟེར་རེ། བསམ་ཡས་གྲུབ་པའི་དགའ་སྟོན་གྱི་ལྟས་མོའི་སྐབས་སུ་མར་ཁུ་ཝ་ལས་དྲངས་ཡིན་པར་གྲགས། སྒྲུབ་གནས་ནི་སྤང་ཆུང་པདྨའི་གླིང་སོགས་ཡིན་པར་སྣང་ངོ་། འབྲེ་རྒྱལ་པའི་བློ་གྲོས་ནི། སྔོན་རྒྱལ་པོའི་ནང་མི་ཡིན་པ་ལ་མིང་མགོན་པོ་ཟེར། ཕྱིས་རབ་ཏུ་བྱུང་བས་མཚན་རྒྱལ་བའི་བློ་གྲོས་སུ་གྲགས། ལོ་ཙཱ་མཁས་པར་མཁྱེན། རྒྱ་གར་དུ་བྱོན་ནས་སློབ་དཔོན་ཧཱུྃ་ཀ་ར་ལས་ཡང་དག་གི་ཆོས་སྐོར་ཞུས་པས་གྲུབ་པ་ཐོབ། གཤིན་ཡུལ་དུ་རྫུ་འཕྲུལ་གྱིས་དམག་དྲངས་ནས་མ་དམྱལ་བ་ནས་མངོན་སུམ་དུ་བཏོན་སྤྲུལ་པའི་དམག་གིས་གཤིན་རྗེའི་སྐྱེས་བུ་རྣམས་འཇིགས་ཤིང་སྐྲག་པར་མཛད། སློབ་དཔོན་(སྟོད་ཆ།༢༧༠)པདྨའི་དྲུང་དུ་ཆོས་ལ་སྦྱངས་པས་རྫུ་འཕྲུལ་གྱིས་རོ་ལངས་གསེར་དུ་བསྒྱུར་ནུས་པའི་དངོས་གྲུབ་བརྙེས། སློབ་དཔོན་འདིས་མི་རོ་གསེར་དུ་བསྒྱུར་བའི་གསེར་མང་པོ་ཕྱིས་ཀྱི་གཏེར་སྟོན་འགའ་ཞིག་གིས་གཏེར་ཁ་ནས་བྱོན་པར་སྣང་ངོ་། ཚེ་ཡི་རིག་འཛིན་བརྙེས་པས་སྐུ་ཚེ་རིང་པོར་བཞུགས་ཏེ། རོང་ཟོམ་གྱི་དུས་བར་དུ་བཞུགས་པར་སྣང་སྟེ་རོང་ཟོམ་གྱིས་ཆོས་གསན་པའི་ལོ་རྒྱུས་ཡོད་དོ། གྲུབ་ཆེན་ཁྱེའུ་ཆུང་ལོ་ཙཱ་ནི། གདུང་རུས་འགྲོག་མི་སྟེ། སྐུ་གཞོན་ནུའི་དུ་སནས་ལོ་ཙཱ་མཁྱེན་པས་མཚན་ཡང་དེ་ལྟར་དུ་གྲགས། སློབ་དཔོན་གྱི་དྲུང་དུ་གསང་སྔགས་ཀྱི་ཆོས་ཐམས་ཅད་ལ་མཁས་པར་བསླབས། རྫུ་འཕྲུལ་གྱིས་ནམ་མཁའི་བྱ་རྣམས་ལྟ་སྟངས་དང་སྡིགས་མཛུབ་ཀྱིས་འགུགས་པར་ནུས། རྟེན་ཁྱིམ་པ་སྟེ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་ནོ། དྲན་པ་ནམ་མཁའ་ནི། ཐོག་མར་བོན་གྱི་གྱེར་གཤེན་ཆེན་པོ་ཡིན་ཡང་། ཕྱིས་སློབ་དཔོན་གྱི་དྲུང་དུ་ཆོས་ལ་སྦྱངས། ལོ་ཙཱ་ཡང་མཁྱེན། རྫུ་འཕྲུལ་གྱིས་བྱང་གི་གཡག་རྒོད་སྡིགས་མཛུབ་མཛད་པ་ཙམ་གྱིས་འགུགས། འདིས་བོན་གྱི་མན་ངག་མང་པོ་སློབ་དཔོན་ལ་ཕུལ་བ་སློབ་དཔོན་གྱིས་གཏེར་དུ་སྦས་པ་ཕྱིས་གཏེར་ཁ་འགའ་རེ་ནས་མན་ངག་ཅི་རིགས་འབྱུང་བ་མཐོང་ལ། སློབ་དཔོན་ལས་རབ་བྱུང་ཞུས་ཤིང་དབུ་ཞྭ་དམར་པོ་ཞིག་བཞེས་པས། འཕུང་བོན་མགོ་དམར་དུ་ཡང་གྲགས་སོ། །དེ་ལྟ་ན་བྲིས་ཚ་འགའ་ཞིག་ཏུ་བོན་ཞྭ་ཅན་བྲི་བར་སྣང་ཡང་དགོས་པ་མེད་དམ་སྙམ་མོ། འོ་བྲན་དབང་ཕྱུག་ནི། འོ་བྲན་དཔལ་གྱི་འབྱུང་གནས་ཀྱི་སྲས་སུ་(སྟོད་ཆ།༢༧༡)འཁྲུངས། སློབ་དཔོན་པདྨའི་ཐུགས་སྲས་ཏེ། གསང་སྔགས་ཀྱི་ཚུལ་ཀུན་ལ་མཁས་ཤིང་གྲུབ་པའི་མཚན་མ་མངོན་དུ་བརྙེས་པས་ཆུ་བོ་ཆེན་པོ་ལ་འཇིགས་པ་མེད་པ་ཉ་ལྟར་རྒྱུ་བར་ནུས། འོ་བྲན་ལུགས་ལ་འགུར་དྲག་བཀའ་མ་སོགས་ཆོས་ཚུལ་མང་དུ་ཡོད་པ་ཕལ་ཆེར་དེང་སང་ཡང་དབང་ལུང་གི་རྒྱུན་མ་ཆད་པར་སྣང་ཞིང་གདུང་ཡང་དུས་ཕྱི་མོའི་བར་དུ་བྱུང་བར་སྣང་སྟེ། རྟེན་ཁྱིམ་པ་ཡིན་ནོ། རྨ་རིན་ཆེན་མཆོག་ནི། འཁྲུངས་ཡུལ་དབུ་རུ་འཕན་ཡུལ་གྱི་རྨ་གཙོ་ཞེས་བྱ་བར་འཁྲུངས། བློ་རྣོ་རབ་མཆོག་རྨ་བན་རིན་ཆེན་མཆོག་ཅེས་བོན་ཡུལ་རབ་ཀྱི་མི་དགུའི་གྲས་ཡིན། ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས། རབ་བྱུང་གི་སྔ་བ་སད་མི་བདུན་དུ་གྲགས་པའི་ནང་ཚན་ཏེ། མཁན་རིན་པོ་ཆེ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་། ལྟ་བ་ཀླུ་སྒྲུབ་ཀྱི་དགོངས་པ་བཞིན་རྟོགས་པས་ཧ་ཤང་སུན་ཕྱུང་བ་ཡང་མཛད། མདོ་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་བསྒྱུར་བའི་ལོ་ཙཱ་ཡིན། སློབ་དཔོན་རིན་པོ་ཆེའི་དྲུང་དུ་དབང་དང་གདམས་པ་ཞུས་པས་དངོས་གྲུབ་བརྙེས་ཏེ་སྲ་འཁྲིགས་ཀྱི་རྡོ་ཡང་ཟན་ལྟར་གཅོང་ནས་གསོལ་བའི་རྫུ་འཕྲུལ་བསྟན་ཏེ་རིག་པ་འཛིན་པའི་ས་ལ་བཞུགས་པའོ། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་འབྲོམ་སྟོད་གུང་མོ་ཆེར་འཁྲུངས། སྐྱེ་མིང་སྟག་ཉ་བཟང་ཟེར། རྒྱ་བོད་ཀྱི་ས་མཚམས་སྲུངས་ཏེ་རྒྱ་རྣམས་བཏུལ། དེ་ནས་ཐུགས་ངེས་འབྱུང་གིས་བཀྶུལ་ནས་མཆེད་གཉིས་དང་ལྷན་ཅིག་དུ་གསུམ་ཀ་སློབ་དཔོན་བི་མ་ལ་མི་ཏྲ་ལས་རབ་ཏུ་བྱུང་། པདྨ་སམ་བྷ་ཝ་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས། སྔགས་ཀྱི་དབང་(སྟོད་ཆ།༢༧༢)དང་གདམས་ངག་ཐམས་ཅད་ཐོབ། གྲིབ་ཀྱི་དཀར་མོ་རོང་དུ་བསྒོམ་པས་ཆོས་གོས་རླུང་གིས་ཁྱེར་བ་ཡེར་པ་བྱུང་བས་ས་དཔྱད་ལེགས་པར་གཟིགས་ནས་དེར་སྒྲུབ་པ་ལ་བཞུགས་པས་རི་བྲག་ལ་ཐོགས་པ་མེད་པ་ཟང་ཐལ་དུ་གཤེགས་པར་ནུས་པའི་རྫུ་འཕྲུལ་དང་དངོས་གྲུབ་བརྙེས། ཕྱིས་རྒྱལ་པོ་སྡིག་ཅན་བསྒྲལ་ནས་སངས་རྒྱས་ཀྱི་བསྟན་པ་ལའང་ཕན་ཆེར་བཏགས་ཏེ་ཁམས་ལྡན་ཡུལ་དུ་བྱོན་ནས་ཡུན་རིང་དུ་བཞུགས་ཞེས་གྲགས་སོ། ལང་གྲོ་དཀོན་མཆོག་འབྱུང་གནས་ནི། སྔོན་ཆོས་རྒྱལ་གྱི་ནང་བློན་ཆེན་པོ་ཞིག་ཡིན་ཏེ་ལང་གྲོ་སྣང་བཞེད་ཟེར་ཡང་ཕྱིས་རབ་ཏུ་བྱུང་བའ་མཚན་དཀོན་མཆོག་འབྱུང་གནས་སུ་གྲགས། ལོ་ཙཱ་མཁས་པར་མཁྱེན་པས་ཆོས་བསྒྱུར་བའི་ལོ་ཙཱ་ཡང་མཛད། སློབ་དཔོན་ཆེན་པོ་ལས་དབང་དང་གདམས་པ་ཞུས་ནས་ཉམས་སུ་བླངས་པས་གྲུབ་པའི་རྟགས་མངོན་སུམ་དུ་སྟོན་པར་ནུས་ཏེ། རྟེན་སྔགས་འཆང་ཡིན་པར་རྡོ་བྲག་པད་ཕྲིན་གྱིས་བཞེད། དགོངས་པ་གཏད་པ་ཙམ་གྱིས་ཀྱང་གནམ་ལྕགས་དྲག་པོའི་ཐོག་ཆེན་མདའ་ལྟར་འཕེན་པའི་རྫུ་འཕྲུལ་དང་ལྡན། སློབ་དཔོན་ཆེན་པོའི་ཐུགས་སྲས་ཀྱི་དྭངས་མར་གྱུར་ཏེ་གསང་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ཙམ་ལ་མངའ་དབང་འབྱོར་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞག་གོ། གདུང་རྒྱུད་རྟ་ནག་སྒྲོལ་ཡབ་སྟེ་དེང་སང་ཡང་ཡོད་དོ། །ལ་གསུམ་རྒྱལ་བ་བྱང་ཆུབ་ནི། སད་མི་བདུན་དུ་གྲགས་པའི་ནང་ཚན་ཏེ་མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ལོ་ཙཱ་མཁྱེན་པས་རྒྱ་གར་དུ་ཡང་ལན་མང་དུ་བྱོན་ཞིང་མདོ་སྔགས་ཀྱི་ཆོས་ཀྱང་བསྒྱུར། ཐོས་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པའི་མཁས་པ་ཆེན་(སྟོད་ཆ།༢༧༣)པོ་སྟེ། ལོ་རྒྱུས་ཆེན་མོ་ལས། ཐོས་པ་ཆེ་རབ་ལ་གསུམ་བྱང་ཆུབ་རྒྱལ། ཞེས་ཟེར་ཏེ་རབ་ཀྱི་མི་དགུའི་གྲས་སུ་འང་བགྲང་བར་སྣང་། སློབ་དཔོན་ཆེན་པོ་ལས་དབང་དང་གདམས་པ་ཞུས་པས། རྟེན་མེད་ཀྱི་མཁའ་ལ་སྐྱིལ་ཀྲུང་གིས་བཞུགས་པ་སོགས་རྫུ་འཕྲུལ་སྟོན་ནུས་པའི་གྲུབ་པའི་དབང་ཕྱུག་ཆེན་པོའོ། དེ་ལྟར་དེ་དག་ལ་རྗེ་འབངས་ཉེར་ལྔར་ཡོངས་སུ་གྲགས་ནའང་སྔོན་ཆད་ངོས་འཛིན་ཚུལ་མི་འདྲ་བ་འགའ་ཞིག་བྱུང་བའི་མ་དག་པའི་རྙོགས་མ་དག བྱང་བདག་དབང་པོའི་སྡེས་མཁྱེན་དཔྱོད་ཀྱི་ཀེ་ཏ་ཀས་རྣམ་པར་བགྲུངས་པར་མཛད་མོད་འོན་ཀྱང་རྟེན་གྱི་དབྱེ་བ་ཕྱེད་དཀའ་བར་སྣང་ཡང་ཡོངས་གྲགས་རྣམས་ནི་དེ་བཞིན་ལས་བརྗོད་མ་དགོས་ཀྱང་། འགའ་ཞིག་ལ་ལོ་རྒྱུས་དང་བྲིས་ཆ་སོགས་མཐུན་མིན་སྣ་ཚོགས་བྱུང་བ་འདིར་མཐུན་ཤས་གང་ཆེ་གཙོ་བོར་བཟུང་ཡང་ད་དུང་ཁ་ཅིག་སོམ་ཉིར་ལུས་པས་དཔྱད་པར་འོས་སོ། གཞན་ཡང་སློབ་དཔོན་རིན་པོ་ཆེའི་དངོས་སློབ་བསམ་ཡས་ས་འདུལ་སྐབས་སུ་གྲུབ་བརྙེས་ཉེར་གཅིག་བྱུང་བ་དང་། གོང་དུ་སྨོས་པའི་ཡེར་པ། ཆུ་བོ་རི། མཆིམས་ཕུ་རྣམས་སུ་འོད་ལུས་གྲུབ་པ་དེ་དག་དང་། ཡང་ལོ་རྒྱུས་ཁ་ཅིག་ལྟར་ན། མར་ཀོང་བཟའ་ལ་སོགས་པ་རྣལ་འབྱོར་མ་བཅུ་བདུན། ཆུ་བོ་རི་ན་དཔལ་གྱི་ཡེ་ཤེས་ལ་སོགས་པ་གྲུབ་ཆེན་སུམ་ཅུ་སོ་ལྔ། ཉང་ཏིང་འཛིན་བཟང་པོ་ལ་སོགས་ཡེར་པ་ན་གྲུབ་ཆེན་བརྒྱ་དང་བདུན། དེ་དག་ཐམས་ཅད་འཇའ་ལུས་སུ་གཤེགས། དེ་དག་མ་ཟད། སློབ་དཔོན་གྱི་དངོས་སློབ་ནི་མཐའ་ཡས་པ་ཞིག་བྱོན་པར་སྣང་སྟེ། གོང་དུ་སྨོས་པའི་ཨ་མེས་བྱང་ཆུབ་འདྲེ་ཁོལ་དང་། རྒྱུས་(སྟོད་ཆ།༢༧༤)བྱང་ཆུབ་གཞོན་ནུ། རོག་བན་ནམ་མཁའ་ཡེ་ཤེས། མྱང་ཏ་ཐཱ་ག་ཏ། མྱང་མཆོག་རབ་གཞོན་ནུ། དཔང་རྗེ་བཙན་ཁྲོམ། ཤ་མི་གོ་ཆ། གླང་བུ་སེ་བོ། ཤུག་སྡོང་རྩ་བ་ནས་བཏོན་ཏེ་ཁུར་ནས་བཙན་ཐང་ལྷ་ཁང་དུ་ཀ་བ་བཙུགས་པའི་དགེ་བསྙེན་ངོམ་སེ་འོངས་བྱ་བ་དེ་དང་། ངབ་མི་བྱང་ཆུབ་རྒྱལ་མཚན། ངམ་འབྲེ་ཨ་ཙ་ར་ས་ལ། ཡར་ལུང་སྨོན་སྤྲོའི་ངབ་མི་ཅན་ཙོར་བྱ་བ་དང་། ལྕེ་རྒྱམཚོ་གྲར། འབྲེ་ཤེས་རབ་གྲགས་པ། འཁོན་ལོ་ཙཱ་བ་ཀླུ་དབང་སྲུང་སོགས་བོད་ཡུལ་གྱི་མཁས་གྲུབ་ཕལ་ཆེ་བ་དང་མི་ཆེན་ཆེ་དགུ་ཐམས་ཅད་ཀྱི་ཡབ་མེས་མཐའ་དག་སློབ་དཔོན་རིན་པོ་ཆེའི་དངོས་སློབ་ཏུ་མ་གྱུར་པ་མེད་ཅིང་། ཐུབ་བརྙེས་དེ་དག་གིས་བྱིན་གྱིས་བརླབས་པའི་ཆོས་དང་གདུང་བརྒྱུད་ལས་ཕྱིས་ཀྱི་མཁས་གྲུབ་རྣམས་ཀྱང་བྱོན་པ་ཡིན་ནོ། འདིར་འཕྲོས་འོས། མཁས་པ་ཁ་ཅིག་གིས་བསྟན་པ་ཕྱི་དར་གྱི་ལོ་ཙཱ་ཆེན་པོ་རིན་ཆེན་བཟང་པོ། རྔོག་ལོ། ཁྲོ་ལོ་བྱམས་པའི་དཔལ་རྣམས་མཁྱེན་པ་ཕྲིན་ལས་གཉིས་ཀ་སྔོན་གྱི་ལོ་ཙཱ་བ་མཐའ་དག་བསྡུས་པས་ཀྱང་མི་དོ་བར་སྣང་ལ་ཞེས་གསུངས་པ་སྣང་ཡང་ཅུང་ཟད་གསུང་རྩིང་བར་སྙམ་སྟེ། མཁྱེན་པ་རང་ལོ་ཆེན་བཻ་རོ་སོགས་ལས་མི་ལྷག་པ་འདྲ་སྟེ། རྔོག་ལོས་བྱེ་བྲག་བཤད་མཛོད་ཅེན་མོ་བསྒྱུར་བར་བརྩམ་པའི་ཚེ་བཻ་རོའི་རྣམ་དཔྱོད་ལ་ཐུགས་ཧ་ལས་ཏེ། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། སྐ་ཅོག་རྣམ་གཉིས་ཉི་ཟླ་ཟིང་ཞིག་འདྲ། རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཙམ། ཁོ་བོ་ཅག་ནི་སྲིན་བུ་མེ་ཁྱེར་མཚུངས།(སྟོད་ཆ།༢༧༥) ཞེས་སྔོན་གྱི་ལོ་ཙཱ་བ་དེ་དག་གི་མཁྱེན་རབ་ལ་འགྲན་དུ་མེད་པའི་ངེས་ཤེས་ཐུགས་ལ་འཁྲུངས་ནས་བསྔགས་བརྗོད་གསང་པོར་མཛད་འདུག་པ་དང་། གནའ་བོའི་ལོ་ཙཱ་བ་ཐོན་མི་སམྦྷོ་ཊས་ཐོག་མར་བོད་ཀྱི་ཡི་གེ་དང་བརྡའི་སྲོལ་གཏོད་པ་ཁོ་ནའི་མཁྱེན་དཔྱོད་དང་བཀའ་དྲིན་ཡང་བསམ་གྱིས་ཁྱབ་བྱར་མ་གྱུར་ཅིང་ཕྱིས་ཀྱི་ལོ་པཎ་སུས་ཀྱང་འགྲན་མི་བཟོད་པ་མགོན་སུམ་ཚད་མར་གྱུར་པ་དང་། དེ་བཞིན་དུ་ལོ་ཆེན་བཻ་རོ་དང་ཀ་ཅོག་སོགས་ཀྱིས་ཆོས་ཀྱི་སྐད་བྱ་ཀ་ར་ཎའི་ལུགས་སོགས་དང་། བོད་སྐད་བརྡ་ཤིན་ཏུ་འཕྲོད་དཀའ་བ་རྣམས་ཁྲི་སྲོང་མེས་དབོན་གྱི་དུས་བཀའ་བཅད་ཆེན་མོ་མདད་ནས་གཏན་ལ་ཕབ་པའི་ཚུལ་སྒྲ་སྦྱོར་བམ་གཉིས་སོགས་སུ་གསལ་བ་ལྟར། ལམ་མེད་པ་ལ་གསར་དུ་གཏོད་པ་དང་ལམ་སྲོལ་བདེ་བར་འགྲོ་བའི་ཁྱད་ཙམ་མཛད་པའི་ཕྱིར་འཇམ་དབྱངས་སྐྱ་པཎྜི་ཏས་ཀྱང་། བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། ཞུ་ཆེན་སྒྱུར་བྱེད་མཚན་བུའི་གནས་འདུག་པའི། སྐད་གཉིས་སྨྲ་བ་བློ་གྲོས་དཔལ་ལྡན་པ། དེ་དག་བདག་ཅག་རྣམས་ཀྱི་མིག་ཏུ་གྱུར། ཞེས་སྔོན་གྱི་ལོ་ཙཱ་དེ་དག་ཕྱིས་ཀྱི་མཁས་པ་རྣམས་ཀྱི་མིག་ཏུ་གྱུར་ཅེས་བསྔགས་པ་མཛད་དོ། ཕྱིས་ཚོད་བསྟན་པའི་སྲོལ་ལེགས་པར་ཚུགས་ནས་ཆོས་ལ་དད་པའང་མང ་ཞིང་། དགེ་སྡིག་བླང་དོར་ཡང་གནག་རྩི་ཡན་ཆད་ཀྱིས་ཤེས་པ་ན། བསྟན་པའི་འཕེལ་འགྲིབ་ཅུང་ཟད་བྱུང་ནའང་། སྔར་དུས་ལྟ་བུའི་དཀའ་ཚེགས་ལ་སྟོས་དགོས་པ་མེད་ལ། འོན་ཀྱང་སྟོབས་འབྱོར་ཕྱིས་ཀྱི་ལོ་ཙཱ་རྣམས་ལྟ་བུ་མེད་དེ། དེ་དག་ཀུན་སྤངས་ཁོ་ན་ལས་གསོག་འཇོག་མི་མཛད་མེད། འོན་ཀྱང་འཚོ་བ་བླ་ནས་སྦྱར་ཞིང་། ཆོས་བསྒྱུར་བའི་མཐུན་རྐྱེན་ཅི་(སྟོད་ཆ།༢༧༦)དགོས་ཐམས་ཅད་རྒྱལ་པོས་སྦྱར་ཏེ་གསེར་ཁལ་དུ་ལོགས་པ་སོགས་ཡོ་བྱད་ཕོངས་པ་མེད་པར་རྩལ་བས་རྩོལ་སྒྲུབ་དགོས་སྐད་མི་འདུག །འོན་ཀྱང་བསྟན་པ་ཕྱི་དར་གྱི་ལོ་པཎ་ཡོངས་གྲགས་དེ་དག་གིས་བསྟན་པའི་སྲོག་འཐུད་པའི་བཀའ་དྲིན་གཞལ་བྱར་མ་གྱུར་མོད། གཞན་དུ་གསར་མ་བ་རང་གི་ལོ་རྒྱུས་ཁ་ཅིག་ལས་སྐྱིད་གྲོང་ཇོ་བའི་མདུན་ནས་རྟགས་རང་གིས་བླངས་ནས་བོད་དུ་མཁན་པོ་བྱེད་པའི་པཎྜི་ཏ་དང་བོད་ཀྱི་ལོ་ཙཱ་བའང་ཆོས་སྤགཤ་ལ་མཁས་སྙམས་དང་ཕྲག་དོག་ལ་ཁྱད་ནོར་དུ་འཛིན་པ་དེ་འདྲ་འང་ཅི་རིགས་བྱུང་བའི་ཕྱིར། བདག་ལྟ་བུས་མཁས་པའི་གསུངས་ལ་དཔྱད་པར་མི་རིགས་ཀྱང་། དཔང་ལོ་ཆེན་པོས། མཁས་པ་ཉི་མའི་ཕྲིན་ལས་ལ། སྲིན་བུ་མེ་ཁྱེར་ལྟ་བུ་ཡིས། མཁས་འདོད་བྱ་བར་མི་རིགས་ཀྱང་། བསམ་པ་དག་ཕྱིར་སྐྱོན་མེད་སྙོམ། ཞེས་པ་ལྟར་དཔྱད་པ་ཅུང་ཟད་ཐལ་ཡང་། ནོངས་པར་གྱུར་ན་མི་འཆབས་པར་བཤགས་སོ། བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ལས། བསྟན་པ་རིན་པོ་ཆེ་འཕགས་བོད་གཉིས་སུ་ཇི་ཏར་བྱོན་པའི་ཚུལ་ཏེ་སརྦ་གཉིས་པའོ། །(སྟོད་ཆ།༢༧༧)

སྤྱི་དོན་གསུམ་པ། སྔ་འགྱུར་རྙིང་མའི་རིང་ལུགས་འཛིན་པ་བཀའ་གཏེར་གཉིས་ལས་བཀའ་མའི་ཕྱོགས་ཀྱི་སྐྱེས་བུ་དམ་པ་རྣམས་ཇི་ལྟར་བྱོན་ཚུལ།

༡ ལོ་ཆེན་བཻ་རོ་སོགས་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱིས་ཐུགས་དཀའ་སྤྱད་ཆེན་པོས་བསྟན་པ་འཛིན་སྤེལ་གནང་ཚུལ། སྤྱི་དོན་གསུམ་པ་གསང་ཆེན་རྡོ་རྗེ་ཐེག་པ་སྔ་འགྱུར་རྙིང་མར་གྲགས་པའི་རིང་ལུགས་ལ་བཀའ་གཏེར་གཉིས་ལས་བཀའ་མའི་ཕྱོགས་ལས་དངོས་གྲུབ་བརྙེས་ཤིང་གསལ་བཤད་སྒྲུབ་ཀྱི་བྱ་བ་བྱེད་པའི་སྐྱེས་བུ་དམ་པ་རྣམས་ཇི་ལྟར་བྱོན་ཚུལ་གྱི་རྣམ་གཞག་ཅུང་ཟད་བརྗོད་པར་བྱའོ། དེ་ཡང་ཐོག་མར་མདོ་རྒྱུ་སེམས་གསུམ་ལས་སེམས་ཕྱོགས་ལའང་སེམས་ཀློང་མན་ངག་གསུམ་གྱི་དངོས་པོ་སེམས་ཀློང་གཉིས་ནི་སློབ་དཔོན་བཻ་རོ་ཙ་ན་ལས་བྱུང་སྟེ། དེ་ཡང་རྒྱ་གར་གྱི་དགེ་སློག་ཨ་ཝ་བྷུ་ཏི་ཚེ་འཕོས་པ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དུ་གྱུར་ཏེ་བསྟན་པ་བཙུགས། སྔོན་གྱི་བག་ཆགས་ལས་རྒྱ་གར་ན་རྩོལ་མེད་ཀྱི་ཐེག་པ་ཡོད་པར་ཤེས་ནས་ལེན་པ་རའདོད་དེ་སྤྲོ་བ་དྲིས་པ་ན་གཞན་མ་རྙེད་ནས། སྔོན་ཨོ་རྒྱན་དུ་རྒྱལ་པོ་སཱ་ལ་དེ་ཝ། ཁ་ཆེར་ཙནྡྲ་གི་ཏ། སིང་གའི་ཡུལ་དུ་དགེ་སློང་ལེགས་པའི་བློ་གྲོས། དེས་མཁན་པོ་ལ་མ་གུས་པས་ཕྱི་མར་ཚ་བ་རོང་གི་ཕྱུགས་རྫིར་སྐྱེས། དེ་ནས་ཨ་(སྟོད་ཆ།༢༧༨)ཝ་དྷཱུ་ཏི། དེ་ནས་ཚ་བཱ་རོང་གི་དགེ་སློང་པརྞ་ལས་བོད་དུ་སྐྱེས་པ་པ་གོར་བཻ་རོ་ཙ་ན་མཁྱེན་པ་ཆེ་ཞིང་རྫུ་འཕྲུལ་ཐོབ་པ་དེ་དང་། ཚུལ་ཁྲིམས་སྲུང་ཕྱིར་རང་སྲོག་བཏང་བའི་དགེ་སློང་བྷཱུ་ཧུ་རའི་སྐྱེ་བ་གཙང་ལེགས་གྲུབ་དང་གཉིས་རྒྱ་གར་དུ་ཆས་ཏེ་ཨཱ)་པ་ལོའི་གླིང་དུ་སྦྲགས་པས། བཻ་རོ་ལ་བུ་མོ་ཞིག་གིས་ཁོག་པ་དྲལ་ནས་སྙིང་གི་ཆུ་སེར་བཙིར་བ་དང་། མི་སྙིང་ཉེར་གཅིག་ཟོས་པ་དང་། མི་དཀར་པོ་ཞིག་གིས་སྤྱི་བོར་ཨ་ཞིག་བཞག་པས་ཨ་མེར་འབར་ཏེ་ལུས་ཚིག་པ་དང་། བྱང་ཆུབ་ཀྱི་ཤིག་རྩ་བ་བཏོན་ནས་བོད་དུ་འཁྱེར་འོང་བ་དང་། ནམ་མཁའ་ནས་ཉི་ཟླ་གཉིས་ཤར་བ་ཟླ་བ་ནམ་མཁར་ནུབ་ཅིང་ཉི་མ་ཧས་པོ་རི་ལ་ཤར་ཏེ་ཡང་ནུབ་ནས་ཚ་བ་རོང་དུ་ཤར། ཡང་བོད་དུ་ཤར་བ་རྨིས་པས། སྒྲིབ་པ་དག་པ་དང་། མཁས་པ་ཉེར་གཅིག་གི་དགོངས་པ་ལོན་པ་དང་། རྣམ་སྨིན་གྱི་ལུས་འདག་པ་དང་། མན་ངག་གི་ཆོས་ལོན་པ་དང་། ལེགས་གྲུབ་སྔར་འདས་ཤིང་ཉིད་ཀྱང་ཚ་བ་རོང་དུ་སྤྱུགས་པ་དང་། སླར་བོད་ལ་ཕན་པར་ཤེས་སོ། བཻ་རོ་ལ་ལམ་དུ་ཁང་པ་དིབ་པ། མཚོན་ཟུག་པ། མེ་ཆུ་དུག་སོགས་ཀྱི་གནོད་པ་སོགས་ཤི་ལ་ཐུག་པ་ལྔ་བཅུ་རྩ་བདུན་བྱུང་ཡང་མ་གནོད། གཅན་ཕྲེང་བས་གསོད་པར་བརྩམས་པ་རྫུ་འཕྲུལ་བསྟན་པས་ལྡོག །རྒྱ་གར་དུ་བརྟོལ་ཏེ་གསེར་རྣམས་ས་ལ་སྦས་ཏེ་མན་ངག་གི་ཆོས་ལ་སུ་མཁས་ཐམས་ཅད་ལ་དྲིས་པས་སློབ་དཔོན་ས་ལ་སྦས་ཏེ་མན་ངག་གི་ཆོས་ལ་སུ་མཁས་ཐམས་ཅད་ལ་དྲིས་པས་སློབ་དཔོན་ཤྲི་སིང་ཧཱ་ཞེས་བྱ་བ་མཁས་པ་ཉེར་ལྔའི་ཐུགས་སྲས་པཎྜི་ཏ་སྟོང་གི་སློབ་དཔོན་འཇམ་དཔལ་དང་དངོས་སུ་མཇལ་བ་ཞིག་དྷ་ན་ཀོ་ཤའི་གནས། སེང་ལྡེང་བསིལ་བྱེད་ཀྱི་ཚལ། ཙན་དན་དྲི་ཞིམ་གྱི་ནགས་རིན་པོ་ཆེ་ཟ་མ་ཏོག་སྤུངས་པའི་ཁབ་བྱ་བར་བཞུགས་ཞེས་ཐོས་ནས་(སྟོད་ཆ།༢༧༩)བཙལ་བས་རྒྱལ་པོ་ཞིག་གིས་གཙུག་ལག་ཁང་དེ་འདི་ཡིན་ཏེ་འདི་ན་ཀེ་ཚང་ཆེན་པོ་དགུ་ལས་ཐོག་མ་ན་སྟོན་པ་དགའ་རབ་རྡོ་རྗེ་ཆོས་ཉིད་སྐྱེ་འགག་མེད་པའི་དངོས་གྲུབ་ཐོབ་པ་རིག་པ་ཀློང་དུ་ཤར་བའི་སྐྱེས་བུ་དེའི་སྤྱན་སྔར་མཁས་པ་དགོངས་རྒྱུད་རྣམ་པར་དག་པ་བཅུ་དྲུག་བཀའི་ལུང་ནོད་ཅིང་བཞུགས་པ་ལས་དགོངས་པ་ཀློང་དུ་གྱུར་ཏེ་སྨྲ་བསམ་ཚིག་ལས་འདས་པར་བཞུགས་སོ། མཁས་པ་ཕྱི་མ་བདུན་ད་དུང་ཚིག་ལ་ཆགས་པས་ལམ་ཟློས་ཏེ་ཀེ་ཚང་གཉིས་པ་ན་བཞུགས་སོ། གསུམ་པ་ན་བཱི་མ་ལ་མི་ཏྲ་ལ་སོགས་པ་བཞུགས་སོ། གནས་དེ་ན་བྲམ་ཟེ་མ་རྒན་མོ་ཞིག་ཡོད་པ་ལ་དྲིས་ཤིག་ཅེས་བསྟན། བྲམ་ཟེ་མོ་ལ་དྲིས་པས་དེས་པྲ་སེ་ནས་མི་རྟོགས་པའི་ཐབས་བྱས་ཏེ། མན་ངག་གི་ཆོས་བོད་དུ་འཁྱེར་བའི་ལྟས་སུ་པཎྜི་ཏ་རྣམས་ཀྱ་ིརྨི་ལམ་ལོག་པ་བཤད་དེ་མན་ངག་འཐོབ་པར་ལུང་བསྟན། བྲམ་ཟེ་མོ་ཤེལ་གྱི་བློ་གྲོས་ཅུ་ལེན་དུ་འོག་བ་ལ་ཕྲིན་སྲིངས་ཤིག་པར་བསྟན་ཏོ། འདི་ལྟར་ན་ནོར་བཟང་གི་རྣམ་ཐར་གྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཀྱི་རྣམ་ཐར་དུ་ཁང་བརྩེགས་བཅུའི་བཅུ་པ་ན་སངས་རྒྱས་རྣམས་ཆོས་བགྲོ་བ་དང་དགུ་པ་ནས་བཅུ་པ་རྣམས་གནས་པ་སོགས་བཤད་པ་ལྟར་གནས་འདི་ཡང་ངག་པའི་སྣང་བའི་གནས་ཕལ་པས་མཐོང་བར་མི་ནུས་པ་ཞིག་ཡིན་པར་སྣང་ལ་ཀེ་ཚང་ཞེས་པའང་ཁང་བརྩེགས་ཀྱི་འགྱུར་ཁྱད་དུ་སྣང ་ངོ་། ཆུ་ཆུན་མ་ལ་ཕྲིན་དུ་མར་བསྲིངས་ཀྱང་མ་གྲུབ་ནས་བཻ་རོས་ལྟ་སྟངས་ཀྱིས་ཆུ་བན་ས་ལ་སྦྱར་བས་འཁུར་མ་ནུས་ནས་ཁྱོད་ཀྱང་རྫུ་འཕྲུལ་དང་ལྡན་པར་གདའ་སྟེ་བདག་ལའང་འདི་ལྟ་བུ་ཡོད་ཟེར་ནས་མོས་རང་གི་བྱང་ཁོག་ཕྱེ་བས་རྡོ་རྗེ་དབྱིངས་ཀྱི་ལྷ་སོ་བདུན་བཀྲ་ལམ་མེར་བསྟན། ཐབས་ཀྱིས་ནང་དུ་བརྟོལ་བར་གྱིས་ལ་བཱི་མ་(སྟོད་ཆ།༢༨༠)ལ་ལ་སོགས་པའི་མཁས་པ་རྣམས་བཞུགས་པ་ལ་ཕྱག་གྱིས་བརྡ་འདི་བསྟན་པ་ལ་ལན་འདི་གྱིས་བསླབས། སྐབས་བཙལ་ནས་སྒོའི་གསེང་ཞིག་ལ་ནང་དུ་བརྟོལ་ཏེ་ཕྱག་བྱས་བརྡ་ལན་གྱིས་མཉེས། ནང་པར་ཤྲཱི་སིདྷ་ལ་ཤོག་ཕྲིན་ཕུལ་བས་མཇལ་ཏེ་གསེར་དཔག་མེད་ཕུལ། རྩོལ་མེད་ཀྱི་ཐེག་པ་སྟོན་པར་ཞུས་བས་དོ་ནུབ་མཚན་མ་བརྟག་གི་གསུངས་ནས་ནང་པར། མཚན་མ་བཟང་པོ་བོད་ལ་ཕན་ཐོགས་ངེས། དེ་ཡང་སྒྲོན་བསྐལ་མུན་བསྐལ་གྲགས་མེད་འདས་པའི་སྔོན་དུ་བསྐལ་པ་དགའ་བ་ལ་སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱུང་བའི་ཐ་མ་མངོན་རྫོགས་རྒྱལ་པོས་མན་ངག་རྣམས་ཐུགས་ཀྱི་སྲས་བདུན་ལ་གཏད་པས་དེ་དག་རིམ་པར་སངས་རྒྱས། དེ་ནས་མུན་བསྐལ་ལྔ་བརྒྱའི་འོག་ཏུ་བསྐལ་པ་འདི་ལ་སངས་རྒྱས་སྟོང་བྱུང་བའི་ཤཱཀྱའི་བསྟན་པ་ལ་རྒྱུ་འབྲས་ལ་ཟློ་བའི་ཐེག་པ་འདི་བྱུང་སྟེ་དང་པོ་རྒྱ་གར་དུ་དར་ནས་ཨོ་རྒྱན་གྱི་ཡུལ་དུ་འཁོར་བ་ལན་གསུམ་སྟོང་པར་བྱེད། དེ་ནས་གསང་བ་དམ་པ་འདི། མཐའ་འཁོབ་ཡུལ་དུ་རྒྱས་པར་འགྱུར། ཞེས་པ་བརྒྱད་པའི་བྱང་སེམས་ཤིག་གིས་བླངས་ཏེ་མཐའ་འཁོབ་རྒྱལ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལ་སྟོན། དེར་གཞན་འདུལ་བའི་དུས་ལ་མ་བབས་ཏེ་ཚ་བའི་ཡུལ་དུ་ས་བདུན་པའི་བྱང་སེམས་ལྐོག་མ་ན་སྨེ་བ་ཡོད་པ་ཞིག་དང་རང་རྒྱལ་གྱི་སྤྲུལ་པ་ཞིག་ལ་སྟོན། དེས་ས་བདུན་པའི་བྱང་ྀཾམས་ཤིག་ལ་སྟོན། དེ་ནས་རིམ་པར་ས་ལྔ་པ་དང་བརྒྱད་པ་དང་བདུན་པ་དང་གསུམ་པའི་ས་དང་དེ་ནས་བརྒྱད་པ་དང་བདུན་པའི་སར་སྤེལ་བ་དང་བདུན་རྒྱུད་ལ་བསྟན་ནས་གྲུབ་པ་ཐོབ་པར་འགྱུར་ལ། དེ་ནས་ས་བརྒྱད་པ་ཞིག་ལ་བསྟན་ཏེ་དེས་ཐུན་མོང་དང་མ་ཡིན་པའི་ཚོགས་ལ་བསྟན་པས་ལ་ལས་ནི་གོ་ ལ་ལས་(སྟོད་ཆ།༢༨༡)ནི་མ་གོ་ལ་ལ་ཉམས། ལ་ལ་གོལ་ཞིག་བཀའ་ཉམས་ནས་གླེགས་བམ་མང་པོ་བྲིས་ཏེ་སྣོད་མིན་གྱི་ལག་ཏུ་འབྲིམས་ན་དེས་མན་གག་ནམས་ལྷ་སྲིན་རྣམས་འཁྲུགས་ཏེ་བསྐལ་པ་ཕྲ་མོ་འཇིག་གོ། མན་ངག་འདི་དང་ཕྲད་པའི་སྐྱེས་བུས་བླ་མ་སངས་རྒྱས་ཉིད་དུ་མཐོང་བར་བྱས་ཏེ་གསང་བར་སྤྱད་ན་མྱ་ངན་ལས་འདའོ། བསྐལ་ལ་འདིའི་འོག་ཏུ་མུན་པའི་བསྐལ་པ་ལྔ་བརྒྱ་འབྱུང་། དེ་ནས་སྒྲོན་མའི་བཀྶ་པ་བཟང་ལྡན་བྱ་བ་ལ་གསང་བའི་སྣོད་ལྡན་གྱི་གང་ཟག་མོས་པའི་རྡོ་རྗེ། སྟོབས་ཀྱི་རྡོ་རྗེ། ཤུགས་འཆང་བའི་རྡོ་རྗེ། རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་དང་བཞིས་གྲུབ་པར་འགྱུར་རོ། དེས་ན་དུས་ལ་བབས་པས་ན་ཁྱེད་ལ་བསྐུར་བར་བྱེ་སྟེ་བསྐུར་ཐབས་མ་ལེགས་ན་འུ་ཅག་གསུམ་གའི་སྲོག་ལ་འོང་། ཡུལ་འདིར་ཡང་གང་དགར་སྤྱད་དུ་མེད་དེ་རྒྱལ་པོས་ཚོར་ན་མན་ངག་རང་ཡང་མེད་པར་བྱེད་པས་ཁྱེད་གཉིས་ཆོས་གཞན་ཉན་པ་ལྟར་གྱིས་ལ་པཎྜི་ཏ་བརྒྱད་པོར་གསེར་ཕུལ་བ་ལ་རྒྱུ་འབྲས་ཀྱི་ཆོས་ཉོན་ཞིག །མཚན་མོ་མན་ངག་གི་ཆོས་བསྟན་གྱི་གསུངས་ཏེ་དེ་ལྟར་བྱས། མཚན་མོ་པྲ་སེ་ནས་མི་ཟིན་པའི་ཐབས་བྱས་ཏེ་མན་ངག་བཤད་ཅིང་དར་དཀར་ལ་ར་དཀར་མོའི་འོ་མས་བྲིས་ཏེ་དུད་པས་བདུགས་ནས་ཡི་གེ་གསལ་བ་བྱས། རྫུ་འཕྲུལ་དང་འཕྲུལ་ཐབས་ཀྱིས་མན་ངག་ནི་དཔེ་བམ་པོ་བརྒྱ་དང་ལྔ་བཅུ་རྩ་བཞི་བྱུང་བའི་ཚེ་གཙང་རིས་ཀྱི་མགོན་པོ་སུམ་བརྒྱ་དྲུག་ཅུ་དང་སྔགས་ཕྱི་ནང་གི་སྲུང་མ་ཐམས་ཅད་ལྷགས་ཏེ་ཕྱག་དང་བསྐོར་བ་བྱས་ནས་བདག་ཅག་ཆོས་སྲུག་རྣམས་ནི་བཀའ་འདི་རྣམས་ཀྱི་རྗེས་སུ་མཆིའོ་ཁྱད་པར་མན་ངག་སྙན་བརྒྱུད་ཀྱི་རྗེས་སུ་མཆིའོ་རབ་ཏུ་ཡང་མཆིའོ། སྣོད་དང་མི་ལྡན་པ་ཐོབ་ལོ་ཤེས་ལོ་མཁས་ལོ་བཙུན་ལོ་ཉན་ལོ་ཐོས་ལོ་སྒྲུབ་(སྟོད་ཆ།༢༨༢)ལོ་ཙམ་གྱིས་ཆོག་པ། དད་པ་གཏིང་ནས་མེད་པ། ཞེན་པ་མ་ལོག་འཛིན་ཆགས་མ་ཁྲོལ་བ། ཆོས་དང་འབུལ་བ་ལ་ཕམ་རྒྱལ་རིཙ་བའི་མི་ལག་འགྲིམས་ཙ་ན་དམ་ཉམས་སུ་སོང་བ་ཡིན་པས་དེས་ན་བདག་ཅག་རྣམས་མི་དགའ་ཤིན་ཏུ་རབ་ཏུ་ཡང་མི་དགའ་སྟེ། བདག་ཅག་ལ་ལ་ནི་ཕ མ་བསད་པ་སྙམ་བྱེད་ལ་ལ་ནི་བུ་གཅིག་སྟོར་བ་སྙམ་བྱེད་དཔྲལ་མིག་ཕྱུང་བ་སྙམ་བྱེད་ཁོང་གི་སྙིང་ཕྱུང་བ་སྙམ་བྱེད་ནོར་བུ་རིན་པོ་ཆེ་སྟོར་བ་སྙམ་བྱེད་ལ། དེའི་ཚེ་ནད་དང་མུ་གེ་འཁྲུགས་པས་གཡོས་རླུང ནག་དང་བུ་ཡུག་སོགས་མི་ཤེས་པ་སྣ་ཚོགས་པ་འོང་བས། ན་རག་ཆེན་པོ་ཡང་ཡོངས་སུ་འཕེལ། སློབ་དཔོན་ཡང་ཚེ་ཐུང་ནད་མང་། སློབ་མ་རྣམས་ཕོངས་ཤིང་དུག་དང་གྲིར་འཆི། ཆོས་པ་རྣམས་མཐུ་ཆུང་། བོན་དང་མུ་སྟེགས་དང་སྲིན་པོ་བདུད་དུ་ལྡང་། དེའི་ཚེ་ལ་ལས་མན་ངག་འདི་རྣམས་སྲེག །ལ་ལས་རུལ་དུའཛུད། ལ་ལས་ནི་འཚོང་། ལ་ལས་ནི་བསྲེགས་ཤིང་བསླད། དེ་ལ་བརྟེན་ནས་འདི་འཆང་ཞིང་ཐུགས་ལ་འཆང་བ་རྣམས་སངས་རྒྱས་ཀྱི་ངོ་བོ་ཉིད་ཡིན་ཀྱང་དེ་ལ་ལ་ལས་སྐུར་བ་འདེབས། ལ་ལས་སྨོད། ལ་ལས་སུན་འབྱིན། རྐྱེན་དེས་སངས་རྒྱས་ཀྱི་བསྟན་པ་འཇིག་པར་འགྱུར་རོ། དེས་ན་ཤིན་ཏུ་གསང་བར་སྦོས་ཤིག་ཤིན་ཏུ་གསང་བས་ཆོངས་ཤིག་གསང་བར་ཡིད་ལ་གྱིས་ཤིག་ཅེས་མགྲིན་གཅིག་ཏུ་མི་སྣང་བར་གྱུར་ཏོ། དེ་ཡང་རེས་ནགས་ཚལ་གྱི་དབུས། རེས་རི་བོའི་རྩེ། རེས་ནམ་མཁའི་མཐོངས། རེས་རྒྱ་མཚོའི་ནང་དུ་བཤད་དེ་ཐོག་མར་བོད་དུ་མན་ངག་འབྱུང་བའི་རྟགས་སུ་རིག་པའི་ཁུ་བྱུག །ཚང་ཞིང་རྫོགས་པའི་རྟགས་སུ་རྩལ་ཆེན་སྤུགས་པ། དེ་བཞིན་དུ་བསམ་གཏན་སྟོན་པ་ཐིག་ལེ་དྲུག་པ་ཐེག་པ་ཐམས་ཅད་ཀྱི་ལྟ་(སྟོད་ཆ།༢༨༣) སྤྱོད་ཁོངས་སུ་ཆུད་པ་ཁྱུང་ཆེན་ཐེག་པ་ཐམས་ཅད་ལས་ཁྱད་འདོན་པ་མི་ནུབ་རྒྱལ་མཚན་ཏེ་ཆེ་བ་ལྔེཾ། གྲུབ་མཐའ་ཐམས་ཅད་འདུས་པ་ཡིད་བཞིན་ནོར་བུ་ཆོས་དང་གང་ཟག་གི་ཆེ་བར་བྱུང་བ་ཆེ་བཙན་དམ་པ་ཐེག་པ་གོང་འོག་གི་སྐྱོན་ཡོན་འབྱེད་པ་སྤྱི་སྤྱོད་རྒྱལ་པོ་ཤེས་རབ་གསུམ་ལ་བརྟེན་པ་ཀུན་འདུས་རིག་པ་སྟེ་ཆུང་བ་བཞི། གདམས་པ་ལ་རག་པར་སྟོན་པ་བདེ་བ་རབ་འབྱམས་འབྲས་བུ་སྐུ་གསུང་ཐུགས་སྟོན་པ་སྲོག་གི་འཁོར་ལོ་དཔེ་དོན་རྟགས་གསུམ་སྟོན་པ་སེམས་རིག་དང་ནམ་མཁའ་རྒྱལ་པོ་སྟེ་འབྲིང་བཞི། དྲང་ངེས་དབྱེ་བ་བདེ་བ་ཕྲ་བཀོད། ཐེག་པའི་ཤན་འབྱེད་པའི་སྤྱི་ཆིངས་རིགས་པ་དང་མི་འགལ་བ་རྡོ་ལ་གསེར་ཞུན་སྤྱོད་པ་དང་དམ་ཚིག་སྟོན་པ་རྩེ་མོ་བྱུང་རྒྱལ་ཏེ་ཆེ་བའི་ཕྱོགས་བཞི། འཆལ་བ་ཚར་གཅོད་པ་རྨད་བྱུང་བཤད་དེ་སེམས་སྡེ་བཅོ་བརྒྱད་དོ། དེའི་ཚེ་བཻ་རོས་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཞལ་མཐོང་ཆོས་ཐོས་ཏེ་བཻ་རོ་ཙ་ནར་མིང་བཏགས་སོ། སྤྱིར་སད་མི་བདུན་རབ་ཏུ་བྱུང་ཚེ་བཻ་རོ་ཙ་ན་རཀྵི་ཏ་ཞེས་རྣམ་སྣང་སྲུང་བའམ་རྣམ་སྣང་འཚོར་མིང་བརྗེས་པ་ཡིན་ཀྱང་སླར་ཡང་རྣམ་པར་སྣང་མཛད་ཉིད་དུ་བཏགས་པའོ། དེས་ལེགས་གྲུབ་ཚིམ་སྟེ་རྒྱལ་པོ་ལ་ངོ་སོ་འདོད་པས་བོད་དུ་སོང་བ་གཅན་ཕྲང་བས་བསད་དོ། བཻ་རོ་ཙ་ན་མ་ཚིམ་སྟེ་ཡིད་མི་བདེ་བར་འདུག་པ་ན་བླ་མས་ཁྱོད་ནའམ་གསུངས་པར། མཐོང་སྟེ་མ་ཕྲད་རང་སེམས་ན། མྱངས་ཏེ་མ་ཚིམ་རང་སེམས་ན། ནད་གཞི་ལ་སེམས་སྡེ་བཅོ་བརྒྱད་པོའི། གདེང་མ་རྙེད་པར་འདོད་པ་བརྙེད། མཐར་ཕྱིན་གྱི་སྨན་ཞིག་ད་གཏོང་འཚལ། ཞུས་པས། ངས་ཐམས་ཅད་བསྟན་ཟིན་ན་ཁྱོད་ཅི་ལ་བརྡུགས་གསུངས་པ་ན། ལྟ་བ་ཕྱོགས་རིས་མེད་པ་དེ།(སྟོད་ཆ།༢༨༤) ལས་དང་རྟོག་པའི་ཕྲེང་ལ་བརྡུགས། སྤྱོད་པ་བླང་དོར་མེད་པ་དེ། འདོད་རྩོལ་གཉིས་ཀྱི་ཕྲེང་ལ་བརྡུགས། ལམ་ལ་བསྒྲོད་དུ་མེད་པ་དེ། ལུང་དང་རིགས་པའི་ཕྲེང་ལ་བརྡུགས། རང་བྱུང་ཡེ་ཤེས་ཆེན་པོ་དེ། བག་ཆགས་སྟུག་པོའི་ཕྲེང་ལ་བརྡུགས། དུས་གསུམ་སངས་རྒྱས་དགོངས་པ་དེ། །བྱིང་རྒོད་གཉིས་ཀྱི་ཕྲེང་ལ་བརྡུགས། འབྲས་བུ་སྐུ་གསུམ་ལྷུན་གྲུབ་དེ། བརྡ་དོན་འཕྲད་པའི་ཕྲེང་ལ་བརྡུགས། རྫོགས་ཆེན་བྱ་བྲལ་ལྷུན་གྲུབ་དེ། །བརྡ་དོན་དབྲལ་བའི་ཕྲེང་ལ་བརྡུགས། སངས་རྒྱས་སྤྱོད་ཡུལ་རང་དབང་དེ། །སྤྱི་བླུགས་ཚངས་པའི་དབང་ལ་བརྡུགས། །ཆ་ལ་སེམས་སྡེ་བཅོ་བརྒྱད་པོས། །ཕྲེང་བརྒྱད་སྐྱེལ་མ་མ་ཤོགས་པས། །བདག་རང་བཻ་རོ་ཙ་ན་ཡང་། །ཡུལ་དུ་འགྲོ་བ་ཕྲེང་ལ་བརྡུགས། །ཞུས་པས་སློབ་དཔོན་གྱིས་ཀྱང་ཁྱད་པར་བ་སྟོན་པར་དགོངས། པཎ་ཆེན་རྣམས་ཀྱི་རྨི་ལམ་གཉིས་པ་ལོག་ཏེ་ཆུ་ཐམས་ཅད་བོད་དུ་བབས་པ་དང་ཤི་རྩིང་ཐམས་ཅད་བོད་དུ་སོང་བ་སོགས་རྨིས། རྒྱུད་སྡེ་དྲུག་ཅུ་དང་དབང་མན་ངག་དང་། ཁྱད་པར་དུ་འབྲས་བུ་རང་ཆས་སུ་སྟོན་པ་རྒྱ་མཚོའི་ཀློང་བསྟན་པས་རྟོགས་པའི་མཐར་ཕྱིན་ཀྱང་སྒྲོ་འདོགས་གཅོད་པའི་ཕྱིར། སྐུ་གསུམ་སྟོན་པ་མཆོག་གི་སྲས། ཐམས་ཅད་མཁྱེན་པ་བདག་གི་ཕ། བློ་ཡི་རེ་དོགས་བཅད་པའི་ཕྱིར། །དབུ་བསྙུང་བཞེས་པའི་ཆོས་ཤིག་ཞུ། །ཞུས་པས། ཆོས་ཀྱི་དབྱིངས་ལ་ཟད་མེད་ཀྱང་། དེ་བཞིན་ཉིད་ནི་གཅིག་ཤེས་ན། མ་ལུས་དེ་ལ་ཡོངས་སུ་རྫོགས། དེ་ལས་ཡོད་ན་ས་དྷི་ཀན། གསུངས་སོ། དེ་ནས་བླ་མའི་ཞལ་ནས་གདམས་པ་འདི་ལ་བཙའ་ལུགས་གསུམ་བྱིན་པ་བཞི་མི་སྦྱིན་པ་བཞི་ཡོད་དེ་(སྟོད་ཆ།༢༨༥)འཁོར་འདས་ཐམས་ཅད་གསལ་བར་བྱེད་པའི་ཕྱིར་མིག་འབྲས་ལྟར་བཙའ། ཐེག་པ་ཀུན་གྱི་བཅུད་ཡིན་པས་ཁོང་སྙིང་ལྟར་བཙའ། ཆོས་ཀུན་གྱི་རྩ་བ་ཡིན་པས་སྲོག་ལྟར་བཙའོ། དད་ལྡན་འཇམ་རིག་ཡུན་བརྟན་ལ། ངེས་དང་འགྲེལ་ཊཱིཀ་མན་ངག་རྣམས། །གྲངས་བཏབ་བསྟེབས་ཏེ་བྱིན་པར་བྱ། །དཔུང་བཟང་ཡུན་རིང་སྣོད་ལྡན་ལ། །རྦ་སྲི་མེད་པར་ཚང་བར་བྱིན། །དང་བ་ཅན་ལ་མི་ཞུ་ཡང་། །ནན་གྱིས་བྱིན་ཞིང་གཏད་གཉེར་བྱ། །དད་ཅན་ཤེས་རབ་ཆུང་བ་ལ། །ཡིད་དང་སྦྱར་ལ་བྱིན་པར་བྱ། །ཁོང་ཁྲོ་ཆེ་ཞིང་དད་མེད་ལ། །ཚིག་འགས་བྲིད་ལ་མི་སྦྱིན་བསྐྲད། །ཕྱོགས་ཙམ་གྱིས་བྲིད་མི་སྦྱིན་བསྐྲད། །མོ་སྒོམ་ཡི་གེར་བྲི་རིངས་ལ། །ཆོས་གཞན་གྱིས་བྲིད་མི་སྦྱིན་བསྐྲད། ནོར་ཕྱིར་ཆོས་ཚོལ་དད་མེད་རིགས། དང་པོ་ཉིད་ནས་བརྟགས་ཏེ་སྤང་། འོན་ཀྱང་བོད་ཀྱི་རྒྱལ་པོ་ལ། སྟོན་ཅིག་གསུངས་ནས་རྗེས་སུ་གནང་། དགའ་རབ་རྡོ་རྗེ་དང་མཇལ་བར་ལུང་བསྟན་ནས་བཙལ་བས་མཁའ་འགྲོས་ཨོ་རྒྱན་དུ་སོང་ཞིག་པར་ལུང་བསྟན་ཏེ་ཨོ་རྒྱན་གྱི་དུར་ཁྲོད་དུ་འོད་ཀྱི་ཁྱེའུ་ཆུང་ངུ་བཞུགས་པ་དང་མཇལ། རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་བཅུ་བཞི་བསྟན་ཏེ་ནམ་མཁའ་ལ་འོད་དུ་ཡལ། སླར་ཤྲི་སིདྷའི་དྲུང་དུ་འོངས་པས་སློབ་དཔོན་གྱི་ཞལ་ནས། རང་སེམས་ཡེ་ཤེས་རྡོ་རྗེ་འདི། ཡོད་མེད་དབུས་སུ་མི་དམིགས་ཤིང་། རྟག་ཆད་མཐའ་ལ་མི་གནས་པ། སྒྲོ་སྐུར་མེད་པའི་ཆོས་ཉིད་ལ། བླང་དོར་མེད་པར་བློ་བཞག་སྟེ། འདི་ཞེས་སྒོམ་པའི་འདུ་ཤེས་བྲལ། དེ་ནི་དགོངས་པའི་མཐར་ཐུག་གོ །(སྟོད་ཆ།༢༨༦) སེམས་ནི་སངས་རྒྱས་ཀུན་གྱི་དངོས། །སེམས་ཀྱིས་སེམས་ལ་ལྟ་བ་ན། སེམས་ཀྱི་སྐྱོན་དང་གོལ་ས་བརྟག །དེ་ནས་ཉམས་དང་དྲོད་ཚད་སྐྱེ། །རང་སྣང་དཀྱིལ་འཁོར་རང་ལ་འཆར། སེམས་ནི་ཁ་དོག་ཅིར་མི་དམིགས། །དབྱིབས་ཀྱི་རྣམ་པ་གང་ཡང་མེད། །སེམས་ནི་རྒྱ་ཀུལས་མ་སྐྱེས་ཏེ། །རྐྱེན་གྱིས་རྣམ་པར་འཇིགས་པ་མེད། །ཐོག་མར་མ་བྱུང་མཐར་མི་འགྲོ། །དུས་གསུམ་ཀུན་ཏུ་སོང་ཞིང་དབེན། །འདི་འདྲ་ཞེས་སུ་བསྟན་དུ་མེད། །བདག་གཞན་ཟུང་འཛིན་བཏང་སྙོམས་དང་། །རྒྱུ་རྐྱེན་གང་གི་འང་སྤྱོད་ཡུལ་མིན། །བྱིང་རྒོད་གཉིས་པོ་འདི་ལ་མེད། ཇི་བཞིན་པ་ཡི་ངང་དུ་ཞོག །ཡིག་འབྲུ་ཕྱག་མཚན་སྐུར་མི་དམིགས། །སྒྲ་དང་ཚིག་ལས་འདས་པར་སྒོམ། །སྙམ་བྱེད་བློའམ་འཇིགས་འི་བློ། །ཀུན་ལ་རེ་དོགས་མེད་པར་བཞག །ཅིར་ཡང་རྟོག་པར་མི་བྱའོ། །སྟོང་པའི་ངང་ལས་མ་གཡོས་ན། །དབུགས་ཀྱི་རྒྱུ་བ་མི་ཚོར་ཞིང་། །ཕུང་པོ་ཡོད་པར་མི་མངོན་ཏེ། །ནམ་མཁའ་སྟོང་པའི་ངང་ཉིད་ལས། །རིག་པ་ཡེ་ཤེས་ཤར་བའི་དྲོད། །སྐར་མའི་འོད་འདྲ་གློག་འབྱུང་འདྲ། །ཉི་མ་ཤར་བའི་འོད་འདྲ་གསལ། གཅིག་གོ་ཀུན་རྫོགས་མན་ངག་ཡིན། ཞེས་གནད་ཀྱི་ཞལ་ཆེམས་ཐུགས་ཀྱི་མཛོད་བརྟོལ་ཏེ་རླུང་གིས་ཀྱང་ཐོས་སུ་མི་རུང་བར་མཛད་ནས་བཻ་རོ་ཉིད་ལ་གདམས་ཏེ་སློབ་དཔོན་འོད་དུ་ཡལ། དེའི་ཚེ་རྐང་མགྱོགས་གྲུབ་པའི་མཆོག་ཀུ་མ་ར་དང་ཀུ་ཧ་ར་དྷ་ཏུ་བྱ་བ་གཉིས་ཡོད་པ་ལས་བཻ་རོས་ཀུ་མ་ར་དང་གྲོགས་པོར་བྱས་གསེར་བྱིན་ནས་རྐང་མགྱོགས་བསླབས་པས་གཏན་གྱི་རྐང་མགྱོགས་ཕ་བུ་ལ་ཡང་མི་སྟེར་བས། བོད་དུ་མ་སླེབ་བར་གྱིས་རྐང་མགྱོགས་སྦྱིན་ནོ་ཟེར་ནས་ཅུང་ཟད་(སྟོད་ཆ།༢༨༧)བྱིན་ཏེ་རེ་མ་ཏིའི་རྐང་མགྱོགས་བསྒྲུབས་པས་སྤྱིར་གླགས་གཟན་ལ་འཇུམས་པ་ལྟར་མགྱོགས་པ་ཡོད་ཀྱང་གོ་བོས་རི་རྩིབས་གཅོད་པ་ཙམ་བཻ་རོས་གྲུབ། རྐང་མགྱོགས་ཀྱི་གཙོ་བོ་གཅིག་ཤོས་ལ་ཡང་རྔན་པ་བཅུག་སྟེ་བོད་མི་མ་མཐོང་གནོད་སྦྱིན་ཤ་བའི་རུ་ཅན་སོང་ངོ་བར་སྒྲོགས་སུ་བཅུག་སྟེ་ཆས་དེ་ལྟར་བུར་ཞུགས་ཏེ་བྱོན། ལམ་དུ་ཡང་སྐལ་ལྡན་འགའི་དོན་མཛད། བོད་དུ་མྱུར་བར་ཕེབས་ཏེ་རྒྱལ་པོས་ཞབས་ཐིལ་གཙུག་ཏུ་བླངས་པས་རྒྱལ་པོ་ལ་ཉིན་མོ་རྒྱུ་འབྲས་ཀྱི་ཆོས་དང་མཚན་མོ་རྫོགས་པ་ཆེན་པོ་རྩོལ་མེད་ཀྱ་ིཐེག་པ་བསྟན། བཻ་རོ་བོད་དུ་ཞལ་ཕྱོགས་ནས་བྱོན་པའི་ནུབ་ནས་བཟུང་སྟེ་རྒྱ་གར་བའི་རྨི་ལྟས་གསུམ་པ་ལོག་པས་མན་ངག་གི་ཅོས་བདུད་དུ་ཤོར་བར་ཤེས་ཏེ་རྡོ་རྗེ་གདན་དུ་བལྟས་པ་ན་རྒྱ་རུ་སྤོད་ཞིག་ཅིང་ཆོས་མ་ཚང་བར་ཤེས། རྒྱལ་པོ་དང་པཎྜི་ཏ་གཅིག་ལ་གཅིག་ཡིད་མ་ཆེས་ཏེ་རྒྱལ་པོས་པཎྜི་ཏ་རས་ལ་གསང་ནས་རྡོ་རྗེ་གདན་ནམ་ཨ་སུ་ར་གསུང་བའི་བྲག་ཕུག་གམ་བྱ་རྒོད་ཕུང་པོར་སྦས་སམ་ཡང་ཟེར་སྟེ་མི་སྣང་བར་བྱས། བོད་ཐེ་ཚོམ་སྐྱེད་ཕྱིར་ཕྲ་མེན་གྱི་ངན་སྔགས་ཁྱེར་སོང་བས་བོད་མི་རླག་པའི་ཐབས་གྱིས་ཤིག་ཅེས་རྐང་མགྱོགས་པ་བཏང་སྟེ་རུ་བཞི་ཐམས་ཅད་དུ་བསྒྲགས་པས་བོད་ལྦོན་རྣམས་ཀྱིས་བཅུགས་ལ་ཉན་ཏེ་འདི་མི་གསོད་ན་རྒྱལ་ཁྲིམས་བཤིག་པར་བགྲོས་ཏེ་རྒྱལ་པོ་ལ་གསོལ། བཙུན་མོ་ཚེ་སྤོང་བཟས་ཀྱང་བཻ་རོ་ཙ་ན་སླུ་བར་མ་ཚུགས་པའི་སེམས་ངན་བྱས་ཏེ་བློན་པོ་རྣམས་བསླད། རྒྱལ་པོ་ལ་ནན་གྱིས་ཞུས་པ་ན་ཏབས་མ་རྙེད་ནས་བསད་པར་ཞལ་གྱིས་བཞེས་ཏེ་སྤྲང་པོ་ཞིག་ལ་བཻ་རོའི་ཆས་བཅོས་ནས་མི་རྣམས་ཀྱིས་མ་སླེབ་པ་ཙམ་ལ་ཟངས་སུ་བཅུག་སྟེ་ཆུར་བསྐུར། གདན་ཁྲིའི་འོག་ཏུ་གནམ་སྒོ་སྔོ་ཐེམ་ཅན་ལས་(སྟོད་ཆ།༢༨༨)བབས་སར་བཻ་རོ་བཞུགས་ཏེ་རྒྱལ་པོས་ནམ་ཕྱེད་ན་ཆོས་ཉན་པ་ལས་ནང་འཁོར་བ་ཞིག་གིས་མཐོང་། དེ་ནས་རྒྱལ་པོའི་གདུགས་ཁང་བྱ་བའི་ཕྱིར་ཀ་བ་ཁོང་སྟོང་སྒོ་ཅན་དུ་བྱས་པར་སློབ་དཔོན་བཞུགས་པ་ན་བཙུན་མོས་ཤེས་ཏེ་བློན་པོ་རྣམས་ལ་བསྙད་དེ་བོད་འབངས་སྤྱིས་ནན་གྱིས་གསོལ་བས་ཐབས་མ་རྙེད་ཅིང་སྤྱུག་པར་ཞལ་གྱིས་བཞེས། སློབ་དཔོན་གྱིས་ཀྱང་ཚ་བ་རོང་དུ་སྔོན་གྱིས་ལས་འབྲེལ་ཞིག་ཡོད་པས་དེ་འགྲོའི་གསུངས་ནས་རྒྱལ་བློན་ཐམས་ཅད་ཀྱིས་བསྐྱལ། དཀའ་བ་བཅོ་བརྒྱད་ལ་སོགས་པའི་མགུར་མང་པོ་མཛད་དེ་གཤེགས། རྒྱལ་མོ་རོང་པའི་ཡུལ་མི་རྣམས་ཀྱིས་བོད་ཀྱི་རྟོག་ཆེན་པར་དགོས་ནས་སྦལ་དོང་དུ་ཞག་བདུན་དང་ཤིག་སྣ་ཚོགས་པའི་དོང་དུ་ཞག་བདུན་བསྒྱུར། སྐྱེ་བ་མང་པོའི་གོང་དུ་ཡུལ་དེའི་ནེ་ལེར་གྱུར་ཚེ་སྦལ་པ་ཟོས་པ་དང་། ཡུལ་དེར་དགེ་སློང་ཞིག་གྱུར་ཚེ་ཤིག་དོར་བ་བྱས་ཟོས་པའི་རྣམ་སྨིན་གྱི་ཐ་མར་ཞལ་གྱིས་བཞེས་ཏེ་དགེ་སློང་པུ་རྞའི་སྔོན་གནས་དྲན་པ་གསུངས་པས་གྲུ་དང་མདོ་གཞེར་ལ་སོགས་པརགཡལ་བློན་རྣམས་ཀྱིས་རྒྱལ་པོའི་མེས་སུ་གཏོགས་པའི་དགེ་སློང་པུརྞ་ཡིན་པར་ཤེས་ནས་བཤགས་པ་དང་བཀུར་སྟི་བྱས། འོན་ཀྱང་རྒྱལ་པོ་དེའི་སྲས་གཡུ་སྲ་སྙིང་པོ་མ་དད་ནས་བུ་གཅིག་ཤི་བའི་ཕ་མ་དང་། རྒན་རྒོན་འཆིར་གཏུགས་པ་དང་སྐྱེས་པ་བུད་མེད་ལང་ཚོ་ཅན་བརྩེ་བ་རྣམས་རིམ་པར་བཏང་སྟེ་ཆོས་བྱས་ན་བུ་དང་ཕྲད་དམ། རྒས་པ་གཞོན་ནུར་ལྡོག་གམ། བརྩེ་དགའ་འདི་ལས་ལྷག་པའི་བདེ་སྐྱིད་ཆོས་ལ་ཡོད་དམ་བྱ་བ་རིམ་པས་དྲི་བཅུག་པས། བུ་བས་རང་ཉིད་ཀྱང་འཆི་བ་དང་། རྒས་དུས་ཆོས་དྲན་ཀྱང་འཕྱིས་པ་དང་། ཐམས་ཅད་མི་རྟག་པ་རྣམས་རིམ་པར་གསུངས་པས་དེ།(སྟོད་ཆ།༢༨༩) དག་ཀྱང་དད་ཅིང་གཡུ་སྒྲ་ཡང་ཅུང་ཟད་དད་ནས་འོག་རྟ་ཕུལ་ཏེ་ཆེས་ཞུས་པས་མ་གནང་བ་དང་། ཡང་ཁྲུས་ལ་གདན་དྲངས་ནས་ཆུའི་ནང་དུ་གདམས་པ་མི་གནང་ན་ཆུ་ལ་སྐྲོད་དོ་ཞེས་བསྡིགས་པས། ཡོན་དང་དད་པ་གཉིས་མེད་པར། །ནན་ཚིར་བྱས་པས་ཆོས་ཁུགས་སམ། །འཆི་ན་གཉིས་ཀ་འཆི་མོད་དེ། །ང་ཆི་འོག་མིན་གནས་སུ་འགྲོ། །ཁྱོད་ཤི་ངན་སོང་གསུམ་དུ་འགྲོ །ཁྱོད་ཀྱིས་ཕོད་ན་ང་ཡིས་ཕོད། གསུངས་པས་སྐྲག་སྟེ་བཟོད་གསོལ་བྱས། ཡག་དཔེ་ཆ་བརྐུས་ནས་ཀུན་བྱེད་ཀྱི་རྒྱུད་བྲིས་ཏེ་ང་ལ་ཡང་ཆོས་ཡོད་ཟེར་བས། རྡོ་རྗེ་སེམས་དཔའ་དགའ་རབ་འཇམ་དཔལ་གྱི། ཞལ་ནས་གསུངས་པའི་མན་ངག་ངེས་པའི་དོན། །རྒྱལ་བའི་དགོངས་པ་ཤིན་ཏུ་གཏིང་ཟབ་པ། །ཡིག་ནག་ཚིག་གིས་བྱང་ཆུབ་རྙེད་པ་མིན། །ཞེས་གསུངས་པས་དད་པ་དྲག་ཏུ་སྐྱེས། །དུས་ནས་རྗེས་སུ་བཟུང་བར་ཞུས་པས་རྒྱུ་འབྲས་ཀྱི་ཆོས་གསུངས་པས་མ་ཚིག་སྟེ་ཚེ་འདིར་འཚང་རྒྱ་བའི་གདམས་པ་ཞུས་པས། ལུས་ཀྱི་སྒོ་ནས་བྲན་གཡོག་ཅི་དགོས་བྱེད་པ་བླ་མའི་སྐུ་དགྲ་འདུལ་བ། ཕྱག་སྐོར་གྱིས་སྒྲིབ་པ་སྦྱང་པ་སྟེ་ལུས་ཀྱི་སྦྱང་བ་གསུམ། ངག་གིས་ཞེ་ས་དང་གསོང་པོར་སྨྲ་བ། སྐུ་དགྲ་ལ་དྲག་སྔགས་ཀྱི་དམོད་པ་འབེབས་པ། རྟག་ཏུ་གསོལ་བ་འདེབས་པ་སྟེ་ངག་གི་སྦྱང་བ་གསུམ། ཡིད་ཀྱིས་རྟག་ཏུ་བླ་མའི་རྣལ་འབྱོར་སྒོམ་པ། ཅི་གསུངས་མོས་དང་དེ་ལྟར་སྦྱང་བ་བགུ། ཁྱིམ་དང་ཉེ་འབྲེལ་སྤོང་བར་ཕོད་པ་སོགས་པོད་པ་བཅུ་གསུམ་བྱེད་ནུས་ན་བསྟན་ནོ་ཞེས་གསུངས་པས་ཅི་གསུངས་སྒྲུབ་པར་དམ་བཅས་པ་ན། འོ་ན་ཨོ་རྒྱན་གྱི་ཡུལ་རྡོ་རྗེའི་གདན་རྣམས་སུ་སོང་ལ་(སྟོད་ཆ།༢༩༠)དགའ་རབ་རྡོ་རྗེ་དང་མཁས་པ་ཉེར་ལྔ་རྣམས་ལ་གསེར་འདི་འབུལ་དུ་སོང་ཞིག །དེ་རྣམས་ཀྱི་གདམས་པ་གདབ་བོ་ཞེས་གསེར་མང་པོ་བསྐུར་བ་དང་བཀའ་ཉན་ཏེ་ཨོ་རྒྱན་དུ་འགྲོ་བར་ཁོང་རང་གི་ཡབ་ཡུམ་བློན་འབངས་དང་བཅས་པས་བཻ་རོ་ཉིད་ལ་གཏུགས་པ་འཐད་ཟེར་ནས་གྲོས་བཏབས་པས་སྲོག་ལ་བབས་ཀྱང་བླ་མའི་བཀའ་སྒྲུབ་ཟེར་ནས་འགྲོ་བར་ཆས་པའི་ཚེ་སློབ་དཔོན་གྱི་ཞལ་ནས་ཁྱོད་དེ་ཙམ་དུ་བླ་མའི་བཀའ་སྒྲུབ་ན་ཨོ་རྒྱན་དུ་འགྲོ་མི་དགོས། འདི་ཉིད་དུ་རྗེས་སུ་བཟུང་གིས་ཉམས་སད་བྱས་པ་རྣམས་ལ་བཤགས་པ་གྱིས་ཤིག་ཅེས་གསུངས་ནས་གཡུ་སྒྲས་ལུས་ལོངས་སྤྱོད་ཐམས་ཅད་ཅད་ཕུལ་ཏེ་གདམས་ངག་དུ་མ་གནང་། འདི་སྐབས་ཐང་ཡིག་དང་འདྲ་འབག་སོགས་འདོད་ཚུལ་མི་འདྲ་བ་མང་དུ་སྣང་ཡང་ལོ་རྒྱུས་ཀྱི་བབས་རྣམས་བསྒྲིགས་ན་རྒྱལ་མོ་ནི་ཡུལ་གྱི་མིང་དང་རིགས་རྒྱལ་པོའི་སྲས་ཡིན་ལ་མཚན་གཡུ་སྒྲ་སྙིང་པོ་ཡིན་པ་དང་། ཉམས་སད་བྱས་པ་དང་། མཁས་པར་གྱུར་ནས་བཱི་མ་ལ་བསམ་ཡས་སུ་བྱོན་པའི་དུས་རྒྱལ་བློན་ལ་ལ་ཡོགས་དོར་དུ་བཏག་ནས་བོད་འབངས་ཐམས་ཅད་འགྱོད་དོ། །སྐྱེ་བ་སྔ་ཕྱི་དྲན་པས་བྱང་ཆུབ་སེམས་དཔའ་ཡིན་ཡང་དག །མན་ངག་གི་ཆོས་ཁྱད་པར་ཅན་རྙེད་པས་སྤྲུལ་སྐུ་ཡིན་ཡང་དག་སོགས་ལྷའི་སྤྱན་ཐོབ་རྐང་མགྱོགས་གྲུབ། བཟོད་པ་ཐོབ་་བདེན་པ་མཐོང་། སྒྲིབ་གཉིས་བྱང་། སངས་རྒྱས་ཀྱི་སྤྲུལ་པ། སྟོན་པའི་ཞལ་སྐྱིན། ས་བརྒྱད་པ་ཐོབ་པ་ཡིན་ཡང་དག །ཅེས་བཻ་རོ་ལ་ཡང་དག་བཅུ་གཅིག་གི་བསྟོད་པ་ཕུལ་ནས་བཻ་རོ་སྤྱན་འདྲེན་དུ་བཏང་བས་ཐུགས་གཏིང་ནས་མཉེས་ཏེ་གདམས་ངག་ཚད་སྤྲུགས་(སྟོད་ཆ།༢༩༡)སུ་དེར་རྫོགས་པ་འདི་དག་པར་དཔའ་བོ་གཙུག་ལག་སོགས་བཞེད་པས་དེ་ལྟར་དུ་བྲིས་པ་ཡིན་ནོ། །སློབ་དཔོན་བཻ་རོས་ཀྱང་རྒྱ་ནག་བྱོན་ཏེ་གྲུབ་ཐོབ་དང་མཁའ་འགྲོ་མ་རྣམས་དང་དགོངས་ཉམས་བསྡུར། །ཁམས་སུ་ཡང་གཞན་དོན་མཛད། བོད་དུ་བྱོན་ནས་རྒྱལ་བློན་ཐམས་ཅད་ལ་ཆོས་གསུངས་སོ། །སྤྱིར་སློབ་དཔོན་ཆེན་པོ་འདིས། ཐོག་མར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གསུངས། དེ་ནས་ཚ་བ་རོང་དུ་སྤྱུགས་པས། རྒྱལ་རོང་བྲག་ལྷ་མགོན་པོའི་དགོན་པར་གཡུ་སྒྲ་སྙིང་པོ་ལ་གསུངས། དེ་ནས་ཚ་རོང་སྟག་རྩེ་མཁར་དུ་གསང་སྟོན་ཡེ་ཤེས་བླ་མ་ལ་གསུངས། དེ་ནས་སྟོད་ཁུང་རོང་གི་བྲག་དམར་དགོན་རྫོང་དུ་སྤང་སངས་རྒྱས་མགོན་པོ་ལ་གསུངས། དེ་ནས་དབུས་སུ་གཉགས་དང་། ལི་བཟའ་ཤེས་རབ་སྒྲོན་མར་གསུངས་ཏེ་རིམ་པ་ལྔར་གྲགས། ཕྱི་མ་འདིས་བཻ་རོ་ལི་ཡུལ་དུ་སྤྱན་དྲངས། མཐར་བ་སིང་གི་ནགས་སུ་དགུང་ལོ་སུམ་བརྒྱ་དྲུག་ཅུ་ན་ཟུང་འཇུག་གི་སྐུ་བརྙེས་པར་གྱུར་ཏོ། དེ་ལས་གཉགས་ཀྱིས་སོག་པོ་དཔལ་གྱི་ཡེ་ཤེས། གྲྭ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ། འོ་བྲན་དཔལ་གྱི་གཞོན་ནུ་སོགས་ལས་རིམ་པར་བརྒྱུད་པའི་ལུགས་གཅིག །ཡང་སོག་པོས་སངས་རྒྱས་ཡེ་ཤེས་ལ་སོགས་ཏེ་རིམ་པར་བརྒྱུད་པའི་ལུགས་གཅིག །ཡང་གཙང་ཤཱ་ཀ་རྡོར་གྱིས་སྤང་ར་ཀྵི་ཏ་ལ། དེས་ཡར་ཟི་དར་མ་ཤེས་རབ། དེས་ཟེར་མོ་དགེ་སློག་མ། དེས་མར་པ་ཤེས་རབ་འོད། དེས་ལྷ་རྗེ་སྒྲོ་ཕུག་པ་ལ་བཀའ་དྲིན་ནོད་དུ་འོངས་པ་དང་། ནད་དྲག་པོ་ཞིག་བྱུང་བ། ཤངས་ཀྱི་ལང་ཟ་སྟོན་པ་དར་མ་བསོད་ནམས་ཀྱིས་བཅོས་པས། དེའི་དྲིན་ལན་དུ་རྡོ་རྗེ་མེ་ལོང་(སྟོད་ཆ།༢༩༢)དང་། ལམ་རྣམ་བཀོད་དང་། ཟབ་མོའི་དབང་གི་མན་ངག་དང་། མདོའི་འགྲེལ་པ་ལུང་བསྟན་རྡོ་རྗེ་སོགས་བི་མ་ལ་ལས་བརྒྱུད་པའི་གདམས་པ་དང་། སེམས་ཕྱོགས་མ་ལུས་པ་གནང་ངོ་། དེ་ལས་གསང་བདག་སྒྲོ་ཕུག་པར་བརྒྱུད་པ་དེ་བྱུང་བ་ཡིན། གསང་བདག་སྒྲོ་ཕུག་པ་ནས། དམ་པ་ཤཱཀྱ་རྒྱལ། མཁས་པ་ལྕེ་སྟོན་ཡབ་སྲས། བླ་མ་ཐང་སྟོན་འབུམ་མེ། ཆོས་རྗེ་བླ་སྐྱབ་རྡོ་རྗེ། དྲིན་ཅན་མཁས་པ་ཆེན་པོ། མཁའ་འགྲོ་དཔལ་གྱི་ཡེ་ཤེས། མ་ཅིག་དྲིན་ཅན་ཟུར་མོ། ཆོས་རྗེ་སངས་རྒྱས་རིན་ཆེན་ནས། འགོས་ལོ་ཆེན་པོ་ལ་བརྒྱུད་པའང་ཡོད་ལ་གཞན་བརྒྱུད་པ་ཤས་ཆེ་བ་མདོ་སྒྱུ་སོགས་དང་མཚུངས་པས་འོག་ཏུ་འཆད་འགྱུར་ལས་ཤེས་སོ། རྫོགས་པ་ཆེན་པོ་ཀློག་གི་སྡེའི་སྐོར་ལ། ནམ་མཁའ་དང་མཉམ་པའི་རྒྱུད་ཆེན་པོའི་དོན་ཀློང་དགུ་དང་ཚིག་བམ་པོ་ཉི་ཁྲི་ཞེས་འབྱུང་བ་ལ། བམ་པོ་ཉི་ཁྲི་ནི་གྲུབ་པའི་སྐྱེས་བུ་རྣམས་ཀྱི་ཕུག་ན་བཞུགས་པའི་དབང་དུ་བྱས་པ་ཡིན་གྱི། འདིར་གཞུང་ཚར་བར་འགྱུར་བ་ནི་མེད་དོ། ཀློང་དགུ་ནི། དང་པོ་ལྟ་བུའི་ཀློང་། གཉིས་པ་སྤྱོད་པའི་ཀློང་། གསུམ་པ་དཀྱིལ་འཁོར་ཀློང་། བཞི་པ་དབང་གི་ཀློང་། ལྔ་པ་དམ་ཚིག་ཀློང་། དྲུག་པ་སྒྲུབ་པའི་ཀློང་། བདུན་པ་ཕྲིན་ལས་ཀྱི་ཀློང་། བརྒྱད་པ་ས་ལམ་གྱི་ཀློང་། དགུ་པ་འབྲས་བུའི་ཀློང་སྟེ་དགུའོ། གཞན་ཡེ་ཤེས་གསང་བ་ལ་སོགས་པའི་རྒྱུད་ལ་བསྟེན་པའི་རྡོ་རྗེ་ཟམ་པའི་མན་ངག་རྣམས། བཻ་རོ་ཙཱ་ནས་སྤྲངས་མི་ཕམ་མགོན་པོ་ཤེས་བྱ་བ་ལོ་བརྒྱད་ཅུ་རྩ་ལྔ་ལོན་པ་ཞིག་ལ་གནང་བས་བརྒྱུད་པ་ཐམས་ཅད་ལ་འཇའ་ལུས་ཤ་སྟག་བྱུང་བའི་ལོ་རྒྱུས་ནི། དེ་ཡང་སློབ་དཔོན་བཻ་རོ་ཙ་ན་སླར་བོད་དུ་ལོག་ནས་བྱོན་འི་ལམ་ཀར་སྤྲང་(སྟོད་ཆ།༢༩༣)མི་ཕམ་མགོན་པོ་ཞེས་པ་རྒས་ཤིང་ཁོག་པས་ཤིན་ཏུ་ཉམ་ཐག་པའི་མ་རྒན་ཞིག་དང་མཇལ། གདམས་ངག་བཏབས་ཀྱང་། རྒས་ཆེས་ཏེ་ལུས་ཀྱིས་ཟུང་མ་ཏུབ་པས་སྒོམ་ཐག་སྒོམ་རྟེན་དང་བཅས་ཏེ་ལུས་གནད་འཆར་བཅུག །གདམས་པ་ཡིད་ལ་ཟིན་པའི་ཕྱིར་ཚུལ་ཤིང་གཏད། སྔར་བཞིན་པའི་དུས་ཆོས་མ་ཐུབ་ཅིང་། རྒས་ཏེ་འཁོར་དང་གཉེན་འདུན་ཡང་སྡང་བར་གྱུར་པ་ཞིག སློབ་དཔོན་གྱིས་གསུངས་བཞིན་ཉམ་སསུ་བླངས་པས་སྐྱེ་བ་མེད་པའི་དོན་རྟོགས། དགའ་ཆེས་ཏེ་ལོབ་དཔོན་གྱི་མགུལ་ནས་འཁྱུད་ནས་ཞག་གཅིག་གིར་བར་དུ་མ་བཏང་། ཉམས་སུ་བླངས་པས་ལོ་ཡང་ལྔ་བརྒྱ་ཐུབ་ཟེར། སྤྲང་རྒན་པོའི་སློབ་མ་ངན་ལམ་བྱང་ཆུབ་རྒྱལ་མཚན་ཡིན་ཏེ། དེ་ནི་ཡུལ་དབུ་རུ་ངན་ལམ་རལ་གསུམ་པ་དགེ་སློང་ལོ་དྲུག་ཅུ་རྩ་བདུན་ལོན་པ་ཞིག་གིས་རྒྱལ་མོ་སྟག་རྩེ་མཁར་དུ་བྱོན། སྤྲང་མི་ཕམ་མགོན་པོ་ལ་གདམས་པ་ཞུས་པས་གནང་སྟེ། ད་ཡུལ་དུ་མ་འགྲོ་ཝ་སེང་གེ་བྲག་ལ་སྒོམས་གསུངས། སློབ་དཔོན་གྱི་བཀའ་བཞིན་ཉན་ཏེ་དེར་བྱོན་ནས་བསྒོམས་པ་སལོ་བརྒྱ་དང་བདུན་ཅུ་རྩ་གཉིས་ལོན་པའི་ཚེ་ཕུང་པོ་ལྷག་མེད་དུ་གཤེགས། དེ་ལ་སློབ་མ་ཟ་དམ་རིན་ཆེན་དབྱིག་བྱ་བ་མདོ་ཁམས་སྟོད་པ་ཞིག་བྱུང་། དེས་ངན་ལམ་ལ་གདམས་པ་ཞུས། ཝ་སེང་གེ་བྲག་ཉིད་དུ་བླ་མ་དང་འབྲལ་བ་མེད་པར་སྒོམ་བཞིན་བཞུགས་པས། ལོ་བརྒྱ་དང་བཞི་བཅུ་ཞེ་བཞི་ལོན་པའི་ཚེ་ཕུང་པོ་ལྷག་མེད་དུ་གཤེགས། དེ་ལ་ཡར་ཀླུང་འཕྱོས་ནས་ཁུ་འགྱུར་གསལ་བའི་མཆོག་ཅེས་བྱ་བའི་སློབ་མ་རྟེན་དགེ་སློང་ཡིན་པ། ལོ་ལྔ་བཅུ་རྩ་བདུན་ལོན་པ་ཞིག་བྱུང་། ཟ་དམ་རིན་ཆེན་གྱིས་གདམས་ངག་གནང་བས་ཡུལ་དུ་ལོག་པའི་བསམ་པ་སྤངས།(སྟོད་ཆ།༢༩༤)ཝ་སེང་གེ་བྲག་ཉིད་དུ་བཞུགས་ནས་བསྒོམས་པས་ཁུ་འགྱུར་གསལ་ལོ་བརྒྱ་དང་བཅུ་བདུན་ལོན་ཚེ་ཕུང་པོ་ལྷག་མེད་དུ་གཤེགས། དེ་ལྟར་སློབ་དཔོན་དེ་གསུམ་ཀ་ཝ་སེང་གེ་བྲག་ཅེས་བྱ་བར་སྦྲུལ་གྱི་ལོ་ལ་གཅིག་རྟེན་ལ་གཅིག་སྐུ་ན་བུན་ནམ་འཇའ་ཚོན་ཡལ་བ་བཞིན་དུ་གཤེགས། དེ་ལ་སློབ་མ་བྱང་ཆུབ་གྲགས་ཞེས་བྱ་བ། ཡུལ་ཉང་གཡུ་འབྲུག་སྟོད་པ་རྟེན་དགེ་སློང་ལོ་བཞི་བཅུ་རྩ་གཉིས་ལོན་པ་ཞིག་བྱུང་། ཁུ་འགྱུར་གསལ་བ་ལས་གདམས་པ་ཞུས་ཡར་ལོག །བསམ་ཡས་མཆིམས་ཕུར་སྒོམ་གྱིན་བཞུགས་ཙ་ན། དབུ་རུ་ཞྭའི་ཉང་ཤེས་རབ་འབྱུང་གནས་གནས་ཞེས་བྱ་བ་དགེ་སློང་བགྲེས་པོ་ཞིག་བཞུགས་འདུག་པ་མཇལ། ཁོང་ན་རེ། བསྙེན་པར་རྫོགས་ནས་ལོ་ང་རྒན་ཡང་གདམས་པ་ཁྱད་ཆེ་བར་འདུག །རྗེས་སུ་གཟུང་འཚལ་ཞུས་པས། ཉང་བྱང་ཆུབ་གྲགས་ཀྱིས་ཁོང་ལ་གདམས་པ་རྣམས་བྱིན། ཕུག་པོ་ཆེ་དང་། ཡང་རྫོང་དུ་བཞུགས། རང་གི་སློབ་མ་དང་། ཡང་སློབ་དག་ལ་འབྱུང་བཞི་ཟད་པར་གྱི་སྤྲུལ་བསྒྲུར་བསྟན། མཐར་རང་ཉིད་གཙང་རྒྱ་མ་ཉེ་དུ་ཁའི་ཕུང་པོ་རི་བོ་ཆེ་ལ་ད་ལྟ་རང་འདུག་པའི་འཕྲོལ་རི་ཟུར་ན་ཡར་སྐུ་ལུས་སྤྲིན་ཆས་པ་བཞིན་དུ་ཕུང་པོ་ལྷག་མེད་དུ་གཤེགས་སོ། དེར་ཉང་ཤེས་རབ་འབྱུང་གནས་ཀྱིས་མཆིམས་ཕུ་དཔལ་གྱི་ནགས་ཁྲོད། སྒྲགས་ཀྱི་ཡང་རྫོང་། ཕུག་པོ་ཆེ་རྣམས་སུ་བཞུགས། །དེར་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་ཤར་ནས་ཕུག་པོ་ཆེ་ལྷ་རིའི་རྩེ་མོ་ལ་ཡོད་པའི་ཤུག་པ་རྐང་གཅིག་པར་ན་བཟའ་དང་། ཕྲེང་བ་དང་། ཀ་པཱ་ལ་རྣམས་གཟེད་ནས། སྐུ་ནམ་མཁའ་ལ་འཇའ་ཚོན་དེངས་པ་བཞིན་སོང་ངོ་། དེ་ལ་སློབ་མ་ཡུལ་ལོ་མོ་བ། རུས་སྦ་ཡིན་པ་(སྟོད་ཆ།༢༩༥)ཞིག་བྱུང་བས་སློབ་དཔོན་སྦ་སྒོམ་དུ་གྲགས། དེ་རང་གི་ཡུལ་ན་ཡོད་པའི་ཚེ་འཁྲུག་པ་ཡོད་པས། ཡུམ་ན་རེ། བུ་འདི་སྲིང་མོ་དྲུག་གི་མིང་པོ་གཅིག་པོ་ཡིན། །སློབ་དཔོན་ཤེས་རབ་འབྱུང་གནས་ལ་འཚོལ། མ་ཤི་བ་རང་གིས་ཆོག་ཟེར་ལོ་བཅུ་དྲུག་པ་ཞིག་ཉང་ལ་བཅོལ་ནས་ཡོད་ཙ་ན། སྔར་གྱི་ཉང་བྱང་ཆུབ་གྲགས་པ་དེ་ཕུང་པོ་ཆེ་དང་། ཡང་རྫོང་དང་། མཆིམས་ཕུ་རྣམས་སུ་ཤ་བ་གཅིག་ཁྲིད་ནས་འབྱོན་པས། ཉང་ཤ་བ་ཅན་ཞེས་ཀྱང་གྲགས། ཕུག་པོ་ཆེར་ཕྱི་མའི་རེས་བྱོན་ཙ་ན། ངས་ཁྱོད་གཉིས་ལ་ལྟད་མོ་ཞིག་བསྟན་གྱིས་ལྟོས་ཤིག་གསུངས། དེ་སློབ་དཔོན་ཤེས་འབྱུང་དང་། སྦ་སྒོམ་གཉིས་ཀྱིས་གཡས་གཡོན་ནས་བལྟས་ཙ་ན། སློབ་དཔོན་དབུས་ན་ཡོད་པ་དེ་མི་སྣང་བར་སོང་། དེར་ངོ་མཚར་སྐྱེས་ནས་ཡོད་ཙ་ན། རླུང་འཚུབ་གྲུ་གང་པ་ཞིག་ཏུ་གྱུར་ནས་ཕར་བསྐྱིལ་ཚུར་བསྐྱིལ་བྱས། དེ་མེར་སོང་། དེའང་ཆུ་གཏོར་གཏོད་པའི་འཁར་གཞོང་ཞིག་ཏུ་འཕོས་ནས་ཆུར་ལྟེམ་གྱིས་སོང་། དེས་འཚུབ་ཅིག་གི་ངང་ལ་སློབ་དཔོན་རང་དུ་ཀྲོང་གིས་སོང་། དེ་ལྟར་འབྱུང་བཞི་ཟད་པར་གྱི་སྐྱེ་མཅེད་ལ་དབང་བསྒྱུར་ནས་འདི་སྐད་དུ། འབྱུང་བའི་སྙིགས་མ་དྭངས་ནས་དྭངས་མ་མ་ཡལ་བའི་བར་དུ་དེ་ལྟར་འོང་བ་ཡིན། ཤེས་རབ་ཀྱིས་སྒོམ་རྒྱུ་མེད་པའི་དོན་མཐོང་ཡང་། བརྡ་ལ་ཡེངས་པ་མེད་པར་བསྐྱངས་ན་དེ་ལྟར་དུ་རང་དབང་ཐོབ་པ་ལ་ཚེགས་མེད། མ་ཡེངས་པར་སྐྱོང་བ་གལ་ཆེ་བ་ཡིན་གསུངས། དེ་ནས་རེ་ཞིག་ན་སྦ་སྒོམ་གྱིས་བལ་བུའི་ནགས་ལ་ཤིང་འཐུ་བར་ཕྱིན་པས། ཁོང་རང་གི་འཇག་སྤྱིལ་མེ་དམར་བུན་བུན་འདུག་པ་མཐོང་། སློབ་དཔོན་ནི་མེ་མི་འབུད། མ་ཤོར་བ་ཡིན་ནམ་སྙམ་བལྟར་ཕྱིན་པས། འཇག་སྤྱིལ་(སྟོད་ཆ།༢༩༦)སྔར་བཞིན་ལས་མེ་མི་སྣང་། སློབ་དཔོན་ལ་དེ་ཅི་ཙུག་ཡིན་དྲིས་པས། ངས་མེའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ཡིན། ངའི་བླ་མ་ཉང་ཆུང་ཆུབ་གྲགས་པའི་དེ་མི་དྲན་ནམ་གསུངས། ཡང་སྐབས་ཤིག་སློབ་དཔོན་གྱི་བཞུགས་སར་ཆུ་ལྟེམ་མེ་འདུག་པ་མཐོང་། མཐར་སློབ་དཔོན་གྱིས། ང་མི་འདུག་ན་ལྷ་རིའི་རྩེ་མོ་ལ་ལྟོས་ཤིག་གསུངས། རེ་ཞིག་ན་སློབ་དཔོན་མ་བྱུང་ན་རི་ལ་སྐྱོ་སེང་ལ་བཞུད་པ་ཡིན་གྱི། སང་དགོང་འབྱོན་དུ་འོང་སྙ་ཙ་ན་ཡང་མ་བྱོན། བལྟར་ཕྱིན་ཙ་ན། ན་བཟའ་དང་། དབུ་ཞྭ་དང་། བྷོ་དྷི་ཙིའི་ཕྲེང་བ་ལ་སོགས་པ་ཤུག་པ་ལ་གཟེད། སློབ་དཔོན་ཕུང་པོ་ལྷག་མེད་དུ་གཤེགས་སོ། །འདི་ནི་རང་བཞིན་རྫོགས་པ་ཆེན་པོ་ལ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས། མེ་དཔུང་དང་རིག་འཛིན་གྱི་འཆི་ལུགས་ཞེས་པའི་ཡ་གྱལ་གཅིག་ཡིན་ནོ། །སྦ་སྒོམ་ལོ་ཉི་ཤུ་རྩ་བཞི་ལོན་ཙ་ན་ཉང་ཤེས་འབྱུང་གིས་གདམས་པ་བཏབ་པ་ཡིན། སྦ་སྒོམ་འདི་རྟེན་དགེ་བསྙེན་དུ་བཞུགས། མཚན་ཡེ་ཤེས་བྱང་ཆུབ་ཏུ་གྲགས། རྟོགས་པ་ཁྱད་པར་ཅན་མངའ། རྡོ་ལ་འདམ་རྫབ་ལྟར་མཛད། བྲག་ལ་སྐུའི་པར་འདེབས། དགུང་ལོ་དགུ་བཅུ་རྩ་བརྒྱད་ལོན་པའི་ཚེ་སྐུ་སྙུན་པ་མེད་པར་གཤེགས། ཇོ་མོ་གང་མོས་ཕྱི་རོལ་གྱི་མི་རྣམས་ལ་པུར་མཇལ་མ་བཏང་བར་མཆོད་ཁང་དུ་པུར་མེད་པ་ལ་སྦྱངས་པས། འོད་རྫ་མ་ཙམ་ཞིག་ནམ་མཁའ་ལ་འགྲོ་བའི་ཕྱི་རོལ་གྱི་མི་ཀུན་གྱིས་མཐོང་། ཤུལ་དུ་གདུང་རུས་གཅིག་ཀྱང་མ་བྱུང་ངོ་། དེའི་སློབ་མ་ནི་འཛེང་སྟེ་ཡུམ་མཚར་དགུ་སྐྱེད་དེ་ཞེས་བྱ་བ་ཡར་ཀླུང་ཐང་ཆུང་པའི་མ་ཇོ་ཡིན། ཐང་ཆུང་བཙད་པོའི་བུ་ཆེ་བས་ཕབ་ནས་འཛེང་འཁྲུངས། ལོ་བཅུ་དྲུག་ལོན་པའི་དུས། འགྲུལ་ཟླ་(སྟོད་ཆ།༢༩༧)ཁ་ཤས་དང་བཅས་དོལ་གྱི་གདོང་སྣར་ཚོང་ལ་ཕྱིན་ཙ་ན། དོལ་གྱི་འཚེར་ཆུང་ན་མི་མང་པོ་སྤུངས་འདུག །བལྟར་ཕྱིན་པས་དམ་པ་རྒྱ་གར་དང་མཇལ། ཟླ་བ་བཅུ་བཞིར་དམ་པའི་ཕྱག་ཕྱིར་འབྲངས། གཙང་གི་གནས་གཞི་བཟངས་ཅན་དུ་སླེབ་ཙ་ན། དམ་པས་སྣམ་བུ་གཅིག་གནང་ནས། ཁོང་ངང་ཐུང་འདུག་པས་ཁྱོད་རང་ཡུལ་དུ་ལོག དྭགས་པོ་ནས་ཁམ་བུ་ཁྱེར་ལ་ཤོག དོལ་དུ་འགྲོ་བའི་ཟླ་བོ་འདུག་གོ་གསུངས། དེར་འཛེང གིས་ལམ་དུ་ཞུགས་པ་ན། དམ་པ་ཚུར་འབྲེང་གིས་བྱོན། འཛེང་གི་འདན་པ་གཉིས་ནས་འཇུས་ཏེ། ཅི་ཡང་མ་ཡིན་གནས་གྱུར་པ། གནས་གྱུར་པ་ལ་གཉིས་འཛིན་མེད། ཅེས་གསུངས་ནས་མགོ་ཐུག་ལན་གཉིས་བརྒྱབ་པས། སེམས་ཧད་དེ་བ་ལས། ཤེས་པ་བཀྲ་གསལ་བ་ཞིག་བྱུང་། ཁ་ནང་ན་ཆུ་ཁྱིལ་ལེ་སྣང་། དེ་ནི་དམ་པས་བྱིན་གྱིས་བརླབས། རྡོ་རྗེ་ཟམ་པ་དང་མཇལ་བའི་ལུང་བསྟན་པར་འདུག་སྟེ། དུས་ཕྱིས་ལས་མ་གོ་གསུངས། དམ་པས་རྟེན་འབྲེལ་འགའ་ཙམ་དང་། སྔགས་ཀྱི་གནད་མང་དུ་གནང་། རྒྱང་རོ་ཚལ་མར་ཡི་གེ་དྲུག་པའི་གདམས་ངག་གནད་མང་དུ་ལུང་བསྟན། དེ་ནས་དབུས་སུ་བྱོན། ཨ་ཁུ་དཔལ་འབར་ལས་ཁྲག་འཐུང་། དེས་དཀར། གནུབས་ཤང་པོ་ཆེ་ལ་ཀྲི་ཡ་དང་། ཁ་འབར་མའི་གཏོར་ཆེན་ཞུས། ཁོང་གིས་གཙང་དུ་བ་རི་བ་ལ་འབུལ་བ་བསྐྱེལ་དུ་བཏང་བས། བ་རི་ལའང་འཇམ་དཔལ་དང་ཁྱུང་སྒྲུབ་ཞུས། དགེ་བཤེས་སྦོ་ལ་སྔ་འགྱུར་རིགས་ཞུས། དེ་ནས་སུམ་ཅུ་རྩ་ལྔ་ལོན་པའི་ཚེ་(སྟོད་ཆ།༢༩༨)ངམ་ཤོད་རྒྱུད་ལྕང་ཚིགས་སུ་བྱོན། ཕུང་པོ་ཆེའི་ལ་ཁ་ན་དགེ་བཤེས་བཙན་ཁ་བོ་ཆེ་རྒྱ་གར་ནས་བྱོན་མ་ཐག་པ་ཞིག་ཇོ་མོ་བས་སྤྱན་དྲངས་ནས་ཆོས་དང་བཟའ་དང་ལྟད་མོ་ཡོང་ཟེར། ནངས་པར་སྔ་བར་བྱོན་ཙ་ན། བུད་མེད་ཅིག་ན་རེ། ཁྲབ་ནས་ལམ་ཟུར་འདི་ནས་ཡར་ཕྱིན་ན། སློབ་དཔོན་སྦ་སྒོམ་བྱ་བ་ལྟོ་སྟེར་བ་ལ་ཡངས་པ་ཞིག་ཡོད་ཟེར། ཕྱིན་པས་རྣལ་འབྱོར་པ་ཚོ་གཅིག་གིས་ཀྱང་སླེབས་ནས་ཚབ་དྲངས། ཕྱེ་ཟངས་ཀྱི་ཀེ་བུ་རེ་ཡང་གཏོང་གི་འདུག དེ་ཚོར་བྱིན་ཟིན་ནས། དེ་ན་གསར་བུ་གཅིག་ཀྱང་འདུག་གསུངས་ནས་ཆུ་བུམ་པ་གང་ལེན་དུ་བཅུག ཆུ་གཏོར་མཛད་ནས་ཕུག་ཆུང་ཟུར་འཁྲིད། ཚོད་མ་ཀེ་རུ་ཕོར་པ་གང་བྱིན། དེ་ནུབ་ཀྱང་བཟའ་བ་བྱིན་ནས་བྲག་རྩ་ཞིག་ཏུ་ཉལ། ནངས་པར་འགྲོ་དགོས་སེམས་ཙ་ན། ཡང་ལྟོ་བྱིན་ནས་ངའི་ཉེ་གནས་བཙུན་ཆུང་ཞིག་ཡོད་པ་ཟོ་ཐང་དུ་གསེར་ལེན་དུ་སོང་བ་ཆར་ཆེས་པས་མ་བྱུང་། ཤིང་ཞིག་འཐུས་གསུངས། དེར་ནགས་ཁྲོད་ནས་ཤིང་ཁུར་ཆེ་བ་གཅིག་བསྐྱལ་བས། སྦ་སྒོམ་མཉེས་ནས་ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་དང་རྫོགས་པ་ཆེན་པོ་སྐོར་བདུན་རང་ཆས་བྱ་བ་བཤད། དེར་ཉེ་གནས་ཀྱང་བྱུང་། དེ་ང་མ་སླེབས་པས་སློབ་དཔོན་འོ་བརྒྱལ་སེམས་ཙ་ན་ཁྱེད་ཀྱིས་གོ་བཅད་འདུག་པ་ད་དུག་ཞག་འགའ་ཙམ་བཞུགས་ཟེར་ཡང་ཡར་ཀླུངས་ལན་གཅིག་བསྐོར་ནས་བྱུང་། དེར་སྦ་སྒོམ་གང་ཟག་ཁྱད་པར་ཅན་དུ་ཤེས་ནས་ཡུལ་དུ་མ་ཕྱིན་པར་འོན་དང་ཟངས་རི་ཡན་ཆད་དུ་བསོད་སྙོམ་བྱས། སྒྱེ་གཅིག་ཉོས། ནས་སྒྱེ་གང་དང་བཅས་པ་སློབ་དཔོན་སྦ་སྒོམ་ལ་ཕུལ་བས། ཁྱོད་ཀྱིས་ངའི་གཡོག་བྱས་པ་ཡིན་པས་དེས་རུང་། འདི་ལ་ཁྱོད་རང་གི་རྒྱགས་ཀྱིས། ང་ལ་(སྟོད་ཆ།༢༩༩)མན་ངག་རྡོ་རྗེ་ཟམ་པ་ཞེས་བྱ་བ་སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་ལུས་གཅིག་ལ་ཕུང་པོ་ལྷག་མེད་དུ་སངས་རྒྱས་པའི་བརྒྱུད་པ་བྲེང་མ་ཆད་པ་ཞིག་ཡོད། ད་གང་ཕན་ཆད་སུ་ལའང་མ་སྨྲས་པ་ཡིན། ད་ཁྱོད་ལ་སྦྱིན་ནོ་གསུངས་ནས་ནན་གྱིས་ཕུལ་ནས་འདི་སློབ་དཔོན་རང་ལ་བསྔགས་པ་ཡིན། གདམས་ངག་ཐུགས་ལ་གདགས་པར་ཞུ། བརྒྱག་བརྙེད་དེ་འོང་བྱས་པས། ཕྱག་གཡོན་པ་སསྤྱི་བོ་ནས་བཟུང་། གཡས་པས་ལྟག་ཁུག་ནས་རྟབ་རྟབ་བྱེད་ཅིང་། འོར་ཆེ་དམ་ཚིག་ཅན་དུ་འདུག། གདམས་ངག་གིས་ཕན་ཐོགས་པར་གདའ་གསུངས། དེར་ལོ་ཆུང་གི་སྔགས་པ་གཅིག་ལ་གཤིན་རྗེ་དམར་པོའི་སྒྲུབ་ཐབས་ཤིག་བྱིན་པས། སྲན་ནས་ཁལ་བརྒྱད་བྱུང་། ལོ་མོ་དང་འཕྲུལ་དུ་སྲུང་སྐྱོབ་ཞར་རེ་ཙམ་བྱས་པསཆོས་རྒྱགས་ལྡང་བ་རྙེད། དེར་རྡོ་རྗེ་ཟམ་པའི་བྱིན་རླབས་ཞུ་བ་ལ་ཚོགས་ཀྱི་ཡོ་བྱད་མ་ཚོགས་པའི་ངང་། སློབ་དཔོན་གྱིས་བྱིན་རླབས་ད་ལ་བྱ། ཕྱི་ནས་པར་ཆད་འོང་གསུངས། གངས་བར་དུ་གྲོགས་པོ་གཅིག་ལ་སིར་མོ་གཅིག་བཅོལ་བའི་རིན་སློང་དུ་ཕྱིན་བས། མ་ཇོའི་ཤམ་ཐབས་གཅིག་ཐོབ། དེའི་རྣམ་པ་ཚོ་ཕྲལ་ནས་བཅོངས། ཆང་ཕུད་དང་། གཏོར་མ་དང་། ནས་བྲེ་ལྔ་ཞ་གཟུགས་གཅིག་རྣམས་ལ་བརྟེན་ནས། མར་མེའི་དོད་ཉིན་པར་བྱའོ་གསུངས་ནས་གྲོལ་ལམ་དབང་བཞི་རྫོགས་པར་བསྐུར། གདམས་ངག་མ་ལུས་པ་གནང་། ཕྱི་ནས་ཀྱང་བྱིན་རླབས་ལན་བཞི་ཙམ་ཟུས། ནས་དང་གསེར་ལ་སོགས་པའི་འབུལ་བ་ལན་ལྔ་བརྒྱལ། རེ་ཞིག་ན་སྣང་བ་འདི་གུས་རྫུན་པའི་ཆོས་ཅན་ཡིན་གསུངས་ནས། ཆུ་རྡོ་ཞིག་ལ་ཕྱག་ཆར་གྱིས་བརྒྱབ་པས་གྲུ་མོ་ཡན་ཆད་ཐིམ་གྱིས་སོང་། ཡང་སྐུ་(སྟོད་ཆ།༣༠༠)ལུས་ཕྱིར་བཤིགས་ཀྱི་མཛད་པས་བྲག་ལ་འདལ་གྱིས་ཐལ་ནས་རྗེས་ཝལ་ལ་བྱུང་། ཕུག་ཆུང་རོང་ནས་ལྟ་སྟངས་ཀྱིས་ཤུག་པའི་གདུང་མང་པོ་བཀུག་ཇོ་མོའི་མཆོད་ཁང་ཕུབ་པའི་ཤིང་ཡིན་གསུངས། དེ་ལྟ་བུའི་སློབ་དཔོན་ལས་རྡོ་རྗེ་ཟམ་པའི་སྐོར་མ་ལུས་པ་ཐོབ་ཅིང་། གཞན་ཡང་ཇོ་བོ་རྗེའི་ཕ་རོལ་དུ་ཕྱིན་པའི་ལ་རྐཡང་ཁུག་སོགས་ཀྱང་ཐོབ། དེ་བཞིན་དུ་ཡུ་མོ་ལས་སྦྱོར་དྲུག ཁམས་པ་ལུང་པ་ལས་ཐུན་བརྒྱད་མ། སྣེའུ་ཟུར་པའི་སློབ་མ་ལས་དམིགས་དང་སྐོར་གསུམ། ཤོང་བུ་ལོ་ཙཱ་བ་ལས་འགྲེལ་ཆུང་། དགེ་བཤེས་དགྲོ་སྒོམ་ལས་ནཱ་རོའི་ཐབས་ལམ་ཞུས་ཤིང་། རྡོ་རྗེ་ཟམ་པ་ཕར་ལ་བཤད། སྙུན་གདངས་ལས་སྒྲོན་སྤྲུལ་དང་རྒྱབ་ཤང་། རྫ་བོར་བ་ལས་བདུད་རྩི་ཐིགས་གསུམ། རི་ཁྲོད་དུ་རླུང་ཆུང་ལས་རྣར་རྒྱུད་ཚིགས་གསུམ། རླུང་ངམ་ཆེན་པོ་ལས་པོ་ཧའི་མན་ངག། ལབ་སྒྲོན་ལས་གཅོད་ཡུལ། རྒྱལ་བ་སྦ་སྟོན་ལས་རྡོ་སྐོར་བདུན་པ། གནུབས་ཤངས་ཆེན་ལས་བ་རི་བའི་ཀྲི་ཡའི་ཆོས་བཅོ་ལྔ། དེང་རི་ཀུན་དགའ་ལས་གདམས་པ་སྣ་ཚོགས་སོགས་ཐོབ་པ་ཤིན་ཏུ་མང་། དྭགས་པོ་ལྷ་རྗེ་ལས་ཆོས་དྲུག་དང་། སྐྱེས་སྦྱོར་ཞུས། རྟོགས་པ་ཉམས་བསྡུར་བས་ཤིན་ཏུ་མཉེས། སྤྱན་ངག་རྣལ་འབྱོར་གྱི་གྭ་ས་རུ་སྤྱོད་པ་བྱས་པས་བརྟུལ་ཞུགས་ཅན་དུ་གྲགས། གྲོགས་མཆེ་དཀྱང་ཨ་ཙ་ར་སྟག་ཤམ་ཅན་དང་། བླ་མ་དབུ་འདྲེན་པ་དང་། བླ་མ་ཐུད་ཁ་འབར། བླ་མ་དྲེད་འབྱོར། ཞང་འགྲོ་སྨྱོན་ལ་སོགས་དེ་ཙ་ནའི་རྣལ་འབྱོར་གྱི་དབང་པོ་ཤ་སྟག་དང་འགྲོགས། གཙང་དུ་ཅེར་བུ་ལོ་ལྔ་བྱས། གཞན་ཡང་སྣང་བ་ལ་ཐོག་བརྫིས་ཤིན་ཏུ་ཆེ་བས་དགུན་འཁྱགས་པའི་རུམ། དབྱར་ཆུ་བོའི་གཞུང་། མ་ངེས་པའི་གཡང་(སྟོད་ཆ།༣༠༡)རོང་ཟབ་མོར་མཆོངས་པ་དང་། མགོ་རྡེབ་པ་དང་། མཚོན་བརྡེག་པ་ལ་སོགས་ཏེ་སྤྱོད་པ་ཚན་པོ་ཆེ་མ་བྱས་བྱ་བ་མེད་པས་དཔའ་བོ་འཛེང་ཆུང་དུ་གྲགས། སོ་མང་བཙན་ལ་ཕྱག་རྒྱ་ཆེན་པོ་བཏབ་པས་འཁྲུང་སྣང་ཡེ་ཤེས་སུ་གནས་འགྱུར། རི་ཁྲོད་ཀླུང་ཆུང་པ་དང་། དངུལ་མོ་རྒྱ་ལེ་ལྕམ་ལ་ཡི་གེ་བཞི་དང་རྫོས་ཆེན་བཏབས་པས་འཁྲུལ་ཞིག་ཆེན་པོར་གྱུར་ཏེ་མཐར་ཕུང་པོ་ལྷག་མེད་དུ་དེངས། དེ་བཞིན་དུ་མ་ཧོ་དད་པ་ཅན་དང་། ཁམས་པ་སྙིང་རུས་ཅན་ཞིག་ལ་རྡོ་རྗེ་ཟམ་པ་བསྟན་པས་མཇོ་མོན་ཁ་ཟེར་མོའི་མཚོ་དང་། ཁམས་པ་ཀོང་པོ་མཚོ་རྫོང་དུ། ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས་ཀྱིས་ཕུང་པོ་ལྷག་མེད་དུ་སོང་། རས་པ་སྒོམ་སྟག ཤོ་རས། རྒྱ་རས། རླུང་རས་སོགས་ལ་གདམས་པ་བཏབ་པ་ཙམ་གྱིས་བདེ་དྲོད་འབར། དེ་བཞིན་དུ་ཆོས་ཉིད་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུ་སོང་བ་ཤིན་ཏུ་མང་། འཛིང་དྷརྨ་བྷོ་དྷི་ཉིད་ཀྱི་གསུང་ནས་ཀྱང་། ངའི་གམ་དུ་ལོ་ཙཱ་བ་ཡང་བཞི་ཙམ་བྱུང་། རབ་བྱུང་དང་། སྟོན་ཆེན་དང་། སྒོམ་པ། སྒོམ་མ་ཡུས་པོ་ཆེ་རང་མཐོང་ཅན་མང་ཞིག་བྱུང་། ཚུལ་བཞིན་ཉམས་སུ་ལེན་པ་ཨ་ཅང་ཆེ་སྟེ། དྭགས་པོར་ཉམས་ལེན་ཨེན་རེ་བྱེད་པའི་ཉ་མ་བཅུ་གཅིག་ཙམ། དང་པོར་འཆི་དུས་ཐེབས་པ། འཆི་ཁར་གནད་གཅོད་མེད་པ། རོ་ལ་འཇའ་ཟུག་པར་བྱུང་བ་ཡིན། ངའི་གདམས་པ་འདི་ལ་བལ་མོ་བལ་ལས་བྱེད་པ་དང་། ཕ་མ་སྲིའུ་གསོ་བ་བ་འདྲ་བའི་ཉམས་ལེན་ལོ་ལྔ་དྲུག་ཅིག་བྱས་ན། ཕུང་པོ་ལྷག་མེད་དུ་སོང་ནས་ཤུལ་དུ་མིའི་ལུས་པོ་མི་ཡོང་ངེས་གསུངས། རྫུ་འཕྲུལ་གྱི་བཀོད་པ་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་བས། རེས་སྐུ་ལུས་འཇའ་རུ་འཁྱིལ།(སྟོད་ཆ།༣༠༢)རེས་ཞབས་ས་ལ་མི་རེག་པར་གཤེགས། སྣང་སེམས་རོ་གཅིག་ཏུ་འདྲེས་པས། ཐག་རིང་པོའི་ས་ཡང་ཡུད་ཙམ་ལ་འཁོར། གཞན་སེམས་གཤེགས་ལ་སོགས་པའི་མངོན་པར་ཤེས་པ་ཐོགས་མེད་མངའ་བས། མ་འོངས་པ་ཐམས་ཅད་ལུང་སྟོན། ལྷའི་མིག་དག་པས། ཇོ་སྲས་མ་རྡོ་རྗེ་སྐྱིད་ཀྱི་བུ་ནམ་ཕྱེད་ན་གཉིད་ལོག་པ་རྒྱ་མཐོངས་ནས་མར་རྦབ་ཏུ་འཆོར་ལ་ཁད་པ་གཟིགས། སྣང་བ་ལ་ཉིན་མཚན་མེད་པས། ནུབ་མོ་སྦུར་མིའི་ཁྲོད་དུ་རྒྱ་ཁབ་ལྷུང་བ་བདེ་བླག་ཏུ་མཐོང་བ་སོགས་ཡོད། ཕྱི་རེས་གཙང་དུ་ལོ་བདུན་བཞུགས་ནས་སླར་ཕུང་པོ་ཆེར་བྱོན་པས། སློབ་དཔོན་སྦ་སྒོམ་གྱིས། ནམ་མཁའ་འདི་ཁོང་དུ་ཆུད་པར་གྱིས། དེ་རྟེན་མེད་དུ་རྟོགས་ནས་སྒོམ་མེད་ཀྱི་གཟེར་ཆེན་ཐེབས་པ་ཡིན་གསུངས་པས་ངེས་ཤེས་གཏིང་ནས་འདྲོངས། དེ་ནས་དྭགས་པོ་ཞུ་རུ་བཞུགས་ཤིང་བླ་མ་ཞལ་གདམས་ལས་གུ་རུ་ཞི་བ་སྡེ་སྐོར་བདུན་པའི་གདམས་པ་ཞུས། དེའི་ལྷ་ཟུར་དགོན་པར་བརྡ་བཞི་ལོ་གསུང་བསྐྱངས་པས་ཆོས་ཐམས་ཅད་ལ་བྱན་ཚུད། སྤྲོས་བྲལ་གྱི་དགོངས་པ་ནམ་མཁའ་ལྟ་བུར་སོང་། ལར་དཀའ་ཐུབ་ལ་ཤིན་ཏུ་བཟོད་པས། ཕུག་པོ་ཆེར་རྡོ་རྗེ་ཟམ་པ་ཞུས་ནས་བདུད་རྩིའི་དཀའ་ཐུབ་མཛད་པས་རིམས་ཀྱིས་བརྫི་བར་མ་ནུས། གནུབས་ཤངས་པོ་ཆེའི་དྲུང་དུ་བླ་མའི་བྲན་གྱི་དཀའ་ཐུབ་བྱས་པས་གར་ཕྱིན་དུ་བླ་མས་ཐུགས་ལ་འདོགས། དམ་པ་རྒྱ་གར་དྲུང་དུ་རྟོག་དཔྱོད་ཀྱི་དཀའ་ཐུབ་བྱས་པས་ཆོས་ཐམས་ཅད་ལ་རང་བྱན་ཚུད། སྐྱིད་ཁུང་དུ་ཡུར་པའི་བཟླས་པ་དཀའ་ཐུབ་བྱས་པས་འཇིག་རྟེན་གྱི་ལྷ་འདྲེས་ཅི་སྨྲས་ཉན། ཇོ་བོ་བཀའ་གདམས་པའི་ས་རུ་ཞི་དུལ་གྱི་དཀའ་ཐུབ་བྱས་པས་གར་ཕྱིན་དུ་གཞན་གྱིས་བྱམས། ཡི་གེ་བཞི་(སྟོད་ཆ།༣༠༣)ལ་མི་སྡོད་པ་གསུམ་གྱི་དཀའ་ཐུབ་བྱས་པས་བདེ་དྲོད་འབར་ནས་གཅེར་བུ་ལོ་ལྔ་བྱས། དེ་ལ་ངེས་ཤེས་སྐྱེས་ཕག་མོ་མངོན་བྱུང་ལསགརུབ་པའི་དཀའ་ཏུབ་བྱས་པས་འགུར་མོའི་ནུབ་ཕྱོགས་སུ་རྗེ་བཙུན་མའི་ཞལ་གཟིགས། བརྡ་མང་པོ་གནང་། གནུབས་ཡུལ་རོང་དུ་རྨི་ལམ་སྦྱངས་པས་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས། གཞུ་སྟོང་ཏི་སྒྲོའི་ཤེལ་ཕུག་ཏུ་ཁྲོ་བོ་བདུད་རྩི་འཁྱིལ་བའི་ཞལ་མཐོང་། མི་མ་ཡིན་ཞིག་གིས་བསྙེན་བཀུར་ཆེར་བྱས། བཙུན་གཟུགས་གཅིག་ནམ་མཁའ་ལ་འཕུར་ནས་ཕར་འགྲོ་ཚུར་འགྲོ་བྱེད་པ་མཐོང་། བཙལ་བས་མ་རྙེད་མི་ཡིན་མིན་མ་ཤེས་གསུངས། དྭགས་པོ་ཞུ་རུ་ཨ་རྫི་བསྒྲུབས་པས་ཉི་མ་དྲོ་ཁར་ཞལ་གཟིགས། དམ་བསྲེ་བྱེད་སྙམ་ཙ་ན་ཇོ་མོ་ཕྱལ་ལེ་བྱོན་ནས། བུད་མེད་ཅན་ཟེར་ནས་འོད་གཅིག་ཏུ་ཡལ། ལྷ་ཟུར་དུ་བཅུད་ལེན་གྱི་སྒྲུབ་པ་བྱས་པས་ཚེ་དཔག་མེད་ཞལ་མཐོང་། ཆོས་མང་པོའི་རྣམ་གཞག་རྒྱུད་ལ་ཤར། ཨོ་དཀར་བྲག་ཏུ་སྒྲུབ་པ་མཛད་པས་བདེ་མཆོག་ཡབ་ཡུམ་ཞལ་གཟིགས། ལན་ཅིག་འགྲོ་སྙིང་འདོད་པ་ཞིག་བྱུང་ནས། མོན་འགར་གྲོང་མོ་ཆེའི་མདུན་དུ་བྱོན། ཆུའི་རྫིང་མོ་ཞིག་ལ་ཐུབ་ཆོད་བྱས་མཆོངས་པས། འཁྱགས་པ་ཆག་ནས་ཆུར་བྱིང་། སྐྱེངས་པའི་རྣམ་རྟོག་ཅིག་ཤར་ཙ་ན། །མི་རྣམས་ངོ་མཚར་སྐྱེས་ནས་དགུན་གྲང་བདོ་བ་ལ་ཆུ་ལ་ཙམ་ཚུགས་པ། ལྕགས་བསྲེགས་ཆུ་ལ་བཙུད་པ་འདྲ་བ་བྱུང་ཟེར། རང་ལ་འཁྱགས་པའི་སྣང་བ་ནི་བྱུང་གསུངས། ཡང་ལན་ཅིག་ཇོ་མོ་དང་གཉིས་ཀྱིས་ཤིང་འཐུར་ཕྱིན་པས་ཤིང་ཁུར་ཆེ་བ་གཅིག་རྙེད། དེ་ཁུར་ནས་མཐའ་ཆེན་པོ་ཞིག་གི་ཁར་སླེབས་པ་དང་། འདི་ནི་རྨི་ལམ་དུ་འདུག་སྙམ་ནས་(སྟོད་ཆ།༣༠༤)མཆོངས་པས་བྱ་བབས་པ་བཞིན་དུ་སོང་། ཇོ་མོ་ན་རེ། བལ་མ་ཁྱེད་མིའམ་ཞིག་མི་འདུག །དམ་པ་རྒྱ་གར་དྲན་ཟེར། དེ་ཡན་གདམས་པ་མང་དུ་མ་འཕེལ། གྲོང་ཆོག་མཛད་ཅིང་གསང་སྤྱོད་བསྐྱངས། དེ་ནས་ཐག་རིང་ནས་སློབ་མ་མང་དུ་བྱུང་ནས་འཕེལ། རེ་ཞིག་ན་བལ་བུ་དོར་ལས་སྤྱན་དྲངས། གདམས་ངག་གསུངས་པས། ཉི་མ་སྔ་དྲོ་དང་པོ་ལ་འཇའི་གདུགས་དང་རེ་མིག་མང་པོ་བྱུང་། ཆོས་ཐོན་ནས་རི་ལོགས་ལ་སྐྱོ་སངས་ལ་བྱོན། འཇའ་དེ་བླ་མ་གྲོངས་པའི་རྟགས་མི་དཀའ་བ་མིན་ནམ་ཞུས་པས། ངའི་བླ་མ་སྦ་སྒོམ་གྱིས། འབར་སྟོན་ཤེས་རབ་གྲགས་སྤུན་གཉིས་ལ་གདམས་པ་འདི་གནང་བའི་དུས་ཀྱང་ངམ་ཤོད་ལུང་པ་དང་། ཕུག་པོ་ཆེའི་རི་ལོགས་ཁེངས་པ་ཙམ་བྱུང་བ་ཡིན། གདམས་པ་འདི་ལ་རྟགས་འདི་འོང་གསུངས། ཡང་བླ་མ་འདི་འཛིན་ན་བཞུགས་པའི་དུས་སུ། སློབ་མ་ཇོ་སྲས་འཛཻང་གི་དྲུག་དུ་བྱོན་པས། མཆོད་རྟེན་རྩ་བའི་གད་རྩ་ཞིག་ན་བཞུགས་འཇུག །དེ་ནས་དབྱེན་ཁང་དུ་པྱིན་ཙ་ན་བླ་མ་འཛེང་ནི་མ་མཐོང་། འོད་ཕུབ་ཙམ་ཞིག་འདུག །རྩར་ཉེ་ཙ་ན་འོད་དེ་མི་འདུག་ནས་དེ་ཅུག་ལགས་ཞུས་པས། མཉམ་པར་གཞག་པའི་རྟགས་ཡིན་མི་ལ་མ་སྨྲ་གསུངས། ཡང་ཨ་ཇོ་དངོས་གྲུབ་ལ་མཛེ་བྱུང་བས། ངས་བཟླས་གྲོགས་བྱས་པས་མཛེ་ནི་མ་གསོས། ངས་ཕྱག་ན་རྡོ་རྗེའི་ཞལ་མཐོང་། དགོད་བྲོ་གསུངས། གཅོད་ཡུལ་དང་། རིམ་པ་ལྔ་ལ་སོགས་པའི་གདམས་པའི་དོན་གྱི་ཐོབ་བྱ་གང་ཡིན་པ་ཉམས་འོག་ཏུ་ཆུད་པའི་འཛེང་སྒོམ་དྷརྨ་བྷོ་དྷི་འདི་དགུང་ལོ་བརྒྱ་དང་གཉིས་ལོན་པའི་དུས་ཤིག་སྙུན་པ་ལྟར་བསྟན་(སྟོད་ཆ།༣༠༥)པས། འཁོར་རྣམས་ཀྱིས་བླ་མ་གྲོངས་ཀྱིས་དོགས་ཙ་ན། ཞལ་ནས་མ་དང་རྨི་ལམ་བཟང་། ང་མི་འཆི། རྒྱལ་པོ་རིའི་སྟེང་ན་འདུག་པ་ལ་ཉི་ཟླ་གཉིས་ཤར་བྱུང་། རུས་པའི་སྤྱིལ་པོ་མང་པོའི་སྟེག་ན་བུད་མེད་མང་པོ་འདུག་པས། བླ་མ་འཛེང་ཁྱོད་ལོ་བཞིན་ཤོག་ཟེར་བ་ཞིག་རྨིས་གསུངས། ཡང་རེ་ཞིག་ན། ངས་ལོ་མག་པོ་ལོན་ཏེ་ང་རང་ལའང་ཏིག་པོ་བཤད་རྒྱུ་མེད་གསུངས། དེ་ནི་རྟོག་དཔྱོད་ལ་འཛིན་པ་དག་པ་སནང་དུ་དགོངས་པ་ཟད་སར་འཁྱོལ་བའི་རྟོགས་ཡིན་ནོ། །དེར་འཁོར་རྣམས་ཀྱིས་དགེ་རྩ་ཞིག་མཛད་པར་ཞུས་པས། འདུས་བྱས་ཀྱི་དགེ་རྩ་ལ་ཐུགས་མི་གཏོད། བཅུད་ལེན་ཞིག་མཛད་པར་ཞུས་པས་ཀྱང་། བཅུད་ལེན་བྱས་ན་ལོ་བཅུ་ཙམ་ཚེ་བསྲིང་ནུས་ཏེ། དུས་དན་གྱིས་ཚེ་རིང་བ་ལ་དགོས་པ་མེད་གསུངས། གཞན་ལ་སྐྱོ་བ་ཡང་དག་བསྐུལ་ནས་སྐུ་གཤེགས། པུར་སྦྱངས་པས་ནམ་མཁའ་འཇས་གང་། མཆོད་རྟེན་དང་རིང་བསྲེལ་ཡང་མང་དུ་བྱོན་ནོ། འདི་ནི་ཚོགས་པ་བསྐྱངས་པས་སྙིགས་མ་འཇའ་ལུས་སུ་མ་དེངས་ཀྱང་། དོན་ཀྱི་ཀ་དག་ཆོས་ཟད་ཀྱི་ས་ལ་མྱ་གན་ལས་འདས་པའི་རྟགས་མཐའ་དག་ཚང་ཞིང་སྙན་བརྒྱུད་རྡོ་རྗེ་ཟམ་པའི་དར་རྒྱས་ཀྱང་འདིའི་རིང་ནས་ཆེ་བར་བྱུང་སྟེ་དངོས་ཀྱི་སློབ་མ་ཡང་། སློབ་དཔོན་ཀུན་བཟང་། འཛེང་ཇོ་སྲས་དང་། བཙན་ཐང་བ་ཉང་དྷརྨ་སིདྡྷི་དང་། སློབ་དཔོན་གསེར་ལུང་པ་དང་། བླ་མ་དུ་རྡོ་རྗེ་རྒྱལ་མཚན་དང་། གཟིགས་ཡེ་ཤེས་དབང་པོ་དང་། གཡག་སྟོན་ཟླ་བ་འོད་ཟེར་ལ་སོགས་མང་དུ་བྱོན་ནོ། དགུང་ལོ་ཡང་བརྒྱ་དང་བཅུ་བདུན་ལོན་ཚེ་གཤེགས་པ་ཡིན། འདི་ཇོ་འབྲོམ་དང་། ཕྱྭ་པ་ཆོས་ཀྱི་སེང་གེ་དང་། རྗེ་བཙུན་མི་ལ་དཔོན་སློབ་དང་སྔ་(སྟོད་ཆ།༣༠༦)ཕྱི་ཐོག་མཉམ་པ་ཙམ་ཡིན་ནོ། །དེ་ལ་འཛེང་ཇོ་སྲས་ནི། སྔགས་པའི་རིགས་ལས་ཆུང་ངུ་ནས་ཡིག་རྩིས་ལ་སྦྱངས། འོལ་ཁའི་ལྷ་བྲིས་པ་ལས་སྒྱུ་འཕྲུལ་ལ་སོགས་རྙིང་མ་དང་། དགྱེས་རྡོར་དང་མཚན་བརྗོད་ཞུས། དེར་སློབ་དཔོན་ལྷ་བྲིས་པས་འདའ་ཀར། ངས་གཞུང་ཆེན་པོ་འདི་ཙམ་ཤེས་ཀྱང་འཆི་ཁར་ཕན་པ་ཨ་རོ་ཐུན་བདུན་ལས་མ་བྱུང་། ཁྱོད་ཀྱང་གཞུང་མ་བསླབས་པར་གདམས་ངག་ཁོ་ན་ལ་ནན་གྱིས། དྭགས་པོ་ན་ཁྱོད་རང་གི་བླ་མ་འཛེང་བྱ་བ་ཞིག་ཡོད་འདུག་པ་དེར་སོང་ཞེས་ལུང་བསྟན། གངས་བར་དུ་རྫོགས་ཆེན་ལྷུན་གྲུབ་མཁན་སློབ་དཔོན་ཟམ་གྱི་སར་དབྱར་དགུན་ཐོག་ནས་སློབ་དཔོན་འཛེང་ལ་དཔལ་ལུང་དུ་རྡོ་རྗེ་ཟམ་པ་ཚར་གསུམ་ཞུས། བྱིན་རླབས་མཛད་ནས། ཁྱེད་རང་རེ་ཞིག་གཙང་ལ་སོང་ལ་གཞུང་སློབ། གཙང་ནས་འཁོར་ཙ་ན་ཨ་མིས་དགོན་པ་གཅིག་ཀྱང་བསྡེབ་པ་ཅི་གསུངས། དེར་གདམས་པ་མི་གནང་བར་དགོངས་ནས། གཞན་སུས་ཤེས་དྲིས་པས། གྲྭ་ཕྱིའི་ཇོ་སྲས་ཞང་ལ་སྐྱབས་བྱ་བས་ཤེས་གསུངས། དེ་ལ་ཞུ་བར་སེམས་ཙ་ན་ཁོང་གྲོང་། ཡང་དྭགས་པོ་རང་དུ་ལོག་ནས་འཛེང་ལ་ཞུས་པས་ཀྱང་མ་གནང་། སློབ་མ་ཞིག་ལ་ཞུ་བསམ་ནས། ཤོ་སྐྱམ་དུ་སློབ་དཔོན་དུའི་སྤྱན་སྔར་ཕྱིན་ཙ་ན། རེ་བ་ཙམ་བཅོས་ནས་འདིས་མི་འོང་ད་དུང་དྭགས་པོར་སོང་ལ་ཞུས་གསུངས། ཡང་དྭགས་པོར་བྱོན་ནས་ཞུས་པས། ཅིས་ཀྱང་འདོད་ན་གདམས་པ་ལ་ནན་ཏན་བྱེད་དགོས་པ་ཡིན་གསུངས་ནས་རྫོགས་པར་གནང་། དབྱར་དགུན་ཐོག་འགའ་སློབ་དཔོན་གྱི་དྲུང་དུ་བསྡད། ལོ་དྲུག་ཙམ་ལོན་ནས་ཕྲན་ཚེགས་རྣམས་ཀྱང་རྫོགས། གཞན་(སྟོད་ཆ།༣༠༧)ལ་བྱིན་རླབས་མཛད་པའི་ལས་སློབ་ཀྱང་བྱས། ཐོད་པའི་སློབ་མ་རོག་པོ་དགའ་དང་། མ་ཇོ་བཟླ་བ་སོགས་པ་ལྔ་བཅུ་སམ་གྱིས་རྡོ་རྗེ་ཟམ་པ་ཞུས་པས་ཇོ་སྲས་ཀྱིས་ཤོད། ཁྱེད་ཚོས་ཉོན་གསུངས་ནས་སློབ་དཔོན་གྱིས་ཁྲི་ཁ་ནས་གསུངས། དཔོན་སློབ་གཉིས་ལོ་ངོ་བཅོ་བརྒྱད་ཙམ་དུ་འགྲོགས། གདམས་ངག་གི་བཀའ་ཕོག་ནས་བརྒྱུད་འཛིན་དུ་བསྐོས་སོ། དེ་ལྟར་འཛེང་དྷརྨ་བྷོ་དྡྷི་དང་། ཇོ་སྲས་འཛེང་ཆུང་སྨོན་པ་གཉིས་ཀའི་སློབ་མ་སློབ་དཔོན་ཀུན་བཟང་ཡིན་ཏེ། དེ་ནི་ཁུ་བོ་ཕ་ཇོ་དབུས་པ་ཕག་མོ་གྲུ་པའི་སློབ་མ་སྒོམ་ཆེན་བཟང་པོ་ཞིག་ཡིན། མ་ཟི་བཟའ་དེས་ཆོག་བྱ་བ། མ་ཇོ་སྨྱོན་མ་བསམ་འགྲུང་བྱ་བ་ལས་ཆོས་ཐོས་པ་གཉིས་ཀ་ལ་རྨི་ལམ་གྱི་ལྟས་བཟང་པོ་དང་བཅས་ཏེ་འཁྲུངས། ལོ་བརྒྱད་དགུ་ལ་སློབ་དཔོན་ཀོར་སོན་རཱ་ཛ་ལ་སློབ་གཉེར་ཅུང་ཟད་རེ་བྱས། བཅོ་ལྔ་ལོན་པའི་ཚེ་ཁོང་གྲོངས་ནས་སློབ་དཔོན་དུའི་གམ་དུ་ལོ་ལྔ་ཙམ་ཞི་བྱེད་ཞུ་ཞིང་བསྡད་ནས་ཞབས་ཏོག་འགྲུབ་ཚད་བྱས། གསེར་ལུང་དགོན་པར་སློབ་དཔོན་དུའི་སར་ཇོ་སྲས་འཛེང་དང་མཇལ་ནས། འཛེང་གིས་གསང་སྒྲུབ་དང་། ཕག་མོ་མངོན་འབྱུང་ཞུས། རྡོ་རྗེ་ཟམ་པ་ལྷག་མ་ལུས་བར་དབུ་སྙུང་བཞེས་པའི་ནུབ་ཀྱི་རེས་ལ་དཔོན་སློབ་གཉིས་ཀ་ལ་རྨི་ལམ་བཟང་པོ་རྨིས། དེར་འཛེང་ཆུང་བས་ཁྲིད་ནས་འཛེང་དྷརྨ་བྷོ་དྷི་དང་མཇལ་བའི་ཚེ། བཅོ་ལྔའི་ཟླ་བའི་རུམ་ན་སྐར་མ་གཉིས་ཐིམ་པ་རྨིས། འཛེང་ཆེན་པོ་ལ་རྡོ་རྗེ་ཟམ་པ་ཚར་གཅིག་ཞུས། དེ་ནས་འཛེང་ཇོ་སྲས་སྤུང་རིང་དུ་སྤྱན་དྲངས་ནས་རྡོ་རྗེ་ཟམ་པ་ཚར་བདུན་ཞུས། དྭགས་པོར་དགུན་ཐོག་བཞི་ཕྱིན། རྡོ་རྗེ་ཟམ་པ་ཚར་ཕྱེད་པ་གཅིག་དང་བཅུ་བཞི་ཐོབ། ཇོ་སྲས་དང་ལོ་(སྟོད་ཆ།༣༠༨)བརྒྱད་འགྲོགས་ནས་རྡོ་རྗེ་ཟམ་པ་ཚར་བདུན་ཞུས། ཕྱི་ནས་ཤོ་རུ་ཚར་གཉིས། གསེར་ལུང་དུ་ཚར་གཅིག །གཞན་ལ་གསུང་འཕྲོར་མཇལ་བ་དང་དྲིལ་བས་འཛེང་མེས་དབོན་གཉིས་ལ་རྡོ་རྗེ་ཟམ་པ་ཚར་སུམ་ཅུ་རྩ་ལྔ་ཐོབ། གཉིས་ཀའི་གདམས་པ་བཀའ་བབས་ནས་གཞུང་བཤད་ཆེ་ཆུང་གཉིས་ཀྱང་མཛད་དོ། འདི་ལ་སྲས་སྤྲུལ་སྐུ་འོད་འབར་སེང་གེ་བྱ་བ་བྱུང་། དེ་ནི་བློ་རྣོ་བ་ཤེས་རབ་ཕུན་སུམ་ཚོགས་པ་ཞིག་སྟེ། ལོ་བཅུ་བཞི་པ་ལ་རྡོ་རྗེ་ཟམ་པ་གསུངས། དེས་བརྒྱུད་འཛིན་ཇི་མགོན་ལ་གནང་། དེས་བྱ་མེད་ཚུལ་རིན་ལ་གནང་ངོ་། ཡང་འཛེང་གིས་ཡར་ཀླུངས་བཙན་ཐང་པ་ཉང་དྷརྨ་སིདྷ་ལ་རྡོ་རྗེ་ཟམ་པ་བཤད་པས་བྱིན་རླབས་ཞུགས། རྟོགས་པ་ཐོད་རྒལ་དུ་སྐྱེས། དུར་ཁྲོད་དགོན་པར་བཞུགས་ཏེ་འགྲོ་དོན་རྒྱ་ཆེན་པོ་མཛད། མཐར་དགུང་ལོ་དོན་བདུན་པ་ལ་གཤེགས། འདི་ནས་བརྒྱུད་པའི་གཞུང་བཤད་ཀྱང་ཡོད་དོ། དེའི་སློབ་མ་བཛྲ་པཱ་ནི། དེའི་སློབ་མ་བླ་མ་ལྷའོ། ཡང་འཛེང་གིས་གསེར་ལུག་པ་ལ་བཤད། དེས་སློབ་དཔོན་རང་གྲོལ། དེས་སྲས་པོ་ཆོས་རིན་ལ་བཤད་དོ། །ཡང་འཛེང་གིས་དུ་རྡོ་རྗེ་རྒྱན་ལ་བཤད། དེས་དུ་སྟོན་དད་པ་བརྩོན་འགྲུས། དེའི་སློབ་མ་ཞིག་གིས་བྱས་པའི་གཞུང་བཤད་ཀྱང་ཡོད། ཡང་འཛེང་གིས་གཟིགས་ཡེ་ཤེས་དབང་པོ། དེས་མཁན་པོ་ལ་ཁ་བ། དེས་སློབ་དཔོན་མགོན་སྐྱབས། དེས་སློབ་དཔོན་གོ་རི་བ། དེས་བོ་སྟོན་ལ་བཤད་དེ་བོ་སྟོན་གྱི་གཞུང་བཤད་ཀྱང་གནང་ངོ་། དེས་བོན་སྟོན་ལ་བཤད་དེ་བོ་སྟོན་གྱི་གཞུང་བཤད་ཀྱང་གནང་ངོ་། ཡང་འཛེང་གིས་སྤུང་རིང་བ་གཡག་སྟོན་ཟླ་བ་འོད་ཟེར། དེས་ཀློག་སྟོན་དགེ་འདུན་སྐྱབས། འདི་ནས་བརྒྱུད་པའི་གཞུང་བཤད་ཀྱང་ཡོད། ཡང་སྤུང་རིང་བ་གཡག་སྟོན་གྱིས་ལོ་བརྒྱ་ལ་(སྟོད་ཆ།༣༠༩)ཉེ་བ་ཐུབ། དེས་འོན་ནག་སྟོན་པ་གླ་རུ་བན་དེ་ལ་བཤད་ཀྱང་དར། ཡང་འཛེང་གིས་སྐྱ་ཚེ་ཡེ་ཤེས་དབང་ཕྱུག་ལ་བཤད། དེས་གཟིགས་ཡེ་ཤེས་དབང་པོ། དེས་མཁན་ཆེན་ངུར་པ། དེས་དུ་སྟོན་བཛྲ་ཤྭ་ར། དེས་མཁན་ཆེན་བསོད་ནམས་རྒྱལ་མཚན། དེས་མཁན་ཆེན་ཤེས་རབ་རྒྱལ་མཚན། དེས་མཁན་ཆེན་གཞོན་ནུ་ཤེས་རབ། དེས་སློབ་དཔོན་གཞོན་ནུ་གྲགས་པ། །དེས་མཁན་ཆེན་སངས་རྒྱས་བཟང་པོ། དེས་བླ་མ་བརྩོན་འགྲུས་དབང་ཕྱུག །དེས་མཐའ་བཞི་གྲགས་པ་རིན་ཆེན། དེས་སློབ་དཔོན་ཤཱཀྱ་རྒྱལ་པོ་འདི་སྐུ་གཞོན་ནུའི་ཚེ་ཁྲབ་ལ་ཁར་རབ་ཏུ་བྱུང་། ལོ་དུས་ལ་བསྙེན་པར་རྫོགས། མཛོད་དང་འདུལ་བ་ལ་བྱང་བས་སྐྱོར་ལུང་དུ་གྲྭ་སྐོར་མཛད། ཐུགས་དམ་འཕེལ་བར་བཞུགས་པ་ལ། སྐུ་ན་ཧ་ཅག་མཐོ་བས་སྤྱན་མི་གསལ་ཡང་གཞན་གྱིས་སྤྱན་ཚབ་བྱས་ཏེ་རྗེས་སུ་བརྗོད་ནས་གསུངས་པ་སོགས་ཐུགས་སྐྱེད་ཤིན་ཏུ་ཆེ། དགུང་ལོ་བརྒྱར་ཉེ་བར་བཞུགས་ནས་གཤེགས་པའི་རྗེས་ཐུགས་ལས་རིང་བསྲེལ་ཟད་པ་མེད་པར་བྱོན་པ་བྱུང་། འདིས་འགོས་ལོ་གཞོན་ནུ་དཔལ་གསུངས་པ་ཡིན་ནོ། །དེ་ནས་སྤྱན་སྔ་ཞྭ་དམར་བ་བཞི་པ། ཤེལབརག་པ་ཆོས་ཀྱི་བློ་གྲོས། ཁྱུང་ཚང་རས་པ་བློ་གྲོས་དཔལ་ལྡན། ཆོས་དབང་བསྟན་འཛིན་ཉི་མ་སོགས་ནས་སྨྱོས་སྟོན་པྲིན་ལས་ལྷུན་གྲུབ་ཡས་སྲས་ནས་རིམ་པར་བདག་གི་བླ་མའི་བར་དུ་བྱིན་རླབས་བརྒྱུད་པའི་བཀའ་མ་ཆད་པར་བྱོན་པ་ཡིན་ནོ། ཡང་མ་འགོས་ལོ་གཞོན་ནུ་དཔལ་ནས། པཎ་ཆེན་འབུམ་ཕྲག་གསུམ་པ་སོགས་གཞན་ཡང་བརྒྱུད་ཚུལ་མང་ངོ་། བླ་མ་ཕྱི་མ་རྣམས་ཀྱི་སྐུ་ཚེ་སོགས་ཞིབ་པར་མ་ངེས་ན་འང་ཕལ་ཆེར་དགུང་ལོ་བརྒྱད་ཅུར་ཉེ་བར་བཞུགས་ཞེས་(སྟོད་ཆ།༣༡༠)གྲགས། སྤྱིར་བཻ་རོ་ཙ་ནའི་སྐུ་ཚེའི་སྟོད་ལ་རྗེ་མངའ་བདག་རྒྱལ་པོས་གདམས་པ་ཕོག་ཀྱང་རྒྱལ་པོ་སྙན་སྲབ་ཅིང་བཙུན་མོ་དང་བློན་པོ་གདུག་པ་ཆེས་པས་ཆོས་མཐར་མ་ཕྱིན། སྐུ་ཚེའི་སྨད་ལ་རྒྱལ་མོ་གཡུ་སྨྲ་སྙིང་པོ་ལ་རྫོགས་པར་གནང་། གཡུ་སྒྲ་ཁམས་སུ་ལོག་ནས་སྤྲང་སངས་རྒྱས་མགོན་པོར་རྒྱས་གཏད་རྒྱ་གསུམ་པའི་ལུགས་ཚང་བ་ཞིག་བཞག་ཟེར་བ་ལུགས་གཞན་ཡིན། དེ་ནས་མར་བྱོན་ཏེ་རྒྱ་བློ་གྲོས་གཞོན་ནུ་ལ་རྒྱུད་ཉི་ཤུ་རྩ་ལྔ་ཕྲ་མོ་བཅས་པ་གཏད། དེ་ནས་ཞིང་གཞན་དུ་འཕོ་ཁར་དབས་རྡོ་རྗེ་རྒྱལ་མཚན་ལ་རྫོགས་པར་གནང་། དེས་མདོ་སྨད་ད་ན་ཏིག་དགོན་པར་བསྐྱངས་ཞེས་ལོ་རྒྱུས་སུ་གསལ་བ་རྣམས་སེམས་སྡེ་བརྒྱད་པ་བར་མའི་སྐོར་ཡིན་ཀྱང་དེང་སང་རྒྱུན་མི་སྣང་ངོ་། དེ་དག་ནི་སློབ་དཔོན་བཻ་རོ་ཙ་ན་ལས་ཇི་ལྟར་བྱུང་བའི་ཚུལ་ལོ། ཡང་རྫོགས་ཆེན་ཁམས་ལུགས་སུ་གྲགས་པ་ནི། ཨ་རོ་ཡེ་ཤེས་འབྱུང་གནས་ལས་བབ་སྟེ། ཨ་རོ་ནི་སྤྲུལ་པའི་སྐུ་ཡིན་ཏེ། ཆུ་མིག་རིང་མོའི་བྱེ་གསེབ་ཏུ་བུ་ཆུང་ངུ་ཞིག་ཏུ་སྤྲུལ་ནས་བཞུགས་པ་ལ། ལྷ་བཙུན་མ་ཞིག་ཁམས་བསེང་དུ་ཕྱིན་པས་མཐོང་། སྙིང་རྗེ་ཡང་ཁྱེར་པྱིན་ན་ཡ་ག་བྱུང་གིས་དོགས་ནས། གནས་གཞིའི་དཔོན་ལ་འདི་འདྲ་བ་ཞིག་འདུག་སྨྲས་པས། འོ་ན་སྙིང་རྗེ་ལོང་ལ་ཤོག་ཟེར་བས་བླངས། རོ་འདྲ་བར་ཉལ་ཞིང་ཁ་ནས་ཨ་ཨ་ཟེར་བས་ཨ་རོར་བཏགས། ཕྱིས་འགྲོ་ཤེས་ནས་དགེ་འདུན་ཆོས་སྤྱོད་བྱེད་པའི་ཀུན་དགའ་ར་བར་ཕྱིན། དགེ་འདུན་རྣམས་ན་རེ། ཨ་རོ་ཁྱོད་འདིར་ཅི་བྱེད་ཟེར་བ་ལ། ང་ཡང་འདིར་ཆོས་སྤྱོད་བྱེད་བྱས་པས། ཁྱོད་ཀྱིས་ཆོས་ཤེས་སམ་ཟེར་བ། བདག་གིས་ཆོས་མང་པོ་ཡང་དག་པ་ཤེས་(སྟོད་ཆ།༣༡༡)བྱས་པས། འོ་ན་འདི་ཡང་ཤེས་སམ་བྱས་ནས་སྤྱོད་འཇུག་གི་གཞུང་གཅིག་གཏད་པས་ལེགས་པ་བཏོན་བྱུང་། ཁྱེད་ལ་མ་གྲགས་པའི་ཆོས་ཀྱང་ཤེས་ཟེར་ནས་ཨ་རོ་ལུགས་ཀྱི་གདམས་ངག་གི་མིང་འགའ་ཞིག་བཏོན་པས། དེར་དགེ་འདུན་ཐམས་ཅད་ཧ་ལས་ཏེ། ཨ་རོ་དང་ཨ་རོས་ཏེ་ཡེ་ཤེས་ཀྱི་འབྱུང་གནས་སུ་གདའོ་ཟེར་བས། མཚན་ཡེ་ཤེས་འབྱུང་གནས་སུ་ཆགས། དེར་ཡུན་རིང་བར་བཞུགས་ནས་གདམས་པ་ཟབ་མོས་གདུལ་བྱ་རྣམས་བསྐྱངས་ནས་འགྲོ་བའི་དོན་མཛད། དེའི་སློབ་མ་ཡང་ཁམས་ཀྱི་ཡ་ཟི་བོན་སྟོན། ཁ་རག་གི་བྲུ་རོ་ཤ་རྒྱལ་བུ། དབུས་ཀྱི་བྲུམ་ཤིང་ཤེས་རབ་སྨོན་ལམ། གཙང་གི་ཅོག་རོ་ཟངས་དཀར་མཛོད་ཁུར་རོ། །ཡ་ཟི་བོན་སྟོན་གྱིས་དབུས་གཙང་དུ་བྱོན་ནས་གཅོད་རྒྱན་གོང་གི་གྲུ་གུ་ཀློང་འབྱུང་ལ་བཤད། དེས་བྲེས་ཆུ་བར་གྱི་གླེན་སྒོམ་ཚུལ་ཁྲིམས་སྙིག་པོ་ལ་བཤད། དེ་ནི་ངས་རོའི་རྣ་བར་ཆོས་བཤད་ན་རོ་འགུལ། ནམ་མཁའི་བྱ་ལ་སྒོམ་བཏབ་ན་ཡང་ཐེབ་ཅེས་ཟེར། དེས་སྦ་སྒོམ་བསོད་ནམས་རྒྱལ་མཚན་ལ་བཤད། དེ་ནི་ཡུལ་འཕན་ཡུལ་སྤྲས་ཀྱི་འཇུ་བ། ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་དང་མཇལ་ནས་རྟོགས་པ་ཕུལ་བས་དགྱེས་ཏེ། ད་ཁྱོད་ཀྱི་དེ་ལ་བྱམས་པ་དང་སྙིང་རྗེའི་སྣོན་མ་ཞིག་ཐོབ་ལ་སྒོམས། སྒོམ་སྐོན་བྱུང་ན་བྱམས་པ་དང་སྤྱན་རས་གཟིགས་འཚོས་པ་ལ་འོང་གི་འདུག་གསུངས། ཇོ་བོས་བོད་ཀྱི་རྩོམ་པ་འགའ་རེ་གཟིགས་པས་དགྱེས་རྒྱུ་ཙམ་མ་བྱུང་བ་ལ། ཨ་རོའི་ཐེག་ཆེན་རྣལ་འབྱོར་གཟིགས་པས། འདིར་ཚིག་སྙན་ངག་ཆེ་དོན་ཤིན་ཏུ་བཟང་གསུངས་ནས་དགྱེས། སྦ་སྒོམ་དེ་པུ་ཏོ་བའི་ཡབ་ཀྱི་མཆོད་གནས་ཡིན་པ། པུ་ཏོ་བས་ར་སྒེང་དུ་མ་བྱོན་གོང་དུ་ཁོང་ལ་སྒོམ་གྱི་(སྟོད་ཆ།༣༡༢)གདམས་པ་ཞུས་པས། ཁོང་གི་ཞལ་ནས། ཕྱིས་པུ་ཏོ་བ་དགེ་བཤེས་ཆེན་པོར་གྱུར་པའི་ཚེ་ན་སྦ་སྒོམ་གྱི་ཆོས་དེ་ཅི་འདྲ་ཞིག་ཡིན་ནམ་སྙམ་དུ་དགོངས་པ་ལ། མནལ་ལམ་རྟགས་ཅན་ཞིག་བྱུང་བས། སྦ་སྒོམ་གྱི་ཆོས་དེ་ཡང་ཡང་དག་པ་ཞིག་ཡིན་པར་འདུག་གསུངས། སྦ་སྒོམ་གྱི་སློབ་མ་ཁ་རག་སྒོམ་ཆུང་ཡིན་ནོ། འདི་སྙིང་ཐིག་གི་ལོ་རྒྱུས་སུ་ལྡང་མས་སྙིང་ཐིག་གི་གདམས་པ་བཏབས་པས་གྲོལ་བའི་ལོ་རྒྱུས་ཀྱང་ཡོད་མོད། འོན་ཀྱང་ཁ་རག་པའི་སློབ་མ་ལྷོ་པ། དྷརྨ་སྐྱབས་དང་རྡུལ་སྟོན་རྡོ་རྗེ་རིན་ཆེན་གཉིས་སོགས་ལས་མང་དུ་འཕེལ་ལོ། ཡང་ཨ་རོ་ཉིད་ཀྱི་བརྒྱུད་པ་ནི། སྦ་སྒོམ་གྱིས་གཙང་རོང་གི་དམ་པ་འཛིན་སྒོམ། དེས་ཡར་འབྲོག་གི་བ་ར་སྒོམ་ཆེན། དེས་ཡུལ་ཆོས་ཀྱི་ཇོ་མོ་མྱང་མོ། དེས་སྐྱི་མཁར་བའི་ལྷ་རྗེ་ལྷ་ཁང་པ། །དེས་དབུས་པ་སྟོན་ཤཱཀྱ། དེས་ཞིག་པོ་བདུད་རྩི་ལ་གནང་ནས་བརྒྱུད་པ་མང་དུ་འཕེལ་ལོ། གཞན་ཡང་ཅོག་རོ་ནས་ཡ་ཟི་བོན་སྟོན་དང་། དེ་ཉིད་ལ་རོང་ཟོམ་ཆེན་པོས་གསན་པའི་བརྒྱུད་པའང་ཡོད་དོ། དེ་དག་ནི་རྫོགས་ཆེན་སེམས་ཀློང་གི་སྐོར་རྣམས་སོ། ད་ནི་མན་ངག་སྡེའི་ཤིང་རྟ་ཆེན་པོ་སློབ་དཔོན་བི་མ་ལས་བརྒྱུད་པའི་སྙིང་ཏིག་གི་ལོ་རྒྱུས་བཤད་པར་བྱ་སྟེ། དེ་ཡང་བོད་ཡུལ་དུ་འཇམ་དཔལ་དང་སྤྱན་རས་གཟིགས་ཐ་མི་དད་པའི་སྐུའི་བཀོད་པ་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་གྲུབ་ནས། མཁན་སློབ་ཆོས་གསུམ་གདན་འཛོམས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་བསྟི་སྟང་བླ་ལྷག་ཏུ་མཛད་པའི་སྐབས་ཤིག་ན། སྔོན་ཆོས་རྒྱལ་ཉིད་སྐུ་གཞོན་ནུའི་དུས་སྐུ་རྫི་ཡིན་པ་ལ། ཕྱིས་བླ་(སྟོད་ཆ།༣༡༣)ཡི་མཆོད་གནས་སུ་གྱུར་པ་ཉང་ཏིང་འཛི་བཟང་པོ་ཞེས་བྱ་བ། ཞི་གནས་ཀྱི་ཏིང་འཛིན་ལོ་བདུན་དུ་མི་འཆོར་ཞིང་། ཤའི་སྤྱན་གྱིས་གླིང་བཞི་དུས་གཅིག་ཏུ་གཟིགས་པ་དེས་བཙན་པོ་ལ་ལུང་བསྟན་ནས་མཁས་སིང་གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་རྒྱ་གར་ནས་སྤྱན་དྲངས་པར་བསྐུལ་ཞིང་། རྒྱལ་པོ་ཉིད་ཀྱིས་ཀྱང་སྔོན་རྒྱ་གར་དུ་དགེ་སློབ་ཨ་བ་དྷུ་ཏི་བར་གྱེས་པའི་བག་ཆགས་ཀྱིས་རྒྱ་གར་ན་རྒྱུ་འབྲས་ལས་འདས་འི་རྩོལ་མེད་ཀྱི་ཐེག་པ་ལྟར་མི་མངོན་པར་ཡོད་པར་དགོངས་ནས། བི་མ་ལ་རྒྱ་གར་རྒྱལ་པོ་དྷརྨཏ་ཏེ་ཨིནྡྲ་བྷུ་ཏི་ཆུང་བའི་མཆོད་གནས་སུ་བཞུགས་པ་ལ་སྤྱན་འདྲེན་པར་ཀ་ཅོག་གཉིས་མངགས་ཏེ་བི་མ་ལས་ཀྱང་གདམས་ངག་གི་མཆོག་ཐམས་ཅད་བསྣམས་ཨ་ཙ་ར་སའི་སྙིང་པོ་གཡོག་ཏུ་ཁྲི་ནས་བོད་དུ་བྱོན་ནོ། །དེའི་ཚེ་རྒྱ་གར་བ་ཐམས་ཅད་ཀྱི་རྨི་ལམ་འཁྲུགས་ཤིང་རྩི་ཤིང་དང་མེ་ཏོག་ཐམས་ཅད་ཀྱང་ཁ་བོད་དུ་བལྟས། མཁའ་འགྲོ་མ་ཐམས་ཅད་ཀྱིས་ཅོ་ངེས་བཏབ། ཆུ་ཚོད་ཀྱི་རྩིས་ཐམས་ཅད་ཀྱང་འཁྲུགས་པས་ཅིས་ལན་བརྟགས་པ་ན་བུད་མེད་མཁའ་འགྲོ་མ་ཞིག་ན་རེ། པཎྜི་ཏ་མཁས་པ་ཞིག་འབྲས་བུ་གསང་སྔགས་ཀྱི་སྙིང་པོ་ཐམས་ཅད་དཔེ་ཙམ་ཡང་མ་བཞག་པར་བསྣམས་ཏེ་བོད་དུ་བྱོན་པས་ལན་ཟེར་བ་དང་རྒྱ་གར་བ་རྣམས་ཀྱིས་བོད་ཐེ་ཚོམ་སྐྱེད་པའི་ཕྱིར་རྐང་མགྱོགས་བཏང་སྟེ་བི་མ་ལའི་སྔོན་དུ་བོད་དུ་སླེབས་པར་བྱས་ནས་ཕྲ་མེན་གྱི་ངན་སྔགས་མཁན་པོ་ཞིག་ཁྲིད་སོང་ངོ་ཞེས་བསྒྲགས་པས་པཎྜི་ཏ་བསམ་ཡས་སུ་ཕེབས་ཀྱང་བོད་རྣམས་ཐེ་ཚོམ་ཟོས་ཏེ་རྒྱལ་པོ་དང་མ་མཇལ། དབུ་ཚ་ལ་དུ་ལྡེར་ཚོ་ལ་ཕྱག་མཛད་པས་ལྡེར་ཚོ་ས་ཕུང་དུ་ཞིག་པས་སླར་ལ་ཐེ་ཚོམ་ཆེར་སྐྱེས། ཡང་བི་མ་ལས་ས་ཕུང་གི་སྤྱི་(སྟོད་ཆ།༣༡༤)བོར་ཕྱག་བཞག་ཅིང་དབུའི་ཞྭ་བཀོན་པ་ཙམ་གྱིས་སྔ་མ་ལས་ཆེས་ལེགས་ཤིང་འོད་དང་ལྡན་པར་གྱུར། ཐེ་ཚོམ་སེལ་ཕྱིར་སྐྱབས་འགྲོ་ཡན་ལག་དྲུག་པ་ཡང་མཛད་པས་ཡིད་ཆེས་ཏེ་རྒྱལ་པོས་ཕྱག་མཛད་པའི་ཚེ་རྒྱལ་པོའི་ཐུགས་ཀར་རིགས་གསུམ་མགོན་པོ་བཀྲ་ལམ་མེ་བཞུགས་པ་བི་མ་ལས་གཟིགས་ཤིང་སྣོད་དག་པ་གཞན་འགས་ཀྱང་མཐོང་། བི་མ་ལས་ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་སེ་རྒོལ་བརྡབས་པས་དབུ་ཞྭ་རིན་པོ་ཆེའི་བྲོག་ཞུར་གྱུར་ཏེ་རིགས་ལྔའི་སྐུ་ལམ་གྱིས་བྱུང་བ་རྒྱལ་པོ་ལ་སོགས་པས་གཟིགས། ནམ་མཁའ་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྤྲུལ་ནས་རྒྱལ་བློན་རྣམས་ལ་མངོན་སུམ་དུ་བསྟན། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་སོགས་གསང་སྔགས་ཕྱི་ནས་དང་། སོ་སོ་ཐར་པའི་རྒྱ་ཆེར་འགྲེལ་པ་ལ་སོགས་མཚན་ཉིད་ཀྱི་ཆོས་ཀྱང་མང་དུ་བསྒྱུར་ཞིང་བཤད། འདིའི་ཚེ་བི་མ་ལས་ལོ་ཉིས་བརྒྱར་ཉེ་བ་ཙམ་བཞེས་ཤིང་། དེར་ཕར་ཕྱིན་དང་དབུ་མ་སོགས་གསུངས་པའི་ཚེ་བི་རོ་ཙ་ན་ཚ་བ་རོང་དུ་བཞུགས་པས་བོད་ཀྱི་རྒྱལ་བློན་ལ་ལ་ཡོགས་འདོར་དུ་གཡུ་སྒྲ་སྙིང་པོ་བཏང་བས། དེས་སློབ་དཔོན་གྲོལ་བཞུད་པའི་ཞུལ་དུ་ཆོས་ཁྲི་ལ། ཉན་ཐོས་བྱིས་པའི་ཆོས་ཀྱིས་འཚང་མི་རྒྱ། ཕོ་རོག་རྡོ་རྗེ་འགྲོས་ཀྱིས་ས་མི་ཆོད། བྱ་བ་བྲིས་པ་གཟིགས་ནས་དྲིས་པ་ན་ད་ཅི་སྤྲང་པོ་ཞིག་འདི་ན་འདུག་ཟེར། བཙལ་བས་གཡུ་སྒྲ་སྙིང་པོ་རྙེད་དེ་སེམས་སྨད་ལྔ་ལ་མཁས་པར་གཟིགས་ནས་སླར་ཁོང་ལ་འཚམ་པའི་ཕྱི་འགྱུར་བཅུ་གསུམ་པོ་བསྟན་པས་སེམས་སྨད་བཅོ་བརྒྱད་དུ་གྲགས། སྤྱིར་སྒྱུ་འཕྲུལ་སོགས་པའི་ཆོས་དུ་མ་གཉགས་ལ་སོགས་པས་བསྒྱུར། གསང་བ་བླ་མེད་ཀྱི་རྒྱུད་མན་ངག་ནི་གཞན་སུ་ལ་ཡང་ཆ་མེད་པར་བཙན་པོ་ཡབ་སྲས་ཉང་། སྐ་ཅོག་གཉིས་(སྟོད་ཆ།༣༡༥)ཏེ་ལྔ་ལ་ལྐོག་ཆོས་སུ་མཛད་ནས་སྲོད་དང་ཐོ་རེངས་ཀྱི་ཚེ་བསྒྱུར་ཞིང་གནང་། དེ་དུས་རྨ་ནི་འདས་ནས་མེད། རྒྱལ་པོ་དང་ཉང་ལས་མེད་པར་འདོད་པ་ནི་རྒྱུས་ཆུང་བ་ཡིན་ཅེས་ཀུན་མཁྱེན་ཆེན་པོས་གསུངས་སོ། དེ་ཡང་ཤིན་ཏུ་ཟབ་པའི་ཆོས་འདི་ལྟ་བུ་བློར་མི་ཚུད་ཅིང་ལྟ་སྤྱོད་ཟུང་འབྲེལ་དུ་ཚུལ་བཞིན་སྤྱོད་པ་མི་འབྱུང་བས་མ་འོངས་པའི་སྐལ་ལྡན་གྱི་དོན་དུ་སྦ་བར་བཀས་བཅད། ཟབ་པ་པོད་བཞི་སོགས་གསང་བ་སྙིང་ཐིག་གི་སྐོར་རྣམས་མཆིངས་ཕུའི་དགེ་གོང་དུ་བོད་ཡིག་ཏུ་བསྒྱུར་ནས་སྦས། ཐིག་ལེའི་སྐོར་གྱི་རྒྱུད་མན་ངག་གི་རྒྱ་དཔེ་རྣམས་མ་འོངས་པ་ན་ཚོང་འདུས་ཀྱི་འོ་མ་ལྟར་བསླད་ཅིང་ཉམས་འགྲོ་བར་གཟིགས་ནས་ཞུས་དག་གིས་ཕྱི་མོའི་ཆེད་དུ་སྦས། དེ་ལྟར་ལོ་བཅུ་གསུམ་བོད་དུ་བཞུགས། དེ་ནས་རྒྱ་ནག་ཏུ་གཤེགས་ཏེ་སླར་ཡང་མུ་ནེ་བཙན་པོ་འདས་པའི་རྗེས་ལ་རྒྱ་ནག་ནས་གདན་དྲངས་ནས་བྱོན་ཚུལ་ཕུར་པའི་ལོ་རྒྱུས་ལས་འབྱུང་སྟེ་གཤམ་དུ་གསལ། སྤྱིར་པཎ་ཆེན་འདི་ཉིད་འཕོ་བ་ཆེན་པོའི་སྐུ་གྲུབ་པས་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་སྐུ་དེ་ཉིད་མ་བསྡུས་པར་བཞུགས་པ་ཡིན་ལ་ལོ་བརྒྱ་བརྒྱ་ན་བོད་དུ་སྐུའི་བཀོད་པ་རེ་འབྱུང་ནས་རྫོགས་པ་ཆེན་པོའི་ལྟ་སྒོམ་ནོར་བ་རྣམས་བསལ་བར་བྱེད་དོ། པཎ་ཆེན་འདིས་དགའ་རབ་རྡོ་རྗེ་ཉིད་ལན་བདུན་དུ་མཇལ་ནས་གསན་ཅིང་མ་འོངས་པ་ན་བསྟན་པའི་བཙས་འཇིག་རྟེན་གཞན་དུ་འཕོས་པའི་ཚེ་རྡོ་རྗེའི་གདན་དུ་འོད་ཀྱི་སྐུར་ཡལ་བར་འགྱུར་རོ། དེ་སྐབས་ཨ་ཙ་ར་སའི་སྙིང་པོ་མཆིམས་ཕུ་ལ་གྲོངས་པས་ལྟས་ཁྱད་པར་ཅན་བྱུང་སྟེ་བི་མ་ལ་གྲོངས་པར་ནོར་བ་བྱུང་ངོ་། བི་མ་ལ་བཞུད་ནས་ལོ་ལྔ་བཅུ་རྩ་ལྔ་ན་ཉང་ཏིང་འཛིན་བཟང་པོ་དེ་རྒྱུད་རྣམ་པ་དག་སྟེ།(སྟོད་ཆ།༣༡༦) དེ་ཡང་སྙིང་ཐིག་གི་ལོ་རྒྱུས་སོགས་སུ་བི་མ་ལས་གཞན་ལ་སྣོད་བཏགས་པས་མ་རྙེད། ཉང་ལ་ཨ་ཙ་ར་རྒྱ་གར་དུ་འགྲོ་བལ་གསེར་མང་པོ་དགོས་པས་ཁྱོད་ཀྱིས་ཡོད་ཚད་གསེར་དུ་དྲིལ་ལ་ང་ལ་ཕུལ་ཞིག་གསུངས་པས་རྒྱལ་པོ་དང་གཉགས་སོགས་ལ་མི་གསུང་བར་བདག་ལ་དེ་ལྟ་བུ་གསུང་བ་བསོད་ནམས་ཆེ་སྙམ་ནས་ས་གཞིས་ཐམས་ཅད་གསེར་དུ་དྲིལ་ནས་གསེར་མང་པོ་ཕུལ་བ་ན་ང་ལ་གསེར་གྱིས་དགོས་པ་མེད། སྣོད་བརྟགས་པ་ཡིན་གསུངས་ནས་སྙིང་ཐིག་རྫོགས་པར་གནང་བར་བཤད། དེར་ཉང་ཏིང་འཛིན་བཟང་པོས་རྡོ་རྗེ་ལེགས་པ་བྲན་དུ་བཀོལ་ནས། གཙུག་ལག་ཁང་བཞེངས་པར་བརྩམ་པ་ན། རྡོར་ལེགས་ཀྱིས་མདོ་ཁམས་སུ་སེར་བ་ཕབ་སྟེ་འབྲུ་རྔ་མོང་གི་རྒྱབ་ཁལ་ལྔ་བརྒྱ་ལོངས་པ་དྲངས། འཛམ་བུའི་གླིང་གི་དངོས་གྲུབ་དང་བཅུད་ཐམས་ཅད་བསྡུས་པའི་དངོས་གྲུབ་ལོངས་ཤིག་ཟེར་བ་ན། ཉང་བན་ཆེན་པོས་རྫུ་འཕྲུལ་གྱི་ཞྭ་མོ་ནམ་མཁའ་ལ་གཟེད་པས་རྡོར་ལེགས་ཀྱིས་ལན་གསུམ་བཀང་ཡང་མ་ཁེངས་པས་ཡུལ་ཕྱོགས་དེའི་ལོངས་སྤྱོད་ཀྱི་རྟེན་འབྲེལ་ལ་ཅུང་ཟད་གཞར་ཟེར། སྣོད་ཀྱི་མིང་ལས་ཞྭ་ལྷ་ཁང་དུ་གྲགས། དེར་ཉང་གིས་དཔེ་བརྒྱུད་རྣམས་ཀ་བའི་བསམ་ལེ་དང་། ཀེའུ་ཚང་རིམ་གསུམ་དུ་གཏེར་དུ་སྦས་ཏེ་ལོ་བརྒྱའི་བར་དུ་མི་སྣང་བར་མཛད་ནས། དམ་ཅན་རྡོ་རྗེ་ལེགས་པ་ལ་གཏད། སྙན་བརྒྱུད་རྣམས་བཀའ་སྲོལ་མི་ཉམས་པའི་ཆེད་དུ་འབྲོ་རིན་ཆེན་འབར་བ་ལ་བཤད། དེ་ལྟར་ཉང་བན་ཆེན་པོས་སེམས་ཅན་གྱི་དོན་དང་། བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས་ལྷ་ས་བྲག་ལྷ་ཡི་ཕུག་གི་ནམ་མཁའ་ལ་འོད་ཕུང་དུ་ལྷག་མ་མེད་པར་གཤེགས་སོ། ཉང་ཏིང་འཛིན་བཟང་པོ་དེ་ཕུང་པོ་ལྷག་མེད་དུ་དེངས་ནས་ལོ་བརྒྱ་(སྟོད་ཆ།༣༡༧)ལོན་ཞིང་ཉང་མི་དར་མ་དང་དུས་མཚུངས་པ། དབུ་རུ་གཞོའི་ལྡང་མ་དགེ་མཆོག་གི་བུ་གནས་བསྟན་ལྡང་མ་པ་ལྷུན་གྲུབ་རྒྱལ་མཚན་ཞེས་བྱ་བ། ངོ་བོ་བི་མ་ལའི་སྤྲུལ་པར་གྲགས་ཀྱང་རྣམ་པ་གནས་བརྟན་དཀྱུས་མའི་ངང་ཚུལ་དུ་སྣང་བ་ཞིག་ལ་རྡོ་རྗེ་ལེགས་པས་ལུང་བསྟན་ནས་སྔར་སྦས་པའི་ཚུལ་དུ་སྣང་བ་ཞིག་ལ་རྡོ་རྗེ་ལེགས་པས་ལུང་བསྟན་ནས་སྔར་སྦས་པའི་གཏེར་རྣམས་ཕྱུང་། སྦ་བློ་གྲོས་ལས་ཚིག་བརྒྱུད་ཀྱང་མཉན་ནས་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་ཉམས་སུ་བླངས། མན་ངག་རྙེད་ནས་བཅོ་ལྒད་པ་ལ་བཤད་རྒྱུད་གཞག་པའི་སྣོད་འཚོལ་དུ་བྱོན་པ་ན། ཉང་སྟོད་ནས་ལྕེ་བཙུན་སེང་གེ་དབང་ཕྱུག་ཅེས་བྱ་བ་བརྙེད། དེ་ལ་གདམས་པ་རིམ་པ་བདུན་དུ་བཏབ། དེ་དང་ཉེ་བར་ཁ་རག་སྒོམ་ཆུང་ལའང་བཏབ་པས་ཁོང་ཡང་དེས་གྲོལ། ལྕེ་བཙུན་ལ་དཔེ་རྣམས་དག་པར་བྲིས་ལ་ཁྲའི་ཟླ་བ་ལ་སྐྱོལ་ཅིག་གསུངས། ཕྱི་ཞིག་ལྕེ་བཙུན་གྱིས་འབུལ་བ་ཤིན་ཏུ་མང་པོ་དག་བཅས་བྱོན་པས་སྙེ་ཐང་དུ་མལ་གྲོའི་བཀའ་གདམས་པ་བྱ་བ་དང་ཕྲད། དེས་ལྡང་མ་གཤེགས་པའི་གཏམ་བཤད་པས། འབུལ་བ་རྣམས་གནས་གཞི་ཞིག་འདུག་པའི་དགེ་འདུས་རྣམས་ལ་ཕུལ། ཉང་བཀའ་གདམས་པ་ན་རེ། ལྡང་མ་དེ་གནས་བརྟན་ཡིན་པ་ཙམ་ལས་གག་ཟག་བཟང་པོར་སྔར་སུས་ཀྱང་མ་རིག །སྐུ་གཤེགས་པའི་དུས་ནམ་མཁའ་འཇས་ཁེངས། སྐུ་གདུང་དང་རིང་བསྲེལ་དཔག་ཏུ་མེད་པར་བྱོན་པས་ཐམས་ཅད་ངོ་མཚར་ཞིང་འགྱོད་པ་སྐྱེས་གདའ། ཁྱེད་ཀྱང་འབུལ་བ་འདི་ཙམ་ཁྱེར་ལུགས་ཀྱིས་གདམས་ངག་ཁྱད་པར་ཅན་ཡོད་མཆི་མ་བདག་ལ་སྩོལ་ཅིག་ཞུས་པས་གདམས་པ་བྱིན་དེས་གཞོའི་ཏི་སྒྲོ་བྲག་ལ་ལོ་གཉིས་བསྒོམས་པས་ཕུང་པོ་ལྷག་མེད་དུ་སོང་བ་ཡིན་ནོ། །(སྟོད་ཆ།༣༡༨) དེ་ལ་ལྕེ་བཙུན་ཆེན་པོ་ནི། ཡུལ་ཉང་རོ་གཉན་ཚོའི་ལྕེ་ཐུབ་པའི་དབང་པོ་ཞེས་བྱ་བའི་བུ་གཞོན་ནུ་ནས་ཆོས་མང་པོ་ལ་ཐོས་པའི་ཕ་རོལ་ཏུ་སོན་པ་ཞིག་ཡིན། གནས་བརྟན་ལྡང་མ་བ་དང་རི་གཟར། རྒོད་པོ་ལུང་དུ་མཇལ། ཁ་རག་ཏུ་གདམས་པ་གསུང་བའི་དུས་བཏབ་སྟེ་རྫོགས་པར་ཐོབ། སློབ་དཔོན་གཤེགས་ནས་གཏེར་དཔེ་རྙིང་པ་རྣམས་ལང་གྲོ་འཆད་པ་སྟག་འདྲའི་ཆུ་མིག་གི་རྩ་དང་། འུ་ཡུག་དང་། ཇལ་གྱི་ཁུ་སྟེ་གཏེར་ཁ་གསུམ་དུ་སྦས། འུ་ཡུག་ནས་ཤངས་མན་ཆོད་ཀྱི་རི་རྒྱུད་རྣམས་ལ་འཕོ་ཞིང་སྒོམ་པའི་ཚེ། རྨི་ལམ་ན་ཨ་ཙ་ར་ཞིག་བྱུང་ནས། བདག་ནི་བི་མ་མི་ཏྲ་མཁས་པ་སྟེ། སྐལ་ལྡན་སྙིང་པོའི་ཡང་བཅུད་འདོན་འདོད་ན། མཆིམས་ཕུ་བྲག་དམར་དགེ་གོང་ཡར་འདེབས་ལ། གསང་བ་སྙིང་ཏིག་སྙིང་དང་འདྲ་བ་ཡོད། དེ་དག་ཁྱེར་ལ་འུ་ཡུག་ཕྱི་གོང་དུ། སུས་ཀྱང་མཐོང་བ་མེད་པར་ལོ་བདུན་སྒོམས། ཟག་བཅས་ཕུང་པོ་སྣག་བ་མ་ཡིན་ནོ། །ཞེས་གསུངས་པ་ཐོས་ནས་མཆིམས་ཕུར་བྱོན། བུད་མེད་དུང་སོ་འཕོར་མ་གཡུའི་སྨིན་མ་ཅན་ཞིག་གིས་དཔེ་རྣམས་བྱིན། སླར་འུ་ཡུག་ཕྱི་གོང་རྫའི་ར་བར་བཞུགས་པས་བི་མ་ལ་དངོས་སུ་བྱོན། ཟླ་བ་ཕྱེད་དུ་དབང་ཁྲིད་གདམས་པ་རྫོགས་པར་གནང་ནས་སློབ་དཔོན་བི་མ་ལ་རྒྱ་ནག་ཏུ་གཤེགས། སྤྲུལ་པའི་སྐུ་ཞང་སྟོན་ལ་གདམས་ངག་རྫོགས་པར་བྱིན་ནས། ལོ་བརྒྱ་དང་ཉི་ཤུ་རྩ་ལྒ་ན་ནམ་མཁའ་ལ་འཇའ་འོད་ཀྱི་ཕུང་པོ་གཅིག་ཏུ་གཤེགས་སོ། གཏེར་སྦས་པའི་ལོ་སུམ་ཅུ་ན་རོང་སྣར་མདའི་ལྕེ་སྒོམ་ནག་པོས་ཁ་ཤས་བཏོན་ནས་རང་ཉམས་བླངས་ཤིང་། གཞན་མང་པོ་ལའང་(སྟོད་ཆ།༣༡༩)བཤད། དེ་བཞིན་དུ་ལ་འགྲོ་འཆད་པ་སྟག་ནས་ཤངས་པ་རས་བ་ཞེས་བྱ་བས་ཀྱང་བཏོན་ནས་དར་རྒྱས་བྱུང་ཞེས་གྲགས། དེ་ལ་སྤྲུལ་སྐུ་རྒྱལ་བ་ཞང་སྟོན་ནི། ཡུལ་ཡར་འབྲོག་དོ་ནང་དུ་འཁྲུངས། མཚན་བཀྲ་ཤིས་རྡོ་རྗེ་ཞེས་བྱ་སྟེ། ལོ་བཅུ་གཅིག་པར་བླ་མ་ལྕེ་སྒོམ་ལ་གདམས་པ་མང་དུ་ཞུས། དེ་ནས་ཉི་ཤུ་རྩ་གཅིག་གི་བར་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་ནས། སྡེ་སྣོད་གསུམ་དང་རྒྱུད་སྡེ་གསར་རྙིང་གི་ཕྱོགས་ཐམས་ཅད་ལ་སྦྱངས་པས་མཁྱེན་རབ་ཀྱི་པདྨོ་རྒྱས། ཉང་སྟོད་ཁུ་ཡུལ་ན་ཡོད་པའི་ཚེ། ནམ་མཁའ་ལས་བླ་མ་དང་། ཐུགས་རྗེ་ཆེན་པོ། སྒྲོལ་མ་ལ་སོགས་པའི་ཞལ་མཐོང་ཞིང་ལུང་བསྟན་ཐོབ། རྡོ་རྗེ་ལེགས་པ་མི་དཀར་ཞྭ་དཀར་ཅན་དུ་བྱས་པས་དངོས་གྲུབ་བྱིན་གྱིས་འདོང་ཟེར་ནས་ཁྲིད། ཉང་སྨད་པ་ཚབ་ཏུ་ལྷ་གསོལ་བ་མང་པོས་བཟའ་བཏུང་བྱིན་པས་དངོས་གྲུབ་དེ་ལ་ཟེར་རམ་སྙམ་ཙ་ན། མི་དཀར་དེས་དངོས་གྲུབ་གཞན་དུ་ཡོད་ཀྱིས་འདོང་ཟེར་འོད་ཀྱིས་ལམ་སྣ་བྱས་ནས་བྱོན། ཁང་སྟོང་ཞིག་ཏུ་ཉལ་བས་འདིར་འདུག་མི་རུང་གཞན་དུ་དེངས་ཟེར་བས། བྲག་ཕུག་ཅིག་ཏུ་བྱོན་ཙ་ན་ཁང་སྟོང་འགྱེལ། ཁོའི་སྤྲུལ་པས་བཟའ་བཏུང་ཡང་བྱིན། འུ་ཡུག་མདའ་ན་འཁྲུག་པ་ཆེན་པོ་ཡོད་པ་ཡང་རྡོ་རྗེ་ལེགས་པས་བསྒྲིབས་ནས་དམག་གིས་མ་མཐོང་། དེར་བྲག་སེང་གེ་འདྲ་བའི་རྩེར་སླེབས་ཙ་ན་ཁོ་སྟོར། ཕྱིར་ལོག་གོ་སྙམ་ནའང་མ་ཐར། ཆ་མ་ཕྱེད་པའི་ངང་ལ་བལྟས་ཙ་ན་བྲག་ཕུག་ཁ་བྱང་བསྟན་གྱི་སྒོ་རྩྭས་འགགས་པ་མཐོང་། དེ་བྲུས་པས་དང་པོར་སྦྲུལ་དང་སྦསལ་པ་ཞིག་ཤིག་སྣང་། དེ་ནས་ཁ་བྱང་རྙེད་དུས་མི་དཀར་དེས་སྒྲོན་མེ་བཏེགས་བྱུང་བས། དར་ཅིག་ན་གདོད་(སྟོད་ཆ།༣༢༠)སྐད་ཤིན་ཏུ་མི་བསྲུན་པ་ཞིག་བྱུང་། ཁོས་བརྡ་སྦྱར་བས། ངས་ཨ་ལྕེ་བོས་ཀྱི་ཟེར་བའི་མོད། ཨེ་ཀ་ཙ་ཊཱི་སྤྱན་གཅིག་ཁྲག་ཏུ་ཁོལ་བ། མཆེ་བ་གཙིགས་ཤིང་བལྟར་མི་བཟོད་པ་ཙམ་དུ་བྱུང་། ཁོས་འདི་ནི་ལུང་བསྟན་པ་དེའོ་བྱས་པས། ཚོགས་འཁོར་བརྒྱ་རྩ་བརྒྱད་ཐོང་། ལོ་གསུམ་དུ་སུ་ལའང་མ་བཤད་ཟེར། བྲག་ཕུག་གི་སྒོ་རྩ་ནས་གཡུ་གཉིས་རྙེད་པ་ལས་རྒྱུ་བྱས། ཚོགས་འཁོར་བརྒྱ་རྩ་བརྒྱད་བཏང་། ལོ་ཉི་ཤུ་རྩ་ལྔ་ལ་དབུས་སུ་བྱོན། མཆིམས་ཕུ་ནས་བི་མ་ལའི་ཆོས་གཏེར་ཡང་ཐོན། དངོས་སུ་ཡང་ཞལ་མཇལ་ནས་རྗེས་སུ་གནང་བ་ཐོབ། སླར་ཤངས་རྟ་ནག་ཏུ་བྱོན་པའི་ཟམ་ཁར་ལྕེ་བཙུན་ཆེན་པོ་དང་མཇལ། གསང་བ་སྙིང་ཏིག་གི་གདམས་པ་རྫོགས་པར་ཐོབ། སྐུ་ན་མཐོན་པོར་སོང་ནས་བརྒྱུད་འཛིན་གྱི་སླད་དུ་སྲས་ཉི་འབུམ་བསྐྲུན། ངས་ཚོགས་པ་མ་བསྐྱངས་ནས་ཕུང་པོ་ལྷག་མེད་འོང་བ་ཡིན་གསུངས། ལུས་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་ལ་དབང་ཐོབ་པས་རེས་འགའ་རྒྱལ་བ་རིགས་ལྔར་གསལ། སྐུ་ལུས་ལ་གྲིབ་མ་གཏན་ནས་མི་མངའ། རྫོགས་པ་ཆེན་པོའི་ཆོས་གསུང ་དུས་འཇའ་གུར་འཁྱིལ་བ་སོགས་ངོ་མཚར་གྱི་ལྟས་མང་པོ་ཡོད། དགུང་ལོ་བདུན་ཅུ་དོན་གཅིག་པམེ་མོ་ཕག་གི་ལོ་ས་ག་ཟླ་བའི་ཉེར་གཉིས་ལ་ཤར་ཕྱོགས་ཀྱི་ནམ་མཁའ་ལས་སྒྲ་ཆེན་པོ་ལན་བདུན་བསྒྲགས་ཤིང་ས་ཆེན་པོ་ལན་གསུམ་གཡོས། འཇའ་དང་། འོད་དང་། སིལ་སྙན་གྱི་སྒྲ་དང་། དྲི་ཞིམ་གྱི་ངད་ལ་སོགས་པ་གདོད་མའི་ས་ལ་མངོན་པར་བྱང ཆུབ་པའི་རྟགས་མ་ལུས་པ་བསྟན་ཏེ་གཤེགས་སོ། དེའི་ཕྱི་ནུབ་པུར་སྦྱངས་པས་གདུང་ཆེན་ལྔ་དང་། རིང་བསྲེལ་ཁ་དོག་ལྔ་པ་སྐུའི་རྒྱལ་ཚབ་ཏུ་བཞག །མེ་ཏོག་ཆར་དང་འཇའ་གུར་(སྟོད་ཆ།༣༢༡)ལ་སོགས་པས་འགྲོ་བ་མང་པོ་དད་པའི་གནས་ལ་སྦྱར་ཞིང་རང་བཞིན་གྱི་བསམ་གཏན་ལ་གནས་པ་བྱུང་ངོ་། དེའི་སློབ་མ་སྲས་ཉི་འབུམ་སྟེ། ཡུམ་རྒྱལ་མོ་གཡང་དེའི་ལྷུམས་སུ་ཞུགས་པའི་དུས་ཉི་མ་མང་པོ་དུས་གཅིག་ལ་ཤར་བ་བྱུང་བས། ཡབ་ཀྱིས་སེམས་ཅན་གྱི་མ་རིག་པའི་མུན་པ་གསལ་བ་ཞིག་ཡོང་ངོ་ཞེས་ལུང་བསྟན་ནས་མཚན་ཉི་མ་འབུམ་དུ་བཏགས། ལོ་ལྔ་ནས་རིམ་པར་ཡབ་ལས་གསང་བ་སྙིང་ཏིག་ཏི་དབང་ཁྲིད་གསམས་པ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་མཛད། དགུང་ལོ་བཅུ་པ་ལ་ཆེ་སར་བཏོན་དུས་རྒྱུད་བཅུ་བདུན་ལ་བཤད་པ་མཛད་པས་བུ་སློབ་ཀུན་ངོ་མཚར་སྐྱེ་བ་བྱུང་། ལོ་ཉི་ཤུའི་བར་དུ་སྒྲུབ་པ་ཁོ་ན་ལ་ནན་ཏན་མཛད། དེ་ནས་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་འཛིན་དང་འགྲོགས་ནས་རྔོག་རྒྱལ་རྩེའི་པར་གསར་མའི་རྒྱུད་མན་ངག་དང་བཅས་པ་ལ་གསན་པ་མཛད། ཉི་ཤུ་རྩ་གཉིས་པ་ལ་ཇོ་མོ་རྒྱ་གར་དངོས་གྲུབ་ཀྱི་རྟེན་དུ་བཟུང་། ཉི་ཤུ་རྩ་བདུན་ལ་འཁོན་གྲགས་པ་རྒྱལ་མཚན་དང་། བླ་མ་སྟག་སོ་བ་བསྟེན་ནས་རྒྱུད་གསུམ་གདམས་ངག་དང་བཅས་པ་དང་། བདེ་མཆོག་མ་ལ་གྱོ་ལུགས་མཁྱེན་པར་མཛད། ཁ་རག་གི་འབྲུག་སྟོན་གྲགས་པ་ལས་བདེ་མཆོག་དང་། རྗེ་བཙུན་མ་རྭ་ལུགས། ཡེ་ཤེས་མགོན་པོ་སོགས་ཞུས། ཞང་གཡུ་བྲག་པ་དང་གཡུང་གི་རྟོག་རྡོ་རྗེ་སེང་གེ་ལ་སོགས་ཏེ་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས་མདོ་རྒྱུད་དུ་མ་ལ་ཐོས་བསམ་ཕྱོགས་མེད། ཚིག་དོན་ཆེན་མོ་ཞེས་བྱ་བའི་བསྟན་བཅོས་ཀྱང་མཛད་དེ་ལྒེཾ་བཅུ་རྩ་དྲུག་ལ་གཤེགས། པུར་སྦྱངས་པས་གདུག་རིགས་ལྔ་བྱོན། འཇའ་ཚོན་གྱི་གུར་ཕུབ། ཆོ་འཕྲུལ་ཟླ་བ་ཁུག་ཆོས་མེ་ཏོག་(སྟོད་ཆ།༣༢༢)སྐྱེས་པ་སོགས་བྱུང་ངོ་། འདི་སྒྲ་ཐལ་འགྱུར་ནས་ཕྱག་རྡོར་གྱི་སྤྲུལ་བཛ་ཕ་ལར་ལུང་བསྟན་པ་ལ་ངོས་འཛིན་པར་གྲགས་སོ། དེའི་སློབ་མ་གུ་རུ་ཇོ་འབོར་ཏེ། གཅུང་པོ་ཟླ་བ་འབུམ་གྱི་སྲས་ཡིན། ལོ་བདུན་མན་ཆད་ལྐུགས་པ་འདྲ་བར་ཡོད་པ་ལ། བརྒྱད་ནས་ཤེས་རབ་མེ་ལྟར་འབར། བཅོ་བརྒྱད་ཀྱི་བར་དུ་ཁུ་བོ་ཉི་འབུམ་དང་འགྲོགས། གསང་བ་བླ་མེད་ཀྱི་དབང་ཁྲིད་གདམས་པ་དང་བཅས་རྫོགས་པར་མཛད་ཅིང་རྒྱུད་ཀྱི་བཤད་ལ་ཐོས་པས་སྒྲོ་འདོགས་གཅོད་པ་དང་། མན་ངག་གི་དོན་ལ་སྒོམ་པས་ཉམས་སུ་བླངས་པ་ལ་བརྩོན། བཅུ་དགུ་ནས་ཉི་ཤུའི་བར་ས་སྐྱ་ལོ་ཙཱ་བ་ལས་རྒྱུད་གསུམ་མན་ངག་དང་བཅས་པ་དང་། བདེ་མཆོག་མ་ལ་གྱོ་ལུགས་ཉན། དབུ་ཚད་ལ་སོགས་པའི་རིག་པའང་ཁོང་དུ་ཆུད་པར་བྱས། དེ་བཞིན་དུ་ཁྲོ་ཕུ་ལོ་ཙཱ་བ་ལས་མི་ཏྲ་ཛོ་ཀོའི་གདམས་པ་དང་། ཆུ་མིག་པ་ལས་ཚད་མ་བསྡུས་པ། བལ་པོ་གྲགས་འབུམ་ལས་དོ་ཧ་དང་ཕྱག་ཆེན་ཁ་འཐོར་སོགས་འཁས་གྲུབ་དུ་མ་ལས་སྡེ་སྣོད་དང་རྒྱུད་ལུང་མང་པོ་ལོ་སུམ་ཅུ་རྩ་དྲུག་ཚུན་མཉན་པས་རིག་པ་རྣོ་ཞིང་ཐོས་པ་ཤིན་ཏུ་མང་བར་གྲགས། སྒྲུབ་པ་མཛད་རེས་ཡི་དམ་གྱི་ལྷ་མང་པོའི་ཞལ་མཐོང་བ་ཡིན་ཏེ་ཐུགས་སྒམ་པས་མི་གསུངས། ལྷ་སར་ཇོ་བོར་མཆོད་པ་ཕུལ་དུས་འོད་ཀྱི་ཐིག་ལེའི་ཁོང་ནས་འཕགས་པ་ལག་ན་པདྨ་དང་། རྡོ་རྗེ་འཛིན་པ་ཞལ་གཟིགས། ཐོ་རེངས་ཤིག་ཚེ་དཔག་མེད་ཀྱི་ཞལ་མཐོང་། ངེད་ཅག་ལ་ཚེ་རིང་བརྒྱུད་མེད་ཀྱང་ཁོ་བོ་ལེགས་པར་བྱུང་བ་དེའི་བྱིན་རླབས་ཡིན་གསུངས། དེ་ལྟར་ཚད་མེད་པའི་མཁྱེན་རབ་དང་ཐུགས་རྗེའི་མངའ་བདག་གིས་འགྲོ་བ་འདྲེན་པའི་དེད་དཔོན་དུ་གྱུར་ནས་དྲུག་ཅུ་པ་ལ་གཤེགས། ཞག་བདུན་(སྟོད་ཆ།༣༢༣)དུ་འཇའི་དྲ་བས་འབྲེལ། སྐུ་གདུང་ལ་ༀ་ཨཱཿཧཱུྃ་དང་རིང་བསྲེལ་མང་ལ་པོ་བྱོན་ཏོ། དེའི་སློབ་མ་འཁྲུལ་ཞིག་སེང་གེ་རྒྱབ་པ་ཡིན་ཏེ། གཡོ་རུ་གྲའི་ཕུ་བོ་གང་ཕྲེང་གི་གྲོང་དུ་ཉི་མ་རྩེ་ཤར་ལ་འཇའི་གུར་ཕུབ་ཅིང་འཁྲུངས། ལོ་དགུ་ནས་རིགས་སད་དེ་དག་སྣང་དང་མོས་གུས་དཔག་མེད་ཤར། དགུང་ལོ་བཅུ་པའི་ཚེ་སྣང་བ་འདི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ལ་སྲ་ཞིག་འཐས་འཐས་འདྲ་བ་མི་བདེན་སྙམ་པ་དང་། བཅུ་གཉིས་པ་ལ་འཁོར་བ་ལ་སྐྱོ་བ་ཚད་མེད་པ་སྐྱེས་ནས་ཆོས་འབའ་ཞིག་ལས་གཞན་གང་གིས་ཀཡང་མི་ཕན་པར་ངེས་ཤེས་རྙེད། བཅུ་གསུམ་གྱི་ཐོ་རངས་ཉི་ཟླ་དུས་གཅིག་ལ་ཤར་བའི་རྨི་ལམ་སད་དུས། འཕགས་པ་ཐུགས་རྗེ་ཆེན་པོའི་མཐོང་། ཚེ་གཅིག་གྲིས་གྲོལ་བ་སྙིང་ཏིག་གི་དོན་སྒོམས་ཤིག་གསུངས། དེ་ནས་བཟུང་སྙིང་རྗེ་ཕྱོགས་མེད་རྒྱས། འགྲོ་བ་ཀུན་ལ་བུ་གཅིག་པའི་འདུ་ཤེས་ཤར། རྐྱེན་རེ་ལ་བརྟེན་ནས་གཞན་ལ་མཐོ་འགྲོགས་དག་ཁྱད་གསོད་མི་བྱེད་པའི་དམ་བཅའ་བྱས། ལུས་ཀྱི་སྲིན་བུ་དག་སྙིང་རྗེ་ཆེན་པོས་མི་འདོར་ཞིང་། ལོང་སྤྲང་དང་དམན་པ་ཁོ་ན་ལ་བྱམས་པ་ཐིག་པ་ཆེན་པོའི་རིགས་སད་པའི་རྟགས་ཁྱད་པར་ཅན་མངའ། བཅོ་བརྒྱད་ལ་སྣང་བ་བདེན་མེད་དུ་རྟོགས་པས་སྨྱོན་པ་ཁྲོག་ལངས་པ་ལྟ་བུར་སོང་སྟེ། ཕ་མས་ལྷ་གསོལ་བའི་ཡོ་བྱད་བསགས་པ་གཏོར་ཞིང་། ཕོ་གདོན་རྒྱལ་པོ་མཆོད། མོ་གདོན་བསེན་མོ་མཆོད། ཅེས་བྱས་པས། ཁྱོད་འདྲ་བའི་བུ་སྐྱེ་བ་ཟེར་འཐབས། ཉི་ཤུ་ལ་མཁན་པོ་ལྡེའུ་སྒང་པ་དང་། སློབ་དཔོན་བཀྲ་པ་སྒང་པ་ལས་རབ་ཏུ་བྱུང་། ཉི་ཤུ་རྩ་ལྔ་ལོན་ཚེ་སྲི་ཞིལ་གྱི་སེང་གེ་རྒྱབ་ཏུ་བྱོན། སེང་གེ་(སྟོད་ཆ།༣༢༤)རྒྱབ་པ་ལས་ཚལ་པའི་ཆོས་བསྐོར། བླ་མ་ཙ་རི་པ་ལས་སེང་གེ་མཇིང་བསྣོལ། རས་པ་དྲི་མེད་འོང་། ལྷ་རི་དཔལ། གཞོན་ནུ་འབུམ། སྟོན་ཆར། བྱང་ཡོན། ཇོ་སྲས་སུ་གྲགས་པ་རྣམས་ལས། གསང་སྔགས་གསར་རྙིང་། ཞི་བྱེད། གཅོད་ཡུལ། ཕྱག་ཆེན་སོགས་ཆོས་མང་དུ་ཉན། ཁྱད་པར་དུ་ཐུགས་རྗེ་ཆེན་པོའི་ལུང་བསྟན་བཞིན་གུ་རུ་ཇོ་འབེར་ལས་རྫོགས་པ་ཆེན་པོཐོས་པས། རྟོགས་པ་ཐོད་རྒལ་དུ་སྐྱེས། ཁྲོ་བོ་མ་ལ་སོགས་པའི་རི་ཁྲོད་དང་ལུང་སྟོང་རྣམས་སུ་ལོ་མང་པོའི་བར་དུ་སྒྲུབ་པ་ཁོ་ན་ལ་གཞོལ་བས་དགོངས་པ་ཀ་དག་གི་སར་གཤེགས། སྐལ་ལྡན་མང་པོ་སྨིན་གྲོལ་ལ་བཀོད་ནས། དྲུག་ཅུ་རྩ་བཞི་ལ་ཐེག་པ་མཆོག་གི་འབྲས་བུ་ཐོབ་པའི་རྟགས་ཁྱད་པར་བ་རྣམས་མངོན་དུ་ལུང་བསྟན་ནས་འོག་མིན་དུ་གཤེགས་སོ། དེའི་སློབ་མ་གྲུབ་ཆེན་མེ་ལོ་རྡོ་རྗེ་ནི། སྒྲགས་ཀྱི་ཕུར་རྣལ་འབྱོར་པ་བསམ་ཡས་ཀྱི་སྲས་སུ་བཙས། ལོ་དགུ་ན་གྲུབ་ཐོབ་ཟ་ལུང་པ་དང་། མཁན་པོ་སེ་ལུག་པ་ལས་རབ་ཏུ་བྱུང་། དེ་དུས་གཤིན་པོའི་དགེ་རྩར་ཡུམ་རྒྱས་འབྲིང་བསྡུས་གསུམ་ཁོ་ན་སྒྲོགས་པས་ལོ་བཅུ་དྲུག་འི་དུས་སྒྲགས་ཀྱི་ཕུའི་ཞོགས་སྟེང་བྱ་བར་བརྒྱད་སྟོང་བརྒྱ་རྩ་མཛད་པས་གནས་ལུགས་ཀྱི་དོན་རྟོགས། དེ་ནས་ཕྱོགས་མེད་དུ་འགྲིམས་ཏེ། མཚུར་ཕུའི་ངོ་བོ་རས་པ་སོགས་བླ་མ་མང་པོ་བསྟེན། ཤ་འུག་སྟག་སྒོ་དང་། མཁར་ཆུ་ལ་སོགས་པའི་གནས་ཆེན་མང་པོར་བྱོན། ནས་བྲེ་གང་གིས་ཟླ་བ་གཅིག་དང་ཞག་ཉི་ཤུའི་འཚེ་བ་བྱས་པ་སོགས་དཀའ་ཐུབ་ལ་ཤིན་ཏུ་བཟོད་པ་ཞིག་ཡིན། དཀའ་(སྟོད་ཆ།༣༢༥)བ་སྤྱད་པའང་བསམ་གྱིས་མི་ཁྱབ། ལོ་བཅོ་བརྒྱད་པའི་ཚེ་སེང་གེ་རྒྱབ་པ་སངས་རྒྱས་དབོན་པོ་མཇལ་ནས་མན་ངག་སྙིང་ཏིག་ཐོབ། དེ་མན་ངག་གིས་འཚེངས་བསམ་པའི་སྤོབས་པ་སྐྱེས་ཏེ་བསྒོམ་སྔོན་འགྲོའི་དུས་རང་ནས་ཞག་དྲུག་ཏུ་རྡོ་རྗེ་སེམས་དཔའི་ཞལ་ཉིནམཚན་མེད་པར་མཐོང་། དངོས་གཞིའི་དུས་བརྒྱུད་པའི་བླ་མ་རྣམས་རྨི་ལམ་དུ་མཇལ་ནས་བྱིན་གྱིས་བརླབས། ཉི་ཤུ་རྩ་གསུམ་པར་སངས་རྒྱས་རས་པ་ལས་རྡོ་རྗེ་ཕག་མོ་ལ་སོགས་པའི་གཏེར་ཆོས་དུ་མ་གསན་ནས་བསྒྲུབས་པས། རྡོ་རྗེ་ཕག་མོ་མངོན་སུམ་དུ་མཇལ། བྲག་ལ་གསང་རྡོར་བསྣུན་པས་ཐིམ་གྱིས་སོང་། རྟ་མགྲིན། སྒྲོལ་མ། སྤྱན་རས་གཟིགས། སློབ་ཆེན་ཆེན་པོ། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔལ། བི་མ་ལ། ཟ་ལུང་པ། སངས་རྒྱས་རས་པ། འགྲོ་མགོན་ཕག་གྲུ་རྣམས་ཞལ་གཟིགས། དུང་ལུང་དུ་མཁའ་འགྲོའི་སྒྲ་ཤིན་ཏུ་སྙན་པས་སྐྱེ་རྒྱུན་ཆོད་པའི་ལུང་བསྟན་བྱུང་། ཀ་བ་ཅན་དུ་ཕག་མོ་དམར་མོ་དང་། གྲུབ་ཐོག་ཟ་ལུང་པ་ནམ་མཁའི་ཀློང་དུ་མཇལ། དར་ཕུག་ན་བཞུགས་པའི་ཚེ་རྨི་ལམ་ན་ཕག་མོ་གཙོ་འཁོར་ལྔ་མཐོང་དེར་མནལ་སད་ཙ་ན། འོད་ཀྱི་ཕག་མོ་དངོས་སུ་གཟིགས། སྐྱིད་སྐྱིད་ཕུག་ཏུ་ཉམས་འབར་བས་ཞབས་བྲོ་མཛད་པའི་ཞབས་རྗེས་དང་ཕྱག་མཛུབ་ཀྱིས་བྲག་ལ་སྐྱིད་སྐྱིད་ཟེར་བ་མང་དུ་བྲིས་པ་དེང་སང་མཇལ་དུ་ཡོད། སྐྱབས་གནས་རྫོང་དུ་རྡོ་རྗེ་སེམས་དཔས་རྨི་ལམ་དུ་རྫོགས་པ་ཆེན་པོའི་དབང་བསྐུར། སྤྱིར་བླ་མ་མང་པོ་བསྟེན་ཅིང་ཁྱད་འཕགས་ཀྱི་བླ་མ་བཅུ་གསུམ་བཞུགས། བཀའ་དྲིན་འགྲན་ཟླ་བྲལ་བ་སྒྲུབ་ཐོབ་ཟ་ལུང་པ། མཚུར་ཕུའི་དོ་བོ་རས་པ། འཁྲུལ་ཞིག་སེང་གེ་རྒྱབ་པ་ལས་སྙིང་པོའི་དོན་རྙེད་པ་(སྟོད་ཆ།༣༢༦)ཡིན། འདི་བརྟུལ་ཞུགས་ཤིན་ཏུ་ཆེ་བས་ཞིག་པོའི་སྱོད་པ་བླང་དོར་མེད་པས་གསང་བ་སྔགས་ཀྱི་དམ་ཚིག་ལསགརཇི་བཞིན་པར་སྦྱོང་ནུས། རྒོད་ཕྲུག་ནམ་མཁའ་ལ་ལྡིང་བ་མཐོང་བས་རིག་པ་བརྟུལ་ཞུགས་ཀྱི་དར་ཐོས་ནས་ནམ་མཁའི་ལམ་ལ་འགྲོ་བ་དང་། བྲག་ལ་འདམ་ལྟར་བྱེད་པ་བྱུང་། མཁན་པ་ལྗོངས་དང་། མཁན་པ་གླིང་དང་། སེང་གེ་རྫོང་དང་། མཁར་ཆུ་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་འགྲོ་དོན་མཛད། ཚེ་ཚད་སུམ་ཅུ་རྩ་བདུན་ཡིན་པ་ལ། སློབ་དཔོན་ཀུན་དགའ་ཞེས་པའི་སྐལ་ལྡན་ཞིག་གིས་གསོལ་བ་བཏབ་པས། དགུང་ལོ་དྲུག་ཅུ་རྩ་གཅིག་བར་དུ་བཞུགས་ནས་དུར་ཁྲོད་ལ་ཁར་སྐུ་གཤེགས་པའི་ཚེ་འོད་ཅེན་པོ་སྒྲ་དང་བཅས་པ་ནུབ་ཕྱོགས་སུ་ཡལ་བ་ཀུན་གྱིས་མཐོང་། པུར་གྱི་རྣམ་པ་སྦྱང་དུས། ནམ་མཁའི་ལམ་ནས་པུར་ཁང་ལ་འོད་ལྔའི་སྣམ་བུ་བརྐྱང་བ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བྱུང་ཞིང་། སྐུ་ལྔ་ཐོབ་པའི་རྟགས་ཀྱི་གདུངས་རིགས་ལྔ་ཡང་རྒྱུད་ལས་ཇི་སྐད་བཤད་པ་བཞིན་བྱོན་ཏོ། འདི་གྲུབ་ཐོབ་ཨོ་རྒྱན་པ་དང་དུས་མཚུངས། ཨོ་རྒྱན་པ་ལས་བཅུ་ཕྲག་ལྷག་ཙམ་གྱིས་བགྲེས་ལ་སྐུ་ཚེ་ཡང་རིང་ངོ་། མེ་ལོང་པའི་སློབ་མ་ནི་རིག་འཛིན་ཀུ་མ་རཱ་ཛ་སྟེ། གཡོ་རུ་འོན་པར་གསར་རྫིང་ཁ་ཞེས་བྱ་བའི་གྲོང་རྡལ་དུ་འཁྲུངས། ཐར་པ་རྒྱན་དུ་བཏགས། ཆུང ་ངུ་ནས་དད་པ་དང་སྙིང་རྗེ་དང་ཤེས་རབ་ལ་སོགས་ཏེ་འཕགས་པའི་ནོར་གྱི་ཁྱད་ཆོས་མང་པོ་མངའ་བས་ཀློག་ཡིག་མ་བསླབས་པར་མཁྱེན། ལོ་བདུན་ལ་ཀོང་པོ་འོར་ཤོད་མཐོ་སྟེངས་དགོན་པའི་བླ་མ་དགྱེས་རྡོར་བ་ལས། ཀྱེ་རྡོ་རྗེ་དང་། བདེ་མཆོག་གི་དབང་ཞུས། ལོ་དགུ་པའི་ཚེ་མཁན་པོ་(སྟོད་ཆ།༣༢༧)གཙང་བ་ལས་ཡོངས་རྫོགས་ཀྱིད་གེ་བསྙེན་བླངས། སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་ཀྱི་ཆོས་སྐོར་ལ་སྦྱངས། བཅུ་གཉིས་པ་ལ་ཕག་མོ་གྲུའི་མཁན་པོ་ཡེར་པ་བ་དང་སློབ་དཔོན་མངའ་རིས་པ་ལས་རབ་ཏུ་བྱུང་། མཚན་གཞོན་ནུ་རྒྱལ་པོར་བཏགས། འདུལ་བ་ལ་བསླབས། རིན་པོ་ཆེ་གྲགས་ཡེར་བ་པ་ལས་ལོ་ལྔའི་བར་དུ་ནཱ་རོ་ཆོས་དྲུག་ལ་སོགས་པ་དང་། མཚར་སྟེངས་པ་ལས་བརྟག་གཉིས་ཉན། དཔོན་སངས་ཤེ་ལས་བཟོ་རིག་པ་བསླབས། ཡི་གེ་དྲུག་པ་བཟླས་པས་ཤེལ་གྱི་ཁང་བུ་ཞིག་ན་ཐུགས་རྗེ་ཆེན་པོ་ཞལ་འཛུམ་པ་མཐོང་། ཁྱུང་ནག་ཤག་དར་ལས་རྙིང་མའི་རྒྱུད་ལུང་མན་ངག་མང་དུ་ཞུས། ངང་ཕུག་ཏུ་མེ་ལོང་རྡོ་རྗེ་དང་མཇལ། ཕྱག་རྒྱ་ཆེན་པོའི་ཁྲིད་ཞུས་པས་སེམས་གཅེར་མཐོང་དུ་ངོ་འཕྲོད། དེ་ནས་གྲུབ་ཆེན་པ་མོན་གྱི་མཁའ་འགྲོ་གླིང་ལ་གཤེགས་པའི་ཕྱག་ཕྱི་ལ་བྱོན། རྡོ་རྗེ་ཕག་མོའི་ཆོས་སྐོར་སོགས་ཞུས་ནས་བསྙེན་པ་མཛད་པས། ཚེས་བཅུའི་ནུབ་ཅིག་ཨོ་རྒྱན་པདྨ་དང་མཇལ། ཨེ་མ་རིགས་ཀྱི་བུ། རྟག་ཏུ་ཆོས་གྱིས་ཤིག་གསུངས། དེ་ནས་མཚུར་པུར་བྱོན་ནས་གཉན་རས་དང་དར་མ་མགོན་པོ་ལས་ཀརྨ་པའི་ཆོས་སྐོར་རྣམས་ཞུས། དེ་ནས་ལ་སྟོད་དིང་རི་དང་། སྦུད་ཏྲར་བྱོན་པས། གྲུབ་ཆེན་ཨོ་རྒྱན་པ་དང་། རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་དགུང་ལོ་བདུན་པ་རབ་ཏུ་བྱུང་མ་ཐག་པ་དང་མཇལ། ཨོ་རྒྱན་པ་ལས་གདམས་པ་མང་དུ་ནོང་། དེ་ནས་ལོ་འགའ་ཨོ་རྒྱན་པས་གཉན་རས་ལས་སྙིང་ཏིག་ཞུས་པའི་ཟླ་ལ་ཚང་བར་ཐོབ། རྒྱ་སྨན་པ་ནམ་མཁའ་རྡོ་རྗེ་ལས་གསང་སྐོར་གནད་ཀྱི་ངོ་སྤྲོད་དང་། སྐལ་ལྡན་པ་ཆོས་ཀྱི་སེང་གེ་ལས་གསང་བ་གནད་ཀྱི་མེ་ལོང་སོགས་རྫོགས་ཆེན་གསང་བའི་སྐོར་(སྟོད་ཆ།༣༢༨)ཞུས། སླར་མཁར་ཆུར་གྲུབ་ཆེན་མོ་ལོང་རྡོ་རྗེར་གསང་བ་སྙིང་ཐིག་དབང་ཁྲི་གདམས་པ་དང་བཅས་པ་ལེགས་པར་ཐོབ། འབུལ་རྒྱུ་གཞན་མེད་པས་ལུས་ངག་ཡི་ཞབས་ཏོག་དང་། དབྱར་རིལ་པོ་གཉིས་སུ་རི་མོ་མཛད། ནས་ཁལ་བཞི་བཞི་གནང་བའི་གཉིས་གཉིས་ཀྱིས་ཤོག་བུ་ཉོས། མཚན་མོ་དཔེ་རྣམས་བྲིས། ཕྱེད་སོས་མར་མེ་དང་གསོལ་མཛད་པས། དཀའ་ཐུབ་ཀྱི་མཐུས་ཤིག་ནད་དྲག་པོ་ཞིག་བྱུང་། བྱིན་རླབས་དད་པའི་རྗེས་སུ་འབྲང་བས་ཐུགས་དམ་ཡང་ཁྱད་པར་ཅན་འཁྲུངས། བླ་མ་མཉེས་ནས་འགྲོ་དོན་གྱིས་ཤིག་པའི་རྗེས་སུ་གནང་བ་ཐོབ། དབང་གྲལ་དུ་བླ་མའི་དབུའི་བར་སྣང་ལ་མགོན་པོ་ཕྱག་བཞི་པ་དང་། སྒོའི་ཐད་ན་ཨེ་ཀ་ཛ་ཊཱི་མཐིང་མོ་ཞིང་དབྱུག་དང་སྦྱང་མོ་བརྣམས་པ་བོང་ཉིས་ཐོག་ཙམ་པ། ཕྱི་ངོས་ན་ལས་ཀྱི་མ་མོ་ཁྲག་རལ་ཅན་ལག་པས་ཁྲག་བཅུས་ནས་འཐུང་བ་རྣམས་མཐོང་། ལོ་བརྒྱད་དུ་བླ་མ་འདུལ་འབྲེལ་མེད་པར་བསྟེན། ཨོ་རྒྱན་གྱི་སྒྲུབ་ནས་སྨྱུག་ཚལ་སྦུག་ཏུ་དགུན་ཐོག་ཅིག་བཞུགས་པས་རྡོ་རྗེ་ཕག་མོས་ཞལ་གཟིགས། དེ་ནས་ཤེས་རབ་ཕྱོགས་མེད་དུ་རྒྱས། རེ་ཞིག་ཡར་ཀླུངས་མཚར་སྟེངས་ཀྱི་རི་ཁྲོད་བཏབ་ནས་བཞུགས། དེ་ནས་བླ་མ་འདའ་བར་མཁྱེན་ནས་མཁར་ཆུར་བྱོན་ཙ་ན། བླ་མའི་སྲས་གཉིས་དང་ས་སྐྱགས་སུ་འཛོམ། སླར་ལོག་ཉི་ཤུ་ལྔའི་དུས་མཆོད་བཙུགས། ཙ་རི་ལ་བྱོན་པ་སཀྲིག་མོ་ལྷའི་ནེའུ་གསིང་གི་རྡོ་སྐུ་ལ་འཇའ་ཚོན་སྣ་ལྔ་ཟུག་པ་སོགས་བྱུང་། དེ་ནས་མཚུར་ཕུར་ཆོས་རྗེ་རང་བྱུང་རྡོ་རྗེ་སགདན་དྲངས་ཏེ་སྙིང་ཏིག་གི་གདམས་པ་རྣམས་ཕུལ། ཤངས་སུ་བྱོན་ནས་ལྕེ་སྒོམ་ནག་པོའི་བརྒྱུད་པ་སློབ་དཔོན་སྒོམ་པ་ལ་གསང་སྐོར་སྙན་བརྒྱུད་རྣམས་དང་བསམ་(སྟོད་ཆ།༣༢༩)གཏན་མིག་གི་སྒྲོན་མེ་ཞུས། དིང་རི་སྣ་དམར་དུ་དབོན་པོ་བྱང་སྒྲུབ་ལ་ཡང་དགོན་པའི་རི་ཆོས་རྣམས་ཉན། ཨོ་རྒྱན་པ་རིན་ཆེན་དཔལ་དང་ཡང་མཇལ། མར་ལམ་བླ་མ་བཀྲ་ལུང་པ་ལས་གཤིན་རྗེ་དགྲ་ནག་ལ་སོགས་པ་ཞུས། སློབ་དཔོན་ཡེ་མགོན་ལ་སོགས་པ་བཤེས་གཉེན་མང་དག་ལས་གསང་སྐོར་དང་། རྒོད་ཚང་པའི་ཁྲིད་ཀྱིས་སྐོར། ཨ་རོའི་ཁྲིད་མོ་ཆེ་དོན་སྐོར་ལ་སོགས་པ་བོད་ན་གྲགས་པ་ཆེ་བའི་རྫོགས་རིམ་ཕལ་མོ་ཆེ་ཁོང་དུ་ཆུད། ཆོས་ཕྱིར་དཀའ་སྤྱད་བཟོད་པས་ཙཱ་རི་གསར་མ་བགྲོད་ནས་རྙིང་མའི་གཡུ་མཚོའི་འགྲམ་དུ་གཅིག་པུར་ཟླ་བ་བརྒྱད་བཞུགས། ཆོ་འཕྲུལ་ཆེན་པོ་བྱུང་བ་གཤིས་ཐོག་ཏུ་རོ་སྙོམས་པས་གཞི་བདག་དབང་དུ་འདུས་ནས་ཁང་པར་གདན་དྲངས་བསྙེན་བཀུར་བྱས། ཛམ་བྷ་ལས་ནོར་བུ་བྱིན་ནོ། །མཚོ་ནག་དུ་འོད་ལྔའི་ཝུ་བ་སེལ་བོ་ཙམ་ཞིག་ཐིམ་འགྲོ་བ་གཟིགས། ཐུགས་ངེས་འབྱུང་དང་སྐྱོ་ཤས་ཀྱིས་རྒྱུད་བརླན་པས་རྟག་ཏུ་ཤམ་པོ་ལ་སོགས་གངས་ཁྲོད་དང་ལུང་སྟོང་འབའ་ཞིག་ཏུ་ལྷགས་སྐྱོབ་ཙམ་ལ་བརྟེན་ནས་བཞུགས་པས་སློབ་མའི་ཚོགས་མང་པོ་འཁོར་བ་མཐའ་ཅན་དུ་མཛད། སྤྲུལ་པའི་སྐུར་གདོན་མི་ཟ་བ་ཀརྨ་པ་རང་བྱུང་རྡོ་རྗེ་དང་། རྒྱལ་བ་ཀློང་ཆེན་པ་གཉིས་རྫོགས་པ་ཆེན་པོའི་སློབ་མའི་གཙོ་བོར་གྱུར་པས་བསྟན་པ་འདི་སྤེལ་བའི་ཕྲིན་ལས་ལ་མུ་དང་མཐར་མ་སོན། དེ་སྐད་དུ་འབྲི་གུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱིས། ཆོས་འདིའི་བསྟན་པའི་དག་པོ་ཀུན་མཁྱེན་ཀློང་ཆེན་པ་ཡིན། རྒྱལ་བ་རང་བྱུང་རྡོ་རྗེའི་དུས་ཕྲིན་ལས་རྒྱ་ཆེ་ཞེས་གསུངས་པས་མཚོན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཤིན་ཏུ་གོམས་པས་སྙིང་རྗེ་ཆེན་པོའི་གཞན་དབང་གིས་གྲོང་དང་ཡུལ་འཁོར་མང་པོ་དག་ལའང་ཐབས་(སྟོད་ཆ།༣༣༠)ལ་མཁས་པས་ཐར་པའི་ས་བོན་འདེབས་པ་ཁོ་ན་ལྷུར་མཛད་ཅིང་། ཀོང་པོ་ནས་ཨེ་ལ་ཐུག་གི་བར་འཇིགས་པས་ཉེན་པའི་ལམ་འཕྲང་ལ་འགྲོ་བ་དག་གི་དབུགས་འབྱིན་པ་དང་། རི་དྭགས་དང་ཉ་ལ་སོགས་པའི་སེམས་ཅན་ཉམ་ཆུང་བ་དེ་དག་ལ་ཐུགས་ཤིན་ཏུ་བརྩེ་བས་བདོག་པ་ལ་ཕོངས་སེམས་མེད་པས་རི་རྒྱ་དང་། ལམ་རྒྱ་དང་། ཆུ་རྒྱ་ལ་སོགས་པ་མཛད་ནས་བདེ་འཇམ་ལ་བཀོད། གང་དུ་བཞུགས་པའི་ལུང་པ་དང་། ཡུལ་གྲོང་ཐམས་ཅད་ཀྱི་སད་སེར་ཡམས་ནད་ལ་སོགས་པ་ཞི་བར་མཛད་ཅིང་ཕན་པ་འབའ་ཞིག་ལྷུར་ལེན། སྙིང་ཏིག་གི་གདམས་པ་རྫོགས་རིམ་གཞན་དང་མ་འདྲེས་པར་རང་སྐད་ཀྱིས་གྲུབ་མཐའ་བསླངས་ཏེ་འཆད་ནུས་པ་དང་། ཤངས་ལ་སྨེ་བ་ཨའི་རི་མོ་ཅན་མངའ་བ་དང་། སྔགས་བདག་གཟའ་དམ་ཅན་རྣམས་ཀྱིས་བཀའ་ལ་ཉན་ཅིང་མི་ལབ་པ་བཞིན་དུ་ཡོད་པ་དང་། མངོན་པར་ཤེས་པས་གདུལ་བུཡའི་བསམ་པ་མཁྱེན་ནས་གཞན་རྒྱུད་འདུལ་ལུགས་མཁས་པ་དང་། རྒྱུད་བྱིན་གྱིས་རློབ་ནུས་པ་དང་། རྗེས་སུ་བཟུང་བའི་སྐལ་ལྡན་ཀུན་ལ་འདས་དུས་རྟགས་ཁྱད་པར་ཅན་འབྱུང་བ་སོགས་སློབ་དཔོན་བི་མ་ལའི་སྐུ་བཀོད་པར་གྲགས་ཤིང་ཐལ་འགྱུར་ལས་དགེ་སློང ་དཔལ་ལྡན་ཞེས་ལུང་བསྟན་ཏོ། །དེ་ལྟར་དོན་གྱི་འགྲོ་དོན་བསམ་གྱིས་མི་ཁྱབ་པའི་ངང་ནས་བདུན་ཅུ་རྩ་བརྒྱད་ཆུ་མོ་ལུག་གི་ལོའི་སྟོན་ཟླ་འབྲིང་པོའི་ཉི་ཤུ་ལྔ་ལ་སྒྲ་དང་། འོད་དང་། གུར་ཁྱིམ་ལ་སོགས་པའི་རྟགས་ངོ་མཚར་བ་དང་བཅས་སྐུ་གཤེགས་པས་ཉེ་གནས་སྒོམ་དར་ལ་སོགས་པ་དྲུང་ན་ཡོད་པ་རྣམས་ཀྱི་མོས་གུས་ཆེན་པོས་གདུང་བ་བསྐྱེད་པས་སླར་བཞེངས་ཏེ་སྐྱིལ་མོ་ཀྲུང་བཅས། ཞལ་འཛུམ་པའི་ངང་ནས་ཁྱེད་རྣམས་(སྟོད་ཆ།༣༣༡)མྱ་ངན་མ་བྱེད། ང་ཤི་བ་མིན་གསུངས་ནས་གདམས་ངག་དང་ཞལ་ཏ་ཅི་རིགས་པ་བྱོན། ཞག་བཅུ་གསུམ་སྐུ་ཚེ་སླར་ལ་བསྲིངས། དེར་ཚེས་བདུན་གྱི་ཉིན་གཤེགས་པའི་ཕྱི་ན་ཇི་ལྟར་བགྱི། བླ་མ་ཀུན་མཁྱེན་པ་གདན་འདྲེན་ནམ་ཞུས་པས། ཁོང་འོ་བརྒྱལ་དུ་མ་འཇུག་ད་གཟོད་ཆོས་ཀྱ་ིཞུན་མཐར་མ་ཆོད་པ་ཡོད་ན་དེར་སོང་། ཁ་ཏ་མང་པོ་སྔར་ནས་བྱས་ཟིན་ཅལ་ཅོལ་མ་སྨྲ་གསུངས། དྲང་སྲོང་ཅོག་པུའི་འདུག་སྟངས་དང་། ཆོས་སྐུའི་གཟིགས་སྟངས་ཀྱི་ངང་ལས་ཞལ་འཛུམ་པར་མཛད། ཚེས་བརྒྱད་ཀྱི་ཐོ་རེངས་ཁ་ན་གདོད་མའི་གྲོང་ཁྱེར་ག་ལ་བ་དེར་གཤེགས་སོ། ཉི་ཤུ་ལྔ་ལ་བུར་བཞུས་པས་དབུ་ཐོད་རིལ་པོར་བྱོན་པའི་ནང་ན་རིགས་ལྔའི་ཚོམ་དཀྱིལ་དང་། སྙན་གོང་གཡས་ན་རྗེ་བཙུན་མ་མཐིང་ཚོན་གང་པ། གདུང་རིགས་ལྔ་དང་། རིང་བསྲེལ་ལ་སོགས་པ་བྱོན་ཞིང་། འཇའའི་གུར་གྱིས་ཁོ་ར་ཁོར་ཡུག་ཏུ་དཀྲིགས་སོ། ཆོས་རྗེ་རང་བྱུང་རྡོ་རྗེ་ནས་བརྒྱུད་པ་ལྟར་ན། དེ་ལ་རྒྱལ་བའི་དབང་པོ་ཀརྨ་པ་རང་བྱུང་རྡོ་རྗེ་ནི། ཆོས་ཀྱི་དབྱིངས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེའི་ཀླུས་བསྐུལ་ནས་སེམས་ཅན་རྣམས་ལ་ཚད་མེད་པའི་སྙིང་རྗེས་གཟིགས་ཏེ་སྟོད་ལུང་དུ་རྒན་རྒོན་གཉིས་ཀྱི་བུ་ཤི་བའི་རོ་ལ་གྲོང་འཇུག་གི་རྣམ་པས་གཤེགས་ཙ་ན། ཤི་མིག་གསོན་ལ་ལྟ་བ་ལྟས་ངན་ཡིན་ཟེར་ནས་མིག་ཁབ་ཀྱིས་གཙགས། དལ་འབྱོར་གྱི་ཆོས་བརྒྱད་ཚང་བའི་ལུས་གཞན་དུ་གྱུར་པས་སླར་ཕེབས་ཏེ། རྣལ་འབྱོར་ཕོ་མོ་གཉིས་ཀྱི་བུར་སྲིད་པ་བཟུང་། སྔོན་གནས་རྗེས་སུ་དྲན་པ་ལ་སྒྲིབ་བྱེད་སྐྲའི་རྩེ་མོ་ཙམ་ཡང་མེད་པས་མངལ་(སྟོད་ཆ།༣༣༢)གྱི་དྲི་མས་གཏན་ནས་མ་གོས་པ་རྒྱ་གར་ན་ཤཱཀྱ་ཐུབ་པ་དང་། བོད་དུ་སྐྱེས་བུ་ཅེན་པོ་འདི་ལས་མེད་པར་གྲགས། རྒྱ་བོད་གཉིས་ཀར་སངས་རྒྱས་ཀྱི་བསྟན་པའི་སྲོག་ཤིང་གཅིག་པུར་བཞུགས། མདོ་སྔགས་རིག་གནས་ཐམས་ཅད་ལ་མཁས་ཤིང་གྲུབ་པའི་རྣམ་པར་ཐར་པ་ལ་སུས་ཀྱང་འགྲན་དུ་མེད། གངས་ཅན་གྱི་མཁས་གྲུབ་དང་ཆེ་དགུ་ཐམས་ཅད་ཀྱིས་མཐུན་པར་བཀུར། ཐུགས་རྗེའི་ཤུགས་ཀྱིས་རྒྱ་ནག་གི་རྒྱལ་པོ་ཚངས་པ་ལྟ་བུས་ཀྱང་མཆོད་ཅིང་དེ་ཉིད་བསྟན་པ་ལ་བསམ་ཡས་མཆིམས་ཕུ་དང་གཡའ་མ་ལུང་སོགས་ཚེ་ཆུང་གཏེར་དུ་བཞེས་ནས་གོང་མ་རྒྱལ་པོའི་སྐུ་ཚེ་བསྲིངས། ལྷག་པའི་ཐུགས་བསྐྱེད་བཟང་པོས་བསྟན་པ་མཐའ་དག་འཕེལ་རྒྱས་མཛད། ཁྱད་པར་སྔོན་སྦྱངས་རིགས་ཀྱི་ནུ་སཔ་རྣམ་དཔྱོད་ཟབ་མོས་གསལ་བས་བསྟན་པ་ཐམས་ཅད་ཀྱི་སྙིང་པོའི་མཐར་ཐུག་རྫོགས་པ་ཆེན་པོ་ཡིན་པར་དགོངས་ཏེ། གོང་མ་པཀྴིའི་ཐུགས་དམ་རྫོགས་ཅེན་གྱིས་མཚོན་པ་རྣམས་་གཉན་རས་ལ་གསན་ཅིང་། དེ་དང་སྙེ་མདོ་བ་ཀུན་དགའ་དོན་གྲུབ་ལ་སྙིང་ཐིག་གི་དབང་ཁྲིད་སྔ་ཕྱིར་གསན་ཡང་། གདམས་པ་གཞན་དང་འདྲེས་པར་དགོངས་ཤིང་། ཐུན་མོང་མ་ཡིན་པའི་གནད་ཇི་བཞིན་རྟོགས་པ་གྲུབ་ཆེན་མེ་ལོང་རྡོ་རྗེར་ངེས་ཤེས་ཀྱིས་གསན་པར་བརྩམས་ཀྱང་རྟེན་འབྲེལ་མ་འགྲིག་རིག་འཛིན་ཀུ་མཱ་རཱ་ཛ་སྔར་ཨོ་རྒྱན་པ་དང་། གཉན་རས་ལ་ཆོས་གསན་དུས་མཆེད་ཡིན་ཡང་། ཕྱིས་གྲུབ་ཐོབ་ཆེན་པོའི་སློབ་མར་གྱུར་ཏེ། རྫོགས་ཆེན་ལ་མཁྱེན་རྟོགས་འགྲན་མེད་དུ་དགོངས་ནས་དེ་ལ་གསན་པ་དང་། སློབ་དཔོན་ཆེན་པོ་བི་མ་ལ་རང་གི་མཛོད་སྤུར་ཐིམ་པ་གཟིགས་པའི་རྐྱེན་གྱིས་རྫོགས་པ་ཆེན་པོའི་དོན་ཇི་བཞིན་པ་ཐུགས་སུ་བྱོན། ཀུན་(སྟོད་ཆ།༣༣༣)ཏུ་བཟང་པོ་ཐུགས་ཀྱི་ཀློང་ན་རང་གསལ་ཏེ་དགོངས་པའི་གཏེར་མཛོད་ཆེན་པོ་ལ་དབང་བསྒྱུར་ནས་ཀརྨ་སྙིང་ཏིག་ཅེས་གྲགས་པའི་གདམས་པ་ཡང་བྱུང་སྟེ། གདམས་ངག་གི་ཡི་གེ་མཛད་པར་ཡང་འདི་ལྟར་ཆེད་དུ་བརྗོད་པ་ནི། ཇི་སྐད་དུ། རྒྱལ་བས་གསུངས་པའི་དམ་ཆོས་ཀུན་གྱི་བཅུད། ལུང་དང་རྟོགས་པར་འབྲེལ་བ་གསང་སྔགས་དོན། །རྫོགས་རིམ་སྙིང་ཕྱུང་མངོན་སུམ་ལྟ་བའི་གནད། །མན་ངག་དེམས་དང་མཐུན་པར་བདག་གིས་བསྡེབས། ཡི་གེ་རྣམས་ལ་བལྟས་པའི་རྟོག་དཔྱོད་མིན། བདག་ནི་བི་མ་ལ་ཡིས་བྱིན་གྱིས་བརླབས། ཀརྨའི་ཡང་དགོན་དབེན་པར་འདུག་པའི་ཚེ། ནམ་ལངས་དུས་མཐར་ཤར་གྱི་ཕྱོགས་རོལ་ནས། །ལྟ་བས་མི་ངོམས་འོད་ཀྱིས་མཛེས་པ་ནི། །མངོན་སུམ་ལྟར་སྣང་བདག་གི་མཛདོ་སྤུར་ཐིམ། དེ་ནས་འབད་མེད་གནད་འདི་ཐམས་ཅད་གོ། །འདི་ནི་ཆོས་ཀུན་མཐུན་ཞིང་ཁྱད་པར་དུ། །མངོན་སུམ་རིག་པའི་ཁྱད་ཀྱི་འཕགས་པ་ཡིན། །ཞེས་སོགས་ཆེད་དུ་བརྗོད་ཅིང་ཉམས་བཞེས་ཀྱི་སྙིང་པོ་དང་། ཐུན་མོང་མིན་པའི་སྐལ་ལྡན་ཁོ་ན་ལ་རྣག་ཆོས་སུ་སྩལ་ཞིང་། འདི་ནི་སློབ་དཔོན་ཆེན་པོ་པདྨ་ལས་བརྒྱུད་པ་ཞིག་འོང་ཐང་དགོངས་པའི་ཚེ་སློབ་དཔོན་སངས་རྒྱས་གཉིས་པས་ཞལ་གཟིགས། མན་ངག་སྙིང་ཏིག་དངོས་སུ་ཐོབ་ཀྱང་ཚིག་བརྒྱུད་ལ་ནན་ཏན་དུ་བྱ་བའི་ཕྱིར་ཤོའི་རྒྱལ་སྲས་ལེགས་ལྡན་པ་སྤྱན་དྲངས་ནས་ཙ་རི་དགོན་གསར་དུ་རྫོགས་པར་གསན། གཏེར་སྟོན་གྱི་རྣམ་ཐར་ན་ཤོག་སེར་སྟེང་ནས་གཏེར་སྟོན་ཉིད་ཀྱིས་ལུང་ཕུལ་བར་བཤད་འདུག །སླར་སློབ་མ་རྣམས་ལ་རྩལ་དུ་བཏོན་ནས་གསུངས། བཀའ་ལས་ཆོས་འདི་ལྟ་བུ་ནུབ་ཏུ་ཕངས་པས་གཡུང་སྟོན་རྡོ་རྗེ་དཔལ་གྱིས་(སྟོད་ཆ།༣༣༤)གཙང་། ཡེ་རྒྱལ་བས་ཁམས་ཀོང་། ཡེ་ཤེས་རྒྱལ་མཚན་པས་ཧོར་དང་རྒྱ་ནག །སྤྲུལ་སྐུ་བས་དབུས་སུ་དར་བར་གྱིས་ཞེས་སྨན་ལུང་པ་ཤཱཀྱ་གཞོན་ནུ་སོགས་ལ་རྗེས་སུ་གདམས། ས་ལ་གནས་པའི་བྱང་སེམས་ཀྱིས། རྒྱ་མཚོའི་བར་དུ་སྤེལ་བར་བྱེད། ཅེས་པ་དེ་ཡིན་པར་གྲགས། ཀུན་མཁྱེན་ཉིད་ཀྱིས་ཇི་ལྟར་གདམས་པ་བཞིན། གཡུང་སྟོན་ནས་ཀརྨ་པ་རོལ་པའི་རྡོ་རྗེ། མཚུར་ཕུ་འཇམ་དབྱངས་ཆེན་པོ་སོགས་ལས་ཀར་འབྲུག་འབྲི་སྟག་སོགས་དང་། སྨན་ལུང་བ་ནས་དྭགས་སྟོན་དང་གཉེན་སྟོན་ལས་བརྒྱུད་པ་དང་གཞན་ཡང་བརྒྱུད་པ་ཐ་དད་པ་མང་དུ་བྱུང་འདུག་སྟེ་ཐམས་ཅད་སྨོས་ཀྱིས་མི་ལངས་ཏེ། འདི་དག་ཀྱང་བསྟན་པའི་ཆུ་མགོ་གཅིག་ཡིན་ནོ། །རྒྱལ་བ་གཉིས་པ་དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོའམ། ཀློང་ཆེན་རབ་འབྱམས་ནི། གཡོ་རུ་གྲྭའི་ཆ་སྟོད་གྲོང་དུ་ངན་ལམ་བཙན་པོ་འོད་ཀྱི་དཀྱིལ་འཁོར་ཅན་ཞེས་བྱ་བ་མ་སྨད་པའི་རིགས་ཀྱི་ཡོན་ཏན་ཅན་ནོ། །རུས་ནི་རོག་སྟེ་སད་མི་བདུན་གྱི་ནང་ཚན་ཛྙ་ན་ཨིནྡྲ་རཀྵི་ཏའམ། བོད་སྐད་དུ་ཡེ་ཤེས་དབང་པོ་སྲུང་བ་སྟེ་སློབ་དཔོན་ཆེན་པོའི་དངོས་སློབ་དགེ་སློང་རྒྱལ་བ་མཆོག་དབྱངས་དང་གདུང་གཅིག་པའི་རབས་ཉེར་ལྔ་པ། མེས་པོ་ལྷ་སྲུང་ཞེས་བདུད་རིཙའི་བཅུད་ལེན་གྲུབ་པས་ལོ་བརྒྱ་དང་ལྔར་འཚོ་བ་དེའི་སྲས་སློབ་དཔོན་བསྟན་པ་སྲུང་ཞེས་རིག་གནས་དང་། སྔགས་ཀྱི་རྣལ་འབྱོར་ལ་རང་བྱོན་པ་འབྲོམ་བཟའ་མ་བསོད་ནམས་རྒྱན་ཅེས་བྱ་བ་དང་འདུས་པ་ལས་སྐྱེ་བའི་མྱུ་གུ་བཟུང་ངོ་། དེའི་ཚེ་ཡུམ་གྱིས་སེང་གེ་ཆེན་པོ་གཅིག་གི་དཔྲལ་བ་ན་ཉི་མའི་འོད་ཟེར་འབར་(སྟོད་ཆ།༣༣༥)བས་སྲིད་པ་གསུམ་ལྷག་གེར་གསལ་བ་ཞིག་རང་ཉིད་ལ་ཐིམ་པར་རྨིས་སོ། དེ་ནས་རབ་བྱུང་ལྔའི་ཕུར་བུ་ས་སྤྲེའུ་དབོ་ཟླ་བའི་ཚེས་བཅུའི་ཉིན་མངལ་གྱི་ཆུ་འཛིན་ལས་རྣམ་པར་གྲོལ། གཞོན་ནུ་དོན་གྲུབ་ལ་ལྷའི་དབང་པོས་བྱ་བ་བཞིན་དུ་ནམ་གྲུ་རེ་མ་ཏིས་ངེས་བསྲུངས་པ་ཡིན་ཞེས་ལག་ཏུ་བླངས། སླར་ཡུམ་ལ་གཏད་ནས་མི་སྣང་བར་སོང་། གསུང་བྱེ་བའི་ཚེ་དད་པ་དང་སྙིང་རྗེ་བློ་གྲོས་ཀྱི་མཐུ་རྣམས་སྐྱེ་བས་ཐོབ་པའི་རྟགས་སུ་གསལ། ལོ་ལྔ་ནས་འབྲི་ཀློག་བརྡ་བསྟན་པ་ཙམ་གྱིས་ཚིགས་མེད་པར་མཁྱེན། བདུན་ནས་བཟུང་ཡབ་ལས། བཀའ་བརྒྱད་བདེ་གཤེགས་འདུས་པ། རྟ་མགྲིན། ཕུར་པ། གུ་རུ་ཞི་དྲག་རྣམས་ཀྱི་དབང་ལུང་མན་ངག་ཕྱག་བཞེས་དང་བཅས་པ་དང་སྨན་རྩིས་ལ་སོགས་པའང་གསན་ཅིག་ཀུན་ཆུབ་པར་མཛད། དགུ་པ་ལ་གྲ་ཕྱིའི་ཚོང་འདུས་སུ་ཉི་ཁྲི་དང་བརྒྱད་སྟོང་པ་བརྒྱ་ཚར་སྒྲོགས་པས་ཚིག་དོན་ཐུགས་སུ་ཆུད། བཅུ་གཉིས་པ་ལ་བསམ་་ཡས་སུ་མཁན་པོ་བསམ་གྲུབ་རིན་ཆེན་དང་། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་། མཚན་ཚུལ་ཁྲིམས་བློ་གྲོས་སུ་གསོལ། འདུལ་བ་ལ་སྦྱངས་ཤིང་བཅུ་བཞི་པ་ལ་བཤད་གསར་མཛད་པས་མཁས་པའི་གྲགས་པ་ཐོན། བཅུ་དགུ་པ་གསང་ཕུ་ནེའུ་ཐོག་ཏུ་སློབ་དཔོན་ཆེན་པོ་བཙན་དགོན་པ་དང་། ཁྱད་པར་བླ་བྲང་པ་ཆོས་དཔལ་རྒྱལ་མཚན་དང་། ཆོས་གྲགས་གཉིས་པར་གྲགས་པ་གཞོན་ནུ་རིན་ཆེན་གཉིས་གཙོ་བོར་བསྟེན་ཅིང་། ཕར་ཚད་ཀྱི་གཞུང་འགྲེལ་མཐའ་དག་གསན་ནས་ཚིག་དོན་རྣམས་མཁས་པར་སྦྱངས། སློབ་དཔོན་གཞོན་ནུ་རྒྱལ་པོ་ལས་དབུ་མ་རྩ་འཇུག་སོགས་ཀྱི་གཞུང་འགྲེལ་མན་ངག །དཔང་ལོ་ཆེན་པོ་ལས་མངོན་པ་དང་། ཏིང་འཛིན་རྒྱལ་པོ་(སྟོད་ཆ།༣༣༦)སོགས་ཟབ་མོ་མདོ་ལྔའི་བཤད་པ་སྙན་ངག་སོགས་ཐ་སྙད་ཀྱི་གཙུག་ལག་རྣམས་ཀྱང་གསན་ཅིང་། དེ་དག་གི་ཚིག་དོན་མཐའ་དག་ལོ་གསུམ་ལ་ཀུན་ཆུབ་པར་གྱུར་ཏེ། ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲྭ་བསྐོར་མཛད་པས། གཞུང་ཚོགས་ཀྱི་རྒྱ། མཁྱེན་རབ་ཀྱི་རྩལ། རིག་པའི་རྣམ་འགྱུར་ཀུན་ལ་ཐོགས་པ་མི་མངའ་བས། ཐམས་ཅད་ཀྱིས་བསྔགས་པའི་ཡུལ་དུ་མཐུན་སྣང་གྲུབ་ཅིང་། བསམ་ཡས་པ་ལུང་མང་པོ་ཞེས་མཚན་དུ་ཐོགས། དེ་དག་གི་སྔ་ཕྱི་ཅི་རིགས་པར་དན་བག་པ་གཞོན་ནུ་དོན་གྲུབ་ལས། མདོ་སྒྱུ་འཕྲུལ་སེམས་ཕྱོགས་ཀྱི་དབང་ཁྲིད་བཤད་བཀའ་ཐམས་ཅད་དང་། གསང་འདུས་སྦྱོང་རྒྱུད་ལ་སོགས་པ། སློབ་དཔོན་བཀྲ་སིས་རིན་ཆེན་ལས་བདེ་མཆོག་དང་། ལམ་འབྲས་སྦྱོར་དྲུག ཞི་བྱེད་རྫོགས་ཆེན་སེམས་ཕྱོགས་ཀྱི་སྐོར། སློབ་དཔོན་གཞོན་ནུ་རྡོ་རྗེ་ལས། སྤྱོད་འཇུག་དང་བསླབ་བཏུས་བསྟན་རིམ་ལ་སོགས་པ། མཐིང་མ་བ་སངས་རྒྱས་གྲགས་འོད་ལས། བཀའ་བརྒྱད་བདེ་གཤེགས་འདུས་པ་སོགས་གསང་སྔགས་གཏེར་མ་མང་པོ་དང་། གཞན་ཡང་ཆོས་རྗེ་རང་བྱུང་རྡོ་རྗེ། བླ་མ་འཇམ་དབྱངས་པ། རིན་པོ་ཆེ་ཁྲོ་ཕུ་བ། ཁང་དམར་བ། བླ་མ་ཚང་འདུས་པ། ཟ་ལུང་རིན་པོ་ཆེ། ཤུག་གསེབ་རི་པ་སོགས་ཡོངས་སུ་འཛིན་པའི་བཤེས་གཉེན་ཉི་ཤུ་ལྷག་ཙམ་ལས་གསང་སྔགས་གསར་རྙིང་གི་དབང་བཀའ་རྗེས་གནང་། མདོ་སྔགས་ཀྱི་གཞུང་ཆེ་ཆུང་མང་པོའི་བཤད་པ་དང་ལུང་ཟབ་ཁྲིད་གདམས་ངག་རྩིས་སོགས་ཐ་སྙད་ཀྱི་ཕྱག་ཁྲིད་སོགས་ཤེས་བྱའི་ཆོས་ཚུལ་མཐའ་དག་ལ་སྦྱངས་ཤིང་མཁས་པར་མཛད། གསང་ཕུར་སྡེ་སྣོད་ཀྱི་གསན་པ་མཛད་(སྟོད་ཆ།༣༣༧)པའི་སྐབས་དེ་རྣམས་སུ་མི་གཡོ་བ། དབྱངས་ཅན་ལ། ཕག་མོ་ཤེས་རབ་གསལ་བྱེད་རྣམས་ཀྱི་བསྙེན་སྒྲུབ་མཛད་པས་དེ་དག་ཞལ་གཟིགས་ཤིང་། ཁྱད་པར་ལྷ་མོ་དབྱངས་ཅན་མས་ཕྱག་མཐིལ་དུ་བཞག་སྟེ་གླིང་བཞི་རི་རབ་དང་བཅས་པ་ཞག་བདུན་དུ་བསྟན་པས་ཐོགས་པ་མེད་པའི་བློ་གྲོས་ཀྱི་མཐུ་གྲུབ། གསང་ཕུར་བཞུགས་སྐབས་ཁམས་པའི་ཆགས་སྡང་གི་རྩོད་པས་ཐུགས་ཕྱུངས་ཏེ་དབུར་སྟོད་རྒྱ་མ་ལྕོག་ལའི་བྲག་ཁུང་དུ་ཟླ་བ་བརྒྱད་མུན་མཚམས་ནས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། དེའི་ཚེ་རྗེ་བཙུན་འཕགས་མ་མཛེས་སྡུག་མཚུངས་པ་མེད་པའི་ཡེ་ཤེས་ཀྱི་སྐུས་རིན་པོ་ཆེའི་ཅོད་པན་ཉིད་ཀྱི་དབུ་ལ་བཅིངས་ཏེ། རྟག་ཏུ་བྱིན་གྱིས་རློབ་ཅིང་དངོས་སྒྲུབ་སྩོལ་བར་དབུགས་དབྱུང་བ་ཐོབ། དགུང་ལོ་ཉེར་བདུན་པ་ལ་ཡི་དམ་ལྷས་ལུང་བསྟན་པའི་བླ་མ་རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛའི་སྤྱན་སྔར་ཕེབས། ཡར་སྟོད་སྐྱམ་གྱི་ཕུར་བཞུགས་པ་དང་མཇལ། སྤྱིར་དབང་དང་གདམས་པ་མང་དུ་གསན། ཁྱད་པར་གསང་བ་བླ་ན་མེད་པའི་དབང་དང་གདམས་པ་རྣམས་ཉམས་ཁྲིད་དུ་གསན་ནས་ཟས་གོས་མལ་སོགས་ཀྱི་དཀའ་སྤྱད་ལ་མི་ཞུམ་པའི་སྙིང་སྟོབས་ཀྱིས་ཉམས་ལནེ་ཆིག་སྒྲིལ་དུ་མཛད་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་ཉམས་རྟོགས་མཐར་ཕྱིན། གཞན་ཡང་དེ་དག་གི་རྒྱུད་འགྲེལ་གདམས་ངག་ཕྲན་ཚེགས་དང་བཅས་པ་རྣམས་ཀྱང་རྫོགས་པར་གསན་ཅིང་གདམས་པའི་གཏད་རྒྱ་དང་བཅས་པ་རྣམས་ཀྱང་རྫོགས་པར་གསན་ཅིང་གདམས་པའི་གཏད་རྒྱ་དང་བཅས་རྒྱལ་ཚབ་ཏུ་དབང་བསྐུར། མཆིམས་ཕུ་ལ་སོགས་པའི་དབེན་གནས་རྣམས་སུ་ལོ་གསུམ་མའི་དམ་བཅས་མཚོན་ལོ་(སྟོད་ཆ།༣༣༨)བདུན་དུ་ཟབ་ལམ་གྱི་སྒྲུབ་པ་ལ་ནན་ཏན་དུ་མཛད། སྐབས་འགར་བླ་མའི་དྲུང་དུ་བསྙེན་ནས་ཉམས་རྟོགས་ཀྱི་མཐའ་རྒྱ་ལེགས་པར་བཅད་པ་ལས། གནས་ལུགས་ཟབ་མོའི་ལྟ་བའི་གནད་སྒོམ་པ་ཏིང་ངེ་འཛིན་གྱི་དྲོད་རྟགས། ཤེས་བྱ་རབ་འབྱམས་ལ་ཐོགས་མེད་ཀྱི་མཁྱེན་པ། སྲི་ཞུའི་སྤྱོད་ལམ་བསྟེན་ཚུལ། འཁོར་གསུམ་ཡོངས་དག་གི་འབུལ་བ་མང་པོ་སོགས་སྒོ་མཐའ་དག་གིས་མཉེས་པར་བསྒྲུབས་ཤིང་ཐུགས་ཀྱི་སྲས་གཅིག་པུར་གྱུར། མཆིམས་ཕུར་སྒྲུབ་པའི་དམ་བཅར་བཞུགས་སྐབས། གུ་རུ་ཞི་དྲག །དཔལ་ཆེན་པོ་གཙོ་འཁོར། རྡོ་རྗེ་སེམས་དཔལ་དང་རྗེ་བཙུན་སྒྲོལ་མ་སོགས་ཡི་དམ་དུ་མའི་ཞལ་གཟིགས། མ་མགོན་གཟའ་དང་དམ་ཅན་རྣམས་ཀྱིས་འཕྲིན་ལས་སྒྲུབ་པར་དམ་ནོས། མཁའ་འགྲོ་རྣམས་དང་ཆོས་ཀྱི་བགྲོ་བ་མི་ལབ་པ་བཞིན་བྱུང་། ལྷ་སར་ཇོ་བོ་མཆོད་ནས་གསོལ་བ་བཏབ་པས། མཛོད་སྤུ་ལས་འོད་ཟེར་འཕྲོས་པ་རང་ལ་ཐིམ་པས་རྒྱ་གར་བྱ་རྒོད་ཕུང་རི་དང་ལི་ཡུལ་གྱི་བཀོད་པ་དེར་པཎྜི་ཏར་འཁྲུངས་ཚེ་ཆོས་མཁྱེན་པ་རྣམས་གསལ་བར་ཤར། ཀ་ནི་སྒོ་བཞིར་མ་ཅིག་ལབ་ཀྱི་སྒྲོན་འི་ཡེ་ཤེས་ཀྱི་སྐུ་མངོན་སུམ་པས་རྗེས་སུ་བཟུང་ནས་གཅོད་ཡུལ་གྱི་བཀའ་བབས་གཏད། སྙེ་ཕུ་ཤུག་གསེབ་ཏུ་སྐལ་བར་ལྡན་པ་དུ་མ་ལ་སྙིང་ཐིག་ཐོག་མར་གསུང་བའི་ཚེ་འོད་ཟེར་གོ་ཆོས་མཁའ་འགྲོ་སྙིང་ཐིག་གི་པུསྟི་གཟིགས་པུལ་བ་ན་སྲོག་སྒྲུབ་མས་གཏད་པར་གཟིགས་ཤིང་། དེ་སྐབས་ཤིག་ཏུ་བླ་མ་རས་མོ་བ་དག་གསུང་གླེང་མཛད་ཅིང་ཡོད་ཚེ་བུད་མེད་ནག་མོ་ཞིག་གིས་པུ་སྟི་ཞིག་ཕྱག་ཏུ་གཏད་སོང་བ་ལ་རས་མོ་བས་གཟིགས་ཚེ་ཌཱཀྐི་ཙི་རྟ་བྱ་བ་ཞིག་འདུག་པ་གཟིགས་མ་ཐག་བུད་མེད་དེ་ཆ་མེད་དུ་ཡལ་བ་ལ་ངོ་མཚར་སྐྱེས་ནས་དྲི་བ་ཞུས་པས།(སྟོད་ཆ།༣༣༩) སྲོག་སྒྲུབ་མས་བསྐུལ་བར་མཁྱེན་ཏེ་མཆིམས་ཕུར་མཁའ་འགྲོ་སྙིང་ཐིག་གསུང་བའི་ཞལ་བཞེས་མཛད། དེ་ནས་དགུང་ལོ་སོ་གནིས་པ་ཡོས་ཀྱི་ལོ་སྟོན་ཟླ་འབྲིང་པོ་ལ་མཆིམས་ཕུ་རི་མོ་ཅན་དུ་སྐལ་ལྡན་ཕོ་མོ་བརྒྱད་ལ་མཁའ་འགྲོ་སྙིང་ཐིག་གསུངས་དུས་རྣལ་འབྱོར་མ་ཞིག་ལ་དཔལ་སྔགས་ཀྱི་སྲུང་མ་བབས་པས་ཐམས་ཅད་ཐེ་ཚོམ་དུ་གྱུར་ཚེ། འདི་མཁའ་འགྲོ་དངོས་སུ་བབས་པ་ཡིན། ད་སྣང་སེམས་རོ་གཅིག་ཏུ་རྟོགས་པའི་རྣལ་འབྱོར་པ་ལ་བར་ཆད་མི་ཡོང་གསུངས་ཤིང་། དེའི་སྒྲུབ་རྫས་མ་ཚང་བ་དང་སྔགས་སྒྲ་མ་དག་པ་སོགས་ཀྱི་སྐྱོན་བསལ་ནས། བློ་སྒོམ་དང་བྲལ་ན་དགའ་བ་ལ། སྒོམ་བློ་དང་བྲལ་ན་ཨ་རེ་སྐྱིད། ཅེས་པའི་གླུ་ཡང་བླངས། དེ་ནས་ཁྲི་མ་ཐོན་བར་ཐམས་ཅད་ཉམས་འུར་ཏེ་གླུ་ལེན་བྲོ་བརྡུང་བྱེད་ཅིང་ཉིན་མཚན་ཐམས་ཅད་ཤེས་པ་བདེ་གསལ་མི་རྟོག་པའི་ཉམས་གཉིད་དུ་སོང་བ་མ་ཡིན་པ་ལ་གཉིད་ལྟར་དུ་སད་རྒྱུ་ཡོད་པ་དང་། བླ་མ་མཁའ་འགྲོ་ཆོས་སྲུང་གི་འདུ་བ་མང་པོ་དངོས་སུ་མཐོང་ཞིང་། མཁའ་འགྲོའི་སྒྲ་སྐད་སོ་སྒྲ་འུར་ཆོམ་ཧཱུྃ་ཕགས་སོགས་སྐྱི་བུང་བྱེད་པ་བྱུང་། རྣལ་འབྱོར་མ་ཞིག་ལ་རྡོ་རྗེ་ཕག་མོ་ཡེ་ཤེས་སུ་བབས་ནས་རྗེ་ཉིད་ལ་གཅིག་པུར་བསྒོན་ན་འོད་ལུས་འགྲུབ་ཀྱང་འགྲོ་ཕན་རྒྱ་ཆེར་མཛད་དགོས་པ་དང་། སྙིང་ཐིག་གི་བདག་པོ་ཡིན་པས་མན་ངག་ཀུན་འཆད་དགོས་པ་དང་། གཏེར་སྐལ་ཇི་ལྟར་ཡོད་དང་དེ་དག་འདོན་པའི་དུས་གནད། ལས་འབྲེལ་རྩལ་གྱི་རྗེས་སུ་ལོངས་སྐུའི་ཞིང་ཉུལ་བར་གསུངས་པ་ཉིད་ཡིན་པ་དང་། བི་མ་སྙིང་ཐིག་གིས་ལོ་བརྒྱ་དང་། མཁའ་འགྲོ་སྙིང་ཐིག་གིས་ལོ་ལྔ་བརྒྱར་གནས་ཏེ། ད་ནས་འགོ་བརྩམས་པ་ཡིན་སོགས་སྙིང་ཐིག་གཉིས་ཀྱི་འགྲོ་དོན་བྱུང་ཚུལ་སོགས་ལྐོག་(སྟོད་ཆ།༣༤༠)གྱུར་གྱི་ལུང་བསྟན་མང་པོ་གསུངས། གཞན་ཡང་བུད་མེད་དཀར་མོ་ཟ་འོག་གི་གོས་དང་དར་ཐོད་ཅན་གསེར་གཡུས་བརྒྱན་པ་སྐུ་ལ་ཐིམ་པ་ན། ལྷུན་གྲུབ་གདོད་ནས་སྟོང་པ་ཀ་དག་ངང་། བདེ་གཤེགས་ཀུན་བཟང་ཡབབ་ཡུམ་ལ་ཕྱག་འཚལ་བསྟོད། སེམས་ཉིད་སྒྲོས་དང་བྲལ་བ་ཆོས་ཉིད་དང་། གཏི་མུག་རང་སར་དག་པའི་ངོ་བོ་ཉིད། རྣམ་སྣང་ནང་ན་ཡོད་དེ་ཕྱི་ན་མེད། བདེ་གཤེགས་སངས་རྒྱས་རིགས་ལ་གསོལ་བ་འདེབས། །ཞེས་སོགས་ཀྱི་མགུར་བཞེངས་ཤིང་བྲོ་མཛད། ཡང་བར་སྣང་ལ་བུད་མེད་སྨུག་ནག་གསུམ་ལ་འཁྲབ་ཅིང་། ངས་ཡོང་ཡོང་བདེ་ཆེན་གྱི་གནས་ནས་ཡོང་། ལས་ཅན་གྱི་སློབ་མ་ཉུལ་དུ་ཡོང་། དམ་ཙིག་གི་གཙང་སྦྲ་བལྟ་རུ་ཡོང་། འགྲོ་དོན་མཛོད་ཅིག་རིགས་ཀྱི་བུ། ཟེར་རོ། ལུང་བསྟན་དགའ་སྟོན་གྱི་སྐབས་སུ་ཨོ་རྒྱན་བི་མ་ལ་ཕག་མོ་མཁའ་འགྲོ་མང་པོས་བསྐོར་བས་དབང་བསྐུར་ཞིང་སྐུ་ལ་ཐིམ་པ་ན། དགའ་ཡོ་སྐྱིད་དོ་རྣལ་འབྱོར་ཀུན། དུས་དོ་ནུབ་འོག་མིན་དག་པའི་ཞིང་། རང་ལུང་ལྷ་ཡི་ཕོ་བྲང་ན། སྟོག་གསལ་ཞི་ཁྲོའི་དཀྱིལ་འཁོར་ཟླ་ཤར། མ་རིག་གི་མུན་པ་སེལ་སྙིང་འདོད། འཁོར་བའི་རྒྱ་མཚོ་སྐེམ་སྙིང་འདོད། སོགས་ཀྱི་མགུར་མཛད། ཡག་རྡོ་རྗེ་གཡུ་སྒྲོན་མ་བབས་ཏེ་ངའི་གནས་སུ་ཕེབས་དགོས། ཞེས་དང་། ཆོས་སྲུང་ཙམ་ཡོད། ཁྲིད་ལ་མི་གྲངས་དུ་འཇུག་སོགས་དང་། ། ཡང་རྡོ་རྗེ་ཕག་མོ་བབས་ནས་ཅོག་ལའི་བྲག་ཕུག་ཏུ་བཞུགས་དུས་དངོས་གྲུབ་བྱིན་ཚུལ་དང་། མ་སྒྲུབས་ཀྱང་འགོ་བ་ཅི་ཡིན་གསུངས་པར། ང་ལ་སྒོམ་པའི་ལྷ་འདུག་གམ། བཟླ་བའི་སྔགས་འདུག་གམ།(སྟོད་ཆ།༣༤༡) མཆོད་པའི་ཡུལ་འདུག་གམ། རྣལ་འབྱོར་པ་དམ་ཚིག་དང་རྟོགས་པར་ལྡན་པ་ཀུན་ལ་རྒྱུན་དུ་ཡོད་པ་མ་ཤེས་སམ། ཞེས་དང་། སྙིང་ཐིག་ཆོས་ཀྱི་བདག་པོ་ཡིན་ཚུལ། དབང་གསུམ་པའི་བསྐུར་ལུགས། མཆིམས་ཕུའི་གཏེར་ཡོད་ཚུལ་སོགས་གསུངས། སྐབས་དེར་གདམས་པའི་དཀའ་གནད་ཐམས་ཅད་ཀྱང་ཐུགས་རྒྱུད་ལ་འཁྲུངས་ཤིང་། དེ་དག་མཚོ་རྒྱལ་ཡེ་ཤེས་སུ་ཕེབས་པས་འདི་དང་འདིའོ་ཞེས་ངོ་སྤྲོད་འབུལ་བར་མཛད། དེ་དུས་གུ་རུ་པདྨས་དྲི་མེད་འོད་ཟེར་ཞེས་དང་། མཚོ་རྒྱལ་གྱིས་རྡོ་རྗེ་གཟི་བརྗིད་ཅེས་མཚན་གསོལ། སྤྲོས་བཅས་ཀྱི་དབང་གི་ཐིག་སྣེ་བུ་དམེད་དམར་མོ་ཞིག་གིས་འཛིན་པ་དང་དཀྱིལ་འཁོར་ཡང་བུད་མེད་ཅིག་གི་འབྲི་གྲོགས་བྱེད་པ་བྱུང་། དེ་སྐབས་ནམ་གྲུ་རེ་མ་ཏི་ཡང་བབས་ནས་ཡུས་ཀྱི་རྣམ་པས་ཟབ་གཏེར་གྱི་སྐལ་བ་མང་དུ་ཡོད་པ་རྣམས་ཀྱི་སྲུང་མ་ཡིན་ཚུལ་གྱི་འར་འུར་མང་དུ་བྱེད་པ་ལ། ད་ནང་འོད་གསལ་གྱི་གཏེར་སྒོ་བྱེད་པ་ལ། བྲག་སེར་ཀའི་གཏེར་གྱི་དགོས་པ་མེད། གཏེར་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག །སྐལ་ལྡན་ཡིན་ཀྱང་ཆོག་ལ་མིན་ཡང་ཆོག །ང་ཆོས་ཟད་བློ་ཟད་ཀྱི་རྣལ་འབྱོར་ལ། ཁྱོད་གཏེར་སྲུང་གི་ཡུས་ཆེན་འཚོང་མི་དགོས། ཞེས་གསུངས། ཐོད་རྒལ་ངོ་སྤྲོད་ཀྱི་དུས་སུ་མཐིང་ཀ་ཁྱབ་པ་ཆེན་པོའི་འོད་དང་དབྱིངས་རྣམ་དག་ཐིག་ལེ་སྟོང་སྒྲོན་རྣམས་དཔེས་མཚོན་མི་དགོས་པར་མངོན་སུམ་དུ་སྟོན་པར་མཛད། ཡང་མཁའ་འགྲོ་བབས་ནས། གུ་རུ་དག་མཚོ་རྒྱལ་འདི་བཞིན་གསུངས། གཞན་ག་ན་ཡོད་ངོ་མཚར་ཆེ་ཟེར། རྡོ་རྗེ་ལེགས་པ་བབས་ནས་ཨོ་རྒྱན་རྫོང་དུ་འབྱོན་དགོས་པ་དང་སློབ་་སོགས་ཀྱི་ལུང་བསྟན་ཕུལ། ནམ་གྲུ་བབས་ནས་དེར་མི་བཞུད་པར་ཞུས་པ་ལ་དགའ་མི་(སྟོད་ཆ།༣༤༢)དགའ་སེམས་ཀྱི་ཆོ་འཕྲུལ་ཡིན་མོད་སོགས་གསུངས་པས་ཡི་རང་ཕུལ། གཞན་ཡང་ལྷ་རིངས་བྲག ཨོ་རྒྱན་རྫོང་། ཞྭ་ལྷ་ཁང་སོགས་གསོ་དགོས་པ་དང་། བསྟན་བཅོས་རྩོམ་པའི་རྗེས་གནང་ལུང་བསྟན་ཀྱང་ཐོབ། ཨོ་རྒྱན་ཆེན་པོ་ཡབ་ཡུམ་གྱིས་རྫོགས་པ་ཆེན་པོ་ཀུན་བཟང་དགོངས་པ་ཀུན་འདུས་སྐོར་ཏེ་གཏེར་ཀ་གཉིས་སུ་མཛད་དེ་མཆིམས་ཕུའི་མཆོད་རྟེན་དང་ལྷ་ཁང་གི་ཀ་གདན་ལ་སྦས་པའི་ཕྱི་མ་ཉིད་དབྱངས་ཅན་ལྷ་མོ་མཆེད་ལྔས་ལུང་བསྟན་པ་བཞིན་སྐབས་དེ་ཉིད་དུ་འདོན་པར་མཛད། དེ་ནས་གཤེགས་པའི་ལམ་དུ་རྡོ་རྗེ་གཡུ་སྒྲོན་མ་བསྟན་མ་བཅུ་གཉིས། ལྷ་རབས་མཆེད་དགུ་རྣམས་ཀྱིས་བསུས་ཏེ་གངས་རི་ཐོད་དཀར་དུ་བྱོན། དགོན་གནས་བཏབས་ཏེ་ཨོ་རྒྱན་རྫོང་གནས་སུ་བཏགས་ནས་དེར་སྐལ་ལྡན་གྱི་སློབ་མ་ཉི་ཤུ་རྩ་གཅིག་ལ་མཁའ་འགྲོ་སྙིང་ཐིག་གསུངས་པ་སོགས་ཆོས་འཁོར་ཡང་རྒྱ་ཆེར་བསྐོར། རྣལ་འབྱོར་པ་འོད་ཟེར་གོ་ཆས་བསྐུལ་ནས་མཁའ་འགྲོ་ཡང་ཐིག་ཡིད་བཞིན་ནོར་བུའི་ཡིག་ཆ་རྣམས་མཛད་པའི་ཚེ་འཇའ་འོད་དང་མཁའ་འགྲོའི་འདུ་བ་སོགས་ངོ་མཚར་བ་བྱུང་ཞིང་། ཡང་ཏིག་སྐོར་གསུམ། རང་གྲོལ་སྐོར་གསུམ། མཛོད་བདུན་ཕལ་ཆེ་བ་སོགས་གསུང་རྩོམ་ཀྱང་གནས་འདིར་མཛད་པ་ཁོ་ན་མང་། ཐོ་རེངས་ཁ་ཞིག་མཚན་ལམ་དུ་རིག་འཛིན་ཀུ་མ་རཱ་ཛ་བྱོན་ནས་སྡིགས་མཛུབ་མཛད་དེ་ཅང་མི་གསུང་བས་དབང་གི་བརྡར་མཁྱེན་གཤེགས་པའི་མཚན་མ་བྱུང་བ་ཡང ་ཏིང་ངེ་འཛིན་གཅིག་གིས་མོད་ལ་བཟློག ཉི་མ་རྩ་ཤར་གྱི་སྐབས་ཤིག་ཤར་ཕྱོགས་ཀྱི་ནམ་མཁའ་ནས་སྒྲ་ཞིག་བྱུང་སྟེ་གཟིགས་པས། འོད་ཀྱི་ཚོམ་བུའི་དབུས་སུ་ཀུན་བཟང་ནི་(སྟོད་ཆ།༣༤༣)ཁྲོའི་དཀྱིལ་འཁོར་མང་པོས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་གང་བ་དང་། བི་མ་ལ་སྐུ་མདོག་ལྗང་སེར་མཁའ་སྤྱོད་ཀྱི་བླ་མ་བཞི། ཀུ་མ་རཱ་ཛ་ལོངས་སྐུའི་ཆས་ཅན། ཨོ་རྒྱན་པདྨ་རྒྱལ་པོ་རྣམས་གཟིགས། སྐབས་དེ་ནས་ལྷ་དང་བླ་མའི་ཞལ་གཟིགས་ལུང་བསྟན་དང་། ལྷུན་གྲུབ་འོད་གསལ་ཚད་ཕེབས་ཀྱི་སྣང་བ་རྒྱུན་ཆགས་པར་བྱུང་ཞིང་སྐུས་བར་སྣང་རི་བྲག་ལ་ཐོགས་མེད་དུ་གཤེགས་པ་དང་། གསུང་གི་ཆ་ཤས་ཕྲ་མོས་ཀྱང་དཔྱོད་ལྡན་གྱི་ཡིད་འཕྲོག་ཅིང་། ཐུགས་རྟོགས་པི་གདེང་ནི་རྡོ་རྗེའི་གསུང་གིས་ཡང་ཡང་བསྟན་པ་སོགས་ཚད་རྣམས་ཀྱང་མངོན་སུམ་དུ་གྱུར། ལྷ་རིངས་བྲག་ཏུ་ཞི་ཁྲོའི་སྐོངས་ཀྱི་ཆོ་ག་མཛད་དུས་ན་མཁའ་ལ་ཞི་ཁྲོའི་དཀྱིལ་འཁོར་ཚོམ་བུར་བཅས་པ་དེར་ཡོད་ཀུན་གྱིས་མཐོང་། དེ་ཡལ་ནས་ལྷོ་ནུབ་མཚམས་ཀྱི་ནམ་མཁར་བི་མ་ལ་བཞུགས་པའི་ཕྱག་མཛུབ་ཤར་ལྷོ་མཚམས་སུ་གཏད་ནས་ལྷ་ཁང་གསོ་བའི་ལུང་བསྟན་གྱི་བསྐུལ་མ་མཛད། དེ་སྐབས་མནལ་ལམ་དུ་བི་མ་ལ་སེང་གེ་བཞིའི་ཁྲི་ལ་བཞུགས་པ་ཞིག་གིས། ང་ནི་ཀུ་མ་རཱ་ཛ་ཡིན། པདྨ་བརྩེགས་པའི་ཞིང་དུ་འགྲོ། །སངས་རྒྱས་བསྟན་པ་དར་བར་གྱིས། གསུངས་པས་བླ་མ་ཀུ་མ་རཱ་ཛ་གཤེགས་པར་མཁྱེན་ཏེ་དགོངས་པ་རྫོགས་ཐབས་སུ་འཁོར་གསུམ་ཡོངས་དག་ལན་གསུམ་དང་། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་མི་ནུབ་པའི་ཆེད་དུ་སྐུ་ལུས་དུ་མར་སྤྲུལ་བ་དང་། གཟའ་བདུད་བྲན་དུ་བཀོལ་བ་སོགས་རྫུ་འཕྲུལ་ངོ་མཚར་བས་ཐེག་མཆོག་རིན་པོ་ཆེའི་མཛོད་ཡུན་ཐུང་ངུས་གྲུབ་པར་མཛད། རྒྱ་མ་གནས་སུ་བསོད་ནམས་སེང་གེ་དང་སློབ་དཔོན་དཔལ་མཆོག་སོགས་དགེ་བཤེས་མང་དུ་འདུས་པ་ལ་སྙིང་ཐིག་གི་ཁྲིད་མཛད་ཚེ་དྲི་བ་ལ་ཐུག་་པ)༣༤༤)ན་བགྲོ་གླེང་བྱེད་པར་ཞུས་པས། དེ་ལྟར་ན་ཟླ་བ་གཅིག་གི་བར་དུ་མདོ་རྒྱུད་དཔང་དུ་བཞག་སྟེ་རྩོད་པ་བྱེད་གསུངས་ནས་ལུང་རིགས་གནམ་ལྕགས་འབར་བས་མཁས་རློམ་གྱི་རི་བོ་བསྙིལ། སྒོམ་པ་ཀུན་རིན་གྱིས་འབྲི་གུང་དུ་སྤྱན་དྲངས། གྲོག་ཨོ་རྒྱན་གྱི་དགོན་པ་ཕུལ་དད་པས་བསྙེན་ཅིང་གདམས་པ་དུ་མས་ཐར་ལམ་བསྟན། ལུང་བསྟན་བཞིན་ཞྭ་ལྷ་ཁང་ཞིག་གསོས་དུས་དབུ་རྩེའི་ཐད་ནས་གསེར་མགུ་ཚེ་གང་བཏོན་ནས་གཙུག་ལག་ཁང་གི་ཆ་རྐྱེན་དང་རྟེན་གྱི་ན་བཟར་གསོལ། གཏེར་མང་དུ་འདུ་གཔ་ལས་སྒྲུབ་ཐབས་ཟབ་པ་འགའ་ཞིག་བཞེས། དམ་ཅན་བྱིས་པར་བརྫུས་ནས་བཟོ་བོ་རྣམས་ཀྱི་གྲོགས་བྱས། རྡོ་རིང་གཉིས་པོ་སྔར་ཅབ་འགྱེལ་དུ་ཡོང་བ་ཐབས་འཕྲུལ་ཅིས་ཀྱང་མ་ལྷོངས་པ་ཆོས་རྗེ་ཉིད་ཀྱིས་བདེན་སྟོབས་བརྗོད་ནས་སྐུ་ཆོས་ཀྱི་གཡབ་མོས་མོད་ལ་ལྷོངས། ས་རྡོ་སེལ་དུས་འཐོན་པའི་མནན་པ་རྣམས་ལར་གནོན་པར་བརྩམས་པ་ན་ཐུག་ཆོམ་གྱི་སྒྲ་ཆེན་པོས་འཕར་ཞིང་ས་རྡོའི་ཆར་དང་རླུང་འཚུབ་མུན་སྲོད་པ་ལྟ་བུའི་ཆོ་འཕྲུལ་གྱིས་འཁོར་རྣམས་བག་ཁུམས་ཏེ་ཅི་བྱ་རྟོལ་དང་བྲལ་བ་ན་ཉིད་ཀྱིས་སྐུའི་འགྱུར་བ་དང་གསུང་གི་སྔགས་སྒྲ་དྲག་པོས་མནན་པས་ཆོ་འཕྲུལ་རྣམས་མོད་ལ་ཞི། རབ་གནས་མཛད་དུས་སངས་རྒྱས་བྱང་སེམས་ནམ་མཁའ་གང་བས་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བ་དང་། མགོན་པོ་བྱམས་པ། སྐྱེ་བ་གཉིས་འདས་པའི་འོག་ཏུ་པདྨ་བརྩེགས་པའི་ཞིང་དུ་རྒྱལ་བ་རི་རབ་མར་མེའི་རྒྱལ་མཚན་ཞེས་བྱ་བར་འགྱུར་རོ། ཞེས་ལུང་བསྟན་པ་ཟིགས་ཚེས་བཅུའི་མཆོད་པ་མཛད་ཚེ་སློབ་དཔོན་པདྨ་མཁའ་འགྲོའི་འཁོར་དང་བཅས་པ་བྱོན་ནས་བྱིན་གྱིས་བརླབས། ཏི་སྒྲོའི་མཁའ་འགྲོ་རྣམས་ཀྱིས་(སྟོད་ཆ།༣༤༥)བུམ་ཐང་དུ་འབྱོན་པར་ལུང་བསྟན། གནས་དེར་ཞི་ཁྲོའི་སྐོངས་བཤགས་ཡུན་རིང་དུ་མཛད། མིས་མི་ཐར་བའི་བྲག་གཡང་གཟར་པོ་ལ་རྒྱལ་མཚན་དང་བ་དན་བཙུགས། དེ་དག་ཏུ་འགྲོ་བ་མང་པོ་རྗེས་སུ་བཟུང་ནས་ཐར་པའི་ལམ་དུ་རིགས་སད་པར་མཛད། ཕྱིར་ལམ་ལྷ་སར་བྱོན་དུས་འབྲི་གུང་པའི་དབུ་བླར་སོང་གཤིས་ཀྱིས་ཡར་ཀླུངས་པས་ཐོ་མཚམས་པར་བརྩམས་པ་ན་མི་སྣང་བའི་རྫུ་འཕྲུལ་གྱིས་ངན་པ་དེ་དག་དམུས་ལུང་དུ་གྱུར། ཇོ་བོ་ལ་མཆོད་ཅིང་གསོལ་བ་བཏབ་པའི་ཚེ་སྐུ་ལས་འོད་ཟེར་འཕྲོས་པའི་སྟེང་གི་ནམ་མཁར་སངས་རྒྱས་བྱག་སེམས་གྲངས་མེད་བཞུགས་པས་བྱིན་གྱིས་བརླབས་པ་དང་། དམ་ཅན་མང་པོས་བྲན་བཞིན་དུ་དམ་བཅའ་ནོད། ཤུག་གསེབ་ཏུ་ལྷོ་མོན་དུ་ཐེགས་པར་ཕྱོགས། མཁའ་རི་སོགས་གཞི་བདག་རྣམས་ཀྱིས་ཕོ་མ་ནས་བསུས། ལ་ཡག་མན་ཐང་གནས་སུ་མཁན་ཆེན་པས་དབུས་སྐལ་ལྡན་དུ་མས་གུས་པར་མཆོད་ཅིང་ཟབ་ལམ་གྱི་གདམས་པས་སྨིན་པར་མཛད། བུམ་ཐང་དང་སྔ་ལོང་སོགས་མཐའ་འཁོབ་མུན་པའི་གླིང་ལྟ་བུར་དབང་ཁྲི་སེམས་བསྐྱེད་སོགས་སྐལ་བ་དང་འཚམས་པའི་ཆོས་ཀྱི་སྒྲོན་མེས་ཐར་པའི་ལམ་གསལ་བར་བསྟན། ཐར་འདོད་མང་པོ་འདུས་སྡེར་ཚོགས་པ་ལ་ཐར་པ་གླིང་དུ་མིང་བཏགས་ནས་ཏེ་ཞིག་བཞུགས། སླར་ཡང་ལྷོ་འབྲོག་གི་ཆེ་དགུས་སྤྱན་དྲངས་ལ་ཡག་ལྷ་ལུང་དང་མོན་བུམ་ཐང་གནས་སུ་དགེ་འདུན་གཙོ་བོར་གྱུར་པའི་འདུས་པ་སྟོང་ཕྲག་ལོངས་པ་ལ་གསང་བ་སྙིང་ཐིག་གི་དབང་ཁྲི་སྤྱི་དང་ཁྱད་པར་མཁན་ཆེན་འདུན་རྒྱལ་མཚན་ལ་གདམས་པའི་བཀའ་སྲོལ་རྫོགས་པར་གནས་ནས་བསྟན་པའི་གཉེར་གཏད།(སྟོད་ཆ།༣༤༦) ཡར་འབྲོག་ཏུ་ཁྲི་དཔོན་རྡོ་རྗེ་རྒྱལ་མཚན་པས་དད་པས་མཆོད། སྐལ་ལྡན་བཅོ་ལྔ་ལ་མཁའ་འགྲོ་སྙིང་ཐིག་དང་འདུས་པ་མང་པོར་ཆོས་འཁོར་རྒྱ་ཆེར་བསྐོར། མཁྱེན་རྟོགས་དང་འཕྲིན་ལས་ཀྱིས་ཕག་གྲུ་ཏཱ་སི་དད་པར་གྱུར་ནས་གཡོར་པོ་གཞུང་དུ་བསྙེན་བཀུར་བཟང་པོས་ཡུན་རིང་དུ་མཆོད་ཅིང་ཉིས་སྟོང་དུ་ལོངས་པའི་འདུས་པ་ལ་སྙིང་ཐིག་གི་དབང་ཁྲིད་དང་གོང་དཀར་དུ་སི་ཏུ་པ་གཙོ་བོར་གྱུར་པ་ལ་དབང་དང་གདམས་པ་དུ་མས་རྗེས་སུ་བཟུང་། ས་སྐྱ་པའི་བླ་མ་དམ་པ་དང་གསང་ཕུ་བ་གྲགས་བཟང་གིས་ལྟ་གྲུབ་ཀྱི་གནད་ལ་ཐེ་ཚོམ་གཅོད་པའི་དྲི་ཡིག་ཕུ་བར་ཆོས་དང་མཐུན་པའི་ལན་གྱིས་གུས་ཤིང་རངས་པར་མཛད། སྐྱི་ཤོད་གསང་མདར་གླིང་སྟོད་སློབ་དཔོན་ཡོན་རྒྱམ་པ་སོགས་འདུས་པས་བསྙེན་བཀུར་དང་ཆོས་ཀྱི་དྲི་བ་མང་དུ་བྱས་པ་ལུང་རིགས་དང་འབྲེལ་བའི་ལན་གྱིས་སྤོབ་པ་བཅོམས། གསེར་སྲང་བཅུ་སོགས་ཡོ་བྱད་མང་པོས་ཚིམ་པར་མཛད། ལྷ་སར་བྱོན་དགེ་འདུན་མག་པོའི་སེར་ཕྲེང་གིས་བསུས། ལྷ་ར་གཉིས་ཀྱི་བར་དུ་ཆོས་ཀྱི་ཁྲི་བརྩེགས་པའི་སྟེང་ནས་སེམས་བསྐྱེད་སོགས་ཆོས་འཁོར་རྒྱ་ཆེར་བསྐོར། ཁེངས་པའི་བློ་ཅན་མང་པོ་ལུག་རིགས་ཀྱིས་བཏུལ་ནས་དད་པའི་གནས་ལ་བཀོད། གནས་རྟེན་རྣམས་ཅིང་བཤད་སྒྲུབ་ཀྱི་སྡེ་མང་པོར་ཚོགས་གསོག་རྒྱ་ཆེར་སྤེལ་ནས་བསྟན་འགྲོའི་ཕན་བདེ་རྒྱས་པའི་རྒྱུར་བསྔོས། སྙེ་ཕུ་ཤུག་གསེབ་ཏུ་ཕེབས་སྐལ་ལྡན་འདུས་པ་སྟོང་ཕྲག་བརྒལ་བ་ལ་ཟབ་ལམ་རྫོགས་པ་ཆེན་པས་སྨིན་པར་མཛད་ནས་དབུར་སྟོད་དུ་སྤྱན་དྲངས། དབང་དང་གདམས་པ་དུ་མས་བྱིན་གྱིས་བརླབས། དབུར་བཞུགས་ཀྱི་ཕོགས་ཕུལ་(སྟོད་ཆ།༣༤༧)ནས་གྲོག་ཨོ་རྒྱན་དགོན་པའི་ཕུའི་རྫ་འདབས་ནས་མདའི་བྲག་རྩ་ཡན་གང་བའི་ཆོས་ཉན། འབྲི་གུང་གི་མཁན་སློབ་སོགས་ཆོས་འཆད་ཀྱི་སློབ་དཔོན་བཞི་བཅུ་ཙམ་དང་མི་ཆེན་སྐྱ་བཙུན་མང་པོས་མཚོན་འདུས་པ་སུམ་སྟོང་དུ་ལོངས་པ་ལ་འོད་གསལ་རྡོ་རྗེ་སྙིང་པོའི་དབང་ཁྲིད་རྒྱབ་ཆོས་དང་བཅས་པ་གསུངས་ཤིང་ཡོ་བྱད་དུ་མའི་འགྱེད་ཆེན་གྱིས་ཀྱང་ཚིམ་པར་མཛད། སླར་ཡང་གཞན་དོན་ནུས་པ་བརྒྱ་ཕྲག་བརྒལ་བ་དབང་གོང་མ་སོགས་ཐུན་མོང་མིན་པའི་གདམས་པ་དང་རྒྱུད་འགྲེལ་མན་ངག་རྣམས་མཐའ་རྒྱས་སུ་སྩལ། ཆོས་ཐོན་པའི་ཚོགས་འཁོར་གྱི་ཚེ། རང་རེ་དཔོན་སློབ་ཆོས་འཁོར་བསྐོར་ནས་ཚོགས་མཆོད་བེད་པའང་ད་རེས་ཙམ་དུ་གདའ། ཁྱེད་རྣམས་ཀྱིས་ཚེ་འདི་བློས་བཏང་ནས་ཟབ་མོའི་ལམ་གྱིས་གཏན་བདེའི་སྙིང་པོ་ལོངས་པ་གྱིས་ཤིག་ཅེས་ཞལ་བཀོད་ཀྱང་ནན་ཏན་དུ་མཛད། ཞྭ་ལྷ་ཁང་དུ་མཆོད་ཅིང་སྨོན་ལམ་མཛད། དེར་ཁྲོམ་ཆོས་གསུངས་དུས་མེ་ཏོག་གི་ཆར་ངོ་མཚར་བ་བབས། བསམ་ཡས་དུད་གཏོང་དྲུག་གིས་སྤྱན་འདྲེན་ལ་བརྟེན་རྒྱ་མར་དད་ལྡན་དུ་མས་མཆོད་ཅིང་གདམས་པའང་ཅི་རིགས་པ་སྩལ་ནས་མཆིམས་ཕུར་ཕེབས། ཆོས་ཉན་མང་དུ་འདུས་པ་ལ་གསང་བ་བླ་ན་མེད་པའི་ཁྲིད་བཙུགས་ཚོགས་པ་ཆེས་པས་སྤྲོས་མེད་ཀྱི་དབང་ཞག་དུ་མར་སྦྲེལ་བ་ཆོས་བཅུ་དྲུག་གི་བར་དུ་གསུངས་ནས། འཁོར་བའི་རང་བཞིན་སྔར་ནས་ཤེས་ཟིན་ཏེ། འཇིག་རྟེན་ཆོས་ལ་སྙིང་པོ་མེད་པའི་ཕྱིར། ད་ནི་མི་རྟག་སྒྱུ་མའི་ལུས་འདོར་བས། གཅིག་ཏུ་ཕན་པའི་གདམས་ངག་བཤད་ཀྱི་ཉོན། ཞེས་པ་ལ་སོགས་པས་སྣ་དྲངས་ནས། ཐུགས་རྗེ་མངའ་བའི་མགོན་པོ་པདྨ་ཞལ། དབུགས་འབྱིན་མཛད་པ་དེ་ཡིས་(སྟོད་ཆ།༣༤༨)དེང་བཟུང་བས། །འགྲོ་བའི་དུས་བབ་འགྲོན་པོ་ལམ་ཞུགས་བཞིན། འཆི་བས་དགའ་བའི་རྙེད་པ་ལེགས་གྲུབ་པས། །རྒྱ་མཚོར་དོན་ཡོངས་གྲུབ་པའི་ཚོང་པ་དང་། །གཡུལ་ལས་རྣམ་པར་རྒྱལ་བའི་ལྷ་དབང་དང་། བསམ་གཏན་གྲུབ་པའི་བདེ་བས་ཆེས་ལྷག་གོ །ང་ནི་མི་སྡོད་པདྨ་ལས་འབྲེལ་རྩལ། །འཆི་མེད་བདེ་ཆེན་བཙན་ས་འཛིན་དུ་འགྲོ། །ཞེས་དང་། ད་རེས་ཚེ་འདིར་འབྲེལ་པ་དེ་ལས་མེད། ཕྱོགས་མེད་སྤྲང་པོ་གང་བདེར་འཆི་བ་ལ། མྱ་ངན་མ་བྱེད་རྒྱུན་དུ་གསོལ་བ་ཐོབ། །ཅེས་སོགས་ཀྱི་ཞལ་ཆེམས་གསུངས་པ་བཞིན་དུ་དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་པ་ཅུ་མོ་ཡོས་ཀྱི་ལོ་རྒྱལ་ཟླའི་ཚེས་བཅོ་བརྒྱད་ཀྱི་གྲོ་ཁར། དེ་ཡི་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། སྐྱེ་བ་སྐྱེད་མོའི་ཚལ་འགྲོ་ལྟར་རྟོགས་ནས། ཞེས་པ་དེ་སྐྱེས་བུ་ཆེན་པོ་འདིས་ཉམས་འོག་ཏུ་ཆུད་པས་ཆོས་སྐུའི་བཞུགས་སྟངས་ཀྱིས་གདོད་མའི་ཟད་པར་གཤེགས་སོ། དེའི་ཚེ་རྡུལ་བྲལ་གྱི་ནམ་མཁར་འཇའ་ཚོན་གྱི་གུར་དང་མེ་ཏོག་གི་ཆར་སོགས་ངོ་མཙར་བའི་ལྟས་ཟླ་མཆོད་ཀྱི་བར་རྒྱུན་ཆགས་པ་དང་། ཁྱད་པར་གདུང་སྲེང་ཁང་དུ་སྤྱན་དྲངས་ཚེ་ས་ལན་གསུམ་དུ་གཡོས། ཐུགས་ལྗངས་སྤྱན་གསུམ་མེས་མ་རྨས་པ་དང་རིགས་ལྔའི་གདུང་རིང་བསྲེལ་གྲངས་མེད་པ་བྱོན། ནང་རྟེན་སྐུ་འབག་དང་ཕྱི་རྟེན་བྱང་ཆེན་མཆོད་རྟེན་ཀྱང་གནས་དེར་བསྒྲུབས་སོ། དམ་པ་འདི་ཉིད་ཤེས་བྱ་ཐམས་ཅད་མཁྱེན་ཅིང་གཟིགས་པས་རྒྱལ་བའིབ་སྟན་པ་མདོ་སྔགས་སྤྱི་དང་། ཁྱད་པར་གསང་ཆེན་རྫོགས་པ་ཆེན་པོའི་ལམ་སྲོལ་ཇི་བཞིན་འཁྲུལ་མེད་དུ་སྟོན་པའི་གསུང་རབ་དུ་མ་མཛད་པ་མཁས་པ་ཕལ་གྱི་བློར་མ་ཤོང་བས་དངོས་སུ་འབེལ་གཏམ་དང་བརྒྱུད་ནས་བྲི་ཡིག་ཕུལ་བ་(སྟོད་ཆ།༣༤༩)ཀུན་ལ་རིགས་ཤིང་འཐད་པའི་ལན་མཛད་པས་ངེས་ཤེས་སྐྱེས་ནས་ཆོས་དང་གང་ཟག་ལ་དད་པ་ཐོབ་ཅིང་ཀུན་མཁྱེན་ཆོས་རྗེ་ཞེས་དོན་མཐུན་གྱི་མཚན་ཤུགས་འབྱུང་དུ་ཐོགས། མདོར་ན་བསིལ་ལྡན་ཁ་བའི་ལྗོངས་འདི་རམཁས་པ་དང་གྲུབ་པའི་ཚོགས་སུས་ཀྱང་འགྲན་པའི་ཟླ་དང་བྲལ་བའི་ཚུལ་རྗེ་ནིད་ཀྱི་ཞལ་སློབ་ལྡན་སྒོམ་ཆོས་གྲགས་བཟང་པོ་ཞེས་རྣམ་དཔྱོད་དང་ལྡན་པ་དེས། ངག་གི་དབང་པོའི་འཆད་ལུགས་མཐོང་ཙ་ན། སྐུ་མཆེད་གསུམ་གྱི་འཆད་ལུགས་དིགས་དིགས་པོ། །ཀློང་ཆེན་རབ་འབྱམས་རིག་གྲར་རྩོད་ཙ་ན། །སྣ་ཚོགས་རང་གྲོལ་ལྟ་དགོངས་མཐོང་ཙ་ན། ཆེན་པོ་གསུམ་གྱི་གྲུབ་མཐའ་ཡུལ་ཡུལ་པོ། །ཞེས་སོགས་ཀྱིས་བསྔགས་པ་བརྗོད་པ་ལྟར་རོ། །སྔོན་དབེན་པར་གཤེགས་ནས་མི་རིང་བའི་དུས་ཡན་ཆད་དུ་ཕར་ཚད་སོགས་གཞུང་བ་འགའ་ཡང་བློ་གསལ་ཅི་རིགས་པར་གསུངས། ཕྱིས་འགྲོ་དོན་མངོན་གྱུར་དུ་ཕྱོགས་ནས་སྟར་ཆགས་པའི་འཆད་ཉན་དགོན་གནས་ལ་བརྟེན་པ་མ་བསྐྱོངས། དེག་པའི་རི་ངོགས་རྣམས་སུ་ཕུག་པ་དང་རྡོར་བའི་སྐྱོར་བརྩིགས་རྩྭ་དང་ལོ་མའི་བླ་གབ་ཅན་གྱི་ཁང་བུ་ཙམ་ལ་བརྟེན་ནས་ཟང་ཟིང་གི་འཁོར་དང་ལོངས་སྤྱོད་ཀྱི་འཁྲི་བ་བཅད་ནས་སྒྲུབ་པ་ཁོ་ན་ལ་བཞུགས་ཀྱང་། ཐར་པ་དོན་གཉེར་གྱི་སྐལ་ལྡན་དུ་མ་བརྒྱུད་མར་འདུས་པ་ལ་སོ་སོའི་བློ་དང་འཚམས་པའི་མདོ་སྔགས་ཀྱི་གཞུང་བཤད་དབང་ཁྲིད་སོགས་ཆོས་ཀྱི་སྒོ་རིས་མེད་པར་གསུངས་ཤིང་། ཁྱད་པར་གསང་བ་བླ་ན་མེད་པའི་དབང་ཁྲིད་རྣམས་གཙོ་བོར་གསུངས་པ་ལས།(སྟོད་ཆ།༣༥༠) འདུས་པ་མང་བ་སུམ་སྟོང་ཙམ་ནས་བརྒྱ་ཕྲག་སོགས་མང་ཉུང་ཅི་རིགས་པ་ལ་ཡང་དང་ཡང་དུ་གསུངས་ཤིང་། དུས་མཉམ་གྱི་སྐྱེས་ཆེན་ཕལ་མོ་ཆེས་ཆོས་འདི་དང་འབྲེལ་བའི་མན་ངག་ཅི་རིགས་པ་མ་གསན་པ་མེད་པ་ལྟ་བུ་དང་། དབང་ལུང་མན་ངག་རྫོགས་པར་ཐོབ་པ་ནི་སྟོང་ཕྲག་མང་པོ་དང་། ཉམས་མྱོང་དྲོད་ཚད་ཐོབ་པའང་ཤིན་ཏུ་མང་བས་ལྗོངས་འདིའི་རི་སུལ་ཐམས་ཅད་རྫོགས་ཆེན་པོ་ཞེས་མིང་དོན་མཚུངས་པའི་སྲོལ་མ་ནུབ་ཙམ་དར། བར་སྐབས་སུ་ཤིན་ཏུ་དར་བ་རྣམས་ནི་དམ་པ་འདི་ཁོ་ནའི་མཐུར་ཤེས་པར་བྱའོ། དེ་ལྟར་ན་དམ་པ་འདི་ལ་སྤྱིར་མཁས་གྲུབ་ཀྱི་སློབ་མ་མཐའ་ཡས་ཀྱང་སྙིང་པོ་བསྡུ་བའི་སྐབས་སུ་སྒྲུབ་པ་ཁོ་ན་ཕན་ཡོན་ཆེ་བར་གདམས་པ་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་གཙོ་བོར་མཛད་པ་ཆེས་མང་བ་ལས། གཙོ་བོར་གྱུར་པ་ནི། མཁས་གྲུབ་ཁྱབ་བརྡལ་ལཧུན་གྲུབ་གུ་རུ་འོད་གསལ་རང་གྲོལ། མཁས་གྲུབ་བདེ་ལེགས་རྒྱ་མཚོ། བྱ་བྲལ་བཀྲ་ཤིས་འབྱུང་གནས། གྲོག་ཨོ་རྒྱན་ཆོས་རྗེ། རྒྱལ་སྲས་བཟོད་པ་གྲགས། ལྡན་སྡོམ་ཆོས་གྲགས་བཟང་པོ། འཁྲུལ་ཞིག་སངས་རྒྱས་དབོན་པོ། ཤུག་གསེབ་པ་ཡེ་ཤེས་རབ་འབྱམས་རྣམས་ཕྲིན་ལས་ཀྱི་རྒྱུན་རྒྱ་ཆེར་སྐྱོང་མཁན་ཡིན་ཅིང་། དེ་དག་ལས་སྙིང་པོའི་ཉམས་ལེན་དང་འཆད་ཉན་གྱི་ཕྲིན་ལས་བསྐྱང་བ་དུ་མས་ཕྱོགས་ཀུན་འགེངས་པར་སློབ་རྒྱུན་དང་ཆོས་བརྒྱུད་འཛིན་པ་བསམ་གྱིས་མི་ཁྱབ་སྟེ་རྒྱ་ཆེར་འཕེལ་བར་གྱུར་ཏོ། (སྟོད་ཆ།༣༥༡)སློབ་ཚོགས་དེ་དག་ལས་རང་ལུགས་བརྒྱུད་པའི་ལོ་རྒྱུས་ཟུར་ཙམ་སྨྲོས་ན་ཀུན་མཁྱེན་ཆེན་པོ་ནས་བརྒྱུད་ཚུལ་མང་དུ་གྱེས་པའི་ནང་ནས་ཡོངས་སུ་གྲགས་པའི་བརྒྱུད་ཚུལ་ཁྱད་པར་འཕགས་པ་གཅིག་ལ། བྱ་བྲལ་བཀྲ་ཤིས་འབྱུང་གནས་ནི། འཕན་ཡུལ་དགོན་རྙིང་དུ་ཁྱུང་པོའི་རིགས་སུ་འཁྲུངས། དགུང་ལོ་དྲུག་པ་ལ་ས་སྐྱ་པ་བླ་མ་བསོད་ནམས་རྒྱལ་མཚན་ལས་རབ་ཏུ་བྱུང་། སྤྱན་སྔ་བྱམས་ཆོས་པ། ཇོ་གདན་བློ་གྲོས་དཔལ། བླ་མ་སངས་འོད་པ། གུ་རུ་དཀོན་གཞོན་པ་སོགས་ལས་ཆོས་བཀའ་ཇི་སྙེད་པ་གསན། ཀུན་མཁྱེན་ཆེན་པོ་ལས་སྙིང་ཐིག་ཡ་བཞི་གཙོ་བོར་གྱུར་པའི་ཟབ་ཆོས་མང་དུ་གསན། ཀུན་མཁྱེན་པའི་ཞལ་སློབ་བསྟན་པ་སྤེལ་བའི་བཤེས་གཉེན་བཞིར་གྲགས་པའི་ཡ་གྱལ་ཡིན། ཁྱད་པར་མཁས་གྲུབ་ཐར་པ་གླིང་པ་ལས་བསྙེན་པར་རྫོགས་ཤིང་ཟབ་ཆོས་བུམ་པ་གང་བྱོར་གསན། རི་གཙུག་ཕྱུག་མོའི་མགུལ་དུ་ལོ་གསུམ་དུ་སྒྲུབ་པའི་ཉམས་ལེན་དང་། སླར་ཡང་བླ་མའི་སྐུའི་རིམ་གྲོ་པའང་མཛད་ནས། ཕྱིས་བླ་མ་གཤེགས་རྗེས་གདན་ས་རེ་ཞིག་གཟུང་བ་རྗེ་དབོན་ལ་གཏད་ནས་འཕན་ཡུལ་ཟིངས་པ་སྟག་མགོའི་རི་ཁྲོད་བཏབ། དེར་འགྲོ་ཕན་རྒྱ་ཆེར་མཛད་པས་སྟག་འགོ་བྱ་བྲལ་ཆོས་རྗེར་གྲགས། བུ་སློབ་ཚོས་བརྒྱུད་འཛིན་པ་མང་དུ་ཐོན། འདི་ལས་བརྒྱུད་པ་འགའ་ཞིག་ཏུ་སངས་རྒྱས་དབོན་ཞེས་འབྱུང་བ་ནི། མཁས་གྲུབ་བདེ་ལེགས་པའི་དབོན་པོ་ཡིན་གྱི། ཀུན་མཁྱེན་གྱི་དབོན་ཤེས་རབ་རྒྱ་མཚོ་དང་གཅིག་པར་མི་བཟུང་ངོ་། གུ་རུ་གཞན་ཕན་པ་ནི། དམར་རིགས་བསོད་ནམས་སེང ་གེ་ཞེས་པའི་སྲས་སུ་འཁྲུངས་ཆོས་རྡོ་རྗེ་སྐུ་བར་གྲགས་པ་དེའི་གཅུང་ཡིན། གཞོན་(སྟོད་ཆ།༣༥༢)ནུ་ནས་བསྟན་པའི་སྒོར་ཞུགས། ལྷོ་བྲག་ཕྱག་རྡོར་བ་ལ་ཡི་དམ་གྱིས་ལུང་བསྟན་པའི་སློབ་མ་བརྒྱད་ཀྱི་གཅིག་ཡིན། ཕྱག་རྡོར་ལོ་དྲུག་བསྒྲུབས་པས་ཞལ་གཟིགས། མི་རབས་བདུན་དུ་བྱིན་གྱིས་བརླབ་པའི་ལུང་བསྟན་ཐོབ། །དབུ་རུར་བྱ་བྲལ་ཆོས་རྗེ་ལས་སྙིང་ཐིག་ཡ་གཞི་གསན་པས་མཙོན་བླ་མ་མང་པོ་ལས་ཆོས་བཀའ་ཅི་རིགས་པ་གསན། ཁྱད་པར་རྫོགས་པ་ཆེན་པོ་ལ་སྒོམ་སྒྲུབ་དང་འཆད་སྤེལ་སྙིང་པོར་མཛད། རྒྱལ་སྣང་དུ་དུང་དགོན་གྱི་རི་ཁྲོད་བཏབ་ནས་དོན་གཉིས་ཀྱི་པྲིན་ལས་རྒྱ་ཆེར་བསྐྱངས། དེའི་སྲས་ནམ་མཁའ་རྡོ་རྗེ་ནི། དུང་དགོན་དུ་འཁྲུངས། རྩེ་ས་ཐོད་དུ་མཚན་ཉིད་ཀྱི་ཐོས་བསམ་དང་ཐལ་དུ་སྒོམ་ཁྲིད་རྣམས་ཞུས། ཁྱད་པར་ཡབ་ལས་རྫོགས་ཆེན་གྱི་གདམས་ཁྲིད་རྣམས་གསན་ཅིང་བསྒོམས་པས་ཉམས་རྟོགས་ཀྱི་ཀློང་བརྡོལ་ནས་རྫོགས་ཆེན་རྟོགས་པའི་མངའ་བདག་ཏུ་གྱུར། ཕྱག་རྡོར་བསྒྲུབས་པ་གཏུམ་པོ་ཁྱུང་ལྔས་བསྐོར་བ་གཟིགས། གཟའ་ཀླུ་སོགས་གདོན་ཅན་གྱི་ནད་པ་ལ་སྲུང་མདུད་དང་སྔགས་ཆབ་བཏབ་པས་ཀྱང་ནད་གདོན་ཞི་བའི་ནུས་པ་དང་ལྡན། རྫོགས་ཆེན་གསང་བ་སྙིང་ཐིག་ལ་ཉམས་ལེན་དང་ཡབ་ཀྱི་གདན་ས་དང་རི་བོ་ཁྲོན་སྟེང་དཔལ་སྡེངས་སོགས་ཀྱང་བཟུང་ནས་འགྲོ་ཕན་སྙིང་པོར་མཛད་པ་ཞིག་གོ། དེའི་སྲས་འོད་གསལ་ཀློང་ཡངས་ནི། རྒྱས་སྨན་སྐྱེད་སྦུག་ཏུ་འཁྲུངས། དེའི་སྲས་འོད་གསལ་ཀློང་ཡངས་ནི། རྒྱས་སྨན་སྐྱེད་སྦུག་ཏུ་འཁྲུངས། སྤྱན་གཡས་སུ་རབ་ཏུ་བྱུང་། དགུང་ལོ་དགུ་ནས་བཅུ་བཞིའི་བར་ཡབ་ཆོས་རྣམས་གསན་ཅིང་སྦྱངས། གནས་ལུགས་རང་ངོ་འཕྲོད། རང་སྣང་ཞི་ཁྲོའི་དཀྱིལ་འཁོར་དུ་གསལ་བར་ཤར། དུས་གནས་ཅི་རིགས་པར། གྲུབ་ཆེན་ཐང་སྟོང་རྒྱལ་པོ། གཏེར་ཆེན་པདྨ་གླིང་པ། འབྲུག་པ་རྒྱལ་(སྟོད་ཆ།༣༥༣)དབང་རྗེ། བྲག་སྒོ་བ་ཀུན་དགའ་བསམ་གཏན། ཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚན། ཐེལ་ལྷུན་བདེ་རབ་འབྱམས་པ། རྫོགས་ཆེན་པ་ཀུན་དགའ་བཀྲ་ཤིས། བྱམས་སྡིངས་པ་སངས་རྒྱས་རྣམ་རྒྱལ་སོགས་མཁས་གྲུབ་ཀྱི་བླ་མ་ལྔ་བཅུ་ཙམ་ལ་གསར་རྙིང་གི་གདམས་པ་མཐའ་ཡས་པ་གསན། ཁྱད་པར་ཡབ་དང་རྒྱལ་དབང་རྗེ་རྩེ་བའི་བླ་མར་བཟུང་ནས་དེ་གཉིས་ཀྱི་ཟབ་ཆོས་གསན་སྒོམ་དང་འཆད་སྤེལ་སྙིང་པོར་མཛད། རིག་འཛིན་ཀུ་མ་རཱ་ཛའི་བླ་མ་ནམ་མཁའ་རྡོ་རྗེའི་བསྟི་གནས་རྒྱས་སྨན་མིན་བཞི་དུས་ཀྱིས་ཉམས་པ་གསར་དུ་གསོས། ཟངས་མཚོ་དང་འོད་གསལ་གླིང་རྣམས་ཀྱི་སྒྲུབ་སྡེ་བཙུགས་ནས་ཕྱག་རྫོགས་བསྒོམ་པའི་སྲོལ་གཏོད། དགུང་ལོ་བརྒྱད་ཅུ་བརྒལ་བར་བཞུགས་ཤིང་། དབུས་གཙང་དྭགས་ཀོང་སོགས་སུ་ཕྱོགས་བྲལ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་སོ། །རྫོགས་ཆེན་པ་བསོད་ནམས་རིན་ཆེན་ནི། གཉམ་པེ་ཁུན་དུ་ཁྱུང་པོའི་རིགས་སུ་འཁྲུངས། ལོ་དྲུག་ནས་ཡི་གེ་བྲི་ཀློག་མཁས་པར་མཁྱེན། ཀཿཐོག་པ་བསོད་ནམས་བླ་མ་ལས་རབ་བྱུང་། རྫོགས་ཆེན་སྙིང་པོ་བསྡུས་པ་སོགས་གསན་ཅིང་རྫོགས་པ་ཆེན་པོ་ལ་རིགས་སད་པས། དེ་ཉིད་འཛིན་པའི་བཤེས་གེནན་དུས་དེར་གར་བཞུགས་ཀྱི་སར་དོན་གཉེར་དག་དཀའ་སྤྱད་ཆེན་པོས་བསྙེན་པ་ལས་རིན་པོ་ཆེ་འོད་གསལ་ཀློང་ཡངས། གྲུབ་ཆེན་ཀུན་བཟང་རྡོ་རྗེ། གཏེར་ཆེན་པདྨ་གླིང་པ། ཟབ་ལུང་པ་ཤཱཀྱ་བཟང་པོ། སྨན་རྩེ་བ་བློ་གྲོས་རྒྱལ་མཚན་སོགས་བླ་མ་མང་པོ་ལས་སྙིང་ཐིག་རྣམ་བཞིའི་གདམས་པ་ཆ་ལག་དང་བཅས་པས་མཚོན་གསན་སྒོམ་འཆད་སྤེལ་གྱི་ཕྲིན་ལས་སྙིང་པོར་མཛད། ཕྱིས་ཀོང་ཡུལ་གཙང་པོ་མོག་(སྟོད་ཆ།༣༥༤)དགུའི་དབེན་པར་སྒྲུབ་པའི་དམ་བཅས་བརྟན་པ་ཉིད་ནས་དགུང་ལོ་རེ་བརྒྱད་པ་ལ་གཤེགས་པས་ས་དེ་ཤིན་ཏུ་རྩུབ་ཅིང་མི་མ་ཡིན་གྱི་འདུ་ཚོགས་ཆེ་བས་མི་གཅིག་པུར་འགྲོ་མ་ནུས་པ་ཙམ་ཡོད་ཀྱང་། རྗེ་འདིས་སྒྲུབ་པ་མཛད་པ་དང་ཕྱིས་སྐུ་གདུང་རྡོ་གཉེན་གྲུ་བཞི་ཞིག་ཡོད་པའི་སྟེང་དུ་ཞལ་ཆེམ་ལྟར་ཞུགས་ལ་ཕུལ་བས། ས་དེ་རང་ཞིར་སོང་སྟེ་དུལ་བར་གྱུར་སྟབས། དེར་མཚུངས་མེད་བསྟན་འཛིན་རྡོ་རྗེས་སྒྲུབ་གྲྭ་བཙུགས་པ་ད་ལྟ་ཡང་མ་ཉམས་པར་གནས་པ་འདི་འོ། ཀུན་མཁྱེན་ངག་དབང་པདྨ་ནི། རྒྱས་སངས་གླིང་པའི་ལུང་ཟིན་ཆོས་བདག་གི་གཙོ་བོ་དཔལ་ལྡན་སེང་གེའི་སྲས་ཚ་དཔལ་འབར་དབང་ཕྱུག་གི་སྲས་སུ་ཀོང་པོ་རྐྱེན་བྱ་ཁྱུང་དུ་འཁྲུངས། དགུང་ལོ་བརྒྱད་པའི་དུས་ཀྱི་ཞབས་རྗེས་ཀྱང་ཤིན་ཏུ་གསལ་བ་ཡོད། ཆུང་ངུ་ནས་དམ་པའི་བག་ཆགས་གསལ་བར་སད། ཡབ་དང་། རྫོགས་ཆེན་པ་བསོད་ནམས་རིན་ཆེན་སོགས་བཤེས་གཉེན་མང་པོ་ལས་མདོ་སྔགས་ཀྱི་གསུང་རབ་མང་དུ་གསན་ཅིང་སྦྱངས། ཁྱད་པར་གསང་བ་སྙིང་ཐིག་དང་། སངས་རྒྱས་གླིང་པའི་གཏེར་ཆོས་ལ་མཁྱེན་རྟོགས་ཀྱི་རྩལ་རྫོགས། དགོངས་འགྲེལ་པ་བསྟན་བཅོས་ཀྱང་མང་དུ་མཛད། སློབ་མ་རྣམས་ལ་ཡི་དམ་ལྷའི་སྐུ་དང་། དབེན་པར་སྟག་སོགས་གཅན་གཟན་གྱི་གཟུགས་སོགས་སྟོན་པའི་ཡུལ་བསྒྱུར་བྱེད་ནུས་ཤིང་། རྫས་གཏེར་འགའ་ཡང་བཞེས། ཀོང་ཕྱོགས་སུ་རྙིང་མའི་བསྟན་འཛིན་གཅིག་ལ་མཁྱེན་པ་ཕྲིན་ལས་འགྲན་ལ་མེད་པའི་བཤེས་གཉེན་ཆེན་པ་དེའོ། རྫོགས་ཆེན་པ་བསོད་ནམས་དབང་པོ་ནི། ཀོང་བོ་རྐྱེན་ཚ་གཞུག་(སྟོད་ཆ།༣༥༥)ཏུ་སྐྱུ་རའི་རིགས་སུ་འཁྲུངས། གཞོན་ནུའི་དུས་ཁྱིམ་ཐབ་བཟུང་ནས་སྲས་མོ་ཞིག་ཀྱང་བྱུང་བ། བྱ་ཁྱུང་པ་རྒྱལ་དབང་བསྟན་འཛིན་གྱི་ཕྱག་རྒྱ་མོར་གྱུར། དགུང་ལོ་སོ་བདུན་པ་ལ་སྲིད་པའི་ལས་སྣང་ལ་ངེས་འབྱུང་དང་སྐྱོ་བ་དྲག་པོས་རྒྱུད་བསྐུལ་ཏེ་ཡབབ་ཡུམ་གཉིས་ཀས་བྱ་ཁྱུང་དུ་ཆོས་སྒོར་ཞུགས། ཀུན་མཁྱེན་ངག་དབང་པདྨ་ལས་རྫོགས་ཆེན་སྙིང་ཐིག་སོགས་ཆོས་ཀྱི་གསན་པ་རྒྱ་ཆེར་མཛད། རྒན་ཞུགས་ཀྱིས་རེ་ཆེན་པོ་མེད་ཀྱང་བླ་མས་པྱི་མཐའ་གཟིགས་ནས་གདམས་པ་ཐམས་ཅད་ཚད་སྤྲུགས་སུ་གནང་བ་ནན་ཏན་ཆེན་པོས་བསྒོམས་པས་ལུགས་ཀྱི་རང་ངོ་འཕྲོད། ཙཱ་རི་སྟག་ཚང་དོམ་ཚང་པུ་རི་ཟིལ་ཆེན་སོགས་སུ་དཀའ་སྤྱད་ཆེན་པོས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་ཉམས་རྟོགས་ཕུལ་དུ་ཕྱིན། འཕྱིས་འཚུངས་མེད་བསྟན་འཛིན་རྡོ་རྗེའི་བཀས་གཙང་པོ་མགོ་དགུའི་སྒྲུབ་སྡེར་བཞུགས། བཞུགས་ཁང་སྨྱུག་མའི་གཟེབ་སྤྱིལ་ད་ལྟའང་ཡོད། དེ་སྐབས་གཙང་བསམ་འགྲུབ་རྩེ་ནས་བཤེས་གཉེན་སྐྱེས་ཅེན་སོག་ཟློག་པས་མནལ་ལམ་དག་པ་འོད་གསལ་གྱིས་གཟིགས་ནས་རྒྱལ་བ་འབྲོམ་གྱིས་སྤྲུལ་པར་བསྔགས་ཤིང་བརྟན་བཞུགས་པུལ་བར། རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལ། རྗོད་བྱེད་ཚིག་དང་སྒྲ་ལ་དབང་བ་མང་། དོན་གྱི་ཡེ་ཤེས་སྟོན་མཁས་ཁྱོད་མིན་སུ། ཞེས་སོགས་ཀྱི་བསྔགས་བརྗོད་སྩལ་བས་རྗེ་འདིའི་ཆོས་ཀྱི་ཕྲིན་ལས་ཀྱི་སྒོ་ཕྱེ་བའི་བདག་རྐྱེན་དུ་བྱུང་། དེ་ལ་བརྟེན་ནས་བཀའ་ཆོས་ཞུ་བ་མང་དུ་འདུས་པ་རྣམས་ལ་རྫོགས་ཆེན་སྙིང་ཐིག་སོགས་ངེས་དོན་ཟབ་མོའི་གདམས་པ་གཙོ་བོར་བསྟན་ནས་འགྲོ་དོན་བསྐྱངས། ཁྱད་པར་དུ་རྩེ་ལེ་སྤྲུལ་སྐུ་པདྨ་ལེགས་གྲུབ་དང་། ལྷ་བཙུན་ཀུན་བཟང་རྣམ་རྒྱལ་སྤོ་བོ་རྦ་ཁ་སྤྲུལ་སྐུ་སོགས་སྐྱེས་མཆོག་དུ་མས་(སྟོད་ཆ།༣༥༦)མཚོན་སྐལ་ལྡན་མང་པོའི་དོན་མཛད་ནས། དགུང་ལོ་དོན་དྲུག་པ་ཤིང་གླང་སྨིན་དྲུག་ཟླ་བའི་ཉེར་ལྔ་ལ་ཀོང་ཡུལ་མགོ་དགུའི་སྒྲུབ་སྡེར་སྙུན་པ་མེད་པར་གཤེགས། གདུང་སྦྱངས་པས་དབུ་ཐོད་ལ་ཨ་རང་བྱོན་དང་རིང་བསྲེལ་མང་དུ་འཕེལ་ལོ། ལྷ་བཙུན་ཀུན་བཟུང་རྣམ་རྒྱལ་ནི། ལྷོ་རྒྱུད་བྱར་དུ་མེ་མོ་བྱ་ལ་འཁྲུངས། གུང་ལོ་བཅུ་གཅིག་པ་ལ་གསུང་སྙན་རི་ཁྲོད་དུ་སྤྲུལ་ཨོ་རྒྱན་དཔལ་འབྱོར་ལས་རབ་ཏུ་བྱུང་། དགོངས་འདུས་སོགས་ཆོས་བཀའ་མང་དུ་གསན། ཀོང་པོ་ཐང་འབྲོག་གྲྭ་ཚང་དུ་བྱོན་ནས་སྔགས་ཀྱི་གསན་སྦྱངས་མཛད། ཉེར་ལྔ་པ་ལ་རྫོགས་ཆེན་པ་བསོད་ནམས་དབང་པོ་ལས་གསང་བ་སྙིང་ཐིག་གི་དབང་ཁྲིད་གདམས་པ་མཐའ་རྒྱས་སུ་གསན་པས་ཆོས་ནིད་ཇི་བཞིན་པ་ངོ་འཕྲོད། གཞན་ཡང་ལོ་ཆེན་གཞན་ཕན་རྡོ་རྗེ་སོགས་མཁས་གྲུབ་ཀྱི་བླ་མ་བརྒྱ་ཕྲག་ཏུ་ཉེ་བ་ལས་ཆོས་ཀྱི་གསན་པ་མཐའ་ཡས་པ་མཛད། ཤེལ་རི་དང་མཆིམས་ཕུ་སོགས་དབེན་གནས་མཐའ་ཡས་པ་མཛད། ཤེལ་རི་དང་མཆིམས་ཕུ་སོགས་དབེན་གནས་མང་པོར་སྒྲུབ་པ་ལ་ནན་ཏན་མཛད་པས་རྟོགས་པ་ཀློང་དུ་གྱུར། གནས་དགོན་གྱི་བདག་བཟུང་མེད་པར་ཕྱོགས་བྲལ་གྱི་དབེན་པར་ཟབ་མོ་སྙིང་ཐིག་གཙོ་བོར་གྱུར་པའི་ངེས་དོན་གྱི་གདམས་པས་འགྲོ་དོན་མཛད་པས་རིག་འཛིན་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་ཕྲིན་ལས་རྣམ་རྒྱལ། གྲུབ་ཆེན་ཡེ་ཤེས་ཕུན་ཚོགས་སོགས་འགྲོ་ཕན་ཅན་གྱི་བུ་ཆེན་དང་། ཉམས་རྟོགས་ཅན་གྱི་སྒོ་ཆེན་ཕོ་མོ་མང་དུ་འཐོན། དུས་དེར་ལོ་ཆེན་གཞན་ཕན་རྡོ་རྗེ། ཀུན་མཁྱེན་གསུང་སྤྲུལ། ཀོང་པོ་རྒོད་ཚང་བ། སྙིད་ཕུ་རིག་འཛིན་སྙིང་པོ། དར་ལྡིང་པ་ཕྲིན་ལས་ལྷུན་གྲུབ།(སྟོད་ཆ།༣༥༧) རོང་བ་རྫོགས་ཆེན་པ་སོགས་རྫོགས་ཆེན་ལ་འཆད་ཉན་སྐྱོང་བ་ཐོག་མཉམ་མང་དུ་བཞུགས་ཀྱང་རྗེ་འདི་རྫོགས་ཆེན་འཆད་སྤེལ་གྱི་ཕྲིན་ལས་ལ་གཞན་འགྲན་མེད་ཅེས་སྤྲུལ་སྐུ་གཏེར་བདག་གླིང་པས་གསུངས། སྒོམ་བྱུང་ཤེས་རབ་ཀྱི་ཀློང་བརྡོལ་བས་བསྟན་བཅོས་ཀྱང་མང ་དུ་སྤེལ་བ་སོགས་ཕྲིན་ལས་རླབས་པོ་ཆེའི་ངང་ནས་ལྔ་བཅུ་རྩ་དྲུག་པ་ཆུ་ཕོ་འབྲུག་གི་ལོ་ལ་ཤེལ་བྲག་གི་ཡང་དགོན་དུ་གཤེགས་སོ། ཡང་སྲིད་ཆོས་རྒྱུན་སོགས་འབྲས་གཤོངས་སུ་བྱུང་བས་དེང་སང་འབྲས་གཤོངས་རྫོགས་ཆེན་པར་གྲགས། དག་སྣང་ཆོས་སྐོར་སོགས་བྱུང་ཚུལ་འོག་ཏུ་འཆད་དོ། རྫོགས་ཆེན་པ་ཀློང་རྫོགས་མཐའ་བྲལ་ནི། ལྷ་བཙུན་ཀུན་བཟང་རྣམ་རྒྱལ་གྱི་དབོན་དུ་འཁྲུངས། སྐུ་ན་གཞོན་ནུ་ནས་མཁྱེན་རྟོགས་ཀྱི་རྩལ་རྫོགས། ཁྱད་པར་ལྷ་བཙུན་ཅེན་པོ་ལས་འོད་གསལ་རྡོ་རྗེ་སྙིང་པོ་སྙིང་ཐིག་ཡ་བཞིས་མཚོན་པའི་ཆོས་ཚུལ་དང་གདམས་པ་མཐའ་དག་བུམ་པ་གང་བྱོར་གསན། དབེན་པར་བསྒོམས་པས་གནས་ལུགས་རང་ངོ་འཕྲོད་ཅིང་ཉམས་རྟོགས་ཀྱི་རྩལ་རྫོགས་ནས་རྟོགས་པ་ཀློང་དུ་གྱུར། རྫོགས་ཆེན་གཙོ་བོར་གྱུར་པའི་འཆད་སྤེལ་གྱི་ཕྲིན་ལས་བསྐྱངས་པས་འགྲོ་དོན་གྱི་བཀའ་བབས། ལྷ་བཙུན་ཆེན་པོ་གཤེགས་རྗེས་ཀྱི་བྱ་བ་དང་། །དེ་ལས་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་གྱིས་གསན་པ་ཡིན་ཏེ་ལོ་རྒྱུས་རྒྱས་པ་གདན་རབས་སྐབས་སུ་འཆད་ལ། གྲུབ་དབང་རིན་པོ་ཆེའིསལོབ་མའི་གཙོ་བོ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན། གཏེར་ཆེན་ཉི་མ་གྲགས། དཔོན་སློབ་ནམ་མཁའ་འོད་གསལ་སོགས་དང་།(སྟོད་ཆ།༣༥༨) གཞན་ཡང་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པའི་ཀློང་བརྡོལ་ཞིང་། རིག་པ་ཚད་ཕེབས་ཀྱི་སར་ཕྱིན་པའི་རྟོག་པ་ཀློང་གྱུར་གྱི་རྣལ་འབྱོར་པ་རྟོགས་ལྡན་སེང་ཁྱུ་འབྲོག་པ་ཙམ་ཞིག་ཡོད་ཀྱང་། ཆོས་རྒྱུན་ཕལ་ཆེར་དཔོན་སློབ་རིན་པོ་ཆེ་ནས་འཕེལ་ར་སྣང་སྟེ། དེ་ལས་རྫོགས་ཆེན་རིན་པོ་ཆེ་སྤྲུལ་དབོན་ཟུང་གིས་སོ་སོར་གསན་ཅིང་། ཡང་དཔོན་སློབ་རིན་པོ་ཆེ་ནས་རིམ་བརྒྱུད། བདག་གི་བླ་མ་ཉི་སྤྲུལ་སེམས་དཔའ་ཆེན་པོ་ལ་རྟོགས་པ་དོན་བརྒྱུད་ཀྱི་བསྟན་པ་ལྟར་སྣང་ཙམ་མ་ཡིན་པ་གནས་ལུགས་ཉམས་མྱོང་དང་འབྲེལ་བ་སྙིང་པོའི་བསྟན་པ་རྣལ་མ་འདི་བྱུང་བ་ཡིན་ནོ། ཡང་བརྒྱུད་ཚུལ་གཅིག་ལ་ཀུན་མཁྱེན་ཆེན་པོ་ནས། མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ་སྟེ། རྗེ་འདི་ནི་ལྷོ་བྲག་གི་དད་སྤོར་ཡབ་དཔལ་འདྲེན་དང་། ཡུམ་བསམ་གྲུབ་སྐྱིད་ཀྱི་སྲས་འཁྲུངས། ཆུང་ངུ་ནས་དམ་པའི་རིགས་ཀྱི་ནུས་པ་བསལ་བར་སད། ལོ་ལྔ་ནས་འབྲི་ཀློག་སྦྱངས་པ་ཚགས་མེད་པར་མཁྱེན། བཅུ་གསུམ་པ་ལ་ལྷ་ལུང་གི་སྟན་གཅིག་པའི་སྡེར་རབ་ཏུ་བྱུང་། །བཅུ་བདུན་པ་ལ་ཆོས་ལུང་མཁན་ཆེན་བསོད་ནམས་གྲགས་ལས་བསྙེན་པར་རྫོགས། འདུལ་བའི་བསླབ་བྱ་ལག་ལེན་དང་ལུང་རྣམས་གསན། བཤེས་གཉེན་དུ་མ་ལས་ཕར་ཚད་འདུལ་མགོན་སོགས་མཁས་པར་སྦྱངས་ནས་མཚན་ཉིད་ཀྱི་འདུས་སྡེ་དུ་མར་བཤད་པས་སྙན་པའི་གྲགས་པ་ཐོན། རྒྱལ་སྲས་ཐོགས་མེད་པ་ལ་སེམས་བསྐྱེད་དང་བློ་སྦྱོངས་སོགས་གསན། འཇམ་དབྱངས་ལེགས་ལྡན་པ་ལ་ལམ་འབྲས་སོགས་སྐྱ་པའི་གདམས་པ་རྣམས་དང་། བླ་མ་ཀུན་རིན་པ་ལ་མ་ཏྲ་བརྒྱ་རྩ་སོགས་དང་། གཏེར་ཆེན་རྡོ་རྗེ་གླིང་པ་དང་རིན་ཆེན་གླིང་པ་གཉིས་ཀྱི་སོ་སོའི་གཏེར་ཆོས་(སྟོད་ཆ།༣༥༩)རྣམས་དང་། ཡེ་ཤེས་རྒྱལ་པོ་ལས་འཇམ་དཔལ་ཚེ་བདག་སོགས་ཡོངས་འཛིན་བཤེས་གཉེན་དུ་མ་ལས་མདོ་དང་སྔགས་གསར་རྙིང་གི་ཆོས་བཀའ་མང་དུ་གསན་ཅིང་ཀུན་ཆུབ་པར་མཛད། ཆོས་ལུང་མཁན་ཆེན་བྱང་སེམས་བསོད་ནམས་གྲགས་པའི་བཀས་ལྷ་ལུང་ཇོ་གདན་སྡེའི་མཁན་པོར་བསྐོས། དགེ་འདུན་རྣམས་ཆོས་དང་ཟག་ཟིག་གཉིས་ཀས་མཐུན་པར་བསྐྱངས་ཏེ་ཕུན་སུམ་ཚོགས་པའི་ཞིང་དུ་བསྒྲུབས། དེའི་ཚེ་ཀུན་མཁྱེན་ཆེན་པོ་ལྷོ་མོན་དུ་ཕེབས་དུས་མོན་ཐང་གནས་སུ་སྤྱན་དྲངས། ཕྱོགས་དེར་དབྱར་ངོ་གཅིག་ཏུ་བཞུགས་པ་ཚེ་རབས་ཀྱི་བླ་མར་ངེས་པས་དད་པ་གསུམ་གྱིས་གུས་པར་བསྙེན། གསང་བ་བླ་ན་མེད་པའི་དབང་ཁྲིད་སོགས་གདམས་པ་དུ་མ་སྨིན་པར་གསན། ཀུན་འཁྱེན་མོན་དུ་ཐེགས་རྗེས་ལྷ་ལུང་གི་ཡང་དགོན་ཟེ་མཁར་དུ་སྒྲུབ་ཁང་་བརྩེགས་ཏེ་རྣམ་གཡེང་གི་སྤྲོས་པ་ཐམས་ཅད་ནས་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་རྩེ་གཅིག་པའི་ཉམས་ལེན་ལོ་ལྔ་བར་མ་ཆད་དུ་བཞུགས་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་རྟོགས་པ་མཐར་ཕྱིན། ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས། རྣམ་རས་དང་སྡེ་ལྔ་སོགས་དམ་ཅན་མང་པོས་བཀའ་ནོད་ཅིང་ཕྲིན་ལས་མངོན་སུམ་དུ་བསྒྲུབ་པ་དང་། ཐོགས་པ་མེད་པའི་མངོན་ཤེས་ཀྱིས་ལྐོག་གྱུར་རྣམས་ཇི་བཞིན་པར་ལུང་སྟོན། ཀུན་མཁྱེན་ཆེན་པོ་མོན་ནས་སྤྱན་འདྲེན་པའི་གཙོ་བོར་མཛད་ནས་ལྷོ་བྲག་གི་སྐྱེ་བོ་ཀུན་གྱིས་གུས་པར་མཆོད། ཆོས་འཁོར་རྒྱ་ཆེན་བསྐོར་བར་བསྐུལ། ཁྱད་པར་མཁའ་འགྲོ་སྙིང་ཐིག་གི་གདམས་པ་གསན་ཅིང་སྔར་གསན་པ་རྣམས་ཀྱི་ཞུ་ཏིག་ཀྱང་མཛད། ཆོས་རྗེ་ཉིད་ཤིན་ཏུ་དགྱེས་པས་ཐུགས་ཀྱི་སྲས་སུ་བཟུང་ནས་གདམས་པའི་(སྟོད་ཆ།༣༦༠)གཏད་རྒྱ་མཛད་དོ། སྤྱིར་གསར་རྙིང་གི་ཆོས་སྒོ་རབ་འབྱམས་ལ་དབང་འབྱོར་ཡང་། ཁྱད་པར་གསང་ཆེན་རྫོགས་པ་ཆེན་པོ་ཆོས་རྗེའི་བཀའ་སྲོལ་ཉིད་བཤད་སྒྲུབ་ཀྱི་ཕྲིན་ལས་གཙོ་བོར་མཛད་པས། སྤྲུལ་པའི་སྐུ་གྲགས་པ་འོད་ཟེར། གཏེར་ཆེན་རྡོ་རྗེ་གླིང་པ། གུ་རུ་དོན་ཡོད་པ། བྱ་བཏང་རྒྱལ་མཚན་གྲགས། རྟོགས་ལྡན་ཡེ་དཔལ་བ་དང་། ཚུལ་ཁྲིམས་རྒྱལ་མཚན་སོགས་བསྟན་འཛིན་གྱི་སྐྱེས་མཅོག་དུ་མས་མཚོན་སྐལ་ལྡན་གྱི་བུ་སློབ་མཐའ་ཡས་པ་སྨིན་གྲོལ་དུ་མཛད་ནས་དགུང་ལོ་གོ་བདུན་བཞེས་པ་ས་ག་ཟླ་བའི་ཉི་ཤུ་གནིས་ལ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས། སྤུར་ཟླ་བ་གཅིག་ཏུ་མཆོད་ནས་ཞུགས་སུ་སྦྱངས་པས་རིང་བསྲེལ་མང་དུ་འཕེལ་བ་སོགས་ངོ་མཚར་བའི་ཆོ་འཕྲུལ་གྱིས་ཐམས་ཅད་དད་པ་ལ་བཀོད་དོ། རྒྱལ་སྲས་སྤྲུལ་སྐུ་གྲགས་པ་འོད་ཟེར་ནི། མཁའ་འགྲོ་སྙིང་ཐིག་གི་ཞུས་ལན་གསེར་འཕྲེང་དུ། ལས་འབྲེལ་རྩལ་གྱི་སྐྱེ་བ་ཕྱི་མ། ལོངས་སྐུའི་ཞིང་དར་གཅིག་མྱུལ། དེ་ནས་བུམ་ཐང་ཐར་པ་གླིང་དུ་སྐྱེ། ལོ་བཅོ་ལྔ་ནས་འགྲོ་བའི་དོན་བྱེད། སྲས་ཟླ་བ་གྲགས་པ་ཞེས་བྱ་བ་རྟ་མགྲིན་གྱི་སྤྲུལ་པ་ཞིག་འབྱུང་། དེས་ཀྱང་འགྲོ་དོན་བྱེད། ཅེས་སོགས་ལུང་བསྟན་པ་བཞིན་དུ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་ཉིད་ལྷུན་གྲུབ་འོད་གསལ་ཚད་ཕེབས་ཀྱི་སྣང་འབྱམས་ཀླས་པའི་ཕྱིར་ལོངས་སྐུའི་ཞིང་མྱུལ་བ་དང་། དེ་ལས་འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་སྲས་ཀྱི་ཚུལ་དུ་ཤར་བ་སྟེ། ཡུམ་སྐྱེད་པ་ཡགས་ཞེས་པའི་སྲས་སུ་འཁྲུངས། ཆུང་ངུ་ནས་དམ་པའི་བག་ཆགས་སད། ཡུམ་ལ་གྲོས་འདེབས་ཀྱི་མགུར་གསུང་བ་དང་། དྲུང་དུ་(སྟོད་ཆ།༣༦༡)འདུས་པ་རྣམས་ལ་ཆོས་ཀྱི་བརྡ་སྟོན་པ་བྱུང་། དེ་དག་གི་ཚེ་སྔགས་སྲུང་གིས་པང་དུ་འཚོ་བ་དང་། དྲང་སྲོང་གིས་མེལ་ཚེ་མཛད་པ་མང་པོས་མཐོང་། ལོ་ལྔ་ལོན་པ་ན། ཆོས་རྗེས་ལུང་བསྟན་པ་བཞིན་མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ་ཀྱིས་ལྷ་ལུག་ཟེ་མཁར་དུ་གདན་དྲངས། ཆོས་དང་ཟང་ཟིང་གི་སྲི་ཞུས་ལེགས་པར་བསྐྱངས། དགུང་ལོ་བརྒྱད་པ་ལ་རབ་ཏུ་བྱུང་། མཚན་གྲགས་པ་འོད་ཟེར་དུ་བཏགས། དམ་པའི་ཆོས་ཀྱི་སྒོ་དུ་མ་ལ་གསན་བསམ་དང་ཁྱད་པར་གསང་བ་བླ་ན་མེད་པའི་དབང་ཁྲིད་ལུང་མན་ངག་སོགས་ཀུན་མཁྱེན་ཆེན་པོའི་བཀའ་སྲོལ་མཁན་ཆེན་ཉིད་ལ་མངའ་བ་མཐའ་དག་བུམ་པ་གང་བྱོར་གསན་ཅིང་ཀུན་ཆུབ་པར་མཛད། དགུང་ལོ་དགུ་པ་ལ་གོང་མའི་བུ་སློབ་རྣམས་ཀྱིས་དབུས་སུ་གདན་དྲངས། གྲྭ་བྱམས་སྡིངས། སྒྲགས་རི་བོ། སྙེ་ཕུ་ཤུག་གསེབ། རྒྱ་མ་འབྲི་གུང་སོགས་ཀྱི་དད་ཅན་མང་པོས་གུས་པར་མཆོད། དམ་པའི་ཆོས་ཀྱི་བདུད་རྩི་སྐལ་བ་བཞིན་བསྟན། གཡག་སྡེ་པཎ་ཆེན་གྱིས་ཀྱང་གུས་པར་མཛད་ནས། སྐྱེས་ཐོབ་འཕགས་པའི་ཤེས་རབ་ཀྱིས། །སྙིང་པོའི་དོན་ལ་དབང་འབྱོར་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། གྲགས་པ་འོད་ཟེར་རྒྱལ་གྱུར་ཅིག །ཅེས་ཆེད་དུ་བརྗོད་པས་ཀྱང་བསྔགས། སླར་ཡང་ལྷོ་རྒྱུད་དུ་ཕེབས་པའི་ལམ་ཡར་འབྲོག་ཏུ་བདག་ཆེན་བློ་གྲོས་རྒྱལ་མཚན་དང་། ཁྲི་དཔོན་རྡོར་རྒྱལ་གྱིས་བསྙེན་བཀུར་ཞིང་དམ་པའི་ཆོས་ཀྱི་བཀའ་དྲིན་ནོད། ལྷོ་བྲག་ལྷ་ལུང་སོགས་ནས་མོན་དུ་བྱོན། གླང་མ་མཐིལ་གྱི་སྒྲུབ་སྡེ་བཏབ། བུམ་ཐང་རྔན་ལོང་མན་ལོག་སོགས་མཐའ་འཁོབ་ཀྱི་ཞིང་རྣམས་སུ་འོད་གསལ་རྡོ་རྗེ་སྙིང་པོ་སོགས་དམ་པའི་ཆོས་ཀྱི་སྒྲོན་མེས་སྐལ་ལྡན་མང་པོའི་ཐར་ལམ་(སྟོད་ཆ།༣༦༢)གསལ། སླར་ཡང་བོད་ཀྱི་གདན་ས་རྣམས་སུ་ཕན་བདེའི་ཕྲིན་ལས་རྒྱ་ཆེར་བསྐྱངས། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པའི་བཀའ་སྲོལ་རྣམས་དར་རྒྱས་སུ་མཛད་པས། འཁྲུལ་ཞིག་སངས་རྒྱས་དབོན་པོ། སྲས་ཟླ་བ་གྲགས་པ། བྱ་བཏང་གྲགས་པ་རྒྱ་མཚོ། གླིང་སྨད་ཤེས་རབ་དཔལ་ལྡན། སྤྱད་ལུང་པ་གཞོན་ནུ་བློ་གྲོས་སོགས་མཁས་གྲུབ་ཀྱི་སློབ་མ་མང་དུ་བྱུང་། ཀུན་མཁྱེན་ཆེན་པོའི་དངོས་སློབ་ཐམས་ཅད་ཀྱིས་ཀྱང་ཆོས་ཀྱི་བདུད་རྩི་ཅི་ཐོབ་ཏུ་ནོད་ཅིང་རིང་ལུགས་འཛིན་པས་ཀུན་ཏུ་ཁྱབ་པར་མཛད་ནས་ལྔ་བཅུ་རྩ་བཞི་པ་གླང་ལོ་ཟླ་བ་བཞི་པའི་ཉེར་བཞི་ལ་སྐལ་ལྡན་བྱམས་པ་སྡིངས་སུ་ཞི་བར་གཤེགས། གདུང་སྦྱངས་པས་ལྷ་སྐུ་རིང་བསྲེལ་མང་དུ་འཕེལ། འཇའ་ཚོན་གྱི་གུར་ཁྱིམ་སོགས་ངོ་མཚར་བའི་རྟགས་ཀྱིས་དད་པ་ལ་བཀོད་དོ། འཁྲུལ་ཞིག་ཤེས་རབ་རྒྱ་མཚོས་སྙིང་ཐིག་ལན་བཞི་གསན་པའི་བར་མའི་གསན་ཡུལ་གཉིས་ཀ་ཀུན་མཁྱེན་གྱི་དངོས་སློབ་བརྒྱུད་སྲོལ་འདི་ལ་བྱིན་རླབས་ཆེ་བོ་གཅིག་འདྲེས་སུ་འདུ་ཞིང་བཀའ་དྲིན་ཆེ་ཡང་གསན་ཡུལ་ཐོག་ཐ་གནིས་གྲགས་ཆེ་བས་བག་ལ་ཞ་སྟེ་མཚན་ཙམ་ཐོས་པ་ཡང་ཉུང་བས་བློ་ལྡན་ངེས་ཤེས་འདྲེན་ཕྱིར་སྐབས་འདིར་འབྲེལ་ཆགས་སུ་སྨོས་ན། གསན་ཡུལ་གཉིས་པ་བླ་མ་ཨོ་རྒྱན་པ་ནི། དབུ་རུ་སྟོད་དུ་འཁྲུངས། འབྲི་ཁུང་པའི་འདུས་སྡེར་རབ་ཏུ་བྱུང་། སེམས་བསྐྱེད་སོགས་ཟབ་ཆོས་མང་དུ་གསན། གསང་ཕུར་འདུལ་བ་དང་དབུ་ཕར་སོགས་མཚན་ཉིད་ཀྱི་གཞུང་རྣམས་ལ་མཁས་པར་སྦྱངས། ཁྱད་པར་ཐེལ་གྱི་མཁན་སློབ་སོགས་ལས་འཇིག་རྟེན་མགོན་པོའི་ཟབ་ཆོས་མཐའ་དག་གསན་ཅིང་བསམ་བསྒོམ་གྱིས།(སྟོད་ཆ།༣༦༣) ཀུན་ཆུབ་པར་མཛད་ནས་དབེན་པར་ཐུགས་དམ་ལ་བཞུགས་པ་ལས། འབྲི་གུང་པའི་སྒོམ་པ་ཀུན་རིན་སྲིད་སྡེ་སྐྱོང་བའི་དམན་འཕྲུག་གི་སྡིག་གཡོས་ལ་ཡིད་ཕྱུངས་ཏེ་དམ་པའི་ཆོས་ལ་རིགས་སད། རྫོགས་པ་ཆེན་པོའི་ཟབ་ལམ་ལ་མོས་ཤིང་དུངས་པས་གསན་ཡུལ་གྱི་བླ་མ་ཀུན་མཁྱེན་ཉིད་འགྲན་ཟླ་མེད་པར་བླ་མ་འདིས་མཚམས་སྦྱར་བ་ལས། སྒོམ་པས་འབྲི་ཁུང་དུ་སྤྱན་དྲངས་ཏེ་ཞྭ་ལྷ་ཁང་བསོ་ནམ་གྱི་རྒྱུན་རྐྱེན་དང་ཨོ་རྒྱན་དགོན་པ་ཕུལ་བས་མཚོན་བསྙེན་བཀུར་ཐམས་ཅད་ཀྱིས་གུས་པར་བསྙེན་ཅིང་ཟབ་མོའི་གདམས་པ་སྩལ་བས་ཐར་པའི་ལམ་སྣེ་ཟིན་པར་མཛད། དེ་དག་ཏུ་ཆོས་གསུངས་སོ་ཅོག་དང་། ཁྱད་པར་རྒྱ་མ་གནས་དང་གྲོགས་ཨོ་རྒྱན་དུ་སྙིང་ཐིག་གསུངས་པ་གསན་ཅིང་གུས་པ་གསུམ་གྱིས་བསྟེན། ཆོས་རྗེའི་བཀས་རི་ཁྲོད་དེ་ཉིད་ཀྱི་འདྲེན་པར་བསྐོས། སྒོམ་སྒྲུབ་དང་ཆོས་འཆད་ཀྱིས་བླ་མའི་རྣམ་ཐར་བཟུང་། ཀུན་མཁྱེན་ཆེན་པོ་ལྷོ་མོན་དུ་འགྲོ་ཕན་ཡུན་རིང་མཛད་ནས་བོད་དུ་བྱོན་སྐབས་ཡར་འབྲོག་ཏུ་སྤྱན་འདྲེན་དུ་བྱོན་ཕྱིས་གྲོག་ཨོ་རྒྱན་དུ་འབྲི་ཁུང་སི་ཏུ་ཤཱཀྱ་བཟང་གིས་ཀུན་མཁྱེན་ཆེ་པོ་སྤྱན་དྲངས་ནས་ཆོས་གཞི་བཏེག་སྐབས་སྙིང་ཐིག་གིས་མཚོན་སྤྱི་སྒོས་སུ་ཆོས་གནང་བ་མཐའ་དག་གསན་ཅིང་། ཚོགས་ཀྱི་མཆོད་པ་དང་འཁོར་གསུམ་དག་པའི་འབུལ་བ་ཡང་ལན་མང་དུ་མཛད། ཤིན་ཏུ་དགྱེས་པས་ཕྱོགས་དེའི་བསྟན་པའི་གཉེར་གཏད། ཀུན་མཁྱེན་ཆེན་པོ་གཤེགས་རྗེས་སུ། བླ་མ་འདིས་གྲོག་ཨོ་རྒྱན་སོགས་སུ་ཀུན་མཁྱེན་ཆེན་པོའི་བཀའ་སྲོལ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྟར་ཆགས་སུ་ཀུན་མཁྱེན་ཆེན་པོའི་བཀའ་སྲོལ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྟར་ཆགས་སུ་བསྐྱངས་པ་ལས་སྐལ་ལྡན་གྱི་སློབ་མའི་འདུ་བ་རྒྱ་ཆེར་བྱུང་བའི་ཕུན་ཚོགས་བཟོད་པས་ཨེ་ཝཾ་དང་ཐང་སྐྱའི་བླ་(སྟོད་ཆ།༣༦༤)མ་འབྲི་གུང་དཔལ་འཛིན་དུ་གྲགས་པས་རྫོགས་ཆེན་གཙོར་སྨོས་པའི་རྙིང་མ་ལ་ཆོས་སྤོང་གི་སྒྲིབ་པའི་ཁུར་བཟོད་དཀའ་བ་ཡང་བླངས་སོ། ཞེས་གཏེར་བདག་གླིང་པས་གསུངས་སོ། །ཕྲིན་ལས་ཀྱི་རྒྱུན་བསྐྱངས་ཤིང་། ཞེས་གཏེར་བདག་གླིང་པས་གསུངས་སོ། །ཕྲིན་ལས་ཀྱི་རྒྱུན་བསྐྱངས་ཤིང་། སངས་རྒྱས་དབོན་ཤེས་རབ་རྒྱ་མཚོར་སྙིང་ཐིག་གི་དབང་ཁྲིད་སྒྲུབ་ཕྲིན་ཕྱག་བཞེས་དང་བཅས་པ་མཐའ་རྒྱས་སུ་གསུངས། ཁོང་པ་ཏི་སེར་སྒྲུབ་པ་ལ་འབྱོན་བཞེད་པ་ལས་ལྡོག་སྟེ་ཕྱོགས་འདིར་ཆོས་རྗེའི་ཕྲིན་ལས་སྐྱོང་བར་གདམས་པས། ཆོས་རྒྱུན་ལ་བཀའ་དྲིན་ཆེ་ཞིང་སྒྲུབ་གྲྭའི་རྒྱུན་ཡང་རིང་པོ་བྱུང་། ཀུན་མཁྱེན་གྱི་གསུང་རྣམས་སུ་ལྷུན་གྲུབ་གླིང་གི་གནས་ཞེས་པ་དེ་ཡང་རི་ཁྲོད་འདིའོ། གསན་ཕུལ་གསུམ་པ་རིན་པོ་ཆེ་འོད་གསལ་རང་གྲོལ་ནི། གཡོར་པོའི་གཞུང་དུ་ཡབ་དཔལ་མགོན་དང་། ཡུམ་སེ་མོ་ཞེས་པའི་སྲས་སུ་འཁྲུངས། ལོ་དགུ་པའི་དུས་བྱ་བྲལ། བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་ཞིག་གཟིགས་པས་དམ་པའི་ཆོས་རིགས་སད། དེའི་རྗེས་སུ་འབྲངས་ཏེ་ཐུགས་རྗེ་ཆེན་པོའི་གདམས་པ་གསན་ནས་ཉམས་ལེན་མཛད་པར་བྱིན་རླབས་ཀྱི་མཚན་མ་ཐོབ། བླ་མ་བསོད་ནམས་རྒྱལ་མཚན་ལས་དགེ་བསྙེན་དང་ཉེར་ལྔ་པ་ལས་མཁན་པོ་ཟུམ་ཕུ་བ་དང་སློབ་དཔོན་ཤཱཀ་དོན་བ་ལས་བསྙེན་པར་རྫོགས། སློབ་དཔོན་ལས་འདུལ་བའི་བསླབ་བྱ་ལག་ལེན་རྣམས་གསན་ནས་སྦྱངས། བླ་མ་ཤཱཀྱ་ཤེས་རབ་སོགས་ཡོངས་འཛིན་བཅུ་གསུམ་ཙམ་ལ། ས་རྙིང་དྭགས་ཤངས་ཞི་གཅོད་སོགས་ཆོས་བཀའ་མང་པོ་སྔ་ཕྱིར་གསན་ནས་སྙིང་པོ་ཉམས་ལེན་དུ་བསྒྲིལ། ཙཱ་རི་སོགས་དབེན་གནས་དུ་མར་བསག་སྦྱང་དང་དཀའ་སྤྱད་ཆེན་པོས་སྒྲུབ་པ་(སྟོད་ཆ།༣༦༥)ནན་ཏན་དུ་མཛད་པས་ཉམས་རྟོགས་ཀྱང་བཟང་པོ་འཁྲུངས། འོན་ཀྱང་གཡེང་བ་ཆུང་ཕྱིར་སྒྲུབ་པ་རྩེ་གཅིག་མཛད་བར་ཆད་བོར་བའི་གྲོགས་འགའ་ཞིག་དང་བསྟུན་ནས་ལྷོ་མོན་དུ་བྱོན། རེ་ཞིག་དབེན་པ་མཉམ་དུ་བརྟེན་ཡང་གྲོགས་རྣམས་རྙེད་འཚོལ་གྲོང་མྱུལ་གྱི་གཡེང་བར་འབྱམས། ཉིད་གཅིག་པུས་རྒྱ་ལེ་མཁར་གྱི་བྲག་ལ་སྒྲུབ་པའི་དམ་བཅའ་བརྟན་པར་བཞུགས་པས། ཡུལ་པ་ཐམས་ཅད་དད་དེ་གུ་རུ་འདི་བཟང་པོའོ་ཞེས་མཐུན་པར་བརྗོད་པས་དེ་ཕྱིན་ཆད་རིན་པོ་ཆེ་གུ་རུ་བར་གྲགས། སྐབས་དེར་ཆོས་རྗེ་ཀུན་མཁྱེན་ཆེན་པོ་བུ་མ་ཐང་དུ་པེབས་པ་གསན་ནས་མཇལ་བ་ལ་ཐུགས་དུངས་པས་འབྱོན་པར་བརྩམས་པ་ན། མོན་ནུབ་ཕྱོགས་པ་རྣམས་ཀྱིས་སྤྱན་དྲངས་ཏེ་སྔ་ལོང་དུ་ཕེབས་པ་དང་མཇལ། གུས་པ་མི་ཕྱེད་པས་བཏུད་དེ་ཚེས་བཅུའི་དུས་ཆེན་ལ་ཚོགས་སྟོན་གྱིས་མཆོད་ཅིང་ཡོན་འབུལ་མཛད་པ་དང་འབྲེལ་བར་ཕྱོགས་དེའི་སྐྱེ་བོ་སྟོང་ཕྲག་མང་པོར་ལོངས་པས་ཀྱང་རང་རང་གི་བདོག་དགུ་ཕུལ་ནས་འབྲེལ་ཚད་དོན་དང་ལྡན་པའི་མཚམས་སྦྱར། ཞབས་ཕྱིར་འབྲིང་ཏེ་མིན་ལོག་ཀུན་བཟང་གླིང་དུ་སྙིང་ཐིག་གི་གདམས་པ་གསན་ཅིང་། ཆོས་རྗེ་ཉིད་ཀྱིས་ཨོ་རྒྱན་གླིང་གི་རི་ཁྲོད་དུ་བསྐོས་པ་རེ་ཞིག་བཟུང་། སླར་ཡང་བུམ་ཐང་དུ་ཞབས་ཕྱིར་བསྙེགས་པ་ནས་བཟུང་ཕྱིས་ཀུན་མཁྱེན་ཆེན་པོ་ཞི་བར་མ་གཤེགས་ཀྱི་བར་ཉེ་བར་བཅར་བའི་སྐུའི་རིམ་གྲོ་དང་མཆོད་གཡོག་ཁྲིད་གཉེར་སོགས་སྒོ་ཏམས་ཅད་ནས་དགྱེས་པར་བསྒྲུབས་པས་ཟབ་རྒྱས་ཀྱི་གདམས་པ་ཐོབ་ཆེ་ཞིང་། ཁྱད་པར་གསང་བ་སྙིང་ཐིག་གི་ཁྲིད་བཀའ་ལན་ལྔ་མཐའ་རྒྱས་སུ་གསན་ཅིང་ཕྱིས་ཀུན་མཁྱེན་ཆེན་པོ་ཞི་བར་གཤེགས་པའི་དགོངས་པ་བསྐོང་བའི་མཆོད་འབུལ་(སྟོད་ཆ།༣༦༦)དང་། ཆོས་འཕྲོ་ཡང་འདི་ཉིད་ཀྱིས་གསུངས་པས་མཚོད་དམ་པའི་ཆོས་ཀྱི་ཕྲིན་ལས་མཐའ་ཡས། རྒྱལ་སྲས་སྤྲུལ་སྐུ་སོགས་བུ་སློབ་ཐམས་ཅད་ཀྱིས་ཀྱང་བཏུད། ཐར་པ་དོན་གཉེར་ལ་ཆོས་བཀའ་གསུང་བ་ཙམ་ལས་རྣམ་གཡེང་ཐམས་ཅད་སྤངས་ཏེ་མཆིམས་ཕུའི་གནས་ཆེན་དེ་ཉིད་དུ་སྒྲུབ་པ་ཁོ་ན་ལ་བཞུགས། འཁྲུལ་ཞིག་ཆེན་པོ་ལ་གསང་བ་སྙིང་ཐིག་སོགས་བླ་མའི་བཀའ་སྲོལ་ཐམས་ཅད་རྫོགས་པར་གཏད། མོན་ནས་རྒྱལ་སྲས་སྤྲུལ་སྐུ་དབུས་སུ་ཕེབས་པ་གྲྭའི་བྱམས་སྡིངས་སུ་མཇལ། ཟང་ཟིང་གི་ཡོ་བྱད་དང་བཀའ་མང་དུ་ཕུལ་ཞིང་ཚུར་ཡང་གསན་པ་ཅི་རིགས་མཛད། ཐུགས་ཡིད་གཅིག་ཏུ་འདྲེས། སླར་ཡང་མཆིས་ཕུར་སྒྲུབ་པའི་དམ་བཅའ་བརྟན་པ་ཉིད་ནས་རྩོལ་མེད་ཀྱི་ཡོ་བྱད་གང་འབྱོར་རྣམས་ཆོས་འཁོར་ཡས་མས་སུ་མཆོད་འབུལ་དང་བསམ་ཡས་སྡེ་དགོན་གྱི་འདུས་པར་ཚོགས་མཆོད་བསྙེན་བཀུར་སོགས་དགེ་བའི་དམིགས་སུ་ཐིམ་པར་མཛད་པས་མཚོན་དམ་པའི་རྣམ་རྣམ་ཐར་བཟང་པོ་གསེར་བཞིན་གསལ་བའི་ངང་ནས་གནས་ཆེན་དེ་ཉིད་དུ་ཞི་བར་གཤེགས་སོ། དེ་ལྟར་ཀུན་མཁྱེན་གྱི་དངོས་སློབ་དབུས་གཡོར་གཉིས་སུ་ཕྲིན་ལས་སྐྱོང་བ་རྣམས་ཀྱི་ནང་ནས་འཁྲུལ་གཞི་ཆེན་པོ་ལ་གདམས་པའི་བཀའ་བབས་གཏོད་པ་འདི་གཉིས་གཙོ་བའི་དབང་གིས་འདིར་འཕྲོས་དོན་དུ་བརྗོད་པ་ཡིན་ནོ། །འཁྲུང་ཞིག་སངས་རྒྱས་དབོན་པོར་གྲགས་པ་ཤེས་རབ་རྒྱ་མཚོ་ནི། བསམ་ཡས་སེམས་བསྐྱེད་གླིང་གི་འདབས་སུ་དགེ་བསྙེན་པདྨ་སྐྱབས་དང་། ཀུན་མཁྱེན་པི་དབོན་མོ་སྐྱེད་པ་ཞེས་པའི་སྲས་སུ་འཁྲུངས། ཆུང་ངུ་ནས་བཟང་པོའི་བག་ཆགས་སད་པས་དགེ་འདུན་ཚོགས་པའི་གཏོར་སྐང་(སྟོད་ཆ།༣༦༧)གསན་པས་ཀྱང་ངེས་འབྱུང་འཁུལ་ཏེ་ཆོས་སྒོར་འཇུག་པར་དུངས་ཀྱང་བུ་གཅིག་པའི་བསྒམ་བྱས་མ་གྲུབ་པ་ཁྱི་སྨྱོན་གྱིས་རྨུགས་པའི་རྐྱེན་གྱིས་དགུང་ལོ་བདུན་པ་ལ་མཁན་པོ་ཤེས་རིན་པ་དང་། སློབ་དཔོན་ཤེས་རྒྱལ་བ་ལས་རབ་ཏུ་བྱུང་ནས་བསམ་ཡས་ཚོགས་སྡེར་ཞུགས། ཆོས་སྤྱོད་སོགས་བློ་སྦྱོང་གི་སྐབས་སུ་མཛེ་ཅན་ཞིག་གི་ནད་གཡོག་མཛད་པའི་གྲིབ་ཀྱིས་ཐུགས་རབ་མི་གསལ་བས། མཆིམས་ཕུར་བླ་མ་ཀཱཀ་རིན་པ་ལ་འཇམ་དཀར་ཞུས་ནས་བསྙེན་པས་མི་དཀར་པོ་ཞིག་གིས་ཤེལ་འཕྲེང་བྱིན་པ་དང ་། མེ་ཏོག་དཀར་པོ་ཕོར་བུ་ཙམ་འཐུ་བ་རྨིས་པས་ཤེས་རབ་ཀྱི་རྩལ་བྱེ། སྔ་ཕྱི་ཅི་རིགས་པར། ཆོས་རྗེ་རང་བྱུང་རྡོ་རྗེ། བུ་སྟོན། རྒྱལ་སྲས་པ། བླ་མ་བསོད་ནམས་རྒྱལ་མཚན། ཇོ་ནང་ཕྱོགས་རྒྱལ་བ་རྣམས་དང་། མཁན་ཆེན་བསོད་ནམས་གྲགས་པས་མཚོན་ཆོས་ལུང་མཁན་རབས་བཞི་སོགས་བཤེས་གཉེན་དམ་པ་བཅུ་ཕྲག་ལྔ་ལྷག་པ་ལས་མདོ་དང་སྔགས་གསར་རྙིང་གི་ཆོས་ཚུལ་མཐའ་ཡས་པ་གསན། ཕྱིས་དགུང་ལོ་བཅོ་བརྒྱད་པ་ལ་བླ་མ་བསོད་ནམས་རྒྱལ་མཚན་དང་། སློབ་དཔོན་མཉྫུ་པ་ལ་མཁན་སློབ་ཞུས་ནས་བསྙེན་པར་རྫོགས་པའང་མཛད། བྱ་ལོར་བླ་མ་བསོད་ནམས་རྒྱལ་མཚན་གྱིས་བསམ་ཡས་ཀྱི་སོ་ནམ་རབ་གནས་ཀྱི་ཆོས་འཁོར་ལ་དབུས་ཀྱི་དགེ་འདུན་གྱི་སྡེ་མང་པོ་ཆོས་དཔོན་སོ་སོ་དང་བཅས་ཚོགས་པའི་དབུས་སུ་ཕར་ཕྱིན་གྱི་བཤད་གསར་དང་བསྙེན་བཀུར་བསྒྲུབས། སླར་ཡང་རྩེས་ཐང་གི་ཆོས་གྲྭར་གོ་ཤྲཱི་ཤཱཀྱ་རྒྱལ་མཚན་དང་། སློབ་དཔོན་དཔལ་རྒྱལ་བ་དང་། པཎྜི་ཏ་རྣམས་ལ་ཕར་ཚད་འདུལ་མངོན་རྣམས་སྦྱངས་ནས་མཁས་པའི་གནས་ཐོབ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་ལྷོ་མོན་ནས་ཕྱིར་ཕེབས་པ་གཞུང་(སྟོད་ཆ།༣༦༨)གི་རི་བོར་བཞུགས་པའི་དྲུང་དུ་མཇལ། དངོས་པོའི་ཡོན་འབུལ་བ་དང་། འཁོར་གསུམ་བརྒྱ་ཙམ་ལ་དར་འགྱེད་མཛད། རྫོགས་ཆེན་གསང་སྐོར་དང་། ཀུན་བྱེད་སོགས་བཀའ་གཏེར་གྱི་དབང་ཁྲིད་མན་ངག་མང་པོ་གསན། ཞབས་ཕྱིའི་གྲོས་དབང་རྣམས་ཀྱིས། ཁྱེད་རག་དབོན་པོ་ངོ་མར་འདུག་པས་ཉེ་གནས་སུ་བཞུགས་ཞེས་བསྐུལ་ཡང་། ཆོས་རྗེའི་གསུང་གིས་ན་སོ་གཞོན་དུས་ཐོས་པ་བྱས་པ་ཁེབས་ཆེ། འོན་ཀྱང་མཚན་ཉིད་པ་འདི་དང་དད་ཆུང་བས་བློ་ཆུད་མ་ཟོས་པར་གྱིས་གསུང་ཐུགས་བརྩེ་བས་ཞལ་བསྐོས་དང་། སྐུ་གསུང་ཐུགས་རྟེན་དབུ་ཞྭ་ན་བཟའ་བཞུགས་སྟན་དང་བཅས་པ་གནང་ནས་དོན་གྱི་བརྒྱུད་པ་གཏད། སླར་ཡང་ཐོས་བསམ་ཅི་རིགས་པ་མཛད་སྐབས་ཁ་ཕྱིར་ལྟའི་ཐོས་པས་ཀྱང་། མཐར་ཐུག་སླེབ་སོ་ཆུང་བར་དགོངས་ནས་རྒྱལ་ནང་གི་དབེན་པར་སྒྲུབ་པ་བཞུགས་པས་སྒོམ་བྱུང་གི་ཤེས་རབ་རྩལ་བྱེ། དེའི་ཚེ་ཀུན་མཁྱེན་ཆེན་པོ་འབྲི་ཁུང་དུ་ཞུགས་པ་སྤྱན་འདྲེན་དུ་བྱོན་ནས་མཆིམས་ཕུར་སྙིང་ཐིག་གི་དབང་ཁྲིད་གསུངས་པ་ཁྲེགས་ཆོད་ཀྱི་ལམ་རྫོགས་པའི་མཚམས་སུ་ཞི་བར་གཤེགས་པའི་སྐུ་གདུང་གི་ཞབས་ཏོག་མཆོད་འབུལ་དང་། ཕྱི་ནང་གི་རྟེན་མཆོད་ཁང་དང་བཅས་པ་བསྒྲུབས། དེ་ནས་ཡབ་ཡུམ་གཉིས་ཀྱང་རིམ་པར་འདས་པ་རྗེས་སུ་བསྐྱངས་ནས་དབེན་པར་སྒོམ་སྒྲུབ་འབའ་ཞིག་མཛད་པར་དགོངས་དབུ་རུར་བྱོན། ཨེ་ཝཾ་དུ་པཎ་ཆེན་པ་ལ་ཆོས་འབྲེལ་ཞུས་ཤིང་། ཁྱད་པར་གྲོགས་ལྷུན་གྲུབ་གླིང་གི་རི་ཁྲོད་དུ་བླ་མ་ཨོ་རྒྱན་པ་དང་མཇལ། ཤིན་ཏུ་དགྱེས་པར་མཛད། གནས་དེར་རྡོ་རྗེ་ཕག་མོ་བསྙེན་པས་བྱིན་གྱིས་བརླབས་པའི་ལྟས་གཟིགས། བླ་མ་ཉིད་ལས་རྫོགས་ཆེན་གསང་བ་ཐིག་གི་དབང་ཁྲི་ལུང་རྒྱབ་ཆོས་དང་(སྟོད་ཆ།༣༧༠)བཏང་གྲགས་པ་རྒྱ་མཚོ་སོགས་སྐྱེས་ཆེན་རྣམས་ལ་གདམས་པའི་གཏད་རྒྱ་མཛད། སྐུ་ཚེའི་སྨད་ལ་སྒྲགས་རི་བོ་ཆེ་མིག་དཔལ་ནགས་ཁྲོད་དུ་བཞུགས་ནས་སྒྲུབ་པ་དང་ཆོས་འཆད་ལས་ནམ་ཡང་མི་གཡེལ་བ་ཉིད་ཀྱི་མཐར་གནས་དེ་ཉིད་དུ་ངོ་མཚར་བའི་ལྟས་དང་བཅས་ནས་གཤེགས་ཤིང་ས་དེར་ཟབ་ལམ་སྙིང་པོར་བྱེད་པའི་སྒྲུབ་གྲྭ་ཡང་མི་རབས་གཉིས་ཙམ་དུ་བྱུང་ངོ་། རྒྱལ་སྲས་ཟླ་བ་གྲགས་པ་ནི། སྤྲུལ་སྐུ་གྲགས་པ་འོད་ཟེར་གྱིས་མ་གཅིག་རྒྱལ་མཙན་འབུམ་ལས་རྒྱར་བཞེས་པ་ལས་སྲས་གཉིས་བྱུང་བའི་གཅེན་ཉི་མ་འོད་ཟེར་དབུ་རུ་བྱང་ཕྱོགས་ཀྱི་བུ་སློབ་རྣམས་ཀྱི་མགོན་དུ་སྤྱན་དྲངས་པ་ལས་གདུང་ཆོས་གཉིས་ཀའི་འགྲོ་ཕན་ཆེ་བར་བྱེད། གཅུང་ཟླ་བ་གྲགས་པ་ནི། ལུང་ཟིན་གྱི་སྲས་ཡིན་ཏེ། གྲྭ་ཡི་སྐལ་ལྡན་བྱསམ་པ་གླིང་དུ་འཁྲུངས། ཆུང་ངུ་ནས་སྐྱེས་བུ་དམ་པའི་མཚན་ཉིད་ཤིན་ཏུ་གསལ་བར་བྱུང་། དགུང་ལོ་ལྔ་ནས་འབྲི་ཀློག་སྒྲུབ་ཕྲིན་སོགས་ཚེགས་མེད་པར་མཁྱེན། ཡབ་ལས་འོད་གསལ་རྫོགས་པ་ཆེན་པོའི་དབང་ཁྲིད་སོགས་ཆོས་བཀའ་རྣམས་གསན་ཅིང་། དགུང་ལོ་བཅུ་གཉིས་ལ་རྩེས་ཐང་གི་ཆོས་གྲྭར་རབ་ཏུ་བྱུང་སྟེ་སློབ་དཔོན་རྒྱལ་བཟང་པ་བསྟེན་ནས་བསྡུས་ཚད་ཕར་ཕྱིན་འདུལ་སྤྱོད་འཇུག་རྣམས་སྦྱངས་ཏེ་མཁས་པར་མཁྱེན། བཅོ་བརྒྱད་པ་ལ་འཚལ་མིན་དུ་མཁན་ཆེན་བསོད་ནསམ་བཟང་པོ་ལས་བསྙེན་པར་རྫོགས། མཚན་བློ་གྲོས་བཟང་པོར་གསོལ། འདུལ་བ་ལུང་། བློ་སྦྱོང་སྦྱོར་དྲུག །རྟ་མགྲིན་ཡང་གསང་ཁྲོས་པ་སོགས་དབང་ཁྲིད་དང་ལུང་བཀའ་མང་དུ་གསན། གཞན་ཡང་གཙང་པ་བློ་བཟང་གྲགས་པ། འཇམ་(སྟོད་ཆ།༣༧༡)དབྱངས་ཁ་ཆེ། མཁན་ཆེན་སེང་གེ་དཔལ་བ་སོགས་མཁས་གྲུབ་མང་པོ་ལས་ཆོས་ཀྱི་རྣམ་གྲགས་མཐའ་ཡས་པ་གསན་ཅིང་སྦྱངས། ཁྱད་པར་འཁྲུལ་ཞིག་སངས་རྒྱས་དཔོན་པོ་ལས་སྙིང་ཐིག་མ་བུས་མཙོན་ཀུན་མཁྱེན་ཆོས་རྗེའི་བཀའ་སྲོལ་གྱི་དབང་ཁྲིད་མན་ངག་ཐམས་ཅད་བུམ་པ་གང་བྱོར་གསན་ནས་ཀུན་ཆུབ་པར་མཛད། ཤུག་གསེབ་པ་ཡེ་ཤེས་རབ་འབྱམས་ལས་མཁའ་འགྲོ་སྙིང་ཐིག་གཏེར་སྟོན་ནས་རྒྱསལ་སྲས་ལེགས་ལྡན་པར་རྒྱུད་པ་ཡང་གསན་ཏེ། དགུང་ལོ་བཅུ་བརྒྱད་ཡན་ལ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད་པ་ནས། སྐབས་དེར་སྐལ་ལྡན་པོ་མོ་ཉིས་བརྒྱར་ལོངས་པ་ལ་མཁའ་འགྲོ་སྙིང་ཐིག་གི་ཆོས་སྒོ་ཕྱི། དེ་ནས་བཟུང་ལོ་རེ་བཞིན་སྙིང་ཐིག་རྣམ་གཉིས་ཀྱི་དུས་ཁྲིད་བསྟར་ཆགས་ལོ་མང་དུ་གསུངས་པས་དབུས་གཡོར་གྱི་གདུལ་བྱ་མཐའ་དག་སྨིན་གྲོལ་དུ་བཀོད། ཕྱིས་ལྷོ་མོན་དུ་བྱོན་པའི་ལམ་དུ་ལྷོ་བྲག་ཀབ་ཅན་དུ་སྤྲུལ་སྐུ་རྡོ་རྗེ་སེང་གེས་ཆོས་གཞི་བཏེག་ནས་ཕྱོགས་དེའི་དགེ་བའི་བཤེས་གཉེན་ཆེ་དགུས་མཚོན་དད་ལྡན་མང་པོ་དབང་པོ་དང་འཚམས་པའི་ཆོས་ཀྱིས་ཚིམ་པར་མཛད་ནས། སྤྲུལ་མཚོ་པདྨ་གླིང་དུ་ལོ་སྒྲུབ་ཀྱི་ཐུགས་དམ་ལ་བཞུགས། དེ་ནས་བུམ་ཐང་ལྡན་ལོང་སྤ་གྲོ་སོགས་སུ་ཕན་བདེའི་ཕྲིན་ལས་ཀྱིས་དད་ལྡན་རྣམས་དོན་ཡོད་པར་མཛད། དབེན་་གནས་ཆོས་རྗེ་བྲག་ཏུ་ལོ་གསུམ་གྱི་ཐུགས་དམ་དང་། བུམ་ཐང་བསམ་གཏན་གླིང་གི་སྒྲུབ་སྡེ་བཏབ། ཤར་ཀུ་རེ་ལུང་དང་དུད་རང་གི་བུ་སློབ་རྣམས་ཀྱིས་བསོད་ནམས་ཀྱི་ཞིང་དུ་སྤྱན་དྲངས། སེམས་བསྐྱེད་དབང་ཁྲིད་སོགས་མོས་པ་དང་མཚམས་པར་བསྟན། དེར་རྒྱ་གར་ཤར་གྱི་རྒྱལ་པོ་གཉིས་ཀྱིས་མཆོག་རྫས་རིན་ཆེན་སྤུངས་པ་དང་ཤ་འུག་དོམ་ཚང་སོགས་སུ་ཐུགས་(སྟོད་ཆ།༣༧༢)དམ་ལ་ཡུན་རིང་དུ་བཞུགས་ནས་ཟངས་ཡག་དང་གྲུ་ཤུལ་སོགས་སུ་བྱོན། དེ་དག་ཏུ་གཏེར་ཆེན་རརྣ་གླིང་པ་དང་། མགོན་རིན་པ་སོགས་ཀྱིས་གུས་པར་བཏུད་ཅིང་། །རྫོགས་པ་ཆེན་པོའི་དབང་ཁྲིད་མན་ངག་དང་བཅས་པ་མཐའ་རྒྱས་སུ་སྩལ། རིམ་བཞིན་གཏམ་ཤུལ་སྨྲ་བོ་ཅོག་པའི་བར་དུ་གདུལ་བྱ་མང་པོའི་དོན་མད་ནས་སླར་ཡང་བུམ་ཐང་དུ་ཕེབས། སྤྱིར་དམ་པ་འདི་ཆོས་ཐམས་ཅད་ལ་མཁྱེན་པ་ཡངས། སྒོམ་སྒྲུབ་ཉམས་མྱོང་གི་རྟོགས་པ་མཐོ། ཡི་དམ་ལྷ་ཡི་ཞལ་གཟིགས་རྒྱུན་མི་ཆད། ལས་ཅན་དུ་མས་རྟ་མགྲིན་གྱི་སྐུར་མཐོང་བ་ཡང་མང་དུ་བྱུང་། ཐོགས་པ་མེད་པའི་མངོན་ཤེས་ཀྱི་ལྐོག་གྱུར་རྣམས་ལུང་སྟོན་ཆོས་བཀའ་གནང་བའི་དུས་ཐམས་ཅད་དུ་འཇའ་འོད་སོགས་ངོ་མཚར་བའི་ལྟས་མང་། གང་དུ་འབྱོན་བཞུགས་མཛད་པའི་ས་དེར་ལོ་ལེགས་ནད་མེད་པ་སོགས་གདུལ་བྱ་མཐའ་དག་ཕན་བདེ་ལ་འགོད་པའི་ཕྲིན་ལས་མཐའ་ཡས། དམ་པའི་ཆོས་ཀྱི་རྩི་ཐོབ་འི་བུ་སློབ་ཀྱང་གོང་དུ་སྨོས་པ་དག་དང་། གཞན་ཡང་བྱམས་པན་ཆེན་བསོད་ནམས་རྣམ་རྒྱལ་དང་། གླིང་སྨད་ཁྲི་པ་ཤེས་རབ་དཔལ་ལྡན་སོགས་ཡོངས་སུ་གྲགས་པའི་བཤེས་གཉེན་དུ་མ་དང་། གསུང་བགྲོས་ཚུལ་བཞིན་དུ་སྐྱོད་པ་གྲུབ་ཆེན་ཀུན་བཟང་རྡོ་རྗེ་དང་། མཚུངས་མེད་ཤེས་རབ་བཟང་པོ། བླ་མ་མཐུ་ཆེན་པ་སོགས་མང་དུ་ཐོན། དེ་ལྟར་དགུང་ལོ་བཞི་བཅིུའ་བར་དུ་འགྲོ་བའི་དོན་མཛད་ནས་བྱི་བ་ལོ་ཕག་ཟླའི་གནམ་གང་ལ་བུམ་ཐང་བསམ་གཏན་གླིང་དུ་མྱ་ངན་ལས་འདས་ཤིང་། གདུང་སྦྱངས་པས་རྣལ་འབྱོར་མ་སོགས་ལྷ་སྐུ་དང་རིང་བསྲེལ་མང་བྱོན། ལྷོ་མོན་དང་དབུས་ཕྱོགས་སུ་དགོངས་པ་སྐོང་བའི་མཆོད་འབུལ་དང་ཕྱི་ནང་(སྟོད་ཆ།༣༧༣)གི་རྟེན་རྣམས་བསྒྲུབས་སོ། །གྲུབ་ཆེན་ཀུན་བཟང་རྡོ་རྗེ་ནི། ལྷོ་མོན་མན་ལོག་ཏུ་འཁྲུངས། ཆུང་ངུ་ནས་སྲིད་བདེ་འཁྲུལ་པར་ངེས་པའི་སྐྱོ་ཤས་བཅོས་མིན་དུ་ཤར་བ་ལས་འབྲས་བསླུ་མེད་ཀྱི་བླང་དོར་ངང་གིས་སྦྱོང་བ་བྱུང་། དམ་པ་འགའ་ཞིག་ལས་ལས་འབྲས་ཀྱི་རྣམ་གཞག་དང་སྐྱབས་འགྲོའི་སྡོམ་པ་ཡི་དམ་ལྷའི་དབང་རྗེས་གནང་བཟླས་ལུང་སོགས་ཆོས་ཀྱི་རྣམ་གྲངས་ཅི་རིགས་པ་གསན་ནས་དེ་དག་གིས་ཉམས་ལེན་ལ་རྒྱུན་དུ་བཙོན་པ་གཡེལ་མེད་དུ་མཛད་པས་སྐྱེ་བོ་ཐམས་ཅད་དད་ཅིང་ཆོས་མཐོང་གིས་བསྔགས་པའི་གནས་སུ་གྱུར། དེའི་ཚེ་རྒྱལ་སྲས་ཟླ་བ་གྲགས་པ་ལྷོ་མོན་དུ་ཕེབས་པ་ཐོག་མར་མཇལ་བ་ཙམ་ནས་བཟོད་མེད་ཀྱི་མོས་གུས་སྲོལ་དུ་ཆུད་པ་འཁྲུངས། དེ་ནས་བཟུང་ལོ་བདུན་གྱི་བར་བསྟེན་ནས་རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པ་སྙིང་ཐིག་རྣམ་པ་གཉིས་ཀྱི་དབང་ཁྲིད་ལུང་རྒྱབ་ཆོས་དང་བཅས་པ་དང་། ཡང་ཐིག་གཉིས་སོགས་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བཀའ་སྲོལ་གྱི་དབང་ཁྲིད་ལུང་མན་ངག་ཕྲིན་ལས་ཕྱག་བཞེས་དང་བཅས་པ་བུམ་པ་གང་བྱོར་གསན་ནས་བསམ་སྒོམ་དང་སྦྱངས་པ་ནན་ཏན་ཆེན་པོས་ཀུན་ཆུབ་པར་མཛད་ཅིང་། བླ་མའི་བཀས་བསྐུལ་ཏེ་གཞན་ལའང་ཅི་རིགས་པར་སྤེལ། ཆོས་རྗེ་རྒྱལ་སྲས་ཆེན་པོ་གཤེགས་པའི་ཚེ་གདུང་མཆོད་དགོངས་པ་བསྐང་བའི་བྱ་བ་རྣམས་ཀྱང་མཐར་ཕྱིན་པ་མཛད་ནས། ཟང་ཟིང་འདུ་ལོང་གི་གཡེང་བ་ཐམས་ཅད་བཅད་དེ་བུམ་ཐང་ཐར་པ་གླིང་། སྐུ་རྗེས་བྲག། སྤ་གྲོ་སྟག་ཚང་ཁོ་ཐང་ནགས་ཁྲོད་ལ་སོགས་པའི་དབེན་རི་ཁོ་ནར་ན་བཟའ་དང་འཚོ་བ་ངན་ངོན་ཙམ་ལ་བརྟེན་ནས་ཟབ་་ལམ་སྙིང་པོའི་སྒྲུབ་པ་རྩེ་གཅིག་པའི་ཉམས་ལེན་དང་(སྟོད་ཆ།༣༧༤)ཐར་འདོད་ཀྱི་སྐལ་ལྡན་འདུས་པ་དག་ལ་དབང་ཁྲིད་མན་ངན་ཅི་རིགས་གསུང་བ་ལས་གཡེལ་བ་མི་མངའ་བ་ཉིད་ཀྱིས་རང་དོན་གནས་ལུགས་ཟབ་མོའི་ཉམས་རྟོགས་མཐར་ཕྱིན། གཞན་དོན་གདུལ་བྱ་ཕན་བདེར་འགོད་པའི་ཕྲིན་ལས་ལ་དབང་འབྱོར། སྐབས་ཤིག་དབུས་ཕྱོགས་སུ་བྱོན་ནས་ལྷ་ས་དང་བསམ་ཡས་ལ་སོགས་པའི་གནས་ཆེན་རྣམས་ལ་མཆོད་འབུལ་དང་སྨོན་ལམ་མཛད། རྫོགས་ཆེན་པ་བསོད་ནམས་རིན་ཆེན་དང་། ལྕང་ལུང་པ་གཞོན་ནུ་བློ་གྲོས་སོགས་དབུ་གཡོར་གྱི་བུ་སློབ་ཡོན་བདག་དུ་མས་གུས་པས་མཆོད་ཅིང་དམ་པའི་ཆོས་ཀྱི་བདུད་རྩི་མོས་པ་བཞིན་སྩལ། འབྲི་ཁུང་ཆོས་རྗེ་རིན་ཆེན་ཕུན་ཚོགས་སོགས་ཆེན་པོ་དུ་མས་ཀྱང་ཞབས་ལ་བཏུད་ཅིང་ཆོས་གསན་པས་མཚོན་འགྲོ་པན་རྒྱ་ཆེར་མཛད་ནས་མཐར་གྱིས་བུམ་ཐང་གི་དབེན་པ་ཉིད་དུ་ཕལ་ཆེར་མཚམས་བཅད་ཀྱི་ཐུགས་དམ་ལ་བཞུགས་པ་དང་ཟབ་ལམ་གྱི་དབང་ཁྲིད་ཅི་རིགས་གསུང་བ་སྙིང་པོར་མཛད་པ་སོགས་དོན་གཉིས་ཀྱི་ཕྲིན་ལས་རྒྱུན་ཆགས་པ་ལས་ཉམས་པ་མེད་པར་རིང་ཞིག་བཞུགས་ནས་ཆོས་སྐུ་ཞི་བའི་དབྱིངས་སུ་ངོ་མཚར་བའི་ལྟས་དང་བཅས་ནས་གཤེགས་སོ། ཆོས་རྗེ་ཀུན་དགའ་མཚན་དཔལ་བཟང་པོ་ནི། མོན་མཐའ་ཡུལ་སྟན་ཆར་ཞེས་པར་མ་སངས་ཨར་པ་སྤུན་བརྒྱད་ཀྱི་རིགས་སུ་མེ་མོ་སྦྲུལ་ལོར་འཁྲུངས་པ་དང་དུས་མཚུངས་པར་ཆུ་མིག་གསར་དུ་ཐོན། སྐྱེ་བ་སྔོན་མའི་བག་ཆགས་གསལ་བར་གསུངས། བྲག་ལོགས་ལ་སོར་མོས་ཡིག་དྲུག་འདམ་ལ་བྲིས་པ་བཞིན་ཤར་བ་སོགས་དམ་པའི་མཚན་ཉིད་གསལ་བས། དགུང་ལོ་བཅུ་བཞི་པ་ལ་ལྷུན་གྲུབ་ཆོས་སྡེའི་བླ་མ་སོར་འབྲང་པ་གཞོན་ནུ་(སྟོད་ཆ།༣༦༥)ཚེ་དབང་གིས་བདག་རྐྱེན་མཛད་ནས་དབུས་སུ་བྱོན་སྤྱན་སྔ་ཆོས་གྲགས་པའི་དྲུང་དུ་རབ་ཏུ་བྱུང་། ཀུན་དགའ་རྒྱལ་མཚན་ཞེས་པའི་མཚན་བཏགས་ཆོས་དང་ཟང་ཟིང་གཉིས་ཀས་ལེགས་པར་བསྐྱངས། ཆགས་ལོ་རིན་ཆེན་ཆོས་རྒྱལ། འབུམ་རལ་པ་རིན་ཆེན་ཆོས་དབང་། ལོ་ཆེན་སྐྱོང་སྐྱོང་བཟང་པོ། སྤྲུལ་སྐུ་རྡོ་རྗེ་སེང་གེ། གཡུལ་རྒྱལ་བ་ཆོས་ཀྱི་ཤེས་རབ། ཀུན་བཟང་གླིང་པ་ཆོས་ཀྱི་དཔལ་བ་སོགས་བཤེས་གཉེན་དུ་མ་ལས་མདོ་སྔགས་ཐ་སྙད་དང་བཅས་པའི་ཆོས་ཀྱི་སགོ་རིས་མེད་པ་གསན་ཅིང་སྦྱངས་ནས་ཀུན་ཆུབ་པར་མཛད། གཡུལ་རྒྱལ་ཆོས་རྗེས་བཀྲ་སིས་དགེ་འཕེལ་དང་། ཉི་ལྡེའུ་གདན་སར་མངའ་གསོལ། ཕྱིས་ལྷུན་གྲུབ་ཆོས་སྡེ་ཡང་བཟུང་སྟེ་འགྲོ་ཕན་གྱི་ཕྲིན་ལས་སྐྱོང་བའི་སྐབས་སུ་སྔར་གྱི་ཐོས་སྒོམ་ཆོས་འཆད་རྣམས་ཀྱང་ཕྱི་ཤུན་ལྟར་སྣང་ཙམ་ལས་སྙིང་པོའི་དོན་ལ་མ་རེག་པར་དགོངས་པས་ཐུགས་ཕྱུངས་ཏེ་གནས་ལུགས་ཀྱི་དོན་བློ་གདེངས་ཐུབ་པ་ཞིག་དོན་གཉེར་གྱི་འདུན་པ་དྲག་ཏུ་འཁྲུངས། དེ་ལྟ་བུའི་གདམས་པ་གསན་པའི་ཡུལ་ནི། གྲུབ་ཆེན་ཀུན་བཟང་རྡོ་རྗེ་ཟབ་མོའི་ལམ་ལ་མཁྱེན་རྟོགས་སྒྲུབ་ཚུགས་ཐམས་ཅད་དུས་དེར་འགྲན་མེད་དུ་དགོངས་ཏེ་གསང་བ་བླ་ན་མེད་པའི་དབང་ཁྲིད་མན་ངག་དང་བཅས་གསན་ནས་ཉམས་ལེན་ནན་ཏན་དུ་མཛད་པས་ཉམས་རྟོགས་ཕུན་སུམ་ཚོགས་པ་འཁྲུངས། བླ་མ་དང་གདམས་པ་ལ་ཡིད་ཆེས་ཀྱི་མོས་གུས་མཐར་ཕྱིན་པས། ཕྱིས་ནས་མཁའ་འགྲོ་སྙིང་ཐིག་མ་བབུ་སོགས་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བཀའ་སྲོལ་གྱི་གདམས་པ་ཆ་ལག་དང་བཅས་པ་གསན་ནས་སྙིང་པོའི་བཀའ་སྲོལ་གྱི་གདམས་པ་ཆ་ལག་དང་བཅས་པ་གསན་ནས་སྙིང་པོར་མཛད་ཀྱང་། གདུལ་བྱ་རྣམས་ལ་སོ་སོའི་མོས་བློ་དང་མཚམས་པར་རྒྱལ་བའི་བཀའ་འགྱུར་རོ་ཅོག་གིས་མཚོན་ (སྟོད་ཆ།༣༦༦)དམ་པའི་ཆོས་ཀྱི་སྒོ་ཐམས་ཅད་བསྟན་པས་བུ་སློབ་ཀྱང་འབྲི་གུང་པ་རིན་ཆེན་ཕུན་ཚོགས་ཡབ་སྲས། ཆོས་ལུང་མཁན་པོ་ཀུན་བློ་དང་། སྐྱེད་ཚལ་བ་ཤེས་རབ་རྒྱལ་མཚན་སོགས་ཆེ་བཙུན་མཁས་འི་བཤེས་གཉེན་མཐའ་ཡས་པ་དང་། སྤྲུལ་སྐུ་སྣ་ཚོགས་རང་གྲོལ་དང་རྫོགས་ཆེན་པ་བསོད་ནམས་རིན་ཆེན་སོགས་སྙིང་པོའི་བསྟན་འཛིན་དུ་མའང་བྱུང་། སྐུ་ཚེའི་སྨད་ལ་གནས་ནང་དང་ཡངས་པ་ཅན་གྱི་གདན་ས་ཡང་མཛད་པས་མཚོན་གཞན་ཕན་གྱི་ཕྲིན་ལས་ཕུན་སུམ་ཚོགས་པའི་ངང་ནས་དགུང་ལོ་བདུན་ཅུ་རྩ་གཉིས་པ་ས་ཕོ་འབྲུག་གི་ལོ་ལ་ཞི་བར་གཤེགས་སོ། སྤྲུལ་སྐུ་སྣ་ཚོགས་རང་གྲོལ་ནི། རརྣ་གླིག་པའི་སྐྱེ་བ་ཡིན། དར་རྒྱས་ཆོས་སྡིང་གི་རི་ཁྲོད་བཏབས་ནས་འཆད་ཉན་དང་སྒྲུབ་ཕྲིན་ཟུང་འབྲེལ་མཛད། ལོ་རྒྱུས་རྒྱས་པ་འོག་ཏུ་འཆད་འགྱུར་ལས་ཤེས། བསྟན་འཛིན་གྲགས་པ་ནི་རིག་འཛིན་པདྨ་གླིང་པའི་སྐྱེ་བ་ཡིན། སྤྲུལ་སྐུ་སྣ་ཚོགས་རང་གྲོལ་ལ་བཀའ་ཆོས་བུམ་པ་གང་བྱོར་གསན་ཅིང་ཕྲིན་ལས་ཀྱི་རྒྱུན་བསྐྱངས། མཁས་གྲུབ་མདོ་སྔགས་བསྟན་འཛིན་ནི། སྤྲུལ་སྐུ་སྣ་ཚོག་རང་གྲོལ་གྱི་སྐྱེ་བ་ཡིན། དར་རྒྱས་ཆོས་སྡིང་དུ་བཞུགས། པདྨ་གླིང་རྣམ་ཕྲུལ་བསྟན་འཛིན་གྲགས་པ་སོགས་བླ་མ་མང་པོ་ལས་གསན་བསམ་མཐར་ཕྱིན་པར་མཛད། ཁྱད་པར་སྙིང་ཐིག་ཆེན་མོའི་ཚིག་དོན་གྱི་་རྟོགས་པ་ཀློང་དུ་བྱུར་ཞིང་སྒོམ་སྒྲུབ་ཉན་བཤད་ཀྱིས་གཏན་ལ་ཕབས་པས་སློབ་མ་ཡང་མང་དུ་བྱུང་། མདོ་སྔགས་བསྟན་འཛིན་གྱི་སྲས་སུ་དར་རྒྱས་ཆོས་སྡིང་དུ་འཁྲུངས། བླ་མ་མང་པོ་(སྟོད་ཆ།༣༦༧)ལས་གསན་སྦྱངས་མཛད། ཁྱད་པར་ཡབ་ལས་བཀའ་ཆོས་རྫོགས་པར་གསན། འོད་གསལ་རྫོགས་པ་ཆེན་པོའི་སྒོམ་ཉམས་ཀྱི་རྟོགས་པ་མཐར་ཕྱིན་ཅིང་འཆད་སྤེལ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས། དེ་སྲས་རིག་འཛིན་གཏེར་བདག་གླིང་པ་ནི། ཡབ་ཆོས་རྙིང་མ་བཀའ་གཏེར་གཙོ་བོར་གྱུར་པའི་མདོ་སྔགས་གསར་རྙིང་ཐམས་ཅད་མ་གསན་པ་མེད། ཁྱད་པར་གསང་ཆེན་རྙིང་མའི་བསྟན་པའི་སྲོག་མཐུད་པར་མཛད་དེ་བཀའ་གཏེར་གྱི་བསྟན་པའི་བདག་པོར་གྱུར། རྙིང་མར་གྱུར་ཏོ་ཅོག་ལ་གཏེར་ཆེན་འདི་ལས་བཀའ་དྲིན་ཆ་བ་སུ་ཡང་མ་བྱུང་སྟེ་ལོ་རྒྱུས་རྒྱས་པ་གདན་རབས་སྐབས་སུ་འཆད་དོ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ནི། མདོ་སྔགས་རིག་གནས་དང་བཅས་པ་ལ་མཁྱེན་རབ་ཀྱི་པདྨོ་བྱེ། སྒྲུབ་ཕྲིན་འཆད་ཉན་གང་ལའང་ཤིན་ཏུ་མཁས་པས་གདན་ས་ཡུན་རིང་དུ་བསྐྱངས། དུས་འགྱུར་གྱི་སྐབས་མོ་སྨད་ཕྱོགས་འདིར་ཕེབས་པའང་བཀའ་གཏེར་ཆོས་ཚུལ་སྤྱི་དང་། སྙིང་ཐིག་ཡ་བཞི། རྡོ་རྗེ་ཟམ་པ། སྒྱུ་འཕྲུལ་གསང་སྙིང་གི་བཤད་རྒྱུན་སོགས་དར་རྒྱས་སུ་མཛད་པས་བཀའ་དྲིན་ཆེ། དེ་སྲས་མཁན་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་སྟེ། དེ་ལས་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་ངེས་དོན་བསྟན་འཛིན་བཟང་པོས་སྙིང་ཐིག་ཆེན་མོ་གསན་པར་མཛད་དེ། དེ་དག་ནི་རང་ལུགས་རྒྱུད་པ་ཕྱི་མ་སྟེ། འོན་ཀྱང་ཡང་ཏིག་ཡིད་བཞིན་ནོར་བུ་ནི་རྒྱུད་པ་སྔ་མ་ཁོ་ནའོ། ཡང་རྫོགས་ཆེན་གེར་མ་མཁའ་འགྲོ་སྙིང་ཏིག་གི་བརྒྱུད་པ་ནི། ཀུན་མཁྱེན་ཀློང་ཆེན་པ་ནས་བརྒྱུད་ཚུལ་མང་ཡང་། རང་ལུགས་ནི་ཀུན་(སྟོད་ཆ།༣༧༨)མཁྱེན་པའི་སློབ་མ། རྒྱལ་བ་ཡེ་ཤེས་རབ་འབྱམས་ནི། ཐོག་མར་ས་ལུགས་ཀྱི་ཆོས་སྒོར་ཞུགས་པས་སྔགས་མཚན་ཉིད་ཐམས་ཅད་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པས་འཆད་རྩོད་རྩོམ་གསུམ་ལ་མ་རྨོངས་ཤིང་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པ་ཆེན་པོར་གྱུར། འོན་ཀྱང་སྙིང་པོའི་དེ་ཉིད་འཚོལ་བ་ལ་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་དགོས་པར་གཟིགས་ཤིང་། དེའི་ཚེ་ཀུན་མཁྱེན་ཀློང་ཆེན་པའི་སྙན་པས་ཐུགས་འཕྲོག་ཅིང་རྫོགས་པ་ཆེན་པོ་སྙན་བརྒྱུད་ཀྱི་གདམས་པ་ཁྱད་པར་གྱི་བདག་པོར་གཟིགས་ནས་ཞབས་ཀྱི་པདྨོར་བཏུད། གསང་ཆེན་རྙིང་མའི་གདམས་ཟབ་རྒྱུད་དང་མན་ངག་དཔག་ཏུ་མེད་པར་གསན། ཁྱད་པར་རྫོགས་པ་ཆེན་པོའི་ཆོས་ཚུལ་སྤྱི་དང་བྱེ་བྲག་སྙིང་ཐིག་རྣམ་གཉིས་ཀྱི་བསྟན་པའི་བདག་པོར་གྱུར། ཁྱད་པར་ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་ཉམས་ལེན་ལ་བརྩོན་པས་དབེན་གནས་མང་པོར་དཀའ་ཐུབ་ཀྱི་སྲང་ལ་གཅུར་བས་རྟོགས་པ་ཀློང་དུ་གྱུར་ཏེ་ལྷུན་གྲུབ་གྱི་ས་ལ་གཤེགས། ཀློང་ཆེན་པས་ཀྱང་སློབ་མའི་གཙོ་བོ་ཞིག་ཏུ་འཛིན། ཕྱིས་སུ་སྙེ་ཕུ་ཤུག་གསེབ་ཏུ་བཞུགས་ནས་ཚོགས་པ་བསྐྱངས་པས་མཚན་ཡང་རིན་པོ་ཆེ་ཤུག་གསེབ་པར་གྲགས། སློབ་མའང་ཉམས་རྟོགས་དང་ལྡན་པ་མང་དུ་བྱུང་ངོ་། འཁྲུལ་ཞིག་བསམ་གཏན་བཟང་པོ་ནི། རྟེན་རྣལ་འབྱོར་པ་ཡིན། ཚེའི་རིག་འདིན་བརྙེས་པས་དགུང་ལོ་བརྒྱ་ཕྲག་ཏུ་ལོངས་པར་བཞུགས། རྒྱལ་བ་ཡེ་ཤེས་རབ་འབྱམས་ལས་རྫོགས་ཆེན་སྤྱི་དང་ཁྱད་པར་ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་གདམས་སྐོར་རྣམས་གསན་ཅིང་ཐུགས་ཉམས་སུ་བསྟར་བས་རྫོགས་པ་ཆེན་པོ་རང་སང་རིས་མེད་ཀྱི་དགོངས་པར་དབང་(སྟོད་ཆ།༣༧༩)འབྱོར་བས་སྣང་སེམས་ཆོས་སྐུར་འདྲེས། བརྒྱུད་འཛིན་སྐུའི་སྲས་སོགས་སྐལ་བ་དང་ལྡན་པ་རྣམས་ལ་རྫོགས་པ་ཆེན་པོའི་ཉམས་ཁྲིད་ཀྱང་ལན་མང་དུ་སྩལ་བས་སློབ་མའང་མང་དུ་བྱོན་ཏེ། དགུང་ལོ་བརྒྱ་ལྷག་ཙམ་ནས་ཟག་བཅས་ཀྱི་གཟུགས་སྐུ་གཞོན་ནུ་བུམ་སྐུའི་དབྱིངས་སུ་བསྡུ་བར་མཛད་ཅེས་གྲགས་སོ། གྲུབ་ཆེན་སྦྱིན་པ་བཟང་པོ་ནི། རྟེན་རྣལ་འབྱོར་པ། གསང་ཆེན་རྙིང་མའི་རིང་ལུགས་ལ་མཁས་ཤིང་། ཁྱད་པར་དུ་འཁྲུལ་ཞིག་བསམ་གཏན་བཟག་པོ་ལས་རྫོགས་ཆེན་སྤྱི་དང་ཁྱད་པར་ཟབ་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་མ་ལུས་པ་གསན་པས་མཁྱེན་རྟོགས་ཀྱི་རྩལ་རྫོགས་ཏེ། རྫོགས་པ་ཆེན་པོ་གཞི་ལམ་གྱི་རྟོགས་པ་མངོན་དུ་གྱུར་བ་ཞིག་གོ། །རྫོགས་ཆེན་པ་ཤཱཀྱའི་མཚན་ཅན་ནི། །ཐོག་མར་གཙང་གསེར་མདོག་ཅན་གྱི་ཆོས་གྲྭར་ཞུགས། དབུ་ཚང་ཕར་ཕྱིན་སོགས་ལ་མཁས་པར་སྦྱངས་ནས་ཐོས་བསམ་གྱི་སྒྲོ་འདོགས་ཡིན་ལུགས་སུ་ཆོད་པར་མཛད། མདོ་ཕྱོགས་ཀྱི་གསན་པ་རྫོགས་ནས་སྔགས་ལ་ཞུགས་ནས་ལུགས་ཀྱི་རྒྱུད་བཤད་སོགས་སྦྱངས། སྐབས་ཤིག་ན་སྔོན་གྱི་བག་ཆགས་སད་པ་ལྟ་བུས་རྫོགས་ཆེན་ལ་ཐུགས་མོས་ལྷག་པར་འཁྲུངས་པས་གྲུབ་ཆེན་པ་ལ་གཏུགས་ནས་རྫོགས་ཆེན་གྱི་ཉམས་ཁྲིད་གསན་ནས་ཉམས་ལེན་རང་བསྐྱངས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། སྣང་གྲགས་ཐམས་ཅད་ཡེ་ཤེས་རྒྱུ་འཕྲུལ་རྡོ་རྗེའི་རོལ་མོར་གཟིགས། རྫོགས་པ་ཆེན་པོའི་ཆོས་ལ་འཛིན་འཆད་སྤེལ་གསུམ་གྱིས་འཆད་ཉན་བསྐྱངས་པ་གཙོ་བོར་མཛད། སློབ་མའང་མཁས་ཤིང་གྲུབ་པ་བརྙེས་པ་མང་དུ་བྱོན་ནོ། དེ་ནས་རིམ་པར་རྫོགས་ཆེན་བསོད་ནམས་རིན་(སྟོད་ཆ།༣༨༠)ཆེན་དང་བྱ་ཁྱུང་པ་ངག་དབང་པདྨ། རྗེ་འདི་རྫོགས་ཆེན་བསོད་ནམས་དབང་པོ་རྣམས་ཏེ་ལོ་རྒྱུས་གོང་དུ་བཤད་མ་ཐག་པ་དེ་ལྟར་ལགས་ཤིང་། རྫོགས་ཆེན་བསོད་ནམས་དབང་པོའི་སློབ་མ་ནི། རིག་འཛིན་ཆོས་ཀྱི་རྒྱ་མཚོ་ཡིན་ཏེ་སྤོ་བོ་རྦ་ཁ་དགོན་གསང་སྔགས་ཆོས་གླིང་གི་བླ་མ་ཡིན། སྐུ་ན་ཕྲ་མོའི་དུས་ནས་རྫོགས་ཆེན་པ་བསོད་ནམས་དབང་པོའི་ཞབས་པད་བསྟེན་ནས་གསང་ཆེན་རྙིང་མ་སྤྱི་དང་ཁྱད་པར་སྙིང་ཏིག་རྣམ་གཉིས་སོགས་རྫོགས་ཆེན་གྱི་གདམས་སྐོར་མ་ལུས་པ་གསན། རྗེ་དེས་ཀྱང་དོན་རྒྱུད་ཀྱི་བསྟན་པ་གཏོད་པར་མཛད། དུས་དེར་མཁས་གྲུབ་ཐམས་ཅད་ཀྱིས་སྐྱེས་ཆེན་རྩོད་མེད་དུ་བསྔགས། རྗེ་དེའི་དྲུང་ནས་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་གྱིས་གསན་པ་ཡིན་ཏེ། དེ་ཕྱིན་བརྒྱུད་ཚུལ་གོང་མ་རྣམས་དང་འདྲའོ། ༢ གངས་རིའི་ཁྲོད་འདིར་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་བབ་ཚུལ། ད་ནི་མདོ་རྒྱུ་སེམས་གསུམ་གྱི་བསྟན་པ་སྤྱིའི་བབས་ཚུལ་ལས། གངས་རིའི་ཁྲོད་འདིར་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དང་པོར་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མར་ཟུར་ལ་བབས་ཞེས་འཆད་པའི་དང་པོའི་སློབ་དཔོན་གཉགས་ཛྙཱ་ན་ཀུ་་ར་ནི། ཡུལ་ཡར་ཀླུང་ཤེལ་པའམ་འཕྱོས། རུས་ལས་མིང་དུ་ཆགས་པ་གཉགས་རྟག་སྒྲ་ལྷ་སྣང་དང་། སྲུ་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་བྱུང་། མགྲིན་པ་ན་སྨེ་བའི་རྡོ་རྗེ་རྒྱ་གྲམ་ཡོད། མཚན་རྒྱལ་བའི་བློ་གྲོས་སུ་བཏགས། མཁན་པོ་བྷོ་དྷི་སཏྭ་ལས་རབ་ཏུ་བྱུང་ཞིང་བསྙེད་པར་རྫོགས། མདོ་སྔགས་ཀྱི་ཆོས་མང་པོའི་(སྟོད་ཆ།༣༨༡)འགྱུར་བྱེད་སྤོབས་པ་བསམ་གྱིས་མི་ཁྱབ་པ་ཡིན། སློབ་དཔོན་ཆེན་པོ་དང་། བི་མ་ལ་དང་། བཻ་རོ་དང་། གཡུ་སྒྲ་སྙིང་པོ་ཀུན་ལ་བསྟེན་པས་བཀའི་ཆུ་བོ་བཞི་འདུས་པ་ཡིན་ཏེ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊིཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནས་ཡིག་དམར་ཁྲིད་དང་བཅས་པ། བྱིན་རླབས་དབང་གིས་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པའོ། །དེ་ལ་སློབ་དཔོན་ཆེན་པོས་བདུད་རྩི་ཡོན་ཏན་གྱི་དཀྱིལ་ལའཁོར་དུ་སྨིན་པར་མཛད་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་རྡོ་སྐམ་པོའི་ཁོང་ནས་གྲུབ་ཆུ་བཏོན། འདི་ལས་བརྒྱུད་པའི་སྒྱུ་འཕྲུལ་ཀྱང་ཡོད་དགོས་ཏེ། གཙོ་བོར་ཕུར་པ་ལས་མངོན་རྟགས་བརྙེས་པ་ཡིན། བཙན་པོ་ཁྲི་སྲོང་གཤེགས་པའི་ཕྱི་ཞིག་ན། བཙུན་མོ་ཚེ་སྤོང་བཟའ་བསམ་སྦྱོར་མི་བསྲུན་པས་ལོ་པཎ་ཕལ་ཆེར་དབུ་འཕང་སྨད། གཉགས་ཛྙཱ་ན་ཀུ་མཱ་ར་ཡར་འབྲོག་ཏུ་བཞུགས་པ་ལ། རང་གི་ཕ་སྤུན་གཉགས་དགེ་སྟོན་དགྲར་ལངས་ཏེ་འདི་མུ་སྟེགས་ཀྱི་སྔགས་མཁན་ཡིན་ནོ་ཟེར་གཡོ་ཅན་གྱི་ཁ་སྨྲས་བྱས། བསེ་ཞེས་བྱུགས་པའི་བྷནྡྷ་ནང་དམར་བ་ཡོད་པ་དེ་བརྐུས་ནས་སྐྱེ་བོ་བླུན་པོར་གྱུར་པ་དག་ལ་སྟོན་ཅིང་། བྷནྡྷའི་ནང་གྲི་རྩེས་དྲུད་ནས་འདི་ནི་ཟག་ཟོག་གི་ལས་སོ་ཞེས་དབྱེན་བཅོས། སྐྱེ་བོ་རྣམས་ཏེ་ཚོམ་སེལ་བའི་ཆེད་དུ། །གང་དུ་བཞུགས་པར་རིན་པོ་ཆེ་རྙེད་པར་སྤྲུལ་པས་མི་རྣམས་ཀྱིས་རྫུ་འཕྲུལ་དུ་ཤེས་ནས་ཁོའི་ངག་ལ་ཡིད་མི་གཏོད་ཀྱང་། ད་དུང་བྱ་བ་མང་པོ་བསགས་ནས་སྐུ་ལ་བརྡོ་པའི་ཐབས་སྣ་ཚོགས་བྱེད་པ་མཁྱེན་ནས་གཤེགས། ཀོང་པོ་མཆིམས་ཡུལ་གྱི་ཕུ་ན་ཕེབས་ཙ་ན། ལུང་(སྟོད་ཆ།༣༨༢)སྟོང་ཞིག་ན་ར་མ་བདུན་འགྲོ་ཞིང་འདུག །གཡོག་པོ་གླལ་མིག་འོག་བཙན་བྱ་བར་འདི་དེད་ཅིག་གསུངས་པས། ཁོ་ན་རེ། ར་ལ་བདག་པོ་ཡོད་མཆི་འདིས་ཅི་འཚལ་ཞུས་པས། ལུང་སྟོང་གི་ར་ལ་བདག་པོ་ག་ན་འོང་དེད་ཅིག་གསུངས། དེར་བདག་པོ་མཆིམས་བྱ་རོག་གིས་ཤེས་ཏེ་རྐུན་ཁག་ཕབ། ར་ལ་བདུན་འཇལ་དགོས་ཟེར། བདུན་འཇལ་སྤྲད་ཙ་ན། ད་དུང་མ་ཚིམ་པར་དབེན་པ་བཤིག ལྕགས་ཀྱི་ཐོ་བ་བཟུང་ནས་འདེད་དུ་བྱུང་། གཉགས་ཀྱིས་བྲོས་ནས་གཟུག་ལག་ཁང་གི་ནང་དུ་ཆུད། སྒོ་བཅད་པས་ཐེམ་པ་ལ་ཐོ་བ་བརྡེག་ཅིང་བཙུན་ཆུང་གི་མགོ་ལ་དེའུ་ཐེབས་ཟེར། དེར་ཡང་བཞུགས་སུ་མ་སྟེར་བས། དབུས་སུ་གཏད་དེ་བྱོན་ཙ་ན། འགྲོ་སྲས་ཆུང་བྱ་བ་ཤ་བ་ཞིག་དེད་ནས་བྱུང་བ་དང་ཕྲད། ཁོའི་རྟ་འདྲོགས་ཤ་བ་ཤོར་བས། ཁོ་ཡང་ཁྲོས་ཏེ་གསོད་དུ་བྱུང་བ་ལ་འབྲོས་པའི་འདུན་པ་ཞིག་གཏད་པས་ཁོས་མ་མཐོང་ནས་ཐར། དུས་དེ་ཙ་ན་ལྷ་སྲས་མུ་ནེ་བཙུན་པོ་ཡུམ་དམར་རྒྱན་གྱིས་དུག་ནས་རྫུ་འཕྲུལ་གྱིས་གཤེགས་པ་དང་མཇལ། གསེར་ཕྱེ་ལོང་མོ་གང་ཕུལ་བས། ལོ་ཙཱ་བ་དཔོན་གཡོག་སྐྱིད་དམ་གསུངས། ཡར་འབྲོག་སྒང་དུ་སྐྱིད་བགྱི་རྒྱུ། དགེ་ལ་སྟོན་གྱིས་མ་སྟེར་རོ། མཆིམས་ཡུལ་དབུས་སྐྱིད་བགྱི་རུ། །འགྲོ་སྲས་ཆུང་གིས་མ་སྟེར་རོ། །ཞེས་ཞུས་པས། ལོ་ཙཱ་བར་བརྙས་ན་བསྟན་པ་ལ་ཤིན་ཏུ་གནོད་པར་དགོངས་ནས། ཕུར་པ་ཕུན་སུམ་ཚོགས་པ་དང་། ཤམ་སྔོན་གཉིས་ཐུགས་ནས་ཕྱུང་སྟེ་བཤད། ལྷོ་བྲག་གཡར་ཆུ་སྣའི་བྲག་ཕུག་ཏུ་(སྟོད་ཆ།༣༨༣)ལོ་པཎ་ལྷན་ཅིག་པས་སེང་ཕུར་ཉི་ཤུ་རྩ་གཅིག་ལ་བརྟེན་ནས་བསྒྲུབས་པས་ཕུར་བུ་ཕན་ཚུན་འཁྲོལ་བ་ཙམ་དུ་གྲུབ། དེར་གཉགས་ཀྱིས་ཏིང་ངེ་འཛིན་གྱི་ངང་ནས་ཕུར་བུ་གདེངས་ཏེ་བྱ་རོག་ལའོ་བྱས་པས། སྟོང་ཁམས་ཀྱི་བྱ་རོག་ཐམས་ཅད་ཚོགས་བྱུང་། སླར་མཆིམས་བྱ་རོག་ལའོ་ཞེས་བསྒྲིལ་བས། མཆིམས་བྱ་རོག་ཟུང་ཞིག་བྱུང་། གཉགས་ཁྲོས་ནས་བྱ་རོག་གཅིག་ལ་དེངས་པས་མོད་ལ་ཤིའོ། དེར་བི་མ་ལས་མངོན་སྤྱོད་ཀྱི་མཐུས་བསད་པ་གྲུབ་ཀྱིས། ད་ཆོས་ཀྱི་མཐུས་གསོ་བ་ཨེ་འགྲུབ། གསོས་ཤིག་གསུངས་པས། སློབ་དཔན་ཛ་ལན་དྷ་རི་བ་དང་སློབ་མ་ནག་པོ་སྤྱོད་པ་བཞིན་གཉགས་ཀྱིས་སློང་མ་ནུས། བི་མ་ལས་བྱེ་མ་གཅིག་བཏབ་པའི་མོད་ལ་བྱ་རོག་གསོས་ཏེ་དེངས་པར་གྱུར་ཏོ། རྟོགས་པས་བདག་མ་བསྒྲལ་བར། དྲག་ཤུལ་གྱི་ལས་བརྩམས་པ་གྲུབ་ཀྱང་ཉེས་པ་ཆེའོ་གསུངས་ནས་གནས་ལུང་གི་ཆོ་ག་མཛད། དེར་མཆིམས་ལྷ་གཡག་དཀར་དུ་བརྫུས་ནས་བྱུང་བ་སྡུན་ལ་བསྒྲལ། དེ་ནས་མཆིམས་བྱ་རོག་བླ་སྦྱང་རབ་འབྲིང་ཐ་གསུམ། བྲག་དང་། ཁོལ་པོ། འོག་རྟ། སྒོ་ཁྱི། སྣག་གི་གཉེན་མཚམས་དང་བཅས་པ་ཕུར་བ་གདེངས་ཆོག་གི་མཐུས་བསྒྲལ་ནས་རབས་བཅད། དེ་ནས་ཕ་སྤུན་གཉགས་དགེ་སྟོན་ལ་བཏབ་པས་འདི་ལྟར་དྲག་པོ་མཐུའི་ལས་ནི་རྣམ་པ་ཞེ་སྡང་རྡོ་རྗེའི་རྟེན་འབྲེལ་ལ་ལྷག་པར་ལྟོས་པ་ཞིག་ལ། སློབ་དཔོན་བི་མ་ལའི་ཐུགས་རྗེས་གཉགས་ལ་སྙིང་རྗེ་ཆེན་པོའང་སྐྱེས། དགོངས་པ་ཆོས་ནིད་དུ་གྱུར་པས་ཡེ་མ་ཐེབས། དེར་སློབ་དཔོན་བི་མ་ལས་འདིར་གྲོགས་མངོན་སྤྱོད་ཀྱི་མཚན་དང་ལྡན་པ་ཞིག་རྙེད་ན་ཐེབས་གསུངས་པས་འཚོལ་དུ་བྱོན། དུས་དེ་ཙ་ན་མགར་བྱེད་པ་ལ་(སྟོད་ཆ།༣༨༤)སོག་པོར་འབོད་པས། སོག་པོ་བེག་ཙེ་ཞེས་བྱ་བ་ཁྲོ་བོའི་དབྱིབས་སུ་ཡོད་པ་ཞིག་རྙེད། དེའི་གཟུགས་མགོ་བོ་རྒྱ་མདུད་དུ་འགྲིལ་ཞིག་རོ་སྨད་ཟུར་གསུམ་པའི་རྣམ་པར་ཤར་བ་ལ་སོགས་མཚན་རྟགས་ཐམས་ཅད་ཚང་བར་གཟིགས། གཉགས་ཀྱིས་ཁོའི་ཕྱི་ན་མར་བྱོན། ཁོ་མགར་བྱེད་པའི་སྦུད་པ་འབུར་གྲོགས་མཛད་ཀྱིན་རྒྱུ་མཚན་ཉིད་ཀྱི་ཆོས་བཤད་པས་ཁོའི་རྣ་ལམ་དུ་མ་བྱུང་། ཀྲཱི་ཡོག་སྡེ་གསུམ་བཤད་པས་རེས་འགའ་ཙམ་ཉན་ཅིང་གཞན་ཐོ་བ་ཆེམ་ཆེམ་བརྡུང་སྐད། ནང་རྒྱུད་སྡེ་གསུམ་བད་ཀྱིན་ལྕགས་ཀྱི་ལྕུག་མ་སྙོད་པ་རྣམས་ཁྱུར་མི་བྱས་པས། ཁོ་ཡ་མཚན་སྐྱེས་ཏེ་འདི་ལྟ་བུའི་འཕྲུལ་ཅི་ལས་བྱུང་ཟེར། ད་ལྟ་བཤད་པའི་ཆོས་དེ་ཉམས་སུ་བླངས་པ་ལས་བྱུང་སྨྲས་པས། ཁོ་སིན་ཏུ་དད་དེ་ལག་ཆ་ཐམས་ཅད་ཕུལ་ནས་སློབ་མར་བྱས། ལྷ་དཔལ་གྱི་ཡེ་ཤེས་སུ་མིང་སྤོས། དེ་བཞིན་དུ་འོ་བྲན་དཔལ་གྱི་གཞོན་ནུ་ཡང་། ཕུར་པ་བསྒྲུབ་པའི་མཚན་ལྡན་དུ་ཤེས་ནས་དཔོན་སློབ་གསུམ་ཀས་བསྒྲུབས་པས། དེ་དགེ་སྟོན་གྱིས་ཚོར་ཏེ་གསོད་དུ་འགྲོ་བའི་སྟ་གོན་རྩོམ་པ་ན། གཞན་དག་གིས་བནྡྷེར་བརྙས་པ་མི་རུང་ཟེར་ནས་བཤོལ་བཏབ་ཀྱང་མ་ཉན། ནངས་པར་འགྲོ་རྒྱུའི་ནུབ་བུད་མེད་མང་པོས་མཐའ་བསྐོར་ནས་མགོ་བཅད་པར་རྨིས། དེ་ཆུང་མ་ལ་བཤད་པས་ནན་གྱིས་བཤོལ་བཏབ་ཀྱང་མ་ཉན་པར་རྟ་ལ་ཞོན་ནས་སོང་བ་ན། བྱ་ཆེན་པོ་ཞིག་འཕུར་བྱུང་ནས་རྟ་འདྲོགས་ཤ་ཁམ་ཐིགས་སུ་གྱུར་ཏེ་སྲུང་མས་དངོས་སུ་བསྒྲལ་བར་གྲགས། དེར་སོག་པོ་དཔལ་ཡེས་སྙིང་བཏོན་ནས་སློབ་དཔོན་ལ་ཕུལ་བས། སྡིག་པ་ཅི་ཡག་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྦྱང་། རང་གི་སེམས་ནི་ཡོངས་སུ་གདུལ། སེམས་ཅན་(སྟོད་ཆ།༣༨༥)ཐམས་ཅད་བདེ་གྱུར་ཅིག་གསུངས། མདོར་ན་སྐྱོབ་པའི་ལྷ་བྱ་ཁྲར་སྤྲུལ་པ་དང་། བླ་སྤྱང་། བྲན་ཁོལ། འོག་རྟ། སྒོ་ཁྱི། གཉན་མཚམས་ཚུན་ཆད་བསྒྲལ་ཞིག་རབས་བཅད། དེ་བཞིན་དུ་འགྲོ་སྲས་ཆུང་ནེའུ་ཐང་ལ་རྟ་ཁྱུ་འཚོ་བའི་རྣམ་པར་ཤེས་པའང་བཀུཏ་སྟེ་གདབ་ལས་ཀྱི་ཚར་བཅད། འགྲོ་ལྷ་སྤྱང་ཀི་སྔོན་པོར་བྱས་པ་དང་། བླ་སྤྱང་བྲན་ཁོལ་ཐམས་ཅད་སྔར་བཞིན་ཁ་དག་པར་བྱས། དེའང་གཉགས་ལོ་ཙཱ་ཆེན་པོ་འདིས་སངས་རྒྱས་དངོས་དང་མཚུངས་པའི་པཎ་གྲུབ་རྣམས་བསྟེན་པས། སྒྲ་ཚད་མཚན་ཉིད། སྔགས་ཕྱི་ནང་ཀུན་ལ་མཁྱེན་པ་ཤིན་ཏུ་ཆེ་བར་གྲགས། ལོ་ཙཱ་བ་ཆེན་པོ་བསྟེན་ནས་དམ་པའི་ཆོས་མང་པོ་བསྒྱུར། མདོ་སྒྱུ་སེམས་གསུམ་ཀའི་བསྟན་པའི་མངའ་བདག་ཏུ་གྱུར་ཅིང་ཉན་བཤད་ཀྱི་སྒོ་ནས་སློབ་མ་ཁྱད་པར་ཅན་མང་དུ་བསྒྲུན་པས་བཀའ་དྲིན་བསམ་གྱིས་མི་ཁྱབ། མཐར་སྙན་བརྒྱུད་རྡོ་རྗེ་ཟམ་པ་དང་། མན་ངག་སྡེ་ལས་དངོས་གྲུབ་ཆེན་པོ་བརྙེས་ཏེ་སྟོང་གསལ་འོད་ཀྱི་ཕུང་པོར་གཤེགས་སོ། དེ་ལ་སློབ་མའི་གཙོ་བོ་ནི། ཕུར་པ་མཁན་པོ་དག་དཔལ་བརྒྱད་དུ་འདྲ་བ་ཡོད་དོ། །འདིར་སོག་པོ་དཔལ་གྱི་ཡེ་ཤེས། གྲ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ། འོ་བྲན་དཔལ་གྱི་གཞོན་ནུ། སྙན་དཔལ་དབྱངས། འཚུར་ནག་ཡེ་ཤེས་དཔལ། ཨུ་པ་ངག་དཔལ། ཐང་བཟང་དཔལ་གྱི་རྡོ་རྗེ། དགྱེ་འཕགས་པ་ཤེས་རབ། བྷུ་སུ་ཀུ་མཆོག་རྣམས་ཏེ། དབོན་བརྒྱུད་རྣམས་ལས་ཀྱང་ཕྲིན་ལས་རྒྱ་ཆེར་བྱུང་ངོ་། སོག་པོ་དཔལ་གྱི་ཡེ་ཤེས་ནི་ཡུལ་ཡར་འབྲོག་པ་ཡིན། སློབ་དཔོན་ཆེན་པོའི་དུས་ནས་དངོས་གྲུབ་བརྙེས་ཚར་བ་ཞིག་ཐུན་མོང་བའི་སྣང་ངོར་(སྟོད་ཆ།༣༨༦)མགར་གྱི་ཚུལ་དུ་བཞུགས། གཉགས་ལོ་ཆེན་པོ་དེ་མཁྱེན་པ་ཤིན་ཏུ་ཆེ་བས་སློབ་དཔོན་རྣམས་ལས་ཀྱང་རང་ཉིད་མཁས་སྙམ་པ་ལན་གསུམ་སྐྱེས་པས་སྲོག་ལ་བབས་པའི་དོགས་ཚར་གསུམ་བྱུང་བར་གྲགས། དེ་ལ་རྒྱུ་འབྲས་མི་སླུ་བའི་བདེན་པ་ལས་བདག་གིར་མཛད་པའི་ཚུལ་སྟོན་པ་ལ་བབས་པའི་སྐབས་ཤིག་ན། གཉགས་ལ་སྐུ་དགྲ་ལན་གསུམ་དུལངས་པའི་རེས་གཅིག་ཡུལ་ཉེ་འཁོར་གྱི་གཉགས་དམར་པ་སྤུན་གྱི་མི་ཤ་འཁོན་དུ་བྱས་ནས་སློབ་དཔོན་བཙོན་དུ་བཟུང་། སོག་པོ་དཔལ་ཡེ་དེ་དོན་ལ་གྲུབ་པའི་སྤྱོད་པ་འབའ་ཞིག་ཡིན་གྱི་རྣམ་པར་གཅན་གཟན་གྱི་གཉའ་ནས་འཛིན་པ་སོགས་བརྟུལ་ཕོད་པར་སྟོན་པས། སྐབས་འདིར་བླ་མའི་ཕྱིར་དུ་ལུས་སྲོག་འདོར་བའི་རྡོ་རྗེའི་དམ་ཙིག་གཉན་པོ་ལ་འཚལ་བས་བཙོན་སྲུང་པ་གཉིས་བཀུམ། སློབ་དཔོན་བཙོན་དོང་ནས་སྤྱན་དྲངས་པ་སོགས་སྐུ་དགྲ་ལན་གསུམ་བརྟུལ་ཞིང་། ཐུགས་ལན་གསུམ་བཟུང་བས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་མངོན་སུམ་པར་སྤྲུལ་ནས་རྗེས་སུ་བཟུང་བ་འདི་ཙམ་དོན་ལ་གནས་སོ། དེས་གནུབས་ཆེན་ལ་རྗེས་སུ་གདམས་པའོ། གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་འདི། བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནས། ཁྲི་བཀྲ་སིས་བརྩེགས་པ་དཔལ་གྱི་བར་ཅི་རིགས་པར་བྱུང་བར་འདོད་པ་དང་། ཡང་རལ་པ་ཅན་གྱི་དུས་སུ་བྱུང་ནས། ཁྲི་བཀྲ་ཤིས་བརྩེགས་པའི་བར་བཞུགས་པར་འདོད་པ་དང་། ཡང་སྔ་མ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང་། ཕྱི་མ་རལ་པ་ཅན་གྱི་དུས་ན་བྱུང་ངོ་ཞེས་གཏན་ཚིགས་སྣ་ཚོགས་ཡོད་དེ་བཀའ་ཤོག་རྒྱ་བོ་ཆེར། རྒྱ་གར་མཁས་པ་བི་མ་མི་ཏྲ་དང་། ཨོ་རྒྱན་མཁན་པོ་པདྨ་(སྟོད་ཆ།༣༨༧)འབྱུང་གནས་དང་། །བལ་པོའི་མཁས་པ་བ་སུ་དྷ་ར་དང་། །བོད་ཀྱི་མཁས་པ་ཛྙ་ན་ཀུ་མཱ་རས། །བདག་ལ་གནང་བའི་མན་ངག་འདི་རྣམས་ཡིན། །ཞེས་པས་བཙན་པོ་ཁྲི་སྟོང་གི་དུས་ན་བྱུང་བར་རྩོད་པ་མེད་ལ། སྐུ་ཚེའི་ཚད་བརྒྱ་དང་བཅུ་གསུམ་ལ་གཏན་ཚིགས་བསྒྲིགས་ནས་བྱོན་པའི་དུས་ཕྱིར་བསྲིང་བ་དང་། རུས་གནུབས་དང་། ཡུལ་སྒྲགས་ལ་གཟུགས་བརྙན་གཉིས་པར་བཅོས་པས་སྔ་ཕྱི་གཉིས་པར་བྱུང་སྟེ་དེ་དག་ལ་སྙིང་པོ་མེད་དོ། །འདིར་ནི་གནུབས་ཀྱི་བན་ཆུང་སངས་རྒྱས། ལོ་ནི་བརྒྱ་དང་སུམ་ཅུར་ལོན་ཞེས་ཕྱི་མཐའི་ཐ་ཚིག་མིན་པར་སྐབས་ཀྱི་འཕྲོས་དོན་ལ་འང་བྱུང་བས་ཚེའི་རིག་པ་འཛིན་པ་བརྙེས་ནས་མངའ་བདག་དཔལ་འཁོར་བཙན་གྱི་བར་དུ་བཞུགས་པར་སྣང་ངོ་། །དེ་ལ་ཡབ་གནུབས་རིགས་གསལ་བའི་དབང་ཕྱུག་དང་། མཚན་རྡོ་རྗེ་ཁྲི་གཙུག་ཏུ་གྲགས། ལོ་བདུན་པར་འོ་བྲན་དཔལ་གྱི་གཞོན་ནུ་ལས་འབྲི་ཀློག་སྦྱངས། མཁན་པོ་བྷོ་དྷི་སཏྭ་ལས་རབ་ཏུ་བྱུང་། སློབ་དཔོན་བ་སུ་དྷ་ར་བསམ་ཡས་སུ་བྱོན་པ་དང་མཇལ་ནས་གསེར་སྲང་གསུམ་གྱི་འབུལ་བ་བྱས་ཏེ་མན་ངག་འགའ་ཞིག་ཐོས། སློབ་དཔོན་འབྱོན་ཁར་སླར་བལ་ཡུལ་དུ་ཤོག་ཅེས་པའི་རྗེས་སུ་གནང་བ་ཐོབ་པས་རྒྱ་བལ་ལ་འགྲོ་བའི་བློ་ཆུང་ངུ་ནས་སྐྱེས། སྤྱིར་རྒྱ་གར་ལ་ལན་བདུན་བྱོན་པའི་སྔ་རེས་དང་པོ་ལོ་བཅུ་གསུམ་པ་ཡིན་ཞེས་ཟེར། སློབ་དཔོན་ཆེན་པོ་པདྨའི་ཞབས་ལས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དངོས་གྲུབ་བརྙེས། རེ་ཞིག་ན་ཡུལ་གཞིས་བཅོངས་པའི་རིན། གསེར་ཟོ་ལྔ་བཅུ་བྱུང་བ་བསྣམས་ཏེ་(སྟོད་ཆ།༣༨༨)རྒྱ་བལ་ལ་གཏད་དེ་བྱོན། སློབ་དཔོན་བ་སུ་དྷ་ར་ལས་རྒྱུད་དང་མན་ངག་མང་དུ་ཐོས། དེས་མདོ་ལུང་གི་མཁན་པོ་ཆོས་རྒྱལ་སྐྱོང་དང་། དྲག་སྔགས་ཀྱི་མངའ་བདག་རོམ་བུ་གུ་ཧྱའང་བསྟེན། རྒྱ་གར་དང་། བལ་པོ་དང་། བྲུ་ཤའི་ཡུལ་ན་གནས་པའི་མཁས་པ་མང་ཞིག་བསྟེན། རྒྱ་གར་དུ་མཁན་པོ་ཆོས་རྒྱལ་སྐྱོང་ལས་མོད་ལུང་འགའ་ཞིག་དང་། ཁྱད་པར་བྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས་ལས་མདོ་དགོངས་པ་འདུས་པ་ཡོངས་སུ་རྫོགས་པ་མཁྱེན་པར་མཛད། བསམ་ཡས་སུ་ལོ་ཙཱ་བ་ཆེན་པོའི་གྲྭར་བཞུགས་ཤིང་དམ་པའི་ཆོས་ཀྱང་བསྒྱུར། དབེན་པ་འབའ་ཞིག་བརྟེན་དགོངས་པ་ལ་སྤྱིར་དུས་འདི་ཙམ་ན་རྒྱལ་ཁྲིམས་ཞིག་ཅིང་། ཕྱོགས་རིས་ཀྱི་འཁྲུག་པ་དར་བའི་སྐབས་སུ་གྱུར་པ་གནུབས་ཆེན་ཡབ་སྲས་ལ་འོ་བརྒྱལ་ཆེན་པོ་བྱུང་། ཁྱད་པར་སྐུ་ཚེ་སྔ་མ་ལ་རྒྱ་གར་དུ་ཤན་པ་མ་རུ་ཙེ་བྱ་བར་འཁྲུངས་ནས་སེམས་ཅན་གྱི་དོན་མཛད་པས་དྲག་པོའི་གདུལ་ཞིང་ལྷག་མ་མ་ལུས་པར་རྫོགས་པར་མཛད་པ་དང་བོད་འདིར་དབོན་སྲས་ཀྱི་བསྟན་པ་ཉམས་པར་བྱེད་པས་མཚོན། སྔ་ཕྱིར་བསྟན་པ་ལ་གནོད་བྱེད་མང་དུ་བྱུང་བ་དེ་དག་དྲག་སྔགས་ཀྱིས་ཚར་བཅད་ནས་བསྟན་པ་སྲུང་བའི་ཕྱིར། རྒྱལ་བའི་ཕྲིན་ལས་ཀྱིས་བསྐུལ་བ་རྣམ་པའི་རྐྱེན་ཡུལ་པའི་ཁེངས་ལོང་སྔ་ཕྱི་བར་གསུམ་དུ་བྱུང་ནས་རིགས་ཀྱི་སྲས་གཉིས་བཀྲོངས་པས། ཇི་སྐད་དུ། ཉོན་མོངས་བོད་ཡུལ་དབུས་སུ་ཡངས། །འཚོ་བའི་ཟས་རྣམས་འབངས་ཀྱིས་ཕྲལ། ཞེས་དང་། བདག་འདྲ་གནུབས་ཀྱི་བན་ཆུང་ཡང་། སྙིང་ནས་ཆོས་བཞིན་བྱང་སེམས་སྐྱེས། ཞེ་སྡང་དགྲ་བོས་བྱེད་མ་སྟེར། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། ཞེ་སྡང་དེ་མ་ཐག་(སྟོད་ཆ།༣༨༩)ཏུ་བསྐྱེད། །དཀར་པའི་ཆེ་བ་འདོན་བསམས་ནས། །ངན་སྔགས་ཡིག་སྣ་སྣ་ཚོགས་བསླབས། །ཞེས་པ་ལྟར་རྒྱ་བལ་གྱི་ཡུལ་ནས་གཤེད་སྐོར་རྒྱ་མཚོའི་དྲག་སྔགས་རྣམས་སྤྱན་དྲངས་པ་ཡིན་ཏེ། བླ་མ་བཅུ་གཅིག་ཞབས་ནས་་བཏེག །འོན་ཀྱང་མཁས་པ་བཞི་ལ་གཏུགས། སློབ་དཔོན་དཔལ་གྱི་སེང་གེ་དང་། །རྒྱ་གར་ཁྲག་འཐུང་ནག་པོ་དང་། །ཕུང་བྱེད་ཤནྟིང་གབྷ་དང་། །བལ་པོ་བ་སུ་དྷ་ར་བཞི། མཁས་པ་བཞི་ཡི་ཐུགས་བརྟོལ་ནས། །ཟབ་པའི་མན་ངག་ཐུགས་ལ་བཏགས། །ཞེས་དང་། དེ་དག་ཀྱང་གནད་དུ་བསྡུས་པ་ལ་བལ་པོའི་སློབ་དཔོན་ཉིད་ལས་བྱུང་སྟེ། ཇི་སྐད་དུ། སློབ་དཔོན་བལ་པོའི་རྒྱལ་པོ་ཡིས། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །གནུབས་ཀྱི་བན་ཆུང་འདིར་ཤོག་གསུངས། བམ་ཆེན་རོ་ཡིས་དབང་བསྐུར་ནས། །ལྷ་རུ་འཇམ་དཔལ་ཚེ་བདག་གཏད། །ཅེས་པས་མཚོན་ནོ། །དེ་ལྟར་སློབ་དཔོན་འདི་རྒྱ་གར་དུ་བྱོན་པའི་རེས་ཤིག་རྡོ་རྗེ་གདན་ལ་ཚོགས་གསོག་མཛད་པས། ནམ་མཁའི་ཀློང་ནས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཞིག་རང་ཐད་ཁྲུ་གང་གི་སར་བྱུང་སྟེ་ལན་གཉིས་སུ་མ་ཟིན། གསུམ་པའི་ཚེ་པྱག་གཡས་པའི་མཐེབ་སྲིན་གྱི་བར་དུ་ཆགས་པའི་མོད་ལ་དེ་ཕྱག་ན་རྡོ་རྗེ་དངོས་ཀྱི་སྐུར་གྱུར། དབང་བསྐུར་བྱིན་གྱིས་བརླབས། སངས་རྒྱས་ཡེ་ཤེས་སུ་མིང་གི་ཅོད་པན་དཔྱངས། དབང་རྟགས་སུ་རྡོ་རྗེ་རྩེ་དགུ་པ་འབྲལ་མེད་དུ་འཆང་བ་ད་ལྟ་རོང་བྱམས་ཆེན་གྱི་ཐུགས་ཀ་ན་ཡོད་པར་གྲགས། རྒྱ་བལ་གྱི་རུ་མཚམས་རྡོ་རྗེ་རྩེ་ལྔའི་བྲག་ཕུག་ཏུ་སློབ་དཔོན་པདྨ་ལས་ཀྱང་གདམས་པ་ནོད་པ་སོགས་རྒྱུད་དང་མན་ངག་མང་པོ་ཐུགས་སུ་ཆུད། །དུར་ཁྲོད་དང་། མཚོ་གླིང་དང་།(སྟོད་ཆ།༣༩༠) མི་མ་ཡིན་དྲག་པོ་རྒྱུ་བའི་གནས་སུ་སྒྲུབ་པར་མཛད་པས། འཇམ་དཔལ་ཡ་མནྟ་ཀ་སོགས་ཏེ། ཡི་དམ་གྱི་ལྷ་དཔག་ཏུ་མེད་པས་ཞལ་གཟིགས། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ཡི་དྭགས་དྲག་པོ་དག་དང་ཡང་གཏམ་འགྲེ་ཞིག་མཆོད་པར་བྱེད། ནུས་པ་ཤིན་ཏུ་ཆེ་བས་ལྷ་སྲིན་ཀུན་གྱིས་སྟོང་སྲོག་ཕུལ། དུར་ཁྲོད་ཕུ་ལུང་ནག་པོར་ཨེ་ཀ་ཙ་ཊཱིས་ཞལ་བསྟན། །ཕྲམ་ཟེ་མོའི་ཐོད་པ་དངོས་གྲུབ་ཀྱི་རྫས་སུ་བྱིན། །པདྨ་གར་གྱི་དབང་ཕྱུག་གིས་མོན་ནག་ཁ་ཁྲིའི་ཐོད་པ་འང་དམ་ཚིག་གི་རྫས་སུ་སྤྲད། མངོན་ཤེས་དང་རྫུ་འཕྲུལ་ཐོག་པ་མེད་པར་གྲུབ། །བོད་ཡུལ་དབུས་ཀྱི་གནས་སྒྲགས་ཀྱི་ཡང་རྫོང་དུ་སྒྲུབ་གནས་ཀྱི་མཐིལ་མཛད། དེ་བཞིན་དུ་ཉུག་གི་རྡོ་རྗེ་སྒྲོམ་བུར་ཟླ་བ་དགུས་སེམས་ཉིད་བཙན་ས་ཟིན། གཙང་གི་ཕུང་པོ་རི་བོ་ཆེ་དང་། གཡུང་གི་རྫ་ལྷུགས་མོ་སོགས་ཞབས་ཀྱིས་བཅགས། །དྲུག་ཅུ་རེ་གཅིག་པར་སྒྲགས་སུ་ཁེངས་ལོག་བྱུང་བས་གཤིན་རྗེ་གཤེད་དྲག་སྔགས་རྣོན་པོས་གྲོང་ཁྱེར་མང་པོ་བརླག་པར་མཛད། ཇི་སྐད་དུ། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། །སྒྲུབ་ཁང་ཡ་མའི་མཁར་ལ་བྱས། །སྒྲགས་ལ་ནག་པོའི་རྩེ་མོ་རུ། །ཉེ་འབྱེད་རླུང་གི་འཁོར་ལོ་བསྐོར། །སྒྲགས་ཀྱི་གྲོང་ཁྱེར་སུམ་ཅུ་རྩ་བདུན་བརླག །ཅེས་བྱུང་ངོ་། སླར་གནུབས་ཡུལ་གྲོང་དུ་བྲོས། དེར་ཡང་བཞུགས་སུ་མ་སྟེར་བས་སྙེ་མོ་བྱེ་མཁར་བཟུང་། གནས་དེར་ཡང་དམག་གི་ཆོས་པོས་བསྐོར་ཞིང་སྐུ་སྲོག་ལ་བསྔོ་བར་ཉེན་པ་ན། མཁར་གྱི་རྩེ་ནས་ལྷ་འདྲེ་གཉན་པོ་དཔང་དུ་གསོལ། །ཚིགས་སུ་བཅད་པའི་བདེན་པ་བདར། །ཆོས་གོས་བརྡབས་པས་དམ་ཅན་སྐྱོང་རྣམས་མངོན་སུམ་པར་བྱུང་སྟེ། །བདག་ཅག་གི་མཐུ་(སྟོད་ཆ།༣༩༡)རྩལ་གྱིས་རི་རབ་ཐལ་བར་རློག །ཉི་ཟླ་ཆ་ལང་རྡེབ། །གནམ་ས་བླ་འོག་བསྒྱུར་ནུས་ཀྱང་ཚེ་རབས་སྔ་མའི་ལན་ཆགས་བརྟོལ་བས་སྔོན་ཆད་གྲོགས་བྱེད་དུ་མ་ནུས། ད་ནི་བཀའ་བཞིན་འཚལ་ལོ་ཟེར་བས། ཆོས་གོས་ཀྱི་ཆ་ག་ནས་སེང་ལྡེང་གི་ཕུར་བབུ་བཏོན། དམ་ཅན་རྣམས་ཀྱིས་སྲོག་སྙིང་དྲངས། དམག་མི་ཡོད་པའི་རི་ལོགས་ལ་འདྲིལ་ཞིག་བསྡིགས་པས། རི་ལས་མེ་དཔུང་ཆེན་པོ་བྱུང་སྟེ་དམག་རྣམས་ཐམས་ཅད་བསྲེགས་ཤིང་བརླགས་པར་བྱས། སླར་རབ་ཏུ་འགྱོད་ནས་བསམ་གཏན་མིག་གི་སྒྲོན་མ་སྡིག་སྦྱོང་དུ་མཛད་པར་གྲགས། སྐུ་དགྲ་ཐུལ་རྗེས་ལོ་གསུམ་གྱི་བར་ལ་དབུལ་ཞིང་ཕོངས། །སོག་པོ་དཔལ་གྱི་ཡེ་ཤེས་ལས་སེམས་ཕྱོགས་དང་རྒྱུ་འཕྲུལ་ལ་སོགས་པ་གསན། སྒྲགས་ཡང་རྫོང་དུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་གཞོལ། །མངའ་བདག་རལ་པ་ཅན་གྱི་བར་ཡན་ཆོད་དུ་རྒྱ་གར་དང་བོད་ཀྱི་བར་དུ་འབྱོན་བཞུད་ཀྱི་ངང་དུ་ཡོད་པ་ལ། དར་མས་བསྟན་པ་བསྣུབས་པ་ཐུགས་ཀྱིས་མ་བཟོད་ནས་སླར་ཡང་དྲག་སྔགས་སྤུ་གྲི་རེག་ཆོད་མང་པོ་ཚགས་སུ་བཙུད་ནས་མངོན་སྤྱོད་ཀྱི་ཐུགས་རྗེས་མཚམས་སྦྱར་བར་དགོངས་པ་ལ། སྡིག་སྤྱོད་རྒྱལ་པོ་ལྷ་ལུང་དཔལ་གྱི་རྡོ་རྗེས་བསྒྲལ་ཟིན་པས་དྲག་སྔགས་འཆོལ་གྱིས་དོགས་ནས་གཏེར་དུ་སྦས། །མདོ་རྒྱུ་སེམས་གསུམ་གྱི་བསྟན་པའི་རྒྱན་སློབ་མའི་ཚོགས་ལ་མི་ནུབ་པར་སྤེལ་ནས་མཐར་རང་བཞིན་རྫོགས་པ་ཆེན་པོའི་ལམ་ནས་ལྷུན་གྲུབ་འོད་ཀྱི་ཕུང་པོར་མྱ་ངན་ལས་འདས་སོ། །འདི་ལ་བརྒྱུད་འཛིན་གྱི་སློབ་བུ་སྲས་ཀྱི་དམ་པ་གཅིག །ཐུགས་ཟིན་སྲས་བཞི་དང་ལྔར་བྱུང་བ་ལས། སྲས་ཀྱི་དམ་པ་ཡོན་ཏན་རྒྱ་མཚོ་ནི་སྐྱེ་(སྟོད་ཆ།༣༩༢)བ་སྔ་མ་ཡབ་སྲས་སུ་འབྲེལ་འདིར་གནུབས་ཁུ་ལུང་དུ་བཙས། སྐྱེ་བ་སྔ་མའི་ཕུ་བོ་རྒྱ་གར་དྷ་ན་དྷ་ལས་གནོད་སྦྱིན་མོའི་རྐང་མགྱོགས་བསྒྲུབས་ནས་གྲུབ་ཀྱང་གཤོག་པ་བཅག་པས་མ་ནུས། སླར་རྐང་མགྱོགས་གཅིག་ཤོས་བསྒྲུབས་པས་ཁོས་མཐུ་བའི་ནང་དུ་དྷ་ན་དྷ་ལ་ཁུར་ནས་མཚན་གུང་གཅིག་ལ་ཁུ་ལུང་ཡོན་ཏན་རྒྱ་མཚོའི་རྩར་བསྐྱལ། དེར་ཡོན་ཏན་རྒྱ་མཚོས་སྐྱེ་བ་སྔ་མ་རང་གི་གཅུང་པོར་གྱུར་པ་ལ་རྗེས་སུ་བརྩེ་བས་དབང་བསྐུར། ཡོན་བདག་ལ་ཐུན་མོང་གི་དངོས་གྲུབ་བྱིན་པས་མི་རབས་བདུན་ཚུན་ཆད་དར་བར་གྲགས། ཡོན་ཏན་རྒྱ་མཚོ་ལ་སྒྲུབ་གནས་གྲོང་དུ་མི་རུང་གསུངས་ནས་མཁར་གདོང་ཡོན་མོའི་གཙུག་རུམ་ལྟ་བུའི་ས་གནང་བསྟན་སྲུང་གཤིན་རྗེ་དམར་ནག་དང་། མ་གཤིན་གྱི་སྐོར་སོགས་བྱིན་ནས་རྒྱ་གར་དུ་གཤེགས། དེར་ཡོན་ཏན་རྒྱ་མཚོ་ལོ་སུམ་ཅུ་ལོན་པའི་ཚེ་ཁྱི་ར་ལ་འཁྱམས་པ་སློབ་དཔོན་སངས་རྒྱས་ཡེ་ཤེས་སྣར་གྱི་ཤུག་ལ་ནག་པོར་བཞུགས་པ་དང་མཇལ་བས། རུས་གཅིག་པ་དང་སྐལ་བ་ཅན་དུ་དགོངས་ནས་ཆོས་སྐོར་བཅུག་སྟེ་རྗེས་སུ་བཟུང་། ལྟ་བུ་སྒང་དྲིལ། གབ་པ་མངོན་དུ་ཕྱུང་། གསང་བ་ཁོང་ལྟོ་ལྟར་ཕྱུང་། སྟར་ཁ་གེགས་སེལ་གྱི་ཚུལ་ཏེ་བཞི་ག་བཤད་པས་གདམས་པ་ཐམས་ཅད་རྫོགས་པར་གྲགས། འདི་ལའང་ཁེངས་ལོག་བྱུང་སྟེ་གཤེད་མ་བརྒྱས་བསྐོར་བའི་ཚེ་ཡང་། འབར་བ་ལྟ་སྟངས་ཀྱི་རྫུ་འཕྲུལ་མངོན་སུམ་དུ་གྲུབ་པས། སྤྱན་གཡས་པ་ནས་མེ་འབར། གཡོན་པ་ནས་ཆུ་འབྲུབ་པར་སྤྲུལ་པས་གླུགས་ལྟ་བའི་སྐབས་མ་རྙེད་པར་རང་རང་གི་ལག་ཆ་འཆོར་བའི་ངང་དུ་འབྲོས་དགོས་པ་བྱུང་། སྤྱིར་ཡི་དམ་མང་པོའི་ཞལ་གཟིགས། །དམ་ཅན་བྲན་དུ་འཁོལ། ཆོས་ཉིད་ཀྱི་བདེན་པ་མངོན་དུ་(སྟོད་ཆ།༣༩༣)གྱུར་པས་དངོས་གྲུབ་ཆེན་པོ་གཉིས་ཀ་བརྙེས་པ་ཞིག་ཡིན་ཏེ་རྣམ་ཐར་རྒྱས་པ་ཡི་གེའི་ལམ་དུ་འདྲེན་པར་མི་ནུས་པས་སོ་ལུགས་ཀྱི་ཡིག་ཆ་སོགས་ལས་ཤེས་སོ། ཐུགས་ཟིན་གྱི་སྲས་བཞི་ནི། སོ་ཡེ་ཤེས་དབང་ཕྱུག་ལ་ལྟ་བ་སྒང་དྲིལ་ཏེ་བཤད། པ་གོར་བློན་ཆེན་འཕགས་ལ་གཞུང་འགྲེལ་ཊི་ཀ་དང་སྦྱར་ནས་བཤད། དན་ཡོན་ཏན་མཆོག་ལ་སྟར་ཁ་གེགས་སེལ་གྱི་ཚུལ་དུ་བཤད། སྤུ་ལེགས་པའི་སྒྲོན་མེ་ལ་ཚིག་སྡེབ་སྦྱོར་ལེགས་པར་བཤད། བཞི་ཀ་ཚང་ན་ནི་ཡོན་ཏན་རྒྱ་མཚོ་ཡིན་ནོ། །འདི་ལ་སྲས་ཡེ་ཤེས་རྒྱ་མཚོ་དང་། །པདྨ་དབང་རྒྱལ་གཉིས་བྱུང་། ཡེ་ཤེས་རྒྱ་མཚོའི་སྲས་ལྷ་རྗེ་ཧཱུྃ་ཆུང་། འདིས་རྗེ་བཙུན་མི་ལ་ལ་དྲག་སྔགས་བསྟན་པས་མཐུ་ཆེན་གྱི་གྲགས་པ་ཐོན་པ་དེ་བྱུང་། ཡོན་ཏན་རྒྱ་མཚོ་ཡབ་སྲས་ཀྱི་སློབ་མ་ཉང་ཤེས་རབ་མཆོག །འདི་བསྐྱེད་རྫོགས་གསུམ་ཀ་ལ་མཁས་པར་གྲགས་ཤིང་དྭག་ལ་གཤོངས་ཀྱི་གཙུག་ལག་ཁང་ཡང་བཞེངས། །ཧའོ་སྒོལ་གྱི་བྲག་ལ་སྒྲུབ་པ་མཛད་པའི་ཚེ། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་གཟིགས། བྲག་ལ་རྡོ་རྗེ་བརྒྱབ་པས་འཇིམ་པ་ལ་བྱས་པ་བཞིན་ཐིམ་གྱིས་སོང་བ་སོགས་གྲུབ་པ་བརྙེས་པའི་ལོ་རྒྱུས་མང་དུ་ཡོད། དེའི་སློབ་མ་ཆོས་ལུང་ཉང་ཤེས་རབ་འབྱུང་གནས་ཡིན། བླ་མའི་ཐུགས་ཟིན་ཞིང་། བསྐྱེད་རྫོགས་གསུམ་ཀ་ལ་མཁས་པའི་གྲགས་པ་ཐོབ། དེ་དག་ལས་བརྒྱུད་པ་ཕལ་མོ་ཆར་རོང་ལུགས་སམ། །རུས་ལས་བཏགས་ཏེ་ཉང་ལུགས་ཀྱང་ཟེར་རོ། །ཡང་སོ་ཡེ་ཤེས་དབང་ཕྱུག་གི་སློབ་མ་ངན་ཐུང་བྱང་ཆུབ་རྒྱལ་མཚན།(སྟོད་ཆ།༣༩༤) ཀོང་བཙུན་ཤེས་རབ་ཡེ་ཤེས། ར་ཐུང་ཤེས་རབ་ཚུལ་ཁྲིམས་ཏེ་གསུམ་ཀ་ཡིན་གྱི་བྲེང་ཚགས་སུ་མི་འདྲེན་ཞེས་འགོས་གཞོན་ནུ་དཔལ་བ་བཞེད། ཡོན་ཏན་རྒྱ་མཚོ་ཡབ་སྲས་དང་། སོ་ཡེ་དབང་གཉིས་ཀའི་སློབ་མ་ཉང་ཤེས་རབ་མཆོག དེའི་སློབ་མ་ཡེ་ཤེས་འབྱུང་གནས། དེའི་སློབ་མ་ལྷ་རྗེ་ཟུར་པོ་ཆེ་སྟེ། ཟུར་པོ་ཆེ་ནི་སྟོག་ཚབ་འཕགས་པ་རིན་པོ་ཆེ་ལའང་ཐུག་པས། གནུབས་ཆེན་དང་། ཟུར་པོ་ཆེའི་བར་ན་བླ་མ་གཅིག་ཡོད་པ་ཡིན་ནོ། ད་ནི་ཐ་མ་ཟུར་ལ་བབས་པའི་རྣམ་གཞག་བཤད་པར་བྱ་སྟེ། དེ་ལ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱིས་བསྟན་པ་ཕྱི་དར་ལ་སྔ་འགྱུར་གྱི་བསྟན་པའི་རྩ་བ་བཙུགས། །ཟུར་ཆུང་བ་ཤེས་རབ་གྲགས་ཀྱིས་ཡལ་ག་བརྐྱང་། ཟུར་ཤཱཀྱ་སེང་གེས་ལོ་འབྲས་རྒྱས་པར་མཛད་པས་ཟུར་མེས་དབོན་རྣམ་གསུམ་ཞེས་གྲགས། སྤྱིར་ཟུར་ཞེས་བྱ་བའི་གདུང་འདི་དང་པོར་རྒྱ་གར་ནས་ལྷགས་པ་ཞིག་སྟེ། འཕགས་པའི་ཡུལ་དུ་འོད་གསལ་ལྷ་དབང་གཞོན་ནུ་གཙུག་ཏོར་ཅན། དེའི་སྲས་མནྡྷ་ཟང་ཞུ་ཅན། དེའི་སྲས་ཟུར་བཤེས་གཉེན་སྟག་སྒྲ་ཅན། དེའི་སྲས་ཟུར་རིན་ཆེན་རྒྱ་མཚོ། དེའི་སྲས་མཚོ་བཟང་མིག་པོ་ཆེ། །དེབ་སྔོན་དུ་ལྷ་རྗེ་ཟུར་པོ་ཆེ་འདིའི་སྲས་སུ་འཆད་ཅིང་། གཞན་དུ་ཨ་ཙ་རའི་སྲས་སུ་འདོད་ཀྱང་། འདིར་ཀུན་མཁྱེན་འཇིགས་མེད་གླིང་པས་ཟུར་པའི་རབས་ནི་ཤུ་རྩ་བདུན་གྱི་ཡི་གེ་ཞིག་མཐོང་བ་དེ་ཉིད་བཙན་སར་བགྱིས་ཏེ་གསུངས་པ་ལྟར་མིག་པོ་ཆེ་ལ། ཟུར་ཨ་ཙ་ར། ཟུར་ཁ་ཅན་ལག་ཅན། ཟུར་བཟང་ཤེས་རབ་འབྱུང་གནས་ཏེ་སྲས་གསུམ་བྱུང་(སྟོད་ཆ།༣༩༥)བས། ཐ་ཆུང་ཤེས་འབྱུང་གི་སྲས་ལྷ་རྗེ་ཟུར་པོ་ཆེ། ཟུར་སྟོན་བླ་མ། ཟུར་སྒོམ་རྡོ་རྗེ་འབྱུང་གནས། ཟུར་སྒོམ་ཆུང་དང་བཞིར་བྱུང་ལ། ཆེ་བ་ཨ་ཙ་རས་རྒྱ་གར་ལ་བྱོན་པའི་སྲས་ཉི་མའི་སྙིང་པོ། སླར་བོད་དུ་བྱོན་ནས་ཐག་ལུང་པར་བཞུགས་པའི་སྲས་ཟུར་ཐག་པ་སྒོམ་ཆེན། དེའི་སྲས་ཟུར་ཆུང་ཤེས་རབ་གྲགས་པ་ཡིན་ཞེས་སྨྲའོ། དེ་ལ་ལྷ་རྗེ་ཟུར་པོ་ཆེ་ནི་དཔལ་ཆེན་འཇིག་རྟེན་ན་མངོན་སུམ་དུ་བྱོན་པ་ཡིན་ཏེ། ཡུལ་མདོ་ཁམས་ཀྱི་སའི་ཆ་ཡར་རྫོང་ངམ་གཡར་མོ་ཞེས་བྱ་བར། ཡུལ་ཡོན་བདག་མོ་བདེ་བ་ལྕམ་ཞེས་བྱ་བའི་སྲས་སུ་འཁྲུངས། ལྷུམས་སུ་བཞུགས་པའི་ཚེ་ཡབ་ཀྱི་མནལ་ལམ་དུ་གསེར་གྱི་འཁོར་ལོ་རྩིབས་སྟོང་པ་ཕྱག་ཏུ་བྱུང་བ་དང་། འཕགས་པ་སྤྱན་རས་ཡུམ་ལ་ཐིམ་པ་སོགས་བྱུང་བས་སྤྲུལ་པའི་སྐུར་ཤེས་ནས་མཚན་ཤཱཀྱ་འབྱུང་གནས་སུ་བཏགས། ཡབ་ལས་འབྲི་ཀློག་མཁྱེན་པར་མཛད། སྒྱུ་འཕྲུལ་གྱི་སྐོར་དང་མན་ངག་ཕྲན་ཚེགས་ཞུས། བླ་ཆེན་དགོངས་པ་རབ་གསལ་ལས་ཚིགས་གསུམ་རིམ་ནོད་ཀྱི་ལོ་དུས་ལ་བསྙེན་རྫོགས། འདི་སྤྲུལ་པའི་སྐུར་འདུག་པས་མཚན་སྤོ་མི་དགོས་གསུངས། །མེས་པ་རིན་ཆེན་རྒྱ་མཚོའི་དྲུང་ནས་མཚན་ཉིད་སྡེ་གསུམ། ཀྲི་ཡ་རྣམ་འཇོམས། རྣམ་སྣང་སྒྱུ་དྲང་། དཔལ་མཆོག་དང་པོ་རྣམས་དང་། གསང་སྔགས་ནང་གི་མན་ངག་ཐབས་ལམ་ལ་སོགས་པའང་མཁས་པར་མཁྱེན། དེ་ཡང་གསུང་ལས། རྩ་རླུང་རྟ་རུ་ཞོན། གཏུམ་མོ་གོས་སུ་གྱོན། །གདམས་ངག་སྐྱེ་གྲོགས་སུ་ཁྲིད། །དད་པས་སྣ་དྲངས་ཏེ་མདོ་ཁམས་ཀྱི་ས་ཆ་བརྒལ་ནས་འདམ་གྱི་ཕྱོགས་སུ་ཉེ་བར་སླེབས་ཅེས་གསུངས་པ་ལྟར། ཁམས་ནས་འདམ་དུ་སླེབས་པའི་ཚེ། ལམ་ཆ་(སྟོད་ཆ།༣༩༦)མ་འཚལ་བ་ལ་སྤྲིན་གསེབ་ནས་ལྷའི་བུ་གཉིས་ཀྱིས་ལམ་བསྟན་ཏེ་དབུས་ཕྱོགས་སུ་བརྟོལ། ཡར་ཀླུངས་ན་མོ་ལུང་དུ་ཀྲི་ཡ་ལ་སྒྲུབ་པ་མཛད་པའི་ཚེ། ཐེག་པ་ཆེན་པོ་གསང་བ་བླ་ན་མེད་པའི་རིགས་སད་དེ། །སྤོང་ལེན་རྩོལ་བྱས་ཀྱི་ལམ་འདི་ནི་འཆིང་བའི་རྒྱུར་འདུག །ཚེགས་ཆུང་ལ་བྱ་སླ་བ་གསང་སྔགས་བླ་མེད་ཀྱི་ལམ་ཞིག་དང་མཇལ་བར་ཤོག་དགོངས་པའི་ནུབ། ནགས་ཚལ་ཅན་གྱི་རི་ལ་སྒོམས་ཟེར་བ་ཞིག་བྱུང་། དེར་གཙང་པོ་ལ་ལམ་རྒྱུས་བཅོལ་ནས་གཙང་ལ་གཏད་དེ་བྱོན། གསང་སྔེཾགས་ཀྱི་ཆོས་ལ་མཁས་གྲུབ་བརྙེས་པ་སུ་ཡོད་དྲིས་པས། ནགས་ཚལ་གསུམ་སྒྲིལ་བྱ་བ་ན་ཡོད་ཟེར། དེར་སྔར་གྱི་རྨི་ལམ་དྲན་ནས་བྱོན། །དགེ་གོང་གི་ལྕེ་ཤཱཀ་མཆོག་ལ་བདུད་རྩི་སྨན་སྒྲུབ་ལ་སོགས་པ་ཞུས། །སྤྱིར་ཟུར་ཆེན་ལ་བླ་མ་མང་དུ་བཞུགས་ཏེ། ཁྱད་པར་དུ་ཆོས་ལུང་གི་ཉང་ཡེ་ཤེས་འབྱུང་གནས་ལ་ཟུར་པའི་མེ་ཏོག་ཕོད་པའི་ཆོས་སྒྱུ་འཕྲུལ་དང་སེམས་ཕྱོགས་རྙེད་པ་ཡིན། ཐོ་གར་ནམ་མཁའ་ལྡེ་ལས་མདོ་དག་སྤར་ཁབ། རྫོགས་ཆེན་མན་ངག་དང་བཅས་པ། ཡུལ་གསེར་གྱི་གཉན་ནག་དབང་དྲག་དང་། །ལྕེ་ཤཱཀྱ་རྒྱལ་མཚན་ལས་གསང་དབང་ཐབས་ལམ་རིམ། ཉང་སྟོད་ཀྱི་འབྲེ་ཁྲོ་ཆུང་ལས་ཀ་དག་དང་ལྷུན་གྲུབ། སྒྱུ་འཕྲུལ་ལམ་རིམ། མཆིམས་ཕུའི་རོག་ཤཱཀ་འབྱུང་དང་ལྡན་མ་ཤེས་ཚུལ་ལ་ཡང་དག ཞུ་སྟོན་བསོད་ནམས་ཤཱ་ཀྱ་ལས་མདོ་ཡོངས་རྫོགས། སྟོང་ཚབ་བྱང་ཆུབ། རྒྱ་སྟོན་བློ་གྲོས། །བཀའ་སྡོད་ཡེ་ཤེས་སྙིང་པོ་རྣམས་ལའང་མདོ་ལུང་། དབང་སྒྲུབ། རྒྱུད་འགྲེལ་འཕྲིན་ལས་དང་བཅས་པ་གསན་ཞིང་། བླ་མ་དེ་དག་ཀྱང་རྟ་ལ་སོགས་པའི་བདོག་དགུའི་འབུལ་བ་དང་། འཁོར་གསུམ་ཡོངས་དག་གི་མཆོད་པས་མཉེས་པར་(སྟོད་ཆ།༣༩༧)བྱས་པ་འབའ་ཞིག་གོ ཚུལ་དེ་ལྟ་བུས་མཁས་པ་མང་པོའི་མན་ངག་བླངས། དགོངས་པ་ཉམས་འོག་ཏུ་ཆུད། སྡེ་སྣོད་དང་། རྒྱུད་སྡེའི་གྲུབ་མཐའ་ལ་མཁས་ཤིང་བྱང་ཆུབ་པར་བྱས་ནས། རྩ་རྒྱུད་དང་བཤད་རྒྱུད་བསྡེབས། རྩ་བ་དང་འགྲེལ་པ་བསྡེབས། རྒྱུད་དང་སྒྲུབ་ཐབས་སུ་བསྡེབས། སྒྲུབ་ཐབས་ཆོག་ཡིག་ལ་སོགས་པར་བསྡེབས་ནས་ལག་ལེན་དུ་ཐེབས་པར་བྱས། ནགས་ཚལ་ཅན་གྱི་རི་ལ་དཔལ་ཡང་དག་གི་སྒྲུབ་པ་ཁོ་ན་ལ་གཅིག་ཏུ་གཞོལ་བས་བསྐྱེད་རྫོགས་བཟླས་གསུམ་གྱི་གདིང་ཆེན་པོ་སྟོབས་སུ་གྱུར། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་མདུད་གྲོལ་ནས་ཤེས་རབ་ཕྱོགས་མེད་དུ་རྒྱས། སློབ་མ་མང་དུ་འདུས་པ་ལ་མདོ་དང་སྒྱུ་འཕྲུལ་གྱི་འཆད་ཉན་ཀྱང་མཛད། རྒྱུན་དུ་གཡེང་བའི་ལས་ཐམས་ཅད་རྣམ་པར་སྤངས། ཆེ་ཐབས་དང་འདུ་འཛི་བཤིག །བྱང་ཆུབ་ཕྱི་དུས་ལ་མི་རེ་བ་ད་ལྟ་ཉིད་ཁོ་ནར་མངོན་དུ་མཛད་པའི་བརྩོན་འགྲུས་དྲག་པོ་རྒྱུད་ལ་བསྟེན་ནས་བསྒྲུབས་པས། རེ་ཞིག་ན་གཏོར་ལེན་དུ། རྣལ་འབྱོར་པའི་རྣམ་པ་ཅན་ཞིག་བྱུང་། དེ་ལ་ཅུང་ཟད་བྱིན་པས་ཁོས་རིལ་པོར་ཐོབ། རྩིག་པའི་དྲུད་ན་ཕར་འགྲོ་བ་དང་། ཟུར་པོ་ཆེ་འདི་སྙན་པ་དང་། ཡོན་ཏན་མངའ་བ་ཞིག་འདུག་སྟེ། རོག་ཤཱཀ་འབྱུང་གི་རྒྱུན་གཏོར་ཙམ་ཡང་མི་འདུག་ཟེར། དེ་ཉེ་གནས་ཀྱིས་ཐོས་ནས་བླ་མ་ལ་ཞུས་པས་བོས་ཤོག་གསུངས། འབོད་དུ་ཕྱིན་པས་ཡོང་མ་ཉན་པར་རོག་ཤཱཀ་འབྱུང་མཆིམས་ཕུ་ན་ཚེ་ལ་དབང་ཐོབ་ནས་ཡོད་པ་ཡིན། །ཟུར་པོ་ཆེ་ལ་ཆོས་ལེན་མི་ཐོགས་གྱིས་ཤིག་ཟེར། རྐང་པ་ས་ལ་མ་རེག་པར་སོང་། དེར་བཟང་སྒོམ་ཤེས་རབ་རྒྱལ་པོ་དྲིའུའི་ཁལ་(སྟོད་ཆ།༣༩༨)དང་བཅས་ཆོས་ལེན་དུ་བཏང་བས། བསམ་ཡས་སུ་སླེབས་ཏེ་དྲིས་ཙ་ན་སུ་ལའང་བཤད་རྒྱུ་མི་གདའ། སླར་རྒན་མོ་ཞིག་གིས། དེ་དང་པོ་ཙ་ན་མཆིམས་ཕུའི་རི་འདི་ལ་ཡོད་པ་ཡིན་ཟེར། རྫིའུ་གཅིག་གིས། རི་འདི་ལ་ཡོད་ཡོད་འདྲ། སྐབས་རེ་ཙ་ན་རྔ་དང་། །རུ་ལུ་ནི་སྒྲ་ངས་ཀྱང་ཐོས་ཟེར། དེར་བཟང་སྒོམ་གྱིས་རྩྭ་ཕང་ཕུང་ཡོད་པ་ཞིག་ཏུ་ཁལ་ཕོག དད་གུས་ཀྱིས་གསོལ་བ་བཏབ་པས། སྒྲ་ཆེན་པོ་དང་བཅས་བྲག་ཕུག་གི་སྒོ་དང་དེ་མཐོང་། །དེར་མོས་གུས་ཆེན་པོ་དང་བཅས་ཕུག་པར་ཐལ་གྱིས་སོང་བས། གསང་བའི་སྒྲོལ་གིང་བཅོ་བརྒྱད་ཀྱིས་འདུ་བར་འོང་བ་འདི་སྒྲོལ་ཞིག་ཟེར། དེར་བླ་མ་རོག་གིས་འདི་ལས་ཅན་ཡིན་པས་མ་རུང་གསུངས། ལོ་རྒྱུས་ཞུས་པས། ང་རོག་ཤཱཀ་འབྱུང་། སློབ་མ་ཟུར་ཤཱཀ་འབྱུང་། མཚམས་སྦྱོར་ཤེས་རབ་རྒྱལ་པོ། རྟེན་འབྲེལ་བཟང་གསུངས། དེར་བཟང་སྒོམ་ལ་སངས་རྒྱས་མཉམ་སྦྱོར། ཡང་དག་གི་བདག་གཞན་དཀྱིལ་འཁོར་བཅུ་གཉིས། ཡང་ཕུར་སྦྲགས་མ་ལ་སོགས་པའི་དཀྱིལ་འཁོར་དྲུག་ཅུ་རྩ་གཉིས་ཀྱི་དབང་བསྐུར། དཔེ་དང་བཀའ་ལུང་རྗེས་སུ་གདམས་པ་ཐམས་ཅད་ཐོབ་སྟེ་བསམ་ཡས་རྒལ་བར་སླར་ལོག་སྟེ་དྲིས་པས། ཚངས་པ་དུང་ཐོད་ཅན་འགོ་བ་ཡིན་གསུངས་ནས་གསོལ་ཀའང་གནང་། སླར་གདམས་པ་བླ་མ་ཟུར་ཆེན་ལ་གསང་བའི་ངང་ནས་ཕུལ། དཔོན་སློབ་ཀུན་གྱིས་སྒོམ་སྒྲུབ་ལོ་དུ་མར་མཛད་ཅིང་འཆད་ཉན་བསྐྱངས་པས་འགྲོ་ཕན་ཆེ་བར་བྱུང་ནའང་། ཟུར་ཆེན་པོ་དབེན་པ་འབའ་ཞིག་ལ་ཐུགས་གཏོད་པས་འདི་ཡང་དགེ་སྦྱོར་གྱི་གཡེང་བར་འདུག་པས་བོ་དོང་མངའ་བདག་བྲག་ལ་(སྟོད་ཆ།༣༩༩)འགྲོ་གསུངས་ཏེ་དེར་གཅིག་པུས་སྒོམ་སྒྲུབ་ལ་ཞུགས་ཙ་ན། བུ་སློབ་རྣམས་ཀྱང་རྗེས་སུ་འབྲེངས་བྱུང་བས། ཁྱོད་རྣམས་ངའི་རྩར་ཡང་དོན་བྱང་ཆུབ་ཐོབ་པ་ལ་རེ་བ་ཡིན་ན་སྒོམ་སྒྲུབ་མིན་པ་གཞན་གང་གིས་ཀྱང་ཕན་མི་ཐོགས། འཇིག་རྟེན་གྱི་གཡེང་བ་རྒྱབ་ཏུ་ཞོག་ལ་སྒྲུབ་པ་ལ་འབུངས། ང་ཡང་སྒྲུབ་པ་ཁོ་ན་བྱེད་གསུངས་ཏེ་དཔོན་སློབ་ཀུན་སོ་སོར་སྒྲུབ་པ་མཛད། དེ་ནས་རེ་ཞིག་ན་མཁའ་འགྲོའི་ལུང་གིས་ས་སྨད་ལ་ཕེབས་ན་འགྲོ་དོན་ཆེ་བར་བསྐུལ་བས། རྟ་ནག་གི་ལུང་པར་བྱོན། འུག་པའི་ཚང་ཡོད་པའི་བྲག་ཕུག་ཁ་ཤར་བསྟན་ཞིག་ཏུ་ཡང་དག་ལྷ་དགུའི་སྒྲུབ་པ་མཛད་པས། དཔལ་ཆེན་པོ་ཡང་དག་ལྷ་དགིུའ་ཞལ་མངོན་སུམ་དུ་མཐོང་། དེ་ལྟར་བཞུགས་གནས་ཀྱི་མིང་ལས་བླ་མ་འུག་པ་ལུང་བ་ཞེས་ཀུན་ཏུ་གྲགས། དེར་སྒྲུབ་རྒྱགས་ཀྱང་དཀོན་ཞིང་། འབྱོན་པའི་ལུད་བསྟན་ཀྱང་བྱུང་ནས་སྨད་ཕྱོགས་སུ་ལྗོངས་རྒྱུ་བར་ཆས་པས། གཞི་བདག་ཟེ་རེ་མེ་བཙན་བྱ་བས་གཟུགས་བསྟན་ཏེ་བཞུགས་པར་ཞུས་པ་ན། ང་ལ་གནས་གཞན་དུ་འགྲོ་བའི་ལུང་བསྟན་ཡང་བྱུང་། རྒྱགས་ཀྱང་མེད་པས་འགྲོ་གསུངས་པས། དཔོན་སློབ་རྣམས་ཀྱི་འཚོ་བ་བདག་གིས་འབུལ། ཅིས་ཀྱང་བཞུགས་པར་ཞུ་ཞུས་པས། རེ་ཞིག་བཞུགས་པར་ཞལ་གྱིས་བཞེས། རྟ་ནག་གི་ཕྱུག་པོ་འུག་པ་ལུང་པ་ལ་བྱིན་རླབས་ཞུས་ཟེར་བས། ནད་པས་བླ་མའི་དྲུང་དུ་ཕྱིན་པས་ཞལ་མཐོང་བ་ཙམ་གྱིས་བདེར་སོང་། བྱིན་རླབས་ཞུས། ཚོགས་འཁོར་བྱས་མ་ཐག་ཏུ་ནད་ལས་གྲོལ། དེ་བཞིན་དུ་ནད་གདོན་གྱིས་མནར་ཚད་ལ་བྱིན་རླབས་དཔག་ཏུ་མེད་པ་བྱུང་བས་སྐྱེ་བོ་རྣམས་དད་དེ་སྐུ་(སྟོད་ཆ།༤༠༠)བསོད་ཆེན་པོ་སྐྱེས། བླ་མའི་དགོངས་པ་ལ། ཐུན་མོང་གི་བསོད་ནམས་འདི་མཆོག་བསྒྲུབ་པའི་བར་ཆད་ཆེན་པོ་ཡིན། རི་བོ་དགུ་འདུས་ལ་སྒོམ་དུ་འགྲོ་དགོངས་ནས་གཤེགས་ཙ་ན། གཞི་བདག་དེས་སྒྲུབ་རྒྱགས་ནི་ཕུལ་ཡོད། ཅིས་ཀྱང་བཞུགས་པར་ཞུ་ཟེར་བས་ཁྱོད་ཀྱི་འཚོ་བ་འདི་གཞི་དག་པོ་ཞིག་ཀྱང་དཀའ། འདུ་འགོད་ཀྱིས་གཡེང་བར་འགྱུར་བས་ད་ལན་འགྲོ་གསུངས་པས། ཁོ་གདོང་མཆི་མས་གང་ནས་ཅིས་ཀྱག་མི་བཞུགས་ན་བདག་ལའང་། ཐུགས་རྗེས་དགོངས་འཚལ་ཟུས་ནས་སྲོག་སྙིང་ཕུལ། བླ་མས་དགེ་བསྙེན་གྱི་སྡོམ་པ་ཕོག་ནས་བསྟན་པ་བསྲུང་བར་བསྒོས། མར་ལམ་ཇོ་མོ་སྣ་དམར་ཀྱང་དམ་ལ་བཞག །དེ་ནས་གཡས་རུ་ཐག་ཏུ་བྱོན། ཟུར་ཆུང་བ་ལ་ང་ལ་རི་བོ་དགུ་འདུས་སུ་སྒོམ་ཟེར་བའི་ལུང་བསྟན་བྱུང་བ་དེ་བྲག་རྒྱ་བོ་འདི་ཡིན་པར་འདུག་གསུངས་ནས་དཔོན་སློབ་ཐམས་ཅད་སྒྲུབ་པ་ལ་བཞུགས་སོ། །དེའི་ཚེ་ལྷ་རྗེ་ཟུར་པོ་ཆེ་ལ་སློབ་མ་རྩེ་མོ་བཞི། རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་ཡོད་པའི་རྩེ་མོ་བཞི་་ནི། ལྷ་དགོངས་ཀྱི་རྩེ་མོར་གྱུར་པ་ཟུར་ཆུང་ཤེས་རབ་གྲགས། སྒྱུ་འཕྲུལ་གྱི་བཤད་པའི་རྩེ་མོར་གྱུར་པ་མི་ཉག་ཁྱུང་གྲགས། མཁྱེན་རྒྱའི་རྩེ་མོར་གྱུར་པ་ཞང་འགོས་ཆུང་། སྒོམ་སྒྲུབ་ཀྱི་རྩེ་མོར་གྱུར་པ་བཟང་སྒོམ་ཤེས་རབ་རྒྱལ་པོ། རྩེ་ལྐོག་ནི་ཆོས་ཀྱི་སྟེང་དུ་ཕོ་ཟའི་རྩེ་མོར་གྱུར་པ་རྩགས་བླ་མའོ། ཡང་རྩེ་ལྐོག་བརྒྱད་དུ་འདྲེན་པའང་ཡོད་དོ། །དེ་བཞིན་དུ་གྲུ་སྒོམ་སྦ་འགྱིང་། ཡུལ་སྒོམ་ནག་མོ། ལྕེ་སྒོམ་ཤཱཀ་རྒྱལ། ཟུར་སྒོམ་རྡོར་འབྱུང་། གཡུ་སྒོམ་ཇོ་འབར། སྦ་སྒོམ་བསོད་ནམས་སྙིང་པོ་ལ་སོགས་ཏེ་སྒོམ་ཆེན་བརྒྱ་རྩ་བརྒྱད་དོ། །དེ་ཐམས་ཅད་ཀྱང་ནམ་མཁའ་ལ་འགྲོ་བ་སོགས་རྫུ་འཕྲུལ་(སྟོད་ཆ།༤༠༡)ཐོབ་པ་འབའ་ཞིག་ཏུ་གྲགས། དེ་ནས་རེ་ཞིག་ན་བླ་མའི་དྲུང་དུ་བུད་མེད་གསུམ་བྱུང་ནས། གཡས་རུ་ཤངས་ཀྱི་མདའ། ཤངས་ཆུའི་ཤར་ན་ལུང་པ་དབྱིབས་ཟླ་གམ། ཕུ་ན་བྲག་སྙིང་འདྲ་བ། མདའ་ན་ཐང་མ་ཏྲཾ་བསྒྲལ་བའི་པགས་པ་ལྟ་བུ། རི་དབྱིབས་གླང་པོ་ཆེའི་སྣ་འདྲ་བ་ལ་བྲག་སེག་གེའི་ཡ་ཐོད་ལྟ་བུ། རྫ་གསུམ་ནས་ཆུ་གསུམ་འབབ་པ་སྐུ་གསུམ་གྱི་དོན་རྙེད་པ་ཞིག་ཡོད་ཀྱི། དེར་བསྒོམ་ན་སྐྱེ་བ་འདི་ཉིད་ལ་འཚང་རྒྱ་ཞིང་། འགྲོ་དོན་ཡུན་རིང་བར་འགྱུར་རོ་ཞེས་ལུང་བྱིན་པས། ཟུར་ཆུང་པ་ལ་བྲག་རྒྱ་བོ་སྒྲུབ་གནས་ཀྱི་ཕ་ཕོགས་སུ་མཛད། བླ་མ་འཁོར་དང་བཅས་པ་མར་བྱོན། ས་དམིགས་མཁྱེན་ནས་ཞང་མོ་ཡོན་ཏན་རྒྱན་གྱིས་སྦྱིན་བདག་བྱས། དེས་ཕུལ་བའི་ཕུག་པར་བླ་མ་བཞུགས། ཟུར་ཆུང་པ་སོགས་སྒོམ་ཆེན་བརྒྱ་ལྷག་ཙམ་ཡོད་པ་ལུང་པའི་ཕུ་མདའ་ཐམས་ཅད་དུ་སྤྱིལ་པོ་དང་། བྲག་སྐྱིབས་དང་། བླ་མ་སངས་རྒྱས་དངོས་སུ་འཛིན་ཏོ། །དེར་ལོ་མང་པོ་སྒྲུབ་པ་མཛད། ཞི་བ་ཞེ་གཉིས་དང་ཁྲག་འཐུང་ལྔ་བཅུའི་ཞལ་མཐོང་། ཁྱད་པར་དུ་ཡང་དག་གི་ལྷ་ཚོགས་མི་དང་མི་ཕྲད་པ་བཞིན་གཟིགས་ནས་གསུངས་གླེང་མཛད། ཀཽ་རི་བརྒྱད་ལ་སོགས་པ་བྱོན་དུ་འཁོལ། མི་མ་ཡིན་རྣམས་ཀྱིས་ལས་གང་བཅོལ་ཉན་པ་བྱུང་། དེར་བླ་མའི་ཞལ་ནས། ངས་འུག་པ་ལུང་གིས་རྡོ་རི་བྲག་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་སུ་མཐོང་། ཁྱད་པར་དབེན་སེར་མོའི་ལྷོ་རི་འདི་རྒྱལ་བ་རིགས་ལྔར་རྒྱུན་དུ་མཐོང་བས་ཞི་བའི་ལྷ་ཁང་བཞེངས་གསུངས་ཏེ་སྟ་གོན་མཛད། སའི་དཔྱད་གཟིགས་ནས་ས་(སྟོད་ཆ།༤༠༢)དགྲ་ངན་པ་དག་བཅོས། ལྷོ་རི་ནག་ཐུར་དུ་རྒྱུག་པ་འདྲ་བའི་རྭ་དབྲག་ཏུ་ཟུར་པོ་ཆེ་དཔལ་ཆེན་པོའི་སྐུར་བཞེངས་ནས་ཞབས་གཡས་པ་བཞག་པར་ཞབས་རྗེས་ཀྱང་བྱུང་། དེར་ཧེ་རུ་ཀའི་སྐུ་འབུམ་ཕྲག་ཡོད་པའི་མཆོད་རྟེན་དང་། ཕྱོགས་བཞི་དབུས་དང་ལྔར། རྩེ་མོ་བཞི་དང་། རྩེ་ལྐོག་ལྔས་མཆོད་རྟེན་རེ་རེ་ཡང་བཞེངས། ཀླུ་དུང་སྐྱོང་གནས་པའི་ཆུ་མིག་ལ་ཟངས་བཀབ་ཁ་བཅད། དེའི་སྟེང་ན་གཙུག་ལག་ཁང་གི་རྨང་བཏིང་། ནེ་ཆུང་ཉང་སྟོད་རྩིས་ཀྱི་ལྷ་ཁང་དང་མཉམ་པ་བྱེད་པ་ལ། རྡོ་བཟོ་བས་ཅུང་ཟད་བསྐུམ་ཟེར། དེ་བཞིན་དུ་བཟོ་བོ་ཕལ་ཆེར་བསོད་ནམས་མ་ཡིན་པ་འདུ་བྱེད་པ་ལ་སྤོབས། ཤིང་ཐམས་ཅད་ཁད་མི་སྙོམས་ཤིང་། རིང་ཐུང་དུ་གནས་པ་ལ་སོགས་ཕྱག་རྫས་སྒྲོན་པའི་ཐབས་འབའ་ཞ ིག་བྱས་ཀྱང་། འདི་ལྟར་བྱང་ཆུབ་སེམས་དཔའ་གཏོང་བ་ལ་གོམས་པའི་སྙིང་སྟོབས་ལ་སེར་སྣ་དག་འཇུར་བུའི་རྣམ་རྟོག་གིས་བརྫི་བར་ནུས་པ་མ་ཡིན་པས་ནོར་རྫས་ལ་རྨི་ལམ་དང་སྒྱུ་མ་ལྟ་བུར་གཟིགས། ཀ་ཆེན་ཡ་གཅིག་བྲེགས་ཐལ་ཏེ་མ་སྙོམས་པ། ཞབས་ཀྱིས་སྒྲིལ་བས་རིང་ཐུང་སྙོམས་པའི་གྲུབ་རྟགས་བསྟན། དེ་ལ་རྡོ་རྗེའི་རྟགས་སྦྱར་ནས་ཡོད། དེ་བཞིན་དུ་ཀ་བ་ཀྱོག་པོར་གྱུར་པ་རྣམས་ཞབས་ཀྱིས་སྒྲིལ་བས་མདའ་ལྟར་འདྲོངས་པ་དང་། ལོག་སྒྲུབ་བཟོད་པ་སོགས་ཚད་མེད་པའི་ཐུགས་རྗེ་དང་ནུས་པ་མཐོང་བས། བཟོ་བོ་རྣམས་སླར་འགྱོད་པ་ཆེན་པོ་སྐྱེས། ལྷ་ཁང་ཚར་བའི་ཤིང་ལྷག་རྣམས་ལ་རྩིག་པ་མེད་པར་ཀ་བ་བཞིས་བཏེགས་པའི་སྒོ་ཁང་ཁྱད་འཕགས་ཞིག་བྱས་པར་འགྱོད་ཚངས་རྒྱ་ཕུགས་ཞེས་གྲགས་པ་ལ་དེ་སླར་མགོན་ཁང་དུ་མཛད། དེ་ལྟར་གཙུག་ལག་ཁང་དབུ་རྩེ་ཀ་བ་བཞི་པའི་ (སྟོད་ཆ།༤༠༣)རྣམ་སྣང་ཀུན་ཏུ་ཞལ་གྱིས་གཙོར་བྱས་པའི་ཞི་བའི་ལྷ་ཚོགས། ཁྱམས་སྟོད་ཀ་བ་བརྒྱད་ཀྱིས་སར་སྒོ་སྲུང་རྟ་བདུད་གཉིས། གློ་འབུར་ལྷོ་བྱང་གཉིས་ན་ཡུམ་ཆེན་མོ་དང་། མར་མེ་མཛད་ལ་མཆོད་ལྷ་བཞི་བཞིས་བསྐོར་བ་དང་། མགོན་ཁང་ན་ལེགས་ལྡན། དཔལ་ལྡན་ལྷ་མོ། ཚངས་པ་དང་། བརྒྱ་བྱིན་རྣམས་འབུར་སྐུ་བྱས། ཁྱམས་སྟོད་ཀ་བ་བརྒྱད་ཀྱི་བར་བླ་མ་བརྒྱུད་པའི་གྱང་རིས། སྐོར་ཁང་ལ་པདྨ་བརྒྱ་ལྡན་ལ་སོགས་པའི་དཀྱིལ་འཁོར་ཉི་ཤུ་རྩ་གསུམ། ཁྱམས་སྨད་ཀ་བ་ཉི་ཤུའི་སར་སངས་རྒྱས་སྟོང་རྩ། ཕྱོགས་བཅུའི་སངས་རྒྱས། ཚེ་དཔག་མེད་ལ་ཉེ་སྲས་ཀྱིས་བསྐོར་བ། སངས་རྒྱས་རབ་བདུན། མཛད་པ་བཅུ་གཉིས། བྱང་ཆུབ་སེམས་དཔའ་ཆོ་ལ་འཕགས། སྒྲོལ་མ་འཇིག་པ་བརྒྱད་སྐྱོབས། རིགས་གསུམ་མགོན་པོ། མ་ལ་ཡའི་ཞིང་བཀོད། སྲིད་པའི་ཙཀྲ་ལ་སོགས་པ་གྱང་རིས་སུ་མཛད། དེ་ལྟར་སྐྱ་བཟོ་གྲུབ་ནས། ད་ནི་ངའི་ལྷ་ཁང་ཐང་ཀ་ཡན་ཆོད་གསེར་གྱིས་བྱུག་པ་ཡིན། གསེར་འགྲོང་རི་ཕྱུགས་པོ་ལས་འདོན་གསུངས་ནས་དགོངས་པ་མཛད་པས། ནམ་ཕྱེད་ན་གཞི་བདག་བཙན་དེ་རྟ་པ་ནག་པོ་གཅིག་ཏུ་བྱས་ནས་བྱུང་། ཟུར་པོ་ཆེ་ལ་ཕྱག་དང་སྐོར་བ་བྱས་ནས་ལྷ་ཁང་གི་ཐང་ཀ་ཡན་ཆོད་གསེར་དུ་བྱུགས་ན། ངེད་ཀྱི་གསེར་མཛད་པས། རབ་ཏུ་གནས་པའི་ཚེ་རྒྱལ་བ་ཟུར་ཆེ་ཆུང་གིས་ཀུན་རིགས་རྣམ་སྣང་གི་དབུ་གཙུག་ནས་ཐུགས་ཀར་ཐོན། ཐུགས་ཀ་ནས་ཞུགས་དབུ་གཙུག་ཏུ་ཐོན་པ་ལ་སོགས་རྫུ་འཕྲུལ་གྱི་བཀོད་པ་ཟད་མི་ཤེས་པ་བསྟན་པས་བཟོ་བོ་རྣམས་སྙིང་ཐག་པ་ནས་དད་པར་གྱུར་ཏེ། བླ་མའི་ལྷ་(སྟོད་ཆ།༤༠༤)ཁང་རི་རབ་ཙམ་ལ། མཆོད་རྟེན་གྱིས་འདེགས་བྱེད་ཟེར། བསམ་ཡས་མཆོད་རྟེན་སྔོན་ཡོལ་དཔེ་བྱས་བཀྲ་ཤིས་སྒོ་མང་ལྷ་ཁང་གི་བྱང་ཕྱོགས་སུ་དད་བཞེངས་ཀྱིས་ཕུལ། བླ་མའི་མཚན་གདན་ས་ལ་ཆགས་པས་དཔལ་འུག་བྱ་ལུང་ཞེས་ཡོངས་སུ་གྲགས། ལྷ་རྗེ་ཟུར་པོ་ཆེའི་རིང་ལ་དབུ་བརྙེས། ཟུར་ཆུང་བས་སྲོལ་བཏོད། ཟུར་ཤཱཀ་སེང་གེས་དར་རྒྱས་སུ་མཛད་ཟེར་བ་དེ་གདན་རབས་འདིས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་ལ་བྱ་བ་རླབས་པོ་ཆེ་མཛད་པའི་རྣམ་གཞག་ཡིན་ནོ། དེ་ནས་འཆད་ཉན་ལ་སོགས་པས་འགྲོ་དོན་རྒྱ་ཆེན་པོ་མཛད། རེ་ཞིག་ན་དཔོན་སློབ་ཀུན་གྱིས་ཡང་དབེན་སེར་མོར་ཡང་དག་གི་ལོ་སྒྲུབ་མཛད་པས་མར་ཟད་དེ་མཆོད་མེ་མ་བྱུང་བས། ཆུ་མིག་ཞག་བདུན་དུ་མར་ཁུར་བྱིན་གྱིས་བརླབས་ནས་མར་ཁུ་འཛད་མེད་བླངས་ཆོག་པ་བྱུང་། དེར་ཐོག་མར་འཆད་ཉན་པ་རྣམས་བཤད་པ་ལ་གཙོ་བོར་འདོན་པས་དང་པོ་ཙ་ན་ཕྲིན་ལས་ཤེས་པ་ཉུང་སྟེ། ཁོང་རྣམས་ཆོས་རར་བགྲོ་གླེང་བྱེད་པའི་ཚེ་ཕྲིན་ལས་ཤེས་ཤིང་བགྲོ་གླེང་མེད་པ་དག་མི་ཤེས་པའི་ཕྱོགས་སུ་ཕུལ། རྒྱུན་གཏོར་ལྷན་ཅིག་ཏུ་གཏོད་པའི་ཚེ་ཕྲིན་ལས་ཤེས་པ་ཆོས་གྱེར་དུ་མ་ཉན། དེར་བླ་མའི་ཞལ་ནས། གང་ལ་མཐར་ཕྱིན་པ་གཅིག་གིས་གྲོལ་བ་ཡིན། གཅིག་གིས་གཅིག་ལ་ཁྱད་གསོད་མི་རུང་། ཐེག་པ་དགུའི་གྲུབ་མཐའ་རང་ས་ན་ཡོད་ཀྱི། །ཐེག་པའི་ཁ་འཛིན་པ་མ་ཡིན། གསུངས་པས་ཐམས་ཅད་ལ་དོན་གྱི་གོ་བ་ཁྱད་པར་ཅན་སྐྱེས་ནས་ཞི་དུལ་དུ་གནས་པ་བྱུང་། དེའི་དུས་སུ་བླ་མའི་ཞལ་ནས། སློབ་མ་རྩེ་མོ་བཞི་ལ། ལམ་ཉམས་སུ་ལེན་པ་ལ་གང་གལ་ཆེ། ཁྱེད་བཞི་པོ་གོ་བ་རེ་ཞོག་གསུངས་པ་ལ། ཟུར་ཆུང་བས། སྔར་ཞེན་གྱི་བག་ཆགས་ཚན་པོ་ཆེ་འདི། མ་(སྟོད་ཆ།༤༠༥)བསྒོམ་ན་མི་འཛད་པ་ཞིག་འདུག་པས། ཉམས་ལེན་ལ་བློ་ཐག་ཆོད་པ་གལ་ཆེ། འཕྲལ་གྱི་སྒྲིབ་པ་དྲི་མ་འདྲ་བ་འདི། ད་ལྟ་ནས་དག་དགོས་པ་འདུག་པས། ནང་དང་ནུབ་ཏུ་དགེ་སྦྱོར་བྱེད་པ་གལ་ཆེ། ཇི་སྲིད་གནས་ལུགས་མངོན་དུ་མ་གྱུར་གྱི་བར་དུ་བསོད་ནམས་ཀྱི་ཚོགས་བསགས་དགོས་པ་འདུག་པས། དགེ་བ་ཕྲ་ཞིང་ཕྲ་བ་ལ་བརྩོན་པ་གལ་ཆེ་ཞུས། དེ་བཞིན་དུ་གཞན་གསུམ་པོས་ཀྱང་རང་སའི་གོ་བ་རེ་ཞུས་པས། བླ་མ་མཉེས་ནས། དམ་པའི་ལྷ་ཆོས་བྱེད་པ་ལ། ལམ་ལྟ་སྒོམ་སྤྱོད་པ་གསུམ་དུ་གདབ། ལྟ་བ་ཞེས་མིང་དུ་བཏགས་པ་དེ། ལྟ་རྒྱུ་བྱུང་ན་ལྟ་བ་མིན། ལྟ་རྒྱུ་མེད་པའི་དོན་ལ་ལྟ། ཆོས་ཉིད་བརྗོད་མེད་ལམ་དུ་ཁྱེར། །ཞེས་པ་ལ་སོགས་པ་ལྟ་སྒོམ་སྤྱོད་པ་ལམ་ཁྱེར་གྱི་མགུར་གསུངས་པས་སློབ་མ་ཀུན་མོས་པ་མཆོག་ཏུ་འཕེལ། དེ་ནས་བླ་མ་ཟུར་པོ་ཆེས་འུག་པ་ལུང་དུ་ཚོགས་པ་བསྐྱངས་ཤིང་རྒྱུད་ཀྱི་བཤད་གྲྭ་དང་སྒོམ་གྲྭ་ཆེན་པོ་མཛད། ཟུར་ཆུང་བས་ཡང་དབེན་སྟོན་མོར་ཡང་དག་གི་སྒྲུབ་པ་མཛད་ཅིང་བཞུགས་པ་ན། ཤངས་ཀྱི་སྒྲུབ་ཁང་གདོང་ལ་རྒྱུའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གནིས་པ་ཀྲོང་ངེར་འདུག་པ་གཟིགས། སྒྲུབ་པ་ཐོན་ནས་བླ་མར་ལོ་རྒྱུས་ཞུས་པས། བླ་མའི་ཞལ་ནས་ཟུར་ཆུང་པ་དཔལ་ཆེན་པོ་མི་ཐུབ་པ་ཐོབ་པ་ཡིན། ང་ལ་རིག་འཛིན་ནམ་མཁའི་སྙིང་པོས་ཀྱང་ཧེ་རུ་ཀའི་སྐུ་བཞེངས་ན་བོད་འབངས་ལ་གནོད་པའི་གདོན་མཐུ་བོ་ཆེ་ཐུལ་ཞིང་འགྲོ་དོན་འབྱུང་བའི་ལུང་བསྟན་ཀྱང་ཡོད་པ། དེའི་སླད་དུ་འགྲོ་ཞེས་གསུངས། ཉེ་གནས་ལ། འོ་ཅག་ལྷ་ཁང་བཞེངས་པའི་ཡོ་བྱད་སྡོགས་ཤིག །ངེད་ཚོས་ས་འདུལ་བྱ་ཡི་གསུངས། བྲག་སེང་གེའི་ཡ་ཐོད་ཀྱི་ཁར་བཞུགས། གཏོར་མ་བཤམས།(སྟོད་ཆ།༤༠༦)བླ་མ་དཔལ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་ནས་སྟངས་སྟབས་མཛད་པའི་ཚེ། སངས་རྒྱས་མཐོང་བའི་སྐལ་བ་དང་ལྡན་པ་རྣམས་ཀྱིས་མངོན་སུམ་པའི་སྐུ་མཐོང་བ་བྱུང་། དེ་ནས་འགྲམ་རྡོ་སློང་བའི་དུས་ཟུར་ཆུང་བ་སྐུ་ལུས་སྦེག་ཅིང་ཞལ་རོད་ངན་པ་ལ་བརྙས་ནས། གཞན་ཀུན་གྱིས་འགྲམ་རྡོ་ཆེན་པོ་རེ་བཞག་གིན། ང་ཟུར་ཆུང་བས་གྱང་རྡོ་གཅིག་འཇོག་ཐང་ཞེས་ཟུར་ཟ་བར་བྱས་པས། ཟུར་ཆུང་པ་ན་རེ། དཔོན་སློབ་རྣམས་ཚ་བ་ལ་གཤེགས་ཤིག །ངེད་ཀྱང་ད་ལྟ་འདོང་གོ་ཟེར་ཏེ་མ་བྱོན། ཁོང་རྣམས་ཀྱིས་ཚ་བ་ཟིན་ནས་ཐོན་པ་དང་། གྱད་ཀྱི་རྡོ་ཐེག་པ་ལྟ་ཅི་སྨོས། བསྒུལ་བའང་མི་ནུས་པའི་ཕ་ཝང་ཆེན་པོ་བརྒྱད་རྨང་གི་ཕྱོགས་བཞི་མཚམས་བརྒྱད་དུ་བཞག་ནས། དེ་ལ་རྡོ་ཀར་གྱིས་ཟུར་ཆུང་བའི་གྱད་རྡོ་ལགས་བྱ་བ་བྲིས་པ་མཐོང་བས། གྲྭ་པ་རྣམས་སྤོབས་པ་སྨད་ཅིང་གཟུ་བོར་གྱུར་པ་དག་མོས་པར་གྱུར་ཏོ། དེར་ནག་ཕྱོགས་ཀྱི་ལྷ་འདྲེ་བྱེད་པ་མི་སྲུན་པས་ལྷ་ཁང་བརྩིགས་པའི་འགལ་རྐྱེན་དང་ཐོ་འཚམས་པའང་ཟུར་ཆུང་བས་གྱད་རྡོ་བཞག་པ་ཕྱིན་ཆད་ནས་ཞི་བར་གྲགས། ཤིང་བསྒྲིག་རན་པའི་ཚེ་ཀ་བ་བཞི་ཀྱོག་པོར་བྱུང་བ་བླ་མའི་ཞལ་ནས་འདི་ཟུར་ཆུང་བས་སྲོངས་ཤིག་གསུངས་པས། རླུང་ཁུག་པ་གཅིག་གི་ངང་ལ་དགྱེ་བ་དང་གུག་པའི་རྟེན་འབྲེལ་ཞིག་མཛད་ནས་མདའ་བཞིན་དུ་བསྲངས། ཐོག་ཕུབ་ཟིན་པ་ཙམ་ལ། ངས་ལྷ་བཟོ་བ་བཀུག་པས་ཁུག་ཡོང་གི་འདུག་གསུངས། ཞག་གཉིས་པ་ལྷ་བཟོ་ཤེས་པ་འགའ་ཞིག་ཆོས་ཞུ་རུ་བྱུང་། མ་མཁྱེན་པ་ལྟར་མཛད་པས། ཁྱེད་རྣམས་ཡོན་ཏན་མཁན་གྱི་རིགས་སམ་གསུངས། བདག་ཅག་རྣམས་ནི་ལྷ་བཟོ་མཁན་(སྟོད་ཆ།༤༠༧)ཏེ་སྐུ་དྲུང་དུ་ཆོས་ཞུར་བཅར་བ་ལགས་ཞུས་པས། རྟེན་འབྲེལ་བཟང་། ཅི་འདོད་པའི་ཆོས་ཀྱང་འོང་། དུས་ཀྱི་སྙེགས་མ་ལ་འགྲོ་དོན་ཆེན་པོ་འོང་བས་དཔལ་ཆེན་པོའི་སྐུ་བཞེངས་པ་ཡིན། ཁྱེད་རྣམས་ཀྱིས་དེ་བཞིན་དུ་འཚལ་ཞེས་གསུངས་པས། ཁོག་རྣམས་ཀྱང་དད་པ་ཤིན་ཏུ་བརྟན་པར་གྱུར་ནས་དཔལ་ཡང་དག་གི་བུམ་དབང་སྔོན་ལ་བསྐུར། དེ་ནས་དེ་བཞིན་གཤེགས་པའི་གདུང་རིང་བསྲེལ་དང་། བྲམ་ཟེ་བདུན་པའི་ཤ། དུར་ཁྲོད་བརྒྱད་ཀྱི་ས་རྡོ་ཆུ་ཤིང་། རིན་པོ་ཆེའི་རིགས། རྒྱ་བོད་རིག་འཛིན་གྱིས་བསྒྲུབས་པའི་ཆོས་སྨན་རྣམས་བསྲེས་པའི་ལྡེ་གུ་སྟ་གོན་བྱས། སྐུའི་ཚད་ཇི་ཙམ་བགྱི་ཞུས་པས། ཐོག་དཔངས་དང་བསྟུན་པར་གནང་། དེར་འབྲས་བུའི་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་མཚར་བ་དང་། རྔམས་པ་དང་། བཞད་པ་ཅི་ལྟ་བུ་ཞིག་བྱུང་ཡང་། བླ་མས་ཞལ་མཐོང་བ་ལྟར་མ་བྱུང་བས་སྐྱོར་ཅིག་གསུངས། ལན་མང་པོ་བསྐྱར་དགོས་པ་བྱུང་། རེས་གཅིག་ན། ད་ང་འདྲ་བ་ཞིག་ཤེས་སམ་གསུངས། ཤེས་མཆི་ཞུས་པས། དོ་ནུབ་གསོལ་བ་ཐོབ་ལ། སང་ང་ལ་ལྟ་རུ་ཤོག་གསུངས། སང་ཟུར་ཆུང་པ་དང་བཅས་ལྷ་བཟོ་རྣམས་ཀྱིས་དྲུང་དུ་ཕྱིན་པས། ཉེ་གནས་དོན་ཡོད་རྡོ་རྗེ་ལ་གཏེར་ཚོགས་གཤོམས་གསུངས། ཡང་དག་གི་ལས་གཞུང་བསྲངས། ཚོགས་འཁོར་མཛད་ནས་ད་ལྟོས་ཤིག་གསུངས་ཏེ་ལྟ་སྟངས་མཛད་པའི་མོད་ལ་ཧེ་རུ་ཀ་དངོས་སུ་གྱུར་ནས། དབུ་སྤྲིན་དང་ན་བུན་གྱི་མཚམས་ན་ལྷག་གེ་བ། ཞབས་གཡས་འུག་པ་ལུང་གི་ཧེ་རུ་ཀའི་བྲག་གདོང་དང་། གཡོན་བཙད་པོ་པུར་ཁང་གི་རི་རྩེར་བཞག་པ། ཞལ་གཅིག་ཕྱག་གཉིས། མཆེ་བ་གཅིགས་ཤིང་ལྗངས་འདྲིལ་བ། རྡོ་རྗེའི་(སྟོད་ཆ།༤༠༨)གཤོག་པས་བར་སྣནང་གང་བ་འཇིགས་ཤིང་རྔམས་པ་ཞིག་མཐོང་བ་དང་། ལྷ་བཟོ་བ་རྣམས་ཟིལ་མ་བཟོད་པར་དྲན་མེད་དུ་བརྒྱལ། བརྒྱལ་སོས་ཙ་ན་དགོངས་པ་གློད་ནས་བླ་མ་ཞལ་འཛམ་ལྷག་གེར་འདུག ད་ཤེས་སམ་གསུངས། ཞལ་གཅིག་ཕྱག་གཉིས་པའི་སྐུ་ཞིག་གསལ་བར་མཐོང་། དེ་ནས་གང་ཡང་དྲན་པ་མེད་པར་སོང་བས། དེ་བཞེངས་རྒྱུ་ཞལ་གསུམ་ཕྱག་དྲུག་པ་ཞིག་བསྟན་པར་ཞུས་པས། དེ་ཡང་ཟབ་སྟེ། གདུལ་བྱའི་དབང་གིས་ཞལ་གཅིག་ཕྱག་གཉིས་འབྱོན། ཞེས་གསུངས་ནས་དེ་ལྟར་བཞེངས་པའི་ཚེ། ལྟེ་བ་མན་ཆད་སྔ་མ་མཐོང་བས་མཚོན་པར་ནུས་ལ། ཡན་ཆད་ད་དུང་སྐྱོར་ཅིག་གསུངས་ལན་གྲངས་མང་པོ་བསྐྱར་དགོས་པ་བྱུང་བས། ཞལ་ནས་ཁྱེད་ཚོའི་སྒྲིབ་པ་མ་དག་པ་ཡིན། འཇིམ་པ་ལེགས་པར་སྦྱོར་ལ་འདིར་ཞོག ཆུ་མིག་ཕ ་གི་ངའི་བདུད་རྩི་ཀ་པཱ་ལ་གང་གཏོར་པ་ལས་བྱུང་བའི་སྒྲུབ་ཆུ་ཡིན་པས་ཁྲུས་གྱིས། ལྷ་ཁང་གི་ཕྱི་ལ་སྐོར་བ་ལ་ལན་བདུན་བསྐོར་ལ་ཤོག དེ་བར་དུ་འདིར་སུ་ཡང་མ་འོང་། ངས་དཔལ་ཆེན་པོ་ལ་གསོལ་བ་འདེབས་པ་ཡིན་གསུངས། ཁོང་རྣམས་དེ་ལྟར་བྱེད་པའི་རིང་ལ་ནང་ན་འཕྲོས་དིར་དིར་འདུག །ཁྲུས་དང་སྐོར་བ་ཚར་ནས་ནང་དུ་ཕྱིན་ཙ་ན། སྐུ་དྲུང་དུ་སུ་ཡང་མེད། བླ་མ་དགོང་པ་ལ་བཞུགས། འཇིམ་པ་རྣམས་ཟད། དཔལ་ཆེན་པོ་ལྟེ་བ་ཡན་ཆོད་རང་བྱོན་དུ་ཤར་འདུག་པས། བུ་སློབ་དག་ལྷ་བཟོ་བ་ཀུན་ངོ་མཚར་དཔག་ཏུ་མེད་པ་སྐྱེས་ཕྱག་འཚལ་བཞིན་དུ་བླ་མ་རང་གི་འདི་ལྟར་མཁྱེན་པ་ལ། ཁ་སང་ནས་མི་མཛད་པ། བདག་ཚོར་ཆོད་བག་མ་ལགས་མོད་ཞུས་པས། ང་ཉིད་ལྟ་བུའི་གང་ཟག་ལས། ང་ཉིད་ལྟ་བུའི་རྟེན་ཅིག་བྱུང་། སྙིགས་མའི་དུས་སུ་འགྲོ་བ་(སྟོད་ཆ།༤༠༩)འདྲེན། ནད་དང་གདོན་གྱི་གཉེན་པོར་འགྱུར། །སྔར་ཡང་ཧེ་རུ་ཀ་ཉིད་ལ་བརྟེན་ནས་ཧེ་རུ་ཀ་ཉིད་བྱུང་བ་ཡིན་ལ། ད་ཡང་ཧེ་རུ་ཀ་ཉིད་ལ་ཐིམ་པར་འགྱུར་རོ། །ཞེས་མ་འོང་པ་ཡང་བསྟན་ནོ། །སྔོན་དུས་ན་བྱོན་པའི་གྲུབ་པའི་སློབ་དཔོན་ཆེན་པོ་འདི་དག་ནི་གསང་བ་ལ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་འདི་ལྟར་མིའི་འདུ་ཚོགས་ཡངས་པོ་འོང་བར་གསང་སྒྲུབ་ལྟར་བཞེངས་ཤིན་ཏུ་གཉན་པ་སམི་གཏུབ་གསུངས། ཁྲོ་མོ་བརྒྱད་པོ་རྒྱུད་ལུགས་ལྟར་བཞེངས་ཤིག་གསུངས་ནས་བཞེངས། གཡས་ཕྱོགས་ཀྱི་གྱང་རིས་ལ་སྒྱུ་འཕྲུལ་ཞི་བ། གཡོན་ཕྱོགས་ལ་འབར་བ་ཁྲོ་བོའི་ལྷ་ཚོགས། མདུན་དུ་མདོ་ཡོངས་རྫོགས། སྟེང་དུ་དཀྱིལ་འཁོར་གསུམ་དང་། སྒོ་ཁང་ངོས་ལ་དཔལ་མགོན་མ་ཧཱ་ཀཱ་ལ་དྲག་པོ་གཤིན་རྗེ་ལྟར་སྒྲུབ་པ། སྟག་ཞོན་མོན་པ་སྡེ་བརྒྱད་དང་བཅས་པ་བྲིས། དེ་ནས་རབ་ཏུ་གནས་པའི་དུས་ལ་བབས་ཏེ། ཆང་མ་སུ་ལ་འཚོལ། ཤ་གང་ནས་འཚོལ་སོགས་རབ་སྟོན་གྱི་ཉེར་བསྡོགས་བྱ་བ་ན། ཉེ་གནས་ན་རེ། བཟོ་བོ་དང་། ལས་བྱེད། མགྲོན་པོའི་སྐྱོང་དར་མངས་པས་དངོས་པོ་ཕལ་ཆེར་ཟད། ད་དབུལ་བ་སྒུག་པ་དང་ཡོན་བདག་གི་སར་གཡར་སྐྱིའང་བྱེད་དགོས་པས་རབ་གནས་དུས་ལ་བྱེད། ཆང་གི་ནས་བཙལ་བས་མི་ལང་རྫ་མས་ཀྱང་མི་ཁོལ། དེ་བས་ཆང་མ་གླུ་ལ་འཚོལ། ཤ་རྙེད་པའང་དཀའ། རྙེད་ཀྱང་རིན་མི་འཁྱོངས། སྲམས་བོན་གྲོང་པའི་གླང་ལ་ཤ་རུ་བྱེད། རྩམ་པ་མི་མ་ཡིན་ལ་འདེགས་བསྐུལ་བས་ཆོག །དེ་ལྟར་བྱས་ན་མི་ལྡང་བ་གང་ཡང་མེད་གསུངས། དེར་བླ་མ་ཟུར་པོ་ཆེས། ནས་ཁལ་སྟོང་གི་ཆང་ལས་མི་འགྲོ།(སྟོད་ཆ།༤༡༠) ཁྱོད་རང་ནས་བྲེ་དྲུག་ཆོས། མིའི་མདུན་དུ་རབ་གནས་ཀྱི་ཆང་ཚོང་མང་པོ་ཡོད་པ་ལྟར་གྱིས། ཟུར་ཆུང་པས་ཀླུ་མོ་ཁུག་ཅིག་གསུངས། དེ་ནས་ཡ་ཟད་བྲག་གདོང་གི་བྲག་ལ་གནས་པའི་ཀླུ་བདུད་ཀྱི་སྲིག་མོ་དེ་ཟུར་ཆུང་པས་དགོངས་པ་མཛད་དེ་བཀུག་པས་སྦྲུལ་ཕྲ་མོ་ཞིག་བྱུང་། ལྟ་སྟངས་མཛད་པས། བུད་མེད་དཀར་མོ་ཞིག་ཏུ་སོང་། དེར་ཟུར་པོ་ཆེས། ང་ཡི་ལྷ་ཁང་རབ་གནས་ཀྱི་ཆང་མ་བྱེད་དགོས་གསུངས་པས། ངེད་གཙག་མ་ཀླུའི་རིགས་གྲིབ་ལ་སྡང་། སྐྱུར་ལ་འཛོམ། བླ་མའི་གཟིལ་བྱིན་ཡང་མི་བཟོད་པས་ཆང་འགོ་མི་ཐོན། ངའི་མིང་པོ་ལ་འཆོལ་བ་ཞུ། རྐྱེན་གང་དགོས་འབུལ་ཟེར། དེར་བླ་མས་འོན་ཟུར་ཆུང་བ་མིང་པོ་འགུགས་སམ། བྱིན་གྱིས་བརླབ་གསུངས་པས། བདག་གིས་འགུག་པར་འཚལ་ཟེར་ནས་ལྟ་སྟངས་མཛད་པས། སྡིག་པ་ཙ་ར་རྩིད་བུ་ཙམ་ཞིག་བྱུང་། ཏིང་ངེ་འཛིན་གྱིས་གཟིར་བས་གཟུགས་མངོན་དུ་བསྟན་བྱུང་། དེར་ཆང་མ་བྱེད་པར་བསྒོས་པས། བདག་ལྷ་འདྲེའི་རིགས་སུ་གཏོགས་པས་བྱ་དགའ་དང་སེམས་འཛིན་དུ་མ་དོགས། ཆང་མ་བྱེད་དུ་མི་ཁོམ་ཡང་། བླ་མའི་བཀའ་གཅོག་པར་མི་ནུས་ཟེར། དེར་ཁོང་གཉིས་ཀྱི་སྲོག་སྙིང་བླངས། དམ་ལ་བཞག །གནང་ཉིན་ཡོང་བས་གྲབས་མཛོད། ངེད་ཀླུའི་རིགས་གྲིབ་ལ་སྡང་བས་གཙང་ཞིང་སྡོད་ས་བཙན་པའི་ཐབས་ཞུ་ཟེར། དེར་བླ་མ་ཟུར་པོ་ཆེས། ངས་བྱིན་གྱིས་བརླབས་ཀྱིས་གསུངས། རྫ་མ་ཐེམ་བུ་གསུམ་པ་སྤོས་ཆུས་བཀྲུས། །བདུད་དང་ཀླུས་བསྟོན་པའི་མཐུན་རྫས་ཀྱང་འདུ་བྱས། ནས་བྲེ་དྲུག་གི་གླུ་མ་རྣམས་བླུགས། ཁ་ནས་དཀར་གཙང་མས་བཀང་། དེར་ཀླུ་བདུད་མིང་སྲིང་གཉིས་བཅུག །ཁ་བླ་མའི་ན་(སྟོད་ཆ།༤༡༡)བཟའ་ཕོད་ཀས་བཅད་ཕུ་དུང་ནས་ཆུ་བླུག་ཏུ་རུང་བ་བྱས། རྡོ་རྗེའི་མདུད་རྒྱས་བྱས་པས་ཀླུས་ཕྱོགས་པྱོགས་ཀྱི་ཆང་རྣམས་ཀྱི་བཅུད་བསྡུས་ཏེ་ཆང་ལ་འཛད་པ་མ་བྱུང་། དེར་ཉེ་གནས་ཀྱིས་ཆང་གིས་ལྡང་མཆི། །རྩམ་པ་ཇི་ལྟར་བྱེད་ཞུས་པས། ཕད་སྣོད་མང་པོ་གཡོར་ཞིག་གསུངས། དེར་བླ་མས་གཏོར་མ་གཅིག་མཛད། ཕད་བུའི་སྣོད་རྣམས་སུ་རྩམ་པ་ཁྱོར་བ་རེ་ཐོབ་ལ་ཞོག་གསུངས། དེ་ལྟར་བྱས་པས་སང་ཉིན་སྣོད་ཐམས་ཅད་རྩམ་པས་ཁེངས། ཡང་བླ་མའི་ཞལ་ནས་གྲྭ་པ་གཅིག་སྲམ་པ་བོན་གྲོངས་པའི་སར་དེངས་ལ། ངེད་རབ་གནས་བྱེད་པའི་ཆང་གི་སྦང་མ་མང་པོ་ཤིང་ནགས་ལ་ཕོ་བཏང་བ་འདི་ཕངས། གླང་རྣམས་སྦང་མ་ཟ་བར་ཐོང་གིས་གསུངས། ༑ེ་བཞིན་བྱས་པས་གླང་མངོ་བསྐུར་བྱུང་། བླ་མའི་གསུང་གིས་ཟུ་ཆུང་བས་སྒྲོལ་ལམ་གསོ་གསུངས་པས། བདག་བླ་མའི་བཀའ་བཞིན་བསྒྲུབ་པར་ཞུ་ཞུས་པས། ཟུར་པོ་ཆེས་དགོངས་པ་མཛད་དེ་ཐུན་རེ་འཕངས་པས་གླང་ཐམས་ཅད་ཉིལ་གྱིས་ཤི། །ནང་གི་དོན་སྣོད་རྣམས་ཀྱང་རང་སོང་ཞོག་ཕྱི་ཤ་རྣམས་བྲེགས་ཤིག་གསུངས་པས། ཉེ་གནས་སྐྲག་སྟེ། འདི་ས་དཔོན་སློབ་སྡིག་རྒྱལ་དུ་འདུག གླང་ལ་སྦང་མ་སྟེར་གསུངས་ནས་ཐམས་ཅད་བསད། ད་གླང་འདོན་མི་བྱུང་ན་ཇི་ལྟར་བྱེད་སྙམས་ནས་བློ་ཤིན་ཏུ་ཚུབས་པའི་ངང་ནས་རབ་གནས་ཀྱི་ཤ་སྟོན་བྱས། སྟོན་མོ་གྲུབ་ནས་གླང་འདོན་མི་བྱུང་། ཉེ་གནས་རྟབ་རྟབ་པོར་གྱུར་པ་དང་། བླ་མའི་གསུང་གིས་ཁོང་ཚོ་ལའང་་བཟའ་བ་བྱིན། ཟུར་ཆུང་པས་གླང་བདག་པོ་ལ་སྤྲོད་ཅིག་གསུངས། དེར་ཟུར་ཆུང་པས་པགས་པའི་ཁུག་ཏུ་རུས་པ་རྣམས་གྲིལ།(སྟོད་ཆ།༤༡༢) ནང་རོལ་རྣམས་ཀྱང་བཙུད་ན་བཟའ་བཀབ། སེ་གོལ་གཅིག་གཏོགས་པའི་མོད་ལ་གླང་རྣམས་འདར་ཕྲི་ལི་ལི་ལངས་བྱུང་། རྒན་མོ་གཅིག་གིས་ཤ་འབྲལ་བའི་ཚེ་རུས་རྩིས་ཧྲད་པ་བྱུང་བས། ཕྱིས་གླང་དེ་རྩིབ་གྱོལ་བྱུག་སྐད་བསད་གསོའི་རྫུ་འཕྲུལ་དེ་ལྟ་བུ་མཛད་པས་དེར་ཚོགས་ཚད་ཏམས་ཅད་ཤིན་ཏུ་དད་པར་གྱུར། བླ་མ་ཟུར་ཆེན་ཡང་མཉེས་པའི་ངང་ནས་དཔལ་ཆེན་པོ་ལ་གཟིགས་ཏེ། འགྲོ་བའི་དོན་ཆེན་པོ་མཛད་འཚམ་གསུངས་པས་སྐུ་གར་དགུའི་རྣམ་པར་རོལ་ཞིང་། ཧེ་ཧེ། སྨོས་ཅི་འཚལ། གསུངས་པས་དང་པོ་རྔམ་ཞལ་དུ་ཡོད་པ་ལ། དེ་ནས་བཞད་ཞལ་དུ་གྱུར་པ་ཡིན་ནོ། །ད་ངེད་རང་རྣམས་ཡང་དག་གི་ལོ་སྒྲུབ་བྱེད་པ་ཡིན་གསུངས་པས། ཉེ་གནས་ན་རེ་ཆ་རྐྱེན་གྱིས་མི་ལྡང་ཟེར། ཟུར་ཆུང་པས། ཆང་མི་ལྡང་ན་ཀླུ་བདུད་སྦྱོར་བས་ཆོག །ཤ་དང་རྩམ་པ་ཡང་བག་ཙམ་མཆིས། རྣལ་འབྱོར་དམ་ཚིག་མ་ཉམས་ན། འཚོ་བ་སྣང་སྲིད་ལྷ་འདྲེས་སྦྱོར། གཞི་བདག་གི་འབུལ་བ་འོང་བས་ལོ་སྒྲུབ་མཛད་པ་དགའ་ཟེར། དེར་རྣལ་འབྱོར་ཕོ་མོ་བརྒྱ་ཙམ་ཚོགས། སྒྲུབ་པ་པོ་རྣམས་ལ་ཆང་ཀ་པཱ་ལ་རེ་དང་། ཟན་བྱ་ངང་མོའི་སྒོང་ཙམ་རེ། ཤ་དམ་ཚིག་གི་བཟའ་བ་ཙམ་དྲོངས་ཤིག་གསུངས་ཏེ་ལོ་སྒྲུབ་མཛད། དེར་བླ་མའི་ཞལ་ནས་ཁྱེད་རྩེ་མོ་བཞི་དགོངས་པ་འགྲན་པ་ཡིན་གསུངས་པས། ཐམས་ཅད་ཀྱིས་མཉམ་པར་གཞག་པ་ན། གསུམ་པོ་ལ་གཡོ་འགུལ་མེད་པའི་དགོངས་པ་རི་བོ་ལྟ་བུ་རྐྱེན་གྱིས་དབྲོག་མི་ནུས་པ་བྱུང་། ཟུར་ཆུང་བ་རིས་མེད་མཉམ་པ་ཆེན་པོའི་གནས་ལ་བྱོན་པས་ལྟ་བ་མཐོ་བ་མཚོན་ཕྱིར་ཤིང་ཏཱ་ལ་གང་ཙམ་འཕགས་ནས་གདའ་སྐད། ད་ཟུར་ཆུང་པའི་རུ་ལུའི་བཟླས་པ་ལ་ཕྱི་ནས་ཉོན་ཅིག་གསུངས།(སྟོད་ཆ།༤༡༣) རྣལ་འབྱོར་མ་ཅིག་གིས་ཕྱི་ནས་ཉན་པས། སྔར་བས་ཆུང་དུ་མ་སོང་། རི་ཟུར་གཅིག་འདས་ནས་ཉན་པས་ཀྱང་ཆུང་དུ་མ་སོང་བས། དེར་བླ་མའི་གསུང་གིས། ཁྱེད་རྣམས་མཆེད་གྲོགས་མཉམ་པོར་ཡིན། ཟུར་ཆུང་པའི་གྲིབ་མ་ལའང་འགོམ་དུ་མི་རུང་གསུངས་ནས་གཟེངས་བསྟོད་དོ། དེ་ནས་སྒྲུབ་པ་ཐོན་པ་དང་། དཔོན་སློབ་རྣམས་གྲོག་པོའི་སུམ་མདོར་བྱོན། བླ་མ་ཐུགས་ཉམས་འུར་ནས་བྲག་རྡོ་རྗེའི་གཏན་པ་བྱ་བའི་སྟེང་དུ་རུ་ལུའི་བྲོ་བརྡུངས་མཛད་པས། ཞབས་ཀྱི་ལོང་བུ་མན་ཆོད་འདམ་ལ་བརྒྱབ་པ་བཞིན་སོང་། ཟུར་ཆུང་བས་ངའི་བླ་མ་སངས་རྒྱས་དངོས་སུ་འདུག་པས་ཞབས་སྤྱི་བོར་ལེན་པ་ཡིན་ཟེར་ཞབས་རྗེས་ལ་དབུ་གཏུགས་པས་རལ་པའི་ཐོར་ཚུགས་སྙན་ཆ་དང་བཅས་པའི་རྗེས་ལྷམ་མེར་བྱུང་། དེར་བཟང་སྒོམ་ཤེར་རྒྱལ་ན་རེ། བླ་མ་ཁུ་དབོན་གཉིས་ཀྱི་གྲུབ་རྟགས་ཁྱད་དུ་འཕགས། འདི་ལ་མི་ཕྱུགས་ཀྱི་རྡོག་པ་བཞག་ན་བསོད་ནམས་མ་ཡིན་པར་འགྱུར་ཉེ་ཟེར་ནས། ལག་སོར་ལྔ་གྱད་སྟོབས་པོ་ཆེ་ལྔ་རེ་སྤྲུལ་ནས་བྲག་རྡོ་རྗེའི་གཏན་པ་གྱེན་དུ་བསླང་ནས་བཞག །ཡང་ཞང་འགོས་ཆུང་བ་དང་། མི་ཉག་ཁྱུང་གྲགས་གཉིས་ཀྱིས། འདི་བརྟེན་པ་ངེད་ལ་བབས་ཟེར་ནས་གྱད་སྟོབས་པོ་ཆེ་མང་པོས་བསྐུལ་བར་ཡང་མི་ནུས་པའི་ཕ་ཝང་རེ་བླངས་ནས་གཡས་གཡོན་ནས་བརྟེན་ཏེ་རྩ་བ་བརྟན་པར་བྱས་པ་ད་ལྟ་མངོན་སུམ་ན་ཡོད་དོ། །ད་ནས་འུག་པ་ལུང་དུ་འབྲས་བུའི་དཔལ་ཆེན་པོ་བཞེངས་པར་བཞེད་ནས། སློབ་མ་ཐམས་ཅད་ཀྱང་ཕར་དེངས་ཤིག་གསུངས་པས། ཟུར་ཆུང་པ་བླ་མའི་ཕྱག་ཕྱི་སྙོགས་པར་འོང་གིས་ཟེར་ནམ་མཁའ་ལ་འཕུར་ནས་བྲག་རྒྱ་བོར་གཤེགས། གྲྭ་པ་རྣམས་ཀོ་བ་བརྒྱུད་ནས་སོང་། ཀླུ་(སྟོད་ཆ།༤༡༤)བདུད་མིང་སྲིང་གཉིས་ན་རེ་བདག་ཅག་ཀོ་བ་ལ་མི་གྲིབ་ཅན་དང་འགྲོགས་པས་མི་རུང་བས་ར་བ་ལ་འཁྲིད་པར་འཚལ་ཞེས་ཞུས་པས། བླ་མས་དེ་བཞིན་རུང་གསུངས། དེར་ཉེ་གནས་ལ་རྫ་མ་བསྐུར་བས་ལྗིད་བྱ་སྒྲོ་ལས་ཡང་བ་བྱུང་བ། ཆུ་ཁར་ཕེབས་པ་དག་ཉེ་གནས་ལ་ཁྱོད་རང་ང་ལ་འཇུས། ཐེ་ཚོམ་མེད་པར་ཤོག་གསུངས་པས། ཁོའི་སེམས་ལས་སུ་མ་རུང་ནས་ཆུ་ལ་བསྐྱུར་བ་མིན་ནམ་སེམས། དེ་མཁྱེན་ནས་ད་ཁྱོད་ངའི་ཕྱིར་མི་ཐར་བ་འདུག ཀོ་བ་བསྐོར་ལ་ཤོག །ངས་སྔོན་ལ་འགྲོ་ཡི་གསུངས་བླ་མ་ཞབས་ཆུ་ལ་མི་རེག་པར་གཤེགས་སོང་། ཉེ་གནས་ཀྱིས་ཀོ་བར་ཕྱིན་པས་ཀོ་བ་ཕ ་རིར་ཐལ། དེར་སྒུག་ཡུན་རིང་བ་དང་ཁ་སྐོམ་ནས་ཆང་བཙགས། ཡོད་ཚད་འཐུང་བས་རྣམ་རྟོག་ལ། ཆང་བཅོས་ནས་ལོ་གཅིག་དང་ཟླ་བ་བཞི་སོང་། འདི་ཙམ་ཡོང་བ་བླ་མས་རྫ་མའི་ནང་དུ་ཅི་བཅུག་པ་ཡིན་སྙམ་ནས་རྫ་མའི་རྒྱ་བཤིགས་པས། སྦྲུལ་དཀར་ནག་གཉའ་སིག་ཙམ་པ་གཉིས་མདུད་པ་ཤིག་སེ་གྲོལ་ནས་ནམ་མཁའ་ལ་དེངས། ཤུལ་དུ་སྡིག་སྦལ་་ལྕོང་མོ་ལ་སོགས་པ་འདུག་པ་དེ་དག་ཀྱང་ཚག་སྒྲ་འུར་སྒྲ་དང་བཅས་ནས་ནམ་མཁའ་ལ་སོང་མ་ཐག་སྦང་མ་སྔོ་ཧྲུལ་ལེ་སྐྱུར་སིང་ངེ་སོང་། དེར་སྦང་མ་རྣམས་ཕོས་རྫ་མ་ཁུར་ཕྱིན་པས་ཆུ་ཐོན་པ་དང་རྫ་མའང་ཆག །དེར་བླ་མའི་བཀའ་ལས་རྟེན་འབྲེལ་འཕྱུགས་འའོག་གདོང་གི་ཀླུ་བདུད་མིང་སྲིང་གཉིས་ཕྱིར་མ་ཐོན་ན། འུག་པ་ལུང་དུ་དགོན་པ་བོད་ཙམ་ན་ཆེ་བ་ཆགས། སྲམ་པ་སྒྲུབ་ཁང་ཡང་དར་རྒྱས་ཆེ་ལས་མི་གཉན་པ་ཞིག་འོང་སྟེ། ད་རྫ་མ་ཆུ་ལྷོར་ཐོན་པས་གནས་ཞིག་དང་སྡེ་དགོན་འགའ་ཞིག་ཆགས་པ ར་འགྱུར་ཞེས་གསུངས། ཀླུ་བདུད་མིང་སྲིང་སྲམ་པ་སྒྲུབ་ཁང་གི་བཀའ་སྲུང་ལ་(སྟོད་ཆ།༤༡༥)བསྐོས། རྟེན་འབྲེལ་དེས་འབྲས་བུའི་དཔལ་ཆེན་པོ་ཡང་མ་གྲུབ་བོ། དེ་ནས་བཤད་གྲྭ་དང་སྒོམ་གྲྭ་རྒྱ་ཆེན་པོ་བྱུང་། དེའི་ཚེ་ཉ་རི་ནས་མ་གཡུང་དྲུང་བཀྲ་ཤིས་བཟའ་མི་གཉིས་བུ་ཚོ་མེད་ལ་ནོར་གྱི་འབྱོར་པ་ཡོད་པ། ཆོས་འཁོར་བྱ་བར་འདོད་ནས་ཡུལ་མི་དང་ཉེ་དྲུང་ཀུན་བསགས་ཏེ་སློབ་དཔོན་གང་བཟང་དྲིས་པས། ལ་ལ་སྔགས་པ། ལ་ལ་བཙུན་པ། ལ་ལ་བོན་པོ་ཟེར་ཁ་མ་འཆམ་པས་ཁྱེད་རག་གང་མོས་ལན་གྱིས་ཤིག་པའི་གྲོས་བཏབ། མོ་ན་རེ། དེའི་ཡོ་བྱད་ཀྱིས་འདེངས་པས་གསུང་ཀ་ལ་བྱེད་ཟེར། དེར་སྔགས་པ་འུག་པ་ལུང་པ། བོན་པོ་ལ་ཀེ་ཙེ་བ། བཙུན་པ་ཆུ་མིག་རིང་མོ་བ་རྣམས་གདན་དྲངས་སོ། །མཆོད་གནས་གསུམ་པོ་འདུས་ནས་ལྷ་ཁང་སྡེབས་སུ་བརྩིག་པའི་གྲོས་བྱས་པས་ལྷའི་གཙོ་བོ་ལ་མ་མཐུན། སྔགས་པས་རྡོ་རྗེ་སེམས་དཔའ་ལ་བྱེད་ཟེར། བཙུན་པས་ཤཱཀྱ་ཐུབ་པ་བྱེད་ཟེར། བོན་པོས་གཤེན་རབ་མི་འོ་ཆེ་ལ་བྱེད་ཟེར་བས། ལྷ་ཁང་སོ་སོར་བརྩིག་ཏུ་ཆད། ལྷ་རྗེ་འུག་པ་ལུང་པས་སྒྲོ་ཕུག་པས་དམའ་བ་གཅིག་ཏུ་བོན་པོ་དང་བསྡེབས་ནས་བརྩིགས་པས། བོན་པོ་ན་རེ། འདོད་ལྷ་བཞེངས་པའི་ཚེ་ཡང་། ཁྱོད་ཀྱི་ལྷས་གཙོ་བོ་བྱས་ན་ངའི་ལྷས་འཁོར། ངའི་ལྷས་གཙོ་བོ་བྱས་ན་ཁྱོད་ཀྱི་ལྷས་འཁོར་དུ་བྱེད་དགོས་ཟེར་བས་དེ་གཉིས་བྱིན། སྒྲོ་སྟོན་པས་སྒྲོ་ཕུག་ཅེས་བྱ་བའི་གནས་ཕུལ་ཏེ་དེར་ལྷ་ཁང་བརྩིགས་སོ། དེའི་ཚེ་ཡོན་བདག་གཉན་སྡེ་གསུམ་ན་རེ། ལྷ་ཁང་ལ་རྒྱ་ཕིབས་སུས་ཁེལ་བ་ལ་མེ་ག་ཏོག་སྡུད་ཟེར་བ་ལ་སྔགས་དང་བོན་པོས་ཁེལ། བཙུན་པས་མ་ཁེལ་ལོ། དེར་སྔགས་བོན་གཉིས་ལོ་རེ་མོས་སུ་སྡུད་པས། བཙུན་(སྟོད་ཆ།༤༡༦)པ་ན་རེ་བདག་ཅག་ལའང་སློང་རེ་ཞུ་ཟེར། ལོ་གཅིག་སྦྱིན་པས། དེ་ཕྱིན་ཆད་གསུམ་ཀ་ལོ་རེས་སྡུད་དུ་སོང་། སྒྲོ་ཕུག་གི་གཙུག་ལག་ཁང་དེར་དུས་གསུམ་སངས་རྒྱས་ཀྱིས་གཙོ་བྱས་པའི་ལྷ་ཁང་ཆེ་ཆུང་བརྒྱད། ཁྱམས་སྟོད་ཀ་བ་ཉི་ཤུ་དང་། ཁྱམས་སྨད་ཀ་བ་དྲུག་ཅུའི་སར་ཡོད། གནས་འདིར་ཆོས་གྲྭ་ཆེན་པོ་ཚུགས། དེ་ཡང་ཐག་གི་རྒྱ་བར་ཡང་དག་གི་སྒྲུབ་པའི་སྐབས་ཡིན་པར་ཡང་གྲགས་ཤིག་རྒྱལ་བ་ཟུར་པོ་ཆེ་ལ་སྐུ་བསོད་ཤིན་ཏུ་རྒྱས་པའི་སྐབས་ཤིག་ན། འབྲོག་མི་ལོ་ཙཱ་བ་པཎྜི་ཏ་རྫངས་པའི་གསེར་མ་ལྡང་ནས་ཁྱེད་ཀྱིས་གསེར་མང་པོ་ཁྱེར་ཤོག །ངས་གདམ་པ་ཟབ་མོ་སྦྱིན་ནོ་ཟེར། འདི་ལྟར་སྐྱེས་བུ་ཆེན་པོ་རྣམས་ནི་གཞན་ལ་ཕན་འདོགས་པའི་དམ་བཅའི་རྩ་བརྟན་ཅིང་། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱེད་ཀྱིས་དགེ་བའི་རྩ་བ་གཅིག་ལ་ཆགས་པར་མ་བྱེད་ཅིག །ཆོས་ཀྱི་སྒོ་གཅིག་དང་། སྤྱོད་པ་གཅིག་ཡོངས་སུ་རྫོགས་པས་ཆོག་པར་མ་འཛིན་ཅིག དེ་ཅིའི་ཕྱིར་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་ཚད་མེད་པ་ཡོངས་སུ་བསྡུ་བར་བྱ་དགོས་སོ། །ཞེས་པས་བྱང་ཆུབ་སེམས་དཔའི་བསྡུ་བའི་དངོས་པོ་བཞིའི་སྤྱོད་པ་མ་ཚང་བ་མེད་པ་རང་གི་བྱ་བའི་སླད་དུ། ཀརྨ་པཀྵིས་མཚུར་ཕུའི་གཙུག་ལག་ཁང་གི་རྒྱ་ཕུབས་འདམ་ཅོག་རྩེ་ལ་ནས་མཐོང་བ་ཙམ་གྱི་སྲིད་དུ་བག་མ་པར་མཛད་པ་བཞིན། ཐག་གི་ཡང་གདོང་གནིས་སྦུབས་སུ་བཅུག་པའི་གསེར་འབུལ་རེ་བྱེད། དེ་གཉིས་ཀྱི་བར་ལྕགས་ཐག་གིས་སྦྲེལ་ལོ་གསུངས་པ་དང་། གྲྭ་པ་རྣམས་ན་རེ། འོ་ན་བདག་གིས་ཡག་འཐུད་(སྟོད་ཆ།༤༡༧)དུ་ཟངས་སྡེར་རེ་དང་། དྲིལ་བུ་རེ། ལྕགས་ཐག་རེ་འབུལ་ལོ་ཞེས་དམ་བཅས་དེའི་གཡེར་ཆེན་པོ་བྱུང་ནས་གཞི་བདག་གཉིས་ཀྱག་བློ་འདྲོག་པར་གྱུར་ཏེ། གསེར་རའི་མཆིན་པ་ཙམ་ཞིག་ཞུ་རྟེན་དུ་ཕུལ་ནས་གསེར་འབུལ་མི་མཛད་པའི་ཞུ་བ་བྱས། གསེར་གྱི་གཏེར་ཁ་ཕུལ་ནས་སྲོག་ཆགས་ཀྱི་གཟུགས་མ་བྱུང་བར་ལོང་ཞེས་ཟེར། ཁུད་བུ་གཅིག་ནས་གསེར་ཤིན་ཏུ་མང་བར་བྱུང་བའི་མཐར་གསེར་སྦལ་པ་འདྲ་བ་ཞིག་བྱུང་བ་དང་འཕྲོ་བཅད། མུ་གུ་ལུང་དུ་ལོ་ཙཱ་བ་གསེར་སྲང་བརྒྱའི་འཐུད་བྱས། སྟོན་གྱི་དུས་སུ་བེར་ཐོག་ཏུ་ཚེར་མ་ཁུར་བ་སོགས་གུས་པའི་སྤྱོད་ལམ་ཀྱང་མཛད། རྒྱུད་གསུམ་ཆ་ལག་དང་། གུར་ལ་ཤིན་ཏུ་མཁས་པར་བྱང་ཆུབ་མོད་ཀྱི། བླ་མ་ཆེན་པོའི་བཀའ་དྲིན་གྱིས། ཨ་བོའི་སེམས་ཕྱོགས་ནོར་དུ་ཐལ། ཞེས་གསེར་འགྱུར་གྱི་ཆོས་ལ་རོ་མྱངས་པས། སླར་ཡང་རང་གི་སེམས་ཕྱོགས་ཡིད་བཞིན་རིན་པོ་ཆེ་ལྟ་བུའི་ནོར་དུ་ཐལ་ལཞེས་ངེས་ཤེས་ལྷག་པར་སྐྱེས་པའི་གསུངས་བྱོན་ཏོ། དེ་ལྟར་སྒྲོ་ཕུག་གི་གཙང་ཁང་འབྱོངས་ཙམ་པ་དྲུག་ཅུ་རེ་གཅིག་པའི་ཚེ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ནས་ལྷུན་གྲུབ་རིག་འཛིན་གྱི་ས་ལ་གནས་པའི་སྐྱེས་བུ་སྤྲུལ་པའི་སྐུར་རྩོད་པ་མེད་པ་དེ་ནི་རགས་ལུས་དྭངས་མར་གནས་འགྱུར་བའི་དགོངས་པ་གཏད་དེ། བྲག་རྒྱ་བོ་ནས་ཟུར་ཆུང་བ་བོས་ཤིག་གསུངས། བྱོན་པ་དང་ངའི་གདན་ས་འདི་ཟུར་ཆུག་པ་ལ་གཏོད་པ་ཡིན། སློབ་མའི་ཚོགས་ལ་ཆོས་ཀྱི་ཕན་འདོགས་དགོས་པས་བློ་དང་འཚམ་པར་སྦྱོར། ངས་སྐྱོང་བ་བཞིན་སྐྱོངས། སློབ་མ་རྣམས་ཀྱིས་ཀྱང་ཟུར་ཆུང་པ་འདི་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་པས་ང་བས་འདི་ལྷག །ཅི་མཛད་ལེགས་པར་ལྟོས།(སྟོད་ཆ།༤༡༨) གསུང་མ་བཅག་སྐུའི་གྲིབ་མ་དང་ཞབས་རྗེས་ན་བཟའ་ཙམ་ལའང་མ་འགོང་། ངས་བསྐྱངས་པ་བཞི་སྐྱོང་བ་ཡོད་པས་མོས་གུས་ཕུན་སུམ་ཚོགས་པ་གྱིས་ཤིག་གསུངས། དེ་ནས་སྲམ་པ་གྲུབ་ཁང་དུ་གཤེགས། ལན་ཅིག་ཉེ་གནས་ལ་ད་ནང་ཚ་བ་སྔ་སེ་གྱིས་གསུངས། དེར་ཉི་མ་ཤར་བ་དང་སྐུ་མདུན་དུ་ཕྱིན་པས་བླ་མ་གཟིམས་མལ་ན་སྐུ་ཚགས་མཛད་ཅིང་འདུག་ད་ལྟ་ནས་སྐུ་ཚགས་མཛད་པ་གར་གཤེགས་པ་ཡིན་ཞུས་པས། ང་ནི་བདེ་ཆེན་ཞིང་དུ་འགྲོ། དཔལ་ཆེན་ང་དང་དབྱེར་མེད་པས། ཡི་དམ་ལྷ་ལ་གསོལ་བ་ཐོབ། ཅེས་གསུངས་ནས་རྡོ་རྗེ་དྲིལ་བུ་ཁྲོལ་ལེའི་ངང་ལ་སྐུ་འོད་ཀྱི་རང་བཞིན་དུ་གྱུར་ཏེ། དཔལ་ཆེན་པོའི་ཐུགས་ཀར་ཐིམ་མོ། དེའི་དུས་སུ་ཁམས་པའི་འབུལ་སྐྱེལ་ཡོང་བ་དང་འགྲིག་པས། ལམ་དུ་བླ་མ་དང་མཇལ། ཁམས་པའི་སྣང་བ་བྱིན་གྱིས་བརླབས་ནས་སྤྲུལ་པའི་གཞལ་ཡས་ཁང་དུ་འབུལ་བ་འང་བཞེས། བསྔོ་བ་མཛད། སླར་ཁམས་པ་གཉིད་ལོག་སཔ་ལས་སད་པ་བཞིན་དུ་ཅི་ཡང་མི་གདའ་བས། ཐེ་ཚོམ་གྱི་ངང་ནས་ཕྱིན་ཙ་ན་ལམ་དུ་བླ་མ་དཔལ་ཆེན་པོའི་ཐུགས་ཀར་ཐིམ་མོ་ཞེས་ཐོས་སོ། དེ་ལྟ་བུའི་དཔལ་ཆེན་པོ་འདི་བྱིན་རླབས་ཤིན་ཏུ་ཆེ་བས་སླན་ཆད་ཀྱང་སྐུ་གཉེར་ལ། རྒྱ་སྟོན་ཤཱཀ་ཡེ་ལ་བསུ་བ་གྱིས་ཞེས་གསུང་བྱོན། བསུ་བ་བྱས་ཙ་ན། རྒྱ་སྟོན་དེ་བ་དཀར་མོ་ཞིག་ལ་བཅིབས། སྤྱང་ཞྭ་ཞིག་དབུ་ལ་གསོལ་ནས་བྱུང་སྟེ། དཔལ་ཆེན་པོའི་སྐུ་མདུན་དུ་འོད་དཀར་པོ་གཅིག་ཏུ་གྱུར་ཏེ་གཡོན་སྐོར་ལན་གསུམ་བྱས་ནས་སྐུ་ལ་དངོས་སུ་ཐིམ་པ་སྐུ་གཉེར་མ་ཇོ་དོན་ལྡན་ཞེས་བྱ་བས་མངོན་སུམ་པར་མཐོང་། དེ་བཞིན་དུ་མཚན་ལྡན་ཟུར་མོ་འོད་འབུམ་བྱ་བ་འང་སྐུ་ལ་ཐིམ་(སྟོད་ཆ།༤༡༩)པར་གྲགས་སོ། རྩེ་མོ་བཞིའི་ནང་ནས་ཀྱང་གླང་པོའི་ནང་ན་ཁྱུ་མཆོག་ལྟ་བུ་བདེ་གཤེགས་རྒྱལ་པོ་འམ། ཟུར་ཆུང་ཤེས་རབ་གྲགས་པ་ནི། སྔགས་འཆང་འུག་པ་ལུང་པའི་གདུང་གི་ཕྱི་མོ་ཡིན་ཏེ། དེ་ལ་ཡབ་ཐག་པ་སྒོམ་ཆེན་རེས་འགའ་ལྡོམ་བུའི་ཚུལ་དུ་འང་ཡོད་པའི་བུར་གཡས་རུ་གཙང་གི་སའི་ཆར་མ་ཇོ་ཤེས་རབ་སྐྱིད་ལ་ངོ་མཚར་བའི་ལྟས་ཁྱད་པར་བ་དང་བཙས། ལོ་བདུན་པར་འབྲི་ཀློག་དང་། དགུ་ལ་ཞི་ཁྲོའི་ཕྲིན་ལས་གྱེར་ཤེས་པ་བྱུང་། ཡོད་ཙ་ན། ཇོ་མོ་ཞིག་ཡོད་པ་རྒྱུན་བྱུང་སྟེ་ཞིང་ལ་ཞྭ་ལོག་ཤོར་འདུག་གོ། ཁྲོད་ཉལ་བས་ཆོག་གམ་ཟེར་བ་ལ། སྨད་གོས་གསར་པ་ཞིག་ཡོད་པ་གྱོན་རོང་ཆུ་བརྒལ་ནས། ཁྱེམ་གྱིས་ཆུ་བཀག་ཀྱིན་ཡོད་ཙ་ན། མོ་ན་རེ་ངས་དཀའ་ལས་བྱས་པའི་གོས་བརྗེས་ཀྱང་མི་བྱེད་ཆུད་འཇའ་ཞེས་རྒོལ་དུ་བྱུང་། ཁོ་བོ་མི་ཕངས་གོས་ཕངས་ན་དེ་ན་ཡོད་དོ་ཞེས་བསྐུར་བས་མོ་ཁྲོས་ཏེ་ང་ལ་བརྙས་པ་མ་ཡིན་ཟེར་ནས་རང་ཡུལ་དུ་བྲོས། ཟུར་ཆུང་པ་འཁོར་བ་ལ་སྐྱོ་བ་སྐྱེ་དྲག་ནས་གདུང་ཁུང་ན་མོའི་ཞུད་ལུས་པ་དེ་ཕྱིར། རྗེས་ལ་སྐད་བཏང་བས། མོ་ཡར་ཤོག་ཅེས་འབོད་དུ་རེ་ནས་ཆེམ་མེར་བསྡད་པ་ལ་ཞུད་གཏད་དེ། ཕོ་ནོར་ཕོ། མོ་ནོར་མོ་བྱ་བ་ཡིན་པས་ཞུད་ཁྱེར་ཅིག་སྨྲས་པས། མོ་ཡི་ཆད་ནས་ཡུལ་དུ་སོང་། དེར་ཟུར་ཆུང་པས་ཕ་ལ་གྲོས་མ་དྲིས། མ་ལ་བརྒྱགས་མ་བླངས་གྲོགས་ཀྱི་ངོ་མ་བལྟས་པར་སྤྱང་སློག་ཅིག་ཡོད་པ་ཁྱེར་ནས་ཟུར་པོ་ཆེ་ལ་གཏད་དེ་བྱོན་པས། ལམ་དུ་རྟ་ནག་འབྲོག་པ་གཡུ་དང་ཟངས་ཁྱེར་བ་གཉིས་དང་། ཤངས་པ་ཁྲང་ཁྱེར་(སྟོད་ཆ།༤༢༠)བ་རྣམས་བསྡེབས་སུ་བྱུང་སྟེ་བྱུང་། དེར་ཟུར་ཆུང་པར་སྤྱང་སློག་ལས་འབུལ་རྒྱུ་མེད། གཞན་གསུམ་པོས་ཕྱག་རྟེན་ཕུལ་བས། བླ་མའི་ཞལ་ནས། ཁོང་རྣམས་འཁོར་བ་ལ་བློ་ལྡོག་མ་ལྡོག་ལྟ་བས་སྦང་ཟན་དང་། ལོ་ཐུག་རེ་དྲངས་གསུངས་པས། འབྲོག་པ་གཉིས་པོ་ཟར་མ་འདོད། ཤངས་པས་ཅུང་ཟད་ཟོས། ཟུར་ཆུང་པས་ལྷག་མེད་ཟོར་པས། བླ་མའི་ཞལ་ནས་སྤྱང་སློག་དང་ཁྲང་གཉིས་ཞོག །གཡུ་དང་ཟངས་བདག་པོ་ལ་གཏོད་གསུངས། འབྲོག་པ་མ་དགའ་སྟེ་ཕྱག་རྟེན་སློག་པ་འུ་ཅག་ལ་ཆོས་མི་སློབ་པའི་རྟགས་ཡིན་ཟེར་ནས་སོང་། རྟེན་འབྲེལ་དེ་ལས་།།།པའི་ཆོས་ལ་གཤེ་བ་དེ་བྱུང་། དེར་ཟུར་ཆུང་པ་ལ་ཁྱོད་ཀྱི་རུས་པ་ཅི་ཡིན་གསུངས་པས། བླ་མ་དང་རུས་གཅིག་པར་བརྗོད་ན་འགྲན་པར་སོང་དོགས་ནས། ཟུར་ཆུང་ཞིག་ལགས་བྱས་པས་བླ་དྭགས་སུ་དེ་ལྟར་ཐོགས། དེ་ལས་ཅན་དུ་མཁྱེན་ནས་སློབ་གཉེར་བྱེད་དུ་བཅུག་པས་བློ་གྲོས་ཀྱི་སྤོབས་པ་མཆོག་ཏུ་གྱུར་པ་ཞིག་བྱུང་། དང་པོ་ཤིན་ཏུ་དབུལ་བས་བླ་མས་གཏོར་མ་བཏང་བ་དག་བླངས་ནས་ཟན་ཆང་བྱ་བཞིན་གསོལ་བ་ན། གྲྭ་པ་གཞན་ཚོས། ཁོང་ཆང་གི་ཁ་སྐྱུར་དྲི་ཆིལ་ལེ་སྡོད། ཆང་བླ་མ་ལའང་མི་འདྲེན། མཆེད་གྲོགས་ལའང་མི་སྟེར་ཞུས་པས། བླ་མས་དེ་རིང་ཟུར་ཆུང་བ་ཤིང་ཐུས་ཤོག་གསུངས། ཤུལ་དུ་ཟུར་ཆུང་བའི་སྤྱིལ་བུ་གཡེག་དུ་བཅུག་པས། བེམ་པོ་ཞིག་གི་འོག་ན་ཟན་ཆང་ཀ་པཱ་ལ་གང་ལས་གཞན་ཅི་ཡང་མེད་སྐད། དེར་བླ་མས་ཟུར་ཆུང་བ་འཚོ་བ་པ་ན་རང་རེའི་ཐབ་ལ་ཤོག་གསུངས་པས། ང་བླ་མའི་དཀོར་ལ་འབག་རེ་ཟེར་དཀའ་སྤྱད་འབའ་ཞིག་ཁུར་བཟོད་པར་མཛད། ཉིན་གཅིག་བླ་མས་བསེ་ཕོར་(སྟོད་ཆ།༤༢༡)ཕུལ་དགུ་ཤོང་བ་ཞིག་བསྣམས་ནས་ཁྱོད་ལ་སྐོམ་སྟེར་རྒྱུ་ཨེ་ཡོད་གསུངས། ཟན་ཆང་ཞུས་པས་སྣོད་དོ་གསོལ། ད་དུང་ཁྱེར་ཤོག་གསུངས་ནས་གསོལ། དེ་ཨེ་འདུག་གསུངས་པས་བྲེ་གང་ཙམ་གདའ་ཞུས་པས། ང་མི་ཡོག་པར་འདུག ཡོག་ན་ཁྱོད་ལ་བསོད་ནམས་བོས་ཙམ་ན་ཆེ་བ་འོང་སྟེ། འོན་ཀྱང་ང་ལ་བསྙེན་བཀུར་གྱི་རྟེན་འབྲེལ་ལས་བསོད་ནམས་ཆེན་པོ་འོང་གསུངས། དེར་ནས་ཁལ་གསུམ་གནང་ནས་འདི་ཟད་པ་དང་ཡོ་བྱད་མི་འཐོགས་པ་ཡོང་གསུངས། དེར་ཟུར་ཆུང་བས་ཐོས་པ་དང་། བསམ་པ་དང་། སྒོམ་པའི་གནས་གང་ཡིན་པ་ལ་ཕྲུགས་གཅིག་ཏུ་ཉིན་དང་མཚན་མེད་པར་བརྩོན་པ་བསྐྱེད་པས། སྤྲུལ་པའི་སྐུ་ཡིན་པས་མཁྱེན་རབ་ཀྱི་ཀློང་རྡོལ། ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་འཁྲུངས་ཀྱང་དཔེ་ཆ་ཙམ་འདྲི་བའི་ཡོ་བྱད་ཀྱང་རྔོ་མ་ཐོགས་པར་ཡོད་ཙ་ན། ལྷ་རྗེ་ཟུར་པོ་ཆེ་ལ་པན་གྱི་ཁང་སྔོན་བྱ་བ་ན་ཇོ་མོ་གཡུ་མོ་བྱ་བའི་སྒོམ་མ་ཕྱུག་མོ་མ་སྨད་གཉིས་ཡོད་པས། ཁྱོད་རང་འདིའི་སྟེང་དུ་སྡོད་གསུངས། ང་ཁྱིམ་ཐབ་མི་བྱེད་ཞུས་པས། འདུ་ཤེས་མ་ཆུང་། སྟོན་པས་གནང་བ་དག་བཀག་པའི་མཚམས་ངས་ཤེས། ཁོང་གཉིས་ཀྱི་ཡོ་བྱད་ལ་སྤྱད་ནས་དབང་ཞུས། དཔེ་བྲིས། ཆོས་ཐམས་ཅད་ལྷག་མ་ལུས་པར་ཉན་པས་ཆོག་པ་ཡིན། དཔེ་ཁོང་གཉིས་ཀྱང་ཚོགས་རྫོགས། །ཁྱོད་རང་གི་དོན་ཡང་གྲུབ་པ་དེ་དགའ་མོད་གསུངས། དེར་གསུངས་བཞིན་ཉན་པས་འདོན་པ་ཐམས་ཅད་རྫོགས་པ་དང་། ཡང་གསུང་གིས། ད་ཁྱོད་དེར་མ་སྡོད་དཔེ་ཆ་ལ་སོགས་པ་མཆོད་པའི་ཡོ་བྱད་རིམ་གྱིས་སྐྱོལ་ལ་ངའི་འདིིའི་ཤོག་གསུངས། དེ་ལྟར་བྱས་པས་ཅང་མཆིའམ། ཁོང་གཉིས་ཀྱང་དྲིན་ཆེ་ཞུས་པས།(སྟོད་ཆ།༤༢༢)བླ་མ་ཆུང་། ཁྱོད་ཀྱིས་འགྲོ་བའི་དོན་ནུས་པ་ཞིག་འོང་བར་འདུག་སྙིགས་མའི་དུས་འདིར་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་ནས་འགྲོ་བ་མང་པོའི་དོན་བྱེད་དགོས་པ་ཡིན། ཁོང་གཉིས་ཀྱི་དྲིན་དུའང་དེ་ཆེ། འདི་ལ་གབ་པས་རང་དོན་གཞན་དོན་གང་ཡང་མི་འགྲུབ་གསུངས། དེར་ཇི་སྐད་གསུངས་བཞིན་ཉན་པས་བླ་མའི་དགོངས་པ་ཇི་བཞིན་དུ་ལོངས། སྐབས་ཤིག་ན་ལྷ་རྗེ་བཞུགས་པའི་སྒོ་རྩ་ན་མཆོད་རྟེན་གཅིག་ཡོད་པ་ལ་ཟུར་ཆུང་པས་སྐོར་བ་བྱེད་ཅིང་འདུག་པ་གཟིགས། ཞབས་ས་ལ་མི་རེག་པར་ཁྲུ་གང་ཙམ་ནས་སྒ་རར་གདའ། བླ་མའི་ཐུགས་ལ་འདི་སྤྲུལ་པའི་སྐུ་ཞིག་ཡིན་ཉན་འདུག་པས་ངོ་མཚར་ཆེ་སྙམ་དུ་དགོངས་ཤིང་དགྱེས་སོ། །དེ་བཞིན་དུ་ཟུར་ཆུང་པ་ཕྱོགས་ག་ཤེད་ན་འབྱོན་བཞུད་ཀྱི་ལུང་སྟོང་བྱེ་མའི་གསེབ་ཏུ་ཚད་པས་ཤིན་ཏུ་གདུང་ས་ལ་ཞལ་སྐྱེམས་འདྲེན་པ་བྱུང་བ་དང་། རི་སྟོང་གི་རྩེ་མོ་ལ་སྒོམ་དུ་གཤེགས་པས་སྐུ་བཀྲེས་པ་ལ་ཞལ་ཟས་འདྲེན་པ་སོགས་གང་འདོད་པའི་ཐུགས་དགོངས་འབད་མེད་གྲུབ་པ་བྱུང་བས། ད་ནི་ངས་འགྲོ་བའི་དོན་བྱས་ཀྱང་འགྲུབ་དགོངས་པའི་ཚེ། བླ་མའི་ཞལ་ནས་ཀྱང་། ད་ཁྱོད་ཀྱིས་བཤད་པ་གྱིས་གསུངས། དེར་མདོ་དགོངས་འདུས་གསུངས་པས་དུས་གཅིག་ལ་དཔེ་འགྲེམས་སུམ་བརྒྱ་བྱུང་། དེའི་ཚེ་ཟུར་ཆུང་པ་ལ་བླ་མས་བསྔགས་བརྗོད་ཆེན་པོ་མཛད་པས། བླ་མས་དཔོན་པོའི་དབུ་འཕངས་བསྟོད་ཅེས་ཅུང་ཟད་མི་གུས་པའི་རྣམ་པ་བྱེད་པ་བྱུང་། བླ་མ་ལ་སྐུར་བ་བྱས་ན་བསོད་ནམས་མ་ཡིན་པ་ཆེན་པོར་མཁྱེན་ནས། ནམ་ཞིག་ཨེ་མར་རྡོ་རྗེ་སྤོ་ཞེས་བྱ་བར་དཔོན་སློབ་ཐམས་ཅད་ཆོས་འཁོར་ལ་བྱོན་ཙ་ན། སྲང་ཁ་ཞིག་ན་ཁྱི་མོ་མ་སྨད་རོ་སྨད་ལ་འབུ་ཞུགས་(སྟོད་ཆ།༤༢༣)པ་ཞིག་འདུག བླ་མ་ཟུར་ཆེན་གྱིས་རེག་པ་ཙམ་མཛད། ཟུར་ཆུང་པས་ཁྱི་མོ་མ་སྨད་བསད། འབུ་ཞལ་དུ་གསོལ་བས། གཞན་རྣམས་ན་རེ། ཟུར་ཆུང་པ་ཟེར་བའི་སྨྱོ་སྤྱོད་མཁན་འདི་འདྲ་འཆད་ཉན་དུ་བསྐོས། འོ་སྐོལ་ལ་སྦྱིན་བདག་རྣམས་ཀྱག་མོས་པ་ལྡོག་གདའ་ཟེར། བླ་མའི་ཞལ་ནས་ཁྱི་རྣམས་ངན་སོང་དུ་འགྲོ་བ་ངས་ཀྱང་ཤེས་ཏེ་སྒྲོལ་མ་ནུས་པ་ཡིན། ཁོང་གིས་བསྒྲལ་བ་ངོ་མཚར་ཆེ་གསུངས། དེར་ཟུར་ཆུང་པས་ལྟ་སྟངས་ཤིག་མཛད་པས། ཁྱི་རོ་རྣམས་མཆོད་པའི་ལྷ་མོར་གྱུར། འབུ་རྣམས་སྐྱུགས་པས་ནམ་མཁའ་ལ་ཅོ་དིར་དིར་སོང་། དེར་ཟུར་ཆེན་པས། ད་ཁྱེད་རྣམས་ངོ་མཚར་སྐྱེས་སམ་གསུངས་པས། མིག་འཕྲུལ་དུ་གདའ་ཟེར། དེར་ཤངས་ཆུ་རྒྱས་པ་དང་ཐུག་པས་ཟུར་ཆེན་གྱིས་ཆུ་ཕ་རིར་ཀ་པཱ་ལ་རྫུ་འཕྲུལ་གྱིས་བསྐྱུར་ནས། འདི་སུས་ལོངས་པ་ལ་ངའི་བཤད་གྲྭ་འབོགས་པ་ཡིན་གསུངས་པས། རྩེ་མ་གཞན་གསུམ་པོས་ཀྱང་ལེན་མ་ནུས། ཟུར་ཆུང་པས་ཞབས་ཆུ་ལ་མ་རེག་པར་བྱོན་ནས་བླངས་སོ། ཡང་རླུང་གི་ནུས་པ་འགྲན་པར་བསྐུལ་བས། རྩེ་མོ་བཞི་ལ་སོགས་པས་སྟོན་སྒོམ་གཞན་རྣམས་ཀྱིས་ཀྱང་ཞབས་ས་ལ་མ་རེག་པར་འགྲོ་ནུས་པར་བྱུང་ཡང་། ཟུར་ཆུང་པས་ཏཱ་ལ་གང་ཙམ་གྱི་ནམ་མཁའ་ལ་འཕགས་ཏེ་སྲམ་པ་སྒྲུབ་ཁང་དུ་སྔོན་ལ་བརྟོལ་བས་རྩ་མ་གཞན་གསུམ་ཡང་ངེས་ཤེས་རྙེད། བླ་མས་ཅི་གསུང་གི་བཀའ་བསྒྲུབས་པས་ཞབས་ཏོག་ཀྱང་མཐར་ཕྱིན་ཏོ། རེ་ཞིག་ན་ཟུར་ཆུང་པ་ལ་གནས་ཀྱི་ལུང་བསྟན་རིམ་པ་གསུམ་དུ་བྱུང་སྟེ་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ་དེ་ལ་ཆེད་དུ་འཛིན་པ་མ་ཡིན་པས་འཁྲུལ་སྣང་གི་སྡེ་ཚན་དུ་དོར་མོད། མཐར་རུས་པའི་རྒྱན་གྱིས་སྤྲས་པའི་བུ་མོ་ལོ་བཅུ་དྲུག་པ་(སྟོད་ཆ།༤༢༤)ཌ་མ་རུ་དང་གར་སྟབས་བསྒྱུར་བ་ལྔ་བྱུང་ནས་མིང་པོ་ཁྱོད་རི་བབོ་དགུ་འདུས་ལ་བསྒོམས་ན་དོན་གཉིས་གྲུབ་བོ་ཟེར་ཞིང་བྲག་རྒྱ་བོ་ལ་མཛུབ་མོ་གཏད་པས། རི་བོ་དགུ་འདུས། ཆུ་མིག་དགུ་འདུས། ནེའུ་གསེང་དགུ་འདུས་པས་ཐེག་པ་རིམ་པ་དགུ་རྫོགས་པའི་རྟགས་སུ་མཁྱེན། བྲག་རྒྱ་བོ་དེ་བཅོམ་ལྡན་འདས་དཔལ་ཆེན་པོ་ལ་ཀཽ་རི་མ་བརྒྱད་ཀྱིས་བསྐོར་བ་འདྲ་བ་ཡིན་པས་འདི་ལ་སྒྲུབ་པ་བྱས་ན་སྒྲུབ་ཐག་ཉེ་ལ་བྱིན་རླབས་ཆེ། ལར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས་འཇིག་རྟེན་གྱི་འཁྲི་བ་ཆོད་དགོས། ཕྱི་མའི་དོན་བསྒྲུབ་པ་ལ་འདུ་འཛི་དང་ཁེ་གྲགས་ཀྱིས་མི་ཕན། མིའི་ངོ་བསྲུང་བ་འདི་འཕྲལ་དུ་བྱ་དཀའ་ལ་ཕུགས་སྙིང་པོ་མེད་པ་ཡིན་པས་ང་གཅིག་པུར་སྒོམ་ཡིན་གསུངས་ནས་གྲྭ་པ་རྣམས་གོ་མཆོད་མི་གསུམ་ལ་གཏད་ནས། ཆོས་འཆད་ཉན་གྱི་བསྟན་པ་ཁྱེད་རྣམས་ཀྱིས་སྐྱོངས་ཤིག་ཅེས་བྲག་རྒྱ་བོ་ལ་གཤེགས་སོ། །དེར་བྱོན་ནས་སྒྲུབ་པ་ཁོ་ན་ལ་བཞུགས་པས་གཞི་བདག་གི་ལྷོངས་ཆོ་འཕྲུལ་ཤིན་ཏུ་ཆེ་བར་བྱུང་སྟེ། འདི་ལྟར་གྲུབ་པའི་ཁྱུ་མཆོག་ཆེན་པོ་དག་ནི་རྨི་ལམ་དང་མངོན་སུམ་རྫུན་པའི་ངང་དུ་རོ་གཅིག་པས་ནུབ་གཅིག་མནལ་ལམ་དུ། བྲག་རྒྱ་བོའི་རྩེར་མི་ནག་པོ་ཞིག་བྱུང་ནས་ཞབས་གཉིས་ནས་བསྡུས་ཏེ་ཀླད་ལ་བསྐོར་ཏེ་བསྐྱུར་བྱུང་བས། ཐག་གི་མདོའི་ཐང་ཆེན་པོ་གཅིག་ཏུ་བརྡབས་པ་རྨིས། སད་ཙ་ན་ཐང་དཀྱིལ་ན་དངོས་སུ་འདུག་པས་ཡར་འཛེག་དགོས་པ་བྱུང་སྟེ་ཆོ་འཕྲུལ་ཆེན་པོ་ལ་མ་འཛེམ་པར་བཞུགས། ཡང་སྡིག་པ་རྩིད་བུ་ཙམ་གྱིས་སྒྲུབ་ཁང་ཁེངས་པས་རྒྱུ་འབྲས་ལ་ཟླ་བའི་རྟོགས་པ་མངོན་དུ་གྱུར་ནས། སྡིག་པའི་རྭ་གཉིས་ནས་འཇུས་ཏེ་ཕྱེད་མར་གཤགས་པ་དང་ཆབ་གཅིག །སྡིག་པ་མི་དགེ་སོ་སོར་(སྟོད་ཆ།༤༢༥)བཤགས། ཞེས་དོན་ལ་མི་རྟོན་ཚིག་ལ་རྟོན་པའི་ཀུ་རེ་མཛད་དེ་བསྐྱུར་བས་ཐམས་ཅད་རྣམ་པར་སྣང་མཛད་དུ་གྱུར་ནས་ནམ་མཁའ་ལ་དེངས། ཡང་ལན་གཅིག་གྲོག་མོའི་དམག་དྲངས་བྱུང་བས། ཉེ་གནས་ལ་ཙོང་གེ་ཁྱེར་ཤོག་གསུངས་ཅོང་གེས་བརྡུངས་པས། ཉེ་གནས་ན་རེ་སྡིག་པ་ལ་དགོངས་མཛོད་ཅེས་ཞེ་ཁྲེལ་བརྡས་པས། ཁྱེད་དེ་ལ་མི་དད་ན་འདི་ལྟར་བྱ་ཡི་གསུངས་ནས་གྲོག་མོ་ཞལ་དུ་སྟབས་ཀྱིན་ཕུ་མཛད་པས། ཐམས་ཅད་རྡོ་རྗེ་སེམས་དཔར་ཀྲོང་ཀྲོང་གྱུར་ཏེ་ནམ་མཁའ་ལ་སོང་བས་ཉེ་གནས་ཤིན་ཏུ་དད། བསད་གསོའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་གཞི་བདག་མིང་སྲིང་གསུམ་དམ་ལ་བཏགས་པས་དངོས་སུ་གཟུགས་བསྟན་ནས་ཞབས་སྤྱི་བོར་བླངས། བྲག་ལ་ཕུར་པ་བཏབ་པའི་གྲུབ་ཆུ་ད་ལྟའང་ཡོད། དེར་གསང་བ་སྒྱུ་འཕུལ་ལས་བྱུང་བའི་ཕྱག་རྒྱ་བསམ་གཏན་གྱི་སྒྲུབ་པ་མཛད་པས། རྡོ་རྗེ་སེམས་དཔའི་ཞལ་གཟིགས། ཐག་གི་ལུང་པ་རྡོ་རྗེ་སེམས་དཔས་ཁེངས་པ་བྱུང་། སྣང་བ་ཟད་པར་གྱི་སྐྱེ་མཆེད་བརྙེས་པས་སྐུ་མེ་དང་། ཆུ་དང་། རླུང་དང་། ས་འཚུབ་ཏུ་འགྲོ་བ་དང་། ཅིར་སྣང་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བཀྲ་ལམ་གསལ་བ་བྱུང་ཏེ་བཟང་རྡོག་གི་མཐུ་བརྟས་པ་ཡིན། ཡང་དག་པར་གཏད་པ་མེད་སྙམ་དུ་དགོངས། དེར་སྣང་སེམས་ཆོས་ཉིད་གསུམ་རོ་གཅིག་ཏུ་འདྲེས་ནས་དགོངས་པ་ཟད་པའི་ས་ལ་སྐྱོལ་ཏེ་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པ་དང་། ནམ་མཁའ་ལ་བྱ་ལྟ་བུར་འགྲོ་བ་སོགས་འབྱུང་བ་ལྔ་ལ་རང་དབང་ཐོབ་པ་བྱུང་། ད་ཟླ་བ་གཅིག་ན་སློབ་མ་སྣོད་ལྡན་ཞིག་འོང་གསུངས། རེ་ཞིག་ན་མཚན་ཉིད་པའི་དགེ་བཤེས་སྤ་དགེ་མཐོང་བྱ་བ་(སྟོད་ཆ།༤༢༦)ཐག་ཏུ་ཆོས་འཁོར་ལ་བྱུང་། ཁོང་གིས་གྲྭ་པ་བློ་རྣོ་བ་གཅིག་ཟུར་ཆུང་ལ་རྩོད་པ་བྱེད་དུ་བཏང་བས། ཁོས་ཀ་བ་ལ་མཛུབ་མོ་གཏད་ནས་ཀ་བ་ཆོས་ཅན་བྱས་པས། ཀ་བ་ཆོས་ཅན། ཀ་བ་ཆོས་ཅན་ཁྱོད་འཇིག་རྟེན་རང་རྒྱུད་པའི་འཁྲུལ་ངོར་ཀ་བ་རང་རྒྱུད་དུ་སྣང་ཡང་། ང་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དོན་ལ་ཀ་བ་གྲུབ་པ་མི་གདའ་གསུངས་ནས། ཕྱག་གཡུག་གཡུག་མཛད་པས་ཀ་བ་ལ་ཆགས་ཐོགས་མེད་པར་སོང་། ཁོ་ངོ་མཚར་སྐྱེས་ནས་སྨྲ་མ་ནུས། དད་པ་ལྷག་པར་ཐོབ་སྟེ་སློབ་མར་བྱས་པ་མ་ཐོག་བྱུང་འབར་རོ། །འདི་རྡོའི་ཀ་བ་ཡིན་ཆག་དུམ་ད་ལྟའང་ཡོད་ཟེར་བ་དངོས་པོར་ཞེན་པ་དག་གི་འདོད་པ་མནན་རུང་ངོ་། དེ་ལ་སློབ་མ་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་བཅུ་དྲུག དྲལ་མ་སུམ་ཅུ་རྩ་གཉིས། སྒོམ་ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག དཀྱུས་པ་གཉིས། ལྟ་གུ་ར་མི་གཉིས། གོ་མ་ཆོད་གསུམ་ལ་སོགས་པ་མང་དུ་བྱོན་ཏེ། ཀ་བ་བཞི་པོ་ནི། དང་པོ་དགེ་བཤེས་ཁྱུང་པོ་གྲགས་སེའི་གྲ་པ་མཚན་ཉིད་པ་ཆེན་པོ་བློ་གྲོས་ཤིན་ཏུ་རྣོ་བ་ཡིན། བདེ་གཤེགས་རྒྱ་བོ་པ་དང་དགེ་བཤེས་ཀྱུང་པོ་གཉིས་ཉང་རོང་ཡོན་བདག་ཅིག་གིས་གདན་དྲངས་ཏེ་འཛོམས་པའི་དུས། ཁྱུང་པོས་ཁོང་བཞི་བཏང་ནས་ཟུར་ཆུང་བ་བྱ་བའི་ཆོས་ལོག་མཁན་འདི་སུན་ཕྱུང་ལ་ཤོག ཅེས་བསྒོས་པས་བཞི་པོས་ལྷ་རྗེའི་སྤྱན་སྔར་ཕྱིན་ཙ་ན། ཟུར་ཆུང་པ་ཐུལ་པ་ཕྱི་ནང་ལྡོག་ནས་བཞེས་ཏེ་འདུག །དེར་གཅིག་གིས། པགས་པ་ཕྱི་ནང་སློག་པའི་གོས་འདི་གང་གི་ཆོས་ལུགས་ཡིན་ཟེར། པགས་པ་དང་པོ་ནས་འདི་ལྟར་ཡོད་པས་ཕྱི་ནང་མ་ལྡོག །ཕྱི་ནང་འཛོལ་བ་ཁྱེད་རང་གི་ཅོས་ཡིན་མོད་གསུངས། གཅིག་གིས་འོ་ན་(སྟོད་ཆ།༤༢༧)ཆོས་གཏམ་བྱའོ་སྨྲས་པས། ཆོས་ཀྱི་ངོ་བོ་བརྗོད་མེད་མཐའ་བྲལ་ལ་ཆོས་གཏམ་ག་ན་ཡོད་གསུངས། དེར་སྐྱོ་སྟོན་གྱིས་དྲིས་པ། འོ་ན་ཁྱེད་རྫོགས་པ་ཆེན་པོ་བའི་ལུགས་ཀྱི་སྒོམ་ལ་གཙོ་བོར་བྱེད་པ་ལགས་སམ་བྱས་པས། ང་མིགས་པ་གང་ལ་གཏད་འདུག་གསུངས། འོ་ན་མི་སྒོམ་པ་ལགས་སམ་བྱས་པས། ང་གང་ལ་ཡེངས་འདུག་གསུངས་པས་སྤོབས་པ་ལེན་མེད་དུ་སོང་། ཡང་གླན་སྟོན་ཤཱཀ་བཟང་གིས་དྲིས་པ། ཁྱེད་གསང་བ་སྒྱུ་འཕྲུལ་བའི་ལུགས་ཀྱིས་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་འདོད་པ་ལགས་སམ་བྱས་པས། ཡུལ་བེམ་པོ་རང་རྒྱུད་དུ་སྣང་བའི་མངོན་སུམ་གྱི་ཚད་མ་སུས་འགེགས་གསུངས། འོ་ན་མི་འདོད་པ་ཨེ་ཡིན་བྱས་པས། སེམས་ཅན་གྱི་མ་དག་པའི་འཁྲུལ་སྣང་རང་རྒྱུད་པ་སྦྱོང་ཕྱིར། མདོ་རྒྱུད་ཀྱི་དགོངས་པ་དག་འགལ་བར་སུས་ནུས་གསུངས་པས། ཁོང་བཞིའི་བརྒལ་བརྟག་གི་རིག་པ་རྣོན་པོའི་ཚིག་གི་ཚོགས། དོན་གྱི་མཐུ་ཆེ་བའི་ལན་སྒྲ་གཅན་གྱི་ལག་པ་ལྟ་བུས་རྣམ་པར་བཀབ་ཅིང་། སྙིང་རྗེ་ཆེན་པོའི་གཞན་དབང་གི་སྡེར་མོས་བརྫིས་པས། འདི་ལྟར་ལས་འཕྲོ་སད་པའི་གང་ཟག་ནི་སློབ་དཔོན་དཔའ་བོ་འཕགས་པ་ལྷའི་གདུལ་ཞིང་དུ་གྱུར་པ་ལྟ་བུ་སྟེ། འདི་སྐད་དུ། ཀྱེ་མ་ཐེག་པ་ཆེན་པོའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ་འདི་ལྟ་བུའི་བཤེས་གཉེན་ནི་རྙེད་པར་དཀའོ། །འོན་ཀྱང་ད་ལྟ་དངོས་སུ་ཕྱིན་ན་སློབ་དཔོན་མི་དགྱེས་སོ། །སང་ཕོད་ཐབས་ཀྱིས་རྟོག་གེ་ངན་པའི་སློབ་དཔོན་དང་བྲལ་བར་་བྱས་ལ། རྣལ་འབྱོར་གྱི་དབང་ཕྱུག་སྲིད་པའི་དྲ་བ་གཅོད་པའི་མཚོན་ཆ་རྣོན་པོའི་དཔལ་དང་འགྲོགས་པར་བགྱི་བ་ལ་གདོན་མི་ཟ་(སྟོད་ཆ།༤༢༨)བའི་དམ་བཅའ་ལྷུར་ལེན་ཏོ་ཞེས་མནའ་ཐོས་བཅད་ནས་དེངས་སོ། །དེ་ལྟར་དེངས་པའང་མེ་ཏོག་ཟས་ཅན་པདྨའི་ཚལ་ལ་བྱ་བ་བཞིན་དུ་སང་ཕོད་ལས་འཕྲོ་དང་སྨོན་ལམ་བཟང་པོའི་གཤོག་པ་ལ་བརྒྱང་སྟེ་དེ་གཤེགས་རྒྱ་བོ་པའི་ཆོས་གྲྭ་མ་ལ་ཡའི་ནགས་ཀླུང་ཆེན་པོར་ལྷགས་པ་ལས་ཀ་བ་བཞི་བུང་བ་ཡིན་ནོ། དེར་ཁོང་བཞི་པོས་ཁྱུང་པོའི་དྲུང་དུ་ཕྱིན་ཙ་ན། ཁྱེད་ཚོས་ཟུར་ཆུང་བ་སུན་ཕྱུང་ངམ་ཟེར། སུན་འབྱིན་ཕྱིན་པ་མི་གདའ་བྱས་པས། ཕྲག་དོག་གི་འཐོར་རླུང་དྲག་པོས་ཡིད་རྣལ་དུ་མི་ཕེབས་པ་ཙམ་དུ་གྱུར་ནས་ཟུར་ཆུང་པ་འདྲ་བའི་ལྟ་བ་ངན་པ་ཅན། སྐྱེ་བོ་ཐམས་ཅད་ལོག་པའི་ལམ་དུ་འཁྲིད་པ་འདི་བསད་ན་སངས་རྒྱས་ངེས་ཟེར་རོ། །དེ་ཟུར་པའི་གྲྭ་པ་དག་གིས་ཐོས་ནས་སྙན་དུ་གསོལ་བས། རྒྱུད་རང་བཞིན་གྱིས་གྲོལ་བའི་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་རྣམ་པར་རྟོག་པ་མེད་པས་ཅག་མི་གསུང་བས་ལན་བཏབ། ནང་བར་ཆོས་ཁྲིའི་ཁ་ན་བཞད་ཅིང་འདུག བླ་མ་ཅི་ལ་དགྱེས་ཞུས་པས། ཆོས་བྱ་བ་ངའི་ཐེག་པ་ཆེན་པོ་གསང་སྒགས་འདི་ཡིན་པ་འདུག །སྒྲོལ་བ་ལ་བརྟེན་ནས་སངས་རྒྱས་པར་འདོད་པ་འདི་གསང་སྔགས་ཀྱི་ལུགས་ཡིན། མཚན་ཉིད་པ་ལ་མེད་སྙམ་ཙ་ན། ཟུར་ཆུང་པ་ལྟ་བུ་བསད་ན་སངས་རྒྱས་གསུངས་ནས་ཁྱུང་པོ་གྲགས་སེ་ལྟ་བུའི་མཚན་ཉིད་པ་ཆེན་པོ་ཡང་བློ་ཕུགས་ངའི་ཆོས་ལ་གཏོད་པ་འདུག་པས། ང་དགའ་བ་ཞིག་བྱུང་གསུངས་སྐད། དེ་ལ་སེམས་ཕྱོགས་ཀྱི་ཀ་བ་གུང་བུའི་སྐྱོ་སྟོན་ཤཱཀ་ཡེས། མདོའི་ཀ་བ་སྐྱིད་ལུང་གི་ཡང་ཁེང་བླ་མ། སྒྱུ་འཕྲུལ་གྱི་ཀ་བ་ནུ་བར་གྱི་གླན་ཤཱཀྱ་བཟང་པོ། ཕྱིན་སྒྲུབ་ཀྱི་ཀ་བ་ནག་མོ་རིའི་འདའ་ཏིག་ཇོ་ཤཱཀ་གོ །ཡང་མ་ཐོག་བྱང་འབར་དང་བརྒྱུད་པ་ལྔ་(སྟོད་ཆ།༤༢༩)ཞེས་ཀྱང་གྲགས། གདུང་བརྒྱད་ནི་མ་ཐེག་པ། སྐྱོ་སྟོན་ཆོས་སོང་། གླན་ཤཱཀྱང་བྱང་ཆུབ། རྩགས་ཤཱཀ་རིངས། གནུབས་སྟོན་བག་མ། དབུས་པས་ཐོར། ཤུ་སྟོན་ཟླ་གྲགས། རྩེ་སྟོན་བྱང་དཔལ་དང་བརྒྱད་དོ། ཡང་འ་ལ་གཟི་ཆེན། ནལ་སྣ་སྙིང་པོ། རམ་སྟོན་རྒྱལ་བ་གསུམ་དྲངས་པའང་ཡོད། སྒོམ་ཆེན་མི་གཉིས་ནི། འབའ་སྒོམ་དིག་མ་དང་། བོན་སྒོམ་དོ་བའོ། ཡུལ་པོ་ཆེ་ནི་ལས་སྟོད་ཀྱི་ཟི་སྟོན་བསོད་རྒྱལ་ལོ། སྟ་གུ་ར་མི་གཉིས་ནི། ཞང་སྟོན་སྔགས་སེ་དང་། ཁྱུང་པོ་གྲགས་སེའོ། ཕྱམ་དྲལ་ལ་སོགས་ཏེ་དཀྱུས་མའི་ཡིད་སྨོས་མ་འཚལ་ལོ། གོ་མ་ཆོད་མི་གསུམ་ནི། མགོ་བྱ་ཚ། མིག་ཆུང་དབང་སེང་། འགོས་ཆུང་དབང་དེ་གསུམ་མོ། དེ་ལ་བླ་མ་ཟུར་ཆུང་བ་བྲག་རྒྱ་བོར་ལོ་ཉི་སུ་རྩ་བཞི་སྒྲུབ་པ་ཐུན་གཅིག་ལ་བཞུགས་ནས་འཇའ་ལུས་སུ་གཤེགས་པའི་དགོངས་གཏད་ཡོད་པ་ལ་སྐུ་མཚམས་ཐོན་དགོས་པའི་རྐྱེན་གཉིས་བྱུང་བས། ལོ་རིལ་པོ་བཅུ་གསུམ་དང་ངོ་གཅིག་སྟེ་བཅུ་བཞི་བཞུགས། འདིའི་སྐབས་ཤིག་ན་ཉེ་གནས་ཀྱིས་ཀྱང་སྐུ་ལ་བཅར་དུ་མེད་པར་རྒྱུན་རིང་བར་བཞུགས། རེ་ཞིག་ན་དུད་པ་དང་ལྡབ་ལྡིབ་ཙམ་ཡང་མ་བྱུང་། སྐུ་ལ་སྙུན་པ་མི་མངའ་འམ་སྙམ་ནས་ཉེ་གནས་ཀྱིས་བསྟར་ཕྱིན་ཙ་ན། ཞལ་དང་ཤངས་ལ་སྡོམ་ཐག་བྲེང་གེ་འདུག །བླ་མ་གྲོངས་སྙམ་ནས་ངུ་ཤོར་བས་དགོངས་པ་གྲོལ། བླ་མའི་ཞལ་ནས་ང་དེའི་གང་ལ་བཟང་ན་མགོ་ལ་ཐོད་པ་མི་འགེལ་པ་ཞིག་ཡོང་བ་ཡིན་ཏེ། ད་སྐྱེ་བ་གཅིག་ལེན་པར་འདུག་གསུངས། དེ་ས་སྐྱ་ལོ་ཆེན་ཡིན་ཟེར། འདི་ནི་ཆོས་ཉིད་ཅིག་ཅར་དུ་ཟད་ནས་ཕུང་པོ་རྡུལ་ཕྲན་དུ་མ་དེངས་ཙམ་པའི་ལམ་རྟགས་སུ་སྣང་། ཡང་ནང་གཅིག་(སྟོད་ཆ།༤༣༠)ཚ་བའི་སྟ་གོན་གྱིས་ཤིག་ད་རེས་ལོ་མའི་ཚོད་མ་བྱའོ་གསུངས། ཉེ་གནས་ཀྱི་ཆུ་ཁོལ་མ་ཁོལ་བ་ལ་བླ་མས་ཆོད་མ་བསྣམས་བྱུང་། ངས་འུག་པ་ལུང་འཁོར་བས་ཁྱོད་ཆུ་མི་ཁོལ་བ་ཅི་ཡིན་གསུངས་ཀུ་རེ་ཡིན་ནམ་ཞུས་པས། ཟུར་པོ་ཆེས་གནང་བའི་གསོལ་རས་ཤིག་ཡོད་པ་ཉེ་གནས་ལ་གནང་བས། ཁོ་ཡིད་ལྷག་པར་ཆེས། ངའི་བླ་མ་རླུང་སེམས་ལ་རང་དབང་ཐོབ་ངེས་ཡིན་སྙམ་པའི་མོས་གུས་སྐྱེས་སོ། །དེ་ལ་དགོན་པ་ནས་འབྱོན་པའི་རྐྱེན་གཅིག་ནི། གོ་མ་ཆོག་མི་གསུམ་གྱིས་བསྟན་པ་མ་འཁྱོངས་ཏེ། མགོ་བྱ་ཚས་ཐབས་ལམ་གྱི་རྒྱབ་ཏུ་མ་རྒྱུད་དགོས་ཟེར་འགོས་ཁུག་པའི་རྩ་སོང་། མིག་ཆུང་དབང་སེང་ན་རེ། དཀྱིལ་འཁོར་ཕྱིར་འདོན་པ་ལ་རྒྱབ་ཏུ་ཡོ་ག་དགོས་ཟེར་ནས་སུམ་པ་ཡེ་འབར་གྱི་རྩར་སོང་། འགོས་ཆུང་དབང་ངེས་གཞི་ལམ་གྱི་གྲུབ་མཐའི་རྒྱབ་ཏུ་ཚད་མ་དགོས་ཟེར་སྤང་ཀ་དར་ཆུང་བའི་རྩར་སོང་ངོ་། དེ་དག་ནི་གསང་བ་སྙིང་པོ་ལ་ལམ་ཐབས་གྲོལ་གཉིས་ཀ་ཡོད་དེ་མ་རྒྱུད་ཀྱི་མཚན་ཉིད་མ་ཕྱེད། དཀྱིལ་འཁོར་རང་ས་ནས་ཐོན་པ་ལ་མིག་ལྟག་ཁུང་དུ་འཆུས། ཚད་མ་ཚིག་གི་གྲུབ་མཐའ་ཡིན་ཏེ་གཞི་ལམ་ཐོག་མི་ཕེབས་པ་མ་གོ། རྒྱུ་དེས་གོ་མ་ཆོད་མི་གསུམ་གྱིས་བཤད་པ་མ་འཁྱོངས་པས་སྐུ་མཚམས་ལས་ཐོན་དགོས་པ་བྱུང་། རྐྱེན་གཅིག་ནི། སྒྲོ་ཕུག་ལྷ་ཁང་གི་མཇུག་སྐྱོང་དང་། རབ་གནས་མ་གྲུབ་ཙམ་ལ་རྒྱལ་བ་ཟུར་པོ་ཆེ་སྐྱེ་བ་མ་སྤངས་པར་ཟུར་འཇུག་གི་གྲུབ་མཐའ་སྙོགས་པར་བཞེད་ནས་ངའི་ལག་རྗེས་འདི་ཁྱོད་ཀྱིས་སྐྱོངས་ཤིག་ཅེས་བླ་མའི་བཀའ་བྱུང་ནས་བྱོན་པ་ཡིན་ནོ། དེ་ལྟར་བདེ་གཤེགས་ཟུར་ཆུང་པ་ཕྲིན་ལས་རྒྱས་པའི་དུས་ན། བོད་ཀྱི་སྔགས་པ་ཚོགས་ཚད་ཀྱིས་ཕྱག་མི་བྱེད་པ་དང་། གྲལ་གོང་དུ་འགྲོ་བ་མེད་(སྟོད་ཆ།༤༣༡)པས། འགོས་ལོ་ཙཱ་བས་གཞན་རྣམས་ལ་ཕྱག་མི་འཚལ་བ་དང་། གྲལ་ཞབས་སུ་མི་བསྒྲིལ་བའི་ཁྲིམས་བཅས་མོད། །ནམ་ཞིག་ཤངས་སུ་སྟོན་མོ་ཆེན་པོ་ཞིག་ལ་ཐམས་ཅད་ཚོགས་པ་ན། ཟུར་ཆུང་པ་གྲལ་འགོ་ན་བཞུགས་པའི་སྤྱན་སྔར་འགོས་ཀྱིས་སླེབས། དེའི་ཚེ་འདི་ལྟར་ཚིག་ལ་མཁས་ཤིང་ཉོན་མོངས་ལ་གྲིམས་པའི་བཤེས་གཉེན་ཆེན་པོ་དག་གིས་དགོངས་པ་སངས་རྒྱས་དང་མཉམ་པའི་རྣལ་འབྱོར་གྱི་དབང་པོ་དག་གི་ཟིལ་བཟོད་པ་མ་ཡིན་པས། ལྔ་སྡེ་བཟང་པོའི་ནང་ཁྲིམས་བཞིན་རང་དབང་བརྟེན་པ་བྲལ་བའི་འདུ་བྱེད་རྟབ་རྟབ་པོར་གྱུར་ནས་ཕྱག་མི་བྱེད་པའི་དམ་བཅའི་རི་མོ་རྗེས་ཤུལ་ཙམ་ཡང་མེད་པར་ཟུབས། ཡན་ལག་ལྔའི་འཁྲི་ཤིང་ས་ལ་འབྱར་བ་བཞིན་གྱུར་པས་ཀུན་ཀྱང་ཕྱག་བྱེད་པ་ལ་མངོན་དུ་ཕྱོགས་སོ། དེར་སྟོན་མོ་ཕྱེས་ཙ་ན་གཞན་དག་ན་རེ། ཟུར་ཆུང་པ་ལ་ཕྱག་མི་བྱེད་པའི་དམ་བཅའ་རང་རེས་མཛད་པ་ལ་སྔོན་ལ་ཉིད་ཀྱིས་མཛད་པ་ཅི་ཡིན་དྲིས་པས། ཁོའི་དྲུང་དུ་ཕྱིན་ཙ་ན་བཅོམ་ལྡན་འདས་དཔལ་ཆེན་པོའམ་དེ་འདི་དག་ཡིན་པར་འདུག་སྙམ་པ་ལས། མི་ཡིན་པའི་འདུ་ཤེས་མ་སྐྱེས་གསུང་སྐད། ལར་རྫུ་འཕྲུལ་ཤིན་ཏུ་ཆེ་བས་ཉི་ཟེར་ལ་བྱོན་བཞུད་མཛད་པར་གྲགས་ཏེ། འུག་པ་ལུང་ཤ་ཆོས། སྒྲོ་ཕུག་ཏུ་གུང་ཆོས། བྲག་རྒྱ་བོར་དགོང་ཆོས་ཏེ་འགྱང་ཁ་ཤིན་ཏུ་ཆེ་སར་ཉི་མ་རེ་ལ་ཆོས་ཐུན་གསུམ་རེ་འཆད། དེ་བཞིན་དུ་ལྷ་ཟེར་མོར་མཁའ་འགྲོ་མ་རྣམས་བྲོ་བརྡུངས་མཛད་པ་གཟིགས་པས་རྐྱེན་བྱས་མཁའ་འགྲོ་ལས་ལ་བཀོལ་ནས་མཆོད་ཁང ་ཀ་བ་བདུན་དང་། ཁྱད་འཕགས་གཉིས་ཏེ་དགུས་བཏེག་པ་ཞིག་བཞེངས་པས་མཁའ་འགྲོ་ལྷ་ཁང་དུ་གྲགས། སངས་རྒྱས་བཞི་བཅུ་རྩ་གཉིས་དང་། བཀའ་སྲུང་ལེགས་ལྡན་ལྡེ་(སྟོད་ཆ།༤༣༢)གུར་བཞེངས། དཀྱིལ་འཁོར་རྒྱས་བསྡུས་གཉིས་ལོགས་ལ་བྲིས། རབ་ཏུ་གནས་པའི་ཚེ་ལེགས་ལྡན་གྱི་སྐུ་ལ་ཕུ་དུང་གི་ལྕག་བྲབ་ཅིང་སངས་རྒྱས་ཀྱི་བསྟན་པ་ཨེ་བསྲུང་གསུངས་པས་དབུ་གུག་གུག་པ་བྱུང་། དཀོན་མཆོག་གི་དབུ་འཕང་ཨེ་བསྟོད་གསུངས་པས་མཆུ་ལྷབ་ལྷེབ་པ་བྱུང་། དེ་བཞིན་དུ་དཔལ་ཆེན་པོ་ཞལ་གཟིགས་པའི་ཞབས་གཡོན་བཞག་པར་ཡག་དག་གི་ལྷ་ཁང་བཞེངས། མ་ཐོག་བྱང ་འབར་གྱི་ལྷ་ཁང་ལ་ཤིང་གཉན་ཁྲག་ཏུ་འཛག་པ་གཅོད་དུ་སྩལ་ནས་ལྷ་ཁང་འབྱོངས། དེ་ཉིད་ཀྱི་མིང་པོ་ཀ་བ་བཞིའི་གྲས་མདའ་ཏིག་ཆོས་ཤཱཀ་ལ། ཁྱོད་ཀྱི་སྲིང་མོ་འདི་བདག་གིར་རུང་ངམ་ཞེས་གསུངས་པས། མདའ་ཏིག་ངན་རེ། བཀའ་བཞིན་འཚལ་ཞེས་དེའི་ལག་པ་ན་རྡོ་རྗེ་དྲིལ་བུ་བཞག་སྟེ་འདི་གཞན་ལ་མ་རྒྱུད་པར་བླ་མའི་ཕྱག་ཏུ་ཕུལ་ཞིག་པར་བསྒོས་པས་རྟེན་འབྲེལ་ཆེན་པོ་འགྲིག །དེ་ཁབ་ཏུ་བཞེས་པ་མ་ཡིན་པས་གྲྭ་པའི་ཚོགས་ཀྱང་སྡང་བཞིན་འདོན་པར་བརྩམས་པ་ན། སྐྱོ་སྟོན་ཤཱཀ་ཡེ་ན་རེ། འདིའི་སྲིན་ལག་ལ་བསྟན་པའི་གཙོ་བོ་གཅིག་འདུག་པར་རྨིས་པས། རིགས་སྲས་འདྲ་མཐོང་ན་བསྟན་པར་ཕན་སྲིད་ཀྱི་ཞོག་གསུངས། དེ་བཞིན་དུ་ཀ་བ་གཞན་རྣམས་ལའང་སངས་རྒྱས་ཀྱི་སྐུ་དང་། གསེར་གྱི་རྡོ་རྗེ་སོགས་ཇོ་མོ་ལ་ཐིམ་པར་རྨིས་པས་བཞག་གོ། དེ་ལ་རྡོག་ལོ་ཆེན་པོའི་བཅུ་དྲུག་པ་ཤིང་ཕོ་སྟག་ལ་སྒྲོ་ཕུག་པ་སྐུ་བལྟམས། དེར་བླ་མའི་ཞལ་ནས་ངའི་བུ་འདི་ལྷུམས་སུ་འཇུག་པའི་ཚེ་ཕྱག་ན་རྡོ་རྗེ་ཐིམ་པའི་མཚན་མ་ཡོད་པ་ཡིན་པས་འགྲོ་བ་ལ་ཕན་པ་ཞིག་འོང་གསུངས་ནས། མཚན་ཤཱཀྱ་སེང་གེར་བཏགས། ཡབ་ཀྱིས་སྤོང་ངག་བྱས་ནས་ཅི་ཡང་མེད་པ་དང་ཐུག་པས། ཡུམ་ན་རེ། ཁ་སེང་ནས་བུ་སྐྱེ་བ་ནི་ཐུགས་ལ་མངའ། རྐན་མར་ཙམ་ཡང་མི་འཇོགས་ཟེར་བ་ལ། ཁོང་ལ་བསོད་ནམས་ཡོད་ན་ངས་མ་བཞག་ཀྱང་འོང་། དེ་མེད་ན་བཞག་ཀྱང་མི་ཕན་(སྟོད་ཆ།༤༣༤)གསུངས་ཁང་ཐོག་ན་བཞུགས་ཙ་ན། བཙུན་མ་ཕྱུག་མོ་ཞིག་གིས་ནས་རྒྱབ་མང་པོ་དང་། མར་ཕོན་ཆར་ཕུལ། མདོ་ཁམས་ནས་འབུལ་སྐྱེལ་ལྷགས་པས། འདི་ལ་བསོད་ནམས་ཀྱང་འོང་། འགྲོ་བ་ལའང་ཕན་གསུངས། ཟླ་བ་བརྒྱད་ན་ཡབ་གཤེགས་པས། ཡུམ་དང་ཞང་པོས་བསྐྱངས་ནས་མདའ་ཕུར་ལོ་བཅོ་ལྔ་བཞུགས། དེ་ནས་ཆུ་བུར་དུ་གླན་ཤཱཀྱ་བཟང་པོའི་དྲུང་དུ་བྱོན་ནས་གསང་བ་སྒྱུ་འཕྲུལ་དང་། སྐྱིད་ལུང་དུ་ཡང་ཁྱེང་གི་སར་ཡང་བྱོན་ནས་ ཆོས་གསན། དགུང་ལོ་བཅུ་དགུ་པ་ལ་ཆེ་འདོན་མཛད་པས་ཕྲིན་ལས་ཤིན་ཏུ་རྒྱས་ཏེ་བསླབ་གཉེར་གཡེལ་བ་བྱུང་། དེར་སྐབས་བཙལ་ནས་གོང་བུར་སྐྱོའི་རྩར་ལོ་གཅིག་བྱོན། དེ་ནས་སླར་ཕྲིན་ལས་ཆེར་རྒྱས་ཏེ་གཞན་དུ་བཞུད་པའི་སྐབས་མ་བྱུང་། བླ་མ་མཁས་གྲུབ་ཀྱི་ཚོགས་ཚུར་སྤྱན་དྲངས་ནས་སློབ་གཉེར་རྫོགས་པར་མཛད། ཁྱད་པར་ཀ་བ་བཞི་ལས་ཡབ་ཆོས་མདོ་རྒྱུ་སེམས་གསུམ་རྒྱུན་མན་ངག་ཕྲིན་སྒྲུབ་ཕྱག་བཞེས་དང་བཅས་པ་ཡོངས་སུ་རྫོགས་པར་གསན་ཅིང་ཁྱད་པར་དུ་ཞང་པོ་མདའ་ཏིག་ལས་མདོའི་སྐོར་ཞིབ་པར་བརྙེས། གླན་ཤཱཀྱ་བྱང་ཆུབ་ལས་རྫོགས་ཆེན་སྐོར་ལུགས། ལྷ་རྗེ་ཤངས་ནག་ལས་རྫོགས་ཆེན་བརྒྱུད་པ་ཐ་མ་སོགས་མདོར་ན་བླ་མ་མང་པོ་ལས་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད། རང་གི་གྲུབ་མཐའ་གསན་པའི་འབུལ་བ་རྒྱ་ཆེན་པོས་ཐུགས་ཟིན་པར་མཛད། ཉ་རི་སྒྲོ་ཕུག་ཏུ་སྒྲུབ་པ་ཡུན་རིང་དུ་མཛད་པས་བསྐྱེད་རྫོགས་ཀྱི་གནས་ལ་མན་ངག་གི་རྒྱུད་ནས་གསུངས་པའི་གཟེར་བཞི་ཐེབས། ཡི་དམ་ལྷའི་སྐུ་གསུང་ཐུགས་དང་ཐ་དད་མེད་པར་འདྲེས་པས་(སྟོད་ཆ།༤༣༥)སྐུ་གཞོན་ནུ་ནས་གཟི་བྱིན་ཤིན་ཏུ་ཆེ་སྟེ་ཐམས་ཅད་ཟིལ་གྱིས་གནོན་ནུས། རེ་ཞིག་ན་དམ་པ་སངས་རྒྱས་དིང་རི་ན་བཞུགས་པ་དཔོན་སློབ་ལྔས་མཇལ་དུ་བྱོན། ཕེབས་རྒྱུའི་ཉིན་དམ་པའི་ཞལ་ནས་དེ་རིང་ཕྱག་ན་རྡོ་རྗེའི་སྤྲུལ་པ་འབྱོན་པ་ཡོད་ཀྱི་བསུ་བ་གྱིས་གསུངས། དར་གདུགས་ལ་སོགས་བཤམས་པས། ཉི་མ་རྒས་སུ་ཆ་ཙ་ན་སྔགས་པ་དཔོན་སློབ་ལྔ་བྱུང་། །གཞན་སུ་ཡང་མི་གདའ་ཞུས་པས། དེ་ཀ་ལ་བསུ་བ་གྱིས་གསུངས། དེར་ལྷ་རྗེ་སྒྲོ་ཕུག་པས་དམ་པ་ལ་མངོན་མཁྱེན་ཨེ་འདུག་ལྟ་ཡི་གསུངས་ནས་སློབ་མ་ཞིག་ཉིད་དུ་རྫུར་བཅུག་ནས་སྔོན་ལ་བཏང་། ཁོ་རང་ཕྱི་ན་ཞབས་འབྲིང་པ་ལྟར་བྱས་པས། དམ་པས་སྒྲོ་ཕུག་པའི་མགུལ་ན་ཝ་བ་ཡོད་པ་ལ་གཟིགས་ནས། ཕྱག་སྣ་ཝ་བ་ཅན་གྱིས་དྲངས། དཔོན་སློབ་གོ་མ་ལོག་པ་བཟང་གསུངས་པས་མོས་གུས་ཆེན་པོ་ཐོབ། ཆོས་ཀྱི་བདུད་རྩིའང་ནོད། དམ་པའི་ཞལ་ནས་སྒྲོ་ཕུག་པ་ལ་འདི་བསྟན་པའི་སྤྱི་དཔལ་ཆེན་པོར་འགྱུར་ཞེས་དབུགས་འབྱིན་མཛད། ཡང་རེ་ཞིག་ན་ཕྱག་རྡོར་གྱི་བྲིས་སྐུ་བྱེད་པའི་འབྲི་བཀོད་ཀྱི་ཚེ། ལྷ་བྲིས་པ་ལ་ཁྱེད་རག་འདི་འདྲ་བ་ཞིག་བྲིས་ཞེས་ཕྱག་ན་རྡོ་རྗེའི་སྐུ་དངོས་སུ་བསྟན་པ་སོགས་རྒྱུ་མཚན་དུ་མའི་སྒོ་ནས་དཔལ་གསང་བའི་བདག་པོ་བྱང་ཕྱོགས་ཀྱི་རྒྱུད་འདིར་གསང་སྔགས་ཀྱི་བསྟན་པ་རྒྱས་པར་མཛད་པ་ལ་བྱོན་ནོ་ཞེས་གྲགས། སྤྱིར་གདུལ་བྱའི་ཚོགས་དཔག་ཏུ་མེད་ལ། ཁྱད་པར་སློབ་མ་དགེ་བའི་བཤེས་གཉེན་ཆེན་པོ་གྲ་ས་འཛིན་ཅིང་བསྟན་པ་སྐྱོང་བ་གདུགས་ཐོགས་པ་སྟོང་ཐོན་པས་རིང་མོའི་མཐར་ཡང་ཕྲིན་ལས་བསམ་གྱིས་མི་ཁྱབ། སྒྲོ་ཕུག་ཏུ་ཆོས་གསུང་བའི་དུས་ཤིག་ཆོས་ཁྲི་རྒྱབ་ཡོལ་མེད་པ་ཞིག་ལ་བཞུགས་ཏེ་མཐའ་སྐོར་ཐམས་ཅད་གྲ་པས་བསྐོར་(སྟོད་ཆ།༤༣༦)ནས་ཡོད་པ་ལ། ཕྱོགས་ཐམས་ཅད་དུ་ཞལ་ཐལ་ལེ་བར་བྱུང་བས་རྡོ་རྗེ་སེམས་དཔའ་རྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་གྱི་བདག་པོའི་ཞལ་སྐྱིན་མངོན་སུམ་པར་ཡིད་ཆེས་ཤིང་སྤྲུལ་པའི་སྐུར་རྩོད་པ་མེད་པར་གྲགས། དབྱར་ཆོས་དགུན་ཆོས་ཀྱི་དུས་ཕྱོགས་རེ་ན་མར་དཔེ་འགྲེམས་ལྔ་བརྒྱ་ཙམ་རེ་དང་། སྟོན་ཆོས་དང་དཔྱིད་ཆོས་ཀྱི་དུས་སུམ་བརྒྱ་ཙམ་ཡོད་ཅིང་། སྤྱིར་ཁྲི་ཕྲག་ཏུ་ཐལ་བ་བྱུང་བས། ཆོས་སྒྲའི་གོ་ས་བདེ་དོག་ལའང་གསེར་ཞོ་རེའི་འཇལ་ལེན་བྱེད་པས་དར་རྒྱས་བྱུང་། མཁྱེན་རྩེ་ནུས་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་ཤིང་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་དོན་ལ་རང་བྱན་ཆུད་པ་ཙམ་གྱིད་ཆོས་སྤྱན་ཐོས་པས་གསང་བདག་སྒྲོ་ཕུག་པའི་བཤད་སྒྲོལ་ཞེས་དུས་ད་ལྡ་ལྡི་བ་བྱེད་པ་འདི་བྱུང་ཞིང་ཉི་ཟླ་ལྟར་གྲགས་པ་ཡིན་ནོ། །དེ་ལ་ཐུགས་ཟིན་གྱི་སློབ་མ་བཅུ་གཉིས་བྱུང་སྟེ། ནག་པོ་བཞི། སྟོན་པ་བཞི། མིས་བཞི་ལས། ནག་པོ་བཞི་ནི། ལྕེ་སྟོན་རྒྱ་ནག །ཟུར་ནག་འཁོར་ལོ། ཉག་ནག་མདོ་པོ། མདའ་ནག་གཙུག་ཏོར་དབང་ཕྱུག་གོ། སྟོན་པ་བཞི་ནི། ཉེ་སྟོན་ཆོས་སེང་། གྱབ་སྟོན་རྡོ་རྗེ་མགོན་པོ། ཞང་སྟོན། རྒྱ་སྟོན་བཞིའོ། མེས་བཟི་ནི། ཙངས་པ་བྱི་སྟོན། གཡུ་སྟོན་ཧོར་པོ། སྤང་སྟོན་ལྕཀྱུ། དབུས་པ་ཆོས་སེང་ངོ་། །འདྲེན་ཚུལ་འདི་ཟུར་སྟོད་ལུགས་སུ་གྲགས་ལ། སྨད་ལུགས་སུ་དེ་ལས་ཐ་དད་པའང་ཡོད། དེ་ལྟར་སྤྲུལ་པའི་སྐུ་གསང་བདག་སྒྲོ་ཕུག་པ་ཆེན་པོ་དེ་ཉིད་ཐ་མའི་མཛད་པ་སྟོན་པར་བབས་པའི་ཚེ། སྟོན་པ་བཞི་ལ་ཁྱེད་ཚོས་ཚོགས་འཁོར་གྱི་ཆ་རྐྱེན་འདྲ་ཁྱེར་ལ་ཤོག །ངས་ཀྱང་བསྡོགས་ཀྱི་གསུངས། སྟོན་པ་བཞིས་གསུངས་(སྟོད་ཆ།༤༣༧)བཞིན་དུ་བསྒྲུབས་པ་དང་། སྒྲོ་ཕུག་གི་ལྟག་ལྷ་རི་གདོང་གི་རྩེར་བྱོན་ནས་ཚོགས་འཁོར་རྒྱ་ཆེན་པོ་མཛད། གསུང་གི་གསང་བ་མང་པོ་རྗེས་སུ་བསྟན་ནས། ཁྱེད་རྣམས་ང་མེད་པ་ལ་མྱ་ངན་མ་བྱེད་ཅིག ངས་ད་རེས་ལུས་མ་སྤངས་པར་ཁྱེར་ནས་རིག་འཛིན་གྱི་ས་ལ་འགྲོ་བ་ཡིན། དེས་ཁྱེད་རྣམས་ལ་ཤུལ་དུའང་བཀྲ་ཤིས། མི་རྒྱུད་དང་བསྟན་པ་འཕེལ་བ་ཞིག་འོང་ངོ་གསུངས་ནས། དཔལ་གྱི་མགུར་ལས་རྡོ་རྗེའི་གླུ་ཞིག་བཞེངས། ནམ་མཁའ་ལ་ཇེ་མཐོ་མཐོར་འཕགས་ཀྱི་མགུར་རེ་བཞེངས་ནས་མཐར་མི་མངོན་པའི་སར་གཤེགས་པ་དང་། སྟོན་པ་བཞི་སྙིང་ཕྱུང་བ་ལྟ་བུའི་སྡུག་བསྔལ་གྱིས་མནར་ནས། ཆོ་ངེས་བཏབ། འགྲེ་ལྡོག་བྱས། མཚན་ནས་བོས་པས་བྱ་བབས་པ་བཞིན་དུ་བྱོན། ཁྱེད་རྣམས་དེ་ལྟར་མི་བྱེད་པ་ཡིན་ཏེ། ངས་གོང་དུ་ཁ་ཏ་ནི་ལེགས་པར་བཅུག །དེ་ལ་མི་ཉན་པར། ད་ངའི་མི་རྒྱུད་ལ་བཀྲ་ཤིས་པ་མི་འོང་གསུངས། དེ་ནས་ཕྱི་ལོ་དྲུག་ཅུ་རྩ་གཅིག་པ་ཤིང་ཕ་སྟག་ལ་འོག་མིན་ཚོགས་ཆེན་འདུས་པའི་གྲོང་ཁྱེར་དུ་གཤེགས་སོ། བུར་སྦྱོང་བའི་ཚེ་སྔགས་པ་གཞོན་མཛེས་གཅིག་གིས་རྟ་ངང་བཟང་གཅིག་ལ་དུང་གི་སྒ་རང་གུག་ངོ་མཚར་ཅན་བསྟད་པ་ཞིག་ཕུལ། དེ་འདི་ནས་བྱུང་དག་འདིར་སོང་སུས་ཀྱང་ངོ་ཤེས་པ་མ་བྱུང་བས་ལྷས་འདེགས་བསྐྱལ་བར་གྲགས། དེ་བཞིན་དུ་བཙན་དང་། མ་མོ་དང་། ཀླུ་རྣམས་ཀྱིས་ཀྱང་འདེགས་བསྐྱལ་ཏེ། མི་ལ་མེད་པའི་ནོར་སྣ་བཞི་བྱུང་བ་ཡིན་ནོ། འདི་ས་སྐྱ་བ་ཀུན་དགའ་སྙིང་པོ་ལས་ལོ་བརྒྱད་ཀྱིས་བགྲེས་པས་དྭགས་པོ་ལྷ་རྗེ་དང་། ཕག་མོ་གྲུབ་པ། བླ་མ་ཞང་། ཇོ་སྲས་འཛེད་སོགས་དང་ཐོག་རགས་པ་ཙམ་མཉམ་མོ། ཡང་བཱི་མ་ལའི་སློབ་(སྟོད་ཆ།༤༣༨)མ་རོང་ཆུ་ཚན་གྱི་དགེ་སློང་མ་སྒྲེ་མོ། དེའི་སློབ་མ་ལྷོ་བྲག་བྱ་ཟེའི་མར་པ་ཤེས་རབ་འོད། དེའི་སློབ་མ་ཤངས་ལྷ་བུའི་ལང་སྟོན་དར་མ་བསོད་ནམས། དེའི་སློབ་མ་ལྷ་རྗེ་ཧོར་པོ་སྟེ་སྒྲོ་ཕུག་པ་ཡིན་པ་སབི་མ་ལ་དང་གཉིས་ཀྱི་བར་ལ་བླ་མ་གསུང་ལས་མེད་དོ། དེ་ལ་སྒྲོ་ཕུག་པའི་སློབ་མ་ལྕེ་སྟོན་རྒྱ་ནག་ནི་འཁྲུངས་ཉང་སྟོད་པ་ཡིན། མཚན་ཉིད་ཀྱི་གྲྭ་ས་ན་ཕུ་བོ་གཉིས་སློབ་གཉེར་ལ་ཡོད་པའི་སར་རྒྱགས་བསྐྱེལ་དུ་བྱོན། ཞར་ཉན་བྱས་པས་ཁོང་གཉིས་ཀྱི་ཆེད་དུ་སྦྱངས་པ་ལས་ལྷག་པ་བྱུང་། དེར་རྒྱ་ནག་ན་རེ། ཁྱེད་གཉིས་ཀྱིས་ལོ་གསུམ་ཉན་ཀྱང་གོ་བ་ཅི་ཡང་མི་འདུག ངས་ཉན་ན་གོ་བ་འདུག་བྱས་པས། ཕུ་བོ་གཉིས་ན་རེ། ངེད་གཉིས་ལ་དེ་ལས་མ་བྱུང་། ཆོས་སུས་ཤེས་ཀྱང་འདྲ་ཡི་ཁྱོད་ཀྱིས་གོ་ན་ཁྱོད་རང་ཉོན། ངེད་ཀྱིས་རྒྱགས་སྐྱེལ་བྱེད་ཟེར་བས། དེར་ལྷ་རྗེ་རྒྱ་ནག་གིས་བཞུགས་ནས་ཁྱུང་པོ་གྲགས་སེ་ལས་ཕར་ཕྱིན། འབན་ལས་མངོན་པ། སྟག་པ་ཁ་ཆེ་ལས་དབུ་ཚད། འགར་བསོད་ཡེས་ཚེ་གསང་བདག་སྒྲོ་ཕུག་པ་ལ་སྔགས་གསན་དུ་བྱོན་ནས་ལོ་བཅུ་གཅིག་བཞུགས་ཏེ། ལོ་གསུམ་གྱི་བར་ཇོ་སྲས་ཉང་སྟོད་པ་གསུང་བ་ཙམ་ལས། སྤྱན་སྔར་གསུང་གླེང་ཞིབ་པ་ཙམ་མ་བྱུང་། སྐབས་ཤིག་ན་རྒྱ་བརྩོན་སེང་དཔོན་གཡོག་དང་ལྷ་རྗེ་ཆོས་འཁོར་སྟབས་གཅིག་ཏུ་འཛོམ་པའི་ཚེ། རྒྱ་བརྩོན་དཔོན་གཡོག་གིས་རྩོད་པ་བཙུགས་པས། ལྷ་རྗེ་རྒྱ་ནག་གིས་ཁོང་རྣམས་སུན་ཕྱུང་། ང་རྒྱལ་བཅགས་པས་མཉེས་ཏེ་ཐུགས་ལ་འདོགས་པར་བྱུང་བའི་ཁར། སྲས་རྗེ་བཙུན་རྡོ་རྗེ་གྲགས་བློ་ཁ་ཕྱེ་བས་(སྟོད་ཆ།༤༣༩)རབ་ཏུ་དགྱེས་ནས། བསྐྱེད་རྫོགས་གསུམ་གྱི་གཞུང་གདམས་ངག་དང་། ཁྱད་པར་གྱི་མན་ངག་ཡིག་ཆུང་དག་བཅས་པ་གནང་བས་ལྷ་རྗེ་ལྷ་ཁང་པ་ཟུར་ཚོ་གཞན་ལས་ཆོས་ཁ་ཚང་ཞིང་མན་ངག་ཟབ་པ་ཡིན། བཞི་བཅུ་ཐམ་པ་ལ་གཤེགས་བཙུན་མཛད། དེའི་ཕྱི་ལོ་སྒྲོ་ཕུག་པ་གཤེགས། ཉང་སྟོད་ཀྱི་རྒྱ་རྩང་སྐོར་ལས་བདུད་རྩི། ཉང་སྨད་སྒྲོ་དར་སེང་ལས་རྣམ་འཇོམས་དང་ཕུར་པ་རྩ་བ་སོར་བཞག་ལུགས། གཞན་ཡང་སྐྱི་ལུགས་ལ་སོགས་ཕུར་པ་ལུགས་ཐ་དད་པ་དང་། དམ་པ་སྤོར་མང་ལས་རྫོགས་ཆེན་སྤོར་ལུགས། ཇོ་མོ་ཉང་མོ་ལས་རྫོགས་ཆེན་ཁམ་ལུགས་ཨ་རོའི་ཐུགས་བཅུད། དེ་བཞིན་དུ་རྫོགས་ཆེན་བྲམ་ཟེའི་སྐོར་དང་ཀེ་ཚང་མ་ལ་སོགས་པ་ཐོས་པ་ཤིན་ཏུ་མང་བས་སྔགས་དང་མཚན་ཉིད་རྒྱུད་དང་སྒྲུབ་ཐབས་ཐམས་ཅད་ཀྱི་བདག་པོར་གྱུར། སྨན་སྒྲུབ་མཛད་པའི་ཚེ་སྨན་གྱི་ཕོ་བྲང་ལས་ལྷ་མོ་དངོས་སུམ་དུ་ཐོན་ནས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ་ཐིམ་པ་ཀུན་གྱིས་མཐོང་། གཞན་དོན་རྒྱ་ཆེན་པོ་མཛད་ནས་ལྔ་བཅུ་རྩ་དྲུག་པ་ལ་གཤེགས་སོ། འདིའི་དབོན་པོ་བླ་མ་ཆེན་པོ་ཡོན་ཏན་གཟུངས་ནི། མེ་ཕོ་རྟ་ལ་འཁྲུངས། བཅུ་གཅིག་ནས་སློབ་གཉེར་མཛད། ལོ་བཅུ་གསུམ་ཕུ་བོ་དང་འགྲོགས་ནས་བསྐྱེད་རྫོགས་གསུམ་གྱི་རྒྱུད་ལུང་མན་ངག་ཀུན་ལ་སློབ་གཉེར་རྫོགས། ཉི་ཤུ་རྩ་བཞི་བཞེས་པའི་ཚེ་ཕུ་བོ་རྒྱ་ནག་པ་སྐུ་གཤེགས་ནས་གདན་ས་མཛད། དབུས་པ་སྟོན་ཤཱཀ་དང་། དབུས་པ་ཞིག་པོ་སོགས་ལས་ཐེ་ཚོམ་གྱི་དྲས་ཐག་བཅད་ནས་རང་གཞན་གྱི་དོན་མཛད་པ་ཡིན་ནོ། དབུས་པ་སྟོན་ཤཱཀ་གམ་དམ་པ་སེ་སྦྲག་པ་ནི། གཟད་ཀྱི་གཅེར་པ་(སྟོད་ཆ།༤༤༠)ཝང་ཐུང་རྒྱུད་ཅིང་། སྒྲོ་ཕུག་པའི་གྲྭ་སར་ཡི་གེ་འདྲིར་བྱོན་པ་ལ་དད་པ་ཐོབ་ནས་སློབ་གཉེར་བྱས། ལྷ་རྗེ་རྒྱ་ནག་གཤེགས་བཙུན་མཛད་པའི་ཕྱིར་འབྲེང་དུ་གཤེགས་ནས་རྒྱུད་དང་གདམས་ངག་ཐམས་ཅད་རྫོགས། སྒོམ་སྒྲུབ་འབའ་ཞིག་བྱ་བར་བསམས་ཏེ་བྱང་རི་ལ་དགོན་པ་འཚོལ་དུ་བྱོན་པས། ཡོལ་བ་བྲག་ལ་དམ་པ་ཡོལ་ཆུད་པ་བྲག་བརྐོ་བ་དང་མཇལ། འདིར་དགོན་པ་མཛད་པ་ལགས་སམ་བྱས་པས་ཡིན་ཟེར། འདི་མིན་པ་བྱ་ས་མི་གདའ་འམ་བྱས་པས། ཕར་ངོས་ན་སེ་བ་ཁ་སྦྲག་ཅན་ཞིག་ན་འདུག་སྟེ། དེ་བས་འདི་བཙན་པ་སའདིར་བྱེད་ཟེར། དེར་དམ་པ་སྟོན་ཤཱཀ་གིས་བྲག་སེ་བ་ཁ་སྦྲག་སྐྱེས་པ་དེར་བྱོན་ཙ་ན། ཆུ་མིག་འགྲམ་ནས་ཟན་རྡོག་འགའ་ཞིག་རྙེད་པས་བཟང་ལྟས་སུ་བཟུང་། དེར་བཞུགས་ཏེ་སྒོམ་སྒྲུབ་མཛད་པས་རྟོགས་པ་ཁྱད་པར་ཅན་སྐྱེས། ལྷ་འདྲེས་བཀའ་ལ་ཉན། གདུལ་བྱ་མང་པོའི་དོན་ནུས་པ་བྱུང་སྟེ་དམ་པ་སེ་སྦྲག་པ་ཞེས་གྲགས་སོ། དབུས་པ་ཞིག་པ་ནི། ཡར་ཀླུངས་བྱ་བ་པ་ཡིན། རྗེ་སྒྲོ་ཕུག་པའི་གདན་སར་ཡིག་མཁན་ཆོས་ལ་ཚུད་པ་ཞིག་སྟེ། ལྷ་རྗེ་རྒྱ་ནག་གི་ཕྱི་ལ་འབྲིངས། བསྐྱེད་རྫོགས་གསུམ་ཀ་ལ་འབྱོངས་པ་བྱས། ཡུལ་ལ་ཆེ་འདོན་ལ་འགྲོ་སྙམ་ཙ་ན། དེའི་ཆ་རྐྱེན་གདུགས་དང་། དུང་དང་། མཆོད་ཆ་སོགས་དགོས་པར་སེམས་ནས་དེ་དག་འདོན་པའི་ཕྱིར་བལ་ཡུལ་དུ་བྱོན། ལམ་དུ་བསམ་པ་ལ་ངས་ཆོས་དེ་ཙམ་ཤེས་ཀྱང་ཉམས་སུ་བླངས་རྒྱུ་ཞིག་མི་འདུག །ད་ལྟ་ཤི་ན་ཅིས་ཀྱང་མི་ཕན་གདགས་ངག་ཁོ་ན་ལ་བློ་གཏོད་དགོས་པར་འདུག་སྙ་ནས་སླར་ལོག་བླ་མའི་སྤྱན་སྔར་ཕྱིན་ནས་ཞུས་པས། སྙན་བརྒྱུད་རིན་པོ་ཆེའི་གདམས་ངག་གནང་། དེ་ལ་ཉམས་ལེན་མཛད་(སྟོད་ཆ།༤༤༡)ཀྱིན་བྱོན་པས། མང་ཡུལ་གུང་ཐང་དུ་རྟོལ་ཙ་ན་རྫོགས་པ་ཆེན་པོའི་ཡེ་ཤེས་བརྗོད་དུ་མེད་པ་ཞག་བདུན་དུ་ཤར། དེར་བལ་པོ་ནས་མཆོད་ཆ་བླངས། མང་ཡུལ་གུང་དུ་ལྡོགས་ཙ་ན། ཚད་པ་ཕྱི་ན་འབྲེངས་ནས་བསྙུན། །ད་མི་དགའ་བ་ཨེ་ཡིན་སྙ་ནས་བློ་ཐག་བཅད། ཀ་ཅ་རྣམས་གྲོང་དུ་བཞག རི་ལ་བྱོན་ནས་ཉམས་སུ་བླངས་པས་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པ་བྱུང་། སྔར་གྱི་བསམ་པ་དེ་དག་དགོས་མེད་འབའ་ཞིག་ཏུ་ཤེས་ནས་ཆེ་འདོན་གྱི་ཀ་ཅ་ཐམས་ཅད་གང་དགར་བསྒྱུར། མཉྫི་དང་ཏིང་བདུན་ཆ་གཅིག་ཡོད་པ་དེ་མཐོང་བ་དང་བླ་མའི་དྲིན་དྲན་ཏེ་ང་ལ་དགོངས་པ་འདི་འདྲ་འཆར་བ་ཡང་བླ་མའི་ཐུགས་རྗེ་ཡིན་པ་སའདི་ཙམ་ཞིག་བླ་མ་ལ་འབུལ་དགོས་སྙམས་ཁྱེར་ཕྱིན་པས། འདོད་པ་ཟད་པས་དེ་ཡག་ལམ་དུ་བསྐྱུར་འདོད་པ་བྱུང་སྟེ། ཡང་བླ་མའི་དྲིན་བསམས་ཏེ་བྱོན། ཡང་བླ་མའི་དྲིན་བསམས་ཏེ་བྱོན། ལྷ་ཁང་དུ་སླེབས་ཙ་ན་བླ་མའི་དྲུང་དུ་བསྐྱུར་ནས། ཏིང་བུ་ཁྱོད་ཀྱིས་ང་ཇི་ཙམ་ཞིག་བཅིངས་གསུང་སྐད། དེར་རི་འབའ་ཞིག་ལ་བཞུགས་ནས་ཉམས་ལེན་མཛད་པས། ཆོས་ཐམས་ཅད་བློ་ལ་འཆར་བ་དང་སྣང་བ་བདེན་མེད་དུ་བུན་ལོང་སོང་བས་རྦབ་ཀྱིས་མ་ཚུགས། གཡས་རུའི་ས་གོར་ཕུར་བཞུགས་པའི་ཚེ་གཟིམས་མལ་གྱི་སྟེང་དུ་ཐོག་བྱུང་ཡང་མ་གནོད། གཞན་གྱིས་ཐོག་བྱུང་ངམ་ཞུས་པས། ཐོག་གམ་དེ་བྱུང་གསུངས། མ་གནོད་དམ་ཞུས་པས་སྒྲ་གྲགས་སྟོང་དབྱེར་མེད་ཡིན། ཐོག་ལ་རང་བཞིན་ག་ལ་ཡོད་གསུངས་ཏེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་བཞུགས། སྒོམ་སྒྲུབ་འབའ་ཞིག་གི་ངང་ནས་མཚམས་འོག་ཏུ་གྲྭ་ས་ལོ་བཅོ་བརྒྱད་བསྐྱངས་དགུང་ལོ་བདུན་བཅུ་པ་གཤེགས་སོ། །དམ་པའི་སྐྱེས་བུ་འདི་ལ་སློབ་མ།(སྟོད་ཆ།༤༤༢) ཞིག་པོ་བདུན་རྩི། སྟོན་པ་བླ་སྐྱབས། དབུས་པ་ཇོ་བསོད། སྙིང་སྟོན་ཉི་མ་རྡོ་རྗེ་ལ་སོགས་པ་གཞུང་ལུགས་ལ་མཁས་པ་མང་དུ་བྱུང་། གཞན་ཡང་ལ་སྟོད་ཀྱི་མེས་སྟོན་མགོན་པོ་དང་། དཔྱལ་ཀུན་དགའ་རྡོ་རྗེ་ལ་སོགས་པས་ཀྱང་ཞབས་ལ་གཏུགས་སོ། །ཐུགས་ཀྱི་སྲས་ཞིག་པོ་བདུད་རྩི་ནི་ཡབ་མེས་ཀྱི་རིང་ནས་མཁས་པ་དང་། གྲུབ་པའི་དཔའ་བོ་བརྒྱུད་མར་བྱུང་བ་ལས་འདིའི་ཡབ་སངས་རྒྱས་དྭགས་ཆུང་སྟེ། དྭགས་པོ་རྒྱ་རས་ཀྱི་ཕྱི་ན་འབྲེངས་པས་དྭགས་ཆུང་་པར་གྲགས། དེས་ལྷོ་བྲག་ཏུ་བྱོན་ནས་ལྷོ་སྟོད་ཕུར་མོང་སྒང་བྱ་བའི་དགོན་པར་འགྲོ་དོན་མཛད་ཅིང་བཞུགས་པ་ལ། གཟད་པའི་ཡོན་བདག་རྣམས་ཀྱི་གདན་དྲངས། གཟད་ཀྱི་ལྷ་གདོང་དགོན་པ་དང་། འུག་སྐད་དགོན་པ་ལ་སོགས་པ་ཕུལ་ནས་བཞུགས། བུ་སློབ་མང་དུ་འཕེལ། དེ་ལ་ཇོ་མོ་ཝང་མོ་བྱ་བ་ཞིག་ཡོད་པ་དང་གཉིས་ཀྱི་བུར་གཟད་ཀྱི་ལྷ་གདོང་དགོན་པར་བཙའ་བ། ཞིབ་མའི་ནང་དུ་བསྙལ་བ་ལ་འཇའ་ཚོན་ཟུག་དགུང་ལོ་གཉིས་ཙམ་ལོན་པའི་ཚེ་ཡབ་ལ་རྨི་ལམ་ངོ་མཚར་བ་བྱུང་ནས། ད་ང་འཆི་བ་འདུག །ཤི་ནས་ཀྱང་རིག་འཛིན་གྱི་ས་ལ་འགྲོ་བར་འདུག་བུ་འདིས་ཀྱང་གཞན་ལ་ཕན་ཐོགས་པ་འདུག་གསུངས་ཏེ་གཤེགས། ཞིག་པོ་རིན་པོ་ཆེ་འདི་ཆེར་སྐྱེས་པ་དང་སྙིང་རྗེ་ཤིན་ཏུ་ཆེ་བས་གོས་བཅོས་པ་ཐམས་ཅད་མེས་འབར་ཀྱང་མཉན་བར་ལམ་ཟན་པ་ཉམ་ཐག་ཅིག་ཡོད་པ་ལ་བྱིན། དེར་མོ་མ་རྣོན་པོ་ཞིག་ན་རེ། ཁྱོད་ཀྱི་བུ་འདི་འདྲ་ཞིག་འོང་། འདི་ལ་འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་ཚོགས་ནས་སྐོར་བ་བྱེད་ཅིང་མཆོད་པར་འདུག་ཟེར། སྟོན་ཀ་ཞིག་འོང་འདོན་ཙ་ན། མི་ན་རེ། མི་ཐམས་(སྟོད་ཆ།༤༤༣)ཅད་འོངས་འདོན་པ་ལ་གཏོར་མ་གཏོང་གི་འདུག་གླེན་པ་ཁྱོད་ཀྱང་ཆུ་གཏོར་འདྲ་ཐོས། རང་རེ་ཡང་འོངས་འདོན་པ་ཡིན་བྱས་པས། འོངས་འདོན་པར་བྱིས་པ་དེས་སོང་ནས། གཟད་ལུང་པའི་ལྷ་འདྲེ་ཚོ། ཉང་ནག་འོལ་པོའི་ལྷ་འདྲེ་ཚོ། སྤྲང་པོ་འུ་ལུ་རྒྱལ་ནག་ ད་ནང་སུའི་སར་ཡང་མ་འགྲོ་བར། རྒན་མོ་ཝང་མའི་འོངས་འདོན་གྱིན་ཡོད་པས་འདིའི་འོངས་ལས་ཆེར་ཟེར་ནས་ཐོར་ཐོར་བྱས་པས། ཨ་མ་ཁྲོས་ཏེ་ནས་ཕྱར་གྱིན་འདུག་དེར་ཞིང་རེ་བཞི་བྱ་བ་ལོ་ནན་ལྟར་ལེགས་ནའང་ཁལ་བཞི་བཅུ་ལས་མི་ཐོན་པ་ཞིག་ལ། དེའི་ལོ་སྙེ་མ་ཧ་ཅག་མེད་པ་ལ་ཁལ་ལྔ་བཅུ་ཐལ་བ་བྱུང་བས་འདི་སྤྲུལ་པ་ཞིག་ཉེན་འདུག་ཟེར་ནས། ཞང་པོ་དམ་པ་སེ་སྦྲག་པའི་རྩར་སློབ་གཉེར་ལ་བཏང་། ལོ་གསུམ་གྱི་རིང་ལ་རྫོགས་ཆེན་རོང་ལུགས་སྒོང་དྲིལ། གབ་ཕྱུང་སོགས་ལེགས་པར་ཐོས་བླ་མ་གཤེགས་ཁར་མིག་མཆི་མས་འགགས་ནས་དྲན་པ་ཙམ་མ་བྱུང་གསུངས། བཅུ་དྲུག་པ་ལ་སྐྱིལ་ཁར་ལྷ་ཁང་ཡོན་ཏན་གཟུངས་ཀྱི་ཞབས་ལ་གཏུགས། ལོ་མང་དུ་བཞུགས་ནས་བསྐྱེད་རྫོགས་གསུམ་ཀ་ལ་བློ་གྲོས་བྱུང་བར་མཛད། ཉམས་ལེན་གྱི་གཙོ་བོ་དང་འཆད་ཉན་ཐམས་ཅད་སེམས་ཕྱོགས་ལ་མདད་དེ་ཞལ་གྱིས་ཀྱང་སེམས་ཕྱོགས་ཁོ་ན་སྒྲུབ་པ་ཡིན་གསུངས། ཀུན་བྱེད་རྒྱལ་པོ་དང་མདོ་བཅུ་ལ་སོགས་པ་སེམས་ཕྱོགས་ཀྱི་རྒྱུད་སྡེ་ཆེན་པོ་ཉི་ཤུ་རྩ་བཞི་གསན། རྩ་བ་སེམས་སྡེའི་སྐོར་ལ། སྐོར་ལུགས། རོང་ལུགས། ཁམས་ལུགས་ལ་སོགས་པ་བཤད་སྲོལ་མི་གཅིག་པ་བཅུ་བཞི་གསན། རང་ལུགས་ཀྱི་སྒོམ་ཡིག་ཆེན་པོ་རྣམས་ལས། རྣལ་འབྱོར་རིག་པའི་ཉི་མ། བསམ་གཏན་མིག་གི་སྒྲོན་མ། བསམ་གཏན་སྙིང་གི་ཉི་མ། གདར་ཤ་དང་གཟེར་བུ།(སྟོད་ཆ།༤༤༤) ཁུ་ལན་ཁུང་གདབ། རྡོ་རྗེ་སེམས་དཔའི་ཞུ་ལེན་སོགས་སྒོམ་ཡིག་ཕལ་མོ་ཆེ་ཐོས། སྙན་རྒྱུད་ཀྱི་སྐོར་ལ། སྐོར་རོང་ཁམས་གསུམ་ཀའི་གདམས་པ་དང་། བྲམ་ཟེའི་སྐོར་གྱི་སྙན་རྒྱུད། ཀེ་ཚང་དང་རྫོང་ཕྲང་སྙན་རྒྱུད་ཀློང་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་གསན་ཏེ། རྫོགས་ཆེན་གྱི་སྐོར་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལྷག་པར་ཆོད་པ་ཡིན། དགུང་ལོ་བཅུ་དྲུག་ལ་བཤད་པ་མཛད་དེ་སྐོར་ལུགས་ཀྱི་སྟོང་ཐུན་གསུངས་པས་མཁས་པའི་ཐག་ཆོད། དེར་ལྷ་རྗེ་གནུབས་སྨན་བྱ་བ་ན་རེ། དབུས་པའི་ཇོ་སྲས་ཁྱེད་ངའི་རྟ་ཁྱུང་ཕྲུག་ཁ་ཆེ་དང་འདྲ་བ་འདུག་ཟེར། ནས་ཁལ་བཅུ་གཅིག་གི་ཕོགས་བྱས་སྐད། བླ་མ་ལྷ་ཁང་བའི་དྲུག་དུ་ལོ་བཅུ་བཞི་བཞུགས། བར་སྐབས་ཀུན་ཏུ་ཞང་པོའི་གདན་ས་སེ་སྦྲག་ཏུའང་བཞུགས་ཏེ་སྒོམ་སྒྲུབ་བཤད་པ་བག་རེ་མཛད། སློབ་གཉེར་ཚར་བ་དང་ཡབ་ཀྱི་སློབ་མ་བློ་འདས་བྱ་བ་ཞིག་གིས་གདན་དྲངཤ་ཏེ་གཟད་དུ་བྱོན་ནས་འུག་སྐད་དགོན་པ་བཟུང་། གཙང་དུ་སེ་སྦྲག་པའི་སྒོམ་མ་རྣལ་འབྱོར་མ་ཤཱཀྱ་གཉན་ལ་སོགས་པ་བཞིས་ངེད་ཀྱི་སེ་སྦྲག་ལ་མི་ཐར་བར་འདུག་པས་རི་སྒབ་འདིར་ངལ་གསོ་ཞིག་བྱེད་ཟེར་ནས་བརྩིགས་པའི་ཆོས་སྡིངས་ཀྱང་བཟུང་ཞང་ཚལ་པའི་སློབ་མ་གཙང་སྒོམ་ཧྲུལ་ལེ་བ་བྱ་བས་ཞིག་པོའི་སྤྱན་སྔར་བླ་མ་ཞང་གི་ལོ་རྒྱུས་བཤད་པས་དད་པར་གྱུར་ནས་གདན་དྲངས། ཆོས་འཁོར་བཙུགས། ཆོས་འབྲེལ་མ་ཞུས་ཀྱང་རྒྱུད་བྱིན་གྱིས་རློབ་པའི་བླ་མ་ཡིན་གསུངས་ནས། མོས་གུས་དང་ཞབས་ཏོག་ཆེ་བར་མཛད། བླ་མ་ཞང་གིས་ཁྱོད་ཀྱི་དགོན་པ་འདི་ཆུ་ཤིང་འཛོམ་པ་མི་འདུག་སྟེ། འདུ་བ་ཆེ་ཞིང་འགྲོ་བ་ལ་ཕན་པ་ཞིག་འོང་བས་ཆོས་སྡིངས་སུ་ཐོགས་གསུངས། དེར་མི་རྣམས་ན་རེ།(སྟོད་ཆ།༤༤༥) ཆོས་ལྷ་ཁང་པ་ལས་ཉན། ཞབས་ཏོག་ཚལ་པ་ལ་བྱེད་ཟེར་བ་ལ། བླ་མ་ལྷ་ཁང་པ་དེ་ཕྲག་དོག་རྩ་བ་ནས་ཞི་བས་ནས་ཁལ་ཉི་ཤུ་ཙམ་དང་ཤ་མར་ཁ་ཡར་བསྐུར་ཏེ། ཁྱོད་བླ་མ་བཟང་པོ་གདན་དྲངས་ནས་ཆོས་འཁོར་འཛུགས་པ་ལ་ངས་ཀྱང་འཐུད་བྱེད་དགོས་པ་ཡིན་ཏེ། དེ་ལས་མ་འབྱོར་གསུངས་པས། རྨོངས་པ་དག་གི་ཁ་རྨས་འཕྲོད་ཆད་ང་རང་ཡང་བླ་མ་རྙིང་པ་ལ་མོས་གུས་གསར་པ་སྐྱེས་གསུངས། ཕྲིན་ལས་དུས་ལ་བབས་པས་གདུལ་བྱ་དཔག་ཏུ་མེད་པ་འདུས། འགྲོ་བའི་དོན་རྒྱ་ཆེན་པོ་མཛད། བླ་མ་ལ་ཤིན་ཏུ་གུས་པས་མཉེས་པ་གསུམ་གྱིས་གཞུང་སྲོང་ཞིང་མདུན་ནས་འབྱོན་ཚད་ལ་ཞབས་སྤྱི་བོར་མ་བླངས་པར་འགྲོ་མ་མྱོང་གསུངས། གསེར་གྱི་རྒྱས་འབྲིང་བསྡུས་གསུམ་ལ་སོགས་ཏེ་མདོ་རྒྱས་ཚར་བཅུ་བདུན་གྱིས་སྣ་དྲངས་པའི་ཆོས་དང་ཟང་ཟིང་གི་ཞབས་ཏོག་བསམ་གྱིས་མི་ཁྱབ་པ་མཛད། བྱིན་རླབས་ཞུགས་པས་དགོངས་པ་ཇི་ལྟ་བ་བཞིན་དུ་ལོངས་རྟོགས་གྲོལ་དུས་མཉམ་དུ་སོང་ནས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་མེད་དུ་འགྲོ་ནུས་པ་དང་། མི་མ་ཡིན་གྱིས་བསྐོར་བ་པ་བྱུང་། མངོན་པར་ཤེས་པ་མངའ་བའི་ལོ་རྒྱུས་མང་དུ་ཡོད། གཟད་ཕུའི་ད་ལུང་དགོན་པར་བཞུགས་པའི་ཚེ་སྐུ་ཕ་ཝང་ལ་ཐིམ་པ་དང་། སྲིན་པོ་རིར་གྱང་ལ་ཐོགས་མེད་དུ་གཤེགས་པ་སོགས་རྫུ་འཕྲུལ་དུ་མ་མངའ། གངས་རིའི་ཁྲོད་འདིའི་ཡུལ་དང་ཡུལ་ཕྱོགས་ཐམས་ཅད་དུ་བྱོན་ནས་འགྲོ་བ་མང་པོ་ཐར་པའི་ལམ་ལ་བཀོད། བསྟན་པའི་བྱ་བ་ལ་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། ཞིག་པ་གསོ་བ་དང་། གཞན་གྱིས་བཞེངས་པ་ལ་ཡོ་བྱད་གཏོང་བ་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ཀའི་དོན་ཉམས་སུ་ལེན་ཤེས། རྒྱ་གར་ནས་བྱོན་པའི་ལོ་པཎ་མཁས་པ་ཐམས་ཅད་(སྟོད་ཆ།༤༤༦)ལ་ཞབས་ཏོག་མཛད། སྡེ་སྣོད་འཛིན་པའི་བཤེས་གཉེན་ཆེན་པོ་རྣམས་ཀྱིས་ཞབས་ནས་བཏེགས། རྟག་པར་འཇིག་རྟེན་གྱི་བྱ་བ་ལ་བློ་མི་འཇུག་པར་སྒོམ་སྒྲུབ་ཁོ་ན་མཛད། སེམས་ཅན་དབུལ་ཞིང་ཕོངས་པ་ཀུན་གྱི་སྦྱིན་བདག་མཛད་པས་ཐེག་པ་ཆེན་པོའི་རིགས་ལྷག་པར་སད་པ་ཡིན། རྒྱུ་དེས་རྒྱ་དཀར་ནག་དང་བལ་པོ་ལ་སོགས་པའི་སྐྱེ་བོ་སྐད་རིགས་མི་གཅིག་པ་ཀུན་ཀྱང་འདུ། མ་གདྷ་རྡོ་རྗེའི་གདན་ལ་ཞབས་ཏོག་ལན་གསུམ། འཛམ་བུའི་གླིང་གི་རྒྱན་གཅིག་པུ་ཇོ་ཤཱཀ་རྣམ་གཉིས་ལ་སྲི་ཞུ་ལན་བཞི། རྡོ་རགས་ལན་བཞི་མཛད། རྗེས་སུ་ཕྲིན་ལས་སྐྱོང་བའི་དགེ་བའི་བཤེས་གཉེན་ཡང་བགྲང་གིས་མི་ལང་བ་བྱུང་སྟེ་གངས་ཁྲོད་འདིར་རྩོད་མེད་དུ་གྲགས་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་ནོ། །དེ་ལྟ་བུའི་མཛད་པ་ཕུན་སུམ་ཚོགས་པས་དངོས་དག་རྒྱུད་ནས་གཞན་ལ་སྨན་པ་ཤ་སྟག་མཛད་དེ། ལྷ་སའི་རྡོ་རགས་པྱི་མ་མཛད་པའི་གཤེགས་སྐྱེམས་ཀྱི་དུས་ལས་འཕྲོ་ངན་པའི་འཁོར་ཁ་ཅིག་གིས་ཆང་འཐབ་བྱས་པས་ཐུགས་སྐྱོ་བའི་གསུང་བྱོན་ཏེ་ལྔ་བཅུ་རྩ་དྲུག་བཞེས་པས་ས་མོ་ལུག་གི་ལོར་གསང་ཕུའི་རྒྱ་ར་གང་ལོགས་ཀྱི་དགོན་པར་སྐུ་གཤེགས། པུར་ཆབ་ལ་བཀལ་ནས་གཟད་འུག་སྐད་དགོན་པར་ཟླ་བ་བཞི་བཞུགས། དེ་ནས་བཙན་པོ་དང་། དཔོན་སྐྱ་སློབ་མའི་ཚོགས་ཀྱིས་གདན་སར་བསམས་ནས་བཞེངས་པའི་གཟད་ཐང་སྐྱའི་གཙུག་ལག་ཁང་དུ་གདན་དྲངས་པའི་ཚེ་ས་རབ་ཏུ་གཡོས་ཤིང་། ཡོན་ཆབ་ལས་པདྨའི་སྡོང་བུ་སྐྱེ་བ་སོགས་ལྟས་ངོ་མཚར་བ་བྱུང་། ནང་པར་པུར་སྦྱངས་པས་སྒྲ་དང་། འོད་དང་། འཇའ་ཚོན་དང་། མཆོད་རྟེན་ཡིག་འབྲུ་ལ་སོགས་དཔག་ཏུ་མེད་པ་བྱོན་ཏོ། གཙུག་ལག་ཁང་དེ་ནི་ད་ལྟ་རྗེས་ཙམ་དུ་སྣང་ངོ་།(སྟོད་ཆ།༤༤༧) ཞིག་པོ་ལ་སློབ་མ་མང་ཡང་ཐུགས་སྲས་སུ་གྱུར་པ་ནི། རྟ་སྟོན་ཇོ་ཡེས། མཧཱ་ལྷུན་པོ། མཁས་པ་ཇོ་ནམ། དབུས་པ་ཇོ་བསོད། བཟང་སྟོན་ཧོར་གྲགས། གཉེན་སྟོན་བླ་མ་དང་དྲུག་ལས། གཙོ་བོར་གྱུར་པ་རྟ་སྟོན་ཇོ་ཡེས་ནི། ཡབ་རྟ་སྟོན་ཇོ་འབུམ་ཞེས་བྱ་བ་གཡོ་རུ་སྟོད་ཀྱི་བདག་པོ་འཁོར་འབངས་དང་ཡུལ་གཞིས་འཛོམ་པ་ཞིག་ཡོད། དེ་འཁོར་བ་ལ་སྐྱོ་བ་སྐྱེས་ནས་གཡོག་བཞི་ཁྲི་དེ་བྲོས། ལྷ་རྗེ་གླན་ཉ་ཚ་བའི་ཐུགས་སྲས་གཉོས་ཆུ་བོ་རི་པའི་སྤྱན་སྔར་བྱོན། དཔོན་གཡོག་ལྔ་ཀས་སྟབས་གཅིག་ཏུ་ཆོས་སྒོར་ཞུགས། སྔགས་རྙིག་མ་སྤྱི་དང་། ཁྱད་པར་རྫོགས་ཆེན་སྐོར་ལུགས་གཞུང་གདམས་ངག་དང་བཅས་པ་ལ་ཤིན་ཏུ་བྱང་ཆུབ། ཕག་མོ་གྲུབ་པའི་སྤྱན་སྔར་ལམ་འབྲས་དང་ཕྱག་ཆེན། དབུ་སྟོད་བླ་མ་མཚར་སྟོན་ལས་ཕྱག་ཆེན་སྒང་ལུགས་ཀྱི་དོ་ཧ། ཟངས་རི་འགྲོ་རས་ལས་རས་ཆུང་པའི་ཆོས་སྐོར། ནང་སྟོན་མགོན་པོ་ལས་རྣམ་འཇོམ་དང་། ཕུར་པ་སོགས་མདོར་ན་བླ་མ་མང་པོ་ལས་ཆོས་རིས་མེད་གསན་པ་ཡིན་ཏེ། གཉོས་ཆུ་བོ་རི་པ་དང་། ཕག་མོ་གྲུབ་པ་རྩ་བའི་བླ་མར་འཛིན། ཆུ་བོ་རི་ལ་སྒྲུབ་པ་མཛད་པས་གདུལ་བྱ་མང་དུ་འདུས། དེ་ལ་སྲས་རྟ་སྟོན་ཇོ་ཡེས་འདི་ཆུ་མོ་ལུག་ལ་བལྟམས། དེ་ནས་ལོ་བཞི་པ་ལ་གཅུང་པོ་ཇོ་བསོད་བཙས། འདིས་ཆུང་ངུ་ནས་ཞིག་པོའི་དྲུང་དུ་བྱོན། ཐུགས་ལ་བཏགས། ཇོ་ཡེས་ཀྱིས་ལོ་བཅུ་གཉིར་བར་དམར་སྟོན་ལས་བདེ་མཆོག་དང་། ཕྱག་རྡོར་བདུད་རྩི་ཐིགས་པའི་སྐོར་ཞུས། གཟུངས་རིང་ལ་བསྟེན་པ་ལོ་གཉིས་མཛད། ཡབ་དང་ལྷན་དུ་བདེ་མཆོག་གི་དབང་རྒྱ་རྩ་བརྒྱད་ཞུས། ཁ་རག་སྟོན་སྙིང་གི་སར་སྒྱུ་འཕྲུལ་ལོ་གཉིས་ནོས། བླ་མ་(སྟོད་ཆ།༤༤༨)རྩེགས་དང་། སེ་དུར་ལུང་པ་གཉིས་ལས་རྫོགས་ཆེན་སྐོར་ལུགས་གཞུང་གདམས་པ་དང་བཅས་པ་ཞུས། དགུང་ལོ་བཅུ་དྲུག་པར་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་བཤད་པ་མཛད། བཅུ་དྲུག་གི་གཤམ་ན་ངམ་ཤོད་སྨད་དུ་བྱོན། ཡབ་ཀྱི་སློབ་མ་རྗེ་བཙུན་ཞབས་ལས་ཕྱག་རྒྱ་ཆེན་པོ་སྒང་ལུགས་གསན། ཟང་རི་རྒྱ་རས་ལས་ལོ་རོ་རས་ཆུང་པའི་ཆོས་སྐོར། དགྱེས་རྡོར་མེས་ལུགས། འཇམ་དཔལ་གསང་ལྡན། བདེ་མཆོག་ལཱུ་ཧི་པ་དང་། མཚོ་སྐྱེས་རྡོ་རྗེའི་སྒྲུབ་ཐབས། ལམ་འབྲས་ཞ་མ་ལུགས། ཞི་བྱེད་ལུགས་གསུམ་ཀ་སོགས་མདོར་ན་གསར་རྙིང་རིས་མེད་ལ་ཐོས་པ་ཤིན་ཏུ་ཆེ་བ་ཡིན། རེ་ཞིག་ན་ནང་སྟོན་ཇོ་འཁྱམས་ལས་ཕུར་པ་གསན་ནས་ཆུ་བོ་རིར་སྒྲུབ་པ་མཛད། ལོ་ཉེར་ལྔ་པའི་ཚེ་ཞིག་པོའི་དྲུང་ན་བྱོན་པ་ཡིན། དང་པོ་ཆོས་ཞུ་བའི་རྟོག་པ་མེད་དེ། ཆོས་ཀྱང་ང་རང་མཁས་གདམས་ངག་ཀྱང་ང་རང་ཆེ། ཁོང་སྙན་པ་དང་། གྲགས་པ་ཆེ་བར་འདུག་པ་དང་། གཅུང་པོ་བླ་མ་ཡིན་པས་མཇལ་ཕྲད་ཀྱི་རྣམ་པ་ཞིག་བྱ་སྙམས་ནས་བྱོན་པས། ཞིག་པོ་བདུད་རྩི་འུག་སྐད་དགོན་པ་ན་བཞུགས་པ་དང་མཇལ། ཞལ་མཐོང་བ་ཙམ་གྱིས་གུས་པ་དབང་མེད་དུ་སྐྱེས། ནང་པར་ལོག་འགྲོ་ཙ་ན་སྐུ་དྲུང་དུ་འོང་ནས་ཐུགས་ཀྱིས་གཟུང་བར་ཞུ་ཞུས་པས། ཁྱེད་མོས་སམ་གསུངས། ཤིན་ཏུ་མོས་པ་ཐོབ་ཞུས་པས། འོ་ན་ལས་འཕྲོ་ཡོད་པ་ཡིན་ད་ལྟ་ནས་སྡོད། འཁོར་བའི་མཚན་ཉིད་ལ་རྟག་པ་མེད་ན་ཕྱིས་ཇི་ལྟར་འོང་ཆ་མེད་གསུངས། ད་རེས་ཆ་རྐྱེན་མེད་བྱས་པས། འདིར་འོང་བ་ལ་རྒྱགས་ཕྱེ་ཁུར་བ་སུ་ཡང་མེད། ཁྱོད་གཅིག་པུ་ལ་ཆ་རྐྱེན་ཅི་འཚལ་གསུངས། དེར་ལོ་བདུན་གྱི་བར་དུ་ཞག་གཅིག་ཀྱང་(སྟོད་ཆ།༤༤༩)མ་བྲལ་བར་བསྟེན་མཉེས་པ་གསུམ་གྱིས་སྲི་ཞུ་བྱས། ཀུན་བྱེད་རྒྱལ་པོ་མ་བུ་གསུམ་སྐོར། བཤད་རྒྱུད་མདོ་བཅུ། འཁོར་བ་རྩད་གཅོད་ཀྱི་རྒྱུད་ལ་བཤད་རྒྱུད་སྡེ་བཞི། རྩ་འགྲེལ་རྒྱབ་ཆོས་མན་ངག་དང་བཅས་པ། རྩ་བ་བཅོ་བརྒྱད་ཀྱི་བཤད་སྲོལ་ལ་ཟབ་པ་གཞུང་དང་། གབ་པ་མངོན་ཕྱུང་མན་ངག་སྒོམ་སྡེབས་སུ་བཤད་པ། དེའི་སྒོམ་འགྲེལ་སྙིང་གི་ཉི་མ་དྲུག ཡང་སྙིང་རིག་པའི་ཉི་མ་དྲུག སྙན་རྒྱུད་སྒྲོ་བ་ནག་པོའི་སྐོར། སྒོམ་ཡིག་ཆེན་མོ། རིག་ཉི། མིག་སྒྲོན། གདར་ཤ་གཟེར་བུ་རྣམས་དང་། གདམ་པ་སྙན་རྒྱུད་སྐོར་ལ། སྐོར་ལུགས། རོང་ལུགས། ཁམས་ལུགས་གདམས་ངག་ལག་ཁྲིད་དག་བཅས་པ་ལ་ནན་ཏན་ཆེར་མཛད། གསུང་གི་ཆུ་རྒྱུན་ལེགས་པར་བཏུང་པས། བྱིན་རླབས་ཅིག་ཅར་དུ་ཞུགས། རྟོགས་པ་ཐོད་རྒལ་དུ་སྐྱེས་པས་འཇིག་རྟེན་གྱི་སྒྲོ་སྐུར་ལ་ཉམ་མི་ང་། ཚུལ་ཆོས་མེད་པའི་སྤྱོད་པ་སྐྱོངས། བླ་མ་ལ་ཤིན་ཏུ་གུས། ཅི་གསུང་དང་དུ་ལེན་པས་དགོངས་པ་གཅིག་ཏུ་འདྲེས་ཏེ་བླ་མ་ཅི་མཉེས་བྱེད་པ་ཅི་བསམ་འགྲུབ་པ་གྱུར་ཅིག་གསུངས་པ་ལན་གསུམ་ཐོབ། སྤྱིར་བླ་མ་ཐམས་ཅད་ལ་ཞབས་ཏོག་མ་གྲུབ་པ་མེད། ཁྱད་པར་ཞིག་པོ་ལ་ཡུལ་གཞིས་ཐམས་ཅད་བཅོངས་ནས་སྤང་ངག་བྱས་པའི་ཆོས་འཁོར་ལན་བཞི་བཙུགས། སྔ་ཕྱི་བསྡོམས་པས་རྟ་བཟང་པོ་ཁོ་ནའང་བདུན་རྩ་བཞི་ཕུལ་ཞེས་གྲགས། གདམས་པའི་གསུང་སྒྲོས་ཐམས་ཅད་ཡི་གེར་བཀོད་པས་རྗེས་འབྲང་ལ་དྲིན་ཆེ། ཆོས་ཞུ་བའི་སྤྲོས་པ་ཆོད་ནས་གནས་ཁྲོད་དམ་ཁྲོད་དམ་རི་སུལ་གཉེན་པོ་མི་སྐད་བྱ་སྐད་མི་གྲགས་པ་ཞིག་ཏུ་འདིར་སོང་དང་། འདིར་ཡོད་མེད་པ་ཞིག་བྱ་དགོས་སྙམ་པའི་སྙིང་སྟོབས་བསམ་གྱིས་མི་ཁྱབ་པས་དཔེ་ཆ་རྣམས་ཀྱང་(སྟོད་ཆ།༤༥༠)ཡིག་ཆུང་ཟིན་བྲིས་འབའ་ཞིག་ཏུ་བྱས་ཏེ། བླ་མ་སློབ་དཔོན་གྱི་གདན་སའི་བྱ་བ་བཀའ་བས་གསུང་གཅོག་མ་ཕོད། འོན་ཀྱང་བླ་མའི་ཞབས་ཏོག་འབའ་ཞིག་བྱས་པས་སྒྲིབས་པ་ཚན་པོ་ཆེ་དག ཏིང་ངེ་འཛིན་ཀྱང་གོང་འཕེལ་དུ་སོང་བས་རི་ཁྲོད་འགྲིམ་པ་ལས་ཆོད་ཆེ་བ་བྱུང་གསུངས། དེའི་རྒྱུ་མཚན་ཡང་། ཐང་སྐྱའི་ཐུགས་རྗེ་ཆེན་པོ་བཞེངས་པའི་ཚེ་ཟུར་མཁར་དུ་ཟངས་བཞུས་ཀྱི་ལས་ཟླ་བ་བཅོ་བརྒྱད་བྱས་པས་རྟོགས་པ་ཁྱད་པར་ཅན་སྐྱེས། སློབ་དཔོན་སྤྲུལ་སྐུའི་ཆིབས་པ་ཕོ་དྲག་བཙད་པོས་ཁྱེར་བའི་ཚེ། རྡོར་ཐབས་ཕུའི་སྣང་གསལ་བྲག་ལ་ཆོས་སྐྱོང་བསྒྲུབས་པས་མགོན་པོའི་ཞལ་གཟིགས། སྟོད་ལུང་དུ་བསོད་སྙོམས་ལ་བྱོན་པའི་ཚེ་རྨི་ལམ་དུ་བླ་མ་དང་མཇལ་ནས་སྡུག་བསྔལ་རང་སངས་ལ་སོང་། དེ་ནས་བཟུང་སྡུག་བསྔལ་རང་རྒྱུད་པ་སྐྱེ་མ་མྱོང་གསུངས། གདན་སའི་བྱ་བ་དང་། ཞིག་པོའི་ཕྲིན་ལས་བསྒྲུབས་པའི་ཕྱིར། རྒྱལ་ཁམས་ཀུན་ཏུ་འགྲོ་དོན་རྒྱ་ཆེན་པོ་དང་། ལྷ་སའི་ཇོ་ཤཱཀ་རྣམ་གཉིས་ལ་ཞབས་ཏོག་ལོ་དྲུག་མཛད་དེ། དྲུག་ཅུ་རྩ་བརྒྱད་པ་ལྕགས་ཕོ་སྟག་གི་ལོ་ཨོ་རྒྱན་པའི་འཁྲུངས་ལོ་ལ་གཤེགས་ཤིང་། སྐུ་གདུང་དང་རིང་བསྲེལ་མང་པོ་བྱོན་ཏོ། སྐུ་ན་ཆུང་ངུ་ནས་ཞིག་པོའི་དྲུང་དུ་བྱོན། ཐུགས་ལ་བཏགས་ནས་སེམས་ཕྱོགས་རྫོགས་པར་གནང་། ཁྱོད་ཆོས་ལ་ནན་ཏན་བྱེད་པ་ཞིག་འདུག་པས་ངའི་བླ་མའི་རྩར་སོང་ཞིག་གསུངས་ནས། ལྷ་ཁང་པ་ཆེན་པོ་ལ་གཏད། མདོ་སྒྱུ་སེམས་གསུམ་རྫོགས་པར་ཐོབ། མཁས་པའི་ཕུལ་དུ་ཕྱིན་པ་ཞིག་བྱུང་སྟེ་སུམ་ཅུ་གཅིག་པ་ལ་མྱ་ངན་ལས་འདས་པས་ཕྲིན་ལས་ཧ་ཅང་མ་སྨིན་ཏོ། །རྟ་སྟོན་གཟི་བརྗིད་(སྟོད་ཆ།༤༥༡)ནི། སངས་རྒྱས་དབོན་སྟོན་གྱི་སློབ་མ་ཡིན། མཁས་པ་ཆེན་པོར་གྱུར་པས་གསང་བའི་སྙིང་པོ་ལ་ཊཱི་ཀ་རྒྱས་པར་མཛད། བརྒྱུད་པ་འདིའི་ལོ་རྒྱུས་ཕལ་མོ་ཆེ་ཡང་འདིས་མཛད་སྣང་། འདི་ཡན་ཆོད་དུ་སྒྱུ་འཕྲུལ་དང་། སེམས་ཕྱོགས་མཐའ་དག་ལ་མཁས་པར་གྲགས། ཡང་གཡུང་འགྲེལ་དུ་འཕྲོས་དོན་མག་དུ་སྨོས་པའི་འགྲེལ་པ་སྤར་ཁབ་ཀྱི་བཤད་རྒྱུན་མ་ཆད་པར་འདེད་པའི་ཁུངས་འདི་ནས་གཙང་པ་བྱི་སྟོན་དང་། སྒང་དྲིངས་གཉེ་སྟོན་ཆོས་ཀྱི་སེང་གེ་གཉིས་ཀྱང་གསང་བདག་སྒྲོ་ཕུག་པའི་སློབ་མ་ཡིན། དེ་གཉིས་ཀས་གཙང་ནག་འོད་འབར་ལ་གསུངས། དེས་མེས་སྟོན་མགོན་པོ། དེས་བླ་མ་སྲོང་། དེས་པཀྴི་ཤཱཀ་འོད་དེ། འདི་ཟུར་པའི་གདུང་ཡིན། སྐྱེ་བ་སྔ་ཕྱི་ཐལ་ལེར་དྲན་པའི་ཟུར་དབང་ཆེན་འོད་པོ་ཞེས་གྲུབ་པའི་དབང་པོ་དེ་ལསརས་མོ་ལྔ་ཡོད་དེ། སྲས་མེད་ནས་གདུང་བ་ཡོད་པའི་ཚེ། པཎ་ཆེན་ཤཱཀྱ་ཤྲི་ཤིང་ཕོ་བྱི་བའི་ལོ་ལ་ཁྲོ་ཕུར་གདན་དྲངས་པའི་ཕྱིན་ནས་དབང་ཆེན་འོད་པོས་འུག་པ་ལུང་དུའང་སྤྱན་དྲངས། དེར་པཎ་ཆེན་གྱིས་འུག་པ་ལུང་འདི་གསང་སྔགས་ཀྱི་གནས་ཡོན་ཏན་དུ་མས་བརྒྱན་པར་འདུག། བྱང་ངོས་རི་རྒྱལ་བ་རིགས་ལྔའི་རང་བཞིན་དུ་སྣང་། བྱ་རི་དྭགས་ལ་སོགས་པ་འདི་དག་ཀྱང་འཕགས་པའི་སྤྲུལ་པར་འདུག །རབས་རེ་ལ་གསང་སྔགས་ཀྱི་ཆོས་སྒྲ་སྒྲོག་པ་རེ་འབྱུང་བས་རིང་པོ་མ་ཡིན་པར་ཁྱེད་ལ་སྲས་གཉིས་འབྱུང་བས་དེ་ལ་ངའི་མིག་ལས་གྲས་པ་ཐོགས་ཤིག བསྟན་པ་དང་འགྲོ་ལ་ཕན་པར་འོང་གསུངས། ཆུང་བ་ལ་ཤཱཀྱ་འོད་ཅེས་བཏགས། གཅེན་འདི་ཡང་ངོ་(སྟོད་ཆ།༤༥༢)མཚར་ཅན་བྱུང་། གཅུང་ཤཱཀྱ་འོད་ནི་ཆུང་ངུ་ནས་མངོན་ཤེས་རྡོལ་ཐབས་སུ་སྨྲ་ཞིང་ཆོས་ཐམས་ཅད་བརྡའི་སྒོ་ནས་སྟོན་ཤེས་པའི་བཏུལ་ཞུགས་ཅན་ཞིག་བྱུང་། རྒྱལ་བ་གོང་ས་བླ་མ་བསྟེན་ནས་ཡབ་ཆོས་མཐའ་དག་གསན། བར་དོ་མངོན་སུམ་དུ་གཟིགས་པས་གཞན་གྱི་གནས་ལུག་བྱེད་སར་བྱོན་ནས་ཁྱོད་ཀྱི་གཤིན་པོ་གཤེད་དང་་ཕྲོལ། བྱང་ཆུབ་སེསམ་ཀྱིས་མ་ཟིན་པའི་ཆོ་ག་ལ་དོན་མེད་དོ་གསུངས་ནས་གནས་ལུང་བསྐྱར་དགོས་པ་བྱུང་། ཉིན་ཅིག་ང་ལ་འགྱོད་པ་བྱུང་གསུངས་ཅི་ལགས་ཞུས་པས། ང་རིག་འཛིན་གྱི་ཚོགས་གྲལ་དུ་རྟག་པར་ཚུད་པ་ལ། ཕུ་བོ་ཤཱཀྱ་མགོན་ལ་ཚིག་རྩུབ་ཤོར་བས་དེའི་ནུབ་མོ་ནས་དམ་ཉམས་ཡིན་ཟེར་རིག་འཛིན་གྱི་གྲལ་དུ་མ་ཆུད་གསུངས་ནས་བཤགས་པ་མཛད། མི་ཉག་གྷ་རས་ལ་ཉེ་བ་དགྲ་རུ་ལངས་ནས་བོད་ན་མཐུ་སུ་ཆེ་དྲིས་པས། ཤཱཀྱ་འོད་པོ་ཆེ་ཟེར་བ་ཐོས་ནས་ཆ་རྐྱེན་མང་པོ་བསྐུར་ཏེ། ཟླ་བ་བརྒྱད་ཀྱི་ས་ཆ་ནས་ཀྱང་མཐུ་ཞུ་བར་བཏང་བྱུང་བ་ལ། ང་ལ་མཐུ་མེད། ངའི་འཁར་བ་འདི་དགོས་ན་ཁྱེར་གསུངས་ནས་ཡིག་ལན་ཀྱང་མ་མཛད། བང་ཆེན་གྱིས་ལོ་རྒྱུས་བརྗོད་པས། གྷ་རས་ཁྲོས་ཏེ་ངའི་དངོས་པོ་བཟུང་ནས་གདམས་ངག་མི་སྟེར་བ་ཟེར། ཕྱག་འཁར་བརྡབས་པས། དེའི་ཁོང་ནས་རྡོ་རྗེ་ལེགས་པ་ལྷ་བཞིའི་སྐོར་ཐོན། ཁོ་དགའ་སྟེ་བསྒྲུབས་པས། ཕ་མཚན་མང་པོ་རྩད་ཆོད། དེའི་སྡིག་སྤྱོད་དང་དགེ་རྩ་ལ་ལྷ་ཁང་དང་། མཆོད་རྟེན་བཞེངས། དྲིན་ལན་དུ་འབུལ་བ་མང་པོ་ཁྱེར་ནས་མི་ཉག་གྷ་ར་ཉིད་ཀྱང་བྱོན། ཟུར་ཤཱཀྱ་འོད་དང་མཇལ། གསང་སྙིང་ལ་སོགས་པའི་ཆོས་མང་པོ་ཉམས་སུ་བླངས་ཞིང་། གཉིས་ཀ་བསྡེབས་ནས། ལྷོ་བྲག་མཁར་ཆུར་བྱོན། ཁོ་མཐིང་ལྷ་ཁང་(སྟོད་ཆ།༤༥༣)དང་། སྤ་གྲོ་ལ་སོགས་པའི་གནས་སུ་སྒོམ་ཞིང་བཞུགས་ཙ་ན། མངའ་བདག་ཉང་ཡབ་སྲས་དང་མཇལ། བཀའ་བརྒྱད་བདེ་འདུས་ལ་སོགས་ཏེ་ཉང་ལུགས་ཕལ་ཆེར་ཞུས། རང་གནས་སུ་ཕེབས། སླར་གྷ་རས་ན་རེ། བླ་མ་བཀའ་དྲིན་ཆེ། ངེད་ཧོར་ཡུལ་དུ་འགྲོ་བས་མི་གཅིག་གཏོང་བ་ཞུ། དྲིན་ལན་ཞབས་ཏོག་བྱེད་ཟེར་ནས་གཤེགས། དེའི་ཚེ་ཧོར་ཡུལ་ན་ནུ་བོ་ཨ་རི་བྷོ་གས་རྒྱལ་ས་བཟུང་ནས་རྒྱལ་བ་སེ་ཆེན་གན་རྒྱལ་སྲིད་མ་ཐོབ་སྟེ་དམག་འཁྲུག་གཡོ་བའི་སྐབས་སུ་ཡོད། མི་ཉག་གྷ་རས་ལ་སེ་ཆེན་གན་གྱིས། བོད་ལ་མཐུ་བྱ་བ་ཡོད་ཟེར་བས་ཁྱོད་ཀྱིས་ཤེས་སམ་དྲིས། གྷ་རས་ན་རེ་ཤེས་གསད་པ་དང་། དེར་སེ་ཆེན་གྱིས་ལས་ཀྱིས་ཤི་བ་དང་འགྲིག་ན་གསད་པ་ཐེ་ཚོམ་ཆེ། འགྲོ་འདོད་པ་དང་ཐུག་ན་བསྐྲད་པ་ཡིད་གཉིས་ཟ། ངའི་སྒར་འདིར་དགྲ་བོ་ཁུག་ན་མ་གཏོགས་ཡོང་འདོད་པ་ཁོ་ལ་མེད་ངེས་ཡིན་པས་ཁུག་ཅིག་ཟེར། དེར་བླ་མ་འཕགས་པ་རིན་པོ་ཆེ་དཔང་པོར་བཞག་ནས། གྷ་རས་ཀྱིས་རླུང་འཁོར་གྱི་སྦྱོར་བ་བརྩམས་པས། ནུ་བོ་ཨ་རི་བྷོ་ག་བརྟན་པ་བྲལ་ནས་བྱུང་། ད་དུང་ཡིད་མ་ཆེས་ནས་མཚོ་འདི་དང་། ཐང་འདིའི་དཀྱིལ་དུ་ཐོག་པོབ་ཅིག་ཟེར། གྷ་རས་ཀྱིས་དེ་དང་དེར་ཐོག་ཕབ་པས་ཡིད་ཆེས། སྔགས་པ་རྣམས་ལ་སྐྲག་པར་གྱུར་ནས་བྱ་དགའ་ཆེན་པོ་བྱས། འདི་པ་ཚལ་གྱི་སློབ་མ་གཤིན་རྗེ་ལ་ནུས་པ་ཐོབ་པ་ཞིག་ཡིན་ཟེར་ཏེ། དེའང་ཡིན་མོད། དྲག་སྔགས་ཀྱི་སྦྱོར་བ་མཐར་ཐུག་ཟུར་ལས་རྙེད་པ་ཡིན། དེར་པཀྵི་ཤཱཀ་འོད་ཀྱིས་སྟོན་པ་རཱ་ཧུ་བྱ་བ་ཞིག་མངགས་པས། གྷ་རས་དང་མཇལ། གནང་སྦྱིན་བཟང་པོ་བྱིན།(སྟོད་ཆ།༤༥༤)མངའ་བདག་ཉང་གི་གཏེར་ཡིག་ཁ་བྱང་ན། གཙང་གི་སའི་ཆ་བྲག་རྡོ་རྗེ་ཚེ་བརྟན་ན་ཚེ་ཆུའི་གཏེར་ཡོད་པར་བཤད་པ་དེ། སྟོན་པ་རཱ་ཧུ་ལ་བསྐུར་ནས་བླ་མ་ཤཱཀ་འོད་ལ་འབུལ་དུ་བཅུག དེ་དང་སྟབས་གཅིག་བར་སེ་ཆེན་གན་གྱི་ལུགས། ཤཱཀྱ་འོད་པོ་དང་། ཤཱཀྱ་མགོན་པོ་ལ་བཟློག རིམ་གྲོ་གང་དགོས་གྱིས་ལ་ཚེ་ཆུ་ཐོན་ལ་ངེད་ལ་བསྐུར། དེའི་ཡོན་ཏན་འབྱུང་མོད། ཁྱེད་རྣམས་ཀྱི་སྐྱིད་སྡུག་ངས་ཤེས་པ་ཡིན། གཏོར་ཕྱེའི་བསྲེས་ལ་དངུལ་བྲེ་གཅིག་ཡོད། བྱ་བའི་གསེར་ཡིག་བྱུང་། དེར་རིམ་གྲོ་ཆེན་པོ་བྱས། གོང་མ་ནོན་ཆེས། གསེར་ཡིག་པ་དད་ཐུང་བས་འོ་བརྒྱལ་བ་ཙམ་བྱུང་སྟེ། སྒྱུ་འཕྲུལ་གྱི་བརྒྱུད་པ་ལ་སྒྲ་འོད་ཟེར་གསུམ་མའི་གསོལ་འདེབས་མཛད་པའི་ནུབ་མོ་གཏེར་སྒོའི་ལུང་བསྟན་གསལ་པོ་ཐོབ། དེ་ནས་ཟུར་ཤཱཀྱ་འོད། གུ་རུ་ཁྱུང་གྲགས། དཔོན་ཆེན་ཤཱཀ་བཟང་། གསེར་ཡིག་པ་ཨ་ག་ཡན་རྣམས་འཛོམས། ཁྲོམ་གཏེར་དུ་བྱས་པ་ལ། གཏེར་སྒོ་ལ་སྤུ་གྲི་རེག་ཆོད་ཀྱི་འཁོར་ལོ་འཁོར་ནས་འཛུལ་མ་ནུས། དེར་ཟུར་ཤཱཀྱ་འོད་ཀྱིས་གཟུ་དཔང་ངོ་མཚར། གཏེར་ཁུག་ནས་སོལ་བ་གཡེངས་པའི་དཀྱིལ་ན་སྦལ་པ་ཁ་མིག་དེང་དེང་། ལག་པ་གདེངས་པ་མཐོང་བའི་མོད་ལ་རླུང་གི་འཁྲུལ་འཁོར་བྱུང་ནས་ཐམས་ཅད་ཧ་ལས། དེར་བླ་མས་རཀྵའི་ཕྲེང་བས་མནན་ནས། བདེན་པ་བདར་བས་རླུང་གི་འཁྲུལ་འཁོར་ཀྱང་ཞི། ཆུ་དར་གྱི་ཁེབས་པས་ལ་བས་ཟངས་ཀྱི་གའུ་སུམ་བྲག་གི་ནང་དུ་ཕོ་ཐོད་མོ་ཐོད་ཁ་སྦྱར་བའི་ནང་ན་ཐོག་སྔས་པས་རེག་མ་ཐག་ཏུ་རྡུལ་དུ་བུན་ལོང་འགྲོ་བའི་དར་ཟབ་མང་པོས་གྲིལ་བའི་རྟ་ཕག་ཞལ་(སྟོད་ཆ།༤༥༥)སྦྱོར། རྡོར་སེམས་ཡབ་ཡུམ་སྒྲུབ་ཐབས་ཀྱི་ཤོག་དྲིལ་བཅུ་གསུམ་གྱི་དབུས་ན་ཚེ་ཆུའི་སྣོད་མུ་མེན་གྱི་བུམ་པ་སྣག་བུམ་ཆེ་ཤོས་ཙམ་པ་བྱུང་བས་ཐམས་ཅད་ངོ་མཚར་སྐྱེས། ཕུད་བླ་མས་བཞེས་ན་དགུང་ལོ་བརྒྱ་ཐུབ་རྒྱུད་ལ། ལྗགས་ཐོག་ནས་ཐུར་མས་ཕྲི་བས་རྟེན་འབྲེལ་འཕྱུངས། དེ་ཆོས་མང་པོས་གྲིལ་ནས་གཉིད་མི་ལོག་པའི་བརྩོན་པས་རྒྱ་ནག་ཏུ་ཁྱེར། རྒྱལ་པོ་སེ་ཆེན་གན་གྱིས་གསོལ་བས་ལོ་བརྒྱ་འཚོས་པར་གྲགས། དེའི་བྱ་དགར་དབུས་གཙང་ན་ཡོད་པའི་སྔགས་པ་ཐམས་ཅད་ཁྲལ་མདག་ལས་ཐར་དུ་བཅུག་པའི་འཇའ་ས་ལོང་། གོང་མའི་བླ་མ་རྣམས་དང་བྱས་པ་མཉམ་པའི་ཕྱིར་པཀྵིར་བཏགས། ཚེ་ཆུའི་ཡོན་དུ་སྤན་ཧོར་དུད་ཞེས་ལྔའི་ས་ཕུལ། མེས་འགྲིལ་གྱི་རི་ལ་དགོན་པ་ཆེན་པོ་འདེབས་པར་བཞེད་པ་ལ། ཀླུའི་གྲོང་ཁྱེར་ཆེན་པོ་ཡོད་པས་ཀླུས་ཞུ་བ་ཕུལ། རྒྱ་རྒན་གྱི་ཐད་མཚོར་ཡོད་པ་ས་ཚབ་ཏུ་ཕུལ་བ་ཀླུའི་ཆོ་འཕྲུལ་གྱིས་བསྐམས་སུ་བཅུག་ནས་དེར་སྔགས་སྡེ་ཆེན་པོ་བཏབ། མཁར་རྡོ་རྗེ་བྲག་གི་ལྟེ་བ་ལ་སྒྲུབ་པ་རྩེ་གཅིག་ཏུ་མཛད་ནས་དྲུག་ཅུ་རྩ་གསུམ་པར་གཤེགས། པུར་ལ་རེག་པས་མཛེ་ནད་སོས་པ་བྱུང་ངོ་། འདིའི་སློབ་མ་རྟ་ནག་བདུད་འདུལ། དེས་མདའ་ཤཱཀྱ་འཕེལ། དེ་ལས་ཟུར་བྱམས་པ་སེང་གེས་གསན་ཏེ། འདིའི་ཡབ་ལ་ཟུར་ཉི་མ་སེང་གེ་ཞེས་བྱ་སྟེ་མེས་པོ་ཀྵའི་སྲས་ཡིན། ཁྲོ་ཕུར་རབ་ཏུ་བྱུང་། ཁྲོ་ལོ་བྱམས་པ་དཔལ་གྱིས་མཚན་གསོལ། ཡོན་ཏན་དུ་མ་དང་ལྡན། ཁྱད་པར་བྱང་ཆུབ་སེམས་ཀྱི་རྩ་བ་བརྟན་པས་ཧོར་དམག་གི་དུས་མི་ཆེན་སམ་བྷ་རས་གསེར་མང་པོ་ཕུལ་བ་ལ། བདག་གསེར་མི་འདོད། མི་འཇིགས་(སྟོད་ཆ།༤༥༦)པའི་སྦྱིན་པ་འཚལ་བར་ཞུ་བྱས་ནས་འགྲོ་བ་མང་པོ་སྲོག་བསྐྱབས། ཁྲོ་ཕུའི་འབུམ་ཆེན་བརྩིགས་དུས་སུ་ཆུ་ཤིན་ཏུ་དཀོན་པ་ལ་མཐུ་རྩལ་གྱིས་ཆར་རྒྱུན་ཆེན་པོ་ཕབ། སྟོད་ཧོར་གྱིས་ས་སྐྱ་མིང་མེད་དུ་གཏོང་བར་བརྩམས་དུས། གོང་མ་མཆོད་ཡོན་གྱི་ལུང་དང་། དཔོན་ཆེན་ཀུན་གཞོན་གྱི་བཅའ་ཧུ་བྱུང་བ་ལྟར། དྲག་པོ་མངོན་སྤྱོད་གྱི་ནུས་པས་དམག་ཁྲི་ཚོ་གསུམ་གངས་དབྲག་ཏུ་སྲོག་གི་རྒྱུ་བ་བཅད་པས་ས་བསྟན་ལའང་བྱས་པ་ལྷག་པར་ཆེ། བར་དགའ་ལྷ་ཁང་སོགས་སྐུ་གསུང་ཐུགས་ཀྱི་རྟེན་དང་བརྟེན་པ་བསྐྲུན་པས་མཚོན་བསྟན་འགྲོའི་དོན་ལ་ཕྲིན་ལས་རླབས་ཆེ་བ་དེའི་སྲས་ཡིན། དེ་ལ་ཟུར་བྱམས་པ་སེང་གེ་འདི། ཐེག་པ་ཆེན་པོའི་རིགས་སད་པས་བྱིས་པའི་དུས་ནས་སྙིང་རྗེ་ཆེ་བ་ཞིག་ཡོད། གཞན་གྱིས་སེམས་ཅན་ལ་འཙེ་བ་བྱེད་པ་གཟིགས་ན་ཐུགས་ལ་ཁུར་ཆེན་པོ་བྱུང་། ཁྲོད་ཕུར་རབ་ཏུ་བྱུང་ནས་མཚན་ཡང་དེ་ལྟ་ཐོགས། མཚན་ཉིད་ཀྱི་རིག་པ་དང་། ཁྲོད་ཕུ་བའི་ཆོས་ལུགས་མཁས་པར་མཁྱེན་ནས་དགུང་ལོ་བཅུ་བཞི་ལ་བཤད་པ་མཛད་པས་མཁས་པའི་གྲགས་པ་ཐོབ། གཡུང་སྟོན་རྡོ་རྗེ་དཔལ་བས་ཀྱང་། ཁོ་བོའི་བླ་མ་ཟུར་ཐམས་ཅད་མཁྱེན་པ་ཞེས་གསུངས། ཁྲོ་ཕུའི་ཆོས་ཁྲི་ལ་བཞུགས་ནས་གྲྭ་ས་རྣམས་ལ་མངོན་པ་གསུངས་པས་ཐག་ཆོད། དགུང་ལོ་བཅོ་ལྔ་ལ་འུག་བྱ་ལུང་དུ་མདའ་ཤཱཀྱ་འཕེལ་ལས་གསང་སྙིང་གསན་སྦྱངས་མཛད་པས་མཁས་པའི་དབང་པོར་གྱུར། བཅུ་བདུན་ལ་རྒྱུད་ཀྱི་རྣམ་གཞག་མཛད་ནས་ཆོས་གཞི་བཟུང་། བཅུ་དགུ་ལ་ལྕེ་སྟོན་སྒྲུབ་པ་འབུམ་ལས་སྒྱུ་འཕྲུལ་ལམ་རིམ་དང་། རྫོགས་ཆེན་གསན་པས་རྟོགས་པ་ཐོད་རྒལ་དུ་སྐྱེས། ཉི་ཤུ་ལ་སྟོད་ནས་རྟ་སྟོན་གཟི་བརྗིད་སྤྱན་དྲངས་ནས། སྒྱུ་(སྟོད་ཆ།༤༥༧)འཕྲུལ་ཟུར་ལུགས་ཀྱི་ཕན་ནུས་ཟབ་གསུམ་གྱི་དབང་དང་། དགོངས་འདུས་རྩ་རླུང་སྐོར་ཞུས། ཟུར་ལུང་པ་གྲུབ་ཐོབ་བཤེས་གཉེན་ལས་མདོ་དབང་དང་། སེ་ལུགས་ཀྱི་ཞི་ཁྲོ་རྒྱས་འབྲིང་བསྡུས་གསུམ་གསན། ཐར་ལོ་ཉི་མ་རྒྱལ་མཚན་ལས་སྒྲ་ཚད། ཁྲོ་ཕུའི་སློབ་དཔོན་དཔལ་མཆོག་ལས་རྡོ་རྗེ་ཕྲེང་བས་མཚོན་པའི་གསར་མ་རྒྱ་ཆེན་པོ། བསམ་སྡིངས་གྲུབ་པ་དཔལ་ལས་ལམ་འབྲས། བླ་མ་ཡོན་ཏན་མགོན་ལས་ཕྱག་རྡོར་དང་། རྣམ་འཇོམས། དཔོན་དཔལ་ཆེན་མགོན་ལས་བསྟན་སྲུང་དང་། སྨན་རྩིས་གཡུལ་རྒྱལ། ཤངས་པ་ཤཱཀ་འབུམ་ལས་གཤིན་རྗེ་དམར་ནག་དང་། ཀློ་སྡེའི་སྐོར་ལ་སོགས་ཏེ་མདོར་ན་བླ་མ་མང་པོ་ལས་རིག་གནས་ཕྱི་ནང་། སྡེ་སྣོད། རྒྱུད་སྡེ་མཐའ་ཡས་པ་ཞིག་གསན་ཞིང་། རྩ་བ་ཆོད་པར་སྦྱངས་ནས་གཙོ་བོར་ཐུགས་དམ་འབའ་ཞིག་ལ་བཞུགས། ཡི་དམ་མང་པོའི་ཞལ་གཟིགས། སྐུ་མདུན་ན་སུས་སླེབས་པ་ཡིན་ཡང་སྣང་བ་རང་སར་འགྱུར་ནས། ངེས་འབྱུང་དང་དད་པ་དང་། སྙིང་རྗེ་རང་དབང་མེད་པར་སྐྱེ་བ་ཞིག་ཡོད་པར་གྲགས། ལར་སྐྱེས་བུ་དམ་པ་འདི་ལ་བོན་པོ་ཞིག་གིས་ཟས་ངན་སྦྱར་བས་དགུང་ལོ་ཉི་ཤུ་རྩ་བདུན་ལས་མ་བཞུགས་ཏེ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་པར་དཀའ་བས་སྤྲུལ་པའི་སྐུར་ཡིད་ཆེས་སོ། །དེ་ལ་སློབ་མའི་ཚོགས་བསམ་གྱིས་མི་ཁྱབ་ཅིང་། སྒྱུ་འཕྲུལ་ལམ་རིམ། གསང་བའི་སྙིང་པོ། འགྲེལ་པ་སྤར་ཁབ། མདོ་དང་བཅས་པ་ཚད་དུ་རྫོགས་པའི་བཤེས་གཉེན་གཞན་ཕན་རྒྱ་ཆེན་སྤྱོད་ཅིང་གྲགས་པ་ཐོབ་པ་རང་ཡང་བཅུ་དྲུག་ཙམ་ཡོད་པ་ལས། གཙོ་བོར་གྱུར་པ་ནི་སྔ་ཚར་གྱི་ཐུ་བོ་གཡུང་སྟོན་རྡོ་རྗེ་དཔལ། ཕྱི་ཚར་གྱི་ཐུ་བོ་རྟ་ནག་སྒྲོལ་མ་བ་བསམ་འགྲུབ་(སྟོད་ཆ།༤༥༨)རྡོ་རྗེའོ། དེ་ལ་གཡུང་སྟོན་པ་ནི། གདུང་རུས་གླན། ཤིང་ཕོ་སྤྲེའུ་ལོར་སྐྱེ་བའི་མྱུ་གུ་ཚོང་འདུས་སུ་བཟུང་། སྐུ་གཞོན་ནུ་ནས་མཁྱེན་པ་ཕུན་སུམ་ཚོགས། སྤྱིིར་མཚན་ཉིད་ཐམས་ཅད་མཁྱེན་ཅིང་ཁྱད་པར་མངོན་པ་ཀུན་ལས་བཏུས་ལ་མཁས། སྔགས་གསར་རྙིང་ཐམས་ཅད་ལ་བློ་མཐུ་ཤིན་ཏུ་ཆེ། ཁྱད་པར་ཀརྨ་པ་རང་བྱུང་རྡོ་རྗེའི་སྲས་ཀྱི་དམ་པར་གྱུར་ཅིང་། ཟུར་བྱམས་པ་སེང་གེ་ལས་མདོ་སྒྱུ་སེམས་གསུམ་གྱི་མན་ངག་རྫོགས་པས་ཕྱོགས་འདི་ལའང་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར། གསང་བའི་སྙིང་པོ་ལ་ཊཱི་ཀ་གསལ་བྱེད་མེ་ལོང་མཛད་དེ་བཤར་རླབས་གཞན་ལས་ཆེ། ཟུར་བྱམས་པ་སེང་གེས་ཤངཤ་པ་ཤཱཀ་འབུམ་ལས་གཤེད་སྐོར་གསན་པའི་ཕྱག་ཕྱིར་འབྲེངས་ནས་སློབ། འཕྲུལ་འཁོར་ལས་སྦྱོར་སོགས་ལ་ཤིན་ཏུ་མཁས་ཤིང་མཐུ་ཆེ་བས། སླར་ཟུར་བྱམས་པ་སེང་གེའི་སྐུ་ཚེ་ལ་བར་དུ་གཅོད་པའི་ལྷ་ཁུད་བོན་པོ་ལ་གཤིན་རྗེའི་འཁོར་ལོ་བསྐོར་ནས་མི་ནོར་ཞིང་ཁང་དང་བཅས་པ་གཙང་པོ་ལ་སྦྱངས་ཏེ་རྨིང་མེད་དུ་བཏང་དུས། བླ་མའི་སྐུ་དགྲ་ཐུལ་པ་ཁོ་བོ་ཙམ། ཞེས་པའི་ཚིགས་བཅད་ཀྱང་མཛད། སྐུ་གཞོན་དུས་གོང་མའི་ལུང་གིས་རྒྱ་ནག་ཏུ་བྱོན། སྔར་འཇིག་རྟེན་གྱི་ཁམས་ན་མ་གྲགས་པ་ཙམ་གྱི་མདོས་གཏོར་ཞིག་མཛད། ཡུལ་གྲུ་འགའ་ཞིག་ལ་ཐན་པ་ཆེན་པོ་བྱུང་བས། གོང་མའི་ལུང་གིས་མངགས་ཏེ་ཆར་འབེབས་མཛད་པས་ནུས་པ་མངོན་སུམ་དུ་ཐོན། དངོས་པོ་རྣམས་ངོ་ཤེས་དང་གྲོགས་མཆེད་སུ་ལའང་མ་བྱིན་པར་ཡུམ་གྱི་དོན་དུ་བླ་མ་དང་དགེ་(སྟོད་ཆ།༤༥༩)འདུན་ལ་ཕུལ། བུ་སྟོན་རིན་པོ་ཆེའི་ཡང་སློབ་མར་གྱུར་ནས་དུས་ཀྱི་འཁོར་ལོ་ལ་ཤིན་ཏུ་མཁས། རྒོད་སྒྲོས་ཆུའི་གྲོད་པ་དུམ་བུར་བཅད་ཀྱང་ཆུ་མི་འབོ་པ་དང་། ལྕགས་བསྲེགས་ལ་ཤ་རྗེན་གྱིས་རེག་ཀྱང་མི་ཚིག་པ། རྩིག་པ་ལ་རྡོ་དྲུག་སྦྱོར་གྱི་ཞལ་བ་བྱས་པས་རྩིག་པ་བྲག་ཆེན་ལ་འགྱུར་བ་ལ་སོགས་པའི་རྟེན་འབྲེལ་མང་པོ་མཁྱེན། གཙོ་བོར་ཀརྨ་པ་རང་བྱུང་རྡོ་རྗེའི་དབུགས་འབྱིན་ཆེན་པོས་མན་ངག་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོ་ལ་ཉམས་བཞེས་མཛད། རྒྱ་ཆེར་རོལ་པ་ལས་བཤད་པའི་གཏེར་ཆེན་པོ་བརྒྱད་ཐོབ་པས། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་སྤོབས་པའི་གཏེར་ཆེན་པོ་ཡོངས་སུ་གྲོལ་ནས། མདོ་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་ཕྱ་བའི་བསྟན་བཅོས་མཛད་པ་གཡག་སྡེ་པཎ་ཆེན་གྱིས་གཟིགས། ཤིན་ཏུ་དད་ནས་དཔོན་སློབ་བཅོ་ལྔས་བྱོན་ཏེ་ཞབས་ལ་གཏུགས། སྐུ་ཚེའི་སྨད་ལ་ཚོགས་པ་ཆོས་ལུང་བ་ལས་བསྙེན་པར་རྫོགས་མཚན་རྡོ་རྗེ་འབུམ་ཞེས་པ་རྡོ་རྗེ་དཔལ་དུ་བསྒྱུར། མོན་པ་གྲོ་དང་། ཕུང་པོ་རི་བོ་ཆེ། ར་དུམ་བྲག་ལ་སོགས་པར་བཞུགས་ཤིང་བཤད་པས་ཀྱང་གཞན་ལ་ཕན་པ་རྒྱ་ཆེན་པོ་མཛད། བརྒྱད་ཅུ་རྩ་གཉིས་པ་ཤིང་མོ་སྦྲུལ་གྱི་ལོར་ཞི་བར་གཤེགས་སོ། རྟ་ནག་སྒྲོལ་མ་བ་བསམ་འགྲུབ་རྡོ་རྗེ་ནི། སྔགས་རྙིང་མ་ལས་དངོས་གྲུབ་བརྙེས་པ་རིམ་ཅན་གྱི་སྲས་སུ་རྟ་ནག་གནས་གསེར་དུ་འཁྲུངས། ཟུར་བྱམས་པ་སེང་གེ་ལས་གསན་པ་རྒྱ་ཆེན་པོ་མཛད་ཅིང་ཁྱད་པར་སྒྱུ་འཕྲུལ་ལ་མཆོག་ཏུ་མཁས། གླན་ཉ་ཚལ་བ་བསོད་ནམས་མགོན་པོ་ལས་སྒྱུ་འཕྲུལ་གྱི་དབང་ནོད། མཁྱེན་པ་དང་འཕྲིན་ལས་དཔག་པར་དཀའ་བ་ཡིན་ཏེ།(སྟོད་ཆ།༤༦༠) དབེན་པ་འབའ་ཞིག་ལ་ཐུགས་གཏད། བྱེ་མ་སེང་གེར་རྫོགས་པ་ཆེན་པོ་སྙིང་ཐིག་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད་པས། རིག་པ་ཚད་ལ་ཕེབས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་དང་མཉམ་པ་ཉིད་དུ་སྤྱོད། ཡང་དབེན་པའི་ཟུར་ཤཱཀྱ་འབྱུང་གནས་དང་། འུག་པ་ལུང་པའི་བླ་མ་སེང་གེ་བ་གཉིས་ཆུང་ཆུང་ནས་སྐུ་དྲུང་དུ་བཞག་ནས་ལེགས་པར་བསྐྱངས་པས་བླ་མའི་དམ་ཚིག་ལ་གཅིག་ཏུ་གུས་ཤིང་། ཟུར་རྒྱུད་ལ་བཀའ་དྲིན་ཆེ། ཤངས་པ་ཀུན་མཁྱེན་ཞེས་གྲགས་པ་བླ་ན་གསལ་བ་དེའང་བྱིས་པའི་དུས་ན་བླ་མ་འདིས་དབང་མང་པོ་བསྐུར་ཞིང་བྱིན་གྱིས་བརླབས་པས་མཁས་པ་ཆེན་པོར་གྱུར་པ་སོགས་བྱིན་རླབས་བསམ་གྱིས་མི་ཁྱབ། དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་མེ་ཕོ་འབྲུག་གི་ལོར་གཤེགས་ཁར་སྲས་ལ། དགུང་ལོ་བརྒྱད་དུ་འགྲོ། ཁྱོད་ཀྱིས་ཀྱང་ངའི་ལོ་དང་མཉམ་པ་ཐུབ། དེ་ནས་བདེ་བ་ཅན་དུ་ཤོག་ཅེས་གསུངས་ནས་གཤེགས། དེ་ལ་ཟུར་བརྒྱུད་དང་། སྲས་བརྒྱུད་གཉིས་ལས་ཟུར་བརྒྱུད་ནི། ཟུར་ཧ་མ་ཤཱཀྱ་འབྱུང་གནས་ཏེ། འདིའི་ཡབ་ཟུར་བཟང་པོ་དཔལ་ཞེས་བྱ་བའི་རིང་ལ་གོང་མ་བུ་ཡན་ཐུ་གན་གྱི་ལུང་དང་གནང་སྦྱིན་བླངས། སླར་གོང་མའི་ལུང་གིས་རྒྱ་ནག་དུ་འབྱོན་དགོས་པ་བྱུང་། དང་པོ་གོང་མ་རྒྱལ་པོའི་རིམ་གྲོ་བར་གྱུར་ལ་མཐུ་རྩལ་དང་ནུས་པ་ཤིན་ཏུ་ཆེ་བས་ལོ་ཉེས་ལས་སྐྱོབ་པ་དང་། མདོས་ཟོར་ཐོག་སེར་ལ་སོགས་པས་ངོ་ལོག་ཆོམས་པར་ནུས། ཁྱད་པར་རྒྱལ་པོའི་ཕོ་བྲང་ཏའི་ཏུའི་སྟེང་གི་ནམ་མཁར་མི་མཐུན་པའི་མཚན་མ་སྤྲིན་ནག་པོ་སྡིག་པའི་གཟུགས་ཅན་བྱུང་བ་སུས་ཀྱང་བཤིག་མ་ནུས་པའི་ཚེ། རྒྱལ་པོའི་ལུང་གིས་སྐབས་དབྱེ་ནས་མ་མོ་འཁང་(སྟོད་ཆ།༤༦༡)ཕབ་ཀྱི་མདོས་དར་ཁང་བཅོ་བརྒྱད་ཀྱིས་བཅིངས་པ་བཏང་། གཏོར་འཆམས་མཛད་པས་སྤྲིན་ནག་འཐོར་བ་སོགས་མཐའ་ཁོབ་ཀྱི་ཡུལ་དུ་དམ་པའི་ཆོས་ཀྱི་ཆེ་བ་ལན་མང་དུ་སྟོན་པས་གོང་མ་དད་དེ། ཡང་དག་ལྷ་དགུའི་དབང་དང་ཚེ་དབང་ཞུས། དངུལ་གྱི་ཐམ་ཀ་དང་། དངུལ་བྲེ་བཅུ་གསུམ། །ཕོད་ཁ་ཕྱེད་ཉེས་བརྒྱ་འདེངས་པའི་གོས་དར་གྱི་འབུལ་བ་ཕུལ། ཕོ་བྲང་ཏའི་ཏུར་སྔགས་སྡེ་བཙུགས། དེའི་དུས་ཀྱི་ལས་བཞིའི་ཕུར་པ་ཕོ་བྲང་ན་ཡོད་པར་གྲགས། དེ་ལྟར་ཟང་ཟིང་གི་རྫས་འབྱོར་པ་ལས་རྩ་རྒྱུད་གསང་སྙིང་། འགྲེལ་པ་སྤར་ཁབ། གསང་སྔགས་ལམ་རིམ། མན་ངག་དགུ་པ་ལ་སོགས་པའི་སྔ་འགྱུར་གྱི་ཆོས་སྡེ་ཉི་ཤུ་རྩ་བརྒྱད་པར་དུ་བསྒྲུབས། སོ་སོ་ནས་སྟོང་ཕྲག་རེ་བཏབ་སྟེ་གྲྭ་ས་ལ་བཀྱེ། རྒྱུད་འབུམ་བཞེངས་པའི་ཆ་རྐྱེན་མང་པོ་བསྐུར་བ་སོགས་བསྟན་པ་ལ་ཕན་པ་རྒྱ་ཆེ་སླར་རྒྱལ་པོ་བུ་ཡན་ཐུ་རླུང་གི་ནད་ལ་ཚད་པའི་བཅོས་བྱས་ནས་གཤེགས། འདི་དུས་ས་སྐྱ་དང་ཟུར་ཚོ་རྣམས་གྲུབ་མཐའི་སྙིང་པོ་གཅིག་པས་འདྲིས་ཤིན་ཏུ་ཟབ་པ་ཡིན། རྒྱུ་དེས་ཟུར་བྱམས་པ་སེང་གེ་གཤེགས་པའི་ལོ་རྒྱུས་ས་སྐྱར་བསྐྱལ་བས། དེ་མ་ལེགས། ད་ཟུར་བཟང་པོ་དཔལ་རྒྱ་ནག་ནས་བོས་ཤིག་གསུངས། གཞན་རྣམས་ཀྱང་བགྲོས་ནས་ཉེ་གནས་འཇམ་དབྱངས་གདན་འདྲེན་དུ་བཏང་། དེས་རྒྱ་ནག་ཏུ་བརྟོལ་བའི་ཚེ་ཚད་པའི་ནད་ཀྱིས་བསྙུན་ནས་འགྲོངས་ལ་ཁད་ཡོད་དེ། མཁའ་འགྲོ་ཆོས་སྐྱོང་གི་བྱིན་གྱིས་བརླབས་ནས་ཅུང་དྲག་པའི་མགོ་བསྟན། དེའི་ཚེ་ཉིད་ཀྱི་གཟིགས་སྣང་ལ་རྒྱལ་པོ་བུ་ཡན་ཐུ་དང་མཇལ་ནས། ཁྱོད་བོད་དུ་འབྱོན་ན་གནང་སྦྱིན་ཇི་ལྟར་བྱིན་ཞེས་གསུངས་པ་ལ་ལན་ཞིབ་ཏུ་ཞུས་པས། ཅི་ཡང་མ་བྱིན་པར་འདུག་(སྟོད་ཆ།༤༦༢)གསུངས་ནས་ཡལ། དེའི་ལོ་རྒྱུས་དཔོན་མོ་ཐའུ་ལས་ཐོས་ཏེ་ཁྱོད་མཐོང་བས་གོང་མ་དྲན་ཟེར་ནས་མཆི་མ་ཕྱུང་། སླར་དངུལ་བྲེ་བཅུ་བྱིན། རྡོ་རྗེ་སེམས་དཔའི་སྐུ་རྒྱ་ནག་ལི་མ་དང་། ཆོས་སྐྱོང་ལྕམ་དྲལ་གྱི་འཆམས་སྐུ་བཞེངས་པ་གདན་དྲངས་ནས་བོད་ལ་བྱོན་པའི་ཚེ། མགོན་པོས་བོད་ལ་ཞལ་གཟིགས་ནས་གོམ་པ་བདུན་འཕགས་པས། བསེ་འབག་གོམ་བདུན་མར་གྲགས། བོད་དུ་བྱོན་ནས་བསྟན་པའི་བྱ་བ་ལ་རྒྱུད་འབུམ་བཞེངས། ཆོས་སྐྱོག་བྲན་དུ་འཁོལ། མ་འོངས་པ་མངོན་སུམ་དུ་ལུང་སྟོན། སླར་ཡང་གོང་མའི་ལུག་གིས་རྒྱ་ནག་ཏུ་གཤེགས་དགོས་པ་བྱུང་བའི་ཚེ། འབྱོན་པར་མ་སྤྲོ་བས། རྒྱལ་པོའི་ཕོ་ཉ་ཐེ་མུར་དར་དང་། གྷ་ར་ལ་དངུལ་བྲེ་ལ་སོགས་པ་བྱིན་ཏེ་སློག་ཀྱང་རྒྱལ་པོའི་ཆད་པ་འོང་ཟེར་འགྲོ་མ་འདོད། དེར་རང་དབང་ཐམས་ཅད་བདེ་བ་ཡིན། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། ཞེས་པ་ལ་སོགས་པའི་ཞལ་གདམ་མཛད་ནས་རྒྱ་ནག་ཏུ་གཤེགས། སྤྱིར་དགུང་ལོ་སུམ་ཅུ་སོ་བརྒྱད་ལས་མ་བཞུགས་པ་དེའི་སྲས་ཡིན། དེ་ལ་ཟུར་ཧམ་ཤཱཀྱ་འབྱུང་འདིས་ཆུང་ངུ་ནས་ཡབ་མེས་ཀྱི་ཆོས་ལ་སྦྱངས་ཤིང་ལས་སད་པས། རང་ལོ་ལྔ་པར་ཡབ་རྒྱ་ཡུལ་གཤེགས་པའི་བསུ་བ་མི་ཆེན་དང་བཅས་པའི་དབུས་སུ་རྩ་རྒྱུད་ལ་བཤད་པ་ཐོ་རེ་ལོང་མཛད་པས་ཐམས་ཅད་ཧ་ལས། དགུང་ལོ་བདུན་པ་ནས་བཤད་གྲྭ་བསྐྱངས། བླ་མ་ཀུན་སྤངས་སར་དགེ་ཚུལ་དང་། ཆོས་རྗེ་བསོད་ནམས་གྲགས་པ་ལས་བསྙེན་པར་རྫོགས་པའི་མཚན་ཤཱཀྱ་འབྱུང་གནས་གྲགས། ཟུར་པཀྴིའི་སྲས་ཟུར་ཤཱཀྱ་སེང་གེ་ཞེས་བྱ་བ་གོ་ལུག་རྒྱལ་པོའི་ལུང་དང་(སྟོད་ཆ།༤༦༣)གནང་སྦྱིན་གསེར་བྲེ་ཆེན་སྲང་དྲུག་ཅུ་མ་བཞི། དངུལ་དཀར་བྲེ་ཆེན་ཉི་ཤུ། གོས་ཕྱི་ནང་ཉིས་བརྒྱ་རྣམས་ཐོབ་ཅིང་། དཔོན་མོ་ཐའུ་སོགས་པས་ཀྱང་བདོག་པ་རྒྱ་ཆེར་བྱིན་པས་ཟུར་པའི་བསྟན་སྲིད་ལ་ཕན་པ་རྒྱ་ཆེར་བཏག་ལ། ཁྱད་པར་རྒྱལ་ལ་ཟུར་པོ་ཆེའི་སྐུ་ཆོས་ཀྱི་དུམ་བུ་བཞུགས་པའི་འཇམ་དབྱངས་ཀྱི་གསེར་སྐུ་ཤིན་ཏུ་མཚར་བ་བཞེངས་ནས་དཔལ་འུག་བྱ་ལུང་གི་རྟེན་གཙོར་མངའ་གསོལ། བཤད་གྲྭ་དང་སྒོམ་གྲྭའི་ཚུགས་པ་ཆེན་པོ་ཟིན་པར་བྱས། བདོག་པ་ལ་ཕོངས་པ་མེད་པས་བསྟན་པའི་རིམ་གྲོ་ལྷུར་ལེན། མཐོང་ན་མི་མཐུན་པ་མེད་པའི་གཟི་བྱིན་གྱིས། ཧོར་གྱི་མི་ཆེན་ཐེ་མུར་དར་ཡང་དད་པར་གྱུར་ནས་ཚེ་དབང་ཞུ་བ་ལ་སོགས་པའི་དང་བ་སྟོན་ནུས་སེམས་དཔའ་ཆེན་པོའི་ངང་ཚུལ་ལ་གནས་པ་དེ་དང་། ས་བཟང་ལོ་ཆེན་རྒྱལ་བ་གཡུང་། འཇམ་དབྱངས་བསམ་འགྲུབ་རྡོ་རྗེ། ས་སྐྱ་པའི་གདུང་བརྒྱུད། ཟུར་པའི་དབུ་ཆེ་གྲགས་པ་ཆེ་བ་རྣམས་ཀྱིས་མཚོན། བོད་དབུས་གཙང་གི་མཁས་བཙུན་བཟང་གསུམ་ཐམས་ཅད་ལ་གཏུགས་ནས་མཚན་ཉིད་སྡེ་གསུམ། གསང་སྔགས་གསར་རྙིང་ཐམས་ཅད་ཀྱི་གཞུང་དང་མན་ངག་ལ་ལེགས་པར་སྦྱངས། ཁྱད་པར་དུ་མངོན་རྟོགས་རྒྱན། སྤྱོད་འཇུག་དུས་ཀྱི་འཁོར་ལོ། ཀུན་བྱེད་རྒྱལ་པོ། སྒྱུ་འཕྲུལ་ལམ་རིམ། གསང་བ་སྙིང་པོ། འགྲེལ་པ་སྤར་ཁབ་རྣམས་ལ་ནན་ཏན་དུ་སྦྱངས་པས་མཁས་གྲུབ་ཆེན་པོར་གྲགས། དུས་ཕྱིས་མདོ་དབང་ཟུར་ལུགས་ཀྱི་བསྟན་པའི་བདག་པོ་འདི་ཁོ་ན་ཡིན། སྒྲོལ་ཆེན་བསམ་རྡོར་ལས་མདོ་དབང་གསན་པའི་ཚེ། རྒྱ་བོད་ཀྱི་ན་བཟའ། ཐབ་ཆས། ནས་ཁལ་ལྔ་བཅུ་སོགས་ཀྱིས་སྣ་དྲངས་པའི་འབུལ་བ་བྱས་ཏེ་ལུང་ལག་ལེན་(སྟོད་ཆ།༤༦༤)ཕྱག་བཞེས་ཐམས་ཅད་མཐའ་ཆོད་པར་མཛད། གཏད་རྒྱ་ཁོ་ནའི་དོན་དུའང་གོས་ཡུག་ཆེན་དང་གསེར་གྱི་འབུལ་བས་མཉེས་པར་མཛད། ཤཱཀྱ་ཐུབ་པ་དང་། ཧེ་རུ་ཀ་རིགས་ལྔ་གཟིགས་སྣང་དུ་ཤིན་ཏུ་གསལ་བ་གཟིགས། འདུས་པ་མདོའི་ལྷ་ཐེམ། གཏད་རྒྱའི་འགྲེལ་པ་སོགས་མང་དུ། མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ཅིང་། སྒྲོལ་མ་པའི་སྲས་སངས་རྒྱས་རིན་ཆེན་དང་། གཉལ་པ་བདེ་ལེགས་པ་ལ་སོགས་ཏེ་བསྟན་པའི་གསལ་བྱེད་དུ་གྱུར་པའི་སློབ་མ་མང་དག་བསྐྲུན་ནས་དགུང་ལོ་སུམ་ཅུ་སོ་བརྒྱད་པ་ལ་གཤེགས། གཉལ་པ་བདེ་ལེགས་ཀྱི་ཆོས་ཁྲིགས་ཀྱང་ཡོད་དོ། ཡང་སྒྲོལ་ཆེན་པའི་སྲས་བརྒྱུད་ལྟར་བྱས་ན། སྲས་སངས་རྒྱས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་ཞེས་གྲགས་པ་དེ་ཉིད་ཡབ་ཀྱི་ལྔ་བཅུ་རྩ་དྲུག་པ་ལྕགས་ཕོ་སྟག་ལ་གནས་གསར་དུ་འཁྲུངས། མི་རྣམས་ཀྱིས་ཁྱེད་ཀྱི་སྲས་འདིས་ཕན་ནི་མི་ཐོགས། དེ་ཙམ་གྱི་གཙིགས་ཀྱིས་ཅི་བྱ་ཟེར་བས། འགྲོ་བ་ལ་ཕན་ཐོགས་པ་ཞིག་འོང་གསུངས། དགུང་ལོ་དྲུག་པ་ལ་གསང་བ་སྙིང་པོའི་རྒྱུད་ཐུགས་སུ་ཆུད། ཟུར་ཤཱཀ་འབྱུང་བའི་སྤྱན་སྔར་བྱོན། ངའི་བླ་མའི་སྲས་ཞེས་གཅེས་པར་བསྐྱངས་པས་རྒྱུད་བཟུང་བ་དེ་བརྙེལ། ཡང་ལོ་བརྒྱད་ལོན་པ་ན་བསྐྱར་ཏེ་བཟུང་། ཆོག་ཕྲིན་རྣམས་ཡབ་ཀྱིས་བསླབས་ཆོས་ལོ་བཅུ་བཞི་པར་གཞན་ལ་དབང་བསྐུར་བའི་སློབ་དཔོན་ཕེར་བ་བྱུང་། ཡབ་ལས་སྒྱུ་འཕྲུལ་གྱི་ཆོས་སྐོར་རྣམས་ཐུགས་སུ་ཆུད་པར་མཛད། ད་ང་རབ་ཏུ་བྱུང་ནས་མཚན་ཉིད་སྦྱངས། གསར་མའི་རྒྱུད་སྡེའང་སློབ་པ་ཡིན་ཞུས་པས། རེ་ཞིག་མི་རུང་བཟོད་རབ་ཏུ་བྱུང་(སྟོད་ཆ།༤༦༥)བས་ཆོག་གསུངས། དེར་མ་གཅིག་ཅིག་བདག་གིར་བཟུང་བས་སྲས་ཁ་ཤས་འཁྲུངས། དགེ་བསྙེན་གྱི་རྟེན་ལ་བསླབ་སྦྱངས་རྫོགས་པར་མཛད་ནས་སླར་ཆོས་འཁོར་སྒྲང་དུ་ཆིག་རྫོགས་མཛད། སྐུ་ཤིན་ཏུ་བཙུན་པར་བཞུགས། སྒྱུ་འཕྲུལ་ལ་མཁས་པར་གྱུར་པས་དགུང་ལོ་བཞི་བཅུ་སྐོར་ལ་གསང་བ་སྙིང་པོ་ལ་ཊཱི་ཀ་ཆེ་བ་ཞིག་དང་། ལམ་རྣམ་བཀོད་ལའང་རྣམ་བཤད་ཆེན་པོ་ཞིག་མཛད། དེ་བཞིན་དུ་ཕྲིན་ལས་ཤར་བ་བརྒྱད་ལས། ཁྲོ་བོ་ལ་མངོན་པར་རྟོགས་པ་རྒྱས་པ་དང་། གནས་ལུང་ལའང་ཆོ་ག་རྒྱས་པ་ཞིག་མཛད། ཡབ་དང་ཐུགས་སྲས་མཐུན་པ་རྡོ་རྗེ་སོགས་ལས་མན་ངག་མང་དུ་མཉན་ཞེན་ཉམས་སུ་བསྟར། དགུང་ལོ་བདུན་ཅུ་པ་ལ་འགོས་ལོ་ཡེ་བཟང་རྩེ་བ་རྗེས་སུ་བཟུང་སྟེ། འདི་ལྟར་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་། སྒྱུ་འཕྲུལ་གྱི་ཚེ་དབང་། དོང་སྤྲུགས་ཀྱི་དབང་། ཚེ་བདག་དང་། ཡང་དག་མེ་གཅིག་གི་དབང་། སྣ་བོ་བའི་ལུགས་ཀྱི་རྟ་མགྲིན་དང་། ཟླ་རྒྱལ་མའི་ལུགས་ཀྱི་རྗེས་གནང་། ཕུར་པ་ས་ལུགས་ཀྱི་དབང་དྲག་པོའི་རྗེས་གནང་དང་བཅས་པ། སེམས་སྡེ་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང་། གསང་སྙིང་རྒྱུད་འགྲེལ་པ་དང་བཅས་པའི་བཤད་པ་ལམ་རྣམ་པར་བཀོད་པའི་ཊཱི་ཀ་ཉིད་ཀྱིས་མཛད་པའི་ཐོག་ནས་བཤད་པ་རྒྱས་པ། གཞན་སྒྱུ་་འཕྲུལ་གྱི་ཁོག་གཞུང་བཞི་བཅུ་ལ་སོགས་པའི་གཞུང་ཆུང་བཞི་བཅུ་ཙམ། མདོ་དགོངས་པ་འདུས་པ་དང་། དེའི་རྩ་བའི་རྒྱུད་ཀུན་འདུས་དང་། གནུབས་ཆེན་གྱི་མདོ་འགྲེལ་མུན་པའི་གོ་ཆ། སྒྱུ་འཕྲུལ་བརྒྱད་ཅུ་པ་དང་བླ་མ་གཉིས། ཡང་དག་རྩ་བའི་ལུང་རྣམས་ཀྱང་གནང་། སྙིང་ཐིག་སྤྲོས་བཅས་ལ་སོགས་པའི་དབང་བཞི་དང་། མེ་ལོང་པས་མཛད་པའི་ཡི་(སྟོད་ཆ།༤༦༦) གེའི་སྟེང་ནས་ཁྲིད་ཡིག རྫོགས་ཆེན་ཨ་རོའི་མན་ངག་ཀྱང་ཁྲིད་དུ་མཛད། དེ་བཞིན་དུ་བྱང་སེམས་ཡེ་རྒྱལ་བ་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་སྨར་ཁྲིད་ཀྱང་སྣང་སྟེ། རྒྱུ་མཚན་དེ་ལ་བརྟེན་ནས་འགོས་ལོ་ཡེ་བཟང་རྩེ་པས། གསང་སྔགས་རྙིང་མ་ཞེས་གྲགས་པའི་ཕྱོགས་ལ་ལྷག་པར་མོས་པ་ཐོབ་ཅིང་། ཆོས་སྤོང་བའི་སྒྲིབ་པས་མ་སྦགས་ཙམ་མོ། །ཞེས་ཐོས་པའི་ཕ་རོལ་ཏུ་སོན་པའི་མཐར་ཐུག་དོན་དང་ལྡན་པར་སོང་བ་ཡིན་ཞེས་ངེས་པ་བསྟན་པའི་ཐ་ཚིག་གོ །དེ་ལྟར་ཆོས་རྗེ་སངས་རྒྱས་རིན་ཆེན་པས་བདུན་ཅུ་རྩ་གཉིས་པ་ལྕགས་མོ་གླང་གི་ལོ་ལ་དབུས་སུ་ཕེབས། གོང་སོ་རིའི་བསམ་གཏན་གླིང་དུ་དབང་གྲགས་པ་རྒྱལ་མཚན་གྱིས་ཞབས་ནས་བཏེག །འདུས་པ་མདོ་ལ་སོགས་པའི་དབང་མང་པོ་དང་། གསང་རྙིང་ལ་སོགས་པའི་བཤད་པ་དང་ལུང་མང་པོ་བྱིན། བརྒྱད་ཅུ་རྩ་གཉིས་པ་ལྕགས་མོ་ཕག་གི་ལོ་ལ་གཙང་དུ་སྐུ་གཤེགས། ཟུར་ཆུང་པ་འཁྲུངས་ནས་དུས་འདི་ཡན་ཆད་ལ་ལོ་བཞི་བརྒྱ་དང་བཅུ་བདུན་སོ། ཡང་སྒྲོ་ཕུག་པ་ཆེན་པོའི་སློབ་བརྒྱུད་འཕྱོས་རྒྱས་རྒྱ་སྨན་པ་སངས་རྒྱས་གྲགས་ཞེས་བྱ་བ་ནི། རུས་གཉལ། ཡུལ་རྒྱ་སྨན་སྟག་རྩེ་པར་འཁྲུངས། གཞོན་ནུའི་དུས་ཛམ་བྷ་ལ་བསྒྲུབས་པས་ཞིང་ཆུང་ཞིག་ཡོད་པ་དེའང་ཆུས་ཁྱེར། བྱ་བྲལ་བྱོན་པས་སྤུ་གུ་དོར་ཕྱུག་པོ་མཛེས་ཁྱེར་བ་ཞིག་གི་རོ་ཁུར་མི་བྱུང་བར་འདུག སྙིང་རྗེ་དྲག་པོ་སྐྱེས་ཏེ་རྟོག་མེད་མཛད་ནས་རོ་ལས་བྱས་པ་སམལ་འགྲམ་ནས་གསེར་མང་པོ་བྱུང་། དེ་ཛམ་བྷ་ལས་དངོས་གྲུབ་བྱིན་པར་འདུག སླར་ལོག་སྟེ་གྲྭ་ཕྱི་ཁང་དམར་དུ་ཁྲུང་པོ་ཁྲོ་བོར་ཐུག་ཁོང་ཡང་དག་སྒྲུབ་པའི་ཕྱག་ཕྱིར་སྒྲུབ་པ་མཛད་པས། ཡང་དག་མར་མེ་(སྟོད་ཆ།༤༦༧)དགུ་པའི་ཞལ་གཟིགས། དེ་ནས་གཙང་དུ་བྱོན། གསང་བདག་སྒྲོ་ཕུག་པའི་སློབ་མ་བྱ་ཆེན་པོའི་དཔོན་པོ་ཞིག་ལ་མདོ་དང་སྒྱུ་འཕྲུལ་ལ་སོགས་པའི་གསན་པ་མཛད། དེར་ཕྱུག་པོ་ཞིག་གིས་ནས་ཁལ་བརྒྱ་ཐམ་པ་ཕུལ། ཆ་རྐྱེན་གྱིས་མི་ཐོགས་སར་བྱུང་བས་སྒྲོ་ཕུག་པའི་སློབ་མ་ཉང་ནག་མདོ་བོ། དེའི་སློབ་མ་ལྷ་རྗེ་མངའ་སེང་གེ་ལའང་སྒྱུ་འཕྲུལ་ཉན། མཁས་པ་ཆེན་པོར་གྱུར་ནས་རང་ཡུལ་དུ་རྡོ་ཐོག་ཐེལ་བཏབ། གཉལ་པ་ཞིག་པོའི་སློབ་མ་རྒྱ་ཆིང་རུ་བས་ཀྱང་རྡོ་ཐོག་པའི་ཞབས་ལ་གཏུགས་ཏེ་ཐོས་པ་མང་དུ་མཛད། ཁྱད་པར་འདི་ལ་སློབ་མ་མཁས་ཤིང་གྲུབ་པའི་དཔའ་བོ་ཟི་སྐྱི་ཆོས་ཀྱི་སེང་གེ་བྱ་བ་ཞིག་བྱུང་། དེས་གོང་མ་སེ་ཆེན་གྱི་སྤྱན་སྔར་བྱོན། རྒྱལ་པོ་ནུས་པ་བརྟག་པའི་ཕྱིར་ཐུབ་ཆོད་མཛད་དེ་མཆོད་རྟེན་གྱི་ནག་དུ་བཅུག་ནས་སྐོབ་རྩིགས་ཏེ་ལོ་གཅིག་བཞག །ལོ་དུས་ན་ཁ་ཕྱེ་སྟེ་བལྟས་པས། རྡོ་རྗེ་ཕུར་བུའི་སྐུར་གྱུར་འདུག་པས་ངོ་མཚར་ཆེན་པོ་སྐྱེས། རྡོ་ཐོན་ས་ལ་དར་རིང་ཆེན་མོ་ལ་སོགས་པོའི་དངོས་པོ་ཚན་ཆེར་གནང་། འཇའ་སས་བབཅད་པའི་དགོན་གཞིས་ཀྱང་མང་དུ་ཡོང་དེ་དར་རྒྱས་ཤིན་ཏུ་ཆེ་བ་བྱས། ད་ལྟ་ནི་མི་འདུ་གྲགས་པའི་རྗེས་ཤུལ་ཙམ་སྡེ་བསྟན་པའི་འཕེལ་འགྲིབ་འདི་ཡང་སྐྱོབ་བསྐུལ་བའི་རང་བཞིན་ནོ། སྐྱི་ཆོས་ཀྱི་སེང་གེའི་སློབ་མ་ནི། སྨན་ལུང་པ་ཤཱཀྱ་འོད་དེ། འདི་ནི་འཕྱོང་སོ་ཁེ་རུའི་ཉང་སྟོན་ཆེན་པོར་སྲས་ལྔ་བྱུང་བ་ཡར་ཀླུངས་སྤྲུལ་སྐུ་མཆེད་ལྔར་གྲགས་པའི་ཆེ་ཤོས་ཡིན། ཡུལ་ཡར་ཀླུངས་དགོན་པ་སྨན་ལུང་ཡིན་པས་དེ་སྐད་དུ་གྲགས། ཚིག་གཉིས་པ་ཆོས་ལྡན་པའི་གདན་ས་ད་ལྟ་ཆོས་ལྡན་ཞེས་པའི་དགོན་རོལ་འདི་ག་ཡིན། མཚན་དངོས་མགོན་པོ་རྡོ་རྗེ་(སྟོད་ཆ།༤༦༨)ཞེས་བྱ་སྟེ་གྲུབ་པ་ཤིན་ཏུ་བརྙེས་པས་གྱང་ལ་སྐུ་རྒྱབ་གཏད་པའི་རྗེས་ཐིམ་གྱིས་སོར་བར་ལྟའང་ཡོད། སྔར་འདིར་ཆོས་གྲྭ་ཆེན་པོ་ཆགས་པར་སྣང་སྟེ་རྒྱུད་འབུམ་གྱི་རེས་མའང་ཤིན་ཏུ་མང་བར་མཐོང་། སྨན་གྲུབ་མཛད་པས་ཡུལ་འདིར་སྡིག་པ་དང་གྲོག་སྦུར་ཀྱང་དཀོན་པ་ཡིན་ཞེས་ཐོས། སྲུང་མ་ཤིན་ཏུ་ནུས་པ་ཆེ་བས་ད་ལྟ་དགོན་ཤུལ་ཀྱང་བསྲུང་བར་སྣང་སྟེ་ལྷ་འདྲེ་རྣམས་དམ་ཚིག་ལ་ཤིན་ཏུ་གནས་པ་ཞིག་གོ །ཚིག་འོག་མ་གསུམ་ལ་སྐལ་ལྡན་པ། དུར་ཁྲོད་པ་དབང་རྒྱལ་ཞེས་གྲགས། དེ་ལས་འདིར་ཚིག་དང་པོ་སྨན་ལུང་པ་ཤཱཀྱ་འོད་ཀྱིས་སྐྱི་ཆོས་ཀྱི་སེང་གེ་ལས་མདོ་སྒྱུ་འཕྲུལ་རྣམས་ལེགས་པར་བསླབས། ཕྱིས་གླན་ཤཱཀྱ་འོད་པོའི་སྲས་གླན་མཁས་པ་བསོད་རྒྱལ་ལའང་གསན་ནས་གསང་བ་སྙིང་པོའི་ཁོག་དབུབ་དང་། ཊཱི་ཀ་རྒྱུད་དོན་རྣམ་ངེས་ལ་སོགས་པ་ཡིག་ཆ་མང་དུ་མཛད། འདིའི་སློབ་མ་དྭགས་པོའི་སངས་རྒྱས་གོང་ལ་བ་ཡིན། དེ་ལ་དྭགས་པོ་ཉིད་དུ་སློབ་མ་བླ་མ་གཉན་སྟོན་ལ་སོགས་པ་མང་དུ་ཐོན་ཞིང་། གཙོ་བོར་གོན་གྱོ་བ་ག་པོའི་བླ་མར་གྱུར་ནས་ཁམས་སུ་ཤིན་ཏུ་དར་བར་གྱུར་ཏོ། ཡང་སྨན་ལུང་པ་ལས་དབོན་ཤཱཀྱ་འབུམ་པས་གསར་བ་སྙིང་པོའི་བཤད་པ་ལ་མཁས་པར་བསླབས། དེ་ལ་མཁས་གྲུབ་ཆོས་དཔལ་ཡབ་སྲས་གཉིས་ཀྱང་གསང་སྙིང་གི་བཤད་པ་ལེགས་པར་ནོད། སྨན་ལུང་འི་བརྒྱུད་པ་དེ་དག་ནི་གཏེར་ཁ་གོང་འོག་ལའང་གནས་དུས་དེར་ཆོས་ཀྱི་བདག་པོར་གྱུར་པ་ཞིག་གོ །སྐྱི་ཆོས་ཀྱི་སེང་གེའི་གདན་ས་བ་རྒྱ་ཡེ་ཤེས་མགོན་པོས་ཀྱང་། སྐྱི་དང་གླན་ཆོས་རྒྱལ་གཉིས་ཀ་ལ་གཏུགས་ནས་མདོ་དང་སྒྱུ་འཕྲུལ་མཁས་པར་མཁྱེན། དེའི་དབོན་པོ་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་གཞོན་ནུ་ལ་གསང་ཕུར་བྱོན་ནས་(སྟོད་ཆ།༤༦༩)ཚད་མ་རྣམ་ངེས་མཁས་པར་སྦྱངས། དེ་ནས་ཕུ་བོ་རྒྱ་ཡེ་ཤེས་མགོན་པོ་ལས་མདོ་དང་སྒྱུ་འཕྲུལ་ལེགས་པར་བསླབས་ནས། འགྲེལ་བ་སྤར་ཁབ་གཞུང་དུ་བྱས་པའི་ཊཱི་ཀ་དང་། དབང་གི་ཆོ་ག་ལ་སོགས་པར་མཛད། དེས་རང་གི་དབོན་པོ་བླ་མ་ཚུལ་རྒྱལ་བ་ལ་གསུངས། དེ་ལ་རི་གོད་དང་ཤེས་རབ་རྒྱལ་མཚན་གྱིས་གསན། འདི་དྭགས་པོར་སྐུ་རབས་དཔོན་གཡོག་དང་སྔགས་པ་རྣམས་ལ་བཤད་པས་རེ་ཞིག་ན་དྭགས་པོའི་ཕྱོགས་ནའང་དར་བར་ཡོད་ཟེར། ཤེར་རྒྱལ་གྱི་སློབ་མ་ཞང་མཁར་པ་བསོད་ནམས་བཟང་པོ། དེའི་སློབ་མ་སློབ་དཔོན་བཀྲ་ཤིས་རྒྱ་མཚོ། འདི་ལ་རྡོ་རྗེ་རྒྱལ་མཚན་བའི་སྙིང་ཊཱི་ཀ་གི་ཐོག་ནས་བཤད་ལུང་དང་། ཕུར་པ་ལྷ་ནག་ལ་སོགས་པ་འགོས་གཞོན་ནུས་གསན་ཏོ། །བདག་ཉིད་ཆེན་པོ་འགོས་གཞོན་ནུ་དཔལ་ནི་ཡབ་འགོས་སྐོན་འབྱུང་གནས་རྡོ་རྗེ་དང་། ཡུམ་སྲིད་ཐར་སྐྱིད་གཉིས་ཀྱི་སྲས་སུ་ཆུ་སྦྲེལ་ལ་འཁྲུངས། སྤྱན་གཡས་མཁན་ཆེན་ལས་རབ་ཏུ་བྱུང་། ཀརྨ་པ་དེ་བཞིན་གཤེགས་པ་ལས་ཀྱང་ཁྱང་སྡོམ་དང་། ཆོས་དྲུག་གསན། རྔོག་བྱང་ཆུབ་དཔལ་ལས་རྔོག་ཆོས་རྣམས་གསན། ཁྱད་པར་པཎ་ཆེན་བ་ན་རཏྣ་ལས་བླ་མེད་ཀྱི་རྒྱུད་སྡེ་ཕལ་མོ་ཆེའི་དབང་བསྐུར་བ་རྣམས་ཞུས། མཚན་བརྗོད་དང་དཔྱིད་ཐིག དབང་མདོར་བསྟན། དཔེ་མེད་འཙོའི་སྦྱོར་དྲུག་རྩ་འགྲེལ་རྣམས་ཞུས་ཤིང་བསྒྱུར། རྗེ་འདི་ཉིད་ཀྱིས་སྒྲོལ་ཆེན་སངས་རྒྱས་རིན་ཆེན་དགུང་ལོ་བདུན་ཅུ་པ་ལ་ས་མོ་ཕག་གི་ལོར་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་། སྒྱུ་འཕྲུལ་གྱི་ཚེ་དབང་། ན་རག་དོང་སྤྲུགས། ཚེ་བདག་ཡང་དག་མེ་གཅིག རྟ་མགྲིན། ལྷ་མོ་དང་ཟླ་རྒྱལ་ལུགས། ཕུར་པ་(སྟོད་ཆ།༤༧༠)འཁོན་ལུགས། སེམས་སྡེ་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང་སོགས་སྔ་འགྱུར་རྒྱུད་སྡེའི་དབང་བཀའ་ཐམས་ཅད་མ་ཚང་བ་མེད་པ་གསན། བཤད་པའི་བཀའ་གསང་བ་སྙིང་པོ་རྒྱུད་དང་འགྲེལ་པ་སོ་སོར་བཤད་པ་དང་། ཡ་མ་རྣམ་བཀོད་ཀྱི་ཊཱི་ཀ་ཁོང་ཉིད་ཀྱིས་མཛད་པ་དང་། གཞན་ཡང་ཕོག་གཞུང་གསལ་སྒྲོན་སོགས་རྒྱ་བོད་ཀྱི་གཞུང་ཆུང་བཞི་བཅུ་སྐོར་གྱི་བཤད་ལུང་རྣམས་དང་། མདོ་དགོང་འདུས་དང་དེའི་རྩ་བའི་རྒྱུད་ཀུན་འདུས་རིག་པ་དང་། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་མདོའི་འགྲེལ་པ་མུན་པའི་གོ་ཆ། སྒྱུ་འཕྲུལ་བརྒྱད་ཅུ་པ་དང་། བཞི་བཅུ་པ་དང་། བླ་མ་གཉིས། ཡང་དག་རྩ་བའི་ལུང་རྣམས་ཀྱང་གསན། སྙིང་ཐིག་ལ་རྩ་བའི་དབང་སྤྲོས་བཅས་སྤྲོས་མེད་བཞིིའི་དབང་བསྐུར་བ་དང་། གྲུབ་ཐོབ་མེ་ལོང་རྡོ་རྗེས་མཛད་པའི་ཁྲིད་ཡིག་གི་སྟེང་ནས་ཁྲིད་དང་། ཨ་རོའི་ལུགས་ཀྱི་རྫོགས་ཆེན་མན་ངག་གི་ཁྲིད་ཀྱང་གསན་ཞིང་། མདོར་ན་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་བདག་པོ་ལྟ་བུར་གྱུར་ཞིང་རྗེ་ཉིད་ཀྱིས་ཀྱང་གསང་སྔགས་རྙིང་མ་ཞེས་གྲགས་པའི་ཕྱོགས་ལ་ལྷག་པར་མོས་པ་ཐོབ་ཅིང་། ཆོས་སྤངས་པའི་སྒྲིབ་པས་མ་སྦགས་ཙམ་མོ། །ཞེས་གསུངས་པའང་བོད་ཀྱི་མཁས་རློམས་ཕྱོགས་ལྷུང་ཅན་འགའ་ཞིག་ལ་དགོངས་པ་ཡིན་ཏེ། དོན་དུའང་རྗེ་འདི་ཉིད་ནི་གྲུབ་མཐའ་ཕྱོགས་སུ་མ་ལྷུང་བའི་བཤེས་གཉེན་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ཅིང་བསྟན་བཅོས་རྣམས་ཀྱང་ཚད་མར་གྱུར་པའི་ལེགས་བཤད་ཆེ་བ་ཡང་མངོན་སུམ་གྱིས་གྲུབ་བོ། །རྗེ་འདིས་ཀརྨ་པ་ཆོས་གྲགས་རྒྱ་མཚོ་ལ་སེམས་འགྲེལ་སྐོར་གསུམ་སོགས་ཆོས་བཀའ་དབང་ཁྲིད་མང་པོ་ཕུལ། ཞྭ་དམར་ཅོད་པཎ་འཛིན་པ་བཞི་པ་ཆོས་ཀྱི་(སྟོད་ཆ།༤༧༡)འཁོན་ལུགས། སེམས་སྡེ་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང་སོགས་སྔ་འགྱུར་རྒྱུ་སྡེའི་དབང་བཀའ་ཐམས་ཅད་མ་ཚང་བ་མེད་པ་གསན། བཤད་པའི་བཀའ་གསང་བ་སྙིང་པོ་རྒྱུད་དང་འགྲེལ་པ་སོ་སོར་བཤད་པ་དང་། ཡ་མ་རྣམ་བཀོད་ཀྱི་ཊཱི་ཀ་ཁོང་ཉིད་ཀྱིས་མཛད་པ་དང་། གཞན་ཡང་ཕོག་གཞུང་གསལ་གསགརོན་སོགས་རྒྱ་བོད་ཀྱི་གཞུང་ཆུང་བཞི་བཅུ་སྐོར་གྱི་བཤད་ལུང་རྣམས་དང་། ཞྭ་དམར་བཞི་པ་སྤྱན་སྔ་རིན་པོ་ཆེ་ནི་ཏྲེ་ཤོང་ཁང་དམར་དུ། ཡབ་ལྡོང་དགོན་པ་སྐྱབ་དང་ཡུམ་དབྲ་བཟའ་བསོད་ནམས་སྒྲོལ་མའི་སྲས་སུ་འཁྲུངས། ཟུར་མང་དགོན་དུ་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོ་དང་མཇལ་ཏེ་རབ་ཏུ་བྱུང་། མཚན་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོར་གསོལ། མཁན་པོར་གོ་ཤྲཱི་གྲགས་དཔལ་པ་དང་། བན་སྒར་བ་ལས་ཀྱང་ཆོས་གསན། དགུང་ལོ་ཉེར་བཞི་པ་ལ་འགོས་ལོ་ཆེན་པོ་ཡིད་བཟང་རྩེ་པས་མཁན་པོ་མཛད་དེ་བསྙེན་པར་རྫོགས། དུས་ཀྱི་འཁོར་ལོ། བདེ་དགྱེས། གསང་འཇིགས་སོགས་གསར་མའི་རྒྱུད་སྡེ་རྣམས་དང་། སྒྱུ་འཕྲུལ་གསང་བ་སྙིང་པོའི་དབང་བཀའ་དང་བཤད་པའི་བཀའ་ཐམས་ཅད་སོགས་སྔ་ཕྱིར་གསན་པ་མཐའ་ཡས་པ་མཛད། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་གདུང་རིགས་ལོ་ཆེན་བསོད་ནམས་རྒྱ་མཚོ་ལས་ཀྱང་གསར་རྙིང་གི་ཆོས་མང་དུ་གསན། རྗེ་འགོས་ལས་ཕུར་པའི་དབང་གསན་ཚེ་མནལ་་ལམ་དུ་སློབ་དཔོན་པདྨ་ཞལ་གཟིགས་ཤིང་གདམས་པ་འང་སྩལ། གསར་རྙིང་གི་ཆོས་ཚུལ་མཐའ་དག་གདུལ་བྱ་རྣམས་ལ་སྟོན་བཞིན་པའི་ངང་ནས་དགུང་ལོ་དོན་གསུམ་པ་ལ་གཟུགས་སྐུ་བསྡུས། དོན་དམ་ངེས་འབྱེད་དབུ་(སྟོད་ཆ།༤༧༢)མ་ཆེན་པོའི་ལྟ་ཁྲིད་རྒྱལ་ཚབ་ཆེན་པོའི་ཆོས་ལྔ་ལ་བརྟེན་ཅིང་། ཆོས་སྐད་མཐར་ཐུག་པ་ཕྱིར་མི་ལྡོག་པའི་གམ་གཙོ་བོར་བཞེད་པ་རྗེ་འདི་ཀུན་མཁྱེན་ཆེན་པོ་ཀློང་ཆེན་པ། ཀརྨ་པ་བདུན་པ། ཀུན་མཁྱེན་དོལ་པོ་བ། བུ་སྟོན་ཆེན་པོ་སོགས་དད་ཆོས་སྐད་མཐུན་ནོ། །དེ་ཉིད་ཀྱིས་འབྲི་གུང་ཟུར་པ་རིན་ཆེན་ཕུན་ཚོགས་ལ་བསྩལ། དེས་རང་གྲོལ་ཉི་ཟླ་སངས་རྒྱས་ལ་སྒྱུ་འཕྲུལ་སྐོར་རྣམས་གསུངས། དེས་འཁོན་རིགས་སློབ་དཔོན་ཚེ་དབང་ནོར་རྒྱས་ལ་བཤད་ཅིང་དེས་ཁོང་ཉིད་ཀྱི་སྲས་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ལ་བཤད་དེ། རྗེ་འདི་ཉིད་ཡབ་སློབ་དཔོན་དེ་དང་། ཡུམ་རྒྱལ་མོ་འཛོམ་གྱི་སྲས་སུ་ལྕགས་བྱ་ལོར་འཁྲུངས། ཆུང་ངུ་ནས་དམ་པའི་བག་ཆགས་སད་ཅིང་ངེས་འབྱུང་གི་ཐུགས་ཡང་དག་པ་སྐྱེས། དགུང་ལོ་བཅུ་ལོན་པའི་ཚེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ལས་རབ་ཏུ་བྱུང་། སྐྱབས་འགྲོ་དང་སེམས་བསྐྱེད། ཐུགས་རྗེ་ཆེན་པོའི་སྒོམ་ལུང་སོགས་གསན། །དེ་སོགས་གསར་རྙིང་གི་བླ་མ་འགའ་ལས་ཅི་རིགས་པའི་ཆོས་ཚུལ་ཐམས་ཅད་གསན། སྒྲའི་རི་མོ་དང་སྙན་ངག་སུམ་རྟགས། ཁྱད་པར་ཡབ་རྡོ་རྗེ་འཛིན་པ་ལས་སྒྱུ་འཕྲུལ་གསང་བ་སྙིང་པོ་དང་། དེའི་འགྲེལ་པ་གཡུང་སྟོན་གྱིས་མཛད་པ་དང་། ཀུན་མཁྱེན་ཀློང་ཆེན་པའི་ཕྱོགས་བཅུ་མུན་སེལ་སོགས་སྒྱུ་འཕྲུལ་སྐོར་གྱི་འགྲེལ་ཊཱི་ཀ་རྣམས་ལ་སྦྱགས་པར་མཛད་པ་ན་སྒྲོ་ཕུག་པ་ཆེན་པོའི་བག་ཆགས་སད་པས་ལམ་འདི་ཉིད་ལ་བསྙེན་པའི་མཁས་གྲུབ་འགྲན་ཟླ་མེད་པར་གྱུར། དགུང་ལོ་བཅོ་བརྒྱད་པར་གནུབས་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་རིག་འཛིན་ཆེན་པོ་ཉིད་སངས་(སྟོད་ཆ།༤༧༣)རྒྱས་ཀྱི་དྲུང་དུ་རྫོགས་ཆེན་ཀློང་གསལ་སྙིང་ཐིག་གི་དབང་ཁྲིད་མན་ངག་དང་བཅས་པ་གསན་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་རྫོགས་པ་ཆེན་པོ་རང་རིག་ཆོས་ཀྱི་སྐུར་ངོ་འཕྲོད་ཅིང་གཏིང་སླེབས། གཞན་ཡང་བཀའ་གཏེར་གྱི་ཆོས་ཤིན་ཏུ་མང་བ་གསན། ཁྱད་པར་དོན་ཏིག་འགྲོ་བ་ཀུན་གྲོལ་དང་། ཐེག་མཆོག་རིན་པོ་ཆེའི་མཛད་ལ་བཤད་ལུང་གསན། མདོ་ཕྱོགས་ཀྱི་གཞུང་ལུགས་ཆེན་པོ་ཀུན་ལའང་གསན་བསམ་མཐར་ཕྱིན་པར་མཛད་ཅིང་ཆོས་གྲྭ་ཆེན་པོ་རྩེས་ཐང་དུ་གཞུང་ལུགས་རབ་འབྱམས་སྨྲ་བའི་སྐོར་མཛད། ཟག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་ལས་རྡོ་རྗེ་ཕྲེང་བ་སོགས་གསར་རྙིང་གི་ཆོས་རྒྱ་ཆེ་བ་གསན། དགུང་ལོ་སོ་བཞི་པར་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་དང་ཆོས་ཀྱི་རྗེ་དགེ་འདུན་རྒྱལ་མཚན་པ་མཁན་སློབ་ལས་བསྙེན་པར་རྫོགས་པའག་མཛད་ནས་མཚན་དཔལ་འབྱོར་ལྷུན་གྲུབ་ཏུ་གསོལ། དགེ་ལུགས་ཕྱོགས་ཀྱི་སྔགས་སྐོར་རྣམས་ཀྱང་གསན། གསང་ཕུ་དང་སེར་བྱེས་ཀྱི་འཆད་ཉན་སློབ་དཔོན་པའང་མཛད། རྒྱུད་གསང་བ་སྙིང་པོ་ལ་སྔར་བཤད་སྲོལ་ཆེས་དར་ཡང་ཕྱིས་ཉག་ཕྲ་བར་གྱུར་པས་རྗེ་འདི་ཉིད་མཁྱེན་པ་ཚེ་བབའི་གྲགས་པས། བྲག་སྣ་ཆོས་རྗེ་ཨུ་རྒྱན་བསྟན་འཛིན་ཆེད་གཉེར་གྱིས་བྱོན་ཏེ་གཡུང་འགྲེལ་གྱི་སྟེང་ནས་ཞིབ་པར་གསན་ཅིང་ལེའུ་ལྔ་པ་ཡན་གྱི་ཟིན་བྲིས་ཀྱང་མཛད། ཁྱད་པར་ཟུར་འཁོར་ལོའི་མགོན་པོ་ཆོས་དབྱིངས་རང་གྲོལ་རྗེས་སུ་བཟུང་ཞིང་གསང་བ་སྙིང་པོ་གཡུང་འགྲེལ་ལས་ཉིན་རེ་ཆོས་ཐུན་གཉིས་རེ་དང་། གཞན་ཡང་སྙིང་ཐིག་གི་སྐོར་རྣམས་སོགས་མཐའ་ཡས་པ་གསན། རྗེའི་བསླབ་སྟོན་ལྟར་ཟུར་ཆེན་གྱིས་ཆོས་གྲྭ་ཆེན་པོ་རྩེས་ཐང་དུ་གྲྭ་སྐོར་གྱི་བསྟན་པའི་རྣམ་གཞག་མཛད་པས་སྔ་(སྟོད་ཆ།༤༧༤)འགྱུར་ལ་རྒྱུད་བཤད་མེད་དེ་འོང་སྙམ་པའི་ཕྲག་དོག་ཅན་རྣམས་ཁ་རོག་སྟེ་འདུག་གོ །འདི་ཙམ་ནས་འདུ་འཛིའི་གཡེང་བ་སྤངས་ཏེ། ཡུལ་དེ་ཝཱི་ཀེ་ཊཱི་འམ་ཕ་ཝང་ཕའི་ནགས་ཁྲོད་དུ་དབེན་པ་བརྟེན་ཅིང་བཞུགས། ཕྱག་ན་པདྨ་ལྔ་པ་ཆེན་པོས་ཀྱང་ཞབས་ལ་གཏུགས་ཏེ། གསར་རྙིང་གི་དབང་ལུང་ཁྲིད་མན་ངག་གི་སྐོར་མཐའ་ཡས་པ་གསན། བླ་ཆེན་འགའ་ཞིག་གིས་ལྟར་གྲུབ་མཐའ་གཙང་གཙང་མོ་ཡིན་རྒྱུ་བའི་མཚན་ཉིད་པ་སྐམ་པོའི་རིགས་ཀྱི་ཤན་མ་ཤོར་བ་དང་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པས་ཟིན་པའི་རྗེས་དེ་འདྲའི་རིགས་ལ་ཟེར་བ་ཡིན། དེ་ནས་དགུང་གི་གྲངས་དོན་དྲུག་པ་ལ་རྗེ་ལྔ་པ་ཆེན་པོས་ཞབས་བརྟན་གྱི་གསོལ་འདེབས་མཛད་པས་ད་སྟེ་ཡུན་རིང་ཨེ་སྡོད་མི་ཤེས་ཞེས་ཞལ་གྱིས་མ་བཞེས་ཤིང་རྔ་ཡབ་པདྨ་འོང་གི་གཞལ་ཡས་སུ་འགྲོ་དགོས་པ་ཞེས་གསུངས་ལ། མེ་གླང་ཟླ་བ་བརྒྱད་པའི་ཚེས་བཅུ་གཅིག་ལ་ངོ་མཚར་བའི་ལྟས་དང་བཅས་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་ཐིམ་པར་གྱུར། རྗེ་འདི་ཉིད་ཀྱིས་མཛད་པའི་བསྟན་བཅོས་ཀྱང་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བ་སྤྱི་ཁྱབ་ཏུ་ངོ་སྤྲོད་པའི་ཁྲིད་ཡིག་དང་། དབུ་མའི་ལྟ་ཁྲིད་དང་། ཐ་སྙད་རིག་པའི་སྐོར་ཡང་མང་པོ་ཡོད། རྗེ་དེའི་ཐུགས་ཀྱི་སྲས་སློབ་མ་ནི་ཟུར་ཆེན་ཆོས་དབྱིངས་རང་གྲོལ་ཡིན་ཏེ་འདི་ཉིད་ཟུར་གྱི་རིག་འཛིན་བརྒྱུད་པའི་གདུང་རབས་མ་ཆད་པ་ལས། ཡབ་རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛའི་རྣམ་འཕྲུལ་ཟུར་ཆེན་གཞོན་ནུ་དོན་འགྲུབ་དང་ཡུམ་མཁའ་འགྲོའི་རིགས་ལས་མཚན་ལྡན་ཡིད་འཛིན་གཉིས་ཀྱི་སྲས་སུ་ཤིང་འབྲུག་ལོར་སྐུ་བལྟམས། དྲུང་པ་དཀོན་མཆོག་རིན་ཆེན་པའི་སྐུ་སྐྱེ་བར་ངོས་འཛིན་མཛད། རིམ་གྱིས་ཡི་གེ་འབྲི་ཀློག་དང་འཕགས་ཡུལ་(སྟོད་ཆ།༤༧༥)གྱི་ཡིག་རིགས་རྣམས་ཀྱང་དཀའ་ཚེགས་ལ་མ་ལྟོས་པར་ཐུགས་སུ་ཆུད། ཡབ་ལས་ཉེར་མཁོའི་སྒྲུབ་སྐོར་རྣམས་ཀྱང་བསླབས། དགུང་ལོ་དགུ་པར་བྱང་པ་རིག་འཛིན་ངག་གི་དབང་པོ་མཇལ་ཞིང་། ཞར་ནས་སྐུ་སྐྱེ་བས་སྔ་འགྱུར་གྱི་བསྟན་པ་ལ་ཕན་ཐོགས་ཆེན་པོ་ཞིག་ཡོང་ཞེས་ལུང་བསྟན། ལྷ་རིས་དང་རྩིས་སྐོར་རྣམས་དང་དྲག་སྔགས་ཀྱི་སྐོར་འགའ་ཞིག་ཀྱང་མཁྱེན་པར་མཛད་ཅིང་དགུང་ལོ་བཅུ་གཉིས་ཙམ་ནས་སྣང་གསལ་རིན་པོ་ཆེ་ངག་དབང་ཡེ་ཤེས་གྲུབ་པའི་ཞབས་སུ་བཅར་ཏེ་བཀའ་བརྒྱད་བདེར་འདུས་སྐོར་དང་། མཁའ་འགྲོ་སྙིང་ཐིག་བཀའ་གཏེར་གཉིས། བླ་མ་ནོར་བུ་རྒྱ་མཚོ། ཀར་གླིང་ཞི་ཁྲོ་དགོངས་པ་རང་གྲོལ་སོགས་ཀྱི་དབང་ལུང་དང་། ཉམས་ཁྲིད་མཐར་ཕྱིན་པ་གསན། གཞན་ཡང་ཅི་རིགས་པའི་གཏེར་ཆོས་རྣམས་གསན། ཞི་ཁྲོའི་དབང་བསྐུར་བའི་གསང་མཚན་ཆོས་དབྱིངས་རང་གྲོལ་དུ་ཕོག་ཕྱག་ཆེན་ལྔ་ལྡན་དག་གཅོད་ཁྲིད་སོགས་གཉམས་སུ་བསྟར། ཟིང་པ་སྟག་མགོར་ལོ་གསུམ་ཕྱོགས་གསུམ་མཛད་ཅིང་གཙོ་བོར་རྫོགས་ཅེན་མཁའ་འགྲོ་སྙིང་ཐིག་གི་ཀ་དག་དང་ལྷུན་གྲུབ་གནད་དུ་བསྣུན་པས་ཆོས་ཐམས་ཅད་ཀྱི་རྫུན་ཕུག་རྡིབ། རང་རིག་གདོད་མའི་མགོན་པོའི་རང་ཞལ་མངོན་དུ་གྱུར་པའི་རྟོགས་པ་བརྙེས་ཤིང་འོད་གསལ་དུ་ལོངས་སྐུའི་ཞིང་ཁམས་ཉུལ་བའི་རྩལ་འབྱོངས་པར་གྱུར། དགུང་ལོ་བཅུ་བདུན་པ་ལ་རྡོ་རྗེ་འཆང་ཕ་ཝང་ཁ་པ་དཔལ་འབྱོར་མཚན་ཅན་གྱི་དྲུང་དུ་བྱོན་ཏེ་བླ་མ་སྐུ་འདས་ཀྱི་བར་ལ་རིམ་གྲོ་བ་མཛད་ཅིང་མཉེས་པ་གསུམ་གྱིས་བརྟེན། བླ་མས་ཀྱང་ཐུགས་དགྱེས་པས་རྗེས་སུ་བསྐྱངས་ནས་བཀའ་གཏེར་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་བུམ་པ་གང་བྱོའི་ཚུལ་གྱིས་གནང་། གཙོ་བོར་དཔལ་གསང་བ་སྙིང་པོའི་(སྟོད་ཆ།༤༧༦)རྒྱུད་རྩ་བ་དང་འགྲེལ་པ་སྤར་ཁབ། བོད་འགྲེལ་གཡུང་ཊཱི་ཀ་རྣམས་སྦྱར་བའི་གསུང་བཤད་མཛད་པ་ཉིན་རེ་རྩི་བཞག་ཐུན་གཉིས་རེ་བསྩལ། ཟིན་ཀ་ས་བ་ལ་རོག་ཟེག་རྒྱབ་ཨེ་ཆོག་ཞུས་པས། རྒྱང་ཙམ་མ་སོག་བར་ཟིན་བྲིས་བྱས་ན་འཇག་ཆེན་པོ་མི་ཡོང་བས་རེ་ཞིག་ནས་ངེད་ཀྱི་ཚོད་བྱེད་གསུངས། གཟིམས་ཆུང་ཐོག་ཁར་སྐྱོར་སྦྱང་གནང་ནས་ཤོག་བུ་སུམ་ཅུ་ཙམ་སོང་ནས་རྗེའི་བཀའ་བཞིན་ཟིན་བྲིས་ཀྱང་མཛད་པས་ལེའུ་ལྔ་པ་ཡན་ཆད་སོང་། དེ་མན་ཆད་ཀྱི་ཟིན་བྲིས་འཕྲོ་ཅན་དུ་ལུས། ཆུ་ཕྱི་ལོར་དགུང་ལོ་ཉི་ཤུ་བཞེས་པར་སླར་ཡང་དགེ་བསྙེན་ནས་བཟུང་བསྙེན་རྫོགས་ཀྱི་བར་དུ་བསྒྲུབ་པར་མཛད། སྙིང་འགྲེལ་ཕྱོགས་བཅུ་མུན་སེལ་སོགས་ལ་གཟིགས་རྟོགས་དང་། འདུས་པའི་འགྲེལ་པ་སྒྲོན་གསལ་ལ་བཞི་སྦྲགས་ཀྱི་བཤད་པ། རིམ་ལྔ་གསལ་སྒྲོན། བདེ་མཆོག་སྦས་དོན་ཀུན་གསལ། ནོར་བཟང་གི་དུས་འཁོར་ཕྱི་དོན་སོགས་དང་། གསང་འདུས་བསྐྱེད་རྫོགས་ཀྱི་བཤད་པ་ཞུས་ཤིང་ཐུགས་ལ་ངེས་པར་མཛད། གསང་འདུས་བསྐྱེད་རྫོགས་སོགས་ཀྱི་བཤད་པ་ཞུས་ཤིང་ཐུགས་ལ་ངེས་པར་མཛད། ཤིང་བྱི་ལོར་ཆོས་གྲྭ་ཆེན་པོ་དཔལ་གྱི་རྩེས་ཐང་དུ་དགུན་ཆོས་ཆེན་མོའི་ཐོག་གསང་བ་སྙིང་པོའི་རྒྱུད་ཀྱི་བཤད་པ་མཛད་པས་སྟོང་ཆེན་ཚིག་ལ་རྟོན་པ་རྣམས་ཀྱི་སྤོབས་པ་བཅོམས་ཤིང་སྙིང་པོའི་བྱ་བ་ཆེར་མཛད་པའི་གཟུ་བོར་གནས་པ་རྣམས་བསྔགས་པ་བརྗོད་ཅིང་བྱང་པ་རིག་འཛིན་ཆེན་པོས་ཀྱང་ལེགས་དར་དཔྱངས། རྗེ་ཕ་ཝང་ཁ་པ་ལས་ཀྱང ་ཀློང་གསལ་སྙིང་ཐིག་གི་དབང་ལུང་མན་ངག་གི་ཁྲིད་རྣམས་ཞིབ་པར་གསན་ཞིང་བསྒོམས་པས་ཉམས་རྟོགས་བོགས་སྔར་ལས་ཀྱང་ཆེར་འཁྲུངས། བྷཻ་ར་པའི་འཕྲུལ་འཁོར་སོགས་གསར་མ་ཕྱོགས་ཀྱི་དྲག་སྔགས་ཀྱང་མང་དུ་གསན། དགེ་འབྲི་གཉིས་འགྲས་(སྟོད་ཆ།༤༧༧)ཆེ་ཞིང་འབྲི་གུང་ཟུར་པ་རཏྣའི་ཞབས་སོགས་ཀྱི་ས་རཱ་ཧུ་ལའི་ལས་སྦྱོར་མཛད་པས་དགའ་ལྡན་ཁྲི་པ་མང་པོ་ལྡེང་གྲིབ་ཀྱིས་གཤེགས་པ་ལ་རྗེ་དཀོན་མཆོག་ཆོས་འཕེལ་ཁྱབ་འཇུག་གི་འཇིགས་པ་ལས་གྲོལ་བའི་སྲུང་འཁོར་ཀྱང་མཛད། ཀ༔ ཐོག་པ་སྟག་བླ་པདྨ་ཏི་ལྷ་སར་བྱོན་ནས་སྙིང་པོའི་འགྲེལ་པ་ཕྱོགས་བཅུ་མུན་སེལ་སོགས་གསན་ཅིང་ཁོང་གི་ལྷོ་བྲག་གསུང་སྤྲུལ་ལའང་དེའི་བཤད་ལུང་ཕུལ་བ་སོགས་ཆོས་རྒྱུན་དེ་ཀ་མ་ཆད་པར་བྱུང་བ་འདི་འོ། ཚུར་ཀ༔ ཐོག་པ་ལས་དགོངས་འདུས་པོ་ཏིའི་ལུང་དབང་རྒྱུད་དགུ་བཅངས་ཐབས་བཅས་པ་དང་། ལས་བྱང་མེ་ཏོག་ཕྲེང་མཛེས་སོགས་ཀྱང་གསན། ལྷག་པར་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ལ་བརྟེན་པའི་ར་ས་ཡ་ཎའི་སྒྲུབ་པ་མཛད། འདི་སྐབས་ཙམ་ནས་རྒྱལ་མཆོག་ལྔ་པ་ཆེན་པོས་བླ་མར་བཀུར་ཞིག་ཟིལ་གནོན་སོགས་ཆོས་བཀའ་རྣམས་གསན་ཞིང་དྲག་སྔགས་ཀྱི་སྐོར་སོགས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རབ་འབྱམས་ཀྱི་ལུང་ཕྱག་ཁྲིད་ཐམས་ཅད་ཕུལ་ཞིང་ཐུགས་ཉམས་སུ་བསྟར། ཀར་གཙང་མཆོད་ཡོན་གྱིས་དགེ་ལུགས་སྤྱི་དང་བྱེ་བྲག་དགེ་ལྡན་ཕོ་བྲང་བ་ལ་སྡང་ཐུག་ཆེ་བས་ཙི་གུམ་པར་སྡེ་གཟར་གྱི་སྐབས་སུ་ལས་སྦྱོར་མཐའ་ཡས་པ་མཛད་པས། རྒྱལ་དབང་ལྔ་པའི་ཕྲིན་ལས་དུས་བབ་པ་དང་རྗེ་འདི་ཉིད་ཀྱི་བྱིན་རླབས་ལྷག་པར་མྱུར་བས་དགེ་ལྡན་ཕོ་བྲང་གི་ལུང་ལས་བོད་ཁམས་ཡོངས་ལ་ཁྱབ་པ་དེ་བྱུང་སྟེ། སྣུམ་ཟན་གྲོང་པའི་རྐང་འཐུང་འཁྲིག་པའི་ཀླུང་། ཁེ་ཉེན་གཤེར་གྱིས་དོན་ཆེན་འགྲུབ་པའི་ཞུགས། འབར་མིན་མ་བབས་ལས་ཀྱི་རྟ་གདོང་མེས། སྒར་གཙང་སྲིད་སྡེའི་ཆུ་བོ་སྐེམ་དེ་མཚར། ཞེས་ལྔ་པ་ཆེན་པོས་དགེ་ཕྱོགས་རྣམས་ཀྱི་མངོན་སྤྱོད་ཀྱི་ནུས་པ་མངོན་དུ་མ་(སྟོད་ཆ།༤༧༨)གྱུར་པས་འོས་མེད་ཀྱི་རྗེ་འདི་པས་བསྟན་པ་སྤྱི་ལ་སྨན་ཡོན་ཆེན་པོར་གྱུར་པས་ཆེད་དུ་བརྗོད་པར་མཛད་དོ། གཞན་ཡང་ཕུར་པ་ལུགས་གསུམ་དང་བཀའ་བརྒྱད་ཕུར་གསུམ། རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཐིག་སོགས་ཀྱི་ཉམས་ཁྲིད་རྣམས་གསན་པ་སྐུ་ཉམས་སུ་བསྟར་བས་རྫོགས་པ་ཆེན་པོའི་ཉམས་མྱོག་མ་འཕྲུལ་བ་ཐུགས་རྒྱུད་ལ་འཁྲུངས་ཤིང་འཁོར་འདས་རེ་དོགས་དང་བྲལ་བའི་གདེང་འཁྲུངས་སོ། །ཞེས་ཞལ་གྱིས་བཞེས། གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན་དང་ཡང་ཆོས་ཀྱི་དགའ་སྟོན་རེས་མཛད། བྱང་པ་རིག་འཛིན་ངག་གི་དབང་པོའི་སྤྲུལ་པའི་སྐུ་སྔ་འགྱུར་བསྟན་པའི་ནི་མ་རིག་འཛིན་པདྨ་ཕིན་ལས་ངོས་འཛིན་པར་མཛད་ཅིང་ཐུབ་བསྟན་རྡོ་རྗེ་བྲག་གི་གདན་སར་བཀོད་ནས་བཀའ་གཏེར་གྱི་ཆོས་མཐའ་དག་བསྩལ་ཞིང་བསྟན་པའི་བདག་པོར་མངའ་གསོལ། སྐུ་ཚེའི་མཐར་འགྲོ་མགོན་སྐྱེ་མེད་ནང་གི་གདན་ས་གུང་ཐང་དུ་བཞུགས། དར་ལྡིག་རིག་འཛིན་ཆེན་པོ་ཕྲིན་ལས་ལྷུན་གྲུབ་ལ་སྙིང་པོའི་རྒྱུད་ཀྱི་བཤད་པ་གནང་། རྒྱ་བོད་ཧོར་གསུམ་གྱི་བླ་མ་སྐྱེ་སྤྲུལ་སོགས་ཆོས་དོན་གཉེར་རྣམས་ལ་བཀའ་གཏེར་གསར་རྙིང་གིས་རྣམ་པར་གྲོལ་བབའི་ལམ་གྱི་དངོས་པོ་ཅི་རིགས་བར་སྦྱོར་བ་མཛད་ནས་ས་བྱ་ལོར་དགུང་གྲངས་རེ་དྲུག་ལོན་པ་ན་ངོ་མཚར་གྱི་ལྟས་དང་བཅས་པདྨ་འོད་ཀྱི་ཞིང་ཁམས་སུ་གཤེགས་སོ། རྗེ་འདི་ཉིད་ལ་ཐུགས་སྲས་སློབ་མའི་ཚོགས་བགྲང་གིས་མི་སྤྱོད་པར་བཞུགས་ཀྱང་། གཙོ་བོར་གྱུར་པ་ནི་རྒྱལ་མཆོག་ལྔ་པ་ཆེན་པོ་སྟེ་ཁམས་གཞན་དུ་གཤེགས་པའི་ཚེ་ཡང་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བར་གསུངས་ཤིང་། རྣམ་ཐར་རྒྱལ་བ་མཆོག་(སྟོད་ཆ།༤༧༩)གི་ཞལ་གསུང་མར། །ལེགས་བྱས་འདི་མཐུས་རིག་རྩལ་ཀུན་ཏུ་བཟང་། མངོན་སུམ་རང་ངོ་འཕྲོད་མིན་དེ་སྲིད་དུ། །སྐྱེ་བར་མགོན་པོ་ཁྱོད་ཀྱིས་དགེ་བའི་བཤེས། མཛད་ནས་འབྲལ་བ་མེད་པར་རྗེས་འཛིན་ཤོག །ཅེས་གསུངས་པས་ཀྱང་མཚོན་པར་ནུས་སོ། །འདིས་གནུབས་ཅེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་གཉོས་སྟོན་ཆེན་པོ་ཕྲིན་ལས་ལྷུན་གྲུབ་ལ་གསང་བ་སྙིང་བོའི་བཤད་རྒྱུད་སྤར་ཁབ་དང་གཡུང་ཊཱི་ཀ་གཉིས་ཀའི་སྟེང་ནས་བཙལ་ཞིང་། དེ་ལས་བཻ་རོ་དང་གཡུ་སྒྲའི་ཐུགས་བསྐྱེད་སུ་སུ་སྨིན་པ་རིག་འཛིན་འགྱུར་མེད་རྡོ་རྗེ་སྐུ་མཆེད་ཀྱི་བཀའ་དྲིན་ལས་དེང་སང་གི་བར་དུ་རྒྱུན་མ་ཆད་བར་བྱུང་བ་ཡིན་ནོ། ཡང་ཁམས་ལུགས་སུ་གྲགས་པ་ནི། གསང་བ་སྙིང་པོའི་འགྲེལ་པ་སློབ་དཔོན་ཉི་འོད་སེང་གེས་མཛད་པ་བཻ་རོ་ཙ་ནས་ཁམས་འོ་རྡུ་བྱམས་ཆེན་གྱི་གཙུག་ལག་ཁང་དུ་བསྒྱུར་ནས་བཤད་པའང་མཛད། ཁྱད་པར་ཕྱོགས་དེར་སྔ་འགྱུར་གྱི་བསྟན་པ་ཡོངས་སུ་གྲགས་པར་བྱུང་བའི་ཐོག་མ་ལྟ་བུ་ནི་ཀཿ ཐོག་པ་ཡིན་ཅིང་། དེ་ལ་ཀཿ ཐོག་པ་དམ་པ་བདེ་བར་གཤེགས་པ་ཞེས་ཀྱང་བྱ། བླ་མ་ཤར་པ་སྤོབས་པ་མཐའ་ཡས་སམ་ཤེས་རབ་སེང་གེ་ཞེས་གྲགས་པའི་བདག་ཉིད་ཆེན་པོ་དེ་ནི་བསྐལ་པ་ཐོག་མ་མེད་པའི་དུས་ནས་བྱང་ཆུབ་མཆོག་གི་གོ་འཕང་མངོན་དུ་བྱས་པ་ཞིག་སྙིང་པོ་མཆོག་གི་བསྟན་པ་དང་གདུལ་བྱ་མང་པོ་ཞིག་གི་དོན་མཛད་པའི་ཕྱིར་ཐབས་ལ་མཁས་པའི་གནང་གསང་གིས་ལྷའི་དབང་པོ་བརྒྱ་བྱིན་གྱི་སྲས་མོ་དང་། འོད་སྲུང་གི་དུས་སུ་རྒྱལ་པོ་ཀྲྀ་ཀའི་སྲས་མོ་བདུན་གྱི་ཆེ་བར་སྐྱེ་བ་བླངས་ཤིང་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་དུ་མས་མཉེས་པར་བྱས་(སྟོད་ཆ།༤༨༠)པའི་འོག་ཏུ་བདག་ཅག་གི་སྟོན་པའི་དྲུང་དུ་གནས་བརྟན་པོ་བྷ་ར་དྷྭ་ཛ་དང་། དེའི་རྗེས་སུ་མུ་སྟེགས་ཀྱི་པཎྜི་ཏ་ཕྱིས་སངས་རྒྱས་པར་གྱུར་པ་ཞིག་དང་། སྒེང་ལའི་རྒྱལ་པོའི་རིགས་སུ་འཁྲུངས་ནས་ལེནྚའི་མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་ཞིང་དུས་སྐབས་དེར་མུ་སྟེགས་ཞི་བ་པ་ཞིག་གིས་བསྟན་པ་ལ་གནོད་པ་ཆེར་བྱས་པས་སློབ་དཔོན་གྱིས་ཐོག་མར་གྲུབ་མཐའ་དེ་ལ་བསླབས་ནས་ཉམས་འོག་ཏུ་ཆུད་པ་དང་གཟོད་རྩོད་བས་བཏུལ་ཏེ་ནང་པར་ཆུགས། ཡང་མུ་སྟེགས་ཀྱི་མཁས་པ་འགའ་ཞིག་དང་རྩོད་པའི་ཚེ་འཇམ་དཔལ་དབྱངས་མདུན་གྱི་ནམ་མཁར་བྱོན་པས་རྩོད་པའི་སྤོབས་པ་བཅོམས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུངས་ནས་ལྷོ་ཕྱོགས་སུ་བྱོན་པ་སོགས་སློབ་དཔོན་ཆེན་པོ་ཞི་བ་ལྷར་གྱུར་པ་དང་། དགའ་རབ་རྡོ་རྗེའི་སློབ་མ་ཏོག་རྩེ་པར་གྱུར་ནས་བསམ་གྱིས་མི་ཁྱབ་པའི་གཞུང་མཛད་པ་དང་། བོད་ཀྱི་ལྗོངས་སུ་སད་མི་བདུན་གྱི་ནང་ནས་རྨ་རིན་ཆེན་མཆོག་ཏུ་གྱུར་ནས་གསང་བ་སྙིང་པོའི་རྒྱུད་ལ་སོགས་པ་བསྒྱུར་ནས་ཉན་བཤད་བྱས་པ་དང་། འཕགས་ཡུལ་ནུབ་ཕྱོགས་ཝཱ་ར་ཎཱ་སིའི་རྒྱལ་པོར་གྱུར་པའི་ཚེ། བླ་མཆོག་པཎྜི་ཏ་དང་། བར་ལ་ཕྲ་མ་བཅུག་པའི་བློན་པོའི་ལྕེ་བཅད་པས་ད་ལྟ་ལྗངས་ཅུང་ཟད་མི་བདེ་བ་ཡིན་གསུངས་པ་དང་། རི་དྭངས་ཀྲྀཥྞ་སཱ་ར་དང་། དྲང་སྲོང་གྒཱང་ར་རིའི་དྲུག་དུ་ནེ་ཅོ་ཞིག་ཏུ་གྱུར་པ་ལ་དྲང་སྲོང་གིས་རིག་སྔགས་བསླབས་པས་ཤེས་ཤིང་ནུས་པའང་ཐོབ། དུས་གཞན་ཞིག་ཏུ་རི་དེའི་ཤར་ཕྱོགས་ཀྱི་མཚོ་ཞིག་ལ་གནས་པའི་ཀླུ་སེམས་ཅན་ལ་བྱམས་པ་ཞིག་ཡོད། དེའི་ལྷོ་ཕྱོགས་སུ་ནག་པོའི་ཕྱོགས་ཀྱི་ཀླུ་གདུག་པ་ཅན་ཞིག་ཀྱང་ཡོད་དེ་དེས་སེམས་ཅན་ལ་གནོད་པ་(སྟོད་ཆ།༤༨༡)རྩོམ་པའི་སྔ་རོལ་དུ་ཀླུ་དཀར་པོའི་སྟེང་དུ་དམར་དྲངས་ནས་འཇིགས་པའི་ཆོ་འཕྲུལ་དང་བཅས་པས་འོངས་པ་ན་ཀླུ་དཀར་པོས་ནེ་ཙོ་ལ་སྐྱབས་སུ་སོང་བས། དེས་གདུག་པའི་ཀླུའི་པྱོགས་སུ་བལྟས་ཏེ་རིག་སྔགས་བཟླས་ཤིང་གཤོག་པ་བརྟབ་པས་གདུག་པའི་ལག་འགྲོ་འཁོར་དང་བཅས་པ་དེ་ཉིད་དུ་བརླག་པར་གྱུར་ཏོ། དེའི་འོག་ཏུ་འཕགས་ཡུལ་ནུབ་ཕྱོགས་སུ་རྒྱལ་རིགས་ཀྱི་པཎྜི་ཏ་རྟེན་རབ་བྱུང་ལ་སྔགས་ཀྱི་ནུས་པ་ཐོབ་པོས་ཊཱཀྐི་རྣམས་ལ་དབང་བསྒྱུར་བ་རཏྣ་ཤྲཱི་ལ་ཞེས་པ་དང་། ལྷོ་ཕྱོགས་ཀྱི་རྒྱུད་རྗེ་རིགས་ཀྱི་པཎྜི་ཏ་གཞོན་ནུ་སེང་གེ་ཞེས་སྔགས་ལ་མཁྱེན་པ་ཆེ་བ་ཞིག་དང་། དེའི་འོག་ཏུ་པཎྜི་ཏ་ཆེན་པོ་སུ་མ་ཏི་ཀཱིརྟི་འམ་མཚན་གཞན་པ་སོ་སེནྟ་པར་གྲགས་པ་དཔལ་ནཱ་རོ་པའི་དངོས་ཀྱི་སློབ་མར་གྱུར་ཅིང་། བཀའ་བབ་དང་པོ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་རང་དབང་བརྙེས་ཤིང་རྒྱུད་སྡེ་ཐམས་ཅད་ལ་མཁྱེན་པ་ཆེ། ཁྱད་པར་བདེ་མཆོག་ལ་གྲུབ་པ་ཐོབ། ལྷོ་བྲག་མར་པ་ལོ་ཙཱས་ཀྱང་ནཱ་རོ་པའི་འོག་ཏུ་བཀའ་དྲིན་ཆེ་བའི་བླ་མར་མཛད། སྐུ་ཚེའི་མཏར་མི་ཉག་རྒྱལ་པོས་སྤྱན་དྲངས་ཏེ་རྒྱལ་ཁམས་དེར་ཕེབས་རྒྱལ་པོ་ལ་དབང་བསྐུར་བ་དུ་མ་སོགས་དང་ཕན་པ་རྒྱ་ཆེན་པོ་མཛད། དེ་ནས་ཀྱི་ཏན་གྱི་རྒྱལ་པོས་ཀྱང་སྤྱན་དྲངས་ཏེ་སྔོན་དུ་ཆོས་མ་དར་བས་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཅུག་ཅིང་། རྒྱལ་སྲིད་ཆོས་བཞིན་བྱེད་དུ་བཅུག །རྒྱལ་པོས་གཅོས་དྲ་མ་ཐམས་ཅད་ཀྱིས་བསྒོམས་པས་དངོས་གྲུབ་བཀུར་མཛད་ཅིང་ཡི་དམ་དུ་ཕོག་པ་ཐམས་ཅད་ཀྱིས་བསྒོམས་པས་དངོས་གྲུབ་སྣ་རེ་མ་ཐོབ་མེད་པར་གྲགས། དེ་ནས་རྒྱ་མཚོའི་གླིང་ཞིག་ཏུ་བྱོན་པ་ན་སྒྲ་དང་འོད་ལ་སོགས་པའི་ལྟས་ཆེན་པོ་བྱུང་ནས་གཤེགས་པའི་ཚུལ་བསྟན། དེ་ནས་བར་དོ་(སྟོད་ཆ།༤༨༢)གཞན་མ་བྱུང་བར་ཡབ་ཀྱི་སྤྱི་བོར་བཞུགས་ནས་ཡུམ་གྱི་ལྷུམས་སུ་ཞུགས་པ་ཡིན་གསུངས་ཏེ། བདག་ཉིད་ཆེན་པོ་འདིར་སྐུ་སྐྱེ་བ་བཞེས་པ་ཡིན་ནོ། དམ་པ་འདི་མདོ་ཁམས་བུ་འབོར་སྒང་དུ་གཏོགས་པ་འབྲི་ཆུའི་འགྲམ་དུ་རྗེ་ཕག་མོ་གྲུབ་པ་དང་ཡུམ་མཆེད་དུ་གྱུར་པ་སྟེ་རྗེ་ཕག་གྲུ་རྨེ་ཤོད་འབལ་མོར་ད་ལྟ་གསེར་ཁང་དུ་བརྗོད་པ་དེར་འཁྲུངས་པ་ཡིན་པས་རྗེ་འདི་ཡང་དེ་དང་མི་རིང་བ་ཞིག་ཏུ་འཁྲུངས་པ་ཡིན་ཏེ་གང་ལྟར་གདུང་རུས་སྒ་ཡབ་གཙང་པ་དཔལ་གྲགས། ཡུམ་གཙང་མོ་རིན་ཆེན་རྒྱན་གཉིས་ཀྱི་སྲས་སུ་ཆུ་ཕོ་སྟག་གི་ལོར་འཁྲུངས། འདི་རྗེ་ཁམས་པ་ཆེན་པོ་འམ་ཕག་གྲུ་ལོ་བཅུ་གསུམ་པའི་ཆུ་སྟག་དེ་ཡིན། བཅུ་བདུན་ལ་དབུས་སུ་བྱོན། འཕན་ཡུལ་དུ་བླ་མ་བྱང་ཆུབ་སེང་གེ་ལས་རབ་ཏུ་བྱུང་། མཚན་ཤེས་རབ་སེང་གེ་གསོལ། ནགས་ཀྱི་མཁན་ཆེན་ལས་སྨད་འདུལ་གྱི་རྒྱུན་ལས་བསྙེན་པར་རྫོགས་ཤིང་འདུལ་ཕྱོགས་ལ་མཁས་པར་སྦྱོངས། ཟུར་སྒྲོ་ཕུག་པ་ཆེན་པོའི་ཐུགས་སྲས་འཛམ་སྟོན་འགྲོ་བའི་མགོན་པོ་བྱ་བ་ལས་སྒྱུ་འཕྲུལ་གསང་སྙིང་གི་སྐོར་དང་སེམས་ཕྱོགས་སོགས་གསན་པས་དེ་དག་དེ་ལ་མཁས་པའི་ཕ ་རོལ་ཏུ་ཕྱིན། རྗེ་སྒྲོ་ཕུག་པ་དང་ཀཿ ཐོག་པའི་བར་ལ་བླ་མ་གཅིག་བཞུགས་པ་དེ་ཡིན། ལྔ་པ་ཆེན་པོའི་གསན་ཡིག་ཏུ་ཀཿ ཐོག་པ་རང་གིས་སྒྲོ་ཕུག་པ་ལ་ཐུག་པར་གསུངས། འཛམ་སྟོན་པ་ཞེས་པ་ནི་ཡུལ་གྱི་མིང་ནས་བཏགས་པ་སྟེ། རྗེ་ཀརྨ་པ་དུས་མཁྱེན་གྱི་རྣམ་ཐར་ལ་དཔྱད་ན་ཀམ་པོ་གནས་དང་ཉེ་བ་ཞིག་ཡིན་པར་གྲུབ་ཅིང་། དེ་ཉིད་ཀྱི་སློབ་མ་རྟོགས་ལྡན་ཞིག་གིས་སྐྱེ་བ་ངོས་བཟུང་བ་ལ་ཛ་སྐྱེ་བ་གསུམ་པ་ཞེས་གྲགས་པ་དང་། གཞན་ཡང་འཛམ་སྟོན་སངས་རྒྱས་བྱ་བ་དང་། འཛམ་གྱི་སྤང་ཕུག་ཏུ་བཞུགས་པའི་(སྟོད་ཆ།༤༨༣)བཙུན་པ་ཞིག་གིས་རྗེ་དུས་མཁྱེན་སྤྱན་རས་གཟིགས་སུ་མཐོང་བས་འཛམ་ཡུལ་ཙམ་ན་སྒོམ་བཟང་བར་གྲགས་པ་སོགས་གྱི་ལོ་རྒྱུས་བྱུང་བ་དཔའ་བོ་གཙུག་ལག་པས་ཀྱང་དེ་དང་མཐུན་པར་བཀོད་འདུག་ཅིང་། ད་ལྟ་འགའ་ཞིག་གིས་འདམ་སྤང་ཕུག་ཅེས་བརྗོད་པའི་ཡུལ་དེ་ཡིན་ནོ། །རཱ་ལོའི་སློབ་མ་ཀམ་ལོ་ཙཱ་ལས་བདེ་མཆོག་རྒྱུད་ཆེན་བཅུ་སོགས་དང་། ཅོག་རེ་ལོ་ཙཱ་ལས་ཕག་མོ་ཕྱི་མ་དང་སྡོམ་འབྱུང་། ཀམ་ཆོས་ཀྱི་ཡེ་ཤེས་ལས་དགྱེས་པ་རྡོ་རྗེའི་སྐོར། འགོས་ལོ་ཙཱའི་སློབ་མ་ལྡང་སྟོན་རྡོ་རྗེ་སྙིང་པོ་དང་བོདྷི་ཞང་སྟོན་ལས་འདུས་པ། དེ་གཉིས་ཀའི་སློབ་མ་ལ་སྟོད་དཔལ་གྱི་དབང་ཕྱུག་ལས་སྒྲོན་གསལ་གྱི་བཤད་པ་དང་གཤེད་སྐོར། རྗེ་དུས་མཁྱེན་ལས་འཁོར་ལོ་བདེ་མཆོག་གི་དབང་བཀུར་གྱི་རིམ་པ་དང་། ཕྱག་རྒྱ་ཆེན་པོ། ནཱ་རོ་ཆོས་དྲུག་གི་མན་ངག་ལ་སོགས་པ་རྣམས་གསན། རྗེ་དབུ་པའི་ཐུགས་ཀྱི་སྲས་མཆོག་ཏུ་མཛད་ཅིང་སྤྱིར་ཡང་བདག་ཉིད་ཆེན་པོ་འདིའི་སྐྱེ་བ་དུ་མར་འཇམ་དཔལ་དབྱངས་ཀྱིས་དགེ་བའི་བཤེས་གཉེན་མཛད་པས་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་སྤངས་པའི་ཐམས་ཅད་མཁྱེན་པར་བཞུགས་ཤིང་མདོ་སྔགས་སྤྱི་དང་ཁྱབ་པར་རྡོ་རྗེ་ཐེག་པ་སྔ་ཕྱིར་བོད་ཀྱི་ལྗོངས་སུ་འགྱུར་བ་ཙམ་ལ་གསན་བསམ་མ་མཛད་པ་མེད་པ་ལྟ་བུ་དང་། འཛམ་སྟོན་རིན་པོ་ཆེས། ཁྱོད་ཀམ་པོའི་གནས་སུ་སོང་ནས་སྒྲུབ་པ་ལ་གཞོལ་ན་ཕུང་པོ་འོད་དུ་དེངས་པ་ཞིག་འོང་ཀཿ ཐོག་ཏུ་སོང་ནས་བསྟན་པ་མཐར་རྒྱས་པ་ཞིག་འོང་ཏེ་མཆི་གསུངས་པས་བསྟན་པ་ཁོ་ན་ཐུགས་ལ་བཅངས་ཏེ་ཀཿ ཐོག་ཅེས་པའི་ས་ཆ་འཚོལ་ནས་བྱོན་པ་ཞིག་ལ་ཐོག་མར་ཀ་ཐིལ་དུ་སླེབས་ཤིང་དེར་ཕྱུགས་འཚོ་བའི་བྱིས་པ་རྣམས་ལ་ཀཿ ཐོག་གང་དུ་ཡོད་འདྲི་བར་མཛད་(སྟོད་ཆ།༣༨༤)པས་ཕུ་ཡ་ཀི་ཡིན་ཟེར། དེར་ཕྱུགས་རྣམས་གདུལ་བྱའི་རྟེན་འབྲེལ་དང་། རྫི་བུ་རྣམས་སློབ་མའི་རྟེན་འབྲེལ་དུ་དགོངས། དེ་ནས་ས་ཡུལ་ཡི་གེ་ཀ་འདྲ་བའི་ཐོག་ས་མོ་ཡོས་ཀྱི་ལོར་དགོན་པ་འདེབས་པའི་གཙུག་ལག་ཁང་བཞེངས་པ་ན་བོན་གྱི་ཐ་ཚིག་ལ་གནས་པའི་རྡོ་གཉན་རྨང་བུས་གཟུགས་དངོས་སུ་བསྟན་ནས་སྒོ་སྣ་ཚོགས་ཀྱིས་བར་ཆད་བརྩམས་པ་ལ་རྗེ་དཔོན་སློབ་གསུམ་གྱིས་རྗེས་འདེད་དུ་ཕྱིན་པ་ན་ཕ་ཝང་ཞིག་ལ་ཐིམ། དེ་ཆོས་རྗེ་གཙང་སྟོན་གྱིས་ཆོས་གོས་ཀྱིས་བཅིངས་ནས་ཁྲིད། དམ་པས་ཕྱག་ལྕག་གིས་བྲབ་ནས་དེད། ལུང་པའི་ཤོད་ཀྱི་ཆུ་ཁར་བསྐྱལ་བ་དེང་སང་མངོན་སུམ་གྱི་ཡུལ་དུ་གྱུར་པ་དང་། བོན་པོ་བརྒྱད་ཀྱིས་ངན་སྔགས་བསྒྲུབས་པ་དཔལ་ལྷ་མོས་སྒྲུབ་ཁང་གི་བྲག་བརྟིབས་ནས་སླེབ་པ་དེའི་སྟེང་དམ་པའི་ཕྱག་གིས་རྒྱ་གྲམ་བྲིས་པས་ཕ་ཝང་བརྒྱད་སླེབས་བྱ་བ་ཡིན། དེ་ལ་སོགས་པ་གྲུབ་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་དང་བཅས་དཔས་ཆོས་གཞི་བཏབ་ནས་བཞུགས། ཤར་ཨ་མདོའི་ཡུལ་ཚུན་ཆད། ལྷོ་ཚ་བ་རོང་དང་ཀློ་མོན་ཚུན་གྱི་སློབ་མ་རྣམས་འདུས་པ་ལ་གཙོ་བོར་རྫོགས་པ་ཆེན་པོ་དང་། སྒྱུ་འཕྲུལ་གསང་བ་སྙིང་པོའི་བཤད་བཀའ་དང་དབང་བཀའ་སྒྲུབ་པ་སོགས་རྒྱ་བོད་ཀྱི་འགྲེལ་པ་གཞུང་ཆེ་ཆུང་ཐམས་ཅད་ལ་དཔལ་ལྡན་ཟུར་པའི་བཀའ་སྲོལ་གྱི་རྒྱུན་དང་མདོ་དགོངས་པ་འདུས་པ་ལ་སོགས་རྩལ་དུ་བཏོན་ནས་གསུངས། གཞན་ཡང་འཇམ་དཔལ་སྒྱུ་དྲ་སོགས་དང་མདོ་ཕྱོགས་སུའང་རྒྱལ་བ་བྱམས་པའི་གཞུང་ཆེན་པོ་རྣམས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སོགས་ཤིན་ཏུ་མང་བར་མདོ་ཁམས་ཀྱི་ལྗོངས་སུ་གསང་སྔགས་ཀྱི་བསྟན་པ་གཞི་བཞེངས་སུ་བཏིངས་པ་ཡིན། དགུང་ལོ་(སྟོད་ཆ།༤༨༥)དོན་གཅིག་པར་ཆུ་ཕོ་བྱི་བའི་ཐ་སྐར་ཅན་གྱི་ཟླ་བར་གཟུགས་སྐུ་བསྡུས་པའི་ཚུལ་བཞེས། སྐྱེས་བུ་ཆེན་པོ་འདི་ཉིད་ལ་འཕགས་པ་འཇམ་དཔལ་དབྱངས་ནི་གཤེགས་བཞུགས་མི་མངའ་བར་དུས་ཐམས་ཅད་དུ་མི་ལབ་པ་བཞིན་བཞུགས་ཤིང་མཛད་པ་ཐམས་ཅད་ལུང་བསྟན་པ་ཞིག་ཡོད་ལ། སངས་རྒྱས་མི་བསྐྱོད་པ་དང་། བདེ་བ་ཅན་དང་། སྨན་གྱི་བླ་མའི་ཞིང་ཁམས་སོགས་ནི་རྟག་པར་གཟིགས། སྒྱུ་འཕྲུལ་ཞི་ཁྲོ་དང་། བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས། དཔལ་ཧེ་རུ་ཀའི་དཀྱིལ་འཁོར་རྣམས་ཀྱང་ནམ་བཞེད་ལ་གཟིགས་ཤིང་། དེ་བཞིན་གཤེགས་པ་རིགས་ལྔ་སོགས་ལས་ཆོས་གསན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་དང་ཆོས་ཀྱི་གཏམ་མཛད་པ་དང་སྐུའི་སྐྱེ་བ་འདི་ཉིད་ཀྱི་འོག་ཏུ་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་བློ་གྲོས་སྙིང་པོ་ཞེས་བྱ་བའི་ཚུལ་གྱིས་བཞུགས་ཤིང་ས་བརྒྱད་པའི་མངོན་རྟོགས་བརྙེད་པ་དང་། མ་འོངས་པ་ན་བསྐལ་པ་སྐར་མ་བཀྲམ་པ་ལྟ་བུ་ལ་བདེ་བར་གཤེགས་པ་ཚེ་དཔག་ཏུ་མེད་པར་འགྱུར་བའི་ལུང་བསྟན་བརྙེས་ཤིང་མདོར་ན་སྐྱེས་བུ་འདི་ཉིད་ཀྱི་སྤངས་རྟོགས་ནི་ཐུན་མོང་གི་སྣང་ངོར་སྤྲུལ་པའི་སྐུ་འཇིག་རྟེན་ཏུ་བཞུགས་པ་ལ་དགོངས་པ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་དང་དབྱེར་མེད་པ་སྟེ་སོ་སྐྱེས་བསམ་པར་མི་ནུས་སོ། དེ་ཉིད་ཀྱི་རྒྱལ་ཚབ་གཙང་སྟོན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་མི་བསྐྱོད་པའི་རྣམ་པར་འཕྲུལ་པ་ལས་འཕགས་པའི་ཡུལ་དུ་མངའ་བདག་མཻ་ཏྲི་བའི་ཐུགས་སྲས་རྒྱ་གར་ཕྱག་ན་ཞེས་བྱ་བར་གྱུར་ཅིང་སློབ་དཔོན་དེ་ལས་དབང་བཞི་རྟེན་ཅན་ཞུས་ནས་བསྒོམས་པས་ཕྱག་རྒྱ་ཆེན་(སྟོད་ཆ།༤༨༦) པོའི་བཀའ་བབ་ཅིང་རྟོགས་པ་མངོན་དུ་གྱུར། གླང་ཆེན་སྨྱོན་པར་སྡིགས་མཛུབ་བསྟན་པས་བཟློག་པ་སོགས་ནུས་པ་ཐོབ། མཐར་སྐུ་ལུས་དེ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། དེའི་འོག་ཏུ་ཀམ་ལོ་ཙཱ་བ་ཡེ་ཤེས་མཆོག་ཅེས་བྱ་བ་སྔགས་རྒྱུད་ཐམས་ཅད་ལ་མཁས་ཤིང་ཁྱད་པར་ཙཀྲ་སམྦ་ར་ལ་བརྟེན་རས་གྲུབ་པ་བརྙེས་པ་ཞིག་དང་། དེའི་རྗེས་སུ་གཙང་ཁའི་ཕྱོགས་སུ་སྡེ་སྣོད་འཛིན་པ་ཆེན་པོ་ཞིག་དང་། དེའི་འོག་ཏུ་ཆོས་ཀྱི་རྗེ་ཉིད་ཡིན་པར་གསུངས་ཤིང་འཁྲུངས་པའི་ཡལ་ནི་བུ་འབོར་སྒང་གི་བྱེ་བྲག་གཙང་ཞལ་ཞེས་པ་དེ་ཉིད་ཡིན་ནམ་སེམས་ཏེ། ཡུལ་ལས་མཚན་དུ་ཆགས་པར་གཙང་སྟོན་ཞེས་བརྗོད་པའི་ཕྱིར་དང་། རྗེ་ཉིད་ཀྱི་གསུངས་ལས། བན་སྡོམ་རྡོ་རྗེ་རྒྱལ་མཚན་བུ་འབོར་སྒང་དུ་སྐྱེས་པ་ཡིན། བླ་མ་དམ་པ་བསྟེན་པ་ཡིན། གདམས་ངག་བདུད་རྩི་འཐུས་པ་ཡིན། སྒྲུབ་ལ་བརྩོན་འགྲུས་ཆུད་པ་ཡིན། དཀར་པོའི་གྲོགས་གྱིས་བཏགས་པ་ཡིན། །མི་ངོ་བསྲུང་ལ་གཡེལ་བ་ཡིན། །སྦས་ཡུལ་མཐིལ་དུ་རྒས་པ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། དགུང་ལོ་བཅུ་བདུན་པར་བླ་མ་བདེ་བར་གཤེགས་པ་མཇལ་ནས་ཆོས་གསན། དཔོན་སློབ་ལྷན་ཅིག་པར་མི་ཉག་ཏུ་བྱོན། དེར་མན་ངག་ཐམས་ཅད་གནང་། ཉི་ཤུ་རྩ་གཅིག་པར་འབྲི་ཏིར་དགོན་དུ་བྱོན་ནས་བཞུགས། ཉེར་གསུམ་ལ་ཀཿ ཐོག་ཏུ་བྱོན་ནས་བསྒོམས་པས་དུས་གཞན་ཞིག་ཏུ་བླ་མ་བདེ་བར་གཤེགས་པའི་ཉམས་སྣང་དུ། ལུང་མདོ་ཆེན་པོ་ཞིག་ཆུས་གང་བའི་ནང་དུ་འོད་ཆེན་པོ་བལྟར་མི་བཟོད་པ་ཞིག་འདུག་པ་ལ་ཅི་ཡིན་གསུངས་པར་སྐྱེས་བུ་ཆེན་པོ་ཁྱོད་ཀྱི་སློབ་མ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་གནས་པའི་གདན་ཡིན་ཟེར་བ་བྱུང་།(སྟོད་ཆ།༤༨༧)དེ་ཁྱོད་ཡིན་གསུངས། དེ་ཙམ་ན་དཔལ་ཧེ་རུ་ཀ་དང་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་རྣམས་གཟིགས། དཔལ་ལྷ་མོ་དང་ནག་པོ་ཆེན་པོ་ཡང་དུས་རྟག་ཏུ་གཟིགས། དགུང་ལོ་དྲུག་པ་ལ་ཀཿ ཐོག་གི་གདན་སར་ཕེབས་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་བླ་མའི་བཀའ་སྲོལ་བཞིན་བསྐྱངས། འདི་སྐབས་སུ་སེམས་དཔའ་ཆེན་པོ་སྤོམས་བྲག་པས་ཀཿ ཐོག་གི་རིན་པོ་ཆེ་གཙང་སྟོན་པ་དེ་སྙན་པ་ཤིན་ཏུ་ཆེ་བས་ཅི་འདྲ་ཞིག་ཡིན་ནམ་དགོངས་པ་བཏང་བས་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་འོད་སྔོན་པོའི་གཞལ་ཡས་ཁང་ཆེན་པོ་ཞིག་གི་ནང་ན་ལོངས་སྤྱོད་རྫོགས་པའི་ལྷ་ཚོགས་མང་པོ་བཞུགས་པ་གསལ་བ་དང་། རིན་པོ་ཆེ་གཙང་སྟོན་པ་བཞུགས་པའི་ཐད་ནས་འཇའ་འོད་ཁ་དོག་སྣ་ཚོགས་པའི་ཕུང་པོ་བསམ་གྱིས་མི་ཁྱབ་པ་གཟིགས་པས་འདི་སངས་རྒྱས་ཡིན་པར་འདུག་དགོངས་ནས་དེ་ནུབ་ཚོགས་མཆོད་ཅིག་མཛད་པར་གསང་སྔགས་རྙིང་མའི་ཧེ་རུ་ཀཿ མང་པོ་ཞལ་གཟིགས། མནལ་ལམ་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་ཆེན་པོ་དཔག་པར་དཀའ་བ་ཞིག་གི་ངོས་སུ་སྨན་སྣ་ཚོགས་སྐྱེས་པ་ལ་མི་མང་པོ་སྨན་ཐུ་ཞིང་འདུག རི་དེའི་རྩེ་མོ་ན་འོད་སྔོན་པོའི་གཞལ་ཡས་ཁང་ཆེན་པོ་ཞིག་གི་དབུས་སུ་བླ་མ་ཀཿ ཐོག་པ་འོད་ཀྱི་རང་བཞིན་དུ་བཞུགས་འདུག །དུང་དཔག་ཏུ་མེད་པ་འཕྲོས་ཏེ་ཐམས་ཅད་ཀྱང་རང་གྲགས་ཕྱོགས་ཐམས་ཅད་ཁྱབ་པར་དི་རི་རི་འགྲོ་བ་གཟིགས། ཁོང་གི་སྙན་པ་ཕྱོགས་མེད་དུ་འགྲོ་བར་འདུག་གསུངས། དེའི་ཕྱིས་སུ་ཀཿ ཐོག་ཏུ་བྱོན་ནས་རིན་པོ་ཆེ་གཙང་སྟོན་ལས་སྒྱུ་འཕྲུལ་གྱི་དབང་བསྐུར་བ་ཞུས་པས་མཁྱེན་པའི་ཡེ་ཤེས་ཕྱོགས་མེད་དུ་སད་པར་གྱུར།(སྟོད་ཆ།༤༨༨)ཀཿཐོག་པ་ཐུགས་དམ་རྫོགས་པ་ཆེན་པོ་ལ་མཉམ་པར་བཞག་པའི་ཚེ་ནམ་མཁའ་ལྟར་ཅིར་ཡང་མི་སྣང་བ་དང་། ནུབ་གསུམ་ལ་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་གཟིགས་པ་སོགས་དག་སྣང་བསམ་གྱིས་མི་ཁྱབ་པ་ཤར་གསུངས། དེ་ཡང་རིན་པོ་ཆེ་འདི་ཉིད་ཀྱི་ཐུགས་རྒྱུད་ཀྱི་ཡོན་ཏན་རྣམས་གཙང་སྟོན་རིན་པོ་ཆེའི་བྱིན་རླབས་ཀྱིས་སད་པར་མཛད་ལ། དེ་ཉིད་ཀྱི་ཡོན་ཏན་རྣམས་ཀྱང་སྤོམ་བྲག་པས་གཟིགས་པས་དཔོན་སློབ་དེ་དག་གི་མངོན་རྟོགས་ཅི་འདྲ་ཡིན་སོམས་ཤིག །ལན་གཅིག་མི་བསྐྱོད་པའི་ཞིང་ཁམས་གཟིགས་པ་ཞིག་ལ་འཁོར་གྱི་སེམས་དཔའ་རྣམས་ཀྱིས་ཅོས་རྗེ་འདི་ལ་བྱང་ཆུབ་སེམས་དཔའ་ནོར་བུའི་སྙིང་པོ་ཞེས་པའི་སྒྲ་དི་རི་རི་སྒྲོགས་ཤིང་སྐུའི་སྐྱེ་བ་དེའི་འོག་ཏུ་བདེ་བ་ཅན་དུ་དེ་ལྟར་འགྱུར་བ་ཡིན་གསུངས། ཡང་ཞིང་ཁམས་དེ་ཉིད་ལན་གཅིག་གཟིགས་པར་སྟོན་པ་མི་བསྐྱོད་པས་རིགས་ཀྱི་བུ་ནོར་བུའི་སྙིང་པོ་ཁྱོད་མ་འོངས་པའི་དུས་སུ་དེ་བཞིན་གཤེགས་པ་འོད་ཟེར་རབ་ཏུ་འཕྲོ་བ་ཞེས་བྱ་བར་འགྱུར་རེ་ཞེས་ལུང་བསྟན་པའང་གསན། དགུང་ལོ་དགུ་བཅུ་བཞེས་པ་མེ་ཕོ་བྱི་བའི་ལོར་སྤྲུལ་པ་བསྡུས་སོ། །དེ་ཉིད་ཀྱི་རྒྱལ་ཚབ་བྱམས་པ་འབུམ་ནི། འཕགས་པའི་ཡུལ་དུ་གྲུབ་ཆེན་ཛ་ལནྡྷ་རི་པའི་ཐུགས་སྲས་གྲུབ་པའི་འཁོར་ལོས་བསྒྱུར་བ་སྤྱོད་འཆད་དབང་པོ་ཡིན་ཏེ། རྗེ་བཙུན་མི་ཧྲི་ཛོ་ཀིས་སློབ་མ་སོ་མ་དོ་ཀི་ལ། ཁྱོད་བོད་དུ་འགྲོ་ན་ལན་གཅིག་ལཿ ཐོག་ཏུ་འགྲོ་དགོས་པ་ཡིན་གསུངས། ཅིའི་ཕྱིར་ཞུས་པས། སློབ་དཔོན་ཤཱནྟ་དེ་བ་དང་སློབ་དཔོན་བཛྲ་པཱ་ཎི་བོད་ལ་སྐྱེ་བ་བཞེས་ནས་གདུལ་བྱ་དཔག་ཏུ་མེད་པའི་དོན་མཛད་ལ། དེའི་གདན་སར་ད་ལྟའང་སློབ་དཔོན་ཀཧྞ་པ་ཆེན་པོ་སྐུ་སྐྱེ་བ་དེར་བཞེས་ནས་གདུལ་བྱ་(སྟོད་ཆ།༤༨༩)དཔག་ཏུ་མེད་པའི་དོན་མཛད་ནས་ད་ལྟའང་བཞུགས་སོ། །ཞེས་གསུངས་པ་དང་། གཞན་ཡང་། རྒྱ་གར་གྱི་རྒྱལ་པོ་དྷརྨ་པཱ་ལའི་སྲས་མ་ཧཱི་པཱ་ལར་འཁྲུངས་ཤིང་གྲུབ་པའི་སློབ་དཔོན་མང་པོ་བསྙེན་བཀུར་གྱིས་མཉེས་པར་མཛད། ཝཱ་ར་ཎཱ་སིར་བྲམ་ཟེའི་རིགས་ཀྱི་དགེ་སློང་དཱ་ན་ཀཱིརྟི་ཞེས་པ་བྲམ་ཟེ་ཆེན་པོའི་སློབ་མ་ཕག་མོ་ཞལ་གཉིས་མ་ལ་ཐུགས་དམ་མཛད་པ་ཞིག་དང་། མ་གདྷར་ཚོང་དཔོན་གྱི་རིགས་སུ་འཁྲུངས་པ་རྟེན་དགེ་སློང་ཨཱ་ནནྡྷ་ཤྲི་ཞེས་པ་བདེ་མཅོག་ལྷན་སྐྱེས་ལ་བརྟེན་ནས་དངོས་གྲུབ་བརྙེས་ཤིང་རྡོ་རྗེ་གདན་གྱི་མཁན་པོ་མཛད་ནས་བསྟན་པ་ལ་བྱ་བ་མཛད། དེའི་འོག་ཏུ་རྗེ་བྱམས་པ་ཆེན་པོར་སྐུ་སྐྱེ་བ་བཞེས་པ་ཡིན་ནོ། དམ་པ་རིན་པོ་ཆེ་དང་ཆོས་ཀྱི་རྗེ་གཉིས་ཅར་ལས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་སམ་གསན་བསམ་བསྒོམ་གསུམ་མཛད་དེ་མཐར་ཕྱིན་པ་ནི་ཆོས་ཀྱི་རྗེ་ལས་མཛད་པ་སྟེ། དམ་པ་རིན་པོ་ཆེས། བུ་ཁྱོད་ལས་བྱུང་བའི་བྱམས་པ་འབུམ། ཞེས་གསུངས་པའི་ཕྱིར་རོ། ཆོས་ཀྱི་རྗེ་སྐུ་མ་བཞུགས་པའི་འོག་ཏུ་དགུང་ལོ་ཞེ་བརྒྱད་པ་ལ་གདན་སར་བཞུགས་ཤིག་སྒྱུ་འཕྲུལ་དང་རྫོགས་ཆེན་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་དགའ་སྟོན་སྤེལ། མཆོག་གི་སྤྲུལ་སྐུ་ཀརྨ་པ་ཆེན་པོ་འབྲི་རྒྱལ་དམ་པ་ཤ་འབམ་དུ་ཐོག་མར་མཇལ་བ་ཞིག་ལ་ཁོང་གི་བཀའ་བཞིན་ཀཿ ཐོག་ཏུ་པེབས་ནས་བྱམས་པ་་རིན་པོ་ཆེས་མཁན་པོ་དང་། སྤྱན་སྔ་མང་ཕུ་བ་བསོད་ནམས་འབུམ་པས་ལས་སློབ་མཛད་དེ་ཀརྨ་པ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་ཏེ་ཐུབ་པའི་རྒྱལ་ཚབ་ཏུ་མངའ་གསོལ། མཚན་ཆོས་ཀྱི་བླ་མར་གསོལ་ཞིང་སྒྱུ་འཕྲུལ་(སྟོད་ཆ།༤༩༠)དང་རྫོགས་ཆེན་གྱི་དབང་དང་གདམས་པའང་གསན། དགུང་གི་གྲགས་དོན་བཞིའི་བར་བསྟན་པ་དང་འགྲོ་བའི་དོན་མཛད་ནས་ཆུ་བྱི་ལོར་གཟུགས་སྐུའི་བཀོད་པ་བསྡུས་ཤིག་དེའི་འོག་ཏུ་དཔལ་ལྡན་འབྲས་སྤུངས་སུ་བྱང་ཆུབ་སེམས་དཔའ་ཀ་མ་ལ་ཤྲཱི་ཞེས་པར་འགྱུར་ནས་གདུལ་བྱའི་དོན་མཛད། དེའི་རྗེས་སུ་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་ཟླ་བའི་སྙིང་པོ་འམ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་ཚུལ་གྱིས་ཕྱི་མཐའི་བར་བཞུགས་ཤིང་སེམས་ཅན་མཐའ་ཡས་པའི་དོན་མཛད་དོ། དེ་ཉིད་ཀྱི་རྒྱལ་ཚབ་སྤྱན་སྔ་བ་ཆེན་པོ་བསོད་ནམས་འབུམ་པ་དགུང་གྲངས་སུམ་ཅུ་བཞེས་པར་གདན་སར་བཞུགས། མདོ་སྒྱུ་འཕྲུལ་རྫོགས་ཆེན་གཙོ་བོར་བཏོན་ཅིག་བསྟན་པ་བསྐྱངས། རེ་གཅིག་པ་ལ་གཤེགས། དེ་ཉིད་ཀྱི་རྒྱལ་ཚབ་དབུ་འོད་ཡི་ཤེས་འབུམ་ཞིང་ཕོ་སྟག་ལ་སྐུ་འཁྲུངས། ཉེར་དགུ་ལ་གདན་པར་ཕེབས་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང་དུས་སྐབས་དེར་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་དང་འཕགས་པ་རིན་པོ་ཆེ་ཁུ་དབོན་ཧོར་རྒྱལ་པོས་གདན་དྲངས་ཏེ་ཕེབས། ས་སྐྱ་པ་བཞུགས་པའི་ཕྱོགས་ཐམས་ཅད་དངུལ་གྱི་ས་གཞི་དང་ས་འཛིན་གྱི་རང་བཞིན་དུ་གྱུར། ཅིག་ཤོས་ཀྱི་ཕྱོགས་སུ་དེ་དག་གིས་དབེན་པར་གྱུར་པ་ན། དེར་ལྷ་ཁང་ལ་གསར་རྙིང་གཉིས་རབ་གནས་དུས་གཅིག་མཛད་གྱུར་ཀཿ ཐོག་པའི་ཞལ་ནས་རབ་གནས་ཀྱི་ཐོག་མའི་བགེགས་བསྐྲད་དེ་ངེད་རྣིང་མ་བས་བྱེད། ཡེ་ཤེས་པ་ཞུགས་པ་སོགས་རབ་གནས་དངོས་གཞི་དེ་ཁྱེད་གསར་མ་བས་མཛད་པར་ཞུ་(སྟོད་ཆ།༤༩༡)གསུངས། དེར་ཀཿ ཐོག་པས་བགེགས་སྐྲོད་པའི་ཏིང་ངེ་འཛིན་ལ་ཞུགས་པས་ལྷ་ཁང་ཕྱི་ནང་བསྒྱུར། ས་སྐྱ་པས་ཡེ་ཤེས་པ་དབབ་པས་སླར་རྣལ་དུ་གནས་པར་མཛད་པའི་ངོ་མཚར་བསྟན། ཀཿ ཐོག་པས་འཕགས་པ་རིན་པོ་ཆེ་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་བསྐུར་བ་མཛད་ཅིང་ཧོར་ཡུལ་དུ་ཐེག། སླར་ཆོས་ཀྱི་རྗེ་ཧོར་ཡུལ་དུ་གཟུགས་སྐུ་བསྡུས། འཕགས་པས་བོད་དུ་ཕྱིར་བྱོན་སྐབས་སྐྱེས་སུ་མཆོད་རྟེན་ལི་མ་ཐོག་ཚད་གསུམ་དང་ཏིང་ཆེན་པོ་ཥདུན་ཚར་སོགས་ཀཿཐོག་ཏུ་འབུལ་བར་མཛད་པ་ད་ལྟའང་ཡོད། རྗེ་དབུ་འོད་པའི་རྒྱལ་ཚབ་བྱང་ཆུབ་དཔལ་ལ་དགུང་ལོ་ཞེ་བཞི་པར་གདན་སར་བྱོན། འདིའི་དུས་སུ་བར་ཁྲོད་དང་། ཡང་ཁྲོད་དང་། ངམ་ཕུག་རྣམས་སུ་ལས་ཀྱེད་རྣམས་ཀྱིས་ཕྱུགས་ལུག་མང་པོ་བསད་ནས་ཤ་པགས་པ་སོ་སོར་ཕྲལ་བ་ལ་དྲུང་ནས་སེ་གོལ་ཞིག་གཏོགས་པར་མཛད་པས་ཐམས་ཅད་ཅོ་དིར་གྱིས་མཁའ་སྤྱོད་དུ་སོང་བར་གྲགས། དགུང་ལོ་རེ་བཞི་པ་ལ་གཞན་དོན་དུ་གཤེགས། དེའི་རྒྱལ་ཚབ་བསོད་ནམས་བཟང་པོ་དགུང་ལོ་ང་གསུམ་པ་ལ་གདན་སར་ཕེབས། གཞི་སྒྱུ་འཕྲུལ་དང་རྫོགས་ཅེན་གྱིས་བཟུང་ཞིང་འདི་སྐབས་ཙམ་ན་ཉང་དང་ཆོས་དབང་སོགས་གཏེར་ཆོས་སྔོན་མ་རྣམས་ཅུང་ཟད་རེ་དར་བར་བྱུང་། རེ་གསུམ་པ་ལ་གཞན་དོན་དུ་གཤེགས། རྒྱལ་ཚབ་ཀུན་དགའ་འབུམ་བས་ཀྱང་སྔོན་བཞིན་དུ་བསྟན་པ་བསྐྱངས། དེ་ནས་དབང་ཕྱུག་དཔལ་བ་དགུང་གྲངས་སོ་བརྒྱད་པར་གདན་ས་མཛད་ཅིག་འདི་སྐབས་བཤད་པ་བག་ཙམ་རེ་ལས་སྒྲུབ་པ་ཁོ་ན་(སྟོད་ཆ།༤༩༢)གཙོ་བོར་མཛད་ཅིང་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པ་ལ། དུས་གཞན་ཞིག་ཏུ་འཇང་རྒྱལ་པོས་དམག་དཔུང་ཆེན་པོ་བྱུང་བར་ཉེ་གནས་ཀྱིས་དམག་བྱུང་བས་ཅི་ཙུག་དྲག་ཞུས་པར་ཁོང་ཉིད་ཀྱི་ཐོག་ཏུ་རྩམ་པ་མང་པོ་ལུགས་ཤིག་གསུངས། དེ་བཞིན་དུ་བྱས་པས་ཁ་བ་ཆེན་པོ་བབས་ནས་དམག་རྣམས་ཕྱིར་ལོག། སླར་ཞབས་སུ་བཏུད་དེ་གསེར་གྱི་ཐུབ་པའི་སྐུ་དང་། པ་སོ་ལས་བཅོས་པའི་ནྡྷོ་ལའི་བཀོད་པ། ད་ལྟའི་གཙུག་ལག་ཁང་གི་རྩེའི་གཉཛི་ར་ཆེ་བ་འདི་རྣམས་ཕུལ། དེ་ཉིད་དགུང་གྲངས་ང་གསུམ་པ་ལ་གཟུགས་སྐུ་བསྡུས། རྒྱལ་ཚབ་བློ་གྲོས་འབུམ་པས་ཞེ་གསུམ་པ་ལག་དན་ས་མཛད། འདིའི་སློབ་མ་ཆུ་གསོར་ནམ་མཁའ་འབུམ་སོགས་གྲུབ་བརྙེས་མང་པོ་བྱུང་། ཟུར་འུག་པ་ལུང་དང་གསང་སྔགས་གླིང་རྣམས་སུ་བར་སྐབས་སུ་བསྟན་པ་ཉག་ཕྲ་བར་གྱུར་པ་སྒྱུ་འཕྲུལ་སོགས་དར་བར་མཛད་ཅིང་དབུས་གཙང་ཁམས་གསུམ་དུ་བསྟན་པ་ལ་ཕྱག་རྗེས་ཆེ། རེ་ལྔ་པར་གཞན་དོན་དུ་གཤེགས། རྒྱལ་ཚབ་བློ་གྲོས་སེང་གེ་དགུང་ལོ་སོ་དྲུག་པར་གདན་ས་མཛད། བཀའ་མ་སྔ་དར་རྣམས་ཀྱིས་གཞི་བཟུང་ནས་གཏེར་མའི་སྐོར་ཡང་འདི་སྐབས་ཀ་དར་རྒྱས་སུ་མཛད་པ་ཡིན། དྲུག་ཅུ་པ་ལ་གཤེགས། རྒྱལ་ཚབ་བྱང་ཆུབ་བློ་གྲོས་ཀྱིས་ཀྱང་སྔོན་གྱི་རྒྱུན་དེ་ཀ་དང་ཁྱད་པར་སྒྱུ་འཕྲུལ་སྡེ་བཞི་དང་ལམ་རྣམས་བཀོད་ལའང་བཤད་པ་མཛད། རི་རྩིབ་དང་བར་ཁྲོད་སོགས་སྤོང་བ་བསམ་གཏན་གྱི་སྡེའང་ཤིན་ཏུ་རྒྱས། དེ་ཉིད་ཀྱི་རྒྱལ་ཚབ་བྱང་ཆུབ་སེང་གེ་དང་བྱང་ཆུབ་རྒྱལ་མཚན་གཉིས་ཀྱིས་ཀྱང་བཀའ་གཏེར་གྱི་འཆད་ཉན་སྒོམ་གསུམ་ཤིན་ཏུ་རྒྱས་པར་(སྟོད་ཆ།༤༩༣)མཛད། བྱང་ཆུབ་རྒྱལ་མཚན་གྱི་སློབ་མ་བུ་འབོར་མཁས་གྲུབ་ཛྙ་ན་ཀེ་ཏུ་ནི་གཉགས་ཡེ་ཤེས་གཞོན་ནུའི་རྣམ་འཕྲུལ་དུ་ལུང་གིས་བསྟན་ཅིང་མདོ་སྔགས་སྤྱིའི་ལམ་རིམ་ཐམས་ཅད་མཁས། ཁྱད་པར་མཁས་གྲུབ་ཆེན་པོ་བྲའོ་ཅོས་འབུམ་ལས་འདུས་པ་མདོ་དང་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་བཤད་པ་སྒྲུབ་ཐབས་སོགས་མ་ལུས་པར་གསན། བླ་མ་དེ་ལས་རྨོག་སྟོན་རྡོ་རྗེ་དཔལ་བཟང་གིས་འདུས་པ་མདོ་ཞུས་ཤིང་། དེ་ལས་སེམས་དཔའ་ཆེན་པོ་དར་ལུང་པ་རྡོ་རྗེ་རྣམ་རྒྱལ་གྱིས་ཞུས། རྒྱུན་དེ་ལས་འདུས་པ་མདོ་ཁམས་ལུགས་སུ་གྲགས་པ་དབུས་སུ་བབ་པ་ཡིན་ཏེ་སླར་འཆད་དོ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱིས་གསང་བ་སྙིང་པོ་རྩ་འགྲེལ་རྣམས་དང་། མདོ་དགོངས་འདུས། རྫོགས་ཆེན་སེམས་ཀློང་མན་ངག་གི་སྡེ་གསུམ་སོ་སོའི་བཀའ་སྲོལ་གྱི་རྩ་བ་རྣམས་སླར་ཡང་ཉི་མ་ལྟར་གསལ་བར་མཛད་ཅིང་བཤད་སྒྲུབ་ཀྱིས་བསྟན་པ་ཁྱབ་གདལ་དུ་སྤེལ། ཞི་ཁྲོ་དང་ཕུར་པ་བཀའ་མའི་འགྲེལ་པ། གསང་བ་སྙིང་པོ་ལ་འགྲེལ་པ། ས་བཅད། བསྡུས་དོན། ལམ་རྣམ་བཀོད་ལ་ཊི་ཀ་དང་མཆན་བུ། སྤར་ཁབ་དང་ཐུགས་ཐིག་ལ་མཆན་འགྲེལ། དམ་ཚིག་གསལ་བཀྲ་ལ་འགྲེལ་པ་གསལ་བའི་མེ་ལོང་། ཞི་ཁྲོའི་ཕྱག་རྒྱ་བཅིང་ཐབས་ཀྱི་ཡི་གེ། དམ་པ་རིན་པོ་ཆེའི་ཐེག་པ་སྤྱི་བཅིང་གི་འགྲེལ་པ། ཚོགས་ཀྱི་འཁོར་ལོའི་རྣམ་བཤད་སོགས་བསྟན་བཅོས་སིན་ཏུ་མང་བར་མདད། རྗེ་དེ་ཉིད་ཀྱི་སློབ་མ་ཁ་བ་དཀར་པོ་བ་ནམ་མཁའ་རྒྱ་མཚོ། ཀུན་དགའ་ཟླ་བ། ཕྱོགས་མེད་བྱང་སེམས། ལབ་སྟོན་ནམ་མཁའ་རིན་ཆེན་སོགས་མཁས་ཤིང་དངོས་གྲུབ་བརྙེས་པ་ཁོ་ནའང་མང་དུ་བྱོན་པ་ལས་ཁ་བ་དཀར་པོ་བས་གསང་སྙིང་(སྟོད་ཆ།༤༩༤)སྤྱི་དོན་དང་། ས་བཅད། བསྡུས་དོན། ལམ་རྣམ་བཀོད་ལ་ཊི་ལ་སོགས་མཛད། མཁས་གྲུབ་ཆེན་པོ་ཉིད་སྐུ་ཚེའི་མཏར་འཕགས་མཚོ་རི་ཁྲོད་དུ་སྒྲུབ་པ་ཁོ་ན་ལ་གཞོལ་ཞིང་བཞུགས་ནས་བུ་འབོར་དང་ཁ་བ་དཀར་པོ། འཇང་ཡན་ཆད་ཀྱི་གདུལ་བྦྷ་དཔག་ཏུ་མེད་པའི་དོན་མཛད་ནས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་ཁྱོད་དྲུག་ཅུ་རེ་བཞིའི་དུས་འདི་ནས་ཚེ་འཕོས་ནས་བྱང་གི་ཕྱོགས་སུ་འགྲོ་དོན་རྒྱ་ཆེར་མཛད། དེ་ནས་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་བདེ་བའི་མྱུ་གུས་སངས་རྒྱས་ཀྱི་ཞིང་སྦྱངས་ཤིང་དག་པའི་བསྐལ་པ་ཡོན་ཏན་བཀོད་པར་བདེ་བའི་སྙིང་པོ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ། ཞེས་ལུང་བསྟན་པའང་ཐོབ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཞལ་གཟིགས་ཤིང་ཐུན་མོང་གི་སྤྱོད་ཡུལ་དུའང་བླ་གོས་ཉི་ཟེར་ལ་བཀལ་བ་སོགས་མཁས་པ་དང་གྲུབ་པའི་རྣམ་ཐར་ལ་བསམ་གྱིས་མི་ཁྱབ་བོ། འདི་མན་ཆད་ཀཿཐོག་བླ་རབས་བཅུ་གསུམ་ཞེས་རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཟམ་མ་ཆད་པར་བྱོན་ཅིང་། སྔ་འགྱུར་གྱི་བསྟན་པ་བཤད་སྒྲུབ་གཉིས་ལྡན་གྱིས་བསྐྱངས་པ་ཡིན་ནོ། ཡང་དམ་པ་བདེར་གཤེགས་ཀྱི་སློབ་མ་རོང་པོ་ཐོས་ཆོག་རྣམ་གསུམ་ཞེས། ཤེས་རབ་རྒྱལ་མཚན་དང་། ཤེས་རབ་དཔལ་བ། ཤེས་རབ་རྡོ་རྗེ་གསུམ་སྟེ་དབང་རྣོན་ཅིག་ཅར་གྱི་གདུལ་བྱ་ཇི་བཞིན་པར་ངེས་ཤིང་དམ་པ་རིན་པོ་ཆེའི་ཆོས་གསུང་བའི་སྒྲ་ཐོས་པ་ཙམ་གྱིས་ཆོས་ཐམས་ཅད་ཀྱི་གཏིང་སླེབས་པའི་གྲུབ་པི་དབང་ཕྱུག་ཆེན་པོར་གྱུར། ཁོང་གསུམ་ཉིད་ཀྱིས་ཤར་རྒྱལ་མོ་རོང་དུ་བསྟན་པ་སྤེལ་བ་ལས་ད་ལྟའི་བར་བསྟན་(སྟོད་ཆ།༤༩༥)པ་རིན་པོ་ཆེ་མ་ཉམས་ཤིང་དར་བ་འདི་ཀ་བྱུང་བ་ཡིན་ནོ། ཡང་ཀ་དམ་པའི་སློབ་མའི་མཆོག་ལུང་བསྟན་བུ་བཞིར་གྲགས་པ་ལས། འབྲུ་ཚ་སྒང་པས་བུམ་རོང་བཞག་གསུམ་ཁ་བ་དཀར་པོ་ཡན་ཆད་དུ་དགོན་གནས་བརྒྱ་རྩ་བརྒྱད་བཏབ་པར་གྲགས་ཤིང་བསྟན་པ་ཁྱབ་གདལ་དུ་སྤེལ་བའི་ཕྱག་རྗེས་ཆེ། ཙ་སྡེ་སྤྱན་སྔ་ནམ་མཁའ་རྡོ་རྗེས་གོ་འཇོ་ཙ་སྡེ་དགོན་པ་འདེབས་པར་མདད། ཁོང་གི་སློབ་མ་དྲུང་ཐུགས་རྗེ་ཡེ་ཤེས། སྟོན་པ་དབང་འབྱོར་སོགས་ལས་སྒྱུ་འཕྲུལ་དང་རྫོགས་ཆེན་གྱི་སྐོར་རྣམས་དབུས་སུ་བབས་པས་ཁམས་ལུགས་ཞེས་པ་དེ་བྱུང་། རྨོང་སྟོན་འཇམ་དཔལ་སེང་གིས་འབྲི་རྒྱུད་དུ་དགོན་པ་མཛད་ཅིང་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་བསྒྲུབས། ཁོང་ལས་གྲུབ་ཐོབ་རྨོག་རབས་བཅུ་གསུམ་དུ་གྲགས་པའི་རྒྱུན་རྣམས་བྱུང་། གྲུབ་ཐོབ་མ་ཎི་རིན་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཐུགས་ཆེན་པོ་ཡང་སྙིང་འདུས་པའི་རྩ་བའི་ཆོས་ཀྱི་བདག་པོར་ངོས་བཟུང་ཞིང་ཁོང་ཉིད་ཀྱི་སྲས་མོ་ཀུན་གྲོལ་འབུམ་དང་ལྷན་ཅིག་ཀཿཐོག་ཏུ་སྔགས་ཀྱི་ལུང་བསྟན་མཛད་ཀྱང་མ་ཎི་རིན་ཆེན་རབ་བྱུང་གི་བརྟུལ་བཞུགས་ལས་མ་འདས་པས་རྟེན་འེལ་ཅུག་ཟད་འཕྱུངས། འོན་ཀྱང་གོང་མ་རྣམ་གསུམ་གྱི་གདུང་འབུམ་སོགས་ཀྱི་ཞབས་ཏོག་མཛད་པའི་ལས་ཟིན་མ་ཐག་དེ་ཉིད་དུ་བླ་གོས་གཤོག་པ་ལྟར་མཛད་ནས་ནམ་མཁའ་ལ་བྱ་བཞིན་འཕུར་ནས་ཕར་ཀའི་རི་རྩེར་བབས། དེར་ཞབས་རྗེས་ཀྱང་ཡོད། དེ་ནས་རག་གཅོག་ཏུ་བཞུགས་ཤིང་རིང་པོར་མ་ཐོགས་པར་སྐུ་འོད་ཕུང་དུ་ཡལ་ལོ། བླ་རབས་བཅུ་གསུམ་གྱི་རྗེས་སུ་དྲུང་རབས་བཅུ་གསུམ་བྱོན་ནས་རིམ་(སྟོད་ཆ།༤༩༦)གྱིས་བཀའ་གཏེར་གྱི་བསྟན་པ་བསྐྱངས་མེད། འོན་ཀྱང་བཀའ་མ་རྣམས་ཕྱིས་རིམ་གྱིས་ཉག་ཕྲ་བ་བཞིན་གྱུར། སྨོན་མ་ཐག་པའི་བླ་རབས་རྣམས་ཀྱི་དུས་དགེ་འདུན་ཁྲི་ཕྲག་བཅོ་བརྒྱད་དུ་ལོངས་འི་བསྟན་པ་དར་རྒྱས་བྱུང་ཞིང་རྒྱུ་མཚན་ཉིད་ཀྱི་བཤད་གྲྭ་སོགས་སོ་སོར་བྱུང་། མདོར་ན་ཤར་རྒྱལ་མོ་རོང་། ལྷོ་ཚ་བ་རོང་དང་མོན། ནུབ་ཀོང་པོ་སོགས་དང་དབུས་གཙང་མན་ཆད་དུ་སྔ་འགྱུར་གྱི་བསྟན་པ་བཤད་སྒྲུབ་གཉིས་ཀའི་ཕྱོགས་ནས་ཁྱབ་ཆེ་བས་དབུས་གཙང་དུ་བར་སྐབས་སུ་མདོ་དང་སྒྱུ་འཕྲུལ་སེམས་ཕྱོགས་སོགས་ཀྱི་བསྟན་པ་ཉག་ཕྲ་བར་གྱུར་པའང་འདི་གའི་རྒྱུན་གྱིས་གསོལ་ཤིང་དེང་སང་གི་བར་དུ་དབང་གི་ཆུ་བོ་དང་། བཤད་པའི་སྲོལ། མན་ངག་གི་རྒྱུན། ལུང་གི་བརྒྱུད་པ་རྣམས་མ་ཆད་པར་ཡོད་པ་འདི་ཀ་ཡིན་ནོ། དེའང་འདུས་པ་མདོ་དང་སྒྱུ་འཕྲུལ་གཉིས་ཀྱི་དབང་ལུང་མན་ངག་བརྒྱུད་པའི་ཆུ་བོ་བབ་ལུགས་ཕྱོགས་གཅིག་ནི། དམ་གཙང་བྱམས་གསུམ་ནས། ཙ་སྡེ་སྤྱན་སྔ་བ་ནམ་མཁའ་རྡོ་རྗེ། དྲུང་ཐུགས་རྗེ་ཡི་ཤེས། སྟོན་པ་དབང་འབྱོར། རྗེ་བཙུན་དཔལ་འབར་བ་ནམ་མཁའ་རྡོ་རྗེ། སྟོན་པ་མགོན་རྒྱལ། ཡང་ཁྲོད་ཚུལ་ཁྲིམས་རྒྱལ་མཚན། བྲའོ་ཆོས་ཀྱི་འབུམ་པ། བུ་འབོར་བ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན། བཞག་བླ་མཁས་གྲུབ་ཡེ་ཤེས་འབུམ། དེ་ལས་མོན་ཀཿཐོག་པ་བསོད་ནམས་རྒྱལ་མཚན། ཀ༔ཐོག་པ་རྣམ་གྲོལ་བཟང་པོ། ཀ༔ཐོག་པ་ཆོས་ཀྱི་སེང་གེ། ལྷ་བྲོ་བ་ཆོས་ཀྱི་དབང་པོ་ནས་རིམ་པར། རྗེ་སྨན་ལུང་པ་བློ་མཆོག་རྡོ་རྗེ་ནས་དེང་སང་གི་བར་དུ་རྒྱུན་མ་ཆད་པར་བྱུང་བ་ཡིན་ནོ། །(སྟོད་ཆ།༤༩༧) ཡང་མདོ་དབང་ཁམས་ལུགས་ཞེས་པ་ནི། བར་སྐབས་དེར། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེས་ཟུར་ཡང་དབེན་པ་ཤཱཀྱ་འབྱུང་གནས་ལྕམ་སྲིང་གཉིས་ལ་གནང་བ་ལས། ཟུར་མོ་དགེ་འདུན་འབུལ་ལས་བརྒྱུད་པ་སྟེ། ཟུར་མོ་འདི་དོན་ལ་རང་བཞིན་གྱི་རྣལ་འབྱོར་མ་ཡིན་མོད། རྣམ་པ་གཞོན་དུས་ནས་འཁོར་བའི་སྐྱོན་དང་བྲལ་བས་སྐུ་བཙུན། བསྐྱེད་རྫོགས་གསུམ་ཀ་ལ་སྦྱངས་པ་མཐར་སོན། གནས་ལུགས་རྟོགས་ཤིང་ཏིང་འཛིན་གྱི་སྒོ་དུ་མ་ལ་དབང་འབྱོར་བས་མཁས་ཤིང་གྲུབ་པམོ་ཆེན་མོར་གྱུར་ཏེ་ཉང་སྨད་རྩེ་རྒྱལ་གྱི་སྒོམ་ཁང་དུ་བཞུགས་ནས་འགྲོ་བའི་དོན་མཛད། དེས་ཡང་དབེན་གསང་སྔགས་གླིང་པ་ཟུར་སྟོན་ཤཱཀྱ་བཤེས་གཉེན་ལ་དབང་བསྐུར། དེས་ཀ༔ ཐོག་གི་མཁས་གྲུབ་བྲའོ་ཆོས་འབུམ་ལ། དེས་བཤེས་གཉེན་དཀོན་མཆོག་བཟང་པོ། དེས་ཀ༔ ཐོག་པ་རྨོག་སྟོན་རྡོ་རྗེ་དཔལ་བཟང་པོ་ལ་དབང་བསྐུར། འདིས་གླན་ལུགས་ཀྱི་དབང་ཆོག་དུམ་དུམ་ཁྲིག་ཉིད་གཞིར་བྱས་པ་ལ་གོས་རྩི་ལུང་པའི་ཕྱག་བཞེས་གྲོ་སྟོན་དཔལ་ལྡན་གྲགས་ཀྱི་ཆོག་ཁྲིགས་ཀྱིས་ཀྱང་བརྒྱན། སྒྱུ་འཕྲུལ་ཞི་ཁྲོ་དང་སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་སྒོས་བཀང་ཡང་སྦྱར་ཏེ་དབང་ཆོག་སྦྲང་རྩིའི་ཆུ་རྒྱུན་མཛད། མཛད་པ་པོ་འཆི་མེད་ཀྱི་ས་བརྙེས་པའི་རིག་འཛིན་གྲུབ་པར་གྲགས་ཤིང་སྐྱེས་མཆོག་དམ་པ་ཡིན་གེས་སུ་མ་ཟད། བསྐུལ་བ་པོའང་བཤེས་གཉེན་འགྲན་ཟླ་དང་བྲལ་བ་མང་པོས་མཛད་པས་འགངས་ཆེ་ཞིང་། སྒྲུབ་རྫས་ཐུན་མོང་བཅོ་ལྔའི་དབང་གཉལ་པའི་ཆོག་ཁྲིམས་ཆད་པ་འདིར་འབྱུང་བ་དང་། སྒྱུར་འཕྲུལ་ཞི་བའི་ཟབ་དབང་གསུམ་གྱི་བཀའ་དབུས་གཙང་དུ་བར་སྐབས་སུ་ཆད་པ་ཀ༔ ཐོག་ལུགས་འདིར་བཞུགས་པས་སོས་ཤིང་། སེམས་(སྟོད་ཆ།༤༩༨)སྡེ་ཨ་དོན་བཅོ་བརྒྱད་ཀྱི་དབང་རྒྱུན་འདིས་བཟུང་བས་བསྟན་རྒྱུན་ལ་ཕན་པ་ཆེན་པོའི་སྒོར་གྱུར་པ་ཡིན་ནོ། །རྨོག་སྟོན་གྱིས་བྱང་ཅུབ་སེམས་དཔའ་ཆེན་པོ་དར་ལུང་པ་རྡོ་རྗེ་རྣམ་རྒྱལ། དེས་ཁྱུང་ཚང་པ་འཁྲུལ་ཞིག་བློ་གྲོས་དཔལ་ལྡན་ལ། དེས་དཔང་སྟོན་ཀརྨ་གུ་རུ་ལ། དེས་སྔགས་འཆང་ཀུན་བཟང་དཔལ་འབྱོར་ལ། དེས་གསང་བདག་ཕྲིན་ལས་ལྷུན་གྲུབ་ལ། དེས་དྭགས་སྟོན་ཆོས་རྒྱལ་བསྟན་འཛིན་ལ་དབང་བསྐུར་ཞིང་། དེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེ་ཁམས་ལུགས་བརྒྱུད་པའི་ཆུ་བོ་འབབ་པ་ཡིན་ནོ། ཡང་རོག་ཤེས་རབ་འོད་ལས་ཀྱང་མདོ་སྒྱུའི་བཤད་བཀའ་ཤིན་ཏུ་དར་བ་བྱུང་སྟེ། ཤེས་རབ་འོད་འདིས་དང་པོར་རོག་སྟོན་བཙན་པོ་ལ་སོ་ལུགས་ཀྱི་མདོ་དང་སྒྱུ་འཕྲུལ་དང་སེམས་ཕྱོགས་གསན། ལྷབ་དྲིས་མ་གོང་པ་ལ་མདོ་དང་རྒྱུ་འཕྲུལ་སྐྱོ་ལུགས། ལྷབ་ཀྱི་ཟུར་ཆོས་པ་སློབ་དཔོནན་ཡམ་ཆོས་དངོས་གྲུབ་ལ་མདོ་དང་སྒྱུ་འཕྲུལ་ཟུར་ལུགས། ཡང་སྒྲོ་ཕུག་འི་སློབ་མ་གནུབས་སྟོན། དེས་ཁ་རག་སྙིང་པོ། དེས་ཡམ་ཤུད། ཡང་ཁ་རག་སྙིང་པོས་སྲས་པདྨ་འབར། དེས་རོག་ཤེས་རབ། ཡང་པོ་དར་མ་སེང་གེ་ལ་སྒྱུ་འཕྲུལ་མཆན་མང་ཞེས་སྔར་མཆན་བུས་ཊི་ཀ་འཆད་པའི་སྲོལ་ཡོད་པ་དེ་གསན། ཡང་ཆུ་པར་གྱི་གླན་ཤཱཀྱ་བཟང་པོ་ལས་བརྒྱུད་པ་དང་། ལྷ་རྗེ་ཉ་རི་བའི་སློབ་མ་ཉང་ནག་མདོ་པོ་ལས་བརྒྱུད་པ་སྟེ། མདོར་ན་བླ་མ་འདིས་ལུགས་ཐ་དད་པ་མང་པོ་གསན་ཅིང་། སྒྱུ་འཕྲུལ་གཞི་ལམ་འབྲས་གསུམ་གྱི་སྟོང་ཐུན་དང་། ལམ་རྣམ་བཀོད་ཀྱི་ཊི་ཀ་བརྩམས། དེས་སྙེ་མདོ་ཐམས་ཅད་གཟིགས་པ་ཞེས་གྲགས་པར་བཤད་(སྟོད་ཆ།༤༩༩)ཅིང་། དེས་ཀྱང་སྙིང་ཊིག་དང་། ལམ་རྣམ་བཀོད་ལ་མཆན་བུ་ཞིབ་པར་མཛད། རོག་གི་གདུང་བརྒྱད་རྣམས་ལའང་དབང་དང་རྒྱུད་ཀྱི་བཤད་པ་ཤིན་ཏུ་དར་བ་བྱུང་ངོ་། དེ་བཞིན་དུ་གཙང་སྟོད་མང་དཀར་དུ་ཡང་སྟོད་ཟུར་པ་ཞེས་གྲགས་པ་རིམ་པར་བྱུང་ནས་བཤད་སྒྲུབ་ལེགས་པར་མཛད། དེས་ལ་སྟོད་ལྷོ་བྱང་ཐམས་ཅད་དུའང་མེ་མཆེད་པ་བཞིན་གྱུར་པས། བྱང་དུ་མེ་སྟོན་འབྱུང་གནས་འོད་ཅེས་པ་དང་། སྣར་སྟོན་སེང་གེ་འོད་ཅེས་པ་དང་། བྱང་ཏ་ར་ལ་མོ་པ་ཡོན་ཏན་དབང་ཕྱུག་ཅེས་བྱ་བ་ལ་སོགས་པའི་བཤད་པ་ཡང་ཐོ་རེ་ལོངས་ཡོད་ལ། གཞན་ཡང་དན་ཕག་ཏུ་སྒྱུ་འཕྲུལ་གྱི་བཤད་པ་རིམ་པར་བྱུང་བས་རྒྱལ་བ་ཀློང་ཆེན་པས་དེར་གསན་པར་མཛད་དོ། ད་ནི་གངས་རིའི་ཁྲོད་ཙམ་ན་ཕུལ་དུ་བྱུང་བའི་པཎྜི་ཏ་ཆེན་པོར་གྲགས་པ་རོང་པ་ཆོས་ཀྱི་བཟང་པོའི་གཏམ་བརྗོད་པ་ལ་དྲན་པ་ཉེ་བར་གཞག་པར་བྱ་སྟེ། དེ་ལ་རོང་བན་དཔལ་གྱི་རྡོ་རྗེ་རིན་པོ་ཆེའི་སྲས། རོང་བན་རིང་ཆེན་ཚུལ་ཁྲིམས་ཞེས་བྱ་བ་དེས་རྒྱུའི་དུས་ཀྱི་མངོན་བྱང་ལྔའི་ཆོ་ག་བྱས་པ་ལས་ཕྱོགས་ཀྱི་གླང་པོའི་ཤེས་རབ། དབྱིག་གཉེན་ཞངས་ཀྱི་ཐོས་པ། ཙནྡྲ་གོ་མའི་བརྗོད་པ། ཆོས་ཀྱི་གྲགས་པའི་བརྒལ་བརྟགས། སློབ་དཔོན་དཔའ་བོའི་རྩོམ་པ་སྟེ་ཕུན་སུམ་ཚོགས་པ་ལྔའི་ངོ་བོར་བྱང་ཆུབ་པའི་མྱུ་གུ་གཙང་སྨད་རུ་ལག་གི་སའི་ཆ་སྣར་ལུང་རོང་དུ་བཟུང་ངོ་། དེ་ཡང་བསྟན་པ་སྔ་དར་གྱི་ཞབས་སུ་སློབ་དཔོན་སྨྲྀ་ཏི་ཛྙཱ་ན་ཀིརྟི་ཟེས་བྱ་བའི་པཎྜི་ཏ་ཞིག་བྱོན་ནས་མདོ་ཁམས་ཀྱི་སའི་ཆར་རྒྱུད་འགའ་ཞིག་གི་འགྱུར་ཡང་བཅོས། ཐག་ནའི་མཚན་བརྗོད་ཀྱི་འགྲེལ་(སྟོད་ཆ།༥༠༠)པ་ལ་སོགས་པ་གསང་སྔགས་ཀྱི་འགྲེལ་པ་དང་། འཇམ་དཔལ་གསང་ལྡན་ལ་སོགས་པའི་སྒྲུབ་ཐབས་མང་པོ་བསྒྱུར། སྒྲའི་བསྟན་བཅོས་འགའ་ཞིག་ཀྱང་མཛད་ནས་མྱ་ངན་ལས་འདས་པ་གང་གི་དེ་མ་ཐག་པའི་སྐུའི་སྐྱེ་བ་ཡིན་པར་གྲགས། བཀའ་འགྱུར་མདོ་མང་གི་ལུང་རྒྱུན་ལ་སྨྀ་ཏི་དང་བྲེང་ཆགས་སུ་འདྲེན་པ་དཔྱད་གཞིར་སྣང་། ཡང་ཨ་ཙ་ར་ཕྲ་ལ་རིང་མོ་ཞེས་བྱ་བའི་པཎྜི་ཏ་ཞིག་ཁམས་སུ་བྱོན། གསང་བ་འདུས་པའི་རྒྱ་ཆེར་འགྲེལ་བ་ལ་སོགས་བསྒྱུར་བཤད་མཛད་ནས་འདས་པ་དེ་ཉིད་ཀྱི་སྐྱེ་བ་ཡིན་ཡང་གྲགས། སྐུ་གཞོན་ནུ་ནས་ལྷུན་གྱིས་གྲུབ་པའི་ཤེས་རབ་ཆེན་པོ་མངའ་བས་ཉང་སྨད་དུ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ལས་གསན་པ་མཛད། ཡབ་ཀྱིས་རྒྱགས་སྐྱེལ་དུ་བྱོན་པས། མཆེད་གྲོགས་དག་ན་རེ། ཁྱོད་ཀྱི་བུ་འདི་བློ་དྲེད། ཐོ་ཅོ་ཆེ་བས་ངེད་ཅག་བྱང་སུན་པར་བྱེད་ན་ད་རེས་འཁྲིད་པར་འཐད་ཅེས་ཟེར། ཡབ་ཀྱིས་སློབ་དཔོན་ལ་ཁོང་རྣམས་དེ་སྐད་འཆད་ན་འཁྲིད་པར་བྱའམ་ཞུས་པས། འགར་སྟོན་ཆེན་པོས། དེ་སྐད་མ་ཟེར། ཆོས་ཐམས་ཅད་ཁོས་གོ་ནས་ཡོང་བ་ཡིན་གསུངས་སྐད། ལོ་བཅུ་གཅིག་པ་ལ་མཚན་ནིད་གསན། ཆོས་བར་ལ་བྱིས་པའི་རྩེ་སར་ཡང་སློབ་དཔོན་གྱི་གསུངས་ཚད་ཤར་རེ་འོང་བས། ཆོས་ཐམས་ཅད་ཚར་རེ་གསན་པ་ཁོ་ནས་ཚིག་གཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་པས་འཇམ་དཔལ་གྱི་སྤྲུལ་པར་གྲགས། བཅུ་གསུམ་ལོན་པའི་ཚེ་གསན་པ་རྫོགས་པ་དང་འདྲ་བར་བྱུང་ཞིང་། ཤེས་བྱ་ཐམས་ཅད་ལ་མ་རྨོགས་པ་བྱུང་། ཉིད་ཀྱི་ཞལ་ནས་ཀྱང་། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ་ཆོས་ཐམས་ཅད་མ་ཐོས་པ་མེད་དོ། །ཐོས་པ་ཆེ་བ་ཡང་མ་ཡིན་ཏེ་ཆོས་ཐམས་ཅད་ཚར་རེ་ལས་མ་དོགས་(སྟོད་ཆ།༥༠༡)སོ་གསུངས་སྐད། མདོ་རྒྱུད་དམ་བསྟན་བཅོས་ལ་སོགས་པའི་རྒྱ་གཞུང་བརླིང་པོ་སྔར་མ་གཟིགས་པ་མཐ་དག་ཚར་རེ་རེའམ། གཉིས་ཚུན་ཆད་གཟིགས་པས་ཚིག་དང་དོན་གྱི་ཆ་མ་ལུས་པ་ཐམས་ཅད་ཐུགས་ལ་ཟིན་ཅིང་མི་བརྗེད་པའི་གཟུང་ཐོབ་པར་གྲགས་པས། ཐོག་མ་ཉིད་ནས་ཧ་ཅང་མ་འབད་པར་སམ་སྐྲྀ་ཏ་དང་། སྐད་རིགས་ཀྱི་བྱེ་བྲག་གཞན་མང་པོ་འང་མཁྱེན་ཞིང་། ཕྱི་ནང་གི་རིག་པའི་གནས་དང་། གཙུག་ལག་ཐམས་ཅད་ལ་ཐོགས་པ་མེད། བོད་ཀྱི་སྐད་ཉིད་ལའང་འདི་ནི་དོན་འདི་ཙམ་ལ་འཇུག་གོ་ཞེས་སྟོན་པའི་ཁྱད་པར་ཕྲ་མོའང་གཞན་ལས་ཆེས་ལྷག་ཚད་མའི་བསྟན་བཅོས་དང་། རིག་བྱེད་ཀྱི་བསྟན་བཅོས་དང་། དོན་དུ་འགྱུར་བའི་ཚིགས་བཅད་དང་། སྙན་ངག་ལ་སོགས་པའང་དབྱུག་པ་ཅན་གྱི་གཞུང་ཁོ་ན་ལ་མ་ལྟོས་པར་རིག་པ་དེ་སྟོན་པའི་གཞུང་ལུགས་རྒྱ་ཆེན་པོ་མང་པོའི་དོན་མཁྱེན་པ་ཡིན། བྱིས་པའི་དུས་ཨ་ཙ་ར་འདུག་ཚད་ལ་དགྱེས་ཤིག་དེ་དག་དང་བརྡ་འཕྲོད་པས་བི་བཤྱཱིའི་པུ་ཏི་ལ་བརྟགས་པ་ཙམ་གྱིས་མཁྱེན་པ་ཚེགས་མ་བྱུང་། ཐ་ན་དུད་འགྲོའི་བརྡ་དང་སྐད་ཀྱི་རིམ་མཁྱེན་པར་གྲགས། སྨྲ་སྒོ་ལ་སོགས་པའི་འགྲེལ་པ་དང་བསྟན་བཅོས་ཀྱང་མང་དུ་མཛད། སྤྱིར་ཆོས་ལ་མོས་པའི་མི་རྣམས་དང་། ཆོས་ཀྱི་གང་ཟག་དང་། ཁྱད་པར་རྡོ་རྗེ་ཐེག་པ་ལ་ཞུགས་ཤིང་། གསང་སྔགས་ཀྱི་ལས་དང་དངོས་གྲུབ་བསྒྲུབ་པར་འདོད་པ་དག་ལ་ཕན་གདགས་པའི་དགོངས་པ་ཟབ་མོ་མངའ་བས། ཕྱིན་ཅི་མ་ལོག་པའི་གདམས་པས་ནན་ཏན་དུ་འདོམས་ཤིང་ཕན་ཐོགས་པར་མཛད། སེམས་ཅན་འདུལ་བའི་དུས་དང་གནས་སྐབས་མཁྱེན་པས། འགྲོ་པ་ཕལ་པ་བློ་བསྒྱུར་ཞིང་།༥༠༢)ཆོས་ལ་གནས་པ་རྣམས་ལ་ཕན་འདོགས་པ་ལ་རྟག་ཏུ་སྐྱོ་བ་མི་མངའ། ཆོས་ཀྱིས་བློ་མ་བསྒྱུར་བའི་སྐྱེ་བོ་ཐ་མལ་པ་དག་ལ་སེར་སྣ་སྤངས་ནས་བདོག་པ་གཏོང་བ་དང་། ལོག་སྒྲུབ་བཟོད་པས་སྙིང་རྗེའི་ཡུལ་དུ་མཛད་ནས་ཞི་བདེ་ལ་འགོད། སྡོམ་པའི་གནས་དང་ཐུགས་དམ་ལ་ནོར་བུ་རིན་པོ་ཆེ་དང་སྲོག་གི་དབང་པོ་ལྟར་གཅེས་སྤྲས་མཛད་ཅིང་གཞན་ཡང་དེ་ལ་འགོད། དམ་པའི་ཆོས་རྩོམ་པ་ན་གླེགས་བམ་བསྡུ་ཞིག་གཟིགས་པ་ལ་སོགས་པའི་རྟོག་དཔྱོད་ཀྱི་སྒྲོ་འདོགས་མི་དགོས་པར། ཆོས་ཀྱི་ཚིག་དོན་ལ་ཐོགས་རྟུགས་མེད་པར་འཇུག་འི་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་ཞིང་བསྟན་བཅོས་རྣམས་ཀྱང་དོན་བཟང་པོ། ཚིག་འབྲུ་བཟང་པོ། བརྗོད་པ་མ་འདྲེས་པ་ཤ་སྟག་འབྱུང་བས། སྟོན་པ་དྲང་སྲོང་ཆེན་པོའི་གསུང་གི་གསང་བ་དང་རྗེས་སུ་མཐུན་པའི་ཕྱིར་གཞན་མཁས་པར་གྲགས་པ་གང་གིས་ཀྱང་རྩོད་མི་ནུས་ཤིང་། དེས་མཛད་པའི་གསང་སྔགས་ཀྱི་མན་ངག་རྣམས་ལ་སློབ་པའི་རྒྱུད་དུ་བྱུང་བའི་གང་ཟག །དེས་མཛད་པའི་གསང་སྔགས་ཀྱི་མན་ངག་རྣམས་ལ་སློབ་པའི་རྒུད་དུ་བྱུང་བའི་གག་ཟག ལུང་མ་ཐོབ་ཀྱང་ཡི་གེ་ལས་བྱུང་བ་བཞིན་སྦྱར་བ་ལས་བྱིན་རླབས་མ་བྱུང་བ་མེད་ཅེས་གྲགས་པས་བདེ་བར་གཤེགས་པའི་སྤྲུལ་པའི་སྐུ་ཉིད་དུའང་གླེང་། གནས་ལྔ་རིག་པའི་པཎྜི་ཏ་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཇོ་བོ་ཨ་ཏི་ཤ་དང་བདག་ཉིད་ཆེན་པོ་འདི་མཇལ་བའི་ཚེ། ཇོ་བོའི་ཞལ་ནས། རྒྱ་གར་གྱི་ཨ་ཙཱ)་ནག་པོ་སྤྱོད་པ་བ་དེ་ཉིད་ཚེ་འཕོས་པ་ཇོ་བོ་འདི་ཁོ་ན་ཡིན་ཏེ། ཁོ་བོས་འདི་དང་ཆོས་གཏམ་བྱ་བ་ག་ལ་ཐུབ་ཅེས་རྩོད་མེད་དུ་གྲགས་པར་གསུངས། སྤྱིར་གཏམ་དུའང་། འདུལ་ལ་མཚུར་སྟོན་དབྱིག་གེ་མཁས། ཆོག་སྒྲིག་བཟངས་ཀྱི་ཡེ་གྲགས་མཁས། །སྒྲ་དང་(སྟོད་ཆ།༥༠༣)ཚད་མ་རོང་པ་མཁས། ཐམས་ཅད་འཛོམ་པ་ཨ་ཕོ་རང་། །ཆོས་གྲགས་རང་ཟེར་སྐད། སྤྱིར་བླ་མ་མང་པོ་ལས་མདོ་སྔགས་སོ་སོའི་བརྒྱུད་པའི་བྲེང་ཆགས་འཐུད་པ་ཙམ་མོད་ཀྱི། ཁྱད་པར་དུ་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་སྐོར་ལས། སློབ་དཔོན་ཆེན་པོ་པདྨའི་གདམས་པ་རྡོ་རྗེ་ཕུར་པའི་སྐོར་རྣམས་ནི་སྣ་ནམ་རྡོ་རྗེ་བཙུད་འཇོམས། མཁར་ཆེན་དཔལ་གྱི་དབང་གཞུང་ངམ་ཨ་ཙ་ར་དཔལ་གྱི་མེ་ཏོག སྒྲོ་རྡོརཇེ་གཞོན་ནུ། ཞང་ཞུང་ཡོན་ཏན་གྲགས། རོང་ཆེན་ཡོན་ཏན་རིན་ཆེན། རོང་བན་ཚུལ་ཁྲིམས་རིན་ཆེན་ལས་ཉིད་ཀྱིས་གསན་ཏོ། །བཻ་རོ་ཙ་ནའི་མན་ངག་རྣམས། བཻ་རོས་གཡུ་སྒྲ། དེས་བླ་ཆེན་དགོངས་པ་རབ་གསལ། དེས་གྲུམ་ཤིང་གླག་ཅན། དེས་གནུབས་དཔལ་བསྟན། དེས་ཡ་ཟི་བོན་སྟོན། དེས་ཀུན་མཁྱེན་རོང་ཟོམ་ལ་བཤད་དེ་སེམས་སྡེའི་བརྒྱུད་པ་གཅིག་གོ །ཡང་ཀློང་ཐང་སྒྲོན་མར་ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་པའི་གྲུབ་པའི་སྐྱེས་བུ་ཞིག་བྱུང་སྟེ། དེ་ལ་རྒྱ་གར་བདུན་བརྒྱུད་དང་། རྒྱའི་སློབ་དཔོན་བདུན་བརྒྱུད་ཀྱི་གདམ་སཔ་མངའ་ཞིང་། དེས་ཅོག་རོ་ཟངས་དཀར་མཛོད་ཁུར་དང་། ཡ་ཟི་བོན་སྟོན། དེས་ཉིད་ལའོ། འདི་ལ་རྫོགས་ཆེན་ཁམས་ལུགས་ཞེས་ཟེར། ཡང་བི་མ་ལས་ཉང་ཏིང་འཛིན་བཟང་པོ་ལ་གསུངས་པ་དང་། བི་མ་ལས་རྨ་རིན་ཆེན་མཆོག་དང་། གཉག་ཛྙཱ་ན་ཀུ་མཱ་ར་ལ་གསུངས་པའི་མན་ངག་ཀྱང་། གཉིས་ཀས་ཁུ་བྱང་ཆུབ་འོད་ཀྱུང་པོ་དབྱིག་འོད་ལ་བརྒྱུད་ནས་རིམ་གྱིས་རོང་ཟོམ་ལ་མངའ་བས་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་བདག་པོ་འགྲན་ཟླ་སྤངས་པ་ཞིག་སྟེ་འདི་ཉིད་ལའང་བསྟན་པའི་ཆུ་མགོ་གཅིག་(སྟོད་ཆ།༥༠༤)གནས་སོ། གསང་སྙིང་འགྲེལ་པ་རོང་ལུགས་ཀྱི་མགོན། དཀོན་མཆོག་གསུམ་གྱི་རང ་བཞིན་བྱང་ཆུབ་སེམས། ཞེས་ཡོད་པས་དཀོན་མཆོག་འགྲེལ་ཞེས་མིང་དུ་ཐོགས་ལ། ཀུན་མཁྱེན་ཆེན་པོའི་འགྲེལ་པ་ཕྱོགས་བཅུ་མུན་སེལ་ཐེག་རྒྱལ་གྱི་ལུགས་སུ་བཀྲལ་ཞིང་ཞལ་གསལ་ཀུན་མཁྱེན་རོང་བའི་འགྲེལ་པ་འདི་བྱིངས་ཆེ་བར་བཀྲལ་བས་སྒྲོམ་ཆེ་ཞིང་ཁ་དམ་པར་སྣང་སྟེ། བོད་འགྲེལ་གྱི་གཙོ་བོ་འདི་ཉིད་ཡིན་པར་ཤེས་ན་བློ་གྲོས་ལ་ནུས་པ་ཆེན་པོ་སྟེར་བ་ཡིན་ནོ། དེའང་སྐུ་གཞོན་ནུའི་ཚེ། མདོ་སྟོན་སེང་གེ་བྱ་བ་ལས་སྔ་འགྱུར་གསན་པའི་ཚེ། རེ་ཞིག་ན་མནལ་ལམ་དུ། གསང་བ་སྙིང་པོས་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱིས་ཚོད་མ་བྱས་ནས་གསོལ་གྱིན་འདུག་པ་རྨིས། དེ་སློབ་དཔོན་ལ་བརྗོད་པས། ཤིན་ཏུ་ངོ་མཚར་ཆེ། ཆོས་དེ་ཁོང་དུ་ཆུད་པའི་རྟགས་ཡིན་ཁྱོད་ཀྱིས་འགྲེལ་པ་རེ་གྱིས་གསུངས་སྐད། དེར་བླ་མའི་དགོངས་པ་རྫོགས་པར་བྱ་བའི་ཕྱིར། བསླབ་པ་རིན་པོ་ཆེ་གསུམ་ལ་བསྟན་པའི་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་གྱི་བསླབ་པ་སྟོན་པ་འགྲེལ་བ་ཚུལ་བཞི་ཡན་ལག་བཅོ་ལྔ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟོན་པ་རྫོགས་པ་ཆེན་པོའི་ལྟ་སྟོམ་མན་ངག་མཉམ་སྦྱོར་གྱི་འགྲེལ་པ། དེ་བཞིན་དུ་ངན་སོང་སྤྱོད་རྒྱུད་འཇིགས་བྱེད་ལ་སོགས་པའི་འགྲེལ་པ་དང་མན་ངག་མང་པོ། དེ་དག་གི་ནང་ནས་ཀྱང་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་བསྟན་བཅོས་ལ་སོགས་པ་གཞུང་གཏིང་ཟབ་ལ་གོ་དོན་སློང་ཆེ་བ་བརྗོད་ཀྱིས་མི་ལང་བ་དང་། མདོར་ན་མདོ་སྡེ་དང་། རྒྱུད་སྡེ་དང་།(སྟོད་ཆ།༥༠༥) བསྟན་བཅོས་ཀྱི་བྱེ་བྲག་ཐུགས་སུ་མི་ཆུད་པ་བྱ་བ་ཤེས་བྱ་ལ་སྲིད་པར་མ་གྱུར་པས་ཐམས་ཅད་མཁྱེན་པའི་གནས་ལ་རང་གིར་མཛད་དེ་ཐ་ན་འཇིག་རྟེན་པའི་ཞིང་ལས་དང་། ཕྱུགས་སྐྱོང་བ་དང་། དཀར་ཤེ་ཇི་ལྟཅར་སྒྲུབ་པ་ཚུན་ཆད་ཀྱི་བསྟན་བཅོས་ཀྱང་མཛད་པས། དེས་ན་དུས་དེའི་ཚེ་བོད་རུ་བཞིའི་མཁས་པ་ཐམས་ཅད་ཀྱིས་དང་པོར་རྩོད་པའི ་བྱ་བ་ལ་ལྷགས་པའང་། སླར་སློབ་དཔོན་ཆོས་ཀྱི་གྲགས་པའི་བརྟུལ་ཞུགས་ཀྱིས་གང་དང་གང་གི་སྤོབས་པའི་འཁྲི་ཤིང་ཉམས་ཉེས་པར་བྱས་ནས། རྒྱལ་གྱི་གདེངས་ཀ་ལ་སྐྱང་ནུལ་བྱ་བའི་སྐབས་བྱུང་བ་ཡིན་ཏེ། འདི་ལྟར་ཤབ་ཀྱི་ཡང་ཁྱེད་བླ་མ། མར་པ་དོས། འུ་ཡུག་པ་མངའ་སྟོན། མདོའི་ཁྱུང་པོ་ཧཱུྃ་སྙིང་། སེ་ཁྲོམ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ། སང་ཀ་དར་ཆུང་། འགོས་ལྷས་བཙས། རྒྱ་རྒྱལ་ཚུལ་ལ་སོགས་པའི་མཁས་པ་ཐམས་ཅད་ཀྱིས་བོད་དུ་སྐྱེས་པའི་གང་ཟག་གིས་བསྟན་བཅོས་འདི་ཙམ་བརྩམས་པ་ཞེས་དཔྱས་གདགས། སུན་འབྱིན་པའི་རིག་པ་བསམས་ཏེ། ཁྱུང་མཆོག་རྭ་བརྡར། བ་ལ་ཕྱོགས་པ་བཞིན་དུ་སྐྱེས་བུ་ཆེན་པོ་དེའི་གམ་དུ་སོང་བ་ན། ལུང་གིས་འཐད་པ་དང་། རིགས་པ་དཔྱད་བཟོད་པ་དང་། གཏན་ཚིགས་དང་བླ་མས་ཉེ་བར་བསྟན་པ་དང་མི་འགལ་ཞིང་། སྒྲ་སྐྱོན་དང་། དོན་སྐྱོན་ལ་སོགས་ཀྱི་འགལ་ཟླའི་ཕྱོགས་ཐམས་ཅད་རྣམ་པར་སྤངས་པའི་མཁྱེན་རབ་ཀྱི་སྤོབས་པས་ཚར་བཅད། བསྟན་བཅོས་རེ་མཐོང་ཞིང་། དེའི་དོན་ལ་རོ་མྱངས་པས་ཐམས་ཅད་ངོ་མཚར་སྐྱེས་ནས་བསྟི་སྟང་དུ་མཛད་རི་མོར་མཛད། བླ་མར་མཛད་པ་ཤ་སྟག་ཡིན་ཞེས་གྲགས། དེ་སྐད་དུ་གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་(སྟོད་ཆ།༥༠༦)བྱ་བ་ཐོས་པ་མང་པོའི་གཟུང་འཛིན་པ་དེ་ཉིད་ཀྱིས་ཀྱང་དང་པོར་དཔྱས་གདགས། བར་དུ་བླ་མ་རོང་པས་མཛད་པའི་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་པོ་ཏི་གཟིགས་པས་གུས་པ་ཆེན་པོ་སྐྱེས། ཐ་མར་ཟང་ཟིང་མང་པོས་བསྙེན་བསྐུར་ཏེ་མི་འཆབ་པར་བྱས་ནས། རྗེས་སུ་གཟུང་བར་གསོལ་བ་བཏབ། འཇམ་དཔལ་གསང་བའི་རྒྱུད་ལ་སོགས་པའི་ཆོས་མང་དུ་གསན། གསང་རྒྱུད་ཀྱི་སྐབས་ན་མ་ཧཱ་པཎྜི་ཏ་ཆེན་པོའི་ཞལ་ནས། འོ་སྐོལ་ད་ལྟ་རྒྱ་དཔེ་ཡོད་པར་གྱུར་ན་འདི་ལྟར་འགྲོ་བ་ཡིན་ཏེ། རྒྱ་དཔེ་མེད་པས་ད་ལྟ་བཅོས་སུ་མེད་གསུངས་པ་ལ། གོ་རུབ་ལོ་ཙཱ་བས་དེ་བློ་ལ་བཟུང་སྟེ། ཕྱིས་ཇོ་བོ་ཀརྀཥྞ་ཞེས་བྱ་བའི་པཎྜི་ཏ་ལས་རྒྱ་དཔེ་བྱུང་ནས་དེ་ལས་མཉན་པས། རོང་པ་པཎྜི་ཏ་རི་གསུངས་བཞིན་བྱུང་བས་ཤིན་ཏུ་མོས་པ་ཐོབ་པར་གྱུར་ཏེ། ཀྲྀཥྞ་བ་ལས་བྱུང་བའི་རྒྱ་དཔེ་གཅིག་རོང་བ་ཉིད་ལ་ཕུལ་ནས་སླར་ཡང་གསན་སྐད། དེ་བཞིན་དུ་མར་པ་ཆོས་ཀྱི་དབང་ཕྱུག་ལ་སོགས་པའི་ལོ་ཙཱ་བ་དང་། མཁས་པར་གྲགས་པའི་བློ་རྩལ་ཅན་མང་པོས་ཀྱང་ཞབས་ལ་བཏུད། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཝ་རྨ་དང་། མཉྫུ་ཤྲཱི་ཛྙཱ་ན་དང་། ཨུ་པཱ་ཡ་ཤྲཱི་མི་ཏྲ་དང་། བུདྡྷ་ཨ་ཀཱ་ར་བྷ་དྲ་དང་། དེ་བཱ་ཀ་ར་ཙནྡྲ་དང་། བར་མེ་ཤྭ་ར་དང་ཨ་མོ་གྷ་བཛྲ་ལ་སོགས་པ་པཎྜི་ཏ་མང་པོ་བསྟེན་ནས། དེ་དག་གི་ལོ་ཙཱ་བ་མཛད་དེ། རྡོ་རྗེ་འཇིགས་བྱེད་དང་། གཤེན་རྗེ་དགྲ་རྒྱུད་དང་། འཇམ་དཔལ་སྔགས་དོན་དང་། བདེ་མཆོག་རྩ་རྒྱུད་ལ་སོགས་པ་མང་དུ་འགྱུར། འགྱུར་ཤིན་ཏུ་བཟང་བས་གསར་འགྱུར་གྱི་དཔེར་འོས། རྒྱ་གར་གྱི་པཎྜི་ཏ་ཀུན་ན་རེ། དྷརྨ་བྷ་དྲ་ཁྱོད་ཚོས་མང་པོ་བརྩམས་ལ་འགྲོ་བ་རྣམས་(སྟོད་ཆ།༥༠༧)སྐྱོངས་ཤིག ཁྱོད་ཡོན་ཏན་གཞན་ལྟ་ཞོག །སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་ལས་མི་ཤེས་པས་ཀྱང་རྒྱ་གར་ན་ཆོས་བརྩམས་པ་ཡིན་ན། ཁྱོད་ཅིའི་ཕྱིར་མི་རྩོམ་ཞེས་གསུངས་སྐད། དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཡང་། གཙོམས་བསྐྱུངས་པ་དང་། ཁེངས་པ་སྙོལ་བ་ལྷུར་མཛད་པས། རྒྱལ་བ་ཀློང་ཆེན་བས་རྒྱ་འགྲེལ་ལས་མངོན་པར་འཕགས་པ་བརྗོད་པའི་རང་ཉིད་ཀྱི་འགྲེལ་པ་བཟང་པོ་དཀོན་མཆོག་འགྲེལ་ལྟ་བུའི་གཤམ་དུའང་། མཁས་དང་འཕགས་ཆེན་རྣམས་ཀྱིས་མཛད་པའི་གཞུང་ལ་ཡང་། སྒྲོ་སྐུར་དཔྱ་བར་བྱེད་ན་བདག་གཞུང་ཅིས་མི་སྨོད། ཅེས་འཕགས་ཆེན་ལག་ན་རྡོ་རྗེས་བསྡུས་པའི་རྒྱུད་ལའང་མུན་པས་སྤྲུལ་པའི་ཤེས་རབ་ཀྱིས་གཞུར་བརྟག་བྱེད་པ་ཡོད་ན། བདག་གི་འགྲེལ་པ་སྨོས་ཅི་འཚལ་ཞེས་སློབ་དཔོན་ཞི་བ་ལྷའི་རྣམ་པར་ཐར་པ་བསྐྱངས་ནས་ངང་གིས་དགེ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཅན་དུ་སྟོན། གྲུབ་པའི་རྣམ་ཐར་ལ་གཞལ་ན། བྲག་ཆེན་གཟར་པོ་མེ་ལོང་ལྟ་བུའི་ངོས་ལའང་རྫུ་འཕྲུལ་གྱི་སྤྱོད་པས་གཤེགས་པ་དང་། བྲག་ལ་ཕུར་པ་འདེབས་པ་དང་། ནམ་མཁའ་ལ་འཕུར་བ་དང་། བོད་ཀྱི་ལྷ་འདྲེ་ཕལ་མོ་ཆེའི་གནས་དང་། སྤྱོད་པ་ཐུགས་སུ་ཆུད་པའི་མངོན་པར་མཁྱེན་པ་མངའ་བ་སོགས་མང་དུ་ཡོད་མོད་ཀྱི། འདི་ལྟ་བུའི་ལྟ་བ་མཆོག་ཏུ་གྱུར་ཅིང་སོ་སོ་ཡང་དག་རིག་བཞིའི་ས་ཐོབ་པ་དག་ལ་སྐྱེ་བོ་ཕལ་པ་ཡིད་བརྟན་པར་བྱེད་པའི་མངོན་རྟོགས་ཀྱི་ན་བ་ཡི་གེའི་ལམ་དུ་འགྲེད་པ་ངོ་མཚར་བ་མ་ཡིན་ནོ། དེ་ལྟར་སྤྲུལ་པའི་སྐུར་རྩོད་པ་མེད་པའི་པཎྜི་ཏ་ཆེན་པོ་དེ་ལ་གནས་སྐབས་དེ་ཙམ་ན་བྱོན་པའི་མཁས་པ་ཐམས་ཅད་ཀྱིས་(སྟོད་ཆ།༥༠༨)མངོན་པར་བསྟོད་ཅིང་སྤྱི་བོས་བཏུད་པར་གྱུར་ལ་དགུང་ལོ་བརྒྱ་ད་དང་བཅུ་དགུ་བཞུགས་ཏེ་སྐུ་ལ་བསྙུན་པ་མེད་པའི་ངང་ནས་གཤེགས་པར་གྲགས། བོད་གངས་ཅན་གྱི་རྒྱུད་འདིར་འདི་དང་མཉམ་པའི་མཁས་པ་ནི་སུ་ཡང་མ་བྱུང་ཞེས་འགོས་ལོ་ཆེན་པོས་ཀྱང་བསྔགས་ཤིང་ཡོངས་སུ་གྲགས་པའོ། རྗེས་སུ་སློབ་པ་ལ་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ལས། དང་པོ་ནི། སྲས་གཟི་བརྗིད་འབར་དང་། འབུམ་འབར་གཉིས་ལས་སྲས་བརྒྱུད་ཡུན་རིང་པོའི་བར་བྱུང་བ་ཀུན་ཀྱང་རྡོ་རྗེ་ཕུར་པ་ལས་དངོས་གྲུབ་བརྙེས་པ་ཤ་སྟག་ཡིན། སློབ་བརྒྱུད་ནི། གོ་རུབ་ལོ་ཙཱ་བ་དང་། མར་པ་དོ་ས། འགོས་ལོ་ལ་སོགས་པའི་ལོ་ཙཱ་བ་ཆེན་པོ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་ལ་སོགས་ཏེ་གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ། མ་གཅིག་ཞ་མའི་མིང་པོ་རྗེ་འཕྱན་བུ་བ་ལ་སོགས་པ་སྒོམ་ཆེན་རྣལ་འབྱོར་གྱི་དབང་པོ་བརྒྱ་བརྒྱད་ཅུ། ཡོལ་དགེ་བསྙེན་རྡོརཇེ་དབང་ཕྱུག་དང་། ཡང་ཁྱེད་བླ་མ་ལ་སོགས་པ་གདུགས་ཐོགས་པ་ལྔ་བརྒྱ་ལ་སོགས་པའོ། དེ་ལྟར་སྟོན་རབས་པ་རྣམས་ཀྱིས་ཡིད་དམ་གྱི་གཙོ་བོ་ཡང་ཕུར་ཁོ་ན་བཟུང་བ་ཡིན་པས་ཡང་དག་གི་སྐོར་དེས་ཤེས་ལ། རྡོ་རྗེ་ཕུར་པ་ཇི་ལྟར་དར་བའི་གཏམ་ཅུང་ཟད་བརྗོད་དེ། དེ་ལ་རིག་འཛིན་གྱི་སློབ་དཔོན་

ོན་གྱི་མཁན་པོ་པདྨ་སམ་བྷ་ཝའི་ཞབས་ལས་བརྒྱུད་དེ། ཕུར་པ་རྒྱལ་པོ་ལུགས་སུ་གྲགས་པ་དང་། ཇོ་མོ་ལུགས་དང་ལྕམ་ལུགས་དང་། ཡང་སྣ་ནམ་མམ་རོང་ལུགས་དང་། ལྷ་ནག་དང་ལྷ་ཕྲ་སྟེ་སྐུ་མདོག་ལས་གྲགས་པ་སོགས་རྣམ་གྲངས་ཐ་དད་མོད། དེ་དག་ཀྱང་ངོ་བོ་གཅིག་(སྟོད་ཆ།༥༠༩)ལ་མན་ངག་གི་ལྡོག་ཆ་དང་། བཀའ་བབས་ཀྱི་ཁྱད་པར་ལས་དེ་དང་དེར་གྲགས་པའོ། དེ་ལ་དང་པོ་རྒྱལ་པོ་ལུགས་ནི་བསམ་ཡས་འབྱོངས་ནས། སློབ་དཔོན་ཆེན་པོས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང་། ཇོ་མོ་མཁར་ཆེན་བཟའ་དང་སྤྱན་འདྲེན་པའི་ལོ་ཙྪ་བ་མི་གསུམ་ལ་གནང་བས་དེ་སྐད་དུ་གྲགས། ཇོ་མོ་ལུགས་ནི། སློབ་དཔོན་གཤེགས་ཁར་ངམ་འབྲེ་ས་ལེ། ཅོག་རོ་བཟའ་དཔལ་གྱི་མཆོད་གནས་མ། མཁར་ཆེན་བཟའ་མཚོ་རྒྱལ་དད་གསུམ་གྱིས་གདམས་ངག་ཞུས་པས། དེ་ལ་དབང་བསྐུར་དགོས་གསུངས། འོ་ན་དབང་བསྐུར་ཞིག་ཞུ་བྱས་པས། དེ་མ་ཐག་ཏུ་ཧཱུྃ་ཧཱུྃ་གསུངས་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་གསུམ་དངོས་སུ་བྱུང་ངོ་། དེར་སློབ་དཔོན་ཞལ་ནས། ཁྱེད་རྣམས་ཡེ་ཤེས་ཀྱི་ལྷ་ལ་དབང་ཞུ་འམ་ང་ལ་དབང་ཞུ་གསུངས། དེར་ཅོག་རོ་བཟའ་ན་རེ། སློབ་དཔོན་ལས་བཀའ་གཉན་ཅིང་དྲིན་ཆེ་བ་མ་མཆིས་ཀྱང་། ཡེ་ཤེས་ཀྱི་ལྷ་དངོས་སུ་བྱོན་པ་འདི་ལ་དབང་ཞུ་ཟེར། མཁར་ཆེན་བཟའ་ན་རེ། ཡེ་ཤེས་ཀྱི་ལྷ་དངོས་་སུ་བྱོན་ཀྱང་། ཉིད་ཀྱི་ཆོ་འཕྲུལ་ལགས་པས། བདག་ནི་སློབ་དཔོན་ལ་དབང་ཞུ་ཟེར། ངམ་འགྲེ་ན་རེ། སློབ་དཔོན་གྱི་ཐུགས་དགོགས་དང་སྦྱོར་པ་ཞིག་ཞུ་ཟེར། དེར་སློབ་དཔོན་གྱིས་སཾ་ཧ་ར་ཎ་ཧཱུྃ་གསུངས་ཏེ། དཀྱིལ་འཁོར་གསུམ་ཐུགས་ཀར་བསྡུས་པས། ཅོག་རོ་བཟའ་ལ་དབང་བསྐུར་མཁན་མ་བྱུང་། དེ་ནས་མཁར་ཆེན་བཟའ་དང་ངམ་འགྲེ་གཉིས་ལ། དབང་བཞི་རྫོགས་སུ་བསྐུར། དབང་ཆོས་ཞུ་བའི་སྐབས་སུ། མཁར་ཆེན་བཟས་ཞུ་དོན་(སྟོད་ཆ།༥༡༠)བཞི་ཞུས་པ་ནི། དངོས་ཅག་བུད་མེད་ཀྱི་འདུས་འདི་བློ་དམན་པས་ཚིག་ཉུང་ལ་དོན་དྲིལ་བ་ཞིག་ཞུ། དངོས་ཅག་བུད་མེད་ཀྱི་ལུས་འདི་ཉོན་མོངས་པ་ཆེ་བས་ཉོན་མོངས་འདུལ་བ་ཞིག་ཞུ། དངོས་ཅག་བུད་མེད་ཀྱི་ལུས་འདི་བྱ་བ་ཆེས་པས་སྒྲུབབ་ཐག་ཉེ་བའི་ཆོས་ཤིག་ཞུ། དངོས་ཅག་བུད་མེད་ཀྱི་ལུས་འདི་ ཁས་ཉེན་པ ས་མཐུ་ཆེ་བའི་ཆོས་ཤིག་ཞུ། ཞེས་ཞུས་པས་དང་པོ་དབང་ཞུ་བ་ལ་མཉེས། བར་དུ་གདམས་པ་ཞུ་བ་ལའང་མཉེས་ཏེ། སྒྲུབ་སྟེ་ཆེན་པོ་བརྒྱད་ལ་ཐུགས་དགོངས་བཏང་བས། དེ་བཞི་ཀ་ཕུར་པ་རྩ་བ་འདི་ལ་ཚང་འདུག་སྟེ། སྟོང་ལས་བྱང་ཆུབ་སྒྲུབ་པ་དང་སྨད་ལས་དམོད་པ་ལམ་ཁྱེར་བཅུད་དུ་དྲིལ་བ་འདི་ཇོ་མོ་མཁར་ཆེན་བཟའ་ལ་གསུངས་སོ། ཇོ་མོས་རང་གི་མིང་པོ་མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་བཤད་ནས་རིམ་པར་དར་རོ། ལྕམ་ལུགས་སུ་གྲགས་པ་ནི། ཅོག་རོ་བཟས་དབང་བླ་མ་ལ་མ་ཞུས་ི་དམ་ལ་ཞུས་པས་ཡི་དམ་སློབ་དཔོན་གྱི་ཐུགས་ཀར་བསྡུས་ཏེ་དབང་སྐལ་ཆད། ཕྱི་བོན་ཐབས་སུ་བཤད་ཅེས་འབྱུང་ཡང་། སླར་ཇོ་མོ་མཚོ་རྒྱལ་ལ་རྗེས་སུ་གནང་ནས་ཇོ་མོས་ཅོག་རོ་བཟའ་ལ་གདམས་པ་ལས་བརྒྱུད་པའོ། །ཡང་སྣ་ནམ་ལུགས་སུ་གྲགས་པ་ནི། རོང་ཟོམ་ཆེན་པོ་ལས་བརྒྱུད་པའི་ལུགས་ཁོ་ན་སྟེ་བརྒྱུད་པ་སྔར་བཤད་མ་ཐག་པས་ཤེས་ལ་གཞན་བརྒྱུད་པའི་རྣམ་གྲངས་འགའ་ཞིག་གཤམ་དུ་ཅུག་ཟད་འཆད་དོ། དེ་ཡག་ཡི་དམ་རྡོ་རྗེ་ཕུར་པ་ལས་མངོན་རྟོགས་བརྙེས་པ་ནི་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བས་ཐསམ་ཅད་བསྙད་པར་མི་ནུས་ལ། གྲགས་ཆེ་བ་འགའ་ཞིག་བརྗོད་(སྟོད་ཆ།༥༡༡)དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་དུ་ཙན་དན་གྱི་ནགས་ཚལ་ལ་མེ་ཤོར་ཏེ་ཞག་མང་པོར་མེ་མ་ཤི་ནས་ནགས་ཚལ་ཀུན་ཟད་དུ་ཉེ་ནས་སེམས་ཅན་མང་པོ་ཤི་ལ་ཁད་པ་ལ། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་ཞིག་བཏབ་པས། མེ་ཤི་སྟེ་ནགས་ཚལ་སྔར་ལས་ཕུན་སུམ་ཚོགས་པ་སྐྱེས། སེམས་ཅན་ཤི་བ་དག་ཤི་ལ་ཁད་པ་རྣམས་གསོས། སློབ་དཔོན་བི་མ་མི་ཏྲས་ཆུ་བོ་གང་གའི་འགྲམ་དུ་སྒྲུབ་པ་མཛད་པས། དེའི་སྔགས་ཀྱི་ཟེར་ཕྱོགས་དེའི་ཀླུ་ཆེན་པོ་ཞིག་གིས་མ་བཟོད་ནས་ཕྱིའི་རྒྱ་མཚོ་ཆེན་པོ་གནམ་དུ་བཅོལ། སློབ་དཔོན་ལ་སྐྱིན་ཐང་དྲག་པོ་ཕབ། ཆུ་བོ་གངྒ་ལུད་དེ་ལུང་པ་རམི་ཤོང་བ་བྱུང་བ་ལ། སློབ་དཔོན་གྱིས་ཕུར་པ་སོར་བརྒྱད་པ་ཞིག་བཏབ་པས། གངྒ་ཡར་མར་དུ་ཆད་དེ་བར་དུ་ལམ་དོད་དེ་ཕྱིན་ཆོག་པ་བྱུང་། བལ་པོ་ཤི་ལ་མཉྫུས་མཎྜ་ལའི་ཁར་གོང་ལ་བྲག་སྲིན་མོ་གདུག་པ་ཅན་ཞིག་གནས་པ་དེས་སློབ་དཔོན་གྱི་དགོངས་པ་ལ་བར་ཆོད་བརྩམས་པ་དང་། ཕུར་པ་བསྒྲིལ་བས་མཎྜ་ལའི་ཁར་གོང་གི་བྲག་ནས་ཙམ་སྲན་ཙམ་དུ་ཉིལ་ལོ། །ཡང་ལོ་རྒྱུས་གཞན་ཞིག་ན། རྒྱ་གར་དུ་ཕྱི་ནང་གཉིས་མ་འཆམ་པ་ན་རྒྱལ་པོས། ཞག་གསུམ་ན་རྩོད་པ་གྱིས་ཤིག སུ་རྒྱལ་བདག་རྫུ་འཕྲུལ་སུ་ཆེ་བ་དེའི་ཞབས་ནས་འདེག་གོ་ཟེར་དེར་སློབ་དཔོན་གྱིས། བརྗོད་རྒྱུད་ཐམས་ཅད་ཐ་སྙད་མཐའ་ལ་གནས། དོན་མ་མཐོང་བར་གྲོལ་བར་ག་ལ་འགྱུར། མུ་སྟེགས་འཆལ་བའི་གཏམ་གྱིས་ཅི་ཞིག་བྱ། ཆོས་ཀྱི་རྒྱལ་མཚན་ཆེན་བོ་འཛུགས་པར་བྱ། ཞེས་གསུངས་ནས་ཕུར་པ་བསྒྲིལ་བས། མཎྜ་ལ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་ཞིག་གི་རྒྱབ་ནས་ཁར་ཁོང་གི་བྲག་ཆེན་པོ་(སྟོད་ཆ།༥༠༤) ཞིག་ཡོད་པ་ལས། བྲག་དེ་ཉིལ་ཏེ་མུ་སྟེགས་ཀྱི་གྲོང་ཁྱེར་ཐམས་ཅད་བཅོམ། མུ་སྟེགས་རྣམས་ལས་ཁྲག་སྐྱུགས་ཏེ་ཤི། ལ་ལ་ལྕེ་གས། ལ་ལ་མིག་འབྲས་བྲུལ་ནས་ཐམས་ཅད་ཚར་བཅད་དེ། ནང་པ་སངས་རྒྱས་པའི་བསྟན་པ་དར་བར་བྱས་ཏེ། མཁས་གོང་མཐུ་ཡིས་བཅད་ཅེས་གྲགས་སོ། །ཞེས་འབྱུང་ངོ་། གཞན་ཡང་མཆིམས་སྟོན་ཤཱཀྱ་པྲ་བྷ་ཞེས་བྱ་བས་ཡར་ལུག་བགེགས་ཀྱི་ཕུག་ཆུང་སྟེ་གད་པ་ཕུག་ཏུ་དམ་སྲི་སྤུན་བདུན་དངོས་སུ་བཏུལ་བ་དང་། གཞན་ཡང་ཕུག་པ་དེ་ཉིད་དུ་རྡོ་རྗེ་གཞོན་ནུའི་སྒྲུབ་པ་མཛད་པའི་ཚེ། ཡར་ལུང་གི་ཆུ་བོ་དེ་ལ་ཀླུ་བདུད་གདུག་པ་ཅན་གནས་པ་དེ་ཉིད་འདུལ་བའི་ཆེད་དུ་བསྙེན་ཕུར་ཆུ་བོ་དེ་ལ་བཏབ་པས་ཆུ་བོ་དེ་ཉིད་གྱེན་དུ་ལོག་སྟེ། ཀླུ་བདུད་གདུག་པ་ཅན་བཏུལ། ཡང་ཤུད་བུ་དཔལ་གྱི་སེང་གེས་འོན་ཤང་གི་མདོའི་བྲག་རི་དམར་པོ་ལ་ཀླུ་བདུད་གདུག་པ་ཅན་གནས་པ་ཕུར་བུས་བསྒྲལ་བ། སྣ་ནམས་རྡོ་རྗེ་བདུད་འཇོམས་ཀྱིས་ཧས་པོ་རིའི་ཡང་གོང་དུ་བྲག་ལ་ཕུར་པ་བཏབ་པའི་རྗེས་ད་ལྟའི་བརདུ་ཡོད། མཁར་ཆེན་བཟའ་སྟེ་ཡེ་ཤེས་མཚོ་རྒྱལ་གྱིས་ལྷོ་ཕྱོགས་མོན་ཁ་སྣ་རིང་སེང་གེ་རྫོང་གི་བྲག་ཕུག་ཏུ་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་བསྒྲུབས་པས་གཉེར་གཅིག་ན་ཕུར་བུ་ཐམས་ཅད་བཟད་ཅིང་། འོད་འཕྲོ་བ་དང་། འཕར་གཡོ་བྱེད་པར་བྱུང་། དེར་ཇོ་མོའི་དགོངས་པ་ལ། ཕུར་པ་གྲུབ་ན་གདམ་ལས་བྱ། ཟེར་བ་ཡིན་ཏེ་དངོས་ལ་གདབ་པའི་ཡུལ་དུ་གྱུར་པ་ནི་མེད། འོན་ཀྱང་ཕ་མེས་ཀྱི་ཟ་འདྲེ་ལ་གདབ་པོ་སྙམ་དུ་དགོངས་ནས་བསྙེན་ཕུར་བསྒྲིལ་བས། ཕུར་པ་ནམ་མཁའ་ལ་དེང་དེ་སོང་། ཕ་ཡུལ་གྱི་ཁང་ལྟག་ན་ཕ་(སྟོད་ཆ།༥༡༣)མེས་ཀྱི་ཟ་འདྲེར་གྱུར་པ་ཞིག་གནས་པའི་རྟེན་སྐྱེར་བའི་ཕུང་པོའི་སྟེང་དུ་བབས་ནས་སྐྱེར་ཕུང་ཚིག ཟ་འདྲེ་མཉམ་པ་ཉིད་ཀྱི་ཀློང་དུ་བསྒྲལ། སླར་ཕུར་པ་དེ་ཇོ་མོའི་དཔོན་བརྒྱུད་རྣམས་ཀྱི་བཅངས་པས། གདེངས་པ་ཙམ་གྱིས་ཅོག་པ་བྱུང་བས། མཁར་ཆེན་བཟའ་འདྲེ་འདུལ་གྱི་བརྒྱུད་པར་གྲགས། མཆིམས་ཕུའི་ནགས་ལ་མེ་ཤོར་བ་ལ་ཕུར་བུ་བཏབ་པས་མེ་ཤི་ནས་སླར་ནགས་ཚལ་སྐྱེས་པ་དང་། དགུང་མཁར་ཏེ་སྒྲུབ་ཁང་གི་སྟེང་དུ་དབུ་སྐྲ་བསིལ་བའི་ཚེ་ཕྱག་ཕྲེང་ན་བཟའི་སྟེང་དུ་བཞག་པ། བདུད་ཀྱི་སྤྲུལ་པ་བྱ་རོག་མ་རུང་པ་ཞིག་གིས་ཕྲེང་པ་ཁྱེར་སོང་བ་ལ་བརྟགས་པ་ཞིག་མཛད་པས་རྡོ་རྗེ་གཞོན་ནུ་བསྒྲུབ་པ་ལ་བདུད་ནག་པོ་སྐྲག་མེད་ཀྱིས་བར་ཆད་རྩོམ་པར་དགོངས་ཏེ། ཕོ་རོག་ནག་པོའི་གྲིབ་མ་ས་ལ་ཡོད་པར་ཕུར་པ་བཏབ་པས། བྱ་རོག་སྐད་ཅིག་དེ་ཉིད་ལ་སར་ལྷུང་། མཁར་ཆེན་དཔལ་གྱི་དབང་ཕྱུག་གིས་འོ་ཡུག་མཁར་སྣར་བཞུགས་པའི་དུས་སུ། བྱང་ཕྱོགས་ན་ཡར་ལྷོང་སྡོང་གི་ཚོང་པ་མང་པོ་ཡོང་བ་ལས། ཚོང་དཔོན་ནམ་ཚོང་ལྷ་རྒྱལ་པོ་ཤེལ་གིང་གིས་བྱེད་པ་ལས། རྒྱལ་པོ་ཁྲོས་ཏེ། བྱང་གི་སྤྱང་ཀི་སྔོན་པོ་བཅུ་བཞིས་རྟ་བོང་རྣམས་བསད། ཐ་མ་མི་ལ་ཟ་རུ་བྱུང་བ་ལས་ཚོད་པས་ལྷ་འདྲེའི་བར་ཡིན་པར་ཤེས་ཏེ། ཡུལ་འདི་ན་བྱིན་རླབས་ཆེ་བ་སུ་ཡོད་དྲིས་པས། མཁར་བ་སྣ་ན་དཔལ་གྱི་དབང་ཕྱུག་བཞུགས་ཟེར། དེར་དྲུང་དུ་ཕྱིན་ནས་ལོ་རྒྱུས་ཞུས་པས། དེ་རྣམས་བསྟན་པ་མཆོད་པའི་སྦྱིན་བདག་ཡིན་པར་དགོངས་ནས། སྤྱང་ཀི་རྣམས་ཀྱི་རྗེས་ས་ཁྱེར་ཤོག་གསུངས་པས་བྱེ་མ་ལ་རྗེས་ས་(སྟོད་ཆ།༥༡༤)འདུག་པ་བླངས་ཏེ་ཕུལ་བས། རྗེས་ས་དང་བག་ཕྱེ་བ་ལ་གཟུགས་བཅུ་བཞི་བྱས་ནས་ཕུར་པ་བཏབ་པས། སྤྱང་ཀི་བཅུ་བཞི་པོ་དངོས་སུ་མཁར་བ་སྣའི་གཉའ་ནས་མར་ལ་ཧྲིལ་ལི་ལི་འགྲིལ་ནས་ལྷུང་བྱུང་སྟེ་རྒྱལ་པོ་ཤེལ་གིང་བསྒྲལ། འདི་ཁ་གཅིག་གིས་ཇོ་མོ་མཚོ་རྒྱལ་ཡིན་པར་བྱས་འདུག་ཀྱང་འདིར་ས་ཕུར་གྱི་ལོ་རྒྱུས་ལྟར་བྱས་པ་ཡིན། འདིིའི་སློབ་མ་མི་ནུབ་རྒྱལ་བའི་སྙིང་པོ་ཡིན་ཏེ། འདིས་ཆོས་ཚན་རེ་ལ་དཀོར་ནོར་སྣ་ཏེ་ལ། ནོར་སྣ་ཁྲི་ཚོ་རེ་རི་བ་བདུན་ཕུལ་ནས་ཞུས། མཐིང་ཤོག་ལ་གསེར་གྱིས་བྲིས་ཏེ་གླེགས་བམ་དུ་བྱས། འདིའི་སྒྲུབ་གནས་འུ་ཤའི་རོང་སྟེ་གར་ཤ་མཁའ་འགྲོའི་གླིང་ཡིན། འདིས་བྱ་རོག་གིས་ཕྲེང་བ་ཁྱེར་བ་ལ་ཕུར་པ་བཏབ་པས་བྱ་རོག་སར་ལྷུང་བར་གྲགས། དེའི་སློབ་མ་ལོ་དཔལ་གྱི་བློ་གྲོས་ཡིན་ཏེ། སློབ་དཔོན་འདི་མོན་ན་བཞུགས་དུས་མོན་དམག་གིས་དགོན་པ་བཤིག །ནོར་རྫས་ཁྱེར་བ་ལ། སྤ་དྲོ་སྟག་ཚང་དུ་བྱོན་ནས། བསྙེན་པ་བྱས་པས་རྡོ་རྗེ་གཞོན་ནུའི་ཞལ་གཟིགས་མོན་པའི་གནས་ལྷོའི་སྦའི་ཁྱིམ་ལ་དམིགས་ནས་ཕུར་པ་བཏབ་པས། དངོས་སུ་སྦ་ཁྱིམ་ལ་ཕུར་པ་གཅུར་གཅུར་བྱུང་ནས་མོན་པ་རྣམས་ཀྱི་སྙིང་ལ་ཕུར་པ་རེ་ཐར་ཐར་ཟུག་ནས་སྐད་ཅིག་དེ་ཉིད་ལ་ཀུན་བསྒྲལ་ལོ། །དེའི་སློབ་མ་དམ་འགྲེ་ཀླུའི་རྒྱལ་མཚན་ཡིན་ཏེ། སློབ་དཔོན་འདིས་ཕུར་པ་སྒྲུབ་པས་དགྲ་བགེགས་གཉིས་ལ་ངང་ངམ་ཤུགས་ཀྱིས་ཐེབས། ཉོན་མོངས་པ་དུག་ལྔ་ལ་ཐེབས་ཏེ་ལྷ་སྒོམ་ཕུལ་དུ་ཕྱིན་བར་ཆད་དགྲ་བགེགས་ཐམས་ཅད་བསྒྲལ་ནས། དགུང་ལོ་དགུ་བཅུ་རྩ་དགུ་ལ་སྐུ་འདས་ཏེ། པུར་སྦྱངས་པས་གདུང་རུས་ཅི་མ་བྱུང་སྟེ། རྡོ་རྗེ་གཞོན་ནུའི་སྐུ་ཞལ་(སྟོད་ཆ།༥༡༥)གསུམ་ཕྱག་དྲུག་པ་མཁྱིད་གང་བ་ཞིག་དང་། ཀཱི་ལ་ཡ་འབུར་དུ་དོད་པ་ཞིག་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པའི་རྟགས་སུ་བྱུང་ངོ་། དེའི་སྲས་དམ་འགྲེ་ས་ལེ་ཤེས་རབ་དབང་ཕྱུག་སྟེ། འདིས་བླ་མ་ལ་འབུལ་བ་ཆེན་པོ་བྱས་ཏེ་ཞུས། སྲིན་མོ་རི་ལ་སྒྲུབ་པ་ལ་བཞུགས་པས། ནུབ་ཅིག་འོད་ཆེན་པོ་ཞིག་བྱུང་། འོད་དེ་ལ་ཕུར་པ་བཏབ་པས་ཐོ་རངས་མི་དཀར་པོ་ཞིག་བྱུང་ནས། སློབ་དཔོན་གྱི་བཀའ་འཁོར་ལ་གནོད་པ་མི་བྱེད་ཀྱི། ངའི་ཕུར་པ་ཐོན་ཟེར། དེར་ཁོལ་མནའ་བགགས་ནས་ཕུར་པ་བཏོན་ཏེ་རྒྱལ་པོ་དམ་ལ་བཏགས་སོ། །བླ་མ་འདི་ནམ་མཁའ་ལ་འགྲོ་བ་དང་ཆུ་ལ་མི་བྱིངས་བ་སོགས་རྫུ་འཕྲུལ་དུ་མ་ལ་དབང་འབྱོར་པ་ཡིན་ནོ། འདིའི་སློབ་མ་ལང་ལབ་བྱང་ཆུབ་རྡོ་རྗེ་ཡིན་ཏེ། སྐབས་འདིར་མི་འདྲ་བ། མཚོ་རྒྱལ་རང་གི་མིང་པོ་དཔལ་གྱི་གཞོན་ནུ། དེས་ལོ་དཔལ་གྱི་བློ་གྲོས། དེས་མེ་ནུ། དེས་འབྲེ་ཤེས་རབ། དེས་འབྲེ་ས་ལེ། དེས་ལང་ལབ་ཟེར་བ་སྣང་ཡང་འདིར་ཆོས་འབྱུང་སྔན་མ་ལྟར་ཏེ། དམ་འདྲེར་ལང་ལབ་ཀྱིས་གསེར་སྲང་བརྒྱད་ལས་བྱས་པའི་འཇམ་དཔལ་གྱི་སྐུ་གཅིག་སོགས་ནོར་སྣ་བདུན་ཕུལ་ནས་ཞུས། དེ་ཡང་ལང་ལབ་སྐུ་ན་ཕྲ་བུའི་དུས། ཕ་སྤུན་རྣམས་ཀྱིས་ཞིང་ཁང་ནོར་རྫས་ཐམས་ཅད་ཕྲོག་སྟེ་ཁང་པ་སྨེག་གུ་གང་དང་། ཞིང་དུམ་ཆུང་ཞིག་ལས་མ་བྱིན་ནས་ཤིན་ཏུ་ཉམ་ཐག་པར་གྱུར་པས། བསྒྲུབས་ཀྱང་ནུས་པ་ཆེར་མ་བྱུང་། དེའི་ཚེ་ཁོས་ཆོས་ལ་ཐེ་ཚོམ་མ་ཟོས། རང་ཉིད་ལས་འཕྲོ་ཞན་པར་རྟོགས་པས་རྟེན་འབྲེལ་མ་ལོག །མཁར་ཆེན་བཟའི་དངོས་སློབ་ཨ་ཙཱར་ས་ལེ་ཞེས་བྱ་བ་ཕུར་པ་གདེངས་པས་གཙང་ཆུ་ཡན་མན་དུ་ཆད་ཅིང་ཚེའི་རིག་འཛིན་ཐོབ་པ་(སྟོད་ཆ།༥༡༦)དེ་དང་འཕྲང་པར་སྨོན་ལམ་བཏབ། དེའི་ཕྱོགས་སུ་མགོ་བསྟན་ནས་ཉལ་ཞིང་བསྒྲུབས་པས་ཨ་ཙཱར་ས་ལེ་མུ་ཏོ་བར་བརྫུས་པ་ཡར་འབྲོག་འཁོར་རེར་བྱུང་། ལང་ལབ་ཀྱིས་ཨ་ཙཱར་ས་ལེར་དོག་ནས་ཁྱེད་རང་འདིར་བཞུགས། ད་ལྟ་སྐྱ་ནམ་ངན་པས་ཟས་མི་རྙེད་བྱས་ཏེ་དབྱར་ཐོག་དེར་གྲོ་སྟབས་ཏེ་བཞུགས། ཆོས་ཞུ་པ་སྐད་མ་བྱས། སྟོན་དུས་སུ་འགྲོ་ཚད་པ་ལ། ཁྱེད་རང་ད་དུང་བཞུགས། ང་ཕ་སྤུན་དགྲར་ལངས་པ་གཅིག་ཡིན་པས་ང་ཡི་ཡུལ་ཞིང་ནི་ཁོང་ཚོས་ཕྲོགས་ན། འདི་ཀུན་ཟད་པར་བྱས། དེ་ནས་ང་ཡང་ཁྱོད་རང་སྡོང་བྱས་པས། ཨ་ཙ་ར་ན་རེ། དེ་ཚར་གཅོད་པའི་གདམས་ངག་ང་ལ་ཡོད་ཟེར་ནས་ཕྱིང་ཁུག་ནས་བེ་བུམ་དང་། ཕུར་པ་བཏོན་ནས་མན་ངག་ཇི་ལྟ་བ་བཞིན་བྱིན་ནོ། དེར་ལང་ལབ་ཀྱིས་བསྒྲུབས་པས་ཤིང་སྡོང་པོ་བཅོ་ལྔ་སྟ་རེས་བཅད། གཅིག་ཕྱེད་ཙམ་ཆོད་ཙ་ན་གཉིད་སད། རང་གིས་མ་ལ་དགྲ་མོ་མཐུ་རྟགས་འོང་ཞེས་སྨྲས། དེའི་ཚེ་ཕ་ཚན་རྣམས་ལང་ལབ་ཀྱིས་མཐུ་བྱས་ཀྱི་དོགས་ནས་གསོད་པའི་གྲོས་བྱས་ཤིང་། གཅིག་རྐང་པ་ཆག་སྟེ་ཕ་སྤུན་ཐམས་ཅད་ཚར་བཅད། གཤིན་རྗེའི་མཐུ་མཁན་ལ་འཇིགས་པ་དགེ་བཤེས་རཱ་ལོ་ཙཱ་བ་ཡང་སྐྲགས་པར་བྱས་ཏེ། དེ་ཡང་ལང་ལབ་ལ་གྲགས་པ་ཆེན་པོ་འཕེལ་ནའང་སྔོན་གྱི་སྦྱིན་འབྲས་དབུལ་བས་འཁོར་རེར་ལུག་རྫི་བྱེད་ཅིང་ཡོད་ཙ་ན། དགེ་བཤེས་རཱ་ལོ་ཙཱ་བ་དེ་མངའ་ཐང་དང་འབྱོར་པ་ཤིན་ཏུ་རྒྱས། བོད་ཀྱི་བླ་དཔོན་ཆེ་དགུས་དབང་མེད་དུ་འདུད་དགོས་པ་ཡིན། དེ་ལྟར་མ་བགྱིས་ན་ཁོང་གིས་གཤིན་རྗེའི་དྲག་སྔགས་ཀྱིས་སྒྲོལ་(སྟོད་ཆ།༥༡༧)བར་གྲགས། མར་པའི་སྲས་དར་མ་མདོ་སྡེ་ལ་སོགས་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་བཅུ་གསུམ་དང་། གཉན་ལོ་ཙཱ་བ་སོགས་རང་མཉམ་གྱི་ལོ་ཙཱ་བ་བཅུ་གསུམ་བསྒྲལ་བའི་སྔགས་མཁན་དེ། ཡར་འབྲོག་འཁོར་རེའི་སར་ཆོས་འཁོར་ལ་བྱོན་པས་ལང་ལབ་ཀྱིས་ཕྱག་མ་བཙལ་བར། མི་བླུན་པོ་ཞིག་ཡིན་དགོངས་པ་ལ། སླར་ལང་ལབ་མཐུ་ཆེ་བ་དང་ཕུར་པ་ལ་མཁས་པ་སོགས་ཀྱི་མཚན་ཉིད་རྣམས་ཐོས་པས། འོ་ན་ཁོ་ང་རྒྱལ་གྱིས་སྦོས་པ་ཡིན་འོང་། ཁོ་ལ་དེ་ནུབ་ཀྱི་ཚེ་ལས་མེད་ཀྱི་སྒུར་སྡོད་ཅིག་ཟེར། དེའི་དུས་སུ་ལང་ལབ་ནི་ལུག་འཚོ་བ་ལས་གཞན་ཅི་ཡང་མི་བྱེད་མོད། རྭ་ལོས་ཆོས་ཐུན་གྲོལ་བ་དང་། དྲག་ཤུལ་གྱི་ལས་བརྩམས་པས། དཀུག་འདྲེན་གྱི་བདེན་བརྡར་དང་པོའི་ཚེ་ཁོང་དཔོན་སློབ་ལ་རྩངས་ཕུར་གྱི་ཆར་བབས་ནས། རྦོ་ཕྱིའི་གྲ་པ་རྣམས་རྨས། བར་པ་ལ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ། འཁོར་ཟ་གསོད་དང་བཅས་པའི་ལྕགས་ཕུར་གྱི་ཆར་བབས། ཐ་མའི་ཚེ་མེ་དཔུང་དང་འུར་སྒྲས་གག་སྟེ་ནམ་མཁའ་ལ་བལྟས་པས། ལྕགས་བསྲེགས་ལྟ་བུའི་རྡོ་རྗེ་གཞོན་ནུ་རི་བོ་ཆད་པ་ཙམ་པ་རྭ་ལོའི་ཐོག་ཏུ་རྔམས་རྔམས་འཆའ་འཆའ་ལྟར་འདུག་པས་སྐྲག་པར་གྱུར་ཏེ། བཟོད་གསོལ་བྱས་པས་ཡལ། དེར་ལང་ལབ་སྤྱན་དྲངས་ནས་བཤགས་པ་ཕུལ། ཕྱག་དང་འབུལ་བས་བསྙེན་བཀུར་བྱས་སོ། གཤིན་རྗེའི་མཁན་པོ་ཕུར་པ་ལ་སྡུག་ཟེར་བའི་གཏམ་ཡང་དེ་ནས་བྱུང་ངོ་། གཞན་ཡང་རྐུན་མའི་རྗེས་ལ་ཕུར་པ་བཏབ་པས་སྐད་ཅིག་དེ་ཉིད་ལ་རྐུན་མ་རྣམ་ཤེས་རྟེན་དང་ཕྲལ་བར་གྱུར་པས་ཤུལ་མི་རྣམས་ཀྱིས་ནོར་རྣམས་ཕྱིར་འབུལ་བར་བྱས། སྒྲུབ་པ་མཛད་པའི་དུས་སུ་ཕུར་པ་རྣམས་འཕུར་(སྟོད་ཆ།༥༡༨)བ་དང་འཁྲབ་པ་དང་མེ་འབར་བ་སོགས་བྱུང་ཞིང་བྲག་ལ་ལྕགས་ཕུར་ཞིག་བཏབས་པ་དེང་སང་ཡང་ཡོད། ཕུར་པའི་སྟོད་ལས་ལ་དངོས་གྲུབ་བརྙེས་པ་མང་དུ་བྱུང་སྟེ། སྨད་ལས་ལ་རྩལ་ཤུགས་ཐོན་པ་འདི་ལས་ལྷག་པ་མ་བྱུང་བར་གྲགས། དེ་ལ་སློབ་མའི་གཙོ་བོར་གྱུར་པ་སྣ་ནམ་ཤེས་རབ་ཚུལ་ཁྲིམས། མོང་དགུའི་ཀྱི་གྱང་བསྒྱེལ། རོང་གི་སྒྲང་ཕུར་བུ་མགོ། འོ་ཡུག་རོལ་བོའི་ཉང་ནག་དང་བཞིའོ། གཞན་ཡང་སྤྱང་ཀི་ར་ཆུང་ཞེས་པ་ལས་བརྒྱུད་པའང་ཡོད་དོ། སྣ་ན་ཤེས་རབ་ཚུལ་ཁྲིམས་ཁོང་ཤེས་རབ་ཆེ། བླ་མའི་ཐུགས་ཀྱིས་ཀྱང་ཟིན་པས། གདམས་ངག་ཐམས་ཅད་ཞལ་ནས་གསུངས་པས་གསུང་སྒྲོས་ཟིན་ཅིང་གནད་ལ་ཕོག་པའི་སྣ་ནམ་གདམས་ངག་ཅན་ཞེས་གྲགས། ཕྲིན་ལས་དང་ལག་ལེན་མན་ངག་ཏུ་དྲིལ་ནས་གནང་། མན་ངག་ཕྲིན་ལས་བཞིའི་དོན་འདི་ལ་གནང་བ་རྣམས་ཤིན་ཏུ་ཟབ་པར་བྱེད་དེ། ཡིག་ཆ་མཛད་པའང་ཤིན་ཏུ་དཔྱད་གཟོད་པར་གྲགས་སོ། སྤྱིར་སྣ་ནམ་ལ་ལུགས་གནིས་ཡོད་དེ། དྷ་ཏི་རྒྱས་འབྲིང་ལ་བརྟེན་པའི་སྐོར་དང་། ཞལ་གདམས་རྣ་བརྒྱུད་ལ་བརྟེན་པའི་རིན་ཆེན་ཕྲེང་བའི་ལུགས་སོ། དེ་ནས་སྣ་ནམ་གྱིས་རྒྱ་སྟོན་སངས་རྒྱས་ལ་བཤད། དེས་ཤངས་གུར་ཞོགས་ཁམ་པ་ལུང་དུ་རྒྱ་ཐུང་ཤེས་རབ་རྒྱལ་མཚན་ལ་བཤད། དེས་དགོན་སྟོན་རྡོ་རྗེ་རྒྱལ་མཚན་ལ་བཤད་དེ། འདིས་ནི་སྣ་ནམ་ཤུད་བུ་མཆིམས་གསུམ་གྱི་གདུང་བརྒྱུད་ལ་ཡང་ཐུག་ནས་ཞུས་སོ། ཕུར་པ་ལ་འདི་བས་མཁས་པ་མ་བྱུང་ཞེས་གྲགས། དེས་མྱང་དར་མ་སེང་གེ་ལ་བཤད་དོ། །མོང་དགུའི་ཀྱི་གྱང་བསྒྱེལ་ནི། ཡུལ་མི་རྣམས་ཀྱིས་ནོར་(སྟོད་ཆ།༥༡༩)ཕྱུགས་ཁང་ཞིང་ཐམས་ཅད་ཕྲོགས་པས། ལང་ལབ་ཀྱི་རྩར་བྱོན་ནས་གདམས་པ་ཞུས་པས་ཟླ་བ་དགུ་ལྷ་བསྙེན་གྱིས་ལ། དེ་ནས་བསེ་ལྕགས་ཤེལ་གསུམ་ལ་ཟླ་བ་གཉིས་སྒྲུབས་ཤིག །དོན་འགྲུབ་ནས་འོང་གི་གསུངས། དེ་ལྟར་བསླབས་པས་ནུས་པ་ཚད་དུ་ཕྱིན་ཏེ། གྱང་གི་དྲུང་ན་མི་མང་པོ་ཉི་མ་ལྡེ་ཞིང་འདུག་པ་ལ་བལྟས་པས་ཐམས་ཅད་དགྲ་རུ་མ་གྱུར་པ་མི་འདུག དེར་གོང་ཁུག་ནས་ཕུར་པ་ཕྱུངས་ཏེ་གྱང་ལ་བཏབ་པས། གྱང་འགྱེལ་བའི་ཐིབས་འོག་ཏུ་མི་ཀུན་ཤི་བས་ཀྱི་ནག་གྱང་བསྒྱེལ་དུ་གྲགས། ཡང་ལོ་རྒྱུས་གཅིག་ལ་ཕ་སྤུན་བཅོ་ལྔ་དགྲར་ལངས་པ་ལ། ལང་ལབ་ལ་ཕུར་པ་ཞུས་བསྒྲུབས་པས་རྟགས་ཅིག་ཡང་མ་བྱུང་བས་མཚམས་ལངས་ནས་བྱོན་པའི་སྒོ་ཁ་ན་སྔར་མེད་པའི་སེ་ཕུང་ཞིག་སྐྱེས་འདུག་པ་གཅིག་བཅད་ནས་ཕུར་པ་ཞིག་བཟོ་ཞིང་ཕྱིན་པས་གྱང་གི་ཕག་ན་ཕ་སྤུན་བཅོ་ལྔ་པོ་གཅིག་ཀྱང་མ་གོད་པར་འདུག་པར་གཟིགས་པས་ཚིག་པ་ཟ་ནས་སེ་ཕུར་དེ་གྱང་ལ་བཏབས་པས་གྱང་འགྱེལ་ནས་ཐམས་ཅད་ཕྱི་མའི་ལྟད་མོ་ལ་བཏང་བས་མཐུ་ཅེ་བར་གྲགས་སོ། འདི་བློ་བརྟུལ་བས་མ་འཕྲུལ་བར་བཤད་པས་ནོར་བུ་ལུགས་སུ་གྲགས། ཁོ་རྟོག་པ་ཉུང་བས་ཕུར་ཚུགས་སུ་བསྒྲུབས་པས་ནུས་མཐུ་ཚད་དུ་ཕྱིན་པའི་མངོན་རྟགས་གསལ་བ་ཡིན་ནོ། དེའི་སློབ་མ་ཁམ་པ་སྟོད་གསུམ་སྒོམ་ཆེན་མུ་ནེ་དང་། ཐག་གདོང་དཀར་གྱི་བཙུན་པ་ཤེས་རབ་འོད་གཉིས་ལས་མཆད་དེ་ཤིན་ཏུ་མཐུ་ཆེ་བ་ཀྱི་ཕུར་དུ་གྲགས་པ་བྱུང་ནས། དེང་སེང་ནི་གདམས་སྐོར་ཐོར་བུ་ལས། ཡོངས་སུ་རྫོགས་པ་བཞུགས་པའི་བཀའ་ལུང་ཡོད་པ་མ་གྲགས། ཐག་བཙུན་ཤེས་རབ་འོད་ཀྱི་སློབ་མ་ལྷ་རྗེ་སྣུབས་ཆུང་ཡིན་པར་བཤད་པ་ལྟར་(སྟོད་ཆ།༥༢༠)ན་གཟའ་གདོང་དམར་ནག་སྐོར་ཡང་ཀྱི་ལུགས་ལ་ཡོད་དམ་སྙམ་མོ། རོང་གི་སྐྲངས་ཕུར་བུ་མགོ་ནི་སྔར་ནས་ཕུར་པ་མང་པོ་ཤེས། སློབ་མ་ཡང་མང་པོ་ཡོད་ཀྱང་། ཇོ་མོ་མཁར་ཆེན་བཟའི་ཐུགས་དམ་གྱི་ཕུར་པ་ཇོ་བོ་ལང་ལབ་ལ་ཡོད་ཟེར་བ་ཐོས་པས། ནས་བོང་ཁལ་དྲུག །ཤ་ཁོག་པ་དྲུག །ཅང་རྒྱལ་པ་གང་རྣམས་ཁྱེར་ཏེ་འཁོར་རེར་འོང་ནས་ཇོ་བོ་ལང་ལབ་ལ་དེ་རྣམས་ཕུལ། ཕུར་པ་ཇོ་མོ་ལུགས་ཞུ་འཚལ་བྱས་པས། ད་འོ་ན་ཟླ་བ་ཕྱེད་ནས་ཤེས་པར་བྱ་གསུངས་ནས་གནང་སྟེ། དཔའ་བོ་གཅིག་པར་སྒྲུབ་འི་དོན་ཟབ་ཏིག་ཏུ་གནང་ངོ་། ལོ་རྒྱུས་གཞན་དུ་སློབ་མས་བླ་མ་བཙལ། བླ་མས་སློབ་མ་བཙལ་བས། ཁོས་མགོ་རྒྱ་མདུད་ལ་སོགས་ཕུར་པ་བསྒྲུབ་པའི་མཚན་དང་ལྡན་པར་གཟིགས་ནས། དཀྱུས་ལ་གདམས་ངག་མཚན་དུ་བཏབས་ནས་གཏད་པས། སྐྲངས་མཆན་ཊིག་ཅན་གྱི་ལུགས་སུ་གྲགས་ཞེས་བྱུང་ངོ་། འོ་ཡུག་རོལ་པོའི་ཉང་ནག་དབང་གི་ཤེས་རབ་ནི། ལང་ལབ་ཡབ་ཡུམ་གཉིས་ཟས་ནོར་གྱིས་ཕོངས་པ་ལ། ཉང་ནག་གིས་འོ་ཡུག་རོལ་པོ་གོང་མ་རུ་སྤྱན་དྲངས་ནས་ཞབས་ཏོག་བྱས། དེར་ལོ་གསུམ་སོང་བ་དང་། ཇོ་མོ་དེ་ཁར་བཞག་ནས་སློབ་དཔོན་ལྷོད་ཁ་སྨད་ན་མར་རྙེད་པ་ཚོལ་བར་བྱོན་ནས་ཟླ་བ་དགུའི་བར་དུ་མ་བྱོན། དེར་ཇོ་མོ་སྐྱོ་ཞིང་ཡི་ཆད་ནས། ནང་མ་གཅིག་ཇོ་མོས་ཉང་ནག་བོས་ནས་སློབ་དཔོན་འདི་བས་སྙིང་ཐག་རིང་བ་མ་བྱུང་། ཁྱོད་རང་ཆོས་འདོད་ན་ངས་སྦྱིན་ནོ་ཟེར། འོ་ན་དེ་བཞིན་ཞུ་བྱས་པས། སྒྲོ་བ་ནག་པོ་འདི་ཁ་ཕྱེ་ཞིག་ཟེར་ནས། སློབ་དཔོན་ལང་ལབ་ཀྱིས་ལ་རྒྱ་ཡོད་པ་བཅག་པས་ཁ་ཕྱེ། དབང་མ་ཐོབ་པ་ལ་(སྟོད་ཆ།༥༢༡)དགོངས་བརྒྱུད་བྲིས་པས། ཉང་ནག་ལ་བཀྲ་མི་ཤིས་པ་སྣ་ཚོགས་བྱུང་སྟེ། གནག་ཕྱུགས་མང་པོ་ལ་གནག་ནད་བྱུང་སྟེ་ཕལ་ཆེར་ཤི། རྟ་ལ་ཡང་དེ་ཙུག་བྱུང་བས་དེར་ཡི་གེ་འདྲི་འཕྲོ་བཅད། སློབ་དཔོན་གཤེགས་པའི་ཕྱོགས་ཀྱི་རི་མཐོ་སར་ཕྱིན་ཏེ་གཏོར་ཚོགས་མང་པོ་བཤམས་ནས་བཤགས་པ་བྱས་པས། གནག་ནད་དང་བཀྲ་མི་ཤིས་པ་ཀུན་ཆད། དེ་ནས་སློབ་དཔོན་སྤྱན་འདྲིན་པ་བཏང་། ནོར་རྫས་ཚོ་ཕུལ་ནས་བཤགས་པ་བྱས། ཞེས་དང་། ལོ་རྒྱུས་གཞན་དུ། ཉང་གིས་ཇོ་མོ་བྲིད་ནས་གདམས་ངག་བརྐུས་པས། ལང་ལབ་ཀྱིས་མཁྱེན་ནས་དམ་ཉམས་བཀའ་བརྐུ་ཁྱོད་དང་ང་མི་འགྲོགས་གསུངས། དེར་ཉང་ལ་ནད་དྲག་པོ་བྱུང་བས། བར་པ་བཏང་ནས་བཤགས་པ་བྱེད་ཅེས་ཡང་ཡང་གསོལ་བས། འོ་ན་དབེན་རྩེའི་ཕ་ལོག་ཏུ་དབེན་རྩ་བརྩིགས། ཤ་ཁོག་བརྒྱའི་གཏོར་མ་ཐོངས། ཁྲབ་བརྒྱ་ཐམ་པས་བཤགས་པས་གྱིས་གསུངས་པ་ལྟར་བྱས་པས་ནད་ལས་ཐར། གདམས་ངག་ཞུས་པས་ཡིག་ཆུང་བྱས་ནས་གནང་བས་ཉང་ཡིག་ཆུང་ཅན་དུ་གྲགས་ཞེས་འབྱུང་། དེ་ནས་ཉང་གིས་ཆོས་ཞུས་པས། སློབ་དཔོན་ན་རེ། འོ་ན་སྔོན་ལ་ཁྱོད་ཕ་སྤད་དབང་ཞིག་ཐོབ་པ་བྱ་དགོས་གསུངས་ནས། ཡབ་སྲས་གསུམ་ལ་དབང་རྫོགས་པར་བསྐུར། ཉང་གིས་སྲས་ཆེ་བ་དེ་སྔ་བུ་ཡིན་པས་ཡབ་དང་མ་ར་སྡང་ཞིང་དབང་ཆུང་། བུ་ཆུང་བ་ནི་གཅེས་ཕྲུག་བྱེད་དེའི་མིང་ཚུལ་ལེ་ཟེར་བ་ཡིན། སྲས་ཆེ་བ་དེ་རིག་པ་ཅན་སྔགས་ཀྱི་སྣོད་དང་ལྡན་པར་གཟིགས་ནས། ལང་ལབ་ཀྱིས་མིང་སྤོས་ནས། ཤཱཀྱ་རྒྱལ་མཚན་ཞེས་བཏགས། དེ་ནས་སློབ་དཔོན་ལང་ལབ་ལ་བརྒྱུད་འཛིན་གྱི་སྲས་མེད་(སྟོད་ཆ།༥༢༢)པས། ཉང་གིས་སློབ་དཔོན་ཁྱད་པར་ཅན་འདི་ལ་གདུང་བརྒྱུད་ཅིག་བྱུང་ན་བསྟན་པ་དང་སེམས་ཅན་ལ་ཕན་ངེས་སྙམ་ནས། རུས་འོ་ཕྱ་བཟའ་ཡིན་པའི་བུ་མོ་ཞིག་བླངས་ནས་ཇོ་བོ་ལ་ཕུལ་བས་སྲས་གཉིས་བྱུང་སྟེ། ཆེ་བ་ལ་གྲགས་འབྱུང་། ནུ་བོ་ལ་གྲགས་པ་དབང་ཕྱུག་ཏུ་བཏགས། དེ་ཙ་ན་ཉང་ནག་དབང་གི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཁོང་དུ་ཆུད། བླ་མ་ཡབ་ཡུམ་གྱི་ཞབས་ཏོག་ཀྱང་འདི་ཉིད་ཁོ་ན་བཟང་། དེ་ནས་སྐབས་ཤིག་ཏུ་ཉང་ནག་གིས་ཤོག་བུ་མང་པོ་སྦྱར་ནས་ཡོད་པ་ལ། སློབ་དཔོན་ན་རེ། ཅི་འདྲི་བ་ལགས་གསུངས། རྒྱུད་འགྲེལ་ཞལ་བཤུ་བ་ལགས་བྱས་པས། སློབ་དཔོན་གྱི་ཞལ་ནས། བདག་ནི་ཉི་མ་རྒས་ཁ་དང་འདྲ། ཆོས་ཀྱི་བདག་པོ་ཉིད་ལགས་ཀྱི། བླ་དཔེ་ཞལ་མ་བཤུ་བར་ཚགས་མཛོད་ཅིག་གསུངས། བླ་དཔེ་སྲས་གཉིས་ལ་དགོས་མོད་བྱས་པས་བྱིས་པ་གནིས་གསང་སྔགས་ཀྱི་སྣོད་དུ་རུང་ཞིང་མཐར་ཕྱིན་པའི་ངེས་པ་མེད། དེ་ལྟར་བྱུང་ན་དེ་དུས་སུ་གདམས་པ་བྱིན་པས་ཆོག་མོད་གསུངས། བླ་དཔེ་པོ་ཏི་བསེ་གླེགས་ཅན་བྱ་བ་དགོངས་བརྒྱུད་ཀྱི་གླེགས་ཤིང་ལ་བསེའི་ལྷ་མོ་བཞི་བྲིས་པའི་པོ་ཏི་ཡག་ཉང་ལ་གནང་ངོ་། འོ་ཡུག་ཕུ་རུ་སྲས་གཉིས་སྐྱེས་པས་ཡ་མཚན་ཆེ་ཟེར། ཕྱིས་སྲས་གཉིས་པོ་ཆོས་པར་མ་སོང་། ཕྱུག་པོ་ཆེན་པོ་གཉིས་བྱུང་ངོ་། དེ་ཡང་སྔོན་ཉང་ནག་གིས་བཀའ་བརྐུས་ཟེར་ཏེ། ཕྱིས་ཉང་ནག་སྲས་ཀྱི་ཐུ་བོར་གྱུར་པ་ཡིན། བྱིན་རླབས་དང་ནུས་མཐུ་ཡང་ཕུལ་དུ་བྱུང་། ཁྱད་པར་འོ་ཡུག་སྒོ་མོའི་རྒྱབ། སྙེམ་བཟང་ཕུག་པར་སྒྲུབ་པ་མཛད་པས། ཕུར་པ་(སྟོད་ཆ།༥༢༣)ནམ་མཁའ་ལ་ལྡིང་ཞིང་། འོད་དང་སྒྲ་དཔག་ཏུ་མེད་པ་དང་བཅས་པ་བྱུང་། དགྲ་བགེགས་ཐམས་ཅད་ཐུལ་བ་ཡིན་ནོ། །འདིས་དགུང་ལོ་བརྒྱད་ཅུ་རྩ་ལྔ་བཞེས་ནས་འདའ་ཁར་སྲས་ཚུལ་ལ་ཞལ་ཆེམས་གསུངས་པ། ཤཱཀྱ་རྒྱལ་མཚན་གྱིས་ནི་མན་ངག་ཐམས་ཅད་ཤེས། ཁོས་དཔེ་ཆ་ཀུན་ཁྱེར་འོང་བས། འོག་ཁང་གི་ཀ་གཞིའི་སྟེག་ན་པོ་ཏི་བསེ་གླེགས་ཅན་ཡོད། དེ་བུ་རང་ཚགས་གྱིས་ལ་སྦོས་ཤིག་གསུངས། དེ་འོག་ཁང་ན་ཤཱཀྱ་རྒྱལ་མཚན་ཡོད་པས་ཚོར་ཏེ། ཡི་ཆད་པོ་ཏི་བསེ་གླེགས་ཅན་ཡོད་པ་ཁྱེར་ནས་བྲོས་ཕྱིར། སྙེ་ཕུའི་གནད་བྱ་བ་ན་ཡབ་ཀྱི་སློབ་མ་གནང་ཧཱུྃ་ཀ་ར་བྱ་བ་ཞིག་ཡོད་པ་དེའི་སར་ཕྱིན་ཏེ་ཡབ་ནི་གྲོངས་སུ་འཆའ་བ་ཡོད། ཚུལ་ལེ་ལ་ཞལ་ཆེམས་གསུངས་ལུགས་ཀྱིས་ཡི་ཆད་པའི་ཚུལ་སྨྲས་པས། གནང་ཧཱུྃ་ཀ་ར་ཧ་ལས་ཏེ། སློབ་དཔོན་གྲོངས་སུ་འཆའ་ན། པོ་ཏི་ཁྱེར་ནས་བྲོས་ན་དམ་ཙིག་ཉམས་ནས་འགྲོ་བས། ནང་པར་རང་རེ་གཉིས་ཀ་འདེང་། ཆོས་ནུ་བོ་ལ་ཡང་སྦྱིན་དགོས་ཟེར། ནད་པར་ཕྱིན་ཙ་ན་ཡབ་གྲོངས་ནས་འདུག །དེར་གནང་ཧཱུྃ་ཀ་རས་སྲས་མཆེད་གཉིས་མཐུན་པར་བྱས་སོ། དེ་ནས་བཤགས་པ་མང་པོ་བྱས། ཚོགས་ཀྱི་འཁོར་ལོ་མང་པོ་བསྐོར། དེ་ནས་དབེན་པ་ཞིག་ཏུ་མཅེད་གཉིས་ཀྱིས་བསྙེན་སྒྲུབ་མཛད་པས། དཀྱིལ་འཁོར་དུ་བཀོད་པའི་ལྷ་ཕུར་ཚོ་བྲོ་པ་དོ་རར་ཞུགས་པ་བཞིན་དུ་ཅོད་པན་ཟིང་ཟིང་འཁྲབ་ཅིང་མེ་སྟག་ཕྲོམ་ཕྲོམ་འདུག །གཅེན་ལ་འདི་ལྟར་གདའ་བྱས་པས། རུང་གསུངས་ནས་ཟང་ནག་ཆེན་པོ་ཞིག་བསྣབས་ནས། མཆེད་གཉིས་ཀྱི་བསྟོད་པ་མཛད་དེ་དངོས་གྲུབ་(སྟོད་ཆ།༥༢༤)བླངས་སོ། །དེ་ནས་རིང་ཞིག་ན། སློབ་དཔོན་ཤཱཀྱ་རྒྱལ་མཚན་གྱིས་ཚོང་པ་མང་པོའི་དཔོན་མཛད་དེ་ལྡང་ན་ཕར་བྱོན་པས། འདར་ནག་པོའི་རྟ་པ་ཉི་ཤུ་རྩ་གཅིག་གིས་ཚོང་པ་ཐམས་ཅད་བཅོམ། དེར་རྟིང་རེས་གཤེགས་ནས་གཟིགས་པས་སྒོམ་པ་བོག་པ་མཐོང་ནས་བེར་སྔོན་པོ་དེ་ཕུད་ནས། ལྷ་བོས་ཀླུ་བོས་བྱས་ནས་བེར་བརྡབས་པས། དེའི་ནུབ་མོ་མི་ཉལ་ཙམ་གྱི་དུས་ཚོད་ལ་ངུ་ཅོ་དེང་ངེ་བ་ཞིག་བྱུང་། ནངས་པར་ཚོང་དཔོན་གྱི་བུའི་མགོ་ལ་སློབ་དཔོན་གྱི་རྟ་ཡིས་འཕྲ་བ་བརྒྱབ་སྟེ་ཤི་རུ་འཆའ་ཟེར། དེར་སློབ་དཔོན་འཁོར་བཅས་ཀྱིས་བྲོས་ནས་ཕྱིན། ཕྱིས་དེ་ལོའི་དུས་ཙམ་ཡན་ལ་རྟ་པ་ཉེར་གཅིག་ལས་བཅུ་དགུ་ཤི། གཉིས་ཀྱིས་སློབ་དཔོན་ཅན་དུ་འོངས་ནས་བཤགས་པ་ཕུལ་ནས་འབངས་བྱས་སོ། དེར་ཉང་ནག་བེར་སྔོན་ཅན་ཞེས་མཐུ་ཆེ་བར་ཕྱོགས་ཀུན་ཏུ་གྲགས་སོ། འདིའི་སློབ་མ་ལྷན་གྱི་སློབ་དཔོན་དྲག་པོ་ཡིན་ཏེ། དེ་ཡང་སྣུབས་ཡུལ་རོང་གི་སའི་ཆ་འགྲོགས་བྱ་བར་འཁྲུངས། མི་རྨང་པོ་ཉེ་རེས་མེད་པ་ཞིག་ཡིན། ཆུང་ངུ་ལ་ཕ་མ་ཤི་ནས་ཞང་པོ་ཉང་ནད་ཀྱི་ཉི་རིགས་འཕན་པོ་མང་པོ་ཡོད་པས་དེ་རྣམས་ཀྱིས་ནོར་རྫས་ཐམས་ཅད་ཕྲོགས་ནས་སྦྲང་དུ་བཏང་། དེར་སློབ་དཔོན་ཤཱཀྱ་རྒྱལ་མཚན་དང་མཇལ། ལོ་བཅོ་བརྒྱད་ནས་སུམ་ཅུའི་བར་དུ་བླ་མའི་གནག་རྫི་བྱས། བླ་མས་སྔགས་ཀྱི་སྣོད་དུ་རུང་བར་གིཟགས་ནས་ཆོས་མང་པོ་གནང་། ཤེས་རབ་ཆེ་བས་ཕྱུགས་སྐྱོང་རིང་ལ་མན་ངག་ཐམས་ཅད་ཉན་ནས་སྦྱངས་པས། ཕྱག་བཞེས་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན་པར་སློབ། དེར་བླ་མའི་ཞལ་ནས། ད་ནི་ངས་ཀྱང་ལོ་བརྒྱད་ཅུ་གྱ་ལྔ་ལོན། སྣང་བ་ཡལ་དུ་ཆ། རྒྱུད་(སྟོད་ཆ།༥༢༥)འགྲེལ་འདི་ཚོ་ཞལ་བཤུས་གསུངས། དེར་སློབ་དཔོན་དྲག་པོ་ལ་ཡུལ་ན་ནོར་བག་ཙམ་ཡོད་པས་དེར་འདྲིའམ་ཞུས་པས། ལེགས་ཀྱི། འདིར་བུ་གཉིས་པོ་ཕྲག་དོག་སྐྱེ་བའང་སྲིད་གསུངས། དེར་པོ་ཏི་ཀུན་གནང་ནས་ཡུལ་དུ་འདྲི་གིན་ཡོད་ཙ་ན། སློབ་དཔོན་གྱི་སྲས་ཆེ་བ་ཆོས་ཚུལ་བྱ་བ་བྱོན་ནས། ཨ་ཕོ་དྲག་པོ་ཡབ་ནི་གྲོངས་ནས་མེད། པོ་ཏི་བསེ་གླེགས་ཅན་ཡང་མི་འདུག །དེ་སུ་ལ་འདུག་ལ་དེ་མགོ་སྐྱེལ་བ་ལ་ཟེར། སློབ་དཔོན་གྲོངས་པས་མི་དགའ་བའི་སྟེང་དུ། པི་ཏི་ང་ལ་ཡོད་ཟེར་བ་ཡང་མ་ནུས་པས། དེར་བླ་དཔེ་སློབ་དཔོན་དྲག་པོ་ལ་ལུས་སོ། དེ་ཙ་ན་བླ་མ་དྲག་པོས་ཞང་པོ་ནོར་འཕྲོག་མི་ཀུན་གྱི་སར་སྦྱོན་པས་དེ་རྣམས་ཀྱིས་འདི་ཉང་ནག་བེར་སྔོན་ཅན་གྱི་མཐུས་བསྙེམས་པ་ཡིན་འོང་། ཅི་ནུས་པ་རིམས་ཤིག་ཟེར་ནས་ཁ་སྨྲས་མང་པོ་བྱས་སོ། དེ་ནས་སློབ་དཔོན་གྱིས་ལྷན་དུ་སྟག་ལུང་བྱོན། སྒྲུབ་པ་མཛད་པས་རྟགས་མཚན་མངོན་དུ་གྱུར། ཞང་པོ་དྲེགས་པ་ཅན་དེ་ཀུན་གྱིས་ཟླ་བ་གཅིག་ན་སློབ་དཔོན་དྲག་པོ་ཕོ་མཐུས་བསྒགས་ཀྱིས་བཏང་གི་ཟེར་ནས། བན་དྷེ་བཅུ་གསུམ་ལ་མཐུ་བྱེད་དུ་བཅུག་པ་ལ། སློབ་དཔོན་གྱིས་ཀྱང་དྲག་ལས་བྱས་པས། ཟླ་བ་གསུམ་ནས་ཉང་ནག་བནྡྷེ་བཅུ་གསུམ་པོ་ལ་གློ་ཚད་ཐེབས་ནས་ཀུན་ཤིའོ། ཕྱིས་ལྟད་མོ་ཆེན་པོ་ཞིག་བྱུང་བའི་དུས། སློབ་དཔོན་དྲག་པོས་བེར་ནག་ཆེན་པོ་ཞིག་གྱོན། དྲེའུ་ཞིག་ལ་ཆིབས། འཁོར་མང་པོས་བསྐོར་ཏེ་ལྟད་མོ་ལ་བྱོན་པས། ཞང་ནེ་མོ་ཀུན་གྱིས་ས་གཏོར་ཏེ། ཞང་མི་མཐིང་པོ་ངན་པ་བྱུང་ངོ་ཟེར་ཞིང་འ་ཙི་འ་ཙི་ཟེར་བ་ལ། ཁྲོམ་པ་ཀུན་ན་(སྟོད་ཆ།༥༢༦)རེ། མིའི་ནོར་རྫས་ཐམས་ཅད་ཕྲོགས་འ་ཙི་བྱ་བ་ཁྱེད་རང་ཚོ་ཡིན་མོད་ཟེར་སྐད། སློབ་དཔོན་དྲག་པོ་འདིས་དགོངས་བརྒྱུད་སྐོར་ལ་མི་མཁྱེན་པ་མེད་ཅིང་། མཐུ་དང་སྐུ་བསོད་ཆེ་བས་དབུས་གཙང་གི་མཁས་བཙུན་ཐམས་ཅད་ཀྱིས་ཀྱང་ཞབས་ལ་གཏུགས་སོ། ཡང་དུས་དེ་ཙམ་ཞིག་ན་སྣ་ནམ་ཤེས་རབ་ཚུལ་ཁྲིམས་ལ་སྲས་གཉིས་ཡོད་པའི་ཆེ་བ་སྣ་ན་འབྲེ་བན་ལ་སྐུ་དགྲ་ཞིག་བྱུང་བར། དགྲ་དེ་དག་གིས་མཐུ་ཡོད་དོགས་ནས་མཐུ་བཟློག་པ་ལ་གནུབས་ཟམ་ནག་སྟོད་པའི་ཇོ་བོ་སྟག་རམ་སྤྱན་དྲངས་སོ། ལན་གཅིག་སྣ་ནམ་འབྲེ་བན་དང་། གནུབས་སྟག་རམ་ཟམ་ཁ་ཞིག་ཏུ་མཇལ་བས། སྣ་ནམ་གྱིས་ཇོ་བོ་སྟག་རམ་ལ་ཕྱག་བྱས་ཏེ། དགེ་བཤེས་པ། མི་འདི་པས་བདག་ལ་མི་མཚམས་པའི་ལས་མང་པོ་བགྱིས་པས། ཐུགས་དམ་ལ་དགོངས་ལ་འདི་པའི་བསྲུང་བ་མི་མཛད་པར་ཞུ་བྱས་པས། གནུབས་སྟག་རམ་གྱིས་ཁྱེད་རང་ལང་ལབ་བྱང་ཆུབ་རྡོ་རྗེའི་ཕུར་ཐུང་དེས་རྦོད་པ་འདུག་སྟེ། ངས་མཐུ་བཟློག་བྱེད་ཀྱི། ཁྱེད་ཅི་ནུས་རེམས་ཟེར་པས་སྣ་ནམ་ཁྲོས་ནས་གོས་བརྡབས་དམོད་མོ་བྱས་ནས་ངས་ལན་ཟེར་ནས། གཉིས་ཀས་དུས་བཏབ་སྟེ་བསྒྲུབ་པ་ལ་ཞུགས་པས། ཟླ་བ་གསུམ་ན་གནུབས་སྟག་རམ་ཀྲག་སྐྱུག་སྟེ་ཤི། གཤིན་རྗེ་མཁས་པོ་ཕུར་པ་ལ་རྒྱུགས་བྱ་བ་དུས་དེར་ཡང་གྲགས་སོ། སློབ་དཔོན་དྲག་པོ་ལ་སློབ་མ་མང་ཡང་། ཐུགས་སྲས་སུ་གྱུར་པ་ནི། ཉང་རོ་རྒྱན་མཁར་གྱི་སེ་སྟོན་ཁྲི་རྒྱལ་དང་། ཉང་སྟོན་གྱི་ལྕེ་སྟོན་ཤཱཀྱ་རྒྱལ་མཚན་གཉིས་སོ། །དེ་ལ་ལྕེ་སྟོན་ཤཱཀྱ་རྒྱལ་མཚན་ནི། སྟོན་པ་ཆེན་པོ་ཞིག་ཡིན་པས། འཁོར་མང་པོས་བསྐོར་ཏེ་གདུགས་ཕུབ་ནས་བྱོན་(སྟོད་ཆ།༥༢༧)ཏེ། སློབ་དཔོན་དྲག་པོ་དང་མཇལ་བས་མཁྱེན་པ་ལ་ཐུགས་མཉེས་ནས་རྒྱུད་འགྲེལ་ཐམས་ཅད་ཞུས་ཀྱང་སྐུ་བསོད་ཀྱིས་གཡེངས་ནས་ལག་ལེན་མ་ལོབས། རྒྱུད་འགྲེལ་གྱི་བཤད་པ་ནི་མཁས་ཀྱང་། མན་ངག་གི་བརྒྱུད་པ་མ་ཟིན་ནོ། །ཆོས་བརྒྱུད་ཟིན་པའི་སློབ་མ་ནི་སེ་སྟོན་ཁྲི་རྒྱལ་ཁོ་ན་ཡིན་ཏེ། རྒྱུད་འགྲེལ་མན་ངག་ཀུན་ལ་མཁས་སོ། །རྟགས་དང་མཚན་མ་ཕུལ་དུ་ཕྱིན་ཅིང་ཡུལ་གསུམ་གྱད་དུ་གྱུར་པས་ཕུར་པ་དགྲ་བགེགས་གཉིས་གང་ལ་བཏབས་ཀྱང་མི་ཐེགས་པ་མེད་དོ། འདིའི་སློབ་མ་ལྷ་རྗེ་ཕུར་སྟོན་རིང་མོ་ཡིན་ཏེ། ཞབས་ཏོག་གིས་བླ་མ་མཉེས་པ་མང་པོ་མཛད་དེ་གདམས་པ་མ་ལུས་པ་ཐོབ། སྐུ་གཞོན་ནུའི་ཚེ་སློབ་དཔོན་དྲག་པོ་ལ་ཡང་རྩ་བ་ཚར་གཉིས་ཞུས། བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་སྲས་བཅུ་བདུན་བཞེངས་པ་ལ་སོགས་དགེ་བའི་ལས་རྒྱ་ཆེར་མཛད། དབེན་གནས་ཁྲ་རི་གནམ་རྫོང་དུ་སྒྲུབ་པ་མཛད་པས་རྟགས་དང་མཚན་མ་མངོན་གྱུར་དུ་ཐོབ་པ་ཡིན་ནོ། དེའི་སློབ་མ་རྒྱ་སྟོན་ནམ་མཁའ་རྒྱལ་པོས་ཁྲ་རི་གནམ་རྫོང་དུ་བླ་མ་མཉེས་པར་བྱས་ནས་གདམས་པ་དང་མན་ངག་ཚང་བར་ཞུས་ཀྱང་དབང་མ་ཐོབ་པས། ཕྱིས་རང་གི་གཅེན་སྨྱོས་སྟོན་ཉི་མ་རྡོ་རྗེ་བྱ་བ་དེ་ལ་ཞུས། དིང་རི་སྟག་ཉེའི་བང་སྟེང་དགོན་པར་བླ་མ་སྨྱོས་དང་། རྒྱ་སྟོན་གཉིས་ཀས་བསྒྲུབས་པས་རྟགས་དང་མཚན་མ་མཐའ་རུ་ཕྱིན། དེ་ལྟར་གཉིས་ཀས་ལྷ་རྗེ་པུར་སྟོན་རིང་མོ་ལ་ཐུག་ཀྱང་དབང་རྒྱུད་གཙོ་ཆེ་བས། ལྷ་རྗེ་སྨྱོས་སྟོན་ཉི་མ་རྡོ་རྗེ། རྒྱ་སྟོན་ནམ་མཁའ་རྒྱལ་པོ་ཞེས་འདོད་དོ། །ནམ་མཁའི་རྒྱལ་པོའི་སློབ་མ་རང་གི་སྲས་གཉིས་ལས། སྲས་ཆུང་བ་ཉི་མ་རྒྱལ་མཚན་ལ་རྒྱུད་འགྲེལ་གདམས་ངག་ཚང་བར་གནང་།(སྟོད་ཆ།༥༢༨)ཆུང་ངུ་ནས་ཡབ་ཀྱི་ཕྱག་ཕྱིར་ཕྱིན་ནས་ལག་ལེན་མང་པོ་མཛད་པས་ལག་ལེན་དབྱངས་དང་བཅས་པ་ཤིན་ཏུ་མཁས། ཡབ་ཀྱིས་བསྙེན་སྒྲུབ་ལ་བཅུག་པས་རྟགས་དང་མཚན་མ་མང་པོའང་བརྙེས། དངོས་གྲུབ་དང་བྱིན་རླབས་ཅེ་བ་ཅན་དུ་གྲགས་སོ། དེའི་སློབ་མ་ཉང་བན་ཤུ་མངས་ལུང་བ་ཆེན་པོ་ཡིན་ཏེ། བླ་མ་ལ་དབང་དང་རྒྱུད་འགྲེལ་མན་ངག་ཚང་བར་ཞུས་ཤིང་། བསྒྲུབས་པས་དངོས་གྲུབ་ཐོབ་པ་ཡིན་ནོ། །དེའི་སློབ་མ་འཛམ་གླིང་པཎྜི་ཏ་ནག་པོ། འདི་ནི་མི་ཆེ་བས་ཉང་སྟོད་ཀྱི་བྱ་ཆོས་མཁར་པོ་ཆེ་ལ་སོགས་པ་མཁར་གསུམ་གྱི་བདག་པོར་གྱུར། རོང་དུ་སྨུ་བསམ་གླིང་གི་ལྷ་ཁང་བཞེངས། ལྷ་འདྲེ་བྲན་དུ་འཁོལ་བ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའོ། དེའི་སློབ་མ་ཤངས་རྡོ་རྗེ་གླིང་པ་བླ་ཆེན་རྡོ་རྗེ་རིན་པོ་ཆེ་ཡིན་ཏེ། འདི་ནི་མཁས་བཙུན་བཟང་པོའི་ཡོན་ཏན་དུ་མ་དང་ལྡན། སྐུ་ལ་ཚུལ་ཁྲིམས་ཀྱི་དྲི་བྲོ། བླ་མ་འཛམ་གླིང་པ་རང་གི་དགོན་པར་སྤྱན་དྲངས་ནས་དབང་དང་གདམས་པ་མ་ལུས་པ་ཞུས་པས་རྒྱུད་དང་གདམས་པའི་མངའ་བདག་ཏུ་གྱུར་པ་ཡིན་ནོ། དེའི་སློབ་མ་ཆུ་བར་ཉི་ཕུག་པ་ཆེན་པོ་ཡིན་ཏེ། ཕ་སྤུན་དགྲར་ལངས་པ་དང་། དཀོར་བདག་རྒྱལ་པོ་ཡང་བསྒྲལ། ཕྲིན་ལས་རབ་འབྱམས་ལ་མངའ་དབང་འབྱོར་བབ་ཡིན་ནོ། དེའི་སློབ་མ་གཙང་ཉ་རི་བན་གྲོང་ནི་སྟོན་པ་གསང་སྔགས་རྡོ་རྗེ་ཡིན་ཏེ། དུས་ཕྱིས་བྱོན་པའི་སྔགས་པ་ལ་མཁྱེན་པ་དང་ནུས་མཐུ་གཉིས་ཀ་འདི་ལས་ཆེ་བ་མེད། སློབ་དཔོན་པདྨས་མཆིམས་རྡོ་རྗེ་སྤྲེའུ་ཆུང་གི་སྐྱེ་བར་ལུང་བསྟན། བོད་ལ་ཕན་པའི་རྟེན་འབྲེལ་མང་པོ་འདུག་པས། མངའ་རིས་རྫོང་ཁའི་ཆོས་རྒྱལ་(སྟོད་ཆ།༥༢༩)གྱི་གདུང་བརྒྱུད་རྣམས་ཀྱིས་མཐུན་རྐྱེན་སྦྱར་ཏེ་ཕལ་ཆེར་ཡང་གྲུབ། རྫོང་ཁ་རྒྱལ་པོའི་སྐུ་རིམ་གྱི་དུས་ནུབ་རེའི་ཐུན་གཏོར་འཕངས་པའི་ཚེ་མེ་དངོས་སུ་འགྲོ་བ་སྐྱེ་བོ་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་སོགས་ནུས་མཐུའི་གྲགས་པ་ཆེན་པོ་ཐོན། འདིས་སྐུ་གཞོན་ནུའི་དུས་སུ་སྒྲོ་ཕུག་གི་དབེན་པར་ཕུར་པའི་སྒྲུབ་པ་ཞག་བདུན་མཛད་པས། རྡོ་རྗེ་གཞོན་ནུ་ཞལ་གཟིགས་ཤིང་། རྫོང་ཁར་ཡང་ཡི་དམ་མང་པོའི་ཞལ་གཟིགས་པ་སོགས་གྲུབ་པའི་རྟགས་མངོན་དུ་གྱུར་པ་ཡིན་ནོ། དེ་ལ་མང་ཡུལ་སྐྱིད་གྲོང་དུ་བླ་མ་རྡོ་རྗེ་སེང་གེས་གསན་ཏེ། རྗེ་འདི་ཆུ་ཕོ་རྟའི་ལོ་ལ་མེ་ཉག་འགའ་དང་ཉེ་བའི་སར་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་ལོན་པའི་ཚེ་ས་གཡོས་ཀྱི་འཇིགས་པས་ནང་མི་དང་གྲོང་པ་ཀུན་ཤི་བས་ཐུགས་སྐྱོ་སྟེ་དབུས་གཙང་དུ་ཆོས་ལ་བྱོན། དེར་ཡང་ཀླུང་བཙན་ཐང་དུ་གོང་མ་གྲགས་པ་འབྱུང་གནས་པས་དམར་སྟོན་རྒྱལ་མཚན་འོད་ཟེར་སྤྱན་དྲངས་ནས། བཙན་ཐང་མ་མོ་ཆེར་གྲགས་པའི་ཆོས་འཁོར་བསྐོར་བ་དང་ཐུག་སྟེ་སྔགས་གསར་མའི་དབང་བཀའ་དང་། རྒྱུད་འབུམ་གྱི་ལུང་གསན། རྗེ་འགོས་ལོ་ཙཱ་བ་ལ་སྦྱོར་དྲུག་གི་ཁྲིད་གསན། སྐབས་དེར་རྡོ་རྗེ་ཟམ་པ་གནང་བ་དང་ཐུག་པས་སྔགས་རྙིང་མའི་ཆོས་སྐོར་ལ་དད་པ་མཆི་མ་འཁྲུགས་པ་ཙམ་སྐྱེས། ཆོས་ཐམས་ཅད་ཐོབ་པ་ཞིག་བྱ་དགོས་སྙམ་པ་ཤར། སུ་ལ་་ཡོད་དྲིས་པས། དབུ་རུ་ན་ཞོགས་ཐར་པ་གླིང་བྱ་བ་ན་སངས་རྒྱས་དབོན་པོ་ལ་ཡོད་ཟེར། དེར་བྱོན་ཏེ་རྫོགས་པ་ཆེན་པོ་བཀའ་གཏེར་ཕལ་ཆེར་གསན། ཆོས་རྗེ་ཀུན་དགའ་རིན་ཆེན་ལ་འབྲི་གུང་པའི་ཆོས་སྐོར་དང་། བན་སྒར་བ་འཇམ་དཔལ་བཟང་པོ་(སྟོད་ཆ།༥༣༠)ལ། པཎ་ཆེན་ནགས་རིན་གྱི་ཆོས་སྐོར་དང་། སྟག་ལུང་ངག་དབང་གྲགས་པ་ལ་བོ་དོང་པའི་ཆོས་སྐོར་སོགས་ཞུས། ཡར་ཀླུངས་སུ་འོན་མཐིང་མ་བ་སྔགས་འཆད་གཡུ་འབྲུག་རྡོ་རྗེ་ལ་མདོ་དབང་དང་སེམས་ཕྱོགས་གསན། སྦ་དྲོ་སྟག་ཚང་དུ་ཀ༔ ཐོག་པ་ཡེ་ཤེས་འབུམ་པ་ལ་རྒྱུད་འབུམ་གྱི་ལུང་དང་། བཀའ་མའི་ཆོས་བཀའ་མང་པོ་ཞུས། རརྣ་གླིང་པ་ལས་ཁོ་རང་གི་གཏེར་ཆོས་ཡོངས་རྫོགས་དང་། ཡང་དགོན་པའི་རི་ཆོས། ཕུར་པ་བཀའ་མ་ཁ་ཡར་འགའ་ཡང་གསན། ལ་སྟོད་བྱང་དུ་སེ་སྟོན་རྒྱ་མཁར་བ་ལས་ཞི་ཁྲོ་ཕུར་གསུམ་གྱི་སྐོར་དང་། མ་མོ་ལྷོ་འགྲིམས། བྱང་འགྲིམས། སྒང་ཤར་སོགས་མ་མོའི་རྒྱུད་ལུང་མང་པོ་དང་། ཚེ་བདག་སད་ལུགས། ཨུར་མོ་ཁ་ཐུན་གཤིན་རྗེ་གདོང་དྲུག་པ། གཤིན་རྗེ་དམར་པོ་ལ་སོགས་པ་ཁོང་ལ་བཞུགས་ཚད་ཀྱི་ཆོས་ཐམས་ཅད་གསན། དེ་ནས་བལ་ཡུལ་དང་། གར་ཤ་མཁའ་འགྲོ་གླིང་དང་། ན་ག་ར་ཀོ་ཊ་ལ་སོགས་པའང་གཟིགས་པར་བྱོན། ལ་སྟོད་ལྷོར་སྔགས་འཆང་ནམ་བཀྲས་བ་ལ་བཀའ་བརྒྱད་བཀའ་གཏེར་མི་གཅིག་པ་བདུན་དང་། རྫོགས་ཆེན་ཨ་རོའི་སྐོར། དོ་ཧ་མཛད་ལ་སོགས་པ་གསན། ཁྲུས་ཁ་ལོ་ཙཱ་བ་ལ་རྡོག་དཀྱིལ་བདུན་དང་། ཆག་ལོ་རིན་ཆེན་ཆོས་རྒྱལ་ལ་སྟེའུ་ར་བའི་ཆོས་སྐོར་དང་། ཞྭ་དམར་པ་བཞི་པ་ལ་ཀརྨ་པའི་ཆོས་སྐོར་དང་། བྱང་སེམས་ཆེན་པོ་ལ་ཞི་བྱེད་སྐོར་དང་། གཙང་སྨྱོན་ལ་རས་ཆུང་པའི་སྙན་བརྒྱུད་ལ་སོགས་པ་དང་། ཟིང་པ་སྟག་མགོར་སངས་རྒྱས་རྒྱལ་མཚན་པ་ལ་ཀུན་མཁྱེན་ཀློང་ཆེན་པའི་ཆོས་སྐོར། དོལ་པ་སྒྲུབ་ཆེན་མ་ལ་གཅོད་ཡུལ་དང་། བླ་མ་དགོངས་འདུས་ལ་སོགས་པ་སངས་རྒྱས་གླིང་པའིའ་ཆོས་སྐོར་མ་ལུས་པ་དང་(སྟོད་ཆ།༥༣༡)བསམ་གཏན་གླིང་པ་ལ་ཁོང་རའི་ཨ་རིའི་སྐོར་དང་། ས་སྐྱ་བཀའ་འབུམ། ལམ་འབྲས་ལ་སོགས་པ་དང་། རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར་ལ་འབྲུག་པྱོགས་མཐའ་དག་གསན་ཅིང་། ཤངས་འབའ་ར་བ་ནམ་མཁའ་རྒྱལ་མཚན་པ་ལ་སྟོད་འབྲུག་དང་འབར་ཆོས། འཇག་པ་ལ་ཤངས་པ་བཀའ་བརྒྱུད་སྐོར། སྐུ་དྲུང་ཉི་ཟླ་བ་ལ་ཀུན་སྐྱོང་གླིང་པའི་ཆོས་སྐོར་དང་། ངོར་དུ་ཆོས་རྗེ་འདྲེན་མཆོག་ལ་ལམ་འབྲས་དང་། ཞ་ལུ་བ་དཀོན་མཆོག་བཟང་པོ་ལ། ཡོ་ག་དང་ཞ་ལུ་བའི་ཆོས་བཀའ་ཕལ་ཆེར་གསན། ཆོས་རྗེ་བྱང་ཆེན་པ་ལ་འཆིམས་ནས་བརྒྱུད་པའི་དབུ་མའི་ཁྲིད་སོགས་སྣར་ཐང་པའི་ཆོས་སྐོར་དང་། གཏམ་ཤུལ་དུ་མངའ་བདག་གི་གདུང་དང་སློབ་བརྒྱུད་རྣམས་ལ་ཉང་ལུགས་དང་། གནས་རྙིང་བསམ་གཏན་སྒང་པ་ལ་ཆོས་དབང་རིན་པོ་ཆེའི་གཏེར་ཆོས་སོགས་མང ་དུ་གསན་ཅིང་། མདོར་ན་བོད་དུ་དར་བའི་ཆོས་ལ་མ་གསན་པ་མེད། གྲ་ཐང་དུ་ཞ་ལུ་ལོ་ཙཱ་བའི་དྲུང་དུ་བྱོན་ནས། རིམ་ལྔ་ཞུས་པས་རླུང་ལྔའི་ཁ་དོག་སོ་སོར་གཟིགས། མནལ་ལམ་བཟུང་ནས་ཞིང་ཁམས་མང་པོ་བསྒྲོད། བར་སྲིད་ཐོགས་མེད་དུ་གཟིགས། མངོན་པར་ཤེས་ས་ཕྱོགས་མེད་དུ་ཤར། དེར་ཀུན་དདད་པས་འདུ་ལོང་གིས་ཐུགས་སུན་ནས། མོན་ཡུལ་དུ་བྲོས་ནས་འཚོ་བ་ངན་ངོན་ལ་བརྟེན་ཏེ། ཚེ་དང་སྒྲུབ་པ་མཉམ་པ་དང་། སྣོད་ལྡན་གྱིས་སློབ་མ་བྱུང་ན་ཆོས་ཀྱི་སྦྱིན་པ་ལྷུག་པར་སྩལ་བའི་དམ་བཅའ་མཛད། མཁར་ཆུར་ལོ་བདུན་སྒྲུབ་པ་མཛད་པས། ཞ་བ་དེ། ཉིད་ཀྱིས་ཕུར་པའི་བསྙེན་སྒྲུབ་བགྱིས་ན་སླར་གསུམ་ཅུའི་བར་ཕྱིར་(སྟོད་ཆ།༥༣༢)ནུར་ཏེ་དགུང་ལོ་དགུ་བཅུ་རྩ་གཅིག་བཞེས་པར་འགྱུར་ཞེས། ལྷ་མོ་རི་མ་ཏིས་ལུང་བསྟན་བྱུང་བ་ལ། དེའི་ནང་པར་རང་དུ་དཀྱིལ་འཁོར་བཞེངས་ནས་ཟླ་བ་དགུ་སྒྲུབ་པ་ལ་བཞུགས། དེ་དུས་བསྙེན་ཕུར་གྱི་ཞལ་ནས་མེ་སྟག་ཕྲོམ་ཕྲོམ་བྱུང་བ་དང་། སྒུ་ཆུལ་ཕྱུག་པོ་ལ་བསོད་སྙོམས་ཀྱི་ནས་བཅོལ་བ་མ་སྤྱོད་པའི་ཁར། བླ་མ་ལ་དུག་བཏང་། ཡོན་བདག་ཀུན་དང་ཕྲ་མ་བཅུག་པས་དེ་ལ་ཐུགས་དམིགས་མཛད་པས། བུད་མེད་རྟ་པ་མང་པོས་ཤིང་གི་ཕུར་པ་དཀར་པོ་དང་། གྲོད་པ་མང་པོ་ཁྱེར་ནས་སྒུ་ཆུལ་གཞིས་ཀར་སོང་ནས་གྲོད་པ་ནས་ཁྲག་མང་པོ་གཏོར་བ་ཞིག་རྨིས། དེ་ནས་ཞ་ལུ་ལོ་ཙཱ་བའི་དྲུང་དུ་བྱོན་ཙ་ན་འབུལ་བ་ཅང་མེད་དགོངས་ནས་སྐུ་ཕྲག་མྱུལ་བས་ཨ་རུ་ར་རློན་པ་སུམ་ཅུ་སོ་གཅིག་བྱུང་བ་བླ་མ་ལ་ཕུལ་བས། ཤིན་ཏུ་དགྱེས་ཏེ་ཕྱག་ཏུ་བཞེས། གཅིག་ཚུར་གནང་ནས་ང་རང་གི་ཁར་བཅུག་པ་རྨིས། གཉིད་སད་ཙ་ན། བླ་མའི་སྐུ་ཚེ་འཏུད་འདུག་སྟེ། ང་ལ་གཅིག་གནང་བ་དས་ལོ་གཅིག་གི་ཉུང་དུ་སོང་བ་འདྲ་སྙམ་པ་བྱུང་། ཕྱིས་དེ་ཀ་རང་བྱུང་སྟེ་དགུང་ལོ་དགུ་བཅུ་བཞུགས་སོ། དེ་ནས་ཟླ་བ་གཅིག་ཙམ་ནས་སྒུ་ཆུལ་བ་ཚོ་ལ་བཤལ་ནད་བྱུང་ནས་སེམས་གནག་ཚད་ཤེད། དུག་གཏོང་མི་ཕྱུག་པོ་ཚང་གི་གྲོང་རྐང་སྟོངས། ཕུར་པ་འདིས་ངའི་བླ་མའི་སྐུ་ཚེ་འཐུད་དེ། ང་ངན་སོང་དུ་དེའུ་སྐྱུར་གསུངས་ནས། ཞི་ཁྲོ་དང་། གཙུག་དགུ་དང་མི་འཁྲུགས་པ་དང་། ཀུན་རིགས་དང་། གཙུག་ཏོར་རི་མེར་རྣམས་ཀྱི་སྒྲིབ་སྦྱོངས་ལ་ལོ་རེ་རེ་སྟེ་ལོ་ལྔ་ལ་མཚམས་བསྡམས། མི་ཆེ་ཆུང་ལྔ་བཅུ་ཙམ་ཤི་བ་འགྲོགས་ཨེ་ཡོང་ཡིན་ཏེ་སྐྱོན་ཅེ་གསུངས། སྤྱིར་བླ་མ་འདིའི་མཁས་བཙུན་བཟང་གསུམ་དང་།(སྟོད་ཆ།༥༣༣) གྲུབ་པ་ཐོབ་ལུགས་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ། ཕྱིས་སྐུ་ཐིམ་པར་ཉེ་བ་ན། ད་ལོའི་འབྲུམ་ནད་འདི་ལ་ང་ཐག་རིང་ཞིག་ལ་བྲོས་འགྲོ་གསུངས་ནས་སྐུ་ལུས་མ་སྤགས་པར་མཁར་སྤྱོད་དུ་གཤེགས། དེ་ནས་ཉིན་བདུན་བར་དུ་མེ་ཏོག་གི་ཆར་དང་། ནམ་མཁའ་ལ་འཇའ་དང་ས་གཡོ་བ། ཤར་ཕྱོགས་སུ་སྒྲ་ཆེན་པོ་གྲགས་པ་སོགས་ཀྱི་ལྟས་ངོ་མཚར་ཅན་བསམ་གྱིས་མི་ཀྱབ་པ་བྱུང་། རྗེ་འདིར་དགུང་ལོ་ཇི་ཙམ་བཞེས་ཞེས་ཞུས་པ་ན། བརྒྱད་ཅུ་རྩ་ལྔ་ཙམ་ཨེ་མི་ལོན། ད་རྒས་ནས་བརྗེད་དེ་མི་གདའ། ཞེས་ཐམས་ཅད་ལ་གསུང་བ་ཞིག་ཡིན་མོད་ཀྱི། གོང་མ་གྲགས་འབྱུང་དང་དུས་མཉམ་ཡིན་པས། དེ་ཡང་དམར་སྟོན་དང་། འགོས་ལོ་སོགས་དང་ཐོག་མཚུངས་ཀྱང་ཞ་ལུ་ལོ་ཆེན་གྱི་སྐུ་ཚེའི་སྨད་བར་བཞུགས་པས་གཤེགས་དུས་ཡན་ལ་བརྩིས་པས། མི་ཡུལ་དུ་ལོ་ཉིས་བརྒྱ་ལྷག་ཙམ་བཞུགས་ངེས་སུ་འདུག་གོ། དེ་ནས་བློ་གྲོས་བཟང་པོ། ས་ར་ནི་སྟི། བཛྲ་ཕ་ལ་ནས་སྨོས་སྟོན་ཆེན་པོ་གསང་བདག་ཕྲིན་ལས་ལྷུན་གྲུབ་ཡབ་སྲས་ཀྱི་བཀའ་དྲིན་གྱིས་དེང་སང་གི་བར་དུ་ཆོས་རྒྱུན་མ་ནུབ་པར་བཞུགས་པ་ནི་སློབ་དཔོན་ལང་ལབ་ནས་བརྒྱུད་པའི་ལུགས་སོ། ཟད་བརྗོད་ན། གནུབས་ལུགས་སུ་གྲགས་པ་ནི་ལྕམ་གྱི་མཆོད་གནས་མ་ལས་གནུབས་ལ་བརྒྱུད་པས་དེ་ལྟར་གྲགས་ཏེ། དེའི་ནང་ནས་འབྱུང་པོའི་དྲག་སྔགས་གཟའ་གདོང་དམར་ནག་ཅེས་གྲགས་པ། གནུབས་པ་དང་རྗེ་བཙུན་མི་ལའི་མཐུ་ཆེན་པོ་དེ་ཡང་ཕུར་པ་ལྕམ་ལུགས་ཀྱི་གདམས་སྐོར་ཡིན་ཏེ་དེང་སང་གི་བར་དུ་ལུང་རྒྱུད་ཡང་ཡོད་དོ། །འོན་ཀྱང་གཤིན་(སྟོད་ཆ།༥༣༤)རྗེ་མཁན་པོ་རྣམས་ཀྱིས་ཡང་ཟློག་མེའི་སྤུ་གྲི་ལ་ངོས་འཛིན་པར་གནང་ངོ་། ཡང་ཤུད་ཕུ་ནས་བརྒྱུད་པའི་ལུགས་ཀྱང་བྱུང་སྟེ། ཤུད་ཕུ་དཔལ་གྱི་སེང་གེ་ནས་མི་རབས་བཞིའི་གྲྭ་ཡིར་ཁེན་ལོག་བྱུང་ནས་གཏམ་ལྷས་གདན་དྲངས། ཡུག་གཙང་དཀར་གྱི་ཕུ་ལ་ཕེབས། ཡུག་ནག་སུ་ཡོད་པས་གནམ་མཐོང་བའི་ཐང་མ་གིར་ཡལ་བྱེད་ཟེར་ནས་གནམ་ཐང་བཟུང་ཞིང་ལུང་པ་དང་རིགས་བརྒྱུད་མང་དུ་དར་རོ། དེ་ནས་མི་རབས་བཅུ་ན་ཤུད་ཕུ་མེས་ཚབ་རྒྱལ་པོ་དང་། ཤུད་ཕུ་ཁྱི་ཐུལ་ཅན་གཉིས་བྱུང་། མེས་ཚབ་རྒྱལ་པོ་ལ་སྲས། བཤེས་གཉེན་ཆེན་པོ་ཟླ་བ་རྒྱལ་མཚན་ཡིན་པ། བཤེས་གཉེན་ཆེན་པོ་ནས་བཟུང་སྟེ་རིགས་བརྒུད་འདི་ལ་གྲུབ་ཐོབ་ཉི་ཤུ་རྩ་ལྔ་ཙམ་བྱོན་ཏེ། དེ་དག་ཀྱང་གསང་སྔགས་རྙིང་མའི་ཆོས་སྐོར་ལ་མཁས་ཤིང་། མ་གཤིན་ཕུར་གསུམ། རྟ་མགིན་ཕྱག་རྡོར་རྣམས་ཀྱི་ཞལ་གཟིགས་ཤིག་སྒྲུབ་རྟགས་དངོས་སུ་སྟོན་པ་ཆོས་སྐྱོང་བྲན་དུ་ཁོལ་ཞིང་ལོག་ལྟ་དབང་དུ་འདུས་པ། བསྟན་པ་དང་འགྲོ་བ་ལ་ཕན་པ་རྒྱ་ཆེར་ཐོགས་པ་ཤ་སྟག་བྱོན་ཅིང་། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དུ་གྲགས་པའི་ཤུད་ཕུའི་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ཉིད་ཀྱང་ཕུར་པའི་གྲུབ་ཐོབ་ཡིན་ཏེ། ལོ་གསུམ་ལོན་དུས་པུར་པའི་དབང་ཐོབ་པས་རིགས་ཀྱི་མཁའ་འགྲོ་རྣམས་གར་བྱེད་པའི་སྣང་བ་ཤར་བས་གར་སྒྱུར་གྱི་ཕྱག་རྒྱ་མང་པོ་ཤེས་བྱུང་། ལོ་བཅུ་གཉིས་ལོན་དུས་ཕུར་པ་ཁྲོ་བཅུས་བསྐོར་བ་ཞིག་ལ་བསྙེན་པ་དུམ་རེ་བྱས་པས་ངག་ནུས་ཆེ་བའི་བློས་སྡིག་པ་བ་སྔགས་ཆུ་རེག་པས་ཤི་བ་ལ་སྙིང་རྗེ་སྐྱེས་ནས་ངུས་པས་ཞལ་དངོས་སུ་མཐོང་གསུངས། གྲུབ་ཆེན་འདི་རྗེ་ཙོང་ཁ་པའི་དབུ་བླ་ཐུན་མོང་མ་ཡིན་(སྟོད་ཆ།༥༣༥)པ་བཞིའི་མཆོག་གཅིག་ཡིན་ཏེ། ལས་ཀྱི་རྡོ་རྗེ་བླ་མའི་མཆོག བློ་བཟང་གྲགས་པ་སློབ་མའི་མཆོག བདུད་རྩི་སྨན་མཆོག་ཆོས་ཀྱི་མཆོག་ཅེས་རྣམ་ཐར་ལས་བྱུང་ངོ་། འཁོན་ལུགས་སམ་པ་ཕུར་དུ་གྲགས་པ་ནི། སློབ་དཔོན་ཆེན་པོ་པདྨའི་ཞབས་ཀྱི་སློབ་མ་འཁོན་ཀླུའི་དབང་པོ་ལས་རིམ་པར་བརྒྱུད་དེ། ཆོས་དང་རིགས་བརྒྱུད་གཉིས་ཀ་ཟམ་མ་ཆད་པ་ས་སྐྱ་པ་རྣམས་ལ་གྲགས་པས་དེ་སྐད་དུ་གྲགས་པ་ཡིན་ཏེ། དེ་ཡང་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཡན་ཆད་རྡོ་རྗེ་ཕུར་པའི་གྲུབ་ཐོབ་ཤ་སྟག་ཡིན་ཏེ། ཡི་དམ་ལྷའི་ཞལ་གཟིགས། ལྷ་སྲིན་བྲན་དུ་ཁོལ། ཆུ་དང་ནམ་མཁའ་ལ་ཐོགས་མེད་དུ་འགྲོ་བ་སོགས་སྒྱུ་འཕུལ་སྣ་ཚོགས་སྟོན་ནུས་པ་ཤ་སྟག་ཡིན་ཀྱང་། འཁོན་དཀོན་མཆོག་རྒྱལ་པོ་ནས་གསར་མར་གྱུར་མོད། འོན་ཀྱང་ཡང་ཕུར་གནིས་སྲས་བརྩེ་བ་ཆེན་པོ་ལ་གནང་། དེ་སྲས་རྩེ་མོ་དང་། གྲགས་རྒྱལ་གྱིས་ཀྱང་ཕུར་པའི་ཡིག་ཆ་འགའ་ཡང་མཛད། ས་པཎ་གྱིས་ཕུར་པ་རྩ་དུམ་བསྒྱུར་བ་དང་། ཆོས་རྒྱལ་འཕགས་པས་སྨད་ལས་སྒྲོལ་དབང་གི་རྒྱུན་གསོ་བ་སོགས་མཛད་པས། སླར་ཇེ་རྒྱས་སུ་སོང་ངོ་། དེ་དག་ལས་དངོས་རྟགས་བརྙེས་པ་འགའ་ཞིག་ཅུང་ཟད་བརྗོད་ན། འཁོན་སྟོན་ཆེན་པོ་ཀླུའི་དབང་པོ་བསྲུང་བས། སློབ་དཔོན་པདྨ་ལས་རྡོ་རྗེ་ཕུར་པའི་གདམས་པ་ཐོབ་ནས་སྒྲུབ་པ་མཛད་པས། ལྷ་ས་ཡེར་པའི་བྲག་ཏུ་རྡོ་རྗེ་དྲིལ་བུ་བར་སྣང་དུ་བཞག་པ་མཛད། གཅུང་རྡོ་རྗེ་རིན་ཆེན་གྱིས་སྨད་ལས་དྲག་པོ་སྒྲོལ་བའི་དབང་བཀུར་མཛད་པའི་དུས་ལིང་ག་འཕར་གཡོ་སྒྲ་འོད་སོགས་ངོ་མཚར་བའི་ལྟས་དུ་མ་བསྟན། འཁོན་སྟོན་བལ་པོས་ཚ་(སྟོད་ཆ།༥༣༦)མོ་རོང་གླང་གི་བྲག་ཕུར་རི་ཞེས་བྱ་བའི་བྲག་ཕུག་ཏུ་རྡོ་རྗེ་གཞོན་ནུའི་སྒྲུབ་པ་མཛད་པས་ཞལ་མངོན་སུམ་དུ་གཟིགས། སྔགས་འཆང་རྒྱ་གར་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་ཁམས་ཀྱི་གྲུབ་ཚ་ཞེས་བྱ་བའི་ཡུལ་མཐོན་པོ་ཞིག་ཏུ་སེམས་ཅན་ཏམས་ཅད་ཆུ་མེད་པས་སྡུག་བསྔལ་བར་གྱུར་པ་ལ། བྲག་ལ་ཕུར་བུ་བཏབ་པས་སྒྲུབ་ཆུ་དངོས་སུ་བཏོན་ཏེ་སེམས་ཅན་རྣམས་ལ་ཕན་པ་རྒྱ་ཆེན་པོ་མཛད། ས་སྐྱ་ལོ་ཙཱ་བ་འཇམ་དཔལ་དབྱངས་ཀུན་དགའ་བསོད་ནམས་ཀྱིས་གྲུབ་ཐོབ་འབམ་རོམ་པ་ཆེན་པོའི་བསྒྲུབ་གནས་འབར་རོམ་བྲག་ཅེས་བྱ་བའི་གནས་མཆོག་ཁྱད་པར་ཅན་དུ་རྡོ་རྗེ་གཞོན་ནུའི་སྒྲུབ་པ་མཛད་པས་དགུན་གྱི་དུས་སུའང་འཇམ་དབྱངས་མེ་ཏོག་ཤིན་ཏུ་མང་བར་སྐྱེས་ཤིང་། བྲག་དེ་ཉིད་ལ་ཕྱག་ཞབས་ཀྱི་རྗེས་ཀུན་གྱིས་མཐོང་བར་བསྟན་ཏེ། འདི་རྣམས་ནི་རྡོ་རྗེ་ཕུ་པ་ཁོ་ན་ལས་དངོས་གྲུབ་བརྙེས་པ་ཡིན་ཅེས་པ་ཕུར་གྱི་རྣམ་འགྲེལ་ལས་བཤད་དོ། སྤྱིར་ཡང་རྡོ་རྗེ་ཕུར་པ་འཁོན་ལུགས་འདི་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་ཡབ་ཆོས་སུ་གྱུར་པའི་བཀའ་དྲིན་ལས་དེང་སང་གི་བར་དུ་ཤིན་ཏུ་དར་རྒྱས་ཆེ་ཞིང་། བཀའ་ལུང་དབང་གསུམ་གྱི་རྒྱུན་མ་ཉམས་ཤིང་བསྙེན་སྒྲུབ་བྱེད་པ་མང་བ་དང་། ཁྱད་པར་དུ་རྒྱལ་ཁབ་ཆེན་པོ་ལྷུན་གྲུབ་སྟེང་དུའང་སྤྲོས་བཅས་སྒྲུབ་མཆོད་རྩ་འཆམས་དག་བཅས་དར་རྒྱས་སུ་བཞུགས་པ་འདིའོ། རོང་ལུགས་ནི་གོང་དུ་སྨོས་པའི་སྣ་ནམ་ལུགས་དེ་ལས་གཞན་མིན་ཡང་། ཉེ་བརྒྱུད་ལ། ཡོན་ཏན་རིན་ཆེན་གྱིས་སློབ་དཔོན་པདྨ་དངོས་ལ་ཐུག །དེས་མི་ཡུལ་དུ་ལོ་སུམབ་རྒྱ་བཞུགས་ཏེ་མཐར་སྐུ་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། དེའི་སྲས་རོང་བན་རིན་ཆེན་ཚུལ་ཁྲིམས་(སྟོད་ཆ།༥༣༧)ཀྱང་ལོ་ཕྱེད་དང་ཉིས་བརྒྱ་བཞུགས། དེའི་སྲས་རོང་ཟོམ་ཡིན་ལ། འདིས་ལོ་བརྒྱ་དང་བཅུ་དགུ་མི་ཡུལ་དུ་བཞུགས་ཏེ་སྐུ་བགྲེས་རྒྱུད་མི་མངའ་བའི་ངད་ནས་སྐུ་གཤེགས་པ་ཡིན་ཟེར། གང་ལྟར་ཡང་གྲུབ་ཐོབ་བར་མ་ཆད་པའི་བརྒྱུད་པ་ཡིན་ལ། དེ་ནས་སྲས་བརྒྱུད་དང་། སློབ་བརྒྱུད་གཉིས་སུ་ཡོད་པའི། སྲས་བརྒྱུད་ནི། ཆོས་བཟང་གི་སྲས་གཟི་བརྗིད་འབར་དང་འབུམ་འབར་གཉིས་ནས་རིམ་པར་འབུམ་སྒོད་ཀྱི་བར་གདུང་རབས་བཅོ་ལྔ་ཙམ་བྱུང་ཡང་། དེང་སང་ནི་གདུང་བརྒྱུད་མེད། འོན་ཀྱང་འབུམ་སྒོད་ཀྱི་དུས་རིན་སྤུངས་ཞལ་ངོ་ནམ་མཁའ་རྒྱལ་པོས་སྦྱིན་བདག་མཛད་ནས། སློབ་མའང་མང་དུ་ཐོན། དེའི་ནང་ནས་མཆོག་ཏུ་གྱུར་པ་ནི་ཐང་ཁྲོ་པ་བཀའ་བཞི་པ་ཡིན་ཏེ། འདིས་སྔགས་འཆང་སློང་རྣམས་ལ་གསུངས་པར་གྲགས། སློབ་བརྒྱུད་ནི། རོང་ཟོམ་ནས་དགེ་སྙེན་རྡོ་རྗེ་དབང་ཕྱུག །ཡོལ་ལྕགས་དངོས་གྲུབ། རྒྱ་སྟོན་སྟེང་འབར། རྣལ་འབྱོར་གཞུངས། ཕོ་རོག་མདོ་སྡེ་མགོན། ཡོ་ལྕགས་སངས་ཉི་འབུམ། གཞོན་ནུ་དོན་གྲུབ། དཔྱལ་འཕགས་པ་སྟེ་འདི་ཕྱིན་དཔྱལ་ལགས་དང་གཅིག་ཏུ་འདྲིན་པ་ཡིན་ནོ། སློབ་བརྒྱུད་ཤས་ཆེ་བ་དང་། ཇོ་མོ་ལུགས་དང་གཉིས་ལྡན་ནི་དཔྱལ་ལུགས་ཡིན་ཏེ། དེ་ལ་དཔྱལ་གྱི་མི་བརྒྱུད་ནི། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོར་གྱུར་པ་ཞིག་ལ་བུ་གསུམ་བྱུང་བ། རྒྱལ་པོས་དཀར་ནག་ཁྲ་གསུམ་དུ་བཏགས་པ་ལས་དཔྱལ་དཀར་ནག་ཁྲ་གསུམ་ཞེས་བརྒྱུད་པ་དང་བཅས་པ་ལ་གྲགས། སྔ་མ་ཕལ་ཆེར་རྙིང་མའི་དགེ་བའི་བཤེས་གཉེན་ཡང་དག་པ་ཤ་སྟག་ཏུ་བྱོན་ཀྱང་། དཔྱལ་འབྱུང་གནས་རྒྱལ་མཚན་ནས་གསར་མར་གྱུར་མོད།(སྟོད་ཆ།༥༣༨)འོན་ཀྱང་རྡོ་རྗེ་ཕུར་པ་ལ་ཤིན་ཏུ་མཁས་ཤིང་གྲུབ་པ་བརྙེས་པར་ཤ་སྟག་བྱུང་སྟེ། དཔྱལ་འཕགས་པ་དཔལ་ནས། དཔྱལ་ཀུན་མཁྱེན་ཆེན་པོ་སོགས་ནས་ཕུར་པ་དཔྱལ་ལུགས་སུ་གྲགས་སོ། དཔྱལ་གྱི་གདན་ས་འནི་དཔྱལ་ཆོས་ཀྱི་བཟང་པོས་བཏབས་པའི་གཙག་གི་དཔལ་བྱང་ཆུབ་ཐར་པ་གླིང་དུ་གྲགས་པ་དེ་ཡིན་ཡང་། དུས་ཕྱིས་དགེ་ལུགས་སུ་གྲུབ་མཐར་བསྒྱུར་ནས་ཐར་པ་བ་ཟེར། འོན་ཀྱང་དགོན་དེར་དེང་སོང་ཡང་རྡོ་རྗེ་ཕུར་པ་དཔྱལ་ལུགས་ཀྱི་སྒྲུབ་མཆོད་རྒྱས་པ་རྩ་འཆམས་དང་བཅས་མ་ནུབ་པར་ཡོད་དོ། ཕུར་པ་རོག་ལུགས་ནི་བསྟན་པ་སྔ་དར་གྱི་དུས། རོག་བན་ནམ་མཁའ་ཡེ་ཤེས་བྱ་བ་མཁྱེན་པ་དང་ནུས་པ་ལྡན་པ་ཞིག་བྱུང་བའི་གདུང་རབས་ཐམས་ཅད་དུ་སྔགས་འཆང་ཁྱད་པར་ཅན་ཤ་སྟག་བྱུང་བའི་ཉི་ཤུ་རྩ་བཞི་པ་ལ་རོག་ཤེས་རབ་བླ་མ་ཞེས་བྱ་བ་རྡོ་རྗེ་ཕུར་པའི་གྲུབ་པ་ཡིན་པ་ཞིག་བྱུང་། དེའི་སྲས་བཀྲ་ཤིས་གྲགས་པ་ཞེས་བྱ་བ་དང་། ཆེ་བ་ཤེས་རབ་འོད་ནི་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤེས་རབ་གྲུབ་ཅེས་བྱ་བའི་སྐྱེ་བ་ཡིན་ཏེ། ལོ་ལྔ་ནས་ཡིག་རྩིས་བསླབས་པས་མཁས་པར་གྱུར། ལོ་བཅུའི་བར་དུ་ཡབ་མེས་གཉིས་ལ་གསང་སྔགས་ཀྱི་ཆོས་རྣམས་བསླབས། ལོ་བཅུ་གསུམ་པ་ལ་ཕུར་པའི་བསྙེན་པ་བྱས་པས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཡོངས་རྫོགས་ཤིན་ཏུ་གསལ་བ་ཞིག་མངོན་གསུམ་དུ་གཟིགས། ཞལ་ནས་ངས་བཛྲ་ཀི་ལ་ཡའི་བསྙེན་པ་ཐེམས་ཏེ་ངའི་ལུས་ལྕགས་ཀྱི་གོང་བུ་བཞིན་དུ་གྱུར་ནས་ཡོད་པས། ད་ལྟ་འདྲེ་ཅན་སྟོང་གི་བསྐོར་ཡང་ང་རང་ལ་ལྟ་(སྟོད་ཆ།༥༣༩)ཅི་སྨོས་ཏེ་འཁོར་རྣམས་ལའང་འཁྲི་མི་ནུས་པ་ཡིན་གསུངས་སྐད། གཞན་ཡང་མདོ་དང་སྒྱུ་འཕྲུལ་རྣམས་ལའང་ཤིན་ཏུ་མཁས་ཏེ་གོང་དུ་སྒྱུ་འཕྲུལ་སྐབས་སུ་བཤད་པ་ལྟར་རོ། གཞན་གྱི་རྩོད་པས་མི་བརྫི་བས། མཚན་ཡང་ཤེས་རབ་འོད་དུ་གྲགས། དང་པོར་ཡི་དམ་ལྷའི་ཞལ་གཟིགས། བར་དུ་མཁའ་འགྲོའི་ལུང་བསྟན་ཐོབ། ཐ་མར་གནོད་སྦྱིན་ལས་ལ་འཁོལ་བའི་མཐུ་དང་ནུས་པ་བསམ་གྱིས་མི་ཁྱབ་པ་མངའ་བ་ཉིད་དོ། དེའི་གཅུང་པོ་ཆོས་རྗེ་ཞིག་པོ་ནི། སྐྱེ་བ་སྔ་མ་ཨོ་རྒྱན་གྱི་རྒྱལ་པོ་ཆོས་ཀྱི་ལྷ་ཞེས་བྱ་བ་གསང་སྔགས་ཟབ་མོ་ཀུན་ཏུ་སྤྱོད་པས་དངོས་གྲུབ་བརྙེས་པ་ཞིག་ཡིན། དེ་ནས་འདིར་ལྕགས་མོ་ཡོས་ཀྱི་ལོ་ལ་འཁྲུངས། རོག་སྟོན་བརྩན་པོ་ལས་གསན་སྦྱངས་མཛད། རྡོ་རྗེ་ཕུར་པ་སོགས་གསང་སྔགས་སྔ་འགྱུར་ལ་མཁས་ཤིང་གྲུབ་པ་ཐོབ་པ་ཞིག་གོ། མཁས་པ་སྨྲ་བའི་སེང་གེ་ནི། སྐྱེ་བ་སྔ་མ་ཡུལ་ཁ་ཆེར་གྲགས་ཅན་གྱི་གྲུབ་མཐའ་འཛིན་པའི་མུ་སྟེགས་པ་ཞིག ཕྱིས་པཎྞི་ཏ་ཤེས་རབ་གྲུབ་པ་བླ་མར་བཟུངས་ཏེ་གཤིན་རྗེ་གཤེད་ཀྱི་གྲུབ་པ་ཐོབ། འཇིགས་མེད་སྩལ་དེ་ཉིད་འདིར་མེ་ཕོ་རྟའི་ལོ་ལ་འཁྲུངས། ལོ་ཉི་ཤུ་ལ་ཁ་རག་ཏུ་མཁས་པ་ཇོ་པད་ཀྱི་སར་བྱོན་ནས། མདོ་སྒྱུ་སེམས་གསུམ་ལོ་གཉིས་ལ་མཁྱེན། གཙང་ཕྱོགས་རྣམས་རྩོད་པའི་གྲྭ་སྐོར་ཀྱང་མཛད་པས། མཁས་པའི་གཡེར་ཐོན། འདི་རྟ་མགྲིན་གྱི་གྲུབ་ཐོབ་ཡིན་ཏེ་བསམ་ཡས་སུ་བྱོན་དུས་རྟ་མགྲིན་གྱི་ཐུགས་ཀ་ནས་འོད་བྱི་རུ་གཅགས་པ་ལྟ་བུ་བྱུང་བ་ཐུགས་ཀར་ཐིམ། སྙེ་མདོར་འདག་འབྱར་བྱས་པས་འོད་དམར་པོ་བྱི་རུ་འདྲ་བ་བྱུང་བ་དེ་རྟ་མགྲིན་དུ་གྱུར་ནས་འོད་དམར་པོས་ཤོད་ཁེངས། རྟ་སྐད་ཐེངས་གསུམ་བསྒྲགས་པ་དབུས་གཙང་རུ་བཞིར་ཐོས། སྐུ་མཆེད་(སྟོད་ཆ།༥༤༠)གསུམ་པོ་དེ་ལ་བབཀའི་ཆུ་བོ་བབས་པའི་སློབ་མ་དཔག་ཏུ་མེད་ཀྱང་གདུང་གི་བརྒྱུད་འཛིན་པ་འཁྲུལ་ཞིག་རིན་པོ་ཆེ་དང་། ཐམས་ཅད་མཁྱེན་པ་གཉིས་ཡིན་ཏེ། འཁྲུལ་ཞིག་རིན་པོ་ཆེ་ནི། ཡབ་བདེ་གཤེགས་ཆེན་པོ་ཤེས་རབ་འོད་དང་། ཡུམ་མཁར་ཆུའི་རྣལ་འབྱོར་མ་བྱང་ཆུབ་སྒྲོན་ཞེས་བྱ་བ་ལ། ཆུ་མོ་ལུག་གི་ལོར་སྐུ་བལྟམས། མཚན་དར་མ་སེང་གེར་བཏགས། ཡབ་ཀྱི་ཞལ་ནས། ཆོས་སྙིང་ནས་བྱེད་པ་ལ་ཡི་དམ་ཞིག་གི་བསྙེན་པ་ཐེམ་དགོས་གསུངས་ནས་ཕུར་བུའི་སྟོད་ལས་ཀྱིད་བང་བསྐུར། སྒྲུབ་རྫས་བསགས། སྙེ་མདོ་བདེ་གཤེགས་ཆེན་པོ་བསྟེན་ནས་གསན་སྦྱངས་མཛད། ཡབ་ལས་ཕུར་པའི་དབང་ཞུས་པས། ཚེ་པྲ་བཏགས་པའི་རིལ་བུ་གསུམ་བུམ་པར་བཅུག་པས་དབང་མཛད་ཙ་ན་རིལ་བབུ་དགུར་འཕེལ་བྱུང་བས་ཚེ་རིང་བར་ལུང་བསྟན། བསྙེན་པ་ལ་འབད་པས་རྟགས་ཁྱད་པར་ཅན་བྱུང་། དུག་ཕུར་ནག་པོའི་ལག་ལེན་སོགས་དང་རྡོ་རྗེ་ཕུར་པའི་ཆོས་སྐོར་ལ་མཁས། དུས་གསུམ་མཁྱེན་པ་ནི་འཁྲུལ་ཞིག་པ་དང་ཇོ་འབུམ་རྒྱན་གྱི་སྲས་སུ་འཁྲུངས་ནས། མཁན་པོ་མི་ཉག་པ་ལས་བསྙེན་རྫོགས་བསྒྲུབས། ཡབ་ལས་རྙིང་མའི་སྐོར་མང་དུ་གསན། གཅེན་སྒྲུབ་པ་པོ་ལས་ཀྱང་ཆོས་མང་དུ་གསན། སྙེ་མདོ་ཐམས་ཅད་མཁྱེན་པ་ལ་བཞུགས་པའི་ཡོན་ཏན་ཕལ་ཆེར་ལོན། སྙེ་མདོ་བ་ཡང་རོག་གི་གདུང་ཡིན་ཡང་བརྒྱུད་པ་ཆད་པས་གཙང་ནས་སོ་ཡི་གདུང་བརྒྱུད་ཅིག་སྐུ་མག་ཏུ་བྱོན་པས་དེ་ཕྱིན་གདུང་བརྒྱུད་ཕྱི་མ་རྣམས་སོ་ཡི་གདུང་དུ་སོང་། བརྒྱུད་པ་འདི་ལས་བྱུང་པའི་ཕུར་པའི་ཆོས་སྐོར་ལ་རོག་ལུགས་སུ་གྲགས་ཏེ། དུས་ཕྱིས་རོག་བདེ་གཤེགས་ཆེན་པོའི་བག་ཆགས་སད་པས་སྨིན་གླིང་མཁན་(སྟོད་ཆ།༥༤༡)ཆེན་དྷརྨཱ་ཤྲིས་ཀྱང་རོག་ཕུར་ལ་དབང་ལུང་འཆད་སྤེལ་དང་ཡིག་ཆའང་མང་དུ་མཛད་པ་ཡོད་དོ། ཕུར་པ་ལྟ་ནག་ནི། ཨོ་རྒྱན་ཡབ་ཡུམ་ནས་འབྲེ་ཨ་ཙཱ་རྱ་ས་ལེ། ལང་ལབ་ནས་རིམ་པར་ཡར་འབྲོག་པ་གུ་རུབ་ཡང་དག །འདིས་རྫོགས་རིམ་གཙོ་བོར་འདོན་པ་ཕུར་པ་མྱང་འདས་ཀྱི་རྒྱུད་ཆེན་པོ་ལ་བརྟེན་ནས་ལྷ་ཐམས་ཅད་ནག་པོར་མཛད་པས་སྣ་ནག་ཏུ་གྲགས་ལ། གཞན་རྒྱུད་སྡེ་ཕལ་ཆེར་མཐུན་པར་ལྷ་ཁྲ་ཤས་ཆེ། དེས་གྲུབ་ཐོབ་སྐོར་ཆུང་བ་ལ་བཤད། དེས་རྒྱ་སྟོན་ཇོ་གདོང་། རྒྱ་ཆོས་བཀྲས། རྒྱ་ལམ་གྲགས་སོགས་ལ་བཤད་པས་བླ་མ་རྒྱའི་ལུགས་ཞེས་གྲགས། འདི་ལ་འབྲེ་ཨ་ཙཱ་རྱ་ས་ལེ་བྱས་ཙ་ན་ལང་ལབ་ཀྱི་བར་དག་དེ་གཉིས་ཕྱི་ཐག་རིང་པས་བརྒྱུད་པ་ལྟག་མི་འཕྲོ། འབྲེ་ཨ་ཙཱ་རྱ་ནུ་རུ་ཞེས་བྱ་བས་ཚེའི་གྲུབ་བ་ཐོབ་པ་ཡིན་ཞེས་ཟེར་བའང་འདུག་སྟེ། མིང་གི་ཁྱད་པར་དུ་བྱས་ཀྱང་འགལ་བ་ནི་མེད་མོད། ཅེས་ཀུན་མཁྱེན་འཇིགས་མེད་གླིང་པས་གསུངས་སོ། །དེ་ལ་ཨ་ཙཱ་རྱ་ས་ལེ་ལོ་སྟོང་ཐུབ་པའི་དངོས་གྲུབ་ཐོབ་པར་གྲགས་པས་དོན་ལའང་གཅིག་པར་སྙམ་མོ། འོན་ཀྱང་ལྦ་མ་འཕགས་པ་རིན་པོ་ཆེས་སྨད་ལས་སྒྲོལ་དབང་གི་རྒྱུན་མ་རྙེད་ནས། སྤྲང་པོ་ལ་འདུག་ཀྱང་ཞུའོ་ཞེས་བཙལ་བས། མཚོ་རྒྱལ་གྱི་དངོས་སློབ་ཨ་ཙཱ་རྱ་ནུ་རུ་བྱ་བ་ཚེའི་རིག་འཛིན་ཐོབ་པ་ཞིག་བསིལ་བ་ཚལ་ལ་སོགས་པའི་གནས་ངེས་མེད་དུ་རྒྱུ་བར་ཡོད་ཟེར་བ་ཐོས། དེར་གློ་བོར་ལོ་ཙཱ་བ་ལ་གསེར་མང་པོ་བསྐུར་ནས་ཨ་ཙཱ་རྱ་ནུ་རེ་རེས་འགའ་བལ་པོར་བྱོན་ཟེར་བས་སྒུག་ཏུ་བཅུག་པས་སྒྲོལ་དབང་གི་རྒྱུན་ཐོབ་པ་ཡིན་ཞེས་ཟེར་རོ། ཡང་སློབ་དཔོན་བཱི་མ་ལ་ནས་བརྒྱུད་པའི་ཕུར་པ་གསང་བའི་རྒྱུད་ལ་(སྟོད་ཆ།༥༤༢)བརྟེན་པ་ཕུར་པ་ཕུན་སུམ་ཚོགས་པ་དང་། གསང་བའི་རྒྱུ་དྲུག་དང་། ཤྲཱི་ལ་ཡ་ཧནྡྲ་བཅུ་གནིས་ནས་བསྡུས་པ་གཤམ་སྔོན་ཆན་གྱི་སྐོར། གཉགས་དང་སོག་པོ་དཔལ་ཡེ་ལས་བརྒྱུད་པའི་ཚུལ་བྱུང་ནི། གོང་དུ་བབས་སོ་གསུམ་གྱི་དང་པོ་ གཉགས་ལ་བབས་ཚུལ་རྒྱས་པར་སྨོས་ཟིན་པའི་སྐབས་སུ་ལེགས་པར་བཤད་པ་ལྟར་ཡིན་ལ། ཡང་རྡོ་རྗེ་ཕུར་པ་འོ་བྲན་ལུགས་སུ་གྲགས་པ་ནི། གཉགས་ཀུ་མ་ར་ལ་སློབ་མ་དཔལ་བརྒྱད་དུ་གྲགས་པའི་ནང་གསལ། འོ་བྲན་དཔལ་གྱི་གཞོན་ནུས་དཀོར་ནོར་དང་ཞིང་ཡུལ་ལ་སོགས་པ་ཕུལ། བརྟུལ་ཞུགས་དང་དཔའ་རྩལ་གྱིས་སློབ་དཔོན་གྱི་ཐུགས་བཟུང་བས་མཉེས་ཏེ་ཕུར་པ་ཕུན་སུམ་ཚོགས་པ་དང་། གཤམ་སྔོན་ཅན་གཉིས་གནང་བས་ཕྲིན་ལས་རྒྱ་ཆེ་ཞིག་རྒྱུན་མི་ཆད་པ་བྱུང་ཞིང་། ཁྱད་པར་གྲུབ་ཐོབ་ཟམ་མ་ཆད་པར་བྱོན་ཏོ། དེ་ལ་འོ་བྲན་དཔལ་གྱི་གཞོན་ནུ་སྐུ་འདས་ནས་ཟླ་བ་ལྔ་དྲུག་ནས། སྲས་འོ་བྲན་པད་འབྱུང་འཁྲུངས། སྐུ་ནར་སོན་པ་ན། ཡབ་མེས་ཀྱི་ཕྱག་དཔེ་རྣམས་གཟིགས་པས་དད་དེ། ལུང་རྒྱུད་རྩད་བཅད་པས་རིང་མོ་ཞིག་ལོན་པ་ན། གྱེ་རེ་གཉན་རྩེའི་རི་ཁྲོད་ན་གནུབས་སྟོད་པདྨ་དབང་རྒྱལ་བཞུགས་ཟེར། དེ་མ་ཐག་བྱོན་ནས། གསེར་སྲང་བཅོ་བརྒྱད་ཀྱིས་སྣ་དྲངས་པའི་འབུལ་བ་མང་པོ་བྱས་ནས་ལོ་གཉིས་ལ་རྫོགས་པར་མི་སྟེར་བས། ཆིག་བརྒྱུད་བཀའ་རྒྱ་དང་། གསེར་གྱི་འབུལ་བ་མེད་པར་མི་སྟེར་བས། འོ་བྲན་གྱི་ཕུར་པ་གསེར་མགོ་ཅན་དུ་གྲགས་ཤིང་། གཞན་ཡང་གཤིན་རྗེའི་གཤེད་མཐེབ་རྒྱ་ཅན་གྱི་སྐོར་དང་། མདོ་སྒྱུ་སེམས་ལ་སོགས་པ་གནུབས་པ་ལ་བརྒྱུད་པར་འདོད་དོ། དེ་ནས་སྲས་བློ་གྲོས་དབང་ཕྱུག་གིས་རང་གི་ཡབ་འོད་བྲན་པད་འབྱུང་ལ་ཡང་གསན།(སྟོད་ཆ།༥༤༣)ཆོས་འཕྲོ་ཅུང་ཟད་མ་རྫོགས་པ་ལ་ཡབ་གཤེགས་པས་གནུབས་ཀྱི་སླེ་མར་གཉགས་པད་འབྱུང་གི་སྲས། གཉགས་པདྨ་རྒྱལ་པོ་ལ་རྫོགས་པར་གསན་ཏེ་བརྒྱུད་པ་གཉིས་ལྡན་དུ་བྱེད་དོ། དེ་ནས་སྤྲུལ་སྐུ་རི་རབ་དམ་པའི་བར་དུ་འོ་བྲན་གདུང་བརྒྱུད་རྣམས་ལ་བརྒྱུད་ཅིང་། གདུང་བརྒྱུད་ཀྱང་དེང་སང་གི་བར་དུ་ཡོད། གཞན་ཡང་གསར་མ་མ་དར་གོང་དུ་བོད་སྤྱིའི་ཡི་དམ་ཡང་ཕུར་པ་ཕོ་ན་ཡིན་པས་བརྒྱུད་རབས་སུ་བསྔགས་འོས་པ་ཤ་སྟག་བྱུང་སྟེ། ཕྱུང་པོ་དང་། འགོས་དང་། སང་དང་། རླང་དང་། རྔོག་དང་། རམ་དང་། སོ་དང་། ཟུར་དང་། གནུབས་དང་། གུར་དང་། རོང་ལུགས་ལ་སོགས་ཏེ་བརྒྱུད་ཚུལ་ཐ་དད་པ་མང་དུ་བྱུང་སྟེ། དེ་ཡང་། ཕྱུང་པོ་ནི་ཤངས་ཀྱི་ཡུལ་དུ་ཕྱུང་པོའི་རིགས་ལས་ནུས་པ་ཐོབ་པའི་སྔགས་འཆང་རྡོ་རྗེ་ཕུར་པ་ལ་ཡི་དམ་དུ་བྱེད་པར་བརྒྱུད་མར་བྱོན་པ་ལས། གྱ་པ་གངས་པ་རིན་ཆེན་འོད་ཟེར་གྱིས་རྗེ་དུས་གསུམ་མཁྱེན་པའི་ཞབས་ལ་བཏུད་པ་ནས་བཟུང་བཀའ་བརྒྱུད་པར་གྱུར་ཀྱང་ཡབ་མེས་ཀྱི་ཆོས་ལུགས་ཀྱང་མ་དོར་བར་བསྐྱངས་ཤིང་། འབྲོང་བུ་དགོན་སྙིང་། དགོན་གསར་སོགས་རིམ་པར་བཏབས་པས་དེ་ཕྱིན་མི་བརྒྱུད་ལ་འབྲོང་བུ་བར་གྲགས་ཤིང་སྒྲུབ་རྒྱུད་རིན་པོ་ཆེའི་ཆོས་སྲིད་ཀྱི་མངའ་ཐང་དགུང་ལ་རེག་པའི་དུས་སུ་གོ་ས་མཐོན་པོར་སོན་ཏེ་འབྲོང་བུ་གོ་ཤྲི་ཞེས་པའི་ལུང་ལག་རྟགས་ཀྱི་ཆེ་ཞིང་སོགས་ཙམ་དན་དགོན་ཡུལ་མི་སྡེ་དགོན་ལྕགས་ཟམ་དང་བཅས་པའི་བདག་པོ་བྱེད་པ་ཞིག་ཡིན་ཀྱང་དུས་ཀྱི་འགྱུར་བས་ཀར་སྲིད་ཉམས་དམས་པའི་སྐབས། ལོ་དང་། ཤག་དང་། བོང་སོགས་བྱང་འབྲོག་རྣམས་སུ་མི་ཚན་སོ་སོར་གྱེས་པ་ལས་དེང་སང་གི་བར་དུ་མི་བརྒྱུད་དང་ཆོས་བརྒྱུད་(སྟོད་ཆ།༥༤༤)མ་ཆད་པར་ཡོད་དེ། འདི་དག་སྔོན་རྙིང་མ་བཀའ་མ་བྱེད་པས། དེང་སང་ཡང་གཤིན་ཆོག་སོགས་ཞི་ཁྲོ་པདྨ་བརྒྱ་ལྡན་དང་། ཡི་དམ་རྡོ་རྗེ་ཕུར་པ་ལ་བྱེད། འོན་ཀྱང་ཕུར་པ་ནི་ཁོང་རྣམས་ཀྱི་ཡབ་མེས་སེང་གེ་རྒྱལ་མཚན་གྱིས་པཎྜི་ཏ་ཕྲ་ལ་རིང་མོ་ཟེར་བ་ལས་ཞུས་ཟེར་བའི་ངག་སྒྲོས་སྣང་ཡང་། གཞན་དུ་ཕྲ་ལ་རིང་མོའི་ལུགས་ཡོད་པར་མ་གྲགས་མོད། འོན་ཀྱང་ཁ་ཆེ་པཎ་ཆེན་ལ་སློབ་དཔོན་པདྨས་དགོས་སུ་གནང་བའི་ཕུར་པའི་གདམས་པ་ཡོད་པ་དང་། འཕགས་ཡུལ་དུའང་ཀླུ་སྒྲུབ་དང་། ཐོགས་མེད་ཀྱི་ཕུར་པའི་གཞུང་ཡོད་པར་གྲགས་པས། ཕྲ་ལ་རིང་མོ་ནས་བརྒྱུད་པ་མིན་པའི་ངེས་པའང་མེད་མོད་ཀྱི་དེང་སང་ནི་རྡོ་རྗེ་ཕུར་པ་གཉགས་ལུགས་སུ་འདུག །འདི་རྣམས་ཀྱི་མིང་ཚན་སོ་སོར་མཚན་མ་རྫས་ཀྱི་ཕུར་པ་ལི་དམར་ལས་གྲུབ་པའི་རྩེ་ཕུ་རེ་ཙམ་ཡོད་པ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཕུར་ཡིན་པར་གྲགས་པའི་བྱིན་ལྡན། ཕུར་པ་ཤ་ཟ་དང་། ཕྲག་འཐུང་དང་། རུས་མུར་ཟེར་བ་སོགས་མི་བརྒྱུད་སོ་སོ་ལ་ཡོད་པ་འདུག་ཅིང་གཙོ་ཕུར་ནི་ཀ་པ་རིའི་འབྲང་བུ་ལ་ཡོད་པར་གྲགས། རྗེ་བཙུན་མི་ལའི་ཡབ་མེས་ཕྱུང་པོ་ཇོ་སྲས་སུ་གྲགས་པ་དེ་ཡང་ཡི་དམ་རྡོ་རྗེ་ཕུར་པ་ལ་མངོན་རྟགས་བརྙེས་པ་ཞིག་ཡིན་པ་གོར་མ་ཆགས་སོ། སད་ནི། སྔོན་སྙགས་བོན་གཉའ་རིང་གིས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་ཐོག་ཕབས་པའི་ཚེ། ཐོག་སླར་བོན་པོའི་གྲོང་ལ་འཕངས་ནས་བོན་པོ་བརླག་པར་བྱེད་པའི་སད་རྗེ་བཙན་ཁྲོམ་ཞེས་པའི་གདུང་སྡེ། གཏེར་སྟོན་གུ་རུ་ཆོས་དབང་ཡབ་མེས་ཏེ། རྡོ་རྗེ་ཕུར་པ་ལ་མཁས་པའི་སྔགས་བརྒྱུད་ཟམ་མ་ཆད་པར་བྱོན་པ་རྣམས་སོ། །(སྟོད་ཆ།༥༤༥) རྔོག་ནི། རྔོག་ཟིན་པོ་རྗེ་བྱ་བ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་འཕྲུལ་གའི་ལྷ་ཞིག་མི་ཡུལ་དུ་བབས་ཀྱང་ཟེར། མིའུ་རིགས་བཞི་ལས་སྡོང་དུ་རྟོགས་ཀྱང་ཟེར། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་རྔོག་ཆེན་པོའམ་གཉན་བཙན་གྱིས། བཙན་པོ་ཁྲི་སྲོང་གིས་རྒྱ་ཡུལ་དུ་དམག་དྲངས་ཏེ་ཆོས་རྒྱལ་ཉིད་རི་དེའུ་ཞིག་གི་རྩེར་བཞུགས། དམག་རྣམས་ཡུལ་གཞན་འཇོམས་སུ་བཏང་བ་ན། རྒྱལ་པོའི་སྐུ་ལ་བདོ་བའི་དམག་གི་གྱད་པོ་འགའ་ཞིག་བྱུང་བར། བློན་པོ་རྔོག་ཆེན་པོས་རྒྱ་དམག་འགའ་ཞིག་བསད། འགའ་ཞིག་ཕྱིར་བྲོས་ཏེ། དེའི་དུས་རྒྱ་ཞོ་ཧབ་ཀྱིས་བཏབས། རྒྱ་ཕྲུག་བྲག་ལ་བརྟབས་ཟེར་བ་དེའི་མི་བརྒྱུད་ཡར་འབྲོག་དེའི་ཕྱི་རོལ་མཚོ་ཆེན་པོའི་འགྲམ་དུ་གྲོང་ཆགས་པའི་སློབ་དཔོན་པདྨའི་དངོས་སློབ་རྔོག་བཙུན་གཟིགས་སྣང་ཞེས་པས་རྒྱལ་པོའི་སྐུ་རིམ་གྱི་སྔགས་མཁན་ཆེན་མོ་མཛད། དེ་ཕྱིན་ཡི་དམ་རྡོ་རྗེ་ཕུར་པ་ལ་མངའ་བརྙེས་པའི་གྲུབ་ཐོབ་ཀྱི་བརྒྱུད་པ་བར་མ་ཆད་དུ་བྱོན་པའི་རྔོག་གཡུ་ཁྲི་ལ། དཔལ་ལེ། རཏྣ། ཡུལ་བྱིན་གསུམ་བྱོན་པའི་ཡུལ་བྱིན་གྱི་མི་བརྒྱུད་ལས་རྔོག་ལོ་ཁུ་དབོན་བྱོན་ཞིང་། དཔལ་ལེའུ་སྲས་ལ་རྔོག་ཆོས་སྐུ་རྡོ་རྗེ་འཁྲུངས་ཏེ། འདི་ཡན་གསང་སྔགས་རྙིང་མ་བ་ཡིན་ཀྱང་འདིས་མངའ་བདག་མར་པའི་ཞབས་ལ་བསྟེན་ནས་གསར་མ་མཛད། འོན་ཀྱང་གདུང་བརྒྱུད་ཕྱི་མོའི་བར་དུ་ཡབ་ཆོས་ཀྱང་བསྐྱངས་པ་ཡིན་འདུག །རམ་ནི། སྔགས་གསར་མ་ལ་ཤིན་ཏུ་མཁས་པ་ཞིག་སྟེ། ཕྱག་རྒྱ་མ་མཛེས་མ་ཞིག་ཡོད་པ་རྔོག་ཆོས་སྐུ་རྡོ་རྗེ་ལ་ཕུལ་ནས་གདམས་པ་ཞུས་ཟེར། ཁྱད་པར་དུ་ཀྱེ་རྡོ་རྗེ་ལ་མཁས་ཏེ་དགྱེས་རྡོར་རམ་ལ་ཐུག་ཟེར་བའི་(སྟོད་ཆ།༥༤༦)གཏམ་ཡང་བྱུང་། འོན་ཀྱང་ཡི་དམ་རྡོ་རྗེ་ཕུར་པ་ལ་བྱེད་པ་ཞིག་སྟེ། དགེ་བཞེས་རམ་ཉིད་ཀྱི་ཞལ་ནས། ཀྱཻ་རྡོ་རྗེ་དང་། རྣལ་འབྱོར་མ་འདི་ཆོས་ཟབ་ཀྱང་། བྱིན་རླབས་ཕུར་པ་འདི་ལས་ཆེ་བ་མེད་ཟེར་ནས་ཀུན་ལ་བསྒྲགས་སྐད། དེང་སང་ནི་རྔོག་ལུགས་དང་རམ་ནས་བརྒྱུད་པ་ཡོད་པ་མ་ཐོས། རླངས་ནི། རླངས་ལྷ་གཟིགས་པའི་གདུང་སྟེ། ཨ་མེས་བྱང་ཆུབ་འདྲེ་ཕོལ་ཞེས་སློབ་དཔོན་པདྨ་དངོས་ཀྱི་སློབ་མ་གྲུབ་ཐོབ་ཆེན་པོ་དེ། གླིང་རྗེ་གེ་སར་གྱིས་ཁམས་སུ་ལན་གསུམ་གདན་དྲངས། གྲོལ་གྱི་ཕ་ཝང་རྟ་འདྲ་ལ་ཆིབས་ནས་ཕྱོགས་བཞིའི་འདྲེ་བཞི་བཏུལ་ཟེར་བ་དེའི་མི་བརྒྱུད་ལ་སྤྱན་སྔ་ལྷ་གཟིགས་པའི་གདུང་རིམ་པར་བྱོན་ཀྱང་སྤྱན་སྔ་རིན་པོ་ཆེ་ནས་འབྲི་གུང་པར་གྱུར། འོན་ཀྱང་མངའ་རིས་ཕྱོགས་སུ་རླངས་ཀྱི་གདུང་ལས་རྡོ་རྗེ་ཕུར་པའི་སྔགས་བརྒྱུད་འཛིན་པ་འགའ་ཞིག་བྱུང་ཟེར་ཡང་ལོ་རྒྱུས་ཞིབ་པར་མ་འཚལ། འགོས་དང་། གུར་གྱི་ལོ་རྒྱུས་མ་རྙེད། སོ་ཟུར་གནུབས་གསུམ་གྱི་ལོ་རྒྱུས་ནི་གོང་དུ་མདོ་སྒྱུ་སེམས་གསུམ་སྐབས་སུ་སྨོས་ཟིན་ཏེ་དེ་དག་ཀྱང་རྡོ་རྗེ་ཕུར་པ་ལ་མངོན་རྟོགས་པ་བརྙེས་པ་ཁོ་ན་ཡིན་པར་སྣང་། དེ་དག་ཐམས་ཅད་ཀྱང་མཆོག་གི་དངོས་གྲུབ་ཐོབ་པ། ཐུན་མོང་ཙམ་དུའང་དགྲ་ཐུལ་བ་དང་། ལྷ་མ་སྲིན་བྲན་དུ་འཁོལ་བ་སོགས་མངོན་རྟགས་གཞན་ལས་མྱུར་བ་བྱུང་སྟེ། འདི་ལྟར་ཡུལ་ལ་མངོན་སུམ་དུ་སྣང་བའི་མཐུ་རྩལ་དང་། ཡུལ་ཅན་ཆོས་ཉིད་དུ་གྲོལ་བའི་བྱིན་རླབས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ནོ། །(སྟོད་ཆ།༥༤༧) ཡང་ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཕྱི་མ་ལས། འདི་ནི་ཀོ་ས་ལ་ཡི་གླིང་། དེ་ཉིད་རིགས་ཅན་དེ་ལ་འབབ། སྤྲུལ་པ་འཇིག་རྟེན་མི་གནས་ཚེ། ཁྱེད་ཀྱི་སྤྲུལ་པདྨའི་རྒྱལ། དེ་ཡི་ནུས་པ་དོན་བྱེད་གྱུར། ཞེས་ཅིག་ཆར་བའི་རིགས་ཅན་བི་མ་ལ་ལ་སྔོན་དུ་བབས་ཤིང་། ཕྱི་ནས་བདག་ཉིད་ཆེན་པོ་འཇིགས་མེད་གླིང་པའི་ཡེ་ཤེས་ཀྱི་གཟིགས་མོར་སྤ་གྲོ་སྟག་ཚང་ཡིན་རྒྱུ་བའི་ཕུག་པ་ཁ་ཤར་ལྷོར་བསྟན་པ་ཞིག་ཏུ་རླང་དཔལ་སེང་གོས་དཀར་ཆས་ཞུགས་ཀྱིས་རྡོ་རྗེ་ཕུར་པའི་དབང་བཀུར་རྫོགས་པར་བྱིན་པ་སོགས་ལྷ་དང་བླ་མའི་བྱིན་རླབས་ཀྱི་མཚན་མ་མང་ཐོབ་པའི་ཚེ། ཕུར་པ་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད་དང་། རྡོ་རྗེ་ཁྲོས་པ་སོགས་ཀྱི་རྒྱུད་དོན་བཞིན་བཀའ་བསྡུ་གསར་དུ་བྱས་ནས། ཕུར་པ་རྒྱལ་པོ་ལུགས་དང་རྗེས་སུ་མཐུན་པའི་རྡོ་རྗེ་ཕུར་པ་རྒྱུད་ལུགས་སུ་གྲགས་པ་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་མཁྱེན་དཔྱོད་ཀྱི་ཆུ་གཏེར་ལས་ཐོན་པའི་གདམས་སྐོར་ཟབ་མོ་འདི་ཡང་ཆོས་ཀྱི་ངོ་བོ་བཀའ་མ་ཡིན་པས་སྔ་འགྱུར་བཀའ་མའི་གྲས་སུ་བགྲང་ཕར་འོས་པ་ཡིན་ནོ། དེ་ལྟར་དཔལ་རྡོ་རྗེ་ཕུར་པའི་ཆོས་སྐོར་ཇི་ལྟར་བྱུང་ཚུལ་མདོ་ཙམ་བཤད་ཟིན་ཏོ། གཞན་ཡང་ཚེ་བདག་བཀའ་མ་དང་། བཀའ་བརྒྱད་བཀའ་མ་ལའང་། གནུབས་དང་། ཉང་དང་། གཉགས་སོགས་ལས་བརྒྱུད་པའི་རྣམ་གྲངས་ཐ་དད་པ་རྣམས་དང་། གཞན་ཡང་བཀའ་མར་གཏོགས་པ་མཐའ་དག་གི་བརྒྱུད་ཚུལ་མཐའ་ཡས་པའི་ཕྱིར་བརྗོད་ཀྱིས་ལངས་པ་མ་ཡིན་ནོ། དེ་ལྟར་སྔོན་གྱི་དུས་ན་ཟུར་མེས་དབོན་སོགས་དང་། དེ་དག་ལས་སློབ་མའི་རྣམ་གྲངས་ཇི་ལྟར་མཆེད་པ་བཤར་གྱིས་བཏབ་པ་དང་། དེ་དག་ལས་(སྟོད་ཆ།༥༤༨)མཆེད་པ་བགྲང་བར་མི་ལངས་པ་དུ་མས་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེ་ཞིང་རྒྱུན་རིང་བར་བསྐྱངས་པའི་བཀའ་དྲིན་ལས་གསང་ཆེན་སྙིང་པོའི་རིང་ལུགས་འཛིན་པས་གངས་རིའི་ཕྲེང་བས་མཛེས་པའི་ལྗོངས་ཆེན་པོ་འདི་ཡོངས་སུ་ཁྱབ་པར་ཁེངས་པའི་དར་རྒྱས་ཆེ་བར་བྱུང་བ་དེ་བཞིན་ལ། དུས་ཕྱིས་སྔ་འགྱུར་བཀའ་ལ་ཕལ་ཆེར་གདུལ་བྱ་རྫོགས་པ་ལྟར་གྱུར་ནས་སྟོན་གྱི་ཆུ་བྲན་བཞིན་དུ་བལྟར་མི་མངོན་པ་ལ་ཕྱོགས་པའི་ཚེ། སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་དུས་སྟེང་དུ་སོན་པ་ལས་རིག་འཛིན་གཏེར་བདག་གླིང་པ་དང་། གཅུང་ལོ་ཙཱ་བ་ངག་དབང་ཆོས་དཔལ་གཉིས་ལས། གཏེར་སྟོན་སྨོན་གྲོལ་གླིང་པ་ཞེས་གྲགས་པའི་བ་དན་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ་དཔྱངས་པ་དེའི་ཐུགས་བསྐྱེད་དང་སྨོན་པའི་ལས་ཤུགས་གོང་ས་ལྔ་པ་ཆེན་པོའི་ཐུགས་རྗེའི་གྲིབ་བསིལ་ལ་དབུགས་འབྱིན་ཐོབ་པའི་བདག་པོའི་རྐྱེན་དང་འགྲོགས་ནས། དགེ་འདུན་འདུ་བའི་པད་ཞལ་བསྐྲུན། དམ་པའི་ཆོས་འདུལ་བ་ལ་ལེགས་པར་གནས་པའི་གཞི་གསུམ་གྱི་ཆོ་ག་ལག་ལེན་དུ་འདེབས་པ་དག་ཆབ་གཅིག་མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་འབབ་སྟེགས་བཅས། སྔ་འགྱུར་བཀའ་མའི་རྒྱུད་སྡེའི་དཀྱིལ་འཁོར་ཆེན་པོ་ཕལ་ཆེར་གྱི་བཤད་སྒྲུབ་ཀྱི་རྒྱུན་བཙུགས། དེ་དག་གི་ཆོ་གའི་ཁྲིགས་རིམ་མང་པོ་དང་། ཚིག་དོན་ཕུན་སུམ་ཚོགས་པའི་བསྟན་བཅོས་ལེགས་བཤད་རྨད་དུ་བྱུང་བ་མང་པོའང་མཛད་ནས་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་གཞིར་བཞེངས་སུ་མཛད་པས། མདོ་སྒྱུ་སེམས་གསུམ་ཡང་ཕུར་སོགས་ཀྱིས་མཚོན་པའི་ཆོས་བཀའ་བར་ཆད་པའི་འཆད་ཉན་གྱི་རྒྱུན་ཅུག་ཟད་ཡོད་པ་འདི་དག་ནི་གཏེར་ཆེན་རིན་པོ་ཆེ་མཆེད་དང་བཅས་པི་བཀའ་དྲིན་ལས་བྱུང་(སྟོད་ཆ།༥༤༩)བ་ཡིན་ཞིང་། དུས་ཕྱིས་ཀུན་མཁྱེན་འཇིགས་མེད་གླིང་པས་ཀྱང་སྔ་འགྱུར་བཀའ་མའི་ཕྱོགས་ལའང་འཆད་སྤེལ་དང་སྒྲུབ་མཆོད་འཛུགས་པ་དང་ཁྱད་པར་དུ་གྲུབབ་མཐའ་ལྷོང་ངེས་པའི་བསྟན་བཅོས་མང་པོ་མཛད། ལྷག་པར་དུ་མདོ་ཁམས་ཕྱོགས་འདིར་གྲུབ་པའི་དབང་ཕྱུག་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་ཐུགས་བསྐྱེད་བླ་ན་མེད་པ་གཞན་འགྲན་དང་བྲལ་བས། ས་སྐྱེང་དབང་མོའི་ཐུགས་རྒྱུད་བསྐུལ་བའི་བདག་རྐྱེན་ལས་བསྟན་པའི་རྩ་ལག་རྒྱུད་འབུམ་རིན་པོ་ཆེ་བར་དུ་བཀོད་ནས་ཆོས་སྦྱིན་གྱི་སྒོ་བརྒྱ་ཅིག་ཆར་དུ་འབྱེད་པའི་དགའ་སྟོན་སྩལ་བ་དང་། བདག་གི་བླ་མ་རྫོགས་ཆེན་པོ་གསུམ་པ་མཆོག་སྤྲུལ་རིན་པོ་ཆེ་ངེས་དོན་བསྟན་འཞིན་བཟང་པོ་དང་། རྒྱལ་བ་ཀ༔ ཐོག་པ་སོགས་ཀྱི་ཐུགས་བསྐྱེད་བླ་ན་མེད་པས། ཀ༔ ཐོག་དང་རྫོགས་ཆེན་སོགས་གདན་ས་ཆེན་པོ་རྣམས་སུ་ལྔ་འགྱུར་བཀའ་མའི་དཀྱིལ་འཁོར་མང་པོའི་སྒྲུབ་མཆོད་དང་། རྒྱུད་ཀྱི་བཤད་སྲོལ་སོགས་དར་རྒྱས་སུ་བྱུང་བ་ནི། ཆོས་ཀྱི་སྤྱན་ལྡན་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དེ་དག་གི་ཐུགས་རྗེ་དང་ཕྲིན་ལས་ཚད་མེད་པའི་བཀའ་དྲིན་ལས་བྱུང་བ་ཡིན་ནོ། ༣ བོད་དུ་དམ་ཆོས་འདུལ་བའི་བསྟན་པ་ཐོག་མར་བྱོན་ཚུལ་དང་གླང་དར་མས་བསྟན་པ་བསྣུབས་པའི་སྐོར། བོད་ཡུལ་འདིར་དམ་ཆོས་འདུལ་བའི་བསྟན་པ་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ཡན་ལ་མེད་དོ། ཆོས་སྐྱོང་བའི་རྒྱལ་པོ་རས་གཟིགས་སྲོང་བཙན་སྒམ་པོས་ཀྱང་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་མང་པོ་བཞེངས། ཇོ་ཤཀ་རྣམ་གཉིས་སྤྱན་དྲངས་མདོ་རྒྱུད་འགའ་ཡང་(སྟོད་ཆ།༥༥༠)བསྒྱུར། བོད་རྣམས་ལ་དགེ་བ་བཅུའི་ཁྲིམས་བཅས་ཤིང་། སྐལ་ལྡན་འགའ་ཞིག་ལ་རྒྱལ་པོ་ཉིད་ཀྱི་ཐུགས་རྗེ་ཆེན་པོའི་གདམས་པས་རྗེས་སུ་བཟུང་བ་སོགས་ཀྱིས་བོད་མུན་གླིང་དཀར་པོར་མཛད་དེ་བསྟན་པའི་སྲོལ་གཏོད་པས་བཀའ་དྲིན་བསམ་གྱིས་མི་ཁྱབ། འོན་ཀྱང་བསྟན་པ་རིན་པོ་ཆེ་ཁྱབ་གདལ་དུ་དར་བ་ནི་མེད་ཅིང་ཁྱད་པར་དུ་རབ་བྱུང་བཙུན་པའི་མིང་ཡང་མེད་དོ། དེ་ནས་རྒྱལ་རབས་ལྔ་པ་ལ་འཇམ་དཔལ་བསྟན་པའི་འཁོར་ལོའི་སྒྱུ་འཕྲུལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་རྣམ་གཉིས་སྤྱན་དྲངས་མདོ་སྔགས་གཉིས་ཀའི་བསྟན་པ་ཤིན་ཏུ་དར་བར་མཛད་དེ། རབ་ཏུ་བྱུང་བ་མང་པོ་བསྒྲུབས་ནས་ཆོས་གྲྭ་དང་། སྔགས་ཀྱི་སྒྲུབ་གྲྭ་མང་པོའང་བཙུགས། དབུ་ཟླུམ་མདོ་ཡི་སྡེ་དང་ལྕང་ལོ་སྔགས་ཀྱི་སྡེ་ཞེས་མཆོད་གནས་སྡེ་གཉིས་སུ་གྲགས་ཏེ་དབུབའི་མཆོད་གནས་སུ་བསྐུར། ལོ་ཙཱ་བ་བརྒྱ་རྩ་བརྒྱད་སོགས་ཀྱིས་འཕགས་པའི་ཡུལ་དུ་བཞུགས་སོ་ཅོག་གི་བཀའ་ཐམས་ཅད་དང་དགོངས་འགྲེལ་བསྟན་བཅོས་ཕལ་ཆེར་ཀྱང་བསྒྱུར། རྒྱ་ནག་སོགས་ཡུལ་གཞན་ནས་ཀྱང་མདོ་རྒྱུད་མང་དུ་བསྒྱུར། བོན་དང་ཧཱ་ཤང་སོགས་ལྟ་བ་ངན་པ་རྣམས་ཀྱང་སུན་ཕྱུང་དུ་སྩལ་བསྟན་གཉིས་ཟུང་འཇུག་ཏུ་བསྐྱངས་ནས། སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་པའི་ཕྱིར་བསྟན་པ་ཡོངས་སུ་རྫོགས་པ་ནི་རྒྱལ་པོ་འདིའི་སྐུ་རིང་ལ་བྱུང་བ་ཡིན་ནོ། དེའི་རྗེས་སུ་ཡང་སྲས་དང་། དབོན་སྲས་རྣམས་ཀྱིས་ཀྱང་སྔོན་གྱི་ལུགས་སྲོལ་བཟང་པོ་མ་ཉམས་པར་བསྐྱངས་ཤིང་། ཁྱད་པར་ཕྱག་རྡོར་སྤྲུལ་པ་ཆོས་རྒྱལ་རལ་པ་ཅན་གྱིས་གསུང་རབ་སྔར་མ་འགྱུར་བ་རྣམས་བསྒྱུར་བ་དང་། འགྱུར་ཟིན་པ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་(སྟོད་ཆ།༥༥༡)ཕབ་པ་སོགས་མཛད་ཅིང་། དགེ་འདུན་བཙུན་པ་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་འབུལ་བ་དང་། བླ་སྒོ་དང་པོ་དགེ་འདུན་མཆོད་གནས་རྣམས་ལ་ཕུལ་ཞིང་། དབུ་རལ་ཐེམ་པ་ལ་བཀྲམ་པའི་ཕར་དགེ་འདུན་བཙུན་པ་རྣམས་བཞུགས་སུ་གསོལ་བ་སོགས་སྲི་ཞུ་དང་བསྟའི་སྲངས་བླ་ལྷག་ཏུ་མཛད་དེ། བོད་ཡུལ་བསྟན་འགྲོའི་བདེ་ཉི་དགུང་དུ་བརྟལ་བའི་དུས་སུ། མ་དག་པའི་བློན་པོ་བདུད་རིགས་རྣམས་ཀྱི་བསམ་སྦྱོར་དང་། སྤྲིན་གྱི་དུམ་བུ་ཁྲི་དར་མ་འུ་དུམ་བཙན་གྱིས་སྔོན་གྱི་ལོག་སྨོན་དུས་སྟེང་དུ་སོན་པའི་སྟབས་ཀྱི་སྤྲུལ་པའི་ཆོས་རྒྱལ་བཀྲོངས། བོད་ཁམས་བསྟན་འགྲོའི་བདེ་སྐྱིད་ཐམས་ཅད་ཅིག་ཆར་དུ་བཤིགས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལོ་ཏོག་ལ་སེར་བའི་བྱ་བ་བཞིན་དུ་རྨེད་མེད་དུ་བཅོམ། དགེ་འདུན་བཙུན་པའི་མིང་ཡང་མེད་པར་མིང་ཡང་མེད་པར་ལོ་བདུན་ཅུ་ལྷག་ཙམ་བྱུང་། ༤ བོད་དུ་བསྟན་བ་ཕྱི་དར་གྱི་སྐོར། དེའི་དུས་སུ་དམར་གཡོ་གཙང་གསུམ་གྱིས་ཁམས་སུ་བྱོན་ནས་བླ་ཆེན་ལ་སྡོམ་པ་ཕོག དེ་ལས་དབུས་གཙང་གི་མི་བཅུས་སྡོམ་པ་ནོད་ནས་དབུས་སུ་བྱོན་ཏེ། དེ་དག་ལས་སྡོམ་རྒྱུན་འཕེལ་ཏེ་འདུལ་འཛིན་གྲངས་མེད་པ་བྱུང་བ་རྣམས་ཀྱིས། གཙུག་ལག་ཁང་དང་། ཆོས་གྲྭ་མང་པོ་བཏབས། གནས་གཞི་གྲངས་མེད་པ་བརྩིགས་སྟེ་བསྟན་པ་ཕྱི་དར་གི་ཐོག་མ་དེ་བྱུང་བ་ཡིན། དུས་དེ་ཙམ་ན་སྔགས་ཀྱི་བསྟན་པ་ནི་བསྟན་ལ་སྲི་ཞུ་བྱེད་པ་མེད་པས་ཅུང་ཟད་བག་ལ་ཞ་བ་ཙམ་ལས་ཡོངས་སུ་ནུབ་པ་མེད་དེ། གོང་དུ་གནུབས་ཆེན་གྱི་ལོ་རྒྱུས་སུ་དཀོན་མཅོག་སྔགས་པ་ལ་མི་འཚེ་ཞེས་རྒྱལ་པོས་(སྟོད་ཆ།༥༥༢)ཁས་བླངས་པ་བཞིན། འགོས་ལོ་ཆེན་པོས་དེབ་སྔོན་དུ། འདུལ་བའི་བསྟན་པ་ལ་འཕེལ་འགྲིབ་ཆེར་བྱུང་ཡང་། སྔགས་ཀྱི་བསྟན་པ་ནི་དེང་སང་གི་བར་དུ་ནུབ་མ་མྱོང་སྟེ། ཞེས་དང་། བོད་ཡུལ་འདིར་རབ་ཏུ་བྱུང་བ་མེད་ནས་ལོ་བདུན་ཅུ་ལྷག་བཅས་ཤིག་བྱུང་ཡང་། སྔགས་རྙིང་མ་བའི་སྔགས་འཆང་རྣམས་ཀྱིས་སྒྲུབ་པ་ཁྱད་པར་ཅན་གྱིས་ས་ཕྱོགས་བཀྲ་ཤིས་པར་མཛད། ཅེས་སོགས་གསུངས་པ་བཞིན་ནོ། དེ་ཡང་ཐང་ཡིག་ཆེན་མོ་ལས། རེ་ཞིག་དམ་ཆོས་འདུལ་བའི་བསྟན་པ་ནི། མེ་རོ་ཙམ་ཞིག་མདོ་ཁམས་སྨད་ནས་འབྱུང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ནི། གཞུ་རྒྱུད་ཙམ་ཞིག་སྟོད་ཀྱི་ཕྱོགས་ནས་འབྱུང་། དེ་ནས་མདོ་སྔགས་གཉིས་ཀྱི་བསྟན་པ་ནི། མ་ནུབ་ཙམ་ཞིག་མཐའ་ནས་དབུས་སུ་འབྱུང་། ཞེས་གསུངས་པ་ལྟར། དབུས་གཙང་གི་མི་བཅུ་སོགས་ཀྱིས་རབ་བྱུང་གི་སྡེ་བཙུགས་ཤིང་། གནུབས་ཆེན་དང་ཟུར་མེས་དབོན་སོགས་ཀྱིས་གསང་ཆེན་བླ་ན་མེད་པའི་བསྟན་པ་བཤད་སྒྲུབ་ཀྱིས་དར་རྒྱས་སུ་མཛད་པ་ལ་དགོངས་ཏེ། མདོ་སྔགས་གཉིས་ཀ་བསྟན་པ་ཕྱི་དར་གྱི་ཐོག་མའང་སྔ་འགྱུར་རྙིང་མའི་རིང་ལུགས་ཁོ་ན་ཡིན་ནོ། འོན་ཀྱང་རྙིང་མའི་སྔགས་བརྒྱུད་ལའང་ཟུར་ཆེན་ཤཀྱ་འབྱུང་གནས་སོགས་སྡོམ་བརྩོན་ཀྱང་མང་དུ་བཞུགས་མོད་ཀྱི་ཕལ་ཆེར་སྔགས་ཀྱིས་ལམ་ལས་དངོས་གྲུབ་བརྙེས་པ་ཤར་སྟག་བྱུང་ཞིང་། དེ་དུས་སྡོམ་རྒྱུན་གཞན་མེད་པས་གསར་པའི་སྐྱེས་ཆེན་མང་པོས་བླ་ཆེན་གྱི་སྡོམ་རྒྱུན་འདི་བཞེས་པས། སྔགས་དང་མཚན་ཉིད་གཉིས་སུ་གྱེས་ཤིང་སྡོམ་རྒྱུན་ཕལ་ཆེར་གསར་མའི་ཕྱོགས་ཤས་ཆེ་བ་འདི་བྱུང་བ་ཡིན། དེ་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་པཎ་ཆེན་དྷརྨ་པཱ་ལ་སྤྱན་(སྟོད་ཆ།༥༥༣)དྲངས་ནས་སྟོད་འདུལ་གྱི་སྡོམ་རྒྱུན་སྤེལ་ཡང་ཡུན་རིང་མ་དར་ལ། ཕྱིས་ཁ་པཎ་ཆེན་གྱི་སྡོམ་རྒྱུན་མང་དུ་འཕེལ་བས། ཕྱིས་ཚོད་རྙིང་མའི་བླ་མ་རྣམས་ཀྱིས་རང་དང་འབྲེལ་ཟབ་གང་ཆེ་བའི་ས་དགེ་དཀར་འབྲུག་སོགས་གང་རེད་ལས་སྡོམ་པ་བཞེས་ཤིང་། རང་རང་གི་གྲ་གཙང་ལའང་སྡོམ་རྒྱུན་དེ་ཕ་འབོག་པར་བྱེད་པས་སྡོམ་རྒྱུན་སྣ་ཚོགས་ཞིག་ལས་གཅིག་ཏུ་མ་ངེས་ཀྱང་། དུས་ཕྱིས་ཀུན་མཁྱེན་རྒྱལ་བ་ལྔ་པ་ཆེན་པོའི་ཐུགས་བཞེད་བཞིན། རིག་འཛིན་གཏེར་བདག་གླིང་པ་དང་བཀའ་བགྲོས་ཀྱིས་གྲྭ་ས་ཆེན་པོ་ཨོ་རྒྱན་སྨིན་གྲོལ་གླིང་དུ་འདུལ་བའི་སྡོམ་རྒྱུན་ཁྱད་འཕགས་འདི་བཙུགས་ནས་གཞི་གསུམ་ཆོ་ག་གསོ་སྦྱོང་དབྱར་གནས་བགགས་དབྱེ་སོགས་ཀྱིས་མཚོན་པའི་ཕྱག་ལེན་ཕྲ་ཞིག་ཕྲ་བའང་ཤིན་ཏུ་རྣམ་པར་དག་པའི་འདུལ་གྲྭ་ཤིན་ཏུ་དངོས་གཙང་ཞིང་དང་བ་འདྲེན་པ་འདི་བཞིན་ཇི་སྲིད་བསྟན་པ་གནས་ཀྱི་བར་དུ་གཏན་ཆགས་པར་མཛད་པ་ནས་བཟུང་། རྙིང་ལུགས་གྲ་གཙང་ཕལ་ཆེ་བས་སྡོམ་པ་དེ་ནས་ལེན་ཅིང་། ཁྱད་པར་རྫོགས་ཆེན་རིན་པོ་ཆེ་ཁྲི་གོང་འོག་རྣམས་ཀྱིས་འདི་ནས་བསྙེན་རྫོགས་བཞེས་པ་དང་། བདག་གི་བླ་མ་ཉི་སྤྲུལ་རིན་པོ་ཆེས་ཀྱང་ཐོག་མར་རབ་བྱུང་སྨིན་གླིང་ནས་བཞེས་ཤིང་ཆོས་སྤྱོད་དུའང་སྡོམ་རྒྱུན་འདི་ཁོ་ན་བཀོད་པར་མཛད་པ་ལྟར། རང་ལུགས་སོ་ཐར་སྡོམ་རྒྱུན་གྱི་མཁན་རབ་རྣམས་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་པར་བྱའོ། དེ་ཡང་ཐོག་མར་བདག་ཅག་གི་སྟོན་པ་འདི། ལུང་སྔོན་འབྱུང་སོགས་འཁོར་ལོ་དང་པོའི་བཀའ་དགོངས་འགྲེལ་དང་བཅས་པ་ལས་འབྱུང་བ་ནི་སྔོན་རྒྱལ་པོ་འོད་ལྡན་དུ་གྱུར་པའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་(སྟོད་ཆ།༥༥༤)དྲུང་དུ་སེམས་བསྐྱེད། དེ་ནས་བཟུང་སྟེ་ཚོགས་ལམ་གྱིས་བསྡུས་པའི་ཚོགས་བསྐལ་པ་གྲངས་མེད་དུ་བསགས་ཏེ། མཛད་ལས། རྣམ་གཟིགས་མར་མར་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་སོ། དེ་ནས་བསྐལ་པ་བརྒྱར་མཚན་བཟང་གི་རྒྱུ་བསྒྲུབས་ནས་དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོར་འཁྲུངས། དེ་ནས་འཛམ་བུའི་གླིང་དུ་གཟིགས་པ་རྣམ་ལྔས་གིཟགས་ནས་རྒྱལ་པོ་ཟས་གཙང་མའི་སྲས་སུ་གཤེགས་ནས། མཐར་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་དྲུང་དུ་བཞུགས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་ཚེ་རག་བྱུང་གི་བསྙེན་པར་རྫོགས་པར་སངས་རྒྱས་ཏེ། དེའང་ཚོགས་ལམ་ཆེན་པོའི་རྟེན་ལ་སྦྱོར་ལམ་དྲོད་ནས་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཀྱི་བར་སྟན་ཐོག་གཅིག་ལ་མངོན་དུ་མཛད་པ་སྟེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། བསམ་གཏམ་ཐ་རྟེན་གཅིག་ལ་ཀུན། དེ་ཡི་སྔོན་དུ་ཐར་ཆ་མཐུན། ཞེས་སོ། དེ་ནས་ཞག་ཞེ་དགུ་འདས་པ་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་ཝཱ་ར་ཎ་སིར་ལྔ་སྡེ་ལས་བརྩམས་ཏེ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བཟླས་པ་རྣམ་པ་བཅུ་གཉིས་སུ་བསྐོར་ལྔ་སྡེས་དགྲ་བཅོམ་པ་ཐོབ། ལྷ་བརྒྱད་ཁྲིས་བདེན་པ་མཐོང་། དེ་ནས་ཉེ་བའི་ལྔ་སྡེ་ལ་སོགས་པ་ནས་རབ་བཟང་གི་བར་བཏུལ་ཏེ། མྱ་ངན་ལས་འདའ་བར་སྟོན་པ་མཛད་དོ། དེ་ལྟར་སྟོན་པ་སངས་རྒྱས་ལས་སྡོམ་རྒྱུན་ཇི་ལྟར་བརྒྱུད་ཚུལ་ནི། སྤྱིར་ས་གའི་ལྷས། གང་ཕྱིར་བསྙེན་པར་རྫོགས་པ་ནི། གཞན་ཡང་བྱེ་བྲག་སྨྲ་བར་བརྗོད། ཇི་ལྟར་གནས་པ་མཁྱེན་པས་ན། འདྲེན་པ་རང་རྒྱལ་རང་བྱུང་གིས། །འཕགས་(སྟོད་ཆ།༥༥༥)བ་ཀཽ་དི་ནྱ་སོགས། ལྔ་སྡེ་རྣམས་ནི་ངེས་པ་ལས། གང་ཞིག་སློབ་མ་བཟང་སྡེ་རྣམས། ཐམས་ཅད་སྐྱབས་སུ་འགྲོ་བས་ཐོབ། །ཕོ་ཉ་ཡིས་ནི་མཆོག་སྦྱིན་མ། ཚུར་སོག་དགེ་སློང་ཞེས་བྱས་ཀྱང་། །སྟོན་པར་ཁས་བླངས་པ་ལས་ནི། །དགེ་སློང་འོད་སྲུང་བདག་ཉིད་ཆེ། །དྲི་བ་མཉེས་པ་ཉིད་ཀྱིས་ནི། སློབ་མ་ལེགས་སྦྱིན་དེ་བཞིན་ནོ། །དབུས་དང་མཐའ་ཁོབ་ས་དག་ལ། །བསྙེན་རྫོགས་ཡང་དག་བསྟན་པ་ནི། བཅུ་དང་ལྔ་ཡི་ཚོགས་ཀྱིས་ལམ། དེ་ལས་ལྷག་པས་ཀྱང་ནི་རུང་། དེ་བཞུན་འཁོར་ཚོགས་བཅས་པ་ཡི། །ཀཽ་ཏ་མ་ལྕི་ཆོས་ཀྱིས་ཞེས་བསྙེན་པར་རྫོགས་ཚུལ་བཅུ་གསུངས་པ་ལས། རང་བྱུང་གི་བསྙེན་རྫོགས་ནི། ཡུལ་གཞན་ལ་མ་རྟེན་པར་སྲིད་པ་ཐ་མའི་གང་ཟག་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་བརྙེས་པའི་ཚེ་རང་གི་ངང་གིས་རྫོགས་པ་ཡིན་ལ། འཕྲིན་དང་བཅུའམ་ལྔའི་ཚོགས་ཀྱི་རྫོགས་པ་གཉིས་ནི་ཆོ་གའི་རིག་བྱེད་ལ་བརྟེན་ཞིང་། ། དེ་ལྷག་བདུན་པོ་སྟོན་པའི་ཐུགས་རྗེ་ལ་བརྟེན་ནས་རང་གི་ངང་གིས་བསྙེན་པར་རྫོགས་པ་ཡིན་པས་ཡུལ་སྟོན་པ་སངས་རྒྱས་ལ་བརྟེན་པའི་བསྙེན་རྫོགས་ཏེ། དེ་ལས་ལའདིར་ནི་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་པ་ཤཱ་རིའི་བུ་ལས་བརྒྱུད་པ་ཡིན་ནོ། ༥ རང་ལུགས་སོ་ཐར་སྡོམ་རྒྱུན་གྱི་མཁན་རབ་རྣམས་ཀྱི་བྱུང་བ་བརྗོད་པ། དེ་ལ་ཤེས་རབ་ཅན་གྱི་མཆོག་འཕགས་པ་ཤཱ་རིའི་བུ་ནི་ཡབ་བྲམ་ཟེ་སྐལ་རྒྱལ་དང་། ཡུམ་བྲེམ་ཟེ་མོ་ཤཱ་རི་ཀའི་སྲས་སུ་འཁྲུངས། མཚན་(སྟོད་ཆ།༥༥༦)ཀུན་ཏུ་རྒྱུ་ཉེ་རྒྱལ། ཆུང་ངུ་ནས་རིག་བྱེད་ཐམས་ཅད་ལ་མཁས། མཁན་པོ་ཡང་དག་རྒྱལ་བའི་ཐད་དུ་ཚངས་པར་སྤྱོད་ཅིང་སློབ་མ་སྐྱོང་བའི་ཚེ། མཁན་པོ་འབའ་ཀར་སངས་རྒྱས་ལས་རབ་ཏུ་ཕྱུགས་ཤིག་ཅེས་ཁ་ཆེམས་བཞག་པ་དང་། རྒྱལ་པོའི་ཁབ་ཏུ་སོང་བ་ན་འཕགས་པ་རྟ་ཐུལ་མཐོང་བས་དད་དེ། ཁྱོད་ཀྱི་སྟོན་པ་ནི་གང་། ཅིའི་ཕྱིར་རབ་ཏུ་བྱུང་། སུའི་ཆོས་ལ་དྲིས་པ་ལ་ལན་བཏབ་པས། ཉེ་རྒྱལ་གྱིས་དེའི་ཆོས་སྟོན་ཅིག རྟ་ཐུལ་གྱིས་སྨྲས་པ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། ཞེས་སོགས་གསུངས་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་སྟེ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་མཐོང་ན་རང་གཟུགས་ཀྱི་སྐུ་ལྟ་བའི་ཕྱིར་འགྲོའི་ཞེས་མཽ་ངྐལ་གྱི་བུ་དང་འགྲོགས་ནས་སོང་བ་ལས་བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་པ་མཐོང་པས་ལྷག་པར་དད་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཚུར་ཤོག་ལ་ཚངས་པར་སྤྱོད་པ་ཅེས་གསུངས་པ་ཙམ་གྱིས། སྐྲ་དང་ཁ་སྤུ་རང་བྱི། ཆོས་གོས་གསུམ་བྱོན་ཞིང་ལག་ན་ལྷུང་བཟེད་བྱ་མ་བུ་མ་ཐོགས་པ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུའི་སྤྱོད་ལམ་ཤིན་ཏུ་དུལ་བར་གྱུར་ཏེ་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་ནས་རིང་པོར་མ་ལོན་པར་དགྲ་བཅོམ་པ་མངོན་དུ་མཛད་སྟོན་པས་ཤེས་རབ་ཆེན་པོ་རྣམས་ཀྱི་མཆོག་ཏུ་བསྔགས་སོ། །དེའི་མཁན་བུ་སྟོན་པའི་སྲས་འཕགས་པ་སྒྲ་གཅན་འཛིན་བཟང་པོ་ནི་ཡབ་རྒྱལ་བུ་དོན་འགྲུབ་སྟེ། རབ་ཏུ་འབྱུང་ཁར་གྲགས་འཛིན་མའི་མངལ་དུ་བཞག་ནས་བཅོམ་ལྡན་འདས་སངས་རྒྱས་པའི་ཚེ་བལྟམས་ཤིང་དེའི་ཚེ་ཟླ་བ་སྒྲ་གཅན་གྱིས་ཟིན་པས་ཁྱེའུའི་མིང་སྒྲ་གཅན་འཛིན་དུ་བཏགས། སྟོན་(སྟོད་ཆ།༥༥༧)པའི་བཀའ་འཕགས་པ་ཤཱ་རིའི་བུ་ལས་རབ་བྱུང་བ་དང་བསྙེན་པར་རྫོགས་པ་མཛད། སྟོན་པ་ལས་ཆོས་མང་དུ་བླངས་ཤིང་བསྒྲུབས་པས་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པར་གྱུར་ཏེ། ཐུབ་པ་ཆེན་པོས་བཀའ་བསྐོས་པ་བཞིན་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱ་དང་བཅས་ཏེ་བྲི་ཡང་ཀུའི་གླིང་ན་བསྟན་པ་བསྐྱོང་བཞིན་དུ་བཞུགས་སོ། དེའི་མཁན་བུ་བྲམ་ཟེའི་བཙུན་པ་སྒྲ་གཅན་འཛིན་བཟང་པོ་ནི། ཡུལ་ཨོ་དོ་བི་ཤར་བྲམ་ཟེའི་རིགས་སུ་འཁྲུངས། གཞོན་ནུ་ནས་རིག་བྱེད་ཡན་ལག་དང་བཅས་པ་རིག་པའི་གནས་བཅོ་བརྒྱད་སོགས་ལ་མཁས། དེ་ནས་ཡུལ་དབུས་སུ་བྱོན་ཏེ་འཕགས་པ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། རིན་པོར་མ་ཐོགས་པར་དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོའི་མཆོག་ཏུ་གྱུར་ནས་སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་སར་གཙུག་ལག་ཁང་བརྩིགས་པར་ན་ལནྡྲར་གྲགས་པ་སྟེ་ཐོག་མར་མྱ་ངན་མེད་ཀྱིས་བརྩིགས་ཤིང་། དེ་རྗེས་ཐུ་བཙུན་སྐུ་མཆེད་ཀྱིས་ཆོས་གཞིར་དར་བར་མཛད་པ་དེའི་མཁན་པོར་གྱུར་ནས་བསྟན་པ་ཆེས་ཆེས་རྒྱས་པར་མཛད། དེའི་མཁན་བུ་འཕགས་པ་ཀླུ་སྒྲུབ་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལྷོ་ཕྱོགས་བཻད་བྷར་བྲམ་ཟེའི་རིགས་སུ་འཁྲུགས། དེ་རབ་ཏུ་བྱུང་ནས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་དང་། རིག་པའི་གནས་ཐམས་ཅད་ལ་མཁས་པར་སྦྱངས། ལོ་ལོན་ནས་སྔར་གྱི་མཁན་པོ་ལས་བསྙེན་པར་རྫོགས་ཏེ་བསྟན་པ་བསྐྱངས། དབུ་མའི་ཚུལ་ལུགས་དར་(སྟོད་ཆ།༥༥༨)བར་མཛད། ཉན་ཐོས་རྣམས་ལའང་ཕན་ཆེར་བཏགས། ཀླུ་ཡུལ་དུ་བྱོན་ནས་ཡུན་རིང་པོར་བཞུགས་ཤིང་ཆོས་གསུངས། ཤེར་ཕྱིན་རྒྱས་པ་སོགས་སྤྱན་དྲངས་ཏེ་མི་ཡུལ་དུ་བྱོན། སྔར་མཚན་དགེ་སློང་དཔལ་དང་ལྡན་པ་ཞེས་བྱ་བ་ཡིན་པ་ལས་དེ་ཕྱིན་ཀླུ་སྒྲུབ་ཆེས་གྲགས་སོ། འཕགས་པ་ཀླུ་སྒྲུབ་ཀྱི་མཁན་བུ་སློབ་དཔོན་ལེགས་ལྡན་འབྱེད་ནི། ཡུལ་ལྷོ་ཕྱོགས་མ་ལྱ་རར་རྒྱལ་རིགས་སུ་འཁྲུངས། ཀླུ་སྒྲུབ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་ལ་མཁས་པར་གྱུར། ཏིང་ངེ་འཛིན་ཁྱད་པར་ཅན་ཡང་གྲུབ། ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་ལྔ་བཅུ་ཙམ་གྱི་བདག་པོ་མཛད་ནས་བསྟན་པ་བསྐྱངས་སོ། དེའི་མཁན་བུ་སློབ་དཔོན་དཔལ་སྦས་ནི། ཡུལ་ཤར་ཕྱོགས་པ་སློབ་དཔོན་ལེགས་ལྡན་འབྱེད་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། གསུང་རབ་མཐའ་དག་ལ་སྦྱངས་པས་ཤིན་ཏུ་མཁས། རང་རྒྱུད་གོང་མའི་གྲུབ་མཐའ་ཛིན་པའི་དབུ་མ་པ་ཆེན་པོར་གྱུར་ཏོ། དེའི་མཁན་བུ་སློབ་དཔོན་ཡེ་ཤེས་སྙིང་པོ་ནི། ཨོ་དི་བི་ཤའི་ཡུལ་དུ་འཁྲུངས། ཆུང་ངུ་ནས་རིགས་པའི་གནས་མཐའ་དག་ལ་མཁས་པར་གྱུར་པ་ཞིག་བྷཾ་ག་ལར་དཔལ་སྦས་ཀྱི་དྲུང་དུ་བྱོན་ཏེ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ཆོས་ཉན་པས། ལེགས་ལྡན་སྲོལ་འཛིན་དབུ་མ་པ་ཆེན་པོར་གྱུར། དེའི་མཁན་བུ་གངས་ཅན་བསྟན་པའི་ཉི་མ་ཨཱཙཔོརྱ་བོ་དྷ་ཧྭ་ནི། ཤར་ཕྱོགས་བྷཾ་ག་ལའི་ཡུལ་དུ་ས་ཧོ་རའི་རྒྱལ་པོའི་རིགས་སུ་འཁྲུངས། སློབ་དཔོན་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་(སྟོད་ཆ།༥༥༩)ཡོངས་གྲགས་ཤནྟ་རཀྵི་ཏ་སྟེ་ཞི་བ་འཚོའོ། །དྷརྨ་ཤིཏྣ་གྷོ་ཥ་སྟེ་ཆོས་ཞི་བའི་དབྱངས་ཞེས་ཀྱང་ཟེར་ཏེ། ཐེག་པ་ཆེ་ཆུང་གི་ཆོས་མཐའ་དག་མཁྱེན་པར་མཛད། ལྷག་པར་རང་རྒྱུད་གོང་མའི་རིགས་ལུགས་འཛིན་པའི་དབུ་མ་པ་ཆེན་པོར་གྱུར། དབུ་མ་རྒྱན་ལ་སོགས་པའི་བསྟན་བཅོས་ཀྱང་མཛད་དེ་འཕགས་ཡུལ་དུ་བསྟན་པ་ཡུན་རིང་དུ་བསྐྱངས། དེ་ནས་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱིས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་འཛུགས་པར་བཞེད་པ་ན། རྦ་གསལ་སྣང་མང་ཡུལ་གྱི་ཁང་དཔོན་ལ་བསྐོས་པས། བལ་པོར་མཁན་པོ་ཞི་བ་འཚོ་བཞུགས་པ་མཇལ་དུ་ཕྱིན་ནས་སེམས་བསྐྱེད་ཞུས། སླར་བོད་དུ་འོངས་ནས་བཙན་པོ་ལ་ཞུས་པས། བཙན་པོའི་ཞལ་ནས། རེ་ཞིག་གཞན་ལ་མ་སྨྲ་བར་སོང་དང་། དུས་ལ་བབས་པ་ན་སྤྱན་འདྲེན་ནོ་གསུངས་པས། དེ་ནས་གསལ་སྣང་ཡུལ་དུ་ལོག དེར་ཕོ་ཉ་བྱུང་བས་གསལ་སྣང་གིས་མཁན་པོ་སྤྱན་དྲངས་ནས། ཕོ་བྲང་ཀླུང་འཚུགས་སུ་བཞུགས་ནས་ཆོས་གསུངས་པས། ལྷ་འདྲེའི་ཚུབ་ལྷོང་གིས། གཙུག་ལག་ཁང་བཞེངས་པ་དང་། ཆོས་བྱར་མ་བཏུབས་པས། སླར་མཁན་པོ་བལ་ཡུལ་དུ་བྱོན། དེ་ནས་བཙན་པོས་མཁན་པོ་དང་། སློབ་དཔོན་པདྨའང་སྤྱན་དྲངས་པས། སློབ་དཔོན་གྱིས་བོད་འདྲེ་མ་རུང་པ་ཐམས་ཅད་བཏུལ་ནས་དམ་ལ་བཏགས་ཏེ། ཆོས་ཅི་བདེར་བགྱིད་བཏུབས་པ་དང་། བསམ་ཡས་ཀྱི་གཙུག་ལག་ཁང་བརྩིགས་པའང་ལོ་ལྔ་ནས་ལེགས་པར་བཞེངས་པ་སོགས་གོང་དུ་རྒྱས་པར་སྨོས་པ་ལྟར་ལས། ལུག་གི་ལུ་ལ་ཨ་ཙརྱ་བོ་དྷི་ས་ཧྭ་མཁན་པོ་མཛད་དེ་རྦ་དཔལ་དབྱངས་དང་སད་མི་བདུན་(སྟོད་ཆ།༥༦༠)རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེ་ནས་ཀྱང་དད་པ་ཅན་དང་ཤེས་རབ་ཅན་མང་པོ་རབ་ཏུ་བྱུང་བས་དགེ་འདུན་གྱི་སྡེ་དང་འདུལ་བའི་བསྟན་པ་བཙུགས་ནས་དར་ཞིང་རྒྱས་པར་མཛད་དོ། དེའི་མཁན་བུ་རྦ་རཏྣ་ནི། ཡུལ་ཡར་ལུང་པ་ཡིན་ཟེར། རུས་སྦ་ཨང་ཙརྱ་བོ་དྷ་ས་ཧྭ་སོགས་ལས་ཆོས་མང་པོ་སློབ་འི་ཞང་བློན་དད་པ་དང་ཤེས་རབ་ཕུན་སུམ་ཚོགས་པར་མངའ་བ་ཞིག་ཡིན། ནམ་ཞིག་གི་ཚེ་བཙན་པོའི་ཞལ་ནས། ངའི་བོད་ལ་དགེ་སློང་མེད་པས་ངའི་བློན་པོ་དག་ལ་དགེ་སློང་བཏུབ་བམ་ཞེས་ཞུས་པས་མཁན་པོའི་ཞལ་ནས། བཏུབ་བམ་སད་པར་བྱ་གསུངས་ཏེ། ལུག་གི་ལོ་དཔྱིད་ཟླ་ར་བའི་ཚེས་བརྒྱད་ཀྱི་ཉིན་ཨ་ཙརྱ་ཞི་བ་འཚོས་མཁན་པོ། དཱ་ན་ཤི་ལ་དང་། འཛིན་མི་ཏྲ་གནིས་ཀྱིས་ལས་སློབ་དང་གསང་སྟོན། པཎྜི་ཏ་གཞི་བཅུ་པོས་ཁ་སྐོང་བྱས་ཏེ། བོད་མི་ལ་དད་པ་ཆེ་བ་རྦ་ཁྲི་གཟིགས་རབ་ཏུ་བྱུང་ཞིང་བསྟེན་པར་རྫོགས་མ་ཐག་ལྔའི་མངོན་ཤེས་དང་ལྡན་པས་བཙན་པོ་དགྱེས་ཏེ། དེའི་ཞབས་སྤྱི་བོར་བླངས་ནས་ཁྱོད་བོད་ཀྱི་རཏྣ་ཡིན་ནོ། །ཞེས་བཀའ་བསྩལ་པས་མཚན་རྦ་རཏྣ་ཞེས་གྲགས། མཚན་དངོས་དཔལ་དབྱངས་ཡིན་ཞེས་རྦ་བཞེད་ཆེ་བ་ནས་འབྱུང་གསུངས་ཏེ། བོད་ཀྱི་རབ་ཏུ་འབྱུང་བ་ལ་སྔ་བ་ཡིན་ནོ། བཙན་པོས་ད་དུང་རབ་ཏུ་ཕྱུངས་ཤིག་ཞུས་པས། སང་བགྱི་གསུངས་ནས་རྦ་གསལ་སྣང་དང་སྦ་གོར་ཧེ་འདོད་ཀྱི་བུ་སོགས་རབ་ཏུ་བྱུང་ཞིང་། མཚན་ཡེ་ཤེས་སྙིང་པོ་དང་བཻ་རོ་ཙ་ན་རཀྵི་ཏ་སོགས་བཏགས་པར་བཤད། དེ་ནས་རྦརཏྣ་གནས་བརྟན་སྡེ་སྣོད་འཛིན་པ་ཆེན་་པོར་གྱུར་ནས་བསམ་ཡས་ཀྱི་པྲ་ཏི་ཧ་རའི་མཆོད་པ་ཆེན་པོའི་དུས་སུ་དད་པ་ཅན་སུམ་བརྒྱ་ཙམ་རབ་ཏུ་བྱུང་(སྟོད་ཆ།༥༦༡)བའི་མཁན་པོ་མཛད་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེན་པོ་ཡུན་རིང་དུ་བསྐྱངས་པའི་མཐར་ཇོ་མོ་ཡིད་བཞིན་འཁོར་ལོས་བསྒྱུར་བའི་སྐུ་གཟུགས་ཀྱི་སྤྱན་ཁྱབ་ཕྱུང་བ་སོགས་ངོ་མཚར་ཆེ་བའི་རྟགས་མང་པོ་བསྟན་ནས་སྐུ་གཤེགས་སོ། དེའི་མཁན་བུ་བསྟན་པ་ཕྱི་དར་གྱི་རྩ་བ་དམར་གཡོ་གཙང་གསུམ་ཞེས་གྲགས་ཏེ་གྲུབ་པ་དེ་ཉིད་ཡིན་ལ། འཇེད་ཀྱི་གྱེལ་མི་གཙང་རབ་གསལ། བོ་དོང་པ་གཡོ་དགེ་འབྱུང་། སྟོད་ལུང་པ་དམར་ཤཱཀྱ་མུ་ནི་གསུམ་གྱིས་རྦ་རཏྣ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་ཅོག་གྲུབ་དང་རང་གི་མཁན་པོ་སོགས་ལས་གསུང་རབ་སྦྱངས་པས་དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ཏེ། དཔལ་ཆུ་བོ་རིའི་སྒོམ་གྲྭ་ན་བསམ་གཏན་སྒོམ་ཞིང་བཞུགས་པ་ལས་ལྕགས་བྱ་ལ་ཁྲི་དར་མ་འུ་དུམ་བཙན་གྱིས་བསྟན་བསྣུབས་པའི་ཚེ་ཀརྨ་ཤ་ཏམ་སོགས་འདུལ་མངོན་གྱི་དཔེ་ཆ་རྣམས་ཁྱེར་ནས། དང་པོ་སྟོད་པྱོགས་ལ་བྲོས་རྒྱལ་པོ་ཁྲིམས་ཀྱིས་ཁྱབ་པས་འཇིགས་ཏེ་ཉིན་པར་ཡིབ་ཅིང་མཚན་མོ་ལམ་བཅད་སོང་བས་མངའ་རིས་སུ་སླེབས། དེར་ཡང་བཞུགས་མ་ནུས་པར་གར་ལོག་ནས་ཐོན་ཏེ་བྱང་སྟོད་བརྒྱུད་ཧོར་ཡུལ་དུ་བྲོས། ཧོར་གྱི་དགེ་བསྙེན་སཱཀྱ་ཤེས་རབ་ལ་བརྟེན་ནས་བཞུགས་སྟེ་བསྟན་དར་བར་བྱེད་དགོས་སྙམ་ནས་འབད་ཀྱང་དར་བར་མ་ནུས་པས་མདོ་སྨད་ལྷོ་འོས་ཀྱི་བེ་རི་ཚ་མཚོ་ནས་ཚུར་ཐོན་ཏེ། རྨ་ཆུའི་རྒྱུད་མདོ་སྨད་ཀྱི་དན་ཏིག་ཤེལ་གྱི་ཡང་དགོན་དུ་སྒོམ་ཞིང་བཞུགས་སོ། དེ་ནས་གཙང་རབ་གསལ་གྱི་མཁན་བུ་བླ་ཆེན་པོ་ནི། སྐྱེ་བ་སྔ་མ་(སྟོད་ཆ།༥༦༢)རྒྱལ་པོའི་འབྲོ་སྟག་སྣང་ཁྲི་གསུམ་རྗེ་ཞེས་པ་ཞིག་གིས་ལོ་སོ་ལྔ་པ་ལ་སྨོན་ལམ་བཏབ་ནས་ཚེ་འཕོས་པ་ཡིན་ཟེར། དོན་ལ་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུ་ཅནན་ཞིག་ཆུ་ཕོ་བྱི་བའི་ལོ་ཡུལ་ཅོང་ཁ་བདེ་ཁམས་སུ་འཁྲུངས། མཚན་མུ་ཟུ་གསལ་འབར་བཏགས། ཆུང་ངུ་ནས་རིགས་སད་དེ་ནོན་འཇམ་དཔའ་ལས་བཟླས་འདུང་བླངས། ཁང་རིན་ཆེན་རྡོ་རྗེ་ལས་བྱང་ཆུབ་ཏུ་སེམས་བསྐྱེད། སྐྱི་ལས་དབུ་ཚད་དང་། ནམ་དགའ་ལྡན་ལས་ཡོ་ག་གསན་ནས་མཁྱེན་པར་མཛད། ནམ་ཞིག་རྨ་ཆུ་ཁའི་ཕྱུགས་རྫིས་རྨ་གཡོ་གཙང་གསུམ་དན་ཏིག་ན་བཞུགས་པ་མཐོང་ནས། འདི་ལྟར་འདུག་ཅེས་མི་རྣམས་ལ་སྨྲས་པ་ཐོས་ཏེ། མུ་ཟུ་གསལ་འབར་གྱིས་བལྟར་ཕྱིན་པས་མཐོང་བ་ཙམ་གྱིས་དད་ནས། འཁོར་བའི་སྡུག་བསྔལ་བསམས་ནས་ཐར་པ་ཡི། །བདུད་རྩིས་འགྲོ་བའི་སྡུག་བསྔལ་ཞི་བྱེད་པའི། བསྟན་པ་ཕྱོགས་བཅུར་རྒྱས་པར་བྱ་བའི་ཕྱིར། དང་པོར་བདག་གིས་རབ་ཏུ་འབྱུང་བར་བྱ། སྙམ་དུ་དགོངས་ཏེ། རབ་ཏུ་འབྱུང་བར་གསོལ་བས། འདུལ་བའི་གླེགས་བུ་ཞིག་གཏད་ནས། འདི་ལྟོས་ལ་དད་ན་རབ་ཏུ་འབྱུང་བ་བྱའོ་གསུས། བལྟས་པས་ཆེས་དད་དེ་མཆི་མ་ཕྱུག་ནས་ཞུས་པས། དེར་གཙང་གི་མཁན་པོ་དང་གཡོས་སློབ་དཔོན་བྱས་ཏེ་དགེ་ཚུལ་དུ་སྒྲུབས་ཤིང་། མཁན་སློབ་ཀྱི་མཚན་ལས་དྲས་ཏེ་དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས་སྐད། དེ་ནས་བསྙེན་རྫོགས་ཞུས་པས། དགེ་སློང་ལྔ་མ་ཚང་བས་མི་འོང་གསུངས་པ་ལ་སྔར་ལྷ་ལུང་དཔལ་རྡོར་ཅན་གསུམ་གློང་ཐང་ན་འདུག་པ་མཐོང་ནས་འཚོལ་དུ་ཕྱིན་པས་རྙེད་དེ། འབྱོན་པར་ཞུས་པས། དཔལ་གྱི་རྡོ་རྗེའི་གསུང་(སྟོད་ཆ།༥༦༣)ནས། ངས་རྒྱལ་པོ་སྡིག་ཅན་བསད་པས་ཁ་སྐོང་མི་འོང་གི། ངས་བཙལ་ལ་བཏང་གིས་གསུངས། རྒྱ་ནག་གི་དགེ་སློང་ཀེ་ཝང་ངང་གྱི་བན་བྱ་བ་གཉིས་འབད་པས་བཙལ་བས་རྙེད་དེ་བཏང་ངོ་། དེ་ནས་སྔར་གྱི་མཁན་སློབ་གནིས་ཀྱིས་མཁན་པོ་དང་ལས་སློབ། དམར་གྱིས་གསང་སྟོན། རྒྱའི་དགེ་སློང་གཉིས་ཀྱིས་ཁ་སྐོང་བྱས་ནས་བསྙེན་པར་རྫོགས་ཏེ་ངུར་སྒྲིག་གི་རྒྱལ་མཚན་འཛིན་པ་ཆེན་པོར་གྱུར། འདུལ་བའི་བཤད་པ་དང་ལག་ལེན་ལ་མཁས་པར་སྦྱངས། བསྙེན་པར་རྫོགས་ནས་ལོ་ལྔ་ལོན་པའི་ཚེ་དབུས་གཙང་གི་མི་བཅུས་མདོ་ཁམས་སུ་ཕྱིན་ནས་གཙག་ལ་བསྙེན་རྫོགས་ཞུས་པས། ང་རྒས་པས་མཁན་བུ་མི་འཁྱོངས་པས་བླ་ཆེན་པོ་ལ་ཞུས་ཤིག་གསུངས་པ་ལྟར་ཞུས་པས། དེས་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན་མི་བཏུབ་གསུངས་པ་ལ་གཙང་གི་ཞལ་ནས། དམིགས་གསལ་ལ་གང་ཟག་ཁྱད་པར་ཅན་གྱིས་བཏུབ་པས་གྱིས་གསུངས་ཏེ། བླ་ཆེན་གྱིས་མཁན་པོ་མཛད་ནས་ཆིག་རྫོགས་མཛད་དོ། །དེ་ལ་ནུས་པ་ཅན་གྱི་མི་བཅུ་ནི་དབུས་ན་ཀླགས་པ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། གཉལ་པ་འབྲིང་ཡེ་ཤེས་ཡོན་ཏན། གཡོ་རུ་བ་རྦ་ཚུལ་ཁྲིམས་བློ་གྲོས། རཀྴི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློ་གྲོས་དང་ལྔའོ། གཙང་ནས་མགུར་མོ་རབ་ཁ་བ་ལོ་སྟོན་རྡོ་རྗེ་དབང་ཕྱུག །ཤབ་སྒོ་ལྔ་བ་ཚང་བཙུན་ཤེས་རབ་སེང་གེ། མངའ་རིས་པ་འོད་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་པད་ཀར་དང་ལྔའོ། དེ་ནས་ལོ་བཅུ་ཙམ་སོང་ནས་མི་ཉག་སྒའི་ཡུལ་དུ་བྱོན་ཏེ་གོ་རོང་སེག་གེ་གྲགས་ལའང་འདུལ་བ་གསན་པས། ལུང་སྡེ་བཞི་བསྟན་བཅོས་དང་བཅས་པའི་གླེགས་བམ་བླ་ཆེན་པོ་ལ་བྱིན་ནས་བསྟན་པ་(སྟོད་ཆ།༥༦༤)གསལ་བར་གྱིས་ཤིག་ཅེས་གདམས། དེ་ནས་དབུས་སུ་བྱོན་པར་བཞེད་པ་ལ་ལྷོ་བལ་དུ་ཆོས་མང་པོར་སྦྱངས་པའི་ཀྭ་འོད་མཆོག་གྲགས་པ་བྱ་བ་ཁམས་སུ་བྱོན་ཟེར་བ་གསན་ནས་སླར་བཟློག་སྟེ། ཕར་ཕྱིན་དང་བྱང་ས་སོགས་ཆོས་མང་པོ་ལ་སྦྱངས། བཻ་རོའི་སློབ་མ་གཡུ་སྨྲ་སྙིང་པོ་ལ་རྫོགས་ཆེན་སེམས་ཕྱོགས་གསན་ཏེ། དེ་ལས་བརྒྱུད་པ་རོང་ཟོམ་ལ་མངའ་བར་གྲགས་ཤིང་། ཀུན་བྱེད་རྒྱལ་པོ་བཤད་རྒྱུད་བཞི་དང་བཅས་པ་ཨ་རོའི་ལུགས་ཀྱང་བླ་ཆེན་པོ་ནས་གྲུམ་ཤིང་གླག་ཅན་ལ་བརྒྱུད་དེ་དེང་སང་གི་བར་དུ་དར་བ་ཡོད་དོ། ནམ་ཞིག་གི་ཚེ་མནལ་ལམ་དུ་གླང་ཆེན་ལ་ཆིབས་ཤིང་ནོར་བུ་བསྣམས་ནས་ཚོང་འདུས་ཀུན་ཏུ་བྱོན་པ་ལ། མི་ཀུན་ན་རེ། བཙུན་པ་ཁྱོད་ཀྱི་ནོར་བུ་བཟང་སྟེ། རི་ཞིག་ཉོ་བའང་མེད། རིན་ཡང་མི་ཐེག་ཟེར། མནལ་སད་ནས་རེ་ཞིག་སྒྲུབ་པ་མཛད་པར་དགོངས་པ་ན། གཞི་བདག་གི་མི་མ་ཡིན་རྣམས་ཀྱིས་དད་པ་ཆེན་པོས་འབྱོན་པར་ཞུས་པ་ལྟར་དན་ཏིག་ཏུ་བྱོན་ནས་སྒོམ་པ་ལ་བཞུགས་ཤིང་། ས་ཕྱོགས་དེ་དག་ཏུ་གཙུག་ལག་ཁང་དང་མཆོད་རྟེན་མང་པོ་ཡང་བཞེངས་སོ། ས་ཕྱོགས་དེ་དག་ཏུ་གཙུག་ལག་ཁང་དང་མཆོད་རྟེན་མང་པོ་ཡང་བཞེངས་སོ། དད་པ་ཅན་མང་པོ་རབ་ཏུ་བྱུང་བའི་མཁན་པོའང་མཛད། བརྒྱ་བྱིན་སོགས་ལྷ་རྣམས་ཆོས་ཉན་དུ་འོང་བར་གྲགས། འཁོར་རྣམས་ཀྱིས་ཀྱང་མདང་ངོ་མཚར་བའི་སྣང་བ་འདི་དང་མི་འདྲ་བ་སྣང་བས། བླ་ཆེན་ཉིད་ངེས་པར་སྤྲུལ་པའི་སྐུ་ལགས་སུམ་ནུས་པས། ལན་དུ་སྤྲུལ་པ་མ་ཡིན། བདག་ནི་ཐེག་ཆེན་པ་ཆེན་པོའི་སྦྱོར་ལམ་པ་སྣང་བ་ཐོབ་པ་ལ་བཞུགས་པའི་བནྡེ་དགེ་བ་རབ་གསལ་ཡིན། ཞེས་པ་གསུངས། དགུང་ལོ་བརྒྱད་ཅུ་རྩ་བཞི་པ་ཤིང་ཕག་གི་ལོ་ལ་སྐུ་གཤེགས་ཀར་བཀའ་ལས། འཕགས་པ་ཐོགས་མེད་(སྟོད་ཆ།༥༦༥)དང་མཆེ་བའི་སྡེ་གཉིས་ཀྱིས་ཡུམ་གྱི་དགོངས་པ་མི་འདྲ་བར་བཀྲལ་བ་དེ་ཁོ་བོས་བྱམས་མགོན་ལ་དྲི་དགོས་ཏེ། སློབ་དཔོན་གཉིས་ཀྱང་ད་ལྟ་དགའ་ལྡན་ན་བཞུགས་ཞེས་གསུངས། ཡང་ཁོ་བོ་བྱམས་པ་མགོན་པོ་འཛམ་བུའི་གླིང་འདིར་མ་བྱོན་གྱི་བར་དུ་འདི་དག་ཏུ་སྐྱེ་བ་བརྒྱད་ཙམ་ལེན་དགོས་གསུངས་ནས་དགའ་ལྡན་དུ་གཤེགས་སོ། དེ་ཡང་བླ་ཆེན་པོའི་ཞལ་ནས། ཀླུ་མེས་བཙུན་པས་མཁན་པོ་གྱིས། ཆོང་གེ་བློ་སྣ་བས་སྟོན་པ་གྱིས། འབྲིད་བསྐོས་མཁས་པས་གནས་གཞི་ཟུངས། ལོ་སྟོན་མཐུ་ཆེ་བས་བསྟན་བསྲུང་གྱིས། ཞེས་གསུངས་པ་ལྟར། དབུས་གཙང་གི་མི་བཅུའི་ནང་ནས་མཁན་པོར་མངའ་གསོལ་བ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཡིན་ཏེ། མདོ་སྨད་ཀྱི་ཕྱོགས་ནས་མཁན་སློབ་ཀྱི་བབཀའ་བརྒྱུད་མ་ཆད་པར་འདུག་ཅེས་ཐོས་པས་དད་ནས་མི་དགུ་དང་འགྲོགས་ཏེ་སྨད་དུ་སྡོམ་པ་ལེན་དུ་ཕྱིན། བླ་ཆེན་པོས་མཁན་པོ། གཙང་རབ་གསལ་གྱིས་ལས་སློབ། གཡོ་དགེ་འབྱུང་གིས་གསང་སྟོན། དམར་ཤཱཀྱ་མུ་ནི་དང་རྒྱའི་དགེ་སློང་གཉིས་ཀྱིས་ཁ་བསྐངས་ཏེ་ཚིགས་གསུམ་དུས་གཅིག་ལ་བར་མ་ཆད་པས་བསྙེན་པར་རྫོགས། སྡེ་སྣོད་ཀྱི་གཞུང་ལུགས་དང་འདུལ་བའི་ལག་ལེན་ལ་མཁས་པར་སྦྱངས། གདམས་ངག་པོའང་ནོས་ཏེ། ཀླུ་མེས་ཀྱིས་མཁན་པོར། ཁོ་བོ་ཅག་དབུས་གཙང་དུ་འགྲོ་བས་མཆོད་གནས་ཤིག་ཞུ་བྱས་པས། དབུ་ཞྭ་བཞེས་འཕྲོ་དེ་ཀ་ཕུད་ནས་འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་ཤིག་གསུངས་ཏེ་དབུ་ལ་དབུ་ལ་བསྐོན། ཡར་བྱོན་ཏེ་བསམ་ཡས་བཙན་པོ་ཁྲི་བྱ་བ་བཞུགས་པ་ལ་སྣ་གཏད་ནས་དེར་ཕྱགས་ཕེབས་པས། བཙན་པོས་ཀྱང་སྣང་ལེན་བྱས་ཏེ། ཁྱེད་རྣམས་ཀྱི་དཔོན་(སྟོད་ཆ།༥༦༦)གང་ཡིན་ཟེར་བ་ལ་ཀླུ་མེས་ཡིན་ཞེས་སྨྲས་པས་དབུ་རྩེའི་ལྡེ་མིག་གཏད། དེ་དཀོར་མཛོད་ཀྱིས་གང་བར་གཟིགས་ནས་འདོན་མི་ཐུབབ་པའི་ཅག་མཛད་དེ། ང་མཁན་པོར་མངགས་པས་མཁན་པོ་དཀོར་ལ་འབགས་པ་མི་རིགས་པས་འདི་མི་འཛིན་ཞེས་བཙན་པོ་ལ་ལྡེ་མིག་གཏད། དེ་ནས་ཁམ་གསུམ་ཕུལ་བས་ཀྱང་མ་བཞེས། ཀ་ཆུ་ཕུབ་བས་གཡུ་རུའི་ལམ་རྒྱགས་བྱ་ཡི་གསུངས་ཤིང་བཞེས། ཕྱིས་ཀླུ་མེས་ཀྱིས་ཡོ་བྱད་མང་པོ་ལྟ་གོན་བྱས་ཏེ་དབུ་རྩེ་གསོ་བར་བཞེད་པ་ན། སྦྱ་རག་གཉིས་ཀྱིས་བཟུང་བས་གསོར་མ་བཅུག །དེར་བཙན་པོས་བར་བྱས་སྟེ་ཀླུ་མེས་ཀྱི་གསོས་ཚར་རྗེས་རྦ་རག་ལ་གཏོང་པར་ཏེ་ལེགས་པར་གསོས། དབུ་རུར་ལ་མོ་ཆག་དེའུ། མི་ཆོས་ཀྱིས་ཁུལ་བ་ལམ་གནས་གཞན་ཡང་ལ་མོ་ར་སྒྱེལ། ཡེར་པ་བ་རེང་ཚོང་འདུས་གནས་སོགས་མཐའ་ཡས་པ་བརྩིགས་པས་ས་སྟོང་ཐམས་ཅད་ཀླུ་མེས་དཔོན་སློབ་ཀྱི་གནས་གཞིས་ཁྱབ་པ་ལྟར་གྱུར། སྔགས་འཆང་ཇོ་སྲས་རྣམས་ཀྱིས་སྔོན་འགྱུར་བའི་བཀའ་བསྟན་གྱི་གླེགས་བམ་ཆུད་མ་བཟོས་པར་སྦས་ཏེ་བཟུང་བ་རྣམས་དེ་དག་ཏུ་སྤྱན་དྲངས། དད་པ་ཅན་མང་པོ་མཚོ་ལ་དད་པ་འདུ་བ་ལྟར་འདུས་ནས་ཉིན་རེ་བཞིན་ཡང་རབ་ཏུ་བྱུང་བའི་དགེ་འདུན་གྱི་སྡེ་མང་པོ་འཕེལ་ཏེ། དེ་ཡང་གཙོ་བོར་གྲུ་མེར་དང་སྣ་སྣམ་སོགས་ཀ་བ་བཞི། གདུད་བརྒྱད། ཆམ་སོ་གནིས། རལ་མ་གྲངས་ལས་བརྒལ་བ་བྱུང་པར་གྲགས། དེ་ལྟར་བསྟན་པ་ཡུན་རིང་དུ་བསྐྱངས་མཐར་ཆེ་སྤོང་གི་སེ་ར་ཕུག་པར་བཞུགས་ནས་ཐང་དུ་བྱོན་པའི་ལམ་དུ་སྐུ་གཤེགས་ཏེ། གདུང་མཆོད་རྟེན་འདོ་ཅན་ན་མ་ཉམས་པར་བཞུགས་སོ། །དེའི་མཁན་བུ་ཀ་ཆུ་བ་གཟུས་རྡོ་རྗེ་རྒྱལ་མཚན་ནི། གཞོན་ནུ་ནས་(སྟོད་ཆ།༥༦༧)གཞི་དང་བ་རྐྱེན་གྱིས་སད་དེ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཀླུ་མེས་ཀྱི་མཁན་པོ་དང་། གྲུ་མེར་གྱིས་ལས་སློབ་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་པོའི་དྲུང་དུ་རྒྱ་ཆེར་འགྲེལ་དང་བམ་པོ་ལྔ་བཅུ་ལ་སོགས་འགྲེལ་ཆེན་རྣམས་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། དུས་ཀྱིས་རང་གི་མཆེད་གྲོགས་ལོ་ཙཱ་བ་རླུངས་སྐྱོད་རྣམ་གཉིས་ལའང་མཁས་སྙན་མཛད་སྐད། རོང་སྐོམ་དང་པོའི་གནས་གཞི་གསོས་ཏེ་གཙུག་ལག་ཁང་བཞེངས་ཤིང་། དེར་འདུལ་བའི་བཤད་གྲྭ་བཙུགས་སོ། དེའི་མཁན་བུ་སྣེ་པོ་གྲགས་པ་རྒྱལ་མཚན་ནི། ཡུལ་རོང་ལྷོ་རྩ་བ། རུས་ཞང་གཟུས་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་སྦྱངས་ཏེ་མཁས་པར་བྱས་ནས། མཁར་ཡུག་དང་། དམུར་འདུལ་བའི་བཤད་གྲྭ་བཙུགས། དེའི་མཁནན་བུ་འབྲེ་ཤེས་རབ་འབར་ནི། སྣེ་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་མཁས་པར་སྦྱངས། རྔོག་སུ་བྱོན་ཏེ། ཇོ་པོ་ས་བཙུན་ལ་ཆོས་མང་དུ་གསན། ཁྱད་པར་དུ་བསྟན་པ་སྔ་དར་གྱི་ཕ་རོལ་ཏུ་ཕྱིན་པའི་བཤད་བགྲོས་ལ་མཆོག་ཏུ་མཁས། ཕྱིས་རྔོག་ལོ་ཆེན་པོ་ལ་ཡང་ཤེར་ཕྱིན་མཁས་ཉན་མཛད་པས་རྔོག་ལོའི་ཐུགས་སྲས་དམ་པར་གྱུར། ཆོས་འཆད་པའི་ཚེ་ལྷ་རྣམས་ཆོས་ཉན་དུ་འོང་བར་ཡང་གྲགས། སློབ་མ་ཡང་ཨ་ར་བྱང་ཆུབ་ཡེ་ཤེས་སོགས་བསྟན་པའི་བདག་པོ་མཐའ་ཡས་པ་ཐོན་ནོ། དེའི་མཁན་བུ་བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་ནི་གཙང་རོང་(སྟོད་ཆ།༥༦༨)གཡུང་དུ་ལྕགས་འདུག་ལ་འཁྲུངས། འབྲེ་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སོག་ཚུལ་ཁྲིམས་བླ་མ་ལ་འདུལ་བ་གསན། ཁོང་གཤེགས་རྟིང་རྒྱ་འདུལ་དང་རྨ་ཚོ་བླ་ཟུར་དུ་བྱས་པའི་དྲུང་དུ་སྦངས་པས་མཁས་པར་མཁྱེན་ཏེ། འདུལ་བ་བྱ་ལ་ཐུག་ཅེས་པའི་ཁ་སྐད་ཀྱང་བྱུང་། དགུང་ལོ་དོན་དྲུག་པ་ལ་ཟུལ་ཕུ་ལ་གཟིམས་ཕང་དུ་སྐུ་གཤེགས། དེའི་མཁན་བུ་རྩིས་འདུལ་བ་འཛིན་པ་གཞོན་ནུ་སེང་གེ་ནི། བྱ་འདུལ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་སྦྱངས་པས་ཤིན་ཏུ་མཁས་པར་གྱུར་ཏེ། བྱ་འདུལ་གྱི་སློབ་མའི་གཙོ་བོ་ཡང་ཡིན་སྟོང་མཁར་ལུང་དུ་འདུལ་གྲྭ་བསྐྱངས། དེའི་མཁན་བུ་དཔལ་ལྡན་གྲུ་མོ་ཆེ་བ་ནི། བྱའི་ལོ་ལ་ཆུ་སྒོར་འཁྲུངས། གདུང་རུས་གྲ། རྩིས་འདུལ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྡོགས་ནས་འདུལ་བའི་སྡེ་སྣོད་ལ་སྦྱངས། མཚན་བདུད་རྩི་གྲགས། གཙང་ནག་པ་སོགས་ལས་གསན་པ་རྒྱ་ཆེར་མཛད། སངས་རྒྱས་སོ་ལྔ་དང་རྗེ་བཙུན་སྒྲོལ་མ་སོགས་ལྷ་མང་པོའི་ཞལ་གཟིགས། སྣར་ཐང་གི་གདན་སར་ཕེབས་ནས་ལོ་སུམ་ཅུ་རྩ་དགུའི་པར་ཕྲིན་ལས་བསྐྱངས། དགུང་ལོ་བརྒྱད་ཅུ་པ་ལ་གཤེགས་སོ། དེའི་མཁན་བུ་འཆམས་ཆེན་ནམ་མཁའ་གྲགས་ནི། ཉང་སྟོད་སྟག་ཚལ་དུ་རྟའི་ལོ་ལ་འཁྲུངས། གཞོན་ནུ་ནས་དཔལ་ལྡན་གྲུ་མོ་ཆེ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་ཀྱི་གནས་རྣམས་ལ་མཁས་པར་སྦྱངས། ལྷག་པའི་ལྷ་དུ་མའི་ཞལ་གཟིགས། སྣར་ཐང་གི་གདན་(སྟོད་ཆ།༥༦༩)སར་ལོ་སུམ་བཅུ་རྩ་དྲུག་གི་བར་དུ་ཚོགས་པ་བསྐྱངས་ནས་བྱི་བའི་ལོ་ལ་སྐུ་གཤེགས་སོ། །དེའི་མཁན་བུ་གྲགས་པ་ཤེས་རབ་ནི། ཉང་སྟོད་དུ་ལུག་གི་ལོ་ལ་འཁྲུངས། མདུང་ཟེའུ་སྟེ། མཁན་ཆེན་འདུལ་བ་འཛིན་པ་གྲགས་པ་བརྩོན་གྲུས་ཀྱི་གཅུང་པོ་ཡིན། འཆིམས་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་པོ་དང་གཅེན་ལས་གཞུང་བཤད་དང་གདམས་པ་མཐའ་ཆོད་པ་གསན། གཅེན་འདུལ་འཛིན་གྱི་རྗེས་སུ་མཁན་པོར་བཞུགས་ནས་ལོ་བཅུ་གཉིས་ཀྱི་བར་དུ་གདན་ས་བསྐྱངས་སོ། དེའི་མཁན་བུ་མཁན་ཆེན་བློ་བཟང་གྲགས་པ་ནི། ཉང་སྟོད་སྨོད་གྲོའི་ཕུ་ཁའུར་འཁྲུངས། གདུང་རུས་འཆིམས། ཟེའུ་གྲགས་ཤེ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཟེའུ་སྐུ་མཆེད་དང་། རྒྱང་རོ་བྱང་ཆུབ་འབུམ་སོགས་བླ་མར་བསྟེན། མདོ་སྔགས་ཀྱི་གཞུང་གདམས་ངག་མ་འདུས་པ་ལ་མཁྱེན་རྟོགས་རྒྱས། བསྟན་པ་ཡུན་རིང་དུ་བསྐྱངས་ནས་ཡོས་ལོ་ལ་སྐུ་གཤེགས། དེའི་མཁན་བུ་ཀུན་དགའ་རྒྱལ་མཚན་ནི། ཆུ་སྒོའི་ལུང་བྱ་བར་སྟག་གི་ལོ་ལ་འཁྲུངས། གདུང་རུས་གྲོ། མཆིམས་བློ་བཟང་གྲགས་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས། གཞུང་གདམས་ངག་ཐམས་ཅད་ལ་མཁས། བསླབ་བཏུས་ཀྱིས་ཊཱི་ཀ་སོགས་བརྩམས་པའང་མང་དུ་མཛད་ནས་སྦྲུལ་ལོ་ལ་སྐུ་གཤེགས། དེའི་མཁན་བུ་གྲུབ་པ་ཤེས་རབ་ནི། སྣར་ཐང་གི་ཉེ་འཁོར་རོང་གུ་ཞེས་པར་མེ་བྱ་ལ་འཁྲུངས། གདུང་རུས་དཔང་ཡིན། དགུང་ལོ་བཅུ་(སྟོད་ཆ།༥༧༠)པ་ལ་ཀུན་རྒྱལ་བ་ལ་རབ་ཏུ་བྱུང་ཞིང་། མཚན་གྲུབ་པ་ཤེས་རབ་ཏུ་བཏགས། ཉི་ཤུ་པ་ལ་མཁན་པོ་དེ་ཉིད་དང་། སློབ་དཔོན་གྲགས་པ་རྒྱ་མཚོ་སོགས་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས། དགུང་ལོ་སོ་གཉིས་པ་ལ་མཁན་པོར་ཕེབས་ནས་གདན་ས་ལོ་སུམ་ཅུར་བསྐྱངས། དེ་ལྟར་གྲུ་མོ་ཆེ་པ་ནས་གྲུབ་ཤེའི་བར་སྣར་ཐང ་གི་གདན་སར་ཕེབས་པ་ཤ་སྟག་སྟེ། དཔལ་དཱི་པ་ཀ་རས་ཐང་གི་སའི་ཐང་འདིར་ཕྱག་མཛུབ་གཏད་དེ། ས་ཕ་གིར་གནས་བརྟན་ཆེན་པོ་བཅུ་དྲུག་བྱོན། ཞེས་ལུང་བསྟན་པ་ལྟར་གནས་བརྟན་གྱི་རྣམ་འཕྲུལ་འབའ་ཞིག་ཡིན་པར་གསུངས་སོ། དེའི་མཁན་བུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕུལ་པཎ་ཆེན་དགེ་འདུན་གྲུབ་པ་ནི། རུ་ལག་གི་ས་ཆ་གུར་མི་རུ་བར་ལྕགས་ལུགས་འཁྲུངས། གདུང་རུས་ར་ཚོ། མཚན་པདྨ་རྡོ་རྗེ། དགུང་བཅོ་ལྔ་པ་ལ་སྣར་ཐང་དུ་མཁན་པོ་གྲུབ་པ་ཤེས་རབ་དང་། སློབ་དཔོན་བྱང་པའི་ཆེན་པོ་བློ་ལྡན་པས་མཛད་དགེ་ཚུལ་དུ་བསྒྲུབས། མཚན་དགེ་འདུན་གྲུབ་པ་དཔལ་བཟང་པོ་ཞེས་བཏགས། དགུང་ལོ་ཉི་ཤུ་པ་ལ་སྔར་གྱི་མཁན་སློབ་གཉིས་ཀྱི་སྟེང་གསང་སྟོན་གྲགས་པ་ཤེས་རབ་དང་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཞེས། ཐུགས་སྦྱོངས་མཛད་པའི་ཡོངས་འཛིན་གྱི་གཙོ་བོ་མཁན་ཆེན་གྲུབ་པ་ཤེས་རབ་དང་། སྣར་ཐང་པ་ཤེས་རབ་སེང་གེ། ལས་སྨོན་གིས་འབྲེལ་བ་རྗེ་རིན་པོ་ཆེ་ཡབ་སྲས་ཡིན། གཞན་ཡང་བཤེས་གཉེན་ལྔ་བཅུ་ཙམ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་རིག་པའི་དབང་ཕྱུག་ཆེན་པོར་གྱུར་པས། བོ་(སྟོད་ཆ།༥༧༡)དོང་པཎ་ཆེན་གྱིས་ཐམས་ཅད་མཁྱེན་པ་ཞེས་མཚན་གསོལ། བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དང་ལྷ་ཆེན་བཞེངས་ཤིང་དགེ་འདུན་མང་དུ་བསྡུས་ཏེ་སྐུ་ཚོ་ཧྲིལ་མོར་འཆད་ཉན་གྱིས་བསྟན་པ་བསྐྱངས་ནས། དགུང་ལོ་གྱ་ལྔ་ཤིང་རྟ་ལ་དགའ་ལྡན་དུ་གཤེགས་སོ། །དེའི་མཁན་བུ་གནས་རྙིང་པ་ཀུན་དགའ་བདེ་ལེགས་ནི་སློབ་དཔོན་པདྨ་སཾ་བྷ་བའི་དངོས་སློབ་རྒྱ་འཇམ་དཔལ་གསང་བའི་གདུང་རབས་བརྒྱད་ཅུ་རྩ་བརྒྱད་ཀྱི་བར་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་གདུང་རིམ་པར་བྱོན་བ་ལས་ཡབ་རིན་ཆེན་རྣམ་གཉིས་ཀྱི་སྲས་སུ་ཉང་སྟོད་དུ་འཁྲུངས། པཎ་ཆེན་དགེ་འདུན་གྲུབ་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་ཀུན་དགའ་བདེ་ལེགས་རིན་ཆེན་རལ་མཚན་དཔལ་བཟང་པོ་སྩལ། མཁན་པོའི་དྲུང་དུ་གཞུང་ལུགས་གདམས་ངག་དང་བཅས་པ་ལ་མཁས་པར་སྦྱངས། དེའི་མཁན་བུ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནི། རྟ་ནག་རྡོ་རྗེ་གདན་དུ་སྔགས་འཆང་ཀུན་དགའ་རྒྱལ་མཚན་པའི་སྲས་སུ་འཁྲུངས། དགུང་ལོ་བཅུ་ལ་པཎ་ཆེན་ལུང་རིག་རྒྱ་མཚོར་གཙུག་ཕུད་ཕུལ། མཚན་དགེ་འདུན་རྒྱ་མཚོ་ཞེས་སྩལ། ལོ་དེ་ཉིད་ཀྱི་ནང་དུ་ཀུན་དགའ་བདེ་ལེགས་པས་མཁན་པོ། པཎ་ཆེན་ལུང་རིག་རྒྱ་མཚོས་སློབ་དཔོན། དབུ་མཛད་སངས་ཚུལ་བས་དུས་བགོ་བབ་མཛད་ནས་དགེ་ཚུལ་བཞེས། དགུང་ལོ་ཉི་ཤུ་པ་ཡོས་ལོ་དབོ་ཟླའི་ཚེས་བརྒྱད་ལ་མཁན་པོ་སྔ་མ་ཉིད་དང་། ལས་སློབ་འཇམ་དབྱངས་ལེགས་པ་ཆོས་འབྱོར། གསང་སྟོན་སངས་རྒྱས་དཔལ་བཟང་། དུས་སྒོ་བ་འོལ་དགའ་སངས་བཟང་སོགས་དད་པའི་དགེ་(སྟོད་ཆ།༥༧༢)འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། རྒྱལ་མེ་ཏོག་ཐང་གི་ཆོས་གྲྭ་བཏབ། སེར་འབྲས་བཀྲ་ཤིས་ལྷུན་པོ་རྣམས་ཀྱི་ཁྲིར་ཕེབས་ནས་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་གདུལ་བྱ་བསྐྱངས། དགུང་ལོ་རེ་བརྒྱད་པ་ཆུ་སྟག་ནག་ཟླའི་ཚེས་བརྒྱད་ལ་དག་པའི་ཞིང་དུ་སྐུ་གཤེགས། དེའི་མཁན་བུ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་ནི། ཡུལ་འོལ་དགའ་གྱང་གསར་དུ་ཤིང་གླང་ལོ་ལ་འཁྲུངས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དགའ་ལྡན་ ཁྲིར་ཕེབས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་བསྙེན་རྫོགས་བཞེས་པའི་མཁན་པའང་ཡིན། དྲུག་ཅུ་པ་ལ་བདེ་བ་ཅན་ཀུ་ཟུར་བཞུགས་མཛད། རེ་གསུམ་པ་ལ་སྐུ་གཤེགས་སོ། དེའི་མཁན་བུ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་ནི། ཡུལ་སྟོད་ལུང་རམ་པའི་གད་པ་ཁང་མེ་ཁྱི་ལ་འཁྲུངས། བདེ་བ་ཅན་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དགའ་ལྡན་གྱི་ཁྲིར་ཕེབས། རེ་བཞི་པ་ལ་རྒྱལ་ཁང་རྩེར་ཟུར་བཞུགས་མཛད། ཕྲིན་ལས་རྣམ་པར་དཀར་བའི་ངང་ལས་དགུང་ལོ་དོན་བཞི་པ་ལ་གཤེགས། དེའི་མཁན་བུ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ནི། གྲྭ་བྱམས་པ་གླིང་གི་དགོན་ཞོལ་དུ་ཆུ་བྱ་ལ་འཁྲུངས། ཆུང་ངུ་ནས་དྭགས་པོ་གྲྭ་ཚང་དུ་གསན་སྦྱང་ལ་ཕེབས། དེའི་སློབ་དཔོན་བློ་བཟང་ཆོས་འཕེལ་ལས་རབ་ཏུ་བྱུང་སྟེ། མཚན་དཀོན་མཆོག་ཆོས་འཕེལ་དུ་བཏགས། དེ་རྗེས་རབ་སྟོད་རྒྱུད་སོགས་ཀློག་པའི་གྲྭ་མང་པོར་བྱོན་ཏེ་མཁས་ཉན་མཛད་པས་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་ཕྱུག་ཏུ་གྱུར། དགུང་ལོ་(སྟོད་ཆ།༥༧༣)ཉི་ཤུ་རྩ་བཞི་པ་ལ་རྒྱལ་ཁང་རྩེ་པ་ལས་བསྙེན་པར་རྫོགས། དགའ་ལྡན་གྱི་ཁྲིར་པེབས། ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་མཚན་ཉིད་གསན་སྦྱོང་གི་ཏི་ཤྲཱིར་བཀུར། དགུང་ལོ་དོན་བཞི་པ་མེ་ཁྱི་ལ་དབུར་སྟོད་གསང་སྔགས་མཁར་དུ་གཤེགས། དེའི་མཁན་བུ་མཁན་ཆེན་དཀོན་མཅོག་བསྟན་འཛིན་ནི། ཆུ་མོ་ཕག་གི་ལོ་ལ་དབུ་རུ་ཁ་རབ་ཏུ་སྐུ་འཁྲུངས། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྐུ་ན་ཕྲ་མོ་གྲྭ་སར་བཞུགས་དུས་ནས་བཅས་དང་རང་བཞིན་གྱི་ཁ་ན་མ་ཐོབ་དུས་དབང་གིས་འབྱུང་བར་ཉེ་བ་རྣམས་ཀྱིས་ཀྱང་མ་གོས་པས་བཙུན་གཅིག་མར་གྲགས། ར་བ་སྟོད་དང་བློ་གསལ་གླིང་སོགས་སུ་མཚན་ནིད་ཀྱི་གཞུང་ལུགས་རྣམས་ལ་མཁས་པར་སྦྱངས། དགུང་ལོ་རེ་གཉིས་པ་ཤིང་ལོ་བྱི་བ་ལ་སྐུ་གཤེགས་སོ། དེའི་མཁན་བུ་ལོ་ཆེན་དྷ་རྨ་ཤྲི་ནི། སྨྱོས་སྟོན་ཆེན་པོ་ཕྲིན་ལས་ལྷུན་གྲུབ་ཀྱི་སྲས་སུ་དར་རྒྱས་ཆོས་ལྡིངས་སུ་ཤིང་ཕོ་རྟའི་ལོ་ལ་འཁྲུངས། ཤེས་བྱ་རིག་པའི་གནས་ལྔའི་ཕ་རོལ་དུ་སོན། ཀུན་མཁྱེན་ལྔ་པ་ཆེན་པོ་ལས་རབ་ཏུ་བྱུང་བས་སྙེན་པར་རྫོགས་ཟིན་ཀྱང་། སླར་ཡང་གྲ་གཙང་དུ་སྨད་འདུལ་སྡོམ་རྒྱུན་ཁྱད་པར་བ་འདི་འཛུགས་བཞེད་ཀྱིས་ལྔ་པ་རིན་པོ་ཆེའི་བཀས་བསྐུལ་ནས་མཁན་ཆེན་དཀོན་མཆོག་བསྟན་འཛིན་ལས་སྡོམ་རྒྱུན་འདི་བཞེས་ནས་གཅེན་རྒྱལ་སྲས་བསྟན་པའི་ཉི་མ་དང་། གུང་ཐང་པ་པཎ་ཆེན་གཉིས་ལས་འདུལ་བའི་བརྡ་ཆད་དང་ཕྱག་ལེན་ལ་མཁས་པར་བསླབས། རབ་འབྱམས་པ་སངས་རྒྱས་ཆོས་དར་ལས་འདུལ་བའི་བཤད་རྒྱུན་ཡང་(སྟོད་ཆ།༥༧༤)གསན་ནས་མཁས་པར་མཁྱེན། མཁན་ཆེན་འདིའི་སྐུ་རིང་ལ་ཆོས་གྲྭ་ཆེན་པོ་ཨོ་རྒྱན་སྨིན་གྲོལ་གླིང་དུ་འདུལ་བའི་གྲྭ་ས་དང་བ་འདྲེན་པ་འདི་བཞིན་ཚུགས་ནས་དེང་སག་བར་དུ་ཉམས་པ་མེད་པ་འདི་བྱུང་བ་ཡིན་ནོ། དེ་ནས་རྒྱལ་ཚབ་སྤྲུལ་སྐུ་མཁན་པོར་མངའ་གསོལ་ཀྱང་ལོ་ཤས་ལས་འདུལ་བ་ལ་ཕྱོགས་ལ་ཕྱག་ལེན་ལྷོད་པས། གསོ་སྦྱོང་གི་མདོ་འདོན་དགེ་ཚུལ་སློང་གི་སྡོམ་འབོག་བཅས་ཡོངས་ཀྱི་དགེ་བའི་བཤེས་གཉེན་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས། རབ་འབྱམས་པ་ཨོ་རྒྱན་དཔལ་མགོན། འདུས་སྡེའི་དབུ་མཛད་སྔགས་རབ་བསམ་གཏན། རབ་འབྱམས་པ་འགྱུར་མེད་འཕེལ་རྒྱས། སྔགས་རབ་འགྱུར་མེད་ཆོས་ལྡན་བཅས་ཀྱིས་གནང་ཞིང་། རབ་བྱུང་བཅུ་གསུམ་པའི་ནང་གི་ལྕགས་སྦྲུལ་ནས། མཁན་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་བཞུགས་པ་ཡིན་ནོ། དེ་ལ་རྒྱལ་བའི་བསྟན་པ་སྡེ་སྣོད་གསུམ་ལས་མཆོག་ཏུ་བསྔགས་པ་ནི་འདུལ་བ་ཡིན་ཏེ། དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་གྱིས། རྒྱལ་བ་སྟོན་པ་དེ་ཡི་བསྟན་པ་ནི། མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། གཉིས་འགྱུར་ཕྱག་བྱས་སངས་རྒྱས་ཁྱོད་གཅིག་བཞིན། ཞེས་མདོ་དང་ཆོས་མངོན་གྱིས་ནི་བསྟན་པའི་གོ་ཆོད་ཅིང་སྟོན་པའི་གོ་མི་ཆོད་ལ། འདུལ་བ་ནི་བསྟན་པ་སྟོན་པ་གཉིས་ཀའི་གོ་ཆོད་དེ། བདག་ཅག་གི་སྟོན་པ་ཡང་དག་པ་ཤཱཀྱའི་རྒྱལ་པོས་ཀྱང་སྤྲུལ་པའི་དགེ་སློང་གཟིགས་པ་ལ་བརྟེན་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་པར་མཛད་པ་བཞིན། གང་ན་སངས་རྒྱས་ཀྱི་བསྟན་པ་ཡོད་མེད་ནི་ཁྲིམས་ལྡན་གྱི་དགེ་སློང་ཡོད་མེད་ལ་རག་(སྟོད་ཆ།༥༧༥)ལས་ཤིང་། མཐའ་འཁོབ་ཀྱི་ཡུལ་དུ་དགེ་སློང་བཞི་སྡེ་རེས་ཀྱང་དགེ་འདུན་གྱི་སྡེའི་གོ་ཆོད་པར་གསུངས་པའི་ཕྱིར། ཐང་ཡིག་ཆེན་མོ་ལས་ཀྱང་། བོ་དྷི་སཏྭ་བསྟན་པའི་གཞི་མ་ཡིན༔ དགེ་འདུན་མེད་ན་སངས་རྒྱས་བསྟན་པ་མེད༔ དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས༔ ཞེས་གསུངས་སོ། དེས་ན་རྒྱལ་བའི་བསྟན་པ་རིན་པོ་ཆེར་འཛིན་སྐྱོང་གཅེས་སྤྲས་སུ་བྱ་བ་དག་དང་། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གོ་འཕང་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱ་བ་དག་ལ་མེད་དུ་མི་རུང་བ་ནི་ཚུལ་ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། ཞེས་གསུངས་སོ། དེས་ན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་སྲས་དང་བཅས་པའི་གཤེགས་ཤུལ་འཕགས་པ་དགེས་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ལ་ནན་ཏན་ཆེན་པོས་གཅེས་སྤྲས་བྱ་ཞིང་། ཡང་སྲིད་གཞན་དུའང་ཁྲིམས་ལྡན་བསླབ་གཙང་ཁོ་ནས་ཐུབ་སྟན་རྒྱལ་མཚན་འཛིན་པར་སྨོན་པས། ཚེ་རབས་ཀུན་ཏུ་འཆི་འཕྲོ་སྐྱེ་བ་ན། རྟག་ཏུ་བདག་ནི་རབ་ཏུ་བྱུང་པར་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ཅེས་སྨོན་ལམ་སྙིང་ཐག་པ་ནས་གདབས་པར་རིགས་སོ། ཞེས་ཞར་བྱུང་དུ་སྨོས་ཏེ་སྔ་འགྱུར་སྡོམ་རྒྱུན་རང་ལུགས་དང་འབྲེལ་བའི་མཁན་རབས་ཀྱི་ལོ་རྒྱུས་མདོ་ཙམ་བཤད་པས་སོང་སྟེ། དེ་ལྟར་དེ་དག་གིས་ནི་གསང་ཆེན་སྔ་འགྱུར་བཀའ་མར་གྲགས་རྗེས་འབྲེལ་དང་བཅས་པ་ཇི་ལྟར་བྱུང་ཚུལ་ལོ་རྒྱུས་(སྟོད་ཆ།༥༧༦)རགས་པ་ཙམ་ཞིག་བརྗོད་ཟིན་ཏོ། །བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་དེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ལས། སྔ་འགྱུར་བཀའ་མའི་ལོ་རྒྱུས་བརྗོད་པའི་སྐབས་ཏེ་སརྒ་གསུམ་པའོ། །(སྟོད་ཆ།༥༧༧)

སྤྱི་དོན་བཞི་པ། ཟབ་མོ་གཏེར་གྱི་ཁ་བྱང་འཛིན་བ་རིམ་བྱོན་སྐྱེས་ཆེན་རྣམས་ཀྱི་མཛད་བསྡུས།

༡ བཀའ་མདོ་རྒྱུད་དུ་མ་ནས་ཟབ་གཏེར་ཐ་འདོན་གྱི་དགོས་ཕན་བསྟན་པའི་སྐོར། བཞི་པ་བྱེ་བྲག་གཏེར་གྱི་བསྟན་པ་རྒྱ་ཆེར་འཕེལ་བས་ཟབ་མོ་གཏེར་གྱི་ཁ་བྱང་འཛིན་པ་དག་སྔ་ཕྱིར་རིམ་པར་བྱོན་པའི་ལོས་རྒྱུས་བརྗོད་པར་བྱ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཀུན་དགའ་བོ། གང་གི་ཆོས་ཡོངས་སུ་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དག་གླེགས་བམ་ལ་བྲིས་ཏེ་གཏེར་དུ་སྦས་ནས་མཆོད་ན། དེས་དེ་ཉིད་ཐོབ་པ་བཅུ་ཐོབ་སྟེ། གང་ཞེ་ན། སངས་རྒྱས་ཀྱི་སྤྱན་རབ་ཏུ་ཐོབ་པས་སངས་རྒྱས་མཐོང་བའི་གཏེར་དང་། ལྷའི་སྣ་བ་རབ་ཏུ་ཐོབ་པས་ཆོས་ཉན་པའི་གཏེར་དང་། ཕྱིར་མི་ལྡོག་པས་དགེ་འདུན་རབ་ཏུ་ཐོབ་པས་དགེ་འདུན་མཐོང་བའི་གཏེར་དང་། རིན་པོ་ཆེའི་ལག་པ་རབ་ཏུ་ཐོབ་པས་ཟད་མི་ཤེས་པི་གཏེར་དང་། གཡོག་མི་ཕྱེད་པས་གཡོག་གི་གཏེར་དང་། སྤོབས་པ་རབ་ཏུ་ཐོབ་པས་དམ་པའི་གཏེར་དང་། ཕས་ཀྱི་རྒོལ་བ་ཚར་གཅོད་པས་(སྟོད་ཆ།༥༧༨)མི་འཇིགས་པའི་གཏེར་དང་། སེམས་ཅན་རྣམས་ཉེ་བར་འཙོ་བས་འཚོ་བ་བསོད་ནམས་ཀྱི་གཏེར་དང་། ཞེས་སོགས་དང་། མངོན་དུ་ཞུགས་པ་ཏིང་འཛིན་གྱི་མདོ་ལས། ང་མྱ་ངན་ལས་འདས་ནས་ཏིང་ངེ་འཛིན་གྱི་མདོ་སྡེའི་བཞི་སྟོང་དུ་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་རོ། རྒྱས་པར་འགྱུར་རོ། །དེའི་འོག་ཏུ་ཁུང་དུ་སོང་པར་འགྱུར་རོ། ཡང་ལོ་ལྔ་བརྒྱ་པ་ཐ་མའི་ཚེ། ལྔ་བརྒྱའི་ཐ་མར་གྱུར་པ། དམ་པའི་ཆོས་དང་དགེ་སྦྱོང་འཇིག་པར་འགྱུར་བ། རྒྱལ་སྲིད་འཁྲུག་པར་འགྱུར་བ། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་གྲུམས་པར་འགྱུར་བའི་དུས་ལ་བབས། ཆོས་མ་ཡིན་པ་དར་བའི་དུས་དེར། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་དགེ་བའི་རྩ་བ་སྐྱེས་པ། དགེ་བའི་ས་བོན་སྨིན་པ་ཉུང་ཟད་འབྱུང་སྟེ། དེ་ལྟ་བུ་དག་གི་དོན་དུ་ཏིང་ངེ་འཛིན་མདོ་སྡེ་འདི་སའི་ཁུང་ནས་ཕྱུངས་ཏེ་སྤྱོད་པར་འགྱུར་རོ། །རྒྱས་པར་འགྱུར་རོ། བསྒོམ་པ་དང་རྣལ་འ་བྱོར་ལ་བརྩོན་པར་འགྱུར་རོ། །ཞེས་དང་། གཞན་ཡང་དེ་ཉིད་ལས། ང་ནི་ཕྱི་དུས་མྱ་ངན་ལས་འདས་བྱས་ནས། སྐུ་གདུང་ཐམས་ཅད་རྒྱས་པར་བྱས་གྱུར་ཏེ། སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་ནས། །བྲིས་ནས་སྒྲོམ་གྱི་ནང་དུ་བཅུག་བྱས་ནས། མཆོད་རྟེན་པ་དང་བྲག་དང་རི་དག་དང་། ལྷ་དང་དེ་བཞིན་ཀླུ་ཡི་ལག་དག་ཏེ། མདོ་སྡེ་བཞག་པར་བྱས་ནས་འདི་དག་རྣམས། ལྷ་ཡི་བརྟུལ་ཤུགས་འདྲ་བར་བྱ་ཕྱིར་འགྲོ། །དེ་དག་ཕྱིར་མའི་དུས་ན་སོ་སོའི་རིགས། ཐམས་ཅད་བོར་ཏེ་སླད་དུ་བབ་གྱུར་ནས། སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། བསམས་པ་ཇི་བཞིན་དུ་ནི་བྱེད་པར་འགྱུར། ཞེས་གསུངས་པས། བྲིས་ཏེ་སྒྲོམ་(སྟོད་ཆ།༥༧༩)གྱི་ནང་དུ་བཅུག་བྱས། ཞེས་པས་གཏེར་སྣོད་དང་གཏེར་ཆོས་བསྟན། མཆོད་སྟེན་པ་དང་བྲག་དང་སོགས་ཀྱིས་གཏེར་གནས་བསྟན། ལྷ་དང་དེ་བཞིན་ཀླུ་ི་ལག་ཏུ་བཞག་གིས་གཏེར་སྲུང་དང་། དེ་དག་ཕྱི་མའི་དུས་ན་སོ་སོའི་རིགས། ཐམས་ཅད་བོར་ཏེ་སླད་དུ་བབ་གྱུར་ནས། ཞེས་པས་གཏེར་འདོན་པའི་དུས་དང་གཏེར་སྟོན། སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་ནས། བསམ་པ་ཇི་བཞིན་དུ་ནི་བྱེད་པར་འགྱུར་ནི། གཏེར་ཆོས་དེས་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པར་འགྱུར་རོ། །ཞེས་དང་། ཆུ་ཀླུང་རོལ་པའི་མདོ་ལས། ང་ཡི་བསྟན་པའི་ཆོས་ཀྱི་གཞུང་། ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦས། ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། དེས་དོན་དཀྲུག་པར་གྱུར་ཏ་རེ། དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། ཅེས་དང་། བདེ་མཆོག་ཉུང་ངུའི་རྒྱུད་ལས། རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་རྣམས། ལག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས། གཏེར་ནས་གཏེར་དུ་ཕྱུངས་ལ་སྩལ། ཞེས་གསུངས་ཏེ། མདོ་རྒྱུད་དུ་མ་ནས་རྒྱལ་བ་ཉིད་ཀྱིས་ལན་གཅིག་མ་ཡིན་པར་གསུངས་པ་བཞིན་དུ་འཕགས་ཡུལ་གྱི་པཎ་གྲུབ་འགའ་ཞིག་གིས་གཏེར་སྦས་པ་དང་མདོ་རྒྱུད་རྣམས་བཏོན་པའི་ལོ་རྒྱུས་ཀྱང་ཡོད་ལ། ཁྱད་པར་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་རྒྱལ་བའི་གསུང་བཞིས་ཕྱ་ལེན་དུ་བཏབ་སྟེ་རྒྱ་གར་བལ་བོད་རྣམས་སུ་ཟབ་གཏེར་ཇི་སྙེད་སྦས་ཤིང་།(སྟོད་ཆ།༥༨༠) ༢ སློབ་དཔོན་རིན་པོ་ཆེས་བོད་ལྗོངས་བསྟན་འགྲོའི་དོན་དུ་ཆོས་དང་ལོ་རྒྱུས་ཀྱི་ཡིག་ཆ་དང་རིན་ཐང་བྲལ་བའི་ཁྱད་ནོར་དང་ཟང་ཟིང་གི་དངོས་པོ་གཏེར་དུ་སྦས་པའི་སྐོར། ལྷག་པར་བོད་ཡུལ་ཁ་བའི་ལྗོངས་དིར་རི་བྲག་མཚོ་གསུམ་གཙུག་ལག་ཁང་སོགས་སུ་མི་འཇིག་པའི་ཕྱག་རྒྱས་བཏབ་སྟེ་སྦ་པར་མཛད་པའི་དགོངས་པ་ཡང་། ཇི་སྐད་དུ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས། སྤྱིར་ཡག་བོད་རྣམས་གསར་ངས་ཆེ་བ་དང་། སྙིགས་མའི་འགྲོ་ལ་ལྷག་པར་སྙིང་རྗེ་བས། མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག །ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ། ཅེས་གསུངས་པ་ལྟར། བོད་དང་བོད་ཆེན་པོའི་ཡུལ་འདིར་རྒྱུ་བབའི་སྐྱེ་དགུ་རྣམས་ཀྱི་ཕན་བདེའི་རྩ་ལག་ནི་དུས་བབ་ཀྱི་ཟབ་གཏེར་ལ་རག་ལས་པ་ཡིན་ལ། དེ་ཉིད་སྤྱན་འདྲེན་པ་པོ་ཡང་། སྔོན་གྱི་ལོ་པཎ་དང་རྒྱལ་བློན་ས་ཆེན་པོ་ལ་བཞུགས་པའི་འཕགས་ཆེན་རྣམས་གང་འདུལ་གྱི་སྤྲུལ་པའི་སྣང་བསྙན་གཏེར་སྟོན་དུ་བསྟན་ནས་བྱོན་པ་རྣམས་དང་། གུ་རུ་ཉིད་ཀྱི་སྤྲུལ་བའི་འོད་ཟེར་གཏེར་སྟོན་དུ་སྣང་བ་སོགས་གཏེར་ཆེན་དང་ཕྲན་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་པས་དེ་དག་གི་རྣམ་པར་ཐར་པ་མཐར་ཆགས་ཚང་པར་བརྗོད་པ་ག་ལ་ནུས་ཀྱང་ཡོངས་སུ་གྲགས་པ་དག་གི་གཏེར་བྱུང་མདོར་བསྡུས་ཙམ་ཞིག་བརྗོད་པའི་ཐོག་མར།(སྟོད་ཆ།༥༨༡)༣ ཐང་ཡིག་སོགས་ནས་ལུང་ཟིན་གཏེར་སྟོན་རྣམས་ཀྱིས་ཟབ་གཏེར་བཞེད་ཚུལ་མ་འོངས་ལུང་བསྟན་དང་དེའི་དོན་དངོས་ངོ་སྤྲོད། ཐང་ཡིག་ཏུ་སངས་རྒྱས་བླ་མ་ནས་བདེ་ཆེན་གླིང་པའི་བར་སོ་སོའི་དུས་རྟ་ངས་དང་བཅས་ལུང་བསྟན་པ་ལྟར་བརྗོད་ནས། དེ་ནས་གཞན་ཡང་རིམ་བཞིན་གླེང་བར་བྱ་སྟེ། ཐང་ཡིག་ལས། རྒྱལ་པོའི་གདུང་རབས་བརྒྱད་དམ་བཅུ་ལྷག་ནས། ལ་སྟོད་མཚོ་བར་གྲོམ་ནག་ཅེས་བྱ་བར༔ མུ་གེ་ནད་ཡམས་མི་ཐོག་བུད་པ་འབྱུང་༔ གློ་བོ་དགེ་ཀར་སྦས་པའི་གཏེར་སྟོན་སངས་རྒྱས་བླ་མ་ཞེས་བྱ་འབྱུང་༔ ཞེས་གསུངས་པའི། གཏེར་སྟོན་སངས་རྒྱས་བླ་མ་ནི། ལ་སྟོད་མཚོ་བར་དུ་སྐུ་འཁྲུངས། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ཙམ་ལ་བྱུང་བར་གྲགས། གློ་བོ་དགེ་ཀར་གྱི་གཙུག་ལག་ཁང་ནས་བླ་རྫོགས་ཐུགས་གསུམ་དང་། ཐང་བར། ཁོག་ཕྲང་བྲག་སོགས་ནས། རྟ་མགྲིན་དྲེགས་པ་ཟིལ་གནོན་དང་། རྒྱ་ནག་ནས་འགྱུར་བའི་མདོ་ལུགས་ཀྱི་སྒྲུབ་ཐབས་མང་པོ་དང་། ཁ་བསྒྱུར་གྱི་ཆོ་ག་སོགས་གཏེར་ནས་སྤྱན་དྲངས། རྫ་རི་མེ་འབར་མཚོ་ནས་སྟོད་དྡྷེ་ཀྵིཾ་ལ་སྨད་གནམ་ལྕགས་ལས་གྲུབ་པའི་ཕུར་བུ་ཞིག་གཏེར་བཞེས་པ་རྩ་རིར་བཞུགས་ཏེ་ཆོས་རྗེ་གླིང་པས་མཇལ་ཚུལ་རྣམ་ཐར་དུ་སྣང་། དེང་སང་དབང་ལུང་གི་རྒྱུན་ཡོད་པ་མ་མཐོང་སྟེ་ལྔ་པ་རིན་པོ་ཆེའི་གསན་ཡིག་ཏུའང་། གཏེར་སྟོན་སངས་རྒྱས་བླ་མའི་གཏེར་ཆོས་དང་ཕན་བཙལ་རུང་མ་རྙེད་གསུངས་པས་མཚོན་ནོ། འོན་ཀྱང་ཆོས་རྒྱལ་དབང་པོའི་སྡེས་(སྟོད་ཆ།༥༨༢)གཏེར་བྱུང་ལྗགས་རྩོམ་གནང་བར་ཡོད་པར་འདུག་ཅིང་། དུས་ཚེས་སྔ་བར་བྱོན་པས། ཐང་ཡིག་ཏུ་རྒྱལ་པོའི་གདུང་རབས་བརྒྱ་དང་བཅུ་ལྷག་ན། ཞེས་པ་ཡིག་ནོར་ཏེ་བརྒྱད་དམ་བཅུ་སྟེ་ལྷ་བླ་མ་ཡེ་སེས་འོད་ཀྱི་དུས་སུ་བྱོན་པའི་ཕྱིར་རོ། གཏེར་བྱུང་གཅིག་ཏུ་སླར་འབྱོན་རྒྱུར་བཞེད་པ་དང་། ཡང་འགའ་ཞིག་གིས། སངས་རྒྱས་དང་། བླ་མ་སོགས་སོ་སོར་ཕྱེ་ནས་གཏེར་སྟོན་འགའ་དང་འགའ་ཡི་ལུང་བསྟན་དུ་འདོད་པ་སོགས་ནི་མ་ངེས་བཞིན་དུ་རང་འདོད་ཁོ་ནའི་རྟོག་བཏགས་ཙམ་སྟ་འབྲེལ་ཅི་ཡང་མེད་དོ། གཏེར་སྟོན་དེ་ཉིད་ཀྱི་གདུང་བརྒྱུད་ལ་སྟོད་ཕྱོགས་སུ་ཕྱི་མོའི་བར་དུ་ཡོད་ལ། གཏེར་སྟོན་སངས་རྒྱས་འབར་ཞེས་པ་དེ་ཡང་གཏེར་སྟོན་འདིའི་གདུང་རྒྱུད་ལས་འཁྲུངས་པ་ཡིན་ནོ། དེ་ནིད་མི་གནས་མྱ་ངན་འདས་འོག་ཏུ༔ བལ་བོད་མཚམས་སུ་མེ་ཤོར་མི་མང་འཆིག༔ པུ་རྟ་རྫ་རི་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔གཏེར་སྟོན་རྒྱ་ལོ་ཙཱ་ཞེས་བྱ་བ་འབྱུང་༔ ཞེས་པ་འདི། རྗེ་མར་པ་ལོ་ཙཱ་དང་དུས་མཉམ་དུ་བྱོན། རུས་པ་རྒྱ་ཡིན། རྒྱ་གར་ཕལ་སྐད་ཀྱི་ལོ་ཙཱ་ཤེས་པས་རྒྱ་ལོ་ཙཱ་གྲགས། འདིས་བལ་བོད་མཚམས་ཀྱི་པུ་རྟ་རྫ་རི་ནས་ཟབ་གཏེར་མང་པོ་སྤྱན་དྲངས། གཞན་ཡང་། སྙིང་དུམ། རྩ་གནས། རབ་འབྱེད་མན་ངག་ལམ་རིམ་ལ་སོགས་པའི་ཆོས་གཏེར་དང་། ཆུང་དཔྱད་པདྨ་གཅེས་འཕྲེང་རྣམས་གཏེར་ནས་སྤྱན་དྲངས་པ་ཡིན་ཅེས་སོག་ཟློག་པས་གསུངས་སོ། གཏེར་བྱུང་ཁ་ཅི་གནས་གཏེར་སྟོན་སངས་རྒྱས་བླ་མའི་སྐྱེ་བ་ཡིན་པར་བཤད་དེ་དོན་ལའང་གནས་པ་འདྲའོ། དེ་ཉིད་མི་གནས་མྱ་ངན་འདས་(སྟོད་ཆ།༥༨༣)འོག་ཏུ༔ ཁམས་ཀྱི་རྨེ་མདོར་བྱ་ཕྱི་ལྷ་ཕང་འཕྲུག༔ ཀློང་ཐང་སྒྲོལ་མར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་སྣ་སྣམ་པ་ཞེས་བྱ་བ་འབྱུང་༔ ཞེས་པ་འདི་རྗེ་སྣ་སྣམ་པ་ཞེས་གྲགས་ཏེ། ཆོས་གཏེར་དང་། སྨན་དཔྱད་རྩིས་སོགས་མང་པོ་གཏེར་ནས་བཏོན་པར་གྲགས་སོ། ཁ་ཅིག་གིས་གཏེར་སྟོན་སྣ་ནས་འབྲོག་པ་ཐུབ་རྒྱལ་ལ་བཞེད་པའང་སྣང་ངོ་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ལ་སྟོད་གཅུང་པར་དྲིལ་ཆེན་ཆུང་ལྷར་འཕྲུག༔ གཡུང་ཕུ་རྫ་ལྷུད་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཞེས་གསུངས་པའི་གཏེར་སྟོན་རྒྱ་ཞང་ཁྲོམ་མམ་རྒྱ་སྟོན་རྡོ་རྗེ་འོད་འབར་དུ་གྲགས་པ་ནི། སློབ་དཔོན་པདྨས་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་རྗེ་འབངས་དགུ་སྨིན་པར་མཛད་པའི་ཚེ་ལྷོ་འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་དུ་མེ་ཏོག་ཕོག་པའི་གནུབས་སངས་རྒྱས་ཡེ་ཤེས་ཞེས་པ་བྲག་ལ་ཕུར་བ་འདམ་ལ་བཏབ་པ་ལྟར་མཛད་པའི་རྫུ་འཕྲུལ་དང་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བའི་དྲག་སྔགས་ཀྱི་བདག་པོ་གནུབས་ཆེན་དེ་ནིད་བསམ་བཞིན་དུ་སྐྱེ་བ་བཞེས་པ་ཡིན་ཏེ། ཟབ་པའི་ཆོས་དྲུག་གི་དཀར་ཆག་ལས། དེ་དུས་བསྐལ་པའི་ཐ་མ་ལ། ང་མིན་ང་ཡི་ཆ་བྱད་ཅན༔ ཤ་ནི་སེར་ལ་སྐྲ་ནི་ལི༔ ཤ་ནི་སེར་ལ་སྐྲ་ནི་ལ༔ བོངས་ནི་ཐུང་ལ་གཡས་ནི་དཀར༔ གཡོན་ནི་དམར་བའི་ཤ་མཚན་ཅན༔ སོ་ནི་དཀར་ལ་སོ་ཚགས་དམ༔ སྨེ་བའི་ག་ཤ་ཡོད་པ་ཡི༔ ལོ་ནི་ཕྱི་འབྲུག་ལོ་པ་ལ༔ རུས་རྒྱ་མིང་ནི་ཞང་ཁྲོམ་ཞེས༔ དེ་ལྟ་བུ་ཡིས་རྙེད་པར་ཤོག༔ ཅེས་(སྟོད་ཆ།༥༨༤)གནུབས་ཆེན་གྱིས་སྨོན་ལམ་མཛད་པ་དང་མཐུན་པར་འཁྲུངས་ཏེ། དེ་ཡང་འཁྲུངས་ཡུལ་འགའ་ཞིག་གིས་གཡུང་མདར་འཁྲུངས་པའང་བཞེད་མོད། སོག་ཟློག་པས། ལྷོ་བྲག་རྔ་མང་ཆུ་ཤུལ་དུ་འཁྲུངས་ཟེར་བ་ཨོ་རྒྱན་གླིང་པའི་གཏེར་འབྱུང་ན་འདུག་ཅེས་དང་། གཡུང་མདའ་ན་ཡང་གཟིམ་ཁང་གི་ཤུལ་ཡིན་ཟེར་བའི་ཁང་རོ་ཆུང་ངུ་ཞིག་ཡོད་པས་བརྟགས། ཞེས་གསུངས་ཀྱང་། འདི་ནི་དུམ་པ་ཆུ་རྒྱུད་ཅེས་གཙང་རོང་ཆེན་གྱི་སྟོད་གྱི་ལུང་པའི་མིང་ཡིན་ཅེས། ཤ་གཟུགས་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ་གྱིས་གསུངས་པ་བཞིན་ཚེ་བདག་གི་གཏེར་བྱུང་ཞིག་ནས་ཀྱང་དེ་བཞིན་བྱུང་བ་དང་ཡང་མཐུན་པས། ཡུལ་རོང་རམ་པའི་ཆ་ཚན་ཁ་པ་ཡིན་ཏེ་དུམ་པ། རུས་པ་རྒྱ། མཚན་ཞང་ཁྲོམ་དང་། རྒྱ་སྟོན་རྡོ་རྗེ་འོད་འབར་ཡང་ཟེར་ཏེ་དུམ་པ་རྒྱ་ཞང་ཁྲོམ་ཞེས་གྲགས་སོ། དེ་ཡང་ཁྱི་ལོ་པ། ཆོས་དྲུག་གི་དཀར་ཆག་ཏུ་འབྲུག་ཡིན་པར་བྱས་འདུག་སྐྲ་ལི་བ། བོངས་ཐུང་བ། སོ་དུང་སོ་འཁོར་མར་ཡོད་པ། སྨེ་བའི་ག་ཤལ་ཡོད་པ་སོགས་གོང་གི་ལུང་བསྟན་དང་མཐུན་པར་ཡོད་ཅེས་གྲགས། དང་པོ་ལོངས་སྤྱོད་བུལ་བས། མུ་ཏོ་དང་ར་རྫི་མཛད། སྐབས་ཤིག་སྤྲང་དུ་བྱོན་པས་ཉ་མོ་ལྷ་ཁང་དུ་རྣལ་འབྱོར་པ་གཅིག་དང་མཇལ། རིམ་པས་ལོ་རྒྱུས་གོང་ལྟར་བཤད་པས། རྣལ་འབྱོར་པ་དེ་ན་རེ། ད་འོ་ཅག་གཉིས་ཀྱིས་དོན་ཆེན་པོ་ཞིག་འགྲུབ་པར་ཡོད་པས། ཡར་ལ་འདེངས་གསུངས་ནས་ཁྲིད། ཕྱིར་ལ་ཕྱིན་པས། ཕུང་པོ་རི་བོ་ཆེར་སླེབས། སློང་མོའི་རྩམ་པ་ལ་གཉིས་ཀས་སྐམ་གྲོ་ཞིག་བྱས། དགེ་འཕེལ་འོག་མར་བསྡད། ངས་ཕྱིར་ལ་ཕྱིན་ཡོང་། འདི་པྱིར་ཟེར་ནས་རྡོ་འོར་ཆུང་འདྲ་(སྟོད་ཆ།༥༨༥)བ་ཞིག་གཏད་ནས་བྲག་ལོག་ལ་མཚལ་གྱི་ཡི་གེ་གཡུང་དྲུང་རིས་བྲིས་པ་ཞིག་འདུག་པ་དེ་ལ་འདི་རྒྱོབ་ཅིག་ཟེར། ཞང་ཁྲོམ་གྱིས་ལན་ལྔ་བརྒྱབ་པས། ཚུར་སྦགས་ཀྱི་བྱུང་བས་རྣལ་འབྱོར་པ་དེས་རྡོ་ཆག་པ་རྣམས་བསལ་བས། མི་འཛུལ་པས་ཐར་བ་ཞིག་བྱུང་། དེར་རྣལ་འབྱོར་པ་དེ་ཟུར་ལེར་བྱོན་སོང་བའི་ཕྱིར་ལ་ཞང་ཁྲོམ་གྱིས་ཀྱང་ཕྱིན་པས། དཀྱིལ་འཁོར་མདའ་གང་ཙམ་གྱི་སྟེང་ན། དངུལ་གྱི་བུམ་པ་ཚེ་ཆུས་གང་བ་ཞིག་འདུག་པ་རྣལ་འབྱོར་པ་དེས་དེ་འཕྲལ་འཐུང་སོང་བར། ཞང་ཁྲོམ་གྱི་ང་ལ་སྐལ་བ་བྱས་ནས་བཟུང་བས། བུམ་སྟོང་དེ་ལག་ཏུ་གཏད་དེ། ཁྱོད་ཀྱི་སྐལ་བ་གཞན་ན་ཡོད་ཟེར་ནས། སྤྱི་བོར་བྲག་གི་སེར་ཀ་དེར་འོད་དུ་ཡལ་སོང་ངོ་། དེར་ཁོང་རང་གིས་དངུལ་བུམ་ཨམ་ཕྲག་ཏུ་བཅུག་ནས། གཞན་ཅི་འདུག་གཡེངས་པས། དལ་གྱི་འོག་ནས་ཤོག་དྲིལ་འགའ་བྱུང་བ་ཁྱེར་སྒོ་བརྩིགས་ནས་བྱོན་ཡོང་། དེ་ནས་དངུལ་བུམ་དེ་བཅོང་པའི་རིན་གྱིས་རྒྱགས་བྱས་ནས་ཡི་གེ་བསློབ་ཅིང་། ཀློག་ཡིག་མཁས་པར་མཁྱེན་ནས། གཟོད་ཤོག་དྲིལ་གྱི་ཡི་གེ་རྣམས་ལ་བལྟས་པས། གཤིན་རྗེ་ཁ་ཐུན་གྱི་ཤོག་དྲིལ་དང་། གཡང་དང་རྨུ་རི་གཏེར་གྱི་ཁ་བྱང་རྣམས་བྱུང་ཟེར། ཡང་ཟབ་པ་ཆོས་དྲུག་གི་དཀར་ཆག་ལས། ཁ་བྱང་རྣམས་བབན་སྤྲང་ཞིག་གིས་སྲ་དུན་རྩེའི་ལྷ་ཁང་གི་སྒོ་སྟེག་ནས་རྙེད། རྒྱ་ཞང་ཁྲོམ་ལ་སྤྲོད་དགོས་ཚུལ་ཡུལ་དང་ལོ་དང་མིང་རུས་དང་བཅས་ལུག་བསྟན་གསལ་བས། བྱ་བྲལ་བ་དེས་བཙལ་བས་དུམ་པ་ཆུ་ཚད་ཁ་ནས་ཞང་ཁྲོམ་དང་མཇལ་ཏེ། གཉིས་ཁས་བགྲོས་ནས་གཏེར་རྣམས་བཏོན་པས་ཕན་བྱ་གནོད་བྱའི་སྐོར་ཤོག་སེར་ཀོ་ཟོ་ཉེར་གཅིག་བྱུང་ཞིང་། གཏེར་ཁ་གཞན་གྱི་ཁ་བྱང་(སྟོད་ཆ།༥༨༦)ཡང་བྱུང་། དེ་རྣམས་ཞང་ཁྲོམ་གྱིས་དུམ་བ་ཆུ་ཚན་ཁར་གདན་དྲངས། བྱ་བྲལ་བ་གར་སོམ་བྱུང་སྟེ་སངས་རྒྱས་ཡེ་ཤེས་ཀྱིས་སྤྲུལ་པ་ཡིན་པར་ཤེས། ཀོ་ཟོ་བཅུ་གསུམ་མདོ་ཁམས་སུ་གདན་དྲངས། ཞེས་ཀྱང་སྣང་ངོ་། ཡང་། སྐབས་ཤིག་གྲོགས་གཉིས་དང་བཅས་སློང་དུ་བྱོན་པས། སྔར་མཚམས་པ་ཞིག་གིས། དབུས་སུ་ལྷ་བཙུན་སྔོན་མོའི་ཕྱག་གཡོག་ལོ་བཅུ་གཉིས་བྱས་ཕྱིར་ཡོང་དུས་ཡུམ་རྒྱས་པ་གཅིག་དང་། གཏེར་གྱི་ཁ་བྱང་གཉིས་འདམ་ཁ་བྱུང་བས། ཁོས་ཁ་བྱང་བདམས་ནས་ཁྱེར། ཡུལ་དུ་སླེབས་ནས་གཏེར་བཙལ་བའི་སྤོབས་པ་མ་བྱུང་། ཕྱིས་ཁྱིམ་ཐབ་ཞིག་ཀྱང་བླངས། དེ་ནས་ཁོ་ཤི་བས། ཁྱིམ་ཐབ་ཀྱི་རྩར་ཞང་ཁྲོམ་གྲོགས་དང་བཅས་པ་བྱོན་པས། མོས་ཁྱིམ་དུ་བོས་ནས། གོང་གི་ལོ་རྒྱུས་བཤད་ནས་གཏེར་གྱི་ཁ་བྱང་ཕུལ་བས་ཤིན་ཏུ་མཉེས། དེ་ནས་ཀྱང་གཏེར་ཁ་གཞན་མང་པོའི་ཁ་བྱང་བྱུང་ངོ་། །ཟབ་པ་ཆོས་དྲུག་གི་དཀར་ཆག་ལས། སྤྱིར་ཡང་གཏེར་ཁ་བརྒྱད་ཅུ་སྦས༔ གཅིག་ནི་ཕུང་པོ་རི་བོ་ཆེ༔ རྒྱ་ཡི་མོན་མོའི་གཙུག་རུམ་དང་༔ ཉུག་གི་རྡོ་རྗེ་སྒྲོམ་བུ་དང་ཿ གཙང་འགྲམ་མཆོད་རྟེན་སྐྱེར་མ་བཞི༔ དེ་བཞི་ཐོན་ལ་བསྟན་པ་སྲུངས༔ ཞེས་གསུངས་པ་ལྟར། གཙང་གི་ཕུང་པོ་རི་བོ་ཆེ་དང་། གཡུང་གི་ཕུའི་རྫ་ལྷུད་མོ་དང་། རྒྱ་ཡི་མོན་མོའི་གཙུག་རུམ་གྱི་བྲག་དང་། ཉུག་གི་རྡོ་རྗེ་སྒྲོམ་བུ་དང་། གཙང ་འགྲམ་སྐྱེར་མ། གཞན་ཡང་སྤྲ་དུན་རྩེ། མཁོན་མཐིང་ལྷ་ཁང་། བསམ་ཡས་མཆིམས་ཕུ་སོགས་ནས་བྱང་ཆུབ་སྒྲུབ་པའི་ཆོས་སྡེ་མང་པོ་དང་། ཁྱད་པར་བསྟན་པ་སྲུང་བའི་ག་དྲ་སྔགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ། གཙོ་བོར་གྱུར་པ་ནི། འཇམ་(སྟོད་ཆ།༥༨༧)དཔལ་ཚེ་བདག་ནག་པོའི་སྐོར་ལྕགས་སྡིག །ལྕགས་འདྲ། ཐོག་འདྲ་གནམ་ཐོག་ཆེན་མོའི་སྐོར་སྒྲུབ་པ་ལས་ཚོགས་དང་བཅས་པ་དང་། འཇམ་དཔལ་གཤིན་རྗེ་གཤེད་ཁ་ཐུན་ནག་པོའི་རྒྱུད་སྒྲུབ་ཐབས་དང་བཅས་པ་དང་། འཇམ་དཔལ་ཁྲོ་འདུས་ཀྱི་རྒྱུད་སྒྲུབ་ཐབས་དང་བཅས་པ་དང་། གཤིན་རྗེ་མེ་རུ་རྩེའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། གཤིན་རྗེ་རྡོ་རྗེ་གཅོད་པའི་རྒྱུད་སྒྲུབ་ལས་ཚོགས་དང་བཅས་པ། དེ་བཞིན་དུ་གཤིན་རྗེ་རུ་མཚོན་དམར་པོའི་སྐོར། གཤིན་རྗེ་འཇོམ་བྱེད་ཀྱི་སྐོར། དྲག་སྔགས་གཟའ་གདོང་དམར་ནག་གམ་ཡང་ཟློག་མོའི་སྤུ་གྲིའི་སྐོར། གཤིན་རྗེ་ཁྲོ་ཆུ་དུག་གདོང་ནག་པོའི་སྐོར། གཤིན་རྗེ་ཆར་ཀའི་སྐོར། ལས་གསིན་བསེ་ནག་སྤར་བུ་དང་། གཤིན་རྗེ་ཁ་ལ་མེ་འབར་དང་། གཤིན་རྗེ་ཀིང་ཀང་སྐོར་དང་གཞན་ཡང་མགོན་པོ་སྟག་ཞོན་གྱི་སྐོར་དང་། སེལ་དང་། ངན་སྔགས། འགོམ་ཆོག །གཏད་ཁྲམ་སོགས་དྲག་སྔགས་གྲངས་ལས་འདས་པ་དང་། ལྟ་བ་མདོར་བསྟན་མཚན་བརྗོད་པའི་འགྲེལ་པ་དང་། གཏེར་སྟོན་སྒོམ་པ་མདོར་བསྟན་པ་ཤེས་རབ་སྙིང་པོའི་འགྲེལ་པ། མདོ་སྡུད་པའི་འགྲེལ་པ། འདའ་ཀ་ཡེ་ཤེས་ཀྱི་སྒོམ་རིམ་སོགས་མང་དུ་སྤྱན་དྲངས་པས་མཐའ་དག་ནི་བརྗོད་པར་མི་ནུས་སོ། འདིའི་གཤིས་རྗེའི་ལས་མཐའ་མང་བོ་ར་ལོའི་འཇིགས་བྱེད་ཀྱི་ལས་མཐའ་ལ་སྦྱར་བས་གསར་མ་བར་གྲགས་པའི་དྲག་སྔགས་ཕལ་ཆེར་ཡང་འདི་(སྟོད་ཆ།༥༨༨)ལས་བྱུང་བར་གྲགས་ཤིང་ཆོས་བརྒྱུད་གཤིན་སྐོར་ཕལ་ཆེ་བ་ཞིག་ནི་འབྲི་བྱང་གི་རིགས་སྔགས་འཆང་བ་ཆེན་པོ་རྣམས་དང་། ལྔ་པ་རིན་པོ་སོགས་ཀྱི་བཀའ་དྲིན་ལ་བརྟེན་དེང་སང་གི་བར་དུ་རྒྱུན་མ་ཉམས་པར་བཞུགས་ཡོད་ལ། གཞན་རྣམས་ནི་དུས་སྔ་ཆེས་པས་དེང་སང་མ་བཞུགས་པ་འདྲའོ། གང་ལྟར་ཡག་བོད་ཡུལ་འདིར་དྲག་སྔགས་ཐམས་ཅད་ཀྱི་ཕྱི་མོ་བ་གཅིག་པུ་ཡིན་ཏེ་གཏེར་སྟོན་གྱི་རྒྱལ་པོ་ཅིག་གོ། གཏེར་སྟོན་ཆེན་པོ་འདི་རྗེ་བཙུན་མི་ལ་ལས་ཀྱང་མི་ཐོག་གཅིག་ཙམ་སྔ་བ་ནས་བྱོན་པ་འདྲའོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ མང་ཡུལ་ནམ་མཁའ་ཁྲག་མདོག་སྔོ་དམར་འགྲོ༔ ཁྲག་གི་ཆར་པ་ཟླ་བ་བཅོ་བརྒྱད་འབབ༔ བྱམས་པ་སྦྱིན་དུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་སཱུརྱ་སེདྷ་ཞེས་བྱ་འབྱུང་༔ ཞེས་པ་འདི། གཉེལ་ཞིག་ཉི་མ་སེང་གེ་ཡིན་པར་གཏེར་ཆེན་ཉི་མ་གྲགས་པས་བཞེད་མོད། འོན་ཀྱང་མང་ཡུལ་བྱམས་སྤྲིན་ནས་གཏེར་སྟོན་སཱུརྱ་སེདྷ་ཟེར་བས་གཏེར་བཏོན་སྐད་མི་འདུག་ཀྱང་། གཏེར་སྟོན་འདིས་རྟེན་འབྲེལ་གཞན་དབང་དུ་གྱུར་ནས་བྱམས་སྤྲིན་གྱི་གཏེར་ཁ་བཞེས་མ་སྒྲུབ་པ་ཡིན་ཏེ། འདིའི་གཏེར་སྐལ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་གདམས་སྐོར་རྣམས་ཕྱིས་གཏེར་ཆེན་ཉི་མ་གྲགས་པ་ལ་བཀའ་བབས་པ་ཡིན་ཏེ། ཐུགས་རྗེ་ཆེན་པོའི་གཏེར་གཞུང་ལོ་རྒྱུས་ལས། འདི་ནས་ཕྱི་མ་མ་འོངས་རིང་འདས་དུས༔ མང་ཡུལ་ནམ་མཁའ་ཁྲག་མདོག་ཡང་ཡང་ཡོང་༔ ཁྲག་གི་ཆར་པ་ཟླ་བ་བཅོ་བརྒྱད་འབབ༔ དེ་ཚེ་པདྨ་གུང་བཙན་སྐྱེ་བའི་མཐའ༔ སཱུརྱ་སེདྷ་ཞེས་བྱས་གདམས་པ་འབྱིན༔ བསྟན་དང་འགྲོ་ལ་བདེ་སྐྱིད་(སྟོད་ཆ།༥༨༩)སྤེལ་བ་ཡོང་༔ རྟེན་འབྲེལ་འཆུག་ན་ཟབ་ཆོས་འདི་མི་ལོན༔ ཞེས་དང་། ཉང་སྨད་ཉི་མ་མདོ་ན་རྫོང་འབྱུང་ཞིང་༔ བོད་ཡུལ་མི་འགོ་བྲན་གྱིས་བྱེད་པ་འོང་༔ ལྷོ་བྱང་རྒྱལ་པོའི་མཚོན་གྱི་རྩེ་ར་བཅའ༔ གཉིས་ཀ་མཉམ་རྗེས་ཤུལ་ཙམ་མེད་པ་འབྱུང་༔ དེ་དུས་གདམས་པའི་སྙིང་པོ་དམ་པ་འདི༔ གཏེར་སྟོན་སཱུརྱ་སེདྷ་དང་འཕྲད་ན༔ སངས་རྒྱས་བསྟན་དང་འགྲོ་ལ་རྒྱ་ཆེར་ཕན༔ ཞེས་དང་༔ འོན་ཀྱང་ད་ལྟའི་སྨོན་ལམ་རྟེན་འབྲེལ་གྱིས༔ ལོག་པའི་སྐྱེས་བུ་རང་གི་འཁོར་དུ་ཡོང་༔ ཐབས་དང་རྟེན་འབྲེལ་ཡ་མ་ཟུང་དུ་བསྒྲིགས༔ ཟབ་མོའི་གདམས་པ་འདི་ཉིད་ལུས་ཀྱང་སྲིད༔ ཞེས་གསུངས་པ་སྟར༔ འགོས་པདྨ་གུང་བཙན་གྱི་སྐྱེ་བ་རིག་འཛིན་སཱུརྱ་སེདྷ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ཡང་དེ་ཉིད་ཀྱི་གཏེར་སྐལ་ཡིན་ཀྱང་། དེས་མ་ཐོན་ན་ཉི་མ་གྲགས་པས་འདོན་པར་འགྱུར་པའི་གཏེར་ལུང་ཡང་། དེ་ཉིད་ལས། དེ་འདས་འོག་ཏུ་ཀླུ་དབང་སྐྱེ་བའི་མཐའ༔ སཱུརྱ་ཀིརྟིས་ཆོས་འདི་སྤྱོད་པར་འགྱུར༔ ཞེས་ཤིན་ཏུ་གསལ་བར་ལུང་བསྟན་པ་འདིས་ཤེས་པར་ནུས་སོ། །དེ་ཡང་གཏེར་ཆེན་གཉིས་ཉི་གྲགས་ཀྱིས་བྱམས་སྤྲིན་ལྷ་ཁང་དུ་ཡང་གསང ་ཚེ་སྒྲུབ་ཟབ་མོ་མཛད་པའི་དུས་སུ་སྔོན་གྱི་བག་ཆགས་སང་ཅིང་སྔོན་གནས་མང་པོ་རྗེས་སུ་དྲན་པ་དང་། ཁྱད་པར་དུ་མཁའ་འགྲོས་ལུང་བསྟན་པ་ལྟར་ཆོས་འདིའི་གདམས་སྐོར་རྣམས་ལྷ་མོ་ལ་སྱ་དཀར་མོའི་ཐུགས་ཀ་ནས་མ་འགག་རྫུ་འཕྲུལ་གྱི་རོལ་པས་སྤྱན་དྲངས་ཤིང་། ཁྱད་པར་དུ་རྒྱུད་ཀྱི་དཔེ་མ་ཚང་བ་དུས་ཕྱིས་སྲིང་རྫོང་རྡོ་རྗེའི་སྙིང་རྫོང་དུ་བཅད་རྒྱར་བཞུགས་པི་དུས་སུ་ལས་མགོན་བྱ་རོག་གདོང་གིས་རྒྱུད་དཔེ་མངོན་སུམ་དུ་ཕྱག་ཏུ་ཕུལ་ནས་སྲུང་མ་ཉིད་ཀྱི་(སྟོད་ཆ།༥༩༠)སྲོག་སྙིང་ཕུལ་ཞིང་བྲན་དུ་ཁས་བླངས་པ་ཡིན་ཏེ། དེས་ན་གཏེར་ཆེན་འདིས་རིག་འཛིན་སཱུརྱ་སེདྷའི་གཏེར་ཞབས་ཀྱང་སྡུད་པར་མཛད་པ་ཡིན་ནོ། གཏེར་བྱུང་སྔོན་མ་རྣམས་མི་གསལ་བ་ནི་བྱམས་སྤྲིན་ནས་གཏེར་བཞེས་པའི་སཱུརྱ་སེདྷ་ཟེར་བ་ཞི་གམ་བྱུང་བར་བརྟེན་ཐེ་ཚོམ་དུ་ལུས་པ་ཡིན་པར་སྣང་ངོ་། དེ་ཉིད་མི་གནས་མྱ་ང་འདས་འོག་ཏུ༔ ཤོད་གསུམ་ས་ལ་རོ་འ་དྲེན་འཇག་སྐྱ་འཕྱོ༔ མི་རེའི་ལག་ན་ཕུབ་རེ་མདའ་གཞུ་རེ༔ བྱང་གཏེར་གཏེར་ཕྲན་འགའ་ཞིག་སྦས་པ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གཡུ་རུ་སྟོན་ཤཱཀ་ཅེས་བྱ་འབྱུང་༔ ཞེས་པ་འདིས་བྱང་སྲ་དུན་རྩེ་ནས། རླུང་འཁོར་དམག་ནར་དང་བཟློག་པ་དང་། དྲེགས་པ་ཉི་ཤུ་སོགས་གཏེར་ཁ་མང་པོ་བཏོན་ཞིང་། གཞན་ཡང་གཡུ་མདོ་བྲག་ནས་བླ་མ་སྐུ་གསུམ་རོལ་པའི་ལས་ཕྲན་དང་༔ ར་ས་འཕྲུལ་སྣང་ནས་རླུང་འཁོར་གྱི་གདམས་སྐོར་རྣམས་ཀྱང་གདན་དྲངས་པ་ཡིན་ནོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སྤ་གྲོ་གནམ་ཐང་དཀར་པོ་སོག་དམག་འཇོམས༔ ལས་སུ་དམེ་འཁྲུག་བྱེད་ཅིང་ལྕགས་ཆ་གྱོན༔ བུམ་ཐང་རྩིས་ལུང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་བོན་པོ་དྲག་རྩལ་ཞེས་བྱ་བ་འབྱུང་༔ ཞེས་གཏེར་སྟོན་འདི་གཙང་དུ་འཁྲུངས། རུས་བོན་པོ་ཡིན་པས་དེར་གྲགས། བུམ་ཐང་རྩིས་ལུང་ན། དུས་གསུམ་སངས་རྒྱས་ཀྱི་སྐུ་ལི་མ་བཞུགས་པའི་ལྷ་ཁང་ལ། མོན་པ་རྣམས་དཀོན་མཆོག་གསུམ་གྱི་ལྷ་ཁང་(སྟོད་ཆ།༥༩༡)ཟེར་བ་དེ་ཡིན། གཏེར་གནས་དེ་ནས་རྫོགས་ཆེན་གུ་རུ་ཞི་བ། གུ་རུ་བཞིའི་ལོ་རྒྱུས། ཤྲཱི་སེདྷའི་རྫོགས་རིམ་བླ་མ་དམར་ཕྱིད་ཟེར་བའི་པུ་ཏི་རྣམས་གདན་དྲངས། འདིའི་ནང་ན་བསྒོམ་མ་མྱོང་དང་འབྲལ་མ་མྱོང་། མི་བསྒོ་དོན་དང་མི་འབྲལ་བ། ཟེར་བའི་མན་ངག་དེ་ཡོད་གསུངས། འདི་བྱང་གཏེར་ཀ་དག་གི་སྐབས་སུ་ཡང་འབྱུང་། གཞན་ཡང་ཕུར་པ་ལ་སོགས་པའི་ཆོས་སྐོར་དང་། ཤངས་ཀྱི་སྐྱེ་ཀ་ཐང་ཤིང་བྲག་ནས་བཏོན་པའི་ར་ཧུ་ལ་ཤི་ས་བསྟན་པ་རུས་སྦལ་ནག་པོའི་སེར་སྲུང་བཅས་ཆོ་ག་མ་ཟབ་པའི་བཀའ་རྒྱ་སྲོག་རྒྱ་ཅན་མའི་སྐོར་སོགས་ཆོས་མང་དུ་ཡོད། འདིའི་དུས་རྟགས་སྤ་གྲོ་གནམ་ཐང་སོག་དམག་ནི། རྒྱ་གར་ག་ཏ་གར་ལོག་གི་དམག་བྱུང་ནས་གནམ་ཐང་དཀར་པོ་བཅོམ་པ་ཡིན་ཟེར་རོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏེ༔ གཙང་གི་ཉང་སྟོད་ཉ་རི་འུག་པ་ལུང་༔ བསྟན་པ་གཉིས་འཁྲུག་ཆོས་ཀྱི་དད་པ་ཡལ༔ ཆོས་དང་གང་ཟག་ཡ་བྲལ་ཆོམ་སོས་ཁྱེར༔ སྙིང་དྲུང་ཤངས་བྲག་སྦས་པའི་གཏེར་སྟོན་སྙེ་མོ་ཞུ་ཡས་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་འདིའི་གཏེར་གྱི་ཁ་བྱང་བོན་པོ་བྲག་ཚལ་ལས་བྱུང་༔ གཙང་སྙེ་མོར་འཁྲུངས། རོང་པོ་འདོམ་གྱི་སྙིང་དྲུང་ཤེལ་མ་བྲག་ནས་རྫོགས་ཆེན་སྤྱི་ཏི་ལ་སོགས་པའི་ཆོས་སྐོར་མང་པོ་གདན་དྲངས། འདིའི་མཚན་ལ་སྙེ་མ་ཞུ་ཡས་གནོད་སྦྱིན་འབར་ཟེར་ཏེ། ལྔ་པ་རིན་པོ་ཆེའི་གསན་ཡིག་ཏུ་དབང་པོའི་སྡེས་མཛད་པའི་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་སུ་སྙེ་མོ་ཞུ་ཡས་གནོད་སྦྱིན་འབར་གྱི་མཚན་ཟུར་དུ་མ་བྱུང་བས་སྙི་མོ་རྒྱ་གང་རི་བ་སངས་རྒྱས་(སྟོད་ཆ།༥༩༢)དབང་ཆེན་དང་གཅིག་པ་འདྲ་ཞེས་དཔྱད་གཞི་ཙམ་དུ་གསུངས་པ་དང་། གཞན་འགའ་ཞིག་གིས་ཀྱང་དེ་ལྟར་བཞེད་པའང་ཡོད་འདུག་མོད། འོན་ཀྱང་འདིར་སློབ་དཔོན་སོག་ཟློག་པ་དང་། ཤ་གཟུག་པའི་གཏེར་འབྱུང་། རིག་འཛིན་སྣ་ཚོགས་རང་གྲོལ་གྱིས་མཛད་པའི་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་སོགས་ལས་བྱུང་བ་ཀུན་མཚུངས་པས་དེ་བཞིན་དུ་བཀོད་པ་ཡིན་ནོ། འདིའི་དུས་རྟགས་སྔ་མོ་ཞིག་ཏུ་བྱུང་འདུག་པས། གཏེར་རྟགས། ཡུ་བ་གདོང་གིས་མཚོན་ཏེ། ཉ་རི་སྒྲོ་ཕུག་ཡིན་ལ། དེར་འུག་པ་ལུང་དུ་ཞལ་ངོ་ནང་མ་མཐུན་པས། ཟུར་ཐམས་ཅད་མཁྱེན་པ་ཤཱཀྱ་འབྱུང་གན་ས་ལ་སྒྲོ་ཕུག་ཕོག །དེ་རྗེས་ཡངས་པའི་གསང་སྔགས་གླིང་བཏབ་ནས་ཡོད་པ་འདི་ཡིན་ཅིང་། གཏེར་སྟོན་འདི་ས་སྐྱ་པ་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེའི་སྨད་ཙམ་དུ་བྱུང་འདུག་པས། དུས་སྔ་ཕྱི་ཆེས་ཆེ་བས། དཀྲུགས་ཏེ་གསུངས་པ་ཡིན་ནམ། ཐང་ཡིག་ཚིག་བཅད་ལྷུག་ཕལ་ཆེར་ལ་འདུག་ཀྱང་། བར་སྐབས་འདིར་གཏེར་སྟོན་མང་པོ་ལུང་བསྟན་པ་ཆད་པ་འདྲའོ། ཞེས་སོག་ཟློག་པས་གསུངས་སོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ འཇིམ་གྱི་བྱར་འདབ་ས་འདྲ་དཀོན་མཆོག་མཚན༔ སྡེ་དགོན་ཟ་འོག་ཁ་ཕྱེ་འདྲ་བ་འབྱུང་༔ གཙང་གི་རི་བོ་ཆེར་སྦས་ས་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ཅེས་བྱ་འབྱུང་༔ ཞེས་པའི་གྲུབ་ཐོབ་དངོས་གྲུབ་ནི་འཁྲུངས་ཡུལ་གཙང་པ་ཡིན། མངའ་བདག་ཉང་གི་གྱང་ཞབས་ལ་གཏུག་ཅིང་ཆོས་གསན་པའི་བླ་མ་ཡིན་ལ། མངའ་བདག་གྱང་གི་གཏེར་ཁ་བྱང་འགའ་ཞིག་ཀྱང་གཏེར་སྟོན་འདིའི་(སྟོད་ཆ།༥༩༣)གཏེར་ཁ་ནས་བྱུང་བ་ཡང་ཡོད། འདིས་དུས་རྟགས་སུ་རས་འཇིམ་གྱི་སྡེ་དགོན་བྱུང་སྟེ་རྗེ་བཙུན་གྲགས་པ་དང་དུས་མཚུངས། འོན་ཀྱང་གཏེར་སྟོན་འདི་དུས་སྔ་མོ་ཞིག་ནས་བྱོན་པས། སྐུ་ཚེའི་ཚད་ལ་མི་མཐུན་པ་འགའ་ཞིག་སྣང་ཡང་། སོག་ཟློག་པས། མི་ཡུལ་དུ་ལོ་དྲུག་བརྒྱ་བཞུགས་ཏེ། དྲུག་རྒྱ་ལོན་པའི་ལོ་དེ་ལ་གཏེར་བཏོན་པ་ཡིན་གསུངས། ལྔ་པ་རིན་པོ་ཆེའི་གསན་ཡིག་ཏུ་སུམ་བརྒྱར་གསུངས་པས་གོང་མ་བགྲོད་པ་ལོར་བརྩིས་པ་ཡིན་པ་འདྲ། དུས་རྟགས་ཀྱང་གཏེར་བཏོན་པའི་དུས་དེ་ཙམ་ལ་དགོངས་པ་ཡིན་པར་མངོན་ནོ། །གང་ལྟར་ཡང་ཚོའི་རིག་འཛིན་བརྙེས་པའི་གྲུབ་ཐོབ་ཆེན་པོ་འགྲན་ཟླ་དང་བྲལ་བ་ཞིག་སྟེ། སྤྲུལ་པའི་གཏེར་སྟོན་ཆེན་པོ་འདིས། གཙང་གི་རི་བོ་ཆེ་ནས་ཀྱང་གཏེར་ཁ་མང་དུ་བཞེས་ཤིང་། ཁྱད་པར་དུ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལས་དང་སྐལ་བར་ལྡན་པའི་གདུལ་བྱ་རྣམས་ལ་བསྟན་ཅིང་ཡི་གེར་བཀོད་དེ་འཕྲུལ་སྣང་གི་གཙང་ཁང་བྱང་མའི་རྟ་མགྲིན་གྱི་ཞབས་འོག་ཏུ་སྦས། མདོ་སྐོར་རྣམས་གནོད་སྦྱིན་ནཱ་ག་ཀུ་བེ་རའི་བརླ་གཡས་པར་སྦས་པ། དཔལ་ལོ་རྒྱན་ཆེན་པོས་མངའ་བདག་ཁྲི་སྲོང་ལྡེ་བཙན་ལ། མེས་ཀྱིས་འདི་ལྟར་སྦས་ཞེས་བསྟན་པས་རྒྱལ་པོ་ཐུགས་ཆེས་ནས་ཆོས་སྐོར་རྣམས་ཐུགས་དམ་དུ་མཛད་པ་ཡིན་ཞེས་གྲགས་ལ། སླར་ཡང་གཏེར་དུ་སྦས་པ་ཐུགས་རྗེ་ཆེན་པོའི་རྗེས་སུ་བཟུང་བའི་རྣལ་འབྱོན་པ་གྲུབ་ཐོབ་དངོས་གྲུབ་ཅེས་བྱ་བ་འདིས་གཙང་ཁང་བྱང་གི་རྟ་མགྲིན་གྱི་ཞབས་འོག་ནས་སྤྱན་དྲངས་པ། དེང་སང་མ་ཎི་བཀའ་འབུམ་དང་། རྒྱལ་པོ་བཀའ་ཆེམས་སོགས་སུ་གྲགས་པ་སྟེ། འདི་ལ་ནང་གསེས་གཏེར་སྟོན་(སྟོད་ཆ།༥༩༤)གསུམ་གྱི་གཏེར་ཆོས་ཡིན་ཀྱང་གཙོ་བོའི་དབང་དུ་བྱས་ནས་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་ཆོས་སུ་འདྲེན་པ་ཡིན་ནོ། །རྒྱལ་པོ་བཀའ་འབུམ་སྐོར་གྱི་དབང་ལུང་ཁྲིད་དང་བཅས་རྣམས་དེང་སང་ཡང་མ་ཆད་པར་བཞུགས་སོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ རྒྱ་ནག་རྒྱལ་པོའི་རྒྱལ་ས་རྟ་རྫིས་འཕྲོག༔ བསྟན་པ་མཐའ་རྒྱས་མངའ་ཐང་ཇེ་ཆེར་འགྲོ༔ བལ་ཡུལ་ཨེ་ཡི་གཙུག་ལག་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གཙུག་ལག་དཔལ་དགེ་ཞེས་བྱ་འབྱུང་༔ འདི་བལ་པོའི་སློབ་དཔོན་གཙུག་ལག་དཔལ་དགེ་ཡིན་ཡང་ཟེར། དེ་ལྟར་ན་དུས་རྟགས་ཀྱང་གཏེར་འདོན་པ༄༅ི་དུས་དེ་ཙམ་ལ་དགོངས་པར་མངོན་ནོ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ཙམ་ལ་སློབ་དཔོན་པོ་དེས་གཏེར་བཏོན་ཞེས་ཨོ་རྒྱན་གླིང་པས་འཆད་ཟེར་ཏེ། དེ་ལྟར་ན་ཐང་ཡིག་ལས། བལ་མོ་ཤཀྱ་དེ་བ་ལུང་བསྟན་ཏེ༔ ད་ནས་མི་རབས་གནིས་བརྒྱ་ལྟག་སོང་ནས༔ མངའ་རིས་སྐོར་གསུམ་སྤུ་རང་མང་ཡུལ་དུ༔ གདུང་བརྒྱུད་རྒྱལ་པོ་དགོན་གསུམ་ཞེས་བྱ་བྱུང་༔ ཁ་ཆེར་འཕགས་པ་མཆེད་གསུམ་སྟོད་ཧོར་གྲགས༔ བལ་ཡུ་པ་ཨེ་ཡི་གཙུག་ལག་ཁང་ནང་ནས༔ ཨུ་རྒྱན་སྦས་པའི་དམ་པའི་ཆོས་གཏེར་བསྣོལ༔ གྲོང་ཁྱེར་སླར་ཡང་གཙུག་ལག་དཔལ་དགེ་འབྱུང་༔ ཞེས་གསུངས་པ་དང་ཡང་ཕྱོགས་མཚུངས་པ་འདྲ་ཡང་༔ གཏེར་བྱུང་ལོ་རྒྱུས༔ ཞིབ་ཆ་གང་ཡང་མ་མཐོང་བས་འོལ་ཆོད་ག་ལ་ནུས་ཏེ་སླར་བཙལ་བར་འོས་སོ། མི་རབས་ཞེས་པའང་མི་ལོ་དང་ཡིག་ནོར་བྱུང་བ་ཨེ་ཡིན་སྙམ་མོ། འདིའི་དུས་རྟགས་རྒྱ་ནག་རྒྱལ་པོའི་(སྟོད་ཆ།༥༩༥)རྒྱལ་ས་རྟ་རྫིས་འཕྲོག་པ་ནི། ཧོར་གྱི་སྐབས་ཡིན་པར་བཞེད་དེ། རྟ་རྫི་མངགས་ཏེ། ཡིག་རྙིང་འགའ་ཞིག་ཏུ་རྫིར་བཞེས་ཡོད་འདུག་པ་ཧོར་གྱི་མིང་ཡིན་ཟེར་ཏེ། ཧོར་གྱི་མིང་ལ་ཏ་དབེན་ཟེར་ཞིང་ཏ་རྫིང་ཞེས་པའང་། ཇིང་ཟུར་ཆག་པ་ཡིན་ནམ་སྙམ། གང་ལྟར་ཡང་ཧོར་ཡུལ་དུ་ནག་མོ་ཨ་ལན་ལ་ཉི་མ་དང་ཟླ་བའི་ཟེར་ལས་སྐྱེས་པའི་བུ་ཞིག་བྱུང་བར་གྲགས་ཤིང་། ཡང་གཏམ་རྒྱུད་འགའ་ཞིག་ཏུ་གཞོན་ནུ་ཁ་དོག་སེར་པོ་ཅན་ཞིག་གུར་གྱི་མཐོངས་ནས་བབས་ཏེ་དགའ་མགུར་སྤྱོད་ནས་ཕྱིར་འགྲོ་བ་ན་གུར་གྱི་སྒོ་ལས་ཕྱིའི་གཟུགས་ཐོན་པ་ཞིག་གི་བུ་བྱུང་བས་གནར་གྱི་བུ་ཞེས་བཏགས་པར་གྲགས་ཤིང་། གང་ལྟར་ཡང་བུ་དེའི་མིག་ལ་བོ་དོན་ཆར་མ་གན་ཡིན་དེ་ནས་རིམ་པར༔ དེའི་རྒྱུད་ལས་ཧོ་ཇིང་གི་རྒྱལ་པོ་ཡིན་ཏེ། རྒྱལ་པོ་འདིའི་རིང་ལ་རྒྱ་ནག་གི་རྒྱལ་ས་འཕྲོག་ནས། རྒྱ་མི་ཉག་ཧོར་དང་ཡུ་གུར་ལ་སོགས་པ་མངའ་ཞབས་སུ་བཙུད་པ་ཡིན་ཏེ། ཇིང་གིར་གན་གྱི་སྲས་ཐོ་ལོ་ནོ་ཡོན་དང་། དེའི་སྲས་ཨེ་ཆེན་གོ་དན་གྱི་དུས་ཆོས་རྗེ་ས་སྐྱ་པཎྜི་ཏ་ཧོར་ཡུལ་དུ་གདན་དྲངས་པར་བཤད་པ་དང་། དགེ་བའི་བཤེས་གཉེན་སུ་ཏོ་བ་དང་དུས་མཚུངས་སུ། རྭ་སྒྲེང་རྒྱལ་ལྷ་ཁང་དུ་ཧོར་དམག་བྱུང་ཚུལ་སོགས་ལ་དཔ་གན་ལྷ་བླ་མ་དང་ཇིང་གིར་རྒྱལ་པོ་དུས་མཚུངས་སུ་གུང་བསྒྲིགས་ན་ལམ་ཙམ་འགྲིགས་པར་འདྲ་ཡང་། གཏེར་སྟོན་གྱི་ལོ་རྒྱུས་དང་། གཏེར་ཆོས་སོགས་མ་མཐོང་དཱི་བས་དཔྱོད་ལྡན་དག་གིས་སླར་དཔྱད་པར་མཛོད་ཅིག །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ལ་སྟོད་བཙན་ཡུལ་མཚོན་ལ་སོ་ནམ་བྱེད༔ འཛམ་གླིང་རྒྱལ་པོས་དཔོན་བརྒྱུད་འབངས་ཀྱིས་ནོན༔(སྟོད་ཆ།༥༩༦)ལྟོ་གཏེར་གཏེར་ཕྲན་འགའ་ཞིག་སྦས་པ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་སྐུ་ཚ་སྟོན་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་འདི་འཁྲུངས་ཡུལ་ལྷོ་བྲག་པ་ཡིན། འདིས་སྤ་གྲོ་ཅལ་གྱི་བྲག་སོགས་ནས། ཆོས་དང་། སྨན་དང་། བོན་གྱི་སེམས་ཕྱོགས་སོགས་གཏེར་མང་དུ་ཐོན། འོན་ཀྱང་སྨན་དཔྱད་མཛད་པསཆོས་ཀྱི་འགྲོ་དོན་མ་བྱུང་། འདིའི་མཚན་ལ་ཀུ་ས་སྨན་པ་ཡང་ཟེར། ཤོག་སེར་ཤིང་སྒྲོམ་གང་ཐོན་པས་གཏེར་ཆོས་རྒྱ་ནན་ཏར་ཆེ་བར་ཡོད་ཅེས་གྲགས་སོ། དེ་ཉིད་མི་གནས་མྱ་ངན་འདས་འོག་དུ༔ བྱང་གི་ཕྱི་གོད་རུ་བ་འཚུབ་མས་ཁྱེར༔ བོད་འདིར་དམ་ཆོས་བསྟན་པ་གསུམ་དུ་གྱེས༔ བཀའ་གཏེར་གཉིས་ཀྱིས་སངས་རྒྱས་བསྟན་པ་སྐྱོང་༔ གཙང་གི་རུ་མཚམས་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨ་ཡ་བོན་པོ་ལྷ་འབུམ་ཞེས་བྱ་འབྱུང་༔ ཞེས་པ་འདི་དྲན་པ་ནམ་མཁའི་སྤྲུལ་པ་ཡིན་པར་གྲགས། འཁྲུངས་ཡུལ་ལྷོ་ཡི་ཕྱོགས་སུ་འཁྲུངས་ཞེས་འབྱུང་། འབྲོམ་སྟོན་དང་དུས་མཉམ་ཡིན། གཏེར་སྟོན་འདིས་གཙང་གི་རུ་མཚམས་ནས་སྨན་རྩིས། བོན་ཆོས་བཞི་ཀའི་གཏེར་ཐོན་ཏེ་གཏེར་ཆོས་མང་དུ་ཡོད། འདིའི་དུས་རྟགས་བོད་དུ་དམ་ཆོས་བསྟན་པ་གསུམ་གྱེས། ཞེས་པ་ནི། ཇོ་བོ་བོད་དུ་མ་བྱོན་ཙམ་ན་ཆོས་པ་རྣམས་སྔགས་དང་མཚན་ཉིད་གཉིས་སུ་གྱེས། མཚན་ཉིད་པ་ལ་འདུལ་མངོན་གཉིས་སུ་གྱེས་པའི་སྐབས་ཤིག་བྱུང་བར་སྣང་བས་དེ་ཡིན་པར་བྱེད་དོ། །དེང་སང་ནི་བསྟན་པ་ཕག་བརྒྱར་སོང་འདུག་ཅེས་སོག་ཟློག་པས་གསུངས་སོ།།(སྟོད་ཆ།༥༩༧)དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ དབུས་གཙང་ཁམས་སུ་དུག་སྔའི་ཆོས་ཤིག་འབྱུང་༔ ལྟ་ལོག་ཆོས་སྟོན་བསྟན་པ་ཐབས་ཀྱིས་སྣུབས༔ ཞབས་ཏོག་ཡིན་ཟེར་བསྟན་ཞབས་ཐག་པ་འདོགས༔ མོན་ཁ་བུམ་ཐང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ཕྱུང་པོ་དཔལ་དགེ་ཞེས་བྱ་འབྱུང་༔ འདིའི་དུས་རྟགས་ལ། ཨ་ར་ཚོ་བན་དེ་བཅོ་བརྒྱ་དསོགས་ཀྱིས་མི་ལ་གསོན་སྒྲོལ་བྱེད་ཅིང་། སྦྱོར་སྒྲོལ་ལ་སྒྲ་ཇི་བཞིན་པར་སྤྱོད་པའི་དུས་བྱུང་བས་དེ་ཙམ་ལ་བྱོན་པ་འདྲ། ཞེས་བླ་མ་སོག་ཟློག་པ་སོགས་ཀྱིས་བཞེད། གཏེར་སྟོན་འདི་གཙང་ལ་སྟོད་དུ་འཁྲུངས། མོན་གྱི་བུམ་ཐང་ནས་ཟབ་མོ་ལྡེ་དྲུག་ཟེར་བའི་བོན་གྱི་གཏེར་དང་། ཧས་པོ་རི་ནས་ཀྱང་ཆོས་དང་སྨན་དང་བོན་དང་རྩིས་ཀྱི་གཏེར་ཁ་མང་པོ་ཐོན་པ་ཡིན་འདུག ཨར་ཚོ་བན་དེ་བཅོ་བརྒྱད་ནི། གཙང་སྟོད་པ་རྣམས་སུ་ཨར་ཚོ་བན་དེ་བཅོ་བརྒྱད་ཞེས། རྔ་ལ་བཞོན་ནས་ནམ་མཁའ་ལ་འཕུར་ནས་འགྲོ་ནུས་པ། སྦྱོར་སྒྲོལ་སྒྲ་ཇི་བཞིན་པར་བཟུང་ནས་མི་ལ་གསོན་སྒྲོལ་བྱེད་པ་འགའ་ཡོད་དོ། །སྐབས་ཤིག་གྲུབ་ཆེན་ཨོ་རྒྱན་པའི་ཡང་མེས་རྒྱུས་བྱང་ཆུབ་རྒྱ་མཚོ་དང་ཆོས་ཀྱི་རྒྱ་མཚོ་གཉིས་ཀྱིས་གཡོག་ཀུན་ཐུབ་བྱ་བ་ཁྲིད་དེ་ལ་སྟོད་ལ་བྱོན་པ་ན། ཨར་ཚོ་རྣམས་ཀྱིས་ཁོང་གསུམ་པོ་བཟུང་ནས་མཁའ་འགྲོ་མཆོད་པའི་ཚོགས་ཤ་བྱེད་ཟེར་བ་ན། གཡོག་པོ་ན་རེ། ཁྱེད་གཉིས་པ་གྲུབ་རྟགས་འདྲ་མེད་དམ་ཟེར་བས། གཅུང་གིས་ངས་ཕུར་པའི་འཁྲབ་བཞོན་ཞིག་བྱའམ་གསུངས་པས། གཅེན་གྱི་གྱིས་སྐྲག་ནི་དགོས་འདི་ལྟར་བྱ་ཡི་གསུངས་ནས། རྟ་མགྲིན་གྱི་སྐུར་བསྟན་ནས་སྤྱི་གཙུག་ནས་རྟ་མགོས་སྐད་དྲག་པོ་འཚེར་(སྟོད་ཆ།༥༩༨)བས་ཨར་ཚོ་རྣམས་སྐྲག་ཅིང་འགྱེལ་ནས་ཞབས་ལ་བཏུད་པའི་ལོ་རྒྱུས་སྣང་ལ། ལྷ་བླ་མ་ཡི་ཤེས་འོད་ཀྱིས་འབྱམས་ཡིག་ཀྱང་འདི་རྣམས་ལ་མཛད་པར་གྲགས་ཤིང་། དོན་ལ་འང་གནས་པ་འདྲ་སྟེ། སྒྲོལ་བ་དར་བས་མི་ལ་གསོན་སྒྲོལ་བྱུང་། ཞེས་གསུངས་པའི་ཕྱིར་རོ་ཞེས་འཕྲོས་སོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ བོད་ཀྱི་གནས་དགོན་ཀུན་ལ་འཐབ་ར་འཆའ༔ ལྷ་ས་དམར་པོ་རི་ལ་ལྷ་ཁང་འབྱུང་༔ ངང་ངུར་མཚོ་སྐེམ་ནེ་ཐང་བྱེ་མས་གནོན༔ དགེ་རྒྱས་ནས་པོ་རིར་སྦས་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ཤ་མི་རྟོར་རྒྱལ་ཞེས་བྱ་འབྱུང་༔ འདི་ཡུལ་ཤ་མི་པྲ་དུ་བྱ་བ་ཤོངས་ཀྱི་སྟོད་དུ་འཁྲུངས། ཧས་པོ་རི་ནས་དགོངས་དོན་ཟབ་ཐིག་ཟེར་བའི་གཏེར་ཁ་ཆེན་པོ་ཐོན། གཞན་ཡང་ཆོས་དང་ནོར་གྱི་གཏེར་ཡང་མང་དུ་བཏོན་པར་གྲགས་སོ། དེ་ཉིད་མི་གནས་མྱ་ང་འདས་འོག་ཏུ༔ ང་སྤྲུལ་ཡིན་ཟེར་གཏེར་མིན་གཏེར་འདྲ་སྟོན༔ དམ་ཉམས་གང་དུ་མི་བྲིམ་ཐམས་ཅད་འདུས༔ ཉ་མ་མགོ་སྐོར་འབྲེལ་མེད་ཆོས་བཤད་བྱེད༔ བསྟན་པའི་རྐུན་པོ་གཏེར་ཆོས་དཀྲུག་ཅིང་སྤེལ༔ བཀའ་ལོག་མང་པོ་ར་ཁྱུ་ཙམ་པ་འབྱུང་༔ པད་འབྱུང་བདག་ཀྱག་ཡི་མུག་ག་ཆད་དེ༔ ཞྭ་ཡི་ལྷ་ཁང་བི་མའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ལྡང་མ་ལྷུན་རྒྱལ་མའི་སྤྲུལ་པ་འབྱུང་༔ འདི་དབུ་རུ་སྟོད་དུ་འཁྲུངས། ཞྭ་ལྷ་ཁང་ནས་བི་མ་སྙིང་ཐོག་གི་སྐོར་གཏེར་ནས་བཞེས་པ་སྟེ། རྫོགས་ཆེན་སྙིང་ཐིག་ལོ་རྒྱུས་སུ་གསལ་བས་འདིར་བསྐྱར་ནས་མ་བྲིས།(སྟོད་ཆ།༥༩༩)དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཏའི་རུས་བརྩིགས་པའི་རྩིག་པ་སྡུག་པ་འོང་༔ ཇིང་དང་རྒྱ་རྣམས་གྲོག་མའི་ཚང་བཤིག་འདྲ༔ ཇོ་མོ་གླིང་གསུམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གྲྭ་པ་མངོན་ཤེས་ཞེས་བྱ་འབྱུང་༔ ས་སྟེག་གནས་གཞི་བརྒྱ་དང་རྩ་བརྒྱད་འགེངས༔ གྲ་མདའ་འདི་ལ་གཙུག་ལག་ཁང་ཞིག་འབྱུང་༔ རྒྱལ་པོས་བཞེངས་པའི་ལྷ་ཁང་བདག་པོ་བྱེད༔ ཅེས་གསུངས་པའི་གཏེར་སྟོན་གྲྭ་པ་མངོན་ཤེས་ནི། ཤུད་བུ་དཔལ་གྱི་སེང་གེའི་སྐྱེ་བ་ཡིན་པར་གྲགས། ཇོ་བོ་བོད་དུ་མ་བྱོན་གོང་གི་རབ་བྱུང་ཐོག་མའི་ཆུ་པོ་བྱི་བ་ལ་གཡོ་རུ་གྲ་ཡི་སྐྱེད་རུ་ཞེས་པར་འཁྲུངས། རུས་མཆིམ་ཡིན་ཏེ་ཆོས་བློན་རྡོ་རྗེ་སྦྲེ་ཆུང་གི་མི་བརྒྱད་ཡིན། སྐུ་གཞོན་ནུ་ནས་ཐུགས་ཆོས་ལ་གཞོལ་བས་བསམ་ཡས་ཆོས་གྲྭར་བྱོན་འདོད་ཀྱང་ཡབ་ཡུམ་གྱིས་མ་བཏང་། རྗེས་སུ་དཀུས་ནས་བསམ་ཡས་སུ་བྱོན། ཀླུ་མེས་ཀྱི་མཁན་བུ་ཡམ་ཤུད་རྒྱལ་བ་འོད་གསལ་ལ་རབ་ཏུ་བྱུང་། མཚན་ཡང་དབང་ཕྱུག་འབར་དུ་གྲགས། འཚོ་བ་མེད་པའི་ཉིན་ར་ལུག་འཆོས་བའི་གླས་རྒྱགས་བྱས། སྲོད་དང་ཐོ་རངས་དབུ་རྩེ་ལ་སྐོར་བ་མཛད་པའི་ཚེ། ནུབ་གཅིག་དབུ་རྩེའི་སྒོ་སྟེང་ནས་ཤོག་དྲིལ་གཉིས་ཕྱག་ཏུ་བྱུང་བ། སྔ་དྲོ་གཟིགས་པས། ཛམ་དམར་དང་གནོད་སྦྱིན་རྡོ་རྗེ་བདུད་འདུལ་གྱི་སྒྲུབ་ཐབས་སུ་འདུག་ལས་འབྲེལ་ཡོད་པར་དགོངས་ནས་སྔགས་བཟླས། ཉིན་མོ་རི་ཁར་རྫི་བོ་མཛད་པར་བསྟོད་པ་དབྱངས་མཛད་པས། ཛམ་བྷ་ལ་མི་དམར་པོ་ཞིག་ཏུ་སྤྲུལ་ནས་ཅི་འདོད་ཟེར། ནོར་འདོད་བྱས་པས་ང་ལ་འཛེག་ཟེར་ཏེ་ཁུར་ནས་གསེར་གྱི་རི་ཡོད་པའི་འགྲན་ན་གསེར་གྱི་བྱེ་མ་སོང་པའི་ས་དེར་(སྟོད་ཆ།༦༠༠)བསྐྱལ། ཐུགས་སྐྱོ་ནས་བསྟོད་པ་མཛད་པས། ཡང་མིང་བྱུང་ནས་ཅི་འདོད་ཟེར། ཡུལ་དུ་སློབས་པར་འདོད་བྱས་པས་དེ་འཕྲལ་དུ་ཡུལ་དེར་དུ་བསྐྱལ། ཡང་ཡུལ་དེར་ནད་ཡམས་བྱུང་བར། ཁོང་གིས་བྱིན་རླབས་བྱས་པས་ཕན་པ་ཡང་མང་དུ་བྱུང་། དེ་ནས་ཆོས་བསླབས་པས་ཆོས་སྤྱི་དང་ཁྱད་པར་དུ་མངོན་ས་ལ་མཁས་པས་མཚན་ཡང་གྲྭ་པ་མངོན་ཤེས་སུ་གྲགས་ནུབ་གཅིག་ཐུགས་སྦྱང་མཛད་ཅིང་ཡོད་པའི་འཕྲོ་ལ་མནལ་དུ་སོང་བའི་རྨི་ལམ་དུ། ཨ་ཙ་ར་དགེ་སློང་གི་ཆུ་བྱད་ཅན་ཞིག་བྱུང་ནས། ང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གདན་དུ་བདུད་འདུལ་བའི་དུས་དཔའ་བོ་ཡིན་པས། དེའི་ཚེ་ངའི་མིང་ལ་རྡོ་རྫ་བདུད་འདུལ་དུ་བཏགས། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་སྒོས་སུ་དཔལ་རྟ་མགྲིན་དང་ཕྱག་ན་རྡོ་རྗེའི་བཀའ་སྡོད་གཙུག་ལག་ཁང་ཐམས་ཅད་ཀྱི་སྲུང་མར་བསྐོས་པ་ཡིན། ཁྱོད་དང་ལས་འབྲེལ་ཡོད་པས་དངོས་གྲུབ་ཅི་འདོད་སྦྱིན་ཟེར་བ་བྱུང་བ་ལ། ཆོས་ཡིད་སྨོན་དུ་མ་ལུས་པར་འཕྲལ་དུ་ཉམས་སུ་བླངས་པས། ན་བ་ཟུག་གཅོག འཆི་བ་བསྲིངས། མི་ན་བར་རིང་དུ་གནས་པར་བྱེད་པ་འདི་སྙིང་པོར་འདུག་སྙམས་ན། དུས་འདིར་སེམས་ཅན་ལ་ཕན་ཐོགས། ཕྱི་མ་ཆོས་སུ་འགྲོ་བའི་རིག་པ་ཁྱད་པར་ཡོད་ན་འདོད། གཞན་ཅིས་ཀྱང་དགོས་པ་མེད་སྨྲས་པས། ཨ་ཙ་ར་དེ་ན་རེ། རྒྱལ་བའི་དགོངས་བརྒྱུད་སྨན་བླའི་ཞལ་ནས་གསུངས། རིག་འཛིན་བརྒྱུད་པས་དྲང་སྲོང་རིམ་པར་གཏད། གང་ཟག་སྙན་བརྒྱུད་ལོ་ཙཱས་རྗེ་ལ་ཕུལ། རྒྱལ་པོས་འཕངས་ནས་དབུ་རྩེའི་ཀ་བར་སྦས། གསོ་རིག་ཁྱད་འཕགས་ཡོད་ཀྱི་དེ་ནས་ལོངས། ཟེར་ནས་གཏེར་བཏོན་ཐབས་བཤད་ནས་མི་སྣང་(སྟོད་ཆ།༦༠༡)བར་སོང་ངོ་། །དེ་ནས་གཉིད་སད་དེ་ཐུགས་ཀྱིས་གཞིག་པས། དངོས་གྲུབ་ཡིན་པར་ཤེས་ནས་ཞག་གསུམ་དུ་དཀོན་མཆོག་ལ་མཆོད་པ་ཕུལ་ནས་གསོལ་བ་བཏབ། ཆོས་སྐྱོང་ཁོ་རང་གིས་བསྟན་པ་བཞིན་མཆོད་པས། འདོད་ལྷའི་ཞག་གསུམ་ལ་མི་ལོ་ཕྱེད་དང་ཉིས་བརྒྱ་སྟེ། དེའི་ཡུན་ལ་གཏེར་དུ་བཞུགས་པའི་གསོ་རིག་ཁྱད་འཕགས་དཔལ་ལྡན་རྒྱུད་བཞི་ས་ཕོ་སྟག་ལོ་སྟོན་ཟླ་ར་བའི་ཚེས་བཅོ་ལྔའི་ནམ་ཕྱེད་ནས་ཆུ་ཚོད་གསུམ་སོང་བའི་དུས་བསམ་ཡམ་དབུ་རྩེའི་འབར་ཁང་གི་ཀ་བ་བུམ་པ་ཅན་ནས་གདན་དྲངས། དཔེ་བཤུས་ནས་ཕྱི་མོ་རག་གནས་སུ་བཞུགས། བུ་དཔེ་ལ་སྐོར་གཅིག་ཏུ་གསང་ནས། ཕྱིར་ཡང་ལུང་གི་དགེ་བཤེས་ཁུན་སྟོན་དར་མ་གྲགས་ཞེས་བྱ་བ་རྒྱུད་བཟང་ཞིང་ཞི་དུལ་དང་ལྡན་པ་དེས་ཕྱག་རྟེན་དང་བཅས་ཞུས་པས་དགྱེས་བཞིན་དུ་གནང་། དེ་ནས་རིམ་པར་བརྒྱུད། གཞན་ཡང་ཛམ་དམར་དང་གནོད་སྦྱིན་རྡོ་རྗེ་བདུད་འདུལ་སྒྲུབ་སྐོར་དང་། གཏེར་གྱི་ཁ་བྱང་པོའང་གཏེར་དུ་བཞེས། གོང་གསེར་རིའི་འགྲམ་དུ་ཕྱིན་དུས་གསེར་གྱི་བྱེ་མ་མང་པོ་བསྣམས་ནས་བྱོན་པ་ལ་ཆ་རྐྱེན་མཛད་ནས། གྲ་ཐང་བཞེངས། བསམ་ཡས་ཀྱི་བདག་པོའང་མཛད། གནས་གཞི་བརྒྱ་རྩ་བརྒྱད་བཞེངས་པར་བཤད་ཀྱང་། སྱན་གཡས། སྐྱེང་རུ། འདུན་ཕུ། གསེར་ལྡིང་ལྷ་ཁང་རྣམས་དང་ཨེནའང་རི་གཉིས་དག་བཅས་བདུན་བརྒྱད་ཙམ་སྣང་བས། བརྒྱད་དམ་རྩ་བརྒྱད་ཡིན་པ་འདྲ་ཟེར་ཡང་ཆེ་བརྗོད་ཙམ་ཡིན་པར་འདྲ། འདི་དགེ་བཤེས་ཁུ་ཆེན་པོ་དང་དུས་མཉམ་ཡིན་ཁོང་གཉིས་མཐུ་འགྲན་བྱས་པའི་ལོ་རྒྱུས་ཀྱང་ཡོད། འདིའི་ཛམ་དམར་དང་ཞང་བློན་སྐོར་རྣམས་དེང་སང་བར་(སྟོད་ཆ།༦༠༢)དུ་དབང་ལུང་གི་རྒྱུན་མ་ཉམས་པར་ཡོང་ལ། རྒྱུད་བཞི་འདི་ཕྲིན་ལས་ཆེ་ཞིང་ཉན་བཤད་བྱེད་པ་མང་བས། ཕྱིས་ཀྱི་མཁས་པ་ཁ་ཅིག་གིས་གཏེར་མ་ཡིན་མིན་ཕྱོགས་ལ་འཐིང་སླང་མཛད་པ་བྱུང་ཡང་། འཇམ་མགོན་ས་རི་ཞབས་དང་བྱང་པ་འཚོ་བྱེད་མཻ་ཏྲིའི་མཙན་ཅན་སོགས་ཀྱིས་གཏེར་མ་རྣམ་དག་ཏུ་བསྒྲུབས་པས་མཛད་ནས་ལོག་རྟོག་གསལ་བ་བཞིན་ནོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཨོ་རྒྱན་ཉིད་གཉལ་སྨད་ལྷ་རྗེར་སྤྲུལ༔ དྭགས་སྒོམ་སྙིང་པོའི་དོན་བསྒོམ་ཁྱུ་ཅིག་འབྱུང་༔ མཆིམས་ཕུ་ཁོ་མཐིང་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ར་ཤང་གཏེར་སྟོན་མདོས་ལ་མཁས་པ་འབྱུང་༔ ཞེས་པ་འདི་ཡར་འབྲོག་གཉན་དུ་འཁྲུངས། མཚན་ར་ཤག་ཆོས་འབར་རམ། བསོད་ནམས་རྡོ་རྗེ་ཡང་ཟེར། ཆུང་ངུ་ནས་མདོས་དང་གསོ་རིག་སྦྱང་པས་མཁས་པར་མཁྱེན། གཏེར་ཆོས་ཀྱང་མདོས་དང་སྨན་དཔྱད་དང་། མ་མོ་སྒང་ཤར། མ་མོ་སྲིད་པའི་བེམ། མ་མོ་གླིང་གཞིའི་སྐོར་དང་། འཇིག་རྟེན་དྲེགས་པའི་སྒྲུབ་ཐབས་སོགས་ཤོག་སེར་སྟག་སྒྲོ་གང་ཐོན་པར་གྲགས། དེང་སང་གཏད་ཟློག་སྐོར་དང་། གསང་བ་མདོས་བཅུ་སོགས་མདོས་ཕྲན་འགའ་ལས་གཞན་མ་མཐོང་། འདིའི་དུས་རྟགས་དྭགས་སྒམ་སྙིང་པོའི་ནི། དྭགས་པོ་རིན་པོ་ཆེ་ཡིན་པར་བྱེད་མོད། ཡང་གཏེར་སྟོན་འདིས་རྗེ་བཙུན་མི་ལ་ལ་ཚེ་རིང་མའི་སྒྲུབ་ཐབས་ཕུལ་བའི་ལོ་རྒྱུས་ཀྱང་འདུག་སྟེ། ལྷོ་བྲག་ཁོ་མཐིང་དུ་ར་ཤག་རྣལ་འབྱོར་པ་ཆེན་པོ་ཞེས་བྱ་བ་ལོ་བརྒྱ་དང་བཅུ་ལོན་པ་ཐུགས་ཀ་ན་སྙིང་པོ་འབྲུ་བཞི་རང་བྱུང་དུ་བྱོན་པ་ཡོད་ལ། རྗེ་མི་ལ་བླ་མའི་མཁར་ལས་བྱེད་པའི་སྐབས་ཤིག་(སྟོད་ཆ།༦༠༣)མཇལ་དུ་ཕྱིན་པས་ལྷ་ཁང་དུ་ཉལ་བའི་ཐོ་རངས་བུད་མེད་དཀར་མོ་ཞིག་གིས་སྦྲང་ཆང་ཀ་པཱ་ལ་གང་བྱིན་ཏེ་ཁྱོད་བལ་བོད་ཀྱི་མཚམས་སུ་བསྒོམ་ན་ལམ་མྱུར། ང་ཡང་ཁྱོད་ཀྱི་ཡུལ་ཕྱོགས་པ་ཡིན་ཏེ་ཁྱོད་ཀྱི་ལུས་དང་གྲིབ་མ་ལྟར་མི་འགྲོགས་ཀ་མེད་པ་ཞིག་ཡིན་ཟེར། སང་ཉིན་བླ་མ་དེ་དཔོན་སློབ་ཉེར་གཅིག་སྨན་སྒྲུབ་དམ་པོ་ལ་བཞུགས་ཀྱང་རྗེ་བཙུན་སྒྲུབ་པའི་གྲྭར་བོས། མཇལ་མ་ཐག་དབུ་སྔས་ནས་སྒྲོ་བ་ཞིག་གི་ནང་ནས་པོད་ཆུང་ཞིག་བྱུང་སྟེ་འདི་ཁྱོད་རང་ལ་སྔ་ནུབ་ནས་བསུ་བ་དེ་ཀུན་གྱི་སྒྲུབ་ཐབས་ལགས། ཁྱོད་ལ་སྟེར་དགོས་པར་ལུང་བསྟན་པ་ཡིན་ཞེས་ཚེ་རིང་མའི་སྒྲུབ་ཐབས་སྤྲད་པར་བཤད་ལ་དཔལ་གཙུག་ལག་ཁྱེད་བས་འདི་དག་མདོས་ལ་མཁས་པའི་ར་ཤག་ཐ་དད་དུ་སྣང་ཞེས་གསུངས་མོད། འོན་ཀྱང་ཡར་འབྲོག་གཉན་གྱི་ར་ཤག་ལ་བླ་མ་གཉན་ལོ་ཙཱ་བས་ཁོ་རང་གིས་གཏེར་ནས་བཞེས་པའི་དཔལ་མགོན་ཞལ་བཞི་པའི་ཆོས་སྐོར་རྣམས་གནང་བར་གྲགས་ཤིང་། རི་སུལ་གྱི་རྣལ་འབྱོར་མ་ལས་བརྒྱུད་པ་རྣམས་བླ་མ་གནམ་ཕའུ་ཆེན་པོར་གནང་ཞེས་བྱུང་བས། དེ་ལྟར་ཕའུ་པ་དང་ར་ཤག་དུས་མཚུངས་གྲུབ་པས། རྗེ་མི་ལ་དང་ཡང་དུས་མཚུངས་པ་འདྲའོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཡུལ་ཆེས་ཡང་ས་འཁྲུགས་པའི་བསྐལ་པ་འབྱུང་༔ སྔགས་པས་མཐུ་སྒྲུབ་སྐྱེ་བོས་ཟློག་པ་སློབ༔ མི་བསད་སྟོང་ལ་སྐུ་དང་གསུང་རབ་མཇལ༔ གྲོང་སྟོད་གྲོང་སྨད་འགྲོ་ལ་སྐྱེལ་མ་འཁྲིད༔ སྲིན་མོ་སྦར་རྗེས་ཁོ་མཐིང་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ མངའ་བདག་སྤྲུལ་པ་ཉང་རལ་ཞེས་བྱུ་འབྱུང་༔ ཞེས་པའི་ཉང་ཉི་མ་འོད་ཟེར་ནི། ལྷོ་བྲག་གཏམ་(སྟོད་ཆ།༦༠༤)ཤུལ་གྱི་ཡུལ་འཇོད་ས་སེར་དགོན་ཞེས་པར་བྲམ་ཟེ་ཉང་གི་རིགས། ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང་། ཡུམ་ཡེ་ཤེས་སྒྲོན་ནམ་པདྨ་བདེ་བ་རྩལ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་ཕོ་འབྲུག་གི་ལོ་སྐར་མ་རྒྱལ་གྱི་ཉིན་པར་སྐུ་འཁྲུངས། སྐུ་གཞོན་ནུ་ནས་ངོ་མཚར་བསམ་གྱིས་མི་ཁྱབ་ཅིང་། དགུང་ལོ་བརྒྱད་ལོན་པའི་དུས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མཇལ་བ་སོགས་སྤྱན་ལྟས་དུ་མ་དང་། ཆང་གིས་བཟི་བ་ལྟ་བུའི་གཉམས་བུར་བ་ཟླ་གཅིག་བྱུང་། མཁའ་འགྲོ་མ་རིགས་བཞི། རྗེ་བཙུན་སྒྲོལ་མ། ཐུགས་རྗེ་ཆེན་པོ་སློབ་དཔོན་པདྨ་སོགས་ཞལ་གཟིགས། ཁྱད་པར་ནུབ་གཅིག་སློབ་དཔོན་པདྨ་འབྱུང་གནས་ཡིན་ཟེར་བ་ཨཱ་ཙརྱ་དྲ་ཀར་བཞོན་པ། རྟའིི་རྨིང་པ་བཞི་བུད་མེད་མེད་རེ་རེས་བཏེགས་པ་ཞིག་མཇལ། གསོལ་བ་དྲག་ཏུ་བཏབས་པས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཞིག་བསྣམས་ཏེ་སྐད་ཅིག་མར་དབང་བཞི་ཡོངས་རྫོགས་བསྐུར། གནམ་རལ་བའམ། ས་གཡོས་པའམ། རི་འགུལ་བ་ཙམ་གྱི་ཉམས་གསུམ་ཤར། སྤྱོད་པ་སྣ་ཚོགས་མཛད་པས་མི་ཀུན་གྱིས་སྨྱོན་པར་གྲགས། ཕ་ཇོས་རྟ་མགྲིན་ན་དཔའ་གཅིག་གི་དབང་བསྐུར། འཇོད་ཕུ་གངས་ཀྱི་ར་རབ་རྟ་མགྲིན་བསྒྲུབས་པས་ཞལ་དངོས་སུ་གཟིགས་པ་སོགས་གྲུབ་པའི་མཚན་མ་མངོན་དུ་གྱུར། འཇོད་ཕུའི་བྲག་ལ་ཕྱག་ཞབས་ཀྱི་རྗེས་དང་། ཟངས་ཀྱི་ཕུར་པས་རྟ་སྐད་མངོན་སུམ་དུ་འཚེར་བ་བྱུང་། ཡེ་ཤེས་ཀྱི་མཁའ་འགྲོ་མས་བྲག་རྡོ་རྗེ་རྩ་ལྔ་འདྲ་བར་སོང་ཞིག་ཅེས་སྨྲ་བོའི་རི་ལུང་བསྟན། མཁའ་འགྲོའི་ལུང་བསྟན་པ་ལྟར་སྨྲ་བོ་ལྕོག་བྲག་རྩར་ཕེབས། ཡེ་ཤེས་མཁའ་འགྲོ་འཁྱག་མེད་མ་བྱ་བས། མ་རིག་མུན་སེལ་ཉི་མ་ཤར་དག་མཇལ།(སྟོད་ཆ།༦༠༥)སྐྱེས་བུའི་མཚན་ནི་ཉི་མ་འོད་ཟེར་བཟང་། ཟེར་བས་མཚན་ཉི་མ་འོད་ཟེར་དུ་གྲགས་སོ། །ནུབ་གཅིག་སྣང་བ་གསལ་ལ་རིག་པ་དྭངས་པ་སྐྱེ་བ་སྔ་ཕྱི་དྲན་པ་སོགས་བྱུང་བ་དང་ནམ་ལངས་ཉི་མ་ཤར་དུས་སུ་ལྟོས་ཤིག་བྱ་བའི་སྒྲ་ཞིག་བྱུང་། བལྟས་ཙ་ན་རྣལ་འབྱོར་པ་རུས་པའི་རྒྱན་ཅན་ཞིག་འདུག །ནང་དུ་བོས་ནས་ཚ་བ་དྲངས་པས། དེ་ན་རེ། ང་ནི་ནམ་མཁའི་རྣལ་འབྱོར་པ། དབང་པྱུག་རྡོ་རྗེ་བྱ་བ་ཡིན། བུ་ཁྱོད་ལས་དང་སྐལ་བ་ལྡན། པདྨས་དབང་དང་ལུང་གིས་སྐྱོབས། །གསང་སྔགས་ཟབ་མོའི་ཆོས་རྣམས་ཀུན། ད་ལྟ་མཁའ་འགྲོའི་ལག་ན་ཡོད། གསོལ་བ་ཐོབས་ལ་མྱུར་དུ་ལོངས། ཞེས་ཁ་བྱང་ཡང་བྱང་གནད་ཡིག་གསུམ་གཏད་དེ་འཇའ་ལྟར་ཡལ། གྲྭ་པ་མངོན་ཤེས་དང་ར་ཤག་གཏེར་སྟོན་གྱི་ཁ་བྱང་ཡང་ཕྱག་ཏུ་སོན་པས། གཏེར་གནས་ཆེན་པོ་བྲག་སྲིན་མོ་སྦར་རྗེས་ཀྱི་རྩ་བར་ཕེབས། ཁ་བྱང་ལྟར་བྲག་སེང་གེ་གནམ་མཆོངས་དང་། ཁུ་བྱུག་སྐད་འདོན་པ་འདྲ་བའི་ཐད་ནས་བཙལ་ཡང་གཏེར་སྒོ་མ་རྙེད་ཚེ། སྲོད་ལ་རྟ་པ་དམར་པོས་སྟག་སྒམ་དང་གཟིག་སྒམ་བཀལ་དར་ཐོད་ཕུད་ཕ་བོང་གི་སྟེང་དུ་བཞག་ནས་དངོས་གྲུབ་འདོད་ན་འདི་ན་ཡོད་ཟེར་ནས་སྒམ་གཉིས་ཕུལ་བ་རྨིས། ཐོ་རེངས་བཞེངས་ཏེ་བྱོན་པའི་ལམ་དུ་མཚོ་རྒྱལ་གྱི་སྤྲུལ་པ་བུད་མེད་གཅིག་གིསདྲེའུ་དཀར་པོར་རྒྱའི་སྒྲོམ་གནིས་བཀལ་བའི་ནང་ནས་སྟག་སྒྲོམ་བཏོན་ཏེ་བསྐྱུར་བ་སོགས་ཀྱི་སྣང་བ་ཤར་བ་བཞིན་སྟག་སྒྲོམ་བྱུང་། དེའི་སང་ཉིན་གཏེར་སྒོ་རྙེད་ཤོག་སེར་རྫའི་བུམ་པ་གང་དང་། ཟངས་ཀྱི་སྒྲོམ་བུ་ཞིག་བྱུང་བར། ཟངས་སྒྲོམ་ནས་ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་རྒྱུད་པྱི་ནང་གསང་གསུམ། འགྲོ་འདུལ་མགི་(སྟོད་ཆ།༦༠༦)ཏི་ཀ་ཕྱི་ནང་གསང་སྒྲུབ། ཐུགས་རྗེ་ཆེན་པོའི་སྐུ་དང་ཆོས་སྐོར། གུ་རུ་དྲག་སྒྲུབ་ཀྱི་རྒྱུད་དང་སྒྲུབ་ཐབས། གུ་རུའི་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་པ་སོགས་མང་དུ་བྱུང་། གོང་དུ་མཚོ་རྒྱལ་གྱི་སྤྲུལ་པ་བུད་མེད་ཀྱིས་ཕུལ་བའི་སྟག་སྒྲོམ་ནང་ནས་མཁའ་འགྲོ་མ་དབང་སྡུད་ཀྱི་སྐོར་དང་། གསང་བ་ཡེ་ཤེས་ཀྱི་སྐོར་སོགས་མཁའ་འགྲོ་མའི་ཆོས་སྐོར་མང་དུ་བྱུང་། རྫའི་བུམ་པའི་ནག་ནས་མགོན་པོའི་སྒྲུབ་ཐབས་རྒྱུད་ལུང་མན་ངག་དང་བཅས་པ་ཡུལ་བདག་གི་སྒྲུབ་ཐབས་ལས་མཐའ་ངན་སྔགས་ཀྱང་མང་དུ་བྱུང་། ནོར་སྣ་གསེར་ཕྱེ་རིལ་བ་གང་། དུང་སྐྱོགས་ཤབ་ཅན། སྲིན་མོའི་སེན་མོ་བཅས་བྱུང་། སྐུ་རྟེན་སྟོན་པའི་སྐུ་གཅིག་དང་། སྐྱེ་བདུན་ཐོད་པ། དམ་རྫས་མང་བ་རྣམས་མཛུབ་མོ་ཆག་པ་ངས་རྙེད་པས་ཁྱོད་ཀྱིས་ལྷ་ཁང་དུ་སྐྱོལ་ཟེར་བྱིན་པ་ཕེབས་ལམ་དུ་ཡུར་བར་ལྷུངས་ནས་མཛུབ་མོ་གྲུལ་ཏེ་ཆག་པའི་ནང་ནས་གཏེར་གྱི་གནས་ཡིག་བྱུང་བར་བརྟེན། ཁོ་མཐིང་རྣམ་སྣང་སྐུ་རྒྱབ་ནས་གཏེར་སྒྲོམ་སྨུག་པོ་དང་སྐྱ་བོ་གཉིས་བཏོན། དེ་ཡང་སྒྲོམ་སྨུག་ནང་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུད་ལུང་མ་བུ་སོགས་ཆོས་ཚན་སུམ་ཅུའི་པོ་ཏ་ཆུང་དྲུག །ཤོག་དྲིལ་འདུས་པའི་སྒྲུབ་ཐབས་ཁོལ་དུ་ཕྱུང་བ་མང་པོ། སྒྲོམ་སྐྱའི་ནང་ནས་རྟ་མགྲིན་སྐུ་གསུང་ཐུགས་ཀྱི་སྒྲུབ་པ། གཞན་ཡང་དྲེགས་པ་བཅོ་བརྒྱད་དང་། སྡེ་དཔོན་སུམ་ཅུའི་སྒྲུབ་ཐབས་སོགས་མང་པོ། སྐྱེ་བདུན་ཤ། གངྒའི་ཆུ། རྟ་མགྲིན་སྐུ། ལྕགས་ཀྱི་རྡོ་རྗེ་དང་། ཕུར་པ་སྨན་གྱི་བུམ་པ་སོགས་བྱུང་། བསམ་ཡས་མཆིམས་ཕུ་ནས་ཀྱང་ཕ་(སྟོད་ཆ།༦༠༧)རོལ་ཏུ་ཕྱིན་པི་བཤད་འགྲེལ་སོགས་གཏེར་ཁ་ཆེན་པོ་ཞིག་བཏོན། གནམ་སྐས་ཅན་གྱི་སྲིན་བྱ་བྲག་དང་། དབེན་གནས་བྲག་རི་ལྷ་ཁང་ལ་སོགས་པ་ནས་བླ་མའི་སྒྲུབ་ཐབས། སྲུང་ཟློག་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བཏོན་ནོ། །མཚོ་རྒྱལ་གྱི་སྤྲུལ་པ་ཇོ་འབུམ་མ་ཕབ་ཏུ་བཞེས། བླ་མ་སྐུ་གསུས་འདུས་པའི་སྒྲུབ་པ་ལོ་གསུམ་མཛད་པས་སློབ་དཔོན་པདྨས་ཞལ་མཇལ་གསུང་གི་གནང་བ་དུ་མ་ཐོབ། མུ་ཏིག་ཤེལ་གྱི་སྤང་གོང་དུ་བླ་མའི་ཐུགས་སྒྲུབ་མཛད་པས། མཚོ་རྒྱལ་ཡིན་ཟེར་བའི་བུད་མེད་དཀར་མོ་རས་སྔོན་ཨང་རག་ཅན་དར་དཀར་གྱི་སྟོད་གཡོགས་གྱོན་པ་ཞིག་བྱུང་སྟེ་དངོས་གྲུབ་ཅི་འདོད་ཟེར་བ་ལ། ཆོས་འདོད་ཞུས་པས་མཁའ་འགྲོ་ལུང་བསྟན་གྱི་སྐོར་ཞུས་ལན་བརྒྱ་རྩའི་དཔེ་གཏད། དུར་ཁྲོད་བསིལ་བའི་ཚལ་དུ་འོངས་ཟེར་བ་བཞིན་བྱོན་པས། བསིལ་བའི་ཚལ་དུ་མངོན་སུམ་དུ་ཁྲིད་ནས་དེར་སློབ་དཔོན་ཆེན་པོ་མཇལ། བུ་ཚངས་པ་ལྷའི་མེ་ཏོག་སླེབ་བམ་གསུངས་ནས་ཀིང་རུས་ཀྱི་ཁྲི་ལ་བཞག རིག་འཛིན་ཆེན་པོ་བརྒྱད་ཀྱིས་བཀའ་བརྒྱད་བྱེ་བྲག་གི་དབང་རྣམས་རྒྱས་པར་བསྐུར་ཞིང་རྒྱུད་གཏད། གུ་རུ་པདྨས་ཞི་ཁྲོ་བདེ་གཤེགས་འདུས་པའི་དབང་བསྐུར། དུང་དཀར་གཅིག་གཏད་ནས་ད་སོང་ཞིག་གསུངས་པའི་ཉམས་སྣང་དཔག་ཏུ་མེད་པ་བྱུང་། ཆོས་གསན་པའི་བླ་མ་ནི། ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ། རྒྱ་སྨྱོན་པ་དོན་ལྡན། ཞིག་པའི་ཉི་མ་སེང་གེ་མཆེད། བླ་མདར་སྟོན། མལ་ཀ་བ་ཅན་པ། སློབ་དཔོན་གྲགས་དང་། ཆོས་ཀྱི་རྡོ་རྗེ། སློབ་དཔོན་འདུལ་བ་འཛིན་པ། རྒྱལ་སྲས་ཁམ་བུ་དཔལ་བ། གུ་རུ་ཁྲོ་བོ་ཆེ། སྟོན་པ་ཁ་ཆེ་སོགས་ལ་སྔགས་མཚན་ཉིད་མང་བ་ཞུས། གྲུབ་ཐོབ་དངོས་(སྟོད་ཆ།༦༠༨)གྲུབ་མགོན་ལ་བདེ་འདུས་ཀྱི་གཏེར་ཀ་ཡོད་ཚུལ་ཞུས་པས། དེ་དང་འབྲེལ་བའི་བཀའ་མ་རྫོད་ཕྲང་སྐོར་ཡོད་ཚུལ་དང་། ལྷ་སའི་ཐུགས་རྗེ་ཆེན་པོའི་གླིང་ནས་ཐུགས་རྗེ་ཆེན་པོའི་ཟབ་ཆོས་ཤོག་སྒྲིལ་ལྔ་གཏེར་ནས་བཏོན་གཏེར་བདག་ཁྱེད་རང་ཡིན་ཟེར་ཕུལ། བུམ་ཐང་དགེ་བསྙེན་བྲག་བཙན་ནས་རྫོགས་ཆེན་གུ་རུ་བཞི་པས་སྣ་དྲངས་པའི་ཆོས་དང་སྒྲུབ་སྐོར་སོགས་གཏེར་ཁ་ཆེན་པོ་ཞིག་སྤྱན་དྲངས། སྨན་སྒྲུབ་མཛད་སྐབས་སྨན་གྱི་ལྷ་མོས་ཨ་རུ་ར་རློན་པ་ལོ་མ་ཅན་དངོས་སུ་ཕུལ། སྐུ་ལུས་ཀྱི་སྐྱིལ་ཀྲུང་མ་ཞིག་པར་ནམ་མཁར་འབྱོན་པ་དང་། ཞབས་ས་ལ་མི་རིག་པ་སོགས་ཀྱི་རྫུ་འཕྲུལ་བསྟན། བཀའ་འབུམ་ཆོས་འབྱུང་ཆེན་མོ་རྣམ་ཐར་དྲི་མེད་སོགས་དང་། བུ་སློབ་ཕྱི་མ་འདྲས་མཛད་པའི་འཁྲུངས་ས་འདྲ་ཁ་ཤས་བཅས་གསུངས་རྩོམ་རིགས་མང་། ཕྱིས་ནམ་མཁའི་མཐའ་དང་མཉམ་པར་སོང་བས་དུས་དེ་ཙ་ན་གསང་སྔགས་འཆང་བའི་གཟུགས་སུ་གནས་པ་གཉིས་ལམ་དུ་འདྲིས་རྨེད་བྱེད་ལའང་ཁྱོད་ཅག་གཏེར་ཁ་གོང་འོག་གང་གི་ལུགས་ཡིན་ཞེས་འདྲི་བ་བྱུང་། བསྟན་པའི་བྱ་བ་དང་རྫུ་འཕྲུལ་གྱི་ནུས་པ་བསམ་གྱིས་མི་སྟེ་རྣམ་ཐར་གྲགས་པ་ཆེ་བས་དེ་ཙམ་གྱིས་མཚོན་པར་ནུས། སློབ་མ་ནི། གཉོབ་སེ་སྟེན་ཁྲི་མཆོག་སྟེ་བཀའ་བབས་ཀྱི་བུ་ལྔ། སྲས་ཆུང་བ་མངའ་བདག་འགྲོ་མགོན་ནམ་མཁའ་དཔལ་ནི་སྨིན་གྲོལ་ཡོངས་རྫོགས་ཀྱི་བཀའ་བབས་གཏད་པའི་བསྟན་པའི་བདག་པོ་ཡིན། དགུང་ལོ་རེ་དགུ་པ་ཤིང་ཕོ་བྱི་བའི་ལོ་ལ་རྫུ་འཕྲུལ་གྱི་བཀོད་པ་རྒྱ་ཆེན་པོ་དང་། ཁྱད་པར་ཐུགས་ཀ་ནས་ཧྲཱིཿཡིག་དཀར་པོ་ཞིག་བདེ་བ་ཅན་དུ་གཤེགས་པར་བསྟན་ཏེ་སྐུའི་བཀོད་པ་(སྟོད་ཆ།༦༠༩)བསྡུས། སྒྲར་སྐུའི་སྤྲུལ་པ་རྒྱ་གར་ཤར་ཕྱོགས་སུ་བཀོད་པ་སྣ་ཚོགས་སྟོན་པའི་རྣལ་འབྱོར་པ་གཅིག །གསུང་གི་སྤྲུལ་པ་གུ་རུ་ཆོས་ཀྱི་དབང་ཕྱུག །ཐུགས་ཀྱི་སྤྲུལ་པ་ཡུལ་ཉེར་བཞི་ལ་སྤྱོད་པའི་རྣལ་འབྱོར་པ་གཅིག་སྟེ་གསུ་ཅིག་ཆར་དུ་འབྱུང་བར་ལུང་བསྟན། ལོ་ཙཱ་བ་ཆག་གིས་གདུང་བཞུས་པས་མེ་སྦར་བར་མ་ནུས། སླར་སྟོན་པ་མཆོག་གི་སྐུ་གདུང་བཞིན་མེ་རང་བྱུང་དུ་འབར། དེ་ལས་འཇའ་ཚོན་བྱུང་བ་ནུབ་ཕྱོགས་སུ་གཟུགས། གདུང་ཁང་ན་ཁྱེའུ་གཞོན་ནུ་རུས་པ་དང་རིན་པོ་ཆེའི་རྒྱན་ཅན་ཧ་རི་ནི་ས་སྒྲོག་པ་མཁའ་འགྲོ་མ་མང་པོའི་འཁོར་དང་བཅས་པ་ཀུན་གྱིས་མཐོང་། ལྷ་སའི་བཅུ་གཅིག་ཞལ་གྱི་ཐུགས་ཀ་དང་གདུང་ཁང་གཉིས་འཇའ་དཀར་པོས་ཏ་ལ་མར་འབྲེལ་བ་བྱུང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་གྲུབ་པའི་རྟགས་སུ། ཐུགས་ལྗགས་དང་དབུ་སྐྲ་ལ་ཞུགས་ཀྱིས་ཟ་བར་མ་ནུས་ཤིང་། རྟེན་དང་རིང་བསྲེལ་མཐའ་ཡས་པ་བྱོན་ཏོ། དེ་ནས་སྲས་འགྲོ་མགོན་ཡབ་ཀྱི་དགོངས་རྫོགས་པའི་བྱ་བ་ལ་བཞུགས་ཏེ། སྐུའ་ིརྟེན་རིགས་གསུམ་སེམས་དཔའ་མི་ཚད་དག་མཉམ་པ་ནཻ་པ་ལའི་ཡུལ་དུ་བསྐྲུན་ནས་སྤྱན་དྲངས། གསུང་གི་རྟེན་དུ་མདོ་མང་དང་རྒྱུད་འབུམ་གསེར་བྲིས་མ། ཐུགས་ཀྱི་རྟེན་དུ་སྐུ་འབུམ་མཐོང་གྲོལ་ཆེན་མོ་བཞེངས། རབ་ཏུ་གནས་པ་ལ་ཕ་ཆེའི་བསོད་སྙོམས་པ་ཆེན་པོ་མ་ཧ་པཎྜི་ཏ་ཤཱཀྱ་ཤྲི་སྤྱན་དྲངས་ནས་ཆོས་འཁོར་ཡག་བཙུགས། སྲས་འགྲོ་བའི་མགོན་པོ་ཉིད་ཀྱིས་གཙུག་ཕུད་ཕུལ། འོན་ཀྱང་ཕྲིན་ལས་འདི་ཀ་ཆེ་གསུངས་ནས་རབ་ཏུ་བྱུང་བར་མ་གནང་། གསེར་ཀ་ཊོ་རར་བླུགས་པའི་འབུལ་བ་དང་ཞབས་ཏོག་གྱ་ནོམ་པས་བསྟི་སྟང་དུ་བྱས། སླར་(སྟོད་ཆ།༦༡༠)པཎྜི་ཏ་གཤེགས་ནས་ཀྱང་ལྷོ་བྲག་དང་མོན་ཡུལ་གྱི་འདུ་བ་མང་པོས་གསེར་གྱི་འབུལ་བ་རྒྱ་ཆེན་པོ་བྱུང་བ་རྣམས་ཁྲོ་ཕུར་འབུལ་དུ་བྱོན་པས། པཎྜི་ཏ་ན་རེ། མཆོད་གནས་རང་གནས་སུ་ལྡོག་ནས་ཀྱང་འབུལ་བ་སླར་བསྐྱེལ་བ་ཇོ་སྲས་མི་བཟང་གསུངས་ནས་མཉེས་ཚོར་ཆེན་པོ་མཛད་སྐད། སྲས་འགྲོ་མགོན་ཉིད་སྤྱན་རས་གཟིགས་ཀྱི་སྤྲུལ་པར་ལུང་བསྟན། རྫུ་འཕྲུལ་ཤིན་ཏུ་ཆེ་བས་དགོངས་རྫོགས་སུ་དམིགས་ནས་ཤམ་པོའི་མདུན་གྱི་རྡོ་རྣམས་ནམ་མཁའ་ལ་ལུག་ཁྱུ་བཞིན་དུ་དེད། གཞན་གྱི་སྣང་ངོར་གང་ནས་བྱུང་ཆ་མེད་པར་སྐྱིད་ཆུའི་འགྲམ་དུ་རྡོ་སྐྱ་ཆགས་པ་ལ་ཇོ་བོའི་ཆུ་རགས་མཛད། སྔར་རྡོ་རྣམས་ིགས་མ་ནོར་བ་ཡོད་ཟེར། བལ་རིས་ཀྱི་ཐང་ཀ་ཐོག་ཚད་མ་བརྒྱ་དང་བརྒྱད་ཀྱང་བཞེངས། མཐུ་རྩལ་དང་ནུས་པ་ཤིན་ཏུ་ཆེ་ཞིང་ཆོས་སྐྱོང་བྲན་དུ་འཁོལ་བས། ཐོག་སེར་ལ་སོགས་པས་སྐུ་དགྲར་གྱུར་བ་དག་ཟླ་དུས་ལ་མི་ལྟོས་པར་ཉི་མའི་སྔ་ཕྱི་ལ་བཙན་ཐབས་སུ་བརླག་པར་མཛད་པ་སོགས་ཀྱི་ལོ་རྒྱུས་དུ་མ་ཡོད། ཐུགས་རྗེ་བསམ་གྱིས་མི་ཁྱབ་པས་གུ་རུ་ཆོས་དབང་སོགས་སྤྲུལ་པའི་སྐུའི་སློབ་མ་ཡང་མང་དུ་བྱུང་། འདིའི་སྲས་མངའ་བདག་བློ་ལྡན་འཇམ་དཔལ་གྱི་སྤྲུལ་པ་དང་། དེའི་སྲས་མངའ་བདག་བདུད་འདུལ་ཕྱག་རྡོར་གྱི་སྤྲུལ་པ་སྟེ། ཉང་རིན་པོ་ཆེའི་གདུང་བརྒྱུད་ལ་རིགས་གསུམ་མགོན་པའི་སྤྲུལ་པ་འབྱུང་བར་ལུང་བསྟན་པ་ཡིན་ནོ། །ཆོས་ཀྱི་བརྒྱུད་པ་ལའང་སྲས་བརྒྱུད་སློབ་བརྒྱུད་གནིས་ཀའི་ལུགས་ཡོད་དོ། །དེང་སང་གི་བར་དུ་དགའ་ཐང་ཤར་ནུབ་སོགས་ཀྱི་གདུང་རབས་མ་ཆད་པར་ཡོད་ལ། སྨྲ་པོ་ཅོག་པའི་གདུང་བརྒྱུད་ཆད་ནས་ཆོས་དབང་གི་གདུང་བརྒྱུད་པ་ཞིག་སྐུ་མག་ཏུ་བྱོན་པའི་ལོ་རྒྱུས་སྣང་ངོ་། ཡང་ཉང་གི་(སྟོད་ཆ།༦༡༡)གདུང་རབས་ཕྱི་མ་ཞིག་ཀོང་ཡུལ་དུ་གདུལ་བྱར་བྱོན་པ་ལས་ཆད་པའི་གདུང་བརྒྱུད་ཀོང་པོར་ཡང་ཡོད་ལ། བདག་གི་བླ་མ་ཀོན་སྨྱོན་རིག་པའི་རྡོ་རྗེ་ཡང་ཉང་གི་གདུང་ཡིན་ཅེས་རྗེ་ཉིད་ཀྱི་གསུང་ལས་ཐོས་སོ། ཆོས་བརྒྱུད་ནི་བོད་ཡུལ་གངས་ཅན་གྱི་ལྗོངས་འདིར་མ་ཁྱབ་པ་མེད་པར་གྱུར་པས་དེང་སང་གི་བར་དུ་རྒྱ་ཆེར་འཕེལ་བས་སྨྲོས་ཀྱིས་ག་ལ་ལངས་ཏེ་མཐའ་ཡས་པར་བཞུགས་སོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སྤུ་རངས་རྒྱལ་པོས་དབུས་ལ་གསེར་འདོད་འབྱུང་༔ སྡེ་པ་གྱེས་ཤིང་གནས་གཞི་ཐོབ་ཤ་བྱེད༔ གྲོམ་པ་རྒྱང་ལ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་དབོན་གསས་ཁྱུང་ཐོག་ཅེས་བྱ་འབྱུང་༔ འདིའི་དུས་རྟགས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་བོད་བཙུན་རྣམས་ལ་ཤམ་ཐབས་ཁྲལ་བསྡུས་ནས་གསེར་མང་པོ་ཕུལ་ནས་ཇོ་བོ་གདན་དྲངས་དུས་དེ་ཡིན་པར་འདོད། དབོན་གསས་ཁྱུང་ཐོག་ཡིན་ཟེར་བ་གཉིས་གསུམ་ཞིག་བྱུང་ཡང་། གཏེར་སྟོན་འདི་སྔོན་ཆད་འདི་ཡིན་ཐག་ཆོད་ཀྱི་གསལ་ཁ་མ་བྱུང་། འགའ་ཞིག་གིས་རྒོད་ལྡེམ་ཅན་ལ་ངོས་འཛིན་པར་འདུག་མོད། དུས་སྔ་ཕྱི་མི་འགྲིགས་པར་འདུག་ཀྱང་བབས་ལ་བརྟགས་ན་འབྲེལ་ཆགས་ཙམ་ཞིག་སྣང་བས། སླར་དཔྱད་པར་ཞུའོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ རྒྱ་གར་ཕྱིན་ཀུན་ཀྱང་ལོ་ཙཱ་ཞེས༔ བོད་ཀྱི་མཁས་བཙུན་ཐམས་ཅད་ས་མཐར་འཁྱེར༔ ཧོར་དག་ཡོན་མཆོད་ཁྲིམས་གསར་སྦྲེལ་བ་འོང་༔ ནང་གནག་པྱི་དཀར་དུང་དཀར་སྙེ་མ་བཞིན༔ བོད་ཀྱི་བསོད་ནམས་མར་མར་བྲི་བའི་དུས༔)༦༡༢)པདྨ་ཤེལ་ཕུལ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ར་མོ་ཤེལ་སྨན་ཞེས་བྱ་འབྱུང་༔ གཏེར་སྟོན་འདི་ཡར་སྟོད་ར་མོའི་སྨན་ཆུ་ཁར་སྐུ་འཁྲུངས༔ གཟིམས་ཁང་ན་སྨན་སྒྲུབ་མཛད་པའི་ཤུལ་ད་ལྟ་ཡང་ཡོད་ཟེར། པདྨ་ཤེལ་ཕུག་སྟེ་ཤེལ་བྲག་དང་། སྨན་ཆུ་འོད་གསལ་རྫོང་སོགས་ནས། བླ་རྫོགས་ཐུགས་གསུམ་གསོ་བ་རིག་པ་སོགས་གཏེར་ཆོས་མཐའ་ཡས་པ་ཞིག་བཞུགས་ཀྱང་། ཐོག་མ་ནས་གསོ་དཔྱད་དང་ཕན་བྱ་གནོད་བྱའི་སྐོར་མང་པོ་ཉམས་སུ་བླངས་པས་ཆོས་ཀྱི་འགྲོ་དོན་མ་བྱུང་སྟེ། གུ་རུ་ཆོས་དབང་ལ། ཡབ་སྤག་སྟོན་གྲུབ་པའི་དབང་པོས་བསླབ་བྱ་མཛད་པ་ན། གཏེར་སྟོན་ར་མོ་ཤེལ་སྨན་གྱི་དཔྱད་ཉུག་ཉུག་མཛད་པས། རྗེས་སུ་ལྷ་རྗེ་ཁྱུག་ཙམ་ཞིག་ལས་མ་བྱུང་གསུངས་པ་འདིས་ཀྱང་འགྲོ་དོན་མ་བྱུང་བར་གསལ་མོད། འོན་ཀྱང་སྨན་དཔྱད་ཆུ་ནད་པ་བཅོས་ཐབས་གསང་སྨན་སོ་སོའི་ངོས་འཛིན་མ་འཁྲུལ་བ་བཅས་དེང་སང་བར་དུ་བཞུགས་ལ། འབམ་ལབ་བཅོང་གིས་བཅོས་ཐབས་ཀྱང་འདིའི་གཏེར་མ་ཡིན་པར་སོག་ཟློག་པས་བཞེད། ཧོར་དང་ཡོན་མཆོད་སོགས་པཎ་གྱི་དུས་ཙམ་ལ་འཛིན། བོད་ཀྱི་མཁས་བཙུན་ས་མཐར་འཁྱར་བས་བོད་ཀྱི་འཆད་ཉན་ལ་ཅུང་ཟད་གནོད་པ་དང་། དུས་དེར་རྒྱ་གར་ལམ་ཕྱིན་པར། དབྱར་ཚད་པར་འཇིགས་ནས་མང་ཡུལ་དུ་བསྡད། དགུན་བལ་པོར་ཕྱིན་ནས་ལོ་ཙཱ་བར་གྲགས་པ་མང་པོ་བྱུང་བ་དེ་རྣམས་ལུང་བསྟན་པ་ཡིན་ཅེས་ཟེར་མོད། ཀོང་པོ་སྒོད་ཚང་བས་ཀྱང་། བོད་ཀྱི་མཁས་བཙུན་མང་པོས་རང་གིས་ཆོས་ཉམས་ལེན་མི་བྱེད་པར་(སྟོད་ཆ།༦༡༣)ལོ་ཙཱ་མིང་བཏགས་སུ་བྱས་ནས་རྒྱ་གར་དུ་ནི་མ་བགྲོད་པས་བལ་ཡུལ་སོགས་ས་མཐའ་རྣམས་སུ་འཁྱམས་ནས་ཁེ་དྲག་བསྒྲུབ་པ་མང་པོ་འབྱུང་བར་ལུང་བསྟན་པ་དང་། བོད་ཀྱི་གང་ཟག་ཕྱི་ཚུལ་ཞི་དུལ་དང་ཆོས་ཚུལ་བཞིན་སྤྱོད་པའི་གཟུགས་བསྟན་ཀྱང་ནང་གི་སེམས་རྒྱུད་ལས་སུ་མ་རུང་པས་ཕྱི་དཀར་ནང་ནགས་རྣམས། སརྫི་ཀ་དུད་ཀིའི་རྙི་མ་ལ་དཔེ་མཛད་པ་ཡིན་པས། དཀར་པོ་རྣམ་གསུམ་སོགས་ལ་ག་ལ་ཟེར། དུང་དཀར་ལ་སྙེ་མའི་སྒྲ་སབཡར་དོན་ག་ལ་མཆིས་ཏེ། ཞེས་གསུངས་སོ། འོན་ཀྱང་ཁོ་བོས་སེམས་ལ་རྒྱ་གར་མ་ཕྱིན་མིན་པ་འདྲ་ཞིང་། རྒྱ་གར་ལ་ཕྱིན་ཟེར་བ་ཨེ་ཡིན་སྙམ་སྟེ། དུས་དེ་ཙམ་ན་ཤེས་རབ་ཅུང་ཟད་ཡོད་ཚད་རྒྱ་གར་ལ་འགྲོ་བའི་སྲོལ་ཆེན་པོ་ཞིག་བྱུང་སྣང་སྟེ། ཀུན་མཁྱེན་འཇིགས་མེད་གླིང་པས། བོད་ལ་བསྟན་པ་ཕྱི་དར་གྱི་སྐབས་ཤིག་ཙ་ན་རྒྱ་གར་ལ་བློས་གྲོས་ཅུང་ཟད་རྣོ་ལ་གསེར་ཟོང་རྙེད་པའི་རྐང་པ་ཡང་བ་ཐམས་ཅད་ཀྱིས་དེང་སང་ཁམས་པ་གནས་སྐོར་བ་ལ་ལུད་པ་བཞིན་ལྷག་པར་འགྲོ་བ་ཞིག་ཀྱང་བྱུང་། ཞེས་གསུངས་པ་བཞིན། ལུང་བསྟན་ནི་དེ་ལ་དགོངས་ནས་གསུངས་ཀྱང་། ལ་ཡིག་དང་མ་ཡིག་ནོར་ནས་དཔེ་ངན་རྒྱུན་འབྱམས་སུ་སོང་བ་འདྲ་སྙམ་པས་དཔྱད་པར་ཞུའོ། ནང་ནག་ཕྱི་དཀར་ནི་ཆོས་འབྱུང་སྔ་མ་རྣམས་སུ་ས་སྐྱའི་དཔོན་ཆེན་རྣམས་ལ་ངོས་འཛིན་པར་སྣང་སྟེ། འདི་སྐབས་དཔོན་ཆེན་འགའ་ཞིག་གིས་བདེ་གཟར་མང་དུ་སློང་བ་དང་། གསེར་ཡིག་པ་སོགས་ཀྱིས་མནར་གཅོད་མང་དུ་བྱུང་བ་ལ་དགོངས་པ་འདྲའོ། ཞེས་ཆོས་འབྱུང་སྔོན་མ་རྣམས་ལས་འབྱུང་ངོ་། གཞན་དུ་ན་རྗེ་བཙུན་ས་སྐྱ་པ་ཆེན་པོས་སྐུ་སྲོག་བློས་བཏང་སྟེ་བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ན་ཐུགས་ལ་བརྣགས་ནས་ཧོར་ཡུལ་(སྟོད་ཆ།༦༡༤)དུ་བྱོན་པ་དང་། ལྷ་སྲས་སྐྱེ་བ་ཧོར་སེ་ཆེན་རྒྱལ་པོས་འཕགས་པ་རིན་པོ་ཆེ་གདན་དྲངས་པ་སོགས་ཀྱིས་བོད་སྤྱིའི་བསྟན་འགྲོའི་ཕན་བདེའི་རྩ་ལག་ཏུ་གྱུར་བ་ཡིན་ཏེ། ཨོ་རྒྱན་སངས་རྒྱས་གཉིས་པས་ཀྱང་། ཀུན་དགའ་སྙིང་པོ་ས་སྐྱ་ལོ་ཙཱ་དང་། བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་ཞེས། རིགས་གསུམ་མགོན་པོའི་སྤྲུལ་པ་གཙང་དུ་འབྱུང་། ཞེས་དང་། ས་སྐྱར་ལོ་ཙཱ་ཀུན་དགའི་མིང་། འཕགས་པའི་མིང་ཅན་གཉིས་བྱུང་ནས། བོད་འབངས་སེམས་ཅན་བདེ་ལ་ཕན། སངས་རྒྱས་བསྟན་པ་ལྔ་བཅུར་འཛིན། འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཡིན། ཞེས་ལུང་གིས་བསྟན་པའི་ཕྱིར། རྗེ་བཙུན་གོང་མ་འདི་དག་ནི་ཨོ་རྒྱན་ཉིད་དང་དབྱེ་བ་མེད་དོ། །ལར་ཡང་དུས་དེ་ཙམ་ལ་ལོ་པཎ་མང་པོ་བྱུང་ཞིང་། བོད་ཀྱི་མཁས་བཙུན་ཀྱང་རྒྱ་ཧོར་གྱི་ཡུལ་དུ་བྱོན་པ་མང་དུ་བྱུང་སྣང་བས། དེ་དག་སྤྱིར་ལུང་བསྟན་པ་ལས་མཐའ་གཅིག་ཏུ་འཛིན་པའི་ཤེས་བྱེད་ཀྱང་མེད་དོ། ར་མོ་ཤེལ་སྨན་འདི་གུ་རུ་ཆོས་དབང་ལས་སྔ་ཙམ་ལ་བྱོན་པར་སྣང་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སྣ་ཐག་སས་བྱས་ཧོར་དམག་བོད་དུ་འོང་༔ ངན་སོང་ཟེར་ཡང་དེ་འདྲའི་སྡུག་བསྔལ་མེད༔ མི་ལ་སྲིད་བཅད་སྲིད་སྲུང་མང་དུ་ཡོད༔ སེམས་ཅན་ས་འོག་ནོན་པའི་དུས་ཙམ་ན༔ གནམ་སྐས་མཁར་ཆུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ཅེས་བྱ་འབྱུང་༔ ཞེས་འབྱུང་བའི་གཏེར་ཁ་འོག་མར་གྲགས་པ་གུ་རུ་ཆོས་ཀྱི་དབང་ཕྱུག་ནི། བསྟན་པ་སྔ་དར་གྱི་ཚེ་བོན་གཉའ་རེངས་བྱ་བས་བཙན་པོ་ཁྲི་སྲོང་ལ་ཐོག་པབ་སྟེ་བསྐྲོངས་པ ར་ཁས་བླངས་ནས། སློབ་དཔོན་པདྨ་(སྟོད་ཆ།༦༡༥)དང་། བི་མ་ལ། བཻ་རོ་གསུམ་ཀའི་སློབ་མར་གྱུར་པ་སྤང་རྗེ་བཙན་ཁྲོམ་བྱ་བའི་སྔགས་པ་ནུས་པ་ཅན་ཞིག་གིས་བོན་པོས་ཐོག་ལྒ་དུས་གཅིག་ལ་ཕབ་པ་སྡིགས་མཛུབ་ཀྱིས་བླངས་ཏེ་བོན་པོའི་གྲོང་ལ་རང་གཤེད་དུ་བཏང་ནས་བརླག་པར་བྱས། བཙན་པོས་དེ་ལ་བྱ་དགའ་ཆེན་པོ་མཛད། དེ་ལ་སྲས་སྤང་རིག་འཛིན་སྙིང་པོ་ཞེས་བྱ་བ་བྱུང་སྟེ། དེས་ཡང་འདུལ་གྱི་ལྷ་ཁང་བཞིིའི་མཆོད་གཉེར་མཛད། ལོ་སྐོར་རེ་ལ་མཆོད་པ་ལ་འབྱོན་པ་ལས་ཁོན་མཐིང་དུ་བྱོན་པའི་ཚེ་ལ་ཡག་རྫ་བར་གྱི་དཔོན་ཆེན་སྤྲད་པས་ནོར་གཞིས་མང་དུ་ཕུལ། ཚེ་སྔ་མའི་ཡུལ་ཡིན་གསུངས་ནས་བདག་གིར་མཛད། དེའི་སྲས་ཀུན་མཁྱེན་ཤེས་རབ་རྒྱལ་པོ་ནས་མཁྱེན་ལྡན་ནུས་པ་ཅན་བར་མ་ཆད་དུ་བྱུང་བའི་སྤང་སྟོན་གྲུབ་པའི་སྙིང་པོ་ཞེས་བྱ་བ་དེས་བླ་མ་སངས་རྒྱས་སྙི་སྒོམ་ལ་བདག་ཚངས་པར་སྤྱོད་པར་ཞུས་པས། དགེ་སློང་གི་སྡེ་བརྒྱ་ལས་བྱང་ཆུབ་སེམས་དཔའ་གཅིག་འགྲོ་དོན་ཆེ་བས་བྱང་ཆུབ་སེམས་པའི་གདུང་མ་བཅད་གསུངས། དེར་ཁྱིམ་ན་བཞུགས་པའི་ཚེ་མཁའ་འགྲོ་གར་གྱི་དབང་མོ་ལ་ཇོ་མོ་གྱིས་ཤིག་ཟེར་བའི་ལུང་བསྟན་བྱུང་། སླར་ནམ་མཁའ་ལ་གྱ་གྱུར་འགྲོ་བའི་གྲུབ་ཐོབ་ཀྱི་བརྒྱུད་པ་དཀར་བཟའ་མགོན་སྐྱིད་ཡིན་པར་ཤེས་ནས་བདག་གིར་བཟུང་བ་ལས། ལྷུམས་ནས་སྐྱེ་མེད་ཀྱི་ཡི་གེའི་སྒྲ་ཡང་ཡང་སྒྲོག་པ་དང་། མངའ་དར་གཏད་དེ་ཚིགས་སུ་བཅད་པ་སོགས་རྟགས་ཁྱད་པར་ཅན་བྱུང་། སྤྲེའུ་ལོ་དཔྱིད་རའི་བཅོ་ལྔའི་ཉི་ཤར་ལ་བལྟམས། མཚན་བརྗོད་གསེར་མ་ཞིག་བྲི་ཞིང་ཡོད་པའི་ཚིག་མཚམས་ལ་རྟེན་འབྲེལ་བརྟགས་པས། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། བྱ་བ་དང་ཐུག་ནས་(སྟོད་ཆ།༦༡༦)མཚན་དེར་བཏགས། མིག་མཐོང་མཁན་དག་གིས་ཀྱང་ལྷ་འདྲེས་མཆོད་པར་འདུག་ཅེས་ཟེར། ཡབ་ཀྱིས་འབྲི་གུང་འཇིགས་རྟེན་མགོན་པོ་ལས་ཕུར་པ་རྩ་རྒྱུད་ཉན་པའི་ཚེ། ཁྱོད་ཀྱི་བུ་ཐ་ཆུང་ཞིག་ལ་ཆོས་སློབས་ཤིག །དེས་ཕྲིན་ལས་འབྱུང་ངོ་ཞེས་ཀྱང་གསུངས། དེ་བཞིན་དུ་མལ་ཀ་བ་ཅན་པ་ན་རེ། དགེ་བཤེས་ལྷོ་པ་ཁོ་དེ་མདའ་ལྔ་དང་གཞུ་གཅིག་ཆགས་ཀྱིས་དང་། དགྲ་བོའི་སྙིང་ལ་ཕོག་པའི་མདའ་གཅིག་འོང་ཞེས་གསུངས། ཞང་རིན་པོ་ཆེས་དགེ་བཤེས་ལྷོ་ཆུང་བ་ཁྱོད་ཀྱི་བུ་ངས་བྱའམ། ཀུ་རེ་ཡིན་ཁྱོད་ལ་ང་འདྲ་བའི་བུ་གཅིག་འོང་གསུངས་པ་སོགས་ལུང་བསྟན་མང་པོ་ཐོབ། ལོ་བཞི་ནས་ཡབ་ལས་འབྲི་ཀློག་བསླབས། སྨྲ་སྒོ་མཚོན་ཆ། རིག་ཀླག་སྡེ་ལྔ། བི་བརྟ་ཆེན་མོ་སོགས་སྒྲའི་བསྟན་བཅོས་བཅུ་གསུམ། སྐྱེ་བ་གསོ་ཐིགས་སོགས་ལུགས་ཀྱི་བསྟན་བཅོས་བཅུ། ནག་རྩིས་དང་། སྨན་དཔྱད་བཀའ་གཏེར། རྒྱལ་རབས་སྡེ་བདུན། ལྡེ་རྒྱུད་ཆེན་པོའི་སྒྲུང་འབུམ་སོགས་གླུ་གར་གྱི་བསྟན་བཅོས་བརྒྱ་དང་བཞི། བོན་གྱི་གཞུང་ཆེན་བདུན་ཅུ་དོན་ལྔ། མདོས་གཞུང་ཆེན་པོ་བརྒྱ་ཕྲག །གསང་སྔགས་ཕྱི་ནང་གི་ཐིག་རྩ་མང་པོ། ཕུར་པའི་སྐོར་སོང་ཆེན་བཞི་ལ་སོགས་པ་ཐོས་པ་མང་པོ་མཛད། དགུང་ལོ་བཅུ་པ་ལ་གསར་མའི་པྱག་རྡོར་ལུགས་དྲུག་གསན་ཏེ་བསྒྲུབས་པས་བུམ་ཆུ་ཁོལ། གཤིན་རྗེའི་གཤེད་དང་ཕུར་པ་ལ་བསྙེན་པ་ཚད་དུ་བསྐྱལ། བཅུ་གཅིག་པ་ལ་སྒྱུ་འཕྲུལ་གྱི་དབང་རྒྱུད་མན་ངག་ཐམས་ཅད་རྫོགས། བཅུ་གཉིས་ལ་ཀ་ཀ་ནི་གྲ་ལྔ། སྒྲུབ་ཐབས་བརྒྱ་རྩ་སོགས་མཁྱེན་པར་མཛད་ཅིང་ཡིག་བརྒྱའི་སྒྲུབ་པ་མཛད། བཅུ་གསུམ་པ་ལ་ཡང་དག་དང་མ་གཤིན་རྗེ་ཆེན་པོ་ལུགས་གཉིས་དང་། རྟ་མགྲིན་ལ་(སྟོད་ཆ།༦༡༧)སོགས་གསར་རྙིང་མང་པོ་གསན་ཞིག་བསྒྲུབས། བཅུ་གསུམ་པའི་དུས་ཉམས་སྣང་ལ་ཇོ་མོ་སྒྲོལ་མས་ཤེལ་མཁར་ཞིག་གི་རྩེར་ཁྲིད་པས་རྡོ་རྗེ་སེམས་དཔའ་དང་མཇལ། དེ་ནས་མཁའ་འགྲོ་མ་གདོང་པ་བཞི་པ་ཞིག་འདུག་པའི་མདུན་ཞལ་དཀར་པོ་ནས། སངསརགཡས་བསྟན་པ་ཁྱོད་ཀྱིས་བཟུང་། གཡས་ཞལ་སེར་པོ་ནས། དམ་ཆོས་དར་བ་ཁྱོད་ཀྱིས་གྱིས། རྒྱབ་ཞལ་དམར་པོ་ནས། དགེ་འདུན་དབུ་འཕང་ཁྱོད་ཀྱིས་བསྟོད། གཡོན་ཞལ་སྔོན་པོ་ནས། དུས་ངན་གདུལ་དཀའ་ཁྱོད་ཀྱིས་ཐུལ། ཟེར་ནས་མངའ་དཀར་པོ་སྒྲོ་ལྔ་པ་ཞིག་གཏད། དགུང་ལོ་བཅུ་བཞི་པར་ཏི་སེ་གྲོ་གྱང་པར་བར། ཚད་མ་དང་། མངོན་པ་ཀུན་ལས་བཏུས། སྤྱོད་འཇུག །དགྱེས་རྡོར་ལ་སོགས་པའི་གཞུང་ཆེན་པོ་དང་། ཕྱག་རྫོགས་ཞི་བྱེད་ཆོས་དྲུག་ལ་སོགས་པའི་མན་ངག་ཉན། མཐའ་སྐོར་བ་ལས་དབུ་མ་བདེ་ཆུང་། མཚུར་སྟོན་ཡབ་སྲས་ལས་ཨ་ཏིའི་སྐོར་སོགས་མདོ་སྔགས་གསར་རྙིང་གིས་བཤད་སྒྲུབ། ཡབ་ལས་ཞི་བྱེད་ཕྱག་རྫོགས་གཅོད་ཡུལ། གདམས་ངག་ངོ་སྤྲོད། བསྟན་སྲུང་དྲག་སྔགས་མཐའ་དག་ཉན་ཞིང་ཉམས་འོག་ཏུ་ཆུད་པར་མཛད། བཅུ་བདུན་པ་ལ་མངའ་བདག་འགྲོ་མགོན་དང་མཇལ་ཏེ་ཉང་རིན་པོ་ཆེ་ཉི་མ་འོད་ཟེར་གྱི་གཏེར་ཆོས་མཐའ་ཡས་པའི་བདག་པོར་གྱུར། བཅོ་བརྒྱད་པའི་ཚེས་པཎ་ལ་གནས་གཞི་སྒང་པོར་སེམས་བསྐྱེད་དང་། གྱང་གསེར་དུ་ཆོས་འབྲེལ། ལྷ་ལུང་གི་མཆོད་རྟེན་རྩར་རབ་གནས་ཐོབ། དེ་ནུབ་མནལ་ལམ་དུ་རྒྱ་ནག་རི་བོ་རྩེ་ལྔར་མེ་ཏོག་ཨུ་དུམ་ཝ་ར་འཚོལ་དུ་ཕྱིན་པས། ཨུཏྤ་ལ་སྔོན་པོའི་སྟེང་ནས་འཕགས་པ་འཇམ་དཔལ་གྱིས། ཛྙཱ་ན་ཀཱ་ཡ་དྷ་རྨཱ་ཧུ། ཆོས་ཀྱི་དབང་ཕྱུག་ང་ཡིན་ནོ། ང་ནི་ཁྱོད་ཀྱི་སེམས་རྟོག་གོ་(སྟོད་ཆ།༦༡༨)སེམས་རྟོག་ནི་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པའོ། །ཆོས་སྒོ་བསམ་གྱིས་མི་ཁྱབ་པའི་དོན་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་གོ །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་དོན་ཁྱོད་ལ་བཤད་ཟིན་གྱི་དེའི་དོན་ལ་དཔྱོད་ཅིག ཅེས་གསུངས་པའི་མོད་ལ་མནལ་སད་པས་ཆོས་ཐམས་ཅད་ཐོབ་པའི་ངེས་ཤེས་རྙེད། ཡུལ་གྲྭ། མངོན་པ་ལ་མཆོག་ཏུ་མཁས་པས་གྲ་བ་མངོན་ཤེས་སུ་གྲགས་པའི་སྡེ་སྣོད་འཛིན་པ་ཆེན་པོ་གཏེར་སྟོན་རྣལ་འབྱོར་གྱི་དབང་པོ་དེས་བསམ་ཡས་ནས་བཏོན་པའི་ཁ་བྱང་རིམ་པར་བརྒྱུད་པ་དགུང་ལོ་བཅུ་གསུམ་པའི་ཚེ་ཕྱག་ཏུ་བྱུང་། བར་དེར་ཁ་བྱང་དེ་ལ་བརྟེན་ནས་བླུན་པོ་གཟུ་ལུམས་ཅན་མང་པོས་འདོན་པར་བརྩམས་པས་ལ་ལ་ཤི། ལ་ལ་ཐོག་སེར་གྱིས་བྱེར་དགོས་པ་བྱུང་། ཁ་བྱང་དེ་ནང་དུ་བཞག་ན་ཆོ་འཕྲུལ་གྱིས་མི་ཚུགས། ལམ་འཕྲང་དང་། བཞི་མདོ་དང་། ཆུའི་དཀྱིལ་དང་། ས་འོག་ལ་སོགས་པར་བསྐྱུར་ཀྱང་། འབྱུང་བའི་གནོད་པས་མི་ཞིག བཟུང་དུའང་མ་བཏུབ་པས་བརླག་ཤོག་སེར་པོ་ཞེས་མིང་ཐོགས། ཡབ་ན་རེ། ཐམས་ཅད་བརླག་པའི་བརླག་ཤོག་སེར་པོ་དེས་ཅི་ཞིག་བྱ། ཀྱོད་འཆི་བབ་ཉོ་བ་ཨེ་ཡིན་གསུངས་ནས་ཕྲོགས་ཏེ་གཞན་དུ་སྦས། དེ་སླར་དགུང་ལོ་ཉེར་གཉིས་པ་འདིར་བརྐུས་ནས་རྟོགས་ལྡན་གཅོད་ཡུལ་བ་ཞིག་དང་འགྲོགས། དེ་ལ་བརྟེན་ནས་གནམ་སྐས་ཅན་ནས་ཡང་བྱང་བླངས། གཏེར་འདོན་པར་ཕྱོགས་པ་ན། གཏེར་སྲུང་ཀླུ་བདུད་མགོ་དགུ་པ་དང་། ཡེ་ཤེས་མཁའ་འགྲོ་མ་ཡུམ་གྱི་ཆ་བྱད་ཅན་གཉིས་ཀྱིས་ལྡེ་མིག་གཏད། ཀྱེ་ཚང་སྒོ་ཕྱེ་བས། གཏེར་བཅུད་བྱ་རྒོད་ཁྱུང་ཙམ་པ་ཞིག་བྱུང་། དེ་ལ་བཞོན་ནས་གདམ་རིམ་པ་བཅུ་གསུམ་གྱི་སྟེང་འཇའ་འོད་འཁྱིལ་བའི་གུར་ཁང་དུ་(སྟོད་ཆ།༦༡༩)སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་གཟིགས་རིག་པ་རྩལ་གྱི་དབང་ཐོབ། བདུད་རྩི་བུམ་པ་གཏད། དེ་ནས་གཏེར་བྱང་ལྟར་སྒོ་ཕྱེ་བས། ཁྲོ་ཆུའི་ཀླུ་བདུད་མགོ་དགུ་པ་ཁྲུ་གང་ཙམ་ཞིག་དང་། ཟངས་ཀྱི་གའུ་སྦལ་ལྕོང་ཤིག་གེ་ཅིག་དང་གནིས་བྱུང་བ་ལས། ཀླུ་གཟུགས་ཀྱི་ནང་ནས་གདམ་སྐོར་བཞི། ཟངས་གའུའི་ནང་ནས་མན་ངག་བརྒྱ་རྩ་བརྒྱད་སོགས་བྱུང་ངོ་། དེ་ནས་རིམ་པར་བླ་རྫོགས་ཐུགས་གསུམ་གྱིས་མཚོན་པའི་གཏེར་ཁ་ཆེན་པོ་བཅོ་བརྒྱད་ལ་དབང་བསྒྱུར། དེ་དག་ཀྱང་སྐལ་ལྡན་གྱི་སྐྱེ་བོའི་སྔོན་ན་ངོ་མཚར་ཆེན་པོའི་སྣང་བ་དང་འགྲོགས་ནས་བླངས་པ་དང་། ཕལ་ཆེར་གཏེར་བ་དག་ལ་ཐ་ཚིག་བསྒྲགས་གཞན་ལས་དག་སྐལ་བར་ལྡན་པ་རྣམས་མངག་གཞུག་ཏུ་བྱས་ནས་རྩོད་པ་མེད་པར་བྱུང་འབའ་ཞིག་གོ། དེ་ཡབ་ཀྱིས་ཚོར་ནས་ཁྱོད་ཀྱིས་གཏེར་ཐོན་ཟེར་བ། ཐོན་པ་རང་ཅི་ཞིག་ཐོན་ཁྱེར་ཤོག་གསུངས། ཟངས་སྒྲོམ་གཏད་པ་ནས་དཀར་ཆགས་ཀློག་དང་གསུངས། བཀླགས་པས། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་གཅིག་ཤེས་ཀུན་གྲོལ་ལམ་དེ་ཀློག་དང་གསུངས། རྒྱུད་ཀྱི་མགོ་ནས་བཀླགས་པས། ད་གོ་གོ་དེས་ཆོག་ཁྱོད་ལ་སྔར་གྲོས་སྣ་མ་ཐུང་པ་བཏབ་པ་ཡིན། ཕྱིས་གྱོད་ཤ་བསྣན་ཀྱང་ཚིག་རོ་ལས་མི་ཡོང་། ད་གཏེར་དེས་འཕུང་འཚེངས་གད་ཡིན་ཡང་ཟིན། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་བཀའ་རྩོད་མེད་དུ་འདུག །ཟབ་ཀྱང་ཁྱོད་ཀྱི་ཆོས་ལ་ང་རེ་མ་དགོས། ངའི་མདུན་མི་ལོ་བཞི་བཅུའི་བར་དུ་རུ་བཞིའི་བླ་མ་མཁས་གྲུབ་ཐམས་ཅད་ཀྱི་དགོངས་པ་བླངས། སྤྲོས་པ་ཆོད། འཁོར་འདས་ཀྱི་གཞི་རྩ་སེམས་ཉིད་གཅིག་བུ་འདིའི་སྟེང་དུ་ལ་ཟློས་ཟིན། ད་ཁྱོད་ངའི་ཁ་ལ་ཉན་པར་སོང་ན་བླ་རྫོགས་ཐུགས་གསུམ་འདིའི་མགོ་ཅི་(སྟོད་ཆ།༦༢༠)ཐོན་གྱིས། དེ་མིན་པའི་མཐུ་དན་སྔགས་སྒྱོགས་དང་། དཔག་ཆེན། ཐན་དང་ཆོ་འཕྲུལ། བཟོ་སྣ་ཀྱག་ཀྱོག་རྣམས་ཆོས་འདི་མགོ་མ་ཐོན་པར་ཁའི་ཟུར་ལའང་མ་འདོན། ཤེས་ཤེས་མང་ལ་མཐར་ཐོན་མེད་པ་འདི་མཐར་སྤྲང་པོར་འགྲོ་བ་ཡིན། སྤྱིར་གཏེར་ཆོས་ལ་ང་གནག་པ་ག་ལ་ཡིན། སངས་རྒྱས་ཀྱི་མདོ་རྒྱུད་ཀུན་ནས་གཏེར་ལོངས་གསུངས་རིག་འཛིན་གོང་མའི་ཕྱག་ལེན་ཡིན་ཏེ། སླར་ཡང་གཏེར་སྟོན་བློ་ཆུང་རེས་ཆོས་ལ་དག་མ་ཐོན་པར། ཞོགས་ཁྱེར་དང་ངོ་སོ་བྱས་ནས་འགྲོ་དོན་རླབས་པོ་ཆེ་མ་གྲུབ། རྒྱ་ཞང་ཁྲོམ་གྱིས་ངན་སྔགས་སྔོན་ལ་སྤེལ་བས་འགྲོ་དོན་གྱི་རྡུགས། ཀུ་ཚ་སྟོན་པས་སྨན་དཔྱད་བྱས་པས་ཆོས་ཀྱི་འགྲོ་དོན་གཡེལ། ར་ཤག་གཏེར་སྟོན་གྱིས་མདོས་ཆོག་བྱས་པས་ཕྱིས་མདོས་མཁན་དུ་སོང་། བོན་པོ་དྲག་རྩལ་གྱིས་སྔོན་ལ་བེ་ཧར་བསྒྲུབས་པས་མཐུ་མཁན་ལས་མ་བྱུང་དེ་འདྲ་ལ་ཟད་པ་མེད། རྒྱལ་བ་གོང་མས་གཞན་དོན་ལ་དམིགས་ཀྱང་གཏེར་སྟོན་རང་གི་གཏེར་ཆོས་རྩ་བའི་ཆོས་ཀྱི་གཞུང་མ་བསྲངས་པར་ཕྲིན་ལས་ཁ་ཁྱེར་དུ་བཏང་བས་གོ་མ་ཆོད་དུ་སོང་། ཆོས་བྱས་ན་ཆོས་སྐྱོང་ཞོར་ལ་ཡོང་། མཐུ་ཡག་མ་བསྒྲུབས་པར་འོང་བ་ཡིན། དེ་ཆོས་སྐྱོང་རང་གིས་དམ་བཅའ་ཡིན་པས་སོ། བློ་རྩས་རྩུབ་མ་མང་པར་བླ་རྫོགས་ཐུགས་གསུམ་གྱི་ཉམས་ལེན་ལ་འབུངས་ཤིག །མངའ་བདག་ཉང་ཡབ་སྲས་མིས་འཁུར་བ་འདི་ཁོས་ཐུགས་རྗེ་ཆེན་པོ་བསྒྲུབས་པས་བྱུང་བ་ཡིན། གཏེར་སྟོན་གྱི་མ་རྡུག་ཙམ་དེ་ཁོ་ན་ཡིན། ངས་ལོ་དྲུག་གི་གོང་ནས་འགྲོ་བྱས་པི་དུས་ཚོད་དེ་ཟླ་བ་གཉིས་ཙམ་ནས་སླེབས་ཡོང་། མི་ཚོས་གཏེར་རྔར་ཡིན་ཟེར་ཡོང་སྟེ་རྟོག་པ་དེ་མི་དགོས། ང་ཡན་ཆད་ཀྱི་སྤང་མི་རགས་བཅུ་གསུམ་སོང་སྟེ་ནང་གི་གྲུབ་(སྟོད་ཆ།༦༢༡)རྟགས་མ་བྱུང་བ་མེད། ང་ཡང་ཞན་ཤོས་མིན་ཙམ་འོང་གསུང་སྐད། དེར་མངའ་བདག་འགྲོ་མགོན་གྱིས་གཏེར་གྱིས་ཉམས་ང་ཆེ་གསུངས་ནས་གཟིགས་པས་མཆོག་ཏུ་མཉེས། ལུང་བསྟན་ལས་ཧོར་དམག་འབྱུང་ཚུལ་ཡོང་བསློབ་དཔོན་མཐའ་སྐོར་བས་མཐོང་ནས། ཧོར་ད་ལྟ་ཡུལ་ན་མེད་པ་ལ་ཟེར་སྐུར་བ་བཏབ་པས། ཐུགས་ཆད་ནས་གདམས་པ་སླར་སྦད་སེམས་པ་ན། བུ་མོ་གཉིས་ཀྱིས་རྟ་དཀར་གཤོག་པ་ཅན་ལ་བསྐྱོན་ནས་རྔ་ཡབ་དཔལ་རིར་ཁྲིད། ཨོ་རྒྱན་ཆེན་པོས་གསང་བ་ཡོངས་རྫོགས་ཀྱི་དབང་རྫོགས་པར་བསྐུར་ནས། ལམ་གྱི་ལམ་མཆོག་གཞན་དོན་ཡིན། འདི་ལ་སྒྱིད་ལུགས་སུ་སྐྱེས་པ། དེ་ཡི་བྱང་ཆུབ་རྒྱང་ཐག་རིང་། ཞེས་སོགས་ཞལ་གདམས་བསླབ་བྱས་དབུགས་ཕྱུང་། གནས་འདིར་མ་ཞེན་ཅིག་ཞེན་ན་སྐྱེ་བ་འཕོ་བའི་ཉེན་ཡོད་གསུངས་པའི་མདོ་ལ་འོད་ཕུབ་ལྟ་བུས་བཏེག་སྟེ་སྐད་ཅིག་ལ་སླེབས། སྤྱིར་གཏེར་ཁ་ཆེན་པོ་བཅོ་བརྒྱད་ཐུགས་གཏེར་དང་བཅུ་དགུར་བྱེད་པའི་སྡོམ་ནི། གནམ་སྐས་ཅན་དང་བྲག་དམར་རྟ་མགྲིན་ཞབས། མོན་མཁར་སྟེང་དང་རྟ་མགྲིན་དབེན་རྩའི་སྒོ། མཁོ་ཡི་གཤིན་དམར་རྟ་མགྲིན་སྒྲོམ་ཆོས་ལ། སྲས་མཁར་སྐྱ་བོ་པུག་རིང་ཕྱག་མཐེབ་མ། བསམ་ཡས་ཨརྱ་ལྕགས་ཕུར་མོན་བུམ་ཐང་། རྩིས་ཀྱི་ལྷ་ཁང་རོང་བྲག་ཧ་པོ་གངས། རང་གབ་དོན་གྱི་གཏེར་དང་བཅས་པ་སྟེ། ལས་འཕྲོས་དབང་གིས་ཆོས་དབང་བདག་དང་མཇལ། ཞེས་གསུངས་སོ། ཤིང་ཕོ་བྱི་བའི་ལོར་ཧོར་དོར་ཏོག་གི་དམག་གིས་སླེབས་པས་མ་འོངས་པ་མངོན་སུམ་དུ་གཏན་ལ་ཕེབས། སྐུའི་བཀོད་པ་དྲུག་ཅིག་ཆར་དུ་སྟོན་པ་དང་། རྡོ་ལ་(སྟོད་ཆ།༦༢༢)ཕྱག་ཞབས་ཀྱི་རྗེས་འཇོག་པ་དང་། ནམ་མཁའ་ལ་འཕུར་བ་སོགས་རྫུ་འཕྲུལ་མཐའ་ཡས་པ་བསྟན། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཕྱི་མ་ལྷའི་བུ་འོད་མཐའ་ཡས་སུ་སྐྱེས་པ་ནས་རིམ་པར་མངའ་བདག་ཉང་གི་བར་སྐྱེ་བ་བཅུ་གསུམ་ཐལ་ལེར་དྲན། སློབ་མའི་དམ་པ་བལ་ཡུལ་ཡཾ་བུ་བ་བྷ་རོ་གཙུག་འཛིན་ཞེས་བྱ་བ་ཞིག་ཡོད་དོ། དེ་ཉིད་བོད་དུ་གསེར་འཚོལ་བའི་ཕྱིར་འོངས་པ་ལ་མཁའ་འགྲོས་ལུང་བསྟན་ཏེ་གུ་རུ་ཉིད་དང་མཇལ། ཞག་བདུན་གྱི་བར་དུ་བླ་མ་ལོ་རྒྱན་དངོས་སུ་མཐོང་། གསུང་ཐོས་པ་ཙམ་གྱིས་རྟོགས་པ་ཤར། ནུབ་ཅིག་དབང་མཛད་པའི་ཚེ་ཁྱོད་ཀྱིས་ང་ཅིར་མཐོང་གསུངས། ཡི་དམ་དངོས་སུ་མཐོང་ཞུས་པས། འོ་ན་ཚོགས་གཏོར་གཞན་ན་འབུལ་ས་མེད་གསུངས་ནས་གནའ་བའི་ཤ་བུབས་ཕྱེད་ལ་སོགས་པའི་ཚོགས་རྫས་རྣམས་སྐད་ཅིག་གིས་བཞེས་ང་ཅིར་མཐོང་གསུངས། སངས་རྒྱས་དངོས་སུ་གདའ་ལགས་ཞུས་པས། འོ་ན་དབང་བཀུར་བྱའོ་གསུངས་མཆོད་རྫས་བསྡུས། དཀྱིལ་འཁོར་བཤིག་ཤུལ་དུ་ཕྲོ་བརྡུངས། བླང་དོར་མེད་པའི་སྤྱོད་པ་དང་། རྡོ་རྗེའི་དམ་ཚིག་ཆེན་པོི་གནས་ལ་སྐྲག་པར་མི་འགྱུར་བའི་ལས་ཅན་གྱི་སློབ་མའི་ཁམས་དང་བསམ་པ་མཁྱེན་ནས་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ཆེན་པོ་ནས་རྣམ་པར་སྣང་མཛད་དྲི་ཆེན་གྱི་ལྷ་བརྣམས་ཀྱི་སྒོ་ནས་ཕྱུང་སྟེ་དབང་བསྐུར་བས། བྷ་རོ་ལ་ལུས་སྦྲུལ་ཤུན་དོར་བ་ལྟ་བུའི་ཉམས་ཤར། དེ་བཞིན་དུ་རྡོ་རྗེ་གསང་བའི་མྱུར་ལས་ནས་དྲི་ཆུ་དོན་ཡོད་གྲུབ་པ་ལྕེ་ཐོག་ཏུ་བླུགས་པས་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཐོད་རྒལ་དུ་འབར་སྙིང་གར་ཕྱག་མཛུག་བཙུགས་ནས། ང་བྱ་བ་འདི་ངོས་ཟུང་ཞིག་གསུངས་པས་ཡམ་གྱི་འཛིན་པ་བུན་ལོང་དེར་ཞིག །ང་མཐོང་དོན་ལ་མ་(སྟོད་ཆ།༦༢༣)ཡེངས་ཤིག །དེ་ལ་སྒོམ་རྒྱུ་སྤུ་ཙམ་མེད། གསུངས་པས་རྫོགས་ཆེན་བྱ་བྲལ་རིས་མེད་ཀྱི་རྟོགས་པ་ལྷག་གེར་ཤར། ངེས་ཤེས་ཁྱད་པར་ཅན་སྐྱེས་ནས་ད་ནི་དུས་གསུམ་སངས་རྒྱས་བྱོན་ཀྱང་དབང་ཞུ་སྙམ་པ་མི་གདའ། རྒྱ་གར་དུ་འགྲོ་བའི་སྤྲོས་པ་ཡང་ཆོད་ཞུས་པས། འཁོར་བར་མི་འཁྱམ་པའི་སངས་རྒྱས་བྱུང་ན་མུ་སྟེགས་པ་ཡིན། ཁྱོད་རྒྱ་གར་དུ་སོང་ལ་བླ་མ་རྙེད་ན་བླ་མ་ཚོལ། སློབ་མརཉེད་ནསལོབ་མ་ཚོལ་ཞེས་གསུངས། ཞལ་ཏ་འདི་དོན་ཤིན་ཏུ་བཟང་པོར་སྣང་། ལར་ལབ་པོ་བྷ་རོ་འདི་ལས་སད་པའི་གང་ཟག་དད་པ་ཤིན་ཏུ་ཆེ་བས། གུ་རུའི་སྟ་ཟུར་ལ་ཁྲོ་བོའི་སྤྱན་མངའ་བ་དང་། མཁའ་འགྲོ་དང་ཆོས་བགྲོ་བ་སོགས་སྣང་བ་དག་པ་འབའ་ཞིག་ཏུ་མཐོང་། ལན་ཅིག་མངོན་སྤྱོད་འདི་དག་ལ་རྟགས་ཐོན་པ་མཆིས་སམ་ཞུས་པས། ལག་ལེན་དོན་ཐོག་ཏུ་ཕེབས་ཏེ་མ་ཎི་འདྲེན་ནས་དེ་སྒྲུབ་མ་ཁོམ་གསུངས། དེར་བལ་པོས་སྒྲོལ་བའི་ནུས་པ་སྟོན་པར་ཞུས་པས། རི་བོང་ཞིག་ཉེ་བའི་སར་འགྲོ་བ་ལ། ས་ལ་རི་བོང་གི་གཟུགས་གཅིག་བྲིས། ཁབ་ལ་སྔགས་ལན་བདུན་བགྲངས་ཏེ་གཟུགས་བརྙན་ལ་བཏབ་པས་རི་བོང་ཐུར་ལ་རིལ་ལི་ལི་འདྲིལ། ད་སྒྲིབ་པ་སྦྱང་དགོས་ལོང་ཤོག་གསུངས་ནས་བཏགས་གྲོལ་བཏགས་ཏེ་ཚོགས་དང་བསྔོ་བས་རྗེས་སུ་བཟུང་། དེ་འདྲ་བ་མི་ལ་བྱུང་ན་འཇིགས་ཞུས་པས། མི་དང་ཕྱི་བ་འདྲ་གསུངས་ནས་ཕྱི་བའི་གཟུགས་བརྙན་ལ་སྔར་བཞིན་མཛད་པས་ཕྱི་ཁུག་ནས་རོ་བྱུང་། བྱས་ན་འདི་འདྲ་བ་འོང་སྟེ་སེམས་ཅན་ལ་གནོད་པས་སུ་ལའང་མི་སྟེར། དགྲ་ལའང་འཚང་རྒྱ་བའི་མཐུ་ལས་གཞན་མི་བྱེད། འདི་དུད་འགྲོར་སོང་བས་གནས་སྤར་བ་ཡིན། གཞན་མི་ལུས་ཐོབ་པ་ནི་ཤིན་ཏུ་དཀའ། སྲོག་བཅད་པའི་(སྟོད་ཆ།༦༢༤)སྡིག་པ་ནི་མཐའ་ཡས། གཅིག་ཤི་བས་མི་ཆོག་དེའི་ཉེ་འཁོར་ཐམས་ཅད་སྡུག་བསྔལ་བ་ཡིན། དགྲ་ལའང་མཐུ་མི་བྱེད་ཀྱི་སྟེང་དུ་སླར་ལ་སྙིང་རྗེ་བསྐྱེད་དགོས་པ་ཡིན་གསུངས་ནས་བྱང་ཆུབ་སེམས་དཔའི་སྤྱོད་ཕྱོགས་ལྷག་པར་དང་དུ་ལེན། རང་དོན་དུ་མཐུ་དང་མངོན་སྤྱོད་མི་མཛད་པའི་དམ་བཅའ་ཤིན་ཏུ་བསྟན་པ་ཡིན་ཏེ། ཐུགས་རྗེ་ཡུལ་ལ་འཇུག་པའི་ཆ་ནས་ངན་སོང་གསུམ་ཡང་ཐུགས་རྗེས་བསྒྲལ། ཞེས་པ་སྟེ་གུ་རུ་ཆེན་པོ་དིས་མངོན་དུ་མཛད་དེ། ལས་ཀྱི་ལུས་དུག་ལྔའི་ཕུང་པོ་ཅན་དེ་བསད། རྣམ་པར་ཤེས་པ་ཆོས་ཉིད་ཀྱི་ཀློང་དུ་གསོལ་ནས་འཁོར་བ་མཐའ་ཅན་དུ་མཛད་པས་གསད་གསོའི་ནང་ནས་ཀྱང་ངོ་མཚར་ཆེ་བ་ཞིག་ཡིན། བལ་པོ་བྷ་རོ་ལྡོག་ཁར་གསེར་དྲུག་ཅུ་ཐམ་པ་ཕུལ་ནས་རྒྱ་བལ་དུ་ལྡོག་པ་ལ་བར་ཆད་མེད་པའང་ཞུ་བྱས་པས། གསེར་ཕྱེད་ཕྱེ་དང་བསྲེས་ནས་སྦྱིན་སྲེག་མཛད། སེར་སྣའི་མདུད་པ་རྩ་བ་ནས་གྲོལ། ལར་འདི་དཀོན་མཅོག་ཡོད་པར་ཡིད་ཆེས་པར་སྟོན་པའི་མཛད་པ་ངོ་མཚར་ཅན་ཡིན་ཏེ། གཏོང་བ་ལ་གོམས་པ་རྣམས་ཀྱིས་ཀྱང་དཀོན་མཆོག་ལ་དམིགས་ནས་རྫས་དངོས་མེད་དུ་གཏོང་བ་ལ་རྣམ་པའི་ཆ་ནས་ཡིད་གཉིས་ཡོད་པ་ལྟར་མི་སྟོན་ཡང་དོན་དངོས་པོར་སྣང་བའི་དགེ་བའི་ཕྱོགས་ལ་དགའ་བར་བྱེད་པ་འདི་ཀ་ཅུང་ཟད་བློ་ལ་འཕྲིག་ཆགས་པ་ཡིན། དེར་བྷ་རོ་ལ་སྦྱིན་སྲེག་གི་ཐལ་བ་ཕངས་སེམས་མ་བྱེད་པར་ཆུར་སྦྱོངས། ལམ་དུ་ཟས་སྟེར་བ་ཞིག་འོང་། དེ་བདག་གིར་གྱིས་ཤིག་གསུང་བ་ལྟར་བྱས་པས་བབུ་མོ་གཅིག་གིས་ཉུང་མ་ཞིག་བྱིན། དེ་གུ་རུ་ལ་ཕུལ་བས་རས་ཁོབ་ལ་ཆོས་ཤིག་གསུངས། རེ་ཞིག་ན་དེ་ཤར་གྱུར་ནས་རོ་མངར་ལ་ཤུགས་པ་ཅིག་བྱུང་། ད་ཁྱོད་ཀྱིས་དོན་དེས་གྲུབ། ངའི་ཡོན་ཏན་ཐུན་(སྟོད་ཆ།༦༢༥)མོང་མ་ིན་པ་མཐོང་བ་དེ་གཞན་ལ་མ་བཤད་ཅིག་གསུངས། སླར་བྷ་རོ་རྒྱ་གར་དུ་འགྲོ་བ་ལ་སྐྱེལ་ཐུང་མཛད་པས་ཡང་གསེར་ཞོ་གསུམ་ཕུལ། དེར་གུ་རུའི་ཞལ་ནས། མེ་ལ་བསྲེགས་པས་མཁའ་འ་གྲོ་མཉེས་ན། ཆུ་ལ་གཏེར་ན་དེ་བས་ཀྱང་དགྱེས་མཆི་གསུངས་ནས་གསེར་དེ་ཆུ་ལ་གཏོར། སྲས་ཀྱི་དམ་པར་གྱུར་པ་པདྨ་དབང་ཆེན་དང་། གཉལ་དུ་འཁྲུངས་པའི་ཉི་མ་འོད་ཟེར་སོགས་སྲས་བརྒྱུད་དང་། སྣོད་ལྡན་གྱི་བུ་དགུ་ལ་སོགས་པ་སྨིན་གྲོལ་དུ་མཛད། ཆུ་ཞལ་མགུར་གསུམ་ལ་སོགས་པའི་ས་སྐྱ། ཚལ་པ། འབྲི་གུང་། འབྲུག་པ། རོག་ཉི་སེང་། བར་སྟེང་བ། བོ་དོང་པ་སོགས་བླ་ཆེན་དང་། གཙང ་དབུས་ཀྱི་མི་ཆེན་མང་པོས་ཞབས་ལ་གཏུགས། གཙོ་བོར་མ་ཎི་འབའ་ཞིག་གིས་ཕྲིན་ལས་མཛད་དེ་བོད་ཡུལ་ཐམས་ཅད་ལ་ཐར་པའི་ས་བོན་རྒྱ་ཆེན་པོ་བཏབ། ཁྱད་པར་གྲུབ་ཐོབ་མ་ཎི་རིན་ཆེན་ཞེས་བྱ་བ་ལས་ཁམས་སུ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་རྒྱ་ཆེར་འཕེལ། བརྒྱ་བྱིན་དང་ཉི་ཟླའི་ལྷའི་བུས་ཀྱང་མཆོད་བསྟོད་བྱས། བོད་ཀྱི་ལྷ་འདྲེན་ཐམས་ཅད་ཀྱིས་བླ་མར་བསྐུར་ཞིང་སྙན་གྲགས་ཀྱིས་འཇིག་རྟེན་གཡོས། འགྲོ་བའི་བསོད་ནམས་གསོག་པའི་ཞིག་དུ། ཚོངས་དུས་འགུར་མོའི་ལྷ་ཁང་དང་། བསམ་འགྲུབ་བདེ་བ་ཆེན་པོའི་ལྷ་ཁང་གཉིས་ཀྱང་མཛད། ལ་ཡག་གུ་ཏུ་ལྷ་ཁང་དུ་གཙོ་བོར་གདན་ས་མཛད། ལྷ་སའི་ཇོ་ཤཱག་དང་མཚུངས་པ་ཙམ་གྱི་བྱིན་རླབས་ཅན་དུ་གྲགས་པའི་བསྟན་གཙོའི་སྣང་བརྙན་དང་པོར་འཕགས་པ་ཀླུ་སྒྲུབ་ཀྱི་ས་རི་བཏང་བཟུང་ནས་སྤྱན་དྲངས། བར་དུ་སློབ་དཔོན་ཆེན་པོས། སྟོང་པ་ཟམ་ཡང་དབེན་ནས་ཕྱུང་སྟེ། ཧ་བོའི་གངས་ལ་རྒྱས་བཏབ་པ་འདི་དགུང་ལོ་བདུན་པ་ས་ཕོ་འབྲུག་གི་ལོར་སྤྱན་(སྟོད་ཆ།༦༢༦)དྲངས་ཏེ་འགྲོ་བའི་དོན་དུ་བཞུགས་སུ་གསོལ། མ་འོངས་པ་ན་ཀླུ་ཡུལ་དུ་སྤྱན་འདྲེན་པར་བཤད། དེ་ལྟ་བུའི་ཐུགས་རྗེ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་ནས་མཛད་པ་བརྟུལ་བར་ཉེ་བའི་ཚེ། ཁོ་བོ་ཆོས་ཀྱི་དབང་ཕྱུག་ལ། སེམས་ཅན་རྣམ་རྟོགས་ཐ་དད་ཀྱིས། ལ་ལ་ཆོས་དབང་བདེ་ན་དགའ། ལ་ལ་ཆོས་དབང་བདེ་ཡི་དོགས། ཞེས་དང་། ཆོས་དབང་སེམས་ཉིད་རེ་དོགས་བྲལ། ཆོསདབང་སེམས་ལ་ཟུག་རྔ་མེད། བདེ་ན་དགའ་ཚོ་དགྱེས་པར་མཛོད། ཆོས་དབང་སེམས་ལ་སྐྱེ་ཤི་མེད། ཤི་ཡི་དོགས་ཚོ་དགྱེས་པར་མཛོད། །ཆོས་དབང་སེམས་ཉིད་ཆོས་དབྱིངས་ཤི། །མ་སི་དོགས་ཚོ་དགྱེས་པར་མཛོད། ཆོས་དབང་སེམས་ཉིད་འཕོ་འགྱུར་མེད། རྟག་ཏུ་རེ་ཚོ་དགྱེས་པར་མཛོད། ཆོས་དབང་སེམས་ལ་རང་བཞིན་མེད། རྟག་གི་དོགས་ཚོ་དགྱེས་པར་མཛོད། ཅེས་རེ་དོགས་རྩ་བ་ནས་ཟད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་བཞུགས། རང་གིས་བཞེངས་པའི་ལྷ་ཁང་འབད་པ་དོན་ལྡན་དུ་གྱུར་པའི་ཕྱིར་ཞབས་ཏོག་དགོས་པར་གདམས་ཤིག །གཙུག་ལག་ཉམས་རྐྱེན་བུ་ཡིས་བྱས་ཀྱང་ཐོན། ལྷ་ཁང་ཞབས་ཏོག་ཆོས་དབྱིངས་གཞལ་ཡས་སུ། ཞེས་དང་། ཀུན་བཟང་བདེ་ཆེན་ཆོས་དབྱིངས་གཞལཡས་སུ། །སྒྱུ་མའི་སྐྱེས་བུ་ཆོས་དབང་ད་ནི་སྡུད། ཅི་ཕྱིར་ལུས་འདིའི་གདུལ་བྱ་རྫོགས་རྫོགས་འདྲ། ལས་ངན་ཟད་པའི་རྟགས་ཀྱང་ལུས་ལ་སྨིན། རྨི་ལམ་མི་གཟུགས་ཆོས་དབང་ཡལ་ནས་འགྲོ། །དཔོན་སློབ་ཀུན་འདུས་ནོར་བུའི་ཚོད་ལེན་རྨིས། ང་དང་འབྲེལ་ཚད་བདེ་ཆེན་ཐོབ་པའི་རྟགས། ཞེས་དང་། བདག་གི་ཤ་རུས་ ༦༢༧)སྲན་ཚད་ཡུངས་འབྲུ་རེ། ལྷོར་སོང་ཐམས་ཅད་ལམ་འགྲོ་བདེ་ཆེན་བགྲོད། ཅེས་པ་ལ་སོགས་པའི་ཞལ་གྱིས་གདམས་པས་དབུགས་ཕྱུང་ནས་དགུང་ལོ་ང་དགུ་པ་ལ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་སོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ བྱ་རོག་རྫོང་དུ་དམག་གི་ཁྲིམས་རྔ་བརྡུང་༔ སྙིང་མེད་པོ་རྣམས་གསེར་ཕྱེ་ཆུ་ལ་འབོར༔ ཟངས་ཡག་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་། གཏེར་སྟོན་གུ་ཇོ་ཙེ་ཞེས་བྱ་འབྱུང་༔ གཏེར་སྟོན་འདི་སྐྱིད་སྨད་སྙེ་མདར་འཁྲུངས། སྐུ་ན་གཞོན་དུས་འབྱོར་པས་དབེན་པས་ཡུལ་དེའི་ར་ལུག་སྐྱོང་བའི་རྫི་བོ་མཛད། དེ་ནས་གཏེར་གྱི་ཁ་བྱང་རྙེད་ནས། སྐྱིད་སྨད་ལྷ་རིང་རྩེ་ལྔའི་ནུབ་ཕྱོགས། ངས་ཡག་བྲག་ནས་ཟབ་གཏེར་པུ་སྟི་སུམ་ཅུ་ལྷག་ཙམ་དང་། སངས་རྒྱས་ཀྱི་རིང་བསྲེལ་དང་། ཨོ་རྒྱན་གྱི་སྐུ་བརྒྱ་རྩ་བརྒྱད་ལ་སོགས་པའི་གཏེར་མང་དུ་ཐོན། འདིའི་ཆོས་བདག་གྱེ་རེ་ལྷ་པ་ཡིན་པས། ལྷ་སའི་ཞལ་ངོ་ལྷ་རིན་ཆེན་དབང་གིས་རྒྱལ་པོ་ལ་གཏེར་གྱི་རྫས་དང་བཀའ་རྣམས་གཏད་པས། ཕྱི་མོའི་བར་དུ་སངས་རྒྱས་ཀྱི་རིང་བསྲེལ་གྱེ་རེ་ལྷ་པའི་ཕྱག་ན་བཞུགས་ཤིང་། མཇལ་མི་མང་བས། དབུས་པ་རྣམས་ཀྱིས། ལྷ་སའི་དྲག་ཤོས་འཕེལ་གདུང་ཡིན། དེ་ནི་མགྲོན་པོ་འབོད་མཁན་ཡིན། ཟེར་བའི་ཁ་རྒྱག་ལབ་པའང་བྱུང་འདུག །གཏེར་ཆོས་དབང་ཕྱུག་གི་སྐོར་རྣམས་དེང་སང་ཡང་ཡོད། གཞན་བཞུགས་པ་མ་མཐོང་ཞིང་། གཏེར་རྫས་མང་པོ་དེང་སང་ཡང་མཇལ་རྒྱུ་འདུག་གོ །འདིའི་དུས་རྟགས། འཕགས་པ་རིན་པོ་ཆེའི་སྐུ་ཚེའི་སྨད་ཙམ་དུས་ཉེ་གནས་ཀྱི་རྒྱ་ནག་དུ་ཞུ་ལོག་ཕུལ་ནས། ཧོར་དམག་གིས་བྱ་རོག་རྫོང་།(སྟོད་ཆ།༦༢༨) ཕབ་དཔོན་ཆེན་ཀུན་དགའ་བཟང་པོ་ཉེས་མེད་དུ་བསད་པས། གསེར་ཕྱེ་ཆུ་ལ་འཕོ་དེ་ཡིན་ཅེས་བླ་མ་སོག་ཟློག་པ་ཆེན་པོས་གསུངས་ཤིང་། ལྔ་པ་ཆེན་པོས་ཀྱང་དེ་བཞིན་བཞེད། འགའ་ཞིག་གིས་སྙིང་མེད་པ་རྣམས་གསེར་ཕྱེ་ཆུ་ལ་འཕོ། ཞེས་པའང་། ཧོར་དམག་དེའི་ལོ་སྔོན་མའི་ནང་དུ་འཕགས་པ་རིན་པོ་ཆེ་ཞི་བར་གཤེགས་པས་ཉེ་གནས་ཀྱིས་ཧོར་དམག་དྲངས་པ་བླ་མས་མཁྱེན་དོགས་ནས་ལྐོག་ཏུ་བཀྲོད་པ་ཡིན་པར་བཞེད་པའང་སྣང་ངོ་། ཧོར་དམག་འདི་སོག་ཟློག་པས་བླ་མ་བདག་ཉིད་ཆེན་པོའི་དུས་སུ་བྱུང་བར་གསུངས་ཀྱང་དེ་ལས་སྔ་བར་བྱུང་འདུག་གོ །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ དཔལ་མོ་དཔལ་ཐང་མཚོན་གྱི་ཆར་པ་འབབ༔ གངས་པར་ཕུག་མོར་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་པདྨ་དབང་ཕྱུག་ཅེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་འདི་འཁྲུངས་ཡུལ་བྱར་དུ་འཁྲུངས་པར་གྲགས། རུས་རྒྱ། མཚན་པདྨ་དབང་ཕྱུག་སྟེ། རྒྱ་སྟོན་པདྨ་དབང་ཕྱུག་ཏུ་གྲགས་པ་འདིས། ཨེ་གངས་མར་ཕུག་མོ་ཆེ་ཞེས་པ་ནས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྐོར་མང་པོ་གདན་དྲངས་ཏེ། སློབ་དཔོན་པདྨས་མཛད་པའི་མགོན་པོའི་སྒྲུབ་ཐབས་དྲེགས་པ་ཟིལ་གནོན། གཤིན་རྗེ་སྲ་ཁོག་སྣང་གི་རྒྱུད་ནས་བཏུས་པའི་ཆོས་སྐྱོང་ལ་རུ་མཚོན་འཛུགས་ཐབས། ཕྲིན་བཅོལ། དམ་བདར། དམ་ཅན་ནང་མི་འཁྲུག་ཕྱིར་སྙིང་ཆུ་བསྲེ་ཐབས། ཆོས་སྐྱོང་གི་སྲོག་འཕྲོག་པ། བཅིང་བ། ཁྱི་བཞིན་འཁྲིད་པ། མི་འཁྲེན་པ།(སྟོད་ཆ།༦༢༩) རྩལ་འགྲན་དུ་གཞུག་པ་སོགས་མན་ངག་དུ་མ་ཡོད་པར་གྲགས་ཤིང་གཏེར་སྟོན་ནས། ལྷོ་པ་སྟོན་ཉི། རྒྱ་ཚ་ལུང་མང་པོ་སོགས་རིམ་པར་བརྒྱད། དཔལ་ལྡན་ས་སྐྱ་པར་བཀའ་བབས་ཤིང་། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་སོགས་ནས། ཀུན་སྤང་རྡོ་རིང་པ་ཆེན་པོ་དང་། ཚར་ཆེན་ཆོས་ཀྱི་རྒྱལ་པོ་སོགས་དང་དཔལ་ལྡན་ས་སྐྱ་རྣམས་ལ་དེང་སང་གི་བར་དུ་དབང་ལུང་གི་རྒྱུན་མ་ཉམས་པར་བཞུགས་སོ། །འདིའི་དུས་རྟགས་ནི། ས་སྐྱའི་དཔོན་ཆེན་ཨང་ལེན་གྱིས་དམག་བརྒྱབ་ནས་འབྲི་གུང་གླིག་མེ་ལ་སར་བའི་འབྲི་གུང་གླིང་ལོག་ཏུ་གྲགས་དེ་ཡིན་པར་བཞེད་དོ། འདུ་ཁང་མེར་སྦར་བས་གྲྭ་པ་ཁྲི་ཕྲག་ཙམ་ཞིག་གནམ་ཡངས་ནས་འཕུར་ཐུབ་པ་བྱུང་ཞིང་། དཔལ་མོ་དཔལ་ཐང་མཚོན་ཆར་ཡང་དཔལ་ཐང་དུ་སྟོད་ཧོར་འབྲི་གུང་པི་དམག་དཔུང་ཆེན་ཀུན་དགའ་བཟང་པོ་དང་ཨང་ལེན་གྱིས་བཅོམ་དུས་ཧོར་དམག་མང་པོ་བསད་པའི་རྣ་བ་ཡ་གཅིག་རེ་བཞུར་བས་དྲེལ་ཁལ་མང་པོ་བྱུང་ཟེར་བ་དེའི་དུས་ཡིན་པར་མངོན་ནོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སིལ་མ་ལ་ཀར་འཇགས་མའི་མི་ཆུང་སྐྱེ༔ སྨོན་ལ་ལ་ཀར་ཤེལ་གྱི་ཕ་བོང་རྟོལ༔ གཡའ་མ་སྤང་གང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་དོ་བན་རྒྱ་མཚོ་ཞེས་བྱ་འབྱུང་༔ ཞེས་གསུངས་པའི་གཏེར་སྟོན་འདི་ཡར་འབྲོག་དོར་འཁྲུངས་པས་དེ་བན་རྒྱ་མཚོར་གྲགས། འདིའི་གཏེར་གནས་འབྲོག་སྨད་མུ་ཏིག་གཡའ་མ་སྤང་གོང་སྟེ། ད་ལྟ་ཡར་འབྲོག་མུ་ཏིག་དགོན་པ་ཟེར། གཏེར་གནས་དེ་ནས་བླ་སྒྲུབ་སྐོར་དང་། རྫོགས་ཆེན་ཆོས་སྐོར་རྣམས་ཐོན་ཞིང་། སྒྲགས་ཡང་རྫོང་ནས་ཀྱང་གཏེར་(སྟོད་ཆ།༦༣༠)མང་དུ་བཏོན་པ་ཡིན་འདུག །འདིའི་དུས་རྟགས། སེལ་མ་ལ་ཁར་འཇགས་མའི་མི་ཆུང་སྐྱེ༔ ཞེས་པ་ནི། རྗེ་འབར་ར་བའི་ཡང་སློབ་མ་རྗེ་བཙུན་མོན་རྩ་བས། ས་དེར་སྒྲུབ་སྡེ་བཏབ་ཅིང་ཕྲིན་ལས་སྐྱོང་བའི་དུས་ཏེ་དེང་སང་འཐུད་དགོན་པ་ཟེར་བ་འདི་ཡིན་ཟེར། ཁོང་གི་གདུང་རུས་ལྗགས་ཡིན་པས་ཡུལ་སྐད་ལ་འཇགས་མ་ཟེར་ཏེ་ལྗགས་མའི་མི་ཆུང་སྐྱེ་ཞེས་དུས་དེ་ཙམ་ན་གཏེར་སྟོན་དེ་འབྱུང་བའི་རྒྱུ་མཚན་ཙམ་སྟེ། དྭགས་སྒོམ་སྙིང་པོ་ཞེས་པ་སོགས་དང་འདྲའོ། སྨོན་ལམ་ལ་ཀ་ཞེས་པའང་། དེ་དང་དུ་མཚུངས་སུ་དི་དང་ཉེ་བར་ལྷོ་བྲག་སྨོན་གྱི་སའི་ཆར་རྫོགས་ཆེན་ལ་རོ་ལུགས་འཛིན་པའི་སྒྲུབ་གྲྭ་ཞིག་བྱུང་བ་དེ་ལ་དགོངས་པ་ཨེ་ཡིན་སྙམ། འདི་རྡོ་རྗེ་གླིང་པ་དང་དུས་མཚུངས་སུ་བྱོན་པ་ཡིན་ནོ་ཟེར། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ རྒྱལ་པོས་མངའ་ཆུད་བོད་ཀྱི་མི་རྣམས་ཀུན༔ རང་གི་ལྟོ་གོས་གསན་ནས་ས་ཧོར་གོས༔ གནས་བརྟན་དམག་དཔོན་ཧོར་ལས་བྱེད་པ་འབྱུང་༔ རྡོ་བོད་མཚམས་སུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ར་ཤའི་སྟོན་པའི་མིང་ཅན་འབྱུང་༔ འདི་གཉལ་དུ་བྱོན་པ་ཡིན་ལ། ཆོས་དང་བོན་དང་སྨན་དང་རྩིས་ལ་སོགས་པ་མང་དུ་གདན་དྲངས། འདིའི་གཏེར་གནས་རྡོ་བོད་མཚམས་ཞེས་པའི་རྡོ་ནི་གློ་ཡིན་ཏེ། གློ་དང་བོད་ཀྱི་མཚམས་ཡིན་པའི་གནས་སིག་ཡིན་ཏེ་གཞན་དུ་འཆད་པ་ནོར་རོ། གཏེར་སྟོན་འདི་ཕྱིས་ཚོད་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་སྤོ་ཐོ་རབ་ཞི་གཏེར་སྟོན་ཡིན་གསུངས་ཤིང་ཁ་ཅིག་གིས་རྭ་སྟོན་སྟོབས་ལྡན་རྡོ་རྗེར་བཞེད་པར་སྣང་ཡང་འདིར་ནི་གཏེར་བྱུང་སྔོན་མ་རྣམས་བཙན་པར་བྱས་པ་ཡིན་(སྟོད་ཆ།༦༣༡)ནོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ས་ཡི་ཡ་སོ་ཇིང་གིར་མ་སོ་བཅད༔ བྲོས་འཐོར་མང་ཞིང་ཡུལ་སྟོད་རྒུད་པ་འབྱུང་༔ ལྷ་བོད་ཕྱོགས་སུ་སྦས་པིའ་གཏེར་ཁ་འདི༔ མེ་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ རྫ་རོང་བྷི་ཡི་སྨན་པ་ཉི་འོད་གསལ༔ ད་ལྟ་ཤི་ཡང་སྲོག་མཐུད་ཤེས་པ་འབྱུང་༔ ཞེས་པ་འདི་ཡར་འབྲོག་རྫ་རོང་བྷི་རུ་འཁྲུངས། མོན་ཁ་ཕྱོགས་ནས་རྫོགས་ཆེན་དང་གསོ་རིག་གི་གཏེར་ཁ་འགའ་དང་། འབྲི་ཐང་ཀོ་རོ་བྲག་ནས་འཛམ་བུའི་གླིང་གི་གནས་ཡིག་མང་པོ་གཏེར་ནས་བཏོན་པ་མདོ་སྐལ་བཟང་པུ་སྟི་ཙམ་ཡོད་ཟེར་བའང་སྣང་ངོ་། གཏེར་སྟོན་འདིས་སྨན་དཔྱད་མཛད་པི་སྨན་སྒྲོ་པར་ཐིམ་པའི་ཤུལ་ནས་སྨན་ཆུ་བྱུང་བ་གཙང་རོང་གནུབ་ཀྱི་མདོར་ད་ལྟའང་ཡོད། ཇ་རང་ཨེ་ཞེས་པ་ཡི་གེ་མ་དག་པ་ཡིན། རྫ་རོང་བྷི་ཡིན་ཏེ། རྒྱལ་པོ་བཀའ་ཐང་དུ། རོང་ལྷིའི་རྫ་ལ་སྨན་གཏེར་སྦས༔ ཞེས་པ་དེ་གཏེར་སྟོན་འདིས་བཏོན་པ་ཡིན་ནམ་སྙམ། ཞེས་དང་། ལྷོ་བོད་མཚམས་ཡང་ལྷོ་བྲག་དང་བོད་ཀྱི་བར་ཡར་འབྲོག་ལ་བཞད་དེ་ལྷོ་མོན་མིན་ཞེས། བླ་མ་སོག་ཟློག་པའི་གསུངས་ལས་འབྱུང་ངོ་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ དུས་ནི་ལོ་རེ་ལོ་རེས་ངན་དུ་འགྲོ༔ མཁན་པོ་བྱས་ནས་གྲོང་དུ་ཚོགས་དབང་བསྐུར༔ ལྐོག་ཏུ་བུ་སྨད་ཁྱི་ཕག་ཙམ་པ་འབྱུང་༔ སྡེ་འཁྲུག་ནང་དམེ་རྒྱབ་རྟེན་དུག་ལ་རེ། དབུ་ཚལ་གསེར་ཁང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གྲ་སྒོམ་ཆོས་ཀྱི་རྡོ་རྗེ་ཞེས་བྱ་འབྱུང་༔(སྟོད་ཆ།༦༣༢) གཏེར་སྟོན་འདི་གཡོ་རུ་གྲྭ་རུ་འཁྲུངས། འདིའི་རྒྱལ་པོ་ལས་རྒྱུད་དང་། པེ་དཀར་ཨར་གཏད་ལ་སོགས་པའི་གཏེར་ཕྲན་མང་པོ་བཏོན་པ་ཡིན་པར་སྣང་ངོ་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སངས་རྒྱས་བཀའ་ལ་འདྲ་ཆོས་འདྲ་མིན་བྱེད། རྫོགས་ཆེན་རྡེའུ་ཟེར་བའི་ལོག་ཆོས་དར། རི་བོང་འཛིན་ཞེས་བསེ་སྦྱར་སྨན་ལོག་འབྱུང་༔ བོད་རྩིས་དྲུག་ཅུ་སྐོར་ཞེས་གསལ་སྒྲོན་ཞེས༔ རྩིས་རྒྱུད་ཀུན་དང་མི་མཐུན་དར་བ་འབྱུང་༔ གཏེར་མ་ཡིན་ཟེར་བཅའ་གཞི་མ་ཚང་བའི༔ གཏེར་མར་གྲགས་པའི་བསླུ་ཆོས་མང་ཞིག་འབྱུང་༔ འོ་ཡུག་གཡག་སྡེར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གཡག་ཕྱར་སྒོན་མོར་གྲགས་པ་འབྱུང་། འདིའི་འཁྲུངས་ཡུལ་གཙང་པ་ཡིན་འོ་ཡུག་གཡག་སྡེ་མ་དག་སྟེ། འོག་་ཡུག་གཡག་ལྕེ་ཡིན་ཏེ་དེ་ནས་སྟོང་དུར་ཞེས་པའི་ལུང་ལག ད་ལྟ་ཁྲ་ཆུང་ཡང་ཟེར་དེ་ཡིན་པར་སྣང་ཞེས་སོག་ཟློག་པས་གསུངས་སོ། འདི་བཻ་རོ་ཙ་ནའི་གཏེར་ཀ་ཡིན་ཏེ་ཆོས་བོན་གཉིས་ཀའི་གཏེར་ཐོན་པར་གྲགས་ཤིང་། བོན་ཆོས་གཉིས་ཀ་ལ་མཁས་ཤིང་བཀའ་སྲུང་བྲན་དུ་བཀོལ་ནུས་པའི་བརྟུལ་ཞུགས་མཐར་ཕྱིན་པ་ཞིག་ཡིན་པར་སྣང་ཡང་ཆོས་རྒྱུན་དེང་སང་མི་བཞུགས། དུས་སྔ་མོ་ཞིག་སྟེ། རྫོགས་ཅེན་རྡེའུ་ི་བླ་མ་སྲོ་བས་བྱས་སྟེ། རྡེའུ་སྐོར་བདུན་པ་ཞེས་པ་ཡོད། དེའི་ནང་ན་ཚེ་སྔ་ཕྱི་མེད། ལས་རྒྱུ་འབྲས་མེད། དགེ་མེད་སྡིག་མེད། ནམ་སི་སངས་རྒྱས་ཐོད་པ་པོར་ཆོག་ཡིན། ཕང་ཚེ་རོག་པའི་ནག་དུ་ལག་པ་བཅུག་པ་དང་། ར་རོག་པོའི་ཁོང་པར་ལག་པ་བཅུག་པ་ཁྱད་པར་མེད། ཐུགས་(སྟོད་ཆ།༦༣༣)རྗེ་ཆེན་པོ་བསྒོམ་པ་དང་། གངས་རི་དཀར་པོ་བསྒོམ་པ་ལ་ཁྱད་མེད། མ་ཎི་འདྲེན་པ་དང་། བོང་བུའི་ཝང་སྒྲ་འདོན་པ་ཁྱད་མེད་ཟེར། མུ་སྟེགས་ཆད་ལྟ་དང་མཚུངས་པ་ལ་རྫོགས་ཅེན་དུ་མིང་བཏགས་པ་ཞིག་བྱུང་སྟེ་དེ་ཡིན། ཞེས་གསུངས་སོ། རི་བོང་འཛིན་ཞེས་པའི་གསོ་དཔྱད་ནི་མ་མཐོང་། གསལ་སྒྲོན་དང་དྲུག་ཅུ་སྐོར་ནི། སྲོག་ལུས་དབང་གསུམ་སྨེ་བ་མཚུངས་ལྡན་དུ་མི་བསྐོར་བར། གསལ་སྒྲོན་ལེའུ་བརྒྱད་བར། སྲོག་གི་ཤིང་ཕོ་བྱི་བ་གཅིག ལུས་ཀྱི་ཤི་ཕོ་བྱི་བ་གཉིས། དབང་ཐང་ཤིང་ཕོ་བྱ་བ་བདུན། མི་གསུམ་གཉེར་བ་རོ་མོས་བཞིན། ཟེར་བ་དེ་ཡིན་ཟེར་ཏེ། དེ་ཡི་ཁུང་རྒྱ་ཡི་སློབ་དཔོན་པཎ་ཆེན་དུ་ཧར་ནག་པོའི་བསྟན་བཅོས་གསལ་སྒྲོན་སྐོར་པཎྜི་ཏ་ཟླ་བ་ནག་པོ་དང་ལོ་ཙཱ་ཁམ་པ་ཁྲ་མོས་བསྒྱུར་བའི་གདམས་པ་རྣམས་འཕན་ཡུལ་རལ་བྷེ་བཛྲ་ལ་བབས་ཏེ། དེའི་ཡར་འབྲོག་སྟག་ལུག་གི་གཤང་པ་སྨོན་ལམ་ལ་བཤད། དེས་མི་ལ་བློས་མ་ཐོང་ནས་རྩིས་རྒྱུད་ལྔ་སྦས། གལ་ཆེ་བའི་སྐོར་འགོ་གཅིག་བཅད་ཅིང་གཞན་ཡང་གབ་དཀྲུགས་མང་དུ་ཕྱེས་སིང་། གལ་ཆེ་བའི་ཤོག་ཁྲ་དང་། གྱེར་གཏོ། དོང་ཙེ། ལྷན་ཐབས་སོགས་སྦས་ཤིང་བཅད་པས་གསལ་སྒྲོན་སྦས་བཅད་མར་གྲགས་ཏེ། གཤང་སྨོན་པའི་ལུགས་དེ་ཡིན་ཅེས་འཇམ་མགོན་ས་རའི་ཞབས་ཀྱིས་བཞེད་དོ། ཡང་བཻ་ཊཱུར་དཀར་པོ་སོགས་ནི་གསལ་སྒྲོན་སྦས་བཅད་མེད་པའི་ལུགས་ཡིན་ཏེ་ལུང་བསྟན་འབྱུང་བ་དེ་མིན་པས་དབྱེ་བ་ཕྱེད་དགོས་པར་གསུངས་སོ། འདིའི་དུས་ཙམ་ན་གཏེར་རྫུན་ཀྱང་མང་པོ་བྱུང་བ་འདྲ་སྟེ། ཆོས་དབང་རིན་པོ་ཆེའི་གཏེར་ལུང་ལས་ཀྱང་། པེ་ཐེའི་བྱིན་བརླབས་གཏེར་རྫུན་བརྒྱད༔ ད་(སྟོད་ཆ།༦༣༤)ལྟ་བོད་ན་ངེས་པར་ཡོད། ཞེས་གསུངས་པས་ཀྱང་གསལ་ལོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ བོད་ཁམས་ཡོངས་ཀྱི་ཆོས་ལུགས་དགོད་རེ་བྲོ༔ འཇིག་རྟེན་ཁྱིམ་པའི་ཁ་ནས་ཆོས་ལུགས་རེ༔ ར་རོག་པད་རོག་ཁྱད་པར་མེད་ཅེས་ཟེར༔ མཚར་མེད་པོ་རྣམས་ནད་པའི་སྔས་སྲུང་བྱེད། མི་རེའི་ལག་ན་རྩིས་ཀྱིས་ཤོག་ཁྲ་རེ༔ རྨོངས་ཁྱུ་ཁ་འདྲིལ་མཁས་པ་བསྐྱར་ལ་འདོན༔ མོན་ཁ་སྤ་གྲོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོད་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གྲུམ་དང་མཁར་ནས་ཅེས་བྱ་འབྱུང་༔ ཞེས་པ་འདི། དེབ་རྣམས་སུ་གྲུབ་ཐོབ་མཁར་ནག་ཞེས་འབྱུང་བ་ནི་ཅུང་ཟད་མ་དག་སྟེ། བླ་མ་གྲུབ་དང་། སྤ་གྲོའི་ཡོན་བདག་ནག་པོ་མཁར་བྱ་བའི་ཡོན་མཆོད་གཉིས་བསྡེབས་ཏེ་གཏེར་བཏོན་པ་དེ་ཡིན་ཏེ། རྒྱ་གར་ཀེའུ་ཚང་དགུའི་བདག་པོ་རིག་པ་ཀོང་དུ་ཤར་བ་སློབ་དཔོན་ཤྲི་སིདྷས་མཛད་འི་གཟའ་རྒོད་སྤུ་གྲི་དྲག་སྔགས་བར་སྣང་ཧོར་ཁུག་མར་གྲགས་པ་སློབ་དཔོན་ཆེན་པོ་པདྨ་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་གཤེགས་ཁའི་དུས་སྤ་གྲོ་སྐྱེ་ཆུའི་ལྷ་ཁང་དུ་ཁྱུང་རུམ་སྨུག་པོའི་མཆུ་ནང་དུ་བསེའི་གའུར་བཅུག་ནས་སྦས་པ་ཡོན་མཆོད་གཉིས་ཀྱིས་ལྷན་ཅིག་ཏུ་སྤྱན་པའི་དྲངས་དྲག་སྔགས་ཀྱི་ཆོས་སྡེ་ཆེན་པོ་ཞིག་སྟེ། རིགས་འཛིན་ཀུ་མ་རྒྱུས་འགའ་ཞིག་ཏུ་གཏེར་སཏོན་གྲུབ་ཐོབ་མཁར་ནག་ཟེར་བ་ཞིག་བྱུང་ཟེར་ཡང་འདིའི་ཕྱི་མ་འདི་རང་ཡིན་པ་འདྲའོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ མི་ཐུབ་ལྔ་འབྱུང་རང་ལ་ཡིད་མི་ཆེས༔ དེ་འདྲའི་དུས་ན་འདྲེ་ནད་གདུག་པ་དར༔ ནད་དུ་མི་(སྟོད་ཆ།༦༣༥)འོང་བྱ་བ་གཅིག་ཀྱང་མེད༔ ཆོས་སྤྱིའི་བྱིན་རལབས་སུམ་ཆ་ཡལ་ནས་འགྲོ༔ འུ་ཤང་རྡོ་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ལྷ་བཙུན་སྔོན་མོ་ཞེས་བྱ་འབྱུང་༔ གཏེར་སྟོན་འདི་ལྷ་བཅུན་པོ་དྷི་རཱ་དའི་སྲས་ལྷ་བཙུན་སྔོན་མོར་གྲགས་པ་དེ་ཡིན་ཏེ། གཏེར་སྟོན་འདིའི་ཕྱག་ཏུ་བོད་ཀྱི་གཏེར་ཀ་ཐམས་ཅད་ཀྱི་ཁ་བྱང་གི་ཡི་གེ་བྱུང་བར་གྲགས་ཤིང་། བསམ་ཡས་དབུ་རྩེ་ཆེན་མོ་དང་། རྣམ་སྣང་གི་སྐུ་རྒྱབ་སོགས་ནས་གཏེར་ཁ་མང་པོ་བཞེས། འོན་ཤང་རྡོ་ལ་སྦས་པའི་གཏེར་ཁ་འདི༔ ཞེས་པས་གཏེར་གནས་དེ་ནས་ཀྱང་གཏེར་བཞེས་པས་གསལ་ཞིང་། ཁྱད་པར་དུ་སྒྲགས་ཡང་རྫོང་གསང་ཕུག་ནས་ནད་རིམ་གདུག་པས་གནོད་ཅིང་དར་ན་གནན་ཏབས་ཀྱི་གདམས་པ་དང་། དུག་སྔགས་ཀྱིས་བསད་པ་དང་། ནད་སྲུང་གི་སྐོར་སོགས་མན་ངག་མང་པོ་བྱུང་བ་ནི། འདིའི་དུས་རྟགས་ལ་ནད་རིམ་མང་པོ་འབྱུང་བར་གསུངས་པའི་དེ་དག་སྲུང་ཞིང་གསོ་བ་སོགས་ལ་དགོངས་པ་ཡིན་ནམ་སྙམ་མོ། ཡུམ་བརྟན་གྱི་བརྒྱུད་འདི་དག་ཆོས་རྒྱལ་གདུང་བརྒྱུད་ཡིན་མིན་ནམ་སྙམ་མོ། ཡུམ་བརྟན་གྱི་བརྒྱུད་འདི་དག་ཆོས་རྒྱལ་གདུང་བརྒྱུད་ཡིན་མིན་ལ་སྔར་བརྩོད་གཞིར་གྱུར་ཀྱང་། ཕྱིས་ཀྱི་མཁས་པ་དག་གིས་ཆད་མར་བཞེད་དེ། ལྷ་བཙུན་བོ་དྷི་རཱ་ཛ་ཇོ་བོ་དང་དུས་མཉམ་ཡིན་ཏེ་ཡུམ་བརྟན་གྱི་བརྒྱུད་ལའང་། ལྷ་བྲག་ཁ་བ། ལྷ་འབྲིང་སྒང་པ། ལྷ་ལུང་གི་དབང་ཕྱུག །ལྷ་འགྲོ་མགོན་སོགས་སྐྱེས་བུ་དམ་པ་མང་དུ་བྱོན་ཞིང་། བསྟན་པ་ལ་ཞབས་ཏོག་ཚུལ་བཞིན་དུ་མཛད་པའི་རྒྱལ་པོ་འགའ་བུང་སྣང་བས་རྒྱལ་བརྒྱུད་ཁྱད་པར་འཕགས་པ་ཞིག་སྟེ་ཁྱད་པར་དུ་ལྷ་བཙུན་སྔོན་མོ་ཉིད་ཀྱིས་བསམ་ཡས་སུ་ཆོས་འཁོར་བཙུགས་ཤིང་། དེ་དུས་གསང་འདུས་འཕགས་སྐོར་ལ་འཁས་(སྟོད་ཆ།༦༣༦)པ་ཤུལ་ཀེ་དར་མ་རྡོ་རྗེ་དང་། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པ་གདན་དྲངས་ནས། མདོ་སྔགས་སྤྱི་དང་བྱེ་བྲག་མང་པོ་བསྒྱུར་བཤད་འཆད་ཉན་གྱིས་གཏན་ལ་ཕབ་ནས། སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ཞིག་ཡིན་ནོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ མི་ལ་ལུས་ཆས་ཡ་མ་ཟུང་དུ་འོང་༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུས་རྗེས་ཡོང་༔ ཁམས་ཀྱི་སྲིང་མོ་རྫོང་གསུམ་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཁམས་པ་ཉི་མ་གྲགས་ཀྱི་མིང་ཅན་འབྱུང་༔ ཞེས་དང་། སྒོས་ཀྱི་ལུང་བསྟན་ཡང་༔ རྒྱ་གར་རྒྱ་ནག་མོན་བོད་བལ༔ ཧོར་དང་སོག་པོ་ལ་སོགས་པ༔ ཆོས་འཁོར་ལྷ་སར་འདུ་ཚོགས་སྤྱོད༔ རྒྱ་བོད་ཧོར་གསུམ་ཆས་གོས་འདྲེས༔ སྐད་དང་ལོངས་སྤྱོད་མཐའ་དབུས་འགྱུར༔ ལུས་ཆས་སྣ་ཚོགས་ཡ་མ་ཟུང་༔ བསམ་ཡས་འདི་ལ་ཞིག་གསོས་འོང་། འབྲོག་གཟའི་ལྷ་ཀང་རི་མོ་བརྗེ༔ དེ་ཚེ་སྲིན་མོ་རྫོང་གསུ་ནས༔ ང་ཡིས་སྦས་པའི་ཟབ་གཏེར་རྣམས༔ ཁམས་པ་ཉི་མ་གྲགས་ཀྱིས་སྤྱོད༔ འགྲོ་བའི་ཚེ་ཚད་བཞི་བཅུ་རལ༔ སུམ་ཅུར་ཉེ་བའི་དུས་ལ་ཏེ༔ ཞེས་གསུངས་པའི་ཉི་མ་གྲགས་པ་ནི། མདོ་ཁམས་ཟལ་མོ་སྒང་གི་སའི་ཆར་གཏོགས་པའི་སྒོམ་སྡེ་ནང་ཆེན་དུ་འཁྲུངས། བསྟན་གཉིས་གླིང་པའི་ལྟ་བ་སངས་རྒྱས་དགོངས་འདུས་ལས། ནགས་ཤོད་རི་བོ་སྲིན་མོ་རྫོང་གི་སྤོར༔ ཞེས་གསུངས་པ་བཞིན། ཁམས་ཀྱི་སྲིན་མོ་རྫོང་ནས་རྫོགས་ཆེན་རྩ་གསུམ་གསང་བ་སྙིང་ཐིག་སོགས་གདན་དྲངས། གཞན་ཡང་གངས་ཏི་སེ། རྒྱ་གར་རྩ་མཆོག་གྲོང་། མང་ཡུལ་བྱམས་(སྟོད་ཆ།༦༣༧)སྤྲིན། ཤངས་ཟབ་བུ་ལུང་། ལྡན་ཀློང་ཐང་སོགས་ནས་གཏེར་ཁ་མང་དུ་བཞེས། བསྟན་འགྲོའི་ཕན་བདེ་སྤེལ་བའི་མཛད་པ་མཐའ་ཡས་ཏེ་ཞིབ་པར་འོག་ཏུ་འཆད་དོ། འདིར་མཁས་གྲུབ་སོག་ཟློག་པས། འདིའི་གཤིན་རྗེ་ཟླ་གསང་དང་། སྤྲེལ་སླག་སོགས་ཆོས་སྐོར་མང་པོ་བཏོན་པར་གྲགས་གསུངས་པ་ལ་དཔག་ན་སྔར་ཡང་ཉི་གྲགས་ཀྱི་མཚན་འཛིན་པ་ཞིག་བྱོན་པར་མངོན་ཡག་འཁྲུངས་ཡུལ་གཏེར་གནས་དུས་སྔ་ཕྱི་སོགས་ཅི་ཡང་མ་ངེས་མོད། གང་ལྟར་ཡང་སྐབས་འདིར་ལུག་གིས་བསྟན་བྱའི་ཉི་མ་གྲགས་པ་ནི་མིན་ཏེ། དུས་རྟགས་དང་གཏེར་གནས་སོགས་མི་མཚུངས་པའི་ཕྱིར་རོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ས་ནང་འཇིགས་བརྒྱད་ཤ་བའི་རྭ་ཅོ་འབྱུང་བ༔ བསོད་ནམས་ཟད་པས་དབུས་སུ་མི་རྒོད་སྡིགས༔ དྭགས་པོ་དང་ལྷ་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ མངའ་བདག་སྲས་མོ་རིན་ཆེན་ཚུར་རྡོར་འབྱུང་༔ ཞེས་པའི་དཔལ་ཨོ་རྒྱན་ཆེན་པོའི་ཟབ་གཏེར་ལ་དབུས་གཏེར་ཟུགས་རྩ་བ་ལྟ་བུ། ལྷོ་གཏེར་དྲིལ་བ་སྡོང་པོ་ལྟ་བུ། ནུབ་གཏེར་གསལ་བ་མེ་ཏོག་ལྟ་བུ། བྱང་གཏེར་རྒྱས་པ་ཡལ་ག་ལྟ་བུ། ཤར་གཏེར་སྨིན་པ་འབྲས་བུ་ལྟ་བུ་དང་ལྔ་ལས། ཤར་གཏེར་ལ་བཀའ་བབས་པའི་ལས་ལྡན་གྱི་གཙོ་བོ་ནི་སངས་རྒྱས་རི་རབ་མར་མེའི་རྒྱལ་མཚན་གྱི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་ཞིང་མ་འོངས་པའི་སངས་རྒྱས་རྡོ་རྗེ་སྙིང་པོའི་ངོ་བོ་ཟབ་གཏེར་གྱི་མངའ་བདག་དཔའ་བོ་སྒང་པ་སྤྲུལ་སྐུ་རིན་ཆེན་ཚུལ་རྡོར་རམ་གསང་མཚན་སྤྲུལ་སྐུ་པདྨ་ལས་འབྲེལ་རྩལ་ནི། རང་གཏེར་སྙིང་ཏིག་ལུང་བསྟན་ལས། སྐྱེ་བ་དེའི་འོག་ཏུ་རྡོ་དག་མོན་བོད་མཚམས་འབྲིད་ཐང་ཞེས་བྱ་བར་སྐྱེས་ཏེ༔)༦༣༨)སྔ་མའི་བག་ཆགས་ཀྱིས་རབ་ཏུ་འབྱིན་པར་འགྱུར་རོ༔ ཌཱ་ཀི་མ་རྣམས་ཀྱིས་བར་ཆད་བསྲུངས་ཏེ༔ ང་ཡི་ཟབ་གཏེར་དང་ཕྲད་དེ་གཏེར་སྒོ་གསུམ་འབྱེད་པར་འགྱུར་རོ༔ དེའི་དུས་སུ་འགྲོ་དོན་མི་འབྱུང་སྟེ༔ སྦས་པའི་ཚུལ་གྱིས་ཉམས་སུ་ལེན་པའི་དུས་ཡིན་ནོ༔ དེའི་ཟབ་ཆོས་ཀྱི་བདག་པོར་འགྱུར་རོ༔ འོན་ཀྱང་ཆོས་ཀྱི་འབྲེལ་པ་བདུན་ཅུ་འབྱུང་བར་འགྱུར་རོ༔ ཞེས་དང་། གཞི་ལམ་འབྲས་བུའི་མཇུག་ཏི་ལུང་བསྟན་ལས། ཀུ་སུ་ལུ་བའི་གདམས་པའི་སྐོར༔ དབང་ལུང་ལྡང་ལྷའི་བྲག་ལ་སྦེད༔ ད་ལྟ་སྟོན་པའི་དུས་མ་བབས༔ ཚེ་ལོ་དྲུག་ཅུ་ཁ་རལ་དུས༔ གསལ་རྗེ་གངས་ཀྱི་ཤར་ཕྱོགས་ངོས༔ ལྕགས་སྒྲོམ་ལྟ་བུའི་ཡུལ་གྱི་སྟོད༔ འབྲོང་ཕོ་ཉལ་འདྲའི་དཔྱི་སྟེང་དུ༔ མཁའ་འགྲོ་སྡེ་ལྔས་བྱིན་བརླབས་པའི༔ ཆུ་ཁམས་འབྲུག་གམ་སྤྲེལ་ཡོས་ལོ༔ སྤྲོ་རིང་ཐེག་ཆེན་ཅོས་ལ་མོས༔ སྦས་ཚུལ་འཁོར་བའི་ཆ་ལུགས་འཛིན༔ མ་འགགས་སྤྱོད་པ་སྣ་ཚོགས་སྐྱོང་༔ ད་ལྟའི་ལྷ་ལྕམ་པདྨ་གསལ༔ སྙིགས་མའི་དུས་སུ་དེ་ལྟར་སྐྱེ༔ དེ་དུས་གདམས་པ་འདི་དང་ཕྲད༔ ཅེས་པ་ལྟར་གཏེར་ལུང་དང་མཐུན་པར་གསལ་རྗེ་གངས་ཀྱི་ནུབ་ཕྱོགས། རྡོ་བོད་མཚམས་ཏེ། རྡོ་ཞེས་པ་མཐའ་ཁོབ་ཀློའི་བྱེ་བྲག་ཞིག་ཡིན་ཏེ་བོད་ཀྱི་ཡུལ་མཐའ་གཉན་རོང་འབྲི་ཐང་ཞེས་བྱ་བའི་ཡུལ་དུ། ལྕགས་མོ་ཡོས་ཀི་ལོ་ལ་སྐུ་བལྟམས། གདུང་རུས་ཉང་། ལོ་རོང་གློར་ཚང་བའི་གྲྭ་པ་མཛད། མཚན་ཚུལ་ཁྲིམས་རྡོ་རྗེ་གསོལ། གསང་མཚན་པདྨ་ལས་འབྲེལ་རྩལ་ཏེ། དགུང་ལོ་ཉེར་གཅིག་བཞེས་པའི་དུས་སུ་བླ་མའི་གསུག་གིས་ལྷོ་ཕྱོགས་སུ་འགྲོ་དོན་ལ་རྒྱུག་གསུངས༔ དེའི་ལྷོ་ཕྱོགས་ལོ་རོ་ཚེ་གྲོང་ནས་བྱོན་པའི་སྤྲུལ་སྐུ་རིན་ཆེན་གླིང་པས། འབྲི་ཐང་(སྟོད་ཆ།༦༣༩)ཀོ་རོ་བྲག་ནས་གདན་དྲངས་པའི་གཏེར་ཆོས་ཀྱི་ནང་ནས་ཁྲ་མོ་བྲག་གི་ཁ་བྱང་དང་། གཏེར་སྟོན་གྱི་ལུང་བསྟན་དང་བཅས་པའི་ཤོག་སེར་གཉིས་ཕུལ་ནས། གཏེར་འདི་རྣམས་འདོན་པའི་ལུང་བསྟན་པ་དེ་ཁྱེད་དུ་འདུག་པས། ཁྱེད་ཀྱིས་གཏེར་རྣམས་ལེགས་པ་ཐོན་ལ་ངེད་ལའང་ཐུགས་ལ་འདོགས་པར་ཞུ་ཟེར་བ་དང་། ཡང་དགུང་ལོ་བཅུ་དྲུག་ལ་ཁ་བྱང་ལུང་བསྟན་བཅས་ཕྱག་ཏུ་བྱུང་ཡང་ཟེར། ཡང་དཔེ་ཁ་ཅིག་ཏུ། འབྲི་ཐང་ནས་ཡང་བྱོན་པས་དགེ་སློང་རྒན་པོ་ཞིག་དང་ཕྲད། ཁྱེད་གར་བྱོན་དྲིས་པས་གར་ཡང་མི་འགྲོ་ཁྱེད་དང་ཕྲད་དུ་འོངས་པ་ཡིན་ཟེར་ནས་ཤོག་དྲིལ་ཞིག་གཏད་ནས་གར་སོང་མ་བྱུང་ཟེར་བའང་འདུག །གང་ལྟར་ཡང་དགུང་ལོ་ཉེར་གསུམ་བཞེས་པ་ཆུ་མོ་གླང་གི་ལོ་ལ། དྭགས་པོ་དག་ས་ལུང་ཁྲ་མོ་བྲག་ནས་ཟབ་ཆོས་མཁའ་འགྲོ་སྙིང་ཏིག་བླུན་སྒོམ་ཡིད་བྱེད་དང་ཕྲལ་ནས་སངས་རྒྱས་ཀྱི་དགོངས་པ་མངོན་སུམ་རང་ཐོག་ཏུ་གཏན་ལ་འབེབས་པའི་གདམས་པ་ཟབ་མོ། བོད་མ་དག་པའི་སྣང་དོར་སྦ་བཞེད་ལྟར་ན། སློབ་དཔོན་གྱི་སྤྲུལ་པ་གཅིག་ཕྱིར་ལྡོག་པ་ལྟར་མཛད་ནས་སྐུ་དངོས་ཀྱི་གཞོ་སྟོད་གཏེར་སྒྲོམ་དུ་བཞུགས་ནས་མཁའ་འགྲོ་མཚོ་རྒྱལ་ལ་གནང་ཞིང་ལྷ་ལྕམ་པདྨ་གསལ་གྱི་ཆོས་སྐལ་དུ་སྦས་པའི་གདམས་པ་ཟབ་མོ་འདི་ཉིད་སྤྱན་དྲངས་ཤིང་། གཞན་ཡང་། ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ། རྟ་མགྲིན་གཉེན་པོ་ལྷ་གསུམ། གཤིན་རྗེ་ཀིང་ཀང་དགྲ་ཁ་ལ་རྒྱས་འདེབས་སྟོ་ནག་ལས་ཀྱི་འབྲུབ་ཁུང་སྐོར་དབང་ཕྱུག་དམར་པོ། ཞིང་སྐྱོང་། གཟའ། གནོད་སྦྱིན་སྤུ་གྲི་དམར་ནག་སོགས་དང་ཆུ་རླུང་འཁྲུག་བྱེད། གཏད་རྒྱུད་གསལ་སྒྲོན་སྐོར་སོགས། ཆོས་དང་དྲག་སྔགས་མང་པོ་གདན་དྲངས།(སྟོད་ཆ།༦༤༠) དེ་ནས་ཚུར་ལོག་ནས་བྱོན་པས་གཉལ་གྱི་སྟོད་དུ་སླེབས། གཉལ་སྟོད་ཤོ་ཡི་ཚེར་མ་ལུང་དུ་སྔགས་པ་ཞིག་གིས་ཞབས་ཏོག་ཕུལ་བས། དེར་སྔགས་འཆད་དེ་ལ་གཏེར་སྒྲོམ་གྱི་བྱིན་རླབས་མཛད། ཕྱིར་ནང་སྔགས་པའི་བུའང་རྗེས་སུ་འབྲགས་ནས་བྱུང་བ་རྒྱལ་སྲས་ལེགས་པ་རྒྱལ་མཚན་ཡིན། དེ་ནས་རང་ཡུལ་དུ་དད་གཞི་ཆུང་བས་ཐུགས་སྐྱོ་ནས་དཔོན་སློབ་ལྔ་དབུས་སུ་ཕེབས། བསམ་ཡས་འཆིམས་ཕུར་བཞུགས་སྐབས་རྡོ་རྗེ་ཕག་མོས་ལུང་བསྟན་པ་ལ་བརྟེན་ལྷ་སར་ཕེབས་པས་ཆོས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་དང་མཇལ། གཏེར་ཆོས་ཀྱི་རྩད་གཅོད་གནང་བྱུང་བར་ཤོག་སེར་རྣམས་ཕུལ་བས་དབུ་ཐོག་ཏུ་བཞེས། སླར་ཆོས་རྗེ་ཉིད་ལ་མཁའ་འགྲོས་ལུང་བསྟན་བྱུང་བས་དབང་ལུང་རྣམས་ཤོག་སེར་སྟེང་ནས་ཕུལ། ཤོ་ཡི་རྒྱལ་སྲས་ལེགས་ལྡན་དང་། སྤྲུལ་སྐུ་རིན་ཆེན་གླིང་པ་གཉིས་ལ་གཏེར་ཆོས་རྣམས་ཚང་བར་གནང་། ཡང་ན་སྔོན་གྱི་དམ་སེལ་གྱི་དབང་གིས་བར་སྐབས་སུ་འདའ་བའང་སྲིད་གསུངས་པའི། ཕྱི་མ་བཙན་པར་གྱུར་ཏེ། དགུང་ལོ་ཉེར་ལྔ་པ་ལ། གལ་རོང་རྒྱ་འགྲོའི་ལ་ཡང་ཟེར། བྱར་སྨད་ཕྱིན་དཀར་ཞེས་པའི་ས་ཡི་ཆར་གཞན་རྐྱེན་གྱིས་སྐུ་གཤེགས། སྐུ་གདུང་སྦྱོང་བས་བུད་མེད་སྔོན་མོ་རུས་པའི་རྒྱན་ཅན་ཁྲུ་གང་པ་ཞིག་དབུ་གཙུག་ནས་ཐོན་ཏེ། ནམ་མཁའ་ལ་འགྲོ་བ་ཀུན་གྱིས་མངོན་སུམ་དུ་མཐོང་བ་བྱུང་ཞིང་། གདུང་རུས་ལ་རྡོ་རྗེ་ཕག་མོའི་སྐུ་མཚོན་གང་བ་ཞིག་དང་། རིང་བསྲེལ་མང་པོ་བྱོན། ཞག་བདུན་གྱི་བར་དུ་ལུང་པ་འཇའ་འོད་ཀྱིས་ཁེངས་པ་སོགས། ངོ་མཚར་བའི་བལྟས་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། འགྲོ་བ་རྣམས་དད་པའི་ས་ལ་(སྟོད་ཆ།༦༤༡)བཀོད་པར་མཛད་དོ། །གཏེར་སྟོན་འདིའི་སྐུ་ཚེ་འདི་ལ་འགྲོ་དོན་མི་འབྱུང་སྟེ་སྦས་པའི་ཚུལ་གྱིས་ཉམས་སུ་ལེན་པའི་དུས་ཡིན་གསུངས་སོ། འོན་ཀྱང་སྒྲགས་ཟུང་མཁར་ན་བུ་མོ་སྤྲེའུ་ལོ་མ། ཤེས་རབ་ཆེ་བ། སྨིན་མཚམས་ན་སྨེ་བ་པདྨ་འདྲ་བ་ཡོད་པ། མཚོ་རྒྱལ་གྱིས་བྱིན་གྱིས་བརླབས་པ་ཅིག་འབྱུང་བ་དེ་ལག་དམས་པ་རྣམས་བྱིན་ན་ཁ་རགས་ཕུར་ལྷག་མེད་ལ་སངས་རྒྱས་ཤིང་དར་ཆ་བག་ཙམ་འབྱུང་གསུངས་ཡང་། ལུང་བསྟན་ཐོག་ཏུ་མ་ཁེལ་བར་སྣང་ངོ་། འོན་ཀྱང་འགྲོ་དོན་འཕྲོ་དོན་ཅན་དུ་གྱུར་པས། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་ཆོས་རྣམས་སྤེལ་བར་འགྱུར་བ་ལུང་བསྟན་ཏོ། ཆོས་སུ་བདག་ནི། གཏེར་ལུང་ལས། སྟག་ཡོས་ཁྱི་འབྲུག་གླང་གི་ལོ་པ་ལྔ། འདི་ཡི་བརྒྱུད་འཛིན་མཁའ་སྤྱོདད་གནས་སུ་འགྲོ། ཞེས་གསུངས་པ་ལྟར། རྡོ་རྗེ་མཁའ་འགྲོའི་སྲས་གྱུར་པ་ནི། ལྷ་ལྕམ་པདྨ་གསལ་གྱི་སྐྱེ་བ་ནི། འབྲུག་ལོ་གཏེར་སྟོན་ལས་འབྲེལ་རྩལ་དང་དངོས་ཡིན། རྣམ་ཐར་ལས་ཡོས་ལོ་ཡིན་པར་གསུངས། ཇོ་མོ་ཤེལ་དཀར་བཟའི་སྐྱེ་བ་ནི། པདྨ་ཌཱ་ཀྐིའི་སྲས་སུ་གྱུར་པ་ནི། སྟག་ལོ་ཤྭ་བེན་རྒྱལ་སྲས་ལེགས་པ་དང་། ལྷ་ལྕམ་མནྡ་ར་བའི་སྤྲུལ་པ་ནི། རིན་ཆེན་ཌཱཀྐིའི་སྲས་སུ་གྱུར་པ་ནི། གླང་ལོ་མེ་བེན་རིན་ཆེན་གླིང་པ་ཡིན། ཟག་མེད་པདྨ་བླ་མའི་སྐྱེ་བ་ནི། ལས་ཀྱི་ཌཱཀྐིའི་སྲས་སུ་གྱུར་པ་ནི། ཁྱི་ལོ་ཉང་བེན་ཤཱཀྱ་བྱང་ཆུབ་དང་། མཁན་པོ་བོ་དྷི་ས་ཏྭོའི་སྤྲུལ་པ་ནི། སངས་རྒྱས་རཱིཀྐིའི་སྲས་སུ་གྱུར་པ་ནི། ཡོས་ལོ་ཆོས་རྗེ་རང་བྱུང་རྡོ་རྗེ་དང་། རྣམ་ཐར་ལ་སྤྲེལ་ལོ་ཡིན་པར་བཤད། དེ་རྣམས་ཆོས་ཀྱི་བདག་པོར་ལུང་དང་མཐུན། ཞེས་པ་འདི་ཟབ་ལུང་པའི་ཡིག་ཆ་ལས་འབྱུང་ངོ་། རིན་ཆེན་གླིང་པའི་རྒྱ་གར་བ། ཝང་ནག་པོའི་(སྟོད་ཆ།༦༤༢)གཏེར་གྱི་ཁ་བྱང་ཡང་ལས་འབྲེལ་རྩལ་གྱི་གཏེར་ནས་བྱུང་བར་བཤད། ཆོས་རྗེ་རང་བྱུང་རྡོ་རྗེས་སྙིང་ཏིག་སྐོར་རྣམས་ཤོ་ཡི་རྒྱལ་སྲས་ལེགས་པ་ལས་བསྐྱར་ནས་གསན་པར་བཤད་དེ། སླར་ཡང་སྤྲུལ་སྐུ་ལེགས་ལྡན་པ་ཀོང་པོར་གདན་དྲངས་ནས་བཀའ་ལུང་དབང་ཁྲིད་རྫོགས་པར་གསན་པས་བརྒྱུད་པ་ལ་ཡང་དེ་བཞིན་བྱུང་ངོ་། ཆོས་རྗེ་རང་བྱུང་ཞབས་འདི་ཆོས་འདིའི་བདག་པོར་ལུང་གིས་བསྟན་པ་བཞིན་འཆད་སྤེལ་ཀྱང་རྒྱ་ཆེར་མཛད་པས་རང་བྱུང་པ་ནས་བརྒྱུད་པ་དེང་སང་ཡང་བཞུགས་ལ། དེར་མ་ཟད་འདི་ལྟ་བུའི་ཆོས་ནུབ་པ་འཕངས་པས་སློབ་དཔོན་རྡོ་རྗེ་དཔལ་གྱིས་གཙང་ཕྱོགས་སུ་དར་བར་གྱིས། སློབ་དཔོན་རྒྱལ་མཚན་པས་མཚམས་སུ་དར་བར་གྱིས། ཡེ་་ཤེས་རྒྱལ་བས་ཀོང་པོ་དང་ཁམས་སུ་དར་གྱིས། ཡེ་ཤེས་རྒྱལ་མཚན་པས་ཧོར་དང་རྒྱ་ནག་ལ་དར་བར་གྱིས། སྤྲུལ་སྐུ་བས་དབུས་སུ་དབར་བར་གྱིས་གསུངས་ནས། དེ་ཙམ་གྱི་ཐུགས་གཙིགས་གནང་བར་མཛད་དོ། ཁ་ཅིག་གིས་གཏེར་སྟོན་དང་དངོས་སུ་མ་མཇལ་བར་བཤད་ཀྱང་ཤ་གཟུགས་པ་དང་ཟབ་ལུང་པ་སོགས་ཀྱིས་ཀྱང་མཇལ་ཚུལ་བཤད་འདུག་པས་མཐུན་པར་སྣང་ངོ་། འདིའི་དུས་རྟགས། ས་ནང་འཇིགས་བརྒྱད་ནི། ས་སྐྱ་བླ་མ་བདག་ཉིད་ཆེན་པོ་ལ། སྲས་བཅོ་ལྔ་བྱུང་བ་སྐུ་མཆེད་ནང་ཞིག་སྟེ། ས་སྐྱ་པ་ཚན་པ་མང་པོར་གྱེས་ནས་ཤ་བའི་རྭ་ལྟར་འགྱུར་བ་ལ་བཞེད་ཅིང་། དེ་དུས་རྒྱ་ཧོར་གྱི་དམག་དང་གསེར་ཡིག་པ་འདུ་བ་ལ་ཡང་དགོངས་པ་འདྲ་ཞེས་སོག་ཟློག་པས་གསུངས་སོ། བསོད་ནམས་ཟད་པས་དབུས་སུ་མི་རྒོད་སྡིགས་ཞེས་པའང་། ས་སྐྱ་དཔོན་ཆེན་རྒྱལ་བཟང་ནི། ཏཱ་སི་བྱང་རྒྱལ་བརྩོན་དུ་བཟུང་བ་སོགས་བྱས་པས། ཕྱིས་སུ་ཏཱ་སིའི་དམག་གིས་ས་སྐྱ་ལ་(སྟོད་ཆ།༦༤༣)ཞབས་འདྲེན་ཞུས་པ་དེ་ཡིན་པར་གྲགས་སོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ དམ་སེལ་བརྒྱུད་པས་སློབ་འགའ་གྲི་རུ་འཆི༔ རྡོ་ཡི་མཆོད་རྟེན་གདུགས་དང་ཆོས་འཁོར་ཉམས༔ མོན་ཁ་ཆུ་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ཚེ་བརྟན་རྒྱལ་མཚན་ཞེས་བྱ་འབྱུང་༔ ཞེས་དང་། རང་གཏེར་མཚོ་རྒྱལ་གྱིས་མཛད་པའི་ཐེམས་བྱང་ལས༔ ལས་ཅན་ཤེས་རབ་སྙིང་རྗེ་ཅན་གྱི་མི༔ རྒྱལ་བ་མཆོག་དབྱངས་སྐྱེ་མཐའི་སེམས་དཔའ་ནི། ཕག་སྦྲུལ་སྟག་སྤྲེལ་ལོ་པ་གཅིག་ལ་སྤྲོད༔ ཞེས་པ་ལྟར་ཨོ་རྒྱན་ཆེན་པོའི་ཕྲིན་ལས་ཀྱི་སྤྲུལ་པ་གཏེར་སྟོན་ཆེན་པོ་གུ་རུ་ཚེ་བརྟན་རྒྱལ་མཚན་ནམ། ཆོས་ཀྱི་བློ་གྲོས་ཡང་ཟེར་ཏེ། འཁྲུངས་ཡུལ་མོན་གྱི་ཡུལ་ལས། མོན་པ་མོ་སྟོད་པའི་སྣར་ཐང་པ་ཡིན། རྟེན་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས། གཏེར་སྟོན་འདིས་མོ་གྱི་བྲག་མཐའ་ཕྲ་མོ་དཔལ་གྱི་ཆུ་མོ་ཕུག་ལྷ་མོ་གར་བྱེད་པ་འདྲ་བའི་གསང་གནས་ནས། ཟབ་ཅིང་རྒྱ་ཆེ་བའི་གུ་རུའི་སྒྲུབ་ཐབས་ཀྱི་སྐོར་ནང་གསེས་དང་བཅས་པ། ཡང་གསང་རྟ་ཕག་གི་སྒྲུབ་ཐབས། ཡཀྴ་མེ་དབལ་གྱི་སྒྲུབ་ཐབས། གུ་རུ་སྤྱན་མང་གི་སྐོར་ཡང་གསང་ཐུགས་སྒྲུབ་སྙིང་པོ། ལས་ཚོགས་རིན་ཆེན་གཏེར་མཛད་སྐོར་སོགས་དང་ཤིན་ཏུ་རྒྱ་ཆེ་ཞིང་ཟབ་ཁྱད་དུ་མས་ཁྱད་དུ་འཕགས་པའི་ཆོས་དང་གདམས་པ་སྟེ། ཇི་སྐད་དུ། རིན་ཆེན་གཏེར་འདི་ཆུ་མེ་ཕུག་ཏུ་སྦས༔ སྨོན་ལམ་མཐུ་བཙན་མ་འོངས་དུས་མཐའ་ལ། ལས་ཅན་ཞིག་དང་ཆོས་འདི་ཕྲད་པར་ཤོག༔ ཅེས་དང་། ལར་ནི་ཆུ་ཕུག་མོ་ཡི་གཏེར་ཆོས་རྣམས༔ ཌཱུ་(སྟོད་ཆ།༦༤༤)ཀི་ཡེ་ཤེས་མཚོ་རྒྱལ་གཏེར་ཁ་ཡིན༔ གཞན་དུ་མ་སྦས་མོན་གྱི་ཆུ་ཕུག་མོར༔ ཡིད་བཞིན་ནོར་བུ་ཡན་ལག་ཚང་བར་སྦས༔ ཞེས་པ་དང་། གཞན་ཡང་། གཏེར་གནས་མི་གཅིག་པའི་མཚོན་སྲུང་རྡོ་རྗེའི་གོ་ཆ་དང་། སྒྲོལ་མཨུཏྤ་ལའི་ཕྲེང་བའི་སྐོར་དང་། རོང་གི་རྫ་ལྷུད་མོ་ནས་གདན་དྲངས་པའི་རྒྱལ་པོ་ཡུལ་འཁོར་སྲུང་གིས་དམག་ཟློག་གི་སྐོར་ཟབ་ཅིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་གཞན་ལས་ཁྱད་དུ་འཕགས་པ་སོགས་དང་། གཞན་ཡང་རྫོགས་ཆེན་མཉམ་ཉིད་རང་གྲོལ། ཚེ་དཔག་མེད། བདེ་མཆོག་རྨེ་བརྩེགས། བཅུ་ལེན་བརྒྱ་རྩ། ལུང་བསྟན་བཀའ་རྒྱ་མ་སོགས་གཏེར་ཆོས་རྒྱ་ཆེར་སྤྱན་དྲངས། འདིའི་གཏེར་གནས་ལ་ངོས་འཛིན་མི་འདྲ་བ་འགའ་རེ་སྣང་ཡང་། ཤ་ཟུག་པས། མོན་ཁ་ནེ་རིང་སེང་གེ་རྫོང་གི་ཡ་གྱལ། ཆུ་ཕུག་དཔལ་གྱི་ཕུག་རིང་རྡོ་རྗེ་རྫོང་ཟེར་བ་དེ་ཡིན་གསུངས། འདིའི་དུས་རྟགས་དམ་སེལ་བརྒྱུད་པ་ནི། སློབ་མས་འཕགས་པ་རིན་པོ་ཆེ་བཀྲོངས་པ་ཡིན་པར་སྣང་ཞེས་སོག་ཟློག་པས་གསུངས་སོ། འདི་གཏེར་སྟོན་གྱི་རྒྱལ་པོ་ལྔ་ཡི་ནང་གི་ཡ་གྱལ་གཅིག་ཡིན་ནོ། དེ་ནིད་མི་གནས་མྱ་ངན་འདས་འོག་ཏུ༔ དབུས་མིའི་མདུན་མ་ཅིག་དྲིལ་ས་ཧོར་སྐྲག༔ སྡིག་སྤྱོད་བདུད་སྤྲུལ་བསྟན་པ་རྒྱས་ཡུན་རིང་༔ འབྲིན་ཐང་ཀོ་རོ་བྲག་གི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་རིན་ཆེན་གླིང་པ་ཞེས་བྱ་འབྱུང་༔ གཏེར་སྟོན་རིན་ཆེན་གླིང་པ་ནི། གཏེར་འདི་དབང་བའི་ལས་ཅན་སྐྱེས་བུ་དེ༔ ད་ལྟ་ཨོ་རྒྱན་ང་ཡི་འཁོར་གྱི་མཆོག༔ རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་འདི༔ སྐྱེ་བ་ལྔ་ཡི་མཐའ་མ་རྡོ་བོད་མཚམས༔ ཐ་མལ་(སྟོད་ཆ།༦༤༥)འགྲོ་བ་འདྲེན་པྱིར་མི་ལུས་ལེན༔ གཟུགས་བཟང་སྐྱེས་མཐའི་བྱང་ཆུབ་སེམསད་པའ་ཆེ༔ དེ་ནས་ཚེ་འཕོས་ཕྱིར་མི་ལྡོག་པའི་རྟགས༔ ཚེ་ཡི་འཇུག་ལ་དབང་པོ་གང་རུང་འགྲིབ༔ སྐྱེ་བ་མི་ལེན་བདེ་བ་ཅན་དུ་སྤྱོད༔ ཅེས་དང་༔ ཨོ་རྒྱན་ང་ཡི་ཐུགས་སྲས་རཏྣའི་མཚན༔ ཐོས་བསམ་འཛིན་ས་སྐྱང་ན་དོན་ལྡན་འགྱུར༔ སྤྲུལ་པའི་སྲས་ནི་མཚོ་སྐྱེས་མེ་ཏོག་འདྲ༔ སྐལ་ལྡན་བུ་སློབ་བུང་བ་རྩི་འཚོལ་འདྲ༔ ཉམས་གྲིབ་དམ་སེལ་དུས་མིན་སད་དང་འདྲ༔ མཁའ་འགྲོའི་འདྲེན་དབང་ཆེན་སྣག་རྒྱུག་འདྲ༔ ལོག་ལྟ་ཅན་རྣམས་རླུང་ནག་འཚུབ་མ་འདྲ༔ དེ་ཕྱིར་འབྲེལ་ཚད་ཕྲིན་ལས་རྫོགས་བྱའི་དོན༔ གསོལ་བ་གང་བཏབ་དེ་ཡིས་དོན་ཀུན་འགྲུབ༔ དེ་ལ་སོགས་པའི་མཚན་ཉིད་ཡོན་ཏན་རྣམས༔ ཡི་གེར་བཀོད་པས་མི་ལངས་ཨོ་རྒྱན་སྲས༔ རིན་ཆེན་གླིང་པ་ཞེས་སུ་གྲགས་པ་ཡི༔ ལས་ཅན་སྐྱེས་བུ་དེ་དང་འདི་ཕྲ་ཤོག༔ ཅེས་ལུང་བསྟན་པའི་ཨོ་རྒྱན་ཐུགས་སྤྲུལ་ལྷ་སྲས་སྐྱེ་བ་ལྔ་མཐར་སྐུ་འཁྲུངས་པ་སྟེ། འཁྲུངས་ཡུལ་ལོ་རོ་དཀར་པོའི་ཚེ་གྲོ་བ་ཡབ་ལྷ་རྗེ་དགོས་རྡོར་འབུམ། ཡུམ་བལ་མོ་གཡང་འབུམ་པའི་སྲས་སུ་འཁྲུངས། དགུང་སྙིང་གླང་ཡིན། བྱིས་པའི་དུས་སྐུ་རྩེད་མཛད་པས། ཕ ་བོང་ལ་སྐུ་ཡོངས་རྫོགས་ཀྱི་རྗེས་གསལ་བར་བྱུང་། དེ་ནས་ཆོས་སྒོར་ཞུས། མཚན་རིན་ཆེན་རྒྱལ་མཚན་དཔལ་བཟང་པོར་བཏགས། སྟེང་པ་ལོ་ཙཱ་བའི་གདན་ས་གཉལ་སྨད་དགེ་རིའི་གནས་སུ་བྱོན་ནས། མཚན་ཉིད་ཀྱི་པྱོགས་ལ་གསན་པ་མཐར་ཕྱིན་མཛད་ལོ་རོ་དྲུག་དྲིལ་དགོན་པར་བླ་མ་ཞིག་ལས། རས་ཆུང་པའི་གདམས་པ་ཡོངས་རྫོགས་ཞུས་ནས། སྒྲུབ་པ་མཛད་པས་དག་སྣང་དཔག་མེད་ཤར།(སྟོད་ཆ།༦༤༦)དེ་ནས་སྐབས་ཤིག་ལྷ་ས་སྐོར་དུ་བྱོན་པས། ནུབ་གཅིག་མནལ་ལམ་དུ། མི་དཀར་པོ་གཅིག་གིས་ནང་པར་དོན་གྲུབ་པར་ཡོད་ཟེར་བ་་རྨིས། སང་ཞོགས་པ་དེར། ལ་སྟོད་དིང་རི་ནས་ཡིན་ཟེར་བའི་རྣལ་འབྱོར་པ་འཐེང་པོ་བྱང་སེམས་ཀུན་དགའ་ཟེར་བ་ཅིག་གིས། དྲི་བ་རྒྱལ་པར་བྱས་ཏེ། དྭགས་པོའི་སྨད་ནས་ཕར་ཨེ་རོ་ཟེར་བ་ཨེ་ཡོད་དང་། དེ་བཞིན་དུ་དེ་ནས་འབྲི་ཐང་ཀོ་རོ་བྲག་དང་། རུས་མི་ཉག །ལུག་པ་ཚེ་ལས་གྲས་པ། མཚན་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་སོགས། ཇི་ལྟར་དྲིས་པ་བཞིན་བྱུང་བས། རྣལ་འབྱོར་པ་ངེས་ང་ལ་སྤང་གྲོ་བཙལ་གྱི་བྲག་དམར་སྟེང་ནས་བྱུང་བའི་ཨོ་རྒྱན་པདྨའི་དགོངས་གཏེར་ཟབ་མོ་འབྲི་ཐང་ཀོ་རོ་བྲག་ལ་སྦས་ཡོད་པའི་ཁ་བྱང་ང་ལ་ཡོད་ཀྱང་། ངས་དེར་མ་སླེབས། ཁྱེད་གཏེར་ལུང་དང་མཐུན་པའི་མི་དེ་ཡིན་འདུག་པས་འབུལ་ཟེར་ནས། མཆན་ཁུང་ནས་དར་གྱི་དྲིལ་བའི་ཤོག་རིལ་ཅིག་ཕུལ་བ། གཏེར་གྱི་ཁ་བྱང་དུ་བྱུང་། ཀོ་རོ་བྲག་ཏུ་བྱོན་བྲག་ཕུག་ནང་ན་གཏེར་རྟགས་ཟངས་གཟེར་བཏབ་པའི་ཕ་བོང་དང་། བྲག་ཆོལ་གྲུ་གསུམ་པ་ཞིག་འདུག་པ་བྲུས་པའི་ནང་ནས། བསེ་སྒྲོམས་སྨུག་པོ་གདན་དྲངས། བསེ་སྒྲོམས་ནང་དུ་མཛོད་ལྔ་མཚོན་ཕྱིར་རལ་མིག་ལྔ་ཡོད་པའི་ཤར་ནས་ཁྱད་པར་ལྔ་ལྡན་གྱི་སྐོར། ལྷོ་ནས་སྒྲུབ་ཐབས་ནོར་བུ་སྐོར་ལྔ། ནུབ་ནས་རྟེན་འབྲེལ་ཡིད་བཞིན་ནོར་བུའི་སྐོར་ལྔ། བྱང་ནས་དྲག་སྔགས་ནོར་བུའི་སྐོར་ལྔ། དབུས་ནས་ཁ་བྱང་ལུང་བསྟན་ནོར་བུའི་སྐོར་ལྔ། གཞན་ཡང་བདེ་བར་གཤེགས་པའི་འཕེལ་གདུང་དང་། རིང་བསྲེལ་རྣམས་པ་གསུམ། གུ་རུའི་བདུད་རྩི། མཚོ་རྒྱལ་གྱི་རཀྟ་ཨ་མྲྀ་ཏ་དང་དམ་རྫས་དཀར་ཆག་དང་(སྟོད་ཆ།༦༤༧)བཅས་པ་སྤྱན་དྲངས་ཤིང་བྱིན་རླབས་ཀྱི་གཏེར་དཔག་ཏུ་མེད་པ་བཞེས། ཡང་འབྲི་ཐང་ཀོ་རོ་བྲག་གི་བྲག་ཆོས་ཆོས་འབྱུང་འདྲ་བ་ནས་འཇམ་དཔལ་རིག་པའི་རྒྱལ་པོ་ནཱ་ག་རཀྴོའི་ཆོས་རྣམས་སྤྱན་དྲངས། ཚུར་བྱོན་པའི་ལམ་མཁར། གཏེར་བདག་རྣམས་ཀྱི་འཚུབ་དང་ཆོ་འཕྲུལ་བྱུང་བ་རྣམས་འཛིན་མེད་ཀྱི་ལྷ་བས་ཟིལ་གྱིས་མནན་པས་རང་ཞི་ལ་སོང་། དེ་ནས་འཁྲུངས་ཡུལ་གྱི་ཤར་དགོན་པར་འདག་སྦྱར་བྱས་ནས་རྩེ་གཅིག་ཏུ་བསྒྲུབས་པའི་རྒྱལ་མཚན་བཙུགས་པས། ཉམ་རྟོགས་གོང་འཕེལ་དུ་རྒྱས་ཤིང་། དག་པའི་སྣག་བ་དཔག་མེད་ཤར། སླར་རྒྱ་གར་གྱི་ཕ་བོང་རུས་སྦལ་ནག་པོ་ནས་གཏེར་བཞེས་པར་ལམ་འཕྲང་སོགས་དཀའ་བ་དཔག་མེད་སྤྱད་ནས་བྱོན། ལུང་བསྟན་ཁང་བྱང་ལས། འཕགས་པའི་སྤྲུལ་པ་སྙིང་སྟོབས་ཅན། གླང་ངམ་འབྲུག་ལོ་རཏྣའི་མིང་། སྐལ་ལྡན་གཅིག་གིས་རྙེད་པར་ཤོག །སྐལ་མེད་རྣམས་དང་མ་འཕྲད་ཅིག རྟ་ཡི་ལོ་བརྒྱད་ལ་སྦས་པ། །རྟའི་ལོ་བརྒྱད་ལ་ཐོན། ཁྱིའི་ལོ་བརྒྱད་ལ་སྤེལ། ཞེས་གསུངས་པ་དང་མཐུན་པར་རྒྱ་གར་དུ་ཕེབས། དུག་སྦྲུལ་གྱིས་བསྐོར་བའི་ཕ་བོང་སྦལ་པ་འདྲ་བ་ལ་གཏེར་མཚན་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པའི་འོག་ནས། ཕྱི་སྣོད་ལ་ཆའི་སྦལ་པ་མགོ་གཉིས་པ་མགོ་གཅིག་འཕོངས་ལ་ཡོད་པ་ཞིག་གི་མགོ་རང་ལས་ཟང་བུམ་ནང་ནས། ཨོ་རྒྱན་ཐུགས་བཅུད་བླ་མ་སྐུ་བདེ་བ་ཆེན་པོ་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ཆེན་མོ། ཞི་ཁྲོ་བདེ་ཆེན་ཀུན་རྫོགས་ཆེན་མོ་དམ་རྫས་རོལ་པ་ཆེན་པོའི་ཆོས་སྐོར་དངུལ་གྱི་རྡོ་རྗེ་སེན་གང་པ་གཅིག་དང་ལྔ་འདུག་པ་བཏོན་ནས། ཤུལ་ཏུ་ཟབ་ཆོས་ལྔའི་གཏེར་དཔེ་བཅུག་སྟེ། དེ་ཡང་གཏེར་ལུང་དེ་ཉིད་ལས། གཏེར་འདི་ཕྱུང་བའི་གཏེར་(སྟོད་ཆ།༦༤༨)ཚབ་ཏུ། །སྐོར་ལྔའི་གཏེར་དཔེ་རྙིང་པ་དང་། གཏེར་ཚབ་ཇི་ལྟར་རིགས་པར་བཞུགས། གཏེར་ཁ་གསར་རྙིང་ཕྲད་དུས་སུ། །དཔེ་རྙིང་སླད་གྱི་གཏེར་དུ་སྦོས། །བར་ཆད་སེལ་ཞིང་དངོས་གྲུབ་འབྱུང་། །ང་ཡི་གཏེར་དཔེ་འཚོལ་བ་ན། གཏེར་སྟོན་དམ་མེད་ཕུང་བར་འགྱུར། དེ་བས་གཏེར་ཡིག་མ་སྤེལ་སྦྲོས། །གཏེར་ཆོས་འཆོངས་ཤིག་སཱ་མཱ་ཡཱ། ཞེས་གསུངས་པ་ལྟར་མཛད། མོན་བོད་གཉིས་ཀྱི་ས་མཚམས་ནགས་ཁྲོད་ཆེན་པོ་ཤིན་ཏུ་གཉེན་པ་ཤ་འུག་སྟག་སྒོ་ཞེས་པའི་གཏེར་ནས་རྡོ་རྗེ་རྩེ་ལྔ་འདྲ་བའི་བྲག་ལ་གཏེར་མཚན་གཡུང་དྲུང་རིས་ཡོད་པ་ཆོལ་བུར་བཏོན་ནས། ལ་ཆའི་རྡོ་རྗེ་རྩེ་ལྔ་འདོམ་གང་པ་དང་ཤེལ་རྡོའི་གྲིལ་ཤིང་ལ་དར་གྱིས་དཀྲིས་པའི་སོག་སེར་དྲི་འོད་དང་ལྡན་པ་ལ་བཀའ་རྒྱ་མ་རྣམ་གསུམ་ཞེས་པ་སྒྲུབ་ཐབས་བཀའ་རྒྱ་མ། བླ་མ་ཡི་དམ་མཁའ་འགྲོའི་སྒྲུབ་ཐབས་ཡི་གེ་ལག་ལེན་དང་བཅས་པ། རྫོགས་རིམ་བཀའ་རྒྱ་མ་ལ། རིམ་གྱིས་ཅིག་ཅར་གཉིས་མེད་གྱི་ཁྲིད་ཡིག་ཞལ་གདམས་དང་བཅས་པ། ལུང་བསྟན་བཀའ་རྒྱ་མ་ལས། སྤྱི་དང་བྱེ་བྲག་ཁྱད་པར་གསུམ་གྱིས་ལུང་བསྟན་བཅས་དང་བཅས་པ། ཐུན་མོང་ལོ་རྒྱུས་དང་བཅས་པ་རྣམས་འདུག་པ་བཏོན། གཏེར་ཚབ་ཏུ་རུས་སྦལ་ནག་པོའི་ཤོག་སེར་དང་། གཞན་ཡང་སྔར་དང་འདྲ་བར་བྲིས་ནས་བཅུག །གཞན་ཡང་མཚོ་རྒྱལ་གྱི་ལུང་བསྟན་དང་། ཀོང་བཙུན་དེ་མོའི་སྤྱན་དྲངས་པ་ལ་རྟེན་ནས་ཀོང་པོར་ཕེབས། རྡོ་རྗེ་ལེགས་པས་གཏེར་གྱི་ལྡེ་མིག་མངོན་སུམ་དུ་ཕུལ་བས་ཟབ་གཏེར་མང་པོ་སྤྱན་དྲངས། ཀོང་པོ་བྲག་ནང་། ཙ་རིགས་རམ། བྲག་(སྟོད་ཆ།༦༤༩)དམར་ཟེ་ཆུང་ནམ་མཁའ་རྫོང་རྣམས་སུ་སྒྲུབ་པར་རྒྱལ་མཚན་བཙུགས་ཏེ་ཉམས་ལེན་མཐར་ཕྱིན་པར་མཛད། སླར་ལོ་རོར་བྱོན། རིན་ཆེན་ལྡིང་སོགས་དགོན་གནས་འགའ་རེ་བཟུང་། འགྲོ་དོན་རྒྱ་ཆེར་བསྐྱངས། དེ་ནས་ཙ་རི་དང་ཀོང་ཕྱོགས་ལ་བྱོན། ཟབ་གཏེར་བཞེས་པ། སྒྲུབ་པ་མཛད་པ། འགྲོ་དོན་སྐྱོང་བ་སོགས་བཟུང་འབྲེལ་དུ་མཛད། འགྲོ་ཕན་ཀྱང་ཆེར་བར་བྱུང་། འདི་པཎྜི་ཏ་ཤེས་རབ་འབྱུང་གནས་ཀྱི་སྐྱེ་བར་གྲགས་ཤིང་། ཟབ་གཏེར་བཞེས་པ་གཅིག་པུར་མ་ཟད། མཁས་གྲུབ་གཉིས་ཀ་འཛོམས་པ་ཞིག་ཡིན་ཏེ། ཟངས་མདོག་དཔལ་རིར་བྱོན་པའི་དག་སྣང་གི་ལོ་རྒྱུས་ཀྱང་ཟབ་ཅིང་རྒྱ་ཆེར་བར་ཡོད། བསམ་ཡས་སུ་ཆོས་རྗེ་རང་བྱུང་རྡོ་རྗེ་ལ་ལུང་བསྟན་དང་ཆོས་ཀ་རྣམས་ཕུལ་ཞིང་ཆོས་བདག་ཏུ་མངའ་གསོལ། དགུང་ལོ་བརྒྱད་ཅུ་པ་ལ་ལོ་རོར་སྐུ་གཤེགས་སོ། །གཏེར་སྟོན་འདིའི་གཏེར་བྱོན་ནཱ་ག་རཀྐ་ནི་གསར་རྙིང་ཀུན་གྱི་ཐུན་མོག་དུ་གྱུར་ཏེ། ཏཱ་ར་ནཱ་ཐའི་སྒྲུབ་ཐབས་རིན་འབྱུང་དུའང་བཀོད་དུ་འདུག་གོ། དེའི་སྐྱེ་བ་སྤྲུལ་སྐུ་གཞོན་ནུ་ལྷུན་སྒྲུབ་སྔོན་གྱི་དབོན་བརྒྱུད་དུ་འཁྲུངས་ཏེ་ཆུང་ངུ་ནས་མངོན་པར་མཁྱེན་པ་དང་། ཕྱག་ཞབས་ཀྱི་རྗེས་སོགས་གྲུབ་པའི་རྟགས་མང་པོ་དང་། སློབ་དཔོན་རིན་པོ་ཆེ་པདྨའི་ཆོས་གཏེར་ཀྱང་དུ་མ་སྤྱན་དྲངས་ཀྱང་། ཕྲིན་ལས་ཧ་ཅང་མི་ཆེ་བར་གཞོན་ནུ་ལ་གཤེགས། དེའི་སྐུའི་སྐྱེ་བ་སྤྲུལ་སྐུ་རྒྱལ་མཚན་དཔལ་བཟང་དང་། དེ་ནས་རིམ་པར་དཔའ་བོ་ཅོས་དབང་ལྷུན་གྲུབ་དང་། སྐྱེས་ཆེན་གཙུག་ལག་ཕྲེང་བ་སོགས་ནས་དེང་སང་གིས་བར་དུ་སྐུ་ཐོག་རིམ་པར་འདི་དག་ཡིན་ཀྱང་དཔའ་བོ་ཆོས་དབང་ལྷུན་གྲུབ་ནས་བཟུང་དཔལ་ལྡན་ཀརྨ་བཀའ་བརྒྱུད་ཀྱི་གྲུབ་(སྟོད་ཆ།༦༥༠)མཐའ་འཛིན་པ་ལས་རང་གཏེར་གྱི་ཆོས་རྒྱུད་འཛིན་པ་ན་མ་བྱུང་བར་སྣང་ངོ་། འདིའི་དུས་རྟགས་ནི། དབུས་ཀྱི་མདུན་མ་ཅིག་དྲིལ་སོགས་ནི། འཁོན་ས་སྐྱ་པའི་གདུང་བརྒྱུད་རིན་པོ་ཆེ་དང་། ཆོས་རྒྱུད་ཀྱི་བསྟན་པ་ནི་དེང་སང་གི་བར་དུ་ནམ་ཡང་མ་ཉམས་པར་གནས་པ་ཡིན་ནའང་། སྲིད་ཀྱི་སྟོབས་འབྱོར་ཕུན་སུམ་ཚོགས་པ་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་འགྲོ་མགོན་བསོད་ནམས་པའི་བར་ཙམ་ལས་དཔོན་ཆེན་སྔོན་མ་རྣམས་ལྟར། བོད་ཆོལ་ཁ་གསུམ་ལ་ལུང་རྒྱུག་པ་ཞིག་མ་བྱུང་ཞིང་། དེ་ཙམ་ན་འབྲི་ཕག་ཚལ་གསུམ་སོགས་ཤེད་ཅུང་ཟད་བསྐྱེད་པའི་སྐབས་སུ་སྣང་བས་དེར་དགོངས་པ་འདྲའོ། དེ་ཉི་མི་གནས་མྱ་ངན་འདས་འོག་ཏུ༔ ཡར་ཀླུངས་མཐིལ་ནས་རྣམ་སྨིན་བསྐྱེད་རྒྱལ་འབྱུང་༔ ཕག་གིས་ས་སློག་དབུས་ཁམས་ས་ཧོར་ཟ༔ བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང་༔ ཤེལ་གྱི་བྲག་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་ཨོ་རྒྱན་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་ཨོ་རྒྱན་གླིང་པ་ནི་ཐང་ཡིག་ལས། རྒྱལ་སྲས་ལྷ་རྗེ་སྔོན་དུ་ཁྲིད་ཤོག་གསུངས༔ སྲས་འདིའི་སྐྱེ་བ་ཡང་སྔ་ད་བར་དུ༔ བདག་གིས་བྱིན་གྱིས་བརླབས་པའི་སྲས་ཡིན་གསུངས༔ ལྟ་བ་རྫོགས་ཆེན་པདྨ་སྙིང་ཐིག་དང་༔ ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང་། བླ་མ་བསྟན་གཉིས་སྐོར་གསུམ་ལ་སོགས་པ༔ རྩིས་སྨན་ཀུན་གྱི་བདག་པོ་འདི་ཡིན་པས༔ ཡར་ཀླུངས་གཏེར་ཁ་འདི་ལ་གཏད་དོ་གསུངས༔ གསང་མཚན་སྔགས་པ་མཆོག་གྲུབ་རྒྱལ་པོར་གསོལ༔ ཞེས་(སྟོད་ཆ།༦༥༡)དང་། སྐྱེ་བ་གཅིག་ནི་བོདཡུལ་གྲ་ནུབ་མདའ༔ རྒྱལ་སྲས་ལུང་པ་འདི་ཡི་ནུབ་ཏུ་སྐྱེ༔ སྔགས་པ་མཐུ་མཁན་སྔགས་རྩིས་སྨན་སྐྱོང་རིགས༔ ཆོས་དབྱིངས་མདངས་ཅན་ཡེ་ཤེས་ཁ་དོག་ཅན༔ ཡར་རྗེ་ཨོ་རྒྱན་གླིང་པ་ཞེས་བྱ་བ༔ མེ་ཁམས་ཆུ་མོ་ཕག་གམ་ཕྱི་ལོ་པ༔ སྤྲུལ་པའི་སྲས་ནི་འདམ་སྐྱེས་པདྨ་འདྲ༔ ཞེས་ལུང་གིས་ཟིན་པ་ལྟར་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་དང་རྒྱལ་སྲས་ལྷ་རྗེའི་སྐྱེ་བ་གཏེར་སྟོན་སངས་རྒྱས་བླ་མ་སོགས་གཏེར་སྟོན་རྐྱང་བའི་སྐྱེ་བ་བཅུ་གསུམ་གྱི་མཐའ་མ་སྤྲུལ་སྐུ་ཡི་རྒྱན་གླིང་པ་མཆོག་གྲུབ་རྒྱལ་པོ་ནི། གཡོ་རུ་གྲའི་ཕུ་ཡར་རྗེ་ཞེས་པར་ཆུ་མོ་ཕག་ལ་སྐུ་འཁྲུངས། ཆུང་ངུ་ནས་སྔགས་པའི་བརྒྱུད་ཡིན་ཏེ། མཐུ་དང་། རྩིས་དང་། སྨན་ལ་སོགས་པ་མཁས་པར་སྦྱངས། དགུང་ལོ་ཉེར་གསུམ་གྱི་སྟེང་དུ་མཆོད་རྟེན་དམར་པོ་ནས་གཏེར་གྱི་ཁ་བྱང་བཞེས་ཏེ། ཡར་ཀླུངས་ཤེལ་བྲག་པདྨ་བརྩེགས་པའི་བྲག་ཤེལ་ཕུག་ཅན། ཨོ་རྒྱན་པདྨས་བདུད་རྩི་སྨན་སྒྲུབ་མཛད་པའི་གནས། ཞི་ཁྲོའི་ལྷ་ཚོགས་གཞལ་ཡས་ཁང་ལྟ་བུ་ལ་བཞུགས་པའི་སྒོ་སྲུང་ཁྱབ་འཇུག་ཆེན་པོའི་རྩ་བའི་དབུ་གསུམ་གྱི་ནང་ནས། དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་ཚན་བརྒྱ་དང་སུམ་ཅུ་སོ་གཉིས་དང་། དབུ་གོང་མ་རྣམས་ནས། རྫོགས་ཆེན་ཚེ་སྒྲུབ་དང་། ཐུགས་རྗེ་ཆེན་པོ་པདྨ་སྙིང་ཐིག །གཞན་ཡང་ཨ་ཏི་དང་། སྤྱི་ཏི། ཡང་ཏི་ལ་སོགས་པའི་རྫོགས་རིམ་གྱི་སྐོར་དང་། བསྐྱེད་རིམ་གྱི་སྐོར་བླ་མ་བསྟན་གཉིས་སྐོར་གསུམ། གུ་རུ་དྲག་པོ་གཏེར་སྨྱོན་གྱི་སྐོར་དང་། མགྲིན་པ་ནས་ཞི་ཁྲོ་བཀའ་འདུས་ཀྱི་སྐོར་དང་། མགོན་པོ་མ་ནིང་གི་སྐོར་རྒྱུད་སྒྲུབ་ཐབས་དང་བཅས་པ། སྨད་སྦྲུལ་མཇུག་གི་ནང་ནས། ཡེ་ཤེས་མགོན་(སྟོད་ཆ།༦༥༢)པོ་ལྷ་མང་གི་སྐོར་མགོན་པོ་མ་ནིག་ན་པ་ལབ་སེ་རྒྱལ་བ་ཡན་གྱི་མགོན་པོ་ཐམས་ཅད་ཀྱི་རྒྱུད་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་མཐའ་ཡས་དང་། གཞན་ཡང་སྨན་དཔྱད་ལ་སོགས་པ་བསྟན་པ་བསྲུང་བའི་གདམས་པ་མཐའ་ཡས་པ་དང་། སྐུའི་ཕྱག་གི་ནང་དང་སྦྲུལ་མཇུག་ལྷག་མ་རྣམས་ནས་བསྟན་པ་བསྲུང་བའི་ཆ་རྐྱེན། ཕན་བྱ་གནོད་བྱའི་སྐོར་མཐའ་ཡས་པ་དང་། མཐའ་ན་ཡང་སྒྱོགས། མེ་མདའ། མཚོན་སྲུང་། ཟ་ཡིག་ཞིང་སེལ། བཟོ་རིགས་པ་ཧྲ་ཀ་རིགས་དྲུག མན་ངག་གཏེར་བུམ་སོགས་མཐའ་ཡས་པ་རྣམས་སྤྱན་དྲངས། གཞན་ཡང་གྲའི་གཡུ་གོང་བྲག་ནས་གསང་སྔགས་ལམ་རིམ་གྱི་སྐོར་ཕྱི་བཤད་རིན་ཆེན་སྤྲིན་བྲལ། ནང་བཤད་གསང་སྔགས་ལམ་རིམ། བྱ་ཆ་རིན་ཆེན་སིལ་མ། ཁྲོ་བོ་རིགས་གསུམ་མགོན་པོ། སྨིན་བྱེད་དབང་གི་ཐ་རམ་སློབ་དཔོན་པདྨའི་རྣམ་ཐར་ཆུ་བྱ། ཞི་བྱེད་བཀའ་ཆེམས་དོན་གསལ། གཏེར་རབ་བརྒྱད་ཚན་བཅུ་དྲུག་ལ་སོགས་པ་རྣམས་གཏེར་ནས་སྤྱན་དྲངས་སོ། ཡང་ཐང་ཡིག་སྡེ་ལྔ་ནི། བསམ་ཡས་རྡོའི་མཆོད་རྟེན་ནས་རྒྱལ་པོ་བཀའི་ཐང་ཡིག་ལེའུ་བཅུ་དགུ་པ། དགེ་རྒྱས་ལི་མ་གླིང་ནས། ལོ་པཎ་བཀའི་ཐང་ཡིག་ལེའུ་སུམ་ཅུ་སོ་ལྔ་པ། ཤེལ་བྲག་ནས་བློན་པོ་བཀའི་ཐང་ཡིག་ལེའུ་སོ་གཉིས་པ། ཁམས་གསུམ་ཟངས་ཁང་གླིང་ནས། བཙུན་མོ་བཀའ་ཐང་ཡིག་ལེའུ་ཉེར་གཅིག དབུ་ཚལ་གསེར་ཁང་གླིང་ནས། ལྷ་འདྲེ་བཀའི་ཐང་ཡིག་ལེའུ་བཞི་པ་རྣམས་སྤྱན་དྲངས་སོ། །པདྨ་བཀའ་ཐང་ཤེལ་བྲག་མ་ནི་ཧོར་སྒོམ་ཤཀྱ་བཟང་པོ་དང་ལྡན་ཅིག་ཏུ་སྤྱན་དྲངས་པས་གཉིས་ཚོགས་ཀྱི་གཏེར་ཡང་ཟེར་རོ། ཤེལ་བྲག་མ་ལའང་ཚིག་བཅད་ལྷུག་གཉིས་བྱུང་བས་གོང་མ་སྡེ་ལྔ་(སྟོད་ཆ།༦༥༣)དང་བསྡོམས་པས་བཀའ་ཐང་སྡེ་བདུན་ཡང་ཟེར་རོ། ཡང་ཟུར་མཁར་རྡོའི་མཆོད་རྟེན་གཡས་པ་ནས། ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་གི་སྐོར་དང་། འོན་ཕུ་སྟག་ཚང་སེང་གེ་བསམ་གྲུབ་ནས་གུ་རུ་དྲག་པོ་དང་། བསྟན་སྲུང་གི་སྐོར་མཐའ་ཡས་པ་དང་། གྲ་ཕྱི་བྲག་པོ་ཅེ་ནས་གཤིན་རྗེ་ཚེ་བདག་གི་སྐོར་ལ་སོགས་ཏེ། གཏེར་ཆོས་སུས་སྟི་བརྒྱ་ལྷག་ཙམ་ཡོད་ཅིང་། བཀའ་འདུས་སྐོར་ཁོ་ན་ལའང་སུམ་སྟི་སུམ་ཅུ་སོ་གྲངས་ཡོད་པར་གྲགས་ཀྱང་། ཐམས་ཅད་ཤོག་སེར་ནས་འབེབས་མ་ཐུབ་ནས་ཡང་གཏེར་དུ་སྦས་པར་གྲགས་ཤིང་། སྐུ་རྟེན་དང་། དམ་རྫས་རིལ་བུ། བྲམ་ཟེ་སྐྱེ་བདུན་གྱི་སྐུ་ཤ་ཐུགས་རྗེ་ཆེན་པོ་ཐུགས་དམ་པདྨ་ར་ག བྲམ་ཟེ་དྲི་མེད་སྙིང་པོའི་དབུ་ཐོད། གཞན་ཡང་ནོར་གཏེར་མཐའ་ཡས་པ་སོགས་གཏེར་ཁ་ཆེན་པོ་ཉེར་བརྒྱད་སྤྱན་དྲངས་ཏེ། ཁྲ་འབྲུག་གཙུག་ལག་ཁང་གི་ཁྱམས་སྟོད་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ནས་སྒྲུབ་པའི་དབང་ཆེན་པོ་ཉེར་བརྒྱད་ཞལ་ཕྱེ་བའི་ཚེ། དབང་ཆོས་ཀྱི་སྐབས་འགར་གཏེར་སྟོན་གྱི་གསུངས་ནས་གོང་མ་ཏ་སི་བྱང་ཆུབ་རྒྱལ་མཚན་གྱི། བོད་ཁམས་ཐམས་ཅད་དབང་དུ་བསྡུས་ཏེ་ཉལ་ཐག་གཅོད་པ་ཅིག་འབྱུང་ཞེས་པ་ཡང་ཡང་གསུངས་པ། ཏི་སིས་གསན་ནས་ཕོ་ཉ་བཏང་སྟེ་ཞལ་འགྲམ་བཅག་པ་སོགས་ཞབས་འདྲེན་ཆེན་པོ་མིང་འཚམ་པ་མང་པོ་ཞུས་པས། གཏེར་སྟོན་ཐུགས་ཁྲོས་ནས་ཁྱོད་ཀྱི་ལུང་པ་འདི་ཡོན་ཏན་བརྒྱ་དང་ལྡན་པ་ཅིག་ཡོང་བ་ཡོད་ཀྱང་སྡོད་པ་མི་འདུག་གསུངས་ནས། ཤེལ་བྲག་པདྨ་བརྩེགས་པའི་རྡོ་ཟམ་བསྒྱུར་བས་གནས་སྒོ་འགག །གཏེར་སྟོན་གྱི་ཨེ་དང་། དྭགས་པོ་དང་། གྲབ་གཙང་ཁ་ལ་སོགས་པར་བཞུགས་(སྟོད་ཆ།༦༥༤)ཏེ་མགྲོན་པོ་མཛད། པདྨ་བཀའི་ཐང་ཡིག་འདི་ཀུན་ལ་དར། གཏེར་ཆོས་ཚང་མ་ཡོངས་སུ་རྫོགས་པ་སྤེལ་མ་ཐུབ། རྗེས་སུ་ཨེའི་འགའ་རུ་སླེ་ཆུང་ཁ་བྱ་བར་སྐུ་གཤེགས། སྐུ་གདུང་དྭགས་པོའི་གྲྭ་པ་རྣམས་ཀྱིས་དྭགས་པོ་ཞབས་རྗེས་དགོན་པར་སྤྱན་དྲངས་ནས་རིལ་པོར་བཞུགས་སོ། གདུང་བརྒྱུད་རྣམས་གྲབ་གཙང་ཁ་སོགས་ན་ཡོད་དེ། གཏེར་ལུང་ལས། ཁྱོད་ཀྱི་གདུང་བརྒྱུད་བརྒྱ་དང་ཉེར་གཅིག་བར། ཆོས་མ་བྱས་ཀྱང་སངས་རྒྱས་ཐེ་ཚོམ་མེད། ཅེས་གསུངས་པ་ལྟར་སྐྱེས་རྒྱལ་ཕམ་ལམ་ལ་ཞུགས་པ་དང་། མ་ཞུགས་པ་ཐམས་ཅད་ལའང་གྲུབ་རྟགས་འབའ་ཞིག་ཡོད་པ་དུས་ཕྱིས་ཀྱི་བར་དུ་ཡང་ཡོད་ཟེར། སྤུར་དེ་སྐྱེ་བདུན་ཡིན་པར་རྣམ་ཐར་ཆེན་མོ་ལས། རྒྱལ་སྲས་ཕུང་པོ་འདི་ཡང་དོན་ལྡན་ཏེ། དབང་པོ་ལྔ་དང་ཟགསཆུ་ཤ་དང་རུས། ཤིག་གི་སྙིང་ཙམ་སུ་ཡི་ལྟོར་སོང་བ༔ ཤན་པ་ཡིན་ཡང་མཐོ་རིས་གནས་སུ་སྐྱེ༔ ཞེས་གསུངས་པ་ཤེས་ཏེ། སྐུ་རབས་ནས་སྡེ་བ་གཡུལ་རྒྱལ་བས་སྐུ་ཚེའི་སྟོད་ལ་སྡིག་པ་སྟོབས་ཆེན་བྱས་པས་འགྱོད་ནས། ཞབས་རྗེས་དགོན་པའི་མཆོད་རྟེན་གྱི་ནང་ནས་གཏེར་སྟོན་གྱི་སྐུ་ཡུར་ཞུས་ཤིང་ཁོ་རང་གིས་ལོངས་སྤྱད་འདུག་པས། སྡེ་པ་ཉམས་འབར་ཏེ་ཁྲུ་གང་ཙམ་དུ་ས་མ་རེག་པར་འབྱོན་པ་སོགས་བྱུང་ཞིང་། དེ་སྐབས་ཀྱི་ལས་ཅན་རྣམས་ཀྱི་ལག་ཏུ་ཡང་སྟོབས་ཆེན་བྱུང་འདུག་གོ། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྐོར་རྣམས། དུས་ཕྱིས་རྡོ་རྗེ་བྲག་ཞབས་དྲུང་སྐལ་བཟང་པདྨ་དབང་ཕྱུག་གིས་སྒྲགས་ཡང་རྫོང་ནས་ཡང་གཏེར་འགའ་ཞིག་བཞེས་ཤིང་ཕལ་ཆེར་དག་སྣང་དུའང་བྱུང་སྣང་ངོ་། གཏེར་སྟོན་འདིའི་དུས་རྟགས་སུ། ཡར་ཀླུངས་མཐིལ་ནས་རྣམ་སྨིན་བསྐྱེད་རྒྱལ་འབྱུང་། ཕག་གིས་ས་ཀློག་(སྟོད་ཆ།༦༥༥)ཞེས་སོགས་ནི་ཏ་སི་བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་ཁྲི་སྐོར་ཐམས་ཅད་མངའ་འོག་ཏུ་བསྡུས་ནས། ས་སྐྱ་ལྷ་ཁང་བཅོམ་པ་དང་སྦྱོར་བར་འདུག་ལ་རྫོང་བརྒྱ་དང་རྩ་བརྒྱད་ནི། ཤར་འོལ་ཁ་སྟག་རྩེ། ལྷོ་འཕྱོགས་རྒྱས་སྟག་རྩེ། ནུབ་ཉང་སྟོད་སྟག་རྩེ། བྱང་བྱི་རི་སྟག་རྩེ་སོགས་ཉིན་གཅིག་ལ་ཡང་རྫོང་ཆེན་བཅུ་གསུམ་གྱི་རྨང་བཏིང་། གང་དཀར། བྲག་དཀར། སྣེའུ། བསམ་གྲུབ་རྩེ། རིན་སྤྲུངས་སོགས་དབུས་གཙང་འཛིན་མའི་ལྟོ་བའི་ས་མདུད་རྣམས་ལ་བཙན་རྫོང་མང་དུ་བྱུང་བ་ལ་དགོངས་པར་སྣང་ངོ་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ས་ཧོར་དུར་ས་དབུས་གཙང་ཀུན་ལ་འབེབས༔ མཆོད་རྟེན་འོགོ་ནས་ཐོད་པ་ཕྱི་ཡི་གཡེང་༔ བསམ་ཡས་འཆིམས་ཕུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་དྲི་མེད་འོད་ཟེར་ཞེས་བྱ་འབྱུང་༔ ཞེས་པ་ནི་ཀུན་མཁྱེན་ཀློང་ཆེན་པའམ་དྲི་མེད་འོད་ཟེར་དུ་གྲགས་པ་ཏེ། པདྨ་གླིང་པའི་གཏེར་ལུང་ལས། དེ་ནས་འཕོས་ནས་གྲྭ་ཡི་ལུང་པའི་ཕུ༔ སྤྲེའུ་ལོ་པ་ཤེས་རབ་བློ་རྩལ་ཅན། ཕ་ནི་བསྟན་པ་མ་ནི་བསོད་ནམས་སྐྱིད༔ དེ་གཉིས་བུར་འཁྲུངས་ཚུལ་ཁྲིམས་མིང་ཅན་ཅིག༔ སྒོ་བཟང་སྐྱེ་ཆེད་རིག་པ་དངས་པ་འབྱུང་༔ ང་ཡི་སྤྲུལ་པ་རིན་ཆེན་གླིག་དང་འཕྲད༔ ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཉམས་བླངས་ནས༔ ཚེ་ཡང་མཐར་ཕྱིན་སྐུ་ཚེའི་སྨད་ཉིད་ལ༔ བུམ་ཐང་སྨད་ནས་གཏེར་གྱི་སྒོ་ཡང་འབྱེད༔ གཏེར་ཁ་ལྔ་འབྱེད་འགྲོ་དོན་དཔག་མེད་མཛད༔ མཚན་ཡང་དྲི་མེད་འོད་ཟེར་ཞེས་བྱར་གྲགས༔ དེ་དུས་གཏེར་རྣམས་མ་(སྟོད་ཆ།༦༥༦) ལོན་ན༔ པཎ་ཆེན་བི་མ་མི་ཏྲ་ཡིས༔ གང་གསུངས་ཆོས་ཀྱི་བདག་པོར་འགྱུར༔ དབུས་གཙང་ཕྱོགས་སུ་མཁས་བཙུན་ཐོགས་མེད་འབྱུང་༔ དེ་དུས་མཁར་ཆུར་རྫོགས་ཆེན་བསྟན་པ་དར༔ ཟབ་མོ་གནད་ཀྱིས་ཐེབས་པ་བརྒྱ་རྩ་བརྒྱད༔ ཆོས་ཀྱི་འབྲེལ་པ་སྟོང་རྩ་གཉིས༔ འགྲོ་དོན་ནུས་པ་སུམ་ཅུ་འབྱུང་༔ ཟབ་ནོར་འབྲེལ་པ་ཤིན་ཏུ་ཟབ༔ ཨོ་རྒྱན་ང་ཡི་སྨོན་ལམ་ཐུགས་རྗེ་ཡིས༔ དེ་དང་འབྲེལ་ཚད་བླ་མེད་ཞིག་དུ་འགྲོ༔ ཉམས་ལེན་ལོངས་སྐུའི་ཞིང་ཉུལ་ཞིང་༔ བརྒྱད་ཅུའི་ཐོག་ཏུ་མྱ་ངན་འདའ་ཡང་སྲིད༔ ཅེས་པ་ལྟར། གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱི་འགྲོ་དོན་འཕྲོ་ཅན་དུ་གྱུར་པས། རང་སྣང་ལོངས་སྐུའི་ཞིང་ཉུལ་བའི་ཚུལ་གྱིས་ཡེ་ཤེས་ཀྱི་སྐུས་སྙིང་ཏིག་གི་བསྟན་པ་སྤེལ་བར་ལུང་བསན་པ་ལྟར་དུ་སྐུ་འཁྲུངས་པ་སྟེ། སྙིང་ཏིག་ལས་ཀྱང་། ཕྱི་མ་འགྲོ་དོན་བརྒྱ་ལོག་སྤྱོད༔ དྲི་མེད་འོད་ཟེར་ཞེས་བྱར་གྲགས༔ གཏེར་སྒོ་འབྱེད་ཅིང་བསྟན་པ་སྐྱོང་། ལྷོ་ཡི་ཕྱོགས་སུ་ངེས་པར་འབྱུང་༔ ཞེས་གསུངས་པ་ལྟར། གཏེར་སྟོན་འདིས་མཆིམས་པུ་ནས་ཤོག་དྲིལ་གསུམ་ཙམ་གཏེར་ནས་བཞེས་ཏེ། སྒྲོན་བཞིའི་དབྱེ་གསལ་མེ་ལོང་གི་གདམས་པ། སྣང་བཞི་གཏན་ལ་འབེབས་པའི་ཟབ་ཏིག་དགོངས་པ་རང་གྲོལ། དེའི་བུ་ཡིག་སྣང་བཞི་འཆར་བྱེད། འཆི་བ་བརྟག་བསླུས་སྐོར་སོགས་ཅུང་ཟད་གཏེར་ནས་བཞེས་པ་རྣམས་དེང་སང་པདྨ་གླིང་པའི་གཏེར་ཆོས་གྲལ་དུ་བཞུགས། གཞན་གཏེར་མང་པོ་མ་བཞེས་ཏེ། ཉིད་ཀྱི་གསུངས་ལས། ང་ནང་འོད་གསལ་གྱི་གཏེར་ཁ་བྱེད་པ་ལ། །བྲག་སེར་ཀའི་གཏེར་གྱིས་དགོས་པ་མེད། གཏེར་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག །སྐལ་སྔན་ཡིན་ཀྱང་(སྟོད་ཆ།༦༥༧)ཆོག་ལ་མིན་ཀྱང་ཆོག༔ ཆོས་ཟད་བློ་ཟད་ཀྱི་རྣལ་འབྱོར་ལ། །གཏེར་སྲུང་གི་ཡུས་ཅེ་འཚོང་མི་དགོས། ཞེས་གསུངས་ཏེ། གསེར་སྲུང་རྣམས་ཀྱིས་གཏེར་འདོན་པར་བསྐུལ་ཞིང་ཆོ་འཕྲུལ་བསྟན་ཀྱང་གཏེར་འདོན་པར་མཛད། དགོངས་གཏེར་གྱི་བཀའ་བབས་པས་ཟབ་ཅིང་རྒྱ་ཆེ་བའི་བསྟན་བཅོས་མང་དུ་མཛད་དེ། རྣམ་ཐར་གོང་དུ་རྫོགས་ཅེན་སྙིང་ཏིག་གི་ལོ་རྒྱུས་སྐབས་སུ་རྒྱས་པར་བཀོད་པ་དེ་ལྟར་ལགས་སོ། །འདིའི་དུས་རྟགས་མཆོད་རྟེན་འོག་ནས་ཐོད་པ་ཁྱིས་གཡེང་བ་ནི་ཧས་པོའི་རིའི་རྒྱབ་ཏུ་མཁས་པོའི་སྐུ་གདུང་བྱེ་བ་མ་ལ་བཞུགས་ནས་སྟེང་ན་མཆོད་རྟེན་ཡོད་པ་ལས་དབུ་ཐོན་པ་བྱིས་པ་མང་པོས་རྙེད་དེ་མཁན་པོའི་དབུ་ཐོད་བྱུང་ངོ་ཟེར་ནས་རྩེ་མོའི་རོལ་ཆ་བྱས་གོས་ཀྱི་འདོ་ལི་ལ་སྤྱན་དྲངས་པ་དང་ཐང་པོ་ཆེ་བའི་ཚོག་བཙུན་ཞིག་དང་འཕྲད་པས་མཛོ་ཁལ་བཅས་བྱིན་ནས་བླུས་ཏེ་ཁྱེར། བསམ་ཡས་པ་རྣམས་ཀྱིས་ཕྱིར་བསྙེགས་བྱས་ཏེ་དབུ་ཐོད་བླངས་ཀྱང་དབུ་མལ་མ་བྱིན་པར་སྣང་། ཕྱིས་དབུ་མལ་ཐང་པོ་ཆེ་རང་བླངས་ཏེ་ཡས་མས་འགྲིགས་པར་ད་ལྟ་བསམ་ཡས་དབུ་རྩེ་ཆེན་མོར་བཞུགས་པ་སྐལ་བཟང་སྐྱེ་བོ་ཡོངས་ཀྱི་མིག་གི་བདུན་རྩིར་གྱུར་པ་འདིའོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ འཛའ་བོ་ནང་འཇུག་ཚེར་མས་མཐའ་མ་འབོད༔ ས་སྟེང་གཡོ་བའི་བདུད་ཀྱི་སྤྲུལ་པ་འབྱུང་༔ ཡུམ་བུ་བླ་སྒང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་རོག་རྗེ་གླིང་པ་ཞེས་བྱ་འབྱུང་༔ ཞེས་གསུངས་པ་ལྟར་དུས་རྟགས་ཇི་ལྟ་བར་མངོན་དུ་གྱུར་པའི་སྐབས་འདིར་བྱོན་པའི་གཏེར་སྟོན་ནི་ཀུན་མཁྱེན་འཇིགས་མེད་གླིང་པས་གཏེར་སྐོན་ཧཱུྃ་ནག་(སྟོད་ཆ།༦༥༨)འགྲོ་འདུལ་ལ་ངོས་འཛིན་གནང་བར་མཛད་མོད། འོན་ཀྱང་ཐང་ཡིག་འགའ་ཞིག་ནས་ཆོས་རྗེ་གླིང་པ་ཞེས་གསུངས་འདུག་པ་དང་། ཆོས་རྗེ་གླིང་པ་ཉིད་ཀྱིས་ཀྱང་རྣམ་ཐར་དུའང་བདག་གིར་མདད་ནས་རང་ཉིད་དུ་ཞལ་གྱིས་བཞེས་པ་མཛད་འདུག་པ་བཞིན། འདིར་རིག་འཛིན་ཆོས་རྗེ་གླིང་པ་ནི། མཚན་གྱི་རྣམ་གྲངས་བདེ་བའི་རྡོ་རྗེ་དང་། འཛམ་གླིང་རྡོ་རྗེ་ཡང་ཟེར། རྗེ་ཟླ་འོད་གཞོན་ནུའི་གཅུང་ལྷ་རྗེ་སྙི་ཆུང་ནས་བཟུང་གདུང་རབས་བར་མ་ཆད་པར་བྱོན་པའི་བཅུ་དྲུག་པ་སྟེ། ཡབ་རྡོ་རྗེ་གྲགས་པའི་སྲས་སུ་དྭགས་པོ་ཀླུ་མཁར་རྫོང་དུ་འཁྲུངས། སྒམ་པོ་ནས་རྗེ་བཟང་པོ་རྡོ་རྗེས་ཞབས་དྲུང་ཨོ་རྒྱན་རིག་འཛིན་རྡོ་རྗེའི་སྐྱེ་བར་བཞེད་ཀྱང་། དེ་སྐབས་རས་ཆུང་ཕུག་ནས་ཞབས་དྲུང་འཆི་མེད་དབང་པོ་ཞིང་གཤེགས་པའི་སྐུ་སྐྱེར། ལ་མོ་ཆོས་སྐྱོང་གི་བརྟག་བབ་དང་། ཞྭ་དམར་དཔལ་ལྡན་ཡེ་ཤེས་སྙིང་པོས་བཀའ་ལུང་བཞིན་དགུང་ལོ་དྲུག་པ་ལ་དཔལ་ལྡན་རས་ཆུང་ཕུག་གི་གདན་སར་ཕེབས། ཞྭ་དམར་སྐུ་ཞབས་ནས་མཚན་ཟླ་བའི་དབང་པོ་བསྟན་པའི་གསལ་བྱེད་ཅེས་པ་དང་། གནས་བརྟན་འཇམ་དབྱངས་གྲགས་པ་ལ་དགེ་ཚུལ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་ལས་བསྙེན་རྫོགས་བཞེས་པའི་མཚན་ངག་གི་དབང་པོ་བློ་བཟང་ཆོས་དབྱིངས་དཔལ་བཟང་པོར་གསོལ། ཐུགས་གཉེར་མཛད་པས་དགུང་ལོ་བཅུ་དྲུག་ཡན་ལ་ཟ་ཆོག་མི་ཐེ་བའི་པུ་སྟི་མདའ་ཚད་མ་བརྒྱད་རྒྱུག་གམ་གཙང་དུ་སྤྱད་པས་མཁྱེན་རབ་ཆེ་བའི་ཚད་དུ་འཛིན། གདན་ས་འདིར་བཞུགས་སྐབས་ཀྱང་ཟབ་གཏེར་ཕྲན་བུ་འགའ་ཞིག་ཕྱག་ཏུ་སོན་ཀྱང་བཀའ་བརྒྱུད་པའི་གྲུབ་མཐའི་ཐུགས་ཞེན་གྱིས་བདག་གིར་མཛད་ཅིང་གྱི་ནར་བསྒྱུར་བས་ཆུད་ཟོས་སུ་(སྟོད་ཆ།༥༦༩)སོང་། དེ་སྐབས་ལྷ་སར་ཕེབས་པས་གཙང་བྱང་ཆུབ་གླིང་པའི་གྲྭ་པ་ཡིན་པའི་གཙང་པ་གཏེར་སྟོན་དཔོན་གསས་ཁྱུང་ཐོག་ཏུ་ཁས་མཆེ་བའི་རིན་ཆེན་རྒྱ་མཚོ་ཞེས་པས་ཙཱ་རིི་གནས་སྒོ་འབྱེད་རྒྱུ་དང་གཏེར་གྱི་བཀའ་བབ་ཡོད་ཚུལ་སོགས་ཞུས་འདུག་ཅིང་། དགུང་ལོ་དྲུག་ནས་ཉེར་ལྔའི་བར་རང་ཆུག་པུག་གུ་གདན་ས་མཛད། སྐབས་ཤིག་འོན་ཕྱོགས་ལ་ཕེབས་ཞོར་ཞིག་ཏུ་བྲག་ལྡེབས་ཤིག་ན་བཞུགས་པའི་མདུན་གྱི་ཕ་གི་པྱོགས་ནས་སྤོས་རིང་ལྟ་བུའི་དུ་བ་སྔོ་ཕྱུ་རུ་རུ་བྱེད་པ་གཟིགས་པས་དེར་ཕྱག་གིས་རྡོ་བ་ཟིག་བསྣུན་པས་བུག་པ་ཞིག་དོན་བྱུང་དེ་བརྐོས་པའི་ནང་ནས་ཐུམ་ཐུམ་ཞིག་དང་ཤོག་དྲིལ་ཅིག་བྱུང་བ་ཕྱག་ཏུ་སོན་པས། བྲམ་ཟེ་དྲི་མེད་སྙིང་པོའི་འཕེལ་གདུང་བླ་མ་སྐུ་བཞིའི་སྒྲུབ་ཐབས། སྲོང་བཙན་བང་སོ། ཡུམ་བུ་བླ་སྒང་། ཁྲ་འབྲུག་སོགས་ཀྱི་གཏེར་གྱི་ཁ་བྱང་མང་པོ་བྱུང་ཞིང་། འོན་འཇང་རྡོའི་ལྷ་ཁང་མཇལ་བ་ནས་ལྷའི་ཕྱག་མཛུབ་ཅིག་ཕྱག་ཏུ་བྱུང་བ་དེའི་ནག་ནས་ཀྱང་གཏེར་གྱི་ཁ་བྱང་འགའ་ཞིག་བྱུང་། འོན་ཀྱང་ཕལ་ཆེར་ཡང་གཏེར་དུ་སྦ་བར་གནང་། འདི་ནས་ལུང་བསྟན་དུས་བབས་ཀྱིས་ཐོག་ཏུ་ཁེལ་བས་གསང་སྔགས་རྙིང་མ་རང་ལ་ཐུགས་སྤྲོ་དང་སྦས་ཡུལ་ཙ་རི་ཧྲ་སོགས་ལ་འབྱོན་འདོད་བྱུང་བ་བཞིན་རྙིང་ལུགས་ཀྱི་ལྷ་སྐུ་རྟེན་གསུམ་མང་པོའང་འབད་རྩོལ་མ་དགོས་པར་ཕྱག་ཏུ་སོན་པ་བྱུང་བས། གདན་པའི་ཁུར་བོར་ནས་རྩིས་སྤྲོད་མཛད་ནས་ཙ་རིར་ཕེབས་ཀུན་སྦང་ཨ་བ་རྒྱུ་ཏི་པའི་བརྟུལ་ཞུགས་ལ་གནས་པར་མཛད། འོན་ཀྱང་ལྷོང་ལྟ་བུའི་བསྙུང་ཚབས་ཤིན་ཏུ་ཆེ་བ་ཞིག་བྱུང་ཀྱང་སྐྱོན་དབང་དུ་མ་གྱུར། འདི་དག་གི་སྐབས་སྔ་ཕྱི་རྣམས་དང་དུས་རྒྱུན་ཐམས་ཅད་ཨོ་རྒྱན་རིན་པོ་ཆེ་གཙོ་བོར་(སྟོད་ཆ།༦༦༠)གྱུར་པའི་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དུ་མའི་ཞལ་གཟིགས་ཤིང་ལུང་བསྟན་བྱུང་ཚུལ་སོགས་ནི་བརྗོད་ཀྱིས་མི་ལངས། ཐུགས་དམ་རྟོགས་པ་ཀློང་དུ་གྱུར་པས་གྲུབ་རྟགས་ངོ་མཚར་ཅན་དུ་མ་དང་ཕྱག་ཕྲེང་གི་མདོ་འཛིན་ལ་ཧྲཱི་རང་བྱོན་དང་ལྗགས་མཆིལ་ལས་རིང་བསྲེལ་བྱུང་བ་སོགས་དང་ཕྱག་ཞབས་ཀྱི་རྗེས་སོགས་མང་དུ་འཇོགས་པར་གནང་བ་དང་། སྔོན་གནས་མང་པོ་རྗེས་སུ་དྲན་པ་དང་གཞན་རྒྱུད་ཀྱི་བསམ་པ་མཁྱེན་པ་སོགས་མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་བ་དང་། མདོར་ན་ཐུན་མོང་སྐྱེ་བོ་ཀུན་གྱི་མངོན་སྣང་དུ་གྱུར་པ་དང་ཐུན་མོངས་མ་ཡིན་པའི་ལྐོག་གྱུར་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ། དེ་ནས་རིམ་པར་སྒམ་པོ་དང་ཀོང་ཡུལ་སྟོད་སྨད་རྣམས་སུ་བྱོན། ཟབ་གཏེར་ཀྱང་མང་དུ་བཞེས། ཁྱད་པར་ཀོང་ཡུལ་སྟོད་ཀྱི་སའི་ཆ་བམ་སྟེང་མེ་ཏོག་ལྷ་ནང་དུ་སྐུ་མཚམས་བཅད་རྒྱ་ལ་ཆིག་སྒྲིལ་མཛད། འདི་དག་གི་དུས་སུའང་འདུལ་བའི་བཅས་ཁྲིམས་ལ་ནམ་དུ་ཡང་འདའ་བ་མེད་པར་དགེ་སློང་བརྒྱད་གྲྭ་རེའི་གྲོགས་དང་བཅས་གསོ་སྦྱོང་དབྱར་གནས་སོགས་ཀྱིས་མཚོན་པའི་གཞི་གསུམ་གྱི་ཆོ་གའི་ཕྱག་ལེན་ཀུན་ཀྱང་ཉམས་པ་མེད་པར་ཕྱག་ལེན་དུ་བཏབས་པར་མཛད། གསང་སྔགས་གསར་རྙིང་གི་རྒྱུད་སྡེ་སོ་སོ་ནས་བཤད་པའི་ལྷག་པའི་ལྷ་བསམ་གྱིས་མི་ཁྱབ་པའི་ལྗགས་བསྙེན་དབང་སྐྱེད་བཟླས་ལ་བཤད་ཚོད་དང་མཐུན་པའི་ཐུགས་རྩོལ་མཛད། སྐལ་ལྡན་མང་པོར་ཟབ་ཆོས་ཀྱི་བདུད་རྩིའི་དགའ་སྟོན་ཀྱང་རིས་མེད་རྒྱུན་མི་ཆད་དུ་སྩལ་བར་གནང་། བོད་ཡུལ་དབུས་དང་ཁམས་ཀོང་ཐམས་ཅད་ནས་བླ་ཆེན་མི་ཆེན་ཀུན་གྱིས་གཙུག་ཏུ་བཀུར། སྤོ་བོར་ཕེབས་ནས་མ་བསྐུང་ལུང་དང་དགའ་བ་ལུང་བདུད་རི་གནམ་ལྕགས་(སྟོད་ཆ།༦༦༡)བྲག་སོགས་གནས་ཆེ་ཕྲ་མང་པོ་ནས་ཟབ་གཏེར་མང་དུ་བཞེས། དེ་ནས་རིག་འཛིན་སྟག་ཤམས་རྡོ་རྗེའི་གདན་དྲངས་པ་ལྟར་ཧོ་སྤར་ཤོད་དུ་ཕེབས། རིག་འཛིན་ཆེན་པོ་དེས་ཆོས་བདག་ཏུ་ངོས་འཛིན་མཛད་བཀའ་ཆོས་ཕར་འབུལ་ཚུར་གསན་མང་དུ་མཛད་ནས་རྒྱང་ཙམ་བཞུགས། དཔལ་གི་བྲག་ནས་གཏེར་ཁ་ཞིག་ཀྱང་སྤྱན་དྲངས། སླར་སྤོ་བོ་ནས་བརྒྱུད་གདན་སར་ཕེབས། སྟག་ཤམས་པ་ཞིང་ཕེབས་རྗེས་སུའང་ལྷོ་སྤར་ཤོད་དུ་ཕེབས་སྐུ་གདུང་སོགས་བཞེངས་པ་གདན་སའི་བསྐོ་བཞག་སོགས་ཀྱང་མདད། དེ་ནས་གཙང་ཕྱོགས་སུ་ཕེབས། ཟབ་གཏེར་རྣམས་ཤོག་སེར་ལས་ཕབ་པ་དང་། ཤངས་ཟབ་བུ་ལུང་དུ་གཏེར་སྒྲུབ་མཛད་པས་དག་སྣང་དཔག་ཏུ་མེད་པ་གཟིགས། ཕྱིར་ཕེབས་ལམ་དུ་ཏྲེ་ཧོ་ཆོས་ཀྱི་དབང་པོ་དང་། ཀརྨ་པ་ཞྭ་དྨ་ནག་ཟུང་ལ་རང་གཏེར་གཙོ་བོར་གྱུར་པའི་གཏེར་རྫས་མང་པོ་དང་བཀའ་ལུང་དབང་གསུམ་སྨིན་རྒྱས་སུ་ཕུལ། སོག་པོའི་རྒྱལ་པོས་ཀྱག་ཐམ་དམར་རྒྱབ་ཆོག་པའི་ལུང་དང་འཇའ་ས་གནང་། སྨིན་གྲོལ་གླིང་དུའང་ཕེབས་ནས་གཏེར་སྟོན་རིན་པོ་ཆེ་མཇལ་པས་བཀུར་ཟོས་གང་ཆེ་དང་ཐུགས་ཡིད་གཅིག་འདྲེས་མཛད། སྒམ་པོར་མཆོག་སྤྲུལ་རིན་པོ་ཆེའི་གདུང་བརྒྱུད་དང་བཅས་པ་ལ་གསང་སྔགས་གསར་རྙིང་མང་པོ་དང་རང་གཏེར་གྱི་དབང་ལུང་ཀྱང་གནང་། སྔ་ཕྱིར་དབུས་གཙང་ཁམས་ཀོང་དྭགས་པོ་སོགས་ནས་ཟབ་གཏེར་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་དེང་སང་ལང་ཆོས་བརྒྱུད་ཉམས་པ་མེད་པར་གནས་སོ། སླར་ཡང་ཀོང་པོར་ཕེབས་ནས་ཕྱི་ནང་གི་རྟེན་བཞེངས་དང་བཀའ་ཆོས་འཆད་སྤེལ་སྒྲུབ་ཆེན་མང་པོ་འཛུགས་པ་སོགས་བསྟན་འགྲོའི་ཕན་བདེ་སྤེལ་བའི་རྣམ་པར་དཀར་བའི་མཛད་ཕྲིན་དབྱར་གྱི་(སྟོད་ཆ།༦༦༢)དཔལ་མོས་བསྐྱེད་པའི་ཆུ་ཀླུང་བཞིན་གོང་འཕེལ་མཛད། དེ་ནས་མི་རིང་དགའ་རབ་དབང་ཕྱུག་གི་རྣམ་འཕྲུལ་རྫུན་གར་བས་རྙིང་བསྟན་མཐའ་དག་དམིགས་མེད་དུ་རྒྱས་འདེབས་པའི་ཚེ་རྗེ་འདི་ཉིད་སྦས་ཡུལ་པདྨའི་ཚལ་དུ་ཕེབས་པའི་ཐུགས་གྲ་བསྒྲིགས་ཏེ་སྤུ་བོར་ཕེབས་ནས་པདྨ་བཀོད་ཀྱི་གནས་སྒོ་འབྱེད་པའི་ཐུགས་རྩོལ་གནང་། རིམ་གྱིས་གནས་ནང་དུ་ཕེབས་པས། གནས་དེའི་ཞིང་སྐྱོང་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་དགྱེས་ཉམས་ཀྱིས་བསུ་བ་དང་། སྔོན་བསགས་སྨོན་ལམ་སྐྱེ་རྒྱུད་རིགས་སྦྱངས་ལྡན། །བར་དུ་ཐོས་བསམ་སྒོམ་པས་རང་དོན་བརྙེས། །ཐ་མར་འགྲོ་ཕན་སྦས་གནས་ཟབ་གཏེར་བཏོན། སྤྲུལ་པའི་གཏེར་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་བྱེད་པ་གཏེར་ཆེན་ཉིད་ཀྱིས་གསན། གནས་ཀྱི་གསལ་ཆ་དང་ལམ་ཡིག་སོགས་མཛད་ནས་གཟིགས་སྣང་ཐམས་ཅད་གཏན་ལ་ཕབ། གློ་མི་དུད་འགྲོ་འདྲ་བ་དེ་རྣམས་ལའང་བཀའ་ཆོས་སྩལ་ནས་ཆོས་ཀྱི་བག་ཆགས་བཞག་པར་མཛད། གློ་རྣམས་ཀྱིས་ཀྱང་དད་གུས་དང་ཞབས་ཏོག་ཡུལ་ལུགས་དང་བསྙུན་པའི་བསྙེན་བཀུར་སྟབས། དེ་ནས་ཡར་བྱོན་པས་ཞབས་འབམ་གྱི་བསྙུང་གཞི་ཏུ་ཞི་བ་ཆེན་པོར་དབྱིངས་སུ་གཤེགས་སོ། གདུང་ཞུགས་ལ་སྦྱོངས་པས་ཕྱག་དཔུང་ལ་རྟ་མགྲིན་སྐུ་རང་བྱོན་ཞིག་བྱུང་། གཞན་གདུང་རུས་ཕལ་ཆེར་མཁའ་འགྲོས་གདན་དྲངས་སོང་བར་གླེང་། །དགོངས་རྫོགས་གདུང་རྟེན་སོགས་རྒྱལ་ཚབ་ཕྱག་མཛོད་པས་ཕུར་ལེན་མཛད། བཀའ་ཆོས་ཀྱི་བདུད་རྩི་བཞེས་པིའ་སློབ་མ་ནི། ཀརྨ་པ་ཞྭ་དམར་ནག་གཉིས། ཧྲེ་ཧོ་ཆོས་ཀྱི་དབང་པོ། འབྲི་གུང་།(སྟོད་ཆ།༦༦༣) དཀོན་མཆོག་ཕྲིན་ལས་བཟང་པོ། རས་ཆུང་ཕུག་སྤྲུལ་སྐུ། དྭགས་སོ་ཞབས་དྲུང་ལྷུན་གྲུབ་ངེས་དོན། སྤྲུལ་པའི་སྐུ་ཀུན་བཟང་ངེས་དོན་དབང་པོ། ལྷོ་པ་གྲུབ་ཆེན། ལྕུབ་རི་གྲུབ་ཐོབ། ར་སྟོན་སྟོབས་ལྡན་རྡོ་རྗེ་སོགས་བགྲངས་ཀྱིས་མི་ལངས། སྤྲུལ་པའི་སྐུ་ཀོང་པོ་དགའ་ཆགས་སྡེ་པར་འཁྲུངས་པའི་འཇིག་རྟེན་དབང་ཕྱུག་དང་། སྤོ་བོར་བླ་མ་ཆོས་གྲགས་གཉིས་བྱུང་ཡང་གཏེར་སོགས་བཞེས་པ་མ་བྱུང་ཞིང་ཆོས་གླིང་བདེ་བའི་རྡོ་རྗེ་ཉིད་ཀྱི་ཞལ་ཆེམས་ཡི་གེ་དང་མཐུན་པར་སྐྱེ་བ་བཅུ་གསུམ་པ་ནི་གཏེར་ཆེན་རིག་འཛིན་ཆེན་པོ་ཀུན་བཟང་འོད་ཟེར་ཡིན་ཏེ། དེའི་ལོ་རྒྱུས་རྒྱས་པར་འོག་ཏུ་འཆད་དོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཆོས་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང་༔ ལྷ་མིའི་གནས་སུ་གཏམ་ངན་གྲགས་པས་ཁྱབ༔ ཤ་འུག་སྟག་སྒོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་གཏེར་བདག་གླིང་པ་ཞེས་བྱ་འབྱུང་༔ གཏེར་སྟོན་རིག་འཛིན་ཆེན་པོ་འདི་དབུས་ཀྱི་གཡོ་རུ་གྲའི་དར་རྒྱས་ཆོས་སྡིང་དུ། ཡབ་སྨྱོས་སྟོན་ཆེན་པོ་གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱི་སྲས་སུ་ཤིང་ཕོ་ཁྱི་ལ་འཁྲུངས། མོན་ཤ་འུག་སྟག་སྒོ་ནས་ཐུགས་རྗེ་ཆེན་པོ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་སྐོར་རྣམས་ཁྲོམ་བརྒྱ་ཙམ་གྱི་དབུས་སུ། བྲག་མི་མི་ཐར་པ་ལ་བྱ་ལྟར་འཕུར་བའི་རྫུ་འཁྲུལ་དང་བཅས་སྤྱན་དྲངས། ངོ་མཚར་ཡ་མཚན་བསམ་གྱིས་མི་ཁྱབ་པས་ཐམས་ཅད་དད་པའི་ས་ལ་བཀོད། གཞན་ཡང་ཕྱིང་མདང་ཨོ་དཀར་བྲག །གཡའ་མ་ལུང་སོགས་ནས་ཟབ་གཏེར་མང་དུ་བཞེས། གསང་ཆེན་རྙིང་མའི་བསྟན་པ་ལ་བཀའ་(སྟོད་ཆ།༦༦༤)དྲིན་ཆེ་ངེས་ཤིག་ཡིན་ཏེ། ལོ་རྒྱུས་རྒྱས་པ་གདན་རབས་སྐབས་སུ་འཆད་དོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ འཕགས་པ་ལྷའི་བུ་རབས་རྩལ་ལུང་བསྟན་མདོར༔ དེ་དག་སེམས་ཅན་དོན་ཡང་རྟག་ཏུ་བྱེད༔ ཕྱིར་མི་ལྡོག་སྟེ་འགྲོ་བ་ཐལ་སྦྱར་འདུད༔ ཁ་རག་ལ་ཁར་སོ་ས་རེས་མོས་བྱེད༔ མཆོད་རྟེན་དཀར་པོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་ཀུན་སྐྱོང་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་པདྨ་ཀུན་སྐྱོང་གླིང་པ་ནི། རང་གཏེར་ལས་བཻ་རོ་ཁྱོད་ཀྱི་སྤྲུལ་པ་ནི༔ ཆུ་ཁམས་བྱ་འམ་ཁྱི་ལོ་པ༔ ཡབ་མེད་ཡུམ་བྲལ་སྔགས་འཆད་རིགས༔ ཨོ་རྒྱན་མིང་འཛིན་ཤེས་རབ་ཅན༔ མ་དེས་སྤྱོད་པས་འགྲོ་བ་འདུལ༔ གནས་མེད་རླུང་བཞིན་ཀུན་ཏུ་རྒྱུ༔ མོན་བལ་རྩེ་ལྔ་ཕྱོགས་སུ་འདའ༔ ཐུགས་གཏེར་དགོངས་གཏེར་མང་ཞིག་འབྱེད༔ ཅེས་ལུང་དུ་བསྟན་པ་ལྟར་མེ་ཕོ་བྱི་བའི་ལོ་ལ་ཤངས་ལྷ་ཕུ་བི་རྫིང་ཞེས་པར། ཡབ་དཔའ་བོ་རྒྱལ་མཚན་མགོན་དང་། ཡུམ་སྒྲོན་མའི་རྣམ་འཕྲུལ་བདེ་མཆོག་དཔལ་མོའི་སྲས་སུ་འཁྲུངས༔ སྐུ་གཞོན་ནུའི་དུས་ནས་སྐྱེ་བ་མང་པོ་དྲན་པ་དང་། ཆོས་ཐམས་ཅད་མ་བསླབ་པར་མཁྱེན་ཅིང་། བྱིས་པའི་སྤྱོད་པ་ལས་འདས་པའི་དམ་པའི་ངང་ཚུལ་ཤིན་ཏུ་གསལ་ཞིང་། ཨོ་རྒྱན་རིན་པོ་ཆེ་རྗེ་འབངས་དང་བཅས་པའི་ཞལ་ཡག་ཡང་གཟིགས་ཤིང་ཟབ་མོའི་ལུང་བསྟན་ཐོབ་ཅིང་ཟབ་གཏེར་འདོན་པའི་ཞལ་གདམས་རིམ་པར་གནང་བ་སོགས་བྱུང་། དགུང་ལོ་བཅུ་བཞི་ཙམ་ནས་གཏེར་གྱི་ཁ་བྱང་ཕྱག་ཏུ་བྱུང་ཞིང་། དེ་ནས་རིམ་པར་ཟབ་གཏེར་བཞེས་(སྟོད་ཆ།༦༦༥)པའི་ཚུལ་ཡང་། གཏེར་སྟོན་ཉིད་ཀྱི་གསུང་ལས། ཨོ་རྒྱན་ཀུན་སྐྱོང་གླིང་པ་ང་། གླིང་བརྒྱད་ཀྱི་སྐྱེ་བ་ང་རང་ཡིན། མ་བརྗེད་སྐྱེ་བ་སོ་གསུམ་ས་ལེར་དྲན། །ཐེག་ཆེན་གསང་སྔགས་ཆོས་ལ་སྦྱོང་སྟོབས་རྒྱས། སྔོན་སྦྱངས་སྟོབས་ཀྱིས་ད་ལྟ་མ་བསླབས་ཤེས། །ཞེས་དང་། ལོ་བཅུ་ལོན་ནས་རིག་པའི་ངོ་བོ་མཐོང་། བྱིས་པའི་སྤྱོད་པས་ཐ་མལ་སྡོད་མ་མྱོང་། །བཅུ་གསུམ་ལོན་ནས་ཨོ་རྒྱན་དང་རྗེ་དང་མཇལ། གཏེར་གྱི་ལུང་བསྟན་ཞལ་གདམས་རིམ་པར་གསུངས། བཅུ་དྲུག་ལོ་ལ་མ་ཚོར་རྡོ་རྗེའི་སྐྱེད་བྲག་ནས། ཟབ་གཏེར་ལྔ་དང་ཨོ་རྒྱན་དབང་ཆས་བརྙེད། ཅེས་དང་། གཏེར་འབྱུང་ལས་བདག་པདྨ་ཀུན་སྐྱོང་གླིང་པས། གླང་ལོ་རྟའི་ཟླ་བ་ལ། ཤོ་ཐེ་ནས་གཏེར་གྱི་ཁ་བྱང་ཐོན། དབྱར་ཟླ་དང་པོའི་ཚེས་བཅུ་གཅིག་གི་ནུབ་མོ། རྡོ་རྗེ་ལེགས་པ་མི་དཀར་པོ་གཡུ་ཡི་ཟུར་ཕུད་ཅན་གཅིག་ཏུ་བྱས་ནས་བྱུང་སྟེ། མ་ཚོར་རྡོ་རྗེའི་སྐྱེད་བྲག་དུ་ཕྱིན་རང་གི་ཕ་ཕོགས་ངེད་ལ་བཅོལ་ཡོད་པས་ལེན་དུ་ཤོག་ཟེར་བས། ཕ་ཕོགས་ག་ན་ཡོང་། ནོར་ཅི་ཡོད། ཕ་སུའི་ཕོགས་ཡིན་བྱས་པས། དེ་ན་རེ། ཕ་པདྨ་འབྱུང་གནས་ཀྱི་ཕ་ཕོགས་ཡིན། ང་དམ་ཅན་རྡོ་རྗེ་ལེགས་པ་ཡིན། །ཆོས་མང་པོ་དང་ཐུགས་རྗེ་ཆེན་པོའི་སྐུ། ཚེ་ཆུ། ཨོ་རྒྱན་པདྨའི་དབང་ཆས་སོགས་གཞན་ཡང་མང་པོ་ཡོད་ཟེར་བས། ཁོ་བོའི་བསམ་པ་ལ་ག་རེ་རྨི་ལམ་འདྲ་བ་འདི་ཅི་ཡིན། ཁ་སང་དགུན་ཡང་འདི་འདྲ་ཞིག་གིས་ལིང་ནས། གཏེར་གྱི་ཁ་བྱང་ཡང་བྱུང་བསམ་ནས་ཐེ་ཚོམ་ཅུང་ཟད་བྱུང་བ་དང་། བུ་མོ་ལོ་བཅོ་ལྔ་ཙམ་ལོན་པའི་ན་ཚོད་ཅན་དབུ་སྐྲ་ཀྲོལ་བ་གཅེར་བུ་རུས་རྒྱན་ཅན་ཐོད་པའི་ཌཱ་མ་རུ་དང་། མདའ་དར་བ་སྣམས་པ་ཞིག་གིས། རྒྱལ་(སྟོད་ཆ།༦༦༦)བའི་སྲས་པོ་མཁའ་འགྲོ་ཉིད་ཀྱི་མིང་། ཚེ་གཅིག་སངས་རྒྱས་འདོད་ན་ངེར་གྱི་ཟླ་ལ་གཤེགས། ཨོ་རྒྱན་གུ་རུའི་ཟབ་གཏེར་རྙེད་འདྲ་སྟེ། མ་ཚོར་རྡོ་རྗེ་གསང་བའི་བྲག་ལ་ཡོད། །ཅེས་གསུངས་ནས་འཇའ་ཡལ་བ་ལྟར་སོང་བའི་མོད་ལ། ཉམས་འབར་ཞིག་རིག་པ་ཁྲལ་ཁྲོལ་དུ་འུར་བ་ཅན་ཡབ་ཀྱི་ན་རེ། ན་ཉིན་ཀྱང་བུ་འདི་གཉིད་སོག་ནས་སྨྱོ་བ་བཞིན་བྱེད་པར་འདུག །དོ་ནུབ་ཀྱང་བུ་འདི་སྨྱོ་འདུག་པས། སང་ནམ་ལངས་འཕྲལ་ནས། ཚའུ་དཔལ་ཆེན་པ་གདན་དྲངས་ནས། དཔའ་བོ་ཡིན་ན་བཀའ་དཀྲོལ་དང་། འདྲེ་གདོན་ཡིན་ན་བྱིན་རླབས་དགོ་པ་འདུག་ཟེར། མ་ན་རེ། བུ་འདི་ལུས་ལ་ཡོད་དུས་ལུས་བདེ་བ་དང་། སེམས་དགའ་བ་དང་། མཁའ་འགྲོ་མ་མང་པོས་ང་ལ་ཁྲུས་དང་རྒྱན་འདོགས་པ་དང་། ཚོགས་གཏོང་བ་དང་། དྲི་བཟང་གིས་བྱུག་པ་དང་། ཉི་ཟླ་ཤར་བ་སོགས་རྨི་བ་དང་། ཆོས་གསེར་གྱིས་བྲིས་པ་མང་པོ་ཁོང་དུ་མིད་པ་དང་། གཞན་ཡང་ཡ་མཚན་ཅན་མང་པོ་རྨིས་པ་དང་། ཁོང་ནས་ཧཱུྃ་སྒྲ་སྒྲོགས་པ་དང་། སྐྱེ་དུས་རོལ་མོའི་སྒྲ་མང་པོ་གྲགས་པ་དང་། གླུ་ལེན་པའི་སྐད་ཐོས་པ་དང་། མེ་ཏོག་གི་ཆར་བབས་པ་སོགས་བྱུང་བས། བུ་འདི་གཞན་ལས་ལྷག་པ་ཞིག་འོང་སྙམ་པས། འདྲེ་གདོན་རང་ཡིན་ཟེར་རོ། སང་ནམ་ལངས་པ་དང་། མ་ཚོར་སྐོར་མཁན་མང་པོ་འགྲོ་འདུག་པ་དང་བསྟངས་ནས་ཕྱིན། མ་ཚོར་དུ་སླེབས་པའི་ནུབ་མོ་ཡང་མི་དེ་བྱུང་ནས། སང་ཉིན་དངོས་གྲུབ་ཆེན་པོ་ཡོད་ཟེར། དངོས་གྲུབ་གང་ན་ཡོད། ལེན་ལུགས་ཇི་ལྟར་དགོས་བྱས་པས། དེ་ན་རེ། དངོས་གྲུབ་རྡོ་རྗེའི་སྐྱེད་བྲག་ན་ཡོད། གསང་བའི་བྲག་ཕུག་མཚོ་བྲག་ན་ཡང་ཡོད།(སྟོད་ཆ།༦༦༧) རྟ་མགྲིན་མགུལ་ན་ཡང་ཡོད། བསམ་ཡས་མཆོད་རྟེན་དཀར་པོ་ལ་ཡང་མང་པོ་ཡོད། ལྷོ་བྲག་མཁར་ཆུ་ན་ཡང་ཡོད། མཆིམས་ཕུ་ན་ཡང་ཡོད། ཕུང་པོ་རི་བོ་ཆེ་ན་ཡང་ཡོད། མཐུ་ཕྲང་སྟོང་ན་ཡང་ཡོད། གཞན་མང་པོ་ཡོད་དེ་བཤད་ཀྱིས་མི་ལངས། དེ་རྣམས་ཀྱི་ནང་ནས་ཁྱེད་རང་གི་སྐྱེ་བ་སྔ་མ་རྡོ་རྗེ་གླིང་པས་ཀྱང་ཐོ་རེ་བ་བཏོན་པ་ཡིན། ད་རེས་སྔོན་ལ་རྡོ་རྗེ་སྐྱེ་བྲག་གི་གཏེར་འདི་ལེན་དུ་འགྲོ་ཟླ་བོ་སུ་ཁྲིད་ཀྱང་ཆོག །ཁྲོམ་གཏེར་བྱས་པས་ཀུན་ཡིད་ཆེས་པའི་ཁྱད་ཡོད། སྐྱེ་བ་སྔ་མ་ནས་སྐྱེ་རིམ་དགུ་ལ་གཏེར་རང་བཏོན་ཀྱང་། ཟོག་པོའི་མཐོང་ལས་མ་བྱུང་བས། ད་རེས་ཁྲོམ་གཏེར་གྱིས་ལ་ཐོན། སང་ལམ་སྣ་ལ་གླ་བ་གཅིག་ཡོད། དེ་ཡང་ང་ཡིན་ངས་གྲོགས་བྱ་ཟེར་མི་སྣང་བར་སོང་། ཡེ་ཤེས་དཔལ་ཟེར་བ་ཞིག་མདུན་དུ་ཉལ་ཡོད་པ་ཁོ་ན་རེ། དོ་ནུབ་ཁྱེད་ལ་ལབ་དང་ལབ་པ་དེ་སུ་ཞིག་ཡོད་པ་ཡིན། ངས་ནི་སུ་ཡང་མ་མཐོང་། ཁམས་མི་བདེ་བ་ནི་མིན་ལས་ཆེ་ཟེར་བར། ཁམས་མི་བདེ་བ་མིན་རྡོ་རྗེ་ལེགས་པ་ཁོ་དངོས་གྲུབ་ལེན་པར་འབོད་དུ་བྱུང་ཡིན་པས། སང་ནམ་ལངས་པ་དང་། མི་ཀུན་ལ་སྐད་ཐོངས་ལ། ཉེ་སྐོར་དུ་ཡོད་པ་ཐམས་ཅད་ཁྲིད་དེ་འགྲོ་གསུངས། སང་དེར་གནས་སྐོར་བ་བརྒྱ་དང་བདུན་ཡོད་པ་ཐམས་ཅད་ཁྲིད་ནས། རྡོ་རྗེ་སྐྱེད་བྲག་གི་རྩར་སླེབས་པ་ན། གླ་བ་ཚད་ལས་ཆེ་བ་གཅིག་བྲག་གསེབ་ནས་དོན་བྱུང་། དེའི་རྗེས་ལ་བྱོན་པས། བྲག་རྩར་སླེབས་པ་ན་བུ་མོ་གཅེར་བུ་རུས་རྒྱན་ཅན་བཞི་བྱུང་ནས། བུས་ཕ་ནོར་ལེན་པ་ངོ་མཚར་ཆེ། ཕ་ནམ་མཁར་བྱོན་པ་མཐོང་ལགས་སམ། ཟེར་བའི་མོད་ལ་ནམ་མཁར་བལྟས་པས་ནམ་མཁའ་འཇའ་འོད་ཀྱིས་ཁེངས་(སྟོད་ཆ།༦༦༨)པའི་དབུས་དཔའ་བོ་མཁའ་འགྲོའི་ཚོགས་མག་པོས་བསྐོར་བའི་ཨོ་རྒྱན་རིན་པོ་ཆེ་ཡབ་ཡུམ་ཞལ་གཟིགས། དེས་ཉམས་འུར་ནས་བར་སྣང་ལ་གར་མཛད་པས། དེར་ཚོགས་ཀུན་སྣང་བ་བན་བུན་ལ་སོང་། དེ་ནས་བྲག་གཡང་ལ་ཐོགས་མེད་དུ་བྱོན་པ་ན། ཟླ་བོ་དབོན་པོ་སངས་རྒྱས་ཞེས་པ་ཞིག་ཡོད་པ་ཁོ་ཡང་ཉམས་འུར་ནས་གཏེར་སྟོན་གྱི་ཟླ་ལ་ཕྱིན་པས། ཆུང་ཕ་རི་ན་ཁྱི་ར་བ་མང་པོ་ཡོད་པ་རྣམས་དང་བྲག་རྩར་ཡོད་པའི་དེར་ཚོགས་ཀུན་གྱི་ཀུ་ཅོའི་སྒྲས་ཕོ་ཉམས་སད་ནས་དཔྱང་ཐང་བཏང་སྟེ་ལེན་དགོས་པ་བྱུང་སྐད། དེར་གཏེར་སྟོན་རིན་པོ་ཆེ་ཉིད་གཏེར་གནས་སུ་ཕེབས་པ་དང་། གཏེར་སྒོ་རང་བྱེ། བྲག་ཕུག་ཆེན་པོ་ཞིག་འདུག་པ་དེའི་ནང་། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཀྲ་ལམ་མེ་བ་ཕུར་པ་ཉི་ཤུ་རྩ་གཅིག །ཨོ་རྒྱན་དབང་ཞུ། ཤེལ་རྒྱན། ཕོད་ཀ་གཉིས། ཟངས་རྔ་སྟོང་གསུམ་ལྡིར་བ། རྡོ་བུམ་ཚེ་ཆུས་བཀང་བ། རྡོའི་ར་ཧུ་ལ་མདའ་གང་གི་དབུ་དགུ་ལ། ཨོ་རྒྱན་སྙིང་ཐིག སྐུ་གསུམ་སྒྲུབ་ཐབས། པདྨ་ཞི་དྲག་གི་ཕྱི་ནང་གསང་གསུམ་གྱི་སྒྲུབ་སོགས་དང་། སྟོད་དང་ལག་པའི་ནང་ནས་སྒྲུབ་ཆེན་བཀའ་བརྒྱད། དྲག་སྔགས་དབང་སྒྲུབ་རྒྱུད་བརྒྱད་དགྲ་བགེགས་གནད་འབེབས། སྲུང་ཟློག་ལས་ཚོགས་ཕྲ་མོ་སུམ་བརྒྱ། ཐུགས་ཁ་ན་རྡོ་རྗེ་སེམས་དཔའི་སྙིང་ཐིག །རྒྱུད་མན་ངག་སྒྲུབ་ཐབས། མཁའ་འགྲོ་སྙིང་ཐིག་རྒྱུད། སྨད་སྦྲུལ་མཇུག་ལ་བསྟན་སྲུང་། སྔགས་སྲུང་། ཁྱབ་འཇུག་སྐོར་སོགས་ཀྱི་ཕྱི་ནང་གསང་གསུམ་སྒྲུབ་སྐོར་དྲག་སྔགས་མང་པོ་བཏོན། ཡང་གཡོན་ཕྱོགས་སུ་བྲག་ཕུག་ཤིན་ཏུ་ཡངས་པའི་ནང་ན་མཚོ་ཆེན་པོ་ཞིག་དང་ཡུལ་ལྗོངས་ལྗོན་ཤིང་སྣ་ཚོགས་སྐྱེས་པ་ཞིག་གཟིགས་ཤིང་། དེ་ནས་རྡོ་སྒྲོམ་གསུམ་(སྟོད་ཆ།༦༦༩)དང་ལ་བསེའི་གའུ་སོགས་སྤྱན་དྲངས། དེ་ནས་མ་ཚོར་གྱི་དགེ་སྙེན་དང་། བཀའ་སྲུང་རྣམས་ཀྱིས་རོག་དན་བྱེད་པ་གཟིགས་ཤིང་། ཁྱད་པར་དུ་སྔགས་སྲུང་ཨེ་ཀ་ཛ་ཊི་ཤིན་ཏུ་འཇིགས་སུ་རུང་བ། མིག་གཅིག་ཁྲག་མཚོ་ལྟར་ཁོལ་བ་ཞིག་གིས། ང་ནི་ཀུན་ཏུ་བཟང་མོ་ཡིན། ཨོ་རྒྱན་པདྨ་འི་བྲན་མོ་ལགས། ཨ་ཏི་སྙིང་ཐིག་སྲུང་མ་་ཡིན། ཁྱེད་གཏེར་འདོན་རྣམས་ཀྱི་སྡོང་གྲོགས་བྱེད། ཅེས་སོགས་ལུང་བསྟན་དང་ཞལ་ཏ་མང་དུ་གནང་། ལ་བསེའི་གའུ་རྣམས་ཀྱི་ནང་ན། རྫོགས་ཆེན་གྱི་སྐོར་བཅུ། ཀློང་གསལ་མ་བུ། ཁྲོས་ནག་ལུང་བསྟན་གྱི་རིགས་མང་པོ་དང་བཅས་པ་བཏོན། རྡོ་རྗེ་གླིང་པས་སྦས་པའི་ཡང་གཏེར་འགའ་ཞིག་འདུག་པ་ཡང་བཏོན་པར་མཛད། དེ་ནས་བཀའ་སྲུང་རྣམས་ཀྱིས། བུད་མེད་དང་། ཨ་ཙ་ར་སྤྲེའུ་མོན་པ་ཁྱེའུའི་ཚོགས་མང་པོར་སྤྲུལ་ནས། གཏེར་རྫས་རྣམས་ཁུར་ཏེ། ཁྲོམ་དཀྱིལ་དུ་བསྐྱ་ལོ། །སྐོར་མི་རྣམས་ཀྱིས་རྒྱལ་མཚན་མགོན་ལ་བུ་སྤྲུལ་སྐུ་འདི་འདྲ་བྱོན་པ་ཟེར་ཞིང་། དད་པ་འུར་ནས་གདའ་སྐད་དོ། དེ་ནས་སྐོར་མི་རྣམས་གྱིས་གཏེར་རྫས་ཁུར་ནས་ཡུལ་དུ་ལོག་དཔེ་རྣམས་གཟིགས་པས་དེའི་ནང་ན། སྔར་རྡོ་རྗེ་གླིང་པས་བསྐྱལ་བའི་པོ་ཏི་བཅུ་གཅིག་ཙམ་ཡང་བྱུང་། གཞན་རྣམས་ཡོས་ལོ་ཙམ་ལ་ཤིན་ཏུ་དག་པར་ཕབ་ནས། ཤོག་སེར་སླར་གཏེར་ཤུལ་དུ་སྦ་དགོས་པར་བཤད་པ་བཞིན་མཛད། ཡང་དེ་ནུབ་ཁ་བྱང་བྱུང་སྟེ། དགུང་ལོ་ཉེར་གཅིག་བཞེས་པའི་ཚེ། རྡོ་རྗེ་ལེགས་པས་བསྐུལ་སྟེ། བསམ་ཡས་མཆོད་རྟེན་དཀར་པོའི་གཏེར་ཁ་བཞེས་པར་བྱོན་སྐབས་ཡབ་དང་ནུ་བོ་གཉིས་ཡོད་པའི་རྩར་བྱོན་ནས། བསམ་ཡས་ནས་གཏེར་འདོན་པར་ཕ་པད་ཀུན་འགྲོ་(སྟོད་ཆ།༦༧༠)གསུངས་པས། ཡབ་ན་རེ། བཟའ་རྒྱུ་དཀོན་པོ་འདི་ལ། ནོར་འདྲ་ཡོང་བ་འདུག་ན་འགྲོ། གཞན་ན་ནིང་གིས་དཔེ་རུལ་དེ་འདྲ་ཡིན་ན་སྐྱག་བྱུང་མི་འདུག་ཟེར། ནུ་བོ་གཉིས་ཀྱང་དེ་ཁ་བཞིན་ཟེར་བས་ཐུགས་དགོངས་ལ་སྡུག་པ་འདི་ཚོ་ནོར་མེད་པའི་ཁྱེར་འདུག་དགོངས་ནས། སྙིང་རྗེ་ཆེན་པོ་ཡང་འཁྲུངས་ཏེ། ནོར་ཡོང་བའི་ཁ་དྲོད་ཆེན་པོ་གཏིང་ནས་ཁྲིད་དེ་བྱོན། གཞིས་ཁ་རིན་སྤུངས་སུ་ཕེབས་པ་དང་། རིན་སྤུགཤ་ནོར་བུ་བཟང་པོ་དང་མཇལ། བླ་མ་སྔགས་པ་གང་ནས་བྱོན་གསུངས། ཟབ་བུ་ལུང་ནས་ཡིན་ཚུལ་སོགས་ཞུས་པས། འོ་ན་ལྷ་ཕུ་ན་དཔའ་བོ་གཏེར་སྟོན་གཅིག་འདུག་ཟེར་བ་དེ་མིན་ནམ་གསུངས། ཡིན་གསུངས་པས་རིན་སྤུངས་རང་ནས་ལམ་ཆས་ཟག་ས་གར་བབས་སུ་ཞབས་ཏོག་ཡོང་བའི་ཕྱག་རྟགས་མཛད། ཡར་ལམ་ཅིས་ཀྱང་འབྱོན་དགོས་པའི་ནན་ཆགས་པའི་ཞུ་བ་དང་བཅས་བྱུང་བས། དེ་ཁ་བཞིན་མཛད་ནས་ཕེབས། བར་ལམ་དུ་རྡོ་རྗེ་ལེགས་པ་ཁ་རག་ཁྱུང་བཙུན་མ་སོགས་གཞི་བདག་རྣམས་ཀྱིས་ཀྱང་གཞིས་ལེན་བྱས། དེ་ནས་བསམ་ཡས་སུ་ཕེབས། ཟླ་བ་གསུམ་པའི་ཚེས་བཅོ་ལྔའི་དགོང་མོར། མཆོད་རྟེན་དཀར་པོ་ལ་སྐས་གསུམ་འབྲེལ་བཙུགས་ནས་གཏེར་སྒོ་ཕྱེ། བུ་མོ་ལྔས། དཀྱིལ་འཁོར་གྱི་དབུས་ནས་ཟངས་ཀྱི་གའུ་གཅིག་དང་། སྲིན་ཐོ་ཁ་སྦྱར་ལྕགས་ཐག་གིས་བསྡམས་པ་གཅིག་བླངས་ནས་བྱིན་བྱུང་བ། ཡབ་དང་ནུ་བོ་གཉིས། གཞན་མུ་ཏོ་བ་གཉིས་དང་། གནས་པོ་སོལ་དཔོན་དངོས་གྲུབ་རྣམས་སྐས་གཤམ་ནང་བསྡད་ཡོད་པ་ལ། སྔར་གྱི་བུ་མོ་ལྔས་སྐྱེལ་གྲོགས་བྱས་ནས་བསྐྱལ་བས་ཀུན་ཧ་ལས་པར་གྱུར། དེ་ནས་གནས་ཚང་གི་ནང་དུ་བྱོན་ནས། གཏེར་སྣོད་ཁ་ཕྱེ་(སྟོད་ཆ།༦༧༡)བས། དེ་ནས་ཆོས་གཏེར་དཔག་མེད་དང་། གཏེར་གྱི་ཁ་བྱང་། བྲམ་ཟེའི་སྐུ་ཤ། དེ་བཞིན་གཤེགས་པའི་རིང་བསྲེལ་ལ་སོགས་པའི་བྱིན་རླབས་རྟེན་མང་པོ་དང་། བོད་ཕུང་འཕེངས་ནུས་པའི་དྲག་སྔགས་མང་པོ་ཡང་ཐོན། དེའི་སྐན་པས་བསམ་ཡས་གངས་དཀར་རིན་སྤུངས་སོགས་སུ་ཡར་ལམ་འབུལ་བ་ཞབས་ཏོག་ཀྱང་རྒྱ་ཆེར་ཕུལ་བ་བྱུང་། སོ་སོར་གཏེར་རྫས་དམ་རྫས་ཀྱི་སྐྱེས་ཀྱང་སོ་སོར་སྩལ་ནས་ཡུལ་དུ་ཕེབས། སྔར་ཁྱིམ་མི་རྣམས་ལ་བུ་ལོན་སྟོང་ཕྲག་གསུམ་འདུག་པས་ཟླ་བ་གཅིག་གིས་ཁོངས་སུ་སྦྱངས་ནས། ཡབ་ཡུམ་ནང་གི་ཚང་མ་ནོར་གྱིས་ཚིམས་པར་མཛད། ལོ་གཉིས་ཀྱི་ཁོངས་སུ་གཏེར་ཤོག་རྣམས་པབ་ནས་སླར་ཤོག་སེར་དངོས་གཏེར་ཤུལ་དུ་བསྐྱལ་ནས་ཡང་གཏེར་དུ་སྦ་བར་མཛད། དེ་ནས་ཕྱོགས་མཐའ་ཀུན་ཏུ་དཔའ་བོ་གཏེར་སྟོན་ཞེས་གྲགས་ཤིང་། འགྲོ་དོན་དང་ཕྲིན་ལས་རྒྱ་ཆེར་བྱུང་ཞིང་། སློབ་མ་ཡང་སྐུ་སྲས་ལྔ་དང་། རྒྱལ་ཚབ་དམ་པ་གཉིས་སོགས། དངོས་ལས་མི་ཞན་པའི་དམ་པ་འགའ་བྱོན་ཏེ། གཏེར་ལུང་ལས། པདྨ་ཉི་ཟླ་བཛྲ་བསོད་ནམས་མིང་། ཀུན་སྐྱོང་གླིང་པའི་བསྟན་པ་སྤེལ་བར་བྱེད། དངོས་ལས་ལྷག་པའི་ཐུགས་སྲས་བུ་ལྔ་འོང་། བསྟན་པ་འཛིན་པའི་བུ་ཆེན་བཅུ་དྲུག་ཡང་། ཞེས་དང་། གཏེར་སྟོན་ཉིད་ཀྱི་གསུང་འགུར་ཀྱང་། ལས་ཅན་འབུམ་ཚོ་བཅོ་བརྒྱད་དང་། ལུང་བསྟན་ཐོབ་པའི་བུ་ཆེན་བཅུ། ཞེས་སོགས་གསུངས་ཤིང་གཞན་ཡང་། ལྷ་སྲས་གསུམ་གྱིས་ཀློང་ཡང་སྤེལ། མི་རབས་བདུན་ནི་མ་རྫོགས་པར། བསྟན་པ་ནགས་ལ་མེ་མཆེད་འདྲ། ཞེས་གསུངས་པ་ལྟར། ཀུན་མཁྱེན་བ་ལུ་མེ་ཏོག་པ་དང་ཞ་ལུ་མཁྱེན་རབ་ཆོས་རྗེ་སོགས་ཕྱོགས་མཐའི་གང་ཟག་ཁྱད་(སྟོད་ཆ།༦༧༢)པར་ཅན་མང་པོ་དང་། དབུས་གཙང་དྭགས་ཀོང་ཁམས་སོགས་ནས་དད་འདུས་སྣ་ཚོགས་དང་། ཁྱད་པར་དུ་ཁྲུས་གད་ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེ་དང་། རིན་པོ་ཆེ་ཡིད་བཟང་རྩེ་པ་འགོས་ལོ་གཞོན་དཔལ་དང་རྫ་ཡིག་པ་ཀུན་མཁྱེན་ཚུལ་ཁྲིམས་རྒྱལ་མཚན་སོགས་སྐྱེས་ཆེན་མཐའ་དག་གིས་ཞབས་ལ་གཏུག་ཅིང་བསྙེན་བཀུར་ཕུལ། སྐྱེས་ཆེན་དེ་དག་ལ་སོགས་པའི་སྐལ་བ་དང་ལྡན་པའི་གང་ཟག་རྣམས་ལ་གཏེར་ཆོས་ཀྱི་གདམས་པ་རྒྱ་ཆེར་སྤེལ་བར་མཛད། རིན་སྤུངས་པ་དང་སྣེ་གདོང་གོང་མ་ཆེན་པོ་སོགས་དང་ཡོན་མཆོད་འབྲེལ། ཡར་རྒྱབ་དཔོན་པོ་ཐག་ཆོད་སྒོར་མོས་གྲྭ་བྱམས་པ་གླིང་དུ་མཆོད་བརྟེན་བཞེངས་པའི་དུས་སུའང་གདན་དྲངས། གཞན་ཡང་འགྲོ་དོན་གྱི་ཕྲིན་ལས་རྒྱ་ཆེར་མཛད་ནས། དགུང་ལོ་བརྒྱ་ཅུ་གྱ་གཉིས་བཞེས་པ་ན་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །རྗེས་སུ་སྲས་དབང་ཆེན་ཉི་ཟླ་བཟང་པོ་ཞེས་མཁྱེན་རབ་དང་ནུས་པ་ཕུལ་དུ་བྱུང་བས་འགྲོ་དོན་མཐའ་ཡས་པ་བྱུང་ཞིང་། དེ་རྗེས་ཡོངས་གྲགས་ཆེ་བ་རང་མ་བྱུང་ཞིང་། དེང་སང་གདུང་བརྒྱུད་ཡོད་པ་མི་སྣང་ངོ་། མི་རབས་བདུན་དུ་བསྟན་པ་ནགས་ལ་མེ་མཆེད་པ་ལྟ་བུའི་ལུང་བསྟན་ཡང་དབོན་རྒྱུ་སྐུ་ཚེ་ཐུང་བ་ལ་དགོངས་པ་འདྲ། སྤྱིར་གཏེར་ཆེན་འདིས་ཁྲོམ་གཏེར་བཞེས་པ་དང་། རྫུ་འཕྲུལ་་ཡ་མ་ཟུང་སྣ་ཚོགས་བསྟན་པའི་ལོ་རྒྱུས་ཤིན་ཏུ་རྒྱས་པར་སྣང་ཡང་། ཐམས་ཅད་འབྲི་བར་མ་ནུས། གཞན་ཡང་ལུང་བསྟན་ལྟར་ན། དམ་སེལ་སྐྱོན་གྱིས་མ་གཤེགས་ན༔ མི་ལོ་དཀར་སྐྱ་ལྔ་བརྒྱར་བཞུགས༔ ཕུང་པོ་ཤོ་མཐོའི་རི་ལ་སྦོས༔ མཐའ་དམག་བསྐལ་བའི་བར་དུ་ཟློག༔ ཡུལ་སྡེ་བདེ་སྐྱིད་ལྷ་དང་མཉམ༔ ཞེས་སོགས་གསུངས་ཀྱང་དེ་དག་ནི་རྟེན་འབྲེལ་འགའ་ཞིག་(སྟོད་ཆ།༦༧༣)གཞན་དབང་གྱུར་པས་ཇི་བཞིན་མངོན་དུ་མ་གྱུར་པར་སྣང་ངོ་། གཞན་ཡང་རཏྣ་གླིང་པའི་ལུང་བསྟན་ལས། ཟབ་བུ་ལུང་དུ་དཔའ་བོ་གཏེར་སྟོན་འབྱུང་༔ ཆུ་བྲག་ཀུན་ལ་ཐོགས་མེད་རྫུ་འཕྲུལ་བསྟན༔ བོད་ཁམས་ཕུག་འཚེངས་ནུས་པའི་སྐུས་བུ་གཅིག༔ ཤོ་དོའི་ནུབ་ཕྱོགས་ཁྱོད་དང་དུས་མཚུངས་འབྱུང་༔ ཞེས་རཏྣ་གླིང་དང་དུས་མཚུངས་སུ་བྱུང་སྟེ་ངོར་ཆེན་ཀུན་འགའ་བཟང་པོ་དང་། པན་ཆེན་དགེ་འདུན་གྲུབ་པ། བོ་དོང་ཕྱོགས་ལས་རྣམ་རྒྱལ་རྣས་དང་ཡང་དུས་མཚུངས་སོ། འདིའི་དུས་རྟགས་ཀ་རག་ལ་ཁར་སོ་པ་རེ་མོས་བྱེད་པ་ནི། སྣ་བོ་ལ་ཁ་ཟེར་བའང་འབྱུང་སྟེ་གཏེར་སྟོན་ལས་སྔ་བར་བྱུང་སྣང་ངོ་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཉང་སྨད་ཉི་མ་མདོ་རུ་རྫོག་གཅིག་འབྱུང་༔ དམག་དཔོན་བརྒྱ་དང་བཅུ་དྲུག་ཕྱ་ལུང་འཚོགས༔ གཡས་རུ་གཙང་འགྲམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་མདོ་སྔགས་གླིང་པ་ཞེས་བྱ་འབྱུང་༔ ཞེས་དང་། སྒོས་ཀྱི་ལུང་བསྟན་ཁོ་རང་གི་གནས་ཡིག་ལས། བསམ་ཡས་འདི་ནས་ལྷོ་ཡི་ཕྱོགས༔ རོག་མོ་སྟེང་གི་བྱང་གི་ཕྱོགས༔ མཁན་པ་ལུང་ཤར་སྨད་ཕྱོགས༔ ཕུ་ཤར་མདང་ནུབ་བན་པའི་ནང་༔ ཕུ་བྱང་མདའ་ལྷོ་འབོས་འགྱུའི་བྱང་༔ སོར་རྒོད་ལམ་མགོན་བྲག་གི་ལྷོར༔ ར་ཙ་རྒྱ་རུས་སྦྲུལ་ལོ་པ། གཉིས་འོག་ཆུང་གི་བུ་གཉིས་པར༔ པདྨ་ར་ཛ་ཞེས་བྱ་འབྱུང་༔ སྐལ་ལྡན་དེ་དང་འདི་སྤྲོད་ཅིག༔ ཅེས་སོགས་གསུངས་པ་ལྟར། སྦྲུལ་གྱི་ལོ་པ། ལྷོ་བྲག་བན་པའི་ནང་ཚན་སྣབས་ཀྱི་འཕྱོང་ལུང་ཞེས་བྱ་བ། ཡུལ་བསེ་ཕོར་ཁ་སྣུབ་པ་ལྟ་བུའི་གྲོང་དུ་(སྟོད་ཆ།༦༧༤)ཡབ་སུམ་དར་རྒྱས་དང་། ཡུམ་བུམ་ཆུང་སྨན་གནིས་ཀྱི་སྲས་སུ་ཡི་གེ་དྷིའི་སྒྲ་སྒྲོག་བཞིན་དུ་སྐུ་བལྟམས། དེ་ཡང་། རུས་རྒྱ། མཚན་མཆོག་ལྡན་མགོན་པོར་གསོལ། བྱིས་པའི་དུས་ན་ཐུགས་རྒོད་ཅིང་ཐ་མལ་པ་རྣམས་དང་མི་མཐུན་པའི་བརྟུལ་ཞུགས་དང་ལྡན་པ་ཤེས་རབ་ཆེ་བ་ཞིག་ཡོད་པར་གྲགས། ཆུང་ངུ་དུས་ནས་འབྲི་ཀློག་ཏམས་ཅད་མ་བསླབ་པར་མཁྱེན། བྱིས་པ་ཟླ་བོ་རྣམས་ལ་དབང་བསྐུར་བ་དང་། ཆོས་འཆད་པ་དང་། སྒྲ་བསྒྱུར་བའི་ལོ་ཙཱ་བྱེད་པའི་ཚུལ་སོགས་མཛད། སྐུ་རྩེད་མཛད་པས། རྡོ་ལ་ཕྱག་ཞབས་ཀྱི་རྗེས་ཀྱང་མང་དུ་བྱུང་། འོན་ཀྱང་དགུང་ལོ་བདུན་པ་ལ་སྤྲུལ་གཤེགས། ཡབ་ཀྱིས་མ་ཡར་མོ་བསྟེན་པས། གསོལ་དང་ན་བཟའ་སོགས་མེད་པར་ལོ་ཤས་འོ་བརྒྱལ་བར་བྱུང་། དེ་ལྟར་ཡང་ཉིད་ཀྱི་གསུངས་ལས། པདྨས་བྱིན་གྱིས་བརླབས་པའི་མཐུས། རིགས་ལྡན་ཕ་མའི་ལྷུགས་སུ་ཞུགས། །ངོ་མཚར་ལྟས་བཟང་དང་བཅས་ཏེ། མངལ་ནས་དྷེ་ཡི་སྒྲ་སྒྲོག་ཅིང་། ཞེས་དང་། མ་བསླབ་ཡིག་རིགས་འབྲི་ཀློག་ཤེས། རང་གཞན་སྐྱེ་བ་སྔ་ཕྱི་བཤད། སྐུ་སྐྱེ་ཞེས་པའི་མིང་དུ་ཐོགས། ཞེས་གསུངས་སོ། དེ་ནས་རེ་ཞིག་ཁྱུང་ཚང་དགོན་གྲྭ་པ་མཛད། ཆོས་རྗེ་གཙང་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་དང་། བཀའ་གདམས་གླེགས་བམ། རྗེ་བཙུན་མི་ལའི་རྣམ་ཐར་སོགས་ཆོས་འགའ་གསན། ཐུགས་རྗེའི་འཛིན་པར་མཛད་ཅིང་། སྐུ་རྩེད་ཀྱང་མང་པོ་གསུངས། ངེད་ཀྱི་སྐུ་སྐྱེ་འདི་གཟོད་ཙ་ན། སྒོམ་ཆེན་ལུང་པར་ཤོངས་ཚད་ཅིག་བྱས། ས་དམར་སྒང་ཞིག་གི་སྟེང་དུ་གཞིས་ཀ་བཏབ་ནས། སྒོ་གདོང་དུ་འདོགས་ཁྱི་ཧཱུྃ་འདྲེན་པ། ཁང་ཐོག་ཏུ་དར་ཅོག་ཕགས་འདྲེན་པ་ཞིག་ཡིན་ཨང་(སྟོད་ཆ།༦༧༥)གསུངས། དེ་ནས་སྐབས་ཤིག་བགྲོ་བ་དགོན་པར་སྐུ་མཚམས་མཛད་པས་སློབ་དཔོན་རིན་པོ་ཆེའི་བྱིན་གྱིས་བརླབས། ཐུགས་ཉམས་འུར་ནས། ཡར་ཟད་ཀྱིས་པ་ཝང་ཞིག་གི་སྲུབ་ནས། གཏེར་གྱི་ཤོག་སེར་དང་རྟེན་རྫས་བྱིན་རླབས་ཀྱི་རིགས་སོགས་མང་པོ་བཏོན། དེ་ཡང་གསུངས་ལས། རྨིའི་ལམ་སད་པའི་འཁྲུལ་སྣང་ལས། །ཨོ་རྒྱན་བཻ་རོའི་ཞལ་བསྟན་ནས། ཟབ་མོའི་ཁ་བྱང་དངོས་སུ་རྙེད། སྐད་ཅིག་རྟོགས་པ་ནང་ནས་ཤར༔ ཞེས་གསུངས་སོ༔ ཡང་སྒྲུབ་པ་མཛད་པའི་དུས་ཤིག །སློབ་དཔོན་རིན་པོ་ཆེ་དགེ་སློང་གི་ཆ་བྱད་ཅན་སྤོས་ཕོར་ཐོགས་པ་ཞིག་ཏུ་སྤྲུལ་ནས་སྤོས་སྐོར་ལན་གསུམ་གནང་། བུ་ཁྱོད་ལ་མཁོན་གྲིབ་བྱུང་འདུག་པ་གསུངས་ནས་ནམ་མཁར་གཤེགས། ཡང་དགོང་ཅིག་གཏེར་མའི་སྟ་དུ་འོད་དཀར་པོ་ཞིག་གི་ནང་དུ་ཨོ་རྒྱན་རིན་པོ་ཆེ་གཙོ་འཁོར་ལྔ་ཕེབས་ནས་དབང་བསྐུར་བ་དང་བརྡའ་ཆོས་མང་པོ་བསྟན་པ་སོགས་བྱུང་། དེ་ནས་ཆག་བྱང་ཆུབ་གླིང་ནས། ཆོས་རྗེ་བསོད་ནམས་ཆོས་སྐྱོང་བ། དེ་ཉིད་ལ་མཆོག་ལྡན་མགོན་པོའི་ལུང་བསྟན་གྱི་སོག་སེར་གཏེར་ནས་བྱུང་བས། ཁོང་གིས་རྩད་བཅད་ནས་གདན་དྲངས། བདག་གིས་ལུང་བསྟན་ཁ་བྱང་རྙེད། ཅེས་གསུངས་ནས། ཞབས་ཏོག་ཕུན་སུམ་ཚོགས་པར་ཕུལ། ཆོས་ཀྱང་མང་དུ་གནང་། དེ་སྐབས་བསམ་ཡས་ནས། དཀར་ཆེན་ཀུན་གྲགས་པ་ཕེབས་པའི་དྲུང་དུ་མཇལ་བར་བྱོན་པས། ཁོང་གིས་གསུང་ལས། འོ་འདི་གཏེར་སྟོན་ཐས་ཅད་ཀྱི་རྒྱལ་པོ་མདོ་སྔགས་གླིང་པ་བྱ་དེ་ཡིན། འདིས་བཀའ་འགྱུར་ཏམས་ཅད་གཏེར་ནས་འདོན། གསང་སྔགས་གསར་རྙིང་། མདོ་སྔགས་ཐམས་ཅད་ཀྱི་དག་མ་དག་ཤན་འབྱེད། འདི་དང་(སྟོད་ཆ།༦༧༦)འཕྲད་ཚད་ཐམས་ཅད་རིག་འཛིན་གྱི་གྲལ་ལ་ཁྲིད། རོ་བོ་རྩེ་ལྔ་ནས་བཻ་རོ་ཙ་ནའི་ཐུགས་ཀྱི་འོད་ཟེར་འཕྲོས་པ་ལས་བྱུང་བ་ཡིན་ནོ་གསུངས་སོ། ཆོས་རྗེ་དཀར་ཆེན་པའི་དྲུང་དུ། ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་དང་། དགོངས་འདུས་ཀྱི་དབང་ལུག་རྫོགས་པར་གསན། དེ་ནས་སྒྲུབ་པ་གཙོར་མཛད། བར་སྐབས་ཤིག་ཏུ་ཙ་རི་མཇལ་བར་ཕེབས། དག་སྣང་དང་རྟེན་འབྲེལ་མང་པོ་འགྲིགས། ཀོང་པོ་ང་ལ་ནས་གསང་གཏེར་ཞིག་ཀྱང་བཞེས། དྭགས་ཕྱོགས་སུའང་འགྲོ་དོན་ཅུང་ཟད་བསྐྱོངས། དེ་ནས་མོན་བུམ་ཐང་ཕྱོགས་སུ་རིག་འཛིན་ཆེན་པོ་པདྨ་གླིང་པ་མཇལ་དུ་བྱོན་པས། བདག་རྐྱེན་དང་ཞབས་ཏོག་ཕུལ་དུ་ཕྱིན་པར་མཛད། ཞལ་ནས། སྔར་ཕན་གཏེར་སྟོན་བསམ་ལས་འདས་པ་ཞིག་བྱོན་ཀྱང་། གཏེར་སྟོན་སྔ་ཕྱི་ཞལ་མཇལ་ནས། གཅིག་གིས་གཅིག་ལ་བདག་རྐྱེན་དང་། ལུང་སྟོན་པ་དེ་ངེད་རང་གཉིས་མིན་པ་གཞན་སུ་ཡང་མ་བྱུང་བ་ཡིན་གསུངས་ནས། མཐོང་བཀུར་དང་དགྱེས་ཚོར་ཆེར་མཛད། བླ་མ་ནོར་བུ་རྒྱ་མཚོ་དང་བཀའ་བརྒྱད་སོགས་གནང་། ཁྱེད་རང་ལ་བཀའ་བབས་པའི་རང་གཏེར་གྱི་སྐལ་བ་ཡོད་པས། ད་ལམ་གཏེར་འདོན་པ་ལ་བྱོན། དེའི་གཏེར་བདག་རྣམས་ཀྱང་ངེད་རང་དང་གཅིག་པས། གཏེར་ཐོན་ཅིང་བར་ཆད་ཀྱང་མི་འོངས་གསུངས་ནས་བསླབ་དོན་མཛད་ཀྱང་ཉིད་ཀྱི་གསག་ཡུམ་ཨ་ལྕེ་རྡོ་རྗེས་བཤོལ་བཏབ་ཏེ། གཏེར་མ་ཐོན་པས་རྟེན་འབྲེལ་འཆུགས། སླར་པདྨ་གླིང་པའི་ཞལ་ནས། ད་ཁྱེད་གཏེར་འདོན་པའི་རྟེན་འབྲེལ་མ་བསྒྲིགས་ན་གཡས་རུ་གཙང་འགྲམ་གྱི་ལྷ་ཁང་ནི་འཇིག་ལ་ཉེ་བས། དམ་ཆོས་སངས་རྒྱས་དགོངས་འདུས་ལ་སོགས་པའི་གཏེར་ཆོས་རྣམས་ནི་ཉང་སྟོད་ན་རྟོགས་(སྟོད་ཆ།༦༧༧)ལྡན་སྨྱོན་པ་ཞིག་འདུག་པ། དེས་འདོན་པར་འདུག་གསུངས། དེ་ནི་གུ་རུ་བསྟན་གཉིས་གླིང་པ་ཡིན་ཟེར། གཞན་ཡང་རྡོ་རྗེ་སེམས་དཔའི་དབུ་སྐྲ་དང་། ཕག་མོ་མཁའ་སྤྱོད་མ་དང་། གཏེར་གྱི་ཁ་བྱང་མང་པོ་ཞིག་བྱུང་ཡང་། བདུད་སྦྲུལ་ཞིག་གི་ལག་ཏུ་ཤོར། དེ་ནས་གཏེར་གྱི་རྟེན་འབྲེལ་མ་འགྲིགས་པ་འདྲ་སྟེ། བླ་མ་སོག་ཟློག་པས། སྐུ་ཐོག་སྔོན་མ་གཏེར་སྟོན་ཀུན་སྐྱོང་གླིང་པའི་དུས། བདུད་མོ་ཞིག་གིས་བསྐུལ་ནས། དབང་མེད་དུ་ལུང་བསྟན་ངན་པ་ཞིག་བཟང་པོར་བཅོས་པས། དེའི་རྟེན་འབྲེལ་གྱིས་སྐུ་ཐོག་འདིར་གཏེར་མ་ཐོན་པ་ཡིན། ཅེས་གསུངས། གཞན་ཡང་མོན་ཕྱོགས་རྡོ་རྗེ་གླིང་པའི་དབོན་བརྒྱུད་རྣམས་ཀྱིས་ཀྱང་ཞབས་ཏོག་རྒྱ་ཆེར་ཕུལ། སླར་བོད་དུ་བྱོན། མངའ་རིས་གུང་ཐང་རྒྱལ་པོའི་སྤྱན་དྲངས། བླ་མར་བཀུར་ནས་ཞབས་ཏོག་དང་བསྙེན་བཀུར་ཚད་མེད་པར་མཛད། མངའ་རིགས་ཕྱོགས་སུ་འགྲོ་དོན་དཔག་ཏུ་མེད་པར་བྱུང་ཞིང་། གཞན་ཡང་དབུས་གཙང་གི་སྡེ་པ་ཕལ་པོ་ཆེའི་གཙུག་གི་ནོར་བུ་ལྟ་བུར་གྱུར། ལྷ་སའི་གཙུག་ལག་ཁང་གི་ཁྱམས་ཆེན་དུ་ནག་པོ་སྐོར་གསུམ་གྱི་དམག་ཟློག་མཛད་པས། འཇང་དང་། སོག་དམག་སོགས་ཟློག་པར་མཛད། དགས་པོ་སྐུ་རབས་སྡེ་བས་རྩེ་ལི་དགོན་གསར་རྒྱག་སྐབས། རྩེ་ལི་རིག་འཛིན་ཆེན་པོ་བསོད་ནམས་རྣམ་རྒྱལ་གྱིས་ཨོ་རྒྱན་གྱི་གསེར་སྐུ་རྒྱབ་མཐོ་ཉེར་བདུན་ཡོད་པ་ཞིག་བཞེངས་པའི་རབ་གནས་ལའང་གདན་དྲངས། ཕྱིས་གཏེར་སྟོན་ཉིད་ཀྱིས་ཀྱང་ཨོ་རྒྱན་རིན་པོ་ཆེ་གསར་སྐུ་དེ་དང་འདྲ་བ་ཐོག་སོ་གསུམ་དུ་སློབས་པ་ཞིག་བཞེངས་པ་དེང་སང་བན་པ་དྲུག་རལ་ལྷ་ཁང་དུ་ཡོད། ཨོ་རྒྱན་རིན་པོ་ཆེ་གསེར་སྐུར་བཞེངས་པ་འདི་གཉིས་ལས་ཆེ་བ་(སྟོད་ཆ།༦༧༨)བོད་ཡུལ་འདིར་མེད་པར་གྲགས། སྦས་ཡུལ་མཁན་པ་ལུང་གནས་སྒོར། གཙུག་ལག་ཁང་། དགོན་གནས་དང་བཅས་པ་སྟོབས་ཆེ་བ་ཞིག་བཞེངས་པའི་དགོངས་པ་གཏད་ཀྱང་། བན་པ་ཁྱུང་ཚང་བ་སོགས་ལོག་པའི་བློ་ཅན་འགའ་ཞིག་གིས་བྱེད་པས་གཞན་རྐྱེན་གྱིས་སྐུ་གཤེགས། སྐུའི་སྐྱེ་བ་ནི་སྤྲུལ་སྐུ་མདོ་སྔགས་གླིང་པར་གྲགས་པ་ཞིག་བྱུང་སྟེ། གཏེར་མང་དུ་བཞེས་ཀྱང་འགྲོ་དོན་ཆེར་མ་བྱུང་། དེའི་སྐྱེ་བ་ཡར་འབྲོག་ཡོན་བོ་དོར་བྱོན་པའི་སྤྲུལ་སྐུ་མདོ་སྔགས་འབྱུང་གནས་ཏེ་འགྲོ་དོན་དཔག་ཏུ་མེད་པ་བྱུང་ནས། ཡོན་བོ་དོར་གཙུག་ལག་ཁང་དུ་རྙིང་མ་རྒྱུད་འབུམ་དང་། འོག་ཁང་དུ་ཕྱག་ན་རྡོ་རྗེ་ལ་ཀླུ་བརྒྱད་ཀྱིས་བསྐོར་བ་དང་། བར་ཁང་དུ་ཐུགས་རྗེ་ཆེན་པོ་ལ་གྲུབ་ཆེན་བརྒྱད་ཀྱིས་བསྐོར་བ་དང་། སྟེང་ཁང་དུ་ཨོ་རྒྱན་རིན་པོ་ཆེ་ལ་རིག་འཛིན་བརྒྱད་ཀྱིས་བསྐོར་བ་སོགས་ད་ལྟའི་བར་དུ་ཡོད། མདོ་སྔགས་གླིང་པ་སྐུ་སྐྱེ་བ་གསུམ་བྱུང་བ་ཡིན། མཆོག་ལྡན་མགོན་པོའི་སྲས་རྒྱལ་སྲས་བསྟན་པའི་འབྱུང་གནས་ཏེ། འདི་ཉིད་ཕྱིས་འཕྱོངས་རྒྱས་སུ་བཞུགས། ཁོང་ལ་དག་སྣང་དུ་བྱུང་བའི་རྩ་གསུམ་ཟབ་མོ་ཀུན་འདུས་པའི་ཟེར་བའི་ཆོས་ཀྱིས་འགྲོ་དོན་རྒྱ་ཆེར་བྱུང་སྟེ་ཆོས་བརྒྱུད་ཀྱང་ཕྱི་མོའི་བར་དུ་བྱུང་འདུག །གཏེར་སྟོན་འདིའི་དུས་རྟགས། ཉང་སྨད་ཉི་མ་མདོའི་རྫོང་ནས་ལྷུན་གྲུབ་རྩེ་ལ་ངོས་འཛིན་པར་སྣང་ངོ་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ ཡར་འབྲོག་མཚོ་གླིང་དགུ་ལ་དམག་སྒར་འབྱུང་༔ སྟག་ཚབ་ནང་དུ་གཙང་པ་སུམ་གཉིས་འཆི༔ རྩིས་ཀྱི་ལྷ་ཁང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་བསྟན་གཉིས་གླིང་པ་ཞེས་བྱ་འབྱུང་༔(སྟོད་ཆ།༦༧༩)ཞེས་གསུངས་པའི། གུ་རུ་བསྟན་གཉིས་གླིང་པ་པདྨ་ཚེ་དབང་རྒྱལ་པོ་ནི། ཡུལ་གཙང་རོང་གི་ས་ཆ་བྱ་བཟང་བཀྲ་ཤིས་སྡིངས་ཞེས་པར། ཡབ་བྱ་བཟང་དཔོན་ནོར་གྱི་བུ་འཇིག་རྟེན་གྱི་ནོར་རྫས་ལོངས་སྤྱོད་དང་ལྡན་པ་ཞིག་དང་། ཡུམ་འབྱོར་ལྡན་རྒྱལ་མོ་སྐྱིད་ཅེས་པའི་སྲས་སུ་འཁྲུངས། ཆོས་ལུང་གི་མཁན་པོ་སངས་རྒྱས་དཔལ་བཟང་ལ་རབ་ཏུ་བྱུང་། མཚན་དཔལ་འབྱོར་རྒྱལ་མཚན་དུ་གསོལ། འབྲས་ཡུལ་སྐྱེད་ཚལ་དུ་མདོ་པྱོགས་ལ་སྦྱངས་པ་ཆེར་མཛད། གཞན་ཡང་གསེར་མདོག་ཅན་དུ་ཚད་མ་དང་ཕར་ཕྱིན་སྦྱངས། ར་ལུང་སྤོས་སྐྱར་ཆོས་རྗེ་བསོད་ནམས་མཆོག་ལྡན་པའི་དྲུང་དུ་ཕྱག་ཆེན་ཡི་གེ་བཞི་པ་སོགས་འབྲུག་པའི་ཆོས་མང་དུ་གསན། འབྲུག་ཆོས་སྡིངས་དང་ཉེ་བའི་ས་ཞིག་ཏུ་འཇམ་དཔལ་གྱི་ཆོས་སྐོར་སོགས་ཆོས་ཐོབ་པ་རྣམས་ཟིན་བྲིས་སུ་བཀོད་ཀྱིན་ཡོད་པའི་དུས། ཐོ་རངས་ཞིག་ལ་རྨི་ལམ་དུ་ཁྱེའུ་དཀར་པོ་ཞིག་གིས་པདྨ་ཚེ་དབང་རྒྱལ་པོ་ཁྱེད་རང་གི་ཆོས་དང་ནོར་གྱི་སྐལ་བ་གོས་སྔོན་ན་ཡོད། དེར་འགྲོ་ན་ངས་ལམ་སྣ་བྱེད། དང་བཅས་འོ་ཡུག་གོས་སྔོན་དུ་བྱོན། སྔར་གྱི་ཁྱེའུ་དེ་བྱུང་ནས་ཆུ་འགྲམ་ཞིག་ལ་ཁྲིད་དེ། འདི་ནས་བརྐོས་ཟེར། གྲོགས་རྟོག་ལྡན་གཞོན་ནུ་ཞིག་ཡོད་པ་ཁོས་བརྐོས་པས་རྡོ་སྨུག་པོར་མཆིན་འདྲ་བ་ཞིག་བྱུང་། དེ་བཅག་པས་རྡོ་ཆག་པའི་འོག་ན་རྫའི་གའུ་ཆག་པོ་ཞིག་གི་ནང་ནས་ཤོག་སེར་བུན་བུན་བྱུང་། དེ་ཕྱུང་ནས་བལྟས་པས་ཡི་གེ་རྣམས་མ་ཤེས་པ་ན། རྨི་ལམ་དུ། བུ་མོ་མང་པོ་བྱུང་སྟེ་ལ་ལ་ན་རེ། པདྨ་ཚེ་དབང་རྒྱལ་པོ་ཁོས་མི་ཤེས་པ་འདུག་ཟེར། ལ་ལ་ན་རེ། ཀ་དཔེ་ཡོད་བལྟས་པས་ཤེས་ཡོང་ཟེར། ལ་(སྟོད་ཆ།༦༨༠)ལ་ན་རེ། གུ་རུ་ལ་གཏད་པས་ཤུགས་ལ་ཤེས་ཡོང་ཟེར། གཉིད་སད་ནས་ཤོག་སེར་རྣམས་ལ་བལྟས་པས་ཤེས་ཏེ་གཏེར་གྱི་ཁ་བྱང་མང་པོ་འདུག་ཐོག་མར་ཟབ་བུ་ལུང་ལ་བྱོན། གཏེར་ལུང་བདུན་པ་ནས་ཚེའི་བུམ་ཆུ་ཁོལ་བ་ཞིག་རྙེད་བྱུང་བས་བུ་སློབ་རྣམས་ལ་དབང་བསྐུར་ཞིང་ཀུན་རྟེན་འབྲེལ་བསྒྲིགས། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ཡང་བྱས། གཞན་ཡང་བསམ་བཟང་ཕུག་ནས་སྐྱེ་བདུན། ཨ་མ་དང་མཁའ་འགྲོ་ཀློང་གསལ་སྐོར། ཕུང་པོ་རི་བོ་ཆེ་ནས་འཇོམས་བྱེད་དྲག་སྔགས་ཀུན་འདུས། ལྷོ་ཕྱོགས་ཚེ་སྤུང་གཏེར་གནས་ནས། སངས་རྒྱས་དགོངས་འདུས་སུ་གྲགས་པ་ནང་གསེས་སུ་བླ་མ་བྱིན་རླབས་དགོངས་འདུས་ཞི་དྲག་གཉིས། རྫོགས་ཆེན་དགོངས་ལུས། ཕྱག་ཆེན་དགོངས་འདུས། སྤྱོད་ཡུལ་དགོངས་འདུས། མདོ་དགོངས་འདུས། དུས་འཁོར་དགོངས་འདུས། བཀའ་བརྒྱད་བླ་མེད་དགོངས་འདུས། བོན་གཡུང་དྲུག་དགོངས་འདུས། བཀའ་བརྒྱད་བླ་མེད་དགོངས་དུས། ཚེ་སྒྲུབ་སྲོག་སྙིང་དགོངས་འདུས། ཕུར་པ་དྲག་སྔགས་དགོངས་འདུས། དཔལ་ཆེན་ཡང་དག་དགོངས་འདུས། རྣམ་སྲས་ནོར་བདག་དགོངས་འདུས། དྲག་སྔགས་བསྟན་སྲུང་དགོངས་འདུས། དཀར་ཆག་ནོར་བུ་དགོངས་འདུས་སོགས་དང་། གཞན་ཡང་ཟུར་མཁར་རྡོའིའི་མཆོད་རྟེན་དང་། བསམ་ཡས་ཨརྱ་པཱ་ལོ། སྤ་གྲོ་སྟག་ཚང་། རི་བོ་བཀྲ་བཟང་རྣམས་ནས་ཟབ་གཏེར་མཐའ་ཡས་སྤྱན་དྲངས། སྤ་གྲོ་སྟག་ཚང་ནས་སྔོན་གཏེར་སྟོན་ཚེ་བརྟན་རྒྱལ་མཚན་གྱི་ཡང་གཏེར་དུ་སྦས་པའི་ཤོག་སེར་ལ་ལ་ཤོག་དྲིལ་དང་། ལ་ལ་པུ་སྟིར་ཡོད་པ་འགའ་ཡང་གདན་དྲངས། དབུས་གཙང་ཕྱོགས་ལ་འགྲོ་དོན་ཀྱང་མང་དུ་མཛད། ཁྱད་(སྟོད་ཆ།༦༨༡)པར་མངའ་རིས་གུང་ཐང་རྒྱལ་པོའི་བླ་མར་ཁུར། འདི་དུས་ཕལ་ཆེར་དད་ཅིང་འདུན་པར་གྱུར་ཀྱང་། ལོག་ལྟ་ཅན་འགའ་སྒྲོ་བསྐུར་བཟློག་པའི་ཆེད་དུ། མང་ཡུལ་རི་བོ་དཔལ་ནས་རིག་འཛིན་རྒོད་ལྡེམ་ཅན་གྱིས་ཡང་གཏེར་དུ་སྦས་པའི་ཕག་མོ་ཟབ་རྒྱའི་ཆོས་སྐོར་རྣམས་ཁྲོམ་གཏེར་དུ་བཞེས་ནས་མ་དག་པ་རྣམས་ཀྱི་བསྐུར་པ་འདེབས་པ་བཟློགས་པར་མཛད། འདི་དུས་ཇོ་མོ་རྒྱ་གར་མ་སྒྲོ་ཐུལ་སྔོན་པོ་བྱོན་པ་རྨ་བྱའི་ཚུལ་དུ་བྱས་པ་ཞིག་གིས་འདི་རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་ཞབས་སྡུད་མཁན་ཞིག་ལ་གཏད་དགོས་པ་ཡིན། ཁྱེད་རང་ནན་ཆེ་བས་ཤོག་སེར་གཅིག་པུ་རང་ཁྱེར་ཟེར་ནས་འཁྱག་པའི་ཡོལ་བ་བཏང་གི་འདུག་པ་གཟིགས། གཏེར་སྒྲོམ་རྫི་དུག་གིས་གང་བའི་གསེབ་ནས་ཤོག་དྲིལ་ཛ་མ་གང་ལུག་པའི་ནང་ནས་ཤོག་དྲིལ་གཅིག་བླངས་པ་ཕག་མོ་ཟབ་རྒྱའི་སྐོར་ཡིན་དེ་ལས་གཞན་ལེན་མ་བཏུབས། གཏེར་སྲུང་འཁུ་ལྡོག་གིས་རྫི་དུག་གིས་ཐེབས་ནས་སྙུང་བ་ཡང་བྱུང་། མངའ་རིས་གུང་ཐང་རྒྱལ་པོའི་བཀའ་བསྐུལ་ནས་ཤོག་སེར་རྣམས་ཕབ་ཅིང་། འགྲོ་དོན་དཔག་དུ་མེད་པ་མཛད། ཆོས་བརྒྱུད་ཀྱང་དབུས་གཙང་ཕྱོགས་སུ་ཤིན་ཏུ་དར་བ་བྱུང་། ཕག་མོ་ཟབ་རྒྱའི་སྐོར་ནི་དེང་སང་ཡང་ཁམས་དབུས་ཀུན་ཏུ་དར་རྒྱས་ཆེ་ཞིང་དབང་ཁྲིད་ཉམས་ལེན་གྱི་རྒྱུན་མ་ཆད་པར་ཡོད། དབོན་བརྒྱུད་རྣམས་གཙང་དཔལ་འབྱོར་ལྷུན་ལྡིང་དང་། སྐྱིད་གྲོང་དང་། མངའ་རིས་སྨད་སོགས་ན་ཡོད་ཟེར། ཆོས་བདག་གཙོ་བོ་གཙང་པ་ཚེ་བདག་པ་དང་། རོང་པ་ཚེ་བདག་པ་གཉིས་ཡིན་ཏེ། གཙང་པ་ཚེ་བདག་པས། གཏེར་སྟོན་སྐུ་གཤེགས་པའི་རྗེས་ཀྱི་བྱ་བ་རྣམས་ཀྱང་བྱས་ཤིང་། གཏེར་སྟོན་དེ་ཉིད་སྔོན་ཆོས་རྒྱལ་གྱི་སྲས་མོར་གྱུར་པའི་རྟེན་(སྟོད་ཆ།༦༨༢)འབྲེལ་གྱིས་ཁམས་གསུང་ཟང་ཁངས་གླིང་དུའང་གདུང་རྟེན་སྐུ་ཚད་དང་མཉམ་པ་ཞིག་བཞེངས་པའི་ཐུགས་ཀར་གདུང་རུས་ལས་བྱོན་པའི་དུང་དཀར་གཡས་འཁྱིལ་ཁམ་ཚིག་ཙམ་ཞིག་ཡོད་པ་བཞུགས་ནས་ཤེལ་སྒོའི་གཡོག་སྟེ། སྒྲིབ་མེད་དུ་མཇལ་རྒྱུ་ཡོད་པ་ཞིག་ཀྱང་མཛད། འདིའི་དུས་རྟགས་ནི། རིན་སྤུངས་སྒར་པ་དོན་ཡོད་རྡོ་རྗེ་གཤེགས་ནས། དེའི་སྲས་རིན་སྤུངས་ངག་དབང་རྣམ་རྒྱལ་གྱི་སྐབས་ཙམ་ལ། དབུས་ཀྱི་སྣེའུ་ལ་སོགས་པ་རྣམས་སུ། གཙང་པའི་རྫོང་དཔོན་དགོན་པ་དཔལ་བཀྲས་དང་། ཤངས་གཡང་ལྡན་རྩེ་པ་སོགས། སྟག་ཤར་མང་པོ་འཐབ་བྲལ་དུ་བསད་པ་དེ་ཡིན་ཅེས་སོག་ཟློག་པས་གསུངས་སོ། དེ་དུས་གཙང་པ་རྣམས་ཀྱི་ཁ་རྒྱགས་ལ་མཚོ་མོ་སྒྱོགས་ཀྱིས་གདུང་བས་དཔལ་དེའུ་གནས་ཕེབས། ཞེས་དང་། དགྲ་རྟ་བོང་ཡིན་ན་ཐུལ་འདུག་གྱིས། ནོར་མི་རུས་ཡིན་ན་སོགས་འདུག་གྱིས། སོགས་ཟེར་བ་བྱུང་ངོ་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སྟོད་ཁུ་ཡུལ་དུ་ཕག་ཚང་ཁྱུ་ཅིག་འབྱུང་༔ ས་བཙན་རི་བོལ་རེ་ལ་རྫོང་ཆུང་རེ༔ ལ་རྩུབ་པྲང་རྩུབ་བསྙགས་མེད་ཀྱུ་ཡི་འཚོ༔ ཀོང་པོ་བུ་ཆུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་རྡོ་རྗེ་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་སྤྲུལ་སྐུ་རྡོ་རྗེ་གླིང་པ་ནི། ཨོ་རྒྱན་དུས་གསུམ་མཁྱེན་པས། གཏེར་སྟོན་གཙོ་བོ་ལྔ་ལ་བྲན་བརྒྱ་བརྒྱས་སྐོར༔ ཞེས་གསུངས་པའི་གཙོ་བོ་ལྔ་ནི་གཏེར་ཁ་གོང་འོག་གཉིས། རྡོ་རྗེ་གླིང་པ། པདྨ་གླིང་པ། མདོ་སྔགས་གླིང་པ་རྣམས་ཡིན་པར་སྤྱི་དང་བྱེ་བྲག་གི་ལུང་བསྟན་མང་པོ་ནས་བཤད་ཅེས་ཀུན་མཁྱེན་ལྔ་པ་རིན་པོ་ཆེའི་གསུང་ལས་འབྱུང་(སྟོད་ཆ།༦༨༣)ཞིང་། རང་གཏེར་ལས། མ་འོངས་ལྔ་བཅུ་ཁ་རལ་དུས༔ བསམ་ཡས་འདི་ཡི་ལྷོ་ནུབ་མཚམས༔ ལུང་པ་དོར་ལ་བརྐྱངས་འདྲའི་ནང་༔ གྲ་ཞེས་བྱ་བའི་ཕུ་མདའ་རུ༔ རིགས་ལྡན་སྔགས་འཆང་བྱ་ཁྱི་ལོ༔ ཆུ་ཁམས་པདྨ་རྡོ་རྗེ་གླིང་༔ ཨོ་རྒྱན་ང་དང་རོ་གཅིག་འབྱུང་༔ སྐལ་ལྡན་དེ་དང་འདི་འཕྲད་ཤོག༔ ཅེས་གསུངས་པ་ལྟར་གཡོ་རུ་གྲ་ཡི་ནང་གི་སྐེ་གྲོག་གང་མདོ་ཞེས་པར། ཡབ་བསོད་ནམས་རྒྱལ་མཚན་དང་། ཡུམ་དཀར་མོ་རྒྱན་གཉིས་ཀྱི་སྲས་སུ་ཁྱི་ལོ་ལ་སྐུ་འཁྲུངས། ཁམ་ཆུ་ཁམས། རུས་རྒྱ། སྔགས་འཆང་གི་བརྒྱུད་པ་ཅན་གྱི་ཇོ་སྲས་ཡིན་ཡང་ཟེར། དགུང་ལོ་བཅུ་གསུམ་པ་ལ་ཁྲ་འབྲུག་ཇོ་མོའི་སྐུ་རྒྱབ་ནས་ཁ་བྱང་ཕྱག་ཏུ་བྱུང་། བླ་མ་བསྟན་གཉིས་སྐོར་གཏེར་ནས་བཞེས་ཟེར་བའང་འདུག་ཀྱང་ཁ་བྱང་ལས་གཏེར་དངོས་བཞེས་པ་མིན་འདྲ་སྟེ། ལོ་དེའི་དབྱར་ཁ་དེར་གནམ་ལྕགས་བྲག་ནས་གཏེར་བཞེས་ཟེར་བ་བྱུང་ཞིང་། ལྔ་པ་རིན་པོ་ཆེའི་གསན་ཡིག་ཏུ། དགུང་ལོ་བཅུ་དྲུག་པ་ལྕགས་གླང་སྟག་གི་ཟླ་བའི་ཚེས་བཅུ་ལ་ཐོག་མར་གཏེར་སྒོ་ཕྱེ་བའི་ཚེ་ཞེས་འདུག་པས་ཕྱི་མ་བཙན་པར་མངོན། གང་ལྟར་ཡང་གྲྭ་ཕྱིའི་བྲག་པོ་ཆེའི་གནམ་ལྕགས་འབར་བའི་བྲག་ཅེས་ཡོངས་གྲགས་ངོམ་ཤོད་བྱིང་མངའ་ཨོ་དཀར་བྲག་ཞེས་པ་ནས་གཏེར་བཞེས་པའི་ཚེ། ཨོ་རྒྱན་ཆེན་པོས་དངོས་སུ་ཤོག་དྲིལ་ཆེ་ཆུང་བརྒྱ་བླ་དཔེ་པུ་སྟི་བཞི། ཚེ་ཆུ་བུམ་པ་བཞི། དམ་རྫས་ཀྱི་གའུ་རྣམས་གནང་བའི་ནང་ནས་རྫོགས་ཆེན་ལྟ་བ་ཀློང་ཡངས་སོགས་ཆོས་ཚན་བསམ་གྱིས་མི་ཁྱབ་པ་གདན་དྲངས་ཏེ། ཁྲོམ་གཏེར་མཛད་པས་ཀུན་ཡིད་ཆེས་ཤིང་དད་པའི་ས་ལ་བཀོད། སྤྲུལ་པའི་གཏེར་སྟོན་ཆེན་པོ་འདིས་གཏེར་ཁ་ཆེན་པོ་བཞི་བཅུ་ཞེ་གསུམ་བཞེས་པ་(སྟོད་ཆ།༦༨༤)གཏེར་འབྱུང་ལས་གསུངས་ཤིང་། དེ་རྗེས་ཀྱང་གཏེར་ཁ་འགའ་ཞིག་བཞེས་པ་ཡིན་འདུག །གཏེར་བཞེས་པ་ཡང་ཁྲོམ་གཏེར་མང་པོ་མཛད་ཅིང་ཐང་མཚོའི་གཏེར་བཞེས་དུས་མཚོ་གཉིས་བར་ནས་འདོམ་བདུན་ཅུ་ཙམ་གྱི་དབུས་སུ་བྲག་འདོམ་ངོ་ཙམ་གྱི་ལོག་སནས་གཏེར་བཞེས་པ་དང་། ཡང་མཚོ་དེ་ཉིད་ཀྱི་བྲག་རིའི་རྩེར་འཕུར་ནས་གཤེགས། ཕྱིར་མ་ཐར་བའི་ཚུལ་མཛཛ་ནས་མཆོང་ཡོང་བར་སར་ཞབས་རྗེས་ཀྱང་བཞག མངོན་ཤེས་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ། གཏེར་ཆོས་ཀྱི་རྣམ་གྲངས་ཀྱང་བླ་མ་བདེ་གཤེགས་འདུས་སོགས་འདུས་པ་སྐོར་བཞི། སྙིང་ཏིག་བཅུ་གསུམ་བྱུང་སྟེ། ཀུན་བཟང་སྙིང་ཐིག རྡོར་སེམས་སྙིང་ཐིག འཇམ་དཔལ་སྙིང་ཐིག པདྨ་སྙིང་ཐིག བཻ་རོ་སྙིང་ཐིག བཅུད་པུར་སྙིང་ཐིག ཧཱུྃ་སྐོར་སྙིང་ཐིག སྙིང་པོ་སྙིང་ཐིག །གཡུང་དྲུང་སྙིང་ཐིག་སོགས་དང་། ཐུགས་རྗེ་ཆེན་པོ། དྲག་དམར་བསྙན་སྲུང་སྲག་སྔགས་སྐོར་སོགས་མཐའ་ཡས་པ་དང་། བཟོ་རིགས་པ་ཏྲ། ཐང་ཡིག་གནམ་ལྕགས་མར་གྲགས་པ་དེང་སང་སྣང་ལ། གཞན་ཡང་། བཀའ་ཐང་སྡེ་ལྔ་སོགས་ཀྱང་ཡོད་པར་གྲགས། སྐུ་རྟེན་དུའང་ལི་དཀར་ལས་གྲུབ་པའི་རྡོ་རྗེ་སེམས་དཔའི་སྐུ་མི་ཚད་ཙམ་དང་། སོ་ཕག་ལས་གྲུབ་པའི་པདྨ་གུ་རུ་དང་། དྲག་པོ་དབུ་དགུའི་སྐུ། རྟ་ཕག་གི་སྐུ། ཚེའི་བུམ་པ་ཚེ་ཆུས་གང་བ་སོགས་དང་། དམ་རྫས་སྐྱེ་བདུན་གྱི་རིགས་སོགས་དཔག་ཏུ་མེད་པ་སྤྱན་དྲངས། རྡོ་རྗེ་སེམས་དཔའི་སྐུ་འདི་གཞན་རྐྱེན་འགའ་ཞིག་ལ་བརྟེན་བློ་ཆུང་འགས་བསམ་ཡས་ཀ་འོག་ནས་གཙང་ཆུར་གཤེགས་ཟེར་བ་འབྱུང་། མཚན་ཡོངས་གྲགས་རྡོ་རྗེ་གླིང་པ་དང་། གཞན་ཡང་པདྨ་གླིང་པ། ཆོས་ཀྱི་བཤེས་(སྟོད་ཆ།༦༨༥)གཉེན། རྡོ་རྗེ་གྲོ་ལོད་ལ་སོགས་མཚན་གྱི་རྣམ་གྲངས་ཏེ། གཏེར་ལུང་ལས། ཆུ་ཁམ་རྒྱ་རུས་ཁྱི་ལོ་པ༔ བཅུ་གསུམ་ལ་ཁྲ་འབྲུག་ཇོ་མོའི་གཏེར་ཁ་འབྱེད༔ དེ་འདྲའི་ལས་ཅན་སྐྱེས་བུ་དེས༔ སྐུ་ཡི་འགྲོ་དོན་འཁྲུངས་པའི་ཡུལ་དུ་བྱེད༔ གསང་བའི་མཚན་ཡང་རྡོ་རྗེ་གླིང་པ་ཞེས༔ སྐུ་ལ་རེག་ཚད་འཚམས་མེད་སྒྲིབ་བྱང་འགྱུར༔ ཟབ་གཏེར་བཅུ་གཅིག་བཏོན་ནས་འགྲོ་དོན་མཛད༔ གསུང་གི་འགྲོ་དོན་ལྷོ་མོན་གཙང་དུ་བྱེད༔ གསང་བའི་མཚན་ཡང་པདྨ་གླིང་པ་ཞེས༔ ཟབ་མོའི་གཏེར་ཁ་ཉི་ཤུ་རྩ་བརྒྱད་འདོན༔ ཐུགས་ཀྱི་འགྲོ་དོན་ཀྲོང་ཁམས་དབུས་སུ་བྱེད༔ གསང་བའི་མཚན་ཡང་ཆོས་ཀྱི་བཤེས་གཉེན་ཟེར༔ ཟབ་མོའི་གཏེར་ཁ་གསུམ་གྱིས་འགྲོ་དོན་བྱེད། ཡོན་ཏན་འགྲོ་དོན་བལ་ཡུལ་མངའ་རིས་བྱེད། བན་བོན་གཉིས་མེད་གཏེར་ཁ་དུ་མ་ལེན༔ གསང་བའི་མཚན་ཡང་རྡོ་རྗེ་གྲོ་ལོད་ཅེས༔ ཕྲིན་ལས་འགྲོ་དོན་རྡོ་རྗེ་གདན་དུ་བྱེད། དེ་ནས་རྒྱ་ནག་རི་བོ་རྩེ་ལྔར་བྱོན༔ འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་བྱེད༔ འཇམ་པའི་དབྱངས་དང་ཐུགས་ཡིད་གཅིག་ཏུ་འདྲེས༔ ཞེས་གསུངས་སོ། གདན་སའི་མཐིལ་གླིང་མོ་ཁར་མཛད། གཞན་ཡང་། ལྷོ་བྲག །མོན་སྤ་གྲོ། བཟད་ཀྱི་འུག་སྐད་དགོན་པ་སོགས་བཟུག་ནས་འགྲོ་དོན་རྒྱ་ཆེར་མཛད། ཁྱད་པར་དུ་གཏེར་སྟོན་ཉིད་ཀྱི་གསུང་ལས། ཡིག་རིགས་མི་འདྲ་དྲུག་ཅུ་རྩ་བཞི་ཤེས། སྒྲ་རིགས་མི་འདྲ་སུམ་བརྒྱའི་སྐད་འགྱུར་ཤེས། སྐད་མཐའ་མི་འདྲ་སྟོང་དང་དྲུག་བརྒྱ་ཤེས། ད་ལྟའི་དུས་ན་ཀུན་མཁྱེན་སྤྲུལ་སྐུ་ཡིན། ཞེས་ཞལ་གྱིས་བཞེས་པ་དོན་ལ་གནས་པའི་སྐྱེས་བུ་ཆེན་པོ་སྟེ། གཏེར་སྟོན་འདི་དང་དུས་མཚུངས་སུ་གཏེར་སྟོན་ཤེས་རབ་མེ་འབར་གྱི་རྒྱལ་(སྟོད་ཆ།༦༨༦)གཤིན་རྗེའི་སྦ་དོང་ནས། བར་དོ་གྲོལ་གྱི་རྒྱུད་འཁོར་འདས་རང་གྲོལ་ཞེས་བྱ་བ་གཏེར་ནས་ཐོན་ཀྱང་། རྒྱུད་དེ་ལ་ཡིག་རིགས་མི་འདྲ་བ་བརྒྱད་དང་བརྒྱད། སྒྲ་རིགས་མི་གཅིག་པ་བརྒྱ་དང་བརྒྱད་ཡོད་པས། གཏེར་སྟོན་དེས་མ་མཁྱེན་ཏེ། ཟབ་གཏེར་གཞན་དང་མི་འདྲ་བ་ཞིག་ཐོན་ཀྱང་། ཡིག་རིགས་མི་འདྲ་བ་དང་། སྒྲ་རིགས་མི་གཅིག་པ་མང་པོ་བསྡོམས་ནས། ཚིག་གཅིག་ཀྱང་མ་གོ་གསུངས། དེར་གཏེར་སྟོན་དེའི་སློབ་མ་འཁྲུལ་ཞིག་སྟག་ཚང་རས་པས་རྡོ་རྗེ་གླིག་པ་དང་མཇལ་ནས། སྔར་གྱི་ལོ་རྒྱུས་ཞུས་པས། ང་ལོ་ཙཱ་བཻ་རོ་ཙ་ནའི་དུས་ཡིག་རིགས་མི་འདྲ་བ་དང་། སྒྲ་རིགས་མི་འདྲ་བ་བརྒྱ་རྩ་བརྒྱད་ཤེས་པ་ཡིན་ཏེ། སྐྱེ་བ་འདི་ལ་དེ་ཙམ་ཀློག་དགོས་པ་མ་འབྱུང་བས། ག་འདྲེས་འོང་གསུངས་ནས་ཀོང་པོར་ཕེབས། ཤེས་རབ་མེ་འབར་དང་མཇལ། ཤོག་སེར་སྤྱན་སྔར་ཕུལ་བས། ཚེགས་མེད་པར་མཁྱེན་ནས་ཤོག་སེར་རྣམས་བཀྲོལ་ཏེ། ཤེས་རབ་མེ་འབར་ལ་ཕུལ་བས་ངོ་མཚར་བསམ་གྱིས་མི་ཁྱབ་པའི་གནས་ལ་བཀོད། གཏེར་སྟོན་འདིའི་སའི་གཏེར་བརྒྱུད་དུའང་རྡོ་རྗེ་གླིང་པ་ངེས་པར་འདྲེན་པར་སྣང་། སྲས་དང་སློབ་བརྒྱུད་ཕལ་ཆེར་ལྷོ་བྲག་དང་། མོན་གྱི་ཕྱོགས་ན་བཞུགས་པ། ལྷོ་བྲག་ཆུས་ཁྱེར་བྷཉྩ་ལྷ་ཁང་དུ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ། གཏེར་སྟོན་གཤེགས་དུས་སྐུ་གདུང་རིལ་པོར་བཞུགས་དགོས་པའི་ཞལ་ཆེམས་ཡོད་ནའང་། བུ་སློབ་རྣམས་ཀྱིས་མ་འཆམ་པར་གདུང་ཞུགས་འབུལ་བྱེད་པའི་ཚེ། པུར་ཁང་ནས་གསུང་འབྱོན་པ་དང་། ཞབས་ཡ་གཅིག་སློབ་བུ་ཞིག་གི་སྐུ་པང་དུ་བྱོན་པས། དེར་བུ་སློབ་ཐམས་ཅད་ཀྱིས་ངེད་རང་རྣམས་ཀྱང་སྐལ་བ་ལེན་དགོས་ཟེར་ནས་སྐུ་གདུང་བོག་བཤས་བྱས་(སྟོད་ཆ།༦༨༧)ཏེ་གདུང་བཞུ་བ་མ་བྱུང་། ཞབས་ཡ་གཅིག་ཆུས་ཁྱེར་དང་ཡ་གཅིག་སྨན་ཐང་རྒྱབ་སོགས་སུ་བཞུགས་པར་གྲགས། གཏེར་ཆོས་ཀྱི་རྒྱུན་ཡང་སྔར་དར་རྒྱས་ཆེ་བར་བྱུང་ཞིང་། ཁྱད་པར་དུ་ཀུན་མཁྱེན་ལྔ་པ་ཆེན་པོས་རྫོགས་ཆེན་ལྟ་བ་ཀློང་ཡང་གསན་ཅིང་ཆོས་བདག་ཏུ་ལུང་བསྟན་པ་ལྟར་དེ་སྐབས་ཙམ་ན་དར་ཆ་ཤིན་ཏུ་ཆེ། དེང་སང་ཡང་གཏེར་ཆོས་འགའ་ཞིག་རྒྱུན་ཡོད་པར་སྣང་ངོ་། འདིའི་དུས་རྟགས། ཞབས་དྲུག་སྐྱོར་མོ་ལུང་པས་ཤུན་དུ་རྫོང་བཏབ། ཡར་ལུང་དུ་སྡེ་གཟར་ལོ་སྐོར་གཅིག་ལ་ལྷོང་བའི་སྐབས་དེ་ཡིན་ཅེས་སོག་ཟློག་པས་གསུངས་ཏེ། སྒར་པ་དོན་ཡོད་རྡོ་རྗེའི་སྐབས་དེར་ཡིན་པར་བཞེད་ཀྱང་། དེ་ལས་མི་ཐོག་གནིས་ཀྱིས་སྔ་བར་གཏེར་སྟོན་བྱོན་པར་སྣག་བས། དུས་རྟགས་དང་མི་མཚུངས་པ་དང་། གཏེར་གནས་ཀྱང་དབུས་གཙང་། མོན་ལྷོ་བྲག་སོགས་ནས་བཞེས་པ་ཤེས་ཆེ་བས། ཀོང་པོ་བུ་ཆུ་ནས་གཏེར་བཞེས་མཁན་གཞན་ཞིག་དང་ནོར་བ་འདྲ་ཞེས། སོག་ཟློག་པ་སོགས་ཀྱི་དཔྱད་གཞིར་མཛད་ཅིང་། འགའ་ཞིག་གིས་སླར་འབྱོར་རྒྱུར་བཞེད་པ་དང་། ལྔ་པ་རིན་པོ་ཆེའི་གསན་ཡིག་ཏུའང་ཐང་ཡིག་གི་ལུང་དྲངས་པ་གནང་མི་འདུག་ཀྱང་། ཀོང་པོ་བུ་ཆུ་ནས་ཀྱང་གཏེར་བཞེས་པ་ཡིན་ཞེས་ཤ་ཟུག་པའི་གཏེར་བྱུང་ནས་འབྱུང་ཞིང་། འདིར་མཚན་སྒྲ་དང་མཐུན་པར་ཡོངས་གྲགས་ལྟར་བཀོད་པ་ཡིན་ཀྱང་། སླར་བློ་གྲོས་དང་ལྡན་པ་དག་གིས་རྣམ་པར་དཔྱད་པར་མཛོད་ཅིག དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ གཙང་གི་དགྱེར་ཕུ་ངོ་མ་གཉིས་སུ་འཐབ༔ དྲ་ལག་འཚུར་ཕུར་ཕག་པའི་ཁྱུ་ཞིག་འབྱུང་༔ ཀོང་(སྟོད་ཆ།༦༨༨)པོ་འཕྱིང་ཡུལ་སྦས་པི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་རིན་ཆེན་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་རིན་ཆེན་གླིང་པ་འདི། བླ་མ་སོག་ཟློག་པ་ནི་རརྣ་གླིང་པ་ཡིན་པར་བཞེད་ཅིང་། འོན་ཀྱང་ཀོང་ཡུལ་དུ་མ་བྱོན་པས་དཔྱད་གཞིར་མཛད། ཤ་ཟུག་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ་ནི། གཏེར་སྟོན་དྲི་མེད་ལྷུན་པོའི་ལུང་བསྟན་ཡིན་པར་བཞེད་ཅིང་། གཏེར་སྟོན་དྲི་མེད་ལྷུན་པོའི་ལུང་བསྟན་ཡིན་པར་བཞེད་ཅིང་། ཁ་ཅིག་སངས་རྒྱས་གླིང་པ་ཡིན་པར་བཞེད་པ་སྣང་མོད། འོན་ཀྱང་གཏེར་སྟོན་སངས་རྒྱས་གླིང་པ་དང་དྲི་མེད་ལྷུན་པོ་གཉིས་གདན་འཛོམས་པས་ཀོང་པོ་འཆིམ་སྤྲུལ་དང་། རྒྱ་ལ་སོགས་ཀྱི་གཏེར་ཁ་འགའ་ལྷན་ཅིག་ཏུ་སྤྱན་དྲངས་པས་གཉིས་ཀའི་ལུང་བསྟན་དུ་བཟུང་ཀྱང་མི་འགལ་མོད། འོན་ཀྱང་སངས་རྒྱས་གླིང་པ་ཉིད་ཀྱིས་རྣམ་ཐར་ཆེན་མོར་ཞལ་བདག་གནང་འདུག་པ་བཞིན་འདིར་ཡང་དེ་བཞིན་འབྲི་བར་བྱ་སྟེ། གཏེར་སྟོན་སངས་རྒྱས་གླིང་པ་ནི། དྲི་མེད་ལྷུན་པོའི་གཏེར་ལུང་ལས། རྡོ་རྗེ་བྲག་ནས་སྐལ་ལྡན་སྐྱེས་བུ་ནི༔ འབྲུག་གི་ལོ་བྷུདྡྷ་ཞེས་པའི་མིང་༔ ཙི་རྟར་སྨེ་བ་རཱ་གའི་མདོག་དང་འདྲ༔ སྐལ་ལྡན་དེ་ལ་དོན་ཏིག་ཡོངས་རྫོགས་སྟོན༔ ཞེས་དང་། རྣམ་ཐར་ཆོས་དབྱིངས་གན་མཛོད་ལས། མཐའ་ཁོབ་རྡོ་རྗེ་བྲག་གི་གཏེར་གནས་སུ༔ བྷུདྡྷའི་མིང་ཅན་སྙིང་སྨེ་དམར་པོའི་སྤྲས༔ འབྲུག་གི་ལོ་པ་ཟབ་གཏེར་ལོངས་སྤྱོད་འབྱུང་༔ ཞེས་སོགས་ལུང་བསྟན་མང་ཞིང་། ཁྱད་པར་དུ་འཁྲུངས་ཡུལ་ཡབ་ཡུམ་སོགས་ཀྱང་རང་གཏེར་གཏེར་ལུང་ལས། གཡུ་ལུང་མ་ཧེའི་རཱ་འདྲའི་ལུང་རྫོངས་མདའ༔ རི་སྣ་མཐུར་རྒྱུག་བྲག་དམར་རོལ་བཟང་ཞིང་༔ གད་པ་ནག་པོ་རུས་སྦལ་ཉ་འདྲའི་སྟེང་༔ ཕ་ཝང་(སྟོད་ཆ།༦༨༩)ཐག་ཐུག་ཕྱུགས་ལྷས་ལྟ་བུའི་དབུས༔ ཞེས་དང་། དེང་སང་ལྷ་སྲས་ཡབ་ཡུམ་ཕུན་སུམ་ཚོགས༔ མ་འོངས་དུས་ཀྱང་དེ་ཚུལ་འབྱུང་འགྱུར་ཏེ༔ ཡབ་ནི་སྔགས་འཆང་རྣལ་འབྱོར་ཞིག་པོའི་ཚུལ༔ སྤྲོ་ཐུང་སྐྱོ་ཤས་སྙིང་རུས་ཆོས་ལ་སྤྱོད༔ སྨྱོན་བའི་མིང་ཅན་བསྒྲུབ་ལ་མངའ་བརྙེས་འབྱུང་༔ ཡུམ་ནི་དུར་ཁྲོད་ཌཀྐིའི་མིང་ཅན་མ༔ རྒྱན་གྱི་མིང་ཅན་ཁྲོ་གཏུམ་ཅན་ཞིག་འབྱུང་༔ ཞེས་ལུང་བསྟན་པ་ལྟར་ཀོང་པོའི་ཡུལ་གྱི་བྱེ་བྲག་ཉང་པོའི་སའི་ཆར་ཨོ་རྒྱན་གྱི་སྒྲུབ་གནས་གྱིང་ཕུ་གཡུ་ལུང་གི་མདར་ལོད་པ་གིག་གང་སྟེང་ཞེས་འདོད་དགུ་འཛོམས་པའི་གནས་སུ། ཡབ་མདོ་ཁམས་ནས་བྱོན་པའི་རྣལ་འབྱོར་པ་དཔལ་རྟ་མགྱིན་གྱི་སྤྲུལ་པ་སྟག་ལུང་སྨྱོན་པ་ཞེས་བྱ་བ་དང་། ཡུམ་རྡོ་རྗེ་པག་མོའི་བྱིན་གྱིས་བརླབས་པའི་དུར་ཁྲོད་ཀྱི་མཁའ་འགྲོའི་རིགས། མཚན་ལྡན་ཨ་ཧཱུྃ་རྒྱན་ཞེས་པའི་སྲས་སུ་ལྕགས་ཕོ་འབྲུག་གི་ལོ་ལ་བྲག་གསུམ་རྡོ་རྗེ་བྲག་ཏུ་སྐུ་འཁྲུངས། དེ་ཡང་ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་ན་ཡབ་ཡུམ་གཉིས་ལ་དགེ་བའི་མཚན་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་ཁྱད་པར་སྐུ་འཁྲུངས་མ་ཐག་ཡབ་ཀྱི་གཟིགས་སྣང་བ། གསེར་གྱི་མཆོད་རྟེན་ཁྲི་འཕང་བདུན་པ་ལ་བུ་མོ་ལྔས་སྐོར་བ་བྱེད་པ་མཐོང་བས། བྱིས་པ་འདི་ལ་རིག་འཛིན་གོང་མའིག་དུང་འཚོབས་པ་ཞིག་ཡོད་པར་འདུག་པས་མིང་ཡང་རིག་འཛིན་ཞེས་བྱ་བར་འདོགས་ཟེར་ནས་མཚན་ཡང་རིག་འཛིན་དུ་གསོལ། དགུང་ལོ་ལྔ་པ་ལ་མཁན་པོ་གཞོན་ནུ་དཔལ་ལ་དགེ་བསྙེན་གྱི་སྡོམ་པ་ཞུས་པས། མཚན་དཀོན་མཆོག་རིན་ཆེན་དུ་གསོལ། འདི་དུས་གཟིགས་སྣང་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུ་དང་ཡི་གེ་དྲུག་མ་ཁོ་ན་གར་གཟིགས་ཐམས་ཅད་དུ་ལམ་ལམ་འཆར་བར་བྱུང་ཞིང་། ཡི་(སྟོད་ཆ།༦༩༠)གེ་དྲུག་པ་ལ་ཐུགས་དམ་མཛད། སློབ་དཔོན་རིན་ཆེན་བྱ་བ་ལ་འབྲི་ཀློག་བསླབས་པས་བརྡའ་སྟོན་ཙམ་གྱིས་ཚེགས་མེད་པར་མཁྱེན་ཅིང་དགོང་ལོ་བདུན་བརྒྱད་ནས་ཡིག་རིས་ཐམས་ཅད་ལ་ཤིན་ཏུ་མཁས། དེ་སྐབས་ཡབ་འདས་ནས་ཡུམ་གྱིས་ཕ་ཡར་བརྟེན་པས་ཕ་ཡར་དེས་སྡང་པོ་བྱས་ཏེ་འོ་བརྒྱལ་བར་བཞུགས་སྐབས་བུད་མེད་དམར་མོ་ཞིག་གིས་ལུང་བསྟན་ལྟར། ལོད་པོ་གྲོང་གསར་མདར་ཀརྨ་པ་རོལ་བའི་རྡོ་རྗེའི་དྲུང་དུ་བྱོན། དེ་ནས་ཙ་རིར་བྱོན་ནས་དགོན་པ་ལྷུན་གྲུབ་སྟེང་དུ་མཁན་པོ་བྱང་ཆུབ་རྡོ་རྗེ་དང་། སློབ་དཔོན་ཤཱཀྱ་ཡེ་ཤེས་གཉིས་ལས་རབ་ཏུ་བྱུང་། མཚན་སངས་རྒྱས་བཟང་པོར་གསོལ། གཞན་ཡང་མཁན་སློབ་དེ་གཉིས་ལས་ཆོས་མང་དུ་གསན། མཁན་པོ་བྱང་ཆུབ་རྡོ་རྗེས། བྱིས་པ་ཁྱོད་ཡང་ན་སེམས་ཅན་མང་པོ་འདྲེན་པའི་གང་ཟག་ཁྱད་པར་ཅན་ཞིག་འོང་བ་འདུག །ཡང་ན་སྐྱ་སེར་ཐམས་ཅད་འཇོམ་པའི་པྲ་ཡས་ཐུ་པོ་ཞིག་ཡོང་བ་འདྲ་གསུངས། དེ་དུས་ནགས་ལྗོངས་ཞིག་ནས་མེ་ཏོག་ཤང་དྲིལ་ཤིན་ཏུ་ཆེ་བ་ཞིག་གི་སྟེང་ན་སྤྱན་རས་གཟིགས་ཁ་ས)་ཎི་བཞུགས་པ་དང་མཇལ། མེ་ཏོག་ཁྱེར་ནས་བླ་མའི་དྲུག་དུ་གོང་གི་ལོ་རྒྱུས་ཞུས་པས་བླ་མ་དགྱེས་ཤིང་སྒྲུབ་རྡེཾས་ལ་བསྲེ་བར་མཛད། དེ་ནས་རྗེ་ཀརྨ་པ་རོལ་པའི་རྡོ་རྗེའི་དབུས་ནས་ཕྱིར་ཕེབས་དུས། བླ་མ་བྱང་ཆུབ་རྡོ་རྗེ་ལ་ཁྱོད་ཀྱི་དབོན་པོ་འདི་ང་ལ་ཕུལ་གསུངས་པ་ལ་བརྟེན་ཀརྨ་པར་ཕུལ་བས་མཉེས་ཤིང་། འདི་འགྲོ་བ་མང་པོ་འདྲེན་པའི་གང་ཟག་ཁྱད་པར་ཅན་ཞིག་ཡོང་གསུངས་ནས་ཐུགས་རྗེས་ཤིན་ཏུ་འཛིན་པར་མཛད། སླར་ཉང་པོར་བྱོན། དེ་སྐབས་མ་སླེབ་པར་ལྷ་རིས་ཤིན་ཏུ་མཁས་པར་མཁྱེན་པ་བྱུང་། འབྲི་གུང་སྤྱན་སྔ་སོགས་བླ་མ་མང་པོ་དང་(སྟོད་ཆ།༦༩༡)མཇལ་ནས་ཆོས་བཀའ་རྒྱ་ཆེར་གསན། དེ་ནས་ལྷ་སར་ཕེབས་པས། སྤྱན་རས་གཟིགས་ཕྱག་བཞི་པ་དང་འཁོར་བ་དོག་སྦྲུག་སོགས་དང་། ཁྱད་པར་དུ་སློབ་དཔོན་རིན་པོ་ཆེ་ཞལ་མཇལ་བས་སྣང་བ་བདེན་མེད་དུ་ཕྱམས་ཀྱིས་སོང་། ཡང་རྫོང་དཀར་དུ་བཞུགས་དུས་ཤིག་ཨོ་རྒྱན་རིན་པོ་ཆེ་དང་མནལ་ལམ་དུ་མཇལ། དེ་ནས་བཟུང་སྟེ་དངོས་ཉམས་རྨི་ལམ་ཐམས་ཅད་དུ་ཡང་ཡང་མཇལ་བར་བྱུང་ཞིང་། རྫོང་དཀར་དུ་ལོ་གསུམ་བསྒྲུབ་པའི་དམ་བཅའ་མཛད། བླ་མ་བྱང་ཆུབ་རྡོ་རྗེ་སྐུ་གཤེགས་ནས་ཙ་རིར་ཕེབས་པ་ཡོ་བླ་མ་ཆོས་ཀི་བློ་གྲོས་སར་བྱོན། སྐབས་ཤིག་བླ་མ་དབུས་སུ་པེབས་པའི་ཤུལ་དུ་ལྷུན་གྲུབ་སྟེང་གི་ཕུ་ན་སྦྲེལ་མཁར་ཞེས་པའི་རི་ཁྲོད་ཞིག་ཏུ་བཞུགས་པ་སནུབ་གཅིག་མི་ཅེན་པོ་བེར་ཐུལ་གྱོན་པ་ཞྭ་སྤྱི་རིང་གྱོན་པ་ཟིག་གིས་དབོན་པོ་གསུངས་ནས་ཤོག་དྲིལ་གསུམ་གཏད་བྱུང་། ཁྱོད་སུ་ཡིན་གསུངས་པས་ཅིར་ཡང་མི་ཟེར་བར་གར་སོང་ཆ་མེད་དུ་སོང་། ཕྱི་ནངས་ནམ་ལགས པ་དང་གཟིགས་པས། གཏེར་གྱི་ཁ་བྱང་། ལུག་བསྟན། གཏེར་སྒྲུབ་བྱ་ཚུལ། ཞལ་གདམས་རྣམས་བྱུང་། བླ་མ་ཆོས་ཀྱི་བློ་གྲོས་དབུས་ནས་ཕྱིར་ཕེབས་བྱུང་བ་དང་། ལུང་བསྟན་དང་ཤོག་སེར་བྱུང་ཚུལ་ཞུས་པས་བཀའ་བཀྱོན་དང་ཅོ་འདྲི་སྣ་ཚོགས་མཛད། དར་ཅིག་ནས་འོན་ཀྱང་སྲིད་མཐའ་མི་ཁེགས་པས་གཏེར་སྒྲུབ་གྱིས་གསུངས་ནས་སྒྲུབ་རྫས་སྒྲུབ་རྒྱགས་སོགས་ཀྱི་མཐུན་རྐྱེན་རྣམས་གནང་བས་གཏེར་སྒྲུབ་མཛད་པས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་། ཁྱད་པར་ཨོ་རྒྱན་རིན་པོ་ཆེ་མ་སྲིང་མཁའ་འ་གྲོའི་ཚོགས་དང་བཅས་པ་ཞལ་མཇལ་ཞིང་དབང་བསྐུར་ལུང་བསྟན་རྗེས་སུ་གནང་བར་མཛད་དོ། གཏེར་སྒྲུབ་རྫོགས་ནས་ཤིང་(སྟོད་ཆ།༦༩༢)ཕོ་འབྲུག་གི་ལོ་སྟོན་ཟླ་ར་བའི་ཉི་ཤུ་ལྔ་ལ་སྤུ་རི་ཕུག་མོ་ཆེ་ནས་བླ་མ་དགོངས་པ་འདུས་པ་དང་ཐུགས་རྗེ་ཆེན་པོའི་སྐོར་རྣམས་གདན་དྲངས། བླ་མ་ཆོས་ཀྱི་བློ་གྲོས་ལ་གཏེར་རྫས་རྣམས་གཟིགས་སུ་ཕུལ་བས་ཤིན་ཏུ་དགྱེས་ནས་གཏེར་སྟོན་རིན་པོ་ཆེ་ཞེས་མཚན་གསོལ་ནས་གཏེར་ཆོས་རྣམས་གསན་ཞིང་ཐུགས་ཉམས་སུ་བཞེས། དེ་ནས་རིམ་བཞིན་ལོ་དེ་ཉིད་ནས་བཟུང་། དཀར་ཟུག་འཕྲང་དང་། དགྱེ་བ་རོང་། རྩེ་ཆེན་བྲག་ལང་པོ་བྱད་སྡེ་འབུམ་པ། ལང་པོ་ཀ་མདའ་འཕྲང་། རྐྱེན་གྱི་དཀར་སྟེང་འཕྲང་སོགས་ནས། ཕུར་སྒྲུབ་ཐུགས་ཀྱི་ཉིད་ཕུ། གཏད་ཁྲམ་རུས་སྦལ་ནག་པོ། རྟ་མགྲིན་ནག་པོ་སོགས་དང་། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད། རྫས་གཏེར་དམ་རྫས་རིལ་བུ། ཨོ་རྒྱན་གྱི་འ་འབད་ཟངས་བུམ་གསེར་གྱིས་བཀང་བ། ལྕགས་ཕུར། དེ་བཞིན་གཤེགས་པའི་འཕེལ་གདུང་ཉེར་གཅིག་སོགས་སྤྱན་དྲངས། ཀོང་པོ་མཆིམ་ཡུལ་གྱི་གཏེར་བཞེས་དུས། གཏེར་སྟོན་དྲི་མེད་ལྷུན་པོའང་མཁའ་གྲོས་ལུང་བསྟན་གྱིས་བསྐུལ་ནས་དེར་ཕེབས་པས་ལྷན་ཅིག་ཏུ་ཕྱག་རྡོར་གོས་སྔོན་ཅན་དང་། ངན་སྔགས་མོན་པ་དགུ་རྒྱུག །ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་སོགས་བཞེས། སྤུ་རི་རིན་ཆེན་འབར་བ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཆོས་སྐོར་དང་། བྱ་རྒོད་གཤོང་ནས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དང་། བཅུད་ལེན་སྐོར། དབང་ཕྱུག་རླུང་ཞགས་སོགས་བཏོན། བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན་གྱི་ལུང་བསྟན་ཀྱང་གཏེར་ཁ་འདི་ནས་བྱུང་སྟེ་ལ་སྟོད་དུ་ལྟ་བར་མངགས་པས་གཏེར་སྟོན་དང་མཇལ་བས་ཡིད་ཆེས་བརྙེས། གཞན་ཡང་ཙ་རི་ནས་ཀླུ་རྒྱལ་མགྲིན་བཟང་སྒྲུབ་ཐབས་(སྟོད་ཆ།༦༩༣)དང་། དབྱེན་ཕྱེ་ལ་དཀར་པོ་ནས་ཚེ་སྒྲུབ་ཉི་ཟླ་ཀ་སྦྱོར་སོགས་བཏོན། རྒྱ་ལ་གཤིན་རྗེའི་རྦ་དོང་ནས་གཏེར་སྟོན་དྲི་མེད་ལྷུན་པོ་དང་ཕྱོགས་གཅིག་ཏུ་གཤིན་རྗེ་ཚེ་བདག ཐུན་ཕོག་འགྱེལ་ཨོ་རྒྱན་གྱི་ལས་ཕུར་གདུང་ཆོག་སོགས་སྤྱན་དྲངས། རྩེ་ལྷ་སྒང་དུ་རྗེ་རོལ་པའི་རྡོ་རྗེ་མཇལ་བར་ཕེབས་པས། རྫས་གཏེར་ཅི་འདྲ་ཐོན་གསུངས། ཐུན་ཕོག་འགྱེལ་དང་། ལྕགས་ཕུར་གདེང་ཆོག་སོགས་ཀྱི་ལོ་རྒྱུས་ཞུས་པས། དེ་ཙམ་མི་བདེན། བདེན་ན་ཕུག་རོན་འདི་ལ་གྱིས་དག་གསུངས། དེར་ཟན་ལ་ཕུག་རོན་གཟུགས་བཅོས་ནས་ལྕགས་ཕུར་བསྣུན་པས། ཕུག་རོན་གཤོག་ཐབ་ཐབ་ས་ལ་ལྷུང་བྱུང་བ་དང་། རྗེ་རོལ་པའི་རྡོ་རྗེའི་ཞལ་ནས། འདི་འདྲ་བའི་ངན་སྒགས་གཏེར་བཏོན་ནས་ཅི་བྱེད་ཕར་སྦོས་ཤིག་གསུངས། གཏེར་སྟོན་གྱིས་ཀྱང་འོར་ཤོར་རླུང་སྒྲོམ་འབར་བ་གཏེར་དུ་སྦས་སོ། དེ་ནུབ་རོལ་པའི་རྡོ་རྗེའི་མཚན་ལམ་དུ། ཨོ་རྒྱན་རིན་པོ་ཆེ་ཐུགས་ཤིན་ཏུ་ལོག་པའི་ཚུལ་གྱིས། ཁྱོད་ཀརྨ་པ་དགེ་སློང་སྙིང་རྗེ་ཅན། ང་ཨོ་རྒྱན་པདྨ་སྔགས་པ་ཞེ་ནག་ཅན་ཏེ། མ་འོངས་པ་ན་ཁྱོད་ཀྱིས་བསྟན་པ་ལ་ཕྱིའི་རྒྱ་མ་རལ་ཀྱང་། ནང་གི་བཅའ་མི་ཐུབ་པའི་དུས་ཁྱེད་ལ་དགོས་པར་འདུག་བསམ་པ་ཡིན་ཀྱང་ཁྱེད་ཀྱིས་སླར་སྦེད་དུ་བཅུག་འདུག་པས་ད་ཁྱེད་རང་གིས་བསྟན་པ་མཐའ་འཁྱོངས་བར་མཛོད་དང་གསུངས་ནས་བཀའ་བགྱོན་པར་བྱུང་བས། ཀརྨ་པའང་ཐུགས་ཤིན་ཏུ་མབ་དེ་ནས། གཏེར་སྟོན་སར་བང་མི་བཏང་ནས་ཁྱེར་སོང་གསུངས་ཀྱང་གཏེར་སྦས་ཚར་ཞིང་འདོན་བར་བསྐུལ་ཡང་གཏེར་སྟོན་གྱིས་ཀྱང་འདོན་པར་མ་མཛད་དོ། གཞན་ཡང་ཨོ་རྒྱན་སྒྲུབ་ཕུག་ནས་རྫོགས་ཆེན་སྙིང་པོ་བསྡུས་པ་དང་། ཀོང་(སྟོད་ཆ།༦༩༤)པོ་དམ་དུལ་ནས་དགོངས་འདུས་རྩ་བའི་རྒྱུད་དྲུག །བསམ་ཡས་མཆིམ་ཕུ་ནས་ཨོ་རྒྱན་སྐུ་ཚབ་ཁྱད་འཕགས་དང་། འོར་ཤོད་རླུང་སྒོམ་ནས། ནོར་བུ་སྟག་ཤ་དེ་བ་དང་། མཁའ་འགྲོའི་སྐུ་རྒྱབ་སོགས་གདན་དྲངས་སྟེ། དགུང་ལོ་ཉེར་ལྔ་ནས་སུམ་ཅུ་རྩ་གཉིས་ཀྱི་བར་ལ་གཏེར་ཁ་ཆེན་པོ་བཅོ་བརྒྱད་བཞེས་ཤིང་། གཞན་ཕྲན་ཚེགས་ཀྱི་གཏེར་ནི་གྲངས་ཀྱིས་མི་ཆོད་པ་ཞིག་བཞེས་པ་ཐམས་ཅད་སྨོས་ཀྱིས་མི་ལངས་སོ། གཞན་ཡང་གཏེར་ཁ་ཆེན་པོ་དེ་རྣམས་འདོན་པའི་དུས་སུ། ཨོ་རྒྱན་རིན་པོ་ཆེ་འཁོར་རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་ལན་གྲངས་དུ་མར་དངོས་ཉམས་རྨི་ལམ་དུ་མཇལ་བ་དང་། མེ་ཏོག་གི་ཆར་དང་། འཇའ་ཚོན་གྱི་གུར་ཁྱིམ་དང་། རོལ་མོའི་སྒྲ་དང་། མཁའ་འགྲོའི་གཟུགས་སྟོན་པ་སོགས་བྲེང་ཆགས་སུ་བྱུང་ཡང་འདིར་མཐར་ཆགས་ཚང་བར་བརྗོད་པར་མ་ནུས་སོ། དེ་ནས་དགོན་པ་ལྷུན་གྲུབ་སྟེག་དུ་དགོངས་འདུས་ཀྱི་ཤོག་སེར་ཞལ་བཤུས་པའི་དུས་སུ་ནུབ་གཅིག་མནལ་ལམ་དུ། བུད་མེད་དམར་མོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་གིས། བདག་ལ་བུ་མོ་བཅུ་གསུམ་སྐྱེས་པ་ལགས་པས། འདི་རྣམས་ལ་མིང་རེ་འདོགས་པར་ཞུ་ཟེར་བར། བུ་མོ་བཅུ་གསུམ་གྲལ་དུ་བསྒྲིགས་འདུག་པ་ལ་མིང་རེ་བཏགས་པས། བུད་མེད་དེས་མིང་ཡོན་ཡིན་ཟེར་ནས་པུ་སྟི་དམར་པོ་བཅུ་གསུམ་ཕྱག་ཏུ་ཕུལ་བྱུང་ཞིང་། བུ་མོ་རྣམས་ཀྱིས་ཀྱང་ཤེལ་ཟུར་མང་གྲུ་གང་པ་རེ་འབུལ་བྱུང་བས། ཐམས་ཅད་རིམ་པར་བཞིན་དུ་ཐུགས་ཀར་ཐིམ་པར་རྨིས་མནལ་སད་ཙ་ན། འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་ཤེལ་གྱི་མཆོད་རྟེན་མི་ལངས་པ་ཙམ་ཞིག་འདུག་པར་རང་ཉིད་མཆོད་རྟེན་ལ་ཐིམ་པའི་སྣང་བ་བྱུང་ཞིང་།(སྟོད་ཆ།༦༩༥) དེ་ནས་བཟུང་མཆོད་རྟེན་བདག་རང་ཡིན་སྐམས་པའི་དགོངས་པ་ཁོར་ཡུག་ཏུ་བྱུང་གསུངས། དེ་ནི་རྡོ་རྗེ་ཕག་མོ་ཡེ་ཤེས་ཀྱི་མཁའ་འ་གྲོ་བཅུ་གསུམ་དང་བཅས་པས་ཆོས་ཀྱི་བཀའ་རྒྱ་བཀྲོལ་བ་ཡིན་ཞིང་། པུ་སྟི་བཅུ་གཉིས་ཀྱང་དགོངས་འདུས་ཀྱི་པུ་སྟི་བཅུ་གཉིས་དང་། བཅུ་གསུམ་པའང་ཆོས་སྐུ་ཐིག་ལེ་ཉག་གཅིག་མཚོན་ཞིང་། དམར་པོར་བྱུང་བའང་སྣང་བ་མཐའ་ཡས་གསུང་གི་བདག་ཉིད་མཚོན་པའི་ཕྱིར་རྟེན་འབྲེལ་དེས། པུ་སྟི་བཞེངས་པ་རྣམས་དམར་པོ་བྱེད་དགོས་ཞེས་གསུང་རྒྱུན་ལས་འབྱུང་ངོ་། ཆོས་བདག་སློབ་བུའི་གྲངས་ཀྱང་། ལུང་བསྟན་ལས། བསྐྱེད་རིམ་བསྟན་པ་ཐོབ་པ་བྱེ་བ་འབུམ༔ མངོན་སུམ་སྒྲུབ་པའི་རྟགས་ཐོན་འབུམ་ཕྲག་བརྒྱད༔ ཟག་མེད་སྒྱུ་ལུས་གྲོལ་བ་ཁྲི་ཕྲག་དགུ༔ དངོས་གྲུབ་སྣ་རེ་ཐོབ་པ་དུང་ཕྱུར་བརྒྱ༔ ཐར་པའི་པ་བོན་ཐེབས་པ་རྩིས་ལས་འདས༔ དུས་གཅིག་མ་ཡིན་རྒྱུན་མར་རིམ་བཞིན་དུ༔ ཞེས་དང་། བསྟན་པ་ཇི་ལྟར་དར་བའི་ཚུལ་ཡང་། དེ་ཉིད་ལས། བསྟན་པ་འཕེལ་བྱེད་ཕྱོགས་ལ་རྣམ་པ་གཉིས༔ སྤྱི་ནི་སྔགས་ཀྱི་བསྟན་པ་དར་བའི་ཕྱོགས༔ ཁྱད་པར་ལྷོ་རོང་མཐའ་འཁོབ་བོད་ཁམས་དང་༔ མི་ཉག་ལི་ཡུལ་དབུས་སྟེ་གཙང་རོང་དང་༔ ལེ་ལེ་རུ་བཞི་ཡུལ་དགུའི་ཕྱོགས་སུ་དར༔ དུམ་བུར་འཐོར་ལ་ཕྱོགས་ཀྱི་རྣམ་ངེས་མེད༔ དེ་དག་རྣམས་སུ་བསྟན་པ་འདི་འཕེལ་ཞིང་༔ གདུལ་བྱའི་འགྲོ་བ་སྨིན་ཅིང་གྲོལ་བ་ནི༔ འབུམ་ཕྲག་དུང་ཕྱུར་ཐེར་འབུམ་ཁད་ཁོད་དགུ༔ མི་ཡི་སྐྱེ་འགྲོ་དེ་ལས་གཞན་ལ་ནི༔ འཁོར་བ་མཐའ་ཅན་ཐར་པའི་ས་བོན་ཐེབས༔ འབྲེལ་པ་དོན་ཡོད་གྲངས་ཀྱིས་རྫོགས་མི་འགྱུར༔ ཡང་དག་འབྲས་བུ་དོན་མཆོག་རྙེད་པ་ནི༔(སྟོད་ཆ།༦༩༦)བདུན་འབུམ་བཞི་ཁྲི་དུང་ཕྱུར་ཕྱེད་དང་གཉིས༔ དེ་སྐད་འགྲོ་བ་འདི་འཕྲད་ཡོན་ཏན་ལྡན༔ ཞེས་དང་། གཞན་ཡང་འདི་འཕྲད་ཡོན་ཏན་བརྗོད་མི་ལང་༔ འདི་མཐོང་ཐོས་རེག་འདི་དང་གང་འབྲེལ་བའི༔ སེམས་ཅན་རིགས་གྱུར་ལས་གྱི་མཐའ་སྟོང་ཞིང་༔ སྣང་བ་མཐའ་ཡས་ཞིག་མཆོག་གནས་རབ་ཏུ༔ འཁོད་པར་འགྱུར་ན་ཉམས་སུ་ལེན་རྣམས་ནི༔ ཚེ་གཅིག་ཉིད་ལ་གྲོལ་བར་སྨོས་ཅི་དགོས༔ དེ་ཕྱིར་འདི་འཕྲད་ལས་སྐལ་པར་ལྡན༔ ཞེས་གསུངས་པ་ལྟར། དགོངས་འདུས་ཁོ་ན་ལའང་གཙོ་བོར་བཀའ་བབས་བརྒྱུད་པའི་ཆུ་བོ་ཆེན་པོ་ཉི་ཤུ་ཡོད་པར་གྲགས་ཤིང་། གཏེར་ཆོས་གཞན་དང་གཞན་གྱི་ཆོས་བདག་སོགས་རྩིས་ལས་འདས་པར་བཞུགས་ཤིང་། ཀུན་གྱི་གཙོ་བོ་ནི་རྒྱལ་བའི་དབང་པོ་ཞྭ་ནག་ཅོད་པཎ་འཛིན་པ་ཀརྨ་པ་རོལ་པའི་རྡོ་རྗེ་དང་། དེ་བཞིན་དུ་ཞྭ་དམར་པ་མཁའ་བསྐྱོད་དབང་པོ། སྣ་གདོང་གོང་མ་ཆེན་པོ། ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། གཡག་སྡེ་པཎན་ཆེན། ཇོ་སྟོན་མཁན་ཆེན་བསོད་ནམས་བཟང་པོ། འབྲི་གུང་ཆོས་ཀྱི་རྒྱལ་པོ་སོགས་མི་ཆེན་བླ་ཆེན་ཆེ་དགུ་བགྲངས་པ་ལས་འདས་ཤིང་། ཁྱད་པར་དུ་རྒྱ་ནག་ཏ་མིང་རྒྱལ་པོས། ཀརྨ་པ་དེ་བཞིན་གཤེགས་པ་གདན་དྲངས་པའི་ཚེ་ཞུ་ཡིག་ཏུ་ཨོ་རྒྱན་གྱི་གྲུབ་ཐོབ་པདྨ་འབྱུང་གནས་ཀྱི་གཏེར་ཆོས་དྲི་མ་མེད་པ་ཞིག་གདན་དྲངས་ཤོག་ཞུས་པ་བཞིན། ཆོས་རྗེ་དེ་བཞིན་གཤེགས་པས་ཟབ་ཆོས་དགོངས་པ་འདུས་པ་དང་། ངོ་མཚར་མཐིང ་གི་བུམ་པ། དམ་ཚིག་གསེར་གྱི་རྡོ་རྗེ་རྣམས་བརྣམས་ནས་བྱོན་ཏེ་རྒྱལ་པོ་ལ་ཕུལ་བས་རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ནས་སྒམ་ཚིང་གིང་མ་དང་། ན་བཟའ་ཁྱད་པར་ཅན་སོགས་ཕུལ་(སྟོད་ཆ།༦༩༧)བར་གྲགས་སོ། །གཞན་ཡང་བྱ་ཁྱུང་པ་དཔལ་ལྡན་སེང་གེ་སོགས་ཆོས་བརྒྱུད་འཛིན་པའི་སློབ་ཚོགས་ཀྱང་མང་དུ་བྱོན་ཞིང་བསྟན་པ་བོད་ཁམས་ཡོངས་ལ་ཁྱབ་པར་གྱུར་ཏོ། གཞན་ཡང་ལུང་བསྟན་པའི་ཌཱཀྐི་དགུ་དང་ཁྱད་པར་ལས་ཀྱི་ཌཱཀྐི་ཤ་ཟའི་མཚན་ཅན་ཉིད་འཇིག་རྟེན་མི་མོའི་ཚུལ་གྱིས་གཏེར་སྟོན་གྱི་ཕྲིན་ལས་ཀྱི་གྲོགས་སུ་བཞུགས་ཤིང་ཕྲིན་ལས་རྣམ་པ་བཞི་གང་འདོད་བསྐུལ་བ་མེད་པར་རྩོལ་མེད་དུ་བསྒྲུབས་པ་ཞིག་ཡོད་ཀྱང་སྐབས་ཤིག་དམ་སེལ་གྱི་རྐྱེན་གྱིས་སྤྲུལ་པ་བསྔས་པ་དེང་སང་བཀའ་སྲུང་ལྟ་མོ་རིགས་འཛིན་མར་གྲགས་པ་འདིའོ། །སྙིལ་ཕུ་བདེ་ཆེན་བསམ་འགྲུབ་དགོན་བཏབ་ནས་གདན་སའི་མཐིལ་མཛད། སྐབས་ཤིག་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པས་སྨན་གྱི་གོང་བུ་ཐམས་ཅད་སྡིག་པ་ཆེན་པོ་ཞིག་ཏུ་གྱུར་འདུག་པ། གཏེར་སྟོན་གྱི་ཞལ་ནས་འོ་ཀོལ་གྱི་སྒྲུབ་པ་འདི་ལ་བར་ཆད་ཀྱི་རྣམ་པ་ཅུང་ཟད་བྱུང་འདུག་པ་འདིའི་དོན་དུ་ཚེ་སློབ་གཏོང་ནུས་པ་སུ་ཡོད་ཅེས་གསུངས་ཤིང་། བླ་མ་རླུང་སྟེང་པ་རྡོ་རྗེ་གཞོན་ནུ་ཞེས་པ་རྡོ་རྗེ་ཕུར་པའི་གྲུབ་ཐོབ་ཞིག་ཡོད་པ་ལ་སྤྱན་གཅེར་གྱིས་གཟིགས་པས། ཁོང་གིས་ཀྱང་ཞལ་གྱིས་བཞེས་ནས་བླ་མ་རྡོ་རྗེ་གཞོན་ནུའི་ཞལ་ནས་མེ་འབར་བ་དང་ལྷན་ཅིག་ཏུ་སྡིག་པ་ཞལ་དུ་བཞེས་ཤིང་བཅུན་སྡེ་བཤག་པས་དེའི་ནང་ནས་སྨན་དྲི་བཟང་ཆིལ་གྱིས་བྱུང་བ་སྡིག་པའི་རོ་དང་ལྷན་ཅིག་སླར་བཏུལ་ནས་བསྒྲུབས་པས་ཨོ་རྒྱན་མཁའ་འགྲོ་སྡེ་ལྔ་དང་བཅས་སྨན་གྱི་སྡེང་ཁྲིའི་ཁར་དངོས་སུ་བྱོན་ཞིང་། སྨན་གྱི་དྲང་སྲོང་རྣམས་དང་། སྨན་གྱི་ལྷ་མོ་རྣམས་ཀྱིས་དངོས་གྲུབ་འབུལ་བ་སོགས་དངོས་སུ་བྱུང་ཞིང་མཁའ་འགྲོའི་ལུང་བསྟན་པ་སོགས་ཀྱང་བྱུང་། སྨན་རྒྱ་ཆེར་འཕེལ་ཞིང་འགྲོ་དོན་མཐའ་(སྟོད་ཆ།༦༩༨)ཡས་པར་གྱུར་ཏེ་སྨན་མདོག་ཅུང་ཟད་ནག་པ་རྒྱ་ལའི་སིནྡྷུར་ར་མཚུར་འདྲེས་པའི་སྐྱོན་ཡིན་གསུངས་ཏེ་སངས་རྒྱས་གླིང་པའི་སྨན་ནག་ཏུ་གྲགས་ཏེ་དེང་སང་ཡང་ཕབ་རྒྱུན་ཡོད་པར་སྣང་ངོ་། སྐུ་ཚེའི་ཚད་ཀྱང་ལུང་བསྟན་ལས། དེ་ཚེ་སྙན་གྲགས་ལོངས་སྤྱོད་གྲ་རྒྱས་ཀྱང་༔ ཡུན་དུ་མི་འབྱུང་སྐད་ཅིག་ཡུལ་ཙམ་ཡིན༔ རྣལ་འབྱོར་སྐུ་ཚེ་ལྔ་བཅུ་ཐུབ་སྲིད་དམ། བཞི་བཅུ་ཁ་རལ་ཞིང་ཁམས་འཕོ་ཚུལ་སྟོན༔ གདུལ་བྱའི་ལྷག་མ་སྐྱོང་ཕྱིར་སླར་ཡང་འབྱུང་༔ ཞེས་གསུངས་ཀྱང་བུ་སློབ་རྣམས་ཀྱང་སྐུ་ཚེའི་རྟེན་འབྲེལ་ལ་བརྩོན་པ་བསྐྱེད་ཅིང་ཡུན་དུ་བཞུགས་པར་གསོལ་བ་བཏབ་པས་དགུང་ལོ་ལྔ་བཅུ་ང་བདུན་བཞུགས་པར་གྱུར་ཏེ། བསྟན་པ་དང་སེམས་ཅན་གྱི་དོན་དཔག་ཏུ་མེད་པར་མཛད་ནས་སྐུ་དངོས་ཀྱིས་གདུལ་བར་འོས་པ་རྣམས་ལེགས་པར་བཏུལ་ནས། བཀའ་ལས། འདུས་བྱས་ཀྱི་ཆོས་ཐམས་ཅད་སྙིང་པོ་མེད་པའི་རང་བཞིན་ཡིན་ཏེ། བདག་ཀྱང་ལུས་འདིའི་བཀོད་པ་རེ་ཞིག་ཙམ་མོ། ཞེས་ཡང་ཡང་གསུངས་ཤིང་། ཡང་། བླ་མ་བྱ་ཁྱུང་བ་ལ། དང་པོ་སྤྱོད་ལམ་ལོག་པས་ལུས་མི་བདེ། བར་དུ་ཟས་སྤྱོད་ལོག་པས་ཕོ་བ་ན། ཐ་མ་སྨན་བཅོས་ལོག་པས་འབྱུང་བཞི་འཁྲུགས། འདུས་བྱས་ལུས་ནས་རིག་པའི་ཁྱེའུ་ཆུང་སྤུར། ཅེས་སོགས་གསུངས་ནས་དགུང་ལོ་ལྔ་བཅུ་ང་བདུན་པ། མེ་པོ་བྱི་བའི་ལོ་ཧོར་ཟླ་གསུམ་པའི་གནམ་གང་གི་ཉིན་དགོན་པ་ལྷུན་གྲུབ་སྟེང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་མོ། དེ་ནས་སྐུའི་སྐྱེ་སྲིད་ཙྭ་རི་དང་གཙང་ཕྱོགས་སུ་འབྱུང་བའི་ལུང་བསྟན་རྣམས་རྟེན་འབྲེལ་གཞན་དབང་གྱུར་པས་དུས་ཐོག་ཏུ་མ་ཁེལ། ཡང་ལུང་བསྟན་ལས། འོན་ཀྱང་གནས་སྐབས་རྐྱེན་གྱི་(སྟོད་ཆ།༦༩༩)དབང་བསྒྱུར་ནས། སྔགས་ཀྱི་རྣལ་འབྱོར་ཚུལ་དང་མ་ལྡན་ན༔ དེ་ལས་གཞན་དུ་རིམ་གྱིས་འགྲོ་དོན་སྤྱོད༔ ཅེས་གསུངས་པ་ལྟར་ནལ་བ་སྨོ་ལོར་སྔགས་ཀྱི་རྣལ་འབྱོར་དོན་གྲུབ་རྒྱལ་པོར་སྐུ་འཁྲུངས་ནས། དགུང་ལོ་བཅོ་ལྔ་ལ་གཏེར་གྱི་ལུང་བསྟན་བྱུང་ཞིང་། གཏེར་གདན་དྲངས་པ་ལ་སྟོན་ཟླ་ར་བའི་ཚེས་བཅོ་ལྔ་ཞིག་ཏུ་ནམ་མཁའ་ལ་བྱོན་པས་གཏེར་གནས་ཀྱི་རྩར་བུ་མོ་ལོ་བཅོ་བརྒྱད་ཙམ་ལོན་པའི་སྐེ་དང་ལག་པ་རྣམས་སུ་ཟངས་ཀྱི་གདུབ་བུ་ཕྲོལ་བ་གཅིག་རོ་གོས་མེད་པ་གཅེར་བུ་སྐྱ་སྒོང་འདུག་པ་མཏོང་བས་ཤུགས་ཞེད་པ་ཞིག་བྱུང ནས་ཕྱིར་ལོག །སོང་བྱོན་པས་རོ་ཡང་མི་འདུག་ཅིང་། གཏེར་སྒོ་འགག་ནས་གཏེར་མ་ཐོན་ཞིང་། །སྐུ་ཚེ་ཡང་མཐར་མ་ཕྱིན་པར་གྲགས་སོ། །གསུམ་པ་ལོང་པོ་གྱིང་དུ་སྐུ་འཁྲུངས་ཚུལ་ནི། ཚེ་ཆུའི་ཁ་བྱང་ལས། དེ་ནས་སླར་ཡང་ལུས་ཀྱི་ལྷག་མ་ནི། དེས་པར་སྐྱོད་ཕྱིར་གཡུ་ལུང་ནང་དུ་འགྲོ། གནས་བྲག་སྒོ་འབྱེད་གདུལ་བྱའི་ལྷ་འདྲེ་རྣམས། སྔོན་གྱི་ཐ་ཚིག་བདེན་སྟོབས་བརྗོད་པའི་ཚེ། ཅེས་དང་། གླིང་པ་པུ་ནྱ་ར་ཛའི་གསུངས་ལས་ཀྱང་། ཡང་ནས་ཡང་དུ་ཁ་བ་ཅན་འདི་རུ། བྷུ་དྡྷ་ཤྲཱི་ཝནྡ་ལ་སོགས་སྐུ་སྤྲུལ་ནས། ཞེས་གསུངས་པ་ལྟར། སྤྲུལ་སྐུ་སངས་རྒྱས་དཔལ་ལྡན་ལོང་པོ་གྱིང་དུ་སྐུ་འཁྲུངས་ཤིང་། གདན་སར་ཕེབས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། དེའི་སྐྱེ་བ་ཕྱི་མ་རྒྱ་ནག་སྐྱིང་ཕུང་པོར་འཁྲུངས་པར་འགྱུར་ཞེས་གྲགས་སོ། གཞན་ཡང་ལུང་བསྟན་ཐོར་བུ་ལས། མཐའ་འཁོབ་ཞིག་ཏུ་སྐྱེ་བ་འབྱུང་ཚུལ་སོགས་གཤམ་དུ་འཅད་འགྱུར་ལྟར་དང་། ཆོས་བརྒྱུད་དར་རྒྱས་ཆེ་ཞིང་གདུང་བརྒྱུད་ཀྱི་ཕྲེང་བ་རིམ་པར་བྱོན་ཚུལ་སོགས་འོག་ཏུ་གདན་རབས་སྐབས་སུ་འཆད་(སྟོད་ཆ།༧༠༠)འགྱུར་ལས་ཤེས་སོ། དུས་རྟགས་ནི། ལ་སྟོད་སྐྱེར་ཁུ་བ་ནང་འཐོར་བའི་དུས་ཏེ། གོང་མ་གྲགས་འབྱུང་གི་དུས་ཙམ་ན་བྱུང་བར་གྲགས་ཏེ་སྔ་མོ་ཞིག་ནས་བྱུང་འདུག་གོ །འདི་ལ་བླ་མ་སོག་ཟློག་པས། སངས་རྒྱས་གླིང་པའི་ལུང་བསྟན་ཟུར་པ་ཞིག་སྣང་ཡང་། ཐང་ཡིག་ཕལ་ཆེར་ལ་མི་སྣང་བས་འདིར་རྣམ་ཐར་ཉིད་བཙན་པར་བྱས་པ་ཡིན་ནོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ འགོས་ཀྱི་ཕག་རིར་གནས་གཞི་རྫོངས་ལ་འགེང་༔ ལ་སྟོད་སྟག་གྲུར་དུག་གི་ཚོང་དུས་འོང་༔ མེ་འབར་མཚོ་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་པདྨ་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་རྒྱལ་བ་རི་རབ་མར་མེའི་རྒྱལ་མཚན་ཉིད་གང་འདུལ་གྱི་འདྲེན་པར་བཞེངས་པར་རིག་འཛིན་ཆེན་པོ་པདྨ་གླིང་པ་ནི༔ སྒོས་ཀྱི་ལུང་བསྟན་རང་གཏེར་ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་ལས། ད་ལྟའི་ལྷོ་ནུབ་བུམ་གདུགས་ཀྱི་ཤམ་བུར་མཚུངས༔ ཧོམ་ཁུང་འདྲ་བའི་ཡུལ་ནང་དུ༔ དབེན་གནས་གདུགས་ཀྱི་ཤམ་བུར་མཚུངས༔ ཧོམ་ཁུང་འདྲ་བའི་ཡུལ་ནང་དུ༔ ཕ་བཟང་མ་ཎི་པདྨའི་བུ༔ ལྕགས་ཀམས་རྟ་སྦྲུལ་ལོ་པ་ཅིག༔ ང་ཡི་ཐུགས་སྲས་སྙིང་སྟོབས་ཅན༔ སྐྱེས་བུ་པདྨའི་མིང་ཅན་འབྱུང་༔ ཞེས་དང་། བསམ་ཡས་འདི་ཡི་ཉི་མ་ལྷོ་ནུབ་མཚམས༔ རྒྱ་གར་ཆུ་འགོ་མཐའ་འཁོབ་མོན་གྱི་ཡུལ༔ བུམ་ཐང་ཆོས་འཁོར་ལུང་པ་ཆལ་ཞེས་པར༔ ལུང་འགོ་ནུབ་བྱང་འཇུག་ཤར་ལྷོར་བསྟན༔ རི་གསུམ་གདུགས་ཀྱི་དར་ཤམས་འཁྱིལ་འདྲ་ན༔ ས་གཞི་གྲུ་གསུམ་ནེའུ་གསེང་ཆེན་པོས་བསྐོར༔ འབྲང་འབྲང་འདྲ་(སྟོད་ཆ།༧༠༡)བའི་ཡུལ་ཆུང་གཅིག་གི་ནང་༔ རུས་ནི་གཉོས་ལ་ཕ་ནི་དོན་གྲུབ་བཟང་༔ མ་ནི་གྲོགས་མོ་དཔལ་གྱི་འཛོམས་གཉིས་ཀྱི༔ སྲས་སུ་འཁྲུངས་ལ་ལྕགས་ཕི་ཁྱི་ཡི་ལོ༔ པདྨའི་མིང་ཅན་སྐུ་ཆེ་བོང་ལུས་མཚམས༔ མདོག་དམར་སྐུ་སྟོད་ཤ་སྨེ་ལྔ་ཡིས་བརྒྱན༔ ཞེས་གསུངས་པ་ལྟར༔ ཆོས་རྒྱལ་སྲས་མོ་པདྨ་གསལ་གྱི་དག་པའི་སྐྱེ་བ་ལྔའི་མཐའ་ལ་མོན་བུམ་ཐང་དུ་སྐུ་འཁྲུངས་ཏེ་བལྟམས་མ་ཐག་ཏུ་ངོ་མཚར་བའི་ལྟས་དུ་མ་བྱུང་ཞིང་། ཡིག་རིགས་སོགས་མ་སླེབ་པར་མཁྱེན་ཅིང་བཟོ་རིགས་ཀྱང་མཁས་པར་མཁྱེན། སྦྲེལ་ལོ་སྟོན་རའི་ཚེས་བཅུའི་ཉིན་ཡི་གེ་དྲུག་མའི་གནས་སུ་ཨོ་རྒྱན་རིན་པོ་ཆེ་དང་དངོས་སུ་མཇལ་ནས་བྱིན་གྱིས་བརླབས། གཏེར་གྱི་ཁ་བྱང་ཕྱག་ཏུ་གཏད། དེ་ཡང་གཏེར་ཁ་ཆེན་པོ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་ཡོད་པར་གྲགས་ཏེ། གཏེར་སྟོན་ཉིད་ཀྱི་གསུངས་ལས་ཀྱང་། སྟོན་ཟླ་ར་བ་སྤེལ་ལོ་ཤར་བའི་དུས། སྒྲུབ་པའི་དབེན་གནས་ཡི་གེ་དྲུག་པའི་སར། ཨོ་རྒྱན་དངོས་མཇལ་གཏེར་གྱི་ཁ་བྱང་གཏད། ཁ་བྱང་མཐོང་བས་ལུས་ཀྱི་བ་སྤུ་གཡོས། དུས་བཟང་ཁྱད་འཕགས་ཟླ་བ་ཉ་བའི་ནུབ། ཟབ་དགུའི་གཏེར་གནས་སྣ་རིང་བྲག་ཕུག་ནས། རྫོགས་ཆེན་བླ་མེད་ཨ་ཏི་ཀློང་གསལ་སྐོར། ཀུན་བཟང་ཐུགས་བཅུད་གསང་བའི་ཡང་བཅུད་རྙེད། ཅེས་གསུངས་པ་དང་༔ གཏེར་ལུང་ལས། སུ་དང་འབྲེལ་ཚད་བླ་མེད་གནས་སུ་འཁྲིད༔ རྩ་་བདུན་ལོན་ནས་སྦྲེལ་ལོ་སར་བའི་དུས༔ མེ་འབར་མཚོ་ནས་ཀློང་གསལ་སྐོར་གསུམ་དང་། ཟབ་མོའི་རྫས་དང་ཁ་བྱང་མང་དུ་འདོན༔ ཞེས་གསུངས་པ་ལྟར་དུ།༧༠༢)སྟོན་རིག་འཛིན་ཆེན་པོ་དེ་ཉིད་དགུང་ལོ་ཉེར་བདུན་པ་ལ་ཟབ་གཏེར་གྱི་བདག་པོར་གྱུར་པའི་ཚེ། ཆོས་འཁོར་དཔོན་ཐུབ་བས་ཁྲོམ་བསགས་ནས། གཏེར་ཐོན་ན་བྱ་དགའ་ཆེན་པོ་སྟེར། མ་ཐོན་ན་ངའི་ལུང་པ་འདི་ཟོག་པོས་འགེངས་པར་འགྱུར་བས་བཅད་དེ་ཁྲིམས་ལ་བསྒྲལ་ཞེས་བསྡིགས་པའི་ཚེ། ཐུགས་ཉམས་འུར་ནས་ཕྱག་ཏུ་སྒྲོན་ཤིང་མེ་འབར་ཞིག་བསྣམས་ནས་ཟམ་པའི་ཀ་ནནས་མཚོ་ནང་ལ་མཆོངས་པས་ཀུན་ཧ་ལས་ཏེ། ཁྲོམ་ཀུན་ཀུ་ཅོ་དིར་གྱིས་བྱུང་། ཡབ་ཡུམ་གཉིས་བཤུམས་པ་ན། དཔོན་ཐུབ་པ་ཡང་ཐུགས་སྐྱེངས་སྟེ་ཡབ་ཡུམ་གཉིས་ལ་ཁྱེད་གཉིས་བུ་ཚབ་ངས་བྱེད་པས་མ་ངུ་ཞིག་ཟེར་ནས་སེམས་གསོ་བྱེད་ཀྱིན་ཡོད་པའི་སྐབས་སུ། ད་ཅིའི་ཕྱག་གི་མེ་སྒྲོན་ཡང་མེ་མ་སི་བར་ཕྱག་གཡས་སུ་བསྣམས། མཆན་ཁུང་དུ་ལ་བསེའི་གཏེར་སྒྲོམ་ཆེན་པོ་རྫ་མ་ཙམ་ཞིག་བཅུག་ནས། སྐུ་ལུས་ཆུའི་ཟིལ་པ་ཁྲོམ་མེར་བྱོན་བྱུང་བར་དེར་ཡོད་ཀུན་ལ་གཏེར་རྫས་ཀྱིས་བྱིན་རླབས་མཛད་པས། ཐམས་ཅད་ཡིད་ཆེས་ངོ་མཚར་གྱི་གནས་ལ་བཀོད་པ་ལ་བརྟེན་སྙན་གྲགས་ཀྱིས་ས་སྟེང་ཁྱབ་སྟེ་ཉི་ཟླ་ལྟར་དུ་གྲགས་པར་གྱུར། དེ་ཡང་གཏེར་གནས་དེར་མིང་རོང་གསུམ་འདུས་པའི་མདོ་སྣ་རིང་བྲག་ན། སྟོང་ཆུ་རྒྱ་མདུད་འཁྱིལ་པའམ་མེ་འབར་མཚེར་གྲགས་པ་དེ་ཡིན། དེས་མཚོན་ཏེ་ཁྲོམ་གཏེར་ལན་ལྔ་ཙམ་མཛད་གཞན་གཏེར་ཁ་ཆེན་པོ་སུམ་ཅུ་སོ་གསུམ་ཙམ་ཞིག་གི་ཟབ་གཏེར་བཞེས་ཏེ། ཟབ་གཏེར་གྱི་བདག་པོར་གྱུར་ཅིང་། གཏེར་གནས་སོ་སོ་ནས་སྤྱན་དྲངས་པའི་གཏེར་ཆོས་བསམ་གྱིས་མི་ཁྱབ་ཅིང་། ཕ་རྒྱུད་ཀུན་བཟང་དགོངས་པ་ཀུན་འདུས། མ་རྒྱུད་ཀློང་གསལ་གསང་བ་སྙིང་བཅུད། གཉིས་མེད་རྒྱུད་བུ་ཆུང་རྣམས་དེང་ཡོངས་གྲགས་(སྟོད་ཆ།༧༠༣)ཀྱི་ཕ་རྒྱུད་མ་རྒྱུད་ཀྱི་དབྱེ་བ་ལྟ་བུ་ཡིན་ཏེ་རྩ་བ་རྒྱུད་ཀྱི་མཚན་ལ་བརྟེན་པ་སོ་སོར་བཞག་ཅིང་། དེ་གཉིས་ཀྱང་དབྱེ་བ་མེད་པས་གཉིས་མེད་དུ་བཏགས་པ་ལས་དོན་དུ་གསུམ་ག་གཉིས་མེད་ཀྱི་རྒྱུད་དུ་བཞེད་ལ། གཞན་ཡང་བླ་མ་ནོར་རྒྱ་མཚོའི་སྐོར། ཕྱག་རྡོར་དྲེགས་འདུལ་དང་གཏུམ་ཆུང་། རྟ་མགྲིན་ལྷ་ལྔ། ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མ། བཀའ་བརྒྱད་ཐུགས་ཀྱི་མེ་ལོང་། དྲག་པོ་ཆེ་འབྲིང་ཆུ་གསུམ། ཚེ་ཁྲིད་རྡོ་རྗེ་ཕྲེང་བ། ཚེ་སྒྲུབ་ནོར་བུ་ལམ་ཁྱེར། ནག་པོ་སྐོར་གསུམ། ལས་ཕྲན་གྱི་སྐྱོར་སོགས་མང་དུ་གཏེར་ནས་བཞེས་ཤིང་། དེ་དང་མཚུངས་པར་སྐུ་ཚབ་པདྨ་གུ་རུ་སོགས་དམ་རྫས་རྟེན་གསུམ་གྱི་རིགས་ཀྱང་བསམ་གྱིས་མི་ཁྱབ་པ་དང་། ལྷོ་སྐྱེར་ཆུའི་ལྷ་ཁང་ཀྱང་སྔོན་ཆད་མི་སྣང་ཡང རི་སུལ་ཞིག་ནས་བཏོན་ཏེ་སྣང་བར་མཛད། ནོར་གཏེར་ཀྱང ་ཆོས་རྒྱལ་གྱི་བླ་གཡུ་རིན་པོ་ཆེ་འོད་འབར། བླ་གཡུ་སྟོང་རི་འོད་འབར། བླ་གཡུ་སྒང་རི་ཁང་དམར། ལྷ་ལྕམ་གྱི་ན་བཟའ་སྲུབ་མེད་པ་དང་། མེ་ལོང་རྒྱང་གསལ་ལ་སོགས་རྒྱལ་རྒྱུད་ཀྱི་ནོར་སྣ་ཁྱད་འཕགས་མང་པོ་འང་གཏེར་ནས་བཞེས། གཏེར་ཁ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་ཕྱག་ཏུ་བྱུང་ནའང་གཏེར་ཁ་ཕྱེད་ཙམ་ལས་བཞེས་མ་ཐུབ། ཕྱིས་གཏེར་སྟོན་སྐུ་གཤེགས་ཁར། སྲས་ཀྱིས་་འདོན་ཆོག་པར་གསོལ་བ་བཏབ་པས་ཁྱོད་ཀྱིས་གཏེར་ཆོས་ཐོན་པར་དཀའ་ཡང་། དམ་ཚིག་གཙང་མར་བསྲུངས་ཤིང་ངེད་རང་ལ་གསོལ་བ་བཏབ་ན་ཕྲན་ཚེག་རྙེད་པའང་སྲིད་གསུངས་པ་བཞིན། ཐུགས་སྲས་ཟླ་བས་ཀྱང་གཏེར་ཀ་འགའ་ཞིག་སྤྱན་དྲངས་པར་གྲགས། གཞན་ཡང་མཚན་ཆེ་བའི་མཛད་པ་བསམ་གྱིས་མི་ཁྱབ་ཅིང་།(སྟོད་ཆ།༧༠༤) མ་འོངས་པ་ན་པདྨོ་བཀོད་པའི་ཞིང་ཁམས་སུ་སངས་རྒྱས་རྡོ་རྗེ་སྙིང་པོ་ཞེས་བྱ་བར་འགྱུར་བའི་ལུང་བསྟན་དང་། ད་ལྟའི་འབྲེལ་ཐོག་རྣམས་ཀྱང་ཞིང་དེར་སྐྱེས་ནས་སངས་རྒྱས་དེའི་གདུལ་བྱར་འགྱུར་བར་གསུངས་སོ། ཐུགས་སྲས་སློབ་མའིའ་ཚོགས་ཀྱང་། གཏེར་ལུང་ལས། ལས་ཀྱིས་འབྲེལ་པ་ཁྲི་ཕྲག་གཅིག༔ སྨོན་ལམ་འབྲེལ་པ་སྟོང་རྩ་གཉིས༔ ཟབ་མོའི་གནད་ཀྱི་འབྲེལ་པ་བཅུ་གཅིག༔ དཀྱིལ་འཁོར་འཛིན་པའི་བུ་བདུན་དང་། །ཐུགས་ཀྱི་སྙིང་སྲས་གསུ་དུ་འབྱུང་༔ ཞེས་གསུངས་པ་དང་མཐུན་པར་སློབ་ཚོགས་བསམ་གྱིས་མི་ཁྱབ་པར་བྱོན་པའི་ནང་ནས། གཏེར་སྟོན་གྱི་སློབ་མ་དྲུག་བྱུང་སྟེ། གཏེར་སྟོན་མཆོག་ལྡན་མགོན་པོ། བྱང་ཆུབ་གླིང་པ། ཟབ་ལུང་སྤྲུལ་སྐུ། ཆོས་རྒྱལ་དབོན་པོ་གླིང་ལུང་སྐུ་སྐྱེ། དྲངས་པོ་ཆོས་མཛད། འགྲོ་འདུལ་རྡོ་རྗེ་དང་བདུན་བྱོན། གྲུབ་ཐོབ་ཆེན་པོ་དྲུག་ནི། འབྲུག་སྨྱོན་ཀུན་དགའ་ལེགས་པ་རྟོགས་པ་མཐར་ཕྱིན་པའི་གྲུབ་ཐོབ། རྒྱ་ས་ནག་གི་བླ་མ་ཧྱ་གྷྲཾ་བ་རྟ་མགྲིན་གྱི་གྲུབ་ཐོབ། ཀུ་རེ་ལུང་རྩང་ལུང་གི་བླ་མ་གུ་རུ་རིན་ཆེན་གུར་དྲག་གི་གྲུབ་ཐོབ། ཆོས་ལུང་མཁན་ཆེན་ཚུལ་ཁྲིམས་དཔའ་འབྱོར་མཁའ་འགྲོའི་གྲུབ་ཐོབ། ཆོས་ལུང་གི་གྲུབ་ཆེན་ཚེ་འཕེལ་བ་ཐུགས་རྗེ་ཆེན་པོའི་གྲུབ་ཐོབ། ལ་སྟོད་ཟུར་རྩེ་ཆོས་རྗེ་བློ་གྲོས་རྒྱལ་མཚན་གུ་རུ་ཞི་བའི་གྲུབ་ཐོབ་དང་དྲུག་གོ། གྲུབ་རྟགས་མངོན་སུམ་ཐོན་པའི་བུ་ཆེན་དྲུག་ནི། ཆོས་ལུང་མཁན་ཆེན་གྱི་ཆིབས་པ་གླིང་བཞི་གཏམ་སྙན་གྱི་རྡོ་ལ་ཞབས་རྗེས་བཞག་རྗེ་བཙུན་མ་བདེ་ཆེན་དདཀར་མོས་རྡོ་ལ་ཕྱག་རྗེས་བཞག་ཅིང་ནམ་མཁའ་ལ་བྱ་ལྟར་འཕུར། དཀར་པོ་ཀུན་གྲགས་ཀྱིས་བརྟུལ་ཞུགས་སྤྱོད་པས་སྡེ་(སྟོད་ཆ།༧༠༥)དཔོན་དྲེགས་པ་ཅན་མང་པོ་དབང་བསྡུས་བྲན་དུ་བཀོད་ནས་བསམ་ཡས་དང་ཁྲ་འབྲུག་གི་ཞིག་གསོས་མཛད། དྲངས་པོ་ཆོས་མཛད་ཤཱཀྱ་བཟང་པོས་བལ་ཡུལ་མ་གུ་ཏ་ཡི་མཆོད་རྟེན་བྱ་རུང་ཁ་ཤོར་ཞིག་གསོས་བྱེད་དུས་སོ་ཕག་དང་ཆུའི་གཏེར་བཏོན། གུ་རུ་བའི་བླ་མ་དྲུང་སྐྱོམས་རྟོགས་ལྡན་གྱིས་རྡོ་བ་འདམ་ལྟར་དུ་བརྫིས། སྒྲུབ་པ་མོ་འོད་གསལ་གྱི་གྲུབ་ཆུ་བཏོན་ཞིང་རྡོ་ལ་ཕྱག་རྗེས་བཞག །ལྷོ་བྲག་ཤར་གྱི་ཆོས་རྗེ་ཙཱ་རི་བས་ཕྱག་ཞབས་ཀྱི་རྗེས་འཇོག་པ་སོགས་གྲུབ་རྟགས་མངོན་སུམ་དུ་སྟོན་ནུས་པ་དྲུག་གོ། ཁྱད་པར་ཐུགས་སྲས་མཆོག་གྱུར་ནི་ཇོ་གདན་མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར་དང་། ནང་སོ་རྒྱལ་བ་དོན་གྲུབ། སྤྲུལ་སྐུ་མཆོག་ལྡན་མགོན་པོ་རྣམས་ཏེ་འདི་གསུམ་གཏེར་སྟོན་ཉིད་དང་དགོངས་པ་མཉམ་ཞིང་། སྐུའི་སྲས་རྣམས་ལས་ཀྱང་ལྷག་པར་འཛིན། གདུང་བརྒྱུད་སྲས་བཞི་བྱོན་བའི་བགྲེས་པ། དཀོན་མཆོག་བཟང་པོ་འཇམ་དབྱངས་ཀྱི་སྤྲུལ་པ་གྲགས། དེ་འོག་ཆོས་རྗེ་ཟླ་བ་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་པ། དེ་འོག་ཆོས་རྗེ་གྲགས་རྒྱལ་བ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ། ཆུང་བ་ཆོས་རྗེ་ཀུན་དབང་ཞེས་པ་རྣམས་ཏེ། དེ་རྣམས་ཀྱི་ནང་ནས་ཟབ་མོའི་ལུང་གིས་ཟིན་ཅིང་། ཡབ་ཀྱི་དགོངས་པ་ལོན་པ་ནི་ཐུགས་སྲས་ཟླ་བ་ཡིན་ཏེ། ས་སྐྱ་བདག་ཆེན། འབྲི་གུང་རིན་ཆེན་ཕུན་ཚོགས། ཞྭ་དམར་པ་དཀོན་མཆོག་ཡན་ལག། དཔའ་བོ་ཆོས་རྒྱལ་དོན་གྲུབ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་བཀའ་ཆོས་གསན་ཅིང་བླ་ཡར་ཁུར། གཞན་ཡང་དབུས་གཙང་ལྷོ་མོན་སོགས་སྡེ་དཔོན་མི་ཆེན་ཆེ་དགུ་ཐམས་ཅད་ཀྱི་དབུའི་མཆོད་གནས་སུ་བཀུར་ཞིང་ཞབས་ཏོག་བསྙེན་བཀུར་ཕུན་སུམ་ཚོགས་པ་ཕུལ་བས་གཞན་ཕན་ཕྲིན་ལས་(སྟོད་ཆ།༧༠༦)ཡབ་ལས་ཀྱང་ལྷག །འོན་ཀྱང་སྦས་ཚུལ་ཅི་ཡང་མི་མཁྱེན་པའི་ཚུལ་ཁོ་ན་མཛད་པས་ཆོས་བརྒྱུད་ཆེར་འཕེལ་བ་མ་བྱུང་ཞིང་། བསྟན་པའི་རྒྱུན་ནི་རིན་པོ་ཆེ་སྣ་ཚོགས་རང་གྲོལ་དང་། དབུ་མཛད་དོན་གྲུབ་དཔལ་འབར་གཉིས་ནས་རྒྱ་ཆེར་འཕེལ་ཏེ་མཚུངས་མེད་ཆོས་རྗེ་རྣམ་གཉིས་སུ་གྲགས་པ་ཡིན་ལ། ཆོས་བརྒྱུད་དང་བསྟན་པ་ནི་ལྷ་བྲག་དང་མོན་ཡུལ་དབུས་གཙང་རྣམས་སུ་དར་ཞིང་རྒྱས་ལ་དེང་སང་ཡང་མ་ནུབ་པར་བཞུགས་སོ། འདིར་འཕྲོར་འོས། ཆགས་མེད་རིན་པོ་ཆེའི་རྣའི་དྲག་དམར་ཟིན་བྲིས་སུ། པདྨ་གླིང་པའི་གུར་དྲག་ཡང་གཏེར་འདོན་དུས་གཏེར་སྒྲོམ་ཆུས་བང་ནས་གཏེར་ཤོག་ཕལ་ཆེར་ཆུད་ཟོས་པས་གཏེར་སྟོན་གྱིས་ཉམས་ཐོག་ནས་བརྩམས་པ་ཡིན་གསུངས་པར་སྣང་ཡང་། དེ་ནི་ངག་སྒྲོས་མ་དག་པ་ཞིག་གསན་པར་འདུག་སྟེ། མཚོ་གཏེར་བཞེས་རྒྱུ་དེ་ནི་ཀློང་གསལ་འབར་མའི་ཆོས་སྐོར་ཡིན་གྱི་གུར་དྲག་མ་ཡིན་ལ། ཡིན་དུ་ཆུག་ཀྱང་ཆུས་མ་གནོད་པའི་ལོ་རྒྱུས་གོང་དུ་སྨོས་མ་ཐག་པ་དེ་ལྟར་ཡིན་ལ། གུར་དྲག་ནི་བུམ་ཐང་སྐུ་རྗེས་བྲག་རྡོ་རྗེ་བརྩེགས་པ་ནས་བཏོན་པ་ཡིན་ཅིང་། དེ་བཞིན་དུ་དྲག་པོ་ཆུང་འབྲིང་གཉིས་ཀྱང་སེང་གེ་ཁྱི་ལྕོག་བྲག་ཞེས་པའི་གཏེར་ཁ་ནས་སོ་སོ་ནས་བཞེས་པས་མཚོ་གཏེར་མིན་ནོ། འོན་ཀྱང་རྫོགས་ཆེན་གཉིས་མེད་རྒྱུད་བུ་ཆུང་པདྨ་གླིང་པའི་གཏེར་སྐལ་ཡིན་ཀྱང་སྔར་གཏེར་སྟོན་ཤེས་རབ་མེ་འབར་ལ། དཔོན་གྱིས་བསྐུལ་བས་དབང་མེད་དུ་གཏེར་བཞེས་དགོས་བྱུང་བར། འཚུབ་ལྷོང་ཆེན་པོ་བྱུང་བས་སླར་ཤོག་སེར་རང་གནས་སུ་སྦས་པ། ཕྱིས་པདྨ་གླིང་པས་ཡང་གཏེར་བསྟོན་ཚེ་ཤོག་སེར་རྣམས་རུལ་ནས་ཡི་གེ་མི་མཐོང་ར་སོང་འདུག་ཀྱང་། རང་ནོར་རང་གི་(སྟོད་ཆ།༧༠༧)ཡིན་བཞིན་གཏེར་སྟོན་ཤེས་རབ་མེ་འབར་གྱིས་གཏེར་ཤོག་ཕབ་ཚར་བ་རྣམས་བདག་གིར་མཛད། ཅེས་པའི་གཏམ་ཙམ་ལས་འཁྲུལ་གཞི་བྱུང་བ་འདྲ་ལ། དེ་མཚུངས་མངའ་གཏེར་སྟོན་ལེགས་ལྡན་རྗེས་གུར་དྲག་ཀྱང་པཎ་ཆེན་སྐུ་མཆེད་བར་ལ་དམ་སེལ་ཡོད་ཚུལ་གསུངས་པའང་སྣང་རྩེ་ཕྱོགས་ཀྱིས་བསྒྲགས་པས་ངག་སྒྲོས་མ་དག་པ་ཞིག་གསན་པ་ཡིན་འདུག་སྟེ། གུ་དྲག་མངའ་རིས་རིག་འཛིན་ལེགས་ལྡན་རྗེས་གཏེར་མ་ཡིན་པས་པཎ་ཆེན་འདྲེན་དོན་མ་བྱུང་ཞིང་དམ་སེལ་བྱུང་བའི་ལོ་རྒྱུས་ཀྱང་མེད་དོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ རྒྱ་གར་གྷ་ལ་རུ་དང་བི་ན་པ༔ པཎྜི་ཏ་ནི་གཉིས་གསུམ་བོད་དུ་འབྱུང་༔ ལྷ་སའི་ཇོ་ཤག་འདི་ལ་མཆོད་པར་བྱེད༔ ལྷོ་ཀོང་བྱང་ཀོང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་ལས་འཕྲོ་གླིང་པ་ཞེས་བྱ་འབྱུང་༔ ཞེས་དང་། རང་གཏེར་ལས། ད་ལྟའི་རྫོགས་ཆེན་རྣལ་འབྱོར་ནི༔ མྱ་ངན་ཏིང་འཛིན་བཟང་པོ་ཡང་༔ ཁ་བ་ཅན་གྱི་རྗེའི་ཐོག་མ༔ གཉའ་ཁྲི་བཙན་པོ་ཞེས་བྱ་ཡིན༔ དེ་འོག་དག་པའི་ཞིང་མང་ཉུལ༔ ཞེས་པ་ནས། བཞི་བཅུ་ཁ་རལ་སུ་ཅུར་ཉེ༔ ངན་སྤྱོད་སྟེང་འོག་ཕྱོགས་མཚམས་འཁྲུགས། དེ་ཚེ་ལས་ཅན་བུ་ཁྱོད་ཀྱང་༔ སྤྲུལ་པ་གསུམ་དུ་གྱེས་པ་ཡི༔ ཐུགས་སྤྲུལ་བྱང་སེམས་ལྡན་པ་གཅིག༔ ཆོས་འཁོར་གཉེན་པོའི་བྱང་ཤར་མཚམས༔ ཀོང་ལུང་བ་རུ་ཎ་ཞེས་པར༔ གནམ་ས་ཅོས་འབྱུང་དབྱིབས་དང་ལྡན༔ ལུང་གསུ་འདུས་པའི་སོ་མཚམས་སུ༔ སྐྱེས་བུ་ལྕགས་ཁམས་སྤྲེལ་བྱ་ལོ༔ གཟུགས་ནི་གནོད་སྦྱིན་སྒྲིག་པའི་ཉམས༔ ཡང་ན་བོང་ཆེ་ཁྲོ་ཞལ་ཅན༔ ཞབས་མཛུབ་(སྟོད་ཆ།༧༠༨)གཉིས་ཀ་ཆུ་བྱ་ལྟར༔ ཕྱག་གཉིས་སྤུ་ནག་གཤོག་པའི་ཚུལ༔ ཡི་དམ་ཞི་ཁྲོད་དག་ལ་མོས༔ སྐལ་ལྡན་རྒྱལ་བའི་མཚན་འཆང་བང་༔ དད་བརྩོན་ཤེས་རབ་སྙིང་བརྩེར་ལྡན༔ དེ་ལ་གདུལ་བྱ་རབ་འབྲིང་ཐ༔ ཞེས་སོགས་ལུང་བསྟན་ཞིབ་དུ་འབྱུང་བའི་སྤྲུལ་པའི་སྐྱེས་ཆེན་དམ་པ་འདི་ཉིད་ནི། ཨོ་རྒྱན་འཕྲོ་གླིང་པ་ཕྱིའི་མཚན། རིག་འཛིན་འཇའ་ཚོན་སྙིང་པོ་ནང་གི་མཚན། སྔགས་འཆད་ཧཱུྃ་ནག་མེ་འབར་གསང་བའི་མཚན་ཏེ་སྐུ་གཅིག་མཚན་གསུམ་དུ་གྲགས་པའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་འདི་ཉིད། སྔོན་ཨོ་རྒྱ་ཆེན་པོའི་ིཞལ་སློབ་ཟག་མེད་འོད་ལུས་གྲུབ་པ་བརྒྱ་རྩ་བརྒྱད་ཀྱི་ནང་ནས་འོད་གསལ་ཏིང་ངེ་འཛིན་ལ་མངའ་དབང་བསྒྱུར་ཞིང་། གླིང་བཞི་དུས་གཅིག་ཏུ་གཟིགས་པའི་ཉང་ཤའི་སྤྱན་ཅན་ནམ་ཉང་ཏིང་འཛིན་བཟང་པོ་དེ་ཉིད་ཀྱི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་ཏེ། ཀོང་ཡུལ་ཝ་རུ་གནམ་ཚལ་དུ། ཡབ་ཆོས་སྐྱོང་མགོན་པོ་དང་། ཡུམ་ནི་མ་སངས་བུ་ཁྲིད་གཉིས་ཀྱི་སྲས་སུ་ཤིང་མོ་བྱ་ལོ་སྐར་མ་རྒྱལ་ལ་བབས་པའི་ཉིན་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་ཆོས་ཀྱི་བག་ཆགས་དང་ལྡན་ཞིང་། དགུང་ལོ་གསུམ་པའི་དུས་ནས་ཡི་གེ་བརྡའ་སྟོན་ཙམ་གྱིས་མཁྱེན། རྡོ་ལ་ཕྱག་ཞབས་ཀྱི་རྗེས་ཀྱང་མང་དུ་བྱོན། བཅུ་གཉིས་ནས་ཉི་ཤུར་མ་ཕེབས་པར་སློབ་གཉེར་དང་། ཁྱད་པར་གསོ་རིག་ལ་སྦྱངས་པས་མཁས་པར་མཁྱེན། དེ་དག་གི་དུས་སྐབས་རྣམས་སུ་དངོས་ཉམས་དང་རྨི་ལམ་དུ་ཨོ་རྒྱན་རིན་པོ་ཆེ་ཡང་ཡང་མཇལ་བར་བྱུང་། ཐུགས་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ་ནས་ཆོས་ཁོ་ན་ལ་རྩེ་གཅིག་ཏུ་ཐུགས་འདུན་གཏད་ཅིང་། འཁོར་བའི་གནས་གྲོགས་ཐམས་ཅད་མེ་འོབས་ལྟ་བུར་གཟིགས་(སྟོད་ཆ།༧༠༩)ནས་ཆོས་ཀྱི་རྗེ་མི་ཕམ་བཀྲ་ཤིས་བློ་གྲོས་ཀྱི་དྲུང་དུ་ཆོས་ལ་བྲོས་ནས་བྱོན་པས། རྗེ་དེའི་མཚན་ལམ་དུ། སློབ་དཔོན་པདྨས་བཞེངས་པའི་མཆོད་རྟེན་སྙིང་པ་ཞིག་བུད་མེད་འགས་གདན་དྲངས་ནས་རབ་གནས་སྐྱོར་དགོས་ཟེར་བ་ལ་རབ་གནས་མཛད་པས་འོད་དུ་འབར་བར་གཟིགས་པས་སྐལ་ལྡན་དུ་མཁྱེན། དེར་རབ་ཏུ་བྱུང་། ངག་དབང་ཆོས་རྒྱལ་དབང་པོར་མཚན་གསོལ། གསང་སྔགས་ཀྱི་དབང་ཁྲིད་ལུང་སོགས་གདམས་པ་མཐའ་ཡས་པ་གསན་ཅིང་རྩེ་གཅིག་ཏུ་སྒྲུབ་པ་ཁོ་ནས་དུས་འདའ་བར་མཛད། གཞན་ཡང་ཞབས་དྲུང་ནོར་བུ་རྒྱན་པ། འབྲུག་པ་ཐམས་ཅད་མཁྱེན་པ། མཉམ་མེད་ལྷ་རྩེ་བ་སོགས་ལས་མོད་སྔགས་བཀའ་གཏེར་གསར་རྙིང་ཐམས་ཅད་མ་གསན་པ་མེད་པ་ལྟ་བུར་མཛད། ཁྱད་པར་ལྷ་རྩེ་བ་ལས་བསྙེན་རྫོགས་ཞུས། རྟེན་དགེ་སློང་གི་དངོས་པོ་ཅན་དུ་བསྒྲུབས། མི་ལོ་བཅུ་བདུན་དུ་འདགས་སྦྱར་ཁོ་ན་མཛད་ནས་སྒྲུབ་པའི་རྒྱལ་མཚན་འཛུགས་པར་མཛད་པས་དུས་སུ། གཏེར་གྱི་ལུང་བསྟན་མང་དུ་བྱུང་ཡང་ཇི་མི་སྙམ་པར་བཞག་ཀྱང་ཕྱག་རྡོར་གྱི་བསྙེན་པ་དུང་སོང་བའི་ཚེ། ཆོས་རྗེ་རིན་པོ་ཆེ་མི་ཕམ་བཀྲ་ཤིས་བློ་གྲོས་ཀྱིས་བསྐུལ་ནས། ལྕགས་ཕོ་སྤྲེའུ་ལོ་ཟླ་བ་དང་པོའི་ཚེས་བཅུ་ལ་གཏེར་བཞེས་པའི་ཐོག་མར་ལྕགས་ཁྲོའི་བྱ་ཁྱུང་བྱེའུ་ཕྲུག་ཙམ་ཞིག་གི་ནང་ནས་གཏེར་གྱི་ཁ་བྱང་། མཚོ་རྒྱལ་གྱི་ཕྱག་བྲིས་མ་ཕྱག་ཏུ་འབྱོར་ཏེ། དེ་ཡང་ཁ་བྱང་ལས། མཁའ་འགྲོས་ལུང་བསྟན་ཟང་ཟིང་དང་༔ མཐའ་དབུས་འཁྲུག་ཅིང་ཡིད་མི་བདེ༔ འཇའ་འོད་འཁྲུག་ཅིང་རྨི་ལམ་གསལ༔ དེ་ཚེ་འདི་དང་གྱུར་དུ་འཕྲད༔ ཅེས་དང་། རྟགས་མཚན་དེ་ལྟར་བྱུང་ཚེ་ཐོན༔ དུས་རྟགས་མེད་པར་འདོན་མི་རུང་༔ སྲོག་གི་ཕྱིར་ཡང་(སྟོད་ཆ།༧༡༠)ཁར་མ་བཏོན༔ གལ་ཏེ་དེ་ལས་འདས་པ་ན༔ གཏེར་བདག་ཁྲོས་ནས་དབང་པོ་སྣུབས༔ དེ་ཕྱིར་སྤྱོད་ལམ་གཟབ་པར་རིགས༔ ཞེས་སོགས་ལུང་བསྟན་ཤིན་ཏུ་གསལ་བ་ལྟར། བྲག་ལུང་ཧམ་འཕྲང་ལྕགས་ཀྱི་སྒོ་མོ་ནས་ཡང་ཟབ་དཀོན་མཅོག་སྤྱི་འདུས་སོགས་གསང་གཏེར་དུ་བཞེས་ནས་གཏེར་སྒྲུབ་དང་གསང་རྒྱ་མཐར་ཕྱིན་པར་མཛད། གཞན་ཡང་ཀོང་པོ་བུ་ཆུ་དང་། བྱང་འཕྲེང་མཛེས་ཞེས་ལྗོན་པ་ལུང་གི་གནས་སྒོ་དང་། སྙེལ་མོ་ལྷ་རི། ཀོང་འཕྲང་དགེ་འདུན་གནས་དབུ་རུ་ཞྭའི་ལྷ་ཁང་སོགས་ནས་ཐུགས་རྗེ་ཆེན་པོ། རྟ་ཕག་ཡིད་བཞིན་ནོར་བུ། ཞི་ཁྲོ་ངེས་དོན་སྙིང་པོ། ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ། རྡོ་རྗེ་གྲོ་ལོད་དཔལ་མགོན་མ་ནིང་སྐོར། གནས་ཀྱི་ལམ་ཡིག་མང་པོ་སོགས་ཟབ་གཏེར་ལས་ཕལ་ཆེར་ཁྲོམ་གཏེར་མང་པོ་སྤྱན་དྲངས། དཀོན་མཆོག་སྤྱི་འདུས་སོགས་འགའ་ཞིག་གསང་གཏེར་ལས་ཕལ་ཆེར་ཁྲོམ་གཏེར་མཛད། མངོན་ཤེས་དང་རྫུ་འཕྲུལ་ཕྱོགས་མེད་དུ་ཤར་བས་ལྐོག་གྱུར་སྒྲིབ་མེད་དུ་གཟིགས་པ་དང་ཆུ་དང་གཡང་ས་སོགས་ལས་ཐོགས་མེད་དུ་གཤེགས་ཏེ། ཁྱད་པར་སྙེལ་མོ་ལྷ་རིའི་གཏེར་འདོན་པའི་དུས། ཀོང་པོ་ཀྲ་ཏི་བ་སོགས་ལོག་པའི་བློ་ཅན་རྣམས་ཀྱིས་ས་བབཅུད་ཉམས་ཀྱིས་དོགས་ནས་དམག་གིས་གཏེར་གནས་བསྲུང་བར་བྱས་པས། གཏེར་སྟོན་ཐུགས་ཉམས་འུར་ཏེ་རྟ་ལ་ཆིབས་ནས་བྲག་གཡང་ཆེན་པོ་བྱ་མིན་པས་མི་ཐར་བ་མེ་ལོང་གི་ངོས་འདྲ་བ་ཞིག་ལ་ཆིབས་རྒྱུག་གནང་ནས་ཕེབས་ཤིང་། བྲག་གི་ངོས་ལ་ཆིབས་པའི་ཞབས་རྗེས་བཞག་ཅིང་གཏེར་དེ་ཉིད་སྐད་ཅིག་ལ་སྤྱན་དྲངས་ནས་གཤེགས་པའི་བརྟུལ་ཞུགས་དང་རྫུ་འཕྲུལ་ཆེན་པོ་བསྟན་ནས་དམག་མི་རྣམས་སྤང་སྐོང་བས་ཐམས་ཅད་རྟབ་རྟབ་པོར་གྱུར་ཞིང་། སླར་(སྟོད་ཆ།༧༡༡)དད་པའི་ལམ་ལ་བཀོད། སྟོབས་དང་ནུས་པ་བསམ་གྱིས་མི་ཁྱབ་པས་དམ་སྲི་མནན་པ་དང་མཐའ་དམག་བཟློག་པ་སོགས་བོད་སྤྱི་བྱེ་བྲག་གི་ཕན་བདེ་སྤེལ་བའི་ཕྲིན་ལས་མང་དུ་མཛད། སྐལ་ལྡན་མང་པོ་རྗེས་སུ་བཟུང་ནས་བཀའ་གཏེར་གསར་རྙིང་གི་ཆོས་ཚུལ་མང་པོའི་སྨིན་གྲོལ་གྱི་བདུད་རྩི་སྩལ་བར་མཛད། རྗེ་ཉིད་སྐུ་བཙུན་ཞིང་དགེ་སློང་གི་དངོས་པོ་ལས་མི་འདའ་བར་ཀུན་སྤང་གི་མཛད་པ་སྤྱོད་པ་བཞིན་དུ་གདུལ་བྱ་རྣམས་ཀྱང་ཚུལ་དེར་བཀྲི་ཞིང་ཡང་དག་པའི་ལམ་ལ་གཞོལ་ཞིང་འབབས་པར་མཛད་དོ། བང་རི་འཇོག་པོ་ཞེས་ཉིད་ཀྱིས་གནས་སྒོ་ཕྱེས་པའི་གནས་ཁྱད་འཕགས་ཤིག་ཡོད་པའི་དབེན་ཞིང་མཐོ་བའི་སར་སྒྲུབ་སྡེ་བཏབ་པ་དེང་སང་མ་ཉམས་པར་ཡོད་ལ། དངོས་བརྒྱུད་རྣམས་ཀྱིས་འཛིན་སྐྱོང་དང་། ཞལ་བདག་དྭགས་པོ་ནས་གནང་གི་འདུག ཆོས་བདག་ལུང་བསྟན་ཀྱང་། རྩ་བ་གཅིག་ལ་སྡོང་གཉིས་ཡབ་ཡལ་ག་བརྒྱད༔ མེ་ཏོག་འབྲས་བུ་ལྔ་ལྡན་རྒྱས་པར་འགྱུར༔ དང་པོ་རྩ་བ་བི་མའི་རྣམ་འཕྲུལ་ཏེ༔ ཞེས་དང་། སྡོང་པོ་གཉིས་ནི་དམར་ནག་ཞྭ་ཡི་མིང་༔ གངས་ཅན་བདག་པོ་ཐུབ་བསྟན་འཛིན་པའི་དཔལ༔ ཞེས་དང་། ཡལ་ག་བརྒྱད་ནི་ཕྱོགས་མཚམས་རང་མིང་ལྡན༔ རྫས་མདོག་ཕྱོགས་དབྱིབས་དུས་ཚོད་རྟེན་འབྲེལ་སྦྱར༔ ཞེས་དང་། ཆོས་བདག་ཉེར་གཅིག་ལག་ཏུ་འཕྲོད་གྱུར་ན༔ མཐའ་དམག་འཁྲུག་རྩོད་འཕྲལ་དུ་ཞི་བ་དང་༔ སངས་རྒྱས་བསྟན་པ་ནུབ་ཁར་ཡུན་བསྲིང་ནུས༔ ལུང་ཟིན་སྐྱེས་བུ་རྣམས་ལས་མང་དུ་འཕེལ༔ ཚེ་གཅིག་གྲུབ་ཐོབ་སུམ་ཅུ་རྩ་བརྒྱད་འབྱུང་༔ ཕྱིར་མི་ལྡོག་པ་བརྒྱ་དང་རྩ་བརྒྱད་འབྱུང་༔ ལམ་སྣ་ཟིན་པ་སྟོང་དང་ཁྲི་བྲག་ལྔ༔ འབྲེལ་ཐོག་བྱེ་(སྟོད་ཆ།༧༡༢)བ་གསུམ་དང་དུང་ཕྱུར་འབྱུང་༔ ཞེས་སོགས་རྒྱ་ཆེར་གསུངས་ཤིང་། དེ་ཡང་། ཆོས་བདག་གི་གཙོ་བོ་ནི་སྒམ་པོ་ཞབས་དྲུང་ནོར་བུ་རྒྱན་པ་ཉིད་ཡིན་པས། སྒམ་པོར་ཕེབས་ནས་གཏེར་ཆོས་ཞལ་ཕྱེས་ནས་ཐོག་མར་འབུལ་བའི་དུས་འཇའི་གུར་ཁང་ངོ་མཚར་ཅན་ལྷོ་ནུབ་ནས་བྱུང་སྟེ་གཟིམས་ཁང་གི་སྟེང་དུ་འཁྱིལ་བ་དང་། གཞན་ཡང་འཇའི་གཟུགས་ལས་ཕྱག་མཚན་དང་བཀྲ་ཤིས་པའི་རྫས་ལྟ་བུར་སྣང་བ་དང་། མེ་ཏོག་གི་ཆར་བབ་པ་སོགས་བྱུང་ཞིང་གཏེར་ཆོས་རྣམས་ཕུལ་ཏེ་ཆོས་བདག་གི་གཙོ་བོར་མངའ་གསོལ། གཞན་ཡང་རྒྱལ་བའི་དབང་པོ་ཀརྨ་ཆོས་དབྱིངས་རྡོ་རྗེ། ཞྭ་དམར་པ་ཆོས་ཀྱི་དབང་ཕྱུག །ཐམས་ཅད་མཁྱེན་པ་དཔག་བསམ་དབང་པོ། འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པ། རྡོ་རྗེ་བྲག་རིག་འཛིན་ངག་གི་དབང་པོ་བྱར་པ། ཞི་དབོན། རྩེ་ལེ་སྤྲུལ་སྐུ་མཁས་མཆོག་པདྨ་ལེགས་གྲུབ། འཇང་ས་ཐམ་རྒྱལ་པོ་སོགས་དང་། སྤུ་བོ་རྦ་ཁ་སྤྲུལ་སྐུ་རིག་འཛིན་ཆོས་ཀྱི་རྒྱ་མཚོ། གཏེར་སྟོན་བདུད་འདུལ་རྡོ་རྗེ། ཀ༔ ཐོག་པདྨ་མ་ཏི་སོགས་ཆོས་བདག་ཆེས་མང་ཞིང་ཆོས་བརྒྱུད་ཀྱང་ཕྱོགས་ཐམས་ཅད་དུ་དར་རྒྱས་ཆེ་ཞིང་། ཁྱད་པར་ཡང་ཟབ་དཀོན་མཆོག་སྤྱི་འདུས་འདི་རྒྱ་ནག་ཡན་ལ་དར་བའི་ལུང་བསྟན་ཡོད་པ་ལྟར་དེང་སང་རྒྱ་ནག་གླང་ཆེན་ཕྱོགས་ཀྱི་སྒོམ་ཆེན་པ་རྣམས་ལའང་ཆོས་འདི་དར་ཞིང་། ལྷག་པར་ཆོས་འདི་རྒྱ་ནག་ཕྱོགས་སུ་ཐོག་མར་སྤེལ་བའི་བདག་རྐྱེན་ནི། ཚངས་སྲས་ལྔ་པ་ཆེན་པོ་ཀུན་མཁྱེན་ངག་དབང་བློ་བཟང་རྒྱ་མཚོ་ཉིད་ཡིན་ལ། ལྷ་བཙུན་ནམ་མཁའ་འཇིགས་མེད་དང་། ཟུར་ཆོས་དབྱིངས་རང་གྲོལ་གཉིས་ཀྱིས་ཐུགས་རྗེ་བསྐུལ་བ་ལ་བརྟེན་ནས་དབང་ལུང་གསན་ནས་རྒྱ་མཐིལ་དུ་ཕེབས་(སྟོད་ཆ།༧༡༣)པའི་ཐོག་མར་བཀའ་ཆོས་འདི་ཞལ་ཕྱེས་པར་གྲགས་ཏེ། དེས་ན་ཆོས་བདག་གི་གཙོ་བོ་ཞིག་ཏུ་ངེས་སོ། གཞན་ཡང་ཟབ་ཆོས་འདི་ཉིད་ཉམས་སུ་བླངས་པས་འོད་ལུས་གྲུབ་པའི་ལོ་རྒྱུས་མིའི་དབང་པོ་བསོད་ནམས་སྟོབས་རྒྱལ་གྱི་སྐུ་རིང་ལ་དྭགས་པོའི་ཕྱོགས་སུ་སྔ་ཕྱི་གཉིས་བྱུང་བའི་ལོ་ཀུས་མི་དབང་དེ་ནིད་ཀྱིས་གསུངས་ཤིང་དབུ་སྐྲའི་ཟེག་མ་དང་ན་བཟའ་སོགས་ཀྱང་ཕྱག་ཏུ་ཡོད་པར་འདུག་སྟེ། རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང་། ཉི་སྤྲུལ་རིན་པོ་ཆེ་གཉིས་ཀར་གསུང་འཕྲོས་བཀའ་ཕེབས་གནང་འདུག་གོ། དེ་ལ་སྤྱིར་ལས་འཕྲོ་གླིང་པ་བཞི་ཙམ་བྱོན་པ་ཐམས་ཅད་གཏེར་སྟོན་ཚད་ལྡན་ཁོ་ནར་ངེས་ཀྱང་། ཤ་གཟུགས་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ་གྱིས། ལྷོ་དང་། ཨེ་སོགས་ལ་ལྷོ་ཀོང་བྱང་ཀོང་ཞེས་ཀོང་པོའི་མིང་དུ་གྲགས་ལ། ཐང་ཡིག་ལས་མདོར་ན་ལྷོ་ཀོང་བྱང་ཀོང་ནུབ་སྐོར་ཀོང་༔ ཀོང་པོའི་ཡུལ་འདི་པད་འབྱུང་འདུལ་ཞིང་ཡིན༔ གསུངས་པ་ལ་དཔག་ནས་ལས་འཕྲོ་གླིང་པ་གཞན་རྣམས་ལ་འཐིང་ལྷད་མཛད་ཅིང་། བྱང་ཀོང་བྲག་ལུང་ཕྱོགས་ལ་བཞེད་ཕྱིར། སྐབས་འདིར་ལུང་བསྟན་པའི་ལས་འཕྲོ་གླིང་པ་ནི་གཏེར་སྟོན་འདི་ཉིད་དུ་འཁྲུངས་ཡུལ་གཏེར་གནས་བཅས་ཀྱིས་འཁྲུལ་མེད་ཡིན་ངེས་སུ་གནང་འདུག་པ་བཞིན་འདིར་ཡང་བཀོད་པ་ཡིན་ལ། གཞན་རྣམས་ཀྱི་ལོ་རྒྱུས་འོག་ཏུ་འཆད་དོ། །འདིའི་དུས་རྟགས་ཇོ་མོའི་སྐུ་མདུན་དུ་ལུས་རིལ་པོར་འབུལ་བ་དང་ཕྱག་ཡ་གཅིག་འབུལ་བའི་རྒྱ་གར་བ་གཉིས་བྱུང་ཟེར་བའི་གཏམ་རྒྱུད་ཞིག་འདུག་ཀྱང་ལོ་རྒྱུས་ཁུངས་མ་མ་མཐོང་བ་ངེས་པ་མེད་པ་འདྲའོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ བོད་འདིར་རྒྱལ་པོའི་མིང་(སྟོད་ཆ།༧༡༤)བཏགས་བརྒྱ་རྩ་བརྒྱད༔ གངས་དང་སེང་གེ་ལས་ཀྱི་འབྲེལ་བ་ཡིས༔ འཇིག་རྟེན་པ་ལ་བདེ་བ་སྐད་ཅིག་མེད༔ དཔྱལ་གྱི་བྲག་ལས་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་། ཨོ་རྒྱན་བསམ་གཏན་གླིང་པ་ཞེས་བྱ་འབྱུང་༔ ཞེས་གསུངས་པའི་སྤྲུལ་སྐུ་བསམ་གཏན་གླིང་པ་ནི། ལོང་པོ་འཇིམ་གང་སྟེང་ཞེས་པར་སྐུ་འཁྲུངས། ཟར་མེད་ཇོ་བོ་བྲག་དཀར་ཞེས་པ་ནས་རྩ་གསུམ་ཟབ་མོ་འདུས་པའི་ཆོས་སྐོར་རྣམས་གདན་དྲངས། གཞན་ཡང་ལས་མགོན་ཞལ་བཞི་པའི་ཆོས་སྐོར་རྒྱས་པ་ཞིག་ཡོད་པར་གྲགས་ཤིང་། གཏེར་ཆོས་གཞན་འགའ་ཡང་ཡོད་ཟེར། འབྲུག་པ་པདྨ་དཀར་པོ་དང་དུས་མཉམ་ཙམ་ལ་བྱོན་པར་སྣང་ཡང་རྣམ་ཐར་ཞིབ་རྒྱས་རྙེད། འདི་རིག་འཛིན་ཆེན་པོ་ཆོས་རྗེ་གླིང་པས། སྟག་ཤམས་བསམ་གཏན་རྡོ་རྗེ་ཡིན་པར་མཛད་འདུག་སྟེ་དེའི་ལོ་རྒྱུས་འོག་ནས་འབྱུང་སྟེ། འདིར་གཏེར་འབྱུང་སྔོན་མ་རྣམས་ལྟར་བྲིས་པ་ཡིན་ནོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སླེ་མ་མཚན་གྱི་རི་ལ་བྲོས་པོས་ཡིབ༔ གནུབས་ཀྱི་སྲེག་པ་ལུང་དུ་མུ་གེ་འབྱུང་༔ ཁྱུང་ཚང་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་༔ ཨོ་རྒྱན་ཞིག་པོ་གླིང་པ་ཞེས་བྱ་འབྱུང་༔ ཞེས་པོ་གླིང་པ་གར་གྱི་དབང་པོ་ནི། དབུ་རུ་ཇོ་ཤཱཀ་རྣམ་གཉིས་བཞུགས་པའི་ཡུལ་དང་ཉེ་བ་སྟོད་ལུང་སྣང་རྩེ་ཞེས་པར། ཡབ་ནམ་མཁའ་དབང་ཆེན་ཕུན་ཚོགས་ཞེས་པ་དང་། ཡུམ་ཚེ་དབང་བསྟན་མའི་སྲས་སུ་ཤིང་ཕོ་སྤྲེལ་ལོ་ཟླ་བ་བཅུ་པའི་ཚེས་ཉེར་གསུམ་གཟའ་ཉི་མ་དང་སྐར་མ་གྲེ་(སྟོད་ཆ།༧༡༥)འཛོམ་པའི་ཉིན་སྣང་རྩེ་གསེར་ཁང་གི་གཟིམས་ཁང་དགའ་བྱེད་ཤར་དུ། སྲིད་སྐྱོང་ཆེན་པོའི་རིགས་སུ་སྐུ་བལྟམས། དགུང་ལོ་ལྔ་པ་ལ། རྗེ་སྨན་ཆུ་བ་ནམ་མཁའ་རིན་ཆེན་པའི་དྲུང་དུ་སྐྲ་གཅོད་པ་དང་ལུས་སྒྱུར་ཞུས་པས། འདི་སྐྲ་བཅད་ན་གཅོད་མཁན་ལ་མི་དགའ་བས། ངས་སྔགས་སྡོམ་བྱིན་ནས་མིང་བཏགས་གསུངས་ནས། མཚན་ནམ་མཁའ་ཚེ་དབང་རྒྱལ་པོར་གསོལ། དགུང་ལོ་ཉེར་གཅིག་གི་དུས་གཏེར་སྒྲུབ་མཛད་པས་མནལ་ལམ་དུ། མི་གཅིག་གིས་ཁྱུང་ཚང་བྲག་ན་ཁྱེད་ཀྱི་ནོར་ཡོད་ཐོ་ཡིན་ཟེར་ནས་དཔེ་ཆ་མགོ་རྩོམ་ཆས་དར་སེར་པོའི་རྒྱབ་ཤ་བྱས་པ་ཞིག་གཏད་བྱུང་བ་གཟིགས་པས་གཏེར་གྱི་ཁ་བྱང་ཤིན་ཏུ་གསལ་བར་འདུག །མནལ་སད་དུསཐུགས་ལ་གསལ་ཧྲོལ་མེར་འདུག་པས་ཟིན་བྲིས་ལ་བཏབ་ནས། ལོ་དེའི་ཟླ་བ་བཞི་པའི་ཚེས་བཅུའི་མཚན་མོར་དཔོན་གཡོག་བདུན་གྱིས་ཆིབས་ཤར་མཛད་ནས་ཕེབས་པས་གསང་ཕུག་གི་འགྲམ་དུ་ཕེབས་པ་དང་ནམ་ལངས་ཤིང་ཉི་མ་ཤར་བྱུང་བས་རྟེན་འབྲེལ་ལེགས་པར་དགོངས། གསང་པུག་གོང་མའི་ཐག་པ་ཆད་ནས་བགྲོད་ཐབས་ཟད་པ་ལ། རྫུ་འཕྲུལ་གྱིས་ཕེབས་ནས་གཏེར་རྟགས་བཙལ་བས་ཆུ་རྡོ་ནར་མོ་གྲུ་གང་ཙམ་ལ་ཅོང་ཞིས་ནོར་བུ་འབར་བའི་རི་མོ་བྲིས་པ་ཞིག་ཡོད་འདུག་པ་དེ་བཏོན་ནས་གཏེར་སྒོ་ཕྱེས་པའི་ནངདུ་སོལ་ཕྱེའི་གསེབ་ནས་སོ་ཕག་གཏེར་སྒྲོམ་ཟུར་བརྒྱད་པ་ཞིག་བཏོན་པའི་ནང་ནས་ཚེ་སྒྲུབ་རྒྱལ་བ་འདུས་པའི་སྐོར་དང་། དམ་རྫས་སྐྱེ་བདུན། ཚེ་ཆུ་སོགས་མང་དུ་བྱོན། གཞན་ཡང་ཟངས་ཡག་བྲག །ཟུར་མཁར་རྡོའི་མཆོད་རྟེན། དབུ་རུ་ཞྭའི་ལྷ་ཁང་། གཞུ་སྟོང་གཏེར་སྒྲོམ་ལྷ་ས་དང་། བསམ་ཡས་ཀྱི་གཙུག་ལག་ཁང་སོགས་ནས། ཐུགས་(སྟོད་ཆ།༧༡༦)དམ་ཟབ་པ་སྐོར་བདུན་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ། རྟ་མགྲིན་ནཱ་ག་ཀླུ་འདུལ། དྲག་པོ་གནམ་ལྕགས་མེའི་འཁོར་ལོ་སོགས་གཏེར་ཆོས་མང་པོ་དང་། སྐུ་ཚབ་རྟེན་གསུམ་དམ་རྫས་སོགས་བསམ་གྱིས་མི་ཁྱབ་པ་གདན་དྲངས། དགོངས་འདུས་ཀྱི་གཏེར་ཞབས་སྡུད་པ་པོར་ལུང་བསྟན་ཡོད་པར་གྲགས་པ་བཞིན་སྙིམ་ཕུ་ནས་ཀྱང་བསྙེན་བཀུར་ཕུན་སུམ་ཚོགས་པར་ཞུས། ཕལ་ཆེར་བཀའ་གཏེར་གོང་མ་རྣམས་ལ་ཐུགས་གཙིགས་ཆེར་མཛད་པས་གསང་ཆེན་རྙིང་མ་ལ་བཀའ་གཏེར་ཐམས་ཅད་ཀྱི་བསྟན་པའི་བདག་པོར་གྱུར་ཏེ་འཆད་ཉན་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་པས་བསྟན་པའི་རྩ་ལག་ཏུ་གྱུར་པའི་ཞལ་སློབ་ཀྱི་གཙོ་བོ་ནི། ཐམས་ཅད་མཁྱེན་པ་དཀོན་མཆོག་ཡན་ལག་ས་སྐྱ་བདག་ཆེན་ངག་གི་དབང་པོ། རྩེ་གདོང་བདག་ཆེན་ཀུན་དགའ་བསམ་གྲུབ། འབྲུག་པ་ཞབས་དྲུང་མི་ཕམ་ཆོས་རྒྱལ་སོགས་དང་ཆོས་བརྒྱུད་འཛིན་པའི་སློབ་ཚོགས། ཁམས་ཀོང་། བྱར་དྭགས། ཨེ་གཉལ། ལྷོ་མོན། དབུས་གཙང་ཐམས་ཅད་ནས་བསམ་གྱིས་མི་ཁྱབ་པར་བྱོན་པས་གསང་ཆེན་རྙིང་མའི་སྲོག་མཐུད་ལྟར་བྱུང་ཞིང་གཙོ་བོར་གཏེར་ཆེན་ཉིད་དང་སོག་ཟློག་པ་བློ་གྲོས་རྒྱལ་མཚན་དང་། གོང་ར་ལོ་ཆེན་རྣམས་ལ་སྣང་སོག་གོང་གསུམ་དུ་གྲགས་ཏེ། འདི་རྣམས་ཀྱི་སྐུ་རིང་ལ་རྙིང་མ་བཀའ་གཏེར་ཐམས་ཅད་རྒྱ་ཆེར་འཕེལ་ཏེ་དེང་སང་གི་བར་དུ་མ་ནུབ་པར་བཞུགས་པ་ཡང་གཏེར་ཆེན་འདིའི་སྐུ་དྲིན་ལས་བྱུང་བ་ཡིན་ནོ། ཡང་ཀུན་མཁྱེན་ལྔ་པ་རིན་པོ་ཆེའི་སྣང་སོག་གོང་གསུམ་སོགས་ལ་ཐུགས་མི་དགྱེས་པའི་ཚུལ་མཛད་པ་ལའང་དགོངས་གཞི་དང་དགོས་པ་གཞན་ཡོད་དེ་རྣམ་པ་ཀུན་ཏུ་བཀག་པ་མིན་ཏེ་སྨིན་གླིང་གཏེར་ཆེན་ཡང་གོང་རའི་སློབ་(སྟོད་ཆ།༧༡༧)བརྒྱུད་ཡིན་ཡང་ཏི་ཤྲཱིར་བཀུར་བ་སོགས་ཀྱིས་ཤེས་སོ། འདིའི་དུས་རྟགས་ནི་སོག་ཟློག་པས། སླེ་མ་མཚན་ནི་ས་རྟགས་ཏེ། དེའི་རི་མོ་མཚལ་གྱིས་བྲིས་པ་ནི་སྐྱེལ་པྲེག་གི་བུམ་པ་བྲག་ཡིན་ལ། དེའི་བྱང་ན་བྱེ་ཐང་གི་རི་ལ་སྦས་ལུང་སྲེག་པ་ལུང་ཞེས་པའི་ཐེམ་ཆུང་བདུན་པ་ཞིག་ཡོད་པ་དེར་སྙི་བརྡོལ་གྱིས་ཞིང་རྣམས་ཆུར་ཁྱེར་ཏེ་བརླག་པས་དེའི་མི་རྣམས་ལ་མུ་གེ་བྱུང་བ་དེ་ཡིན་པར་སྣང་། ཡུལ་ཆུང་དེ་སྔོན་སྐོར་ཐུང་ཤེས་རབ་ཡེ་ཤེས་བྱ་བ། རྫོགས་ཆེན་སེམས་སྡེའི་བླ་མ་ཞིག་བྱུང་བ་དེའི་ཡུལ་ཡིན། ཞེས་སོགས་གསུངས་ཏེ་བྲོས་པོས་ཡིན་ཞེས་ཡི་གེ་མ་དག་པ་ཡིན་པར་བཞེད་པར་མཛད་དོ། །ཡང་ལྔ་པ་རིན་པོ་ཆེ་སོགས་ཀྱིས། ཞིག་པོ་གླིང་པ་རརྣ་གླིང་པའི་མཚན་གྱི་རྣམ་གྲངས་སུ་བཞེད་པ་ཡོད་ཀྱང་། འདིར་རིན་ཆེན་སོག་ཟློག་པ་དང་། ཟབ་ལུང་པ་དབང་གི་རྒྱལ་པོ་དང་། གཏེར་ཆེར་ཉི་མ་གྲགས་པ་སོགས་ཀྱིས་མཛད་པའི་ཡི་གེ་རྣམས་དང་མཐུན་པར་ཕལ་ཆེར་དེ་བཞིན་བཞེད་པས་བཀོད་ཡིན་ནོ། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ སྟར་སྒོའི་ཐང་ལ་དབུས་པའི་ཚོགས་འདུ་བྱེད༔ ཧས་པོ་རི་རྒྱུད་མེ་ཡར་རྫོང་ཞེས་འབྱུང་༔ ཁ་རག་པུག་ཏུ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་བདེ་ཆེན་གླིང་པ་ཞེས་བྱ་འབྱུང་༔ ཞེས་གསུངས་པའི་བདེ་ཆེན་གླིང་པ་ནི། གྲུ་ཤུལ་ཚ་ལུང་ཞེས་པ་རི་བོ་ཁྱུང་ཆེན་ལྡིང་ཞོལ་དུ། ཡབ་དཔལ་འབྱོར་རྒྱལ་མཚན་དང་། ཡུམ་པདྨ་མཚོ་གཉིས་ཀྱི་སྲས་སུ་ཆུ་ཕོ་ཁྱིའི་ལོ་ལ་འཁྲུངས། སྐུ་རུས་ཁེར་ཡིན་ཏེ་རིག་འཛིན་ཆེན་པོ་རརྣ་གླིང་པ་དང་ཡབ་ཚན་དྲུང་ཡིན་ཟེར། འབྲོག་མི་ལོ་(སྟོད་ཆ།༧༡༨)ཙཱའི་སྐྱེ་བ་ཡིན་པར་གྲགས། དགུང་ལོ་བདུན་པ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་མངོན་སུམ་དུ་ཞལ་གཟིགས། སྐུ་རྩེད་མཛད་པས་རྡོ་ལ་ཞབས་རྗེས་ཤིན་ཏུ་གསལ་བ་ཞིག་བྱུང་། དགུང་ལོ་བཅོ་ལྔ་པ་ལ་ཨོ་རྒྱན་རིན་པོ་ཆེ་དང་དངོས་སུ་མཇལ་ནས། དབང་བསྐུར། བྱིན་གྱིས་བརླབས། བཀའ་བསྒོ་བར་མཛད་པས། གུ་རུའི་ལུང་བཞིན། ཆུ་རྟ་སྤྲེལ་ཟླའི་ཚེས་བཅུའི་ཉིན་ཁྱུང་ཆེན་བྲག་ནས་འཇམ་དཔལ་གཤིན་རྗེའི་སྒྲུབ་སྐོར་རྫས་དང་ཕུར་པ་སོགས་སྤྱན་དྲངས་ཤིང་། གཞན་ཡང་གཏེར་གནས་དེ་དང་བྲག་རི་མོ་ཅན། ནམ་སྙིང་སྒྲུབ་ཕུག ཟིལ་ཆེན་གསང་ཕུག །གངས་པར་ཕུག་མོ་ཆེ། མགོན་པོ་གདོང་གི་བྲག །སྨན་ཆུ་བྲག་རྣ་རིང་དམར་གྱི་ཕ་ཝང་། དམ་ཚང་བདེ་མཆོག་ཕུག༔ མདའ་ཚ་ཟེར་གྱི་ཕུག །ཁོན་མཐིང་རྣམ་སྣང་སྐུ་རྒྱབ། བན་པ་གླང་རོང་། བན་པའི་ཆུ་མིག་དམར་པོ། ཁ་རག་ཕུག ལྷོ་བྲག་སྣ་བོ་བྲག། ལྷོ་བྲག་གཏམ་ཤུལ་བྲག་སྲིན་མོ་སྔར་རྗེས་ཅན། སྲིན་པོ་ནག་པོའི་བྲག །འབེབས་བཅད་གཟར་པོའི་བྲག །ཨེ་རོང་ཁྲབ་ཕ་ཁང་། འཇའ་ཚོན་བྲག །ཚེ་ལམ་དཔལ་རི་སོགས་ཀྱི་གཏེར་གནས་རྣམས་ནས། སྐུ་རྟེན་སྐུ་ཚབས། གསུང་རྟེན་གཏེར་ཤོག །ཐུགས་རྟེན་ཕྱག་མཚན། དམ་རྫས་མྱོང་གྲོལ། ཚེ་རིལ་སོགས་བསམ་གྱིས་མི་ཁྱབ་པ་གཏེར་ནས་བཏོན་ཞིང་། འབུམ་གྱི་རྒྱ་དཔེ་ཚད་མའང་བཏོན་པར་གྲགས་ཤིང་། གཏེར་ཆོས་ཚེ་ཁྲིད་ཡིད་བཞིན་མེ་ལོང་། ཇོ་མོ་ཁ་རག་ནས་གདན་དྲངས་པའི་བཀའ་བརྒྱད་དྲེགས་པ་འཇོམ་བྱེད། ཞིང་སྐྱོང་སྐོར་སོགས་མཐའ་ཡས་པར་སྤྱན་དྲངས་ཚུལ་གཏེར་འབྱུང་དུ་བཤད་ལ། སྐུ་ཚེའི་ཚད་ཀྱང་བདུན་ཅུ་དོན་བརྒྱད་བར་དུ་བཞུགས་པའི་ལུང་བསྟན་ཡོད་(སྟོད་ཆ།༧༡༩)དེ། ཇི་སྐད་དུ། བདུན་ཅུ་དོན་བརྒྱད་ཚེ་ཡང་མཐར་ཕྱིན་འགྱུར༔ དེ་ནས་ཤེལ་བྲག་ཕྱོགས་སུ་མྱ་ངན་འདའ༔ ཕུང་པོ་འདི་ཉིད་ལྷ་སར་གཏེར་དུ་སྦོས༔ དེ་ནས་ཀོང་པོ་བུ་ཆུའི་གཏེར་ཞབས་དྲིལ༔ ལས་ལུས་མ་ཡིན་དག་པ་ཡེ་ཤེས་ལུས༔ ཞེས་སོགས་གསུངས་ཀྱང་། ལུང་བསྟན་དང་རྗེས་མཐུན་གྱི་རྟེན་འབྲེལ་སྒྲིག་ཕྱོགས་མ་མཛད་པའི་སྐྱོན་གྱིས་གཏེར་ལུང་ལས་གསུངས་པ་དག་ཕྱོགས་གཞན་དུ་ཕུལ་ཏེ་དགུང་ལོ་སོ་གཅིག་པ་ལ་གཞན་དབང་གིས་རྐྱེན་ལམ་དུ་གཤེགས། སློབ་བརྒྱུད་ཀྱང་། ལུང་བསྟན་ལྟར་ན་ཆོས་བདག་མང་དུ་ཡོད་ཀྱང་རྟེན་་འབྲེལ་རང་དབང་དུ་མ་གྱུར་པས་ཐམས་ཅད་མ་འདུས་ཀྱང་། བྱང་ཆུབ་གླིང་པ་སྣ་ཚོགས་རང་གྲོལ་དང་། དཀར་པོ་བསྟན་འཛིན་ནོར་བུ་སོགས་དང་མཇལ། ཆོས་བརྒྱུད་དང་འགྲོ་དོན་སོགས་ཀྱང་ཅུང་ཟད་ལས་རྒྱ་ཆེར་མ་འཕེལ་བར་འདྲའོ། དེའི་སྐུའི་སྐྱེ་བ་ནི་ཀོང་པོ་བུ་ཆུར་འཁྲུངས། དགུང་ལོ་དྲུག་གི་སྟེང་དུ། བླ་མ་སངས་རྒྱས་དང་། བླ་མ་རང་གྲོལ་བ་སོགས་བུ་སློབ་རྣམས་ཀྱིས་གསང་སྔགས་ཕོ་བྲང་དུ་སྤྱན་དྲངས། རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེ་ལ་གཙུག་ཕུད་ཕུལ། རྗེས་སུ་ས་སྐྱ་པ་ངག་གི་དབང་པོ་དང་། རྗེ་སྣ་ཚོགས་རང་གྲོལ། འབྲུག་པ་མི་ཕམ་ཆོས་རྒྱལ། ཞིག་པོ་གླིང་པ་གར་གྱི་དབང་ཕྱུག །ཕྲེང་པོ་གཏེར་སྟོན་ཤེས་རབ་འོད་ཟེར། འབྲི་གུང ་ཆོས་རྒྱལ་ཕུན་ཚོགས་རྣམས་ཀྱི་ཞབས་ལ་གཏུགས་གསང་སྔགས་བཀའ་གཏེར་གྱི་དབང་ལུང་དང་རང་གཞན་གྱི་ཆོས་ལུགས་མཐའ་དག་ལ་སྦྱངས་ཤིང་གདམས་པ་རྫོགས་པར་མཛད། གཏེར་འདོན་པའི་ལུང་བསྟན་ཡོད་ཀྱང་རྟེན་འབྲེལ་རང་དབང་དུ་མ་གྱུར་ཅིང་སྐུ་ཚེ་མཐར་ཕྱིན་པ་དང་ཟབ་གཏེར་བཞེས་རྒྱུའི་(སྟོད་ཆ།༧༢༠)རྟེན་འབྲེལ་བསྒྲིགས་དགོས་ཀྱི་སྐུ་རིམ་མང་པོ་སྒྲུབ་དགོས་པ་རྣམས་ཀྱང་མ་གྲུབ་པས། དགུང་ལོ་སོ་དགུའི་སྟེང་དུ་ཞིང་ཁམས་གཞན་དུ་གཤེགས། བུར་སྦྱངས་པས་ཐུགས་ཡོངས་རྫོགས་སོགས་རྟེན་དང་རིང་བསྲེལ་མང་དུ་བྱོན། རྟེན་འབྲེལ་འགྲིགས་ན་ཟབ་གཏེར་མང་པོ་ཐོན་པ་དང་། ཤར་ཀ༔ ཐོག་གི་བསྟན་པའི་ཉམས་གསོ་མཛད་ཅིང་། ཁམས་ཀོང་ཐམས་ཅད་དུ་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་ཡོད་པར་ལུང་བསྟན་ཡོད་ཀྱང་ཐོག་ཏུ་མ་ཁེལ། དེའི་སྤྲུལ་སྐུ་ནི་མོན་མེལ་མོར་འཁྲུངས་ཏེ་སྐུ་ཐོག་གསུམ་ཙམ་བྱོན་པར་གྲགས་སོ། དེ་ལྟར་ཐང་ཡིག་ཆེན་མོ་ལས་ལུང་དུ་བསྟན་པའི་སྤྲུལ་པའི་གཏེར་སྟོན་རྣམས་ཇི་ལྟར་བྱོན་ཚུལ་གྱི་ལོ་རྒྱུས་གྲངས་དང་གོ་རིམ་ཐང་ཡིག་ཉིད་ནས་འབྱུང་བ་བཀྱུས་བཞིན་བྲིས་ནས་འདིའི་འཕྲོས་སུ་གྲགས་ཆེན་འགའ་ཞིག་འབྲི་བར་བྱ་སྟེ། ༤ གཞན་དག་གྲགས་ཆེན་གཏེར་སྟོན་རྣམས་ཀྱི་མཛད་རྣམ་སྐོར། དེ་ཡང་། ཞིག་པོ་གླིང་དང་འགྲོ་འདུལ་རརྣ་གླིང་༔ ཞེས་སྐུ་གཅིག་མཚན་གསུམ་དུ་གྲགས་པའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་རརྣ་གླིང་པ་ནི། མངའ་བདག་ཉང་གི་གཏེར་ལུང་ལས། ལོ་ནི་ལྔ་བཅུ་ཁ་རལ་དུས༔ ཉི་མ་ཤར་ལྷོའི་ཕྱོགས་དག་ཏུ༔ ཆོས་ཀྱི་རྒྱལ་པོ་རརྣ་གླིང་༔ ཕྲིན་ལས་བཞི་ལ་མངའ་མཉེས་པའི༔ མཚོ་རྒྱལ་ཁྱོད་ཀྱི་སྤྲུལ་པ་ཞིག༔ བྱིན་གྱིས་བརླབས་པའི་སྐྱེས་བུ་འབྱུང་༔ ཞེས་དང་། གུ་རུ་ཆོས་དབང་གཏེར་ལུང་ལས༔ འདི་ནས་ཤར་ཕྱོགས་ཤིང་སྒའི་མཚམས༔ རི་བོ་ཁྱུང་ཆེན་(སྟོད་ཆ།༧༢༡)ལྡིང་འདྲའི་བར༔ ལུག་ལོ་པདྨ་དབང་ཆེན་རྩལ༔ སྐྱེད་རྫོགས་དོན་ལ་མཁས་པ་འབྱུང་༔ ཞེས་ལུང་བསྟན་ནས་ཇི་ལྟར་གསུངས་པ་བཞིན་དུ། ལྷོ་བྲག་གྲུ་ཤུལ་ཞེས་པའི་ཆར། རི་བོ་ཁྱུང་ཆེན་གྱི་ཞོལ། ཆུ་གཉིས་ཀྱི་བར་ཐང་ཀར་ཞེས་བྱ་བར། གྲོང་ལག་སོར་བསྐྲམ་པ་ལྟ་བུའི་ཤར་ལྷོའི་ཆར། ཡབ་ཕྱུག་པོ་མདོ་སྡེ་དར་ཞེས་པ་དང་། ཡུམ་པདྨ་མཁའ་འགྲོའི་རིགས་ཅན་སྲི་ཐར་སྨན་ཞེས་པའི་སྲས་སུ་ཆུ་མོ་ལུག་གི་ལོ་ཟླ་ར་བའི་ཚེས་བཅོ་ལྔ་ལ་སྐུ་འཁྲུངས་ཏེ་མཚན་རིན་ཆེན་དར་ཞེས་གསོལ། རིམ་པས་སྐུ་བསྐྱེད་བསྲིང་ཞིང་དགུང་ལོ་དྲུག་གི་དུས་ཡབ་ཀྱིས་ཡིག་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན་ཅིང་། དགུང་ལོ་བཅུ་ཙམ་ནས་དག་པའི་སྣང་བ་འབའ་ཞིག་ཤར་ཞིང་རྨི་ལམ་དུ། པཎྜི་ཏ་དང་ཨ་ཙརྱ་འགས་དབང་བསྐུར་བ་དང་། ཆོས་འཆད་པ་དང་། སྐུ་གསུང་ཐུགས་རྟེན་ཤོག་སེར། པུ་སྟི་མང་པོ་དང་། རྡོ་རྗེ་དྲིལ་བུ་ལྷ་སྐུ་སོགས་རྙེད་པའི་མཚན་ལམ་ཡང་ཡང་བྱུང་། དགུང་ལོ་བཅུ་གསུམ་དུས་རྒྱ་གར་རྡོ་རྗེ་གདན་གྱི་བཀོད་པ་རྣམས་གསལ་པོར་དྲན། སྐུ་གཞོན་ནུའི་དུས་ཐུགས་རྒོད་ཅིང་ལུས་རྩལ་སོགས་ལ་གཞན་གྱིས་འགྲན་དུ་མེད་པར་གྲགས། དེ་དུས་གུ་རུ་ཆོས་དབང་གི་སྤྲུལ་པར་གྲགས་པའི་བླ་མ་ཀུན་དགའ་དོན་ཡོད་ཞེས་པས་འགྲོ་དོན་ནུས་པ་ཞིག་འབྱུང་ཞེས་ལུང་བསྟན། གཞན་ཡང་སྔོན་སྦྱངས་སྟོབས་ཀྱིས་བཟོ། གསོ་བ། སྒྲ། སྙན་ངག་སོགས་དང་ཐ་ན་གླུ་བྲོ་ཚུན་ལ་ཤིན་ཏུ་མཁས་ཏེ། དེ་དག་ཀྱང་གཏེར་ལུང་ལས། ཤེས་བྱ་དང་ཡོན་ཏན་ནི་སྔོན་སྦྱངས་ཀྱི་ལས་སད་པས་མ་སློབ་པས་རང་བྱུང་ཤེས་ནས་མཆི། ཤར་གྲོལ་གྱི་མཚང་རིག་པས་སྤྱོད་པའི་ཚུལ་མི་འཆོས་པ།(སྟོད་ཆ།༧༢༢) ཤེས་རབ་ཀྱི་བློ་ཁ་བྱེ་བས་མདོ་སྔགས་ཀྱི་དོན་ལ་མཁས་པ། སྦྱངས་པ་སྔོན་དུ་སོང་བས་རྟོགས་པ་ཐོད་རྒལ་དུ་ཤར་བ། ཐབས་ཤེས་ཀྱི་རྩལ་རྒྱས་པས་གཅོད་བྱེད་ཀྱི་ལན་མི་ཟློག་པ། རིག་པ་ལ་དྲུང་ཐོན་པས་མཐུན་འདུག་གི་སྤྱོད་པ་མི་མཁས་པ། གཏད་མེད་ཀྱི་ཉམས་ཤར་བས་གྱོད་ཚིག་རང་གར་སྨྲ་བ། ཐབས་ལྡན་གྱི་དཔའ་བོ་ཡིན་པས་རིགས་བཟང་གི་བུད་མེད་འདུ་བ། ཚངས་པའི་དབྱངས་མངའ་བས་གདུལ་བྱའི་ཡིད་འཕྲོག་པ། གཟུགས་དང་ལང་ཚོ་ལྡན་ཞིང་ཐམས་ཅད་ཆོ་རོལ་དུ་སྨྲ་བ། རྫུན་ཆེ་རྟགས་པར་དཀའ་ཞིང་གཞན་གྱིས་དགོངས་པ་མི་ལོན་པ། དེས་མེད་ཀྱི་ཚུལ་སྤྱོད་ཅིང་གསང་སྤྱོད་ཉམས་སུ་ལེན་པ། རྟགས་དང་ནུས་པར་ལྡན་ཡང་སྦས་ཚུལ་རྣལ་མར་སྤྱོད་པ་ཅིག་འབྱུང་། ཞེས་པ་ལྟར་བྱུང་ཞིང་། དགུང་ལོ་ཉེར་གཉིས་ནས་སྲིད་ཀྱི་བྱ་བ་མཛད་ཅིང་དགུང་ལོ་ཉེར་བདུན་བཞེས་པའི་མེ་མོ་བྱའི་ལོར། ན་ཁ་ཞིག་ན་ཅུང་ཟད་གཟིམ་ཅིང་མནལ་བའི་ཚེ། སྔས་སུ་ཁམས་པ་ཞིག་གིས། ཁྱོད་ཀྱི་ཡུལ་འདིར་རི་བོ་ཁྱུང་ཆེན་ལྡིང་བ་བྱ་བ་ཡོད་དམ་ཟེར། ཁྱུང་ཆེན་ལྡིང་བ་བྱ་བ་མེད། བྲག་ཡ་གི་ལ་ཁྱུང་ཆེན་ཟེར་བ་ཡིན་བྱས་པས། འོ་ན་བྲག་འགག་བྱ་བ་ཡོད་་དམ་ཟེར། ཡོད་བྱས་པས། དེ་ན་ཨོ་རྒྱན་པདྨའི་གཏེར་ཀ་ཟབ་མོ་ཞིག་ཡོད་པ་ཡིན། དེའི་ཁ་བྱང་ང་ལ་ཡོད་ཟེར་ནས་རས་ཁུག་ཅིག་གི་ནང་ནས་དར་ནག་པོས་དྲིལ་བབའི་སོག་སེར་གསུམ་བསྟན་བྱུང་། གཟིགས་པས་རང་ཉིད་ཀྱི་ལུང་བསྟན་དུ་འདུག །དེ་ནས་ཁྱིམ་དུ་གདན་དྲངས་ནས་ཟས་སྣ་དང་ཆང་སོགས་དྲངས་ནས་ཐུགས་སྒྲུབ་གསང་འདུས་དང་། བླ་མའི་རྣལ་འབྱོར་ལུང་ཞུས། ཨོ་རྒྱན་དངོས་(སྟོད་ཆ།༧༢༣)ཡིན་སྙམ་པ་བྱུང་གསུངས། དེར་རྣལ་འབྱོར་པ་དེས། ངའི་ཁ་བྱང་འདི་དང་ཁྱེད་རང་རྟེན་འབྲེལ་འགྲིགས་པ་དུས་འཛོམས་པ་འདྲ། ཁྱེད་ཀྱི་གཏེར་འདོན་དུས་ལོ་གསུམ་ན་ཡོད་པས། དེའི་བར་དུ་འདི་འདྲ་ཡོད་ཀྱི་ཚིག་ཟུར་ཙམ་ཡང་མ་ཟག་པར་གྱིས། ཐོན་ནས་ཀྱང་རང་ནམས་སུ་ལེན་པ་མ་གཏོགས་གཞན་ལ་ཤིན་ཏུ་གསང་དགོས་པར་བཤད་པ། ཁྱོད་རང་ཁ་ལས་མ་འཛག་པར་གྱིས། ཐོནས་ནས་གཏེར་ལུང་ལྟར་སྤྱོད། ང་ལ་གཏེར་གྱི་རྒྱུས་ཆེན་པོ་ཡོད་པ་ཡིན་གསང་སྒོ་འཆོལ་ན་བདུད་ཀྱི་སྒོ་ཉལ་བར་ཆད་ཡོད་པས། ང་དང་མ་འཕྲད་ན་དེ་ཚུག་མཛོད་སོགས་གསུངས། འབུལ་བ་དང་གསོལ་ཆས་སོགས་ཕུལ་ཀྱང་གང་ཡང་མ་བཞེས་པར་གཤེགས། དེར་རྣལ་འབྱོར་པ་དེ་ཡང་མིག་འཕྲུལ་ལྟ་བུ་འདི་ཅི་འདྲ་ཞིག་ཡིན་སྙམ་ནས་ཤོག་སེར་གཟིགས་པས་སྔར་བཞིན་འདུག །རྣལ་འབྱོར་པ་དེ་སླར་བཙལ་ཡང་མ་རྙེད། དེར་གཏེར་གྱི་ཁ་བྱང་ཡིན་པར་ཤེས་ནས་རེ་ཞིག་གསང་རྒྱ་དགོས་པའི་དོན་གྱིས་ཁ་བྱང་རྣམས་གུ་རུའི་སྐུ་མཐོ་གང་བ་ཞིག་བཞེངས་ནས་དེའི་ནང་རྟེན་དུ་བཅུག །རྗེ་ཉིད་སྤྲག་ཤི་བྲོ་བའི་ཚུལ་མཛད་ནས། གྲུ་ཤུལ་སྟོད་སྨད། གཉལ། ཡར་ལུང་། རྩེད་ཐང་རྣམས་སུ་ཕེབས། དེ་སྐབས་ཡེ་ཤེས་ཀྱི་མཁའ་འགྲོ་མ་མི་མོའི་རྣམ་པ་ཞིག་གིས་ཟས་སྟེར་བའང་བྱུང་། དེ་ནས་ལྷ་ས་དང་བསམ་ཡས་ལ་སོགས་པར་ཕེབས། མཆིམས་ཕུར་ཕྱིན་པའི་ནུབ་མོར་ཀུན་མཁྱེན་ཆེན་པོ་དང་མཇལ་ནས་ཤེལ་གྱི་གུག་ཞིག་བྱིན་ནས་དོན་གཉིས་སྤྱོད་ཅིག་གསུངས་པའི་མནལ་ལམ་བྱུང་། དེ་ནས་ཡུལ་དུ་སླེབས་ནས་ཁ་བྱང་ལས། གནམ་ལོ་ཅུ་བྱའི་གཏེར་སྟོན་སུམ་ཅུའི་ལོ༔ སྤྲེལ་ཟླའི་ཚེས་བཅུ་སུརྱ་ཤར་མཚམས་སུ༔ ཞེས་སོགས་གསུངས་པས་སྟོན་པ་མགོན་(སྟོད་ཆ།༧༢༤)རྒྱལ་དང་བགྲོས་ནས། ཆུ་ཚན་དགོན་པར་བླ་མ་རྟོགས་ལྡན་ཡེ་ཤེས་བཟང་པོ་ཞེས་པ་གཏེར་སྟོན་ཉིད་ཀྱི་རྩ་བའི་བླ་མར་བཞུགས་པ་ཞིག་ཡོད་པར་དེར་ཁ་བྱང་གཟིགས་སུ་ཕུལ་ནས་ལོ་རྒྱུས་ཞུས་པས། བླ་མ་ཐུགས་མཉེས་ནས་ངོ་མཚར་ཆེ། ད་ཤིན་ཏུ་ནས་གསང་ཞིང་གཟབ་པ་ཅིག་ཁྱེད་དོགས་གསུངས། དེ་ནས་ཁ་ཇོ་སྟོན་པ་འདོན་རོག་ཁྲིད་ནས་ཚེས་བཅུའི་ནུབ་གཏེར་རྟགས་བཙལ་ནས་ས་དམིགས་ནས་བརྐོས་པས་དངོས་སུ་རྡོ་ཆར་འབེབས་པ་བྱུང་། གུ་རུ་པ་གསོལ་བ་བཏབ་པས་རྡོ་ཆར་ཆད། གཏེར་ཚེས་བཅོ་ལྔ་ལ་འདོན་དགོས་པའི་ལུང་བསྟན་བྱུང་བ་ལྟར་བཅོ་ལྔའི་ནམ་ལངས་ནས་ས་ཐིག་བཙལ་ནས་བརྐོས་པས་བསེའི་གདུ་སྨུག་པོ་ཞིག་བྱུང་གཏེར་ཚབ་བཅུག་ནས་གཏེར་སྒྲོམ་ཞལ་ཕྱེས་ནས་ཤོག་སེར་ལ་རྟེན་འབྲེལ་བརྟགས་པས་སེམས་དཔའ་སུམ་སྒྲག་བྱུང་སྟེ་རྟེན་འབྲེལ་ལེགས་པར་དགོངས། དེ་ནས་ལོ་གསུམ་བར་དུ་གསང་དམ་བྱས། དེ་ནས་ཆུ་ཚན་དགོན་སར་བླ་མ་རྟོགས་ལྡན་པར་གཟིགས་སུ་ཕུལ་བས་ཐུགས་ཤིན་ཏུ་མཉེས་ནས་རྩ་གསུམ་སྒྲུབ་སྐོར་གྱི་ལུང་ཡང་ཕུལ། སྒྲུབ་པ་མཛད་པས་རྟགས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། གཞན་ཡང་འབྲི་ཐང་ཀོ་རོ་བྲག་ཏུ་ཕེབས་ནས་རྟ་ཕག་ཡབ་ཡུམ་སྒྲུབ་པ་དང་ཟུང་འཇུག་ཏུ་སྒྲུབ་པ་སོགས་ལས་ཚོགས་དང་བཅས་པ་དང་། བྲག་དམར་བཙན་མཁར་རི་མོ་ཅན་ནས་ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་སྒྲུབ་སྐོར་རྣམས་སྤྱན་དྲངས་སོ། དགུང་ལོ་སོ་གཅིག་པ་ཆུ་མོ་གླང ་གི་ལོ་ལུག་ཟླའི་ཚེས་བཅུ་གཉིས་ལ་མཁར་ཆུ་དཔལ་གྱི་ཕུག་རིང་ནས་ཟབ་གཏེར་འདོན་པའི་དུས་སྐས་རིང་བཅུ་གསུམ་ཙམ་གྱི་དཔང་ཡོད་པའི་བྲག་རིར་བྱ་འཕུར་བ་ལྟར་སྐད་ཅིག་ལ་ཕེབས། གུ་རུ་རིན་པོ་ཆེ་དངོས་སུ་གཟིགས། རིག་འཛིན་གུ་རུ་ཆོས་ཀྱི་(སྟོད་ཆ།༧༢༥)དབང་ཕྱུག་ཀྱང་མདུན་གྱི་ནམ་མཁར་ཡིག་བདུན་བསྐུལ་ཞིང་བཞུགས་པ་གཟིགས། དེ་ཉིན་ཚེ་ཆུ་རྙེད་ཅིང་དཔོན་སློབ་ཀུན་གྱིས་གསོལ། ཕྱིས་བྲག་དེར་ཆུ་རྗེས་ཡང་མི་འདུག །རྫ་ལ་བྱས་པའི་གཏེར་སྒྲོམ་ནས་ཕྱག་ཆེན་ཉི་མའི་སྙིང་པོའི་སྐོར་དང་། གདམས་པ་གཅེས་པ་རྣམ་བརྒྱད། དམ་རྫས་ཁྱད་འཕགས་སོགས་སྤྱན་དྲངས། ད་ནུབ་ཉམས་སྣང་ལ་གུ་རུ་རིན་པོ་ཆེ་ཨ་ཙར་གཞོན་ནུའི་ཆ་བྱད་ལ་འཁོར་རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པས་དབང་བསྐུར་ཚོགས་ཀྱི་འཁོར་ལོ་བསྐོར་ནས་ངོ་སྤྲོད་མཛད་པིའ་དག་སྣང་བྱུང་ངོ་། ཤིང་ཡོས་ལོར་རྒྱལ་བའི་དབང་པོ་ཀརྨ་པ་མཐོང་བ་དོན་ལྡན་མཇལ་བར་ཕེབས་ནས་བཀའ་ཆོས་མང་དུ་གསན། དགུང་ལོ་སོ་དྲུག་པ་ཆོས་རྗེ་རིན་པོ་ཆེ་ཟླ་བ་གྲགས་པ་དང་མཇལ་ཐུགས་ཡིད་གཅིག་འདྲེས་སུ་གྱུར། རྫོགས་པ་ཆེན་པོའི་ཆོས་ཀ་མང་དུ་གསན་པར་མཛད་དོ། ས་ལུག་ལོར་སྤྲུལ་པའི་མཁའ་འགྲོ་ལྔས་དར་གྱི་དོ་ལི་ལ་སྤྱན་དྲངས་ནས་ཟངས་མདོག་དཔལ་གྱི་རོ་བོར་ཕེབས་པའི་དག་སྣང་བྱུང་། ཨོ་རྒྱན་རིན་པོ་ཆེ་དང་མཇལ་བས་ཡན་ལག་བདུན་པ་དང་། གུ་རུ་རིན་པོ་ཆེ་རིག་འཛིན་དཔའ་བོ་ཌ་ཀྐིའི་ཚོགས་དང་བཅས་པ་ལ་བསྟོད་པ་དོན་གསལ་སྒྲོན་མེ་མཛད། ནུབ་གཅིག་སྔགས་སྲུང་མ་སྨུན་ནག་ཞིང་དབྱུག་དང་སྙིང་འཛིན་པ་ཞིག་གིས་སྨན་རྩེར་བྱོན་པར་བསྐུལ་བས་དེར་ཕེབས་པར་དགོངས་ཚེ། བུ་མོ་དར་གྱི་ཐོད་ཅན་ལྔས་ཨོ་རྒྱན་ཡབ་ཡུམ་ཡང་ལོ་ཤོད་དུ་ཕེབས་ཡོད་པས་དེར་གཤིགས་པར་ཞུས་པ་ལྟར་སྐད་ཅིག་ལ་བྱ་འཕུར་བ་བཞིན་དེར་ཕེབས། ཨོ་རྒྱན་རིན་པོ་ཆེ་པཎ་ཆེན་གཞོན་ནུ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་ལ་འཁོར་ཌ་ཀྐི་སྔགས་འཆང་རིན་འཛིན་གྲུབ་ཐོབ་པཎ་ཆེན་སོགས་ལས་(སྟོད་ཆ།༧༢༦)ལྡན་བཅུ་གསུམ་གྱིས་བསྐོར་ནས་བཞུགས་པ་དང་མཇལ། ཞབས་སྤྱི་བོར་བླངས་ཤིང་རྗེས་སུ་འཛིན་པར་གསོལ་བཏབ་པས་མཐར་ཐུག་དོན་གྱི་ངོ་སྤྲོད་གནང་སྟེ་སྙན་བརྒྱུད་ཡང་ལེ་ཤོད་མ་བྱ་བ་ཡོད། དེ་སྐབས་དཔལ་ཆུ་བོ་རིར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ་གཏེར་རྫས་འབུལ་བར་མངགས་པས། གྲུབ་ཐོབ་ཆེན་པོས་གཏེར་རྫེཾས་རྣམས་ཆུར་ཕོངས་ཤིང་གསུངས་ནས་དབང་མེད་དུ་གཙང་པོར་འཕངས་ཚུལ་ཞུས་ཀྱང་མ་གསན་པར་ད་ལྟ་ཁྱེར་ཤོག་གསུངས་པས་ལྟར་ཕྱིན་པས་ཅི་ཡང་མ་ཉེས་པར་འཇའ་འོད་ཀྱི་དབུས་ན་འདུག་པ་བླངས་ནས་ཕུལ་བས་ཐུགས་མཉེས་ཏེ་གཏེར་སྟོན་ཟེར་བ་དེ་འདྲ་དགོས་པ་ཡིན། ངས་ཁྱེད་རྣམས་ཡིད་ཆེས་ཕྱིར་དེ་ལྟར་བྱས་པ་ཡིན་གསུངས་སླར་ཞུ་མཆིད་ཆེ་བརྗོད་སོགས་རྒྱ་ཆེར་མཛད་ཅིང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དེ་ནས་འཕན་ཡུལ་སྨན་རྩེར་ཕེབས་ཆོས་བདག་ལུང་ཟིན་རྣམས་ལ་གཏེར་ཆོས་སྨིན་གྲོལ་གནང་ནས་དོན་ལྡན་དུ་མཛད། ལྷོ་བྲག་ཁོན་མཐིང་བསམ་ཡས་བྱང་ཆུབ་ཆེན་པོ་དང་། གཉལ་སྨད་དགེ་རི་བྲག་གུང་ཐང་མཁར། ནེ་རིང་སེང་གེ་རྫོང་སོགས་ནས་སྤར་ཕྱིར་གཏེར་ཁ་བསམ་གྱིས་མི་ཁྱབ་པ་བཞེས་ཏེ་ཁྱོན་དྲིལ་གཏེར་ཁ་ཆེན་པོ་ཉེར་ལྔ་སྤྱན་དྲངས་ཏེ། གཏེར་ལུང་ལས། སློབ་དཔོན་དོན་ལྡན་སྐྱེས་བུ་དེ༔ སོ་བདིན་སྟག་ལ་མ་འདས་ན༔ གཏེར་ཁ་ཉི་ཤུ་རྩ་ལྔ་དབང་༔ ཞེས་སོགས་ཀྱི་སྐུ་ཚེའི་འཕྲང་རྣམས་ལས་གྲོལ་སྐུ་ཚེ་མཐར་ཕྱིན་པ་ཡིན་ནོ། གསུངས་ལས། མཐའ་ཡི་མིར་སྐྱེས་རིན་ཆེན་དཔལ་བཟང་ལ། སྔོན་སྦྱངས་ལས་འགྲོ་སྨོན་ལམ་དཀར་བའི་མཐུས། མཐའ་དབུས་ཀུན་ནས་གཏེར་ཁ་ཉེར་ལྔ་(སྟོད་ཆ།༧༢༧)ཕྱེ། །ཉམས་དང་རྨི་ལམ་བཟང་རྟོགས་ཙམ་དུ་ཡང་། །ཨོ་རྒྱན་རྗེ་དང་ལན་གྲངས་ཉེར་ལྔ་མཇལ། །དབང་དང་བསྙེན་སྒྲུབ་དབྱངས་དང་ཕྱག་ལེན་སོགས། རང་བཟོ་མ་ཡིན་གུའི་ཕྱག་ལེན་མཐོང་། །བཀའ་གཏད་རྗེས་གནད་དབང་བཞིའི་ཆུ་བོ་འབབ། གཟུ་ལུམས་རང་བཟོ་རྣམས་དང་ཅུང་མི་འདྲ། །ཞེས་སོགས་གསུངས་པ་བཞིན་ནོ། །ཙ་རི་དང་ཀོང་པོར་ཕེབས་དགོས་པའི་མཁའ་འགྲོའི་བསྐུལ་མའང་བྱུང་། དེ་སྐབས་ཇོ་ཤཱཀ་རྣམ་གཉིས་ལ་མར་ཁལ་སྟོང་པྲག་ལ་སོགས་པའི་མཆོད་འབུལ་མཛད། དེ་ནས་གཉལ་སྟོད་སྨད་བརྒྱུད་ཆོས་རྒྱལ་བྱ་བའི་གདན་འདྲེན་པར་ཕེབས་ནས་སྐྱེ་བདུན་སྨན་སྒྲུབ་སོགས་ཀྱི་འགྲོ་དོན་མཛད། དེ་ནས་ཙ་རིར་ཕེབས་པའི་གོང་དུ་ཀོང་ཡུལ་སྤྱི་དང་ཙ་རིའི་གནས་སོགས་གཟིགས་སྣང་བྱུང་བ་དང་ཁྱད་པར་ཅུང་ཟད་ཀྱང་མ་བྱུང་ཞིང་། སྔར་མཚན་ལམ་དུ་བསྐུལ་མ་བྱེད་པའི་ཌཀྐི་བདུན་པོ་དེ་དག་ཕྱིས་ཀོང་པོར་ཕེབས་དུས་དངོས་སུ་སྣང་གསུངས། དེ་ཡང་གཏེར་ལུང་ལས། ཁྱུང་ཆེན་རི་དང་མཁར་ཚུའི་ཟབ་གཏེར་འདོན༔ གསང་བའི་མཚན་ཡང་ཞིག་པོ་གླིང་པ་ཡིན༔ གུང་ཐང་དགེ་རི་རྫོང་གསུམ་གཏེར་ཁ་འདོན༔ གསང་བའི་མཚན་ཡང་རརྣ་གླིང་པར་གྲགས༔ བསམ་ཡས་གནམ་སྐས་བུམ་ཐང་གཏེར་ཁ་འདོན༔ གསང་བའི་མཚན་ཡང་རརྣ་གླིང་པར་གྲགས༔ བསམ་ཡས་གནམ་སྐས་བུམ་ཐང་གཏེར་ཁ་འདོན༔ གསང་བའི་མཚན་ཡང་འགྲོ་འདུལ་གླིང་པར་གྲགས༔ ཞེས་གསུངས་པ་ལྟར། སྐུ་གཅིག་ལ་གླིང་པ་གསུམ་གྱི་མཚན་དུ་གྲགས་པ་སྟེ། རྟེན་འབྲེལ་རབ་དང་མཆོག་དང་ཕུལ་དུ་གྱུར་པས་སྐུ་ཐོག་གསུམ་གྱི་གཏེར་སྐལ་སྐུ་ཚེ་འདི་ཉིད་ལ་བཏོན་པ་ཡིན་ཅེས་ཀུན་མཁྱེན་ལྔ་པ་རིན་པོ་ཆེས་གསུངས་སོ། གཞན་ཡང་ཕུར་སྒྲུབ་ཐུགས་སྒྲུབ་སྨན་སྒྲུབ་སྐྱེ་བདུན་སྒྲུབ་ཆེན་སོགས་ཀྱིས་འགྲོ་དོན་སྐྱོང་(སྟོད་ཆ།༧༢༨)སྐབས་དང་དབང་ཁྲིད་ལུང་སོགས་སྐལ་ལྡན་རྣམས་ལ་སྩལ་བའི་དུས་དང་གཏེར་གདན་དྲངས་པའི་དུས་སོགས་ལ་སྐུ་ལུས་མི་སྣང་བ་དང་། རི་བྲག་ལ་ཟང་ཐལ་དུ་གཤགས་པ་སོགས་རྫུ་འཕྲུལ་དུ་མ་དང་། ལྐོག་གྱུར་སྒྲིབ་མེད་དུ་གཟིགས་པའི་མངོན་ཤེས་དང་ངོ་མཚར་བའི་ལྟས་ཀྱི་རྣམ་གྲངས་འཇའ་ཚོན་སྣ་ཚོགས་ཀྱི་དྲ་བར་འབྲེལ་བ་དང་། མེ་ཏོག་ཁ་དོག་སྣ་ཚོགས་ལག་པས་བཟུང་དུ་བཏུབ་པའི་ཆར་དང་། སྤོས་དང་སྨན་གྱི་དྲིས་རྒྱང་རིང་ཚུན་ལ་ཁྱབ་པ་སོགས་བྱུང་བ་ནི་རེ་རེ་ནས་བརྗོད་ཀྱིས་མི་ལངས་ཏེ་མཐའ་ཡས་སོ། དབང་དང་སྒྲུབ་ཆེན་གང་ལའང་བར་ཆད་ཀྱི་རྣམ་པ་ཅུང་ཟད་ཀྱང་འོང་མ་མྱོང་གསུངས་ཏེ། ངོ་མཚར་ཡ་མཚན་སྒྲུབ་རྟགས་ལས། བར་ཆད་ཕྲ་མོའང་འོང་མ་མྱོང་། ཞེས་གསུངས་པ་ལྟར་རོ། གཞན་ཡང་གསུང་འགུར་དང་། བརྩོད་ཟློག །ཆོས་འབྱུང་། དབང་ཁྲིད་ཞལ་གདམས་སོགས་བསྟན་བཅོས་ཀྱང་མང་དུ་མཛད། བརྒྱུད་འཛིན་སློབ་མའི་ཚོགས་ཀྱང་། ཐུགས་སྲས་སྙིང་གུ་བུ་བཞི། ཉེ་བའི་བུ་བཞི། མཆོག་གི་བུ་ལྔ། དཀྱིལ་འཁོར་འཛིན་པའི་བུ་བརྒྱད། ཆོས་བརྒྱད་ཉི་ཤུ་རྩ་ལྔ། ཕྲ་མོའི་རིགས་ནམ་མཁའི་སྐར་མ་ཙམ་ཞིག་སྟེ་གཙོ་ཆེ་བ་འགའ་ཞིག་སྨོས་ན། རྒྱལ་བའི་དབང་པོ་ཀརྨ་པ་མཐོང་བ་དོན་ལྡན། སྣེ་གདོང་གོང་མ་ཆེན་པོ་ཀུན་དགའ་ལེགས་པའི་འབྱུང་གནས། འབྲུག་པ་རྒྱལ་དབང་ཆོས་རྗེ་སྨྱོས་མཐིང་མ་བ། ཡར་ལུང་སྤྲུལ་སྐུའི་བརྒྱུད་པ། སྨན་རྩེ་པ་བསམ་འགྲུབ་རྒྱལ་པོ། རྟག་མགོ་ཆོས་རྗེ། ར་ལུང་པ་ཀུན་དགའ་དཔལ་འབྱོར། དུམ་གུ་རི་པ་རྫ་ལུང་པ། ཟ་ར་བ། བྲག་སྣ་ཆོས་རྗེ། ཀོང་པོ་བྱ་ཁྱུང་པ་(སྟོད་ཆ།༧༢༩)སོགས་སྨོས་ཀྱིས་མི་ལངས་ཏེ། མདོར་ལ་གངས་ཏི་སེ་ནས་བཟུང་རྒྱལ་མོ་རོང་ཡན་དང་། སྤུ་བོ་ནས་ལྷོ་བྲག་བུམ་ཐང་མོན་ཤར་ནུབ། གཙོ་བོར་དབུས་གཙང་རུ་བཞིའི་བླ་ཆེན་མི་ཐམས་ཅད་སློབ་མར་མ་གྱུར་མེད་པ་ལྟ་བུ་ཡིན་པར་སྣང་ངོ་། །དེ་ལྟར་གདུལ་བྱ་དང་ཕྲིན་ལས་མཐར་ཕྱིན་ནས་བུ་སློབ་རྣམས་ལ་ཆོས་དང་མཐུན་པའི་ཞལ་གདམས་རྒྱ་ཆེར་གསུངས་ནས་དགུང་ལོ་དོན་བཞི་པ་ལ་གཟུག་སྐུའི་བཀོད་པ་བསྡུས་ཏེ། རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ག་ལ་བ་དེར་གཤེགས་ནས་དཔའ་བོ་རང་གྲོལ་རྩལ་ཞེས་བྱ་བར་གྱུར་ནས་སྲིན་པོའི་ཚོགས་རྣམས་ཆོས་ཀྱིས་འདུལ་བར་མཛད་དོ། །དེའི་ཚེ་ས་གཡོ་བ་དང་། མཐིང་ཁ་ཁྱབ་པ་ཆེན་པོའི་འོད་དང་། གུར་ཁྱིམ་ལྟ་བུའི་འཇའ་ཙོན་ལ་གསེར་གྱིས་སྐུད་པ་འཐེན་པ་ལྟ་བུའི་རྡོ་རྗེ་ལུ་གུ་རྒྱུད་སོགས་ཀུན་གྱི་མཐོང་སྣང་མཐུན་པར་བྱུང་། ཞལ་ཆེམས་ལྟར་གདུག་རྟེན་བཀྲ་ཤིས་འོད་འབར་བཞེངས་ནས་སྐུ་གདུག་རིལ་པོར་བཞུགས་པར་བཤད་དོ། །གཞན་ཡང་ཕྱི་མའི་སྐྱེ་སྲིད་ཀྱང་། །སྐུ་དངོས་རྔ་ཡབ་གླིང་ནས་མ་གཡོས་པར། སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པ་ནི། གཙང་ལྷོ་ཁམས་གཉལ་དབུས་ཀྱི་ཕྱོགས་དག་ཏུ། །གྲགས་པ་རྒྱལ་མཚན་འོད་ཟེར་རྡོ་རྗེ་དཔལ། །བཟང་པོའི་མིང་ཅན་དག་དང་ལྔ་པོ་ཡིས། རྫོགས་ཆེན་བཀའ་གཏེར་རྒྱུད་སྡེ་ཕྱི་ནང་དང་། །སྡེ་སྣོད་བསྟན་བཅོས་མན་ངག་ཐམས་ཅད་ཀྱི། །བསྟན་པ་འཛིན་ཅིང་འགྲོ་བའི་བློ་མུན་སེལ། །ཐབས་སྒོ་དུ་མས་གངས་ཅན་མཐའ་དབུས་ཀྱི། །འགྲོ་ཀུན་བདེ་ཞིང་དུ་དུ་འདྲེན་པར་གསུངས། ཞེས་ལུང་བསྟན་པར་རྣམ་ཐར་ལས་བྱུང་ངོ་། སྐུའི་སྲས་ཚེ་དབང་གྲགས་པ་དང་། མཐའ་ཡས་གྲགས་པ་དང་། ཡོན་(སྟོད་ཆ།༧༣༠)ཏན་གྲགས་པ། ནོར་བུ་གྲགས་པ་དང་། ངག་དབང་ནོར་བུ། ལྔ་པ་བི་མ་ལའི་སྤྲུལ་པ་ནོར་བུ་ཡོངས་གྲགས་སོགས་ཨོ་རགཡན་རིན་པོ་ཆེས་ལུང་ཟིན་གྱི་སྐྱེས་ཆེན་ཁོ་ན་ཡིན། སློབ་མའི་མཆོག་གྱུར་རྗེ་ཉུང་པོ་ཞེས་པ་ལ་སྐུའི་སྲས་ཚེ་དབང་གྲགས་པའི་སྐུ་ཡོན་དང་། འགྲོ་དོན་ཕྲིན་ལས་ལ་སོགས་པ་ཚགས་སུ་ཚུད་པ་ཅིག་མ་བྱུང་བར་ཉང་པོ་ཀོང་ཁམས་སོགས་ཀྱི་པྱོགས་སུ་མི་ཐེགས་ཤིང་། འདི་ཉིད་ཀྱི་བསྟན་པ་མ་ཚུགས་ཀྱི་བར་བཞུགས་དགོས་གསུངས་པ་བཞིན། ཉང་པོས་ལྷུན་གྲུབ་ཕོ་བྲང་གི་གདན་ས་མཛད། སྲས་ཚེ་དབང་གྲགས་པ་ཁམས་པྱོགས་ལ་བྱོན་ཏེ། ཀ་ཐོག་རྡོ་རྗེ་གདན་ནས་ཁམས་ལྕགས་མོ་སོགས་ཞབས་ཀྱིས་བཅགས། ཁམས་ཀ་ཐོག་ནས་རྙིང་མའི་རྒྱུད་འབུམ་གསེར་མ་པུ་ཏི་བརྒྱད་ཅུ་གྱ་གཉིས་སྤྱན་དྲངས། ཡབ་ཀྱི་དགོངས་པ་རྫོགས་པ་བྱེད་དུ་རྒྱུད་འབུམ་ཚར་གཅིག་བཞེངས། ལྷུན་གྲུབ་ཕོ་བྲང་ཞེས་གསང་སྔགས་རྒྱུད་ཀྱིས་གང་བའི་གཙུག་ལག་ཁང་ཆེན་པོར་གྱུར། ཐོས་གཉིས་དང་བཅས་པ་བཞེངས། གཞན་ཡང་རྟེན་གསུམ་གྲངས་འདས་པར་བཞེངས་ཏེ། རྒྱུད་འབུམ་ཁོ་ན་ཚར་བཅུ་གསུམ་ཙམ་བཞུགས། གདུང་རྒྱུད་རིམ་པ་བཞིན་དུ་ཞལ་ངོ་རེ་རེའི་ཐོག་ཏུ་འང་རྒྱུད་འབུམ་ཚར་རེ་དང་། རྟེན་བཞེངས་བསམ་གྱིས་མི་ཁྱབ་པ་མཛད་དོ། གསང་ཆེན་རྙིང་མའི་རྒྱུད་ཀྱི་ལུང་རྒྱུན་སོགས་ལའང་གཏེར་ཆེན་འདི་ཡབ་སྲས་བརྒྱུད་པར་བཅས་པ་སྐུ་དྲིན་ཤིན་ཏུ་ཆེ་སྟེ་གསང་ཆེན་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེའི་གསལ་བྱེད་དུ་གྱུར་པ་ཡིན་ནོ། གཏེར་སྟོན་ཀརྨ་གླིང་པ་ནི། རང་གཏེར་ལས། ཟབ་ཆོས་ཞི་(སྟོད་ཆ།༧༣༡)ཁྲོ་དགོངས་པ་རང་འགྲོལ་ནི༔ སྤེལ་བར་འཕངས་པས་རིན་ཆེན་གཏེར་དུ་སྦས༔ ཨེ་མ་དེ་ཉིད་འདོན་པའི་སྐལ་ལྡན་རིགས་ཀྱི་བུ༔ མདོག་དཀར་གཟུགས་རིང་སྨྲ་མེད་ཁྲོ་བོའི་དབྱིབས༔ རེས་འགའ་དམ་ནག་གླེན་པ་ལྟ་བུ་ལ༔ རེས་འགའ་གཏད་མེད་བྱིས་པའི་རྣམ་པ་ཅན༔ མ་དང་མཁའ་འགྲོ་འདུལ་བ་རིགས་ཀྱི་བུ༔ དད་པ་སྟོབས་ཆེ་ཤེས་རབ་དབང་པོ་རྣོ༔ མི་སེམས་མི་འཛིན་དཔའ་བོའི་ཚུལ་འཛིན་པ༔ འབྲུག་སྦྲུལ་ལོ་པ་དཔལ་གྱི་མི་ཅན་འབྱུང་༔ དེ་ཉིད་ལོ་ཙཱ་ཀླུ་ཡི་རྒྱལ་མཚན་ནོ༔ ཞེས་དང་། ལྔ་བཅུ་ཁ་རལ་དུས་ཀྱི་ཐ་མའི་དུས༔ དེ་དུས་འདི་འདྲའི་གདམས་པ་མེད་པ་ཀུན༔ ངན་སོང་གནས་སུ་འགྲོ་བར་ཐེ་ཚོམ་མེད༔ དེ་ཕྱིར་སྙིགས་མའི་སེམས་ཅན་ལ་ཕན་ཕྱིར༔ ཡི་གེར་བཏབ་ནས་སྒམ་པོའི་རི་ལ་སྦས༔ དེ་དུས་སྙིང་གི་བུ་མཆོག་སྐལ་ལྡན་གཅིག༔ ཕ་མ་གྲུབ་ཐོབ་ཉི་ཟླའི་མིང་ཅན་འབྱུང་༔ ཀརྨ་གླིང་པ་ཞེས་བྱ་སྙིང་སྟོབས་ཅན༔ བརླ་གཡས་སྨེ་བ་ཡེ་ཤེས་སྤྱན་འདྲས་མཚན། འབྲུག་སྦྲུལ་ལོ་པ་ལས་ཀྱི་དཔའ་བོའི་རིགས༔ སྐལ་ལྡན་སྐྱེས་བུ་དེ་དང་འདི་འཕྲད་ཤོག༔ ཅེས་གསུངས་པ་ལྟར་དྭགས་པོའི་ཡུལ་གྱི་སྟོད་ཁྱེར་གྲུབ་ཅེས་པ་ན་ཡབ་གཏེར་སྟོན་ཉི་ཟླ་སངས་རྒྱས་ཞེས་པ་དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་བཞེས་པའི་གྲུབ་ཐོབ་ཆེན་པོ་ཞིག་ལ་སྲས་མང་དུ་ཡོད་པའི་ཆེ་ཤོས་ཡིན། དགུང་ལོ་བཅོ་ལྔའི་དུས་ནས་ལུང་བསྟན་དང་རྟེན་འབྲེལ་འཛོམས་ནས། དྭགས་ལ་སྒམ་པོ་གདར་གྱི་རོ་བོ་རི་ལྷ་བྲན་གར་བྱེད་པ་འདྲ་བ་ནས། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐོར་རྣམས་གསང་གཏེར་དུ་བཞེས་སྟེ་སྤྱན་དྲངས། གཞན་ཡང་པདྨ་ཞི་ཁྲོ་ལ་སོགས་ཀྱང་གཏེར་ནས་བཏོན། ཆོས་(སྟོད་ཆ།༧༣༢)བདག་བུ་ཆེན་བཅུ་བཞི་ལ་པདྨ་ཞི་ཁྲོའི་སྐོར་རྣམས་ཚང་བར་གནང་། དགོངས་པ་རང་གྲོལ་སྐོར་ནི་བཀའ་དོག་སྟེ་སྐལ་ལྡན་འགའ་ཞིག་ལས་ཁྱབ་རྡལ་དུ་སྤ་བར་མ་གནང་། འོན་ཀྱང་བར་དོ་ཐུགས་ཁྲིད་སོགས་ནི་ཞི་ཁྲོ་གཉིས་ཀའི་ཐུན་མོང་ཡིན་ལ་དབང་དང་གདམས་ཟབ་གཞན་རྣམས་ཆིག་བརྒྱུད་མཛད། གཏེར་ལུང་ནས་བསྟན་པའི་སློབ་དཔོན་གྱི་གཟུང་མ་བྲམ་ཟེའི་བུ་མོ་དཔལ་སྐྱེས་མའི་སྐྱེ་བ་མཚན་ལྡན་ཞིག་ཡོད་པ་དེ་ཕྱག་རྒྱར་བཞེས་དགོས་པ་ལ། རྟེན་འབྲེལ་འཕྱུག་པས་བུད་མེད་གཞན་ཞིག་དེ་ལྟ་ནའང་། ཡོན་ཏན་དཔག་ཏུ་མེད་པ་ཐུགས་ལ་མངའ་ཞིང་། ཕྲིན་ལས་གང་ལའང་ཐོགས་པ་མེད་པའི་བདག་ནིད་ཅན་དུ་བཞུགས། སྐུ་གཤེགས་ཁར་རིགས་ནས། སོང་ཙམ་ལ་ངའི་ལུས་ལ། མེ་ཏོག་པདྨའི་རི་མོ་མང་པོ་དོད་ནས་ཡོང་གསུངས་པ་དང་། དེ་ལ་སོགས་པའི་མངོན་ཤེས་ཀྱང་མང་དུ་གསུངས། དེ་ནས་ཕྱིར་ལོ་སྐུ་གཤེགས་ཁར། སྲས་ལ་དགོངས་པ་རང་གྲོལ་གྱི་དབང་དང་བཀའ་ལུང་གནང་ནས། གཞན་སུ་ལའང་མ་བསྟན། ཉི་ཟླའི་མིང་ཅན་སྐྱེས་བུ་དམ་པ་ཞིག་ལ་ཆོས་འདི་གཏོད། དེའི་འགྲོ་དོན་རྒྱ་ཆེར་སྤྱོད་པ་འབྱུང་གསུངས། གཞན་ཡང་ལུང་བསྟན་མང་དུ་མཛད་ནས་གཤེགས། ཐང་རྐྱེན་ཡང་ཟབ་ལུང་པའི་གཏེར་འབྱུང་ལ་འདི་བཞིན་བླངས་ཏེ་ཉེ་གནས་ཉི་ཟླ་ཆོས་རྗེ་ཟེར་བ་ཞིག་ཡོད་པ། ཉེ་གནས་དང་ཇོ་མོ་གཉིས་སྟབ་གཅིག་ཏུ་སོང་བས། གཏེར་སྟོན་ལ་གསོལ་ཞུས་པའི་རྐྱེན་གྱིས་བསྙུང་པ་ན། གཏེར་སྟོན་གྱིས་ཡབ་ཉི་ཟླ་སངས་རྒྱས་ལ་ངའི་ནད་འདི་གསོ་བ་ལ་འཇིག་རྟེན་གྱི་སྨན་གཞན་གྱིས་མི་(སྟོད་ཆ།༧༣༣)གསོས་པས། བདག་གིས་གྲོང་འདུག་བྱས་ཏེ། རི་རབ་ཀྱི་བྱང་ཕྱོགས་ནས་ཤི་གསོས་ཀྱི་སྨན་བླངས་ནས་ཞག་གསུམ་ལ་སླེབས་འོང་། དེའི་བར་དུ་ཡབ་ཀྱི་སྤུར་ལ་བསྲུང་བསྡམས་ཐུབ་པར་གྱིས་ཤིག་གསུངས་པ་ལ། ཞག་གསུམ་འགྲོ་བའི་ཞོགས་པ་ལ་ཡབ་ཀྱིས་མ་མཁྱེན་པར་ཉེ་གནས་དང་ཇོ་མོས་སྤུར་ལ་མེ་བཅུག་པས་ནམ་མཁའ་ནས་བྱ་ཡ་མཚན་ཅན་ཁ་དོག་མཚར་བ་ཞིག་གི་ཁ་ལ་ཤིང་ཐོག་འབྲས་བུ་སྨུག་ཐོལ་ལེ་བ་ཁྱེར་བ་ཅིག་བྱུང་་ནས། སྤུར་གྱི་ཞལ་བ་ལ་ཁ་སྦྱར་ནས། བྱ་དེ་སྤུར་ལ་ཐིམ་སྐམ་བྱེད་པའི་དུས་སུ་ཉེ་གནས་ཀྱི་བྱ་དེ་དབྱུགས་པས་བརླངས་ཤིང་། ཤིང་ཐོག་གི་འབྲུ་དེ་མེ་ལ་བསྲེགས་པས། གྲོང་འཇུག་ཐུབ་པའི་ཡུལ་མ་བྱུང་ནས་གཏེར་སྟོན་གཤེགས། དེ་ནས་ཡབ་ཉི་ཟླ་སངས་རྒྱས་དང་ཉེ་གནས་ཉི་ཟླ་ཆོས་རྗེ་གཉིས་ཀྱིས་དཔེ་ཆ་དང་ལྷ་རྟེན་རྣམས་ཀྱང་བགོ་བཤའ་བྱས་ཏེ། ཐོས་གྲོལ་གྱི་དབང་གི་སྐོར་སོགས་ཡིག་ཆ་ཚང་བ་དང་། མ་ཚང་བ་གཉིས་ཡོད་ཅིང་། འགྲོ་དོན་སོ་སོར་བསྐྱངས། འོན་ཀྱང་ཉེ་གནས་ལས་བརྒྱུད་པ་ནི་དམ་སེལ་ཅན་དུ་གྱུར་པས་མ་འཕེལ་ལོ། སྲས་ནི་ཟླ་ཆོས་རྗེ་ནི་ཆུང་ངུ་ནས་ཆོས་ལ་དད་ཅིང་། ཐུགས་རབ་ཆེ་བ། ཀུན་གྱི་ཡིད་དུ་འོང་བ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པ། ཡོན་ཏན་མཐའ་དག་ལ་སྦྱངས་པ། ཁྱད་པར་དུའང་རང་བཞིན་རྫོགས་པ་ཆེན་པོའི་ཆོས་དོན་ལ་མཁས་པ། དགུང་ལོ་བཅུ་ནས་ཆོས་གསུངས་པ་དང་། དབང་བསྐུར་བ་སོགས་ལ་མཁས་པ། གདུལ་བྱ་ངང་བ་འདྲེན་ཅིང་། འགྲོ་བའི་དོན་རྒྱ་ཆེར་མཛད་པ་ཅིག་བྱུང་། དྭགས་པོ་ནས་ལོང་པོའི་ཕྱོགས་སུ་ཕེབས། བླ་མ་རིན་པོ་ཆེ་སཱུརྱ་ཙནྚ་རསྨི་(སྟོད་ཆ།༧༣༤)དང་མཇལ། རྨིའི་ལམ་དང་རྟེན་འབྲེལ་འགྲིགས་པས། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐོར། བླ་མ་ཉི་ཟླ་འོད་ཟེར་ལ་གནང་ནས། ཁྱེད་ལུང་བསྟན་ནས་ཟིན་པའི་བརྒྱུད་པ་གསུམ་པ་ཡིན། ངས་ཆོས་འདི་གཞན་ལ་ཚིག་ཙམ་ཡང་བསྟན་པ་མེད་དེ། གཏེར་ལུང་ལས། བརྒྱུད་པ་གསུམ་གྱི་བར་དུ་གཅིག་བརྒྱུད་གཅེས༔ བརྒྱུད་པ་གསུམ་ནས་འགྲོ་དོན་རྒྱ་ཆེར་འབྱུང་༔ ཞེས་གསུངས་པ་ཡོད། ཁྱེད་ཀྱིས་ཀྱང་ལོ་དྲུག་གི་བར་དུ་སུ་ལའང་མ་བསྟན། ཁྱེད་རང་ནིས་ཉམས་སུ་ལོངས། ལོ་དྲུག་སོག་ནས་གཞན་ལ་སྟོན་དང་འགྲོ་དོན་རྒྱ་ཆེན་པོ་འོང་། ཀརྨ་གླིང་པའི་འགྲོ་དོན་བྱང་ཕྱོགས་རྒྱས། ཞེས་གསུངས་པས། བྱང་ཕྱོགས་སུ་བསྟན་པ་དར་རྒྱས་སུ་་འོང་བའི་ལུང་བསྟན་ཡོད། ཟབ་ཆོས་འདིའི་འོག་སྒོ་བདེ་ཆེན་གྱི་སྐོར་ནི། ལོ་བཅུའི་བར་དུ་སུ་ལའང་མ་བསྟན། དེ་ནས་སྟོན་དང་བར་ཆད་ལས་གྲོལ་བ་ཡིན་གསུངས། དེ་ཡང་བླ་མ་རིན་པོ་ཆེ་སུ)་ར་སྨི་ཏེ། ལོང་པོ་རྩི་དཀར་དུ་འཁྲུངས། རུས་ཉང་ཡིན། ཡབ་སྨན་པ་ཡང་རྒྱལ་ཞེས་པའི་སྲས་ཡིན། ཆུང་ངུ་ནས་ཆོས་ཀྱི་བག་ཆགས་སད། བླ་མ་མང་པོ་ལས་གསན་བསམ་རྒྱ་ཆེར་མཛད། འཆད་རྩོད་བརྩོམ་གསུམ་ལ་མཁས་ཤིང་རྟོགས་པ་ཀློང་དུ་གྱུར། བསྟན་བཅོས་རྒྱ་མཚོ་དགུ་སྐོར་ཞེས་པུ་སྟི་མང་པོ་ཡོད་པར་གྲགས། རྒྱ་གར་གཏེར་སྟོན་བཛྲ་མ་ཏི་དང་། དགོངས་འདུས་ལ་སོགས་པ་ནས་ལུང་བསྟན་པའི་སྐྱེས་བུ་དམ་པ་ཡིན། ཁྱད་པར་གཏེར་སོན་གྱི་སྲས་ཉི་ཟླ་ཆོས་རྗེས་ཚིག་རྒྱུད་ཀྱི་གདམས་པ་གནང་ཞིང་ཞི་ཁྲོའི་ཆོས་བདག་ཏུ་གྱུར། མཚུངས་མེད་ཆོས་ཀྱི་རྗེས་སུ་(སྟོད་ཆ།་ར་སྨིའི་སློབ་བུ་ནི་རྗེ་བཙུན་ནམ་མཁའ་ཆོས་(སྟོད་ཆ།༧༣༥)ཀྱི་རྒྱ་མཚོ་ཡིན་ཏེ། སྐུ་རུས་ནི་རྒྱ་ར་བ། ཡབ་ནི་ཚེམ་ཡུལ་བ་ནམ་མཁའ་ཞེས་པ་དང་། ཡུམ་བདེ་བའི་པདྨ་ཞེས་པའི་སྲས་སུ་ལྕགས་ཕོ་ཁྱི་ལ་འཁྲུངས། ལོ་ལྔ་ནས་འབྲི་ཀློག་མཁྱེན། བཅུ་གཉིས་ནས་དྲུང་ཆོས་ལྡན་པ་ལས་དགེ་བསྙེན་ཞུས། ཁུ་བོ་བླ་མ་ཆོས་གྲུབ་སོགས་ལས་ཟབ་ཆོས་མང་དུ་ཞུས། བཅུ་གསུམ་ནས་དམ་པ་ཡང་ངོ་བོ་རིས་པའི་དྲུང་དུ་དགེ་ཚུལ་དང་། བཅུ་དྲུག་ནས་གྲུབ་ཆེན་རྣམ་རྒྱལ་བཟང་པོ་ལས་རྫོགས་ཆེན་གསན། བཅོ་བརྒྱད་ནས་ནམ་མཁའ་བཤེས་གཉེན་ལས་དུས་འཁོར་དང་དགོངས་འདུས་ཀུན་རིག་སོགས་ཆོས་མཐའ་ཡས་པ་གསན། ཉེར་གཅིག་ལ་ཁུ་བོ་བླ་མའི་གདན་ས་མཛད་པས་ལུགས་གཉིས་ཀར་མཁྱེན་པའི་ཟླ་བྲལ། འགྲོ་དོན་རྒྱ་ཆེར་བསྐྱངས་ནས་ལྷ་ས་ཙ་རི་སོགས་སྐོར་བར་ཡང་ཕེབས། ཆོས་ཀྱི་རྗེ་རིན་པོ་ཆེ་གཙང ་ཆེན་པ་ལས་བསྙེན་པར་རྫོགས་པ་མཛད། མཚན་ནམ་མཁའ་ཅོས་ཀྱི་རྒྱ་མཚོ་བཏགས། མཚུངས་མེད་སུ)་ར་སྨི་ལས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐོར་ཐམས་ཅད་གསན། གཞན་ཡང་གསང་སྔགས་རྒྱུད་འབུམ་དང་། བཀའ་གཏེར་གསར་རྙིང་ཇི་སྙེད་པ་ལ་གསན་བསམ་མཛད། བླ་མ་དེ་ཉིད་ཀྱིས་ཀྱང་ལུང་བསྟན་གྱི་སྐྱེས་བུ་ཆོས་ཀྱི་བདག་པོར་ངོས་འཛིན་མཛད་ནས་ཐོས་གྲོལ་སྐོར་གྱི་གདམས་ཁྲིད་སྙན་བརྒྱུད་མ་ལུས་པ་གནང་ནས་བཀའ་རྒྱ་བཀྲོལ་ཏེ་འགྲོ་ཕན་རྒྱ་ཆེར་མཛོད་ཅེས་བཀས་གནང་། ཡང་ལོ་རྒྱུས་གཞན་ཞིག་ན། དབང་བཞི་ཕྲད་ཚད་རང་གྲོལ་དང་། འོག་སྒོ་བདེ་བ་ཆེན་པོའི་སྐོར་རྣམས་གཏེར་སྟོན་གྱི་ལུང་ཟིན་དངོས་གྲུབ་རྒྱ་མཚོ་ལ་ཆིག་བརྒྱུད་དུ་གནང་ནས་དེས་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ཆོས་བདག་ཏུ་གཟིགས་ནས་གཅིག་བརྒྱུད་(སྟོད་ཆ།༧༣༦)རྣམས་བཀའ་རྒྱ་བཀྲོལ་ནས་གནང་བ་ཡིན་ཟེར་བའང་བྱུང་། གཞན་ཡང་། རྗེ་ཀརྨ་པ། འབྲུག་པ་རྒྱལ་དབང་ཆོས་རྗེ། ས་སྐྱ་པ་དཔལ་ལྡན་བཟང་པོ། བསོད་ནམས་རྒྱ་མཚོ། འབྲི་གུང་པ་སྐུ་མཆེད། གཏེར་སྟོན་པདྨ་གླིང་པ་དང་། ཁྲོ་ཕུ་ལོ་ཙཱ་སོགས་མཁས་གྲུབ་བླ་མ་ལྔ་བཅུ་ཙམ་ལས་ཆོས་མང་པོ་གསན། བསྙེན་སྒྲུབ་མཐར་ཕྱིན་ཅིང་རྟོགས་པའི་ཀློང་བརྟོལ། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྨིན་གྲོལ་གྱིས་འགྲོ་དོན་བསྐྱངས་པས་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ། བསྟན་པ་ཉི་མ་ཤར་བ་ལྟར་གྱུར་ཏེ། ཟབ་ཆོས་འདི་ཉིད་དབུས་གཙང་ཁམས་ཀོང་། གཉལ་དྭགས་ལ་སོགས་པར་མ་ཁྱབ་པ་ཆེར་མེད་པར་དར་རྒྱས་སུ་གྱུར། ཆོས་འཁོར་རྩེ་སོགས་དགོན་སྡེའང་དྲུག་བདུན་ཙམ་བཏབ་ཅིང་། སྐུ་ཚེ་མཐར་ཕྱིན་པར་བཞུགས་ནས་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །ལྔ་པ་རིན་པོ་ཆེའི་གསན་ཡིག་ཏུ་གཏེར་སྟོན་གིས་ཡབ་ཉི་ཟླ་སངས་རྒྱས་ལ་གནང་། དེས་སྲས་ཉི་ཟླ་ཆོས་རྗེ་ལ་གནང་བར་གསུངས་འདུག་ཅིང་། འགའ་ཞིག་གིས་ཡབ་ནི་ཟླ་སངས་རྒྱས་དང་ཉི་ཟླ་ཆོས་རྗེ་གཅིག་པར་མཛད་ནས་སྐུའི་ཡབ་ཐུགས་ཀྱི་སྲས་ཟེར་བ་བྱས་འདུག་ཀྱང་། འདིར་ནི་ཆོས་བདག་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་མཛད་པའི་ལོ་རྒྱུས་ཉིད་ཁུངས་ཆེ་བར་སེམས་ནས་དེ་བཞིན་དུ་བྲིས་པ་ཡིན་ནོ། གཏེར་སྟོན་ལས་འཕྲོ་གླིང་པ་ལ། རྡོ་རྗེ་གླིང་པས་ངོས་འཛིན་གནང་བའི་དོལ་ལས་འཕྲོ་གླིང་པ་དང་། པདྨ་གླིང་པས་ངོས་འཛིན་གནང་བའི་འགྲོ་ཤུལ་ལས་འཕྲོ་གླིང་པ་དང་། རྒྱ་མ་མི་འགྱུར་ལས་འཕྲོ་གླིང་པ། ཨི་སྦེ་ལྕོག་ལས་འཕྲོ་གླིང་པ། ཀོང་པོ་འཇའ་ཚོན་པ་རྣམས་བྱུང་ཏེ། ཀོང་པོ་འཇའ་(སྟོད་ཆ།༧༣༧)ཚོན་པའི་ལོ་རྒྱུས་གོང་དུ་སོང་། གཞན་རྣམས་ལས་སྤྲུལ་པའི་སྐྱེས་མཆོག་རྡོ་རྗེ་གླིང་པས་ངོས་འཛིན་མཛད་པའི་ལས་འཕྲོ་གླིང་པ་ནི་དོལ་དུ་འཁྲུངས་ཤིང་ཟབ་ལུག་མེ་ཟོར་མཁའ་འགྲོ་ཕུག་ནས་བླ་མ་ཡོངས་རྫོགས་ཀྱི་ཆོས་སྐོར་རྣམས་སྤྱན་དྲངས་ཤིང་། གཏེར་རྫས་གདུང་བརྒྱུད་སློབ་བརྒྱུད་སོགས་བྲག་དཀར་ཆོས་སྡིག་དགོན་པར་ཡོད་པར་གྲགས་ཀྱང་རྣམ་ཐར་དང་ལོ་རྒྱུས་ཞིབ་རྒྱས་མ་བརྙེད། གཏེར་སྟོན་སྤྲུལ་པའི་སྐུ་པདྨ་གླིང་པའི་ཐུགས་སྲས་སྙིང་གི་བུ་གསུམ་ལས་གཉལ་ལོར་རྡོ་རྗེའི་མཚན་ཅན་དུ་ལུང་གིས་ཟིན་པའི་འགྲོ་འདུལ་ལས་འཕྲོ་གླིང་པ་ནི། རང་གཏེར་ལས། ད་ལྟའི་དུས་ཀྱི་རིན་ཆེན་བཟང་པོ་ཁྱོད༔ མ་འོངས་བསྐལ་པ་དུས་ཀྱི་མཐའ་མ་ལ༔ སྨོན་ལམ་འབྲེལ་ལས་ལྷོ་མོན་མཚམས་སུ་སྐྱེ༔ ཞེས་སོགས་གསུངས་པ་ལྟར། གཉལ་སྟོད་དུ་སྐུ་འཁྲུངས། སྐུ་རུས་ནི་སྙི་བ། ཡབ་དཔལ་འབྱོར་རྒྱལ་པོ་དང་། ཡུམ་བཀྲ་ཤིས་ལྷ་མོ་གནིས་ཀྱི་སྲས་སུ་ཡ་མཚན་པའི་རྟགས་དུ་མ་དང་བཅས་ཏེ་འཁྲུངས། དག་སྣང་དཔག་ཏུ་མེད་པ་ཤར། ཁྱད་པར་དགུང་ལོ་བཅུ་དྲུག་བཞེས་ཚེ། མི་དཀར་པོ་ཤིན་ཏུ་མཛེས་པ་རས་རྐྱང་བཞེས་པ་ཞིག་གི་ཕྱག་གཉིས་མགོ་ལ་བཞག་ཅིང་། ཤོག་དྲིལ་ཞིག་ལག་ཏུ་གཏད་ནས། འདི་མ་གཏོར་བར་གཉེར་གྱིས་ཟེར་ནས་མི་སྣང་བར་གྱུར། ཤོ་དྲིལ་ལ་གཟིགས་པས་གཏེར་གྱི་ཁ་བྱང་འདུག །དེ་ནས་དགུང་ལོ་བཅོ་བརྒྱད་ལོན་པའི་ཚེ་ཆོས་ལུངས་རི་བོ་ཆེའི་མཚུང་མེད་ནམ་མཁའ་རྒྱལ་མཚན་དྲུང་དུ་སྐྲ་ཕུད་འབུལ་པས་མིང་ནམ་མཁའ་རྡོ་རྗེར་བཏགས། བཀའ་བརྒྱུད་པའི་གདམས་ཁྲིད་ཀྱི་དམིགས་པ་རྣམས་བསྐྱངས། དེ་ནས་རིག་འཛིན་པདྨ་གླིང་པའི་ཞབས་ལ་བཏུག་(སྟོད་ཆ།༧༣༨)ཅིང་ཐོས་བསམ་གྱི་སྒྲོ་འདོགས་བཅད། གདམས་ཁྲིད་ཀྱིས་ཐུགས་བརྒྱུད་སྨིན་པར་མཛད་ནས་སྤྲུལ་པའི་གཏེར་སྟོན་དུ་ལུང་བསྟན་གནང་བ་ཐོབ། དེ་ནས་དགུང་ལོ་ཉེར་གཅིག་ལོན་པའི་ཚེ། ཨེ་ཀ་ཛཱ་ཊིས་ལུང་བསྟན་པ་བཞིན། དོམ་ཚང་རོང་ལ་བྱོན། དེར་ཉལ་བའི་ཐོ་རངཤ་བུ་མོ་གཅིག་བྱུང་ནས། མཚོ་རྒྱལ་ཕུག་པར་ཤོག་ཟེར་བ་རྨིས་ནམ་ལངས་པ་དང་དེ་ན་བླ་མ་ཁམས་པ་བསམ་གཏན་ལ་བཞུགས་ཡོད་པ་ལ། བདག་མཚོ་རྒྱལ་ཕུག་པར་སྐྱོལ་དང་གསུངས་པས། དཔའ་བོ་མཁའ་འགྲོ་འདི་རྣམས་འཚུབ་ཆེ། ཡང་ན་དངོས་གྲུབ་འབྱུང་། ཡང་ན་བར་ཆད་འབྱུང་ཉེན་ཆེ། འོན་ཀྱང་ཐུགས་རྗེས་གཟིགས་འཚལ་ཟེར་བས་བླ་བྲང་ནང་དུ་ཐེགས། དེ་ནས་མཚོ་རྒྱལ་ཕུག་པར་ཚོགས་མཆོད་བཤམས། རྟ་མགྲིན་དབང་གི་བསྙེན་སྒྲུབ་ཀྱི་གཞུང་བསྲངས་ནས་ཚོགས་མཆོད་ཕུལ་རྗེས། ཐོལ་བྱུང་གི་ཉམས་ལ་གུ་རུ་པདྨ་དྲན་པའི་གདུང་ཤུག་དྲག་པོས་གསོལ་བ་བཏབ་པས་ཐང་ཆཛ་ནས་གཉིད་དུ་འགྲོ་ལ་ཁད་ཀྱིས་ཉམས་སྣང་དུ་བུད་མེད་རུས་པའི་རྒྱན་ལྡན་དར་ལྔའི་ཅོད་པཎ་འཕུར་བ། གར་སྟབས་བསྒྱུར་ཞིང་དྲིལ་བུ་འཁྲོལ་བ་ཞིག་མདུན་དུ་བྱུང་ནས། ཊཱ་དྲིལ་སྤྱིའི་བོར་བཞག །སྙན་པའི་གླུ་དབྱངས་བླངས་ཤིང་ཤོག་དྲིལ་ཞིག་གཏད་ནས་མི་སྣང་བར་གྱུར། དེ་ནས་ཤོག་དྲིལ་ཞལ་ཕྱེས་པས། ཨེ་མ་ཧོ༔ ཀུན་ཏུ་བཟང་པོའི་དགོངས་པའི་གསང་མཛོད་ནས༔ རྒྱལ་བ་རིགས་ལྔའི་ཐུགས་རྗེའི་རང་འོད་འབར༔ བཀའ་བསྒོ་དམ་བཞག་གསང་རྒྱ་ས་མ་ཡཱ༔ ཞེས་སོགས་འདུག་པ། དེ་ནས་ཟླ་བ་ཕུག་ཏུ་ཕྱིན། ཚོགས་གཏེར་གྱིས་གཏེར་བསྲུང་མཆོད་ནས། བཀའ་སྒོ་དམ་བརྡར་མཛད་(སྟོད་ཆ།༧༣༩)དུས་ཁམས་པ་བླ་མ་བྱུང་ནས། དཔོན་ཅི་བྱེད་ཀྱིན་ཡོད་ཟེར་བ་ན་རྫུན་ཞིག་སྨྲ་དགོས་དགོངས་པ་ན་གློ་བུར་དུ་མུན་པ་འཐིབ་ཅིང་། འབྲུག་སྒྲ་དྲག་པོ་སྒྲོགས་པ་དང་རླུང་འཚུབ་ཆེན་པོ་གཡོས་ཤིག་གློག་དམར་འཁྱུག་པ་དང་། ནམ་མཁའི་དབྱིངས་ནས་བཛྲ་གུ་རུ་དང་ཧ་རི་ན་སའི་སྒྲེ་དབྱངས་སྒྲོགས་པ་བྱུང་། དེ་དུས་ཨོ་རྒྱན་ཆེན་པོར་གསོལ་བ་དྲག་ཏུ་བཏབ་པས་ཆོ་འཕྲུལ་ཐམས་ཅད་སྐད་ཅིག་ལ་ནི། ཁ་བྱང་བཞིན་དུ་གཏེར་མཚན་བཙལ་བས་རྙེད་ནས་གཅེར་བུར་བྲག་གསེང་ལ་བྱོན་ཏེ་ཟབ་གཏེར་གདན་དྲངས་ཁམས་པ་བླ་མས་གཏེར་སྒོའི་འགག་ནས་དར་དཀར་གྱི་ཁུད་དུ་བླངས་པས་བསུས་ཤིང་ཞབས་སྤྱི་བོར་བླངས་ནས་ཞབས་དབང་ཞུས། དེ་དགོང་གཏེར་སྟོན་གཅིག་དང་མཇལ་ནས་བསམ་པ་སྐོམ་པ་ཆུ་ལ་དུང་བ་ལྟར་བྱུང་བས། ང་མི་རྒན་བསམ་པ་རྫོགས་པ་ཡིན་ཟེར། དེ་ནས་སྟག་ཚང་སྤ་གྲོའི་ཟབ་གཏེར་རྣམས་འདོན་པའི་དུས་ལ་བབས་པས། མེ་གློག་གི་ཡུལ་ནས་ཡིན་ཟེར་བའི་བུ་མོ་ཞིག་གིས་ང་ཡང་དེར་འགྲོ་བ་ཡིན་པས་མཉམ་དུ་འགྲོ་ཟེར་བ་ལྟར་བུ་མོ་དེ་དང་འགྲོགས་ནས་བྱོན། བལ་ཡུལ་གླང་བྲག་གི་སྒྲུབ་གནས་ན་གུ་རུའི་ཚེས་བཅུ་བྱེད་པ་དང་འགྲིག་པས། ཚོགས་མཆོད་ཚར་རྗེས་མི་རྣམས་གྱིས་སོང་བས་བུ་མོ་དེས་ད་ལམ་གནས་འབྲེལ་བྱེད་པའི་དུས་ལ་བབས་གདའ་བས། གནད་བྱང་རྣམས་ནི་ངས་བྱས་པས་ཆོག་ཁྱེད་རང་གི་ཕྱག་ན་ཡོད་པའི་ཤོག་དྲིལ་དེ་ཁྱེར་ལ་ང་དང་མཉམ་དུ་འགྲོ་ཟེར། བྲག་ཕུག་ཅིག་གི་སྒོ་དྲུང་དུ་སླེབས་དང་ཤོག་སེར་ཞལ་ཕྱེས་ཏེ་ཁྱེད་རང་གཟིགས་གསུངས། བལྟས་པ་ཙམ་གྱིས་གནས་རྣམས་ཤེས་པར་བྱུང་བས། བུ་མོ་དེ་སྒྲོན་མེ་ཁྱེར་ནས་ཕུག་པའི་ནང་དུ་སོང་ནས་འདིར་བྱོན་(སྟོད་ཆ།༧༤༠)གསུངས། བྲག་ལ་རྡོ་ཆོལ་ཁྲོ་ཆུས་སྦྱར་བ་ཞིག་འདུག་པ། འདིའི་ནང་ན་ཁྱེད་རང་ལ་དབང་བའི་དགོས་འདོད་ཚང་བའི་ཆོས་སྐོར་རྣམས་ཡོད་པས་ཐོན་གསུངས། ཁྲོ་ཆུ་བཞུ་བ་ལ་སོལ་མེ་དགོས་དགོངས་པས་བུ་མོས་རྡོ་ཆོལ་བཅག་ནས་ད་ལྟ་ཐོན་ཟེར། དེའི་ནང་ན་དྲི་བཟང་དང་སྨན་སྤོས་ཀྱི་ཕྱེ་མའི་དཀྱིལ་ནས་སེང་ལྡེང་གི་སྒྲོམ་ཞིག་འདུག་པ་བཏོན་ནས། གཏེར་སྒོ་སྔར་བཞིན་བསྒྲིགས་ནས་བཞག གཏེར་སྒྲུབ་བྱས་ནས་གཏེར་སྒྲོམ་ཞལ་ཕྱེ་བས་དོན་གསལ་སྒྲོན་མེའི་ཆོས་སྐོར་རྣམས་བྱུང་ངོ་། །དེ་ནས་མཁར་ཆུ་ལྕགས་ཕུར་ཅན་ནས། དུག་སྦྲུལ་གྱི་པགས་པས་སྒྲིལ་བའི་སྒྲོམ་བུ་ཞིག་བཏོན་པས། དེའི་ནང་ན་བཻ་རོའི་ཕྱག་མཚན་རྡོ་རྗེ་ཕུར་པ་སོགས་བྱོན་ནོ། གཞན་ཡང་སྤ་གྲོ་སྟག་ཚང་། དཔལ་གྱི་ཕུག་རིང་། ལྷོ་སྐྱེར་ཆུའི་ལྷ་ཁང་། མུ་སེ་མཁའ་འགྲོ་གསང་ཕུག །ཡང་རྫོང་། དཔལ་ཕུག་ཉི་ཟླ་དམར་པོའི་གསང་མཛོད། མཁའ་འགྲོ་ཁག་གི་བྱ་སྐྱིབ་སོགས་ནས་ཟབ་ཆོས་ཀུན་བཟང་ཐུགས་ཐིག་དང་། བཀའ་བརྒྱད་ཡང་གསང་བླ་མེད། ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས། དམ་རྫས་སྐྱེ་བདུན། བདུད་རྩི་ཨ་མྲྀ་ཏའི་ཕོ་བྲང་། དུང་ཆོས་འཛམ་གླིང་གཡས་བཞག་ཨ་མྲྀ་ཏ་སོགས་སྤྱན་དྲངས། དགུང་ལོ་སོ་བརྒྱད་བཞེད་དུས་དགེ་རི་བྲག་དང་། མཆོད་རྟེན་གསུམ་སྒྲིལ། མཚོ་རྒྱལ་ཕུག་སོགས་དང་། གཏེར་སྟོན་དགུང་ལོ་སོ་དགུ་དང་ཞེ་གཅིག་བཞེས་དུས། བསམ་ཡས་འཆིམ་ཕུ་དང་མཆོད་རྟེན་དཀར་པོ། ཤམ་པོ་གངས་ཁྲ་མོ་བྲག་སོགས་ནས་དམ་རྫས་སྐུ་ཚབ་ཆོས་དང་དྲག་སྔགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། སྒྲུབ་གནས་རྣམས་སུ་བླ་རྫོགས་ཐུགས་གསུམ་སྒྲུབ་པ་བཀའ་བརྒྱད། རྡོ་རྗེ་ཕུར་པ་(སྟོད་ཆ།༧༤༡)ལ་སོགས་པའི་སྒྲུབ་སྐོར་བདུད་རྩི་སྨན་སྒྲུབ་དང་འབྲེལ་བ་སྐྱེ་བདུན་གཏོར་སྒྲུབ་ལ་སོགས་པས་འགྲོ་དོན་རྒྱ་ཆེར་མཛད། དགུང་ལོ་ཡང་ཚད་དུ་བཞུགས་དབོན་པོ་ལྷའི་ཟླ་བ་ཞེས་པ་ཅིག་བྱུང་ཏེ། དེ་ཡང་མཁྱེན་རྟོགས་ཕུལ་དུ་བྱུང་བ་གསང་སྒགས་རྙིང་མའི་རིང་ལུགས་མཐའ་དག་ལ་མཁས་པ་ཅིག་བྱོན། དེས་ཀྱང་རིགས་འཛིན་ཆེན་པོ་ཉིད་ཀྱི་གཏེར་ཆོས་མཐའ་དག་ལ་སྤྱོད་ཅིང་འགྲོ་དོན་དཔག་ཏུ་མེད་པ་མཛད། རྗེས་སུ་ཡང་སྐུའི་སྐྱེ་བ་འགའ་ཞིག་བྱོན་པར་གྲགས། གདུང་བརྒྱུད་རྣམས་ད་ལྟའི་བར་འགྲོ་དོན་ཆེ་ཞིང་། ཆོས་རྒྱུད་དང་གདུང་བརྒྱུད་ཐམས་ཅད་དར་རྒྱས་ཆེ་བར་བྱུང་ངོ་། ཤེལ་དཀར་བཟའ་མགོན་སྐྱིད་ཀྱི་སྐྱེ་བ་རྒྱ་མ་མི་འགྱུར་ལས་འཕྲོ་གླིང་པ་ཀུན་དགའ་དཔལ་བཟང་ནི། རིག་འཛིན་ཡོངས་འདུས་ལས། དེ་ལ་འདུད་བྱེད་སྤྲུལ་པའི་གཏེར་སྟོན་བཞིས༔ ངའི་ཟབ་ཆོས་དམ་པ་གཏེར་ནས་འདོན༔ ཞེས་གསུངས་པའི་གཏེར་སྟོན་བཞིའི་ཡ་གྱལ་གཅིག་མི་འགྱུར་ལས་འཕྲོ་གླིང་པ་འདི་ཡིན་ཏེ། དབུར་སྟོད་རྒྱ་མ་ཞེས་པར་འཁྲུངས། འབྲི་གུང་རིན་ཆེན་ཕུན་ཚོགས་དང་བླ་སློབ་ཏུ་གྱུར། གཏེར་སྟོན་མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་ཞབས་ཀྱི་ཆོས་བདག་ཡིན། གཏེར་སྟོན་འདིས་མི་འགྱུར་ཆོས་འབྱུང་བྲག་ནས་ཟབ་ཆོས་འདུས་པ་སྐོར་བཞི་གཏེར་རྫས་བཅས་དང་བཟའ་བསྲུང་ཟབ་མོ་ཡུལ་འཁོར་ཀུན་ཐུབ་སོགས་སྤྱན་དྲངས་ནས། ཆོས་བདག་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ་དང་། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ་སོགས་ལ་གནང་། དེ་ནས་སྣང་གསལ་བ་ཀུན་དགའ་ཚེ་ཆོག་དང་། ངག་དབང་ཡེ་ཤེས་གྲུབ་(སྟོད་ཆ།༧༤༢)པ་སོགས་ལས་རྒྱ་ཆེན་འཕེལ་བར་གྱུར་ཏོ། །གཏེར་སྟོན་འདིའི་ལོ་རྒྱུས་ཞིབ་རྒྱས་མ་བརྙེད། གར་དབང་ལས་འཕྲོ་གླིང་བ་ནི། ཨེ་ཡུལ་དྲུག་གི་ལུང་པའི་ལྗོངས། གོང་པོ་ནང་གི་སྤེལ་ལྕོག་ཅེས་བྱ་བར་རིག་འཛིན་རརྣ་གླིང་པའི་དབོན་བརྒྱུད་དུ་སྐུ་འཁྲུངས། སྐུ་རུས་ཁེར་ཡིན་དགུང་ལོ་དྲུག་གི་སྟེང་རབ་ཏུ་བྱུང་། སྤྱོད་པ་ཡ་མཚན་ཆེ་བ་མང་དུ་མཛད། དགུང་ལོ་བཅུ་བདུན་བཞེས་པའི་དུས་ཡར་ལུང་ཤེལ་གྱི་བྲག་པདྨ་བརྩེགས་པ་ནས། ཐུགས་རྗེ་ཆེན་པོ་འཁོར་བ་ལས་གྲོལ་ཐུགས་དམ་ཟབ་པ་སྐོར་བདུན་ཡི་དམ་ཕག་མ་དཀར་མོ། བཀའ་བརྒྱད་རྫོང་འཕྲང་། ཚེ་དཔག་མེད། མགོན་པོ་ཕྱག་བཞི་པ། བྲམ་ཟེ་དུང་སྣ་ཅན་གྱི་དབུ་ཐོད། མཁའ་འགྲོ་མ་བདེ་བ་སྐྱིད་ཀྱི་དབུ་ཐོད། ཨོ་རྒྱན་རིན་པོ་ཆེའི་བར་གྱི་དུམ་བུ་དང་ཕྱག་མཁར་རྡོ་རྗེ་ཕུར་པ་སྐྱེ་བདུན་ཧྲཱིཿདམ་པ། ཚེ་རིང་ཎི་དམ་མ། ཀ་དམ་མ་སོགས་དཔ་གཏུ་མེད་པ་གཏེར་ནས་སྤྱན་དྲངས། པདྨ་བརྩེགས་པའི་བྲག་ལ་དུས་ཕྱིས་སུས་ཡང་མ་ཐར་བ་ལ་གཏེར་སྟོན་འདི་རྫུ་འཕྲུལ་གྱིས་མཁའ་ལ་བྱ་འཕུར་བ་ལྟར་གཤེགས་པས་དེར་ཡོད་ཐམས་ཅད་ངོ་མཚར་བསམ་གྱིས་མི་ཁྱབ་པའི་ས་ལ་བཀོད། འོ་དེ་གུང་རྒྱལ་མགུལ་ནས་ཀྱང་ཚེ་སྒྲུབ་སྲོག་འཛིན་འདུས་པ། ཚེ་སྒྲུབ་རྡོ་རྗེ་མདུད། ཁྲོས་མ་ནག་མོ། མགོན་པོ་མ་ནིང་། མགོན་པོ་སྟག་ཞོན། ཞིང་སྐྱོང་ཡབ་ཡུམ་སོགས་རྣམས་དང་། གཞན་ཡང་ཨོ་རྒྱན་གླིང་པའི་གཏེར་ཞབས་ཀྱི་བཟོ་པ་ཊ་མན་ངག་རྡོ་འདུལ། རུས་འདུལ། མེ་སྒྱོགས། ཆུ་སྒྱོགས། མེ་ཡིག། ཆུ་ཡིག།(སྟོད་ཆ།༧༤༣) འཕྲུལ་བཟོ་ལ་སོགས་པ་དཔག་ཏུ་མེད་པ་གཏེར་ནས་བཏོན། གསང་སྔགས་བཀའ་གཏེར་གྱི་གདམས་པ་མཐའ་ཡས་ལ་གསན་བསམ་མཐར་ཕྱིན་པར་མཛད། གྲུབ་པའི་རྟགས་མང་པོ་མངོན་སྣང་དུ་སྟོན་ནུས་པ་དང་མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར། འཕྱིང་ང་སྟག་རྩེའི་སྡེ་བ་སོགས་གྱིས་དབུའི་མཆོད་གནས་སུ་བསྐུར། གཞན་ཡང་དབུས་དང་། ཡར་འབྲོག་དང་། ཨེ་དྭགས་ལ་སོགས་པ་ཀུན་ཏུ་འགྲོ་དོན་རྒྱ་ཆེར་བསྐྱངས། རིག་འཛིན་ཆེན་པོ་ཞིག་པོ་གླིང་པས། ཁྱུང་ཚང་བྲག་གི་པདྨ་བཅུད་ཕུག་ནས་གཏེར་བཞེས་པའི་ཁ་བྱང་ལྡེ་མིག་ཀྱང་གཏེར་སྟོན་འདིས་ཕུལ་བར་གྲགས། སྐུ་ཚེ་མཐར་ཕྱིན་པར་བཞུགས་ཤིང་གདུང་བརྒྱུད་རྣམས་རིམ་པ་བཞིན་དུ་བྱོན་པ་ད་ལྟའི་བར་དུ་བཞུགས་ཏེ། སྒྲུབ་སྡེ་དང་ཆོས་བརྒྱུད་སོགས་མ་ཉམས་པར་ཨེ་གོང་པོ་སྤེལ་ལྕོག་ན་ཡོད། གཞན་ཡང་སོག་ཟློག་པས་འཕྲོ་གླིང་པ། ལྷོ་བྲག་ཤར་དུ་ལྷའི་ཟླ་བ་ཞེས་པ་ཞིག་ཀྱང་བྱུང་བར་གྲགས་གསུངས་པ་ནི་མངའ་རིས་པཎ་ཆེན་ལ་དྲི་བ་མང་པོ་ཞུ་མི་དེ་ཡིན་པ་འདྲ་སྟེ། དྲིས་ལན་གྱི་མཇུག་ཏུ། ཅེས་པ་འདི་ནི་ཨུ་རྒྱན་པདྨ་ཡི༔ རྗེས་འབྲང་རིག་འཛིན་ལས་འཕྲོ་གླིང་པ་ཞེས། གང་དེས་བྲིས་པའི་ལན་དུ་མངའ་རིས་པ། ཞེས་གསུངས་པར་སྣང་མོད། འོན་ཀྱང་གཉལ་ལོའི་ལས་འཕྲོ་གླིང་པའི་དབོན་ལྷའི་ཟླ་བ་དང་འཁྲུལ་གཞི་བྱུང་བ་ཡིན་ན་སྙམ་མོ། གཏེར་སྟོན་དྲི་མེད་རྣམ་གསུམ་དུ་གྲགས་པའི་དྲི་མེད་འོད་ཟེར་ནི་གོང་གི་ཐང་ཡིག་སྐབས་སུ་སོང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་སྐྱེ་བ་གཏེར་སྟོན་རིག་འཛིན་ཆེན་པོ་དྲི་མེད་ཀུན་དགའ་ནི། གྲྭ་ཕྱི་མའི་མདའ་(སྟོད་ཆ།༧༤༤)ཁང་དམར་ཞེས་བྱ་བར་ཡབ་དཔལ་འབྱོར་བཟང་པོ་དང་། ཡུམ་འཛོ་མ་པ་ཞེས་བྱ་བའི་སྲས་སུ་མེ་མོ་ཕག་གི་ལོ་ཚེས་བཅུ་ལ་སྐུ་འཁྲུངས། དེ་ཡང་སྔགས་རིགས་བཟང་པོ་རིགས་བརྒྱུད་ཁྱད་པར་ཅན་ཞིག་ཡིན་ཞིང་། གཏེར་སྟོན་དབུ་ལ་གཙུག་གཏོར་མཐེབ་གང་གི་རྣམ་པར་མཛེས་པ་དང་། དཔྲལ་བའི་མཛོད་སྤུ་ལ་དུང་གཡས་འཁྱིལ་གྱི་རི་མོ་ཡོད་པ་སོགས་མཚན་དང་དཔེ་བྱད་དུ་མས་མཛེས་པ་དང་། གནས་ལྔར་ཡི་གེའི་མཚན་པ་སོགས་བྱུང་། སྐུ་ཆུང་ངུའི་དུས་རོལ་རྩེད་མཛད་དུས་ནའང་དབང་བསྐུར་བ་དང་། ཆོས་འཆད་པ་དང་། ངོ་མཚར་བའི་མཛད་པ་བསམ་གྱིས་མི་ཁྱབ། དེ་སྐབས་སུ་བེ་དཀར་གྱི་ཆོ་འཕྲུལ་དང་བར་ཆད་བྱུང་བའི་དུས་སུ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅས་པར་བར་ཆད་མངོན་སུམ་དུ་འདུལ་བར་མཛད་པ་སོགས་བྱུང་། དེ་ནས་གྲྭ་ཕྱི་ཆུ་བཟང་དུ་བྱོན་ཏེ། དམ་པའི་ཆོས་འདུལ་བ་ལ་མཁས་པར་སྦྱངས། དགུང་ལོ་ཉི་ཤུ་རྩ་གཅིག་གི་སྟེང་དུ་མཉམ་མེད་ཆུ་བཟང་པ་ཆེན་པོའི་དྲུང་དུ་ཐོག་མར་དགེ་ཚུལ་གྱི་བསླབ་པ་དང་། དེ་ནས་དགེ་སློང་གི་བསླབ་པ་བཞེས་ནས་བསྙེན་པར་རྫོགས་པ་མཛད། མཚན་ཤེས་རབ་རྒྱལ་མཚན་ཞེས་བྱ་བར་བཏགས། དེ་ནས་བླ་མ་མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས་བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད་པས། དབང་དང་གདམས་པ་ཐམས་ཅད་ཨོ་རྒྱན་དངོས་ཀྱིས་གནང་བ་བྱུང་། ཉམས་རྟོགས་རིག་པའི་རྩལ་ཁ་བྱེ་ཏེ་རྟོགས་པ་ཚད་མེད་པ་འཁྲུངས། ཁྱད་པར་དུ་དགུང་ལོ་ཉི་ཤུ་རྩ་དྲུག་གི་སྟེང་དུ་མཆིམས་ཕུ་བློན་པོ་མགུལ་གྱི་རྩེ་མོར་ཨོ་རྒྱན་རིན་པོ་ཆེ་དང་ཞལ་མཇལ་ཞིང་ལུང་བསྟན་པ་ལྟར། ཡེ་ཤེས་མཚོ་(སྟོད་ཆ།༧༤༥)རྒྱལ་གྱི་མཆིམས་ཕུ་བྲག་སྣ་ནས་གཏེར་བཞེས་རྒྱུའི་ཁ་བྱང་དངོས་སུ་གཏད། དེའི་ཕྱི་ལོར་བྲག་སྣ་སེང་གེའི་གདོང་པ་ཅན་ནས་བླ་མ་ནོར་བུ་ལམ་ཁྱེར་དང་། རྫོགས་ཆེན་མཁའ་འགྲོ་ཡང་ཏིག །ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་ལ་སོགས་བླ་རྫོགས་ཐུགས་གསུམ་དང་། གཞན་ཡང་བཀའ་བརྒྱད་གཙུག་རྒྱན་ནོར་བུ། ཚེ་སྒྲུབ་རྟ་མཆོག་རོལ་པ། མཁའ་འགྲོ་ཆེན་མོ་མགོན་པོ་འབར་ཆུང་ལ་སོགས་པའི་གཏེར་ཆོས་ཁྱད་པར་ཅན་མང་པོ་སྤྱན་དྲངས་ཏེ། གཞན་ཡང་ནོར་བུ་སྟག་ཤ་དེ་བ་དང་། མཚོ་རྒྱལ་འགུལ་གཡུ་སོགས་གཏེར་རྫས་ཀྱང་མང་དུ་གདན་དྲངས། བསམ་ཡས་མཆིམས་ཕུ་ཨོ་རྒྱན་གསང་ཕུག་ཏུ་ལྷ་སོ་སོའི་སྒྲུབ་པ་མཛད་པས། བླ་མ་དང་ཐུགས་རྗེ་ཆེན་པོའི་ཞལ་མངོན་སུམ་དུ་མཇལ། བླ་རྫོགས་ཐུགས་གསུམ་གྱི་སྒོ་ནས། དབུས་གཙང་ལྷོ་མོན་ལ་སོགས་པར་འགྲོ་བའི་དོན་རྒྱ་ཆེན་པོ་མཛད། དེ་ནས་ཤར་ཕྱོགས་ཀོང་པོའི་ཡུལ་དུ་བྱོན་ཏེ། རྒྱལ་ཁམས་ཐམས་ཅད་ལ་ཆོས་ཀྱི་ཆར་ཆེན་པོ་ལ་ཕབ། ཁྱད་པར་ཨ་ཏི་བླ་མེད་ཀྱི་ཆོས་ཀྱིས་འགྲོ་རྣམས་སྨིན་གྲོལ་གྱི་ས་ལ་བཀོད། ཁྱད་པར་དུ་འགྲོ་བ་རྣམས་ལ་ཕན་པར་དགོངས་ཏེ། ལྷུན་བྲག་དགོན་པ་ཅེས་བྱ་བའི་སྔགས་འཆང་གི་སྡེ་བཏབ། དེའི་སྔགས་སྡེ་རྣམས་སྐྲ་གཙུག་ཕུད་དུ་བཅིང་པའང་གཏེར་སྟོན་ཉིད་ཀྱི་དབུའི་གཙུག་ཏོར་མཐེབ་གང་འབུར་དུ་དོད་ནས་ཡོད་པས་དབུ་སྐྲ་རྣམས་གཙུག་ཏོར་གྱི་ཚུལ་དུ་དཀྲིས་པ་བཞིན། གཞན་རྣམས་ཀྱང་དེའི་ལུགས་བཞིན་དཀྲིས་པ་ཡིན་ཟེར། གཡག་སྡེའི་ཆོས་འབྱུང་དུ་གཏེར་སྟོན་འདི་སྐུ་འཁྲུངས་ཚུལ་སྐོར་ལ་གཏམ་རྒྱུད་ངོ་མཚར་ཅན་འགའ་ཞིག་སྣང་ཡང་འདིར་མ་བྲིས། དེ་ནས་གཏེར་སྟོན་ཉིད་ཞིང་(སྟོད་ཆ།༧༤༦)ཁམས་གཤེགས་རྗེས་དེ་ཉིད་ཀྱི་གདན་སའི་ཚུལ་དུ་མཚན་ལྡན་གཞོན་ནུ་སངས་རྒྱས་ཞེས་བྱ་བ་ཐོག་མར་འབྲི་གུང་པའི་ཞལ་སློབ་ཡིན་པ་ལ། རྗེས་སུ་གཏེར་སྟོན་ཆེན་པོའི་ཞལ་སློབ་དུ་གྱུར་པ་དེ་ཉིད་དྭགས་པོ་མཚོ་མེར་སྟེང་དུ་སྒྲུབ་པ་ལ་བཞུགས་པའི་དུས་ཡེ་ཤེས་ཀྱི་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ལུང་བསྟན་བྱུང་སྟེ། དབུའི་གཙུག་ཕུད་གཙུག་ཕུད་ཏོར་གྱི་ཚུལ་དུ་ཀྲིས་པ་འདི་བཞིན་ལ། སྐུའི་ཆ་ལུགས་དཀར་ཆས་སུ་བསྒྱུར་གསུངས་པའི་ལུང་བསྟན་བྱུང་བ། དྭགས་ཀོང་སོགས་ལ་དཀར་ཆས་ཀྱི་སྲོལ་བཞིན་མེད་པ་དང་། ལུང་བསྟན་རྣལ་མ་ཞིག་མིན་པའང་སྲིད་སྙམ་ནས་བཏང་སྙོམས་སུ་བཞག །དེ་ནས་བླ་མའི་སྒྲུབ་པ་ལ་བཞུགས་ནས་ཟླ་བ་གསུམ་སོང་བའི་ཉེར་ལྔའི་དགོང་མོ་སྔར་བཞིན་ཡེ་ཤེས་ཀྱི་མཁའ་འགྲོ་མ་གསང་བ་ཡེ་སེས་ཀྱི་ལུང་བསྟན་སྔར་བཞིན་བྱུང་། དཀར་ཆས་སུ་བསྒྱུར་གསུངས་ཀྱང་མ་བསྒྱུར། དེ་ནས་སླར་ཡང་དུས་ལན་གཅིག་གི་ཚེ་མཁའ་འགྲོས་ལུང་བསྟན་སྔར་བཞིན་དཀར་ཆས་སུ་བསྒྱུར་ཞིག་གསུངས་པ་བྱུང་བས་ཟླ་གམ་དཀར་པོ་ཅིག་བཞེས་ནས་ཚེས་བཅུའི་མཆོད་པ་ལ་ཕེབས་པས་ཡེ་ཤེས་མཁའ་འགྲོས་ཞལ་མངོན་སུམ་དུ་བསྟན་ནས། ཁྱེད་ལ་ངས་ལུང་བསྟན་སྔ་མ་བྱས་པ་དེ་ལ་ལུས་རྟེན་བསྒྱུར་ན་བོད་གངས་ཅན་གྱི་ལྗོངས་འདི་སྔགས་ཆུང་དཀར་པོ་བས་རྒྱལ་ཁམས་ཐམས་ཅད་ཁྱབ་པ་གཅིག་ཡོད་དེ་མ་སྒྱུར་བས་ལན། བར་པ་དེ་ལ་བསྒྱུར་ན་རྟ་གྲོའི་སྤུ་ཙམ་ཞིག་ཡོང་སྟེ་མ་བསྒྱུར། ད་ལམ་རྗེས་མ་དེ་ལ་བསྒྱུར་བས་གངས་ཏི་སེ་ནས་ཀོང་པོ་རྒྱ་ལ་ཡན་ལ་རྟའི་ཟེ་བ་ཙམ་ཞིག་ཡོད་དོ་གསུངས་པའི་ལུང་བསྟན་བྱུང་། དེའི་དུས་སུ་ཡེ་ཤེས་ཀྱི་མཁའ་འགྲོས་ཕྲིན་ལས་བསྒྲུབས།(སྟོད་ཆ།༧༤༧) ཕྱོགས་ཀྱི་སྦྱིན་བདག་ཐམས་ཅད་འདུས། ཚོགས་ཀྱི་འཁོར་ལོ་དང་མཆོད་པའི་སྤྲིན་ཕུང་ཆར་དུ་བབས། བདུད་རྩི་མཚོ་ལྟར་དུ་མེར་བས་དྭགས་པོ་མཚོ་མེར་སྟེང་དུ་གྲགས། གོང་གི་གཏེར་སྟོན་གྱིས་བཏབ་པའི་དགོན་པ་ལ་ཆ་ལུགས་དེ་བཞིན་བསྒྱུར་བས། ལྷུན་གྲགས་དཀར་པོ་བར་གྲགས་ཏེ་འགྲོ་དོན་ཤིན་ཏུ་ཆེ་ཞིང་། འདི་ནས་བཟུང་དཀར་པོ་བར་གྲགས་པ་འདི་བྱུང་བ་ཡིན། མཚན་ལྡན་གཞོན་ནུ་སངས་རྒྱས་ནས། མཚུངས་མེད་གཞོན་ནུ་བསམ་འགྲུབ། འཇམ་དབྱངས་གཞོན་ནུ་དོན་གྲུབ། མཁས་གྲུབ་ཀློང་ཆེན་པ། འཇམ་དབྱངས་གཞོན་ནུ་དོན་གྲུབ། མཁས་གྲུབ་ཀློག་ཆེན་པ། ཐུགས་སྲས་དཀར་པོ་ཀུན་དགའ་གྲགས་པ་སོགས་སློབ་བརྒྱུད་རིགས་གཅིག་དང་། མཚོ་མེར་སྟེང་པ་ནས་བརྒྱུད་པ་ལུགས་གཅིག་ལ་གདན་ས་མ་བུ་བརྒྱད་དུ་གྱེས་ཏེ་གླིང་མཐའ་བ་དང་། ས་དཀར་བ་དང་། འགོར་བ་དང་། ན་སྤུངས་པ་དང་། རི་བོ་ཏ་ལ་པ་དང་། སྲིན་སྦུག་པ་དང་། དེ་དག་ཐམས་ཅད་མཚོ་མེར་སྟེང་པ་ལས་གྱེས་པའོ། སྐུའི་རིགས་བརྒྱུད་ནི་དབུས་ན་ཐར་ཐོར་ཡོད་པ་རྣམས་སྔགས་རིགས་ཙམ་ལས་གྲགས་ཆེ་བ་མ་བྱུང་ཞིང་། ཀོང་པོ་ན་ཡོད་པ་རྣམས་ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་གི་འཁྲིད་རྒྱུན་སྤེལ་བ་སོགས་འགྲོ་དོན་དང་ཕྲིན་ལས་ཆེ་བར་བྱུང་སྣང་ངོ་། ཨ་ཙ་ར་ས་ལེའི་སྐྱེ་བ་གཏེར་སྟོན་སྤྲུལ་པའི་སྐུ་དྲི་མེད་ལྷུན་པོ་ནི། འཁྲུངས་པའི་གནས་ནི་མཁའ་སྤྱོད་རྩྭ་རིའི་བྱང་ཤར་འཆི་ཀོང་འོའར་ཤོར་བཀྲ་ཤིས་དཔལ་གྱི་འབྱོར་པ་རྒྱ་མཚོ་ལྟ་བུ་ན། ཡབ་རྡོ་རྗེ་རྣམ་པ་གསུམ་དང་། ཡུམ་པདྨ་རྣམ་པ་གསུམ་ཞེས་བྱ་བ་བཞུགས་པ་ལས། སྐུ་བསྐྱེད་པའི་ཡབ་དངོས་ནི་ཕྱག་རྡོར་ཞེས་བྱ་ལ། ཡུམ་ནི་ཉག་མོ་པདྨ་མཚོ་ཞེས་(སྟོད་ཆ།༧༤༨)བྱ་བ་གཉིས་ཀྱི་སྲས་སུ་སྐུ་བལྡམས་ཏེ། དེ་ཡང་ཆུ་ཕོ་འབྲུག་གི་ལོ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་ཟླ་བ་རྒྱལ་དང་ལྡན་དུས་སུ་མགོ་མཇུག་མ་ལོག་ཅིང་། མི་གཙང་བའི་དྲི་མ་སོགས་ཀྱིས་ཅུང་ཟད་ཀྱང་གོས་པ་མེད་ཅིང་ཡུམ་ལ་གནོད་པ་མེད་པར་བདེ་བའི་ཉམས་དང་ལྡན་ཞིང་ངོ་མཚར་བའི་ལྟས་དང་བཅས་འཁྲུངས་ཤིང་། དེ་ནས་དུས་བཅུ་གཉིས་ལ་ནམ་མཁའ་ནས་རོལ་མོའི་སྒྲ་དང་། སྤོས་དང་སྨན་གྱི་དྲིས་ལུང་པ་ཁེངས་པ་དང་། བྱ་མང་པོས་སྤྲུལ་སྐུའི་ཐད་ཀྱི་ནམ་མཁའ་ནས་སྐོར་བ་བྱེད་པ་སོགས་ངོ་མཚར་ཆེ་བའི་ལྟས་བཅུ་གཉིས་བྱུང་ཞིང་། ལ་གསུམ་བར་དུ་ལྟས་འཕྲོ་མ་ཆད་པར་གྲགས། དཔའ་བོ་ཌཀྐི་མང་པོས་མཆོད་པ་དང་། བླ་མ་སངས་རྒྱས་བྱང་སེམས་རྣམས་ཀྱིས་བྱིན་གྱིས་བརླབས་པ་དང་། རྡོ་རྗེ་ཁྲོ་བོ་རྣམས་ཀྱི་བགེགས་བསྲུང་བ་དང་། བུ་ཆུང་ལྷའི་སྐུར་མཐོང་བ་སོགས་བྱུང་ཀྱང་ཡབ་ཡུམ་གཉིས་ཀྱིས་གཞན་རྣམས་ལ་སིན་ཏུ་གསང་བར་བྱས་སོ། དེའི་ཚེ་བླ་མ་གཡའ་བཟང་པས། བུ་འདི་འགྲོ་བ་ལ་ཕན་པའི་རྒྱལ་བའི་སྲས་ཤིག་འོང་གསུངས་ནས་མཚན་རྣམ་པར་སྣང་མཛད་འོད་ཅེས་བྱ་བར་བཏགས། དབྱར་ཟླའི་ཚེས་གཅིག་ལ་བུ་ཆུང་སྟོར་ནས་མ་རྙེད་ནས་ཡབ་ཡུམ་གཉིས་བྲེད་ཅིང་བཙལ་བ་ན། ཡུད་ཙམ་ཞིག་ནས་མལ་ས་ན་དགའ་ཡལ་ཡལ་མཛད་ནས་ཕྱག་ཏུ་ཤོག་དྲིལ་ཞིག་བསྣམས་ནས་བཞུགས་འདུག །ཡུམ་གྱི་ཤོག་དྲིལ་དེ་བསྲུང་བ་དང་ལྷན་ཅིག་མགུལ་དུ་འདོགས་པར་མཛད་པས་ཕྱིས་གཟིགས་པས་གཏེར་གྱི་ཁ་བྱང་ཡིན་པར་འདུག །དེ་སྐབས་ལྟས་དང་ཆོ་འཕྲུལ་ཆེན་པོ་བྱུང་བ་ལ་ཡབ་ཡུམ་སོགས་ཀྱིས་ཕལ་ཆེར་ལྷ་འདྲེའི་གནོད་པར་འཛིན་ནས་བཅོས་དང་རིམ་གྲོ་སོགས་མང་དུ་བགྱིས།(སྟོད་ཆ།༧༤༩) དག་དུས་སུ་ཆོས་སྐྱོང་རྣམས་ཀྱིས་སྲོག་སྙིང་ཕུལ་ཞིང་དམ་ལ་བཏགས་པ་ཡིན་འདུག །དགུང་ལོ་གསུམ་བཞེས་ནས་སྔར་གྱི་སྐྱེ་རྒྱུད་དང་། དྲང་དོན་དེས་དོན་གྱི་ཆོས་མང་པོ་གསུངས། མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར། ཨོ་རྒྱན་ཡབ་ཡུམ་དང་དངོས་སུ་མཇལ་ནས་དབང་བསྐུར་བྱིན་གྱིས་བརླབས་ཤིང་ཞལ་གདམས་ལུང་བསྟན་གནང་སྟེ། ཤི་རུང་གསོན་རུང་གཞན་དོན་གྱིས། །སངས་རྒྱས་བསྟན་པའི་རྒྱལ་མཚན་ཟུངས༔ འཇིག་རྟེན་བྱ་བ་རྒྱང་ལ་བོར༔ ཞེས་དང་། ཨོ་རྒྱན་ལུང་བསྟན་བྱུང་བའི་ཚེ། ནམ་ཕྱེད་ཡིན་ཡང་གསུང་བཞིན་སྒྲུབས༔ ཞེས་སོགས་ལུང་བསྟན་དང་དག་སྣང་མང་པོ་ཤར། དགུང་ལོ་བཅུ་གསུམ་བཞེས་པའི་ཚེ་འཆིམས་ཀྱི་གད་པ་སྐྱ་བོའི་ཕྱོགས་སུ་བྱོན་པས། ཨོ་རྒྱན་གྱི་གཏེར་གནས་མཆོད་རྟེན་བྱིན་རླབས་རང་འབབ་བྱ་བབའི། ཙ་རིའི་ཤར་སྒོའི་གནས་ནས་ཡེ་ཤེས་མཁའ་འགྲོ་བྷ་ར་ཧིའི་མིང་ཅན་ཞིག་རྫུ་འཕྲུལ་གྱི་དེར་བྱུང་སྟེ། དེ་དང་ལྷན་ཅིག་ཏུ་གཏེར་གྱི་སྒྲོམ་བུ་ཞིག་བཏོན་པར་མཛད་པའི་ནང་ནས། བསྟན་པ་ཐམས་ཅད་ཀྱི་དགོངས་པ་འདུས་པ་བསྟན་པའི་སྙིང་པོ་དང་། སངས་རྒྱས་ཀྱི་རིང་བསྲེལ། མཆོག་ཐུན་གྱི་དམ་རྫས་བཅུ་གཅིག་དང་། གཏེར་ཁ་སུམ་ཅུ་རྩ་གཅིག་གི་ཁ་བྱང་ལྡེ་མིག། ཆོས་བདག་ལུང་བསྟན་དང་བཅས་པ་བྱུང་། དེའི་ཕྱི་ལོ་ཙ་རི་མཇལ་དུ་བྱོན་པས། ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔས་བརྟན་བཞུགས་ཕུལ་བས་སྐུ་ཚེའི་གསོས་ཐེབས། ཙ་རི་མཁན་པོ་ཆོས་ཀྱི་བློ་གྲོས་ལས་རབ་བྱུང་དང་། ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལས་བསྙེན་རྫོགས་བ སྒྲུབས། བླ་མ་གློ་ལྡན་རྒྱལ་པོའི་དྲུང་ནས་རྫོགས་པ་ཆེན་པོ་སོགས་བཀའ་ཆོས་མང་དུ་(སྟོད་ཆ།༧༥༠)གསན། བླ་མའི་བཀས་བསྐུལ་བས་རེ་ཞིག་སྐལ་ལྡན་དགོན་པར་གདན་ས་མཛད། དེ་ནས་ཀོང་པོ་སྨད་དུ་བྱོན་ནས་གཏེར་ཕྲན་འགའ་ཞིག་གཏེར་ནས་བཞེས། ངོ་བཟང་ཐོས་གྲོལ་མཆོད་རྟེན་ནས་སངས་རྒྱས་དགོངས་འདུས་དང་ཡང་སྙིང་འདུས་པ་སོགས་སྤྱན་དྲངས། ཚལ་སྤང་རོལ་པའི་མཚོ་ནས་ཕྱག་རྡོར་སྒྲུབ་སྐོར་ཞིག་སྤྱན་དྲངས། ཕྱག་ན་རྡོ་རྗེའི་ཞལ་གཟིགས་ཙ་རི་བདེ་ཆེན་འཁོར་ལོ་ནས། གསང་བ་འདུས་པ་དང་དངོས་གྲུབ་ཀུན་གྱི་རྩ་བ། མཁའ་འགྲོ་མཚོ་རྒྱལ་གྱི་ཚངས་སྐུད་ཉི་ཟླ་ཅན་སྤྱན་དྲངས། དེ་ནས་སྒྲུབ་པ་གཙོ་བོར་མཛད་ཅིང་རི་ཁྲོད་ལྷུན་པོ་རྩེར་བཞུགས་སོ། དེའི་དུས་སུ་སངས་རྒྱས་མང་པོ་ཞལ་གཟིགས་ཤིང་ཐམས་ཅད་ཀྱིས་ཕྱག་སྤྱི་བོར་བཞགས་ནས། ཀྱཻ་རིགས་ཀྱི་བུ་ཁྱོད་མ་འོངས་པའི་དུས་སུ། སྟེང་ཕྱོགས་ལྷུན་གྲུབ་ཡོན་ཏན་དཔག་ཏུ་མེད་པའི་ཞིང་ཁམས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མེད་ལྷུན་གྲུབ་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། ཞེས་པའི་ལུང་བསྟན་ཐོབ། ཡང་ཀུང་པོ་ཉི་ཟླ་ཕྲད་ནས་ཀྱང་གཏེར་ཕྲན་ཞིག་བཞེས། དགུང་ལོ་ཉེར་གཅིག་གི་དུས་མཆོད་རྟེན་རྡོ་ཡིག་ཅན་ནས། དབང་ཆེན་འདུས་པའི་རྩ་བ། ཚེ་སྒྲུབ། དམ་རྫས་སོགས་དང་། བསམ་འཕེལ་འདོད་འབྱུང་མཆོད་རྟེན་ནས། བདེ་གཤེགས་འདུས་པ་དང་། མཁའ་གྲོ་འདུས་པའི་རྩ་བ། གཞན་ཡང་དམ་རྫས། བྲམ་ཟེའི་དབུ་ཐོད། མཚོ་རྒྱལ་གྱི་སྐུ་རྒྱན། རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན། གསེར་གྱི་རྣ་ཆ་དུང་གི་གདུབ་བུ་སོགས་དང་ལུང་བསྟན་ཤོག་རིལ་སོགས་སྤྱན་དྲངས། ཨོ་(སྟོད་ཆ།༧༥༡)རྒྱན་གྱི་རྣམ་འཕྲུལ་སྤྲུལ་སྐུ་སངས་རྒྱས་གླིང་པ་ཕྱོགས་དེར་བྱོན་པ་དང་བཀའ་བགྲོས་ནས་བསྟན་པའི་སྤྱི་རིམ་ཆེན་པོ་མཛད། གཞང་ཡང་ལོ་རེ་བཞིན་དུ་དཔྱིད་རར་མཆོད་པ་ཆེན་པོ་དང་། དབྱར་རར་མཆོད་སྦྱིན་སྟོང་རྩ་རེ། སྟོན་ཚ་ཚ་འབུམ་ཕྲག་རེ། དགུན་རར་ཚོགས་འཁོར་བརྒྱ་རེ་སོགས་རྒྱུན་པར་ཆགས་མེད་མཛད། སླར་ཡང་ཀོང སྨད་ཀྱི་ཕྱོགས་ལ་ཕེབས། བདུད་སྤྲུལ་ཞིག་གིས་ཐོ་མཚམས་པ་ལུང་རིགས་དང་རྫུ་འཕྲུལ་གྱིས་བཏུལ། ཤར་ཕྱོགས་རི་བོ་ཆེ་ཞེས་བྱ་བ་དང་། ནུབ་ཕྱོགས་དུང ་ཞེས་བྱ་བའི་གནས་ཟབ་གཏེར་འགའ་ཞིག་སྤྱན་དྲངས། ཀོང་པོ་བུ་ཆུ་ནས་ཀྱང་དྲེགས་པའི་རླུང་འཁོར་རླུང་དམར་མ་དང་། རྒྱལ་པོའི་བླ་དཔེ་མཁན་སློབ་ཚོས་གསུམ་ཤངས་ཚལ་གྱི་བྲིས་པའི་རྒྱལ་པ་འབུམ་གྱི་གླེགས་བམ་ཚང་བ་འབུམ་དམར་མར་གྲགས་པ་སྤྱན་དྲངས། ཤར་ཕྱོགས་བྲག་་ཕུག་ཚད་པ་ཅན་བྱ་བ་ནས་ཟབ་དོན་གཅིག་ཤེས་ཀུན་གྲོལ། རྒྱ་ལ་གཤིན་རྗེའི་དངོ་ཁ་ནས་གཏེར་བདག་གི་ཆོ་འཕྲུལ་ཟིལ་གྱིས་མནན་ཅིང་སྐུ་སྲོག་བློས་བཏང་ནས་ལྟར་མི་བཟོད་པའི་བྲག་ཡང་ཆེན་པོ་ནས་རརྣ་དྷི་རིུའ་གཏེར་སྒྲོམ་སྤྱན་དྲངས་པའི་ནང་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་དང་། ཨོ་རྒྱན་རང་བྱུང་གི་སྐུ་ཉེར་གཅིག །གཞན་ཡང་ཆོས་དང་གཏེར་གྱི་ཁ་བྱང་མང་པོ་སྤྱན་དྲངས། གཞན་ཡང་རྫོང་ཞབས་མ་ནས་ཀྱང་ཟབ་ཏིང་དགོངས་པ་རང་གྲོལ་དང་། ལྷ་སའི་གཏེར་གྱི་ཁ་བྱང་། གསེར་གྱི་རྡོ་རྗེ་རྣམས་གདན་དྲངས། དེ་ནས་ལུང་བསྟན་ལྟར། དཔོན་སློབ་བཞིས་ལྷ་སར་ཕེབས། བཅུ་གཅིག་ཞལ་གྱི་ཕྱག་གཡོན་པའི་འོག་ནས་ཡིག་བརྒྱ་མཐོང་བ་དོན་ལྡན་དང་། ཁ་སར་པཱ་ཎིའི་སྐུ་སོགས་ཟབ་(སྟོད་ཆ།༧༥༢)གཏེར་དཔག་ཏུ་མེད་པ་སྤྱན་དྲངས། ཆོས་ཀྱི་རྗེ་རོལ་པའི་རྡོ་རྗེ་དང་ཆོས་བདག་གི་རྟེན་འབྲེལ་བསྒྲིགས་པས་རྒྱལ་བའི་དབང་པོ་ཀརྨ་པ་རོལ་པའི་རྡོ་རྗེ་ཡང་ཐུགས་དགྱེས་པའི་རྩེར་སོན་ཅིང་རྟེན་འབྲེལ་ལེགས་པར་འགྲིགས། གཞན་ཡང་གར་བྱོན་པར་གཏེར་ཆོས་ཀྱི་འགྲོ་དོན། དད་པ་གནད་གསོ་བ་སོག་པ་སོགས་འགྲོ་དོན་བསམ་གྱིས་མི་ཁྱབ་པར་མཛད། སྐལ་ལྡན་ཆོས་ཀྱི་བདག་པོ་རྣམས་ཀྱི་གཙོས་པའི་དབུས་ཁམས་གསུམ་ནས་སྐྱེ་དགུ་དཔག་ཏུ་མེད་པ་འདུས་ཤིང་ཐམས་ཅད་སྨིན་གྲོལ་ལ་བཀོད་པར་མཛད། ཟབ་གཏེར་བརྒྱ་དང་སུམ་བཅུའི་ཁ་བྱང་ཕྱག་ཏུ་སོན་པ་ཐམས་ཅད་གཏེར་བཞེས་མ་ཐུབ་པར་གྲགས་ཤིང་། གཙོ་བོ་འདུས་པ་དགུའི་སྐོར་ནི། བླ་མ་བྱིན་རླབས་འདུས་པ། བསྟན་པ་ཡང་སྙིང་འདུས་པ། ཐུགས་རྗེ་ཆེན་པོ་དབང་ཆེན་འདུས་པ། མཁའ་འགྲོ་འདུས་པ། བསྐྱེད་རིམ་བདེ་གཤེགས་འདུས་པ། དངོས་གྲུབ་འདུས་པ། གསང་བ་འདུས་པ། སངས་རྒྱས་འདུས་པ། དགོངས་པ་འདུས་པ་སྟེ་འདུས་པ་སྐོར་དགུ་རེ་རེ་ལ་ཡང་དཀྱིལ་འཁོར་བརྒྱ་རྩ་བརྒྱད་རེ་ཡོད་པར་གྲགས་ཤིང་། གཞན་ཡང་དོན་ཏིག་འགྲོ་བ་ཀུན་གྲོལ། མཆོག་ཏིག་ཡི་ཤེས་རྣམ་གྲོལ། ཟབ་ཏིག་དགོངས་པ་རང་གྲོལ་སོགས་གཏེར་ཆོས་མཐའ་ཡས་པར་སྤྱན་དྲངས་ཤིང་འགའ་ཟིག་ཡང་གཏེར་དུའང་སྦས། ཟབ་གཏེར་དེ་དག་ཞལ་ཕྱེ་བ་དང་། གཏེར་སྒྲུབ་སོགས་ཀྱིས་མཚོན་གཞན་ཡང་དུས་ངེས་ཡོད་མེད་ཐམས་ཅད་དུ་ངོ་མཚར་བའི་ལྟས་དང་གྲུབ་པའི་རྟགས་སོགས་ནི་བརྗོད་པའི་ཡུལ་ལས་འདས་པར་སྣང་སྟེ་རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་དངོས་སུ་ཞལ་གཟིགས་ཤིང་ལུང་བསྟན་པ་དང་། ཁྱད་པར་དུ་ཨོ་རྒྱན་རིན་པོ་ཆེ་ཡབ་(སྟོད་ཆ།༧༥༣)ཡུམ་གྱིས་བྱིན་གྱིས་བརླབས་ཤིང་། ལན་གཅིག་མ་ཡིན་པར་དུས་གསུས་འབྲལ་མེད་དུ་མཇལ་ཞིང་རྗེས་སུ་བཟུང་བར་གདམས་པ་དང་ལུང་བསྟན་གནང་བ་དང་། ནམ་མཁའ་ནས་དུང་གི་སྒྲ་དང་རོལ་མོའི་སྒྲ་མང་པོ་སྒྲོགས་པ་ཀུན་གྱིས་མཐོང་ཐོས་སུ་གྱུར་པ་དང་། ཆོས་ཀྱི་དབྱངས་སྙན་པོ་དང་དྲི་བཟང་པོས་ཕྱོགས་ཐམས་ཅད་ཁྱབ་པ་དང་། དཀྱིལ་འཁོར་དབུས་ན་ཡེ་ཤེས་ཀྱི་གིང་ཀུན་གྱིས་དངོས་སུ་མཐོང་བ་དང་། ནམ་མཁའ་ནས་མེ་ཏོག་གི་ཆར་བབས་པ་དང་མ་ཎིའི་སྒྲ་དང་དཔའ་བོས་བཤུགས་གླུ་ཀུན་གྱིས་ཐོས་པར་བྱུང་བ་དང་། ས་གཡོ་བ་དང་། ཡི་ཤེས་ཀྱི་པོ་ཉ་འབར་བའི་གདོང་ཅན་རྣམས་ཀྱིས་ཉ་བོ་དངོས་སུ་བསྒྲལ་བ་དང་། མ་ཏྲཾ་གྱིས་སྨྲེ་ངག་འདོན་པ་སོགས་ཀུན་གྱིས་མཐོང་སྣང་མཐུན་པའི་ལྟས་དང་ངོ་མཚར་བསམ་གྱིས་མི་ཁྱབ་ཅིང་གྲུབ་པའི་སྤྱོད་པ་མཐའ་ཡས་པས་འགྲོ་བ་ཐམས་ཅད་ངོ་མཚར་ཡ་མཚན་གྱི་གནས་ལ་བཀོད། གཞན་ཡང་རྩ་འདྲ་རྩ་གོང་སོགས་གནས་སྒོ་མང་པོ་ཕྱེས་ཤིང་སྐལ་ལྡན་རྣམས་དད་པའི་ས་ལ་བཀོད་པར་མཛད། གཞོན་ནུ་ནས་རིག་པའི་གནས་ལྔ་སྒ་ཚད། བཟོ་གསོ། སྙན་ངག་སོགས་བསླབ་ཤེས་ཀྱི་ཡོན་ཏན་ཀུན་ཕུལ་དུ་ཕྱིན་པ་མངའ་བ་ཞིག་སྟེ་ཡོན་ཏན་མཐའ་དག་གི་བརྗོད་པའི་ཡུལ་ལས་འདས་པ་ཉིད་དོ། གཏེར་སྟོན་འདིའི་སྐུའི་སྐྱེ་བ་ལ་དྲི་མེད་མཚན་ཅན་གཏེར་སྟོན་བཅུ་གསུམ་འབྱུང་བའི་ལུང་བསྟན་ཡོད་པར་གྲགས་ཀྱང་དྲི་མེད་རྡོ་རྗེའི་གཏེར་མ་ཟ་ཡིག་ཞིག་ལས་གཞན་མཐོང་ཐོས་མ་བྱུང་། འོན་ཀྱང་གཏེར་ལུག་ལས། སྤེལ་བའི་གནས་མཆོག་ཤར་ཕྱོགས་ཀོང་པོ་རོང་༔ ཙ་རི་ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ན༔ པདྨས་བྱིན་རླབས་སྐལ་ལྡན་འདུ་བའི་(སྟོད་ཆ།༧༥༤)ས༔ ཞེས་སོགས་གསུངས་པ་བཞིན་དེང་སང་ཡང་རྩ་ནང་དུ་དགོན་པ་དང་གཏེར་སྟོན་དེ་ཉིད་ཀྱི་གསེར་གདུང་དང་། མཆོད་རྟེན་དཀར་མོ་འགུལ་ཤེས་སོགས་མ་ཉམས་པར་མཇལ་རྒྱུ་འདུག་གོ། ༥ རྒྱལ་མཆོག་ལྔ་པའི་གསན་ཡིག་ལས་བྱུག་བའི་བྱོན་དུས་སོགས་ངེས་གསལ་མ་རྙེད་བའི་གཏེར་སྟོན་རྣམས་ཀྱི་མཛད་བསྡུས། འདི་ཕྱིན་གཏེར་སྟོན་རྣམས་བྱོན་ཚུལ་ལ་སྔ་ཕྱིའི་གོ་རིམ་ཡུལ་དུས་སོགས་བསྒྲིགས་རྔོ་ཐོག་པ་ཞིག་མི་སྣང་བས་ཀུན་མཁྱེན་ལྔ་པའི་གསན་ཡིག་གི་གོ་རིམ་ལྟར་འབྲི་བར་བྱ་སྟེ། སྤྲུལ་པའི་གཏེར་སྟོན་ཆེན་པོརདོར་འབུམ་ཆོས་ཀྱི་གྲགས་པ་ནི། རང་གཏེར་ལས། ད་སོག་སུམ་བརྒྱ་ཉི་ཤུ་ནས༔ བསྐལ་པའི་ཆ་ཉམས་འབྱུང་བཞི་གཡོ༔ ལས་ཀྱི་ཆར་རྒྱུན་བབས་པའི་ཚེ༔ བོང་ཐུང་ག་ལི་རྐན་སོ་ཅན༔ འོད་དཀོར་རྨ་བྱའི་མདངས་ཅན་གྱིས༔ བློ་གསལ་རི་བོང་ལ་འདོན༔ ཞེས་མཚན་རྟགས་དང་ལྡན་པར་ལུང་དུ་བསྟན་པ་བཞིན༔ ཡུལ་མངའ་རིས་སུ་འཁྲུངས། ཡབ་ཡུམ་འབྱོར་པ་དང་ལྡན་པས། གསེར་གྱིས་རྡོ་རྗེ་གཅོད་པ་དང་། རྒྱས་པ་འབུམ་བཞེངས་པའི་དུས་སུ་བཙས་པས། མཚན་རྡོ་རྗེ་འབུམ་དུ་བཏགས། རབ་ཏུ་བྱུང་བའི་མཚན་ཆོས་ཀྱི་གྲགས་པར་གསོལ། འོད་དཀོར་རྨ་བྱའི་མདངས་ཅན། ཞེས་དཔྲལ་བ་ན་རྨ་བྱའི་མདངས་ཀྱི་ཐིག་ལེ་ལྟ་བུའི་མཚན་མ་ཡོད་པར་གྲགས། གཏེར་སྟོན་འདི་ཨོ་རྒྱན་གྲུབ་པའི་སྙིང་པོའི་སྤྲུལ་པ་ཡིན་ཏེ། ཞེས་མཚན་རྟགས་དང་ལྡན་པར་ལུང་དུ་བསྟན་པ་བཞིན༔ ཡུལ་མངའ་རིས་སུ་འཁྲུངས། ཡབ་ཡུམ་འབྱོར་པ་དང་ལྡན་པས། གསེར་གྱིས་རྡོ་རྗེ་གཅོད་པ་དང་། རྒྱས་པ་འབུམ་བཞེངས་པའི་དུས་སུ་བཙས་པས། མཚན་རྡོ་རྗེ་འབུམ་དུ་བཏགས། རབ་ཏུ་བྱུང་བའི་མཚན་ཆོས་ཀྱི་གྲགས་པར་གསོལ། འོད་དཀརོ་རྨ་བྱའི་མདངས་ཅན། ཞེས་དཔྲལ་བ་ན་རྨ་བྱའི་མདངས་ཀྱི་ཐིག་ལེ་ལྟ་བུའི་མཚན་མ་ཡོད་པར་གྲགས། གཏེར་སྟོན་འདི་ཨོ་རྒྱན་གྲུབ་པའི་སྙིང་པོའི་སྤྲུལ་པ་ཡིན་ཏེ། གཏེར་ལུང་ལས། ང་མིན་ང་དང་དྲ་བ་ཡིས༔ ང་ཡི་གདུང་བརྒྱུད་འཛིན་བ་དང་། སེམས་ཅན་རྣམས་ལ་ཕན་གདགས་(སྟོད་ཆ།༧༥༥)ཕྱིར༔ དཔེ་འདི་ཉིད་དང་འཕྲད་པར་ཤོག༔ ཅེས་གསུངས་པའི་ལུང་བསྟན་དང་མཐུན་པར་སྤྲུལ་པའི་གཏེར་སྟོན་དེ་ཉིད་ཀྱིས་ཁོང་བའི་སྙིང་ངམ་ཡིད་བཞིན་གྱི་ནོར་བུའི་དཔེ་དང་སྦྱར་བའི་གསོ་དཔྱད་ཀྱི་རྒྱལ་པོ་བདུད་རྩི་བུམ་ཆེན་གྱི་སྐོར་རྣམས་བྱང་ཕྲ་ངུ་ན་རྩེའི་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་སྐུའི་ཐུགས་ཀ་ནས་སྤྱན་དྲངས་ཤིང་། ཁ་སྐོང་ཟུར་བཀོལ་འགའ་ཞིག་བྱམས་སྤྲིན་རྡོ་སྐུའི་འོག་ནས་བཏོན། ཡང་བདུད་རྩིའི་བུམ་ཆུང་སྐོར་རྣམས་གུར་ཆུག་མགོན་པོའི་ཐུགས་ཀ་ནས་སྤྱན་དྲངས་པ་ཡིན་ཏེ། གསོ་དཔྱད་འདི་ཨོ་རྒྱན་ཆེན་པོས། ཇོ་མོ་མཚོ་རྒྱལ་དང་། མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང་། ཨོ་རྒྱན་ཉིད་ཀྱི་སྤྲུལ་པ་ཨོ་རྒྱན་གྲུབ་པའི་སྙིང་པོ་དང་གསུམ་ལ་གནང་བ་ཡིན་ལ། འདིའི་དབང་ལུང་གི་རྒྱུན་མ་ཉམས་པར་དེག་སང་གི་བར་དུ་བཞུགས་ཏེ། ཁྲི་སྲོང་རྣམ་འཕྲུལ་དབང་པོའི་སྡེ་དང་། ཐམས་ཅད་མཁྱེན་པ་ལྔ་པ་རིན་པོ་ཆེ་སོགས་ཀྱིས་ཉེ་མཁོའི་ཡིག་ཆ་མཛད་པའང་འགའ་ཞིག་ཡོད་ལ། འགྲོ་ཕན་གྱི་ཕྲིན་ལས་སྐྱོང་བའང་མང་དུ་འདུག་ཅིང་། ཁྱད་པར་དུ་འཇམ་མགོན་སྭ་རའི་ཞབས་ཀྱིས་འདིའི་མན་ངག་རྣམས་རྒྱུད་ཆེན་གྱི་ལྷན་ཐབས་སུ་སྦྱོར་བར་གནང་བས། དེང་དུས་ཀྱི་འགྲོ་བ་རྣམས་ལ་ཕན་བདེའི་འབྱུང་གནས་སུ་གྱུར་པ་འདི་ལགས་སོ། གཏེར་སྟོན་འདི་དུས་སྔ་མོ་ཞིག་ནས་བྱོན་པར་མངོན་ཏེ། གཏེར་སྟོན་ནས། ཐུགས་སྲས་རིན་ཆེན་རྡོ་རྗེ། དེ་སྲས་རྡོ་རྗེ་མགོན་པོ་ཆ་ལུང་པ་ཆེན་པོ། དེ་སྲས་གཡུ་ཐོག་ཡོན་ཏན་མགོན་པོ་ཞེས་བྱུང་བས་གཡུ་ཐོག་ལས་ཀྱང་མི་ཐག་བཞི་ཙམ་གྱི་སྔ་བ་འདྲའོ། མཁའ་འགྲོ་མ་ཀུན་དགའ་འབུམ་ནི། གསང་བ་ལྟར་ན་རྡོ་རྗེ་ཕག་(སྟོད་ཆ།༧༥༦)མོ། ནང་ལྟར་རྗེ་བཙུན་སྒྲོལ་མ། ཕྱི་ལྟར་ན་མ་གཅིག་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་པར་བསྟན་པ་རྒྱལ་བ་ཀུན་ཡུམ་གང་དེའི་སྤྲུལ་པ་སྟེ། སྤྲེའུའི་ལོ་ལ་འོན་གྱི་བཀྲ་ཤིས་རྡོ་མཁར་དུ། ཡབ་གཙང་པ་རྡོ་རྗེ་དབང་ཕྱུག་དང་། ཡུམ་ཤེལ་དཀར་བཟའ་རྡོ་རྗེ་མཚོའི་སྐྱེ་བ་མཚན་ལྡན་ལྷ་སྐྱིད་དཔལ་འཛོམས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་པ་ལ། གདན་ས་མཐིལ་གྱི་སྤྱན་སྔ་ཚེས་བཞི་རྙིང་མ་བ་གྲགས་པ་རྒྱལ་མཚན་ལ་གཙུག་ཕུད་ཕུལ་བས། མཚན་ཀུན་དགའ་འབུམ་དུ་གསོལ། ཚེས་བཞི་རྙིང་མ་བ་འདི་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་ཁུ་བོ་ཡིན། དེ་ལ་སོགས་པའི་བླ་མ་མག་དུ་བསྟེན་ཅིང་། གསང་སྔགས་གསར་རྙིང་གི་ཆོས་ཚུལ་མང་པོ་དང་དབང་ཁྲིད་གདམས་པ་མཐའ་ཡས་པ་གསན་ཅིང་བསྒྲུབ་པ་ཁོ་ན་མཛད་པས། ཐུགས་དམ་གྱི་རྟོགས་པ་ཀློང་དུ་གྱུར། ཁྱད་པར་དུ་ནུབ་གཅིག་གི་སྲོད་འཁོར་ཙམ་ལ། ཀྱཻ་སྐལ་ལྡན་ལས་མ་ཁྱོད། སྒྲགས་ཡང་རྫོང་གྱི་འོད་གསལ་ཕུག་ཅེས་བྱ་བར་ལོ་བདུན་ཟླ་བ་བདུན་ཞག་བདུན། ཟ་མ་བདུན་དུ་སྒྲུབ་པ་མཛོད་ཅིང་དང་། ཌ་ཀྐིའི་ལུང་བསྟན་དང་། མཁའ་སྤྱོད་ཀྱི་ཞིང་སོགས་མཇལ་བ་ཡོད་དོ། །ཟེར་བ་ཞིག་གསན་པས། སྒྲགས་ཡང་རྫོང་གི་བྱེ་བྲག་རྫོང་ཤེལ་གྱི་འོད་གསལ་ཕུག་ཏུ་ལོ་བདུན་དུ་རྩེ་གཅིག་ཏུ་སྒྲུབ་པ་ལ་བཞུགས་པས། རྡོ་རྗེ་ཕག་མོའི་ལུང་བསྟན་ནས་ཕུག་པ་དེ་ཉིད་ནས་མ་རྒྱུད་གསང་བ་ལམ་ཁྱེར་གྱི་ཆོས་སྐོར་ཆ་ལག་དང་བཅས་གཏེར་ནས་གདན་དྲངས། དབུས་སྟོད་སྨད་ཀུན་ཏུ་སྐལ་ལྡན་མང་པོ་ལ་གནང་ནས་སྨིན་གྲོལ་ལ་བཀོད། ཁྱད་པར་དུ་གཏེར་ལུང་ལས་བྱུང་བ་བཞིན་འགྲོ་མགོན་དུང་མཚོ་རས་པ་ལ་གནང་། དེ་ནས་ཕྱོགས་ཀུན་ཏུ་རྒྱ་ཆེར་འཕེལ་ཏེ་དུས་ཕྱིས་དིང་སང་གི་(སྟོད་ཆ།༧༥༧)བར་དུ་དབང་ཁྲིད་ལུང་གསུམ་གྱི་རྒྱུན་མ་ཆད་པ་ཡོད། སྒྲགས་ཡང་རྫོང་གི་གནས་སྒོའང་། གཏེར་འདོན་པ་དང་ལྷན་ཅིག་ཏུ་ཕྱེས་པ་ཡིན་ཏེ་དེ་དུས་དགྲ་དོལ་གཞུང་གསུམ། སྐྱི་གཡོར་ཡར་འོན། ཀློ་རྡོ་བསམ་ཡས་ཟུར་མཁར་རྣམས་སུ་མེ་ཏོག་གི་ཆར་འབབས་པ་དང་། མཁའ་གྲོ་མ་རྣམས་ཀྱི་རོལ་མོའི་སྒྲ་སྒྲོགས་པ་བྱུང་། ཕྱོགས་དུས་ཀྱི་བླ་སྐྱ་མི་དཔོན་དགེ་བའི་བཤེས་གཉེན་སོགས་གྲྭ་པ་བུ་སློབ་ཀྱང་མང་དུ་འདུས་ཤིང་ཆོས་དང་གདམས་པ་ཞུ་བ་བགྲང་བ་ལས་འདས། འོན་གྱི་བཀྲ་ཤིས་ཡང་དགོན་དང་། རྗེ་མོ་མཆོད་རྟེན་རྣམས་སུ་ཐུགས་དམ་སྐྱངས་ཤིང་བཞུགས་པའི་མཐིལ་མཛད། དུས་ཀུན་ཏུ་ཨོ་རྒྱན་ཡབ་ཡུམ་དང་འབྲལ་མེད་དུ་མཇལ་བ་དང་། དུས་གཅིག་ལ་དག་པའི་ཞིང་ཁམས་ལྔར་བགྲོད་པ་སོགས། མཁའ་སྤྱོད་ཀྱི་ཞིང་མང་པོར་ཕེབས་པ་དང་། དག་པའི་སྣང་བ་འབའ་ཞིག་ཐུགས་ལ་འཆར་ཞིང་། སློབ་མའང་འཇའ་ལུས་གྲུབ་པ་མང་དུ་བྱོན། མཐར་དགུང་ལོ་དོན་ལྔ་བཞེས་པའི་ཚེ། རྗེ་མོ་མཆོད་རྟེན་གྱི་དགོན་པར་ཞག་བདུན་དུ་སྐུ་མཚམས་མཛད་པས། སྒྲ་དང་འོད་དང་མེ་ཏོག་གི་ཆར་བབས་པ་ལ་སོགས་པའི་ངོ་མཚར་གྱི་ལྟས་བཟང་བསམ་གྱིས་མི་ཁྱབ་པ་དང་བཅས། སྐུ་ལུས་མ་སྤངས་པར་འཇའ་ལུས་རྡོ་རྗེའི་སྐུ་གྲུབ་པར་མཛད་པ་ཡིན་ནོ། འདི་ནི་མཁར་ཆེན་བཟའི་སྤྲུལ་པ་ཕུལ་དུ་བྱུང་བའི་ཡོན་ན་དུ་མ་ལྡན་འི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞིག་གོ། སྤྲུལ་སྐུ་བཟང་པོ་གྲགས་པ་ནི། སྙིང་ཐིག་གནད་ཀྱི་དོན་བདུན་མ་ལས། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་བརླབས་པའི༔ སྐྱེས་བུ་སྟག་ལོ་སྨེ་བའི་ག་ཤ་ཅན༔ ཆགས་མེད་འཁོར་བ་སྤངས་པའི་རྣལ་འབྱོར་(སྟོད་ཆ།༧༥༨)པ༔ གནས་མེད་རི་ཁྲོད་འགྲིམས་པའི་ལས་ཅན་དེ། གཙང་འགྲམ་གྲོམ་པའི་ཕྱོགས་ནས་གཏེར་ཆེན་འདོན༔ རྒྱ་གར་བལ་པོ་མོན་དང་བོད་ཀྱི་ཡུལ༔ སྐད་རིགས་མི་གཅིག་བཞི་ཡི་དོན་ཆེན་བྱེད༔ དེ་འདྲའི་ལས་ཅན་ལྔ་བརྒྱའི་དུས་སུ་བྱུང་༔ ཞེས་གསུངས་པ་ལྟར། འཁྲུངས་ཡུལ་ལ་སྟོད་ལྷོ་པ་ཡིན། སྐུ་གཞོན་ནུ་ནས་བཀའ་བརྒྱུད་ཀྱི་ཆོས་སྒོར་ཞུགས། རྒྱལ་གྱི་ཤྲི། ཡང་ལམ་རི་ཁྲོད། གངས་བུ་ལེ་སོགས་སུ་རྩེ་གཅིག་ཏུ་སྒྲུབ་པ་མཛད་པས། ཐུགས་དམ་རྟོགས་པ་ཀློང་དུ་གྱུར། རེ་ཞིག་གི་དུས་ན་གངས་ཆེན་བུ་ལེར་སྒྲུབ་པ་མཛད་ཀྱིན་བཞུགས་པའི་ཚེ། གནོད་སྦྱིན་བུ་ལེ་ཁྱེའུ་དཀར་པོ་དར་གྱི་ཐོད་ཅན་ཞིག་ཏུ་བྱས་ནས་དྲུང་དུ་འོངས་ཏེ། རྣལ་འབྱོར་པ་སྒོམ་སྐྱོང་ལུགས་ཤེས་པ་ཞིག་འདུག །ཆོས་ཉམས་སུ་ལེན་ནུས་པ་བཀའ་དྲིན་ཆེ། ཞེས་སོགས་དགའ་དགའ་ལྟར་བྱས་ནས་གཏམ་མང་དུ་གླེང་བའི་མཐར། གྲོམ་པ་རྒྱང་ན་སློབ་དཔོན་པདྨའི་གཏེར་ཡོད། དེ་འདོན་པའི་གང་ཟག་ལུང་བསྟན་པ་ཁྱོད་ཡིན་པས། གཏེར་དེ་མྱུར་དུ་འདོན་དགོས། མ་བཏོན་ན་སྒྲོ་ཁང་འགྱེལ་ནས་གཏེར་ཆུད་ཟོས་འགྲོ་བར་འདུག་ཅེས་ལན་མང་དུ་བསྐུལ་ཀྱང་། རྣལ་འབྱོར་པ་རྒན་པོའི་ཕོ་ཚོད་ཀྱིས། ཉམས་ཀྱི་སྣང་བ་ལ་རྩིས་གདབ་མ་མཛད་པར་བཞག་ཀྱང་། སྐབས་ཤིག་དེང་རི་ལ་ལྡོམ་བུ་བྱེད་དུ་བྱོན་པས། སྒོམ་ཆེན་པ་ཞིག་དང་མཇལ། མཚན་དྲིས་བས་སྙེ་ནམ་ལ་སྒོམ་ཟེར་བ་ཡིན་གསུངས། ཆོས་ཀྱི་བགྲོ་གླེང་ཞུས་པས། བཤད་པ་དང་། ཉམས་མོང་གང་ནས་ཀྱང་འགྲན་དུ་མ་བཟོད་པས། སློབ་དཔོན་གྱི་སྤྲུལ་པ་ཡིན་པར་མ་ཤེ ས་ཀྱང་། ཁམས་ཆེ་བ་ཞིག་ཏུ་གོ་ནས་མོས་གུས་མཛད་ནས་ཆོས་འབྲེལ་ཞུས་པས། ད་ལམ་གྱི་(སྟོད་ཆ།༧༥༩) ཆོས་འབྲེལ་ངའི་བཀའ་ལྟར་གྱིས་གསུངས་ནས། ཤོག་དྲིལ་ཞིག་ཕྱག་ཏུ་གཏད་ནས། ལྷོ་ནུབ་ཀྱི་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་སོང་ཡང་ཟེར། གྲོམ་པ་རྒྱང་ལྷ་ཁང་གི་སྦོ་གང་ན་གཏེར་ཡོད་པས་དེ་ཐོན་དང་སེམས་ཅན་ལ་ཕན་ཐོགས་པར་ཡོད། དེ་ནས་ང་ཡང་ཁྱོད་ཀྱི་རྩར་ཡོང་ཟེར་ནས་གྱེས་ཡང་ཟེར། གང་ལྟར་ཡག་རུ་ལག་བྲོམ་པ་རྒྱང་གི་ལྷ་ཁང་དང་། སློབ་དཔོན་ཆེན་པོའི་སྒྲུབ་ཕུག་རྒྱང་གི་ཡོན་པོ་ལུང་གཉིས་ནས། ཤིང་ཕོ་འབྲུག་གི་ལོ་ལ་ཟབ་མོའི་གཏེར་སྒོ་འབྱེད་པའི་ཆོས་སྡེ། རྒྱང་ནས་རྟ་མགྲིན་གྱི་སྒྲུབ་ཐབས་དང་། གུང་ཐང་རྒྱལ་པོ་ལ་གསུས་པའི་སྐོར། མགོན་པོ་བྱམས་པའི་སྒྲུབ་ཐབས་སོགས་དང་། ཡོན་པོ་ལུང་ནས་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས། ཀླུའི་སྒྲུབ་ཐབས་དྲག་སྔགས་དང་བཅས་པ། ཡང་གུང་ཐང་རྒྱལ་པོ་ལ་གསུངས་པའི་ཤོག་དྲིལ། སྙིང་བྱང་རྒྱས་པ་གནད་ཀྱི་ཐེམ་པ། འབྲིང་པོ་ཐུགས་རྗེའི་འོད་ཟེར། བསྡུས་པ་ཐུགས་རྗེའི་ལྕགས་ཀྱུ། རི་བོ་དཔལ་འབར་གྱི་གནས་ཡིག ལྷ་ཁང་བཞེངས་ཐབས། ཞལ་ཆེམས་ཐུགས་ཀྱི་ཐིག་པ། ཁ་བྱང་གཏེར་གྱི་བང་མཛོད། ལམ་བྱང་གསལ་བའི་སྒྲོན་མེ། སྙིང་ཐིག་གནད་ཀྱི་དོན་བདུན། ཀླུ་སྲས་བུ་ལེའུ་སྒྲུབ་ཐབས། ཕྱིར་ཟློག་འཁོར་ལོ་འབར་བ། གསོལ་འདེབས་ལེའུ་བདུན་མ་རྣམས་སྤྱན་དྲངས། ཁ་བྱང་སྙིང་བྱང་རྣམས་རིག་འཛིན་རྒོད་ལྡེམ་ཅན་གྱི་ཁ་བྱང་ཡིན་འདུག་པས། སྟོན་པ་བསོད་ནམས་དབང་ཕྱུག་བྱ་བ་ལ་བསྐུར་ནས། ཡོངས་རྫོགས་རིག་འཛིན་ཆེན་པོའི་ཕྱག་ཏུ་གཏད་དོ། དེ་ནས་སྙེ་ནམ་ཕྱོགས་ལ་བྱོན་ནས། ལ་སྒོམ་ཟེར་བའི་སྒོམ་ཆེན་རྩད་བཅད་པས། དེ་སྐད་ཟེར་བའི་སྒོམ་ཆེན་མེད་ཟེར་(སྟོད་ཆ།༧༦༠)བས། གཟོད་སློབ་དཔོན་རིན་པོ་ཆེས་སྤྲུལ་པར་ཡིད་ཆེས་སོ། །དེ་ལས་གསོལ་འདེབས་ལེའུ་བདུན་མ་ནི་བརྗོད་བྱའི་དོན་རྗོད་བྱེད་ཀྱི་ཚིག་གནིས་ཀ་ཕུན་སུམ་ཚོགས་ཤིང་། རྙིང་མ་ཙམ་དུ་མ་ཟད། གངས་ལྗོངས་ཀྱི་སྐྱེ་འགྲོ་མཆོག་དམན་ཀུན་གྱིས་གསོལ་འདེབས་དབྱངས་བདུན་རོལ་མོར་ཁྲོམ་བས་མགྲིན་པ་མཛེས་པའི་རྒྱན་དུ་ངོམ་པར་བྱེད་པས་འཛིན་མའི་ཁྱོན་གང་བ་འདི་ལགས་ཏེ། བོད་ཀྱི་གཏེར་ཆོས་གཅིག་ལ་འགྲོ་དོན་དང་ཕྲིན་ལས་འདི་ཁོ་ན་ཆེ་བ་མངོན་སུམ་ཚད་མ་འདིའོ། དགེ་བཤེས་དྲང་རྡོ་རྗེ་ཀུན་གྲགས་ནི། རྣམ་ཐར་རྒྱས་པ་མ་མཐོང་ཡང་། རྒྱ་ཞང་ཁྲོམ་གྱི་ཞབས་ཟིན་ཙམ་ལ་བྱོན་པ་ཡིན་ཏེ། གནུབས་སགས་རྒྱས་ཡེ་ཤེས་རིན་པོ་ཆེའི་ཉུག་གི་རྡོ་རྗེ་སྒྲོམ་བུ་དང་། ཕུང་པོ་རི་བོ་ཆེ། རྫ་ལྷུད་མོ་རྣམས་སུ་དཔལ་མགོན་སྟག་ཞོན་ནག་པོའི་ཆོས་སྐོར་རྣམས་གཏེར་དུ་སྦས་པ། གཏེར་སྟོན་རྒྱ་ཞང་ཁྲོམ་དང་། དགེ་བཤེས་དྲང་རྡོ་རྗེ་ཀུན་གྲགས་གཉིས་ཀྱིས་གཏེར་ནས་སྤྱན་དྲངས་པའི་གཏེར་ཁ་སྔ་ཕྱི་གཉིས་ཀར་གཏོགས་ཀྱང་། གཏེར་གནས་རི་བོ་ཆེ་ནས། གཏེར་སྟོན་དྲང་རྡོ་རྗེ་ཀུན་གྲགས་གཉིས་ཀྱིས་གཏེར་ནས་སྤྱན་དྲངས་བའི་སྲོག་གི་བཤན་པ་དཔལ་མགོན་སྟག་ཞོན་ནག་པོ་ལྷ་བཅུ་གསུམ་མའི་སྐོར་རྣམས་ཚར་ཆེན་ཆོས་ཀྱི་རྒྱལ་པོ་སོགས་ནས་རིམ་པར། ངོར་མཁན་ཆེན་ཐར་རྩེ་པ་རྣམས་ལ་བཀའ་བབས་པ་སྟེ། ཚར་ཆེན་དང་། ཐར་རྩེ་པཎ་ཆེན་སོགས་ཀྱིས་ཡིག་ཆ་ཡང་མང་དུ་མཛད་ཡོད་པར་སྣང་ལ། དེང་སང་ངོར་ཨེ་ཝཾ་ཐར་པ་རྩེ་བའི་རྩ་བའི་ཆོས་སྐྱོང་དུ་མཛད་པ་འདི་ཡིན་ནོ། འདིར་དྲང་རྡོ་རྗེའི་གཏེར་ཁ་གཙོ་ཆེ་བའི་དབང་དུ་བྱས་ཀྱི། གཞན་དུ་ཞང་ཁྲོམ་གཏེར་མ་དང་། གནུབས་ལུགས་བཀའ་(སྟོད་ཆ།༧༦༡)མའི་སྐོར་སོགས་ནང་གསེས་མང་དུ་སྣང་ངོ་། གཏེར་སྟོན་རྒྱ་ཕུར་བུ་ནི། འཁྲུངས་ཡུལ་ལྷོ་བྲག་པ་ཡིན་ཏེ། སོག་ཟློག་པས་རྒྱ་ཞང་ཁྲོམ་ལྷོ་བྲག་རྔ་མང་ཆུ་ཤུལ་དུ་འཁྲུངས་ཟེར་བའང་གཏེར་སྟོན་འདི་ནོར་བ་འདྲ། རུས་རྒྱས། མཚན་ལ་ཕུར་བུ་སྟེ་རྒྱ་ཕུར་བུར་གྲགས། རྣམ་ཐར་ཞིབ་པར་མ་རྙེད། གཏེར་ཆོས་ཨོ་རྒྱན་ཆེན་པོས་གནམ་ལྕགས་རྡོ་རྗེ་ཀླུ་འདུལ་དང་། གཏུམ་པོ་ཐུགས་ཀྱི་རྒྱུད་སོགས་ཀྱི་བཅུད་ཕྱུང་སྟེ་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་སྐུའི་བསྲུང་བར་གནང་བ། ལྷ་བཙན་པོས་ཕྱི་རབས་ཀྱི་དོན་དུ་མོན་ཡུལ་བུམ་ཐང་དགེ་གནས་དང་། སྤ་གྲོ་སྐྱེར་ཆུར་གཏེར་དུ་སྦས་པ་ལས་གཏེར་གནས་ལས་དྲས་ཏེ་མཚན་བཏགས་པ་དུག་ཁྲག་བུམ་ཐང་མ་དང་། ནུས་སྟོབས་ལ་བསྔགས་པ་ལྕགས་སྡོང་མ་སྟེ། གཏེར་ཁ་གཉིས་ཕྱོགས་གཅིག་ཏུ་དྲིལ་བས་དེང་སང་བུམ་ལྕགས་ལྷན་དྲིལ་དུ་གྲགས་པའི་སྐོར་རྣམས་གདན་དྲངས་ཤིང་། གཏེར་སྟོན་ནས་རིམ་བརྒྱུད་རིག་འཛིན་རྒོད་ལྡེམ་ཅན་ལ་བཀའ་བབས་ཤིང་། དེ་ནས་རིམ་པར་བརྒྱུད་ནས་བྱང་བདག་དབང་པོའི་སྡེས་གསན་ཅིང་དབང་པོའི་སྡེས་ཡིག་ཆ་འགའ་ཞིག་ཀྱང་མཛད་པ་ཡོད་ལ། ར་བསྲུང་གི་རྗེས་གནང་དང་། ཡིག་ཆའི་ལུང་སོགས་དེང་སང་གི་བར་དུ་ཡང་མ་ཉམས་པར་བཞུགས་པ་འདིའོ། གཞན་ཡང་དེའི་ཆ་ལག་ཏུ་གཏོགས་པ། བུམ་ཐང་སྐྱེས་གནས་ནས་སྔགས་ཀྱི་ཐེམ་ཡིག་རྒྱས་པ་སོགས་སྤྱན་དྲངས་སོ། །གཏེར་ཆོས་གཞན་འགའ་ཞིག་ཀྱང་ཡོད་པར་གྲགས་སོ། གཏེར་སྟོན་ལྷ་རྗེ་གནུབས་ཆུང་ནི། ཡུལ་གཙང་རོང་ཁུ་ལུང་ཞེས་པར་འཁྲུངས། རུས་གནུབས་ཡིན་ཏེ། གནུབས་ཡོན་ཏན་རྒྱ་མཚོ་ལ་སྲས་སྔ་(སྟོད་ཆ།༧༦༢)ཚར། བར་ཚར། ཕྱི་ཚར་བཅས་གསུམ་ལས། བར་ཚར་སྲས་ཀྱི་ཆེ་བ་གནུབས་ཡེ་ཤེས་རྒྱ་མཚོ་དང་། ཆུང་བ་པདྨ་དབང་རྒྱལ་གཉིས་ལས། ཡེ་ཤེས་རྒྱ་མཚོའི་སྲས་ཡིན། འགའ་ཞིག་གིས་སངས་རྒྱས་རིན་པོ་ཆེ་ལ་གནུབས་ཆེན་དང་། ཡོན་ཏན་རྒྱ་མཚོར་གནུབས་ཆུང་དུ་གྲགས་ཏེ་ཡོན་ཏན་རྒྱ་མཚོ་ཡིན་པ་བཞེད་པར་སྣང་ཡང་། ཡེ་ཤེས་རྒྱ་མཚོའི་སྲས་ཡིན་པ་ལོ་རྒྱུས་ཁུངས་མ་ཐམས་ཅད་ནས་བཤད། རྗེ་བཙུན་མི་ལས་མཐུ་སློབ་པར་བྱོན་པའི་སློབ་དཔོན་དེ་ཡིན་ཏེ། དྲག་སྔགས་ཀྱི་ནུས་པ་ཤིན་ཏུ་ཆེ་བར་གྲགས། འདིས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་བལ་ཡུལ་དུ་ལན་བདུན་བྱོན་པའི་ཕྱི་མ་ལ་བལ་པོ་བྷ་སུ་དྷ་རས་མནའ་བརྒག་སྟེ་རྫོགས་པར་གནང་བའི་གཤིན་རྗེ་ཡང་བཟློག་མེ་ཡི་སྤུ་གྲི་འམ་དྲག་སྔགས་གཟའ་གདོང་དམར་ནག་ཏུ་གྲགས་པའི་སྐོར་རྣམས། གནུབས་ཆེན་གྱིས་ཕུང་པོ་རི་བོ་ཆེ་དང་། ལྷོ་བྲག་ཁོ་མཐིང་དུ་སྦས་པ་ལས། ཕུང་པོ་རི་བོ་ཆེའི་གཏེར་རྒྱ་ཞང་ཁྲོམ་གྱིས་བཏོན་ཅིང་། ལྷོ་བྲག་གི་གཏེར་ཁ་ལྷ་རྗེ་གནུབས་ཆུང་གིས་གདན་དྲངས། ཁོང་གིས་ཞང་ཁྲོམ་ལས་ཀྱང་ཞུས་པས་གཏེར་ཁ་སྔར་ཕྱི་གཉིས་ཀའི་བདག་པོར་གྱུར། ཁོང་ལ་ཚུར་སྟོན་རིན་པོ་ཆེ་རྡོ་རྗེས་ཞུས། དེ་ཡང་ཚུར་སྟོན་གྱིས་དབོན་གཞོན་སྟོན་ཆུང་བུ་བདུན་མེས་སྤུན་ཚུན་ཕོ་ངོ་དྲུག་ཅུའི་ལིང་ག་བཏབ་ནས་མཐུ་བྱས་པས། རོལ་པོ་མེས་སྟོན་གྱིས་ཟློག་པ་བྱས་ཏེ་ཆོ་འཕྲུལ་ཆེན་པོ་ཚུར་བྱུང་། དེར་རང་གི་བླ་མ་བལ་པོ་དབང་ཕྱུག་རྡོ་རྗེ་ལ་ལོ་རྒྱུས་ཞུས་པས། ཟློག་པ་ལ་མེས་སྟོན་པ་ཁོང་ལས་མཁས་པ་མེད་པས། ཡང་ཟློག་ཟབ་པ་ཅིག་དགོས། དེ་གཙང་རོང་གི་ལྷ་རྗེ་གནུབས་ཆུང་ཡོད་ཅེས་ལུང་བསྟན་པས། དེ་ནས་གཙང་རོང་དུ་ཕྱིན་ནས་ལྷ་རྗེ་(སྟོད་ཆ།༧༦༣)གནུབས་ཆུང་ལ་འདི་ཞུས་ནས་སྔགས་རྒྱུན་བྱས་པས་ཆོ་འཕྲུལ་ཆེར་སོང་བས། དཔེ་མཁྱུད་བྱས་པར་ཤེས་ནས་སླར་ཡང་འབུལ་བ་དང་བཅས་གདམས་པ་འདི་མ་ཚང་བ་འདྲ་བས་ཚང་བ་ཅིག་ཞུ་ཞུས་པས་ཚང་བར་གནང་ནས་ལྷག་མ་ཡོད་རེ་དབུ་སྙུང་དང་ཆིག་རྒྱུད་བུ་མིན་གཞན་ལ་མི་སྤེལ་བའི་བཀའ་རྒྱ་དང་བཅས་གནང་། དེ་ནས་སྒྲུབ་པས་ཞག་བདུན་ནས་རོལ་པོ་མེས་སྟོན་དཔོན་གཡོག་བཞི་ཁྲག་སྐྱུག་ནས་ཤི། དེས་དཔོན་གཞོན་སྟོན་ཕོ་ངོ་དྲུག་ཅུ་ལིང་ག་ལ་བཏབ་པ་རྣམས་ལོ་གསུམ་གྱི་ཁོངས་སུ་ཁ་དག་ལ་སོང་བ་ཡིན་ཞེས་དང་། རྗེ་བཙུན་མི་ལས་ཀྱང་ལྷ་རྗེ་གནུབས་ཆུང་ལ་ཞུས་པའི་དྲག་སྔགས་གཟའ་གདོང་དམར་ནག་ཀྱང་འདི་ཡིན་པར་གྲགས་ཤིང་། འདི་ལ་བརྟེན་ནས་དགྲ་ཟླ་ཐམས་ཅད་ཆམ་ལ་ཕབ་པའི་ལོ་རྒྱུས་སོགས། ཟབ་ཅིང་རྣོ་མྱུར་ཆེ་བས་ཁྱད་པར་འཕགས་པ་འདིའི་དབང་ལུང་ཕྱག་ཁྲིད་དང་བཅས་རྗེ་འབྲི་གུང་པའི་བཀའ་དྲིན་ལས་དེང་སང་གི་བར་དུ་རྡོ་སྨིན་སོགས་ཀྱིས་གཙོས་པའི་རྙིང་བསྟན་སྐྱོང་བའི་རྡོ་རྗེ་འཛིན་པ་རྣམས་ཀྱི་ཕྱག་ཆར་བཞུགས་པ་འདི་ཡིན་ཏེ། གངས་ཅན་འགྲོ་བའི་བླ་མ་ཟིལ་གནོན་དྲག་པོ་རྩལ་གྱིས་ཀྱང་གདམས་པ་འདི་ལ་བརྟེན་ནས་ཕས་ཀྱི་རྦོད་གཏོང་ཐམས་ཅད་བཟློག་ཅིང་ཚར་གཅད་པ་ཡིན་ནོ། རྗེ་བཙུན་མི་ལའི་རྣམ་ཐར་འགར་ལྷ་རྗེ་གནུབས་ཆུང་ཞེས་པར་སྨན་ཡང་ཤེས་མཐུ་ཡང་ཤེས་ཟེར་བ་ལྷ་རྗེར་བསམ་ཚོད་དུ་འདུག་ཀྱང་ལྷ་རྗེ་ནི་ལྷའི་རྗེ་རྒྱལ་པོའི་བཀུར་བས་དེ་སྐད་གྲགས་ཅེས་ལྔ་པ་རིན་པོ་ཆེའི་གསུང་ལས་འབྱུང་ངོ་། གཞན་ཡང་གཏེར་སྟོན་འདིས། བུམ་ཐང་མགོན་པོའི་ཐུགས་ཀ་ནས་ཕྲ་མེན་གྱི་ལས། འཇིག་རྟེན་ཕུང་བར་བྱེད་ཐབས། ནང་པ་སངས་རྒྱས་པ་དང་། ཕྱི་པ་མུ་སྟེགས་པ་གཉིས་ཀ་དང་འགལ་བའི་ཟབ་(སྟོད་ཆ།༧༦༤)གནད་ལ་བརྟེན་ནས་ཕྱི་ནང་གང་གི་བཟློག་པས་ཀྱང་བཟློག་པར་མི་ནུས་པའི་དབང་ཕྱུག་སེལ་ནག་གི་རྫས་འཁོར་སྐོར་རྣམས་གདན་དྲངས། མན་ངག་འདི་ཟུར་ཆེན་རྡོ་རྗེ་འཆང་གིས་ཕྱག་ཐོག་ཏུ་བཀལ་བས་ཟླ་བ་དགུ་ནས་མཐའ་མི་དཔུང་བཅས་ཤིག་རྗེས་མེད་དུ་བཏང་བ་ཡིན་ཅེས་པ་ལྔ་པ་རིན་པོ་ ཆེས་གསུངས་སོ། གཏེར་སྟོན་རྒྱ་སྟོན་བཙོན་འགྲུབ་སེང་གེར་དར་ནི་རུས་རྒྱ། གནུབས་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པ་ཡིན། འདིས་སྤ་གྲོ་ཙལ་གྱི་བྲག་དམར་སྟག་ཚང་ཁོལ་མ་ནས་གཤིན་རྗེ་གདོང་བདག་བཤན་པ་ལག་རེངས་སམ། རྡོ་རྗེ་བྲག་བཙན་དང་། ཇོ་བོ་ཨ་བྲག་སོགས་སུ་གྲགས་པའི་གདམས་སྐོར། ཞག་བདུན་གྱིས་བསྟན་དགྲ་ཚར་གཅོད་པར་བྱེད་པའི་སྐོར་རྣམས་གདན་དྲངས་ཤིང་། ཆོས་རྒྱུན་ཕྱི་མོའི་བར་དུ་ཡོད་དོ། གཉག་སྟོན་ལྷ་འབར་ནི། འབྲོ། རྐྱང་པོ། སུམ་པ་གསུམ་གྱིས་ལྟས་ཡེར་པ་ནས་རྟ་མགྲིན་ཡང་གསང་ཁྲོས་པའི་སྐོར་གདན་དྲངས་པ་སྟེ། གཏེར་ཆོས་དེ་ཁོང་གི་ཕྱག་ཏུ་བྱུང་། འདར་འཕྱར་གྱི་རྟ་མགྲིན་ཡང་གསང་གསན་པའི་དྲི་མེད་ཟླ་ཤར་ཡང་ཁོ་ཡི་སྲས་ཡིན་པར་ལོ་རྒྱུས་ཁ་ཅིག་ན་འདུག་ཁོ་རང་གིས་གཏེར་ཀ་འགའ་ཞིག་བཞེས་པར་གྲགས་ཀྱང་ཆོས་རྒྱུད་མ་འཕེལ་བར་སྣང་ངོ་། སྙེ་མོ་རྒྱ་གང་རི་བ་སགས་རྒྱས་དབང་ཆེན་གྱིས་རྟ་མགྲིན་གསང་གྲུབ་གཏེར་ནས་བཏོན་ཏེ། དེའི་ལོ་རྒྱུས་ནི། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཆིག་བརྒྱུད་རྡོ་རྗེའི་རྒྱས་བཏབ་རིན་ཆེན་སྣ་བདུན་དུ་གྲགས་པའི་ལྔ་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དབོན་སྟོན་སྐྱེར་སྒང་པ་ཆེན་པོས་ཤིང་ཕོ་རྟ་(སྟོད་ཆ།༧༦༥)ལོ་དགུན་ཟླ་ར་བའི་ཚེས་བཅུ་དྲུག་གི་ཐོ་རེངས་མནལ་ལམ་བཟུག་ནས་ཨོ་རྒྱན་རིན་པོ་ཆེའི་དྲུང་དུ་བྱོན་པས་དེར་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་མཇལ་ཏེ། སྡེ་བརྒྱད་སྤྱི་དང་ཁྱད་པར་རྒྱལ་བསེན་གྱི་གཉེན་པོར་གྱུར་པའི་གདམས་པ་ཞིག་ཞུ་བྱས་པས། སློབ་དཔོན་རིན་པོ་ཆེས་ངས་རྟ་མགྲིན་གྱི་རྒྱུད་བརྒྱ་རྩ་བརྒྱད་ཀྱི་ནང་ནས་མཆོག་ཏུ་ཟབ་པ་ཞིག་སྙེ་མོར་གཏེར་དུ་སྦས་ཡོད་པ་དེ་སྔགས་པ་ལས་ཅན་ཞིག་གིས་ཐོན་ཡོད་པས་དེར་ཞུས་ཤིག་གསུངས། དེའི་སང་ཉིན་གསེར་སྲང་གང་དང་། དར་ཡུག་གཅིག་འབྲི་གཉིས་རྣམས་བསྣམས་ནས་སྙེ་མོར་བྱོན་སྔགས་པ་ལ་ཕུལ་ནས་གསན། སླར་མནལ་ལམ་བཟུག་ནས་སློབ་དཔོན་རིན་པོ་ཆེར་ཞུས་པས། ད་དུང་འཁོར་ལོ་མ་བྱིན་པར་འདུག་པས་ཞུས་ཤིག་གསུངས། ཡང་ཉི་ཁྲི་ཞིག་དང་། བུར་ལྟང་ཞིག་དང་གཉིས་ཁྱེར་ནས་ཞུས་འཁོར་ལོའི་གདམས་པ་དང་བཅས་གནང་། སླར་སློབ་དཔོན་ཉིད་རྟ་མགྲིན་གྱི་སྐུར་བཞེངས་ནས་དབང་བསྐུར་ཞིང་གདམས་པ་རྫོགས་པར་གནང་། དེ་ནས་གྲུབ་པས་མྱུར་དུ་ཞལ་གཟིགས་ནས་བརྒྱལ་ནད་དག་སྨྱོ་འབོག་ཅན་བརྒྱ་ལྷག་ཙམ་གདམས་པ་འདི་ལ་བརྟེན་ནས་ནད་ལས་གྲོལ་བར་མཛད་པས་བྱིན་རླབས་ཆེ་བར་གྲགས། སྐབས་ཤིག་གདུང་རྟེན་རྒྱལ་པོ་གནས་པ་ཅིག་ལ་རབ་གནས་བྱས་པས་རྒྱལ་པོ་དེ་ཕྱིའི་རྒྱ་མཚོར་བྲོས། ཕྱིས་འགྲས་པས་ལེན་གླེན་དུ་བྱུང་བས་རྒྱལ་པོ་གཏན་མེད་པ་ཞིག་བྱེད་དགོས་དགོངས་ཙ་ན། སློབ་དཔོན་པདྨས། དབོན་སྟོན་ཁྱོད་ཡི་དམ་ལ་བརྟན་པ་ཐོབ་འདུག་སྟེ། གདོན་ཆེན་པོ་མ་རྡུངས་གླུ་ཆེན་པོ་ལ་སྦྱིན་སྲེག་མ་འདེབས་ཉམས་པ་ཆེན་པོ་མ་བསྐང་སོགས་ཞལ་གདམས་འགའ་སྩལ་ནས། སྣོད་ལྡན་གྱི་སློབ་མ་ལ་ཆིག་རྒྱུད་ཀྱི་བཀའ་གནང་བས་(སྟོད་ཆ།༧༦༦)སངས་རྒྱས་གཉེན་སྟོན་ལ་གནང་། སངས་རྒྱས་གཉེན་སྟོན་གྱིས་ཀྱང་ལྷ་ས་དཀར་ཆུང་དུ་དཀོར་མདག་འཁྲུགས་པས་མི་མང་པོ་སྨྱོ་བ་འདིས་བཏུལ་བས་ཐམས་ཅད་གསོས་པ་ཡིན་གསུངས་སོ། དེས་ན་བཀའ་གཏེར་ཟུང་འཇུག་རྟ་མགྲིན་སྐྱེར་སྒང་ལུགས་ཞེས་ཡོངས་སུ་གྲགས་ཏེ། ཀུན་མཁྱེན་ལྔ་པ་ཆེན་པོས། འདི་ཉིད་རྒྱལ་གདོན་ལ་ཕན་ནོ་ཞེས་པའི་སྙན་གྲགས་ཀྱིས་ཡིད་དྲངས་ཏེ་རྨ་ཁར་ཁྱི་ཚིལ་གྱི་དཔེ་ལྟར་ས་དགེ་ཇོ་ཞལ་དྭགས་ཤངས་པོ་ལྕགས་སོགས་གྲུབ་མཐའ་ཁག་ཐམས་ཅད་ལ་རླུང་ལྟར་དུ་གྲགས། ཞེས་གསུངས་ལྟར། གྲུབ་མཐའ་སོ་སོའི་བླ་མ་རྣམས་ཀྱིས་མཛད་པའི་ཡིག་ཆ་ཤིན་ཏུ་མང་ལ། ཁྱད་པར་དུ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དང་། ཀུན་མཁྱེན་ལྔ་པས་ཀྱང་གྲུབ་ཐབས་ཀྱི་ཡིག་ཆ་མཛད་ཅིང་ཐུགས་ཉམས་སུ་བཞེས་ཤིང་རྒྱལ་མཆོག་རིན་པོ་ཆེ་བདུན་པ་བསྐལ་བཟང་རྒྱ་མཚོས་ཀྱང་ཉམས་བཞེས་དང་གཞན་དོན་ཀྱང་ཅི་རིགས་མཛད་སྣང་སྟེ། གཏེར་སྟོན་འདི་ཐང་ཡིན་དུ་འབྱུང་བའི་སྙེ་མོ་ཞུ་ཡས་གནོད་སྦྱིན་འབར་ཡང་འདིའི་མཚན་གྱི་རྣམ་གྲངས་སུ་བཞེད་པ་ཡོད་ཅེས་ཀུན་མཁྱེན་ལྔ་པ་ཆེན་པོས་གསུངས་སོ། གཏེར་སྟོན་གྲུ་གུ་ཡང་ཝམ་ནི་མདོ་ཁམས་སུ་སྐུ་འཁྲུངས། འཁྲུལ་མེད་ཀྱི་གཏེར་སྟོན་མཐོ་སྟོབས་ནུས་པའི་དབང་ཕྱུག་ཅིག་ཡིན་ཏེ། གཏེར་སྟོན་འདིས་ཕྱི་ནང་ཀུན་གྱི་གཉེན་པོའི་འཇམ་དཔལ་གཤིན་རྗེ་གཤེད་འཇོམ་བྱེད་རཀྴ་ནག་པོ་ཞེས་བྱ་བ་དང་། དགྲ་སྲི་མཐའ་དག་དག་གནོན་པའི་མན་ངག་ཟབ་མོ་མུ་སྟེགས་སུམ་བརྒྱུད་ནས་ཨོ་རྒྱན་སངས་རྒྱས་གཉིས་པས་བཏུས་པའི་སྐོར་སོགས་འོམ་བུ་ཚལ་གྱི་བྲག་དམར་ནས་སྤྱན་དྲངས་སྟེ། འཇོམ་བྱེད་ཉི་ཟླ་ནག་པོ་ཞེས་གཤིན་རྗེ་འཇོམ་བྱེད་དང་དབང་ཕྱུག་ཟླ་བ་ནག་པོའི་(སྟོད་ཆ།༧༦༧)སྤུ་གྲི་གཉིས་ཀྱི་དྲག་སྔགས་འདི་ཉིད་དེང་སང་གི་བར་དུ་དབང་ལུང་དང་ཕྱག་ཁྲིད་ཀྱི་རྒྱུན་མ་ཉམས་པར་བཞུགས་ཏེ། ཀུན་མཁྱེན་ལྔ་པ་ཆེན་པོས་ཀྱང་ཆོས་ཚུལ་འདི་ཉིད་ལ་བརྟེན་ནས་མཐའ་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་རུ་མཚོན་བསྒྲེངས་པ་ཡིན་ནོ། གཏེར་སྟོན་འདིིའི་གདུང་བརྒྱུད་ཀྱང་ཕྱི་མོའི་བར་དུ་ཡོད་པར་སྣང་སྟེ། གྲུ་གུ་ཡང་ཝམ་གྱི་གདུང་འཛིན་སྔགས་འཆང་དོན་སྒྲུབ་བཀྲ་ཤིས་ཞེས་པ་ལས། ཀུན་མཁྱེན་ལྔ་པ་ཆེན་པོས་ཀྱང་མན་ངག་འགའ་ཞིག་གི་ཕྱག་ཁྲིད་གསན་པར་མཛད་འདུག་གོ། བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན་ནི། སྤྲུལ་པའི་གཏེར་སྟོན་ཚེ་བརྟན་རྒྱལ་མཚན་གྱི་གཏེར་ལུང་ལས། འདི་ནས་ནུབ་ཀྱི་ཕྱོགས་ཤེད་ན༔ གཡུ་རུ་ཆུ་ཀླུང་འབབ་པའི་ལྷོ༔ མང་ཡུལ་རྒྱལ་པོའི་ཤར་ཕྱོགས་ལོགས༔ དཔལ་མོ་ཐང་གི་དཀྱིལ་སྟོད་ན༔ ལྷ་མཚོ་སྲིན་མོའི་ནུབ་ཕྱོགས་ན༔ སློབ་དཔོན་པདྨའི་དགོངས་པའི་བཅུད༔ ནམ་མཁའི་སྙིང་པོའི་ཐུགས་གཏེར་ཡོད༔ ལྔ་བཅུ་ཁ་རལ་སྙིགས་མའི་དུས། སྐལ་ལྡན་ཀུན་གྱི་ཆོས་སྐལ་ཡིན༔ དྲན་པར་གྱིས་ཤོག་བོད་འབངས་ཀུན༔ ཞེས་དང་། རང་གཏེར་ལས། གསང་སྔགས་དར་ལ་མ་སྨིན་དུས། པད་འབྱུང་བྱིན་རླབས་བདག་སྤྲུལ་བུ༔ སྔགས་འཆང་ཆུ་ཁམས་འབྲུག་ལོ་ལ༔ བསྟན་འཛིན་འབྱུང་གི་དེ་ལ་གཏོད༔ ཅེས་གསུངས་པ་བཞིན། འདི་འཁྲུངས་ཡུལ་མངའ་རིས་ཡུལ་ཏེ་ཀླུང་སྟོན་འཇམ་དབྱངས་མགོན་པོ་ཞེས་པའི་སྲས་སུ་འཁྲུངས། རབ་ཏུ་བྱུང་བའི་མཚན་དཔལ་གྱི་རྒྱལ་མཚན། གཞོན་ནུ་ནས་དབུས་གཙང་ལ་ཕེབས། གྲྭ་ས་རྣམས་སུ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་(སྟོད་ཆ།༧༦༨)མཛད། ཕྱིས་གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་གཏེར་ཁ་ནས་གཏེར་སྟོན་འདིའི་སྟེར་གྱི་ཁ་བྱང་བྱུང་བ་ཕྱག་ཏུ་འཕྲོད་པས། དཔལ་མོ་དཔལ་ཐང་གི་ལྷ་མཚོ་སྲིན་མཚོའི་བྲག་ནས། བླ་སྒྲུབ་བྱིན་རླབས་སྒྲོན་མ། ཐུགས་དམ་གསལ་བའི་སྒྲོན་མ། རྫོགས་ཆེན་ལྟ་བའི་སྒྲོན་མ། བཀའ་རྒྱུད་ཐེག་པའི་སྒྲོན་མ། ཕྲིན་ལས་ཐུགས་རྗེའི་སྒྲོན་མ། དྲག་སྔགས་བསྟན་སྤྲུང་སྒྲོན་མ་སྟེ། སྒྲོན་མ་རྣམས་རྣམས་དྲུག་ཏུ་གྲགས་པའི་ཆོས་སྐོ་ཆ་ལག་དང་བཅས་པ་དང་། ཀུན་བཟང་ཐུགས་གཏེར་ཞེས་པའི་རྫོགས་པ་ཆེན་པོའི་སྐོར་དང་ཕྱག་རྡོར་གཏུམ་པོའི་སྒྲུབ་ཐབས་སོགས་གཏེར་ཆོས་མང་དུ་སྤྱན་དྲངས་ཏེ་འདི་ལ། སྤྱི་ཚོམ། ནང་གཏེར་རྭ་སྐོར། ལྡེ་སྐོར། ལྡེ་སྐོར་གྱི་ཆིང་། རྭ་སྤྲག་གི་སྐོར་དང་ལྔ་སོགས་ཐུགས་རྟེན་རྡོ་རྗེའི་ནང་ནས་བྱུང་བར་གྲགས་ཤིང་། སྐུ་རྟེན་བསོད་ནམས་དཔལ་འབར་དུ་གྲགས་པ། བོད་ཁམས་སྤྱིའི་ཕན་བདེ་སྤེལ་བའི་ཆེད་དུ་བཞེངས་དགོས་པའི་ལུང་བསྟན་ནང་གཟུངས་འབུལ་རྒྱུའི་གཏེར་རྫས་དང་བཅས་གཏེར་ལུང་ནས་བྱུང་བ་ལྟར་སྐུ་རྟེན་བཞེངས་པ་དང་ནང་རྟེན་གཟུངས་གཞུག་དང་བཅོས་གཏེར་ལུང་ལས་ཇི་ལྟར་བྱུང་བ་བཞིན་ལེགས་པར་གྲུབ་ཅིང་རབ་ཏུ་གནས་པར་མཛད་པས་དགེ་མཚན་དང་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པར་བྱུང་ངོ་། གཏེར་སྟོན་འདིས་སངས་རྒྱས་གླིང་པ་དང་དུས་མཉམ་ཡིན་ཏེ། འདིའི་གཏེར་ཆོས་གྲྭས་རིལ་བུ་མཐོང་བ་དོན་ལྡན་གྱི་དཀར་ཆག །ཀོང་ཡུལ་བྱ་རྒོད་གཤོང་གི་བྲག་རི་རྟ་མགོ་ལྗོན་པའི་རྩེ་ནས་སྤྲུལ་སྐུ་སངས་རྒྱས་གླིང་པས་གདན་དྲངས། ལ་སྟོད་དུ་གཏེར་སྟོན་བྱང་ཆུབ་གླིང་པ་འབྱུང་བའི་ལུང་བསྟན་གཟིགས་ནས། དཀོན་མཆོག་བཟང་པོ་ཞེས་པ་ལྟ་བར་བཏང་བས། གཏེར་སྟོན་བྱང་ཆུབ་(སྟོད་ཆ།༧༦༩)གླིང་པ་དང་གཉན་ནམ་དབེན་གནས་སུ་མཇལ་བས་ཐུགས་ཡིད་ཆེས་པའི་ལོ་རྒྱུས་ངོ་མཚར་བའང་སྣང་ངོ་། སྤྲུལ་པའི་གཏེར་སྟོན་ཉི་ཟླ་སངས་རྒྱས་ནི། དྭགས་པོར་འཁྲུངས། འདི་ཆོས་བློན་ཉི་མའི་སྐྱེ་བ་ཡིན་ཏེ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཉི་མ་ཞེས་པའི་ཁྱིམ་མེས་ཚིག་ནས་མི་ཕྱུགས་མང་པོ་མེར་ཤི་ཤོར་བས་བློན་པོ་སྡིག་པ་དང་སྡུག་བསྔལ་གྱིས་གཟིར་བ་ལ། རྒྱལ་པོས་སློབ་དཔོན་རིན་པོ་ཆེར་སྡིག་པ་སྦྱོང་བའི་ཐབས་ཞུས་པས། སློབ་དཔོན་རིན་པོ་ཆེ་བདེ་བ་ཅན་དུ་རྫུ་འཕྲུལ་གྱི་སྐྱེས་བུས་ལག་པ་བརྐྱང་བསྐུམ་ཙམ་གྱི་ཡུན་ལ་ཕེབས། སངས་རྒྱས་འོད་དཔག་མེད་ལས་དངོས་སུ་གསན་པའི་གདམས་ཟབ་འཕོ་བ་འཇའ་ཟུགས་མའི་སྐོར་རྣམས་སློབ་དཔོན་ཉིད་ཀྱི་ཕྱག་གཡོན་པའི་སྲིན་མཛུབ་ལས་སྐུ་མཚལ་ཕྱུངས་ཏེ་ཏ་ལའི་ལོ་མ་ལ་བྲིས་ནས་གསེར་དངུལ་གཡུ་ཤེལ་ལྕགས་ལྔའི་སྒྲོམ་དུ་རིམ་པར་བཅུག་སྟེ་དགས་ལ་སྒམ་པོའི་རྒྱབ་མཚོ་མཎྜལ་འདྲ་བར་གཏེར་དུ་སྦས། ཆོས་བློན་ཉི་མས་སྐུ་ཡོན་དུ་གསེར་གྱི་ཉི་མ་དང་དངུལ་གྱི་ཟླ་བ་ཕུལ་བའི་རྟེན་འབྲེལ་གྱིས་དུས་ཕྱིས་གཏེར་སྟོན་གྱི་མཚན་ལའང་ཉི་ཟླ་སངས་རྒྱས་སུ་གྲགས་ཏེ། གཏེར་སྟོན་འདིས་མཚོ་མཎྜལ་ནག་པོ་ནས་འཕོ་བའི་གདམས་སྐོར་རྣམས་སྤྱན་དྲངས་ཀླུ་རྒྱལ་གཙུག་ན་རིན་ཆེན་བཅས་ལ་གནང་བས་ཆུ་དེ་ལ་གནས་པའི་སྲོག་ཆགས་ཐམས་ཅད་ཀྱང་སངས་རྒྱས་ཐོབ་པར་མཛད་ཅེས་གྲགས། ཡང་ཙ་རི་གཡུ་མཚོ་ནས་བཅུ་གཅིག་ཞལ་གྱི་སྐུ་རང་བྱོན་ཁྱད་མཚར་ཞིག་གཏེར་ནས་བཞེས་པ་དེང་སག་གཉལ་དུ་ཡོད་ཟེར། ཡང་སྤྲུལ་སྐུ་ཉི་ཟླ་སངས་རྒྱས་དེ་ཉིད་ཚུར་མཐོང་རྣམས་ཀྱི་སྣང་ངོར་རླུང་ཡན་ལྟ་བུ་ལ་དོན་དུ་ཟངས་མདོག་དཔལ་རིར་ཕེབས་ནས་ཨོ་རྒྱན་(སྟོད་ཆ།༧༧༠)རིན་པོ་ཆེ། དངོས་སུ་མཇལ་ནས་འཕོ་བའི་གདམས་པ་ཟབ་ཁྱད་ཅན་ཞིག་གསན་པར་མཛད་པའི་གདམས་སྐོར་ཀྱང་ཡོད་ལ། བླ་མ་སྐུ་གསུམ་དང་། པདྨ་ཞི་ཁྲོའི་སྐོར་བཏོན་པ་ཡིན་ཟེར་བ་འདུག་ཀྱང་ངེས་པ་མི་སྣང་སྟེ་པདྨ་ཞི་ཁྲོ་ནི་ཀརྨ་གླིང་པའི་གཏེར་ཆོས་ཡིན་ནོ། །འོན་ཀྱང་གཏེར་སྟོན་འདིའི་སྲས་གཏེར་སྟོན་འདིའི་སྲས་གཏེར་སྟོན་ཀརྨ་པ་གླིང་པ་ཡིན་པས། དེའི་གཏེར་འདོན་པའི་གྲོགས་ཀྱང་མཛད་ཅིང་། ཆོས་བརྒྱུད་ཀྱང་ཡབ་འདི་ལས་ཀྱང་འཕེལ་བར་སྣང་ངོ་། །སྤྲུལ་པའི་གཏེར་སྟོན་ཆེན་པོ་འདི་མི་ལོ་ཉིས་བརྒྱར་འགྲོ་དོན་དུ་བཞུགས་པ་ཡིན་ཟེར་བའི་ལོ་རྒྱུས་ཀྱང་སྣང་ངོ་། ཟླ་ན་གཟི་བརྗིད་འབར་གྱིས་བྲག་དཀར་རྡོ་རྗེའི་རྩེ་ཞེས་པ་ནས་དྲག་པོའི་སྔགས་སྡེབས་སྙིང་གི་མེ་ལོག་ཞེས་བྱ་བ་ཟླ་གསང་སྲོག་འདུས་ནག་པོ་བཀོལ་བ་དུམ་བུའི་རྒྱུད་ཅེས་པ་ལེའུ་བཅུ་གཅིག་པ་ཞིག་དང་། དྲག་པོ་སྔགས་སྡེབས་ལྡེ་མིག་རིན་ཆེན་སྒྲོན་མ་ཞེས་བྱ་བ་སློབ་དཔོན་གཙུག་ལག་དཔལ་དགེས་མཛད་པ་གཉིས་གདན་དྲངས། དེ་ལས་གཞན་པའི་ཆོས་ཚན་དང་ལོ་རྒྱུས་ཞིབ་པར་མ་མཇལ། རོག་བན་ཤེས་རབ་འོངས་ཀྱིས་ཡང་དག་གི་སྒྲུབ་སྐོར་ལྷ་ལྔ་བཅུ་ང་བརྒྱད་པ་ཡང་དག་མར་མེ་དགུ་པ་སོགས་ཡང་དག་གི་སྐོར་མཐའ་ཡས་པ་སྤྱན་དྲངས་པ་ཡིན་ཅེས་ཟབ་ལུང་པའི་གཏེར་འབྱུང་ལས་བཤད་དོ། གཏེར་སྟོན་སར་བན་ཕྱོགས་མེད་ནི། འཇམ་དཔལ་རྫོགས་ཆེན་གྱི་ལུང་བྱང་ལས། ལོ་ནི་བཞི་བརྒྱ་རྩ་གནིས་ན། སྲིན་པོའི་ཕྲུ་གུ་བསམ་ཡས་སུ་སྐྱེ་བ་ལེན་པའི་དུས། ང་ཡི་གཏེར་ཆོས་འདི་རྣམས་སུས་རྙེད་པ། སྦྱངས་པའི་ལས་འཕྲོ་ཅན་དང་འཕྲད་དམ་སྙམ། ཞེས་དང་། འགྲོས་ཀྱི་(སྟོད་ཆ།༧༧༡)ཕག་རི་སྐྱི་མཐིང་བརྒལ་བའི་འོག༔ གྲུབ་པ་ཐོབ་པའི་སྟག་ཚང་སེང་གེ་ཕུག༔ གནས་ཀྱི་མིང་ནི་བཀྲ་ཤིས་དཔལ་ཕུག་ཏུ༔ གྲུབ་ཐོབ་གསུམ་གྱི་གདམས་པའི་བཅུད་ཕྱུང་བའི༔ སྙིང་དུམ་གདམས་པའི་ངོ་སྤྲད་རྣམས་བཞི་དང་༔ མ་ཚང་མེད་པར་མ་བུ་བཅས་ནས་སྦས༔ ཞེས་གསུངས་པ་ལྟར་སྟག་ཚང་སེང་གེ་བཀྲ་ཤིས་དཔལ་ཕུག་གིས་རྡོ་བབ་གཡུ་ཁྲ་ཅན་དུ་གཏེར་དུ་སྦས་པ། གུ་རུ་པདྨའི་གསང་ཡུམ་ཤེས་བཟང་སྒྲོན་གཅིག་གི་སྐྱེ་བ། སར་བན་ཕྱོགས་མེད་ཀྱིས་གཏེར་ནས་གདན་དྲངས་པ་ཡིན་ཏེ། གཏཏེར་སྟོན་འདི་འཁྲུངས་ཡུལ་མོན་སྤ་གྲོ་བ་ཡིན། འདིས་འཇམ་དཔལ་གྱི་ཆོས་སྐོར་ཆ་ལག་ཚང་བ་སྤ་གྲོ་སྟག་ཚང་ནས་གཏེར་བཞེས་ཏེ་དེང་སང་བར་དུ་དར་རྒྱས་ཆེ། སྔོན་སེའི་སྔགས་འཆང་བླ་ཆེན་བཀྲ་བཟང་པོ། འདྲེན་མཆོག་དཔལ་ལྡན་བློ་གྲོས་ཀྱི་དྲུང་དུ་ཆོས་སྐོར་འདི་གསན་པར་བྱོན་དུས། བདེ་གྲོལ་གྱི་ཕྱག་དཔེའི་སྟེང་ནས་ཞུས་སྐབས་གསང་འགྲེལ་འཁྲིད་སྐོར་གྱི་དཔེ་རྣམས་མ་རྙེད་ཅིང་རྗེས་སུ་བཙལ་བས་ཀྱང་མི་འདུ་གསུངས་པ། ཕྱིས་ཅོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་དཔེ་ཆེ་དེ་ཀའི་སྟེག་ནས་གསན་སྐབས་ཆོས་ཚན་ཚང་བར་བྱུང་བ་མཁའ་འགྲོ་གཏེར་སྲུང་གི་བཀའ་རྒྱ་གྲོལ་མ་གྲོལ་གྱི་ཁྱད་པར་ཡིན་ཞེས་ངོ་མཚར་བའི་གཏམ་རྒྱུད་ཡོད་དོ་ཅེས་ལྔ་པ་ཆེན་པོས་གསུངས་སོ། ལྡང་མས་བི་མ་ལའི་སྙིང་ཐིག་དང་། ལྕེ་བཙུན་གྱིས་བི་མ་སྙིང་ཐིག་གི་བབ་སོགས་བཞི་སོགས་དང་། བསམ་ཡས་མཆིམས་ཕུ་ནས་གཡུ་ཡིག་ཅན་གྱི་སྐོར་རྣམས་སྤྱན་དྲངས། དེས་ཕྱི་ནང་གསང་བའི་སྐོར་རྣམས་འུད་ཡུག་ནུམ་པའི་བྲག་སེང་གེ་འདྲ་བ་ལ་སྦས་པ་རྣམས་ལྕེ་སྒོམ་གྱིས་བཏོན།(སྟོད་ཆ།༧༧༢) ཞང་སྟོན་བཀྲ་ཤིས་རྡོ་རྗེས་གསང་བ་བླ་མེད་ཀྱི་སྐོར་རྣམས་བྱར་གྱི་པུའི་བྲག་དཀར་ཐེམ་པ་འདྲ་བ་ནས་བཏོན། གྲུབ་ཆེན་མེ་ལོང་རྡོ་རྗེས་སྒྲགས་ཡང་རྫོང་ནས་བི་མའི་ཐུགས་གཏེར། གནས་ལས་མཚན་བཏགས་ཡང་རྫོང་སྙིང་ཏིག །གཏེར་སྟོན་ལས་བཏགས་པ་མེ་ལོང་སྙིང་ཏིག །སྐུ་གསུང་ཐུགས་ཀྱི་རྒྱ་ལས་བཏགས་པ་སྙིང་ཏིག་ཨ་ཧཱུྃ་མ། གླེགས་བམ་གྱི་ཚད་ལས་བཏགས་པའི་བི་མའི་གོང་ཁུག་མར་གྲགས་པ་སྤྱན་དྲངས། འདི་དག་གི་ལོ་རྒྱུས་རྫོགས་ཆེན་སྙིང་ཏིག་གི་སྐབས་སུ་སྨྲས་ཟིན་པས་འདིར་བསྐྱར་ནས་མ་བྲིས། སྤྲུལ་པའི་གཏེར་སྟོན་འགྲོ་མདོན་དུང་མཚོ་རས་པ་ནི། སྔ་ཕྱི་གཉིས་བྱོན་པའི་སྔ་མ་ནི་སེམས་ཁྲིད་ཡིད་བཞིན་ནོར་བུ་སོགས་བཏོན་མཁན་དེ་ཡིན་ཏེ་ལོ་རྒྱུས་འོག་ཏུ་འཆད་དོ། ཕྱི་མ་ནི། ཡུལ་ལ་སྟོད་ལྷོའི་དིང་མ་དྲིན། ཡབ་ཞང་ཀོང་ནེ་བྱ་བ་དང་། ཡུམ་འགྲོན་བཟའ་སྒྲོན་སྐྱིད་བྱ་བའི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པ་ལ་ཆོས་སྐོར་ཞུགས་ནས་མདོ་སྔགས་ཀྱི་གསན་པ་རྒྱ་ཆེར་མཛད། དགུང་ལོ་ཉེར་གསུམ་ཙམ་ན་གང་བུ་ལེར་མི་ཉག་རས་པའི་དྲུང་དུ་བྱོན་ནས་དབང་འཁྲིད་དང་གསར་རྙིང་གི་གདམས་པ་མང་པོ་གསན། གངས་ཁྲོད་དང་གཡའ་ཁྲོད་མང་པོར་སྒྲུབ་པ་མཛད་པས། ཨོ་རྒྱན་རིན་པོ་ཆེའི་ཞལ་མཇལ་ནས་ལུང་བསྟན་མཛད་པ་བཞིན། དབུས་དང་། ཀོང་པོ་ཕྱོགས་ལ་ཕེབས། འོན་དུ་རྗེ་བཙུན་མ་ཀུན་དགའ་འབུམ་དང་མཇལ་ནས་རྗེས་སུ་བཟུང་ཞིང་ཆོས་ཀྱི་བདག་པོར་ལུང་བསྟན། མོན་གནས་ཁྱུང་རྫོང་གངས་ར་དང་ལ་སྟོད་སྲིན་རྫོང་སོགས་ཀྱི་གནས་སྒོ་ཕྱེས། སྲིན་པོ་རྫོང་ནས། བླ་སྒྲུབ་གདུང་བ་ཞི་བྱེད་དང་ཚེ་སྒྲུབ་འོད་ཀྱི་བུམ་པ་(སྟོད་ཆ།༧༧༣)ཞེས་བྱ་བའི་ཟབ་གཏེར་ཐོན་ཅིང་གཞན་ལ་རྒྱ་ཆེར་སྤེལ། ཁྱད་པར་སྒམ་པོའི་རྒྱབ་ཀྱི་མཚོ་མཎྜལ་ནག་པོའི་འགྲམ་ཕ་སག་རུས་སྦལ་ཁ་སྦུབ་པ་ལྟ་བུའི་འོག་ནས་རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་གི་གདམས་སྐོར་རྣམས་སྤྱན་དྲངས་སྐལ་ལྡན་རྣམས་ལ་སྤེལ་ས། ལམ་འདི་ལས་འོད་ལུས་གྲུབ་པའང་མང་དུ་བྱོན་ཞིང་དབང་ཁྲིད་ལུང་གསུམ་བརྒྱུད་པ་མ་ཆད་པར་དེང་སང་ཡང་བཞུགས་བཞིན་པ་འདིའོ། །གཞན་ཡང་རྡོ་ལ་ཕྱག་ཞབས་ཀྱིས་རྗེས་འཇོག་པ་སོགས་གྲུབ་པའི་རྟགས་ངོ་མཚར་ཆེ་བ་བསམ་གྱིས་མི་ཁྱབ་པ་མངའ། ཀོང་ལོང་རལ་གསུམ་དུ་འགྲོ་དོན་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས། སྔོན་གྱི་འགྲོ་མགོན་དུང་མཚོ་རས་པའི་སྐྱེ་བར་སྒྲིབ་མེད་དུ་གསལ་བར་དྲན། མཚན་ཡང་དུང་མཚོ་རས་པ་ཕྱི་མར་གྲགས་པ་ཡིན་ནོ། གཏེར་སྟོན་རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་ནི། མཚན་དངོས་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་དུ་གྲགས་ཏེ། གནུབ་སྔགས་འཆང་ནག་པོ་རོ་ཟན་གྱི་སྲས་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་གྱི་སྐྱེ་བ་ཡིན། ཧོར་གུར་སེར་རྒྱལ་པོའི་རྒྱུད་ལས། དེ་གྱིན་དེ་ཝ་རཱཛ་ཞེས་སྔོན་ཆོས་སྐྱོང་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་རྒྱ་མོ་བཟའ་ལྷ་གཅིག་ཀོང་ཇོར་གྲགས་པའི་ཞང་པོ་སྟེ། དེ་དག་གི་གདུང་ལས་བྱུང་བ་ཧོར་འཇིག་རྟེན་མགོན་པོས་ཆེ་མཆོག་དང་མ་མོའི་གྲུབ་པ་ཐོབ་པ་ནས་བཟུང་རིག་འཛིན་ཆེན་པོའི་ཡབ་ཕུར་པའི་སྤྲུལ་པ་སློབ་དཔོན་བདུད་འདུལ་ཡན་ཆད་དུ་སྤྱིར་གསང་སྔགས་རྙིང་མ་ལ་མཁས་ཤིང་ཁྱད་པར་ཕུར་པའི་གྲུབ་ཐོབ་ཤ་སྟག་བྱུང་ངོ་། །དེ་ཡང་ཡབ་སློབ་དཔོན་བདུད་འདུལ་གྱི་སྲས་སུ་མེ་མོ་གླང་གི་ལོ་རྟ་ཆེན་ཟླ་བའི་དཀར་ཕྱོགས་ཚེས་བཅུའི་དཔའ་བོ་མཁའ་འགྲོ་འདུལ་བའི་དུས་དགེ་བར་རི་བོ་(སྟོད་ཆ།༧༧༤)བཀྲ་བཟང་གི་ཤར་མདུན་བྱང་ཕྱོགས་ཐོ་ཡོར་ནག་པོའི་ཡུལ་བརྒྱུད་སྣ་མོ་ལུང་གི་གཟིམས་ཁང་དུ་སྐུ་བལྟམས། ལས་ཅན་གྱི་ཐེམ་བྱང་ལས། གླང་ངོ་འབྲུག་གི་ལོ་ཤར་ཚེ༔ ཕག་མོ་ཡུལ་གྱི་སྐུ་ལས་བསྐྱེད༔ ཆོས་ཉིད་སྒྲ་དང་བཅས་ཏེ་འཁྲུངས༔ བོད་ལ་བདེ་སྐྱིད་ལྡན་པར་འགྱུར༔ ཞེས། དབུ་གཙུག་ཏུ་སྨེ་བ་དཀར་ནག་གཉིས། ལྟེ་བར་སྨེ་བ་སུམ་སྒྲོམ། ཐུགས་ཀར་ཡི་གེ་ༀ། དཔྲལ་བར་གཉེར་མ་གྱེན་འགྲེང་གསུམ་ཡོད་པའི་མཚན་རྟགས་བཟང་པོ་དང་ལྡན་པ། ཁྱད་པར་དགུང་ལོ་བཅུ་གཉིས་པའི་དུས་སུ་དབུ་གཙུག་ཏུ་རྩ་བ་སྤུ་དཀར་པོའི་རྣམ་པ་ལ་རྩེ་མོར་རྒོད་ཀྱི་སྒྲོ་ཇི་ལྟ་བ་གསུམ་དང་། དགུང་ལོ་ཉེར་བཞི་པའི་དུས་རྒོད་ཀྱི་སྒྲོ་ལྔ་སྐྱེས་པས་འཁྲུངས་ཡུལ་དང་མཚན་རྟགས་སོགས་ཀྱི་ངེས་པ་ནི། ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལུང་བྱང་ལས། ལྔ་བརྒྱ་ཐ་མ་ཤར་བའི་ཚེ༔ རི་བོ་བཀྲ་ཤིས་ཤར་འདས་སུ༔ ལས་ཅན་སྦས་པའི་རྣལ་འབྱོར་པ། རྒོད་ཀྱི་ལྡེམ་འཕྲུ་ཅན་ཞིག་འབྱུང་༔ དེ་ཕྱིར་ང་ཡི་ཐུགས་སྒྲུབ་བཞག༔ ཅེས་དང་། རི་ཁྲོད་པ་བཟང་པོ་གྲགས་པའི་གཏེར་ལུང་སྙིང་ཐིག་གནད་ཀྱི་མན་ངག་དོན་བདུན་མ་ལས། བྱང་ཕྱོགས་མཐོ་ཡོར་ནག་མོའི་ས་ཕྱོགས་སུ༔ རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ། ཆུ་ཁམས་གླང་ལོ་སྨེ་བའི་མཚན་རྟགས་ཅན༔ པདྨ་ང་ཡིས་བྱིན་གྱིས་བརླབས་པའི་རྟགས༔ སྤྱི་བོར་རྒོད་ཀྱི་ལྡེམ་འཕྲུ་ཡང་ཡང་འབྱུང་༔ ཞེས་པ་ལྟར་རོ། རིག་འཛིན་ཆེན་པོ་འདིས་གཞོན་ནུའི་དུས་ནས་ཟབ་ཆོས་ཞི་ཁྲོ་སྒྱུ་འཕྲུལ་དང་། བཀའ་བརྒྱད་མ་གཤིན་ཕུར་གསུམ་སོགས་ལ་ཐོས་བསམ་སྒོམ་པ་ནན་ཏན་དུ་མཛད། འདི་ཉིད་ཀྱིས་སྤྱན་དྲངས་པའི་ཟབ་གཏེར་རྣམས་ནི་ཨོ་རྒྱན་ཆེན་པོ་ལྷོ་ནུབ་སྲིན་པོའི་(སྟོད་ཆ།༧༧༥)ཡུལ་དུ་གཤེགས་པའི་ཡར་ལམ་གནོད་སྦྱིན་བུ་ལེའུ་གདས་འདབས་ནས་རྗེ་ལྷ་སྲས་མུ་ཁྲི་བཙན་པོ། འབངས་སྣ་ནས་རྡོ་རྗེ་བདུད་འཇོམས། གྲོགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཏེ་ལས་ཅན་གྱི་འཁོར་གསུམ་དང་བཅས་སློབ་དཔོན་ཆེན་པོའི་རྫུ་འཕྲུལ་གྱིས་རི་བོ་བབཀྲ་བཟང་གི་རྩེ་མོར་ཕེབས། རྡོ་ཟངས། ཁྲོའི་གའུ་ཁ་སྦྱར་གྱི་ནང་མཁའ་འགྲོ་མས་ཕུལ་བའི་འཛེད་དཀར་གྱི་རྡོ་རིང་གསུམ་ཤོག་སེར་དང་བཅས་གཏེར་དུ་སྦས། དེ་དོན་པའི་ཁ་བྱང་ནི། བཟང་པོ་གྲགས་པའི་གཏེར་མའི་སྙིང་བྱང་མན་ངག་གནད་ཀྱི་དོན་བདུན་མ། སྙིང་བྱང་རྒྱས་པ་གནད་ཀྱི་ཐེམ་བུ། འབྲིང་པོ་ཐུགས་རྗེའི་འོད་ཟེར། བསྡུས་པ་ཐུགས་རྗེའི་ལྕགས་ཀྱུ་རྣམས་ལས་གསལ་བ་ལྟར། བཟང་པོ་གྲགས་པས། གྲོམ་པོ་རྒྱང་གི་ལྷ་ཁང་དང་། རྒྱང་ཡོན་པོ་ལུང་གི་ཕུག་པ་གཉིས་ནས་ཟབ་གཏེར་མང་དུ་སྤྱན་དྲངས་པའི་ནང་ཚན་ཤོག་དྲིལ་བཞི་པོའི་སྟེང་དུ་ཕྱིར་ཟློག་འཁོར་ལོ་འབར་བ། ཞལ་ཆེམས་ཐུགས་ཀྱི་ཐིག་པ། ཁ་བྱང་གཏེར་གྱི་བང་མཛོད། ལམ་བྱང་གསལ་བའི་སྒྲོན་མེ་རྣམས་བསྣན་ཏེ་ཆོས་ཚན་བརྒྱད་པོ་དེ་ལྷ་བྲག་གི་གཏེར་འདོན་པའི་ཆ་ལག་ཏུ་དགོས་པར་མཁྱེན་ནས་སྟོན་པ་བསོད་ནམས་དབང་ཕྱུག་ལ་བསྐུར་ཏེ། སྔགས་པ་ཕྱག་ན་ལྷའི་སྐུའམ་ཕུར་པ་ཐོགས་པ་ཐོག་མར་བོད་བདེ་སྡུག་གི་གཏམ་འདྲི་བ་ཞིག་ལ་ཐོད་གསུངས་པ་ལྟར་ལམ་དུ་ཞུགས་ཏེ་བྱོན་པས་རིག་འཛིན་ཆེན་པོ་དང་མཇལ་བས་གོང་གི་གསུང་རྣས་དང་མཏུན་པར་བྱུང་བ་ལ་བརྟེན་ཤོག་དྲིལ་རྣམས་ཕུལ་བས་ཁོང་གི་གཏེར་གྱི་ཁ་བྱང་རྣམས་བྱུང་བས། རི་བོ་བཀྲ་བཟང་གི་གཏེར་ཐོག་མར་བཞེས་པར་མཛད་རྒྱུས་ཚེ། གཏེར་ཁ་སྔ་ཕྱི་གཉིས་ཀྱི་གཏེར་ཚབ་གུང་ཐང་རྒྱལ་པོས་བཙུག་ན་ལེགས་པར་བཤད་(སྟོད་ཆ།༧༧༦)པ་ལྟར་ཞུ་བ་ལ་བྱོན་ཀྱང་། མངའ་བདག་ཕུན་ཚོགས་དཔལ་ས་སྐྱར་བྱོན་པ་དང་འགྲིག་པས། མངའ་བདག་ཐུགས་བྲེལ་གྱིས་གཡེངས་ནས་ཉིན་ཞག་མང་པོའི་བར་དོ་གལ་མ་མཛད་པར་ལུས། མཐར་གསེར་ཞོ་གང་གནང་། ཡར་ལམ་ངམ་རིང་ནས་གཏེར་ཚབ་ཏུ་དར་སྣ་འབྲུ་སྣ་གཏོས་ཆེ་བ་ཕུལ། དེ་ནས་མེ་རྟ་སྦྲུལ་གྱི་ཟླ་བའི་ཡར་ངོའི་ཚེས་བརྒྱད་རྒྱལ་ཕུར་གྱི་འགྲུབ་སྦྱོར་ལ། རི་བོ་བཀྲ་བཟང་གི་རྩེ་མོར་ཕེབས་ཏེ་སྐྱ་རེངས་དང་པོའི་ཚེ་གཏེར་གནས་ཀྱི་ཐང་དུ་འོད་ཟེར་སྐར་ཆེན་ཤར་བ་ལྟ་བུ་དང་། ཉི་མའི་རྩེ་ལ་དཔག་བསམ་གྱི་སྡོང་པོ་ལྟ་བུའི་འོད་ཟེར་དཀར་པོ་རི་བོ་བཀྲ་བཟང་གི་ཐད་ལ་ཟུག །བྲག་ལ་ཟིལ་པ་ཁ་བ་བབས་པ་ཙམ་འདུག་པའི་འོག་ནས་མཛེང་རྡོ་དཀར་པོ་སོགས་གཏེར་རྣམས་སྤྱན་དྲངས་པ་ཡིན་ཏེ། སྙིང་བྱང་རྒྱས་པ་ལས། རྟ་ལོ་སྦྲུལ་གྱི་ཟླ་བ་ཡི༔ ཚེས་བརྒྱད་སྟག་གི་ཁ་རླངས་ལ༔ རི་དེའི་མིག་གི་རྣམ་པར་ལྟ༔ འོད་ཟེར་སྐར་ཆེན་ཤར་འདྲ་འབྱུང་༔ ཞེས་དང་། འབྲིང་པོ་ལས། མཛེང་བྲག་དཀར་པོའི་རྡོ་རིང་ལ༔ ནང་ན་བྱང་ཆུབ་སྲོག་ཤིང་ལ༔ གཏེར་ཆེན་གསུམ་གྱི་ལྡེའུ་མིག་ཡོད༔ གཏེར་ཕྲན་བརྒྱ་རྩ་འདོན་པར་འགྱུར༔ མུན་པ་འོད་དུ་སྣང་བ་ལ༔ ཉི་ཤར་སྟེང་དུ་ཐིམ་པ་འབྱུང་༔ ཞེས་གསུངས་པ་དང་མཐུན་པར་བྱུང་ཞིང་། སྙིང་བྱང་བསྡུས་པ་ལས་གསུངས་པ་ལྟར་གཏེར་ཚབ་སྦས་ནས། ཕྱི་རབས་ཡིད་ཆེས་ཀྱི་དོན་དུ་གཏེར་ཤུལ་དངོས་འཇོག་པར་གནང་བས་དེང་སང་རླུང་གསེང་དུ་གྲགས། ལོ་ཕྱི་མའི་ལོ་གསར་གྱི་སྐབས་མྱུ་གུ་གསར་དུ་སྐྱེས་པ་ལ་བརྟེན། རི་བོ་བཀྲ་བཟང་གཏེར་ཆེན་འདུས་པའི་རྩེར། ལོ་གསར་འཁྱགས་པའི་དུས་སུ་ལོ་ཏོག་སྨིན། །ཞེས་གསུངས་པ་བཞིན་དེང་སང་བར་(སྟོད་ཆ།༧༧༧)དུ་ཡོད་ཟེར་རོ། །དེ་ནས་ལུང་བསྟན་བཞིན་དཀྱིལ་འཁོར་གྱི་དབུས་སུ་མཛེང་གི་རྡོ་རིང་བཀོད་རྡོ་རྗེ་ཕུར་པའི་སྒོ་ནས་གཏེར་གྱི་མངའ་དབུལ་དང་དངོས་གྲུབ་བླངས་པར་མཛད། ལོ་དེའི་ལུག་ཟླའི་ཚེས་བཞིའི་སྲོད་ལ་བྲག་དུག་སྦྲུལ་སྤུངས་འདྲའི་སྐད་པ་སྟེ་ཟང་ཟང་ལྷ་བྲག་ལྷའི་སྐྱེད་ཚལ་ཟེར་བའི་བྲག་ཕུག་ནས་གཏེར་བཞེས་པའི་ཚེ་རྡོ་རྗེའི་རྒྱ་གྲ་གྱི་མཚན་རྟགས་ཀྱི་འོག་ཏུ་ལྡེ་མིག་བསྣུན་པས་བྲག་གི་སྒོ་གསལ་བའི་ནང་ནས་རྡོ་སྔོན་པོ་གྲུ་བཞི་སྒོ་དགུ་ཡོད་པ། སྒོ་རྒྱན་དངུལ་གྱི་མདོག་འདྲ་བའི་གཟེར་བཏབ་པ། སྟེང་དུ་སྦྲུལ་ཁ་དོག་སྔོ་སྐྱ། ལྟོ་བ་སེར་པོ། སྦོམ་པྲ་ལག་ངར་ཙམ་པ། རིན་ཆེན་ཟུར་བརྒྱད་པའི་དབྱིབས་སུ་འཁྱིལ་བ། ཁ་ཤར་ལྷོར་བསྟན་པ། སྙིང་ཁ་ན་འབུར་གསུམ་ཡོད་པའི་ནག་ནས་ཤོག་དྲིལ་གཅིག་དང་རིན་པོ་ཆེ་ཞིག་སྟོན། །དེ་ནས་དབུས་རྙིང་མཛོད་སྨུག་པོ་ནས་ཤོག་དྲིལ་གསུམ་དང་ཕུར་པ་གསུམ་ཆུ་དར་སྨུག་པོ་ཅིག་གིས་དྲིལ་བ། ཤར་དུང་མཛོད་དཀར་པོ་ནས་ལས་རྒྱུ་འབྲས་ལ་ཟློ་བའི་ཆོས་དགོངས་པ་ནམ་མཁའ་དང་མཉམ་པ། ལྷོ་གསེར་མཛོད་སེར་པོ་ནས་བསྙེན་སྒྲུབ་རྣམ་པ་བཞིའི་ཆོས་སྤྱོད་པ་ཉི་ཟླ་ལྟར་གསལ་བ། ནུབ་ཟངས་མཛོད་མདར་པོ་ནས་རྟེན་འབྲེལ་ཁྱད་པར་ཅན་གྱི་ཆོས་ཙན་དན་གྱི་སྡོང་པོ་ལྟ་བུ། བྱང་ལྕགས་མཛོད་ནག་པོ་ནས་དགྲ་བགེགས་ཐལ་བར་རློག་པའི་ཆོས་དུག་གི་སྡོང་པོ་ལྟ་བུ་སྟེ། མདོར་ན་ཀུན་བཟང་དགོངས་པ་ཟངས་ཐལ་གྱི་གྱོས་ཐོག་དྲངས་པའི་ཆོས་དང་རྫས་མ་བགྲང་བ་ལས་འདས་པ་སྤྱན་དྲངས་ཏེ། ཞལ་ཆེམས་བདུན་པ་ལས། གཏེར་ཆོས་ཟབ་མོའི་མན་ངག་རྩ་བ་བཞི༔ ཤར་ནས་དུང་མཛོད་དཀར་པོ་འབྲས་བུ་ཆོས༔ ཚེ་འདིར་སངས་རྒྱས་ལག་བཅངས་གཏད་ཐབས་ཡོད༔ རྩ་རྒྱུད་(སྟོད་ཆ།༧༧༨)གཅིག་ལ་མན་ངག་རྣམ་པ་བདུན༔ དེ་ལ་ཕྲན་བུའི་མན་ངག་བཅུ་བཅུ་ཡོད༔ སོ་སོར་ཕྱེ་བས་མན་ངག་བརྒྱ་རྩ་གཅིག༔ ལྷོ་ན་གསེར་མཛོད་སེར་པོ་བསྙེན་སྒྲུབ་ཆོས༔ ལམ་གྱི་བར་ཆད་སེལ་བའི་སྒྲུབ་ཐབས་ཡོད༔ ཡི་དམ་ལྷ་ཡི་སྒྲུབ་ཐབས་རྩ་བ་བཅུ༔ དེ་རྣམས་རེ་རེ་ལ་ཡང་མན་ངག་བཅུ༔ སོ་སོར་ཕྱེ་བས་མན་ངག་བརྒྱ་རྩ་གཅིག༔ ནུབ་ན་ཟངས་མཛོད་དམར་པོ་རྟེན་འབྲེལ་གྱི༔ ཟབ་ལམ་ཐབས་ཀྱི་དངོས་གྲུབ་གནད་ཏིག་ཡོད༔ རྩ་བ་གཅིག་ལ་མན་ངག་བརྒྱ་རྩ་གཅིག༔ བྱང་ན་ལྕགས་མཛོད་ནག་པོ་ངན་སྔགས་ཀྱི༔ རེག་གཅོད་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་ལ། མ་བུ་ལྔ་ལྔར་ཕྱེ་བས་བརྒྱ་རྩ་གཅིག༔ དབུས་ན་ཤོག་དྲིལ་རྒྱ་ཅན་གསུམ་ཡོད་པས༔ ལས་ཅན་སྣོད་རྟགས་དམ་མེད་སྤང་བ་དང་། གདོང་དམར་ལྷོ་བོད་མཚམས་ཀྱི་གདུལ་བྱའི་གནད༔ སྐྱེས་བུ་ཁྱོད་ལ་དགོས་པའི་ཆོས་དྲུག་ཡོད༔ དུག་སྦྲུལ་ལྟོ་བ་གཤགས་པས་ཐུན་མོང་གི༔ སྒྲུབ་པ་ཟབ་མོ་གཉིས་གངང་ཞལ་ཆེམས་གཅིག༔ དབུས་ན་རྩིས་རྒྱར་མ་བཞག་གབ་པ་ཡི༔ གང་ཟག་སྤྱི་ལ་དགོས་པའི་ཆོས་ཚད་མ༔ ཟབ་ལ་གནད་འདུས་ཤིན་ཏུ་གཅེས་པ་ཡོད༔ ཅེས་སོགས་གསུངས་པ་ལྟར་རོ། མཛོད་ལྔ་རེ་རེ་ལ་ཡང་ཆོས་ཚན་བརྒྱ་རེ་ཡོད་པར་གྲགས་ཏེ་ཁྱོན་དྲིལ་ཆོས་ཚན་ལྔ་བརྒྱ་ཡན་ལག་བཅས་དང་། གཏེར་གནས་གཞན་ནས་སྤྱན་དྲངས་པ་སོགས་གཏེར་ཆོས་བསམ་གྱིས་མི་ཁྱབ་པ་གདན་དྲངས། གཏེར་འདོན་པའི་དུས་རྟགས་ཀྱང་། ལམ་བྱང་གསལ་བའི་སྒྲོན་མ་ལས། རི་བོ་བཀྲ་བཟང་གི་རྩེ་ལ་ཞྭ་གྱོན༔ བྱང་ཕྱོགས་ནས་མང་ཡུལ་དུ་གློག་ལྟར་འཁྱུག༔ རྒྱ་གར་བྱང་ཆུབ་ཤིང་ལྷོ་རུ་ཡོ༔ ཁ་ཆེའི་མཆོད་རྟེན་བྱང་ཤར་དུ་རལ༔ བལ་པོའི་འཕགས་པ་ཤིང་(སྟོད་ཆ།༧༧༩)ཀུན་གྱི་མཆོད་རྟེན་བྱང་ཤར་དུ་ཡོ༔ བསམ་ཡས་བྲག་དམར་ལ་ཐོག་འབབ༔ དེ་ལྟ་བུའི་དུས་བྱུང་དུས་བྲག་རི་དུག་སྦྲུལ་སྤུངས་འདྲ་ནས་རྟའི་ལོ་ལ་གཏེར་འབྱུང་བར་འགྱུར་རོ༔ ཞེས་གསུངས་པ་ལྟར་དང་། གཏེར་འདོན་པའི་དགོས་ཆེད་ཀྱང་། སྐུལ་བྱང་ལས། ཟང་ཟང་ལྷ་བྲག་གི་སྐད་པ་ན༔ སངས་རྒྱས་བསྟན་པ་ཡུན་རིང་དུ་བསྲིང་བའི་ཐབས་ཡོད་དོ༔ དེ་དུས་ལ་བབས་པའི་ཚེ་འཐོན་ནོ༔ བོད་ལ་མི་ལོ་བརྒྱ་དང་རྩ་གཅིག་བདེ་སྐྱིད་འབྱུང་༔ ཞེས་དང་། ཕྱིར་གཏེར་གསོལ་འདེབས་ཀྱི་མཇུག་ཏུ། མ་འོངས་ཐ་མའི་དུས་སུ་ནུབ་ཕྱོགས་སུ༔ ང་ཡི་རྗེས་མཇུག་སྦས་པའི་རྣལ་འབྱོར་པ༔ འགྲོ་དོན་ཆེར་སྤྱོད་ལྷག་པར་ང་ལ་མོས༔ ཐེ་ཚོམ་ཆུང་ཞིང་ཆོས་ཆོས་རྒྱལ་གདུང་རྒྱུད་སྐྱོབ༔ དེའི་འདྲའི་ལས་ཅན་སྙིགས་མའི་དུས་སུ་འབྱུང་༔ ཞེས་དང་། ནང་གཏེར་ལྷ་སྲས་ཞུས་ལེན་གྱི་མཇུག་ཏུ༔ དུས་ངན་ཐ་མ་མཐར་ཐུག་སླེབས་ཀ་རུ༔ རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ༔ སྦས་པའི་རྣལ་འབྱོར་གཅིག་གི་སྨོན་ལམ་གྱིས༔ ང་ཡི་གཏེར་འདོན་ལྷ་སྲས་གདུང་རྒྱུད་སྐྱོབ༔ ཞེས་དང་། སྙིགས་དུས་གུང་ཐང་རྒྱལ་པོ་སྙིང་རྩེའི་ཕྱིར༔ བྲག་རི་དུག་སྦྲུལ་སྤུངས་འདྲའི་སྐེད་པ་ལ༔ ལྷ་སྲས་གདུང་རྒྱུད་སྐྱོབ་པའི་མན་ངག་བདོག༔ དེ་དུས་སྐྱེ་འགྲོའི་མི་རྣམས་ཐེ་ཚོམ་ཆེ༔ ལོག་ལྟ་མ་བྱེད་ང་ཡི་བཀའ་བཞིན་སྒྲུབས༔ གུང་ཐང་རྒྱལ་པོའི་བསམ་པ་དེ་ཡིས་འགྲུབ༔ ཞེས་པ་ལྟར་མངའ་བདག་རྒྱལ་པོ་རྗེ་བཀྲ་ཤིས་སྡེ་དང་གཏེར་སྟོན་ཆེན་པོ་དང་མཛོད་ལྔ་འདུས་པའི་ཟབ་གཏེར་འཐོན་པ་རྣམས་དུས་གཅིག་ཏུ་འཛོམས་ན་བོད་ལ་བདེ་སྐྱིད་ཆེན་པོ་འབྱུང་བར། གབ་པ་སྙིང་གི་ལྡེ་མིག་ལས། སློབ་དཔོན་དང་ནི་ཟབ་མོའི་གཏེར༔ གུང་(སྟོད་ཆ།༧༨༠)ཐང་རྒྱལ་པོ་གསུམ་འཛོམས་ནས༔ དེ་དུས་བོད་ཀྱི་བསྟན་པ་ནི༔ བརྒྱ་དང་རྩ་གཅིག་གཏེར་དེས་འཛིན༔ ཞེས་འབྱུང་བའི་དོན་ལྟར་འགྲོ་བའི་བསོད་ནམས་ཀྱི་སྨན་ཡོན་དམ་པར་འགྱུར་བ་ལ། བདུད་ཀྱི་བར་ཆད་ཀྱི་དབང་གིས་རྟེན་འབྲེལ་ཅུང་མ་འགྲིག་པར་སྣང་སྟེ། སྙིང་བྱང་འབྲིང་པོ་ལས། དང་པོ་དད་པ་མ་སྐྱེས་ན༔ གདུང་གསུམ་གྲི་རུ་འགུམ་པར་འགྱུར༔ ཞེས་དང་། སྙིང་ཏིག་གནད་ཀྱི་དོན་བདུན་མ་ལས། གལ་ཏེ་གུང་ཐང་རྒྱལ་པོ་བདུད་ཀྱིས་བར་དུ་བཅད་དེ་རྟོག་གེ་སྒྲ་ཚད་པ་ལྟ་བུའི་ཐེ་ཚོམ་རྟོག་ཅིང་དད་པ་དང་མི་ལྡན་ན་བོད་ཀྱི་སྐྱིད་པ་ཟད་པ་ཡིན་ཏེ༔ གུང་ཐང་རྒྱལ་པོའི་གདུང་བརྒྱུད་བདུད་ཀྱིས་གཅོད༔ བོད་ཀྱི་ཕུང་མགོ་གུང་ཐང་ནས་འཛུགས་སོ༔ ཞེས་སོགས་གསུངས་པས་སོ། འོན་ཀྱང་ཟབ་གཏེར་འདི་ཉིད་ཀྱི་སྙན་པས་བོད་ཡུལ་ཁྱབ་ཅིང་། སྲས་བརྒྱུད། ཡུམ་བརྒྱུད། སློབ་བརྒྱུད་གསུམ་ནས་འོངས་པའི་ཆོས་ཀྱི་རྒྱུན་དེང་སང་བར་མ་ནུབ་པར་གནས་པ་འདིའོ། དེ་ལྟར་བོད་བདེ་ཐབས་ཀྱི་རྟེན་འབྲེལ་ཅུང་ཟད་མ་འགྲིག་པར་བརྟེན། གབ་པའི་སྙིང་གི་ལྡེ་མིག་ལས༔ བོད་ཁམས་ཕུང་བའི་རྟགས་བྱུང་ན༔ ཡོལ་མོ་སྟོད་ལ་གྲོ་མོ་སྨད༔ བལ་ཡུལ་རིན་ཆེན་འབྲས་མོ་གཤོངས༔ གོང་གི་རྟགས་བྱུང་དེ་རུ་རྒྱུགས༔ ཞེས་གསུངས་པ་ལྟར། སྦས་ཡུལ་འབྲས་མོ་གཤོངས་ཀྱི་གནས་སྒོ་ཕྱེ་བར་ཕེབས། དེའི་རྒྱུ་མཚན་གྱི་གཙོ་བོ་ནི་སྐུལ་བྱང་ཆེན་མོ་ལས། ལྷོ་འབྲས་མོ་གཤོངས་ཀྱི་སྒོ་ཕྱེས་པ་ཙམ་གྱིས་ལོ་བདུན་འཛམ་བུ་གླིང་གི་བདེ་སྐྱིད་འབྱུང་༔ དེའི་དུས་དབུས་སུ་རྒྱལ་པོ་མངའ་གསོལ་ན༔ ལོ་བཅུ་གསུམ་འཛམ་བུའི་གླིང་དུ་བདེ་སྐྱིད་འབྱུང་༔ ཞེས་པ་ལྟར། མཛོད་ལྔ་སྟག་རྩེ་བརྒྱུད་འབྲས་(སྟོད་ཆ།༧༨༡)གཤོངས་མཐིལ་དུ་ཕེབས། བྲག་དཀར་བཀྲ་ཤིས་སྡིངས་སུ་མགུར་གསུངས། སྒོ་ཡོལ་གྱི་ལུང་ཕྲན་ལྔ་དང་དགའ་བདེ་སོགས་སུ་བཞུགས། དེ་དུས་འབྲས་མོ་གཤོངས་གནས་སྒོ་ཕྱེས་པའི་ཕྱག་རྟགས་སུ། བོད་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་དཀའ་བ་མང་དུ་སྤྱད་ནས། འབྲས་མོ་ལྗོངས་ཀྱི་གནས་སྒོ་ཕྱེ་ནས་ཡོད་པས། ཞེས་སོགས་སྤྲིང་ཡིག་ངོ་མཚར་བའང་མཛད། འབྲས་མོ་གཤོངས་སུ་མ་ཟད། བདེ་ལྡན་སྐྱིད་མོ་ལུང་། སྦས་ཡུལ་པདྨའི་ཚལ། རོལ་པ་མཁའ་འགྲོའི་གླིང་། རྒྱལ་གྱི་མཁན་པ་ལུང་། ལྷའི་ཕོ་བྲང་སྟེངས། གྲོ་མོ་ཞུད་ངེ་སྦས་ཡུལ་བདུན་གྱི་ཐེམ་བྱང་དང་། སྦས་ཡུལ་སྤྱིའི་ཐེམ་ཡིག །བྱེ་བྲག་ཏུ་ཡོལ་མོ་གངས། བུ་ལེ་གངས་འབྲས་མོ་ཁུད། སྐྱིད་མོ་ལུང་། མཁན་པ་ལུང་། སྟག་པོ་གངས་ར་སོགས་སྦས་ཡུལ་སྤྱི་བྱེ་བྲག་མང་པོའི་ལྡེ་མིག །ཁ་བྱང་། ལམ་བྱང་སྙིང་བྱང་། གནས་ཡིག །དྲི་ཀུན་ཏུ་གཟིགས་ཀྱི་སྟོད་རིགས་རྒྱུད་དར་བའི་གནས། བར་བསོད་ནམས་དང་ལོངས་སྤྱོད་དར་བའི་གནས། སྨད་ཕུང་བྱེད་མཐའ་དམག་ཟློག་པའི་གནས་ཀྱི་ས་གནད། གན་ཏིག་ལུང་བསྟན་སོགས་དུ་མ་ཡང་ཟང་ཟང་ལྷ་བྲག་ནས་སྤྱན་དྲངས་ཏེ་བཀའ་བབས་པ་ཡིན་ལ། སླར་ཡང་གུང་ཐང་རྒྱལ་པོ་མཆོག་གྲུབ་སྡེས་ཏི་ཤྲིར་བཀུར་ཏེ་གཙུག་ཏུ་བསྟེན་པས་བོད་ཀྱི་བདེ་སྐྱིད་ལ་ཕན་པར་བྱུང་། སྤྱིར་ཟབ་གཏེར་ཐམས་ཅད་བོད་ཀྱི་བདེ་སྐྱིད་འབྱུང་ཐབས་ཁོ་ན་ཡིན་ཡང་། ཁྱད་པར་བྱང་གཏེར་འདི་བོད་ལ་ཕན་ཐབས་གཙོ་ཆེ་སྟེ། རི་ཀུན་ཏུ་གཟིགས་ཀྱི་ལུང་བསྟན་ལས། རྒྱལ་པོའི་གདུང་རབས་ཉི་ཤུ་སོང་བ་དང་། བྱང་ཟང་ཟང་ལྷ་བྲག་གི་སྐྱེད་ཚལ་ནས་མཛོད་བཞི་འདུས་པའི་གཏེར་རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན་བྱ་(སྟོད་ཆ།༧༨༢)བས་རྙེད་ནས་ལྷོ་བོད་ཀྱི་མཚམས་སུ་དགེ་བའི་ལས་བསྟན་པ་འཛིན་པ། མཐའ་དམག་ཟློག་པ། རིམས་ནད་གཅོད་པ། བོད་ཀྱི་ནང་འཁྲུག་ཞི་བར་བྱེད་པ། འགོང་པོ་ཨར་ལ་གཏད་པ། སྡེ་པའི་མངའ་ཐང་གསོ་བ། ས་ནད་དང་གཉན་ནད་འདུལ་བ་ལ་སོགས་གང་ལ་གང་དགོས་གཏེར་མཛོད་དེའི་ནང་དུ་ཡོད་པས་འགྲོ་དོན་ལ་བརྩོན་པར་གྱིས་ཤིག༔ འདིའི་སྐབས་སུ་ཁྱུང་ལུང་བྲག་མཁར་ནས་ཁམས་ཀྱི་ཀློང་ཐང་སྒྲོལ་མ་ཡར་བཅད་ཀྱི་བོད་སྤྱིའི་དོན་དང་ས་ཁོལ་བུར་བདེ་བའི་ཐམས་སྣ་ཚོགས་ཡོད་པ་ཟུར་དུ་ལྟོས་ཤིག༔ ཅེས་བྱུང་བ་ལྟར་རོ། །གཞན་ཡང་སྦས་ཡུལ་སྐྱིད་མོ་ལུང་གི་གནས་སྒོ་ཕྱེ་བ་སོགས། དགུང་ལོ་བདུན་ཅུ་རྩ་གཉིས་ཀྱི་བར་དུ་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དོ། །དེ་ནས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཆོས་ཀྱི་དབྱིངས་སུ་གཤེགས་ཏེ། རིག་འཛིན་ཆེན་པོ་འདིས་དྲུག་གི་དགོངས་པ་མངོན་དུ་གྱུར་པར་ཡིན་ཅེས་གྲགས་སོ། དེ་ལྟར་ཆོས་རྒྱུད་འདི་ལ་གྲུབ་ཐོབ་ཀྱང་བསམ་གྱིས་མི་ཁྱབ་པར་བྱུང་མོད། གྲུབ་ཐོབ་ཐང་སྟོང་རྒྱལ་པོའང་གཏེར་ཆོས་འདིའི་བརྒྱུད་འཛིན་ཡིན་པ་ཁོ་རང་གི་རྣམ་ཐར་ན་གསལ། ཁྱད་པར་དུ་ཀུན་སྤང་དོན་ཡོད་རྒྱལ་མཚན་གྱི་ཞལ་སློབ་མཚན་དངོས་གསང་བདག་བདེ་ཆེན་ལྷུན་གྲུབ་ཟེར་བ་ཞིག་ཀུན་བཟང་དགོངས་པ་ཟང་ཐལ་གྱི་ཉམས་བཞེས་ལ་བརྩོན་པས་རིག་པ་ཚང་ཕེབས་ཀྱི་སར་ཕེབས། དེ་ནས་ཀྱང་། འབྲི་མཚམས། སྤ་གྲོ་སོགས་གནས་ངེས་མེད་མང་པོར་འཕོ་ཞིང་བསྒོམས་པ་ན། ནམ་ཞིག་གི་དུས་ཅོག་པུའི་སྒོ་ནས་སྒྲུབ་གཡོག་གིས་གསོལ་ཇ་འདྲེན་པ་ལ་གསུངས་ལན་མ་བྱུང་བས་ཅོག་པུའི་སྒོ་ཕྱེས་ནས་བལྟས་པས། ནང་ཐམས་ཅད་དྲི་བཟང་གིས་ཁྱབ་ཅིང་། སྐུ་ལ་བཞེས་(སྟོད་ཆ།༧༨༣)པའི་ན་བཟའ་དང་། ཕྱག་ཞབས་ཀྱི་སེན་མོ་ཉི་ཤུ་་ཙམ་མ་གཏོགས་འོད་ཕུལ་དུ་ཡལ་ནས་འདུག་ཅིང་། ན་བཟའ་ཕྱག་སེན་སོགས་སྒྲུབ་གྲོགས་དེའི་ཕྱག་ཏུ་ཡོད་པ་ལ་མི་གཉིས་ཀྱིས་བརྐུས་ནས་ཁྱེར་ཏེ། གཅིག་གིས་ཁོ་རང་གི་ཕུ་བོ་ཡིན་པའི་མི་སྡིག་ཅན་ཞིག་ནད་ཀྱིས་ཐེབས་ཏེ་ཟུག་པུ་དྲག་པོ་བཟོད་གླག་མེད་པ་ཞིག་ལ་བྱིན་རླབས་བྱས་པས། དེ་མ་ཐག་ནད་ལས་གྲོལ་ཞིང་། ཕྱིས་ཀྱང་རང་བཞིན་གྱིས་བསམ་གཏན་ལ་གནས་པ་ཞིག་བྱུང་ཞིང་། གཅིག་ཤོས་ཀྱི་སྐལ་བ་རྣམས་བྱང་ཆུབ་སེམས་དཔའ་དཔལ་འབྱོར་རྒྱལ་མཚན་གྱི་ཕྱག་ཏུ་ཕེབས་པས། སེན་མོ་རྣམས་་འཕེལ་གདུང་ཁོ་ནར་སོང་ཞིང་། གདུང་གཅིག་རྡོ་རྗེ་སེམས་དཔའི་སྐུ་ངོ་མཚར་ཅན་ཞིག་བྱོན་འདུག་གསུངས་ཏེ་ད་ལྟའང་ཀུན་བཟང་གླིང་ན་ཡོད་དོ། འདི་ལྟ་བུའི་ལོ་རྒྱུས་མང་དུ་སྣང་ཡང་འདིར་ཟབ་ལུང་པའི་ཡིག་ཆ་ལས་བྱུང་བས་དཀྱུས་སུ་བྲིས་པ་ལས་གཞན་སྨོས་ཀྱིས་མི་ལངས་སོ། གཏེར་སྟོན་བ་མཁལ་སྨུག་པོའི་འཁྲུངས་ཡུལ་ལྷོ་བྲག་པ་ཡིན་ཟེར། རྣམ་ཐར་ཞིབ་རྒྱས་མ་རྙེད། གཏེར་ཆོས་གུ་རུ་རིན་པོ་ཆེ་མངལ་སྐྱེས་ཀྱི་རྣམ་ཐར་དང་། གསོལ་འདེབས་བར་ཆད་ལམ་སེལ། དེའི་འགྲེལ་ཊིག་བཅས་དང་། རྡོ་རྗེ་ཕུར་པའི་ཆོས་སྐོར་ལས་ཚོགས་རྫོགས་རིམ་དང་བཅས་སྤྱན་དྲངས་པ་ཡིན་པར་སྣང་ངོ་། གཏེར་སྟོན་རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་གྱི་ཡང་སྲིད་དཔལ་ལྡན་འཇམ་དབྱངས་བླ་མ་ནི། གཙང་ཉང་སྟོད་དུ་སྐུ་འཁྲུངས། སྐུ་གཞོན་ནུ་ནས་གནས་རྙིང་ཚོགས་པའི་གྲྭ་སར་བཞུགས་པར་མཛད་ནས་མདོ་སྔགས་ཐམས་ཅད་ལ་གསན་བསམ་གྱིས་སྒྲོ་འདོགས་ཆོད་པ་མཛད། སྐབས་ཤིག་ཉང་(སྟོད་ཆ།༧༨༤)སྟོད་ཁྲོ་སྒང་དུ་ཆོས་འཁོར་ལ་ཕེབས་པས། གཙུག་ལག་ཁང་གི་འགྲམ་གསེབ་ཞིག་ཏུ་སོ་ཕག་ཆེན་པོ་ཞིག་འདུག་པ། ཕ་གི་བཅོག་རྒྱུ་བྱུང་ན་དགོངས་པ་ཞིག་བྱུང་སྟེ། གྲྭ་པ་གཞན་མེད་པའི་ཤུལ་དུ་སོ་ཕག་བཅག་པའི་ནང་ནས་གཏེར་གྱི་ཁ་བྱང་བྱུང་སྟེ། སྒྲོལ་བྱེད་ནག་པོའི་མཁར་མཁའ་འགྲོ་གསང་མཛོད་ཕུག་ནས་རུས་སྦལ་དམར་པོའི་ཁོག་པ་བཏོན་པའི་ནང་ནས་རྩ་གསུམ་དྲིལ་སྒྲུབ་སྐོར་དང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས་པ་སོ་སོའི་བཀོལ་བྱེད་དང་བཅས་པ་དང་། བཀའ་སྲུང་སྒྲོལ་བྱེད་ནག་པོའི་སྐོར་དང་བཅས་སྤྱན་དྲངས། གསོལ་འདེབས་འདིའི་གྲོལ་ཚད་ཀྱང་། གང་ཟག་བྱེ་བ་དགུ་ཁྲི་དང་། འབབུམ་ཕྲག་ལྔ་རྣམས་གསོལ་འདེབས་འདི་ཡིས་གྲོལ། ཞེས་གསུངས་པའི་ཟབ་ཆོས་འདི་གཙང་ཉང་སྟོད་ཤབས། ཤངས་དང་རྟ་ནག་འོ་ཡུལ་སོགས་གཙང་གི་ཕྱོགས་སུ་འགྲོ་དོན་དང་ཕྲིན་ལས་ཆེ་ཞིང་ཆོས་རྒྱུན་དར་རྒྱས་ཆེ་བར་ཡོད་ཟེར་རྣམ་པ་ཞིབ་པར་མ་འཚལ། གུ་རུ་ཡེ་ཤེས་ཁྱུང་གྲགས་ནི། ཉང་སྟོད་དུ་འཁྲུངས། ཨོ་རྒྱན་རིན་པོ་ཆེ་དང་དངོས་སུ་མཇལ། གཏེར་གྱི་ཁ་བྱང་ལས་བྱུང་བ་བཞིན། གཡག་སྙིང་པོ། བྲག་དམར་གཏེར་ཁུངས། རྩེ་གནས་གསར། བྲག་རྡོ་རྗེ་ཚེ་བརྟན་རྣམས་ནས་བཀའ་བརྒྱད་ཁྲོ་བོ་འབར་བ། ཞི་ཁྲོ་དོན་གྱི་སྙིང་པོ་རྫོགས་རིམ་སྐོར་དང་བཅས་དང་། རྡོ་རྗེ་ཕུར་པའི་ཆོས་སྐོར། ཐུགས་རྗེ་ཆེན་པོའི་ཆོས་སྐོར། སྤོས་དཀར་ལ་བརྟེན་པའི་དབང་སྡུད་དང་། སྦྲང་རྩི་ལ་བརྟེན་པའི་སྨྲས་ཚད་དབང་དུ་འདུ་བའི་གདམས་པ་སོགས་དང་། སྐྱེ་བདུན་རིལ་བུ་སྔ་འགྱུར་ཕྱི་འགྱུར་བར་འགྱུར་སོགས་བཏོན་ཞིང་། ཁྱད་(སྟོད་ཆ།༧༨༥)པར་དུ་བྲག་རྡོ་རྗེ་ཚེ་བརྟེན་ནས་བདུད་རྩི་གཏེར་དུ་བཞེས་པ་ཟུར་པ་ལ་ཕུལ། ཟུར་པས་རྒྱ་ནག་གོང་མ་རྒྱལ་པོ་ལ་ཕུལ་ཏེ། འགྲོ་དོན་མཐའ་ཡས་བྱུང་བའི་ལོ་རྒྱུས་གོང་དུ་བཀའ་མའི་སྐབས་སུ་སྨྲོས་པ་བཞིན་སྣང་ཞིང་། གདུང་བརྒྱུད་རྣམས་ཉང་སྟོད་ཕྱོགས་སུ་བཞུགས་ཤིང་། ཆོས་རྒྱུད་དབུས་གཙང་ཁམས་གསུམ་དུ་དར་བ་བྱུང་འདུག་ཀྱང་དེང་སང་ནི་ཆེར་བཞུགས་པ་མ་མཐོང་། གཏེར་སྟོན་སངས་རྒྱས་འབར་ནི། གཏེར་སྟོན་སངས་རྒྱས་བླ་མའི་གདུང་བརྒྱུད་དུ་སྐུ་འཁྲུངས། ལ་སྟོད་ཁ་ཁྱུ་དང་། གློ་བོ་ཐང་འབར་སོགས་ཀྱི་གནས་ནས། ཕྱག་རྡོར་གཏུམ་པོའི་དབང་སྒྲུབ། ས་དཔྱད། གྲུབ་མཐའ་གནམ་ལྕགས་འཁོར་ལོ། དོན་གསལ་འོད་ཀྱི་སྒྲོན་མེ། གཏུམ་མོ་སེམས་ཉིད་གཅེར་སྟོན། གཏེར་དབང་སྣོད་རུང་། གུ་རུའི་སྒྲུབ་ཐབས། རྟ་མགྲིན་སྒྲུབ་ཐབས། རྒྱལ་ཆེན་བཞིའི་སྒྲུབ་ཐབས། དྲག་པོ་རྨུ་ལུགས་ཀྱི་གཏེར་མའི་མཁའ་འགྲོ་ནོར་བུའི་ཕྲེང་བ་སོགས་སྤྱན་དྲངས་པར་སྣང་ངོ་། འདི་དགེ་བཤེས་གྲྭ་པའི་དུས་ཙམ་ན་ཏེ་ཆོས་སྔ་བར་ཡིན་འདུག །གཏེར་སྟོན་ཟླ་བ་རྡོ་རྗེས་ཟབ་གཏེར་འགའ་ཞིག་བཞེས་པར་གྲགས་ཀྱང་དེང་སང་ལོ་རྒྱུས་དང་ཆོས་རྒྱུན་མ་བྱུང་། ༦ རྒྱ་གར་ནས་བྱོན་པའི་གཏེར་སྟོན་དང་དཔལ་ལྡན་ཨ་ཏི་ཤས་བོད་ནས་གཏེར་བཞེས་པའི་སྐོར་སོགས། རྒྱ་གར་ནས་བྱོན་པའི་གཏེར་སོན་བཛྲ་མ་ཏི་ཞེས་པས། བལ་ཡུལ་ལི་(སྟོད་ཆ།༧༨༦)ཤནྟིའི་གནས་ནས་སྤྱན་དྲངས་པའི་རྫོགས་ཆེན་མཁའ་ཀློང་འོད་འཕྲོ་དང་། དེའི་ལས་ཚོགས་ཀླུ་དག་ས་བདག་གི་གཉེན་པོར་གྱུར་པ་ཨོ་རྒྱན་ཆེན་པོ་སྐུ་མདོག་མཐིང་ཀ་ཕག་ལ་ཆིབས་པའི་བཟླས་སྒོམ་དང་། སྨན་སྔགས་བསྡེབས་ནས་རིམས་ནད་ཏྲེ་ཏྲེ་ཧོ་སོགས་སྙིགས་མ་ལྔ་བདེ་བའི་ནད་རིམས་རྣམས་བསྲུང་འཆོས་ཀྱི་གདམས་པ་ཟབ་མོ་ཞལ་ཤེས་དང་བཅས་པ་གདན་དྲངས། དེ་སྐབས་ཚལ་གུང་ཐང་པ་གཞོན་ནུ་བསམ་གཏན་གྱི་བལ་ཡུལ་དུ་བྱོན་པས་གཏེར་སྟོན་དང་མཇལ་ནས་གཏེར་ཆོས་རྣམས་བོད་དུ་སྤྱན་དྲངས་པ། བཀའ་བབས་ལུང་ཟིན་ལྟར། སྔོན་སློབ་དཔོན་རིན་པོ་ཆེའི་དངོས་སློབ་རླང་སློབ་རྒྱལ་བ་པཎ་ཆེན། གསང་མཚན་དྲི་མེད་ཟླ་ཤར་དུ་གྲགས་པའི་རྒྱུད་ལས་ལུང་ཟིན་བུདྡྷ་བཛྲ་ཞེས་པའི་སྲས། བླ་མ་དཔལ་འབྱོར་ལ་བཀའ་བབས་པས་དར་རྒྱས་སུ་གྱུར། གཏེར་སྟོན་འདི་རྗེ་མཐོང་བ་དོན་ལྡན་གྱི་སྐུ་ཚེའི་སྟོད་ཙམ་ལ་བྱོན་པར་མངོན་ནོ། དཔལ་ཨ་ཏི་ཤ་ནི། རརྣ་གླིང་པའི་བསྟན་པ་སྤྱི་ལུང་དུ། ང་ཡི་སྤྲུལ་པ་རྒྱལ་པོ་དགེ་བའི་སྲས༔ ཕལ་ཆེན་སྡེ་པ་དཱི་པཾ་ཀཱ་ར་ཞེས༔ བྱང་ཆུབ་སེམས་དཔས་བོད་རྣམས་དཀར་པོར་བྱེད༔ ཞེས་དཔལ་ཨོ་རྒྱན་ཆེན་པོ་ནིད་ཀྱིས་རང་ཉིད་ཀྱི་སྤྲུལ་པར་ཞལ་གྱིས་མཆེས་པའི་མཉམ་མེད་ཇོ་བོ་དཱི་པཾ་ཀཱ་ར་འདི་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་ཞེས་བྱ་བའི་སྲས་སུ་འཁྲུངས། མཁན་པོ་པོ་དྷི་ས་ཧྭའི་དབོན་རྒྱུད་ཡིན། འཁོར་གྲོང་ཁྱེར་འབུམ་ཕྲག་ཉེར་བདུན་ཡོད། ལོངས་སྤྱོད་རྒྱ་ནག་སྟོང་འཁུན་རྒྱལ་པོ་དང་མཉམ། སྤྱིར་རིག་པའི་གནས་ལྔ་དང་། ཁྱད་པར་རྒྱུ་སྡེ་བཞི་ལ་མཁྱེན་པ་རྒྱས་ཤིང་གྲུབ་པ་བརྙེས། ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས། ཏིང་ངེ་འཛིན་རི་རྒྱུད་ཙམ་ཡོད།༧༨༧)མངོན་པར་ཤེས་པ་ལྔ་ཐུབ། བླ་མ་དཱཧུ་ལ་བྱ་བ་དང་། ཐུབ་པ་འཁོར་དང་བཅས་པས་མནལ་ལམ་དུ་བསྐུལ་བས། ཕལ་ཆེན་སྡེར་རབ་ཏུ་བྱུང་ནས་ཆིག་རྫོགས་མཛད། གསེར་གླིང་དུ་ཕེབས་ནས་བླ་མ་གསེར་གླིང་པ་ཆེན་པོ་ལས་ལོ་བཅུ་གནིས་སུ་ཆོས་གསན་ཅིང་བྱང་ཆུབ་ཏུ་ཐུགས་སྦྱོང་པའི་གདམས་པ་ཞུས་པས་བདག་ལས་གཞན་གཅེས་ཀྱི་ཐུགས་འཁྲུངས། བི་ཀ་མ་ལ་ཤི་ལའི་གནས་བརྟན་མཛད། རྒྱ་གར་དུ་བསྟན་པའི་བྱ་བ་ཡུན་རིང་དུ་བསྒྲུབས་ནས། ལྷ་བཙུན་བྱང་ཆུབ་འོད་ཀྱིས་བོད་དུ་གདན་དྲངས། བོད་དུ་སངས་རྒྱས་ཀྱི་བསྟན་པའི་ག་དར་མཛད་ཅིང་བསྟན་པ་ཉམས་པ་རྣམས་གསོས་ནས་བསྟན་པ་དར་བ་མཛད། བསམ་ཡས་སུ་ཕེབས་དུས་རྒྱ་དཔེ་རྣམས་གཟིགས་པས། རྒྱ་གར་ན་མེའི་དགྲ་ལན་གསུམ་བྱུང་བས་ཚིག་པ་འདྲ། རྒྱ་གར་ན་མེད་པའི་དཔེ་མང་པོ་སྣང་གསུངས་ནས། ཕལ་ཆེར་བཞེངས་ནས་རྒྱ་གར་དུ་བསྐུར། བོད་ཀྱི་རཱཛ་བོ་དྷི་སཏྭ་གསུང་རྗེས་སུ་ཡིད་རངས་མཛད། བོད་དུ་བསྟན་པ་དར་དུས་དེ་འདྲ་བ་རྒྱ་གར་རང་དུ་ཡང་མ་བྱུང་གསུངས། ལྷ་སར་ཕེབས་དུས། ཞབས་སྐོར་མཛད་ཅིང་། རཱ་ཛ་བོ་དྷི་ས་ཏྭ་དཔེ་གཙུག་ལག་ཁང་ཆེན་པོ་འདི་ཇི་ལྟར་བཞེངས་པའི་གཏམ་རྒྱུད་ཅིང་འོང་ཐང་བ་ལ་སྙམ་པའི་ཐུགས་དགོངས་འཁྲུངས་པ་ལ། སྤྲང་མོ་སྨྱོན་མ་བྱ་བ་ལྟོ་བལ་ཐགས་ལ་རེ་བ་རེས་འགའ་འདོད་པ་ཆེ་ཆེ་ལྟར་བྱེད། རེས་འགའ་སུ་འདོད་འདོད་ལ་སྟེར་བ། གོས་ཧྲུལ་པོ་གྱོན་པ་ཅིག་ཡོད་པ་དེ་ན་རེ། ཇོ་བོ་ལ་ལྐོག་ཕ་གིར་གཤེགས་འཚལ་ཟེར། དེར་ཕྱིན་པས་རཱ་ཛ་བོ་དྷི་སཏྭ་དེས་གཙུག་ལག་ཁང་ཆེན་པོ་འདི་ཇི་ལྟར་བཞེངས་པའི་ལོ་རྒྱུས་ཤིག་འཚལ་ལམ་ཟེར། དེ་རང་བཞིན་གྱི་རྣལ་འབྱོར་མར་(སྟོད་ཆ།༧༨༨)ཤེས་ནས། ཡིད་ཀྱིས་ཕྱག་དང་མཆོད་པ་ཕུལ་ནས་དེ་ཅི་ནས་ཀྱང་འཚལ་ལོ་གསུངས་པས། འོ་ན་ཀ་བ་བུམ་པ་ཅན་ནས་འདོམ་ཕྱེད་གསུམ་གཞལ་བའི་ས་ན་ཡོད་དེ་གཞན་ལ་མ་སྨྲ་ཤིག་གསུངས། ཇོ་བོའི་ཞལ་ནས་བོད་ན་ཡེ་ཤེས་ཀྱི་མཁའ་གྲོ་དངོས་སུ་མཐོང་བ་འདི་གཅིག་སུ་ཡིན་གསུངས། ཇོ་བོའི་ཞལ་ནས་བོད་ན་ཡེ་ཤེས་ཀྱི་མཁའ་འགྲོ་དངོས་སུ་མཐོང་བ་འདི་གཅིག་སུ་ཡིན་གསུངས། དེར་དགེ་བཤེས་རྣལ་འབྱོར་པས་ཤིང་གཅོད་པའི་མཚོན་ཆ་ཁྱེར་ནས། ཇོ་བོའི་ཀ་བ་བུམ་པ་ཅན་ནས་གཞལ་བའི་འདོམ་ཕྱེད་གསུམ་གྱི་གདུང་གཤགས་པའི་གསེང་ནས། ཤོག་དྲིལ་གཅིག་བྱུང་བ་གཟིགས་པས་བློན་པོ་རྣམས་ཀྱིས་བྱས་པའི་ལོ་རྒྱུས་ཟླ་བའི་འདོད་འཇོ་བྱ་བ་བྱུང་། ཡང་གཟིགས་པས་ཤོག་དྲིལ་གསུམ་པ་བཀའ་ཆེམས་ཀྱི་ཡི་གེ་ཆེན་མོ་རྣམས་བྱུང་སྟེ། དེ་ལ་གཏེར་སྲུང་གཉེན་པོ་ཞིག་འདུག་པ་དེ་རིང་ཇི་ཙམ་ཟིན་པ་ཅིག་འབྲིར་བཏང་གིས་དེ་མིན་མི་སྟེར་ཟེར་བས། རྣལ་འབྱོར་པས་དབུ་མཛད་སྟོན་པ་བཞི་ཀས་བྲིས་པས་ཕལ་ཆེར་ཟིན་པ་ལ་ལྷག་མ་བག་ཙམ་ལུས། སྣག་སྨྱུག་མ་འཛོམས་པ་ཅི་རྙེད་ཀྱིས་བྲིས་པས་ཡི་གེ་མི་གསལ་བ་ཡང་ཡོང་གསུངས། གཏེར་བདག་གཉེན་པས་དེ་ནུབ་ཤོག་དྲིལ་རྣམས་སླར་སྦས་སོ། ཇོ་བོའི་ཞལ་ནས། འདི་སུ་ལ་ཡང་མ་བསྟན་ཞིག་ལྷ་སྲུང་བཟང་པོ་ཞིག་འདུག་གོ་གསུངས་ནས་རྣལ་འབྱོར་པ་ལ་གཏད། དེས་སྤྱན་སྔ་བ་ལ། དེས་བྱ་ཡུལ་བ་ལ། བྱ་ཡུལ་བས་ཐུགས་རྗེ་ཆེན་པོ་ཆེ་བའི་ཡོན་ཏན་ཞིག་རི་སྒོམ་ལ་བྱིན་ནས་ལྷ་སར་དཀོན་གཉེར་ལ་གཏད། གཞན་རྣམས་གདུག་རྟེན་ནང་དུ་བཞུགས་འདུག་གསུངས་ཏེ། མཐིང་ཤོག་ལ་གསེར་གྱིས་བྲིས་པའི་བུ་ཡིག་གདུང་རྟེན་དང་མ་ཕྱི་གློ་འབུར་(སྟོད་ཆ།༧༨༩)གྱི་རྟ་མགྲིན་ལྡེར་སྐུ་ལ་བཅུག་སྐད། གཞན་ཡང་ཇོ་བོ་འདིས་འཕགས་ཡུལ་ནས་ཀྱང་བྷེ་ཧ་པདྨ་ཅན་གྱི་ལྷ་ཁང་ནས་གཙུག་ཏོར་སྡེ་ལྔའི་རྒྱལ་མཚན་འཛུགས་པའི་ཆོ་ག་སོགས་གཏེར་བཞེས་པར་གྲགས་སོ། དེ་ལྟ་བུའི་མཉམ་མེད་ཇོ་བོ་དཱི་པཾ་ཀཱ་ར་འདི་ནི་ཨོ་རྒྱན་ཆེན་པོའི་སྤྲུལ་པ་ཡིན་པར་ཇོ་བོ་ཉིད་ཀྱི་གསུང་ལས་ཀྱང་བྱུང་སྟེ། ལྷའི་རྒྱལ་པོའི་སྐྱེས་རབས་གསུངས་པའི་སྐབས་སུ་ཇོ་བོ་ཆེན་པོས། གཞན་རྒྱུད་དུ་མ་ཟད། དགེ་སློབ་བྱང་ཆུབ་སེམས་དཔའ་དཔལ་རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེའི་ཐུགས་དང་ལྡན་པ་མཚོ་སྐྱེས་རྡོ་རྗེ་ནི། རྒྱ་གར་ན་འདུལ་བ་འཛིན་པ་གཅིག་གི་སྤྲུལ་པར་གྲགས་ཏེ། དཔལ་ཧེ་རུ་ཀའི་བཞེད་པ་ནི་ཁོ་བོ་ཁོ་ན་ཡིན་པར་བྱེད། གདུལ་བྱའི་དབང་གིས་བོད་ཁམས་འདིར་ལན་གཉིས་གསུམ་ཞིག་འོངས་ཏེ་སྤྲུལ་པའང་དེ་ལྟར་དུ་བསྟན་ནོ། འདིའི་ལོ་རྒྱུས་ནི། སྔགས་པ་ཕལ་ཆེ་བ་ལ་གྲགས། ཞེས་དང་། དཀོན་མཆོག་འབངས་ཀྱི་སྐྱེས་རབས་སུ། འདི་ནས་སྐྱེ་བ་གཞན་གྱིས་མ་ཆོད་པར། བོད་ཁམས་མགོན་མེད་ཡོངས་ལ་ཐུགས་རྗེས་བཟུང་། བོད་ནི་རྒྱལ་པོ་དག་ལ་ཚད་མར་འཛིན། མི་དབང་མཛོད་ལ་བོད་ཁམས་བདེ་བར་སྐྱོངས། །ཞེས་སྲོང་བཙན་སྒམ་པོར་སྐྱེ་བས་མ་ཆོད་པར་བོད་དུ་རྒྱལ་པོར་འབྱོན་དགོས་གསུངས་མ་ཐག །ཨོ་རྒྱན་ཡུལ་དུ་ཇི་སྐད་སྨྲས་པ་བཞིན། བདག་ཀྱང་གནས་དེར་ལྷ་འདྲེ་འདུལ་དུ་འགྲོ། །ཞེས་སློབ་དཔོན་པདྨ་ལྷ་འདྲེ་འདུལ་བར་བླ་མ་དྲི་མ་མེད་མཚོ་སྐྱེས་རྡོ་རྗེ་ཉིད་དངོས་སུ་བྱོན་པར་གསུངས་པའི་ཕྱིར་རོ། །འོན་ཀྱང་དེ་སྐབས་ཕྱོགས་ཆའི་དབང་གིས་ཇོ་བོ་ཆེན་པོའང་གཞན་ངོ་སྲུང་ཕྱིར་གསུང་ཁྱབ་གདལ་དུ་གནང་བ་མེད་དེ། རྗེ་བཙུན་མི་ལས། བོད་ཀྱི་སྙིང་ལ་འདྲེ་ཞུགས་ནས། ཇོ་(སྟོད་ཆ།༧༩༠)བོ་གསང་སྔགས་འཆད་པ་བཀག །ཅེས་དང་། ཇོ་བོའི་ཞལ་ནས་ཀྱང་། ངས་སྔགས་ཀྱི་གདམས་པ་དང་། དོ་ཧ་རྡོ་རྗེའི་གླུ་ལ་སོགས་པ་ཡང་བཤད་དབང་མེད། སྡེ་པ་ཡང་གཟུགས་དབང་མེད་དེ་ཁོ་བོ་བོད་དུ་འོངས་པ་ལ་དོན་མ་མཆིས་གསུངས་པ་སོགས་ཀྱིས་ཀྱང་ཤེས་ལ། ཇི་སྐད་དུ། ཐིག་སྐུད་དྲག་པོར་བཞག་པ་ན། ཡ་ཡོ་ཅན་གྱིས་སེམས་ལ་གཟན། ཞེས་གསུངས་པ་ལྟར། ཇོ་བོ་ཆེན་པོའི་གསུང་དེ་ཙམ་ལའང་། བོད་ཕྱི་རབས་པ་ཁ་ཅིག་ཐུགས་མ་རངས་ནས། གླེགས་བམ་རིན་པོ་ཆེའང་ཕྱོགས་གཞན་དུ་འཕུལ་འདོད་པ་དག་བྱུང་མོད་ཀྱི། དེ་ལྟར་ནའང་གཟུ་བོར་གནས་པའི་དཔྱོད་ལྡན་རྣམས་ཀྱིས་ནི་ནམ་དུའང་ཚད་མར་བཞེད་པ་ལ་བསྟོན་དུ་མེད་དོ། ༧ བོད་རྒྱལ་གདུང་བརྒྱུད་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཟབ་གཏེར་བཞེས་ཚུལ་སོགས། གཏེར་སྟོན་ལྷ་བཙུན་བྱང་ཆུབ་འོད་ནི། མངའ་བདག་གདུང་བརྒྱུད་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དབོན་པོ་ཡིན་ཏེ། ཡེ་ཤེས་འོད་ཀྱི་མཆེད་ཁོ་རེའི་སྲས་ལྷ་སྟེ། དེ་ལ་སྲས། འོད་ལྡེ། ཞི་བ་འོད། བྱང་ཆུབ་འོད་གསུམ་བྱོན་པའི་ཐ་ཆུང་བྱང་ཆུབ་འོད་ནི་ཇོ་བོ་བོད་དུ་སྤྱན་འདྲེན་པའི་སྦྱིན་བདག་དེ་ཡིན། རྟེན་དགེ་སློང་ལ་མདོ་སྔགས་ཀྱི་ཆོས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་ལོ་ཙཱ་ཡང་མཁས་པར་མཁྱེན། འདི་ལ་བློན་པོ་ས་འོག་གི་གཏེར་མཐོང་བའི་མིག་ཅན་ཞིག་ཀྱང་ཡོད་དེ། དེས་ཇོ་བོ་སྤྱན་འདྲེན་པའི་ཡོ་བྱད་གསེར་ལིང་པ་གཅིག་ལ་ཤིང་སྲང་དྲུག་ཅུ་ཡོད་པ་གཅིག་ལ་སོགས་(སྟོད་ཆ།༧༩༡)པའི་གསེར་མང་པོ་ས་འོག་ནས་གཏེར་ཕྱུངས་པས་གསེར་ཟད་མེད་དུ་བྱུང་། འཇམ་དཔལ་རྩ་རྒྱུད་ལས། རྒྱལ་པོ་འོད་ཀྱི་མཐའ་ཅན་དང་། །བློན་པོ་ནོར་གྱི་མཐའ་ཅན་འབྱུང་། །ཞེས་རྒྱལ་བློན་གཉིས་ཀ་ལུང་བསྟན་པ་དེ་ཡིན་པར་གྲགས། ལྷ་བླ་མ་ཁུ་དབོན། འདི་རྣམས་ཀྱི་རིང་ལྷ་ས་དང་བསམ་ཡས་ལ་སོགས་སྔོན་ཆོས་རྒྱལ་མེས་དབོན་རྣམས་ཀྱིས་བཞེངས་པའི་གཙུག་ལག་ཁང་རྣམས་ཉམས་པར་གསོ་བ་དང་། འུ་ཤང་རྡོའི་གཙུག་ལག་ཁང་མེས་ཚིག་པའི་ཤུལ་དུ་ལྷ་ཁང་གསར་བཞེངས་དང་། ཐོ་ལེང་གསེར་གྱི་ལྷ་ཁང་སོགས་བཞེངས་ཤིང་། པཎྜི་ཏ་མང་པོ་སྤྱན་དྲངས་ནས་བསྟན་པའི་ཉམས་གསོ་མཛད་པས་ཕྱག་རྗེས་ཆེ། ཁྱད་པར་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཇོ་བོ་སྤྱན་དྲངས་ནས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་པས་བོད་ལ་ལྷག་པར་སྐུ་དྲིན་ཆེ། ལྷ་བཙུན་འདིས་བསམ་ཡས་ཀྱི་ཀ་བའི་ཆོལ་ནས། པུ་ཏྲ་མིང་སྲིང་གི་སྒྲུབ་ཐབས་འབོད་རྦད་བསད་གསུམ་གཅིག་ཏུ་དྲིལ་བའི་གདམས་པ་ཁྱད་པར་ཅན་གྱི་སྐོར་རྣམས་གཏེར་ནས་སྤྱན་དྲངས་ཏེ། འདིའི་ལོ་རྒྱུས་ས་སྐྱའི་མགོན་པོའི་ཆོས་འབྱུང་དུ། སློབ་དཔོན་པདྨ་བོད་དུ་བྱོན་དུས་སུ་པུ་ཏྲ་མིང་སྲིང་གི་སྒྲུབ་སྐོར་རྣམས་སློབ་དཔོན་ཉིད་དང་། བཙན་པོ་ཁྲི་སྲོག་ལྡེ་བཙན་དང་། མཁན་པོ་བོ་དྷིས་ཧྭ་སློབ་དཔོན་བི་མ་མི་ཏྲ། རྒྱ་ནག་གི་ཧ་ཤང་མ་ཧཱ་ཡ་ན། བློན་པོ་བྲན་ཀ་དཔལ་སེང་ལ་སོགས་པ་བཀའ་བགྲོས་ཏེ། མ་འོངས་པ་ན་བསྟན་པ་སྲུང་བའི་མཚོན་ཆར་བསེ་སྒྲོམ་སྨུག་པོའི་ནང་དུ་བཅུག་ནས་སྨོན་ལམ་བཀའ་རྒྱ་དང་བཅས་པས་བསམ་གཡས་ཀྱི་ཀ་བའི་འོག་ཏུ་གཏེར་དུ་སྦས་པ། པུ་ཏྲ་མིང་སྲིང་བསམ་ཡས་ཀྱི་སྒོ་སྲུང་དུ་བསྐོས་པས། དུས་ཕྱིས་ལས་འཕྲོ་དང་སྐལ་བ་ལྡན་པ་བཀའ་(སྟོད་ཆ།༧༩༢)རྟགས་འཛིན་པའི་རྒྱལ་རིགས་སུ་སྐུ་འཁྲུངས་པའི་ལྷ་བཙུན་བྱང་ཆུབ་འོད་ཀྱི་ཕུ་བོའི་དོན་དུ་དབུས་གཙང་ན་མར་གསེར་སློང་ལ་བྱོན་པའི་དུས། གཏེར་གྱི་ཁ་བྱང་ཕྱག་ཏུ་བྱུང་བས། དཀོན་མཆག་ར་སྤུང་མ་ལ་མཆོད་གཏོར་ཆེན་པོ་ཕུལ་ཞིང་གསོལ་བ་བཏབ་ནས་བཙལ་བས། པུཏྲའི་སྒྲུབ་ཐབས་ཀ་ཁོལ་མར་གྲགས་པ་འདི་གཏེར་ནས་ཐོན། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ལ་གཟིགས་སུ་ཕུལ་བས་མཉེས་ནས་གཞན་ལ་མི་སྤེལ་བར་གདམས། ཕྱིས་དྷརྨ་པ་ལ་ཞུས་པ་དང་མཐུན་པར་བྱུང་ཞིང་། འབོད་རྦད་བསད་གསུམ་ཞང་ཞུང་གི་སྐད་དུ་འདུག་པ་སོགས་ལ་ངེས་ཤེས་ཁྱད་པར་ཅན་སྐྱེས། ཞེས་དང་། ཡང་ལོ་ཆེན་གྱིས་ལན་གཅིག་བོན་པོ་དང་འགྲས་ཏེ། པུ་ཏྲ་ལ་ལས་བཅོལ་བས་འགྲོར་མ་གཏུབ་ཅིང་ཚུག་ལོག་ལ་ཁད་བྱུང་བ་ལ་སྔགས་རྣམས་ཞང་ཞུང་སྐད་དུ་བསྒྱུར་ཏེ་ལས་བྱས་པས་དེས་འགྲུབ་པར་བྱུང་། དུས་ཕྱིས་སློབ་དཔོན་པདྨས་བསམ་ཡས་སུ་གཏེར་དུ་སྦས་པ་ཐོན་པ་ལ་དེ་བཞིན་དུ་བྱུང་བས་ཕྱི་རབས་ལ་དེ་ལྟར་བྱས་པས་ཕན་པར་མཁྱེན་པར་ཡིན་འདུག་ཅེས་གསུངས་སོ། ཞེས་འབྱུང་། དེང་སང་མོན་བུ་པུ་ཏྲའི་སྒྲུབ་ཐབས་ཀ་བཀོལ་མར་གྲགས་ཏེ། ལྷུ་བཙུན་ལ་ལོ་ཆེན་གྱིས་གསན་དེ་ལ་བླ་མ་བྲག་སྟེང་པས་ཞུས། དེས་མལ་ཇོ་ལོ་ཙཱ་དང་། མལ་ཇོས་ས་སྐྱ་བ་བརྩེ་བ་ཆེན་ལ་གནང་སྟེ་དེ་ནས་སྐྱ་གོང་མ་ལྔ་སོགས་ནས་དེང་སང་བར་དུ་བཀའ་ལུང་རྒྱུན་ལ་གནང་སྟེ་དེ་ནས་ས་སྐྱ་གོང་མ་ལྔ་སོགས་ནས་དེང་སང་བར་དུ་བཀའ་ལུང་རྒྱུན་མ་ཆད་པར་ས་ངོར་རྣམས་སུ་བཞུགས་སོ། གཏེར་སྟོན་འབྲོམ་ཆོས་སྙིང་ནི། གཙང་རོང་དུ་འཁྲུངས། པུ་རི་རྫའི་སྙིང་པོ་བྱ་བ་ནས་རྫོགས་ཆེན་སེམས་ཕྱོགས་སྐོར་དང་། གཡུ་གདང་སྐས་དགུ་མ་དང་བི་མ་སྙིང་ཐིག་འབྲིང་པོ་སོགས་སྤྱན་དྲངས། ཡང་ལོ་རྒྱུས་(སྟོད་ཆ།༧༩༣)གཅིག་ན། ཡེར་པ་ནས་དྲག་སྔགས་རྒྱས་བསྡེབས་ཆེན་མོ་སྤྱན་དྲངས་ཟེར་བའང་སྣང་། སུམ་པ་བྱང་ཆུབ་བློ་གྲོས་ནི། མདོ་ཁམས་སྒང་རྒྱུད་རྣམ་གསུམ་ལས་སྨར་ཁམས་ལྷོ་རྒྱུ་གསུམ་པ་ཞེས་བྱ་བའི་ཡུལ་དུ་སྐུ་འཁྲུངས་པས་ཡུལ་ལ་བཏགས་པས་སུམ་པ་དང་། མཚན་དངོས་བྱང་ཆུབ་བློ་གྲོས། བསྙེན་པར་རྫོགས་པའི་མཚན་བསོད་ནམས་རྒྱལ་མཚན་དུ་འབོད་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་སྤྲུལ་ཟབ་གཏེར་གྱི་བདག་པོར་བཀའ་བབས་པ་འདིས། ཨོ་རྒྱན་ཆེན་པོ་རྒྱ་གར་དུ་འབྱོན་ཁར་མངའ་བདག་རྒྱལ་པོའི་གསེར་གྱི་ལྷུང་བཟེད་བདུད་རྩིས་བཀང་ནས་ཞུས་ཞེས་པ་དང་། གསེར་གྱི་མནྡལ་ཕུབ་ཙམ་གྱི་སྟེང་དུ་གཡུ་ཕུག་ཏོན་ཙམ་བརྒྱད་ཀྱི་ཚོམ་བུ་བཀོད་ནས་ཞུས་ཞེས་པ་འབྱུང་བ་རླུང་ལས་བཅོས་ནས་ཉམས་པ་ཚར་གཅོད་པའི་གདམས་པ་དྲེགས་པ་ཉི་ཤུའི་རླུང་འཁོར་ཆ་ལག་དང་བཅས་པ་རྣམས་དཔལ་བསམ་ཡས་ཀྱི་གསང་བའི་བདག་པོའི་ཞབས་ཀྱི་མཐེ་བོང་འོག་དང་ཡིག་ཕྲན་འགའ་ཞིག་གནས་དེའི་དབང་ཕྱུག་ཆེན་པོའི་སྐུའི་དཔྲལ་བ་དང་ཐུགས་ཀ་སོགས་ནས་ཟངས་སྦུབ་སོར་བཞིའི་སྣོད་དང་བཅས་སྤྱན་དྲངས་པར། དེང་སང་དྲེགས་པ་ཁམས་བྱོན་མར་གྲགས་ཏེ་ཁམས་དབུས་ལྷོ་བྱང་ཀུན་ཏུ་རྒྱ་ཆེར་འཕེལ་བ་འདིའོ། གཏེར་ཆོས་གཞན་ཡོད་པར་མ་ངེས་སོ། དྲག་སྔགས་མཁན་པོ་སེ་སྟོན་རིང་མོ་འདིས་གཏེར་གྱི་ཁ་བྱང་ལྷ་བཙུན་སྔོན་མོ་ལས་བྱུང་སྟེ་ལྷ་བཙུན་གྱི་པ་གཉིས་ལ་གཏེར་གྱི་ཁ་བྱང་བསྐུལ་ནས་གཏེར་འདོན་དུ་བཏང་བས། ལྷོ་སྤ་གྲོ་བཅལ་གྱི་བྲག་རྩར་བཙུན་པ་(སྟོད་ཆ།༧༩༤)གཉིས་ལྷོ་ཧས་པས་བསད། ཁ་བྱང་འཁྱར་བ་སེ་སྟོན་རིང་མོའི་ཕྱག་ཏུ་བྱུང་བས། སྤ་གྲོ་བཅལ་གྱི་བྲག་དམག་གཏིང་རིང་ཕུག་པ་ནས། མུ་སྟེགས་པར་བུ་ལས་བདུན་བརྒྱུད་མན་ངག་དང་བཅས་པ། ཨོ་རྒྱན་ཆེན་པོའི་བསྟན་པའི་བཙས་སུ་བཞག་པའི་དྲག་སྔགས་ཐུན་མོང་མ་ཡིན་པའི་སྐོར་རྣམས་སྤྱན་དྲངས་པར་གྲགས་སོ། ཁམས་སྟོན་ཁ་ལ་མེ་འབར་གྱིས། བལ་པོའི་ཡུལ་གྱི་ཚོང་འདུས་ནས་ཟངས་ཀྱི་གའུ་ཞིག་སྤྱན་དྲངས་པའི་ནང་ནས་རྒྱལ་པོ་སྒོ་གཅོད་ཀྱི་སྲུང་བ་རཱ་ཛ་རྒྱུད་མི་ནུས་པའི་གདམས་པ་ཟབ་མོསཉིང་ནང་གི་ཁྲག་ལྟ་བུའི་ཟབ་ཁྱད་ཅན་དེ་བཏོན་པ་ཡིན་འདུག །དེ་ལས་གཞན་པའི་གཏེར་ཆོས་ཅི་ཡོད་མ་འཚལ། རྒྱ་ཁ་ལ་མེ་འབར་ཡང་ཟེར་ཏེ་རུས་པ་རྒྱ་ཡིན་པར་མངོན། གཏེར་སྟོན་འོད་ཟེར་སྟོན་པ་ཞེས་པ་འདིས། མགོན་པོ་དྲག་ཤད་ཀྱི་གཡུལ་ཟློག་སོགས་བཏོན་པ་ཡིན་ཟེར། མངའ་བདག་མོ་མི་འཁྱིལ་ནི། ལྷོ་རྒྱུད་དུ་བྱོན། སྤ་གྲོ་སྟག་ཚང་ནས། རྟ་མགྲིན་དཔའ་བོ་གཅིག་སྒྲུབ་ཀྱི་སྐོར་དང་རྒྱལ་པོ་སྲོག་གི་འཁོར་ལོ། བེ་དཀར་རང་གནད་འབེབ་པའི་གདམས་པ་དང་། དྲེགས་པ་གནད་ལ་འབེབ་པའི་གདམས་སྐོར་རྣམས་སྤྱན་དྲངས། གཏེར་སྟོན་དུ་གུ་རིན་ཆེང་ནི། ཡུལ་དབུས་པ། འདིས་བྱང་པྲ་དུན་རྩེའི་མཆོད་རྟེན་ནས་དྲག་སྒགས་རྡོ་རྗེ་གཙུག་ལག་གི་སྐོར་རྣམས་སྤྱན་དྲངས་ཏེ། དེ་ཡང་དྲག་སྔགས་འདི་ནི་བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་འབྱོན་ཁར་གདམས་པ་འདི་ཉིད་རྗེ་འབངས་ལྔ་ལ་གཏད་ནས་མ་འོངས་བསྟན་པའི་བཙས་སུ་གཏེར་དུ་སྦོས་ཤིག་གསུངས་པ་བཞིན་དུ་མངའ་བདག་(སྟོད་ཆ།༧༩༥)རྒྱལ་པོས་བྱང་ཕྲ་དུན་རྩེའི་གཙུག་ལག་ཁང་གི་བྱང་ཤར་ན་ལོ་པཎ་མཁས་པའི་མཆོད་རྟེན་ཡོད་པའི་བུམ་པར་སྦས་པ། ཇི་སྐད་དུ། ནམ་ཞིག་ལས་ལྡན་ད་ལྟའི་བག་ཆགས་ཀྱིས༔ འདི་དང་འཕྲད་དེ་བསྟན་པ་སྲུང་བར་ངེས༔ འདི་དོན་ཁོང་ཆུད་སྔོན་ལས་སད་པའོ༔ དེ་ཕྱིར་ནན་ཏན་སྤྱོད་པར་སྨོན་ལམ་གདབ༔ ཅེས་པ་ལྟར་གཏེར་དུ་སྦས་ནས་ལོ་ཉིས་བརྒྱ་སྐོར་འདས་ནས་དབུས་པ་དུ་གུ་རིན་ཆེན་སེང་གེས་བསམ་ཡས་ནས་ཁ་བྱང་རྙེད་དེ་སྟག་ལོ་ལ་གནམ་ལྕགས་རྔུར་མོའི་ཡིག་ཆུང་དྲག་པོ་ཕྲིན་ལས་ཀྱི་རྒྱུད་དང་བཅས་པ་བྱང་པྲ་དུན་རྩེའི་མཆོད་རྟེན་གྱི་བུམ་པ་དང་། རྒྱུད་སྔ་ཕྱི་བདུན་དང་དེའི་སྒྲུབ་ཡིག་དང་བཅས་པ་མཆོད་རྟེན་གྱི་རྨང་ནས་སྤྱན་དྲངས། འོན་ཀྱང་རང་སྲུང་དང་། གཟའ་བདུན་ཁ་འཆིང་གི་འཁོར་ལོ་དགོས་པ་རྣམས་མ་བྱས་ཤིང་། གཏེར་སྲུང་ལ་མཆོད་པ་ཞན་པས་འཚུབ་ལྷངས་ཀྱིས་གཙང་གི་ལུམ་ཚོ་གྲུ་ཁར། སློབ་བུ་གཙང་པ་རིན་ཆེན་ཤེས་རབ་དང་། གཏེར་སྟོན་གཉིས་མ་མཐུན་པར་གཅིག་གིས་གཅིག་གྲི་ཁར་བཀྲོངས། གཡས་རུ་ཤངས་ཀྱི་ཟླ་གྲགས་ཞེས་པ་གནས་པོ་ཡིན་པས་གཏེར་སྟོན་དཔོན་སློབ་གནིས་གྲོངས་པའི་ཤུལ་དུ་ཤོག་སེར་རྣམས་འདི་ལ་བྱུང་། དེས་གཏེར་སྟོན་གྱི་སྲས་མོ་འོད་ལྡེ་ལ་གཏད། ཇོ་སྲས་མ་འདི་སྔོན་གྱི་ལས་འཕྲོ་སང་ཅིང་སྙིང་རུས་ཆེ་བས་གྲུབ་པ་ཐོབ་སྟེ་ཆོས་འདི་སྤེལ་ལོ། ཞེས་ལྔ་པ་རིན་པོ་ཆེའི་གསན་ཡིག་ལས་བྱུང་སྟེ། ཇི་སྐད་དུ། ཨོ་རྒྱན་ཆེན་པོའི་བཀའ་ལས། གཏེར་ཆོས་འདི་ནི་ཤིན་ཏུ་གཉེན་པས་ན༔ དཔེར་ན་དུག་སྦྲུལ་མགོ་ཡི་ནོར་བུ་འདྲ༔ ཐབས་ལ་མཁས་ན་ནོར་བུ་ལོན་ཏེ་འཚེངས༔ ཐབས་མ་མཁས་ན་དུག་གིས་འཆི་བར་བྱེད༔ དེ་བཞིན་ཡང་ན་འཚེངས་ལ་ཡང་ན་ཕུང་༔༧༩༦)ཕུང་འཚེངས་ནུས་པ་རིན་ཆེན་ས་ཡི་གཏེར༔ ཞེས་དང་། རབ་ཏུ་འཚོ་མ་ཤེས་པས་ཕུང་བར་འགྱུར༔ དེ་བས་ང་ཡི་གཏེར་ཆོས་ཤིན་ཏུ་གཉན༔ དུག་གི་ལྷོ་ཡང་རྨ་བྱ་ཙམ་ལས་མེད༔ ཚོད་ཡོད་ཅད་ཆུད་ཅུང་ཟད་བྱར་མི་བཏུབ༔ ཅེས་དང་། སངས་རྒྱས་གླིང་པའི་གཏེར་སྒྲུབ་ལས་ཀྱང་། དུས་ལ་མ་སླེབས་ཐོ་ཆོར་སྤྱད་གྱུར་ན༔ སྐྱེས་བུའི་སྲོག་ལ་བར་ཆད་འབྱུང་ངོ་ཨང་༔ དེའི་ཕྱིར་པདྨ་ང་ཡི་ངག་ལ་ཉོན༔ ཞེས་གསུངས་པ་བཞིན་བབ་ཆོལ་གྱི་སྤྱོད་པ་ཅུང་ཟད་ཀྱང་བྱར་མི་གཏུབས་པ་ལ། སློབ་དཔོན་ཆེན་པོའི་བཀའ་དང་གཏེར་ལུང་ལས་བྱུང་བ་བཞིན་མ་གྲུབ་པའི་ཐུགས་སྤྱོད་ཅིང་སྐྱོན་གྱིས་བར་ཆད་ཀྱི་དབང་དུ་སོང་ཀྱང་། ཆོས་བརྒྱུད་ཕྱོགས་ཀུན་ཅིང་སྐྱོན་གྱིས་བར་ཆད་ཀྱི་དབང་དུ་སོང་ཀྱང་། ཆོས་བརྒྱུད་པྱོགས་ཀུན་ཏུ་འཕེལ་ཏེ་དྲག་སྔགས་བདག་པོ་ཀུན་གྱི་སྤྱི་ནོར་དུ་གྱུར་ནས་དེང་སང་གི་བར་དུ་ནུབ་པ་མེད་པར་དར་རྒྱས་ཆེ་བར་བྱུང་སྣང་ངོ་། དབུ་རུ་ལྷ་སའི་སྟོན་པ་ཤཱཀྱ་འོད་དམ་ཤཱཀྱ་བཟང་པོར་གྲགས་པས། ར་ས་འཕྲུལ་སྣང་གི་གནོད་སྦྱིན་ཁང་ནས་རྒྱལ་པོ་བཀའ་འབུམ་གྱི་ཆ་ལག་གབ་པ་མངོན་ཕྱུང་སོགས་མདོ་སྐོར་རྣམས་དང་། གཡུ་འོང་བྲག་ནས་བླ་མ་སྐུ་གསུམ་རོལ་པི་ལས་ཕྲ་གྲིབ་སྲུང་ཟབ་མོ་དང་། འགོ་བའི་ལྷ་སྲུང་རྣམས་མི་དགྱེས་པར་དགྱེས་པར་བྱེད་པའི་ཐབས་དང་། འཁོན་གྲིབ་མི་གཙང་སེལ་བྱེད་སོགས་སྤྱན་དྲངས། ར་ས་འཕྲུལ་སྣང་ནས་འཁྲུངས་བྱེད་རྒྱལ་པོའི་རྒྱུད་ལས་བཏུས་པའི་སྲོག་གི་མཆན་པ་ནག་པོའི་རླུང་འཁོར་སོགས་སྤྱན་དྲངས་ཏེ། རླུང་འཁོར་འདི་ལ། ཀུན་གཟིགས་ལྔ་པ་ཆེན་པོས། རྗེ་བླ་མ་ཟུར་ཆེན་གྱིས་རླུང་འཁོར་འདི་ལ་བརྟེན་ནས་ཟླ་བ་གཅིག་ཚུན་ལ་ཧོར་སྟོད་རྟའི་དོན་རྣམ་སྲས་དང་ལོ་ཁོངས་སུ་མི་གཅེས་དྲུག་ཅུ་ཙམ་འཇིག་(སྟོད་ཆ།༧༩༧)རྟེན་ཕ་རོལ་ཏུ་སོང་བའི་རལ་གྲི་ཕྱུང་རྒྱག་མ་ཡིན་ནོ། །ཅེས་བསྔགས་བརྗོད་ཀྱང་མཛད་དོ། གཏེར་སྟོན་གཙང་པ་ལ་རིང་མོའམ་གཙང་རིང་ཤེས་རབ་ཀྱིས། གཏད་ཁྲམ་གྱི་སྲུང་བ་བཟང་མོ་རྡོ་རྗེའི་གོ་ཁྲབ་ཞེས་བྱ་བ། རང་སྲུང་། གླུ་རིགས་ལྔའི་སྒྲིབ་ཤིང་། ཀླུ་ནད་སྲུང་བ། མཛེ་འཕྲོ་གཅོད་ཐབས། གཏད་འདྲེ་ཀླུ་གདུན་སྲུང་བ་སོགས་དང་། ལྷ་འདྲེའི་གནོད་པ་ཡག་མི་སྲིད་པའི་ཐབས། ཀླུ་དང་ས་བདག་ཉེ་མི་ནུས་པའི་ཐབས། གཏདཀཡི་རྗེས་གཅོད་ཆོས་ཚནའགའ་ཞིག་བཏོན་པར་སྣང་ངོ་། སྤྲུལ་སྐུ་ལ་སྟོད་དམར་པོའམ་དམ་པ་དམར་པོ་ཞེས་པས་སྤ་གྲོ་བཅལ་གྱི་བྲག་སེང་གེའི་ཁོག་པ་འདྲ་བའི་ཕ་ཝང་སྡིག་རུ་ཅན་ཞེས་པ་ནས་བདུད་རྩི་ཆེན་པོའི་བཅུད་ལེན་གྱི་སྐོར་དང་། བསམ་ཡས་མཅོད་རྟེན་ནག་པོ་ནས་ཨ་ཙརྱ་ཧེ་ཝ་ནག་པོའི་ངན་སྒགས་རི་མ་ལ་ཡའི་ནུབ་དབང་པྱུག་གི་ལྡེར་བཟོ་ནས་ཨ་ཙརྱ་པྲ་བ་རིང་མོས་རྙེད་དེ་སློབ་དཔོན་པདྨ་ལ་ཕུལ་བས་བསམ་ཡས་མཆོད་རྟེན་ནག་པོའི་འོག་ཏུ་སྦས་པས་མཆོད་རྟེན་འདི་པས་གཞན་ལ་གནོད་པ་འོང་བའི་རྒྱུ་མཚན་ཡང་འདིའི་དོན་གྱིས་ཡིན་པར་གསུངས་ཏེ་འཇིག་རྟེན་ཕུང་བྱེད་ནག་པོ་གྲི་ཐལ་མར་གྲགས་པའི་མུ་སྟེགས་ཀྱི་ངན་ངག་ཟབ་མོའི་སྐོར་རྣམས་དང་། ཡེར་པ་བྱ་ར་པ་ནས་ཡེར་པའི་དཀར་ཆག་ལྷ་གཅིག་ཀོང་ཇོའི་ཕྱག་བྲིས་མ་དང་། མང་མཁར་མུ་གུ་ལུང་ནས་རྫས་བདུན་ལ་བརྟེན་ནས་བགེགས་འཇོམས་པ་སྲ་བའི་བྲག་ཀྱང་འགས་ནུས་པ་སོགས་གཏེར་ཁ་ཟབ་ཁྱད་ཅན་མང་དུ་སྤྱན་དྲངས་སོ། གཏེར་སྟོན་གསུམ་ཚོགས་ནི། རྐྱང་པོ་གྲགས་པ་དབང་ཕྱུག །སུམ་(སྟོད་ཆ།༧༩༨)པ་བྱང་ཆུབ་ཚུལ་ཁྲིམས། འབྲེ་ཤེས་རབ་བླ་མ་གསུམ་གྱིས་ཡེར་པ་སེ་བ་ལུང་ནས་རྟ་མགྲིན་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ཆོས་སྐོར་རྣམས་སྤྱན་དྲངས་ནས་འབྲུ་ཚང་གི་གཉགས་སྟོན་ལྷ་འབར་ལ་ཤོག་སེར་སྟེང་ནས་ཆོས་རྒྱུན་ལན་གཅིག་ཙམ་ལས་སྤེལ་བ་མ་བྱུང་བར་གཏེར་རྔུར་གྱིས། རྐྱང་པོ་ལ་མཛེ་བྱུང་། སུམ་པ་འདས། འབྲེ་སྨྱོ་བས་ཤོག་སེར་རྣམས་རྟ་མགྲིན་གྱི་གྲུབ་ཐོབ་ཞུ་སྟོན་བྱ་བའི་ལག་ཏུ་བྱུང་ཡང་དེས་ཞུས་པ་རྩད་མ་ཅོད་པས་ལས་འཕྲོ་གཏེར་བརྒྱུད་ཀྱི་བྱིན་རླབས་བཀའ་མ་ཉམས་པ་ཡོངས་གྲགས་ལ་མེད་པ་ཡུན་རིང་འབྱམས། རིང་ཞིག་ན་གྲུབ་པའི་དབང་ཕྱུག་ཆེན་པོ་འདར་རུ་ཕྱར་པ་གཙང་ཇོ་མོ་ནགས་རྒྱལ་ན་བཞུགས་དུས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞང་ཚེས་ཟླ་གྲགས་བྱ་བའི་སྔགས་པ་ཞིག་ཏུ་སྤྲུལ་ནས་དབང་ལུང་རྣམས་རྫོགས་པར་གནང་སྔགས་ཀྱི་ༀ་དེ་ཧཱི༔ རུ་བསྒྱུར་ལ་སྒྲུབས་ཤིག་གསུངས། དེ་ཡང་གཏེར་སྟོན་དེ་དག་གིས་གཏེར་ཐོན་ཀྱང་རྔུར་གྱིས་བར་ཆད་བྱུང་བའང་ཁོང་རྣམས་ཀྱི་གཏེར་སྐལ་མ་ཡིན་ལ། དོན་གྱི་ཆོས་བདག་གྲུབ་ཆེན་འདི་ཡིན་ཅིང་། དེའི་ཕྱིར་སློབ་དཔོན་རིན་པོ་ཆེའི་དངོས་སུ་ཆོས་གནང་ཡང་། བསྟན་རྒྱུན་ལ་དགོངས་ནས། རྟ་ནག་གི་བླ་མ་རྒྱ་ལ་གཏེར་བརྒྱུད་ཀྱང་རྩད་ཆོད་ནས་གསན་པར་མཛད་པར་བཀའ་གཏེར་གཉིས་ཀའི་བདག་པོར་གྱུར། ཡང་གྲུབ་ཆེན་འདི་གཙང་གི་ངོ་མོ་ནགས་རྒྱལ་གྱི་ཕུག་པ་གོང་མར་སྒྲུབ་པ་མཛད་པས་སློབ་དཔོན་ཆེན་པོ་དང་དངོས་སུ་མཇལ། ཡེར་པ་ཟླ་བ་ཕུག་ཏུ་སློབ་དཔོན་ཆེན་པོ་ཉི་ཟེར་ལ་ཆིབས་ནས་ཕེབས་ཏེ་ཆོས་གསུངས། ནུབ་རེ་བཞིན་སྲིན་པོ་འདུལ་དུ་འགྲོ་ཞེས་ཉི་(སྟོད་ཆ།༧༩༩)ཟེར་ལ་བཅིབས་ནས་བཞུད། དེའི་ཚེ་ཡེར་པ་སེ་བ་ལུང་ནས་མཚན་མ་རྫས་ཀྱི་ཕུར་པའང་གཏེར་ནས་ཕྱུང་། ལྷ་སའི་ཆོང་དུས་སུ་ཕེབས་པ་ན། རླུང་འཚུབས་ཆེན་པོས་ཁྲོམ་འཐོར་བ་བྱུང་། དེ་ནས་གཙང་དུ་བྱོན་ཙ་ན། ས་སྐྱ་པཎ་ཆེན་སྐྱིད་གྲོང་དུ་བྱོན་པ་དང་གནས་ཁང་གཅིག་ཏུ་འཛོམས། འདར་ཕྱར་ཞལ་འཆེས་པས་ༀ་བཛྲ་ཀྱི་ལི་ཀྱི་ལ་ཡ་ཞེས་བགྲངས་པས། ས་པཎ་གྱིས། དེ་མ་དག བཛྲ་ཀཱི་ལི་ཀཱི་ལ་ཡ་ཟེར་བ་ཡིན་གསུངས། དེར་འདར་ཕྱར་ཐུགས་ཡུས་ནས། སྔགས་མ་དག་ཀྱང་འདི་བཞིན་བྱེད་པ་ཡིན་གསུངས་ནས་བྲག་ལ་ཕུར་པ་ཐམ་ཐམ་བརྒྱབ་པས་འཇིམ་པ་ལ་བྱས་པ་བཞིན་སོང་། སླར་ཕུར་པ་ཚུར་ལ་བརྩུས་ཀྱིན་འཐེན་པས་དབལ་ནས་ཅུང་ཟད་གས། དེར་ས་པཎ་གྱིས་གྲུབ་ཐོག་ཏུ་ཤེས་ནས། ང་མུ་སྟེགས་པ་དང་རྩོད་དུ་འགྲོ་བས་དེའི་རིམ་གྲོར་འབྱོན་དགོས་གསུངས་དེ་རུང་གསུངས་ནས་ལྷན་ཅིག་ཏུ་བྱོན། སྐྱིད་གྲོང་དུ་ཕེབས་པ་ན། རྒྱ་གར་གྱི་ལུགས་བཞིན་བསྟན་པ་གང་རྒྱལ་རུ་མཚོན་དུ་བཙུགས། ས་པཎ་འཕྲོག་བྱེད་དགའ་བོ་གཉིས་ཉི་མ་བཅུ་གསུམ་གྱི་བར་རྩོང་པས། མཐར་ས་པཎ་རྒྱལ་ཡང་། གྲུབ་རྟགས་འགྲན་ཟེར་འཕྲོག་བྱེད་དགའ་བོ་ནང་པའི་བསྟན་པར་འཇུག་ཏུ་མ་ཉན། དེར་མུ་སྟེགས་དེས་རལ་པ་རྒྱབ་ཏུ་བསྐྱུར། ལག་པ་གཤོག་པ་ལྟར་བརྐྱངས་ཏེ་ནམ་མཁའ་ལ་འཕུར་བས། ས་པཎ་རྡུགས་པ་ལྟར་གྱུར་ཏེ་བཛྲ་ཀཱི་ལི་ཀཱིལ་རྒྱུག་ཤོག་ཅེས་འདར་ཕྱར་བོས། དེར་རྣལ་འབྱོར་དབང་ཕྱུག་ཆེན་པོ་དེས་མུ་སྟེགས་ཀྱི་གྲིབ་མའི་སྙིང་གར། ༀ་ཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕགས། ཞེས་ཕུར་པ་བཏབ་པས། མུ་སྟེགས་པ་བྱ་ལ་རྡོ་བཏགས་པ་བཞིན་དུ་ས་ལ་ལྷུང་། དེ་ནས་ས་པཎ་གྱིས་རྩོད་པ་ལ་རྒྱལ་བའི་དཔའ་རྟགས་སུ་འཕྲོག་(སྟོད་ཆ།༨༠༠)བྱེད་དགའ་བོ་རབ་ཏུ་མ་བྱུང་བར་ཁྲིད་བྱོན་པ་ན་སློབ་དཔོན་ཆེན་པོས་བོད་ལ་མུ་སྟེགས་སྲུང་བར་བཀའ་བསྒོས་པས། བསྟན་མ་བཅུ་གཉིས་ཀྱིས་ཆད་པས་བཅད་དེ་སྐྱིད་གྲོང་དང་བོད་ཀྱི་མཚམས་སུ་མུ་སྟེགས་དེ་ཁོ་ནས་ཁྲག་སྐྱུགས་ནས་ལྔ་པའི་ལམ་དུ་བཏང་། གཞན་ཡང་གྲུབ་ཆེན་འདིས་བོན་པོ་དང་ནུས་པ་འགྲན་པས། བོན་དགོན་ཤིན་ཏུ་ཆེ་བ་ཞིག་རྗེས་མེད་དུ་བཏང་བའི་ཤུལ་དིང་སང་བོ་དོང་བོ་གནས་ཟེར་བའང་ཡོད། མུ་སྟེགས་བརྟུལ་བའི་ཕུར་པ་དེ་མུས་སྲད་དུ་རྟེན་གཙོར་བཞུགས་པ་ལ། རྗེ་རིན་པོ་ཆེའི་དངོས་སློབ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་ལ། ཡབ་རྟོགས་ལྡན་ཡོན་ཏན་མགོན་པོས། ཕུར་པ་འདི་དང་ཡི་དམ་འདི་གཉིས་དང་མ་བྲལ་གྱིས་གསུངས་ནས། ཕུར་པ་དང་རྟ་མགྲིན་གྱི་ཆོས་སྐོར་ཕུལ་བ་རྣམས་ཉམས་བཞེས་འབྲལ་སྤོང་མཛད་པས། སེ་ར་ཐེག་ཆེན་གླིང་གི་རྟེན་གཙོར་གྱུར་ཅིང་། དེང་སང་སེ་རའི་ཕུར་མཇལ་ཡོངས་གྲགས་འདི་ཡིན་ལ། དེ་བཞིན་དུ་ཀུན་མཁྱེན་དེ་ཉིད་རྟ་མགྲིན་གྱི་གྲུབ་ཐོབ་ཏུ་མངོན་ཞིང་། བྱ་རོག་དམར་པོ་ཞིག་སེ་ཕུང་ཞིག་ལ་ཐིམ་པར་གཟིགས་ནས་སེ་ཕུང་སྐུ་ཆོས་ཀྱིས་དཀྲིས་པའི་ཕྱི་འཇིམ་པ་གཡོགས་ནས་ལྡེར་སྐུ་བཞེངས་པ་ད་ལྟ་སེ་ར་བྱེས་པ་གྲྭ་ཚང་གིས་རྟེན་གཙོ་རྟ་མགྲིན་སེ་ཕུང་མར་གྲགས་པ། དུས་བདེ་གཟར་སོགས་ཀྱི་སྐབས་འགར་ར་སྐད་ས་འོག་ཡོག་བ་ཙམ་ཀུན་གྱིས་ཐོས་པ་ལན་མང་དུ་བྱུང་བར་གྲགས་ཤིང་། ཆོས་བརྒྱུད་ནི། དུ་དོང་པ་ཆོས་རྒྱལ་བརྩོན་འགྲུབ་རྡོ་རྗེ་དང་། ཉན་ཆེན་བསོད་རྣམས་བརྟན་པ། མས་སྲང་བ་དཔལ་ལྡན་སེང་གེ་སོགས་ནས་རིམ་པར་ཀུན་མཁྱེན་རིན་ཆེན་སེང་གེ་ནས། སེ་ར་བྱེས་པ་གྲྭ་ཚང་གི་དེང་སང་ཡང་ཡི་དམ་གྱི་གཙོ་བོར་སྒྲུབ་ཅིང་མཆོད་པའི་སྲོལ་(སྟོད་ཆ།༨༠༡)ཤིན་ཏུ་དར་རྒྱས་ཆེ་བ་འདིའོ། །གཞན་ཡང་གྲུབ་ཆེན་འདར་ཕྱར་པ་རིན་ཆེན་བཟང་པོར་རཱ་ཧུ་ལ་དངོས་ཀྱིས་ཕུལ་བའི་གདམས་པ། ནད་བཅོས། བསྲུང་བ་རྒྱས་འབྲིང་བསྡུས་གསུམ་སོགས་ཡོད་ཅིང་གཞན་གཏེར་ཆོས་རྒྱ་ཆེར་བཞུགས་པ་མ་མཐོང་ངོ་། །མེ་ཉག་གྲགས་འབྱུང་ཞེས་པ་ཞིག་གིས་བུམ་ཐང་གཙུག་ལག་ཁང་ནས་ཐོག་སྲུང་ཞིག་བཏོན་ཚུལ་ཙམ་ལས་གཞན་པའི་ལོ་རྒྱུས་མཐོང་ཐོས་སུ་མ་གྱུར། གཏེར་སྟོན་སྒོམ་ཆེན་འབྲུག་པ་དང་། གཉན་སྟོན་ཛམ་བྷ་ལ་དང་། དོན་གྲུབ་སེང་གེ་དང་། པདྨ་གྲགས་པ་སྟེ། གཏེར་སྟོན་འདི་རྣམས་རིག་འཛིན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་གཡོག་ཡིན་ཏེ། རིག་འཛིན་དེ་ཉིད་ཀྱིས་གཏེར་ཁ་ཆེན་པོ་བཅོ་བརྒྱད་ཞལ་ཕྱེས་པའི། གཏེར་ཁ་བཅུ་པ་ཆོས་དྲུག་སྲས་མཁར་མ། སྒོམ་ཆེན་འབྲུག་པ་མངགས་ཏེ་སྤྱན་དྲངས་པ་ཡིན་ལ་དེ་བཞིན་དུ་གཉན་སྟོན་ཛམ་བྷ་ལས་ལྷོ་བྲག་མཁོ་བཏིག་ལྷ་ཁང་ནང་གི་གཤིན་རྗེ་དམར་པོའི་ཐུགས་ཀ་ནས་འཇམ་དཔལ་རྫོགས་ཆེན་སྐོར་སོགས་བཏོན་པ་ཆོས་དབང་རིན་པོ་ཆེའི་གཏེར་ཁ་བདུན་པར་བགྲངས་ཏེ། དོན་གྲུབ་སེང་གེ་དང་པདྨ་གྲགས་པ་གཉིས་ནི་ཐ་དད་གཉིས་འཇོམ་ཞེས་གོང་མ་གཉིས་ཀྱི་གཏེར་འདོན་གྲོགས་ཡིན་པར་བཞེད་དོ། པདྨ་ལས་འབྲེལ་རྩལ་གྱི་གཏེར་སློབ་ཤོ་བན་རྒྱལ་སྲས་ལེགས་ལྡན་ནི། སྒོས་ཀྱི་ལུང་བསྟན་ལས། དྲི་མེད་ཤེལ་དཀར་མགོན་སྐྱིད་ཁྱེད༔ འཁྲུལ་སྣང་བཟང་ངན་རྟོག་དཔྱོད་ཀྱང་༔ ཞེས་སོགས་མཐར། འདི་ནས་སྐྱེ་བ་བཅུ་བདུན་ན༔ ཚེ་ལོ་ལྔ་བཅུ་ཁ་རལ་དུས༔ ཁ་བ་ཅན་གྱི་དབུས་ཀྱི་ཆ༔ དཀར་པོའི་གླིང་ཕྲན་གཉལ་གྱི་ཡུལ༔ གསེར་གྱི་སྡིག་པ་གབ་འདྲ་(སྟོད་ཆ།༨༠༢)དེའི༔ ལུང་པ་ཆུ་དཀར་ཤར་ལྷོར་ལྟ༔ བསང་གསོ་སྔགས་ཀྱི་བརྒྱུད་འཛིན་པ༔ རྡོ་རྗེའི་མིང་ལྡན་ཡུམ་ལས་འཁྲུངས༔ པདྨའི་རིགས་ཡིན་དོན་བློར་ལྡན༔ ཞེས་སོགས་ལུང་གིས་བསྟན་ཅིང་། ཁྱད་པར་དུ་གྲུབ་ ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་གཉལ་དུ་ཕེབས་དུས། ཡབ་བླ་མ་དབང་ཕྱུག་རྒྱལ་པོའི་ཕྱག་ནས་བཟུང་སྟེ། ད་སྟེ་ལོ་བཅོ་ལྔ་ན་ཁྱོད་ལ་བུ་ཁྱད་པར་ཅན་ཞིག་སྐྱེ། དེས་བསྟན་པ་ལ་བྱ་བ་བྱེད་པར་འགྱུར་རོ། །ཞེས་གསུངས་པ་ལྟར། གཉལ་གྱི་སེ་བ་ལུང་གི་མདར། གདུང་རུས་ཤོ་བོ། ཡབ་འཚོ་བྱེད་དབང་ཕྱུག་རྒྱལ་པོ་དང་། ཡུམ་རྡོ་རྗེ་དགོས་ཞེས་པའི་སྲས་སུ་ལྕགས་ཕོ་སྟག་གི་ལོ་ལ་འཁྲུངས། སྐུ་གཞོན་ནུའི་དུས་བློ་ཤིན་ཏུ་རྒོད་ཅིང་། ཤེས་རབ་དང་བློ་རྩལ་གཉིས་ཀ་ཆེ། སྐུ་གཞོན་ནུའི་དུས་བློ་ཤིན་ཏུ་རྒོད་ཅིང་། ཤེས་རབ་དང་བློ་རྩལ་གཉིས་ཀ་ཆེ། སྐབས་ཤིག་མཁའ་འགྲོས་ལུང་བསྟན་པ་ལྟར། གྲོལ་བའི་མཆོད་རྟེན་ཆེན་མོའི་ནང་ནས། ཧོར་དམག་གི་འཇིགས་པ་བྱུང་བའི་དུས་གླེགས་བམ་མང་པོ་མཆོད་རྟེན་ནང་དུ་སྐྱེལ་བ་རྣམས་ཕྱིས་ཤོག་ལོ་རུ་སོང་བ་རྣམས་ལེགས་པར་བསྒྲིགས་པས། གསུང་སྟི་ཁ་ཐུང་བཅུ་གསུམ་ཙམ་མཁའ་འགྲོ་རྣམས་ཀྱི་བསྒྲིགས་ནས་ཕྱག་ཏུ་བྱུང་བ། ཡབ་ལ་བསྟན་པས། ཤོག་རལ་ལོ་ཙཱ་ཆེན་པོས་བོད་ལན་གསུམ་བསྐོར་བའི་ཆོས། པཎ་གྲུབ་ཕྱོགས་བཞིའི་གདམས་པ་རྣམས་རྙེད་པ་ངོ་མཚར་ཆེ། གསེར་སྲང་བརྒྱ་བས་དགའ་ཟེར་སྐད། དེ་ནས་རང་གི་ཕ་ཇོའི་དྲུང་དུ་སྒྲ་དང་དག་ཡིག །སྐྱེ་བོ་གསོ་ཐིག་སོགས་ལུགས་ཀྱི་བསྟན་བཅོས་མང་པོ་དང་། རྣམ་འཇོམ་དང་འཇམ་དཔལ་མཚན་བརྗོད་སོགས་གསན། རང་གི་ཁུ་བོ་ཤོ་ཐམས་ཅད་མཁྱེན་པ་དང་། རྒྱལ་སྲས་བརྩོན་འགྲུས་གཉིས་(སྟོད་ཆ།༨༠༣)ལ། ཞི་བྱེད་སྐོར་དང་གསར་རྙིང་གི་ཆོས་མང་པོ་གསན། གཞན་ཡང་བླ་མ་ཆོས་རྒྱལ་བ་དང་། བླ་མ་བཤེན་ཆེན། བོན་སྒོམ་སྣང་བ་རྒྱ་ཡན་སོགས་བླ་མ་མང་པོ་བསྟེན་ནས་གསན་བསམ་རྒྱ་ཆེར་མཛད་པས་སྐུ་གཞོན་ནུ་ནས་མཁྱེན་རྟོགས་ཕུན་སུམ་ཚོགས་ཏེ་ཡོན་ཏན་དཔག་ཏུ་མེད་པ་མངའ། ཁྱད་པར་དུ་དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ལ་དཔའ་བོ་རིན་ཆེན་སྒག་བ་སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེའམ། གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱི་ཞབས་ལ་གཏུགས་ནས། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་ཐམས་ཅད་གསན་པས། གཏེར་སྟོན་གྱིས་རང་གི་ཆོས་བདག་ཏུ་ལུང་བསྟན། མེ་མོ་སྦྲུལ་གྱི་ལོར་བྱར་སྐྲག་ཆུང་རྡོ་རྗེ་བྲག་ནས་གཏེར་གྱི ་ཁ་བྱང་རྙེད། དེ་ནས་ལོ་དྲུག་པ་ཆུ་ཕོ་ཁྱིའི་ལོ་ལ་གཏེར་སྒོ་ཕྱེས་ནས། རྫོགས་ཆེན་འཁོར་བ་ཆིག་ཆོད་དང་། ཕྱག་ཆེན་སགས་རྒྱས་གསལ་འདེབས འཁོར་བདེ་ཆེན་ལམ་བྱེད། སྙིང་ཐིག་འདས་རྗེས་རྣམ་གསུམ། ཐུགས་སྒྲུབ་ཐོད་འཕྲེང་རྩ་གསུམ་དྲིལ་སྒྲུབ་སོགས་གཏེར་ནས་གདན་དྲངས། དགུང་ལོ་ཞེ་གསུམ་པ་ཆུ་ཕོ་སྤྲེའུའི་ལོ་ལ། ཀརྨ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེས་ཀོང་པོར་གདན་དྲངས་ནས་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་ཐམས་ཅད་དབང་ཁྲིད་ལུང་གསུམ་ཚང་བར་ཕུལ། འདི་ཤོག་སེར་སྟེང་ནས་ཕུལ་བ་ཡིན་ཟེར་བ་འང་སྣང་། གཞན་ཡང་ཆོས་བཀའ་མང་དུ་ཕུལ། ཚུལ་ཡང་ཆོས་རྗེའི་དྲུང་ནས། ཐུབ་པའི་སྐྱེས་རབ་ཟབ་མོ་ནང་དོན། རྒྱལ་བ་རྒྱ་མཚོ་སོགས་ཆོས་མང་དུ་གསན། ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཆོས་བདག་པོ་ལ་འཕྲོད་པ་ཡིན་ཅེས་སྙིང་ཐིག་བདག་པོར་མངའ་(སྟོད་ཆ།༨༠༤)གསོལ་བའི་ལུང་བསྟན་པར་མཛད། དེ་ནས་འགྲོ་དོན་རྒྱ་ཆེར་མཛད་དེ་དགུང་ལོ་དོན་བདུན་པ། མེ་ཕོ་རྟའི་ལོ་ལ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། གཏེར་སྟོན་ཟངས་རི་རས་པ་ནི། ལ་སྟོད་ཅུང་པའི་སར་སྔགས་པ་མང་པོས་སྦྱིན་སྲེག་བྱེད་ཅིང་ཡོད་པར་རྗེ་བཙུན་རས་ཆུང་པས་དེ་ལ་བསྟན་པའི་གནས་ལུགས་ཀྱི་མགུར་བཞེངས་པས་སྔགས་པ་གཞོན་པ་ཞིག་དང་དེ་ཕྱག་ཕྱིར་འབྲང་བ་འདི་ཡིན་ཏེ། འཁྲུངས་ཡུལ་ལ་སྟོད་པ་ཡིན། རྗེ་བཙུན་རས་ཆུང་པའི་སློབ་མ་ཡིན་ཏེ། མགོ་སྟོན་དབང་ཕྱུག་རྡོ་རྗེ་ཡང་ཟེར། ཟངས་རིར་སྒྲུབ་པ་མཛད་པས་མཚན་དེ་སྐད་གྲགས། འདིས་རྗེ་བཙུན་རས་ཆུང་བ་ཟངས་རིར་ཡང་གདན་དྲངས། རྗེ་དུས་གསུམ་མཁྱེན་པས་ཀྱང་འདི་ལ་ཆོས་གསན་ཅིང་བླ་མར་འཛིན། འདིས་ཡེར་པ་ཞིག་གསོས་བྱེད་པའི་དུས་སུ་རྙེད་པར་གྲགས་པའི་ཡེར་པའི་དཀར་ཆག་ལྷ་ལུང་དང་ལ་རྡོར་མར་གྲགས་པ་བླ་མ་ཟངས་རི་བས་ཡེར་པ་གསོ་བའི་དུས་དུར་ཁྲོད་ནག་པོའི་སྤྲེའུ་སེར་པོའི་བར་ཁང་གི་རྩ་བ་ནས་རྙེད་པའི་རྒྱ་ཡིག་དང་བོད་ཡིག་སྤེལ་མ་ཅན་ཞིག་ཡོད་ཚུལ་ཀུན་མཁྱེན་ལྔ་བའི་གསན་ཡིག་ལས་འབྱུང་། དེ་ལས་གཞན་པའི་གཏེར་ཆོས་ཅི་ཡོད་མ་ངེས། འོན་ཀྱང་མགོན་པོ་ཏྲག་ཤད་ཀྱི་སྐོར་དང་། ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་སོགས་མངའ་བདག་སྟག་ཤམ་པ་དཔོན་སློབ་ལས་བརྒྱུད་ནས་སྟོད་ཕྱོགས་སུ་དར་བ་ཡོད་ཅེས་ཤ་གཟུགས་པས་གསུངས་ཀྱང་ངེས་པ་མེད་པ་འདྲ། གཉལ་པ་ཉི་མ་ཤེས་རབ་ནི། གཉལ་དུ་སྐུ་འཁྲུངས། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་སློབ་མ་ཡིན། རྣལ་འབྱོར་གྱི་རྒྱུད་ལ་(སྟོད་ཆ།༨༠༥)སྦྱངས་པས་ཡོ་ག་ལ་ཤིན་ཏུ་མཁས། གཉལ་སྟོད་སྨད་རྣམས་སུ་ཆོས་གཞི་བཙུགས་ཤིང་། ལྷ་ཁང་མང་པོར་རྣམ་སྣང་སྐུ་བཞེངས་པ་དང་། ཡོ་ག་ལ་ཉན་བཤད་སོགས་ཀྱིས་ཆོས་འཁོར་བསྐོར་ནས། འདིའི་རིང་ལ་ཡོ་གའི་སྐོར་རྣམས་དར་རྒྱས་ཤིན་ཏུ་ཆེ་བར་བྱུང་སྟེ་ཡོ་གའི་བསྟན་པ་ལ་ཕན་ཐོགས་དང་སྐུ་དྲིན་ཆེ། བཞུགས་ས་དངོས་གཙང་བོ་དོང་དུ་མཛད། འདིའི་བྱ་རྒོད་གཤོང་གི་ལྷ་ཁང་གི་བློ་འབུར་ནས། སྔར་བློན་ཆེན་ལྷ་བཟང་ཀླུ་དཔལ་གྱིས་སྦས་པའི་སྐུ་འབག་དང་ལྷན་ཅིག་ཏུ་རྣམ་སྲས་ཀྱི་ཕྱར་དར་ལྗང་ཡུལ་མར་གྲགས་པ་དང་རྣམ་སྲས་མདུང་དམར་ཅན་གྱི་སྒྲུབ་སྐོར་རྣམས་སྤྱན་དྲངས་ཏེ། སྐུ་འབག་ནི། སྔོན་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ཉིད་དུ། རྒྱལ་པོ་རྣམ་ཐོས་སྲས་ཉིད་ཀྱིས་སྦྱིན་བདག་བྱས་ནས་བཞེངས་ཤིང་། དེ་ལ་དཔལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་རབ་ཏུ་གནས་པར་མཛད། ལྕང་ལོ་ཅན་དུ་ལོ་མང་པོར་སེམས་ཅན་གྱི་དོན་མཛད་ཅིང་བཞུགས་པ་ན་སྐབས་ཤིག་ནམ་མཁའ་ནས་འཕུར་སྟེ། རྒྱ་ནག་གི་ཡུལ་བྱེ་བྲག་པ་ཞིག་ཏུ་ནམ་མཁའ་ནས་བྱ་རྒོད་བབས་པ་བཞིན་དུ་བབས་ནས་བཞུགས་པས་གནས་དེར་ཡང་བྱ་རྒོད་གཤོངས་སུ་མིང་ཐོགས་པ་བྱུང་ཟེར། དེ་ནས་ལོ་མང་པོར་རྒྱ་ནག་གི་ཡུལ་དུ་བཞུགས་ནས་མ་ཧཱ་ཙི་ནའི་སེམས་ཅན་རྣམས་ཀྱི་དོན་མཛད་ཅིང་བཞུགས། དེ་ནས་བོད་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས། ཞལ་ལྷ་བཟང་ཀླུ་དཔལ་གྱིས་རྒྱ་ནག་ལ་དམག་དྲངས་ནས་རྒྱ་ནག་བཅོམ་པའི་སྐབས་སྐུ་སྟོད་བོད་དུ་ཁྱེར། དེར་ཁོ་རང་གི་ཡུལ་གཙང་བོ་དོང་དུ་སྤྱན་དྲངས་ནས་གནས་གཞི་རྒྱ་ཆེར་བཏིང་། དེ་ཉིད་ཀྱི་སྲུང་མར་མངའ་གསོལ་ནས་བཞུགས་སུ་གསོལ་བས་(སྟོད་ཆ།༨༠༦)གནས་གཞི་དེ་ལའང་བྱ་རྒོད་གཤོངས་སུ་གྲགས། སྐུ་སྨད་ད་ལྟའང་རྒྱ་ནག་གི་ཡུལ་དེར་བཞུགས། ནམ་ཞིག་མ་འོངས་པ་ན་སྐུ་སྟོད་སྨད་འགྲིགས་ནས་སླར་ནམ་མཁའ་ལ་འཕུར་ནས་ལྕང་ལོ་ཅན་དུ་བྱོན་པར་གྲགས། དོན་དུ་རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་དངོས་ཡིན་པར་བྱེད། ཕྱར་དར་ནི། ལྷ་སྲས་མུ་རུབ་བཙན་པོ་བྱང་གི་ཁ་བསྲུང་བར་ཕེབས་དུས་སུ་སློབ་དཔོན་རིན་པོ་ཆེའི་རྣམ་སྲས་རྟ་བདག་བརྒྱད་དངོས་སུ་བཀུག་ནས་རྒྱལ་བློན་རྣམས་ལ་བསྟན་ཅིང་བཀའ་བསྒོས་ཞལ་གཟིགས་པ་ལྟར་མཐའ་མི་མགོན་བརྩོན་གྱིས་ཕྱར་དར་ལ་བྲིས་ཤིང་། དེ་ལ་རྣམ་སྲས་འཁོར་བཅས་དངོས་སུ་བསྟིམ་རྒྱལ་བུ་འཁོར་བཅས་ཀྱིས་ཁམས་ཀྱི་གཡར་མོ་ཐང་དུ་བྱོན། ཞང་ལྷ་བཟང་ཀླུ་དཔལ་གྱིས་རྒྱ་ཟམ་ལ་དམག་རྣམས་བཤར་ནས་བགྲངས་པས་ཤར་བྱ་ཁྲའི་གདོང་ཅན་ཁྲི་ཚོ་དགུ། གྲུལ་བུ་མ་རྐང་རྩེའི་དམག་རྟ་བབོང་གི་རྐང་པ་ཅན་འབུམ་ཚོ་གཅིག མི་ལུས་བྱི་བའི་མཇུག་མ་ཅན་ཁྲི་ཚོ་བཅུ་གཉིས། མི་ལུས་བོང་བུའི་རྣ་བ་ཅན་ཁྲི་ཚོ་བཅུ་གསུམ་སོགས་དམག་བགྲང་ཡས་པ་བྱུང་བས་རྒྱ་ཧོར་ཡུ་གུའི་ཡུལ་རྣམས་བཅོམ། རྒྱལ་པོ་པེ་དཀར་སྐྲག་སེ་བྱ་རྒོད་དུ་སྤྲུལ་ནས་བྲོས་པ་གནོད་སྦྱིན་ཞིག་གིས་མདའ་འཕངས་པ་གཤོག་པ་ལ་ཐེབས་ནས་ས་ལ་ལྷུངས་བ་རྣམ་སྲས་འཁོར་བཅས་ཀྱིས་བཟུང་སྟེ་བསམ་ཡས་སུ་བསྐྱལ། འདིའི་དུས་རྣམ་སྲས་ཀྱི་སྤྲུལ་པའི་ཕོ་ཉ་མགོ་བརྙན་གྲངས་མེད་པ་ལྷ་སྲས་ཀྱིས་གཟིགས་ནས་དཔེ་བྱས་ཏེ་རི་མོར་བཀོད་པ་ལ་རྣམ་སྲས་ལྗངས་འདྲ་མར་གྲགས། གོང་དུ་སློབ་དཔོན་གྱིས་གནང་བའི་ཕྱར་དར་འཁོར་ཉུང་བ་དེ་ལྗགས་ཡུལ་མ་དངོས་དེ་ཡིན་གསུངས། ཕྱར་དར་དེང་སང་ཆོས་ལུང་ཚོགས་པར་བཞུགས་པར་གྲགས་ཏེ། དེ་ཡང་དང་པོ་བྱ་རྒོད་(སྟོད་ཆ།༨༠༧)གཤོངས་སུ་གཏེར་དུ་སྦས་པ་གཉལ་པ་ཉི་མ་ཤེས་རབ་ཀྱིས་མདུང་དམར་ཅན་གྱི་སྒྲུབ་སྐོར་དང་ལྷན་ཅིག་དུ་སྤྱན་དྲངས་རིང་ཞིག་ལོན་པ་ན་ཕྱར་དར་ཀརྨ་པའི་ཕྱག་ཏུ་བྱུང་བ་སྣེའུ་རྫོང་པས་སྒར་པར་ཞབས་འདྲེན་ཞུས་དུས་གཞིས་ཀ་སྣེའུར་གདན་དྲངས། སྣེའུ་པར་དུས་འགྱུར་བྱུང་སྐབས་རིན་སྤུངས་དོན་ཡོད་རྡོ་རྗེས་གཙང་དུ་བསྣམས་ནས། ཆོས་ལུང་ཚོགས་པར་ཕུལ་བར་ཡིན་ཅེས་ལྔ་པ་རིན་པོ་ཆེའི་གསུང་ལས་བྱུང་ངོ་། མདུང་དམར་ཅན་འདིའི་རྒྱུད་ནི་ཁྲོ་ལོའི་གཏེར་མ་ཡིན་ཏེ། ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པ་དཔལ་ནི། སྔགས་རྙིང་མའི་སྔགས་འཆང་རོ་ཟན་ནག་པོ་ཞེས་པའི་ནུས་ལྡན་ཞིག་གི་སྲས་སུ་འཁྲུངས། ཆོས་ལུགས་ཕག་གྲུ་བཀའ་བརྒྱུད་ཟུང་བཞིའི་ཁྲོ་གླིང་གཉིས་སུ་གྲགས་པའི་ཡ་གྱལ་ཡིན། མཁས་པ་དང་གྲུབ་པའི་ཡོན་ཏན་བསམ་གྱིས་མི་ཁྱབ། པཎ་ཆེན་ཤཀ་ཤྲི། བུདྡྷ་དཔལ། མི་ཏྲ་ཛོ་ཀི་སྟེ་པ ཎ་གྲུབ་གསུམ་སྤྱན་དྲངས། རྒྱབ་འདོམ་ཉེར་བརྒྱད་ཡོད་པའི་བྱམས་སྐུ་མཐོང་གྲོལ་ཆེན་མོ་བཞེངས། བོད་ཀྱི་མཁས་གྲུབ་གཅིག་ལ་བསྟན་པ་ལ་ཕྱག་རྗེས་འདི་རང་ཆེ། ལོ་ཆེན་འདིས་བྱ་རྒོད་གཤོངས་ནས་གནོད་སྦྱིན་དབྱུག་ཐོ་ཅན་གྱི་རྒྱུད་ལེའུ་བདུན་པ་གཉག་ཛྙཱ་ན་ཀུ་མ་རས་བསྒྱུར་བ་དང་། དེའི་ལེའུ་མཐའ་མའི་ཚེ་སྒྲུབ་གསལ་བྱེད་པཎ་ཆེན་བི་མ་ལས་མཛད་པ་སོགས་གཏེར་ནས་གདན་དྲངས་པར་མཛད་པ་ཡིན་ནོ། སུམ་སྟོན་ཡེ་ཤེས་བཟུང་ནི། གཙང་རུ་མཚམས་སུ་འཁྲུངས། རུས་སུམ་པ། གཡུ་ཐོག་པའི་སློབ་མ་གཡུ་ཐོག་སྙིང་ཐིག་སོགས་ཀྱི་ཆོས་བདག་དེ་ཡིན་ཏེ། ཁོང་གི་གསུང་ལས། ཁོ་བོ་རུ་མཚམས་སུམ་པའི་བུ། །ཛྙཱ་ན་(སྟོད་ཆ།༨༠༨)དྷ་ན་བདག་འདྲ་ཡིས། །དཔོན་ཁོང་གི་སྙན་པ་རྒྱང་ནས་ཐོས། །མཚན་ཐོས་པ་ཙམ་གྱིས་མོས་པ་སྐྱེས། །ལམ་དཀའ་བ་སྤྱད་ནས་སྤྱད་སྔར་ཕྱིན། ཞལ་མཐོང་བ་ཙམ་གྱིས་བྱིན་རླབས་ཕོག །ལོངས་སྤྱོད་འབུལ་ནོད་མི་ཆེ་ཡང་། །ཕ་ཞིང་རྟ་རུ་བཙང་ནས་ཕུལ། །ལུས་ཀྱིས་ཞབས་ཏོག་མ་གྲུབ་ཀྱང་། །བླ་མས་ཅི་གསུང་བཀའ་མ་བཅག །ཚིག་དོན་སྤྱོད་ཁམས་མི་ཆེ་ཡང་། །གཡེལ་མེད་འཁྲུལ་མེད་ལོ་གསུམ་བསླབས། །ཞེས་དང་མཁས་པ་གགཡུ་ཐོག་མགོན་པོ་དེ། །རིག་པའི་ཡེ་སེས་ལག་པ་འདྲ། །དངོས་རང་ཡིད་ལས་སྐྱེས་སམ་སྙམ། །ཚེ་རབས་ཀྱི་བླ་མ་ཡིན་པར་ངེས། །བསམ་ཀྱིན་སྐུ་དྲིན་ཆེ་བའི་ཕྱིར། །མི་བརྗེ་དུས་གསུམ་གཙུག་ཏུ་ཁུར། ཞེས་དང་། མཁས་པ་གཡུ་ཐོག་མགོན་པོ་ཡི། གདམས་པ་ཐོབ་པ་ཨ་ཕོ་ཙམ། །གཡུ་ཐོག་བཀའ་བབས་བདག་ལ་བབས། འཚོ་བྱེད་གཞོན་ནུ་བྱོན་ལགས་ཀྱང་། །སྨན་དཔྱད་ཞུ་རྒྱུ་མེད་དམ་སྙམ། །ཞེས་སོགས་གདམས་པའི་རྩད་ཆོད་ནས་སྨན་དཔྱད་ལ་ཐུགས་ལེགས་པར་བྱང་ཞིང་ཉམས་འོག་ཏུ་ཆུད་པས་གདེང་དང་ལྡན་པའི་གསུང་མང་དུ་བྱོན་པར་སྣང་ལ། ཁྱད་པར་གཡུ་ཏོག་སྙིང་ཐུག་ཞུས་དུས་སུ་ཕ་གཞིས་ཐམས་ཅད་གསེར་དུ་བསྒྲིལ་ནས་གསེར་སྲས་ཕྱེད་གཉིས་བརྒྱ་བྱུང་བ་ཕུལ་ནས་ཞུས་པར་གྲགས། ཁོང་ལ་སྨན་དཔྱད་ཀྱི་གཏེར་འགའ་ཡང་ཡོད་པ་ཡིན་འདུག་ཀྱང་དེང་སང་རྒྱུན་མི་སྣང་ངོ་། བྲང་ཏི་མཁར་བུའི་ལོ་རྒྱུས་རྒྱས་པ་ཞིག་ནི་མ་མཐོང་ཡང་། བྲང་ཏི་རྒྱལ་མཉེ་མཁར་བུ་ཞེས་པ་བོད་སྨན་མཁས་པ་མི་དགུའི་གྲས་བྲང་ཏིའི་བརྒྱུད་དུ་འཁྲུངས། འདིས་སློབ་དཔོན་རིན་པོ་ཆེ་ཁྲི་སྲོང་ལྡེའུ་བཙན་གྱིས་(སྟོད་ཆ།༨༠༩)སྦས་པའི་རྩ་སྒྲུབ་དང་གསོ་དཔྱད་སྐོར་འགའ་ཞིག་བསམཡས་གནམ་སྟེང་བཅུ་གསུམ་གྱི་ཀ་ཞུའི་ནང་ནས་གཏེར་བཏོན་ཅིང་བསྒྲུབས་པས་གྲུབ་རྟགས་ཐོན་པར་གྲགས་ཤིང་། དེ་ནས་བྲང་ཏི་འཇམ་དཔལ་བཟང་པོ་སོགས་ལས་རིམ་པར་བརྒྱུད་པ་ཡོད་དེ། ཇི་སྐད་དུ། ཀླུ་སྒྲུབས་སྙིང་པོ་གདམས་པ་འདི། །ཨོ་རྒྱན་པདྨ་སམ་བྷ་བས། །མངའ་བདག་རྒྱལ་པོ་ཉིད་ལ་གདམས། །བསམ་ཡས་གནམ་སྟེང་ཀ་ཞུའི་ནང་། །མ་འོངས་དོན་དུ་གཏེར་དུ་སྦས། །ཉང་རིང་ཤེས་རབ་གྲགས་སམ་ཉང་སྟོན་དུ་གྲགས་པ་འདིས་ཁུ་བྱུག་འབུམ་ཐང་གི་སྲིན་ཕུག་ལྟོག་པ་ནས་དགྲ་བོ་དམ་ཉམས་གཟའ་བདུད་ལ་གཏོད་པའི་གཟའི་གདོག་གཏད་ཟབ་མོ་ཞིག་གཏེར་ནས་གདན་དྲངས་པ་ཡིན་འདུག །དེ་ལས་གཞན་པའི་གཏེར་ཆོས་ཅི་ཡོད་སོགས་ལོ་རྒྱུས་ཞིབ་པར་མ་འཚལ། གཙང་སྟོན་ཆོས་འབར་གྱིས། མཆོད་རྟེན་སྔོན་པོ་ལ་བརྟེན་པའི་སེར་སྲུང་སྐོར་འགའ་ཞིག་གཏེར་བཏོན་པ་ཡིན་འདུག་གོ །སྟག་སྡེའི་བོན་སྟོན་ཧཱུྃ་འབར་གྱིས། གུ་རུ་པདྨ་འབྱུང་གནས་ཀྱིས་མངའ་རིས་ཐོ་ལིང་གཙུག་ལག་ཁང་གི་དཔལ་རྟ་མགྲིན་གྱི་ཐུགས་ཀར་གཏེར་དུ་སྦས་པའི་གཟའ་མོན་པ་ཀེ་ཏེའི་གདམས་སྐོར་ཤིན་ཏུ་ཟབ་ཅིང་རྣོ་མྱུར་ཚན་ཆེའི་དྲག་སྔགས་རྣམས་གདན་དྲངས་ནས་སྟག་སྟེ་གྲགས་པ་རྒྱལ་མཚན་ལ་གནང་། དེས་པུ་རང་གི་རྩད་པོ་ལྷ་བླ་མ་ཡེ་ཤེས་འོད་ལ་ཕུལ་བས་མཉེས་དེས་གཙང་སྒྱེར་ཕུའི་ཀློག་སྐྱ་སྟོན་པ་ལ་གནང་བ་ཡིན་འདུག་གོ །སྐལ་ལྡན་བྱིས་པ་ནི། སྔོན་མངའ་རིས་ཡུལ་གུ་གེ་འདམ་གྲོགས་ཞེས་(སྟོད་ཆ།༨༡༠)པར། བྱིས་པ་མང་པོས་བྱེ་མའི་སྤོ་ཆེན་པོ་ཞིག་བྲུས་པས། རྡོའི་སྒོམ་བུ་ཁ་འགེབས་དང་བཅས་པ་ཞེས་བྱུང་བ། བྱིས་པ་གཞན་རྣམས་ཤི། བྱིས་པ་འཛང་པ་ཞིག་གིས་ཡ་ཁེབས་ཁྱེར་ནས་བྲོས་པའི་སྐྱོན་མ་བྱུང་། དེར་ཡུལ་དེར་ནད་ཡམས་ཆེན་པོ་བྱུང་སྟེ་གཉན་རིམ་གྱི་རིགས་མི་འདྲ་བ་དུ་མས་མི་ཕྱུགས་མང་པོ་ཤི་བ་ན། ཡ་ཁེབས་དེ་ལས་རིམ་སྲུང་ཆིག་དྲིལ་གྱི་གདམས་སྐོར་རྣམས་བྱུང་སྟེ། འཁོར་ལོ་དང་རྫས་སྔགས་རྣམས་བྱིན་པས་ནད་རིམས་ཐམས་ཅད་ཆུ་བཅད་པ་བཞིན་དུ་སོང་བས་ཟབ་པར་ཤེས་ཏེ་རིམ་པར་སྤེལ་བ་དང་དེང་སང་གི་བར་དུ་དར་རྒྱས་སུ་བཞུགས་ལ། གཏེར་སྟོན་གྱི་མཚན་ལའང་བྱིས་པ་ལས་མཚན་གཞན་མ་ཐོགས་པས་སྐལ་ལྡན་བྱིས་པར་མིང་ཆགས་པར་སྣང་ངོ་། གཉལ་པ་ཉི་མ་སེང་གེའི་བཟོ་པ་ཏྲ་ཀ་རིགས་བཅུ་གསུམ་ཙམ་གདན་དྲངས་པ་ཡིན་ཅེས་ཟབ་ལུང་པའི་ཡིག་ཆ་ལས་འབྱུང་། གཞན་ལོ་རྒྱུས་ཞིབ་པར་མ་མཐོང་། གཉལ་པ་ཇོ་སས་སམ་གཉལ་སྟོན་ནག་པོར་གྲགས་པས། བྲམ་ཟེའི་སྔགས་རྒོད་མ་སྟེགས་སྟོན་པ་ཨ་མོ་ལི་ཀོར་གྱི་གདམས་པ་ཨོ་རྒྱན་ཆེན་པོས་བསམ་ཡས་མཆོད་རྟེན་ནག་པོའི་འགུལ་བུམ་དུ་གཏེར་དུ་སྦས་པའི་རྟེན་གསུམ་དྲིལ་སྒྲུབ་བམ་གཙང་ཤུག་མར་གྲགས་པའི་གདམས་སྐོར་རྣམས་གདན་དྲངས་པ་ཡིན་འདུག་ཅིང་། དེ་ལས་གཞན་པའི་གཏེར་ཆོས་ཡོད་པ་མ་མཐོང་། གཏེར་སྟོན་ཤེས་རབ་མེ་འབར་ནི་འཁྲུངས་ཡུལ་ཁམས་པ་ཡིན་པར་གྲགས། དེ་ཡང་། ལོ་རྒྱུས་རིན་ཆེན་ལྡེ་མིག་ལས། ཨོ་རྒྱན་ང་ཡི་བྱིན་(སྟོད་ཆ།༨༡༡)རླབས་ཀྱིས༔ བུ་གཅིག་ལྔ་བཅུ་ཁ་རལ་དུས༔ དབུས་གཙང་མཐའ་དབུས་གཙང་ལྷོ་བྱང་༔ འཁྲུག་ཅིང་རྒྱལ་ཁམས་ཆུ་ལྟར་འཁོལ༔ ལས་སུ་མི་དགེ་བ་ལ་སྤྱོད༔ སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར་ཞིང་༔ བདུད་སྤྲུལ་བཅུ་གསུམ་དུས་གཅིག་འཛོམས༔ སེམས་ཅན་གྱི་བདེ་སྐྱིད་འཇའ་ལྟར་ཡལ༔ གཏི་མུག་གི་ངོ་བོ་ནད་ཡངས་དར༔ ཞེ་སྡང་གི་ངོ་བོ་འཁྲུག་རྩོད་དར༔ འདོད་ཆགས་ཀྱི་ངོ་བོ་མུ་གེ་དར་བའི་དུས༔ སྐྱེས་བུ་ཤེས་རབ་མིང་ཅན་ཕྱག་ཞབས་ལ་འཁོར་ལོ་དང་པདྨ་འདབ་མ་བརྒྱད་པས་བརྒྱན་བ༔ སྙིང་གར་ཕག་མོ་རང་བྱུང་དུ་བཞུགས་པ༔ རྩའི་རྩེ་ནས་ཡེ་ཤེས་ཀྱི་རྩ་སོར་གནིས་སུ་ནར་རེ་ཡོད་པ༔ དམ་ཚིག་ཚུལ་བཞིན་བསྲུང་བ༔ མཁའ་འགྲོ་སྡེ་ལྔས་ཉེ་གནས་བྱེད་པ་ཞིག་སྐྱེ་བར་འགྱུར་རོ༔ དེས་འདི་ཉིད་འདོན༔ ཞེས་ལུང་དུ་བསྟན་པ་ལྟར། །སྤྲུལ་སྐུ་ཤེས་རབ་མེ་འབར་གྱིས་ཀོང་པོ་རྒྱ་ལའི་རྦ་དོང་ནས་རྫོགས་པ་ཆེན་པོ་འཁོར་འདས་རག་གྲོལ་ཆོས་སྐོར་རྣམས་དང་། རྫོགས་ཆེན་དྲག་པོ་གསུམ་དྲིལ་གྱི་སྐོར་དང་། སྟག་རྩེ་བྲག་ནས་གཟའ་དང་ལྷ་མོའི་ཆོ་འཕྲུལ་སོགས་གདམས་ཟབ་མང་དུ་གདན་དྲངས། འོན་ཀྱང་རྫོགས་ཆེན་འཁོར་འདས་རང་གྲོལ་སྒྲ་རིགས་མི་འདྲ་བ་དང་ཡིག་རིགས་གི་འགོར་བོད་ཡིག་ཏུ་སྤྲུལ་སྐུ་རྣམ་མཁྱེན་གཅིག་དང་འཕྲད་པར་ཤོག༔ དེ་མིན་སྙིགས་དུས་གཞན་གྱིས་ཁྲོལ་རེ་སྐན༔ ཞེས་པ་ཡོད་ཅིང་གཏེར་སྟོན་ཉིད་ཀྱིས་ཀྱང་ཤོག་སེར་མ་ཁྲོལ་བས། གཏེར་སྟོན་གྱི་སློབ་མ་འཁྲུལ་ཞིག་སྟག་ཚང་རས་པས་ཀརྨ་པ་རང་བྱུང་མཁས་གྲུབ་མང་པོ་ལ་བསྟན་ཀྱང་འགྲོལ་མ་ཐུབ། ཡིག་རིགས་བཅུ་དྲུག་དང་སྒྲ་རིགས་སུམ་ཅུ་(སྟོད་ཆ།༨༡༢)ཙམ་མཁྱེན་པའི་བླ་མ་ཀུན་དགའ་བྱ་བ་ལ་བསྟན་ཀྱང་མ་ཁྲོལ། དེའི་ཚེ་གཏེར་སྟོན་རྡོ་རྗེ་གླིང་པ་བཻ་རོའི་བག་ཆགས་སད་ནས་སྒྲ་རིགས་དང་ཡིག་རིགས་གང་ལའང་ཐོགས་པ་མེད་པར་མཁྱེན་པར་གྲགས་པས་ཀོང་པོར་གདན་དྲངས་ནས་ཤོག་སེར་རྣམས་སྤྱན་སྔར་ཕབ་པ་ཙམ་གྱིས་ཚེགས་མེད་པར་མཁྱེན་པའི་ངོ་མཚར་དང་ཡ་མཚན་རྨད་དུ་བྱུང་བས་རྡོ་རྗེ་གླིང་པའི་ཆེ་བ་བཏོན་བྱེད་དུ་གྱུར་ཅིང་། ཆོས་བརྒྱུད་ལའང་འདྲེན་པར་སྣང་ངོ་། ཕྱིས་གཏེར་སྟོན་འདི་ཉིད་མོན་ཡུལ་དུ་བྱོན་དུས། ཡུལ་དེའི་དཔོན་པོས་གཏེར་རྟགས་ཡོད་པའི་བྲག་ཅིག་བསྟན་ནས། ཁྱེད་རང་གཏེར་སྟོན་ཡིན་ན་གཏེར་འདི་ད་ལྟ་ཐོན། མིན་ན་ངའི་ལུང་པ་འདི་ཟོག་པོས་གང་འགྲོ་བར་འདུག་པས་ཁྲིམས་ཀྱིས་བསྒྲལ་ལོ་ཟེར་བར་གཏེར་སྟོན་གྱིས་འདི་གཞན་གྱི་གཏེར་སྐལ་རེད་པས་འདོན་མི་རུང་དེས་རང་གཉིས་ཀར་གནོད་གསུངས་ཀྱང་མ་ཉན་པར་དབང་མེད་དུ་གཏེར་འདོན་བཅུག་པས་རྟེན་འབྲེལ་ལོག་ནས་དཔོན་པོའང་ཤིང་། གཏེར་སྟོན་ཀྱང་རིང་པོར་མ་ལོན་པར་སྐུ་གཤེགས། ཤོག་སེར་རྣམས་ཡང་གཏེར་དུ་སྦས་པ་ཕྱིས་གཏེར་སྟོན་པདྨ་གླིང་པས་བཏོན་པ་ཡིན་ཅེས་འབྱུང་ངོ་། གཏེར་སྟོན་ཁམས་པ་མེ་ཟོར་གྱིས། གཙང་གི་བྲག་རྒྱ་བོ་ནས་ཕྱུགས་ནད་བསྲུང་བཅོས་ཀྱི་སྐོར་འགའ་ཞིག་གཏེར་བཏོན་པར་ཡིན་འདུག །འབྲོག་པ་སྣ་ནམས་ཐུབ་རྒྱལ་གྱིས་འཕགས་པ་འཇམ་དཔལ་གྱིས་གསུངས་པའི་གཙུག་ལག་གི་འཁོར་ལོ་སྲུང་འབུམ་གྱི་སྐོར་རྣམས་གདན་དྲངས་ཏེ། གཏེར་སྟོན་འདི་ཐང་ཡིག་ཏུ་བྱུང་བའི་སྣ་ནམས་པ་དེ་ཡིན་པར་ཤྭ་ཟུག པས་བཞེད་དོ། གཞན་ཡངདེ་དག་གུ་མ་མཐུས་པའི་གཏེར་ཕྲན་འགའ་ཞིག་བྱོན་པར་སོག་ཟློག་པའི་གཏེར་བྱུང་དང་ཐམས་ཅད་མཁྱེན་(སྟོད་ཆ།༨༡༣)པ་ལྔ་པ་རིན་པོ་ཆེའི་གསན་ཡིག་ལས་བྱུང་བ་རྣམས་ཅུང་ཟད་བརྗོད་པར་བྱེ་སྟེ། ༨ གྲུབ་ཆེན་ཐང་སྟོང་རྒྱལ་པོའི་མཛད་བསྡུས་དང་ཟབ་གཏེར་བཞེས་ཚུལ། གྲུབ་ཐོབ་ཆེན་པོ་ཐང་སྟོང་རྒྱལ་པོ་ནི། པདྨ་གླིང་པའི་གཏེར་ལུང་ལས། པདྨའི་སྤྲུལ་པ་ཐང་སྟོང་པ་ཞེས་འབྱུང་། དེ་དུས་བོད་འབངས་སེམས་ཅན་ཅུང་ཟད་བདེ། ཞེས་དང་། རང་གཏེར་ལུང་བསྟན་གསལ་བའི་སྒྲོན་མེ་ལས། འོལ་བ་ཞེས་བྱའི་ཤར་མདུན་དུ། །བརྩོན་འགྲུས་ཞེས་བྱའི་མིང་ཅན་འབྱུང་། །དེ་ཉིད་ང་ཡི་ཐུགས་སྤྲུལ་ཡིན། །ཞེས་གསུངས་པ་ལྟར། ཨོ་རྒྱན་དུས་གསུམ་མཁྱེན་པ་ཉིད། རྩོད་དུས་ལྔ་བརྒྱ་ཐ་མའི་འགྲོ་བ་སྡུག་བསྔལ་གྱི་ཚོར་བ་རྩུབ་མོས་ཉམས་ཐག་པ་རྣམས་ལ་ཐུགས་བརྩེ་བས་སླར་ཡང་གངས་ཅན་གྱི་ལྗོངས་འདིར་བྱོན་པ་ནི་གྲུབ་པའི་དབང་ཕྱུག་ཆེན་པོ་འདི་ཉིད་ཡིན་ཏེ། དེ་ཡང་འཁྲུངས་ཡུལ་ནི། ཨོ་རྒྱན་ཆེན་པོའི་འོལ་བ་ཞེས་བྱའི་ལུང་བ་ན། ཕོ་བྲང་ལྷ་རྩེ་བྱ་བ་ཡོད། ཞེས་སོགས་གསུངས་པའི་གཙང་སྟོད་གནས་ཆེན་འོལ་བ་ལྷ་རྩེའི་ཤར་མདུན་དུ། ཡབ་དཔོན་རྡོ་རྗེ་རྒྱལ་མཚན་དང་། ཡུམ་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དེ་ཡང་རང་གཏེར་ལས། ཞི་བ་ཐུགས་རྗེ་ཆེན་པོ་དང་། དྲག་པོ་ཁྲོ་བོ་རྟ་མགྲིན་གཉིས། དབྱེར་མེད་གཅིག་ཏུ་སྤྲུལ་པ་ལས། །སྐུ་ཡི་ཆ་ལུགས་ཞི་མ་ཁྲོ། །མདོག་སྨུག་དྲི་ཞིམ་སྨེ་བས་བརྒྱན། །ངང་བརྒྱུད་དལ་ཞིང་རིག་(སྟོད་ཆ།༨༡༤)རྩལ་ཆེ། །མ་ངེས་སྤྱོད་པ་སྣ་ཚོགས་སྐྱོང་། །ནངས་རྟགས་རྨི་ལམ་མཚན་ལྟས་འབྱུང་། །ཞེས་གསུངས་པ་དང་མཐུན་པར་ཡུམ་ལ་རྨི་ལམ་བཟང་པོ་དང་ངོ་མཙར་བའི་ལྟས་དུ་མ་དང་བཅས་ལྕགས་མོ་གླང་གི་ལོ་ལ་འཁྲུངས། མཚན་ཁྲོ་བོ་དཔལ་ལྡན་དུ་གསོལ། བྱིས་པའི་དུས་ནས་གྲུབ་པའི་སྤྱོད་པ་བསམ་གྱིས་མི་ཁྱབ་པ་མངའ། གསང་སྔགས་གསར་རྙིང་མང་པོར་གསན་བསམ་མཛད། ཁྱད་པར་དུ་ཀུན་སྤངས་རི་ཁྲོད་པ་དོན་ཡོད་རྒྱལ་མཚན་དྲུང་དུ་ཆོས་ཞུ་བར་བྱོན་པའི་དུས། ཀུན་སྤངས་ཆེན་པོ་ལ་གཏེར་བདག་སོ་སོས་མངོན་སུམ་དུ་བསྐུལ་བ་བྱུང་ཞིང་། ཁྱད་པར་ཨོ་རྒྱན་ཆེན་པོ་འཁོར་མཁའ་འགྲོ་དང་བཅས་བྱོན་ནས། ཁྱོད་ལ་ཡོད་པའི་ཆོས་རྣམས་གཏེར་དུ་སྦེད་མཁན་ང་རང་ཡིན། ང་བོད་ཡུལ་འདིར་ལོ་གྲགས་བརྒྱ་དང་བབརྒྱད་ཅུ་ཚུན་གདུལ་བྱ་སྐྱོང་བ་ལ་སྡོད་རྒྱུ་ཡིན་པས་གཏེར་ཆོས་རྣམས་ང་རང་ལ་ཐོད་གསུངས་པ་བྱུང་ནས། ཀུན་སྤངས་ཆེན་པོས་གྲྭ་བ་རྣམས་ལ་དགེ་སློང་བརྩོན་འགྲུས་འདིར་བྱོན་པ་འདུག །ཁོང་གཏེར་ཁ་འདིའི་ཚེ་སྒྲུབ་ལྕགས་སྡོང་མ་ལ་བརྟེན་ནས་ཚེ་ཡི་རིག་འཛིན་བརྙེས་པ་ཞིག་འོང་བར་འདུག །འོ་སྐོལ་གྱིས་སྣེ་ལེན་བཟང་པོ་དགོས་གསུངས་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད། ཀུན་སྤངས་དེ་ལས་རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་གྱི་གཏེར་ཆོས་ཐམས་ཅད་གསན། གཞན་ཡང་རྒྱུད་འཛིན་བསོད་ནམས་ཆོས་བཟང་ལས་ཀྱང་བྱང་གཏེར་གཙོ་བོར་གྱུར་པའི་གཏེར་ཆོས་མང་དུ་གསན། དེ་དུས་དགེ་སློང་ཀུན་སྤྱོད་ཤིན་ཏུ་གཙང་བར་བཞུགས་ལ་ཨོ་རྒྱན་ཆེན་པོ་དྲག་པོའི་ཆོས་ཅན་གྱིས་བརྟུལ་ཞུགས་སྤྱོད་པར་བརྡས་བསྐུལ། དེ་ནས་བཟུང་སྟེ་རྟུལ་ཞུགས་ལ་མངའ་དབང་འབྱོར་བས།(སྟོད་ཆ།༨༡༥) བལ་ཡུལ་དང་། རྒྱ་གར་རྡོ་རྗེ་གདན་དང་། ཟངས་གླིང་ལ་སོགས་པར་ཕེབས། གྲུབ་ཐོབ་མང་པོ་ལ་ཆོས་གསན། རྡོ་རྗེ་གདན་དང་ཉེ་བའི་གསང་བ་རྡོ་རྗེ་ཕུག་ཏུ། སྔགས་རྙིང་མའི་གྲུབ་ཐོབ་སྐལ་ལྡན་རྡོ་རྗེ་གྲགས་པ་ཞེས་པ་ལས་རྙིང་མའི་ཆོས་སྐོར་མ་ལུས་པ་གསན། སླར་བོད་ལ་ཕེབས་ནས་ཟབ་ཆོས་དེ་དག་གཏེར་དུ་སྦས་ཤིང་། སྒྲོལ་མས་ལུང་བསྟན་པ་ལྟར་མཐའ་དམག་གི་བླ་རི་སྡིག་པ་རྭ་ཅན་འདྲ་བའི་སྟེང་དུ་སྒྲུབ་ཁང་དང་མཆོད་རྟེན་བརྩེགས་པས་མནན་ནས་དཔལ་རི་བོ་ཆེ་བཏབ། འདི་ཡན་རྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བས་ཀུན་གྱི་སྨྱོན་པར་འཛིན། བཙོན་འགྲུས་སྨྱོན་པར་ཞུ་བ་ལས་གྲུབ་ཐོབ་ཏུ་འཛིན་པ་འགའ་ཡང་མེད་པ་ལ། གཙང་རྒྱས་སྡེའི་ཐང་ཁར་གསང་སྤྱོད་ལ་བཞུགས་སྐབས། ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔས་མགྲིན་གཅིག་ཏུ་གླུ་དབྱངས་སྙན་པོས་མཚན་ལྔ་གསོལ་ཏེ། རྒྱས་སྡེ་ཐང་ན་བཞུགས་པ་ཡིས། །ཡ་མཚན་ཆེ་བའི་མི་འདི་ལ། །འདིར་ཚོགས་བུ་མོ་སྤུན་ལྔ་ཡིས། །དོན་དང་མཐུན་པའི་མིང་རེ་འདོགས། ཞེས་སོགས་གླུར་བླངས་ནས། ཐང་སྟོང་རྒྱལ་པོ། ལུང་སྟོང་སྨྱོན་པ། ཕྱོགས་མེད་བྱ་བྲལ། ཟས་རྣམས་བཅུད་ལེན་མཁན། རྐྱེན་རྣམས་རོ་སྐོམ་མཁན་ཞེས་པའི་མཚན་ལྔ་གསོལ་བས། དེ་ཕྱིན་ཆད་གྲུབ་པའི་ཕྱུང་ཐང་སྟོང་རྒྱལ་པོ་ཞེས་གྲུབ་ཐོབ་ཆེན་པོར་རྩོད་མེད་དུ་ཡོགས་ལ་གྲགས་སོ། ཡང་བོད་གངས་ཅན་གྱི་ལྷ་འདྲེ་ཐམས་ཅད་ཚོགས་ནས། ཨོ་རྒྱན་ཆེན་པོས་བྱིན་གིས་བརླབས་པའི་ཐུག་ལ་སྤྲུལ་པ། སེམས་ཅན་གྱི་དོན་ལ་སྐྱོ་ངལ་མེད་པ་སྤྱན་རས་གཟིགས་དང་མཚུངས་པའི་རྣལ་འབྱོར་པ། ཞེས་(སྟོད་ཆ།༨༡༦)སོགས་ཆེད་དུ་བརྗོད་པས་བསྟོད་ཅིང་དགེ་ལས་ཀྱི་བར་ཆད་སེལ་ཞིང་མཐུན་རྐྱེན་བསྒྲུབ་པའི་དམ་བཅའ་ཕུལ། སྐབས་ཤིང་རྒྱ་མཚོར་བགྲོད་པའི་ཚོང་པ་རྣམས་དང་སྡོངས་ནས། སྐུ་དངོས་ཀྱིས་ཨོ་རྒྱན་ཟངས་མདོག་དཔལ་རིར་ཕེབས། ཨོ་རྒྱན་ཆེན་པོ་ལས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ། ཁྱད་པར་དུ་ཨོ་རྒྱན་ཆེན་པོའི་ཞུ་བ་པོ་མཛད་ནས། སྟོན་པ་རྡོ་རྗེ་སེམས་དཔའ་ལས་རྫོགས་པ་ཆེན་པོའི་ཆོས་ཚུལ་མ་ཚང་བ་མེད་པར་གསན། ཨོ་རྒྱན་རིན་པོ་ཆེས་ཧོར་དམག་ཟློག་ཐབས་ལུང་བསྟན་དང་བཅས་གནང་ནས་བོད་དུ་ཕེབས་པར་བསྐུལ་ཏེ། རིག་འཛིན་བོད་ཀྱི་སྐྱེས་བུ་ཁྱོད། རྫུ་འཕྲུལ་སྟོབས་ཀྱིས་འདིར་ཡོང་ཀྱང་། ཆོས་སྐལ་གཏེར་ལྔ་བོད་ན་ཡོད། ལུང་བསྟན་རྣམ་ཐར་བོད་དུ་བཞག །དུས་གསུམ་མཁྱེན་པ་པད་བྱུང་ངའི། ཐུགས་སྤྲུལ་ད་ནི་ལྕགས་ཟམ་ཚུགས། རྟེན་འབྲེལ་འགྲོ་བ་འདུལ་བའི་ཕྱིར། མྱུར་དུ་ཁ་བ་ཅན་དུ་བཞུད། ཞེས་དང་། ས་འབྲུག་དབྱར་ཟླ་དང་པོའི་ཚེས་བཅུ་ལ། སའི་མེ་བཙའ་རྟེན་འབྲེལ་བསྒྲིགས་དགོས་ཡོད། འགྱངས་ན་ཆུ་ཤོར་ཟིན་པའི་རགས་དང་འདྲ། སྔས་ན་རི་དྭགས་མི་ཚུད་རྒྱ་དང་འདྲ། རིག་པ་འཛིན་པའི་སྐྱེས་བུ་ཕན་སེམས་ཅན། སླར་ཡང་བོད་ཡུལ་ཁ་བ་ཅན་དུ་བཞུད། སྔོན་ཨོ་རྒྱན་ཆེན་པོས་བོད་ཡུལ་དུ་བྱོན་ནས་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས། གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བཞེངས། བསྟན་པའི་སྲོལ་བཏོད། གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བཞེངས། བསྟན་པའི་སྲོལ་བཏོད། རྒྱལ་སྲིད་ལ་མངའ་དབང་བསྒྱུར་ཏེ། དགེ་བ་བཅུའི་ཁྲིམས་བཙུགས། གཏེར་ཆེན་དང་གཏེར་ཕྲན་བསམ་གྱིས་མི་ཁྱབ་(སྟོད་ཆ།༨༡༧)པ་སྦས་ཏེ་བྱོན། བར་སྐབས་སུ་ཨོ་རྒྱན་གསུང་གི་སྤྲུལ་པ་གྲངས་མེད་དུ་མས་རང་རང་གི་ཆོས་སྐལ་གཏེར་ཁ་དུ་མ་ཕྱེ་ནས། བོད་ཀྱི་རྒྱལ་པོ་ནས་དམངས་ཕལ་པ་ཀུན་ལ་ཆོས་ཀྱི་དཔལ་འབྱོར་རྒྱས་པར་མཛད། ད་ནི་ལྔ་བརྒྱ་ཐ་མ་ཤལ་བའི་དུས་འདིར། ལྷ་སྲིན་གདུག་རྩུབ་ཆེ། མི་རྣམས་ཚེ་ཐུང་ལོག་ལྟ་ཆེ་བས། དུས་གསུམ་རྒྱལ་ཕྲིན་ལས་པ་ཆེན་པོ་ཁྱེད་ཀྱིས་ཐབས་སྣ་ཚོགས་ཀྱི་སྒོ་ནས། ཁ་བ་ཅན་གྱི་གདུལ་བྱ་རྣམས་ཡལ་བར་མི་འདོར་བ་ད་ལྟ་ཉིད་དུ་འབྱོན་པར་ཞུ་ཞེས་གྲུབ་ཐོབ་ཆེན་པོ་ལ་མཁའ་འགྲོ་རྣམས་ཀྱིས་ཕྱག་འཚལ་ཞིག་ཞབས་སྤྱི་བོར་བླངས་སོ། །དེ་ནས་གྲུབ་ཐོབ་ཆེན་པོས་ཨོ་རྒྱན་མཁའ་འགྲོ་དང་བཅས་པའི་བཀའ་བཞིན་དུ་བོད་དུ་བྱོན། བོད་ཡུལ་བསྟན་འགྲོའི་བདེ་ཐབས་སློབ་དཔོན་རིན་པོ་ཆེའི་ལུང་བསྟན་བཞིན་པའི་མེ་བཙའ་མཆོད་རྟེན་རྩེགས་པ་ལྷ་ཁང་བཞེངས་པ་སོགས་མཐའ་དམག་ཟློག་ཐབས་མཛད་ཅིང་། གཞན་ཡག་སེམས་ཅན་ལ་ཕན་ཐབས་དུ་མ་མཛད། གྲམ་པ་རྒྱང་ནས་ཐུགས་སྒྲུབ་ཡང་གསང་བླ་མེད་ཅེས་པའི་སྐོར་རྣམས་གཏེར་ནས་བཞེས། གཞན་ཡང་ལྷོ་བྲག་སྒྲུབ་མཚོ་པདྨ་གླིང་དུ་བྲག་འཕྲང་རྒྱས་འདྲ་བ་ནས་མན་ངག་རིན་པོ་ཆེ་གཏེར་སྤུངས་ཞེས་པ་དང་། བསམ་ཡས་མཆིམས་ཕུ་ནས། རྩ་གསུམ་སྐོར་གྱི་ཚེ་སྒྲུབ་འཆི་མེད་དཔལ་གཏེར་སོགས་ཤོག་དྲིལ་ལྔ་ཙམ་དང་། མོན་སྤ་གྲོ་སྟག་ཚང་ནས་མདོ་རྒྱུད་ཐམས་ཅད་ཀྱི་ཟབ་གནད་ཕྱོགས་གཅིག་ཏུ་དྲིལ་བའི་ཤོག་དྲིལ་འདུམ་བཅུ་ཡོད་བ་ཞིག་དང་། ཙཱ་རི་གསང་སྔགས་ཕོ་བྲང་ནས་ཟབ་ཆོས་ཐུགས་གཏེར་སྐོར་རྣམས་དང་། ཙཱ་རི་ཟིལ་ཆེན་ཕུག་ནས་གྲུབ་ཆེན་ཉིད་ཀྱི་ལུང་བསྟན་བསྟན་གསལ་བའི་སྒྲོན་མེ་དང་། ཞིང་སྐྱོངས་ཀྱི་སྒྲུབ་ཐབས་རྣམས་གཏེར་(སྟོད་ཆ།༨༡༨)ནས་བཞེས་ཏེ་གཏེར་ཁ་ཡང་མང་དུ་སྤྱན་དྲངས། ཁྱད་པར་དུ་རྫུ་འཕྲུལ་དང་གྲུབ་རྟགས་མངོན་པར་ཤེས་པ་ལ་སོགས་པའི་ངོ་མཚར་བའི་མཛད་པ་ནི་མཐའ་ཡས་ཤིང་བློ་དཔོག་པར་མི་ནུས་པ་མངའ་ཞིང་། རྫུ་འཕྲུལ་སྣ་ཚོགས་ཀྱིས་ཧོར་དམག་ཟློག་པ་དང་། གྲུ་ཤན་ལྕགས་ཟམ་མང་པོ་འཛུགས་པ་དང་། སྐུའི་བཀོད་པ་མང་པོ་དུས་གཅིག་ཏུ་ཅིག་ཆར་སྟོན་པ་དང་། མོན་ཡུལ་དུ་རི་ཆེན་པོ་ཉིལ་བའི་འོག་ཏུ་ཚུད་པའི་འགྲོ་བ་རྣམས་སྐད་ཅིག་ལ་འཇིགས་པ་ལས་སྐྱོབ་པར་མཛད་པ་དང་། རྒྱ་གར་ཀ་མ་ཏར་སྡིག་སྤྱོད་མུ་སྟེགས་ཀྱི་རྒྱལ་པོ་རྫུ་འཕྲུལ་གྱིས་བརྡུལ་ནས་ཆོས་ལ་བཙུད་པ་དང་། གློང་ཡུལ་དུ་ཕེབས་ནས་སྡིག་སྤྱོད་ཀླ་ཀློ་བླུན་པོ་དུད་འགྲོ་དང་འདྲ་བ་རྣམས་རྫུ་འཕྲུལ་གྱིས་བཏུལ་ནས་ཆོས་ལ་བཙུད་དེ། ཁ་བ་ཅན་དུ་སྲོང་བཙན་སྒམ་པོ་བཞིན། ཀླ་ཀློའི་ཡུལ་དུ་ཐང་སྟོང་རྒྱལ་པོ་གྲགས་ཞེས་པ་ལྟར་དང་། བོད་ལ་ཀླ་ཀློའི་གནོད་པ་བསྲུང་ཕྱིར་ཙ་གང་གི་གནས་སྒོ་ཕྱེས་ནས་གཙུག་ལག་ཁང་དག་དགོན་གནས་བཏབ་ནས། གྲུབ་ཐོབ་ཆེན་པོའི་འཛམ་གླིང་ལན་གསུམ་སྐོར་ཡང་ཀོ་བའི་རྩི་མ་ཉམས་པའི་ཞབས་ཕྱག་དང་། ཙན་དན་སྦྲུལ་གྱི་སྙིང་པོའི་ཕྱག་འཁར། ན་བཟའ་སླེ་བེ་མ་སོགས་དེང་སང་ཡང་མཇལ་རྒྱུ་ཡོད་ལ། གཞན་ཡང་ལྕགས་ཟམ་ལྔ་བཅུ་རྩ་བརྒྱད། གྲུ་ཤན་བརྒྱ་དང་བཅོ་བརྒྱད། ཤིང་ཟམ་དྲུག་ཅུ། སྐུ་རྟེན་རྒྱབ་མཐོ་སུམ་ཅུ་སོ་བདུན་ནས། མཁྱིད་གང་པ་ཡན་ཆད་གསེར་དངུལ་གཡུ་བྱུ་རུ་མུ་མེན་སྤོས་ཤེལ་སོགས་ལས་གྲུབ་པ་བརྒྱ་ཕྲག་དུ་མ། ལྡེར་ཟོ་རྒྱབ་མཐོ་ལྔ་བཅུ་རྩ་ལྔ་པ་ནས་ཁྲུ་གག་ཡན་ཆད་ཆེ་ཆུང་སྟོང་ཕྲག་ལྔ། གྱང་རིས་ནས་བཟུག་རིས་སྐུ་བསམ་གྱིས་མི་ཁྱབ་པ་དང་། གསུང་རྟེན་གསེར་གྱི་བཀའ་འགྱུར་གཅིག་(སྟོད་ཆ།༨༡༩)གིས་གཙོས་བཀའ་འགྱུར་ཚར་བཅོ་བརྒྱད། བསྟན་གྱུར་ཚར་བཅོ་ལྔ། ཐུགས་རྟེན་རི་བོ་ཆེར་ལོགས་རེ་ལ་འདོམ་བཞི་བཅུ་རེ་ཡོད་པ་ཞིག་གི་གཙོས་པའི་མཆོད་རྟེན་ཆེ་ཆུང་བརྒྱ་དང་བཅུ་གཅིག་སྒྲུབ་སྡེ་དང་སྦས་ཡུལ་མང་པོ་གནས་སྒོ་འབྱེད་པ་སོགས། ཨོ་རྒྱན་གུ་རུའི་གསུང་བཞིན་བོད་སྤྱི་ཁྱབ་པའི་མེ་བཙའ་བཏབས་པས་སྤྲིན་བར་ཉི་མ་ལྟར་བདེ་ཞིང་སྐྱིད་པ་འདི་ང་ཐང་སྟོང་རྒྱལ་པོའི་དྲིན་ཡིན་གསུངས་སོ། །སྐུ་དངོས་ཀྱིས་ལྷོ་ཀོང་མངའ་རིས་མོད་ཁམས་ཐམས་ཅད་དང་རྒྱ་ནག་བཀྲ་ཤིས་ཁྲི་སྒོ་ཡན་ཞབས་ཀྱིས་བཅགས་ཤིང་། ཁྱད་པར་དུ་སྡེ་དགེ་ཆོས་ཀྱི་རྒྱལ་པོས་ཟུང་རྒྱུད་དུས་བཟུང་ཐོག་མར་མཛད་སྐབས་དེར་མཆོད་ཡོན་དུ་འབྲེལ་ནས། ཀླུང་མདའ་ལྷུན་གྲུབ་སྟེང་གི་དགོན་འདེབས་པའི་གཞི་ཐོག་མར་འདིང་བ་མཛད་དེ། མཚོ་བསུབས་པའི་སྟེང་དུ་ལྷ་ཁང་བཏབ་པར་དེང་སང་་ཡང་ཐང་སྡོང་ལྷ་ཁང་དུ་གྲགས། གཞན་ཡང་ཕྱོགས་འདིར་གཙང་ཕྱར་ཐུལ་ཅན་དུ་གྲགས་པའི་གནས་ངེས་མེད་དུ་གཤེགས་པའི་གྲུབ་ཆེན་ཞིག་བྱུང་བའང་། གྲུབ་ཐོབ་ཆེན་པོ་འདི་ཉིད་ཡིན་པར་བདག་གི་བླ་མ་རྫོགས་ཆེན་དབོན་རིན་པོ་ཆེས་བཞེད་པར་སྣང་ངོ་། དེ་ལྟར་ཕྲིན་ལས་རྣམ་པ་བཞིའི་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེར་བསྒྲུབས་ནས་མཏར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་བྱོན་པར་བཞེད་ནས། དགུང་ལོ་བརྒྱ་དང་ཉེར་བརྒྱད་བཞེས་པའི་ཤིང་སྦྲུལ་ཆོ་འཕྲུལ་ཆེན་པོའི་ཚེས་བཞི་ཉིན། སྐྱེ་མེད་ངང་ནས་འགག་མེད་རྩལ་རྫོགས་ཏེ། །བརྗོད་མེད་སེམས་དེ་མ་རིག་རིག་པ་ཡིན། །སྤྲོས་པ་ཐམས་ཅད་སྤྲོས་མེད་ངང་དུ་ཐལ། །བློ་འདས་ཡིན་ན་འཁོར་འདས་དགོད་རེ་བྲོ། །ཞེས་གསུངས་ནས་མཁའ་སྤྱོད་དུ་ཕེབས་པར་བཞེད་ནས་ཇེ་མཐོར་ཇེ་མཐོར་(སྟོད་ཆ།༨༢༠)ནམ་མཁའ་ལ་གཤེགས་པའི་སྐབས། ཐུགས་སྲས་ནི་མ་བཟང་པོས་གདུང་དབྱངས་མཛད་པས། འོ་དོད་ལྷང་ལྷང་ཙེར་ཙེར་འབོད་པ་ཁྱོད། རྣལ་འབྱོར་ཆོས་ཀྱི་དབྱིངས་སུ་འགྲོ་བ་ལ། འཆི་བ་ཞེས་བྱ་བྱིས་པས་སེམས་སྡུག་བྱེད། ཞེས་སོགས་གསུང་འགུར་དང་བཅས་ཕྱིར་ཕེབས་ནས་ཞལ་ཆེམས་སོགས་རྒྱས་པར་སྩལ་ནས། དཔལ་རི་བོ་ཆེ་རུ་སྐུ་གཤེགས་པའི་ཚུལ་བསྟན་ཏོ། །འོན་ཀྱང་ལས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྐུས་ནམ་དུའང་རྗེས་སུ་འཛིན་པར་མཛད་དེ། དུས་ཕྱིས་ཀྱང་ཀུན་མཁྱེན་འཇིགས་མེད་གླིང་པ་ལ་ཞལ་དངོས་སུ་བསྟན་གྲུ་ཤན་ཆུར་མི་བྱིང་བའི་གདམས་གནང་བ་སོགས་ཀྱིས་མཚོན་ནོ། ལས་ཅན་གྱི་སློབ་མའི་གྲགས་ལས་ཀྱང་ཨོ་རྒྱན་ཆེན་པོའི་ལུང་བསྟན་ལས། ལས་ཅན་ལྔ་བཅུ་རྩ་བརྒྱད་དེ༔ སྐྱེས་བུ་དེ་རྣམས་གང་བསྟོད་དང་། ཟབ་ཆོས་འདི་ཉིད་སུསྶ་སྤྱོད་པ༔ བདེ་བ་ཅན་དུ་དངོས་སུ་འགྲོ༔ ལྔ་བརྒྱད་ཕྲག་གཅིག་ཕྱིར་མི་ཟློག༔ ཆོས་ཀྱི་འབྲེལ་བ་ཁྲི་ཕྲག་བརྒྱ༔ འབུམ་ཕྲག་གཅིག་ལ་འབྲེལ་ཐོགས་ནས༔ བདེ་བ་ཅན་དུ་ངེས་པར་འགྲོ༔ ཞེས་གསུངས་པ་ལྟར་སློབ་ཚོགས་མཐའ་ཡས་པ་བཞུགས་པའི་ནང་ནས་གཙོ་བོ་སྐུའི་སྲས་བསྟན་འཛིན་ཉི་མ་བཟང་པོ་དང་། ཐུགས་སྲས་སྐྱོབ་པ་བཟང་པོ་སོགས་སྐུའི་སྲས་དང་། ཐུགས་སྲས་ཤེས་རབ་དཔལ་ལྡན་སོགས་ལས་ཕལ་ཆེར་ཚེའི་རིགས་འཛིན་བརྙེས་པ་མང་སྟེ། ཆོས་རྗེ་མང་ཡུལ་བ་འཕགས་པ་བློ་གྲོས་ཀྱིས་དགུང་ལོ་བརྒྱ་དང་ཉི་ཤུ་བཞུགས། ཁམས་རྡེ་ཁོག་དང་ཉེ་བ་ན་བཞུགས་པའི་རང་བཞིན་གྱི་རྣལ་འབྱོར་མ་གྲུབ་ཆེན་གྱི་དངོས་སློབ་ཡིན་པ་ཞིག་གིས་ལོ་བརྒྱ་དང་སུམ་ཅུ་བཞུགས། འཚོ་སྒོ་བའི་བླ་མ་གཅིག་ལ་བརྒྱ་དང་བཅུ་གཉིས་སུ་བཞུགས།(སྟོད་ཆ།༨༢༡)ཡང་ཁམས་ན་གྲུབ་ཆེན་གྱི་དངོས་སློབབ་གཅིག་ལོ་བརྒྱ་ཕྲག་ཁ་ཡར་བརྒལ་བར་བཞུགས་པ་སོགས། གྲུབ་ཆེན་ཉིད་སྐུ་ཚེ་ལ་མངའ་དབང་འབྱོར་བའི་རྟེན་འབྲེལ་གྱིས་སློབ་མ་ཡང་སྐུ་ཚེ་ལ་དབང་འབྱོར་བ་མང་དུ་བྱོན་པར་ཡིན་འདུག་གོ།

སྦྱི་དོན་བཞི་པ། ཟབ་མོ་གཏེར་གྱི་འཁོར་ལོས་བསྒྱུར་བའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིམ་པར་བྱོན་པའི་སྐོར།

གསང་ཆེན་རྙིང་མར་གྲགས་པའི་སྦུལ་པའི་གཏེར་སྟོན་ཆེན་པོ་རྣམས་དང་སྔགས་གསར་མའི་སྐྱེས་ཆེན་འགའ་ཞིག་གིས་ཆོས་གཏེར་དང་རྫས་གཏེར་བཞེས་ཚུལ། གཉན་ལོ་ཙཱ་བ་དར་མ་གྲགས་ནི། གཉན་ཆེན་དཔལ་དབྱང་གི་གདུང་བརྒྱུད་དུ་ཤབ་སྟོད་དུ་སྐུ་འཁྲུངས། རྒྱ་གར་དུ་བྱོན་སྒྲ་ཚད་བསླབས་པས་མཁས་པར་མཁྱེན། བླ་མ་བནྡེ་བ་ཉང་ཆེན་པོ་རཀྵ་གི་རྟི་དང། རྡོ་རྗེ་ཁྱད་པར་དུ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པའི་སྒྲུབ་སྐོར་རྣམས་པདྨ་ཐོད་ཕྲེང་རྩེ་ལ་གྱིས་དཔལ་མོ་དཔལ་ཐང་གི་བྱང་ཕྱོགས་བྲག་བྱ་སྐྱིབས་ཅན་དུ་གཉན་ལོ་དར་མ་གྲགས་ཀྱིས་གཏེར་འདི་རྙེད་པའི་རྐྱེན་གྱིས་རྒྱ་གར་དུ་རི་སུལ་གྱི་རྣལ་འབྱོར་མ་ལ་གསན་པར་བྱོན། ཚུར་ཕེབས་ནས་བཀའ་མ་རྣམས་བླ་མ་གནམ་ཁའུ་བ་ལ་གནང། གཏེར་མ་རྣམས་ར་ཤག་ལ་གནང་ཞེས་ལོ་རྒྱུས་སུ་འདུག། འོན་ཀྱང་ར་ཤག་གི་གཏེར་མ་མེད་པ་མཐའ་མི་ཆོད་ཅེས་ལྔ་པ་རིན་པོ་ཆེས་གསུངས་སོ། འདིའི་བརྒྱུན་པའང། རྡོ་(སྨད་ཆ།༢)རྗེ་འཆང། ཀླུ་སྒྲུབ། ཨོ་རྒྱན་ཆེན་པོ། བ་ལྟིང་ལ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ་བ། བི་མ་ལ་གུ་སྡེ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། རི་སུལ་གྱི་རྣལ་འབྱོར། གཉན་ལོ་ཙཱ་བ་དར་མ་གྲགས། ལྷོ་བྲག་ཤར་གྱི་གཏེར་སྟོན་ར་ཤག་ཆོས་འབར་ཞེས་དང། ཉེ་བརྒྱུད་རྡོ་རྗེ་འཆང། ནག་པོ་ཆེན་པོ། པདྨ་ཐོད་ཕྲེད་གཉན་ལོ། ར་ཤག་ཅེས་འདྲེན་པར་འདུག་གོ། གཞན་ཡང་གཉན་ལོས་ཀུ་རུ་ཀུལླེའི་སྒྲུབ་སྐོར་རྣམས་གཏེར་ནས་གདན་དྲངས་པའི་ལོ་རྒྱུས་ནི། དེ་ཡང་ཁོང་གི་ཐུགས་བསམ་ལ། ལོ་ཙཱ་ལ་དེ་བས་མཁས་པ་མེད་དེ་རྒྱ་མཚོའི་མཐའི་སྐད་དང་ཡི་གེ་ཚུན་ཤེས། པཎྜི་ཏ་འབུམ་ཕྲག་གསུམ་པ་ལས་མཁས་པ་མེད་དེ་གཞུང་འབུམ་ཕྲག་ཐུགས་ལ་མངའ་བ་ཡིན། འོན་ཀྱང་སྦྱན་དྲངས་པ་ལ་ཡོ་བྱད་ཀྱིས་རྔོ་མི་ཐོག་པས། ཐབས་ཀྱིས་གདན་དྲངས་པར་བྱའོ་སྙམ་དུ་དགོངས་ནས་སྒྲོལ་མ་ལ་གསོལ་བ་བཏབ་པས་རྨི་ལམ་དུ་བུད་མེད་དམར་མོ་གཅིག་བྱུང་ནས། རྡོ་རྗེ་གདན་གྱི་བྱང་ཕྱོགས་ལྷ་མོ་ཀུ་རུ་ཀུ་ལླེའི་ལྡེར་བཟོའི་འོག་ན་དེའི་སྒྲུབ་ཐབས་ཡོད་པས་ཐོན་ལ་ཉམས་སུ་ལོངས་ཤིང་གསུངས། དེ་ལྟར་བྱས་པས་བུད་མེད་དབང་དུ་སྡུད་ཐབས་ཤིག་ལས་མ་བྱུང། པཎྜི་ཏ་དབང་དུ་བསྡུ་དགོས་པ་ལ་འདིས་མི་ཕན་སྙམ་ནས་ཡང་གསོལ་བ་བཏབ་པས། ཡང་མནལ་ལམ་དུ་སྒྲོལ་མའི་ཞལ་ནས་དེ་པས་ཀྱང་གཏོང་རིང་དུ་བྲུས་དང། དེ་ན་རལ་གཅིག་མའི་ལྡེར་བཟོ་སོ་ཕག་ལས་བྱས་པའི་ཁྲུ་གང་པ་གཅིག་ཡོད། དེའི་འོག་ནས་ཡོད་གི་གསུངས། ཡང་དེ་བཞིན་དུ་བྱས་པས་དངུལ་གྱི་གའུ་ཁ་སྦྱར་ཞིག་གི་ནང་ནས་དངུལ་གྱིས་བྲིས་པའི་རྒྱལ་པོ་བཙུན་མོ་དག་བཅས་པ་དབང་དུ་སྡུད་པའི་ཐབས་ཤིག་(སྨད་ཆ།༣)ལས་མ་བྱུང། འདིས་ཀྱང་མི་ཕན་པཎྜི་ཏ་དབང་དུ་བསྡུ་དགོས་སྙམས་ནས་གསོལ་བ་བཏབ་པས། ཡང་མནལ་ལམ་དུ་སྒྲོལ་མ་བྱོན་ནས་ནུབ་གསུམ་དུ་ང་ལ་གསོལ་བ་ཐོབ་ལ། སྔར་གྱིས་དེའི་འོག་ནས་གཏིང་རིང་དུ་བྲས་དང། ལྷ་མོ་དུད་སོལ་མ་མཆེ་བ་གཙིགས་པ་འདྲ་བ་ཞིག་ཡོད་ཀྱི། དེ་ལ་འཇིགས་པ་མེད་པར་ང་ལ་གསོལ་བ་ཐོབ། ༀ་བཛྲ་མཎྜལ་བྲུཾ་མུཾ། སངས་རྒྱས་ཆོས་དབྱིངས་རྣམ་པར་གཤེགས། བདེ་སྡུག་ལྟོག་པ་མི་མདའ་བས། གང་ཡང་ཁྱོད་ལ་གོས་པ་མེད། སླར་ཡང་གཟུགས་སྐུའི་འགྲོ་དོན་མཛོད། ཅེས་སྨོས་ལ། མི་རྐང་གི་ཚལ་པ་དྲི་བཟང་གི་ཆུས་བྱུག་ལ་ལྷ་མོའི་ནུས་མ་གཡོན་པའི་སྟེང་ན་ཡི་གེ་ཧྲཱི༔ གཅིག་ཡོད་ཀྱི་དེ་ཆག་པར་བརྐོས་ལ་ལྷ་མོས་སྦྱི་བོར་ཞོག། དེའི་ཤུལ་དུ་བརྐོས་ལ། དེ་ནས་ཕྱུང་པ་ལྟར་གྱིས་དེ་ཐོན་པ་དང་ལྟས་དང་ཚོ་འཕྲུལ་སྣ་ཚོགས་འོང་བས་ང་ལ་དེའི་དུས་སུ་མོས་གུས་ཀྱིས་གསོལ་བ་ཐོབ། ལྷ་མོ་མགོ་ཐོག་ཏུ་སོང། གོས་མགོ་འཇུག་བཟློག་ལ་གྱོན་ལ་ཕྱིར་ནུད་བྱེད་ཅིང་ངག་ཏུ་ཧྲིད་ཧྲིད་ཞེས་ཟེར་གྱིན་ཤོག། དེ་ལྟར་བྱས་ན་འཁོར་ལོ་ལུས་ལ་བཅངས་པ་ཙམ་གྱིས་དབང་དུ་འདུ། དེ་ནས་ཤུལ་དུ་ང་བྲེང་སྟེ་འོང་དེ་དུས་ལྷ་འདྲེས་བར་ཆད་འོང་བས། པཎྜི་ཏ་ཕྲག་དོག་ཅན་རྣམས་ཀྱི་ངན་སྔགས་བྱས་ནས་བསད་དུ་འོང་བས་ཐོན་བྱ་དགོས། དེ་ལྟར་གྱིས་གསུངས་པ་ལྟར་བྱས་པས། དཔལ་མོ་གསེར་གྱི་སྙིང་ཐག་ཅན་གྱི་སྒྲུབ་སྐོར་གཏེར་ནས་ཐོན། བསྙེན་སྒྲུབ་བྱས་པས་པཎྜི་ཏ་་་་་་་་གསུམ་པ་དབང་དུ་གྱུར་ནས་བོད་དུ་གན་དྲངས་པའི་ལོ་རྒྱུས་ཡོད་ལ། སྒྲུབ་སྐོར་དེ་ཉིད་དེང་སང་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་གྱི་དམར་ཆུང་སྐོར་གསུམ་གྲགས་པའི་ཡ་གྱལ་དེ་ཡིན་ནོ། །(སྨད་ཆ།༤)ཡང་ཨོ་རྒྱན་པདྨ་བདག་འདྲ་ཡིས། བོད་ཡུལ་དབུས་སུ་བསམ་ཡས་བཞེངས་གསོལ་མཆིས། བོད་ན་དམ་ཚིག་བསྲུང་བའི་མི་མེད་ནས་དམ་པ་མི་གནས་བློན་པོ་གདུག་པ་ཆེ། དྲག་སྔགས་ཅོག་བརྡུད་ཐུགས་ཀྱི་རེག་གཅོད་འདི། བོད་དུ་མ་སྦེ་བལ་པོའི་ཡུལ་དུ་ཁྱེར༔ ལན་ཅིག་ཆོས་འཁོར་འཇིགས་པ་བན་གདགས་ཕྱིར༔ དཔེ་གཅིག་བོད་ཀྱི་ཡི་གེར་བསྒྱུར་ནས་ནི། པུ་དུན་རྩེ་ཡི་ལྷ་ཁང་དེ་རུ་སྦས། ཞེས་གསུངས་པ་ལྟར། གཏེར་སྟོན་གཡས་བན་ཡ་བོན་གྱིས་བྱང་པྲ་དུན་རྩེའི་ལྷ་ཁང་ནས་རླུང་འཁོར་སྲོག་གི་སྦུ་གྲི་སོགས་གཉན་ལོ་དང་དུས་མཚུངས་སུ་བྱོན་པར་སྣང་ངོ། ཡང་གཏེར་སྟོན་བལ་པོ་ཨ་ཧཱུྃ་ཞེས་པས། སྦ་གྲོ་བཅལ་གྱི་བྲག་དམར་ནས་ཛམ་ནག་སྲོག་གི་འཁོར་ལོ་རེག་པས་ནོར་བསྡུད་བཅས་ཚོག་ཡིད་བཞིན་ནོར་བུ་མི་ནོར་ཟས་གསུམ་དབང་དུ་བསྡུའི་བའི་མན་ངག་ཟབ་ལོ་དང། དགོས་འདོད་མ་ལུས་འབྱུང་བ་གླང་པོ་ཆེ་ལ་ནོར་བསྲུང་བ་ཟས་ནོར་རིན་ཆེན་ཆར་འབེབས་ཞེས་བྱ་བ་བཅས་ཆོག་མ་ཟས་སྦྲིན་ལྟར་བསྡུ་ཞིང་འབྱོར་བ་དམུ་ཡད་ཀྱི་མཆོ་དང་སྦྲོད་ཐབས་སོགས་གདམས་སྐོར་ཟབ་མོ་སྦྱན་དྲངས་སོ། གཏེར་སྟོན་འདིས་གདམས་སྐོར་རྣམས་དཔལ་དགའ་བོ་ལུང་བ་ལ་གནང་བས་སྔ་མོ་ཞིག་ཡིན་འདྲ། ཡང་གཏེར་སྟོན་གཙང་ཉང་རོ་བརྒྱ་བན་རྡོ་རྗེ་འོད་ཀྱིས་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕྲག་རིང་བྲག་མདའ་སྒྲོ་ཅན་ནས། སྨན་རྟག་ཏུ་ངུའི་བཅུད་ལེན་གྱི་སྐོར་མནོག་ཏུ་ཟབ་པའི་སྐོར་རྣམས་གཏེར་ནས་གདན་དྲངས་ཏེ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱི་གསན་ཡིག་ནང། དཀའ་(སྨད་ཆ།༥)བ་དུ་མས་བསྒྲུབས་པའི་དད་རྫས་དང། སྡུག་བསྔལ་ཉམ་ཐག་ཅན་གྱི་གཤིན་ཟས་དང། འབུལ་སྡུད་གཞགས་སློང་བརྐམ་ཆགས་ཅན་གྱི་ཟས། དེ་འདྲ་སྦངས་ནས་དབེན་པའི་བྲག་ཕུག་ཏུ། འདི་འདྲའི་འཚོ་བས་ལུས་འདི་བརྟས་བྱས་ནས། བསྐྱེད་རྫོགས་ཟབ་མོའི་ནོར་ལ་སྦྱོད་པར་ཤོག། ཅེས་གསུངས་པ་སྙིང་ལ་འཆང་བར་བྱའོ། གཏེར་སྟོན་ཟུར་མཁར་གྱི་ཨ་པོ་དཔལ་པོ་ཞེས་པས། མོན་བུམ་ཐང་ལྷ་ཁང་གི་ཀ་བ་ནས་བསོད་ནམས་མེ་ལྟར་འབར་བྱེད་གླང་པོ་སྟོབས་བསྐྱེད་མཁའ་འགྲོ་སྡེ་ལྔ་ལ་བརྟེན་པའི་བསྲུང་བཟང་མོ་དང། སྒྲགས་ཡང་རྫོང་ནས་ཡང་རྫོང་བསྟན་པའི་བསྲུང་བཟང་མོ་དང། སྒྲགས་ཡང་རྫོང་ནས་ཡང་མཆིམས་ཕུའི་དགེའུའི་བྲག་ནས་ཇོ་མོ་ཡང་གྷ་བཟའ་མ་རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ་གྱི་སྒྲུབ་སྐོར་རྣམས་སྦྱན་དྲངས། གཏོར་སྟོན་སྔགས་འཆང་དབང་ཆེན་བཟང་པོས། བྱང་པྲ་དུན་རྩེའི་ཀ་གཞུག་ནས་སྦུ་གྲི་ནག་པོ་དྲང་སོང་ཁྱབ་འཇུག་ལ་དགྲ་པོ་ཟས་སུ་གཏོད་པའི་གདོང་གཏང་ཀྱི་སྐོར་རྣམས་བཏོན། གཏེར་སྟོན་སྐྱེས་བུ་ཟངས་གླིང་དབང་ཕྱུག་གིས་འཇམ་ལ་དགྲ་བོ་ཟས་སུ་གཏོད་པའི་གདོང་གཏད་ཀྱི་སྐོར་རྣམས་བཏོན། གཏེར་སྟོན་སྐྱེས་བུ་ཟངས་གླིང་དབང་ཕྱུག་གིས་འཇམ་དཔལ་གཤིན་རྗེའི་ལས་མཐའ་གཏད་རུལ་གྱ་གདམས་པ་ཟབ་མོ་ཞིག་གཏེར་ནས་ཐོན་ཅིང། གཏེར་སྟོན་སྦུར་པོ་བྱའུ་མགོན་གྱི་ས་བུམ་ཐང་དགེ་གནས་ལྷ་ཁང་གི་ཁྲོ་བ་རྟ་མགྲིན་གྱི་མཚན་ལ་ནས། ཇི་སྐད་དུ། པདྨ་འབྱུང་གནས་བདག་གིས་ཀྱང། ཕྱི་རབ་བསྟན་པ་བསྲུང་ཆེད་དུ། སྲོག་མཆན་ནག་པོའི་འཁྲུལ་འཁོར་འདི། རྟ་མགྲིན་རྒྱལ་པོ་ཉིད་ལས་སྦས། ལས་འཕྲོ་ཅན་དང་འཕྲད་པར་ཤོག། ཅེས་གསུངས་པ་ལྟར་སྲོག་མཆན་ནག་པོ་བུམ་ཐང་(སྨད་ཆ།༦)མའི་སྐོར་རྣམས་བཏོན་ཅིང་ལྷ་བཙུན་རིན་ཆེན་རྒྱལ་མཚན་གྱིས་གསན་ནས་དར་རྒྱས་སུ་གྱུར། གཏེར་སྟོན་ཡང་བོན་རི་ཁྲོད་པ་སེང་གེས་ལྷོ་བྲག་མཁོན་མཐིང་ལྷ་ཁང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བསྟན་དགྲ་ཚར་གཙོད་པའི་རྒྱལ་བའི་བཀའ་མཐུ་ཁྱད་པར་ཅན་གྱི་སྐོར་ངོ་མཚར་ཆེ་བ་སྦྱན་དྲངས་སོ། ཡང་གཏེར་སྟོན་ལྕང་སྨན་དྲང་སྟོན་དོན་གྲུབ་དར་གྱིས་གཉམ་སྨད་བྲག་ནག་མདའ་སྒྲོ་ནས་མཚོན་ཆ་ལས་ཀྱི་འཁོར་ལོ་རྒྱའི་དུག་མཚོ་ཁོལ་མ་ཕུང་འདྲི་ངན་ཐབས་ཀྱི་རྒྱུད་ཆེན་པོ་གསལ་ཤིང་ནག་པོ་ལས་རང་གཞན་བསྲུང་ཞིང་གསོ་བྱེད་ཀྱི་བཅུ་ཕྱུང་བ་བདུན་ཙི་འཆི་གསོས་རྟ་རི་མའི་སྦྱོར་སྡེ་ཁོལ་དུ་ཕྱུང་བའི་སྐོར་རྣམས་གདན་དྲངས་སོ། དེ་དག་རྣམས་ནི་ལྔ་པ་རིན་པོ་ཆེའི་གསན་ཡིག་ཏུ་འབྱུང་ལ་གཞན་ཡང་སྦྲུལ་པའི་སྐུ་རྡོ་རྗེ་གླིང་པའི་ཞལ་སློབ་གཏེར་འབྱུང་འབྱིན་པའི་གཏེར་སྟོན་ཉེར་གཅིག་གསུངས་པའི་གྲངས་པའི་གྲས་ཀྱི་གཏེར་སྟོན་ཨོ་རྒྱན་བཟང་པོ་ཞེས་པ་ནི། མོན་བུམ་ཐང་གི་ཆོས་སྐོར་བདེ་ཆེན་སྟོང་དུ་འཁྲུངས། རྫོགས་ཆེན་གསལ་བའི་མེ་ལོང་དང། ཚེ་སྒྲུབ་བདེ་གཤེགས་འདུས་པ་སོགས་སྦྱན་དྲངས། ཨོ་རྒྱན་ཆེན་པོའི་ལུང་བསྟན་ལྟར་བུམ་ཐང་སྡེ་བཞིར་བདེ་སྐྱིད་འབྱུང་པའི་རྟེན་འབྲེལ་དུ་སྐུ་རྗེས་ལྷ་ཁང་ལ་ཞིག་གསོས་དང། བཀའ་བརྒྱད་ཀྱི་དཀྱིལ་འཁོར་བློས་བསླངས་བཞེངས་དགོས་པའི་ལུང་བསྟན་ཡོད་པར། དཀྱིལ་འཁོར་བཞེངས་ཚུལ་ལ་དགོས་གནས་འགའ་ཞིང་བྱུང་བ་ཐེ་ཚོམ་སེལ་ཕྱིར་ཨོ་རྒྱན་ཆེན་པོར་དོགས་གཙོད་ཞུ་དགོངས་ནས། སྐུ་ལུས་ཉེ་གནས་ལ་བཅོལ་གདམ་བྱས་ནས། རྗེ་ཉིད་(སྨད་ཆ།༧)བྱ་རྒོད་ཀྱི་རྣམ་པས་ཟངས་མདོག་དཔལ་རིར་ཕེབས། ཨོ་རྒྱན་ཆེན་པོར་དོགས་གཅོད་ཞུས་ནས་ཚུར་ཕེབས་པའི་བར་ལ་ཞག་བདུན་འགྱངས་པས། ཉེ་གནས་ཀྱི་སྦུར་ལས་དབུ་ཐོད་ཞུས་ནས་སྐུ་ལུས་ཆུད་གསོན་ཚར་བ་དང་འགྲིགས་པས་ཐབས་མ་རྙེད་ནས། མོན་ནུབ་ཀྱི་ཕྱོགས་སུ། སྐུ་རྟེན་ཚོལ་དུ་བྱོན་པས་མོན་ཚ་འོག་ཟེར་བའི་ཡུལ་ན་བུ་མོ་ཤི་མ་ཁད་ཞིག་གི་རོ་ལ་གྲོང་འཇུག་མཛད་པར་རྒོད་ཕུར་འཕྲོ་ལ་འགྱེལ། བུ་མོའི་རོ་འགུལ་བྱུང་བ་ན་ཀུན་གྱིས་རོ་ལངས་སུ་དོགས་ནས་བྲོས་པའི་ཚེ། རོ་ལངས་མིན་ཚུལ་དང་སྔར་གྱི་ལོ་ཐམས་ཅད་ཞིབ་པར་གསུངས་པས་ཀུན་ཡིད་ཆེས་ཤིང་ངོ་མཚར་དུ་འཛིན། དེ་ནས་སླར་ཡང་སྐུ་རྗེས་ལྷ་ཁང་དུ་ཕེབས་ནས་ཤོག་སེར་རྣམས་ཕབ། ལྷ་ཁང་ཞིག་གསོས་ཀྱང་མཛད། འོན་ཀྱང་སྐུ་རྟེན་དམན་པས་བཀའ་བརྒྱད་དཀྱིལ་འཁོར་བློས་བསླངས་བཞེངས་པ་མ་གྲུབ། ལྷ་ཁང་གི་ཐོག་ཁའི་གནམ་རྒྱན་ལ་དཀྱིལ་འཁོར་བྲིས་པ་ད་ལྟའང་ཡོད། འགྲོ་དོན་ཀྱང་ཆེར་བྱུང་སྟེ་ངོ་མཚར་ཆེ་བ་ཞིག་ཏུ་འཛིན་ནོ། གཏེར་སྟོན་འགོས་པདྨ་ཞེས་པ་འདི་འཁྲུངས་ཡུལ་སོགས་མ་ངེས་ཀྱང། ལྷ་མོ་བུ་རྗི་མ་དང། མགོན་པོ་བུ་རྗིའི་སྐོར་དང། དུས་ཀྱི་འཁོར་ལོའི་ཆོས་སྐོར་སོགས་གདན་དྲངས། གཏེར་སྟོན་མགོན་པོ་རིན་ཆེན་ནི། ལྷ་སྲས་ཀྱི་སྲས་མོ། ལྟ་ལྕམ་ལེགས་བཞེས་ཀྱི་སྐྱེ་བ་ཡིན་ལ། ལོ་ཆུང་ལེགས་པའི་ཤེས་རབ་དང། ར་ཤག་གཏེར་སྟོན་སོགས་སྟོན་སོགས་ཀྱི་སྐྱེ་བའི་མཐར། རང་གཏེར་ལས། སྔོན་གྱི་སྨོན་ལས་དབང་གིས་ནི། གཏམ་ཤུལ་ཞེས་པའི་ས་ཕྱོགས་སུ། རིགས་ནི་རྗེ་རིགས་མགོན་པོ་གཅིག། ཇོ་མོ་རྩེ་མོ་བསླབ་སྡོམ་གཙང་བ་དང་།(སྨད་ཆ།༨)མཁའ་འགྲོས་བཀས་གནང་གསང་སྔགས་ཆོས་ཀྱི་བདག། དགེ་བའི་ཁ་འཛིན་བྱང་སེམས་ལྡན་པ་ཅིག། འགྲོ་དོན་འགྲོ་བ་མཐའ་དག་འདུལ༔ དཀོན་མཆོག་ཞབས་ཏོག་དམྱལ་བའི་ཁ་ཡང་གནོན༔ དེ་ལ་མཐོང་ཐོས་དྲན་རེག་ཡོན་ཏན་ཡོད༔ ཞེས་གསུངས་ནས་ལུང་གིས་བསྟན་པ་ལྟར༔ ལྷོ་བྲག་གཏམ་ཤུལ་གྱི་ཕུར༔ ཡང་སྲི་ཐར་རྡོ་རྗེ་དང། ཡུམ་འཛུམ་སྐྱིད་ཞེས་པའི་སྲས་སུ་འཁྲུངས། རུས་ཤུང་བུ་ཡིན། ཆུང་དུ་ནས་ཆོས་ཀྱི་བག་ཆགས་སད་དགུང་ལོ་བཅུ་གསུམ་པ་ལ་མཁན་ཆེན་ཕྱག་རྡོར་བ་མཇལ། ཆོས་མང་དུ་གསན། གཞན་ཡང་དབུས་གཙང་དང་ལྷོ་སྟོད་སྨད་རྣམས་སུ་བླ་མ་མང་པོ་བསྟེན་ཅིང་ཆོས་ཀྱི་ཉམས་ལེན་དང། དཀའ་སྦྱད་དཔག་མེད་མཛད། བུམ་ཐང་བྲག་ནས་གཏེར་གྱི་ཁ་བྱང་རྙེད་ཀྱང་གཉེར་གནས་མ་བརྙེད་ནས་ཡུན་རིང་པོར་ལུས་ཏེ། དེ་ཡང་གཏེར་སྟོན་ཉིད་ཀྱི་གསུང་ལས། ས་བྱའི་ལོ་ལ་ཟངས་ཡག་ལྡེ་མིག་བརྙེད། ལོ་མང་བར་དུ་ཟངས་ཡག་གཏེར་དང་མཇལ། འབྲུག་གི་ལོ་ལ་མཁའ་འགྲོའི་བྱིན་གྱིས་བརླབས། ཆུ་གླང་ལོ་ལ་ཟངས་ཡག་མཆོད་ཁང་བཞེངས། ཞེས་གསུངས་ལས་ཤེས་ཏེ། མོན་མཚོ་སྣའི་རོང་གི་ཟངས་ཡག་བྲག་ནས་རྫོགས་ཆེན་པདྨ་སྙིང་ཐིག་སོགས་ཆོས་ཀ་མང་པོ་གདན་དྲངས། གཞན་ཡང་མཁར་མོ་ཟུར་སོགས་ནས་ཀྱང་ཟབ་གཏེར་མང་དུ་ཐོན། རྡོ་ལ་ཕྱག་ཞབས་ཀྱི་རྗེས་འཇོག་པ་སོགས་གྲུབ་པའི་རྟགས་མཚན་བསམ་མི་ཁྱབ་པ་མངའ། གཏེར་ཆེན་རརྣ་གླིང་པས་ཀྱང་གཏེར་སྟོན་འདི་ལས་ཆོས་མང་དུ་གསན། དད་འདུས་ཀྱི་སློབ་མ་རྣམས་ལ་བཀའ་ལུང་དང། དབང་ཁྲིད་(སྨད་ཆ།༩)བསྐྱང་བ་དང། ཡུལ་ཁྲིམས་ཀྱི་བདུན་མ་མཛད་པ་དང། སྨན་སྦྱིན་བཏང་བ་སོགས་གང་ལ་གང་ཕན་གྱི་ཐབས་དུ་མས་ལྷོ་བྲག་སྟོད་སྨད་མཚོ་སྣ་གྲུ་ཤུལ་རྣམས་སུ་འགྲོ་ཕན་གྱི་ཕྲིན་ལས་རྒྱ་ཆེར་སྐྱོང་པར་མཛད་དོ། དཔོན་བརྒྱུད་རྣམས་གྲུ་ཤུལ་ཕྱོགས་ན་ཡོད་པར་སྣང་ངོ། གཏེར་སྟོན་འདི་ཐང་ཡིག་ནས་བསྟན་པའི། གུ་རུ་ཇོ་རྩེ་དེ་ཡིན་པར་བྱེད་པའང་ཡོད་དེ་གཏེར་གནས་ཟངས་ཡག་བྲག་ཅེས་པ་འདི། བོད་ཡུལ་འདིར་ཟངས་ཡག་བྲག་གསུམ་ཙམ་སྣང་སྟེ། གཅིག་ནི་དབུས་ཀྱི་ཟངས་རི་ན་ཡོད་ཟེར། གཅིག་ནི་སྐྱིད་སྨད་བུར་ཤངས་རྡོ་ཡི་ཐད་ཀྱི་གུ་རུ་ཇོ་ཙེ་རི་གཏེར་ནས་དེ་དང། གཅིག་ནི་ད་ལྷའི་མོན་མཚོ་སྣའི་རོང་གི་གཏེར་གནས་འདི་དང་གསུམ་ཡིན་འདིར་གཏེར་གནས་ཟངས་ཡག་ཅེས་པའི་མིང་དང། གོང་གི་གཏེར་ལུང་དུ། ཇོ་མོ་ཙེ་མོ་བསླབ་སྡོམ་གཙང་པ་དང། ཞེས་པའི་ཚིག་སྒྲས་བསྟན་པར་བཞད་མོད་ཀྱི། ཐང་ཡིག་གི་ལུང་བསྟན་དེ་ཡང་མཐའ་གཅིག་ཏུ་འཛིན་པའི་ངེས་པའང་མེད་དེ། ལུང་བསྟན་གཅིག་གིས་གང་ཟག་མང་པོ་ལུང་བསྟན་པའང་ཡོད་པས། ལུང་བསྟན་གཅིག་གིས་གང་ཟག་མང་པོ་ལུང་བསྟན་པའང་ཡོད་པས། དེས་ན་འདི་ཡང་དེ་འདྲའི་རིགས་ཡིན་པར་སྣང་ངོ། དགུང་ལོ་ལྔ་བཅུ་ང་གྲངས་ཙམ་ལ་ཟབ་གཏེར་བཞེས་ནས་དགུང་ལོ་བརྒྱད་ཅུ་གྱ་བཞི་པ་ཆུ་རྟ་ལ་གཤེགས་སོ། གཏེར་སྟོན་འདི་ལ་ཤུད་སུ་ཆོས་གྲགས་ཀྱང་ཟེར་ཏེ་མཚན་གྱི་རྣམ་གྲངས་སོ། གཏེར་སྟོན་རང་བྱུང་ཡེ་ཤེས་ཀྱི་ལྷོ་བྲག་མཁར་ཆུ་ནས། ཐུན་མོག་ལས་ཚོགས་ཀྱི་སྐོར་མང་པོ་སྦྱན་དྲངས། གཏེར་སྟོན་བསེ་བན་ཉི་མའི་སྙིང་པོའི་ཟ་ཡིག་བཀའ་རྒྱ་མ་སོགས་ཟ་ཡིག་དང་བསྲུང་བའི་སྐོར་འགའ་ཞིག་གཏེར་ནས་བཏོན་ནོ། །(སྨད་ཆ།༡༠)གཏེར་སྟོན་རིན་པོ་ཆེ་ཡོངས་འཛིན་ངག་དབང་གྲགས་པ་ནི། སྦ་གྲོ་ཀུན་བཟང་གླིང་དུ་ཀུན་མཁྱེན་ཀློང་ཆེན་པའི་གདུང་བརྒྱད་དུ་འཁྲུངས། རྫོགས་པ་ཆེན་པོ་ཆོས་ཉིད་དགོངས་པའི་ཚལ་རྫོགས་ཤིང་རང་སྣང་རིས་མེད་དུ་ཤར་བས་ནམ་མཁའ་ལ་འཕུར་བ་སོགས་རྫུ་འཕྲུལ་དང་གྲུབ་རྟགས་བསམ་གྱིས་མི་ཁྱབ་པ་མངའ་བ་དེས། གུ་རུ་དྲག་པོ་དམར་ནག་མེ་ཕྲེད་ཀྱི་སྐོར་ཞིག་གཏེར་ནས་སྦྱན་དྲངས་ཤིང། ཡང་པདྨ་གླིང་པའི་ཐུགས་སྲས་ཟླ་བ་རྒྱལ་མཚན་དང་ལྷན་ཅིག་ཏུ། བྲག་པདྨ་གླིང་པའི་ཐུགས་སྲས་ཟླ་བ་རྒྱལ་མཚན་དང་ལྷན་ཅིག་ཏུ། བྲག་ཕུག་མར་ཏི་ཀ་ཞེས་པ་ནས། རྡོའི་བུ་པ་བ་རུ་ར་ཙམ་ཞིག་གི་ནང་ཚེ་ཆུའི་གོང་བ་ཞིག་སྦྱན་དྲངས་ནས་དབུས་གཙང་གིས་སྐལ་ལྡན་རྣམས་ལ་འགྲོ་དོན་དུ་སྦེལ་གཙོ་ཆེ་བ་ཞིག་ཏུ་འཛིན་ནོ། གཏེར་སྟོན་གདོང་དཀར་ལ་ཁ་བ་ནི། ལྷ་ལྕམ་ནུས་འབྱིན་ས་ལེའི་གཡོག་མོ་གསལ་བའི་སྒྲོལ་མ་ཞེས་པའི་སྐྱེ་བ་ཡིན། ལྷ་སྦ་གྲོའི་ཕྱོགས་སུ་འཁྲུངས། ཉང་རོ་རྩིས་གནས་གསར་གྱི་བྱང། བྲག་དམར་གཏེར་ཁུང་གི་གནས་ནས་རྫོགས་ཆེན་སྦྱི་ཏིའི་སྐོར་རྣམས་གདན་དྲངས་ཤིང། གནས་གསར་ཡུམ་ཆེན་མའི་སྐུ་རྒྱབ་ནས་དམ་རྫས་སྐྱེ་བདུན་གྱི་རིལ་བུ་བྱ་མ་སར་གྱི་སྒོ་ང་ཙམ་པ་དྲུག་གཏེར་ནས་བཞེས། ལྷོ་སྦ་གྲོ་ནས་ཀྱང་གཏེར་ཁ་མང་དུ་བཞེས་པར་མཛད་ནས་ལྷོ་རྒྱུད་དང། ཉང་ཤབ་རྟ་ནག་རྣམས་སུ་འགྲོ་དོན་རྒྱ་ཆེར་མཛད་ཅིང། སླར་ཡང་གཏེར་སྟོན་ཉིད་སྐུ་སྐྱེ་དང་གདུང་སྲས་སྐལ་ལྡན་རྡོ་རྗེ་བྱ་བས་ཀྱང་འགྲོ་དོན་མཐའ་ཡས་པར་མཛད་དོ། གཏོར་སྟོན་སྟག་ལུང་པ་སངས་རྒྱས་དཔོན་པོ་ནི་སྟག་ལུང་ག་ཟིའི་གདུང་ལས། ཁམས་ཀྱི་གཡང་ཤོད་བོད་ར་སྟེང་དུ་འཁྲུངས། སྟེ་བ་(སྨད་ཆ།༡༡)བཅད་པས་པི་ཝང་ལྟ་བུའི་སྒྲ་ལས་ཆོས་ཀྱི་ཚིག་བཅད་མང་པོ་བྱུང། མཚན་དཀོན་མཆོག་སྲས་སུ་གསོལ། དགོང་ལོ་བཞི་ནས་དབུས་སུ་གདན་དྲངས། རབ་ཏུ་བྱུང་མཚན་གྲགས་པ་དཔལ་འོད་ཟེར་བཟང་པོར་གསོལ། དགུང་ལོ་ཉི་ཤུ་ལ་མཁན་པོ་དགའ་ལུང་པ་ལ་སྙེན་པར་རྫོགས་སྨད་ཁམས་སུ་ཕེབས་ནས་དཔལ་རི་བོ་ཆེའི་དགོན་སྡེ་བཏབ། ལྷ་ཁང་སོགས་ཕྱག་རྗེས་ཆེ། རྗེ་འདིའི་གཙང་གི་བྲག་རྒྱ་བོ་དགུ་འདུས་ཞེས་པའི་ཟུར་ཆུང་པའི་སྒྲུབ་གནས་དེ་ནས། གུ་རུ་རྩ་གསུམ་སྒྲུབ་སྐོར་དང། སློབ་དཔོན་རིན་པོ་ཆེའི་ཕྱག་མཚན་རྡོར་དྲིལ་སོགས་གཏེར་ནས་བཞེས་རྡོར་དྲིལ་འདི་ཀོང་སྟོད་གཙང་པོ་མགོ་དབུའི་སྒྲུབ་སྡེའི་གཏེར་ནས་བཞེས་རྡོར་དྲིལ་འདི་ཀོང་སྟོད་གཙང་པོ་མགོ་དབུའི་སྒྲུབ་སྡེའི་ནང་རྟེན་དུ་ཕྱི་མོ་བར་ཡོད། གཞན་ཡང་གཏེར་གྱི་བཀའ་བབས་བྱུང་ཚུལ། ཁྱད་པར་གཤིན་རྗེ་དགྲ་ནག་ཐོན། མགར་རྫོང་བྲག་ནས་བཅུ་གསུམ་བཏོན། ལུང་མོའི་རྫ་ནས་བུམ་པ་པ་བཏོན། དབུ་རྩེ་སྣང་བའི་རོལ་པ་དང། མགོན་པོ་ར་བ་ལྔ་ལོག་རྫོང། དེ་སོགས་ནས་གཏེར་ཆོས་མང་དུ་ཐོན། ཞེས་འབྱུང་ངོ། ཡང་གཏེར་སྟོན་ཀུན་དགའ་བཟང་པོ་ནི། ལྷོ་བྲག་ཏུ་འཁྲུངས། ཤངས་ཟབ་བུ་ལུང་ནས་ཟབ་ཏིག་སྐོར་ལྔའི་གདམས་སྐོར་རྣམས་གདན་དྲངས་པར་མཛད། ཡང་གཏེར་སྟོན་ཁམས་པ་འབྲུག་སྒོམ་ཞིག་པོ་ཞེས་པས་ཀྱང་རྟ་མགྲིན་ནག་པོའི་ཆོས་སྐོར་ཞིག་གཏེར་ཐོན་ཞིང། འདིའི་གདུང་རྣམས་དེང་སང་ཕན་ཚོད་ཆ་ཡོད། གཏེར་སྟོན་ཆ་ཡོད། གཏེར་སྟོན་ལང་པོ་ལྕག་སྡེ་བ་སྔགས་འཆང་བཀྲ་ཤིས་ཚེ་བརྟན་གྱིས་(སྨད་ཆ།༡༢)སྒྲུབ་གནས་ཟངས་མདོག་དཔལ་རི་ཞེས་པ་ནས་བླ་སྒྲུབ་ཟབ་མོ་ཞིག་གི་ཆོས་སྐོར་རྣམས་བརྟོན། འདི་འཇའ་ཚོན་པ་དང་དུས་མཉམ་ཡིན། གཏེར་སྟོན་གཉིས་སོ་སོའི་ཆོས་བདག་ཡིན་པས་ཆོས་རྣམས་གསན་རེས་མཛད། སྟོན་གཉིས་སོ་སོའི་ཆོས་བདག་ཡིས་པས་ཆོས་རྣམས་གསན་རེས་མཛད། གཏེར་སྟོན་མཆོག་ལྡན་རྡོ་རྗེ་ནི། རྒྱ་ཤོད་ལ་གོང་ཞེས་པར་ཤིང་ཕོ་སྟག་གི་ལོ་ལ་འཁྲུངས། རྒྱ་སྟོན་བློ་བཟང་གྲགས་པ་ལས་རབ་ཏུ་བྱུང། མཁྱེན་པ་དང་གྲུབ་རྟགས་བསམ་གྱིས་མི་ཁྱབ་པ་མངའ། བྱར་ཁྲི་པོན་གྱིས་མེར་བསྲེགས་རྟགས་བསམ་གྱི་མི་ཁྱབ་པ་མངའ། བྱར་ཁྲི་དཔོན་གྱིས་མེར་བསྲེགས་ཀྱང་གནོད་པ་མ་ནུས། ཨོ་རྒྱན་ཆེན་པོ་ལན་མང་དུ་མཇལ་ནས་ལུང་བསྟན་པ་ལྟར་ཉང་པོ་བྲག་དཀར་ལྷ་ཆུ་ནས་རྫོགས་ཆེན་རྟ་མགྲིན་སྙིང་ཐིག་གི་ཆོས་སྐོར་རྣམས་སྦྱན་དྲངས། གཏེར་སྟོན་འདིའི་ཆོས་སྐོར་རྣམས་སྟག་ཤམ་པ་དང་ཆོས་རྗེ་གླིང་པ་སོགས་ཀྱི་ཐུགས་གཙིགས་ཆེར་མཛད་ནས་འཆད་སྦེལ་མཛད་ཚུལ་རྣམ་ཐར་ན་གསལ། ཡང་གཤིན་རྗེ་ཁྲོ་ཆུང་འབྲི་གུང་ལུགས་ཀྱི་བླ་བརྒྱུད་དུ་འབྱུང་བའི་ལྷ་གསུམ་བཟའ་བྱང་ཆུབ་དཔལ་མོ་ནི་ཡུལ་སོག་རོང་དུ་བྱུང་ཞིང། ནས་སོག་སོགས་སུ་འགྲོ་དོན་སྐྱོང། ལྷ་མོ་སྦྱང་ཞོན་མའི་སྒྲུབ་སྐོར་ཞིག་གཏེར་ནས་ཐོན་པར་གྲགས། འོན་ཀྱང་རྟེན་འབྲེལ་གཞན་དབང་དུ་གྱུར་པས་གཏེར་ཆོས་ཀྱི་འགྲོ་དོན་མ་བྱུང། སྐུ་ཚེའི་སྨད་ལ་ཀོང་པོར་བྱོན། སྦོ་བོར་ཡང་བྱོན་ཏེ་བཞུགས་ནས་སྒྲུབ་ཕུག་སོགས་ཡོད་ཚུལ་སྟག་ཤམ་པའི་གསུངས་ལས་འབྱུང། མངོན་སྦྱོད་ཀྱི་ལས་ལ་མཁས་ཤིང་ཁྱད་པར་གཤེན་རྗེ་ཁྲོ་ཆུ་ལ་མཁས་པས་དྲག་སྔགས་ཀྱི་ནུས་པ་ཐོན་པའི་མངོན་རྟགས་གསལ་བའི་ལོ་རྒྱུས་(སྨད་ཆ།༡༣)མང་ཡང་འདིར་མ་བྲིས། སྲས་ཤིག་ཡོད་པར་ཛྙ་ན་རརྣ་ཟེར་ཏེ་འདིས་ཀྱང་ཁྲོ་ཆུའི་ཡིག་ཆ་འགའ་ཞིག་མཛད་པར་སྣང། འདི་ཉིད་ཉི་མ་གྲགས་པའི་གཏེར་ལུང་དུའང་འབྱུང་ཞིག། ལྷ་བཙུན་སྔོན་མོ་ཡང་ཟེར་རོ་ཡང། ནག་ཤོད་དུ་གཏེར་སྟོན་མ་ཧཱ་བཛྲ་ཟེར་བ་ཞིག་བྱོན་ནས་སྲིང་མོ་རྫོང་གི་གནས་ཡིག་དང། གནམ་ལྕགས་རྡོ་རྗེ་དངོས་གཙང་ཞིག་གཏེར་ནས་བཏོད་པར་སྣང་ལ། གཞན་ཡང་གཏེར་ཆོས་དང་གཏེར་རྫས་འགའ་ཞིག་ཡོད་པར་གྲགས་ཀྱང་མཐར་གཏེར་སྟོན་དེ་ཉིད་གཏེར་བཞེས་པའི་དུས་ཤིག་རྟེན་འབྲེལ་གནད་དུ་མ་སོང་བའི་རྐྱེན་གྱི་སྐུ་གཤེགས་པར་གྲགས་འདི་རིག་འཛིན་འཇའ་ཚོན་སྙིང་པོའི་སྐྱེ་བ་གོང་མ་ཞིག་ཡིན་པར་གསུངས་སོ། གཏེར་སྟོན་སྐལ་ལྡན་རྡོ་རྗེ་ནི། གཏེར་ལུང་ལས། སོ་ཞེས་བྱ་བའི་ལུང་པ་རུ། ཀ་ཞེས་བྱ་བའི་སྐྱེས་བུ་འབྱུང། དེ་དུས་ང་ཡི་གཏེར་སྒོ་འདི། ཕྱེ་ནས་འགྲོ་དོན་མ་ཎི་འུར་རྒྱངས་འདོན། ཞེས་གསུངས་པ་དང་མཆུངས་པར། ཤམ་པོ་གདས་ནས་སྦྲུལ་སྐུ་སྐལ་ལྡན་རྡོ་རྗེའི་གཏེར་ཁ་དཔག་ཏུ་མེད་པ་ཞིག་གདན་དྲངས་ཤིང་སངས་རྒྱས་ཐོད་པའི་རྒྱུད་སྒྲུབ་ཐབས་སྐོར་དང། བདེ་མཆོག་གི་སྒྲུབ་སྐོར་སོགས་ཤོག་སེར་ཤོག་དྲིལ་བཅོ་བརྒྱད་ཙམ་དང། ཁྱད་པར་ལྷ་ཆེན་ཤམ་པོའི་ཐུགས་ཀྱི་བླ་མ་རྡོ་ཞེས་པ་ལྷ་ཀླུ་མིའི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་དུས་བཟང་རྣམས་སུ་འགའ་ཟུག་ཅིང་དར་གྱི་ཁ་དོག་ལེན་པ། དྲེད་མེ་སྟག་ཙམ་རྒྱུན་མི་ཆད་དུ་ཡོད་པ་ཞིག་དང། འཕྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་དབུ་ཐོད་སོགས་གཏེར་རྫས་ཀྱང་མང་དུ་གཏེར་ནས་བཞེས་ཏེ། ཆོས་བརྒྱུད་ཀྱང་དེང་སང་ཨེ་གཉལ་རྣམས་སུ་མ་ཆད་པར་(སྨད་ཆ།༡༤)ཡོད་དོ། གཏེར་སྟོན་འདི་འབྲོག་མི་དཔལ་ཡེ་ཤེས་ཀྱི་སྐྱེ་བ་ཡིན། གཏེར་སྟོན་པདྨ་རིག་འཛིན་ནི། སྦུ་བོར་ར་གཞི་ཞེས་པར་སྐུ་འཁྲུངས། མཚན་ཡང་ར་གཞི་གཏེར་སྟོན་དུ་གྲགས། བདུད་རི་གནས་ལྕགས་བྲག་ནས་གུ་རུ་ཞི་དྲག་གི་སྐོར་སོགས་གདན་དྲངས། བདུད་ལུང་སྟོབས་ལྡན་ནག་པོའི་པར་སྣང་ནས་བླ་མ་དགོངས་འདུས་གསུངས་སྒྲུབ་ནོར་བུ་པ་ཕྲེང་སྐོར་དང། གཞན་ཡང་སྒྲགས་ཡང་རྫོང། ལྷོ་བྲག་མཁར་ཆུའི་གནམ་སྐས་ཅན་ཟབ་བུ་ལུང་སོགས་ནས། སྦྱི་ཏི་བླ་མའི་རྫོགས་རིམ་སོགས་ཆོས་ཀ་མང་པོ་དང། དམ་རྫས་སྐྱེ་བདུན་པ་སོགས་མཛད། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དང་རྗེ་ཞཱ་དམར་བདུན་པ་སོགས་ལ་གཏེར་ཆོས་རྣམས་ཕུལ་ནས་ཆོས་བདག་ཏུ་མངའ་གསོལ། གཏེར་སྟོན་འདི་རིག་འཛིན་འཇའ་ཚོན་སྙིང་པོ་དང་དུས་མཚུངས་འཇའ་ཚོན་པའི་ཆོས་བདག་ཀྱང་ཡིན། རྩེ་ལེ་སྣ་ཚོགས་པདྨ་ལེགས་གྲུབ་ཏུ་གསོལ་ནས་ཁོ་རང་གི་གཏེར་ཆོས་འགའི་དབང་ལུང་ཀྱང་གཏེར་ཁ་འགའ་ཞིག་སྦྱན་དྲངས་ཟེར་ཏེ། བླ་མ་ཞང་ནི། སྐྱི་ཤོད་ཚ་བ་གྲུར། ཡབ་སྔགས་པ་རྡོ་རྗེ་སེམས་དཔའ་དང། ཡུམ་བཙུན་མ་པ་སངས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གཞོན་ནུ་ནས་མདོ་སྔགས་ཐམས་ཅད་ལ་སྦྱངས་ཤིང་གསན་བསམ་མཐར་ཕྱིན་པར་མཛད། དགུང་ལོ་བཅོ་བརྒྱད་བཞེས་དུས་ཕ་ཚན་གྱིས་བརྙས་པ་བྱས་པར་མངོན་སྦྱོད་(སྨད་ཆ།༡༥)ཀྱི་ཚར་བཅད། དེ་ནས་ཁམས་སུ་ཕེབས། དགེ་བའི་བཤེས་གཉེན་མཁར་སྦོ་བ་ལ་བསྙེན་པར་རྫོགས་བའི་མཚན་བཙོན་འགྲུས་གྲགས་པར་གསོལ། དཔལ་རྒ་ལོ་དགས་པོ་སྒོམ་ཚུལ་བླ་མ་འོལ་ཁ་བ་རྣམས་ལས་ཆོས་མང་དུ་གསན། སྒྲུབ་གནས་རི་ཁྲོད་མང་པོ་ཉམས་བཞེས་མཛད་པས། ཕྱག་རྒྱ་ཆེན་པོའི་དགོངས་པས་ཐུགས་ལ་འཁྲུངས། སྣང་སེམས་རོ་གཅིག་ཏུ་འདྲེས། རྟོགས་པ་ཀློང་དུ་གྱུར། གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་ཏེ། ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས་པ་དང། ཆུ་ལ་མི་བྱིང་བ་དང། རྡོ་དང་བྲག་ལ་ཕྱག་ཞབས་ཀྱི་རྗེས་མང་པོ་འཇོག་པ་དང། འཛམ་གླིང་བྱེ་བ་ཕྲག་བརྒྱར་བླ་མ་ཞང་རེ་རེ་བཞུགས་པར་སྟོན་པ་སོགས་རྫུ་འཕྲུལ་དང་གྲུབ་རྟགས་ལ་འདི་ཞེས་ཚད་བཟུང་མེད་དེ་བསམ་པའི་ར་བ་ལ་བརྒལ་བ་ཁོ་ན་སྟོན། ཚལ་གུང་ཐང་གི་གཙུག་ལག་ཁང་དང་རྟེན་གསུམ་རྒྱ་ཆེར་བཞེངས། དེའི་དུས་སུ་ཡོན་བདག་རྣམས་ལ་དགེ་བསྐུལ་དང་བསྐྱིད་དོམ་མང་པོ་མཛད། སླར་ཁྱེན་རྣམས་ཚོགས་རྫོགས་པའི་ཆེད་དུ་བླངས་པ་ཡིན་གྱི་ང་ལ་བསྐྱིན་པ་སྦྲོད་རྒྱུ་མེད་གསུངས། རི་རྒྱ་དང་ཀླུང་རྒྱ་བསྡོམ་པའི་ཁྲིམས་མཛད། ལོག་པར་འཁུ་བའི་རིགས་རྣམས་དམག་གིས་དཔུང་གི་སྦྱོར་བས་བཏུལ་ཞིང་གཡུལ་འཁྲུངས་པའི་ཚེ་གཡུལ་ཐོག་དེ་རང་དུ་ཕྱག་ཆེན་གྱི་རྟོགས་པ་འཁྲུངས་པའང་མང་པོ་བྱུང། སྦྱིར་ཡང་ཞལ་མཐོང་བ་དང། གསུང་ཐོས་པ་ཙམ་གྱིས་ལས་དང་སྐལ་བ་ལྡན་པ་དག་ལ་ཙོལ་མེད་དུ་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས་པ་ཡོད་ལ། གྲུབ་ཐོབ་ཆེན་པོ་འདི་བསྒྲགས་ཀྱི་གཡུ་བྲག་ནས་གཏེར་ཆོས་མང་དུ་སྦྱན་དྲངས་ཤིང། ལྷ་སའི་ཀ་བ་ཤིང་ལོ་ཅན་ནས་(སྨད་ཆ།༡༦)ཀྱང་གཏེར་ཁ་འགའ་བཞེས་པར་སྣང་ངོ། བཀའ་འབུམ་བཀའ་རྒྱ་མའི་ནང་དུའང་རྙིང་མའི་སྐོར་བོ་དྡྷི་སཏཱ་དང། བི་མ་མི་ཏྲ་དང། ཨོ་རྒྱན་ཆེན་པོ་རྣམས་ཀྱིས་རྗེ་ཉིད་ལ་དངོས་སུ་སྩལ་བའི་སྒྲུབ་སྐོར་མང་པོའང་ཡོད་པ་སོགས་ཀྱིས་འདིར་ཡང་ཐོར་ཙམ་སྨོས་པ་ཡིན་ནོ། དེ་ནས་དགུང་ལོ་བདུན་ཅུ་དོན་གཅིག་པ་ཆུ་མོ་གླང་གི་ལོ་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པར་མཛད་དོ། ཡང་ཆོས་ཚན་གསར་མར་གཏོགས་པ་འགའ་ཡང་སྐྱེས་ཆེན་འགས་གཏེར་དུ་བཞེངས་པ་མང་དུ་སྣང་སྟེ། དེ་ལ་ཁམས་བར་ལམ་སྡོམ་ཚང་དུ་སྐུ་འཁྲུངས་པའི་བླ་མ་ཇབ་རེ་ལོ་ཙཱ་བ་རིན་ཆེན་གྲགས་རྒྱ་གར་དུ་བྱོན། བླ་མ་རྡོ་རྗེ་གདན་པ་ལ་གཏུགས་ནས་ཤིན་ཏུ་མཁས་པར་གྱུར་ཏེ། མུ་སྟེགས་སྐལ་ལྡན་རྒྱལ་པོ་བྱ་བ་དང་རྩོད་པ་མཛད་པས། ལོ་ཙཱ་བ་རྒྱལ། མུ་སྟེགས་ཕམ་པ་ལས། ཞག་བདུན་ནས་འཆི་བའི་མཐུན་བྱེད་ཟེར་རོ། དེར་ལོ་ཙཱ་བ་སྐྲག་ནས་བླ་མ་ལ་ཞུས་པས་སྐྲག་མི་དགོས། རྡོ་རྗེ་གདན་གྱི་ཤོར་ཕྱོགས་ན། ཕ་ཝ་གཡག་འདྲ་བའི་འོག་ན། བསེའི་གའུ་ཞིག་ཡོད་དེའི་ནང་དངུལ་གྱི་གའུ་ཞིག་གི་ནང་དུ་གསེར་གྱི་ཡེ་གེ་འབྲུ་བཅུ་བཞི་མ་མཁའ་འགྲོའི་ཚེ་སྒྲུབ་ཅེས་ཀྱང་བྱ། བཙན་མཐུ་ནག་པོ་ཞེས་ཀྱང་བྱ། བྱད་མ་འབུམ་སྡུག་ཅེས་ཀྱང་བྱ་སངས་རྒྱས་སྟོང་གི་ཐུགས་བཅུད་སྔགས་པ་ཕུར་ཐོགས་སྟོང་དང་ཐུག་ཀྱང་བདེ་མོར་ཉལ་ཚོག་པའི་གདམས་པ་ཡོད་གསུངས་པས། ལོ་ཙཱ་དེར་བྱོན་ཕ་ཝང་འོག་ནས་དྲག་སྔགས་ཡེ་གེ་བཅུ་བཞི་པ་བཏོན་པས། ལོ་ཙཱ་བ་དེར་བྱོན་ཕ་ཝ་འོག་ནས་དྲག་སྔགས་ཡེ་གེ་བཅུ་བཞི་པ་བཏོན་པས། མཁའ་འགྲོ་སེང་གདོང་མ་དངོས་སུ་བྱོན་ནས་གནང། ལོ་ཙཱ་བས་སྔགས་བགྲངས་པས་མཐུ་མུ་སྟེགས་(སྨད་ཆ།༡༧)རང་ལ་ལོག་ནས་ཁྲག་བསྐྱུགས་ཏེ་ཤི། བླ་མ་ལ་ཞུས་པས། སྔགས་དེ་ལུས་ལ་ཡོད་པས་ཚོག་པ་ལ། བགྲངས་པས་ཤིན་ཏུ་འདུག་པ་མ་ལེགས། དེའི་སྡིག་བཤགས་ལ་གསེར་གྱི་གསུང་རབ་བཞེངས་ཤིག་གསུངས། དེ་ནས་ལོ་ཙཱ་བས་བོད་དུ་བྱོན་ནས་ས་སྐྱའི་གདན་ས་ཡུན་རིང་དུ་མཛད་སྐབས་བླ་མ་ས་སྐྱ་པ་བརྩེ་བ་ཆེན་པོ་ལ་གནང་བས་དེང་སང་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་དུ་གྲགས་པའི་གྲས་སུ་བཞུགས་པ་འདི་འོ། ཡང་མཁའ་འགྲོ་སེང་གེའི་གདོང་ཅན་གྱིས། རྒྱ་གར་ལྷོ་ཕྱོགས་ཀྱི་གྲུབ་ཐོབ་དངུལ་ཆུ་བཻ་རོ་ཅ་ན་ལ་གདམས་པ་དངོས་སུ་གནང། ཁོང་གི་བོད་དུ་བྱོན་ནས་གཏེར་དུ་སྦས་པ། ཞཱ་ནག་ཙོད་པཎ་འཛིན་པ་ཐམས་ཅད་ཀྱི་ཐོག་མ་འཇིག་རྟེན་དབང་ཕྱུག་ཀརྨ་པ་ཆེན་པོ་ཆེའི་རྣམ་འདྲེན་དམ་པ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་ཤིང་ཆོས་རྒྱུད་དར་བར་བཞུགས་པ་ལགས་སོ། ཡང་རྗེ་མར་པའི་ཆོས་དྲུག་སྲས་མཁར་མ་ཉིད་ཀྱི་ཕྱག་གི་སྲིན་ལག་ལས་ཁྲུག་ཕྱུངས་ཏེ་བྲིས་ནས་མཁར་ཆུ་བྱ་འུག་ལ་སྦྲས་པ་མི་རབས་བདུན་ནས་འདོན་པའི་ཁ་བྱང་ཡོད། མར་པའི་སྲས་དགེ་འདུན་གྱིས་སེང་འབྲོ་རིན་ཆེན་དབང་ཕྱུག་ལ་གཏད། མར་པའི་སྲས་དགེ་འདུན་གྱིས་སེང་འབྲོ་རིན་ཆེན་འཛིན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ནས་བཏོན་པའི་ཆོས་དྲུག་སྲས་མཁར་མར་གྲགས་པའང་ཡོད་ལ། ཡང་སེམས་ཁྲིད་ཡིད་བཞིན་ནོར་བུ་ནི་དཱགས་པོ་རིན་པོ་ཆེ་དང། སྐྱེས་བུ་ཡེ་ཤེས་རྡོ་རྗེའི་གཏེར་དུ་སྦས་པ་དུང་(སྨད་ཆ།༡༨)མཚོ་རས་པས་བཏོན་པ་ཡིན་ཏེ་དུང་མཚོ་རས་པ་ནི། འཁྲུངས་ཡུལ་ཡར་ཀླུངས། ཡབ་ཞང་སྒོམ་འབྱུང་གནས་འོད། ཡུམ་ཁུ་མོ་འདྲེན་འབུམ་གཉིས་ཀྱི་སྲས་ཡིན། གཞོན་དུས་ནས་གདན་ས་ཐེལ་དུ་ཆོས་སྒོར་ཞུགས་མཚན་ཤེས་རབ་རྒྱལ་མཚན། བླ་མ་ལྷ་སྒོམ་གཉིས་ཀྱི་ཞབས་ལ་གཏུགས། ཁ་རག་ལྷ་མཚོར་འཁྲུལ་ཞིང་ཁམས་པའི་དྲུང་དུ་དཀའ་ཐུབ་མང་པོ་ཞུས་པ་ཡུལ་གཡུ་མཚོར་སོང་ཞིག་ཅེས་ལུང་བསྟན་པས་བ་ཡུལ་གཡུལ་མཚོར་བྱོན། དེར་དེའུ་གཅིག་གི་ཁ་ན་སྦྱིལ་པོ་འདུག་པར་དཀའ་ཐུབ་ལ་བསྟེན་ནས་སྒྲུབ་པ་བྱས། སྦྱིལ་པོ་དེ་ཉིད་ཀྱི་གཏིང་ཞིག་ནས་བྲུས་པར་ལ་ཅི་འབོལ་དོ་ཅིག་བྱུང། དེ་བཅག་ནས་མལྟས་པས་སྒམ་པོའི་རྒྱབ་ཀྱི་མཚོ་མཎྜལ་ནག་པོ་ལ་རྗེ་སྒམ་པོ་པས་སྦས་པའི་གཏེར་གྱི་ཁ་བྱང་རྙེད། ཨེ་ཕྱོགས་ཁ་བ་མཐུག་ཆེས་པས་ལམ་མ་དོད། ཤིང་དང་ཐག་པ་འཐུད་ནས་དཱགས་པོ་ཕྱོགས་ཀྱི་གཡང་ས་ཆེན་པོ་ལས་བབས་ཏེ་སྒོམ་པོར་བྱོན། རིན་པོ་ཆེ་རྡོར་བློ་བ་ལ་བསྙེན་པར་རྫོགས་ནས། མཚན་རིན་ཆེན་བཟང་པོར་བཏགས། ཤིང་ཡོས་རྒྱལ་ཟླའི་ཉེར་དགུའི་ཉིན། མཚོ་འོག་མའི་ཁྱག་པའི་སྟེང་ན་ཁྲོའི་ནེའུ་ལེ་གཟུགས་སེར་ཡེར་རེ་འདུག་པ་མཐོང་ནས། ཁྱག་པ་བསྐུལ་ཁྲུ་གང་གི་འོག་ནས་རྡོ་སྒྲོམ་ཅིག་གི་ནང་ན་ནེའུ་ལེ་ཅིག་འདུག་པ་དེ་བཏོན་ནས་ཁ་ཕྱེ་བས། ཆོས་གཏེར་རྣམས་ཕྱི་དྲིལ་དར་སྣ་ལྔ་དང་བཅས་པའི་ཤོག་དྲིལ་འདུག་པ་ལ་ལོ་རྒྱུས་དེ་བློ་ལ་གཟུང། གཏེར་དཔེ་ནེའུ་ལེར་བཙུག་ནས་རྫ་གསེབ་ཏུ་སྦས། གཞན་རྣམས་ཁྱེར་ནས་སྒོམ་པོར་འོངས། འཕྲོག་མི་བྱུང་དོགས་ཞག་མང་པོ་མ་ལོན་པར་བྲོས་ཏེ་ཕྱིན་གསུངས་སོ། གྲུབ་པའི་དབང་པོ་འདིས་གཏེར་བཞེས་ཚུལ་སྨོས་མ་ཐག་པ་དེ་ལྟར་དེ། དཱགས་པོ་རིན་པོ་ཆེ་དང། སྐྱེས་བུ་(སྨད་ཆ།༡༩)ཡེ་ཤེ་རྡོ་རྗེ་གཉིས་ཀྱིས་སྦས་པའི་སེམས་ཁྲིད་བཞིན་ནོར་བུ་དང། འཕོ་བ་གྲོང་འཇུག་སྐོར་རྣམས་དང་ན་རོ་བའི་དབང་བུམ་སོགས་བྱུང། གཉལ་དུ་དཱགས་པོ་རིན་པོ་ཆེ་འཁྲུངས་སར་དུང་མཆོ་ལྷ་ཁང་སོགས་བཞེངས་པ་མང་པོ་ཡང་མཛད་ཅིང། ཚལ་པ་སྨོན་ལམ་པ་དང་ཚལ་པ་ཀུན་དགའ་རྡོ་རྗེ་སོགས་ལ་རྟ་ཉེར་གཅིག་སོགས་དངོས་རྫས་མང་པོ་ཕུལ་ནས་ལྷ་ས་སྐོར་མི་རྣམས་ལ་སྐྱོ་ཚུལ་གཅུག་པར་ཡང་བཤད་དེ། འདི་ཚལ་པ་སི་ཏུ་དང་དུས་མཉམ་ཡིན་ནོ། ཡང་བླ་མ་ཏི་ཕུ་བས། རྗེ་བཙུན་རས་ཆུང་པ་ལ། རྒྱ་གར་འོ་མའི་རྒྱ་མཚོ་ན། གདམ་ངག་མར་གྱི་སྙིང་པོ་འདི། རྒྱུད་སྡེ་རྣམས་ལ་གབ་ཏེ་ཡོད། པཎྜི་ཏ་ཡི་ལོང་གཏམ་བྱས། གྲུབ་ཐོབ་རྣམས་ལ་གབ་ཏེ་ཡིན། དུར་ཁྲོད་འགྲིམས་པའི་གོ་ཆ་ཡིན། ཀུ་སུ་ལུ་ཡི་སྨན་སྦྱོར་ཡིན། ནཱ་རོ་པཎ་ཆེན་རྟོགས་པ་ཡིན། པཎྜི་ཏ་དང་ཀུ་སུ་ལུ། གཞན་ལ་འདི་འདྲ་མེད་པ་སྟེ། སྣོད་ལྡན་ཁྱོད་ལ་བསྟན་པ་ཡིན། གདམ་ངག་བཤད་ལ་དུས་ཆོད་དགོས། ད་ལྟ་བསྟན་པའི་དུས་མིན་པས། མཁའ་འགྲོ་ལྷ་འདྲེ་ཐམས་ཅད་ལ། གཉེར་གཏད་གྱིས་ལ་གཏེར་དུ་སྦོས། སྐྱེ་བ་གསུམ་གྱི་འོག་རོལ་དུ། སྣོད་ལྡན་གང་ཟག་ལེན་དུ་འོང། དེའི་ལག་ཏུ་གཏོད་ཅིག་གྱིས། སྨོན་ལམ་ཐོབ་ལ་སྦོས་ཤིག་གསུངས། ཞེས་གསུངས་པ་ལྟར་རོ་སྙོམ་སྐོར་རྣམས་ལྷོ་བྲག་མཁར་ཆུའི་གནམ་སྐས་ཅན་དུ་གནུབས་ནམ་མཁའི་སྙིང་པོའི་ཞབས་རྗེས་ཀྱི་བྱང་ཤར་གནམ་སྐས་ཅན་དུ་གནུབས་ནམ་མཁའི་སྙིང་པོའི་ཞབས་རྗེས་ཀྱི་བྱང་ཤར་མཚམས་བྲག་རྒན་མོ་འཛུམ་ཤོར་བ་འདྲ་པར་གཏེར་དུ་སྦས་པ། དུས་ཕྱིས་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་གཏེར་ནས་གདན་དྲངས་ཏེ་རྒྱ་ཆེར་སྦེལ་བར་(སྨད་ཆ།༢༠)མཛད་དེ། ད་ལྟར་འབྲུག་པའི་རོ་སྙོམ་སྐོར་དྲུག་ཅེས་གཞན་ལ་མེད་པའི་ཁྱད་ཆོས་སུ་འཛིན་པ་དང། རྗེ་མར་པ་ལོ་ཙཱ་བླ་མས་ལུང་བསྟན་པས་དུར་ཁྲོད་གླིང་དུ་ཚོགས་འཁོར་ལ་བྱོན་པས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མི་མོའི་རྣམ་པ་དང་མཇལ་བས། རྡོ་རྗེ་གདན་དུ་སངས་རྒྱས་ཀྱི་ཚེམས་མཆེ་བ་མཇལ་བར་སོང་ཞིང་དང་དོན་ཆེན་པོ་ཡོང་གསུངས་པ་ལྟར་བྱོན་པས། ཚེམས་མཆེ་བའི་སྒྲོམ་གྱི་ནང་དུ་སྔར་མེད་པའི་ཏཱ་ལའི་ལོ་མ་ལ་ཁྲིས་སིངྒ་ལའི་ཡེ་གེར་བྲིས་པའི་དགེ་ཞིག་འདུག་པ་མཁའ་འགྲོས་གནང་ནར་གོ་ནས་བོད་དུ་སྦྱན་དྲངས་ནས་ཕྱིས་བོད་སྐད་དུ་བསྒྱུར་བས་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་བྱུང་བ་དང། རྗེ་མི་ལ་རས་པས་ཀྱང་རྫོགས་ཆེན་ཀྱི་ཉམས་བཞེས་མཛད་ཚུལ་དང་ཟབ་གཏེར་ཀྱང་བཞེས་ཚུལ་ཞི་བྱེད་རི་པས་བྱས་པའི་རྣམ་ཐར་ན་ཡོད་ཅེས་བདག་གི་བླ་མ་མཁས་པ་ཆེན་པོ་ཚེ་དབང་ཀུན་ཁྱབ་ཀྱི་གསུངས་ལས་ཐོས་ཤིང་མཐོང་ངོ། ཆོས་ཀྱི་རྒྱལ་པོ་ཀརྨཱ་པ་རང་བྱུང་རྡོ་རྗེ་སྦྱན་རས་གཟིགས་ཀྱི་ལུང་བསྟན་ནས་རྒྱ་ནག་ནས་བོད་ལ་བྱོན་པའི་དུས་གོང་མ་རྒྱལ་པོས་བདག་ལ་རིག་འཛིན་པདྨའི་ཚེ་ཆུང་སྩལ་དུ་གསོལ། ཞེས་ཞུས་པ་ལ་བརྟེན་ནས་བསམ་ཡས་མཆིམས་ཕུར་ཕེབས་པ་ཕྱོགས་འགའ་ཞིག་ཏུ་ཚེ་ཆུ་བྲུས་པ་ལ་སྙིགས་དུས་སྐྱེ་བོའི་ཆགས་སྔང་དང་བར་ཆད་བྱུང་དོགས་ནས་མ་ཐོན་པའི་ཚུལ་དུ་མཛད་ཅིང། ཚེ་ཆུང་དངོས་རྫ་མོ་ཧཱུྃ་འདྲའི་གཤམ་ནས་ཡིན་ཡང་ཟེར། གང་ལྟར་བསམ་ཡས་མཚིམས་ཕུ་ནས་ཐོན་པ་སུས་ཀྱང་མ་ཚོར་བར་ཕྱག་ཏུ་བཞེས། དགུན་དཔྱིད་ཟླ་བ་དྲུག་གི་རིང་མཚིམས་ཕུ་ཉིད་དུ་དབེན་པ་བསྟེན་པར་མཛད། ཐུགས་དམ་འཕེལ་ཞིང་སློབ་དཔོན་པདྨ་དང་མཁའ་འགྲོའི་ཚོགས།༢༡)ཀྱི་དག་སྣང་མང་དུ་བྱུང་བ་མཁས་བཙུན་དུ་མ་ལ་ཕན་པའི་བརྡར་གཟིགས་ཞེས་གསུངས། ཚེ་ཆུང་གོང་མ་ཆེན་པོ་ལ་ཕུལ་བས་ཧོར་གྱི་རྒྱལ་ས་མནན་པ་ལ་རྒྱལ་པོ་དེ་ལས་སྐུ་ཚེ་རིང་བ་མ་བྱུང་བར་གྲགས། གཞན་ཡང་མཚིམས་ཕུ་ནས་རྡོའི་མཆོད་རྟེན་ཆེན་པོ་ཞིག་ཀྱང་གཏེར་ནས་བཞེས་ཤིང། འབུམ་ཤ་སྒྲོ་མ་ཡང་རྗེ་འདིས་གཏེར་ནས་བཞེས་ས་ཡིན་ཟེར་བའི་ངག་སྒྲོས་ཡང་སྣང་ངོ། གྲུབ་ཆེན་ཉག་རས་པེ་སོས་རྨ་སོམ་དམ་ལ་བཏགས་ནས་དེ་འི་གནས་སུ་མ་འོང་ལུང་བསྟན་སོགས་གཏེར་ཁ་འགའ་ཞིག་སྦས་པ། ཕྱིས་གྲུབ་ཆེན་དེ་ཉིད་ཀྱི་སྐྱེ་བ་གྲུབ་ཐོབ་ཆུ་འཕུར་བས་གཏེར་ནས་བཏོན་པ་དང། རྗེ་ཀརྨཱ་པ་ཆོས་གྲགས་མཚོས་ཀྱང། སྔོན་གྱི་ལུང་བསྟན་དུ་མ་ཡོད་འདུག་པ་བཞིན་བཀྲ་ཤིས་ལྐོག་ཕྲེད་ནས་སློབ་དཔོན་པདྨས་སྦས་པའི་ཚེ་ཆུང་ཚེ་རིལ་སོགས་འདོན་པར་གནང་སྟེ་གཏེར་ཚབ་ཀྱང་བཞག། དེར་སློབ་དཔོན་པདྨ་མཁའ་འགྲོ་མ་བཞིས་སྐྱོར་བ་ཞིག་གཟིགས་ནས་གདམས་པ་དང་ལུང་བསྟན་མང་དུ་གསུངས། དེ་མ་ཐག་དེ་དག་གི་ཐུགས་དམ་སྒྲུབ་པ་ལ་བཞུགས་པས་ཚེ་དཔག་མེད་ཀྱི་ལོངས་སྐུའི་ཞིང་དང་སྐུའི་ཞིང་དང་སྐུ་མཐའ་ཡས་པ་གཟིགས། ཞེས་གསུངས་ཏེ་བཀའ་བརྒྱུད་པའི་སྐྱེས་ཆེན་དུ་མས་ཀྱང་ཟས་གཏེར་བཞེས་པར་མཛད་སྣང་ལ། དེ་བཞིན་དུ་ས་ལུགས་ལའང་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱིས་སློབ་དཔོན་པདྨས་སྦས་པའི་ཕུར་ཆ་ཚང་མ་ཞིག་གཏེར་ནས་བཞེས་པའི་ལོ་རྒྱུས་སྣང་ལ་ཕུར་བུ་ཕལ་ཆེར་དེང་སང་ཡང་ཡོད་པར་སྣང། ཡང་བླང་མ་གཉན་ལོ་ཙཱ་བས་མགོན་པོའི་ལས་མཐའ་འགའ་ཞིག་དར་ལུང་གི་བྲག་སྦྲེལ་དམར་ཁྲོས་པ་འདྲ་བའི་རྨང་ལ་སྦས་པ་བླ་མ་གནམ་ཁའུ་བས་གཏེར་ནས་བཏོན་པ་དང། རྗེ་ཚར་ཆེན་བློ་གསལ་རྒྱ་མཚོས་གཙང་སྟོད་མང་(སྨད་ཆ།༢༢)མཁར་དུ་དཔལ་རྟ་མགྲིན་གྱི་བསྙེན་སྒྲབ་ལ་བཞུགས་པས་རྟ་མགྲིན་ཞལ་གཟིགས་ཤིང་བྱིན་རླབས་ཀྱིས་ཉམས་བུར་བས་མང་མཁར་ཆ་ལུང་གི་རྒྱབ་རིའི་བྲག་ནས། སིལ་སྙན་མ་ཎི་ཞིག་དང། ཐུགས་རྟེན་གནམ་ལྕགས་ཀྱི་རྡོ་རྗེ་ཞིག་བཅས་གཏེར་ནས་སྦྱན་དྲངས་ཚུལ་རྣམ་ཐར་ཉུང་ངུ་ཞིག་ཡོད། ཡང་ས་སྐྱ་སྔགས་འཆང་ཆེན་པོའམ་བདག་ཆེན་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་བསམ་ཡས་སུ་བྱོན་པས། དེར་གཏེར་སྟོན་ཤེས་རབ་བཟང་པོ་དེ་ཉིད་བསམ་ཡས་སུ་བྱོན་པས། དེར་གཏེར་སྟོན་ཤེས་རབ་འོད་ཟེར་བ་དང་མཇལ་ནས། དེ་ལ་ཡང་གཏེར་སྟོན་ཤེས་རབ་འོད་ཟེར་བ་དང་མཇལ་ནས། དེ་ལ་ཡང་གཏེར་ཆོས་མང་དུ་གསན་ཏེ། དེའི་སྐབས་སུ་ཉིན་གཅིག་གི་ཚེ་སྔས་འཆང་སྦྲུལ་པའི་སྐུ་ཉིད་ཀྱི་དབུ་ཙེ་ཆེན་མོའི་བར་ཁང་གམ་ཞལ་མཐིལ་ནས། མཁའ་འགྲོ་མ་བདེ་བའི་རྡོ་རྗེའི་དབུ་རྩེ་མོ་ཆེན་མོའི་བར་ཁང་གམ་ཞལ་མཐིལ་ནས། མཁའ་འགྲོ་མ་བདེ་བའི་རྡོ་རྗེའི་དབུ་ཐོད་སྐྱེ་བདུན་ཨ་མ་བཀང་བ་དང། སློབ་དཔོན་རིན་པོ་ཆེའི་རིལ་དམ་རྫས་སོགས་ཡོད་པ་གཏེར་ནས་འདོན་པར་མཛད་ཅིང། སྐབས་དེར་བདག་ཉིད་ཆེན་པོའི་ཆག་ཕྱི་གཏེར་སྟོན་ཤེས་རབ་འོད་ཟེར་བས་མཛད་ནས། བསམ་ཡས་མཆོད་རྟེན་དཀར་པོ་ནས་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཞིག་དང་སྐྱེ་བདུན་ཨ་མའི་ཐུམ་བུ་ཞིག་གཏེར་ནས་སྦྱན་དྲངས་ཏེ། དེའི་དུས་ཀྱི་ལྕགས་ཀྱི་རྡོ་རྗེ་དེ་ཉིད་བདག་ཉིད་ཆེན་པོའི་རྡོ་རྗེ་ཕུར་པའི་དབང་བཀུར་གྱི་དབང་རྫས་མཛད་པར་གྲགས་ཤིང། བདེ་བའི་རྡོ་རྗེའི་དབུ་ཐོད་དེ་ཉིད་ནཱ་རོ་མཁའ་སྦྱོད་སོགས་ཀྱི་བྱིན་རླབས་མཛད་དུས་དབང་རྫས་མཛད་ནས་དེང་སང་གི་བར་དུ་གདན་ཆེན་པོ་ཉིད་ན་བཞུགས་སོ། དཔལ་རོ་བོ་དགའ་ལྡན་པ་ཡང་རྗེ་རིན་པོ་ཆེ་བཙོང་ཁ་ཆེན་པོས། ལང་ཀར་གཤེགས་པ་རྒྱ་ནག་འགྱུར་ལས། བཅོམ་ལྡན་འདས་ལ་ཀླུ་ཡི་རྒྱལ་པོ་(སྨད་ཆ།༢༣)མ་དྲོས་པས་དུང་དཀར་པོ་ཞིག་ཕུལ་བས། མོའུ་གལ་གྱི་བུ་ལ་གནང་ནས། འདི་ཁྱོད་ཀྱིས་འགོག་པ་རིང་སྦོས་ཤིག། མ་འོངས་པ་ན་དགེ་སློང་པདྨའི་ངང་ལྡན་འདིས་གཏེར་ནས་འདོན་པས་དེའི་ཚོགས་དུང་དུ་འགྱུར་གྱི། གཉེར་བདག་སྦྲེའུས་བྱེད་དོ། ཞེས་ལུང་བསྟན་པའི་དུང་དང། ཆོས་རྒྱལ་གྱི་ཞལ་འབག་གཉིས་མངོན་ཆུང་གིས་གཏེར་ནས་བཞེས། ཡང་འཕགས་ཡུལ་གྱི་དགེ་སློང་མ་དཔལ་མོས་ཕགས་པ་བཅུ་གཅིག་ཞལ་ཀྱི་སྐུ་ཤིན་ཏུ་ངོ་མཚར་བ་ཞིག། ཕ་ཝ་ཁའི་བྲག་དགའ་འཁྱིལ་འདྲ་བའི་འོག་ཏུ་གཏེར་དུ་སྦས་པ། འཕགས་མ་ཉིད་ཀྱི་རྣམ་འཕྲུལ་གུང་རུ་རྒྱལ་མཚན་བཟང་པོས་གཏེར་ནས་བརྟོན་ཏེ། ད་ལྷ་སེ་ར་འདུ་ཁང་ཆེན་མོའི་ལྷ་ཁང་འཆི་མེད་དཔལ་སྟེར་གྱི་རྟེན་གཙོར་བཞུགས་པ་དང། ཡང་རྗེ་ཐམས་ཅ་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དུ་པཎ་ཆེན་དགེ་འདུན་རྒྱ་མཚོ་སྐུ་གཤེགས་མ་ཐག་ཟངས་མདོག་དཔལ་རིར་ཕེབས་པས་སྲིན་པོ་མགོ་རྟ་མགོ་ཅན་ཞིག་གིས་ལམ་སྣ་བྱས་བྱོན་པར་སྲིན་པོ་གཞན་ཞིག་གིས་བར་ཆད་བརྩམས་པ་སྲུང་མ་གཉིས་ཀྱི་བར་ཆད་ལས་བསྐྱོབས་ནས་སློབ་དཔོན་རིན་པོ་ཆེ་པདྨའི་སྐུ་དྲུང་དུ་ཕེབས་ཤིང། ཨ་ཏི་ཤ། ས་པཎ། རྗེ་རིན་པོ་ཆེ་པདྨའི་སྐུ་དྲུང་དུ་ཕེབས་ཤིང། གུ་རུ་རིན་པོ་ཆེས་ལུང་བསྟན་ནས་སླར་བོད་དུ་བྱོན་ཚུལ་ལ་སོགས་ཡོད་ཀྱང་འདིར་འབྲི་མ་ནུས་ལ། རྗེ་འདིས་ལྷ་ས་པར་ཁང་ནས་མངའ་བདག་གཏེར་ཞབས་ཤོག་དྲིལ་ལྔ་གཏེར་ནས་བཞེས་ཤིང། གུ་རུ་རིན་པོ་ཆེ་ཡང་ཡང་ཞལ་གཟིགས་ཤིང་འབྲི་ཆུའི་འགྲམ་སྟོད་ཅིག་གི་བྲག་དུང་དཀར་འདྲ་བ་ཞིག་ནས་དུང་དཀར་མོ་རྒྱང་གྲགས་གཏེར་དུ་བཞེས་ཤིང། གྲཱ་ཚང་ཕན་བདེ་ལེགས་བཤད་(སྨད་ཆ།༢༤)གླིང་པའང་རྗེ་འདིས་བཏབ་པ་ཡིན་ནོ། ཡང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་ཞལ་སློབ་དྲུང་རམ་པ་བསྟན་པའི་ཉི་མས་མདོ་ཁམས་པུ་སྟི་དགོན་ནས་འབུམ་པུ་སྟི་བཅུ་དྲུག་གཏེར་ནས་བཏོན་པའི་ལོ་རྒྱུས་ཤིག་བཻ་ཌཱུ་སེར་པོར་བྲིས་སྣང། རྒྱལ་བ་འཕགས་པ་ལྷ་རྒྱལ་བ་རྒྱ་མཚོའི་ཀོང་པོ་རྒྱ་ལ་ནས་ཚེ་སྒྲུབ་ཀྱི་སྒྲུབ་སྐོར་དང། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་སོགས་གཏེར་ནས་བཞེས་པ་ཡོད་ལ། ཤོག་སེར་ལས་ཕབ་ནས་དབང་ལུང་གི་རྒྱུན་ཡང་སྦེལ་བར་མཛད་པ་ཡིན་པར་སྣང། རྗེ་འདིའི་སྐུའི་སྐྱེ་བ་ནི་འཕགས་པ་ལྷ་རྒྱལ་བ་མཚོའི་ཕྱི་མའམ་བསོད་ནམས་ལྷུན་གྲུབ་བདེ་ལེགས་དཔལ་བཟང་པོ་ཡིན་ལ། དེའི་སྐུའི་སྐྱེ་བ་དེ་ཉིད་ཀྱིས་པདྨ་བཀོད་གནས་སྒོ་ཕྱེ་བར་ཕེབས། གཏེར་སྟོན་ཚད་ལྡན་དུ་སྣང་ཡང་སྐུ་ཚེ་མཐར་མ་ཕྱིན་པར་གཤེགས། བྲེ་རྒྱུད་ཀྱི་མགོན་ཁང་དུ། འདུལ་ནག་པ་དཔལ་ལྡན་བཟང་པོས་གཏེར་དུ་སྦས་པའི་ཆོས་རྒྱལ་གྱི་ལས་ཚོགས་འགའ་ཞིག། ཕྱིས་རྒྱུད་ཆེན་སངས་རྒྱས་རྒྱ་མཚོ་ཞེས་པའི་དགེ་ལུགས་པའི་བླ་ཆེན་ཞིག་གིས་གཏེར་ནས་བཞེས་པ་དང། ཡང་འཇམ་དབྱངས་བཞད་པའི་རྡོ་རྗེས་ཀྱང་མ་ཅིག་གི་ལུང་བསྟན་དང་རྫས་གཏེར་འགའ་ཞིག་གཏེར་ནས་བཞེས་པར་མཛད་པ་དང། གཞན་ཡང་སྔགས་གསར་མའི་ཕྱོགས་ནས་གཏེར་བཞེས་པ་འགའ་ཞིག་ཡོད་པར་སྣང་ཡང་ཐམས་ཅད་ལོ་རྒྱུས་ཞིབ་པར་མ་འཚལ་ལོ། དེ་ལྟར་གསང་ཆེན་རྙིང་མར་གྲགས་པའི་སྦྲལ་པའི་གཏེར་སྟོན་ཆེན་པོ་རྣམས་དང། སྔགས་གསར་མའི་སྐྱེས་ཆེན་འགའ་ཞིག་གིས་ཀྱང་ཆོས་གཏེར་དང་རྫས་གཏེར་བཞེས་ཚུལ་དང་བཅས་ཆེ་ལོང་ཙམ་ཞིག་བརྗོད་ཟིན།(སྨད་ཆ།༢༥)སྦྲུལ་བའི་གཏེར་སྟོན་ཆེན་པོ་ཡོངས་སུགྲགས་པ་ཕལ་ཆེར་གྱི་ལོ་རྒྱུས་རགས་རིམ། ད་དུང་འདི་དག་ཏུ་མ་འཐུས་པ་ཁྲི་སྲོང་རྣམ་འཕྲུལ་བྱང་བདག་དབང་པོའི་སྡེས་མཛད་པའི་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་སུ་འབྱུང་བའི། ཇོ་མོ་སྨན་མོ། དགེ་བཤེས་དྲུང་འཛིན་ཆེས། ལྷོ་ཡི་བནྡཻ། རོག་བན་འགྲོག་པོ། གཡུ་བསྒོམ་རྡོ་རྗེ། དབྱིག་སྟོན། གཡུང་སྟོན་མགོན་པོ་རྒྱལ། ཟླ་ན་རྡོ་རྗེ། ཕྱུང་པོ་ཐེག་ལེ། བལ་པོ་བྷ་རོ་བ། ཤུད་ཕུ་དཔལ་གྱི་གྲགས་པ། རྡོ་རྗེ་འོད། འབྲོམ་ཆོས་ཀྱི་སྙིང་པོ། འབྲོག་མི་ལོ་ཙཱ། སྒྲ་པ་དར་ཡེ་ཤེས། རྒྱང་དྲག་འོད་ཟེར། འོད་ཟེར་སྟོན་པ་དབང་ཤག་ཉི་འབུམ་ཁྲིད། པྲ་དུན་པ། གཉལ་ཞིག་ཉི་མ་སེང་གེ་ཞེས་པ་རྣམས་དང་ཡང་སོག་ཟློག་བློ་གྲོས་རྒྱལ་མཚན་གྱི་གུ་རུའི་རྣམས་ཐར་ལས་བྱུང་བའི། ཤུག་སྐེ་ཆོས་གྲགས། འགུ་རུ་ཆོས་བློ། ཀོང་པོ་རགས་ཁ་གཏེར་སྟོན། ཡར་འབྲོག་གི་ཇོ་སྲས་རྩིང་སྦོ་ཞེས་པ་སོགས་འདི་འདི་དག་གི་ལོ་རྒྱུས་མ་རྙེད་ཅིང་གཞན་ཡང་ཡོངས་ལ་མ་གྲགས་པའི་གཏེར་ཕྲན་འགའ་ཞིག་བྱོན་ཚུལ་སྣང་ཡང་འདིར་མ་བྲིས་ལ། གོངདུ་སྨོས་པ་འདི་དག་གི་སུ་འབྲི་དགོས་པ་ཡིན་ལ། དེ་དག་ཏུ་མ་འཐུས་པའི་གཏེར་སྟོན་ཚད་ལྡན་སྔར་བྱོན་པ་དག་ཡོད་ནའང་འཇུད་ཆོག་གོ། སློབ་དཔོན་ཆེན་པོ་རྣམ་སྣང་ལོ་ཙཱ་བ་ཐུན་མོང་གི་དངོས་གྲུབ་བརྒྱད་དང། རིག་འཛིན་བཞི་པོ་མཐར་ཕྱིན་པ་ལགས་ན། བོད་ཀྱི་བཙུན་(སྨད་ཆ།༢༦)མོ་དང་བདུད་བློན་རྣམས་ཀྱིས་བརྗི་བར་མི་ནུས་པ་ཙམ་དུ་མ་ཟད། དགའ་རབ་དབང་ཕྱུག་འཁོར་བཅས་ཀྱིས་ཀྱང་གནོད་པས་མི་ཚུགས་མོད། འོན་ཀྱང་མཐའ་འཁོབ་རྒྱལ་མོ་རོང་སོགས་སུ་རྫོགས་པ་ཆེན་པོའི་བསྟན་པ་སྦེལ་ཕྱིར་སྤྱུགས་པའི་བརྫུ་བ་ལ་བརྟེན་ནས། ཡུལ་དོན་ཚུལ་གྱིས་བྱོན་ལམ་དུ་སྟོང་སྐོར་བསོ་ཐོག་ཅེས་པར་སྔགས་འཆང་ལྡི་རི་ཆོས་ཀྱི་གྲགས་པ་སོགས་ལ་ཚོགས་བདག་དཀའ་མ་གསང་བ་སྦུགྲིའི་སྐོར་སོགས་གནང་ཞིང། དངོས་གྲུབ་འབྱུང་གཏེར་སྐོར་གསེར་སྟོད་འབྲོད་རི་སྨྲག་པོའི་རྒྱལ་རོང་བྲག་ལྷ་མགོན་པོར་གྲགས་པའི་གནས་སུ་སྦས་པ་འདོན་པའི་དུས་སུ་བབས་པ་ན། ཡུལ་རྒྱ་མོ་རོང་གི་སའི་ཆ་ཡུལ་སྐད་དུ་ཆུ་ཕོ་ནོར་བུའི་གླིང་དུ་སྐུ་འཁྲུངས་པའི་ཆུ་ཕོ་རྟོགས་ལྡན་པ་ལ་ཨོ་རྒྱན་ཆེན་པོའི་ལུང་བསྟན་ཡང་ཡང་བྱུང་བཞིན་གོང་གསལ་གྱིས་གཏེར་གནས་བསྙེགས་ནས་ཕྱིན་པར་གསེར་སྨད་དུ་སླེབས་ཚེ། ལུང་བསྟན་ལ་ཐེབས་བཞིན་ཕོ་བྲང་ཞིག་གི་ཐོག་ན། རྗེ་དཀར་ཤཱཀྱ་འབུམ་གོས་ནག་གྱོན་པ་དང། ཁང་པའི་སྒོར་དྲེལ་དཀར་གཅིག་ཡོད་པ་གཟིགས་ནས་ལུང་བསྟན་ཡོད་ཚུལ་ཞིབ་ཏུ་བཤད་ནས་འབྱོན་པར་བསྐུལ་ཡང་སྔོན་ཆ་རྒྱས་མེད་པ་དང་ཁོ་རང་དཔོན་ཆེན་དུ་གྱུར་གཤིས་ཀྱིས། གཏོར་སྟོན་པ་བྱ་བྲལ་སྦྲོས་ཆུང་ལ་ཡིད་ལ་ཆེས་ནས་འགྲོ་རྒྱུ་བཤོལ་ཡང་ཆང་སྣོད་གང་དང། ཙམ་པ་གཞོང་པ་གང། ཤ་གཟུགས་གཅིག་བཅས་ཕུལ་ལམ་རྒྱུས་ཉམས་ཞིབ་ཏུ་བསླབས་ནས་ཐེག་གོ། དེ་ཡང་ལུང་བསྟན་ན་གོང་གསལ་གྱི་དཔོན་དང། མིག་ལུང་བླ་ནག་དགེ་འདུན་རྒྱལ་མཚན་གཉིས་བཅས་ཕྱིན་ན་རྟེན་འབྲེལ་མཆོག་ཡིན་ཀྱང་གསུམ་པོ་མ་འཛོམས། བླ་ནག་དགེ་འདུན་རྒྱལ་མཚན་གྲོགས་སུ་ཁྲིད་དེ་གཉིས་པོ་བསྡོངས་ནས་ཕྱིན་(སྨད་ཆ།༢༧)ཀྱང་ལས་ནོར་སྐྱོན་གྱིས། དེས་ཤི་དེས་ཆད་ཀྱི་དང་ནས་གནས་མདུན་དུ་སླེབས་ཚེ། གྲོ་རྒྱགས་ཟད་ནས་མཆོད་དབུལ་ཅུང་ཟད་ཀྱང་མ་འཛོམ་པར་གྱུར་ནའང། སྔ་མ་ལུང་བསྟན་པའི་གནས་དེ་བཙལ་ནས་པྱིན་པ་དང། དེར་བྲག་ཕུག་ཁ་བྱང་བསྟན་ཞིག་ན་སྦྲུལ་ནག་འཇིགས་སུ་རུང་བ་ཞིག་གིས་ལ་བསེའི་སྒྲོམ་གསུམ་འཁྱིལ་ཁུག་ཏུ་བཅུག་ནས་སྡོད་པ་མཐོང། འཕྲལ་གཏེར་སྟོན་འཇིགས་ནས་ཅུང་ཟད་ཕྱིར་བཀྱེད་པ་ལ། སྦྲུལ་དེས་ལ་སྒྲོམ་གསུམ་པོ་བསྣམས་རེས་བྱས་མཐར། གཅིག་གཏེར་སྟོན་མདུན་དུ་ཕུལ། གཉིས་པོ་སྦྲུལ་དང་བཅས་གནས་དེ་ཉིད་དུ་ཐིམ་པར་གྱུར་ཏེ། གཏེར་སྟོན་དཔོན་སློབ་ཀྱིས་གཏེར་སྒྲོམ་བདག་གིར་བྱས་ནས་མིག་ལུང་བྲ་ནག་གི་སར་གཏེར་ཤོག་ཕབ་ནས། ཁྱོད་ཀྱིས་ཉམས་སུ་བླངས་མཐར་མདོ་ཤེ་ཆོས་མགོན་ནག་པོ་དང། ལབས་ནག་ནམ་མཁའ་རིན་ཆེན་གཉིས་ལ་སྦེལ་ཅིག། གསུངས་བཞིན་ཆས་པ་ལགས་སོ། བླ་ནག་དགེ་འདུན་རྒྱལ་མཚན་གྱིས་གཏེར་སྟོན་གྱི་བཀའ་བཞིན་མགོན་པོ་རྩེ་གཅིག་ཏུ་བསྒྲུབས་པས་ཞལ་མངོན་སུམ་དུ་གཟིགས། བསྟན་པ་དང་བསྟན་འཛིན་སྐྱོང་པར་ཞལ་གྱིས་བཞེས་པ་དང། ནག་པོ་ཆེན་པོ་ཤིན་ཏུ་འགོ་ཞིང་མི་དང་མི་ལབ་པ་ལྟར་གྱུར་ནག་གྲུབ་རྟགས་སྦྱི་དང་དུས་སྟོན་ཁ་ཞིག་ཏུ། བླ་ག་ན་གེ་འཁོར་གཡོག་རྣམས་ལོ་ཐོག་བརྔ་བས་བྲེལ་གཡེངས་ཀྱིས་ཁོམ་ལོང་མེད་སྐབས་ཤིག་ཏུ། ཧོར་ནག་པོའི་བུ་རྒྱུད་ཟེར་བའི་ཆོམ་པ་ཞིག་གི་གཙོས་ཇག་པ་མ་རུངས་པ་ཚན་གཅིག་གི་བླ་ནག་གི་རྟ་ནོར་གང་ཡོད་དེད་སོང་སར་འཕྲལ་དུ་དམར་གཏོར་གཅིག་བཤམས་ནས་འགུག་འདྲེན་བྱས། མཐར་བསྐུལ་པ་བྱང་ཤར་མཚམས་ཀྱི་ཕར་མཐའ་ན། ཟེར་བ་དེ་ཚར་གཅིག་(སྨད་ཆ།༢༨)བཏང་ནས་གཏོར་མ་ཕུལ་དར་ནག་བརྡབ་པས་འཐོར་རླུང་དྲག་པོ་ཞིག་གློ་བུར་དུ་བྱུང་ནས་ཇག་པ་མི་རྟ་གང་ཡོད་རྣམས་གཡང་པ་ཆེན་པོ་གཅིག་ཡོད་པ་ལ་བསྒྱུར་ཏེ་ཆུང་ཆེན་པོ་ཞིག་གི་ནང་དུ་ལྷུང་ནས་ཁྱེརེ་ཞེས་པ་དང། རྟ་ཐོག་རྣམས་གཅན་གཟན་བདུན་གྱིས་དེད་ནས་རང་གནས་སུ་བསྐྱལ་ཞེས་གྲགས་པ། དེ་རྗེས་བླ་ནག་དགེ་འདུན་རྒྱལ་མཚན་གྱིས་མདོ་ཤེ་ཆོས་ནག་དང། ལབས་ནག་ཤངས་པ་ནམ་མཁའ་རིན་ཆེན་གཉིས་ལ་སྦེལ་བཞིན་ལབས་ནག་གིས་གཏེར་མཆོག་བསྒྲིགས་བྱས་པ་ལ་དངོས་གྲུབ་འབྱུང་གཏེར་དང། བཀའ་མ་བཻ་རོས་ལྡི་རི་ཆོས་གྲགས་ལ་གནང་བ་དེ་ཉིད་ཀྱིས་ཆོག་བསྒྲིགས་གསང་བ་སྦུ་གྲི་ཞེས་གྲགས་ལ་གཞུང་དེ་གཉིས་ལ་བསྐང་བསྐུལ་བཟློག་པ་བར་ཆད་ལས་རྦང་འོག་ཆ་རྣམས་བཏང་པའི་ལུགས་དང། གཞུང་གོང་མ་བཀའ་གཏེར་གཉིས་དང། ཀོང་རྩེའི་ལུགས་ནག་འགྱུར་དང་གསུམ་པོ་བསྲེས་ནས་རབས་རབས་མང་པོར་སྒྲུང་གླུ་འདྲ་མོ་བཅས་ལྡན་དུ་འདོན་སྲོལ་འདུག་མོད། འོན་ཀྱང་གཞུང་གསུམ་པོས་གཅིག་ལ་གཅིག་གིས་ཁ་བསྐང་འདྲ་མོ་མི་དགོས་ཕྱིར་ཁོ་བོས་ནི་དཀར་འགྱུར་བཀའ་མ་དང། གཏེར་གཞུང་གཉིས་ཕྱོགས་བསྒྲིགས་ལས་ནག་འགྱུར་སྐོར་དང་བོན་ལུགས་ཀྱང་མང་ཤོས་སྔོན་ནས་འདྲིས་པ་སོར་སོར་འབྱུང་ཆེན་པོའི་ཞབས་འདེགས་སུ་རྡོ་བླས་ས། མགོན་པོ་ཚོགས་བདག་གི་གཏེར་བྱུང་ལོ་རྒྱུས་འདི་རྡོ་བ་གྲུབ་ཆེན་ཀུན་བཟང་གཞན་ཕན་ཀྱིས་ཆོས་བློན་ཆེན་འགོས་པདྨ་གུང་བཙན་གྱ་སྐྱེ་བ་ཡོལ་མོ་སྦྲུལ་སྐུ་སྔགས་འཆང་ཤཱཀྱ་བཟང་པོ་ནི་ལ་སྟོད་ལྷོ་གྲོམ་པ་རྫོང་དུ་དྲང་པོ་རྡོ་རྗེ་འཛིན་པ་ཆེན་པོའི་གདུང་(སྨད་ཆ།༢༩)བརྒྱུད་དུ་སྐུ་འཁྲུངས། གསང་སྔགས་གསར་རྙིང་བཀའ་གཏེར་རིང་ལུགས་ཀུན་ལ་མཁྱེན་པ་རྒྱས་ཤིས་གྲུབ་པ་བརྙེས། ཡོལ་མོ་གངས་ཀྱི་ར་བའི་གནས་སྒོ་ཕྱེས་ཤིང། ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་ཞེས་བྱ་བའི་གདམས་པ་གཏེར་ནས་བཏོན། སྐབས་ཤིག་བསམ་ཡས་མཇལ་བར་ཕེབས་པ་ན། མཁའ་འགྲོས་ལུང་བསྟན་བྱུང་ནས། ཆུ་སྦྲེལ་ལུག་ཟླའི་ཚེས་བཅོ་བརྒྱད་ལ་མཆོད་རྟེན་དམར་པོ་ནས་བྱང་རུང་ཁ་ཤོར་གྱི་དཀར་ཆག་ཞིག་གསོས་ལུང་བསྟན་གྱི་ཤོག་རིལ་གཏེར་ནས་བཞེས། ལུང་བསྟན་འདི་སྔར་ལྷ་བཙུན་སྔོན་མོས་རྣམ་སྐུ་རྒྱབ་ནས་བཞེངས་པས། སླར་ལུང་ བསྟན་བྱུང་ནས་མ་ཡིག་གཏེར་ཤུལ་དུ་བཏབ། བུ་ཡིག་མཆོད་རྟེན་དམར་པོར་སྦས་པ། གཏེར་སྟོན་འདིས་བཞེས་ཞེས་འབྱུང། དེ་ནས་ལྷ་སའི་ཆུ་རགས་ཀྱི་ཞིག་གསོས་མཛད་པས། ལུང་བསྟན་བྱུང་ནས། ཐུགས་རྗེ་ཆེན་པོ་རྒྱལ་པོ་བཀའ་འབུམ་གྱི་ཆོས་སྐོར་འགའ་ཞིག་གཏེར་ནས་བཞེས། མཆོད་རྟེན་ཆེན་པོའི་ཚིག་གསོས་ནི། དཀར་ཆག་གི་ལུང་བསྟན་ལྟར། རིག་འཛིན་ཆེན་པོ་པདྨ་གླིང་པ། ཀོང་པོ་དཀར་ཆེན་ཀུན་དགའ་གྲགས་པ། འབྲིང་གུང་ཀུན་དགའ་རིན་ཆེན་སོགས་སྨོན་ལམ་དང་འབྲེལ་བའི་དམ་པ་རྣམས་དང་མཇལ་ཞིང་བྱིན་གྱིས་བརླབས། དེ་དག་གི་རྟེན་འབྲེལ་ལས་མཆོད་རྟེན་ཆེན་པོའི་ཞིག་གསོས་ལུང་བསྟན་དང་མཐུན་པར་དཀའ་ཚོགས་མེད་པར་བྱ་རུང་ཁ་ཤོར་གྱི་ཞིག་གསོས་ཐམས་ཅད་གེགས་མེད་མཐར་ཕྱིན་དུ་འགྲུབ། དེ་སྐབས་དཀར་ཆེན་ཀུན་དགའ་གྲགས་པས་དཱགས་པོ་ན་བཞུགས་པ་ནས་སྟག་ཟླའི་བཅོ་སྔ་ལ་རབ་གནས་མཛད་རྒྱུའི་དུས་ཚེས་བསྒྲིགས་པས་བལ་ཡུལ་དུ་མཆོད་རྟེན་གྱི་ཐོ་སྐོར་ཐམས་ཅད་དུ་མེ་ཏོག་(སྨད་ཆ།༣༠)དངོས་སུ་ཕེབས་པས་བལ་བོད་ཀུན་གྱིས་ཡ་མཚན་དུ་འཛིན་པ་བྱུང། དུས་ཕྱིས་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་ཀྱི་རྣམ་ཐར་དུ། དེང་རང་ཆོས་བྱ་རུང་ཁ་ཤར་ཟེར་བ་འདི་ལ། བལ་པོ་རྣམས་ཀྱི། ཁ་བ་ཙེ་ཏྱ་ཟེར། ཁ་བ་ཞེས་ཁ་ཏ་ཟུར་ཆག་པ་ཡིན་འདྲ་བས། བསྐོར་པའི་མཆོད་རྟེན་ཟེར་རྒྱུ་ཡིན་འདྲ་སྟེ། ཡོལ་མོ་བ་ཤཱཀྱ་བཟང་པོས་དེའུ་འབུར་ཞིག་བརྐོས་ནས་མཆོད་རྟེན་དེ་གཏེར་ནས་དྲངས་པ་ཡིན་པས་ཡིན་ནམ། ཞེས་གསུངས་སྣང་བས། དེ་ལྟ་ན་མཆོད་རྟེན་སྔར་མི་མངོན་པ་ལ་གཏེར་ཆེན་འདིས་གསལ་བར་བྱས་པ་ཡིན་པ་འདྲའོ། མཆོད་རྟེན་གྱི་སྲོག་ཤིང་ལས། བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆའི་གདུང་གཏེར་ནས་བཞེས་ནས་འགྲོ་དོན་ལ་སྦེལ། གཞན་ཡང་དྲག་སྔགས་གྲུབ་པའི་རིན་འཛིན་ཀོར་ཆེན་ནམ་མཁའ་དཔལ་ལྡན་དང། བསྟན་པའི་མངའ་བདག་ཐུགས་སྲས་ནམ་མཁའ་དཔལ་ལྡན་དང། བསྟན་པའི་མངའ་བདག་ཐུགས་སྲས་ནམ་མཁའ་རྒྱལ་མཚན་རིག་འཛིན་སངས་རྒྱས་བསྟན་པ། རླུང་སྟོན་པ་ཨོ་རྒྱན་དཔལ་བཟང་སོགས་སྐྱེས་བུ་མང་པོའི་ཞབས་ལ་གཏུགས་ནས། གསང་སྔགས་བཀའ་གཏེར་གྱི་ཆོས་ཚུལ་དབང་ཁྲིད་མན་ངག་གི་རྒྱུན་བཞུགས་པ་ཕལ་ཆེར་གསན། དེ་དག་གི་བསྙེན་སྒྲུབ་ལས་སྦྱོར་རྣམས་ཇི་ལྟ་བ་ཐུགས་ཉམས་སུ་བཞེས་ཤིང། སླར་སྣོད་ལྡན་རྣམས་ལ་དཔེ་མ་ཁྱུད་མེད་པར་སྩལ་བས་གསང་སྔགས་བཀའ་གཏེར་གྱི་སྲོག་ཤིང་ལྟ་བུར་གྱུར། སྙིགས་དུས་ཀྱི་སྐྱེ་བོ་རྨུ་རྒོད་རྣམས་ཕྲིན་ལས་དྲག་པོའི་གདུལ་བྱར་འོས་པར་གཟིགས་ནས་དྲག་པོ་མངོན་སྦྱི་འདུགས་ཀྱི་ཞཱ་གསོལ། སྐུ་ལ་འཕྱིང་ནག་སྐུད་དམར་གྱི་མེ་རིས་ཅན་བཞེས། མི་མགོ་སྐམ་པོ་སྟ་ཟུར་དུ་དཔྱངས་པ་སོགས་འཇིགས་སུ་རུང་བ་མཛད་ཅེས་གྲགས།(སྨད་ཆ།༣༡)མངའ་རིས་གུང་ཕྱོགས་སུ་ཕྲིན་ལས་ཆེར་བསྐྱངས། རི་བོ་དཔལ་འབར་དུ་ཐུགས་འདམ་ལ་རྒྱུན་རིང་བཞུགས། སྦྱན་རས་གཟིགས་འཁོར་བ་དོང་སྦུགས་ཀྱི་སྐུ་ལི་དམར་ལས་གྲུབ་པ་གཏེར་ནས་བཞེས། དཔལ་འབར་གྱི་ལྷ་འདབས་དཀར་གཡེ་ཞེས་པའི་དབེན་དགོན་དུ་རྒྱང་ཙམ་བཞུགས། དེ་སྐབས་རིག་འཛིན་མཆོག་ལྡན་མགོན་པོ་སྐྱེ་གྲོང་ཇོ་བོ་མཇལ་བར་ཕེབས་པ། དཀར་གཡེར་གདན་དྲངས། གཏེར་སྟོན་སྦྲུལ་སྐུ་དེས་སྦས་ཡུལ་སྦྱིར་སྒེར་གྱི་ཁ་བྱང་མང་པོ་རྗེ་འདི་པར་གནང་ནས། སྦས་ཡུལ་སྒོ་འབྱེད་པ་དང། འཛིན་པའི་བཀའ་བབ་ཁྱེད་ལ་ཡོད་པས་ཅིས་ཀྱང་ལག་ཏུ་ལོངས་པ་མཛོད་གསུངས། ཞལ་ཏ་དང་བདེན་བརྗོད་སྨོན་ལམ་མཛད་པ་བཞིན། སྦས་ཡུལ་པདྨའི་ཚལ་ལམ། ཡོལ་མོ་གངས་རར་ཕེབས་ཙུ་ཊི་དགོན་པ་བཏབ། དེར་ས་དཀར་རྙིང་གསུམ་དང་འབྲེལ་བའི་སྐུ་གསུང་ཐུགས་རྟེན་གཏེར་རྫས་དབང་རྫས། སྒྲུབ་རྫས་སོགས་ཕྱག་ཏུ་གང་བྱུང་རྣམས་བཞུགས་སུ་གསོལ་ནས། འདི་རྣམས་ཡར་ལ་མ་བརྒལ་མར་ཆུ་མ་བརྒལ་ཞེས། བཀའ་སྲུང་དང་གཞི་བདག་གཡང་རིམ་ལ་གཉེར་གཏད་མཛད་དེ་ཡང་གནས་དེར་བསྟན་པ་འཕེལ་བའི་རྟེན་འབྲེལ་དང་མཐུན་རྐྱེན་དུ་འགྱུར་བ་ལ་དགོངས་པར་འདུག། གཞན་ཡང་གཤེན་རྗེ་གཤེད་གཙོ་བོར་གྱུར་པའི་ཡི་དམ་དང། ཆོས་སྐྱོང་གི་བསྙེན་སྒྲུབ་ལས་སྦྱོར་རྣམས་ཡུན་རིང་བར་མཛད་པས་གཤེན་རྗེ་ཐོད་སྒྲུབ་ཀྱི་མཛེ་ཐོད་ཁ་སྦྱོར་ལས་མཆེ་བ་སྐྱེས་པ་བྱུང། བོད་ཁམས་འགྲོ་ལ་བདེ་སྐྱིད་འབྱུང་བའི་ཆེད་དུ་དགོངས་ནས་གཙུག་ལག་ཁང་དང་གནས་ཆེན་རྣམས་ཀྱི་ཉམས་གསོས་དང། ཧོར་དམག་ཟློག་ཐབས་སོགས་བསྟན་འགྲོའི་དོན་འབའ་ཞིག་ལ་བཙོན་པར་མཛད།(སྨད་ཆ།༣༢)སྐུ་ཚེ་ཡང་མཐར་ཕྱིན་པར་བཞུགས་སོ། དེ་ནས་སྐུའི་བཀོད་པ་དེ་ཉིད་ཀྱི་མཛད་པ་རྣམས་མཐར་ཕྱིན་ནས། སྐུ་ཚེའི་འདུ་བྱེད་གཏོང་བ་ལ་ཕྱོགས་པའི་ཚེ་འཁོར་སློབ་རྣམས་ཀྱིས་སྦྲུལ་བའི་སྐུ་གང་དུ་འབྱོན་སོགས་ཞུས་པའི་ལན་དུ། བཀའ་ཆེམས་ལས། ང་སྐྱེ་བ་འདི་ལ་མཆོད་རྟེན་ཆེན་པོ་གཉིས་ཀྱི་ཞབས་ཏོག་ལ་སོང་ནས། ཉམས་ལེན་ཆེར་མ་འགྲུབ། ད་སྟེ་ཞག་བཞི་བཅུ་ཞེ་དགུ་ཚུན་ལ། མངའ་བདག་པའི་སྐུ་བརྒྱུད་དུ་ཉིང་མཚམས་སྦྱོར་ཐུབ་པ་བྱེད་པས། དེར་རྩད་གཅོད་ཀྱིས་ཡིད་ཆེས་པ་བྱུང་ན། ངའི་བླ་མའི་སྐྱེ་བ་ཡིན་ཞེས་བདག་རྐྱེན་བྱེད་དགོས་ཁྱེད་སྐྱེ་བ་སྔ་མ་མཆོད་རྟེན་གྱི་ཞབས་ཏོག་ལ་སོང་ནས་ཉམས་ལེན་ཆེར་མ་འགྲུབ། ད་རེས་དབུས་གཙང་གི་ཆོས་སྟོན་ཆེན་པོ་ཅིག་གི་འགག་ཏུ་ལྟོ་ལམ་ཟན་ལ་གྱིས་ལ། ཉམས་ལེན་ལ་འབད་པར་ཞུ་གྱིས་ལ། སྐུལ་བཅག་ཅིས་ཀྱང་ཐུབ་པར་མཛོད། གལ་ཏེ་མངའ་བདག་གི་བརྒྱུད་དུ་རྟེན་འབྲེལ་མ་འགྲིག་ན། གཞན་དུ་རྩད་གཅོད་བྱེད་མི་དགོས། ཞེས་སོགས་གསུངས་ཏེ། སྦས་ཡུལ། ཡོལ་མོ་གངས་ར་ཉིད་དུ་སྐུ་གཤེགས། ཞལ་སློབ་རྣམས་ཀྱིས་རྩད་བཅད་པས། མངའ་བདག་པའི་གདུང་རིགས་ལ། གདན་ས་སྨྲ་བོ་ཅོག་པོ་བ་དང། དགའ་ཐང་པ་ཤར་ནུབ་གཉིས་ཏེ་ཚན་པ་གསུམ་དུ་ཡོད་པའི། དགའ་ཐང་ནུབ་མར་སྦྲུལ་པའི་སྐུ་འཁྲུལ་བྲལ་དུ་འཁུངས་པ་སྦྲུལ་སྐུ་ནམ་མཁའ་བརྒྱ་བྱིན་ཡིན་ཏེ། གཏེར་སྟོན་ཉང་རིན་པོ་ཆེ་ནས་གདུང་རབས་བཅུ་བཞི་པ་ཡིན་པར་བྱེད་དོ། གཏེར་སྟོན་མངའ་རིས་པ་ཆེན་པོ་པཎ་ཆན་པདྨ་དབང་རྒྱལ་རྡོ་རྗེ་ནི། བཀའ་གཏེར་གྱི་བསྟན་པ་ལ་དངོས་སམ་བརྒྱུད་ནས་བཀའ་དྲིན་(སྨད་ཆ།༣༣)བསམ་གྱིས་མི་ཁྱབ་ཅིང། སྦངས་པ་དང་རྟོགས་པའི་ཡོན་ཏན་ཟད་མི་ཤེས་པའི། སྐྱེས་བུ་དམ་པ་དེ་ནི་ཡུལ་མངའ་རིས་གློ་བ་མ་ཐང་གི་སའི་ཆར། ཡབ་མར་པ་ལོ་ཙཱའི་སྐྱེ་བ་ལྷ་རིགས་གྲུབ་པའི་དབང་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཞེས་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་སོགས་ཏེ་མཁས་གྲུབ་ཀྱི་བླ་མ་མང་པོའི་ཞབས་ལ་ཐུག་ཅིང། བཀའ་གཏེར་ལྕམ་ཁྲོ་མ་པ་རྒྱན་གྱི་སྲས་སུ་མེ་མོ་ལུག་གི་ལོ་ལ་སྐུ་བལྟམས། མཚན་པདྨ་དབང་རྒྱལ་དུ་བཏགས་དགུང་ལོ་བརྒྱད་པ་ལ་རྟེན་དགེ་བསྙེན་དུ་མཛད། ཡབ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྡོམ་པས་རྒྱུད་སྦྱངས་ནས། འཇམ་དཔལ་མཚན་བརྗོད། སྒྱུ་འཕྲུལ་ཞི་ཁྲོ། ཡང་དག་མེ་དགུ། སེམས་ཕྱོགས་ལ་སོགས་གསན་པ་རྒྱ་ཆེན་པོ་མཛད། བཅུ་གཅིག་པར་ཙ་རྒྱུད་གསང་སྙིང། བློབ་དཔོན་སྒེག་པའི་རྡོ་རྗེའི་འགྲེལ་པ། གཡུང་ཊི་ཀ་ཁ་དམར་ཅན། སུམ་སྟོན་གྱི་ཊི་ཀ་ལ་སོགས་པ་ཕལ་ཆེར་ཞིག་ཟླ་བ་བདུན་གྱིས་ཁོང་དུ་ཆུད། དགོངས་འདུས་ལ་སོགས་པའི་མདོའི་གནས་ཀྱང་བྱང་བར་བྱས། བཅུ་གཉིས་པའི་ཚེ་མཁས་པ་འདུས་པ་དང། སྒྱུ་འཕྲུལ་ཞི་ཁྲོ། རྟ་མགྲིན་ལ་སོགས་པར་བསྙེན་སྒྲུབ་མཐར་ཕྱིན། ལྷ་མོ་དུང་སོལ་མས་ཞལ་ཡང་ཡང་བསྟན། གྲུབ་མཚན་གྱི་ཐོག་མར་ཤཱ་ལོག་ཆེན་པོ་ཞིག་བྱུང་བ་ལ་ཕུར་པ་གདེངས་པ་ཙམ་གྱིས་ནམ་མཁའ་ལ་ཐོག་སོ་བདུན་ཙམ་སར་འཁྱིལ་ཞིང་བཟློག། དེ་བཞིན་དུ་གཏོར་ཆེན་འཕངས་པའི་ཆོས་སྟེང་ནས་གྲུ་གང་ཙམ་འཕགས་པ་(སྨད་ཆ།༣༤)ཡང་བྱུང། སྨེ་བརྩེགས་ཀྱི་སྒོར་བཟླས་མཛད་པས་ཁརྑ་ཇིརྑ་གྱི་སྒྲ་སྒྲོག་བཞིན་པར་མཐོང། དགུང་ལོ་བཅུ་བཞི་ནས་བཀའ་བརྒྱད་དང་མ་གཤིན་ལ་སོགས་པའི་སྒྲུབ་ཕྲིན་མང་དུ་བསླབས་ཤིང་བཟླས་སྒོམ་གྱི་ལ་ཟློས། དེ་ནས་ལོ་བདུན་གྱི་བར་དུ་གཙོད་ཡུལ་དང་རོ་སྙོམས་མཛད། བྱེ་མ་དང་ཆུ་རྡེལ་མེ་ཏོག་ལ་སོགས་པའི་བཅུད་ལེན་ཁོ་ནས་དཀའ་སྦྱད་ཀྱི་ཕྲང་ལ་བཤར་ཐེམ་སྦངས་ཀྱི་དམ་བཅའ་ལོ་གསུམ། ངག་བཅད་ཀྱི་དམ་བཅའ་ལོ་གསུམ། ཤ་ཁྲག་གི་ཟས་ལ་ཤིན་ཏུ་སྡར་ཞིང། སྨྱུང་གནས་དང། གསོ་སྦྱོང་ལ་སོགས་མང་དུ་མཛད་པས་སྦྱན་རས་གཟིགས་ཞལ་ལན་བདུན་དུ་གཟིགས། ལོ་གཅིག་རུ་བླ་མ་གསང་འདུས་ཀྱི་གདམས་ངག་ལ་ནན་ཏན་མཛད། སྦྱིར་བླ་མ་མཁས་གྲུབ་མང་པོ་ལས་མདོ་སྔགས་ཆོས་ཀྱི་བདུད་རྩི་ངོམས་པ་མེད་པར་འཐུངས་ཤིང། ཁྱད་པར་དུ་ཡབ་ལས་མདོ་དབང་དང། ཕུར་པ། སྒྲུབ་ཆེན་བཀའ་བརྒྱད་ལ་ནན་ཆགས་ཆེན་པོ་མཛད། གྲུབ་པ་བརྙེས་པའི་རྣམ་ཐར་ཡང། བ་གམ་ཅན་བྲག་ལ་བྱི་ལྟར་འཛུལ། མགོ་བོ་ཅན་བྲག་གི་ལོགས་ལ་རྒྱུགས། གྲོགས་ཤེར་སེང་དང་ཤར་དཔལ་རྒྱལ་བཟང་གསུམ་བྱང་རྒྱལ་དང་བླ་མ་རིན་སེང་བ། སྐྱེས་ཕོ་མོ་འགས་གྲུབ་ཐོབ་ཟེར། དེར་གྲུབ་ཐོབ་ཀྱི་གོ་བ་ང་མི་ལེན། ཆོས་ཉམས་བླངས་ཀྱི་ཉམས་སྣང་ཐོབ་ཙམ་ཡིན། དོན་འཕོ་འགྱུར་བྲལ་བ་མ་རྟོགས་ན། ལུས་སྐུ་མའི་ཚོ་འཕྲུལ་བྱ་བྱིས་སྟོན། ཞེས་གྲུབ་རྟགས་ཀྱི་མཐར་ཐུག་རྟོགས་པ་ལ་ངོས་འཛིན། བཅུ་བདུན་(སྨད་ཆ།༣༥)གྱི་ལོ་ལ་དམ།་བཅའ་བརྒྱད་མཛད། དགེ་འདུན་ལ་མཐོད་ཕྱག་བྱེད་པ་དང། ཕ་ཡུལ་དུ་ཞག་བདུན་ལས་མི་བཞུགས་པ་དང། དབེན་པ་འབའ་ཞིག་ལ་བློ་གཏད་པ་དང། རྒྱལ་པོའི་སྒོ་ཁང་ལན་གསུམ་ལས་མི་འགྲིམ་པ་དང། ཚོང་ཁེ་དང་གྲལ་འགོ་མི་འཛིན་པ་དང། རོ་ཚོག་དང་དབུ་གཙོ་མི་བྱེད་པ་དང། འཚོ་བ་བསོད་སྙོམས་ལ་བརྟེན་པ་དང། བསྒྲུབ་པ་དང་ཐོས་བསམ་འབའ་ཞིག་བྱེད་པ་རྣམས་སོ། སློབ་དཔོན་ནོར་བསྟན་མཟང་པོ་ལས་ཡང་ཡང་དུ་བསྙེན་ནས་འདུལ་བ་དང་མདོ་སྡེའི་སྐོར་དང། ཇོ་བོ་བཀའ་གདམས། ནཱ་རོ་མཁའ་སྦྱོད་མ་སྙན་བརྒྱུད་བསམ་མི་ཁྱབ་དང་བཅས་པ་ཞུས། སྐྱིད་གྲོང་དུ་འཕགས་པ་ཝ་ཏི་མཇལ་བས་གསུང་བྱོན། སྐུ་ཚེ་སྔ་མའི་སྔོན་གནས་མང་པོ་རྗེས་སུ་དྲན། དགུང་ལོ་བཅུ་དགུ་པར་ཕ་ཡུལ་དུ་ཡིག་དྲུག་གི་འགྲོ་དོན་མཛད། ཉི་ཤུ་ལ་བྱམས་ཆོས་སྔ། ཕར་ཕྱིན། ཚད་མ་དབུ་མ་ཙ་ཤེ། བཞི་བརྒྱ་པ་དང་བསླབ་བཏུས། སྦྱོད་འཇུག་དངོས་བརྒྱུད་དོན་བདུན་ཅུ་སོགས་གཞུང་ལུགས་ཆེན་པོ་བརྒྱ་ཕྲག་གཅིག་ཁོང་དུ་ཆུད། ཉེར་གཅིག་པ་ལ་འཇལ་དབྱངས་ཆོས་སྐྱོང་དང། སྡོམ་བཙོན་ཚུལ་ཁྲིམས་དཔལ་ལ་སོགས་པར་ཞག་བདུན་ན་གཤེད་དམར་དངོས་སུ་མཐོང། ཉི་ཤུ་རྩ་གཉིས་པར་ཡབ་ཀྱི་སྒྲུབ་པ་མཛད་པས་བདུད་རྩི་ཁོལ། མར་མེ་ཆུང་དུ་ཞིག་གིས་ཞག་གསུམ་ཐུབ། དེའི་ཚེ་ཡབ་ཀྱི་གཟིགས་སྣང་ཉིད་ཀྱི་ཚིགས་སུ་བཅད་ལ། བུ་ཁྱོད་ཚེ་ལ་བར་ཆད་མ་བྱུང་ན། འཇིག་རྟེན་འདིར་(སྨད་ཆ།༣༦)ནི་ཆོས་ཀྱི་འཁོར་ལོས་བསྒྱུར། མདང་སུམ་དཀྱིལ་འཁོར་མཐའ་ལ་ཀུན་བསྐོར་ནས། བླ་མ་ཟུར་ཆེན་རྡོག་སྟོན་ཆེན་པོ་དང། རྗེ་བཙུན་གྲགས་པ་འཕགས་པ་རིན་པོ་ཆེ། ནམ་མཁའི་སྙིང་པོ་བསོད་ནམས་བླ་མ་དང། འགྲོ་མགོན་ཉང་རལ་རས་ཆུང་རྡོར་གྲགས་དང། རྒྱལ་སྲས་དབང་ཆེན་གློ་བོ་ཡབ་སྲས་དང། ཆག་ལོ་ཆོས་དཔལ་ཁྲོ་ཕུ་ལོ་ཙཱ་དང། ནག་ཚོ་ལོ་ཙཱ་ཀུན་མཁྱེན་མུས་སྲད་པ། མཁས་གྲུབ་བསོད་བཟང་གྲུབ་ཆེན་དམར་ཞབས་དང། དམ་པ་སངས་རྒྱས་བཻ་རོ་བི་མ་ལ། ཨོ་རྒྱན་ཡབ་ཡུམ་རྒྱལ་པོ་ཁྲི་སྲོང་དང། མ་གཅིག་ལབ་སྒྲོན་ཞད་ལ་རས་ཆེན་པ། ཁམས་པ་སྒ་ལོ་རྒྱ་གར་པཎ་ཆེན་རྣམས། གཅིག་ལ་གཅིག་ལྟ་འཛུམ་ཞིང་བཞད་པ་ལ། ཀུན་ཀྱང་ད་ནི་པདྨ་དབང་རྒྱལ་ཡིན། སྨྲ་ཞིང་ཐམས་ཅད་ཁྱོད་ལ་ཐིམ་ནས་སོང། ཞེས་པ་ལྟར་ཡིན། ཉེར་གསུམ་པ་ལ་གློ་བོ་ལོ་ཙཱ་བར་ལམ་འབྲས་ཚོགས་བཤད་དང། སློབ་བཤད་གཉིས། ཉེར་བཞི་པའི་ཚེ་ཡང་ཚར་གཅིག་བསྐྱར། ཉེར་ལྔ་པའི་ཚེ། བསམ་གྲུབ་གླིང་དུ་གླི་བོ་མཁན་ཆེན་བསོད་ནམས་ལྷུན་གྱིས་མཁན་པོ། ཆོས་རྗེ་དཀོན་མཆོག་སྐྱབས་ཀྱིས་སློབ་དཔོན་མཛད་ནས། དད་པའི་དགེ་སློང་ཉི་ཤུ་རྩ་ལྔ་དང་བཅས་པའི་དབུས་སུ། ཚིག་གསུམ་གྱིས་བསྙེན་པར་རྫོགས་པའི་དངོས་པོར་བསྒྲུབས། ཉེར་དྲུག་པ་ལ་ཤེལ་གྱི་རོ་བོ་འབྲུག་སྒྲ་ལ་སོགས་པའི་དབེན་པར། ཆོས་གོས་གསུམ་དང། གླེགས་བམ། འཁར་གསིལ། ལྷུང་བཟེད་ལས་གཞན་པའི་ཡོ་བྱད་ཐམས་ཅད་སྦངས་ཏེ་སྒོ་གཅིག་པའི་བརྟུལ་ཞུགས་བཟུང། སྟོན་པས་བཅས་པའི་གནང་བ་ཀག་དང། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སྒྲ་ཇི་(སྨད་ཆ།༣༧)བཞིན་པར་གནས་པ་ནི་སྐྱེས་བུ་ཆེན་པོ་འདི་དང་ཀོང་པོ་རྒོད་ཚང་པ་སྣང་ཚོགས་རང་གྲོལ་གྱི་རྣམ་པར་ཐར་པ་ནི་ཆོས་ལ་གནས་ངེས་པར་ཤེས་སོ། སླར་ལྗོངས་རྒྱུ་བའི་བརྟུལ་ཞུགས་ཀྱིས་མངའ་རིས་ཀྱི་རིས་ཀྱི་གནས་རྟེན་རྣམས་ཀྱང་མཇལ་གློ་བོ་མཁོན་ཆེན་ལས། དགྲ་གདོང། འཇིགས་བྱེད། གཤེད་དམར། གསང་བ་འདུས་པ་ལ་སོགས་པ་མང་དུ་གསན། མཁས་པོ་དེ་དང། གུ་གེ་པཎ་ཆེན་རྣམ་རྒྱལ་དཔལ་བཟང། འཇམ་དབྱངས་བློ་གྲོས་དཔལ་མགོན་རྣམས་ལ་སྒྲ་དང། ཚད་མ། བརྟག་གཉིས་ཀྱི་བཤད་པ། གསང་སྔགས་དབང་དང་མན་ངག་ཀྱང་མང་དུ་ཉན། སྦུ་ཧྲང་དང། ཏཻ་སེ་དང། ཁོ་ཆར་ལ་སོགས་པའི་གནས་རྟེན་འཁོར་ནས་སླར་གློ་བོར་བྱོན། དྲང་སོ་གཏེར་སྟོན་ཤཱཀྱ་བཟང་པ་ལས་བྱང་གཏེར་མང་དུ་གསན། དྲང་སོ་གཏེར་སྟོན་ཤཱཀྱ་བཟང་པོ་ལས་བྱང་གཏེར་མང་དུ་གསན། མདོར་ན་བདེ་ཀྱེ་གསང་གསུམ། མ་གཤིན་ཕུར་པ། བཀའ་བརྒྱད་གསང་རྙིང། ཡང་ཕུར་རྟ་གསུམ་རྡོ་རྗེ་གུར། གསང་འདུས་ཡེ་ཤེས་ཞབས་ལུགས། བདེ་མཆོག་ལྷན་སྐྱེས། ལྷུ་ནག་དྲིལ་གསུམ། བོད་ཞལ་ནས། དཔལ་མགོན་ཞལ་བྲམ། དུས་འཁོར་འགྲེལ་ཆེན། ཕྱག་རྡོར་བརྒྱད་བསྐོར་ཨུ་ཙ་ཡ། རས་ཆུང་སྙན་བརྒྱུད་ཕྱག་ཆེན་སྦྱོར་དྲུག། ཨོ་རྒྱན་བསྙེན་ཨུ་ཙ་ཡ། རས་ཆུང་སྙན་བརྒྱུད་ཕྱག་ཆེན་སྦྱོར་དྲུག། ཨོ་རྒྱན་བསྙེནསྒྲུབ། ཡང་དགོན་པའི་རི་ཆོས། ཉང་གཏེར་ཡོངས་རྫོགས། རྡོ་རྗེ་ཕྲེང་བ་ལ་སོགས་ཏེ་གསར་རྙིང་བཀའ་གཏེར་བསྟན་བཅོས། མན་ངག་གི་ཡེ་གེ་རྣམས་ཐམས་ཅད་ལ་དཱ་རི་ཌའི་བརྟུལ་ཞུགས་ཁོ་ནས་ཆོས་སྒུག་སོགས་ཀྱི་ངལ་དང་དུ་བླངས་ཏེ། གངས་སྙིང་གི་རྒྱུད་སྡེ་ཆེན་པོ་དེ་དག་ལའང་བསྙེན་པ་མ་སོང་བ་མེད་པས། དམ་པའི་ཆོས་འཚོལ་ཞིང་བྱང་བཏང་སྒོ་གཅིག་པའི་(སྨད་ཆ།༣༨)བརྟུལ་ཞུགས་ཀྱིས་བལ་ཡུལ་ཤིང་ཀུན། བྱ་རུང་ཁ་ཤོར། བལ་པོ་ཕམ་མཐིང། ཡང་ལེ་ཤོད་ལ་སོགས་པ་ཐམས་ཅད་དུ་གཤེགས་ཤིང་དེ་དག་ཏུ་བལ་བོད་ཀྱི་བླ་མ་མང་པོ་བསྙེན། གནས་འབྲེལ་དང་ཐུགས་དམ་འབའ་ཞིག་མཛད། དག་པའི་སྣང་བ་མཐའ་ཀླས་པར་ཤར། ཡི་དམ་དང་ཆོས་སྐྱོང་མང་པོའི་ཞལ་གཟིགས། མཁའ་འགྲོ་ལམ་སློབ་དཔོན་ཨ་བྷྱ་ཀ་རའི་སྐྱེ་བར་ལུང་བསྟན། ལོ་ཆེན་དཀོན་མཆོག་སྐྱབས་ཀྱིས་རྡོ་རྗེ་ཕྲེང་བའི་དབང་ལ་དོགས་ཆ་མཛད་པས། མཚན་ལམ་ན་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གཙོ་བོ་པཎ་ཆེན་པདྨ་དབང་རྒྱལ་གྱིས་མཛད་ཅིང་འདུག་པའི་སྒོ་དྲུང་ནས་མཁའ་འགྲོ་མས་ཁོང་བཀག་ནས་མ་བཏང་བས་སླར་འགྱོད་དེ་གནང། ཞར་ལ་ལམ་འབྲས་གསར་མངའ་ཐོབ། སོ་བརྒྱད་པ་ནས་གསར་རྙིང་རིས་མེད་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། དེ་ནས་དབུས་གཙང་གི་ཕྱོགས་ལ་གསར་རྙིང་གི་ཆོས་རྒྱུན་ཉམས་པ་དག་གསོ་བའི་ཐུགས་བསྐྱེད་བླ་ན་མེད་པས། ཡབ་དང་གློ་བོའི་སྡེ་བདག་ཀུན་ལ་གནང་བ་ཞུས། རིམ་བཞིན་ཟང་ཟང་བྲག་བཀྲ་བཟང། བྱང་ངམ་རིང་རྣམས་བརྒྱུད་དེ་བྱོན། བདེ་གྲོལ་དུ་མེས་སྟོན་ནམ་མཁའ་རྒྱལ་མཚན་དང། སྔགས་འཆང་ཤཱཀྱ་བཟང་པོ་མཇལ། དེ་ནས་གཅུང་ལེགས་ལྡན་ཀྱང་ལྷན་ཅིག་པས་དབུས་ལ་བྱོན། ཆོས་ཚིགས་སྦྲུལ་པའི་རྡོ་རྗེ་གདན་ལྷ་སའི་གཙུག་ལག་ཁང་ཇོ་ཤཱག་རྣམས་ཀྱིས་གཅོས་པའི་རྟེན་བརྟེན་པ་རྣམས་མཇལ། རྡོག་ཆོས་དང་ཞི་བྱེད་ལ་ཐུགས་འདུན་དྲག་པོ་ཡོད་པས་རྗེ་བཙུན་མ་དང། དཔལ་ལྷའི་སྦྲུལ་པས་སྐོར་ལམ་དུ་འགྲོགས་ནས་ལུང་བསྟན། གུང་ཐང་དུ་ཕྱག་མཆོད་མཛད། གཞུང་(སྨད་ཆ།༣༩)སྦྲེ་ཞིང་དུ་རྡོག་བསོད་ནམས་བསྟན་འཛིན་ལས་རྡོག་དཀྱིལ་རྣམས་ལེགས་པར་ནོད། གྲཱ་ཐང་དུ་ཞ་ལུ་ལོ་ཆོས་སྐྱོང་བཟང་པ་ལས་གཤེད་དམར་སྐོར་སོགས་གསན། བསམ་ཡས་སུ་བྱོན་པས་སྔོན་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དུ་གྱུར་པའི་བག་ཆགས་དུ་མ་སད། བར་ཁང་དུ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་བཞེངས་ནས་སྒྲུབ་མཆོད་དང་སྨོན་ལམ་མཛད། ལྷོ་བྲག་གུ་རུ་བ་སོགས་ལ་ཆོས་ཀྱི་བདུད་རྩི་མང་དུ་བཀྱེ། ཀ་ཐོག་པ་ཆོས་རྗེ་བསོད་ནམས་རྒྱལ་མཚན་སོགས་བཤེས་གཉེན་ཡང་དག་དང་ཆོས་སྐྱེས་འབུལ་རེས་མཛད། ཕྲེང་པོ་ཨོ་རྒྱན་ཆོས་རྫོང་དུ་ཀོང་ཆེན་ནམ་མཁའ་དཔལ་ལྡན་ལས་བླ་མ་དགོངས་འདུས་གསན། ཡང་རྫོང་དང་མཆིམས་ཕུར་ཐུགས་དམ་མཛད་པས་ཙ་བ་གསུམ་གྱི་ལྷ་ཚོགས་མང་པོའི་ཞལ་གཟིགས། ཆོས་དབང་གིས་གདུང་རབས་བརྒྱད་པས་ལྷོ་བྲག་ཏུ་སྦྱན་དྲངས་ནས། མཁར་ཆུ། བསམ་འགྲུབ་བདེ་ཆེན། ལྷ་བྲོ་དང། སྨྲ་བོ་ཅོག། གྲོ་བོ་ལུང་ལ་སོགས་པར་བྱོན། མངའ་བདག་ཉང་ལ་ཨོ་རྒྱན་ཆེན་པོས་ལུང་བསྟན་པ་བཞིན། པཎ་ཆེན་འདིས་ཆོས་བརྒྱུད་ཉམས་པ་གསོ་བར་གསུངས་པའི་དུས་ལ་བབས་ཏེ། ཉང་གི་གདུང་སྒར་ཟུར་ལ་རང་ལུགས་ཀྱི་བཤད་ཉན་རྒྱ་ཆེན་པོ་མཛ། སྡིག་ཅན་འགའ་ཞིག་ལ་གནས་སྦོར་མཛད་པས་འཇའ་འོད་ཀྱིས་པར་སྣང་བཀང། ཞཱ་སྟོད་དང་བཙན་གྲོ་སོགས་སུ་སྒྲུབ་ཆེན་བདེ་གཤེགས་འདུས་པའི་སྨན་སྒྲུབ་དང་སྐྱེ་བདུན་གྱིས་འགྲོ་དོན་མཛད། སྦྱིར་སྐྱེས་བུ་ཆེན་པོ་འདི་ཆོས་ལ་གནས་འཇོག་ཤིན་ཏུ་ཆེ་ཞིང་ཁྱད་པར་སྔོན་གྱི་སྨོམ་ལམ་ལས་བདེ་གཤེགས་འདུས་པ་ལ་དོན་གཉེར་ཆེན་པོ་དང་ལྡན་པས་རང་གི་ཡབ་རྗེ་ལ་སོགས་པར་(སྨད་ཆ།༤༠)བཀའ་བརྒྱད་བདེ་འདུས་ཚར་ཉི་ཤུ་རྩ་ལྔ་གསན་པའི་ཕྱི་མ་ཁུངས་བཙུན་ཞིང་ཡིད་རྟོན་པར་ནུས་པ་དེ་ལྷོ་བྲག་དགོན་དཀར་ཞེས་པ་འདིར་རི་བྲག་ལ་ཐོགས་མེད་པར་གཤེགས་ནུས་པའི་རྗེ་རིགས་ནམ་མཁའི་རྣལ་འབྱོར་ལས་རྙེད་གསན་ཡིག་ཏུའང་བསྔགས་པ་ཆེན་པོ་མཛད་ཅིང། དགོངས་པ་མཐར་ཐུག་རྫོགས་པའི་ཐ་ཚིག་ཀྱང་གསལ། སླར་ཟག་གཏེར་བཞེས་ཚུལ་ཡང་དགུང་ལོ་ཞེ་དྲུག་པར་བསམ་ཡས་སུ་བྱོན་ནས་བཀའ་འདུས་ཕྱི་མ་རིག་འཛིན་ཡོངས་འདུས་ཀྱི་ཆོས་སྐོར་གཏེར་ཁ་རྣམས་རྣམ་གསང་སྒྲོམ་ནས་སྦྱན་དྲངས། སྙེ་མོར་དགོངས་འདུས་ཀྱི་སྒྲུབ་ཆེན་བཙུགས། ཕུང་པོ་རི་ཆེར་བདེ་འདུས་ལ་འཆད་ཉན་མཛད། ངོར་དང་གསེར་མདོག་ཅན་དུ་དགེ་ཚུལ་སློང་གི་ལས་ཚོག་མང་དུ་མཛད། གཞན་ཡང་ཆོས་འཆད་ཉན་ལ་སོགས་པའི་འགྲོ་ཕན་རྒྱ་ཆེན་པོ་མཛད་དེ་ཆུ་བོ་རི་བརྒྱུད་བྲག་རྡོ་རྗེ་ཞེས་པ་འདིར་ཞག་གཅིག་གདན་ཆགས་པས་སྐུ་ཚེའི་རྟེན་འབྲེལ་འགྲིགས། གྲག་ཆེན་ཕུར་པ་ཞེས་པའི་དཔྱད་ལས་བསྐྱེད་རྫོགས་ཀྱི་བསྟན་པ་ཟིན་པའི་བརྡའ་དགོངས་པ་བཞིན། སླར་ཕྲེང་པོ་པ་དརེ་ཞིང་རྒྱས་པའི་ཚེ་ཀུན་གཟིགས་ཕྲེང་པོ་གཏེར་ཆེན་ཤེས་རབ་འདོ་ཟེར་ཏི་ཤྲཱིར་བསྐུར་ནས་གནས་འདིར་ཡུན་རིང་པོར་དགོན་པ་བཅས་ནས་གཏན་ཆགས། གསུང་རབ་མང་པོའི་སྦྱར་བྱང་དུའང་ཐུབ་བསྟན་རྡོ་རྗེ་བྲག་ཏུ་སྦྱར་བའོ་ཞེས་མིང་གི་མངའ་གསོལ། དེ་ནས་པཎ་ཆེན་རིན་པོ་ཆེ་ཕལ་ཆེར་བསམ་ཡས་བུ་ཚལ་དུ་གཏན་ཆགས། བྱམས་པ་གླིང་དུ་ཐུ་བཙུན་བསོད་ནམས་རྣམ་རྒྱལ་ལས་སངས་རྒྱས་མཉམ་སྦྱོར་གསན་ཅིང། མཁའ་འགྲོ་སྙིང་ཏིག་གི་དབང་ཁྲིད་མ་ལུས་པ་ཕུལ་ནས་ཐུགས་ཡིད་གཅིག་ཏུ་འདྲེས། འོན་སྨོན་ཐང་(སྨད་ཆ།༤༡)དུའང་སྐུ་མཆེད་ལྷན་ཅིག་པས་ཡུན་རིང་པར་བཞུགས། གཅུང་རིག་འཛིན་ལེགས་ལྡན་པ་དེ་ལུགས་གཉིས་ཀའི་ཕོ་སྒོ་ཡངས་པས་འབྲི་གུང་པ་རིན་ཆེན་ཕུན་ཚོགས་བསམ་ཡས་སུ་གདན་དྲངས་ནས་དཔོན་སློབ་གསུམ་ཀས་བསམ་ཡས་ཀྱི་རབ་གནས་བསྐྱར་ཏེ་བོད་ཁམས་ཡུན་དུ་བདེ་བའི་རྟེན་འབྲེལ་བསྒྲིགས། འདི་ནས་བཟུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱང་སྲས་ཀྱི་དམ་པར་གྱུར་པས་རྒྱལ་དབང་པདྨའི་རིགས་པའི་པཎྜི་ཏ་ཆེན་པོ་མདོ་སྔགས་གསར་རྙིང་རིས་མེད་པའི་བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། བཞོན་པ་དང་འཇོལ་བེར་ལ་སོགས་པའི་ཆོས་བརྒྱད་ཡོངས་སུ་སྦངས་པས་ཤཱཀྱ་ཐུབ་པའི་རྗེས་ཞུགས་བསོད་སྙོམསཔ་ཆེན་པོ། ཞེན་ལོག་དང་དཀའ་སྦྱད་ཁུར་དུ་བཟོད་པས་བྱ་བཏང་རྣལ་འབྱོར་གྱི་དབང་པོ་ཆེན་པོ། རིག་པ་དང་གྲོལ་བའི་སྦོབས་པ་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའ་དགེ་འདུན་ཆེན་པོ་དེས་ད་ངོས་ཀྱི་ལམ་ནས་བསྟན་པ་དང་སེམས་ཅན་གྱི་དོན་བླ་ན་མེད་པ་མཛད། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་སྐོར་ཚོ་འབྱེད་པའང་རྣམ་དཔྱོད་འདི་ཁོ་ན་ཆེ་ཞིང། ལུང་གི་རྒྱུན་ལའང་བཀའ་དྲིན་བསམ་གྱིས་མི་ཁྱབ། ཚིག་ཉུང་ལ་དོན་ཤིན་ཏུ་མང་བ་སྡོམ་པ་གསུམ་གྱི་རྣམ་པར་ངེས་པའི་བསྟན་བཅོས་ལ་སོགས་ཏེ། རྣམ་གྲངས་མཐའ་ཡས་དག་གི་བརྒྱུད་ནས་བསྟན་འགྲོའི་བླ་ན་མཐོ་བའི་ཚོ་ག་མཛད་དེ་འོན་སྨོན་ཐང་ནས་ཟངས་མདོག་དཔལ་གྱི་རི་བོར་གཤེགས་སོ། གཏེར་སྟོན་མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་བདུད་འཛོམས)༤༢)རྡོ་རྗེ་ནི། གང་དུ་འཁྲུངས་པའི་ཡུལ་ནི། མངའ་རིས་སྟོད་ཀྱི་གློ་བོ་བ་གདུང་ནི་འདོ་གསལ་ལྷ་རིགས་བོད་ཆོས་ཀྱི་རྒྱལ་པོའི་གདུང་འཛིན་པའི་གསང་སྔགས་འཆང་བའི་རྒྱུད་ལས་བྱུང་བ་མངའ་རིས་པཎ་ཆེན་གྱི་གཅུང་ཡིན། དེ་ཡང་ཡབ་སྔགས་འཆང་ཆེན་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་རྗེ་གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ་ཆེན་པོ་ཐང་སྟོང་རྒྱལ་པོ་དང། གཏེར་སྟོན་ཀུན་སྐྱོང་གླིང་པའི་ཞབས་ལ་ཐུག། མངའ་རིས་སུ་ལོག་འབྱོན་ཁར་གཏེར་སྟོན་ཀུན་སྐྱོང་གླིང་པའི་བཀའ་ལས། ཁྱོད་ཌོ་མྦྷོའི་སྐུ། བཻ་རོའི་གསུང། མར་པའི་ཐུགས་ཀྱི་འོད་ཟེར་ལས་སྦྲུལ་པ་ཡིན། སྐྱེ་བ་སྔོན་མ་རབ་འབྱམས་པ་ཀུན་བཟང་ཉི་མར་གྱུར་དུས་གཞན་ལ་ཁྱད་གསོད་བྱས་པའི་རྣམ་སྨིན་ལ་བརྟེན། རིང་གང་ཆེ་སྡང་བ་ཞིག་འོང། འོན་ཀྱང་ཤིང་སྟག་པ་སྐྱེ་བའི་གནས་སུ་སྒྲུབ་པ་བྱས་ན་ཕུང་པོ་འོད་སྐུར་སྨིན། མདོ་རྒྱུད་ཀྱི་བཤད་ཉན་བྱས་ན་བསྟན་པ་ལ་ཕན་པ་རྒྱ་ཆེར་གཞན་རྐྱེན་གྱིས་ཆུང་མ་ལེན་པ་ཤས་ཆེ་ཡང། དེ་ག་བསྟན་པའི་ཙ་ལག་ཏུ་འགྱུར་ཏེ་ཁྱོད་ལ་རིགས་ཀྱི་སྲས་བརྒྱུད་འབྱུང་བའི་དང་པོ་ལ་དོན་གྲུབ་རྡོ་རྗེ། གཉིས་པ་ལ་དབང་རྒྱལ་རྡོ་རྗེ། གསུམ་པ་ལ་རིན་ཆེན་རྡོ་རྗེ། གཉིས་པ་ལ་དབང་རྒྱལ་རྡོ་རྗེ། ལྔ་པ་དང་དྲུག་པ་ལ་མིང་མི་དགོས། བདུན་པ་ལ་ཀུན་བཟང་རྡོ་རྗེ། བརྒྱད་པ་ལ་མགོན་པོ་ལེགས་ལྡན་རྡོ་རྗེར་ཐོགས། ཞེས་དང་པོ་ལྡ་རྒྱལ་བ་རིགས་ལྔའི་སྦྲུལ་པ་དང། ཕྱི་མ་མགོན་པོ་ལེགས་ལྡན་གྱི་སྦྲུལ་པར་ལུང་བསྟན་པའི་རིག་འཛིན་ལེས་ལྡན་རྡོ་རྗེ་འདི་ཉིད་ཡིན་ནོ། སྐུ་ཕྲ་མོ་ནས་ཡབ་ལ་དབང་ཆོས་མང་དུ་གསན། བསྙེན་སྒྲུབ་ཀྱང་མཐར་ཕྱིན་པ་མཛད། རང་གི་(སྨད་ཆ།༤༣)ཡབ་དཔལ་ཆེ་མཆོག་ཏུ་གཟིགས་པ་དང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གྲངས་མེད་པ་ཞལ་གཟིགས་ཤིང་གསུང་གི་གནང་བ་ཐོབ་པ་སོགས་ཀྱི་དག་སྣང་དང། ཡོན་ཏན་དཔག་མེད་འཁྲུངས། སྐབས་ཤིག་པཎ་ཆེན་རིན་པོ་ཆེས་མངའ་རིས་སྨད་ལ་ཕེབས་པ་ན་རྗེ་རིགས་སྔགས་འཆང་བ་ཤཱཀྱ་བཟང་པོ་དང་མཇལ་ཆོས་ཀྱི་དྲི་བ་ཞུས་པས། ཐུགས་དད་འཁྲུངས་ནས། བླ་མར་བསྐུར། བཎ་ཆེན་མངའ་རིས་སྟོང་དུ་ཕེབས་ནས་གཅུང་ལེགས་ལྡན་རྡོ་རྗེ་ལ། ཤཱཀྱ་བཟང་པོ་ཙ་བའི་བླ་མར་བཟུང་ནས་བྱང་གཏེར་གཅོ་བོར་གྱུར་པའི་གཏེར་ཆོས་མང་པོ་གསན། སངས་རྒྱས་ཀུན་འདུས་སུ་འཛིན་པའི་ཐུགས་དད་ལ་བྲི་གང་མེད་པ་བྱུང་སྣང། གཞན་ཡང་ཡབ་དང། གཅེན་མངའ་རིས་པཎ་ཆེན། གཏེར་སྟོན་རྒྱ་མ་མི་འགྱུར་ཀུན་དགའ་དཔལ་བཟང། ཀོང་ཆེན་ནམ་མཁའ་དཔལ་ལྡན་སྔགས་ནག་གསང་སྔགས་རྡོ་རྗེ་སོགས་མདོར་ནས་མངའ་རིས་ནས་བཟུང་ཀོང་པོ་ཡན་གྱི་མཁས་གྲུབ་གྲངས་མེད་པ་བསྟེན་ནས། བཀའ་གཏེར་གྱི་ཆོས་ཚུལ་འགངས་ཆེ་བ་ཚོ་བ་ལྟ་ཅི་སྒྲུབ་ཐབས་དང། ལས་ཚོགས་ཕྲ་མོའི་ལུང་རྒྱུན་ཙམ་གྱི་ཆེད་དུའང། ངལ་བ་ཁྱད་དུ་བསད། དོ་གལ་ཆེས་ཆེ་བ་དོན་གཉེར་མཛད། མདོར་ན་ཆོས་ཐོས་ཁོ་ནའི་སླད་དུ། བྱ་བྲལ་གྱི་བརྟུལ་ཞུགས་བཟུང་ནས། བོད་ཡུལ་གྱི་གཙང་དབུས་ཤར་ནུབ། སྟོད་སྨད་མཐའ་དག་བལ་གཡེང་པབ་ལྟར་ཞིབ་སྨད་མཛད་པས། བཀའ་གཏེར་གྱི་(སྨད་ཆ།༤༤)ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར། གབ་སྦས་མན་ངག་ཀུན་གྱིས་བདག་པོར་གྱུར། ཡི་དམ་གྱི་ལྷའི་ཐུགས་རྒྱུད་འཁུལ་བ་དང། ཆོས་སྐྱོང་བྲན་དུ་འཁོལ་བས། ཕྲིན་ལས་རྣམ་པ་བཞིའི་འཁོར་ལོས་བསྒྱུར་བ་ལ་བོད་ཡུལ་ཙམ་ན་འགྲན་ཟླ་མེད། ཁྱད་པར་ཟབ་མོ་གཏེར་གྱི་བཀའ་བབས་ཚུལ་ནི། འདུས་པ་སྔ་ཕྱི་བར་གསུམ་ལས་འདུས་པ་དང་པོ་གཏེར་སྟོན་ཨོ་རྒྱན་གླིང་པས་ཡར་ལུང་ཤེལ་བྲག་ནས་གདན་དྲངས་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། འདུས་པ་བར་པ་གཏེར་སྟོན་སངས་རྒྱས་གླིང་པས་སྦུ་རི་ཕུག་མོ་ཆེ་ནས་གདན་དྲངས་པའི་བླ་མ་དགོངས་པ་འདུས་པ། འདུས་ཆོས་ཀྱི་རྒྱ་མཚོ། འདུས་པ་བར་པ་གཏེར་སྟོན་སངས་རྒྱས་གླིང་པས་སྦུ་རི་ཕུག་མོ་ཆེ་ནས་གདན་དྲངས་པའི་བླ་མ་དགོངས་པ་འདུས་པ། འདུས་པ་ཕྱི་མ་གཅེན་མངའ་རིས་པཎ་ཆེན་དང་གཅུང་ལེགས་ལྡན་རྡོ་རྗེ་གཉིས་ཀྱིས་ཐུན་མོང་དུ་བསམ་ཡས་དབུ་རྩེ་རྣམ་སྣང་མི་བཞི་རྒྱབ་སྦྲོད་ཀྱི་སྙིང་མཛོད་ནག་པོ་མུན་པའི་དཀྱིལ་འཁོར་ནས་གདན་དྲངས་པའི་རིག་འཛིན་ཡོངས་འདུས་དང་གསུམ་གྱི་ཕྱི་མ་རིག་འཛིན་ཡོངས་འདུས་ཀྱི་ལུང་བྱང་ལས། འདི་ནས་ཉི་མ་ནུབ་ཕྱོགས་སུ། ཡང་འདུས་པྲ་དུས་ཙེ་ཡི་ལྷོ། གེ་གར་ཀླུ་ཡི་ཁ་གནོན་བྱང༔ རི་རྒྱལ་གླང་ཆེན་འགྱིང་འདྲའི་འདབས། ཆུ་ཆེན་དྲག་པོ་འབབ་པའི་འགྲམ༔ གློ་བོ་མ་ཐང་ཞེས་བྱའི་ཕུར། རྗེ་རིགས་སྔགས་འཆང་རྣལ་འབྱོར་པ༔ གློ་བོ་མ་ཐང་ཞེས་བྱའི་ཕུར། རྗེ་རིགས་སྔགས་འཆང་རྣལ་འབྱོར་པ༔ ཕ་མ་རྒྱལ་མཚན་གཉིས་ཀྱི་བུ། ཀུན་བཟང་དགོངས་པའི་ཀློང་ནས་བསྐྲུན༔ བྷི་མ་མཚོ་རྒྱལ་སྦུལ་པའི་སྲས། ཀུན་བཟང་དགོངས་པའི་ཀློང་ནས་བསྐྲུན༔ བྷི་མ་མཚོ་རྒྱལ་སྦྲུལ་བའི་སྲས། སྦུན་བདུན་ཚིགས་སམ་མཐའ་རུ་འབྱུང༔ ལྷུམས་ནས་ཧཱུྃ་ཧྲཱི༔འི་སྒྲ་བསྒྲོགས་ཤིང། སྐྱེས་པའི་ལོ་ནས་བདེ་སྐྱིད་ལྡན་ཡུལ་ཁམས་བདེ་ཞིང་བསམ་དོན་འགྲུབ། ཆུ་ཁམས་ལུག་གམ་སྦྲེའུ་ལོ་པ༔ བདག་གིས་བྱིན་རླབས་པདྨ་རྒྱལ༔ མཚོ་རྒྱལ་བྱིན་བརླབས་འོད་ཟེར།(སྨད་ཆ།༤༥)མིང། ཆོས་རྒྱལ་བྱིན་བརླབས་གྲོ་བོ་ལོད། ནམ་སྙིང་རྡོ་རྗེ་ཐོགས་མེད་ཙལ། བདུད་འཛོམས་བྱིན་བརླབས་རྡོ་རྗེའི་མིང། བཻ་རོས་བྱིན་བརླབས་གཏེར་བདག་གླིང༔ ཞེས་སོགས་གཏེར་སྟོན་གཉིས་པོ་ཐུན་མོང་དུ་ལུང་བསྟན་པ་དེ། ཞེས་སོགས་གཏེར་སྟོན་གཉིས་པོ་ཐུན་མོང་དུ་ལུང་བསྟན་པ་དེ། ཡུལ་གྱི་མིང་དབྱིབས་དང་ཡབ་ཡུལ་རིགས་རུས་སོགས་ནི་སྐུ་མཆེད་ཡིན་པས་ཚིག་གཅིག་གིས་དོན་གཉིས་སྟོན་ལ། སྦུན་བདུན་ཚིགས་སམ་མཐའ་རུ་འབྱུང། ཞེས་པའི་ཚིགས་ཏེ་བར་དུ་འབྱུང་རྒྱུ་གཅེན་མངའ་རིས་པཎ་ཆེན་དང། མཐའ་རུས་འབྱུང་རྒྱུ་གཅུང་ལེགས་ལྡན་རྡོ་རྗེ། ཆུ་ཁམས་ལུག་གམ་སྦྲེའུའི་ལོ་ཞེས་པ་ནི་ལུང་བསྟན་རྙིང་པ་མང་པོར་གཤེད་བཞི་ལོ་པ་རྣམས་ཕན་ཚུན་གདམ་ཁ་ཅན་དུ་སྣང་ཞིང། ཁྱད་པར་ཁྱིའམ་འབྲུག་ལུག་གླང་ཞེས་འབྱུང་བ་མང་བས། སྐབས་འདིར་ལུག་གམ་གླང་ཞེས་པ་མངའ་རིས་པཎ་ཆེན་གྱི་འཁྲུངས་ལོ་དང། སྦྲེའུ་ལོ་ནི་ལེགས་ལྡན་རྗེའི་འཁྲུངས་ལོར་བསྟན་ཅིང། པདྨ་རྒྱལ་དང་འདོ་ཟེར་མིང་དང། རྡོ་རྗེ་ཐོགས་མེད་རྩལ་དང། གཏེར་བདག་གླིང་པ་རྣམས་ནི་གཙེན་མངའ་རིས་པཎ་ཆེན་གྱི་མཚན་གྱི་རྣམ་གྲངས་ཀྱི་ཚུལ་དུ་ལུང་བསྟན་པ་དང། གྲོ་བོ་ལོད་དང། རྡོ་རྗེའི་མིང་ནི་གཅུང་ལེགས་ལྡན་རྡོ་རྗེའི་རང་གཏེར་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་གྲོལ་གྱི་ལོ་རྒྱུས་རིན་ཆེན་ཕྲེང་བར། བདག་གི་སྨོན་ལམ་མཏུ་བཙན་པས༔ རྡོ་རྗེ་བདུད་མཛོམས་སྐྱེ་པའི་མཐར། བྱང་སེམས་སྦྲེའུའི་ལོ་པ་ཅིག༔ ལས་ལྡན་ཐོག་བབས་ཚུལ་དུ་འབྱུང། དེ་ཡིས་འདི་འབྱིན་འགྲོ་འདྲེན་འགྱུར། ཞེས་བྱུང་བ་ལྟར། གཅེན་དང་ལྷན་ཅིག་པར་བསམ་ཡས་(སྨད་ཆ།༤༦)དབུ་རྩེ་རྣམ་སྣང་མི་བཞི་རྒྱབ་སྦྲོད་ལྟ་བུའི་དཀྱིལ་མུན་པ་ནག་པོའི་གསང་སྒྲོམ་དུ་རྒྱས་བཏབ་པའི་ཟབ་གཏེར་རིག་འཛིན་ཡོངས་འདུས་ཀྱི་ཆོས་སྐོར་དགྲ་བཅོམ་པ་ཟུང་གི་ལྟུང་བཟེད་ཀྱི་ནང་ནས་སྦྱན་དྲངས། ཟབ་གཏེར་འདི་ཉིད་ཀྱི་ཆོས་བདག་ནི། ལུང་ཟིན་འབྲི་གུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ་མངའ་རིས་པཎ་ཆེན་རིན་པོ་ཆེས་ཆོས་འདི་དབུ་ཚུགས་ཙམ་མ་གཏོགས་གནང་མ་ཐུབ། ཞིང་ཁམས་འཕོ་ཁར་ཞལ་ཆེམས་སུ། བསམ་ཡས་དབུ་རྩེའི་བྱང་ཆུབ་ཆེན་པོའི་སྐུ་མདུན་དུ་ཁོ་བོའི་རུས་པ་གདན་དྲོངས་ལ་ཁྱེད་རང་གིས་དབང་རྣམས་བདག་འཇུག་གི་ཚུལ་དུ་ལོངས་གསུངས་པ་ལྟར་རྟེན་འབྲེལ་བསྒྲིགས་པ་མཛད་ཅིང། བཀའ་རྫོགས་ལུང་རྫོགས་ནི་གཅུང་ལེགས་ལྡན་རྡོ་རྗེ་ལས་གསན་པར་མཛད། གཞན་ཡང་ཆོས་བདག་སྦྲུལ་པའི་གཏེར་སྟོན་ཆེན་པོ་བཞི་འབྱུང་བའི་ལུང་བསྟན་ནི། དེ་ལ་འདུད་བྱེད་སྦྲུལ་པའི་གཏེར་སྟོན་བཞིས། ང་ཡི་ཟབ་ཆོས་དམ་པ་གཏེར་ནས་འདོན། ཞེས་པའི་གཏེར་སྟོན་བཞི་ནི་པདྨའི་རྒྱལ་ཚབ་འབྲི་གུང་རིན་ཆེན་ཕུན་ཚོགས། མི་འགྱུར་ལས་འཕྲོ་གླིང་པ་ཀུན་དགའ་དཔལ་བཟང། གནས་གསར་བ་མདོ་སྔགས་གླིང་པ་མཁྱེན་བརྩེའི་དབང་ཕྱུག། འཕྲང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་བཞིར་ངེས་ཤིང། རྗེ་ཉིད་ཀྱིས་སྒོས་སུ་གཏེར་འདོན་པའི་ཚུལ་ཡང། ཨོ་རྒྱན་གླིང་པའི་གཏེར་མའི་ཐང་ཡིག་ཚིག་སྣ་རིང་བ་ལས། མཐའ་དམག་དབུས་འཐིབས་འབྲི་དང་ཕག་པ་འཐབ༔ དབུས་གཙང་སིལ་བུ་ཕག་ཁྱུ་ཚལ་པར་གས༔ འོན་ཕུ་སྟག་ཚང་སྦས་པའི་གཏེར་ཁ་འདི། མི་བཞག་འདོད་པའི་རྟགས་དེ་བསྟན་ནས་འབྱུང། གཏེར་སྟོན་རྡོ་རྗེ་གྲོ་ལོད་ཞེས་བྱ་འབྱུང༔ ༤༧)ཞེས་པའི་དུས་རྟགས་ཧོར་སོག་གིས་མདོ་སྨད་ལ་གནོད་པ་བྱེད་པའི་མགོ་ཚུགས། འབྲི་གུང་པ་ནང་ཞིག། སྡེ་སྲིད་ཕག་མོ་གྲུ་པའི་བསྟན་པ་ཉམས་ཏེ་ཚལ་པར་སོང་བ་སོགས་ཤིན་ཏུ་དུས་འགྲིག་པ་ལ་བརྟེན། རྗེ་ལེགས་ལྡན་ཞབས་ཀྱིས་འོན་ཕུ་སྟག་ཚང་ནས། དྲགས་པོ་དབུ་དགུའི་ཆོས་སྐོར་ཡོངས་སུ་རྫོགས་པ་སྦྱན་དྲངས། ཆོས་བདག་གི་གཙོ་བོ་གནས་གསར་བ་མཁྱེན་བརྩེའི་དབང་ཕྱུག་ལ་གནང། གཞན་ཡང་རང་གཏེར་ལུང་བསྟན་གྱི་དོན་ཐོག་ཏུ་བབས་ཏེ་འབྲས་མོ་གཤོངས་ཀྱི་གནས་སྒོ་དབྱེ་བར་ཕེབས། ས་འབྲུག་ཟླ་བ་བདུན་པའི་ཚེས་བཅུའི་སྲོད་ལ་ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་ཆོས་སྐོར་ངོ་མཚན་ཅན་འདི་རིན་ཆེན་སྙིང་པོའི་བྲག་ནས་སྦྱན་དྲངས། གཞན་ཡང་འཇམ་དཔལ་ཞི་དྲག། ཕྱག་རྡོར་གྱི་ཆོས་སྐོར་སོགས་གཏརེ་ཆོས་མང་དུ་བཞེས། སྐབས་ཤིག་བསམ་ཡས་ཀྱི་གནོད་སྦྱིན་ཆེན་པོ་ཅི་དམར་བརྒྱུད་འཇམ་དུ་གཏོང་བར་བཞེད་ནས། ཧས་པོ་རིང་སྐུ་མཚམས་ལ་བཞུགས་པས་ཆོས་སྐྱོང་གིས་མདོ་ན་ཤེས་ཀྱིས་རིག་ནས་མིའི་ཁོག་ལ་དངོས་སུ་ཞུགས། བསམ་ཡས་མཐིལ་པ་རྣམས་དམག་ལ་བསྐུལ་ཏེ་བར་ཆད་བྱེད་པར་འོངས་པ་ན། ཏིང་ངེ་འཛིན་གྱི་ནུས་པས་ཆོས་སྐྱོང་གན་རྐྱལ་དུ་འགྱེལ། སླར་ཡར་ལ་གཏད་པས་ཡུན་རིང་པོའི་བར་མིའི་ཁོག་ལ་འཇུག་རྒྱུ་མ་བྱུང། དེའི་ཚེ་སློབ་དཔོན་ཆེན་པོ་དངོས་སུ་ཞལ་བསྟན་ནས། ངས་གཙུག་ལག་ཁང་གི་སྲུང་མར་བསྐོས་པ་ལ་དེ་འདྲ་མ་བྱེད་ཅེས་མི་དགྱེས་པའི་རྣམ་འགྱུར་མཛད་པས། བཅིངས་པ་ལས་འཀྲོལ་ཏེ་ཆོས་སྐྱོང་ཆེན་པོ་མིའི་ཁོག་ཏུ་འཇུག་ཐུབ་པར་གྱུར། སྔར་གནུབས་སངས་རྒྱས་ཡེ་ཤེས་དང་རཱ་ལོ་ཙཱ་བ་རྡོ་རྗེ་བྲག་ལྟ་བུའི་ནུས་ལྡན་བྱུང་(སྨད་ཆ།༤༨)ནའང་དུས་ཕྱིས་མཐུ་སྟོབས་དང་ནུས་པ་རིག་འཛིན་ཆེན་པོ་འདི་ཉིད་ལས་ལྷག་པ་ནི་མ་བྱུང་ནར་འདུག་ཅེས་སྔ་པ་རིན་པོ་ཆེས་གསུངས་སོ། དབང་བསྐུར་ཆོས་འཆད་སོགས་དམ་པའི་མཛད་པ་ལ་སྐྱོ་བསུན་མེད་པས། ཞལ་སློབ་ཀྱང་སྨོན་མ་ཐག་པའི། རྗེ་འབྲི་གུང་པ་རིན་ཆེན་ཕུན་ཚོགས། རྗེ་ཉིད་ཀྱི་སྐུའི་སྲས་རིག་འཛིན་པདྨ་ཆོས་རྒྱལ། འབྲུག་པ་སྦྲུལ་སྐུ་པདྨ་དཀར་པོ། བྱང་པ་ཁྲི་དཔོན་འཛིན་པདྨ་ཆོས་རྒྱལ། འབྲུག་པ་སྦྲུལ་སྐུ་པདྨ་དཀོར། བྱང་པ་ཁྲི་དཔོན་མཚོ་སྐྱེས་རྡོ་རྗེ། གནས་གསར་བ་མཁྱེན་བརྩེའི་དབང་ཕྱུག། འདཞ་དབང་ཕྲུག་རབ་བརྟན། ཡོལ་མོ་སྦྲུལ་སྐུ་ནམ་མཁའ་རྒྱ་བྱིན། ཐུགས་སྲས་ཀྱི་གཅོ་བོ་བྱང་བདག་པ་བཀྲ་ཤིས་སྟོབས་རྒྱལ་སོགས་ཆེས་ཆེ་བ་ནས། སྙོམ་ཆུང་རི་ཕུག་འཛིན་པ་ཡན་ཆད་བགྲང་བར་མི་ཆོད་པ་བྱུང། སྐུ་ཚེ་སྨད་ལ། གསང་སྔགས་ཐེག་མཆོག་གླིང་གི་སེང་གེའི་ཁྲིར་བཞུགས་ཏེ། གཡས་རུ་བྱང་ཕྱོགས་ཀྱི་གདུལ་བྱ་རྣམས་ལ་སྨིན་གྲོལ་གྱི་དགའ་སྟོན་རྒྱ་ཆེར་སྩལ་བར་མཛད། སྦྱིར་ལོ་བརྒྱ་དང་བཅུ་གསུམ་བཞུགས་ནས་བཤད་སྒྲུབ་ཀྱིས་བསྟན་པ་བསྐྱངས། ཞི་བར་གཟིགས་པ་ལ་མངོན་དུ་ཕྱོགས་པའི་ཚེ། སང་ཕོད་ཙམ་ན་བླ་མ་རྒད་པོ་ཁོ་ཤི་འདུག་ཟེར་ནས་བཙུན་ཆུང་ཚོ་ལ་སྦགས་མར་ཆེན་པོ་ཟ་རྒྱུ་ཡོད། ཞེས་སོགས་དུས་མཁྱེན་པའི་གསུང་སྩལ། དེ་ནས་མི་རིང་བར་གསང་སྔགས་ཐེག་མཆོག་གླིང་ཉིད་དུ། སྙུ་སྐུན་པ་མེད་པར། མྱ་ངན་ལ་འདའ་བར་མཛད་པའི་ཚེ། རིག་འཛིན་དབང་པོའི་སྡེས། ཕྱག་ཐལ་མོ་སྦྱར་ནས་བཞུགས་པར་གསོལ་བས། ད་རེས་བཟློག་ཏུ་མེད། གཟོ་བ་རྒྱུ་ཡིན་ན་བདག་པོ་རང་གི་བུ་རུ་སྐྱེས་པས་ཆོག་གསུངས་ནས་གཤེགས་པའི་ཚུལ་བསྟན་ཏེ། འདིར་ས་སྐྱ་སྔགས་འཆང་ཆེན་པོས། ཁོང་གི་མཐུ་(སྨད་ཆ།༤༩)ཡིན་ཞེས་དྲིལ་རྒྱ་ཆེར་བསྒྲགས་ཀྱང་ནས་མཁའི་འཇའ་ཚོན་ལྟ་བུའོ། ཞེས་ལྔ་པ་རིན་པོ་ཆེས་གསུངས་པ་ཐུགས་མངའ་བར་སྣང་ངོ། དེ་ནས་ཆོས་རྒྱལ་དབང་པོའི་སྡེས་སྐུ་འདེད་གཟབ་རྒྱས་གདུང་ཁང་རིན་པོ་ཆེ་ལས་གྲུབ་པ་སོགས་བཞེངས་སོ། དེ་ནས་མི་རིང་བར་ཆོས་རྒྱལ་དབང་པོའི་སྡེ་ཉིད་ཀྱི་བཙུན་མོ་འཕྱོངས་རྒྱས་ཟ་ཧོར་ལྕམ་ལྷ་སྲས་ཡིད་འཛིན་དབང་མོའི་སྲས་སུ་འཁུངས་པ་ནི་རིག་འཛིན་ངག་གི་དབང་པོ་སྟེ། ལོ་རྒྱུས་གདན་རབས་སྐབས་སུ་འཆད་དོ། གཏེར་སྟོམ་རིན་པོ་ཆེ་གནམ་ལྕགས་མེ་འབར་རས་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ་ནི། དབུར་སྟོད་འབྲི་གུང་སྐུ་གཉེར་སྒང་ཞེས་པའི་སའི་ཆར་འགྲུ་རྒྱལ་སྐུ་རའི་གདུང་ལས། རྒྱ་གར་རིག་འཛིན་ཧཱུྃ་ཆེ་ཀཱ་ར་དེ། འབྲི་ཡི་ཕྱོགས་སུ་རརྣའི་མིང་ཅན་འབྱུང། ཞེས་ཨོ་རྒྱན་ཆེན་པོས་རྡོ་རྗེའི་ལུང་གི་བསྔགས་པ་ལྟར་སྐུ་ན་གཞོན་ནུ་ནས་དམ་པའི་བག་ཆགས་སད་དེ། སྔོན་གྱི་སྐྱེ་སྲིད་མང་པོ་ལྟར་སྐུ་ན་གཞོན་ནུ་ནས་དམ་པའི་བག་ཆགས་སད་དེ། སྔོན་གྱི་སྐྱེ་སྲིད་མང་པོ་གསལ་བར་དྲན་པ་སོགས་ངོ་མཚར་ཆེབའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་མངའ། དགུང་ལོ་བརྒྱད་ཀྱི་སྟེང་དུ་ཕག་མོ་གྲུར་སྦྱན་སྔ་རིན་པོ་ཆེ་ཆོས་ཀྱི་གྲགས་པ་ལས་རབ་ཏུ་བྱུང། མཚན་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོར་གསོལ་བཅུ་གསུམ་པར་རྩེས་དང་བསམ་གཏན་གླིང་དུ་བཞུགས་པའི་དུས་དཀར་པོ་ཀུན་གྲགས་པས་ཁྲ་འབྲུག་གི་ཞིག་གསོ་མཛད་པའི་རབ་གནས་ལ་སྦྱན་དྲངས་པས། མཐོང་(སྨད་ཆ།༥༠)ན་མི་མཐུན་པ་མེད་པའི་སྐུའི་བྱིན་གྱིས་སྐྱེ་བོ་ཀུན་གྱི་སྙིང་ལ་ངོམས་པ་མེད་དད་པ་བྱིན། སྔོ་སངས་ཀྱི་ལམ་ནས་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། མདོ་སྔགས་དང་གཞུང་ལུགས་མཐའ་ཡས་པའི་གསན་པ་ཕུལ་དུ་ཕྱིན། ཡངས་པ་ཅན་དང། གླུངས་ཤོད་སྟོད་ཀྱི་གཞུ་སྟོད་ཏི་སྒྲོ་ལ་སོགས་པའི་གནས་ངེས་མེད་ཀུན་ཏུ་སྒྲུབ་པ་མཛད། སྣང་སེམས་མཉམ་པ་ཉིད་དུ་འདྲེས་པས་རྡོ་བ་ལ་ཕྱག་མཛུབ་ཀྱི་རྗེས་ཤིན་ཏུ་གསལ་བ་བྱུང། རེ་ཞིག་ན་ཏི་སྒྲོར་བཞུགས་པའི་ཚེ་རྒྱ་གར་གྱི་པཎྜི་ཏ་བཛྲ་ནཱ་ཐ་དཔོན་སློབ་བཅུ་གཅིག་བྱོན་ནས་བྷུ་རླུང་ཛ་བའི་རའི་མན་ངག་ཕུལ། ཆོས་ཀྱི་རྒྱལ་པོ་སྐྱོབ་པ་རིན་པོ་ཆེའི་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད་ནས་ཆོས་སྲིད་གཉིས་ཆར་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས། ནུབ་ཅིག་གཅལ་དུ་བཀྲམ་པའི་དབུས་ན་རྫིང་བུ་མེ་ཏོག་གི་ནཀྲ་བར་སྔགས་པ་སྐྲའི་ཚེ་མོ་ལ་སྦྱན་རས་གཟིགས། སྐེད་པ་ཐམས་ཅད་རྟ་མགྲིན། ཙ་བ་རྡོ་རྗེ་ཕག་མོའི་རྣམ་པར་འདུག་པ་ཞིག་ཁྲུས་བྱེད་པར་གཟིགས་ནས་དེ་ལ་ངོ་མཚར་སྐྱེས་ཙ་ན། བུད་མེད་མཛེས་ཤིང་ཡིད་དུ་འོང་བ་ཞིག་གིས། འདིའི་སྐྲ་དང་ཁྱོད་ཀྱི་སྐྲ་མཚུངས་པ་ཡིན། ཁྱོད་ཀྱིས་རྟག་པར་སྐྲ་བྲེགས་པས་ལྷ་ཚོགས་འདི་རྣམས་སྦངས་པའི་ཉེས་པ་བྱུང་ཞིང་འབྱུང་འཁྲུགས་ཀྱི་ནད་མང། ད་ལུས་ཀྱང་དཀར་ཆས་སུ་བསྒྱུར་ན་རྟེན་འབྲེལ་ཐམས་ཅད་ང་རང་གིས་ཤེས་ཟེར། དེར་དེ་བཞིན་དུ་མཛད་པར་མར་མེའི་ཀོང་བུ་ཆུང་ངུ་ཞིག་གིས་ཞག་འགར་འཚོ་བ་སོགས་རྟེན་འབྲེལ་ཟབ་མོའི་སྒོ་འཕར་ཕྱེ། རེ་ཞིག་ན་ཡངས་པ་ཅན་དུ་བྱོན་པས་གཏེར་གྱི་ཁ་བྱང་བྱུང་ནས། གུ་རུ་(སྨད་ཆ།༥༡)རིན་པོ་ཆེའི་ཐུགས་ཀྱི་ཡང་བཅུད་དམ་ཆོས་དགོངས་པ་ཡང་ཟབ། དུང་ཤོག་དཀར་པོ་དང། གསེར་ཤོག་སེར་པོ། མཆོད་ཤོག་སྨུག་པོ། གཡུ་ཤོག་ལྗང་སྐྱ། ལྕགས་ཤོག་ནག་པོའི་སེར་ངོ་མཚར་ཅན་གྱི་ཕྱི་མོར་གནས་པ། དཔོན་སློབ་བཞེས་ནས་གུང་ལ་གསང་སྟབས་སུ་གཤེགས་ནས་ཏི་སྒྲོའི་ཚོགས་ཁང་ཆེན་མོ་ནས་སྦྱན་དྲངས། གནས་དེ་ཉིད་དུ་བདུན་ལྔ་ཕྲག་གཅིག་ཏུ་སྐུ་མཚམས་ལ་བཞུགས་པ་ན། ཚེས་བཅུའི་ནུབ་བུད་མེད་ལྔ་བྱུང་ནས། དོ་ནུབ་གུ་རུ་རིན་པོ་ཆེ་ཚོགས་ཀྱི་འཁོར་ལོ་མཛད་ཀྱིན་ཡོད་པས་འདེངས་ཟེར་ཟངས་མདོག་དཔལ་རིར་ཁྲིད། སློབ་དཔོན་ཆེན་པོ་གུ་རུ་རྟ་ཕག་ཡབ་ཡུམ་གྱི་རྣམ་པར་བཞེངས་ནས་བཞུགས་པ་ཞིག་མཇལ་བས། འདི་ནི་ཡི་དམ་དུ་འདུག། སྔོན་དུ་བླ་མ་ལ་ཕྱག་བྱ་དགོས་པས་གུ་རུ་རིན་པོ་ཆེ་གང་ན་བཞུགས་སྙམ་པའི་ཚེ། རྟ་ཕག་གི་ཞལ་ནས་བླ་མ་སངས་རྒྱས་བླ་མ་ཆོས། དེ་བཞིན་བླ་མ་དགེ་འདུན་ཏེ། ཀུན་བྱེད་རྒྱལ་པོ་བླ་མའི་སྐུ། བླ་མ་དཔལ་ལྡན་ཧེ་རུ་ཀ། ཞེས་གསུངས་ཤིང་སྐུ་ལུས་གར་གྱི་རྣམ་འགྱུར་ཤིག་ཤིག་འདུག། དཔལ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་ཀྱང་རྡོ་རྗེའི་གླུ་དང་གར་མཛད་པས་སྣང་བ་གཏད་མེད་ཧ་ཆད་དེ་ལུས། དེར་བུད་མེད་ལྔས་རིན་པོ་ཆེ་ཐ་དད་པ་ལས་གྲུབ་པའི་རིགས་ལྔའི་ཕྱག་རྒྱ་རེ་བྱིན། གུ་རུ་རིན་པོ་ཆེའི་ཞལ་ནས། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱག་རྒྱ་དེ་མི་འབུམ་ལམ་གསུངས་པས། བུ་མོ་ལྔ་པོས་བདག་ཅག་གི་ལས་དང་སྨོན་ལམ་གྱི་སྟབས་སུ་མཚིས་ལགས་ཏེ། ཁོང་ད་དུང་འཆིང་བ་དམ་པོས་ཀྲིས། རྟེན་འབྲེལ་མ་འགྲིགས་པས་འབུལ་རྒྱུ་གདའ་མ་ཞུས་སོ། མ་ཧ་གུ་རུའི་ཞལ་ནས། ནམ་མཁའི་པདྨོ་ཞེས་ལན་གསུམ་གསུངས་པས།(སྨད་ཆ།༥༢)སྙིང་གྲང་སྟོང་པ་ཅིག་བྱུང། དེར་གདན་ཁྲི་དཔག་ཏུ་མེད་ལ་རིག་འཛིན་གྱི་ཚོགས་རྣམས་བཞུགས་པའི་དབུས་དེར། ཁྲི་རྐང་འབོལ་བརྩེགས་བཅས་པའི་སྟེང་ན་སྣམ་ཕྲུག་པ་རང་གི་ཡིན་པར་དགོངས་མནབས། དེར་བཞུགས་པ་ན་ཐམས་ཅད་དགྱེས་པར་སྟོན་ཞིང། ག་ན་ཙ་ཀྲའི་འདུ་བ་རྒྱ་ཆེན་པོ་དང་བཅས་རྩ་བ་གསུམ་གྱི་གཞུང་བསྲངས་ནས་སུ་གདམས་པ་ཐམས་ཅད་སྩལ། དེར་རྒྱལ་པོའི་ཆ་བྱད་དུ་བྱས་པའི་སློབ་དཔོན་ཅིག་བྱོན་ཏེ། དགྱེས་དགྱེས་ལྟར་འདུག། ཁྱེད་སུ་ཡིན་དྲིས་པས། བདག་ནི་སྔོན་བོད་ཡུལ་དུ་ཁྱོད་ཀྱི་ཕ་ཡིན་མོད། ཁྲི་སྲོང་ལྡེའུ་བཙན་ནོ། སྙིགས་དུས་གདུལ་བྱར་མངའ་རིས་པཎ་ཆེན་དུ་བསྟན་ཀྱང། ན་ནིང་སློབ་མ་དམ་ཉམས་ཀྱི་གྲིབ་ཕོག་ནས་སྦྲུལ་པ་བསྡུས་ཏེ་ད་ལྟ་མ་ཧཱ་གུ་རུའི་ཞབས་དྲུང་ན་ཡིན་གསུངས་པས་ཕ་དང་བུ་འཕྲད་པའི་དགའ་བ་ཐོད་སྒལ་དུ་སྐྱེས་ནས་རབ་ཏུ་བཏུད། ཞབས་ལ་འཆང། མཆི་མ་ཕྱུང་ཞིང་གསོལ་བ་བཏབ་བས། བསླབ་བྱ་དང་ཞལ་གདམས་ཤིན་ཏུ་མང་བར་གནང། གུ་རུ་དྲུང་དུ་ཁྲིད་ནས་བྱིན་རླབས་ཞུར་བཅུགས་པས་ང་ཅའི་རྟ་ཕག་མ་ཡིན་པར་སངས་རྒྱས་པདྨའི་སྐུ་དངོས་སུ་མཐོང། ཞལ་ཏ་དང་མན་ངག་ཤིན་ཏུ་མང་བར་གསུངས་པའི་མཐར། བཛྲ་རཏྣ་པདྨ་ཀརྨ་བུདྷ་ཌཱ་ཀྐི་ཛ༔ ཞེས་གསུངས་པས་སྔོན་གྱི་བུ་མེད་ལྔ་བྱུང་སྟེ་ཕྱག་ནས་ཁྲིད། དེར་འདི་གར་སྡོད་པ་ཞིག་ཡི་ན་དགའ་བ་ལ་སྙམ། སྐྱོ་བ་ལ་ཚད་མེད་པའི་ངང་ནས་ཏི་སྒྲོའི་ཚོགས་ཁང་ཆེན་མོར་ཕེབས། དུས་འདི་ཙམ་ན་གསར་རྙིང་བཀའ་གཏེར་རིས་མེད་པའི་བདག་པོར་གྱུར།(སྨད་ཆ།༥༣)ཁྱད་པར་གཏེར་ཁ་གོང་འོག་དང། བཀའ་བརྒྱད་ལུགས་དགུ། སྙིང་ཏིག་ཡ་བཞི་ལ་རྩལ་དུ་བཏོན་པའི་ཕྲིན་ལས་རྒྱ་ཆེ། མཁའ་འགྲོ་སྙིང་ཏིག་ལ་ཁྲིད་ཡིག་ཀྱང་མཛད། གྲུབ་མཐའི་ཁོག་དབུབ་ཚུལ་ཀྱང། ཁོ་བོའི་རྡོ་རྗེ་སློབ་དཔོན་མངའ་རིས་པཎ་ཆེན་རིན་པོ་ཆེའི་མཁྱེན་རབ་ལ་མཐའ་མེད། དེའི་བཀའ་རྙིང་མ་ལུགས་མཐུན་ཞིག་བྱེད་ན་བཀའ་མས་ཁོག་དབུབ། གཏེར་མའི་མན་ངག་གིས་བརྒྱན་པ་ཞིག་དགོས་ཞེས་གསུངས་པ་དེ་སྲས་ཀྱི་དམ་པ་རྗེ་བཙུན་ཤེས་རབ་འདོ་ཟེར་ལ་རྗེས་སུ་གདམས། ལར་འབྲི་གུང་འཇིག་རྟེན་མགོན་པོས་ཕུར་པ་རྩ་རྒྱུད་འཆད་པ་སོགས་གསར་རྙིང་ལ་རིས་སུ་གཙོད་པ་བཀའ་མ་བཏགས་ཏེ་སྔ་འགྱུར་གྱི་བཤད་སྲོལ་མེད་པས། དཔྱོད་ལྡན་དུ་གྲགས་པ་དགེ་སློང་སངས་རྒྱས་རྡོ་རྗེས་སྙན་འབུལ་དུ། ཁྱེད་ཨོ་རྒྱན་པདྨའི་རྒྱལ་ཚབ་ཆེན་པོ་ཡིན་ཕྱོགས་ཀྱི་ཆོས་ཞུ་བ་རྣམས་ཀྱང་རྙིང་མཁོ་ལ་གཏད་ནས་ལྷག་པ་མང། ཆོས་གསུངས་པའི་ཚེ་དུང་བཀའ་རྒྱུད་མ་ལ་མོད་སྒྱུ་སེམས་གསུམ་གྱི་བཤད་སྲོལ་ཐུན་མོང་མ་ཡིན་པར་ཡོད་ཅིང། དེ་ལ་ཀུན་མཁྱེན་ཀློང་ཆེན་པའི་བཀའ་འབུམ་ཉི་མ་ཤར་བ་ལྟ་བུའི་འགྲེལ་པ་ཡོད་པ་དེ་ཁོ་ནའི་ལུགས་བཞིན་ཐུགས་རྗེ་ཆེ་དགོས་ཞེས་སྙན་འདེགས་ཕུལ་བ་ཐུགས་ལ་ཤིན་ཏུ་ཞུགས་པས་རྒྱལ་བ་ཀློང་ཆེན་པའི་གཞུང་ལ་དགོངས་པ་ལྷག་པར་བདེ། སྦྱིར་སྐྱེས་བུ་དམ་པ་འདི་མཁས་གྲུབ་ཆེན་པོའི་གནས་ལ་བཞུགས་པས་སྦྱོད་འཇུག་ལ་སོགས་རྒྱ་གཞུང་ཆེན་པོ་དག་གི་དགོངས་པ་འཆད་པའི་ཚེའང་བཤད་ཚུལ་གཞན་ལས་ཁྱད་དུ་འཕགས་པས་བློ་གསམ་མང་དུ་ཐོས་པ་དག་གིས་ཀྱང་ཁེངས་པ་(སྨད་ཆ།༥༤)བདེ་བླག་ཏུ་དབྲོག་ནུས་པ་ཞིག་ཡིན་འབྲི་གུང་པ་སྲིད་སྡེ་ཆེ་ཞིང། རྒྱ་ནག་གོང་མ་ཆེན་པོས་ཀྱང་འབུལ་ཆེན། ཝ་གིས་ལས་ཀའི་ཞལ་ཐམ་སོགས་ཕུལ། འདི་དུས་བོད་ཤིང་སྒོ་ཅན་པའི་རྒྱལ་པོའི་མཆོད་གནས་ཀྱི་དམ་པར་གྱུར་ཏེ་གདན་པ་མཐལ་གྱི་ཁྲི་མཛད་པའི་སྐབས་ནས་སློབ་མའི་ཚོགས་ནི་དབུས་གཙང་རུ་བཞི། མངའ་རིས་ལ་དཱགས། མདོ་ཁམས་། ཧོར་ཡུལ་ལ་སོགས་པར་ཀུན་ཏུ་ཁྱབ་པ་སྨོས་ཀྱིས་མི་ལྡང་ལ། ཚོགས་པ་རྒྱ་མཚོའི་དབུས་སུ་དགོངས་ཤིག་ལ་སོགས་པ་གསུངས་པའི་ཚེ། ངའི་རལ་པའི་ཁྲོད་ན་ང་དང་མཉམ་པའི་རྒྱལ་ཚབ་གཅིག་སྦས་ནས་ཡོད་ཅེས་གསུངས་པ་ནི་རྗེ་བཙུན་པྲ་ཛྙཱའི་ཞབས་ཡིན་པར་གྲགས། རིགས་ཆོས་གཉིས་ཀའི་སྲས་སུ་གྱུར་པ་རྒྱལ་པོ་གཙུག་ལག་འཛིན་གྱི་སྐྱེ་བ་ཆོས་རྒྱལ་ཕུན་ཚོགས། དེའི་སྲས་སུ་རང་ཉིད་དེ་མ་ཐག་པའི་སྦྲུལ་པའི་སྐུར་བཟུར་བ་ཆོས་ཀྱི་གྲགས་པས་ཀྱང་གོང་མས་སྲོལ་བཏོད་པའི་གྲུབ་པའི་མཐའ་གང་ཡིན་པ་ལྷག་པར་རྒྱས་པར་མཛད་པས་བཀའ་བཀའ་བརྒྱུད་ཀྱི་སྒྲུབ་དབང་ཆེན་མོའི་སྲོལ་ཁ་ས་སོགས་པ་ཐམས་ཅད་ད་ལྟའང་མཉམས་པར་དཔལ་དུ་འབར་རོ་ཞེས་ཐོས་སོ། འཕྲེང་པོ་གཏེར་སྟོན་ཀུན་མཁྱེན་ཤེས་རབ་འོད་ཟེར་ནི། བདག་ཉིད་ཆེན་པོ་འདི་ནི་བྱང་ངམ་ཆེན་གྱི་སར་ཆར་ཁྲི་བསམ་གཉིས་ཀྱི་ཚོ་འབྲང་ལས་ས་ཕོ་སྟག་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུར་མངལ་གྱི་པདྨོ་ལས་གྲོལ། ལྷུགས་སུ་ཞུགས་པའི་ཚེ་སྐྱེས་བུ་ཤེལ་གྱི་ཁ་དོག་ཅན་རིན་པོ་ཆེའི་དོ་ཤལ་དང་(སྨད་ཆ།༥༥)ལྡན་པ་ཞིག་གིས་ཤེལ་བུམ་བདུད་རྩིས་གང་བ་ཡུམ་གྱི་སྦྱི་བོ་ནས་བསྟིམ་པ་རྨིས། ཚེས་བཅུ་བྱུང་རེས་སྦྲ་ཁྱིམ་ལ་འཇའ་ཟུག་པ་དང། དྲི་ཞིམ་པོའི་དང་བ་རྒྱུན་དུ་བྱུང། སྐུ་གཞོན་ནུའི་དུས་ནས་ཐུགས་བཅོས་མིན་གྱི་ངེས་འབྱུང། སྐུ་གཞོན་ནུའི་དུས་ནས་ཐུགས་བཅོས་མིན་གྱི་ངེས་འབྱུང། དད་པའི་སྣང་བ་དང། མྱུར་ལ་ཟབ་པའི་ཤེས་རབ་གཟོད་མེད་ཀྱི་སྙིང་ཆེན་པོའི་རིགས་སད། དགུང་ལོ་བརྒྱད་པའི་ཚེ་ཨེ་ཝཾ་གླིང་རྨད་དང་ཉིན་སྡིངས་གཉིས་ཀའི་སློབ་དཔོན་ཚུལ་ཁྲིམས་འོད་ཟེར་བ་ལས་དགེ་བསྙེན་དུ་མཛད། མཚན་ཤེས་རབ་འོད་ཟེར་དུ་གྲགས། གསེར་མདོག་ཅན་པའི་སློབ་མའི་མཆོག་པཎ་ཆེན་རྡོར་རྒྱལ་བ་ལས་རབ་ཏུ་བྱུང། དེ་ནས་ཀློག་པ་པོས་བསམ་གྱི་གྲར་ཞུགས་ནས་དགའ་ལྡན་ཁྲི་པ་ཞལ་སྔ་ནས་བསྟན་དར་ལ་མཚན་ཉིད་ཀྱི་གཞུང་ལོ་དྲུག་གི་བར་དུ་ཉིན་ཚན་མེད་པར་སྦྱངས། ས་དགེ་གཉེས་ཅན་ལ་མཁས་པའི་སློབ་དཔོན་ཞིག་ཡོད་པ་ལ་ལུགས་གཉིས་ཀའི་སྦྱངས་པ་མཐར་སོན། ཁྱད་པར་གསང་བ་འདུས་པ་ལ་ཅོང་ཁ་པ་ཆེན་པོའི་ཡིག་ཆའི་སྟེང་ནས་དགོངས་པ་ཇི་བཞིན་དུ་སོང། རྡོར་རྒྱལ་བ་ལས་དགྱེས་རྡོར་ལྷ་དགུ་ལམ་འབྲས་ལུགས་ལྔ། རྣམ་འགྲེལ་བཅུ་གཅིག་དང་བཅས་པ། གུར་བརྟགས་སམ་གསུང་དོགས་པའི་མཐའ་བཅད་ནས་གསན། རྗེ་འདི་གཡག་སྡེ་པཎ་ཆེན་གྱི་སྐྱེ་བ་ཡིན་སྟེ་པཎ་ཆེན་དེ་ལ་སློབ་དཔོན་གྱིས་ངེས་གདོང་མའི་གདམས་སྐོར་ཞིག་གནང་བ་རང་ཉམས་སུ་བཞེས་ཀྱང་གཞན་ལ་མ་སྦེལ་བར་ཨེ་ཝཾ་རྡོ་སྦྱིལ་དུ་སྦས་པ་རྗེ་འདིས་ཕྱག་ཏུ་སོན། ས་དགེས་མཚོན་ཉིད་ཀྱི་གྲངས་གང་དང་(སྨད་ཆ།༥༦)གང་དུའང་རིགས་ལུང་གི་རྩོད་པའི་མགྲིན་རྔ་ལྡིར་བ་ན་བློ་གྲོས་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་སུས་ཀྱང་ལན་ལྡོན་པའི་སྦོགས་པ་རྔོ་མི་ཐོག་པར་གྱུར་པས། གླིང་སྨད་སློབ་དཔོན་ན་རེ། ཁྱེད་སློབ་གསར་པ་ལྷ་བུ་ཡིན་ཀྱང་འདི་ལྷ་བུའི་རྣམ་དཔྱོད་ཁམ་ཆེ། ཀུན་མཁྱེན་རོང་པ་ལ་བོ་དོང་པའི་དགེ་བཤེས་ཤིག་གིས། ཅི་མཁྱེན་ཞུས་པས། ཁོ་བོས་ཕར་ཕྱིན་ཤེས་གསུངས། ཡང་དབུ་ཚད་ལ་དྲིས་པས། དེ་བཞིན་དུ་དབུ་མ་ལ་ལྟ་བ། ཚང་མ་ལ་རིགས་ལམ་ཡིན་གསུངས་པ་ལྟར། ཁྱེད་ཀྱི་དབུ་ཕར་ལ་བརྟེན་ནས་བསྟན་པའི་སྒྲོམ་འཚོལ་ལུགས། དེ་ལ་རིགས་ལམ་གྱི་གྲུབ་མཐའ་འཆའ་ལུགས་ལ་དཔགས་ན། དགེ་བཤེས་ཟེར་ན་འདི་ལ་ཟེར་ཞེས་ཚོགས་པའི་ཁྲོད་རང་དུ་བསྔགས་པ་བརྗོད་པས་དེ་ཕྱིན་ནས་དགེ་བཤེས་ཤེས་རབ་འོད་ཟེར་ཞེས་གྲགས་པ་དོན་དུ་མི་གཉེར་པར་སྒྲུབ་པ་ཁོ་ན་ཐུགས་ལ་བཅག་པའི་སྐབས་སུ། འབྲི་གུང་པ་རིན་ཆེན་ཕུན་ཚོགས་ལྷོ་རྒྱུད་ལ་ཐེ་པའི་ཨེ་ཝཾ་དང་ཧ་ཅང་མི་རིང་བའི་པྲ་ཐང་སྐྱར་སྒྲར་ཕེབས་པ་གཟིགས་སུ་བྱོན་པས། དད་པ་དབང་མེད་དུ་སྐྱེས་ནས་རིམ་གྱིས་འབྲི་གུང་པའི་དྲུང་དུ་བྱོན། དད་པ་དབང་མེད་དུ་སྐྱེས་ནས་རིམ་གྱིས་འབྲི་གུང་པའི་དྲུང་དུ་བྱོན། འདི་དུས་དགུང་ལོ་བཅོ་བརྒྱད་ཡིན། དཔོན་སློབ་གཉིས་ལན་མང་པོར་མདོ་སྔགས་དང། ཁྱད་པར་གསང་སྔགས་གསར་རྙིང་གིས་ལུགས་སོ་སོའི་དགོངས་པ་འགྲེལ་ཚུལ་དོན་ལ་རྟོན་མི་རྟོན་གྱི་འབྲེལ་གཏམ་དྲི་སྨེད་མང་པོ་མཛད་པས། གཅིག་ལ་གཅིག་ཐུགས་ཆེས། དགེ་བཤེས་ཀྱི་མིང་མ་ནོར་ཞེས་རྣམ་པ།(སྨད་ཆ།༥༧)ཀུན་ཏུ་བསྔགས་ཤིང། བཀུར་མཐོང་ཆེན་པོས་གཟེངས་བསྟོད་ཀྱང་སྙོམས་ཆུང་ཁོ་ན་ལྟུར་ལེན། ལན་གཅིག་རྗེ་འབྲི་གུང་པའི་གསུང་གིས་དགེ་བཤེས་ཀྱིས་སར་ཚོགས་ཁྲོད་དུ་དགོངས་གཅིག་ལ་བཤད་པ་བྱེད་དགོས་གསུངས། སྔར་དེ་འདྲ་བའི་བཤད་སྲོལ་མི་འདུག་ཀྱང། དགོས་པའི་སླད་ཡིན། བླ་མའི་བཀའ་ལྡོག་ཏུ་མི་འདུག་ཀྱང། དགོས་པའི་སླད་ཡིན། བླ་མའི་བཀའ་ལྡོག་ཏུ་མི་རུང་སྙམ་ནས་སང་ཚོགས་དབུས་སུ་ཞབས་དྲུང་ཚོགས་དབུ་ལ་བྱོན། ཐེལ་གྱི་མཁན་སློབ་ཆོས་སྒོ་བ་དང་རྡོར་མཛིན་སློབ་ཆུང། ཡང་རི་སྒར་པ་དང་བཅས་པའི་ཚོགས་པ་རྒྱ་མཚོའི་དབུས་སུ། སྔ་ལྡན་ལ་རྩ་བར་བྱས། རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པ་ཆོས་ཚོམས་སུ་བཅད། དགོངས་གཅིག་ལུགས་གསུམ་གྱི་གྲུབ་མཐའི་སྐང་བཟུང་མདོ་སྔགས་ཀྱི་ཆོས་འཁོར་བསྟན་པ་ཡོངས་རྫོགས་ཀྱི་ཚུལ་དུ་བཤད། སྐབས་དོན་ཚོར། ས་པཎ་གྱིས་བཀག་པ་རྣམས་རང་སྟོབས་ཀྱིས་སྒྲུབ་བྱེད་རྣམ་པར་དག་པ་དང་བཅས་བཤད་པས་ཐམས་ཅད་སྔ་ན་མེད་པའི་ངོ་མཚར་སྐྱེས། སང་སྐུ་དྲུང་དུ་བཅར་པས། ཁྱེད་ཀྱི་བཤད་པ་དེས་སྔ་ལྡན་མདོ་སྔགས་གཉིས་ཀའི་ཉམས་ལེན་གྱི་རྩ་བ་སོང། ཁྱེད་ཀྱི་བཤད་པ་དེས་ལྔ་ལྡན་མདོ་སྔགས་གཉིས་ཀའི་ཉམས་ལེན་གྱི་རྩ་བར་སོང། དགོངས་གཅིག་རེ་ནས་ཀྱང་བྱས་པ་ཡིན། རེ་བ་ལས་ལྷག་གསུངས། དེར་བཀའ་བརྒྱད་ལུགས་སྲོལ་ཆེན་པོ་དགུ། བདུད་རྩི་སྨན་སྒྲུབ་ཀྱི་ཕྱག་བཞེས། རྙིང་མ་བཀའ་གཏེར་གྱི་གཤེན་རྗེ་རིགས་ལྔ། དགོངས་པ་ཡངཟབ། མཁའ་འགྲོ་སྙིང་ཏིག་བརྒྱུད་པ་གཞན་ལས་ཆེས་འཕགས་པ། བྱང་གཏེར་མཛོད་ལྔ། པད་གླིང་ཆོས་སྐོར་རྣམས་དང། འབྲི་གུང་ཕྱོགས་ཀྱི་བཀའ་བརྒྱུད་བཀའ་འབུམ།(སྨད་ཆ།༥༨)ཀརྨ་བཀའ་བརྒྱུད་ཀྱི་བཀའ་འབུམ་ལ་སོགས་པའི་དབང་ཁྲིད་ལུང་གི་བཤད་སྦྱར་མང་པོ་གསན་བསྐྱེད་པ་མ་ཧཱ་ཡོ་ག་ཏནྟ་སྡེ་བཅོ་བརྒྱད་ཀྱི་རྩ་བ་སྒྱུ་འཕྲུལ་གསང་བ་སྙིང་པོ་ལ་འགྲེལ་པ་ཕྱོགས་བཅུ་མུན་སེལ་གྱི་ལུགས་གཙོ་བོར་བཏོན། ལུང་ཨ་ནུ་ཡོ་ག་མདོ་དགོངས་པ་འདུས་པ་མདོ་འགྲེལ་ཆེན་མོའི་དགོངས་པ་དང། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཀུན་བྱེད་རྒྱལ་པོ་ལ་སོགས་པའི་མན་ངག་དངོས་སྟོབས་ཀྱི་འགྲེལ་པས་བཀྲལ་ནས་བཤད། དེ་བཞིན་དུ་གསར་རྙིང་གཉིས་ཀའི་རྒྱུད་འབུམ། རྒྱལ་བ་ཀློང་ཆེན་པའི་ངལ་བསོ་སྐོར་གསུམ། མཛོད་བདུན་། སྙིང་ཏིག་ཡ་བཞི། ཟབ་མོ་ཡང་ཏིག། རྒྱུད་བཅུ་བདུན། བི་མ་ལའི་ཊིཀ་དང་བཅས་པ། མན་ངག་བརྒྱ་བཅུ་དགུ་རྣམས་གསན། ཆོས་ཀྱི་ཟབ་གནད་རྣམས་རྙིང་མཁོན་ལ་གནང་ཞིང། ཁྱད་པར་སྙིང་ཏིག་ལ་ཡོད་པར་ངེས་ཤེས་གཏིང་ནས་འདྲོངས། པཎ་ཆེན་ཤཱཀྱ་ཤྲིས་རྗེ་བཙུན་མི་ལ་དེས་ངེས་ཤེས་གཏིང་ནས་འདྲོངས། གྲུབ་པའི་མཚན་མ་ཞིག་མ་རྙེད་བར་ལ། འཇིག་རྟེན་ཆོས་བརྒྱད་ལ་དོར་གང་དབེན་གྱི་མཉན་ཁྲོད་དུ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་བཞིན་པས་བསོད་སྙོམས་ཀྱང་གཡེང་བའི་རྒྱུར་དགོངས་ནས། སྲན་མ་ཁལ་བཞི་ལ་བཟའ་བ་དང། དེ་བཙོས་པའི་ཁུ་བ་ལ་བཏུང་བ་བྱས་ནས་གྲོག་རི་རིན་ཆེན་སྦུངས་པའི་མགུལ་སློབ་དཔོན་ཆེན་པོའི་སྒྲུབ་ཕུག་ཏུ་རི་མི་འབབ་པའི་དམ་བཅའ་སྔོན་དུ་འགྲོ་བས་མང་ངག་མཁའ་འགྲོ་སྙིང་ཐིག་གི་(སྨད་ཆ།༥༩)བསྐྱེད་རྫོགས། ཙ་རླུང་གི་ལམ་འབྲས་བུ་དང་བཅས་པ་ལག་ཁྲིད་དུ་འདེབས་པའི་གདམས་པ་འབྲི་གུང་བའི་བླ་མ་ལྔ་ཙམ་ལ་གསན་པས་མན་ངག་ཡོངས་སུ་རྫོགས་པའི་ཚིག་བརྒྱད་དམ་པ་འདི་ལ་གདམས་པ་གང་གི་མནོག་ཆོས་སུ་མཛད་ནས་ལོ་གསུམ་འདིའི་རིང་སྟན་ཐོག་གཅིག་ཏུ་བསྒྲུབས་པས། མངོན་རྟགས་བསམ་གྱིས་མི་ཁྱབ་པ་ཤར། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་བརྙེས། སྦྱིར་རྣམ་གཡེང་དང་འདུ་འཛི་སྦངས་ནས་དབེན་པ་ཁོ་ནར་ལོ་བརྒྱད་བཞུགས་པའི་དགུང་ལོ་སུམ་ཅུ་པའི་ཚེ། མཁའ་འགྲོ་མ་མོན་ཆ་ལུགས་ཅན་ཞིག་གིས་ཁྱོད་ཀྱི་བསླབས་པས་བཅིངས་པའི་བྱ་བཏང་འདི་ཉམས་རེ་དགའ། འདི་འཐུང་དང་ཟེར་ནས་ཆང་བསེ་ཕོར་གང་བྱིན། རྟེན་འབྲེལ་དེ་ལས་མེ་མོ་ལུག་གི་ལོའི་ཆུ་སྡོད་ཟླ་བའི་ཚེས་བཅུའི་ཉིན་འོད་དཀར་པོ་ཞིག་གིས་རྐྱེན་ལས་ཐིག་ལེ་ཆེན་པོའི་དབུས་སུ་སློབ་དཔོན་ཆེན་པོ་པདྨ་རྒྱལ་པོའི་ཆ་ལུགས་སུ་ཞལ་གཟིགས། རྗེས་སུ་གདམས་པའི་གསུང་གི་དབུགས་དབྱུང་བས་གྲོག་རི་རིན་ཆེན་སྦུངས་པ་ནས་པདྨའི་ཞལ་གདམས་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་གཏེར་ཤོག་འཛམ་བུའི་ཆུ་བོའི་ཤིང་ཤུན་ཁ་དོག་ལྗང་སྐྱ་མཚོན་གྱིས་མི་ཤིགས་པ་ཁ་ཤས་དང། སྐུ་གསུང་ཐུགས་རྟེན་གྱིས་མཚོན་པའི་ཟབ་གཏེར་རྒྱ་མཆོ་ལ་མངའ་དབང་བསྒྱུར། ཁྱད་པར་ལྷ་སའི་གཏེར་འབྱིན་པ་ལ་དགོངས་པ་ཞུས་པས། འབྲི་གུང་པའི་སློབ་མ་བླ་མ་གཙང་གནས་དང་བཅས་གྲོགས་སུ་རྫོངས་ད་གནང། ལྷ་སའི་སྐུ་གཉེར་གྱ་རྙིང་མ་བས་གཏེར་སྟོན་ཡོང་ཞེས་ཟོན་གབ་བྱས་ཀྱང་ཐུགས་དམ་གསོལ་འདེབས་ཚུགས་པའི་མདོ་ལ་སྐུ་གཉེར་རྣམས་ར་རོ་ཐ་མི་གནས་སུ་སོང། ནོར་བུ་སྟག་ཤ་དྷེ་བ། བསམ་ཡས་(སྨད་ཆ།༦༠)ཀྱི་མེའི་གནོད་པ་སྲུང་པའི་དུག་ཤོག་གསུམ། དེ་བཞིན་གཤེགས་པའི་རིང་བསྲེལ། མཚོ་རྒྱལ་གྱི་ཚེམས། ལོ་རྒྱུས་ཤོག་སེར། མྱོང་གྲོལ་ཨ་རྒྱ་ཅན། སྣོད་པདྨ་རཱ་གའི་དཔྱད་པ་རྣམས་དང། ཁྱད་པར་བདུད་རྩི་འཁྱིལ་བའི་ཁུག་ནས་ཆོས་རྒྱལ་གྱི་སྐུ་མངོན་པར་བརྩམས་པ་ན་གཏེར་བདག་མིང་པོ་ཀླུ་རྗེ་ཆུ་སྲིན་གྱི་མོག་ཅན་པ་འོག་ནས་མངོན་སུམ་དུ་ཐོན་གཉེན་པོའི་རྡོ་རྗེ་ཡོད་པ་མགོ་ཐོག་ཏུ་བཞག་ནས། སློབ་དཔོན་གྱི་དམ་ཚིག་རྗེས་སུ་དྲན་པར་གྱིས་ཤིག་གསུངས་པ་རང་སར་སོང། དེའི་འཇིགས་ཟིལ་གྱིས་གཉིད་དུ་གཡུར་བ་རྣམས་སྐད་ཤོར་བླ་མ་གཙང་གནས་ཀྱིས་དངོས་སུ་མཐོང། བསྟན་སྐྱོང་མ་ཤིན་ཏུ་འགོ་བས་ལམ་དུ་དྲེའུའི་སྐད་དང་ཐུག་ཆོས་ཡང་ཡང་བྱུང། དེར་འབྲི་གུང་རིན་པོ་ཆེ་ཡང་དབུ་སྐྲ་བསིལ་ཏེ་སྦྱན་འདྲེན་ལ་ཕེབས་ན་བཟའ་ཕྱག་ཅིག་པས་ཕབ་པ་སོགས། འདི་ལྟ་བུའི་གཏེར་གྱི་རྣམ་གྲངས་དང། ངེས་ཤེས་འདྲོངས་པ་གཞན་དུ་མ་གྱུར་པ་ལྟ་བུ་ཡིན་ཏེ་གཏེར་འབྱུང་ལོ་རྒྱུས་ཀྱིས་ཤེས་སོ། དེ་ནས་ཟིང་པ་སྟག་མགོར་གཏེར་སྒྲུབ་ལ་བཞུགས་པའི་ཚེ། བུད་མེད་ཅིག་ན་རེ། དོ་ནུབ་སློབ་དཔོན་ཆེན་པོ་ཚེས་བཅུ་གནང་གི་ཡོད། ཁྱོད་རང་ཆང་འདི་འཐུང། ཤ་འདི་ནལ་བྱིའི་དུར་ཁྲོད་ན་བྲམ་ཟེར་སྐྱེ་བ་བདུན་པའི་ཤ་འདུག་པས། ཚོགས་ཤར་བླངས་པ་ཡིན་གསོལ་དང་ནུས་པ་ཚད་མེད། ནམ་མཁའ་ལ་འཕུར་ཡང་ཐུབ་ཟེར། ཆང་ད་འཐུང། ཤ་དེ་དམར་ཙར་རེ་འདུག་པས་ཡིད་འཕྲིགས་སེ་བ་ཞིག་གི་ངང་ནས་ཟོས་པས། དེ་ན་རེ། ཁྱེད་རྣལ་འབྱོར་པ།(སྨད་ཆ།༦༡)འདྲ་པོ་མིན། ད་སྟེ་སློབ་དཔོན་མཇལ་དུ་འདོད་ཟེར་བའི་མདོ་ལ་ཤའི་ནུས་པས་ནམ་མཁའི་ལམ་ལ་གྱ་གྱུར་ཁྲིད་ནས་ཟངས་མདོག་དཔལ་རིའི་བཀོད་པ་སྲིན་པོ་ཡུལ་གླིང་དང་བཅས་པ་ངོ་མཚར་ཅན་གཟིགས། སློབ་དཔོན་ཡབ་གུ་རུ་བདེ་བ་ཆེན་པོའི་རྣམ་པས་དབང་བསྐུར། རྗེས་སུ་གདམས། ཞལ་གདམས་དང་བསླབ་བྱང་མཛད། ཟླ་བ་གཅིག་གི་ཡུན་དུ་བཞུགས་པའི་སྣང་བ་བྱུང། ད་སྟེ་སྔོན་གྱི་སྨོན་ལས་གྱིས་དབང་ལས་བོད་ཡུལ་གྱི་གདུལ་བྱ་རྣམས་དྲན་པར་གྱིས་ཞེས་མཁའ་འགྲོ་མ་རྣམས་ཀྱིས་བསྐུལ་བས། རྨི་ལམ་སད་པ་བཞིན་སོང། འཕན་ཡུལ་ཟིང་བ་སྟག་འགོའི་བྱ་མ་ཡང་ཐོག་ཅིག་མཛད། འཕྲེང་པོ་དགོངས་འདུས་ཀྱི་ཆོས་བདག་ཉི་མ་རྒྱལ་མཚན་ལས་དཔོན་སློབ་གཉིས་ཀས་དགོངས་འདུས་དང། གཏེར་ཕྲན་སོང་བཅུ་གཉིས་ཙམ་གསན། འཕྲེང་པོ་བས་ནན་གྱིས་ཞུས་པའི་ངོར་བསམ་ཡས་དག་འཕྲེང་པོ་གཉིས་ཀར་རྒྱལ་ཚབ་ཏུ་མངའ་གསོལ། དཀར་པོ་བསྟན་འཛིན་ནོར་བུ། མཆོག་ལྡན་མགོན་པོའི་སྲས་རྒྱལ་སྲས་བསྟན་པའི་འབྱུང་གནས། མེ་ལོང་རྡོ་རྗེའི་གདུང་བརྒྱུད། མདོ་སྔགས་གླིང་པ། ཁྱད་པར་དུ་གསང་ཕུའི་ཆོས་རྗེ་སྟོན་ཚག་པ་ཞེས་དུས་དེ་ཙ་ན་དགེའི་བའི་བཤེས་གཉེན་རིག་པ་ཆེ་བར་ཆོས་རྗེ་སྟོན་ཚག་པ་ཞེས་དུས་དེ་ཙ་ན་དགེ་བའི་བཤེས་གཉེན་རིག་པ་ཆེ་བར་གྲགས་པ་དེ་རྣམས་ལ་གྲོལ་ཐིག་གི་ཆོས་འཁོར་བསྐོར། ཐུབ་བསྟན་རྡོ་རྗེ་བྲག་ཏུ་ལོ་གསུམ་གྱི་བཅད་སེང་གེ་ལ་བཅིབས་པ་ཞལ་གཟིགས། དེང་སང་འདི་ན་ལྟ་བ་མ་འཁྲུལ་བའི་ཁྱད་པར་འབྱེད་ཤེས་པ་ཁྱོད་ལས་མེད་པས་གནས་གསལ་བར་སྟོན་ཅིག་གསུངས་པས་བདེན་གཉིས་གསལ་སྒྲོན་ཞེས་ཚིག་ཉུང་ལ་དོན་ཆེ་བ་དེ་(སྨད་ཆ།༦༢)མཛད། མི་འགྱུར་ཀུན་དགའ་དཔལ་བཟང་དང། སྦྲུལ་སྐུ་ཟླ་བ། ཞིག་པོ་གར་གྱི་དབང་ཕྱུག་སོགས་དང་ཡང་ཐུགས་ཡིད་གཅིག་ཏུ་འདྲེས་ཤེང་ཆོས་ཀྱི་སྐྱེས་རྒྱ་ཆེན་པོས་ཕན་ཚུན་ངོམས་རེས་མཛད། བྱང་བདག་པ་བཀྲ་ཤིས་སྟོབས་རྒྱལ་དང་ཡང་མཇལ་བས་ཐུགས་ཤིན་ཏུ་ཆེས། རེ་ཞིག་ན་འཕྲེང་པོར་སྐུ་བསྙུན་པ་ཞིག་བྱུང་བས་རྐྱེན་བྱས། ཤནྟ་སུ་རིའི་ཞིང་ཁམས་དང་དཔའ་བོ་ཆེན་པོ་ཐོད་པའི་དུམ་བུ་རྩལ་གཟིགས། མ་འོངས་པ་ན་དམ་པ་ཉིད་དེའི་ཐུགས་ཀར་སྦྲུལ་པ་བསྡུ་བ་ལུང་བསྟན་ཐོབ། དེས་སྐྱེ་བའི་མཐའ་ཡང་ཆོད། སྐྱེ་བ་ལྔ་ཕྱིའི་གདུལ་བྱའི་གོ་འཐུད་ཆོག་པ་བྱུང་གསུངས། ཀརྨ་པ་དབང་ཕྱུག་རྡོ་རྗེ་དང་ཞཱ་དམར་་དཀོན་མཆོག་ཡན་ལག་རྣམས་ཀྱང་མཁྱེན་རབ་ལ་དགྱེས་པས་བསྔགས་པ་མཛད། འབྲུག་པ་རིན་པོ་ཆེ་པདྨ་དཀར་པོའང་གྲོལ་ཐིག་གི་ཆོས་བདག་ཏུ་གྱུར། གཞན་ཡང་ཚེ་རིང་ཕོ་བྲང་དང་སྡིག་སྟེངས་རྣམས་སུ། འཕྱོངས་རྒྱས་ཞབས་དྲུང། བདེ་ཆེན་གླིང་སྦྲུལ་སྐུ་མདོ་སྔགས། རྒྱལ་སྲས་རིན་པོ་ཆེ་རྣམས་ལ་གྲོལ་ཐིག་དང། མཁའ་འགྲོ་སྙིང་ཏིག་དགོངས་པ་ཡང་ཟབ་རྣམས་ཀྱི་བཤད་སྒྲུབ་མཛད། གྲོལ་དབང་ལ་མི་སྟོང་ཕྲག་བདུན་ཚོགས་པ་ཤ་སྟག་དང། མེ་རྟོག་གི་ཆར་འཇའ་ལ་སོགས་པའང་བྱུང། སྣེའུ་གོང་མ་མངར་ཐོག། གྲུབ་རྒྱལ་གླིང། ཁྲོ་བོ་མཁར། བཀྲ་ཤིས་རྩེ། དཔལ་གྲོང་སོགས་སུའང་གདན་ཤིང་བསྙེན་བཀུར་ཞུས། ཆོས་རྗེ་སྣང་གསལ་སྒང་པ་དང། མདོ་ཁམས། གོ་འཇོ། ཀ༔ཐོག་ཉག་རེ། ཅོང་ཞི། རྒྱལ་རོང་སོགས་ནས་བྱོན་པའི་བླ་མ་རྣམས་སོ་སོར་སྨིན་གྲིལ་གྱི་གདམས་པས་ཚིམས་པར་མཛད། ལར་སྐྱེས་བུ་ཆེན་པོ་(སྨད་ཆ།༦༣)འདི་དབེན་པ་འབའ་ཞིག་ལ་མཉེས་པས་གང་དུ་ཡུན་རིང་བ་ཙམ་གཏན་ཆགས་པ་དེ་དང་དེར་ཡང་སྐུ་མཚམས་གཙོ་བོར་འདོན། སྐུ་ན་མཐོན་པོར་སོང་ནས་ཀྱང། སྐུ་ལ་གཉེར་བག་དང་སྐྲ་མེད་ཅིང་གཞོན་ཤ་ཆགས། རང་གི་ཙ་མདུད་གྲོལ་བས་ཆོས་ཀྱི་ཚིག་དོན་ཟབ་ཅིང་གཏིང་དཔགས་དཀའ་བའི་གནས་འགྲེལ་བ་ལ་བསྙེངས་པ་མེད། གཞན་རྒྱུད་ཀྱི་བསམ་པ་མཁྱེན་པས་མ་འོངས་པ་མངོན་དུ་ལུང་སྟོན་པ་དང། འཕྱོངས་རྒྱས་ཞབས་དྲུང་ཧོར་བསོད་པས་གསང་སྔགས་རྙིང་མའི་དགོན་སྡེ་ཞིག་འདེབས་པར་གསོལ་ཡང་ཞལ་གྱིས་མ་བཞེས་པའི་ཐོག་ཏུ་སྡེ་པ་གཤེགས། དེའི་སྲས་ཧོར་བསོད་ནམས་སྟོབས་རྒྱལ་རི་ཐེག་པ་ཆེན་པས་ནན་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས་འཕྱོངས་རྒྱས་དཔལ་རི་ཐེག་ཏུ་སྡེ་པ་གཤེགས། དེའི་སྲས་ཧོར་བསོད་ནམས་སྟོབས་གཅིག་པས་ནན་ལྟར་གསོལ་བ་བཏབ་པ་ལ་བརྟེན་ན་འཕྱོངས་རྒྱས་དཔལ་རི་ཐེག་པ་ཆེན་པོའི་གླིང་འདི་གསར་དུ་བཏབ། དེ་ལྟར་དགོན་གནས་བསྐུན་ནས་ཡུན་རིང་མ་སོང་བ་ལ། དེ་བཞིན་གཤེགས་པ་ལ་བདུད་སྡིག་ཏོ་ཅན་གྱིས་བསྐུལ་བ་བཞིན་དུ་སྐུ་མྱ་ངན་འདའ་བར་བཞེད་ནས་སྡིག་ཏོ་ཅན་གྱིས་བསྐུལ་བ་བཞིན་དུ་སྐུ་མྱ་ངན་ལས་འདས་བར་བཞེད་ནས་རྗེས་འཇུག་རྣམས་ལ་ཞལ་ཆེམས་རྒྱས་པར་སྩལ། དག་པའི་གསལ་སྣང་དཔག་ཏུ་མད་པ་གཟིགས། ཁྱད་པར་ཉིན་གཅིག་དུས་ཀྱི་འཁོར་ལོའི་མངོན་དཀྱིལ་རྫོགས་པར་གནང་ནས་དབང་མཛད་པས། དགེ་སློང་འབྲི་གུང་པ་ན་རེ། ལོ་དུས་ན་གནང་བ་ཨེ་ཡིན་ཞུས་པས། དེ་འདྲ་བྱེད་པ་མེད། ཆོ་ག་བཟུང་ཡང་མ་མྱོང། དེ་རིང་བྱང་ཤམྦྷ་ལའི་སྣང་བ་མུ་མཐའ་མད་པར་ཤར་ནས་སྐྱེ་བོའི་ཚོགས་མང་པོས་གསོལ་བ་འདེབས་པ་ལ་དེ་ལྟར་བྱས་པ་ཡིན། ལར་ཞིང་ཁམས་མངོ་པོ་དབང་བྱིན་རླབས་བགྲང་ལས་འདས་པ་བྱས་པའི་(སྨད་ཆ།༦༤)སྣང་བ་དང། གསལ་སྣང་འབའ་ཞིག་ལས་སྣང་བ་རང་ཚན་པར་འཆར་གྱིན་མི་འདུག། ད་རེས་ཀྱི་ནད་འདིས་སྡིག་སྒྲིུབ་དག་པ་འདྲ་གསུངས། ཡང་ཀུན་གྱིས་མཐོང་སར་བྱིས་པ་ཅིག་བྱུང། ཅི་ལགས་ཞུས་པས། ཆུ་བར་བས་ང་དང་འཕྲད་པ་ལ་བྱོན་པ་ཡིན། འབྲི་གུང་ཡང་ཨ་ཕྱི་དང། བསྟན་སྐྱོང་མ་སོགས་བོད་ཀྱི་ལྷ་འདྲེ་ཆེ་དགུ་ངོས་འཕྲད་པ་ལ་བྱོན་གྱི་འདུག། ལྷ་འདྲེ་རྣམས་ཕྱི་ཐག་རིང་བས་སྡུག་བསྔལ་ཆེན་པོ་འདུག་གསུངས། དེ་ནས་ཆུ་སྦྲེའུ་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉིན་དགོངས་པ་འཕོ་བར་བཞེད་པ་ལ། གཉགས་ཛྙཱ་ཀུ་མཱ་རའི་སྦྲུལ་པར་ལུང་གིས་ཟིན་པ་རྒྱལ་སྲས་ཀརྨ་ཀུན་བཟང་ཡུམ་སྲས་སོགས་ཀྱིས་མྱ་གན་ལས་མི་འདའ་བར་གསོལ་བ་བཏབ་པས་སངས་རྒྱས་ཀྱི་སྐུ་ཚེའི་འདུ་བྱེད་ནི་བཏང། འཚོ་བའི་འདུ་བྱེད་ནི་བསྲིངས་པ་བཞིན་དུ་འདོན་ཞག་གསུམ་སྟོད་དོ་གསུངས་ནས་ཚེས་བཅུ་གསུམ་གྱི་སྔ་ཞོགས་ཀུན་གྱི་མཐོང་བར་ནམ་མཁའི་དབྱིངས་ནས་འཇའ་ཚོན་དང་སྒྲ་དང་ས་གཡོ་བ་དང་བཅས། དཔལ་རི་པདྨ་འོད་ཀྱི་ནུབ་ཕྱོགས། བདེ་བ་ཆེན་པོ་ཤནྟ་སུ་རིའི་གྲོང་ཁྱེར་ག་ལ་བ་དེར་དཔའ་བོ་ཆེན་པོ་ཐོད་པའི་དུམ་བུ་རྩལ་གྱི་ཐུགས་ཀར་ཐིམ་པར་གྱུར་ཏོ། གཏེར་སྟོན་རིན་པོ་ཆེ་མཁན་ཆེན་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ནི། སྔོན་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་གྲས་སུ་འ་ཞ་རྗེ་ཟེར་བའི་རྒྱལ་བརྒྱུད་ལས་བསྟན་པ་ཕྱི་དར་གྱི་དུས་སུ་སྡོམ་རྒྱུན་དེ་བས་མ་སྦེལ་བའི་དགེ་བའི་བཤེས་གཉེན་ཆེན་པོ་འ་ཞ་ཡེ་ཤེས་གཡུང་དྲུང་ལོ་(སྨད་ཆ།་བ་འ་ཞ་རྒྱ་གར་བརྩིགས་སོགས་ཀྱི་གདུང་ལས་རྩིས་གནས་གསར་སྟོང་དཔོན་ནམ་མཁའ་རྡོ་རྗེ་ཚེ་བརྟན་དཔལ་(སྨད་ཆ།༦༥)བཟང་པོ་དང། ས་སྐྱོང་འདར་ཆོས་རྫོང་བར་གྲགས་པའི་སྲས་མོ་ཚེ་བརྟན་བུ་འདྲེན་ཞེས་པ་གཉིས་ཀྱི་སྲས་སུ་ཤིང་ཕོ་སྦྲེལ་ལོར་གཙང་སྟོད་པོ་དོང་དུ་འཁྲུངས། སྐུ་བལྟམས་པའི་དུས་སུ་ངག་ནས་སྐྱེ་མེད་ཨ་ཡིག་སྒྲོག་བཞིན་དུ་བལྷམས་པ་སོགས་ངོ་མཚན་བ་དུ་མ་བྱུང། འཚོ་བྱེད་རིན་ཆེན་ཞེས་པས། དཔྱད་པྲ་ལེགས་པས་བསྟན་པའི་བདག་པོ་ཞིག་འབྱུང་བར་ལུང་བསྟན། སྐུ་ཆུང་ངུའི་དུས་ནས་ཤ་ཞལ་དུ་མི་བཞེས་ཕྱག་གིས་ཀྱང་མི་རེག། སེམས་ཅན་སོད་ན་སོགས་གཟིགས་ན་ཐུགས་ཀྱིས་མི་བཟོད་པའི་སྙིང་རྗེ་ཆེན་པོ་མངའ་བས་དབང་མེད་དུ་སྦྱན་ལས་དུས་སུ་རྗེ་བཙུན་སྒོ་རུམ་པས་བླ་མ་གསང་འདུས་ཟླུམ་པོ་བཞི་དབང་ཞིག་མཛད་པ་ཐུགས་ལ་མ་བརྗེད་པར་གསལ་བར་དྲན་པར་བྱུང། གཞན་ཀྱེ་རྡོ་རྗེའི་རྒྱུ་དབང་སོགས་དབང་གཞན་མང་དུ་གནང་བ་རྣམས་མ་དྲན་གསུངས། སྐུ་ན་ཤིན་ཏུ་ཕྲ་མོ་དགུང་ལོ་གསུམ་བཞི་ཙམ་ན་ལྷ་སྐུ་རྟེན་གསུམ་རྣམས་ཀྱི་མདུན་དུ་མཆོད་པ་མང་པོ་ཕུལ་ཞིང་མཆོད་ཕྲེང་ཚོགས་བཅད་མང་པོ་ཐལ་བྱུང་དུ་ཐུགས་ནས་གསུངས་པ་དང། ཉིན་རེ་བཞིན་གྱི་དུས་ཚིགས་ངེས་པར་ཐུགས་དམ་ལ་བཞུགས་ཚུལ་མཛད་ཅིང། དེ་དུས་ནས་དངོས་ཆས་སོགས་ཀྱི་མིང་ཕལ་ཆེར་ས་སྐྲི་ཏའི་སྐད་ཀྱི་གསུང་བ་མཁྱེན། སྐུ་རྩེད་ཅུང་ཟད་རེ་མཛད་པའང་དབང་བསྐུར་བ་དང། དགོན་པ་འདེབས་པ་དང། སྒོམ་སྒྲུབ་བྱེད་ཚུལ་སོགས་ལས། ཐ་མལ་གྱི་ངན་སྦྱོད་ཅུང་ཟད་ཙམ་ཡང་མི་མཛད་དེ། ཡུམ་དང་དྲུང་སྐོར་མ་ལ་སོགས་ཀྱིས་ཀྱང་དེ་འདྲ་མཛད་པ་མཐོང་ཐོས་ཡིད་ལ་དྲན་མྱོང་ཞེས་ཡང་ཡང་འགྲིན་གཅིག་ཏུ་བསྒྲོགས།(སྨད་ཆ།༦༦)ཡབ་མེས་ཀྱི་སྲུང་མ་རྩིས་མགོན་དངོས་སུ་བྱུང་བ་ཡང་ཡང་གཟིགས། དེ་སྐབས་དགུང་ལོ་གསུམ་བཞི་ཙམ་གྱི་དུས་ཤིག་རྡོ་རྗེ་འཆང་ཀུན་དགའ་ལེགས་པས། བིར་སྲུང་སོགས་དཔལ་ལྡན་ས་སྐྱ་པའི་ཆོས་བཀའ་འགའ་ཞིག་གི་དབང་བཀུར་མཛད་པས་རྣལ་འབྱོར་གྱི་དབང་བཀུར་མཛད་པས་རྣལ་འབྱོར་གྱི་དབང་ཕྱུག་བི་ཝ་པར་བསྟོད་པའི་ཚིགས་བཅད་མང་པོ་གསུང་ཙམ་ཡང་མ་བཞེས་ཀྱང་ཐུགས་ཀྱི་རིགས་ལ་ཐུགས་མི་དགྱེས་པས། ཀུན་གྱིས་སྡེ་པ་ཆོས་རྗེ་ལགས་ཞུ། དེ་ནས་དགུང་ལོ་བརྒྱད་པས། ཀུན་གྱིས་སྡེ་པ་ཆོས་རྗེ་ལགས་ཞུ། དེ་ནས་དགུང་ལོ་བརྒྱད་ཙམ་བཞེས་དུས་རྡོ་རྗེ་འཆང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་དྲུང་དུ་གཙུག་ཕུད་ཕུལ་ཞིང་རབ་བྱུང་གི་སྡོམ་པ་བཞེས་པས་མཚན་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དེ་ནས་འཇམ་དབྱངས་མངའ་རིས་བླ་མ་ཆེན་གྱི་དྲུང་ནས་ལྗགས་ཀློག་ཕུལ་ཞིང་སློབ་སྦྱོད་མཛད་པས་དཀའ་ཚེགས་མེད་པར་རྒྱ་བོད་ཀྱི་ཀློག་ཐམས་ཅད་ཟླ་གཅིག་ཙམ་ནས་བདེ་བླག་ཏུ་མཁྱེན། གཞན་ཡང་སློབ་སྦྱོང་ཆེར་མ་དགོས་པར་ཡོན་ཏན་ཐམས་ཅད་འབད་མེད་དུ་མཁྱེན་ཏེ། ཉིད་ཀྱི་གསུང་ལས། དེ་ནས་ཧམ་པ་བྱས་བྲིས་པའི་ཙམ་ཡིག་མ་གཏོགས་རྒྱ་བོད་རྒྱ་བོད་ཀྱི་ཡི་གེ་གང་ཤེས་འདི་རྣམས་གཅིག་ཀྱང་བསླབ་མི་ཐོགས། ཀློག་ཀྱང་དབུ་མེད་འདི་ཞར་ལ་ཤེས་པ་ཡིན། རོ་མོའང་ཆགས་ཚད་ནི་མི་ཤེས། གཞན་བྲིས་སྐུ་ཤོབ་བེ་བ་ཉན་རེས་འདི་ཡང་རང་བརྡོལ་ལ་ཤེས་པ་ལགས་ཤིང། ༦༧)སྙན་ངག་སྒྲོ་དོན་གྱི་རྒྱན་གང་བཙམས་ཀྱང་རྩོམ་བརྟེན་ལ་མ་བལྟོས་པར་བྲིས་ཚད་སྙན་ངག་དུ་ཡོད་པའི་གུ་ཡངས་པོ་འདི་ཡང་རང་ཤེས་ཁོ་ན་ལགས། ཞེས་གསུངས་པ་རྣམ་ཐར་ན་སྣང། དེ་སྐབས་ཙམ་ནས་ཐུགས་དམ་གྱི་རིགས་ཀྱང་ཤིན་ཏུ་མང་བ་མཛད། རྗེ་ཚར་ཆེན་དང་མཇལ་བཀའ་ཆོས་མང་དུ་གསན། ཚར་ཆེན་གྱིས་རྗེ་འདིའི་དྲུང་དུ་ཆེད་ཕེབས་ཀྱིས་གོས་ཆེན་པོ་ནག་པོ་ཁ་དོ་པ་ཞིག་དང། སྟོད་སྐུད་སེར་པོ་ཁ་ཤས་གནང་བ་མགོན་པོ་ཆེ་ཆུང་རྣམས་ཀྱི་ཆོས་བདག་ཏུ་རྟེན་འབྲེལ་མཛད་པ་ཡིན་འདུག་གསུངས། དགུང་ལོ་ཉི་ཤུ་བཞེས་པ་ན་ཐུགས་རྫོགས་ཀྱང་བཞེས་རྡོར་དཀར་སྟན་གཅིག་སོགས་བཙན་པའི་དཔེར་འོས་པ་མཛད། རྡོ་རྗེ་འཆང་སྒོ་རུམ་པ། ཚར་ཆེན། ལྕེ་སྟོན་སོགས་ལས་གསན་པ་རྒྱ་མཚོ་ལྟ་བུ་མཛད། ཁྱད་པར་དུ་རྡོ་རྗེ་འཆང་སྒོ་རུམ་པ་ལས་རྡོ་རྗེའིརྣལ་འབྱོར་ཡན་ལག་དྲུག་པ་གསན་ནས་ཐུགས་ཉམས་སུ་བཞེས། མགོན་པོ་དང། ཨཥྚ་འི་གཞི་སྟེན་རྡོ་རྗེ་རྣལ་འབྱོར་མ་སོགས་ཀྱི་ལྗགས་སྙེན་ཀྱང་མང་དུ་གནང། དེ་སྐབས་ཞིག་ལ། རྒྱ་གར་ནུབ་ཕྱོགས་ན་ག་ཀོ་ཊའི་རྒྱལ་པོ་སྲས་མོ་ཎི་ཀ་ནཱ་ཐ་ཞེས་བྱ་བ་འཆི་མེད་གྲུབ་པའི་ཇོ་ཀི་ཞིག་དབུས་ཕྱོགས་ལ་བྱོན། ཡར་ལམ་རྗེ་འདིའི་དྲུང་དུ་ཕེབས་ནས་སྐུ་འཚམས་ཁོངས་སུ་མཇལ་འཕྲད་གནང་བས། ཇོ་ཀི་དེས། ངས་གུ་རུ་ཚོལ་བ་ལ་བོད་དུ་ལན་གསུམ་འོངས། སྔོན་མའི་དུས་མའི་རུམ་ན་བྱས་ནས་མ་མཐོང། བར་མའི་ཚེ་བྱིས་པ་ཆུང་ངུ་ཞིག་སྐྱེས་པ་ཅིག་གིས་གཟུང་ནས་རྒྱང་ནས་མཐོང་བ་ཙམ་བྱུང། ད་ལམ་འཕྲད་པ་འདི་ཡིན་གསུངས། ཇོ་ཀི་དེ་ལས་ཨོ་རྒྱན་པདྨ་སྐུ་གསུམ་གྱི་སྒྲུབ་ཐབས་དང། ཨ་བྷི་དྷ་ནར་གསུངས་(སྨད་ཆ།༦༨)པའི་ཕག་མོའི་རླབས་དང། བྱུ་རླུང་སོགས་མན་ངག་མང་པོ་ཞུས་ཁོང་ངེད་ལ་དྲིན་ཆེ། ལེགས་ཤད་གསེར་ཐུར་ན་བྲིས་འདུག་པའི་རྙིང་མའི་བགག་པ་དེ་ཚོ་མཐོང་བ་དང། རྙིང་མའི་སྔགས་རྣམས་དང་རྒྱ་སྐད་བོད་སྐད་ཀྱང་ཆེས་མི་འགྲིག་པ་མང། དེང་སང་གི་གྲོངས་སྔགས་པ་འདི་རྣམས་ཀྱང་རལ་པ་ཐེག་ཚད་རེ་ཁུར་བས་ཁྱད་བྱས་པ་མ་གཏོགས། བམས་སྦྱོར་མི་ནག་པོ་གཞུང་མ་དང་ཁྱད་ཡེ་མི་འདུག་པ་ལ་རྟེན། རྙིང་མ་འདི་བཤའ་མ་ཅིག་མིན་པ་འདྲ་སྙམ་པའི་ལོག་རྟོག་ཆེན་པོ་ཡང་སྐྱེས། ཁ་འདི་རླུང་ལངས་པ་ཅིག་མ་གཏོགས་ཚོད་ཟིན་པར་མི་རྟོག་པས་སྐུར་བའང་ཐོར་རེ་བ་བཏབ། བདག་གི་བླ་མ་སྐུ་དྲིན་ཅན་དེས། ཆོས་རྗེ་པས་ཁ་འདི་མེ་འབར་འཁྲུགས་མ་རུ་གདའ། འདི་ཡེ་མ་གསུངས། ཚིག་ལེགས་ཉེས་ཅི་འདྲ་ནའང་དོན་ཟབ་པོ་ཡིན། རྡོ་རིངས་རིན་པོ་ཆེའི་སྐུ་ངོ་ལ་ཡང་རྙིང་ན་མ་འཇའ་ལུས་ལ་སོང་བ་བདུན་གཟིགས་གདའ། ལས་ངན་བཀའ་མ་སོགས་གསུང་ཡང་ཡང་བཀྱོན། ཕ་གྲུབ་པ་ཅན་དེ་དང། ཁུ་བོ་སྔགས་འཆང་དབང་དེས་ཀྱང། ཁྱེད་ཀྱི་ཆོས་འདིས་གྲོལ་བ་མ་རྟོགས་པ་ཡིན། ནམ་ཞུགས་རྙིང་མ་བ་ཁོ་ན་བྱེད་དགོས་ཡོང་གསུང་བ་འཕྲལ་དུ་ཕེབས་པ་ནས་དེ་དག་གི་གོ་བསྲུང་ཕྱིར་ཁ་མ་གཏོང་ཙམ་ལས་རྟིང་གི་ལོག་ལྟ་གྲ་མ་ཉམས་པ་མ་རྟོག་པའི་ཚེ། ཛཱོ་ཀི་འདིས་སློབ་དཔོན་པདྨའི་སྐུ་རྒྱལ་པོ་ལུགས་ལྟ་བ་ཆོག་མི་ཤེས་པ་སློབ་དཔོན་ཉིད་ཀྱིས་དཔེ་དཀར་གྱིས་བོད་དུ་སྦྲུལ་པ་ཡིན་ཟེར་བའི་རྫུན་ཕུགས་དེ་རུ་རྡིབས། སློབ་དཔོན་པདྨའི་སྐུ་གསུམ་གྲུབ་ཐབས་ཞུས་པས། རརྞ་གླིང་པའི་གཏེར་མ་དང་དོན་(སྨད་ཆ།༦༩)ལ་ཁྱེད་ཡེ་མི་འདུག་པས། གཏེར་རྫུན་ཡིན་ཟེར་བའི་ལོག་རྟོག་དེ་རུ་ཁེགས། སྔར་བསྐུར་ཞུས་བྱས་པ་ལས་འགྱོད་པ་བསམ་གྱིས་མི་ཁྱབ་པ་བྱུང། ད་བྱེད་རེ་སྙམས་པའི་ཞེ་དམ་དྲག་པོ་ཡག་སྐྱེས། དེའི་སྡིག་སྦྱོད་ལ་རྙིང་མ་བཀའ་གཏེར་གྱི་ཆོས་འཆད་ཉན་ཡོད་དོ་ཅོག་ཞུས་ནས་སྦྱིར་གཞན་ལ་རྒྱ་ཆེར་སྦྲེལ། ཁྱད་པར་གང་རྙིང་མ་ལ་སྔང་བའི་ས་ཕྱོགས་སུ་གྲུབ་མཐའ་རྐང་འཐེན་བྱེད་པའི་དམ་བཅའ་བྱས། ངན་འགྲོའི་ལམ་ནས་ཟློག་པ་འདི་

ོ་ཀི་ཁོང་གི་དྲིན་ཡིན་ནོ། ཞེས་དང། དཔེ་རུལ་འགའ་ཡིས་མི་དགེའི་བཤེས་བྱས་ཤིང། སྔགས་རུལ་ཁོ་བོས་ལས་ངན་ཚབས་ཆེན་བསགས། བུ་རུལ་བདག་ཉིད་དམྱལ་བའི་ལམ་དུ་ཆས། དེ་ཚེ་འཕགས་པའི་ཡུལ་ནས་གངས་ཅན་འདིར། བྱོན་ནས་ཟབ་མོའི་གདམས་པ་སྩལ་བའི་མཐུས། ཟབ་མོའི་ཆོས་ལ་ཡིད་ཆེས་དད་པ་ཐོབ། བསམ་བཞིན་སྐུ་དྲིན་མི་ཆུང་ཆེ་བར་ཁྲམས། ཞེས་གསུངས་རྩོམ་ཡང་མཛད། དེ་ནས་བཟུང་རྒྱ་གར་ཤར་ནུབ་གུང་གསུམ་གྱི་ཇོ་ཀི་སུ་བྱུང་བས། གཞན་ཡང་ཁ་ཆེ་དང། ནཱ་ག་རའི་ཡི་གེ་རྣམས་ཀྱང་བརྟོལ་ཤེས་སུ་བྱུང་བས། ཨ་ཚ་ར་ལྟོགས་འཁྱམས་ཞིག་གི་སྐྱེ་བ་ཡིན་པ་འདྲ་གསུངས། ཧཱུྃ་རླུང་ཉམས་བཞེས་གནང་བས་དབུ་མ་སོགས་སྙུང་གཞི་ལ་ཡང་ཤིན་ཏུ་ཕན་པར་བྱུང་འདུག། གཙང་རྟ་ནག་ཐུབ་བསྟན་དུ་མཚན་ཉིད་ཀྱི་གསན་སྦྱངས་ཀྱང་མཛད་པས་ཚད་མའང་མཁས་པར་མཁྱེན། དེ་སྐབས་རྡོ་རྗེ་འཆང་སྒོ་(སྨད་ཆ།༧༠)རིམ་པ་སྐུ་གཤེགས་པས་རྡོ་རྗེ་འཆང་ཚར་ཆེན་དྲུང་ནས་རྗེ་བཙུན་ས་སྐྱ་པའི་ཆོས་བཀའ་སྦྱི་དང་བྱེ་བྲག་སྙན་བརྒྱད་ཟབ་མོ་གཞན་ལ་མ་གྲགས་པ་གསུང་ངག་སློབ་བཤད་མ་སོགས་མང་པོ་གསན་ནས་ཉམས་བཞེས་གསག་བས་རྗེ་བཙུན་ས་སྐྱ་པ་ཆེན་པའི་ཟབ་ཆོས་ཐུན་མོག་མ་ཡིན་པ་ཐམས་ཅད་ཀྱི་བསྟན་པའི་བདག་པོར་གྱུར་ཏེ། རྗེ་ཆར་ཆེན་གྱིས་ཀྱང་བསྔགས་བརྗོད་དང་བཅས་ཐུགས་བརྩེ་བའི་འདོད་པ་མང་ན་ཡང། དས་བརྡལ་པོར་གཏད་པ་ཁྱེད་ཉིད་ཙམ། ཁ་རྡོ་རིངས་པའི་བསྟན་པ་འཛིན་དུ་རེ། ཞེས་སོགས་གསུངས་ནས་ངེས་དོན་གྱི་བསྟན་པ་གཏད་ནས་བསྟན་པའི་བདག་པོར་དབང་མོ་དེ་བཏུལ་དུས་ཕུར་པ་བརྒྱབ་པའི་ཤུལ་སྒྲུབ་ཕུག་ཡོན་པོ་ལུང་ཤོགས་གནས་གཟིགས་མཛད། འདིར་གཏེར་གནས་དང་གཏེར་རྟགས་རྣམས་མཐོང་གསུངས་པ་ཙམ་ལམ་གཏེར་དངོས་བཏོན་པའི་ལོ་རྒྱུས་མ་གསུངས་མོད། འོན་ཀྱང་མཁན་ཆེན་འདི་གཏེར་སྟོན་མངའ་རིས་པཎ་ཆེན་སྐུ་མཆེད་ཀྱི་ཟབ་གཏེར་འཛིན་ཡོངས་འདུས་ལས། དེ་ལ་འདུད་བྱེད་སྦྲུལ་པའི་གཏེར་སྟོན་བཞིན། ང་ཡི་ཟས་གཏེར་དམ་པ་གཏེར་ནས་འདོན། ཞེས་གསུངས་པའི་གཏེར་སྟོན་བཞི་ནི། པདྨའི་རྒྱལ་ཚབ་འབྲི་གུང་རིན་ཆེན་ཕུན་ཚོགས། མི་འགྱུར་ལས་འཕྲོ་གློང་པ་ཀུན་དགའ་དཔལ་བཟང། གནས་གསར་བ་མདོ་སྔགས་གླིང་པ་མཁྱེན་བརྩེའི་(སྨད་ཆ།༧༡)དབང་ཕྱུག། འཕྲད་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་དང་བཞིར་ངོས་འཛིན་གནང་ཡང། མཁན་ཆེན་འདིས་རྟེན་འབྲེལ་འཕྲུག་པས་གཏེར་མང་པོ་མ་བཞིན་ཀྱང། ཐོག་སེར་སྐོར་སོགས་གདམས་པ་ངོ་མཚར་བ་པུ་སྟི་གཅིག་ཙམ་ཞིག་སྦྱན་དྲངས་པ་ཡིན། ཞེས་ཀུན་མཁྱེན་ལྔ་པ་རིན་པོ་ཆེས་གསུངས་ཏེ། འདི་སྐབས་གཏེར་བདག་རྣམས་ཀྱིས། བོད་བསོད་ནམས་ཆུང། ཁྱོད་གྲིབ་ཀྱིས་ནོན་སོགས་གསུངས་པ་བཞིན། སྔར་མཚན་ཉིད་གྲཱ་སར་ཕེབས་ན་འགྲོ་དོན་མི་འབྱུང་བའི་ལུང་བསྟན་བརྡའ་སྟོན་གནས་གསར་དུ་བཞུགས་སྐབས་བྱུང་བ་བཞིན་དམ་གྲིབ་ཀྱི་སྐྱོན་གྱིས་གཏེར་ཁ་མང་པོ་བཞེས་མ་ཐུབ་པ་ཡིན་འདུག། ཡང་རི་བོ་བཀྲ་བཟང་ནས་སྔགས་འཆང་རིན་པོ་ཆེ་དགོན་གསར་པ་གདན་དྲངས་ནས་བྱང་གཏེར་ཕལ་ཆེར་གསན། དེ་སྐབས་མཆཚན་ལམ་དུ། ལྷ་ཁང་ཞིག་ན་ཨོ་རྒྱན་གྱི་ལྡེར་སྐུ་ཞིག་མཇལ་བར། བུད་མེད་ཞིག་གིས་ན་ཨོ་རྒྱན་པདྨ་དེ་ཡིན། ཡིན་པ་ཨོ་རྒྱན་དངོས་ཡིན་ཀྱང་མི་རྣམས་མ་དད་པས་ལྡེར་སྐུར་སོ་བ་ཡིན། ཟེར་བ་ཞིག་བྱུང་ཞིང་དེ་ནས་བཟུང། ནུབ་བཏུད་མར་མནལ་ལས་དེ་འདྲ་བ་ཁོ་ན་བྱུང་བར། དེ་སྐབས་ཙམ་ན་མངའ་རིས་རིག་འཛིན་ཆེན་པོ་བོ་དོང་དུ་ཕེབས་བྱུང། རྗེ་ཉིད་ཀྱི་མནལ་ལམ་དང་རྗེས་མཐུན་བྱུང་བས་འཕྲལ་མར་མཇལ་ནས་ཐུགས་དད་འདུན་ཚད་མེད་གནང། སྦྱིར་ཡང་བླ་མ་འདི་ལས་ལྔ་ཕྱིར་ཆོས་ཚུལ་མང་དུ་གསན། ཁྱད་པར་དུ་འདུས་པ་ཆེན་པོ་མདོའི་དབང་རྒྱུན་དང་རིག་འཛིན་ཆེན་པོ་ཉིད་ཀྱི་གཏེར་ཆོས་ཐམས་ཅད་ཚང་བ་གསན།(སྨད་ཆ།༧༢)རིག་འཛིན་ཡོངས་འདུས་ཀྱི་ཆོས་བདག་གཙོ་བོ་ལྔའི་ཡ་གྱལ་ཡིན་ཏེ། གཞན་ཡང་བདེ་མཆོག་བདེ་ཆེན་རལ་པ་གཅིག་བའི་བཀའ་ཆད་ཉེ་བ་དེ་གསན་ནས་ཆོས་དེའི་སྲོག་འཐུད་པས་མཛད། དེ་ནས་སྡེ་པ་རིན་སྦུངས་པས་འོ་ཡུག་མ་དགོན་གྱི་གདན་སར་བསྐོས་འཇའ་གནང་བྱུང་བར་ཕེབས། སྔར་དགུང་ལོ་བ)་དྲུག་བཞེས་དུས་ཤིག་མན་ལ་ལམ་དུ་བུད་མེད་མཛེས་མ་ཞིག་གིས་ཕྱག་ནས་བཟུང་སྟེ་ནམ་མཁའི་ལམ་ནས་གཤེགས་པས་རི་མཐའ་ཞིག་གིས་ཕྱག་ནས་བཟུང་སྟེ་ནས་ནམ་མཁའི་ལམ་ནས་གཤེགས་པས་རི་མཐའ་ཤིག་ན་དགོན་སྡེ་ཞིག་འདུག་པ་འདི་ཁྱོད་ཀྱི་སྡོད་ས་ཡིན་ཟེར་བ་ཞིག་བྱུང་བ་དེ་ཡིན་པར་འདུག་གསུངས། དེ་ནས་སྲེགས་རིན་ཆེན་སྒང་ཡང་ཞེས། དེ་དག་གིས་མཚོན་པའི་ས་ཡུལ་ཐམས་ཅད་གསང་སྔགས་གསར་རྙིང་མང་པོའི་བཀའ་ལུང་དབང་ཁྲིད་སྨན་སྒྲུབ་དང་སྐྱེ་བདུན་མྱོང་གྲོལ་གྱི་སྒྲུབ་པ་སོགས་འགྲོ་ཕན་མཐའ་ཡས་པ་རྒྱུན་ཆགས་སུ་གནང། ཁྲིད་ཀྱི་དུས་ཤིག་ཉམས་ལེན་བྱེད་པ་ཨེ་འདུག་འདོ་གསལ་གྱི་ངག་ནས་གཟིགས་པས་ཉམས་ལེན་བྱེད་མི་བྱེད་ཐམས་ཅད་ཉལ་ལུགས་ཚུན་ཆད་གསལ་བར་གཟིགས་ནས་འཕྲོས་ཙམ་གསུངས། དེ་ནས་དཔལ་སྦུག་རྣམ་པར་གྲོལ་བའི་རི་ཁྲོད་བཏབ་ནས་དེར་བཞུགས། དེ་ནས་མི་རིང་བར་ཀུན་མཁྱེན་ཆེན་པོའི་སྐུའི་སྐྱེ་བ་གཉིས་པ་རྒྱལ་ཡུལ་ཚུལ་ཁྲིམས་བཟང་མོས་ལུང་བསྟན་པ་ལྟར་གདན་ས་ཆེན་པོ་ཞ་ལུར་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་ཆོས་ཀྱི་ཁྲིད་ལ་ཞབས་ཀྱི་པདྨོ་བཀོད་པ་མཛད། བདེ་ཆེན་རལ་གཅིག་བཀའ་བརྒྱད་སོགས་ཟབ་ཅིང་རྒྱ་ཆེ་བའི་ཆོས་འཁོར་བར་མེད་དུ་སྐོར་བ་མཛད་དེ། གཙོ་བོར་གསང་ཆེན་རྙིང་མའི་ཆོས་བཀའ་མང་པོ་དང། ཁྱད་པར་ཆོས་རྗེ་བུ་སྟོན་ཉིད་ཀྱི་བཀའ་སྲོལ་སྔོན་ཆད་པ་མང་པོ་ཉམས་(སྨད་ཆ།༧༣)གས་དང། དུས་འཁོར་གྱི་ཕྱག་ལན་ཕྲ་རགས་ཐམས་ཅད་བུ་ལུགས་ལྟར་ཚགས་སུ་ཚུད་པར་མཛད། ལྷ་ཁ་དང་བྲང་སོགས་ཀྱི་ཞིག་གསོས་རབ་གནས་སོགས་ཀྱང་མཛད། སྦྱིར་ཡང་རྗེ་བཙུན་བླ་མ་མཁྱེན་རབ་ཀྱི་དབང་ཕྱུག་ཆེན་པོ་འདི་ཉིད་མདོ་སྔགས་རབ་འབྱམས་ཐམས་ཅད་ལ་མི་མཁྱེན་པ་མེད་པས་མཁས་པའི་ཡོན་ཏན་གྱིས་ཕྱུག་ཅིང། བསྐྱེད་རྫོགས་ཟབ་མོའི་ཉམས་བཞེས་ལ་གཡེལ་བ་མི་འདའ་བས་གྲུབ་པའི་ཉམས་རྟོགས་ཀྱིས་བརྒྱན་པའི་མཁས་གྲུབ་ཆེན་པོ། ཁྱད་པར་དུ་ཨོ་རྒྱན་ཆེན་པོའི་རྡོ་རྗེའི་ལུང་གིས་བསྔགས་པའི་སྦྲུལ་པའི་གཏེར་སྟོན་ཆེན་པོ་ཟིག་སྟེ་གསང་སྔགས་སྔར་འགྱུར། གྱི་ཕྱོགས་ལ་གསན་སྦྱངས་མཛད་ཚུལ་ཡང་ཉིད་ཀྱི་གསུངས་ལས། གསང་སྔགས་རྙིང་མའི་ཕྱོགས་ལ། དབང་བརྒྱ་དང་དོན་གཅིག་ཙམ་དང་རྗེས་སུ་གནང་བ་སུམ་ཅུ་སོ་གཅིག། ཁྲིད་བཀའ་སུམ་ཅུ་རྩ་བརྒྱད་ཙམ་ཞིག་ལེགས་པར་ཐོས་ཤིང། དེ་དག་ཐམས་ཅད་ལ། རང་རང་གི་བརྒྱུད་པ་རིམ་པར་བྱོན་པ་རྣམས་ཀྱི་ཕྱག་ལེན་ཕྲ་རགས། ཐ་ན་རྡོལ་དྲིལ་འཛིན་ཚུལ་དང། རྡ་ཚིགས་ཚུན་མ་འདྲེས་པ་ལེགས་པར་སྦྱངས། ཕལ་ཆེ་བ་ཞིག་གི་བྲིས་སྐུ། གླེགས་བམ། དབང་ཆས་སོགས་མ་ཚང་བ་མེད་པར་བཞེངས། རང་དོན་དུ་ཐོས་བསམ་བསྒོམ་གསུམ་གང་ལྕོགས་དང། གཞན་དོན་དུ་འཆད་དང་རྩོམ་པ་འདུལ་བྱའི་འདོད་པ་བཞིན་དལ་བ་མེད་པ་བགྱིས་བཞིན་པ་འདི་ཡིན་པས། ཐོབ་ཐོབ་ཅེས་བྱ་བའི་མིང་ཀྱང་ཙམ་དུ་མ་ལུས་པའི་ཁུངས་ཡིན་ནོ། ཞེས་གསུངས་པར་སྣང་ཞིང་ཨོ་རྒྱན་ཆེན་པོའི་བྱིན་གྱིས་བརླབས་ཚུལ་དང་གསང་སྔགས་རྙིང་མའི་སྒོ་ན་འགྲོ་ཕན་བྱུང་ཚུལ་སོགས་རྗེ་ཉིད་ཀྱི་གསུང་མགུར་ལས་ཀྱང་ཤིན་ཏུ་གསལ་བར་འབྱུང་སྟེ།(སྨད་ཆ།༧༤)ངས་སྦྱངས་པ་དེ་ས་སྐྱའི་གཞུང་ལུགས་ལ་སྦྱངས་ཀྱང། མཁས་པ་དེ་གསང་སྔགས་རྙིང་མ་ལ་མཁས་པ། ཞེས་པ་ནས། ངས་བཤད་པ་དེ་དམ་ཆོས་ཕྱོགས་མེད་ལ་བྱས་ཀྱང། འགྲོ་དོན་དེ་གསང་སྔགས་རྙིང་མ་ལས་བྱུང་བས། ཞེས་སོགས་དང། བདག་སོགས་མང་ངོ། ཁྲི་སྲོང་རྣམ་འཕྲུལ་གཏེར་སྟོན་ཀརྨ་གུ་རུའམ་ཆོས་རྒྱལ་དབང་པོའི་སྡེ་ནི། རང་གཏེར་ཨཱ)་པ་གླིང་ནས་དམ་རྫས་མྱོང་གྲོལ་དང་ལྷན་ཅིག་སྦྱན་དྲངས་པའི་ལུང་བསྟན་ལས། སྐུ་ཡི་གཟི་བརྗིད་མཚན་རྟགས་བཅུ་གསུམ་ལྡན། བདེན་པའི་ངག་འགྲུབ་སྒྲ་དབྱངས་ཚངས་པའི་གསུང། ཐུགས་ཀྱི་བྱིན་རླབས་དགོངས་པའི་གཏིང་དཔག་དཀའ། བདག་དང་རྒྱལ་པོའི་ཡོན་ཏན་སྦྲུལ་པ་སྟེ། ཕྲིན་ལས་རྣམ་པ་ལྔ་ལ་རང་དབང་སྦྱོད། ཅེས་སློབ་དཔོན་དང་མངའ་བདག་གིས་ཡོན་ཏན་གྱི་སྦྲུལ་པར་བསྟན་ཞིང། དེ་ཉིད་རྟེན་འབྲེལ་མ་འཕྱུགས་ན་མི་ཉག་ཙཱ་ཤིང་གི་རྒྱལ་རིགས་ཁྱེའམ་འབྲུག་གི་ལོ་པར་སྐྱེ། རྟེན་འབྲེལ་མ་འགྲིག་ན་རྒྱལ་རྒྱུད་དེའི་བློན་པོའི་རིགས་བྱང་ཁང་གསར་པའི་བུ་བྱང་སྦྲེལ་ལོ་པར་སྐྱེ་ཞེས་རྟེན་འབྲེལ་རབ་ཐའི་བབ་ཕོགས་ཀྱིས་ལུང་བསྟན་གཉིས་ཡོད་པའི་འདིར་རྒྱལ་རིགས་སུ་འཁྲུངས་ཏེ་གཡས་རུའི་སྟོད། སྔོན་ཆོས་རྒྱལ་དུས་ས་གནོན་དུས་བཏབ་པ་གྲོམ་པ་རྒྱད་དང། འབལ་ཆུང་ལྷ་ཁང་གི་བར་མཚམས། རོང་བཞིའི་ནང་ཚན། བདག་ཉིད་ཆེན་པོ་བང་འབྱུང་གིས་བར་ཕུག་རོང་དུ་མིང་འདོགས་མཛད་པ་ད་ཟང་པའི་མཐའ་ན། གནམ་བསྐོར་རྒྱལ་པོའི་ཕོ་བྲང་ཆེན་པོ་ཡོད་པ་དེར། རྒྱ་ནག་ཏོང་ཁུན་གྱི་རྒྱལ་ས་ལ་དབང་བསྒྱུར་བའི་མི་ཉག་སིའུ་རྒྱལ་པོའི་(སྨད་ཆ།༧༥)རིགས་ལས་རིམ་པར་མཆེད་པའི་བྱང་པ་ཆོས་རྒྱལ་རིགས་ལྡན་ཆེན་པོ་ནམ་མཁའ་རིན་ཆེན་དང། ཡུམ་ནི་སྡེ་བདག་ཆེན་པོ་ལྷ་ས་རྫོང་པ་ཞེས་བྱ་བའི་སྲས་མོ་ཆོས་སྐྱོང་འཛོམ་ཆེན་གཉིས་ཀྱི་སྲས་སུ་ལྕགས་ཕོ་ཁྱིའི་ལོ་ལ་འཁྲུངས། དེ་ལ་རྗེ་གྲོལ་མཆོག་ཞབས་ཀྱི་དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེར་མཚན་གསོལ་ཞིང་ཚེ་དབང་སོགས་སྩལ། ཕྱག་མཐེབ་གཡོན་ལ་སྦྲུལ་གྱི་མགོ་པོ་འདྲ་བའི་སྨེ་བ་ཡི་གེ་ལས་མཚོན་པ། ཕྱག་མཐེབ་གཡོན་ལ་ཐོག་གི་རི་མོ། བུམ་པ་ལྟ་བུའི་ལྟོ་བའི་ངོས་ལ་སྨེ་བ་ཟླུམ་པོ། བརླ་གཡོན་ནང་ལ་མིག་འདྲའི་སྨེ་བ། ཞབས་གཡོན་ལ་པདྨའི་རོ་མོ་སོགས་ལུང་བསྟན་དང་དངོས་སུ་མཐུན་པའི་མཚོན་རྟགས་བརྒྱ་སྟོང་མངའ་སྟེ། དེ་དག་ཀྱང་རང་གཏེར་འཆི་མེད་ཚེའི་དོན་དབང་གི་གཏད་རྒྱའི་སྐབས་ལས། རྒྱལ་པོས་བཞེངས་པའི་གཙུག་ལག་གཉིས་ཀྱི་མཚམས༔ རོང་མདོ་ཆུ་བོ་ཆེན་པོ་རྒྱུག་པའི་འགྲམ༔ ས་ཁམས་ཁྱི་འབྲུག་ལོ་པ་སྙིང་རྗེ་ཅན༔ དྲག་ཤུལ་ཚོ་རོལ་སྦྱོད་པ་རིགས་བཞིའི་རྟགས། དཀར་དམར་སྨེ་བ་སྦལ་གྱི་མགོ་བོ་ཅན། ལག་གཡས་དྲག་པོ་མཚོན་ཆའི་རི་མོ་གསལ། ལྟོ་བ་བུམ་པའི་དབྱིངས་ལ་སྨེ་བས་མཚོན༔ མཁའ་འགྲོ་དབང་སྡུད་བརླ་གཡོན་སྨེ་བའི་སྦྱན། ཞི་འགྲུབ་རྐང་གཡོན་རི་མོ་པདྨས་མཚོན། རྟགས་དང་ལྡན་པའི་སྐྱེས་བུ་དེ་དང་འཕྲད། ཅེས་པ་བྱུང་ལ། ན་ཚོད་ཕྲ་མོའི་དུས་ནས་ཀྱང་རིན་པོ་ཆེའི་རྒྱན་དང་གོས་བཟང་པོ། ལོངས་སྦྱོད་ཕུན་སུམ་ཚོགས་པས་བཀུར་བ་དང་བཅས་གཅེས་པར་བཟུང། སྐུ་ཚེའི་སྟོད་སྨད་པར་གསུམ་དུ་ཆོས་ཕྱིར་ཡོངས་འཛིན་གྱི་བླ་མ་འཇམ་དབྱངས་ཀུན་དགའ་གྲོལ་མཆོག། དུས་ཞབས་པ་ཤཱཀྱ་དཔལ་བ། ལོ་ཆེན་(སྨད་ཆ།༧༦)རརྣ་བྷ་དྲ། ནུབ་དགོན་པ་ཆེན་པོ་ཉམས་མེད་བྱམས་པ་ཆོས་ཀྱི་རྒྱལ་མཚན། མཆོག་གི་སྦྲུལ་སྐུ་མངའ་རིས་པ་ལེགས་ལྡན་བདུད་འཛོམས་རྡོ་རྗེ། ཐུགས་སྲས་བློ་གྲོས་རྒྱལ་མཚན། རིག་འཛིན་རྒྱལ་བའི་སྲས་པོ་པདྨ་ཆོས་རྒྱལ། སོ་སྟོན་ལེགས་ལྡན་རྡོ་རྗེ། རྒྱལ་སྲས་ལྷ་རྗེའི་་་གུང་པ་ཆོས་རྒྱལ་ཕུན་ཚོགས། རྒྱལ་སྲས་བསྟན་པའི་འབྱུང་གནས། གཏེར་སྟོན་ཤེས་རབ་འདོ་ཟེར། རྡོ་རིངས་པ་ཀུན་དགའ་རྒྱལ་མཚན། ངོར་ཆེན་དཀོན་མཆོག་དཔལ་ལྡན། བདག་ཆེན་བསོད་ནམས་དབག་པོ། བླ་མ་ཏྲི་བོ་རིན་པོ་ཆེ། བཀའ་བཞི་པ་ཚུལ་ཁྲིམས་འགྱུར་མེད། འབྲུག་པ་པདྨ་དཀར་པོ་སོགས་རིས་མེད་ཀྱི་དམ་པ་དུ་མ་ལ་ཆོས་ཀྱི་གསན་པ་རྒྱ་ཆེར་མཛད། གཙོ་བོ་རང་གཏེར་ལས། སྔོན་དུ་བྱུང་བའི་ཟབ་གཏེར་མཐའ་དག་གི། བཀའ་བབས་འབྱུང་གི་མི་ནུབ་རྒྱལ་མཚན་ཚུགས༔ ཞེས་པ་ལྟར། དབང་འཁྲིད་ལུང་མན་ངག་གི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བར་གནང། ཐ་སྙད་ཀྱི་རིགས་པ་ལ་ཡང་མཁྱེན་པའི་སྦྱན་མཆོག་ཏུ་ཡངས། དབང་དྲག་རྒྱས་དང་ཞི་བ་མཆོག་འགྲུབ་པའི༔ རྟགས་རྣམས་རིམ་གསལ་བཞིན་དུ་འགྲོ་དོན་མཛད། ཅེས་བའི་དོན་ལྟར། ལ་སྟོད་བྱང་གི་རྒྱལ་སྲིད་འཛིན་དུས། རྒྱ་དཀར་ནག་ཧོར་སྟོད་སྨད་སོགས་ཀྱི་སྨན་དངོས་རྔམ་ཆེ་བ་མང་པོ་དང། གཏེར་རྫས་དམ་རྫས་ཀྱི་རིགས་བགྲང་ཡས་པ་ཕྱག་ཏུ་འབྱོར་བ་ནི་བསྟན་གྱི་ནང་གི་དབང་གི་ཕྲིན་ལས་འགྲུབ་པའི་སྐབས། དེ་རྗེས་དྲག་པོའི་ཕྲིན་ལས་ནི། མངའ་(སྨད་ཆ།༧༧)ཐང་ཅན་ལ་གཏེར་གྱི་སྐབས་བ་མེད། ཅེས་པ་ལྟར། སྙིང་པོ་མེད་པའི་རྒྱལ་སྲིད་སྦངས་ནས་གསང་ཆེན་རྙིང་མའི་བསྟན་པའི་བདག་པོར་མངའ་གསོལ་བར་རྐྱེན་ངན་ལམ་དུ་ལྷོངས་པ་ཡིན་པས་དེའི་ཚུལ་ནི། ཞི་ཤག་ཕ་བུ་རྣམས་དང་བྱང་ནམ་མཁའ་རྒྱལ་མཚན་སོགས་འབྲེལ་བཏགས་བྱས་ནས་རིག་འཛིན་ཆེན་པོ་འདི་ཉིད་དབུས་ཕྱོགས་སུ་གནས་དབྱུང་བ་སོགས་ཞབས་འདྲེན་ཏེ་རྗེས་སུ་འཛིན་དགོས་པའི་གདུལ་བྱར་མཁྱེན་ནས། འཕྱོངས་རྒྱས་དང་འབྲི་གུང་སོགས་སུ་བཞུགས་སྐབས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐོར་མང་པོ་དང། ཁྱབ་འཇུག་གཟའི་སྦུ་གྲི་སིགས་དྲག་སྔགས་ཀྱི་ལས་སྦྱོར་དུ་མའི་སྒོ་ནས་རིང་པོར་མ་ལོན་པར་དགྲ་བོ་རྣམས་འཆི་བདག་གི་ཁར་འཛུད་པས་མཛད་ཅིང། མཐུ་སྟོབས་དང་ནུས་པ་ལ་གཞན་གྱིས་འགྲངས་བྲལ་བ་ཡིན་ཏེ། རརྣའི་གཏེར་ལུང་དུ། རྒྱལ་པོའི་མིང་ཅན་མཐུ་སྟོབས་བདག་པོ་འབྱུང། ཞེས་གསུངས་པ་ལྟར་དྲངས་སྲོང་ཆེན་པོ་བྲན་དང་གཡོག་ཏུ་བཀོལ་ནུས་པས་བསྟན་དགྲ་དེ་དག་ཞལ་དུ་བཏབ་པདྨའི་གཟིགས་པས་བསླུ་མེད་ཅིང། རིག་འཛིན་མཆོག་གི་འདའ་ཁ་རྡོ་རྗེའུ་གསུང། ཆེས་ཆེར་དམ་ལ་བཞག་པའི་རྟེན་འབྲེལ་གྱིས། རཱ་ཧ་ལ་དེ་བདག་གི་བྲན་ལྟར་གྱུར། སྔ་ནས་མི་དགེའི་བག་ཆགས་ཡོངས་བརྟས་པས། དགེ་བྱེད་ལ་སྡང་ཚུལ་མིན་ལོག་སྦྱོད་མཁན། ཞིང་ཞེས་ཞིང་བཅུ་ཚང་བའི་སྙིང་ཁྲག་དེ། མཐུ་ལྡན་མཟའ་མཚོག་ཆེན་པོས་མོད་ལ་བཞེས། ཞེས་སོགས་ནས། བདག་ལ་(སྨད་ཆ།༧༨)མཐོ་འཚམ་དཔུང་ཚོགས་རྣམས་ལ་ཡང། ཕྱིར་ལོག་དུས་སུ་སུམ་ཅུར་ནེ་བའི་གྲངས། གདོང་ཐུག་བརྒྱབ་སོགས་ཞིབ་ཆ་མང་མཆིས་པ། ཡོངས་འཛིན་དམ་པའི་སྙན་དུ་གསན་ངེས་སམ། འདི་དག་རང་སྟོབས་ཅི་ཞིག་ཨོ་རྒྱན་རྗེའི། ཐུགས་རྗེའི་འཇུག་པ་དཀར་དང་ཁྱད་པར་དུ། བཀའ་དྲིན་མཉམ་མེད་རིག་འཛིན་མཆོག་དེ་ཡིས། མ་འངོས་དུས་མཁྱེན་དམ་བཞག་བྱིན་རླབས་དང། ཞེས་སོགས་གསུངས་པ་བཞིན་དུ་སྡང་དགྲ་ཕལ་ཆེར་མིང་མེད་དུ་གྱུར་ཏེ། སློབ་དཔོན་ཆེན་པོས་བཀའ་རྟགས་དམ་ཚིག་གིས་མནན་པའི་རྡོ་རྗེ་ཆོས་སྐྱོང་དྲག་པོའི་སྐུར་བཞེངས་པ་དག་བསྐུལ་བའི་ལས་ལ་ཞུགས་པས་དགྲ་ཕྱོགས་སུ་བཅོ་དམར་ཡང་ཡང་རྒྱུགས་པ་དང། དགུན་དུས་གནམ་ལྕགས་ཀྱི་ཐོག་བབས་པ། སྲོག་ཆགས་ཀྱི་རིགས་དུ་མའི་ཆོ་འཕྲུལ་སོགས་ལྟས་ངན་མང་སོས་སྣ་དྲངས་ཏེ། དགྲ་བོ་ཕལ་ཆེར་འཇིག་རྟེན་དགའ་བའི་རྒྱན། སྡེ་པ་ཡར་རྒྱབ་པ། སྐྱིད་ཤོད་ནས་ས་སྐྱོང་གཡུལ་རྒྱལ་ནོར་བུ། དགའ་ལྡན་ཕོ་བྲང་གི་དཔོན་གཉེར་ལུགས་གཉིས་ཀྱི་མཁྱེན་དཔྱོད་ཅན་སྐུ་མདུན་ཆོས་བཟང་ཕྲིན་ལས། སྡེ་པ་ཐོབ་རྒྱལ་བ། སྡེ་པ་སྙེ་མོ་བ། བར་ཁམས་ཀྱི་སྡེ་པ་ཀ༔གནམ་པ། རྒྱ་ཧ་ཀ་དང་ལིང་ཙེའི་རྒྱལ་པོ་སོགས་སྟོབས་ལྡན་ཆེན་པོ་མང་པོའི་ཏི་ཤིར་གྱུར། སྣང་གསལ་ཆོས་རྗེ་ཀུན་དགའ་ཚེ་མཆོག། ལྷ་གྲོ་ཆོས་རྗེ་ཀརྨ་གུ་རུ། ཀ་ཐོག་ཆོས་རྗེས་ཐོག་དྲངས་སྔ།(སྨད་ཆ།༧༩)འགྱུར་བཀའ་གཏེར་གྱི་རིག་སྔགས་འཆང་བ་བགྲང་བར་དཀའ་པ་དང་གྲུབ་མཐའ་རིས་མེད་ཀྱི་བླ་མ་མཐའ་ཡས་པ་ཞབས་ལ་བཏུད་དེ་རྣམ་དཀར་གྱི་ཕྲིན་ལས་དབྱར་མཚོ་ལྟར་གྱུར། ཞི་བའི་ཕྲིན་ལས་ནི། སྦྱིར་ནད་གདོན་སོགས་ཞི་བ་དང། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཞི་བ་གཉིས་བྱུང་བ་ལས། སྐབས་འདིར་ཞི་བ་དང་པོ་ལ་བསྙག་དགོས་ཏེ། མཆོག་གྲུབ་པ་ཞེས་པའི་ཚིག་གིས་རྗེས་མ་བསྟན་པས་སོ། དེ་ཡང་སྐུ་ཚེའི་འཇུག་ཏུ་འཕྱོངས་རྒྱས་དང་ཡར་རྒྱབ་གཉིས་ཀུ་ཕལ་ཆེར་བཞུགས་ཤིང་གདུལ་བྱ་མཆོག་དམན་མང་པོའི་བར་ཆད་སེལ་བ་དང། འབྱོངས་རྒྱས་སྟག་རྩེ་དང་དོན་གྲུབ་གླིང་སོགས་སུ་དག་སྣང་བྱུང་ཚུལ་དང། མཆོག་གི་དངོས་གྲུབ་དེས་དོན་དུ་སླང་རྟོགས་མཐར་ཕྱིན་པར་མ་ཟད། སྐུ་ཚེ་འདི་ཉིད་ལའང་རྟོགས་པ་ཀློང་དུ་གྱུར་ཏེ་གྲུབ་པའི་མཚན་མ་ངོ་མཚར་བ་མང་དུ་བསྟན་པ་སོགས་ཀྱིས་ཇེས་སུ་དཔག་པར་ནུས་པ་ཡིན་ནོ། དེ་ནས་གཏེར་བཞེས་ཚུལ་ནི། འབྲུག་ལོར་དཔོན་སློབ་ཁ་ཤས་ཀྱི་གྲོང་སྔགས་པ་དཀྱུས་མའི་ཆས་ཇུས་ཐབས་ཀྱིས་བསམ་ཡས་སུ་ཕེབས། ཨཱ)་པ་ལོའི་གླིང་ནས་གཏེར་ཁ་སྦྱི་ལ་གཅེས་པའི་ཞལ་བྱང་དང། མྱོང་གྲོལ་པདྨ་རཱ་གའི་ཟ་མ་རོག་ལུང་བསྟན་བཞིན་དུ་ཐོན། དེ་གཏེར་ཁའི་སྒོ་འབྱེད་ཀྱི་ཐོག་མ་ཡིན་ཅིང། དེ་ཕྱིན་ནས་གཏེར་སྟོན་ཆེན་པོར་མཚན་ཐོགས། དེ་ནས་ི་རིང་པར་གསང་སྟབས་དགོས་རྒྱུ་ཡིན་ཀྱང། དུས་སྐབས་ཀྱི་མ་བདེ་བར་དཔོན་སློབ་འོས་རིགས་དང་བཅས་པས་གཙང་རོང་ལ་ཕེབས། དེ་སྐབས་དཔོན་སློབ་འོས་རིགས་དཔལ་བཟང་གིས། བདག་པོ་རིན་པོ་ཆེ་ཉིད་སྐུ་མཐུ་དང་ནུས་པ་ཆེ་བ་ཀུན་གྱིས་གསལ་སྟར་ལས་གཏེར་བཞེས་པས་ཆེ་རུ་མི་(སྨད་ཆ།༨༠)འགྲོ་བས་གཏེར་མི་བཞེས་པ་ཞུས་པས། བདག་ལ་སློབ་དཔོན་རིན་པོ་ཆེའི་ལུང་བསྟན་བྱུང་བས་འདོད་པ་ཡིན་གྱི་ཟོལ་ཟོག་མིན། ཡིད་མ་ཆེས་མ་ཁྲོམ་གཏེར་བྱས་པས་ཆོག་གསུངས། དེར་གཏེར་འདོན་པར་བྱོན་པ་ན་ཐོབ་རྒྱལ་སྡེ་པའང་ཆོད་ལྟ་དང་སྦྲགས་སྐུ་འཁོར་ཚང་མའི་ཞབས་འདེགས་དང་བཅས་ཕེབས་པ་ན། གཙང་རོང་གི་ནང་ཚན་བྲག་ལྷང་ལྷང་མ་བར་ཕེབས་མཚམས། བདག་པོ་རིན་པོ་ཆེས་དེ་རིང་ཆུ་སྣ་གསུམ་དང་མ་འཕྲད་ན་གཏེར་ཐོན་པ་མེད་གསུངས་པ་ལ་ཞབས་ཕྱི་རྣམས་ཀྱིས་ཁྲེལ་ཉམས་བྱེད་པ་ལ་ཐུགས་ཁྲོས་ནས་སྔོན་ལ་ཆིབས་རྒྱུག་གནང་ནས་ཕེབས་པས་ལུང་ཆུང་ཞིག་ནས་ཆུ་སྣ་མི་འདྲ་བ་གསུམ་བྱུང་བ་དང་འཕྲད། དེར་ལྟར་ཡོད་པ་ཞིག་ཏུ་ཚོགས་འཁོར་ཞིག་མཛད་ཅིང། ལྷ་ཐོ་དེ་ཞབས་ཀྱིས་སྒྱེལ་ནས་སྐད་ཅིག་དེ་ལ་བྲག་གཡང་ཆེན་པོ་བྱ་མིན་པས་རྒྱུ་བར་མི་ནུས་པའི་ངོས་ལ་བྱ་འཕུར་བ་ལྟར་གཤེགས་པ་ན། བྲག་མེ་ལོང་གི་ངོས་ལྟར་འཇམ་པ་ཐོག་ཚད་ཉི་ཤུ་ཙམ་གྱི་ཡར་ཙམ་ཕེབས་བསྟུན། ཕྱག་གཡོག་རྣམས་སྐུ་རྦབ་ལྟ་བུ་བྱུང་དོགས་ཧ་ལས་སྐད་ངན་བཏོན་པ་གསན་པའི་རྐྱེན་གྱིས་ཅུང་ཟད་ཐུགས་ཉམས་སད་ནས་གཟིགས་པས། སྔོ་ཕུར་མོའི་རྩ་བ་སྙིམ་པ་གང་ཙམ་ཞིག་ལ་ཞབས་མཐེབ་གཡོན་པ་བརྟེན་ནས་གཡང་ཟ་ཆོད་ཆོད་འདུག་སློབ་དཔོན་པདྨས་རྫུན་གསུངས་པའི་སྐབས་ནི་ཤེས་བྱ་འདི་ལ་མི་སྲིད། ད་འཇིག་རྟེན་ཆོས་བརྒྱད་ལངས་ནས་འདིར་འོངས་པ་ནི་མིན་ཞིང་ཅི་འོང་ཤོག་སྙམ་དགོངས་པ་དང་ལྷན་ཅིག་ཐུགས་ཉམས་སླར་ཤུགས་ཅན་འུར་ནས་ཡར་ལིངས་བཏིང་བས་བྲག་སྟེང་དུ་ཕེབས། དེ་ན་སྔོན་སློབ་དཔོན་ཆེན་པོས་བདུད་རིགས་དམ་ལ་བཏགས་པའི་གནས་མཚམས་ཕུག་དགེ་བའི་(སྨད་ཆ།༨༡)གཏེར་གནས་ཞེས་བྱ་བ་བའི་སྒུབ་ཕུག་མོད་ན་ཚེར་ཕུང་ཆེན་པོ་སྐྱེས་པས་ཕུག་པའི་སྒོ་མི་མངོན་པར་བྱས་པ་དེར། གཏེར་སྒོ་བྲག་རི་ཆེན་པོ་རང་བྱེར་བྱུང་བའི་འོག་ཏུ་དེར་ཡོད་མང་པོ་ཚུད་པར་ཉེ་བ་ན་བྲག་དེ་ཕྱག་མཛུབ་ཀྱིས་བརྟེན་ནས་བྲོས་ཤིག་གསུངས་པས་ཀུན་བྲོས་ནས་ཡར་ཚད་དུ་སླེབས་པ་དང་ཕྱག་མཛུབ་ཀྱིས་བཏང་པས་བྲག་ཆེན་འུར་ཤོངས་དང་བཅད་གཅོང་རོང་དུ་ལྷུངས་པར་གྱུར། དེ་ནས་གུ་རུ་མཚོ་སྐྱེས་རྡོ་རྗེ་སྐུ་གསུམ་རིགས་འདུས་ཀྱི་ཚེ་དབང་སོགས་དང། ཀརྨ་གུ་རུའི་ཆོས་སྐོར་སོགས་སྦྱན་དྲངས་ནས་སྐད་ཅིག་ལ་མིག་འཕྲུལ་ལྟ་བུའི་རྫུ་འཕྲུལ་གྱིས་འཁོར་རྣམས་ཀྱི་སར་ཕེབས་ནས་བྱིན་རླབས་མཛད་དེ་ཐམས་ཅད་ངོ་མཚར་ཡ་མཚན་གྱི་གནས་ལ་བཀོད་དོ། ཡང་བར་སྐབས་ཤིག་ཏུ་ཉིང་རུ་རྣ་ཐོད་པ་ཟམ་ཕུག་ནས་གུ་རུའི་དམ་རྫས་ཁྱད་མཚར་གྱི་གཏེར་བཞེས། གཞན་ཡང་བསམ་ཡས་ཨཱ)་པ་ལོའི་གླིང་ནས་དམ་རྫས་མྱོང་གྲོལ་དང་ལུང་བསྟན་གྱི་སྐོར། ལྷོ་བྲག་མཛོད་པ་གསེར་གྱི་མཆོད་རྟེན་ནས་མ་རྒྱུད་སྙིང་པོ་དོན་གསུམ། མན་ངག་ཐོར་བུ་དང་ཕུར་པ་དམ་རྫས་ཀྱི་རིགས། གཙང་ཉང་སྟོད་དང། ཁམས་ཀྱི་ཀློང་ཐང་སྒྲོལ་མའི་ཀ་གཞུའི་འཆོལ་སོགས་ནས་ཟབ་གཏེར་མང་དུ་སྦྱན་དྲངས། གཏེར་ཐམས་ཅད་ངོ་མཚར་ཡིད་ཆེས་ཀྱི་གནས་འབའ་ཞིག་ཏུ་བྱུང་བས། དེ་ནས་ཀོང་པོ་རྒྱ་ལར་གཟིམས་ལྕོག་ནང་དུ་ཤོག་སེར་འབེབས་པར་མཛད། དབང་བཀུར་སོགས་ཆོས་དེའི་སྒོ་དབྱེ་རྒྱས་པར་གནང་དུས་ཆར་ཆེན་པོ་དཔེ་མེད་བབས་ཀྱང་ཕྱི་ལོགས་སུ་བཀྲམ་པའི་སྒྲུབ་རྟེན་གྱི་ཐང་སྐུ་ལ་ཅུང་ཟད་རླན་པ་ཙམ་ཡང་མེད་པའི་ཚོ་འཕྲུལ་བསྟན། བོ་ངོད་ནས་གཏེར་བཞེས་རྒྱུ་ཅིག་ཡོང་འདུག་ཀྱང། ངན་གཏན་སྦས་དོགས་(སྨད་ཆ།༨༢)ཀྱི་སྐྱོན་འཛིན་པ་རྩེ་ལྷ་སྒང་ནས་བཏང་ཡོང་བ་ཆོས་གཏེར་ཁའི་ཕྱོགས་སུ་འབྱོན་དུ་ཡེ་མ་བཅུག་པའི་གཏེར་བདག་དེའི་འཚུབ་ཆ་དང། སྔར་ནས་ལུང་བསྟན་གྱིས་ཟིན་པའི་འཚུབ་འགྱུར་གཉིས་འདོམ་པའི་གནད་ཀྱིས། རི་ཕན་ཚུན་ལུག་པའི་སྣེ་འགྲིག་པས་གཙང་པོ་རྒྱུགས་པ་འགགས་ནས་མཚོ་ལྟ་བུར་འཁྱིལ་བ་ཇེ་མཐོར་ཇེ་མཐོརེ་འཕགས་པའི་རྐྱེན་གྱིས་ནགས་ཚལ་དང་བཅས་པའི་རི་རྣམས་པགས་པ་ཤུས་ཤིང་ལུང་པ་དང། ཁང་ཁྱིམ་སོགས་ཞིག་པའི་འུར་སྒྲ་དང་ཆེམ་སྒྲས་ལུང་པ་ཁོལ། གཞི་བྱེས་ཀྱི་མི་ཐམས་ཅད་བློ་འཚབས་ཏེ་གང་དྲག་གི་རམ་ཅི་དྲག་གིས་བཏེག་དཔོན་སློབ་རྣམ་པས་ཀྱང་ནགས་ཚལ་བཅད་ཅིང་ཀྱེན་ལམ་གསར་བཅོས་ལ་བྲོས་པའི་རྗེས་ལ་ཆུས་ཀྱང་བདས། མུན་སྲོས་པ་ན་ཆུ་མཚམས་སུ་གུ་རུ་ཆོས་དབང་གི་གཏེར་བྱོན་དྲག་སྔགས་འདུས་པའི་ཕུར་པ་དེ་ཆུ་མཚམས་སུ་བཏབ་ནས་དཔོན་སློབ་རྣམས་བཞུགས་པས་དེ་ཡན་ཆུས་ཀྱང་འདའ་མ་ནུས། སླར་ཕུར་པ་བཏོན་པ་ན་ཆུས་ཀུང་སྔར་ལྟར་འབྲོས་འདེད་དུ་བྱུང་བར་འབྲོས་འདེད་དེ་འདྲའི་བར་ཞིག་ལ་ཕ་བོང་ཆེན་པོ་ཞིག་གི་ངོས་ལ་ཕྱག་གཡོན་པ་ཅུང་ཟད་བརྟེན་པས་ཕྱག་རྗེས་ཤིན་ཏུ་གསལ་ཞིང་དཱངས་པ་བསྐྲུན། དེ་ནས་རིམ་པར་ཡུལ་གྲོང་ཕལ་ཆེར་ཆུར་ནས་དེ་སྟེ་ཞག་གསུམ་ཙམ་ན་རྩེ་ལྷ་སྒ་ཡང་ཆབ་ཞུགས་མཛད་པ་འདྲ། སྔགས་པ་འདི་པས་གཏད་པ་བཅུག་པར་འདུག་ཟེར་ཀོང་སྨད་པ་རྣམས་གྲོས་ངོན་གླེང་སྐབས། བདེན་སྟོབས་བརྗོད་པ་དང་ལྷན་ཅིག་གཏོར་ཟོར་འཕངས་པའི་མདོ་ལ། གཙང་པོའི་འགྲོ་ལམ་བྱེ་ནས་རྗིང་བཏང་བ་ལྟར་ཞོམ་ནས་ཆུ་སྔ་ཤུལ་དུ་སོང་བས་ཉེན་ལས་གྲོལ། གཞན་ཡང་ཕལ་གྱི་བློར་ཤོངས་དཀའི་རྣམ་པར་ཐར་པ་ངོ་མཚར་ཅན་(སྨད་ཆ།༨༣)བསམ་གྱིས་མི་ཁྱབ་སྟེ། རྗེ་ཀུན་དགའ་གྲོལ་མཆོག་གིས་ཛམ་དམར་གྱི་དབང་བཀུར་མཛད་དུས། གསེར་ཐིག་པོ་ལག་པ་ཙམ་ཞིག་དང། ཨ་རུ་རྣམ་པར་རྒྱལ་བ་ཞིག་དངོས་སུ་སྐུ་པང་དུ་བྱུང་བ་ནོར་ལྷ་རྣམས་ཀྱིས་ཕུལ་བ་ཡིན་པར་གྲགས། དགུན་གྲང་བར་གཏོར་མ་མི་འཁེངས་པ་དང། བདུད་རྩི་ཁོལ་བ་དང། ལྟ་སྟངས་ཀྱིས་གཟིགས་པས་བགེགས་ཐུལ་བ་དང། ཕྱག་གིས་རེག་པས་ཀྱང་ནད་གདོན་རང་གྲོལ་དུ་འགྲོ་བ་དང་ཁམས་ཀོང་ལྷོ་བྲག་དབུས་གཙང་སོགས་ཡུལ་གྲུ་མང་པོར་རྡོ་བའི་ངོས་ལ་ཕྱག་ཞབས་ཀྱི་རྗེས་གསལ་དོད་མངོན་སུམ་དུ་བཀོད་པ་སོགས་ངོ་མཚར་མང་ཡང་ཐམས་ཅད་བརྗོད་ཀྱིས་མི་ལངས་ཏེ་སྒྱུ་འཕྲུལ་དྲ་བའི་རོལ་མོར་སྣང་བའི་ཕྱིར་རོ། དེ་ནས་སྦུ་བོ་ནས་རིམ་པར་མདོ་ཁམས་ཧ་ཀ་ལིང་རྩེ་མན་ལ་ཕེབས། གདུལ་བྱ་ཕྲིན་ལས་རྒྱས། ཁམས་ཀ་ཐོག་ཞབས་དྲུང་སོགས་གཙོར་གྱུར་གྱི་བླ་འོག་ཆེ་བ་བརྒྱད་ཚོ་བཅོ་ལྔ་སྐོར་ལ་ཆོས་བཀའ་ཆེ་ཕྲ་འགྲོ་གང་ཆེ་མཛད་པ་སོགས་དབུས་གཙང་ཁམས་གསུམ་ལ་ཆོས་འཁོར་རྒྱ་ཆེར་བསྐོར། སྐུ་ཚེ་ཐུང་བས་བསྟན་བཅོས་ཧ་ཅང་མང་བ་མེད་ཀྱང་རྣམ་ཐར་སྒྲུབ་ཐབས་འཁྲུལ་སེལ་ཕྱག་ལེན་སོགས་དང་གསོ་དཔྱད་བདུད་རྩི་བུམ་པའི་སྐོར་བཅས་པོ་ཏི་གཉིས་ལ་ལོངས་པ་མཛད་ཅིང། དེ་ནས་ལྔ་བཅུ་རྩ་བཞི་ཚེ་ཡི་འཕྲད་ལ་སྒྲིམས། ཞེས་གསུངས་པས་ཚེ་འཕྲད་དེ་ལ་གཟབ་ཆ་ཐུབ་ན། ཚེ་ཡི་ཚད་ཀྱང་དགུ་བཅུ་རྩ་བཞི་འཚོ། ཞེས་སྐུ་ཚེ་རིང་པོར་འོང་རྒྱུ་ལ། ཟབ་གཏེར་གསར་བཞི་འཚོ། ཞེས་སྐུ་ཚེ་རིང་པོ་འོང་རྒྱུ་ལ། ཟབ་གཏེར་གསར་བཞེས་ཚོའང་ཇི་བཞིན་དུ་གསང་མ་བདེ་བ་དང། བླ་རྫོགས་ཐུགས་གསུམ་ཡོངས་རྫོགས་ཚང་བ།(སྨད་ཆ།༨༤)ཐག་ལ་འཕྲེད་ཀྱི་གཏེར་ཀྱང་བཞེས་མ་ཐུབ་ཅིང། ཞིང་ཁམས་གཞན་གྱིས་གདུལ་བྱ་ཆེ་བ་དགོངས་པ་སོགས་རྟེན་འབྲེལ་ཚོགས་པོའི་རྒྱུས། དགུང་ལོ་ལྔ་བཅུ་ང་གསུམ་དུ་ཕེབས་པ་དགེ་བྱེད་ཆུ་ཕོ་སྟག་ལོའི་དཔྱིད་ཟླ་འབྲིང་པོ་སྐར་མ་ནག་པས་ཉ་བའི་ཉེར་གཅིག་གི་སྲོད་འཁོར་ལ་བྱམས་གླིང་མཆོད་རྟེན་ཆེན་མོའི་མདུན་དུ་ཕེབས་མཚམས་ཐུགས་ཀྱིས་མ་བཟོད་པའི་གུ་དོག་བྱུང་དགོས། ཞབས་དྲུང་བླ་མ་རིན་པོ་ཆེ་དཔོན་སློབ་ཁ་ཡར་ཐབས་ཀྱིས་སྔོན་ལ་བརྗོངས་གྲུབ་མཛད་རྗེས། ཕཊ་ཀྱི་སྒྲ་དྲག་པོ་དང་བཅས་གཟུགས་སྐུའི་སྣང་བ་བསྡུས་ཏེ་ཆོས་ཀྱི་དབྱིངས་སུ་ཐིམ་མོ། རིག་འཛིན་ཡོལ་མོ་བ་གཏེར་སྟོན་སྦྲུལ་པའི་སྐུ་བསྟན་འཛིན་ནོར་བུ་ནི། རྒྱང་གི་ཡོན་པོ་ལུང་ནས་སྦྱན་དྲངས་པའི་རང་གཏེར་ལས། གསང་འདུས་བླ་མའི་དཀྱིལ་འཁོར་དུ། ལེགས་སྨིན་ཆོས་ཀྱི་བློ་པོ་ནི། གུང་བཙན་རྡོ་རྗེ་ལྷ་འབར་ཁྱོད། དག་དང་མ་དག་སྐྱེ་བའི་གྲངས། བཅུ་ཕྲག་གཅིག་དང་གཉིས་འདས་ཚེ། དག་པའི་སྐྱེ་བའི་དབྱིག་མཐའི་མིང། ཤར་ཀོང་ལོ་མའི་ཚལ་ནས་འབྱུང། ཞེས་ལུང་བསྟན་པ་བཞིན། ཤར་ཕྱོགས་ཀོང་པོའི་ཡུལ་དུ། ཡབ་སྦྱན་རས་གཟིགས་དབང་གྲུབ་ཐོབ་ལོ་ཆེན་རརྣ་བྷ་དྲའི་སྐུའི་སྐྱེ་བ་རིག་པ་འཛིན་པ་ཕྲིན་ལས་དབང་ཕྱུག་དང། ཡུམ་སུམ་མཁར་དཔོན་ཚང་གི་སྲས་མོ་ཀུན་བཟང་དབང་མོ་གཉིས་ཀྱི་སྲས་འཁྲུངས་ཏེ། དེ་ཡང་སྔགས་འཆང་ཤཱཀྱ་བཟང་པོའི་སྦྲུལ་པའི་སྐུ་ནམ་མཁའ་བརྒྱ་བྱིན་སྐུ་གཤེགས་ཁར་ཡབ་ལོ་ཆེན་སྦྲུལ་པའི་སྐུའི་དྲུང་དུ་མེ་ལོང་དཱངས་པོ་ཞིག་ཞུ་ཡིག་གོ་རྟེན་དུ་ཕུལ་རྗེས་མི་རིང་བར་གཤེགས། དེའི་ཚེ་ཡབ་ཕྲིན་ལས་དབང་ཕྱུག་གི་(སྨད་ཆ།༨༥)མནལ་ལམ་དུ། མཆོད་རྟེན་དཀར་མོ་མགུལ་ཤེས་ལ། མཁའ་འགྲོ་མ་མང་པོ་བྲོ་བརྡུངས་དང་བཅས་སྐོར་བ་བྱེད་པའི་གླུའི་བརྡ་ལས། གླིང་བཞི་འོད་ཀྱི་འགེངས་པ་ལ་ཁྲི་གདུགས་ཉི་མ་དེ་ཡང་སླེབས་འདུག་སྨྲས་བྱུང་སྨོས་དང། མ་རིག་མུན་པ་སེལ་བ་ལ་དཀར་གསལ་ཟླ་བ་དེ་ཡང་སླེབས་འདུག་སྨྲས་བྱུང་སྨོས་དང། ཞེས་སོགས་ཀྱི་བརྡའི་ལུང་དང། ཡུལ་གྱི་མནལ་ལམ་དུ། བླ་མ་པཎ་ཞཱ་གྱོན་པ་སྙན་ལ་གསེར་གྱི་འབུ་སྒྲེལ་དང། ཐུགས་ཁ་ན་མཐོང་གྲོལ་ཡོད་པ་ཅིག། དགེ་སློང་གཉིས་ཀྱི་ཕྱག་གིས་བརྟེན་ནས་ནད་ཁང་པའི་འཛུག་གུའི་རྩེ་ལ་མ་རེག་རྩམ་བྱས་བྱོན་བྱུང་བའི་ཐུགས་སྣང་ཤར་བ། ཡབ་ལ་ཞུས་པས་སྦྲུལ་སྐུ་ནམ་མཁའ་བརྒྱ་བརྒྱ་བྱིན་འབྱོན་པ་ཡིན་འོང། ལན་ཅིག་མི་ལ་མ་བཤད་གསུངས་དེ་ལྟར་ལྷུམས་སུ་ཞུགས་ནས་ས་ཕོ་ཁྱིའི་ཚེས་བརྒྱད་ལ། ཤར་ཕྱོགས་ཀོང་པོའི་ཡུལ་ལྗོན་ཤིང་རྒྱས་པའི་ཚལ་ཀླུང་རྒྱས་གྲོང་དུ་སྐུ་འཁྲུངས་སོ། འཁྲུངས་མ་ཐག་ཨོ་རྒྱན་མཁྱེན་ཞེས་གསུངས། མཚན་ཡང་ཉིད་ཀྱི་བསྟན་འཛིན་ནོར་བུ་ཞེས་གསོལ་བར་མཛད། སྔོན་གནས་མང་པོ་རྗེས་སུ་དྲན་པའི་གསུངས་དང། མངོན་པར་ཤེས་པའང་ཐོགས་པ་མེད་པ་མངའ་སྟེ། སྐུ་གོང་མའི་ཡུམ་ཨ་སི་ལས་དཀར་འབྱོན་པ་མཁྱེན་པ་དང། སྐུ་སྔོན་མའི་གྲ་སློབ་རྣམས་ངོས་མཛིན་ཚུལ་ཡང། སྐུ་གོང་མའི་གསུང་ལས་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་དུས། བྱ་རྫིའི་བྲན་དུ་སྐྱེས་དུས་ཀྱི་སྒལ་མིག་འདི་ཡོད་ན་བདག་རྐྱེན་གྱིས། གསུངས་པ་ཡོད་འདུག་བཞིན། ན་བཟའ་ཕུད་ནས་བལྟས་པས། སྒལ་མིག་ཀྱང་གསལ་བར་མཐོང་ཞིང། ངོས་འཛིན་གཞན་(སྨད་ཆ།༨༦)ཡང་མང་དུ་མཛད། དེ་སྐབས་ཨོ་རྒྱན་ཡགས་ཡགས་ཆིབས་ནས་ཕེབས་སྣང། ཞེས་གསུངས་ཏེ་འདི་ནི་ཡོན་པོ་ལུང་ནས་བཞེས་པའི་རང་གཏེར་ལས། ལྔའམ་དྲུག་གི་ལོར་སོན་ཆེ། ང་དང་འཕྲད་ནས་བརྡའ་སྟོན་བྱེད། ཅེས་པ་དེར་སྣང་གཞན་ཡང་རྡོ་གཡག་གི་མཆིན་པ་འདྲ་བ་ལ་ཞབས་རྗེས་བཀོད་པ་དང། ཡང་ཕྱག་མཛུབ་ཀྱིས། རྡོ་ལ་ཝ་ཆུ་འདྲ་བའི་ཤོར་དྲུས་པ་སོགས་ཆུང་དུས་ནས་གྲུབ་རྟགས་ཀྱང་མང་དུ་སྟོན་པར་སྣང། དེ་ནས་ཡང་དབུས་གཙང་ཕྱོགས་ལ་ཕེབས། གཞིས་ཀ་གོང་དཀར་དུ་ཆོས་ཀྱི་རྗེ་ལྷ་རྩེ་བ་དང། རཱ་ལུང་དུ་འབྲུག་པ་མི་ཕམ་ཆོས་རྒྱལ་ལས་བཀའ་འབྲེལ་གསན། ཉང་ཕྱོགས་སུ་ཕེབས་སྔོན་གནས་དྲན་པའི་གསུང་མང་དུ་གནང། ས་རྣམས་ཇསུ་ཞཱ་དམར་ཐམས་ཅད་མཁྱེན་པའི་ཞབས་པད་དུ། དགེ་བརྙེན་གྱི་བསླབ་ཚིག་བཞེས། མཚན་ཀརྨ་ཐུབ་བསྟན་སྙིང་པོ་རྣམ་པར་རྒྱལ་བའི་སྡེ་ཞེས་པ་གནང། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དང། རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱང་མཇལ། དེ་ནས་རིམས་ཀྱི་ངམ་རིངས་སུ། མངའ་བདག་མཻ་ཏྲི་པའི་རྣམ་འཕྲུལ་ལོ་ཆེན་འགྱུར་མེད་བདེ་ཆེན་དག་མཇལ་ཏེ་བསྙེན་བཀུར་ཆེན་པོ་མཛད། ཚེ་དབང་དང་འཇལ་དཀར་རྗེས་གནང་སྩལ། རིམས་པས་གྲོམ་པ་དང། མཆོང་མོ་སོགས་སུ། སྐུ་གོང་མའི་སྔོན་གནས་ཐུགས་ལ་དྲན་པའི་ངོས་འཛིན་མང་དུ་མཛད། མཚོང་མོའི་སྔོན་གནས་ཐུགས་ལ་དྲན་པའི་ངོས་འཛིན་མང་དུ་མཛད། མཆོང་མོར་སྐྱེ་བདུན་སྒྲུབ་ཆེན་ཐོག་མའི་ཚེ་སྦྱན་རས་གཟིགས་མཚོན་གང་ཙམ་མང་པོ་གཟུངས་ཐག་ལ་ཞོན་ནས། བུམ་པར་ཐིམ་འགྲོ་བ་གཟིགས། དེ་ནས་ཐོག་མར་བཞེད་གྲཱ་ཚང་དུ་ཐུགས་གཉེར་མཛད། གྲཱ་འཛིན་དུའང་ཐོག་(སྨད་ཆ།༨༧)རེ་བཞུགས་ནས་ཚད་མ་དང། སྡོམ་གསུམ་སོགས་ཀྱི་གསན་སྦྱངས་མཛད། ཡངམཆོང་མོར་སྐྱེ་བདུན་སྒྲུབ་ཆེན་མཛད་སྐབས་ཤིག་མནལ་ལམ་དུ། སྦྱན་རས་གཟིགས་མི་ཚད་ཙམ་བཞེངས་པ་ཞིག་ཞལ་གཟིགས། གྲཱ་ཚང་ཉིན་གླིང་གི་ཆོས་གྲར་ལོ་བཅུ་བདུན་པ་ལ་ཕེབས། མདོའི་ཕྱོགས་ལ་ཐུགས་གཉེར་ལ་བཙོན་པར་མཛད། ཡམ་བུ་རྒྱལ་པོས་ནཻ་པ་ལའི་ཡུལ་དུ་སྦྱན་དྲངས་ནས་བཀུར་བཟོས་ཆེ་བར་མཛད་ཅིང། འཕགས་པ་ཤིང་ཀུན་མཇལ་བས་མེ་ཏོག་གི་ཆར་སོགས་དགེ་མཚན་ཀྱང་བྱུང། མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་འགྲམ་གྱི་དཀོན་གཉེར་སྡོད་ས་དེ་གསར་དུ་བཏབ། དེའི་ཚེ་གད་པ་གཅིག་ལ་ཕྱག་མཛུབ་བཙུགས་ཏེ། འདི་ནས་ཆུ་ཅིག་བྱུང་ན་གསུངས་པས་སླར་དེ་ནས་ཆུ་མིག་དཀར་མོ་བྱུང། མཆོད་རྟེན་ལ་རབ་གནས་མཛད་པས། མེ་ཏོག་གི་ཆར་བབས། སྨོན་ལམ་འདེབས་པར་མཛད་པ་རྣམས་ཀྱང་འཕྲལ་དུ་འགྲུབ་པར་བྱུང་གསུངས། ཡོལ་མོ་གངས་རར་བྱོན་ནས་ཚེ་སྒྲུབ་ཞག་བཅུ་བཞི་མཛད། དེ་ནས་སྦྱིང་རོང་དུ་ཕེབས་པའི་ཚེ། དེ་སྐབས་མོན་དམག་གིས་མི་མང་པོ་བཟུང་བ་ཐམས་ཅད་དངུལ་གྱིས་བླུ་བར་མཛད་དེབདག་གིས་མི་མང་པོ་བཟུང་བ་ཐམས་ཅད་གསུངས་ནས་ཐུགས་ལ་དགྱེས་པ་དཔག་ཏུ་མེད་པ་འཁྲུངས། དེ་ནས་རིམ་གྱིས་གཙང་བསམ་འགྲུབ་རྩེར་ཕེབས། ནོར་འཛིན་སྐྱོང་བ་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱིས་གུས་འདུད་དང་བསྙེན་བཀུར་གྱིས་མཆོད་ནས་གཞིས་ཀ་རྩེ་རང་དུ་ཟླ་བ་གསུམ་ཙམ་བཞུགས། དེ་ནས་ངམ་རིང་དུ་ཕེབས་ནས་གྲ་སྐོར་མཛད་པས་ས་སྐྱོང་གཙང་པ་རྒྱལ་པོས་ཀྱང་ལེགས་པོས་བསྙེན་བཀུར་ཕུལ། དེ་ནས་དབུས་སུ་བྱོན་ནས་ཟ་དམ་དུ་ཞཱ་དམར་བ་(སྨད་ཆ།༨༨)མཇལ། རྡོར་དཀར་དང་གདན་གཅིག་གི་བརྟུལ་ཞུགས་ཀྱང་ཡིན་རིང་དུ་མཛད་སྐབས་འདི་ཙམ་ནས་རིག་འཛིན་ངག་གི་དབང་པོའི་གསུང་ལས་སྟོད་ཕྱོགས་ནས་སློབ་མ་བཟང་པོ་གཅིག་འཕྲལ་དུ་འབྱོན་པ་འདུག་ཅེས་ཡང་ཡང་གསུངས། དེ་ནས་བསམ་ཡས་མཇལ་ནས་སྨན་ཐང་དུརིག་འཛིན་ཆེན་པོ་ངག་གི་དབང་པོ་དང་བཇལ། ཐོག་མར་ཚེ་དབང་ལྕག་གདོང་མ་གསན། དེ་ནས་བྱང་གཏེར་གཙོ་བོར་གྱུར་པའི་ཉང་ཆོས་དབང་ལུང་མན་ངག་མཐའ་ཡས་པ་གསན་ཏེ། འོན་ཀྱང་ཉིན་བྱེད་གླིང་ནས་བྱོན་ཏེ་རིང་པོར་མ་ལོན་པས། རྡོག་གི་པའི་ཉམས་ཀྱིས་ཚོགས་འཁོར་གསོལ་བ་འཆོར་སྣང་དང། དྲེགས་འདུལ་གྱི་ལས་ཚོགས་ལ་སེམས་ཅན་ལ་གནོད་པ་བྱེད་པ་འབའ་ཞིག་ཏུ་འདུག། དགོངས་པའི་ལོག་རྟོག་སྣ་ཚོགས་ཤར་བ་ན། རིག་འཛིན་ཆེན་པོས་སྦྲུལ་པའི་སྐུ་ལ་སྦྱན་གཅེར་གྱིས་གཟིགས་ནས། གསང་སྔགས་རྙིང་མ་འདི་ལ་དྲག་པོ་མངོན་སྦྱོད་ཀྱི་སྐོར་མང་བས་ཐུགས་ཁྲེལ་ཡོད་དམ་གསུངས་པས་ན། མཚན་ཉིད་པའི་ཁྱད་གསོད་དང་ང་རྒྱལ་གྱི་ཧམ་ཐུལ་ཡུལ་བུད་དེ། བླ་མ་དང་ཆོས་ལ་མི་ཕྱེད་པའི་མོས་པ་གཏིང་ནས་འཁྲུངས་པས་རྙིང་མ་བའི་སྔགས་འཆང་དུ་གཙང་སིང་གི་སོང་ངོ། དེར་ཟླ་བ་བཞི་ཙམ་བཞུགས་ནས་སླར་ཀློག་སྟོད་ཕྱོགས་སུ་ཕེབས། མང་ཡུལ་རོ་བོ་དཔལ་འབར་དུ་སྒྲུབ་པའི་ས་སྡེ་བཙུགས་ནས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་སོགས་པའི་བསྙེན་སྒྲུབ་མཐར་ཕྱིན་པར་མཛད། དག་སྣང་དང་ལུང་བསྟན་མང་པོ་ཤར། ཁྱད་པར་དུ་ཐུགས་སྒྲུབ་གསུམ་གྱི་བསྙེན་པ་མཛད་པའི་རིག་འཛིན་གདུང་སྒྲུབ་ཀྱི་སྐབས། མཁའ་འགྲོ་མ་ཅིག་གིས་ཤོག་དྲིལ་ཅིག་(སྨད་ཆ།༨༩)གཏད་པ་གཟིགས་པས། ད་ནི་ཉོན་དང་སྟོབས་ལྡན་ཤུགས་འཆད་རྩལ༔ འདི་ནས་བྱང་ཤར་འབར་བའི་ཕུག་པ་རུ། ལས་ཅན་བུ་ལ་བཀའ་འདི་གཏོང་ཞིག་ཅེས། བུ་མོ་བདག་ནི་རཀ་ཤས་གླིང་ནས་འོངས། ཞེས་སོགས་ཀྱི་མཇུག་ཏུ་དཔལ་གྱི་བཀའ་འདི་ཡོངས་ལ་སྦེལ་གྱུར་ན། གློ་བུར་གཟེར་བཏབ་བཟློག་དཀའི་ཕོ་ཉ་འོང། ཞེས་པའི་འོག་ཏུ་མཚལ་ཐམ་ཁ་ཡིག་ལ། ༀ་ཨཱ༔ཧཱུྃ་ས་མ་ཡ་སིདྷི་ཧཱུྃ་ཟེར་བ་ཡོད་པ་ཞིག་བྱུང། དེ་ནས་ལོ་ཤས་སོང་ཚེ། གཏེར་འདོན་པའི་སྐུ་ལམ་ངོ་མཚར་བ་བྱུང་བའི་རྒྱུ་མཚན་རིག་འཛིན་ངག་གི་དབང་པོར་ཞུ་ཡིག་ཕུལ་བའི་ལན་གྱི་སློབ་སྟོན་ལྟར་མཛད་པས། རྒྱང་ཡོན་པོ་ལུང་ནས་ཁ་བྱང་དང་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་སྐོར་ཞིག་སྦྱན་དྲངས། རང་གཏེར་གྱི་ལུང་བསྟན་ངོ་མཚར་ཅན་བྱུང་བ་བསྣམས་ནམ་དབུས་སུ་ཕེབས། བྱང་པ་རིག་འཛིན་ཆེན་པོའི་སྦྱན་ལམ་དུ་ཕེབས་པས་ཤོག་སེར་ལ་གཟིགས་ནས། རྣལ་འབྱོར་རྡོ་རྗེའི་སྦྲུལ་པ་ཅིག། བླ་མར་འོང་གི་གཙུག་རུ་བཀུར། ཟེར་བ་འདི་ཁོ་བ་ཡིན་པར་འདུག། ཁྱེད་ཀྱི་གཏེར་དངོས་གཞི་དེ་ཐོན་ལ་ངེད་ལ་ཡང་ཕན་པར་གདའ་ཞེས་གསུངས། འཇམ་དཔལ་སྦྲུལ་པ་དབུསསུ་འབྱུང། གློ་བུར་རྐྱེན་གྱིས་མ་བསྒྲིབས་ན། རྒྱ་བོད་ཧོར་གསུམ་དེ་ཡིས་འདུལ། ཞེས་པ་འདི་ཀུན་མཁྱེན་ལྔ་པ་རིན་པོ་ཆེར་ངོས་འཛིན་ཡབ་སྲས་གཉིས་ཀར་གནང། གཞན་ཡང་གླུང་ཕུ་སེ་བོའི་སྐྱེ་བ་ཅིག། སློབ་དཔོན་ཚུལ་དུ་འོང་གི་བསྟེན། ཞེས་པ་སྦྲུལ་སྐུ་ཕྱག་རྡོར་ནོར་བུ། དཔལ་གྱི་རྡོ་རྗེའི་སྐྱེ་བ་ཅིག། གསག་བའི་ཚུལ་དུ་སློབ་དཔོན་བྱེད། ཅེས་པ་རིག་འཛིན་ཨོ་རྒྱན་དོན་གྲུབ། ཀུ་མཱ་ར་ཡི་སྐྱེ་བ་ཅིག། དགའ་བའི་ཚུལ་སྟོན་བར་(སྨད་ཆ།༩༠)ཆད་སེལ། ཞེས་པ་ཟུར་དཔལ་འབྱོར་ཕྲིན་ལས་རབ་རྒྱས། ཕོ་གྱོང་རྒྱལ་མོའི་སྦྲུལ་བ་ཅིག། མའམ་སྲིད་མོའི་ཚུལ་དུ་འོང། ཞེས་པ་གཏེར་སྟོན་རང་གི་ལྕམ་སྲིད་སྦས་པའི་རྣལ་འབྱོར་མ་ཞིག། ལས་སྨོན་མཐུན་པའི་སྐྱེས་བུ་ཞིག། གྲོགསསུ་འབྱུང་གི་སྙིང་ལ་ཆོངས། ཞེས་པརྟ་ནག་སྒྲོལ་མ་ཕུག་ནས། གཞན་མ་ཀོ་ཇག་འཇིགས་བྲལ་བྲག་ནག་བདུད་འདུལ། སྐུ་སྐྱེ་འཆི་མེད་དབང་པོ་སོགས་ལུང་བསྟན་གཅིག་གིས་གང་ཟག་སོ་སོར་ཐོན་པ་ཡང་ཡོད་པར་སྣང་ཞིང། ཡང་རིག་འཛིན་ཆེན་པོ་དེ་ཉིད་རྟ་ནག་སྒྲོན་མ་ཕུག་ཏུ་བཞུགས་དུས་ཡེ་ཤེས་ཀྱི་མཁའ་འགྲོའི་དབང་བཀུར་ལུང་མཛད་ནས་དག་སྣང་ཆོས་སྐོར་ཞིག་ཀྱང་སྩལ་བར་ཡོད་ལ། སླར་ཡང་རི་བོ་དཔལ་འབར་གྱི་གཏེར་བཞེས་པར་ཕེབས་ཀྱང་གཏེར་གནས་ལ་མ་ཕེབས་ཙམ་དུ། རིག་འཛིན་ངག་གི་དབང་པོ་གཤེགས་པའི་གཏམ་སླེབས་ནས། དབུས་སུ་འབྱོན་དགོས་བྱུང་བས་རྟེན་འབྲེལ་མ་འགྲིག། དེ་སྐབས་ལོ་གཉིས་གསུམ་ཙམ་གྱི་གོང་ནས་རིག་འཛིན་ངག་གི་དབང་པོ་དེ་ཉིད་ཀྱིས་མཆོད་ཆ་རྟེན་གསུམ་གཏེར་རྫས་སོགས་ཕལ་ཆེར་རྩིས་སྦྲོད་མཛད་ནས་གདན་པའི་ཁུར་བཞེས་དགོས་པའི་བཀའ་བཀོད་ཡོད་པ་བཞིན་གདན་སར་ཕེབས་ནས་གདན་པའི་ཁུར་བཞེས་དང། གཤེགས་རྗེས་ཀྱི་བགྱི་འོས་ཐམས་ཅད་མཐར་ཕྱིན་པར་མཛད་ཅིང་གདན་སའང་ལོ་ལྔ་དུག་ཙམ་མཛད། གཞན་ཡང་འགྲོ་ཕན་གྱི་ཕྲིན་ལས་སྐྱོང་བ་དང་སྦྲུལ་སྐུ་ངོས་འཛིན་སོགས་མཛད་དེ། འདི་སྐབས་དག་སྣང་ཟླ་འོད་མ་ཞེས་སྐུ་སྐྱེ་འཁྲུངས་པའི་རྣམ་སྲས་གླིང་གི་ས་ཆ་ཡུལ་གྲོངས་ཡབ་ཡུམ་སྐུ་སྐྱེ་བཅས་ཀྱི་ཡུལ་བཀོད་དང། རྗེ་ཉིད་ཞིང་གཟིགས་ཚུལ་བཅས་ཞལ་ཐང་དུ་བྲིས།(སྨད་ཆ།༩༡)བཀོད་གནང་ནས་བརྡ་འགྲོལ་ཡང་མཛད། དེ་ནས་ཡི་རིང་བར་སྐུ་གཤེགས་ཏེ། དེ་ཡང་ཟབ་གཏེར་ཕྱི་མ་བཞེས་པ་མ་གྲུབ་པས་རྟེན་འབྲེལ་འཕྱུག་པའི་སྐྱོན་གྱིས་སྐུ་ཚེའང་དུ་འཁྱོལ་བ་མ་བྱུང་བར་སྣང་ངོ། གཏེར་སྟོན་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་ནི། གཏེར་སྟོན་གྲུ་གུ་ཡང་དབང་གིས་གཏེར་ལུང་ལས། དུས་ངན་མཐའ་མ་བསྟན་པར་མར་འགྲིབ་དུས། བོད་ཁམས་བདེ་བ་མཐའ་མིའི་དཔུང་གིས་འཛོམས༔ རི་བོ་རེ་ལ་སྔར་མེད་བཅས་རྫོང་བརྩེགས། དེ་ཚེ་སངས་རྒྱས་ནུས་ལྡན་རྡོ་རྗེ་ནི། ཤར་གྱི་ཕྱོགས་ནས་བདུད་འདུལ་རྡོ་རྗེ་ཡིས། གངས་ཅན་འདེ་བའི་བྱ་ལས་སྣ་ཚོགས། ཞེས་དང། གུ་རུ་ཆོས་ཀྱི་དབང་ཕྱུག་གི་ལུང་བྱང་ལས། ཤར་ནས་སྟག་ཡོལ་ལོ་པ་ལ། གདོང་སྨེ་ཅན་འབྱུང་སྙིང་གི་བུ། ཞེས་དང། གཏེར་སྟོན་ལྷ་བཙུན་སྔོན་མོའི་གཏེར་ལུང་ལས། བོད་ཁམས་ཀུན་ཏུ་མཐའ་མའི་འུར་རྒྱུག་བྱེད། བླ་དཔོན་དགེ་འདུན་སྡེ་རྣམས་གྱི་མཚོན་ས་བོན་འདེབས། བོད་ཡུལ་མི་རྣམས་ལྷ་མིན་གནས་འདྲའི་དུས། ཨོ་རྒྱན་ང་ཉིད་བདུད་འདུལ་རྡོ་རྗེ་སྦྲུལ། བན་དེ་པདྨ་འོད་ནས་གཏེར་སྒོ་འབྱིན། ཞེས་སོགས་གཏེར་ཁ་བཅུ་གསུམ་ཙམ་ནས་ལུང་བསྟན་གཏེར་ཤིན་ཏུ་གསལ། སྐུ་འཁྲུངས་པའི་ཡུལ་ནི། ས་སྐྱོང་སྡེ་དགེ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཁབ་ཆེན་པོ་དང་ཤིན་ཏུ་ཉེ་བའི་དངུལ་ཕུ་ནང་དུ་གྲགས་པའི་སར་འཁྲུངས་ཏེ། རིའི་ལྡེབས་ཤིག་ལ་དེང་སང་ཡང་ཁང་ལམ་ཡོད་པར་སྣང། དེ་ཡང་གླིང་གི་རིགས་པས་ཡབ་འཚོ་བྱེད་གསོ་རིག་ལ་མཁས་པ་ཀླུ་སྐྱབས་ཞེས་བྱ་བ་དང། ཡུམ་བོ་ལུ་མ་ཞེས་པའི་སྲས་སུ། མེ་ཡོས་ཀྱི་ལོ་ལ་སྐུ་འཁྲུངས། ཡབ་ལས་ཡི་གེ་འབྲི་ཀློག་དང་(སྨད་ཆ།༩༢)གསོ་དཔྱད་ལ་སྦྱོང་བརྡར་མཛད། དགུང་ལོ་དྲུག་ནས་དག་པའི་སྣང་བ་མང་པོ་ཤར་ཞིང་རྡོ་ལ་ཞབས་རྗེ་བཞག། སྐུ་ཆུང་ངུའི་དུས་ནས་ལྷུན་གྲུབ་སྟེང་དུ་ཆོས་སྒོར་ཞུགས། སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་ལ་གཙུག་ཕུད་ཕུལ་བས། མཚན་ཀུན་དགའ་བསོད་ནམས་ཆོས་འཕགས་སུ་གསོལ། སྔོན་དུས་ཤིག་ས་སྐྱ་བདག་ཆེན་མཐུ་སྟོབས་པ་ལའང་གཙུག་ཕུད་ཕུལ་བར་གྲགས། དེ་སྐབས་རྣམས་སུ་གསུང་རབ་ཀློ་པར་བྱོན་པ་ན་སེམས་ཉིད་ཀྱི་དོན་མ་རྟོགས་ན་པནྜི་ཏ་ཡང་འཁྲུལ་ཞེས་བྱུང་བས་འཕྲིགས་ཚུད་ནས་སྙིང་པོ་ཡེ་ཤེས་ཀྱི་དོན་འཚོལ་བ་ལ་སྐོམ་པ་ཆུ་འདོད་པ་ལྟར་གྱུར་ནས། བཤེས་གཉེན་ཆེན་པོ་ཆོས་སྐྱོང་བཀྲ་ཤིས་ལ་དབང་ལུང་མང་དུ་གསན་ཞིང། ཁྱད་པར་དུ་རྨུག་སངས་གནས་སུ་བྱོན་ནས། རྒྱལ་བ་ཀ༔ཐོག་པའི་སློབ་བརྒྱུད་འདྲེན་པ་དཀོན་མཆོག་རྒྱལ་མཚན་གྱི་དྲུང་ནས་དབུས་ཕྱོགས་སུ་ཕེབས་པས་ཉང་པོར་གྲུབ་ཆེན་བཀྲ་ཤིས་ཚེ་བརྟན་དང་མཇལ། རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་གདམས་པ་མང་པོ་བུམ་པ་གང་བྱོའི་ཚུལ་དུ་གསན། བྲག་དཀར་ལྷ་ཆུར་ཟབ་ལམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་དད་ལྡན་པས་བཅུད་ལེན་གྱི་འཚོ་བ་མ་གཏོགས་ཀྱི་ལ་སོགས་པ་ཁམས་ཀྱི་ཟས་སྦངས་ཏེ་སྒྲུབ་པ་མཐར་ཕྱིན་པ་མཛད། གཙང་ས་སྐྱ་མན་ཆད་ཞབས་ཀྱིས་བཅག། སླར་བང་རིར་བྱོན་ནས་རིག་འཛིན་འཇའ་ཚོན་སྙིང་པོའི་དྲུང་དུ་དབང་འཁྲིད་མན་ངག་རྫོགས་པ་རེ་གསན་ཞིང། ལྷག་པར་ཡང་ཉིད་ཀྱི་དགོངས་པ་ཡོངས་འདུས་ཀྱི་རྒྱལ་ཚབ་སྐྱེ་རྒྱུད་ལས། ཁྱད་(སྨད་ཆ།༩༣)པར་སྨོན་ལམ་མཐུ་བཙན་གྱིས། ལས་འཕྲོ་གླིང་དང་འཕྲད་པར་འགྱུར། དེ་འཕྲད་ཉམས་རྟོགས་གོང་དུ་འཕེལ། ལུང་བསྟན་བརྡ་ཟུར་འཕྲོད་པར་འགྱུར། ཞེས་གསུངས་པ་བཞིན་དུ་རིག་འཛིན་འཇའ་ཚོན་སྙིང་པོའི་ཞལ་ནས། ཁྱོད་རང་སྦོ་བོར་སོང་ལ་རྩེ་གཅིག་ཏུ་སྒྲུབ་པ་ལ་འབུངས་ཤིག་དང། དེའི་དུས་སུ་ཁྱོད་ལ་ལུང་བསྟན་འོང་ཞིང་ཟབ་གཏེར་གྱི་སྐལ་བ་ཞིག་ཡོང་ངོ། ཞེས་ལུང་བསྟན་པ་ལྟར་སྦོ་བོར་བྱོན་ཏེ། ཕོ་བྲང་གཡུ་མཚོར་རརྣ་གླིང་པའི་ཕུར་པ་ཡང་གཡང་བླ་མེད་གྱི་སྒྲུབ་པ་ལ་བཙོན་པར་མཛད་པའི་ཆེ། མནལ་ལམ་དུ་ཟངས་མདོག་དཔལ་རིར་མཁའ་འགྲོ་རྣམས་ཀྱི་གདན་དྲངས་ནས་ཞག་ཉེར་བརྒྱད་བཞུགས་པའི་དག་སྣང་དང་གཏེར་གྱི་ལུང་བསྟན་མང་པོའང་བྱུང། དེ་ནས་དཔལ་ཨོ་རྒྱན་ཏིང་འཛིན་མཇལ་དུ་བྱོན་པས། རྗེ་དེའི་མཚན་ལམ་དུ་གུ་རུ་རིན་པ་ཆེས་ངེད་ཀྱི་བུ་འདི་ལ་རིམ་གྲོ་གྱིས་ཤིག་གསུངས་པའི་ལུང་བསྟན་བྱུང་བས། ཐུགས་ཤིན་ཏུ་མཉེས་མཉེས་དང། དགྱེས་པའི་གསུང་དང། བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད་ཅིང་བླ་ཆས་ཡོངས་རྫོགས་དབང་བུམ་ཌཱ་དྲིལ་གྱིས་མཚོན་པའི་འབུམ་ནོད་དང་བཅས། རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་ཕུལ། དེ་ནས་གཡུ་མཚོ་རིན་ཆེན་བྲགགི་ཁ་བྱང་ཕྱག་ཏུ་བྱུང་ཏེ། དགུང་ལོ་ཉེར་དགུ་པ་ལ་རིགས་ལྡན་པདྨ་སྐྱིད་ལས་རྒྱར་བཞེས་ཏེ། གནས་དེ་ནས་དམ་ཆོས་དགོངས་པ། ཡོངས་འདུས་ཀྱི་སྐོར་རྣམས་གདན་དྲངས། དེ་ནས་རིམ་པར་རིགས་ལྡན་པུཎྱེ་འི་མིང་ཅན་དང་བཅས་ཚ་པ་སྒྲོ་བྲག་ནས་དམ་ཆོས་སྦྲུལ་སྐུ་སྙིང་ཐིག་དང། པུ་རི་དཱགས་རྫོང་ནས་ཟབ་དོན་གསང་བ་སྙིང་ཐིག་སོགས་གཏེར་ཁ་མང་དུ་བཞེས། དགུང་(སྨད་ཆ།༩༤)ལོ་ཞེ་གཉིས་པ་ལ་སྡེ་དགེ་བླ་མ་ཕུན་ཚོགས་ཁྲ་དབོན་གྱིས་གདན་དྲངས་པ་བཞིན་ཕེབས། སྡེ་དགེ་ཆོས་ཀྱི་རྒྱལ་པོས་བསྙེན་བཀུར་གྱིས་མཆོད་ནས་བསྟན་སྲིད་ལ་ཕན་པའི་ལུང་དོན་སྒྲུབ་པ་སོགས་མཛད་ཀྱང། བདུད་རིགས་ཀྱི་བློན་པོ་འགའ་ཞིག་གི་འཚམས་སྦྱོར་གྱིས་རྟེན་འབྲེལ་ལོག་སྨིན་དུ་གྱུར་པས་ཐུགས་སྐྱོ་ནས་སྨྱོན་གླུ་ཐོལ་མ་གསུང་མགུར་དུ་གནང་བ་བཞིན་གཏེར་སྟོན་དཔོན་སློབ་རྣམས་གླིང་ཚང་ཕྱོགས་སུ་བྲོས་སྟབས་སུ་ཕེབས། སྡེ་དགེ་ས་དབང་ཆེན་པོ་དང་གཏེར་ཆེན་འདི་གཉིས་རྟེན་འབྲེལ་ལེགས་ལམ་དུ་གྱུར་བ་མདོ་སྨད་ཕལ་ཆེར་སྡེ་དགེའི་མངའ་འོག་ཏུ་འདུ་བའི་ལུང་བསྟན་ཡོད་ཀྱང། རྟེན་འབྲེལ་གཞན་དབང་དུ་གྱུར་པས་ས་དབང་ཆེན་པོའི་བསྟན་ཇུས་ལ་ཅུང་ཟད་གཞར། སྡེ་དགེར་བཞུགས་སྐབས་ཀ་ཐོག་ཏུའང་ཕེབས། དེ་དུས་འཛིང་ཡུལ་རྟ་ཕུ་བྲག་དབེན་དུ་རྒྱུན་རིང་ཙམ་བཞུགས་པར་མངོན་ཏེར་གཟིགས་ཁང་སོགས་དེང་སང་ཡང་ཡོད། གླིང་ཚང་དུ་ཕྱག་ཕེབས་ནས་གླིང་དཔོན་མ་ཡུམ་སྲས་ཀྱིས་ཞབས་འདེགས་དང་བསྙེན་བཀུར་གང་ཆེ་ཕུལ། དེ་སྐབས་ཁྲོ་ཟིལ་ཁྲོམ་དང། སྐྱོག་ཆེན་གདོང་ར་རྨ་སྦོམ་ར་སོགས་ཀྱི་གངས་རིའི་རྩེ་མོ་བྱ་མིན་པས་མི་བགྲོད་པའི་རྩེ་རྣམས་སུ་རྫུ་འཕྲུལ་གྱིས་ཕེབས་ནས་ཀླུ་རྟ་འཇུགས་པ་སོགས་མཛད་ནས་དེ་སྐབས་མི་མིན་འདྲེ་རྫུ་མང་དུ་བྱུང་བ་དེ་དག་ཚར་གཅོད་པ་དང། རྒྱལ་ཁམས་བདེ་བའི་ཕྲིན་བཅོལ་བདེན་ཚིག་རྡོ་རྗེའི་སྒྲ་དབྱངས་དམ་སྲི་མིའི་འཕྲུལ་ཅན་རྣམས་སྦ་བཀོད་པའི་གསུང་ཐོག་མཐའ་བར་དུ་སྦྲུལ་སྐུར་མཛད་ཚུལ་ཐོགས་མེད་མཁའ་ལྡིང་རྒྱལ་པོ་ཞེས་པའི་གསུང་བརྩམས་གནང། རུ་དམ་(སྨད་ཆ།༩༥)དང་སྙ་བྲག་དཀར་སོགས་གནས་ཀྱི་ངོས་འཛིན་ཞིབ་ཆ་མཛད། དེ་ནས་པར་ཁམས་སྒ་སྟོད། ལྡན་ཡུལ་ཀརྨ་ལྷ་སྟེང་རི་བོ་ཆེ་རྣམས་སུ་གདན་དྲངས་པ་ལྟར་ཕེབས་ནས་རིམ་གྱིས་སྦུ་བོར་བདེ་ཆེན་ཐང་དུ་དགུང་ལོ་ཞེ་བདུད་པ་ལ་ཕྱག་ཕེབས། འདི་སྐབས་ཚ་བ་སྒང་ནས་ཁྱུང་པོ་བླ་བ་སྐེ་སོགས་སུ་ཕེབས་དུས་སྦོམ་ནེ་བྲག་ཏུ་གཏརེར་སྟོན་མི་འགྱུར་རྡོ་རྗེ་དང་མཇལ་འཕྲད་མཛད་ཅིང་དབང་ཆོས་གསན་རེས་མཛད། སློ་ཡིད་ཕུག་ཏུ་ཕེབས་སྐབས་གཏེར་ཆེན་ཉི་མ་གྲགས་པ་དགུང་ལོ་བཅུ་གཅིག་གི་དུས་སུ་མཇལ་བས། ཕྱི་མཐའ་གཟིགས་པའི་ལུང་བསྟན་ཀྱང་སྩལ། གཞན་ཡང་མདོ་ཁམས་སྟོད་སྨད་ཐམས་ཅད་དུ་གནས་སྒོ་གསར་དུ་ཕྱེ་བ་མང་པོ་དང། གཏེར་ཁ་གྲངས་མེད་སྦྱན་དྲངས། ཁྱད་པར་དུ་དཔལ་གྱི་བསམ་ཡས་དང། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་སོགས་ནས་གཏེར་བཞེས་པའི་ཚེ། ཡུལ་དེ་ཕྱོགས་རྣམས་སུ་ཞབས་པད་བསྐྱོད་པ་མེད་པར། སྦོ་བོ་རང་དུ་བཞུགས་བཞིན་པ་ལ་རྫུ་འཕྲུལ་གྱི་གཏེར་རྫས་རྣམས་ཕྱག་ཏི་སོན་པར་གྱུར་ཏེ། བསམ་ཡས་དབུ་རྩེ་ནས་གཏེར་བཞེས་འཕྲལ་དེ་མ་ཐག་ཆོས་སྐྱོང་ཆེན་པོ་ཁོག་ཞུགས་བྱུང་ནས། ད་ནང་འདི་ནས་ཁམས་པ་གཏེར་སྟོན་བདུད་འདུལ་རྡོ་རྗེའི་གཏེར་བཏོན་སོང་ཞེས་ཁྲོམ་བསྒྲགས་སུ་གསུངས་ནས། གཏེར་བཏོན་ཤུལ་རྣམས་ཀུན་ལ་སྟོན་པར་མཛད་སོང་བ་དང། དེ་སྐབས་གཏེར་སྟོན་ནི་སྦོ་བོར་བཞུགས་པས་ཀུན་གྱི་ཡ་མཚན་ཆེ་བར་འཛིན་པ་བྱུང། བདུད་རི་གནས་ལྕགས་བྲག་གཏེར་ཁ་བཞེས་སུ་གཏེར་སྲུང་རྣམས་ཀྱིས་གཏེར་རྫས་ཐམས་ཅད་གཏེར་སྟོན་བཞུགས་པའི་རོ་ཁྲོད་དུ་གདན་དྲངས་འགྲོ་བ། སྐལ་པ་ཅན་འགའ་ཞིག་གིས་དངོས་སུ་མཐོང་བ་བྱུང་བ་སོགས་(སྨད་ཆ།༩༦)རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་མངའ། གཏེར་གྱི་རྣམ་གྲངས་རགས་བསྡུས་ཙམ་ནི། བདེ་ཆེན་གསང་ཕུག། ཚ་བ་སྒྲོ་བྲག། ཕོ་པྲང་གཡུ་མཚོ། པུ་རི་དང་རྫོང། བདུད་རི་རྔམ་སྒྲ། ལྷ་ས་བསམ་ཡས། བྱང་ཕུ་ལྕགས་ཕུར། ཡར་ལུང་འདོད་ཆུ། ཁྲོ་ཟིལ་ཁྲོམ། ན་བུན་རྫོང། འབྲི་གཉེན་ལྡང། གསེ་རཱ་ཅོག་སོགས་ནས། སྐུ་ཚབ་དམ་རྫས་ཆོས་སྡེ། ཕྱག་མཚན་སོགས་སུ་མ་སྦྱན་འདྲེན་པར་མཛད་དེ། མཐའ་དག་ནི་ཡི་གེར་འཇིགས་པས་བྲི་མ་ནུས། དེ་བཞིན་དུ་གནས་སྒོ་ཡང་མང་དུ་ཕྱེར་བར་མཛད་དོ། གཞན་ཡང་སྐལ་བ་དང་ལྡན་པ་དག་ལ་རང་གཏར་གཙོ་བོར་གྱུར་པའི་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་ཏེ་ཟབ་ཅིང་རྒྱ་ ཆེ་བའི་ཆོས་ཀྱི་དགའ་སྟོན་གྱིས་དུས་འདའ་བར་མཛད། དེ་སྐབས་གཞུང་ས་ཆེན་མོ་ནས་ཀུན་མཁྱེན་ལྔ་པ་རིན་པོ་ཆེ་དང། ས་སྐྱ་ཞབས་དྲུང། སྟག་རྩེ་སྡེ་པ་སོགས་ཀྱིས་གདན་ཞུ་ཆཙ་ཤོག་ཕུལ་བ་དང། ཁྱད་པར་བསམ་ཡས་ཆོས་སྐྱོང་ཆེན་པོས་མྱུར་དུ་ཕེབས་དགོས་པའི་ལུང་དང། ལམ་སྲུང་རལ་གྲི་ཞགས་པ་སོགས་ཕུལ་ནས་ཡང་ཡང་བསྐུལ་ཡང། གཏེར་ཆེན་ཉིད་དུ་སྦྱན་བསྙུན་པ་དང་རྟེན་འབྲེལ་འགའ་ཞིག་གི་བབ་ལས་ཕེབས་པར་མ་ཤར་བས་ཀུན་མཁྱེན་ལྔ་པ་རོན་པོ་ཆེ་ཐུགས་ཅུང་ཟད་མ་རངས་པའི་གསུང་སྒྲོས་རྣམ་ཐརེ་དུ་ཡོད་མོད། འོན་ཀྱང་བསམ་ཡས་ཆོས་སྐྱོང་ལུང་བཞིན་བསམ་ཡས་སུ་ཕུར་པ་དབུ་དགུ་ཕྱག་བཅོ་བརྒྱད་པ་ཞིག་བཞེངས་པ་མཛད། དེ་ནས་སྦོ་བོ་མདོང་ཆུའི་ལྷ་ཁང་ནས་པདྨ་བཀོད་ཀྱི་གནས་ཀྱི་ལམ་ཡིག་ཕྱག་ཏུ་སོན་པ་བཞིན།(སྨད་ཆ།༩༧)རིགས་ལྡན་མཚོ་ཞེས་པ་གཟུང་མར་བཞེས་ནས་གྲ་འཁོར་མང་པོ་དང་བཅས་པདྨ་བཀོད་དུ་ཕེབས་ནས། གནས་སྒོ་རགས་རིམ་ཞིག་གསལ་ཚ་མཛད། སླར་སྦོ་བོར་ཕེབས་ཏེ་སྔར་གྱི་འཛད་ཕྲིན་གྱི་འཕྲོ་རྣམས་བརྟུལ་ནས་ལུང་བསྡན་རྗེས་སུ་གནང་བ་དུ་མ་དང་བཅས། གཙང་གཤིས་སུ་བཞུགས་གནས་ཀྱི་རྟེན་འབྲེལ་དང་དགུང་ལོ་བརྒྱད་ཅུ་གྱ་གསུམ་དུ་ལུང་བསྟན་ཡོདཀྱང་སྙིགས་དུས་ཀྱི་འགྲོ་ལ་ཐུགས་སྐྱོ་བ་དང་རྟེན་འབྲེལ་འགའ་ཞིག་གི་བབ་ལས་དགུང་ལོ་ག་བརྒྱད་པ་ཆུ་ཕོ་བྱི་བའི་ལོར་པདྨ་འོད་དུ་གཤེགས། དེ་དག་གི་དུས་སུ་མེ་ཏོག་གི་ཆེ་འབབ་ལ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང། ཁྱད་པར་སྐུ་གདུང་ཀྱང་ཅུང་ཟད་མ་གཏོགས་ཕལ་ཆེར་འོད་ཕུད་དུ་གྱུར་ནས་ཁྲུ་གང་ཙམ་ཞིག་ལུས་པ་ཕྱི་མོ་ཞིག་གི་དུས་ཞུགས་འབུལ་བགྱིས་པ་གདུང་རིགས་ལྔ་དང་རིང་འསྲེལ་གྱི་ཕུང་པོར་གྱུར་ཏོ། ཆོས་བདག་ནི་རིག་འཛིན་ཆོས་ཀྱི་རྒྱ་མཚོ་དང། ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ་སོགས་བསམ་མི་ཁྱབ་པ་ཡོད་དོ། སྦྱིར་ཡང་གཏེར་ཆེན་འདི་ཉིད་གཏེར་སྨྱོན་ཡིན་ཏེ། དེ་ཡང་གཏེར་སྨྱོན་ཞེས་པ་སྨྱོ་རྫུ་བྱེད་པ་ལ་མི་ཟེེར་ཏེ། གཏེར་ཆོས་གཏེར་རྫས་རྣམས་ཟབ་ཁྱད་གཞན་དང་མི་འདྲ་བར་གང་ཟབ་ལ་ཁྱབ་གདལ་དུ་སྦྱོད་ཆོག་པའི་དོན་ཡིན་ཏེ། ཐང་ཡིག་ལས། གཏེར་སྨྱོན་ཞེས་པས་གཏེར་གྱི་སྙིང་ཁྲག་འབྱིན། ཞེས་གསུངས་པ་བཞིན་གཏེར་ཁ་འདིའི་ཟབ་ཆོས་རྣམས་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བ་ནི་མངོན་སུམ་ཚད་མའོ། འདི་སྐབས་གཏེར་སྟོན)༩༨)ཀྱང་མང་དུ་བྱོན་པར་སྣང་སྟེ་ཕལ་ཆེར་གཏེར་ཆེན་འདིའི་གཏེར་གཡོག་ཏུ་བཞེད་དེ། གཏེར་གཡོག་སྟོན་བཅུ་གསུམ་ཡོད་པར་གསུངས་སོ། གདུང་འཛིན་གྱི་སྲས་ཀྱང། ནོར་བུ་ཡོངས་གྲགས། མཐུ་སྟོབས་རྡོ་རྗེ་འཆི་མེད་རྡོ་རྗེ་གསུམ་དང། སྲས་མོ་ཚེ་དབང་རྒྱལ་མོ་སོགས་འཁྲུངས་ཏེ། དེང་ཡང་ཡང་སྦོ་བོ་དང་མདོ་སྨད་གཉིས་ཀར་གདུང་བརྒྱད་དར་རྒྱས་ཆེ་བར་ཡོད་ལ། སྦོ་བོ་ན་གཏེར་ཆེན་དེས་གདུང་བརྒྱུད་དར་རྒྱས་ཆེ་བར་ཡོད་ལ། སྦོ་བོ་ན་གཏེར་ཆེན་དེས་གདུང་བརྒྱུད་དུ་ལས་བླ་མ་ཏིང་འཛིན་ཞུ་བ་ཞིག་རྨ་ཀུང་ལུང་གི་གནས་སྒོར་སྐུ་མཚམས་ཡུན་རིང་དུ་བཞུགས་པའི་ཚེ། ཀ་ཐོག་རྒྱལ་སྲས་བསྟན་འཕེལ་གྱིས་མོན་རྫ་ཡུལ་དུ་ལྷ་ཁང་གསར་བཞེངས་མཛད་དུས་རབ་གནས་ལ་གདན་དྲངས་ཀྱང་མ་བྱོན་པར་འཚམས་མལ་ནས་ཕྱག་ནས་གནང་བས་ཞག་དྲུག་གི་ལམ་དུ་མེ་ཏོག་ཕེབས་པ་བྱུང་ཞིང། དེ་ལྟ་བུའི་གྲུབ་ཆེན་ཞིག་དང། མོད་སྨད་འདིར་གདུང་བརྒྱུད་ལྔ་པ་བླ་མ་པདྨ་རྣམ་རྒྱལ་ཉིད་འགྲོ་དོན་དང་གདུལ་བྱ་ཆེ་ཞིང་དག་སྣང་སྐོར་དང་ལུང་བསྟན་མང་པོ་དང་ཟབ་གཏེར་ཀྱང་གཉིས་ཙམ་ཞིག་བཞེས་པ་ཡིན་འདུག་གོ། འདི་སྐབས་རིག་འཛིན་བདུད་འདུལ་རྡོ་རྗེས་བཀས་བསྐུལ་ནས་སྦོ་བོ་པ་ལྡེམ་གྱི་སྒྲུབ་པ་མོ་མཁའ་འགྲོ་བསོད། ནམས་དཔལ་འདྲེན་དང། ལྟ་ཤོད་བུ་མོ་པདྨ་མཚོ་སོས་ཀྱི་སྐྱེ་བ། རིགས་ལྡན་ཨོ་རྒྱན་བུ་ཁྲིད་ཀྱིས་འབྲོག་ལུང་དང་དགའ་བ་ལུང་གི་གནས་སྒོ་ཕྱེས་པར་སྣང་སྟེ། རིགསལྡན་དེའི་སྐྱེས་བའང་བདེ་ཆེན་ཕྲིན་ལས་མཚོ་མོ་ཞེས་པ་ཞིག་བྱུང་སྟེ་རིག་འཛིན་ཆོས་རྗེ་གླིང་པའི་གྱུ་ཧྱ་ཀརྨ་མུ་དྲའོ། གཏེར་སྟོན་མ་ཏི་རརྣ་ནི། མོད་སྨད་རྟ་ཤེལ་གཉིས་ཀྱི་མཚམས་ཤིག་སྐུ་འཁྲུངས་པར་གྲགས། ཤེལ་ཁོག་པ་ཐངས་ཤིང་གི་གནས་སིནྡྷུ་རའི་ཆུ་ནས།(སྨད་ཆ།༩༩)བདུད་འདུལ་དྲག་མོའིཆོས་སྐོར་དང། གཞན་ཡང་བླ་སྒྲུབ་ཀྱི་སྐོར་སོགས་སྦྱན་དྲངས། དེང་སང་ཡང་དགོན་གནས་དང་ཆོས་བརྒྱུད་དར་བར་ཡོད། གཏེར་སྟོན་འདི་སྐུ་ཚེ་ལྔ་མའི་འབྲེལ་ཞིག་གིས་ཕྱག་རྫས་བཀྲེན་པོ་ལས་མེད་པར། གུ་རུ་རིན་པོ་ཆེར་གསོལ་བ་བཏབ་པས། ཤར་བཞག་ར་དཀར་པོ་གསིར་དྲིལ་རྒྱབ་གཅིག་གཏེར་འདོན་རྒྱུ་ཡོད་པའི་ལུང་བསྟན་བྱུང། གཏེར་འདོན་དུ་བྱོན་པས་ལ་ཆའི་དྲེའུ་ཆུང་དུ་ངུ་ཞིག་གི་རྒྱབ་གཡས་གཡོན་དུ་གསེར་སྲན་འབྲུ་ཕྱེད་པ་ཙམ་རེ་ཡོད་པ་ཞིག་བྱུང། དེ་ཉིད་གཡང་རྟེན་དུ་གཟུང་ནས་གཏེར་སྒྲུབ་མཛད་ན་གསེར་དྲིལ་རྒྱབ་གཅིག་གི་ཚོད་ཀྱི་ལོངས་སྦྱོར་དང་མཉམ་པར་འབྱུང་རྒྱུ་ལ། གཏེར་སྟོན་ཐུགས་ཡིད་ཆད་དེ་ལོ་ལྟ་ཅུང་ཟད་སྐྱེས་པས་རྟེན་འབྲེལ་འཕྲུག་སྟེ་ལོངས་སྦྱོ་མ་བྱུང་བར་སྐུ་གཤེགས་ཟེར་བའི་ངག་སྨྲོས་སྣང། རྣམ་ཐར་དངལ་རྒྱུས་ཞིབ་པ་མ་འཇལ་ལོ། སྦྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་ཀློང་གསལ་སྙིང་པོ་ནི། བདུང་འདུལ་རྡོ་རྗེའི་གཏེར་ལུང་ལས། གནས་མཆོག་ཀར་རེ་ཉེ་བ་མ༔ བྷོ་དྷིའི་མིང་ཅན་མཆན་གཡས་སྨེ་བས་བརྒྱན། སྐལ་ལྡན་དེ་ལ་ཆོས་འདི་གཏད་རྒྱ་གྱིས། ཞེས་ལུང་གིས་བསྟན་པ་ལྟར་ཀམ་པོ་གནས་དང་ཉེ་བའི་ཡུལ་གྱི་ཕྱོགས་དབྲ་པར་གྲགས་པའི་ཡུལ་བྱེ་བྲག་པ་ཞིག་གི་ནང་ཚན་བྱེས་པ་ཞེས་པར། ཡབ་སྔགས་འཆང་ཀུན་དགའ་དོན་གྲུབ་དང། ཡུམ་སྒྲོལ་མ་དཀར་མོས་བྱིན་གྱིས་བརླབས་པའི་དཀོན་མཆོག་སྒྲོན་གཉིས་ཀྱི་སྲས་སུ་ཤིང་མི་གླང་གི་ལོ་ལ་སྐུ་བལྟམས། དེར་འཇམ་དབྱངས་བསོད་ནམས་རྒྱལ་མཚན་ཟེར་བའི་ས་ལུགས་ཀྱི་བླ་མ་ཞིག་གིས་སྐྱེས་བུ་ཚད་ལྡན་ཞིག་བྱུང་བར་(སྨད་ཆ།༡༠༠)ལུང་ལབསྟན། གྲུབ་དབང་བསྟན་པ་རྒྱ་མཚོ་ཞེས་པ་ལ་གུར་དྲག་གི་དམར་ཞུས་པས་མཚན་དབང་དྲག་རྒྱ་མཚོ་བཏགས། དགུང་ལོ་བདུན་ཙམ་ནས་ཡི་གེ་བསླབས་པ་བརྡའ་སྟོན་ཙམ་གྱིས་ཤེས། སྐུ་གཞོན་ནུའི་དུས་ནས་ངེས་འབྱུང་དང་ལྡན་པས་རབ་ཏུ་བྱུང་བར་ཐུགས་སྦྲོ་ཡང་ཡབ་ཀྱིས་མ་གནང། དགུང་ལོ་ཉེར་གཉིས་བཞེས་དུས་ཀ། ཐོག་ཏུ་ཆོས་བྲོས་ལ་བྱོན། དེ་ནས་ཁམ་བྱུང་དགོན་དུ་རྒ་རྗེ་ཆོས་སྐྱོང་རྒྱ་མཚོ་ལས་དབང་དང་གདམས་ཁྲིད་མང་དུ་གསན། སླར་ཡང་རྒྱལ་བ་ཀ༔ཐོག་པའི་བླ་རབས་དཀོན་མཆོག་རྒྱལ་མཚན་གྱི་དྲུང་ནས་རྫོགས་ཆེན་དགོངས་པ་ཟང་ཐལ་སོགས་སྨིན་ཁྲིད་ཟབ་གནད་དུ་མ་གསན་ནས་གནས་ལུགས་རང་ངོ་འཕྲོད་པར་མཛད། ཀ༔ཐོག་ཕྱོགས་སུ་ལ་གསུམ་ཙམ་བཞུགས་ནས་སླར་ཡབ་ཡུལ་ཕྱོགས་སུ་ཕེབས་ནས་རི་ཁྲོད་དབེན་པ་ཁོ་ནར་ཐུགས་དམ་ཙེ་གཅིག་གི་སྒྲུབ་པའི་དམ་བཅའ་བཟུང་ནས། ཆོས་ལུང་རི་ཁྲོད། གོལ་རི། ཀཾ་ལོ་གནས་ཕུག་ཁྲོམ་གྱི་རྫོང་ནག་སོགས་སུ་རྗེ་བཙུན་ཟ་པའི་རྡོ་རྗེའི་རྣམ་ཐར་ལ་མགྲན་བཟོད་པའི་དཀའ་སྦྱད་བསམ་གྱིས་མི་ཁྱབ་པའི་ཞལ་གཟིགས་པ་དང། ཡེ་ཤེས་དང་ལས་ལས་གྲུབ་པའི་རྡོ་རྗེ་ཆོས་སྐྱོང་རྣམས་ཀྱིས་ཕྲིན་ལས་སྒྲུབ་པ་དང་གནས་སྲུང་གཞི་བདག་མང་པོས་ཏིང་ངེ་འཛིན་གྱི་དྲོད་ཉུལ་ཡང་སྲོག་སྙིང་འཕྲོགས་ནས་དམ་ལ་བཏགས་པའི་ཚུལ་སོགས་མཐའ་ཡས་པར་ཡོད། དེ་ནས་དགུང་ལོ་ཉེར་བརྒྱད་ཙམ་གྱི་དུས་ཡབ་ཡུལ་དུ་ཕེབས་ཤིང་གཉེན་ས་བཅད་པ་ན་གཏེར་གྱི་ལུང་བསྟན་མང་དུ་བྱུང་ཡང་ཇི་མི་སྙོམས་པར་བཞག་ཀྱང་སླར་ཡང་གཏེར་སྟོན་བདུད་འདུལ་རྡོ་རྗེའི་དྲུང་དུ་(སྨད་ཆ།༡༠༡)སོངས་ཤིག་ཟེར་བའི་ལུང་བསྟན་ཡང་ཡང་བྱུང་བསྟུན་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེའིདྲུང་དུ་བྱོན་པས་རིག་འཛིན་ཆེན་པོ་དེ་ཉིད་ཀྱིས་ཕ་བུ་འཕྲད་པ་ལྟ་བུའི་ཐུགས་ཀྱིས་བཏགས་ཤིང་ཟབ་གཏེར་གསར་བཞེས་ཀྱིས་མཚོན་དབང་དང་གདམས་ཁྲིད་མང་དུ་སྩལ། དངོས་གྲུབ་གཏེར་གྱི་བཀའ་བབ་ཡོང་ཚུལ་གྱི་ལུང་བསྟན་ཀྱང་སྩལ། དེ་ནས་མི་རིང་པར་རིག་འཛིན་ཆེན་པོ་དེ་ཉིད་ཀྱིས་བཀས་བསྐུལ་ཏེ་རང་ཡུང་དུ་ཕྱིར་ཕེབས་ནས་གཏེར་གནས་ཉེ་བའི་མཁའ་ཀློང་རི་ཁྲོད་ཞེས་པར་བསྙེན་སྒྲུབ་ལ་བཞུགས་པས། དགུང་ལོ་སོ་གཉིས་པ་ཤིང་ཕོ་སྦྲེའུ་ལོ་ལ་རྣལ་འབྱོར་པ་སྐུ་མདོག་དམར་སྨུགརུས་པའི་རྒྱན་གྱིས་བརྒྱན་པ་ཞིག་གིས་ཁ་བྱང་དངོས་སུ་ཕྱག་ཏུ་ཕུལ་བ་གུ་རུ་རིན་པོ་ཆེའི་རྣམ་འཕྲུལ་དུ་ངེས་ཤེས་བརྙེད་ནས་སྦྲེལ་བྱ་གཉིས་ཀྱི་ལོ་ལ་གཏེར་སྒྲུབ་ཚགས་སུ་ཚུད་པར་མཛད་པས་ས་ཁྱི་ཧོར་ཟླ་དང་པོའི་ཚེས་བཅུ་ལ་ཟབ་གཏེར་ཐོག་མ་ལ་མི་འགྱུར་རྡོ་རྗེའི་བྲག་ནས་ཟབ་གཏེར་གསང་སྟབས་སུ་བཞེས་ནས་བསྙེན་སྒྲུབ་མཐར་ཕྱིན་མཛད། དེ་ནས་གཏེར་ཁ་གཉིས་པ་དྲག་པོ་ཡེ་ཤེས་རབ་འབར་གྱི་ཆོས་སྐོར་དང། གསུམ་པ་ཆོས་རྒྱལ་སྲོང་བཙན་གྱིས་སྦས་པའི་ཐུགས་རྗེ་ཆེན་པོ་སྙན་བརྒྱད་གཙུག་རྒྱན་གྱི་སྐོར་དང། གཞན་ཡང་གཏེར་ཁ་ཆེན་པོ་བཅུ་དྲུག་གཏེར་ནས་བཞེས་ཤིང་འགའ་ཞིག་སྐུ་ཚེ་ཕྱི་མའི་རྟེན་འབྲེལ་དུ་དགོངས་ཏེ་མ་བཞེས་པར་བཞག་པའང་ཡོད་པར་གྲགས། གུར་དྲག་གི་གཏེར་རྡུར་གྱི་རྣམ་པས་དགྲ་ནང་དུ་གཅོང་པ་ཟླ་བས་ལྷ་མིན་ལྷར་བརྫུ་བ་གུར་དྲག་གིས་ཏིང་ངེ་འཛིན་གྱིས་དམ་ལ་བཏགས། འབམ་ཉག་ཕྱོགས་སུ་བྱོན་ལམ་དུ་གུ་རུ་དྲག་པོ་གཏུམ་དྲག་དམར་ནག་དཔའ་བོ་གཅིག་པ་གནམ་ས་གང་བ་ཞལ་གཟིགས་(སྨད་ཆ།༡༠༢)འཕྲོད་འོད་དུ་བཞུས་ནས་རྗེ་རང་ལ་ཐིམ་པའི་གཟིགས་སྣང་ཤར་རྗེས་སྒ་སྟོད་རྒྱལ་པོ། རྒྱ་ཆིང་སྨ་ར། ཕ་རི་བོན་པོ་སེང་བཟང། དགའ་ལྡན་རྗེས་སངས་སོགས་ལྷ་འདྲེ་མང་པོས་དངོས་སུ་བཟོད་པར་དཀའ་བའི་འདྲེ་དམག་ཀྱང་བྱུང་བས་ལས་རླུང་དམར་དྲག་པོ་དང། ཁྲག་གི་སྡིག་པ་ར་ཙའི་གཟུགས་སོགས་གྲཱ་པ་རྣམས་ཀྱིས་ཀྱང་མཐོང་བ་བྱུང་ཚེ་ཕྱག་གི་གཙུར་ཞིང་ཨར་ལ་གཏད་དེ་དམ་ལ་བཏགས་པས། ཀུན་གྱི་སྲོག་སྙིང་ཕུལ་བ་བྱུང། རོང་ཤོག་དྲུག། ལ་ཁུས་དགོན། ཡང་རེང་དགོན། གདིང་པོ་པདྨ་བྲག་དཀར།(སྨད་ཆ།སྔོ་རྒྱ་དབེན་རི་སྔོ་ར་བྲག་སོགས་དང། གཙང་གཤིས་རྗོ་རྗེ་གྲོ་ལོད། རི་བར་རྣམས་ཞབས་ཀྱིས་བཅགས། ཨོ་རྒྱབ་རིན་པོ་ཆེའིསྐུ་རྟེན་སོགས་རྟེན་བཞེངས་དང་ས་བཅོས་སོགས་ཀྱང་མང་དུ་མཛད། མཚན་རྣམ་གྲངས་ཡང་ཨོ་རྒྱན་མདོ་སྔགས་གླིང་པ་དང། ༀ་ནག་ནམ་མཁའི་རྡོ་རྗེ་སོགས་སུ་གྲགས། ཤར་ཕྱོགས་སྦུང་རིང་དང་ཉེ་བའི་གྲོང་ཞིག་ནས་ལུང་ཐུན་རིགས་ལྡན་ལྷ་སྐྱིད་ཞེས་པ་ཞིག་མུ་ཏྲར་བཞེས་པ་ལས་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་ལྕམ་སྲིང་གཉིས་ཙམ་འཁྲུངས་ཤིང། གཞན་ཡང་རིགས་ལྡན་གཉིས་ཙམ་བཞེས་པར་གྲགས་མ་རུངས་པའི་ལྷ་འདྲེ་མང་པོ་དངོས་སུ་སྲོག་སྙིང་འཕྲོགས་ནས་གྲགས། མ་རུངས་པའི་ལྷ་འདྲེ་མང་པོ་དངོས་སུ་སྲོག་སྙིང་འཕྲོགས་ནས་དམ་ལ་བཏགས་པ་དང། གནས་ནས་བསྐྲད་པ་དང། གཟིར་ཞིང་མནན་པ་དང། ཨར་ལ་གཏད་པ་སོགས་ཀྱི་ལོ་རྒྱུས་མཐའ་ཡས་པ་ཡོད་ཀྱང་རེ་རེ་ནས་བརྗོད་པར་མ་ནུས་ལ་གཞན་ཡང་མངོན་པར་ཤེས་པ་ལ་ཆག་ཐོགས་མེད་པ་དང། ཆུ་བོ་ཆེན་པོ་དང། གཡང་ས་ལྟར་མི་བཟོད་པ་སོགས་ལ་ཆིབས་དང་བཅས་ཏེ་ཐལ་བྱུང་དུ་གཤེགས་པ་དང། ཤིང་དགུ་གངས་རར་གཏེར་བཞེས་དུས་མཚོ་ཆེན།(སྨད་ཆ།༡༠༣)པོའི་དབུས་སུ་རྫུ་འཕྲུལ་གྱིས་ཀུན་གྱི་མཐོང་བར་ཐོགས་མེད་དུ་དད་པའ་སྟབས་ཀྱིས་གཤེགས་ནས་མཚོ་དབུས་ནས་ཟབ་གཏེར་བཞེས་ནས་ཚུར་ཕེབས་པ་དང། ཁྲོམ་ཀྱི་ཕྱོགས་སུ་ཕེབས་དུས་ཤིག་ཕྱོགས་དེའི་སྦྱིན་བདག་ཅིག་གིས་ཟངས་དཀར་ཞིག་ཕུལ་བར་ཆུང་མ་དེས་སེར་སྣང་ཤོར་ནས་ཅུང་ཟད་འཁོན་པ་ལ། གཏེར་སྟོན་ཆེན་པོས་མངོན་ཤེས་ཀྱིས་གཟིགས་ནས་ཟངས་ཕུལ་བ་དེ་དབུ་སྐྲ་ཉག་མ་གཅིག་གིས་དུམ་བུ་གཉིས་སུབགོས་ནས་ཕྱེད་དེ་ཕྱིར་སྩལ་ནས་མོ་རང་གི་སྐལ་པ་མཛོད་གསུངས། ཕྱེད་པོ་ངེད་རང་ལ་སྦྱིན་བདག་གིས་ཕུལ་བ་མཛོད་གསུངས། ཕྱེད་པོ་ངེད་རང་ལ་སྦྱིན་བདག་གིས་ཕུལ་བ་ཡིན་པས་ཁྱེར་འགྲོ་དགོས་གསུངས་ནས་ཐམས་ཅད་ངོ་མཚར་བསམ་མི་ཁྱབ་པའི་གནས་ལ་བཀོད་དེ་འདི་ལྟ་བུའི་ངོ་མཚར་བའི་མཛད་པ་མང་དུ་ཡོད་ཀྱང་ཡི་གེ་འབྲིར་མ་ནུས་ཏེ་འདི་ཙམ་གྱིས་ཤེས་པར་འགྱུར་རོ། དེ་ཙམ་དུ་མ་ཟད་གཏེར་སྟོན་ཆེན་པོ་དེའི་ཆིབས་པ་འབྲོང་ནག་ཞེས་པ་ཞིག་ཡོད་པ་དེས་ཀྱང་ཞབས་རྗེས་མང་པོ་བཞག་པ་དང། ཤི་དུས་དེའི་ཐོད་པ་ལས་རིང་བསྲེལ་བྱུང་བ་དང། མེ་ཤིང་བཀལ་བའི་ཁལ་ཤི་བའི་རུས་པ་ལ་ཡང་ཨ་རང་བྱོན་བྱུང་བར་གྲགས་སོ། གཞན་ཡང་ལེ་བྲག་དཀར་དང་སྔོ་བརྒྱ་གནས་ལ་སོགས་པའི་གནས་སྒོ་ཕྱེད་པ་དང། ཟབ་གཏེར་བཞེས་པ་དང། སྐལ་ལྡན་རྣམས་ལ་དམ་ཆོས་འཆད་སྦྲེལ་སོགས་ཀྱི་ཆེད་དུ་མོད་སྨད་བུ་འབོར་ཤོག་དྲུག་གཞག་གསར་རྙིང་ཉག་རིང་ས་ངན་སྡེ་དགེའི་ཡུལ་གྲཱ་ཐ་དད་རྫ་ཆུ་བརྒྱུད་ཚུན་ཞབས་ཀྱིས་བཅགས། སོག་པོའི་རྒྱལ་པོ་མཁའ་འགྲོས་ཉམས་ཚད་ཕྱིར་དུ་བུམ་པ་ཆུང་ངུ་ཞིག་གི་བུམ་ཆུས་སྣོད་ཆེན་པོ་ཞིག་ཁེངས་པ་དགོས་ཞེས་ཟེར་བ་ལ་དེ་ཁོ་ན་བཞིན་བྱུང་བས་ཐུགས་ཡིད་ཆེས་ནས་ཏི་ཤིར་བསྐུར། ཁོལ་རི་དགོན་ཕུལ་ནས་བསྙེན་བཀུར་(སྨད་ཆ།༡༠༤)མཛད། གཞན་ཡང་མེ་རྒན་ཐལ་ཇི་དང། ས་སྐྱོང་སྡེ་དགེ་སོགས་མི་ཆེན་མང་པོས་ཞབས་ནས་བཏེག། གཞན་ཡང་གཙང་གཤིས་རྡོ་རྗེ་གྲོ་ལོད། ཤིང་དགུ་གངས་ར། ཁོལ་རི། ཀ༔ཐོག་རྣམས་སུ་སྐུ་གསུང་ཐུགས་རྟེན་གྱི་རིགས་ཀྱང་བསམ་གྱི་མི་ཁྱབ་པ་བཞེངས་པར་མཛད་དོ། ཆོས་བདག་གི་གཙོ་བོ་ཀུན་བཟང་ཁྱབ་གདུལ་ལྷུན་གྲུབ། སྟག་བླ་རིག་འཛིན་པདྨ་ནོར་བུ། པདྨ་རྡོ་རྗེ། ཨོ་རྒྱ་ཡེ་ཤེས། ཨོ་རྒྱན་ཏིང་འཛིན། དཔལ་ཡུལ་བླ་མ་ཀུན་བཟང་ཤེས་རབ་སོགས་མང་དུ་བྱུང་སྟེ་སྨོས་ཀྱིས་མི་ལོངས་སོ། དེ་ནས་སྐུ་ཚེའི་སྨད་ལ་ཀ༔ཐོག་ཏུ་བཞུགས་པར་གནང་སྟེ། དེའི་ཚུལ་ནི་འོག་ཏུ་འཚད་དོ། ཡང་རྒྱལ་རོང་དུ་སྐུ་འཁྲུངས་པའི་རོང་སྟོན་པདྨ་བློ་གྲོས་ཞེས་སམ་པདྨ་བདེ་ཆེན་གླིང་པས་རྒྱལ་རོང་རྒྱལ་མོ་རྨུ་རྡོར་གྲགས་པའི་གནས་ནས་ཀློང་གསལ་ཌཀྐི་སྙིང་ཐིག་གི་སྐོར་རྣམས་གཏེར་ནས་བཞེས་པ་དང། ཀུ་སེ་རེ་གཏེར་སྟོན་ཁྱུང་གྲགས་རྡོ་རྗེར་གཏེར་གྱི་ལུང་བསྟན་བྱུང་བ་རྗེ་འདི་གཏེར་སྟོན་དུ་ངོས་འཛིན་མཛད་པས་དྲག་པོ་ཡེ་ཤེས་འཇིགས་བྱེད་སོགས་གཏེར་ཁ་མང་དུ་ཐོན་པ་བྱུང་སྟེ། གཏེར་སྟོན་དེ་གཉིས་ནི་གཏེར་ཆེན་འདིའི་གཏེར་གཡོག་ཡིན་པར་འདུག་གོ། རིག་འཛིན་ཆེན་པོ་སྟག་ཤམ་རྡོ་རྗེ་ནི། ལྷོ་སྦར་ཤོད་ཀྱི་སྟོད་འབྲོག་གསེབ་ཞིག་ཏུ་སྐུ་འཁྲུངས། དེ་ཡང་ཟུར་གྱི་རིགས་ལས་ཨ་སྒོང་དང་ཨ་གཡུང་ཟེར་བའི་ཕྱུག་རྒྱུད་སྔགས་རྒྱུད་གཉིས་སུ་ཡོད་པའི་སྔགས་རྒྱུད་དུ་ཤིང་མོ་ལུག་ལ་བསྟམས། དགུང་ལོ་བཅུ་དྲུག་ཙམ་ནས་རྟོགས་ལྡན་ངག་དབང་ཆོས་འཕེལ་ཟེར་བ་ཞིག་ལས་ཕྱག་རྫོགས་ཀྱི་གདམས་པ་ཞུས་པས། ཉམས་(སྨད་ཆ།༡༠༥)རྟོགས་སྐྱེས། ལོ་བཅོ་བརྒྱད་པ་ལ་ཁྲ་མོ་བྲག་གི་གནས་སྒོ་ཕྱེ་བ་དང་རྡོར་སེམས་སྙིང་ཐིག་སོགས་གཏེར་ནས་བཞེས། དགུང་ལོ་ཉི་ཤུ་པ་ལ་བསྙེན་རྫོགས་བཞེས་ནས་རྟེན་དགེ་སློང་དུ་བཞུགས། མཚན་དངོས་བསམ་གཏན་རྡོ་རྗེ་སྟེ། རིག་འཛིན་ཆོས་རྗེ་གླིང་པས། ཐང་ཡིག་ནས་བཤད་པའི་དབྱལ་གྱི་བྲག་ཞེས་པའང་དཔལ་གྱི་བྲག་དང། བསམ་གཏན་གླིང་པའང་གཏེར་ཆེན་འདིར་བཞེད་པའང་ཡོད་མོད། ཡར་སྟོད་དཔལ་གྱི་བྲག་ཞེས་པ་ནས་དགོངས་འདུས་འགྲོ་བ་ཀུན་གྲོལ་ཞེས་པའི་ཟབ་གཏེར་བཞེས་ཤིང། གཞན་ཡང་གཏེར་ཆོས་ནན་ནར་རྒྱ་ཆེ། ཁྱད་པར་སྦུ་བོ་དགའ་བ་ལུང་གི་གནས་སྒོ་ཕྱེས་ནས་ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་སྐོར་ཤིན་ཏུ་རྒྱས་པ་སྦྱན་དྲངས་ཏེ། དེའི་ཚུལ་ཡང་གཏེར་སྟོན་ཉིད་ཀྱི་གསུང་ལས། བདག་འདྲ་དཔའ་པོ་སྟག་ཤམ་རྡོ་རྗེ་ཡིས། ལོ་དགུ་རྟ་མགྲིན་སྒྲུབ་པ་ནན་ཏན་བྱས། ལྷ་དེས་བྱིན་བརླབས་རང་བྱོན་སྐུ་དང་མཇལ། སྐུ་དེས་གསུང་བྱོན་ཁ་བྱ་ལག་ཏུ་གཏད། གུ་རུས་ཐུགས་རྗེས་དུས་སྐལ་འཛམ་པ་དང། བར་ཆད་ཀུན་བྲལ་རིན་ཆེན་ཕོ་བྲང་ནས། ལྐོག་ཏུ་བག་ཕུག་མ་བགྱིས་མང་པོའི་དཀྱིལ། མངོན་སུམ་བཏོན་ནས་ཞག་གསུམ་གཏེར་སྒྲུབ་བགྱིས། འབྲུག་ལོ་ཉེར་ལྔ་ཤོག་སེར་ཀུན་ལ་ངོམ། སྦྲུལ་ལོ་ཉེར་གསུམ་ལས་བྱག་ཞལ་བཤུས་གྲུབ། གཏེར་ཐོན་ཉིན་དང་དུས་མཚུངས་བྱུང་བ་འདི། རྟེན་འབྲེལ་ཙམ་དུ་ཁོ་བོས་གོ་བར་ཤར། ཞེས་གསུངས་པ་བཞིན་ནོ། ཆོས་བདག་གི་གཙོ་བོ་ནི་རིག་འཛིན་ཆོས་རྗེ་གླིང་པ་ཡིན་ལ། གཞན་སྟག་བླ་ཀུན་བཟང་ཁྱབ་གདལ་ལྷུ་གྲུབ་སོགས་མང་དུ་ཡོད་ལ། གདན་ས་དངོས་སྦར་སྟོད་བསམ་(སྨད་ཆ།༡༠༦)གཏན་གླིང་ཡིན་ཡང། འགྲོ་དོན་སྦུ་བོ་ཕྱོགས་སུ་ཆེ་ཞིང་ཆོས་བརྒྱུད་དམ་བར་ཡོད་ཅིང། སྦུ་བོ་དགའ་བ་ལུང་དུ་ཡང་དགོན་གནས་ཀྱི་འཛིན་སྐྱོང་སྐྱེ་སྦྲུལ་རིམ་བྱོན་གྱིས་མཛད་པར་སྣང་སྟེ། རིག་འཛིན་ཆེན་པོ་དེ་ཉིད་ཞིང་གཤེགས་པའི་སྦྲུལ་སྐུ་ནི་ཀོང་པོ་དགའ་ཆགས་སྡེ་པའི་སྲས་སུ་འཁྲུངས་པ་ཡིན་ཏེ། དེང་སང་སྐུ་ཐོག་བཞི་ཙམ་སོང་བ་འདྲའོ། རིག་འཛིན་ཆེན་པོ་རོལ་པའི་རྡོ་རྗེ་ནི་ཟུར་མང་དགོན་དང་ཉེ་བའི་རུ་ཞེས་པའི་ཕྱོགས་ཤིག་ཏུ་འཁྲུངས་པར་གྲགས། སྐུ་བྱིས་པའི་དུས་ནས་ངེས་འབྱུང་དང་སྙིང་རྗེ་ཆེན་པོའི་ཐུགས་བརྒྱུད་བརླན་པས་བྱིས་པའི་སྦྱོད་པ་ལས་འདས་པ་དག་པའི་སྣང་བ་རབ་འབྱམས་ལ་ལོངས་སྦྱོད་པར་བཞུགས་ཤིང་རབ་ཏུ་བྱུང་ནས་བསྙེན་པ་རྫོགས་པར་མཛད་དེ་རྟེན་དགེ་སློང་གི་དངོས་པོར་བསྒྲུབས། སྐབས་ཤིག་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་པས་རྒྱམ་མཚོ་ནག་མ་ཞེས་རྒྱམ་རྡོ་ཏི་གངས་དཀར་དང་ཟུང་འབྲེལ་གྱི་ཆུ་གཏེར་ཆེན་པོ་དེའི་དབུས་ཙམ་གྱི་བར་དུ་ཆུ་ལས་ནུབ་པ་མེད་པར་རྒྱལ་པོས་བགྲོད་པ་ལྟ་བུའི་རྫུ་འཕྲུལ་གྱིས་ཕེབས་ནས་ཟབ་གཏེར་རིམ་པ་གསུམ་རིམ་པར་བཞེས་པས་དྲག་པོ་དམར་མཐིང་སྨུག་གསུམ་དུ་གྲགས་པའི་ཆོས་སྐོར་སོགས་བྱུང་ཞིང། ཡང་གཏེར་གནས་བྲག་གི་ཕུག་པ་ཞིག་ནས་ཟུར་མང་ཆེ་ཚང་སྦྲུལ་སྐུ་གསུང་རབ་རྒྱ་མཚོ་དཔོན་སློབ་ཁ་ཤམ་དང་ལྷན་ཅིག་ཏུ་ཟབ་གཏེར་བཞེས་པས་གཏེར་གནས་ཀྱིས་ཁྱད་ལས་མཚོ་གཏེར་བྲག་གཏེར་གཉིས་སུ་གྲགས་ཏེ་ཟབ་ཁྱད་དང་ལྡན་པའི་ཆོས་བཀའ་རྒྱས་པ་འགའ་བཞུགས་པར་ཐོས། རྣམ་ཐར་ཞིབ་པར་མ་བརྙེད། གཏེར་སྟོན་འདི་ཉིད་ཉི་མ་གྲགས་པ་ཡིན་པར་སྟག་ཤམ་རྡོ་རྗེ་ལུང་བསྟན་པ་ཡིན་ཟེར་ཏེ། ཁོ་པའི་གཏེར་ལུང་རྣམས་སུ་(སྨད་ཆ།༡༠༧)རྡོ་རྗེའི་མིང་ཅན་ཞེས་པ་ལས་ཉི་མ་གྲགས་པ་ཟེར་བ་མེད་པས། ཉི་གྲགས་དང་སྟག་ཤམ་པ་ཐུགས་མི་མཐུན་པས་ཉི་མ་གྲགས་པ་ཕྱོགས་གཞན་དུ་འཕུལ་འདོད་པའི་གསུང་མིན་ན་རུང་སྟེ། སྔར་ཡང་ཉི་མ་གྲགས་པའི་མཚན་གྱི་ཅོད་པན་འཛིན་པ་འགའ་ཞིག་བྱོན་པར་གྲགས་ལ། དེར་མཚུངཤ་འདིར་ཡང་གཉིས་ཀ་གཏེར་སྟོན་ཡིན་མཉམ་ལས་མ་འདས་ཏེ། ལས་འཕྲོ་གླིང་པ་སྔ་ཕྱི་སྔ་ཙམ་བྱོན་པ་ཐམས་ཅད་ཚད་ལྡན་དུ་བཞེད་པ་དང། གཏེར་བདག་གླིང་པའང་མངའ་རིས་པཎ་ཆེན་རིན་པོ་ཆེའི་མཚན་གྱི་རྣམ་གྲངས་ཡིན་ཡང། ཡོངས་གྲགས་སྨིན་གླིང་པའང་ལྔ་པ་རིན་པོ་ཆེས་རརྣ་གླིང་པར་ངོས་འཛིན་གནང་ཡང། ཡོངས་གྲགས་སྣང་རྩེ་བ་དང། མདོ་སྔགས་གླིང་པ་ཡོངས་གྲགས་མཆོག་ལྡན་མགོན་པོ་དང། གནས་གསང་པ་མཁྱེན་བརྩེའི་དབང་ཕྱུག་གི་གསང་མཚན་དུ་བཞེད་ཀྱང་ཀློང་གསལ་སྙིང་པོའི་མཚན་གྱི་རྣམ་གྲངས་སུ་འདོད་པ་དང། ཐང་ཡིག་ནས་གསུངས་པའི་བསམ་གཏན་གླིང་པའང་སྟག་ཤམ་པ་དང་གཉིས་བྱུང་ཞིང་རོག་རྗེ་གླིང་པ་དང་རིན་ཆེན་གླིང་པ་སོགས་ལའང་ངོས་འཛིན་མི་འདྲ་བ་དུ་མ་བྱུང་བས་མཚོན། མཚན་གཅིག་པ་ཙམ་གྱིས་ཅིག་ཤོས་མིན་པ་བསྒྲུབས་མི་ནུས་མོད། འོན་ཀྱང་ཐང་ཡིག་ས་གསུངས་པའི་ཉི་གྲགས་ནི་གཏེར་ལུང་དང་གཏེར་གནས་ཀྱིས་གསལ་བས་བཞིན་དུ་སྙོན་དུ་མེད་པ་ཕྱོགས་འཛིན་གྱིས་ཐུགས་མ་བསླད་པའི་དཔྱོད་ལྡན་གཟུ་བོར་གནས་པ་དག་གིས་ངེས་ཤིང་ཡོངས་སུ་གྲགས་པསས་གསོལ་ལོ། གཏེར་སྟོན་རིག་འཛིན་མི་འགྱུར་རྡོ་རྗེ་ནི་ལྷོ་རྒྱུད་ཀྱི་འབྲོག་པའི་ནང་(སྨད་ཆ།༡༠༨)ཞིག་ཏུ་འཁྲུངས། སྨྱོ་སྦྱོད་ལྟ་བུ་མཛད་པས་ཀུན་གྱི་ཡོངས་དགེ་གཏེར་སྨྱོན་དུ་འབོད། མངོན་ཤེས་དང་རྫུ་འཕྲུལ་ཐོགས་མེད་ཡོད་པར་གྲགས། གཏེར་གནས་ཟླ་སྙིང་ཐང་ནས་ཟླ་བ་བདུན་དུ་ས་བརྐོས་པ་ནས་གཏེར་ཐོན་པ་ཡིན་ཟེར་ཏེ་ངོ་མཚར་ཆེ་བ་ཞིག་ཏུ་སྣང། གཏེར་གནས་གཞན་ནས་ཀྱང་གཏེར་ཁ་རྩི་རིགས་བཞེས་པ་ཡིན་འདྲ། གཏེར་ཆོས་དངོས་གཞི་རྡོ་རྗེ་གྲོ་ལོད་སྐོར་ཟབ་ཁྱད་ཅན་ཞིག་ལས་གཞན་དང་བླ་མ་པདྨ་ཐོད་ཕྲེང་གྲུབ་ཆེན་བརྒྱད་ཅུས་བསྐོར་བའི་ཆོས་ཕྲིན་ཞིག་ལས་གཞན་མ་མཐོང་གོ། པར་ཁམ་རྡོ་ཤུལ་བླ་མ་ངག་དབང་ཕྲིན་ལས་དང། གླིང་ཚང་རྫོང་བགོའི་གཏེར་སྟོན་པདྨ་དབང་ཕྱུག་གཉིན་ནི་རིག་འཛིན་ཆེན་པོ་ཉི་མ་གྲགས་པའི་གཏེར་སློབ་ཡིན་ཏེ། དེ་ཡང་དྲོ་ཤུལ་བླ་རུ་བླ་མ་ནི་བླ་ཆེན་དགོངས་པ་རབ་གསལ་གྱི་གདུང་བརྒྱུད་ཡིན་པར་གྲགས་ཏེ་རྙིང་མ་བཀའ་མ་ལ་སྦྱོད་པའི་སྔགས་བརྒྱུད་ལ་འཁྲུངས་ཏེ་གཏེར་ཆེན་ཉི་གྲགས་དང་མཇལ་ནས་ལུང་བསྟན་པ་བཞིན། སྙིགས་དུས་འདིར་སྔར་མེད་གསར་བྱུང་གི་ནད་ངན་གཉན་རྒོད་ཕྱི་ནང་དུ་གྲགས་པའི་འགོ་ནད་གདུག་པ་ཅན་དེའི་བཅོས་ཐབས་གསོ་སྲུང་འབྱུང་ཁུངས་ལོ་རྒྱུས་དང་བཅས་པའི་གདམས་སྐོར་ཞིག་གདན་དྲངས་ཏེ། བདག་གི་བླ་མ་ཉི་སྦྲུལ་རིན་པོ་ཆེ་ནས་ཀྱང་ལུང་ལག་ཁྲིད་གསང་སྨན་ངོས་འཛིན་དང་བཅས་གསན་པར་སྣང་སྟེ། དེ་ལས་གཞན་པའི་གཏེར་ཆོ་ཡོད་པ་མ་གསལ། གཏེར་རྫས་ཛྷྂ་ཀྵེ་མ་ལས་གྲུབ་པའི་ཐུབ་དབང་ནཱ་ག་ཛུ་ནའི་ཕྱག་བཟོ་དང། གནམ་ལྕགས་རྫོ་རྗེ་སོགས་ཡོད་པར་སྣང་རྫོང་འགོའི་གཏེར་སྟོན་ལ་གཏེར་ཆོས་པུ་ཏི་གཉིས་ཙམ་ཡོད་པར་འདུག་སྟེ་གཏེར་སྟོན་འདི་རིག་འཛིན་ཀློང་གསལ་སྙིང་པོས་ཡང་ཚད་ལྡན་དུ་བཞེད་པར་(སྨད་ཆ།༡༠༩)སྣང་ངོ། རིན་འཛིན་ཆེན་པོ་ཚེ་དབང་ནོར་བུ་ནི། འཁྲུངས་ཡུལ་མོད་སྨད་ས་ངན་པ་སྟེ་བསོ་པ་ཡིན། ཡབ་རྡུ་པ་ཨ་ཏི་མགོན་པོ་དང། ཡུམ་སྒོ་བཟའ་རྡོ་རྗེ་མཚོའི་སྲས་སུ་འཁྲུངས། སྟག་བླ་པདྨ་ནོར་བུའི་སྐྱེ་བར་ངོས་བཟུང་ནས་རོ་བཀྲའི་གནས་ནང་གི་གདན་སར་སྦྱན་དྲངས་ནས་བཞུགས། ཆུང་དུ་ནས་ཡི་གེ་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། སྐུའི་ཞང་པོ་པདྨ་བདེ་ཆེན་གླིང་པ་ལ་ཆོས་མང་དུ་གསན་པས་ཉམས་རྟོགས་བཟང་པོ་འཁྲུངས། ཀ༔་ཐོག་རྒྱལ་སྲས་ལ་དགེ་སྙེན་སྡོམ་པ་དང། ཟུར་མང་ཆེ་ཚང་གསུང་རབ་རྒྱ་མཆོ་ལས་བཀའ་ཆོས་མང་དུ་གསན་ནས། རིམ་གྱིས་སྦོ་བོ་ནས་བརྒྱད་བོད་ཡུལ་དབུས་གཙང་ཕྱོགས་དང་བལ་ཡུལ་བར་དུ་ཕེབས། སླར་ཕྱིར་ཕེབས་ནས་སྔར་ཞབས་དྲུང་ཏྲེ་ཧོས་ལུང་བསྟན་པ་ལྟར་རྗེ་བཙུན་ཀུན་བཟང་དབང་པོའི་དྲུང་ནས་རྫོ་ནང་ལུགས་ཀྱི་སྦྱོར་དྲུག་གསན། གཞན་ཡང་ཏྲེ་ཧོ་རིན་པོ་ཆེ་སོགས་བླ་མ་མང་དུ་བསྟེན་ནས་གསན་བསམ་མཐར་ཕྱིན་པ་མཛད། གྲུབ་མཐའ་སྨྲ་བ་ཀུན་གྱི་བཞེད་པ་དང་བརྡའ་སྦྲོད་ཡན་ལག་དང་བཅས་པ་སོགས་རིག་བྱང་རྣམས་ཀྱང་མཁས་པར་མཁྱེན། མཚན་ཉིད་པའི་དགེ་བའི་བཤེས་གཉེན་ཆེན་པོ་ངག་དབང་བྱམས་པའང་ཆོས་ཀྱི་འབྲེལ་གཏམ་གྱི་སྦོབས་པ་འཕྲོགས། མི་དབང་ཕོ་ལྟ་ཐིས་ཇི་ཡབ་སྲས་ཀྱིས་ཏི་ཤྲིར་བཀུར་སླར་ཡང་སི་ཏུ་རིན་པོ་ཆེ་དང་ལྷན་ཅིག་ཏུ་བལ་ཡུལ་དུ་ཕེབས་པས། བལ་པོའི་རྒྱལ་པོ་རྣམས་ཀྱིས་བསྙེན་བཀུར་ཕུལ། འདི་དུས་མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོ་མཛད། སླར་བོད་དུ་ཕེབས་ནས་གཉལ་སྨད་དགེ་རི་ལ་སོགས་པའི་སྒྲུབ་གནས་མང་པོར་བྱོན། སྦྱིར་ཡང་(སྨད་ཆ།༡༡༠)རྗེ་འདི་སྦོ་ཀོང་རྣམས་སུ་སྔ་ཕྱིར་རྒྱུན་རིང་ཙམ་བཞུགས་པས་ལྷ་ཁང་དང་དགོན་པ་གསར་འདེབས་སོགས་མཛད་པ་མང་དུ་སྣང། སླར་ཡང་བལ་ཡུལ་དུ་ཕེབས་ནས་རང་བྱུང་མཆོད་རྟེན་གོ་མ་ས་ལ་གྷ་གྷ་ནྡྷོ་ཞིག་གསོ་མཛད། དེ་སྐབས་གོརྵྱ་རྒྱལ་པོ་མི་གུས་པ་ལ། ལྷ་ཆེན་པོ་རྣམས་ལ་བདེན་ཚིག་གསོལ་བ་ཙམ་གྱིས། ན་ག་ཀོ་ཏིའི་གྲོང་ལ་མེ་ཤོར་བར་བཙུན་མི་དང་སྲས་བློན་རྣམས་ཀྱིས་གསོལ་བ་བཏབ་པས་དེའི་མོད་ལ་མེ་ཞི་བར་མཛད་པས་དེ་དག་དད་པ་ཐོབ་སྟེ་ཅི་གསུངས་ཉན་པ་བྱུང། མཆོད་རྟེན་བཞེངས་པའི་ཆ་རྐྱེན་དུ་ལྷ་འདྲེ་རྣམས་ལ་གསེར་བླངས་པས་མི་ཕུར་བཅོ་སྔ་ཙམ་བྱུང་བར་གྲགས་ཤིང། རྡོ་ཡི་གཏེར་ཆེན་པོའང་བཏོན། དེ་སྐབས་མངའ་རིས་ལ་དཱགས་རྒྱལ་པོ་སྟོད་སྨད་གཉིས་འཁྲུགས་ནས་སྟོད་ཧོར་གྱི་དམག་འགུག་པ་སོགས་བྱེད་པར། གཞུང་ས་ནས་ཕེབས་བསྐུལ་ཞུས་པ་བཞིན་ཕེབས་ནས་སྟོད་སྨད་ཀྱི་འཁྲུག་པ་སྡུམ་པར་མཛད། སྟོད་ཧོར་གྱི་དམག་རང་ཡུལ་དུ་ལྡོག་པར་མཛད་ནས་ཐུགས་རྗེའི་ཕན་ཚུན་གྱི་འཁྲུགས་པ་ཐམས་ཅད་ཞི་བར་མཛད་ནས། སླར་བལ་ཡུལ་དུ་ཕེབས་ནས་མཆོད་རྟེན་ཉམས་གསོས་མཛད་པ་རྣམས་འཕྲོ་སྐྱོང། དེ་ནས་འབྲུག་པ་རིན་པོ་ཆེ་བསྙུང་བསལ་བར་མང་ཡུལ་སྐྱིད་གྲོང་དུ་ཕེབས་རྡོ་ལ་ཞབས་རྗེས་འཇོག་པ་དང་རྦབ་གྱེན་ལ་ཟློག་པ་སོགས་ཀྱི་རྫུ་འཕྲུལ་དང་གྲུབ་རྟགས་མང་པོ་བསྟན། སྦྱིར་ཡང་རྗེ་འདི་མངོན་པར་ཤེས་པ་ཆག་ཐོགས་མེད་པས་དུས་གསུམ་སྒྲིབ་མེད་དུ་གཟིགས་པ་ལ་སྙོན་དུ་མེད་ཅིང། གཏེར་གྱི་རྣམ་གྲངས་ནི་གཙང་གཤིས་ཕྱོགས་ནས་གཏེར་ཕྲན་འགའ་ཞིག་དང། ཀི་རོང་རྡོ་རྗེ་གསང་ཕུག་ནས་འདབས་གཏེར་སྦས་པ་འགའ་ཞིག་བཏོན། གཞན་ལྟ་མོ་རིག་བྱེད་མའི་ཆོས་སྐོར་(སྨད་ཆ།༡༡༡)ཞིག་གཏེར་ནས་ཐོན་པ་གོངས་རིན་པོ་ཆེ་ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོར་ཕུལ་བ་ཡིན་ཟེར། དག་སྣང་གི་ཆོས་སྐོར་མང་དུ་ཡོར་པར་སྣང་སྟེ་གུ་རུ་ཡོན་ཏན་མཛད་བསམ་ལྷུན་མའི་སྒྲུབ་སྐོར་ཞིག་བཞུགས་པ་བདག་གིས་ཀྱང་མཐོག། རྗེ་འདི་གྲུབ་པའི་དབང་ཕྱུག་གཞན་འགྲན་དང་བྲལ་བར་འཁྲུམས་ཀྱང། མ་དག་པའི་སྐྱེ་བོ་དག་གིས་གཤེ་སྐུར་ཅལ་སྒྲོགས་བྱེད་པའང་ཤིན་ཏུ་མང་སྟེ། རྗེ་ཉིད་ཀྱི་གསུང་ལས་ཀྱང། ཁ་ཅིག་དམ་པ་མཆོག་ཅེས་བསྔགས་ཤིང་བསྟོད། ཁ་ཅིག་བདུད་ཅེས་སྨད་ཅིང་ཆེས་གཤེ་ཡང། ཞེས་དང། འགའ་ཡིས་ཧ་ཅང་བསྟོད་དང་ཧ་ཅང་སྨད། ཚབ་འདི་ཆེས་པས་བར་མི་ཕོ་སྐྱེ་ཞིག། མིན་པའི་ཚད་མ་འདི་ཡིས་ངེས་གྱུར་མདོ། གང་ལྟར་དགག་སྒྲུབ་བྲལ་བའི་སྔགས་ཆང་བདེ། ཞེས་གསུངས་པར་སྣང་ངོ། དེ་ནས་མི་རིང་བར་སྐྱིད་གྲོང་ཉིད་དུ་སྐུ་ཐིམ་པ་ཡིན་པར་སྣང། མཆོད་རྟེན་ཉམས་གསོས་འཕྲོ་རྣམས་ཞལ་ཆེམས་བཞིན་དུ་བུ་སློབ་རྣམས་ཀྱིས་གྲུབ་པར་མཛད་དོ། རྗེ་འདིའི་ཞལ་སློབ་ཀྱི་གཙོ་ནི་ཀརྨ་པ་ཡབ་སྲས། འབྲུག་ཐམས་ཅད་མཁྱེན་པའི་སྦྲུལ་སྐུ། ཐམས་ཅད་མཁྱེན་པ་སི་ཏུ་རིན་པོ་ཆེ་སོགས་ཏེ་གཞན་ཡང་མཐའ་ཡས་པ་བཞུགས་སོ། གཏེར་སྟོན་རིག་འཛིན་ནམ་མཁའ་རྨོག་གྲུབ་རིག་འཛིན་ཆེན་པོ་ནི། སྦྲུལ་བའི་སྐྱེས་ཆེན་འཁྲུལ་ཞིག་དབང་གྲགས་རྒྱ་མཚོའི་རྣམ་ཐར་དུ། རྗེ་དེ་ཉིད་འཕོས་ནས་གཏེར་སྟོན་ཤེས་རབ་མེ་འབར་དང། རིག་འཛིན་མི་འགྱུར་རྡོ་རྗེ་སྐྱེ་བ་བཞེས་ནས་རིག་འཛིན་ནམ་མཁའ་ཞེས་པར་སྐྱེ་ཞེས་ལུང་བསྟན་ཡོད་པ་བཞིན་ནས་རིག་འཛིན་ནམ་མཁའ་ཞེས་པར་སྐྱེ་ཞེས་ལུང་བསྟན་ཡོད་པ་བཞིན་དང། བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས།(སྨད་ཆ།༡༡༢)མཚམས་མདུན་ཕྱོགས་ནས་འདྲེན་མོས་མངོན་གཟུགས་སྟོན། ཀླུ་རྫོང་ཕྱོགས་ནས་སྔར་མེད་ཆུ་མིག་རྡོལ། གསང་བདག་སྦྲུལ་པ་རྟ་རྨའི་མིང་ཅན་འབྱུང། ཞེས་ལུང་བསྟན་ཤིན་ཏུ་གསལ་བ་ལྟར། ཀླུ་རྫོང་ཞེས་པའི་ས་དང། ཀླུ་ཝག་དགོན་གཉིས་ཀ་ནས་ཆུ་ཅིག་གསར་བརྟོལ་ཤིན་ཏུ་ཆེ་བར་བྱུང་ཤིང། ལྷ་འདྲེའི་དངོས་གཟུགས་བསྟན་པ་སོགས་ལུང་བསྟན་བཤད་ཚོད་དང་མཐུན་པར་བྱུང་སྟེ། དེ་ཡང་འཁྲུངས་ཡུལ་ནི་བསོ་ཡི་རེ་ཁེ་བྱང་གསུམ་ཞེས་པར། ཡབ་སྔགས་འཆང་བསོད་ནམས་བཀྲ་ཤིས་ཞེས་པའི་སྲས་སུ་འཁྲུངས། ཆུང་ངུའི་དུས་ནས་དམ་པའི་རིག་སད་པས་སྐྱེ་བ་དྲན་པ་དང་གྲུབ་པའི་སྦྱོད་པའང་ཅི་རིགས་མཛད། དེ་ནས་སྟག་བླ་ཀུན་བཟང་རྣམ་རྒྱལ་གྱི་དྲུང་དུ་གསན་བསམ་མཛད་ནས་ལོ་མང་དུ་བཞུགས། ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོའི་ཉམས་ཁྲིད་ཟབ་རྒྱས་ཡང་ཡང་གསན་ནས་ཉམས་བཞེས་གནད་སྨིན་མཛད་པས་རྫོགས་པ་ཆེན་པོ་གཞི་ལམ་གྱི་རྟོགས་པ་མངོན་དུ་གྱུར་ཏེ་མཉམ་རྗེས་འདྲེས་ནས་འདོ་གསལ་འཁོར་ཡུག་ཏུ་གྱུར། བླ་མའང་ཐུགས་མཉེས་ནས་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་མཛད་ནས་དབང་ཆས་སོགས་གནང་སྦྱིན་དང་བཅས་འགྲོ་དོན་ལ་བསྐུལ། རྨོག་ཆ་བླ་མའི་ཡང་སྲིད་དུ་ངས་བཟུང་ནས་གདན་པར་སྦྱན་དྲངས། གཞན་ཡང་བླ་མ་རྡོ་རྗེ་དཔའ་བོ་དང། སྦྲུམ་དྲུང་པ་ནམ་མཁའ་དྲངས། གཞན་ཡང་བླ་མ་རྡོ་རྗེ་དཔའ་བོ་དང། སྦྲམ་དྲུང་པ་ནམ་མཁའ་རྒྱ་མཚོ་དང། ཀ༔ཐོག་དྲི་མེད་ཞིང་སྐྱོང་ཉི་གྲགས་མཆོག་སྦྲུལ་ཀུན་བཟང་ཐེག་མཆོག་རྒྱ་མཚོ་སོགས་ལས་ཀྱང་བཀའ་ལུང་དབང་སོགས་མང་དུ་གསན། ཨོ་རྒྱན་རིན་པོ་ཆེའི་ཞལ་ཡང་ཡང་གཟིགས་ཤིང་གཏེར་གྱི་ཁ་བྱང་མང་པོའང་ཕྱག་ཏུ་སོན། ལུང་བསྟན་ལྟར་བདུད་མོ་མ་རུངས་པ་ཞིག་རྫུ་འཕྲུལ་གྱི་སྟོབས་ཀྱིས་(སྨད་ཆ།༡༡༣)མངོན་སུམ་དུ་བསྒྲལ་ནས་གནས་སྦར། ལྟ་སྟངས་དང་སྡིག་མཛུབ་ཀྱིས་རིགཟར་གྱི་རྦབ་ཆེན་པོ་གྱེན་དུ་ཟློ་ག་ནས་ཕྱོགས་བཞིར་འཐོར། ཆུ་བོ་ཆེནཔོ་འབྲི་ཆུ་ཡས་མས་སུ་ཆད་པ་ནས་ཐོགས་མེད་དུ་གཤེགས། སྐུ་ལུས་ལ་མེ་འབར་བ་ཀུན་གྱི་མཐོང་བ་ཡང་ཡང་བྱུང། བྲག་རི་ལྟར་མི་བཟོད་པའི་ངོས་ལ་བྱ་ལྟར་གཤེགས་པ་དང། ཕྱག་ཞབས་ཀྱི་རྗེས་སོགས་ནི་གྲངས་ཀྱིས་མི་ཆོད། ལྷ་འདྲེ་མི་སྲུན་པ་མང་པོ་དམ་ལ་བཏགས་པ་དང་གནས་སྦར་ཡང་བསམ་གྱིས་མི་ཁྱིབ། ཟབ་མའི་གཏེར་ཁ་དངགནས་སྒོ་མང་པོའང་གསར་ཕྱེས་མཛད། ཆོས་གཏེར་རྣམས་རྟེན་འབྲེལ་གྱི་བབ་ལས་རྒྱ་ཆེར་སྦེལ་གནང་མ་གྲུབ་ཀྱང་རྫས་གཏེར་སྐུ་ཚབ་ཕྱག་མཚན་སོགས་མང་དུ་སྦྱན་དྲངས། ཁྱད་པར་རྫ་བརྒྱུད་འབྲོག་གནས་ཨ་ངོས་ཞེས་པའི་ས་ནས་གསེར་རྫ་བུམ་དོ་བཏོན་ནས་ཀ༔ཐོག་སྐུ་འབུམ་གསོ་བའི་ཆ་རྐྱེན་མཛད། མངོན་པར་ཤེས་པ་ཆག་ཐོགས་མེད་པས། སྡེ་དགེ་དཔོན་མོ་ཚེ་དབང་ལྷ་མོ་ཁྱིམ་ན་བཞུགས་སྐབས་སྐུ་ན་འཕྲ་མོའི་དུས་མཇལ་དུ་བྱོན་པས། བུ་མ་འདི་བསོད་ནམས་ཆེ་ཚད་ཞིག་ཡིན་ཏེ་ལྐོག་གྱུར་ཐམས་ཅད་སྒྲིབ་མེད་དུ་གཟིགས་སྐྱེ་བོ་གདུག་ཅན་དག་གི་སྒྱུ་འཕྲུལ་གྱིས་གདན་སར་ཡུན་རིང་བཞུགས་པ་མ་བྱུང་བས། ཕལ་ཆེར་ཀ༔ཐོག་རང་དུ་བཞུགས་ནས་སྐལ་བ་དང་ལྡན་པ་དག་ལ་ཟབ་རྒྱལ་ཆོས་ཀྱི་འཁོར་ལོ་བསྐོར་བས་འགྲོ་དོན་མཐའ་ཡས་མཛད་ནས་ཆོསཀྱི་དབྱིངས་སུ་གཤེགས་སོ། སྐུའི་སྐྱེ་བ་ཡང་སྔོན་མ་ལས་ལྷག་པ་དེང་སང་བཞུགས་བཞིན་པ་འདིའོ། བདུད་འདུལ་རྡོ་(སྨད་ཆ།༡༡༤)རྗེ་ནས་འདི་ཡན་ཁམ་པ་ཤ་སྟག་ཡིན་ཅིང། འདི་དག་དང་སྔ་ཕྱི་རིམ་པར་ཐོག་མཚུངས་སུ་བྱོན་པའི་སྟོད་མངའ་རིས་ནས་བཟུང་དབུས་གཙང་དཱགས་ཀོང་ལ་སོགས་སུ་མང་དུ་བྱོན་པ་ལས། རིག་འཛིན་ཆེན་པོ་གཏེར་བདག་གླིང་པ་དང། དཱགས་པོ་བཟང་པ་རྡོ་རྗེ་གཉིས་ནི་འཆད་འགྱུར་གདན་རབས་ཀྱི་སྐབས་སུ་འབྱུང་བ་དེ་ལས་གཞན་པའི་གཏེར་སྟོན་རང་གིས་ཐོས་རིགས་རྣམས་ལམ་ཙམ་སྔ་ཕྱིའི་གོ་རིམ་ལྟར་བརྗོད་པར་བྱ་སྟེ། དེ་ཡང་མངའ་རིས་གཏེར་སྟོན་རིག་འཛིན་གར་དབང་རྡོ་རྗེའམ་ཟླ་བ་རྒྱལ་མཚན་ནི། པདྨའི་རྣམ་ཐར་གསང་བ་དྲི་མེད་ལས། གཏེར་བཞད་སྙིང་པོ་གར་དབང་སྙིང་པོ་དང། ཞེས་པའི་མངའ་རིས་གུང་ཐང་གི་ནུབ་རི་གཡམ་ཞེས་པའི་སར་འཁྲུངས་ཏེ། དེ་ཡང་གཏེར་ལུང་ལས། གཏེར་སྟོན་འདི་ཉིད་རྡོ་རྗེ་བདུད་འཛོམས་ཀྱི་སྐྱེ་བ་རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་གྱིས་འདབས་གཏེར་སྦས་པའི་གཏེར་ཞབས་འདོན་པར་ལུང་གིས་བསྟན་ཏེ། བདུད་འཛོམས་སྐྱེ་བ་མཐོ་ཡོར་ནག་པོ་རུ། ཁྲོ་ཚུལ་སྦས་པའི་རྣལ་འབྱོར་ཅིག་གིས་འདོན། ལྷ་སྲས་སྦྲུལ་པ་ཉིད་ཀྱི་གདུང་བརྒྱུད་ལ༔ དམ་སྲིའི་སེལ་བྱུང་བརྟེན་འབྲེལ་མ་འཛོམས་ན༔ དེ་ནས་སྦས་པའི་ཡུལ་སྒོ་དག་ཏུ་ནི། བྱིན་རླབས་བསྒྲུབས་པའི་གནས་སུ་རྣལ་འབྱོར་དེས། ངེས་པར་སྦས་ཏེ་སྨོན་ལམ་འདེབས་པར་འགྱུར། ཞེས་དང། འདི་ནས་ལྷོ་ནུབ་མངའ་རིས་གུང་ཐང་གིས། ལྷོ་ནུབ་ནམ་མཁའ་རལ་གྲི་ལྟ་བུ་མགོ༔ ས་གཞི་གཞུ་བརྒྱུད་སྒྲིམ་པ་ལྟ་བུའི་ནང། ཁྱི་འབྲུག་(སྨད་ཆ།༡༡༥)གླང་ལོ་པ་གང་རུང་བའི། ཕ་དང་མ་ཡི་མི་བྱམས་གཉན་དང་བྲལ༔ ནོར་དང་བྲལ་ཞིང་དབུལ་འཕོངས་ཤེས་རིག་ཅན༔ འཇིག་རྟེན་དབང་ཕྱུག་ཆོས་ལ་མོས་གུས་ལྡན། ཞེས་དང། ནམ་སྙིང་རྫོགས་ཆེན་བསྒོམས་པའི་རྣལ་འབྱོར་དང༔ འཕྲད་ཅིང་མི་གཙང་འགེགས་དང་སྐྱོན་སྦངས་ནས། བོད་ཁམས་འདུལ་ཞིང་ཧོར་སོགས་གནོད་པ་བཟློག། ཞེས་ལུང་གིས་བསྟན་པའི་རིག་འཛིན་དེ་ཉིད་དབེན་གནས་མུ་སེའི་ཕ་ཝང་རུས་སྦལ་འདྲ་བའི་འོག་ཏུ། རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེའི་གཏེར་ཁའི་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་བསྙེན་སྒྲུབ་མཛད་ནས་བཞུགས་པའི་དུས་སུ། ཡེ་ཤེས་མཁའ་འགྲོ་གཅེར་བུ་རུ་པའི་རྒྱན་ཅན་གསུམ་གྱིས། ཨེ་མ་སྐལ་ལྡ་རིགས་ཀྱི་བུ། དབྱིངས་རིག་ནམ་མཁའི་གློང་དཀྱིལ་ནས། ཐུགས་རྗེས་ཀུན་ཁྱབ་ཨོ་རྒྱན་རྗེ། བོད་ལ་ལྷག་པར་རྩེར་དགོངས་ཏེ། ཞེས་སོགས་གླུ་དང་བརྡའ་ཡིས་བསྐུལ་བས་ཐུགས་ཉམས་འུར་ཏེ་ཞབས་ས་ལ་མ་རེག་པར་ཕ་ཝ་སྦྲུལ་ནག་འཁྲུག་འདྲ་བའི་སྟེང་དུ་ཕེབས་པ་ན། བུ་མོ་དེ་གསུམ་གྱིས་ཉམས་དང་བརྡའ་ཐབས་སྣ་ཚོགས་བསྟན་ནས་གཏེར་འདོན་པར་བསྐུལ་བ་དང། ཡུལ་དེའི་ཞིག་བདག་མི་ལེ་སྒང་གིས་བདག་པོས་རིག་འཛིན་དངོས་གྲུབ་རྒྱལ་མཚན་གྱི་ངེད་རྣམས་ཀ་བཅོལ་གདམས་བྱས་པའི་ཆོས་རྣམས་ལེན་དུ་བྱོན་ཟེར་བ་དང། སླར་ཡང་རྫོང་ལྷ་དཀར་པོ། རྐོས་རྗེ། ཀླུ་སྨན། ར་ཟམ་གྱི་བདུད་རྣམས་ཀྱིས་ཀྱང་སྐུལ་མ་བྱུང་བ་བཞིན། གཏེར་བཞེས་པར་བྱོན་པས་རི་དཱགས་དམར་པོ་ཞིག་སྔོན་ལ་འགྲོ་བར་གཟིགས་ནས་དེ་ཡི་རྗེས་སུ་བྱོན་པས་མི་མི་ཐར་བའི་བྲག་གཡང་ཆེན་པོ་ཞིག་ནས་གཏེར་གྱི་ཁ་བྱང་རྣམས་ཕྱག་ཏུ་སོན་པ་བཞིན་སྦས་ཡུལ་སྐྱིད་མོ་ལུང་ནས་(སྨད་ཆ།༡༡༦)རྡོར་སེམས་ཐུགས་ཀྱི་མེ་ལོང་གི་སྐོར་རྣམས་གཏེར་ནས་གདན་དྲངས་ཤིང། གཞན་ཡང་པདྨའི་སྙན་བརྒྱུད་ཡང་གསང་དྲི་མེད་སོགས་སྦྱན་དྲངས་སོ། ཡང་མང་ཡུལ་འཛམ་གླིང་གཙུག་ལག་ཁང་ན་བཞུགས་པའི་དུས་སུ་མཁའ་འགྲོས་ལུང་བསྟན་པ་བཞིན་དུ་འཕགས་པ་ཝ་ཏིའི་ཁྲུས་ཁང་ནས་སྦྱན་རས་གཟིགས་ཙ་གསུམ་སྙིང་ཐིག་གི་སྐོར་རྣམས་སྦྱན་དྲངས། གཞན་ཡང་གཏེར་ཆོས་དང་གཏེར་རྫས་ཀྱང་མང་དུ་གཏེར་བཞེས་ཤིང་ཆོས་བདག་གིས་གཙོ་བོ་ཀུན་མཁྱེན་ལྔ་པ་རིན་པོ་ཆེ་ཞུ་མཆིད་དང་བཅས་བྱ་མ་ཏི་ལམ་ནས་ཕུལ་བས་ཐུགས་ངེས་འབྲོངས་ནས་གདུལ་བྱ་ཕྱོགས་བྲལ་བུ་སྦྱོད་ཆོག་པའི་བཀའ་ཐབས་ཕེབས། གཞན་ཡང་གཏེར་ཆེན་ཉི་མ་གྲགས་པ་སོགས་ལ་ལུང་དང་མཐུན་པར་ཕུལ་ཞིང། འགྲོ་དོན་ཕྲིན་ལས་ཀྱང་རྒྱ་ཆེར་བྱུང་བར་སྣང་ངོ། མཚན་གྱི་རྣམ་གྲངས་པདྨ་གར་དབང་རྡོ་རྗེ་སྙིང་པོ། བདེ་བའི་རྡོ་རྗེ། ངག་དབང་རྒྱལ་མཚན། ཉི་ཟླ་ཀརྨ་གྲགས་པ། ཞེས་སོགས་ཀྱང་འབྱུང་ངོ། གཞན་ཡང་རྫུ་འཕྲུལ་ཡ་མ་གཟུགས་སྣ་ཚོགས་སྟོན་ནུས་པ་དང། མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་བ་དང། ཕྱག་ཞབས་ཀྱི་རྗེས་སོགས་མངོན་སྣང་མཐུན་པར་འཇོག་པ་སོགས་ཡོན་ཏན་བསམ་གྱི་མི་ཁྱབ་པ་མངའ་བ་ཡིན་ནོ། གཏེར་འབྱུང་རྣམ་ཐར་སོགས་རྒྱས་པར་མ་མཐོང་ཡང་འདི་དག་གཏེར་ཡོད་རྣམས་ནས་ཐོར་བུ་བཏུས་པ་ཡིན། གཙང་ནས་རོང་པ་བདུད་འདུལ་གླིང་པ་བྱུང་སྟེ་རླུང་ནུས་གྲུབ་རྟགས་སོགས་ཆེ་བར་ཡོད་འདུག་ཀྱང་རྟེན་འབྲེལ་འཕྱུག་པས་རྒྱལ་པོ་ལྷ་བཟང་གིས་བར་ཆད་བྱས་ཏེ་འགྲོ་དོན་མ་བྱུང་བས་ཞིབ་པར་མ་བྲིས། རཱ་སྟོན་སྟོབས་ལྡན་རྡོ་རྗེ་ནི། གཙང་རྒྱལ་ཙེར་འཁྲུངས། དེ་ཡང་(སྨད་ཆ།༡༡༧)སྔོན་མཐུ་སྟོབས་ཀྱི་དབང་ཕྱུག་རཱ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་གདུང་བརྒྱུད་ཡིན་སྔ་ཕྱིར་ལོ་ཙཱ་ཡང་འགའ་ཞིག་བྱོན་པའི་བརྒྱུད་ལ། ར་ཤི་སྟོན་པ་ཞེས་སྔགས་འཆང་ནུས་ལྡན་ཟམ་མི་ཆད་པར་བྱོན་པའི་བརྒྱུད་དུ་འཁྲུངས། རྒྱལ་རྩེ་ཟུར་སྦེ་གྲཱ་ཚང་དུ་གསན་སྦྱང་མཛད། དེ་ནས་ཆོས་གླིང་བདེ་བའི་རྡོ་རྗེའི་སྐུ་དྲུང་དུ་བྱོན་པ་ན་རྗེ་དེས་ཐུགས་སྲས་ཀྱི་ཐུ་བོ་གྱུར་ཏེ་བདེ་བའི་རྡོ་རྗེ་ཉིད་ལ་བཞུགས་པའི་བཀའ་ཆོས་ཐམས་ཅད་བུམ་པ་གང་བྱོར་སྩལ། ཁྱད་པར་དུ་ཆོས་གླིང་བདེ་བའི་རྡོ་རྗེ་ཉིད་ཀྱི་གཏེར་གསར་ཐམས་ཅད་ཀྱི་ཆོས་ཀྱི་བདག་པོར་དབང་བསྐུར། གཏེར་གསར་ཐམས་ཅད་ཀྱི་ཤོག་སེར་འབེབས་བ་པོའང་རྗེ་འདི་ཡིན་ལ་ཡུན་རིང་པོར་ཞབས་པར་འབྲལ་མེད་དུ་བརྟེན་པས་ཐུགས་ཀྱི་དགོངས་པ་ལོན། ཡུལ་དབུས་སུ་ཇུན་གར་གྱི་དཔུང་གིས་དུས་ཀྱི་ཟིང་ཆ་ཆེན་པོ་བྱུང་སྐབས་ཆོས་གླིང་བདེ་བའི་རྡོ་རྗེ་ཉིད་སྦས་ཡུལ་པདྨ་དཀར་པོར་བྱོན་པའི་ཞབས་ཕྱིར་བྱོན། དེ་སྐབས་ཆོས་གླིང་ཉིད་ཞིང་གཤེགས་པའི་དུས་སུ་རཱ་སྟོན་ལ་པདྨ་བཀོད་ཀྱི་བྱང་གླིང་དྲག་པོའི་གནས་རླུང་ནག་རྩུབ་འགྱུར་སོགས་ཀྱི་བདག་པོ་ཁྱོད་ཡིན་པས་ངེད་ཀྱི་སྒྲུབ་ལུས་བཏུལ་བའི་ས་སྦ་འཁོར་གོང་འོག་ཏུ་གནས་གཞི་ཐེབས་པ་དང་བྱང་གླིང་གི་གནས་རྣམས་ཀྱི་གནས་སྒོ་འབྱེད་པ་བཞིན། ཆོས་གླིང་ཞིང་གཤེགས་པའི་སྦང་འཁོར་གྱི་གཟིམ་ཆུང་དང་སྦུར་ཐལ་གྱི་མཆོད་རྟེན་སོགས་ལ་ཞབས་ཏོག་སོགས་བགྱིས་ནས་ཞལ་ཆེམས་བཞིན་བསྒྲུབ་པར་བརྩམས་ཡང་བདུད་རིགས་ཀྱི་འཕྲུལ་གྱིས་གྲཱ་སློབ་སོགས་ཀྱིས་རྟེན་འབྲེལ་མ་འགྲིགས་པར་ལུས། ཆོས་གླིང་པའི་སྐུ་སྐྱེ་ཞིག་ཀྱང་ངོས་འཛིན་མཛད་པ་སྦུ་བོ་བྲག་སྐས་དགོན་པར་(སྨད་ཆ།༡༡༨)བཞུགས་སུ་གསོལ། ད་ནས་ཡར་གཙང་ཕྱོགས་སུ་ཕེབས། དེ་ནས་ཀྱང་རྒྱ་གར་ཙཱ་མཆོག་གྲོང་དང་མཐའ་འཁོབ་མོན་གླིང་འབྲས་ལྗོངས་སོགས་སུ་བརྟུལ་ཞུགས་ཀྱི་སྦྱོད་པ་ཁོ་ནས་ཕེབས། ཆོས་རྗེ་གླིང་པའི་ཆོས་བདག་ཡིན་པ་ཙམ་དུ་མ་ཟད། རྙིང་ལུགས་ཕལ་ཆེར་གསན་ཞིང་རང་སྐལ་གཏེར་ཆོས་འོན་ཕུ་སྟག་ཚང་ནས་རྡོ་རྗེ་ཕུར་པའི་ཆོས་སྐོར་རྒྱས་པ་ཞིག་སྦྱན་དུངས་ནས་ཆོས་བདག་རྣམས་ལ་རིམ་པར་སྦེལ་བས་དེང་སང་ཡང་དར་རྒྱས་ཆེ། གཏེར་ཆོས་གཞན་ཇི་འདྲ་ཡོད་མ་འཚལ། སྐུ་ཚེའི་སྨད་ལ་མི་དབང་ཕོ་ལྟ་ཐེས་ཇི་བསོད་ནམས་སྟོབས་རྒྱལ་གྱིས་དབུའི་མཆོད་གནས་སུ་བསྐུར། རྗེ་འདི་མཐུན་སྟོབས་ནུས་པའི་མངའ་བདག་ཏུ་གྲགས་ཀྱང་རྣམ་ཐར་ཞི་བ་རྒྱས་མ་རྙེད། ཞིང་རྗེས་པའི་སྐུ་སྐྱེ་དཱགས་པོ་ལ་བར་དུ་འཆོ་བྱེད་ཨ་བོ་ཆོས་རྗེས་གདུང་བརྒྱུད་སྡེ་པ་ལ་ཐོག་ཟུར་མཁར་བའི་སྲས་སུ་འཁྲུངས་པ་ཡིན་འདུག་གོ། རིག་འཛིན་ཐུགས་མཆོག་རྡོ་རྗེའམ་གཏེར་ཆེན་ཧཱུྃ་ནག་འགྲོ་འདུལ་ནི། ཀུན་མཁྱེན་འཇིགས་མེད་གླིང་པས་ཐང་ཡིག་ནས་གསུངས་པའི་གཏེར་སྟོན་ཏོག་རྗེ་གླིང་པར་ངོས་འཛིན་གནང་བར་སྣང་ཡང་ཆོས་རྗེ་གླིང་པས་ལུང་བསྟན་དེ་རང་ཉིད་དུ་ཞལ་གྱིས་བཞེས་མོད། འོན་ཀྱང་དུས་རྟགས་གཏེར་གནས་སོགས་ཕལ་ཆེར་གཅིག་པར་སྣང་བས་གཏེར་སྟོན་དེ་གཉིས་ཀའི་ལུང་བསྟན་དུ་བཟུང་ཡང་མི་འགལ་ལ། གཞན་ཡང་རྒྱལ་པོ་བཀའ་ཐང་ལས། ཤཱཀྱའི་ཞིང་ཁམས་བསམ་ཡས་ཕུ་གདོང་ནས། བྱང་སེམས་གསང་གསང་སྔགས་ཐེག་ཆེན་རྣལ་འབྱོར་པ། སྔགས་ཀྱི་བདག་པོ་ནམ་མཁའ་ཞེས་པ་འབྱུང༔ དེ་ནས་འཕོས་ཏེ་སྦྱོད་པ་རླབས་ཆེན་མཛད། ཅེས་འབྱུང་ཞིང། རང་(སྨད་ཆ།༡༡༩)གཏེར་གཏེར་ལུང་ལས་ཀྱང། ནམ་མཁའི་ཤཱཀྱ་བྷ་ཝ། ཟུང་གི་སྦྲུལ་པའི་ཡེ་ཤེས་སྒྱུ་མའི་འཕྲུལ། རྡོ་རྗེའི་མིང་འཛིན་འཇིགས་མེད་གོ་ཆ་ཅན། ཞེས་ལུང་གིས་བསྟན་པའི་གཏེར་སྟོན་འདི་ཉིད་ཡུལ་དབུས་ཀྱི་བསམ་ཡས་མཚིམས་ཕུའི་ཉེ་འདབས་ཤིག་ཏུ་སྐུ་འཁྲུངས་པ་ཡིན་འདུག་སྟེ། སྐྱིད་གྲོང་ཆོས་མཛད་ཞེས་དཔལ་རིའི་གྲཱ་སར་བཞུགས་ཤིང། ཆོས་འཇིག་རྟེན་གཉིས་ཀར་མཁྱེན་པ་ཆེ་བར་གྲགས། མཚན་དངོས་ངག་དབང་བསླབ་གསུམ་དང་ཀུན་བཟང་ཕྲིན་ལས་རྡོ་རྗེ་གཉིས་ཀྱིས་རྗེས་སུ་བཟུང་ཞིང། བཀའ་ཆོས་ཐམས་ཅད་བུམ་པ་ངག་བྱོར་སྩལ། ཁྱད་པར་དུ་ལྕུབ་རི་གྲུབ་ཆེན་ངག་དབང་ཀུན་བཟང་རང་གྲོལ་ལས་རྫོགས་ཆེན་ཡང་ཏི་ནག་པོ་གཙོ་བོར་གྱུར་པའི་བླ་མ་དགོངས་པ་འདུས་པ་སོགས་ཆོས་བཀའ་མཐའ་ཡས་པ་གནས་ཅིང། ཐུགས་ཉམས་སུ་བཞེས་པ་རིག་པ་ཚད་ཕེབས་ཀྱི་ས་ཀ་གཤེགས། ཀ༔ཐོག་རིག་འཛིན་ཚེ་དབང་ནོར་བུ་དང་ཡང་དགོངས་འདུས་མཉམ་གསན་གྱི་ཆོས་གྲོགས་ཡིན། དེ་ནས་ངེས་མེད་ཀྱི་དབེན་གནས་རྣམས་སུ་བསྙེན་གྲུབ་ལ་ཐུགས་རྩེ་ཚིག་བསྒྲིལ་མཛད་པས་གྲུབ་པའི་རྟགས་དང་དག་པའི་སྣང་བ་བསམ་གྱི་མི་ཁྱབ་པ་ཤར། ཁྱད་པར་དྲག་པོ་མངོན་སྦྱོད་ཀྱི་ལས་ལ་ནུས་པ་ཐོན། རང་གཏེར་ཟབ་མོའི་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་ཏེ། ཉིད་ཀྱིས་གསུང་ལས། དབུས་ཡུལ་མཚིམས་ཕུའི་འདབས་སུ་སྐྱེས་པའི་མི། གཏད་མེད་སྐྱིད་གྲོང་སྨྱོན་པར་གྲགས་པ་ང། རྒྱལ་དབང་པདྨའི་བཀའ་དྲིན་རྗེས་བཟུང་བའི། ཆོས་གླིང་རཱ་སྟོན་རྗེ་སོགས་ཐུགས་བཅུད་མྱོང། ཀརྨ་ལས་གླིང་བརྡ་རྟགས་གསང་སྒོ་དབྱེ། ཕྱི་ནང་(སྨད་ཆ།༡༢༠)རྟེན་འབྲེལ་ཟབ་མོ་ཀློང་དུ་གྱུར། པདྨོ་བཀོད་པའི་བྱང་གླིང་ཟླ་གམ་ཕུག། མ་དང་ཌཀྐི་འི་ལུང་བསྟན་གནང་བ་ཐོབ། དགའ་བ་ལུང་གི་གཏེར་རྒྱ་དུ་མའི་ཁྲོད། རྣམ་དབྱེ་དཀའ་འབྱེད་ཕག་མོ་རྒྱ་མཚོ་དང། དངོས་སུ་འཕྲད་ཅིང་ལན་ཆགས་འདུས་གྱུར་ཀྱང། བསོད་ནམས་དམན་པས་རྟེན་འབྲེལ་འགྲིགས་མ་གྱུར་ཀྱང། བསོད་ནམས་དམན་པས་རྟེན་འབྲེལ་འགྲིགས་མ་གྱུར། དེ་རྗེས་ཀོང་ཡུལ་ཕག་མོ་གསང་ལུང་དུ། ཌཀྐིས་རྟེན་འབྲེལ་རྒྱུད་ལྔའི་ཁ་བྱང་ཕོག། ལྔོན་པ་ལུང་གི་བདེ་གཤེགས་ཚེ་ཕུག་ཏུ། ཀཱི་ལ་རིགས་ལྔའི་རྒྱུད་བྱང་རྫོགས་པར་ཤར། འོན་ཕུ་སྟག་ཚང་རྟེན་འབྲེལ་ལག་ཏུ་སོན། ཞེས་སོགས་གསུངས་པ་བཞིན་དུ་འོན་ཕུ་སྟག་ཚང་ནས་ཕུབ་པ་རིགས་ལྔའི་སྒྲུབ་སྐོར་དང། འཕྱོངས་རྒྱས་བང་ས་དམར་པོ་ནས་ཕྱག་ཆེན་ཡེ་ཤེས་མཐོང་གྲོལ་དང། གཞན་ཡང་ཕུར་པ་དྲེགས་འདུལ་གནམ་ལྕགས་འཁོར་ལོ་སོགས་གཏེར་ཁ་མང་དུ་སྦྱན་དྲངས་ཤིང་ཆོས་བདག་རྣམས་ལ་རིམ་པར་སྦེལ། འོན་ཀྱང་དཔོན་པོ་ཆིང་ཝང་དཱ་ལས་པཱ་ཐུར་དང་རྟེན་འབྲེལ་འགྲིགས་ན་བསྟན་འགྲོར་ཕན་པའི་ལུང་བསྟན་ཤིན་ཏུ་ཟབ་པ་ཡོད་ཀྱང་དཔོན་པོ་ཉིད་བདུད་དབང་དུ་གྱུར་པས་སྦྱོད་པ་ལོག་མིན་དང་གཏེར་སྟོན་ཉིད་ལའང་ཐུགས་མི་དགྱེས་པའི་བཀའ་ཕེབས་བརྒྱུར་བྱང་སོགས་གནང་ཁྱབ་ལོག་པ་ལ་བརྟེན་ཁོ་པའི་དབང་སྐལ་གཏེར་ཆོས་རྣམས་འདབས་གཏེར་དུ་སྦས་ཤིང་ཤོག་སེར་ལས་ཕབ་བསྒྲུབས་པ་རྣམས་ཀྱང་མེར་བསྲེགས་པས་རྟེན་འབྲེལ་འཕྲུག་སྟེ་དཔོན་པོ་ཉིད་གོང་མ་ཆེན་པོའི་དགོངས་ཕོག་གི་རྐྱེན་གྱི་གཤེགས་ཤིང། མི་རིང་བར་གཏེར་སྟོན་ཡང་སྦོ་བོ་ཕུ་ལུང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་གྱུར། སློབ་མའི་གཙོ་བོ་ནི་གཏེར་(སྨད་ཆ།༡༢༡)སྟོན་འདི་སྦུ་བོ་ཁྲོམ་གཟིགས་རྔམ་ཆེན་རོང་དུ་བཞུགས་དུས། རྒྱལ་བ་འཕགས་པ་ལྷས་སྦུ་བོ་མདོང་ཆུས་ལྷ་ཁངདུ་གདན་དྲངས་ཤིང་ཏི་ཤྲི་ར་བཀུར་ནས་གཏེར་ཆོས་གསར་རྙིང་སོགས་ཆོས་བཀའ་མང་དུ་གསན་ཅིང། བྲག་ཡང་རྫོང་དུ་བདག་གི་བླ་མ་ཉི་སྦྲུལ་རིན་པོ་ཆེས་ཀྱང་དགོངས་འདུས་དབང་ཁྲིད་ལུང་བཅས་གསན་པ་ཡིན་ལ། གཞན་ཡང་བླ་མ་འདི་ལ་འགྲོ་དོན་ནུས་ངེསཀྱི་སློབ་མ་བཞི་བྱུང་སྟེ། ཐེག་གླིང་འགྲོ་དོན་མཐར་ཕྱིན་ཀུན་མཁྱེན་འཇིགས་མེད་གླིང་པ། ཀུན་བཟང་བདེ་ཆེན་ནི་ཟབ་གཏེར་སོགས་བཞེས་པ་མ་ངེས་ཀྱང་མཁྱེན་རྟོགས་ཀྱི་རྩལ་རྫོགས་ཏེ་རིག་བྱེད་ཡན་ལག་དང་བཅས་པ་ལ་མཁས་ཤིང་རྟོགས་པ་ཀློང་དུ་གྱུར་པས་ཕྲིན་ལས་རྣམ་པ་བཞི་ལ་དབང་བསྒྱུར་བས་བླ་ཆེན་མང་པོ་དང་བོད་ཡུལ་ཀོང་དབུས་ཀྱི་སྲིད་སྐྱོང་ཆེ་དགུ་མང་པོས་ཞབས་ལ་བཏུང་ཅིང། ཁྱབ་པར་ཀུན་མཁྱེན་འཇིགས་མེད་གླིང་པ། ཐེག་གླིང་འགྲོ་དོན་མཐར་ཕྱིན་ཀུན་བཟང་བདེ་ཆེན་རྒྱལ་པོ། སྒམ་སྦྲུལ་རིན་པོ་ཆེ་སོགས་ཀྱིས་དབུ་བླུར་བསྐུར་ལས་བཀའ་ཆོས་བཞེས་པར་མཛད་པས་འགྲོ་དོན་འཕེལ་ཞིང་སྐུ་ཚེ་མ་མཐར་ཕྱིན་དུ་བཞུགས་པ་ཡིན་ནོ། གདུང་སྲས་ཤིག་བྱུང་བའང་འབྲི་གུང་ཟུར་པའི་ཡང་སྲིད་ད་ལྟ་ཁྲིར་འཁོད་པ་འདིའོ། ཐེག་གླིང་ཀརྨ་འགྲོ་དོན་མཐར་ཕྱིན་ནི། ཟུང་མཁར་ཐེག་ཆེན་གླིང་དུ། ཡབ་གཏེར་སྟོན་བདེ་ཆེན་གླིང་པའི་གདུང་རུས་དང་ཡུམ་ཤར་ཕྱོགས་པཎ་ཆེན་གྱིས་རིགས་ལས་སྐུ་བལྟམས་པ་ཡིན་འདུག་ཅིང། སྐུ་གཞོན་དུས་(སྨད་ཆ།༡༢༢)བྲག་སྔགས་གྲཱའི་སྒྲིག་ལ་བཞུགས་ས་གསན་སྦྱངས་མཛད། བླ་མ་སྙན་པ་དགེ་ལེགས་རྒྱ་མཚོ་ལས་ཕྱག་ཆེན་གསན། གཞན་ཡང་དཔོན་ཚང་རིན་ཆེན། ཀརྨ་པ་ཞཱ་དམར་ནག་སོགས་ལས་བཀའ་ཆོས་ཅི་རིགས་གསན་ཁྱད་པར་རིག་འཛིན་ཐུགས་མཆོག་རྡོ་རྗེའི་དྲུང་ནས་རྫོགས་ཆེན་ཀུན་བཟང་སྙིང་ཐེག་གའི་སྨིན་གྲོལ་གྱི་གདམས་ཁྲིད་རྣམས་གསན་ནས་ཐུགས་ཉམས་སུ་བཞེས་པས། ཉམས་རྟོགས་གོང་དུ་འཕེལ་ཞིང། མགྲིན་པ་ལོངས་སྦྱོད་འཁོར་ལོའི་རྩ་མདུད་བའི་ལུང་བསྟན་དང་ངོ་མཚར་དགེ་བའི་ལྟས་དུ་མ་གཟིགས། དེ་ནས་ངེས་མེད་ཀྱི་དབེན་རི་ཁྱུང་ཚང། ངང་ཕུག། རྫི་གྲོའི་ཕུག་མོ་ཆེ་གཡའ་མ་ལུང། འོན་ཕུ་སྟག་ཚང་རྣམས་སུ་ཕེབས་ནས་བསྙེན་སྒྲུབ་མཛད་ནས་རྟོགས་པའི་བོག་དབྱུང་བ་སོགས་མཛད། ཁྱད་པར་མཁར་ཆུ་དང་བྲག་ཡང་རྫོང་ནས་རིག་འཛིན་ཐུགས་མཆོག་རྡོ་རྗེ་ཕེབས་ནས་གཏེར་གྱི་བཀའ་བབ་ཡོད་པའི་ལུང་བསྟན་དང། གཏེར་ཁ་གོང་འོག་ནས་བཟུང་རྗེ་ཉིད་ཀྱི་པར་དུ་གཏེར་བརྒྱུད་ཟམ་མ་ཆད་པའི་ལོ་རྒྱུས་གསུངས། དེ་ནས་གཏེར་ཁ་ཐོག་མེ་བཞེས་པའི་དུས་དང། ཤོག་སེར་འབེབས་རན་པའི་བརྡའ་གྲོལ་མཛད་ཅིང་བཀའ་རྒྱ་གྲོལ་བྱེད་ཀྱི་དབང་ལུང་སོགས་ཀྱང་སྩལ་ཞིང། རྗེ་(སྨད་ཆ།༡༢༣)ཉིད་ཀྱི་ཆོས་བདག་ཏུ་ངོས་འཛིན་པར་མཛད་པ་ལ་བརྟེན་པ་ལ་བརྟེན་མཁའ་འགྲོས་བརྡའ་རྟགས་ལུང་བསྟན་པ་སོགས་དང་བསྟུན་ནས་གཏེར་ཤོག་འབེབས་པར་མཛད། དེ་ཡང་གཏེར་ཀྱི་རྣམ་གྲངས་ནི་གཏེར་སྟོན་ཉིད་ཀྱི་གསུང་ལས། ཁྱད་པར་བྲག་ཡང་རྫོང་ཕུག་པ་ནས། འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་དང། བླ་མའི་ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་གཉིས། སྔོན་བསགས་བསོད་ནམས་བཟང་པོས་གཏེར་ནས་རྙེད། འགྲོ་ཕན་བསམ་པས་འཛིན་སྐྱོང་སྦེལ་གསུམ་བྱས། བླ་རྫོགས་ཐུགས་གསུམ་ཚང་བའི་གཟིགས་མོ་ཡོད། སྐལ་ལྡན་རྣམས་ཀྱི་ཉམས་ལེན་འདི་ལ་མཛོད། རྡོ་ཡི་མཆོད་རྟེན་གོང་མའི་གཏེར་གནས་ནས། ཐུགས་རྗེ་ཆེན་པོའི་ཆོས་འཁོར་པོ་ཏི་དང། སྐྱེ་བདུན་མྱོང་གྲོལ་ཨཱ༔རྒྱ་རིལ་བུ་རྙིད། མཐོ་གནོན་མཁན་ལ་ཡིད་སྐྱོ་འདབས་གཏེར་སྦས། ཞེས་གསུངས་ཤིང། ཞིབ་པར་གཏེར་བྱུང་ལས་ཤེས་སོ། ཆོས་བདག་གི་གཙོ་བོ་ནི་རྒྱལ་མཆོག་བདུན་པ་ཡིན་པར་ལུང་བསྟན་གསལ་ཡང་ཕུལ་ཡུལ་མཉན་ཞིང་སྐུ་ཆེ་བས་འབུལ་རྔོ་མ་ཐོགས་ཀྱང་བརྩེ་གཟིགས་ཀྱིས་འགྲོ་དོན་ཕྱོགས་བྲལ་དུ་སྐྱོང་ཆོག་པའི་བཀའ་ཐམ་སོགས་ཀྱིས་བཀའ་དྲིན་བསྐྱངས། གཞན་ཡང་རྡོ་རྗེ་བྲག་མཆོག་སྦྲུལ་ལྕགས་ཟམ་སྦྲུལ་སྐུ། སྦྱིར་ར་ཐམས་ཅད་མཁྱེན་པའི་སྦྲུལ་སྐུ་སོགས་དང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། སློབ་མའི་གཅོ་བོ་པདྨ་མཁྱེན་བརྩེའམ་ཀུན་མཁྱེན་འཇིགས་མེད་གླིང་པ། ཀུན་བཟང་བདེ་ཆེན་རྒྱལ་པོ། ཀྲ་ཏི་སྔགས་འཆང་སོགས་དང་དབང་ཆོས་ཕར་འབུམ་ཚུར་གསན་དང་ཆོས་བདག་ཏུ་དབང་བསྐུར་བ་མཛད། གདུང་བརྒྱུད་ཀྱང་ཟུར་མཁར་ལྷ་སྡིངས་སུ་དེད་སོང་ཡང་གཤམ་དུ་གསལ་ལྟར་བཞུགས་སོ།(སྨད་ཆ།༡༢༤)ཀུན་བཟང་བདེ་ཆེན་རྒྱལ་པ་ནི། ཡུལ་དབུས་བསམ་ཡས་རྒོད་དཀར་ལའི་ཞོལ་དུ་འཁྲུངས། བསམ་ཡས་རབ་བྱུང་གྲ་ཚང་དང། འཕྱོངས་རྒྱས་དཔལ་རིར་གསན་སྦྱངས་མཛད། བླ་མ་ཀུན་བཟང་འོད་ཟེར་ཞེས་དགུང་ལོ་བརྒྱ་དང་ལྔ་བཞུགས་པ་ཞིག་དང། རིག་འཛིན་ཐུགས་མཆོག་རྡོ་རྗེ། ལྕབ་རི་གྲུབ་ཆེན་སོགས་ལས་དབང་ལུང་གདམས་ཁྲིད་མང་དུ་གསན། ཁྱད་པར་རིག་འཛིན་ཐུགས་མཆོག་རྡོ་རྗེས་རྗེས་སུ་བཟུང་ཤིང། རྗེ་ཉིད་ཀྱིས་ཀྱང་རྩ་བའི་བླ་མར་བསྟེན་ཅིང་འབྲལ་མེད་དུ་ཞབས་ཕྱིར་ཕེབས། སྦྱིར་ཡང་རྗེ་འདི་དགུར་ལས། ལོ་ལྔ་ནས་ཀྷ་འདྲེ་དམ་ལ་བཏགས། ལོ་དྲུག་ནས་ཡུལ་གྱི་ཁྱེའུ་ལ། རོལ་དབྱངས་མ་ཎི་འཆམས་སོགས་བསླབས། འདྲེ་ཅན་གྱི་རྟེན་མཁར་ཐམས་ཅད་སྒྱེལ། སྐབས་སུ་ཨོ་རྒྱས་གྱི་ཞལ་གཟིགས་མངོན། དུས་རྟག་ཏུ་མཁའ་འགྲོ་གྲིབ་ལྟར་འགྲོགས། ཞེས་གསུངས་པ་ལྟར། དགུང་ལོ་བཅུ་གཉིས་པའི་དུས་སུ་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་པས། དགུང་ལོ་ཉེར་དྲུག་པ་ལ་ཀོང་སྟོད་དཱགས་པོའི་སྨད་ཀྱི་རོལ་ཕུའི་གནས་ནས་རིགས་ལྔ་སྙིང་པོའི་སྐོར་རྣམས་གདན་དྲངས། དེ་ནས་རིམ་པར་བོ་དགའ་བ་ལུང། རི་ཤོད་ཨོ་རྒྱན་རྫོང། སྦུ་རི་ཕུ་མོ་ཆེ། རྩེ་ཆེན་བྲག། རྩ་ནང་གསང་སྔགས་དགའ་ཚལ། བསམ་ཡས་མཆིམས་ཕུ། རྟ་མགྲིན་གླིང། གཡའ་མ་ལུང། གཞུ་སྟོད་གཏེར་སྒོམ། ལྕགས་པོ་རི། ཆུ་བོ་རི། དཱགས་སྟོད་རྫ་དཀར། དཱགས་སྨད་རྒྱལ་རྟ་མགོ། ཀོང་པོ་དཀར་ཟུག་འཕྲད་སོགས་ནས་གཏེར་ཁ་མང་དུ་བཞེས་ཤིང། གཞན་ཡང་དཱགས་པོའི་ལ་ཐོག་ཟུང་མཁར་གྱི་ཕུ་གནམ་(སྨད་ཆ།༡༢༥)ལྕགས་བྲག་ནས་སྨན་དཔྱད་ངོ་མཚར་ཅན། སྨན་གཞོང། ཨ་རུ་རྣམ་རྒྱལ་སོགས་གཏེར་ནས་བཞེས་ཀྱང་རྟེན་འབྲེལ་གྱིས་དབང་ལས་འདབས་གཏེར་དུ་བཞུགས་པར་མཛད། རྒྱལ་རྩེའི་ཉེ་འདབས་རྩེ་ཆེན་སྒྲོལ་མ་ལྷ་ཁང་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གཏེར་དུ་སྦས་པའི་མོས་པ་རྣམ་བཞིའི་གདམས་ཟབ་སོགས་གཏེར་ཁ་སྔ་ཕྱི་ཁྱོན་དྲིལ་བཅོ་བརྒྱད་ཙམ་གདན་དྲངས། ཆོས་བདག་གི་གཙོ་བོ་རྒྱལ་བ་བདུན་པ་སྐལ་བཟང་རྒྱ་མཚོ་ཡིན་ཡང་ཚེ་ཆུང་ཕུལ་བ་མགྲོན་གཉེར་གྱིས་སོག་འགག་ཏུ་འཕོས་པ་རྟེན་འབྲེལ་ཉམས་གསོར་སྐུ་ཚེའི་གེགས་སེལ་ཚེ་སྒྲུབ་སོགས་སྒྲུབ་ཏུ་སྩལ་ཞིང། འགྲོ་དོན་ཕྱོགས་བྲལ་དུ་བསྐྱོང་ཚོག་པའི་བཀའ་ཐམ་སོགས་གནང། རྒྱལ་ཚབ་དེ་མོ་རིན་པོ་ཆེའི་ཏི་ཤྲཱིར་བཀུར་ཞིང། གཏེར་ཆོས་ཐམས་ཅད་གསན་བསམ་ལས་ཞིག་གསོས་དུས་ས་འདུལ་ཡང་མཛད་དུ་སྩལ། དེ་སྐབས་མར་ལྟང་སྟོང་ཕྲག་བརྒལ་བ་ཕུལ་ནས་བསམ་ཡས་སུ་མར་མེའི་རྒྱུན་བཙུགས། ཨོ་རྒྱན་རིན་པོ་ཆེའི་བླུག་སྐུ་སྟོད་ཕྲག་ཕུལ་བར་ཕྱོགས་གཅིག་ཏུ་བཞུགས་པར་དེང་སང་རིག་འཛིན་ལྷ་ཁང་གྲགས། གཞན་ཡང་རྩ་ནང་གསང་གསང་སྔགས་དགའ་ལྡིང་རྒྱལ་པོས་བརྟུལ་ཞུགས་ཀྱིས་ཐོགས་མེད་དུ་གཤེགས་པ་དང་སུ་འཁྲེགས་ཀྱི་རྡོར་ཡང་འདམ་ལ་བྱ་བ་བཞིན་ཕྱག་ཞབས་ཀྱི་རྗེས་འཇོག་ས་སོགས་གྲུབ་པའི་མཚན་མ་བསམ་གྱི་མི་ཁྱབ། སྒམ་པོར་ཕེབས་དུས་དཱགས་པོ་རིན་པོ་ཆེའི་སྐུ་འདྲས་དབུ་ཞཱ་ཕུད་པ་དང་གསུང་སྦྱོན། ལྷ་ལྡན་ཇོ་ཤག་རིན་པོ་ཆེ་མཇལ་དུས་ཀྱང་ཐུགས་ཀ་ནས་རིང་བསྲེལ་སྲན་འབྲུ་ཙམ་ཞིག་(སྨད་ཆ།༡༢༦)སྦྱི་བོར་ཕེབས་པ་ཀུན་གྱིས་མཐོང་བ་དང་ལུང་བསྟན་ཐོབ་པ་སོགས་བརྗོད་ཀྱིས་མི་ལངས། ས་སྐྱའི་གདུང་བརྒྱུད་ཆད་ལ་ཐུག་པ་ན་ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བློ་གྲོས་ཉིད་ཀྱིས་གཏེར་ཆེན་འདིར་ཐབས་རྩོལ་ཞུས་པ་བཞིན་སྐུ་རིམ་ཐུགས་དམ་སྲུང་འཁོར་བཞེས་ཡིག་སོགས་ཕུལ་བས་གདུང་བརྒྱུད་རིན་པོ་ཆེ་འཁྲུངས་པས་ས་སྐྱའི་བསྟན་ལའང་ཕན་པ་ཆེ། ཆོས་བདག་ཀྱང་གོང་སྨོས་རྒྱལ་དབང་མཆོག་དང། རྒྱལ་ཚབ་དེ་མོ། ཀརྨ་པ་བདུད་འདུལ་རྡོ་རྗེ། ཞཱ་དམར་ཁྲི་ཟུར་གར་དབང་རྒྱ་མཚོ། ཐེག་ཆེན་གླིང་པ། སྒམ་རིན་པོ་ཆེ་སོགས་མཐའ་ཡས་པར་བཞུགས་ལ། ཁྱད་པར་ས་སྐྱོང་ལྷ་རྒྱ་རི་བས་མཆོད་གཞིས་སྒར་ཆད་ན་བཟའ་མཆོད་ཆ་སོགས་མཐུན་རྐྱེན་ཅི་དགོས་ཐམས་ཅད་ཕུལ་ནས་ལོ་དུ་མར་བསྙེན་བཀུར་གྱིས་མཆོད། དེ་མཚུངས་དཱགས་སྨད་སྣང་རྫོང་ནས་ཀྱང་ལོ་མང་པོར་སྲི་ཞུ་ཕུལ། དེ་ནས་ཀོང་པོར་དགའ་ཆགས་སྡེ་པས་གདན་དྲངས། དེ་སྐབས་ཆོས་གླིང་སྦྲུལ་སྐུ་འཇིག་རྟེན་དབང་ཕྱུག་གིས་འབྲུག་ཐང་དགོན་ཕུལ་ཏེ་དེ་ནས་བཟུང་འབྲུག་ཐང་རང་དུ་གདན་ཆགས་ནས་ཀོང་ཡུལ་གྱི་གདུལ་བྱ་རྣམས་ཀྱི་དོན་རྒྱ་ཆེར་མཛད། གཞན་དོན་ལ་གཤེགས་པའི་དུས་ཀྱང་ངོ་མཚར་བའི་ལྟས་དུ་མ་དང་བཅས་གདུང་ཞུགས་འབུམ་གྱི་ཚེ་གདུང་རིང་བསྲེལ་དང་རང་ནུས་སོ། ཡང་རྒྱལ་ཚབ་དེ་མོ་རིན་པོ་ཆེ་གོང་མའི་སྐབས་ཙམ་ན་ནང་ཆེན་གཏེར་སྟོན་གྱི་དཔལ་རི་པདྨ་འདོ་དུ་དངོས་སུ་བྱོན་ནས་སློབ་དཔོན་རིན་པོ་ཆེ་པདྨ་རིག་འཛིན་ཉི་མའི་སྙིང་པོའི་མཚན་ཅན་དུ་མཇལ་བ་དང། མནྡ་ར་ཝ་གྲུབ་རྒྱལ་མ་རྒན་མ་མི་སྡུག་པའི་གཟུགས་སུ་གཟིགས་ཤིང།(སྨད་ཆ།༡༢༧)ས་སྐྱའི་སློབ་དཔོན་རིན་པོ་ཆེ་དང་གྲུབ་ཆེན་ཐང་སྟོང་རྒྱལ་པོ་སོགས་དུ་མ་མཇལ་སྐད། དེ་གྲས་སྣེ་སྦྱོར་དཱངས་ར་མཚོ་སྨན་གྱི་སྦྲུལ་པ་ཁམས་མོ་ཞིག་གིས་བྱས་པ་ལ་སོགས་ལམ་ཡིག་རྒྱས་པ་དང། དགོངས་གཏེར་ནི་ཆར་འབེབས་བྱུང་ཞིང། ཁྲོམ་གཏེར་ཤེལ་བྲག་ནས་བཞེས་དུས་སྙོན་མེད་དང། དཀར་པོ་ཟངས་མཚོ་ནས་བཞེས་དུས་མཚོ་ནང་དེ་ཀར་གཤེགས། འོན་ཀྱང་ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བློ་གྲོས་དང། གནས་གསར་རྡོ་རྗེ་འཅང་སོགས་ཀྱིས་ཚད་མར་བཞེད་ཅིང། ཐེག་ཆེན་གླིང་པ་ཡབ་སྲས་ཀྱིས་ཀྱང་ཆད་མར་བཞེད་ལ་གཏེར་ཆོས་སྦྱོད་པའང་མང་དུ་སྣང་བས་ཕྱོགས་ཙམ་བྲིས་པའོ། སྦྲུལ་པའི་སྐྱེས་ཆེན་ཁམས་སྦྲུལ་རིན་པོ་ཆེ་ངག་དབང་ཀུན་དགའ་བསྟན་འཛིན་ནི། ཡུལ་དབུས་ཀྱི་ཆ་གངས་དཀར་རྫོང་ཞོལ་བདེ་སྐྱིད་གླིང་དུ་རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲེལ་ལ་འཁྲུངས། མི་ཡམ་ཆོས་ཀྱི་དབང་ཕྱུག་ལ་གཙུག་ཕུད་ཕུལ་བས། མཚན་ངག་དབང་ཀུན་དགའ་བསྟན་འཛིན་དུ་གསོལ། འབྲུག་པ་ཡབ་སྲས་སྒོམ་པོ་བཟང་རྡོར་སྨིན་གླིང་གཏེར་ཆེན་སྐུ་མཆེད་སོགས་གསར་རྙིང་རིས་མེད་ཀྱི་བླ་མ་མང་པོ་ལས་མདོ་སྔགས་བཀའ་གཏེར་གསར་རྙིང་ཐམས་ཅད་མ་གསན་པ་མེད་པ་ལྟ་བུ་མཛད། གཞན་ཡང་རིག་པའི་གནས་ལྔར་མཁས་པའི་རྩེར་སོན། ཁྱད་པར་གསོ་དཔྱད་ལ་མཁས། སྔོན་འབྲུག་པ་ཀརྨ་བསྟན་འཕེལ་གྱི་ཡང་སྲིད་དུ་ངེས་པས་ཁ།ས་སུ་གདན་དྲངས། ཆོས་ཕྱིར་དཀའ་སྦྱང་ཀྱིས་དབེན་གནས་རི་ཁྲོད་མང་པོར་བཞུགས་སྐབས། གཟེར་རྒྱལ་མགོར་བཞུགས་དུས་བི་མ་མི་ཏྲ་དངོས་སུ་མཇལ་ནས་རྫོགས་ཆེན་གྱི་ཁྲིད་ཞུས། སློབ་དཔོན་པདྨས་(སྨད་ཆ།༡༢༨)བྱིན་གྱིས་བརླབས་ནས་གཏེར་གྱི་ཁ་བྱང་དང་ལུང་བསྟན་མང་པོ་སྩལ། རྗེ་ཉིད་ཨོ་རྒྱ་ཆེན་པོར་དད་པ་ཆགས་ཚུལ་ཡང། གསུང་ལ། རྗེ་པདྨ་འབྱུང་གནས་བཀའ་དྲིན་ཅན། སྐྱབས་ཁྱོད་ཉིད་ཁོ་ན་མ་ལགས་པའི། ལྷ་གང་ཡང་བདག་བློར་དམིགས་མ་གྱུར། ཞེས་སོགས། གསུངས་པ་ལྟར། ཆུ་འབྲུག་ཚེས་བཅུའི་ཐོ་རེངས་ཁར། སློབ་དཔོན་པདྨ་སྐུ་གསུམ་རིགས་དྲུག་སྦྲུལ་པའི་མཚན་བརྒྱད་དཔལ་བོ་གིང་ཆེན་སྡེ་འཁོར། དཀོན་མཆོག་ཙ་གསུམ་རྒྱ་མཚོ། ལྷ་དང་ལྷ་མོ་ལྐང་པ་ལྷ་སྲིན་སྡེ་བརྒྱད་སོགས་ད་ལྟ་ཚེས་བཅུའི་འཆམ་བཀོད་ལྟར་ཞལ་གཟིགས་འདོ་ཀྱིས་ཀློང་ནས་སྟངས་སྟབས་དང་བཅས་བྱོན་པ་མཇལ། སློབ་དཔོན་ཀྱི་ལུང་བཞིན་གཏེར་ཁ་གོང་འོག་དཀོན་མཆོག་སྦྱི་འདུས་སོགས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཆོ་གར་རྟེན་གར་ཐིག་དབྱངས་རོལ་ཐམས་ཅད་བདེ་ཆེན་ཆོས་འཁོར་ལྟར་ལ་ཉིད་ཀྱི་དག་སྣང་གསར་བསྣན་གྱིས་གར་གྱི་གཞི་བཟུང་བའི་མི་ཡུལ་གཅོར་བསྡུས་གླིང་བཞི་སྦྱིའི་མི་རིགས་སྣ་ཚོགས་དང། ལྷ་དང་དྲི་ཟ་སོགས་ཀྱི་ཞལ་བརྙན་སྣ་ཚོགས་སྔོན་མེད་ངོ་མཚར་ཅན་དུ་མ་དང། ཕུར་འཆམ་སོགས་ཀྱང་མཛད། མྱོང་གྲོལ་རིལ་བུ་དང་སྨན་སྒྲུབ། མདོ་དབང་སོགས་ཀྱང་ལན་མང་དུ་མཛད། རྗེ་འདི་གཏེར་སྟོན་ཚད་ལྡན་ཡིན་ཡང་གསུང་ལས། ཕྲན་ངུར་སྨྲིག་རྒྱལ་མཚན་ལེགས་བཟུང་ནས། ཟག་མེད་ཀྱི་ཚུལ་ཁྲིམས་སྦྱོད་པ་ལ། སྔགས་མུ་ཏྲ་ཅན་ལ་བློ་མི་འགྲོ། ཞེས་གསུངས་ཤིང་གཏེར་བཞེས་མ་གནང་ཡང། གནས་སྒོ་འགའ་ཡང་གསར་ཕྱེས་མཛད་ཅིང། ཁྱད་པར་བསྟན་སྲིད་སྦྱིའི་རིམ་གྲོར། ཚ་བའི་དུས་ཀྱི་གྲིབ་གསིལ་དུ། འབུམ་ཕྲག་ལྔ་ཡི་སྦྲིན་ཆེན་བསྡུས། བྱིན་རླབས་(སྨད་ཆ།༡༢༩)བདུད་རྩིའི་ཐིག་ཕྲེང་གིས། དོན་གཉིས་ལོ་ཐོག་སྨིན་ཏེ་མཆིས། ཞེས་གསུངས་པ་ལྟར། སྐུ་ཨོ་རྒྱན་སྐུ། གསུང་སི་དྷི། ཐུགས་མཆོད་རྟེན་ཡོན་ཏན་ལེའུ་བདུན། ཕྲིན་ལས་བཀའ་ཐང་རྣམས་འབུམ་རེ་སོགས་བསྒྲུབས་ནས་བསྟན་འགྲོའི་ཕན་བདེ་སྦེལ་བ་མཛད། གང་ལྟར་ཡང་རྗེ་འདི་འབྲུག་ལུག་མིང་ཙམ་ལས་གསང་ཆེན་རྙིང་མ་བསྟན་འཛིན་འགྲན་ཟླ་དང་བྲལ་བ་ཞིག་སྟེ་རྙིང་མ་པར་རློམ་པའི་བསྟན་འཛིན་ཕལ་པ་དག་གིས་སྦྲུལ་པའི་སྐུ་འདིའི་མཛད་པའི་ཆ་ཤས་ཙམ་ལའང་འགྲན་དུ་མི་བཟོད་ཅིང། ངོ་མཚར་དུ་མ་ལྡན་ཞིང། གོང་དུ་སྨོས་པ་ལྟར་སྐུ་དངོས་ཀྱིས་གཏེར་མ་བཞེས་ཀྱང། ཆོས་སྐྱོང་ཁོག་གཞུགས་སོགས་ལ་བཀའ་བསྒོས་ཏེ་གཏེན་གྱི་ཆ་ཤས་མང་པོ་བླངས་ནས་ཕྱག་ཏུ་བཞེས་པ་དང། གཏེར་སྟོན་ཚད་ལྡན་དུ་གསང་བའི་ལུང་བསྟན་སོགས་ཤིན་ཏུ་གསལ་བས་ལོ་རྒྱུས་མདོར་ཙམ་ཞིག་བྲིས་པ་ཡིན་ལ། ཡང་སྲིད་རིན་པོ་ཆེའང་དགེ་རྒྱས་དཔོན་སྲས་སུ་སྐུ་འཁྲུངས་ཤིང། གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོར་གྱུར། རྫོགས་ཆེན་མཆོག་སྦྲུལ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ལས་རྙིང་རྒྱུད་ཀྱི་ལུང་གསན་ཞིང། སྐུ་ཞབས་སི་ཏུ་རིན་པོ་ཆེ་ནས་སྙིང་ཏིག་ཡ་བཞི་སོས་གསན་ནས་ཉམས་བཞེས་ཀྱི་གཙོ་བོར་མཛད། ཚེས་བཅུ་སོགས་ཀྱང་སྔོན་ལས་རྗེ་རྒྱས་སུ་བཏང་ཞིང། རྙིང་ལུགས་གཙོ་བོར་མཛད་དེ་འབྲུག་རྙིང་དབྱེར་མེད་དུ་བསྐྱངས། དེའི་ཡང་སྲིད་རིན་པོ་ཆེ་ད་ལྟ་ཁྲིར་འཁོད་པ་འདི་ཡང་ཤེས་བྱ་རིག་པའི་གནས་ལྔའི་ཕ་རོལ་དུ་གཤེགས་ཤིང། རྙིང་འབྲུག་དབྱེར་མེད་སྔ་མ་ཁོ་ན་བཞིན་ལས་གོང་འཕེལ་དུ་བསྐྱངས་པ་སོགས་གསང་ཆེན་རྙིང་མའི་བསྟན་འཛིན་ཁྱད་འཕགས་གཞན་འགྲན་མེད་པ་ཡིན་པས་ལོ་(སྨད་ཆ།༡༣༠)རྒྱུས་ཅུང་ཟད་བྲིས་པའོ། ཡང་སྒམ་པོ་གཏེར་ཆེན་གྱིས་གསུང་མཆིད་དུ། དཔོན་སྲས་ཁྱུང་ཐོག་ཨེ་རིང་ཆོས་རྗེ། བྲག་གསུམ་གཏེར་སྟོན་གྱི་འདི་གཏེར་སྟོན་འཁྲུལ་མེད་ཚད་ལྡན་གསུངས་འདུག་པས། དཔོན་སྲས་ཁྱུང་ཐོག་ནི་ཀོང་པོར་བྱོན་པའི་གཏེར་སྟོན་ཞིག། རྒྱལ་པོ་ལྷ་བཟང་གི་དུས་ཙམ་ན་བྱུང་ཀྱང་རྟེན་འབྲེལ་ལོག་པས་འགྲོ་དོན་མ་བྱུང། དེའི་སློབ་མ་མི་བསྐྱོད་རྒྱལ་མཚན་ཞེས་པའི་གྲུབ་ཆེན་ཁྱད་འཕགས་ཤིག་བྱུང་བ་ལས་སྐལ་ལྡན་དགོན་པ་སོགས་སུ་སློབ་མ་བརྒྱ་ཕྲག་ཙམ་བྱུང་སྟེ་ཆོས་བརྒྱུད་ཅུང་ཟད་འཕེལ་ཡང་དེང་ཡང་རྒྱུན་དཀོན་པོ་ལས་ཡོད་པ་མི་འདྲ། ད་ལྟ་སྐལ་ལྡན་དགོན་ནི་སྒམ་སྦྲུལ་རིན་པོ་ཅེ་ནས་འཛིན་སྐྱོང་གནང་བ་འདུག་གོ། གཏེར་སྟོན་རྡོ་རྗེ་ཐོགས་མེད་དམ་བསྟན་འཛིན་ཟླ་འོད་རྡོ་རྗེ་བྲག། མཚོ་ཆུ་དར་མ་བྲག་སྟེ་རིགས་གསུམ་མགོན་པོའི་གནས་ལས་མཚོ་ཆུ་ཕྱོགས་སུ་སྔར་རྒྱལ་པོ་གྲི་གུམ་རྩད་པོས་སྲས་ཤ་ཁྲིའི་བརྒྱུད་ལས་བྱེ་ཞེས་པའི་སར་ཡབ་དཱགས་རྒྱུད་གྲུབ་ཆེན་འཇམ་ཀྱིན་བཞུགས་པ་ལ་ལྷ་དང་མཁའ་འགྲོས་ལུང་བསྟན་པ་བཞིན་བྲག་གསུམ་མཚོ་ཕུ་ནོར་བུ་བཀོད་པའི་གནས་སྒོ་གསར་ཕྱེ་མཛད། ཟབ་གཏེར་འགའ་ཞིག་ཕྱག་ཏུ་སོན་ཀྱང་རྟེན་འབྲེལ་གྱིས་བབ་ལས་སླར་འདབས་གཏེར་དུ་བཞུགས་པར་མཛད། དེ་ནས་སྒམ་སྦྲུལ་རིན་པོ་ཆེ་དང་མཇལ་ནས་རྟེན་འབྲེལ་སླར་གསོ་བར་མཛད་པས་སྦོ་བོ་མདུང་ཆུའི་ལྷ་(སྨད་ཆ།༡༣༡)ཁང་ནས་ཁ་བྱང་ཕྱག་ཏུ་སོན་པས། སྦོ་བོ་ཕུ་ལུང་བཙན་དམར་སྲོག་གི་སྦུ་གྲིས་བྲག་ནས་ཚེ་སྒྲུབ་འོད་ཀྱི་དྲ་བའི་ཆོས་སྐོར་རྣམས་སྦྱན་དྲངས། གཞན་ཡང་སྦོ་བོ་དུག་རི་དང། བྲག་གསུམ་མཚོ་རྫོང་སོགས་ནས་གཏེར་ཁ་མང་པོ་ཁྲོས་གཏེར་དུ་བཞེས་ནས་པདྨ་བཀོད་ཀྱི་བྱང་གླིང་བཙན་ཕྱུག་ཅེས་པའི་སར་རི་ཁྲོད་བཏབ་ནས་བཞུགས་ཀྱང་སྙིགས་མཐའི་འགྲོ་བ་རྣམས་ཀྱི་ལས་ཚུལ་ལ་ཐུགས་སྐྱོ་ནས་མེ་འབྲུག་ལོར་པདྨ་འོད་དུ་གཤེགས་པ་ཡིན་འདུག་ཨེ་ནེ་རིང་ཆོས་རྗེའམ་ནུབ་དགོན་བླ་མ་ནི། ཨེ་ནེ་རིང་དགོན་པ་ཞེས་པར་སྔར་ནས་རྙིང་ལུགས་ཆོས་ཀྱི་བརྒྱུད་འཛིན་ལསབླ་མ་ངག་དབང་ཞེས་ལུགས་གཉིས་ཀར་མཁྱེན་རྒྱ་ཅན་ཞིག་ལ་གཏེར་གྱི་བཀའ་བབ་རིམ་པར་བྱུང་བར། སྦྱོར་ར་ཐམས་ཅད་མཁྱེན་སྦྲུལ་དང། སྒམ་སྦྲུལ་རིན་པོ་ཆེ་སོགས་ཀྱིས་ཚད་ལྡན་དུ་བཞེད་དེ་དེང་ཡང་ཨེ་ནེ་རིང་དགོན་དང། གཉམ་གྱི་ཕྱོགས་སུ་ནུབ་དགོན་ཞེས་པའི་རི་ཁྲོད་ཞིག་ཏུ་ཆོས་སྡེ་བཏབ་ནས་ཨེ་གཉམ་ཕན་ཚུན་རེས་མོས་སུ་གཞན་བན་གྱི་ཕྲིན་ལས་བསྐྱངས་ནས་ད་ལྟ་ཡང་བཞུགས་པ་ཡིན་འདུག། སྦྲུལ་པའི་གཏེར་སྟོན་ཆེན་པོ་ཆོས་གླིང་བདེ་བའི་རྡོ་རྗེའི་རྣམས་འཕྲུལ་སྦྲུལ་པའི་སྐུ་ཀུན་བཟང་འོད་ཟེར་ཨོ་རྒྱན་གར་དབང་བསྟན་པའི་ ཉི་མ་ནི། གཏེར་སྟོན་ཆོས་རྗེ་གླིང་པ་ཉིད་དག་པའི་ཞིང་དུ་གཤེགས་པར་ཉེ་བའི་དུས་ཤིག་སྦུ་སྟོད་དཔོན་ནོར་བུ་དོན་གྲུབ་ལ་ནང་རྟེན་གྱི་ཚུལ་དུ་སྩལ་བའི་ལུང་བསྟན་ཕྱག་བྲིས་མར། བདག་འདྲ་གར་དབང་ཆོས་རྗེ་གླིང་པ་ཡིས། འགྲོ་དོན་མཐའ་མ་སྐྱེབ་བཅུ་གསུམ་པ། འདི་ནས་རྩིས་པའི་ལོ་བརྒྱའི་ནང་ཁོངས་སུ། གར་དབང་ཨོ་རྒྱན་ལས་རབ་རྩལ་ཞེས་སམ། མིང་ཡང་(སྨད་ཆ།༡༣༢)ཀུན་བཟང་མིང་དུ་འབོད་པ་ཞིག། པདྨས་བྱིན་བརླབས་ཟབ་གཏེར་སྒོ་མང་འབྱེད། བདུད་མཚོའི་ཕྱོགས་སུ་རྔ་སྒྲའི་འདབས་ཉེ་ནས། ཟབ་གཏེར་འབྱིན་ཅིང་གནས་ཀྱི་དགེ་མཚན་བསྟོད། ཅེས་ཕྱག་བྲིས་བྱས་ནས་འཇོག་པར་མཛད་ཡོད་པ་ལྟར་འཁྲུལ་མེད་དུ་བྱོན་པའི་གཏེར་ཆེན་འདི་ཉིད་འཁྲུངས་ཡུལ་ནི། སྦས་གནས་ཆེན་པོ་བདེ་ཆེན་པདྨོ་བཀོད་པའི་སྙིང་ཀ་ཆོས་ཀྱི་འཁོར་ལོའི་ཆར། སྐུ་ཡུལ་ཞེས་པའི་རི་དབྱིངས་པ་གམ་བརྩེགས་པ་འདྲ་བའི་མདུན་སྦང་ལྗོངས་ཚལ་སོགས་དབྱིབས་དང་བཀོད་ལེགས་ཉམས་དགའ་བ་ཞིག་ཏུ་གློ་མིའི་གྲོང་ཁྱེར་ཡོད་པ་དང་ཉེ་བར་བྱ་ཡུལ་ནས་འཕོས་པའི་མོན་པ་དུང་གྲངས་ཁ་ཤས་ཡོད་པའི་ནང་དུ། ཡབ་བྱར་ནས་ཡུལ་འཕོས་པའི་མོན་པ་དུང་གྲངས་ཁ་ཤས་ཡོད་པའི་ནང་དུ། ཡབ་བྱང་ནས་ཡུལ་འཕོས་པའི་སྔགས་འཆང་དཀོན་མཚོག་ཅེས་པ་དང། ཡུམ་ཀོང་པོ་རྒྱ་ལ་སྡེ་པའི་སྲས་མོ་ཞིག་ལ་ཆུ་མོ་ལུག་གི་ལོ་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། དེ་ཡང་དགའ་ཆགས་ནས་ཆོས་གླིང་སྦྲུལ་སྐུ་འཇིག་རྟེན་དབང་ཕྱུག་ཞིང་རྗེས་ཉིན་དང་རྗེ་འདི་ལྷུམས་ཞུགས་དུས་མཚུངས་བྱུང་བར་གླེང། སྐུ་ན་ཕྲ་མོའི་དུས་ནས་སྙིང་རྗེ་དང་ཕན་སེམས་ཆེ་བའི་སྲོག་ཆགས་ལ་མི་འཚེ་བ་སོགས་རིགས་སད་པའི་རྟགས་ཁྱད་པར་ཅན་མངའ་བས་གློ་དང་མོན་པ་རྣམས་ཀྱིས་ཀྱང་ཡ་མཚན་དུ་འཛིན། དེ་ནས་རྗེ་ཉིད་དགུང་ལོ་བརྒྱད་དགུ་ཙམ་ནས་སྦུ་བོ་རྦ་ཁ་དགོན་དུ་བླ་མ་ཤཱཀྱ་ཞེས་པ་ཆོས་སྦྱན་ཡངས་པ་ཞིག་ཡོད་པ་དེའི་དྲུང་དུ་ཡི་གེ་བསླབས་སྦྱངས་མཛད། དེ་ནས་རྗེ་ཉིད་དགུང་ལོ་བརྒྱད་དགུ་ཙམ་ནས་སྦུ་བོ་རྦ་ཁ་དགོན་དུ་བླ་མ་ཤཱཀྱ་ཞེས་པ་ཆོས་སྦྱན་ཡངས་པ་ཞིག་ཡོད་པ་དེའི་དྲུང་དུ་ཡི་གེ་བསླབས་སྦྱངས་མཛད། དེ་སྐབས་ཙམ་ན་འབྲུག་ཐང་གསང་སྔགས་ཆོས་གླིང་དུ་གཏེར་ཆེན་ཀུན་བཟང་བདེ་ཆེན་རྒྱལ་པོའི་དྲུང་དུ་བྱོན་པས། གཏེར་ཆེན་དེ་ཉིད་ཀྱིས་བརྩེ་སྐྱོང་གཞན་འགྲན་མེད་པ་གནང། གཙུག་ཕུད་བཞེས་ནས་ཀུན་བཟང་འོད་ཟེར་གར་(སྨད་ཆ།༡༢༣)དབང་ཨོ་རྒྱན་བསྟན་པའི་ཉི་མ་ཞེས་པའི་མཚན་གསོལ། བུ་འདི་སླར་བསྟན་འགྲོའི་དཔལ་དུ་འགྱུར་བ་ཞིག་འོང་ངེས་ཡིན་པས། རེ་ཞིག་ཡོན་ཏན་སློབ་སྦྱོང་དང་གཙང་སྦྲ་གང་ཅེ་གྱིས་དང། སླར་ཤ་མོང་གིས་ནམས་དུས་ཀྱི་སྦང་བརྟོལ་བ་ཞིག་འོང་ངེས་ཞེས་ལུང་བསྟན་རྗེས་སུ་གནང་ངས་དབུགས་དབྱུང་གཟིངས་བསྟོད་མཛད། དེ་ནས་སྦོ་པོ་རྦ་ཁ་གི་རྟེན་གྲལ་ནས་རྡོ་བ་ཞིག་མཚན་མོ་འགུལ་ཞིང་འདུག་པ་ཞིག་བྱུང་སྟེ་དེ་བཞེས་པའི་ནང་ནས་གཏེར་གྱི་ཁ་བྱང་བྱུང་བ་ལྟར་ལུང་བསྟན་དུས་རྟགས་སོགས་མཐུན་པར་མེ་རྟ་ཟླ་བ་དྲུག་པའི་ཚེས་བཅུ་ལ་པདྨ་བཀོད་ཀྱི་གནས་སྟོད་མཁའ་འགྲོ་འབུམ་འདུས་ཀྱི་ལུང་པར་དམར་ནག་རཀྟའི་མཚོ་འགྲམ་ནས་ཟབ་ཆོས་འཆི་མེད་ཐུགས་ཐིག། ཚེ་ཆུང། དམ་རྫས། སྐུ་ཚབ་སོགས་གཏེར་སྒྲོམ་སོགས་རྒྱ་ཆེན་སྦྱན་དྲངས། མི་ལོ་བཅུ་གཉིས་ཀྱི་བར་དུ་གསང་རྒྱ་མཐར་ཕྱིན་པར་མཛད་ནས་ས་ཕོ་རྟ་ལོར་བཀའ་རྒྱ་བཀྲོལ་ནས་རིམ་པར་སྦྲེལ་ཞིང། ཁྱད་པར་ཆོས་བདག་གི་གཙོ་བོ་ནི་ལྷ་རིགས་མང་བཀུར་གྱི་གདུང་ལས་སོན་པའི་གཏེར་ཆེན་ཆོས་བདག་གི་གཅོ་བོ་ནི་ལྟར་རིགས་མང་བཀུར་གྱི་གདུང་ལས་སོན་པའི་གཏེར་ཆེན་ཆོས་ཀྱི་རྒྱ་པོ་སྒམ་སྦྲུལ་རིན་པོ་ཆེ་ཉིད་ལ་སྨིན་གྲོལ་གྱི་གདམས་ཟབ་ཐམས་ཅད་ཕུལ་ཞིང་རྟེན་འབྲེལ་ཕུན་སུམ་ཚོགས་པ་མ་སྒྲིག་ལྷུན་གྲུབ་ཏུ་འགྲིགས་ཏེ་ལེགས་ལམ་གྱི་སྣང་བ་དགུང་ཟླའི་དཔེར་འོས་པ་མཛད། དེ་ནས་རིམ་གྱིས་དབུས་ཕྱོགས་སུ་ཞབས་པད་བསྐྱོད་དེ། ལྷ་ལྡན་གྱི་རྒྱལ་ཁབ་ཆེན་པོར་རྒྱལ་བ་ཡས་ཕྱིན་གཞུང་རྩེ་ཤོད་སོགས་མཇལ་ཞིང། གསང་ལུང་བཞིན་རྟེན་འབྲེལ་སྒྲོག་ཕྱོགས་གནང་བས་དགྱེས་པའི་བསླབ་སྟོན་དང་རྟེན་འབྱུང་གི་སྒོ་འཕར་ཡངས་པོར་ཕྱེ་བའི་བཀའ་དྲིན་(སྨད་ཆ།༡༣༤)དང། འབྱོན་ལམ་དུའང་ས་རི་ལ་རྟ་འུར་སོགས་ཀྱི་བདག་རྐྱེན་དང། བསྟན་དོན་སྐུ་རིམ་སྒྲུབ་དགོས་ཀྱང་སྩལ་གནང་མཛད། དེ་སྐབས་ཆིབས་ཞོར་ལ་འཕན་ཡུལ་སྒོ་ལ་གཙང་རྒྱུགས་ཕྲད། ཡུམ་བུ་བླ་མཁར་སོགས་ནས་ཟབ་གཏེར་ཀྱང་མང་དུ་བཞེས་ནས་ཕྱིར་ཕེབས། དུས་གཞན་ཞིག་ལ་སྦས་ཆགས་ཤྲི་རི་ནས་ཀྱང་ཟབ་གཏེར་ཇི་སྙེད་བཞེས་ཤིང། ཁྱད་པར་དུ་མེ་སྟག་ལོར་རྗེ་འདི་དང། སྒམ་སྦྲུལ་རིན་པོ་ཆེ་ལྷན་རྒྱས་ཀྱིས་པདྨ་བཀོད་ཀྱི་ལྟེ་བ་སྦྲུལ་པའི་འཁོར་ལོའི་གནས་སྒོ་སུས་ཀྱང་མ་ཕྱེས་པ་མང་པོ་སྔོན་མེད་གསར་ཕྱེས་དང་བདུད་རྩིའི་སྒྲུབ་པ་སོགས་མཛད་ཅིང། བོད་ཁམས་སྦྱིའི་བསྟན་འགྲོའི་ལེགས་ཚོགས་ཀྱི་སྒོ་བརྒྱ་འབྱེད་པར་གནང་ཞིང། གཞན་ཡང་པདྨ་བཀོད་ཀྱི་གནས་རིའི་བྱེ་བྲག་སྦྱི་བོ་མགྲིན་པའི་གནས་ཕུག་མང་པོ་གསར་ཕྱེས་དང། ཨོ་རྒྱན་ཡང་རྫོང། པདྨ་རྫོང་ཆེ་ཆུང་སོགས་ནས་གཡར་སྐྲན་དང། གཞན་ཡང་སྟོང་སྨད་ཐམས་ཅད་དུ་ལྷ་ཁང་སོགས་གསར་སྐྲུན་དང། གཞན་ཡང་སྟོད་སྨད་ཐམས་ཅད་དུ་ལྷ་ཁང། མཆོད་རྟེན་སོགས་མང་དུ་བཞེངས་པར་གནང་ཞིང། ཀློ་མོན་གྱི་འགྲོ་བ་རྣམས་བསྡུ་བ་རྣམ་པ་བཞིའི་ཕྲིན་ལས་ཀྱིས་རྗེས་སུ་བཟུང་བ་མཛད་ནས། སླར་ཡང་ལྷ་ལྡན་ཕྱོགས་སུ་ཕེབས་སྐྱོད་དང་བཅས་སྐལ་པ་དང་ལྡན་པ་མང་པོའི་དོན་མཛད་ཅིང། དེང་སང་ཡང་ཞབས་པད་བརྟན་བཞིན་བཞུགས་པ་འདི་ལགས་ཤིང། ཆོས་བདག་གི་གཙོ་བོ་ནི་སྒས་སྦྲུལ་རིན་པོ་ཆེ་དང་སྦྱོར་ར་ཐམས་ཅད་མཁྱེན་པ། རྟ་ཚག་རིན་པོ་ཆེ། ཉི་གྲགས་མཆོག་སྦྲུལ་སོགས་ཡིན་པར་སྣང་ལ་གཞན་སྟོད་སྨད་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པ་ཡོད་པ་གོར་མ་ཆག་གོ། ལྷ་སྡིངས་ཞབས་(སྨད་ཆ།༡༣༥)དྲུང་རིན་པོ་ཆེའི་གཏེར་ཇི་ལྟར་བཞིན་ཚུལ་མདོར་ཙམ་བརྗོད་ན། ལྷ་སྲས་མཆོག་གྲུབ་རྒྱལ་པོའི་ཡང་སྲིད། གསང་མཚན་རང་གྲོལ་ཏིང་འཛིན་རྒྱལ་པོར་གྲགས་པའི་གཏེར་ཆེན་འདི་ཉིད་འཁྲུངས་པའི་ཡུལ་ནི་དབུ་རུ་བྲག་གི་ཕུ་སྐྱུ་རུ་ཅན་ཞེས་སྔོན་གྲུབ་ཐོབ་མེ་ལོ་རྡོ་རྗེ་ནམ་མཁའ་ནས་འཕུར་ཏེ་བྱོན་པའི་ཕྱག་ནས་སྐྱུ་རུ་རའི་འབྲས་བུ་ཞིག་ཡོད་པ་ས་ལ་ལྟུངས་ཤོར་བས་ས་དེར་བབས་སྐྱུར་རུ་ཅན་དུ་གྲགས་ཤིང། གྲུབ་ཐོབ་རྒྱུན་མི་ཆད་དུ་འབྱུང་བའི་སྨོན་ལམ་ཡོད་གསུངས་པ་དེར་ཡབ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཐེག་གླིང་འགྲོ་དོན་མཐར་ཕྱིན་དུ་གྲགས་པ་དེ་དང་ཡུམ་གནུབས་བརྒྱུད་རིགས་ལྡན་ཞིག་གི་སྲས་སུ་སྐུ་བལྟམས། ལོ་གཅིག་ཙམ་ནས་ཡབ་ཀྱི་དྲུང་དུ་ཟུར་མཁར་ལྷ་སྡིངས་རིན་ཆེན་སྒང་དུ་ཕེབས། ཡབ་གཏར་ཆེན་རིན་པོ་ཆེས་རྗེས་སུ་བཟུང་ཞིང་ཡབ་ཆོས་གཏེར་བརྒྱུད་ཟམ་མི་ཆད་ལོ་དྲུག་ཙམ་ནས་ཡབ་གཏེར་ཆེན་འོག་མིན་དུ་གཤེགས། རྗེ་ཉིད་གཅེན་གྱིས་བསྐྱངས། དེ་སྐབས་མི་མེད་དབེན་པའི་སྐབས་འགར། བྲམ་ཟེ་(སྨད་ཆ།་ཚང་བཀྲ་ཤིས་ཁྱོད་ཀྱི་ཙཱ་དེ་སང་དུས་ཁྱོད་དང་བ་གསོ་བར་གྱིས་ཟེར་བ་ལེན་མང་དུ་ཐོས། དེ་དུས་ཨོ་རྒྱན་རིན་པོ་ཆེ་དང་དངོས་སུ་མཇལ་རིག་འཛིན་བདེ་འདུས་ཀྱི་བཀའ་གཏད་དང་འགྲོ་དོན་ལ་བསྐུལ་བའི་ཞལ་ཆེམས་ལུང་བསྟན་བཅས་སྩལ་ནས་ཕྱག་པུ་ཏི་ཞིག་འདུག་པ་སྙིང་གར་ཐིམ་སྙམ་བྱུང་བ་དང་མི་སྣང་བར་གྱུར་གསུངཤ། རྗེ་ཉིད་ཀྱི་གཅེན་གཏེར་སྲས་པདྨ་བསྟན་འཛིན་རྒྱ་མཚོ་དང། ལྕགས་ཟམ་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་བཅས་དང། ཡབ་མ་གཤེགས་པའི་བར་དེ་དག་ཏུ་སྙིང་ཐིག་ཡ་བཞིའི་དབང་ཁྲིད་ལུང་གསུམ། བཀའ་བརྒྱུད་རྣམ་(སྨད་ཆ།༡༣༦)གསུམ་ཕུར་པ། དགོངས་འདུས། མདོ་སྒྱུ་སེམས་གསུམ་རྙིང་མ་རྒྱུད་འབུམ། བྱང་གཏེར། ཚེ་དབང་སོགས་གཏེར་ཁ་མང་པོ་སོ་སོའི་དབང་ལུང་སོགས་སྙིང་མ་བཀའ་གཏེར་ཕལ་ཆེར་མ་གསན་པ་མེད། དགུང་ལོ་བཅུ་གཉིས་པ་ལ་དཔལ་རིར་ཆོས་སྒོར་བཞུགས། མཚོ་རྒྱལ་སྦྲུལ་སྐུ་པདྨ་དབང་འབྱོར་རྒྱ་མཚོ་གཙུག་ཕུད་ཕུལ། གནས་དེར་དག་པའི་སྣང་བ་ཕྱོགས་མེད་དུ་ཤར། ཁྱད་པར་གཏེར་ཆེན་པྲ་ཛྙཱ་སྨིའི་ཞལ་གཟིགས་དང་ཞལ་གདམས་མང་དུ་གསན། རྡོ་རྗེ་གཤོག་རྒོད་མས་ཕྲིན་ལས་བསྒྲུབས་པའི་ཁས་བླངས་ཤིང། ལྷ་ལྕམ་མནྡ་ར་བས་ཨ་རུ་ར་རློན་པ་འབྲུ་བདུན་གྱི་ཁ་བྱང་ལུང་ནབསྟན་བྱུང་ཡང། དགུང་ལོ་བཅུ་དགུའི་ཐོག་བྲག་ཕུ་ནས་ལྡེ་མིག་ལེན་ཚུལ་ལྟར་རྟེན་འབྲེལ་བསྒྲིགས་ཀྱང་རིག་མའི་རྟེན་འབྲེལ་བསྒྲིགས་མ་བདེ་བས་བྲག་དམར་མགྲིན་བཟང་དང། མཆིམས་ཕུ་གླང་ཆེན་འགུལ་གྱི་གཏེར་རྣམས་ཀྱང་ཅུང་ཟད་འགྱང་བར་གྱུར། བར་དེར་གསོ་བ་རིག་པ་ལ་སྦྱངས་བརྡར་གནང་བས་མཁས་པར་མཁྱེན། སླར་ཡང་བསྟན་སྐྱོང་མས་བསྐུལ་བ་བཞིན་མཚིམས་ཕུར་ལོ་ལྔར་བཅད་རྒྱ་མཐར་ཕྱིན་མཛད་པས་འབྲི་གུང་གཞུ་སྟོད་གཏེར་སྒྲོམ་གྱི་གཏེར་འདོན་པའི་བརྡའ་གྲོལ་བྱུང། གཏེར་འདོན་པའིདུས་ལ་བབས་པའི་ལུང་བསྟན་ལྟར་ཕེབས་ཀྱང་ཁ་བ་ཆེ་བས་གཏེར་སྒོ་འགག་པས་རྟེན་འབྲེལ་དུས་ལས་ཡོལ་བར་གྱུར་ཀྱང་མཚོ་རྒྱལ་བླ་མཚོའི་གཏེར་གྱི་ཁ་བྱང་ལུང་བསྟན་བྱུང། སླར་མཚོ་རྒྱལ་བླ་མཚོར་ཕེབས། མཚོ་ཐམས་ཅད་བརྡ་རིས་སུ་སད་པ་ཕལ་ཆེར་བཤུས། མཁའ་འགྲོ་སྡེ་སྔ་དང། གུ་རུ་ཉི་མ་འོད་ཟེར་གྱིས་བོད་ཡུལ་(སྨད་ཆ།༡༣༧)སྦྱི་དང་བྱེ་བྲག་ལ་ཕན་པའི་ལུང་བསྟན་མང་དུ་སྩལ་ཞིང། ཁྱད་པར་མེ་སྟག་ཟླ་བ་འོད་ཟེར་ཤར་བའི་དུས། མཚིམས་ཕུས་ཡང་དབན་དབྱར་ཟླ་ཐ་ཆུང་ལོངས། དུས་ངན་གསོ་བའི་རྩི་འདི་ཉིད་རང། ལས་སད་ཆོས་བདག་སྦང་ལ་ཤ་ལྟར་བརྟོལ། ཞེས་གསུངས་པ་ལྟར་ལ་གསུམ་དུ་སྒྲུབ་པའི་དམ་བཅའ་མཛད། དེ་ནས་ལྷ་སར་ཕེབས་པའི་ལས་ཞོར་ལ་བྲག་འཕྲེང་གཉིས་ཀྱི་བར་བྲག་རྡོ་རྗེ་ཕུར་པར་ཕེབས་སྐབས་དག་པའི་སྣང་བ་མང་དུ་ཤར་ཞིང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བྱིན་གྱིས་བརླབས། དེ་ནས་ལྷོ་ནུབ་རྔ་ཡབ་པདྨ་འདོ་དུ་ཕེབས་པ་སོགས་དག་པའི་སྣང་བ་འབྱམས་སུ་ཀླུད་པ་ཤར། ཁྱད་པར་སློབ་དཔོན་ཆེན་པོ་ཞིག་དྲག་སོ་སོའི་རྣམ་པའི་སྐུ་དང་རིག་འཛིན་མཁའ་འགྲོའི་ཚོགས་བཅས་མཇལ་ཞིང། ལུང་བསྟན་རྗེས་སུ་གནང་བ་སོགས་ཀྱི་ལོ་རྒྱུས་བརྗོད་ཀྱིས་མི་ལངས། སླར་ཡང་བླ་མ་དྲག་པོ་རྩལ་གྱིས་བསྐུལ་ནས་བས་ཡུལ་དུ་ཕེབས་ཚུལ་སོགས་གསང་ཡུམ་མ་གཏོགས་གཞན་ལ་གསང་རྒྱ་དམ་པར་བསྡམས་ནས་མེ་སྟོག་ཟླ་བ་དྲུག་པའི་ཚེས་བཅུ་གཅིག་ལ་བྲག་དམར་མགྲིན་བཟང་ནས་གཏེར་གྱི་ཁ་བྱང་ལྡེ་མིག་སོགས་བཞེས། ཚེས་བཅུ་བཞི་ལ་བསམ་ཡས་ལྕགས་ནང་བརྒྱུད་ལྕགས་མང་ལའི་དུར་ཁྲོད་ཁར་ཕེབས། ཚེས་བཅུ་ལྔའི་ནམ་ལངས་པ་ན་དཔལ་རི་མཚོ་རྒྱལ་སྦྲུལ་སྐུ་པདྨ་ཆོས་འབྱོར་རྒྱ་མཚོ་དཔོན་གཡོག་གསུམ་བྱ་བཏང་གི་ཆས་མཛད་ནས་ཡིད་ལ་མེད་པར་ཕེབས་བྱུང་བས་མངོན་མཁྱེན་ལ་གསལ་གྲིབ་མེད་པའི་ཐུགས་ངེས་འདྲོངས་ཆོས་བདག་རྩ་བའི་ལུང་བསྟན་ཐོག་ཏུ་ཁེལ། མཚོ་རྒྱལ་སྦྲུལ་སྐུ་དཔོན་གཡོག་རྣམས་སྔོན་དུ་གུར་དཀར་ཕུག་ཏུ་ཕེབས་ནས་འདོད་ཡོན་བཟའ་བཏུང་གི་ལོངས་སྦྱོད་སོགས་གང་དགོས་ཐམས་(སྨད་ཆ།༡༣༨)ཅད་གྲཱ་སྒྲིག་མཛད། གཏེར་སྟོན་བྱོན་པ་དང་སྦོས་རོལ་སོགས་ཀྱི་བསུ་བ་དང་བཅས་རྟེན་འབྲེལ་བསྒྲིུགས། དེ་ནས་སྐུ་རྟེན་མཐོང་གྲོལ་ཆེན་མོ། གསུང་རྟེན་བླ་མ་བདེ་འདུས། ཐུགས་རྟེན་ཨ་རྒྱ་ཉེར་གཅིག་སོགས་གཏེར་ཆོས་གཏེར་རྫས་ཐམས་ཅད་བར་ཆད་མེད་པ་ལུང་བཞིན་སྦྱན་དྲངས། སློབ་དཔོན་རིན་པོ་ཆེ་པདྨ་སམ་བྷ་བས་དབང་ལུང་ཐམས་ཅད་དངོས་སུ་སྩལ་ཞིང། ཞག་བདུན་དུ་ནམ་ཉིན་བལྟོས་མེད་བརྡ་རིས་རྣམས་ཞལ་བཤུས་ཤིང་མ་དཔེ་རྣམས་སླར་ལུང་བཞིན་མ་ཉམས་པར་འདབས་གཏེར་དུ་སྦས། དེ་ནས་མགྲིན་བཟང་དུ་ཁ་བྱང་ལྡེ་མིག་ཀྱང་སྔར་ལྟར་སྦས་པ་གནང། དེ་ནས་མགྲིན་བཟང་དུ་གསང་རྒྱ་དང་སྒྲུབ་པ་མཐར་ཕྱིན་མཛད་ནས་རིམ་པར་སྦེལ་ཟླ་ཚེས་ནས་བཀའ་རྒྱ་གྲོལ་ནས་ཆོས་བདག་རྣམས་ལ་རིམ་པར་སྦེལ་བ་གནང་བ་ཡིན་འདུག། དེ་ཡང་བླ་མ་བདེ་གཤེགས་འདུས་པའི་སྐོར་ནང་གསེས་དང་བཅས་བཞུགས་པ་འདུག་ཅིང། དེང་སང་བསྟན་པའི་བདག་པོ་དེ་མོ་རིན་པོ་ཆེ་སོགས་བོད་ཡུལ་ཆེ་དགུ་ཀུན་གྱི་གཙུག་ནོར་དུ་བཀུར་ཞིང། ཞབས་པད་བརྟན་ཞིང་སྔ་འགྱུར་བསྟན་པའི་སྲོག་ཤིང་དུ་བཞུགས་སོ། སྦྲུལ་པའ་གཏེར་སྟོན་འདི་ནི་སྙིགས་དུས་ཀྱི་བསྟན་འགྲོའི་ཕན་བདེའི་བྱེད་པོར་མཆོག་ཏུ་བསྔགས་པ་གཞན་འགྲན་མེད་པ་ཞིག་སྟེ། གཏེར་འབྱུང་མདོར་བསྡུས་ཙམ་ཞིག་བརྗོད་ཟིན་ཏོ། སྦྲུལ་པའི་གཏེར་ཆེན་གྱི་རྒྱལ་པོ་དཱགས་པོ་རིན་པོ་ཆེ་ནི། ལྷ་རིགས་མང་བཀུར་རྒྱལ་པོའི་གསུང་ལས་ས་སྐྱོང་ལྷ་རྒྱ་རི་བའི་སྲས་སུ་འཁྲུངས། སྒམ་པོ་མཆོག་སྦྲུལ་ཀུན་བཟང་ངེས་དོན་དབང་པོའི་ཡང་སྲིད་དུ་ངེས་པས།(སྨད་ཆ།༡༣༩)གདན་སར་སྦྱན་དྲངས། ཁྱད་པར་ཟབ་མོའི་གཏེར་ལ་སྦྱོད་པའི་ཁ་བྱང་ལུང་བསྟན་སོགས་དང་རྗེས་མཐུན་ཟབ་གཏེར་མང་པོ་བཞེས་ཚུལ་དང། སྦས་གནས་ཀྱི་སྒ་འབྱེད་པ་དང། བསྟན་འགྲོའི་ཕན་བདེ་སྦེལ་ཕྱིར་ཕྱོགས་མཐར་ཕེབས་སྐྱོད་སོགས་ཇི་ལྟར་མཛད་པའི་ཚུལ་ཐམས་ཅད་གཤམ་དུ་གདན་རབས་སྐབས་སུ་འཆད་པས་འདིར་མི་སྦྲོའོ། སྐྱེས་ཆེན་དམ་པ་འདི་ནི་བྱང་ཆུབ་སེམས་དཔའ་ཟླ་འད་གཞོན་ནུ་ཉིད་སྙིགས་མའི་སེམས་ཅན་དང་གསང་ཆེན་རྙིང་མའི་བསྟན་པའི་རྩ་ལག་ཏུ་བསམ་བཞིན་དུ་སྐྱེ་བ་བཞེས་པ་ལ་བསྙོན་དུ་མེད་པ་མངོན་སུམ་དུ་ཚད་མར་གྱུར་པ་འདིའོ། དེ་ལྟར་སྦྲུལ་པའི་གཏེར་སྟོན་ཆེན་པོ་ཡོངས་སུ་གྲགས་པ་ཕལ་ཆེ་བའི་ལོ་རྒྱུས་རགས་རིམ་ཞིག་བྲིས་ཟིན་ཏེམ། ད་དུང་འདི་དག་ཏུ་མ་འཐུས་པའི། ས་སྐྱ་བདག་ཆེནམ། རྡོ་རྗེ་བྲག་མཆོག་སྦྲུལ། མཁར་རྡོ་ཆོས་ཀྱི་རྡོ་རྗེ། གླིང་སྲས་གཏེར་སྟོན་པདྨ་དགྱེས་པ་རྩམ་སོགས་ཕྱིས་བྱོན་འགའ་ཞིག་གི་གཏེར་འབྱུང་རྣམ་ཐར་སོགས་ཕྱིས་བྱོན་འགའ་ཞིག་གི་གཏེར་འབྱུང་རྣམ་ཐར་སོགས་མ་མཐོང་བས་འདིར་འགོད་པར་མ་ནུས་པས། སླར་རྣམ་ཐར་དང་གཏེར་འགྱུར་སོགས་ཞིབ་པར་མཐོང་ན་རིམ་གྱིས་དཔྱོད་ལྡན་རྣམས་ཀྱིས་འདིའི་འཕྲོས་སུ་འགོད་པར་འོས་ལ། གཞན་ཡང་གཏེར་སྟོན་ཚད་ལྡན་ཡིན་ངེས་དག་བྱུང་ནའང་འདིར་བསྣན་ཀྱང་འགལ་བ་མེད་དོ། དེ་ཡང་སྦྲུལ་པའིགཏེར་སྟོན་དེ་དག་དུས་ནམ་ཙམ་ན་བྱོན་པའི་སྔ་ཕྱིའི་གོ་རིམ་ཤིན་ཏུ་སྒྲིག་དཀའ་བར་སྣང་ཡང་གྲགས་ཆེ་བ་འགའ་ཞིག་ལམ་ཙམ་བསྒྲིགས་ན། དེ་ཡང་བསྟན་པ་ཕྱི་དར་གྱི་ཐོག་མ་ནས་བཟུང་སྦྲུལ་པའི་གཏེར་སྟོན་རྣམས་རིམ་པར་བྱོན་པ་ཡིན་པར་སྣང་སྟེ། བསྟན་པ་ཕྱི་དར་དུ་འཇོག་པའི་རྒྱུ་མཚན་ཡང། རྒྱལ་པོ་གླང་དར་མས་ལྕགས་བྱ་ལ་བསྟན་པ་བསྣུབས་(སྨད་ཆ།༡༤༠)ཏེ། དེ་ནས་ལོ་སྔ་བཅུ་ང་གཉིས་འདས་པའི་ཆུ་གླང་དེ་ཕྱི་དར་གྱི་ཐོག་མར་བཞེད་ལ། དེ་ནས་ལོ་ལྔའི་ས་རྟ་ལ་ལོ་ཆེན་རིན་ཆེན་བཟང་པོ་འཁྲུངས། ལོ་ཆེན་འདི་དང། ལྷ་བླ་མ་ཡེ་ཤེས་འདོ་ཀྱི་དུས་ཙ་ན། སྦྲུལ་པའི་གཏེར་སྟོན་སངས་རྒྱས་བླ་མ། གཙུག་ལག་དཔལ་དགེ། གུ་རུ་ཧཱུྃ་འབར་རྣམས་བྱོན། དེ་ལས་ཅུང་ཟད་ཕྱི་བར། ལྷ་བཙུན་བྱང་ཆུབ་འོད། ཇོ་བོ་པཾ་ཀཱ་ར། ཁྱུང་པོ་དཔལ་དགེ། དཔོན་གསས་ཁྱུང་ཐོག་ཀྱང་དེ་སྐབས་ཙམ་ཡིན་པ་འདྲ་ནའང་གཏེར་འབྱུང་མི་སྣང། དེ་ནས་མངའ་བདག་མར་པའི་དུས་ཙམ་ན། གྲ་པ་མངོན་ཤེས། རྒྱ་ལོ་ཙཱ། རྡོར་འབུམ་ཆོས་གྲགས། སྣ་ནམས་པ། སངས་རྒྱས་འབར། རྒྱ་ཞར་ཕྲོམ་ལེ་སྟོན་རིང་མོ། རྒྱ་ཕུར་བུ། དགེ་བཤེས་གྲང་ང་ཀུན་གྲགས། བོན་པོ་ལྷ་སྟོན་རིང་མོ། རྒྱ་ཕུར་བུ། སངས་རྒྱས་འབར། རྒྱ་ཞང་ཕྲོམ་ལེ་སྟོན་རིང་མོ། རྒྱ་ཕུར་བུ། དགེ་བཤེས་གྲང་ང་ཀུན་གྲགས། བོན་པོ་ལྷ་འབུམ། ལྷ་རྗེ་གནུབ་ཆུང། ལྷ་བཙུན་སྔོན་མོ་སོགས་བྱོན་པ་འདྲ། དེ་ནས་མེ་ཡོས་ཀྱི་ལོ་ལ། དུས་འཁོར་རྒྱུད་འགྲེལ་བོད་དུ་ཕེབས། རབ་བྱུང་གི་ཐོག་མར་བགྲངས་ཏེ་འདི་ནས་དྲུག་ཅུ་སྐོར་འདིའི་ནང་ཙམ་ལ་རྗེ་བཙུན་མི་ལ་རས་པ། སྔོ་ལོ་སོགས་དང་དུས་མཉམ་དུ་གཏེར་སྟོན་ལྷང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག། སར་བན་ཕྱོགས་མེད། རཀྵ་གཏེར་སྟོན། གྲུ་གུ་ཡང་དབང། ཀྶུ་ཚ་སྟོན་པ། གཉན་དར་མ་གྲགས། གཡུ་རུ་སྟོན་ཤཀ། བོན་པོ་དྲག་རྩལ་སོགས་བྱོན། དེ་ནས་དྲུག་ཅུ་སྐོར་གཅིག་སོང་བའི་རབ་བྱུང་གཉིས་པ་ལ། ཕག་གྲུ། དུས་མཁྱེན་རྣམས་དང་དུས་མཉམ་པར། ཟང་རི་རས་པ། ལྷ་རྗེ་ཉི་འོད་གསལ། སྙེ་མི་རྒྱ་གངས་རི་པ། ལྕེ་སྒོམ་ནག་པོ། ཞང་སྟོན་བཀྲ་(སྨད་ཆ།༡༤༡)ཤིས་རྡོ་རྗེ། རབ་བྱུང་གསུམ་པར། རྗེ་བཙུན་གྲགས་པ་རྒྱལ་མཚན་དང། ས་སྐྱ་པཎ་ཆེན་སོགས་ཀྱི་དུས་སུ། གཡུ་ཐོག་པ་སུ་སྟོན་ར་མོ་ཤེས་སྨན། སྙེ་མོ་ཞུ་ཡས། སྟག་ལུང་སངས་རྒྱས་དབོན། གཉམ་པ་ཉི་མ་ཤེས་རབ། གཡས་བན་ཨ་བོན། བལ་པོ་ཨ་བོན། བལ་པོ་ཨ་ཧཱུྃ། ཨ་བོ་དཔལ་པོ་སོགས་དང། འདར་ཕྱར་པ། ཤང་པ་རས་པ། གཉམ་པ་ཇོ་སྲས་སོགས་བྱོན། རབ་བྱུང་བཞི་པར། ཆོས་རྒྱལ་འཕགས་པ་སོགས་དང་དུས་མཉམ་དུ། གཏེར་སྟོན་གུ་རུ་ཆོས་དབང། མེ་ལོང་རྡོ་རྗེ། བྱིས་ས་གཏེར་སྟོན་ཀྱང་འདི་ཙམ་ནས་བྱོན་པ་འདྲ། རྒྱ་སྟོན་པདྨ་དབང་ཕྱུག་བྲང་ཏི་མཁར་ཕུག། གུ་རུ་ཇོ་ཅེ། སྒོམ་ཆེན་འབྲུག་པ། གཉེན་སྟོན་ཛམ་བྷ་ལ། པདྨ་གྲགས་པ། དོན་གྲུབ་སེང་གེ། ཚེ་བསྟན་རྒྱལ་མཚན་སོགས་བྱོན། རབ་བྱུང་ལྔ་པར། ཀུན་མཁྱེན་རབ་བྱུང་རྡོ་རྗེ། བུ་སྟོན་ཐམས་ཅད་མཁྱེན་པ་སོགས་དང་དུས་མཉམ་ཙམ་ལ། དུང་མཚོ་རས་པ། ཀུན་དགའ་འབུམ། དུང་མཚོ་རས་པ་ཕྱི་མ། རྒྱ་གར་གཏེར་སྟོན་རྒྱལ་སྲས་ལེགས་པ། རིན་ཆེན་གླིང་པ། དོ་བན་རྒྱ་མཚོ། ཨོ་རྒྱན་གླིང་པ། རྡོ་རྗེ་གླིང་པ། དེའི་གཏེར་སློབ་ཨོ་རྒྱན་བཟང་པོ། ར་ཤི་སྟོན་པ། གཡག་འཕྱར་སྔོན་མོ། ཤེས་རབ་མེ་འབར། ཉི་ཟླ་སངས་རྒྱས། དོལ་ལས་འཕྲོ་གླིང་པ། གྲུམ་དང་མཁར་ནག་ཀྱང་འདི་སྐབས་ཙམ་བྱོན་པ་ཡིན་པ་འདྲ། རབ་བྱུང་དྲུག་པ་ལ། ཀརྨ་པ་རོལ་པའི་རྡོ་རྗེ་་་བློ་བཟང་གྲགས་པ། ངོར་ཆེན་རྡོ་རྗེ་འཆང་རྣམས་དང་དུས་མཉམ་ཙམ་ན། སངས་རྒྱས་གླིང་པ། དྲི་མེད་ལྷུན་པོ། དྲི་མེད་ཀུན་(སྨད་ཆ།༡༤༢ )དགའ། བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན། ཀརྨ་གླིང་པ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་རྣམས་བྱོན། རབ་བྱུང་བདུན་པར། ཀརྨ་པ་དེ་བཞིན་གཤེགས་པ་དང། བན་ཆེན་དགེ་འདུན་གྲུབ་པ། འགོས་ལོ་གཞོན་ནུ་དཔལ་སོགས་དང་དུས་མཚུངས་སུ། གཏེར་སྟོན་རརྣ་གླིང་པ། མཆོག་ལྡན་རྡོ་རྗེ། པདྨ་གླིང་པ། མགོན་པོ་རིན་ཆེན། ཆག་བྱང་ཆུབ་གླིང་པ། ཡོལ་མོ་གཏེར་སྟོན། ཀུན་སྐྱོང་གླིང་པ། མདོ་སྔགས་གླིང་པ་བསྟན་གཉིས་གླིང་པ། གྲ་ཤུལ་ལས་འཕྲོ་གླིང་པ་སོགས་བྱོན། རབ་བྱུང་བརྒྱད་པར། དགེ་འདུན་རྒྱ་མཚོ་དང་དུས་མཚུངས་པར། གཏེར་སྟོན་མངའ་རིས་པཎ་ཆེན། ཞིག་པོ་གླིང་པ། འཕྲོད་འགོ་ཤེས་རབ་འདོ་ཟེར་ལེགས་ལྡན་རྡོ་རྗེ། འབྲི་གུང་གནམ་ལྕགས་མེ་འབར། རྒྱ་མའི་འགྱུར་ལས་འཕྲོ་གླིང་པ། གནས་གསར་མཁྱེན་བརྩེའི་དབང་ཕྱུག་སོགས་བྱོན། རབ་བྱུང་དགུ་པར་མི་བསྐྱོད་ཞབས་དང། འབྲུག་པ་པད་དཀར་དང་དུས་མཚུངས་སུ། ལོང་པོ་བསམ་གཏན་གླིང་པ་དང། གྲོ་ཤུལ་བདེ་ཆེན་གླིང་པ། བཀྲ་ཤིས་སྟོབས་རྒྱལ། དེ་སྲས་ངག་གི་དབང་པོ། ཨེ་སྦེ་གླིང་པ། ངག་དབང་གྲགས་པ། གདོང་ཀ་ལ་ཁ་བའང་འདི་དུས་ཙམ་ཡིན་པ་འདྲ། རབ་བྱུང་བཅུ་པར། གོང་ས་ལྔ་པ་དང། ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་དུས་ཙམ་ན། གཏེར་སྟོན་འཇའ་ཚོན་སྙིང་པོ། བཀྲ་ཤིས་ཚེ་བརྟན། ར་ཞི་གཏེར་སྟོན་པདྨ་རིག་འཛིན། གཏེར་སྟོན་བདུད་འདུལ་རྡོ་རྗེ་དུས་ཙམ་ན། ར་ཞི་གཏེར་སྟོན་པདྨ་རིག་འཛིན་། གཏེར་སྟོན་བདུད་འདུལ་རྡོ་རྗེ། གནམ་ཆོས་མི་འགྱུར་རྡོ་རྗེ། གཏེར་བདག་གླིང་པ། ཀློང་གསལ་སྙིང་པོ། མ་ཏི་རརྣ། དཱགས་པོ་བཟང་པོ་རྡོ་རྗེ། བསྟན་འཛིན་ནོར་བུ། སྟམ་ཤམ་པ། ཉི་མ་གྲགས་པ། རོལ་(སྨད་ཆ།༡༤༨)པའི་རྡོ་རྗེ། ཡང་དགེ་མི་འགྱུར་རྡོ་རྗེ། མངའ་རིས་གར་དབང་རྡོ་རྗེ་སོགས་བྱོན། རབ་བྱུང་བཅུ་གཅིག་པར། རྒྱལ་བ་བདུན་པ་དང། ཀརྨ་པ་བྱང་ཆུབ་རྡོ་རྗེ་སོགས་དང་དུས་མཉམ་ཙམ་དུ། གཏེར་སྟོན་ཆོས་རྗེ་གླིང་པ། ར་སྟོན། ཧཱུྃ་ནག་འགྲོ་འདུལ། རིག་འཛིན་ཚེ་དབང་ནོར་བུ་རྣམས་བྱོན། རབ་བྱུང་བཅུ་གཉིས་པར། རྒྱལ་བ་བརྒྱད་པ་དང། ཀརྨ་པ་བདུད་འདུལ་རྡོ་རྗེ་སོགས་དང་དུས་མཚུངས་སུ། ཐེག་ཆེན་གླིང་པ། གྲུབ་ཆེན་ནམ་མཁའ་མ་ནམ་མཁའ་ཆོས་ཀྱི་རྡོ་རྗེ། དཔའ་བོ་ལས་རབ་ཙལ་སོགས། མཁར་རྡོ་ཆོས་ཀྱི་རྡོ་རྗེ། དཔའ་བོ་ལས་རབ་ཙལ་སོགས། མཁར་རྡོ་ཆོས་ཀྱི་རྡོ་རྗེ་སོགས་བྱོན། རབ་བྱུང་བཅུ་གསུམ་པའི་དྲུག་ཅུར་སྐོར་འདིའི་ནང་དུ། དཱགས་པོ་གཏེར་ཆེན་རིན་པོ་ཆེ། ཀུན་བཟང་འོད་ཟེར། ལྷ་སྡིངས་ཞབས་དྲུང། ཀློང་ཆེན་རོལ་པ་རྩལ། གླིང་སྲས་གཏེར་སྟོན་པདྨ་དགྱེས་པ། རྡོ་རྗེ་བྲག་མཆོག་སྦྲུལ་སོགས། གཞན་ཡང་གཏེར་སྟོན་མང་དུ་བྱོན་པ་སྣང་སྟེ་འདིར་སྒྲིག་མི་ནུས་ཏེ། དྲུག་ཅུ་སྐོར་རེ་རེའི་ནང་ལའང་སྐུ་ན་བགྲེས་གཞོན་གྱིས་འགའ་ཞིག་སྐུ་ཐོག་གཉིས་རེ་ཙམ་སྐུ་བརྗེས་ནས་སྐྱེ་བ་བྱོན་པའང་ཡོད་ལ། འགའ་ཞིག་དྲུག་ཅུ་སྐོར་གཉིས་གསུམ་ལ་བཞུགས་པའང་ཡོད་དེ། གྲུབ་ཐོབ་དངོས་གྲུབ་དང། ཉི་ཟླ་སངས་རྒྱས་སོགས་སྐུ་ཚེ་ཤིན་ཏུ་རིང་བར་བཞུགས་པ་ལྟར། དཔེར་ན་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དྲུག་ཅུ་སྐོར་གཉིས་དང་ལོ་རྐྱང་ཉག་མ་བརྒྱད་བཞུགས་པས་མཚོན་མཐའ་གཅིག་ཏུ་དེ་དང་དེ་དག་དུས་མཚུངས་ཁོ་(སྨད་ཆ།༡༤༤)ན་ཡིན་ཞེས་སྨྲ་ནུས་པ་ཡིན་པས་ཐོག་སྔ་ཕྱི་ཤེས་སླ་བའི་ཆེད་དུ་ཕྱོགས་མཚོན་འོལ་སྦྱི་ཙམ་ཞིག་བསྒྲིགས་པ་ཡིན་པས་དེ་ལུགས་དཔྱད་ཤེས་པར་མཛོད་ཅིག། གཞན་ཡང་བསྟན་ཞབས་གཏེར་གྱིས་སྐྱོང་བའི་ཕྱིར་སྙིགས་དུས་འདིར་ད་དུང་ཡང་སྦྲུལ་པའི་གཏེར་སྟོན་མང་པོ་འབྱུང་བར་ལུང་གིས་བསྟན་མོད། དེ་ལྟ་ནའང་གཏེར་སྟོན་ཚད་མང་པོ་འབྱུང་པ་གསུམ་གྱིས་ལེགས་པར་དཔྱད་ནས་སྦངས་བླང་ཚུལ་བཞིན་བགྱི་བ་ལས། གང་ཡིན་དཔྱད་པར་མེད་པར་ནས་སྦངས་བླང་ཚུལ་བཞིན་བགྱི་བ་ལས། གང་ཡིན་དཔྱད་པར་མེད་པར་ཁྱི་དང་གློ་ས་འཕྲད་པ་ལྟར་ཙམ་ཚོམ་མེད་པར་གྱ་ཚམ་དུ་བླང་བར་བྱ་པ་བི་མ་ཡིན་ཏེ། སྙིགས་དུས་འདིར་ཟོག་པོ་གཡོ་བརྫུན་མཁན་གྱི་རིགས་ཀྱང་མང་དུ་འབྱུང་བས་ལེགས་པར་བརྟག་པར་གལ་ཆེའོ། གཞན་དུ་གཏེར་སྟོན་མང་བ་ཙམ་ལ་ནི་སྐྱོན་དུ་ལྟ་བར་མི་རིགས་ཏེ། ཨོ་རྒྱན་ཆེན་པོས་རྡོ་རྗེའི་གསུང་གིས། རྩོད་པར་དར་བའི་ཡང་སྙིགས་དེར། སྦང་ལ་ཤ་མང་རྟོལ་བ་བཞིན། ཟབ་གཏེར་ལང་མའི་ལུང་མ་ཡོད། ཅེས་གསུངས་སོ། གཏེར་ཆེན་དང་གཏེར་ཕྲན་གྱི་དབྱེ་བ་ནི། སྦྱི་ཁྱབ་ཙམ་ཏུ་གཏེར་ཆོས་བླ་རྫོགས་ཐུགས་གསུམ་ཚང་བ་ལ་གཏེར་ཆེན་དང་གཞན་གཏེར་ཕྲན་དུ་བཞག་ཀྱང། རིག་འཛིན་གཏེར་བདག་གླིང་པས་གང་ཟག་གཅིག་འཚང་རྒྱ་བའི་ལམ་ཚང་བ་ལ་གཏེར་ཆེན་དང་ལས་ཚོགས་སོགས་ཐོན་པ་ལ་གཏེར་ཕྲན་དུ་བཞེད་དོ། དེས་ན། བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པ་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ལས། ཟབ་མོ་གཏེར་གྱི་འཁོར་ལོས་བསྒྱུར་བ་སྦྲུལ་པའི་གཏེར་(སྨད་ཆ།༡༤༥)སྟོན་ཆེན་པོ་རྣམས་རིམ་པར་བྱོན་པའི་ཚུལ་བརྗོད་པའི་སྐབས་ཏེ་སརྒ་བཞི་པའོ།། །།(སྨད་ཆ།༡༤༦)

སྦྱི་དོན་ལྔ་པ། ཟབ་མི་དག་སྣང་གི་ཆོས་སྡེ་བྱུང་ཚུལ་བརྗོད་པ།

གསར་རྙིང་རིས་མེད་ཀྱི་སྐྱེས་ཆེན་དམ་པ་ཚད་ལྡན་རྣམས་ལ་གསར་ཆེན་རྙིང་མ་དང་འབྲེལ་བའི་དག་སྣང་གི་ཆོས་སྡེ་བྱུང་རིགས། རྩ་བ་ས་བཅད་ལྔ་པ་ཟབ་མོ་དག་སྣང་མར་གྲགས་པའི་ཆོས་ཀྱི་བྱུང་ཚུལ་བརྗོད་པ་ལ། སྦྱིར་དག་སྣང་གི་སྐོར་རྣམས་གནས་གཏེར་དང་དགོངས་གཏེར་གང་རུང་ལས་མ་འདས་པས་ཟབ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཟུར་དུ་དབྱེར་དགོས་པ་མ་འཆིས་ཀྱང། གསང་ཆེན་རྙིང་མའི་རིང་ལུགས་ལ་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་ཞེས་བརྒྱུད་པའི་བཀའ་སྲོལ་ཆེན་པོ་གསུམ་དུ་དབྱེ་་བར་མཛད་པའི་ལུགས་བཞིན། འདིར་ཡང་ཟབ་མོ་དག་སྣང་གི་ཆོས་སྡེ་རྣམས་ཀྱི་བྱུང་ཚུལ་ཕྱོགས་སྡེབས་སུ་བཀོད་པར་བྱ་བ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་ཁྱབ་པར། ལུས་ཅན་རྣམས་ཀྱི་བྱ་དང་ནི། ཤིང་དང་འོད་ཟེར་ཐམས་ཅད་དང། ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། རྒྱུན་མི་འཆད་པར་ཐོས་པར་ཤོག། ཅེས་པ་ལྟ་བུའི་སྨོན་ལམ་གྱི་མཐུ་བཙན་པ་དང། དེ་དག་ལ་ཆོས་ཀྱི་འཕོངས་པའི་རྒྱུ་མེད་པའི་ཕྱིར་འབྱུང་བའི་སྒྲ་དང་བྱང་དང་རི་དགས་ལྟ་བུ་ལས་ཀྱང་ཆོས་ཀྱི་སྒྲ་རྒྱུན་མི་འཆད་པར་གསན་ཅིང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་(སྨད་ཆ།༡༤༧)ཀྱང་ཞལ་བསྟན་ཅིང་ཆོས་གསུང་བར་བཤད་དེ། བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མོད་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་དུ་འདུག་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ། ཞེས་གསུངས་ཤིང། ཁྱད་པར་དུ་འཕགས་ཆེན་རྣམས་ཀྱི་གཟིགས་ངོར་དག་པའི་སྣང་བ་འབའ་ཞིག་ལས་མ་དག་པའི་སྣང་མ་མ་མཆིས་པས་དུས་གསུམ་རྟག་པ་རྒྱུན་གྱི་འཁོར་ལོར་རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་དག་དང་ཆོས་ཀྱི་འགྲོ་བ་རྨད་དུ་བྱུང་བ་དག་སྐལ་བ་དང་ལྡན་པ་རྣམས་ལ་སྦྲེལ་བར་འོས་པ་རྣམས་གང་ཟག་སོ་སོའི་མོས་བློར་འཚམ་པའི་དག་སྣང་གི་ཆོས་སྡེ་ཇི་སྙེད་པ་འཕགས་ཡུལ་གྱི་པཎ་གྲུབ་དུ་མ་དང་བོད་ཡུལ་གྱི་གསར་རྙིང་རིས་མེད་ཀྱི་དགེ་བའིགཤེས་གཉེན་དང་གཏེར་སྟོན་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་ལས་འབྱུང་བ་རྣམས་དང། དེ་བཞིན་དུ་དགོངས་གཏེར་དུ་གྲགས་པ་རྣསམ་ཀྱང་། མོད་ལས་འཇམ་དཔལ་འབྱུང་བ་ཆེན་པ་བཞི་ནི་ནམ་མཁའི་གཏེར་ནས་འབྱུང་གི། དེ་བཞིན་དུ་ཆོས་ཐམས་ཅད་རྒྱལ་བའི་ཐུགས་གཏེར་ལས་འབྱུང་བས་གཏེར་གྱི་དོན་ལ་ལོངས་སྦྱོད་པ་ཤེས་པར་བྱོས་ཤིག། ཅེས་གསུངས་པ་དང་རྗེས་སུ་མཐུན་པར་འཕགས་པའི་གང་ཟག་རྣམས་ལའང་དགོངས་པའི་ཀློང་ནས་ཆོསཀྱི་གཏེར་ཁ་བརྟོལ་བ་ཡོད་པར་གསུངས་ཏེ། ཆོས་ཡང་དག་པ་བསྡུད་པའི་མོད་ལས། བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ལ་ནི།(སྨད་ཆ།༡༤༨)རང་གི་ཡིད་ཀྱི་དཔྱོད་པ་ཉིད་ལས་གདམས་གང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ། ཞེས་དང། གཞན་ཡང་མདོ་ལས། དོན་ལ་ངེས་པའི་གདེང་རྙེད་ན། སེམས་ལས་ཆོས་གཏེར་འབུམ་ཕྲག་བརྟོལ། ཞེས་སོགས་གསུངས་པ་བཞིན་འཕགས་བོད་ཀྱི་ཁམས་གྲུབ་མང་པོའི་དགོངས་གཏེར་གྱི་ཆོས་ཀྱང་མཐའ་ཡས་པ་བཞུགས་སོ། དེ་ཡང་རྒྱ་གར་འཕགས་པའི་ཡུལ་ནས་བྱུང་བའི་རྒྱུད་སྡེ་ཕལ་ཆེ་བའང་པཎ་གྲུབ་སོ་སོས་ཨོ་རྒྱན་གྱི་ཡུལ་སོགས་ནས་བླངས་པ་རྣམས་ཀྱང་གཏེར་ནས་བཞེས་པ་དང་དག་སྣང་ལྟ་བུར་ལྷ་དང་མཁའ་འགྲོས་སྩལ་པ་ལས་བྱུང་བ་མང་ཞིང། ཀྱེ་རྡོ་རྗེ་མན་ངག་ལུགས་སོགས་རྒྱ་གཞུང་མེད་ཀྱང་བླ་མའི་མན་ངག་གིས་བསྟན་པའི་གདམས་པའང་ཡོད་པར་སྣང་ལ། གཞན་ཡང་ཞལ་གཟིགས་སུ་བྱུང་བའི་ཇོ་ཏ་རི་པའི་འཇམ་དབྱངས་ཨ་ར་པ་ཙ་དང། ཇོ་བོ་དང་པཎ་ཆེན་ཤཱ་ཀྱ་ཤྲིའི་སྒྲོལ་མ་དང། ཇོ་བའི་ལུགས་ཀྱི་ཛ་མྦྷ་ལ་དཀར་པོ་སོགས་ཀྱིས་མཚོན་པའི་ཤིན་ཏུ་མང་བ་ཡོད་ལ། བོད་ཡུལ་དུའང་རྗེ་བཙུན་ས་སྐྱ་པ་བརྩེ་པ་ཆེན་པོ་ལ་འཇམ་པའི་དབྱངས་ཀྱི་དངོས་སུ་གནང་བའི་གདམས་པ་ཞེན་པ་བཞི་བྲལ་དང་རྣལ་འབྱོར་དབང་ཕྱུག་གི་ཞལ་གཟིགས་ནས་གསུང་ངག་རིན་པོ་ཆེ་སྙན་བརྒྱུད་དུ་སྩལ་བ་དང། སུམ་པ་ལོ་ཙཱ་བའི་བློ་སྦྱོང་སྙན་བརྒྱུད་མ་སོགས་དང། རྗེ་བཙུན་ས་སྐྱ་པཎ་ཆེན་གྱིས་མནལ་ལམ་དུ་ཨ་ཕྱི་འབུམ་པའི་དྲུང་དུ་ཟླ་གཅིག་བར་དབྱིག་གཉེན་ལས་མངོན་མཛོད་གསན་པ་ལྟ་བུ་དང། བཀའ་བརྒྱུད་པའི་སེམས་བསྐྱེད་རྨིན་ལམ་མ་དང། ཕག་གྲུའི་ཞི་བྱེད་རྨི་ལམ་མ་དང། འབྲུག་པའི་གསང་སྦྱོད་རྨི་ལམ་མ་དང། ཀརྨ་པ་དུས་གསུམ་མཁྱེན་པའི་ཕག་མོ་ཞལ་བཞི་མ་སོགས་ཁྱད་འཕགས་ཀྱི་(སྨད་ཆ།༡༤༩)གདམས་པ་བཞི་དང། བླ་མ་དབུ་མ་བ་དང་རྗེ་བཙུན་ཙོ་ཁ་པ་ཆེན་པོ་ལ་འཇལ་དཔལ་དབྱངས་ཀྱིས་དངོས་སུ་གསུངས་པའི་ཆོས་སྐོར་སོགས་སྐྱེས་ཚན་མང་པོར་དག་སྣང་གི་ཆོས་སྡེ་ཇི་སྙིང་པ་ཡོད་མེད་ཀྱི་དེ་དག་ནི་འདིར་བརྗོད་པ་མི་ནུས་ཤིང་སྐབས་སུའང་མ་བབས་ལ། གཞན་ཡང་སྦྲུལ་པའི་གཏེར་སྟོན་ཆེན་པོ་འགའ་ཞིག་ལའང་དག་སྣང་བྱུང་བའི་ཚུལ་རྣམས་སོ་སོའི་རྣམ་ཐར་ལས་འབྱུང་ཡང་གཏེར་སྟོན་གྱི་གྲས་སུ་བྲིས་པ་ལས་བསྐྱར་མ་དགོས་ལ། འདིར་གསར་རྙིང་གི་སྐྱེས་ཆེན་འགའ་ཞིག་ལ་གསང་སྔགས་རྙིང་མ་དང་རྗེས་སུ་འབྲེལ་པའི་ལྷག་པའི་ལྷའི་སྒྲུབ་ཐབས་ཀྱི་རིགས་དང། སློབ་དཔོན་རིན་པོ་ཆེ་སོགས་ཀྱིས་དྲག་སྣང་དུ་སྩལ་བ་རྣམས་དང། རྫོགས་པ་ཆེན་པོ་སོགས་ཀྱི་གདམས་སྐོར་དག་ནང་དུ་བྱུང་པ་དག་བརྗོད་པ་སྐབས་སུ་བབས་པས་རང་བློར་གང་ངེས་ཀྱི་ལོ་རྒྱུས་ཅུང་ཟད་གླེང་བར་བྱ་བ་ཡིན་ནོ། དེ་ལ་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ལ་སློབ་དཔོན་རིན་པོ་ཆེས་དངོས་སུ་གནང་བའི་རྟ་མགྲིན་ཀཱ་ལ་མེ་དཔུང་ཞེས་བྱ་བའི་ཆོས་སྐོར་ལ་དེང་སང་རྟ་མགྲིན་ཟླ་རྒྱལ་ལུགས་ཟེར་ཏེ་བཀའ་མ་ཚང་པར་བཞུགས་པ་ལ་བྱང་སེམས་འདི་སྦྱན་རས་གཟིགས་དངོས་ཡིན་པར་གྲགས་ཏེ་ལོ་རྒྱུས་རྒྱས་པར་ཡོད་ཀྱང་མ་བྲིས། རྗེ་བཙུན་མི་ལ་རས་པའི་ཐུགས་སྲས་རས་ཆུང་རྡོ་རྗེ་གྲགས་པ་རྒྱ་གར་དུ་ལན་གསུམ་བྱོན་པའི་ཕྱི་མ་ལ། སློབ་དཔོན་པདྨའི་གསང་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་ལྷ་ལྕམ་མནྡ་ར་བའམ་མ་གཅིག་གྲུབ་པའི་རྒྱལ་མོ་ལ་སློབ་དཔོན་པདྨས་གནང་བའི་གདམས་ངག། ཐུགས་རྗེ་ཆེན་པོ་ལ་བརྟེན་ནས་(སྨད་ཆ།༡༥༠)ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པའི་སྐོར། ཚེ་དཔག་མེད་ལ་བརྟེན་ནས་ཚེའི་དངོས་གྲུབ་སྒྲུབ་པའི་སྐོར། དཔལ་རྟ་མགྲིན་ལ་བརྟེན་ནས་བར་ཆད་སེལ་བའི་སྐོར་དང། ཤིན་ཏུ་ཟབ་པའི་གདམས་སྐོར་གསུམ་བཞུགས་པ་རྣམས་རྗེ་བཙུན་རས་ཆུང་པས་ཞུས་ཤིང། བོད་དུ་བྱོན་ནས་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞེད་པའི་རྡོ་རྗེ་ལ་ཕུལ། ཟང་རི་རས་པ་སོགས་ལའང་གནང་སྟེ་དེང་སང་གི་བར་དུ་ཆོས་བཀའ་མ་ནུབ་པར་བཞུགས་པའང་དོན་ལ་དག་སྣང་གི་ཆོས་སྡེར་གཏོགས་དོགས་ཏེ་གྲུབ་པའི་རྒྱལ་མོ་ནི་རྗེ་བཙུན་རས་ཆུང་པས་མཇལ་བ་ལས་ཀུན་གྱི་དབང་པོའི་སྦྱོད་ཡུལ་དུ་མ་གྱུར་པའི་ཕྱིར་རོ། སྦྲུལ་པའི་སྐུ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་མཁའའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བའང་མན་ད་ར་བས་གནང་བར་གྲགས་པའི་གཡུ་ཐོག་སྙིང་ཐིག་ནི་སྦྲུལ་པའི་སྐུ་ཉིད་ཀྱི་དགོངས་གཏེར་བར་གྲགས་པའི་གཡུ་ཐོག་སྙིང་ཐིག་ནི་སྦྲུལ་པའི་སྐུ་ཉིད་ཀྱི་དགོངས་གཏེར་ཡང་ཡིན་ཏེ། གཡུ་ཐོག་གསར་རྙིང་གཉིས་ཀྱི་གསར་མ་ཡིན། དེ་ཡང་སྦྲུལ་པའི་སྐུ་འདིའི་གདུང་རབས་ཀྱི་ཁུངས་ཐོག་མར་རྒྱ་གར་གྱི་རྒྱལ་པོ་ཨཏྦྷལའི་གདུང་ཡིན་ཏེ་རྒྱ་གར་ནས་བྱོན་པར་བཤད་ལ་དེ་ཕྱིན་གདུང་རབས་གསང་སྔགས་བ་རྙིང་མའི་གྲུབ་ཐོབ་ཤ་སྟག་བྱོན་པའི་བརྒྱུད་ལས་གཡུ་ཐོག་འདྲེ་རྗེ་བཛྲ་བྱུང་ཞིང། དེའི་སྲས་ཁྱུང་པོ་རྡོ་རྗེ་དང་ཡུལ་དུ་སྐུ་འཁྲུངས་སོ། དེའི་དུས་སུ་འཇའ་འདོ་དང་ལྷའི་རོལ་མོ་དང་མེ་ཏོག་གི་ཆར་ཚོད་ལྔཙམ་བར་དུ་བབས། བལྟམས་མ་ཐག་ནས་སྨན་བླའི་གཟུངས་གསུངས་ཤིང་ཡུལ་ལ་སྦྱན་མི་འཛུམ་པར་(སྨད་ཆ།༡༥༡)གཟིགས་པ་སོགས་མཛད། དགུང་ལོ་གསུམ་ཙམ་ནས་སྔོན་སྦྱངས་ཀྱི་བག་ཆགས་མེད་སད་པའི་ཚུལ་གྱིས་རྩ་ཆུའི་བརྟག་པ་དང་སྨན་གྱི་ངོས་འཛིན་རྣམས་ཀྱང་མཛད། དགུང་ལོ་བརྒྱད་བཞེས་པའི་དུས་ནས། ཆོས་སྦྱི་དང་ཁྱད་པར་གསོ་དཔྱད་ཀྱི་གཞུང་ལ་རྨོངས་པ་མེད་པའི་མཁྱེན་རབ་དང་ལྡན་པས། ཀུན་གྱིས་འཇམ་དབྱངས་གཡུ་ཐོག་མགོན་པོ་ཟེར་བ་བྱུང། དོན་དུ་ཡང་རྗེ་ཉིད་ཀྱི་གསུང་ལས། གངས་ཅན་ཁྲོད་ཀྱི་གཡུ་ཐོག་པ། འཇམ་དཔལ་དཔའ་བོས་རྗེས་བཟུང་བས། ཚིག་དོན་ཀུན་ལ་མཁས་པར་གྱུར། ཞེས་དང། ཁོ་བོ་གཡུ་ཐོག་མགོན་པོ་ཡི། ལོ་བརྒྱད་ལོན་ནས་སྨན་དཔྱད་བསྐྱངས། མནལ་ལམ་དུ་ལྷ་མོ་ཞིག་གིས་བདུད་རྩི་བུམ་པ་གང་གཏད་དེ། འདི་སྨན་གྱི་བླ་མས་ཁྱེད་ལ་བསྐུར་བ་ཡིན་པས་འདི་གསོལ་ཞིག་ཟེར་བ་ལྟར་མཆོད་པས་ལུས་ཐམས་ཅད་ཁྱབ་པ་ལྟ་བུ་ཞིག་བྱུང་བས་དེའི་མོད་ལ་སྐུ་ཤེལ་གྱི་རང་བཞིན་ལྷ་མོ་དེས་རྒྱུད་བཞི་བྱུང་བའི་ལུང་བསྟན་ཐོབ་པ་ལྟར་ཞིག་ཏུ་གྱུར་པ་དང་ལྷ་མོ་དེས་རྒྱུད་བཞི་བྱུང་བའི་ལུང་བསྟན་ཐོབ་པ་ལྟར་ཕྱིས་རོག་སྟོན་ལས་གསན། དགུང་ལོ་བཅོ་བརྒྱད་པ་ལ་རྒྱ་གར་དུ་ཕེབས་པས་མཁའ་འགྲོའི་གཙོ་བོ་དཔལ་ལྡན་ཕྲེང་བ་དང་མཇལ་ནས་སྨན་དཔྱད་མང་པོ་གནང། ལྷ་མོ་བདུད་རྩི་མ་དང་མཇལ་ནས་སྨན་དཔྱད་ཞུས་ལན་སྐོར་གསུམ་སོགས་དང། བེ་དྷའི་གླིང་དུ་མཆོག་ཐུན་གྱི་དངོས་གྲུབ་དུ་མ་སྩལ་ནས་འཇིགས་པ་བརྒྱད་སོགས་ལམ་གྱི་བར་ཆད་བསལ། དགུང་ལོ་ཉེར་གཅིག་ལ་བོད་དུ་ཕེབས། སླར་ཡང། དགུང་ལོ་སོ་(སྨད་ཆ།༡༥༢)གསུམ་པ་ལ་མཁའ་འགྲོའི་ལུང་བསྟན་པ་ལྟར་རྒྱ་གར་དུ་བྱོན་པས་དྲང་སོང་ཙ་ར་ཀ་སོགས་པཎ་གྲུབ་དུ་མ་དང་མཇལ། ཡེ་ཤེས་ཀྱི་མཁའ་འགྲོ་མ་དཔལ་ལྡན་ཕྲེང་བས་རྗེས་སུ་བཟུང་ནས་ཡན་ལག་བརྒྱད་པ་སོགས་སྨན་དཔྱད་དང། ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པའི་གསང་ལམ་གྱི་གདམས་པ་མཁའ་འགྲོའི་སྙིང་ཁྲག་ལྟ་བུ་ལུང་བསྟན་དང་བཅས་གནང་ནས་སླར་བོད་དུ་ཕེབས། ཕྱིས་ཀྱང་རྒྱ་གར་དུ་ལན་དྲུག་བྱོན་ནས་མ་ཧཱ་ར་ཛའི་མཆོད་གནས་ཀྱང་མཛད། དེ་དག་གི་སྐབས་རྣམས་སུ་རྫུ་འཕྲུལ་གྱི་བཀོད་པ་བསྟན་པའི་ཚུལ་ཡང་གཏན་ཚིག་རིག་པ་བཞིའི་སྒོ་ནས་མུ་སྟེགས་ཀྱི་སྟོན་པ་ལྔ་རྒྱ་བཏུལ་བ་དང། ལྷོ་ཕྱོགས་དཔལ་གྱི་རི་ར་བྱོན་པའི་ལམ་དུ་མི་རྒོད་ཇག་པས་འཚེ་བ་ལ་ལྟ་སྟངས་མཛད་པས་ཐམས་ཅད་རེངས་པ་དང། ཨོ་རྒྱན་གྱི་ཡུལ་དུ་ཤ་ཟ་མཁའ་འགྲོ་རྣམས་ཀྱི་གནམ་ལྕགས་ཀྱི་ཐོག་དབབས་པར་སྡིག་མཛུབ་བསྟན་པས་ཁོང་རྣམས་དྲན་མེད་དུ་བརྒྱལ་བ་དང། སིང་གྷ་ལའི་གླིང་དུ་བྱོན་ཚེ་གྲུབ་རྫིང་རྒྱ་མཚོའི་དབུས་སུ་ཞིག་པ་ན་བྱ་བཞིན་དུ་ནམ་མཁར་གཤེགས་ནས་གྲོགས་རྣམས་ཀྱང་ཆུའི་འཇིགས་པ་ལས་བསྒྲལ་བ་དང། ཀ་ལའི་ཚུལ་དུ་དུག་སྦྲུལ་གྱི་ཁ་རླངས་མུན་པ་ལྟར་བཏིབ་པ་སྙིང་རྗེ་ཐུན་གཅིག་བསྒོམས་པས་ཞི་བ་དང། བལ་ཡུལ་དུ་བོན་དང་རྫུ་འཕྲུལ་འགྲན་པའི་ཚེ་ནམ་མཁའ་ལ་ཉི་མ་ཕྱེད་ཀྱི་བར་དུ་བཞུགས་པ་དང། སྐབས་འགར་རི་བྲག་ལ་ཐོགས་མེད་དུ་གཤེགས་པ་དང། འཁོར་འདས་བརྟན་གཡོའི་དངོས་ཀུན་ལག་མཐིལ་དུ་སྐུ་རུར་བཞག་ལྟར་གཟིགས་པ་དང། དམ་པའི་ཆོས་བཀའ་འགྱུར་བསྟན་འགྱུར་ཐམས་ཅད་ཐུགས་ཐོག་ནས་འཆད་ནུས་པ་དང། རྒྱ་གར་རྡོ་རྗེ་གདན་དུ་པཎ་ཆེན་བརྒྱ་ཕྲག་གི་(སྨད་ཆ།༡༥༣)ཚོགས་དཔོན་མཛད་པ་དང། རྡོ་རྗེ་གདན་ནས་བོད་དུ་ཉིན་གཅིག་ལ་ཕེབས་ཏེ་ཨ་རུ་ར་ལོ་དང་བཅས་མེ་ཏོག་མ་རྙིང་པར་སྐྱེས་སུ་བསྣམས་ནས་བྱོན་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་བློ་ཡི་ཡུལ་ལས་འདས་པ་མང་པོ་དང། ཕྱི་རབས་ཀྱི་དོན་དུ་བསྟན་བཅོས་ཐུགས་རྩོམ་མཛད་པ་ཡང། ཉིད་ཀྱི་གསུངས་ལས། ཐུགས་ཀ་ཆོས་ཀྱི་འཁོར་ལོ་ལས། གསོ་དཔྱད་རིན་ཆེན་གཏེར་ཕྱུང་སྟེ། ཕྱི་རབས་རྗེས་འཇུག་གསོ་བའི་ཕྱིར། ཞེས་གསུངས་པ་བཞིན་དུ། གསོ་དཔྱད་སྦྱིའི་ཐུགས་རྩོམ་བརྒྱད་པ་ཆེ་ཆུང་གི་སྙིང་པོ་བསྡུས་པ་དང། དཔའི་བོའི་སྙིང་པོ་བསྡུས་པའི་མདོ་གནས་འགྲེལ་པ། རྩ་དཔྱད་རིག་པ་རང་གསལ་ལག་ལེན་བོད་ཆུང་མན་ངམ་ཤོག་དྲིལ་སྒོར་གསུམ། རྒྱུད་ཆུང། ཉམས་ཡིག་བུ་དོན་མ་སོགས་ཁྱད་པར་ཅན་མང་པོ་དང། རྒྱུད་བཞིར་གསེར་མཆན་དང་ཟངས་མཆན་གཉིས་མཛད། གཞན་ཡང་རྒྱལ་བའི་བསྟན་པ་གསལ་བར་བྱེད་པའི་མདོ་སྔགས་ཀྱི་གསུང་རབ་དུ་མའི་དགོངས་འགྲེལ་སོགས་མཛད་པ་མཐའ་ཡས་ཤིང། ཞལ་སློབ་ཀྱང་ནམ་མཁའི་སྐར་ཚོགས་བཞིན་བགྲང་བར་མི་དཔྱོད་པ་བྱུང་ཞིང། འཇམ་དཔལ་དབྱངས་གཡུ་ཐོག་ཡོན་ཏན་མགོན་པོ་ཞེས་སྙན་པའི་གྲགས་པས་སྲིད་རྩེའི་བར་དུ་ཁྱབ་པར་གྱུར་ཏོ། ཁྱད་པར་དུ་གཙང་གི་ཚོད་དུས་འགུར་མོར་རྩད་པོ་ཇོ་དར་ཡབ་སྲས་ཀྱི་གདན་དྲངས་པའི་དུས་སུ་སྒྲའི་བཤད་པ་དང་དབུ་མ་རྩ་བ་ཤེས་རབ་ལ་ཊིཀྐ་ཐུགས་རྩོམ་མཛད། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའིཁྲིད་སྐྱང་བ་སོགས་ཟླ་བ་གཅིག་ཏུ་མཛད་ནས་ཚར་པའི་དགའ་སྟོན་ཙད་པོའི་འབུལ་ཆེན་གྱི་ཉིན་གཅིག་དེ་ལ་སྨན་ལྷ་གསང་སྒྲུབ་དབང། ཆོས་སྐྱོང་གི་རྗེས་གནང་སོགས།(སྨད་ཆ།༡༥༤)གཞན་ཡང་ཞི་ཁྲོ། དགྱེས་རྡོར། ཕུར་པ་སོགས་ཀྱི་དབང་བླ་མ་གཞན་གྱི་ཟླ་བ་གཅིག་ལ་མི་ཟིན་པ་མང་པོ་ཚར་བར་མཛད་ཅིང། དེའི་དུས་སུ་སྐུ་ལུས་ཀྱི་བཀོད་པ་མི་འདྲ་བ་དུ་མ་སྟོན་ཏེ། རྒྱ་གར་གྱི་ཇོ་ཀི་དང། པཎྜི་ཏའི་ཆ་བྱད་ཅན་དང། རྣལ་འབྱོར་པ་རལ་པའི་ཅོད་པན་ཅན་གཡུ་བྱ་ནེ་ཙོ་ཤིན་ཏུ་མཛེས་པ་ཞིག་གིས་གསོ་དཔྱད་འཆད་པ་སོགས་ངོ་མཚར་ཅན་གྱི་རྫུ་འཕྲུལ་དུ་མ་སྟོན་པར་མཛད་པས་ནམ་མཁའ་ནས་འཇའ་ཚོན་གྱི་དྲ་བ་དང་མེ་ཏོག་ཁ་དོག་སྣ་ལྔ་བའི་ཆར་འདབ་མ་བཅུ་དྲུག་པ་ཟུང་ཚོན་གྱི་དྲ་བ་དང་འབབ་པ་དང། ཁྱད་པར་ཙད་པོའི་གཞི་ཀའི་ལྕགས་རིའི་ནང་ཚད་དུ་ཨ་རུ་ར་གསེར་མདོག་རློན་པའི་ཆར་ཆ་ཚོད་གཅིག་གིས་ཡུན་ཙམ་བབས་པ་དེར་ཡོད་ཀུན་གྱིས་བགོས་པས་ཚོད་དུས་འགུར་མོའི་བྲེ་ཆེན་བཅོལྔ་རེ་དང་ཕུལ་ཕྱེད་རེ་ཐོབ་པར་བྱུང་ཞིང། ཨ་རུ་ར་གཞན་ལས་ཁྱད་དུ་འཕགས་པ་སྙིམ་པ་ཁ་སྦྱརཙམ་ཁ་དོག་སེར་པོ་འདོ་དང་ལྡན་པ་དབྱིབས་ཀུ་བ་འདྲ་བ་ཞིག་རྗེའི་སྐུ་པད་དུ་བབས་པ་དེ་ཉིད་སྲས་ལ་གནང་ནས་འདི་ལ་གསོལ་བ་བཏབ་ནས་ཁྲུས་བགྱིས་པའི་ཆུ་འཐུང་དགོས་འདོད་འབྱུང་ཞིང། ནད་སེལ་སྨན་གྱི་ནོར་བུ་ཡིན་གསུངས་སོ། ཟུར་མཁར་བ་བློ་གྲོས་རྒྱལ་པོས་དེ་དུས་ཨ་རུར་རྣམ་པར་རྒྱལ་བ་ལྔ་འབྲེལ་གཅིག། གསུམ་འབྲེལ་གཅིག། ཀྱང་པ་གཅིག་དང་གསུམ་བྱུང་བ་བཤད་འདུག། དེ་ཉིད་ཉི་མའང་གཏོད་ལ་མནན་པ་ཡིན་འདུག་སྟེ། གསུང་མགུར་ལས། གཙང་གི་ཚོང་དུས་འགུར་མོ་རུ། རྟ་བདུན་རྒྱལ་པོ་བཙོན་དུ་བཟུང། རྣམ་རྒྱལ་གསེར་མདོག་ཆར་དུ་ཕབ། ཅེས་གསུངས། སླར་ཡང་མང་ཡུལ་སྐྱིད་གྲོང་དུ་རྒྱལ་པོ་ལྷ་བཙུན་གྱིས་གདན་དྲངས་ནས་ཆོས་གཞིས་ཟླ་བ་བཞི་(སྨད་ཆ།༡༥༥)པར་བཏེགས། དེ་སྐབས་ཇོ་བོ་ཝ་ཏི་ལ་མཆོད་པ་རྒྱ་ཆེར་ཕུལ་བས་ཇོ་བོའི་ཐུགས་ཀ་ནས་ཡི་གེ་དྲུག་པ་དང་སྨན་བླའི་གཟུངས་རང་སྒྲ་སྒྲོག་པའི་འོད་དང་དྲི་བཟང་པོ་བསམ་གྱིས་མི་ཁྱབ་པ་བྱུང་ནས་མ་ཧཱ་གུ་རུ་ཎ་ལ་ཐིམ་པ་བྱུང་སྟེ། དེ་དུས་སུམ་སྟོན་ཆེན་པོ་ལ་ཞལ་གདམས་འགའ་ཞིག་སྩལ་ཞིང། དེ་ནས་རིམ་པར་སྙིང་ཐིག་གི་བཀའ་རྒྱ་བཀྲོལ་ནས་སུམ་སྟོན་ལ་གནད་ཚུལ་འོག་ཏུ་གསལ་ལ། དེ་ནས་གདན་ས་ཆེན་པོ་ཤངས་ཀྱི་དཔལ་སྐྱེར་ཕེབས་སྐལ་ལྡན་མང་པོ་ཞལ་གྱི་གདམས་པསརྗེས་སུ་བཟུང་ཞིང། ཞལ་ཆེམས་གསུང་མགུར་སོགས་མང་དུ་གནང་ནས་དགུང་ལོ་བདུན་ཅུ་ཙ་དྲུག་པ་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ལྷའི་བུ་དང་མཁའ་འགྲོ་མའི་ཚོགས་ཀྱིས་ནམ་མཁའ་འཇའ་འོད་ཀྱི་ཀློང་ནས་བསུས་ཏེ། ཁྱུང་དང། སེང་གེ་དང། ཁྱུ་མཆོག་ལ་ཞོན་པའི་སྐུའི་བཀོད་པ་མཐོང་ཚུམ་མི་བསྐྱོད་རྒྱལ་པོའི་ཞིང་དུ་གཤེགས་པར་གྱུར་ཏོ། སྙིང་ཏིག་གི་ཆོས་བཀའ་འདི་ཉིད་ཇི་ལྟར་བྱུང་བའི་ལོ་རྒྱུས་ཡང་གོང་དུ་སྨོས་པའི་སྐྱིད་གྲོང་དུ་བཞུགས་སྐབས་སུམ་སྟོན་ཆེན་པོས་ཡང་ཡང་གསོལ་བ་བཏབ་པས། སྦྱིར་འཁོར་འདས་ཀྱི་བདེ་སྐྱིད་བླ་མ་ལ་རག་ལས་ཤིང། ཁྱད་པར་ངེད་རང་གི་ལུགས་ཀྱི་བླ་སྒྲུབ་འདི་གཞན་ལས་ཁྱད་པར་འཕགས་ངེས་ཤིག་ཡིན་སོགས་དང། མ་འོངས་པའི་གང་ཟག་རྣམས་བཀའ་ཆོལ་དུ་མི་བཞུགས་པའི་ཕྱིར་ལུས་ཀྱི་དཀའ་སྦྱད་དང་ཕྱི་ནང་གི་མཆོད་པ་གསེར་གྱི་མཎྜལ་དང་བཅས་ཞུས་ཤིག་གསུངས་པས། དེར་སུམ་སྟོན་ཆེན་པོ་ས་ཐོབ་པའི་དགའ་བ་ཙམ་བྱུང་ནས་ཕྱག་སོགས་བཀའ་གནང་བ་ལས་ལྷག་ཙམ་བསྒྲུབས་ཏེ། ཟླ་བ་ཕྱེད་(སྨད་ཆ།༡༥༦)དང་གཉིས་ལོན་པའི་ཚེ། ས་ཞིང་གང་ཡོད་བཅོངས་ནས་རྟ་རུ་བསྒྱུར། དེ་དུས་གསེར་ཁ་རྡོལ་བ་དང་དུས་མཚུངས་བྱུང་སྟེ། རྟ་རྣམས་གསེར་དུ་བསྒྱུར་བས་གསེར་སྲང་ཕྱེད་དང་ཉིས་བརྒྱ་ལྷག་ཙམ་ཁུགས་པ་ལས། གསེར་སྲད་དོ་མ་གཏོགས་དྲུང་དུ་པུལ། གསེར་ཞོ་བཞི་རང་གིས་བྱས། གསེར་སྲད་ཕྱེད་དོ་ཨ་ཙམ་ར་མ་ཧཱ་ཛྙཱོ་ན་ཙརྱ་བྱ་བ་རྒྱ་གར་ལྷོ་ཕྱོགས་པེ་ཏ་ཞེས་པ་ཞིག་ལ་ཕུལ་ནས་རིག་སྔགས་ཀྱི་སྦྱོར་བ་བྱེད་དུ་བཅུག་སྟེ། ཞང་སྙེ་མོའི་ལྷ་ལྕམ་དེ་བ་དཔལ་འདྲེན་ཞེས་བྱ་བ་ལོ་བཅུ་བདུན་ལོན་ཅིང་བུད་མེད་རིན་པོ་ཆེའི་རིགས་ཡིན་ཏན་ཐམས་ཅད་ཀྱིས་བརྒྱན་པ་དེ་གསང་ཡུམ་དུ་ཕུལ། གཞན་ཡང་ཚོགས་མཆོད་དཔག་ཏུ་མེད་པ་མཆོད་ནས། གསོལ་བ་བཏབ་པས། གནམ་ལོ་རྒྱལ་པོ་རྟའི་ལོ་སྦྲེའུ་ཟླ་བཅུ་ལ་གསང་བའི་བཀའ་རྣམས་གནང། དེ་ནས་རིམ་གྱིས་གདམས་པ་རྣམས་ལྷག་མ་མ་ལུས་པར་ཉམས་ཁྲིདདུ་རྫོགས་པར་གནང་བ་ལ་བརྟེན་ནས་ཉམས་མྱོང་ཕུལ་དུ་བྱུང་བ་སྐྱེས་པ་ནས་བཟུང་སྟེ། དེ་ནས་ཁོ་བོ་ཛྙ་ན་དྷ་རི་ཡང་བཙན་པ་ཟིན་ནོ། ཞེས་འབྱུང་ཞིང། གཞན་ཡང་དཡུ་ཐོག་པ་ཉིད་ཀྱི་གསུང་ལས་སྒྲུབ་པ་དང་འགྲུབ་པ་དུས་མཉམ་གྱི་བྱིན་རླབས་མེད་ན་ཉིད་ཀྱི་གསུང་ལས་སྒྲུབ་པ་དང་འགྲུབ་པ་དུས་མཉམ་གྱི་བྱིན་རླབས་མེད་ན་སྙིགས་མའི་སྐྱེ་བོ་འདོད་ཐག་ཉེ་ཞིང་སྙིང་རུས་ཆུང་བས་ཉམས་ལེན་ཡུན་བསྲིང་མི་ནུས་ཤིང། ཁོ་བོའི་སྲོག་སྒྲུབ་འདི་ཉིད་གང་ཟག་དང་ཅན་གྱིས་མ་ཡེངས་ཞག་བདུན་བསྒྲུབས་ན། རབ་དངོས་འབྲིང་ཉམས། ཐ་མ་རྨི་ལམ་དུ་བདག་གི་ཞལ་ལེགས་པར་བསྟན་ནས། གདམས་པ་དང་རྗེས་སུ་བསྟན་པར་བགྱི་བ་དམ་བཅའ་ཡིན་མོད་གསུངས་སོ། དེ་ལྟ་བུའི་གདམས་པ་འདི་ནི་ཕྲིན་སྒྲུབ་ཕྱག་ལེན་ཐམས་ཅད་གསང་ཆེན་རྙིང་མ་སྦྱི་དང་འདྲ་བ་ལ་གེགས།(སྨད་ཆ།༡༥༧)སེལ་བོག་འདོན་སོགས་མན་ངག་དུ་མས་ཁྱད་པར་དུ་བྱས་པ་འདི་ཉིད་དེང་སང་གྲུབ་མཐའི་རིགས་སུ་འཆད་པར་ཀུན་གྱི་སྦྱི་ནོར་བུ་ལྟ་བུར་གྱུར་པས་འདི་ཡང་ལོ་རྒྱས་ཅུང་ཟད་བྲིས་པ་ཡིན་ཏེ་འདི་ཉིད་རིང་བརྒྱུད་མཁའ་འགྲོ་དཔལ་ཕྲེང་མས་སྩལ་བར་བཞེད་ཀྱང་དོན་ལ་ཡོན་ཏན་མགོན་པོ་ཉིད་ཀྱི་ཐུགས་གཏེར་ཡིན་ནོ། དེང་སང་སུམ་སྟོན་ནས་བརྒྱུད་པའི་དབང་ལུང་བཀའ་མ་ཆད་པར་བཞུགས་ཀྱང། ཟུར་མཁར་བློ་གྲོས་རྒྱལ་པོས། སུས་སྟོན་ནས་བརྒྱུད་པ་ནི་ཆད་ལ། ཟུར་མཁར་བ་ཨ་བོ་ཆོས་རྗེ་ལ་ཡོན་ཏན་མགོན་པོ་ཉིད་ཀྱི་ཞལ་གཟིགས་བྱུང་ནས་གནང་བ་ཡིན་ཟེར་བ་སྣང་ཡང་ངེས་པ་མ་མཐོང་ངོ། ཀུན་མཁྱེན་རང་བྱུང་རྡོ་རྗེ་ལ་བི་མ་མི་ཏྲས་དངོས་སུ་གནང་བའི་རྫོགས་ཆེན་ཀརྨ་སྙིང་ཐིག་དང། ཀུན་མཁྱེན་ཀློང་ཆེན་པའི་དགོངས་གཏེར་སྐོར་གྱི་ལོ་རྒྱུས་རྣམས་གོང་དུ་རྫོགས་ཆེན་ཐིག་གི་སྐབས་སུ་སོང་པས་འདིར་འབྲི་མ་དགོས། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ་གསང་བའི་བདག་པོས་དངོས་སུ་གནང་བའི་ཕྱག་རྡོར་སྙན་བརྒྱུད་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་ན། གྲུབ་ཆེན་འདིའི་གདུང་ནི་ཤུད་བུ་དཔལ་གྱི་སེང་གེའི་གདུང་ཡིན་ཏེ། མི་རབས་བཞི་ནས་ལྷོ་བྲག་ཏུ་ཡུལ་འཕོས། དེ་ནས་བཟུང་སྟེ་གྲུབ་ཐོབ་ཉི་ཤུ་རྩ་ལྔ་བྱུང་སྟེ། དེ་དག་ཀྱང་གསང་སྔགས་རྙིང་མའི་ཆོས་ལ་མཁས་ཤིང། མ་གཤིན་ཕུར་གསུམ། རྟ་མགྲིན་ཕྱག་རྡོར་རྣམས་ཀྱི་ཞལ་གཟིགས་ཤིང། གྲུབ་པའི་རྟགས་སྟོན་ནུས་པ་ཆོས་སྐྱོང་བྲན་དུ་ཁོལ།(སྨད་ཆ།༡༥༨)ལོག་ལྟ་དབང་དུ་འདུས། བསྟན་འགྲོར་ཕན་པ་རྒྱལ་ཆེར་ཐོགས་པ་ཤ་སྟག་བྱུང་ཞེས་རྣམ་ཐར་དུ་བཤད་ལ། དེ་ནས་མཁན་ཆེན་ནམ་མཁའ་སེང་གེའི་དུས་ནས་བཀའ་གདམས་པར་འགྱུར་བ་ཡིན་འདུག། དེ་ཡང་གྲུབ་ཆེན་འདི་ཉིད་སྐུ་སྐྱེ་པ་འདིའི་གོང་དུ་སྲིན་ཡུལ་དུ་འཁྲུངས་ཚུལ་བསྟན་ཏེ། ནང་ཏིང་ངེ་འཛིན་གྱི་རྣམ་ཐར་དུ། སྐུ་སྔོན་མ་སྲིན་ཡུལ་དུ་འཁྲུངས་ཚུལ་འཆད་པའི་སྐབས་སུ་ཨོ་རྒྱན་ཆེན་པོས་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས་ཡུལ་ཤེལ་གྱི་ས་གཞི་ལྟར་དཀར་བ། རིན་པོ་ཆེ་སྣ་ཚོགས་ཀྱི་རི་དང་བྲག་དང། ནགས་ཚལ་ལ་སོགས་དག་པའི་ཞིང་ཁམས་ལྟ་བུར་འདུག། དེ་ནས་ཨོ་རྒྱན་ཆེན་པོ་སྔ་དྲོ་ཁྱེའུ་ཆུང་ལོ་བརྒྱད་པའི་ན་ཚོད་མཛེས་པ་ཡིད་དུ་འོང་བ་སྐུ་ལྟ་བས་ཆོག་མི་ཤེས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་ཏུ་སྦུལ་ནས་ཆོས་གསུངས། ཕྱི་དྲོ་ཁ་ཡན་གྱི་སྲིན་པོའི་དུག་ལྔ་ཞི་ཞིང་ཏུ་སྦྲུལ་ནས་ཆོས་གསུངས། ཕྱི་དྲོ་ཁ་ནས་རྒད་པོ་ལོ་བརྒྱ་ཉི་ཤུ་ལོན་པ་ལྟ་བུ་རྒས་པ་འཁོག་པ། དྲང་སྲོང་གི་རྣམ་པ་འདྲ་བ་ཞིག་ཏུ་སྦྲུལ་ནས་ཆོས་གསུངས། སྲོད་དང་ཐོ་རངས་གཉིས་གང་ལ་གང་འདུལ་གྱི་ཚུལ་དུ་ཆོས་གསུངས་པའི་སྲིན་པོ་རྣམས་ཀྱང་ཡེང་བ་མེད་པར་ཆོས་ལ་བཀོལ་བར་འདུག་ཅེས་སོགས་གསུངས་པའི་འཕྲོར། དེར་ལོ་དྲུག་ཅུ་རེ་དྲུག་བཞུགས། དེ་ནས་ཨོ་རྒྱན་ཆེན་པོའི་ལུང་བསྟན་ནས་འདིར་འཕོས་པ་ཡིན་གསུངས་ཏེ། དེ་ཡང་ཡབ་ཤུད་བུའི་ནམ་མཁའ་བཟང་པོ་དང། ཡུམ་སྲས་མོ་རིན་ཆེན་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་གསུམ་པ་ལ་ཕུར་པའི་དབང་གསན་པས་རིགས་ཀྱི་མཁའ་འགྲོ་རྣམས་གར་བྱེད་པ་གཟིགས། ལོ་ལྔ་ལ་རྫོགས་ཆེན་གྱི་དབང་ཐོབ་པས་སྔར་གྱི་བག་ཆགས་དྲིན་ཆེན་གྱི་བླ་མ་རྣམས་(སྨད་ཆ།༡༥༩)དང་མཇལ་བ་དང་ཆོས་ཞུ་བའི་སྣང་བ་དངོས་སུ་ཡོད་པ་བྱུང། བྱ་ཕོ་སྐད་འདོན་པ་དང་ཚ་གྲོའི་དུས་སུ་དུང་གིས་སྐད་བྱུང་བ་ན་ཨོ་རྒྱན་གྱི་ཡུལ་དུ་ཌཀི་རྣམས་ཀྱི་སྲིན་པོ་ཆོས་ལ་བསྡུ་བའི་རོལ་མོའི་སྐད་ཡིན་སྙམ་པ་དང། པར་སྣང་གི་ལྷ་མང་པས་ངག་འགྲོལ་བྱེད་པ་བྱུང་གསུངས། ཁུ་བོ་མཁན་ཆེན་རྒྱལ་སྲས་པ་ཉིད་ལ་དགེ་བསྙེན་དང། མཁན་ཆེན་རི་ཟན་ཏོག་པའི་དྲུང་ནས་ཀྱང་ཆོས་མང་དུ་གསན། ཁུ་བོ་མཁན་རྒྱལ་སྲས་པ་འདས་ནས་གདན་ས་མཛད། སྲིད་པའི་རྒྱལ་མི་མུ་ཁ་ལེའི་སྙིང་པོ་འགྲངས་དམ་ལ་བཞག་པ་སོགས་སྦྲེལ་ནས་རྒྱུན་དུ་བྱས་པས་རྐྱེན་ཟློག་གིས་དགེ་སྦྱོར་ཟབ་མི་ཞིག་བྱུང། ཡི་དམ་ལྷའི་ཞལ་ནས་གཏོར་མ་བཟླས་བརྗོད་དང་བཅས་པ་འདི་སེམས་ཅན་སྦྱི་ལ་ཕན་པས་བསོད་ནམས་བསམ་གྱིས་མི་ཁྱབ་པ་རྒྱུད་ཐོག་ཏུ་ཐོབ་བོ་གསུངས་པས། གཏོར་མ་གཏོང་བ་ལ་ཡང་སྦྲོ་བར་བྱུང་གསུངས་རྗེ་འདི་དགུ་ལོ་ཕྲན་མོ་ནས་དག་སྣང་བྱུང་ཚུལ་མང་དུ་ཡོད་ཅིང། ཁྱད་པར་དུ་རྗེ་ཉིད་ཀྱི་གསུང་ལས། ལོ་བཅུ་གསུམ་གྱི་ལོ་ཀིག་ལ་དགེ་སྦྱོར་ལ་ཉིན་མཚན་རྟག་ཏུ་ཡེང་མེད་བྱས། ནུབ་མོ་འགྲོ་བ་དགོན་པའི་འབུམ་པ་ལ་སྐོར་བ་བྱས་པས། མི་རྣམས་ཀྱིས་འབུམ་པ་ལ་མིས་སྐོར་བ་བྱེད་ཅིང་འདུག་ཟེར་བ་བྱུང། དེ་དུས་རྒྱལ་སྲས་ཐོགས་མེད་ཀྱི་ཐད་ནས་ཡོང་བ་ཡིན་ཟེར་བའི་ཨ་ཙ་རའི་ཆ་བྱང་ཅིག་བྱུང་ནས། བགེགས་འདུལ་བའི་དམིགས་པ་ཞིག་ཞུ་ཟེར་ཕྱག་མང་དུ་འཚལ་གྱིན་འདུག། མི་གཡོ་བའི་མངོན་རྟོགས་པ་ཞིག་ཞུ་ཟེར་ཕྱག་མང་དུ་འཚལ་གྱིན་འདུག། མི་གཡོ་བའི་མངོན་རྟོགས་ཀྱི་དམིགས་པ་བསླབས་པས་ཞེ་སྡང་གིས་ཀུན་ནས་བསླངས་པའི་དམིགས་པས་བགེགས་མཚན་ཉིད་པ་མི་ཐུལ་རྣམ་དག་བྱང་ཆུབ་སེམས་ལས་(སྨད་ཆ།༡༦༠)གཞན་དུ་མ་གཡོས་པ་ཞིག་ལ་ཁྲོ་བོའི་བགེགས་འདུལ་བ་ལ་དབང་འབྱོར་བ་ཞིག་ཡོང་བ་ཡིན་པས། མོས་གུས་ཀྱིས་མཉེས་པར་བྱ་ཡིས་གདམས་པ་གནང་བར་ཞུ་ཟེར་དུབ་མ་བདེན་གཉིས་ཀྱི་དེ་ཉིད་བསྡུས་པ་དང། དོན་བཅིངས་གྲོལ་མེད་པ་བཤད་དགོས་སྙམ་ནས་རླང་སེམས་གཉིས་མེད་ཀྱི་བགྲོ་གླེང་བྱས་པས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་ཚོགས་འཁོར་ལ་གཤེགས། དེར་ང་ཆོས་ཞུ་བ་ཡིན་ཟེར། ཨོ་རྒྱན་ཆེན་པོ་དང་མཇལ་ན་རེ་དགའ་སྙམ་པའི་འདུན་པ་ཆེན་པོ་དང། མོས་གུས་ཚད་མེད་པ་སྐྱེས། ཁྱེད་ཐ་མལ་བ་མིན་པར་འདུག། ད་ཨོ་རྒྱན་གྱི་གནས་སུ་འགྲོ་བའི་རྫུ་འཕྲུལ་མེད་པས་མིན་པས་རྗེས་སུ་འཛིན་པར་ཞུ་བྱས་པས། ཛ་ལི་བྷེ་ཤའི་ཡུལ་ན་རིན་ཆེན་མཁའ་འགྲོས་བྱིན་གྱི་ཆོས་དང་བྱིན་གྱི་རྣམ་རྟོག་ཡིད་ལ་མ་བྱེད། རེ་དོགས་ཀྱི་སྲེད་བུ་དམ་པོས་མ་བཅིངས་པར་ནམ་མཁའ་ཡ་ཀི་ལ་ལྟོས་དང་གསུངས་ཙ་ན། ནམ་མཁའི་ཁམས་ཐམས་ཅད་དཔའ་བོ་དང་མཁའ་འགྲོ་དང་མཁའ་འགྲོ་མ་མང་པོ། ལ་ལ་ནི་དར་གྱི་ལམ་འཐེན། ལ་ལ་ནི་འཇའ་ཚོན་གྱི་གུར་འབུབས། ལ་ལ་ནི་མེ་ཏོག་དང་རིན་པོ་ཆེའི་རྒྱན་འགྱེད། ལ་ལ་ཁྲོ་བོ་དང་ཁྲོ་མ་གཅིག་དང་དུ་མ་སོགས་ཀྱི་སྦྲུལ་པ་མང་པོ་འགྱེད་ཅིང་བྱོན་བྱུང་བ་ལ། དར་དཀར་གྱི་ཡུག་ཆེན་བརྐྱང་བའི་སྟེང་ན་འོད་ཕུང་གི་ཁྲི་ཞིག་འདུག་འདི་ལ་བཞུགས་གསུང་པ་དང་མཉམ་དུ་ནམ་མཁའི་མཐོང་ལ་འུ་རུ་རུ་ཁྲོ་ལོ་ལོ་མང་པོ་དང་བཅས་ནུབ་བྱང་གི་མཚམས་ལ་ཁ་གཏད་པ་ལ་ཕྱིན་པ་ན། ཡུལ་ཁམས་ཐམས་ཅད་བྱུང་རུ་དམར་པོ་ལས་གྲུབ་པ། མེ་ཏོག་(སྨད་ཆ།༡༦༡)མང་པོ་ཁ་དོག་སྣ་ཚོགས་སྐྱེས་པ། གསེར་གྱི་ཆུ་བསིལ་བ་ཁག་གསུམ་དུ་འབབ་པ། ཡུལ་དེའི་ལྷོ་ངོས་ན་ཁྱིམ་པའི་ཆ་ལུགས་འཛིན་པའིསྐྱེས་པ་བུད་མེད་ཀྱི་རྣམ་པ་མང་པོའི་གྲོང་ཁྱེར་རྒྱ་ཆེ་ཞིག་མཛེས་པ་འགའ་ཞིང་འདུག་གོ། ཡུལ་དེའི་དབུས་མ་རི་དམར་པོ་བཤོས་རྡོག་གི་གཟུགས་འདྲ་བའི་རྩེ་ལ་འཇའ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་བསམ་གྱི་མི་ཁྱབ་པ་འདུག་པའི་ལྟེ་བ་དབུས་ཀྱི་ནམ་མཁའ་ལ་རིན་པོ་ཆེ་སྣ་ལྔ་ལས་འདབ་ལ་རེ་རེ་ལས་གྲུབ་པའི་པད་སྡོང་གི་སྟེང་ན་འོད་ཟེར་ཁ་དོག་སྣང་བདུན་ལས་གྲུབ་པའི་ཁྲི་ལ་ཨོ་རྒྱན་ཆེན་པོ་བཞུགས་པ་ལ་ཌཀི་མང་པོས་གླུ་གར་དང་རོལ་མོ་དང་མཆོད་པ་སྣ་ཚོངས་འབུལ་བ་འདུག། གྲུབ་ཐོབ་ཕོ་མོ་མང་པོ་བརྟུལ་ཞུགས་ཀྱི་སྦྱོད་པ་སྐྱོང་བ་དང། གུ་རུ་ཉིད་པཎ་ཆེན་གྱི་ཚུལ་བཟུང་སྟེ། ཉན་ཐོས་དགྲ་བཙོམ་པ་མང་པོ་སྡེ་སྣོད་ཀྱི་དགོངས་འགྲེལ་ལ་རྩོད་པ་བགྲོ་གླེང་བརྩེ་བ་གློག་འཁྲུག་པ་ལྟ་བུའི་ཐལ་སྒྲ་སྒྲོག་པ་འདུག། ལྷ་དང་གླང་དང་གནོད་སྦྱིན་མང་པོ་ཆོས་ཉན་ཅིང་ཕཱུ་ཛའི་བྱེ་བྲག་སྣ་ཚོགས་མང་པོ་ཀུན་གྱིས་རང་རང་གི་གླུ་དབྱངས་ཀྱིས་འབུལ་བ་ཡེ་ཤེས་ཀྱི་མཁའ་འགྲོ་དང་མཆོད་པའི་ལྷ་མོ་མང་པོས་ཕྱིའི་མཆོད་པ་རྣམ་པ་ལྔ། ནང་གི་མཆོད་པ་རྣམ་པ་ལྔ། གསང་པའི་མཆོད་པ་རྣམ་པ་ལྔ། དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམ་པ་ལྔ་སོགས་བསམ་གྱིས་མི་ཁྱབ་པ་འབུལ་བ་འདུག། ཚོགས་ཀྱི་ཡོ་བྱད་ཅི་ཡང་རུང་བའི་སྣ་ཚོགས་ལོངས་སྦྱོད་ཀྱི་འབྱོར་རྫས་རོ་བཅུད་ཕུན་སུམ་ཚོགས་པ་བརྒྱད་རྩ་བརྒྱད་ལ་སྦེལ་སྦྱངས་དང་བསྐྱེད་ཚོག་གི་ཚུལ་མང་པོ་མཛད་ནས་ཀུན་ལ་འདྲེན་ཞིང་རོལ་བ་འདུག། འཛམ་བུའི་གླིང་པ་ཚེ་ཐུང་བ་སྙིང་རྗེ་བ་རྣམས་ཀྱི་དོན་དུ་གསང་སྔགས་གཙོ་ཆེ་བར་(སྨད་ཆ།༡༦༢)གསུངས་པས་རྒྱུད་སྡེ་ཆེན་པོ་བཞིའི་དབང་ངོ་མཚར་ཁྱད་པར་མཆོག་ཏུ་བྱས་པ་བཞིན་གྱི་དག་པའི་སྣང་བས་སྐབས་ངོ་ཤེས་པ་དང། མ་དག་པའི་སྣང་བ་དུས་ནམ་དུ་ཡང་ཡིད་ལ་མ་བྱེད། ཅེས་སོགས་གསུངས་ནས་ཌཀི་རྣམས་ཀྱིས་དཀྱིལ་འཁོར་གྱི་བྱ་བ་མང་པོ་བྱས་ནས་དབང་རིམ་པ་བཞིན་གྱིས་བསྐུར་བ་དང། རྒྱུད་གསུང་བ་མན་ངག་སློབ་པ་དང། ཚོགས་འཁོར་ལ་རོལ་པ་རྣམས་དུས་མཉམ་དུ་ཐོབ་པ་བྱུང། ཅི་སྣང་རང་གི་སེམས་སུ་ལྟོས། སེམས་ཀྱི་གནས་ལུགས་ཤེས་པ་དང། རྒྱུད་སྡེ་མཐའ་དག་དགོངས་པ་དང། སངས་རྒྱས་སྐུ་དང་ཞིང་ཁམས་དང། རིམ་གཉིས་དབང་དང་ཐེག་དགུ་སོགས། གཅིག་ཤེས་ཀུན་གྲོལ་དངོས་གྲུབ་ཐོབ། ཅེས་པའི་དོན་རྒྱས་པར་བསྟན་ཏེ་ཉམས་སུ་ལེན་པའི་ཆོས་རྒྱུན་སྡེ་བཞིའི་མན་ངག་གསང་བ་བདུད་རྩིའི་རྒྱ་མཚོ། དབང་བཞི་རིན་ཆེན་བུམ་པ། རྫོགས་རིམ་ཡེ་གྲོལ་ལྷུན་གྲུབ་རྣམས་གསུངས། ཞེས་པ་སོགས་འབྱུང་ཞིང། གཞན་ཡང་གྲུབ་ཆེན་འདི་ཉིད་གསང་བའི་བདག་པོ་དངོས་དང་རྣམ་དབྱེར་མ་མཆིས་ཀྱང་ཚུར་མཐོང་གདུལ་བྱའི་སྣང་ངོར་གསང་ བདག་རྟག་ཏུ་མཇལ་ཞིང་ཆོས་ཀྱི་བགྲོ་བ་མི་དང་མི་ལབ་པ་ལྟར་མཛད་པའི་ཚུལ་སྟོན་པས་རྗེ་བཙུན་བཅོང་ཁ་པ་ཆེན་པོའི་ལྟ་བའི་སྒྲོ་འདོགས་གཅོད་ཕྱིར་གྲུབ་ཆེན་གྱིས་གསང་བདག་ལ་ཞུས་པའི་ཞུས་ལེན་བདུད་རྩི་སྨན་མཆོག་ཀྱང་རྫོགས་ཆེན་ཁོ་ན་ཡིན་ཏེ། གཞུང་དེ་ཉིད་ལས། ལས་ཀྱི་རྡོ་རྗེ། མ་ཏི་བྷ་དྲ་ཤྲི་ལ་ངའི་གསང་ཚིག་འདི་རྣམས་རྣ་བར་སྐྱོལ། ཡབ་ཀུན་ཏུ་བཟང་པོའི་དགོངས་པ། ཡུམ་ཀུན་ཏུ་བཟང་མོའི་གཏམ། རྡོ་རྗེ་འཛིན་པ་བདག་གི་གསང་ཚིག་ཐེག་པའི་ཡང་ཡང་རྩེ། སྨན་མཆོག་ཆེན་པོའི་སྒྲུབ་པ་ལ་སེམས་ཉིད། ༡༦༣)འོད་གསལ་གྱི་རྩད་ཆོད་གསུངས། ལས་ཀྱི་རྡོ་རྗེ་བདག་གི་ཞུས་པ། འོད་གསལ་གྱི་ངོ་བོ་ལྟ་བུ་ལགས་ཞུས་པས། ལས་ཀྱི་རྡོ་རྗེ་འོད་སལ་གྱི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་འདུས་གསུངས། ཞེས་དང་ལས་ཀྱི་རྡོ་རྗེ། རིག་པའི་ངོ་བོ་སྟོང་པ་འདི། སུས་ཀྱང་མ་བཅོས་པ་རྒྱུ་མེད་པ། རྒྱུ་མེད་པ། རྐྱེན་མེད་པ། ཡེ་གདོད་མེད་པ། ཡེ་གདོད་མ་ནས་གནས་པ་ཡིན་གསུངས། དེ་བཞིན་དུ་རང་བཞིན་འོད་གསལ་བ་འདི། ཡེ་ནས་སྟོང་པ་དང་དབྱེར་མེད་དུ་ལྷུན་གྱིས་གྲུབ། དེའི་རྩ་ལ་ཐུགས་རྗེ་འགག་མེད། གང་ཤར་ཀྱང་རང་བཞིན་གྱིས་མ་གྲུབ་པས་གསུམ་ག་ཟུང་འཇུག་ཆེན་པོར་ཤེས་པར་གྱིས་དང། དབྱེར་མེད་དུ་འཚང་རྒྱ་བ་ཡིན་གསུངས། ཞེས་སོགས་རྫོགས་ཆེན་གྱི་ཆོས་སྐད་ཤ་སྟག་ཏུ་ཡོད་ལ། གཞན་ཡང་དེ་ཉིད་ལས། རྫོགས་པ་ཆེན་པོ་ལྟ་བ་མཐོང་པོ་ཡིན་མེད་དེ་ལ་མ་བརྟེན་པའི་ལྷག་མཐོང་སྐྱེ་མི་སྲིད། ཅེས་དང། ལྷག་མཐོང་གི་མྱོང་མ་ཡིན་པའི་ཐབས་ཁྱད་པར་ཅན་གསང་སྔགས་ཀྱི་གདམས་པ་ཐུན་མོང་མ་ཡིན་པ་སྦྱོར་དྲུག་དང་རྫོགས་ཆེན་གསུངས་སོ། འདི་ལ་དགེ་ཕྱོགས་ཞིག་གིས་ལྟ་བའི་ཕྱོགས་ཀླུ་སྒྲུབ་དང་ཟླ་གྲགས་ཀྱ་བཀྲལ་བ་འདི་འཁྲུལ་མེད་ཡིན། ཞེས་དང། ཡང་དེས་གཞན་ཞིག་ལ། ཁྱོད་རང་ཀླུ་སྒྲུབ་དང་ཟླ་གྲགས་ཀྱིས་བཀྲལ་བའི་ལུགས་བཞིན་གྱིས་ཟེར་བ་འཇུད་འདུག་ཅིང། དཔལ་མགོན་ལྟ་བ་ནི་ཐལ་འགྱུར་ཁོ་ན་འོ་སྙམ་དུ་དགོངས་འདུག་ཀྱང། དེ་ནི་གཞན་སྡེའི་བརྟགས་པའི་བདག་ལྟ་ཟློག་པའི་ཕྱིར་དང།(སྨད་ཆ།༡༦༤)བྱེ་མདོ་སེམས་གསུམ་སོགས་ཀྱིས་སྦྲོས་པ་འགོག་པའི་ཕྱིར་དུ་དགོངས་ནས་རིགས་པ་བསྟན་པའི་བསྟན་བཅོས་རིག་ཚོགས་མཛད་པ་ལས། རྣམ་པ་ཀུན་ཏུ་ཐལ་འགྱུར་མི་བཞེད་དེ། རང་བཞིན་མཐར་ཐུག་རྣམ་རིག་དབུ་མ་ཡིན་པར་བཀའ་ཐ་མའི་དགོངཤ་པ་གཙོ་བོར་སྟོན་པའི་བཅོས་ཆོས་དབྱིངས་བསྟོད་པ་སོགས་མཛད་པ་ལས་གསལ་ཞིང། ཀླུ་ཐོགསསསས་གཉིས་ལྟ་བ་མཐུན་པར་རྒྱ་བོད་ཀྱི་མཁས་གྲུབ་ཕལ་ཆེར་གྱིས་བཞེད་ལ། དེ་ཙམ་དུ་མ་ཟད་པར་རྒྱ་བོད་ཀྱི་མཁས་གྲུབ་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཏུ་སྨྲ་ན། ལྟ་བའང་སེམས་འགྲེལ་སྐོར་གསུམ་སོགས་དང་མཐུན་དགོས་ལ། རྙིང་མ་རང་ལུགས་ལའང་རྟ་མཆོག་ཧེ་རུ་ཀའི་བཀའ་བབ་ཏུ་བཞེད་པས། ལྟ་བའང་རྫོགས་པ་ཆེན་པོ་མིན་པའི་ཁྱབ་པ་མཐའ་མེད་དོ། ཡང་གང་གི་ལྟ་བ་མཐོན་པོ་ཡིན་མེད་ཅེས་པའི་ཚིག་འདི་ལ། དཔྱད་གཞི་བྱ་བར་རིགས་ཞེས་དང། དུས་ཕྱིས་ཀྱི་རྣལ་འབྱོར་པ་ཞིག་གིས་ཆོས་འདི་ཉིད་རྫོགས་པ་ཆེན་མའི་ཞུ་ལེན་གསེར་ཕྲེང་དང་འོ་མ་དང་ཆུ་བསྲེས་པ་ལྟར་བྱས་ཏེ། ཞེས་དང། རྫོགས་ཆེན་ལ་མོས་པ་ཞིག་གིས་བསླད་པར་ངེས་སོ། ཞེས་སོགས་བྲིས་འདུག་ཀྱང། ཆོས་འདིའི་འགོ་གཞུག་ཐམས་ཅད་དུ་རྫོགས་ཆེན་རང་སྐད་གཙང་མར་ཡོད་པ་ལ་གང་ནས་བསླད། སྦྱིར་ཡང་དུས་ཕྱིས་བཅོས་པ་ཡིན་ན། དཔེ་ཐམས་ཅད་ལ་དེ་བཞིན་ཡོང་དོམ་མ་བྱུང་ཞིང། གཞན་ཡང་ཕྱག་རྡོར་སྙན་རྒྱུད་ཀྱི་རྩ་ཚིག་ཏུ། ཀ་དག་རང་རིག་འོད་གསལ་གྱི། རྣམ་པལྷ་ཡི་གཟུགས་སུ་འཆར། ཞེས་སོགས་རྫོགས་ཆེན་གྱི་གནད་དོན་མང་པོ་དང། ཀ་དག་ཅེས་པའི་བརྡའ་ཆད་ཀྱང་གསལ་བར་འབྱུང་ལ། གཤེན་རྗེ་ཚེ་བདག། མ་མོ་སྲིད་པའི་རྒྱལ་མོ་ཉིད།(སྨད་ཆ།༡༦༥)ཞི་མུ་ཁ་ལེ། དཔལ་སྔགས་ཀྱི་སྲུང་མའི་སྒྲུབ་ཐབས་སོགས་རྙིང་མའི་ཆོས་སྐོར་མང་དུ་ཡོད་པ་གླེགས་བམ་ལ་གཟིགས་པས་གསལ་ལོ། དེ་ཡང་སྙན་བརྒྱུད་འདི་སྔར་རྙིང་མ་བ་དག་གིས་བཀའ་གདམས་པར་བསམས་ནས་ཕྱིར་འཕུལ། དགེ་ཕྱོགས་དག་གིས་རྙིང་མ་འདྲེས་པས་ཐུགས་ཉམས་བཞེས་པ་ཉུང་བས། དབང་ལུང་རྒྱུན་དཀོན་པོར་གྱུར་པའི་ཚེ། ཀུན་མཁྱེན་ལྔ་པ་ཆེན་པོས་རིག་འཛིན་གཏེར་བདག་གླིང་པས་ཀུན་མཁྱེན་མཆོག་ལ་ཕུལ་བ་ནས་བཟུང། དགེ་ལུགས་པའི་བླ་ཆེན་འགའ་ཞིག་གིས་ཀྱང་དབང་ལུང་གསན་པས་དགེ་སྙིང་ཐམས་ཅད་ཀྱིས་དབང་ལུང་གསན་པ་ཅུང་ཟད་དྲག་ཏུ་སོང། སྐབས་འདིར་ཡང་གོང་གི་ལོ་རྒྱུས་ཐམས་ཅད་རྙིང་མ་ཁོ་ནར་སྣང་བས་ཡིན་ལུགས་ཤེས་པའི་ཆེད་དུ་རྣམ་ཐར་ཟུང་ཙམ་བྲིས་པ་ཡིན་ནོ། ཡང་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཤྲི་བཱ་ན་རརྣ་སྟེ་ནགས་ཀྱི་རིན་ཆེན་ཞེས་བྱ་བ་པཎྜི་ཏ་སངས་རྒྱས་དབྱངས་ཀྱོ་སློབ་མ་ཤ་ཝ་རིས་རྗེས་སུ་བཟུང་ནས་བོད་ཡུལ་དུ་སོང་ཤིག་དང། རྒྱལ་པོ་ཞིག་ལ་བརྟེན་ནས་སྐྱེ་བོ་རྣམས་ཀྱི་ལོག་རྟོག་ལྡོག་པར་འགྱུར་རོ་ཞེས་ལུང་བསྟན་ཏེ་བོད་དུ་བྱོན། ལྷ་གཟིགས་གྲགས་པ་འབྱུང་གནས་ཀྱི་སྦྱིན་བདག་བྱས་ཏེ་ཆོས་མང་དུ་གསུངས་པས་བོད་ཀྱི་མཁས་པ་དང་དཔྱོད་ལྡན་དུ་མའི་ལྟ་བ་དྲང་པོར་མཛད་ནས་བལ་པོར་གཤེགས་ཏེ་བཞུགས། བལ་པོར་བཞུགས་སྐབས་ཤིང་ཏུ་ཨོ་རྒྱན་རིན་པོ་ཆེ་དངོས་སུ་ཞལ་གཟིགས་ནས་གནང་བའི་ཚེ་ཁྲིད་པདྨ་སྙིང་ཐིག་ཞེས་པའི་ཆོས་སྐོར་རྒྱས་པ་ཞིག་བྱུང་བ་ལོ་ཆེན་བསོད་ནམས་རྒྱ་མཚོ་དང་འགོས་(སྨད་ཆ།༡༦༦)ལོ་གཞོན་ནུ་དཔལ་སོགས་ལ་གནང་བ་ལས་ཆོས་རྒྱུད་རིམ་པར་དར་བ་བྱུང་ཞིང། རྗེ་རྒྱལ་བའི་དབང་པོ་ཀརྨ་པ་ཐམས་ཅད་མཁྱེན་པ་མཐོང་བ་དོན་ལྡན།(སྨད་ཆ།་རིར་བཞུགས་པའི་དུས་རྔ་ཡབ་གླིང་ནས་སློབ་དཔོན་ཆེན་པོ་པདྨས་སམྦྷ་བས་གྲུབ་ཆེན་ལ་བའི་གདམས་པ་ཟབ་མོ་ཡོད་ལ། བོ་དོང་རྟོགས་ལྡན་སངས་རྒྱས་མགོན་པོའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་ཅན་དངོས་སུ་ཞལ་གཟིགས་ཤིང། དེའི་སྒྲུབ་སྐོར་རྣམས་སློབ་དཔོན་པདྨ་འབྱུང་གནས་ཀྱི་གནང་བའི་གདམས་པ་ཟབ་ཁྱད་ཅན་སེང་གདོང་མ་བོ་དོང་ལུགས་སུ་གྲགས་པ་དང། ངས་ཆེན་དཔལ་འབྱོར་བཟང་པོ་ལ། ཨོ་རྒྱན་པདྨ་སམ་བྷ་བས་དངོས་སུ་གནང་བའི་ཚེ་སྒྲུབ་མདའ་འཕེལ་མར་གྲགས་པ། ལྷ་བཅུ་བདུན་མའི་སྒྲུབ་སྐོར་ཤིན་ཏུ་རྒྱས་པ་ཞིག་ཡོད་པར་སྣང་ཡང་རྣམ་ཐར་ཞིབ་པར་མ་མཇལ་ལོ། ཡང་ལྡོང་སྟོན་རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག་ནས་འཇམ་དབྱངས་བསོད་ནམས་རྒྱལ་མཆོག་གི་བར་དཔལ་ས་སྐྱ་པའི་གདུང་བརྒྱུད་ཀྱི་བསྟན་པ་འཛིན་པའི་མཁས་ཤིང་གྲུབ་པ་མཉམ་མེད་ནམ་མཁའ་བསོད་ནམས་གང་དེ་སྐུ་ན་ཕྲ་མོའི་དུས་རྣལ་འབྱོར་དབང་ཕྱུག་ལྡོང་སྟོན་སེང་གེ་རྒྱལ་མཚན་གྱིས་བྱིན་གྱིས་བརླབས་ཤིང། རང་གི་ཁུ་བོ་འཇམ་དབྱངས་བསོད་ནམས་རྒྱལ་མཆོག་གིས་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་གྱིས་རྗེས་སུ་བཟུང་བས་རྐྱེན་བྱས། ངོ་བོ་སྐུ་ཚེ་དུ་མར་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་གོམས་པའི་རྟོགས་པ།(སྨད་ཆ།༡༦༧)ཀློང་དུ་གྱུར་པའི་བག་ཆགས་བཟང་པོ་སད་དེ་སངས་རྒྱས་གཉིས་པ་པདྨ་ཐོད་འཕྲིང་རྩལ་སོགས་སྐྱེས་མཆོག་མང་པོ་དངོས་ཉམས་རྨི་ལས་དུ་མཇལ་ཏེ་དམ་པའི་ཆོས་ནོད་པར་བརྟེན་པའི་ཉམས་ཆོས་བསམ་གཏན་གླིང་པའི་ཨ་ཏི་ཞེས་ཟབ་པ་ལས་ཀྱང་ཆེས་ཟབ་པའི་སྐོར་ལ། ཁུངས་བཙུན་པ་བརྒྱུད་པ་དང་ལོ་རྒྱུས་སྐོར། མན་ངག་ཉམས་ལེན་དངོས་ཀྱི་སྐོར། ཁུངས་དང་རྒྱབ་རྟེན་སྐོར། རྩ་གསུམ་ལས་བྱང་ཆོས་སྲུང་སྐོར་སོགས་ཀུན་ཏུ་བཟང་པོ་དང་སློབ་དཔོན་པདྨ་འབྱུང་གནས་ལས་དངོས་སུ་གསན་པ་དང། དགོངས་པའི་དབྱིངས་ཀློང་བརྡོལ་བ་ལས་བྱུང་བའི་ཆོས་སྐོར་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་རྨད་དུ་བྱུང་བ་ཞིག་བཞུགས་ཤིང། གཞན་ཡང་མཉམ་མེད་ཆེན་པོས་སྔོན་གྱི་ཡིག་རྙིང་རྣམས་ལས་བཏུས་ཏེ་མཛད་པའི་རྫོགས་ཆེན་གྱི་རྩོད་སྦོང་ཚིག་ཉུང་དོན་རྒྱས་ཤིག་མཛད་ཡོད་འདུག་པར་ཀུན་མཁྱེན་པ་ལྔ་པ་ཆེན་པོས་རྩོད་སྦོང་འདུ་སྔ་ཕྱིར་བྱོན་པའི་མཁས་རློམ་གྱི་རྩོད་པ་མཐའ་དག་ཉི་མ་དང་བ་མོའི་དཔེ་བཞིན་གྱུར་པས་སྙིང་གི་ཟེའུ་འབྲུར་བསྟེན་འོས་པ་ཞིག་གོ། ཞེས་བསྔགས་བརྗོད་གནང་འདུག་སྟེ། དེ་ལྟ་བུའི་ཆོས་སྐོར་འདི་ནི་མཉམ་མེད་བསལ་གཏན་གླིང་པའི་ཨ་ཏི་འདི་སསྐྱ་འཁོན་གྱི་བཡ་ཆོས་ཡང་ཕུར་གཉིས་ཀྱི་རྫོགས་རིམ་ཟབ་པའི་མཐར་ཐུག་ཡིན། ཐུགས་གཏེར་ལྟར་ཤིན་ཏུ་ཉེ་རྒྱུད་དང། དག་སྣང་ལྟར་དེ་ལས་རིང་ཙམ་གྱི་ཉེ་བརྒྱུད་གཉིས། བཀའ་མ་ལྟར་རྫོགས་ཆེན་སྙིང་ཐིག། ཡང་ཕུར་བཅས་སོ་སོའི་བརྒྱུད་ཚུལ་དང་མཐུན་པས། བརྒྱུད་པ་བཞི་ལྡན་གྱི་ཐ་སྙད་མཛད་པ། བྱིན་རླབས་ཀྱི་ཚན་ཁ་སྨད་དུ་བྱུང་བ་གཞན་ལས་ཁྱད་དུ་འཕགས་པ་མཉམ་མེད་བསམ་གཏན་གླིང་པའི་ཨ་ཏི་ཞེས་ཡོངས་སུ་(སྨད་ཆ།༡༦༨)གྲགས་པ་དེང་སང་གི་བར་ཆོས་རྒྱུ་མ་ནུབ་པར་བཞུགས་པ་ཡིན་ནོ། ཆ ོས་བཀའ་འདིའི་བཀའ་སྲུང་གཟའ་རྒོད་རེང་ཞེས་པ་འདི་རྗེ་བཙུན་མི་ལས་བསྒྲུབས་པའི་གཟའ་གདོངས་དམར་ནག་ཡིན་ཟེར་བའང་སྣང་ངོ། དབོན་སྟོན་སྐྱེར་སྒང་པས་ཨོ་རྒྱན་རིན་པོ་ཆེ་ལསགསན་པའི་རྟ་མགྲིན་གྱི་ལོ་རྒྱུས་ནི་གོང་དུ་སྙིང་མོ་རྒྱ་གོང་རི་བ་སངས་རྒྱས་དབང་ཆེན་གྱི་གཏེར་འབྱུང་དུ་སོང་སྦྱིར་དབོན་སྟོན་དའི་བླ་མ་འབལ་ཚད་མ་བའི་དབོན་པོ་ཡིས་པས་དབོན་སྟོན་དང། སྟོད་ལུང་སྐྱེར་པ་སྒང་བཞུགས་གནས་ལས་དབོན་སྟོན་སྐྱེར་པ་སྒང་པར་གྲགས། མཚན་དངོས་ཆོས་ཀྱི་སེང་གེ་སྟེ། སྔོན་མཚན་ཉིད་པ་ཡིན་ཀྱང་བཤད་པ་བོར་ནས་སྒྲུབ་པ་མཛད་པས་ལོ་གསུམ་ནས་སྦྱན་རས་གཟིགས་ཀྱི་ཞལ་དངོས་སུ་གཟིགས་ནས་དེ་ཕྱིན་སྦྱན་རས་གཟིགས་དང་མི་དང་མི་ལབ་ལྟར་རྒྱུན་དུ་གཟིགས། རྨོག་ལྕོགས་པ་ལས་ཤངས་པའི་ཆོས་རྣམས་གསན་པས་བརྒྱུད་དུ་གཟིགས། རྨོག་ལྕོགས་པ་ལས་ཤངས་པའི་ཆོས་རྣམས་གསན་པས་བརྒྱུད་པ་རིན་ཆེན་སྣ་བདུན་དུ་གྲགས་པའི་ལྔ་པ་ཡིན། སྐབས་ཤིག་ཡོན་བདག་ཞིག་གི་སར་བྱོན་པས། རྒྱུ་མ་གྲིས་གཏུབས་པ་ཙམ་གྱི་སྙུང་གཞི་ཐུ་མོ་ཞིག་བྱུང། སྦྱན་རས་གཟིགས་ལ་གསོལ་བ་བཏབ་པས་གསུང་རབ་ཀྱི་གླ་བོས་པས་ལན་གསུངས། དེ་འདྲ་མ་འཚལ་ཞུས་པས་ཁ་སང་གི་ཡོན་བདག་དེས་འབུམ་བཅོངས་པའི་རིན་ནས་ཁྱེད་ལ་ཇ་ཞུས་པས། ཁྱེད་ལས་སྲབ་པས་སྡུག་བསྔལ་མྱུར་དུ་སྨིན་པ་ཡིན། དེ་ལ་ཕན་པའི་ཐབས་ཡོང་གསུངས་ནས་བྲུལ་གཏོར་གནང་བས་སྙུང་ལས་གྲོལ་ཏེ། གཏོར་མ་དེ་ཉིད་དེང་སང་གྲུབ་མཐའ་རིས་མེད་དུ་དར་བ་འདིའོ། རྒྱལ་བའི་དབང་པོ་ཀརྨ་པ་མི་བསྐྱོད་རྡོ་རྗེའི་མནལ་ལམ་དུ་རྡོ་རྗེ་རྣལ་འབྱོར་མ་དང་མཇལ་ནས། སྒྲོལ་དཀར། ཨོ་རྒྱན། ཕག་མོ་གསུམ་(སྨད་ཆ།༡༦༩)སྦྲགས་སྒྲུབ་ཀྱི་ཚེ་སྒྲུབ་ཟབ་མོ་དབང་དང་བཅས་ཡི་གེར་བཀོད་པར་མཛད་པ་ལ་ཕག་མོ་ཟབ་རྒྱ་མར་གྲགས་ཏེ། ཐུགས་བཙིགས་ཆེན་པོ་མཛད་པ་དང། གཞན་ཡང་གུ་རུ་མཚན་བརྒྱད། ཀརྨ་རབ་བརྒྱད། ཞང་སྐུ་བརྒྱད་རྣམས་སྦྱར་བའི་སྒྲུབ་ཐབས་ཡོད་པ་ཡིན་ཡང་ཟེར། རྣམ་ཐར་ཡོངས་སུ་གྲགས་པ་དེའོ། དཔལ་འབྲུག་པ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་པདྨ་དཀར་པོ་ཞེས་མཚན་ཉི་ཟླ་ལྟར་གྲགས་པའི་སྐྱེས་ཆེན་དེ་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གནང་བའི་དམ་སྲིའི་བར་ཆད་འདུལ་བྱེད་གུར་དྲག་ཕུར་འཇུག་ཅན་གྱི་གདམས་པ་ཟབ་མོ་ཡོད་ལ། སྦྱིར་ཡང་ཐམས་ཅད་མཁྱེན་པ་འདིས་དགོངས་གཏེར་ལྟ་བུར་ཕྱོགས་བསྒྲིགས་མགོན་མང་གི་སྐོར་དང། ཚོག་གཞུག་རྟ་བྲོ་བརྡུང་བ་ལ་ཉེ་བར་མཁོ་བའི་རྟ་བྲོའི་ཁྲིད་སོགས་ཀྱང་མཛད་སྣང་ལ། གཞན་ཡང་གཤེན་རྗེ་ཚེ་བདག། ཁྲོ་ཡང་སོགས་དང་བཀའ་བརྒྱད་རྣམས་ལ་ཡིག་ཆ་ཡང་མང་དུ་མཛད་ཅིང། ཉམས་བཞེས་གནང་བ་དང་གཏེར་སྟོན་ཆེན་པོ་ཤེས་རབ་འདོ་ཟེར་གྱི་ཆོས་བདག་ཀྱང་ཡིན་ཏེ། བཀའ་བརྒྱུད་འབྲུག་པ་རིན་པོ་ཆེའི་གྲལ་དུ་བཞུགས་ཀྱང་གསང་ཆེན་རྙིང་མའི་རྡོར་འཛིན་དུ་ངེས་སོ། ཡང་གསང་བའི་ལུང་བསྟན་ལས། ཡང་ཞིག་གནུགས་བན་སངས་རྒྱས་ཡེ་ཤེས་ཉོན། ད་ལྟ་ལྷ་སྲས་ཡབ་ཡུམ་སྲས་བཅས་ཀྱི། སྐུ་ཡི་རིམ་གྲོ་བསྲུང་བའི་འཁོར་ལོ་དང། དྲག་སྦྱོད་མཐུན་ཡི་རྒོལ་བ་ཕྱིར་བཟློག་ནས། བར་ཆད་བསལ་ཞིང་ཡོན་མཆོད་འབྲེལ་བའི་མཐུས། མ་འོངས་བཞི་བཅུར་དུས་མཚུངས་འབྱུང་བར་ངེས། ཞེས་སོགས་གསུངས་(སྨད་ཆ།༡༧༠)བ་ལྟ། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཡང་སྲིད་རྒྱལ་སྲས་བསྟན་པའི་འབྱུང་གནས་སམ་འཇའ་ཚོན་མེད་འབར་རམ། མཁའ་འགྲོའི་དབང་ཕྱུག་རྩལ་དུ་གྲགས་པ་ནི། ཡག་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཆེན་པོ་མཆོག་ལྡན་མགོན་པོའི་སྲས་སུ། མོན་སི་ཏ་འུག་བྱ་བར་སྐུ་འཁྲུངས་རྣམ་པར་ཐར་པ་ངོ་མཚར་ཅན་མང་པོ་དང་སྨད་དུ་བྱུང་བའི་མཛད་ཕྲིན་ཤིན་ཏུ་རྒྱ་ཆེ། ཕྱིས་སུ་སྐུ་ཚའི་སྨད་ལ་འཕྱོངས་རྒྱས་དཔལ་རིར་བཞུགས་ཁོང་གི་གཏེར་སྐལ་རྩ་གསུམ་ཟབ་མོ་ཀུན་འདུས་ཀྱི་སྐོར་རྣམས་བདུད་པོ་བླ་མཁར་གྱི་སྒོ་དྲུང་གཡས་པར་གཏེར་དུ་སྦས་པ་ལུང་བསྟན་བཞིན་རྟེན་འབྲེལ་ཅུང་ཟད་འཕྱུགས་པས་ཤོག་སེར་དངོས་མ་ལོན་ཡང་ཞིང་སྐྱོང་གི་མཁའ་འགྲོས་རྫོགས་པར་གནང་བའི་ཆོས་སྐོར་ཤིན་ཏུ་རྒྱས་པ་བཞུགས་ཤིང། དེ་ལས་འཕྲོས་པའི་ལུང་བསྟན་དང་བཅས་པ་དང། ཡང་མོས་ལོར་ལྟོ་བྲག་སེང་སྣ་ཤར་དུ་བྱུང་བའི་དག་སྣང་གཉིས་པའི་སྐོར་གྱི་ཆོས་སྡེ་རྣམས་དང། ཡང་གནས་ཆེན་མཁའ་རའི་ལྷོ་འདབ་དཀའ་ཟུག་གི་དགོན་པར་འབྲུག་ལོ་བྱ་ཟླ་བའི་ཚེས་བཅུའི་ནུབ་མོ་འདོ་གསལ་དུ་ཤར་བའི་དག་སྣང་གསུམ་པ་ཚེ་སྒྲུབ་ཀྱི་སྐོར་སོགས་ཚན་ཤིན་ཏུ་རྒྱས་པར་ཡོད་པར་དེང་སང་ཆོས་བརྒྱུད་མ་ནུབ་པར་ཡོད་པར་སྣང་ངོ། ཡང་ཨཱ་རྩ)་ས་ལེ་དང་རྗེ་བཙུན་རས་ཆུང་པའི་རྣམ་པར་སྦྲུལ་པ་སྣང་གསལ་རིག་འཛིན་བཀྲ་ཤིས་རྒྱ་མཚོས་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་དག་སྣང་གི་ཚུལ་དུ་མཇལ་ནས་གསན་པའི་ཚེ་དཔག་མེད་ཧྲཱི༔གཅིག་མ་ཞེས་སྙན་བརྒྱུད་བཀའ་རྒྱ་མའི་སྐོར་དང། རྐྱེན་དྲག་པོ་ཞིག་གི་ཐུགས་བསྐུལ་ནས་ཐུགས་བཀའ་རྒྱ་སྐོར་དང། རྐྱེན་དྲག་པོ་ཞིག་གི་ཐུགས་བསྐུལ་ནས་ཐུགས་སྐྱོ་བ་ལ་རྟེན་རྔ་ཡབ་པདྨ་འོད་ཀྱི་གཞན་ཡས་སུ་ཨོ་རྒྱན་(སྨད་ཆ།༡༧༡)ཆེན་པོ་དང་མཇལ་ཚུལ་དང། ཁྱབ་འཇུག་ཆེན་པོས་ཞལ་དངོས་དུ་བསྟན་ནས་ཕུལ་བའི་སྒྲུབ་ཐབས་སོགས་ཡོད་པར་སྣང་ངོ། འབྲི་གུང་བ་དཀོན་མཆོག་རརྣ་ལའང་དག་སྣང་སྐོར་པུ་ཏིར་ལོངས་པ་ཡོད་ལ་རྗེ་ཆོས་ཀྱི་གྲགས་པར་ཡང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཅུང་ཟད་གཤམ་དུ་འཆད་འགྱུར་ལས་ཤེས་སོ། ཁྲག་འཐུང་ཧེ་རུ་ཀ་པ་ནམ་མཁའ་འཇིགས་མེད་དམ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ་ནི། གང་དུ་རྫོགས་ཆེན་སྐབས་ཅུང་ཟད་སྨོས་པ་ལྟར་ལྟོ་བརྒྱུད་བྱར་དུ་མེ་མོ་བྱ་ལོར་ལྷ་བཙད་པོའི་རིགས་སུ་འཁྲུངས། ལྗགས་དང། མཛོད་སྦུ་དང། ཤངས་ཀྱི་ཚེ་མོ་རྣམས་ལ་ཨ་དཀར་པོ་ཐིག་ལ་ཁང་པ་རེས་མཚན་པ་དང། ཕྱག་ཞབས་རྣམས་སུ་འཁོར་ལོའི་རི་མོ་གསལ་བས་མཚན་པ་ཡོད། སྐུ་ན་གཞོན་ནུ་ནས་ལྷ་བཙུན་མཛད་དེ། གསུང་སྙན་རི་ཁྲོད་དུ་སྦྲུལ་སྐུ་ཨོ་རྒྱན་དཔལ་འབྱོར་ལས་རབ་ཏུ་བྱུང། ཐང་འབྲོག་གྲཱ་ཚང་དུ་གསན་བསམ་མཛད། ཁྱད་པར་དུ་རྫོགས་ཆེན་བསོད་ནམས་དབང་པོ་ལས་རྫོགས་ཆེན་གསན་པས་རྟོགས་པའི་དགོངས་ཀློང་བརྡོལ། བོད་ཡུལ་གྱི་གནས་ཐམས་ཅད་དུ་རིག་པ་བརྟུལ་ཞུགས་ཀྱི་སྦྱོད་པས་ཉུལ་ཞིང་རྟོགས་པའི་བོགས་བཏོན། མགྲིན་པ་ལོངས་སྦྱོད་འཁོར་ལོའིརྩ་ཁ་གྲོལ་བས་གང་གསུང་ཐམས་ཅད་སྙན་ངག་ཤིན་ཏུ་ལེགས་པ་འབའ་ཞིག་ཤུགས་བྱུང་དུ་འབྱུང་ཏེ། ཁྱད་པར་གནས་ཆེན་ཙ་རིར་ཕེབས་དུས་གངས་ཞུར་བྱུང་ཏེ་རི་ཆེན་པོ་ཉིལ་བ་དང་དགས་པ་ཤེལ་རིའི་གཡོན་ངོས་ནས་བྲག་རིན་པོ་ཆད་ལ་ཁང་པ་སོགས་ལྟ་སྟངས་དང་སྡིགས་མཛུམ་མཛད་པ་(སྨད་ཆ།༡༧༢)ཙམ་གྱིས་རང་གནས་སུ་ཟློག་པའི་རྫུལ་འཕྲུལ་བསྟན། ཀོང་པོ་ཉང་ཁ་གཞུང་དུ་གྲཱ་ཆུར་བྱིངས་པའི་ཚེ་ནམ་མཁའི་ལམ་ལ་འདབ་ཆགས་ཀྱི་རྒྱལ་པོ་ལྟར་གཤེགས། དཔལ་གྱི་བསམ་ཡས་གླིང་བཞི་གླིང་ཕྲན་དང་བཅས་པ་ཐམས་ཅད་སྣང་སྲིད་ལྷ་འདྲེ་རྣམས་གྲོགས་སུ་བསྐུལ་ནས་ཞིག་གསོ་སུམ་བརྩན་གྱི་གནས་ལ་འགྲན་པ་མཛད། ཁྱད་པར་མཆོད་རྟེན་དམར་པོ་ཞིག་ལ་ཉེ་བ་ན་རླུང་བུམ་པ་ཅན་ཐུན་གཅིག་བཟུང་བས། མདའ་ལྟར་དུ་སྲོང་བར་མཛད་དེ་སྔོན་གྲུབ་ཆེན་པཀྵིའི་མཛད་པའི་དཔེར་བགྱིས། རབ་གནས་ཀྱི་ཉིན་དགའ་སྟོན་སོགས་ཅུང་ཟད་མ་གྲུབ་པའི་ཚེ་ཉི་མ་གཏོད་ལ་མནན་ཏེ་ཡུན་རིང་དུ་འསྲིང། རྒྱ་གར་གྱི་ཡུལ་དུ་མུ་སྟེགས་ཀྱི་རྒྱལ་པོ་དེའི་ཁྲིའི་ཁར་ཕེབས་པསརྒྱལ་བློན་ཐམས་ཅད་ཀྱི་མཚོན་ཆ་སྣ་ཚོགས་ཀྱི་ཉིན་གསུམ་པར་དུ་བརྡེག་པར་བྱས་ཀྱང་མཁའ་ཚུར་བསྣུན་པ་ལྟར་གྱུར་ཏེ་ཅི་ཡང་ནོངས་སར་མ་གྱུར་པས་གུས་པ་བཏུད་དེ་བསྙེན་བསྐུར་ཕུལ། ཕྱིན་ཆད་མུ་སྟེགས་པའི་ལུགས་མི་བྱེད་པར་ཁས་བླངས་ཏེ། རྒྱལ་བློན་འཁོར་བཅས་ལོག་པའི་ལམ་ལས་སྐྱོབས་ནས་ནང་པ་ལ་བཀོད། སླར་བོད་དུ་བྱོན་པའི་ལམ་དུ་རྒྱ་མོན་གྱི་ཚ་རིམ་མེ་ལྟར་འབར་བས་མི་རོ་ལུད་ལྟར་སྦུངས་ཀྱང་དཔོན་སློབ་ཐམས་ཅད་ལ་གནོད་པ་ཅུང་ཟད་ཀྱང་མ་བྱུང་བར་བོད་དུ་བདེ་བར་ཕེབས། ཤིང་ཕོ་སྦྲེལ་ལོར་སྦས་ཡུལ་རོག་མོ་སྟོང་གི་གནས་སྒོ་ཕྱེས་ཤིང་འགྲོ་བ་མང་པོ་ཡང་དག་པའི་ལམ་ལ་བཀོད། སླ་ཡང་ཤིང་མོ་བྱའི་ལོར་རིག་འཛིན་འཇའ་ཚོན་སྙིང་པོ་དང། ཀོང་པོ་རྒོད་ཚང་སྦྲུལ་སྐུ་མཁས་མཆོག་པདྨ་ལེགས་གྲུབ། བཅས་སྡེ་གྲུབ་ཆེན་བཀྲ་ཤིས་ཚེ་བསྟན་གསུམ་གྱིས་བསྐུལ་བ།(སྨད་ཆ།༡༧༣)བཞིན་བོད་ཡུལ་ལོ་བརྒྱ་བར་དུ་བདེ་ཐམས་ཅད་སུ་འབྲས་གཤོངས་ལྷ་རི་འདོལ་གསལ་སྙིང་པོའི་གནས་སྒོ་ཕྱེ་བར་ཕེབས་པའི་ཚེ་གཙང་སྟོད་ཁ་ཎ་ཌར་ཕེབས་དུས་གནས་དེའི་སྲུང་མ་རྣམས་ཀྱིས་དངོས་སུ་བསུ་པར་བྱུང་ཞིང། གནས་དེར་ཞབས་ཀྱིས་བཅགས་ཤིང་སྔོན་མེད་ངོ་མཚར་བའི་གནས་སྒོ་ཕྱེ་བ་དང། གཙུག་ལག་ཁང་དང་སྒྲུབ་སྡེ་སོགས་ལུང་བཞིན་བཏབ་པའི་ཚེ། བྲག་དཀར་བཀྲ་ཤིས་སྡིངས་སུ་རྨིན་ལམ་དང་མངོན་སུམ་འདྲེས་པ་ལྟར་བུར་རྒྱ་གར་ཁ་ཆེའི་ཆ་ལུགས་ཅན་གྱི་བུ་མོ་ཞིག་གིས་ཁྱོད་ལ་བླ་མ་རིག་འཛིན་གྱི་སྲོག་སྒྲུབས་ཌཱཀྐི་ཆོས་སྲུང་གི་སྙིང་ཐིག་ཅིག་དག་སྣང་གི་ཚུལ་དུ་འོང་ཞེས་ལུང་བསྟན་པ་བཞིན་དུ། མེ་མོ་ཕག་ལོར་ཌཱཀྐི་སྙིང་གི་ཕུག་པར་བཞུགས་དུས་སུ་ཐོ་རེངས་ཀྱི་ཆ་ཞིག་ལ་དག་སྣང་གི་ཚུལ་དུ་ཨ་ཏི་བླ་མེད་སྙིང་ཏིག་གི་གདམས་པ་ཐུན་མོང་མ་ཡིན་པ་རིག་འཛིན་སྲོག་སྒྲུབ་ཀྱི་སྐོར་རྣམས་བྱུང་སྟེ། ཇི་སྐད་དུ། ཁྱད་པར་བླ་མ་རིག་འཛིན་སྲོག་སྒྲུབ་ཀྱི་སྐོར་རྣམས་བྱུང་སྟེ། ཇི་སྐད་དུ་ཁྱད་པར་བླ་མ་རིག་འཛིན་སྲོག་སྒྲུས་སྐོར། མདོ་སྔགས་བྱེ་བའི་ཆུ་གཏེར་བསྲུབས་པའི་ཕུལ། མ་ལུས་རིག་འཛིན་སྲོག་གི་གདངས་མ་ཆེ། མཐོང་ཐོས་དྲས་རེག་འབྲེལ་ཚད་དོན་ལྡན་པའི། ཀུན་ལ་མ་གྲགས་ཀུན་དང་མཐུན་གྱུར་ཅིང། ཀུན་ལས་ཁྱད་འཕགས་ཀུན་གྱི་ཡང་སྙིང་ཡིན། ཞེས་གསུངས་པ་ལྟར་དང། ཡང་གནས་ཀྱི་ཡན་ལག་ལྔགས་མ་ལུས་ཞེས་པར་ཕེབས་པའི་དུས་སུ། རྗེ་བཙུན་བསོད་ནམས་དབང་པོ་སྟག་ལ་ཆིབས་པ་ཞིག་ཞལ་གཟིགས་ནས་རིག་པའི་རྩལ་དབང་བསྐུར་བ་ལ་བརྟེན་ནས་རྡོ་རྗེ་སྙིང་པོ་སྦྲིན་གྱི་ཐོལ་གླུའི་སྐོར་རྣམས་བྱུང་སྟེ། གཏེར་ཁ་ཀུན་གྱི་ཡང་ཏིག་དང། སྙན་བརྒྱུད་རྣམས་ཀྱི་གནད་འགག་འདུས། དག་སྣང་འདོ་གསལ་རྒྱལ་པོ་དེ། མཐོང་ཐོས་དྲན་རེག་གྲོལ་བྱེད་ཡིན། ཞེས་སོགས་དག་སྣང་(སྨད་ཆ།༡༧༤)ལུང་བསྟན་གྱི་སྐོར་བོད་ཡུལ་ལོ་བརྒྱའི་བར་དུ་བདེ་ཐབས་མང་པོ་ཡི་གེར་ཕོབ་སྟེ། བདེན་ནམ་སྣམ་ན་བོད་ཡུལ་ཐམས་ཅད་ཀྱི། བདེ་ཐབས་ལྷ་སྲིན་ཚོགས་པའི་ཕྲིན་ལས་གླུ་ཡིན། མི་བདེན་སྙམ་ན་གཏང་སྙོམ་ཡལ་དུ་ཆུག། ཁེ་གྱོང་ཕན་པ་བློ་བདེ་བདག་ལ་མེད། ཅེས་གསུངས་ཏེ། གཞན་ཡང་བཀའ་འབུམ་གསུང་འགུར་ཞལ་གདམས་སོགས་པུ་ཏི་ལྔ་དྲུག་ཙམ་བཞུགས་པ་ཡིན་འདུག་གོ། ཕྱི་དུས་འདིར་གདམས་སོགས་པུ་ཏི་ལྔ་དྲུག་ཙམ་བཞུགས་ཀྱི་སྦྱོད་པ་མཐར་ཕྱིན་པ་གྲུབ་ཆེན་འདི་ལས་ལྷག་པ་སུ་ཡང་མ་བྱོན་ཏེ། རྫོགས་ཆེན་པོ་འཆད་སྦེལ་གྱི་ཕྲིན་ལས་ཀྱང་གྲུབ་ཆེན་འདི་ཉིད་ཆེ་ཞེས་རིག་འཛིན་གཏེར་བདག་གླིང་པས་གསུངས་སོ། གནུབས་སངས་རྒྱས་ཡེ་ཤེས་དང་དྲན་པ་ནམ་མཁའ་སོགས་དམ་པ་དུ་མའི་སྦྲུལ་པའི་ཟློས་གར་རིག་འཛིན་ཆེན་པོ་ཕྲིན་ལས་ལྷུན་གྲུབ་ལ་ལྕགས་སྦྲུལ་ཧིར་ཟླ་ལྔ་པའི་ཉེར་ལྔའི་སྲོད་ཀྱི་ཆར་འོད་གསལ་གྱི་སྣང་ངོར་མཁའ་འགྲོ་མ་བདེ་ཆེན་རྒྱལ་མོས་བླང་དོར་གྱི་རིམ་པ་དང་ཚེ་འཕྲེང་གསལ་བར་སྟོན་པའི་ལུང་བསྟན་དང། ཕྱག་བྱ་ཆུབ་གླིང་དུ་ཆུ་ལུག་སྦྲིན་གྱི་ཉ་བའི་ཡར་ངོའི་ཚེས་བཅུའི་སྲོད་ལ་སློབ་དཔོན་ཆེན་པོར་གསོལ་འདེབས་གདུང་ཤུགས་དྲག་པོ་མཛད་པའི་ལུས་འོད་གསལ་དུ་སོང་བའི་ཚེ་སྔར་གྱི་མཁའ་འགྲོ་དེས་བས་རོའི་རྫས་ལ་རྟེན་བརྟེན་པའི་ལུས་སྣང་སྟོང་རྩའི་རང་ཞལ་སྟོན་པ་སོགས་ངོ་མཚར་བ་དང། ཡང་གནས་དེ་ཉིད་དུ་ཤིང་ཕོ་སྦྲེལ་ཟླའི་སྲོད་ལ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཏང་བའི་ཐོ་རེངས་ཀྱི་ཆར་འོད་གསལ་ཉིད་འཕྲུལ་ལ་སྔར་གྱི་ཌཱཀི་དེས་སྣང་དྲངས་ཏེ་སྒྲུབ་གནས་བོན་ལུང་ཡིན་ཁུལ་ཞིག་ཏུ་སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་དང་མཇལ་ནས་ཕྱག་མཚན་བུམ་པའི་ཁ་རྒྱན་གྱི་ནོར་བུས་བྱིན་གྱིས་བརླབས་པ་དང། མཚོ་ནང་དུ་(སྨད་ཆ།༡༧༦)ཤེལ་གྱི་མཆོད་རྟེན་སོགས་ངོ་མཚར་བའི་གཟིགས་སྣང་བྱུང་ཚུལ་སོགས་དག་སྣང་མང་དུ་ཡོད་པར་འདུག་སྟེ། རྗེ་འདིའི་ལོ་རྒྱུས་ཞིབ་པར་བཤམས་ནས་གདན་རབས་ཀྱི་སྐབས་སུ་འབྲི་བར་སྦྲོའོ། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་ནི་འཕགས་མཆོག་ཕྱག་ན་པདྨ་ཉིད་རང་རྟགས་ཀྱི་ཅོད་པན་བཞག་ནས་ངུར་སྨྲིག་གི་བླ་གོས་ཀྱིས་མཛེས་པ་སྡོམ་བཙོན་རྒྱལ་པོའི་ཚུལ་དུ་ཕེབས་པ་སྟེ། དེ་ཡང་འཇམ་དོལ་རྩ་རྒྱུད་ལས། སྟོན་པའི་གསུང་རབ་ས་སྟེང་དུ། དུས་མཐར་འཇིག་རྟེན་ཉམས་སོང་ན། སྡོམ་བཙོན་རྒྱལ་པོའི་ཚུལ་གྱིས་ནི། འབྱུང་བར་འགྱུར་བར་ཐེ་ཚོམ་མེད། དཔེར་ན་མ་ཁོལ་ཞེས་བྱ་དང། མེ་ཏོག་ཅེས་བྱ་རྣམ་པར་གྲགས། ཡི་གེ་མ་ཞེས་གཞོན་ནུ་ཞེས། དང་པོ་ཐ་མ་ཆོས་ལ་དགའ། ཡི་གེ་མ་ཞེས་གཞོན་ནུ་ཞེས། དང་པོ་ཐ་མ་ཆོས་ལ་དགའ། ཀླུས་བོས་ཞེས་བྱ་རྣམས་པར་གྲགས། ཞེས་སྡོམ་བཙོན་རྒྱལ་པོའི་ཚུལ་གྱིས་འབྱུང་བ་ལུང་བསྟན་པ་དང། ཁྱད་པར་དུ་བློན་པོ་བཀའི་ཐང་ཡིག་ལས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད། སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ། འཕྲུལ་ལྔ་བསྒྱུར་བའི་སྟོབས་སུ་འགྱུར། འདྲ་མིན་ཞིག་དང་མ་ནོར་ན༔ གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་མཛད། བྱང་མི་འདུལ་སྐྱོང་གནམ་སའི་བདག༔ ཟ་ཧོར་ཆས་ལས་འབེབས་པ་འབྱུང༔ ཞེས་དང། ཀརྨ་པ་མི་བསྐྱོད་རྡོ་རྗེ་ཀྱང། སྔགས་འཆང་པདྨ་སམྦྷ་བའི། སྦྲུལ་པ་རྒོད་ཐུལ་གྱོན་པ་ཞིག། འཕྱོངས་རྒྱས་སྲོང་བཙན་བང་སོར་འོངས། ཞེས་གསུངས་ཏེ་སྦྲུལ་གཞི་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད་གང་འདུལ་གྱི་མོས་ངོར་སྦྲུལ་ པའི་རྣམ་རོལ་རིམ་པ་ལྔར་བསྟན་པ། དེ་ཡང་གདུལ་བྱ་ཐ་དད་པའི་ངོར་སྦྲུལ་(སྨད་ཆ།༡༧༦)དེ་ཡང་ལྔ་ཕྲག་གཉིས་སུ་རེ་རེ་བཞིན་སྟོན་པ་མཛད་པ་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི་དང་པོ་ནི། བཀའ་གདམས་གླེགས་བམ་ལས། ཆགས་བྲལ་ངུར་སྨྲིག་འཛིན་པ་བདུན་འབྱུང་བར་ལུང་བསྟན་པའི། པཎ་ཆེན་དགེ་འདུན་གྲུབ་པ། དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ་རྒྱལ་བ་ཡོནལ་ཏན་རྒྱ་མཚོ་དང་བཞི་བྱོན་པའི་ལྔ་བ་ཡིན་ལ། ཐུན་མོང་མ་ཡིན་པར་ལྟར་ན། སྐུའི་སྦྲུལ་པ་མངའ་རིས་པཎ་ཆེན་པདྨ་གི་སྦྲུལ་པ་གུ་རུ་ཆོས་དབང། ཐུགས་ཀྱི་སྦྲུལ་པ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་ཡེ་ཤེས་རོལ་པ་རྩལ། ཡོན་ཏན་གྱི་སྦྲུལ་པ་བྱག་བདག་དབང་པོའི་སྡེ། ཕྲིན་ལས་ཀྱི་སྦྲུལ་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་འདི་ནིད་དེ་འཕྲུལ་ལྔ་བསྒྱུར་ཞེས་པའི་དོན་ཏེ་གང་ལ་གང་འཚམས་ཀྱིས་དེ་ལ་དེར་སྟོན་ཅིང། གཅིག་གོ་གིས་མི་འགོག་པར་ཐ་དད་དུ་འགྲོ་དོན་མཛད་པ་ཡིན་ལ། བྱང་ཕྱོགས་ཧོར་གྱི་ཁམས་ཀྱི་མི་རྣམས་གདུག་རྩུབ་ཆེ་བས་བོད་ཁམས་དམག་གིས་ཡང་ཡང་འཇོམས་ཤིང་ཁྱད་པར་འདི་སྐབས་དམག་དཔུང་ཤིན་ཏུ་ཚེ་བས་བོད་ཡུལ་ཐམས་ཅད་འཇོམས་པར་ཉེ་བ་ན། རྒྱལ་བ་ཐམས་ཅད་མཁྱེན་པ་འདིའི་སྐུ་མཐོང་བ་དང་མཚན་ཐོས་པ་ཙམ་གྱིས་མཐའ་མི་དེ་དག་གི་གདུག་སེམས་ཞིག་ནས་སྐུའི་ཆབ་འོག་ཏུ་འདུ་བར་བསྡུ་དངོས་པའི་བཞིའི་སྐོར་བ་མཛད་ནས་བོད་རྣམས་མཐའ་དམག་གི་འཇིགས་པ་དང་མཐའ་མི་རྣམས་ངན་གྲོའི་འཇིགས་པ་ལས་སྐྱོབས་པ་དང། བོད་འཆོལ་ཁ་གསུམ་ལ་དབང་བསྒྱུར་བས་གནམ་སའི་བདག། ཅེས་དང་ཟ་ཧོར་ཆབ་ལས་འབེབས་པར་འགྱུར་གསུངས་པ་བཞིན་དུ་སྦྲུལ་པའི་སྐུ་ལུང་དང་མཐུན་པར། འཕྱོངས་རྒྱས་སྟག་ཙེའི་ཟ་ཧོར་གྱི་རྒྱལ་བརྒྱུད་ལས་ཡབ་མི་དབང་བདུད་འདུལ་རབ་བརྟན་(སྨད་ཆ།༡༧༧)དང། ལྷ་འདྲེ་བཀའ་ཐང་ལས། ལང་ཐོང་མེ་ཏོག་དཀུ་འདྲའི་བུ་མ་ལ༔ བྱང་མི་འདུལ་སྐྱོང་གནམ་སའི་བདག་པོ་འཁྲུངས༔ ཞེས་པ་ལྟར་ཡུམ་ས་སྐྱ་དཔོན་ཆེན་ཨང་ལེན་གྱི་བརྒྱུད་ལས་ཡར་འབྲོག་ཁྲིད་ལྕམ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་མེ་མོ་སྦྲུལ་གྱི་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་གངས་ཅན་སྐྱེ་དགུའི་བསོད་ནམས་ཀྱི་དཔལ་དུ་མཚན་དཔེའི་དཀྱིལ་འཁོར་མངོན་པར་གསལ་བར་གྱུར་ཏོ། དེ་སྐབས་རིག་འཛིན་ངག་གི་དབང་པོས་ཚེ་གུར་ཉེན་སེལ་གྱི་དབང་བཀའ་ཐོག་མ་ཕུལ་བས་གསང་ཆེན་རྙིང་མར་རྟེན་འབྲེལ་འགྲིག། དེ་ཡང་སྐུ་ཆུང་ངུའི་དུས་ནས་དམ་པའི་རིགས་ཀྱི་དུས་ཀྱང་མ་ནོངས་པར་སྐུ་ཞང་ཁྲི་དཔོན་འཆེད་ཀྱིས་སྐྱོངས་ཏེ་སྣ་དཀར་རྩེར་བཞུགས། དེ་སྐབས་པཎ་ཆེན་ཟློ་བཟང་ཆོས་ཀྱི་རྒྱལ་མཚན་དང། དགའ་ལྡན་ཁྲི་རིན་པོ་ཆེ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གཉིས་ཀྱིས་རྒྱལ་བ་ཡོན་ཏན་རྒྱ་མཚོ་འི་སྐུ་སྐྱེར་ངོས་འཛིན་མཛད་ནས། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་བཟང་རྒྱ་མཚོར་གསོལ་ནས་རྒྱལ་བ་གོང་མའི་ཆོས་ཀྱིས་མངོན་པར་མཐོ་བའི་ཁྲིལ་ཞབས་ཀྱི་པདྨ་བཀོད་དེ་ཁམས་གསུམ་པའི་འགྲོ་བ་ལྷ་དང་བཅས་པའི་འདྲེན་པར་མངའ་གསོལ་བར་མཛད། དེ་ནས་ཁྲི་རིན་པོ་ཆེ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གྱི་དྲུང་དུ་མདོ་སྔགས་ཀྱི་གསན་སྦྱོང་མཐར་ཕྱིན་པར་མཛད་ནས་གཞུང་ལུགས་རབ་འབྱམས་སྨྲ་བའི་མཚན་གྱི་ཅོད་པན་དཔྱད། སླར་ཡང་གསང་སྔགས་གསར་རྙིང་གི་ཆོས་ཚུལ་རྒྱ་(སྨད་ཆ།༡༧༨)མཚོ་ལྟ་བུའི་དབང་ལུང་མན་ངག་ཐམས་ཅད་མ་གསན་པ་མེད་པ་ལྟ་བུ་མཛད་དེ་གསན་པོད་ཆེན་བཞིར་ལོངས་པ་ཡོད། ཡོངས་འཛིན་གྱི་གཙོ་བོ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནས་ཐུགས་རྫོགས་གསན་ཡང། ཕྱིས་ཚོད་སྡོམ་རྒྱུན་གྱི་ཁྱད་ནས་རྗེ་ཞ་ལུ་པར་པཎ་ཆེན་ཤཱཀྱ་ཤཱིའི་སྡོམ་རྒྱུན་བཞེས་པར་གནང། གཞནདགེ་ལུགས་སྐོར་གྱི་དབང་ཆོས་མང་པོ་དང། དགའ་ལྡན་ཁྲི་རིན་པོ་ཆེ། ཞ་ལུ་རིན་ཆནེ་བསོད་ནམས་མཆོག་གྲུབ། ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནསམ་མཆོག་ལྡན་རྡོ་རྗེ་འཆང་ཕ་ཝང་ཁ་པས། སྨན་ལུང་བློ་མཆོག་རིག་པའི་རྡོ་རྗེ། ཟུར་ཆེན་འཁོར་ལོའི་མགོན་པ་ཆོས་དབྱིངས་རང་གྲོལ། རིག་འཛིན་གཏར་བདག་གླིང་པ་སོགས་ཡོངས་འཛིན་དུ་མ་བསྟེན་ཏེ་ཐམས་ཅད་བརྗོད་པར་མ་ནུས། རིག་གནས་ཀྱ་སྐོར་རྣམས་སྨོན་འགྲོ་ནས་དང། ཟླུམ་པོ་དོན་དབང། སྨན་ལུང་པ་སོགས་ལ་བརྡའ་སྦྲོད་ཡན་ལག་དང་བཅས་པ། སྙན་ངག་སྡེབ་སྦྱོར། མིང་གི་མངོན་བརྗོད། རྩིས་དཀར་ནག་དབྱངས་གསུམ། གསོ་དཔྱད་ཀྱི་སྐོར་རྣམས་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ལས་གསན་ཏེ་མདོར་ན་གྲགས་པ་དོན་ལྡན་གྱི་ཐམས་ཅད་མཁྱེན་པ་ཉིད་དོ། གསུང་རྩོམ་གྱི་རིགས་ཀྱང་ཡང་གསང་རྒྱ་ཅན་ལ་གཞན་མཛད་ཕྲིན་ལས་གྱི་རིགས་ཐམས་ཅད་ནི་འདིར་བརྗོད་པར་ནུས་པ་མ་ཡིན་ལ། ཁྱད་པར་དུ་མཆོག་གི་མཛད་པ་སྨད་དུ་བྱུང་བ་དུ་མས་བོད་ཁམས་བདེ་ཉི་བརྡལ་བའི་ཚུལ་ཡང། རརྣ་གླིང་པའི་བསྟན་པ་སྦྱི་ལུང་ལས། དེ་ནས་སྔོན་གྱི་ཐུགས་བསྐྱེད་རྒྱལ་པོ་ནི༔ ཐུགས་རྗེ་ཆེན་པོའི་སྦྲུལ་བ་(སྨད་ཆ།༡༧༩)དབུས་ནས་འབྱུང། བློ་གྲོས་སྟོབས་ལྡན་བཟང་པོའི་འོད་ཟེར་ཅན་སྣ་ཚོགས་ཐབས་ཀྱིས་འགྲོ་བའི་ཁ་ལོ་བརྒྱུར༔ ཆོས་ཀྱི་རྒྱལ་པོ་དཔུང་དང་བཅས་པ་འབྱུང། འབྲི་ཡི་རཱ་ཅོ་ཕག་གི་མཇུག་མ་ཅན༔ གུང་གི་ཚང་འཆའ་ས་ཡི་ཟས་ཟ་ཞིང༔ མིག་བཞི་གྱེན་ཐུར་དག་ལ་ལྟ་བར་བྱེད། ལྕེ་གཉིས་བདེན་རྫུན་གཉིས་ཀྱི་ཤན་འབྱེད་པ༔ དབུས་གཙང་ཐམས་ཅད་སྐུ་ཡི་ཆབ་འོག་འདུས། རྫུ་འཕྲུལ་མཐུ་ལྡན་བསྟན་པའི་བདག་པོ་འབྱུང། ལྷ་ས་དམར་པོ་རི་དག་ཆུ་བོ་རི། ཧས་རི་དང་དབུས་རེ་དེ་གསུམ་ལ༔ ཕོ་བྲང་བྱས་ནས་དབུས་གཡོར་འཐའ་གསུམ་སྡུད། གཙང་གི་ངམ་རུ་རི་དང་རི་བོ་ཆེ༔ ལ་སྟོད་རྡོ་རྗེའི་རིང་དང་དེ་གསུམ་ལ། ཕོ་བྲང་བྱས་ནས་གཙང་གི་རུ་གཉིས་དང༔ མངའ་རིས་བལ་པོའི་བར་རྣམས་དབང་དུ་སྡུད༔ དབུས་གཙང་རྣམས་སུ་ཆོས་གྲ་བཅུ་གསུམ་འཆའ༔ གཞན་གྱི་རྫོང་རྣམས་རྩིག་རྨང་ཙམ་ཡང་མེད༔ ལ་འཇམ་ལུང་འཇམ་ཐམས་ཅད་གསེར་ཁུར་ལམ། ནོར་ཡོད་གཉེར་འཆི་མི་དགོས་གང་ཡོད་ཕན༔ མེད་རྣམས་བཙལ་འགྲོ་མི་དགོས་ཀུན་ཀྱང་སྐྱིད། དབུ་ཟླུམ་མདོ་ཡི་བསྟན་པ་དར་ཞིང་རྒྱས། ལྕང་ལོ་སྔགས་པའི་བསྟན་པས་གྲུབ་ཐོབ་ཁེངས༔ ཞེས་དང། དེ་དང་ཚིག་ཟུར་ཕྲན་བུ་མ་གཏོགས་ཕྱོགས་མཆུངས་པ་པདྨ་གླིང་པ་དང་རྡོ་རྗེ་གླིང་པའི་གཏེར་ལུང་ལས་ཀྱང་བྱུང་ཞིང། ཡང་རྡོ་རྗེ་གླིང་པའི་ལྟ་བ་ཀློང་ཡངས་ལས། དེ་ནས་ཡང་ནི་བོད་ཡུལ་དབུས། སེང་སྡེང་དམ་པོའི་རི་བོ་ལ༔ རྒྱལ་ཁྲིམས་གླུང་བ་རིགས་ལྡན་འབྱུང༔ ཞེས་དང། རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས། ཆོས་(སྨད་ཆ།༡༨༠)རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་ཁྱོད། ཟ་ཧོར་གདུང་མཐའ་འཛམ་གླིང་རྒྱན་གཅིག་པོ། འགྲོ་འདྲེན་རྒྱལ་བ་བཟང་པོའི་མཚན་འཛིན་པ། སྐུ་རྒྱབ་སྨེ་བ་རྒྱ་མདུད་དབྱིབས་འདྲ་ཡོད༔ ཐུགས་ཁར་སྨེ་བ་ནོར་བུའི་དབྱིབས་འདྲས་མཚན༔ ཞལ་ལ་མེ་ཏོག་པདྨ་འདབ་བརྒྱར་བཀྲ། ལྡེ་འོག་རྩ་འཁོར་ཡི་གེ་ཨ་ཡིས་མཚན། གཞན་ཡང་རྨད་བྱུང་མཚན་རྟགས་མང་དུ་ཡོད༔ བྱང་སེམས་སྙིང་སྟོབས་ཅན་ལ་ཆོས་འདི་སྦྲོ། ཞེས་འབྱུང་ཞིང་གཞན་ཡང་གཏེར་ཁ་དུ་མ་ནས་ལུང་བསྟན་པ་ཡོད་ཀྱང་ཡི་གེ་མང་གི་དོགས་ནས་མ་བྲིས། གོང་གི་ལུང་བསྟན་ཇི་བཞིན་པའི་ཚུལ་ཡང་ཐུགས་རྗེ་ཆེན་པོ་སྦྲུལ་པ་དབུས་ནས་འབྱུང༔ ཞེས་པ་རྒྱལ་བ་ན་རིམ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྦྲུལ་པ་ཡིན་བཞིན་ལ་བློ་གྲོས་སྟོབས་ལྡན་ཞེས་སོགས་ཀྱིས་བློ་བཟང་ཞེས་པའི་མཚན་སྨྲ་ཡང་གསལ་བར་བསྟན་པ་དང། ཆོས་ཀྱི་རྒྱལ་པོ་དཔུང་དང་བཅས་ཞེས་པས་ཆོས་སྲིད་གཉིས་ཆར་ལ་དབང་བསྒྱུར་བའི་དོན་དང། འབྲི་ཡི་རཱ་ཅོ་ཕག་གི་མཇུག་མ་ཅན་ཞེས་པའི་དོན་ཡང་འབྲི་གུང་བསྒྱུར་རའི་གདུང་བརྒྱུར་ལུས་ཀྱི་ཆ་ཤས་རཱ་ཅོ་ཙམ་མ་གཏོགས་གྱེན་དུ་ཟད་དེ་རྫོགས་པ་དང། ཕག་མོ་གྲུ་སྟེ་སྣེ་གདོང་བའི་མངའ་ཐང་ཀྱང་ཐུར་དུ་ཟད་ད་མཇུག་མ་ཙམ་ལུས་པ་དང། སྐྱིད་ཤོང་ཚལ་པ་ཁྲི་སྐོར་གྱི་འོག་ཡིན་པས་དེ་མཇུག་མ་ཙམ་ལུས་པ་དང། སྔར་ས་སྐྱ་པས་བདག་གིར་མཛད་པའི་བོད་ཀྲི་སྐོར་བཅུ་གསུམ་སོགས་ཡངས་པའི་ས་ཆེན་པོ་ལ་དབང་བསྒྱུར་བས་བའི་ཟས་དང་དབུས་གཙང་རྣམས་སུ་ཆོས་གྲཱ་རྙིང་པ་ཞིག་གསོ་སོན་ལུས་སོགས་མ་ཡིན་པར་གསར་པ་བཅུ་གསུམ་བརྩིགས་པ་དང། སྟོད་མངའ་རིས་ནས་བལ་པོའི་ཡུལ་ཚུན་འགྲོ་བ་རྣམས་དབང་(སྨད་ཆ།༡༨༡)དུ་བསྡུ་བ་དང། དབུ་ཟླུམ་མདོ་ཡི་སྡེ་དགེ་འདུན་གྱི་སྡེ་རྣམས་དར་ཞིག་རྒྱས་པ་དང། ལྕང་པོ་སྔགས་ཀྱི་སྡེ་སྟེ་གསང་ཆེན་རྙིང་མའི་ལས་ནས་གྲུབ་བརྙེས་མང་དུ་འབྱུང་ཚུལ་དང། མིག་བཞི་གྱེན་ཐུར་ནི་ཆོས་སྲིད་གཉིས་ཆར་ལ་གཟིགས་པ་ཡངས་པའི་དོན་ཏེ། ཚིག་གཞན་རྣམས་གོ་སླ་བར་ལུང་བསྟན་དང་རྗེས་སུ་མཐུན་པར་མཛད་པ་རྣམས་ཤིན་ཏུ་གསལ་བར་བསྟན་ཏེ། དེ་ཡང་གུ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་པའི་ཁམས་ཐམས་ཅད་ལས་ཤུགས་བཙན་པོའི་སྟོབས་ཀྱི་དཔུང་པས་མངའ་ཐོག་ཕྱག་ཏུ་ཕུལ་ཞིང། སླར་ཡང་གནམ་བསྐོས་གོང་མ་ཆེན་པོས་ཏང་ཀུན་གསེར་གྱི་རྒྱལ་ཁབ་ཏུ་གདན་དྲངས་ནས་ཞབས་ཀྱི་པདྨ་ལ་དབུའི་ཅོད་པན་གྱི་རྩེ་མོས་བཏུད་དེ་བོད་ཡུལ་ཐམས་ཅད་ཤེས་སུ་བཅུག་པའི་འཇའ་ས་གསེར་ཡིག་ཤེལ་ཐམ་དང་བཅས་ཕུལ་བ་ལ་བརྟེན་ནས། གང་གིས་མཛད་པའི་མཆོག་ཐུན་མོང་མ་ཡིན་པ་རྒྱལ་ཁྲིམས་ཆོས་ཁྲིམས་ཟུང་འབྲེལ་དཀར་འཇམ་ཡུག་གཅིག་ཏུ་མངའ་རིས་བོད་ཀྱི་རྒྱལ་ཁམས་བདེ་པར་སྐྱོང་བས་བདེ་སྐྱིད་ལྷའི་ཡུལ་དང་མཚུངས་པར་བྱུང་བ་དེ་བཞིན་དང། གཞན་ཡང་རྒྱལ་པོ་སུས་ཀྱང་དབང་དུ་མ་བརྒྱུར་པའི་བྱང་ཕྱོགས་མགོ་དཀར་གྱི་ཡུལ་གྲུ་ཆེན་པོ་གྲོང་ཁྱེར་ཕྱེད་ཉིས་སྟོང། མི་ཁྲིམ་ས་ཡ་གཉིས་བཅས་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུང་ཁང་གིས་དབང་དུ་བསྡུས་ནས་རྗེ་འདིར་ཕུལ་བ་དང། ཁྱད་པར་དུ་རྒྱལ་པོ་མཆོད་ཡོན་གྱིས་དཀར་རྙིང་གི་མཚོན་པའི་གྲུབ་མཐའ་རིས་མེད་ཐམས་ཅད་དགེ་ལུགས་ཤ་སྟག་ཏུ་བསྒྱུར་བའི་ཐུགས་ཐག་ཆོད་ཚར་ཡང། རྗེ་འདིའི་ཟློག་ཏུ་མེད་པའི་བཀའ་ནན་གྱིས་བཅིངས་ཏེ། གྲུབ་མཐའ་རང་རང་གི་ལུགས་བཞིན་(སྨད་ཆ།༡༨༢)སྐྱོང་ཚོག་པ་འདི་ཁོ་ནའི་བཀའ་དྲིན་ཀྱང་གཞལ་བྱར་མ་གྱུར་ལ་ཁྱད་པར་གསང་ཆེན་རྙིང་མའི་བསྟན་པ་མར་མེའི་འོད་ཙམ་ཞིག་གནས་པ་འདི་ནི་སྐྱབས་མགོན་དམ་པ་འདིའི་བཀའ་དྲིན་ཆེན་པོས་རྗེས་སུ་སྐྱོང་བར་མཛད་པ་ལས་བྱུང་བའི་ཕྱིར་རྗེ་བཙུན་དམ་པ་འདི་ནི་གསང་ཆེན་རྙིང་མའི་བསྟན་པའི་ཙ་ལག་གཅིག་པུ་བར་གྱུར་པ་ཡིན་ནོ། དེ་ཡང་གླེགས་བམ་རིན་པོ་ཆེ་ཕ་ཆོས་ཀྱི་ལུང་བསྟན་དུ། དེའི་དུས་ཀྱི་དྲག་ལས་ལ་དགྱེས་པའི་རྒྱུ་དེས་སླར་རྩོད་པ་མང་བ་དང་ཕན་ཚུན་གྱི་ཟེར་སྒྲོས་མང། འོན་ཀྱང་རང་ཕམ་པར་མི་ནུས། ཞེས་སྐུ་རུས་ཇི་དང་དགུ་སྙིང་མེ་མོ་སྦྲུལ་ཡིན་པ་སོགས་ཀྱང་གསལ་བར་བསྟན་ཅིང། སྔགས་རྙིང་མའི་ཕྲིན་ལས་རབ་འབྱམས་ཀྱིས་བསྟན་འགྲོའི་ཕན་བདེ་བསྒྲུབ་པར་གནང་བ་ལ། བློ་ཆུ་འགའ་ཞིག་གིས་ཡ་ག་འབུམ་བ་སོགས་ཀྱང་བསྟན་ཏེ། གཞན་ཡང་གླེགས་བམ་རིན་པོ་ཆེར། ང་ཕན་བདེའི་འབྱུང་གནས་རིན་ཆེན་ལ། སེམས་རྟོག་པ་ཆེ་ཞེས་སྨོད་པར་བྱེད། ཅེས་སེམས་ཀྱི་ལྟའམ་རྟོགས་པ་གཞན་ལས་ཆེ་བ་གསང་སྔགས་སྔ་འགྱུར་རྫོགས་ཆེན་སོགས་ཉམས་བཞིས་གནང་བ་ལ་སྨོད་པའམ་འཕྱ་བར་བྱེད་ཅེས་ཏེ། ལུང་བསྟན་འདི་དག་མཛད་པ་དང་མཐུན་པར་ངེས་ཤེས་འདྲངས་པར་འདུག་པས་ཅུང་ཟད་བསྡུས་ཏེ་བྲིས་པ་ཡིན་ལ། གོང་གི་དབུས་བཙང་རྣམས་སུ་ཆོས་གྲ་བཅུ་གསུམ་འཆའ༔ ཞེས་པ་(སྨད་ཆ།༡༨༣)དབུས་གཙང་རང་དུ་ཆོས་སྡེ་བཅུ་གསུམ་དང། རྣམས་ཀྱི་སྨྲས་ཁམས་ཀོང་དང་བཅས་པར་བཅུ་གསུམ་ཕྲག་གསུམ་དུའང་བཟུང་སྟེ་འཐེན་ཕྱོགས་གཉིས་ལས། དབུས་གཙང་དུ་མཚན་ཉིད་རྒྱུའི་བཤད་གྲ་ཆེན་པོ་བརྒྱད་དང། གསང་བ་སྔགས་ཀྱི་རྣལ་འབྱོར་ལ་གཞོལ་བའི་སྒྲུབ་གྲལ་ལྔ་དང་བཅུ་གསུམ་ལས། གསང་སྔགས་བྱང་ཆུབ་གླིང། ཕུང་པོ་རིར་བདུད་དཔུང་ཟིལ་གནོན་གླིང། མཁར་ཆུ་བདུད་འཛོམ་གླིང་གསུམ་གྱི་གསང་ཆེན་རྙིང་མ་བཀའ་བརྒྱད་ཚེ་བདག། ཕུར་བ་སོགས་གཙོར་འདོན་པའི་སྒྲུབ་ཕྲིན་ཕྱག་བཞེས་ཐམས་ཅད་ཀུན་མཁྱེན་དེ་ཉིད་ཀྱི་ཕྱག་བཞེས་མ་ཉམས་པར་ད་ལྟའང་ཡོད་ལ། དེ་དག་ཆོས་སྡེ་གསར་འཇུགས་ཁོ་ན་ལས་གྲུབ་མཐའ་བསྒྱུར་པ་དག་རྙིང་མའི་ས་བོན་ལུས་གསོས་པ་ལྟ་བུ་མིན་པར་སྣང་སྟེ་གཞན་མི་ཁྱབ་པ་ཡོད་པར་སྣང་བས་ཐམས་ཅད་བརྗོད་པར་མི་ནུས་མོད། གཞན་ཡང་རྗེ་ཉིད་ཀྱིས་གདུལ་བྱ་ཐུན་མོང་བ་དག་གི་ངོར་སྐུ་མཚམས་བཅད་རྒྱ་གནང་ཚུལ་དང་ཐུགས་དམ་ཟབ་བཞེས་དཀའ་སྦྱད་ཐུགས་རུས་སོགས་གཞན་འགྲན་མེད་པ་གནང་ཚུལ་དང། གདུལ་བྱ་མཆོག་དམན་སོ་སོའི་བློ་དང་འཚམས་པའི་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་ཏེ་བསྙེན་རྫོགས་དགེ་སློང་ཁྲི་ཕྲག་གཉིས་དང་རབ་མས་གདུལ་བྱ་མང་པོ་ཐར་ལམ་དུ་དཀྲི་བའི་མཛད་པ་རྨད་དུ་བྱུང་བ་དང། དབང་པོ་རྣོན་པོ་ལམ་འདིར་འཇུག་རུང་དག་ལ་ངེས་དོན་རྫོགས་པ་ཆེན་པོའི་ཁྲི་བཏབ་པས་དྲུག་བརྒྱ་པ་བློ་བཟང་དཀོན་མཆོག་སོགས་ཟག་བཅས་འདོ་སྐུར་དེངས་པའང་བྱུང་སྣང་ཞིང། གཞན་ཡང་གཙུག་ལག་(སྨད་ཆ།༡༨༤)ཁང་དང་རྟེན་གསུམ་བཞེངས་ཚུལ་དགེ་འདུན་འདྲ་སྒོ་དང་ཡོན་སྦྱོར་མཛད་ཚུལ། ཕྲིན་ལས་རྣམས་བཞིའི་བསྟན་འགྲོའི་ཕན་བདེ་སྦེལ་ཚུལ་སོགས་མཛད་པ་མཐའ་དག་པ་ནི་བསམ་བརྗོད་པར་ནུས་པ་མ་ཡིན་ནོ། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནསགདུལབྱ་མ་དག་པ་དག་གི་སྣང་ངོར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པར་གྱུ་ཏེ། འདི་སྐབས་སྡེ་སྲིད་ཆེན་མོས་དགོངས་རྫོགས་ཀྱི་རིམ་པ་དང་མཆོད་སྡོང་འཛམ་གླིང་རྒྱན་གཅིག ་ཅེས་གསརཏར་ཞུན་ཁོ་ནས་བཞེངས་པ་བོད་ཡུལ་ཙམ་ན་འགྲན་ཟླ་དང་བྲལ་བ་དང། ལོ་བཅུ་གཉིས་སུ་གསང་རྒྱ་མཐར་ཕྱིན་པ་སོགས་མཛད་དོ། དེ་ཡང་ཐམས་ཅད་གཟིགས་པ་ཆེན་པོ་འདི་ནི་ཕྱི་ལྟར་ན་སྡོམ་བཙོན་རྒྱལ་པོའི་ཚུལ་འཛིན། ནང་ལྟར་ན་ས་ལ་སྦྱོད་པའི་བྱང་ཆེན། གསང་བ་ལྟར་ན་རྡོ་རྗེ་འཆང་དང་དགོངས་པ་མཉམ་པའི་སྔགས་ཀྱི་རྡོ་རྗེ་འཛིན་པ་ཆེན་པོ། ཡང་གསང་བླ་ན་མེད་པར་རྒྱལ་བ་ཐམས་ཅད་དང་རྣམ་པར་དབྱེད་མ་མཆིས་པས་སྣང་སྲིད་ཐམས་ཅད་དག་པ་རབ་འབྱམས་ཀྱི་གཟིགས་མོར་ཉམས་སུ་བསྟར་པས་རྩ་གསུམ་རྒྱལ་བ་མཚོའི་ཚོགས་དང་མི་དང་མི་ལབ་པ་ལྟ་བུས་དམ་པའི་ཆོས་གྱི་བགྲོ་བ་རྒྱུན་མི་ཆད་པ་གནང་བ་ལས་ཟབ་དང་རྒྱ་ཆེ་བའི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་དག་ཐུགས་གསང་བསམ་མི་ཁྱབ་པའི་དབྱིངས་སུ་བཞུགས་པ་དག་ལས་སྐལ་བ་དང་ལྡན་པ་རྣམས་ལ་རིམ་པར་སྦེལ་བར་གནང་བའི་ཟབ་མོ་དམ་སྣང་རྒྱ་ཅན་དུ་གྲགས་པའི་ཆོས་སྡེ་རྣམས་ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རྒྱ་རིམ་པ་བདུན་གྱིས་བཏབ་པར་མཛད་པ་(སྨད་ཆ།༡༨༥)བཞིན་འདིར་ཡང་ཟབ་མོའི་ཆོས་ཚན་རེ་རེ་བཞིན་སྐལ་མེད་ལ་འཚོལ་བར་མི་སྟོན་ཕྱིར། བཀའ་རྟགས་ཀྱི་ཕྱག་རྒྱས་བཏབ་པའི་ཆོས་སྡེ་ཉི་ཤུ་རྩ་ལྔ་བཞུགས་པ་འདི་དག་དོན་གྱི་སློབ་དཔོན་རིན་པོ་ཆེའི་ཐུགས་གཏེར་གྱི་ཆོས་སྡེ་ཡིན་ཏེ། རིག་འཛིན་ཆེན་པོ་དབང་པོའི་སྡེའི་གཏེར་ལུང་ལས། ལན་ཅིག་ལྔ་བརྒྱ་ཐ་མར་གྱུར་པའི་ཚེ༔ འགྲོ་བའི་སྡུག་བསྔལ་སྐྱོབ་བྱེད་ཐུགས་རྗེའི་གཏེར༔ བརྒྱ་དང་ཙ་བརྒྱད་བྱེ་བ་སར་སྦས་ཀྱང། ཉི་ཤུ་རྩ་ལྔ་ཁྱད་པར་ཐུགས་གཏེར་ལྔ༔ དེ་ལྟ་མགོ་ནག་སྦྱི་ཡི་རྒྱལ་པོ་ཁྱེད༔ སྨོན་ལམ་དག་པའི་སྐྱེ་བ་རྣམ་ལྔས་འདོན༔ ཞེས་གསུངས་ཀྱང་རྟེན་འབྲེལ་གྱི་བབ་ཅིག་གིས་གཏེར་དངོས་བཞེས་མ་གྲུབ་པས་རྩ་གསུམ་རྒྱལ་བ་རྒྱ་མཚོས་ཚོགས་ཀྱིས་དངོས་སུ་ཕུལ་བ་ཡིིན་པར་སྣང་ངོ། ཆོས་ཚན་རེ་རེ་ནས་དག་སྣང་བྱུང་ཚུལ་འདིར་བརྗོད་པར་མ་ནུས་ཏེ་ཀུན་མཁྱེན་ཉིད་ཀྱི་གསང་བའི་རྣམ་ཐར་སོགས་ལ་ཤེས་པར་སྣང་ངོ། ཆོས་ཚན་རེ་རེ་ནས་དག་སྣང་བྱུང་ཚུལ་འདིར་བརྗོད་པར་མ་ནུས་ཏེ་ཀུན་མཁྱེན་ཉིད་ཀྱི་གསང་བའི་རྣམ་ཐར་སོགས་ལ་ཤེས་པར་བྱའོ། གཞན་ཡང་རྗེ་འདིས་རང་ཉིད་གསར་རྙིང་གི་རིང་ལུགས་ཐམས་ཅད་སྦྱངས་ཤིང་ཀུན་ལ་མཁས་པར་མཁྱེན་པ་བཞིན་བླ་མ་ཆེན་གཞག་དག་ལའང་ཟུར་གྱིས་འདོམས་པར་མཛད་དེ། བླ་ཆེན་བཟང་རྫུ་མཁས་པའི་ཏལ་སྨྲ་ལ། ཡིད་བརྟན་མི་ཚེ་སྟོང་ཟད་མཚོར་མཚོངས་ན། མི་ལུས་དུང་འགྲོའི་འདུ་ཤེས་རང་མཚང་ལ། མི་ཁྲེལ་སུ་ཞིག་ཟ་ཧོར་རིགས་སྔགས་འཆང། ཞེས་དང། གཞང་ཡང། སྔ་འགྱུར་རིགས་དང་སྐྱེ་བས་བསྙེམས་རྣམས་ཀྱིས། བསྟན་པའི་དག་ཐེར་མཛད་པ་རིགས་མེད་ཀྱང། སྡུས་ཁུག་བྷྱོ་ཕཊ་མཆིས་འབྲང་ཆས་དང་ཆང། སྒྲ་ཚད་གསར་ཆོས་ངུར་སྨྲིག་ཟོལ་གྱིས་གཡེངས། ཞེས་རྙིང་མ་པར་རློམ་པའི་སྔགས་བརྒྱུད་རྣམས་ནི། ཆས་ཆང་དང་བུ་སྨད་གསོ་བས་(སྨད་ཆ།༡༨༦)གཡེངས་ཤིང། རིགས་རུས་གོ་ས་མཐོན་པོར་རློམ་པའི་བླ་མ་སྦྲུལ་སྐུའི་རིགས་རྣམས་ཀྱང། སྒྲ་ཚད་སོགས་ལ་ཐུགས་སྦྲོ་གནང་ཞིང་འགའ་ཞིག་གིས་གསར་ཆོས་འབྲེལ་མེད་དག་ལ་ཐུགས་འདུན་ཆེ་ཆེ་མོ་བྱེད་ཅིང། རང་ཆོས་རྙིང་མ་བཀའ་གཏེར་གྱི་མན་ངག་ཟབ་ཁྱད་ཅན་ཐུན་མིང་མ་ཡིན་པ་དང་སྨིན་གྲོལ་ཟབ་མོའི་ཕྱག་བཞེས་ཕྲ་རགས་རྣམས་ལ་གསན་སྦྱོང་ཐུགས་མཉེར་མི་མཛད་པ་དག་ལ་ཐུགས་མ་རངས་པའི་བསྟིང་ཚིག་གནང་བའང་ཤིན་ཏུ་ཐུགས་མད་པར་སྣང་ངོ། དེ་ལྟར་ཀུན་མཁྱེན་འདི་ནི་ཐམས་ཅད་མཁྱེན་པའི་གདན་ཁྲིར་དགེ་ལུགས་ཀྱི་གོ་སརེ་བཞུགས་པ་ཙམ་ལས། དོན་དུ་གསང་ཆེན་རྙིང་མའི་རིག་པ་འཛིན་པ་འགྲན་ཟླ་དང་བྲལ་བར་བཞུགས་པ་ཡིན་ཏེ། རྗེ་འདིས་གསང་ཆེན་རྙིང་མའི་བཀའ་སྲོལ་བཀའ་གཏརེར་གྱི་དབང་ཁྲིད་ལུང་གསུམ། སྒྲུབ་ཕྲིན། འཆད་སྦེལ། ཕྲིན་ལས་རྣམ་པ་བཞིའི་ཕྱག་ལེན་ཕྲ་རགས་གསུང་རྒྱུན་ཞལ་ཤེས་ཐམས་ཅད་ལ་སྦྱངས་བརྡར་དོགས་གཙོད་མཛད་རིགས་ལ་ལྟོས་ན། རྙིང་མ་བར་རློམ་པའི་བླ་ཆེན་དག་གིས་ཀྱང་དེ་ལྟ་འི་ཚ་ཤས་ཙམ་ལའང་འགྲན་དུ་མེད་པས་ཚུལ་དུ་དག་ལ་ངེས་པ་ཐོབ་པའི་ཕྱིར་དུ་ཅུང་ཟད་བརྗོད་པ་ཡིན་ནོ། གནམ་ཆོས་ཐུགས་ཀྱི་གཏེར་ཁར་གྲགས་པ་ནི་སྦྲུལ་པའི་སྐུ་རིན་པོ་ཆེ་རིག་འཛིན་མི་འགྱུར་རྡོ་རྗེའི་དག་སྣང་ལས་བྱུང་བའི་ཆོས་སྡེ་ཡིན་ཏེ། དེ་ཡང་སྦྲུལ་པའི་སྐུ་འདི་ནི་རརྣ་གླིང་པའི་གཏེར་ལུང་ལས། རྡོ་རྗེ་མིང་འཛིན་དོམ་གྱི་ཕྱོགས་ནས་འབྱུང༔ ཞེས་དང། གུ་རུ་ཡེ་ཤེས་ཁྱུང་གྲགས་ཀྱི་གཏེར་ལུང་ལ། ད་ལྟའི་ཤུད་པུ་དཔལ་སེང་ཁྱོད། ཟབ་ཆོས་སྙིང་པོ་བསྡུས་པའི་ཆོས་འདི་སྦྱོད། དེ་ནས་སྐྱེ་བ་འགའ་ཞིག་ཉང་ཆོས་དབང།(སྨད་ཆ།༡༨༧)མཐའ་དམག་དབུས་ཕྱུར་དྲག་སྦྱོད་དུས། མོད་ཁམས་ན་བུས་རྫོངས་ཉེ་ས་ཡི་ཆར། རྡོ་རྗེའི་མཚན་འཛིན་ཟབ་གཏེར་ཁ་བྱང་འཛིན། ཞེས་སོགས་གཏེར་ལུང་མང་པོ་ལས་ཤིན་ཏུ་གསལ་བར་ལུང་བསྟན་ཅིང། པདྨ་བཀའ་ཐང་རྒྱས་པ་ཞིག་ལས་མདོ་ཁམས་ཟལ་མོ་སྒང་གི་ཆ་ལས་བར་ཁམས་གདན་ས་ཆེན་པོ་དཔལ་རི་བོ་ཆེ་དང། ཆབ་མདོ་གཉིས་ཀྱི་སྡེ་འཚམས་དོམ་ཞེས་བྱ་བའི་ཡུལ་དུ་དོམ་པ་སོམ་ར་སྡང་སྙེ་ཆོས་རྒྱལ་གྱི་གདུང་བརྒྱུད་དུ་འཁྲུངས། དེ་ཡང་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་ཁ་རང་གི་སྐྱེ་བར་སྦྲུལ་པའི་གཏེར་སྟོན་གསུམ་འབྱུང་བར་ལུང་བསྟན་པ་དག་ཁོ་བོ་ནི་རི་ཆབ་གཉིས་ཀྱི་མཚམས་སུ་སྐྱེ་ཞེས་སོགས་ཤིན་ཏུ་གསལ་བར་ཡང་ཡང་གསུངས་པ་བཞིན་ལས། འཁྲུངས་པ་དངོས་ཞང་ཡུལ་ཏེ་ཆམ་ལ་ཁ་ཞེས་པར་སྐུ་བལྟམས་པ་ཡིན་འདུག། སྒྲུབ་པ་བྱས་ཚུལ་སོགས་ཤིན་ཏུ་གསལ་བར་གསུངས་ཀྱང། དེ་དུས་ཡུལ་དེ་ཕྱོགས་ན་ཀ་ཐོག་ཕྱོགས་དང་ཁྱད་པར་འཁྲུལ་ཞིག་དེ་ཉིད་ཀྱི་རྒྱས་ཡོད་པ་སུ་ཡང་མེད་པས་བླ་མ་ཞིག་གི་སྐུ་སྐྱེ་ཡིན་པ་འདྲ་ཟེར་བ་ཙམ་ལས་གཞན་མ་ཤེས། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་ཞེས་སོགས་གསུངས་ཏེ་གསང་སྔགས་རྙིང་མའི་བག་ཆགས་སད་པའིརྟགས་ཤིན་ཏུ་གསལ། དེ་སྐབས་ཆམས་མེད་རིན་པོ་ཆེ་ཆེས་སྦྱན་ལམ་དང་བསྟུན་སྦྲུལ་བའི་སྐུ་དགུང་ལོ་ལྔ་བཞེས་པའི་དུས་སུ་ཆགས་མེད་རིན་པོ་ཆེའི་དྲུང་དུ་སྦྱན་དྲངས་ཏེ་བཞུགས་ནས་གསན་སྦྱངས་མཛད། འོན་ཀྱང་(སྨད་ཆ།༡༨༨)ཞང་མེས་རྔོན་པ་གྲིབ་ཅན་གྱི་གྲིབ་ཀྱིས་གོས་པས་སྔོན་གྱི་བག་ཆགས་སོགས་མི་གསལ་བར་སོང་ཡང། ཆགས་མེད་རིན་པོ་ཆེའི་ཁྲུས་སོགས་མཛད་པས་གྲིབ་སངས་ནས་སྔོན་གྱི་བག་ཆགས་ཐམས་ཅད་གསལ་བར་དྲན་ཅིང། འོད་དཔག་མེད་དང་ཨོ་རྒྱན་རིན་པོ་ཆེ་དངོས་སུ་གཟིགས། དེ་ནས་བཟུང་སྟེ་རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་ཐམས་ཅད་རྒྱུན་དུ་གཟིགས་པའི་དག་སྣང་ཕྱོགས་མེད་དུ་ཤར། སྔོན་གྱི་སྐྱེ་ན་ཉིས་བརྒྱ་ཐལ་ལེར་དྲན། མེ་ལོང་གཡའ་དག་པ་ལ་ཇི་སྙེད་པའི་གཟུགས་བརྙན་སྒྲིབ་མེད་དུ་ཤར་བ་བཞིན་གཞན་སེམས་ཀྱི་རྣལ་རྟོག་བཟང་ངན་གང་འགྲུ་ཐམས་ཅད་ཆགས་ཐོགས་ཅུང་ཟད་ཙམ་ཡང་མེད་པར་སྒྲིབ་མེད་དུ་གཟིགས་པས། ཉེ་བར་གནས་པ་དག་གི་སེམས་རྟོག་ངན་པ་འགྱུ་བར་མ་ཕོད། སྐུ་རྩེད་ཀྱི་རྣམ་པ་ཡིན་འདུག་ཅེས་ཆགས་མེད་རིན་པོ་ཆེས་གསུངས། དེ་ནས་དགུང་ལོ་བཅུ་གཅིག་བཞེས་པ་ནས་དག་སྣང་རྒྱུན་མི་འཆད་པར་བྱུང་བའི་བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱི་སྒྲུབ་སྐོར་སྔར་མ་གྲགས་པ་ངོ་མཚར་ཅན་མང་པོ་དང། ཕྱག་རྫོགས་རྩ་རླུང་སོགས་ཀྱི་ཁྲིད་བྱིན་རླབས་ཀྱི་ཚན་ཁ་གཞན་གྱིས་འགྲན་དུ་མེད་པའི་ཟབ་ཁྱད་མངོན་སུམ་ལག་ཐོག་ཏུ་བཀའ་ནུས་པ་དང། ལས་མཐའི་རིགས་སྨན་དཔྱད་ཟ་ཡིག་སྲུང་འཁོར་སོགས་ཀྱང་གཞན་ལས་ནུས་པ་བརྒྱད་འགྱུར་དུ་ཆེ་བའི་ཡ་མཚན་ཅན་དང་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་སོགས་གཞན་ལས་གསལ་བ་མང་དུ་བྱུང་སྟེ། ཁྱོན་དྲིལ་པོད་ཆུང་བཅུ་གཅིག་ཙམ་བཞུགས་པར་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ཞེས་མཚན་དུ་གསོལ། དེ་ཐམས་ཅད་ཡི་གེར་འབེབས་པའི་བསྐུལ་མ་དང་འབེབས་པའི་(སྨད་ཆ།༡༨༩)མཐུན་རྐྱེན་ཕྱག་བྲིས་མཛད་རིགས་ཚུན་ཡོངས་འཛིན་རིན་པོ་ཆེ་ཀརྨ་ཆགས་མེད་ཀྱིས་གནང་ཞིང། ཕྱིས་སུ་ཆོས་བཀའ་སོ་སོར་ཉེ་མཁོའི་ཚོག་བསྒྲིགས་སོགས་ཀྱང་ཅི་དགོས་མཛད་པར་སྣང། དེ་སྐབས་གྲུབ་དབང་རིན་པོ་ཆེ་པདྨ་རིག་འཛིན་སྦོ་བེར་གཏེར་སྟོན་བདུད་འདུལ་རྡོ་རྗེ་མཇལ་དུ་བྱོན་པས་ཆོས་བདག་ཏུ་ངོས་འཛིན་གནང། གསུང་འཕྲོས་ལས་ད་ཚོད་དོམ་གྱི་ཡུལ་དུ་མི་འགྱུར་རྡོ་རྗེ་བྱོན་རན་པ་ཡིན་གསུངས་པ་ལ་དེ་བཞིན་ཡོད་ཚུལ་ཞུས་པར་ཐུགས་དགྱེས་པར་མཛད། དེ་ནས་པདྨ་རིག་འཛིན་རིན་པོ་ཆེ་ཀརྨ་ཆགས་མེད་དང། རྫོགས་ཆེན་གྲུབ་དབང་རིན་པོ་ཆེ་པདྨ་རིག་འཛིན། བླ་མ་ཕྲིན་ལས་གསུམ་ལ་བཀའ་རྒྱ་གྲོལ་ནས་བཀྲ་ཤིས་པའི་དུས་ཚོད་དགེ་བར་ཐུགས་རྗེ་ཆེན་པོའི་དབང་བསྐུར་ཆོས་བཀའ་རྣམས་རིམ་པར་སྦེལ་བའི་དབུ་འཛུགས་པར་གནང་བས་ལེགས་ཚོགས་ཕུན་སུམ་ཚོགས་པར་རྟེན་འབྲེལ་འགྲིགས་ཤིང། དེ་སྐབས་ཡེ་ཤེས་འཇིག་རྟེན་གྱི་སྲུང་མ་དྲེགས་པ་ཅན་མང་པོས་ཀྱང་དབང་ཞུ་ཞིང་རང་རང་གི་སྲོག་གི་སྙིང་པོ་ཕུལ་ནས་བསྟན་པ་སྲུང་བར་ཁས་བླངས་པའི་གཟིགས་སྣང་ཁྱད་པར་ཅན་གྱུང་ཞིང། སྲོག་སྙིང་སྔར་མ་གྲགས་པའི་ངོ་མཚར་བ་མང་དུ་སྣང་བ་སྦྲུལ་སྐུ་རིན་པོ་ཆེ་ཉིད་ཀྱི་ཐུགས་ཡུལ་དུ་བཞུགས་པ་ལས་ཡི་གེར་འབེབས་པ་སོགས་མཛད་མི་འདུག་ཅེས་ཆགས་མེད་རིན་པོ་ཆེས་གསུངས། དེའི་དུས་རྣམས་སུ་བཟའ་བཅའ་དང་ཀ་ཆ་སོགས་དཀོན་པ་རེ་བྱུང་བ་ཐག་རྟེན་འབྲེལ་ཅུང་ཟད་རེ་མཛད་པས་ཕྱི་ནང་དངོས་པོ་གང་ཡིན་དེ་ཕོངས་མེད་དུ་བའང་ལན་མང་(སྨད་ཆ།༡༩༠)པོ་མཛད། དེ་སྐབས་ཟླ་བར་སྒྲ་གཅན་འཇུག་པའི་རི་མོ་ཤར་ཏེ་རྩིས་པ་སོ་སོས་སྒོ་ཡིག་སོགས་བྱ་བ་ན། ཡོངས་འཛིན་ཆགས་མེད་རིན་པོ་ཆེ་ཟླ་བ་ལ་སྒྲ་གྱིས་སྔོན་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་རང་ཚེར་ལུང་དྲུང་པ་སོགས་ཀྱིས་རླུང་བཟུང་ནས་ཁམས་དཀར་པོ་དབུ་མར་འཇུག་ཏུ་མ་བཅུག་པས་ཟླ་འཛིན་བ་བྱུང་བའི་ལོ་རྒྱས་ཞུས་པས། འོ་ན་ཁོ་བོས་ཀྱང་དེ་བཞིན་ཨེ་ཐུབ་ལྟའི་ཞེས་གསུངས་ནས་རླུང་འབྱོར་ཐུགས་དམིགས་མཛད་པས་ཟླ་འཛིན་མ་བྱུང་སྟེ་རྩིས་པ་རྣམས་ཁ་སྐྱེངས་པར་གྱུར་ཏོ། དེ་སྐབས་ཆགས་མེད་རིན་པོ་ཆེ་པདྨ་རིག་འཛིན་ནས་གསན་པའི་བདུད་འདུལ་ཆོས་སྐོར་རྣམས་ཀྱི་དབང་ལུང་ཅུང་ཕུལ་ནས་པདྨ་འོད་འབར་དང་རིག་འཛིན་སྲོག་སྒྲུབ་ཧྲཱི་ཟུང་འཇུག་གི་སྒྲུབ་པ་དང། སྦྲུལ་པའི་སྐུ་ཉིད་ཀྱི་རང་གཏེར་འགའ་ཞིག་གི་བསྙེན་སྒྲུབ་མི་འདྲ་བ་མང་པོ་ལ་ཐུགས་སྩོལ་གང་ཆེ་གནང། དེ་ནས་སྡེ་དགེ་གྲུབ་ཐོག་ཀྱིས་འཁྲུལ་ཞིག་དེའི་སྦྲུལ་སྐུ་ཙད་གཅོད་ཀྱི་གསུངས་ཤོག་སོགས་ལ་བརྟེན་ཆབ་མདོ་ནས་སྡེའི་གྲ་སར་བཞུགས་དགོས་པའི་བཀའ་ནན་ཆེས་ཆེ་བ་སྟབས་མི་བདེ་བ་དུ་མ་བྱུང་ནས་ཞང་ཡུལ་དུ་ཕེབས་ནས་བཞུགས། འབུམ་རྫོང་གནས་དང། སྦྱི་གཡམ་བྲག། ན་བུན་རྫོང་སོགས་གནས་ཆེན་དགུ་ཙམ་གྱི་གཏེར་སྒོ་འབྱེད་རྒྱུའི་གནས་ཡིག་སོགས་བཀོད་ནས་གནས་སྒོ་མང་པོ་གསར་ཕྱེས་མཛད། ཁྲོམ་ཚོགས་སྟོང་ཕྲག་གསུམ་ལྷག་ལ་དབང་ཆོས་དམ་རྫས་སོགས་ཀྱི་འབྲེལ་ཚད་དོན་ལྡན་གྱི་མཛད་པ་བསྐྱངས། དེ་སྐབས་རིག་འཛིན་བདུད་འདུལ་རྡོ་རྗེ་ཁྱུང་པོ་གླ་བརྐེར་ཕེབས་པས་ཆགས་མེད་རིན་པོ་ཆེའི་གཏེར་སྟོན་རྣམ་གཉིས་ཞལ་འཛོམ་ཞིག་མ་བྱུང་ན་གཏེར་(སྨད་ཆ།༡༩༡)སྟོན་ཕན་ཚུན་བར་དུ་སྙན་ཕྲ་སྣ་ཚོགས་ཀྱིས་མཐར་སེམས་ཅན་དུ་གྱུར་ན་མི་རུང་བར་དགོངས་ནས་རིག་འཛིན་བདུད་འདུལ་རྡོ་རྗེའི་དྲུང་དུ་བྱོན་པས། རིག་འཛིན་ཆེན་པོ་ཐུགས་དགྱེས་ནས་མི་འགྱུར་རྡོ་རྗེ་དང་ངེད་ཀྱི་མ་མཇལ་ཐབས་མེད་ཡིན་ཚུལ་གསུངས་པ་ལ་བརྟེན་ནས་གནས་ཆེན་སྦོམ་ནེའི་གནས་སུ་གཏེར་སྟོན་རྣམ་གཉིས་ཞལ་འཛོམ་གནང་བའི་མཐུན་སྦྱོར་མཛད་ཚེ་རིག་འཛིན་བདུད་འདུལ་རྡོ་རྗེས་ཀྱང་བཞུགས་སྒར་ནས་བསུ་བ་སེར་སྦྲེང་ཁྲི་གདན་བཀུར་བཟོས་སོགས་བསྙེན་བཀུར་གང་ཆེ་དང་དར་ཕྱག་ཙེ་སྦྲོད་མཛད། ཕན་ཚུན་དབང་ཆོས་གསན་རེས་དང་ཆོས་ཀྱི་བགྲོ་བ་རྨང་དུ་བྱུང་བ་དུ་མ་གནང་བས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཏེ། ཆགས་མེད་རིན་པོ་ཆེས་ཀྱང་གཏེར་སྟོན་ཕན་ཚུན་མཇལ་འཛོམ་སེལ་མེད་དུ་བསྒྲུབས་པས་ཁོ་བོས་ལུས་ཐོག་སྟོན་འདིར་ཨོ་རྒྱན་གྱི་བསྟན་པ་ལ་བྱ་བ་བྱས་པ་ཆེ་ཤོས་ཡིན་ཞེས་ཀྱང་གསུངས་ཏེ། ཅིའི་ཕྱིར་ཞེ་ན་སྔོན་གཏེར་སྟོན་ཚད་ལྡན་ཡིན་ཡང་གྲ་སློབ་རྣམས་ཀྱི་དབྱེན་དང་ཁ་ལྕེས་དཀྲུགས་ནས་སེལ་ཅན་དུ་གྱུར་ཏེ་ལུང་བསྟན་ངན་པ་རྣམས་ཀྱང་གཏེར་སློབ་རྣམས་བཙུད་པ་ཡིན་ཏེ་གཏེར་གཞུང་ལ་མེད་ཅེས་གཏེར་སྟོན་གཉིས་ཀའི་ཞལ་སློབ་འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱི་གསུང་ལས་འབྱུང་ངོ་ཞེས་པའི་གསུང་འཕྲོས་གནང། དེ་ནས་སྦྲུལ་པའི་སྐུ་རིན་པོ་ཆེ་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱ་མཛད་པས་སྒྲུབ་ཁང་ལ་འཇའ་ཟུག་པ་སོགས་ངོ་མཚརབ་བསམ་གྱིས་མི་ཁྱབ་པ་ཀུན་གྱི་དབང་པོས་སྦྱོད་ཡུལ་དུ་གྱུར་པ་སྣ་ཚོགས་བྱུང་བས་མཐོང་ཐོས་ཐམས་ཅད་ཀྱིས་ཡ་མཚན་(སྨད་ཆ།༡༩༢)དུ་འཛིན་པ་བྱུང། དེ་སྐབས་གནམ་གཏེར་ཕལ་ཆེར་ཡི་གེར་ཕོབ་གྲུབ་ཅིང། སྐལ་བ་དང་ལྡན་པ་རྣམས་ལ་དབང་ལུང་ཉམས་ཁྲིད་སོགས་གང་ལ་གང་འོས་ཀྱིས་བཀའ་དྲིན་བསྐྱངས། སློབ་མའི་གཙོ་བོ་ཀུན་བཟང་ཤེས་རབ་ཀྱང་འདི་དུས་ཙམ་ལ་ཞབས་ཕྱིར་འབྱོར་བ་ཡིན་འདུག། དེ་ནས་དགུང་ལོ་བཅུ་དགུ་བཞེས་པའི་དུས་སུ་སྨར་ཁམས་ཕྱོགས་ནས་གདན་འདྲེན་བྱེད་པ་འགའ་ཞིག་ཀྱང་བྱུང་བ་དང། གཅོ་བོར་དག་སྣང་ལུང་བསྟན་སོགས་ལ་བརྟེན་ནས་གནས་སྒོ་འབྱེད་རྒྱུ་ཡང་མང་དུ་ཡོད་པ་དང་བཅས་རིམ་གྱིས་བཞུགས་སྒར་བཏེག་ནས། སེ་ཡུ་གཡང་འབེབས་སོགས་གནས་སྒོ་འགའ་ཞིག་གི་གསལ་ཆ་མཛད་ནས། ཐོག་མར་དབོན་སྟོད་བརྒྱུད་ནས་སྡེ་དགེ་ཕེབས། དཔལ་ལྡན་དངུལ་མདའ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོར་ཆོས་ཀྱི་རྒྱལ་པོ་སའི་ཚངས་པ་སྡེ་དགེ་བླ་མ་ཁུ་དབོན་རྣམས་ཀྱིས་བསྙེན་བཀུར་བསམ་མི་ཁྱབ་པས་མཆོད་ཅིང་དབུ་ཡི་མཆོད་གནས་སུ་བསྐུར། དེ་ནས་ལྕགས་ནས་རིམ་གྱིས་གསང་ཆེན་རྙིང་མའི་གདན་ས་ཆེན་པོ་དཔལ་གྱི་ཀ༔ཐོག་གི་གདན་སར་ཞབས་པད་བཀོད་པར་གནང་བ་ནས་ཕྱོགས་དེར་གཉུག་མར་གནས་པ་དུ་མ་དང། གློ་བུར་དུ་ལྷག་པའི་མི་བླ་དཔོན་མང་པོ་དང་གཙོ་བོར་ཀ༔ཐོག་རང་གི་གདན་སར་བཞུགས་པའི་བླ་མ་ཆོས་སྡེ་ཐམས་ཅད་ཀྱིས་དད་གུས་ཚད་མེད་པས་བསུ་བ་སེར་སྦྲེང་སོགས་བསྙེན་བཀུར་གཞན་འགྲན་མེད་པ་དུ་མས་མཆོད་ཅིང་བཀའ་ཆོས་ཀྱི་བདུད་རྩི་བཞེས། དེ་ནས་རིམ་གྱི་སྒ་རྗེ་བ་དང་དེ་ཕྱོགས་རྣམས་ཀྱིས་ཀྱང་དད་གུས་བློ་ལས་འདས་པས་བཏུད་ཅིང་རྨུག་སངས་གནས་ནང་དུ་ཕེབས་པས་ཉིད་ཀྱི་ཞལ་སློབ་བླ་མ་ཀུན་བཟང་ཤེས་རབ་(སྨད་ཆ།༡༩༣)སོགས་དེ་ཕྱོགས་རྣམས་ཀྱིས་སྙེན་བཀུར་བསམ་གྱིས་མི་ཁྱབ་པས་མཆོད་སྨར་ཁམས་ཕྱོགས་དང་འབྲི་བརྒྱུད་ས་ངན་སོགས་ཀྱང་ཞབས་ཀྱིས་བཅགས་ནས་མཐོང་ཐོས་དྲན་རེག་ཐམས་ཅད་འབྲེལ་ཚད་དོན་ལྡན་གྱི་ས་ལ་བཀོད། ཀ༔ཐོག་རྨུག་སངས་རྣམས་སུ་བཀའ་ཆོས་སྦྱི་དང་ཁྱད་པར་རང་གཏེར་གནམ་ཆེས་ཟབ་མོའི་དབང་ལུང་ཉམས་ཁྲིད་དང་བཅས་པ་སྨིན་རྒྱས་སུ་འདུས་པ་སྟོང་ཕྲག་གཉིས་ཙམ་ལ་ལན་གཉིས་སུ་ལེགས་པརསྩལ་བའི་བཀའ་དྲིན་བླ་མ་མེད་པ་མཛད། དེ་སྐབས་དཔལ་ཡུལ་དགོན་སྡེ་དགེའི་གསར་འདེབས་ཀྱི་འདྲེན་པར་ཀུན་བཟང་ཤེས་རབ་གདན་འདྲེན་བྱུང་བར་དེར་བྱོན་ན་བསྟན་པ་གོང་འཕེལ་དུ་འབྱུང་བའི་ལུང་བསྟན་བགྱིས་པ་ཕྱིས་ཐོག་ཏུའང་ཁེལ། གཞན་ཡང་སྦྲུལ་པའི་སྐུ་རིན་པོ་ཆེ་འདིར་སྐུ་ཡོན་སོགས་ཀྱང་སློབ་སྦྱོང་ལ་མ་ལྟོས་པར་སྐྱེས་ཐབས་ཀྱི་རྣམ་དཔྱད་ཕུལ་དུ་བྱུང་བས་སྙན་ངག་གི་བརྩམས་པ་ཆེ་ཕྲ་ཅུང་ཟད་མཛད་པ་རྣམས་ཀྱང་ཚིག་དོན་ཕུན་སུམ་ཚོགས་པ་ཤ་སྟག་ཤུགས་བྱུང་ཁོ་ནས་གནང་བ་སོགས་སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་ནི་བརྗོད་པའི་ཡུལ་ལས་འདས་སོ། དེ་ལྟ་བུའི་ཕྲིན་ལས་ཀྱི་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་ནས། རི་ཞིག་གདུལ་བར་བྱ་བའང་དེ་ཙམ་དུ་དགོངས་ནས་དགུང་ལོ་བཅུ་བདུན་པ་ལ་རྨུག་སགས་ནས་པདྨ་འོད་ཀྱི་ཞིང་དུ་གཤེགས་སོ། དེ་མ་ཐག་སྡེ་དགེ་ཆོས་ཀྱི་རྒྱལ་པོ་ཁུ་དབོན་རྣམས་ཀྱིས་གསེར་གདུང་ཐོག་ཚད་མ་ཞིག་བཞེངས་ཤིང། གནམ་ཆོས་ཟབ་མོ་འདི་ནི་རྒྱལ་ཁམས་ཐམས་ཅད་དུ་རྒྱ་ཆེར་འཕེལ་ཞིང་རྒྱས་པར་གྱུར་དེ་བསྟན་པ་རིན་པོ་ཆེ་མཐའ་རྒྱས་སུ་བྱུང་བ་ཡིན་བོ། རྗེ་འདི་ལ་སྦྲུལ་(སྨད་ཆ།༡༩༤)པའི་སྐུ་ཉི་ཤུ་རྩ་ལྔ་འབྱུང་བར་གསུངས་པའི་ཡ་གྱལ་གཅིག་ནི། ངོར་ཀླུ་ལྡིང་མཁན་ཆེན་རིན་མི་འགྱུར་རྒྱལ་མཚན་ཡིན་ཏེ། མཁན་ཆེན་དེ་ཉིད་ཀྱི་སྐྱེ་བརྒྱུད་དང་རྣམ་ཐར་ལ་དཔྱད་པས་ཤེས་སོ། ཡང་མཁན་ཆེན་ད་སྟག་ཤམ་པའི་སྐྱེ་བ་ཡིན་ཟེར་བ་ནི་ཅུང་ཟད་ནོར་རོ། ཡོངས་འཛིན་རིན་པོ་ཆེ་ཀརྨ་ཆགས་མེད་ནི། སྔོན་ཆོས་རྒྱལ་གྱི་གདུང་བརྒྱུད་འོད་སྲུང་གི་བརྒྱུད་ཁྲི་བཀྲ་ཤིས་བརྩེགས་ཀྱི་སྲས་གཉིས་ཁམས་སུ་བྱོན་པའི་གཅིག་བཅོང་ཁའི་རྒྱལ་པ་དང་གཅིག་དམས་པ་ལྡོང་སྟེ། ལྡོང་མཁའ་སྦྱོང་པའི་དབོན་རྒྱུས་ལས་ཡབ་ཨ་ནུ་པདྨ་དབང་དང་ཡུམ་ཆོས་སྐྱོང་སྐྱིད་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་བཞེས་དུས་ནས་སེམས་ཀྱི་འགྲོ་འདུག་ངོ་མཁྱེན་ཞིང་བསྐྱེད་རིམ་ཡང་མཁྱེན། ལོ་བདུན་ནས་ཡི་གེ་འབྲི་ཀློག་ལ་སྦྱངས། རྩིས་དཀར་ནག་ས་དཔྱད་གཏོ་བཅོས་སྐོར་སོགས་མི་མཁྱེན་པ་མེད། ཡབ་ཀྱི་དྲུང་ནས་སྔགས་རྙིང་མའི་བསྙེན་སྒྲུབ་ལས་གསུམ་ཐམས་ཅད་ཞུས། དྲུང་པ་ཀུན་དགའ་རྣམ་རྒྱལ་ལ་རྟོགས་པ་ཕུལ་བས་ངོ་སྦྲོད་གནང། དགུང་ལོ་དགུ་པར་རབ་ཏུ་བྱུང་ནས་མཚན་ཀརྨ་བསམ་འགྲུབ་གནང། དེ་ནས་དྲུང་པས་གསུངས་ལྟར་ཟ་དམ་དུ་ཕེབས་ནས་གྲཱ་སར་བཞུགས། འཇུག་པ་དང་དྲུང་པས་གསུངས་པུ་ཏི་བཞི་དང་ནང་བརྟག་རྒྱུད་གསུམ་སོགས་ལ་མཁས་པར་མཛད། ཉིན་གཅིག་དྲུང་རམ་ཞིག་ཚོགས་ལངས་མཛད་བྱུང་བར་ཆོས་ཁྲིམས་པས་རྗེ་ཉིད་ལ་བརྡ་བཏང་བས། འཇམ་དབྱངས་དཀར་པོའི་རྩོད་རྒྱལ་གྱི་ཏིང་འཛིན་གྱི་ངང་ནས་འགྲོ་གླེང་གནང་བས་ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་པ་ཐོབ། དེ་སྐབས་ཚད་མའི་བསྡུས་རྐང་སོགས་སློབ་དུས་སུ་ལའང་འཁོར་གསུམ་འགྲོ་དགོངས་པ་དང་ཚུལ་བཏང་བྱུང་ལན་(སྨད་ཆ།༡༩༥)ཐེབས་སྙམ་པ་ཡོད་གསུངས། རྗེ་ཆོས་ཀྱི་དབང་ཕྱུག་གི་དྲུང་ནས་རབ་བྱུང་བསྐྱར་བས་མཚན་ཀརྨ་སློབ་ལམ་གནང། སླར་ཡང་དགོས་པའི་དབང་གི་ཀརྨ་ཆགས་མེད་ཅེས་གནང་སྟེ། རྗེ་བརྒྱད་པའི་ལུང་བསྟན་ལྟར། རྗེ་འདི་ཀརྨ་པའི་སྐུའི་བཀོད་པ་ཞིག་ཡིན་པའང་གསུངས་འདུག། དྲུང་ཡིག་བློ་གྲོས་ནོར་ལྡན་ལས་ཕྱག་ཆེན་དང་ཆོས་དྲུག་གི་ཁྲིད་དང་བླ་མ་ཝ་རྒན་གྱི་དྲུང་ནས་སྦྱོང་དཀྱིལ་དང་ཛམ་དཀར་སོགས་ཀྱི་དབང་ལུང་གསན། ཞཱ་དམར་དྲུག་པའི་སྐུ་གདུང་མདུན་དུ་ཕྱག་སོར་སྒྲོནམེར་ཕུལ་ནས་གསོལ་བ་བཏབ་པས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་འཁྲུངས། འོག་མིན་གླིང་དང་གསུང་རབ་གླིང། ར་བ་སྟོད་རྣམས་སུ་གྲཱ་སྐོར་མཛད་ནས་ཁམས་སུ་ཕེབས་ཞོར་དུ་འབྲི་གུང་རིན་པོ་ཆེ་དང་གནས་མཇལ་ཡང་མཛད། ཆོས་སྒོ་བ་ལུང་རིགས་ཉི་མ་སོགས་ཀྱི་དྲུང་ནས་དཀར་ལུགས་ཕལ་ཆེར་གསན། ཇོ་བོ་རིན་པོ་ཆེའི་དྲུང་དུ་སོར་མཛུབ་ཡ་གཅིག་ཕུལ་ནས་བྱང་སྡོམ་བླངས། ལྷག་པའིལྷ་དུ་མ་ཞལ་གཟིགས། ཆོས་སྐྱོང་ཐམས་ཅད་བྲན་དུ་ཁོལ། ས་ལམ་གྱི་ཡོན་ཏན་རྫོགས་པའི་རྟགས་སྣང་ཐམས་ཅད་དང་མངོན་པར་ཤེས་པ་དང་ནུས་མཐུའི་དཔལ་དང་ལྡན། ཐུགས་དམ་བྱི་རྟོགས་པ་ཡང་རོ་གཅིག་ཆེན་མོར་ཞལ་བཞེས་གནང། རང་ཉིད་བདེ་བ་ཅན་དུ་གཤེགས་པར་མ་ཟད། མ་ཡུམ་དང། དབོན་པོ་གཉེར་པ་བཅས་བདེ་ཆེན་དག་པའི་ཞིང་བདེ་བ་ཅན་དུ་ལམ་བསྟན་པ་མཛད་དེ། ཨ་མ་བདེ་བ་ཅན་དུ་མ་འཁྱོལ་ན། བན་རྒན་ཆགས་མེད་སྐྱག་པ་ཟོས་པ་ཡིན། ཅེས་ཞལ་རྦད་ཡང་གནང་སྐབས་སྐབས་སུ་དབང་བཀུར་ཁྲིད་འདེབས་སོགས་སློབ་མ་སྐྱོང་བ་དང་སྦྲིང་ཡིག་(སྨད་ཆ།༡༩༦)ཁོ་ནས་ཀྱང་གནས་ལུགས་རྟོགས་པ་དུ་མ་བྱུང་ཞིང། ལྷ་འདྲེ་ཕལ་ཆེར་གྱིས་སྲོག་སྙིང་ཕུལ་བ་སོགས་མཐའ་ཡས་པའི་ཡོན་ཏན་མངའ། རྗེ་འདི་རྫ་སྟོད་བྱོན་སྐབས་ཤིང་ཨོ་རྒྱན་རིན་པོ་ཆེས་བྲག་ལ་ཕྱག་བྲིས་གནང་བའི་སེར་སྲུང་གི་གདམས་པ་ཞིག་གཟིགས་པའི་ཡི་གེར་བཀོད་པར་གནང་སྟེ། དེ་ལས་གཞན་པའི་གཏེར་དང་དག་སྣང་སོགས་མེད་མོད། འོན་ཀྱང་བསྟན་བཅོས་མང་དུ་མཛད་དེ་གང་མཛད་ཐམས་ཅད་ལྷག་པའི་ལྷས་གནང་བ་བྱིན་ནས་བཙམས་པ་ཁོ་ན་ལས་རང་གར་མཛད་པ་མེད་པས་གོ་བདེ་ཞིང་གཞན་ལ་ཕན་ཐོགས་ཆེ་ཞིང་ནུས་མཐུ་དང་ལྡན་པ་ཤ་སྟག་ཡིན་ཏེ། ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས། ཁྱོད་གསུང་ཀུན་ལ་སྨན་པའི་ཐུགས་བསྐྱེད་ཀྱིས། ཚིག་གི་སྦྲོས་པའི་སྦུན་སྟོར་མ་བསགས་པར། དོན་ཀྱི་འབྲས་བཟང་ཐད་མར་བརྡལ་བ་ལ། སྔགས་འབྲས་མི་བསླུ་མཐུ་བྱིན་ལྡན་དེ་འདུད། ཡིག་ཆ་དེ་ཀུན་ལྷག་ལྟར་གསོལ་བཏབ་ནས། གནང་བ་བྱིན་པ་ཉིད་ལས་བ་འདས་ཕྱིར། བྱིན་རླབས་ལྡན་ཞིང་འགྲོ་ཕན་རྒྱ་ཆེར་མངའ། བརྩམས་པ་དོན་ལྡན་ཁྱོད་ལ་གུས་པས་འདུད། ཅེས་གསུངས་པ་བཞིན་རྗེ་འདི་ནི། ཐང་ཡིག་གི་གཏེར་སྟོན་ལུང་བསྟན་སྐབས་སུ། རིས་འགའ་མི་འབྱིན་གཏེར་རྙིང་བསྟན་པ་སྐྱོང་གསུང་བ་དེ་ཡིན་པར་དཔང་གྱུར་ཚད་མ་མང་པོས་གསུངས་སོ། དེ་ལྟར་བསྟན་པ་དང་སེམས་ཅན་གྱི་དོམ་བསམ་གྱི་མི་ཁྱབ་པ་མཛད་ནས་དགུང་ལོ་ཏེ་དགུ་པ་ས་ཕོ་རྟའི་ལོར་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་གྱུར་ཏོ། གདུང་འོད་ཞུ་ཕུལ་བས་ལྷ་སྐུ་ཡིག་འབྲུ་རིང་བསྲེལ་སོགས་བསམ་གྱིས་མི་ཁྱབ་པ་བྱོན་པར་སྣང་ངོ། རྗེ་འདིར་ཀར་ལུགས་ཀྱི་སློབ་མ་བསྟན་པ་འཛིན་ནུས་པ་མང་དུ་བྱོན་ཀྱང་འདིར་མ་(སྨད་ཆ།༡༩༧)སྨོས་ལ། རྙིང་ལུགས་ཀྱི་སློབ་མ་མང་དུ་བྱོན་པའི་ཐུ་བོ་ནི་རྫོགས་ཆེན་པདྨ་རིག་འཛིན་དང་དཔལ་ཡུལ་ཀུན་བཟང་ཤེས་རབ་གཉིས་ཡིན་ལ། དེ་ལ་རྫོགས་ཆེན་པ་ནི་རྗེ་འདིས་གསང་སྔགས་རྙིང་མ་མཛད་ན་ལེགས་ཚུལ་གསུངས་པ་བཞིན་སྦོ་བོ་རྦ་ཁ་སྦྲུལ་སྐུ་ལས་རྫོགས་ཆེནགསན་པས་རྫོགས་ཆེན་པར་གྲགས། ཆགས་མེད་རིན་པོ་ཆེས་གནམ་ཆོས་མ་གསན་ཡན་ལ་རྫོགས་ཆེན་མི་མཛད་པས་ཕྱི་རབས་པ་འགའ་ཞིག་གིས་ཆོས་བརྒྱུད་འཚོལ་བར་སྙམ་པ་ནི་ཐུགས་གཞིགས་མ་གནང་བའི་འཁྲུལ་རྟོགས་སོ། ཀུན་བཟང་ཤེས་རབ་ཡང་ཕྱག་ཆེན་ནི་ཀ༔ཐོག་རང་ལུགས་ཆོས་རྗེ་སྨར་པའི་ལུགས་ལས་ཀམ་ཚང་ལུགས་ཡིན་ལ་གཞན་རྙིང་ལུགས་ནི་གནམ་ཆོས་ཁོ་ན་མཛད་པ་ཡིན་ནོ། གཞན་རྙིང་ལུགས་ཀྱི་བཀའ་ཆོས་དང་དབང་ལུང་མ་ཞུས་པ་མེད་པ་ལྟ་བུར་སྣང་ངོ། ཡོངས་འཛིན་རིན་པོ་ཆེ་འདི་ནི་མདོ་ཁམས་སྨད་འདིར་གསང་ཆེན་རྙིང་མའི་བསྟན་པ་ལ་བཀའ་དྲིན་གཞན་འགྲན་མེད་པ་ཞིག་ཡིན་ཅིང། ཁྱད་པར་རང་ལུགས་རྫོགས་ཆེན་པ་དང་རིག་འཛིན་ཀུན་བཟང་ཤེས་རབ་སོགས་ཀྱིས་ཡོངས་འཛིན་ཡིན་པས་འདིར་ཡང་ཅུང་ཟད་བྲིས་པ་ཡིན་ནོ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པའི་གཏེར་ལུང་ལས། སློབ་དཔོན་འཇམ་དཔལ་བཤེས་གཉེན་ནི༔ དཔྲལ་བར་ཨ་ཡིས་མཚན་པ་འབྱུང༔ ཞེས་གསུངས་པའི་རྣལ་འབྱོར་རང་རིགས་རས་པ་ནི། ཡུལ་མངའ་རིས་སུ་རང་རིགས་རས་པར་གྲགས། མཚན་དངོས་ངག་དབང་ཆོས་འཕེལ་ཏེ། འདི་ནི་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞིག་སྟེ། དཔྲལ་(སྨད་ཆ།༡༩༨)བར་ཨ་ཡིག་གི་གཟུགས་ཤིན་ཏུ་གསལ་བ་ཡོད། རླུང་ནུས་དག་གྲུབ་རྟགས་ཕུལ་དུ་བྱུང་བ་མངའ་སྟེ། ལྷ་ས་ནས་བཀྲ་ཤིས་ལྷུན་པོར་ཞག་གཅིག་གིས་ཕེབས་ཐུབ་པས་མཚོན་གྲུབ་པ་བརྙེས་པའི་རྣམ་ཐར་ངོ་མཚར་བསམ་གྱིས་མི་ཁྱབ་པ་མངའ། མངའ་རིས་རྒྱལ་པོས་ཀྱང་དབུའི་མཆོད་གནས་སུ་བཀུར། དེ་ལྟ་བུའི་གྲུབ་པའི་དབང་པོ་དེས་རྒྱ་གར་གྱི་ཡུལ་གྲུ་ཕལ་ལ་ཕེབས་ཤིང། ཁྱད་པར་དུ་དུར་ཁྲོད་བསིལ་བ་ཚལ་དང། ཛ་ལན་དྷ་ར། ཙ་རི་ལ་སོགས་པ་དེ་དག་རྣམས་སུ་ཕེབས་དུས་སུ་མཁའ་འགྲོའི་ཚོགས་ཀྱིས་དངོས་སུ་གནང་བའི་གཞུང་མང་པོ་ཡོད་པར་གསུངས་ཤིང། ཁྱད་པར་དག་སྣང་དུ་བྱུང་བའི་ཕག་མོ་ལྕགས་གདོང་མའི་སྐོར་དབང་ཁྲིད་བཙུགས་ཤིང། མེའི་འཕྲུལ་འཁོར་སོགས་ལག་དང་བཅས་པའི་གདམས་པ་ངོ་མཚར་ཅན་ཇི་སྙེད་ཅིག་བཞུགས་ཏེ། གྲུབ་ཆེན་འདི་ནི་གཏེར་ཆེན་ཉི་གྲགས་ཀྱི་རྩ་བའི་ཆོས་བདག་ཡིན་ཏེ། གོང་གི་གཏེར་ལུང་འདིས་མཚོན་པའི་ཆོས་བཀའ་སོ་སོརའི་ཆོས་བདག་ལུང་བསྟན་གྱི་གྲས་རྣམས་སུ་གསལ་བར་འབྱུང་སྟེ། གྲུབ་ཆེན་འདིའི་སློབ་རྒྱུད་ལ་ཉི་གྲགས་ཀྱི་ཆོས་སྐོར་ཉམས་ལེན་བྱེད་པའི་སྒྲུབ་པ་བ་མང་པོ་མངའ་རིས་དང་ལ་སྟོད་སོགས་སུ་དེང་སང་ཡང་ཡོད་ཅེས་གྲུབ་ཆེན་པདྨ་བཤེས་ཀྱི་གསུང་ལས་གསན་ཞེས་རྫོགས་སྦྲུལ་རིན་པོ་ཆེ་ངེས་དོན་བསྟན་འཛིན་བཟང་པོའི་གསུང་ལས་ཐོས་སོ། ཉི་གྲགས་རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་ལའང། དག་སྣང་ཚེ་སྒྲུབ་ཟླ་བའི་སྙིང་པོ་དང་གུར་དྲག་སྐོར་དག་སྣང་འཐོར་བུའི་སྐོར་སོགས་པོད་ཆུང་གཅིག་ཙམ་ཡོད་དེ་ལོ་རྒྱུས་གཤམ་ནས་འཆད་འགྱུར་ལས་ཤེས་སོ། གསང་བདག་ལས་ཀྱི་རྡོ་རྗེའི་རྣམ་འཕྲུལ་རྗེ་དྲུང་རིན་པོ་ཆེ་པདྨ་བཞེད་(སྨད་ཆ།༡༩༩)པའི་རྡོ་རྗེ་ནི། གཏེར་སྟོན་སྦྲུལ་པའི་སྐུ་རིག་འཛིན་ཆོས་རྗེ་གླིང་པའི་གཏེར་ལུང་ལས། འཇམ་དབྱངས་སྦྲུལ་པར་བསྟན་པའི་མིང་ཅན་ཞིག༔ མ་འོངས་མདོ་སྨད་ཟླ་བ་ཐང་གི་ངོག། ཆོས་འཁོར་སྐྱོངས་ཤིང་འགྲོ་བའི་དོན་མང་བྱེད༔ ཡང་སྦྲུལ་བྱང་ཆུབ་སེམས་དཔའ་ངོ་མཚར་ཅན༔ ངོམ་ཤོད་ཟངས་རིའི་འདབས་འབྱུང་དེ་ཡིས་ནི༔ བགེགས་ལས་གྲོལ་ཕྱིར་སྦྱན་གཟིགས་ཞི་གྲག་བསྙེན༔ ཞེས་རྗེ་དྲུང་རིན་པོ་ཆེའི་ཡང་སྦྲུལ་དུ་ལུང་བསྟན་པ་བཞིན། གཏེར་སྟོན་ཆོས་རྗེ་གླིང་པ་ཉིད་ཀྱིས་རྗེ་དྲུང་གི་སྦྲུལ་དུ་ལུང་བསྟན་པ་བཞིན། གཏེར་སྟོན་ཆོས་རྗེ་གླིང་པ་ཉིད་ཀྱིས་རྗེ་དྲུང་གི་སྦྲུལ་སྐུར་ངོས་འཛིན་གནང་ནས། གཏེར་སྟོན་ཆོས་རྗེ་གླིང་པ་ཉིད་ཀྱིས་རྗེ་དྲུང་གི་སྦྲུལ་སྐུར་ངོས་འཛིན་གནང་ནས། ཀོང་པོ་ཡུལ་ནས་གོང་གི་གཏེར་ལུང་དང། འཇམ་དཔལ་ནག་པོ་བསམ་གཏན་ཉལ་ཆོག་གི་དཔེ། ཚེ་རིལ་ཧྲི་རྒྱ་ཅན་སོགས་དགེ་སློང་ནམ་མཁའ་རྒྱལ་མཚན་ལ་ཆེད་དུ་སྩལ་ནས་རྗེ་འདིར་ཕུལ་འདུག་པ་བཞིན། མ་གཅིག་ལབས་ཀྱི་སྒྲོན་མའི་སྒྲུབ་གནས་ཟངས་རི་མཁར་དམར་སོགས་དང་ཉེ་བའི་དགོན་ཆུང་ཞིག་ཏུ། ཡབ་ཀུན་དགའ་རྒྱལ་མཚན་ཞེས་པ་དང། ཡུམ་རྒྱལ་ཕུར་ཆོས་ལྡན་ཞེས་པའི་བན་བཙུན་ཕོ་མོ་གཉིས་ཀྱི་བུ་རུ་སྐྱེ་བ་བཞེས། དེ་ཡང་སྐུ་འཁྲུངས་པའི་དུས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་བལྟམས་པས་ཀུན་གྱི་ཡ་མཚན་ཆེ་བར་གླེང། དེ་ནས་རིམ་པར་སྐུ་བསྐྱེད་བསྲེངས་བས་དགུང་ལོ་བཞི་ལྡན་པ་རྗེ་དྲུང་གོང་མའི་སྐུའི་སྐྱེ་བརེ་བག་ཆགས་གསལ་བར་སད་པས་རྗེ་གོང་མའི་གྲཱ་འཁོར་ཡོན་བདག་སོགས་ཀྱིས་ཆོས་སྐྱོང་རྣམས་ལ་གསུང་བརྟག་ཞུས་པས་ཀྱང་ཟངས་རིའི་ཕྱོགས་སུ་འབྱུང་ཞེས་ཕྱོགས་མཐུན་བྱུང་བ་སོགས་ལ་བརྟེན་ངོས་འཛིན་ཕུལ་བས་འཁྲུལ་མེད་ཡིད་ཆེས་བྱུང་བས། རྗེས་སུ་གོང་མའི་སྦྲུལ་སྐུར་ཐག་བཅད། དེ་ནས་མི་རིང་གདན་སར་སྦྱན་དྲངས། གྲ་རིགས་ཡོན་(སྨད་ཆ།༢༠༠)བདག་འབྲེལ་ཅན་རྣམས་ཀྱི་ཁྲི་འདོན་ལེགས་འབུལ་སོགས་ལེགས་ལམ་གོང་འཕེལ་མཛད། གངས་ཅན་རི་བོ་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་བྱོན་ནས་རྒྱལ་བ་དྲུག་པ་ཚངས་དབྱངས་རྒྱ་མཚོ་ལ་གཙུག་ཕུད་བར་མཛད། སྐུ་ཡིན་སློབ་གཉེར་སོགས་ལ་ཐུགས་སྩོལ་གང་ཆེ་གནང། འོན་ཀྱང་སྐུ་ན་གཞོན་ཚེ་སྐུ་འཁོར་གྲ་རིགས་རྣམས་སོགས་ཀྱིས་ཐུགས་སུན་ཀྱང་ཅི་རིགས་བྱུང། དེ་སྐབས་རྒྱལ་བས་བསླབ་བ་ཕུལ་བར་གནང་བས་གཙང་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་དགེ་ཚུལ་ཞུས་པས་མཚན་བློ་བཟང་འཇམ་དཔལ་ཕྲིན་ལས་ཞེས་པ་གནང་བཀུར་གཟོས་དང་བདག་རྐྱེན་གང་ཆེ་མཛད། ཕྱིར་ཕེབས་ནས་ཆེར་ཆོས་འཁོར་རྒྱལ་དུ་བཞུགས། མཚན་ཉིད་པའི་བཤད་སྲོལ་ཚད་མ་འདུལ་མདོན་དབུ་མ་ཕར་ཕྱིན་སོགས་གསན་སྦྱོངས་དབྱིས་ཕྱིར་པར་མཛད། དེ་ནས་ཡང་པོ་ཊ་ལར་དཔོན་སློབ་ཡེ་ཤེས་རྒྱ་མཚོའི་དྲུང་ནས་ཐུགས་རྫོགས་ཀྱང་བཞེས། འོན་ཀྱང་སྡོམ་གྲར་འདུས་པ་དག་ལ་ཐུགས་ཚོམ་ཙམ་བྱུང། ཆོས་འཁོར་རྒྱལ་གྱི་མཁན་པོའང་ཐོག་གཅིག་མཛད། དེ་ནས་སླེ་ལུང་དུ་གདན་ས་རྙིང་པ་གཙོད་གོག་ཆེ་བའི་སྟོབས་ཀྱིས་གདན་ས་གསར་སྦོ་ཁང་ལས་རྟེན་བཞེངས་སོགས་ཀྱང་མང་དུ་མཛད། འདི་ཙམ་ནས་ཧེ་རུ་ཀ༔དཔལ་བླ་མ་དམ་ཆོས་བཟང་པོ་ལས་གསང་སྔགས་གསར་རྙིང་གི་ཆོས་བཀའ་དུ་མ་གསན། ཨོ་རྒྱན་སྨིན་གྲོལ་གླིང་དུའང་ཕེབས་ནས་པདྨ་འགྱུར་མེད་རྒྱ་མཚོའི་སྐུ་དྲུང་ནས་སྨིན་གླིང་ཆོས་སྐོར་ཁ་ཤས་གསན། དེ་ནས་བསྙེན་སྒྲུབ་ཀྱི་བཅད་རྒྱ་དུ་མ་གནང་ཁྱད་པར་དུ་ཨོ་རྒྱན་གཏེར་བདག་གླིང་པས་ཆོས་བདག་ཏུ་ལུང་བསྟན་པ་བཞིན་མཁའ་འགྲོ་གསང་བ་ཡེ་ཤེས་ལ་ལྗགས་བསྙེན་གནང་བས་སྒྲུབ་རྟགས་ངོ་(སྨད་ཆ།༢༠༡)མཚར་ཅན་དུ་མ་བྱུང་ཞིང། ཁྱད་པར་དུ་བཀྲ་ཤིས་ཁ་བཏགས་དྲི་མ་མེད་པའི་ཆར་དངོས་སུ་བབས་ཤིང། དྲི་མས་འགོས་ཀྱང་ཡུད་ཙམ་ནས་དཀར་པོ་དྲི་མ་མེད་པར་འགྱུར་འགྲོ་བ་དང། དེ་བཞིན་དུ་ཨ་རུ་ར་རློན་པ་ལོ་མ་དང་བཅས་པའི་ཆར་དང། མེ་ཏོག་ཡུ་བ་ཅན་གྱི་ཆར་སོགས་དངོས་སུ་བབས་ནས་ཀུན་གྱི་གཟུང་བཏུབས་བདེ་འདྲའི་མི་མཚན་པའི་ལྟས་བློའི་ར་བ་ལས་འདས་པ་མང་པོ་བྱུང་བ། དེ་སྐབས་རུས་ཅན་རྣམས་ལ་མངོན་སུམ་ཚད་མར་སྣང་ངོ། དེ་ཙམ་ཞིག་ནས་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཤར་ཞིང་བླ་མ་མཁའ་འགྲོས་གསང་ལུང་ཀྱང་ཆར་བབས་པ་བཞིན་བྱུང་པས་བསྟན་འགྲོའི་ཕན་བདེ་སྦེལ་བའི་ཐུགས་རྩོལ་ཀྱང་གང་ལ་གང་ཕན་གྱི་ཐུགས་བསྐྱེད་བླ་ན་མེད་པས་གང་འགྲུབ་ཉིན་མཚན་གཡེལ་མེད་མཛད། གཞན་ཟེར་འགའ་ཞིག་ལ་བརྟེན་ནས། རྗེ་ཉིད་ཀྱིས་གསུང་ལས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོར་མི་ཕྱེད་པའི་དད་པ་གཏིང་ནས་ཐོབ་ཅིང། མགོན་པོ་འདི་ཉིད་དང་རྗེ་བཙུན་བླ་མ་དམ་ཆོས་བཟང་པོའི་ཐུགས་རྗེ་སྙིང་ལ་ཞུགས་པ་ལ་བརྟེན་ནས་རིས་མེད་ཀྱི་སྐྱེས་ཆེན་ཐམས་ཅད་སྐྱབས་ཡུལ་རྣམ་དག་ཏུ་ཤར་བ་བསྟན་པ་ཐམས་ཅད་འགལ་མེད་དང་གཞུང་ལུགས་མ་ལུས་པ་གདམས་པར་འཆར་བའི་གནད་ཆ་ཙམ་གོ་བས། དཀའ་རབ་འབྱམས་པ་སོགས་མིང་སྙན་པོ་མ་ཐོགས་ཀྱང་ཆོས་ཙམ་གི་ལས་ལ་གང་འཛེམ་དུ་བགྱིས། ཞེས་སོགས་ཀྱང་གསུངས། མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་གནང་བ་ཐམས་ཅད་ཀྱང་ཐོག་ཏུ་ཁེལ་པ་ཁོ་ན་བྱུང། དེ་དག་གི་དུས་ནས་གཙོ་བོར་སྔགས་སྦྱོང་མཛད་ཅིང། གསང་སྔགས་གསར་རྙིང་གི་ལག་ལེན་ཐམས་ཅད་བཤད་ཚོད་དང་མཐུན་པར་ཕྱག་ཐོག་ཏུ་(སྨད་ཆ།༢༠༢)བཀལ། ཁྱད་པར་ཚོགས་ཀྱི་སྦྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པའི་ཐབས་ཀྱི་ཁྱད་པར་སྔགས་བླ་མེད་ཐམས་ཅད་ཀྱི་ཟབ་གནང་ཐབས་ལམ་ཟབ་མོར་ཉམས་བཞེས་གནང་ཞིང་བདེ་སྟོང་གི་ཡེ་ཤེས་མངོན་དུ་མཛད། རྗེ་འདི་པཎྜི་ཏ་ཤེས་རབ་གསང་བའི་ཐུགས་ཀྱི་བག་ཆགས་སད་པས་སྐལ་ལྡན་གྱི་སློབ་མ་མང་པོའང་ཕོ་ཉའི་ལམ་གྱིས་བསྐྱངས་པར་མཛད་པས། མ་དག་པའི་སྐྱེ་བོ་མང་པོའི་སྒྲོ་སྐུར་གྱི་ཡེ་གེ་འབུལ་བར་བྱེད་ཀྱང། སྦྱིར་ཐབས་ལམ་ནི་གསང་སྔགས་ཟབ་མོའི་ཉེ་ལམ་རྨད་དུ་བྱུང་བ་ཡིན་ཚུལ་གསར་རྙིང་གི་རྒྱུད་གྱིས་ཀྱང་ལམ་འདི་ལ་བརྟེན་ནས་ཟུང་འཇུག་གི་གོ་འཕང་བསྒྲུབས་པའི་ཚུལ་ལ་སུས་བསྙོན། འོན་ཀྱང་རྗེ་ཉིད་རྩ་རླུང་མ་རང་དབང་ཐོབ་པའི་ཕྱིར། སློབ་བུ་རྣམས་ཀྱིས་དེའི་དོད་ཐུབ་མི་ཡོད་དམ་སྙམ་ནའང་ཕལ་ཆེར་ནི་རྩ་རླུང་ལས་རུང་དང་རྟོགས་པ་མཐར་ཕྱིན་གྱིས་ཕྱག་རྒྱ་བསྟེན་རུང་ཁོང་ན་ལས་མ་འདས་མོད། དེ་རྣམས་དང་དོད་མི་མཉམ་པ་རེ་ཟུང་ཡོད་སྲིད་ཀྱང་དེ་ནི་གང་ཟག་རང་གི་སྐྱོན་ལས་གསང་སྔགས་ཟབ་མོ་ལ་ལོག་པ་ལྟ་བ་མི་རིགས། ཕྱིར་རྗེ་འདིར་རིག་འཛིན་སྟག་ཤཱམ་རྡོ་རྗེས་ཁོ་རང་གི་གཏེར་ཁའི་ཌཀྐི་རྩི་རྟ་སྙིང་ཐིག་ཅེས་པའི་ཐབས་ལམ་གྱི་གདམས་པ་ཁྱད་པར་ཅན་ཞིག་ཡོད་པ་འདི་འོལ་ཁརྗེ་དྲུང་ལ་འཕྲོད་ན་འགྲོ་ཕན་ཆེན་པོ་འབྱུང་ཞེས་ལུང་བསྟན་པ་ཆོས་རྗེ་གླིང་པའི་རྣམ་ཐར་ཞལ་གསུངས་མར་བྲིས་སྣང་བ་དང་ས་སྐྱ་གོང་མ་རིན་པོ་ཆེ་བདག་ཆེན་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་ཞེ་ཆེན་དྲུང་ཡིག་ལ་སྩལ་བའི་ཆབ་ཤོག་ཏུ། ངེད་སྔོན་དད་པ་མེད་ཀྱང་ཕྱིས་བཀའ་འབུམ་མཐོང་བས་སྙིགས་དུས་འདིར་དེ་(སྨད་ཆ།༢༠༣)བས་ལྷག་པའི་མཁས་གྲུབ་བྱན་ཐབས་མི་འདུག་པས་བཤགས་པ་ཕུལ་ནས་དེང་སེང་དྲག་ཤུལ་དང་གཞོན་གཉིས་ཀར་གུས་ཤིང། ཉི་གཞོན་སྔགས་ཟླ་ཡི་ཡོད་གསུངས་འདུག་པའི་ཆབ་ཤོག་ཐམ་འབྱུར་ཁོ་བོའི་སུག་པར་ད་ལྟའང་ཡོད་དོ། ཡང་རྗེ་འདི་སྟོབས་ལྡན་དྲག་ཤུལ་དཔང་པོར་བཞེངས་པ་ལའང་ཁ་ཟེར་བ་སྣང་མོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྣམ་འཕྲུལ་བསམ་མི་ཁྱབ་པའི་རོལ་པས་སེམས་ཅན་གྱི་དོན་མཛད་པ་ལས་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཁོ་ན་རག་མ་ལུས་ཏེ། དཔེར་ན་བྱང་ཆུབ་སེམས་དཔའ་འཕགས་པ་སྦྱན་རས་གཟིགས་དབང་ཕྱུག་གིས་སྲིན་མོའི་གླིང་དུ་རྟ་ཅང་ཤེས་བྷ་ལ་ཧ་དང། ཡངས་པ་ཅན་གྱི་གྲོང་ཁྱེར་འདོམ་དུ་གསེར་གྱི་བུང་བ་ལ་སོགས་པར་སྦྲུལ་པ་བཞིན་འདིར་ཡང་དུས་ཤིན་ཏུ་སྙིགས་པས་བསྟན་ལ་འཚེ་བ་མང་བས་དེ་དག་སྲུང་བའི་ཆེད་དུ་ཆོས་སྐྱོང་གི་སྐུར་བཞེངས་པ་ཡིན་ཏེ། སྦྱན་རས་གཟིགས་མགོན་པོའི་སྐུར་བཞེངས་པ་དང་ཚུལ་མཚུངས་སོ། སྦྱིར་བྱང་སེམས་ས་དང་པོ་པས་ཀྱང་སྦྲུལ་པ་བརྒྱ་ཕྲག་གཅིག་འགྱེད་པར་བཤད་ན། དེ་དག་ཐམས་ཅད་གང་ལ་གང་འདུལ་གྱི་གཟུགས་ལས་ཚུལ་གཅིག་ཁོ་ན་ཡིན་པའི་སྒྲུབ་བྱེད་མེད་པས། ཚུལ་དེ་དག་ལ་གོ་བ་མ་ཆགས་པ་གླེན་གཏམ་དུ་སྣང་ངོ། དེ་ལྟ་ལོག་རྟོག་ཟློག་ཕྱིར་ཟུར་ཙམ་འཕྲོས་སུ་བགྱིས་པ་ཡིན་ལ། རིག་འཛིན་ཆེན་པོ་འདིར་དག་སྣང་གི་ཆོས་སྡེ་གུ་རུ་གཟི་བརྗིད་རྡོ་རྗེ་སོགས་ཤིན་ཏུ་མང་པར་བཞུགས་ཀྱང་རེ་རེ་ནས་སྨོས་པར་མ་ནུས་སོ། གཞན་ཡང་བསྟན་རྒྱུན་ལ་ཕན་ངེས་པའི་བསྟན་བཅོས་ཀྱང་མང་དུ་བཞུགས་སོ། རྗེ་འདི་རྙིང་ལུགས་བསྟན་འཛིན་གཅོ་བོ་ཞིག་ཏུ་ངེས་པས་རྡོར་བྲག་རིག་འཛིན་(སྨད་ཆ།༢༠༤)ཆེན་པོ་དང་དགེ་ལུགས་པ་དགེ་བཤེས་ངག་དབང་བྱམས་པ་སོགས་བསྟན་འཛིན་ཆེ་དགུ་མང་པོས་དབུའི་ཅོད་པན་གྱིས་བཏུད་པ་ཡིན་ནོ། ཡང་དེ་སྲས་འབྲུག་པ་དྲེའུ་ལྷས་སྦྲུལ་པའི་སྐུ་རིག་འཛིན་གཡུང་མགོན་རྡོ་རྗེ་ལའང་དག་སྣང་གི་ཆོས་སྡེ་ཅི་རིགས་ཡང་རྒྱུར་འདུག་ཀྱང་རྣམ་ཐར་མ་མཇལ་ལོ། རྡོ་རྗེ་བྲག་མཆོག་སྦྲུལ་རིན་པོ་ཆེ་སྐལ་བཟང་པདྨ་དབང་ཕྱུག་ལའང་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྐོར་སོགས་དག་སྣང་གི་ཆོས་སྡེ་རྒྱ་ཆེར་བཞུགས་ཏེ་ལོག་རྒྱུས་ཞི་བ་རྒྱས་གདན་རབས་ཀྱི་སྐབས་སུ་འཆད་པ་ལས་ཤེས་བར་བྱ་དགོས་སོ། སྙིགས་དུས་འདིར་སྔ་འགྱུར་བསྟན་པའི་གསལ་བྱེད་མཚུངས་ཟླ་དང་བྲལ་བ་ཀུན་མཁྱེན་འཇིགས་མེད་གླིང་པ་ནི། བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱ་མ་ལས། གང་ཡང་མི་འགྱུར་བརྡ་རྟགས་གསུམ་དང་ལྡན། ལུས་ལ་ལྟེ་སྨེ་སྙིང་གར་ཤ་མཚན་རེ༔ ངག་ནི་སྙན་འགྱུར་སྔགས་ཚིག་རྩོོལ་བ་ཅན༔ པདྨ་ལས་བྱུང་པདྨའི་མིང་ཅན་གཉིས་༔ ཡིད་ནི་རྩེ་གཅིག་གདུང་ཤུགས་ང་ཉིད་དྲན༔ ཕུར་ཚུགས་འདི་མིན་ཡིད་པ་མི་བྱེད་གསུང༔ དེ་གསུམ་གསུམ་འཛོམ་མཆོག་ཡིན་གཉིས་འཛོམ་འབྲིང༔ གཅིག་འཛོམ་ཐ་མ་གང་ཡང་ལས་ཅན་རེ༔ ཞེས་བསྟན་པ་དང་མཚུངས་པའི་སྐུའི་རྟགས་མཚན་རྣམས་ཀྱང་ལྡན་ཅིང། གཞན་ཡང་ཆོས་རྗེ་གླིང་པའི་བླ་མ་དྲག་པོའི་ལུང་བསྟན་ལས། དབུ་གཡོར་གཞུང་དུ་བྱང་སེམས་པདྨའི་མིང༔ བཀའ་རྙིང་བསྟན་སྐྱོང་ཐབས་མཁས་འགྲོ་བ་འདུལ༔ ཞེས་བཀའ་རྙིང་མའི་བསྟན་པ་བཤད་སྒྲུབ་ཀྱིས་འཛིན་པར་ཆེད་དུ་བསྔགས་པ་(སྨད་ཆ།༢༠༥)བཞིན། སློབ་དཔོན་ཆེན་པོ་བི་མ་མི་ཏྲ་ཉིད། ལོ་བརྒྱ་རེ་ན་བོད་ཀྱི་ལྗོངས་སུ་ཉིད་ཀྱི་སྦྲུལ་པ་རེས་སྙིང་ཐིག་གི་བསྟན་པ་ལ་ཉམས་པ་རྣམས་གསོ་པ་དང། འཁྲུལ་བའི་དྲི་མ་རྣམས་དག་པར་མཛད་པར་ཞལ་གྱིས་བཞེས་པ་བཞིན་ཡུལ་དབུས་འགྱུར་ལྷོ་ཕྱོགས་ཀྱི་རྒྱུད་དུ་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་ཞེས་མཚན་གྱི་ཡི་གེ་རྣམ་པར་གསལ་བ་ཞིག་བྱུང་བར་གྱུར་ཏོ། དེའང་ཐོག་མར་ཀུན་མཁྱེན་ཤེས་རབ་འོད་ཟེར་གྱི་འཁོར་ལོ་གསུམ་གྱི་ཕྱག་རྗེས་རྨ་མེད་པའི་གནས་དཔལ་གྱི་རི་བོའི་ཆོས་སྡེའི་གྲཱ་ཁྲོད་དུ་དཀྱུས་མའི་ཚུལ་གྱིས་བསྟན་པའི་སྒོར་ཞུགས་པར་མཛད་ནས། སྡོམ་པ་གསུམ་གྱི་བདུད་རྩིས་ཐུགས་རྒྱུད་ལེགས་པར་གཏམས་ཤིང། བཀའ་གཏེར་གྱི་ཆོས་ཚུལ་སྦྱི་དང་བྱེ་བྲག་ལ་གསན་བསམ་རྒྱ་ཆེན་པོས་གཞན་དོན་ཁོ་ནར་དགོངས་པའི་སྦྱོད་པ་རླབས་པ་ཆེ་སྐྱེས་པའི་རབས་ཐམས་ཅད་དུ་བསྐྱངས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྨོན་ལམ་དང། རིགས་ཀྱི་ས་བོན་དུས་སུ་སད་པ་ལས་སྲིད་པའི་ངང་ཚུལ་ལྟར་སྣང་ཇི་ལྟར་ལེགས་ཀྱང་སྡུག་བསྔལ་གྱི་ཡོ་ལང་འབའ་ཞིག་ཏུ་གཟིགས་པའི་སྐྱོང་ཤས་དང་ངེས་འབྱུང་ཚད་མེད་པས་དྲངས་པའི་ཐུགས་ཀྱིས་ཆོས་སྡེ་དེ་གར་ལོ་གསུམ་དུ་སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གནས་པའི་བཅད་རྒྱད་མཛད་པའི་ཚེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་འཇམ་དཔལ་བཤེས་གཉེན་འོད་གསལ་གྱི་དང་དུ་མཇལ་ཏེ། བརྡ་དོན་སྦྲོས་པ་མེད་པའི་དབང་མང་པོ་བསྐུར་བའི་མཐར་རང་ཉིད་ལ་ཐིམ་པར་གྱུར་པའི་ཉམས་སྣང་བྱུང་བས་དེ་ཙམ་ནས་རྟོགས་པ་བྱུང་རྒྱལ་དུ་སྐྱེས། ཉམས་ཀྱི་འཛིན་སྟངས་བུད། ལས་རླུང་དབང་དུ་འདུས། སྣང་བའི་རྫུན་(སྨད་ཆ།༢༠༦)ཕུག་བརྡིབ། རིག་པ་བརྟུལ་ཞུགས་ཀྱི་གདེང་དང་ལྡན་པར་གྱུར་ནས་སྔོན་གྱི་སྐྱེ་བ་དྲན་པ་སོགས་དག་པའི་སྣང་བ་ཁོ་ནར་འབྱམས་ཀླུས། དགེ་བའི་བཤེས་གཉེན་བརྟེན་ནས་ཐ་སྙད་དང་གཞུང་ལུགས་རྣམས་ལ་སྦྱར་བརྩོན་གྱི་ངལ་དུབ་རྟེན་མ་དགོས་པར་སྔོན་སྦྱངས་ཀྱི་རང་སྟོབས་སྟོན་པའི་རྩལ་རྫོགས་པའི་རིག་པ་ཕྱོགས་མེད་དུ་གྲོལ་ཞིང་ལོངས་སྦྱོད་འཁོར་ལོའི་མདུད་པ་དབྱིངས་སུ་ཞིག་པས། རྩ་རླུང་གི་རྒྱུ་བ་རྣམས་ཡི་གེའི་སྦྲིན་དུ་སྦྲོ་བས་གྲགས་པ་ཐམས་ཅད་ཆོས་ཚིག་གི་སྒྲ་དབྱངས་སུ་རང་རྡོལ་དུ་གྱུར་པས་སྣང་བ་ཐམས་ཅད་དཔེ་ཆར་ཤར་ཞིང། བྱས་ཚད་མན་ངག་ཏུ་གྱུར་པས་སྣང་བ་ཐམས་ཅད་དཔེ་ཆར་ཤར་ཞིང། བྱས་ཚད་མན་ངག་ཏུ་བླ་མ་དགོངས་པའི་པ་འདུས་པའི་ཆོ་གའི་རྣམ་བཤད་མཁྱེན་བརྩེའི་མེ་ལོང་ཞེས་བྱ་བ་མཛད། དགུང་ལོ་ཉེར་དགུ་པ་མེ་གླུང་ལོའི་སྨིན་དྲུག་ཟླ་བའི་མར་ངོའི་ཚེས་བཅུར་སློབ་དཔོན་ཆེན་པོ་པདྨའི་ཞབས་ལ་མོས་གུས་དང་སྐྱོ་ཤས་ཀྱིས་དྲངས་པའི་འོད་གསལ་གྱི་སྣང་བར་རྗེ་ཉིད་སེང་གེ་ལ་བཅིབས་ནས་ནམ་མཁའི་ལམ་ནས་བྱོན་པ་ཞིག་ལ་ཆོས་སྐུ་ཡེ་ཤེས་ཀྱི་ཌཱ་ཀི་ནི་མངོན་སུམ་དུ་མཇལ་ཞིང་ཤིང་གི་ཟ་མ་ཏོག་གཅིག་ཕྱག་ཏུ་གཏད་དེ། དག་པའི་འཁོར་གྱི་སྣང་ངོ་རུ༔ ཁྱོད་ནི་ཁྲི་སྲོང་ལྡེའུ་བཙན་ཡིན། མ་དག་གདུལ་བྱའི་སྣང་ངོ་རུ། ཁྱོ་དེ་ནི་སེང་གེ་རས་པ་ཡིན༔ མཁའ་འགྲོའི་གསང་མཛོད་ཆེན་མོ་ཡིན༔ རྡ་ཐིམ། ཞེས་གསུངས་པའི་མོད་ལ་ཡལ། དེར་ཐུགས་ལ་སྦྲོ་བ་ཚད་མེད་པ་སྐྱེས་ཏེ། ཟ་མ་ཏོག་དེ་ཁ་ཕྱེ་བས་ལ་ཡལ། དེར་ཐུགས་ལ་སྦྲོ་བ་ཚད་མེད་པ་སྐྱེས་ཏེ། ཟ་མ་ཏོག་དེ་ཁ་ཕྱེ་བས་ཤོག་སེར་ཧྲིལ་མོ་ལྔ་དང། ཤེལ་དཀར་སྲན་འཕོས་ཙམ་པ་བདུན་བཅས་བྱུང་བ་མཁའ་འགྲོའི་ལུང་བཞིན་ཐམས་ཅད་ཞལ་དུ་གསོལ་བས་ཚིག་དང་དོན་གྱི་གནས་(སྨད་ཆ།༢༠༧)ཐམས་ཅད་པར་གྱིས་བཏབ་པ་བཞིན་ཐུགས་པ་བཀྲ་ལམ་མེར་གསལ་བའི་ངོ་མཚར་ཚད་མེད་པར་གྱུར་ཅིང། དེ་ཚུལ་གྱི་ཕྱག་བྲིས་ལི་ཚན་གྱི་ཁོངས་སུ་ལོ་རྒྱུས་རྣམས་རྗེ་བླ་མ་ཐེག་ཆེན་གླིང་པའི་སྙན་དུ་གསོལ་ནས་དངོས་གཏེར་རམ་དག་སྣང་དགོངས་གཏེར་གྱི་ཚུལ་གང་རུང་འབྱུང་བར་སོམ་ཉི་བྲལ་མོད་ཀྱི། འོང་ཀྱང་རེ་ཞིག་གསང་བ་གལ་ཆེ་ཚུལ་གནང་བཞིན་ཐུགས་ལས་ཆུང་ངུའི་ངང་ནས་ལོ་བདུན་གྱི་བར་དུ་རླུང་ཕྱོགས་ཙམ་དུའང་མ་བསྒྲགས་པརརྟོག་མེད་ཁོ་ནར་མཛད་དོ། དེ་ནས་དགུང་ལོ་སོ་གཅིག་པ་ས་ཡོས་ལོར་དཔལ་གྱི་མཆིམས་ཕུ་བྲེ་གུ་དགེའུ་འོག་མིན་ལྷུན་གྲུབ་རང་བྱུང་གི་ཕུག་པར་ལོ་གསུམ་དུ་སྙིང་པོའི་སྒྲུབ་པར་རྩེ་གཅིག་བཞུགས་པའི་ཚེ། མ་བྱོན་བདེ་གཤེགས་སྙིང་པོ་རི་རམ་མར་མེའི་རྒྱལ་མཚན་ཀུན་མཁྱེན་བསམ་ཡས་དག་གི་དབང་པོའི་ཡེ་ཤེས་ཀྱི་སྐུ་ལན་གསུམ་དུ་མཇལ་པ་སྟེ། དེ་དག་ཀྱང་ལན་དད་པོས་བརྗོད་བྱ་དོན་གྱི་རྒྱུད་དང། རྫོད་བྱེད་ཚིག་གི་བརྒྱུད་པ་ཡོངས་སུ་རྫོགས་པའི་དོན་རྒྱུད་ཀྱི་དགོངས་པ་འཕོར་བར་མཛད་པ་སྐུའི་བྱིན་རླབས་དང། གཉིས་པས་མཛོད་ཆེན་བདུན་དང་ཤིང་རྟ་གསུམ་སོགས་ཀྱི་བསྟན་པ་གཏད་ནས་ངེས་དོན་མཐར་ཐུག་གིས་གྲུབ་མཐའ་བཟང་པོ་འདི་ཉིད་འཛིན་ཅིང་གཞན་ལའང་རྒྱ་ཆེར་སྟོན་པའི་སྒོ་མི་ནུབ་པའི་ཕྱིར་འཆད་པ་རྩོམ་པ་རྒྱ་ཆེན་པོས་གཞན་དོན་ཕྲིན་ལས་ལ་དབང་བརྙེས་པའི་ཀུན་མཁྱེན་ཆོས་ཀྱི་དོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར་ཞིང། རྗེས་སུ་གནང་བའི་གསུང་གི་བྱིན་གྱིས་བརླབས་པ་དང། གསུམ་པས་བརྗོད་དུ་མེད་པའི་དེ་ཁོ་ན་ཉིད་རིག་པ་རྩལ་གྱི་བྱིན་རླབས་འཕོ་བའི་དབང་བསྐུར་ནས་དོན་རྒྱུད་རྟོགས་པའི་བདག་པོར་རྗེས་སུ་གནང་ཞིང་ཐུགས་ཀྱིས་བྱིན་གྱིས་བརླབས་པའོ། དེའི་ཚེ་བསྟོད་(སྨད་ཆ།༢༠༨)དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ་བྱ་བ་མཛད། ཀུན་མཁྱེན་ཆེན་པོའི་གདམས་པ་རྣམས་ཀྱི་དོན་ཐུགས་ལ་ཤར་བ་བཞིན་མན་ངག་གི་ཡི་གེ་ཀུན་མཁྱེན་ཞལ་ལུང་སོགས་ཐན་ཐུན་མཛད། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་དགེ་བསྙེན་མཁའ་རིའི་ཞུས་ལན་དུ། བང་པོ་དམར་པོའི་ཤར་རམ་ལྷོ་ཡི་ཕྱོགས༔ ལྷ་བབས་མཆོད་རྟེན་དགོན་སྡེ་འཆའ་ཡང་སྲོད། ཅེས་རྡོ་རྗེའི་ལུང་གིས་གསལ་བར་བསྟན་པ་བཞིན་དགུང་གྲངས་སོ་བཞི་པ་ཆུ་རྟ་ལོར་གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་དང་མི་རིང་བ་བཀྲ་ཤིས་སྲོང་བཙན་བང་པོའི་ཤར་གྱི་ཕྱོགས་བསྐུངས་ཀྱི་རི་སུལ་བྱང་ཆུབ་ཤིང་གི་ནགས་ཁྲོད་ཚེ་རིང་ལྗོངས་ཞེས་བྱ་བའི་དབེན་གནས་ཆེན་པོར་སྦྱིན་བདག་སྡེ་པ་པུ་ཤུད་པས་ཞབས་འདེགས་བསྒྲུབས་ཏེ་པདྨ་འོད་གླིང་ཐར་པ་ཆེན་པོའི་གྲོང་ཁྱེར་རྟེན་བརྟེན་པ་དང་བཅས་པ་བསྐྲུན་པར་མཛད་ཅིང་རིས་སུ་མ་ཆད་པའི་སྐྱེ་བོ་སྐལ་པ་བཟང་པོ་ཆོས་ཀྱི་འདུལ་བར་བཤད་སྒྲུབ་ཀྱི་སྒྲ་དབྱངས་རྒྱུན་མི་འཆད་དུ་སྒྲོག་པར་མཛད་དོ། སྔར་བབས་པའི་ཐུགས་གཏེར་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་ཡང་རིགས་ལྔ་ཌཱ་ཀིའི་གཅོ་མོས་བརྡ་འགྲོལ་གྱི་སྐབས་དབྱེ་བ་ནས་རིམ་པར་ཤོག་ཐོག་ཏུ་འབེབས་པར་མཛད་པའི་དུས་ཀྱང་གནང་བྱང་ཐུགས་ཀྱི་སྒྲོམ་བུར་གསལ་བ། དགུང་གྲངས་ས་སོ་དྲུག་པ་ཤིང་སྦྲེལ་ལོར་ངེས་པ་བཞིན་སྦྲེལ་ཟླའི་ཚེས་བཅུ་མཆོད་པའི་ཆོ་ག་མཛད་པ་ན་ཨོ་རྒྱན་ཆེན་པོ་ཉིད་འཁོར་མཁའ་འགྲོའི་ཚོགས་དང་བཅས་པ་མཇལ། ལྷོ་བྲག་གསུང་སྦྲུལ་རིན་པོ་ཆེ་སོགས་སྦྲུལ་སྐུ་རྣམ་གསུམ་གྱིས་ཐུགས་གཏེར་འབེབས་པར་ལེགས་སོའི་བསྐུལ་མའང་བྱུང་བས་རྟེན་འབྲེལ་གྱི་སྒོ་འགྲིགས་ཤིང། ཀོང་སྨྱོན་སྦས་པའི་རྣམ་(སྨད་ཆ།༢༠༩)འབྱོར་གྱིས་ཀྱང་སྔོན་ཆད་མཐོང་མེད་པར་མངོན་ཤེས་ལྟ་བུས་བསྐུལ་མ་མཛད་པས་སྨོན་ལམ་དུས་བབས་ཀྱི་རྟེན་འབྲེལ་ལ་དགོངས་པས་འདུས་པ་དང་པོའི་འཁོར་བཅོ་ལྔ་ལ་སྨིན་གྲོལ་གྱི་སྒོ་དབྱེ་བར་མཛད་པ་ནས་བཟུང་རིམ་གྱིས་སྦེལ་བར་མཛད་དོ། སྨིན་གླིང་གཏེར་ཆེན་སྐུ་མཆེད་ཀྱི་དངོས་སློབ་ཀོང་པོ་ཐང་འབྲོག་སྦྲུལ་སྐུ་རིན་པོ་ཆེ་པདྨ་རིག་འཛིན་དབང་པོ་ལས་མོད་དབང་ཆེན་མོ། གྲུབ་དབང་དཔལ་མགོན་ལས་གསང་བ་སྙིང་པོའི་བཤད་ལུང། ལྕགས་ཟམ་རིན་པོ་ཆེ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ལས་རྙིང་རྒྱུད་ཡོངས་རྫོགས་ཀྱི་ལུང་རྣམས་གསན། གཞན་ཡང་སྒྱུ་འཕྲུལ་ཞི་ཁྲོ། སངས་རྒྱས་མཉམ་སྦྱོར་དོང་སྦུགས། ཡང་དག་སོགས་ཀྱི་དབང་སྨིན་གླིང་གི་རྒྱུན་ལས་གསན་ཅིང། ཕྱག་རྒྱ་བཅིང་ཐབས་དང། ཆོ་གའི་ཁྲིགས་དང། དཀྱིལ་འཁོར་བྲི་ཐིག། མཛོད་ཆེན་གསུམ་དང་ཤིང་རྟ་གསུམ་གྱི་དོན་བསྡུས་པས་བསྟན་པ་ཡོངས་སུ་རྫོགས་པའི་བསྟན་བཅོས་ཆེན་པོར་འགྱུར་ཞིང་གཞན་རྣམས་ལམ་སྟེགས་ཙམ་དང། ངེས་དོན་རྫོགས་པ་ཆེན་པོ་གྲུབ་མཐའ་ཀུན་གྱི་རྩེ་མོར་གནས་པ་གཏན་ལ་དབབ་པ་ཡོན་ཏན་མཛོད་རྩ་བ་དང། དེ་ཉིད་ཀྱི་རྒྱུའི་ཐེག་པའི་དགོངས་འགྲེལ་བདེན་གཉིས་ཤིང་རྟ་དང་འབྲས་བུའི་ཐེག་པའི་དགོངས་འགྲེལ་བདེན་གཉིས་ཤིང་རྟ་དང་འབྲས་བུའི་ཐེག་པའི་དགོངས་འགྲེལ་རྣམ་མཁྱེན་ཤིང་རྟ་ཞེས་གྲགས་པའི་གཞུང་ཆེན་པོ་དག་མཛད་དེ་ལུང་དང་རིག་པའི་སྐྱ་བར་ནས་འོད་གསལ་སྙིང་པོའི་རིང་ལུགས་སློང་བར་མཛད་པས་བོད་ཡུལ་གྱི་ལྗོངས་སུ་སྔོན་ཆད་ཀློག་པ་ཁོ་ནར་གློ་བ་ཞེན་པའི་སྟོན་ཆེན་རང་རྒྱུད་གནམ་རུ་ལྟར་གྱོང་བ་རྣམས་ཀྱང་བསྔགས་པའི་མེ་ཏོག་ཆལ་ཆིལ་དུ་བསྙིལ་ཞིང་གུས་འདུད་ལྟུར་(སྨད་ཆ།༢༡༠)ལེན་པ་ལ་སྦྲོ་བར་གྱུར་ཏོ། ཕྱོགས་གང་དུའང་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ཉག་ཕྲ་བར་གྱུར་པས་སྦྲུལ་པའི་ཆོས་རྒྱལ་ཆེན་པོ་དང་ལོ་པཎ་མཆོག་རྣམས་ཀྱི་ཐུགས་བསྐྱེད་རྒྱ་ཆེན་པོའི་འཕྲག་པར་ཁྱེར་བའི་གསང་མཆོག་ངེས་ལ་དོན་གྱི་བསྟན་པའི་ཕྲིན་ལས་རྒྱ་ཆེན་པོ་ཆུད་འཛའ་བ་དང་འཕགས་པ་མཆོག་དེ་རྣམས་ཀྱི་ཕྱག་རྗེས་རྨ་མེད་པ་ཟུབ་ཏུ་ཉེ་བ་ཐུགས་ཀྱིས་མ་བཟོད་དེ་རྙིང་རྒྱུད་རིན་པོ་ཆེ་སྨིན་གླིང་གི་དཔེ་གང་བཞུགས་ཚང་མ་དབུ་ཤོག་ལྔ་རིན་པོ་ཆེ་སྣ་ལྔས་བྲིས་ཤིང་དེ་ཕྱིན་སྐྱ་ཆས་པུ་ཏི་ཉེར་ལྔ་སྐོར་ཡོ་བྱད་དང་རྒྱུ་དངོས་ཕུན་སུམ་ཚོགས་པ་བསྒྲུབས་པར་མཛད། སྔོན་ཆད་ཕྱོགས་འདིར་དཀར་ཆག་ཏུ་འདེབས་པ་དང་གཏན་ཚིག་ཀྱིས་བསྒྲུབས་པའི་དེབ་ཐེར་རྒྱས་པར་འགོད་པ་མ་བྱུང་མོད། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱིས་གཏན་ཚིག་གསུམ་དང་འབྲེལ་བའི་སྦོབས་པ་ཟབ་ལ་རྒྱ་ཆེ་བས་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་ཐ་གྲུབ་ཁྱབ་པའི་རྒྱན་ཞེས་བྱ་བ་མཛད་དེ་ལུང་དང་རིག་པའི་སྣང་བ་བཟང་པོས་ལེགས་པར་རྟོགས་པ་དང་ཐེ་ཚོས་ཀྱི་མུན་པས་ཕྱོགས་བསླད་པ་ཐམས་ཅད་དྲུང་ནས་འབྱིན་པར་མཛད་དོ། རླུང་དཔལ་གྱི་སེང་གེའི་ཡེ་ཤེས་ཀྱི་སྐུས་བཛཱ་ཀཱི་ལ་ཡའི་དཀྱིལ་འཁོར་དུ་དབང་བསྐུར་བ་རྫོགས་པས་བྱིན་རླབས་ཀྱི་མཚན་མ་ཐོབ་པ་ལ་བརྟེན་ཀཱི་ཀ་ཡའི་ཏནྟྲ་ཤིན་ཏུ་མང་བ་གངས་རིའི་ཁྲོད་དུ་བྱོན་པ་ལས་དངོས་གྲུབ་བརྙེས་པའི་བརྒྱུད་པ་བར་མ་ཆད་པའི་བཀའ་སྲོལ་རྒྱལ་པོ་ལུགས་དང་ཇོ་མོ་ལུགས་དང། ལྕམ་ལུགས་གཅོ་བོར་གྱུར་པའི་བཀའ་བབས་ཐ་དད་ཀྱི་བརྒྱུད་པ་མང་དུ་བཞུགས་པ་རྣམས་དོན་དུ་རྒྱུད་ཀྱི་དགོངས་པར་གཅིག་པའི་ཕྱིར་བཀའ་བབས་ཐམས་ཅད་འདུ་བའི་རྟེན་འབྲེལ་གྱི་ངེས་པས། རྡོ་རྗེ་(སྨད་ཆ།༢༡༡)བཀོད་པ་རྣལ་འབྱོར་ཆེན་པོ་དང། ཡེ་ཤེས་རྩ་མོ་དང། རྩ་རྒྱུད་རྣམ་འབྱོར་ཆེན་པོ་གཙོ་བོར་རྒྱུད་སྒྲུབ་ཐབས་སུ་བསྡེབས་པ་སྔོན་མེད་པའི་བཀའི་བསྡུ་པ་མཛད། དེ་སྐབས་ཙམ་དུ་དཔལ་མགོན་ཞལ་གྱི་ལུང་གིས་བསྐུལ་བའི་རྟེན་འབྲེལ་ལས་དཔལ་ས་སྐྱའི་བདག་ཆེན་སྔགས་འཆང་ཆེན་པོ་ངག་དབང་དཔལ་ལྡན་ཆོས་སྐྱོང་དང། ངག་དབང་ཀུན་དགའ་ཕན་བདེ་རྒྱ་མཚོ་མཆེད་ཀྱིས་སྦྱན་དྲངས་པ་ལྟར་དཔལ་ལྡན་ས་སྐྱའི་གྲོམ་པ་ཆུང་གི་གཙུག་ལག་ཁང་དུ་ཕེབས། ས་སྐྱ་པ་ཆེན་པོ་སྐུ་མཆེད་ལ་བྱང་སྡོམ་དང་རྒྱུད་ནས་བཏུས་པའི་ཕུར་པའི་དབང་ཆེན། ཀློང་ཆེན་སྙིང་གི་ཐེག་ལེའི་དབང་ལུང་དང་མན་ངག་གི་ཁྲིད་བཀའ་སོགས་སྨིན་གྲོལ་གྱི་བདུད་རྩིས་ཐུགས་རྒྱུད་ལེགས་པར་གཏམ་པར་མཛད། ཕུར་པའི་དབང་མ་མཛད་གོང་ས་སྐྱ་བདག་པོའི་མནལ་ལམ་དུ། ད་རེས་ཕུར་ཁང་དུ་བླ་མ་རྫོགས་ཆེན་པ་ལ་ཡང་དག་གི་དབང་ཞུས་ཤིག། ཅེས་བྱུང་བས་ཡང་དག་པའི་ཆོས་ཚུལ་དུ་ངེས་པ་རྙེད་ནས་ཆོས་སྒོ་ཐོག་མར་ཕྱེ་བར་མཛད་པ་ཡིན་ནོ། གཞན་ཡང་ཡང་དག་སོགས་ཡབ་ཆོས་སྔོན་རྙིང་པ་རྣམས་ཀྱང་ཉམས་པ་གསོས་པ་སོགས་ཕྱོགས་དེར་བསྟན་འགྲོའི་དོན་རྒྱ་ཆེ་བ་དུ་མ་སྒྲུབ་པར་མཛད། གཞན་ཡང་ལྷོ་མོན་དུ་མཚོ་སྣ་དགོན་ཙེ་ལེ་སྦྲུལ་སྐུས་སྦྱན་དྲངས་ཤིང་ཕྱོགས་དེའི་སྐྱེ་བོ་རྣམས་ཀྱང་མཐོང་ཐོས་དོན་ལྡན་དུ་མཛད། གནས་ཆེན་རྣམས་སུ་མཆོད་པ་དང། བདུད་རྩི་སྨིན་གྱི་སྒྲུབ་པ་ཁྱད་པར་ཅན་དུ་མ་མཛད། སྐལ་བ་དང་ལྡན་པའི་སློབ་མ་རྣམས་ལ་གདམས་ངག་གི་ཁྲིད་དང། དབང་ལུང་དུ་མས་སྨིན་པར་མཛད། བསམ་ཡས་རི་མཐིལ་ཁྲ་འབྲུག། ཤེལ་བྲག། སྲོང་བཙན་བང་སོང་རྣམས་སུ་བདུད་(སྨད་ཆ།༢༡༢)ཙི་བསྒྲུབས་པ་དང། ཞི་རྒྱས་དབང་དྲག་གི་སྦྱིན་བསྲེག། ཚོགས་མཆོད་གཏོར་བཟློག་སོགས་བསྟན་འགྲོའི་བདེ་ཐབས་དུ་མ་དང་གནས་ཆེན་གསུམ་གཅོ་བོར་གྱུར་པའི་ཆོས་རྒྱལ་མེས་དཔོན་གྱིས་བཞེངས་པའི་གཙུག་ལག་ཁང་རྣམས་སུ་མཆོད་པ་སྣ་ལྔ། རྒྱ། སྟོང། ཁྲིའི་བར་ལན་གྲངས་ཤིན་ཏུ་མང་པོ་དང། སྲོག་བསླུ་ཁོ་ནའང་བགྲངས་ཀྱིས་མི་ལང་བ། རིན་པོ་ཆེའི་རྒྱུ་ཚོགས་ལས་བསྒྲུབས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་དུ་འཕགས་པ་དུ་མ་དང། མཆོད་པའི་ཡོ་བྱད་རྒྱུ་དངོས་ཕུན་སུམ་ཚོགས་པ་ཁོ་ན་ལས་བསྒྲུབས་པར་མཛད་ནས་འབུལ་སྦྱོར་མཛད་པ་སོགས་འཁོར་ལོ་གསུམ་གྱི་ཕྲིན་ལས་ཀྱིས་དུས་འདའ་བར་གྱུར་ཅིང། དབུས་གཙང། ཁམས་ཀོང། ལྷོ་མོན་ཚུན་གྱི་ཆེ་དགུ་མཐའ་དག་དང། ཐོས་བསམ་པར་རློམ་པའི་མཁས་པ་དང། སྒོམ་པ་ལ་དྲིལ་བའི་སྒྲུབ་པ་པོ་ཕོ་མོ། རང་བཞིན་གྱི་བསྟན་པ་ལ་ཞུགས་པའི་བཙུན་གཟུགས་ཡན་ཆད་ཀྱང་རྗེ་འདི་ཉིད་ཀྱི་ཞལ་མཇལ་ཁོ་ན་དོན་དུ་གཉེར་ཞིང་དེ་དག་རྣམས་ལ་གང་ལ་གང་འཚམས་ཀྱི་འཇུག་པའི་ཆོས་བཀའ་དབང་ལུང། སྨིན་ཁྲོད། དགེ་སྡིག་འཇུག་ལྡོག་གི་བསླབ་བྱ་དང་བཅས་པ་སྒོ་ཇི་སྙེད་པས་མངོན་མཐོ་དང་ངེས་ལེགས་ཀྱི་གནས་སུ་བཀྲི་བར་མཛད་པའི་ཚུལ་མཐའ་དག་པ་ནི་སྨོས་ཀྱིས་མི་ལང་ལ། སྒྱུ་འཕྲུལ་ཞི་ཁྲོ་དང་ཚོགས་ཆེན་འདུས་པ་རྣམས་ཀྱི་ཆོག་ཁྲིགས་ཀྱང་གསར་དུ་མཛད་ནས། བྱང་ཐེག་མཆོག་གླིང་དུ་སྒྲུལ་འཕྲུལ་ཞི་ཁྲོའི་སྒྲུབ་མཆོད་རྟེན་ཇི་སྲིད་བར་སྦྱོད་འཇགས་དང། དཔལ་གྱི་རི་བོར་འདུས་པ་མདོའི་སྒྲུབ་མཆོད་སོགས་བཀའ་མ་རྣམས་འཕེལ་རྒྱས་ཀྱིས་ཐབས་རྒྱ་ཆེ་བ་མཛད། མོན་དགོན་རྩེ་སྦྲུལ་སྐུའི་གདན་དྲངས་པ་ལ་བརྟེན་མོན་ཕྱོགས་སུ་(སྨད་ཆ།༢༡༣)སྔ་ཕྱིར་ལན་གཉིས་ཙམ་དང་གཙང་རྒྱལ་ཙེར་ཡང་ཕེབས་ཏེ་འབྲེལ་ཚད་ཐར་པ་མཆོག་ལ་སྦྱོར་བའི་ཐུགས་བསྐྱེད་དང་བསྟན་པ་རིན་པོ་ཆེ་ཐུགས་ལ་བཅག་པའི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གྱིས་རྗེས་སུ་སྐྱོང་བར་མཛད། སེ་ར་སྨད་མཁན་པོ་དང། འབྲས་སྦུངས་བདེ་ཡང་མཁན་པོ་སོགས་མཚན་ཉིད་པའི་མཁས་པ་ཆེན་པོ་དག་གིས་ཆོས་ཀྱི་གནད་མཁྱེན་པས་རྗེ་འདིའི་ཞབས་པད་ལ་བཏུད་པ་ལ་སྔ་ཕྱིར་རྫོགས་པ་ཆེན་པོའི་ཉམས་ཁྲིད་ཀྱིས་རྗེས་སུ་བཟུང། དགའ་ལྡན་བྱང་རྩེ་མཁན་པོས་ཀྱང་ཆབ་ཤོག་གི་ལམ་ནས་བསྙེན་བཀུར་དང་བཀའ་ཆོས་ཀྱི་འགྲེལ་བ་དགོས་ཚུལ་ལྟར་ཡོན་ཏན་མཛོད་རྩ་འགྲེལ་ཕུལ། མཚན་ཉིད་པ་འདི་ངག་དབང་རྣོན་ཆོས་ཀྱི་རྗེས་འབྲང་དུ་ངེས་པས་རྗེ་འདིར་གཏིང་ནས་དད་པ་ཡིན་པར་སྣང། ཁམས་སྡེ་དགེ་རྒྱལ་པོས་ཀྱང་མཇལ་ཞིང་དབང་ལུང་སོགས་ཀྱིས་ཐུགས་བཞེད་བསྐངས་པས་དེ་ཕྱིན་བསྟན་པའི་སྦྱིན་བདག་ཏུ་གྱུར། ལྕགས་ཕག་ལོར་ཟླ་བ་ལྔ་པའི་ནང་དམག་ངོའི་ལུང་བསྟན་གསན་པ་བཞིན་གི་ཥ་ཨ་སུ་རའི་དམག་གིས་གཙང་ཕྱོགས་ནས་གཟར་ཆེར་སློང་པ་ལ་དམིགས་པ་མེད་པའི་བརྩེ་བ་ཆེན་པོས་དངུལ་སྲང་བརྒྱ་ཕྲག་ལྷག་གིས་ལོན་སྦྱར་ནས་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་མཆོད་རྒྱུན་ཆེན་པོ་བཙུགས་ནས་དཀོན་མཆོག་གི་ཐུགས་རྗེ་བསྐུལ་བའི་བདེན་ཚིག་ནང་སེམས་ཅན་རྣམས་དུས་ཀྱི་ཆར་པས་མནར་བ་ལས་སྐྱོབས་པའི་ཐུགས་འདུན་གསོལ་སྨོན་ནན་གྱིས་མཛད། གཞུང་ས་ནས་དམག་ཟློག་གི་སྐུ་རིམ་དགོས་ཚུལ་བྱུང་བ་ལ་རྗེ་ཉིད་མངོན་སྦྱོད་མི་བཞད་ཀྱང་སེམས་ཅན་ལ་ཐུགས་བརྩེ་བས་དད་དུ་བཞེས་པས་མངོན་རྟགས་ཀྱང་གསལ། སླར་ཡང་བསྟན་སྲིད་བདེ་ཐབས་སུ་མགོན་པོ་གཡུལ་མདོས་ཀྱང་(སྨད་ཆ།༢༡༤)མཛད། ཕྱིས་བདེ་གཟར་འཆིང་སྒྲོག་སྐོར་བ་ཕ་རོལ་སྣང་བ་དབང་བསྒྱུར་གྱི་ཕྲིན་ལས་བྱེད་དགོས་ཞེས། གོང་ས་རིན་པོ་ཆེ་ནས་ཆབ་ཤོག་གནང་རྟེན་བཅས་སྩལ་པར། བསྟན་འགྲའི་བདེ་སྐྱིད་ཐུགས་པ་རྣགས་པས་རྟ་མཆོག་རོལ་བའི་བསྙེན་སྒྲུབ་པ་ལས་སྦྱོར་བཅས་རྟགས་མཐོང་དུ་གནང་པས་ཕ་རོལ་པོ་དང་དབང་དུ་གྱུར་པའི་ཕྲིན་ལས་ཀྱང་མཛད་དེ་སྦྱིར་ཕྲིན་ལས་རྣམ་པ་བཞི་ལ་དབང་འབྱོར་བས་བོད་ཡུལ་འདིར་མཐའ་མི་གདུག་པ་ཅན་པ་དག་གི་བསམ་སྦྱོར་ངན་པས་དཀྲུགས་ནས་གློ་བུར་དུ་ལངས་པའི་འཁྲུག་བརྩོད་མི་བཟང་བ་དེ་དག་ཉེ་བར་ཞིང་བའང་མགོན་པོ་གང་གི་ཐུགས་རྗེ་ཕྲིན་ལས་ལས་བྱུང་བ་ཡིན་ནའང་ཤེས་ཤིང་དྲིན་དུ་བསམ་པ་སུ་ཞིག་ཡོད་སྙམ་མོ། ཡང་སྔ་མོ་ཞིག་གི་དུས་ལམ་དུ་རྒྱ་གར་གྱི་རྒྱལ་པོས་གླང་པོ་ཆེ་ཐལ་ཀར་གཞོན་ནུ་ཞིག་སྐྱེས་སུ་བཀུར་བའི་མཚན་ལམ་ཡ་མཚན་པ་ཞིག་བྱུང་བ་དང་རྗེས་མཐུན་གླང་ལོར་རྒྱལ་སྲས་ཉིན་བྱེད་འོད་ཟེར་འཇིགས་མེད་གྲུབ་པའི་སྡེ་སྐུ་བལྟམས་ཏེ་ངོ་མཚར་བའི་ལྟས་དུ་མ་དང་ལ་ཉེ་སོགས་ཀྱང་ཤིན་ཏུ་བཟང་བར་བྱུང། འདི་སྐབས་ཤིག་ཐུབ་བསྟན་རྡོ་རྗེ་བྲག་ནས་མཆོག་སྦྲུལ་རིན་པོ་ཆེས་གདན་འདྲེན་བྱུང་བ་བཞིན་རྡོ་རྗེ་བྲག་ཏུ་ཕེབས་སྐྱོང་གནང། གང་ཅིང་འདུས་ཚོགས་ཀྱིས་སེར་སྦྲེང་གིས་མཚོན་པའི་བསྙེན་བཀུར་ཕུན་སུམ་ཚོགས་པས་མཆོད། སྦྲུལ་པའི་སྐུ་འདུས་པར་བཅས་ལ་སྙིང་ཏིག་ཡ་བཞི་དགོངས་གཏེར་ཀློང་སྙིང་སོགས་ཀྱིས་མཚོན་པའི་བཀའ་ཆོས་ཟབ་རྒྱས་ཕུལ་ནས་ཐུགས་ཡིད་གཅིག་འདྲེས་མཛད། འདི་དུས་རྒྱ་རོང་སྦྲུལ་པའི་སྐུ་འཁོར་བཅས་ཀྱང་ཕེབས། བཀའ་ཆོས་ཉམས་ཁྲིད་གནད་སྨིན་བཀའ་དྲིན་སྐྱངས། སྔོན་རྫོགས་ ཆེན་མཆོག་སྦྲུལ་རིན་པོ་(སྨད་ཆ།༢༡༥)ཆེ་དེ་ཉིད་ཀྱིས་ཆབ་ཤོག་ཀྱི་ལམ་ནས་རྗེའི་ཙར་ཐུགས་དགོངས་གཏོད་པའི་ཞུ་ཡིག་གསོལ་སྨོན་གནང་བ་དང། རྗེ་ཉིད་ཀྱིས་འབྱུང་འགྱུར་གྱི་ལུང་བསྟན་གསུང་འགུར་གྱི་སྒྲོསསོགས་པ་དཔག་ནས་རྒྱལ་བའི་སྲས་དེ་དག་དགོངས་པ་ཅན་གྱི་གསུང་གིས་ཟློག། འོན་ཀྱང་རྫོགས་ཆེན་རིན་པོ་ཆེའི་ཡང་སྲིད་ལུང་དོན་བཞིན་ཞིབ་གསལ་མཛད། རྒྱལ་སྲས་རིན་པོ་ཆེ་འབྲི་གུང་པའི་ཡང་སྲིད་དུ་ཐག་གཅོད་གནང་ནས་ཡབ་སྲས་ལྷུན་རྒྱས་འབྲི་གུང་དུ་སྦྱན་དྲངས། བསྙེན་བཀུར་བསམ་གྱིས་མི་ཁྱབ་པས་མཆོད། འབྲིང་གུང་མཆོག་སྦྲུལ་ཟུང་དང་ཐེལ་མཁན་སློབ་སོགས་ལ་འདུས་པ་མདོ་དབང་ཆེན་མོ་སྩལ། སྙིང་ཏིག་ཡ་བཞི་དགོངས་གཏེར་སོགས་ཀྱི་བཀའ་གཏད་ཀྱང་ཕུལ། དེ་སྐབས་ཅུང་ཟད་སྐུ་སྟེམ་ཙམ་བྱུང་ཀྱང་སྨན་དཔྱད་སོགས་འཕྲོད་བཞེས་གནང་བས་རེ་ཞིག་སྙུན་དཱངས། སླར་ཕེབས་ཞོར་ལ་བསམ་ཡས་སུ་མཆོད་པ་རྒྱ་ཆེར་མཛད། སློབ་དཔོན་ཆེན་པོས་ཀླུ་མལ་གྲོ་བཏུལ་ཏ་སླར་ཧས་པོ་རིར་རྡོ་སྒྲོམ་དུ་སྦས་པ། གཏེར་རྫས་དོ་བོ་སྡེ་བརྒྱད་ཀྱི་ཐོག་ལྕགས་ཛྷཻ་ཀྵི་ཾབཅོས་སུ་དང་ཁྱད་པར་མེད་པའི་ཕུར་པ་གནམ་ལྕགས་ཐོག་རྒོད་ཅེས་པ་གཏེར་དུ་བཞེས་ནས་ས་སྐྱོང་སྡེ་དགེར་རྟེན་སྐལ་དུ་སྩལ། གདན་སར་ཕེབས་ནས་འབྲི་གུང་པ་དང་བཀའ་བློན་ཕ་ལྷ་སོགས་ཀྱིས་ཞབས་བརྟན་འབུལ་མི་འབྱོར་བར། རྣམ་ཐར་འཕྲོར་སྐྱེ་མེད་ཨ་ཡིག་གིས་མཐའ་ཅན་ཞིག་ཀྱང་སྩལ་ཏེ། ཞིང་ཁམས་གཞན་དུ་དགོངས་པ་གཏད་པའ་གསུང་ཅི་རིགས་བྱོན། དེ་ནས་མི་རིང་བར་སྐུ་བབས་ལྕི་བ་ཙམ་བྱུང་བར་སྐུ་རིམ་ཞབས་བརྟན་རྒྱ་ཆེན་བསྒྲུབས་ཀྱང་བསྟན་འགྲོའི་བསོད་ནམས་ཀྱིས་མ་འཆུར་བས་ས་རྟ་དབྱུག་(སྨད་ཆ།༢༡༦)ཟླའི་ཚེས་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པར་གྱུར་ཏེ། དེ་ཡང་སྔར་བསམ་ཡས་མཆིམས་ཕུར་ཨོ་རྒྱན་ཆེན་པོས་ལུང་བསྟན་སྐུ་ཚེའི་ཚད་རོ་བུས་དུས་མེ་ཞེས་པ་རོ་དུས་ལོ་དང་དུས་མེ་ཟླ་བའི་གྲངས་སུ་བྱས་ན་དྲུག་ཅུ་རེ་དགུ་འབྱུང་བས་དེ་ཉིད་ཐོག་ཏུ་ཁེལ་བ་ལས་ཅུང་ཟད་སྐུ་ཚེ་འདིའི་གདུལ་བྱ་མ་རྫོགས་པས་ཕྱིར་བསྣུར་བ་ལྟར་བསྟན་པར་སྣང་ངོ། མྱ་ངན་ལས་འདས་པར་ཉེ་བ་ན་གྲཱ་འཁོར་རྣམས་ལ་དམ་པའི་ཆོས་དང་རྗེས་སུ་སྒྲོམ་དུ་ཞལ་ཆེམས་ཀྱི་ཡི་གེ་རྗེས་ཀྱི་སྒྲུབ་དོགས་གདུང་གི་བྱེད་ལུགས་སོགས་གསལ་བར་གནང་ཡོད་པར་འདུག་སྟེ། ད་ནི་རྟག་ཏུ་ཆོས་ཉིད་དང་ང་ལ་འགྲོ་སྡོད་གཉིས་སུ་མེད། སྐྱེ་འཆེར་བསྟན་པ་རྗེས་ཐོབ་ཙམ། ཡེ་གྲོལ་ཆེན་པོར་རྫོགས་སངས་རྒྱས། ཞེས་ཚིགས་བཅད་དང་བཅས་པ་ཞིག་དང། ཡང་མདུན་གྱི་གསོལ་ཅིག་གི་སྲུབ་ནས་ཤོག་དྲིལ་ཞིག་བྱུང་བར། འོད་སྣང་མཐའ་ཡས་ཞབས་ལ་ཕྱག་འཚལ་ལོ། སྐྱེ་བ་ཞེས་བྱ་སྲིད་པའི་འཁོར་ལོ་སྟེ། རྟེན་འབྲེལ་བཅུ་གཉིས་རྒྱུན་ལ་རྟག་འཁོར་ནས། ནད་སོགས་སྡུག་བསྔལ་བདེན་པའི་ཉེར་ལེན་ཅན། འཆི་བ་ཞེས་བྱ་དོན་དམ་བདེན་པ་སྟེ། སེམས་ཀྱི་ཆོས་ཉིད་རང་བཞིན་མེད་པ་ལ། སྐྱེ་འཆིའི་བར་ལག་རྣམ་པར་རྟོག་པས་བཟོས། ཡུལ་ལྔའི་ཤེས་པ་རྣམ་ཐར་སྒོ་གསུམ་ཀློང། འདྲེན་འདི་རང་བྱུང་རྡོ་རྗེའི་ཞལ་མེད་ཁང། པདྨ་འོད་དང་རང་བཞིན་སྦྲུལ་པ་ནི། ཐུགས་རྗེས་འགྲོ་བ་འདུལ་བའི་གནས་མཆོག་སྟེ། མོས་གུས་ཅན་དང་འབྲེལ་ཐོགས་ཡིད་ཅན་ཀུན། ཚོམ་བུ་གཅིག་ཏུ་མངོན་འཚང་རྒྱ་བར་ཤོག། ཅེས་སོགས་སྩལ་(སྨད་ཆ།༢༡༧)བར་སྣང་དགོངས་རྫོགས་མཆོད་པ་དང་དངུལ་གདུང་ཐོག་ཚད་དུ་ལངས་པར་སྐུ་གདུང་རིན་པོ་ཆེ་ཞལ་ཆེམས་ལྟར་རིལ་པོར་འཇོག་པ་སོགས་སྐུ་རྗེས་ཀྱི་མཛད་པ་མཐའ་རྒྱས་སུ་དཔོན་སོགས་ཀྱིས་བསྒྲུབས་པར་མཛདདོ། གསུང་ཙོམ་གྱི་རིགས་ཀྱང་ཚིག་དོན་ཕུན་སུམ་ཚོགས་ཤིང་གྲུབ་མཐའ་ལྷང་ངེས་པའི་བསྟན་བཅོས་ཀྱང་མང་དུ་མཛད་དེ། དགོངས་གཏེར་དང་བཅས་ཁྱོན་དྲིལ་པུ་ཏི་བཅུ་ཙམ་བཞུགས་པ་ཐམས་ཅད་རྗེ་ཉིད་ཀྱི་གཏེར་ལུང་ལས་ལྷ་ལྕགས་དང་ཚུལ་རྒྱལ་མོའི་སྐྱེ་བར་ལུང་གིས་ཟིན་པའི་རིགས་ལྡན་དིཀའི་དབང་མོ་སྡེ་དགེ་དཔོན་མོ་ཚེ་དབང་ལྷ་མོས་པར་དུ་བརྐོ་བར་གནང་ནས་རྒྱལ་ཁབ་ཆེན་པོ་ལྷུན་གྲུབ་སྟེང་གི་པར་ཁང་ཆེན་མོར་བཞུགས་ལ། སྦྱིར་རྗེ་འདི་ཀུ་སུ་ལུའི་ཚུལ་གྱིས་དབེན་པ་འབའ་ཞིག་ལ་ཐུགས་སྦྲོ་གནང་བ་ལས་མ་འདས་ཀྱང། དྲི་ལྡན་མེ་ཏོག་རྒྱང་རིང་ཡང། བུང་བ་སྦྲིན་གྱི་ཚོགས་བཞིན་འཁོར། ཞེས་པ་དང་རྗེས་མཐུན་ཕྱོགས་མཐའ་དག་ནས་སློབ་མའི་ཚོགས་ཀྱང་མང་དུ་བྱོན་ཏེ། གཙོ་བོར་གངས་ཅན་ཙམ་ན་འགྲན་ཟླ་དང་བྲལ་ས་སྐྱ་བདག་ཆེན་རིག་འཛིན་དབང་དུ་སྡུད་སྙིང་པོ། མཆེད་རྒྱན་ལྕམ་དྲལ་བཅས་དང། ས་སྐྱ་གཞི་ཐོག་མཁན་པོ་ཨ་ནནྟ་དང། འབྲས་སྦུངས་བདེ་ཡང་བླ་མ། སེ་ར་སྨད་སྦྲུལ་སྐུ། མོན་དགོན་རྩེ་སྦྲུལ་སྐུ་སོགས་པ་དགེའི་མཁས་པ་དུ་མ་དང། རང་ལུགས་རྡོ་རྗེ་བྲག་མཆོག་སྦྲུལ་ལྷོ་བྲག་ཐུགས་སྲས་སྦྲུལ་སྐུ། དཔལ་རི་སྦྲུལ་སྐུ། ལྕགས་ཟམ་སྦྲུལ་སྐུ་སོགས་དང། ཁམས་ནས་ཉི་གྲགས་མཆོག་སྦྲུལ། ཞེ་ཆེན་སྦྲུལ་སྐུ་སོགས་དང། ཁམས་ནས་ཉི་གྲགས་མཆོག་སྦྲུལ། ཞེ་ཆེན་སྦྲུལ་སྐུ་རྣམ་གཉིས། འཛིན་ཆེ་དགུ་དུ་མ་དང། མདོ་ཁམས་སྨད་ནས་རྡོ་བླ་ཀུན་བཟང་གཞན་(སྨད་ཆ།༢༡༨)ཕན་དང། མོས་ནས་འཇིགས་མེད་ཀུན་གྲོལ། ཕྲིན་ལས་རྒྱལ་མཚན་སོགས་དང། གཙང་ནས་ཆོས་རྗེ་བྲག་ཕུག་པ་སོགས་ཆོས་བརྒྱུད་འཛིན་ངེས་ཀྱི་སློབ་མ་མང་པོ་དང། ས་སྐྱོང་སྡེ་དགེ་བཀའ་བློན་ཕ་ལྷ། མདའ་དབོན་གཡུ་ཐོག་པ། སྲིད་སྐྱོང་རྟ་ཚག་སོགས་མི་ཆེན་དུ་མས་ཀྱང་གཙུག་ཏུ་བཀུར་ཞིང། ཆོས་བརྒྱུད་འཛིན་པའི་དགོན་པའང། གཙང་ཐེག་མཆོག་གླིང། རྒྱ་འཚམས་གདུང་བསམ་གྱི་རི་རྩེར་སྒྲུབ་གྲཱ་བསྟན་རྒྱས་རི་བོད་དཔལ་འབར་གླིང་སོགས་མོན་དུའང་གསར་བཏབ་ཁ་ཤས་ཡོད་པར་སྣང་ཞིང། ཁམས་སུའི་སྡེ་དགེ་དཔོན་མོས་བདག་རྐྱེན་གྱིས་དགེ་རྩེ་སྟོད་དུ་འོག་མིན་རིག་འཛིན་འཕེལ་རྒྱས་གླིང། རྡོ་ཡུལ་ཤུག་ཆེན་སྟག་མགོར་རྡོ་བླ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་བཏབ་པའི་ཆོས་སྡེ་དང་གསེར་སྟོད་དུ་པདྨ་བཀོད་པ་ཞེས་མཚན་དུ་གསོལ་བའི་རི་ཁྲོད་གསར་འཇུགས་ཀྱི་ཆོས་སྡེ་སོགས་དགོན་པའང་མང་དུ་བྱུང་ཞིང། ཆོས་བརྒྱུད་དང་ཕྲིན་ལས་མཐའ་རྒྱས་སུ་གྱུར་པ་ཉིད་དོ། དཔལ་རི་སྦྲུལ་པའི་སྐུ་རིན་པོ་ཆེ་པདྨ་ཆོས་འབྱོར་རྒྱ་མཚོ་ལའང་དག་པ་ཡེ་ཤེས་ཀྱི་གཟིགས་མོར་ཤར་བའི་ཆོས་སྡེ་འཆི་མེད་ལྷ་ཙཎྜ་ལིའི་སྒྲུབ་སྐོར་ཆོས་ཚན་ཆ་ལག་ཚང་བ་དབང་དག་བཅས་པ་ཞིག་བཞུགས་ཤིང། དེ་ལས་གཞན་པའི་ཆོས་སྐོར་ཨེ་ཡོད་ནི་མ་ཤེས་སོ། རིག་འཛིན་ཆེན་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་རམ་ཀུན་བཟང་གཞན་ཕན་ནི། ལྷ་སྲས་སྦྲུལ་པས་ཆོས་སྒོ་འབྱེད། ཅེས་ལུང་གིས་ཟིན་པའི་སྐྱེས་བུ་དམ་པ་འདི་ནི། ཆུང་ངུའི་དུས་ནས་ཕྱག་རྫོགས་(སྨད་ཆ།༢༡༩)ཀྱི་གདམས་པས་མཚོན། བཀའ་ལུང་སྨིན་གྲོལ་རྒྱ་མཚོ་ལྟ་བུར་གསན་བསམ་སྒོམ་པ་རྒྱ་ཆེ། རྩ་རི་ཏྲ་སོགས་གྲུབ་བའི་གནས་ཆེན་རྣམས་སུ་ཟབ་མོའི་ཏིང་འཛིན་དང་འབྲེལ་བའི་སྔགས་ཀྱི་ཐབས་མཁས་དག་ལྡན་པའི་ཚོགས་བསགས་དང་སྒྲིབ་སྦྱོང་ལ་གནད་དུ་བསྣྲན་པས་ཉམས་རྟོགས་ཁོང་ནས་རྡོལ། ཁྱད་པར་དུ་རྫོགས་ཆེན་གངས་ཁྲོད་དང་རི་ཁྲོད་ནགས་ཁྲོད་རྣམས་སུ་དཀའ་སྦྱད་ཁོ་ན་མཛད་ནས་ལོ་བདུན་དུ་བསྒྲུབས་པ་བཅས་མཐར་འཁྱོལ་བར་མཛད། རིས་སུ་མ་ཆད་པའི་བླ་མ་དགེ་བའི་བཤེས་གཉེན་དམ་པ་ཉི་ཤུའི་གྲངས་རྣམས་བརྟེན་ཞིང་དམ་པའི་ཆོས་ཀྱི་བདུད་རྩི་མང་དུ་བཞེས། ལྷག་པར་ཚེ་རབས་ཐམས་ཅད་ཀྱི་རིགས་ཀྱི་བདག་པོ་ཀུན་མཁྱེན་བླ་མའི་ཞལ་མཇལ་བ་ཉིད་ནས་ཐུགས་ཀྱི་སྲས་སུ་བཟུང། སྙིང་ཏིག་གསར་རྙིང་དང། བླ་མ་དགོངས་འདུས། རྒྱུད་འབུམ་ཆེན་མོ་སོགས་བཀའ་རྫོགས་ལུང་རྫོགས་སུ་མཛད་ནས་དོན་ཀྱི་བསྟན་པ་གཏང། འཇིགས་མེད་ཕྲིན་ལས་འོད་ཟེར་ཞེས་མཚན་གྱི་རྩོད་པན་དཔྱངས། མདོ་ཁམས་ཕལ་མོ་ཆེ་དང་ཤར་རྒྱལ་མོ་རོང་ཡན་གྱི་སྐྱེ་དགུ་རྣམས་ལ། རྗེ་བླ་མའི་ཆོས་ཀྱི་ཕྲིན་ལས་ཁྱབ་གདལ་དུ་དར་བར་མཛད། དེ་ཡང་རྗེ་འདི་དང་ཀུན་མཁྱེན་འཇིགས་མེད་གླིང་པ་གཉིས་ཡང་སྲིད་མང་པོར་ཡབ་སྲས་སུ་འབྲེལ་ཏེ་དེའི་ཚུལ་ཞིབ་པར་བསྙད་ན། རྗེ་འདིས་ཀུན་མཁྱེན་ཉིད་ཐོག་མར་མཇལ་དུས་ཐང་སྟོང་རྒྱལ་པོའི་སྐུ་ཕྱག་གཡས་སྐྱབས་སྦྱིན་དང། གཡོན་ཚེ་བུམ་འཛིན་པ་ཞིག་གི་ནུ་མ་གཡོན་པ་ནས་ཚེ་ཆུ་ཚེ་རིལ་ཚེ་སྒྲུབ་ཀྱི་ཆོས་སྐོར་དང་བཅས་ཐོན་པ་དང། ཡང་ཤེས་རབ་གཏེར་སྟོན་ཟེར་བ་ཞིག་གིས་རྒྱ་གར་གྱི་རི་བོ་མཆོག་གི་རྩེ་ནས་སློབ་དཔོན་ཆེན་པོའི་སྐུ་བརྒྱ་རྩ་བརྒྱད་ལེན་རྒྱུའི་ཁ་བྱང་བསྟན་པ་ཞིག་དང། ཙན་དན་དམར་(སྨད་ཆ།༢༢༠)པོའི་སྐུ་མང་པོ་ཐུ་བར་བབས་པ་སོགས་བྱིན་རླབས་ཞུགས་པའི་རྟགས། ཁྱད་པར་ཅན་དུ་ཀུན་མཁྱེན་ཉིད་ཀྱིས་བཞེད་པ་དང། ཡང། སེམས་བསྐྱེད་ཀྱི་མཆོད་པ་དང་འབྲེལ་བར་བྱང་སྡོམ་ཕོག་པའི་ནུབ་རྗེ་འདིའི་རྨི་ལམ་ན་མཆོད་རྟེན་དཀར་པོ་བང་རིམ་ལྔ་པ་ཞིག་གི་དང་པོ་ཁྲོ་ཆུས་བསྡམས་པ་ནས་གཏེར་ཐོན་ཅིག་ཅེས་གསུངས་ནས་ཀུན་མཁྱེན་གྱི་ཕྱག་ནས་གཟེད་ཞིག་གནང་བྱུང་བ་དེས་གཡེངས་པས་རིང་བསྲེས་དཀར་ཡོལ་དོ་དང། ཡོལ་གོ་གཅིག་ན་སྐྱེ་བདུན་སྐུ་ཤ་ཡིན་ཟེར་བ་སྣང་བ་ལས། རིང་བསྲེས་སངས་རྒྱས་འདོ་སྲུང་གི་ཡིན་ཟེར། དེ་ནས་དཀར་ཡོལ་གང་པོ་བླ་མ་ལ་ཕུལ། ཅིག་ཤོས་ནས་མང་པོ་བྱིན་པས་ཟད་རྒྱུ་མེད་པར་བྱུང་ཟེར་བ་ཞིག་མནལ་ལམ་དུ་བྱུང་བ་ལའང་ཀུན་མཁྱེན་དེ་ཉིད་ཀྱི་གསུང་ལས། ངེད་རྒྱལ་པོ་ཀྲྀ་ཀྲྀའི་སྲས་སུ་གྱུར་པའི་ཚེ་སངས་རྒྱས་འོད་སྲུང་ལ་སེམས་བསྐྱེད་ཐོབ་ཚུལ་གྱི་ཉིད་འཁྲུལ་བདེན་ན་ཁོང་གི་ཆོས་ཀྱི་གདུང་འཛིན་ཅིང་སེམས་ཅན་ལ་ཕན་ཐོགས་པར་རིགས་ཞེས་སོགས་གསུངས་པ་དང། ཡང་བླ་མ་དགོས་འདུས་ཀྱི་དབང་གི་སྐབས་རྗེ་འདི་གཟིགས་སྣང་ལ་ཀུན་མཁྱེན་ཉི་མངའ་བདག་ཉང་དང། རྗེ་ཉིད་སངས་རྒྱས་གླིང་པར་མངོན་སུམ་དུ་གསལ་སྣང་ཤར་བའང། དེ་དེ་བཞིན་དུ་དོན་ལ་གནས་པར་ཀུན་མཁྱེན་ཉིད་ཀྱིས་གསུངས་ཤིང། གཞན་ཡང་ཀུན་མཁྱེན་དེ་ཉིད་ཀྱིས་རྗེ་འདིར་ཞལ་གདམས་གནང་བར་ཡང། ཟན་གཡང་ཆོས་འཁོར་བཞེངས་པའི་ཚེ། ཕ་བུའི་དམ་ཚིག་འབྲེལ་བའི་ཚུལ། གནད་བྱང་ཐུགས་ཀྱི་སྒྲོལ་བུ་དང། ང་ཉིད་དབེན་ལ་བརྟེན་པ་ཡི། ད་མངོན་རྟོགས་ཇི་བཞིན་འཇལ་གྱུར་ནས། གཏེར་གྱི་ལུང་(སྨད་ཆ།༢༢༡)བསྟན་ཐོབ་པ་དེ། ད་ལྟ་བཀའ་གཏེར་ཆོས་ཀྱི་མཛོད། ཁྱོད་ལ་བསྐུར་ནས་མཐའ་ཁོབ་ཏུ། བསྟན་པ་སྦེལ་བའི་ལུང་བསྟན་ཡིན། གསུངས་པ་སོགས་ཀྱིས་མཚོན་ཀུན་མཁྱེན་ཉིད་མངའ་བདག་ཁྲི་སྲོང་དུ་སྐྱེ་བ་བཞེས་དུས་རྗེ་འདི་ལྷ་སྲས་མུ་རུབ་བཙན་པོ་ཡིན་པ་ཐེ་མི་ཚོམ་སྟེ་གོང་དུ་སྨོས་པའི་མནལ་ལམ་གཟིགས་སྣང་སོགས་གཏེར་ལུང་དུའང་ལྷ་སྲས་ཀྱི་སྦྲུལ་བར་ལུང་བསྟན་པ་ལྟར་བླ་མ་དགོངས་འདུས་ལུང་བསྟན་པས་ཀྱང། ལྷ་སྲས་གྲུབ་པའི་འབྲལ་བུ་བརྙེས་གྱུར་ཀྱང༔ རྒྱལ་བའི་གསང་སྔགས་ཡིད་སྨོན་མཐུ་ཆེ་བས། འགྲོ་བའི་དོན་ཕྱིར་སྦྲུལ་པ་ཡང་དང་ཡང། ཆ་ལུགས་མ་ངེས་གང་ལ་གང་འདུལ་གྱིས། ཆོ་འཕྲུལ་རྣམ་པར་སྦྲུལ་པ་སྟོན་པར་བྱེད༔ ཅེས་དང། ཡང་སངས་རྒྱས་གླིང་པའི་སྐྱེ་བརྒྱུད་ལུང་བསྟན་ལས། ཡུལ་བཟུང་རིགས་ཅན་དེ་ལྟར་བྱུང་དུས་ན། སྐྱེས་བུ་ཁྱེད་ཀྱི་ལས་ཀྱི་ལྷག་མ་རྣམས། མ་ལུས་བྱང་ནས་སྨོན་ལམ་དབང་གིས་ན། ས་མཐའ་མུན་པའི་གླིང་བར་ལྟ་བུ་ཡི། ཁྲོ་དུ་སྐྱེ་བ་བཞེས་ནས་རབ་བྱུང་ཞིང། སྦྱན་རས་གཟིགས་ཀྱི་ཆོས་སྐོར་ཉམས་སུ་ལེན། དེའི་དུས་སུ་བཀའ་ཆེམས་དྲན་བགྱིས་ལ། ཨོ་རྒྱན་གྲུབ་ཐོབ་པའི་འགྲོ་མགོན་གྱི། བྱིན་རླབས་རྗེས་སུ་གནང་ནས་བུརྡྷའོ། ཞེས་གསུངས་ཏེ་རྗེ་འདི་ཉིད་ཀྱི་འཁྲུངས་ཡུལ་དང་བཅས་ཤིན་ཏུ་གསལ་བ་དང། ཡབ་རྗེ་ཀུན་མཁྱེན་མཆོག་དང་མཇལ་ནས་བྱིན་གྱིས་བརླབས་ཚུལ་བཅས་ཤིན་ཏུ་གསལ་བར་སྣང་བས་རྗེ་གྲུབ་པའི་དབང་པོ་འདིའི་ལུང་བསྟན་དུ་ངེས་སོ་སྙམ་དུ་ཀོ་བོས་སེམས་སོ། དེ་ལྟར་ལུང་ཟིན་གྱི་སྐྱེས་ཆེན་དམ་པ་འདི་ལ་དག་སྣང་རྒྱུན་མི་འཆད་པར་རྩ་བ་གསུམ་གྱི་ལྷག་པའི་ལྷ་(སྨད་ཆ།༢༢༢)རབས་འབྱམས་ཞལ་གཟིགས་པ་དང་ལུང་བསྟན་པ་སོགས་ནི་མཐའ་ཡས་ལ། ཁྱད་པར་རྗེ་བཙུན་བཞད་པའིརྡོ་རྗེའི་སྒྲུབ་ཐབས། ཁྱུང་སྒྲུབ་དབང་ཚོག་གདོན་ཁྲོལ་བཅས་དང། བདེ་བ་ཅན་གྱི་ཕྱི་ནང་གསང་གསུམ་ཡང་གསང་རྟ་མགྲིན་སྒྲུབ་ཐབས་དང་བཀའ་སྲུང་མ་ཧཱ་དེ་ཝའི་སྒྲུབ་ཐབས་དེ་དག་གི་དབང་བཅས་ཚང་མ་དང། བརྩབས་ཆོས་ཀྱང་དམ་ཚིག་ཉམས་ཆགས་བཤགས་པའི་ཆོ་མ་མགོན་པོ་ཚོགས་བདག་གི་བསྒྲིག་སྟོད་ལས་སྨད་ལས་དགྲ་མནན་དབང་ཆོག་བཅས་དང། སངས་གླིང་ཕུར་བུའི་ཐགས་ཀྱི་ཉིད་ཁུའི་སྟོད་ལས་སྨད་ལས་དབང་ཚོག་བཅས་དང། ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་ཡོན་ཏན་མཛད་བསྡུས་འགྲེལ་སོགས་བསྟན་བཅོས་ཀྱི་རིགས་ཀྱང་མང་ཙམ་ཡི་གེར་བཀོད་པར་མཛད་སྣང་ཞིང། དབང་ལུང་གི་རྒྱུན་སོགས་ཀྱང་སྐལ་བ་དང་ལྡན་པའི་སློབ་ཚོགས་རྣམས་ལ་རིམ་པར་སྦེལ་བའི་བཀའ་དྲིན་དང་བཅས་ད་ལྟའང་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་བཞིན་བཞུགས་སོ། ཡང་རྗེ་རིན་པོ་ཆེའི་དངོས་སློབ་སྟག་ཕུ་གོ་ཤྲི་དཔལ་ལྡན་དོན་གྲུབ་ནས་སྐྱེས་ཕྲེང་རིམ་པ་བྱོན་པའི་ནང་གསེས་བློ་བཟང་ཆོས་ཀྱི་དབང་ཕྱུག་གམ་གར་དབང་པདྨ་དབང་ཕྱུག་ཏུ་གྲགས་པ་ནི་ཤར་ཕྱོགས་གྱིང་གི་ཡུལ་ཉང་ལོང་གི་སའི་ཆར་སྐུ་འཁྲུངས་ཤི། སྟག་ཕུ་རིན་པོ་ཆེ་གོང་མ་ངག་དབང་བློ་གྲོས་རྒྱ་མཚོའི་ཡང་སྲིད་དུ་ངོས་བཟུང་ནས་གདན་སར་ཆོས་ཀྱི་ཁྲི་ལ་ཞབས་ཀྱི་པདྨོ་བཀོད་ཅིང། ཀོང་པོ་འགྲུ་ལ་མཁན་ཆེན་ལ་གཙུག་ཕུད་ཕུལ། རྒྱལ་ཚབ་དེ་མི་ངག་དབང་འཇལ་བདེ་ལེགས་རྒྱ་མཚོ་ནས་རབ་བྱུང་དང། གོང་ས་རིན་པོ་ཆེའི་དྲུང་དུ་བསྙེན་པར་རྫོགས་པར་མཛད། ཤེས་བྱ་རིག་(སྨད་ཆ།༢༢༣)པའི་གནས་ལྔ་ལ་མཁྱེན་པ་རྒྱས། གྲ་སར་ལོ་གསུམ་ཙམ་བཞུགས་ནས་མཚན་ཉིད་ལ་གསན་སྦྱོང་གནང། གསང་སྔགས་གསར་རྙིང་གི་དབང་ལུང་མན་ངག་མཐའ་ཡས་པ་གསན། ཁྱད་པར་སྐུ་ཚེ་ལྔ་མ་གཏེར་ཆེན་ཞིག་གླིང་གི་བག་ཆགས་སད་པས་གསང་ཆེན་རྙིང་མ་ལ་ཐུགས་སྦྲོ་ཞིང་དག་པའི་སྣང་བ་ཕྱོགས་མེད་དུ་ཤར། གསང་སྔགས་གསར་རྙིང་གི་ལྷག་པའི་ལྟ་མང་པོ་ཞལ་གཟིགས་ཤིང། དེ་དག་གི་སྒྲུབ་སྐོར་དང་ལུང་བསྟན་སོགས་དག་པའི་སྣང་ངོར་མཚར་བའི་གཟིགས་སྣང་དུ་མ་བྱུང་ཚུལ་སོགས་ཆོས་ཚན་མང་དུ་སྣང་ཞིང། ཁྱད་པར་ཉི་སྦྲལ་རིན་པོ་ཆེ་ཆོས་ཀྱི་བདག་པོར་མངའ་གསོལ་ཕུལ་ནས་རྗེ་ཉིད་ལ་ཨོ་རྒྱན་ཆེན་པོས་དངོས་སུ་སྩལ་བའི་ཚེ་སྒྲུབ་འཆི་མེད་སྐུ་གསུམ་སྙིང་པོའི་སྒྲུབ་སྐོར་རྨད་དུ་བྱུང་བ་བཞུགས་ཏེ་འདིར་རྟེན་འབྲེལ་དུ་སྨོས་པ་ཡིན་ནོ། དེ་ལྟར་ཟབ་མོ་དག་སྣང་མར་གྲགས་པའི་ཆོས་སྐོར་བྱུང་ཚུལ་འདི་དག། གསར་རྙིང་རིས་མེད་ཀྱི་སྐྱེས་ཆེན་དམ་པ་དགེ་བའི་བཤེས་གཉེན་ཚད་ལྡན་རྣམས་ལ་གསང་ཆེན་རྙིང་མ་དང་འབྲེལ་བའི་དག་སྣང་གི་ཆོས་སྡེ་བྱུང་རིགས་རང་བློས་གང་དཔོག་ཙམ་ཞིག་བརྗོད་པར་བྱས་པ་ཡིན་གྱི་མཐའ་ཆགས་ཚང་བ་ནི་བདག་ལྟ་བུའི་བརྗོད་ནུས་པ་མ་ཡིན་ནོ། བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མིའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ལས། ཟབ་མོའི་དག་སྣང་གི་སྐོར་བྱུང་ཚུལ་བཤད་པའི་སྐབས་ཏེ་སརྒ་ལྔ་པའོ།།(སྨད་ཆ།༢༢༤)

སྦྱི་དོན་དྲུག་པ། དགོན་གནས་དང་གདན་རབས་སོགས་ཀྱི་སྐོར།

ཆུ་འགོ་གངས་ལ་ཐུག་པའི་ལོ་རྒྱུས་བླ་མ་བརྒྱད་པའི་རྣམ་ཐར་ཙམ་བརྗོད་པ། དྲུག་པ་དགོན་གནས་དང་གདན་རབས་སོགས་བརྗོད་པ་ལ་དེ་ཡང་བསྟན་པ་སྔ་དར་གྱི་དུས་ན་གསང་ཆེན་རྙིང་མ་ལས་གཞན་པའི་ཆོས་ལུགས་མི་གཅིག་པ་མེད་པས་མཆོད་གནས་སྡེ་གཉིས་པོ་འཕེལ་རྒྱས་ཆེ་ཞིང་བཤད་སྒྲུབ་ཀྱི་རྒྱུན་ཤིན་ཏུ་དར་བར་བཞུགས་ནའང་བསྟན་པ་ཕྱི་དར་གྱི་སྐབས་ནས་ཆོས་ལུགས་དང་གྲུབ་མཐའ་མི་འདྲ་བ་དུ་མ་དར་བས་རྙིང་མ་ཕལ་ཆེར་རིམ་གྱིས་བག་ལ་ཞ་ཞིང། གྲུབ་མཐའ་སོ་སོའི་རང་རང་གི་གཟི་བྱིན་བསྒྲུབས་པའི་ཤུགས་ལས་ཕྱོགས་འཛིན་གྱི་བརྟུལ་ཞུགས་བོད་བས་རྙིང་བསྟན་རིམ་གྱི་ཉམས་དམས་པར་གྱུར་མོད་ཅི། དེ་ལྷ་ནའང་སྟོད་མངའ་རིས་ནས་མདོ་སྨད་རྒྱ་ནག་ལ་ཐུག་གི་བར་རྣམས་དང། ལྷོ་མན་རྒྱ་འཚམས་ལ་ཐུག་གི་བར་གྱི་གངས་ཅན་ཡངས་ལྗོངས་འདིར་དགོན་གནས་ཆེ་ཕྲ་དུ་མ་དང་སྒྲུབ་སྡེ་དང་གནས་འཛིན་ལྟ་བུས་མཚོན་པའི་སྔགས་གྲ་རི་ཕུག་འཛིན་པ་སོགས་ཕྲན་བུའི་ནི་མ་ཁྱབ་པ་མེད་པ་ལྟ་བུར་སྣང་བས། དེ་དག་ཐམས་ཅད་ཀྱི་ལོ་རྒྱུས་ཞིབ་ཆ་ནི་སུས་ཀྱང་བརྗོད་པར་མི་ནུས་པས་འདིར་ཡང་སྙོམས་སུ་འཇོག་པ་ལས་འོས་མ་མཆིས་མོད། འོན་ཀྱང་དེ་དག་རྣམས་ལས)༢༢༥)ཡོངས་སུ་གྲགས་པ་འགའ་ཞིག་དང། དེང་སང་ཆོས་བརྒྱུད་དར་རྒྱས་སུ་བཞུགས་པ་དག་ནི་གདན་རབས་ཀྱང་ཅུང་ཟད་ཙམ་ཞིག་བརྗོད་པར་སྦྲོ་བ་ཡིན་ནོ། དེ་ཡང་དབུས་གཅང་ལྷོ་བྱང་རྣམས་ལས་བསྟན་པ་ཕྱི་དར་གྱི་ཐོག་མ་ནས་སྔགས་པའི་རྒྱལ་པོ་སོ་ཟུར་གནུབ་གསུམ་གྱིས་བཤད་སྒྲུབ་ཀྱི་རྒྱུན་རྒྱ་ཆེར་སྦེལ་ཞིང་ཡུན་རིང་དུ་བསྐྱངས་པ་ལས། གདན་སའི་ཐོག་མ་ཡང་འུག་པ་ལུང་དང་གསང་སྔགས་གླིང་སོགས་ཡིན་པར་སྣང་ནའང། དེ་དག་གི་གདན་རབས་སྔ་མ་རྣམས་ནི་གོང་དུ་སྔ་འགྱུར་བཀའ་མའི་སྐབས་སུ་གསལ་པ་སྟར་དང། དེ་ཕྱིན་གདན་རབས་གཅིག་ནས་གཉིས་སུ་བརྒྱུད་པའི་ཡི་གེ་ཡོད་པ་མ་མཐོང་ཀུང། གདུང་བརྒྱུད་དང་སྔས་གྲཱ་ཕྱོགས་སུ་གཏེར་ཁ་གོང་འོག་སོགས་ཀྱི་སྐུ་དྲིན་ལས་དར་རྒྱས་ཆེ་བ་བྱུང་བ་ཡིན་པར་སྣང་སྟེ། དེ་ཡང་སྦྲུལ་སྐུ་ཉང་རིན་པོ་ཆེ་ཉི་མ་འོད་ཟེར་གྱིས་ལྷོ་བྲག་བཛོད་ཕུའི་བྲག་ལ་སྒྲུབ་པ་མཛད་ཅིང་བཞུགས་པའི་ཚེ། འོད་ཀྱི་དཀྱིལ་ནས་མཁའ་འགྲོ་མ་དཀར་མོ་ཕྱག་ན་མདའ་དར་ཐོགས་པ་ཅིག་གིས། བུ་ཁྱོད་འདི་རུ་མ་འདུག་པར། མ་དང་མཁའ་འགྲོ་འདུ་བའི་གནས། ཞེས་སོགས་ཀྱི་ལུང་བསྟན་བྱུང་ནས་སྨྲ་བོ་ལྕོག་ཏུ་ཕེབས་ནས་གདན་པའ་རྟེན་འབྲེལ་མཛད་ནས་སྒྲུབ་སྡེ་བཏབ། གཏེར་ཁ་དུ་མ་བཞེས། སྐལ་ལྡན་མང་པོ་ཆོས་ཀྱི་ཕྲིན་ལས་ཀྱིས་བསྐྱངས་པས་ཆབ་སྲིད་དང་མངའ་ཐང་འཕེལ་བསྟན་པ་འཐའ་རྒྱས་སུ་འབྱུང་བའི་རྟེན་འབྲེལ་འགྲིགས། མ་གཅིག་ཇོ་འབུམ་མར་སྲས་བསྐྲུན་པའི་ཆོ་ག་མཛད་པས་འགྲོ་མགོན་ནམ་མཁའ་འོད་ཟེར་དང། ནམ་མཁའ་དཔལ་གཉིས་འཁྲུངས། དགུང་ལོ་དྲུག་ཅུ་རེ་དགུའི་བར་དུ་བསྟན་པ་དང་(སྨད་ཆ།༢༢༦)སེམས་ཅན་གྱི་དོན་དཔག་ཏུ་མེད་མཛད། མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་དང་གདན་སའི་འཕེལ་འགྲིབ་སོགས་བཀའ་སྩོལ། སྲས་ནམ་མཁའ་དཔལ་ལ་བསྟན་པ་གཏད་ནས་དག་པའི་ཞིང་དུ་གཤེགས། གཏེར་སྟོན་ཆེན་པོ་འདིའི་རྣམ་ཐར་ཞིབ་རྒྱས་གོང་དུ་གཏེར་བྱུང་སྐབས་སུ་སྨོས་ཟིན་ལ། འདི་སྨྲ་བོ་ལྕོག་གི་གདན་ས་ཐོག་མའི་བྱུང་ཚུལ་ཙམ་སྟེ། འདི་ཕྱིན་གདུང་རབས་འགའ་ཞིག་གི་རྣམ་ཐར་སྣང་བ་ཅུང་ཟད་འབྲི་ན། འགྲོ་མགོན་ནམ་མཁའ་དཔལ་ནི་ཡབ་ཉང་རིན་པོ་ཆེ་དང། ཡུམ་མ་ཅིག་ཇོ་འབུམ་མའི་སྲས་སུ་སྨྲ་བོ་ལྕོག་ཏུ་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་གྲུབ་པའི་མཚན་མ་བསམ་གྱི་མི་ཁྱབ་པ་མངའ། ཡབ་ལས་བཀའ་ཆོས་ཐམས་ཅད་བུམ་པ་གང་བྱོར་གསན། སྨན་དཔྱད་ལ་སྦྱང་བས་མཁས་པར་མཁྱེན། གཞན་ཞིག་པོ་བདུད་རྩི་སོགས་ལས་བཀའ་གཏེར་མཐའ་ཡས་པ་གསན། ཡབ་གཤེགས་ནས་གདན་ས་མཛད། ཡབ་ཀྱི་གཤེགས་རྫོངས་སུ་གསེར་གྱི་རྒྱུད་འབུམ་བཞེངས་པ་དང། བལ་པོར་སྒྲུབ་ཏུ་མངགས་ནས་རྟེན་རིགས་གསུམ་མགོན་པོ་བཞེངས་ནས་བོད་དུ་གདན་དྲངས། གཞན་ཡང་མདོ་མང་སྐྱ་པོད་རྒྱས་པ་འབུམ་སོགས་དང་གསེར་ཆོས་ཁོ་ན་ཏི་བརྒྱ་བཅུ་གསུམ་སོགས་རྟེན་བཞེངས་མཐའ་ཡས་པ་མཛད། ཡབ་ཀྱི་སྐུ་འདུད་དུ་ཁ་ཆེ་པཎ་ཆེན་གདན་དྲངས། པཎ་ཆེན་གྱི་ཐུགས་རྗེ་རྒྱུན་འཛུགས་དང་ཆུ་རགས་ཀྱི་ཞབས་ཏོག་རྒྱ་ཆེར་བསྒྲུབས་ཏེ་ཆུ་རགས་བྱེད་པ་ཐམས་ཅད་ཀྱི་སྔ་ཤོས་ཡིན། འདི་དག་གི་དུས་ལྷ་སྲིད་བྲན་དུ་ཁོལ་བས་ཉང་(སྨད་ཆ།༢༢༧)ལོང་ཡུལ་དང་དབུ་སྟོད་སོགས་ནས་རྡོ་རྣམས་ལུག་ཁྱུ་འགྲིམ་པ་ལྟར་སྐྱི་ཆུའི་འགྲམ་དུ་སླེབས་པ་སོགས་རྫུ་འཕྲུལ་དང་ནུས་པ་བརྗོད་ཀྱིས་མི་ལངས། ཇོ་ཤཱཀ་དབུ་རྩེར་གསེར་གྱི་འགན་ཇི་ར་ཡང་ཕུལ། བསམ་ཡས་སུའང་མར་ཁལ་སྟོང་ལྷག་གིས་མར་མེ་སོགས་དང། དེ་བཞིན་ཁྲ་འབྲུག་སོགས་མཐའ་འདུལ་གཙུག་ལག་ཁང་རྣམས་ལའང་མཆོད་པ་སོགས་རྣམ་དཀར་གྱི་མཛད་པ་རྒྱ་ཆེ། དགོན་གནས་ཀྱང་མང་པོ་ཙམ་ཞིག་བདག་གི་མཛད། སློབ་མའང་གཏེར་སྟོན་གུ་རུ་ཆོས་དབང་དང་ཀ༔ཐོག་མ་ཎི་རིན་ཆེན་སོགས་དང་ཡབ་དང་ཐུན་མོང་དུ་སློབ་ཚོགས་མང་ཞིང། ཐུགས་སྲས་མངའ་བདག་བློ་ལྡན་ལ་སོགས་མཐའ་ཡས་པར་བཞུགས། དེ་ནས་དགུང་ལོ་ལྔ་བཅུ་ང་བདུན་པ་ལ་སྲས་ལ་ཆེ་འདོན་དང་བསྟན་པ་གཏད་ནས་ཆོས་ཀྱི་དབྱིངས་སུ་གཤེགས་སོ། དེའི་སྲས་བློ་ལྡན་ཤེས་རབ་ནི། དགེ་བསྙེན་མཁའ་རིས་ཞུས་ལེན་དུ། དེ་སྲས་བློ་ལྡན་ཤེས་རབ་ནི། དགེ་བསྙེན་མཁའ་རིས་ཞུས་ལེན་དུ། དེ་སྲས་ཨོ་རྒྱན་སྦྲུལ་པའི་སྐུ༔ གླང་ལོར་བློ་ལྡན་ཞེས་བྱ་འབྱུང༔ ཞེས་གསུངས་པ་ལྟར་ཡབ་མངའ་བདག་འགྲོ་བའི་མགོན་པོའི་སྲས་སུ་གླང་གི་ལོལ་གཙང་དུ་འཁྲུངས། ཕྱོགས་དེའི་མཁས་པ་རྣམས་ལ་བསྟེན་ནས་གསན་བསམ་མཛད། ཕྱོགས་དེའི་མཁས་པ་རྣམས་ལ་བརྟེན་ནས་གསན་བསམ་མཛད། བལ་ཡུལ་དང་རྒྱ་ནག་རྣམས་སུའང་བྱོན་རྒྱ་ཧོར་གྱི་ནོར་སྣ་མང་པོ་ཕྱག་ཏུ་འབྱོར། སྨྲ་པོ་ལྕོག་གི་གདན་སར་ཆེ་འདོན་མཛད། མངོན་ཤེས་དང་གྲུབ་རྟགས་བསམ་གྱི་མི་ཁྱབ་པ་མངའ། འདི་སྐབས་ཧོར་དམག་བྱུང་ནས་བོད་ཡུལ་སྦྱི་དང་ལྷོ་བྲག་ཕྱོགས་ལའང་འཚེ་བས་རྟེན་རིགས་གསུམ་མགོན་པོའང་གཙང་དུ་གདན་དྲངས། དེར་མངོན་སྦྱོད་ལས་ཤིག་བགྱིད་པར་དགོངས་པས་ཕྱག་ན་རྡོ་རྗེའི་ལུང་བསྟན་པ་ལྟར་ཨེ་ཀ་ཇ་(སྨད་ཆ།༢༢༨)ཊིའི་སྦྲུལ་པའི་བུད་མེད་ཞིག་ལ་སྲས་གསང་བདག་བདུད་འདུལ་འཁྲུངས། ཡབ་སྲས་གཉིས་ཀྱིས་སྒྲུབ་པ་མཛད་པས་རྟགས་མཚན་བྱུང་བར་སྟེན་རིགས་གསུམ་མགོན་པོ་གདན་སར་ཕྱིར་ཕུལ། གཙང་ན་བཞུགས་དུས་ལྷ་སྐུས་གསུང་བྱོན་པ་ལ་རྣམ་རྟོག་ལངས་ནས་ཕྱག་དཔུང་ལ་སྟ་རེ་ཞུས་པའི་རྗེས་གསལ་པོར་སྣང། རྒྱུད་གསང་སྙིང་པོའི་བཤད་རྒྱུན་དང་སྒོམ་གྲཱ་སོགས་བཙུགས་ནས་དག་པའི་ཞིང་དུ་གཤེགས་སོ། དེའི་སྲས་གསང་བདག་བདུད་འདུལ་ནི། སྨྲ་བོ་ལྕོག་ཏུ་བལྟམས་གསན་བསམ་ཕྱོགས་མེད་མཛད། ཕུར་པའི་ལྷ་དྲུག་ཅུ་ཙ་བཞི་དང། ཕྱག་ན་རྡོ་རྗེའི་ཞལ་གཟིགས་མོན་ཁ་ནེ་རིང་དུ་བྲག་ལ་སྐུ་རྗེས་དང་ཞབས་རྗེས་བཞག་མཐུ་ཆེ་བའི་གྲགས་པ་ཆེ་ཞིང་མངོན་རྟགས་ཀྱང་གསལ། གཅུང་ལ་ལྕགས་ཕུར་ཅན་དང། སྲས་མདོ་སྡེ་སེང་གེ་ལ་སྨྲ་བོ་ལྕོག་གདན་ས་གནང་ནས་དགུང་ལོ་དྲུག་ཅུ་པ་ལ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། དེའི་སྲས་མདོ་སྡེ་སེང་གེ་ནི། ཡབ་གསང་བདག་ཆེན་པོའི་སྲས་སུ་འཁྲུངས། འབྲི་ཀློག་སོགས་ཡོན་ཏན་ཐམས་ཅད་མ་སློབ་པར་མཁྱེན། གསང་སྔགས་སྦྱི་དང་བྱེ་བྲག་ཡབ་ཆོས་སྐོར་ལ་མཁས་པ་སྦྱངས། སློབ་དཔོན་པདྨ་དང། རྡོ་རྗེ་རྣལ་འབྱོར་མའི་ཞལ་གཟིགས་ཤིང་ལུང་བསྟན་ཡང་ཐོབ། སྨན་སྒྲུབ་མཛད་པ་གཏམ་ཤུལ་ལུང་པ་ཐམས་ཅད་སྨན་གྱི་དྲིས་ཁྱབ་པ་བྱུང། རྟེན་བཞེངས་ཀྱང་མང་དུ་མཛད་ནས་འོག་མིན་དུ་གཤེགས་སོ། དེའི་སྲས་པདྨ་དངོས་གྲུབ་ནི། གཏམ་ཤུལ་དུ་འཁྲུངས། ཐོག་མར་རབ་བྱུང་མཛད་ཀྱང་སློབ་བུ་ཆེ་སྒྲེས་ཀྱིས་གདུང་སྦེལ་ཞུས་ངོར་སྔགས་ཆས་(སྨད་ཆ།༢༢༩)མཛད། སློབ་དཔོན་པདྨའི་ཞལ་གཟིགས་ཤིང་ཕྲིན་ལས་ཀྱི་སྦྲུལ་པར་གྲགས། གུ་རུ་དྲག་པོའི་ཞལ་གཟིགས་པས། དེ་ཕྱིན་ནས་ནད་པ་འདྲེ་ཅན་ལ་ཞལ་ཆབ་སླེབས་པ་ཙམ་གྱིས་ཆོག་པ་བྱུང། གསང་སྔགས་ལ་མཁས་པའི་གྲགས་པ་ཐོབ། བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་ཆོས་ཀྱི་དབྱིངས་སུ་གཤེགས། དེའི་སྲས་འཇལ་དཔལ་ནོར་བུ་ནི། ལྷོ་བྲག་གཏམ་ཤུལ་དུ་འཁྲུངས། གསང་སྔགས་ཕྱི་ནང་དང་ཡབ་ཆོས་ལ་མཁྱེན་པ་རྒྱས། སྣེའུ་གདོང་གྲགས་པ་རྒྱལ་མཚན་སོགས་མི་ཆེན་རྣམས་ཀྱིས་ཀྱང་གཙུག་ཏུ་བསྐུར། བསྟན་འགྲོའི་དོན་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་པ་ལ་གཤེགས། དེའི་སྲ་མངའ་བདག་ཀུན་དགའ་རྒྱལ་མཚན་ནི། ཐུགས་རྗེ་ཆེན་པོའི་སྦྲུལ་པར་ཨོ་རྒྱན་ཆེན་པོས་ལུང་བསྟན། ཡུམ་གྱི་མནལ་ལམ་དུའང་ཁྱོད་ལས་འཕགས་པའི་སྦྲུལ་པ་ཞིག་འབྱུང་ཞེས་པ་ཞིག་བྱུང། སྐུ་བལྟམས་པ་ནས་རིམ་པར་ཆོས་ལ་གསན་སྦྱང་དང་དབེན་པའི་རི་ཁྲོད་མང་པོར་སྒྲུབ་པ་ཁོ་ན་མཛད། ཡབ་གཤེགས་ནས་གདན་སའི་ཁུར་བཞེས་གནང། ལྷ་སར་ཕེབས་དུས་མ་མགོན་དང། སློབ་དཔོན་པདྨ། མངའ་བདག་ཡབ་སྲས་སོགས་ཞལ་གཟིགས། ཁྱད་པར་སྦྲུལ་སྐུ་ཨོ་རྒྱན་གླིང་པ་དང་མཇལ་ས་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སོགས་གསན། དེར་ཡང་བཀའ་བརྒྱད་བདེར་འདུས་སོགས་ཕུལ། བན་པ་སྨད་པས་ཞབས་འདྲེན་བྱུང་བར་ཆོས་སྐྱོང་རྣམས་བསྐུལ་བའི་མངོན་རྟགས་གསལ་བས་བབ་ཕུལ། བླ་ཐོ་དགོན་པའི་མཁན་སློབ་ཀྱིས་བབ་མ་ཕུལ་བར་སེར་བཞག་གྲངས་བསྒོས་པའི་ཉིན་ཐོག་སེར་གྱིས་ཡུལ་ཁམས་འཇོམ་པ་བྱུང་བས་སླར་བབ་ཕུལ། མཐུ་ཆེ་བའི་(སྨད་ཆ།༢༣༠)གྲགས་པས་ཕྱོགས་འགེང་བ་བྱུང། དཔལ་དགའ་ཐང་དུ་དགུང་ལོ་རེ་བདུན་པ་ལ་སྐུ་ཐིམ་པའི་ཚེ་འཇའ་འོད་རིང་བསྲོལ་བསམ་གྱིས་མི་ཁྱབ་པ་བྱོན། རྗེ་འདིས་ཆིབ་པ་ལའང་རིང་བསྲེལ་མང་དུ་བྱོན་པར་སྣང་ངོ། རྗེ་འདིའི་དུས་ཙམ་ནས་དགའ་ཐང་ཤར་ནུབ། དར་མ་སྣལ་སོགས་སྲས་སོ་སོས་བཟུང་བས་ཡབ་ཚན་དང་གདུང་བརྒྱུད་ཁག་དུང་མང་དུ་གྱེས། བར་འདིར་སྲས་མངའ་བདག་ནོར་བུ་འཕེལ་བ་དང་ཀུན་དགའ་འོད་ཟེར་གཉིས་ཀྱིས་ཀྱང་གདན་ས་ཐོག་རེ་མཛད་དོ། དེ་ནས་ཀུན་དགའ་རྒྱལ་མཚན་གྱི་སྲས་ལྷའི་རྒྱལ་མཚན་ནམ་ཇོ་བོ་ལྷ་དྲ་ནི། སྦྱིར་སྦྲུལ་པའི་སྐུ་འདི་ཕྲིན་ལས་གང་ལ་ཡང་ཐོགས་པ་མེད། ཁྱད་པར་གསང་སྔགས་བྱི་དང་ཉང་དང་ཆོས་དབང་གི་གཏེར་ཆོས་ཐམས་ཅད་མི་མཁྱེན་པ་མེད། དབང་དང་སྒྲུབ་ཆེན་གྱི་ཕྲིན་ལས་བསྐྱངས་ནས་འགྲོ་དོན་རྒྱ་ཆེར་མཛད། སྲས་ཀྱང་དྲུག་ཙམ་བཞུགས་པའི་ལྷུན་གྲུབ་ལ་སྲས་ཀྱི་ཐུ་བོར་དབང་བསྐུར་ནས་བསྟན་པའི་གཉེར་གཏད་ནས་དགུང་ལོ་ང་དགུ་པ་ལ་གཤེགས་སོ། དེའི་སྲས་བཟང་པོ་ལྷུན་གྲུབ་ནི། སྔོན་གྱི་ལས་འཕྲོ་ཆོས་སུ་སད་པས་བླ་མ་སངས་རྒྱས་གཉིས་པ་དེའི་སྲས་སུ་འཁྲུངས། སྐུ་གཞོན་དུས་ཅི་ཡང་མི་མཁྱེན་པའི་ཚུལ་མཛད་ཀྱང། སྐབས་ཤིག་ནས་ཆོས་ཀྱི་ཀློང་བརྡོལ་པ་གསར་རྙིང་གཉིས་ཀའི་ཆོས་ལ་མཁས། སྒྲུབ་པ་མཐར་ཕྱིན་པས་མཁའ་འགྲོའི་ལུང་བསྟན་ཐོབ། མངོན་ཤེས་ཕྱོགས་མེད་དུ་ཤར་བས་མ་འོངས་འབྱུང་འགྱུར་ཐམས་ཅད་མངོན་སུམ་ལྟ་བུར་གཟིགས། འཁོར་དང་ལོངས་(སྨད་ཆ།༢༣༡)སྦྱོད་གང་ལའང་ཐུགས་ཀྱི་འཛིན་པ་མི་མངའ། སྐུ་འཕོ་བའི་མཚན་མ་གཟིགས་པས་དེ་འི་ལ་རྒྱུས་གསུངས། ཡབ་ལྷ་བཟང་བས་ཀྱང་བསྟན་པ་གཏད་པ་མཛད། དེ་ནས་དགུང་ལོ་ཞེ་དྲུག་པ་ལ་སྐུ་གཤེགས་པའི་དུས་གནས་ཁང་འདི་བོར་ན་དགའ་བ་ཡིན། ནམ་ལངས་ན་མུན་པ་མེད། ལུས་རྒྱ་ཞིག་ན་རྣལ་འབྱོར་པ་ཉི་མ་ཤར་བ་དང་འདྲ་གསུངས་ནས་མཁའ་སྦྱོད་དུ་གཤེགས། དེའི་ཚེ་སྐལ་བ་ལྡན་པ་དག་གིས་སྐུ་གཞོན་ཚུལ་ཕྱག་ཌ་དྲིལ་དང་བཅས་འཇའ་འོད་ཀྱི་ཀློང་ནས་མཁའ་འགྲོའི་ཚོགས་ཀྱིས་བསུས་ནས་གཤེས་པར་མཐོང་བ་བྱུང་ངོ། དེའི་སྲས་ཉང་རྡོ་རྗེ་རྒྱལ་མཚན་དང་མངའ་བདག་ཀུན་དགའ་འོད་ཟེར་གྱི་སྲས་ཀུན་དགའ་འཕེལ་དང། དེའི་སྲས་མངའ་བདག་ཀུན་དགའ་ལྷུན་གྲུབ། མངའ་བདག་ཀུན་དགའ་བསྟན་འཛིན་ཆོས་རྒྱལ་སྟེ་འདི་ཙམ་ནས་སྨྲ་བོའི་གདུང་འཛིན་མེད་པར་མངོན། གཞན་ཉང་གི་གདུང་ཆེས་མང་བ་དེང་སང་ཡང་ཡོད། སྨྲ་བོ་ལྕོག་གི་ང་ལྟའི་གདན་རབས་ཡི་གེར་འཁོར་པ་མ་མཐོང་ངོ། དེ་ལྟར་མངའ་བདག་གི་གདུང་བརྒྱུད་འདི་དག་གསང་སྔགས་རྙིང་མ་སྦྱི་དང་ཁྱད་པར་ཡབ་ཆོས་ལ་མཁས་ཤིང་གྲུབ་པ་བརྙེས་པ། སྦང་རྟོགས་ཀྱི་ཡོན་ཏན་དུ་མ་དང་ལྡན་པ། རྟོགས་པ་ཀློང་དུ་གྱུར་ཅིང་ཡི་དམ་གྱི་ལྷའི་ཞལ་གཟིགས་པ། སྡེ་བརྒྱད་བྲན་དུ་ཁོལ་ཞིང་ཕྲིན་ལས་རྣམ་པ་བཞི་ལ་དབང་འབྱོར་བ་ཤ་སྟག་རེ་སོ་སོའི་རྣམ་ཐར་དུ་གསོལ་ལོ། སྦྲུལ་པའི་གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་ལ་གདན་ས་གོང་འོག་(སྨད་ཆ།༢༣༢)མང་ཡང། ལ་ཡགས་གུ་རུ་ལྷ་ཁང་ངམ་བསམ་འགྲུབ་བདེ་བ་ཆེན་པོའི་ལྷ་ཁང་ནི་ཐོག་མར་གུ་རུ་ཆོས་དབང་གིས་བཏབ་པ་ཡིན་ཀྱང་དེང་སང་ལྷ་བྲག་གསུང་སྦྲུལ་ནས་སྐྱོངས་ཏེ་གཤམ་དུ་འཆད་འགྱུར་ལས་ཤེས། གཞན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་སྲས་ལང་གྲོ་ལོ་ཙཱ་བའི་སྐྱེ་བ་པདྨ་དབང་ཆེན་གྱི་བརྒྱུད་ལས། ལྷོ་བྲག་བཙན་སྒྲོ་གནས་གཞི་དང། ཡར་སྟོད་ལྷ་བྲོ་བ། གཙང་ནས་ཕྲ་མོ་ནས། སྲས་ཆུང་བ་མཚན་ལྡན་ཉི་མའི་འོད་ཟེར་གྱི་གདུང་ལས་ཨེ་བྲག་སྣ་ཆོས་རྗེ་སོགས་བྱུང་སྣང་ལ་འདི་དག་གི་གདན་རབས་ཡི་གེར་བཀོད་པ་མ་མཐོང་ཡང། དེང་སང་ཡང་སྔགས་གྲཱ་དང་བརྒྱུད་སོ་སོར་ལ་ཉམས་པར་ཡོད་དོ། གཞན་ལྷོ་བྲག་ཕྱོགས་གཏེར་ཆེན་རརྣའི་གདན་ས་ལྷུན་གྲུབ་ཕོ་བྲང་ནི་སྔར་དར་རྒྱས་ཆེན་པོ་བྱུང་བར་སྣང་ཡང་དེང་སང་ཧ་ཅང་དར་རྒྱས་ཡོད་པར་མ་མངོན། ཆགས་བྱང་ཆུབ་གླིང་ནི་པདྨ་གླིང་པའི་གཏེར་སློབ་གཏེར་སྟོན་བྱང་ཆུབ་གླིང་ནི་ལྔ་པ་རིན་པོ་ཆེས་བཏབ། གཏེར་ཁ་གོང་འོག་ཚེ་བདག་དང་ལྔ་པའི་དག་སྣང་རྒྱ་ཅན་སོགས་ལ་ཉམས་ལེན་བྱེད། ལྷོ་བྲག་གུ་རུ་ཁང་དང་ལྷ་ཁང་དང་ལྷ་ལུང་གི་གདན་རབས་ནི། སྦྲུལ་པའི་སྐུ་བསྟན་འཛིན་གྲགས་པ་ནི། སྔོན་ལུང་སྐན་ལ་ཞེས་པར་འཁྲུངས། རྣམ་ཐར་རྒྱས་པ་སྨིན་གླིང་གདན་རབས་སྐབས་སུ་འབྱུང་ལ། རིག་འཛིན་ཆེན་པོ་པདྨ་གླིང་པའི་སྐུའི་སྐྱེ་བར་ངེས་པས་གཏེར་སྟོན་གྱི་གདན་སར་སྦྱན་དྲངས། རིན་པོ་ཆེ་དཀོན་མཆོག་བཟང་པོ་དང། ཐུགས་སྲས་ཟླ་བ་སོགས་ཀྱི་སྦྱན་སྔར་བཞུགས། སྦྲུལ་སྐུ་སྣ་ཚོགས་རང་གྲོལ་གྱིས་བོད་དུ་སྦྱན་(སྨད་ཆ།༢༣༣)དྲངས་ཚུལ་སོགས་གཤམ་དུ་གསལ། ཐུགས་སྲས་པདྨ་ཕྲིན་ལས་ནི། མོན་བུམ་ཐང་ཕྱལ་གྱི་གཞང་ཞེས་པར། ཡབ་རྟ་མགྲིན་གྱི་སྦྲུལ་པ་ཐུགས་སྲས་ཟླ་རྒྱལ་མཚན་དང། ཡུམ་ཆོས་སྐོར་བའི་དཔོན་བརྒྱུད་ཨ་མ་བུ་ཁྲིད་གཉིས་ཀྱི་སྲས་སུ་འཁྲུངས། ཆོས་ལུང་མཁན་ཆེན་གྱི་སྐྱེ་བར་ངེས་པས་ཆོས་ལྡན་སྐྱེ་བ་བདུན་པ་ལ་འབྱུང་པའི་སྨིན་འཚམས་སྨེ་བ་དཀར་པོ་དང། གསང་ཆབ་ལ་གླ་རྩིའི་དྲི་བྲོ་དང། སྐུ་སྨད་སྟག་གི་རི་མོ་དང། དཔྲལ་བར་ཉི་ཟླའི་དབྱིབས་ཀྱི་ཤ་མཚན་སོགས་མངའ། སྐུ་ན་ཕྲ་མོ་ནས་གོང་མའི་གདན་ས་རྣམས་སུ་ཕེབས། བྲག་ལ་ཞབས་རྗེས་འཇོག་གྲགས་པས་སྦྱོད་བྲན་གནང། ཡབ་དང་དབུ་མཛད་རིན་པོ་ཆེ་སོགས་ལས་བང་གླིང་ཆོས་སྐོར་གཙོ་གྱུར་གསན་སྦྱོང་མཐར་ཕྱིན་གནང། ཚོགས་ཆེན་དགེ་འདུན་སྒང་པའི་སློབ་གྲར་དགེ་སློང་གི་དངོས་པོར་སྒྲུབ། སྐུ་བཙུན་ཚད་དུ་འཇོག། མོན་བོད་གཉིས་སུ་ཆོས་སྡེ་གསར་འཛུགས་གཙུག་ལག་ཁང་བཞེངས་པ་སོགས་ལྔ་དྲུག་ཙམ་དང། ཁྱད་པར་ལྷོ་བྲག་འཚོ་ཡུལ་དུ་རི་རབ་བཀྲ་ཤིས་ཆོས་རྫོང་གསར་འདེབས་ཀྱི་གདན་ས་མཛད་ནས། རྗེ་གོང་མའི་སྦྲུལ་སྐུ་ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ་སྦྱན་དྲངས། དེ་ནས་ལྷོ་བྲག་གུ་རུ་ལྷ་ཁང་གི་ཞལ་ངོ་རྣམས་མི་བཞུགས་པའི་སྟབས་ཀྱིས་ཆོས་མཛད་རྒྱལ་པོ་དོན་གྲུབ་ཀྱིས་རྗེ་འདིར་ཕུལ་བ་ནས་བཟུང། གསུང་སྦྲུལ་རིམ་བྱོན་གྱི་གདན་སའི་གཙོ་བོར་གྱུར། གཞན་ཡང་དབང་ལུང་འཆད་སྦེལ་རྟེན་བཞེངས་མཛད་ཆུལ་སོགས་མཐའ་ཡས་ཏེ་སྒྲུབ་ཆེན་ཁོ་ན་ཡང་བརྒྱ་དང་ཉི་ཤུ་ཙམ་མཛད། ལྷག་པའི་ལྷ་དུ་མའི་ཞལ་གཟིགས་པ་དང་(སྨད་ཆ།༢༣༤)གྲུབ་པའི་རྟགས་མཚན་མང་པོ་མངོན་སྣང་དུ་སྟོན་པ་སོགས་ནི་མཐའ་ཡས། འབྲུག་པ་ངག་དབང་རྣམ་རྒྱལ་སོགས་མོན་བོད་ཀྱི་མི་ཆེན་ཆེ་དགུ་མང་པོས་ཀྱང་གཅུག་ཏུ་བཀུར། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་གསུང་སྦྲུལ་རིན་པོ་ཆེ་ཚུལ་ཁྲིམས་རྡོ་རྗེ་ཆོས་ཀྱི་རྒྱལ་སར་མངའ་གསོལ་མཛད་ནས་དགུང་ལོ་བརྒྱད་ཅུ་བ་ལ་མོན་བུམ་ཐང་གི་གདན་སར་དག་པའི་ཞིང་དུ་གཤེགས། གདུང་ཞུགས་འབུལ་བགྱིས་པས་རིང་བསྲེལ་གྱི་ཆར་འབེབས་པ་སོགས་ངོ་མཚར་བའི་ལྟས་བསམ་གྱི་མི་ཁྱབ་པ་བྱུང་ངོ། གསུང་སྦྲུལ་རིན་པོ་ཆེ་ཚུལ་ཁྲིམས་རྡོ་རྗེ་ནི། སྙེ་མོ་བོང་ར་ལྷོ་སྨད་ཆེན་མོར། ཡབ་གནུབས་རིགས་ཚེ་བསྟན་དོན་གྲུབ་དང། ཡུམ་ཁྱུང་པོ་ར་མངས་བཟའ་བརྒྱ་དགའ་ཞེས་པ་གཉིས་ཀྱི་སྲས་སུ་འཁྲུངས། གསུང་ངག་བྱེ་བ་ནས་གོང་མའི་སྐྱེ་བ་ཡིན་ཚུལ་སོགས་གསུངས། དེ་སྐབས་ཡུལ་དེ་འི་སྡེ་དཔོན་ཀརྨ་སྒྲུབ་བརྒྱུད་ཞེས་པས། བླ་མ་རྣམས་ལ་རྟགས་ཞུས་དག་རྟེན་གསུམ་དྲུང་དུ་བརྟག་སྒྲིགས་སོགས་བགྱིས་པར་གོང་མའི་སྐུ་སྐྱེར་ངོས་འཛིན་མཏུན། ཁྱད་པར་ས་སྐྱ་བདག་ཆེན་གྱིས། ཁོང་པདྨ་གླིང་པ་ཡང་ཡིན། རྒྱ་གར་གྱི་པཎྜི་ཏ་དུལ་བའི་ལྷ་ཡང་ཡིན་གསུངས། དེ་ནས་ཐུགས་སྲས་པདྨ་ཕྲིན་ལས་ཀྱིས་ངོས་འཛིན་དང་བདག་རྐྱེན་སྦྲད། སྐུ་ཡོན་སློབ་སྦྱོང་སོགས་མཛད། ཐུགས་སྲས་ཉི་ཟླ་རྒྱལ་མཚན་དང་མཇལ་དུས་ཡབ་སྲས་གཉིས་ཀར་མནལ་ལས་སོགས་ངོ་མཚར་བའི་ལྟས་བྱུང་ཞིང་མཇལ་འཕྲད་ཀྱི་དུས་ཐུགས་ཀའི་རིང་བསྲེལ་ངོ་དེ་བྱེད་ཀྱི་ཡིན་སོགས་གསུངས་ཏེ། དེ་ཡང་རིང་བསྲེལ་འདི་ནི་གཏེར་ལུང་ལས། སྙིང་གར་རིང་བསྲེལ་སྲན་རྟོག་ཙམ་ཡང་ན་མཁའ་འདི་ནི་གདན་འདྲེན་བྱེད། ཡང་ན་སྙིང་གི་བུ་ལ་འཕོ། ཞེས་(སྨད་ཆ།༢༣༥)གསུངས་པ་བཞིན། སྔན་པདྨ་གླུང་པའི་ཐུགས་ཀར་བཞུགས་པ་རྒྱལ་སྲས་ཟླ་བ་གཡུའི་བུད་མེད་འཁྱུད་གང་བའི་རྣམ་པར་ཐིམ་ནས་ཐུགས་དཀར་བཞུགས་པ་དང། དེ་ནས་སྦྲུལ་སྐུ་བསྟན་འཛིན་གྲགས་པར་བབས། དེ་ནས་ཐུགས་སྲས་ཉི་ཟླ་རྒྱས་མཚན་ལ། ཐུགས་སྲས་ཞིང་གཤེགས་རྗེས་སྦྲུལ་པའི་སྐུ་འདིར་བབས་པ་ཡིན་པར་སྣང། རྒྱལ་བ་ཀློང་ཆེན་པས་མནལ་ལམ་དུ་དྲི་མེད་ཀྱི་མཚན་བརྒྱད་རིམ་པར་གནང་ཡང་བདག་གིར་མ་མཛད་པས་འོ་ན་ཚུལ་ཁྲིམས་རྡོ་རྗེ་ཐོགས་གསུངས་པ་བཞིན་ད་ལྟའི་བར་དུ་མཚན་དེ་བཞིན་དུ་གྲགས། དགུང་ལོ་བཅུ་གཅིག་པ་ལ་ཐུགས་སྲས་པདྨ་ཕྲིན་ལས་ཀྱིས་འཚོ་ཡུལ་རི་བཀྲ་གསང་སྔགས་ཆོས་གླིང་དུ་གདན་དྲངས། དེ་རྗེས་དར་རྒྱས་ཆོས་གླིང་པས་ཀྱང་དར་རྒྱས་ཆོས་གླིང་དུ་ཁྲི་འདོན་སོགས་ཕུལ། རྗེ་ཞཱ་དམར་དྲུག་པར་གཙུག་ཕུད་ཕུལ། མཚན་ཚུལ་ཁྲིམས་དགེ་ལེགས་དཔལ་བཟང་པོར་གསོལ། འབྲས་ཡུལ་སྐྱིད་གདུལ་བྱ་རྣམས་ལ་སྔ་ཕྱིར་ཆོས་ཀྱི་འཁོར་ལོ་ལན་གྲངས་དུ་མར་བསྐོར། ཁྱད་པར་ས་སྐྱ་བདག་ཆེན་བསོད་ནམས་དབང་པོའི་བཀའ་ཆོས་མང་དུ་གསན་ཞིང། ས་སྐྱ་བདག་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག་གིས་ཀྱང་བཀའ་ཆོས་མང་དུ་གསན་ནས་ཏི་ཤྲིར་བཀུར། གཏེར་སྟོན་རརྣའི་གདུང་མཆོད་ཀྱི་སར་ཕེབས་ནས་གསང་ཆེན་རྙིང་མའི་རྒྱུད་སྦེལ། ཁྱད་པར་རྒྱུད་འབུམ་ལུང་རྒྱུན་གོང་ར་ལོ་ཆེན་ལ་ཕུལ་བས་བསྟན་རྒྱུན་ཚུགས། ལོ་ཆེན་དྲུང་ནས་སྒྲ་དང་སྙན་ངག་སོགས་གསན་པས་མཁས་པའི་རྩེར་སོན། མོན་དུ་ཕེབས་ནས་གསང་སྔགས་(སྨད་ཆ།༢༣༦)ཆོས་གླིང་གི་གདན་ས་ཡང་མཛད། འབྲུག་པ་ངག་དབང་རྣམ་རྒྱལ་གྱིས་ཀྱང་རྗེ་འདིའི་ཡོན་ཏན་ལ་ཐུགས་མོས་ཐོས་ས་ནས་བསྔགས་བརྗོད་བསྙེན་བཀུར་ཕུལ། མོན་བོད་ཀྱི་བར་ཆིངས་ལེགས་སྦེལ་ཀྱང་ཡབ་སྲས་ལྷན་རྒྱས་ནག་གནང་བ་ཀུན་གྱི་དང་དུ་བླངས་པས་མོས་བོད་བདེ་བའི་མདུན་མའང་གྲུབ་སྟེ་ཐུགས་རྗེས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་མཛད། སྡེ་པ་ཐོབ་རྒྱལ་བས་གདན་དྲངས་པ་ལྟར་ཕེབས་ནས་རྒྱང་ཙམ་བཞུགས། གཙང་བསམ་འགྲུབ་རྩེར་ཡང་སྔ་ཕྱིར་གདན་དྲངས་པར་ཕེབས། འདི་སྐབས་རྙིང་རྒྱུད་པུ་ཏི་ཚང་མ་གསར་བཞེངས་དང། བསམ་ཡས་ལ་ཞིག་གསོས་ཀྱང་མཛད། མོན་བོད་རྣམས་སུ་ཕེབས་སྐྱོད་རེས་མོས་ཀྱིས་དད་ལྡན་རྣམས་ཀྱི་རེབ་བསྐོངས། སྐྱེ་བདུན་སྨན་སྒྲུབ་སོགས་གྲངས་ལས་འདས་པ་མཛད། བླ་མ་པདྨ་ཕྲིན་ལས་མོན་བུམ་ཐང་དུ་སྐུ་ཐིམ་པར་དགོངས་རྫོགས་རྟེན་བཞེངས་སོགས་ཁུར་བཞེས་གནང། ཐུགས་སྲས་སྦྲུལ་པའི་སྐུ་བོད་དུ་གདན་དྲངས་ནས་ཁྲི་འདོན་དང་སྐྱབས་སྡོམ་སྩལ་ནས་མཚན་བསྟན་འཛིན་འགྱུར་མེད་རྡོ་རྗེར་གསོལ། དཔལ་ལྡན་འབྲས་སྦུངས་ཀྱི་ཆོས་སྡེར་ཀུན་མཁྱེན་ལྔ་པ་རིན་པོ་ཆེ་མཇལ་བཀའ་གདམས་ཐིག་ལེ་བཅུ་དྲུག་སོགས་གསན། གུ་རུ་ལྟ་ཁང་གི་ཕྱིར་རོལ་དུ་གྲོང་ནག་ཡོད་པ་རྣམས་ཕུད་ནས་ལྕགས་རི་ཤག་སྐོར་དང་གཙུག་ལག་ཁང་གསར་བཞེངས་སོགས་ཕྱག་རྗེས་ཆེ། ཐུགས་སྲས་པད་ཕྲིན་པའི་སྐུའི་སྐྱེ་བ་མོན་དུ་འཁྲུངས་པ་དེ་གའི་གདན་སར་ཁྲི་འདོན་མཛད། འབྲིང་གུང་དུ་ཞབས་དྲུང་ཆོས་ཀྱི་གྲགས་པ་དང་སྔ་ཕྱིར་བཀའ་ཆོས་མང་པོ་གསན་རེས་མཛད་ཅིང་ཏི་ཤྲིར་བཀུར། སྟག་ལུང་པ་བཀྲ་ཤིས་དཔལ་གྲུབ། ཇོ་ནང་སྦྲུལ་སྐུ་ཧཱ་ར་ན་ཐ། རྒྱལ་ཚབ་གྲགས་པ་ཆོས་དབྱངས་(སྨད་ཆ།༢༣༧)སོགས་དམ་པ་མང་པོས་རྗེ་འདིར་བསྔགས་པའི་གླིང་བུ་ཕྱོགས་གཅིག་ཏུ་བསྒྱུར་བས་མཛད་དོ། འདི་སྐབས་སླར་ཡང་སེམས་ཅན་སྦྱིའི་ལས་ཀྱིས། དགེ་འབྲུག་ཐུགས་མི་མཐུན་པའི་ཚུལ་གྱིས། བོད་ཀྱི་དཔུང་ཆེན་ལྟོར་འདེགས་བཀོད་གནང་པར། ཐུགས་ཀྱི་མ་བཟོད་ནས་ལྷོར་ཕེབསམ། དགེ་འབྲུག་བར་ཆིངས་འཚམས་སྦྱོར་ལེགས་སྦེལ་དང། དམག་མི་སོ་སོར་མི་འཇིགས་ས་སྐྱབས་ཀྱི་སྦྱིན་པས་བསྐྱངས་པ་ན། པད་གླིང་གདུང་བརྒྱུད་རྣམས་གཅོ་བོར་གྱུར་པའི་མོན་ཁ་བཞིའི་འགྲོ་བ་མཆོག་དམན་ཐམས་ཅད་ཀྱིས་རྗེ་འདིའི་ཞབས་པད་ལ་བཏུད་པ་མེད། དེ་སྐབས་ཐུགས་སྲས་པདྨ་ཕྲིན་ལས་པའི་ཡང་སྲིད་ཀྱིས་ཀྱང་ཞབས་དྲུང་དུ་བྱོན་ནས་བཀའ་ཆོས་གང་འགྲོ་གསན། དགེ་བསྙེན་གྱི་སྡོམ་པ་སྩལ། མཚན་བསྟན་འཛིན་ལེགས་པ་དོན་གྲུབ་ཏུ་གསོལ། སླར་རྗེ་ཉིད་བོད་དུ་ཕེབས། ལྷ་སར་གོང་ཞབས་ཡས་ཕྱིན་མཇལ་དུ་ཕེབས། བཀུར་བཟོས་དང་བདག་རྐྱེན་བླ་ལྷག་ཏུ་གནང། སྡེ་པ་སྐྱིད་ཤོད་པས་བསམ་ཡས་ཞིག་གསོས་གྲུབ་པར་རབ་གནས་ལ་གདན་དྲངས་པ་བཞིན་ཕེབས་པས་ཆོས་སྐྱོང་མནོད་སྦྱིན་ཆེན་ཻཾཔ་ཁོག་རློམ་གྱིས་རྗེ་འདིར་གུས་འདུད་དཔེ་མེད་དང་ཕྲལ་དགོས་ལུང་བསྟན་ཀྱང་གནང། སླར་འབྲི་གུང་དུ་གདན་དྲངས་ནས་སྦྲུལ་པའི་སྐུ་དཀོན་མཆོག་ཕྲིན་ལས་བཟང་པོར་དགོངས་འདུས་རྩ་དབང་སོགས་བཀའ་ཆོས་མཐའ་ཡས་པ་ཕུལ། དར་རྒྱས་ཆོས་སྡིངས་སུ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ཀྱིས་གདན་དྲངས་པ་བཞིན་ཕེབས་བཀའ་ཆོས་སོགས་གསན་རེས་ཀྱི་ཐུགས་བཞེད་བསྐངས། དགོན་འདིར་སྔ་ཕྱིར་ལན་མང་དུ་ཕེབས་ནས་རིག་འཛིན་འགྱུར་མེད་རྡོ་རྗེ་སོགས་མཇལ་འཕྲད་མཛད་ཚུལ་སོགས་རྣམ་ཐར་ན་གསལ། སླར་ཡང་(སྨད་ཆ།༢༣༨)དར་རྒྱས་ཆོས་སྡིངས་དང། བྲེས་བོན་པོ་ལུང་སོགས་ལ་ལན་ཁ་ཡར་ཕེབས་ནས་སྐྱེ་བདུན་སྒྲུབ་ཆེན་སྨན་སྒྲུབ་སོགས་མཛད་ཚུལ་དང། ཐུགས་སྲས་སྦྲུལ་པའི་སྐུ་རིན་པོ་ཆེ་སོགས་རང་གཞན་དང་འདུས་མང་པོར་བཀའ་ཆོས་སྩལ་ཚུལ་སོགས་བརྗོད་ཀྱིས་མི་ལངས། ཐུགས་དམ་ལུང་རྟོགས་སོགས་གཞན་གྱིས་འགྲན་བྱར་མ་གྱུར་ཅིང། ཡི་དམ་ལྷའི་ཞལ་གཟིགས་པ་སོགས་གྲུབ་མཚན་མངོན་སྣང་དུ་གྱུར་པའང་བསམ་གྱིས་མི་ཁྱབ་པ་གོང་རལ་ཆེན། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། སྙིད་ཕུ་རིག་འཛིན་སྙིང་པོ། དར་ལྡིང་ཕྲིན་ལས་ལྷུན་གྲུབ། རྩེ་ལེ་སྣ་ཚོགས་རང་གྲོལ། ཀ༔ཐོག་པ་པདྨ་བློ་གྲོས་སོགས་དང་བཀའ་ཆོས་ཕར་འབུལ་ཚུར་གསན་གྱིས་མཚོན་པའི་མཛད་ཕྲིན་དང། གསུང་རྩོམ་བསྟན་བཅོས་ཀྱང་པུ་ཏི་གཉིས་ཙམ་ཡོད་དེ། མདོར་ན་མཁས་པའི་བྱ་བ་གསུམ་གྱིས་རྒྱལ་བསྟན་རིན་པོ་ཆེ་སྦྱི་དང་བྱ་བྲག་སྔ་འགྱུར་རྙིང་བསྟན་རིན་པོ་ཆེ་གོང་ནས་གོང་དུ་སྦེལ་བ་ལ་ཕྲིན་ལས་ལྷག་པར་ཆེ་བ་ཞིག་གོ། དེ་ལྟར་བཤད་སྒྲུབ་རྒྱུན་ཡུན་རིང་དུ་བསྐྱངས་ནས་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བར་མཛད་པས་གཤེགས་རྗེས་ཀྱི་བྱ་བ་རྣམས་ཐུགས་སྲས་སྦྲུལ་སྐུ་རིན་པོ་ཆེ་སོགས་ཀྱིས་བསྒྲུབས་པར་མཛད་དོ། ཐུགས་སྲས་སྦྲུལ་པའི་སྐུ་བསྟན་འཛིན་འགྱུར་མེད་རྡོ་རྗེ་ནི། དེ་ཡང་གཏེར་སྟོན་པདྨ་གླིང་པར་ཐུགས་སྲས་རིགས་གསུམ་གྱི་རྣམ་འཕྲུལ་དུ་གྲགས་པ་རྣམས་ལས་དབང་ཆེན་རྟ་མགྲིན་གྱི་སྦྲུལ་པར་ལུང་གིས་ཟིན་པའི་ཐུགས་སྲས་ཟླ་བ་རྒྱལ་མཚན་དུ་གྲགས་པའི་སྐུ་འཕྲེང་རིམ་པར་བྱོན་པའི་བཞི་པ་སྟེ། ཐུགས་སྲས་ཟླ་བ་རྒྱས་མཚན་ནི་སྨྱོས་རིགས་གཏེར་ཆེན་པདྨ་གླིང་(སྨད་ཆ།༢༣༩)པའི་སྲས་སུ་བུམ་ཐང་ཚལ་དུ་འཁྲུངས། ཟབ་ཆོས་མཐའ་དག་ཡབ་ས་བུམ་པ་གང་བྱོར་གསན། གསང་གཏེར་དུ་མ་བཞེས་ཤིང་མཐའ་དམག་བཟློག་པར་མཛད་པ་སོགས་ཕྲིན་ལས་ཀྱི་ནུས་མཐུ་ཆེ། ཡབ་ཀྱིས་འབྲོགས་པར་མཛད་པའི་ཆལ་ན་ལེང་གཞོང་བདེ་ཆེན་གླིང་གི་དགོན་པར་གདན་སའི་གཞི་བཟུང་མངོན་པར་མཁྱེན་པ་ཐོགས་པ་མི་མངའ་ཞིང། སྐུ་དུ་མར་སྦྲུལ་པ་དང་འབྱུང་ན་བཞི་ལ་མི་ཐོགས་པ་སོགས་ཀྱི་རྫུ་འཕྲུལ་ཐུན་མོང་གི་གདུལ་བྱ་ལ་སྟོན་ནུས། མིན་བོད་ཐམས་ཅད་གདུལ་བྱའི་ཞིང་དུ་གྱུར་ཅིང་གངས་ཅན་གྱི་ཆེ་དུགའི་བླ་མར་བཀུར་བས་རིགས་ཆོས་གཉིས་ཀའི་བརྒྱུད་འཛིན་གྱི་གཙོ་བོར་གྱུར། ཐུགས་སྲས་ཉི་ཟླ་རྒྱལ་མཚན་ནི། བུམ་ཐང་ཡ་བཞི་ལས་ནུབ་མང་སྡེ་ལུང་པར་འཁྲུངས། མཆོག་སྦྲུལ་བསྟན་འཛིན་གྲགས་པ་ལས་ཆོས་བཀའ་གསན་ཅིང་གྲུབ་མཚན་དུ་མའང་མངོན་དུ་གྱུར། མང་སྡེ་སྒ་སྒར་གྱི་གདན་ས་བཏབ་ནས་བཞུགས་ཤིང། གཙང་གཡས་རུ་ཤངས་ནང་དུ་འགྲོ་ཕན་རྒྱ་ཆེན་པོ་དང། མོན་ཕྱོགས་སུ་བུམ་ཐང་ཆོས་འཁོར་ཤམ་ཁར་དུ་འཁྲུངས་ཏེ་སྒ་སྒར་གྱི་གདན་སར་ཕེབས། རྒྱལ་སྲས་པདྨ་ཕྲིན་ལས་ཀྱི་ཞབས་ལ་གཏུགས། མཐའ་ཚད་ཀྱི་བསྙུན་ཀྱིས་སྐུ་ན་ཆེར་མ་སོན་པར་གཤེགས། སྐུ་ཐོག་གསུམ་པོ་འདི་ནི་གུ་རུ་དང་ལྷ་ལུང་གི་གདན་སར་མ་ཕེབས་པས་གདན་རབས་སུ་ནི་བགྲང་ལ། གདན་རབས་སུ་བཞུགས་པ་ནི་གསུང་སྦྲུལ་ཚུལ་རྡོར་ནས། ཐུགས་སྲས་བསྟན་འཛོན་འགྱུར་མེད་རྡོ་རྗེ་སྟེ། བུམ་ཐང་གཏད་སི་སྦིར་ཁམས་པ་གཏེར་སྟོན་ཤེས་རབ་མེད་འབར་གྱི་གདུང་བརྒྱུད་དུ་འཁྲུངས། ཆུང་ངུ་ནས་གསུང་སྦྲུལ་ཚུལ་(སྨད་ཆ།༢༤༠)ཁྲིམས་རྡོ་རྗེ་བོད་དུ་སྦྱན་དྲངས་ནས་གུ་རུ་ལྷ་ཁང་གི་གདན་སར་བཞུགས། ཡོངས་འཛིན་དམ་པ་དེ་ལས་གསན་བསམ་རྫོགས། གོང་ས་ལྔ་པ་ཆེན་པོ་དང་ཆོས་རྒྱལ་གཏེར་བདག་གླིང་པ་སོགས་རྩོད་བྲལ་གྱི་བླ་མ་མང་པོའི་ལུང་ཟིན་ཆོས་ཀྱི་བདག་པོ་གྱུར། མཚོ་སྐྱེས་བྲག་དང་གྱེང་རི་ཕུག་སོགས་གངས་ཁྲོད་ཀྱི་དབེན་པ་དག་ཏུ་ལོ་མང་པོར་ཐུགས་དམ་ལ་སྙིང་པོར་མཛད། ལྷག་པའི་ལྷ་རབ་འབྱམས་ཀྱི་ཞལ་གཟིགས། རྗེ་འདིའི་གྲུབ་པའི་མཚན་བསམ་གྱིས་མི་ཁྱབ་པ་མངོན་སྣང་དུ་སྟོན་ནུས་པས་དད་ལྡན་འགའ་རེས་ལྷག་པའི་ལྟར་དངོས་སུ་མཐོང་ག་དང་ཡེ་ཤེས་ཀྱི་མཁའ་འགྲོས་ཚོགས་དང་མི་དང་མི་བགྲོ་བ་ལྟར་མཛད་པ་གས་བློར་མི་ཁྱུད་པ་མངའ་བ་ཡིན། རྗེ་ལྔ་པ་ཆེན་པོའི་ཐུགས་སྲས་ཀྱི་དཱངས་མར་གྱུར་ཏེ་རྒྱ་ཅན་རྩ་བའི་ཆོས་བདག་ཏུ་ངོས་འཛིན་གནང་ནས་ཆོས་བཀའ་ཡོངས་རྫོགས་ཀྱི་དབང་ལུང་བཀའ་གཏད་སྨིན་རྒྱས་མཛད། ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་དགོན་མ་ལག་དང་བཅས་སྦྱོར་འཇགས་གནང་བས། ད་ཕྱིར་གདན་སའི་མཐིལ་ལྷ་ལུང་མེ་ཏོག་ལྷ་ནང་དུ་མཛད། ལུགས་གཉིས་ཀྱི་ཕྲིན་ལས་ཆེ་བས་ཐེག་མཆོག་རབ་རྒྱས་གླིང་མདོ་སྔགས་ཟུང་འཇུག་གོ་སྡེ་ཆེན་པོ་བཙུགས་ནས་དབང་སྒྲུབ་ཆེན་ཕྲིན་ལས་མཐའ་རྒྱས་ཀྱི་བར་ནས་ཕྱག་བཞེས་ཕྲ་མོའི་བར་གྱི་སྲོལ་བཟང་པོ་བཏོད་ནས་རྒྱུ་བཀོད་ཕུལ་དུ་བྱུང་བའི་ཡོ་བྱད་དགོས་དགུས་འབྱོར་བར་མཛད། སློབ་རིགས་སུ་གྱུར་པ་ཐམས་ཅད་སྒྲུབ་པ་ལ་སྙིང་པོར་བྱེད་ཅིང་རྟོགས་པ་ཐོབ་པའང་མང་པོ་དང། ཁྱད་པར་རྒྱལ་སྲས་སྦྲུལ་སྐུ་ལེགས་པའི་དོན་གྲུབ་དང། གསུང་སྦྲུལ་ཀུན་བཟང་རྡོ་རྗེ་ཆོས་ཀྱི་རྒྱལ་ཆེན་པོར་དབང་བསྐུར་བ་སོགས་པད་གླིང་གི་བསྟན་ལ་ལུགས་གཉིས་ནས་བཀའ་དྲིན་(སྨད་ཆ།༢༤༡)འགྲན་ཟླ་དང་བྲལ་བར་མཛད་དོ། དེ་ཡང་གཏེར་ལུང་ལྟར་པད་གླིང་གི་ཐུགས་ཀའི་རིང་བསྲེལ་ཉིད། ཐུགས་སྲས་རིན་པོ་ཆེ་ཟླ་བ། མཆོག་སྦྲུལ་བསྟན་འཛིན་གྲགས་པ། ཐུགས་སྲས་ཉི་ཟླ་རྒྱལ་མཚན། གསུང་སྦྲུལ་ཚུལ་ཁྲིམས་རྡོ་རྗེ། ཐུགས་སྲས་འགྱུར་མེད་རྡོ་རྗེ། རྗེ་པད་གླིང་བཞི་པ་རྣམས་ལ་ངོ་མཆར་བའི་ལྟས་ཀྱིས་རིམ་པར་ཕེབས་ཤིང། རྗེ་དེ་ཉིད་ཀྱི་སྐུ་ལ་ལོ་འགར་བཞུགས་པ་ལས་བསྟན་པའི་དར་གུད་ཀྱི་གོང་དུ་ལུང་བསྟན་དང་རྗེས་སུ་མཐུན་པར་མཁའ་འགྲོས་གདན་དྲངས་ཏེ་མི་སྣང་བའི་ལོ་རྒྱུས་གསུང་ལས་དངོས་སུ་ཐོས་ཏེ། དེས་ན་འཁྲུལ་མེད་རིང་བསྲེལ་བདུན་བརྒྱུད་ཀྱི་ཡབ་སྲས་སུ་འབྲེལ་བས་ཐུགས་སྲས་རིན་པོ་ཆེ་ཞེས་གྲགས་པ་ཡིན་ནོ། མཚོ་ཡུལ་རི་རས་བཀྲ་ཤིས་ཆོས་གླིང་དུ་འཁྲུངས། གོང་མའི་བག་ཆགས་སད་པའི་གསུང་དང་མཛད་པ་མཐའ་དག་ངོ་མཚར་བསམ་མི་ཁྱབ་པས་མཐོང་ཐོས་ཐམས་ཅད་ཡིད་ཆེས་དང་པའི་དཔལ་ལ་སྦྱོར་བ་མཛད། དེར་ཐུགས་སྲས་རིན་པོ་ཆེ་ཉིད་ཀྱི་གསང་ལུང་དང། གསུང་རྟགས་ཀྱི་རིགས་རྣམས་མཐུན་པར་ངོས་འཛིན་ཕུལ་ནས་ཐུགས་ཐག་ཆོད་པས། རིམ་གྱིས་ལྷ་ལུང་མེ་ཏོག་ལྷ་ནང་ཐེག་མཆོག་རབ་རྒྱས་གླིང་དུ་གོང་མའི་ཆོས་ཀྱིས་མངོན་པར་མཐོ་བའི་སེང་ཁྲི་ལ་འཛེགས་རྟེན་གསུམ་གྱི་འདྲེན་པར་མངའ་གསོལ་ནས་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་ནས། མཚན་ངག་དབང་ཀུན་བཟང་ཡེ་ཤེས་རོལ་པའི་རྡོ་རྗེར་གསོལ། དེ་ནས་སྐུ་ཡོན་གསན་སྦྱོངས་སོགས་ལ་ཐུགས་རྩོལ་གནང་ཞིང། རིམ་གྱི་པདྨ་གླིང་པའི་གཏེར་ཆོས་བཞུགས་སོ་ཅོག་གིས་གཅོས་པའི་གསུང་སྔགས་བཀའ་གཏེར་དུ་མའི་སྨིན་གྲོལ་གྱིས་(སྨད་ཆ།༢༤༢)ཐུགས་རྒྱུད་གང་པར་མཛད། དེ་ཡང་ཐུགས་སྲས་རིན་པོ་ཆེ་བསྟན་འཛིན་འགྱུར་མེད་རྡོ་རྗེ་དང། བསྟན་འཛིན་ལེགས་པ་དོན་གྲུབ་སོགས་དང། གཞན་ཡང་སྨིན་གཏེར་ཆེན་མཆེད་བཅས་དང་སྦྲུལ་སྐུ་བོན་ལུང་པ་སོགས་རང་ལུགས་ཀྱི་བླ་དུ་མ་དང། གཞན་དག་ལས་ཀྱང་གསན་བསམ་རྡོགས་པར་མཛད་ནས། སྒྲུབ་པ་ཉམས་བཞེས་ཀྱི་མཛད་པའང་གཞན་འགྲན་མེད་པ་མཚོ་སྐྱེས་བྲག། རི་རས་བཀྲ་ཤིས་ཆོས་གླིང། གུ་རུ་ལྷ་ཁང། མེ་ཏོག་ལྷ་ནང་སོགས་སུ་སྐུ་མཚམས་བཅད་རྒྱ་ཁོ་ནར་ཐུགས་རྩོལ་གནང། གཞན་ཡང་མོན་བོད་རྣམས་སུ་ཕེབས་སྐྱོད་ལན་མང་དུ་གནང་ཞིང། དེ་བཞིན་དུ་གཙང་དབུས་རྣམས་སུའང་སྔ་ཕྱིར་ཕེབས་སྐྱོད་དང་བཅས་གདུལ་བྱ་སོ་སོའི་ཡིད་ཀྱི་རེ་བ་བསྐོང་བར་མཛད་ཅིང། ཁྱད་པར་གདན་ས་ཉིད་དུ་ཆོས་ཀྱི་འཁོར་ལོ་བར་མ་ཆད་པར་བསྐོད་ཞིང། གཙོ་བོ་པད་གླིང་ཆོས་སྐོར། གསང་ཆེན་རྙིང་མ་རྒྱུད་འབུམ། ལས་འབྲེལ་རྩལ་དང། སྨིན་གླིང་གཏེར་ཆོས་སོགས་ཆོས་བཀའ་མཐའ་ཡས་པས་སྐལ་བཟང་གི་སྐྱེ་བོ་རྣམས་སྐུ་བཞིའི་གོ་འཕང་ལ་བཀོད་པའི་མཛད་པ་མཐའ་ཡས་པ་བསྐྱངས་། གཞན་ཡང་སྐྱ་བདུན་མྱོང་གྲོལ་སྨན་སྒྲུབ་སོགས་སྒྲུབ་ཕྲིན་ཕྲ་རགས་མང་པོ་དང། རང་གནས་དང། ལྷོ་ནང་བཀྲ་ཤིས་ཆོས་གླིང་ལ་སོགས་པར་རྟེན་བཞེངས་མཇལ་ཚུལ་སོགས་རེ་རེ་ནས་བརྗོད་པར་མི་ནུས་ལ། གྲུབ་པའི་མཚན་མ་མངོན་དུ་གྱུར་པས་རྡོ་ལ་ཕྱག་ཞབས་ཀྱི་རྗེས་འཇོག་པ་དང། ལྷག་པའི་དུ་མའི་ཞལ་གཟིགས་ཚུལ་སོགས་མཐའ་ཡས། ཐུགས་སྲས་སྦྲལ་སྐུ་རིན་པོ་ཆེ་སྙེ་མོར་འཁྲུངས་པ་ངོས་འཛིན་དང། རིམ་གྱིས་གུ་རུ་ལྷ་ཁང་དུ་གདན་དྲངས་ནས་བསུ་བའི་བཀོད་པ་རྒྱ་ཆེན་པོ་དང་བཅས་ཁྲི་འདོན་ལེགས་(སྨད་ཆ།༢༤༣)འབུལ་མཛད་ནས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་རྒྱལ་ཚབ་ཏུ་མངའ་གསོལ། དེ་སྐབས་ཇུན་འགར་རྙིང་བསྟན་མཐའ་དག་རྨེག་མེད་དུ་རྒྱས་འདེབས་པའི་དུས་སུའང་ཐུགས་སྲས་སྦྲུལ་སྐུ་དང་བཅས་སྐུ་ཞབས་ལྷན་རྒྱས་མཁན་པ་ལུང་སོགས་སྦས་ཡུལ་རྣམས་སུ་བཞུགས་པས་རྗི་བར་མ་ནུས། སླར་གོང་ས་ཐམས་ཅད་མཁྱེན་པའི་བཀའ་དྲིན་ལས་རྙིང་བསྟན་རྣམས་སོར་ཆུད་གནང་བའི་སྐབས་ཀྱང་སྦས་ཡུལ་ཆུག་རི་བཀྲ་ཤིས་ཕོ་བྲང་དུ་བཞུགས་ནས་སྒྲུབ་པ་ལྟུར་བཞེས་ལས་གྲཱ་ཚང་གི་འགན་ཁུར་སོགས་བསྟན་སྲིད་ལ་རྒྱའི་མཛད་དགོས་ཐམས་ཅད་ཐུགས་སྲས་སྦྲུལ་སྐུར་མཛད་དུ་བཅུག། སླར་ཡབ་སྲས་ལྷན་རྒྱས་ནས་ཆུག་རི་བཀྲ་ཤིས་རབ་བརྟན་ཕོ་བྲང་དང། ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང། ཆུ་ཁྱེར་རས་དཀར་མགོན་སོགས་སུ་སྔ་རྙིང་རྒྱུད་པུ་ཏི་བཞི་བཅུ་ཞེ་དྲུག་དང་མ་མགོན་ལྕམ་དྲལ་འབུར་སྐུ་ཙན་དན་གྱི་བྱང་ཆེན་མཆོད་རྟེན་སོགས་རྟེན་བཞེངས་ཀྱ་མང་དུ་མཛད། སྐུ་ཚེའི་སྨད་ལ་སྦས་ཡུལ་ཉིད་དུ་སྒྲུབ་པ་ལ་ཚིག་དྲིལ་མཛད་པའི་མུར་གཟུགས་སྐུའི་བཀོད་པ་རེ་ཞིག་ཆོས་ཀྱི་དབྱིངས་སུ་བསྡུ་བར་མཛད་པའི་ཚེ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པས་མཐོང་ཐོས་ཐམས་ཅད་དད་པའི་ས་ལ་བཀོད་ཅིང་གདུང་རིང་བསྲེལ་ལྷ་སྐུ་སོགས་མང་དུ་བྱོན་པར་གྱུརུ་ཏོ། ཐུགས་སྲས་འགྱུར་མེད་མཆོག་གྲུབ་དཔལ་འབར་བཟང་པོ་ནི། ཡུལ་དབུས་གཙང་གེ་རུ་མཚམས་སྙེ་མོ་བོང་བདག་ཏུ་རིགས་ཆེ་ཞིང་བཙུན་པ་ཐུ་མི་སམྦྷོ་ཊའི་གདུང་ལས་ཡབ་མི་བདག་པདྨ་ཚེ་རིང་དང། ཡུམ་འཁོན་རིགས་ལྷ་ལྕམ་གྱི་སྲས་སྐུ་བལྟམས་པའི་ཚེ་ངོ་མཚར་བའི་ལྟས་དུ་མ་བྱུང་(སྨད་ཆ།༢༤༤)ཞིང། གསུང་ངག་བྱེ་བ་ནས་གཟུང་ཐུགས་ཀྱི་བག་ཆགས་མ་བརྗེད་པའི་སྔོན་གནས་རྗེ་དྲན་དང་མོན་སྐད་གསུང་བ་སོགས་བྱུང་བར་བརྟེན། རྗེ་བླ་མ་ངག་དབང་ཀུན་བཟང་རྡོ་རྗེས་བླ་མ་ཆོས་སྐྱོང་སྦྱི་དང་ཁྱད་པར་གཏེར་ཆེན་འགྱུར་མེད་རྡོ་རྗེའི་བརྟག་བབ་དང་རྟེན་ངོས་འཛིན་ཕུལ་བར་ཐུགས་དེས་འབྲངས་བས་བདག་གིར་མཛད། དེ་སྐབས་དུས་ཟིང་སོགས་ལ་བརྟེན་སྦྲུལ་སྐུ་ཉིད་ལྷོ་བྲག་གུ་རུ་ལྷ་ཁང་དུ་རྗེ་བླ་མའི་དྲུང་དུ་ཕེབས། དེ་ནས་མེ་རིང་བར་ལྷ་ལུང་མེ་ཏོག་ལྷ་ནང་དུ་ཕེབས། ཐེག་བཟང་བསྟན་འཛིན་ཡེ་ཤེས་མཆོག་དབྱངས་འགྱུར་མེད་ཆོས་ཀྱི་རྡོ་རྗེ་ཞེས་པའི་མཚན་ཕུལ་བ་མཛད། རིམ་པས་འཚོ་ཡུལ་རི་རས། ཆུ་ཁྱེར་རས་དཀར་རྣམས་སུ་འབྲུམ་བྱོལ་དང་ཐུགས་གཉེར་སྦྲགས། དེ་ནས་ལྷ་ལུང་ཕེབས་ནས་རྡོ་བླ་མ་གང་གི་དྲུང་ནས་པད་གླིང་ཆོས་མང་དུ་གསན། དབུས་ཕྱོགས་སུ་བླ་མ་ལྷན་རྒྱས་ཆིབས་སྐྱོད་གནང་ནས་གོང་ཞབས་ཡས་ཕྱིན་སོགས་མཇལ་ཕྱག་དང། གཙོ་ཆེར་སྨིན་གྲོལ་གླིང་དུ་གཏེར་ཆེན་ཡབ་སྲས་སོགས་ཀྱིས་བཀུར་བཟོས་དཔེ་མེད་དང་བཀའ་ཆོས་ཀྱང་གསན། སླར་གདན་སེ་ཕེབས་པ་དང་ཡབ་གཞིས་སུ་གདན་དྲངས་པ་སོགས་མཛད་པ་ཆེ་ཕྲ་མང། སླར་ཡང་སྨིན་གྲོལ་གླིང་དུ་ཕེབས་ནས་གཏེར་ཆེན་མི་བཞུགས་ཀྱང། པདྨ་འགྱུར་མེད་རྒྱ་མཚོ་མཆེད་བཅས་དང་མཁན་ཆེན་ལོ་ཙཱ་བ་སོགས་མདོ་སྔགས་བཀའ་(སྨད་ཆ།༢༤༥)གཏེར་གྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་དག། རྩ་རླུང། འོད་གསལ་སོགས་ཟབ་ཁྲིད་མི་འདྲ་བ་དུ་མས་ཐུགས་རྒྱུད་སྨིན་པར་མཛད་ཅིང། གཞན་ཡང་སྒྲ་སྙན་ངག་ཡིག་རིགས་མི་འདྲ་བ་བརྒྱ་ཕྲག་ལོངས་པ་སོགས་གཙུག་ལག་རིག་པའི་ལམ་ཀུན་མི་མཁྱེན་པ་མེད་པ་མཛད། སླར་ཡབ་གཞིས་དང་ལྷོ་བྲག་ཕྱོགས་རྣམས་སུ་རིམ་པར་ཞབས་སྐྱོད་གནང། དེ་ནས་མི་རིང་བར་བདུད་བསྟན་ཤར་ནས་ཕྱི་ནང་དམ་སྲིད་དུ་མའི་ལོག་སྨོན་དུས་སུ་བདོ་བའི་སྟབས་ཀྱི་ཡབ་སྲས་ལྷན་རྒྱས་སྦས་ཡུལ་མཁན་པ་ལྗོད་དུ་ཕེབས། རྗེ་ཉིད་མོན་ནས་སྦྱན་དྲངས་པ་ལྟར་མོན་ཕྱོགས་སུ་ཞབས་པད་བསྐྱོད་སྦས་གནས་ཀྱི་ཡུལ་ཤིན་ཏུ་བགྲོད་དཀའ་བ་རྣམས་ལ་སྐུར་ངལ་ཁྱད་སད་ཀྱིས་རིམ་པར་སྔན་ལུང་གསང་སྔགས་སྒང་སྟེང་དུ་རྗེ་བླ་མ་བསྟན་འཛིན་ལེགས་པ་དོན་གྲུབ་ཀྱི་དྲུང་དུ་ཕེབས་ནས་པད་གླིང་ཆོས་གཏེར་ཆོས་ཡོངས་རྫོགས་སོགས་བཀའ་ཆོས་དུ་མ་གསན། གཙུག་ལག་ཁང་དང་རྟེན་གསར་བཞེངས་རྣམས་ལ་རབ་གནས་དང་གདན་སའི་རྩིས་བཞེས་ཀྱང་བླ་མའི་བཀའ་བཞིན་མཛད། དེ་སྐབས་བདུད་བསྟན་མུན་པའི་སྨག་རུམ་བཅིལ་ནས་ཕན་བདེའི་ཉིན་བྱེད་དགོངས་པ་ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོ་གངས་ལྗོངས་འགྲོ་བའི་སྐྱབས་དང་མགོན་དུ་ཁྲིར་ཕེབས་གནང་བ་ནས་རྙིང་ལུགས་སོ་སོར་རང་བསྟན་གོས་ཆོག་པའི་རྩ་ཚིག་ཆེན་མོ་ཕེབས་བསྟུན་ལྷ་ལྡན་དུ་གོང་ས་རིན་པོ་ཆེའི་ཞབས་ལ་འདུད་ཕྱག་འབུལ་བར་ཕེབས་པ་ན། རང་བསྟན་སྔར་ལུགས་སོར་ཆུད་ཀྱི་བཀའ་ཁྲ་བཅས་བཀུར་བཟོས་གང་ཆེ་གནང་བ་བཞིན་ཐེག་མཆོག་རབ་རྒྱས་གླིང་པར་སྐབས་ཤིག་རལ་བདག་འཛིན་མེད་པ་ལར་རྗེ་འདིས་ཐུགས་རྩོམ་གྱིས་མི་རིང་བར་སོར་ཆུད་པ་མཛད། འདི་(སྨད་ཆ།༢༤༦)ནས་བཟུང་རྗེ་བླ་མ་སྦས་གནས་རྣམས་སུ་བཅར་བཞུགས་ལས་གདན་སའི་ཁུར་མ་བཞེས་པས། གདན་སའི་ཁུར་བཞེས་དང་ཆོས་སྲིད་ཀྱི་བྱ་བ་མཛད་དགོས་ཐམས་ཅད་རྗེ་འདི་པས་གནང། སྦས་ཡུལ་དུ་རྗེ་བླ་མའི་དྲུང་དུ་ཡང་ཡང་ཕེབས་ནས་ཆོས་འཕྲོ་རྣམས་གསན་པ་དང། ལྷ་ལུང་དུའང་གདན་དྲངས་པ་སོགས་ཐུགས་ཡིད་གཅིག་འདྲེས་ཀྱི་མཛད་པ་བསྐྱངས་པའི་མུར་རྗེ་བླ་མ་དག་ཞིང་དུ་གཤེགས་པའི་རྗེས་སྒྲུབ་རྣམས་ཀྱང་ལྷག་པའི་ཐུགས་བསམ་གྱིས་རྒྱ་ཆེར་སྦྲོས། དེ་མཚུངས་མོན་ནས་རྗེ་བླ་མ་བསྟན་འཛིན་ལེགས་པར་དོན་གྲུབ་སྐུ་གཤེགས་པའི་དགོངས་རྫོགས་སྒྲུབ་དགོས་སོགས་ཐུགས་རྩོལ་གང་ཅེ་མཛད། ཁྱད་པར་འཆི་མེད་ལྷ་མོ་ཅཎྜ་ལིའི་འབྱུང་འགྱུར་གསང་ལུང་ངོ་མཚར་བ་དུ་མ་ཕུལ། སླར་ཡང་གསུང་བརྟག་གསང་ལུང་གོ་བསྟུནབ་རྗེ་བླ་མ་ངག་དབང་ཀུན་བཟང་རྡོ་རྗེའི་ཡང་སྲིད་དང། མོན་ནས་ཐུགས་སྲས་སྦྲུལ་སྐུ་བཅས། སོ་སོར་ངོས་འཛིན་དང་ཁྲི་འདོན་བཀའ་ཆོས་དབང་ལུང་ཟབ་ཁྲིད་དུ་མ་དང། བསྙེན་རྫོགས་བཞེས་པའི་མཁས་པོ་དང་བཅས་མཛད་དེ་མཆོག་སྦྲུལ་རྣམ་གཉིས་བསྟན་པ་ཡོངས་རྫོགས་ཀྱི་ཆོས་ཀྱི་རྒྱལ་སྲིད་ལ་བཀོད། གཞན་ཡང་བོད་ཁམས་བདེ་བའི་རིམ་གྲོར་གཞུང་ས་མཆོད་ཡོན་གྱིས་བསྐུལ་བ་བཞིན་རང་གནས་དང། ལྷ་ལྡན་རྣམས་སུ་ལན་མང་དུ་སྒྲུབ་པར་མཛད། མོན་བོད་དུས་ཟིང་གི་འཁྲུལ་ཙོད་ལ་བར་འཆིངས་ལེགས་སྦེལ་མཛད་པས་འབྲུག་ཐང་སྡེ་པ་དང། གཞུང་པ་ནས་ཀྱང་བཀུར་བཟོས་དང་བརྩེ་གཟིགས་ཆེ། རྒྱལ་བའི་བཀའ་འགྱུར་དོ་ཅོག་གསར་བཞེངས་སོགས་རྟེན་བཞེངས་ཀྱི་རིགས་ཀྱང་མཐའ་ཡས་པ་(སྨད་ཆ།༢༤༧)མཛད། བཀའ་འགྱུར་རིན་པོ་ཆེའི་སྔགས་ལུང་གིས་མཚོན་པའི་འཆད་སྦེལ་མཛད་པ་ནི་བརྗོད་པའི་ཡུལ་ལས་འདས། དེ་ནས་ཆོས་སྲིད་བྱ་བ་མཛད་དགོས་ཕལ་ཆེར་སྦྲུལ་པའི་སྐུ་ལ་འགན་བཞེས་བསྐུལ་ནས། རྗེ་ཉིད་མེ་ཏོག་ལྷ་ནང་ལ་སོགས་པར་བསྙེན་སྒྲུབ་ཀྱི་རིགས་དུ་མར་ཚིག་དྲིལ་མཛད། ཤེས་བྱ་རིགས་པའི་གནས་ཀུན་ལ་མཁྱེན་པ་རྒྱས་པས་གསུང་རྩོམ་ཀྱང་ཕུ་ཏི་གཉིས་ཙམ་ཡོད་དེ། མདོར་ན་མཁས་བཙུན་གྲུབ་གསུམ་དང་ལྡན་པས་མཁས་པའི་བྱ་བ་གསུམ་གྱིས་བསྟན་པ་རིན་པོ་ཆེ་གསལ་བར་མཛད་ཅིང། ཁྱད་པར་པདྨ་གླིང་པའི་བསྟན་པ་ལ་བཀའ་དྲིན་གཞན་འགྲན་དང་བྲལ་བ་ཞིག་ཡིན་ནོ། པདྨ་བསྟན་འཛིན་གྲུབ་མཆོག་རྡོ་རྗེ་ནི། ཐུགས་སྲས་འགྱུར་མེད་མཆོག་གྲུབ་དཔལ་འབར་གྱི་གསང་ལུང་དུ་གསལ་བ་དང། རྗེ་རྒྱལ་བའི་དབང་པོ་ཀརྨ་པ་ཡང་སྲས་ཀྱི་གསུང་བརྟག་སོགས་དང་མཐུན་པར་ངོས་འཛིན་ཕུལ་བ་རྣམས་ཀྱང་འཁྲུལ་མེད་ངེས་འདྲོངས་བྱུང་བར་བརྟེན་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་དུ་གོང་མའི་ཁྲི་ལ་མངའ་གསོལ། ཐུགས་སྲས་རིན་པོ་ཆེའི་གཙུག་ཕུད་བཞེས་པ་དང་མཚན་ཀུན་བཟང་ཚེ་དབང་པདྨ་བསྟན་འཛིན་གྲུབ་མཆོག་རྡོ་རྗེ་ཞེས་གསོལ། བཀའ་ཆོས་གསན་སྦྱོང་རིག་གནས་སྐོར་སོགས་ཕན་ཆེར་ཐུགས་སྲས་རིན་པོ་ཆེའི་དྲུང་དུ་ཐུགས་གཉེར་མཛད་སྨིན་གླིང་ཁྲི་རིན་ཆེན་རྣལ་རྒྱལ་གྱི་དྲུང་ནས་ཀྱང་བཀའ་གཏེར་གྱི་ཆོས་ཚུལ་མང་དུ་གསན། ཡབ་སྲས་ལྷན་རྒྱས་མཁས་ལུང་བརྒྱུད་མོན་གསང་སྔགས་སྒང་སྟེང་ནས་བསྟན་འཛིན་ལེགས་པ་དོན་གྲུབ་ཀྱི་སྐུའི་སྐྱེ་བ་མན་ནུབ་སེ་ལར་འཁྲུངས་པ་པདྨ་ཀུན་བཟང་ཕྲིན་ལས་རྣམ་རྒྱལ་ཡང་བོད་དུ་གདན་(སྨད་ཆ།༢༤༨)དྲངས། ཡབ་སྲས་ལྷན་རྒྱས་ཀྱིས་བསྙེན་བཀུར་ཕུལ། སྦྲུལ་པའི་སྐུ་དེས་ཀྱང་གསན་བསམ་མཐར་ཕྱིན་མཛད་ཅིང། སླར་ཡང་མོན་གྱི་གདན་སར་མངའ་གསོལ་བ་སོགས་མཛད། གཞན་ཡང་ལྷ་ལྡན་དང་སྨིན་གླིང་སོགས་དང་མན་བོད་རྣམས་སུ་ཕེབས་སྐྱོད་ལན་མང་དུ་མཛད་ནས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་ཅིང་བཀའ་ཆོས་འཆད་སྦེལ་སོགས་ཀྱིས་བསྟན་པ་རིན་པོ་ཆེ་གསལ་བར་མཛད་དོ། བསྟན་འཛིན་ཆོས་ཀྱི་ཉི་མ་ནི། རྣམ་ཐར་ཞིབ་རྒྱས་མ་མཐོང། རང་ལུགས་ཀྱི་དབང་ལུང་གསན་སྦྱོད་སོགས། སྔགས་རམ་པ་པདྨ་ཆོས་དབང་དང། སྔགས་རམ་པ་་ཀུན་བཟང་ལུང་རིགས་སོགས་ལས་གསན་པ་ཡིན་པ་འདྲ། གསུང་སྦྲུལ་རིན་པོ་ཆེ་ཀུན་བསྟན་པའི་རྒྱལ་མཚན་ནི་གོང་མའི་ཁྲི་ལ་བཞུགས་བཞིན་ཆོས་ཀྱི་འཁོར་ལོ་བསྒྱུར་བ་མཛད་པ་ལས་ཁོ་བོས་ཀྱང་དབང་ལུང་ཕྲན་བུ་བཀའ་དྲིན་དུ་ཐོབ་བོ། ཐུགས་སྲས་སྦྲུལ་པའི་སྐུ་སྐྱེ་བ་གཉིས་བྱོན་པར་སྣང་སྟེ། སྡེ་པ་པུ་ཤུད་པའི་སྲས་ནི་ད་ལྟ་སྒོ་བྲག་ཏུ་གདན་སར་མངའ་གསོལ་བས་ཁྲི་ལ་བཞུགས་པ་བཞིན་དང། ཡང་བསྟན་འཛིན་ངག་དབང་ཕྲིན་ལས་དབང་པོའི་སྡེ་ནི་ད་ལྟ་རྡོ་རྗེ་བྲག་ན་བཞུགས་པ་ཡིན་ནོ། དེ་ལྟར་གཏེར་ཆེན་པདྨ་གླིང་པའི་ཆོས་བརྒྱུད་ལྷོ་མོན་གཉིས་སུ་དར་ཆེ་བ་ལས་ལྷོ་བྲག་གི་གདན་རབས་ཟུར་ཙམ་སྨོས་པ་ཡིན་ལ། མོན་ཕྱོགས་སུ་འང་བསྟན་འཛིན་ལེགས་པོ་དོན་གྲུབ་ཀྱི་སྐྱེ་སྦྲུལ་རིམ་བྱོན་སོགས་ད་ལྟའི་བར་ཡོད་ཅིང་བསྟན་པ་དར་རྒྱས་སུ་ཡོད་ལ། གཞན་པདྨ་གླིང་པས་གདུང་བརྒྱུད་སོ་སོར་ཕོག་པའི་དགོན་ཆེ་ཕྲ་མང་པོ་ཡོད་ཅིང། གཏེར་སྟོན་རྡོ་རྗེ་གླིང་པ་དང་ཤེས་རབ་མེ་འབར་གྱི་(སྨད་ཆ།༢༤༩)བརྒྱུད་སོགས་ནས་མོན་ཤར་ནུབ་ཏུ་རྙིང་བསྟན་ཕྲན་བུ་མང་བ་དང། ཁྱད་པར་དུ་འབྲུག་པ་ངག་དབང་རྣམ་རྒྱལ་གྱི་ཨོ་རྒྱན་རིན་པོ་ཆེ་དངོས་སུ་མཇལ་ཞིང་ལུང་བསྟན་པར་ཐོབ་པས་བླ་མ་དགོངས་འདུས་ཀྱི་དཀྱིལ་ཆོག་དང་མཛད་པས་རྡོ་རྗེ་གདན་གྱི་ལྕགས་རི་ཡང་ཚུགས། པདྨ་གླིང་པ་དང་སངས་རྒྱས་པའི་ཆོས་རྣམས་དར་རྒྱས་ཆེ་། སྦྲེལ་ཟླའི་ཚེས་བཅུར་ཨོ་རྒྱན་རིན་པོ་ཆེ་མཚན་བརྒྱད་དང་བཅས་པའི་གོས་སྐུ་ཆེན་པོ་བཀྲམ་པ་དང་སྒྲུབ་མཆོད་དུས་ཀྱི་རྡུལ་ཚོ་ཚུར་གཤེགས་དུས་གླང་པོ་ཆེར་བཀལ་བ་སོགས་ཆོས་སྲིད་གཉིས་ཀར་འགྲན་མེད་རྙིང་བརྟན་པའི་བདག་པོར་གྱུར་པ་དང། དུས་ཕྱིས་ཅུང་ཟད་བྱུང་བ་སོགས་ཀྱིས་མོན་ཕྱོགས་སུའང་གསང་སྔགས་སྔ་འགྱུར་གྱི་བསྟན་པ་མ་ནུབ་པར་ཡོད་དོ། ཡར་འབྲོག་ཡོན་པོ་དོ་ནི་ཐོག་མ་གཏེར་མཆོག་ལྡན་མགོན་པོའི་སྦྲུལ་སྐུས་བཏབ་ནས་དེང་སང་ལྷ་བྲག་གསུང་སྦྲུལ་ནས་བསྐྱངས་པའི་སྦྲུལ་སྐུ་རིམ་བརྒྱུད་དང་བཅས་དགོན་གནས་དར་བར་ཡོད། གཙང་ལ་སྟོད་གཙང་པོ་བྱང་ཁའི་ཕྱོགས་ན། བྲག་རི་དུག་སྦྲུལ་སྦུངས་འདྲ་སྟེ་གནས་ཆེན་ཟང་ཟང་ལྷ་བྲག་ཏུ་དབང་པོའི་སྡེའི་གཅུང་ཡིད་བཞིན་ནོར་བུའིབཏབ་པའི་དགོན་པ་ལ་སྟོད་སྲིད་གསུམ་རྣམ་རྒྱལ་ནི་རྡོ་རྗེ་བྲག་ནས་སྐྱོང་བྲན་དང་ཀླུ་སྒྲུབ་སྐུ་སྐྱེ་བཞུགས། གཅུང་རི་བོ་ཆེ་ནི་ཐོག་མར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བཏབ། དེ་ནས་དབོན་བརྒྱུད་ཀྱིས་རིམ་པར་བསྐྱངས་པ་ལས་ལོ་ཆེན་འགྱུར་མེད་བདེ་ཆེན་གྱིས་ཡོལ་མོ་གཏེར་སྟོན་བསྟན་འཛིན་ནོར་བུར་ཕུལ་བ་ནས་གཅུང་སྒོམ་སྨྱོན་ཕྱག་རྡོར་ནོར་བུ་དང། སྒོམ་(སྨད་ཆ།༢༥༠)སྨྱོན་སྦྲུལ་སྐུ་རིམ་བྱོན་གྱི་གདན་ས་མཛད། རྒོད་ལྡེམ་པའི་གཏེར་ལུང་ནས་བཤད་པའིརི་ཀུན་གཟིགས་ཀྱི་བྱང་ངོས་སུ་མཚོ་སྐྱ་བོ་ཁ་གདང་ངམ་སྐྱ་མཚོར་གྲགས་པའི་སྨད་ན་ས་སྐྱ་འབུམ་སོགས་ས་སྐྱ་བའི་གནས་དང། དེ་ནས་བདེ་འགྲོལ་གསང་སྔགས་ཆོས་གླིང་མེས་སྟོན་གདན་ས་དང། མཚོ་དེའི་སྟོད་ན་མཚོ་སྟོད་རྒྱ་མཁར་བ་སྟེ། དེ་ཡང་སེ་སྟོན་གོང་མ་ཞིག་གིས་གླང་ལ་ཁལ་བཀལ་ནས་སྒྲུབ་གནས་བཙལ་བས་ས་དེར་གླང་ཉལ་བ་ལ་དབྱུང་པ་བརྒྱས་བརྡུངས་ཀྱང་མ་ལངས་པར་མཁར་དེར་ཉལ་བས་དེ་གར་གནས་གཞི་བཏིང་པ་ལ་དཔལ་ལྡན་རྒྱལ་མཁར་གསང་སྔགས་ཆོས་གླིང་དུ་གྲགས་ཤིང། གནས་དེར་སེ་སྟོན་དཔལ་ཆེན་འབུམ་སོགས་སྔགས་འཆང་ནུས་ལྡན་རྒྱུད་མར་བྱོན་པ་ལས། སེ་སྟོན་ཉི་མ་བཟང་པོས་ཐོ་རེངས་ཀྱི་སྐབས་ཤིག་ཐུགས་སྒྲུབ་ཀྱི་ཕྲིན་ལས་མཛད་པས་ཏིང་ངེ་འཛིན་རྩེ་གཅིག་ལ་སོང་བའི་མཐར་ཅུང་ཟད་མནལ་བར་དག་སྣང་དུ་མ་དང། ཁྱད་པར་སྔགས་སྲུང་ཨེ་ཀ་ཛ་ཏྲིས་སྐུ་ལུས་བོར་མ་ཐག་ཨོ་རྒྱན་རིན་པོ་ཆེའི་ཞབས་དྲུང་དུ་བྱོན་ཏེ་ལུང་བསྟན་ཐོབ་ནས། སྟེང་ཕྱོགས་འཁོར་བ་ཟིལ་གནོན་གྱི་ཞིང་དུ་བགྲོད་ཅིང་སེམས་ཅན་འབུམ་ཕྲག་བདུན་གྲོལ་བ་ལུང་བསྟན་པ་ཡིན་ནོ། སེ་སྟོན་མགོན་པོ་བཟང་པོ་ནི་སྒྲུབ་པ་མཐར་ཕྱིན་དུ་སྐུ་ཚེ་དྲིལ་བས་སྦང་རྟོགས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་གོ། སེ་སྟོན་རིན་ཆེན་རྒྱལ་མཚན་ནི་མཁས་གྲུབ་ཆེན་མོར་བཟུགས་ཤིང་དམ་པ་དུ་མའི་ཞབས་པད་བསྟེན་པས་ལུང་རྟོགས་ཀྱི་ཡོན་ཏན་དུ་མས་པྱུག་ཅིང་ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས། འཆད་རྩོམ་མང་དུ་མཛད་པས་སྔ་འགྱུར་བསྟན་པའི་སྲོལ་འཛིན་ཆེན་པོ་ཞིག་གོ། སྦྱན་ཚབ་མགོན་པོ་ཟླ་བ་ནི། མངོན་རྫོགས་མ་མེ་ལས་གྲུབ་པའི་མཚན་མ་བརྙེས་པ་རི་ཁྲོད་(སྨད་ཆ།༢༥༡)དབེན་པར་སྒྲུབ་པ་སྙིང་པོར་བྱེད་པ་ཞིག་སྟེ་སེ་སྟོན་དུ་གདུང་རང་མིན། སེ་སྟོན་རིན་རྒྱལ་སོགས་སེ་རྒྱ་མཁར་བ་དང། སེ་བཀྲ་བཟང་པ་གཉིས་སུ་གྱིས་པའི། བཀྲ་བཟང་པ་ནི། བཀྲ་བཟང་གི་དགོན་པ་ཐོག་མར་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ཏེ་ལྡེམ་ཅན་གྱིས་བཏབ། ཐུགས་སྲས་རྣམ་རྒྱལ་མགོན་པོ་སོགས་བཞུགས་ཕྱིས་ཚོད་སེ་སྟོན་རིམ་བྱོན་གྱི་གདན་སར་གྱུར་ཏེ། བཀྲ་བཟང་པ་སེ་སྟོན་པདྨ་དབང་ཆེན། ཚེ་དབང་རིག་འཛིན། ནམ་མཁའ་རིག་འཛིན། ཐུགས་མཆོག་འདོ་འབར། སེ་སྟོན་ཀུན་བཟང་འཛམ་གླིང་རྡོ་རྗེ་སོགས་དེང་སང་གི་བར་དུ་སྔགས་གྲཱ་དང་གདུང་བརྒྱུད་མ་ཆད་པར་ཡོད་ཅིང། ཕན་ཚུན་གཉིས་ཆར་བྱང་གཏེར་དང་གཤིན་རྗེ་ཚེ་དབང་སོགས་ལ་ཕ་ཆོས་སུ་བྱེད། གཞན་ཡང་རྒྱང་ཆོས་སྡེ་སོགས་དགོན་གནས་ཕྲན་བུ་དང། མེས་སྟོན། སྐྱེ་སྟོན། རྟ་ནག་སྒྲོམ་མ་པ་སོགས་སྔགས་ཀྱི་གདུང་འཛིན་མང། གཙང་ལ་སྟོད་ནུབ་དགོན་ནི་དང་པོ་སུས་བཏབ་མ་ངེས་ཀྱང་བྱམས་པ་ཆོས་ཀྱི་རྒྱལ་མཚན་གྱི་གདན་ས་མཛད། རྗེ་འདི་ནི་བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་མཁས་གྲུབ་ཆེན་པོ་གཤེན་རྗེ་ཚེ་དབང་དང་པདྨ་ཡང་གསང་ལས་གྲུབ་པ་བརྙེས་པ་སུམ་ལྡན་ལྷས་སྐར་མ་ཕོད་ཅན་ཤར་བ་ལ་གཤེན་རྗེའི་གཏོར་ཟོར་འཕངས་པའི་མདོ་ལ་མི་སྣ་བར་གྱུར་པ་སོགས་བུས་མཐུ་བསམ་གྱིས་མི་ཁྱབ། ཞིང་ཁམས་འཕོ་བའི་ངོ་མཚར་བའི་ལྷས་དུ་མ་དང། སྐུ་གདུང་ཞུགས་ལ་ཕུལ་བའི་ཚེ་དུད་རིས་ལ་རྟ་མགྲིན་ཡང་གསང་གི་སྐུ་ཤར་བ་སོགས་ངོ་མཚར་ཅན་གྱི་རྣམ་ཐར་མཐའ་ཡས་སོ། རྗེ་དེའི་ཐུགས་སྲས་བློ་(སྨད་ཆ།༢༥༢)གྲོས་རྒྱལ་མཚན་ནི། དེ་སྐབས་སྔ་འགྱུར་གྱི་བསྟན་འཛིན་ཆེན་པོ་རྒྱལ་མཚན་བརྒྱད་དུ་གྲགས་པའི་ནང་ཚན་ཡིན། ཚུལ་ཁྲིམས་རྣམ་པར་དག་ཅིང་འཇམ་དཔལ་ཚེ་བདག་གི་བསྙེན་པ་མཛད་པས་ཡ་མནྟ་ཀའི་ཞལ་དངོས་སུ་གཟིགས་ཤིང། མགོན་པོ་ལེགས་ལྡན་ནག་པོ་བྲན་དུ་འཁོལ་བ་བྱང་པ་བདག་པོ་ལ་ཚེ་དབང་མཛད་དུས་ཚེ་རིལ་ཟད་པ་ལ་ལྗགས་ཕུ་བཏབ་ཅིང། ཕྱག་གི་རེག་པས་མངོན་སུམ་དུ་འཕེལ་པ་སོགས་གྲུབ་མཚན་བསམ་མི་ཁྱབ་པ་མངའ། མཉམ་མེད་པ་གཤེགས་ནས་གདན་ས་མཛད། དེ་ནས་གདན་ས་མཛད། གསང་ཆེན་སྔ་འགྱུར་སྦྱི་དང་ཁྱད་པར་རྡོར་བྲག་ལུགས་ལ་མཁྱེན་པ་རྒྱས་ཤིང་གྲུབ་པ་བརྙེས་པ་ཞིག་སྟེ། ཞབས་དྲུང་སྐལ་བཟང་པདྨ་དབང་ཕྱུག་གིས་ཀྱང་ཡོངས་འཛིན་དུ་བཞེས། དེ་ཕྱིན་གདན་ས་ཁམས་ལུང་དབོན་དང་སྦྲུལ་སྐུ་སོགས་བཞུགས་ཤིང་རྡོར་བྲག་ནས་སྐྱོང་འཛིན་གནང། གཙང་གོང་ར་ངེས་གསང་རྡོ་རྗེ་གླིང་ནི་ཐོག་མར་མང་རོང་གཏེར་སྟོན་འཇམ་དཔལ་རྡོ་རྗེ་ཟེར་བ་ཐང་ཡིག་ནང་གི་བདེ་ཆེན་གླིང་པ་དང་གཅིག་པར་བཞེད་པ་ཞིག་གིས་བཏབ། དེ་རྗེས་དེ་ཉིད་ཀྱི་དབོན་པོ་སྒྲན་སྙན་ངག་ལ་ཤིན་ཏུ་མཁས་པ་ལོ་ཆེན་ངག་གི་དབང་པོས་གདན་ས་བསྐྱངས། དེ་ནས་དེར་ལོ་ཆེན་གཞན་ཕན་རྡོ་རྗེ་བཞུགས་ཏེ། སྐྱེས་ཆེན་དམ་པ་འདི་ནི་གསང་ཆེན་རྙིང་མའི་བསྟན་འཛིན་འགྲན་དུ་མེད་པ་ཞིག་སྟེ། སྐུ་གཞོན་ནུའི་དུས་ནས་ཚུལ་ཁྲིམས་རྣམ་པར་དག་ཅིང་ཤེས་བྱ་རིག་པའི་གནས་ལྔ་ལ་མཁྱེན་པ་རྒྱས། བསྟན་པའི་སྙིང་པོ་གསང་སྔགས་(སྨད་ཆ།༢༥༣)སྔ་འགྱུར་ལ་མཁས་ཤིང་གྲུབ་པ་བརྙེན་པའི་ལུང་དང་རྟོགས་པའི་ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ། སྔ་འགྱུར་རྒྱུད་ཕྲ་བ་དག་ཀྱང་འབད་པ་དུ་མས་རྒྱུན་བཙམ་ནས་འཆད་སྦེེལ་མཛད། ཁྱད་པར་རྙིང་བསྟན་ཐུགས་ལ་བཅངས་ནས་རྙིང་རྒྱུད་ཚར་གསུམ་བཞེངས་ནས་གཅིག་ཁམས་དང་གཅིག་ཀོང་པོར་གནང། མདོ་དབང་ཆེན་མོ་གཅིག་པུའང་ལན་བཙོ་བརྒྱད་མཛད་དེ། རྙིང་མ་བཀའ་གཏེར་ཐམས་ཅད་འཆད་སྦོལ་གྱི་རྒྱུན་བསྐྱང་བ་ལ་རྗེ་འདི་ལས་ལྷག་པར་སུ་ཡང་མ་བྱུང་ཞིང། སྔ་འགྱུར་བསྟན་པའི་སྲོག་ཞིག་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ཞིག་སྟེ། སློབ་མའང་མཁས་ཤིང་གྲུབ་པ་བརྙེས་པ་མང་དུ་བྱོན། དུས་དེར་གསང་ཆེན་རྙིང་མི་བསྟན་འཛིན་ཐམས་ཅད་ཀྱིས་རྗེ་འདིའི་ཞབས་ལ་མ་གཏུག་པ་མེད་དོ། རྗེ་ལོ་ཆེན་ཞི་བར་གཤེགས་ནས་གདན་སར་ལྔ་པ་ཆེན་པོས་ཁྲ་ཚང་པ་བློ་མཆོག་རིག་པའི་རྡོ་རྗེ་བསྐོས་འཇའ་གནང་སྟེ། རྗེ་འདི་ནི་ཡར་ལུང་འཕྱོངས་རྒྱས་པ། ཉང་རིན་པོ་ཆེའི་ཆོས་དབང་སྨྱོས་མཐིང་མ་བར་གྲགས་པའི་གདུང་ལས་བུང་མཐིང་ཁྲ་གསུམ་ལས་ཁྲ་ཚང་བའི་གདུང་ཆད་ནས་བླ་མ་སྨན་ལུང་པའི་གདུང་གིས་བསྐྱངས་པས་མཚན་གྱི་འབོད་ཕྱོགས་གཉིས་བྱུང་སྟེ་གདུང་དངོས་ཉང་རྗེ་འདི་ལྷུམས་སུ་བཞུགས་དུས་ལོ་ཆེན་བེ་རོ་ཙ་ནི་རྣམ་འཕྲུལ་ལྷ་བྲོ་བ་ཀརྨ་གུ་རུའི་བསྟན་པ་ལ་ཕན་པའི་བུ་ཞིག་འབྱུང་ཞེས་ལུང་བསྟན། གུ་རུ་ཆོས་དབང་གི་གདུང་ལས་ཀརྨ་དབང་འབྱོར་ཞེས་གྲུབ་ཐོབ་ཆེན་པོ་ལུང་རྟོགས་ཡོན་ཏན་གྱིས་བརྒྱན་པ་ཞིག་བཞུགས་པ་ལ་གུ་རུ་ཆོས་དབང་གི་གཏེར་ཆོས་ཡོངས་རྫོགས་གསན། ཨེ་བྲག་སྣ་ཆོས་རྗེ་ལས་ཉང་གི་གཏེར་ཆོས་སོགས་གསར་རྙིང་གཉིས་ཀར་གསན་རྒྱ་ཆེ། དབང་ལུང་ཁུངས་བཙུན་པས་ལྔ་པ་རིན་པོ་(སྨད་ཆ།༢༥༤)ཆེ་ཏི་ཤྲིར་བཀུར། རྙིང་མ་བཀའ་གཏེར་དང་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལྔགས་ལུང་སོགས་གསན། རྡོར་བྲག་སྦྲུལ་སྐུ་པདྨ་ཕྲིན་ལས་ཀྱིས་ཀྱང་རྩ་བའི་བླ་མ་བཀའ་དྲིན་ཆེ་བ་གཅིག་ཏུ་འཛིན། གོང་རའི་གདན་ས་མཛད་ནས། འདས་རྗེས་ཀྱང་སྐྱེ་སྦྲུལ་རིམ་བྱོན་གྱི་གདན་ས་མཛད། དགོན་འདི་གཙང་རིན་སྦུངས་ཀྱི་ཐད་གཙང་པོ་ཕ་རིའི་མཐོ་སར་ཡོད་ཀྱང། དེང་སང་གདན་ས་རི་ཀླུང་སྦྲུག་རང་མཛད་པ་འདྲ། གཙང་སྨད་དུ་ཕུང་པོ་རི་བོ་ཆེ་བདུད་དཔུང་ཟིལ་གནོན་གླིང་ལྔ་པའི་ཕྱག་འདེབས་དང། སྙེ་མོ་བདེ་ཆེན་གླིང། བྲེས་དགོན་གསར། བོན་ལུང་པདྨ་ཆོས་གླིང་སོགས་དང། བོན་ལུང་སྦྲུལ་སྐུ། ཆུ་བཟང་སྦྲུལ་སྐུ་སོགས་རྙིང་མའི་བསྟན་འཛིན་ཀྱང་མང་དུ་བཞུགས། དབུས་ཕྱོགས་སུ་ཚེ་ཆུ་སྒྲུབ་སྡེ་ནི་ཐང་སྟོང་པས་བཏབ་ཐུགས་སྲས་སྐྱོབ་པ་བཟང་པོའི་སྦྲུལ་སྐུ་རིན་བྱོན་གྱིས་གདན་ས་མཛད་དེ་ལྕགས་ཟམ་པ་ངག་དབང་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་སོགས་མཁས་ཤིང་གྲུབ་པ་བརྙེས་པ་མང་དུ་བྱོན་ནོ། ཡར་ལུང་ཕྱོགས་སུ་སྔོན་ཉང་ཏིང་འཛིན་བཟང་པོ་དང་ཉང་ཏ་ཐ་ག་ཏ་སོགས་ཀྱི་བརྒྱུད་ལས་ཉང་བྱ་ཁྲིད་འཁོར་ལོ་དང་ཉང་པོ་ཆེ་བྱ་བ་གཉིས་ལས་ཡབ་ཚན་དུ་གྱེས་པའི་ཕྱི་མའི་གདུང་ལས། བླ་མ་བཙོན་སེང་སྟེ་ལྷོ་བྲག་ཉང་ཚོ་དང་འཕྱོངས་རྒྱས་ཉང་ཚོར་གྲགས་ཤིང། དེ་དག་ལས་ཀྱང་འཕེལ་བ་ཨེ་ན་ཉང་ཆོས་ལྡན་པས་མཚོན་སྟོད་སྨད་དུ་ཁྱབ་ཆེ་ཞིང། ཉང་སྟོན་བཙོན་འགྲུས་སེང་གེའི་གཅུང་གི་སྲས་བླ་མ་མཉམ་མེད་ཆེན་པོ་ནམ་མཁའ་བསོད་ནམས་ལ་སྲས་སྐུ་མཆེད་ལྔ་བྱུང་བར་ཡར་ཀླུངས་སྦྲུལ་སྐུ་མཆེད་ལྔར་གྲགས་པ་སྨན་ལུང་བ། ཆོས་ལྡན་པ། དུར་ཁྲོད་པ། སྐལ་ལྡན་པ།(སྨད་ཆ།༢༥༥)དབང་རྒྱལ་བ་རྣམས་ཡིན་པས་སྦྲུལ་སྐུ་ཆོས་མགོན་པའི་འཕྲིན་ཡིག་ཏུ། ཉང་སྟོན་ཆེན་པོས་བསྟན་པའི་དབུ་བརྙེས་ནས། མཉམ་མེད་དབོན་སྟོན་བསྟན་པའི་སྲོལ་ཆེན་བཏོད། མཁས་ཆེན་སྨད་ལུང་པ་ཡི་དབུ་བཟུང་ནས། ཉང་བན་སྐུ་མཆེད་དང་འདིར་དར་ཞིང་རྒྱས། ཞེས་གསང་སྔགས་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་ཕྱོགས་དེར་དབུ་བརྙེས་སྲོལ་བཏོད་དར་རྒྱས་སུ་མཛད་ཚུལ་གསུངས་པར་མ་ཟད། གཏེར་སྟོན་ཆོས་ཀྱི་དབང་ཕྱུག་གི་ཡབ་མཁས་པ་སྟོན་ཉིའི་སྐྱེ་བ་ཆོས་ལྡན་པས་སྦྲུལ་སྐུར་གྲགས་ཤིང། སྐུ་མཆེད་མཐའ་དག་ལ་མཚན་དེ་སྟར་ཐོགས། འདིའི་དུས་སྨན་ལུང་གི་གདན་སར་བྱོན་པས་ཆོས་དབང་རིན་པོ་ཆེས་བཀའ་འབུམ་དུ་ཡབ་སྲས་སྐབས་འགར་ཡར་ཀླུངས་ཀྱི་དགེ་བཤེས་ཤཱཀྱ་འོད་དང་གསང་མཚན་མི་བསྐྱོད་རྡོ་རྗེ་ཞེས་པར་དགོངས་ནས་སློབ་མ་རྒྱལ་བ་རིགས་ལྔ་ཡོད། འོད་རྟ་རྟ་མགྲིན་དབང་རྒྱལ་ཡོད། ཅེས་གསུངས། དུས་ཕྱིས་གླན་བསོད་མས་མགོན་པོའི་གདན་ས་སྨན་ལུང་དུ་བཞུགས་པས་མཚན་དེ་ལྟར་གྲགས། བླ་མ་འདི་ཉིད་ཀྱིས་བླ་མ་རྫོགས་ཐུགས་གསུམ། མདོ་སྒྱུ་སེམས་གསུམ། རྫོགས་ཞི་སྦྱོད་གསུམ་སོགས་ཀྱི་སྒོ་ནས་འགྲོ་དོན་རྒྱ་ཆེར་མཛད། ཁྱད་པར་སྨན་སྒྲུབ་རྒྱ་ལུགས་དང་གསང་རྫོགས་ཀྱི་ཕྱག་ལེན་གཅིག་ཏུ་དྲིལ་ནས་སྣང་སྲིད་ཐམས་ཅད་ཡེ་ཤེས་ལྔའི་རང་བཞིན་བདེ་བ་ཆེན་པོའི་ངོ་བོར་བྱིན་གྱིས་བརླབས་ཏེ་ལས་ཅན་གྲངས་མེད་པ་ཡེ་ཤེས་ལྔའི་སར་བཀོད། སྒྱུ་འཕྲུལ་རྒྱུད་དོན་རྣམ་ངེས་སྐོར་ཆོས་ཙན་ལྔ། བདུད་རྩི་རིན་པོ་ཆེའི་བཀོད་པས་མཚོན་ལུང་རིགས་དང་འབྲེལ་བའི་བསྟན་བཅོས་དུ་མ་མཛད། སྦང་སྟོན་མཚན་(སྨད་ཆ།༢༥༦)ལྡན་ཉི་མ། སྦྲུལ་སྐུ་ཆོས་ལྡན་པ་སོགས་གཅུང་མཆེད་བཞི། དེ་དག་གི་སྲས་བརྒྱ་ཤཱཀྱ་གཞོན་གཉིས། གཞན་ཡང་དཱགས་སྟོན་དབང་ནོར། མགར་སྟོན་ཁམ་སྟོན་གྲགས་པ། གཉལ་རི་ཁྲོད་པ། བལ་བཀོད་དགེ་བཤེས་ཀྱི་གཙོས་པའི་སློབ་མ་མང་དུ་བྱོན། འོན་ཀྱང་ཆོས་སྡེ་སོགས་ཡོད་པ་མ་ངེས། གཞན་འཕྱོངས་རྒྱས་དཔལ་རི་འདི་དབུས་ཕྱོགས་རྙིང་དགོན་སྔ་ཤོས་ཞིག་ཏུ་སྣང་སྟེ། ཀརྨ་རྒྱལ་སྲས་ཀུན་བཟང་སོགས་གྱིས་བཏབ། གཏེར་སྟོན་གཤེགས་རྗེས། ཀརྨ་རྒྱལ་སྲས་ཀུན་བཟང་སོགས་ཀྱི་བསྐྱངས། དེ་ནས་རིག་འཛིན་ངག་གི་དབང་པོའི་གཅུང་མཚོ་རྒྱལ་སྦྲུལ་པ་རིག་འཛིན་ཕྲིན་ལས་རྣམ་རྒྱལ་མཚོ་སྐྱེས་བཞེད་པའི་དབང་པོས་གདན་ས་མཛད། བར་སྐབས་ཀྱི་གདན་རབས་མ་རྙེད། ཕྱིས་ཆོད་དེ་ཉིད་ཀྱི་སྦྲུལ་པའི་སྐུ་ངག་དབང་ཀུན་བཟང་པདྨ་སོགས་ནས་མཚོ་རྒྱལ་སྐྱེ་སྦྲུལ་རིམ་བྱོན་གྱིས་བསྐྱངས་པས་ཉམས་མེད་གོང་འཕེལ་དུ་གནས། ཡང་ཡུལ་དབུས་སུ་ཡོངས་སུ་གྲགས་པའི་ཆོས་སྡེ་ཆེན་པོ་ནི་རྡོར་སྨིན་གཉིས་ཡིན་ཏེ། དེ་ཡང་ཐོག་མར་གངས་རིའི་ཁྲོད་ཀྱི་པདྨ་འོད་ཐུབ་བསྟན་རྡོ་རྗེ་བྲག་གི་གདན་རབས་བརྗོད་པར་བྱ་སྟེ། དང་པོ་ཆུ་འགོ་གངས་ལ་ཐུགས་པའི་བྱུང་ཚུལ་ནི། གཏེར་སྟོན་རིག་འཛིན་པ་མཛད་པའི་ཚུལ་ལ། དང་པོ་ནི་གཏེར་སྟོན་རིག་འཛིན་ཆེན་པོ་དེ་ཉིད་ཀྱི་རྣམ་ཐར་གོང་དུ་གཏེར་བྱུང་སྐབས་སུ་སྨོས་ཟིན་ལ། སློབ་བརྒྱུད་མང་ཡང་སྲས་བརྒྱུད་གཅོར་སྨོས་ཀྱི་ལུགས་ལ། སྲས་རྣམ་རྒྱལ་མགོན་པོ་ནི། སྙན་རྒྱུད་དྲུག་གི་ཐོ་བྱང་ལས། བུད་མེད་(སྨད་ཆ།༢༥༧)དམར་མདུངས་དཔྲལ་དབྱིབས་ཆེ༔ དཀར་དམར་མཐིང་གི་སྨེ་བ་གསུམ༔ གདོང་པ་གཡས་ལ་གསལ་བར་ཡོད༔ ལྷོ་ནུབ་བྱང་ཤར་མཚམས་ན་འོང༔ དེ་ལ་སྐྱེས་བུ་ལུས་ཀྱི་སྲས༔ ཁྲོ་བོའི་མིན་ཅན་སྦྱན་མིག་གཡས༔ བྱང་གི་མཛོད་ལ་དབང། བློ་རྩལ་ཤེས་རབ་ལྡན་པ་འབྱུང༔ དེ་གཉིས་བྱང་གི་མཛད་ལ་དབང༔ ཞེས་ཡུམ་སྲས་གཉིས་ཀ་ལྕགས་མཛོད་ཀྱི་བདག་པོར་ལུང་བསྟན་པའི་ཡུམ་འདི་ནི་ཌཀིའི་མཚན་རྟགས་དང་ལྡན་པར་གཅད་རྒྱས་སྟེར་འཁྲུངས་རིག་འཛིན་ཆེན་པོ་གཤེགས་ནས་སྐུ་ན་སྨིན་ཡང་གཞོན་ཤ་དང་ལྡན་ཞིང། ལང་ཚོ་དང་པོ་ལ་གནས་པ་ལྟ་བུར་བཞུགས་པས་པཎ་ཆེན་ནགས་རིན་གྱི་གཟུངས་མ་ཡང་མཛད། མཚན་ལྡན་སྦྲུལ་པའི་ཡུམ་ཆེན་དུ་གྲགས། ཡུམ་དེ་ཉིད་ལས་རི་བོ་བཀྲ་བཟང་གི་མདུན་བྱིན་གྱིས་བརླབས་པའི་གཟིམ་ཁང་ཁྲ་མོ་ཞེས་པར་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། སྐུ་སྐྱེད་ཤིན་ཏུ་ཆེ་ཞིང། ཆོས་ཀྱི་བག་ཆགས་བཟང་བས། འབྲི་ཀློག་ལ་སོགས་པའི་རིག་པའི་གནས་རྣམས་ཚེགས་མེད་དུ་མཁྱེན། དགུང་ལོ་དྲུག་པ་ལ་སྦྲུལ་སྐུ་རིག་འཛིན་ཆེན་པོའི་དྲུང་དུ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་དགོངས་པ་ཟང་ཐལ་གྱི་དབང་ཁྲིད་མན་ངག་རྣམས་གསན། དགུང་ལོ་བཅུ་པ་ལ་ཡབ་འོག་མིན་དུ་གཤེགས། དེ་ནས་བླ་མ་རྡོ་རྗེ་དཔལ་བས་དབང་བཀའ་སོགས་ཕྱག་བཞེས་རྣམས་བསླབ་སྦྱངས་ཞབས་ཏོག་མཛད། གནས་ཆེན་རི་བོ་བཀྲ་དུ་སྒྲུབ་པ་ལོ་ལྔ་ཙམ་མཛད་པས་ཆོས་ཉིད་ཀ་དག་གི་རིག་པ་དམར་ཐག་ཚོད། ལྷུན་གྲུབ་འོད་གསལ་གྱི་སྣང་གཞི་ལ་གདེངས་ཐོབ་སྟེ་རྫོགས་པ་ཆེན་པོའི་དགོངས་པ་མངོན་དུ་གྱུར། དགུང་ལོ་བཅོ་བརྒྱད་བཞེས་པའི་ཚེ་བླ་མ་བྲག་ལུང་པའི་དཔོན་མོ་མཁའ་(སྨད་ཆ།༢༥༨)འགྲོའ་མཚན་དང་ལྡན་པ་ཞིག་ཡོད་པ་རིགས་མར་བཞེས། འོན་ཀྱང་གདུང་བརྒྱུད་འཇོག་པར་མ་གནང། དེ་ནས་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད། ཁྱད་པར་བྱང་ལྕགས་མཛོད་ནག་པོའི་བདག་པོར་ལུང་བསྟན་པ་ལྟར། དྲག་པོ་མངོན་སྦྱོད་ཀྱི་ཕྲིན་ལས་ལ་མངའ་བརྙེས། རྫོགས་པ་ཆེན་པོའི་སྙན་རྒྱུད་རྣམས་ཀྱི་བདག་པོ་བླ་མ་རིན་པོ་ཆེ་རྡོ་རྗེ་དཔལ་བ་བསྐོས་ཏེ། དགུང་ལོ་ཉི་ཤུ་རྩ་ལྔ་པ་ལ་གདུལ་བྱའི་སྣང་ངོར་དམ་སེལ་ཞིག་གི་རྐྱེན་གྱིས་བསྙུང་ཚུལ་བསྟན་ཏེ། སྒྲ་དང་འོད་དང། ནམ་མཁའ་ཤིན་ཏུ་དཱངས་པ་ལ་འཇའ་འོད་ཀྱི་གུར་ཕུབ་པ་སོགས། ངོ་མཚར་གྱི་ལྟས་དུ་མ་དང་བཅས་ཏེ་གདོད་མའི་དབྱིངས་སུ་གཤེགས་སོ། སྔགས་འཆང་ཆེན་པོ་རྡོ་རྗེ་དཔལ་བ་ནི། འཁྲུངས་ཡུལ་ཕུག་རྩ་ཞེས་པར་གདུང་གི་མཚན་རི་ཡབ་མིག་དམར་དང་ཡུམ་སྦྲུལ་སྐུ་རིག་འཛིན་ཆེན་པོའི་ལྕམ་མོ་ཡིན། སྐུ་མཆེད་གསུམ་གྱི་ཤོས་ཡིན། རིག་འཛིན་ཆེན་པོས་མཚན་རྡོ་རྗེ་དཔལ་དུ་བཏགས། ལས་ཅན་སྙིང་གི་བུ་བདུན་གྱི་ནང་ཚན་ཡིན་པར་དགོངས་ཏེ་ཕྱག་ཕྱིར་ཏལ་མར་བཞུགས་འཇུག་པ་གནང། མཆོད་གཡོག་དང་ལས་ཀྱི་སློབ་དཔོན་སོགས་ཀྱང་མཛད། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་དགོངས་པ་ཟང་ཐལ་གྱི་དབང་ཁྲི་ལན་མང་དུ་གསན། ལྷ་བྲག་མཛོད་ལྔའི་ཆོས་ཚན་དབང་ལུང་མང་ངག་གཏད་རྒྱ་དང་བཅས་པ་གནང། སྦྲུལ་སྐུ་རིག་འཛིན་ཆེན་པོ་ཞི་བར་གཤེགས་ནས་ཀྱང། སྲས་མཆོག་རྣམ་རྒྱལ་མགོན་པོའི་ཕྱག་ཕྱིར་མཛད་ནས། དབང་ལུང་དུ་གསན། དེ་ནས་གནས་ཆེན་རི་ཁྲོད་(སྨད་ཆ།༢༥༩)རྣམས་སུ་སྒྲུབ་པ་ལ་ནན་ཏན་སྙིང་པོ་མཛད། སྐལ་ལྡན་གྱི་སློབ་མ་མང་དུ་ཐོན། ཁྱད་པར་མཚན་ལྡན་བྱམས་པ་གཤེས་གཉེན་ལ། ཆོས་བཀའ་རྣམས་རྫོགས་པར་གཏད་དེ་ལ་སྟོད་ལྟོའི་ཕ་དྲུག་གི་དགོན་གྲཱ་སྟེང་དུ། སྐུ་མྱ་ངན་ལས་འདས་ཏེ་ཞག་གསུམ་གྱི་བར་དུ་སྒྲ་འོ་མེ་ཏོག་གི་ཆར་གདུང་ཁང་སྟེང་དུ་འཇའ་འོད་འཁྱིལ་བ་ལ་སོགས་ལྟས་ངོ་མཚར་བ་དུ་མ་བྱུང་ངོ། སྔགས་འཆང་རྡོ་རྗེ་རྣམ་གཉིས་ལས། རྡོ་རྗེ་མགོན་པོ་ནི། འཁྲུངས་ཡུལ་ཆུ་ཚུགས་ཕུའི་དགོན་པོ་རྣ་མོ་ལུང་ཞེས་པ་དེར་འཁྲུངས། སྐུ་མཆེད་གཉིས་བྱུང་བ་ལ། གཅེས་པོའི་མཚན་རིན་ཆེན་གྲགས་པ་ཞེས་བྱ། སྐུ་མཆེད་གཉིས་སྐུ་ཆུང་ངུ་ལ་ཡབ་ཡུམ་གྲོངས། གཉིས་ཀས་ཡི་གེ་ལེགས་པར་མཁྱེན། སྙན་བརྒྱུད་ནས་ལས་ཅན་དུ་ལུང་བསྟན་པ་ལྟར་སྦྲུལ་སྐུ་རིག་འཛིན་ཆེན་པོ་ལ་བཅོས་མེད་ཀྱི་དད་པ་གཏིང་ནས་འཁྲུངས་ཏེ། གནས་ཆེན་རི་པོ་བཀྲ་བཟང་དུ་རིག་འཛིན་ཆེན་པོའི་ཞབས་དྲུང་དུ་འབྱོར། བླ་མ་ཡུན་རིང་དུ་བསྟེན་ནས་མན་ངག་གི་ཞུན་ཐར་ལེགས་པར་བཅད་དེ། རི་བོ་བཀྲ་བཟང་རྟ་ཆན་པ་ཕུར་བུ་ལུང་རྣམས་སུ་ཐུགས་དམ་སྒྲུབ་པའི་ཉམས་བཞེས་མཛད་པས། རྫོགས་པ་ཆེན་པོའི་སྣང་བཞི་མཐར་པྱིན། གཞན་དོན་གྱི་གཏེར་ཁ་བྱེ་བས། འགྲོ་བ་མེད་པོའི་རྒྱུད་ལ་ཐར་བའི་ས་བོན་བཏབ། ལས་ཅན་མང་པོ་སྨིན་གྲོལ་བ་བཀོད་ནས། དགུང་ལོ་རེ་བརྒྱད་པ་ལས་གཡོ་བ། མེ་ཏོག་ཆར་སོགས་དང་རིང་བསྲེལ་ངོ་མཚར་བ་དང་བཅས་ཏེ་མྱ་ངན་ལས་འདས་སོ། མཚན་ལྡན་བྱམས་པ་གཤེགས་གཉེན་ནི། ཡབ་ཡུམ་བར་ཕྱུག་འབྲོག་པའི་ཁུང། མི་བཟང་ཞིང། དད་པ་དང་སྙིང་རྗེ་ཆེ་བ་གཉིས་ཀྱི་སྲས་སུ་(སྨད་ཆ།༢༦༠)འཁྲུངས། ནེ་རིང་ཆོས་རྗེ་ལས་རབ་བྱུང་སྟེ། དཱགས་པོ་བཀའ་བརྒྱུད་ཀྱི་ཆོས་སྐོར་སོགས། གསར་མའི་ཆོས་མང་དུ་གསན། བསླབ་སྦྱངས་དང་ཐུགས་དམ་ལ་བཙོན་པར་མཛད། རིག་འཛིན་རྣམ་རྒྱལ་མགོན་པོའི་དྲུང་དུ་བྱོན་ནས། ལྷ་བྲག་གཏེར་ཆོས་དབང་མན་ངག་གཏད་རྒྱ་དང་བཅས་པ་ཡོངས་རྫོགས་གསན། སླར་རིན་པོ་ཆེ་རྡོ་རྗེ་དཔལ་བ་ལ་ཡང་ནན་རན་ཆེན་པོས་རྫོགས་པ་ཆེན་པོ་སོགས་དང་དབང་ཁྲིད་མན་ངག་གཏད་རྒྱ་དང་བཅས་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཞུས། དེ་ནས་རེ་ཞིག་གནས་ངེས་མེད་མཛད་ཅིང། འཚོ་བ་ངན་དོན་ཙམ་ལ་རྟེན་ནས་ཐུགས་དམ་ཉམས་བཞེས་ཁོ་ན་མཛད། སླར་ནས་རྒྱལ་གྱི་ཤྲི་བྱང་རྫོང་ཉིད་དུ་གདན་བབ་ནས། བུག་སྒོ་གཅིག་ལ་ལོ་མང་དུ་སྒྲུབ་པ་ལ་བཞུགས་པས་རྫོགས་པ་ཆེན་པོའི་ཐུགས་དམ་སྣང་བཞི་ལ་བྱན་ཚུད། ལོ་གསར་གྲངས་སྒང་ལ་དབང་བུམ་དུ་འབྲས་བུ་སྨིན་པ་དང། ནང་མཚོད་ལ་དྲོད་རླབས་འབྱུང་བ་སོགས་ངོ་མཚར་གྱི་རྟགས་མང་དུ་བྱུང། སྙན་བརྒྱུད་དྲུག་གི་ཐོ་བྱང་དུ་གསུངས་པའི་རྫོགས་པ་ཆེན་པོའི་ཆོས་ལ་སྐལ་བ་ཡོད་པའི་སློབ་མ་འགའ་རེ་ཡང་དེར་འདུས་པ་ཡིན་ནོ། དགུང་ལོ་དྲུག་བུ་རེ་བརྒྱད་པ་ལ། ནམ་མཁའ་གཡའ་དག་པ་དང། ལས་སྣང་དག་པའི་མཐོང་སྣང་ལ། འོད་ལྔའི་ཕུང་པོའི་ནང་ནས་གདུང་བཀྲག་མདངས་ཅན་བཞུགས་ལ་སོགས་བྱུང། གདུང་ཐམས་ཅད་གདུང་ལོག་བཟང་པོར་སོང་བ་སོགས་ངོ་མཚར་བའི་ལྟས་དང་བཅས་ཏེ་མྱ་ངན་ལས་འདས་སོ།(སྨད་ཆ།༢༦༡)མཚན་ལྡན་ངག་དབང་གྲགས་པ་ནི། བླ་མ་རིན་ཆེན་གྲགས་པའི་སྲས། རྡོ་རྗེ་མགོན་པོའི་སྐུ་ ཚ་ཡིན་པས། ཡབ་ཚབ་མཛད་ནས་གཅེས་པར་བསྐྱངས། བཅོ་ལྔ་ཙམ་ལོན་ཚེ་མོས་མང་དུ་གནང་ཞིངཁྱད་པར་རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་དགོངས་པ་ཟངས་ཐལ་སོགས་ལྷ་བྲག་གི་གཏེར་ཆོས་དབང་ཁྲིད་མན་གང་ཡོངས་རྫོགས་ཞིབ་པར་གནང་བས་ཐུགས་མྱོང་ལེགས་པར་འཁྲུངས། བཀྲ་བཟང་དང། རྒྱལ་གྱི་ཤྲི་སོགས། དབེན་གནས་རྣམས་སུ་སྒོམ་སྒྲུབ་འབའ་ཞིག་གཙོ་བོར་བཏོན་པས། རྟགས་སྣང་མཐར་ཕྱིན་དུས་ལ་བབས་པའི་སྐལ་ལྡན་གྱི་གདུལ་བྱ་མང་པོ་སྨིན་གྲོལ་བཀོད་ནས་དོན་གཉིས་པ་ལ། རི་བོ་བཀྲ་བཟང་ཉིད་དུ་སྐུ་མྱ་ངན་ལས་འདས། ནམ་མཁའ་དཱངས་པ་ལ། གདུང་གི་ཐད་ཀྱི་བར་སྣང་འཇའ་ཚོན་སྣང་མངོན་སུམ་ཚད་མས་གྲུབ་པའོ། ཆོས་རྗེ་སངས་རྒྱས་དཔལ་བཟང་ནི། འཁྲུངས་ཡུལ་སྒེར་ཕུ། ཡབ་སྔགས་འཆང་བརྒྱུད་པ་ལས། མཁན་བཙུན་གཞོན་ནུ་དོན་གྲུབ་ཀྱི་ནེ་གནས་དགེ་འདུན་རྒྱལ་མཚན་ཞེས་བྱ་བ་དང། ཡུམ་ཡང་བླ་མ་དེའི་དབོན་མོ་ཤེས་བཟང་ཞེས་པ་ལས་སྐུ་འཁྲུངས། སྐུ་མཆེད་དྲུག་ཡོད་པའི་ལྔ་ཚིག་ཡིན་པས་ལྔ་དར་དཔལ་བཟང་ཟེར། སྐུ་ཞང་བླ་མ་དཀོན་མཆོག་དཔལ་བཟང་གྱི་ཡུམ་ལ་ངའི་ཙར་བུ་གཅིག་སྐྱོལ་དང། ཆོས་སྐོར་འཇུག་པ་ཡིན་གསུངས་པས། སྐུ་མཆེད་གཉིས་འདེམ་ཁ་ཕུལ་བས་གཉིས་ཀར་ཞིབ་ཏུ་གཟིགས་མཐར་རྗེ་འདིར་ང་འདི་ཆོས་སྒོར་འཇུག་འདི་ལ་ཆོས་པ་ཡང་དག་པ་(སྨད་ཆ།༢༦༢)གཅིག་ཡོང་གསུངས་ནས་ཆོས་སུ་བཅུག། བཟང་ལྡན་ཆོས་སྡེར་རབ་ཏུ་བྱུང། བླ་མ་དཀོན་མཆོག་དཔལ་བཟང། ཇོ་ནང་ཆོས་རྗེ་ཤེས་བཟང། ཐེག་ཆེན་ཀྱི་ཆོས་ཀྱི་རྒྱལ་པོ། ངོར་ཆེན་ཀུན་དགའ་བཟང་པོ་རྣམས་ལ་དབང་ལུང་ཆོས་བཀའ་མང་དུ་གསན། རིག་འཛིན་སངས་རྒྱས་བྱམས་བཟང་ལ། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་སྐོར་སོགས་གསན། དེ་ནས་མཚན་ལྡན་བྱམས་པ་བཤེས་གཉེན་ལ་ཐུགས་དད་གཡོས་ནས་མཇལ་དུ་བྱོན། སང་མཇལ་རྒྱུའི་ ནུབ་ཤེལ་གྱི་རི་དཀར་པོ་གཅིག་གི་ངོས་ལ་མཆོད་རྟེན་དཀར་པ་མང་པོ་འདུག་པའི། འོག་མ་ནས་རིམ་པར་འཛེགས་ཏེ། མཆོད་རྟེན་གོང་མའི་ཏོག་གི་ཐད་དུ་སླེབས་པ་དང། མནལ་སད་དོ། དེ་ནས་ཤྲི་བྱང་རྫོང་དུ་བླ་མ་དང་མཇལ་། ཐུགས་སྣང་འགྱུར་ཞིང་དད་པ་གོང་འཕེལ་དུ་གྱུར། དེར་རྫོགས་པ་ཆེན་པོའི་དབང་ཁྲིད་མན་ངག་རྣམས་ཞུས་པས། ཐུགས་དམ་ཟག་མེད་ཀྱི་ཏིང་ངེ་འཛིན་ལ་རང་བཞིན་གྱིས་འབྱམས་པ་དང། ཞག་གསུམ་གྱི་བར་དུ་སྐུ་ལུས་འོད་ཕུང་དུ་གསལ་བ་བྱུང་དགོངས་པ་ཟད་ཐལ་གྱི་གཙོས་པའི། ལྷ་བྲག་གི་ཟབ་གཏེན་དབང་ལུང་མན་ངག་གཏད་རྒྱ་དང་བཅས་པ་ཡོངས་རྫོགས་སུ་གསན། བླ་མ་ཡུན་རིང་བསྟེན། རི་བོ་བཀྲ་བཟང་དུ་ལུང་བསྟན་གྱི་ལྷ་ཁང་འགྲུབ་ན། སེམས་ཅན་ལ་བདེ་སྐྱིད་ཆེན་པོ་འབྱུང་བར་དགོངས་ཏེ་རིའི་རྩེ་མོ་སྐེད་པ་རྩ་བ་གསུམ་དུ་ལྷ་ཁང་བཞེངས་པ་ལེགས་པར་གྲུབ། ཐུགས་སྒྲུབ་བསྙེན་པའི་ཚེ། ཐུགས་ཁ་ནས་འོད་ལྔའི་རྡོ་རྗེ་རྒྱ་གྲམ། ཞག་ཁ་ཤས་བུ་དུ་ལམ་མེར་ཡོད་པ་བྱུང་སྐུ་ཕྱི་ནང་མེད་པར་ཐལ་དུ་གཟིགས་པ་དང་། བོར་དོའི་སེམས་ཅན་མང་པོ་གཟིགས་པ་སོགས་ངོ་མཚར་མང་པོ་མངའ། དགུལ་ལོ་བཞི་ བཅུ་ཞེ་(སྨད་ཆ།༢༦༣)གཉིས་ནས་གཞན་དོན་གྱི་གཏེར་སྒོ་བྱི་ནས། ལོ་རེ་བཞིན་རྫོགས་པ་ཆེན་པོ་སོགས་ཆོས་མང་དུ་གནང་བས་ལ་སྟོད་ལྷོད་བྱང་ཀུན་ཏུ་སློབ་མ་མང་པོས་ཁྱབ། དེ་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་རྗེས། ངོ་མཚར་བའི་ལྷས་དུ་མ་དང་བཅས་གཤེགས་སོ། སྔགས་འཆང་ཆོས་རྒྱལ་བསོད་ནམས་ནི། གློ་བོ་སྒྱམ་དཔལ་ཞེས་བྱ་བའི་རྫོང་གི་མདུན་དུ་སྐུ་རུས་ལྡོང་ཡབ་དཔོན་ཆེན་པོ་ལྷ་གྲུབ་གསུམ་དང། ཡུལ་དབོན་མོ་དཀར་ལྕམ་གྱི་སྲས་སུ་ཆུ་ཕོ་བྱི་བའི་ལོ་ལ་སྐུ་བལྟམས། གུ་རུ་ཞི་བའི་བསྙེན་སྒྲུབ་བྱས་པས། པདྨ་འབྱུང་གནས་ཀྱི་ཞལ་གཟིགས་སྟེ། ཞིང་སྐྱོང་ཌཱཀིའི་བུ་ཁྱོད་ཉོན། རྒྱུ་འབྲས་འཁོར་བའི་ཉེས་དམིགས་སེམས། འཆི་བ་མི་རྟག་དྲན་པར་གྱིས། སེམས་ཉིད་སྟོང་གསལ་རྒྱུན་དུ་བསྒོམས། དེ་ཚེ་ང་དང་འདུ་འབྲལ་མེད། འོན་ཀྱང་སྔོན་གྱི་ལས་འཕྲོ་ཡིན། འདི་ཕྱིའི་དོན་ཆེན་འགྲུབ་པར་འགྱུར། ཞེས་གསུངས། ཆོས་རྗེ་སངས་རྒྱས་དཔལ་བཟང་དྲུང་དུ། རྫོགས་ཆེན་ཟང་ཐལ་ལ་སོགས་ཏེ་ལྷ་བྲག་མཛོད་ལྔའི་ཆོས་ལྡ་བརྒྱ་ཕྲག་གི་དབང་ལུང་ཡོངས་རྫོགས་གསན། དཔེ་རྣམས་ཀྱང་བྲིས། བླ་མ་ཡི་དམ་ཆོས་སྐྱོང་གི་བསྙེན་པ་བློས་མི་ཁྱུད་པ་མཛད་ནས། རེ་བརྒྱད་པ་སྦྲུལ་གྱི་ལོ་ཚོ་འཕྲུལ་ཆེན་པོའི་ཚེས་བརྒྱད་ལ། འཇའ་འོད་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཉེར་ཞིའི་དབྱིངས་སུ་གཤེགས་སོ། ཐུགས་སྲས་ནམ་མཁའ་རྒྱལ་མཚན་ནི། གདུང་བསམ་པ་རིག་སྔགས་འཆང་བ་རིམ་པ་ནས་རིམ་པར་བརྒྱུད་པའི་རིགས་ཏེ་མེས་བོས་པ་དམར་གྱི་(སྨད་ཆ།༢༦༤)ལྷོའི་བྲག་ལ། ཕྱག་མཁར་བསྣུས་པ་ལ་མི་འབར་བ་དང། ཕྱག་ཞབས་ཀྱི་རྗེས་བྲག་ལ་བཞག་པ་སོགས། གྲུབ་རྟགས་མང་བས་མེས་སྟོན་པར་གྲགས། ཡབ་ཡུམ་རྡོ་རྗེ་ཕུར་པའི་བསྐྱེད་རིམ་ལ་བཞུགས་པའི་ངང་ནས། གདུང་བཞག་པས་ཡུལ་གྱི་ལྷུམས་ནས་ཀཱི་ལ་ཡའི་སྒྲ་སྒྲོག་པ་དང། ཡབ་ཡུམ་གཉིས་ཀ་ཐུགས་དམ་ལ་གསལ་དངོས་ཐོན། ཡུམ་ལ་བསྙུན་མེད་པར་འཁྲུངས། དགུང་ལོ་གསུམ་བཞེས་པ་ནས་ཆོས་ཀྱི་བག་ཆགས་སད། རིན་པོ་ཆེ་སངས་རྒྱས་དཔལ་བཟང་དག་མཇལ། ཞབས་པད་ལོ་མང་པོར་བསྟེན་ནས། སྦྱིར་གྱི་ཆོས་ཚུལ་མང་པོ་དང། སྒོས་གསང་སྔགས་རྙིང་མ་ཉང་ཆོས་དབང་ཤེས་རབ་མེ་འབར་གྱི་གཏེར་མ་རྣམས་དང། རི་བོ་བཀྲ་བཟང་དུ་རྫོགས་པ་ཆེན་པོའི་ཉམས་བཞེས་གཙོ་བོར་སྟོན་པའི་སྒྲུབ་པ་ལོ་གསུམ་མཛད་པས། སྣང་བཞིའི་ལམ་རིམ་ལས་རིག་པ་ཚད་ཕེབས་ཀྱི་ཉམས་ལ་བརྟན་པ་ཐོབ། རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་ཀྱི་ཞལ་གཟིགས། དགུང་ལ་དགུ་བཅུ་པ་ལ་དགོངས་པ་ཆོས་དབྱིངས་སུ་གཞོལ་བའི་ཚུལ་བསྟན་པས། སྒྲ་དང་འཇའ་ཡོལ་མོ་བ་ཤཱཀྱ་བཟང་པ་ནི། རྣམ་ཐར་ཞིབ་རྒྱས་གོང་དུ་གཏེར་བྱུང་སྐབས་སུ་སྨོས་ཟིན་ལ། སྦྱིར་གཏེར་ཆེན་འདི་ཉིད་གསང་ཆེན་སྔ་འགྱུར་གྱི་ཚུལ་རྒྱ་མཚོ་ལྟ་བུ་མ་གསན་པ་མེད་ཅིང། ཁྱད་པར་བྱང་གཏེར་གྱི་བསྟན་པའི་བདག་པོར་གྱུར་པས་རིགས་འཛིན་ལེགས་ལྡན་རྗེས་ཀྱང་བྱང་གཏེར་ཕལ་ཆེར་རྗེ་འདི་ལས་གསན་པ་ཡིན་ལ། རྗེ་འདིས་རང་(སྨད་ཆ།༢༦༥)གཏེར་གཏེར་ལུང་དང་མཐུན་པར་བཡ་ཡུལ་མཚད་རྟེན་བྱ་རུང་ཁ་ཤོར་ཞིག་གསོས་ཀྱང་མཛད། ལ་སྟོད་ཡོལ་མོ་གངས་རར་ཙུཌཱི་དགོན་པར་བཞུགས་པས་ཡོལ་མོ་བར་གྲགས། སྐུ་ཚེའི་སྨད་ལ་སྒྲུབ་པ་ཁོ་ན་ལྟུར་བཞེས་པའི་ངང་ནས་བསྟན་འགྲོའི་དོན་བསམ་མི་ཁྱབ་མཛད་ནས་གཤེག། མངའ་རིས་འཛིན་ཆེན་པོ་སྐུ་མཆེད་ནི། གསང་ཆེན་རྙིང་མའི་བསྟན་འཛིན་གཞན་འགྲན་དང་བྲལ་བའི་ལོ་རྒྱུས་ནི་གཏེར་བྱུང་སྐབས་སུ་བརྗོད་པ་ལྟར་ལས་ཁྱད་པར་བྱང་གཏེར་གྱི་བདག་པོར་གྱུར་བ་ནི་རིག་འཛིན་ལེགས་ལྡན་རྗེ་ཉིད་ཡིན་ཏེ། རིག་འཛིན་རྒོད་ལྡེམ་ཅན་གྱི་སྐྱེ་བ་ཡིན་པས་ཐུབ་བསྟན་རྡོ་རྗེ་བྲག་གི་བསྟབ་པའི་མངའ་བདག་རིག་འཛིན་ངག་གི་དབང་པོ་ནས་བཟུང། སྐྱེ་སྲིད་རིམ་བྱོན་ཐམས་ཅད་རྗེ་འདིའི་ཡང་སྲིད་ཁོ་ན་ཡིན་ཏེ། སྐྱེ་སྲིད་ཀྱི་དབང་དུ་བགྱིས་ན་རྒོད་ལྡེམ་ཅན་གཉིས་པར་ཡིན་ནོ། རིག་འཛིན་ཆེན་པོ་དབང་པོའི་སྡེ་ནི། གཡས་རུ་བྱང་གི་ཆར་མི་ཉག་སྟོང་ཁུན་གྱི་རྒྱལ་བརྒྱུད་དུ་འཁྲུངས། ཕྲིན་ལས་རྣམ་བཞི་ལ་མངའ་བསྒྱུར་བ་དང། རང་སྐལ་ཟབ་མོའི་གཏེར་ལ་སྦྱོད་ཚུལ་སོགས་གོང་དུ་སྨོས་པ་ལྟར་ལགས་ཤིང། གཞན་གྱི་སྣང་ངོར་སྡེ་པ་ཞིང་བཤགས་པ་སོགས་ཀྱིས་ཞབས་འདྲེན་ཞུས་པ་ལ་བརྟེན་དབུས་སུ་ཕེབས་གནང་ལྟ་བུ་ལ། དོན་དུ་དབུས་ཕྱོགས་སུ་ཕྲིན་ལས་ཀྱི་སྒོ་བྱེ་བས་ཆོས་བརྒྱུད་དང་བསྟན་པ་འཕེལ་རྒྱས་འབྱུང་བའི་རྟེན་འབྲེལ་ལ་དགོངས་ནས་འཕྱོངས་རྒྱས་ཡར་རྒྱབ་རྣམས་སུ་ཅི་རིགས་བཞུགས་ཤིང། མོད་སྨད་རྒྱ་ཧ་ཀ་ཡི་ཚེ་ཡན་ལ་ཕེབས་ནས་ཕྱོགས་བྲལ་གྱི་གདུལ་བྱ་སྐྱོང་བའི་དུས་སུ་ཆོས་སྒར་དངོས་གཙང་ཞིག་མཛད་ནས་གུ་རུ་པདྨའི་ཨེ་ཝཾ་ལྕོག་སྒར་དུ་མཚན་གསོལ་ཏེ་སྐྱེད་རྫོགས་སྒྲུབ་ཕྲིན་(སྨད་ཆ།༢༦༦)ཕྱག་བཞེས་མཐའ་དག་བྱང་གཏེར་གཙོ་བོར་གྱུར་པའི་བཤད་སྒྲུབ་ཀྱི་རྒྱུན་བཙུགས་པས་དར་རྒྱས་སུ་བྱུང་བ་ནི་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྡེའི་ས་བོན་ལྟ་བུ་ཡིན་ནོ། དེར་དབང་ཆེན་རིན་པོ་ཆེ་དང་ཟ་ཧོར་ལྷ་ལྕམ་ཡིད་འཛིན་དབང་མོ་གཉིས་ཀྱི་སྲས་སུ་རིག་འཛིན་ལེགས་ལྡན་རྗེ་ཉིད་སྐུ་འཕོས་མ་ཐག་པའི་སྐྱེ་བར་བསམ་བཞིན་དུ་བྱོན་པ་ནི་རིག་འཛིན་ངག་གི་དབང་པོ་ཡིན་ཏེ་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྡེ་ཐོག་མར་འདེབས་པོ་ནི་འདི་ཉིད་ཡིན་ནོ། འདི་ཡན་ཆུ་འགོ་གངས་ལ་ཐུག་པའི་ལོ་རྒྱུས་བླ་མ་བརྒྱུད་པའི་རྣམ་ཐར་ཟུར་ཙམ་སྨོས་ཟིན། རིག་འཛིན་ངག་གི་དབང་པོས་མཚན་ཐུབ་བསྟན་རྡོ་རྗེ་བྲག་གི་གདན་རབས་སྨོས་པ། ད་ནི་གདན་རབས་དངོས་བརྗོད་པར་བྱ་སྟེ། རིག་འཛིན་ངག་གི་དབང་པོ་ནི། སྔར་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་བྱང་ཐེག་མཆོག་གླིང་དུ་རིན་འཛིན་མངའ་རིས་པ་ཆེན་པོ་ལ་ཟབ་ཆོས་མང་དུ་གསན་པའི་ཀུན་བཟང་དགོངས་པ་ཟང་ཐལ་གྱི་བར་དོ་ལྔའི་སྙན་བརྒྱུད་གསུངས་པའི་སྐབས་མཛད་པ་ཐ་མ་སྟོན་པར་བཞེས་པའི་སུང་གྱ་གྱི་དབུས་སུ་བཞེངས་ཏེ་ཐལ་མོ་སྦྱར་ནས། རབ་ཏུ་མྱ་ངན་ལས་མི་འདའ་བར་བཞུགས་པ་དང། གལ་སྲིད་ཞིང་ཁམས་འཕོ་བར་བཞེད་ན་མཆོག་གི་སྦྲུལ་སྐུ་མྱུར་དུ་ཕེབས་དགོས་ཞེས་ནན་གྱིས་གསོལ་བ་བཏབ་པས། ང་ད་རེས་བསྡད་པས་ཡོང་བ་མེད། ཁྱེད་དེ་ཙམ་གྱི་རྩིགས་ཆེན་བདག་པོ་རང་གི་བུར་སྐྱེ་བ་ལེན་ནོ་ཞེས་པའི་རྡོ་རྗེའི་(སྨད་ཆ།༢༦༧)གསུང་འགྱུར་བ་མེད་པར་བརྟེན། ཡབ་རིག་འཛིན་ཆེན་པོ་དབང་པོའི་སྡེ་ཉིང་དང། ཡུམ་འཕྱོངས་རྒྱས་ཟ་ཧོར་གྱི་གདུང་ལས་ལྕམ་ཡིད་འཛིན་དབང་མོ། ལེགས་སྦྱར་སྐད་དུ་མནྡྷ་རེནྡྲཱར་འབོད་པ་དེའོ། སྐུ་འཁྲུངས་པའི་ཡུལ་ནི་ཞང་ཡུལ་དུ་ཚ་སྐྱེ་མི་རུང་བའི་ཐུགས་དོགས་ཀྱིས་གངས་ཅན་གྱི་ལྗོངས་འདིར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས། དབུས་གཙང་རུ་བཞིར་གྲགས་པ་ལས་གཡོན་རུའིསའི་ཆ། གྲཱ་ཕྱི་མའི་ཕུ་ཆོས་སྡིངས་དགོན་པར། འཕགས་པའི་ཡུལ་དུབཱིར་ཞེས་པ་གནམ་གནོན་དུ་གྲགས་ཤིང། བོད་ཡུལ་འདིར་རྒྱ་ནག་གི་གཙུག་ལག་ལྟར་ལྕགས་ཕོ་འབྲུག་གི་ལོ་ལ་ངོ་མཚར་བི་ལྟས་དང་བཅས་ཏེ་སྐུ་བལྟམས། ན་ཚོད་ཕྲན་མོའི་དུས་ནས་ཐུགས་སྒམ་ཞིང་དཀྱིལ་ཆེ་བ་བྱིས་པ་ཐ་མལ་གྱི་རོལ་རྩེད་ཡེ་མི་མཛད་ཅིང། རིག་འཛིན་ལེགས་ལྡན་རྡོ་རྗེའི་བག་ཆགས་སད་པའི་མཛད་པ་བསྟན་པ་དང་གསུང་བྱོན་པ་ལ་བརྟེན། ཡང་དབང་པོའི་སྡེས། ད་ནི་བླ་མའི་སྐུ་སྐྱེ་ཞེས་གཅེསཔར་བཟུང་པས་མཚན་ཞབས་དྲུང་འཛིན་མཛད། དཔལ་འབྲི་གུང་པ་ཆོས་རྒྱལ་ཕུན་ཚོགས་ལ་གཙུག་ཕུད་ཕུལ་བས་མཚན་ངག་དབང་རིག་འཛིན་རྡོ་རྗེ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། བྱང་ཆུབ་སེམས་དཔའི་སྡོམ་པ་གནང་སྟེ་རྒྱལ་སྲས་སེམས་དཔའ་མཆོག་གི་གོ་སར་དབང་བསྐུར། སྐུ་ཚེ་སྔོན་མ་ལེགས་ལྡན་རྗེའི་དུས་སུ་བྱ་བྲལ་གྱི་བརྟུལ་ཞུགས་བཟུང་སྟེ་ཡོངས་འཛིན་གྲངས་མེད་པ་བརྟེན་ནས་ཆོས་ཕྱིར་དཀའ་སྦྱད་མཛད་པའི་ཟབ་ཆོས་རྣམས་ཡབ་དབང་པོའི་སྡེས་བུམ་པ་གང་བྱོའི་ཚུལ་དུ་གནང་བ་ལ་བརྟེན། སྐུ་ཚེ་འདིར་བླ་མ་མང་པོ་ལ་ལྟོས་མ་དགོས་པར་ནོར་གྱི་བཅོལ་(སྨད་ཆ།༢༦༨)པོ་ལེན་པ་ལྟར་ཆོས་རྣམས་ཕལ་ཆེར་ཡབ་ལ་གསན་པས། གཏེར་སྟོན་ཆེན་པོ་བརྒྱ་རྩ་བརྒྱད་དུ་གྲགས་པ་དེ་རྣམས་ཀྱིས་སྦྱན་དྲངས་པའི་གཏེར་ཆོས་ལས་ལ་ལའི་གཏེར་ཆོས་རྫོགས་དང། འགའ་ཞིག་གིས་གཏེར་ཆོས་བྱེ་བྲག་ཅི་རིགས་གསན་ཞིང། གསན་པ་ཀུན་ཀྱང་ཐོས་བློ་ཙམ་མིན་པར་བསམ་པ་དང་སྒོམ་པའི་སྒོ་ནས་ནན་ཏན་དུ་མཛད། ཡར་ལུང་ཤེལ་བྲག་སོགས་སྒྲུབ་པའི་གནས་ཆེན་མང་པོ་དང། འཕྱོངས་རྒྱས་ཡར་རྒྱབ་ནམ་མཁའ་མཛོད་སོགས་སུ་ཟླ་བ་ལྔ་དྲུག་སྦྲེལ་བའི་བསྙེན་སྒྲུབ་ལན་མང་དུ་མཛད་པས། ཡི་དམ་ཆོས་སྐྱོང་དུ་མའི་ཞལ་གཟིགས་པ་དང་གསུང་གི་གནང་བ་དུ་མ་སྩལ་ཞིང། གང་གིས་ཀྱང་ཐུལ་བར་དཀའ་བའི་གདོན་གྱིས་བཏབ་པའི་རིགས་ལ་བྱིན་རླབས་མཛད་པ་ཙམ་གྱིས་རང་གྲོལ་དུ་འགྱུར། ཡབ་ཆོས་ཀྱི་རྒྱལཔོའི་ཞབས་ཕྱི་མཛད་ནས། རྒྱ་ཧ་ཀ་ལིང་རྩེའི་བར་དུ་ཕེབས། མདོ་ཁམས་སྟོད་སྨད། རྒྱ་ནག་པོའི་ཡུལ་ལ་ཐུག་པའི་སྐྱེ་རྒུ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་མཛད་པས་རེ་བ་བཀང། ཡབ་དང་ལྷན་ཅིག་པར་དབུ་ཕྱོགས་སུ་ཕེབས། འཕྱོངས་རྒྱས་ཡར་རྒྱབ་རྣམས་སུ་ཕལ་ཆེར་བཞུགས་ཤིང། འགྲོ་དོན་རྒྱ་ཆེ་བའི་ངང་ནས་ཡབ་ཆོས་རྒྱལ་དབང་པོའི་སྡེ་ཉིད་རེ་ཞིག་ཨོ་རྒྱན་ཟངས་མདོག་དཔལ་རིར་གཤེགས་པས། ཡབ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་བཞུགས་ཏེ་རྣམ་དཀར་གྱི་ཕྲིན་ལས་རྒྱ་ཆེར་སྦྲེལ། རོང་ཆུང་དུ་སྔོན་ཚེ་ཨོ་རྒྱན་ཆེན་པོས་བདུད་རིགས་དམ་ལ་བཏགས་པའི་གནས། བྲག་ལྷང་ལྷད་མ་དང། རྗེ་གོང་མས་གནས་སྒོ་གསར་དུ་ཕྱེ་བའི་ཁམས་བུ་ལུང་གཉིས་མཇལ་བར་ཕེབས། ཁམ་བུ་ལུང་དུ་ཆུ་མེད་པས། རིག་འཛིན་ཆེན་པོ་འདི་ཉིད་ཀྱིས་ཆུ་འཆད་མེད་དུ་ཡོང་བའི་སྒྲུབ་ཆུ་བཏོན་པར་མཛད། ཡར་(སྨད་ཆ།༢༦༩)ལུང་བཀྲ་ཤིས་རྩེ་སྡེར་འཁོར་ལོ་མགོན་པོ་དབང་ཕྱུག་རབ་བརྟན་གྱིས་གདན་དྲངས། དཔོན་སློབ་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཏེ། ཕར་བྱང་གཏེར་གྱི་ཚེ་དབང་ཆོས་སོགས་བཀའ་དུ་མ་གནང་ཞིང། ཚུར་རིག་འཛིན་སྐུ་མཆེད་ཀྱི་གཏེར་གསར་འགའ་ཞིག་གསན་པ་མཛད། ཧས་པོ་རིའི་རྩེ་ནས་སྐུ་རྟེན་ཞིག་གཏེར་ནས་སྦྱན་དྲངས། འབྲི་གུང་དུ་ཕེབས། ཞབས་དྲུང་སྐུ་མཆེད་ཆོར་ཆོས་བཀའ་མང་དུ་འབུལ་བ་གནང། ཁམས་སུ་ཕེབས་པའི་ཐོག་མར་ཀོང་པོར་ཕེབས་གཏེར་ཁ་གསར་པ་གཞན་གྱི་ཁ་བྱང་ཀོང་པོར་སྔགས་འཆང་ཞིག་གི་ལག་ན་ཡོད་ཕུལ་ཏེ། ཕྱག་ཏུ་འབྱོར་བ་དང་ཉི་མ་ཤར་བ་དུས་འགྲིག།(སྨད་ཆ།ཁ་བྱང་གི་ཡི་གེ་གཟིགས་པས། མར་གད་ལས་གྲུབ་པའི་རྟ་མགྲིན་གྱི་སྐུ་ཞིག་ཡོད་འདུག་པས། དུས་ཕྱིས་རྒྱུ་མཚན་རིག་འཛིན་ཡོལ་མོ་བར་གསུངས་པར་སྣང། ཀོང་པོ་གཉིས་ནས་ཀྱང་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གྱི་ཆོས་གཏེར་ཞིག་གདན་དྲངས། འབྲུ་ལ་དགོན་དུ་བཙོ་ཁ་པ་ཆེན་པོའི་གསེར་སྐུ་ཞིག་བཞེངས་པར། གཟུངས་བཞུགས་འབུལ་མཁན་གྱིས་གྲུལ་མ་བཏུབ་པའི་གཟུངས་རྣམས་འཁྲུགས་པ་དང་དབུ་ཞབས་ལྡོག་སྟེ་ཡོད་པ་ལྐོག་ཏུ་གྱུར་པ་ལ་བརྟེན་དགོན་པར་མེ་ཐེངས་གསུམ་ཤོར་བ་སོགས་མི་ཤིས་པ་སྣ་ཚོགས་བྱུ་བར་ཀུན་ཡིད་གཉིས་སུ་གྱུར་པ་ན། རིག་འཛིན་འདི་དགོན་པར་གདན་དྲངས་ཏེ་གནས་ཚུལ་རྣམས་ཞུས་པས། གཟུངས་བཞུགས་རྣམས་འདི་ལྟར་འདུག་པ་སླར་ཐོན་ལ་ཕུལ་གསུངས་པ་ལྟར་འཕྲལ་དུ་བལྟས་པས་ཇིལྟ་བ་བཞིན་དུ་བྱུང་སྟེ་མཐའ་དག་ཕྱོགས་འཛིན་གྱི་མདུད་པ་གྲོལ་ནས་དད་མོས་ཇེ་ཆེར་འཕེལ། ཀོང་ཡུལ་དུ་མ་ཎི་དགེ་བསྐུལ་མཛད་པས་དུང་གྱུར་བཅོ་བརྒྱད་ཙམ་ཚུགས། གཏེར་ལུང་བཞིན་བཀའ་ནན་(སྨད་ཆ།༢༧༠)རབ་་་་་་དམ་འདགས་ཡང་མཛད། བྲག་གསུམ་དུ་ཕབས་དུས་མཚོའི་ཁ་དོག་འོ་མ་ལྟ་བུར་འགྱུར་བ་འབྱུང་ངོ། རིམ་བཞིན་ཁམས་ཕྱོགས་སུ་ཕེབས། ཁམས་སྦོ་པོའི་ཡུལ་སྟོད་སྨད་འཁྲུག་པའི་མི་གསོད་སོགས་སྡིག་རྒྱུན་ཆེན་པོ་བྱུང་བ་ལ་བཟླུམས་མཛད་པར་གྲོང་ཚོ་གཅིག་གིས་མ་ཉན་པས་ཐོག་བབས་ཏེ་མོ་ནོར་མང་པོ་ཆུད་ཟོས་པས་སླར་འདུན་མ་འགྲིགས། རྦ་ག་དགོན་པར་ཕེབས་དུས། ཤུ་ཝ་ཟམ་པོ་ཟེར་བའི་རིའི་ཙ་མར་སྒར་མཛད་པ་ལ་ས་གཡོས་ཆེན་པོ་ཞིག་དང་ལྷན་དུ་རྦབ་རྡོ་ཆེ་བ་ཁང་པ་ཙམ་དང་ཆུང་བའི་རྦབ་ཕྲན་མང་པོ་གཟིམ་གུར་གྱི་དུ་འདྲིལ་བྱུང་བ་ལ་སྡིག་མཛུབ་མཛད་པས་གཡས་གཡོན་དུ་བྱོལ་བ་ལྟ་བུར་བྱས་ཏེ་ཡོད་པ་ཕྱོགས་དེའི་སྐྱེ་བོ་མང་པོས་མཐོང་བས། བྱང་པ་བདག་པོར་རི་གཟར་གྱི་རྦབ་ཀྱང་ཟློག་ནུས་པ་ཞེས་བསྔགས། བེ་རི་སྟོད་དུ་ཕེབས་དུས་སྒོམ་སྡེ་ནང་ཆེན་པ་དང་འབྲོང་པ་གཉིས་འཁྲུག་རྩོད་ཆེན་པོ་བྱུང་བ་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་སྒོ་ནས་ཞལ་ཏ་མཛད་པས་མ་རུངས་པའི་ཞེ་སྡང་གི་དུག་ཐམས་ཅད་རང་སར་ཞི་ནས་ཕན་ཚུན་ཐམས་ཅད་གཉེན་བཤིན་པར་གྱུར། འབྲོང་པ་རྡོ་རྗེའི་བུ་ཨ་རིག། པདྨ་དབང་དྲགས་བླ་མ་མགོན་ཏེ་སྦུན་གསུམ་ཡོད་པ་ལས། ཆུ་བ་བླ་མ་མགོན་ནད་དྲག་པོ་ཞིག་གིས་བཏབ་སྟེ་གློ་བུར་དུ་ཤི་བས་ཁྲུས་ཆོག་དབང་བཀུར་ལ་གདན་དྲངས། དེར་ཕེབས་ཏེ་རྣམ་ཤེས་བཀུག་ནས་གནས་སྦྱོང་དང་དབང་བཀུར་མཛད་པས་མིག་རིག་རིག་ལྟ་ཞིང་དབུགས་རྒྱུ་བ་དང་ལུས་འགུལ་བས། དེར་འཁོད་རྣམས་རོ་ལངས་སུ་དོགས་ཏེ་འཇིགས་པ་ན་སྐྱོན་མེད་གསུངས་ཏེ་བྱིན་རླབས་མཛད་པས་གཏམ་ཡང་སྨྲ་ཤེས་པར་གྱུར། དེ་ནས་ཚེ་དབང་དང་གུ་རུ་དྲག་པོའི་དབང་སོགས་(སྨད་ཆ།༢༧༡)གནང་བས་སྐྱོན་མེད་དུ་སོས། དེར་བླ་མ་མགོན་གྱིས་ཚེ་རིང་ཐུང་སོགས་ཀྱི་ལུང་བསྟན་ཞུས་པས། དམག་ཇག་རི་དཱགས་སོགས་སེམས་ཅན་གྱི་སྲོག་ལ་མི་འཚེ་བའི་དམ་བཅས་བྱེད་ན་ལོ་གསུམ་གྱི་ཁག་ཐེག་གསུངས་པས་དམ་བཅའ་ཕུལ། གཡག་འདམ་ཐོག་ཏུ་ས་སྐྱ་བདག་ཆེན་ཀུན་དགའ་བློ་གྲོས་མཇལ་པར་ཕེབས་པས་སུམ་གདན་སྙེ་འབོལ་བཞེས་པ་སོགས་བཀུར་ཟོས་ཆེ་བར་མཛད། བདག་ཆེན་གྱི་སྐུ་རིམ་ལ་ཁྲོ་བོ་རོལ་བའི་གཏོར་ཟློག་སོགས་གནང་བའི་སྐབས། ནར་མས་ཀྱི་སོག་པོ་འགའ་ས་སྐུང་བདག་ཆེན་མཇལ་བར་འོངས་པས་མཐོང་སྟེ། སྒར་པ་འདི་རྣམས་སུ་ཡིན་ཞེས་དྲིས་པ་ལ། བྱང་པ་བདག་པོ་ཞེས་རྙིང་ལུགས་ཀྱི་བླ་མ་ཆེན་པོ་ཞིག་ཡིན་ཟེར་བ་ཐོས་པས་རྟ་འགའ་ཕྱག་རྟ་དུ་ཁྱེར་ཏེ་མཇལ་པར་བྱུང་བ་ལས། རིམ་གྱིས་ཕྱག་དབང་ཞུས་པས་གསུམ་པ་དེ་ལ། ཁྱོད་ཀྱི་ཕའི་ལག་པ་ལ་མཐེ་བོང་མེད་པ་ཅི་ཡིན་གསུངས་པས། དེའི་རྒྱུ་མཚན་ཞུ་ཞིང་ལྐོག་གྱུར་གྱི་ཆོས་རྣམས་མངོན་སུམ་དུ་མཁྱེན་པ་ལ་ངེས་ཤེས་ཆེར་རྙེད་དེ་མདོ་ཁམས་ཀྱི་གསང་སྔགས་རྙིང་མའི་བསྟན་པའི་འབྱུང་གནས་ལྟ་བུ་ཀ་ཐོག་དགོན་པར་ཕེབས། ཕྱོགས་དེའི་སྐྱ་སེར་ཀུན་གྱི་གསེར་དངུལ་གཡུ་རྟ་ཁྲབ་ཇ་སོགས་ཟང་ཟིང་གི་འབུལ་བ་དང་བསྙེན་བཀུར་རྒྱ་ཆེར་བཏབ། ཧོར་ལ་ཕེབས་དུས་རི་ཞིག་ལ་གཟིགས་ནས་འདི་ན་སོག་པོ་འདྲ་ཡོད་པ་མེད་དམ་གསུང་བར། ཡོད་ཞུས་པས། སྐྱོན་མི་འདུག་ཕེབས། རྗེས་སུ་སྐུ་འཁོར་རྣམས་ཀྱིས་རྒྱུ་མཚན་ཞུས་པས། རི་གདོང་འདི་ལ་སོག་པོ་བརྒྱ་ཙམ་ཞིག་སག་ཐག་རོང་ངེ་བབས་བྱུང་བ་མི་སྨུག་ཡོར་རེ་པ་ཞིག་གིས་བསྒྲིམས་ནས་གར་སོང་མ་བྱུང་གསུངས། ཤེལ་ཁོག་ཏུ་བེ་རི་མང་དགེ་ཕག་མོ་ཟེར་བ་རྐུན་ཇག་ཁོ་ན་ལ་བརྩོན་པ་དེ་ཡང་རྫུ་འཕྲུལ་གྱིས།(སྨད་ཆ།༢༧༢)བཏུལ། དར་མདོར་ཕེབས་དུས་རྒྱ་ཧ་ཀ་དང་ལིང་རྩ་གཉིས་འཁྲུག་པ་ཐུགས་རྗེ་དང་རྗུ་འཕྲུལ་པ་བཟླུམས། ཕྱོགས་དེའི་སྐྱེ་བོ་མཆོག་དམན་ཐམས་ཅད་ཀྱིས་གུས་པས་མཆོད་མི་ཉག་བརྒྱུད་ཡར་ཕེབས་དུས་ཆོས་རྗེ་ཞཱ་དམར་བ་ཡང་མཇལ། ཀོང་པོའི་ཚོང་པ་དང་ལྗང་གི་འཁྲུག་པའང་བཟླུམས། རིམ་གྱིས་ཆིབས་ཁ་བསྒྱུར་བར་བེ་རི་སྟོད་དུ་ཕེབས། དེ་དུས་འབྲོང་བ་བླ་མ་མགོན་དེས་ལོ་ཕྱེད་དང་གསུམ་ཙམ་གྱི་བར་སྲོག་གཅོད་སྦོང་བའི་མཁས་ལེན་ལས་མ་འགལ་འདུག་ནའང་ཉིན་གཅིག་རི་དཱགས་མང་པོ་བྱུང་བ་ལ། བེ་རི་རྣམས་ཀྱི་མདའ་ཐེབས། འབྲོང་པ་རྣམས་ཀྱིས་ཡེ་མ་ཐེབས་པས་ཚིག་པ་ཟོས་ནས་མདའ་བརྒྱབ་པས་ཤ་བ་གཅིག་བསད། དེས་རྐྱེན་གྱིས་ཤི་བས་ཐམས་ཅད་ཡིད་ཆེས། ཁྱུང་པོ་ནག་རུ་བས་ཇག་བྱས་པར་ཇག་དཔོན་སྨྱོ་བ་སོགས་ཀྱི་ཆོ་འཕྲུལ་སྟོན། གཞན་ཡང་མ་རུངས་པའི་རིགས་འདུལ་ཕྱིར་ཁྱབ་འཇུག་གཟའ་དངོས་སུ་ཕེབས་པའང་མཛད། ར་མ་སྒང་དུ་གཙུང་རིགས་འཛིན་ཕྲིན་ལས་རྣམ་རྒྱལ་དཔོན་སློབ་ཀྱིས་བསུ་བ་ལ་ཕེབས་སྐུ་མཆེད་མཇལ་འཛོམས་གནང་ནས་རྡོ་རྗེ་བྲག་ཏུ་ཞིག་ལེན་དང་ཤང་ལེན་རྒྱས་པར་མཛད། འོན་ཀྱང་རྗེ་གོང་མའི་གདུང་ལ་དབོན་རིན་པོ་ཆེས་ངོ་དམ་ཆེ་བ་མ་བྱུང། འཕྱོངས་རྒྱས་སྟག་རྩེར་གདན་དྲངས། དེ་དུས་ཐམས་ཅད་མཁྱེན་པ་ལྔ་བ་རིན་པོ་ཆེ་སྡེ་པ་འཕྱོངས་རྒྱས་པའི་སྲས་སུ་སྐུ་བལྟམས་ནས། རིང་པོར་མ་ལོན་པའི་སྐབས་དེར་འཆི་མེད་ལྕགས་གདོང་མ་དང་གཏེར་ཁ་གོང་མའི་དྲག་གྱི་དབང་ཕུལ་བས་གསང་སྔགས་རྙིང་མར་འགྱུར་བའི་རྟེན་འབྲེལ་འགྲིགས། མཚན་བཅས་མཚན་མེད་ཀྱི་སྲུང་འཁོར་(སྨད་ཆ།༢༧༣)སོགས་སྲིའུ་གསོ་བའི་རིམ་གྲོ་མང་དུ་གནང། སྡ་པ་བྲག་ཁ་ནས་ཀྱིས་བསམ་ཡས་སུ་གདན་དྲངས། ཁམས་གསུམ་ཟངས་མཁར་གླིང་དུ་བཞུགས། བསམ་ཡས་མཆིམས་ཕུར་དཔོན་སློབ་ཉུང་འདུས་ཤིག་གིས་བདུན་ཕྲག་གཅིག་སྐུ་མཚམས་གནང། ཆོས་གཏེར་ཞིག་བཞེས། ཆོས་དེ་ཐོག་མར་ཆོས་རྗེ་དུང་དཀར་རས་པ་ལ་སྦེལ་དགོས་ཡོད་འདུག་པ་ལ་གཞན་དུ་བྲེལ་བས་རྟེན་འབྲེལ་མ་འགྲིག། བསམ་ཡས་ཀྱི་སྡེ་པའི་ཇོ་མོ་ལ་གནོད་སྦྱིན་ཆེན་པོ་ཤིན་ཏུ་གནོད་པར་བྱུང་བས་ཐབས་ཞུས་པས་རྒྱུ་ཇ་རུ་ལས་གཅོད་པའི་འཁོར་ལོ་སྒོ་ལ་སྦྱར་བ་ན། ཆོས་སྐྱོང་ཆེན་པོ་ཐུགས་ཁྲོས་ཏེ་སྦེ་དཀར་ལྕོག་ཏུ་ལྷ་མི་འཛོམས་ཐོག་ཏུ། ང་རང་ཤ་རང་གིས་ཟ། རང་ཁྲག་རང་གིས་འཐུང་དབང་མི་འདོ་བ་ཅི་ཡིན་ཁྱོད་འཇིགས་ན་ང་ལུས་རྟེན་འདི་ལས་ཕྲལ་ནས་ལྷ་གནས་སུམ་ཅུ་ཙ་གསུམ་དུ་སྐྱོལ་དང་སོགས་འཇིགས་འཇིགས་མང་དུ་གསུང་བ་ལ། ང་སེམས་ཅན་གྱི་དོན་བྱེད་མཁན་ཡིན་པ་ལ་སྲུང་བ་ནི་འདོགས་དགོས་བྱུང། རྒྱལ་འགོང་ཕྲ་རགས་དཀྱུས་མའི་རིགས་མ་གཏོགས་ཁྱེད་བསྟན་སྲུང་རྣམས་ལ་གནོད་པ་ནི་མ་བྱས་སོགས་འཇམ་པའི་སྒོ་ནས་གསུངས་པ་ལ་ཆོས་སྐྱོང་ཁྲོ་བ་མ་ཞི་བས། རིག་འཛིན་ཆེན་པོས་ཕྱག་གི་རྡོ་རྗེ་དེ་ཕྱར་ཐབས་དང་བཅས་ཏེ། འོ་ན་བདེན་པ་སུ་ལ་ཡོད་ལྟ་བས་ཁྱེད་རང་དམོད་བོར་ཞིག་གསུངས་པ་ལ། ཆོས་སྐྱོང་ཆེན་ནས་ནམ་མཁའ་ལ་གཏོར་བས་ཆོས་སྐྱོང་གི་ཕྱོགས་སུ་ནག་པོ་དང་རྗེའི་ཕྱོགས་སུ་དཀར་པོ་བབས། དེ་ནས་ཀྱང་འཚུབ་འགྱུར་མ་ཞི་བས། ཐུགས་འུར་ཏེ། ཁྱོད་འཇིགས་ན་ངའི་གནས་ཚང་འགག་གི་ཡུ་འབོག་སྡོང་པོ་འདི་བསྒྱེལ་ཐུབ་པ་གྱིས། ང་འཇིགས་ན་ཁྱོད་ཀྱི་བཙན་ཁང་འགག་གི་དར་པོ་ཆེ་འདི་བསྒྱེལ་ཐུབ་པ་བྱེད་གསུངས་ནས་བཞུགས་(སྨད་ཆ།༢༧༤)མཚེར་དུ་ཕེབས། ཁྱབ་འཇུག་གི་ཐུན་གཏོར་གནང་བས་རླུང་ཚུབ་ཆེན་པོ་ཞིག་གློ་བུར་དུ་ལངས་ནས་སྦེ་དཀར་ལྕོག་གི་དར་པོ་ཆེ་བཅག། མཁན་ཚང་པ་རྣམས་ཀྱིས་སྡེ་པ་བྲག་ཁ་བ་བསྐུལ་ནས་སྡེ་བས་ལྷ་མི་དམ་ཚིག་སྲེ་བར་ཞུས་ཏེ་སྦེ་དཀར་ལྕོག་ཏུ་གདན་དྲངས། དེའི་ཚེ་ཐང་ལྷའི་གསོལ་ཀ་མཛད་ནས་འདིའི་གནས་སྲུང་ཐང་ལྷ་ལ་བཅོས་བས་ཁྱོད་རང་བྱེད་མི་དགོས། ཨོ་རྒྱན་རིན་པོ་ཆེས་མང་འོངས་པ་ན་ཐང་ལྷས་བྱེད་པར་གསུངས་ཡོད་ཅེས་པ་དང། ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད། ངའི་སྲོག་སྙིང་ཁྱོད་ལ་མེད་ཅེས་བབ་ལྕི་བའི་གསུང་བྱོན་པ་ནི། འཁོར་འདས་ཀྱི་ཚེ་སྲོག་ཐམས་ཅད་ལ་དབང་བསྒྱུར་བའི་ཕྱག་རྒྱ་ཟིལ་གནོན་གྱི་སྐུར་བཞེངས་པའི་རྟགས་སོ། དེ་ནས་ལྷ་མི་དམ་ཚིག་སྲེ་བར་མཛད། ཆོས་སྐྱོང་གི་དབུ་ལ་རྡོ་རྗེ་འཇོག་པ་སོགས་དམ་བསྒྲགས་སོ། ཟངས་རི་ཕྱོགས་སུ་ག་ཇག་པ་འཕུར་བའི་ཚེ་ཉི་མ་སྒྲིབ་པ་ཙམ་གྱི་མང་པོ་བྱུང་ནས་ལོ་ཐོག་ལ་གནོད་པ་ཆེན་པོ་བྱས་པར་གདན་དྲངས་པས་བྱིན་རླབས་མཛད་པ་ཅམ་གྱི་ག་ཇག་པ་རྣམས་ཙ་རི་དང་ཡར་ལྷ་ཤམ་པོའི་ཕྱོགས་སུ་བྲོས། དེ་དག་གི་སྙན་པ་ལ་བརྟེན་ནས་རོང་ཆང་དཀར་དུ་སྡེ་པ་རྒྱ་རི་བས་གདུ་དྲངས། ཡར་ལུང་དུའང་ག་ཇག་པའི་གནོད་པ་བྱུང་བ་སྔར་བཞིན་གཞན་དུ་བཟློག། ཤེལ་བྲག་ཏུ་རི་གཟར་གྱི་རྦབ་དང་ཤཱ་འོད་ཆེན་པོ་བསྒྱུར། དེ་ནས་སྐུ་མཆེད་ལྷན་གཅིག་ཏུ་བཞུགས། གཙང་ནས་སྡེ་པ་ཐོབ་རྒྱལ་ནས་བསྙུང་པར། རིག་འཛིན་ཕྲིན་ལས་རྣམ་རྒྱལ་ལ་གནད་འདྲེན་ནན་ཆེན་བྱུང་སྟེ་ཕེབས་པས། རོང་གི་ཆབ་ཚན་མ་འཕྲོད་པར་སྐུ་ཁམས་ལོག་སྟེ་འཕྲང་འགོར་ཕེབས་ཙམ་ལ་ཞིང་ཁམས་འཕོས། རྗེ་ཉིད་བྲག་ཁར་བཞུགས་པ་དང་འགྲིག་ནས་ངོས་ཀྱིས་ཞལ་མཇལ་མ་ཐུབ་ཀྱང་དགོངས་པ་རྫོགས་ཐབས་རྒྱ་(སྨད་ཆ།༢༧༥)ཆེར་མཛད། དཔལ་བཀྲ་ཤིས་སྟོབས་རྒྱལ་གྱ་གསེར་གདུང་ལ་ཞིག་གསོས་དང་གཟུངས་གཞུག་རབ་གནས་མཛད་དེ། འདི་ཙམ་ནས་རྡོ་རྗེ་བྲག་རང་དུ་བཞུགས་གཏན་ཆགས། ཡོལ་མོ་སྦྲུལ་སྐུ་དང་ཟུར་ཆེན་སོགས་སློབ་མ་རྣམས་ཀྱང་བྱོན། ས་སྐྱ། འབྲི་གུང། སྣེ་གདོང་སོགས་ཀྱིས་གཅོས་པའི་བོད་ཡུལ་གྱི་མི་ཆེན་ཆེ་དགུ་ཐམས་ཅད་ཀྱིས་མ་བཏུང་པར་མེད་དེ་ཀུན་གྱིས་གཙུག་ཏུ་བཀུར། ཡང་ཁམ་ཕྱོགས་སུ་མ་ཕེབས་གོང་གི་སྔ་ཐོག་ཅིག་རོང་བདེ་སྐྱོང་བས་གདན་དྲངས། ཆིབས་ལས་བབས་པ་དང་མཉམ་དུ་རྡོ་ལ་ཞབས་རྗེས་གསལ་བར་བྱུང་ཞིང། རྡོ་རྗེ་བྲག་གི་ལྟག་སྒོའི་རྡོ་ལ་ཞབས་རྗེ་གསལ་བར་བཞག་པས་སྐུ་འཁོར་འདུས་འདི་ལྟར་སྣང་ཞེས་ཞུས་པས། སྦས་པའི་ཚུལ་གྱིས། ངའི་མིན་ཡོད་སྦྲུལ་སྐུ་རིན་པོ་ཆེའི་ཡིན་ནས་ཞེས་གྲང་པོ་གཏེར་སྟོན་པར་ཟོལ་གྱིས་ཁ་བརྒྱུར་བར་མཛད་ནས་དངོས་སུ་ཞལ་གྱིས་མི་བཞེས། གཞན་ཡང་ཕྱག་ཞབས་ཀྱི་རྗེས་དུ་མ་བྱུང་བར་གྲས་སྐབས་ཤིག་ཐོབ་རྒྱལ་དུ་པའི་དུང་ཆོས་དང་གཟུང་ཐག་དེ་ཡོད་དམ་གསུངས་པས་དགུང་ལོ་མཐོན་པོར་སོན་ཀྱང་སྔོན་གནས་རྗེས་དྲན་ལ་ངོ་མཚར་སྐྱེས། གཤེན་པོ་སོགས་ཀྱི་སྐྱེ་བརྟག་སོགས་ཞུས་ནའང་སྔོན་མཇལ་མ་མྱོང་བ་ཞིག་ཡིན་ཡང་བྱད་དབྱིབས་ཚུན་འདི་འདྲ་འདུག་དང། སྐྱེ་བ་འདི་དང་འདྲ་འབྱུང་གསུངས་པ་ཐམས་ཅད་ཐོག་ཁེལ་མ་བྱུང་བ་མེད་པ་དང། སོག་ཟློག་མཛད་པས་སོག་དམག་ཁང་ཉེར་སླེབས་ཀྱང་ཕྱིར་ཟློག་པ་དང་ནང་འཁྲུག་སོགས་ཀྱི་ཨ་པ་ལང་ཧད་ཐེས་ཁེལ་མ་བྱུང་བ་མེད་པ་དང། སོག་ཟློག་མཛད་པས་སོག་དམག་ཁང་ཉེར་སླེབས་ཀྱང་ཕྱིར་ཟློག་པ་དང་ནང་འཁྲུག་སོགས་ཀྱིས་ཨ་པ་ལང་ཧད་ཐེས་ཇི་དཔུང་བཅས་རྗེས་མེད་དུ་བཏང་བའི་ཕྱག་བརྗེས་མངོན་སྣང་ཚང་མར་གྱུར་པ་སོགས་ངོ་མཚར་ཆེ་བའི་མཛད་པ་མཐའ་ཡས།(སྨད་ཆ།༢༧༦)དེ་ལྟར་རིག་འཛིན་ངག་གི་དབང་པོ་འདི་ཉིད་ཀྱིས་ལོ་གཉིས་གསུམ་ཙམ་གྱི་སྔོན་ནས། ཡོལ་མ་སྦྲུལ་པའི་སྐུར་གཏར་རྫས་བཀའ་རྒྱ་རྣམས་ཙིས་ལེན་དགོས་ཚུལ་དང། མི་རིང་བར་ལྷ་ཁང་རྟེན་བཞེངས་ཀྱང་མང་དུ་དགོས་པ་ཡོད། ངེད་ཀྱང་ད་ལྟ་དང་མི་འདྲ་བར་བླ་མ་གོང་མ་ཞེས་རྩིས་ཆེར་འགྲོ་ཞེས་སོགས་གསུངས་པ་ལྟར། ས་ཡོས་ནག་པ་ཟླ་བའི་ཚེས་བཅུའི་ཉིན་སྙུན་མངོན་གྱུར་མེད་པའི་ངང་ནས་འཕྲུལ་ཡུན་གྱི་སློབ་སྟོན་མང་བ་དང། སྔར་མི་མཛད་པའི་ངང་ནས་འཕྲུལ་ཡུན་གྱི་སློབ་སྟོན་མང་བ་དང། སྔར་མི་མཛད་པའི་བཤགས་རྒྱུད་ལེའུ་ཁོལ་ཕྱུར་ཚོགས་སུ་དེ་ནུབ་རང་འཛུགས་ནས་དགེ་བ་རྫོགས་བྱེད་དུ་བསྔོ་བ་སོགས་མཛད། གཟིམ་ཆུང་དུ་ཕེབས་ནས་གཟུགས་སྐུའི་བཀོད་པ་རེ་ཞིག་ཆོས་ཀྱི་བྱིངས་སུ་བསྡུ་བར་མཛད་པས་ངོ་མཚར་བའི་ལྟས་དུ་མ་དང། གདུང་བཞུ་བའི་དུས་འཇའ་འོད་འཁྱིལ་བ་དང་མེ་ཏོག་དཀར་པོ་ཁྲུང་ཁྲུང་གི་སྒོར་ང་ཙམ་གྱི་ཆར་བབས་པ་སོགས་བྱུང། དེ་ནས་རིག་འཛིན་ཡོལ་མོ་སྦྲུལ་པའི་སྐུས་ཐུགས་ཁུར་བཞེས་ཏེ་དགོངས་རྫོགས་རྒྱ་ཆེར་བསྒྲུབས་ཤིང། ཕྱིར་རྟེན་དུ་ཐུབ་ཆེན་གྱི་གསེར་སྐུ་བཞེངས། སྒྲུབ་སྐོར་གསུམ་གྱི་སྒོ་ནས་རབ་ཏུ་གནས་པ་སོགས་མཛད། དེ་ལྟར་གཤེགས་རྗེས་ཀྱི་བསྒྲུབ་དགོས་རྣམས་གྲུབ་ནས། ཡོལ་མོ་སྦྲུལ་སྐུ་བསྟན་འཛིན་ནོར་བུ་སྟོབས་ལྡན་ཤུག་འགྲོ་རྩལ་ཉིད་གདན་སར་བཞུགས་ཏེ་ཕྱོགས་བྲལ་གྱི་གདུལ་བྱའི་རེ་བ་བསྐོངས་པར་མཛད་དོ། དེ་ལྟར་རིག་འཛིན་ངག་གི་དབང་པོ་འདི་ནི་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྡེ་ཐོག་མར་བཏབ་པ་དང་གདན་རབས་དང་པོ་ཡིན་པས་ལོ་རྒྱུས་ཅུང་ཟད་རྒྱས་པར་སྨོས་པ་ཡིན་ནོ། སྦྲུལ་སྐུ་བསྟན་འཛིན་ནོར་བུ་ནི། རྣམ་ཐར་ཞིབ་རྒྱས་གོང་དུ་སྨོས་པ་ལྟར་ལ་འདི་སྐབས་ཐུབ་བསྟན་རྡོ་རྗེ་བྲག་གི་གདན་སའི་ཁུར་བཞེས་མཛད་(སྨད་ཆ།༢༧༧)ནས་བཞུགས་པའི་དུས། རྗེ་བླ་མ་རིག་འཛིན་ཆེན་པོ་དེ་ཉིད་དག་པའི་ཞིང་དུ་གཤེགས་པའི་ལོ་དེའི་མགོ་ཟླའི་ཚེས་གཅིག་གི་མནལ་ལམ་དུ། ལུང་པ་རྒྱབ་ལྟོར་བསྟད་པ་མདོ་བྱང་དུ་བསྟན་པ་ཆུ་ཆེན་པོ་ཤར་དུ་འབབ་པ། གཡས་སུ་བྲག་དམར་པོར་མགོན་པོ་ཡོད་པ། རི་ཐང་མཚམས་ན་སྨིག་མ་ལ་སོགས་པའི་སྐྱེད་ཚལ་ཤིན་ཏུ་མཛེས་པ་ཞིག་ཏུ་ཕེབས་པས་ཟླ་བའི་དཀྱིལ་ན་རིག་འཛིན་ཆེན་པ་ངག་གི་དབང་པོ་དེ་ཉིད་གཡས་རྡོ་རྗེ་གཡོན་ན་སྐུ་གསུམ་རིགས་འདུས་ཀྱི་ཚེ་བུམ་བསྣམས་པ་ཞིག་དང་མཇལ་ཚུལ་བྱུང་བ་སོགས་ཤོག་ཁྲར་བཀོད་ནས་རྗེ་ཡབ་སྲས་གཉིས་ཀའི་སློབ་མ་ཟུར་ཆོས་དབྱིངས་རང་གྲོལ་ཞུས་པས། རིག་འཛིན་རྒྱལ་བའི་སྐུ་སྐྱེ་མྱུར་འབྱོན་དང། རིག་འཛིན་ངག་གི་དབང་པོའི་རྣམ་ཐར་བསྡུས་དོན་རྣམ་གྲོལ་ཆོསདབྱིངས་མ་དག་སྣ་བརྡ་འགྲོལ་ཧེ་རུ་ཀའི་འཆམ་འགྲོས་སོགས་མཛད། དེ་ཡང་ས་ཕྱོགས་དེ་འདྲ་ཞིག་ཏུ་སྦྲུལ་པའི་སྐུ་འཁྲུངས་པ་དང། བསྟན་པའི་རྒྱལ་མཚན་ཚུགས་པ་དང། རྗེ་ཉིད་དག་པའི་ཞིང་དུ་གཤེགས་པ་སོགས་ལ་བཞེད་པར་སྣང། དེ་ནས་སྦྲུལ་པའི་སྐུ་སྡེ་པ་རྣམ་སྲས་གླིང་པའི་སྲས་སུ་འཁྲུངས་པར་ཧ་ལམ་ངོས་འཛིན་གནང་ཞིང་རྗེ་ཉིང་ཐུགས་ཐག་ཚོད་པས་ཡུལ་སྲས་ལ་ཉེན་སེལ་ཚེ་གུར་སོགས་ཀྱི་དབང་དང། མཚན་བཅས་མཚན་མེདཀྱི་སྲུང་བ་སོགས་མཛད་ཅིང། སྐུ་སྲུང་གཏེར་རྫས་སོགས་ཀྱང་འདོགས་པར་གནང་ནས་སྦྲུལ་པའི་སྐུར་ཐེ་མི་ཚོམ་པའི་གསུང་ཤོག་སྡེ་པ་ཡབ་ཡུམ་ལ་ཆེད་སྩོལ་སོགས་དང་གྲཱ་རིགས་རྣམས་ལའང་སློབ་སྟོན་དེ་མཚུངས་གནང། དེ་ལྟར་བླ་མ་གོང་མའི་རྗེས་སྒྲུབ་དང། ཕྱི་མའི་ངོས་འཛིན་སོགས་གྲུབ་ནས་རིང་པོར་མ་ལོན་པ་(སྨད་ཆ།༢༧༨)ལ། རྗེ་བླ་མ་རིག་འཛིན་སྦྲུལ་པའི་སྐུ་ཉིད་ཀྱིས་ཀྱང་སྐུ་ཚེ་ཐ་མའི་མཛད་པ་སྟོན་པར་མཛད་དེ། དེ་ཡང་ཟབ་གཏེར་རྗེས་མ་རྣམས་བཞེས་མ་གྲུབ་པདང། སྔོན་བཞེས་པའི་གཏེར་ལུང་གི་མཛད་དགོས་འགའ་ཞིག་ཀྱང་མ་གྲུབ་པའི་རྐྱེན་དང། གཅོ་ཆེར་སྙིགས་དུས་ཀྱི་འགྲོ་བ་རྣམས་ལ་ཐུགས་སྐྱོ་བ་སོགས་ཀྱིས་མཛད་ཕྲིན་ཕལ་ཆེར་འཕྲོ་ཅན་དུ་གྱུར་ཏོ། སྦྲུལ་སྐུར་རིན་པོ་ཆེ་ཞབས་དྲུང་པདྨ་ཕྲིན་ལས་ནི། བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས། ཨ་ཙར་ཡེ་ཤེས་དབྱང་སྦྲུལ་ལྷོ་ཚོགས་ནས༔ རིག་འཛིན་མིང་ཅན་ཐུགས་ཀར་སྨེ་ནག་བརྒྱན། ཅེས་དང། སྣ་ཚོགས་རྡོ་རྗེ་རལ་གྲིས་མཚན་པའི་རྒྱ་ཅན་ལས། ཆོས་འདི་སྦེལ་བའི་ཆོས་འདིའི་བདག༔ པདྨའི་མིང་ཅན་ལ་གཏོད། ཅེས་དང། རིག་འཛིན་གཏེར་བདག་གླིང་པའི་གཏེར་ལུང་ལས། བདུད་འཇོམས་སྦྲུལ་པ་ལས་ཀྱི་བཀའ་རྟགས་འཆང༔ ལོ་ཧའི་ཏར་འགྲམ་གསང་སྔགས་ཆོས་འཁོར་བསྐོར༔ ཞེས་སོགས་ལུང་བསྟན་པ་ལྟར། གཙང་པོ་ལྟོ་རྒྱུད་གཡོན་རུའི་ཕྱོགས་ལས་མོན་མཁར་ཞེས་ཡུལ་སྡེ་ཆོས་རྒྱལ་གྱི་གདུང་འཁྱར་རྒྱལ་པོ་ཁྱི་ཁ་ར་ཐོང་མོན་དུ་སྐྱུ་ལྕུགས་པ་སླར་ཕྱོགས་དེར་འདུག་པ་དེ་ལྟར་གྲགས་ཀྱང་ཟེར། གང་ལྟར་ཡང་ཡུལ་དེར་སུམ་བརྩེན་གྱི་གནས་ལ་འགྲན་བཟོད་པའི་རྣམ་སྲས་གླིང་ཞེས་པའི་གཞིས་ཀར་ཡབ་ཆོས་རྒྱལ་བྱང་པའི་གདུང་ལས་ཀརྨ་ཚོགས་དབང་པོ་དང། ཡུམ་འབྲུག་སྨྱོན་པའི་དཔོན་རིགས་ལས་རིག་འཛིན་བུ་ཁྲིད་དབང་མོ་ཞེས་པའི་སྲས་སུ་ཁྱུ་མཆོག་ཅེས་པ་ལྕགས་མོ་སྦྲུལ་གྱི་ལོའི་ཧོར་ཟླ་གཉིས་པའི་ཚེས་གསུམ་རེས་གཟའ་ཕུར་བུ་དང་རྒྱུ་སྐར་ནམ་གྲཱའི་ཉིན་གྱི་ཉི་ཤར་(སྨད་ཆ།༢༧༩)ཙམ་ལ་གནམ་ལོ་དེའི་འབྲུག་སྐད་ཐོག་མར་ལན་གསུམ་གྲགས་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས་པར་གྱུར། དེ་སྐབས་རིག་འཛིན་ཡོལ་མོ་བ་ཆེན་པོའང་དེར་བཞུགས་པ་དང་སྟེས་འགྲིགས་པས། མ་བལྟམས་གོང་ནས་ཡུལ་ལ་ཕན་པའི་ཐབས་སྣ་ཚོགས་དང་དྲག་སྔགས་འདུས་པའི་ལྕགས་ཕུར་སོགས་ཡུམ་སྲས་གཙང་སྦྲ་དགོས་ཚུལ་དང་དྲག་སྔགས་འདུས་པའི་ལྕས་ཕུར་སོགས་ཡུལ་སྲས་མཙང་སྦྲ་དགོས་ཚུལ་དང་བཅས་སྐུ་སྲུང་དུ་སྩལ་པར་མཛད། དེ་ནས་མི་རིང་བ་ལ་རིག་འཛིན་དེ་ཉིད་ཀྱིས་རིག་འཛིན་ངག་གི་དབང་པོའི་སྐུ་སྐྱེ་ཡིན་པས་གཙང་སྦྲ་དང་རེ་ཞིག་གསང་རྒྱ་དགོས་ཚུལ་སོགས་ཕྱག་བྲིས་སྩལ། སླར་ཡང་ཉིད་ཀྱིས་ཚེ་སྒྲུབ་ལྕགས་སྡོང་མ་དང་ཉང་གི་དྲག་དམར་སོགས་དབང་འགའ་ཞིག་ཀྱང་ཕུལ། དེ་ནས་ཀྱང་རིན་པོ་ཆེ་དཔལ་གྲགས་པ་རྫོང་བདའ་གནང་ནས་ངོས་འཛིན་ཡོངས་གྲགས་མཛད། དེ་ནས་མི་རིང་བར་ཡོལ་མོ་བ་དེ་ཉིད་སྐུ་གཤེགས་ཀྱང་རིན་པོ་ཆེ་དཔལ་གྲགས་སོགས་ཀྱིས་ཁུར་ལེན་བགྱིས་ཏེ་ཆོས་སྐྱོང་ཁག། ཇོ་བོའི་མདུན་དུ་བརྟག་སྒྲིལ་སོགས་མཐུན་པར་ཐག་བཅད། དེ་སྐབས་རྣམས་སུ་སྙིང་ཕུ་རིག་འཛིན་སྙིང་པོ་དང། ཀོང་སྨྱོན་ཧེ་རུ་ཀ་ནམ་མཁའ་འཇིགས་མེད་སོགས་ཀྱིས་ཀྱང་རྟེན་འབྲེལ་བསྒྲིགས་ཕྱོགས་དང་བསྔགས་བརྗོད་གང་ཆེ་མཛད། དེ་དག་ལས་ཆོས་འབྲེལ་ཉེན་སེལ་དབང་སོགས་ཀྱང་གསན། ཤིང་བྱར་གཅུང་རྣམ་པཎ་ཀྱང་འཁྲུངས། དེ་ནས་དགུང་ལོ་དྲུག་པ་ལ་རིན་པོ་ཆེ་ཨཾ་རྒྱག་པ། དཔལ་གྲགས་པ། བླ་མ་བྲག་ལྷ་བ་སོགས་བུ་ཆེན་རྣམས་ཀྱི་གདན་སར་དྲངས་འདུས་ཚོགས་ཀྱིས་སེར་སྦྲེལ་དང་བཅས་ཐུབ་བསྟན་རྡོ་རྗེ་བྲག་གི་གཙུག་ལག་ཁང་ཆེན་པོར་ཆོས་ཀྱི་ཁྲི་ལ་མངའ་གསོལ། འབྲས་སྦུངས་སུ་ཀུན་མཁྱེན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ལྔ་པ་རིན་པོ་ཆེར་གཙུག་ཕུད་(སྨད་ཆ།༢༨༠)ཕུལ་བས། མཚན་བློ་བཟང་པདྨ་ཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུས་སྟེར་ཞེས་པ་སྩལ་ཚེ་དབང་སོགས་ཆོས་ཐུན་ཕྲན་བུ་དང། ཞབས་བརྟན་ཚིགས་བཅད་མ་སོགས་སྩལ། དེ་ནས་སྔགས་ཀློག་སོགས་སྦྱངས་པས་མཁྱེན་རབ་ཆེ་བའི་ཚད་དུ་གྱུར། དགུང་ལོ་བདུན་བརྒྱད་དུས་གུང་ཐང་དུ་ཟུར་ཆེན་དང། དགུང་ལོ་དགུ་པ་ནས་བཟུང་རིམ་པར་ཀུན་མཁྱེན་ལྔ་པ་ཆེན་པོ་སོགས་ལས་རང་ལུགས་ཚེ་བདག་སོགས་བྱང་གཏེར་གཙོ་བོར་གྱུར་པའི་དབང་ལུང་མང་དུ་གསན་ཡོངས་རྫོགས་དགེ་བསྙེན་ཀྱང་བསྒྲུབས། རྗེ་བཀའ་འགྱུར་པ་ལས་ཀྱང་ཆོས་བཀའ་མང་དུ་གསན་ཅིང། འདི་སྐབས་ཤིག་སྡེ་པདགོན་པ་ནས་པད་དཀར་ལྟས་སྦྱིན་གྱིས་གདན་དྲངས། གྲ་གཙང་དང་བཅས་སྙེ་མོར་ཕེབས། དེ་དུས་གསོལ་དཀར་རྒྱང་རིང་དུ་ལྷུང་བ་ཆག་གྲུམ་མེད་པི་ངོ་མཚར་ཆེ་བ་བྱུང། སྐབས་གཞན་འགར་ཡང་བདུད་རྩི་ཁོལ་བ་སོགས་ལྟས་བཟང་མང་དུ་བྱུང། དགུང་ལོ་བཅུ་གཅིག་པ་ལ་རྒྱལ་པོ་མཆོད་ཡིན་དང་ཀུན་མཁྱེན་ལྔ་པ་ཆེན་པོའི་རྒྱལ་བའི་བཀའ་འགྱུར་རོ་ཅོག་གིས་ལུང་གནང་བར་གསན་པར་ཕེབས། དེ་སྐབས་འདུལ་ལུང་དུས་ཁྱབ་བདག་བཀའ་འགྱུར་བས་མཁན་པོ་དང། ཉི་མ་གླིང་པ་ཚུལ་ཁྲིམས་བབ་ཤིས་ཀྱིས་སློབ་དཔོན་མཛད་ནས་དགེ་ཚུལ་དུ་སྒྲུབ། གཞན་ཡང་སྔ་ཕྱིར་བཀའ་ཆོས་མང་དུ་གསན། རིག་འཛིན་ཡོལ་མོ་བའི་གཅུང་སྒམ་སྨྱོན་ཕྱག་རྡོར་ནོར་བུ་ལས་ཀྱང་བཀའ་བརྒྱན་དྲག་པོ་རང་བྱུང་རང་ཤར་སོགས་བཀའ་ཆོས་དང་དུག་དབང་རྡོ་རྗེ་ཕ་ལམ་(སྨད་ཆ།༢༨༡)ལན་གསུམ་སོགས་གསན། གཡས་ཕུ་བ་རྡོ་རྗེ་འཆང་དཀོན་མཆོག་དཔལ་འབྱོར་ལས་ཀྱང་ཆོས་མང་དུ་གསན་ཅིང། དེ་སྐབས་ཚད་མའི་བསྡུས་རྐང་ཀྱང་བསླབ་སྦྱངས་མཛད་པས་མཁས་པར་མཁྱེན་། ཁྱད་པར་དུ་ཚལ་གུང་ཐང་དུ་སྔ་ཕྱིར་ལན་མང་དུ་ཕེབས་ཤིང། ཟུང་ཆེན་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ་གྱི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ནས་གསང་སྔགས་བཀའ་གཏེར་གྱི་ཆོས་ཚུལ་མཐའ་ཡས་པ་གསན་ཅིང། ཁྱད་པར་དུ་ཁྲིད་ཀྱི་ཐོག་མར་རིག་འཛིན་ལེགས་ལྡན་རྗེས་ཆུ་བོ་རི་མཚོ་རྒྱལ་ཕུག་ནས་གཏེར་དུ་བཞེས་པ་བླ་མ་སྐུ་གསུམ་མའི་འཁྲིད་འདུ་ཡན་ཆིག་བརྒྱུད་ཡིན་འདུག་པ་དེ་གནང་སྐབས་སེམས་ཚོལ་གྱི་དུས་དྲི་བ་ནན་ཏན་གནང་བའི་བཀའ་ལན་དུ་སེམས་ལ་བཟོ་དབྱིབས་ཁ་དོག་སོགས་དངོས་པོར་གྲུབ་པ་རྡུལ་ཙམ་ཡང་མི་འདུག་ཐག་ཆོད་ཡིན༔ ངེས་པར་བཟོ་དབྱིབས་སོགས་དགོས་ཚེ་འདི་ལྟར་སྣང་བའི་དངོས་གཟུགས་ཐམས་ཅད་སེམས་ཀྱི་གཟུགས་སུ་འདུག་པས་ངེད་ཀྱང་སྔགས་པར་སོང་གཤེས་སེམས་ཀྱི་དབྱིབས་གྲུབ་གསུམ་ཁ་དོག་ནག་པོ་ཞིག་འདུག་གསུངས་པས། བླ་མ་ཆེར་དགྱེས་ནས་བཞད་ཅིང། དེ་ལྟར་ན་ངོ་བོ་ཡང་གདུག་ཅིང་མི་བསྲུན་པར་ཡོད་དམ་ཞེས་པའི་ཞལ་བཀུར་ཡང་གནང་སྐད། གཞན་ཡང་རྫོགས་ཆེན་ཀ་དག་རང་བྱུང་རང་ཤར་དང། དགོངས་པ་ཟང་ཐལ་ཡང་ཏིག་ཅེས་སྒྲོན་ཐུན་མོང་མ་ཡིན་པའི་ཞལ་བཀུར་ཡང་གནང་སྐད། གཞན་ཡང་རྫོགས་ཆེན་ཀ་དག་རང་བྱུང་རང་ཤར་དང། དགོངས་པ་ཟང་ཐལ་ཡང་ཏིག་ཅེས་སྒྲོན་ཐུན་མོང་མ་ཡིན་པའི་ཟབ་ཁྲིད་མང་དུ་གསན་ཅིང། ཉམས་བཞེས་བརྡར་ཤ་ཆོད་པར་གནང། གཞན་ཡང་དེར་བཞུགས་སྐབས་འབྲས་སྦུངས་ཀུན་མཁྱེན་རྒྱལ་བའི་དབང་པོ་མཇལ་བ་དང། འབྲི་གུང་ཆོས་ཀྱི་གྲགས་པ་ལྷ་སར་ཕེབས་པར་འབྲོམ་སྟོད་དུ་མཇལ་བར་དཔོན་སློབ་གཉིས་ཆར་ཕེབས་ནས་ཆར་ཀའི་ཟོང་དབང་དང།(སྨད་ཆ།༢༨༢)ཡང་ཟློག་རྣོན་པོ་ནང་གཅོད་སོགས་གསན། སླར་ཡང་གུང་ཐང་དུ་ཕེབས་ནས་ཆོས་འཕྲོ་རྣམས་གསན། གཅོད་གསང་བ་རྨད་བྱུང་མའི་ཁྲིད་ཀྱིས་སྐབས་ལྷོངས་ཀྱི་རྣམ་པས་སྐུ་ཤིན་ཏུ་སྙུངས་པའི་དུས་ཕན་གནོད་བྱེད་པའི་ལྷ་འདྲེ་རྣམས་དང། ཁྱད་པར་ཐུགས་ཀྱི་རྒྱལ་པོ་མངོན་རྟོགས་བཞིན་དང། ལྷ་མོ་ལྕགས་ཕུར་མ་སོགས་དངོས་སུ་གཟིགས། དེ་ནས་རིམ་གྱིས་ཀུན་མཁྱེན་རྒྱལ་བའི་དབང་པོའི་སྐུ་ཞབས་ལས་ཐུགས་རྫོགས་བཞེས་ཤིང། སླར་ཡང་ཀུན་མཁྱེན་ཉིད་ཀྱིས་པཎ་ཆེན་སྡོམ་རྒྱུན་བཞེས་པ་ན་རྗེ་འདིར་ཡང་བཀའ་ཕེབས་བཞིན་སྡོམ་རྒྱུད་ཁྱད་ནས་ཀུན་མཁྱེན་ཉི་ལས་པཎ་ཆེན་སྡོམ་རྒྱུད་ཀྱ ་གསན། འདུལ་བའི་ལག་ལེན་ལ་དཔྱད་པར་གཙང་ཞིང་ཕྱག་ལེན་ཐེབས་པ་གནང་འགག་གི་མཚམས་སོགས་ལ་མཁྱེན་དཔྱོད་ཡངས་པས་འདུལ་འཛིན་སོ་སོའི་བཞེད་པ་སོགས་མ་འདྲེས་པར་མཁྱེན་པས་འཁྲུལ་བ་མི་མངའ་ཞིང། གཞི་གསུམ་ཡི་ཆོ་གའི་ལག་སོགས་ལ་མཁས་ཤིང་ཁྱད་པར་སྐུ་ཚེ་རིལ་པོར་བླ་གོས་གསུམ་འབྲེལ་སྦང་དང་སྟན་གཅིག་གི་བརྟུལ་ཞུགས་ལས་ནམ་ཡང་གཡེལ་བ་མེད་པ་སོགས་འདུལ་འཛིན་མང་པོའི་ཁྲོད་ནའང་རྗེ་འདི་དང་མཚུངས་པ་དཀོན་ནོ། གཞན་ཡང་གྲུབ་མཐའ་རིས་སུ་མ་ཆད་པའི་ཆོས་ཚུལ་རྒྱ་མཚོ་ལྟ་བུར་གསན་བསམ་མཛད་ཅིང། གསན་པ་དེ་དག་ཀྱང་གསན་ལོ་ཐོབ་ལོ་ལྟ་བུ་མ་ཡིན་པར་སྒོམ་སྒྲུབ་ཀྱིས་གཏན་ལ་ཕག་པའི་ཉམས་བཞེས་མཛད་དེ་བསྙེན་སྒྲུབ་མཛད་ཚུལ་ཅུང་ཟད་གཤམ་དུ་འཆད་ལ། སྒྲ་དང་སྙན་ངག་ཡིག་རིགས་སྡེབ་སྦྱོར་སོགས་ལའང་སྦྱོང་བརྡར་ཅི་རིགས་གནང། ཁྱད་པར་སྔགས་མཚན་ཉིད་ཀྱི་གཞུང་ཆེན་པོ་ཐམས་ཅད་ལ་གཟིགས་པ་རྒྱ་ཆེ་བས་མཁྱེན་རྟོགས་ཀྱི་རྩལ་རྫོགས། རྡོ་རྗེ་(སྨད་ཆ།༢༨༣)འཆང་དཀོན་མཆོག་དཔལ་འབྱོར། ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། ཁྲ་ཚང་བ་བློ་མཆོག་རིག་པའི་རྡོ་རྗེ། ས་སྐྱ་བདག་མེད་ཆེན་ཀུན་དགའ་བཀྲ་ཤིས། ཟུར་ཆོས་དབྱིངས་རང་གྲོལ། སྦྲུལ་སྐུ་གཏེར་བདག་གླིང་པ། ཀུན་མཁྱེན་རྒྱལ་བའི་དབང་པོ་སོགས་གསར་རྙིང་རིས་མེད་ཅིང་ཡོངས་འཛིན་དུ་མ་བསྟེན་ནས་དམ་པ་དེ་དག་གི་ཐུགས་བརྒྱུད་ལ་མངའ་བའི་ཡོན་ཏན་ཐམས་ཅད་བདག་གི་ལོངས་པ་མཛད། དེ་ལྟར་གསན་བསམ་རྫོགས་ནས་སྒྲུབ་པ་ཉམས་བཞེས་མཛད་པའི་ཚུལ་ཡང། གཙོ་ཆེར་བྱང་གཏེར་དང་གཞན་གཏེར་ཁ་གསར་རྙིང་མང་པོ་དང། དེ་མཚུངས་གསང་སྔགས་གསར་མའི་རིགས་ཀྱང་མང་དུ་མཛད་དེ་ཆེ་ལོང་ཙམ་ཞིག་སྨོས་ན། བྱང་གཏེར་ཐུགས་རྗེ་ཆེན་པོ། རིག་འཛིན་གདུང་སྒྲུབ། ཐུགས་སྒྲུབ་མཐིང་ཀ། ཡུམ་བཀའ་ཕག་མོ། བཀའ་བརྒྱད་རང་ཤར། ཚེ་སྒྲུབ་ལྕགས་སྡོང་མ། བྱང་གཏེར་ཕུར་པ། བསྟན་སྲུང་ཡོངས་རྫོགས། ཉང་གི་དྲག་དམར་བཀའ་བརྒྱུད་བདེར་འདུལ་སྨན་སྒྲུབ་བཅས་དང། ཆོས་དབང་གི་བླ་མ་གསང་འདུས། བཀའ་བརྒྱད་གསང་རྫོགས། ཡོངས་རྫོགས་ཕུར་སྒྲུབ། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ། འཁོར་བ་དོང་སྦྲུལ། ཡང་དག་ཟུར་བཀའ། འཆར་ཀ་གནམ་སྐས་མ། ཕུར་པ་སྦུ་གྲོ་སོགས་དང། རྒྱ་ཞང་གི་ཚེ་བདག་གཞི་བསྙེན་ལན་གསུམ། མཆོད་རྟེན་སྒྲུབ་པ། གཤེན་རྗེ་ཁྲོ་ཆུ། རྟ་མགྲིན་ཡང་གསང། ལས་འབྲེལ་རྩལ་གྱི་ཕྱག་རྡོར། རིན་ཆེན་གླིང་པའི་ནཱ་ན་རཀྵ། རརྣ་གླིང་པའི་གུར་དྲག་མེ་འཁྱིལ་། བླ་མ་དགོངས་འདུས་བསྙེན་པ་ཚ་བ་དམར་ཐག། ལེགས་ལྡན་རྗེའི་དྲག་པོ་དབུ་དགུ། ཚེ་སྒྲུབ་བདུད་ཙི་འཁྱིལ་པ། དབང་པོའི་སྡེའི་གུ་(སྨད་ཆ།༢༨༤)རུ་སྐུ་གསུམ་རིགས་འདུས། ཀརྨ་གུ་རུ། རྒྱ་ཅན་ཡང་གསང་ཀརྨ་དྲག་པོ། རིག་འཛིན་སྲོག་སྒྲུབ། འཆི་མེད་དཔལ་སྟེར། བདུད་རྩི་བུམ་པའི་སྒོམ་བཟླས་སོགས་དང་བཅས། དེ་དག་ཀྱང་གྲངས་བསྙེན་ཚད་ལྡན་ལན་གཉིས་གསུམ་ལྡ་དྲུག་སོགས་མཛད་པ་མང་ཞིང། ཐམས་ཅད་ལ་ཁ་བསྐང་སྦྱིན་སྲེག་བཅས་མཛད་ཅིང། དེ་ཡང་བྱས་ལོ་ཙམ་མ་ཡིན་པར་བསྐྱེད་རྫོགས་ཀྱི་སྐྱང་བར་ནས་བཏོན་པའི་གནད་སྨིན་ཁོ་ན་དང། དེ་བཞིན་དུ་ས་ལུགས་ལའང་དཔལ་རྡོ་རྗེ་ཡབ་ཡུམ་གཉིས་ཀར་གཞི་བསྙེན་ཚད་ལྡན་དང། ཀུན་རིག་རྩ་བསྙེན། ན་རོ་མཁའ་སྦྱོད། བདེ་མཆོག་ནག་པོ་པ། མགོན་པོ་བྲག་རྫོང་མར་ཕྱི་འཁྲིད་དང་བསྟན་པའི་བསྙེན་པ་ཚེ་སྒྲུབ་ཞག་བདུན་མ། རྡོ་རྗེ་འཇིགས་བྱེད་རཱ་ལུགས། གཤེད་དམར་སོགས་འདིར་ཐོར་ཅམ་སྨོས་པ་ཡིན་ཏེ། མཐའ་དག་ནི་རྣམ་ཐར་ཆེན་མོ་ལས་ཤེས་པར་བྱའོ། གང་མཛད་དེ་དག་ཁ་བསྐོང་སྦྱིན་སྲེག་སོགས་བཤད་ཚོད་དང་མཐུན་པ་ཕྱག་ལེན་དུ་བཏབ་ཅིང། རྒྱུན་ལྡན་ཐུགས་དམ་གྱི་རིགས་ཀྱང་ལྗགས་བསྙེན་སོང་རིགས་ཕལ་ཆེར་ལ་ཞག་རེ་བསྙེན་པ་སྟོང་ཕྲག་རེ་དང། དྲག་པོ་དབུ་དགུ། ཕུར་པ་ཀཱི་ལ་ཡ། ཡང་དག་ཟུར་ཀའི་རུ་ལུ། གཤིན་རྗེ་ཁྲོ་ཆུ། པདྨ་ཡང་གསང་རྣམས་ཟླ་རེར་ཁྲི་ཕྲག་གསུམ་རེ་འགྲོ་ཙིས་དང་གུ་རུ་ཞི་དྲག། བདེ་གཤེགས་སྦྱི་དྲིལ། སོ་ལྔ་བ།

ཻ་རིང། དུ་རྒ་ཡིག་བརྒྱད། རྣལ་འབྱོར་མ། ཉང་ལུགས་དྲག་དམར་སོགས་བརྒྱ་རེ་ཉུང་མཐའ་སོགས་གནང་སྟེ། ཡི་དམ་གྱི་རིགས་དེ་དག་ལ་སོ་སོའི་ཕྲིན་ལས་ཀྱི་གཞུང་བསྲང་ནས་གཏོར་སྔོ། བདག་འཇུག་ལེན་པ། སྦྱིན་སྲེག་སོགས་དང་རྡོ་རྗེ་ཆོས་སྐྱོང་གྲངས་ལས་འདས་པ་སོ་སོར་གཏོར་ཆོག་དང། བར་(སྨད་ཆ།༢༨༥)བར་དུ་ཆོས་སྦྱོད་གང་འགྲོ། རྫོགས་ཆེན་ལྟར་དུས་བཞི་མཉམ་སྦྱོར་གྱི་ཉམས་བཞེས་དང་གཙོ་བོ་ཀ་དག་ལྷུན་གྲུབ་དང་བསྐྱེད་རྫོགས་གསུམ་གྱི་ལམ་ལས་སྐད་ཅིག་ཀྱང་འདའ་བ་མེད་པར་མཛད་དེ་མཐའ་དག་ནི་རྣམ་ཐར་ལས་ཤེས་པར་བྱ་ལས་འདིར་བྲི་བར་མ་ལངས་ཤིང། ཉིན་ཞག་རེའི་ཐུགས་དམ་མཛད་ཚུལ། འདིདག་སྔ་ཚེ་སྐུ་ན་གཞོན་དུས་ལས་དགུང་ལོ་ཞེ་བདུན་ནས་ཐུགས་དམ་མཛད་ཚུལ་ཤོག་ལྡབ་བདུན་བརྒྱ་ཙམ་འདུག་སྟེ་མཐའ་ཡས་སོ། བསྙེན་སྒྲུབ་མཛད་ཚུལ་འདི་རྣམས་ཀྱང་སྔ་མོ་ཞིག་དུས་ཏེ་དེ་ཕྱིན་གོང་འཕེལ་དུ་གྱུར་ཚུལ་ཀྱང་ལྷ་ལྡན་བསམ་ཡས་རྣམས་སུ་ལོ་ལྟར་ཕེབས་ཚུལ་གྲངས་མེད་དང། གཞན་ཡར་འབྲོག་ལྷོ་ཁ་ཕྱོགས་སོགས་ལ་མང་དུ་ཕེབས་ཤིང། གཙང་ལ་སྟོད་ཟད་ཟང་ལྟ་བྲག་ཚུན་ཞབས་ཀྱི་བཅག་དེ་དག་ཀྱ་གཙོ་བོར་བཀའ་ཆོས་ཆེད་གཉེར་དང་གཞུང་ས་མཆོད་ཡོན་ནས་བསྐུལ་བའི་བོད་ཁམས་བདེ་ཐབས་ཀྱི་རིམ་གྲོ་སོགས་སྒྲུབ་དགོས་ཀྱིས་ཕེབས་སྐྱོད་གནང་བ་དང། བཀའ་ཆོས་འཆད་སྦེལ་ཡང་རྒྱལ་བའི་གསུང་རབ་རིན་པོ་ཆེ་བཀའ་འགྱུར་རོ་ཅོག་གི་ལྗགས་ལུང་གིས་མཚན་པའི་མདོ་སྔགས་གསར་རྙིང་སྦྱི་དང་བྱེ་བག་རྙིང་ལུགས་ལ་མདོ་དབང་ཆེན་མོ་ལན་གསུམ་དང། གཞན་བཀའ་བརྒྱད་རྣམ་གསུམ། གཤེད་སྐོར་གསར་རྙིང། བྱང་གཏེར་གཙོ་གྱུ་དབང་ལུང་དང། དགོངས་པ་ཟང་ཐལ་ཡང་ཏིག་བཅེས་སྒྲོན་སོགས་ཟབ་འཁྲིད་དུ་མས་སྐལ་ལྡན་རྣམས་ཀྱི་བརྒྱུད་ཡོངས་སུ་སྨིན་པར་མཛད་པ་ནི་གཞི་བྱེས་ཐམས་ཅད་དུ་ཐུགས་རྩོལ་གང་ཅེ་གནང་ཞིང། རབ་བྱུང་དགེ་ཚུལ་སློང་སོགས་ཀྱི་མཁན་པོ་མཛད་པའང་གྲངས་ཀྱི་མི་ཆོད་ཅིང། གང་ལ་གང་འཚམས་(སྨད་ཆ།༢༨༦)ཀྱིས་གདུལ་བྱ་སོ་སོའི་རེ་བ་ཡོངས་སུ་རྫོགས་པར་མཛད་དོ། རྟེན་བཞེངས་ཀྱི་རིགས་ཀྱང་ཐུབ་བསྟན་རྡོ་རྗེ་བྲག་གི་འདུ་ཁང་ཆེན་མོ་བརྟེན་པ་དང་བཅས་པ་གསར་བཞེངས་དང། དེ་དང་རྗེས་འབྲེལ་གཟིམ་ཆུང་ཕྱི་ནང། མགོན་ཁང་སོགས་ཀྱི་རྟེན་ཆེ་ཕྲ་བྲིས་འབུར་གྱིས་མཚོན་པའི་རྟེན་གསུམ་ལེ་ལག་དང་བཅས་པ་ཇི་སྙེད་པ་དེ་དག་ལ་གསེར་གྱི་རྒྱལ་མཚན་འགན་ཛྙཱ་ར་སོགས་ངོ་མཚར་བཀོད་པ་བློའི་རབ་ལ་བརྒལ་བར་བསྐྲུན་པ་དང། བསྟན་བཅོས་ཐུགས་རྩོམ་གྱི་རིགས་ཀྱང། ཀུན་མཁྱེན་ལྔ་པ་རིན་པོ་ཆེས་བསྐུལ་བས་མདོ་དབང་ཆེན་མོའི་རྣམ་བཤད་དབང་ཆོག་སོགས་ཀྱིས་མཚན་པའི་བོད་ཆེན་བཅུ་གསུམ་ཙམ་ཡོད་ལ། དེ་དག་ཀྱང་ལུང་རིགས་ཀྱི་སྐྱ་བར་ནས་འདོན་པའི་ལེགས་བཤད་གོ་བདེ་ཞིང་ལག་ལེན་འཇུག་བདེ་བ་ཁོ་ན་དང། གྲུབ་པའི་མཚན་མ་མངོན་གྱུར་གྱིས་རྟགས་ཀྱང་མངོན་པར་ཤེས་པ་ལ་ཆགས་ཐོག་མི་མངའ་བ་དང། ལྷག་པའི་ལྷ་དུ་མའི་ཟལ་གཟིགས་ལུང་ལ་ཆགས་ཐོག་མི་མངའ་བ་དང། ལྷག་པའི་ལྷ་དུ་མའི་ཞལ་གཟིགས་ལུང་བསྟན་ཐོབ་པ་དང། རྡོ་རྗེ་ཆོས་སྐྱོང་རྣམས་བྲན་དུ་ཁོལ་བས་བསམ་ཡས་གནོད་སྦྱིན་ཆེན་པོས་ཀྱང་གུས་འདུད་དང་དམ་ཚིག་གི་རྡོ་རྗེ་སྦྱོ་བོར་འཇོག་པ་དང་དུ་བཞེས་པ་ལན་མང་མཛད་པ་དང། བར་དོའི་སེམསཅན་མང་པོ་མངོན་སྣང་དུ་གཟིགས་ཤིང་སྐྱེ་བ་བཟང་པོར་སྦོར་ནུས་པ་སོགས་མཐའ་ཡས་གཞན་ཡང་བསྐྱེད་རྫོགས་སྒྲུབ་ཕྲེང་གི་ལག་ལེན་སྦྱི་དང་བྱེ་བྲག་བཀའ་བརྒྱད་ཚེ་བདག་སོགས་ཀྱིས་གཅོས་པའི་མན་ངག་ལག་ལེན་ཐམས་ཅད་ཀུན་མཁྱེན་རྒྱལ་བའི་དབང་པོ་ཉིད་ཀྱི་ཐུགས་སྲས་དམ་པར་གྱུར་པས་བུམ་པ་གང་བྱོར་གསན་པས་ཁུངས་བཙུན་ཞིང་དཔྱད་པ་གཙང། དེ་ཉིད་བཅུ་སོགས་(སྨད་ཆ།༢༨༧)རྡོ་རྗེ་འཛིན་པའི་ལས་རབ་འབྱམས་ཐམས་ཅད་ལ་མངའ་དབང་འབྱོར་བས་གསང་བའི་བདག་པོ་དངོས་སུམ་བྱོན་པ་ལྟ་བུ། འགྲོ་བ་ཐམས་ཅད་ལ་བརྩེ་བའི་ཐུགས་རྗེ་བླ་ན་མེད་པའི་རྒྱལ་སྲས་སེམས་དཔལ་ཆེན་པོ། བསླབ་གསུམ་རྣམ་པར་དག་པའི་ཚུལ་ཁྲིམས་ལ་ཁ་ན་མ་ཐོ་བའི་ཉེས་པའི་དྲི་ཕྲ་མོས་ཀྱང་མ་གོས་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པ་སྟེ། མདོར་ན་ཡོན་ཏན་གྱི་ཕུང་པ་གཞལ་དུ་མེད་པས། རིག་འཛིན་གཏེར་བདག་གླིང་པས་ཀྱང། རྒྱལ་བ་དྲུག་པའི་བཀའ་ལེན་དུ། འཆད་སྦེལ་གྱི་ཕྲིན་ལས་ཐམས་ཅད་རྡོ་རྗེ་བྲག་རིག་འཛིན་སྦྲུལ་སྐུ་ལས་ལྷག་པ་ཞིག་ད་ལྟའི་སྐབས་ཕྱོགས་གང་ནའང་མེད་པ་འདྲ། ཞེས་ཕུལ་འདུག་པས་ཀྱང་ཤེས་སོ། ཁྱད་པར་དུ་རྗེ་འདི་གྲུབ་མཐའོ་ཕྱོགས་འཛིན་གྱི་འཆིང་བ་ཐམས་ཅད་རང་སར་ཞིག་པར་རིས་མེད་ཀྱི་བསྟན་ལ་ཐུགས་བསམ་དཀར་བ་ལས་ཀུན་སློང་གནག་པ་མི་མངའ། ཆོས་བརྒྱད་དང་འདུ་འཛིཻཾ་ཐམས་ཅད་སྦངས་ནས་ཆོས་ཀྱི་གཞུང་ལས་ཇི་སྐད་བཤད་པ་ཐམས་ཅད་ཕྱག་ཏུ་བཀའ་བའི་མཛད་པ་རྨད་དུ་བྱུང་བདག་གིས་སྐུ་ཚེ་འཁྱོལ་བར་མཛད་ཅིང། ཞལ་སློབ་ཀྱི་རིགས་ཀྱང་གྲངས་ཀྱིས་མི་ཚོད་པ་བཞུགས་ཀྱང་རེ་རེ་ནས་འབྲིར་མ་ནུས་ལ་སྐུ་ཚེ་ཡང་མཐར་ཕྱིན་པ་བཞུགས་ཀྱང། བོད་སྦྱིའི་བསོད་ནམས་ལས་སུ་རུངས་པ་དང་སྙིང་བསྟན་ཆག་སྒོ་བོད་བ་དུས་མཚུངས་པར། ལོག་སྨོན་དུས་སུ་སྨིན་པའི་དམ་སྲི་མི་སྲུན་པ་དག་གིས་རྫུ་འཕྲུལ་གྱིས་དངོས་དང་བརྒྱུད་ནས་ཆེད་དུ་བོས་པའི་མགྲོན་པོ་ཡིད་སྲུབ་བདག་པོ་དཔུང་དང་བཅས་པའི་ཚོགས་ཀྱི་རྙིང་བསྟན་མཐའ་དག་དམིགས་མེད་དུ་རྒྱས་གདབས་པའི་རྐྱེན་གྱིས་གཤེགས་ཚུལ་མཛད་ཀྱང།(སྨད་ཆ།༢༨༨)ཁམས་གཙང་སོགས་ཀྱི་བུ་ཆེན་ཞལ་སློབ་རྣམས་ཀྱིས་མཆོད་སྦྲིན་སྦྲོ་བ་དང་དགོངས་པ་རྫོགས་ཐབས་ཀྱང་ཅི་རིགས་མཛད་པར་སྣང་ངོ། དེ་ནས་མི་རིང་བ་གནམ་སའི་དབང་ཕྱུག་གོང་མ་ཆེན་པོའི་བཀའ་དྲིན་གྱིས་མ་རུང་པ་དེ་དག་ཕྱིར་བསྐྲད་ནས་གངས་ཅན་ལྷ་མིའི་གཙུག་རྒྱན་རྒྱལ་བ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་སེང་ཁྲིར་ཞབས་དཔ་བཀོད་པ་ནས་རྙིང་བསྟན་མཐའ་དག་སོར་ཆུད་ཅིང། ཁྱད་པར་ཐུབ་བསྟན་རྫོ་རྗེ་བྲག་གི་བསྟན་པའི་མེ་རོ་གསོས་ནས་རིམ་གྱིས་སོར་ཆུད་ཚུལ་སོགས་གཤམ་དུ་འཆད་འགྱུར་ལས་ཤེས་སོ། རིག་འཛིན་སྦྲུལ་པའི་སྐུ་སྐལ་བཟང་པདྨ་དབང་ཕྱུག་ནི། མོད་ཁམས་སྒང་དྲུག་ལས་སྦོ་འབོར་སྒང་དུ་གཏོགས་པའི་ཁམས་ལྕགས་མདུད་ཅེས་པ་སྦས་དྲུག་ལས་སྦོ་འབོར་སྒང་དུ་གཏོགས་པའི་ཁམས་ལྕགས་མདུང་ཅེས་པ་སྦས་གནས་ཀྱི་གྲངས་སུ་འཛིན་པ་སྟེ། བློན་པོ་བཀའ་ཐང་བཀའ་ཞབས་གཏེར་སྐྱོང་གི་ལེའུ་ཉེར་དགུ་པ་ལས། གཙང་རོང་ཉག་རོང་ལྷོ་རོང་དང༔ ཀོང་པོ་རོང་སྟེ་ལས་སྒོ་བཞི། རི་ནི་མཚོན་ཆ་གནས་གཟིངས་འདྲ། ཆུ་ནི་རྦ་ཀློང་རལ་ནག་བསིགས༔ ནགས་ཚལ་རྩི་ཤིང་མུན་གཏིབས་འདྲ༔ ས་ནི་གཞུ་རྒྱུད་ཙམ་པ་ལ། གནས་ནི་རལ་གྲི་ཙམ་ལས་མེད། ཟས་སུ་སྔོ་དེང་ཤིང་ཐོག་ཟ༔ གོས་སུ་མེ་རླུང་སྦྱོར་བ་གྱོན། གནས་ས་བྲག་ལ་ཆུ་ཡོད་དེར། ཞེས་གསུངས་པ་དང་མཚུངས་པ་ཕྱི་གངས་རི་དང་རྫ་རིའི་ར་བས་བསྐོར་ཞིང་ནང་དུ་རྩི་ཤིང་ནགས་ཚལ་གྱིས་གཏིབས་ཤིང་ཆུ་འཕྲང་སོགས་བགྲོད་དཀའ་བ། མི་རྣམས་རྩིང་སྦྱོད་ཁོ་ནས་དུས་འདའ་བ། སྔོན་ཆོས་རྒྱལ་བྱང་པ་ཡབ་སྲས་ནས་མདོ་ཁམས་སུ་ཕེམས་དུས་ཞབས་ཀྱིས་བཅགས་ཤིང་གསང་ཆེན་རྡོ་རྗེ་ཐེག་པའི་(སྨད་ཆ།༢༨༩)ཆོས་ཀྱི་གདུལ་ཞིང་དུ་གྱུར་ཅིང། འགྲོ་བ་རྣམས་སྨིན་གྲོལ་གྱི་དགའ་སྟོན་མཛད་པའི་དྲིན་ལསདེང་སང་ཀྱང་སྔ་འགྱུར་གྱི་བསྟན་པར་དད་འདུན་ཆེ་བའི་ཕྱོགས་དེར་ཡུལ་གླུ་སྟོད་སྨད་གཉིས་ལས་འཛིན་སྨདཟེར་བའི་གྲོང་དུ། ཆོས་རྒྱལ་མེས་དབོན་གྱི་གདུང་ཞིག་ཕྱོགས་དེར་བསྡད་ཚུལ་ལས་ཆད་པའི་རིགས་ལས། ཡབ་བློ་བཟང་ཟེར་བ་དང། ཡུམ་ཕག་མོ་སྒྲོན་མ་གཉིས་ཀྱི་སྲས་སུ་འཁྲུངས། དེ་ཡང་ཡུམ་གྱི་ལྷུམས་སུ་ཞུགས་དུས་རྨི་ལམ་དུ་ཐོ་རེངས་ཀྱི་ཆར། བླ་མ་དབུ་ཞཱ་དམར་པོ་བཞེས་པ་ཞིག་གིས་དབང་བསྐུར་ཞིང། མར་ཀློགས་འདྲ་བའི་རིལ་མོ་གཏད་པ་གསལ་པོ་བྱུང་ཐོག། གཉིས་སད་པར་ལུས་ངག་ཡིད་གསུམ་བདེ་ཉམས་ཀྱི་རྣམ་པ་འཆར་ཚུལ་དང། ཡབ་ཀྱི་རྨ་ལམ་དུ་རང་གི་ཁང་ཐོག་ཏུ་རྒྱལ་མཚན་མང་པོ་བཙུགས་པ་དུས་མཉམ་དུ་བྱུང་བ་དང། ཟླ་བ་དེར་མེ་ཏོག་དམར་སེར་མང་པོ་སྔར་མེད་གསར་དུ་སྐྱེས་ཚུལ་སོགས་དགེ་མཚན་གྱི་ལྟས་མང་དེ་ནས་ས་ཕག་ཟླ་བ་བཅུ་གཉིས་པའི་ཚེས་གྲངས་མ་ངེས་པ་ཞིག་ལ། ནམ་གྱི་ཕྱེད་ཆ་ཙམ་ལ་སླེབས་དུས་སུ་སྐུ་བལྟམས་པས་ཁང་པའི་ནང་ཐམས་ཅད་ནམ་ལངས་པ་འདྲ་བར་འོད་དཀར་པོ་ཞིག་གིས་ཁྱབ་པ་དང། འབྲུག་སྐད་ཆེ་བ་ཞིག་གྲགས་པ་སོགས་ཡུལ་མི་ཀུན་གྱིས་ལེགས་འཛིན། སྐབས་དེ་དག་ཙམ་དུ་རྡོར་བྲག་རང་གི་དགོན་ལག་མདོ་སྒར་གྲཱ་ཚང་དུ་སྔར་དུས་ནས་གནོད་སྦྱིན་ཆེན་པོ་ཁོག་བརླམས་ཡོད་འདུག་པས་དེ་དུ་ཐོག་འབེབས་མཛད་ནས་ལྕགས་ལ་མི་ཆེན་སི་དང་སྒར་གྲཱ་ཚང་རྣམས་ལ་ད་ཆ་རིག་འཛིན་ཆེན་པོ་དེ་ཉིད་ཀྱི་ཡང་སྲིད་ཡུལ་ཕྱོགས་དང་ཕ་མ་འདི་ལྟ་བུ་ཞིག་ལ་ཡོད་ཚུལ་སོགས་ལུང་བསྟན་གནང་བྱུང་བ་བཞིན་འཕྲལ་དུ་གྲཱ་པ་གཉིས་འོན་སེང་ལ་བཏང་བར་ཇི་བཞིན་ཐོག་ཁེལ་བྱུང་བ་དང།(སྨད་ཆ།༢༩༠)སླར་ཆོས་སྐྱོང་རང་གིས་ངོས་འཛིན་པའི་དུས་ལ་བབས་པའི་ཚེ་ལྕགས་ལའི་སྐུ་ཚབ་་དང་བླ་མ་པདྨ་འབྱོར་ལྡན་སྐུ་བསྟེན་པ་བཅས་ཁྱོན་རྟ་པ་ལྔ་བཅུ་སྐོར་ངོས་འཛིན་བྱོན། ཉེ་འཁོར་དུ་གུར་བརྒྱབ་ནས་བསྡད། ནང་པར་སྔ་ཆར་གསེར་སྐྱེམས་བདེན་བདར་བྱས་ཐོག། སྦྲུལ་པའི་སྐུ་ཡུམ་གྱིས་ཁུར་ནས་བྱོན་པས་ཚམ་མེད་པར་ཁྲི་ཐོག་ཏུ་ཕེབས་ནས། གསོལ་ཇ་བཞེས་འཕྲལ་ཇ་ཞག་ལ་ཚེ་བུམ་གྱི་དབྱིབས་འདྲ་བ་ཞིག་བཅོས་ནས། བླ་མ་འབྱོར་ལྡན་སོགས་དེར་ཡོད་རྣམས་ལ་ཚེ་དབང་བསྐུར་ཚུལ་མཛད། དེ་སྐབས་རིག་འཛིན་གོང་མའི་སྐུ་ཆོས་ཤིག་དང་དགེ་སློང་འབྱོར་ལྡན་རང་གི་ཆོས་གོས་གཅིག་བཅས་བསྟན་པར་གོང་མའི་སྐུ་ཆོས་དེར་ངོས་འཛིན་མཛད། གཞན་མ་སྐུ་གསུང་ཐུགས་རྟེན་སོགས་ཡོད་པ་རྣམས་ཀྱང་འཁྲུལ་པ་མེད་པར་ངོས་འཛིན་བྱུང་བས། དེར་འཁོད་ཐམས་ཅད་དགའ་སྐྱོ་ཟུང་འབྲེལ་གྱི་མཆི་མ་དབང་མེད་དུ་འགྲུལ་ཞིང། ཐེ་ཚོམ་མེད་པའི་ངེས་ཤེས་འདྲོང། དེར་ཁོད་རྣམས་ཀྱིས་འདི་རིག་འཛིན་མཆོག་གི་སྐུའི་ཡང་སྲིད་ཡིན་འདུག་པས། གདན་འདྲེན་ཞུ་རྒྱུ་ཡིན་བྱས་པར། ཡུལ་མི་རྣམས་ཀྱིས་འདི་ཁྱོད་ཚོའི་བླ་མའི་སྐུ་སྐྱེ་ཡིན་མིན་མི་ཤེས། རྡོ་རྗེ་བྲག་ཟེར་པ་ངེད་ཚོའི་མིག་གིས་མ་མཐོང་རྣ་བས་ཀྱང་མ་ཐོས་ཡིན་དུ་སྲིད་ཀྱང་འདིར་དེང་ཚོའི་མགོ་ཐོག་ཏུ་མེ་ཏོག་ཕོག་པའི་ལྷ་སྐལ་ཡིན་པས་གཏོང་རྒྱུ་མིན་ཟེར་བར། གྲ་འཁོར་རྣམས་ཀྱིས་ཞི་དྲག་དུ་མའི་སྒོ་ནས་ཐབས་སྣ་ཚོགས་བྱས་ཀྱང། ཡུལ་ས་བཙན་པ་དང། མི་རྣམས་རོ་གྱོང་བ་བཅས་ཉན་འཇོག་མེད་ཅིང། གང་ཅི་ནས་བྱེད་ཐབས་ཟད་པ་བྱུང་འདུག་པར་དེ་མ་ཐག་སྦྲུལ་པའི་ཆོས་སྐྱོང་ཆེན་པོ་ཁོག་བརླམས་ཐོག་རིག་འཛིན་ཆེན་པོ་འདི་ཉིད་མྱུར་དུ་གདན་འདྲེན་པ་ལྟར་ཕེབས་པ་ཡིན།(སྨད་ཆ།༢༩༡)གལ་ཏེ་མི་གཏོད་ན་ངེད་ཀྱིས་ཡུལ་འདིར་ནད་མུག་འཁྲུག་རྩོད་སོགས་མི་ཤེས་པ་སྣ་ཚོགས་གཏོད་རྒྱུ་ཡིན་ཞེས་གྲི་སྐོར་སོགས་ཀྱི་འཚུབ་ལྟོངས་ཤིན་ཏུ་ཆེ་བར་བསྟན་པས། དེ་ནས་ཁོ་རང་ཞེད་ནས་ཡུལ་ཁམས་སུ་མི་ལེགས་པ་བྱུང་དོགས་ཀྱིས་གཏོར་བར་ཁས་བླངས། ཡབ་ཡུལ་ཁམས་སུ་མི་ལེགས་ཏེ་ལི་ཐང་དུ་ཕེབས། དེར་ཞག་བཞི་ཙམ་བཅག་མལ་བྱས་ནས་ཉེ་འབྲེལ་རྣམས་ཀྱིས་རྟ་སྐྱེལ་དང་བཅས་རིམ་བཞིན་ཞབས་པད་བསྐྱོད། དེ་ནས་ཆོས་སྐྱོང་གནོད་སྦྱིན་ཆེན་པོའི་ལུང་བཞིན་མཐའ་འདུལ་གྱི་གཙུག་ལང་ཁང་དུ་གྲགས་པའི་སྔར་གྲུབ་ཆེན་ཐང་སྟོང་སོགས་སྐྱེས་ཆེན་དུ་མ་དང་ཕྱིས་རིག་འཛིན་ངག་གི་དབང་པོས་ཀྱང་ཞབས་ཀྱིས་བཅགས་ཤིང་ཇོ་བོ་སོགས་རྟེན་མཆོག་ཁྱད་པར་ཅན་ཡོད་པའི་མི་ཉག་དཔལ་ལྷ་ཁང་དུ་ལྕགས་ལ་རྒྱལ་བློན་གྱིས་ཆིབས་བསུ་དང་བཅས་ཕེབས་ནས་རེ་ཞིག་དེར་བཞུགས། ལྔགས་ཀློག་ཕུལ་དུ་ཀ་དཔེ་ནས་ཆོས་བསྡུས་གཏོང་བ་ལས། འབྲུ་གསེད་སོགས་དགོས་པ་མ་བྱུང་བས། ཀུན་གྱིས་ཡ་མཚན་དུ་འཛིན། འདི་སྐབས་རིག་འཛིན་གོང་མའི་ཐུགས་སྲས་སུ་གྱུར་པའི་བཀའ་ཆོས་གསན་རྒྱ་ཆེ་ལ་མཁྱེན་དཔྱོད་མཚུངས་ཟླ་མེད་པ་གྲུབ་དགོན་བླ་མ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཉིད་དར་མདོ་སྒར་གྱི་བླ་མར་ཕེབས་རྗེས་རྒྱ་ནག་ཏུ་ཕེབས་པ་ཡིན་འདུག་པས་ལོ་འཁོར་ནས་ཕྱིར་དར་མདོར་འབྱོར་འཕྲལ་དུ། སྦྲུལ་པའི་སྐུ་མཇལ་པར་ཕེབས། ཐོག་མའི་རྟེན་འབྲེལ་དུ་ཕུར་པའི་དབང་རྒྱས་པ་རས་ཀྱི་དཀྱིལ་འཁོར་དུ་དབང་ཆོག་རིན་ཆེན་བུམ་བཟང་གི་སྟེང་ནས་ཕུལ་ཞིང། དེ་སྐབས་གནམ་བསྐོས་འཇམ་དབྱངས་གོང་མ་ཆེན་པོའི་ལུང་གིས་ཀུན་མཁྱེན་དྲུག་པ་ཆེན་པོ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ཉིད་བསམས་བཞིན་(སྨད་ཆ།༢༩༢)དུ་སྐྱེ་བ་བཞེས་པའི་ཁམས་གསུམ་འགྲོ་བའི་བླ་མ་གོང་ས་སྐྱབས་མགོན་རིན་པོ་ཆེ་སྐལ་བཟང་རྒྱ་མཚོ་སླར་ཡང་གོང་མའི་དཔུང་ཚོགས་ཡན་ལག་བཞི་ལྡན་གྱིས་ཞབས་གཏེག་སྟེ་ཕོ་བྲང་རི་བོ་གྲུ་འཛིན་དུ་འཇིགས་མེད་སེང་གེའི་ཁྲིར་སྦྱན་དྲངས་ཤིང། བསྟན་དགྲ་མ་རུང་པ་དེ་དག་རྣམས་ཀྱང་སྦྲང་མས་མེ་ལྕེར་མི་བཟོད་པ་བཞིན་དུ་བྲོས་ནས་བོད་འབངས་བདེ་སྐྱིད་དགའ་སྟོན་གྱི་དཔལ་ལ་སྦྱོད་ཅིང་བསྟན་པ་སྦྱི་དང་བྱེ་བྲག་རྙིང་ལུགས་ལ་གོང་ས་ལྔ་པར་སྔོན་གནས་རྗེས་དྲན་གྱིས། གོང་མ་རིག་འཛིན་ཆེན་པོ་དེ་ཉིད་ཀྱི་བསྟན་པར་དགོངས་པའི་ཆོས་གཞིས་ཡས་མས་སྦྱོང་དུས་འབྲས་སྦྲུངས་སྦྱི་སོར་ཆུང་པ་རྣམས་ཀྱང། བཀའ་གཏན་ནང་བཞིན་ཕྱིར་སློག་བཀའ་དྲིན་བསྐྱངས་པར། རྗེ་གོང་མའི་གསོལ་དཔོན་དགེ་དབང་དབུས་མཛད་རབ་འབྱམས་་དཔལ་བཟང། གཉེར་པ་དགེ་སློང་ཆོས་འཁོར་དང་ན་སྦུག་ཆོས་མཛད་ཕན་བདེ་གཉིས་ལ་སྦྱི་མཐུན་གྱི་སྐོས་བཞག་བྱས་ཏེ། རེ་ཞིག་ཤེད་གྲོང་གཞིས་ཁར་ལྕགས་བྱི་ལོ་ནས་རྡོ་བྲག་རང་བསྟན་གྱི་མགོ་ཚུགས་དེ་སྐབས་རིག་འཛིན་གོང་མའི་སྐུའི་ཡང་སྲིད་ཕྱོགས་གར་ཕེབས་ཀྱི་བསམ་ཡས་ཆོས་སྐྱོང་ས་སྐྱ་ཞཱ་དམར་ནག་སོགས་ལ་ཐུགས་དམ་བརྟག་པ་ཞུས་པར་ཆོས་སྐྱོང་ནས་སྐུའི་ཡང་སྲིད་སྐོར་ཉིས་ཟློས་དང་འཁྲུལ་གཞི་སོགས་མི་ཡོད་བའི་ཁག་ཐེག། མི་འགྱངས་པར་གཏམ་སྙན་ཡོད་ཕེབས་དོན་བཞིན་དར་རྩེ་མདོ་ནས་ལྕགས་ལ་མི་ཆེན་དབོན་གྱི་འགྲོན་གཉེར་རྣམ་རྒྱལ་ཚཻ་རིང་ལྷ་ལྡན་དུ་འབྱོར་བའི་བཀའ་ཤོག་ལ་མཆོག་གི་སྦྲུལ་སྐུ་ངོས་འཛིན་ཧ་ལམ་གྲུབ་པའི་གཏམ་སྙན་བྱུང་འཕྲལ། རྡོ་རྗེ་བྲག་ནས་སྔ་འགྲོས་སུ་པདྨ་གྲགས་པ་བཏང་ནས། སྦྲུལ་པའི་སྐུ་དང་ལྕགས་ལ་རྒྱལ་པོ་གཉིས་ཀར་ཞུ་ཡིག་རྟེན་ཕུལ། དེ་རྗེས་དགེ་(སྨད་ཆ།༢༩༣)སློང་ཆོས་འཁོར་དབུ་མཛད་བྱེད་དགོས་པའི་སྟབས་ཀྱིས་གཉེར་ཚབ་ཏུ་དགེ་སློང་རིག་འཛིན་གྱིས་ཁུར་ལེན་བྱས། སླར་ཡང་བླ་མ་ཆོས་སྐྱོང་རྣམས་ལ་གསུང་བརྟག་ཡང་བསྐྱར་ཞུས་པས། ཀརྨ་པ་ཡབ་སྲས་གཉིས་ནས་ཁམས་ཕྱོགས་ལ་ཕེབས་པར་འགྱུར་བ་མེད། ཅེས་དང། བསམ་ཡས་ཆོས་སྐྱོང་ཆེན་པོས་ཀྱང་གཞན་མ་སྔར་བྱས་ལྟར་ཡིན་ཞེས་སོགས་ཕེབས། ཡང་བསྐྱར་ལྷ་ལྡན་ཇོ་བོའི་སྐུ་མདུན་དུ་རྟགས་རིལ་ཕུལ་བ་དང། ཐམས་ཅད་ཀྱི་ལུང་བསྟན་མཐུན་པར། ཁམས་རང་ལ་ཕེབས་པ་ཐག་ཆོད་པའི་གདན་འདྲེན་ལ་གཉེན་པ་ཆོས་མཛད་ཕན་བདེ། པདྨ་བསྟན་འཕེལ། པདྨ་སངས་རྒྱས་དོན་ལྡན། འཇམ་དབྱངས། སྨན་རམ་པ་ངག་དབང་རྡོ་རྗེ་སོགས། ཁྱོན་ཤིན་ཤུ་སྐོར་བཅས་བྱོན། ཆུ་སྟག་ཟླ་བ་དང་པོ་ཚེས་བཟང་པོ་ཞིག་ལ། སོ་སོའི་བཞུགས་རྟེན་འགན་སྦྱར་གྱི་མཚན་པའི་གོས་སྣ་ཆ་ཚང་དང་སྐུ་གསུང་ཐུགས་རྟེན་གོང་མའི་ཉེར་སྦྱོད་སྒོར་སོགས། འདྲ་གཉིས་བཅོས་ཏེ་ངོས་འཛིན་ཕུལ་བར་འཁྲུལ་མེད་གནང། དེ་སྐབས་བོད་ཀྱི་གདན་འདྲེན་པ་རྣམས་འཛིན་ཕུལ་བར་འཁྲུལ་མེད་གནང། དེ་སྐབས་བོད་ཀྱི་གདན་འདྲེན་པ་རྣམས་ཀྱི་ལྕགས་ལ་ས་དབང་ཆེན་མོར་ད་ཆ་བོད་ཀ་གདན་འདྲེན་ཞུས་ཆོག་པ་དགོས་ཞེས་ཡང་ཡང་སྙན་འབུལ་ཞུས་པར་རྐྱེན་དབང་སྣང་ཚོགས་ལ་བརྟེན་པའི་རེ་ཞིག་ཞལ་བཞེས་མ་བྱུང་བས་རིམ་ལུས་ཐོག། ཆོས་སྐྱོང་ནང་སྔར་དར་རྩེ་མདོར་འཚུབ་ཆ་ཡོད་གནང་བ་དང། དེ་དུས་ཀྱང་འབྱུང་བཞིའི་འཇིགས་པ་ཆེན་པོ་ཡོད་པས་བཟློག་ཐབས་བཀའ་འགྱུར་ཁྲི་ཆར་བ་གྲུབ་དགོས་པ་སོགས་གནང་འདུག་ཀྱང་སྦྱི་སྒེར་ཀུན་གྱིས་རིམ་འགྱངས་སུ་ལུས་པར་བསྟེན་དེ་ལོ་མདོར་ས་གཡོས་ཚབས་ཤིན་ཏུ་ཆེ་བས་འཐིབ་འོག་ཏུ་ཚུད་པའི་མི་དྲོན་ཆེ་བ་དང། ལྷག་པར་ལྕགས་ལ་ས་དབང་ཆེན་པོ་ཉིད་ཀྱང་(སྨད་ཆ།༢༩༤)རྐྱེས་ལམ་དུ་སོང། སླར་ཡང་ལྕགས་ལར་བོད་དུ་ཅིས་ཀྱང་གདན་འདྲེན་ཞུས་ཆོག་པ་དང་དེ་མིན་འདིར་རྒྱུད་རིང་ན་ད་དུང་ཅི་འདྲ་ཡོང་མི་ཤེས་པའི་དགོངས་ཁྲོལ་ཐུགས་རྗེ་ཆེ་བ་གནང་དགོས་ཞུས་དོན་བཞིན་རེ་འབྲས་དོན་སྨིནགྱིས་བཀའ་བཞེས་ཀྱང་སྩལ་དེ་ནས་བོད་དུ་ཆིབས་སྐྱོད་གནང་རྒྱུའི་གྲ་སྒྲིག་མཛད། དེ་ནས་སྦྲུལ་པའི་སྐུ་རིན་པོ་ཆེ་ཡུལ་དབུས་ཕྱོགས་སུ་ཆིབས་ཁ་བསྒྱུར་བས། ལྕགས་ལ་ཨ་དགའ་ལྷ་ལྕམ་ཆེན་མོ་དཔོན་བློན་ཐམས་ཅད་ནས་སྐུ་རྫོང་དུ་རྟ་དྲེལ་གསེར་དངུལ་གོས་དར་ཇ་སོགས་དངོས་རྫས་རྣམས་སྦོམ་བསྟོད་ནས་ཕུལ། རྟ་ལོ་ཟླ་བ་དང་པོའི་ཚེས་དགུའི་ལྔ་ཆར་གྲུབ་དགོན་བླ་མ་དང་ཨ་དགའ་ལྷ་ལྕམ་དཔོན་གཡོག་བརྒྱ་སྐོར་གྱིས་རྟ་སྐྱེས་གདུགས་རྒྱལ་མཚན་རྒྱ་གླིང་སོགས་རྟེན་འབྲེལ་གྱི་ལེགས་ཚོགས་དུ་མ་དང་བཅས་དཔལ་ལྷ་ཁང་ནས་བཏེག་བཞག་བྲའི་ཐང་དུ། བླ་མ་དམ་པ་དང་ས་དབང་ཆེན་མོ་བཅས་ནས་བརྟན་བཞུགས་རྒྱས་པ་ཞིག་གི་རྟེན་འབྲེལ་དང་འཕྲལ་ཕུགས་ཀྱི་བསླབ་བྱང་ཡང་དག་སྙན་འབུམ་ཞུས། ཨ་དགའ་ལྷ་ལྕམ་དང་ཨ་ཀྱང་རྣམས་ནས་དགུང་ལོ་ཉི་ཤུའི་ཐོག་ཏུ་ཐུགས་རྫོགས་བཞེས་གྲུབ་ནས་གདན་འདྲེན་ལ་ཡོད་ཟེར་བ་ཁས་ལེན་ཀྱང་ཞུས། དེ་ནས་རིམ་གྱིས་གཏེག་པའི་ལྕགས་ལའི་སྐུ་ཚབ་ཨ་ཀྱང་དྲུང་ཡིག་རྡོ་རྗེ་དང་ཤཱཀྱང་གཉིས་གདན་ས་བར་སྐྱེལ་བར་གཏོང་བ་དང་བཅས་ཏོར་ཁོགས་བརྒྱུད་སྡེ་དགེ་ཡིད་ལྟུངས་སུ་འབྱོར་དུས་བླ་མ་པདྨ་མདོ་སྡེ་དང་ཡིད་ལྟུངས་དཔོན་ཚེ་བརྟན་དང་ཚེ་དབང་ལྷུན་གྲུབ་བཅས་རྟ་བསུ་དང། དེ་ཉིན་དཔོན་ཚེ་བསྟན་གྱིས་གདན་དྲངས་ནས་གསེར་དངུལ་ཇ་གོས་དང་རྟ་ནོར་སོགས་འབུལ་ནོད་རྒྱས་པར་བསྟབས། ཚེ་དབང་ཞིག་མཛད་པས་དེ་ཉིན་ནམ་མཁའ་དག་ཅིང་འཇའ་གུར་ཕུབ་པ་དང་མེ་ཏོག་(སྨད་ཆ།༢༩༥)གི་ཆར་འབས་སོགས་དགེ་མཚན་བསམ་གྱི་མི་ཁྱབ་པ་བྱུང། རྗེ་ཉིད་ཀྱི་ཨ་ནི་ཕྱག་ཆ་དཔོན་མོ་སྒྲོལ་མ་མཆོ་སོགས་ཀྱིས་གདན་དྲངས་དང་བསྙེན་བཀུར་འབུལ་ནོད་རྒྱ་ཆེར་ཕུལ། དེ་སྐོར་དུ་ཞག་བདུན་ཙམ་བཞུགས། མ་ཡུལ་དག་གཉེར་པ་སོགས་གྲོགས་བཅས་ཆོས་འཁོར་གྲུ་བརྒྱུད་བྱང་ལམ་དུ་བཏང། རོག་ཏམ་དགོན་ནས་རྫོགས་ཆེན་སྦུལ་པའི་སྐུ་རིན་པོ་ཆེས་གདན་དྲངས་པ་ལྟར་ཕེབས། དགེ་འདུན་སུམ་བརྒྱ་སྐོར་གྱིས་གདུགས་རྒྱལ་མཚན་འཕན་དར་སོགས་སེར་སྦྲེང་ཚར་དུ་དངར་བས་མདུན་བསུས་ཏེ་དགོན་པར་ཞབས་པད་བཀོད། སྦྲུལ་པའི་སྐུར་ཚེ་སྒྲུབ་ལྕགས་སྡོང་མའི་ཚེ་དབང་བརྒྱ་ཚར་དང་ཡུལ་མི་སྦྱིར་ཁྲོམ་དབང་རྒྱས་པར་གནང། བླ་བྲང་དང་བླ་ཁག་སྦྱི་སྒེར་གྱིས་རིང་འཚོའི་མཎྜལ་སོགས་འདེབས་ཐོགས་པ་སྙིང་གིས་མཚན་དངོས་པོའི་བརྒྱ་འབུམ་གཟབ་རྒྱས་མཛད་ཅིང། རྗེ་ཉིད་ནས་མཆོད་ཁང་སྟེང་འོག་བར་གསུམ་དུ་བཀྲ་ཤིས་པའི་མར་ཏོག་འཐོར་བའི་བཀའ་དྲིན་སྩལ། རིམ་གྱིས་སྡེ་དགེ་ས་སྐྱོང་བསྟན་པ་ཚེ་རིང་ལྷ་ལུང་ཁུགས་སུ་ཕེབས་པའི་བཞུགས་སྒར་ནས་རྟ་བསུ་དང་དབུ་སྐོར་གྲཱ་ཚང་རྣམ་གདུགས་རྒྱལ་མཚན་བ་དན་རོལ་ཆ་སོགས་ཀྱིས་མདུན་བདར་ཏེ་བཞུགས་སྒར་དུ་ཕེབས། བློས་མི་རེ་བཞིན་གསོལ་སྟོན་སོགས་གཟའ་རྒྱས་ཀྱིས་མཆོད། དཔོན་ཡབ་སྲས་གཉིས་ལ་རྟ་མགྲིན་ཟླ་རྒྱལ་ལུགས་སམ་ལྕགས་རལ་ཆན་དུ་གྲགས་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང། ཚེ་སྒྲུབ་ལྕགས་སྡོང་མའི་ཚེ་དབང་ཕུལ། སྡེ་དགེ་དཔོན་ཡབ་སྲས་རྣམས་ནས་ལེགས་སྐྱེས་སུ་བདེ་བར་གཤེགས་པའི་གསུང་རབ་འབྲིང་པོ་འབུམ་གྱིས་གཙོས་པའི་གསེར་དངུལ་ཇ་གོས་དར་རྟ་(སྨད་ཆ།༢༩༦)དྲེའི་མང་པ་དང་མཛོ་གཡག་བརྒྱ་ན་བཟའ་དགུན་ཆས་ལགས་པ་དུང་རྒྱ་གླིང་སོགས་དངོས་རྫས་བསམ་མི་ཁྱབ་པའི་འབུལ་ཆེན་མཛད་ནས་ཞབས་བཏེགས། ཟླ་བ་བརྒྱད་པའི་ཚེས་གཅིག་གི་ཉིན་ཁམས་སྦྲུལ་སྐུ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་བཞུགས་སྒར་དུ་གདན་དྲངས། དགེ་འདུན་རྣམས་ཀྱི་སེར་སྦྲེང་དང། མི་རིགས་མི་གཅིག་པ་དྲུག་ཅུ་རེ་གཉིས་ཀྱི་འདྲ་འཕག་སྣ་ཚོགས་གྱོན་ཞིང་ཆས་གོས་སོགས་ངོ་མཚར་བ། མཁའ་འགྲོ་བཅུ་དྲུག་རྒྱལ་ཆེན་བཞི། གནས་ཡུལ་གྱི་དཔའ་བོ་མཁའ་འགྲོའི་གསོབ། ཧ་ཤང་རྩེ་འབག་སོགས་ཨོ་རྒྱན་རྒྱལ་པོའི་ཕོ་བྲང་དུ་མཚོ་སྐྱེས་རྡོ་རྗེ་སྦྱན་དྲངས་པའི་ལོ་རྒྱུས་ལའང་སྐྱེངས་པ་སྟེར་ནུས་པ་བསམ་གྱིས་མི་ཁྱབ་པས་མདུན་བདར་ཏེ་གཟིམ་གུར་ཁྲི་བཀོད་སོགས་དཔང་སྟོད། དར་ཕྱག་གི་རྩེ་སྦྲོད་མཛད། གསེར་དངུལ་གོས་དར་ཞི་བའི་ཆོས་གསོ་ཉེར་སྦྱོད། རོལ་ཆས་སོགས་ཆིབས་རྟ་ནོར་སོགས་དངོས་པོའི་འབུལ་ནོད་དཔངས་མཐོ་བར་ཕུལ། དེ་ནས་རིམ་པར་ཆིབས་སྐྱོད་གནང་བར་འབྲིང་གུང་རྫོང་གསར་དུ་ཕེབས། རྟ་པ་སུམ་ཅུ་སྐོར་གྱིས་ཆིབས་བསུ་དང་རྗེ་ཆོས་ཀྱི་གྲགས་པའི་མཆོག་སྦྲུལ་མཇལ་བས་ཁྲི་དཔངས་མཐོན་པོར་བསྟོད་པ་གནང་ཞིང། ལམ་བར་གྱི་དྲི་བ་སོགས་ཞིབ་རྒྱས་དང་འཆི་མེད་དཔལ་སྟེར་གྱི་ཚེ་དབང་ཞིང། ལམ་བར་གྱི་དྲི་བ་སོགས་ཞིབ་རྒྱས་དང་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་ཚར་གནང། ཚོམས་ཆེན་དུ་སྟོན་མོ་གཟབ་རྒྱས་ཐོག་གནང་ཆ་སོགས་གྱ་སྐྱོང་བའི་ཧུར་བསྐྱེད་དང་སླང་ནས་རིམ་པར་ཕན་ཚུན་འབྲེལ་བ་ཅི་ཀྱང་ནས་བྱེད་དགོས་ཕེབས་དེ་ནས་རིམ་ཕེབས། རྡོ་རྗེ་བྲག་དང་ཉེ་བར་བཞུགས་སྒར་གནང། ནང་པར་སྔར་བར་ཞབས་བཏེག་པའི་ཐུབ་བསྟན་རྡོ་རྗེ་བྲག་(སྨད་ཆ།༢༩༧)ཏུ་རྟ་ལ་ཟླ་བ་བཅུ་གཅིག་པའི་དཀར་པོའི་ཕྱོགས་ཀྱི་རྒྱལ་བ་དང་པོར་ཞབས་ཀྱི་པདྨ་བཀོད་པའི་དགའ་སྟོན་ལ་ལོངས་སྦྱོད་པར་གྱུར་ཏོ། བར་སྐབས་དུས་འགྱུར་གྱི་དགོན་པ་ཡང་ཕྱི་རྒྱ་ཙམ་ལས་མ་ལངས་ཤིང། གྲ་འགྲིགས་པ་ཡང་དཀའ་ཚེགས་ཆེ་བར་ཡོད་འདུག་ཀྱང་འཁོས་དཔགས་ཀྱི་གྲ་སྒྲིག་ལེགས་སོ་བྱུང་འདུག་པ་དང། རེ་ཞིག་ཤེལ་གྲོང་དུ་ཕེབས་རྩིས་ཀྱང་ཐོག་མའི་རྟེན་འབྲེལ་ལ་དགོངས་ནས་ཐོག་མར་གདན་སར་ཕེབས། དགེ་འདུན་རྣམས་ཀྱིས་གཟབ་མཚོ་དང་བཅས་མཆོད་རྫས་རོལ་མོ་ཐོགས་པའི་སེར་སྦྲེང་མི་སེར་རྣམས་ནས་བྲོ་གཞས་སོགས་ཀྱིས་མདུན་བདར་ཏེ་གཟིམས་ཆུང་ཆོས་དབྱིངས་ཕོ་བྲང་དུ་ཞབས་པད་བཀོད། མི་རིང་བར་ཤེལ་གྲོང་དུ་ཞབས་བཏེག་སྐུ་ངལ་གསོ་དང་བྲགས་སྐུ་ཡོན་ཐུགས་གཉེར་སླར་གདན་སར་ཕེབས་ནས་ཕོ་བྲང་རི་བོ་གྲུ་འཛིན་དུ། གོང་ས་སྐྱབས་མགོན་ཆེན་པོ་མཇལ་བར་ཕེབས། འཕགས་མཆོག་ཕྱག་ན་པདྨ་འཇིག་རྟེན་དབང་ཕྱུག་ཐམས་ཅད་མཁྱེན་གཟིགས་ཆེན་པོ་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་ཞབས་ཀྱི་པདྨོ་དྲི་མ་མེད་པར་འདུད་ཕྱག་བགྱིས་པར། གཟིམས་ཆུང་རྩེ་གངས་ཅན་མགོན་པོ་དྲུང་དུ་དངོས་འབྱོར་གྱི་མཆོག་སྦྲིན་རྒྱ་མཚོར་སྦྲོས་ཏེ་གཙུག་ཕུད་ཕུལ་བར་མཚན་བསྐལ་བཟང་པདྨ་དབང་ཕྱུག་འཇིགས་མད་གྲུབ་པའི་སྡེ་ཞེས་གསོལ། སུམ་གདན་བསྙེལ་འབོལ་སོགས་གདན་གཟོས་རིག་འཛིན་གོང་མའི་དུས་བཞིན་མཛད། ལམ་བར་གྱི་བཀའ་དྲིན་སོགས་ཞིབ་རྒྱས་ཞིབ་རྒྱས་སྩོལ་བར། དེ་དུས་སྐུ་ན་ཕྲ་ཡང་བཀའ་ལན་ཚོགས་མེད་ཞུས་པས་དགྱེས་རྩེར་སོན་ཅིང། གཟིགས་ཕྱོགས་མི་དམན་པའི་བཀའ་དྲིན་བསྐྱངས། ལྷ་ས་ནས་ཕྱིར་ཕེབས་གྲུབ་ནས་ཟླ་བ་གཉིས་པའི་རྒྱལ་ཕུར་འགྱུར་སྦྱོར་ཐོག་རྡོར་བྲག་གྲ་གཙང་རང་(སྨད་ཆ།༢༩༨)སྡེའི་ཕྱོགས་གཏོགས་ཐམས་ཅད་ཀྱིས་ཁྲི་འདོན་ལེགས་འབུལ་དང་བསྟན་བཞུགས་ཕུལ། དེ་སྐབས་ཤེལ་གྲོང་དུ་བཞུགས། ཆུ་བཟང་སྦུལ་སྐུ་དང་གཉག་སྟོན་ཁམས་ལུང་བླ་མ་རིག་འཛིན་དབང་རྒྱལ་བྱོན་བྱུང་བར་གོང་མའི་བུ་སློབ་དམ་ཚིག་སེལ་མེད་ཡིན་པས། བྱང་གཏེར་དབང་ལུང་ཕལ་ཆེར་དང། ཁྱད་པར་མདོ་དབང་ཆེན་མོ་སོགས་གསན། འདི་སྐབས་དགུང་ལོ་བཅུ་པར་སྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ་དྲུང་ནས་དགེ་ཚུལ་བཞེས། གཞན་ཡང་བཀའ་ཆོས་ཁ་ཤས་གསན། འདི་སྐབས་གཙང་དབུས་འཁྲུག་པ་གཙང་དཔུང་གཡུལ་ལས་རྒྱལ། མི་དབང་ཆེན་མོ་ལྷ་སར་ཕེབས། དགུང་ལོ་བཅུ་གཉིས་པ་ལྕགས་ཁྱི་ལོར་ཡར་འབྲོག་སྟག་ལུང་གསང་སྔགས་ཆོས་འཁོར་གླིང་པས་གདན་འདྲེན་བྱུང་བ་དང་བསྟུན། སྟག་ལུང་བྲག་ར་སྦྲུལ་སྐུའི་དགོན་པར་ཕེབས། ཕྱི་ལམ་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཕེབས། རྒྱལ་སྲས་རིན་བོར་གྱུར་པའི་ཆོས་བཀའ་མང་དུ་གསན། ཚེ་སྒྲུབ་འཆི་མེད་ཡང་སྙིང་ཀུན་འདུས་དབང་གི་ཉིན་བླ་མ་ཚེ་དཔག་མེད་དམར་པོ་རྡོ་རྗེ་དང་བུམ་པ་འཛིན་པ་ཞིག་ཏུ་གཟིགས། ཕན་ཚུར་ནས་ལུགས་ལེགས་པའི་ཐུགས་ཡིད་གཅིག་འདྲེན་སུ་གྱུར། ཞར་ལ་རྣམ་སྲས་གླིང་དུ་གདན་ཞུས་དང། ཁྲ་འབྲུག་ཏུ་རབ་གནས་དང་ཤེལ་བྲག་སོགས་གནས་གཟིགས་རྣམས་མཛད། དེ་ནས་རིམ་པར་སླེ་ལུང་དུ་ཕེབས། རྗེ་དྲུང་རིན་པོ་ཆེའི་དྲུང་ནས། གཏེར་བདག་གླིང་པའི་ཐུགས་རྟེ་ཆེན་པོ། གསང་ཡེ་བདེ་མཆོག་རྩ་སྣང་སོགས་དང། གོང་ས་ལྔ་པའི་རྒྱ་ཅན་སྐོར་དང་རྗེ་དྲུང་ཉིད་ཀྱི་དག་སྣང་སྐོར་སོགས་གནས་སྐབས་སྐྱེ་བ་འགའ་དང་འགའ་ཞིག་དཔོན་སློབ་ཏུ་གྱུར་(སྨད་ཆ།༢༩༩)ཚུལ་སོགས་གསལ་པོར་བྱུང་གསུངས། ཡར་ལམ་འོན་དུ་ཕེབས། ད་ནས་གདན་སར་སྐུ་མཚམས་གནང་བར་རྗེ་དྲུང་རིན་པོ་ཆེ་སྙེ་མོར་ཕེབས་ཞོར་ལ་མཚམས་ཁང་དུ་མཇལ་འཕྲད་གནང། འདི་སྐབས་ས་སྐྱོང་མི་དབང་ཆེན་པོས་གོང་ས་ལྔ་པ་ཆེན་པོ་ནས་རིམ་གྱི་བཀའ་ཁྲ་གཏན་ཚིགས་ཁྲལ་རིགས་ཆེ་ཕྲ་ཆག་པའི་རྒྱབ་ནོན་གསེར་ཐམ་སྩལ། ཆུ་གླང་ལོར་རྒྱ་ནག་གོང་མ་ཆེན་པོ་ནས་མཛོད་བཏགས་ཆེ་ལེགས་གོས་ཡུག་བཅུ་དང་སྲས་བཙུན་པ་ནས་མཛོད་གོས་ཡུག་གཉིས་བཅས་གནང་སྟེ། ཡང་གོང་མའི་སྲས་བཙུན་པས་རྡོ་རྗེ་བྲག་ནས་གནང་སྐྱེས་རིམ་པར་བྱུང། ཡང་གོང་མའི་སྲས་བཙུན་པས་རྡོ་རྗེ་བྲག་ནས་བླ་མ་ཞིག་བཏང་དགོས་པའི་བཀའ་ཕེབས་བྱུང་བར་བླ་མ་བདེ་མཆོག་རྫང་བར་བྱས། རྡོ་རྗེ་བྲག་འདུ་ཁང་གསར་བཞེངས་ཀྱི་རྟེན་གཙོ་སྟོན་པའི་སྐུ་རབ་ཏུ་གནས་པའི་ཚེ་ཨོ་རྒྱན་རིན་པོ་ཆེ་ཕྱག་ན་བུམ་པ་འཛིན་པ་ཞིག་ཞལ་གཟིགས་ཞལ་ནས་དེ་རིག་དཔའ་བོ་མཁའ་འགྲོ་འདུ་བའི་དུས་ཡིན་པར་རབ་ཏུ་གནས་པ་ལེགས་གསུངས་ཤིང། ད་ལམ་གྱི་སྟོན་པའི་སྐུ་འདི་མཐོང་ཐོས་དྲན་རེག་གི་འགྲོབ་རྣམས་འབྲེལ་ཚད་དོན་དང་ལྡན་ཕྱིར་སྟོན་པའི་སྐུ་འདིར་བཞུགས་གསུངས། སྟོན་པའི་སྐུ་མཚོན་གང་ཐུག་ཁ་ནས་སྦྲོས་ཐུབ་ཆེན་གྱི་ཐུགས་ཁར་ཐིམ་པར་གཙང་ཁང་འོད་ཀྱི་གང་བ་ཉིན་ཕྱེད་བར་བྱུང། ཡོན་བདག་བསྒོ་བའི་དུས་ཀྱང་ཨོ་རྒྱན་རིན་པོ་ཆེའི་དབང་བསྐུར་བྱིན་གྱིས་བརླབས་པའི་གཟིགས་སྣང་བྱུང་གསུངས། ས་ལུགས་ཐ་ཀར་ཉ་བའི་ཚེས་ལ་ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་ཀྱང་བཞེས། གཞན་ཡང་བསྙེན་སྒྲུབ་དུ་མ་དང་བསྐྱེད་རྫོགས་གསུམ་གྱི་ཉམས་བཞེས་གནང་བས་རྫོགས་པ་ཆེན་པོ་གཞི་ལམ་གྱི་རྟོགས་པ་ཀློང་དུ་གྱུར)༣༠༠)ཅིང། རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་ཞལ་གཟིགས་ཚུལ་དང་དག་སྣང་ལུང་བསྟན་བྱུང་ཚུལ་སོགས་མདོར་བསྡུས་ཉིད་ཀྱི་གསུང་ལས། ཁོ་བོའི་རྫོགས་པ་ཆེན་པོའི་གྲོལ་བྱེད་ལ། ཉམས་ལེན་སྙིང་ལ་རུས་པ་ཉེར་བཅུག་སྟེ། བརྩོན་པས་སྔོན་མེད་ངོ་མཚར་ལྟད་མོའི་རིགས། མཐོང་ཡང་གཞན་ལ་འཆད་ན་ཟོབ་པོར་ལྟ། རྩ་གསུམ་རྒྱལ་བ་རྒྱ་མཚོས་རྗེས་བཟུང་བའི། དུས་གསུམ་བགྱི་བའི་བླང་དོར་མང་མཆིས་ཀྱང། རབ་བློས་རང་གི་བླང་དོར་བགྱི་བ་ལས། མི་འཆབ་ཁ་མང་བགྱིས་པའི་གནས་མིན་ཏེ། ཞེས་སོགས་གསུངས་པ་ལྟར་རོ། འདི་སྐབས་དབུས་ཕྱོགས་ལྷ་བྲག་ཡོངས་རྫོགས་སོགས་ནས་གནས་སྒོ་ཡང་གསར་ཕྱེ་མང་དུ་མཛད། ཤིང་ཁྱི་ལོར་བོད་ཡུལ་བདེ་ཐབས་ལུང་དོན་བསྒྲུབ་ཕྱིར་ཀོང་པོ་བུ་ཆུར་ཆིབས་སྐྱོད་གནང། འདི་ཙམ་ནས་བཟུང་ཕེབས་སྐྱོད་གར་གནང་པར་གསང་ལུང་བཞིན་གོ་སྨན་སོགས་ཀྱང་མཛད། དཱགས་པོར་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་གཏེར་གནས་རོལ་ཕུ་སོགས་གནས་གཟིགས་དང། གཏེར་ནས་བཏོན་པའི་ཕྱག་རྡོར་གྱི་སྐུ་བཞུགས་པའི་ལྷང་སོགས་གཟིགས། ཀོང་སྟོད་བརྒྱུད་རྩེ་སྒང་དང་བུ་ཆུར་ཕེབས་བཀའ་ནན་རབ་བརྗིད་དང་སྡེ་བརྒྱད་དམ་འདོགས་སོགས་བོད་ཡུལ་བདེ་ཐབས་ཀྱི་ལུང་དོན་རྣམ་འཚེགས་མེད་དུ་བསྒྲུབས་པར་གནང། སྦུ་བོར་ཕེབས་བཞིད་མཛད་ཀྱང་ལུང་དོན་འགྱུར་བས་གདན་སར་ཕེབས། དེ་སྐབས་ཤིག་ངོར་དོན་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གིས་ཆེད་གནང་གི་འབུལ་ཞབས་ཕུལ་བར་བྱུང། ས་སྐྱ་གོང་ན་རིན་པོ་ཆེ་སྐུ་མཆེད་ཕེབས་པ་མཚམས་ཁང་དུ་མཇལ། དྲེའུ་ལྷས་སྦྲུལ་སྐུ་ལས།(སྨད་ཆ།༣༠༡)བྱང་གཏེར་ཟབ་ལམ་བདེ་ཆེན་རྒྱ་མཚོའི་དབང་ལུང་དང། ལྗོན་དབྱུག་པ་རྡོ་རྗེས་དག་སྣང་དམ་གྲིབ་ཉེས་པ་ཀུན་སེལ་སོགས་གསན། དགུང་ལོ་ཞེ་བཞི་པ་ཆུ་རྟ་ལོར་ལྷོ་བྲག་ཏུ་ཆིབས་བསྒྱུར་གནང། མནོ་ཁ་ནི་རིང་ཚུན་ཞབས་ཀྱིས་བཅགས་གནས་སྒོ་གསར་ཕྱེས་དང་གཏེར་ཁ་འགའ་ཡང་བཞེས། ཤིང་སྦྲེལ་ལོར་སླང་ཡང་ཀོང་པོ་བུ་ཆུར་ལན་གཅིག་ཕེབས། དེ་ནས་དགུང་ལོ་ཞེ་དགུ་པ་བཞེས་པ་མེ་མོ་ཕག་གི་ལོར་ཁམས་སུ་ཞབས་པད་བསྐྱོད་པའི་སྒར་མང་བྱང་ལམ་དང་སྐུ་འཁོར་ཉུང་བསྡུས་དཔོན་གཡོག་ཉི་ཤུ་ཀོང་པོ་དག་སྦོ་བོ་བརྒྱུད། རིམ་གྱིས་ཆབ་མདོ་དང་ལྡན་ཆོས་འཁོར་ཕྱག་ཆ་རྫོགས་ཆེན་སོགས་ནས་སྡེ་དགེ་མེ་ལིང་དུ་ཕེབས། ཆོས་ཀྱི་རྒྱལ་པོ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ས་དབང་ལྕམ་དྲལ་དང་མཇལ་འཕྲད་མཛད། གོ་འཇོ་སྡེ་པའི་གདན་ཞུས་བྱུང་བ་བཞིན་སྨར་ཁམས་ཕྱོགས་སུ་ཕེབས་ཤིང། དེ་ནས་རིམ་པར་འབའ་གྲུབ་པ་དགོན་ནས་ཡི་ཐང་བརྒྱུད་དར་རྩེ་མདོར་ས་སྐྱོང་མི་རྗེ་ཚངས་པ་ཆེན་པོ་ལྕགས་ལ་རྒྱལ་པོས་ཆིབས་བསུ་དང། ས་དགེ་རྙིང་གསུམ་གྱི་གྲ་ཚང་གིས་སེར་སྦྲེང་དང་བཅས་རྒྱལ་ཁབ་ཆེན་པོར་ཞབས་ཀྱི་པདྨོ་བཀོད་པར་མཛད་ནས་མདོ་སྒར་བླ་བྲང་དུ་བཞུགས་སྟན་ཆགས། ལོ་ངོ་གསུམ་བཞིའི་པར་དུ་བཞུགས་ནས་གསང་ལུང་བཞིན་བསྟན་དོན་སྦྱི་བྱེ་བྲག་བསྒུབ་དགོས་ཐམས་ཅད་ལེགས་པར་གྲུབ་ནས་ལྕགས་ལ་མི་ཆེན་སི་རྒྱལ་བློན་གྱིས་གུས་འདུད་དང་བསྙེན་བཀུར་བློས་མི་ཁྱབ་པ་ལེན་དུ་མར་བསྟབས་ཤིང། ཕེབས་རྫོང་རྒྱ་ཆེན་ཆིབས་ཁ་བསྒྱུར་རོ། ཆིབས་ལམ་དུའང་འདུལ་བྱ་སོ་སོའི་མོས་པ་དང་འཚམས་པའི་མཛད་པ་ངོ་མཚར་བ་དུ་མས་བསྟན་པ་དང་སེམས་(སྨད་ཆ།༣༠༢)ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ནས་རིམ་གྱིས་གདན་ས་ཆེན་པོར་ཞབས་པད་བཀོད། དེ་སྐབས་རྒྱལ་ཚབ་དེ་མོ་རིན་པོ་ཆེས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གླིང་བཞི་གླིང་ཕྲན་དང་བཅས་པ་ཞིག་གོས་གསར་བཞེངས་ལྟ་བུའི་ངོ་མཚར་ལྷ་གནས་ལ་འགྲན་པར་བསྐྲུན་པའི་ཚ། རབ་གནས་སུ་སྦྱན་དྲངས་པར་ཞབས་པད་བསྐྱོད་ནས་རབ་ཏུ་གནས་པར་མཛད་ཅིང། རྒྱལ་ཚབ་མཆོག་ནས་ཏི་ཤྲིར་བཀུར་བར་ཐུགས་བཞེད་བཞིན་གྱི་བཀའ་ཆོས་ཀྱིས་དགྱིས་པ་བསྐོངས་ཤིང། དེ་མཚུངས་ཞི་སྦྲུལ་རིན་པོ་ཆེ་འཕགས་པ་དགེ་ལེགས་དཔལ་བཟང་པོ་ལའང་བཀའ་ཆོ་ཅི་མང་ཕུལ་བ་དང། གཞན་ཡང་གངས་ནས་གྱི་འཛིན་མའི་གཞིར་འཁོད་པའི་མཆོག་དམན་གྱི་འགྲོ་བ་སྦྱི་དང་བྱེ་བྲག་མི་ཆེན་ཆེ་དགུ་མང་པོས་ཞབས་ལ་བཏུད་ཅིང་གུས་པས་མཆོད་པར་གྱུར་ཅིང། གཞན་ཡང་གསང་ཆེན་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ཀྱིས་བགྱི་བས་བསྐྱོངས་ཤིང་གཏེར་རྙིང་པ་རྣམས་འཛིན་སྐྱོང་དང། གཏེར་གསར་དག་སྣང་གི་ཆོས་བཀའ་སྦེལ་བ་སོགས་ཀྱིས་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་ལྟར་གསལ་བར་མཛད་པ་ཡིན་ནོ། དེ་ལྟར་མཛད་པ་མཐར་ཕྱིན་ནས་གདུལ་བྱའི་སྣང་ངོར་གཟུགས་སྐུའི་བཀོད་པ་རེ་ཞིག་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པའི་རྗེས་སའང་ལྕགས་ལ་མི་ཆེན་སིའི་སྲས་སྐུ་ཞབས་སོགས་ཀྱི་གདན་སའི་ཁུར་བཞེས་དང་དགོངས་རྫོགས་མཆོད་བསྔོ་རྟེན་བཞེད་སོགས་མཐའ་རྒྱས་སུ་གྲུབ་ནས། མཆོག་སྦྲུལ་རིན་པོ་ཆེ་ཁྲིར་བཀོད་པའི་ཞབས་འགྱུར་སོགས་གཙོ་བོར་སའི་ཚངས་པ་ལྕགས་ལ་རྒྱལ་པོ་དང་གྲ་འཁོར་རྣམས་ཀྱིས་ལེགས་པར་གྲུབ་ནས་དེང་སང་མཆོག་སྦྲུལ་རིན་པོ་ཆེ་གསན་སར་ཞབས་(སྨད་ཆ།༣༠༣)པད་བརྟན་པ་ནས་བཀའ་ཆོས་འཆད་སྦེལ། ཐུགས་དམ་ཉམས་བཞེས་ཟབ་གཏེར་གསར་བཞེས་སོགས་ངོ་མཚར་བའི་མཛད་པ་དུ་མ་དང་བཅས་བསྟན་འགྲོའི་དཔལ་དུ་བཞུགས་བཞིན་པ་འདི་ལགས་ས། ཨོ་རྒྱན་སྨིན་གྲོལ་གླིང་གི་གདན་རབས་བརྗོད་པ། གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས་འདིར་སྔ་འགྱུར་གསང་ཆེན་བཀའ་གཏེར་མ་ལུས་པའི་འབྱུང་གནས་བཤད་སྒྲུབ་ཀྱི་ཆུ་གཏེར་ཆེན་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གདན་རབས་ཀྱི་ཕྲེང་བ་ཅུང་ཟད་གླེང་བར་བྱ་སྟེ། དེ་ཡང་དང་པོ་ཆོས་བརྒྱུད་གང་ལས་བྱུང་བའི་ཚུལ་བརྗོད་པ་ལ། སྦྲུལ་སྐུ་སྣང་ཚོགས་རང་གྲོལ་ནི། གཏེར་ཆེན་རརྣ་གླིང་པའི་སྐྱེ་བ་དེ་མ་ཐག་པ་སྟེ། ལྷོ་བྲག་སྨན་ཐང་ཞོལ་དུ་ཡབ་ཚེ་དབང་བསལ་གྲུབ་དང། ཡུམ་ཨོ་རྒྱན་སྐྱིད་ཀྱི་སྲས་སུ་ཤིང་ཕོ་ སྟག་གི་ལོ་ལ་འཁྲུངས། དགུང་ལོ་བདུན་བརྒྱད་ལ་བྲིས་ཀློག་སྦྱངས་པས་ཚེགས་མེད་དུ་མཁྱེན། བཅོ་ལྔ་ལ་ལྷ་ལུང་དུ་མཁན་ཆེན་ཚུལ་དཔལ་བ་དང་ལྷུན་བཀྲས་པ་ལས་རབ་ཏུ་བྱུང། ཕྱིས་སྦོས་ཁང་པ་ཀུན་དགའ་བློ་གྲོས་དང། ཆོས་ལུང་པ་ལ་མཁན་སློབ་ཞུས་ནས་བསྙེན་པར་རྫོགས་ཤིང་འདུལ་བའི་བསླབ་བྱང་དང་ལག་ལན་རྣམས་ཀྱང་ལེགས་པར་སྦྱངས། མཁན་སློབ་གཉིས་དང། མཁས་གྲུབ་རིན་ཆེན་བཟང་པོ་གཏེར་ཆེན་པདྨ་གླིང་པ། སྦྲུལ་སྐུ་བྱང་ཆུབ་གླིང་པ། ཀུན་སྦངས་ལེགས་པའི་ཤེས་རབ་སོགས་བཤེས་གཉེན་དམ་པ་དྲུག་ཅུ་ཙམ་སྔ་ཕྱིར་བརྟེན་ནས་བཀའ་གདམས་ས་རྙིང་དཱགས་ཤངས་ཞི་གཅོད་ཇོ་ཞལ་པོ་དང་པ་སོགས་ཡོངས་སུ་གྲགས་པའི་ཆོས་ཚུལ་དུ་མའི་དབང་ཁྲིད་ལུང་བཤད་མན་ངག་(སྨད་ཆ།༣༠༤)སོགས་གྲངས་འཛིན་པ་ཙམ་ཡང་དཀའ་བའི་གནས་སུ་གྱུར་པ་མང་པོ་གསན་ཅིང། ཁྱད་པར་མཚུངས་མེད་ཀུན་དགའ་རྒྱལ་མཚན། རྫོགས་ཆེན་པ་ཀུན་དགའ་བཀྲ་ཤིས། སྨན་ཙེ་བ་བློ་གྲོས་རྒྱལ་མཚན། མཁས་གྲུབ་མ་ཏི་དྷཱ་ཇ། བྱམས་སྡིངས་པ་ཁུ་དབོན་སོགས་ལས་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བཀའ་སྲོལ་སྙིང་ཐིག་ཡ་བཞི་མཛོད་བདུན་ངལ་བསོ་སྐོར་གསུམ་གྱིས་མཚོན་ཕྲིན་ལས་བཀའ་བསྲུང་དང་བཅས་པ་མཐའ་དག་དོན་གཉེར་ཆེན་པོས་གསན་ནས་བསམ་བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་ལ་རྩེ་གཅིག་པའི་ཉམས་ལེན་མཛད་པས་རང་བཞིན་རྫོགས་པ་ཆེནའི་ལྟ་སྒོམ་འབྲས་བུའི་དྲོད་ཆ་མཐར་ཕྱིན། ཡི་དམ་ལྷག་པའི་ལྷ་དུ་མའི་ཞལ་གཟིགས་ཤིང་ལུང་བསྟན་པ་ཐོབ། དགུང་ལོ་ཞེ་གཉིས་པ་ཤིང་ལུག་གི་ལོར་དར་རྒྱས་ཆོས་སྡིངས་ཀྱི་རི་ཁྲོད་བཏབ། ཐར་པ་དོན་གཉེར་གྱི་ཚོགས་པའང་ལྔ་བརྒྱར་ལོངས་ཙམ་འདུས། དབྱར་དགུན་གྱི་དུས་ཆོས་འཁྲིགས་སུ་བཅད་པ་དང། དུས་མེད་ཀྱི་དབང་ཆོས་སོ་སོའི་མོས་པ་དང་འཚམས་པར་གསུངས་པས་ཉམས་རྟོགས་ཅན་མང་དུ་ཐོན། ཞཱ་དམར་བ་དཀོན་མཆོག་འབངས་དང། འབྲི་གུང་ཟུང་པ་སོགས་ཆེན་པོ་དུ་མ་དང། སྦྲུལ་སྐུ་བྱང་ཆུབ་གླིང་པ། སྣང་རྩེ་བ་གར་གྱི་དབང་པོ། དཔལ་ལྡིངས་རབ་འབྱམས་པ་དང་དཔལ་ཁང་ལོ་ཙཱ་བ་སོགས་མཁས་པ་དུ་མ་དང། གྲུབ་ཆེན་ཀུན་བཟང་དཔལ་འབར་དང། ཀློང་ཡངས་པ་སོགས་སྒོམ་ཉམས་ཅན་གྱི་རྣལ་འབྱོར་བ་དུ་མ་དང། ཁྱད་པར་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དང། ཐུགས་སྲས་ཀུན་དགའ་གྲགས་(སྨད་ཆ།༣༠༥)པ། ཤ་མི་དཔལ་འབྱོར་རྒྱལ་མཚན་པ་སོགས་བཀའ་སྲོལ་སྙིང་པོར་འཛིན་པ་དུ་མ་དང། ས་སྐྱོང་ཡར་འབྲོག་པ་དང། འཕྱོངས་རྒྱས་པ་སོགས་སྡེ་བདག་མང་པོ་དང། གཞན་ཡང་དབུས་གཙང་མངའ་རིས་ཁམ།ས་ཀོད་མོན་སོགས་སུ་ཆོས་བརྒྱུད་འཛིན་པའི་སློབ་མ་ཡང་སློབ་དང་བཅས་པ་མང་དུ་བྱུང་བས་མཚོན་རྙིང་མའི་བསྟན་འཛིན་གཅིག་ལ་ཆོས་ཀྱི་ཕྲིན་ལས་ཆེ་བར་མངོན་སུམ་དུ་གྲུབ་བོ། དེ་ལྟར་ཞིང་འདིར་ལོ་གྲངས་དོན་བདུན་དུ་བཞུགས་ནས་གཡུ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་གི་ཉེ་འདབས་སུ་གཤེགས་ཤིང། དེའི་སྔ་ཕྱི་ཐམས་ཅད་དུ་ངོ་མཚར་བའི་ལྟས་ཀྱང་མངོན་གྱུར་དུ་ཤར་རོ། སྦྲུལ་སྐུ་བསྟན་འཛིན་གྲགས་པ་ནི། སྔན་ལུང་རྒན་ལར་ཡབ་བཀྲ་ཤིས་དང་ཡུམ་བསམ་གཏན་བཟང་མོའི་སྲས་སུ་མེ་སྦྲེལ་ལ་འཁྲུངས། གཏེར་ཆེན་པདྨ་གླིང་པའི་སྦྲུལ་པར་ལུང་གིས་ཟིན། གསུང་བྱེ་བ་ཙམ་ནས་སྔོན་གྱི་བག་ཆགས་གསལ་བར་གསུངས། དགུང་ལོ་བཞི་ལ་གདུང་ཚབ་ཏུ་བཀུར་གྱིས་མཆོད། པདྨ་གླིང་དུ་སྲས་དཀོན་མཆོག་བཟང་པོའི་གདུང་ཚབ་ཏུ་བཞུགས་པར་བྱས་ཏེ་རབ་ཏུ་བྱུང། གོང་མའི་གཏེར་ཁའི་དབང་ལུང་སྒྲུབ་འཕྲིན་རྣམས་གསན་སྦྱོང་ལ་ཞུགས་ནས་མི་རིང་བར་ཆོས་རྗེ་དཀོན་མཆོག་བཟང་པོ་གཤེགས་པར་བདེ་ཆེན་གླིང་དུ་སྲས་ཟླ་བའི་སར་རེ་ཞིག་བཞུགས་ཏེ་ཆོས་བཀའ་ཅི་རིགས་གསན། དགུང་ལོ་བཅུ་བཞི་པ་ལ་སྦྲུལ་སྐུ་སྣ་ཚོགས་རང་གྲོལ་གྱིས་བོད་དུ་སྦྱན་དྲངས། མདོ་སྔགས་གསར་རྙིང་གི་ཆོས་མཐའ་ཡས་པ་དག། ཁྱད་པར་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དང། གཏེར་སྟོན་པདྨ་གླིང་པའི་ཆོས་(སྨད་ཆ།༣༠༦)སྐོར་རྣམས་ཀྱི་དབང་ཁྲིད་ལུང་མན་ངག་ཕྱག་ལེན་དང་བཅས་པ་ཐམས་ཅད་བུམ་པ་གང་བྱོར་གསན་ཅིང། ཉི་ཤུ་པ་ལ་ལྷོ་བྲག་ཏུ་བྱོན། མཚོ་ཡུལ་བྲག་དཀར་བས་དགོན་གནས་སོགས་ཀྱི་འབུལ་བས་མཆོན་སྔོན་གྱི་བུ་སློབ་དང་ཡོན་བདག་ཐམས་ཅད་ཀྱིས་བཏུད་ཅིང་མཆོད། དེར་བླ་མ་དབུ་མཛད་པ་ལས་དབང་ལུང་ཅི་རིགས་པ་དང་འཆས་དབྱངས་རྣམས་གསན་ཅིང་སྦྱངས། སླར་ཡང་བོད་དུ་བྱོན་ནས་རིགས་བདག་སྦྲུལ་སྐུ་ཆེན་པོ་ཉིད་དང། གཞན་ཡང་ས་སྐྱ་སྔགས་འཆང་ཆེན་པོ། རྗེ་བཙུན་གྲོལ་མཆོག་སྣང་ཅིང་གསན་མཆིམས་ཕུ་ལ་སོགས་པར་ཟབ་ལམ་གྱི་སྒྲུབ་པ་ནན་ཏན་མཛད་ཅིང་གནས་ལུགས་ཟབ་མོའི་དོན་རྟོགས། ལྷག་པའི་ལྷ་དུ་མའི་ཞལ་གཟིགས་ཤིང་ལུང་བསྟན་པའང་ཐོབ། དེ་ནས་ཆོས་རྗེ་སྣ་ཚོགས་རང་གྲོལ་ཉིད་ཀྱིས་དགོན་གནས་རྟེན་གསུམ་དང་བཅས་པ་ཕོག་ནས་གདན་སར་དབང་བསྐུར། ཞི་བར་གཤེགས་རྗེས་དགོངས་རྫོགས་དང་རྟེན་བཞེངས་དུ་མ་དང། དབྱར་དགུན་གྱི་སྒྲུབ་དབང་དུས་ཁྲིད་གསུང་བས་མཚོན་བུ་སློབ་ཡོན་བདག་གི་འཛིན་སྐྱོང་སོགས་ཀྱི་གདུལ་བྱ་སོ་སོའི་ཞིང་དུ་བྱོན་ཏེ་དེ་དག་གི་རེ་བ་དང་མཐུན་པའི་དོན་མཛད། རིགས་སྲས་པདྨ་ཕྲིན་ལས་ཆོས་དང་ཟང་ཟིང་གཉིས་ཀས་བསྐྱངས་ཏེ། འཁྲུངས་ཡུལ་དུ་དགོན་ས་འདེབས་པར་བཀའ་བསྒོས་པ་ལྟར་སྒང་སྟེང་གསང་སྔགས་ཆོས་གླིང་གི་དགོན་སྡེ་བཏབ། དབུས་སུ་རྗེ་སྣ་ཚོགས་རང་གྲོལ་གྱི་སྦྲུལ་སྐུ་གདན་སར་སྦྱན་དྲངས། དབང་ལུང་(སྨད་ཆ།༣༠༧)མན་ངག་དང་བཅས་པ་མཐའ་རྒྱས་སུ་སྩལ་ཏེ་བསྟན་པའི་བདག་པོར་མངའ་གསོལ་ནས། མི་རིང་བར་དགུང་ལོ་དྲུག་ཅུ་རེ་གཉིས་པ་མེ་མོ་བྱ་ལོ་ནག་ཟླའི་ཉེར་བརྒྱད་ལ་དར་རྒྱས་ཆོས་སྡིངས་ཀྱི་དབེན་སར་ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས་སོ། མཁས་གྲུབ་མདོ་སྔགས་བསྟན་འཛིན་ནི། གཡུ་རུ་དོལ་དུ། ཡབ་སྨྱོས་རྡོ་རྗེ་ཚཻ་དབང་དང། ཡུམ་བསོད་ནམས་བུ་ཁྲིད་ཀྱིས་སྲས་སུ་མེ་ཕོ་བྱི་བའི་ལོ་ལ་འཁྲུངས། རྗེ་སྣང་ཚོགས་རང་གྲོལ་གྱི་སྔོན་རབས་གསལ་བར་གསུངས་པས། དགུང་ལོ་དྲུག་པ་ལ་གོང་མའི་གདན་སར་སྦྱན་དྲངས། བྲི་ཀློག་དང་ཕྲིན་སྒྲུབ་སོགས་ཀྱི་ཐུགས་སྦྱོང་ཚེགས་མེད་དུ་ཆུབ། བརྒྱད་པ་ལ་ཞཱ་དམར་དཀོན་མཆོག་འབངས་ལ་དགེ་བསྙེན་གྱི་སྡོམ་པ་ནོད། དཀོན་མཆོག་འོད་ཟེར་དུ་བཏགས། བཅུ་གསུམ་པ་ལ་རྒྱལ་དབང་བསྟན་འཛིན་གྲགས་པ་ལས་རབ་ཏུ་བྱུང། མདོ་སྔགས་བསྟན་འཛིན་བཟང་པོར་གསོལ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དང། གཏེར་ཆེན་པདྨ་གླིང་པའི་ཆོས་སྐོར་ཡོངས་སུ་རྫོགས་པའི་དབང་ལུང་ཁྲིད་མན་ངག་ཕྱག་བཞེས་དང་བཅས་པ་མཐའ་རྒྱས་དང། གཞན་ཡང་ཐུགས་སྲས་ཀུན་དགའ་གྲགས་པ། གྲུབ་ཆེན་ཀུན་དགའ་རྡོ་རྗེ ། སྔགས་འཆང་ཀུན་བཟང་དཔལ་འབྱོར། རྒྱལ་སྲས་ནོར་བུ་དབང་རྒྱལ། བྱང་བདག་དབང་པོའི་སྡེ་སོགས་རྙིང་མ་དང། ས་སྐྱ་ཁྲི་ཆེན། ཞཱ་དམར་ནག་སོགས་བཤེན་གཉེན་མང་པོ་ལས་གསར་རྙིང་གི་ཆོས་བཀའ་ཇི་སྙེད་པ་སྔ་ཕྱིན་གསན། བཅོ་བརྒྱད་པ་ལ་འབྲས་ཡུལ་སྐྱིད་ཚལ་དུ་འབུམ་རབ་པ་ཐར་པ་རྒྱལ་མཚན་ལ་བསྟེན་ནས་སྡུད་ཚད་དབུ་ཕར་འདུལ་མངོན་སྡོམ་རིག་དང་བཅས་པའི་གཞུང་ལུགས་རྣམས་ལ་ནན་ཏན་(སྨད་ཆ།༣༠༨)ཆེན་པོས་སྦྱངས་ཤིང་ཆོས་གྲ་དེར་ལུང་རིགས་སྨྲ་བ་འགྲན་ཟླ་མེད་པའི་མཐུན་སྣང་གྲུབ། སྒྲ་དང་སྙན་ངག་སྡེབ་སྦྱོར་གསོ་རིག་བཟོ་གནས་སོགས་ཀྱང་མཁས་པར་མཁྱེན། དགུང་ལོ་ཉེར་སྔ་པ་ལ་ཀརྨ་པ་དགུ་པ་མཁྱེན་པས་ཐུགས་འཕྲོགས་ཏེ། སྒར་ཆེན་གྱི་འབེལ་གཏམ་གླེང་བར་བཀའ་བསྐུལ་བ་ལས་ལོ་གསུམ་དུ་མདོ་སྔགས་རིག་གནས་ལོ་རྒྱུས་དང་བཅས་པའི་གསུང་རབ་འབྲེལ་མཆེད་ཀྱིས་འཆད་པ་དང། རྩོད་དག་གིས་རྒོལ་ཞིང་ལན་འདོན་པ་སོགས་གང་ལ་ཡང་ཐོགས་པ་མེད་པའི་རྣམ་དཔྱོད་ཀྱིས་བློ་ལྡན་ཐམས་ཅད་ཀྱིས་བསྔགས་པའི་གནས་སུ་གྱུར། སྐབས་གཞན་དུ་གདན་ས་ཕན་ཚུན་དང་མཆིམས་ཕུ། གཡའ་མ་ལུང། ལྷོ་བྲག་མཁར་ཆུ་སོགས་དབེན་གནས་དུ་མར་ཡི་དམ་ལྷའི་བསྙེན་སྒྲུབ་དང། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་རྩེ་གཅིག་པའི་སྒྲུབ་པ་ལོ་དང་ཟླ་བ་མང་པོར་སྦྲོལ་བ་སོགས་སྔ་ཕྱིར་མཛད་པས་བསྐྱེད་རྫོགས་ཟབ་མོའི་ཉམས་རྟོགས་མཐར་ཕྱིན། གུ་རུ་རིན་པོ་ཆེ་དང། རྗེ་བཙུན་སྒྲོལ་མ་སོགས་ཡི་དམ་དུ་མའི་ཞལ་གཟིགས་ཤིང་དབུགས་དབྱུང་བ་ཐོབ། ལྷོ་དབུས་ཀྱི་གདན་ས་རྣམས་དང། དད་པའི་ཞིང་དུ་མར་དབང་ཁྲིད་ལུང་མན་ངག་མང་པོ་དུས་དང་དུས་མེད་དུ་གསུངས་པ་ལས་རིགས་སྲས་གསང་བདག་ཆེན་པོ་དང། རྫོགས་ཆེན་པ་ནམ་མཁའ་པ་ལས། རིགས་སྲས་གསང་བདག་ཆེན་པོ་དང། རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ། མངའ་བདག་བསྟན་འཛིན་ཆོས་དབང། སྦྲ་གྲོ་བ་ཆོས་དང་བཟང་པོ་སོགས་བཀའ་སྲོལ་སྐྱོང་བ་དུ་མ་དང། མཁས་པ་དང་སྒོམ་ཉམས་ཅན་གྱི་བུ་སློབ་དབུས་གཙང་ལྟོ་མིན་གྱི་ཕྱོགས་ཐམས་ཅད་དུ་ཁྱབ་པ་དང། ས་སྐྱོང་སྐུ་རབ་པ་དང། བྱ་པ་ཁྲིད་དཔོན། འཕྱོངས་རྒྱས་སྟག་རྩེ་བ།(སྨད་ཆ།༣༠༩)ཡར་ཀླུ་ཕོ་བྲང་བ་རིགས་དང་ལོངས་སྦྱོད་ཀྱིས་མཐོ་བས་མཚོན་ཡོན་བདག་དུ་མས་བསྙེན་བཀུར། ལྐོག་གྱུར་གྱི་གནས་ལུང་དུ་བསྟན་པ་རྣམས་ཀྱང་ཇི་ལྟ་བ་བཞིན་མངོན་དུ་གྱུར། ལྷོ་བྲག་བཀྲ་ཤིས་སྒང་གི་རོ་བོར་འདུས་སྡེ་བཏབ་པའང་རེ་ཞིག་གནས། བྱང་ཆུབ་གླིང་དུ་རྫོགས་ཆེན་བླ་བརྒྱུད་སོགས་རྟེན་བཞེངས་མང་དུ་མཛད། ཆོས་འཁོར་བསམ་ཡས་དང། ལྷ་ས་ལ་སོགས་པར་སྔ་ཕྱིར་མར་མི་སོགས་མཆོད་འབུལ་སྨོན་ལམ་དང། བཤད་སྒྲུབ་ཀྱི་འདུས་སྡེ་མང་པོར་ཚོགས་གསོག་གི་ཡི་བྱད་དུ་མ་བསྙེན་བཀུར་བས་མཆོན་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་ནས། དགུང་ལོ་ང་གསུམ་པ་ས་ཕོ་འབྲུག་གི་ལོའི་བར་གྱི་རྣམ་ཐར་ཞལ་གསུངས་མའི་མཐར་། ཁྱད་པར་བརྒྱུད་འཛིན་བུ་ལ་དབང་ལུང་དང། མན་ངག་ཁྲིད་ལུང་མང་པོ་བོར་མེད་བཤད། གསང་ཆེན་བསྟན་པ་འཛིན་པའི་རྟེན་འབྲེལ་བསྒྲིགས་ད་ནི་བྱ་བ་ཟིན་གྱི་འགྱོད་ཕ་མེད། འཆི་བར་དགའ་བའི་མདོ་སྔགས་བསྟན་འཛིན་ང། གདོད་མའི་ས་ལ་གཏན་སྲིད་འཛིན་དུ་འགྲོ། ཞེས་སོགས་ཀྱི་དོན་བསྡུ་ཞལ་གདམས་སུ་མཛད་ནས་དར་རྒྱས་ཆོས་སྡིངས་སུ་སྦྲུལ་པའི་དཀྱིལ་འཁོར་ངོ་མཚར་བའི་ལྷས་དང་བཅས་ནས་བསྡུས་ཤིང་དགོངས་པ་སྐོང་བའི་མཆོད་འབུལ་ཕྱི་ནང་གི་རྟེན་བཞེངས་ཕྲིན་ལས་མི་ཉམས་པའི་རྒྱུན་རྒྱ་ཆེར་སྦེལ་ལོ། རིག་འཛིན་ཆེན་པོ་ཕྲིན་ལས་ལྷུན་གྲུན་ནི། ཡབ་སྨོས་སྟོན་མཁས་གྲུབ་མདོ་སྔགས་བསྟན་འཛིན་དང། ཡུམ་རྒྱལ་རིགས་དགོས་འཛོམ་པའི་སྲས་སུ་ལྕགས་ཕག་ལོར་ལྷོ་བྲག་བྱང་ཆུབ་གླིང་དུ་འཁྲུངས། དགུང་ལོ་ལྔ་ནས་བྲི་ཀློག་གཉིས་ཀ་བྱང་བར་མཁྱེན། བརྒྱད་ལ་ཡབ་རྗེ་ལམ་རབ་ཏུ་(སྨད་ཆ།༣༡༠)བྱང་མཚན་ཨོ་རྒྱན་ཚེ་འཕེལ་དུ་གསོལ། རིམ་བཞིན་ཕྲིན་སྒྲུབ་ཕྱག་བཞེས་དང་བཅས་པ་ནས་བརྩམས། ཡིན་བཞིན་མཛོད། སེམས་ཉིད་ངལ་བསོ་ཙ་འགྲེལ་རྣམས་དང། སྒྲ་དང་རྩིས་སོགས་ཤེས་བྱ་རྣམས་ལ་ཐུགས་སྦྱོང་མཛད། ཁྱད་པར་ཡབ་རྗེ་ཉིད་ལས་བླ་མ་རྫོགས་ཐུགས་གསུམ་ཐིག་ཡ་བཞི། ཞི་ཁྲོ་བཀའ་བརྒྱད་སོགས་གསང་ཆེན་བཀའ་གཏེར་དུ་མའི་དབང་ཁྲིད་བཤད་ལུང་མན་ངག་སོགས་མཐའ་ཆོད་པར་གསན། སྐབས་དེར་ལྷོ་རྒྱུད་ཀྱི་བདག་པོ་འཕོས་པའི་དབང་ལས་རེ་ཞིག་ལྷ་ལུང་གི་འདུས་སྡེ་བཞིགས། དཔའ་བོ་གཙུག་ལག་རྒྱ་མཆོ་ལས་དགེ་ཚུལ་དང། ཀུན་རིག་ཕག་མོ་དུས་འཁོར་སོགས་ཀྱི་དབང་ལུང་རྣམས་གསན་ཅིང། སླར་ཡང་རང་གནས་སུ་ཡབ་རྗེ་ཉིད་ལས་ཟབ་ཆོས་མང་པོའི་མཐའ་བརྒྱ་བཅད་ཅིང། བསྟན་པའི་གཉེར་ཁ་གཏད་པ་བཟུང། མི་རིང་བར་ཡབ་རྗེ་ཉིད་དར་རྒྱས་ཆོས་སྡིངས་སུ་ཞི་བར་གཤེགས་པའི་སྐུ་གདུང་གི་མཆོད་འབུལ་ཕྱི་ནང་གི་རྟེན་བཞེངས་སོགས་དགོངས་པ་རྫོགས་པར་མཛད། སྦྱིར་ཡབ་རྗེ་ཉིད་གཙོ་བོར་གྱུར་པའི་བླ་མ་ཡང། གསུང་སྦྲུལ་ཚུལ་ཁྲིམས་རྡོ་རྗེ། ལོ་ཆེན་གཞན་ཕན་རྡོ་རྗེ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། རྫོགས་ཆེན་ནམ་མཁའ་འབྲུག་སྒྲ། བོན་ལུང་པ་ཚུལ་ཁྲིམས་རྒྱལ་མཚན། ཟུར་ཆེན་ཆོས་དབྱིངས་རང་གྲོལ་སོགས་རྙིང་མ་དང། དཔའ་བོ་གཙུག་ལག་རྒྱ་མཚོ། གུ་ཤི་གྲགས་པ་མཆོག་དབྱངས། གནས་གསར་བཀའ་གྱུར་བ། སྦྲུལ་སྐུ་ཀརྨ་བསྟན་སྲུང་སོགས་གསར་མ་སྟེ། བཤེས་གཉེན་དམ་པ་བཅུ་ཕྲན་གསུམ་ལྷགས་པ་ལས་མདོ་སྔགས་ཀྱི་ཆོས་ཚུལ་རབ་འབྱམས་གསན་ཅིང་ཁྱད་པར་བསྐྱེད་རྫོགས་ཟབ་མོའི་ཉམས་བཞེས་ལ་མི་གཡེལ་བས་རྫོགས་པ་(སྨད་ཆ།༣༡༡)ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར། འཁོར་འདས་ཡེ་ཤེས་ཀྱི་རོལ་པར་ཤར་བས་ཡི་དམ་དུ་མའི་གཟིགས་སྣང་ལ་དབང་འབྱོར། ཆོས་ཀྱི་རྗེས་སུ་འབྲང་བའི་བུ་སློབ་ནི། ཡབ་རྗེ་དང། གསུང་སྦྲུལ་རིན་པོ་ཆེ་དཔའ་བོ་རྒྱལ་ཚབ་པ་ཙམ་མ་གཏོགས་རང་གི་ཡོངས་འཛིན་རྣམས་ཀྱིས་ཀྱང་ཆོས་ཀྱི་བདུད་རྩི་ངོམས་མེད་དུ་གསོལ་ཞིང་གུས་པར་བཏུད། གཞན་ཡང་དཔལ་རི་སྦྲུལ་སྐུ་ཕྲིན་ལས་རྣམ་རྒྱལ། ལོ་ཆེན་ཆོས་བསྟན་འཛིན། དམ་པ་ཀློང་ཡངས་འོད་གསལ། ཁྲི་དཔོན་སྔས་འཆང་ཆེན་པོ་སོགས་རིགས་དང་སྐྱེས་རྒྱུད་ཡོན་ཏན་གྱིས་མཐོ་བ་དུ་མས་མཚོན། བླ་མ་སློབ་དཔོན་རབ་བྱུང། སྔགས་པ། སྒོམ་ཆེན། ཁྲིམ་བདག་སོགས་སྐལ་ལྡན་དུ་མ་ལ། སྦྱིར་སྒྲུབ་དབང་ཁྲིད་ལུང་མན་ངག་སོགས་ཐུན་མོང་དུ་སྩལ་བ་དང། ཁྱད་པར་བཞེད་པ་ཐ་དད་པའི་ཆོས་རྣམས་སོ་སོའི་སྐལ་བ་བཞིན་སྩོལ་བ་ལ་ཐོགས་པ་མི་མང་བས་སྔར་འགྱུར་གྱི་བསྟན་འཛིན་ཐོག་མཉམ་གཅིག་ལ་ཆོས་ཀྱི་ཕྲིན་ལས་ལ་འགྲན་དུ་མེད་ངོ་བོ་ཆོས་ཉིད་མཉམ་པ་ཆེན་པའི་གནས་ལུགས་ལས་མ་གཡོས་བཞིན་དུ་རྣམ་གྱུར་རྡོ་རྗེ་སློབ་དཔོན་ཉིད་ཀྱི་དེ་ཉིད་བཅུ་ལ་དབང་འབྱོར་བས་དེ་དང་དེའི་ལས་ལ་ངེས་ཤེས་འདྲེན་ཅིང། ཁྱད་པར་དབང་དུས་སུ་ཡེ་ཤེས་ཀྱི་བྱིན་ཕེབས་པས་དབང་དོན་རྒྱུད་ཐོག་ཏུ་འབྱོར། ཁྲིད་བཀའ་གསུངས་དུས་སོ་སོའི་ཉམས་མྱོང་གི་སྣེ་ནས་ཁྲིད་མཁས་པས་ཟབ་ལམ་གྱི་རྟོགས་པ་འཁྲུལ་མེད་དུ་ངོ་འཕྲོད་བས་ཉམས་མྱོང་དྲོ་ཚད་ཐོབ་པ་མང་དུ་ཐོན། ཕྱག་ཏུ་འབྱོར་བའི་ཡོན་བྱད་ཀྱི་དངོས་པོ་ཆེ་ཆུང་གང་ལ་ཡང་འཁོར་འདས་ཀྱི་སྲི་ཆགས་མེད་པར་དཀོན་མཆོག་གི་རྟེན་བརྟེན་པ་མང་པོ་དང། ཁྱད་པར་བཀའ་གཏེར་གྱི་གླེགས་བམ་བརྒྱ་ཕྲག་བརྒལ་བ་གསར་དུ་(སྨད་ཆ།༣༡༢)སྦེལ་ཞིང། མཆོད་སྦྱིན་གྱི་ཡུལ་ལ་ཚོགས་གཉིས་ཀྱི་རྒྱུར་སྨིན་པར་མཛད། པས་མཚོན་མདོར་ན་ཆོས་བརྒྱད་ཀྱི་འཆིང་བས་མ་གོས་ཤིང་བསྟན་འགྲོའི་ཕན་བདེ་ཁོ་ན་ལ་སྐུ་སྲོག་ལས་ཀྱང་གཅེས་པར་འཛིན་པའི་ཐུགས་བསྐྱེད་ཀྱིས། དུབ་གཙང་ལྷོ་སྲོག་གདུལ་བྱའི་ཟིང་རྣམས་སུ་གཞན་ཕན་གྱི་ཕྲིན་ལས་གཡེལ་བ་མི་མངའ་བའི་ངང་ནས་དགུང་ལོ་ལྔ་བཅུ་ལས་སྦོས་དུད་ལྟ་བུའི་རླབས་པ་འཕྲོ་བཞིན་དུ་སྦྲུལ་པའི་དཀྱིལ་འཁོར་འོད་གསལ་ཆོས་སྐུའི་དབྱིངས་སུ་བསྡུས་སོ། མཆོད་འབུལ་རྟེན་བཞེངས་ཕྲིན་ལས་ཀྱི་རྒྱུན་སྐྱོང་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པ་ནི། བདག་ཉིད་ཆེན་པོ་འདིའི་རིགས་ནི་འོད་གསལ་གྱི་ལྷ་ལས་ཆད་པ་ཞིག་སྟེ། དེ་ཡང་སྔོན་གྱི་དུས་ན་བོད་ཡུལ་གྱི་པའི་ཆ་ཁ་རག་ཏུ་སྔོན་ཆད་མཐོང་མ་སྨྱོང་བའི་སྐྱེས་བུ་གཟུངས་བཟང་ཞིང་མཛེས་པ་ལྷ་ན་སྡུག་པ་མིག་གི་བདུད་རྩིར་གྱུར་པ་ན་སྨྱོས་ཞེས་པའི་རིགས་བརྒྱུད་དུ་གྲགས་པ་ལས་ཕྱི་རུས་སྨྱོས་སྟོན་ཡན་ཏན་གྲགས་པ་སོགས་ཁ་རག་གི་ལྷ་ས་རྣམས་ཡིན་ཅིང། ནང་རུས་མཐིང་མ་སྟི་མཐིང་མ་སྨྱོས་ཞིག་ཆེན་པོ་ནས་སྨྱོས་སྒོམ་ཆེན་པོ་པདྨ་རྡོ་རྗེ་སོགས་ནས་སྨྱོས་སྟོན་གྲགས་པ་རིན་ཆེན་གྱིསྲས་གྲགས་པ་རྒྱལ་མཚན། དེའི་སྲས་ཇོ་འབུམ་དཔལ་ལ་གོང་མའི་ཞལ་ཏས། སྔོན་ལྷ་སྲས་བུ་རུབ་བཙན་པོས་གྲ་དོལ་གཞུང་གསུམ་གྱི་བདག་པོ་བྱས་པའི་ཞང་སྣ་སྣམ་གྱི་སྐུ་མག་ཏུ་(སྨད་ཆ།༣༡༣)བྱོན་པ་ལས་མི་རབས་ལྔའི་མཐར་ཡབ་སྨྱོས་ཚེ་དབང་རྡོ་རྗེ་དང་ཡུམ་སྦ་གོར་གྱི་རིགས་ཚེ་རིང་བུ་དགའ་གཉིས་ཀྱི་སྲས་སུ་ལས་འཕྲོའི་རྣམ་འཕྲུལ་ཀུན་མཁྱེན་མདོ་སྔགས་བསྟན་འཛིན་སྐུ་འཁྲུངས། དེའི་སྲས་སུ་ཡབ་རྗེ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་དེ་དང་སྐུ་བལྟམས་པའི་ཡང་ཡུམ་བོད་ཆོས་རྒྱལ་གྱི་གདུང་དྲི་མ་མེད་པ་ལྷུམ་པོ་བ་དོན་འགྲུབ་དབང་རྒྱལ་གྱིས་སྲས་མོ་ལྷ་འཛིན་དབྱངས་ཅན་སྒྲོན་མ་སྟེ། ཡབ་ཡུམ་དེ་གཉིས་ཀྱི་སྲས་སུ་མེ་ཁྱི་ཧོར་ཟླ་གཉིས་པའི་ཡར་ངོའི་ཚེས་དགུའི་མཚན་མོའི་ཐོ་རེངས་ཀྱི་ཐུན་གྱི་ཆ་ལ། གྲ་ནང་རིག་པའི་འབྱུང་གནས་སྦྲུལ་པའི་སྐྱེས་མཆོག་སྣ་ཚོགས་རང་གྲོལ་གྱི་གདས་ས་དར་རྒྱས་ཆོས་གླིང་གི་འོད་གསལ་རྩེ་ཞེས་པའི་གཟིགས་ཆུང་དུ་ས་གཡོ་བ་དང་འོད་འབྱིན་པ་དང་མཁའ་ལ་འཇའ་ཚོན་འཁྲིགས་པ་སོགས་ངོ་མཚར་བའི་དགེ་མཚན་དང་བཅས་སྐུ་བསྟམས་སེ། དེ་ཡང་རང་གཏེར་གབ་རྒྱ་ཅན་གྱི་ལུང་བྱང་ལས། སུམ་ཅུ་ཁ་རལ་སྙིགས་མ་ལྔ་བོའི་དུ་ས་གཡོ་བ་དང་འོད་འབྱིན་པ་དང་མཁའ་ལ་འཇའ་ཚོན་འཁྲིགས་པ་སོགས་ངོ་མཚར་བའི་དགེ་མཚན་དང་བཅས་སྐུ་བལྟམས་ཏེ། དེ་ཡང་རང་གཏེར་གབ་རྒྱ་ཅན་གྱི་ལུང་བྱང་ལས། སུམ་ཅུ་ཁ་རལ་སྙིགས་མ་ལྔ་བོའི་དུས། བསམ་ཡས་ལྷོ་ནུབ་གྲ་ཤེས་གཡུ་རུའི་ས༔ ལུང་པ་བྱང་ལྟ་དོར་མ་བརྐྱང་འདྲའི་ཚིགས། སྲིན་མ་འཛེགས་འདྲའི་དགེ་བསྙེན་ལྷ་ཞོལ་དུ༔ བུདྡྷཱ་ཛྙཱ་ནའི་སྦྲུལ་པ་ཚཻ་མིང་ཕ། ཤེལ་དཀར་མཚོ་སྒྲོན་སྦྲུལ་པ་དབྱངས་མིང་མས༔ བསྐྱེད་པའི་རྣལ་འབྱོར་སྔགས་ཀྱི་བརྟུལ་ཞུགས་ཅན༔ མེ་ཁམས་མེ་ཁྱི་ལོ་པ་པདྨའི་མིང༔ གཟུགས་བྱད་ཧ་ཅང་མི་རིང་མི་ཐུང་བ༔ མདངས་སྣུམ་རིན་ཆེན་རིགས་ཀྱི་རྟགས་འཆང་བ། པདྨ་ང་ལ་མོས་པ་ལྷག་པར་བྱེད༔ བཅོ་བརྒྱད་ལོ་ལ་གཏེར་ཁ་དང་པོ་འབྱེད། ཅེས་གསུངས་པ་བཞིན་ནོ། དེ་ལྟར་སྐུ་བལྟམས་མ་ཐག་མེས་དོན་འགྲུབ་དབང་རྒྱལ་གྱིས་བཙས་ཀླུང་སོགས་རྩིས་པ་མས་བྱུང་བའི་མཚན། ཀུན་དགའ་དངོས་གྲུབ་རིན་ཆེན་(སྨད་ཆ།༣༡༤)དབང་གི་རྒྱལ་བོ་ཞེས་གསོལ། ཡབ་རྗེ་ཉིད་ཀྱིས་དབང་བསྐུར་བྱིན་རླབས་དུ་མས་རྟེན་འབྲེལ་བསྒྲིགས། ལོ་གསུམ་བཞི་ཙམ་ནས་བྲིས་ཀློག་ཉེ་མཁོའི་ཆོག་ཕྲིན་དབང་རབ་གནས་ལུང་དང་བཅས་པའི་ཚིག་དང་ལག་ལེན་ཚོགས་ཆུང་དུས་མཁྱེན་པར་མཛད། དགུང་ལོ་བཅུ་གཅིག་པ་ལ་དཔལ་ལྡན་འབྲས་སྦུངས་སུ་འཛམ་གླིང་གཙུག་གི་ནོར་བུ་ཀུན་མཁྱེན་རྒྱལ་བ་ལྔ་པའི་དྲུང་དུ་གཙུག་ཕུད་ཕུལ། མཚན་ངག་དབང་པདྨ་བསྟན་འཛིན་ཞེས་སྩལ་སྐྱིད་གྲོང་གི་རང་བྱུང་འཕགས་པ་ཐོག་མར་ཕེབས་དང་དུས་འགྲིགས་པས་རྟེན་འབྲེལ་བཟང། ཞེས་དགྱེས་པའི་དབུགས་དབྱུང། རིམ་བཞིན་ཕྲིན་ལས་ལྷུན་གྲུབ་སྟེ་བཀའ་དྲིན་མཚུངས་མེད་རྣམ་གཉིས། སྨིན་གྲོལ་ལམ་བཟང་སྟོན་པའི་བསྟན་འཛིན་ཆེན་པོ་བཅུ་དྲུག། ཟབ་ཆོས་སྣ་ཚོགས་གསན་པའི་ཡོངས་འཛིན་སོ་ལྔ་རྣམས་གུས་པར་བསྟེན་ནས་ཡོངས་རྫོགས་དགེ་བསྙེན་དང། བྱང་སྡོམ་བཀའ་སྲོལ་གསུམ། བཀའ་བརྒྱད་ཡོངས་རྫོགས་ཀྱི་དབང་བསྐུར་བརྡ་དོན་འཕྲོད་པ་ཐོག་མའི་སྨིན་བྱེད་དུ་གསན་ནས་སྡོམ་པ་གསུམ་ལྡན་གྱི་བཞི་བཟུང། མོད་སྒྱུ་སེམས་གསུམ་སོགས་སྔ་འགྱུར་བཀའ་མ་དེང་སང་རྒྱུན་ཡོད་དོ་ཅོག་དང། གཏེར་མ་བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་སྦྱི་དང་བྱེ་བྲག་མང་པོས་མཚོན་ཡོངས་གྲགས་ཕལ་ཆེ་བ། སྔགས་གསར་མ་རགས་པ་རྣམས་དང། མདོ་ཕྱོགས་མང་པོ་དང་བཅས་པའི་དབང་ཁྲིད་བཤད་ལུང་ཇི་སྙེད་པ་རྣམས་གསན། དགུང་ལོ་བཅུ་གསུམ་ནས་གཞུང་ལུགས་ཅི་རིགས་པ་སྦྱོང་བ་ལ་བཞུགས་ཏེ། དཔལ་གསང་བ་སྙིང་པོ་དང། རྒྱུད་བླ་མ་། སེམས་ཉིད་ངལ་བསོ། ཡིད་བཞིན་(སྨད་ཆ།༣༡༥)མཛོད་རྩ་འགྲེལ་སོགས་གསན་ནས་གཞན་ལ་འཆད་སྦེལ་ཡང་མཛད། ཁྱད་པར་ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམ་ལ་བལྟ་བའི་མིག་ཏུ་མཛད་ནས་གསན་གཟིགས་ནན་ཏན་མཛད་པས་སྔར་དོན་སྦྱི་ཙམ་གྱི་ཤུན་པ་བུད་ནས་དོན་གྱིས་གནས་ལུགས་རྟོགས་པའི་སྦྲོས་པ་ཚོད་པར་མཛད། དེ་ནས་གནས་སྐབས་ཅི་རིགས་པར་མཆིམས་ཕུ་དང་གཡའ་མ་ལུང་སོགས་གནས་ཆེན་དག་རང་གནས་ཀྱི་དབེན་པ་རྣམས་སུ་ལོ་སྦྲེལ་དང་ཟླ་དྲུག་མ། ཟླ་གཅིག་གིས་མཐའ་རྟེན་པ་ཡན་ཆད་ཀྱིས། གུ་རུ་ཞི་དྲག། རྡོར་སེམས་བཀའ་བརྒྱད་ཡང་ཕུར་ཙམ་བསྙེན་པས་ཞལ་གཟིགས་དང་ལུང་བསྟན་གྱི་རིམ་པ་མཐའ་ཡས་ཏེ་གསང་བའི་རྣམ་ཐར་དུ་འཁོད་པ་ལྟར་དང། དགུང་ལོ་བཅོ་བརྒྱད་ལ་གཡའ་མ་ལུང་ནས་ཟབ་ཆོས་རིག་འཛིན་ཐུགས་ཐིགས་ཀྱི་ཆོས་སྐོར་མ་བུ་སོགས་མྱོང་གྲོལ་བྱིན་རླབས་ཀྱི་རིམ་བུ་དང་བཅས་པའི་ཟབ་གཏེར་སྦྱན་དྲངས། དགུང་ལོ་ཉེར་གཅིག་པ་ནས་བཟུང་རྒྱལ་བ་ལྔ་པ་ཆེན་པོ་དང་འཇམ་མགོན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ཀྱི་དབུའི་བླ་མར་བཀུར་བས་ལོ་རེ་བཞིན་རྐྱེན་སེལ་སྐུ་རིམ་དབང་བཀའ་མང་པོ་དང་ཁྱད་པར་བཀའ་གཏེར་གྱི་ཆོས་བཀའ་དུ་མ་གསན་ཁྱད་པར་རྙིང་མ་རང་ལུགས་ལ་མེད་དུ་མི་རུང་བའི་ཆོས་བཀའ་དུ་མ་གསན། ཁྱད་པར་རྙིང་མ་རང་ལུགས་ལ་མེད་དུ་མི་རུང་བའི་ཆོས་བཀའ་ཁྱད་པར་ཅན་ཆད་དུ་ཉེ་བ་དུ་མ་འབད་རྩོལ་ཆེན་པོས་ཉན་བཤད་དང། བཤད་སྒྲུབ་ཀྱི་སྲོལ་གཏོད་ནས་སྲོག་འཐུད་པར་མཛད། བསྟན་པའི་བདག་པོ་མཆོད་ཡོན་ཟུང་གི་དབུས། དད་པས་ཕུལ་བའི་དངོས་པོ་རྣམས་དོན་ཡོད་(སྨད་ཆ།༣༡༦)པར་བྱ་བའི་ཕྱིར་དང། གཏེར་ལུང་ལས། ཁྱད་པར་གཡུ་རུ་གཙང་མའི་སར༔ ཚོམ་བུ་གཅིག་ཏུ་འདུས་པའི་སྡེ། མ་འོངས་བསྟན་པ་ཆེར་འཕེལ་ནས༔ བོད་ཀྱི་བདེ་སྐྱིད་དགུང་དུ་འདེགས། ཞེས་ལུང་བསྟན་པ་ལྟར་འདུས་སྡེ་ཨོ་རྒྱན་སྨིན་གྲོལ་གླིང་འདི་མེ་འབྲུག་ལོར་གསོར་དུ་བསྐྲུན་ནས་རིམ་པར་གཙུག་ལག་ཁང་གསུམ་དུ་བཞེངས་གྲ་ཚོགས་ཀྱང་དང་པོ་བརྒྱད་གྲ་ཙམ་ལས་ཕྱིས་སུམ་བརྒྱར་ཉེ་བ་སྡོམ་པ་གསུམ་གྱི་བསླབ་ཁྲིམས་ལ་བཀོད་ནས་འཁོར་ལོ་གསུམ་གྱི་རྣམ་ཐར་ལྟུར་ལེན་པ་བསྙེན་བཀུར་གྱིས་མི་བྲེལ་བ་རྒྱུན་ཆགས་པ་དང། དེ་དག་གི་གནས་ལམརྟེན་གསུམ་མཆོད་རྫས་དང་བཅས་པ་དང། དཀྱིལ་འཁོར་ཆེན་པོ་དུ་མའི་སྒྲུབ་མཆོད་དུས་བཞིར་སྒྲུབ་པའི་གཞི་རྟེན་ཡོ་བྱད་དུ་མ་དང། བྲིས་འབུར་གྱི་སྐུ་བརྙན་མང་པོ་དང། གསེར་དངུལ་གྱི་བཀའ་འགྱུར་གྱིས་མཚོན་གླེགས་བམ་ལྔ་བརྒྱ་སྐོར་དང། མཆོད་རྟེན་ཆེན་མོ་སོགས་གཏེར་གནས་རྣམས་ནས་ཟབ་གཏེར་གྱི་ཆོས་སྒོ་མང་པོ་སྦྱན་དྲུངས་ནས་སྐལ་ལྡན་རྣམས་སྨིན་གྲོལ་ལ་བཀོད་པ་སྟེ་མཛད་པ་ཆ་ཤས་ཙམ་ཞིག་སྨྲོས་པ་ཡིན་ལ། གསུང་རྩོམ་བསྟན་བཅོས་ཀྱི་སྐོར་ཡང་སྒྲུབ་ཕྲིན་ཞལ་གདམས་གསུང་མགུར་ཁྲིད་ཡིག་སོགས་བསྟན་པ་གསུལ་ནུས་པའི་ལེགས་བཤད་སྨད་དུ་བྱུང་བ་དུ་མ་མཛད་ཅིང། མདོར་ན་གསང་ཆེན་རྙིང་མ་བཀའ་གཏེར་ཕལ་ཆེར་མིང་ཙམ་དུ་གྱུར་པ་ན་རྗེ་འདིའི་ཐུགས་བསྐྱེད་བླ་ན་མེད་པའི་ཕྲིན་ལས་ཀྱི་འཇུག་པས་བསྟན་པའི་མེ་རོ་འཆད་སྦེལ་གྱིས་གསོས་ནས་གསང་ཆེན་སྔ་འགྱུར་གྱི་སྒྲུབ་ཕྲིན་སྨིན་གྲོལ་གྱི་ཕྱག་བཞེས་ཕྲག་རགས་(སྨད་ཆ།༣༡༧)ཐམས་ཅད་རྨང་ནས་གཞི་བཞེངས་སུ་མཛད་པའི་སྟབས་ཀྱིས་དེང་སང་ཡང་གསང་སྔགས་རྙིང་མའི་བཤད་སྒྲུབ་ཀྱི་ཕྱག་བཞེས་མ་ཉམས་པ་མིང་ཙམ་ཞིག་ཡོད་པ་འདི་ནི་རྗེ་འདིའི་བཀའ་དྲིན་ལས་བྱུང་བ་ཡིན་ནོ། དེ་ལྟར་དགུང་ལོ་བཅུ་དྲུག་ནས་དྲུག་ཅུ་རེ་དགུའི་བར་ཆོས་ཀྱི་ཕྲིན་ལས་སྐྱངས་པའི་མཐར་ཤིང་རྟ་ཧོར་ཟླ་དང་པོ་ནས་ཅུང་ཟད་བསྙུན་པའི་ཚུལ་བསྟན་ནས་ཁྱད་པར་ཉེར་ལྔ་ནས་ཁུ་དབོན་རྣམས་ལ་ཞལ་གདམས་ཕྱི་མཐའི་བསླབ་བྱ་སྩལ། དེ་ནས་བཟུང་རྒྱ་གླིང་ལྟ་བུའི་སྒྲ་ཤིན་ཏུ་སྙན་པ་དང་ག་བུར་ལྟ་བུའི་དྲི་ངེག་ཀྱིས་གཟིམས་ཆུང་ཕྱི་ནང་ཐམས་ཅད་ཁྱབ་པ་བྱུང། ཤར་ཕྱོགས་སུ་གོམ་པ་བདུན་འགྲོ་དགོན་ཡོད་གསུངས་བཞེངས་ཏེ་ཞབས་གོམ་པ་བདུན་སྦོས་ནས་སྐྱིལ་དཀྲུང་གིས་བཞུགས་ཏེ། སྣང་གྲགས་རོགས་གསུམ་ལྷ་སྔགས་ཆོས་སྐུའི་དང། སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་པ། ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ། དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག། ཅེས་འདའ་ཁ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་ཏེ། ཤིང་རྟ་ཧོར་ཟླ་གཉིས་པའི་ཚེས་གཉིས་ཀྱི་ཉི་དྲོས་ལ་ད་སྟེ་མཁའ་འགྲོའི་བསུ་བ་ཡང་བྱུང་གོ་གསུངས་ཏེ། ཕྱག་གཉིས་ཌཱ་དྲིལ་ཁྲོལ་བའི་བརྡ་དང་སྦྱན་ལྟ་སྟངས་དང་བཅས་སྐད་གཅིག་ལ་མཁའ་སྦྱོད་དུ་གཤེགས་སོ། དེའི་ཚེ་ནམ་མཁའ་འཇའ་སྦྲིན་གྱིས་ཁེབས་པ་དང་མེ་ཏོག་དཀར་པོ་འདབ་མ་དྲུག་པ་དང་བརྒྱད་པའི་ཆར་ངོ་མཚར་བ་བབས། དེ་ནས་བཟུང་གཞ་མང་པོའི་བར་དུ་ལྟས་ངོ་མཚར་བ་དུ་མ་བྱུང་ངོ། དེ་ནས་ཞབས་དྲུང་ཁུ་དབོན་རྣམས་ཀྱིས་མཆོད་འབུལ་ཕྱི་ནང་གི་རྟེན་བཞེངས་ཕྲིན་ལ་ཀྱི་རྒྱུན་སྐྱོང་བ་ལ་སོགས་པ་མཛད་ཅིང། ཁྱད་པར་གདུང་ཞུགས་ལ་ཕུལ་སྐབས་(སྨད་ཆ།༣༡༨)ཐུགས་དང་དབུ་ཐོད་མེས་མ་རྨས་པར་ཕེབས་ཤིང། རིང་བསྲེལ་གྱི་ཚོགས་དང་ཞུན་ཐིགས་ལ་རྣམ་རོལ་མཐའ་ཡས་མགོན་པོའི་སྐུ་བརྙན་བྱོན་གཙང་གཟི་བྱིན་དང་ལྡན་པ་ཕེབས་ཏེ། གཏོར་ལུང་ལས། འདས་དུས་གདུང་ལ་རིང་བསྲེལ་འབྱུང༔ སུས་མྱོང་མཁའ་སྦྱོད་བཙན་པ་ཟིན༔ ཞེས་གསུངས་པ་བཞིན་མངོན་དུ་གྱུར་ཏོ། དེ་ལྟར་གདུང་རུས་རིང་བསྲེལ་སོགས་ནང་གཟུངས་སུ་བཞུགས་ཤིང་རྣམ་རོལ་མཐའ་ཡས་བུམ་པའི་སྒོ་ཁྱིམ་གྱིས་རྩེ་མོར་བཞུགས་པའི་དངུལ་དཀར་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གཅིག་ལག་ཁང་བྱང་མ་ཆོས་འཁོར་ལྷུན་པོར་བཞུགས་སོ། ཐུགས་ཀྱི་སྲས་དང་གསུང་གི་སྲས་བདག་སློབ་བུ་ནི༔ ད་ལྟའི་མངའ་བདག་ཡབ་སྲས་སོགས་ས་ཐོབ་རྗེ་འབངས་སྐྱེ་བའི་མཐའ༔ འགྲོ་དོན་ནུས་པ་སུམ་ཅུ་ལྔ༔ རང་དོན་གྱུར་པ་བརྒྱ་རྩ་བརྒྱད༔ ལས་ཀྱི་འབྲེལ་བ་དྲུག་ཅུ་བདུན། གདུགས་ཐོགས་མེད་བདུན་གྱི་ཞབས་ནས་འདེགས༔ རི་ཆེན་གསུམ་གྱིས་མངའ་ཐང་སྦེལ། ཞེས་གསུངས་པས། རགས་པ་ཙམ་ཞིག་བརྗོད་ན། རྒྱལ་བ་ལྔ་པ་ཆེན་པོ་དང། རྒྱལ་མཆོག་དྲུག་པ། མི་དབང་སངས་རྒྱས་རྒྱ་མཚོ་སོགས་སྡེ་སྲིད་སྔ་ཕྱི་གསུམ་སྟེ་མཆོད་ཡོན་ཉི་ཟླ་ཟུང་འབྲེལ། ས་སྐྱ་པ་བདག་ཆེན་ཀུན་དགའ་བཀྲ་ཤིས། ཆབ་མོད་རྒྱལ་བ་འཕགས་པ་ལྷ། ཐུགས་སྲས། གསུང་སྦྲུལ། ཏྲེ་བོ་ཆོས་ཀྱི་དབང་པོ། ཀོང་པོ་ཐང་འབྲོགས་སྦྲུལ་སྐུ། འཕྱོངས་རྒྱས་དཔལ་རི་སྦྲུལ་སྐུ། གཙང་ནས་དྲེས་པ་སྦྲུལ་སྐུ། ཟངས་ལ་མཁར་སྦྲུལ་སྐུ། དཱ་ལའི་ཁུ་ཐོག་ཐུ་ངག་དབང་(སྨད་ཆ།༣༡༩)བཤད་གྲུབ་རྒྱ་མཚོ། བོན་ལུང་སྦྲུལ་སྐུ། ཁམས་ནས་རྫོགས་ཆེན་སྦྲུལ་སྐུ་ཀ་ཐོག་རྒྱལ་སྲས། ཀོང་པོ་རྦ་ཁ་སྐུ་སྐྱེ། མེ་རག་བླ་མ་སོགས་དང། གཞན་ཡང་དུས་དེའི་མཁས་སྒྲུབ་ཐོག་སྙམ་ཕལ་ཆེར་གྱི་ཞབས་ལ་མ་གཏུགས་ཞེས་བྱ་བ་མེད་པས་མཐའ་ཡས་སོ། ཁྱད་པར་དུ་ཡང་བཀའི་བུམ་པ་བྱོ་ཞིང་མཁྱེན་པའི་བཅུ་ཐོབ་པའི་ཐུགས་ཀྱི་སྲས་དང་ངག་གི་སྲས། རྒྱལ་སྲས་བསྟན་པའི་ཉི་མ། མཁོན་ལོ་ཙཱ་བ་ཆོས་དཔལ་རྒྱ་མཚོ། གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོ། གཅུང་ཡིད་བཞིན་ལེགས་གྲུབ། གཅུང་རིན་ཆེན་རྣམ་རྒྱལ་ཏེ། འདི་རྣམས་ནི་ཆུང་དུ་ནས་རྗེས་སུ་བཟུང་སྟེ་དབང་ལུང་ཁྲིད་མན་ངག་རྒྱུད་བཤད་ལག་ལེན་རིག་གནས་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་གནང་ནས་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྐུར་ཏེ་རྒྱལ་ཚབ་ཏུ་མངའ་གསོལ་བའོ། དེ་ལས་རྒྱལ་སྲས་བསྟན་པའི་ཉི་མ་ནི་ས་བྱི་དར་གླིང་དུ་བལྟམས། ཡབ་རྗེ་གསང་བདག་ཆེན་པོ་དང་གཅེན་གཏེར་ཆེན་བླ་མ་གཙོ་བོར་གྱུར་པའི་ཡོངས་འཛིན་དམ་པ་མང་པོ་བརྟེན། མདོ་སྔགས་བཀའ་གཏེར་གྱི་གསན་པ་རྒྱ་ཆེ། འཕྱོངས་རྒྱས་དཔལ་རིའི་འདུས་སྡེ་འགྲིམ་ཞིང་གར་ཐིག་དབྱངས་རོལ་དུང་རྒྱ་གླིང་སོགས་ཤེལ་བྱ་ཆེ་ཕྲ་མ་ལུས་པ་ཐུགས་སུ་ཆུད། ཐུན་མོང་རིག་པ་ལ་ཡང་མཆོག་ཏུ་མཁས། རང་ཕྱོགས་བསྟན་འཛིན་གྱི་སྐྱེས་བུའི་ཁྱུ་མཚོག་ཏུ་གྱུར་ཀྱང། གཏེར་གསར་ཆོས་བདག་གྲར་ལུང་གི་ཟིན་པ་དེ་དག་གི་ཉམས་བཞེས་དུས་ལ་ཡོལ་བས་སྐུ་ཚེ་བར་ཆད་དུ་གྱུར་ཏེ་ཤིང་སྟག་དགུང་ལོ་ཉེར་བདུན་ཐོག་ངོ་མཚར་བའི་ལྟས་དང་བཅས་ཟག་མེད་ཆོས་ཀྱི་དབྱིངས་སུ་གཟུགས་སྐུའི་བཀོད་པ་བསྡུས་སོ། ༣༢༠)དེའི་གཙུང་མཁན་ལོ་ཙཱ་བ་ཆོས་དཔལ་རྒྱ་མཚོ་ནི། གཏེར་ལུང་ལས་གཡུ་སྒྲའི་སྦྲུལ་པ་བློ་ལྡན་རྡྷརྨའི་མིང། བྱང་སེམས་དད་རྩོན་སྙིང་སྟོབས་ལྡན་པ་འབྱུང། ཞེས་ལུང་གིས་བསྟན་པའི་སྐྱེས་ཆེན་སྐུ་ཚེ་རིལ་པོར་འཆད་རྩོད་རྩོམ་གསུམ་གྱིས་ཕྲིན་ལས་བསྐྱངས་པས། རིག་གནས་མང་པོར་འགྲིལ་བཤད་ཀྱི་བསྟན་བཅོས་དང། སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་པ་དཔག་བསམ་སྙེ་མ་དང། སྔགས་ཕྱི་ནང་སྐོར་ལ། དབང་སྒྲུབ་ཐབས་རྗེས་གནང་པའི་བསྟན་བཅོས་མཐའ་ཡས་པ་དང། ཁྱད་པར་འདུས་པ་་མདོའི་སྦྱི་དོན་རྒྱུད་ལུང་མན་ངག་གི་གནད་གསལ་བར་བྱེད་པའི་སྒྲོན་མེ། དཀྱིལ་ཆོག་དྲི་མེད་ཀྱི་ཕྲེང་བ། ཟུར་འདེབས་དཔག་བསམ་སྙེ་མ། བསྙེན་སྒྲུབ་དབང་བསག་བཞིའི་སྒྲོམ་སྟེ་ཡིག་སྣ་བཞི་དང། གསང་བ་སྙིང་པོ་ལ་ཊཱི་ཀ་གསང་བདག་དགོངས་རྒྱན་སྦྱོ་དོན་གསང་བདག་ཞལ་ལུང་ལ་སོགས་པའི་བསྟན་པ་བཅོས་མཛད་ནས་དབྱར་དགུན་གྱི་ཆོས་གྲར་རྒྱུད་ཀྱི་བཤད་པ་ཚར་རེ་སྨིན་རྒྱས་སྟར་ཆགས་པ་དང། གནས་དུས་ཅི་རིགས་པར་ལོ་དང་ཟླ་སྦྲེལ་གྱི་ཟབ་མོའི་ཉམས་ལེན་ལ་སྙིང་པོར་མཛད་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར། གཏེར་ཆེན་བླ་མའི་ཕྲིན་ལས་ཀྱི་རྒྱུན་བསྐྱངས་པས་བཤད་སྒྲུབ་བསྟན་པའི་གསལ་བྱེད་གཅིག་ཕུ་པ་ཡིན་ནོ། གཙང་དང་ཆབ་མདོ་སོགས་ལའང་ཕེབས། སློབ་མ་ཡང་ས་སྐྱ་བདག་ཆེན་ཀུན་དགའ་བཀྲ་ཤིས། ཆབ་མདོ་རྒྱལ་བ་བ་འཕགས་པ་ལྷ། ལྕགས་ར་སྦྲུལ་སྐུ་སོགས་ཆེ་གཉན་དུ་མས་བཀུར་ཞིང་མཆོད། དེ་ལྟར་མཆོག་དམན་བར་མའི་སྐྱེ་དགུ་ཐམས་ཅད་ལ་ཆོས་ཀྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་ནས་མཐར་དགུང་ལོ་རེ་ལྔ་པ་ས་ཁྱི་ཧོར་ཟླ་བཅུ་གཉིས་པའི་ཉེར་(སྨད་ཆ།༣༢༡)བཞི་ལ། ལོག་སྨོན་སྟོབས་སུ་གྱུར་པའི་ཇུན་གར་བའི་དམག་དཔུང་གིས་བླ་མ་སྐྱེས་བུ་དམ་པ་རྣམས་དཀྲོངས་པའི་དུས་དེར་ཧོར་ཟླ་དང་པོའི་ཉེར་བཞི་ལ་ལྷ་ལྡན་ཕོ་བྲང་ཆེན་པོའི་མདུན་ཐད་ཀྱི་པདྨ་རགས་གསར་ཟེར་བའི་ས་དེའི་ཐད་དུ་སྦྱན་དྲངས་པར་སྐད་ཅིག་དེ་ཉིད་ལ་ཟབ་ལམ་འཕོ་མཚམ་སྦྱོར་གྱིས་དག་པའི་ཞིང་དུ་ཐལ་ལེར་གཤེགས་པས། གཤེད་མ་རྣམས་ཡུ་ཡུ་བུར་གྱུར་ཏེ་ཁ་སྐྱེངས་སོ། རིགས་སྲས་པདྨ་འགྱུར་མེད་རྒྱ་མཚོ་ནི། གཏེར་ལུང་ལས། རིགས་སྲས་རྟ་མགྲིན་སྦྲུལ་པ་ནི༔ རྡོ་རྗེའི་མིང་གིས་འགྲོ་དོན་སྦྱོད། ཅེས་ལུང་གིས་ཟིན་པ་འདི་ཉིད་ཡབ་གཏེར་ཆེན་ཉིད་དང་ཡུམ་རྗེ་རིགས་མཁའ་འགྲོའི་རྟགས་ཀྱིས་སྦྲས་པའི་ཡོན་ཏན་སྒྲོལ་མ་ཞེས་པའི་སྲས་སུ་མེ་སྟག་ལ་འཁྲུངས། བཙས་པའི་མཚན་ལས་ཤེས་རབ་རྣམ་རྒྱལ་རྡོ་རྗེ་འབུམ་ཞེས་གསོལ། ཆུང་ངུ་ནས་དམ་པ་རྣམ་གཉིས་ཀྱི་ཆོས་ཀྱི་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་གསན། དགུང་ལོ་ཉི་ཤུ་པ་ལ་མཁན་པོ་ལོ་ཙཱ་བ་ངག་དབང་ཆོས་རྒྱལ་ར་མཚོ་ལས་ཚིག་རྫོགས་ཀྱི་བསྙེན་པར་རྫོགས་ནས། ཆོས་རྗེ་གཞན་ཕན་དབང་པོའི་དྲུང་དུ་འདུལ་མཛོད་ཕར་ཕྱིན་ལ་སོགས་པ་རིག་ལམ་ནས་ལུང་རིག་གི་བཤད་པ་མཐའ་ཚོད་པ་གསན། བླ་མ་དམ་པ་གཉིས་ཀྱིས་གསན་པ་གང་ཡོང་སྟེང་དུ་གིང་དཀར་ཆོས་སྡེ་ནས་སློབ་དཔོན་དབང་ཕྱུག་པ་སྦྱན་དྲངས་ནས་རྡོ་རྗེ་ཕྲེང་བ་ལ་སོགས་པའི་གསར་མའི་ཆོས་ཀྱི་རྒྱུན་ཡོད་དོ་ཅོག་ཀྱང་གསན། སྒྲ་ཚད་སྙན་ངག་སོགས་ཕྱི་ནང་གི་རིག་པ་ཐ་དག་ལ་མངའ་དབང་འབྱོར་ཞིང། དགུང་ལོ་སུམ་ཅུའི་ཐོག་ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་ཁྲི་ལ་ཞབས་སོར་བཀོད། བསྟན་བཅོས་ཀྱང་སྙན་ངག་གི་ཊཱི་ཀ། ཕར་ཕྱིན་གྱི་སྦྱི་དོན། གསང་(སྨད་ཆ།༣༢༢)སྙིང་གི་སྦྱི་དོན་སྡོམ་གསུམ་གྱི་ཟུར་འདེབས། ཚེ་བདག་གི་ལས་སྦྱོར་ལ་གཅེས་པའི་མན་ངག་སྒྲོལ་མ་བདུན་པ། གཞན་ཡང་དབང་དང་སྒྲུབ་ཕྲིན་ལས་ཁ་ཚར་དང་བཅས་པའི་བསྟན་བཙོས་མཐའ་ཡས། ཡབ་ཀྱི་ཞལ་ཆེམས་སུ། ཆོས་ཆར་ཕ་ལས་བུ་ལྷག་ཅེས་དབུགས་དབྱུང། དེ་ལྟར་ཆོས་ཀྱི་ཕྲིན་ལས་བསྐྱངས་པའི་མཐར་དགུང་ལོ་སོ་གསུམ་པ་ས་ཁྱི་ཧོར་ཟླ་དང་པོའི་ཉེར་དྲུག་ལ་ལོག་སྨོན་ཅན་དེ་རྣམས་ལ་ལུས་སྲོག་ལྟོས་མེད་དུ་བཏང་སྟེ་ཡང་དང་བག་ཚ་མེད་པའི་ལྷ་གདེངས་ཀྱི་གཤེགས་སོ། ཡབ་གཏེར་ཆེན་བླ་མ་དངབ་ཡུལ་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་དབོན་རྒྱུད་ལས་ཆད་པ་རྡོ་རྗེ་ཕག་མོའི་རྣམ་སྦྲུལ་ཏུ་ལུང་གིས་ཟིན་པ་ཕུན་ཚོགས་དཔལ་འཛོམ་ལས་རིགས་སྲས་དུ་མ་བསྐྲུན་པ་ལས་མཐུ་བོར་གྱུར་པ་རྒྱལ་སྲས་ཡིད་བཞིན་ལེགས་གྲུབ་ནི་ས་མོ་ལུག་ལོ་མཁའ་སྦྱོད་བདེ་ཆེན་གླིང་དུ་བལྟམས། རིག་གནས་སྦྱི་བྱེ་བྲག་ཐམས་ཅད་ཐུགས་སུ་ཆུང། ཁྱད་པར་ཚངས་པའི་གསུང་ལ་མགྲིན་པའི་དབྱངས་རོལ་གར་ཐིག་སོགས་འགྲན་ཟླ་དང་བྲལ། ཀུན་མཁྱེན་དྡྷརྨ་ཤྲཱི་ལས་བསྙེན་པར་རྫོགས། འདུལ་མངོན་ཕར་ཕྱིན་ལ་སོགས་པ་ཡང་གསན་པ་མཛད་དེ་མཁས་བཙུན་བཟང་པོའི་ཡིན་ཏན་དང་ལྡན་ཀྱང་ལོག་སྨོན་ཅན་དེ་རྣམས་ཀྱི་དབང་དུ་སོང། རིགས་སྲས་རིན་ཆེན་རྣམ་རྒྱལ་ནི། གཏེར་ལུང་ལས། བི་མའི་རྣམ་སྦྲུལ་རརྣ་བཛྲ་མིང། གཡུ་རུའི་སར་འབྱུང་ཞེས་པ་ལྟར་པཎ་ཆེན་(སྨད་ཆ།༣༢༣)བི་མ་ལའི་སྦྲུལ་པར་གཏེར་ལུང་ནས་བསྟན་པ་འདི་ཉིད་དངོས་པོ་ཤིང་ཁྱིར་བལྟམས། རས་ཆན་རིག་འཛིན་རྣམ་རྒྱལ་གྱི་ཡང་སྲིད་དེ་མ་ཐག་པར་གསལ། ཡབ་རྗེ་ཁྲ་དབོན་རྣམས་ལས་དབང་ཁྲིད་ལུང་མན་ངག་སོགས་བུམ་པ་གང་བྱོའི་ཚུལ་དང། ཐུན་མོང་ཐུན་མིན་གྱི་རིག་པ་མཐའ་དག་ཀྱང་དབྱིས་ཕྱིན་པར་གསན། ཁྲི་ཆེན་འགྱུར་མེད་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དུས་འགྱུར་གྱི་སྐབས་ཀྱང་སྡིག་ཅན་དེ་རྣམས་ཀྱིས་ཇི་བར་མ་ནུས་ཏེ་མོན་བོད་ཀྱི་ས་མཐའ་རྣམས་སུ་རེ་ཞིག་བསྐུངས་ནས་བཞུགས། དེ་ནས་རྩ་རི་བརྒྱུད་ཁམས་ཕྱོགས་ཀྱི་དབེན་རིར་གསང་ཐབས་ཀྱིས་བཞུགས་ནས་གུ་རུ་ཞི་དྲག་ལ་སོགས་པའི་ཡི་དམ་དུ་མ་བསྙན། སྐབས་སུ་དྲག་པ་མངོན་སྦྱོད་ཀྱི་ལས་ལ་ཡང་འབད་པ་གང་ཐོན་མཛད་དེ་ལོ་ངོ་གཉིས་ཙམ་བཞུགས་སྐབས་ཕྱོགས་དེར་ཆོས་དང་ཟང་ཟིང་གཉིས་ཀའི་ཕྲིན་ལས་རྒྱ་ཤིན་ཏུ་ཆེ། སྟག་འུ་བྲག་དམར་དགོས་སོགས་ས་སྨད་ཕྱོགས་དང་རུ་དམ་རྫོགས་ཆེན་དགོན་རྣམས་ལ་ཕེབས་བཀའ་ཆོས་འཆད་སྦེལ་མང་དུ་མཛད། སྔར་ཡབ་མེས་ཀྱི་བུ་སློབ་ཁམས་པ་བླ་དཔོན་རྣམས་ཀྱིས་བསྙེན་བཀུར་གྱི་འབུལ་བ་རྒྱ་ཆེར་བཏབ་ཅིང། དེ་དག་གི་ཟང་ཟིང་གི་འབྱོར་པ་རྒྱ་ཆེར་གྱུར་པ་ན། གནམ་སྐོས་འཇམ་དབྱངས་གོང་མ་ཆེན་པོའི་ཐུགས་རྗེའི་ཉི་མས་བདུད་དམག་ངན་པའི་སྨག་རུམ་དེ་དག་ཕ་མཐར་བསྐྲད་དེ་སྦ་བཀོང་བར་བྱ། གངས་ཅན་བོད་ཀྱི་ལྷ་ཅིག་འཛམ་གླིང་སྐྱེ་དགུའི་འདྲེན་པ་རྒྱལ་དབང་སྐལ་བཟང་རྒྱ་མཚོ་གྲུ་འཛིག་གླིང་སྐྱེ་དགུའི་འདྲེན་པ་རྒྱལ་དབང་སྐལ་བཟང་རྒྱ་མཚོ་གྲུ་འཛིག་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་ཆེན་པོའི་གསེར་ཁྲིའི་སྟེང་དུ་མངའ་གསོལ། བོད་ཡུལ་སྐྱེ་དགུ་སོ་སོའི་ལུགས་ཀྱི་ཆོས་དང་སྲིད་ཀྱི་བྱ་བ་སྔར་ལུགས་བཞིན་སྐྱོངས། ཞེས་པའི་(སྨད་ཆ།༣༢༤)བཙན་པོའི་ལུང་བསྒྲགས་ནས་རྫོགས་ལྡན་གསར་པའི་ཉི་མ་ཕྱོགས་ཐམས་ཅད་དུ་བརྡལ་བས། གདན་མ་ལག་དང་བཅས་པ་སྔར་ལྟར་ལྟོགས་པས། དབུ་ཆེ་ཁུར་ཆེན་པ་རྣམས་ཀྱིས་སྦྱན་འདྲེན་བྱུང་བར། དེ་འཕྲལ་ལ་བཏེགས་ནས་ཕོ་ཕྲང་ཆེན་པོར་རྒྱལ་བ་སྐལ་བཟང་རྒྱ་མཚོར་མཇལ་ཕྱག་མཛད་པས། གོང་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཁྲི་ཐོག་ཏུ་མངའ་དབང་བསྐུར་བའི་བསྒོས་ཆ་དང་འཇའ་ས་སོགས་ཐམ་ཀ་སྦྱི་བོར་བསྩལ། གུས་འདུད་ཀྱི་ཐོན་ཕྱག་ཞུས་ནས་ལམ་དུ་ཞུགས། རང་ཞབས་པ་རྣམས་ཀྱིས་བསུ་བ་སེར་སྦྲེང་གི་བཀུར་བསྟི་དང་བཅས་རང་དགོན་དུ་ཕེབས་སོ། དམ་པ་འདི་ཉིད་ནི་སྔོན་ནས་གཏེར་ཆེན་ཉིད་ཀྱིས་ཕྱི་མཐའ་གཟིགས་པས་དོན་གྱི་གདན་སར་ཁྲི་གནོན་མཛད་པ་འདྲ་སྟེ། སྐུ་མྱ་ངན་ལས་འདའ་བར་ཕྱོགས་པའི་ལོ་དེའི་ནང་དུ་གཅུང་ཀུན་འགའ་ཚུལ་ཁྲིམས་ཀྱིས་དོ་ཁུར་ཆེན་པོས་བཀའ་འགྱུར་གསར་བཞེངས་དང། ཆོས་འཁོར་ལྷུན་པོའི་སྟེང་དུ་གསེར་གྱི་རྒྱ་ཕིབས་བཟོ་བཀོད་ཀྱིས་མཚར་བ་བསྒྲུབ་ཏེ་མཛེས་པར་སྦྲས་ནས་རབ་ཏུ་གནས་པ་གསོལ་བས། དེ་ཤིན་ཏུ་ལེགས་ཏེ་དེ་དུས་བུ་ཆུང་རྒན་སར་ཁྲི་གནོན་ཀྱང་བྱང་ངེད་ཀྱི་ས་ནས་ཞིག་འཐོར་བྱས་ན་ཡོང་གསུངས་པར། རེ་ཞིག་སྐུ་ཉིད་བཞུགས་རིང་ཁྲི་གནོན་གྱི་རིགས་མི་གནང་བ་ཞུ་ཞེས་ནན་གྱིས་བཤོལ་བས། སང་ཉིན་རབ་སྟོན་གྱི་ཚོགས་ལ་ཕེབས་རྒྱུའི་དགོངས་ཁ་མཚུན་ད་རེས་ངེད་ཀྱི་བུས་པ་དེ་ཡང་ལེགས་འདྲ་ཡང། འོ་ན་ངེད་རང་ཕ་བུ་ཡང་ཡང་དུས་ཅིག་ཏུ་འཛོམས་པར་དཀའ་བས་སང་ཉིན་བུ་ཆུང་རིན་ཆེན་རྣམ་རྒྱལ་ཡང་ཚོགས་སུ་ཕྱིན་ན་ལེགས་གསུངས་པས། མགྲོན་གཉེར་གྱི་ས་གདན་གྱི་བཀོད་པ་རྣམས་ཚར་ནས་བཞུགས་ས་གང་དུ་བྱེད་(སྨད་ཆ།༣༢༥)ཞུས་པས་གདོང་གྲལ་མགོ་དེར་གདན་མཐི་ཐིང་དེ་བ་ཞིག་བྱས་པས་ཡོང་གསུངས་པ་ལྟར། ཐོག་མར་ཚོགས་སུ་ཕེབས་པའང་དེ་ཡིན་པས་མ་འོངས་པའི་ཕྱིར་མཐར་དགོངས་ནས་དེ་དུས་མངའ་གསོལ་བའོ། འདུས་ཚོགས་སྔར་ཡོད་རྣམས་ལ་བར་སྐབས་སུ་ཁྲིམས་གཙང་གི་གཙང་གི་དག་ཐེར་མཛད། གསར་ཞུགས་བརྒྱ་བརྒལ་བ་ཙམ་བསླབ་པ་གསུམ་གྱིས་བསྡམས་ནས་འཁོར་ལོ་གསུམ་གྱི་བྱ་བའི་གནས་ལ་བཀོད། ཡབ་མེས་ཀྱིས་བཙུགས་པའི་ཚུལ་བཞིན་སྒྲུབ་མཆོད་ཉམས་པ་རྣམས་གསོ། གར་འཆམས་སྦྱན་གཟིགས་ལ་སོགས་པའི་ཡོ་བྱད་སྔོན་དུས་ཀྱི་གུང་ཚང་བསྒྲིགས། དེ་ནས་དབུས་གཙང་གཉིས་ཀྱི་སྡེ་འཁྲུག་གི་མཐར་ས་སྦྲེལ་ཧོར་ཟླ་ལྔ་པའི་ཚེས་ཉེར་ལྔ་ལ་བསོད་ནམས་དཔུང་པ་མཐོ་བས་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་མི་དབང་འགྱུར་མེད་བསོད་ནམས་སྟོབས་རྒྱས་ཤུགས་འབྱུང་དུ་སོན་པ། འཇམ་དབྱངས་གོང་མ་རྒྱལ་པོས་བོད་ཁྲི་སྐོར་བཅུ་གསུམ་གྱི་རྒྱལ་སྲིད་ལ་དབང་བསྐུར་བའི་གསོལ་ལེགས་སྐྱེས་ཀྱི་མཇལ་འབུལ་ལ་ཕེབས་པར། དད་མོས་ཀྱིས་གུས་པར་བཏུད་དེ་རྐྱེན་སེལ་དབང་སོགས་གསན་ཏེ་ཏི་ཤྲཱིར་བསྐུར། བསྙེན་བཀུར་གྱི་གནང་སྐྱེས་མི་དམན་པས་དབུགས་དབྱུང་བའི་བསླབ་སྟོན་རྒྱ་ཆེར་བསྩལ་བ་རང་བའི་གནས་སུ་མཛད། དེ་ནས་རང་དགོན་དུ་བླ་མ་གོང་མའི་རྣམ་ཐར་གྱི་རྗེས་སུ་ཞུགས་ཏེ་དབང་ལུང་ཁྲིད་སོགས་དང། ཁྱད་པར་གསང་བསྙིང་པོའི་རྒྱུད་ཀྱི་བཤད་པ་འཆད་དུ་ཉེ་བ་གྱིས་སྦེལ་གཏོད་དེ་(སྨད་ཆ།༣༢༦)ཆོས་ཀྱི་ཕྲིན་ལས་རྒྱ་ཆེར་བསྐྱངས། ཞལ་སློབ་ཀྱང་གཞིས་བྱེས་གཉིས་ཀར་གཞན་དོན་ནུས་པའི་མཁས་གྲུབ་མང་པོ་བྱུང། མཐར་དགུང་ལོ་དྲུག་ཅུ་རྩ་ལྔ་པ་ས་ཕོ་སྟག་གི་ལོར་དྲན་བཞིན་མཁྱེན་བཞིན་དུ་ཤར་ཕྱོགས་དག་པའི་གནས་འོལ་དགར་ཕེབས་ལ་དེར་རིགས་སྲས་ཐུ་བོ། ཞམ་རིམ་དང་བཅས་པ་འདའ་ཀ་ཞལ་འཆེམས་དཔྱིས་ཕྱིན་པར་བསྩལ་ཏེ་ནག་ཟླའི་ཚེས་ཉི་ཤུ་ལ་ངོ་མཚར་བའི་ཚོ་འཕྲུལ་གྱི་བཀོད་པ་བསམ་གྱི་མི་ཁྱབ་པ་དང་བཅས་སྦྲུལ་པའི་རང་གཟུགས་བསྡུས་པ་ཞི་བ་ཆོས་ཀྱི་དབྱིངས་སུ་གཤེགས་ཤིང་སྐུ་གདུང་གདན་སར་དྲངས་ཏེ་ཞུགས་སུ་ཕུལ་བར་དབུ་ཐོད་དང་ཐུགས་ཉིད་མེས་མ་གནོད་པར་དད་པའི་རྟེན་དུ་ཐོབ། གདུང་རུས་དང་དབུ་ཐོད་ནང་ཟུངས་སུ་བཞུགས་པའི་དངུལ་དཀར་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གཙུག་ལག་ཁང་དབུས་མ་གསང་སྔགས་ཕོ་བྲང་ན་བཞུགས་སོ། རྗེ་འདི་ཉིད་ཀྱི་གཅུང་མོ་རྗེ་བཙུན་བླ་མའི་མི་འགྱུར་དཔལ་གྱི་སྒྲོམ་མ་ནི་རྗེ་གཏེར་ཆེན་བླ་མ་དང་ཡུམ་དཔལ་འཛོམས་གཉིས་ཀྱི་སྲས་མོར་མྱོས་ལྡན་པ་ཡོས་ལོར་བལྟམས། ཆུང་ནས་དམ་པའི་རྣམ་ཐར་བཟང་པོའི་ངང་ཚུལ་འཛིན། གོང་མ་ཁུ་བོན་རྣམས་ལས་དབང་ལུང་ཟབ་ཁྲིད་མང་པོ་ནོས། ཁྱད་པར་གཏེར་ཆེན་བླ་མས་སྐུ་ལུས་ཆོས་སུ་སྒྱུར་སྐབས་མ་གཅིག་ཟུར་མོ་དགེ་འདུན་འབུམ་ལྟ་བུ་ཡོད་པ་གྱིས་ཞེས་བསྩལ་ཞིང་ཟབ་ཁྲིད་སྦྱི་དང་ཁྱད་པར་གཏེར་གསར་སྙིང་ཐིག་མ་བུ་བཅས་ཀྱི་ཁྲིད་བཀའ་སྨིན་པར་སྩལ་བའང་བཞུགས་པ་ནས་བཀྲ་ཤིས་སྣང་བའི་སྦུབ་ཐེམ་ལས་མི་འདས་བའི་ཉམས་བཞེད་ལ་ཆུང་དུ་ནས་བཙོན་པར་མཛད། དུས་འགྱུར་གྱི་སྐབས་ཀྱང་བདུད་འགོངས་དེ་རྣམས་ཀྱི་རྫི་བར་མ་ནུས་པར་སྦས་ཡུལ་མ་ལྗོངས་སུ་(སྨད་ཆ།༣༢༧)ཕེབས་དེར་གཏེར་གསར་བླ་མ་ཞི་བ་སོགས་སྙེན་སྒྲུབ་དང་གཞན་ཕན་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས། ཕྱིས་དགོན་གནས་སུ་ཕེབས་ནས་ཀྱང་མཁའ་སྦྱོད་བདེ་ཆེན་གླིང་དུ་གནས། འཁོར་མོར་རིམ་པ་གཉིས་ཀྱི་རྣལ་འབྱོར་ལས་མི་གཡེང་བར་བ་ཅད་རྒྱ་ཁོ་ནར་བཞུགས། གཞི་བྱེས་ཀྱི་དོན་གཉེར་ཅན་མང་པོར་ལོ་ལྟར་ས་ཟླ་ལྟ་བུར་ཟབ་ཁྲིད་གནད་སྨིན་རེས་ཉུང་མཐའ་བྱས་པ་བསྩལ་བས་ཉམས་རྟོགས་ཕུལ་དུ་ཕྱིན་པའི་ཞལ་སློབ་ཀྱང་མང་པོ་ཐོན། མི་རྗེ་བསོད་ནམས་སྟོབས་རྒྱལ་ཡབ་སྲས་ཀྱི་མཚོན་ཆེ་དགུ་ཀུན་གྱི་ཞབས་ནས་བཏེགས། གཤིན་གསོན་གྱི་དད་རྫས་ཕྱག་འབྱོར་རྣམས་སྐུ་གསུང་ཐུགས་རྟེན་གྱི་རྒྱུན་ཁོ་ནར་སྨིན་པར་མཛད། མཐར་དགུང་ལོ་བདུན་ཅུ་ཙ་གཅིག་ལས་ས་གླང་ལོ་གྲོ་བཞིན་ཟླ་བའི་ཡར་ངའི་ཚེས་བཅུར་ངོ་མཚར་པའི་ལྟས་དང་བཅས་ཞི་བའི་དབྱིངས་སུ་གཤེགས་ཤིང་དབུ་ཐོད་གདུང་རུས་སོགས་ནང་ལྟས་དང་བཅས་ཞི་བའི་དབྱིངས་སུ་གཤེགས་ཤིང་དབུ་ཐོད་གདུང་རུས་སོགས་ནང་ཟུངས་སུ་བཞུགས་པའི་ དངུལ་དཀར་གྱི་བྱང་ཆུབ་མཆོད་རྟེན་གཙུག་ལག་ཁང་ལྟོ་མ་ན་བཞུགས་སོ། གཞན་ཡང་གཏེར་ཆེན་དེ་ཉིད་ཀྱི་དངོས་སློབ་གྲཱ་པ་འདིར་སྒྲིགས་སུ་བཞུགས་པའི་བཤེས་གཉེན་ནི་འཆད་ཕྲིན་གྱི་ལས་སོགས་ལ་དབང་འབྱོར་བ། ཆོས་རྗེ་གཞན་ཕན་དབང་པོ། མངའ་བདག་རིག་འཛིན་རྒྱ་མཚོ། བླ་མ་སྐྱི་སྟོན་པ། སྙེ་མོ་བླ་མ་ཨོ་རྒྱན་རྣམ་རྒྱལ། དགེ་སྦོང་བློ་གསལ་རྒྱ་མཚོ། འབུམ་རབ་འབྱམས་པ་ཨོ་རྒྱན་སྐལ་བཟང། ཟངས་སྟོན་ཨོ་རྒྱན་དཔལ་འབྱོར། མཚོ་བྱེད་གཞན་ཕན་མཆོག་སྦྱིན་རྣམས་དང། འདུལ་མངོན་ཕར་ཚད་དབུ་མ་སྡོམ་གསུམ་སྟེ་པོད་ཆེན་དྲུག་གི་སྟེང་གསང་བདག་དགོངས་རྒྱན་ཏེ། གཞུང་ཚོགས་དེ་རྣམས་རིག་ལམ་ནས་དྲངས་པའི་བཤད་སྦྱངས་མཐར་ཕྱིན་པའི་དགེ་བཤེས་རབ་(སྨད་ཆ།༣༢༨)འབྱམས་པ་ཨོ་རྒྱན་ཆོས་གྲགས། རབ་འབྱམས་པ་བསྟན་འཛིན་གར་དབང། རབ་འབྱམས་པ་ངག་དཔལ་བཟང། རབ་འབྱམས་པ་ཕྲིན་ས་རབ་འཕེལ། རབ་འབྱམས་པ་མཐུ་སྟོབས་རྣམ་རྒྱལ། རབ་འབྱམས་པ་ཨོ་རྒྱན་མཆོག་དགའ། རབ་འབྱམས་པ་ཨོ་རྒྱན་དཔལ་མགོན་དང་བཅས་པ་རྣམས་ལ་དམ་པ་དེ་ཉིད་ཀྱིས་དེང་གྲཱ་པ་གཞན་ལ་བཏགས་ན་དགེ་བཤེས་ཀྱི་གྲས་སུ་འདུག་ཅེས་དབུགས་དབྱུང་བས་མཚོནདམ་པ་དེའི་བཀའ་དྲིན་གྱིས་རང་གཞན་གྱི་དོན་ནུས་པའང་མང་དུ་བྱུ་བར་སྣང་ངོ། རྗེ་བླ་མ་འགྱུར་མེད་པདྨ་བསྟན་འཛིན་ནི་ཡབ་མང་དུ་བྱུང་བར་སྣང་ངོ། རྗེ་བླ་མ་འགྱུར་མེད་པདྨ་བསྟན་འཛིན་ནི་ཡབ་རྗེ་རིག་འཛིན་རྣམ་པར་རྒྱལ་བ་དང་ཡུམ་ཚེ་དབང་དཔལ་འཛོམས་གཉིས་ཀྱི་སྲས་སུ་དམར་སེར་ཅན་ཞེས་པ་མེ་མོ་སྦྲུལ་གྱི་ལོར་གཟིམ་ཆུང་བཀྲ་ཤིས་སྣང་བའི་སྦུབ་ཏུ་སྐུ་བལྟམས། ཆུང་ངུ་ནས་སྔོན་གྱི་བག་ཆགས་ཉེ་ནར་སང་བའི་སྟོབས་ཀྱིས་དགུང་ལོ་ལྔའི་སྟེང་ཙ་རྒྱུད་གསང་བ་སྙིང་པོའི་གཞུང་ཐུགས་འཛིན་སོགས་ཀྱི་ཕྱི་ནང་གི་ཤེས་བྱའི་ཆོས་ཚུལ་མཐའ་དག་ལ་མངའ་དབང་འབྱོར། གསན་བསམ་གྱི་སྣོད་དུ་གྱུར་པ་ནས་བཟུང་ཡབ་རྗེ་དམ་པའི་སྐུ་མདུན་དུ་མདོ་སྔགས་བཀའ་གཏེར་དང་བཅས་པའི་དབང་ལུང་ཁྲོད་མན་ངག་ཕྱག་བཞེས་ཐམས་ཅད་བུམ་པ་གང་འབྱོའི་ཚུལ་དུ་གསན་གཞན་ཡང་རྗེ་བཙན་བླ་མའི་མི་འགྱུར་དཔལ་སྒྲོན། གྲུབ་དབང་ཀུན་བཟང་ཀློ་ཀློལ་སོགས་ལས་ཀྱང་དམ་པའི་ཆོས་འབའ་ཞིག་གསན་ཏེ་ཐོས་བསམ་སྒོམ་གསུམ་གྱི་གཏན་ལ་ཕབ། གཏེར་གསལ་སོགས་ལྷག་པའི་ལྷ་དུ་མ་བསྙེན། དགུང་ལོ་ཉེར་གཉིས་ཀྱི་སྟེང་ཡབ་རྗེ་རིགས་འཛིན་ཆེན་པོ་ཞི་དབྱིངས་གཤེགས་པར་དགོངས་རྫོགས་རྟེན་(སྨད་ཆ།༣༢༩)བཞེངས་སོགས་རྒྱ་ཆེར་སྒྲུབ་པར་མཛད། རབ་སྟོན་གྱི་སྐབས་དང་འབྲེལ་བར་རྗེ་གཏེར་ཆེན་བླ་མའི་གསེར་ཁྲིར་ཞབས་ཟུང་བཀོད། འཆད་པ་དང་རྩོད་པ་དང་རྩོམ་པ་སོགས་མཁས་པའི་བྱ་བ་རྣམ་པ་གསུམ་གྱི་རྒྱལ་བསྟན་སྦྱི་དང་བྱེ་བྲག་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྦེལ་གསུམ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་ཤིང་བཤད་སྒྲུབ་ཀྱི་བསྟན་པ་གསལ་བར་མཛད་མས་སྐུ་གཤེགས་སོ། རྗེ་འདི་ཉིད་ཀྱི་རིགས་གཅུང་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ནི་རྔ་ཆེན་ཞེས་པ་ཆུ་ཁྱི་ལོར་སྐུ་འཁྲུངས། དགུང་ལོ་ཆུང་ངུ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་བཞུགས་དབང་ལུང་ཟབ་ཁྲིད་སོགས་གསན་བསམ་ཕྱོགས་མེད་མཛད། ཕྱི་ནང་གི་རིག་པ་མཐའ་དག་ལ་ཡང་སྦྱངས་པས་མཁས་པའི་རྩེར་སོན། དགུང་ལོ་བཅོ་ལྔའི་ཐོག་མདོ་སྔགས་གཞུང་བརྒྱ་སྨྲ་བ་གཏེར་གསར་སོགས་ལྷག་པའི་ལྷ་དུ་མའི་སྙེན་སྒྲུབ་མཐར་ཕྱིན་པ་མཛད་ཁྱར་པར་དགུང་ལོ་ཉི་ཤུར་ཕེབས་པ་ལྕགས་སྦྲུལ་སྒྲུབ་མཐར་ཕྱིན་པ་མཛད། ཁྱད་པར་དགུང་ལོ་ཉི་ཤུར་ཕེབས་པ་ལྕགས་སྦྲུལ་ཆོ་འཕྲུལ་ཟླ་བའི་གྲལ་ཚེས་བཅོ་ལྔའི་ཉིན་དགེ་བའི་བཤེས་གཉེན་ཆོས་སྡིངས་པ་སྔགས་རབ་འབྱམས་སྨྲ་བ་དྡྷརྨ་ཝ་ཏོད་ཀྱིས་མཁན་པོ་དང། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་སྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བཞེད་པར་མཛད། འདུལ་བའི་བརྡ་འཆད་དང་ལག་ལེན་ཀྱང་མཁས་པར་སྦྱངས་བརྡར་གནང། ཆོས་གྲཱ་ཆེན་པོ་འདིའི་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད་ནས་མཁན་པོར་མངའ་གསོལ་བ་ནས་དགེ་སློང། དགེ་ཚུལ་བར་མ་རབ་བྱུང་སོགས་མང་དུ་བསྒྲབས། རྒྱལ་བསྟན་སྦྱི་དང་བྱེ་བྲག་གཏེར་ཆེན་བླ་མའི་བསྟན་(སྨད་ཆ།༣༣༠)ལ་མཛད་པ་གོང་འཕེལ་གནང་ཞིང། ཁྱད་པར་གཅེན་གཤེགས་ནས་དགོངས་རྫོགས་ཕྱི་ནང་གི་རྟེན་བཞེངས་བཀའ་ཆོས་འཆད་སྦེལ་སོགས་མཛད་པ་མཐར་ཆགས་ཚད་བ་འགན་བཞེས་གནང་ཞིང། རིགས་ཀྱི་དཔོན་རིན་པོ་ཆེ་ཁྲི་ཆེན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་མཆེད་བཅས་ལ་དབང་ལུང་འཆད་སྦེལ་ཁྲོ་འདོན་སོགས་མཛད་པ་མཐར་རྒྱས་སུ་གནང་ནས་ཞི་བ་ཆེན་པོར་གཤེགས་སོ། ཁྲི་ཆེན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་ནི། ཡབ་ཁྲི་ཆེན་འགྱུར་མེད་པདྨ་བསྟན་འཛིན་གྱི་སྲས་སུ་འཁྲུངས། སྐུ་ན་གཞོན་པ་ནས་མཁྱེན་རྟོགས་ཀྱི་རྩལ་རྫོགས་པས་དབང་ལུང་མན་ངག་སྒྲུབ་ཕྲིན་ཕྱག་བཞེས་ཕྲ་རགས་ཐམས་ཅད་ལ་བྱང་ཆུབ། ཡབ་གཤེགས་ནས་གདན་པའི་ཁུར་བཞེས་མཛད། མཁན་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་རྡོ་རྗེའི་དྲུང་ནས་བཀའ་ཆོས་ཐམས་ཅད་བུམ་པ་གང་བྱོར་གསན། ཕྲིན་ལས་རྣམ་པ་བཞེས་གོང་མའི་ཕྲིན་ལས་ཀྱི་རྒྱུན་སྐྱོང་བཞིན་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པས་བསྟན་པ་གསལ་བར་མཛད་པ་བཞིན་པ་ཉིད་དོ། དེ་བཞིན་དུ་མཁན་ཆེན་འགྱུར་མེད་གསང་སྔགས་བསྟན་འཛིན་ཀྱང་ཕྱིན་པར་མཛད་ཅིང་ཐུགས་རྫོགས་བཞེས་གྲུབ་པ་སོགས་ནས་རིམ་པར་དེང་སང་མཁན་པའི་གོ་སར་ཆོས་ཀྱི་ཁྲི་ལ་བཞུགས་བཞིན་པའོ། གདན་རབས་ཀྱིས་ཕྲེང་བ་དེ་བཞིན་ལ། འདིར་གཏེར་ཆེན་མཆོག་དང་རྒྱལ་བ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོས་དགོངས་པ་ཕྱོགས་གཅིག་ཏུ་བབས་པ་བཞིན་གདུང་སྦེལ་དང། ཆོས་ཀྱི་ཁྲི་གཉིས་སུ་ཕྱེ་བ་ལས་ཆོས་ཀྱི་ཁྲི་ལ་མཁན་རབས་(སྨད་ཆ།༣༣༡)རིམ་པར་བཞུགས་པའི་དང་པོ་རྒྱལ་སྲས་བསྟན་པའི་ཉི་མ། དེ་ནས་མཁན་ཐོག་གཉིས་པ་མཁན་ལོ་ཙཱ་བ་ཆོས་དཔལ་རྒྱ་མཚོ། འདི་སྐབས་དུས་འགྱུར་གྱི་དབང་ལས་བསྟན་པ་དར་གྱི་ཐོག་མར་མཁན་པོར་ཅུང་ཟད་བཞུགས་ཀྱང་སྐུ་གཙོད་ཆེ་སྐྱོན་གྱིས་ཕྱག་ལེན་ཕྲ་རགས་ལྟོད་མེད་གནང་མ་གྲུབ་པས་གསོ་སྦྱོང་མདོ་འདོན། དགེ་ཚུལ་སློང་གི་སྡོམ་འབོག་མཁན་པོ་སོགས་ཡོངས་ཀྱི་དགེ་བའི་བཤེས་གཉེན་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས། རབ་འབྱམས་པ་ཨོ་རྒྱན་དཔལ་མགོན། འདུས་སྡེའི་དབུ་མཛད་སྔགས་རབ་པ་བསམ་གཏན། རབ་འབྱམས་པ་འགྱུར་མེད་འཕེལ་རྒྱས། སྔགས་རབ་པ་འགྱུར་མེད་ཆོས་ལྡན་བཅས་ཀྱིས་གནང་ཞིང། རབ་བྱུང་བཅུ་གསུམ་པའི་ལྕགས་སྦྲུལ་མས་མཁན་རབས་བཞི་པ་ཨོ་རྒྱན་བསྟན་འཛིན་རྡོ་རྗེས་བཀའ་དྲིན་བསྩལ་ཞིང་བར་འདིར་རབ་འབྱམས་པ་བཀྲ་ཤིས་བཞུགས་པ་ཨེ་ཡིན་དཔྱད་ལ། དེ་ནས་ད་ལྟ་མཁན་ཐོག་ལྔ་པ་འགྱུར་མེད་གསང་སྔགས་བསྟན་འཛིན་བཞུགས་བཞིན་པ་སྟེ་མཁན་རབས་ཀྱི་ཕྲེང་བ་མདོར་ཙམ་སྨོས་པ་ཡིན་ནོ། དཔལ་འབྲི་གུང་ལ་གསང་བ་སྔགས་ཀྱི་ཕོ་བྲང་ཀྱི་ཕྲེང་བ་མདོར་ཙམ་སྨོས་པ་ཡིན་ནོ། དཔལ་འབྲི་གུང་པ་གསང་བ་སྔགས་ཀྱི་ཕོ་པྲང་ཆེན་པོ་ནི། ཐོག་མར་མི་ཉག་སྒོམ་རིང་ཞེས་པའི་བཀའ་བརྒྱུད་པའི་རྟོགས་ལྡན་ཞིག་གིས་བཏབ། དེ་རྗེས་སྐྱོབ་པ་རིན་པོ་ཆེས་བསྐྱངས་པས་དར་རྒྱས་ཆེ་བར་བྱུང་སྟེ། དགེ་འདུན་ཁྲི་ཚོ་བདུན་ཚོགས་པ་བྱུང། དེ་ནས་བཟུང་འབྲི་གུང་པའི་གདུང་རབས་རྣམས་ཀྱི་རིམ་པར་བསྐྱངས་པས་དཔལ་འབྲིང་བཀའ་བརྒྱུད་ཆེས་ཉི་ཟླ་ལྟར་གྲགས་པའི་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་འགྲན་(སྨད་ཆ།༣༣༢)ཟླ་དང་བྲལ་བ་ཞིག་ཡིན་ཅིང་གདུང་རབས་བཅུ་གསུམ་ཙམ་བྱུང་བ་དེ་དག་ནི་འདིར་མ་སྨོས་ལ་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོའི་དུས་ཙམ་ནས་གསང་སྔགས་རྙིང་མ་ཤས་ཆེར་སྦྱོད་པ་འདི་བྱུང་བ་ཡིན་ལ། དེ་ཡང་རིན་ཆེན་འཕུ་ཚོགས་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་རྣམ་པར་ཐར་ནི་གོང་དུ་གཏེར་འབྱུང་སྐབས་སུ་སྨོས་ཟིན་ཏེ་ཆོས་ཀྱི་རྒྱལ་པོ་འདི་ནི་པདྨ་གླིང་པས་ལུང་བསྟན་པས། རྒྱ་གར་རིག་འཛིན་གནས་སུ་འཁྲིད༔ ཅེས་གསུངས་པ་ལྟར་རྗེ་འདིའི་སྐུ་རིང་ལ་རྙིང་མ་བཀའ་གཏེར་ལ་བཤད་པ་དང། སྒྲུབ་པའི་ཕྲིན་ལས་ཀྱིས་བསྐྱངས་པ་དང། ཟབ་གཏེར་གྱི་བཀའ་བབ་བྱུང་བ་སོགས་ནས་གསང་ཆེན་སྔ་འགྱུར་གྱི་རིག་ལུགས་སུ་ཤུགས་ཀྱིས་འགྱུར་བ་ཡིན་ནོ། དེ་ལྟར་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོའི་ཕྲིན་ལས་ཀྱི་རྒྱུན་སྐྱོང་བ་རིམ་པར་བྱོན་པའི་ཚུལ་ལ། དཔལ་འབྲི་གུང་པ་ཆེན་པོ་ཆོས་རྒྱལ་ཕུན་ཚོགས་ནི། འབྲུ་རྒྱལ་སྐུར་རའི་གདུང་ལས་ཡབ་ཆོས་རྒྱལ་པོ་རིན་ཆེན་ཕུན་ཚོགས་ཀྱིས་སྲས་སུ་རྩེབ་གཞིས་ཀར་འཁྲུངས། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་སྐྱེ་བ་ཡིན་པར་གྲགས། ཆུང་དུ་ནས་དམ་པའི་རིགས་སད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་བ་མངའ། ཡབ་ཆོས་ཀྱི་རྒྱལ་པོ་ལས་བཀའ་ཆོས་ཕལ་ཆེར་བུམ་པ་གང་སྦྱོར་གསན། གཞན་ཡང་བླ་མ་མང་དུ་བསྟེན་ནས་གསན་སྦྱངས་རྫོགས་པར་མཛད། སྙེན་སྒྲུབ་ལ་བཞུགས་པས་ཡི་དམ་དུ་མའི་ཞལ་གཟིགས། རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་དང་ཆོས་ཀྱི་འགྲོ་བ་(སྨད་ཆ།༣༣༣)མཛད་པ་ལ་དབང། སྐལ་བ་དང་ལྡན་པ་རྣམས་ལ་སྐུ་ལུས་ལྷའི་སྐུར་སྟོན་པར་ནུས། ཆོས་སྐྱོང་ཐམས་ཅད་བྲན་དུ་ཁོལ་བས་ཕྲིན་ལས་རབ་འབྱམས་ལ་དབང་འབྱོར་བ་སོགས་ཡོན་ཏན་བརྗོད་ཀྱིས་མི་ལངས། གདུང་སྲས་རྣམས་གཙོ་བོར་གྱུར་པའི་གདུལ་བྱ་རྣམས་ལ་ཡབ་ཆོས་རྣམས་ཀྱི་མཚོན་པའི་ཆོས་ཀྱི་འཁོར་ལོ་གདུལ་བྱའི་བློ་དང་འཚམས་པ་བར་མེད་དུ་བསྐོད་བས་རྣམ་མཁྱེན་མཆོག་ལ་བཀྲི་བའི་དགའ་སྟོན་བསྩལ་བ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་མཁའ་སྦྱོད་པདྨ་འོད་ཀྱི་ཕོ་བྲང་དུ་གཤེགས་སོ། ཞབས་དྲུང་བ་རོ་བ་ནི། ཡབ་ཆོས་རྒྱལ་ཕུན་ཚོགས་ཀྱི་སྲས་སུ་འཁྲུངས། དེ་ཡང་སྐུ་མཆེད་ལྔ་ཙམ་བཞུགས་པའི་ཐུ་བོ་ཞཱ་དམར་བ་དྲུག་པ་ཆོས་ཀྱི་དབང་ཕྱུག་ཡིན་ཏེ་ཞཱ་དམར་བ་རིམ་བྱོན་ནང་ནས་མཁྱེན་རྟོགས་ཆེ། དེ་ནས་ཞབས་དྲུང་ན་རོ་བ། རྗེ་དཀོན་མཆོག་རིན་ཆེན། ཆོས་ཀྱི་གྲགས་པ་རྣམས་ལས་ཡབ་གཤེགས་ནས་གདན་སའི་ཁུར་བཞེས་ཞབས་དྲུང་ན་རོ་བ་ཉིད་ཀྱི་མཛད། དེ་ཡང་རྗེ་འདི་ལུགས་གཉིས་ཀར་མཁྱེན་པའི་རྩལ་རྫོགས། ཡབ་ནས་སྨིན་གྲོལ་གྱི་གདམས་པ་མང་པོས་རྗེས་སུ་བཟུང་ནས་མཙན་བཀྲ་ཤིས་ཕུན་ཚོགས་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་གསོལ། ཆོས་བཀའ་སྦྱི་དང་ཁྱད་པར་ཡང་ཟློག་དང་ལོ་ཏྲ་ཀི་སོགས་ལ་མཁས། གདན་ས་ཆེན་པོར་ལུགས་གཉིས་ཀྱིས་ཕྲིན་ལས་ཆེ། འོན་ཀྱང་སོག་པོ་ཐུ་མེད་ཀྱིས་སོག་ཁྲོད་དུ་གདན་དྲངས་པ་ནས་སྐུ་གཤེགས་སོ། དཔལ་རིག་འཛིན་པ་ཆོས་ཀྱི་གྲགས་པ་ཕྲིན་ལས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ནི། གཏེར་སྟོན་ཨོ་རྒྱན་གླིང་པས་ཟུར་མཁར་རྡོའི་མཆོད་རྟེན་ནས་གདན་དྲངས་པ་ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་ལ། ད་ལྟའི་(སྨད་ཆ།༣༣༤)ལྷ་སྲས་མི་ཏིག་བཙད་པོ་འདི། གང་ལྟ་བྱ་བ་རང་ལ་དབང་ཡོད་ཀྱང། ཨོ་རྒྱན་ང་ལ་མོས་ཤིང་སེམས་ཆགས་པས། གང་ལ་གང་འདུལ་འགྲོ་བའི་སྣང་ངོ་རུང། སྐྱེ་བ་དང་པོར་ཕ་སྦད་ལ་འབྲེལ་བཏགས། རབ་ཏུ་པད་འབྱུང་བདག་དང་སྐབས་སུ་མཇལ། ཕྱིམའི་དུས་ན་ཞིང་ཁམས་འབྲི་ཞེས་པར། རརྣའི་མཚན་ཅན་སྡེ་དགོན་སྐྱོང་བ་འབྱུང། བདུད་སྦྲུལ་དབང་གིས་ཚེ་ཡི་དུས་བྱས་ནས། ཐ་མའི་དུས་ན་ང་ཡི་ཐུགས་སྦྲུལ་བ། གཏེར་ཆོས་རྒྱུད་འཛིན་འགྲོ་ལ་འབྲེལ་གསུམ་འདོགས། རྒྱལ་སྲས་དབུར་སྨྱོན་ཞེས་བྱར་གྲགས་པ་འབྱུང། ཞེས་གསུངས་པ་ལྟར། རྗེ་རརྣའི་ཞབས་ཉིད་སླར་ཡང་བསམ་བཞིན་དུ་སྐྱེ་བ་བཞེས་པ་ཡིན་ཏེ། ཡབ་རིག་པ་འཛིན་པ་ཆོས་རྒྱལ་ཕུན་ཚོགས་དང། ཡུམ་རྡོ་རྗེ་ཕག་མོའི་སྦྲུལ་པར་གྲགས་པའི་ཨ་ཅེ་གཡུང་ཁུག་གཉིས་ཀྱི་སྲས་སུ་སྐུ་མཆེད་ཀུན་གྱི་ཐ་ཆུང་དུ་འཁྲུངས། བྱིས་པའི་དུས་གོག་པོ་མི་གོག་པ་དང་གཟིམ་པའི་ཚཻ་སྦྱན་མི་ཟུམ་པ་སོགས་སྐྱར་རའི་རིགས་ཀྱི་རྟགས་ཐམས་ཅད་ཀྱང་ཆང། ཡབ་ཆོས་རྒྱལ་ཕུན་ཚོགས་ཀྱིས་གཙུག་ཕུད་བཞེས་ནས་མཚན་དཀོན་མཆོག་ཕུན་ཚོགས་སུ་གསོལ། རྗེ་ཞཱ་དམར་པས། རིག་འཛིན་ཆོས་ཀྱིས་གྲགས་པ་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་པའི་མཚན་གསོལ། སྐུ་ཆུང་ངུའི་དུས་ནས་ཡི་དམདང་ཆོས་སྲུང་སོགས་ཀྱི་གཟིགས་སྣང་རྒྱུན་མི་འཆད་པར་མངའ། ཡབ་ཀྱི་དབང་བསྐུར་བའི་དུས་ཡབ་ཉིད་དཀྱིལ་འཁོར་གང་དང་གང་ཡིན་པ་དེ་དང་དེའི་དཀྱིལ་འཁོར་གྱི་གཙོ་བོར་གཟིགས། དེ་བཞིན་དུ་ཆོས་གྲལ་གྱི་བསེབ་ཏུ་ལྷ་དང་མཁའ་འགྲོ་སྡེ་བརྒྱད་འཇིགས་རྔམ་ཅན་མང་པོ་ཆོས་ཞུ་བར་ཉིན་རེ་བཞིན་ཡོང་བར་གཟིགས། ཡབ་གཤེགས་ནས་གཅེན་ཞཱ་དམར་དྲུག་པ་(སྨད་ཆ།༣༣༥)དང། ཞབས་དྲུང་ན་རོ་བ། མཁན་ཆེན་རྣམས་འཛོམས་ཕུན་ཚོགས་བླ་མ་སངས་རྒྱས་རིན་ཆེན་རྣམས་ལས་རང་ལུགས་བཀའ་ཆོས་རྫོགས་པར་གསན། བྱིས་པའི་དུས་ཤིག་དཔལ་འཁོར་ལོ་སྡོམ་པས་རོ་ལངས་ཀྱི་གདོན་ལས་སྐྱོབས་པ་དང་སྦྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ། ཡི་གེ་མ་སློབ་པར་མཁྱེན་ཡང་ཐེལ་ཀློག་ཆེད་དུ་སྦྱངས། རྗེ་ཞཱ་དམར་བའི་ཞབས་ཕྱིར་ཐོག་ཅིག་བྱོན། སྐུ་ཡོན་སློབ་སྦྱངས་དང་དགེ་ཚུལ་གྱི་སྡོམ་པ་བཞེས་པ་སོགས་མཛད། ཚད་མའི་བསྡུས་རྐང་སོགས་ཐུགས་གཉེར་མཛད། མཁན་ཆེན་རྣམ་འཛོམས་ཕུན་ཚོགས་ལས་ཆོས་དྲུག་གསན་པས་གཏུམ་མོའི་བདེ་དྲོང་མི་རྟོགས་པ་སོགས་རང་ཤུགས་སུ་ཤར་བས་རྩ་རླུང་ལ་རང་དབང་ཐོབ། ཞི་ཁྲོའི་དབང་གི་དུས་སློབ་དཔོན་པདྨས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་མཚན་མ་ཐོབ། སྒྲ་ཚད་བཟོ་གསོ་སོགས་རིག་པོའི་གནས་ལྔ་ལ་ཤིན་ཏུ་མཁས་པས་པཎྜི་ཏའི་མཚན་གྱི་ཙོད་པན་དཔྱད། ཁྱད་པར་གསོ་ལ་མཁས་པས་སློབ་མའང་ཚེ་དབང་བརྟན་པ་སོགས་མཁས་པ་མང་དུ་བྱུང། གར་ཐིག་དབྱངས་རོལ་སོགས་ལའང་འགྲན་ཟླ་བྲལ་ཞིང་ཁྱད་པར་ཇ་ཕོར་ཞབས་རའི་རྒྱ་ཁྱོན་ཙམ་ལ་རྡུལ་ཚོན་གྱིས་དཀྱིལ་འཁོར་སྒོ་རྫོགས་ལྷ་ས་མཁས་པས་པིར་གྱིས་བྲིས་པས་ཀྱང་འགྲན་མི་ནུས་པ་དེ་འདྲ་ཕྱག་བྲིས་གནང་ནུས་ཏེ་རྫུ་འཕྲུལ་དུ་གོར་མ་ཆགས་གོ། གཞན་ཡང་ཕྲིན་ལས་རྣམ་པ་བཞི་ལ་མངའ་དབང་འབྱོར་བའི་ཚུལ་དང། ཟབ་མོའི་ཏིང་ངེ་འཛིན་གྱི་ཐུགས་རྒྱུད་ཡོངས་སུ་གཏམས་པས་ས་ལམ་མཐོན་པོར་གྱུར་པའི་ཡོན་ཏན་གྱི་ཕུང་པོ་གཞལ་དུ་མེད་པ་མངའ་བ་དེ་དག་རེ་རེ་ནས་(སྨད་ཆ།༣༣༦)བརྗོད་པས་མི་ལངས། གྲུབ་ཆེན་མེ་ལོང་གི་སྒྲུབ་གནས་སྐྱིད་སྐྱིད་ཕུག་ཏུ་ཕེབས་དུས་སྔོན་གྲུབ་ཆེན་དེ་ཉིད་དུ་སྐྱེ་བ་བཞེས་པའི་སྔོན་གནས་དྲན་པའི་མདོ་ལ་རྫོགས་ཆེན་སྣང་བ་བཞིའི་རྩལ་དེ་ཉིད་དུ་རྫོགས་ཏེ་གནས་གཞན་དུ་ལོ་བཅུ་གསུམ་སྒོམ་པས་བ་བོག་ཐོན་པ་ལ་དགའ་བ་བྱུང་གསུངས་པས་མཚན་ནོ། དེ་ནས་ཡང་རི་སྒར་བཏེག་ཁ་དྲག་ཏུ་ཕེབས་ནས་ཁ་དྲག་བདེ་ཆེན་ཐར་པ་གླིང་གི་གནས་སྒོ་གསར་ཕྱེས་གནང། དེ་ནས་འཕན་ཡུལ་རྒྱུད་ཟ་དམ་ཨོ་ཏན་རིར་ཕེབས་པས་དཔལ་ལྡན་ས་སྐྱ་བའི་གནས་དཔལ་ལྡན་ཚེ་གཟིགས་པས་གནས་གཟིགས་ལ་ཕེབས་པས་མགོན་བརྒྱད་ཀྱི་དག་སྣང་བྱུང་བ་བཞིན་སྒྲུབ་སྐོར་གེ་ཕེབ་པར་མ་ཚད། དེ་ནས་རིམ་པར་བྱང་གི་གནམ་མཚོར་ཕེབས་པས་དག་སྒང་སྦྲ་མི་སྙན་གྱི་ཚེ་སྒྲུབ་ཡང་དེ་སྐབས་བྱུང་བ་ཡིན་པར་སྣང། དེ་ནས་ཧོར་དང་བར་ཁམས་རྡོད་དོགས་ནས་དར་རྩེ་མདོ་བར་དུ་ཕེབས། དེ་དག་རྣམས་སུ་གདུལ་བྱ་མཆོག་དམན་བར་བའི་འགྲོ་བ་སོ་སོའ་མོས་བློ་དང་འཚམས་པའི་ཆོས་ཀྱི་བདུད་རྩིའི་ཕ་འབབ་ཅི་ཡང་བསྩལ་བས་ཐར་པ་མཆོག་ལ་རིམ་ གྱིས་སྦྱོར་བའི་བཀའ་དྲིན་དང། ཕྲིན་ལས་རྣམ་བཞིའི་བསྟན་འགྲོའི་དོན་རླབས་པོ་ཆེ་བསྒྲུབས་ཚུལ་མཐའ་པས་མཚོན། དེ་བཞིན་དུ་དེ་ཕྱོགས་ཀྱིས་ལུས་ཅན་རྣམས་ཀྱིས་རང་རང་གི་འཁོས་ལ་དཔག་པའི་འབུལ་ནོར་བསམ་གྱིས་མི་ཁྱབ་པ་བར་མ་ཆད་པར་གཏིབས་པས། གདུལ་བྱ་སོ་སོའི་རེ་བ་བསྐོངས་ནས་རིམ་གྱིས་ཆིབས་ཁ་བསྒྱུར། ལི་ཐང་ཕྱོགས་བརྒྱུད། མར་ཕེབས་དུས་(སྨད་ཆ།༣༣༧)ཟོམ་པོ་གནས་སུ་རྗེ་ཞཱ་དམར་པ་མཇལ་སྐབས་སྒར་དེའི་གྲཱ་རིག་རྣམས་དང་ཐུགས་མ་མཐུན་པར་མཐུན་སྦྱོར་ཞུས་པ་བཞིན་སྔར་ལུགས་སྐྱོང་བར་མ་ཚད་འདི་སྐབས་ཀྱང་མཇལ་པར་ཐུགས་སྦྲོ་གནང། དེ་སྐབས་ལི་ཐང་ཆོས་མཛད་ཤེ་སར་གདན་དྲངས། རྩིས་དང་མཐུ་ཟློག་སོགས་ཤི་སྒབ་ཚོད་པ་དགོས་ཚུལ་ཞུས་པ་ལྟར་གནང་བས་ལོ་ཉི་ཤུ་རྩ་གྲངས་བར་ལ་ཤི་ཆད་གང་ཡང་མ་བྱུང་བས། རྗེ་ཉིད་ཀྱི་གསུང་ལས། མཁས་པའི་དྲུང་དུ་མཁས་པར་སློབ། མཁས་པར་སྦྱངས་པས་མཁས་པར་ཤེས། མཁས་པར་མཁས་པའི་བྱ་བ་བྱས། མཁས་པའི་ལག་རྗེས་དེ་འདྲ་ཡིན། ཞེས་ཞལ་ཕོ་ཡང་མཛད། དེ་ནས་དབུས་ཕྱོགས་སུ་ཞབས་པད་བསྐྱོང། བར་ཁམས་རྣམས་ནས་གདུལ་བྱ་ཅི་རིགས་ཀྱི་དོན་མཛད་ནས་རིམ་གྱིས་གདན་སར་ཕེབས། ཞབས་དྲུང་ན་རོ་ལས་གཙོས་པའི་གཞི་བཞུགས་རྣམས་ལ་འབུལ་ཆེན་དང་གྲཱ་ཁག་ལ་མང་བགྱེད་སོགས་གང་རྒྱས་གནང་ནས་དགོངས་ཁྲོལ་ཞུས་ནས་སྒར་པ་རྩིས་སྦྲོད་མཛད། བསམ་ཡས་སུ་ཆོས་སྐྱོང་ཆེན་པོའི་གདན་དྲངས་པ་ལྟར་ཕེབས་པས་སློབ་དཔོན་པདྨ་དང་རྒྱལ་པོ་ཁྲི་སྲོང་གི་དུས་ལྷ་མི་དམ་ཚིག་བསྲེ་བ་སོགས་དགེ་བཤེས་ནས་ཨེ་དྲན་གསུངས་པ་བཞིན་དྲན་ཚུལ་གནང་བས་དེ་ཆུལ་ཆོས་སྐྱོང་ཉིད་ཀྱིས་ཀུང་གསུངས་ཤིང་ནང་རྟེན་རྣམས་ཀྱི་མཇལ་ཁ་དང་བཅས་དགྱེས་དཔེ་མེད་མཛད་ནས་ཕྲིན་ལས་སྒྲུབ་པའི་ཁས་བླངས་མཛད། དེ་ནས་སླར་ཡར་བར་ཁམས་ཕྱོགས་སུ་ཕེབས། རྡོང་ཟླ་དགོན། ནག་ཤོད་ཆོས་འཁོར་བྱམས་པ་གླིང་སོགས་སུ་ཞབས་པད་བསྐྱོད་ནས་བཀའ་བརྒྱད་སྒྲུབ་ཆེན་གཙོ་བོར་གྱུར་པའི་སྐྱེ་བདུན་མྱོང་གྲོལ་སྨན་སྒྲུབ་སོགས་དང་བཀའ་ཆོས་འཆད་སྦེལ་རྩ་རླུང་ཕྱག་(སྨད་ཆ།༣༣༨)ཆེན་སོགས་ཀྱིས་མཚོན་པའི་ཟབ་ཁྲི་དུ་མ་སྩལ་བ། འབྲི་གུང་དུ་སྐུ་མཆེད་ཐུགས་མ་མཐུན་པའི་མཐུན་སྒྲུབ་ལ་འཁྲུག་ཙམ་དང་སླར་ཁམས་སུ་ཕེབས་རིམ་གྱིས་སྦོ་བོ་ཕྱོགས་སུ་ཡང་ཕེབས་དེ་ཕྱོགས་ཀྱི་མི་ཆེན་བླ་མ་དཔོན་སྡེ་དགོན་ཐམས་ཅད་ཀྱིས་དབང་སོགས་གསན། རྨ་བསྐུང་ལུང་གི་གནས་གཟིགས་ལ་ཕེབས་གནས་དེར་ངོ་མཚར་ཅན་གྱི་མཚོ་དུ་མ་དང་ཁྱད་པར་མཁའ་འགྲོའི་ཁྲུས་རྫིང་མ་མ་ཏིང་ཟེར་བ་ཁའི་ས་དང་(སྨད་ཆ།་ཤིང་ལས་ཆུའི་རྐང་གང་ཙམ་མཐོ་ཡང་ཚུར་ཕྱིར་མི་ལུད་པ་ཞིག་ཡོད་ཚུལ་གསུངས་གསུངས་འདུག་པ་བཞིན་དངོས་གནས་སའང་ཡོད་ལ་ཡིན་འདུག། གཞན་ཡང་ངོ་མཚར་བའི་གཟིགས་སྣང་མང་པོ་གཏན་ལ་ཕེབས་ཏེ་དགྱེས་པའི་གཟིགས་མོར་བསྟར། སླར་རྡོང་སོགས་བརྒྱུད་ནས་འབྲི་གུང་དུ་ཕེབས། དེ་སྐབས་རྩ་རིར་གནས་གཟིགས་ལ་ཕེབས་ནས་འབྲི་གུང་དུ་ཕེབས། དེ་སྐབས་རྩ་རིར་གནས་གཟིགས་ལ་ཕེབས་ཞོར་སྦོལ་པོར་ཕེབས་ཞབས་དྲུང་ནོར་བུ་རྒྱན་པའི་དྲུང་ནས་ཆོས་བཀའ་འགའ་ཞིག་གསན་རྩ་རིར་ཕེབས། བྱ་ཁྱུང་པ་རྒྱལ་དབང་བསྟན་འཛིན་དང་མཇལ་བླ་མ་དགོངས་འདུས་ཆོས་སྐོར་རྣམས་གསན་དོགས་གནང་ཞིང། སླར་འབྲི་གུང་དུ་སྦྱན་དྲངས་ནས་ཆོས་བཀའ་རྫོགས་པར་གསན། རྗེ་ནོར་བུ་རྒྱན་པའང་ནཱ་རོ་པའི་དགོངས་རྫོགས་ཀྱི་ཚོགས་དབུར་གདན་དྲངས་དྲག་སྔགས་རྡོ་རྗེ་གཙུག་ལག་སོགས་ཆོས་མང་དུ་གསན། དེ་སྐབས་ནཱ་རོ་པ་སོག་གདན་དྲངས་པ་སོགས་སྐྱོན་ཆེར་བྱུང་བར་གཙང་སྡེ་སྲིད་ནས་རྗེ་འདི་གདན་སར་དབང་བཀུར་ཕུལ་བ་བཞིན་གོང་མའི་དགོངས་རྫོགས་དང་རྟེན་བཞེངས་དང་ཆོས་སྲིད་ཀྱི་མཛད་དགོས་ལྟར་ཆགས་ཐམས་ཅད་ཕྱག་ཏུ་བཀལ། དེ་སྐབས་(སྨད་ཆ།༣༣༩)ཞབས་དྲུང་གདུང་འཛིན་པའང་གཤེགས་པས་་གླིང་བསྟོས་བཅས་རྣམས་ཀྱིས་གསོལ་བ་བཏབ་བཞིན། གཙང་ནས་ལྕམ་དྲུང་དཔོན་སར་ཕེབས་པར་བཀའ་ཆོས་ཉམས་ཁྲིད་སོགས་ཀྱིས་ཐུགས་བརྒྱུད་སྨིན་པར་མཛད། འོན་ཀྱང་དོན་དེའི་རེ་འབྲས་ནམ་མཁའི་མེ་ཏོག་ལྟར་གྱུར་པ་གཟིགས་པས་སླར་ཡང་བསྙེན་པར་རྫོགས་པའི་བཀའ་དྲིན་བསྐྱངས། སྐབས་ཤིག་བླ་སྒྲུབ་ཁྱད་འཕགས་ཤིག་གི་དང་སྣང་བྱུང་བའང་ཡི་གེར་ཕོབ་པ་དང་ཁ་སྐོང་གསུང་རྩོམ་ཀྱང་མཛད། གཞན་ཡང་གཤེན་རྗེ་ཚེ་བདག་ལོ

ི། ནཱ་ག་རཀྵ། ཁྲོ་ཆུ་སོགས་ཀྱི་སྒྲུབ་པ་མཛད་པ་དང་ཟལ་གཟིགས་ལུང་བསྟན་རྗེས་སུ་གནང་བ་བྱུང་ཚུལ་སོགས་ནི་བརྗོད་ཀྱིས་མི་ལངས་ཏེ་འཇམ་དཔལ་ཚེ་བདག་སྒྲུབ་ཐེངས་གཅིག་ལ་ལན་ལྔ་ཞལ་གཟིགས་པ་དང་ལན་གསུམ་གཉིས་ལན་རེ་གཟིགས་པ་སོགས་ནི་བརྗོད་ཀྱིས་མི་ལངས་ཏེ་འཇམ་དཔལ་ཚེ་བདག་སྒྲུབ་ཐེངས་གཅིག་ལ་ལན་ལྔ་ཞལ་གཟིགས་པ་དང་ལན་གསུམ་གཉིས་ལན་རེ་གཟིགས་པ་སོགས་མཐའ་ཡས། དེ་དག་གི་ཡིག་ཆ་དགོངས་གཏེར་གསུང་རྩོམ་ཀྱང་མང་དུ་མཛད། སྦྱིར་ཡང་ཡི་དམ་གཞན་ཞིག་ཐུགས་ལ་དྲན་པ་ཙམ་གྱི་དངོས་སུ་གཟིགས་པ་དང་ཡང་ཡི་དམ་གཞན་ཞིག་ཐུགས་ལ་མཛད་ན་དེ་ཡང་དེར་འགྱུར་འགྲོ་བ་སོགས་ཡོད་གསུངས། འདི་ཙམ་ཞིག་ནས་རྒྱལ་པོ་མཆོད་ཡིན་གྱིས་དཔུང་གིས་དབུས་གཙང་ཐམས་ཅད་ཆབ་འོག་ཏུ་བསྡུས་པས། འབྲི་གུང་ཕྱོགས་ལས་ཟིང་ཆ་ཅུང་ཟད་བྱུང། དེ་ནས་རྒྱལ་པོ་མཆོད་ཡོན་གྱིས་ལྔ་པ་རིན་པོ་ཆེར་ཆབ་སྲིད་ཕུལ་བས་བདེ་འཇགས་ཐོག་མཆོད་ཡོན་རྒྱལ་དུ་ཆིབས་ཁ་བསྒྱུར་བ་མལ་འདྲོར་མཇལ་དུ་ཕེབས་པས་བཀུར་བཟོས་གང་ཆེ་གནང། དེ་ནས་བཟུང་གོང་ས་ཐམས་ཅད་མཁྱེན་པ་ཆེན་པོས་ཆོས་བཀའ་སྦྱི་དང་བཀའ་བརྒྱད་ལོ

ི་ཡང་ཟློག་ཚེ་བདག་སོགས་ཀྱི་ཟབ་གནད་ཐམས་ཅད་སྙེན་བརྒྱུད་དུ་གསན་ཏེ་བཀའ་འདྲི་(སྨད་ཆ།༣༤༠)དོགས་གཅོད་གནང་ཞིང། ལྷ་སར་ལན་མང་ཕེབས་པའི་ཚེ་ནམ་ཡང་བཀུར་བཟོས་དར་རྩེ་སྦྲོད་དབུ་ཐུག་སོགས་གནང། མན་ངག་ལག་ལེན་དུ་མའི་བཀའ་འདྲི་དངོས་དང་ཆབ་ཤོག་གི་ལམ་ནས་སྩལ་བ་དག་ལ་ཚེ་བདག་གི་གཙེས་པའི་འཁོར་ལོ་བཅུ་གསུམ་གྱི་ལས་ལན་གསལ་བྱེད་རྡོ་རྗེ་བར་བའི་མཚོན་རྣོན་སོགས་ལན་དཔྱིས་ཕྱིན་པ་ཕུལ་བས་དགྱེས་རྩེར་སོན། ཆབ་ཤོག་ལྟ་བུར་ཡང་རིག་འཛིན་ཡོངས་ཀྱི་གཙུག་རྒྱན་དམ་པ་སོགས་ཀྱི་ཆེ་བཀུར་བསམ་གྱིས་མི་ཁྱབ་མཛད། འདི་སྐབས་སད་སྲུང་མཛད་པས་སད་རྡིའུ་ལས་ཁྲག་དངོས་སུ་བབས་པ་བྱུང་འདུག། གཞན་ཡང་གསུང་སྦྲུལ་ཚུལ་ཁྲིམས་རྡོ་རྗེ་ལས་འདུས་པ་མདོ་དབང། རྙིང་རྒྱུད་སོགས་གསན། སླར་ཡང་ལན་གཅིག་ཕེབས་པར་བཀའ་ཆོས་ཕར་འབུལ་ཚུར་གསན་མཛད། རིག་འཛིན་འཇའ་ཚོན་སྙིང་པ་བྲག་ཁ་བརྒྱུད་ཕེབས་པས་ཁོང་གི་གཏེར་ཆོས་རྣམས་ཀྱང་གསན། དངུལ་གྱི་ཚོ་འཕྲུལ་མཆོད་རྟེན་གསེར་དངུས་གྱིས་བཀའ་འགྱུར་བྲི་བ་སོགས་རྟེན་བཞེངས་རྒྱ་ཆེ་ཅིང་མང་མཛད། དེ་སྐབས་རྗེ་དཀོན་མཆོག་རརྣ་ཞིང་གཟིགས་པའི་དགོངས་རྫོགས་སོགས་བསྒྲུབས། སྟག་ལུང་ཞབས་དྲུང་བཀྲ་ཤིས་དཔལ་གྲུབ་ཕེབས་པར་ཆོས་གསན་རེས་སོགས་ལེགས་ལམ་གིང་འཕེལ་གནང། བཀའ་ཆས་འཆད་སྦེལ་ཀྱང་བཀའ་འགྱུར་རོ་ཅིག་གི་ཀླགས་ལུང་ཚར་གཉིས། རྗེ་ཉིད་ཀྱི་བཀའ་འབུམ་སྐོར་རྙིང་མ་བཀའ་གཏེར། གསར་རྙིང་གི་ཟབ་ཁྲིད་དུ་མ་དང། རྒྱལ་བ་འབྲི་གུང་པའི་ཟབ་ཆོས་སོགས་ཀྱིས་མཚོན་པའི་ཆོས་འཁོར་སྔ་ཕྱིར་ལན་མང་དང། དགེ་ཚུལ་སློང་གི་མཁན་པོ་མཛད་པ་སོགས་གྲངས་ལས་འདས། མངོན་པར་ཤེས་པ་ཕྱོགས་མེད་ཤར་བས་ལྐོག་འགྱུར་མཐའ་དག་སྒྲིབ་མེ་དུ་(སྨད་ཆ།༣༤༡)གཟིགས། དེ་སྐབས་རྗེ་དཀོན་མཆོག་རརྣའི་ཡང་སྲིད་ལོང་པོར་འཁྲུངས་པ་གདན་དྲངས་གཙུག་ཕུད་བཞེས་ནས་བསྙེན་བཀུར་ཕུལ། རྗེ་འདི་དྲག་པོ་མངོན་དྲངས་གཙུག་ཕུད་བཞེས་ནས་བསྙེན་བ་ཀུར་ཕུལ། རྗེ་འདི་དྲག་པོ་མངོན་སྦྱོད་ཀྱི་ལས་བཀའ་བབས་པས་མི་དང་མི་མ་ཡིན་གདུག་པ་ཅན་མང་པོ་ཚར་གཅོད་པའི་ཚུལ་ཡང་བརྗོད་པའི་ཡུལ་ལས་འདས་པ་མཆིས་སོ་དེ་ལྟར་ཕྲིན་ལས་པ་བཞིའི་སྒོ་ནས་བསྟན་པ་དང་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་མཛད་ནས་དགུང་ལོ་རེ་ལྔ་པ་ལ་རེ་ཞིག་གཟུགས་སྐུའི་བཀོད་པ་བསྡུས་ནས་ཆོས་བསྟན་པར་གྱུར་ཏོ། དེའི་ཚེ་ཟེའུ་འབྲུའི་ཕྲེང་བ་དང་ལྡན་པའི་མེ་ཏོག་གི་ཆར་དང་ཁ་དོག་སྣང་ཚོགས་པའི་འོད་ཀྱི་དྲ་བས་མཛེས་པར་གྱུར་ཅིང། གདུང་ཞུགས་འབུལ་བགྱིས་པས་རིང་བསྲེལ་གྱི་ཕུང་པོར་གྱུར་ཏོ། དགོངས་རྫོགས་མཆོད་སྦྲིན་ཕྱི་ནང་གི་རྟེན་བཞེངས་སོགས་མཛད་པ་སྣང་གསལ་བ་དཀོན་མཆོག་རྒྱལ་མཚན་སོགས་ཞབས་འབྲིང་རྣམས་ཀྱིས་ལེགས་པར་གྲུབ་པར་མཛད་དོ། སྦྲུལ་པའི་སྐུ་དཀོན་མཆོག་ཕྲིན་ལས་བཟང་པོ་ནི། ལོང་པོ་གླང་གྲོང་དཀྱིལ་དུ་ཁྲིམ་ཚང་ཤད་པ་ཞེས་པར། ཡབ་ལྷ་རྒྱས་དང་ཡུལ་རྡོ་རྗེ་རྒྱལ་མོ་ཞེས་པ་གཉིས་ཀྱི་སྲས་སུ་མེ་ཕོ་སྦྲེ་ལོར་འཁྲུངས། ཞབས་དྲུང་དཀོན་མཆོག་རརྣའི་ཡང་སྲིད་དུ་འཁྲུལ་མེད་ངེས་འདྲོངས་བྱུང་བ་ལ་བརྟེན། འབྲི་གུང་ཙེ་བ་གཞིས་ཀར་གདན་དྲངས། རིག་འཛིན་ཆོས་ཀྱི་གྲགས་པར་གཙུག་ཕུད་ཕུལ་བས་མཚན་དཀོན་མཆོག་ཕྲིན་ལས་བཟང་པོར་གསོལ། དབང་དང་བཀའ་ཆོས་དུ་མ་བསྩལ་ནས་སྨིན་གྲོལ་གྱི་གསོལ་ཐེབས་པར་མཛད། ཐུགས་སྦྱངས་གསན་བསམ་མཐར་ཕྱིན་མཛད་པས་ཤེས་བྱང་ཕྲ་རགས་ཐམས་(སྨད་ཆ།༣༤༢)ཅད་དང་ཁྱད་པར་སྨན་དཔྱད་ལ་མཁས། གོང་ས་མཆོག་དང་རྗེ་གོང་མའི་ཞལ་སློབ་བླ་ཆེན་རྣམས་ལས་བཀའ་ཆོས་རྫོགས་པར་གསན། རྗེ་རིག་པ་འཛིན་གཤེགས་རྗེས་གདན་ས་ཆེན་པོར་ཆེ་འདོན་ཕུལ། བསྐྱེད་རྫོགས་ཀྱི་ཉམས་བཞེས་ཟབ་མོ་ཐུགས་ཉམས་སུ་བསྟར་བས་གྲུབ་པའི་རྟགས་མཚན་ཇི་རྙེད་མངོན་སྣང་དུ་གྱུར། ལྷག་པའི་ལྷ་དུ་མའི་ཞལ་གཟིགས། ལྐོག་གྱུར་ཐམས་ཅད་གྲིབ་མེད་དུ་གཟིགས་པའི་མངོན་པར་ཤེས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ། རྡོ་རྗེ་ཆོས་སྐྱོང་རྣམས་བྲན་དང་གཡོག་ཏུ་བཀོལ་ནུས་པས་ཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་དབང་འབྱོར། བཀའ་ཆོས་འཆད་སྦེལ་དང་བཤད་སྒྲུབ་སྐྱོང་བས་རྗེ་གོང་མ་རྣམས་ཀྱི་ཕྲིན་ལས་ཀྱི་རྒྱུན་ནུབ་པ་མེད་པར་རྒྱས་པར་མཛད། ཁྱར་པར་རྗེ་རིག་འཛིན་ཆོས་ཀྱི་གྲགས་པའི་སྦྲུལ་པའི་སྐུ་འཇང་ས་ཐམ་གྱི་རྒྱལ་པོའི་སྲས་སུ་འཁྲུངས་པ་ཆོས་སྐྱོང་ལས་ལ་བཀོལ་བའི་རྫུ་འཕྲུལ་རྨད་དུ་བྱུང་བས་ངོས་འཛིན་དང་རིམ་པར་དཀའ་ཚོགས་ཆེན་པོའི་བླུས་མ་བསམ་གྱིས་མི་ཁྱབ་པར་ཕུལ་ནས་བོད་ཡུལ་དུ་སྦྱན་དྲངས། གདན་ས་ཆེན་པོར་ཡོངས་ཀྱི་འདྲེན་པ་མངའ་གསོལ་ནས་ཁྲི་འདོན་སོགས་ལེགས་ལམ་གོང་འཕེལ་མཛད། ཁྱད་པར་དུ་སྨིན་གྲོལ་གྱི་བདུད་རྩི་བསམ་གྱིས་མི་ཁྱབ་པས་ཐུགས་བརྒྱུད་ཡོངས་སུ་བལྟམས་པའི་མཛད་པ་བསྐྱངས། རྗེ་འདིས་དུས་གསུམ་སྒྲུབ་མེད་དུ་གཟིགས་པས་ཞལ་སློབ་འགའ་ཞིག་བར་འཆད་ངན་པས་ལོག་ལམ་དུ་འགྲོ་བར་ཉེ་བ་ན་ཞལ་དངོས་སུ་སྟོན་པ་དང། རྫུ་འཕྲུལ་གྱིས་བར་ཆད་དེ་ལས་ཟློག་པར་མཛད་པའི་ལོ་རྒྱུས་མང་དུ་ཡོད། དེ་ལྟ་བུས་ཕྲིན་ལས་རྣམ་པ་བཞིས་བསྟན་འགྲོའི་(སྨད་ཆ།༣༤༣)དོན་ཡུན་རིང་དུ་སྒྲུབ་པར་མཛད་ནས་ཞི་བ་ཆེན་པོར་གཤེངས་ཞེས་གྲགས་སོ། སྦྲུལ་པའི་སྐུ་རིན་པོ་ཆེ་དོན་གྲུབ་ཆོས་ཀྱི་རྒྱལ་པོ་ནི། འཇང་ས་ཐམ་ཀྱི་ཡུལ་དུ་འཁྲུངས། རྗེ་དཀོན་མཆོག་ཕྲིན་ལས་བཟང་པོས་ཐུགས་དམ་བརྟག་པ་དང་རྗེས་སུ་མཐུན་པའི་གོང་མའི་ཡང་སྲིད་དུ་བརྙེད་ནས། རིམ་གྱིས་གདན་སར་གདན་དྲངས། གོང་མའི་དུས་ཀྱི་ནག་ཆགས་སད་ལས་སྔོན་གནས་རྗེས་དྲན་དུ་མ་དང། ཁྱད་པར་ལྷ་དྲག་པོའི་བསྐྱེད་རིམ་ལ་སྒོམ་པའི་རྒྱུ་མཐུན་ལས་ཡིན་པར་གྲགས་ཏེ་སྐུ་གཟུགས་ཀྱང་གཞན་སུས་ཀྱང་འགྲན་པར་མི་ནུས་ཤིང་ལྟར་མི་བཟོད་པའི་གཟི་བརྗེད་མཚུངས་པ་མེད་པ་དང་ལྡན་ཞིང་གསུང་ཡང་ཚངས་པའི་དབྱངས་ལ་འགྲན་བཟོད་པ་སོགས་ངོ་མཚར་དུ་མ་དང་ལྡན་པར་བཞུགས། བསྐྱེད་རྫོགས་སྨིན་གྲོལ་ངང་ལས་རབ་འབྱམས་ཐམས་ཅད་ལ་མངའ་དབང་འབྱོར་བའི་མཁྱེན་རྟོགས་ཀྱི་རྩལ་རྫོགས། མཁས་པ་དང་གྲུབ་པའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་མངའ། གསང་སྔགས་གསར་རྙིང་གིས་གཅོས་པའི་བཀའ་ཆོས་འཆད་སྦེལ་དང་ཕྲིན་ལས་རྣམ་བཞིའི་ལས་ཕྲན་སྒྲུབ་པ་ལའང་ཐོགས་པ་མི་མངའ་ཞིང། གདོན་དྲག་པོས་ཉེན་པ་འགའ་ཞིག་ལ་ཞལ་ཆབ་དང་སྲུང་མདུད་བྱིན་རླབས་ཙམ་གྱིས་གདོན་ཅན་དེ་དག་ནད་གདོན་ལས་གྲོལ་བ་དང། ཟང་ཟིང་གི་དངོས་རྫས་ཕྱག་ཏུ་བྱུང་རིགས་ཀྱང་དཀོན་མཆོག་གི་རྟེན་བཞེངས་སོགས་རྣམ་དཀར་གྱི་ཕྱོགས་སུ་གཏོད་བ་ལས་སྲི་ཚག་དང་བར་མ་དོར་ཆུད་གསན་པ་མི་མཛད། ཡང་རི་སྒར་དུ་རྟེན་གསུམ་དཀྱིལ་འཁོར་གྱི་སློས་བསླང་སོགས་བསམ་གྱིས་མི་ཁྱབ་པ་བཞེངས་པར་མཛད་ཅིང། དེའང་དངོས་གཙང་(སྨད་ཆ།༣༤༤)པའི་དཔེར་འོས་པ་ཤ་སྟག་བཞུགས། འཕྲལ་དུ་ཐུགས་གཏུམ་པ་ལྟར་སྣང་ཡང་ཕུགས་བྱང་ཆུབ་ཀྱི་ཐུགས་འབྱོངས་པའི་རྒྱལ་བའི་སྲས་ཀྱི་སྦྲོད་པ་རླབས་པོ་ཆེས་བསྟན་འགྲོའི་དོན་ལ་ནམ་ཡང་གཡེལ་བ་མི་མངའ། རྗེ་འདི་འཇམ་མགོན་སི་ཏུ་རིན་པོ་ཆེ་ལ་ཚེ་བདག་ལྕགས་དང་སྡིག། ཡང་ཟློག་སྐོར་སོགས་བསྩལ་ཞིང། ཚུར་ཡང་སྒྲུབ་བབས་རིན་འབྱུང་སྐོར་གསན། མངོན་པར་ཤེས་པར་ཕྱོགས་མེད་དུ་ཤར་བས་ལྐོག་གྱུར་བླང་དོར་སྦྱི་དང་ཁྱད་པར་རེ་གོང་མ་དཀོན་མཆོག་ཕྲིན་ལས་བཟང་པོའི་ཡང་སྲིད་ཀོང་པོ་སྡེ་པ་ཨེ་རོང་པའི་སྲས་སུ་འཁྲུངས་པ་ལ། མཛོད་པས་སྟབས་ཉེས་ཀྱིས་སྦྲུལ་སྐུ་གཞན་ཞིག་དང་ནོར་བའི་ཟློག་གཞི་བྱུང་བར། རྗེ་འདིས་ཐག་ཆོད་ཀྱི་གསུང་སྩལ་བ་ཐོག་ཏུ་ཁེལ་བ་སོགས་མཐའ་ཡས། སྦྲུལ་པའི་སྐུ་གདན་སར་སྦྱན་དྲངས་ནས་ཁྲི་འདོན་བཀའ་ཆོས་འབུལ་བ་སོགས་མཛད་ཕྲིན་མཐའ་རྒྱས་སུ་བསྐྱངས་པའི་བཀའ་དྲིན་བསྩལ་ནས་མྱ་ངན་ལས་འདས་པ་མཆོག་གིས་མཛད་པས་ལུས་ཅན་རྣམས་ཐར་ལམ་བླ་ན་མེད་པའི་གོ་འཕང་ལ་སྦྱོར་བར་མཛད་པར་གྱུར་ཏོ། སྦྲུལ་པའི་སྐུ་དཀོན་མཆོག་བསྟན་འཛིན་འགྲོ་འདུལ་ནི། ཤར་ཕྱོགས་ཀོང་པོའི་ཡུལ་གྱི་བྱེ་བྲག་འོར་ཤོད་མཆིམས་ཀྱི་གང་ས་སྐྱ་བོ་དང་ཉེ་བར་སྡེ་པ་ཨ་རོང་པའི་སྲས་སུ་འཁྲུངས། རྗེ་མཆོག་སྦྲུལ་རིན་པོ་ཆེའི་གསང་ལུང་དང་མཐུན་པར་ཇོ་བོའི་མདུན་དུ་བརྟག་སྒྲིལ་བགྱིས་པ་དག་གསུང་བརྟག་ཕལ་ཆེར་མཐུས་པར་ངོས་འཛིན་ཕུལ་བའང་ངེས་འབྲོངས་བྱུང་བ་བཅས་འཁྲུངས་མེད་དུ་ཐག་བཅད་དེ་འབྲི་གུང་དུ་སྦྱན་དྲངས། ཆོས་ཀྱི་མངོན་པར་མཐོ་བའི་ཁྲི་ལ་ཞབས་པད་བཀོད་ནས་ལེགས་ལམ་གྱི་སྣང་(སྨད་ཆ།༣༤༥)བ་དགུང་ཟླའི་དཔེར་འོས་པ་མཛད། ཐུགས་གཉེར་སློབ་སྦྱོང་གནང་བས་མཁས་པའི་དཔེར་སོན། དོན་གྲུབ་ཆོས་ཀྱི་རྒྱལ་པོའི་སྐུ་ཞབས་ནས་གསན་བསམ་མཐར་ཕྱིན་པ་དང་བཀའ་ཆོས་ཐམས་ཅད་བུམ་པ་གང་སྦྱོར་གསན། ཐུགས་དམ་གྱི་རྟོགས་པ་ཀློང་དུ་གྱུར། མཆོག་སྦྲུལ་རིན་པོ་ཆེ་གཤེགས་ནས་གདན་སའི་ཁུར་བཞེས་མཛད་ནས་ལུགས་གཉིས་ཀྱི་ཕྲིན་ལས་བསྐྱངས། མཆོག་སྦྲུལ་རིན་པོ་ཆེ་འཇང་ཡུལ་དུ་སྐུ་འཁྲུངས་པ་གདན་དྲངས་ནས་གདན་སར་ཆེ་འདོན་སོགས་ཕུལ། བཀའ་ཆོས་འཆད་སྦེལ་སོགས་སྔོན་སྲོལ་བཟང་པོའི་ཕྲིན་ལས་ཀྱི་རྒྱུན་ཉམས་པ་མེ་དཔ་གོང་འཕེལ་དུ་སྐྱོང་བར་མཛད་པ་ཡིན་ནོ། མཆོག་གི་སྦྲུལ་སྐུ་རིན་པོ་ཆེ་དཀོན་མཆོག་བསྟན་འཛིན་ཆོས་ཀྱི་ཉི་མ་ནི། འཇང་གི་ཡུལ་དུ་འཁྲུངས། སྦྲུལ་པའི་སྐུ་དཀོན་མཆོག་བསྟན་འཛིན་འགྲོ་འདུལ་གྱི། རྗེ་གོང་མ་དེ་ཉིད་ཀྱི་ཞལ་ཆེམས་དང། བླ་མ་ལྟར་བཅས་ཀྱིས་གསུང་བརྟག་སོགས་སྒོ་བསྟུན་པའི་ས་ཕྱོགས་དེར་སྔ་ཕྱིར་རྩད་གཅོད་གནང་བ་ཐོག་ཏུ་ཁེལ་བ་ལ་བརྟེན་སྦྱན་འདྲེན་པར་བཏང་ཞིང། དཔལ་སྦུངས་ནས་ཀུན་མཁྱེན་སི་ཏུ་རིན་པོ་ཆེས་ཀྱང་ཞབས་ཕྱིའི་མཐུན་འགྱུར་ཕུལ་ནས་རིམ་པར་སྦྱན་དྲངས་སྡེ་དགེ་ཁོག་རྒྱུད་དཔལ་སྦུངས་དུའང་ཅུང་ཟད་བཞུགས། དེ་ནས་འབྲི་གུང་ནས་ཆེ་བགྲེས་རྣམས་སྦྱན་འདྲེན་དུ་ཕེབས་པ་དང་ཞབས་པད་བསྐྱོད་དེ་དབུས་ལྗོངས་སུ་ཆིབས་ཁ་བསྒྱུར། སྡེ་དགེ་ས་དབང་ལྕམ་དྲལ་ནས་བསྙེན་བཀུར་འབུལ་དོན་རྒྱ་ཆེར་ཕུལ། རིམ་གྱིས་གདན་སར་ཕེབས། དཀོན་མཆོག་བསྟན་འཛིན་འགྲོ་འདུལ་གྱིས་གཙུག་ཕུད་བཞེས་ནས་མཚན་དཀོན་མཆོག་བསྟན་འཛིན་ཆོས་ཀྱི་ཉི་མ་(སྨད་ཆ།༣༤༦)ཞེས་པ་གསོལ་ནས་གོང་མའི་ཁྲི་ལ་མངའ་གསོལ་ཕུལ། ཐུགས་རིགས་རྩལ་ཆེ་བས་ཤེས་བྱ་ཕྲ་རགས་དང་ཕྱི་ནང་གི་རིག་པ་ཐམས་ཅད་ཐུགས་སུ་ཆུད། བསྐྱེད་རྫོགས་ཟབ་མོའི་ཉམས་བཞེས་གནང་བས་གྲུབ་པའི་མཚན་རྟགས་ཡ་མཚན་ཅན་མང་པོ་མངོན་དུ་གྱུར། འགྲོ་ཕན་གྱི་ཕྲིན་ལས་སྐྱོང་བ་ལ་དང། བཀའ་བརྒྱད་སྨན་སྒྲུབ་སྒྲུབ་ཆེན་སོགས་ཀྱི་ཕྲིན་ལས་རྒྱ་ཆེར་སྦེལ། ཁྱད་པར་ཟབ་གསང་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱིས་དགའ་སྟོན་བསྩལ་བས་སྐལ་ལྡན་མང་པོ་སྐུ་གསུམ་གྱི་གོ་འཕང་ལ་བཀྲ་ཤིས་པའི་བཀའ་དྲིན་བསྐྱངས། རིག་འཛིན་ཆོས་ཀྱི་གྲགས་པའི་ཐུགས་ཀྱི་བག་ཆགས་སད་པས་སྔགས་རྙིང་མ་ལ་ཐུགས་མོས་ལྷག་པར་ཆེ་ཞིང། དྲང་སྲིང་ལ་

ི་སོགས་ལ་ཡིག་ཆའང་འགའ་ཞིག་མཛད་པར་སྣང། སྦྲུལ་སྐུ་གོང་མ་བདེ་བར་གཤེགས་ནས་ཆོས་སྲིད་ཀྱི་བྱ་གཞག་སྦྱི་དང་ཁྱད་པར་གོང་མའི་ཡང་སྲིད་ཁྲིར་འདོན་པ་སོགས་ལུགས་གཉིས་ཀྱི་ཕྲིན་ལས་རྒྱ་ཆེར་སྦེལ་ནས་རེ་ཞིག་འོག་མིན་པདྨོ་བཀོད་པའི་ཞིང་དུ་གཤེགས་སོ། བསྟན་འཛིན་པདྨའི་རྒྱལ་མཚན་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེ་ནི། ཀོང་ཡུལ་ལྗོན་པའི་ཚལ་གྱི་བྱེ་བྲག་ཉང་ཁ་གཞུང་དུ། ཡབ་ཉང་གི་རིགས་ལས་སྔགས་འཆང་དུ་གྲགས་པའི་སྲས་སུ་སྐྱེས་བ་བཞེས་པར་མཛད། འབྲི་གུང་ཟུར་པའི་ཡང་སྲིད་དུ་ངེས་པའི་ཐུགས་ཐག་ཆོད་པས་གདན་སར་རིམ་གྱི་ཞབས་པད་བསྐྱོད་ནས་ཁྲི་སྟོན་སོགས་བཞེས། དཀོན་མཆོག་ཆོས་ཀྱི་ཉི་མའི་དྲུང་ནས་ཡོངས་རྫོགས་དགེ་བསྙེན་ནས་བཟུང་བཀའ་ཆོས་ཐམས་(སྨད་ཆ།༣༤༧)ཅད་གསན་བསམ་རྫོགས་པར་མཛད། འབྲི་གུང་པའི་སྔར་སྲོལ་བཟུང་པོའི་མཛད་ཕྲིན་གོང་འཕེལ་དུ་བསྐྱངས་ཤིང། ཁྱད་པར་མཆོག་གི་སྦྲུལ་པའི་སྐུ་རིན་པོ་ཆེ་གདན་ས་སྦྱན་དྲངས་ནས་ཁྲི་འདོན་སོགས་ཀྱི་ལེགས་ཚོགས་གོང་འཕེལ་གནང་བ་སོགས་མཛད་ནས། ད་ལྟའང་འཚོ་ཞིང་གཞེས་པས་བསྟན་འགྲོའི་ལེགས་བྱས་ཀྱི་དཔལ་དུ་འབར་བ་འདིའི། མཆོག་སྦྲུལ་རིན་པོ་ཆེ་རྒྱལ་སྲས་གཇིགས་མེད་ཉིན་བྱེད་འོད་ཟེར་ནི། རྗེ་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ་དང་ཀུན་གཟིགས་ཤྟན་པུ་རི་པ་བླ་སློབ་ཏུ་འབྲེལ་བའི་རྟེན་འབྱུང་གིས་བསྐུལ་ཏེ། དེ་ཡང་ཡུལ་དབུས་གཡོ་རུ་ལྷོ་རྒྱུད་ཀྱི་ཕྱོགས་ཡར་ལུང་འཕྱོངས་རྒྱས་སྲོང་བཙན་བང་སོ་དང་ཉེ་བའི་དོན་མཁར་ཚེ་རིང་ལྗོངས་པདྨ་འོད་གླིང་དུ། ཡབ་ཀུན་མཁྱེན་འཇིག་མེད་གླིང་པ་ཞེས་སམ་རྗོགས་ཆེན་པ་རང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་ཞེས་གྲུབ་པའི་དཔའ་བོ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་དང། ཡུམ་སྡེ་པ་སུ་ཤུང་ནས་ཀྱི་ལྕམ་དྲུང་གི་སྲས་སུ་སྐུ་བལྟམས་ཏེ། གསུང་ངག་བྱེ་བ་ནས་སྔོན་གྱི་གནས་ཐམས་ཅད་གསུངས་པ་དང་ངོས་འཛིན་ཕུལ་བ་རྣམས་ཀྱང་འཁྲུལ་མེད་བྱུང་བ་སོགས་ཀྱི་རྒྱུས་གདན་ས་ཆེན་པོ་དཔལ་འབྲི་གུང་དུ་གདན་དྲངས། ཆོས་ཀྱི་ཁྲི་སེང་གེས་བརྒྱན་པར་ཞབས་ཀྱི་པདྨ་བཀོད་དེ་ལྷ་དང་བཅས་པའི་འཇིག་རྟེན་གྱི་འདྲེན་པར་མངའ་གསོལ། ཡབ་གྲུབ་པའི་དབང་པོ་བསྟན་པ་ཡོངས་རྫོགས་གྱི་ལམ་རྨད་དུ་བྱུང་བ་འདུས་པ་མདོ་ཡི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ནས་ཐུགས་རྒྱུད་ལ་སྦང་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་དུ་མ་དང་སྐུ་བཞིའི་ས་བོན་གསོས་ཐེབས་པར་མཛད། རྫོགས་པར་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་གདམས་པ་ཟབ་མོས་སྨིན་(སྨད་ཆ།༣༤༨)དང་གྲོལ་བའི་དགའ་སྟོན་བསྩལ་ནས། གོ་འཕང་མཐོན་པོར་འགོད་པར་མཛད་པས། ད་ལྟ་བསྟན་འགྲོའི་དཔལ་དུ་ཞབས་པད་མི་ཤིག་རྡོ་རྗེ་གཡུང་དྲུང་གི་ཁམས་སུ་འཁྱིལ་བ་ཉིད་སླར་ཡང་བྱམས་ཆེན་ཆོས་ཀྱི་རྔ་ཆེན་མ་སྒྲག་གི་བར་དུ་བརྟན་པ་གོར་མ་ཆགས་སོ། དེ་དག་ནི་དབུས་ཕྱོགས་ཀྱི་ཆོས་སྡེ་རིགས་པ་ཙམ་ཞིག་སྟེ་ཕྲན་བུ་ནི་བརྗོད་པར་མི་ལངས་སོ། གཞན་ཡང་དཔལ་སྟག་ལུང་པ་ཡང་ཚེས་བཅུ་དང་ཕུར་འཆམས་སོགས་རྙིང་མ་མཛད་པ་ཤས་ཆེ་ཞིང། དེ་བཞིན་དུ་དཔལ་འབྲུག་པ་རིན་པོ་ཆེ་དང་ཀམ་ཚང་བཀའ་བརྒྱུད་ཐམས་ཅད་ཀྱིས་ཀྱང་རྙིང་མ་ཁོ་ན་ཐུགས་ཉམས་སུ་བཞེས་པ་ཤ་སྟག་ཡིན་ཡང་དེ་དག་གི་ལོ་རྒྱུས་ནི་འདིར་མ་བྲིས་སོ། ཡང་ལྷོ་རྒྱུད་གཉམ་དང་ལོ་རོ་སོགས་སུ། སྔར་དུས་ནས་གསང་ཆེན་རྙིང་མའི་ཆོས་བརྒྱུད་འཛིན་པ་གཉལ་པ་ལ་བླ་མ་ཤ་གཟུགས་པ་སོགས་ཕྲན་བུ་དེང་སང་ཡང་མངོན་ལ། དེ་ཡང་ཤ་གཟུགས་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ་ནི། རྡོ་རྗེ་བྲག་རིག་འཛིན་ངག་གི་དབང་པོའི་ཞལ་སློབ་ཡིན། མཁྱེན་རབ་ཆེ་བས་ཀློང་ཆེན་པ་གསུམ་པའང་ཟེར། གཏེར་སྟོན་བརྒྱ་རྩའི་གཏེར་འབྱུང་མཛཛ་པའང་ཡོད། དེ་ནས་སྦྲུལ་སྐུ་རིམ་བྱོན་གྱིས་སྔ་འགྱུར་སྦྱི་དང་གཙ་ཅེར་རྡོ་རྗེ་བྲག་པའི་ཆོས་བརྒྱུད་འཛིན་པ་དེང་སང་མ་ཉམས་པར་གཉམ་ཨོ་རྒྱན་གླིང་ཞེས་པར་ཡོད། འབྲུག་སྨྱོན་པའི་གདན་ས་དྲེའི་ལྷས་སུ་སྦྲུལ་པའི་སྐུ་གྲུབ་ཆེན་གཡུ་འབྲུག་རྡོ་རྗེ་དང། དེའི་སྦྲུལ་སྐུ་གཡུང་མགོན་རྡོ་རྗེ་ནས་ད་ལྟའི་སྦྲུལ་སྐུ་འདི་ཡན་རྙིང་མ་ཤ་སྟག་མཛད་ཅིང་གཡུང་མགོན་རྡོ་རྗེ་ནས་ད་ལྟའི་སྦྲུལ་སྐུ་འདི་ཡན་རྙིང་མ་ཤ་སྟག་མཛད་ཅིང་གཡུང་མགོན་རྡོ་རྗེ་ཉིད་ཀྱི་དག་སྣང་སྐོར་དང་གཏེར་སྟོན་མཛད་ཅིང་གཡུང་མགོན་རྡོ་རྗེ་ཉིད་ཀྱི་དག་སྣང་སྐོར་དང་གཏེར་སྟོན་བརྒྱ་རྩའི་ཆོས་འབྱུང་མཛད་པའང་ཡོད་དོ། ༣༤༩)ལོ་རོར་སྦྱོར་སྦྲུལ་རིམ་བྱོན་ནི། ཉང་དང་རརྣའི་ལུང་ལས། བཻ་རོའི་རྣམ་འཕྲུལ་གསང་སྔགས་བསྟན་འཛིན་པ༔ བོ་དོད་པ་ཞེས་ཆོས་ཀྱི་རྒྱལ་མཚན་འབྱུང༔ ཞེས་དང། པདྨ་གླིང་པའི་གཏེར་ལུང་ལས། འཇང་དང་བོ་དོད་ཞེས་བྱ་བར༔ ཞིག་པོ་དྷ་རྨའི་མཚན་ཅན་འབྱུང༔ ཞེས་ལུང་བསྟན་པའི་པཎ་ཆེན་འཇིགས་མེད་གྲགས་པའམ་བོ་དོད་པ་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་མཁས་པ་ཆེན་པོ་དེ་ཉིད་ལ་ཡང་སྲིད་སྦྲུལ་པའི་སྐུ་བདུན་འབྱུང་བར་རྗེ་ཉིད་ཀྱིས་ལུང་བསྟན་ཞིང། དེ་ཡང་ཉིད་ཀྱི་གསུང་ལས། རྨུ་རྒོད་འདུལ་དཀའ་རྡོ་བོད་གཉིས་ཀྱི་འཚམས། བཻ་རོ་གཡུ་སྒྲ་གཟུགས་སྐུའི་སྐྱེ་བརྒྱུད་འབྱུང། ཟབ་གསལ་ཆོས་ཀྱིས་འགྲོ་བ་འདུལ་པ་ལ། ལྷོ་རྒྱུད་མུན་གླིང་སྒྲོན་མེ་སྦར་དང་མཚུངས། ཞེས་གསུངས་པ་ལྟར། སྦྱོར་རར་ཐམས་ཅད་མཁྱེན་པ་ཞེས་རྣམ་འཕྲུལ་ཚར་དུ་དངར་བ་རིམ་པར་བྱོན་པའི་དང་པོ་འམ་དབྱངས་བསྟན་འཛིན་གྲགས་པ། གཉིས་པ་དགེ་ལེགས་རྒྱལ་མཚན། ལྔ་པ་ད་ལྟ་དཱགས་པོ་བྷྲུཾ་པའི་སྲས་སུ་འཁྲུངས་པའི་སྦྱོར་སྦྲུལ་རིན་པོ་ཆེ་མཚན་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ཅེས་པའམ། བཀའ་བརྒྱུད་བསྟན་པའི་བདག་པོ་ཡིན་ཀྱང་ཤས་ཆེར་གསང་སྔགས་རྙིང་མ་མཛད་པ་ཁོ་ན་བྱུང་ཞིང། ཁྱད་པར་ད་ལྟའི་སྦྲུལ་པའིི་སྐུ་རིན་པོ་ཆེ་འདིས་ནི་རྙིང་མ་ཤ་སྟག་གནང་ཞིང། ཀུན་མཁྱེན་མཁྱེན་བརྩེ། གཏེར་ཆེན་ཀུན་བཟང་འོད་ཟེར། ལྐོམ་སྦྲུལ་རིན་པོ་ཆེ་སོགས་ཀྱི་ཆོས་བདག་ཏུ་ངོས་འཛིན་པ་བཞིན་གུས་འདུད་དང་(སྨད་ཆ།༣༥༠)གཏེར་ཆོས་སོགས་ཉམས་བཞེས་མཛད་བཞིན་པར་ད་ལྟ་འཚོ་གཞེས་བཀའ་དྲིན་ཆེ་བ་ནི་གསང་སྔགས་རྙིང་མའི་བསྟན་འཛིན་ཆེན་པོ་སྟེ། ཡང་བོ་དོད་པའི་གདན་ས་ཡར་འབྲོག་བསམ་གླིང་པ་དང་དེའི་སློབ་བརྒྱུད་དུ་བྱོན་པའི་རས་ཆེན་དཔལ་འབྱོར་བཟང་པོའི་སྐྱེ་བ་རིམ་པ་བདུན་དུ་འབྱུང་བ་ཞལ་གྱིས་བཞེས་རྣམ་འཕྲུལ་རིམ་བྱོན་ལས་བདུན་པ་སྣང་མཛད་བཞེད་པའི་རྡོ་རྗེ་ས་སྐྱའི་དབུ་བླར་ཕེབས་པ་དེ་ཡན་རྣམས་ཀྱང་རྙིང་མ་ཤ་སྟག་མཛད་དེ། ད་དུང་བོ་དོད་པའི་སྐུའི་སྦྲུལ་པ་ཆོས་ཀྱི་མཚན་ཅན་བདུན་མེ་ལོང་སྐྲུལ་སྐུ་སོགས་མང་དུ་སྣང་ཡང་འདིར་མ་སྨོས་སོ། ཨེ་ཕྱོགས་སུ་རོང་པ་རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ་བཟང་པོ་ནི། དམ་པ་སངས་རྒྱས་ཀྱི་རྣམ་འཕྲུལ་དུ་གཏེར་ལུང་གིས་པ་ཟིན་པ་ཀུན་མཁྱེན་ཆེན་པོའི་བསྟན་བཅོས་གསང་འགྲེལ་ཕྱོགས་བཅུ་མུན་སེལ་ཐུགས་སུ་ཆུད་ཅིང། བྱང་གཏེར་གཅོ་བོར་གྱུར་པའི་གཏེར་ཆོས་མང་དུ་བཞུགས་པ་ཁྱད་པར་རྫོགས་ཆེན་དགོངས་བཟང་ཐལ་ལ་མཁྱེན་རྟོགས་རྒྱས་ཤིང་རྫོགས་ཆེན་གྱི་རིགས་བཙོར་སྟོན་འཆད་སྦེལ་མཛད་པས་རོང་པ་རྫོགས་ཆེན་པར་གྲགས་ཤིང། རྩ་སྒྲུབ་སྡེ་བཏབ་ནས་བཞུགས་པས་རོང་པ་རྫོགས་ཆེན་ཞེས་དང་མཚན་གྱི་འབོད་ཕྱོགས་གཉིས་སུ་བྱེད་དོ། རིག་འཛིན་ཆོས་ཀྱི་གྲགས་པ་དང། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། གོང་ར་ལོ་ཆེན། སྣ་ཚོགས་རང་གྲོལ་སོགས་དང་ཆོས་གསན་རེས་དང། གོང་ལ་བྱེའུ་ལ་སོགས་པའི་དབེན་པར་སྒྲུབ་པ་མཐར་ཕྱིན་མཛད་པའི་གྲུབ་ཐོབ་ཆེན་པོ་ཞིག་ཡིན་ལ་རྩ་སྒྲུབ་སྟེ་དངོས་དེང་སང་ཡང་མ་ཉམས་པར་སྦྲུལ་སྐུ་རིམ་བྱོན་གྱིས་འཛིན་པར་ཡོད་ལ། གཞན་ཨེ་སྦེ་ཅོག་དང། བྲག་སྣ་བ་སོགས་ནི། གཏེར་(སྨད་ཆ།༣༥༡)སྟོན་ལས་འཕྲོ་གླིང་པ་དང། བྲག་སྣང་ཆོས་རྗེ་ཨོ་རྒྱན་བསྟན་འཛིན་སོགས་ཀྱི་དུས་དར་རྒྱས་ཆེ་བར་བྱུང་བ་ཡིན་འདུག་ཅིང་བྲག་སྣ་ཆོས་རྗེ་གྲཱ་གཙང་ཕན་བདེ་ལེགས་བཤད་གླིང་པའི་བླ་མ་ཡང་མཛད་པ་ཡིན་ཀྱང། དེང་སང་མ་ནུབ་ཙམ་ཞིག་ལས་དར་རྒྱས་ཆེན་པོ་ཡོད་པར་མི་སྣང། དཱགས་པོའི་ཕྱོགས་སུ་གསང་སྔགས་སྔ་འགྱུར་ཐོག་མར་བྱུང་བ་ནི་སངས་རྒྱས་དཱགས་སྟོན་ཡིན་ཏེ། མཚན་དངོས་དཱགས་སྟོན་དབང་ཕྱུག་རྡོ་རྗེ་སྟེ། སྨན་ལུང་པ་མི་བསྐྱོད་རྡོ་རྗེའི་ཞལ་སློབ་གཏེར་ཁ་གོང་འོག་གཅོ་བོར་གྱུར་པའི་རྙིང་མ་བཀའ་གཏེར་ཐམས་ཅད་ལ་མཁས་པ། བཀའ་བརྒྱད་ཡོངས་རྫོགས་ཀྱི་སྒོ་ནས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དངོས་གྲུབ་བསྙེན་པ་ཞིག་ཡིན་ལ། དེའི་སློབ་མ་གཉན་སྟོན་རྡོ་རྗེ་ཡི་ཤེ། དེའི་སློབ་མ་སེ་སྡེང་པ་སངས་རྒྱས་དཔལ་དང། དེའི་སློབ་མ་གཉན་སྟོན་རྡོ་རྗེ་ཡི་ཤེ། དེའི་སློབ་མ་སེ་སྡེང་པ་སངས་རྒྱས་དཔལ་དང། དེའི་དབོན་སེ་སྡེང་པ་གུ་ཎ་ཕ་ལ། དེའི་སློབ་མ་བྱར་མཁར་པོ་གཡུ་ཤུལ་བ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ཏེ། བླ་མ་འདིས་ཙེ་ལེ་དགོན་བཏབ་པ་ཡིན་ལ། བླ་མ་འདི་རྣམས་ཞི་ཁྲོ་བཀའ་བརྒྱད་ཀྱི་གྲུབ་ཐོབ་ཁོ་ན་ཡིན་ཏེ་འདི་རྣམས་ཀྱི་རིང་ལ་བཤད་སྒྲུབ་གཉིས་ཀ་དར་རྒྱས་ཆེ་བར་བྱུང་ཞིང་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱི་སློབ་མ་བར་ཁམས་པ་རྒྱར་ཀློང་ཆེན་པས་གཏེར་ཁ་གོང་འོག་གི་བཀའ་བརྒྱད་སོགས་ལ་ཡིག་ཆའང་མང་དུ་མཛད་སྣང་ལ། ཁྱད་པར་དུ་དབུ་རུ་དཔལ་འཛིན་གྱིས་རྩོད་ལ་ལོག་རྟོག་ཀུན་འཛོམས་རྡོ་རྗེ་ཕ་ལམ་ཞེས་པའི་བསྟན་བཅོས་ཚིག་རྣོ་ཞིང་དོན་བཟང་བ་ཞིག་མཛད་གནང་སྟེ། མཁྱེན་རབ་ཆེ་བས་ཀློང་ཆེན་པ་གཉིས་པར་གྲགས་སོ། དེ་ནས་རིང་ཞིག་ནས་རྩེ་ལེ་རིག་འཛིན་ཆེན་པོ་བསོད་ནམས་རྣམ་རྒྱལ་འཁྲུངས་ཏེ། དེ་ཡང་སྡེ་པ་(སྨད་ཆ།༤༥༢)སྐུ་རབ་པ་བྱང་ཆུབ་བཟང་པོའི་སྲས་སུ་སྐུ་རབ་གོང་མ་རིན་ཆེན་དབང་རྒྱལ་བའི་གཅུང་དུ་འཁྲུངས། གུ་རུ་ཆོས་དབང་གི་སྐྱེ་བ་ཡིན་པར་གྲགས། རྩེ་ལེ་རྙིང་མ་དུས་ཀྱིས་ཉམས་པར་རྗེ་འདིས་རྩེ་ལེ་གསང་བའི་དགོན་བཏབ་ནས་ཨོ་རྒྱན་གྱི་གསེར་སྐུ་རྒྱབ་མཐོ་ཉེར་བདུན་ཡོད་པ་སོགས་ཀྱིས་གཙོས་པའི་སྐུ་གསུང་ཐུགས་རྟེན་བཞེངས་པར་འཆད་ཉན་དང་བཤད་སྒྲུབ་ཀྱི་སྲོལ་བཟང་པོ་གཏོར་ནས་གྲཱ་གཙང་ཤིན་ཏུ་དངོས་གཙང་བ་ཞིག་བྱུང་བར་སྣང་ཡང་དུས་ཀྱི་འགྱུར་བས་དེང་སང་ཆོས་བརྒྱུད་ཇི་ལྟར་ཡོད་པ་སོགས་མ་འཚལ་ལ་རྒྱའི་འཛིན་སྐྱོང་སྨིན་གླིང་ནས་གནང་བ་ཡིན་འདུག། སྒམ་པོའི་གདན་རབས་ནི། རི་བོ་ཤ་ཏི་ཞེས་པར་རྒྱལ་བས་མདོ་སྡེ་དུ་མ་ནས་རི་བྲག་ཚང་ཚིང་ཅན་དུ་ཆོས་སྨྲ་བའི་དགེ་སློང་འཚོ་བྱེད་ཅེས་པ་འབྱུང་ཞེས་ལུང་དུ་བསྟན་པའི་གནས་དེར་རྗེ་མི་ལ་བཞད་པའི་རྡོ་རྗེའི་ཐུགས་སྲས་དག་པོ་རི་པོ་ཆེའ་བཤད་སྒྲུབ་ཀྱི་རྒྱུན་བསྐྱངས་པ་ནས་བཟུང་བཀའ་རྒྱུད་ཐམས་ཅད་ཀྱི་བསྟན་པའི་ཆུ་འགོ་གཅིག་པུ་བ་ཡིན་ཏེ་བཀའ་བརྒྱུད་པའི་གྲུབ་མཐའ་ཐ་དད་པ་ཐམས་ཅད་འདི་ཉིད་ལས་བྱུང་བ་ཡིན་ཞིང་མཉམ་མེད་དཱགས་པོ་བཀའ་བརྒྱུད་ཅེས་མཚན་ཉི་ཟླ་ལྟར་གྲགས་པའི་གདན་ས་ཆེན་པོ་འདིར་རྗེ་དཱགས་པོ་རིན་པོ་ཆེ་ནས་གདན་རབས་བཅུ་བདུན་ཙམ་དུ་བཀའ་བརྒྱུད་པ་ཤ་སྟག་ཡིན་ལ། དེ་ཡང་ཕལ་ཆེར་དཔོན་བརྒྱུད་ཀྱིས་འཛིན་པ་བྱུང་སྣང་སྟེ་དེ་དག་གི་ལོ་རྒྱུས་ནི་འདིར་མ་བྲིས་ལ། སྦྲུལ་པའི་སྐྱེས་མཆོག་མཚུངས་ཟླ་དང་བྲལ་བ་དགེ་སློང་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པའམ། མཉམ་མེད་སྒམ་པོ་བ་ཆེན་པོ་དེ་ཉིད་སླར་ཡང་བསམ་བཞིན་དུ་སྐྱེ་བ་བཞེས་པ་ནི་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་(སྨད་ཆ།༣༥༣)ཉིད་ཡིན་ཏེ། དེ་ཕྱིན་སྦྲུལ་པའི་སྐུ་རིམ་བྱོན་གྱིས་གདན་སའི་འཛིན་སྐྱོང་མཛད་པ་ཡིན་པར་སྣང་བད་དེ་དག་གི་ལོ་རྒྱུས་ཅུང་ཟད་བརྗོད་ན། ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་ནི། བདེ་ཆེན་གླིང་པའི་གཏེར་ལུང་དམ་ཚིག་གི་བཀའ་རྒྱ་ལས། ཟླ་འོད་གཞོན་ནུའི་སྦྲུལ་པ་ཅིག༔ ས་གནད་དངོས་གཞི་འབྱིན་པ་ཅིག༔ བཀྲ་ཤིས་དང་ནི་རྒྱལ་གྱི་མིང༔ འོན་ཀྱ་དེ་ཡི་བདེ་བ་སྟེར༔ ཞེས་དང། རྗེ་སྒམ་པོ་བ་ཉིད་ཀྱིས་ལུང་བསྟན་ལས་གསུང་མགུར་ཤོ་མོ་ཡར་ཤོག་གསུངས་པའི་རྗེས་དེར་ཞབས་རྗེས་འཁྲིས་ཀྱི་ཕ་བོང་གི་འགྲམ་དེར་ལྗོན་ཤིང་འབྲས་བུ་ཅན་གཅིག་སྐྱེས་པ་ན། རྗེ་སྒམ་པོ་བ་ཉིད་གནས་རི་འདི་ཉིད་དུ་མཆོག་གི་སྤྲུལ་པའི་སྐུར་བསྟན་ནས་བཏན་པ་ལ་བྱ་བ་རླབས་པོ་ཆེ་མཛད་པར་ཞལ་གྱིས་བཞེས་ཤིང་ལུང་བསྟན་པ་ནི་དཱགས་པོ་བཀྲ་ཤིས་རྣམ་རྒྱལ་ཉིད་ཡིན་ཏེ། དེ་ཡང་ཡབ་ནི་རྗེ་སྒམ་པོ་བའི་རིགས་དབོན་ཏེ་བདག་ཆོས་དབང་བ་དང། ཡུམ་དཱགས་པོ་བྷྲུཾ་པའི་སྲས་མོ་རིག་འཛིན་སྒྲོམ་མའི་སྲས་སུ་འཁྲུངས། གསན་བསམ་ཕྱོགས་མེད་དུ་མཛད་པས་ཤེས་བྱ་ཐམས་ཅད་ལ་མི་འཇིགས་པའི་སྦོབས་པ་ཐོབ་སྟེ། རྒྱལ་བའི་གསུང་རབ་རིན་པོ་ཆེ་དགོངས་འགྲེལ་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་མཁྱེན་དཔྱོད་རྣམ་པར་ཡངས་པ། རིག་གནས་ཡན་ལག་དང་བཅས་པ་ལ་མཁས་པའི་རྩེར་སོན་པས་ཕྱོགས་ལས་རྣམ་པར་རྒྱལ་བའི་པཎྜི་ཏ་ཆེན་པོ། ཉམས་རྟོགས་ཀྱི་རྩལ་ཆེ་བས་གྲུབ་པའི་འཁོར་ལོས་བསྒྱུར་བ། སྐྱེས་བུ་དམ་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བས། དབུས་གཙང་པར་ཁམས་ལ་སོགས་པར་ཞབས་པད་བསྐྱོད་པའི་འགྲོ་དོན་དང། གཙོ་ཆེར་བྱང་བབ་རོལ་སོགས་གནས་ཆེན་མང་པོར་ཐུགས་དམ་ཉམས་བཞེས་སུ་(སྨད་ཆ།༣༥༤)སྐུ་མཚམས་བཅད་རྒྱ་ཁོ་ནས་དུས་འདའ་བར་མཛད་ཅིང། ཁྱད་པར་དུ་སྒྲུབ་བརྒྱུད་རིན་པོ་ཆེ་སྦྱིའི་བསྟན་པ་དང་བྱེ་བྲག་ཏུ་གདན་ས་ཆེན་པོ་དེ་ཉིད་དུ་གཙུག་ལག་ཁང་རྟེན་བརྟེན་པ་གསར་བཞེངས་དང་སྔོན་མའི་ཉམས་གསོ། གང་འདུལ་གདུལ་བྱ་སྐྱོང་བ་སོགས་ཐུགས་རྗེ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་བསྟན་པ་ལ་ཕྱག་རིས་དང་མཛད་པའི་རླབས་ཤིན་ཏུ་ཆེ། ཚིག་དོན་ཕུན་སུམ་ཚོགས་ཤིང་དོན་གྱི་གནད་ལྷང་ནུས་པའི་བསྟན་བཙོས་ཀྱང་མང་དུ་མཛད། དེ་ལྟ་བུའི་བསྟན་པའི་བྱ་བ་ཡུན་རིང་དུ་མཛད་ནས་གཤེགས་སོ། མཆོག་གི་སྦྲུལ་སྐུ་འཛམ་གླིང་ནོར་བུ་རྒྱན་པ་ནི། གསེང་ལམ་བླ་མ་སྒྲུབ་པ་དང། དཀོན་མཆོག་སྦྱི་འདུས་ལ་སོགས་པའི་ལུང་བསྟན་རྣམས་གུང་མཐུན་པར། པད་འབྱུང། བི་མ་ལ། དཱགས་པོའི་སྦྲུལ་པ་རྣམས་སུ་གསལ་བར་ལུང་བསྟན་ཅིང། བྱ་བྲག་ཏུ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱིས་རྣམ་པར་སྦྲུལ་པར་རྩོད་མེད་དུ་ངེས་ཏེ། དེ་ཡང་གོང་ཡུལ་ཉང་ཁ་སྟོད་བྲག་གསུམ་རྡོ་རྗེ་བྲག་ཏུ་བླ་མ་རྒྱལ་མཚན་དང་ཡུལ་ཌཱཀི་ནི་ཨོ་རྒྱན་སྒྲོལ་མའི་སྲས་སུ་འཁྲུངས། མཉམ་མེད་འཛམ་རིན་པོ་ཆེ་བསོད་ཆོས་ལ་གཙུག་ཕུད་ཕུལ། བཀའ་རྒྱུད་རིན་པོ་ཆེའི་བསྟན་པ་སྦྱི་དང་བྱེ་བྲག་ཏུ་གདན་ས་ཆེན་པོ་ཉིད་གོང་འཕེལ་དུ་གྱུར། སྐུ་ན་གཞོན་ནུའི་དུས་དཔལ་འཛིན་གྱིས་འབྱམས་ཡིག་སོགས་ཀྱིས་དབྱེན་བཙོས་པས་སྔགས་རྙིང་མ་ལ་ཐུགས་མོས་མེད་ཀྱང་སྐབས་ཤིག་ནས་སྔོན་གྱི་བག་ཆགས་སད་པས་སང་སྔགས་སྔ་འགྱུར་བཀའ་གཏེར་ཐམས་ཅད་ཐུགས་ཉམས་སུ་བཞེས་ཤིང།(སྨད་ཆ།༣༥༥)འཆད་སྦེལ་གྱི་ཕྲིན་ལས་བསྐྱངས་པ་སོགས་རྙིང་མ་ཁོ་ན་མཛད། ཁྱད་པར་དུ་གུ་རུ་པདྨའི་ཟབ་གཏེར་འཁྲུལ་མེད་བཏོན་པའི་གཏེར་སྟོན་ཞིག་དང་ནས་མཇལ་དགོངས་པ་སྐོམ་པ་ཆུ་འདོད་པ་ལྟར་བྱུང་ཚེ་རྗེ་མི་ཕམ་བློ་གྲོས་ཀྱིས་འཇའ་ཚོན་པའི་སྙན་པ་བརྗོད་པས་རིགས་བདག་ཏུ་བཀུར་ནས་གཏེར་ཆོས་ཐམས་ཅད་གསན། དུས་དེའི་རིས་མེད་ཀྱི་འདྲེན་པ་གཞན་དང་ཆེན་པོར་གྲགས་པ་ཐམས་ཅད་ཀྱི་གཙུག་ཏུ་བཀུར་ཞིང། འཛམ་གླིང་ནོར་བུ་རྒྱན་པ་ཞེས་པའི་མཚན་དོན་དང་མཐུན་པར་གྱུར། དངོས་ཉམས་མནལ་ལམ་ལ་སོགས་པ་ལྷག་པའི་ལྷ་དུ་མ་ཞལ་གཟིགས་པ་དང་གསང་བའི་ལུང་བསྟན་སྩལ་བ་དང་ཁྱད་པར་ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབས་པའི་ཚུལ་སོགས་གསང་བའི་རྣམ་ཐར་དུ་གསལ་བ་ལྟར་དང། གཞན་ཡང་ཡང་ཟབ་དཀོན་མཆོག་སྦྱི་འདུས་ཀྱི་ལུང་བསྟན་ལས་གཏེར་ཆེན་འཇའ་ཚོན་པ་དེ་ཉིད་ཀྱི་ཕྱག་རྒྱ་བརྟེན་ན་རྗེ་འདི་ཉིད་རོགས་སྲས་སུ་འབྱུང་བར་ལུང་བསྟན་ཏེ། དེ་ཉིད་ལས་འབྲིང་ནི་ཕོ་ལོ་བཅོ་བརྒྱད་དུས༔ རིགས་ལྡན་ཌཱཀི་གཅིག་དང་ཕྲད༔ སྲས་མཆོག་འབྲལ་ཚད་དོན་ལྡན་འབྱུང༔ ཕ་བུས་སྐྱེ་འགྲོ་སྨིན་གྲོལ་འགོད། ཅེས་གསུངས་པ་དང་མཐུན་པར་རྗེ་འདི་མྱ་ངན་ལས་མ་འདས་ཙམ་གྱི་སྔ་གོང་དུ་རིག་འཛིན་ཆེན་པོ་ལ། བདག་ཤི་ན་བླ་མ་གཏེར་སྟོན་པའི་བུར་སྐྱེས་སྙམ་པ་འཆར་འདུག་ཅེས་པའི་གསུང་སྒྲོས་དང་གཏེར་སྟོན་ལ་སྔགས་ཆས་ཀྱིས་ན་བཟའ་དང་བརྟན་བཞུགས་པ་སོགས་པའི་རྟེན་འབྲེལ་མཛད་ནའང་རིག་འཛིན་ཆེན་པོ་དེ་ཉིད་ཚངས་སྦྱོད་ལ་ཐུགས་ཧ་ཅང་ཞེན་ཆེས་པས་དངོས་ཀྱི་རྟེན་འབྲེལ་མ་འགྲིག་པར་སྣང་ངོ། དེ་ལྟར་མཆོག་སྦྲུལ་རིན་པོ་ཆེ་འཛམ་གླིང་ནོར་བུ་རྒྱན་པ་དེ་ཉིད་ཞི་བའི་དབྱིངས་སུ་སྙོམ་(སྨད་ཆ།༣༥༦)པར་བཞུགས་པའི་མཛད་པ་སྟོན་པར་གྱུར་པ་ནས་གདན་སའི་ཁུར་བཞེས། སྦྱན་སྔ་རིན་པོ་ཆེ་མི་ཕམ་བསོད་ནམས་རིན་ཆེན་རྡོ་རྗེ་དཔལ་བཟང་པོས་མཛད་དོ། དམ་པ་དེ་ནི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཐམས་ཅད་ཚང་ཞིང། ཁྱད་པར་གསར་རྙིང་ཟུང་འཇུག་གི་འཆད་ཉན་གྱིས་འདུས་པའི་སྡེ་རྣམས་བསྐྱངས་ཤིང། ལུགས་གཉིས་ཀྱི་ཕྲིན་ལས་ལ་དབང་འབྱོར་པས་གདན་ས་ལེ་ལག་དང་བཅས་པ་གོང་འཕེལ་དང། མཆོག་སྦྲུལ་རིན་པོ་ཆེ་ངོས་འཛིན་ཁྲི་འདོན་སོགས་ལེགས་ལམ་གོང་འཕེལ་དུ་གྲུབ་ནས། དགུང་ལོ་སུམ་ཅུ་ཙ་བརྒྱད་པ་ལ་དཱགས་པོ་ཀླུ་མཁར་རྫོང་དུ་སྐུ་ཐིམ་པར་གྱུར་ཏོ། སྦྲུལ་པའི་སྐུ་བཟང་པོ་རྡོ་རྗེ་ནི། རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་ལུང་ལས། སྣ་ཚོགས་རིགས་ཀྱི་བུ་མཆོད་ཨ་ཡི་མིང༔ སྙིང་གི་ཐིག་ལེ་སངས་རྒྱས་མི་གཟུགས་སྦྲུལ༔ ལས་འཕྲོ་གླིང་པའི་གཏེར་ཞབས་སྡུད་པར་བྱེད༔ ཅེས་ལུང་གིས་བསྟན་པ་ལྟར། མཆོག་གི་སྦྲུལ་སྐུ་ནོར་བུ་རྒྱན་པ་ཞི་བར་གཤེགས་མ་ཐག་པར་སླར་ཡང་སྙིགས་མའི་གདུལ་བྱ་རྣམས་ལ་བཙེ་བ་ཆེན་པོས་བསམ་བཞིན་དུ་སྐྱེ་བར་བཞེས་པ་སྟེ། དེ་ཡང་རིག་པའི་འབྱུང་གནས་ཨེ་ཞེས་པའི་སའི་ཆར་གོང་པོ་སྨད་དམར་མཐའ་ཞེས་པར་ཡབ་ཆོས་རྒྱལ་གྱི་གདུང་ལས་སྔར་འགྱུར་རྙིང་མའི་རིག་སྔགས་འཆང་བ་ཨ་བོ་ཆོས་མཛད་དེ་ཅེས་པ་དང། ཡུམ་དབང་འཛིན་རྒྱལ་མོ་ཞེས་པ་གཉིས་ཀྱི་སྲས་སུ་འཁྲུངས། ངོ་མཚར་བའི་ལྟས་དང་གསུང་དང་མཛད་པ་སོགས་ལ་བརྟེན་རྗེ་གོང་མའི་ཡང་སྲིད་དུ་དོགས་ནས་རིག་འཛིན་འཇའ་ཚོན་སྙིང་པོར་གསུངས་བརྟག་ཞུས་པས་འཁྲུལ་མེད་དུ་ཐག་གཅོད་པའི་གསུང་བྱུང་བ་དང་སྦྱན་སྔ་(སྨད་ཆ།༣༥༧)རིན་པོ་ཆེ་དཔོན་སློབ་རྣམས་ཕེབས་ནས། སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ཕུལ་ནས། མཚན་དཔལ་བཟང་པོ་རྡོ་རྗེ་ཕྱོགས་ཐམས་ཅད་ལས་རྣམ་རཔ་རྒྱལ་བའི་སྡེ་ཞེས་གསོལ། གདན་ས་ཆེན་པོར་སྦྱན་དྲངས། བད་རི་ནས་རིག་འཛིན་འཇའ་ཚོན་པའང་ཆེད་ཀྱིས་ཕེབས་བས་སྦྲུལ་པའི་སྐུའི་གཙུག་ཕུད་བཞེས་ནས་མཚན་ཨ་ཝ་རྡུ་ཏི་པ་འགྱུར་མེད་རྡོ་རྗེ་རྒྱལ་མཚན་དུ་གསོལ། སྔ་ཕྱིར་བཀའ་ཆོས་ཀྱང་མང་དུ་གསན་། དེ་ནས་མི་རིང་པར་འབྲས་སྦྲུངས་སུ་ཕེབས་ནས་ཀུན་མཁྱེན་རྒྱལ་བའི་དབང་པོའི་ཞབས་དྲུང་ནས་དགེ་ཚུལ་བཞེས་པའི་མཚན་བློ་བཟང་ཕྲིན་ལས་རྣམ་རྒྱལ་ངེས་དོན་གྲུབ་པའི་ཤིང་རྟ་མཆོག་གི་སྡེ་དོནན་ཡོངས་སུ་གྲུབ་པ་ཞེས་པའི་མཚན་དོན་དང་ལྡན་པར་སྩལ། སླར་ཡང་རྒྱལ་བ་མཆོག་ནས་ཐུགས་རྫོགས་ཀྱང་བཞེས། བསྙེན་བཀུར་དང་བདག་རྐྱེན་ཚད་མེད་པར་གནང། སླར་ཡང་རྒྱལ་སྲས་ཆོས་ཉིད་ཀློང་གྲོལ་དངལྷན་རྒྱས་སུ་རྒྱལ་པོ་དཔུང་དམར་ཁྲིར་འདོན་དུ་ལྷ་སར་ཕེབས། དེ་དུས་རྒྱལ་བ་མཆོག་གིས་སྨོན་ལས་ཚོགས་ཆེན་དུ་གསོལ་ཇ་མཉམ་རྒྱུག་སོགས་ཀྱི་བཀུར་བཟོས་ཚད་མེད་གནང། སྐབས་ཤིག་ཀོང་པོར་ཆིབས་སྒྱུར་གནང་ནས་ཐང་འབྲོག་འོད་གསལ་རྩེར་རྗེ་རྒོད་ཚང་བ་སྣ་ཚོགས་རང་གྲོལ་དང་མཇལ་ནས་ཉིན་མཚན་མང་པོར་ཆོས་ཀྱི་གསུངས་གླེང་དང་ཐུགས་ཡིད་གཅིག་འདྲེས་མཛད་ནས་རིགས་བདག་ཏུ་བཀུར། ཕྱིས་སུ་གཙང་པོ་མགོ་དགུར་ཡང་ཕེབས་ནས་བཀའ་ཆོས་མང་དུ་གསན། དེ་ནས་ཟང་ལུང་དུ་ལོ་གསུམ་ཕྱོགས་གསུམ་གྱི་ཐུགས་དམ་བཅད་རྒྱ་ལ་བཞུགས། དེ་ནས་ཟང་ལུང་དུ་མེད་ལ་ཟླ་གསུམ་ཙམ་གྱིས་ལྗགས་བསྙེན་གནང་སྐབས་འོད་གསལ་གྱི་གཟིགས་སྣང་ངོ་མཚར་ཅན་དུ་མ་བྱུང་བ་རྣམས་དེ་དུས་ཕལ་ཆེར་(སྨད་ཆ།༣༥༨)ཟིན་བྲིས་ཤོག་དྲིལ་དུ་ཕབ་པར་མཛད། ལྷག་ཏུ་གུ་རུ་རིན་པོ་ཆེའི་སྒྲུབ་ཕུག་ཡིན་ཟེར་བའིཕུག་པ་རིགས་མི་གཅིག་པ་མང་པོ་དང། བྲག་རི་དང་ཡུལ་ལྗོངས་ཉམས་དོད་པ་ཁོ་ན་ནས་ཟབ་གཏེར་འདོན་རྒྱུ་དང་བཏོན་པར་མཛད་པའི་བྲག་སྒོམ་ཞཱའི་མགུལ་ནས་སེང་ལྡེང་གི་ཕུར་པ་ཁྲུ་གང་ལོངས་ངེས་ཤིག་གཏེར་ནས་བཞེས། དེ་འཕྲལ་འབྲུག་སྒྲ་དྲག་པོ་དང་སེར་བ་རྒྱ་སྲན་ཙམ་ཤིན་ཏུ་ས་དྲག་པར་བབས། ཕུར་བ་དེའི་འཆང་བཟུང་གི་ནང་ནས་གཏེར་གྱི་ཁ་བྱང་ཤོག་དྲིལ་ཆུང་དུ་ཞིག་དང། རྒྱ་འདུད་ཀྱི་ནང་ནས་རྡོ་རྗེ་ཕུར་པའི་མངོན་རྟོགས་སྡུས་པ་ཞིག་བྱུང། དཔལ་གྱི་ཁྲོད་ནས་ཕུར་པ་དེ་ཉིད་སྦྱིན་སྲེག་ལ་ཕུལ་ཟེར་བ་འདུག་པས། རྗེ་ཉིད་དཔོན་སློབ་བཞི་ཙམ་གྱིས་དྲག་པོའི་སྦྱིན་སྲེག་མཛད་པས་འཚུབ་ཤིན་ཏུ་ཆེ་བ་བྱུང། ཁ་བྱང་དེ་ལ་བརྟེན་པའི་དཱགས་ལུང་ཁྲ་མོ་བྲག་ནས་གསང་བདག་དྲང་སྲོང་གི་ཤོག་དྲིལ་དང་གཏེར་རྫས་གནམ་ལྕགས་ཀྱི་རྡོ་རྗེ་དང། བྱུར་བུའི་ཀྲ་ལུང་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་གྱི་སྒྲུབ་ཕུག་ནོར་བུ་འཛིན་པ་དང། ཀླུ་མཁར་གྱི་མཚོ་འོག་མའི་ཐ་ཙ་ནས་གཏེར་རྫས་ཕུར་བ་དང། ཁྱུང་གི་སྙིང་ཁྲག་དང་ཁྱད་རཱ་རྒྱ་མཚོའི་ལྦུ་བ་དང་བཅས་པ། བྲག་དཀར་ལྷ་ཆུ་ནས་ཚེ་སྒྲུབ་དང་ཚེ་ཆུ་རིལ་བུ། གཤེན་རྗེ་ཡང་བཟློག་དང་བཅས་པའི་ཆོས་སྐོར་གྱིས་ཤོག་སེར་རྣམས་སྦྱན་དྲངས། ལུང་བསྟན་ལས། རྒྱལ་དབང་མཆོག་ཉིད་པདྨའི་ཟབ་གཏེར་གྱི་བདག་པོར་གྱུར་པ་དང། ལྷག་ཏུ་ཆོས་རྒྱལ་ཁྲི་སོང་སྡེའུ་བཙན་གྱི་རྣམ་འཕྲུལ་ཡིན་ལ། ཕྱག་རྡོར་གྱི་བསྐོར་ཆོས་བདག་རྩ་བ་ཡིན་ཚུལ་གསལ་བར་འདུག་ཅིང། རྗེ་ཉིད་ཀྱི་མཚན་(སྨད་ཆ།༣༥༩)ལྟས་རྣམས་སུ་ཡང། རྒྱལ་བ་ཉིད་སྐུའི་ཆ་ལུགས་མི་འདྲ་བའི་སྒོ་ནས་ཡང་ཡང་མཇལ་ཞིང་ཆོས་བཀའ་དང། བཀའ་འཆིང་མང་དུ་གནང་བ་སོགས་ཀྱི་ཐུགས་དད་གུས་ལྷག་པར་འཕེལ་བར་བརྟེན་ཕྱག་རྡོར་གྱི་ཕྱི་སྒྲུབ་དངགནམ་ལྕགས་ཀྱི་རྡོ་རྗེ་གསུམ་གྱི་ནང་ནས་ལེགས་པ་རྩེ་ལྔ་པ་དང་བཅས་ལྷ་མིའི་སྐྱབས་མགོན་ཐམས་ཅད་མཁྱེན་པའི་དབང་པོ་ལ་འབུལ་དུ་སྒྲུབ་པ་བ་སྒམ་པོ་ནོར་བུ་མངགས། ཟབ་གཏེར་གྱི་ཤོག་སེར་དང་གཟིགས་སྣང་བྱུང་ཚུལ་ཕལ་ཆེར་ཕབ་གྲུབ་པའི་སྐབས་སུ། སྔོན་གྱི་སྨོན་ལམ་ལོག་པའི་དམ་སྲི་མ་རུངས་པ་ཞབས་འབྲིང་གི་ཚུལ་བཟུང་བ་དག་གི་སྒྲོ་སྐུར་ལ་བརྟེན། བསྟན་འགྲོའི་བསོད་ནམས་ལས་མ་གྲུབ་པ་ལྟ་བུས་ཐུགས་ཉམས་བཞེས་པའི་གཏེར་ཤོག་མ་བུ་མཐའ་དག་ཞུགས་སུ་འབུལ་བར་མཛད་པ་དེས། རྟེན་འབྲེལ་གྱི་རྩ་བ་འཆུགས་པས་སྐུ་དང་མཛད་པ་ཕྲིན་ལས་སོགས་ལ་ཤིན་ཏུ་གནོད་པར་གྱུར། སྐབས་དེ་དག་ཏུ་ཟབ་གཏེར་བཞེས་པའི་སྙན་པ་ལ་བརྟེན་ཕྱོགས་མཐའ་དག་ནས་དབང་ལུང་དམ་རྫས་སོགས་ཞུ་མི་མང་དུ་བྱུང་ཞིང། ཁྱུང་ཁྲག་རིལ་བུར་དྲིལ་བ་འདི་ཙམ་གྱིས་ཀྱང་འགྲོ་བ་ཐམས་ཅད་ལ་ཕན་པ་བླ་མ་མེད་དུ་གྱུར་གསུངས། གཞན་གཏེར་ཆོས་ལྷག་མ་རྣམས་འདབས་གཏེར་དུ་སྦབར་མཛད། སླར་ཡང་རྒྱལ་བ་རིན་པོ་ཆེ་ལས་སྔ་ཕྱིར་བཀའ་ཆོས་གསན་པ་དང། ཆོས་འཆད་སྦེལ་བསྙེན་སྒྲུབ་མཛད་ཚུལ་སོགས་ཐམས་ཅད་ནི་བརྗོད་ཀྱིས་མི་ལངས། སྐབས་ཤིག་དབུས་ལ་ཕེབས་ཞོར་ལ་རྣམ་སྲས་གླིང་དུ་ཕེབས་པའི་དུས་མི་དབང་བཀྲ་ཤིས་རབ་བརྟན་ཡུལ་དང་བཅས་པ་ལ་རིང་པོར་མི་ཐོགས་པར་སྐུ་སྐྱེ་བ་ཕྱི་མའི་ཡབ་(སྨད་ཆ།༣༦༠)ཡུམ་དུ་དགོངས་པའི་དབང་དང་བྱིན་རླབས་ནན་ཏན་དང། ལུང་བསྟན་བརྡ་ཆོས་སྟོན་པ་དང་རྟེན་འབྲེལ་སྒྲིག་པར་མཛད། དེ་ལྟ་བུའི་མཛད་པའི་རྣམ་གྲངས་དུ་མས་སྐུ་ཚེ་དེ་ཉིད་ལ་གདུལ་བར་བྱ་བའི་གདུལ་བྱ་རང་རང་གི་བགོ་སྐལ་དང་འཚམས་པའི་ལེགས་མཛད་ཀྱི་སྣང་བས་ཕན་པ་དང་བདེ་བ་བླ་ན་མེད་པའི་ལམ་དུ་བཀྲི་བར་མཛད་ཅིང། རེ་ཞིག་སྐུ་དངོས་ཀྱིས་གདུལ་བར་བྱ་བའང་དེ་ཙམ་དེ་དགོངས་ནས་ཆོས་ཀྱི་དབྱིངས་སུ་སྙོམས་འཇུག་པའི་ཚུལ་སྟོན་པར་གྱུར་ཏོ། གཤེགས་རྗེས་ཀྱི་སྒྲུབ་དགོས་ཐམས་ཅད་རྒྱལ་སྲས་ཆོས་ཉིད་ཀློང་གྲོལ་སོགས་ཀྱིས་མཐའ་རྒྱས་སུ་མཛད་དོ། རྒྱལ་སྲས་ཆོས་ཉིད་ཀློང་གྲོལ་དཔལ་བཟང་པོ་ནི། རྗེ་སྒམ་པོ་བ་དེའི་གཙུང་གྲགས་པ་སེང་གེའི་ལྷ་རྗེ་སྙིང་ཆུང་བ་ནས་གདུང་རབས་བཅོ་ལྔའི་བར། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་འཕགས་པའི་གང་ཟག་འབའ་ཞིག་བྱོན་ཅིང། གདུང་རབས་ཅོ་ལྔ་པ་རྒྱལ་བའི་ཡབ་ཨོ་རྒྱན་རིག་འཛིན་རྡོ་རྗེ་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གདམས་པས་སྨིན་གྲོལ་དུ་གྱུར་བ་དེ་ཉིད་དང། ཡུམ་རྡོ་རྗེ་བུ་ཁྲིད་ཞེས་པ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ན་ཕྲ་མོ་ནས་སྐྱེ་བུ་དམ་པའི་རྣམ་ཐར་གྱི་མཚན་ཉིད་ཐམས་ཅད་ཚང་ཞིང་སྒོམ་པོ་བའི་རིང་ལུགས་གཙོ་བོར་གྱུར་པའི་གསན་བསམ་མཐར་ཕྱིན་དུ་མཛད། ཡོངས་འཛིན་གྱི་གཙོ་བོ་མཆོག་སྦྲུལ་བཟང་པོ་རྡོ་རྗེ་དང། རྒོད་ཚང་བ་སྣ་ཚོགས་རང་གྲོལ་གཉིས་དང་གཞན་ཡང་འདྲེན་པ་མང་པོ་ཞིག་ལ་གསར་རྙིང་གི་ཆོས་བཀའ་དུ་མ་གསན། ཕྱག་རྫོགས་ཆུ་བོ་གཉིས་འདྲེས་ཐུགས་ཉམས་སུ་བཞེས་པས་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་འཁྲུངས། མཆོག་སྦྲུལ་རིན་པོ་ཆེའི་རྗེས་སུ་གདན་ས་མཛད་དེ། གསར་རྙིང་རིས་མེད་ཀྱི་(སྨད་ཆ།༣༦༡)ཆོས་ཀྱི་འཆད་སྦལ་དང་བཤད་སྒྲུབ་ཀྱི་བགྱི་བ་དུ་མས་གདུལ་བྱ་སྐལ་བ་དང་ལྡན་པ་མང་པོ་ཐར་པ་མཆོག་ལ་སྦྱོར་བར་མཛད། མཆོག་སྦྲུལ་རིན་པོ་ཆེ་གཤེགས་རྗེས་ཀྱི་བགྱི་འོས་ཐམས་ཅད་བསྒྲུབས་པ་དང། གདན་ས་ཆེན་པོ་འཛིན་སྐྱོང་བཀའ་དྲིན་ཆེ་བ་ནས་མྱ་ངན་ལས་འདས་སོ། བདེ་བའི་རྡོ་རྗེ་ལྷུན་གྲུབ་ངེས་དོན་དབང་པོ་ནི། རྒྱལ་བའི་སྲས་པོ་ཆོས་ཉིད་ཀློང་གྲོལ་གྱི་གཅུང་རྡོ་རྗེ་གྲགས་པའམ་ཟླ་འོད་རྣམ་རྒྱལ་དང་ཞབས་དྲུང་མཐུ་སྟོབས་པའང་ཞུ་བ། རྗེ་བཟང་པོ་རྡོ་རྗེ་ལ་དགེ་བསྙེན་གྱི་སྡོམ་པ་དང། རྗེ་སྣ་ཚོགས་རང་གྲོལ་ལ་རྫོགས་ཆེན་གྱི་ཟབ་ཁྲིད་གསན་པ་ནས་བཟུང་རྫོགས་ཆེན་གྱི་ཉམས་བཞེས་ཁོ་ན་གནང་ཞིང། གནས་སྐབས་སྲིད་ཀྱི་བྱ་བ་མཛད་པ་ལར་སྣང་ཡང་ཐུགས་དམ་ཉམས་བཞེས་ལ་ལྟུར་ལེན་གནང་བས་གྲུབ་པའི་ས་ལ་གཤེས་པའི་དམ་པ་དེ་ལ་སྲས་བཞི་ཡོད་པའི་དང་པོ་གསུམ་གྱི་ཆེ་བ་དོན་གྲུབ་རབ་བརྟན། འབྲིང་པོ་གཏེར་སྟོན་ཆོས་རྗེ་གླིང་པའམ་འཛམ་གླིང་རྡོ་རྗེ། ཆུང་བ་གདུང་འཛིན་ཆོས་ཀྱི་གྲགས་པ་གསུམ་དང། ཡུམ་མི་གཅིག་པའི་སྲས་རྗེ་འདི་རང་བཞི་ཡིན་ལ། རྗེ་འདི་ནི་དཔལ་འཁོར་ལོ་སྡོམ་པ་དངོས་ཡིན་པར་གྲགས་ཤིང། ཆུང་དུ་ནས་ཐ་མལ་གྱི་སྦྱོད་པ་ལས་རིང་དུ་གྱུར་པའི་སྐྱེས་བུ་དམ་པའི་ཡོན་ཏན་དུ་མས་མཛེས་པར་གྱུར་པས་མཐོང་ཐོས་ཐམས་ཅད་དད་པའི་ས་ལ་སྦྱོར་བ་ནུས་པ་ཞིག་ཡིན་ལ། ཡོངས་འཛིན་གྱི་གཙོ་བོ་མཆོག་སྦྲུལ་བཟང་པོ་རྡོ་རྗེ་དང། རིག་འཛིན་ཆོས་རྗེ་གླིང་པ་གཉིས་ལས་རང་ལུགས་གཙོ་གྱུར་གྱི་བཀའ་ཆོས་ཐམས་ཅད་བུམ་པ་གང་བྱོར་གསན། གཞན་ཡང་མདོ་སྔགས་རིག་ལམ་དང་བཅས་པ་ལ་མཁྱེན་སྦྱན་མཆོག་ཏུ་ཡངས་ཤིང་(སྨད་ཆ།༣༦༢)དཔྱད་པ་དག། སྡོམ་པ་གསུམ་གྱི་ཉམས་བཞེས་ལ་ཡང་གཡེལ་བ་མི་མངའ་བས་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ། དངོས་དང་བརྒྱུད་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་ལྟུར་བཞེས་དང། ཁྱད་པར་བསྟན་པ་རིན་པོ་ཆེ་ཐུགས་ལ་གཅེས་སྦྲས་སུ་གནང་ཞིང་སྒོ་དུ་མ་ནས་གོང་འཕེལ་གྱི་ཐབས་ལ་ཐུགས་རྩོལ་དང། བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེར་སྦེལ་བར་མཛད་ཅིང། ཁྱད་པར་མཆོག་སྦྲུལ་རིན་པོ་ཆེར་དབང་ལུང་ཐམས་ཅད་བཀའ་རྫོགས་ལུང་རྫོགས་སུ་ཕུལ་བས་རང་ལུགས་བསྟན་པའི་སྲོག་འཐུད་པར་གྱུར་པ་སོགས་མཛད་ཕྲིན་མཐའ་ཡས། གྲུབ་པའི་གོ་འཕང་བརྙེས་ཤིང་ལམ་གྱི་ཡོན་ཏན་མཐོན་པོར་གྱུར་པའི་རྣམ་པར་ཐར་པའང་ཟབ་ཅིང་རྒྱ་ཅེ་བ་མངའ་ཞིང་རྟོགས་པ་དོན་བརྒྱུད་ཀྱི་གྲལ་དུ་བཞུགས་པ་ཡིན་ཏེ། དེ་ལྟ་བུའི་མཛད་ཕྲིན་རྒྱ་ཆེ་ཞིང་རྨད་དུ་བྱུང་དུ་མས་བསྟན་པ་དང་སེམས་ཅན་གྱི་དོན་ཡུན་རིང་དུ་བསྒྲུབས་ནས། སྦྱོང་དུས་གཏེར་ཆེན་ཆོས་གླིང་ཞི་བར་གཤེགས་པའི་གདུང་ཞུགས་འབུལ་སོགས་ཞབས་ཕྱི་ཞུས། དེ་ནས་མི་རིང་བར་རྗེ་ཉིད་ཀྱང་ཆོས་ཀྱི་དབྱིངས་སུ་སྙིམས་པར་བཞུགས་པའི་མཛད་པ་སྟོན་པས་ངོ་མཚར་པའི་ལྟས་ཁྱད་པར་ཅན་བསམ་མི་ཁྱབ་པས་ཐམས་ཅད་དད་པ་དང་མོས་པའི་ས་ལ་བཀོད་པར་གྱུར་ཏོ། མཆོག་སྦྲུལ་རིན་པོ་ཆེ་ཀུན་བཟང་ངེས་དོན་དབང་པོ་ནི། རྗེ་གོང་མ་བཟང་པོ་རྡོ་རྗེ་དེ་ཉིད་རྣམ་སྲས་གླིང་དུ་ཕེབས་སྐབས་སྡེ་པ་ཡུམ་བཅས་ལ་དབང་བཀུར་བྱིན་རླབས་ནན་ཏན་དུ་སྩལ་ཞིང། ཁྱད་པར་སྡེ་པའི་ཕྱག་ལྕགས་ཚུར་བཞེས་ཤིང་ཉིད་ཀྱི་ཕྱག་ལྕག་སྡེ་པར་གནང་ནས་རེ་ཞིག་ཟུངས་ཤིག་དང་(སྨད་ཆ།༣༦༣)རྟེན་འབྲེལ་ཞིག་ཡོད་ཅེས་གསུངས་པ་དང་ཡུལ་ལ་ཕྱག་ཕྲེང་གི་མདོ་འཛིན་གནང་བ་སོགས་ཏེ་འབྲེལ་བརྡ་ཆོས་ཀྱིས་ལུང་བསྟན་པར་མཛད་པ་བཞིན། དབང་བཅུ་མངའ་བའི་རྫུ་འཕྲུལ་ལ་དབང་འབྱོར་བའི་སྟོབས་ཀྱིས་གང་དུ་ཐུགས་བསྐྱེད་ཀྱིས་འཕེལ་པ་གནང་བ་བཞིན་སྐྱེ་བའི་མྱུ་གུ་མངོན་པར་གསལ་བར་གྱུར་ཏེ། དེ་ཡང་བྱ་ནག་རིགས་ཀྱི་ཐིག་ལེར། མི་བདག་བཀྲ་ཤིས་རབ་བསྟན་གྱི་སྲས་སུ་འཁྲུངས། ངོ་མཚར་བའི་ལྟས་དང་ཡ་མཚན་སྣ་ཚོགས་པ་དཔག་གིས་མི་ལངས་པ་དང། སྔོན་གནས་རྗེས་དྲན་གྱི་གསུང་གསང་གི་རོལ་མོ་སྙན་པར་ཁྲོལ་བས་ཐེ་ཚོམ་གྱི་མདུད་རྒྱ་རང་སར་ཞིག་པས་གོང་མའི་སྐྱེ་བ་ངེས་འདྲོངས་བྱུང་བ་དང། ལྷ་དང་བླ་མའི་གསུང་བརྟག་རྣམས་ཀྱང་གུང་མཐུན་བྱུང་བར་བརྟེན་གདན་ས་ཆེན་པོར་བསུ་བའི་བཀོད་པ་དུ་མ་དང་བཅས་ཏེ་གདན་དྲངས་ཏེ། དཔལ་མཉམ་མེད་སྒམ་པོ་པ་ཆེན་པོའི་སེང་གེའི་ཁྲི་ལ་ཞབས་ཀྱི་པདྨོ་བཀོད་ནས་བདེ་བའི་རྡོ་རྗེ་ལྷུན་གྲུབ་ངེས་དོན་གྱིས་གཙུག་ཕུད་བཞེས་ནས་ཀུན་བཟང་ངེས་དོན་དབང་པོ་དཔལ་བཟང་པོ་ཞེས་པའི་མཚན་དང་བཅས་ཡོངས་ཀྱི་འདྲེན་པར་མངའ་གསོལ། ཆོས་ཀ་སྦྱི་དང་བྱེ་བྲག་རང་ལུགས་ལ་གསན་སྦྱོང་མཐར་ཕྱིན་མཛད། རྡོ་རྗེ་འཛིན་པ་ལྷུན་གྲུབ་ངེས་དོན་དབང་པོ་དང། གཏེར་སྟོན་མཆོག་གི་སྦྲུལ་སྐུ་རིག་འཛིན་ཆོས་རྗེ་གླིང་པ་གཉིས་ལས་མདོ་སྔགས་བཀའ་གཏེར་གྱིས་མཚོན་པའི་ཟབ་ཆོས་མཐའ་དག་བུམ་པ་གང་བྱོར་གསན། སྨིན་གྲོལ་གྱི་བདུད་རྩིའི་ཐུགས་ཀྱི་བུམ་བཟང་གཏམས་ནས་བསྙེན་སྒྲུབ་བསྐྱེད་རྫོགས་ཀྱི་ཉམས་བཞེས་མཛད་པས་མི་དམ་ལྷག་པའི་ལྷ་བསམ་གྱིས་མི་ཁྱབ་པའི་ཞལ་གཟིགས་པ་དང་དངོས་གྲུབ་ཀྱི་མཚམ་མ་བརྙེས་པའི་རྟགས་མཚན་དུ་མ་མངོན་སྣང་དུ་གྱུར།(སྨད་ཆ།༣༦༤)གདན་ས་ཆེན་པོར་ཆོས་སྲིད་ཟུང་གི་བགྱིད་འོས་མཐའ་དག་ཕྱག་ཏུ་བཀལ་ནས་མཛད་ཕྲིན་གོང་འཕེལ་གནང་ཡང། བསྟན་དགྲ་གདུག་ཅན་ཇུན་གར་གྱི་དམག་གི་དཔུང་བོད་ཡུལ་ཕན་བདེའི་རྩ་ལག་ཨོ་རྒྱན་སློབ་དཔོན་ཆེན་པོའི་རིང་ལུགས་མཐའ་དག་དམིགས་མེད་དུ་རྒྱས་གདབ་པར་བྱེད་པའི་དུས་དེར། གདན་ས་འདི་ཉིད་སྔར་ནས་བཀའ་བརྒྱུད་པའི་ཆུ་འགོ་ཡིན་པ་གཞིར་བཅས་དེ་བཞིན་ཡིན་ཀྱང། རྡོ་རྗེ་བྲག་གཔའི་དབོན་རིས་སུ་གཏོགས་པ་དང་རྙིང་མ་མཛད་ཚུལ་སོགས་སྐྱོ་མ་མང་པོ་ཕྱི་ནང་གི་བདུད་རིགས་དམ་སྲི་སྙིང་ཞུགས་ཀྱི་སྐྱ་སེར་དུ་མའི་གླེང་བརྗོད་ལ་བརྟེན། བདུད་དམག་དེ་དག་གདན་ས་འདིར་ཡང་ལྷག་པར་ཕྱོགས་པའི་ཚེ་བླ་མ་ལྷ་བཅས་ཀྱི་ཐུགས་རྗེས་གསང་བརྡ་ཞིག་སྔ་འཕྲུལ་དུ་སོན་པས་སྐུ་འཁོར་ཉུང་ཤས་སྦོ་བོ་ཕྱོགས་སུ་བྲོས་སྟབས་སུ་ཕེབས། བདུད་འགོང་མ་རུང་པ་དེ་དག་གིས་དངོས་རྫས་རྟེན་གསུམ་ཐམས་ཅད་ཁྱེར་བའི་དུས་དཱགས་ཕྱོགས་ཀྱི་དམ་སྲིད་དག་གིས་ཁྱི་སྦྱང་ལག་སྦྲེལ་གྱི་སྒྱུ་འཕྲུལ་གྱིས་གདས་ས་ཆེན་པོ་འདི་རྨང་ནས་བཤིགས་པར་བརྩམས་པ་ན། སྒམ་པོ་རང་གི་ཆོས་སྐྱོང་གཉེན་པའི་སྟབས་ཀྱིས་བདུད་འགོད་དེ་དག་ལ་རྟགས་མཚན་ངན་ལ་ཆེས་མང་པ་འཕྲལ་འཕྲལ་དུ་བྱུང་བས་རོ་དགོན་མཆོད་ཁང་མཐའ་དག་བཤིགས་མ་ནུས་པ་ལུས། རྫུན་དུས་སྣུབས་པའི་རྙིང་བསྟན་མཐའ་དག་རང་རང་སྔར་ཤུལ་དུ་ཉམས་གསོ་བྱ་ཆ་ཚད་ལོག་བྱང་ཆོག་པའི་བཀའ་རྒྱ་ཕེབས་པ་དང། གདན་སར་ཕེབས་ནས་བསྟན་པ་རིན་པོ་ཆེ་ཉམས་གསོའི་མཛད་པ་སྐྱོང། དེ་བར་སྦོ་བོར་བཞུགས་(སྨད་ཆ།༣༦༥)སྐབས་ཀྱང་སྦོ་ཡུལ་སྟོད་སྨད་ཀྱི་གདུལ་བྱ་རྣམས་ལ་བཀའ་ཆོས་དབང་སོགས་ཀྱི་སྨིན་གྲོལ་གྱི་དགའ་སྟོན་ཅིང་ཡང་སྩལ་བར་མཛད། གདན་སའི་རྟེན་གསུམ་སོགས་ཉམས་ཆགས་ཐམས་ཅད་གསོ་བྲན་དང། དགེ་འདུན་རྣམས་བསྡུས་ནས་བཅའ་ཁྲིམས་སོགས་སྔར་རྒྱུན་ལས་མ་གཡོས་པར་མཛད། གཞན་ཡང་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་ཏེ་ཆོས་སྲིད་གཉིས་ཆར་གྱི་བསྟན་པ་གཞིར་བཞེངས་སུ་མཛད་དེ་གདན་ས་ཆེན་པོ་འདི་ཉིད་ལ་བཀའ་དྲིན་ཤིན་ཏུ་ཆེ་ངེས་ཤིག་ཡིན་ལ། དེ་ནས་སྐུ་ཚེ་འདི་ཉིད་ཀྱི་ལ་བཀའ་དྲིན་ཤིན་ཏུ་ཆེ་ངེས་ཤིག་ཡིན་ལ། དེ་ནས་སྐུ་ཚེ་འདི་ཉིད་ཀྱི་གདུལ་བར་བྱ་བ་དང་མཛད་པ་སྐོར་གཅིག་རྫོགས་པར་གཟིགས་ནས་ངོ་མཚར་བའི་ལྟས་དུ་མ་དང་བཅས་མཁའ་སྦྱོད་བདེ་བ་ཆེན་པོའི་ཞིང་དུ་གཤེགས་པར་གྱུར་ཏེ། གཤེགས་རྗེས་ཀྱི་བྱ་བ་དགོངས་རྫོགས་མཆོད་སྦྲིན་སྦྲོ་བ། སྐུ་གདུང་མཆོད་རྟེན་གསར་བཞེངས་ཕྱི་ནང་གི་རྟེན་བཞེངས་སོགས་མཛད་པ་མཐའ་རྒྱས་སུ་ཕྱག་མཛོད་སྡེ་པ་བཀྲས་གཤོང་བས་ལེགས་པར་གྲུབ་པར་བྱས་པར་ཡིན་པར་སྣང་ངོ། འདི་སྐོར་གྱི་རྣམ་ཐར་ཞིབ་རྒྱས་མ་མཇལ་ཡང་གོང་མ་དག་གི་གསུང་སྒྲོས་ལས་བྱུང་བ་བཞིན་མདོར་ཙམ་ཞིག་བྲིས་པ་ཡིན་ནོ། རྟོགས་པ་དོན་བརྒྱུད་ཀྱི་གྲལ་དུ་བཞུགས་པའི་ཐམས་ཅད་མཁྱེན་པ་ཞཱ་དམར་མཆོག་སྦྲུལ་རིན་པོ་ཆེ་གར་དབང་རྒྱ་མཚོ་ནི། བྱ་ནག་རིགས་ཀྱི་ཐིག་ལེ་སྡེ་བ་རྣམ་སྲས་གླིང་པའི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངཤ། སྔོན་གནས་རྗེས་སུ་དྲན་གསུང་གསལ་བ་དང་མཛད་པ་ངོ་མཚར་བ་སོགས་ལ་བརྟེན། ཡངས་ཅན་ཕྱག་མཛོད། མཚུར་ཕུ་རྒྱལ་ཚབ། གནས་ནང་དཔའ་བོ་སོགས་ཆེ་བགྲེས་རྣམས་བཀའ་བགྲོས་ནས། སྐུ་ཞབས་རྒྱལ་བའི་དབང་པོ་སྐལ་བཟང་རྒྱ་མཚོ་གཅོས་བོད་ཡུལ་གྱི་བླ་མ་ལྟར་བཅས་ཀྱི་(སྨད་ཆ།༣༦༦)གསུང་བརྟག་ཞུ་འོས་རྣམས་ལ་བརྟག་ཞུས་བྱས་པས་ཐམས་ཅད་ཀྱི་ལུང་མཐུན་བྱུང་བ་ལ་བརྟེན་ནས། གནས་ནང་དཔའ་བོ་སྦྲུལ་པའི་སྐུས་གཙོས་པའི་ཆེ་བགྲེས་རྣམས་བྱོན་ནས་ངོས་འཛིན་ཕུལ་བར། ཕྱག་དྲིལ་ཕྱག་ཌཾ། ཕྲེང་བ་སོགས་ན་བཟའ་ཉེར་སྦྱད་རྣམས་འདྲ་ཅོད་རེ་དང་བཅས་ཕུལ་བར་སོ་སོར་ངོས་འཛིན་འཕྲུལ་མེད་ཁོ་ན་དང་ཁྱད་པར་སྔོན་གནས་རྗེས་དྲན་གྱི་གསུང་གསང་སྙན་པའི་རོལ་མོས་དེར་ཡོད་ཐམས་ཅད་དབང་མེད་དུ་མཆི་མ་འབྱིན་པར་བྱེད་ཅིང་ཡིད་ཆེས་དད་པའི་ས་ལ་སྦྱོར་བར་མཛད་པས་དཔའ་བོ་སྦྲུལ་སྐུའི་ཞབས་བརྟན་དང་ཚེ་དབང་སོགས་གྲུབ་ཀྱི་ཀྱང་ཕུལ་ནས་ཐམས་ཅད་མཁྱེན་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཀྱི་ཡང་སྲིད་དུ་ཐུགས་ཐག་ཆོད་ནས་རིམ་པར་མཚུར་ཕུར་གདན་དྲངས། དེ་ནས་རྒྱལ་ཚབ་རིན་པོ་ཆེ་གཙོར་གྱུར་བཀའ་བརྒྱུད་པའི་བླ་མ་ཆེ་བགྲེས་བོད་ཡུལ་ན་བཞུགས་པ་ཐམས་ཅད་ཞལ་མཐུན་པར་བདེ་ཆེན་ཡངས་པ་ཅན་གྱི་གཙུག་ལག་ཁང་དུ་གོང་མའི་གདན་སར་ཁྲིར་འདོན་སོགས་ཕུལ་ཀྱང། སླར་ཡང་ཁམས་ཕྱོགས་ནས་སྐུ་སྐྱེ་ཉིས་ཟློས་བྱུང་བར་དེ་ཉིད་ཀྲོངས་པར་གྱུར་ཀྱང་ཡང་བསྐྱར་དུ་བཀྲ་ཤིས་རྩེ་པའི་ཕྱོགས་ཀྱི་སྦྲུལ་སྐུའི་ཟློས་གཞི་སོགས་ལ་བརྟེན་རྗེ་འདི་ཉིད་གདན་པར་བཞུགས་པ་མ་ཤར་ཞིང། རྣམ་སྲས་གླིང་དུ་ཟུར་བཞུགས་གནང། དེ་ནས་མི་རིང་བ་དཔོན་པོའང་གཤེགས་པས་དམ་འདོགས་ཕལ་ཆེར་རང་སར་གྲོལ་ཞིང། ཁྱད་པར་རྒྱལ་མཆོག་སྐལ་བཟང་རྒྱ་མཚོའི་ཞལ་སྔ་ནས་སྦྲུལ་པའི་སྐུ་སྐལ་བཟང་དགེ་ལེགས་དཔལ་བཟང་པོ་ཞེས་པའི་མཚན་དང། ཁྲི་གདན་བཀུར་བཟོས་ཐམས་ཅད་གོང་མའི་དུས་ལྟར་གནང་ཞིང། ཁྱད་པར་ཁྱེད་རང་བཀའ་བརྒྱུད་བསྟན་པའི་གེགས་(སྨད་ཆ།༣༦༧)ཆགས་ཀྱིས་གདན་ས་ཐོབ་ཀྱང། ཐེལ་དམར་སོགས་སྔར་ལུགས་བཞིན་གནང་ཆོག་པ་དང་མཆོད་གཞིས་ཀྱི་ཐེབས་ཀྱང་གསར་ཕྱེས་ཕུལ་ནས་ཤེ་བམ་ཆེན་མོ་སྩལ་བ་སོགས་བདག་རྐྱེན་ཚད་མེད་པ་གནང་བ་ལ་བརྟེན་གསང་སྔགས་ཆོས་འཁོར་གླིང་རྟེན་བརྟེན་པ་དང་བཅས་གསར་བཞེངས་མཛད། དགེ་འདུན་གྱི་འདུ་སྒོ་སྦྱར་བ་སོགས་བསྡུ་བའི་དངོས་པོ་གཞིས་བསྐྱངས་ཤིང་བཤད་སྒྲུབ་ཀྱ་རྒྱུན་བཟང་པོ་བཙུགས་ནས་གྲ་ཤིན་ཏུ་དངོས་གཙང་བ་ཞིག་འཛུགས་པར་མཛད། དེ་ཡང་རྗེ་འདིས་བཀའ་ཆོས་ཕལ་ཆེར་གསན་ཡུལ་ནི། ཉིད་ཀྱི་ཁུ་བོ་དཱགས་པོ་སྦྲུལ་སྐུ་ཀུན་བཟང་ངེས་དོན་དབང་པོ་ལ་ཞུས་ཤིང། གཞན་ཡང་ཡོངས་འཛིན་དུ་མ་ལས་བཀའ་ཆོས་རྒྱ་ཆེར་གསན། སྐལ་བ་དང་ལྡན་པ་དག་ལ་ཟབ་མའི་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་ནས་གདུལ་བྱ་མཆོག་དམན་སོ་སོར་བློ་དང་འཚམས་པའི་གདམས་པས་ཐེག་པ་གསུམ་གྱི་ལམ་ལ་རིགས་ཀྱིས་བཀྲི་པར་མཛད་ནས་མཐར་ཐུག་ཐེག་པ་མཆོག་ལ་སྦྱོར་བའི་བཀའ་དྲིན་གྱིས་བསྐྱངས་པར་མཛད་དོ། རྗེ་འདི་ནི་སྦང་རྟོགས་ཡོན་ཏན་གཞན་ལྷ་ཞོག་གནས་སྐབས་ཀྱི་ཀུན་སྦྱོད་ཙམ་ཡང་གཞན་གྱིས་འགྲན་པར་མི་ནུས་ཤིང། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པས་ཞི་བ་དུལ་བ་ཉེར་བར་ཞི་བ་སོགས་སྐྱ་བུ་དམ་པའི་ཡོན་ཏན་མ་ཚང་བ་མེད་ཅིང་བག་མེད་པའི་སྦྱོད་པ་ཐམས་ཅད་ལས་རིང་དུ་གྲོལ་བས་ཀུན་དད་པ་འདྲེན་ནུས་པ་སྐུ་ལས་ཚུལ་ཁྲིམས་དྲི་བཟང་པོ་བྲོ་བ། ཆོས་ལྟ་བུ་འཆད་པའི་ཚེ་ཡང་ལུང་རིགས་དང་འབྲེལ་བའི་གསུང་བཤད་སྙན་ཅིང་འཇེབས་ལ་གསལ་ངག་གོ་སླ་བ་ཁོ་ན་སྩལ་ཞིང། ཐུགས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་ཡིན་ཏན་བསམ་མི་ཁྱབ་པ་མངའ་ཞིང། འགྲོ་བ་(སྨད་ཆ།༣༦༨)ཐམས་ཅད་ལ་སྙིང་རྗེ་ཆེན་པོས་བུ་གཅིག་པ་ལྟར་གཟིགས་པ་སོགས་སར་གནས་སེམས་དཔའི་རྣམ་པར་ཐར་པའི་ཡོན་ཏན་ཚད་མེད་པ་མངའ། གཞན་ཡང་དཀའ་སྦྱད་ཐུགས་རུས་དྲག་པོས་སྐུ་འཚམས་བཅད་རྒྱ་གནང་ཚུལ། ལྷག་པའི་ལྷ་དུ་མའི་ཞལ་གཟིགས་བྱུང་ཚུལ། རྡོ་ལ་པྱག་ཞབས་ཀྱི་རྗེས་འཇོག་ཚུལ་སོགས་མཐའ་ཡས་པ་མཆིས་ཤིང་གསུང་རྩོལ་བསྟན་བཅོས་ཀྱི་རིགས་ཀྱང་པོ་ཏི་ལྔ་དྲུག་ཙམ་བཞུགས་ཏེ། དེ་ལྟ་བུའི་བསྟན་འགྲོའི་དོན་ཡུན་རིང་དུ་མཛད་ནས་དགུང་ལོ་ང་བརྒྱད་ལ་ངོ་མཚར་ཅན་གྱི་ལྟས་དུ་མ་དང་བཅས་དག་པའི་ཞིང་དུ་གཤེགས་སོ། རྗེ་འདི་སྒམ་པོའི་གདན་སར་བཞུགས་པ་མིན་ཀྱང་ཆོས་བརྒྱུད་ལ་བཀའ་དྲིན་གཞལ་བྲལ་དུ་གྱུར་ཕྱིར་ངེས་པར་བརྗོད་འོས་པས་རེ་ཞིག་བསྡུས་ཏེ་བྲིས་པ་ཡིན་ནོ། སྒམ་པོ་བ་མཆོག་གོ་སྦྲུལ་པའི་སྐུ་རིན་པོ་ཆེ་འཇམ་དཔལ་ཕྲིན་ལས་དབང་པོའམ་གཏེར་ཆེན་རྡོ་རྗེ་རྒྱལ་པོ་ནི། ཨོ་རྒྱན་བདེ་ཆེན་གླིང་པའི་ལུང་བསྟན་བཀའ་རྒྱ་མ་ལས། ཁྱད་པར་དཱགས་ཀོང་རི་བོ་ཤནྟིའི་གནས༔ ཨོ་རྒྱན་པདྨ་སམ་བྷའི་རྣམ་སྦྲུལ་སྐུ༔ གླང་ལོ་བྱང་ཆུབ་སེམས་དཔའ་ངུར་སྨྲིག་འཆང། ཟབ་གཏེར་ཆོས་ཀྱི་བདག་པ་བྱེད་པ་འབྱུང༔ ཞེས་དང། རྡོ་རྗེ་བྲག་མཆོག་སྦྲུལ་རིན་པོ་ཆེའི་གཏེར་བྱོན་སྦས་གནས་བདུན་གྱི་ལུང་བྱང་ལས། གླང་བྱི་ལོ་པ་ས་ཁམས་སྙིང་རྗེ་ཅན། དྲག་ཤུལ་ཚོ་རོལ་སྦྱོད་པ་རིགས་བཞིའི་རྟགས༔ སྙིང་ཁར་སྨེ་བ་སྟག་རིས་མཚོན་ཆ་འདྲ༔ ལག་གཡས་མཚན་པའི་སྐྱེས་བུ་དེ་དང་འཕྲད༔ སྐལ་ལྡན་དཔལ་གྱུར་འགྲོ་ཀུན་ཐར་གླིང་དུ༔ ཁྲིད་ནས་བླ་མེད་སངས་རྒྱས་པར་བསྒྲོད་ཤོག༔ ཅེས་དང རྩོད་བྲལ་གྱི་གཏེར་སྟོན་གར་དབང་རིག་འཛིན་ཚེ་མཚོག་རྩལ་གྱི་གཏེར་ལུང་(སྨད་ཆ།༣༦༩)ལས། ཨོ་རྒྱན་བདག་དང་བི་མའི་སྐུའི་སྦྲུལ་པ༔ པདྨ་འགྲ་མགོན་རྡོ་རྗེ་ཞེས་གྲགས་པ༔ རྒྱལ་རིགས་བློ་གསལ་རྒྱབ་མདུན་རྨེ་བས་བརྒྱན༔ ངང་ཤེར་ཞབས་ལྡན་ལེ་ལོ་གཡེང་བའི་ཚུལ༔ རྒྱན་དང་རོལ་མོ་གླུ་གར་རྩེ་འཛོར་དགའ༔ བྱམས་དང་སྙིང་རྗེ་ཤེས་རབ་བློ་སྟོབས་ཆེ༔ རྩ་གསུམ་རྒྱལ་བའི་བསྙེན་སྒྲུབ་ལས་ལ་བརྩོན༔ རིས་མེད་སྦྱོད་པ་ཚོ་རོལ་བསྟག་པར་དཀའ༔ བར་ཆད་བདུད་ཀྱི་དབང་དུ་མ་སོང་ན༔ ཟབ་མའི་གཏར་ཁ་བཅུ་གསུམ་དག་ལ་དབང། ཞེས་སོགས་གཏེར་ཁ་དུ་མ་ནས་ལུང་བསྟན་པ་ལྟར། ལྷ་རིགས་མང་བཀུར་རྒྱལ་པོའི་གདུང་ལས་སོན་པའི་ཡབ་གཏེར་ཆེན་དུ་ལྡན་སུ

ོ་ཙ་ནྡྲ་ཞེས་པ་གཉིས་ཀྱིས་སྲས་སུ་མེ་མོ་གླང་གི་ལོ་ལ་ངོ་མཚར་བའི་ལྡས་དང་བཅས་སྐུ་བལྟམས། དེ་སྐབས་གདན་ས་ཆེན་པོར་བླ་མ་གཞན་མི་བཞུགས་པས་ལུགས་གཉིས་ཀྱི་འཛིན་སྐྱོང་ཐམས་ཅད་གོང་མའི་ཞབས་གྲས་མཛོད་པ་སྡེ་པ་བཀྲས་བཤོང་པ་ཆོས་མཛད་རྡོ་རྗེ་རྣམ་རྒྱལ་གྱིས་ཁུར་ལེན་བྱེད་སྐབས་ཡིན་ཏེ་རྗེ་གོང་མའི་དགོངས་རྫོགས་དངུལ་གདུང་བཞེངས་པ་སོགས་གྲུབ་ནས་ཡང་སྲིད་རིན་པོ་ཆེ་གར་འཁྲུངས་བོད་ཡུལ་བླ་མ་ལྷ་བཅས་ལ་གསུང་བརྟག་ཞུ་བ་སོགས་ནན་ཆེར་ཡང་ཡང་བགྱིས་པའི་ལུང་མཐུན་དང། ཁྱད་པར་ཀརྨ་པ་བདུད་འདུལ་རྡོ་རྗེ། རྒྱལ་བ་སྐལ་བཟང་རྒྱ་མཚོ། འབྲུག་པ་ཐམས་ཅད་མཁྱེན་པ། དྲིའུ་ལྷས་གཡུང་མགོན་རྡོ་རྗེ། རྗེ་གར་དབང་རྒྱ་མཚོ་རྣམས་ཀྱིས་གསུང་གསལ་ལ་བརྟེན་ངེས་འཛིན་(སྨད་ཆ།༣༧༠)སོགས་ངེས་འདྲོངས་བྱུང་ཡང། ས་སྐྱོང་ལྷ་རྒྱ་རི་བ་སྐུ་གཉེན་པས་ཡང་སྲིད་རིན་པོ་ཆེ་བླུར་མ་བཏང་བར་གཞུང་སར་ཞུ་སྐོར་སོགས་ཀྱང་བགྱིས་ནས་རིམ་པར་གདན་ས་ཆེན་པོ་འདིའི་ཆོས་ཀྱི་རྒྱལ་པོ་ཟླ་འོད་གཞོན་ནུའི་ཆོས་ཀྱིས་མངོན་པར་མཐོ་བའི་སེང་གེའི་ཁྲི་ལ་བཀྲ་ཤིས་པའི་རི་མོ་རྣམ་པར་བཀྲ་བའི་ཞབས་ཟུང་བཀོད་ནས་ལྷ་དང་བཅས་པའི་འགྲོ་བ་མ་ལུས་རིན་མོ་རྣམ་པར་བཀྲ་བའི་ཞབས་ཟུང་བཀོད་ནས་ལྷ་དང་བཅས་པའི་འགྲོ་བ་མ་ལུས་པའི་མཆོད་གནས་སུ་མངའ་གསོལ་ཕུལ། དེ་སྐབས་མཛོད་ལས་རྗེ་ཞཱ་དམར་ཐམས་ཅད་མཁྱེན་པ་གར་གྱི་དབང་པོ་གདན་སར་སྦྱན་དྲངས་ནས་ཡུན་རིང་དུ་བཞུགས་ཏེ་བཀའ་ཆོས་ཀྱི་བདུད་རྩི་མ་ལུས་པ་བུམ་པ་གང་འབྱོའི་ཚུལ་དུ་གསན། སླར་ཡང་རྗེ་ཉིད་རྣམ་སྲས་གླིང་དུ་ཕེབས་ནས་རྗེ་གར་གྱི་དབང་པོའི་སྐུ་དྲུང་ནས་བཀའ་ཆོས་ལྷག་མ་རྣམས་དང་ཆོས་དྲུག་དང་ཕྱག་རྫོགས་ཀྱི་ཉམས་ཁྲིད་སོགས་གནང་སྨིན་དུ་གསན་ནས་ཉམས་བཞེས་སྲང་ལ་བཅར་ནས་དགོངས་པ་ཀློང་དུ་གྱུར་མཛད་པ་ཡིན་ནོ། ཡང་རྗེ་འདི་ཉིད་བྱིས་པའི་དུས་ཤིག་གཏེར་ཆེན་ཀུན་བཟང་བདེ་ཆེན་རྒྱལ་པོ་ས་སྐྱོང་ཆེན་པོའི་ཕོ་བྲང་དུ་བཞུགས་སྐབས་གཏེར་སྟོན་གྱི་དབུ་སྐྲ་རལ་ཅོག་གི་ནང་ན་སངས་རྒྱས་ཀྱི་འཕེལ་གདུང་བཞུགས་པ་རྗེ་འདིས་ཚམ་ཚོམ་མེད་པར་བཞེས་པས་ཟབ་མོ་གཏེར་གྱིས་འཁོར་ལོས་བསྒྱུར་བར་འགྱུར་བའི་རྟེན་འབྲེལ་འགྲིགས། ཕྱིས་སུ་གཏེར་ཆེན་དེ་ཉིད་སྒམ་པོར་སྦྱན་དྲངས་ནས་གཏེར་ཁ་གསར་རྙིང་གིས་མཚོན་པའི་ཟབ་མོ་ཆོས་མང་དུ་བཞེས་པའི་ཤི་ཙ་བའི་བླ་མར་འཛིན། གཏེར་ཆེན་དེ་ཉིད་ཀྱིས་ཀྱང་ཐུགས་ཀྱི་སྲས་སུ་དགོངས་ནས་བསྟན་པ་གཏོད་པར་མཛད། ས་(སྨད་ཆ།༣༧༡)ཁྲི་དགུང་ལོ་ཉེར་གཉས་ཙམ་ནས་ཟབ་གཏེར་འདོན་པའི་ལུང་བསྟན་དངས་ཉམས་མནལ་ལམ་སོགས་ལ་ཡང་ཡང་བྱུང་ཡང་ཐུགས་དཀྱིལ་ཆེ་བས་ཐུགས་ཉམས་སུ་མ་བཞག་པར་གྱི་ནར་སྒྱུར་བ་ན། སླར་ཡང་ལུང་བསྟན་ཆེས་ཆེར་གསལ་བར་གཏེར་བདག་གི་བསྐུལ་མ་བཅས་བྱུང་བར་ས་ཕག་ནས་ཁ་བྱང་ཀྱང་ཕྱག་ཏུ་སོན་པ་དང། ལྕགས་བྱི་ལོ་ནས་བརྡ་ཡིག་གི་ཕྱི་ལོ་ཕྱག་ཏུ་འབྱོར་བས་ཁ་བྱང་ནང་གི་ལུང་དོན་བཞིན་མེ་ལོར་ཡིག་གི་ཕྱི་ལོ་ཕྱག་ཏུ་འབྱོར་བས་ཁ་བྱང་ནང་གི་ལུང་དོན་བཞིན་མེ་ལོ་ལུག་ལོར་སྒམ་པོ་གདར་གྱི་རི་ཙེ་བྲག་ཨོ་རྒྱན་པད་ཞུའི་རྒྱབ་ཕྱོགས་ཀྱི་མཚོ་སྨན་ཆུ་མིག་ནས་ཞབས་ཕྱི་གསུམ་དང་བཅས་གསང་བདག་དྲག་པོ་ཆེན་པོའི་ཆོས་སྐོར་གཏེར་སྒྲོམ་ཉམས་མེད་དུ་སྦྱན་དྲངས་ཏེ་གསང་རྒྱ་མཐར་ཕྱིན་པར་མཛད་ནས་སྐལ་བ་དང་ལྡན་པ་དག་ལ་ཐོག་མའི་ཆོས་སྒོ་ཕྱེས་ནས་རིམ་པར་སྦེལ་བར་མཛད། དེ་སྐབས་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་བཞེངས་པའི་མཐའ་དངུལ་གྱི་གཙུག་ལག་ཁང་སྦོ་བོམདུད་ཆུའི་ལྷ་ཁང་ས་གཡོས་ཀྱིས་རྨང་ནས་འཇིག་པར་གཞུང་ས་མཆོག་ནས་རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང། སྲིད་སྐྱོང་བཅས་ཀྱིས་རྗེ་འདིར་ཞིག་གསོས་དགོས་པའི་ལུང་བབས་ཡིན་ཚུལ་གྱི་བཀས་བསྐུལ་བ་བཞིན་བོད་ཡུལ་སྦྱི་དང་བྱེ་བྲག་གི་བདེ་སྐྱིད་ལ་དགོངས་ཏེ་སྦོ་བོར་ཞབས་པད་བསྐྱོད་ནས་གཙུག་ལག་ཁང་སྔར་ལས་ལྷག་པར་རྟེན་གསུམ་བཅས་རྨང་ནས་གསར་བཞེངས་རབ་གནས་དང་བཅས་ཞིབ་རྒྱས་མཛད་པའི་བཀའ་དྲིན་བསྐྱངས། སླར་གདན་སར་ཆིབས་སྐྱོད་གནང་ནས་མཛད་ཕྲིན་ལས་གོང་འཕེལ་མཛད། འདི་དུས་རྗེ་གར་དབང་རྒྱ་མཚོའང་གདུལ་བྱ་རྟག་འཛིན་ཅན་དག་གི་ངོར་ཐ་མའི་མཛད་པ་སྟོན་པར་བཞེད་པའི་ཚེ་རྣམ་སྲས་གླིང་དུ་ཕེབས་རྗེས་འདིར་ཐུགས་ཀྱི་དགོངས་པ་གཏོད་པའི་ཞལ་ཆེམས་སོགས་སྩལ་བ་བཞིན་(སྨད་ཆ།༣༧༢)གཤེགས་རྗེས་སུ་སྒྲུབ་དགོས་ཐམས་ཅད་ཐུགས་ཁུར་ཆེ་བཞེས་ཀྱིས་བསྒྲུབས་བར་མཛད། དེར་མཚུངས་ཀོང་པོ་འབྲུག་ཐུང་དུ་སྦྲུལ་པའི་གཏེར་ཆེན་ཀུན་བཟང་བདེ་ཆེན་རྒྱལ་པོ་དེ་ཉིད་པདྨ་འདོ་ཀྱི་ཕོ་བྲང་དུ་གཤེགས་པར་ཉེ་བ་ན་རྗེ་འདིར་གཞན་ཞུ་བྱུང་བར་ཕེབས་པས་ཕྱི་ནང་གི་རྟེན་འབྱུང་མང་པོ་བསྒྲིགས་པ་དང་གཤེགས་རྗེས་ཀྱི་བྱ་བའི་ཞལ་ཆེམས་ཀྱིས་མཚོན་པའི་བསླབ་དོན་མང་དུ་སྩལ་ནས་ཞིང་ཁམས་སུ་ཕེབས་པའི་གཤེགས་རྗེས་ཀྱི་སྒྲུབ་དགོངས་ཐམས་ཅད་རྗེ་འདིས་ཐུགས་ཁུར་ཆེ་བཞེས་མཛད། འདི་ཙམ་ནས་བདེ་ཆེན་པདྨ་དཀོད་ཀྱི་གནས་སྒོ་འབྱེད་བསྒྲིགས་དགོས་རྣམས་གནང་ཞིང། གནས་ཀྱི་ལྟེ་བར་གཙུག་ལག་ཁང་རྟེན་བརྟེན་པ་གསར་བཞེངས་སོགས་མཛད་ཅིང། སླར་བོད་དུ་ཕེབས་ནས་ས་སྐྱ་བདག་ཆེན་འཛིན་དབང་སྡུད་སྙིང་པོ་དང་སྦྱོར་ར་ཐམས་ཅད་མཁྱེན་པ་སྲིད་སྐྱོང་རྟ་ཚག་པ་སོགས་ལ་ཆོས་བདག་གི་རྟེན་འབྲེལ་བསྒྲིགས་ནས་བཀའ་ཆོས་ཕར་འབུལ་ཚུར་གསན་མང་དུ་མཛད། གཞུང་ས་མཆོག་ནས་ཀྱང་གར་ཕེབས་སར་རྟ་ཁལ་འུ་ལག་ས་ཚུགས་སོགས་བདག་རྐྱེན་དང་བཀུར་བཟོས་ཚད་མེད་པའི་ཞབས་བསྐུལ་ཡང་མཛད། དེ་ལ་བརྟེན་མི་ལོ་བཅུ་གསུམ་དུ་བོད་ཡུལ་བདེ་སྐྱིད་ཀྱི་རྩ་བ་ཚུགས་པ་བྱུང་ངོ། སླར་ཡང་ཙ་གསུམ་རྒྱལ་བ་རྒྱ་མཚོས་གསང་ལུང་བཞིན་སྦས་གནས་སུ་ཕེབས་ནས་ལུང་བསྟན་དུས་བབས་དང་མཐུན་པར་ལྟེ་བ་སྦྲུལ་པའི་འཁོར་ལོའི་གནས་གཏན་ལ་འབེབས་ཕྱིར་གཏེར་ཆེན་ཀུན་བཟང་འོད་(སྨད་ཆ།༣༧༣)ཟེར་བ་ལྕམ་ཌཀིའི་དབང་མོ་སོགས་དང་བཅས་གནས་རྣམས་སུ་རིམ་པར་བསྐྱོང་ནས་ཞིབ་གསལ་མཛད། འདི་དུས་དངོས་གྲུབ་མཆོག་གི་རྫས་ཁྱད་པར་ཅན་ཙ་ཀླུ་བདུད་རྡོ་རྗེའང་ཕྱག་ཏུ་སོན་པ་དངོས་གྲུབ་ཆེན་པོའི་དགའ་སྟོན་དུ་བདག་གིར་བཞེས་ཏེ། དེ་ཡང་(སྨད་ཆ།་འདི་ནི་པདྨ་བཀོད་དང་རྩ་རི་ཏྲ་སོགས་གནས་ཁྱད་པར་ཅན་རྣམས་ལས་གང་ཡིན་དུ་མི་འབྱུང་ལ། གལ་ཏེ་ཡོད་དུ་སྲིད་ཀྱང་མཁའ་འགྲོ་འབུམ་སྒྲིབ་ཤིང་ཡོད་པས་ཕལ་པའི་འགྲོ་བས་མཐོང་བར་མི་འགྱུར་བས་རྗེ་འདིར་ལྷ་དང་མཁའ་འགྲོས་སྩལ་བར་འགྲོ་བས་མཐོང་བར་མི་འགྱུར་བས་རྗེ་འདིར་ལྷ་དང་མཁའ་འགྲོས་སྩལ་བར་གོར་བས་མཐོང་བར་མི་འགྱུར་བས་རྗེ་འདིར་ལྷ་དང་མཁའ་འགྲོས་སྩལ་བར་གོར་མ་ཆག་གོ། སྦས་གནས་སུ་ལོ་གསུམ་གྱི་བཅད་རྒྱ་སོགས་མཐར་ཕྱིན་མཛད་ནས་སྦོ་བོ་དགའ་བ་ལུང་སོགས་ལ་ཞབས་པད་བསྐྱོད་ནས་གནས་སྒོ་གསར་ཕྱེ་དང་ཟབ་གཏེར་བཞེས་པ་སོགས་ལུང་མཐུན་མཛད་གྲུབ་ནས། གནས་མཆོག་ཆེན་པོ་ཁམས་ཀྱི་སྲིན་མོ་རྫོང་དུ་ཞབས་པད་བཀོད་ནས་གཏེར་ཆེན་ཉི་གྲགས་མཆོག་སྦྲུལ་རིན་པོ་ཆེ་སོགས་དང་མཇལ་འཕྲད་ཆོས་བཀའ་གསན་འབུལ་དང། གནས་ཆེན་དེ་ཉིད་ནས་ཀྱང་ཟབ་གཏེར་འགའ་ཞིག་གཏེར་ནས་བཞེས་པར་མངོན་ལ་ཕྱོགས་དེའི་འགྲོ་བ་རྣམས་ཀྱི་དོན་དུ་དགོངས་ནས་མཆོག་སྦྲུལ་རིག་པ་འཛིན་པ་ཟུང་གིས་བདུད་རྩི་སྨན་གྱི་སྒྲུབ་པ་ལ་སོགས་པ་གནང་བས་ངོ་མཚར་བའི་ལྟས་ཀྱང་མཐའ་ཡས་པ་བྱུང་ཞིང། སླར་ཡང་མདོ་ཁམས་སྨད་ཀྱི་སྐྱེ་འགྲོ་རྣམས་བདེ་ཐབས་སུ། གནས་ཆེན་ཁ་བ་དཀར་པོ་དང། མིན་རྫ་ཡུལ། རི་རབ་ཕག་ཞལ་སོགས་ལའང་ཕེབས་དགོས་པའི་ལུང་བསྟན་ཡོད་པར་གྲགས་པ་དང་བཅས་བསྟན་འགྲོའི་བདེ་ཐབས་ཁོ་ནར་ཐུགས་རྩོལ་གནང་ཞིང་ཚོར་བཞེས་མཛད་པས་བོད་ཡུལ་ཕན་བདེའི་བྱེད་པོ་གཅིག་པུར་གྱུར་པ་སྟེ། དེང་སང་མི་ཤིག་རྡོ་རྗེའི་རེ་ཁས་མཚོན་(སྨད་ཆ།༣༧༤)པའི་ཁྲི་ལ་ཞབས་པད་རྟག་བརྟན་གཡུང་དྲུང་ཁམས་སུ་བྱིན་གྱིས་བརླབས་ནས་བཞུགས་པ་ཉིད་སླར་ཡང་བསྟན་འགྲོའི་མགོན་དང་སྐྱབས་དང་དཔུང་གཉེན་དུ་བསྐལ་པའི་བར་དུ་འཚོ་གཞེས་གསོལ་བ་འདེབས་པ་དོན་ལྡན་དུ་བྱིན་གྱིས་བརླབས་པའི་བཀའ་དྲིན་བླ་ན་མེད་པས་སྐྱོང་དུ་གསོལ་ལོ། རྗེ་འདིའི་རྣམ་ཐར་སྔོན་ཆད་ཡེ་གེར་འཁོད་པ་མི་འདུག་པས་ཞིབ་རྒྱས་མ་འཚལ་ཀྱང་གསུང་སྒྲོས་ལས་བྱུང་བ་དག་རེ་ཞིག་བསྡུས་ཏེ་བཀོད་པ་ཡིན་ནོ། གཞན་དཱགས་པོའི་ཕྱོགས་སུ་རྙིང་མའི་ཆོས་བརྒྱུད་འཛིན་པ་དཱགས་པོ་གྲོ་ལུང་སེམས་དགོན་པ་དང། དགྱེར་སྐུལ་ཕུ་བ་སོགས་དང། དཱགས་པོ་ཀླུ་མཁར་རང་གི་གདུང་རབས་སོགས་ཀྱང་འདིར་བྲི་བར་མ་ནུས་སོ། ཀོང་པོ་ཕྱོགས་སུ་ཀོང་སྟོད་རྐྱེན་བྱ་ཁྱུང་པ་ནི་གཏེར་ཆེན་སངས་རྒྱས་གླིང་པའི་ཆོས་བདག་བླ་མ་དཔལ་ལྡན་སེང་གེ་ཞེས་པ་དེ་ཉིད་ཐོག་མར་གཏེར་སྟོན་ལ་སྲིད་ལྟའི་དྲི་མ་སངས་རྒྱས་གླིང་པའི་ཆོས་བདག་བླ་མ་དཔལ་ལྡན་སེང་གེ་ཞེས་པ་དེ་ཉིད་ཐོག་མར་གཏེར་སྟོན་ལ་སྲི་ཞུ་ཆེ་ཡང་དད་པོ་རང་མེད་པས་རྟེན་འབྲེལ་འགྲིགས་དཀའ་ཙམ་བྱུང་ཡང་གཏེར་སྟོན་དེ་ཉིད་ཀྱི་གཏེར་བྱོན་གུ་རུ་དྲག་པོར་ཉམས་ལེན་མཛད་པས་ལོག་ལྟའི་དྲི་མ་སངས་ནས་གུས་ཀྱི་པདྨོ་རྒྱས་པར་ཆོས་བདག་ཡོངས་ཀྱི་གཅོ་བོ་ཁྱུང་པ་ཞེས་ཡོངས་སུ་གྲགས་པར་བྱུང་སྟེ། དེ་ནས་མི་ཐོག་ཐམས་ཅད་དུ་སངས་རྒྱས་གླིང་པའི་གཏེར་ཆོས་སྦྱི་དང་ཁྱད་པར་བླ་མ་དགོངས་པ་འདུས་པའི་ཕྲིན་ལས་ཀྱི་བཀའ་བབས་པས་བཤད་སྒྲུབ་ཀྱི་སྒོ་ནས་བསྟན་པ་རྒྱས་པར་མཛད་ཤ་སྟག་བྱོན་ཏེ། དེ་ཡང་བླ་མ་དཔལ་ལྡན་སེང་གེས་སྲས་བྱ་ཁྱུང་པ་ཆོས་རྒྱལ་བཀྲ་ཤིས། དེའི་སྲས་བྱ་ཁྱུང་པ་པུ་ཎེུཾ་རཱ་ཛའི་དཔལ་འབར་དབང་ཕྱུག་ཡང་ཟེར། དེའི་སྲས་བྱང་ཁྱུང་པ་ངག་དབང་པདྨ་སྟེ་འདི་ནི་ཀོང་ཕྱོགས་སུ་རྙིང་མའི་བསྟན་འཛིན་ཞིག་ལ་མཁྱེན་རྟོགས་ཆེ་བར་གྲགས།(སྨད་ཆ།༣༧༥)དགུང་ལོ་བརྒྱད་པའི་དུས་ཀྱི་ཞབས་རྗེས་ཀྱང་སྣང། ཙན་དན་སྦྲུལ་སྙིང་གི་ཕུར་པ་ཡབ་ཡུམ་སྲས་གསུམ་དང། རྡོའི་ཚེ་བུམ་པ་རུ་ར་ཙམ་ལ་ནད་པ་འཚོ་འཆིའི་པྲ་བརྟག་སྟོན་པར་སོགས་གཏེར་རྫས་ཕྲན་བུ་འགའ་ཡང་གཏེར་ནས་སྦྱན་དྲངས་ཤིང། བཀོད་པ་ལུས་ཀྱི་སྒྲུ་འཕྲུལ་དང་ཟད་པ་སྐྱེ་མཆེད་ཀྱི་ཡོན་ཏན་མངོན་སྣང་དུ་སྟོན་ནུས། བསྟན་བཅོས་གསུང་རྩོམ་ཀྱང་མང་དུ་མཛད་དེ། རང་ལུགས་རྫོགས་ཆེན་གྱི་ཆོས་བརྒྱུད་ལ་བཀའ་དྲིན་ཆེ་ཤོས་ཤིག་སྟེ་གོང་དུ་སྙི)ག་ཐིག་གི་སྐབས་སུ་སྨོས་པ་ལྟར་རོ། དེའི་སྲས་བྱང་ཁྱུང་པ་རྒྱལ་དབང་བསྟན་འཛིན་ནི་འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པས་དབུའི་མཆོད་གནས་སུ་བཀུར། བླ་མ་དགོངས་འདུས་གཅོར་གྱུར་རྙིང་ལུགས་ཀྱི་ཆོས་བཀའ་མང་དུ་གསན་ཏེ་བསྙེན་བཀུར་ཆེ། འདི་ཕྱིན་གདུང་རབས་ཡི་གེ་སོགས་མ་མཐོང་ཡང་གདུང་བརྒྱུད་ནི་ད་ལྟའི་བར་དུ་ཡོད་དོ། རིག་འཛིན་ཆེན་པོ་ཨོ་རྒྱན་སངས་རྒྱན་གླིང་པའི་གདུང་རབས་སྙིམ་ཕུ་བ་ནི། གཏེར་སྟོན་གྱི་སྲས་ཡེ་ཤེས་རྡོ་རྗེ་ནི་དབང་ཆེན་གྱི་སྦྲུལ་པ་ཉི་དེ་བྲག་རྩའི་ཕུག་པར་ལོ་གསུམ་གྱི་བར་རྩ་བ་གསུམ་གྱི་སྒྲབ་པ་མཛད་པས་གྲུབ་པ་བརྙེས་ཏེ། རྟ་སྐང་ཐེངས་གསུམ་བཏོན་པ་འཛམ་གླིང་མི་གསུམ་གཉིས་ཀྱིས་ཐོས་པ་བྱུང། གཤེགས་དུས་ཞུན་ཐིག་པ་རྟ་མགྲིན་གྱིས་སྐུ་རང་བྱོན་བྱུང། དེའི་སྲས་སངས་རྒྱན་བློ་སྒྲོས་ནི་ཆོས་ཉིད་མངོན་སུམ་གྱི་དོན་ལ་བརྟན་པ་ཐོབ། སྨན་སྒྲུབ་དང་དྲིལ་སྒྲུབ་མང་དུ་མཛད། གཤེགས་དུས་སྐུ་གདུང་ཤ་རི་རམ་གྱི་རང་བཞིན་དུ་གྱུར་ཏོ། དེའི་སྲས་བླ་མ་ཆོས་ཀྱི་རྒྱལ་(སྨད་ཆ།༣༧༦)མཚན་པས་རྩ་གསུམ་གྱི་སྒྲུབ་པ་དུང་ཕྱུར་ཐེམས་པས། འཆི་མེད་ཚེའི་རིག་འཛིན་བརྙེས་ནས་དགུང་ལོ་བརྒྱ་དང་བཅུ་བཞུགས། སེམས་ཅན་ཐམས་ཅད་སྨིན་གྲོལ་ལ་འགོད་པར་མཛད་དོ། དེའི་སྲས་སྐུ་མདུན་རྒྱ་མཚོ་དང། ཀརྨ་བཟང་པོ་གཉིས་བྱུང་བ་ལས་གཉིས་ཀ་བསྐྱེད་རྫོགས་ཀྱི་ཕྱག་ལེན་ལ་མཁས་པར་བྱུང། ཕྲིན་ལས་ཀྱི་ཕྱོགས་བཅུར་ཁྱབ་ཅིང་གྲགས་པ་ཆེ་སྐུ་ཚེ་མཐར་ཕྱིན་ནོ། དགོངས་འདུས་བརྒྱུད་པ་ལ་ཕྱི་མ་འདྲེན། དེའི་ཐུགས་སྲས་བླ་མ་གྲུབ་མཆོག་བཟང་པོ་ནི། ལུང་བསྟན་བཀའ་རྒྱ་མ་ལས། ཀོང་ལོང་ཤིང་ལོའི་ཚལ་གྱི་ཀློ་ཀོང་མཚམས༔ གང་འགྲེལ་བདེ་ལ་ཞིག་པོ་གླིང་པའི་དངོས་སློབ་ཏུ་གྱུར་ནས། གཉེར་ཆོས་རྣམས་ཉམས་ལེན་ཀྱང་མཐའ་རྒྱ་ཆོད་པར་ཉམས་སུ་བཞེས་པ་ཡིན། མཚན་ཨ་བོ་དཔལ་འབྱོར་དུ་གྲགས་སོ། དེ་ལ་ཐུགས་སྲས་གསུམ་བྱུང་བའི་སྲས་ཆེ་བ་ཀརྨ་རིག་འཛིན་སྙིང་པོ་འཇམ་དབྱངས་ཀྱི་གྲུབ་པ་བརྙེས་ནས། འཆད་རྩོད་རྩོམ་གསུམ་ལ་མཁས་ཤིང་རྟོགས་པའི་ཡོན་ཏན་དང་ལྡན་པ་ཞིག་སྟེ། ལོ་ཆེན་གཞན་ཕན་རྡོ་རྗེ་གསུང་སྦྲུལ། དར་ལྡིང་པ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། ཐང་འབྲོག་སྦྲུལ་སྐུ་པདྨ་ལེགས་གྲུབ། ཀོང་པོ་རྫོགས་ཆེན་པ་བདེ་ཆེན་དར་རྒྱས་སོགས་ཀྱི་དབུའི་མཆོད་གནས་སུ་བསྐུར་པ་བྱུང་ངོ། ཆུང་བ་ཀརྨ་བསྟན་སྐྱོང་དབང་པོ་བསྐྱེད་རྫོགས་ཀྱི་ཕྱག་ལེན་ལ་མངའ་བརྙེས་པ་ཡིན་ལ། སྐུ་(སྨད་ཆ།༣༧༧)མཆེད་གསུམ་པོ་དེ་ལས་གདུང་བརྒྱུད་མ་འཕེལ་ཡང། གྲུབ་མཆོག་བཟང་པོའི་མཆེད་ཞིག་གཏེར་སྟོན་ཞིག་པོ་གླིང་པའི་སྐུ་གམ་དུ་ཕེབས་པ་ཕྱིར་བྱོན་ནས་མཁར་རྒྱ་བོར་བཞུགས་པས་ཆོས་བརྒྱུད་དང་གདུང་བརྒྱུད་གཉིས་ལ་འཕེལ་ཏེ་དེང་སངསྡེ་པ་དགའ་ཆགས་པ་སོགས་ཀྱི་བུའི་མཆོད་གནས་སུ་གྱུར་པའི་བླ་མ་ཚུག་ཟིན་བྱིན་ལྡན་ཞིག་བཞུགས་འདུག་སྟེ་མཁར་རྒྱ་བོར་གདུང་བརྒྱུད་ཉེར་གཅིག་འབྱུང་བའི་ལུན་བསྟན་དོན་ལ་གནས་པར་འགྱུར་བ་ཡིན་ནམ་སྙམ་མོ། ཞར་བྱུང་བླ་མ་དགོངས་འདུས་བརྒྱུད་པ་རང་ལུགས་ལྟར་སྲས་ནང་བརྒྱུད་ཁོ་ན་ཡིན་ལ་རིག་འཛིན་སྙིང་པོ་ལ་བདེ་ཆེན་དར་རྒྱས་ཀྱིས་གསན་པ་ཡིན་ཏེ། དེ་ཡང་རྫོགས་ཆེན་པ་བདེ་ཆེན་དར་རྒྱས་ནི། ཉང་པོ་ཁྱེ་ནང་ཞེས་པར་འཁྲུངས། ཆོས་རྗེ་མི་ཕམ་བློ་གྲོས་དང། རིག་འཛིན་འཇའ་ཚོན་སྙིང་པོ་སོགས་བསྟེན་ནས་གསན་སྦྱོང་དང་བཀའ་ཆོས་གསན། ཁྱད་པར་སངས་རྒྱས་གླིང་པའི་གདུང་བརྒྱུད་རིག་འཛིན་སྙིང་པོ་ལས་བླ་མ་དགོངས་པ་འདུས་པའི་དབང་ཁྲི་ལུང་གསུམ་སྨིན་གྲོལ་བསྐྱེད་རྫོགས་ཐམས་ཅད་མཐའ་ཆོད་པར་གསན། རྫོགས་པ་ཆེན་པོ་འབའ་ཞིག་ལ་ཐུགས་དམ་གྱི་མཐིལ་མཛད་པས་མཚན་ཡང་ཀོང་ལོ་རྫོགས་ཆེན་པར་གྲགས། སྐུ་ཚེའིསྨད་ལ་ཉི་གྲགས་གཏེར་སློབ་འཇམ་དབྱངས་ཧོར་གྱི་ལོ་ཆེན་ཉང་པོ་བདེ་ཆེན་དགོན་དུ་གདན་དྲངས། གཏེར་ཆེན་ཉི་གྲགས་གཏེར་ཆོས་ཡོངས་རྫོགས་གསན་པར་མཛད། དེ་དུས་ལོ་ཆེན་གྱིས་དཀྱིལ་འཁོར་ཐམས་ཅད་རྡུལ་ཚོན་ཁོ་ནར་ཕྱག་བསྟར་མཛད་པས་ཕྱག་མཛུབ་བརྡོལ་བའི་ལོ་རྒྱུས་ཀྱང་བྱུང། རྗེ་འདི་ལ་ལྕུབ་རི་གྲུབ་(སྨད་ཆ།༣༧༨)ཆེན་གྱིས་དགོངས་འདུས་གསན་པ་ཡིན་ཏེ། ལྕུབ་རི་གྲུབ་ཆེན་ཀུན་བཟང་རང་གྲོལ་ནི། ཉང་པོ་ཁྱེ་ནང་གི་ཕུ་བེར་གྲོང་མོ་ཆེ་ཟེར་བར་འཁྲུངས། རྫོགས་ཆེན་པ་བདེ་ཆེན་དར་རྒྱས་དང། རིག་འཛིན་ཆོས་རྗེ་གླིང་པ་སོགས་ལས་ཆོས་གསན། ཁྱད་པར་རྫོགས་ཆེན་པ་ལ་བླ་མ་དགོངས་འདུས་དབང་ཁྲིད་ལུང་གསུམ་ཚང་བར་གསན་ནས་ནམས་བཞེས་སུ། ལྕུབ་རི་ཞེས་པའི་རི་ཁྲོད་ཤིན་ཏུ་དབེན་པ་ཞིག་ཏུ་སྐུ་ཚེ་སྒྲུབ་པ་ལ་སྒྲིལ་བས་རིག་པ་ཚད་ཕེབས་ཀྱི་སར་གཤེགས། སྐལ་ལྡན་མང་པོར་བླ་མ་དགོངས་འདུས་སྙིང་ཐིག་ཡ་བཞི། ཡང་ཏི་ནག་པ་སོགས་ཀྱི་དབང་ལུང་དང་ཉམས་ཁྲིད་བསྐྱངས་པས་སློབ་མའང། རིག་འཛིན་ཐུགས་མཆོག་རྡོ་རྗེ་དང། ཀ༔ཐོག་རིག་འཛིན་ཆེན་པོ་སོགས་འགྲོ་དོན་ནུས་པ་མང་དུ་བྱོན། དགུང་ལོ་བརྒྱ་ཅུ་གྱ་ལྔར་བཞུགས་ནས་ཆོས་ཀྱི་དབྱིངས་སུ་གཤེགས་སོ། དགོངས་རྫོགས་དང་དངུལ་གདུང་བཞེངས་པ་སོགས་རྗེས་ཀྱི་སྒྲུབ་དགོས་ཐམས་ཅད་ལྕུབ་སྡེ་པ་ནས་ཞབས་འདེགས་ཞུས་པ་ཡིན་འདུག། གྲུབ་ཆེན་འདི་ལས་རིག་འཛིན་ཐུགས་མཆོག་རྡོ་རྗེས་གསན་པ་ཡིན་ཏེ་རྣམ་ཐར་ནི་གོང་དུ་གཏར་འབྱུང་སྐབས་སུ་སྨོས་པ་ལྟར་རོ། རིག་འཛིན་ཐུགས་མཆོག་རྡོ་རྗེའི་དྲུང་ནས་དགོངས་འདུས་སྐོར་གྱི་དབང་ཁྲིད་ལུང་གསུམ་རྫོགས་པར་བདག་གི་བླ་མ་དུས་གསུམ་གྱི་རྒྱལ་བ་རྣམས་དང་ཞལ་མི་གཉིས་པ་ངེས་པ་དོན་གྱི་རྡོ་རྗེ་འཆང་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ་མཚཙན་ལམ་དུ་ཌ་ཀིའི་བསྐུལ་མ་བྱུང་བ་ལ་བརྟེན་གསན་པར་མཛད་པ་ཡིན་ནོ། སྦྱིར་བརྒྱུད་ཚུལ་མང་ཡང་བརྒྱུད་པ་འདི་ནི་ཁྲུངས་བཙུན་ཁྱུང་འཕགས་ཤིག་སྟེ་འདིར་ཡང་ལོ་རྒྱུས་ཤེས་ཕྱིར་ཞར་བྱུང་དུ་སྨོས་པ་ཡིན་ནོ།(སྨད་ཆ།༣༧༩)མཚུངས་མེད་བསྟན་འཛིན་རྡོ་རྗེ་ཕྱག་བཏབ་པའི་ཀོང་པོ་ཐང་འབྲོག་དགོན་པའི་གདན་རབས། ཀོང་པོ་ཐང་འབྲོག་དགོན་པ་ནི། མཚུངས་མེད་བསྟན་འཛིན་རྡོ་རྗེས་བཏབ་པ་ཡིན་ཏེ། དེ་ཡང་ཐོག་མར་དཱགས་པོར་ཙེ་ལེ་རིག་འཛིན་ཆེན་པོ་བསོད་ནམས་རྣམ་རྒྱལ་ལ་སྲས་བཞི་ཙམ་བཞུགས་པའི་ཐོག་མ་གཉིས་ཀྱི་གྲ་ཚང་གི་བླ་མ་མཛད་པའི་གཅེན་དཔལ་ཨོ་རྒྱན་བསྟན་འཛིན་དམ་པ་ཆོས་ཀྱི་སྒྲོན་མེ་དེ་ཉིད་ཀྱིས་གྲ་པ་བློ་གསལ་པ་རགས་ཐུས་ཤིག་ལ་གྲ་གཙང་གསར་པ་ཞིག་མཛད་དེ་སྨིན་གྲོལ་བསྐྱེད་རྫོགས་ཀྱི་ཉམས་ལེན་དང་ལྡན་པ་མདོ་སྔགས་སྦྱི་དང་ཀུན་མཁྱེན་ཆེན་པོས་བསྟན་བཅོས་རྣམས་ལ་ཐོས་བསམ་དང་གཏེར་ཁ་གོང་འོག་སྙིང་ཏིག་ཡ་བཞི་སོགས་ལ་འཆད་ཉན་གྱི་རྒྱུན་བཙུགས་ཀྱང་ཨོ་རྒྱན་བསྟན་འཛིན་ཆོས་ཀྱི་སྒྲོན་མེ་དེ་ཉིད་སྐུ་གཤེགས་ནས། གྲ་ཚང་རྙིང་པའི་སྙན་ཕྲར་བརྟེན་རྗེ་དེའི་གཅུང་ཞབས་དྲུང་མཐུ་སྟོབས་པས་གྲ་ཆང་སྦོམ་པའམ་སྦོ་བར་གད་རེས་དགོས་ཚུལ་བཞིན་གྲ་གཙང་སུམ་ཅུ་སྐོར་ཡོད། ཀོང་པོ་ཕྱིན་པས་དཔའ་བོ་གཙུག་ལག་ཕྲེང་བའི་བཀའ་དྲིན་ལ་བརྟེན་ནས་ཀོང་ཡུལ་སྟོད་སྨད་དུ་གདུལ་རྒྱུག་པས་གྲ་ཚང་འདིའི་བླ་མ་མཚུངས་མེད་བསྟན་འཛོན་རྡོ་རྗེ་ཐང་འབྲོག་དགོན་འདི་བཏབ་ནས་གྲ་གཙང་གི་བཞུགས་ཡུམ་མཛད་པས་གྲ་ཚང་ཀྱང་བརྒྱ་ཕྲག་ལྷག་ཙམ་འདུ་བར་བྱུང་ཞིང། ཕྱིས་སུ་གཙང་པོ་མགོ་དགུ་དང། ཉང་པོ་བདེ་ཆེན་དགོན་ཡང་ཕྱག་ཏུ་སོན་དེ་དག་ཏུ་མོ་ཁྲིམས་དང་ཆད་ཁྲིམས་ཀྱིས་མཚོན་པའི་བསྒྲིགས་དང་རྣམ་(སྨད་ཆ།༣༨༠)གཞག་ཤིན་ཏུ་དངོས་གཙང་བར་གཞན་འགྲན་མེད་པ་ཁོ་ན་མཛད་པས་རྩེ་ལེ་གྲ་ཚང་ཞེས་ཀུན་གྱི་བསྔགས་པའི་ཡུལ་དུ་གྱུར། དཔལ་ཨོ་རྒྱན་བསྟན་འཛིན་དང། ཞབས་དྲུང་མཐུ་སྟོབས་པ་གཉིས་ཀྱི་བྲུལ་པའི་སྐུ་གཉིས་ཁྲི་འདོན་དང་བཅས་ལེགས་པར་མཛད་ནས་མཚུངས་མེད་ཉིད་སྐུ་ཚེ་མཐར་ཕྱིན་པར་གཙང་པོ་མགོ་དགུར་སྒྲུབ་པའི་ས་སྡེ་བཙུགས་ནས་པདྨ་འོད་དུ་གཤེགས་སོ། རྗེ་འདིའི་སྦྲུལ་པའི་སྐུ་ནི་རྒོ་ཚང་བ་སྣ་ཚོགས་རང་གྲོལ་ཡིན་ཏེ། རྗེ་འདི་ནི་ཁོང་པོ་ངམ་དུལ་ཞེས་པར་འཁྲུངས། གསུང་བྱེ་བ་ཙམ་ནས་སྔོན་གྱི་གན་རྣམ་ཤིན་ཏུ་གསལ་བར་དྲན་པའི་གསུང་ལ་བརྟེན། རྗེ་མཆོག་གྲུབ་པས་ངོས་འཛིན་མཛད་ནས་གྲ་ཚང་དཱགས་པོར་བྱོན་ཡོད་པ་དང་འགྲིགས་པས་དེར་སྦྱན་དྲངས། དེ་ནས་རིམ་གྱིས་གཙང་པོ་མགོ་དགུར་གདན་དྲངས་ནས་ཅུང་ཟད་བཞུགས། དེ་སྐབས་དཔལ་བོ་གཙུག་ལག་རྒྱ་མཚོ་ཀོང་བོར་བྱོར་པ་དར་འགྲིགས་པས་གཙུག་ཕུད་ཕུལ་བས་མཚན་ཀརྨ་རིན་འཛིན་རྣམ་རྒྱལ་དུ་གསོལ། དེ་ནས་གྲ་ཚང་དུ་གདན་དྲངས་ནས་སྐུ་ཡོན་ཕུལ་བས་མཁྱེན་རབ་ཀྱི་པདྨོ་བཞད་པར་གྱུར། འདི་སྐབས་སྦོ་བོ་གཏེར་སྟོན་པདྨ་རིག་འཛིན་གྱིས་ཆོས་བདག་ཏུ་ངོས་བཟུང་ནས་མཚན་མཁས་མཆོག་པདྨ་ལེགས་གྲུབ་ཏུ་གསོལ་ནས་ཁོ་རང་གི་གཏེར་ཆོས་རྣམས་ཀྱི་དབང་ལུང་ཕུལ། སླར་ཆེ་འདོན་དང་བཅས་གདན་སའི་འགན་བཞེས་ཕུལ་བས་ལུགས་གཉིས་ཀྱི་མཛད་ཕྲིན་རྒྱས། རྫོགས་ཆེན་བསོད་ནམས་དབང་པོ་གྲ་ཚང་དུ་གདན་དྲངས་ནས་བཀའ་ཆོས་ཀྱི་བདུད་རྩི་མང་དུ་བཞེས་ཤིང་ཁྱད་པར་ཉམས་ཁྲིད་མཐའ་རྒྱ་ཚོད་པར་གསན། ༣༨༡)བང་རིར་ཡང་ཕེབས་རིག་འཛིན་ཆེན་པོས་བདག་ཏུ་ངོས་འཛིན་མཛད་ནས་གཏེར་ཆོས་ཐམས་ཅད་ཚང་བར་གསན། གཞན་ཡང་བཀའ་ཆོས་མང་དུ་བཞེས་ནས་ལོ་གསུམ་གྱི་བཅད་རྒྱ་གནང། དེ་སྐབས་ཀ༔ཐོག་པདྨ་བློ་གྲོས་བོད་ཡུལ་ཕྱོགས་སུ་བཀའ་ཆོས་གསན་པར་ཆེད་དུ་ཕེབས་བཀའ་ཆོས་ཕར་འབུལ་འགའ་དང། ཚུར་ཡང་ཟབ་ཆོས་མང་དུ་གསན། ལྷོ་བྲག་ཏུ་ཕེབས་ནས་རྗེ་དཔའ་བོ་དྲུང་ནས་བསྙེན་རྫོགས་དང་བཀའ་ཆོས་མང་དུ་བཞེས། གཙང་གང་རང་ལྷུན་གྲུབ་ཆོས་སྡིངས་སུ་དམ་ཆོས་ཁོ་ནའི་ཆེད་དུ་དཀའ་བ་ཁྱད་དུ་བསད་ནས་ཕེབས་ཏེ་ལོ་ཆེན་རིན་པོ་ཆེ་ངག་གི་དབང་ཕྱུག་གཞན་ཕན་རྡོ་རྗེའི་དྲུང་དུ་ཟླ་བ་བཅོ་བརྒྱད་བར་དུ་ཉིན་མཚན་སྦྲེལ་ནས་བཀའ་གཏེར་གྱིས་ཆོས་ཚུལ་རྒྱ་མཚོ་ལྷ་བུར་གསན་བཞེས་གནང། འདི་སྐབས་གསུང་སྦྲུལ་ཁྲིམས་རྡོ་རྗེ་ལྟ་བུར་གསན་བཞེས་གནང། ཕྱིར་ཕེབས་ནས་གྲ་ཚང་དུ་ལུགས་གཉིས་ཀྱི་བཅའ་ཁྲིམས་ཞིབ་བརྡར་མཛད་ཅིང། སླར་ཡང་བང་རིང་ཕེབས་པ་དང་མོན་ནས་སྦ་གྲོ་བ་པདྨ་དཀོན་མཆོག་བྱོན་པ་དང་འགྲིགས་པས་བཀའ་ཆོས་གསན་རེས་དང་ཐུགས་ཡིད་གཅིག་འདྲེས་མཛད། རིག་འཛིན་ཆེན་པོའི་དྲུང་ནས་གཏེར་གསར་གཙོར་གྱུར་སྔ་ཕྱིར་གསན་པ་ཆེས་མང། འདི་སྐབས་དང་སྔ་ཕྱིར་དབུས་གཙང་ཁམས་ཀོང་འཇང་ཡན་ནས་ཕྱོགས་འདུས་ཀྱི་གྲ་རྒྱུན་མང་དུ་བྱུང་བ་རྣམས་ལ་རང་རང་གི་བློ་དང་འཚམས་པའི་དབང་ལུང་ཉམས་ཁྲིད་རིག་གནས་སོགས་གང་མ་གང་ཕན་གྱིས་འགྲོ་དོན་མཐའ་ཡས་པ་འཁོར་ཡུལ་ཏུ་གནང་བར་མཛད། འོན་ཀྱང་གྲ་ཚང་གི་ཆད་ཁྲིམས་སོགས་ལ་ཅུང་ཟད་ཐུགས་མ་རངས་པའི་རྣམ་པ་ལ་སྙད་ནས་དཔོན་གཡོག་(སྨད་ཆ།༣༨༢)བདུན་གྱིས་ལྷོ་བདེ་གཤེགས་ཚེའི་ཕུག་པ་རྒོད་ཚང་མྱ་ངན་མེད་པའི་ནགས་ཁྲོད་དུ་ཕེབས་ནས་འདི་ནསའདི་སྣང་ཆོས་རྒྱད་ཀྱི་མོས་པ་འདུ་འཛིའི་གཡེང་པ་ཐམས་ཅད་རྒྱུན་བཅད་ནས་སྦྲོས་མེད་ཨ་ཝ་(སྨད་ཆ།་ཏི་སྦྱོད་པ་རྨང་དུ་བྱུང་བས་ཇི་ལྟར་རྗེ་བཙུན་བཞད་པའི་རྡོ་རྗེའི་རྣམ་པར་ཐར་པའང་ཕྲ་མོར་བགྱིས་ནུས་པའི་བརྟུལ་བཞུགས་ཀྱིས་མི་ལོ་ཉི་ཤུ་རྩ་བཞིའི་བར་དུ་མཛད་ཅིང། སླར་ཡང་ཐང་འབྲོག་འདོ་གསལ་རྩེའི་རི་ཁྲོད་དུ་སྔར་མུས་ཀྱིས་བཅད་རྒྱ་ལ་བཞུགས་ཤིང། འདི་སྐབས་དཱགས་པོ་མཆོག་སྦྲུལ་རིན་པོ་ཆེ་བཟང་པོ་རྡོ་རྗེ་ཉིད་རྗེ་འདིའི་དྲུང་དུ་ཕེབས་ནས་ཞག་བཅུ་སྐོར་ཙམ་དུ་བཞུགས་ནས་བཀའ་ཆོས་གསན་པ་དང་གང་ཅིའི་ཆོས་ཀྱི་བགྲོ་བ་རྨད་དུ་བྱུང་བ་ཉིན་མཚན་སྦྲེལ་ནས་གནང་ཞིང་ཐུགས་ཡིད་གཅིག་འདྲེས་སུ་མཛད། དེ་བཞིན་དུ་དཱགས་པོ་ནས་རྒྱལ་སྲས་ཆོས་ཉིད་ཀློང་གྲོལ་དཔལ་བཟང་པོའང་ཕེབས་ཤིང། ཀོང་པོ་བམ་སྙེང་པ་མི་ཕམ་མགོན་པོའམ་ངེས་དོན་མཐར་ཕྱིན་དཔལ་བཟང་པོ་ཉིད་ཀྱང་སྔར་ནས་མཆིང་ཤོག་གི་ལམ་ནས་ཆོས་ཀྱི་ཞུ་ལེན་མང་དུ་མཛད་པ་བཞིན་འདི་རེས་ཆེད་དུ་ཕེབས་ཤིང། སྐྱེས་ཆེན་དམ་པ་དེ་དག་གིས་འདི་འདིའི་ཞལ་གྱི་དཀྱིལ་འཁོར་མཇལ་བ་དང། གསུང་གི་བདུན་རྩི་ལ་ལོངས་སུ་སྦྱང་པས་ཐུགས་ཀྱི་བུམ་བཟང་ཡོངས་སུ་འགེངས་པར་མཛད་དོ། གནས་དེར་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱ་མཐར་ཕྱིན་མཛད་ནས་གནས་ཆེན་ཆུ་བོ་གཡས་འཁྱིལ་དུ་ཕེབས་ནས་སྔར་བཞིན་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་བཞུགས། དེ་སྐབས་ཀྱང་སྒམ་པོ་ནས་མཆོག་སྦྲུལ་རིན་པོ་ཆེ་དང་ཞབས་དྲུང་མཐུ་སྟོབས་པ་སོགས་བྱོན་ནས་བཀའ་(སྨད་ཆ།༣༨༣)ཆོས་གསན་པ་དང་བདུད་རྩི་སྨན་གྱི་སྒྲུབ་པ་སོགས་མཛད། དེ་སྐབས་ཀོང་ཕྱོགས་སེར་སྲིང་ཁས་བཙན་པ་དང་ས་དེའང་ཧ་ཅང་ས་མདོ་ཆེ་བས་ཅུང་ཟད་ཐུགས་པོ་མི་བསོད་པར་གཟིགས་ནས་སླར་ཡང་ཐང་འབྲོག་འོད་གསལ་རྩེར་ཕེབས་ནས་སྒྲུབ་པ་སྔར་མུས་ལྟར་ལོ་བཞི་ཙམ་བཞུགས་ནས་དགུང་ལོ་དོན་གསུམ་པ་ལ་ཆོས་ཀྱི་དབྱིངས་སུ་སྙོམ་པར་འཇུག་པའི་ཚུལ་བསྟན་པར་གྱུར་ཏོ། གཤེགས་རྗེས་ཀྱི་སྒྲུབ་པ་དགོས་ཐམས་ཅད་རྗེ་དབོན་ནོར་བུ་བཟང་བ་དང་གྲ་ཚང་གི་ཆེ་བགྲེས་རྣམས་ནས་ཞབས་འགྱུར་མཐར་ཕྱིན་པ་མཛད་དེ་གསེར་གདུང་ཡང་ཐང་འབྲོག་འོད་གསལ་རྩེ་རང་དུ་བཞུགས་སོ། རྗེ་འདི་བྱིས་པའི་དུས་ནས་ཤ་ཁྲག་ལྗགས་ལ་མི་འཇོག་ཅིང། ཕྱག་གིས་ཀྱང་རེག་པར་མི་མཛད། གང་དུ་བཞུགས་ཀྱང་ཆོས་གོས་གསུམ་དང་མི་འབྲལ་ཞིང་ཆོས་སྦྱོད་བཅུ་སྣ་རེ་དང་མི་འབྲལ་བའི་དམབཅའ་མཛད་ཅིང། ཐ་མལ་དུ་སྐད་ཅིག་ཆ་ཤས་ཙམ་ལའང་བཞུགས་པར་མི་མཛད། གྲུབ་རྟགས་ཀྱང་ཡི་དམ་ལྷའི་ཞལ་གཟིགས་པ་དང། རྡོ་ལ་ཕྱག་ཞབས་ཀྱི་རྗེས་འཇོག་པ་དང། ཉིན་ཞག་མང་པོའི་བར་དུ་ཆོད་པའི་སར་ཡང་ཕྱག་ནས་ཀྱིས་སླེབས་པ་མང་དུ་བྱུང་བ་སོགས་དང། སྔ་ཕྱིར་བླ་མའང་བཅོ་བརྒྱད་ཙམ་ལས་དམ་པའི་ཆོས་དང་རིག་པའི་གནས་རྣམས་སློབ་པ་སོགས་ཀྱིས་ཕྱིར་བསྟེན་ཚུལ་མཛད། མདོར་ན་སྒོ་གསུམ་གྱི་མཛད་པ་ལས་འདི་སྣང་ཟག་ཟོག་ཆོས་བརྒྱད་སོགས་ཀྱི་དྲི་མ་རྡུལ་ཆ་ཙམ་གྱིས་ཀྱང་དབེན་པར་མཛད་དེ། དེ་ཡང་དགུང་མོ་ཉེར་གཅིག་པ་ལ་དགོན་པའི་ཁུར་བོར་བ་དང་ལྷན་ཅིག་གཞོན་པ་སྦངས། སོ་གསུམ་པ་ལ་གྲོང་ཡུལ་དུ་མི་བྱོན་པའི་དམ་བཅའ་མཛད། སོ་བདུནམ་པ་ལ་(སྨད་ཆ།༣༨༤)དཀོན་མཆོག་སྐུ་གླུད་དབང་ཆོས་ཀྱི་ཡོན་མི་བཞེས། སོ་དགུ་པ་ལ་ཞིང་དང་རྐང་བཞི་གོ་མཚན་སོགས་སྐྱི་འབུལ་བ་མི་བཞེས། ཞེ་གཅིག་པ་ནས་གཤིན་སྐོར་རིགས་ཐམས་ཅད་སྦངས་པ་དང། དགུང་ལོ་ལྔ་བཅུ་པ་ལ་ཆང་སོགས་ཕབ་བཏབ་པའི་རིགས་ཉེ་སྐོར་གྱི་ཕྱོགས་སུ་ཡང་མི་བསྟེན་པ་མཛད་དེ། དེ་དག་ཀྱང་བྱས་ལོ་ཐོས་ལོ་སྙན་གྲགས་དང་ཆོས་བརྒྱ་སྒྲུབ་པའི་ལོ་འདོད་ཀྱི་དྲི་མ་མེ་པར་ཆོས་བཞིན་སྦྱོད་པའི་མཛད་པ་རྨད་དུ་བྱུང་བ་འདི་ལྟ་བུའི་གདམས་ངག་རྣམས་ཐར་གྱི་སྒོ་ནས་སྟོན་པར་མཛད་པ་རྨད་དུ་བྱུང་བ་འདི་ལྟ་བུའི་གདམས་ངག་རྣམ་ཐར་གྱི་སྒོ་ནས་སྟོན་པར་མཛད་པ་ཡིན་པར་སྣང་ངོ། སྦྱིར་ཡང་མཁས་གྲུབ་སྐྱེས་ཆེན་དམ་པ་རྣམས་དང་ཁྱད་པར་རྗེ་འདི་འཕགས་པ་ཀུན་དགའ་བོ་དང་ལོ་ཆེན་བཻ་རོའི་རྣམ་འཕྲུལ་དུ་ངེས་ན། དེ་དག་གཞན་སྐལ་བ་མི་མཉམ་པའི་སྦང་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་ཡང། གཞན་དང་ཐུན་མོང་དུ་མ་གྱུར་པས་མངོན་སྣང་དུ་སྟོན་པར་མི་བཞད་ལ། སྟོན་ཀྱང་ཕལ་བའི་བློར་མི་ཆུད་མོད། གཞན་དུ་མངོན་ཤེས་དང་གྲུབ་རྟགས་ཕྲ་མོ་ཙམ་ནི་ལས་དང་པོ་བ་དང་ཕྱི་རོལ་པ་སོགས་ཀྱིས་ཀྱང་སྟོན་ཕྱིར་ཧ་ཅང་ཡ་མཚན་ཆེ་བར་མི་སེམས་ལ། འདི་ལྟ་བུའི་མཛད་པ་གཞན་གྱིས་ནམ་དུའང་འགྲན་མི་བཟོད་པ་རྗེ་མི་ལ་དང། འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱི་རྣམ་པར་ཐར་པ་ལྟ་བུ་འདི་ནི་ངོ་མཚར་ལས་ཀྱང་ངོ་མཚར་རྨད་དུ་བྱུང་བ་ཞིག་གོ་སྙམ་པ་བདག་ཅག་འབའ་ཞིག་གིས་བསམས་ཏེ་འདིར་ཡང་མདོར་ཙམ་སྨོས་པ་ཡིན་ནི། རྗེ་འདིའི་སྦྲུལ་པའི་སྐུ་ནི་ཀུན་བཟང་པདྨ་ལེགས་གྲུབ་ཏུ་གྲགས་པ་ཞིག་བྱུང་སྟེ་ཨོ་རྒྱན་སྨིན་གླིང་དུ་གསན་སྦྱངས་མཛད་དེ་མཁས་པ་དང་གྲུབ་པའི་ཡོན་ཏན་དུ་མ་དང་ལྡན་པ་ཞིག་བྱོན་ཀྱང་ཕྱིས་སུ་ཇུན་གར་གྱི་དུས་སྦས་(སྨད་ཆ།༣༨༥)ཡུལ་འབྲས་མོ་ལྗོངས་སུ་ཕེབས་ཟེར་བ་ཙམ་ལས་ལོ་རྒྱུས་ཞིབ་པར་མ་བརྙེད། སྦྲུལ་པའི་སྐུ་འཇིགས་མེད་བསྟན་པའི་རྒྱལ་མཚན་ནི། ཀོང་པོ་རྒྱ་ལ་སྡེ་པའི་སྲས་སུ་འཁྲུངས། འོན་ཀྱང་ཐང་འབྲོག་གྲ་ཚང་དེ་མོའི་ཕྱག་མཛོད་སྦྲོ་བདེ་ཁང་གསར་ནས་བཞེས་སྐབས་ཡིན་པས་སྦྲུལ་པའི་སྐུ་ཉིད་གསང་སྔགས་བྱང་ཆུབ་གླིང་དུ་གསན་སྦྱོད་ལ་བཞུགས། ཕྱིས་སུ་ཁྲི་ཆེན་ནོ་མི་ཧན་གྱིས་གྲ་ཚང་སྔར་ཤུལ་སྦྲུལ་པའི་སྐུ་ཉིད་ལ་བསྐོས་འཇའ་གནང་བ་བཞིན་སྔར་རྒྱུན་བཤད་སྒྲུབ་ཀྱིས་བསྐྱངས་ཤིང། ཕྱིས་སུ་ཀུན་མཁྱེན་འཇིགས་མེད་གླིང་པའི་ཞབས་་བཏུད་དེ་རྫོགས་པ་ཆེན་པོ་ཟབ་དོན་སྙིང་པོའི་མན་ངག་གིས་ཐུགས་བརྒྱུད་ཡོངས་སུ་སྨིན་པར་མཛད། གཞན་ཡང་སྔ་འགྱུར་བཀའ་གཏེར་གྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུར་གསན་བསམ་མཐར་ཕྱིན་མཛད་ནས་རྙིང་བསྟན་སྐྱོང་བའི་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས་པ་ཁོ་བོ་ཀོང་པོར་བགྲོད་སྐབས་མཇལ་ཡང། ཕྱིས་སུ་འབྲི་གུང་དུ་གདན་དྲངས་པ་ནས་སྐུ་གཤེགས་པ་ཡིན་པར་འདུག། ཐང་འབྲོག་གྲ་ཚང་དངོས་ནི་མཛོད་པ་ནས་ནག་རྟེན་གང་དྲག་བཞེས་ནས་བདག་རྐྱེན་མ་སྦྲང་པས་འཇིགས་ལ་ཉེ་བ་ན་སྦྲུལ་པའི་སྐུ་ཉིད་ཀྱིས་ཉམས་གསོ་གནང་ཞིང། གཙང་པོ་མགོ་དགུའི་སྒྲུབ་སྡེ་ནི་མཚུངས་མེད་དེ་ཉིད་ཀྱི་དུས་ནས་བཟུང་ད་བར་ཉམས་ཆགས་མ་བྱུང་བས་རྟོགས་བཙུན་མེད་དེ་ཉིད་ཀྱི་དུས་ནས་བཟུང་ད་བར་ཉམས་ཆགས་མ་བྱུང་བས་རྡོགས་བཙུན་སོགས་མ་འདྲེན་པའི་སྒྲུབ་གྲ་དངོས་གང་གཙང་ཞིག་སྣང་ལ་དུས་ཕྱིས་སྦྲུལ་པའི་སྐུས་ཚོགས་ཆེན་འདུས་པའི་སྒྲུབ་མཆོད་ཀྱང་བཙུགས་ཡོད་པར་གྲགས་སོ། ཡང་རྗེ་སྣ་ཚོགས་རང་གྲོལ་དཔོན་ནོར་བཟང་བའི་སྐྱེ་བའང་ཐང་འབྲོག་དབོན་སྦྲུལ་པདྨ་མཆོག་གྲུབ་ཅེས་པ་ཞིག་བྱོན་ཏེ་མཁས་བཙུན་འཛོམ་(སྨད་ཆ།༣༨༦)ཞིང་མཁྱེན་རྟོགས་ཆེ་ས་བསྟན་རྒྱུན་ལའང་ཤིན་ཏུ་ཕན་པར་བྱུང་ཚོད་དུ་སྣང། གཞན་ཡང་ཀོང་པོ་རྩ་ནང་དུ་གཏེར་སྟོན་དྲི་མེད་ལྷུན་པོའི་གདན་ས་བླ་མ་ཞིག་དང། བང་རིར་རིག་འཛིན་འཇའ་ཚོན་པའི་སྐྱ་སྦྲུལ་དབོན་བརྒྱུད་བཅས་དང་སྒྲུབ་སྡེ་དངོས་གཙང་བཅས་ཡོད་ལ་གཞན་སྒྲུབ་སྡེ་ཕྲན་བུ་མང་འདིར་མ་སྨོས་སོ། སྦོ་བོའི་ཕྱོགས་སུ་སྔར་གྱི་རྦ་ཁ་གསང་སྔགས་ཆོས་གླིང་ནིརིག་འཛིན་ཆོས་ཀྱི་རྒྱ་མཚོ་ཉིད་ཀྱི་སྐྱེ་སྲིད་རིམ་བྱོན་གྱིས་བསྐྱངས་ཤིང། གྲ་པ་ལྷོ་བྲག་ལྷ་ལུང་ཆོས་སྡེར་འགྲོ། རྗེ་དེའི་རྒྱལ་ཚབ་བླ་མ་ཤཱཀྱ་ཞུ་བ་ཞིག་སྐྱེ་བ་རིམ་པར་བྱོན་ཏེ། དེང་སང་བླ་མ་གོང་མའི་སྦྲུལ་སྐུ་ནི་ལྷོ་བྲག་གསུང་སྦྲུལ་གྱི་སྲས་དང། བླ་མ་ཤཱཀྱའི་སྐྱེ་བ་ནི་སྦོ་བོར་དཔོན་དབང་ལུ་ཞེས་པའི་བུར་འཁྲུངས་ནས་གདན་སར་འཁོད་པར་ཡོད་པར་འདུག། གཞན་ཡང་གཙང་དུ་སྐུ་སྐྱེ་རིམ་བྱོན་གྱིས་བསྐྱངས་པའི་བྲག་རྩ་བ་དང། དགའ་བ་ལུང། བྲག་སྐད་བ། བདུད་འདུལ་བའི་གདུང་བརྒྱུད་སོགས་ཡོད་ཀྱང་རེ་རེ་ནས་བརྗོད་མ་ནུས་ལ། གཞན་ཡང་སྦོ་བོ་ཁོག་དང་བར་ཁམས་རྣམས་སུ་རྙིང་དགོན་ཕྲན་བུ་མང་ཡང་འདིར་བརྗོད་པར་མ་བྱས་སོ། དཔལ་རི་བོ་ཆེ་དང། ཟུར་མང་བ་རྣམས་ཀྱང་བཀའ་བརྒྱུད་པའི་གདན་ས་ཆེན་པོ་ཡིན་ཀྱང་དོན་གྱིས་གསང་ཆེན་རྙིང་མའི་བསྟན་འཛིན་ཆེན་པོ་ཤ་སྟག་ཏུ་བཞུགས་པ་ཡིན་ནོ། གསང་ཆེན་རྙིང་མའི་བསྟན་འཛིན་ཆེན་པོ་ཤ་སྟག་ཏུ་བཞུགས་པ་ཡིན་ནོ། ཡུལ་མདོ་སྨད་ཀྱི་ཕྱོགས་སུ་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་དར་རྒྱས་ཚུལ། གཞན་ཡང་མདོ་སྨད་འབའ་ཡུལ་དུ་གྲུབ་པ་དགོན་རྡོར་བྲག་གི་རིང་(སྨད་ཆ།༣༨༧)ལུགས་འཛིན་པ་དང། གནམ་བསྐོས་གསང་སྔགས་ཆོས་གླིང་ཞེས་བྱ་བར་རྒྱ་བླ་རབས་བཅུ་གསུམ་མཁས་གྲུབ་གཉིས་ལྡན་གྱི་བསྟན་འཛིན་མང་དུ་བྱོན་ཞིང། དེང་སང་ཡང་དར་རྒྱས་ཆེ་བར་ཡོད་ལ། གཞན་ཡང་འབའ་དང་རོང་མཚམས་ཉག་རོང་སྟོད་སྨད་རྡོ་གསེར་ལྕགས་མོ་མགོ་ལོག་སོགས་སུ་རྙིང་བསྟན་ཕྲན་བུ་མང་ཡང་བརྗོད་པར་མ་ནུས་པ། དེབཞིན་དུ་ཤར་རྒྱལ་རོང་གི་ཕྱོགས་སུ་སྔར་ནས་རྒྱལ་བ་ཀ༔ཐོག་པའི་གདལ་ཞིང་དུ་གྱུར་པ་དེང་སང་གི་དུས་ནའ་ཀ༔རྫོགས་གཉིས་ཀྱི་ཆོས་རྒྱུན་འཛིན་པའི་དགོན་སྡེ་ཆེ་ཕྲ་མང་ཞིང། དེ་དག་ཏུ་བཤད་སྒྲུབ་ཀྱི་བགྱི་བ་དང་འཁོར་ལོ་གསུམ་གྱི་དུས་འདའ་བའི་བཤེས་གཉེན་ཡང་དུ་བཞུགས་ཀྱང་སྡེ་དེ་ནས་བརྗོད་པར་མ་ནུས་སོ། མདོ་སྨད་ཀྱི་ཕྱོགས་འདིར་ཡངས་པའི་ས་ཆེན་པོ་ཆོས་བཞིན་དུ་བསྐྱངས་ཤིང། ཕ་རོལ་གྱི་རྒྱལ་ཕྲན་ངན་པ་རྣམས་ཀྱིས་ནམ་ཡང་བརྗི་བར་མི་ནུས་པའི་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ས་སྐྱོང་སྡེ་དགེ་རྒྱལ་པོ་ཞེས་སྙན་པའི་བ་དན་དཀར་པོའི་ཕྲེང་བས་སྲིད་རྩེའི་བར་དུ་བྲེས་པའི་སའི་ཚངས་པ་ཆེན་པོ་གང་གིས་མངའ་རིས་ཐམས་ཅད་དགེ་བཅུའི་བཀའ་ཁྲིམས་བཙན་པོས་བདེ་བར་བསྐྱངས་པའི་ཡུལ་འདིར་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་དར་རྒྱས་ཆེ་ཞིང་དགོན་གནས་ཀྱང་རྙིང་ལུགས་ཁོ་ནའང་ཆོས་སྡེ་ཆེ་ཕྲ་བརྒྱ་ཕྲག་ལངས་པར་བཞུགས་ཏེ་དེ་དག་ཀྱང་ཀ༔ཐོག་པ་དང་རྫོགས་ཆེན་པའི་རིང་ལུགས་འཛིན་པ་ཤ་སྟག་སྟེ། དེས་ན་རྒྱལ་བ་ཀ༔ ཐོག་པ་དང། གྲུབ་དབང་རྫོགས་ཆེན་པ་གཉིས་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་པར་བྱ་སྟེ། གྲུབ་དབང་རྫོགས་ཆེན་པ་གཉིས་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་དང་པོ་རྒྱལ་བ་ཀ༔ཐོག་པ་ནི་གོང་དུ་སྔ་འགྱུར་བཀའ་མའི་སྐབས་སུ་ཞིབ་ཅིང་རྒྱས་པར་སྨོས་པ་ལྟར་ལ། བླ་རབས་བཅུ་(སྨད་ཆ།༣༨༨)གསུམ་དུ་གྲགས་པ་དེ་དག་རྣམས་ཀྱི་དུས་སུ་ཤིན་ཏུ་དར་རྒྱས་ཆེ་བར་བྱུང་སྟེ། མདོ་ཁམས་ཀྱི་ཕྱོགས་འདིར་གསང་སྔགས་སྔ་འགྱུར་གྱི་དགོན་གནས་བྱུང་ངོ་ཅོག་ཐམས་ཅད་ཀྱི་ཐོག་མའང་ཡིན་ལ། དེ་ཡང་སྔགས་བཀའ་མ་མདོ་སྒྱུ་འཕྲུག་སོགས་ཀྱི་བཤད་སྒྲུབ་ཀྱི་རིང་ལུགས་འཛིན་པ་ཤ་སྟག་བྱུང་ཡང་བར་སྐབས་ཤིག་ནས་བཀའ་གཏེར་ཟུང་འཇུག་དང་ཕྱི་ནས་གཏེར་མ་ཤས་ཆེར་མཛད་པ་བྱུང་ཏེ། དེ་ཡང་བུ་འབོར་བ་ཡེ་ཤེས་རྒྱལ་མཚན་ཡན་གྱི་ལོ་རྒྱུས་གོང་དུ་སོང་ལ། ཡེ་ཤེས་རྒྱལ་མཚན་གྱི་སློབ་མ་ལ་བས་སྟོན་ནམ་མཁའ་རིན་ཅེན་ཡིན་ཏེ། འདིས་མགོན་པོ་བྲན་ལྟར་དུ་བཀོལ་ནུས་པར་གྲགས། དེ་ཉིད་གྱི་རྒྱལ་ཚབ་དྲུང་ནམ་མཁའ་སེང་གེ་ཡིན་ཏེ། རྗེ་འདི་ལྷོ་བྲག་ཏུ་གཏེར་ཆེན་རརྣ་གླིང་པའི་དྲུང་དུ་བྱོན་པས་ཆོས་ཀྱི་བདག་པོར་ངོས་འཛིན་ནས་ཚུལ་དག་པའི་བླ་རབས་བཅུ་གསུམ་འབྱུང་བའི་ལུང་བསྟན་གནང། འོད་ཀྱང་རྟེན་འབྲེལ་ཅུང་ཟད་རང་དབང་དུ་མ་གྱུར་པས། ཀ༔ཐོག་ཏུ་གཞན་རྐྱེན་གྱིས་འཚེ་བའང་བྱུང། འོན་ཀྱང་བསྟན་པ་དར་རྒྱས་ཆེ་ཞིང་གྲ་རྒྱུན་མང་བས་མང་བས་སོ་སོའི་ཁང་ཚན་ཀྱང་མང་དུ་བརྒྱབ་པ་བྱུང་ངོ། ལུང་བསྟན་པའི་བླ་རབས་བཅུ་གསུམ་ནི་དྲུང་རབས་བཅུ་གསུམ་དུ་གྲགས་པ་རྣམས་ཡིན་ཏེ། འདི་དག་གི་དུས་ཙམ་ནས་གཏེར་ཆོས་རྣམས་དར་ཞིང་བཀའ་མ་རྣམས་ཅུང་ཟད་དུ་འབྱུང་བའི་སྲོལ་ཞིག་བྱུང་སྟེ། དེ་ནས་གདན་ས་བ་དྲུང་རྡོ་རྗེ་བློ་གྲོས་དང། འཆད་ཉན་པ་བསོད་ནམས་འབུམ་སྟེ་འདི་རརྣ་གླིང་པའི་ཆོས་བདག་དཀྱིལ་འཁོར་འཛིན་པའི་བུམ་འཛིན་བརྒྱད་ཀྱི་ཡ་གྱལ་ཡིན། འདི་སྐབས་སྔ་ཚོ་ཀུན་དགའ་འབུམ་དང་ཨ་གཟི་བསོད་(སྨད་ཆ།༣༨༩)ནམས་འབུམ་གྱིས་ཀྱང་རརྣ་གླིང་པའི་ཆོས་སྐོར་རྣམས་དར་རྒྱས་སུ་མཛད། དེ་ནས་གདན་ས་བ་དྲུང་རྒྱལ་མཚན་རྡོ་རྗེ་ཡིན་ལ། འཆད་ཉན་པ་བསོད་ནམས་འབུམ་གྱི་སློབ་མ་སྣ་ཚ་དགེ་འདུན་འབུམ་ཡིན། དེ་ནས་དྲུང་མགོན་པོ་རྡོ་རྗེ་ཞེས་པས་གདན་ས་མཛད་ཅིང། འཆད་ཉན་པ་ནམ་མཁའ་དཔལ་བ་སྟེ་སློབ་བརྒྱུད་མང། འདི་དུས་རིག་འཛིན་རྒོད་ལྡེམ་པའི་ལུང་ཟིན་ཨ་རྡོ་དཀོན་མཆོག་རྒྱལ་མཚན་གྱིས་རྫོགས་ཆེན་དགོངས་པ་ཟང་ཐལ་གྱི་ཁྲིད་རྒྱུན་སྦེལ་བས་དར་རྒྱས་ཆེ་བར་བྱུང། གདན་ས་བ་དྲུང་ལྷ་དབང་རྡོ་རྗེས་མཛད། དཀོན་མཆོག་རྒྱལ་མཚན་གྱི་སློབ་མ་རོང་པོ་དཀོན་མཆོག་རྡོ་རྗེ། འདི་ལ་ཧར་པོ་ཤཱཀྱ་རྒྱལ་མཚན་གྱིས་ཟང་ཐལ་ཞུས་ནས་ཁྲིད་ཡིག་ཀྱང་མཛད། དེ་ཉིད་ཀྱི་སློབ་མ་མཚུངས་མེད་བྱང་ཆུབ་སེང་གེ་ཡིན་ཏེ། འདིའི་སྐུ་ཚེའི་འཇུག་ཏུ་བུ་འབོར་བ་བཀྲ་ཤིས་རྒྱ་མཚོ་ཡང་བྱོན། འདི་དུས་གདན་ས་བ་དྲུང་རྣམ་པར་དགེ་བའི་མཚན་གྱིས་མཛད། བཀྲ་ཤིས་རྒྱ་མཚོས་སློབ་མ་རྨོག་ཚབ་ཧེ་ས་ཆོས་འབྱུང་དང། རྒྱལ་རོང་བ་སོགས་སློབ་མ་མང། གདན་ས་དྲུང་རྟ་མགྲིན་ཞེས་པས་མཛད། དེ་དུ་བླ་མ་ཚེ་མདོའི་མཞན་ཅན་དང། གྲུབ་ཐོབ་མ་ལ་བླ་མ་སོགས་བཞུགས། གཞན་ཡང་སྔོ་ཁང་སངས་རྒྱས་རིན་ཆེན་དང། དཔལ་འབར་བ་ནམ་མཁའ་རྒྱ་མཚོ་རྣམས་བྱོན། ནམ་མཁའ་རྒྱ་མཚོས་སློབ་མ་བ་སོ་དབང་དྲག་རྒྱ་མཚོ་ཡིན་ལ། དེའི་སློབ་མ་རྒ་རྗེ་ཆོས་སྐྱོང་རྒྱ་མཚོ། དེའི་སློབ་མ་བྱང་ཆུབ་རྒྱ་མཚོ་སྟེ་གཏེར་ཆེན་ཀློང་གསལ་སྙིང་པོ་ཡིན་ནོ། ཡང་རྒྱལ་ཐང་པའི་སློབ་མ་ཨ་རྡོ་དཀོན་མཆོག་སེང་གེ། འདིའི་སློབ་མ་གཏེར་སྟོན་རིག་འཛིན་བདུད་འདུལ་(སྨད་ཆ།༣༩༠)རྡོ་རྗེ་ཡིན་ནོ། ཡང་དཀོན་མཆོག་སེང་གེའི་སློབ་མ་གསེར་ལོ་བསྟན་པ་རྒྱལ་མཚན་དང། ཆོས་ཉིད་རྒྱ་གཉིས་ལས། གཉིས་ཀའི་རྒྱ་མཚོའི་སློབ་མ་བླ་མ་ཨ་སླ་ཞེས་པ་ཞིག་ཀྱང་བྱོན་ནོ། ཡང་རྒྱལ་རོང་པའི་སློབ་མ་ནི་སྟག་བུ་བླ་མ་རྡོ་ཇེ་རྒྱལ་མཚན་ཏེ་དེའི་སློབ་མ་དབོན་སངས་རྒྱས་བཀྲ་ཤིས་སོ། འདི་སྐབས་ཙམ་ནས་གདན་ས་ཆེན་པོ་འདིར་གཏེར་སྟོན་རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོ་ཉིད་བཞུགས་པ་ཡིན་ཏེ། དེ་ཡང་སྡེ་དགེ་ས་དབང་ཆེན་པོ་རིག་འཛིན་བདུད་འདུལ་རྡོ་རྗེ་གཉིས་བླ་མ་སངས་རྒྱས་དཔལ་བཟང་སོགས་མི་སྲུན་པའི་བློ་ཅན་མང་པོ་ཞིག་གིས་ལོག་སྒྲུབ་དང་སྙན་ཕྲ་ལ་བརྟེན་རྟེན་འབྲེལ་གཞན་དབང་དུ་གྱུར་པ་ལ་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པ་ཁྲིར་ཕེབས་པ་ནས་སྔར་ཉིད་ཀྱི་ཁུ་བོས་བླ་མ་ཀུན་དགའ་ཕུན་ཚོགས་ཀྱི་དུས་གཏེར་ཆེན་དེ་ཉིད་དང་རྟེན་འབྲེལ་འཕྱུགས་པ་ལ་ཐུགས་འགྱོད་དང་བཅས་སླར་བཤགས་པ་འབུལ་བ་དང་མདོ་སྨད་དུ་ནན་གྱིས་གདན་འདྲེན་པའི་བང་མིང་སྐུ་ཚབ་སོགས་ཡང་ཡང་མང་གསར་པར་མཛད་ཀྱང། གཏེར་སྟོན་བྱང་ཆུབ་རྒྱ་མཚོ་དེ་ཉིད་གདན་དྲངས་ལ་བསྙེན་བཀུར་ཕུལ་དང་དེང་དང་ཁྱད་མེད་ཅེས་གསུངས་པ་ལ་བརྟེན་ནས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འདི་ཉིད་སྦྱན་འདྲེན་པར་བྱུང་བའི་ཚེ་མཚན་ལས་དུ་མཁའ་འགྲོས་ལུང་བསྟན་བྱུང་བ་དང་རྟེན་འབྲེལ་ཀྱང་ལེགས་པས། སྡེ་དགེ་ས་སྐྱོང་ཆེན་པོའི་དབུའི་མཆོད་གནས་སུ་གདན་དྲངས་པ་བཞིན་དཔལ་ལྡན་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོར་ཞབས་པད་བཀོད། ས་སྐྱོང་བླ་མ་སྐུ་མཆེད་ཀྱིས་སྲི་ཞུ་དང་(སྨད་ཆ།༣༩༡)བསྙེན་བཀུར་ཚད་མེད་པས་མཆོད་ནས་ཏི་ཤྲིར་བཀུར། བཀའ་ཆོས་དབང་ལུང་གསན་པ་དང་བསྟན་སྲིད་ལ་ཕན་པའི་སྐུ་རིམ་སྒྲུབ་དགོས་རིགས་དང་ལྷག་པར་གཏེར་ཆེན་བདུད་འདུལ་རྡོ་རྗེས་བསྟན་སྲིད་ཀྱི་ཆེད་དུ་བཞེངས་པའི་རྟེན་གསུམ་རྣམས་ཉམས་ཆགས་བྱུང་བ་ལ་ཞིག་གསོ་དང་རབ་གནས་བསྐྱར་པ་སོགས་བསྟན་ཛུས་ཀྱི་རིམ་གྲོ་མང་དུ་བསྒྲུབས། ས་སྐྱོང་ཆོས་ཀྱི་རྒྱལ་པོ་དང་རྟེན་འབྲེལ་ཚོགས་སུ་གྱུར་པས་སྡེ་དགེ་ས་སྐྱོང་ཆེན་པོས་ཀ༔ཐོག་གི་གདན་སར་བཞུགས་པར་དགོས་ཞེས་ཡང་ཡང་གསོལ་བའི་ཚེ། ཕྱི་མཐའ་འབྱུང་འགྱུར་གྱི་མནལ་ལྟས་སོགས་ཀྱང་ཤིན་ཏུ་ལེགས་པས་བཞུགས་པར་ཞལ་གྱིས་བཞེས། དེ་ནས་མི་རིང་བར་གདན་ས་ཆེན་པོ་འདིར་ཕེབས་ནས་བཞུགས་གདན་འཇགས། འདི་སྐབས་ཀ༔ཐོག་ཏུ་གདན་ས་བླ་མ་གཞན་མེད་པ་དང་ཅུང་ཟད་ཉམས་དམའ་བའི་སྐབས་སུ་མཆིས་ཀྱང། གཏེར་ཆེན་འདིས་གཙུག་ལག་ཁང་ཕྱིན་ནང་གིས་མཚོན་པའི་ཉམས་གསོ་མཛད། དེ་སྐབས་ཀ༔ཐོག་ཉིན་དགོན་དུ་བླ་མ་སངས་རྒྱས་བཀྲ་ཤིས་བཞུགས་པ་དང་མཇལ་འཕྲད་མཛད་ཅིང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དེ་ཡང་བླ་མ་འདི་ནི་དྲི་མེད་ལྷུན་པོའི་གཏེར་ལུང་ལས། ཤར་ཕྱོགས་འབྲི་ཆུའི་འགྲམ་ན་ཀ༔ཞེས་པར༔ སངས་རྒྱས་ཞེས་པས་བསྟན་པ་འདི་རྒྱས་འགྱུར། ཞེས་ལུང་གིས་ཟིན་པ་ཞིག་ཡིན་ནོ། དེ་ནས་ཀ༔ཐོག་གི་དགོན་ལག་ཕལ་ཆེ་བར་ཡང་ཕེབས། རྗ་ཆུ་ཁ་སྟོད་སྨད་རྣམས་སུ་འང་ཕེབས་ནས་འབྲེལ་ཚད་དོན་ལྡན་གྱིས་ཕྲིན་ལས་བསྐྱངས། རྟ་ནོར་ལྔ་བརྒྱ་ཙམ་བྱུང་བ་ཐམས་ཅད་ཆོས་ཕྱོགས་སུ་བཏང་ཞིང་ཁྱད་པར་ལོ་ཐད་ནས་བཀའ་འགྱུར་དཔར་བའི་ཡོན་དུ་སྦྱར། རྟ་ཕ་ཝང་བོང་མོར་གནས་སྒོ་(སྨད་ཆ།༣༩༢)གསར་ཕྱེ་དང་གཏེར་བཞེས་པ་སོགས་ལ་ཕེབས་དུས་ཆིབས་པའི་རྗེས་ཀྱང་ཡོད། བླ་མ་པདྨ་བློ་ལྡན་དང་ཨོ་རྒྱན་ཡེ་ཤེས་སོགས་ཀྱི་གདན་དྲངས་ནས་བར་ཁྲོད་ཉིན་ཕུལ་སོགས་ས་ངན་ཕྱོགས་སུའང་ལན་གཉིས་ཙམ་ཕེབས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་བསྟེན་ནས་ས་ངན་བ་རྣམས་ཀ༔ཐོག་ལ་དེང་སང་བར་དུ་དད་དམ་འགྱུར་མེད་འདི་བཞིན་བྱུང་བ་ཡིན་ལ། གཞན་ཡང་ཀ༔ཐོག་རང་དུ་ཟངས་གསེར་ལས་གྲུབ་པའི་ཨོ་རྒྱན་རིན་པོ་ཆེའི་གསེར་སྐུ་དང། བཀའ་འགྱུར་རོ་ཅོག་བྲིས་པ་དང་དཔར་བའི་ཚར་གཉིས་སོགས་རྟེན་གསུམ་བསམ་མི་ཁྱབ་པར་བཞེངས་པར་མཛད། དེ་དུས་རོང་བུ་འབོར་ཤོག་དྲུག་ནས་ཀ༔ཐོག་པའི་དགོན་ལག་བཅུ་གསུམ་དང། གཞག་གསར་རྙིང་ཉག་སྟོད་སྨད། གཙང་གཤིས་ས་ངན་། རྡོ་གསེར་སྙིང་གསུམ། ཤར་རྒྱལ་མོ་རོང་ཚུན་གྱི་བླ་མ་གྲ་རིགས་ཀ༔ཐོག་པོ་ཕྱོགས་སུ་གཏོགས་པ་མང་དུ་འདུས་པ་རྣམས་ལ་རང་གཏེར་གཙོར་གྱུར་གྱི་བཀའ་ཆོས་འཆད་སྦེལ་རྒྱ་ཆེར་གནང་ནས་ཕྲིན་ས་མཐའ་རྒྱས་སུ་འགྱུར་གྱི་བཀའ་ཆོས་འཆད་ཀྱི་རྒྱུན་ཡུན་རིང་དུ་བསྐྱངས་པས་བསྟན་པའི་ཉམས་གསོ་ཕྱིར་བཤད་སྒྲུབ་ཀྱི་རྒྱུན་ཡུན་རིང་དུ་བསྐྱངས་པས་བསྟན་པའི་ཉམས་གསོ་མཚོག་ཏུ་གྲུབ་སྟེ། མདོར་ན་རྒྱལ་བ་ཀ༔ཐོག་པའི་བསྟན་པ་རྨང་ནས་གསོས་ཏེ་གཞི་བཞེངས་སུ་མཛད་པ་ཡིན་ནོ། འདི་སྐབས་བི་མའི་རྣམ་འཕྲུལ་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་ས་སྐྱོང་སྡེ་དགེ་རྒྱལ་པོས་བཀས་བསྐུལ་ནས་རྙིང་དགོན་ཐམས་ཅད་དུ་ཉམས་ཁྲིད་སྩལ་བ་དང་ལྟ་སྒོམ་གྱི་དག་ཐེར་མཛད་པ་ལ་ཕེབས་པའི་དུས་ཀ༔ཐོག་ཏུ་ཟླ་གཅིག་ཙམ་དུ་བཞུགས་པས་གཏེར་ཆེན་འདི་དང་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ནས་ཆོས་གསན་རེས་ཀྱང་མཛད། ཕྱིས་གཏེར་སྟོན་མྱ་ངན་ལས་འདས་དུས་རྒྱལ་སྲས་ཀྱི་ཆོས་ཞུ་བའང་མགོ་(སྨད་ཆ།༣༩༣)འདྲེན་རྫོགས་ཆེན་པར་ཞུས་གསུངས་པའི་ཞལ་ཚེམས་ཀྱང་མཛད་པ་སྣང་ངོ། དེ་ནས་གདུལ་བྱའི་ཆུ་སྣོད་མེད་ན་འདུལ་བྱེད་ཀྱི་ཟླ་གཟུགས་ཀྱང་མི་སྣང་བ་བཞིན་རེ་ཞིག་སྐུ་དངོས་ཀྱིས་གདུལ་བར་འོས་པའང་དེ་ཙམ་དུ་དགོངས་ནས་མཁའ་སྦྱོད་པདྨ་འོད་ཀྱི་ཕོ་བྲང་དུ་གཤེགས། དགོངས་རྫོགས་ཀྱི་སྐུ་འདས་ལ་ཀུན་བཟང་ཁྱབ་གདལ་ལྷུན་གྲུབ་གདན་དྲངས་ནས་གདུང་འོད་ཞུ་ཕུལ་བས་རིང་བསྲེལ་གྱི་ཕུང་པོར་གྱུར་ཏོ་། གཤེགས་རྗེས་ཀྱི་སྒྲུབ་དགོས་ཐམས་ཅད་ཉིད་ཀྱི་གཅུང་བླ་མ་བཀྲ་ཤིས་ཟེར་སོགས་ཀྱིས་འགན་བཞེས་མཛད་པ་ཡིན་འདུག། ཆོས་བདག་སློབ་ཚོགས་ནི་བགྲང་བ་ལས་འདས་པས་འདིར་བརྗོད་པར་མ་ནུས་ཏེ་རྣམ་ཐར་སོགས་ལས་ཤེས་པར་བྱའོ། རྒྱལ་སྲས་རིན་པོ་ཆེ་བསོད་ནམས་ལྡེའུ་བཙན་ནི། རིག་འཛིན་བདུད་འདུལ་རྡོ་རྗེའི་སྐྱེ་བ་འཕོས་མ་ཐག་པ་ཡིན་ཏེ། ཡབ་གཏེར་སྟོན་རིག་འཛིན་ཆེན་པོ་དེ་ཉིད་དང། ཡུམ་རིག་ལྡན་ཌཀིའི་དབང་མོ་ཀྷ་སྐྱིད་ཅེས་པའི་སྲས་སུ་གནས་ཆེན་སྦྲུངས་རི་དང་ཉེ་བའི་ཆར་སྐུ་བལྟམས། འཁྲུངས་མ་ཐག་ནས་དབྱངས་གསལ་ཞལ་འདོན་མཛད་པ་བྱུང་སྟེ་གཞན་ཡང་ངོ་མཚར་བའི་ལྟས་མང་དུ་བྱུང། དེ་ནས་རིམ་གྱིས་གདན་ས་ཆེན་པོ་དཔལ་གྱི་ཀ༔ཐོག་ཏུ་པེབས། ཡབ་རྗེའི་དྲུང་ནས་བཀའ་ཆོས་མང་དུ་གསན། ཡབ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་ཞིང་གཟིགས་ནས་ཡབ་ཀྱི་ཞལ་ཆེམས་ལྟར་གྲུབ་དབང་པདྨ་རིག་འཛིན་གྱི་དྲུང་ནས་རྫོགས་ཆེན་གྱི་སྨིན་ཁྲིད་ཟབ་རྒྱས་གསན་པས་གནས་ལུགས་མངོན་དུ་གྱུར་ཏེ་རྟོགས་པ་ངོ་སྦྲོད་པའི་བླ་མ་ནི་སྒྲུབ་དབང་རྫོགས་ཆེན་ཉིད་ཡིན་པར་སྣང་ངོ། སྨིན་གྲོལ་གླིང་དུ་ཕེབས་པས་ཨོ་རྒྱན་གཏེབ་བདག་ར་གླིང་པས་ཀྱང་བཀའ་ཆོས་ཀྱི་བདུད་རྩི་མང་དུ་སྩལ་ཞིང་(སྨད་ཆ།༣༩༤)སྐྱེས་བུ་དམ་པར་བཀུར་བའི་བ སྔགས་བརྗོད་གནང། གཞན་ཡང་དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས་གསན་སྦྱངས་དང་ཉམས་བཞེས་སོགས་མཐར་ཕྱིན་པར་མཛད། གྲུབ་རྟགས་ཀྱང་རྡོ་ལ་ཕྱག་ཞབས་ཀྱི་རྗེས་དང་དཀར་ཡོལ་རྒྱང་རིང་དུ་སྐྱར་ཡང་ཆག་དཀྲུམ་མེད་པ་དང། མངོན་པར་ཤེས་པ་ཆག་ཐོགས་མེད་པ་དང། ཡི་དམ་གྱི་ལྷའི་ཞལ་གཟིགས་པ་སོགས་གྲངས་ཀྱིས་མི་ཆོད། ཁྱད་པར་ཡབ་གཏེར་ཆེན་རྟ་ཕ་ཝ་བོང་མོར་ཕེབས་སྐབས་རྒྱལ་སྲས་འདི་དགུང་ལོ་བརྒྱད་ཀྱི་དུས་ཡབ་ཀྱི་ཞབས་ཕྱིར་བྱིན་པར་དེང་སང་ཡང་ས་དེར་ཞབས་རྗེས་ལུད་པར་གྲགས། རྟེན་སྔགས་འཆང་དུ་བཞུགས་ཀྱང་རིགས་མྱུག་གཞན་ཡོད་པར་མ་ངེས། ཡུམ་ཟུར་པ་ཞིག་ལ་རྒྱལ་སྲས་ཀུན་བཟང་བསྟན་འཕེལ་འཁྲུངས་ཏེ། དྲུང་ནམ་མཁའ་རྒྱ་མཚོས་བསྐྱངས་ནས་ཕྱིས་སུ་ཁ་དཀར་ཕྱོགས་སུ་བྱོན་པས་ཕྲིན་ལས་ཆེ་ཞིང་མོན་རྫ་ཡུལ་དུ་གནས་སྒོ་ཕྱེ་བ་སོགས་ཀྱང་མཛད་འདུག། དེ་ལས་གདན་སར་བཞུགས་པའི་སྲས་མ་བྱུང་ཞིང། ཀ༔ཐོག་གི་གདན་ས་སྐྱོང་བཞིན་པའི་འཕྲོ་ལ་དགུང་ལོ་ཞེ་དགུང་ལོ་པ་ལ་དག་པའི་ཞིང་དུ་གཤེགས་པས་ངོ་མཚར་བའི་ལྷས་དུ་མ་དང་སྐུ་གདུང་ཡང་རིང་བསྲེལ་གྱི་ཕུང་པོར་ཕྱུར་སྣང་ངོ། ད་རྗེས་གདན་ས་ཆེན་པོའི་ཆོས་སྲིད་ཀྱིར་ཁུར་བཞེས་བླ་མ་ཚེ་དབང་ཕྲིན་ལས་ཀྱིས་མཛད་པར་སྣང་ལ། ཆོས་བརྒྱུད་ལ་བཀའ་དྲིན་ཆེ་བ་ནི་དྲུང་ནམ་མཁའ་རྒྱ་མཚོ་ཡིན་པར་སྣང་སྟེ། དེ་ཡང་གྲུབ་པའི་དབང་པོ་འདི་ནི། ཨ་རིག་ཅེས་པའི་ལུང་ཕྲན་ཞིག་ཏུ་འཁྲུངས། བྱིས་པ་ཆུང་ངའི་ངུས་ནས་གཏེར་ཆེན་ཀློང་གསལ་སྙིང་པོ་ཕྱོགས་དེར་ཕེབས་པའི་དུས་སུ་ཆོས་བདག་ཏུ་ངོས་(སྨད་ཆ།༣༩༥)འཛིན་གནང་བ་བཞིན་ཕྱི་ནས་རིག་འཛིན་ཆེན་པོ་དེ་ཉིད་ཀྱི་དྲུང་ནས་གཏེར་གསང་གཙོ་བོར་གྱུར་པའི་བཀའ་ཆོས་ཀྱི་བདུད་རྩི་མང་དུ་བཞེས་ཤིང། ཁྱད་པར་རྫོགས་པ་ཆེན་པོའི་ཟབ་ཁྲིད་ཀྱིས་ཉམས་ལེན་བསྐྱངས་པས་གནས་ལུགས་ཀྱི་རྟོགས་པ་རང་ངོ་འཕྲོད། སྒྲུབ་པ་ལྟུར་བཞེས་ཀྱི་ཐུགས་ཉམས་སུ་བསྟར་པས་རྟོགས་པ་ཀློང་དུ་གྱུར་གྲུབ་པའི་ས་ལ་གཤེགས། རྟོགས་པའི་བོགས་འདོན་ཏུ་བརྟུལ་ཞུགས་ཀྱི་སྦྱོད་པས་གནས་ངེས་མེད་རྣམས་སུ་བྱོན། སླད་ནས་གནས་མཆོག་ཤིང་དགུ་གངས་རང་རང་ཤོང་གི་ཁང་བུར་འདག་སྦྱར་གྱི་ངང་ལས་ནམ་ཡང་མི་གཡོ་བར་ལུས་གནད་སྐྱིལ་ཀྲུང་དང་ཐ་མལ་གྱི་གཟིམས་སྦངས་པ་དང་རྟ་ནོར་གྱིས་མཚོན་པའི་འབུམ་བ་མི་བཞེས་པ་སོགས་རྗེ་རྒོད་པའི་རྣམ་ཐར་ལ་འགྲན་བཟོད་པས་སྐུ་ཚེ་འཁྱོལ་བར་མཛད་པ་སོགས་ངོ་མཚར་བསམ་མི་ཁྱབ་པ་མའང། རྟེན་ཚངས་སྦྱོད་ཡིན་ཡང་ན་བཟའ་དཀར་ཆས་མཛད་དེ་ཚུལ་འཆོས་ཀྱི་སྦྱོད་པས་མ་གོས་པར་ཆོས་བརྒྱད་དགྲ་དང་སྐོར་ཟས་དུག་ཏུ་གཟིགས་པའི་བྱ་བཏང་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་པ་མཆོག་གི་ས་ལ་གཤེགས་པའི་བྱ་བཏང་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་པ་མཆོག་གི་ས་ལ་གཤེགས་པའི་བྱ་བཏང་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་པ་མཆོག་གི་ས་ལ་གཤེགས་པ་ཡོངས་སུ་གྲགས་པ་ཞིག་གོ། དཔལ་རྒྱལ་བ་ཀ༔ཐོག་པ་ཆེན་པོ་ཆོས་ཀྱི་རྡོ་རྗེ་འམ། དྲི་མེད་ཞིང་སྐྱོང་མགོན་པོ་ནི། རིག་འཛིན་བདུད་འདུལ་རྡོ་རྗེའི་མནལ་ལམ་སུར)་རས་སྨིར། ཤར་ཀ༔ཐོག་ཕྱོགས་ཀྱི་སྡེ་ཞེས་རྡྲཱ་རྨེ་དེ༔ གྲོགས་མི་རིང་སྐྱ་བོས་གཟའ་སྦྱོར་མ་བྱུང་ན༔ ཚེ་སྙན་མཐའ་རུ་རྒྱས་པས་ཨེའོ་སྙན༔ ཞེས་དང། སྙིང་ཐིག་ཚེ་ཡང་ཕུར་གསུམ་གང་ཟག་སྒོས་ཀྱི་ལུང་བསྟན་ལས། འབྲོག་མིའི་སྦྲུལ་པ་ཁམས་ཀྱི་ཕྱོགས་ནས་འབྱུང། རྡྲཱ་རྨའི་མིང་ཅན་བརླ་ལ་སྨེ་བས་བརྒྱན༔ ཞེས་སོགས་དང་གཏེར་ཁ་གཞན་མང་པོ་ནས་(སྨད་ཆ།༣༩༦)ཀྱང་ལུང་བསྟན་པ་ལྟར། མདོ་སྨད་འབའ་ཡུལ་གྱི་སའི་ཆར་གཏེར་ཆེན་པདྨ་ཆོས་རྒྱལ་ཞེས་པའི་སྲས་སུ་སྐུ་འཁྲུངས་པར་ཀརྨ་པ་ཞཱ་དམར་ནག་ཟུང་དང་དྲུང་པ་ནམ་མཁའ་རྒྱ་མཚོ་སོགས་ཀྱིས་གསུང་བརྟག་འཁྲུལ་མེད་ངོས་འཛིན་གནང་བ་བཞིན་རིམ་གྱིས་གདན་ས་ཆེན་པ་དཔལ་གྱི་ཀ༔ཐོག་ཏུ་གདན་དྲངས། མཚན་ཡང་པདྨ་དྲི་མེད་ཞིང་སྐྱོང་མགོན་པོ་རྒྱ་མཚོའི་སྡེ་ཞེས་དང་ཀུན་བཟང་འགྱུར་མེད་ཆོས་ཀྱི་རྡོ་རྗེ་ཞེས་སུ་གྲགས། དྲུང་ནམ་མཁའ་རྒྱ་མཚོའི་དྲུང་ནས་དགེ་བསྙེན་གྱི་སྡོམཀ་པ་བཞེས་ཤིང་དེ་ནས་རིམ་གྱིས་ཡོངས་འཛིན་ནས་ཀློང་གསལ་སྙིང་པོའི་གཏེར་ཆོས་སྐོར་རྣམས་གསན་ཞིང། ཁྱད་པར་ཉམས་ཁྲིད་གནད་སྨིན་གསན་པས་རྟོགས་པ་ཀློང་དུ་གྱུར་ཏེ་གནས་ལུགས་རང་ངོ་སྦྲོད་པའི་བླ་མ་ནི་འདི་ཁོ་ན་ཡིན་ལ། ཡང་ཐམས་ཅད་མཁྱེན་པ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་དྲུང་ནས་བསྙེན་རྫོགས་བཞེས་ཤིང། ཕྱག་ཆེན་ཆོས། དྲུག་སོགས་ཉམས་ཁྲིད་དུ་མ་གསན་པས་ཕྱག་རྒྱ་ཆེན་པོ་ཡེ་ཤེས་འཕོ་བའི་དབང་དང་བྱིན་རླབས་ཀྱིས་ཐུགས་རྒྱུད་སྨིན་པར་མཛད་པས་འདི་གཉིས་རྩ་བའི་བླ་མར་འཛིན་ལ། གཞན་ཡང་གསར་རྙིང་མ་བཀའ་མ་མདོ་སྒྱུ་སེམས་གསུམ། ཡང་ཕུར་མཉམ་སྦྱོར་སོགས་ཀྱི་དབང་ལུང་དང། ཁྱད་པར་རྒྱུད་གསང་བ་སྙིང་པོའི་བཤད་རྒྱུན་སོགས་དང། བཀའ་དགོངས་ཕུར་གསུམ། སྙིང་ཐིག་ཡ་བཞི་སོགས་སུ་གཙོར་པ་ཕལ་མོ་ཆེ་དང། བདུད་འདུལ་འཇའ་ཚོན་ཀློང་གསལ་རྣམས་གཙོར་གྱུར་གྱི་གཏེར་ཁ་གསར་རྙིང་མང་པོ་དང། རྒྱུད་འབུམ་རིན་པོ་ཆེ་སོགས་(སྨད་ཆ།༣༩༧)རྙིང་མ་བཀའ་གཏེར་དང། ཀུན་མཁྱེན་ཀློང་ཆེན་པའི་མཛོད་བདུན། ངལ་གསོ་སྐོར་གསུམ་སོགས་གསན་ཅིང། དེ་དག་ཉམས་བཞེས་སུ་ལོ་བཅུ་གཉིས་ལ་སོགས་པར་སྐུ་མཚམས་བཅད་རྒྱ་ཁོ་ནས་སྒྲུབ་པའི་རྒྱལ་མཚན་འཇུགས་པར་མཛད། དེ་ལྟ་བུའི་སྒྲུབ་མཚན་མངོན་དུ་གྱུར་པའི་ཚུལ་ཡང། དབང་སྒྲུབ་སོགས་ཀྱི་དུས་སུ་མེ་ཏོག་གི་ཆར་བབས་པ་དང། འཇའ་ཚོན་གྱི་གུར་ཕུབ་པ་སོགས་ཡང་ཡང་བྱུང་བ་དང། རྡོ་ལ་ཕྱག་ཞབས་ཀྱི་རྗེས་དུ་མ་བྱོན་པ་དང། ཁྱད་པར་ཁྲོམ་ལ་ཕེབས་སྐབས་ཤིག་ཆུ་བོ་ཆེན་པོར་ཆིབས་ལས་ལྟུང་པ་ན་ན་བཟའ་ལ་ཆུའི་རླན་གྱིས་མ་གོས་ཤིང། ཆུ་ནང་གི་རྡོ་བར་སྐུ་ལུས་དང་ཆིབས་པའི་རྨིག་རྗེས་གསལ་པོར་བྱུང་བ་དེང་སང་ཡང་མཇལ་དུ་ཡོད་ལ། གཞན་དུ་ཟག་པ་མེད་པའི་ཡེ་ཤེས་ཀྱི་ཐུགས་རྒྱུད་ཡོངས་སུ་བལྟམས་པའི་ཡོན་ཏན་གྱིས་ཕུང་པོ་གཞལ་གྱི་མི་ལངས་པ་མངའ་བ་ནི་སོ་སྐྱེས་སྦྱོད་ཡུལ་དུ་ག་ལ་འགྱུར། གཞན་ཡང་གདན་ས་ཆེན་པོ་འདིར་སྔར་བཀའ་མའི་རྒྱུན་ཉག་པྲ་བར་གྱུར་བ་རྣམས་སླར་གསོས་ཤིང། ཁྱད་པར་དུ་གསང་སྙིང་གི་རྒྱུད་ཀྱི་བཤད་སྲོལ་སོགས་ཆད་པར་ཉེ་བ་ཡང་གསོ་བར་མཛད། གཞན་ཡང་གདན་ས་ཆེན་པོ་འདི་དང་དགོན་ལག་རྣམས་སུའང་གསང་བ་སྙིང་པོ། ཚོགས་ཆེན་འདུས་པ། སྒྱུ་འཕྲུལ་ལས་རིམ་གྱིས་ཁོག་ཕུབ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བསྒྲུབས་ཤིང་མཆོད་པའི་སྲོལ་དག། གཞན་ཡང་ན་རག་དོང་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་ཀྱང་ཅི་རིགས་པ་དང། རྫོགས་པ་ཆེན་པོ་སེམས་སྡེ་དང། ཀློང་སྡེ་རྡོ་རྗེ་ཟམ་པ། མན་ངག་སྡེ་(སྨད་ཆ།༣༩༨)བཅུ་བདུན་རྒྱུད་རྣམས་ཀྱི་དབང་ལུང་མང་ངག་གི་བཀའ་རྣམས་ཀྱང་སོར་ཆུད་པར་མཛད། གཞན་ཡང་ཕྱོགས་ཀྱི་དགེ་འདུན་ཚོགས་མཆོག་རིག་འཛིན་འདུས་པ་རྣམས་གཙོ་བོར་གྱུར་པའི་གདུལ་བྱ་རྣམས་ལ། བསྐྱེད་རྫོགས་སྦྱི་དང་བྱེ་བྲག་སྔོན་འགྲོ་ཆོས་བདུན་ནས་བཟུང་གཞི་ཁྲེགས་ཆོད་ཀྱི་ཁྲིད་རྣམས་སྨིན་རྒྱས་སུ་སྩལ་ལ་སློབ་མའི་རྒྱུད་ལ་མྱོང་པ་སྐྱེས་ཚོད་དང་བསྟྲན་མོའི་ཁྲིད་དང་འཕོ་ཁྲིད་ཐོད་རྒལ་འོད་གསལ་གྱི་གནད་གསུམ། སྒྲོན་དྲུག་སྣང་མུན་གྱི་ཁྲིད་རྣམས་སྩལ་བས་བཙོན་པས་ཉམས་ལེན་ནུས་ན་མཐར་རྩོན་བཅས་ཀྱི་རྟགས་བཅུ་དང། སྟོང་གཟུགས་ཙམ་ལ་ཡིད་སྨོན་མ་དགོས་པར་སྣང་བཞི་རྩལ་འབྱོངད་ནས་སངས་རྒྱས་མངོན་དུ་བྱེད་ནུས་པའི་གདམས་པ་ཟབ་མོ་ཚུལ་བཞིན་དུ་འཆད་པ་འདི་ནི་རིག་པ་འཛིན་པའི་གདུལ་བྱ་རྣམས་ལ་རིག་འཛིན་པའི་སྡེ་སྣོད་སྙིང་པོ་དོན་གྱི་ཆོས་འཁོར་བསྐོར་བས་གདུལ་བྱ་རྣམས་དང་མཚུངས་པ་ལས་དེང་གི་ཆེན་པོ་འགའ་ཞིག་གི་རྣམ་ཐར་གྱིས་བསྐྲུན་དུ་མེད་པར་ཤེས་པར་བྱའོ། མཛད་པ་ཕྱག་རྗེས་ཀྱང། གདན་ས་འདིར་གཙུག་ལག་ཁང་རིམ་པ་གཉིས་གཙང་ཁང་སྟེང་འོག་དང་བཅས་པའི་རྟེན་དང་བརྟེན་པ་བཅས་པ་དཀར་ཆག་ལྟར་དང། ཁྱད་པར་ཉིན་དགོན་བདེ་ཆེན་ཆོས་གླིང་དུ། སྙིང་པོ་དོན་གྱི་གནས་ལུགས་ལ་གཅིག་ཏུ་གཞོལ་བའི་བསྒྲུབ་པ་བ་བཅུ་གསུམ་རེར་བུག་སྒོ་འདག་སྦྱར་གྱི་སྒྲུབ་གྲ་ཇི་སྲིད་བར་བཙགས་པ་དང། ཀ༔ཐོག་སྐུ་འབུམ་རིང་མོ་ཞིག་གསོས་གསར་བཞེངས་དང་མཉམ་པ། ཨོ་རྒྱན་རིན་པོ་ཆེ་ང་འདྲ་བའི་(སྨད་ཆ།༣༩༩)འདྲ་ལྕོགས་ཐོག་ཚད་མ་གཙོ་འཁོར་གསུམ། སྦྲེའུ་ཟླའི་ཚེས་བཅུ་ཆེན་མོའི་དུས་མཆོད་སྦྲོས་བཅས་ཅན། གསེར་ཟངས་ཀྱི་བདེར་གཤེགས་མཆོད་རྟེན་བརྒྱད་སྐུ་ཚང་ལམ་མཐོ་བ་རིན་པོ་ཆེའི་ཕྲ་རྒྱན་ཕུན་སུམ་ཚོགས་པ་ཙམ་ཞིག་བརྗོད་པ་ལགས་སོ། དམ་པ་འདི་ཉིད་ཀྱི་གསུང་རྩོམ་ཡང་བརྗོད་བྱ་ཤིན་ཏུ་བརླིང་ཞིང་རྗོད་བྱེད་སྙན་འཇེབས་དང་ལྡན་པས་མཁས་པའི་ཡིད་འཕྲོག་པ་གནང་ཡང་བསྟན་བཅོས་མང་དུ་མི་སྦྲོ་བས་པུ་ཏི་གཉིས་གསུམ་ཙམ་བཞུགས། གསུང་གི་བདུད་རྩི་བཞེས་པའི་སློབ་ཚོགས་ཀྱང་རྫོགས་ཆེན་གསུམ་པ་ཨ་ཏི་བསྟན་པའི་རྒྱལ་མཚན་དང། ཐེ་ཆེན་མཆོག་སྦྲུལ་གོང་འོག་གཉིས། སྟག་ཕུ་ཁྱབ་བདག་སྦྲུལ་སྐུ། གདན་ས་རང་གི་སྦྲུལ་སྐུ་རྣམས་ཀྱིས་གཙོས་པའི་བླ་མ་སྦྲུལ་སྐུ་མང་པོ་དང། ས་སྐྱོང་སྡེ་དགེ་རྒྱལ་པོས་གཙོས་པའི་མི་ཆེན་ཅེ་དགུ་དུ་མས་ཞབས་ཀྱི་པདྨོར་བཏུང་ནས་བསྙེན་བཀུར་བ་སོགས་མཐའ་དག་ནི་བརྗོད་པའི་ཡུལ་ལས་འདས་སོ། དེ་ལྟ་བུའི་མཛད་པ་རྨད་དུ་བྱུང་བ་དུ་མས་གསང་ཆེན་སྔ་འགྱུར་གྱི་བསྟན་པ་སྦྱི་དང་བྱེ་བྲག་རྒྱལ་བ་ཀ༔ཐོག་པའི་བསྟན་པ་སླར་ཡང་སློང་བར་མཛད་ནས་ཉི་མ་ཤར་བ་ལྟར་མཛད་པ་སོགས་འདི་དུས་ཙམ་ན་བསྟན་འཛིན་ཆེན་པོ་གཞན་གྱི་འགྲན་བྱར་མ་གྱུར་པ་མངོན་སུམ་ཚད་མའོ། དེ་ལྟར་མཛད་པ་ཐོག་གཅིག་རྫོགས་པའི་ཚུལ་གྱིས་རེ་ཞིག་ཨོ་རྒྱན་ཟངས་མདོག་དཔལ་རིར་གཤེགས་ཚུལ་བསྟན་པའི་ཚེ། དགོངས་རྫོགས་མཆོད་སྦྲིན་སྦྲོ་བ་གསེར་གདུང་བཞེངས་པ་འཆད་ཉན་གྱི་རྒྱུན་བསྐྱངས་པ་ལུགས་གཉིས་ཀྱི་གདན་སའི་ཁུར་བཞེས་མཆོག་སྦྲུལ་རིན་པོ་ཆེ་ངོས་འཛིན་ཁྲི་འདོན་སོགས་མདོར་ན་(སྨད་ཆ།༤༠༠)མཛད་དགོས་ཐམས་ཅད་སྦྲུལ་པའི་སྐུ་ཚེ་དབང་མཆོག་གྲུབ་དཔལ་འབར་ནས་གནང་པ་ཡིན་ནོ། སླར་ཡང་མཆོག་སྦྲུལ་རིན་པོ་ཆེ་ཟླ་བ་ཚེས་པ་ལྟ་བུ་གོང་མའི་དབོན་བརྒྱུད་དུ་འཁྲུངས་པ། གདན་ས་རིན་པོ་ཆེར་གདན་དྲངས་ནས་ལྷ་དང་བཅས་པའི་འདྲེན་པར་མངའ་གསོལ་བ་བཞིན། མི་ཤིག་རྡོ་རྗེའི་ཁྲི་ལ་ཞབས་པདྨ་བརྟན་ཅིང་མཛད་ཕྲིན་རྨད་དུ་བྱུང་བ་དབྱར་གྱི་མཚོ་ལྟར་གོང་འཕེལ་དུ་མཚོ་ཞིང་གཞེས་པ་འདིའོ། རྗེ་དེ་ཉིད་ཀྱི་ཐུགས་སྲས་ཀྱི་གཅོ་བོ་ནི་སྦྲུལ་པའི་སྐུ་ཚེ་དབང་མཆོག་གྲུབ་དཔལ་འབར་ཉིད་ཡིན་ཏེ། རྗེ་འདི་ནི་དགེ་རྩེ་ཁྲོ་ཤུལ་ཞེས་པའི་འབྲོག་སྡེ་ཆེན་པོ་ཞིག་ཏུ། དཔོན་བློ་བཟང་ཚུལ་ཁྲིམས་ཞེས་པའི་སྲས་སུ་འཁྲུངས། ཀ༔ཐོག་བླ་མ་ཚེ་དབང་ཕྲིན་ལས་ཀྱི་ཡང་སྲིད་དུ་ངེས་པས་དྲི་མེད་ཞིང་སྐྱོང་རིན་པོ་ཆེས་གདན་སར་གདན་དྲངས་ནས་ཐུན་མོང་རིག་པའི་གནས་རྣམས་ནས་བཟུང་མདོ་སྔགས་བཀའ་གཏེར་ཆོས་ཚུལ་ཐམས་ཅད་བུམ་པ་གང་བྱོར་སྩུལ་ནས་ཐུགས་རྒྱུད་ཡོངས་སུ་སྨིན་པར་མཛད། གཞན་ཡང་ཡོངས་འཛིན་དུ་མ་ལས་གསན་བསམ་མཐར་ཕྱིན་པར་མཛད་དེ། རིག་གནས་ཡན་ལག་དང་བཅས་པ་ལ་མཁས་པའི་ཕུལ་དུ་གྱུར་ཅིང། མདོ་རྒྱུད་མང་པོའི་བཤད་སྲོལ་སོགས་གང་ལའང་ཆགས་ཐོགས་མི་མངའ་བའི་མཁྱེན་པའི་སྟོབས་ཆེ་བས་ཀ༔ཐོག་གི་པཎྜི་ཏ་ཞེས་ཀུན་གྱིས་བསྔགས། མཛད་པ་ཕྱག་རྗེས་ཀྱང་གདན་ས་ཆེན་པོ་འདིའི་གཙུག་ལག་ཁང་གསར་བཞེངས་ཕྱི་ནང་གི་རྟེན་བཞེངས་གཉྫ་ར་དང་བཅས་པ་དང་ཚོགས་ཁྲོ་ཆེན་མོ་གསར་བླུག་དང་ཡབ་ཡུལ་དུའང་ཆོས་སྡེ་གསར་བཏབ་སོགས་ཕྱག་རྗེས་གཞན་ལས་ཆེ་ཞིང། ཆོས་འཆད་སྦེལ་མདོ་རྒྱུད་ཀྱི་བཤད་སྲོལ་སྒྲུབ་ཕྲིན་གྱི་ཕྱག་(སྨད་ཆ།༤༠༡)བཞེས་སོགས་ཀྱང་སྔར་ལས་ལྷག་པ་དང། རང་ཉིད་ཐུགས་དམ་ཉམས་བཞེས་སུ་སྐུ་མཚམས་བཅད་རྒྱ་གནང་བ་དང། བསྟན་པ་གསལ་བར་ནུས་པའི་བསྟན་བཅོས་རྙིང་རྒྱུད་དཀར་ཆགས་སོགས་ཀྱིས་མཚོན་པའི་མང་དུ་མཛད་པ་སོགས། མདོར་ན་བསྟན་པའི་གསལ་བྱེད་ཆེན་པོར་འཚོ་ཞིང་གཞེས་པ་འདིའོ། ཡང་གཏེར་སྟོན་བདུད་འདུལ་རྡོ་རྗེ་དང་ཀློང་གསལ་གཉིས་ཀའི་ཆོས་བདག་ལུང་ཟིན་གྲུབ་དབང་བཙོན་འགྲུས་སུ་གྲགས་པ་དྲི་མེད་ཞིང་སྐྱོང་ཉིད་ཀྱི་ཡོངས་འཛིན་དུ་བཞེས་པ་དེ་ཉིད་ཀྱི་སྐུའི་སྐྱེ་བ་ཕྱག་ཚ་དཔོན་ཕུན་ཚོགས་ཀྱི་སྲས་སུ་འཁྲུངས་པ་རྗེ་དྲི་མེད་ཞིང་སྐྱོང་ཉིད་ཀྱིས་གདན་ས་ཆེན་པོ་འདིར་གདན་དྲངས་པ་སྦྲུལ་པའི་སྐུ་ཀུན་བཟང་ངེས་དོན་དབང་པོའང་གསུང་རབ་ཀུན་ལ་གཟིགས་པའི་ཆོས་སྦྱན་ཡངས་ཤིང་སྒྲུབ་པ་ལྟུར་བཞེས་གཟིགས་པ་སོགས་དག་སྣང་མང་དུ་ཤར་གྲུབ་པ་མཆོག་གི་ས་ལ་གཤེགས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་བཞུགས་པ་དང། རྗེ་རྨོག་ཨོ་རྒྱན་གྲུབ་རིག་འཛིན་སོགས་ཆོས་སྦྱན་ཡངས་པ་མང་དུ་བཞུགས་པས་མཚོན་དེང་ཡང་གསང་ ཆེན་སྙིང་པོའི་རིང་ལུགས་འདིར་ལྷག་པར་གསལ་བ་ཀུན་གྱི་དབང་པོའི་སྦྱོད་ཡུལ་དུ་གྱུར་པ་འདིའི། དཔལ་ཡུལ་བྱང་ཆུབ་གླིང་གི་གདན་རབས། དཔལ་ཡུལ་བྱང་ཆུབ་གླིང་གི་གདན་རབས་ཀྱི་ཐོག་མ་ནི་རིག་འཛིན་(སྨད་ཆ།༤༠༢)ཀུན་བཟང་ཤེས་རབ་ཡིན་ཏེ། དེ་ཡང་རྗེ་འདི་སྐུ་འཁྲུང་པའི་ཡུལ་ནི། ཀ༔ཐོག་རྡོ་རྗེ་གདན་གྱི་གནས་ཆེན་པོ་དང་ཉེ་སའི་དཔལ་ཡུལ་ཞེས་པའི་ཡུལ་ལས་བྱ་བྲག་ཨ་འཁྱོག་ཅེས་པའི་སའི་ཆར། གདུང་རུས་སྒ། ཡབ་རྡོ་རྗེ་ཞེས་པ་དང་ཡུམ་གུ་རུ་མཚོ་ཞེས་པ་གཉིས་ཀྱི་སྲས་སུ་མེ་ཕོ་བྱི་བའི་ལོར་འཁྲུངས། སྐུ་བྱིས་པའི་དུས་ནས་སེམས་ཅན་ལ་སྙིང་རྗེ་དང་ལྡན་པས་སྲོག་ཆགས་ཕྲ་མོ་ཙམ་ལའང་གནོད་པ་ཅུང་ཟད་ཀྱང་བསྐྱལ་མ་མྱོང། སྐུ་ཆུང་དུས་ཀ༔ཐོག་ལུགས་ཀྱི་འདོན་ཆོས་ཁ་ཤས་བློ་འཛིན་མཛད། དེ་ནས་རྒ་རྗེ་ཆོས་སྐྱོང་རྒྱ་མཚོའི་དྲུང་དུ་གཙུག་ཕུད་ཕུལ་བས་དགེ་བསྙེན་གྱི་སྡོམ་པ་དང་མཚན་ཚུལ་ཁྲིམས་རྒྱ་མཚོ་ཞེས་པ་གནང། རྗེ་དེའི་དྲུང་ནས་ཆོས་མང་དུ་གསན། ཁྱད་པར་དྲུང་ཆོས་ཉིད་རྒྱ་མཚོའི་དྲུང་དུ་ལོ་ལྔ་ཙམ་དུ་བཞུགས་ནས་ཕྱག་རྒྱ་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་མཐའ་རྒྱ་ཆོད་པར་གསན་ནས་སེམས་ཀྱི་བརྡར་ཤ་ཚོད་པར་མཛད། གཞན་ཡང་བཀའ་ཆོས་མང་དུ་གསན་ནས་སྒྲུབ་པ་ལ་དཀའ་སྦྱད་དང་ཐུགས་རུས་གཞན་གྱིས་འགྲན་དུ་མེད་པ་རྒྱུན་ཆགས་སུ་མཛད་ཅིང། དྲུང་ཆོས་ཉིད་རྒྱ་མཚོ་ཞིང་གཟིགས་ནས་འཁྲུལ་ཞིག་ཆེན་པོ་གསེར་ལ་བསྟན་པ་རྒྱལ་མཚན་བླ་མར་བསྟེན་ནས་རྫོགས་ཆེན་རང་བྱུང་རང་ཤར་ལ་སོགས་པའི་བཀའ་གཏེར་མང་དུ་གསན་པས་གནས་ལུགས་རང་ངོ་འཕྲོད། རྟོགས་པ་ཀློང་དུ་གྱུར། གཞན་ཡང་མཁས་གྲུབ་པདྨ་གྲོས་སོགས་ཡོངས་འཛིན་དུ་ན་ལས་ཆོས་བསམ་གྱིས་མི་ཁྱབ་པ་གསན་ནས་ཐོས་བསམ་གྱི་གྲོ་འདོགས་ཆོད་པར་མཛད། དེ་ནས་བྱང་བཏང་གི་བརྡུལ་ཞུགས་ཁོ་ནས་དབུས་ཕྱོགས་སུ་བླ་མ་ལྷ་རྟེན་(སྨད་ཆ།༤༠༣)སོགས་མཇལ་བར་ཕེབས་བཞེས་གནང་བའི་ཕེབས་ལམ་ནས་རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེའི་སྙན་པ་གསན་པས་དབུས་ཕེབས་བཤོལ་ནས་ངོམས་སྟོང་དུ་ཕེབས། དེར་རིག་འཛིན་ཆེན་པོ་དེ་ཉིད་མཇལ་བས་དད་པ་ཚང་མེད་པ་འཁྲུངས་པ་བཞིན་རིག་འཛིན་ཆེན་པོ་དེས་ཀྱང་ཐུགས་ཀྱི་སྲས་སུ་དགོངས་ནས་ཀུན་བཟང་ཤེས་རབ་ཅེས་པའི་མཚན་གསོལ་ནས་ཞབས་འབྲིང་ནང་མའི་གྲས་སུ་ཚུད། རྗེ་དེ་ཉིད་ཀྱི་དག་སྣང་ལས་བྱུང་བའི་གནས་ཆོས་ཐུགས་ཀྱི་གཏེར་ཁའི་ཆོས་བདག་ཏུ་དགོངས་ནས་ཆོསསྡེ་ཚང་མའི་དབང་ལུང་ཁྲིད་གསུམ་རྫོགས་པར་གནང། དེ་སྐབས་གནས་མདོ་ཀརྨ་ཆགས་མེད་གཏེར་སྟོན་དྲུང་དུ་ཆིབས་སྐྱོད་གནང་བྱུང་བར་དགེ་ཚུལ་གྱི་སྡོམ་པ་དང་རྗེ་དེ་ཉིད་ཀྱི་གསུང་རྩོམ་སྐོར་སོགས་བཀའ་ཆོས་མང་དུ་གསན། དེ་ནས་གཏེར་སྟོན་རིག་འཛིན་ཆེན་པོ་ཉིད་སྡེ་དགེ་ཕྱོགས་སུ་དང་སྨར་ཁམས་ཕྱོགས་སུ་ཆབས་སྐྱོད་གནང་བས་ཞལ་ཕྱི་མཛད་ནས་རིམ་གྱིས་ཕེབས་བྱུང་བས་སླར་ཡང་སྔར་ལྟར་ཞབས་འབྲིང་མཛད། སྐབས་དེར་ཁ༔ཐོག་ཕྱོགས་ཀྱི་ཡུལ་གྲུ་ཐ་དད་པ་མང་པོ་སྔར་མངའ་ཞབས་སུ་མ་ཚུད་པ་ཐམས་ཅད་ས་སྐྱོང་སྡེ་དགེ་རྒྱལ་པོས་སྟོབས་ཀྱི་དཔུང་པས་རང་དབང་དུ་བགྱིས་ཏེ་བདག་གིར་བཞེས་པའི་སྐབས་ཡིན་པས་དཔལ་ཡུལ་ཞེས་པའི་ཡུལ་ཕྲན་དེ་ཉིད་དབང་དུ་མཛད་དུས་ཀྱི་ཐོ་བཙུན་རྣམས་བསྡུས་ནས་དཔལ་ཡུལ་རྣམ་རྒྱལ་ཙེ་ཞེས་པའི་ས་དཕྱད་ལེགས་པ་ཞིག་ཏུ་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་བཏབ་ནས་རྣམ་རྒྱལ་བྱང་ཆུབ་གླིང་ཞེས་པའི་མིང་བཏགས་པར་ཐོ་(སྨད་ཆ།༤༠༤)བཙུན་ལྡ་བརྒྱ་ལྷག་ཙམ་བྱུང་བའི་འདྲེན་པར་འཁྲུལ་ཞིག་བསྟན་པ་རྒྱ་མཚོ་སྦྱན་དྲངས་པ་ན་འཁྲུལ་ཞིག་རིན་པོ་ཆེས་ཁོ་བོ་སྦང་བ་པའི་བརྟུས་ཞུགས་དང་ན་སོས་ཀྱང་གཏུགས་པས་དེ་འདྲའི་འདྲེན་པ་བྱེད་པ་མི་འོང། འོན་ཀྱང་འབྲི་རྒྱུད་ཀྱི་ཁོ་བོས་སློབ་མ་ཚིལ་ཁྲིམས་རྒྱ་མཚོ་དེ་ཉིད་སྦྱན་དྲོངས་དང། བསྟན་པ་མཐའ་རྒྱས་སུ་འབྱུང་ཞེས་ལུང་བསྟྲན་སྩལ་བ་ལ་བརྟེན་ནས་རྨུག་བསད་དུ་རྗེ་འདི་གདན་དྲངས་པའི་ཆབ་ཤོག་སླེབས་པས་གཏེར་རྟེན་རིག་འཛིན་ཆེན་པོས་དྲུང་དུ་གནས་ཚུལ་དང་འབྱུང་འགྱུར་ལུང་བསྟན་སོགས་ཞུས་པས། བཀའ་ལས། ལུང་བསྟན་ལྟར་གདུལ་བྱ་དུས་སུ་བབས་པ་ཡིན་པས་དེར་བྱོན་ཞིག་དང། བསྟན་པ་མཐའ་རྒྱས་སུ་འབྱུང་བ་ཕྱི་ནས་གསལ་འོང། ཞེས་གསུངས་ནས་གཏེར་རྫས་ཁྱད་འཕགས་མང་དུ་གནང་ནས་ཁོ་བོས་ཟབ་ཆོས་སྙན་བརྒྱུད་ཀྱི་བདག་པོ་ཁྱོད་ཡིན་པས། རྫོགས་པ་ཆེན་པོའི་ཟབ་ཁྲིད་འདི་རྣམས་དང་གཏེར་རྫས་ཁྱད་འཕགས་འདི་རྣམས་ཁོ་བོ་ལ་ཨོ་རྒྱན་ཆེན་པོས་དངོས་སུ་སྩལ་བ་ཡིན་ལ་ཁོ་བོས་ཁྱོད་ལ་སྦྱོན་པས་བསྟན་འགྲོའི་དོན་དུ་ཐུགས་རྒྱ་བསྐྱེད་གསུངས་ནས་རྒྱལ་ཚབ་ཏུ་མངའ་གསོལ་ཤིས་བརྗོད་གནང། དེ་ནས་རྗེ་ཉིད་དགུང་ལོ་སུམ་ཅུ་པ་ལ་དཔལ་ཡུལ་རྣམ་རྒྱལ་རྩེའི་འདྲེན་པར་ཕེབས་ཐོ་བཙུན་རྣམས་སྐྲ་ཕུད་བླངས་ནས་དགེ་བསྙེན་གྱི་སྡོམ་པ་སྩལ། སླར་ཡང་རྨུག་བསད་དུ་གཏེར་སྟོན་ཞིང་ཕེབས་པའི་དགོངས་རྫོགས་རྟེན་བཞེངས་སོགས་ལ་ཕེབས། དེ་ནས་སླར་ཡང་གནས་མདོར་ཆགས་མེད་རིན་པོ་ཆེའི་དྲུང་དུ་ཕེབས་ནས་དགེ་སློང་གི་སྡོམ་པ་བཞེས་མཚན་སྔ་མའི་མགོར་རིག་འཛིན་ཞེས་སྦྱར་ནས་རིག་འཛིན་ཀུན་བཟང་ཤེས་རབ་ཅེས་པ་མཛད། ཟབ་ཆོས་མང་དུ་གསན། རྡོ་རྗེ་སློབ་དཔོན་དུ་(སྨད་ཆ།༤༠༥)དབང་བསྐུར་མངའ་གསོལ་ནས་ཕྱིར་ཕེབས་ལམ་དུ། སྦོ་བོར་གཏེར་སྟོན་བདུད་འདུལ་རྡོ་རྗེ་མཇལ་བར་བྱོན་པར་ཆས་ཀྱང་ལམ་བར་དུ་འཁྲུག་རྩོད་སོགས་ཀྱིས་མ་ཐར་བས་ཞུ་ཡིག་འབུལ་པར་ཆས་ཆོས་མཐུན་གྱི་བཅའ་ཁྲིམས་མཛད། བསླབ་པའི་གནས་རྣམས་ལ་ཞལ་ཏ་ཡང་ཡང་ཕེབས་ཤིང་དེ་དག་ཡིད་ལ་འཇགས་ཕྱིར་རྒྱུག་ལེན་པ་སོགས་ཀྱང་མཛད། གཏེར་སྟོན་ཀློང་གསལ་སྙིང་པོའང་གདན་སར་སྦྱན་དྲངས་ནས་བསྙེན་བཀུར་ཕུལ་བས་ཆོས་བདག་ཏུ་ངོས་འཛིན་གནང། གཏེར་སྟོན་དེ་ཉིད་ཀྱི་དྲུང་དུ་དགུང་ལོ་སུམ་ཅུ་སོ་ལྔ་ནས་བཟུང་སྐུ་ཚེ་འདི་ལ་སྐུ་འཚམས་བཅད་རྒྱ་ཁོ་ན་ལས་ནམ་ཡང་མི་འདའ་བ་དང། འཚོ་བ་གདན་གཅིག། ཤ་ཚང་མི་བཞེས་པ་དང་ཆང་གི་རིགས་གྱུར་དྲི་ཙམ་ཡང་ཕྱོགས་སུ་མི་ཉེ་བའི་དམ་བཅའ་རྣམས་མཛད། དེ་ལ་བརྟེན་ནས་ཚེ་མཚམས་བྱེད་པ་དང། གདན་གཅིག་གི་བརྟུལ་ཞུགས་འཛིན་པ་དང། ཤ་ཚང་གཏན་སྦངས་བྱེད་པའང་མང་དུ་བྱུང། གཙུག་ལག་ཁང་དུའང་ཚོགས་ཆང་མ་གཏོགས་ཆང་ནམ་ཡང་འདྲེན་པ་མེད་པའི་ཁྲིམས་མཛད། ཐུན་པར་རྣམས་སུ་བཀའ་ཆོས་འཆད་པ་དང་སྒོམ་ཁྲིམས་སྐྱོང་བ་སོགས་གང་ལ་གང་འཚམས་ཀྱིས་གདུལ་བྱ་རྣམས་རྗེས་སུ་བཟུང་བས་སློབ་མའང་སྒོམ་ཉམས་དང་གྲུབ་རྟགས་ཐོན་པ་མང་དུ་བྱུང། སླར་ཡང་དགོན་པར་འདུ་ལང་གང་འཚམས་ཀྱིས་གདུལ་བྱ་རྣམས་རྗེས་སུ་བཟུང་བས་སློབ་མའང་སྒོམ་ཉམས་དང་གྲུབ་རྟགས་ཐོན་པར་མང་དུ་བྱུང། སླར་ཡང་དགོན་པར་འདུ་ལང་ཧ་ཅང་ཆེས་པར་ཐུགས་སྐྱོ་ནས་དཔོན་གཡོག་གསུམ་གྱིས་སུསཀྱང་མཐོང་ཚོར་མེད་པར་ལྷ་རི་འདོ་གསལ་སྒང་གི་རི་ཁྲོད་དུ་འཇགས་སྐྱིལ་ལ་བརྟེན་ནས་བཞུགས་པས་དེར་ཡང་སྒྲུབ་གྲང་མང་དུ་འཕེལ་ཏེ་རི་དགོན་གཉིས་ཀ་དར་རྒྱས་ཆེ་བར་བྱུང། དགེ་འདུན་རྣམས་ཀྱང་དགེ་(སྨད་ཆ།༤༠༦)ཚུལ་ནས་བསྙེན་རྫོགས་པར་གྱི་མཁན་པོའང་མཛད་ནས་ཐམས་ཅད་སྡོམ་པ་གསམ་ལྡན་ཁོ་ན་མཛད། རྟེན་བཞེངས་ཀྱང་མང་དུ་མཛད་དེ་མདོར་ན་དངོས་པོ་ཆེ་ཕྲ་གང་བྱུང་ཡང་འཕྲལ་དགོས་ཙམ་ལས་རྟེན་བཞེངས་དང་མང་བཀོལ་སོགས་དགེ་ཕྱོགས་སུ་བཏང་བར་མཛད། གསུང་རྩོམ་ཀྱང་སྡོམ་གསུམ་རྣམ་བཤད། ཆང་དང་བུ་མེད་ཀྱི་ཉེས་དམིག། གསུང་རྩོམ་ཀྱང་སྡོམ་གསུམ་རྣམ་བཤད། ཆང་དང་བུད་མེད་ཀྱི་ཉེས་དམིག། བླ་མ་བསྟེན་ཚུལ་སོགས་ཕུ་ཏི་གསུམ་བཞི་ཙམ་ཡོད། གཞན་ཡང་མཐོང་གྲོལ་མྱོང་གྲོལ་རེག་སོགས་འགྲོ་ཕན་གནང་བའི་རྒྱུན་བཙུགས་པ་དེང་སང་ཡང་མ་ཉམས་པར་ཡོད། དེ་ལྟ་བུའི་མཛད་པས་བཤད་སྒྲུབ་ཀྱི་ཡུན་རིང་དུ་བསྐྱངས་པས། གོ་འཇོ་སྨར་ཁམས། ས་ངན། རོང་ཞབས། ཁྲོམ། ལྕགས་མདུད། མགོ་ལོག། རྡོ་གསེར། ཧོར་སྟོད་སྨད། ཤར་རྒྱལ་མོ་རོང། རྒྱ་ནག་བྲག་སྒོ་ཡན་ནས་སློབ་ཚོགས་ཀྱང་མང་དུ་འདུས་ཤིང། དེ་དག་གི་ཡུལ་གྱི་རྒྱལ་པོ་རྣམས་ཀྱིས་ཀྱང་བསྙེན་བཀུར་ཕུལ་བ་དང། སོ་སོའི་ཡུལ་དུ་གཙུག་ལག་ཁང་བཞེངས་པ་དང་ཆོས་སྡེ་བཏབ་པ་སོགས་བྱུང་སྟེ། སྡེ་དགེའི་མངའ་ཞབས་གཙོ་བོར་གྱུར་པའི་ཆོས་སྡེ་གསར་ཐེབས་ཆེ་ཕྲ་དགུ་བཅུ་པདྨ་ཡེ་ཤེས་ར་མཚོ་ལ་གདན་ས་གཏད་ནས་རྒྱལ་ཚབ་ཏུ་དབང་བསྐུར་ནས་ཆོས་མཐུན་གྱི་བསླབ་བྱ་རྒྱས་པར་སྩལ་ནས་དགུང་ལོ་རེ་གསུམ་པ་ལ་ངོ་མཚར་པའི་ལྟས་དུ་མ་དང་བཅས་ཆོས་ཀྱི་དབྱིངས་སུ་གཤེགས་སོ། གདུང་འོད་ཞུ་ཕུལ་བས་དབུ་ཐོད་ལ་ཨ་རང་བྱོན་སོགས་རྟེན་དང་རིང་བསྲེལ་ཡང་མང་དུ་བྱོན་པར་སྣང་ངོ། རྗེ་འདི་ཐོག་མར་ཀ༔ཐོག་པའི་སློབ་རྒྱུན་(སྨད་ཆ།༤༠༧)ཡིན་ཀྱང་ཕྱིས་སུ་གནས་ཆོས་མཛད་པ་ཤས་ཆེ་བས་ཆོས་བརྒྱུད་མི་འདྲ་ཙམ་བྱུང་སྟེ་ཀ༔དཔལ་གཉིས་སུ་གྲགས་སོ། པདྨ་ལྷུན་གྲུབ་རྒྱ་མཚོ་ནི། རྗེ་དེ་ཉིད་ཀྱི་རིགས་ཀྱི་དཔོན་དུ་འཁྲུངས། དགུང་ལོ་བརྒྱདཙམ་ནས་ཆོས་སྒོར་བཞུགས། གཏེར་ཆེན་མི་འགྱུར་རྡོ་རྗེའི་དྲུང་ནས་གནམ་གཏེར་ཡོངས་རྫོགས་གསན། དགུང་ལོ་བཅུ་དྲུག་ཙམ་ནས་གནམ་གཏེར་ཡོངས་རྫོགས་གསན། དགུང་ལོ་བཅུ་དྲུག་ཙམ་ནས་ཉིད་ཀྱི་ཁུ་བོ་རིག་འཛིན་ཀུན་བཟང་ཤེས་རབ་རབ་དྲུང་དུ་འབྲལ་མེད་དུ་བཞུགས་ནས་ཉམས་ཁྲིད་དུ་མས་གཙོས་པའི་བཀའ་ཆོས་མཐའ་དག་རྫོགས་པར་གསན། ཁྱད་པར་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་མཁན་པོ་དང། གནས་བརྟན་བཀྲ་ཤིས་ཚེ་བརྟན་གྱིས་ལས་སློབ་བགྱིས་ཏེ་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས། དེ་ནས་བཟུང་བཅས་པའི་འཚམས་ལས་ནས་ཡང་མི་འདའ་བའི་བརྟུལ་ཞུགས་ཀྱིས་གདན་གཅིག་དང་ཤ་ཆང་གཏན་སྦངས་སོགས་བླ་མ་གོང་མ་དང་མཚུངས་པའི་རྣམ་ཐར་བསྐྱངས། ཁུ་བོ་ཞི་བར་གཤེགས་ནས་གདན་སའི་འཛིན་བསྐྱངས། དབང་ཁྲིད་ཀྱི་སློབ་དཔོན། རང་བྱུང་གི་མཁན་པོ་སོགས་ཐར་ཆགས་ཚང་བ་གོང་མའི་དུས་ལྟར་མཛད་པས་ཆོས་སྡེར་ཡང་གྲང་རྒྱུན་སོགས་འདུས་པ་ཡང་སྔར་ལ་གོང་འཕེལ་དུ་གྱུར། དེ་དག་ལ་སྔར་སྲོལ་ལྡར་བསྙེན་རྫོགས། སྒོམ་ཁྲིད། རྩ་རླུང་། འོད་གསལ། ཁྲ་ཁྲིད་མུན་ཁྲིད། སྒྲ་སྦྱངས་སོགས་སྔར་ལུགས་ལྟར་མཚམས་གྲ་བརྗེ་ལན་སོགས་ཞིབ་རྒྱས་མཛད་པས་ངེས་དོན་སྙིང་པོའི་བསྟན་པ་བླ་ནས་བླར་འཕེལ་བའི་བཤད་སྒྲུབ་ཀྱིས་ཕྱིན་ལས་སྐྱོང་བཞིན་པའི་ངང་ནས་དགུང་ལོ་དྲུག་ཅུ་རེ་བརྒྱ་པ་ལ་འདོ་གསལ་རྡོ་རྗེ་སྙིང་པོའི་ཞིང་དུ་གཤེགས་སོ།(སྨད་ཆ།༤༠༨)བླ་མ་པདྨ་ནོར་བུ་ནི། རྗེ་བླ་མ་པདྨ་ལྷུན་གྲུབ་རྒྱ་མཚོའི་ཐུགས་སྲས་ཀྱི་ཐུར་བོར་གྱུར་པས་གདན་སའི་འཛིན་སྐྱོང་མཛད་མཁྱེན་ནུས་ལྡན་པས་ས་སྐྱོང་སྡེ་དགོན་ཏི་ཤྲི་བཀུར། ཕྲིན་ལས་ཆེ་ཞིང་ཐུགས་བཅའ་ཐག་པས་ཆོས་སྡེའི་བཅའ་ཁྲིམས་སོགས་ཀྱང་ཉམས་མེད་གོང་འཕེལ་དུ་གྱུར། བླ་མ་ཀརྨ་བཀྲ་ཤིས་ནི། རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་དབོན་རྒྱུད་དུ་འཁྲུངས། མཁྱེན་ནུས་ཆེ་བས་རྒྱ་ནག་གོང་མ་ཆེན་པོའི་དཔུང་ཆེན་གྱི་སྐྱབས་འཇུག་ཏུའང་བྱོན། ཆོས་སྡེར་ཚེས་བཅུ་ཆེན་མོའི་གསར་འཛུགས་དང། གཙུག་ལག་ཁང་གི་གཉྫ་ར་གསར་འཛུགས་སོགས་ཕྱག་བརྗེས་ཀྱང་ཆེ། དགོན་པའི་སྒྲིག་ལམ་སོགས་སྔར་ལས་ཀྱང་ལྷག་པའི་བཀའ་དྲིན་བསྐྱངས། རྗེ་འདི་གཤེགས་ནས་རྗེ་དེ་ཉི་ཀྱི་སྣག་དབོན་དུ་ཐོབ་པའི་བླ་མ་ཨ་བསམ་དང་དབང་ཕྱུག་གཉིས་ཀྱི་རེ་ཞིག་གདན་པའི་འཛིན་སྐྱོང་གནང་ཞིང། དེང་སང་རྗེ་ཀརྨ་བཀྲ་ཤིས་ཉིད་ཡང་སྲིད་རིན་པོ་ཆེ་ཡར་ཟླ་ལྟ་བུ་ཐོས་བསམ་སྒོམ་པའི་ཡོན་ཏན་གྱི་ཆ་ཤས་རྫོགས་ཤིང་ཕྲིན་ལས། ཀྱི་འོད་དཀར་སྦྲོ་བས་བསྟན་འགྲོའི་ས་མོས་སྐྱོང་བཞིན་བཞུགས་པ་འདིའི། ཡང་གཙང་གཤིས་སུ་འཁྲུངས་པའི་བླ་མ་པདྨ་རྒྱལ་མཚན་ཞེས་པས་གཙང་དུ་བྱོན་ནས་མཁས་གྲུབ་སོག་ཟློག་པ་དང་གཏེར་སྟོན་ཞིག་པོ་གླིང་པ་གཉིས་ལ་བརྟེན་ནས་གསན་བསམ་གྱི་སྒྲོ་འདོགས་ཆོད་ནས་ཉམས་རྟོགས་ཡོན་ཏན་གྱི་ཕུང་པོར་གྱུར་པའི་གྲུབ་པའི་དབང་ཕྱུག་ཞིག་བཞུགས་པ་ལ། ཀ༔ཐོག་ནས་བླ་མ་བཀྲ་ཤིས་རྒྱ་མཚོས་ཤིག་པོ་གླིང་པའི་དྲུང་དུ་འདིར་འཆང་ཉན་ལ་མཁས་པའི་བླ་མ་ཞིག་གནང་དགོས་ཚུལ་ཞུ་འཕྲིན་ཕུལ་བ་ལ་བརྟེན་ནས་རྗེ་འདི་ཕེབས། འདི་དུས་ཕྱག་དཔེ་རྣམས་བྱ་རྒོད་མང་པོས་(སྨད་ཆ།༤༠༩)དྲངས་ནས་བྱོན་གྲགས། ཀ༔ཐོག་ཏུ་ཡང་ནག་པོ་ལ་སོགས་པའི་ཉམས་ཁྲིད་བསྐྱངས་པས། བར་ཁྲོད་དང། ཡང་ཁྲོད་རྣམས་སུ་སྒོམ་གྲ་མང་དུ་འཕེལ་ཏེ་རྫོགས་ཆེན་ཡང་ཏིའི་བསྟན་པ་ཕྱོགས་འདིར་དར་བར་མཛད། དེ་ནས་བྲག་དམར་དབང་ཆེན་གླིང་དུའང་ཕེབས་ཏེ། རྗེ་འདིའི་སློབ་མ་ནི་མཁས་གྲུབ་ཆེན་པོ་བློ་གྲོས་ཡིན་ཏེ། དེ་ནི་སྟག་བུ་ཞེས་པའི་སར་སྟག་བུ་བླ་མ་རིམ་བྱོན་ལས་མཁྱེན་རབ་ཆེ་བས་གྲ་འཁོར་སྒར་གཞིས་མང་བ་དང་བཅས་དབུས་གཙང་དུ་བྱོན། གོང་ར་ལོ་ཆེན་གཞན་ཕན་རྡོ་རྗེ། གསུང་སྦྲུལ་ཚུལ་ཁྲིམས་རྡོ་རྗེ། སྙིང་ཕུ་རིག་འཛིན་སྙིང་པོ་གཏེར་སྟོན་འཇའ་ཚོན་སྙིང་པོ། རྒོད་ཚང་བ་སྣ་ཚོགས་རང་གྲོལ་སོགས་དེ་སྐབས་བོད་ཀྱི་མཁས་གྲུབ་ཐམས་ཅད་མཇལ་ཞིང་ཆོས་ཕར་འབུལ་ཚུར་གནས་སོགས་མཛད་ནས་ཁམས་སུ་ཕེབས། ཕྱོགས་འདིར་གསང་ཆེན་རྙིང་མ་བཀའ་གཏེར་གྱི་རིང་ལུགས་ཤིན་ཏུ་དར་བ་མཛད། དེའི་སློབ་མ་ནི་བླ་མ་ཚེ་རིང་རྡོ་རྗེ་དང། པདྨ་རིག་འཛིན་གཉིས་ཡིན་ཏེ་ཕྱི་མ་འདིས་རྣམ་གྲངས་རྒྱ་མཚོ་ཞེས་པའི་བསྟན་བཅོས་ཀྱང་མཛད། ཚེ་རིང་རྡོ་རྗེའི་དབོན་ཀུན་བཟང་ཡེ་ཤེས་མཐོང་གྲོལ་དང་ཀུན་བཟང་ཁྱབ་གདལ་ལྷུན་གྲུབ་སྟེ་འདི་བདུལ་ད་འདུལ་རྡོ་རྗེའི་ཆོས་བདག་ཡིན། དེས་དབོན་ཀུན་བཟང་ཡེ་ཤེས་དང་ཀུན་བཟང་རྣམ་རྒྱལ་འདི་གཉིས་བོད་དུ་བྱོན་ནས་གཏེར་བདག་གླིང་པ་ལས་རྙིང་རྒྱུད་ལུང་ཞུས་ཤིང་དཔེ་ཆུ་བྲིས་ནས་ཁམས་ཕྱོགས་སུ་དཔེ་རྒྱུན་དང་ལུང་རྒྱུན་སྦེལ་བས་བཀའ་དྲིན་ཆེ། ཀུན་བཟང་ཁྱབ་གདལ་ལྷུན་གྲུབ་ཀྱི་སྦྲུལ་སྐུ་ནི་རིག་འཛིན་བསོད་ནམས་རྣམ་རྒྱལ་ལམ་རྡོ་རྗེ་དཔའ་བོ་སྟེ་མཁས་བཙུན་འཛོམས་ཤིང་མཁྱེན་རྟོགས་ཆེ། དེའི་སྦྲུལ་སྐུ་དེང་སང་ཞལ་(སྨད་ཆ།༤༡༠)བཞུགས་ཡིད་བཞིན་དབང་རྒྱལ་སོགས་བྲག་དམར་བ་དང་པདྨ་རིག་འཛིན་གྱི་དབོན་པོ་པདྨ་བློ་ལྡན་དང་པདྨ་ནོར་བུ། དེས་དཔོན་པོ་བླ་མ་སྐལ་བཟང་སྟེ། པདྨ་ནོར་བུའི་སྐྱེ་བ་ནི་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་སྟེ་ཐོ་མོ་ནང་ངམ་གནས་ནང་བ་སྟེ་བྲག་གནས་གཉིས་ཀྱི་གདན་རས་ཟུར་ཙམ་སྨོས་པ་སྟེ་འདི་དག་ནི་རྒྱལ་བ་ཀ༔ཐོག་པའི་ཆོས་བརྒྱུད་སློབ་ཚོགས་ལས་བྱུབ་འགའ་ཞིག་རགས་པ་ཙམ་ཞིག་བརྗོད་པ་སྟེ་མཐའ་དག་ནི་བརྗོད་པར་ནུས་པ་མ་ཡིན་ནོ། ཡང་ཀ༔ཐོག་པ་དཔལ་འབར་བ་ནམ་མཁའ་རྒྱ་མཚོའི་སློབ་མ་འཁྲུལ་ཞིག་དབང་དྲག་རྒྱ་མཚོ་ཡིན་ཏེ། འཁྲུལ་ཡུལ་བ་སོ་པ་ཡིན། ཆུང་ངུའི་དུས་ནས་ཅོས་ཐམས་ཅད་མ་བསླབ་པར་མཁྱེན། དགུང་ལོ་བཅུ་གཉིས་ཀྱི་དུས་སུ་འཇལ་དཔལ་དམར་པོ་དང་སངས་རྒྱས་སྟོང་གི་ཞལ་གཟིགས། རབ་ཏུ་བྱུང་བ་ནས་བཟུང་འདུལ་ཁྲིམས་ལ་ཉེས་སྐྱོན་ཕྲན་མོ་ཙམ་གྱིས་ཀྱང་མ་གོས། ལྷ་སྔགས་ཏིང་འཛིན་ཐམས་ཅད་ལ་དབང་འབྱོར་བས་འཁོར་འདས་རང་སར་གྲོལ། འཁྲུལ་པ་གཞི་ནས་པས་རང་གྲོལ་བའི་འཁྲུལ་ཞིག་དབང་དྲག་རྒྱ་མཚོར་གྲགས། བོད་ཡུལ་དབུས་ཕྱོགས་སུ་ཕེབས་དུས། ཨོ་རྒྱན་ཆེན་པོའི་ཆེན་པོ་ལས་བསྒྲལ་ནས་བར་ཆད་ལས་སྐྱོབ་པར་མཛད། རྫོགས་པ་ཆེན་པོ་ལས་བསྒྲལ་ནས་བར་ཆད་ལས་སྐྱོང་པར་མཛད། རྫོགས་པ་ཆེན་པོ་གཞི་ལམ་གྱི་རྟོགས་པ་ཀློང་དུ་གྱུར་ཏེ་རིག་པ་ཚད་ཕེབས་ཀྱི་ས་ལ་གཤེགས། མངོན་ཤེས་ཕྱོགས་མེད་ཤར་ཀུན་སྦངས་ཨ་ཝ་དྷུ་ཏིའི་སྤྱོད་པ་བསྐྱངས། སྐུའི་སྐྱེ་བའང་སྦྲུལ་པའི་གཏེར་སྟོན་ཤེས་རབ་མེ་འབར་དང་སྦྲུལ་སྐུ་མི་འགྱུར་རྡོ་རྗེ་དང་རིག་འཛིན་ནམ་མཁའ་ཞེས་པ་རྣམས་འབྱུང་བའི་ལུང་བསྟན་ཀྱང་ཐོབ། དགུང་ལོ་བདུན་ཅུ་པ་ལ་དག་པའི་ཞིང་དུ)༤༡༡)གཤེགས་སོ། དེའི་སློབ་མ་ག་རྗེ་ཆོས་སྐྱོང་རྒྱ་མཚོ་ཞེས་པའི་གྲུབ་ཐོབ་ཆེན་པོ་ཞིག་བྱོན་ཏེ། དེས་དཔོན་བརྒྱུད་དེང་སང་ཁམ་གོང་དགོན་དུ་རྡོ་རྗེ་འཛིན་པ་རིམ་པར་བྱོན་པ་ད་ལྟའི་བུ་དུ་བཞུགས་པ་འདི་རྣམས་ཡིན་ཏེ། དེ་དག་ཀྱང་ཀ༔ཐོག་པའི་ཆོས་བརྒྱུད་ལས་བྱུང་བ་ཡིན་ནོ། གྲུབ་དབང་རྫོགས་པ་ཆེན་པོའི་ལོ་རྒྱུས་བརྗོད་པ། བསིལ་ལྡན་གྱི་ཕེང་བས་དཀྲིགས་པའི་ལྗོངས་ཀྱི་བྲེ་བྲག་བོད་ཆེན་པོར་གྲགས་པའི་ནོར་འཛིན་གྱི་ཐིལ་ལེར་ངེས་དོན་རྫོགས་པ་ཆེན་པོའི་བསྟན་པ་དྲི་མ་མེད་པའི་ནོར་བུ་འཛིན་གྱི་ཐིག་ལེར་ངེས་དོན་རྫོགས་པ་ཆེན་པོའི་བསྟན་པ་དྲི་མ་མེད་པའིསྣང་བ་ཤིན་ཏུ་གསལ་བར་མཛད་ཅིང་བཤད་སྒྲུབ་ཀྱི་སྒོ་ནས་དར་ཞིང་རྒྱས་པར་མཛད་པའི་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་གྲུབ་དབང་རྫོགས་ཆེན་པ་ཆེན་པོའི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་པར་བྱའོ། དེ་ལ་ཡང་གཉིས་ཏེ། དང་པོ་ཆོས་བརྒྱུད་གང་ལས་བྱུང་བའི་ལོ་རྒྱུས་དང། དངོས་གཞི་གདན་རབས་ཀྱི་ཕྲེང་བ་རིམ་པར་བརྗོད་པ་གཉིས་ཀྱི། དང་པོ་ཆོས་རྒྱུད་གང་ལས་བྱུང་བའི་ལོ་རྒྱུས་ནི། གྲུབ་དབང་རིན་པོ་ཆེ་འདི་ཉིད་རྫོགས་ཆེན་སྦྱི་དང་ཁྱད་པར་མཁའ་འགྲོ་སྙིང་ཏིག་གི་བཀའ་བབས་ཅོས་ཀྱི་བདག་པོ་ཡིན་ཏེ། དེ་ཡང་རྫོགས་ཆེན་སྦྱིའི་ལོ་རྒྱུས་གོང་དུ་ཞིབ་རྒྱས་སུ་བརྗོད་པ་ལྟར་དང། བྱེ་བྲག་རྫོགས་ཆེན་མཁའ་འགྲོ་སྙིང་ཏིག་ནི་ཨོ་རྒྱན་ཆེན་པོས་ཡེ་ཤེས་མཚོ་རྒྱལ་སོགས་མཁའ་འགྲོའི་ཚོགས་འབུམ་ཕྲག་གཅིག་ལ་གཞུ་སྟོང་ཏི་སྒྲོར་སྩལ་བ། ལྷ་ལྕམ་པདྨ་གསལ་གྱི་ཆོས་སྐལ་དུ་དཱང་ལུང་ཁྲོ་མོ་བྲག་ཏུ་སྦས་པ་ལས་གཏེར་སྟོན་པདྨ་ལས་འབྲེལ་ཙལ་གྱིས་གཏེར་ནས་ཕྱུང་སྟེ་ཀུན་མཁྱེན་ཀློང་ཆེན་པས་དང་དར་རྒྱས་སུ་མཛད་པའི་རྒྱུན་མ་ཉམས་པར་(སྨད་ཆ།༤༡༢)བཞུགས་པ་ལས། ཀུན་མཁྱེན་ཆེན་པོ་གུ་རུ་ཡེ་ཤེས་རབ་འབྱམས་སོགས་གྲུབ་དབང་རིན་པོ་ཆེ་ཡན་གྱི་ལོ་རྒྱུས་གོང་དུ་རྫོགས་ཆེན་གྱི་ལོ་རྒྱུས་སྐབས་སུ་སྨོས་པ་ལས་ཤེས་པར་བྱའོ། གཉིས་པ་གདན་རབས་དངོས་བརྗོད་པ་ལ། གྲུབ་དབང་རྫོགས་ཆེན་པ་ཆེན་པོ་པདྨ་རིག་འཛིན་ཞེས་ཡོངས་སུ་གྲགས་པའི་གྲུབ་པའི་དབང་པོ་འདི་ཉིད་ངེས་པའི་དོན་དུ་སྔོན་བསྐལ་བ་དཔག་ཏུ་མེད་པའི་གོང་རོལ་ནས་བདག་ཅག་གི་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱན་ཤཱཀྱའི་རྒྱལ་པོ་འདི་ཉིད་ཀྱིས་གྲངས་མེད་གསུམ་དུ་དཀའ་བ་སྦྱད་པའི་དང་པོར་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ནས་གྲངས་མེད་གསུམ་གྱི་དང་པོའི་སངས་རྒྱས་ཤཱཀྱངའི་བདུན་ཁྲི་ལྔ་སྟོང་ཡོངས་སུ་མཉེས་པར་མཛད་པའི་རྗེས་ལ། སངས་རས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བ་ཞིག་འཇིག་རྟེན་དུ་བྱོན་ཏེ། རྒྱལ་བ་གཞན་ལས་ཀྱང་ཐུགས་བསྐྱེད་ཁྱད་པར་འཕགས་པས། སེམས་ཅན་ཐ་མ་དུད་འགྲོ་ལྟ་བུ་ཡང་འཆི་ཀ་མའི་རྣ་བར་མཚན་བསྒྲགས་པ་ཙམ་གྱིས་ཐུགས་རྗེའི་བསིལ་ཟེར་གྱིས་གནས་ངན་ལེན་པའི་ཆད་མེད་པའི་ཐུགས་རྗེའི་དཔལ་མངའ་བ་དེ་ཉིད་དུ་མངོན་པར་སངས་རྒྱས་སུ་ཟིན་པ་ཡིན་ཀྱང། ཇི་སྐད་དུ་མདོ་སྡེ་པདྨ་དཀར་པོ་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། དེ་ཡི་ཚང་ནི་ནམ་ཡང་མེད་པ་ན། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ་། དེ་ཡི་ཚད་ནི་ནམ་ཡང་མེད་པ་ན། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། དེ་ཡང་ཚད་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། ཞེས་གསུངས་པ་དང་ཚུལ་མཐུན་པར། གདུལ་བྱའི་སེམས་ཅན་རྣམས་ཀྱི་དད་པའི་ཆུ་མཚོར་རྒྱལ་བའི་ཐུགས་རྗེའི་ཟླ་གཟུགས་འགོག་པ་མེད་པར་འཆར་བ་ཆོས་ཉིད་ཡིན་ཏེ། དེའི་ཕ་མཐའ་སུ་ཞིག་གིས་འཚོལ་བར་ནུས་ཏེ་(སྨད་ཆ།༤༡༣)རྒྱལ་བ་ཉིད་ཀྱི་སྦྱོད་ཡུལ་ལས་གཞན་དུ་མ་གྱུར་ཏེ། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ལས། ཐམས་ཅད་མཁྱེན་པའི་ཡོན་ཏན་ནི། ཐམས་ཅད་མཁྱེན་པ་ཉིད་ཀྱིས་མཁྱེན། ས་གཞི་ཡིས་ནི་ལྕིག་བའི་ཚད། མཐའ་ཡས་ཉིད་ཀྱིས་ཤེས་པ་ཡིན། ཞེས་གསུངས་པ་ལྟར་རོ། འོན་ཀྱང་ཐུབ་དབང་ཤཱཀྱའི་རྒྱལ་པོའི་བསྟན་པ་འདི་ཉིད་ལ་འཕགས་བོད་གཉིས་སུ་བསྟན་འགྲོའི་ལས་འགའ་ཙམ་ཞིག་རྗེ་ཉིད་ཀྱི་གསུང་ལས་བྱུང་བ་དང། ཁུངས་ཐུབ་ཀྱི་གཏེར་ལུང་སོགས་ལས་བྱུང་བ་སྒོ་བསྟུན་ཏེ་ཅུང་ཟད་བརྗོད་ན། རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་ཐོབ་ཡོངས་ཀྱི་སྦྱི་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་ནས་མཚན་སར་ར་ཏ་སྟེ་མངའ་སྣུན་ཞབས་སུ་གྲགས། གྲུབ་ཐོབ་འདིའི་དུས་སྔགས་ཀྱི་རྒྱུད་སྡེ་ཕལ་ཆེར་ཀྱང་མི་ཡུལ་དུ་བྱུང་བར་གྲགས་སོ། གཞན་ཡང་ཨོ་རྒྱན་གྱི་རྒྱལ་པོ་ཨིནྟྲ་བྷུ་ཏི་སངས་རྒྱས་འཁོར་བཅས་ཀྱི་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་སྨིན་པར་མཛད་པའི་ཚུལ་དང། རྣལ་འབྱོར་དབང་ཕྱུག་བི་རུ་ཞེས་ཆུ་བོ་གྱེན་ལ་ཟློག་ཅིང་ཉི་མ་བསྟོད་ལ་གནོན་ནུས་པའི་གྲུབ་ཐོབ་ཀྱི་རྒྱལ་པོ་དེ་དང། ལྷོ་ཕྱོགས་དུག་མཚོའི་གླིང་ན་དུག་མཚོའི་ཁ་ནོན་དུ་བཞུགས་པའི་གྲུབ་པའི་འཁོར་ལོས་བསྒྱུར་བ་ཀུ་ཀུན་རི་པ་དང། ཟག་མེད་འོད་གསལ་ཆེན་པོ་མངའ་དབང་འབྱོར་བའི་གྲུབ་ཆེན་ལ་བ་པ་དང། བརྟུལ་ཞུགས་སྦྱོད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ནག་པོ་སྦྱོད་པ་དང། ན་རོའི་སློབ་མ་རྣལ་འབྱོར་གྱི་དབང་ཕྱུག་(སྨད་ཆ།༤༡༤)ཕག་ཚང་པར་གྲགས་པའི་གྲབ་ཐོབ་པོ་དང། ཐེག་མཆོག་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པའི་ཤིང་རྟ་ཆེན་པོ་པཎ་ཆེན་བི་མ་མི་ཏྲ་ལ་སོགས་དང། གངས་ཅན་བོད་ཀྱི་ལྗོངས་འདིར་བསྟན་པ་དང་སྔ་དར་གྱི་དུས་སུ་ཨོ་རྒྱན་སངས་རྒྱས་གཉིས་པའི་སྲས་ལང་གྲོ་ལོ་ཙཱ་དང། ལྷ་སྲིན་བྲན་དུ་ཁོལ་བའི་རླང་དཔལ་གྱི་སེང་གེ། རྒྱལ་བའི་བསྟན་པ་རིན་པོ་ཆེར་སྲིད་ཞུས་མཆོད་པ་ལ་གཞན་གྱི་སེང་གེ། རྒྱལ་བའི་བསྟན་པ་རིན་པོ་ཆེར་སྲིད་ཞུས་མཚོད་པ་ལ་གཞན་གྱི་འགྲན་བྱར་མ་གྱུར་པའི་མངའ་བདག་རྩད་པོ་ཁྲི་རལ་པ་ཅན་སོགས་དང། བསྟན་པ་ཕྱི་དར་གྱི་དུས་དཔལ་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པའི་རྡོ་རྗེའི་ཐུགས་སྲས་ཡོངས་ཀྱི་གཙོ་བོ་རས་ཆུང་རྡོ་རྗེ་གྲགས་པ་དང། སྙན་རྒྱུད་ཀྱི་བསྲོལ་འཛིན་དན་རྫོང་སྟོན་པ་བོ་དྷི་རཱ་ཛ་དང། ཞཱ་ནག་ཅོད་ཕན་འཛིན་པ་ཡོངས་ཀྱི་ཐོག་མ་ཀརྨ་པ་དུས་གསུམ་མཁྱེན་པ་དང། གྲུབ་པའི་དབང་ཕྱུག་ཆེན་པོ་ཨོ་རྒྱན་པ་རིན་ཆེན་དཔལ་དང། ཕག་གྲུའི་ཐུགས་སྲས་གྲུབ་ཐོབ་ཆེན་པོ་གླིང་རས་པདྨ་རྡོ་རྗེ་དང། སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་ཐོབ་ཆེན་པོ་གླིང་རས་པདྨ་རྡོ་རྗེ་དང། སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་སྟག་ལུང་ཐང་བ་བཀྲ་ཤིས་དཔལ་དང། ལུང་རྟོགས་ཡོན་ཏན་རྨད་དུ་བྱུང་བའི་ཕྲིན་ལས་ཀྱིས་དཔུངས་པས་ཐུབ་བསྟན་རིན་པོ་ཆེའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་བ་ལ་གཞན་གྱིས་འགྲན་བྱར་མ་གྱུར་པའི་ཀུན་མཁྱེན་རྩོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་སོགས་དང། བསྟན་པ་ཐམས་ཅད་ཀྱི་བཀའ་བབས་པའི་རྒྱུད་འཛིན་གྲུབ་ཆེན་མི་ཉག་པ་བློ་གྲོས་རིན་ཆེན་སོགས། མཁས་པའི་ཡོན་ཏན་གྱི་རྒྱ་མཚོ་བརྒལ་ཞིང་གྲུབ་པའི་ཉམས་རྟོགས་ཀྱི་གཏེར་ཁ་བརྟོལ་བའི་སྐྱེ་སྲིད་ཇི་སྙེད་ཅིག་བཞེས་ནས་གདུལ་བྱ་མང་པོ་གང་དང་གང་གིས་འདུལ་བར་གྱུར་པ་དང་དེའི་སྐུ་དང་ཕྲིན་ལས་ཀྱིས་ལེགས་པར་བརྟུལ་ནས་བླ་ན་མེད་པའི་(སྨད་ཆ།༤༡༥)བྱང་ཆུབ་ཆེན་པོར་གཞོལ་ཞིང་འབེབས་པར་མཛད་ཅིང། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛམ་གླིང་ཐ་གྲུ་ཡངས་པར་སྦེལ་ཞིང་དར་རྒྱས་སུ་མཛད་པ་སོགས་ལན་གཅིག་མ་ཡིན་པར་མཛད་དེ། དེ་ལྟ་བུའི་སྦྲུལ་པའི་ཟློས་གར་དེ་དག་ཀྱང། སྐྱེ་རྒྱུད་རིམ་ཅན་དུ་བྱོན་པ་མ་ཡིན་ཞིང། རྒྱལ་བའི་སྒྱུ་འཕྲུལ་གྱི་རོལ་བ་མཐའ་ཀླས་པའི་སྦྲུལ་པའི་ཚོ་འཕྲུལ་ཅི་ཡང་འཆར་བའི་ཚུལ་ཏེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། ཇི་ལྟར་ཟླ་བ་ཤར་གྱུར་པ། ཚད་མེད་པ་ཡི་གཟུགས་བརྙན་རྣམས། ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང། ཟླ་བ་གཉིས་སུ་གྱུར་པ་མེད། སངས་རྒྱས་ལ་ནི་སམ་གསུམ་དུ་མེད། ཇི་ལྟར་སེམས་ཅན་བསམ་པ་བཞིན། ཚད་མེད་པ་ནི་རབ་ཏུ་སྣང། སྐུ་ནི་འདས་པ་མ་ཡིན་ཏེ། མ་འོངས་པ་ཡང་སྐུ་མ་ཡིན། ཞེས་དང། རྒྱུད་བླ་མའི་སྐབས་བཞི་པ་ལས། གངས་ཕྱིར་གདུལ་བྱ་དག་པ་ཡིས། ཆུ་ཡི་སྣོད་ནི་ཐམས་ཅད་ལ། བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། དཔག་ཏུ་མེད་པ་གཅིག་ཅར་འཆར། ཞེས་དང། པཎ་ཆེན་བི་མ་ལ་མི་ཏྲས་མཛད་པའི་རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་ཆུང་ལས། དཔེན་ན་བར་སྣང་ཟླ་བ་གཅིག་ཤར་བ་། འཛམ་གླིང་ཆུ་རྣམས་ཀུན་ཏུ་ཆུ་ཟླ་སྣང། ཆུ་གཅིག་ནང་གི་ནམ་མཁའི་ཟླ་བ་ཡང། འགྲོ་བ་སོ་སོ་རང་གི་མདུན་དུ་སྣང། དེ་བཞིན་སྦྲུལ་སྐུ་གཅིག་ལ་གླིང་རྣམས་སྣང། གླིང་རྣམས་གཅིག་ལ་འགྲོ་བ་དྲུག་ཏུ་སྣང། ཐ་དད་དེ་ཀུན་སྦྲུལ་པ་གཅིག་ཏུ་གྲགས། དེ་འདྲའི་སྟོང་གསུམ་མཐའ་ཡས་མུ་མེད་ན། དེ་འདྲའི་སྦྲུལ་སྐུ་རེ་རེས་འགྲོ་དོན་མཛད། ཅེས་གདུལ་བྱང་གང་(སྨད་ཆ།༤༡༦)འདུལ་གྱི་སྣང་ངོར་འདུལ་བྱེད་སྦྲུལ་པའི་ཟློས་གར་ཀྱང་དེ་དག་རང་སྣང་དང་འཚམས་པར་འཆར་བ་ཚུལ་དེ་ལྟ་བ་ལས། པཎ་ཆེན་བི་མ་མི་ཏྲ་ཉིད་ལོ་བརྒྱ་རེའི་འཚམས་ན་སྦྲུལ་པ་རེ་བྱུང་ནས་རྫོགས་པ་ཆེན་པོའི་བསྟན་པ་སྦེལ་བར་གསུངས་པ་བཞིན་སླར་ཡང་ངེས་དོན་སྙིང་པོའི་བསྟན་པ་མེ་རོ་གསོ་ཞིང་ལྟ་གྲུབ་རྣམ་པར་དག་པའི་རིང་ལུགས་གཞིར་བཞེད་པའི་ཆེད་དུ། ངོ་མཚར་སྦྲུལ་པའི་ཟློས་གར་བསྒྱུར་བ་ནི། གྲུབ་པའི་དབང་ཕྱུག་ཆེན་པོ་པདྨ་རིག་འཛིན་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་འདི་ཉིད་ཡིན་ཏེ། རིག་འཛིན་ཞེས་མཚན་ཉི་མ་གྲགས་པའི་གཏེར་ལུང་ལས། ཡོན་ཏན་རིག་འཛིན་བི་མ་ལ། ཤར་ཕྱོགས་མདོ་ཁམས་ཡུལ་ནས་འབྱུང༔ པདྨའི་མིང་ཅན་བརྟུལ་ཞུགས་ཅན༔ བརླ་གཡས་སྨེ་བ་སྦྱན་འདྲས་མཚན༔ ཞེས་སོགས་གཏེར་ཁ་མང་པོ་ནས་ལུང་གི་གསལ་བར་བསྟན་པའི་རྣལ་འབྱོར་གྱི་དབང་ཕྱུག་མཁས་པ་དང་གྲུབ་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་འདི་ཉིད་འཁྲུངས་པའི་ཡུལ་ནི། བོད་ཆེན་པོའི་རྒྱལ་ཁམས་ལྷོ་ཕྱོགས་ནོར་འཛིན་གྱི་ཐིག་ལེ་དངུལ་རྫ་ཟལ་མོའི་སྒང་དུ་གཏོགས་པ། ཁམས་རི་བོ་ཆེའི་ཕྱོགས་སུ། ནཻ་པ་ལའི་བཟོ་རིག་མཁས་པའི་ཡང་རྩེར་སོན་པ་བལ་པོ་བཀྲ་ཤིས་བྱ་བའི་སྲས་སུ་ཤིང་མོ་གླང་གི་ལོ་ལ་སྐུ་འཁྲུངས་ཤིང། སྐུ་ཆུང་ངུའི་ཚེ་ཡབ་ཉིད་རྒྱལ་བ་འཕགས་པ་ལྷའི་གདན་ས་དཔལ་ཆབ་མདོ་བྱམས་པ་གླིང་དུ་འཕྲུལ་ཆེན་གར་གྱི་རོལ་རྩེད་ལས་ངོ་མཚར་མིག་གི་བདུད་རྩིར་བསྐྲུན་པའི་བྱེད་པོར་བགྲང་བྱ་མང་ཙམ་བསྡད་པར། ཡབ་དང་ལྷན་ཅིག་པར་སྟན་ཆགས་པ་ལ། ཆུང་ངུའི་དུས་ནས་བསྟན་ལ་མོས་པའི་བག་ཆགས་བཟང་པོས་རབ་བྱུང་གི་ཆ་ལུགས་མ་འདས་ཤིང། དགུང་ལོ་བཅུ་(སྨད་ཆ།༤༡༧)བཞེས་པ་ནས་ཡིག་ཀློག་ལེགས་པར་སྦྱངས། དེ་ལས་མི་རིང་བར་འཇིག་རྟེན་དབང་ཕྱུག་རྒྱལ་བ་ཀརྨ་པ་པདྨ་རཱ་གའི་རྩོད་པན་འཆང་བ་ཞཱ་དམར་ཆོས་ཀྱི་དབང་ཕྱུག་གི་གསུང་གི་སྲས་མཆོག་ཀརྨ་ཆགས་མེད་ཀྱི་ཞབས་པད་བསྟེན་ཏེ། བཀའ་གཏེར་ཆོས་ཚུལ་རྒྱ་མཚོར་གསན་བསམ་མཐར་ཕྱིན་པར་མཛད་ཅིང། ཁྱད་པར་ཉམས་ཁྲིད་སྐྱོང་བའི་ཚེ། གནས་དབེན་པར་རྩེ་གཅིག་ཏུ་བསྒོམས་པས་ཞག་ཉེར་གཅིག་ནས་འོད་གསལ་ཉིན་མཚན་འཁོར་ཡུག་འདྲེས་པ་དང། བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་རྩོལ་མེད་དུ་སྐྱེ་བར་བྱུང་ཞིང། སླར་ཡང་བླ་མ་མཆོག་གི་དྲུང་དུ་བཞུགས་ནས། རརྣའི་བླ་མ་ཞི་དྲག་དང་ཕུར་པ། ཉང་གི་རྟ་ནག། ཀརྨ་གླིང་པའི་ཞི་ཁྲོ་སོགས་གཏེར་མའི་ཕྲིན་སྒྲུབ་ཕལ་ཆེར་གྱི་དབང་ལུང་གསན། དེའི་ཚེ་ཆགས་མེད་རིན་པོ་ཆེ་ཉིད་ལའང་ཐུགས་དམ་གྱི་བོགས་པར་ཐོན་པར་བྱུང་སྟེ། རྟོགས་ལྡན་པདྨ་རིག་འཛིན་ལ། ལུང་ནི་མང་ཞིག་བྱས་པའི་ཚེ། སེམས་ངོ་ལ་ཡང་བོགས་ཐོན་ཅིང། ལུང་དང་འདྲེས་ནས་འགྲོ་བ་བྱུང། ཞེས་གསུངས་སོ། འདི་སྐབས་ཡི་དམ་ཐུགས་རྗེ་ཆེན་པོ་དང། སློབ་དཔོན་རིན་པོ་ཆེ་གཉིས་གང་བྱེད་བླ་མ་ལ་བརྟག་པ་ཞུས་ཤིང། རྗེ་ཉིད་ཀྱིས་ཀྱང་མཚན་ལམ་བརྟག་པས་ཨོ་རྒྱན་གྱི་པར་སྐུ་ཞིག་སྟོན་བྱུང་བས་ཨོ་རྒྱན་སྒྲུབ་ན་ལེགསཔ་དགོངས་པ་དང་ཚགས་མེ་རིན་པོ་ཆེས་ཐུགས་དམ་བརྟག་པར་ཡང་ཨོ་རྒྱན་ཉིབསྒྲབས་ན་ལེགས་ཚུལ་བྱུང་བ་བཞིན། ཐུགས་དམ་ཀྱི་མཐིལ་བརྣའི་ཐུགས་སྒྲུབ་ཞི་བ་ལ་རྩལ་བཏོན། བསྙེན་སྒྲུབ་མཛད་པས་མཆོད་རྟེན་བརྩེགས་པའི་རྩེར་ཕྱིན་པ་དང། ཨོ་རྒྱན་རིན་པོ་ཡིད་ཡུལ་དུ་མཛལ་བར་བྱུང་གསུངས། བསྙེན་གྲངས་ས་ཡ་གཉིས་ལྷག་(སྨད་ཆ།༤༡༨)འཇའ་ཚོན་སྦྱི་འདུས་ཀྱི་བསྙེན་གྲངས་ས་ཡ་གཅིག། བྱེ་བ་གཉིས། བདུན་འབུམ་ཉིས་ཁྲི། གཞན་ཡང་སྐབས་སུ་རྩ་རླུང་གཏུམ་མོ་མུན་པའི་རྣལ་འབྱོར་སོགས་ཡུན་རིང་དུ་ལན་མང་པོར་ཡང་སྐྱུར་དུ་སྦྱངས། བསྐྱེ་རྫོགས་རྩ་རླུང་གི་སྐོར་གདམས་པའི་ཞུན་ཐར་བཅད་ནས་གནད་སྨིན་དུ་མཛད་པས། དུ་བ་ལ་སོགས་པའི་རྟགས་རྣམས་མངོན་གྱུར་ཞིང། ཉིན་ཞག་དྲུག་རེ་ལ་རླུང་རྒྱུ་བ་གཉིས་རེས་ཆོག་པའང་ལན་འགའ་བྱུང་གསུངས། གཞན་ཡང་དེ་དག་གི་ཆེ་དངོས་ཉམས་རྨིན་ལམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམས་དང་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ད་མཇལ་བ་ལུང་བསྟན་ཐོབ་པ་སོགས་ནི་ཤིན་ཏུ་རྒྱས་ཕྱིར་འདིར་སྨོས་མ་ནུས་སོ། དེ་དག་ཚེ་དངོས་ཉམས་རྨི་ལམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམས་དང་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་མཇལ་བ་དང་ལུང་བསྟན་ཐོབ་པ་སོགས་ནི་ཤིན་ཏུ་རྒྱས་ཕྱིར་འདིར་སྨོས་མ་ནུས་སོ། དེ་ལྟར་ཡང་ཉིད་ཀྱི་གསུང་མགུར་དྲིས་ལན་དྲང་སྲོང་དགྱེས་པའི་གླུ་དབྱངས་སུ། སྐྱེས་པ་ངོ་ཙམ་ནས་ཡི་གེ་བསླབས། ཆུང་ནས་རབ་བྱུང་ཆ་ལུགས་བྱས། མཚན་ལྡན་བླ་མ་དམ་པ་བསྟེན། བརྩེ་བའི་ཐུགས་ཀྱིས་བུ་བཞིན་བསྐྱངས། དབང་ལུང་གདམས་པ་དཔག་མེད་ཞུས། ཞེས་པ་ལྟར་རོ། དེ་ལྟ་དགུང་ལོ་ཉེར་གསུམ་ནས་ཉེར་དགུའི་བར་སྟན་ཐོག་གཅིག་ཏུ་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་བརྟེན་པ་མ་ཐོབ་བར་ཉམས་བཞེས་རྩེ་གཅིག་ཏུ་མཛད། འདི་དུས་ཆགས་མེད་རིན་པོ་ཆེས་གནམ་ཆོས་མ་གསན་ཡན་ལ་རྫོགས་ཆེན་མི་འཆད་པས། རྗེ་འདིས་སྦྱིར་རྙིང་མ་དང་ཁྱད་པར་རྫོགས་ཆེན་ལ་ཐུགས་ཀྱི་བག་ཆགས་སད་པའི་སྟོབས་ཀྱིས། དགུང་ལོ་ཉེར་དགུ་བཞེས་དུས་ལྷོ་ཕྱོགས་ཀྱི་སྐྱེས་ཆེན་འགའ་ཞིག་མཇལ་བ་དང་རྫོགས་ཆེན་གྱི་ཉམས་ཁྲིད་སོགས་གསན་པར་དགོངས་ནས། ༤༡༩)བླ་མ་མཆོག་ལ་བཀའ་གྲོས་ཞུས་པས། བླ་མ་ཉིད་ཀྱིས་ཀྱང་དེ་བཞིན་ཤིན་ཏུ་ལེགས་ཚུལ་དང་བཅས་མེད་དུ་བསྐུལ་བའང་མཛད་པས། བྱ་བཏང་གི་ཚུལ་གྱིས་སྦོ་བོའི་ཕྱོགས་སུ་ཕེབས་པས། ཆགས་མེད་ཉིད་ཀྱང་དགྱེས་ཏེ། འདི་སྐབས་པདྨ་རིག་འཛིན་གྱིས། ཚེ་འདི་བློས་བཏང་བྱ་བཏང་བྱས། དེ་ཡིས་འགྲོ་དོན་རྟེན་འབྲེལ་འགྲིགས། ཞེས་རྣམ་པར་ཐར་དུ་གསུངས་འདུག་པ་དང། དེ་སྐབས་ཆགས་མེད་རིན་པོ་ཆེ་ལ་བླ་མ་ཀརྨ་དགེ་ལེགས་ཀྱིས་ཞུ་ལན་དུ། བསྔགས་བརྗོད་འདི་ལྟར་སྩལ་འདུག་སྟེ། ན་མོ་གུ་རུ་ཡེ། ཁྱེད་བླ་མ་ཀརྨ་དགེ་ལེགས་ཀྱིས། ཁོང་བལ་པོ་རྟོགས་ལྡན་དྲིས་པའི་ལན། རྗེ་མཁས་པ་ནཱ་རོ་པཎ་ཆེན་དེས། ཁོང་སྒྲ་བསྒྱུར་མར་པ་ལོ་ཙཱ་ལ། བུ་སེང་གེ་ཁྱུག་གི་ཕྱུ་གུ་བཞིན། སློབ་མ་བས་ཀྱང་ཡང་སློབ་བཟང། ཞེས་གསུངས་ནས་ལུང་བསྟན་བསྔགས་པ་མཛད། རྗེ་རྨོག་ཅོག་རིན་ཆེན་བཙོན་འགྲུས་པས། ཁོང་གྲུབ་ཐོབ་སྐྱེར་པ་སྒང་པ་ལ། ཉམས་རྟོགས་པ་ང་བས་ཁྱོད་རང་བཟང། བ་ལ་མཛོད་སྐྱེས་ཡིན་ནོ་གསུངས། དཔེ་དེ་བཞིན་བལ་པོ་རྟོགས་ལྡན་པ། ཕ་ང་བས་ཉམས་རྟོགས་བུ་དེ་བཟང། ངེད་ཕ་གླ་བུ་མཛོ་ཡིན། མི་ང་བས་བུ་དགའ་བལ་པོ་དེ། སེམས་ངེས་འབྱུང་སྐྱོ་ཤས་རང་དབང་མེད། ཚེ་འདི་ཡི་བྱ་བས་མི་འགྱུར། ཟས་འདོད་ཡོན་ཞེས་པ་གཏིང་ནས་ལོག། ཟས་དཀའ་ཐུབ་བཅུ་ལེན་སྙིང་ལ་འཆང། ཚེ་འདི་ཡི་སྙན་གྲགས་འདོད་པ་མེད། ལུས་བཙུན་ཚུགས་མི་འཛིན་སྨྱོ་སྦྱོད་བྱེད། ཆོས་ལུས་ངག་དགེ་སྦྱོར་ཞེ་མི་ཚིམ། གནད་རྩ་རླུང་ཐིག་ལེ་སྙིང་(སྨད་ཆ།༤༢༠)ལ་འཆང། སྒོམ་རྩེ་གཅིག་ཙམ་གྱིས་ཞེ་མི་ཚིམ། དོན་རོ་གཅིག་ཆེན་པོ་སྙིང་ལ་འཆང། ཉམས་བཟང་དུད་དཔའ་སྐད་ཞེ་མི་ཚིམ། རྐྱེན་དྲག་པོར་བསྲེ་བ་སྙིང་ལ་འཆང། ཆོས་རྩོམ་ཆོས་པོད་གཞུངས་ཞེས་མི་ཚིམ། དོན་གཏེར་ཆེན་སེལ་མེད་སྙིང་ལ་འཆང། འཕྲལ་གྲོང་ཆོག་འགྲོ་དོན་ཞེ་མི་ཚིག། ཚེ་སློས་བཏང་སློབ་མ་སྙིང་ལ་འཆང། ལུས་སོས་དལ་མཚམས་སྒྲུབ་ཞེ་མི་ཚིམ། དོན་བཙོན་འགྲུས་དྲག་པོ་སྙིང་ལ་འཆང། རྟགས་དག་སྣང་ཕྲན་བུས་ཞེ་མི་ཚིམ། དོན་ཡི་དམ་དངོས་མཇལ་སྙིང་ལ་འཆང། ལུས་འདུལ་ཁྲིམས་མཛེས་ཆོས་ཞེ་མི་ཚིམ། སྔགས་གྲུབ་ཆེན་སྦྱོད་པ་སྙིང་ལ་འཆང། གནས་གྲོང་ལྟག་རི་ཁྲོད་ཞ་མི་ཚིམ། གནས་མི་མེད་ལུང་སྟོང་སྙིང་ལ་འཆང། དོན་ལྟ་བ་ནམ་མཁའ་གཡའ་དག་འདྲ། སེམས་སྒོམ་པ་ཆུ་བོའི་རྒྱུན་དང་འདྲ། ལུས་སྦྱོད་པ་ངེས་མེད་སྨྱོན་པ་འདྲ། ཉམས་རྨི་ལམ་ཞལ་གཟིགས་འཇའ་ལྟར་བཀྲ། ངག་ངོ་སྲུང་མི་ཤེས་ཏོལ་ཚིག་སྨྲ། ནོར་གསོག་འཇོག་མི་ཤེས་ཅི་དགར་གཏོར། གནས་གཅིག་ཏུ་མི་སྡོང་རླུང་ལྟར་འཕྱོ། མི་ང་ལ་མངོན་ཤེས་མ་མཆིས་ཀྱང། རྟགས་དེ་ཚོའི་དོན་ལ་རྗེས་དཔག་ན། ཁོང་ལས་ཅན་སྐྱེས་སུ་ཅིག་ཡིན་ངོ་ཤེས། ངེས་མེད་སྦྲུལ་པ་གཅིག་ཡིན་ངོ་ཤེས། ཚེ་སྲོག་ལ་བར་ཆད་མ་བྱུང་ན། འབྲེལ་ཚད་དོན་ལྡན་ཞིག་འོང་ངོ་ཤེས། རྗེ་པད་འབྱུང་གི་བསྟན་པ་ཕན་ངོ་ཤེས། རྒྱ་ཆེན་གྱི་འགྲོ་དོན་ཅིག་འགྲུབ་བམ་སེམས། དོན་དེ་ཚོ་བལ་པོའི་སྦྱོད་འགྲོས་ལགས། ཞེས་ཆེད་དུ་བསྔགས་པ་བརྗོད་པའི་གསུངས་གི་རོལ་མོ་ངོ་མཚར་ཆེ་བ་དག་སྩལ་ཞིང་ཐུགས་ཤིན་ཏུ་དགྱེས་པར་མཛད་དོ་། ༤༢༡)སྦོ་བོར་གཏེར་སྟོན་རིན་པོ་ཆེ་བདུད་འདུལ་རྡོ་རྗེ་མཇལ་བས། གཏེར་ཆེན་དེ་ཉིད་ཀྱིས། གཏེར་ལུང་ལས། རླང་ཡང་དཔལ་སྦྲུལ་པ་རི་བོའི་ཕྱོགས་ནས་འབྱུང། པདྨའི་མིང་ཅན་བྲང་ལ་སྨེ་བས་བརྒྱན། ཆོས་འདི་ཉམས་བླངས་འགྲོ་དོན་བསྟན་པ་འཕེལ། ཞེས་པ་དམ་ཆོས་སྦྲུལ་སྐུ་སྙིང་ཏི་གི་ཐེམ་མིང་སྐོར་གྱི་ཆོས་བདག་ཡིན་པར་ངོས་མཛད་ཅིང་ལུང་བསྟན་གྱིས་དབུགས་དབྱུང། དབང་ལུང་གཏད་རྒྱ་དང་བཅས་པའི་བསྔགས་བརྗོད་རྒྱ་ཆེ་བའི་སྒོ་ནས་ཆོས་ཀྱི་བདག་པོར་མངའ་གསོལ། དེ་སྐབས་འཇའ་ཚོན་པའི་སློབ་མ་ཀུན་མཁྱེན་པ་ལས་ཀྱང་རྟ་ཕག་སོགས་དབང་ལུང་ཞུས། ཡང་དེ་སྐབས་སྦས་པའི་རྣལ་འབྱོར་ཚུལ་ཁྲིུམས་བསྟན་འཛིན་ཞེས་བྱ་བས་ཀྱང། བརྟུལ་བཞུགས་སྦྱོད་པ་བི་རུ་པ་དང། ན་རོའི་སློབ་མ་ཕག་ཚང་པ་སོགས་ཡིན་ཚུལ་དང་བཅས་མཁའ་འགྲོའི་ལུང་བསྟན་དང་མཐུན་པར་སྐྱེས་ཆེན་དམ་པར་དབུགས་དབྱུང་གཟེངས་བསྟོད་མཛད། གཞན་ཡང་སྦས་པའི་རྣལ་འབྱོར་སྐལ་ལྡན་སྙིང་པོའི་མཚན་ཅན་གྱིས་ཀྱང། གླིང་རྗེ་རས་པའི་རྣམ་འཕྲུལ་མི་ཉག་བློ་གྲོས་རིན་ཆེན་གྱི་སྐྱེ་བ་ཡིན་ཚུལ་སོགས་བསྔགས་པ་རྒྱ་ཆེན་མཛད། འདི་སྐབས་རིག་འཛིན་འཇའ་ཚོན་སྙིང་པོས་ཡེ་ཤེས་ཀྱི་སྐུའི་རྗེས་སུ་བཟུང་པའི་དག་སྣང་གསལ་པོར་ཤར་ནས་བྱིན་གྱིས་བརླབས་པར་མཛད། དེ་ནས་རྫོགས་ཆེན་བསོད་ནམས་དབང་པོའི་དངོས་སློབ་རྦ་ཁ་སྦྲུལ་སྐུ་རིག་འཛིན་ཆོས་ཀྱི་རྒྱ་མཚོ་ཞེས་རྫོགས་ཆེན་སྙིང་ཏོག་གོ་བསྟན་པའི་བདག་པོ་ཡོངས་གྲགས་ཀྱི་གྲུབ་ཐོབ་ཆེན་པོ་དེ་ཉིད་ཀྱི་ཞབས་རྡུལ་སྦྱི་བོ་བླངས་ཏེ་མཉེས་པ་གསུམ་གྱི་གུས་པས་བཏུད་ནས། ཟབ་ལམ་མཁའ་འགྲོ་སྙིང་ཏིག་གི་དབང་ལུང་ཀ་དག་ལྷུན་གྲུབ་ཀྱི་གདམས་ཁྲིད་(སྨད་ཆ།༤༢༢)སྨིན་རྒྱས་སུགསན་ནས། སྐུ་རྩ་དེར་ཡུན་རིང་པོར་བཅད་རྒྱ་བྱས་ནས་བསྒོམས་པས་འོད་གསལ་རྡོ་རྗེ་སྙིང་པོའི་གནས་ལུགས་ཇི་བཞིན་པ་གཟིགས། ཀུན་བཟང་དགོངས་པའི་རྒྱལ་སྲིད་ལ་དབང་འབྱོར། ཁྱད་པར་ཐོད་རྒལ་གྱི་ཚེ། ཆོས་ཉིད་མངོན་སུམ་གྱི་སྣང་བའི་འཆར་སྒོར་ཐིག་ལེ་སྟོངས་པའི་སྒྲོན་མ་མུ་ཁྱུད་ཅན་གཉིས་ཀྱི་གཅིག་ཏུ་རྡོ་རྗེ་སེམས་དཔའ་འགྱིང་བག་རྒྱས་ཆས་དང་བཅས་པ་ཚུལ་བཞིན་དང། ཅིག་ཤོས་སུ་འཕགས་པ་ནམ་མཁའི་རྒྱལ་པོ་བཀྲ་ལམ་གྱིས་གསལ་བར་གཟིགས། བླ་མ་མཆོག་གོས་སྐུ་ཚེའི་བརྟག་པ་བསྐུལ་བར་དཔལ་མགོན་མ་ནི་གིས་སྒྲིབ་མེད་དུ་ལུང་བསྟན། ཡེ་ཤེས་ཀྱི་ཌཱཀི་ནཱི་རྒྱན་དང་ལྡན་པ་གཅིག་གིས་ལྡེ་མིག་ཅིག་གཏད་ནས། བླ་མའི་གཉེར་པ་དགོས་ཚུལ་གྱིས་བརྡ་ཐབས་སྐྱི་སྒོ་ནས་སྙིང་ཏིག་གི་བསྟན་པ་གཏད་པའི་ཐུགས་སྲས་སུ་མཁའ་འགྲོའི་གནང་བ་བྱིན། དེ་ནས་བཟུང་སྟེ་རྫོགས་ཆེན་པ་ཞེས་ཆོས་ཀྱི་མིང་གང་ཟག་ལ་བྱུང་བའང་གྲགས་པ་དོན་དང་ལྡན་པ་ཡིན་ནོ། སྦུ་བོའི་ཕྱོགས་སུ་ལོ་ངོ་གསུམ་ཙམ་བཞུགས་ནས་སླར་ཚུར་ཕེབས་པས་ཆགས་མེད་རིན་པོ་ཆེའང་ཐུགས་དགྱེས་རྩེར་སོན་ཞིང་བདུད་འདུལ་པའི་གཏེར་གསར་སྐོར་གྱི་དབང་ལུང་ཀྱང་གསན་པ་ཡིན་འདུག་སྟེ། ཆགས་མེད་རྣམ་ཐར་དུ། སྦྲུལ་ལོར་པདྨ་རིག་འཛིན་འགྲོ་དོན་ལ། བྱོན་སོང་འགྲོ་དོན་རྒྱ་ཆེན་འགྲུབ་འདུག་ཅིང། གཏེར་སྟོན་མཇལ་ནས་གཏེར་གསར་མང་དུ་ཐོབ། ལས་ཅན་ཆོས་བདག་ཡིན་པར་མངའ་གསོལ་ནས། ཟང་ཟིང་འབུལ་བ་བཅས་ཏེ་ལུག་ལོར་སླེབས། མཚམས་ཀྱི་ཁུང་དུ་གཏེར་ཆོས་གསན་པའང་ཞུས། དེ་དག་རྣམས་ཀྱིས་བསྙེན་སྒྲུབ་ཐེབས་པར་བྱས། ཞེས་གསུངས་འདུག་གོ། དེ་སྐབས་གཏེར་སྟོན་མི་འགྱུར་རྡོ་རྗེའི་(སྨད་ཆ།༤༢༣)གནས་ཆོས་ཐོག་མར་བཀའ་རྒྱ་གྲོལ་སྐབས་ཡིན་པས། ཆགས་མེད་རིན་པོ་ཆེ། གྲུབ་དབང་དམ་པ། བླ་མ་ཕྲིན་ལས་གསུམ་ལ་ཆོས་སྒོ་ཕྱེ་ནས་སྨིན་གྲོལ་གྱི་བདུད་རྩི་སྩལ་བ་བཞེས་པས་ཆོས་བདག་ཏུ་མངའ་གསོལ། ཆགས་མེད་རིན་པོ་ཆེས་ཀྱང་རྡོ་རྗེའི་རྒྱལ་ཚབ་ཏུ་དབང་བསྐུར་ནས་ཟབ་ཁྲིད་ཀྱང་བགྱིད་དུ་སྩལ། དེ་ནས་མི་རིང་བར་ཆགས་མེད་རིན་པོ་ཆེའང་སྐུ་མཚམས་ལས་བཞེངས་ནས་ཕྱོགས་བྲལ་གྱི་གདུལ་བྱ་སྐྱོང་བར་ཕྱོགས་མཐའ་ངེས་མེད་དུ་ཕེབས་པར་བཞེད་པས། རྗེ་འདི་ཡང་དགུང་ལོ་སོ་དགུ་བཞེས་པ་ཆུ་ཡོས་ཀྱི་ལོར་དབུས་ཕྱོགས་སུ་ཞབས་པད་བསྐྱོད་པར་མཛད་པས་ལམ་བར་དུ་འཁོད་པའི་འགྲོ་བ་མཆོག་དམན་ཐམས་ཅད་གྲགས་སྙན་ཆོས་སྦྱིན་སོགས་ཀྱང་དཔག་མེད་སྩལ། འདི་དུས་ཐུགས་སྲས་ཀྱི་ཐུ་བོ་གཏེར་ཆེན་ཉི་གྲགས་ཀྱང་ཞབས་ཕྱིར་འབྱོར་པས་གཙུག་ཕུད་བཞེས། འདི་སྐབས་དབུས་སུ་ཕེབས་ཞོར་ལ་ནང་ཆེན་ཕྱོགས་དང་སྒྱོག་ཆེན་གདོང་ར་སོགས་བར་ཁམས་ཀྱི་གནས་རིང་དང་གཉན་ཁྲོད་འགའ་ཞིག་ལ་ཐུགས་དམ་གྱི་བོགས་འདོན་དུ་གཉན་ས་གཙོད་ཕྱིར་རི་འགྲིམས་ཀྱང་མཛད། དེ་དུས་ཆགས་མེད་རིན་པོ་ཆེ་ནང་ཆེན་རྒྱལ་པོས་གདན་དྲངས་པ་དང་མཇལ་ནས་གཞི་ལེན་ཀྱང་མཛད་དེ། ཆགས་མེད་རིན་པོ་ཆེའི་རྣམ་ཐར་དུ། དེ་ནས་དབྲེ་ཁྲ་བྲག་ཏུ་ཕྱིན་པ་ཡི། པདྨ་རིག་འཛིན་གཞི་ལེན་སྟོན་མོ་དང། ནང་ཆེན་པ་ཡི་ཁྲིད་ཀྱི་གཞི་བཏིངས་ནས། ཞི་ཁྲོ་དབང་ཁྲིད་ཕྱག་ཆེན་ཉུང་ཆོས་སྦྲེལ། ཁྲོམ་ཚོགས་ཀྱང་ནི་ཤིན་ཏུ་ཆེ་བ་དང། དེར་འགྲོ་རན་ཀྱང་ཆོས་རའི་ཚེ་ལ་བསྡད། ཅེས་གསུངས་པར་སྣང་ངོ། གཏེར་སྟོན་བདུད་འདུལ་རྡོ་རྗེ་(སྨད་ཆ།༤༢༤)ནང་ཆེན་ཕྱོགས་སུ་ཕེབས་པས་ཡིས་ཕྱག་ཏུ་མཇལ་འཕྲད་མཛད། དེ་ནས་རིམ་པར་འབྲུག་ལོར་དབུས་སུ་རིམ་གྱིས་ཕེབས་ཏེ། ར་སྒྲེང་དང་སྟག་ལུང་རྣམས་སུ་གནས་གཟིགས་དང་སྙན་ཤལ་མང་འགྱེད་སོགས་མཛད། དེ་ནས་ལྷ་ལྡན་སྦྲུལ་པའི་ཞིང་ཁམས་ཆེན་པོར་ཕེབས་ཏེ་ཛོ་ཤཱཀ་རྣམ་གཉིས་དྲུང་དུ་སྙན་ཤལ་གསེར་ཆབ། མཆོད་འབུལ་སོགས་རྒྱ་ཆེན་དང་བསྟན་འགྲོའི་དོན་དུ་དགོངས་པའི་སྨོན་ལམ་སོགས་གནད་སྨིན་མཛད། གངས་ཅན་བསྟན་པ་ཡོངས་ཀྱི་བདག་པོ་རྒྱལ་བ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་དྲུང་དུ། རྟ་དང་ཁྲབ་ཀྱི་གཙོས་པའི་སྔ་ཕྱིར་འབུལ་མཚོན་རྒྱ་ཆེར་ཕུལ། སྟོད་ལུང་མཚུར་ཕུ། འུ་ཤང་རྡོའི་ལྷ་ཁང། བོད་ཀྱི་གནས་ཆེན་རི་བོ་ཙེ་ལྔ། སྒྲག་ཡང་རྫོངས། རྡོ་རྗེ་བྲག་རྣམས་སུ་གནས་གཟིགས་དང་ཕྱག་མཆོད་སྙན་ཤལ་བླ་མ་རྣམས་ལ་འབུལ་བ་གྲ་ཚང་སོ་སོར་མང་འགྱེད་སོགས་ཀྱང་གང་རྒྱས་མཛད། བསམ་ཡས་ཞིག་གསོས་ཐིབས་སུ་རྟ་དགུ། ནོར་ནག་དྲུག་ཅུ་ཐམ་པ་གཞན་ཡང་དངོས་རྫས་མང་པོ་དང་བཅས་ཁྱོན་རྣམ་གྲངས་བརྒྱ་དང་ལྔ་བཅུ་ཙམ་འབུལ་བར་མཛད། བསམ་ཡས་ཆོས་སྐྱོང་ཆེན་པོས་ཀྱང་སྡོང་གྲོགས་དང་ཕྲིན་ལས་བསྒྲུབ་པ་ཞལ་གྱིས་བཞེས། དེ་ནས་ལྷོ་བྲག་ཕྱོགས་སུ་ཕེབས་པའི་ལམ་བར་གྱི་གནས་རྟེན་རྣམས་མཇལ་ཕྱག་དང། ཨོ་རྒྱན་གཏེར་བདག་གླིང་པའི་དྲུང་དུ་དངོས་པོའི་འབུལ་མཚོན་བཟང་པོ་ཕུལ་ཏེ་དབང་ཆོས་ཀྱི་འབྲེལ་པ་ཟབ་མོ་ཡང་གསན། དེ་ནས་ལྷོ་བྲག་སྨྲ་བོ་ལྕོག་ཏུ་ཕེབས་ནས་མངའ་བདག་ཆོས་ཀྱི་དབང་པོའི་དྲུང་དུ། རྟ་ནོར་སོགས་ཀྱི་གཙོས་ཡོན་འབུལ་རྒྱ་ཆེར་ཕུལ་ནས། བཀའ་བརྒྱད་བདར་འདུས་ཀྱི་སྒོ་ནས་བདུད་རྩིསྨན་གྱི་སྒྲུབ་པ་ལན་གྲངས་གཉིས་སུ་(སྨད་ཆ།༤༢༥)རྒྱས་པར་འཛུགས་པར་མཛད། བཀའ་བརྒྱད་བདེར་འདུས་དང། དྲག་པོ་བདེ་གཤེགས་འདུས་པ། ཕག་མོ་གཏེར་མགོན་ནག་པོའི་གདམས་སྐོར་སོགས་ཀྱི་དབང་ལུང་ཡང་གསན། ཕར་ལ་ཡང་གཤེན་རྗེ་ཚེ་བདག་གུ་རུ་དྲག་པོ་རྣམས་ཀྱི་དབང་ལུང་དང། ཚེ་དབང་བརྒྱ་རྩ་རྣམས་ཕུལ་ཏེ་ཐུགས་བཞད་བསྐང། པདྨ་གར་དབང་སྦྲུལ་སྐུའི་དྲུང་དུ་ཡང་དངོས་པོའི་འབུལ་བ་དང། ཆོས་འབྲེལ་ཡང་གསན། དེ་ནས་ལ་ཡག་གུ་རུ་ལྷ་ཁང་དུ་ཕེབས་ནས། མཚུངས་མེད་གསུང་སྦྲུལ་ཚུལ་ཁྲིམས་རྡོ་རྗེ་དང་ཐུགས་སྲས་ཟླ་བའི་སྦྲུལ་སྐུ་དང་བཅས་ཡབ་སྲས་གཉིས་ཀྱི་དྲུང་དུ། རྟ་དང་ཁྲབ་རྨོག་གོས་དར་སོགས་ཀྱིས་གཙོས་སྔ་ཕྱིར་དངོས་པོ་ལྟོས་ཆེ་བར་ཕུལ་ནས། ཚེ་སྒྲུབ་རྡོ་རྗེ་ཕྲེང་བ། འདུས་པ་མདོ་དབང་ཆེན་མོ། ཀུན་མཁྱེན་ཆེན་པོའི་མཛོད་བདུན་སོགས་ཀྱི་དབང་ལུང་ཟབ་རྒྱས་མང་དུ་གསན་པར་མཛད། དེ་གའི་ཡས་ཕྱིན་ལྷ་རྟེན་རྣམས་ལའང་ཕྱག་མཚོད་སྙན་ཤལ་སོགས་ཀྱང་ཕུལ། སྒྲུབ་མཚོ་པདྨ་གླིང་གི་བཀའ་བརྒྱུད་ཀྱི་ལྷ་ཁང་ཞིག་མཇལ་ཚེ་གྲུབ་ཆེན་གླིང་རེས་ཀྱི་སྐུ་བརྙན་བཞད་འཛུམ་ལྟ་སྟངས་སོགས་མཛད་པ་དང། ལྷོ་བྲག་གྲོ་བོ་ལུང་དང་སྲས་མཁར་དགུ་ཐོག་རྣམས་མཇལ་ཚེ། མར་པ་དང་མི་ལ་ཡབ་སྲས་རྣམས་གཟི་མདངས་འབར་ཞིང་ལྟ་སྟངས་སོགས་མཛད་པའི་ངོ་མཚར་གཟིགས། སྙན་ཤལ་དང་དངོས་འབྱོར་ཡིད་སྦྲུལ་གྱི་མཆོད་པ་ཡང་རྒྱ་ཆར་ཕུལ། དེ་ནས་ལྷོ་བྲག་མཁར་ཆུ་དང། ཚེ་ལམ་དཔལ་རི། ལྷ་མོ་མཁར། ལྕགས་ཕུར་ཅན། དཔལ་གྱི་ཕུར་རེང། དུར་ཁྲོད་ལ་ཁ་རྣམས་སུ་གནས་འབྲེལ་དུ་ཟླ་བ་རེ་རེ་སྐུ་མཚམས་མཛད། ཁྱད་པར་དུར་ཁྲོད་ལ་ཁར་བཞུགས་སྐབས་ཐོ་རངས་ཤིག་ཤར་ཕྱོགས་ཀྱི་ནམ་(སྨད་ཆ།༤༢༦)མཁའ་ནས་ལྷ་ལྕལ་མནྡ་ར་བ་དཀར་མོ་གར་ཐབས་ནས། རུས་རྒྱ། ན་དང་ལྡན་པ་ཞིག་ནུབ་ཕྱོགས་ཀྱི་ནམ་མཁའི་ངོ་ལ་བརྡ་ཆོས་མང་པོ་སྟོན་བཞིན་དུ་བུན་ནེར་གཤེགས་པའི་ཉམས་སྣང་བྱུང་བ་མཁའ་སྦྱོད་ད་རེས་སྒྲུབས་ཤིག་ཅེས་པའི་བརྡ་རྟགས་སུ་དགོངས། སྒམ་པོ་སྦྲུལ་སྐུ་བཟང་པོ་རྡོ་རྗེ་ཡང་དེར་བཞུགས་པ་དང་འགྲིགས་པས་རོ་སྙོམས་ཀྱི་གདམས་ངག་སོགས་ཀྱང་གསན། གནས་དེའི་སྒྲུབ་པ་བ་རྣམས་ལའང་དབང་ཆོས་དང་གདམས་ངག་མང་པོ་གནང་ནས་གདག་པར་མཛད། དེ་ནས་མཁོན་མཐིང་ལྷ་ཁང་གི་གནས་གཟིགས་དང་མཆོད་པ་མཛད། དེ་ནས་ལྷོ་བྲག་བན་ས་ཐིག་ཕྱི་དང། བཙུན་སྒྲོ་གནས་གཞི་རྣམས་སུ་ཕེབས་ནས། ཆོས་དབང་གདུང་བརྒྱུད་དཔལ་འབྱོར་རྒྱལ་པོའི་དྲུང་དུ། དངོས་འབྱོར་གྱི་འབུལ་བ་རྒྱ་ཆེན་དང་བཅས། བླ་མ་གསང་འདུས་ཀྱི་ཆོས་སྐོར་དང། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྦྲུགས་སྐོར་སོགས་དང། སངས་རྒྱས་མཉམ་སྦྱོར་སོགས་དབང་ཆོས་དང་གདམས་ངག་མང་པོ་གསན་པར་མཛད། དེ་ནས་ཚུལ་ལམ་ཡང་ལུང་དུ་ཕེབས་ཏེ་གནས་རྟེན་རྣམས་ལ་མཇལ་ཕྱག་མཆོད་འབུལ་སྙན་ཤལ་སོགས་ཀྱང་གཟབ་རྒྱས་མཛད། རས་ཆུང་སྦྲུལ་སྐུའི་དྲུང་དུ་རྟ་ཞིག་གི་གཙོས་པའི་སྔ་ཕྱིར་དངོས་རྫས་བཟང་པོ་ཕུལ་ནས། རས་ཆུང་སྙན་བརྒྱུད་ཀྱི་དབང་དང་གདམས་པ་རྣམས་གསན། དེ་ནས་ཟངས་རི་མཁར་དམར་དང། གདན་ས་མཐིལ་རྣམས་ཀྱི་གནས་གཟིགས་དང་སྙན་ཤལ་མཆོད་འབུལ་སོགས་ཀྱང་ཞིབ་རྒྱས་མཛད། དེ་ནས་བསམ་ཡས་མཆིམས་ཕུར་བཞུགས་སྐབས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་གྱིས། བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་དང། འཕགས་(སྨད་ཆ།༤༢༧)ཡུལ་གྲུབ་ཆེན་ཀུ་ཀུ་རི་པ་དང། བོད་ཀྱི་ཡུལ་འདིར་རྒྱལ་པོ་སྟག་ལུང་ཐང་པ་རྣམས་ད་ལྟ་ཁྱེད་རང་ཡིན་ཅེས་པའི་ལུང་བསྟན་གསལ་བར་གནང་བ་དང། ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་ཀྱང་གསུངས་པ་གསན། འདི་སྐབས་གྲ་པ་ཕལ་ཆེར་ཁམས་སུ་ཕྱིར་སློག། སྐུ་སྐྱེ་སོགས་ལྔ་ཙམ་ཞིག་འཕྱོངས་རྒྱས་དཔལ་རིར་སྒྲིག་ལ་བཞག། རྗེ་ཉིད་མཚིམས་ཕུར་ལོ་གསུམ་གྱི་བཅད་རྒྱ་མཛད་པས། ཉམས་རྟོགས་ཀྱི་ཡོན་ཏན་དབྱར་མཚོ་ལྟར་འཕེལ། བདེ་ཆེན་བྱང་སེམས་ཀྱི་ཀུནྡ་གཏུམ་མོ་སྟེ་ཙནྡྲ་ལིའི་དྲོད་ཀྱིས་བསྐུལ་བའི་ཞུ་བདེ་ལྷན་སྐྱེས་ཀྱི་ངོ་བོ་བདུ་དྲུག་དགའ་བཞིའི་ཆ་ཤས་ཡོངས་སུ་གང་བའི་ཡེ་ཤེས་ཀྱི་སྣང་ཆ་དཀར་འཇམ་རྩའི་སྒྲོན་མའི་ལམ་ལས་བརྒྱུད་དེ། སྒོ་རྐྱང་ཞགས་ཆུའི་སྒྲོན་མ་ལས་ཐོན་ཏེ། དབྱིངས་རྣམ་པར་དག་པའི་དབུས་སུ་ཐིག་ལེ་སྟོང་སྒྲོན་གྱི་དཀྱིལ་དུ་རིག་པའི་ཡེ་ཤེས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་ཉིན་མཚན་ཁོར་ཡུག་ཏུ་འདྲེས་ནས་ཉམས་སྣང་གོང་འཕེལ་གྱི་རོལ་རྩེད་སྦྱངས། དབོན་རྩའི་སྲུང་མ་གནམ་ལྷ་བྱང་ཆུབ་ཀྱི་བར་ཆ་བརྩམ་ཀྱང་དམིགས་མེད་དུ་སྒྲལ་ནས་གནས་སྦར། དེང་སང་གནམ་ལྷ་འདི་གཞན་ཞིག་ཡིན་པར་གྲགས། འདི་སྐབས་སྐུ་སྐྱེ་དཔོན་གཡོག་འགའ་ཞིག་ཧོར་ནང་དུ་འབུལ་སྡུད་པ་མངགས་པས་ཟང་ཟིང་གི་དངོས་རྫས་རྟ་ནོར་སོགས་མང་དུ་བྱུང་འདུག་པ་སྒྲུབ་རྒྱགས་ཀྱི་མཐུན་རྐྱེན་མཛད། དེ་ནས་ས་སྦྲེལ་ལོར་ཡུལ་ཉེར་བཞིའི་ནང་ཚན། དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང། གནས་མཆོག་ཆེན་པོ་རྩ་རི་ཏྲའི་རོང་སྐོར་ལ་ཕེབས་པས་བདེ་མཆོག་སླ་མཚོ། སྟག་མ་ལ། བཀའ་བརྒྱུད་བླ་མཚོ། དཔལ་གྱི་རི་ཟླུམ་སོགས་སོ་སོར་ཕེབས་དུས་དཔོན་སློབ་ཐུན་མོང་གི་སྣང་ཆར་བདེ་མཆོག་ཕག་(སྨད་ཆ།༤༢༨)མོ་སོགས་ངོ་མཚར་གྱི་གཟིགས་སྣང་དུ་མ་དང་། སྲ་འཁྲེགས་ཀྱི་རྡོ་བ་འདམ་ལྟར་རྫིས་པའི་ཞབས་རྫེས་ཀྱང་གཉིས་ཙམ་འཇོག་པར་མཛད་སྣང། ཁྱར་པར་གནས་ཀྱི་གཙུག་ཏོར། དག་པ་ཤེལ་རིའི་གངས་ཞོལ་ཟབ་ལམ་རྡོ་རྗེ་ར་བ་ཞེས་པའི་དབེན་གནས་མེ་ཏོག་དང་འབྲས་བུ་ཅན་གྱི་ལྗོན་ཤིང་གི་ཕྲེང་བས་མཛེས་ཤིང་འཇིག་ཤིང་འཇིག་རྟེན་གྱི་གཡེང་བ་དང་བྲལ་བ་དགེ་སྦྱོར་ངང་གིས་འཕེལ་བའི་གནས་དེར་སྒྲུབ་པའི་ས་སྡེ་བཙུགས་ནས་སྐུ་མཚམས་བཅད་རྒྱ་ལ་བཞུགས་པའི་ཐོག་མར་ཞིང་སྐྱོང་སེང་གདོང་ཡབ་ཡུམ་ནམ་མཁའ་ལ་ཡད་ཡུད་དུ་རྒྱུགས་པ་སོགས་ལྷོངས་ཀྱི་རྣམ་པར་དུ་མ་བྱུང་ཡང་དགོངས་པའི་དབྱིངས་སུ་གཞི་གཞིལ་བར་མཛད་པས་རིམ་གྱིས་ལྷོངས་རྣམས་ཞི་སྟེ། བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་ཡང་ཞལ་དངོས་སུ་མཇལ་ཞི་སྟེ། བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་ཡང་ཞལ་དངོས་སུ་མཇལ་ཞིང། སླར་ཡང་རྟོགས་པའི་བོགས་ཆེན་ཐོན་ཏེ། རིག་པ་སྐུར་སྨིན་ནས་ལུག་རྒྱུད་ཀྱི་ར་བར་པཎ་ཆེན་བི་མ་ལ་དང། དེ་ཉིད་གནས་འགྱུར་ཏེ་རྡོར་སེམས་ཀྱི་སྐུ་དང། གཞན་ཡང་རྒྱལ་བ་སྲས་དང་བཅས་པའི་སྐུ་བརྙན་ཕྲ་མོ་དུ་མ་སྐུ་རྐྱང་དང་ཉིས་འབྲེལ། སུམ་ཚོམ། བཞི་སྒྲིག། ལྷ་ཚོམ་སོགས་བཅུ་ཕྲག་ནས། བརྒྱ་ཕྲག། གྲངས་མེད་ཀྱི་ཞིང་ཁམས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པས་རིག་པ་ཚད་ལ་ཕེབས་པའི་ཀུན་བཟང་དགོངས་པའི་གནད་གསང་གི་ལམ་མཚོག་ཕུལ་དུ་ཕྱིན་པ་བསྙེས། འདི་སྐབས་ཀོང་ཕོར་རྒོད་ཚང་བ་སྣ་ཚོགས་རང་གྲོལ་ལ་ཉམས་རྟོགས་ཕུལ་བས། གསུང་ལན་དུ་བསྔགས་བརྫོད་འདི་ལྟར་གནང་འདུག་སྟེ། གྲངས་མེད་སྐྱེ་བའི་གོང་རོལ་ནས། ཚོགས་གཉིས་ཀྱི་བྱེ་ཁ་ལེགས་ཁེངས་ཤིང། ཐོས་བསམ་དང་བསྒོམ་སྒྲུབ་མཐའ་དག་ལ། དབང་འབྱོར་གྱི་འབྲས་བུས་ཕྱུག་པ་ཁྱེན།(སྨད་ཆ།༤༢༩)ཞེས་དང། ཁྱོད་ཟབ་དོན་གྱི་ཉམས་བཞེས་མཐར་ཕྱིན་ནས། གྲུབ་ཐོབ་གྱི་གདན་ས་སྙེག་པ་ལ། འདི་འདྲ་ཡི་སྙན་འབུལ་མ་དགོས་ཚེ། ཚད་ཕེབས་དེ་ཟད་སར་འཁྱོལ་མཛད་ནས། རྩོལ་མེད་ཀྱི་གཞན་དོན་མཁའ་ཁྱབ་ཞུ། ཞེས་སོགས་ཚད་ཕེབས་ཆེན་པོར་དབང་འབྱོར་བའི་བསྔགས་བརྗོད་རྒྱ་ཆེར་མཛད་འདུག་ཅིང། ད་དུང་ཆོས་ཉིད་ཟད་པར་འབྱོར་བར་མཛད་དགོས་པའི་ཞབས་བསྐུལ་དང་བཅས་སྩལ། གྲུབ་དབང་རིན་པོ་ཆེ་ཉིད་ཀྱི་གསུངས་ལས་ཀྱང། འོང་བ་དེ་སྟོད་ཀྱི་ཕྱོགས་སུ་བྱས། ཐོས་བསམ་གྱི་ཡར་ལྟ་རྒྱ་ཆེན་བྱུང། ཐོས་དོན་དེ་ཉམས་ལེན་གྱི་གནད་ཐོག་ཏུ། སྲུང་བ་དང་ཚུགས་བླ་མའི་དྲི། རྟེན་འབྲེལ་དེ་ལྷོ་བྲག་མཁར་ཆུར་བྱུང། ཡེ་ཤེས་ཀྱི་མཁའ་འགྲོས་བརྡ་ཆོས་བསྟན། བསམ་གཏན་གྱི་སྒོམ་ཚུགས་བཟུང་བ་ཡིས། མཐར་ཐུག་གི་ལམ་སྣ་ཟིན་ངེས་བྱུང། སྒྲུབ་གནས་དེ་བསམ་ཡས་མཆིམས་ཕུར་བྱས། ཀ་དག་དང་ལྷུན་གྲུབ་ཀྱི་རང་ངོ་མཐོང། གནས་ལུགས་དང་མཐུན་པའི་ཉམས་ལེན་ཤེས། ཚིག་དོན་ལ་བསྙེལ་བ་མེད་དམ་སྙམ། བོགས་འདོན་དེ་ཙ་རི་ཏྲེ་རུ་བྱས། རིག་པ་ཡེ་ཤེས་སྐུར་མཐོང་ནས། རྡོ་རྗེ་ཡི་རྩེ་མོ་གནད་ཤེས་པས། སྣང་སྟོང་ལ་འགལ་བ་མེད་པར་རྟོགས། ཞེས་གསུངས་སོ། འདི་སྐབས་རི་ཡི་ཡེ་ཤེས་སྐུར་མཐོང་ནས། རྡོ་རྗེ་ཡི་རྩེ་མོའི་གནད་ཤེས་པས། སྣང་སྟོང་ལ་འགལ་མེད་པར་རྟོགས། ཞེས་གསུངས་སོ། འདི་སྐབས་ཚ་རི་ནས་གྲུབ་དབང་རིན་པོ་ཆེས་གསུང་མགུར་གནང་བ་གནས་མདོར་ཆགས་མེད་རིན་པོ་ཆེ་ནས་ལྷ་ང་ཡིས་གསན་པ་བྱུང་གསུངས་པ་རྣམ་ཐར་ན་འདུག། འདི་དུས་གཏེར་ཆེན་ཉི་གྲགས་ཀྱང་སྐྱ་སྐྱེ་ཞེས་ཟེར་ཞིང་ཞབས་ཕྱི་རྒྱུན་ཆགས་དང་གྲུབ་དབང་རིན་པོ་ཆེའི་སྒྲུབ་པའི་མཐུན་རྐྱེན་དུ་དཱགས་ཀོང་སོགས་སུ་འབུལ་སྡུད་ཕྲན་བུ་དང་དེ་སྐབས་ཧོར་(སྨད་ཆ།༤༣༠)དང་ནག་ཆུ་ཁ་སོགས་ལ་འབུལ་སྡུད་ལ་བྱོན་ཡོད་པར་གྲུབ་དབང་རིན་པོ་ཆེ་སྐུ་མཚམས་གྲོལ་བསྟུན་སྐུ་སྐྱེའི་གདན་འདྲེན་བྱུང་བས་རིམ་གྱིས་ནག་ཆུ་ཁར་ཕེབས་པ་མཛད། དེ་ནས་ནག་ཆུའི་མཁར་བར་བསམ།་གཏན་བྲག་ཏུ་ཡུན་རིང་ཙམ་བཞུགས་ཤིང། ཧོར་ལོ་ཆེན་སོགས་ཧོར་འབྲོག་ག་མི་དཔོན་བན་བོན་སེར་སྐྱ་སྣ་ཚོགས་བཀའ་ཆོས་ཞུ་མི་ཤིན་ཏུ་མང་བ་ལ་ཟབ་རྒྱས་ཆོས་ཚུལ་དུ་མའི་བཀའ་དྲིན་སྩལ་ནས་ཐར་བའི་གྲོང་དུ་བཀྲི་བར་མཛད། ཐུགས་སྲས་ནམ་མཁའ་འོད་གསལ་ཡང་འདུ་དུས་ཞབས་ཕྱིར་འབྱོར་བ་ཡིན་འདུག། འདི་སྐབས་ཤིག་རིན་པོ་ཆེ་ཆགས་མེད་པའི་དྲུང་དུ་བརྟན་དུ་བཞུགས་འབུལ་བསྐྱེལ་དང་ཞུ་བ་ཡིག་ཕུལ་བར་བཏང་སྟེ། ཆགས་མེད་ཉིད་ཀྱི་རྣམ་ཐར་དུའང་རང་གི་བུ་ཆེན་པདྨ་རིག་འཛིན་པ། མཆིམས་ཕུར་ལོ་གསུམ་ཚ་རིར་ལོ་གསུམ་སློབ་མ་མང་དུ་འདུས། ཆས་ཀ་རྣམས་གཏོར་རྒྱ་གར་འབྱོན་ཤོམ་ཚེ། འབུལ་ཕུད་ཡིན་ཟེར་རྒྱ་སིལ་བཟང་པོ་དང། ཡོལ་བ་གསེར་སྐུ་རྒྱ་ནག་མ་གཉིས་དང།(སྨད་ཆ།་རིའི་སིན་རྡུར་རྡོ་རྗེ་གདན་གྱིས་རྩ། བྱིན་རླབས་རྟེན་སོགས་འབུལ་བ་མང་པོར་བཅས། རྟོགས་ལྡན་གཉིས་བཏང་བརྟེན་བཞུགས་སུ་ཡིག་ནི། ཞེས་པར་འདིར་ཞུ་ཡིག་དང་བཅས་བྲིས་འདུག་ལ། བླ་མ་མཆོག་གིས་ཀྱང་ཞབས་བརྟན་དང་བསྔགས་བརྗོད་འདི་བཞིན་སྩལ་འདུག་སྟེ། པདྨའི་རྗེར་གསུངས་གནམ་ཆོས་ས་གཏེར་དང། རིག་འཛིན་རྣམ་སུམ་ཞལ་འཆམ་རྗེས་འབད་སོགས། སེམས་དཔའ་ཆེན་པོ་སྦྲུལ་སྐུ་སྦས་པའི་ཚུལ། སྐལ་ལྡན་སྐྱེས་བུ་ལོ་བརྒྱར་(སྨད་ཆ།༤༣༡)ཞབས་བརྟན་གསོལ། འཁོར་བའི་དོན་རིག་ཞེན་པ་གཏིང་ནས་ལོག། འཆི་བ་སྙིང་ལ་གཟེར་བས་སྒྲུབ་ལ་བཙོན། ཐོས་སྒོམ་སྦེལ་མར་བྱས་པས་གོལ་ས་ཆོད། སྒྲུབ་བརྒྱུད་བསྟན་པའི་རྒྱན་ཁྱོད་རྒྱལ་གྱུར་ཅིག། རང་དོན་ཚག་ཚུད་ཆོས་ཉིད་བདེན་པ་རྟོགས། མ་རྟོགས་འགྲོ་ལ་བཟོད་མེད་སྙིང་རྗེ་ཡི། འཆད་རྩོད་རྩོམ་ལ་ཐོགས་པ་མི་མངའ་བས། འགྲོ་ལ་ཟབ་རྒྱས་ཆོས་ཆར་དབབ་ཏུ་གསོལ། དེ་ལྟར་ཤིས་པ་བརྗོད་ནས་ཞུ་བའི་འབྲས། བློ་སེམས་མི་དང་མི་མཐུན་དམ་པའི་རྟགས། གསུངས་ལྟར་ཁྱེད་པ་བློ་བཅོས་ཚད་དཀའ་ཞིང། དེ་སྔོན་གང་མཛད་བྱང་ཆུབ་ལམ་སོང་བས། དེ་ཡང་ཉིད་ཀྱིས་ཐུགས་གང་བཅས་ལས། ཁོ་བོས་གེགས་དང་བཤོལ་འདེབ་བྱ་མི་སྦོབས། ཞེས་དང། དེ་ནས་ཁམས་སུ་ཅིས་ཀྱང་འབྱོན་དགོས་ཏེ། རང་དོན་གྲུབ་ནས་གཞན་དོན་མི་མཛད་པ། ཐེག་དམན་ཉན་ཐས་ལམ་གྱི་གོལ་ས་ཆེ། རྫོགས་སངས་རྒྱས་ནས་འགྲོ་དོན་ལ་གཏོགས་པ། མཛད་རྒྱུ་གཞན་ནི་ཡོད་སྐད་མ་ཐོས་སོ། ཞེས་དང། ཁམས་སུ་འབྱོན་པ་ཟང་ཟིང་དོན་གཉེར་མིན། དབང་ལུང་རྒྱ་མཆོ་དེ་དག་སྦེལ་ཐུབ་ན། འགྲོ་ལ་ཆོས་སྦྱིན་ཨོ་རྒྱན་བསྟན་ལ་ཕན། བསྟན་འགྲོའི་དོན་འགྲུབ་རང་དོན་མཆོག་དེ་ཡིན། བླུན་སྒོམ་ཟ་ཆོག་བརྒྱ་བས་དེ་ཉིད་ལྷག། ཅེས་པ་སོགས་བསྔགས་བརྗོད་དང་ཞལ་གདམས་ཞབས་བསྐུལ་གྱི་ཆབ་ཤོག་ཞིབ་རྒྱས་སྩལ། འདི་དུས་ཆགས་མེད་རིན་པོ་ཆེའང་དུ་དགུང་ལོ་དྲུག་དུ་ཏེ་ལྔ་ཙམ་བཞེས་སུ་ཡིན་འདུག། དེ་སྐབས་དངོས་རྫས་གང་བྱུང་ཐམས་ཅད་ཡར་མཆོད་མར་སྦྱིན་གྱིས་ཚོགས་བསགས་གནང་ནས་ཀུན་སྦངས་ཀྱི་བརྟུལ་ཞུགས་ཀྱིས་གནས་ངེས་མེད་དུ་བཞེད་གནང་སྟེ། སྐུ་སྐྱེ་(སྨད་ཆ།༤༣༢)ལའང་གཏེར་གྱི་ཁ་བྱང་བྱུང་ཚུལ་གསོལ་བར་ཞལ་ཏ་དང་གཏེར་སྒྲུབ་ལ་བསྐུལ་བར་མཛད། དེ་ཡང་གསུང་ལས། དེ་ནས་རང་གི་བསམ་པ་ལ། དཔེ་རྟེན་ཕྲན་བུ་མ་གཏོག་པ་། གཞན་གྱི་ཟང་ཟིང་མི་ཁྱེར་སྙམ། འོན་ཏེ་སྐུ་སྐྱེ་རིག་འཛིན་གྱིས། བཙོམ་འགྲུས་འབད་པ་བྱས་པའི་མཐུས། རྟ་དང་ཇ་སོགས་རྣམ་མང་ཞིག། སྒྲུབ་པའི་རྒྱགས་སུ་ཁྱེར་ཏེ་འོང། རིམ་གྱི་གནམ་མཚོ་ཁ་རུ་སླེབས། ཞེས་གསུངས་པ་ལྟར། སླར་ཡང་བྱང་གནམ་མཚོ་དང་ཤངས་ཟབ་ལུང་སོགས་ལ་ཕེབས་ནས། ཐུགས་དམ་བོགས་འབྱིན་སྐུ་མཚམས་ལོ་མང་དང་འགྲོ་དོན་ཆོས་འཆད་སོགས་ཀྱང་མཛད་ནས་ལོ་ཤས་བཞུགས། དེ་ནས་བྲག་ཡེར་པར་ཐོག་གཅིག་བཞུགས། དེ་སྐབས་གོང་ས་མཆོག་གི་སྐུ་འཁོར་ཆེ་བགྲམས་གནས་བརྟན་འཇམ་དབྱངས་གྲགས་པ་སོགས་གྲ་གཙང་ཕལ་ཆེ་བ་དང། སེ་འབྲས་སོགས་ནས་ཀྱང་རྗེ་འདིར་ལྐོག་ཆོས་ཞུ་བ་མང་དུ་བྱུང་ཞིང། ཐུགས་སྲས་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་ཀྱང་འདི་སྐབས་ཞབས་འབྲིང་དུ་བྱུང་བ་ཡིན་ལ། འདི་དུས་ཉམས་རྟོགས་ཀྱི་འགྲོ་གླེང་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ལྔ་པ་ཆེན་པོ་ལ་ཞིབ་ཏུ་ཕུལ་བས་ཟབ་ཡངས་ཐམས་ཅད་མཁྱེན་གཟིགས་ལྔ་པ་ཆེན་པོ་ལ་ཞིབ་ཏུ་ཕུལ་བས་ཟབ་ཡངས་ཐུགས་ཀྱི་ཀློང་དུ་ངེས་ཤེས་ཁྱད་པར་ཅན་འཁྲུངས་ཏེ། གསུང་ལས་ཁམས་པ་རྫོགས་ཆེན་པ་ཉམས་རྟོགས་ཀྱི་འཆར་ཚུལ་བརྗོད་པ་བཅོས་མ་ལྟར་མ་ཡིན་པར་ཀློང་བརྡོལ་བའི་གྲུབ་པའི་དབང་ཕྱུག་རྩེ་གཅིག་བསྐྱངས་པའི་ལག་རྗེས་ཤར་བར་སྣང། ཞེས་རྣམ་ཐར་ཕུ་ཏ་ཁ་པར་གསུངས་སྣང་ཞིང། སྐྱིས་གྲུབ་དབང་འདི་ཉིད་ལ་ཕྲིན་ལན་གྱི་ཆབ་ཤོག་སྩལ་བ་ཀུན་བཟང་ཞལ་ངོམས་ཀྱི་ནང་དུ་འདི་ལྟར་བསྔགས་ཏེ། སུམ་ཅུའི་ཡོངས་འཛིན་ཨུ་དུམ་ཝ་རའི་ཕྲེང། ཐོད་(སྨད་ཆ།༤༣༣)བཅིངས་ཁྱད་པར་ཆོས་རྒྱལ་ལྷ་གྲལ་ནས། སྙིང་ཏིག་བདུད་རྩིས་ངོམས་པའི་སྒྲ་ཅན་ཁྱེན། ཐར་ལམ་སྲོག་གི་ཀ་བ་གཅིག་ཏུ་ཚུགས། མཁའ་སྦྱོད་ཨོ་ཊི་ཡ་ནའི་གསང་མཛོད་དང། དབྱེར་མེད་པདྨ་ཀ་རས་བསྒུབས་པའི་ཁང། མང་པོར་ཏིང་འཛིན་མི་གཡོའི་གཡར་དམ་གྱིས། གནས་ཀྱིས་གང་ཟག་བརླབས་པར་གདོན་མི་ཟ། ལོ་གསུམ་འདག་སྦྱར་བུག་སྒོ་ཙམ་བསྟེན་པར། མཚར་དུ་བརྩི་ན་བགྲང་བྱ་བཅོ་ལྔའི་བར། རྩེ་གཅིག་སྒྲུབ་ལ་རབ་བཙོན་ངང་ཚུལ་དེར། ལྷ་རྣམས་མཁའ་ངོས་ལེས་པོའི་མེ་ཏོག་འཐོར། དགའ་རབ་ཤྲཱི་སེང་པད་འབྱུང་བི་མ་ལ། བཻ་རོ་སོ་ཟུར་གནུབས་ཉང་ལ་སོགས་པའི། བཀའ་གཏེར་གནད་ལ་སྦྱངས། དམན་རྙིང་རློམ་འགས། ཕྱག་རྫོགས་མ་ཕྱེད་འདྲེས་མའི་ཆོས་སྐད་མང། ཁྱོད་ཀྱིས་སྔོན་ཆད་བཙོན་པས་ཉམས་བསྟར་ཀུན། སྙིང་ཏིག་སྙིང་པོའི་དགོངས་དོན་ཇི་ལྟ་བར། མ་རྟོགས་ལོག་རྟོགས་མེད་པ་རྣམ་དག་ལམ། ཁོ་ནོར་སོང་བའི་ཚུལ་ལ་གཅིག་ཏུ་འདས། ཆོས་ཉིད་མངོན་སུམ་ཕ་མཐར་ཕྱིན་པ་དིང། དཀོན་ན་གོང་འཕེལ་སྣང་བ་ཡོངས་ཤར་གང། སྔ་འགྱུར་ནགས་ཀླུང་སྟུག་པོ་འཁྲིགས་པའི་དབུས། སྔོན་མེད་ཡོངས་འདུའི་ལྗོན་པ་ཁྱོད་དུ་ངེས། ཚད་ཕེབས་རྫོགས་ནས་ཆོས་ཉིད་ཟད་སུ་རུ། འཁྱོལ་ལ་ཧ་ཅང་མི་རིང་ཕ་རོལ་ན། སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་རང་གི་སེམས། ཁྱབ་བདག་རྡོ་རྗེ་འཆང་དུ་བཏགས་པ་ཡོད། དེ་འིར་སྔ་འགྱུར་གྲུབ་བརྙེན་ཆེས་མང་པོ། ཕུང་པོ་འོད་སྐུར་གྲོལ་མེད་ཆེར་སྙིགས་དུས། ཉིན་མོའི་སྐར་ལྟར་དཀོན་ཀྱང་མི་འབྱུང་མཐའ། མ་བཀག་སྒྱིད་ལུག་མེད་པརེ་འབད་པས་བསྒྲུབས།(སྨད་ཆ།༤༣༤)ལོངས་སྐུའི་ཞིང་མང་མྱུལ་བ་ཐོད་རྒལ་གྱི། དཀར་སེར་ཁྲ་མུན་སྒྲོན་མ་དྲུག་གི་གནད། ནན་ཏན་བགྱིད་ཁྱོད་རང་རིག་ཀུན་དུ་བཟང། རང་ཞལ་མཐོང་བའི་བར་དུ་ཡོལ་ཙམ། ཞེས་སོགས་བསྔགས་བརྗོད་ཀྱི་གླིང་དུ་སྙན་དབྱངས་འབུམ་དུ་བསྒྱུར་བར་མཛད་དེ། དེ་དག་ནི་སློབ་མ་དད་ཅན་གྱིས་བླ་མ་ཟོག་པོར་བཏང་པའི་བླུན་པོའི་རང་བསྟོད་མ་ཡིན་པར་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཀུན་སྒྲིབ་མེད་དུ་གཟིགས་པའི་དམ་པ་དག་གི་གསུང་ནི་གཟུ་བོར་གནས་པའི་དཔྱོད་ལྡན་དག་གིས་དཔྱད་ན་ཡིད་ཆེས་ཀྱི་དཔང་པོར་ངེས་སོ། དེ་ནས་སླར་ཡང་ནག་ཆུའི་མཁར་བར་དང་ཟི་རོ་ཆོས་ལུང་སོགས་ལ་བཅད་རྒྱར་ལོ་ཤས་ཤིག་བཞུགས་སོ། དེ་ལྟར་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་པར་མ་ཟད། ཕྱི་ནང་གི་ཆོས་སྦྱི་དང་བྱེ་བྲག་གང་ལའང་མཁས་པའི་ཡང་རྩེར་སོན་པ་སྟེ། ཐ་སྙད་རིག་གནས་ལས། སྐར་རྩིས་སྙན་ངག་སོགས་ལེགས་པར་སྦྱངས་པས་མཁས་པར་མཁྱེན་ཅིང། གཞན་ཡང་མཁྱེན་པའི་མེ་ལོང་གཙང་མར་མདོ་སྔགས་ཀྱི་གཞུང་ལུགས་དག་ཀྱང་ཚུལ་ཇི་བཞིན་མ་འདྲེས་པར་གསལ་བར་མཁྱེན་ཅིང། བསྟན་བཅོས་ཀྱི་སྐོར་ལ་ཡང་བཞིན་མ་འདྲེས་པར་གསལ་བར་མཁྱེན་ཅིང། བསྟན་བཅོས་ཀྱི་སྐོར་ལ་ཡང་སྔར་ཁམས་སུ་རྩོམ་པའི་རྫོགས་ཆེན་གཞི་ལམ་འབྲས་གསུམ་གྱི་དོན་སྟོན་པ་མན་ངག་ཤེལ་ཕྲེང་གི་གླེགས་བམ་དང། གཞན་ལམ་ཡིག་ིག་སྐོར། བླ་མའི་རྣལ་འབྱོར་གསོལ་འདེབས་བསྟོད་ཚོགས་སྨོན་ལམ་གྱི་སྐོར། དགེ་བསྐུལ་ལྕགས་འདེབས་ཀྱི་སྐོར། རང་ཉིད་ཀྱི་རྣམ་ཐར་འཕྲོས་དོན་དུ་ཡོད་པའི་ལྟ་སྒོམ་སྦྱོད་པའི་གདེང་ཚད་ཉམས་མྱོང་མི་མགུར་གྱི་སྐོར། ཐར་འདོད་ཀྱི་གང་ཟག་མཆོག་དམན་ཀུན་ལ་ཞལ་གདམས་ངོ་སྦྲོད་ཀྱི་སྐོར། སྒྲུབ་ཕྲིན་ཆོ་གའི་སྐོར་ཏེ་སྐོར་ཚོ་དྲུག་གི།(སྨད་ཆ།༤༣༥)རིམ་པ་རྣམས་སོ། གཞན་ཀུང་གྲགས་པའི་མཚོ་ཆེན་བཞིའམ། མཚོ་སྨན་སྦུན་བཞིའི་ཡ་གྱལ་བྱང་གནམ་མཚོར་བཞུགས་པའི་ཚེ། གཟའ་ཀླུ་མ་མོ་དམ་ཅན་རྣམས་དང། མཁར་བར་བསམ་གཏན་བྲག་ཏུ་སྒྲུབ་པ་ཡུན་རིང་གནང་ཚེ་སོག་གི་དགེ་བསྙེན་དང། ཇོ་བོ་སྒྱོགས་ཆེན་གདོང་ར་རྣམས་ཀྱིས་ཕྲིན་ལས་བསྒྲུབ་པར་ཁས་བླངས་པ་སོགས་རྡོ་རྗེ་ཆོས་སྐྱོང་གདོང་ར་རྣམས་ཀྱིས་ཕྲིན་ལས་བསྒྲུབ་པར་ཁས་བླངས་པ་སོགས་རྡོ་རྗེ་ཆོས་སྐྱོང་རྣམས་དང་སྣང་སྲིད་ཀྱི་དྲེགས་ཚོགས་ཐམས་ཅད་བྲག་ཏུ་བཀོལ་ནུས་པ་སོགས་རྣམ་པར་ཐར་པ་ངོ་མཚར་ཅན་བགྲང་བ་ལས་འདས་པ་མངའ། སླར་ཡང་སྐུ་ལུས་མི་སྦོང་བར་འོང། ལུས་གཞོན་ནུ་བུམ་སྐུ་འགྲུབ་པར་དགོངས་གཏད་ཀྱི་ཉམས་བཞེས་བསྐྱངས་ཚེ་གོང་ས་ཐམས་ཅད་མཁྱེན་པ་རྒྱལ་དབང་མཆོག་གིས་ལྐོག་གྱུར་སྒྲིབ་མེད་དུ་གཟིགས་པའི་རྡོ་རྗེའི་གསུང་གིས་བསྐུལ་ཏེ། མདོ་ཁམས་སྨད་དུ་ཕེབས་ན་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འབྱུང་ཞིང། ཆོས་རྒྱུད་དར་རྒྱ་སུ་འགྲོ་བའི་ལུང་བསྟན་སྩལ་བ་དང། ཆགས་མེད་རིན་པོ་ཆེས་ཀྱང་སྔ་ཐོག་ནས་མདོ་ཁམས་སུ་ཕེབས་ན་ལེགས་ཚོགས་ཚེ་ཚུལ་ཞུ་ཡིག་གི་ལམ་ནས་ཞབས་བསྐུལ་མཛད་པ་སོགས་ལ་བརྟེན་མདོ་སྨད་ཕྱོགས་སུ་ཆིབས་སྐྱོད་གནང་བར་ཤར་ཏེ་གཙོ་བོར་རྒྱལ་དབང་མཆོག་གིས་ལུང་བསྟན་ལྟར། རང་ཉིད་ཞི་བདེ་ལ་གཞོལ་བ་ལས་བསྟན་འགྲོའི་དོན་ཁ་ན་ཐུགས་བསྐྱེད་ཀྱི་ཁུར་ཆེན་འཁྱེར་བ་དམ་པའི་ངང་ཚུལ་ཡིན་ལྟར། ཇོ་བོ་དྲཱི་བའི་ཀཱ་བོད་དུ་བྱོན་པའི་རྣམ་ཐར་དང་མཚུངས་པར་བསྟན་པ་ཐུགས་ལ་བརྣག་པས། དུགུང་ལོ་དྲུག་ཅུ་བཞེས་པ་མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ལོ་ལ་མོད་སྨད་ཉི་མ་ཤར་ཕྱོགས་སུ་ཞབས་པད་བསྐྱོད་པ་ན། བསྟན་འགྲོའི་དོན་དུ་ཐུགས་བསྐྱེད་རྣམ་པར་དག་པའི་སྨོན་ལམ་གྱི་(སྨད་ཆ།༤༣༦)མཚམས་སྦྱོར་གཅིག་པའི་སྐྱེས་བུ་དུ་མའང་སྐྱ་དགུའི་ལེགས་བྱས་ཀྱི་མགྲོན་དུ་ཆབས་ཅིག་ཏུ་འཛོམས་ཏེ། ཅོག་རོ་ཀླུའི་རྒྱལ་མཚན་གྱི་རྣམ་སྦྲུལ་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པ་ཞེས་ཕྱོགས་ལས་རྣམ་པར་རྒྱལ་བའི་དབང་ཕྱུག་དེ་ཉིད་ཀྱིས་གྲུབ་དབང་དམ་པའི་ཞབས་སྦྱི་བོར་བླངས་ཏེ་བསྟན་པའི་སྦྱིན་བདག་མཛད་ནས། ཨོ་རྒྱན་རྡོ་རྗེ་འཆང་གི་ཞབས་ཀྱིས་བཅགས་ཤིང། དཔའ་བོ་མཁའ་འགྲོ་སྦྲིན་ལྟར་འདུ་བའི་གནས་ཚང་བ་མེད་པའི་ནོར་འཛིན་གྱི་ཐི་ལེ་དེ་ཉིད་དུ། གྲུབ་པའི་དབང་པོ་ཉིད་དགུང་ལོ་དྲུག་ཅུ་རེ་གཅིག་བཞེས་པའི་ཁྲོ་བོ་ཞེས་པ་ཤིང་གླང་ལོར་གསལ་སྒོམ་པའི་སྒྲུབ་སྡེ་ཨོ་རྒྱན་བསམ་གཏན་ཆོས་གླིང་འདི་ཉིད་བཏབ་སྟེ་སྒྲུབ་པའི་རྒྱལ་མཚན་བཙུགས་པས་ཕྱོགས་ཀྱི་དད་ལྡན་ཐམས་ཅད་པདྨའི་མཚོར་བུང་བ་བཞིན་འདུ་བར་བྱུང་བར་གྱུར་ཏོ། འདི་སྐབས་གཏེར་ཆེན་ཉི་གྲགས་སྲིད་རྫོང་དུ་བཞུགས་པར་གདན་ས་གཏད་པར་བཞེད་ནས་ཆེས་གཏད་ཀྱིས་གདན་འདྲེན་པར་བཏང་བ་བཞིན་བྱོན་ནས་གུར་དཀར་མོ་སྟོང་ཤོངས་སོགས་འབུལ་ཆེན་མཛད་པས་གྲུབ་དབང་རིན་པོ་ཆེའི་ཐུགས་དགྱེས་རྩེར་སོན། འོན་ཀྱང་གཏེར་ལུང་གི་དོན་གྱིས་གདན་སའི་ཁུར་དཀར་མོ་སྟོང་ཤོངས་སོགས་འབུལ་ཆེན་མཛད་པས་གྲུབ་དབང་རིན་པོ་ཆེའང་ཐུགས་དགྱེས་རྩེར་སོན། འོན་ཀྱང་གཏེར་ལུང་གི་དོན་གྱིས་གདན་སའི་ཁུར་དགོངས་ཁྲོལ་ཞུས་པ་བཞིན་གནང་བར་མཛད་དོ། གཞན་ཡང་དབུས་ཀོང་ཁམས་སོགས་སྔ་ཕྱི་ཐ་དད་ནས་སློབ་མ་དུ་མ་བྱུང་བའི་རགས་པ་ཙམ་ཞིག་སྨོས་ན། གསང་ཆེན་ཟབ་མོའི་གཏེར་གྱིས་འཁོར་ལོ་བསྒྱུར་བ་གཏེར་ཆེན་ཉི་མ་གྲགས་པ། སྨྲ་བའི་སེང་གེ་ཚད་མའི་སྐྱེས་བུ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན། རྫོགས་པ་ཆེན་པོ་གཞི་ལམ་གྱི་རྟོགས་པ་མངོན་དུ་གྱུར་པའི་གྲུབ་ཆེན་ནམ་མཁའ་འོད་གསལ། ལྷོ་(སྨད་ཆ།༤༣༧)གྲག་སྨྲ་བོ་ལྕོག་གདུང་བརྒྱུད་མངའ་བདག་ཆོས་ཀྱི་དབང་པོ། གནས་བརྟན་འཇམ་དབྱངས་གྲགས་པ། རྫོགས་ཆེན་ཀློང་རྫོགས་མཐའ་བྲལ། གཏེར་སྟོན་འཛིན་ཀློང་གསལ་སྙིང་པོ། ཀ་ཐོག་རྒྱལ་སྲས་བསོད་ནམས་ལྡེ་བཙན། ཀ་ཐོག་པ་དྲུང་ནམ་མཁའ་རྒྱ་མཚོ། གཞན་ཡང་འཇའ་ཚོན་པའི་སློབ་མ་ཀུན་མཁྱེན་པ་སོགས་གསུང་གུ་བདུད་རྩི་བཞེས་པའི་བླ་ཆེན་མང་པོ་དང། ཉམས་རྟོགས་མཐའ་ཀླས་པ་དག་དང། བསྟན་པ་ལ་ཞབས་ཏོག་ཁྱད་པར་ཅན་སྒྲུབ་པའི་སྦྱིན་བདག་ཀྱང་བསྟན་པའི་རྩ་ལག་དམ་པ་ཆོས་སྐྱོང་རྒྱལ་པོ་སྡེ་དགེ་ཁུ་དབོན། གླིང་ས་སྐྱོང་མགོན་པོ་ལྷུན་གྲུབ། ས་སྐྱོང་སྡེ་དགེའི་བཀའ་ཁྲིམས་ཀྱི་ཁ་ལོ་བསྒྱུར་བའི་གཉེར་པ་གང་ཐོག་ལྷ་ལུ་སོགས་ཕྱོགས་ཀྱི་མི་ཆེན་རྣམས་དང། ཁྱད་པར་དུ་ས་སྐྱོང་ཆོས་ཀྱི་རྒྱལ་པོ་ཁྲི་ཆེན་སངས་རྒྱས་བསྟན་པའི་བཀས་བསྐུལ་ནས་མངའ་ཞབས་ཀྱི་རྙིང་དགོན་རྣམས་སུ་ཞབས་པད་བསྐྱོད་ནས་ལྟ་སྒོམ་གྱི་ཉམས་ལེན་སྐྱེད་ཚུལ་ལ་དག་ཐེར་མཛད་ནས་འཇིག་རྟེན་རྒན་པོའི་སྒྲོས་གྱིས་ལྷད་པའི་མ་དག་པའི་རྙོགས་མ་ཐམས་ཅད་བགྲུད་ནས་པཎཆེན་བི་མ་ལ་དང་ཀུན་མཁྱེན་དྲི་མེད་འོད་ཟེར་བཞེད་པ་དྲི་མ་མེད་པའི་ལྟ་གྲུབ་རྣམ་པར་དག་པ་ལ་སྦྱོར་བའི་བཀའ་དྲིན་སྩལ། གཞན་ཡང་བོད་ཆེན་པོའི་ལྗོངས་ཀྱི་མཆོག་དམན་གྱི་སྐྱེ་དགུ་མཐའ་དག་གདུལ་བྱའི་ཞིང་དུ་མ་གྱུར་པ་མེད་པས་ཐེག་མཆོག་སྙིང་པོའི་བསྟན་པ་མཁའ་ཁྱབ་ཏུ་གདལ་བར་མཛད་ནས། རེ་ཞིག་ཞིང་འདིའི་གདུལ་བྱ་རྫོགས་པར་གཟིགས་ནས། དགུང་གི་གྲངས་བདུན་ཅུ་རྩ་གསུམ་པ་དབང་ཕྱུག་མེ་གླང་ལོའི་ཚོ་འཕྲུལ་ཟླ་བའི་རྫོགས་པ་(སྨད་ཆ།༤༣༨)དང་པོའི་ཚེས་ལ། འཇའ་ཚོན་གྱི་གུར་དང། འབྱུང་བའི་སྒྲ་སོགས་ཟག་གསང་རྒྱུད་སྡེ་དང་མཐུན་པའི་རྣལ་འབྱོར་མཆོག་གི་ལམ་རྟགས་ཇི་བཞིན་པའི་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཐེག་མཚོག་རྡོ་རྗེ་སྙིང་པོའི་གྲུབ་མཐའ་བསྙེགས་ནས་ཀུན་བཟང་གཞོན་བུ་བུམ་སྐུའི་གྲོང་དུ་ཐིམ་པར་གྱུར་ཏོ། དེའི་ཚེ་སྐུ་གདུང་རིན་པོ་ཆེར་ཞུགས་ཕུལ་བ་ན་འོད་གསལ་ཐུགས་ཀྱི་མང་བཟང་རྩི་རྟའི་གོང་བུ་བྱིན་རླབས་ཀྱི་ཕུང་ལོ་འདི་ཞུགས་མ་བཞེས་ཏེ་རྗེས་འཇུག་སྐལ་རྣམས་བརྩེ་བས་རྗེས་སུ་འཛིན་པའི་བརྡར་མཆོད་པའི་རྟེན་དུ་སྩལ་བའོ། དེ་ནས་ཞལ་སློབ་རབ་འབྱམས་པ་དེ་སྐབས་མི་བཞུགས་ཀྱང་གཏེར་ཆེན་ཉི་མ་གྲགས་པ་དང། དཔོན་སློབ་རིན་པོ་ཆེ་སོགས་བུ་སློབ་རྣམས་ཀྱིས་དགོངས་རྫོགས་རྟེན་བཞེང་སོགས་རྗེས་ཀྱི་བྱ་བ་རྣམས་ལེགས་པར་བསྒྲུབ་པར་མཛད་པ་ཡིན་ནོ། དེ་ཡང་གྲུབ་དབང་རིན་པོ་ཆེ་དེར་རྣམ་ཐར་སོགས་མི་འདུག་པས་ངག་སྒྲོས་ཁོ་ནར་ཡིད་རྟོན ་བཀའ་བར་སྙམ་ནས་ཁོ་བོས་ཆགས་མེད་རིན་པོ་ཆེའི་རྣམ་ཐར་ཕྱི་ནང་གསང་གསུམ་དང་རྗེ་ཉིད་ཀྱི་གསུང་མགུར་ལམ་ཡིག་སོགས་དང་གཏེར་ཆེན་ཉི་གྲགས་ཀྱི་རྣམ་ཐར་གཏེར་བྱུང་རྣམས་གོ་བརྟུན་ནས་བསྒྲིགས་ཤིང་ཞིབ་མོར་དཔྱད་ནས་བྲིས་ན་ཡིན་པས་ཡིད་རྟོན་དུ་རུང་བར་ཡོད་དམ་སྙེམ་མོ། འདིར་འཕྲོས་དོན། བྱང་ཨ་ཏ་རོང་གི་དེབ་ཐེར་དུ་གྲགས་པའི་སྡེ་དགེའི་གདན་རབས་གཅིག་ན་གྲུབ་དབང་རིན་པོ་ཆེ་ཡབ་སྲས་ལ་ཟུར་ཟ་བའི་ཚིག་འགའ་ཞིག་བྲིས་འདུག་མོད། དེ་ནི་ཉི་མའི་དཀྱིལ་འཁོར་ལ་མེ་ཁྱེར་གྱིས་འཕྱ་བ་དང་ཆོས་མཚུངས་ཏེ། བོད་གངས་ཅན་ཙམ་ན་མཁས་པ་དང་གྲུབ་པའི་སྙན་གྲགས་ཀྱིས་ཐུགས་འཕྲོགས་ཏེ། གནམ་པའི་མངའ་བདག་རྒྱུ་(སྨད་ཆ།༤༣༩)ནག་གོང་མ་ཆེན་པོ་ལྟ་བུའི་མཆོད་གནས་སུ་བཀུར་བའི་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོས་རྗེ་འདིའི་སྦངས་རྟོགས་ཀྱི་ཡོན་ཏན་གྱིས་ཐུགས་འཕྲོགས་ནས་བསྔགས་པར་མཛད་པ་དང། མཁས་བཙུན་བཟང་གསུམ་གྱིས་བརྒྱན་པའི་ཀོང་པོ་རྒོད་ཚང་སྦྲུལ་སྐུ་དང། བླ་མ་ཀརྨ་ཆགས་མེད་རྣམས་ཀྱི་བསྔགས་ཚུལ་གོང་དུ་བརྗོད་པ་ལྟར་དང། དེར་མ་ཟད། གཏེར་སྟོན་བདུད་འདུལ་རྡོ་རྗེ་དང་རིག་འཛིན་གཏེར་བདག་གློང་པ་སོགས་ཁུངས་ཐུབ་ཀྱི་གཏེར་ལུང་མང་པོ་ནས་ལུང་བསྟན་པ་དང་བཅས་ཆོས་བདག་ཏུ་མངའ་གསོལ་བ་སོགས། དུས་དེ་ཙམ་ན་མཁས་ཤིང་གྲུབ་པ་བརྙེས་པ་ཐམས་ཅད་ཀྱི་དགོངས་པ་གཅིག་དང་དབྱངས་གཅིག་གིས་རྗེ་འདིར་བསྔགས་པའི་གླིང་བུ་ཕྱོགས་གཅིག་ཏུ་བསྒྱུར་བར་མཛད་ན། མ་དག་པའི་སྐྱེ་བོ་ཁ་ཅིག་རང་སྣང་ལོག་པའི་ཆགས་སྡང་གི་ཝ་སྐད་འདོན་པ་ལ་བློ་ལྡན་རྣམས་ཀྱིས་སྙིང་རྗེས་ཁྲེལ་བའི་གནས་ཡིན་ཏེ། ཇི་སྐད་དུ། དེ་ནི་ཉོན་མོངས་ཚང་ཚིང་ན། གནས་པའི་ཕྲག་དོག་ལྕེ་གཉིས་པ། ཇི་བཞིན་རང་མདངས་ཕ་རོལ་པོར། འགོད་འདི་སྙིང་རྗེའི་གནས་མིན་ནམ། ཞེས་པ་ལྟར་རོ། སྦྱིར་ཡང་ཟག་མེད་བདེ་བ་ཆེན་པོ་རྣམས་ཀྱི་རྒྱུད་ཚོད་ལོག་ལྟའི་མིག་སྨན་གྱིས་བགོས་པའི་སྐལ་ངན་རྣམས་ཀྱི་ག་ལ་ཤེས་ཏེ། ཟུར་མཁར་བ་བློ་གྲོས་རྒྱལ་པོས། ཁྱུ་མཆོག་སྦྱོད་ལམ་གླིང་བ་དག། གདོང་ངན་ཚོགས་ཀྱི་ཤེས་སམ་ཅི། འགྲོ་བ་མྱོང་ས་ལ་རྒྱུས་ནི། མེད་ཅེས་གྲོང་པ་གླེང་བ་བཞིན། ཞེས་དང་། ས་པཎ་གྱིས། གསེར་དང་ར་གན་འབྱེད་པ་ལ། འགྲེས་པ་མེད་པས་ཕྱེད་པར་དཀའ། ཞེས་དང། རྒྱན་གྱི་བསྟན་པ་བཅོས་ལས་(སྨད་ཆ།༤༤༠)ཀྱང། གཟུགས་ཀྱི་དབྱེ་བ་དམིགས་པའི་སྐབས། ལོང་བ་དག་ལ་ཡོད་དམ་ཅི། ཞེས་པ་སོགས་དང་ཚུལ་མཚུངས་སོ། ལར་ཡང་གང་ཟག་གི་རྒྱུད་ཚོད་མི་ཤེས་པས་དོན་མེད་དུ་ཆགས་སྔང་དང་ཕྲག་དོག་གོ་དབང་གིས་གཞན་ལ་ཕྱོགས་འཛིན་གྱི་སྒྲོ་སྐུར་སྨར་བ་ནི། ཉེས་པར་སྨྲ་རྣམས་འབྱུང་བའི་ཕྱིར། ཁ་ནི་སྡིག་པའི་སྒོ་ཡིན་ནོ། ཞེས་པ་དྲན་ཏོ། ཡང་འགའ་ཞིག་གིས་ཆགས་མེད་རིན་པོ་ཆེ་དང་རྗེ་འདི་གཉིས་དམ་སེལ་ཡོད་པར་བསྒྲགས་པ་ལའག་རྒྱུད་མཚན་ཅིང་ཡང་མེད་དེ། རྗེ་འདི་དགུང་ལོ་ཉེར་དགུ་བཞེས་དུས་སྦོ་བོའི་ཕྱོགས་སུ་ཕེབས་པའང་བླ་མ་ཉིད་ཀྱིས་བཀས་བསྐུལ་ནས་ཕེབས་པ་ཡིན་ལ། སླར་ཚུར་ཕེབས་དུས་ཆགས་མེད་རིན་པོ་ཆེས་དབང་གསན་ཚུལ་སོགས་གོང་དུ་སྨོས་པ་ལྟར་དང། དེ་ནས་ཆགས་མེད་ཉིད་དགུང་ལོ་ང་ལྔ་བཞེས་པའི་ཆུ་ཡོས་ལོར་ལྟར་དང། དེ་ནས་ཆགས་མེད་ཉིད་དགུང་ལོ་ང་ལྔ་བཞེས་པའི་ཆུ་ཡོས་ལོར་གྲུབ་དབང་རིན་པོ་ཆེ་དབུས་སུ་ཕེབས་ནས་མཚིམས་ཕུར་རྩ་རི་རྣམས་སུ་སྒྲུབ་པ་མཛད་ནས་ནག་ཆུའི་མཁར་བར་བས་ཞབས་བརྟན་འབུལ་བར་གཏོང་དུས་ཆམས་མེད་རིན་པོ་ཆེ་དགུང་ལོ་དྲུག་ཅུ་རེ་ལྔ་བཞེས་དུས་ཡིན་ལ། དེ་ནས་བདུན་ཅུ་པ་ལ་ཆགས་མེད་རིན་པོ་ཆེ་ཞིང་གཟིགས་པར་གནང་སྟེ། དེ་དུས་ཀྱི་ཞབས་བརྟན་ཞུ་ཡིག་འབུལ་རེས་དང་བསྔགས་བརྗོད་གནང་བ་སོགས་གོང་དུ་སྨོས་པ་ལྟར་དང། གྲུབ་དབང་རིན་པོ་ཆེ་དགུང་ལོ་རེ་གཅིག་པ་ལ་ཁམས་ཕྱོགས་སུ་ཕེབས་ཀྱང་དེ་དུས་ཆགས་མེད་མི་བཞུགས་པས་སྒྲོ་སྐུར་གྱི་ཡུལ་དང་བྲལ་ལོ། འོན་ཀྱང་དེ་སྐབས་ཀར་དགོན་རྣམས་དུས་འགྱུར་གྱིས་བདག་མེད་སིལ་བུར་སོང་བས་སྡེ་དགེ་སངས་རྒྱས་བསྟན་པས་རྫོགས་ཆེན་རབ་འབྱམས་པ་བསྟན་པའི་རྒྱལ་(སྨད་ཆ།༤༤༡)མཚན་ལ་ཁྲ་སྦོམ་བྲག་ཅེས་པའི་ཀར་དགོན་ཞིག་གདན་སར་ཕུལ་བས། དེ་དག་ཆོས་རྒྱུད་མི་གཅིག་པའི་ཕྲག་དོག་གི་ཚེར་མས་རྒྱུད་འཁྲུགས་ནས་རབ་འབྱམས་པ་ལའང་སྐུར་ཞུས་སྣ་ཚོགས་དང། གྲུབ་དབང་རིན་པོ་ཆེའང་སྔོན་བཀའ་བརྒྱུད་པ་ཡིན་ཀྱང། ཕྱིས་དགེ་ལུགས་པར་ངོ་བལྟས་པ་ཞིག་ཡིན་དུ་སྙམ་ནས་རྣ་ཐོས་བོན་གྱེར་འོལ་ཚོད་ཁུངས་མེད་ཀྱི་གཏམ་སྨར་བར་ཟད་ཀྱི༔ གྲུབ་དབང་རིན་པོ་ཆེ་ལྔ་པ་ཆེན་པོ་ལས་ཆོས་འབྲེལ་ཙམ་གསན་པ་ཡོད་སྲིད། དེ་ལས་ཆོས་རྒྱུད་འགྱུར་བ་མེད་དེ་ཆགས་མེད་སྐུ་མདུན་ནས་ཀྱང་རྙིང་མའི་གཏེར་ཆོས་ཁོ་ན་གསན་བསམ་མཛད་པ་བཞིན། དབུས་སུ་ཕེབས་ནས་ཀྱང་རྫོགས་ཆེན་གྱི་ཉམས་བཞེས་ཁོ་ན་བས་མཚན་ཡང་དེ་ལྟར་གྲགས་པ་ཡིན་ནོ། ཐུགས་དམ་གྱི་རྩ་བ་རརྣའི་ཐུགས་སྒྲུབ་ཞི་དྲག་ཕུར་པ་སོགས་ནི་དེང་སང་གི་བར་དུ་ཆམས་མེད་ནས་བརྒྱུད་པ་ལྟར་ཡིན་ལ། ཆོས་སྡེས་སྨིན་གླིང་གི་ལུགས་ཤས་ཆེར་མཛད་པ་འདི་ནི་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱི་དུས་ཙམ་ནས་བྱུང་བར་མངོན་ནོ། དེ་ལས་གཞན་པའི་རྒྱུ་མཚན་ཅི་ཡང་མེད་པས་དབྱོད་ལྡན་ཆེན་པོ་དག་གིས་རི་བོང་ཅལ་སྒྲོག་དང་ལུག་ཆུ་འབབ་ཁོ་ན་ལ་ཡིད་རྟོན་མ་མཛད་པར་ལོ་རྒྱུས་ཞིབ་མོར་སྒྲོག་དང་ལུག་ཆུ་འབབ་ཁོ་ན་ལ་ཡིད་རྟོན་ལ་མཛད་པར་ལོ་རྒྱུས་ཞིབ་མོར་བསམ་མནོ་མཛད་འཚལ་ལོ། དེ་ལྟར་གྲུབ་དབང་རིན་པོ་ཆེ་ཉི་མ་གྲགས་པ་ནི་སྐུ་ན་ཕྲ་མོ་ནས་གྲུབ་དབང་རིན་པོ་ཆེའི་ཞབས་ཕྱིར་རིན་པོ་ཆེ་ཉི་མ་གྲགས་པ་ནི་སྐུ་བ་ཕྲ་མོ་ནས་གྲུབ་དབང་རིན་པོ་ཆེའི་ཞབས་ཕྱིར་འབྲལ་མེད་དུ་བཞུགས་པ་ཡིན་ཡང་གོང་སྨྲོས་ལྟར་གདན་ས་མ་མཛད། འོན་ཀྱང་གུ་རུ་རིན་པོ་ཆེའི་གཏེར་ལུང་(སྨད་ཆ།༤༤༢)བཞིན་བསྟན་འགྲོའི་ཕན་བདེ་སྦེལ་འགྲོ་ཕན་གྱི་ཕྲིན་ལས་གཞན་དང་གཞན་དུ་སྐྱོང་བར་མཛད། རབ་འབྱམས་པ་ཆེན་པ་བསྟན་པའི་རྒྱལ་ཟུར་དུ་སྐྱོང་པར་མཛད་པས་གདན་སའི་ཁུར་བཞེས་མཛད་པ་ནི་དཔོན་སློབ་རིན་པོ་ཆེ་ཉིད་ཡིན་ཏེ། དམ་པ་འདི་ནི་མི་ལའི་ཐུགས་སྲས་རས་པ་ཞི་བ་འོད་དང། བི་མའི་ཐུགས་བཅུད་རྫོགས་ཆེན་སྙིང་ཏིག་གི་བཀའ་བབས་གྲུབ་ཆེན་མེ་ལོང་རྡོ་རྗེའི་རྣམ་འཕྲུལ་དུ་གྲགས་ཏེ། དེ་ཡང་སྐུ་འཁྲུངས་པའི་ཡུན་ནི། མདོ་ཁམས་ཤོང་ཆེན་བཅོ་བརྒྱད་ཀྱི་ནང་གསེས་ནག་ཤོད་དུ། སེ་ཚ་གྲུབ་ཐོག་ཏུ་གྲགས་པའི་བརྟུལ་ཞུགས་ཀྱི་སྦྱོད་པས་དྲེགས་པ་ཆན་རྣམས་དབང་དུ་བསྡུ་བ་དང། མཐའ་དམག་ཟློག་ཕྱིར་གཏོར་ཟོར་ཐོག་ནས་ནམ་མཁའི་མཐོངས་ནས་བྱ་ལྟར་གཤེགས་པ་དང། སོག་སྟོད་དུ་གཡུང་དྲུང་གླིང་དུ་གྲགས་པའི་བོན་དགོན་སྟོབས་ཆེན་ཞིག་ཡོད་པ་དེས། ཙན་དན་དགོན་པལ་ཤིན་ཏུ་གནོད་པས། མཐའ་དམག་ཟློག་ཕྱིར་གཏོར་ཟོར་ཐོག་ནས་ནམ་མཁའི་མཐོངས་ནས་བྱ་ལྟར་གཤེགས་པ་དང། སོག་སྟོད་དུ་གཡུང་དྲུང་གླིང་དུ་གྲགས་པའི་བོན་དགོན་སྟོབས་ཆེན་ཞིག་ཡོད་པ་དེས། ཙན་དན་དགོན་པ་ལ་ཤིན་ཏུ་གནོད་པས། གྲཱབ་ཆེན་དེ་ལ་བོན་པོ་འདུལ་ཐབས་ཞུས་པས་བོན་པོ་དར་བའི་ས་གནང་སོག་གི་ཉ་འདྲ་བཅུ་གསུམ་ལ་གཡོ་ཐབས་ཀྱི་མཆོད་རྟེན་རེ་བརྩིགས་ནས་བོན་པོ་རྗེས་མེད་དུ་བཏང་ནས་ཐུབ་བསྟན་རྒྱལ་མཚན་བསྒྲེངས་པར་མཛད་པའི་གྲུབ་ཆེན་དེའི་གདུང་བརྒྱུད་དུ་འཁྲུངས། བྱིས་པའི་དུས་ནས་ཐེག་པ་ཆེན་པོའི་རིགས་སད་པའི་རྟགས་དང་ལྡན་ཞིང། སྣང་བ་གདོང་འདེད་དང་བརྟུལ་ཞུགས་ཀྱི་སྦྱོད་པ་ཁོ་ན་མཛད། མཚན་བློ་གྲོས་སུ་འབོད། སྐུ་ན་ཕྲན་མོའི་དུས་ཤིག་འུར་རྡོ་འཕངས་པས་རྒྱང་གྲགས་ཙམ་ན་བྲག་སྲིན་གདུག་པ་ཅན་གནས་པའི་རྟེན་བསྙིལ། སྐྱེར་པའི་མདའ་གཞུ་བཀང་བས་སེར་བ་གདོང་ཟློག་ནུས་པར་གྲགས། བཀའ་བརྒྱུད་པའི་(སྨད་ཆ།༤༤༣)གྲུབ་ཆེན་ཞིག་ལ། རོ་སྙོམས། ཆོས་དྲུག། རས་ཆུང་སྙན་བརྒྱུད་སོགས་ཟབ་ལམ་གྱི་གདམས་སྐོར་དུ་མ་གསན། རྩ་རླུང་སེམས་གསུམ་ལ་དྲོད་ཚད་བརྙེས། རིག་པ་བརྟུལ་ཞུགས་ཀྱི་སྦྱོད་པ་ལ་བོག་ཐོན་ཕྱིར་ཀུན་སྦང་ཨ་ཝ་རྟུ་ཏིའི་སྦྱོད་པ་ཞིང་ཕྱོགས་མཐའ་ངེས་མེད་དུ་གཤེགས་ནས་བོད་ཀྱི་གནས་ཆེན་གཉན་ཁྲོད་དུ་མ་དང། ཁྱད་པར་དུ་ཡུལ་ཉེར་བཞིའི་གནས་ཀྱི་ནང་ཚན་ཉི་བའི་ཐུན་སྦྱོད་དེ་ཝི་ཀོ་ཊར་གྲགས་པ་དཔལ་གྱི་རྩ་རི་ཏྲར་སོགས་སུ་ཕེབས། དེ་ནས་མི་རིང་བར་གྲུབ་དབང་རིན་པོ་ཆེ་མཁར་བར་བསམ་གཏན་བྲག་ཏུ་བཞུགས་པར་སྙན་པའི་བ་དན་རྣམ་པར་གཡོ་བས་ཐུགས་ཡིད་འཕྲོགས་ནས་དྲུང་དུ་བསྙག་ཏེ་མཇལ། སྐུ་མཐོང་བ་ཙམ་གྱིས་མི་ཕྱེད་པའི་དད་པ་ཐོབ། མཛད་པའི་སྒོ་གང་ནས་གཞིགས་ཀྱང་བླ་མ་དམ་པ་དེ་ཉིད་སངས་རྒྱས་དངོས་སུ་གཉིས་གར་མཁྱེན་སྒོ་ཡངས་ཤིང་མཛད་ཁྱབ་ཆེ་བས་གཉེར་པ་སོགས་ལས་ཚན་ཀྱང་ཅི་རིགས་ཀྱི་འགན་ཁུར་མཛད་དེ། ལྷག་བསམ་བཟང་པོས་བླ་མ་དང་བསྟན་ལྡན་པས། ཞབས་ཏོག་བསྒྲུབ་པ་ལ་ནམ་ཡང་བསྙེལ་བ་མེད་པར་བཙོན་པ་དང་ལྡན་པས། གྲུབ་དབང་རིན་པོ་ཆེའང་ཐུགས་ཤིན་ཏུ་མཉེས་ཏེ་གདམས་པ་ཐམས་ཅད་ཚང་སྦྲུགས་སུ་སྩལ། གཞན་ཡང་བཀའ་ཆོས་མང་དུ་གསན། ཁྱད་པར་རྫོགས་ཆེན་ཁྲིད་རིགས་མང་པོ་དང་མཁའ་འགྲོ་སྙིང་ཏིག་གི་ཁྲིད་ཁོ་ན་ལན་ཉེར་ལྔ་གསན། གཞན་ཡང་གཏེར་ཆེན་ཉི་མ་གྲགས་པ་ལས་ཀྱང་གཏེར་ཆན་དེ་ཉིད་ཀྱི་གཏེར་ཆོས་ཕལ་ཆེར་གསན། གྲུབ་དབང་རིན་པོ་ཆེས་ཕྱི་མཐའ་གཟིགས་པའི་བཀའ་དྲིན་གྱིས་བསྐྱངས་ཤིང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། མདོ་ཁམས་སུ་བྱོན་(སྨད་ཆ།༤༤༤)ནས་བཟུང་གནས་ངེས་མེད་ཀྱི་རི་ཁྲོད་འབའ་ཞིག་ཏུ་དཀའ་སྦྱད་དྲག་པོ་ལ་བརྟེན་ནས་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ། འོད་གསལ་རྫོགས་པ་ཆེན་པོའི་ཉམས་བཞེས་སྣང་བ་བཞིའི་རྣལ་འབྱོར་ལས་ཉམས་གོང་འཕེལ་གྱི་སྣང་བ་མཐར་ཕྱིན་ནས་རིག་པ་ཚད་ཕེབས་ཀྱི་བར་ཕྱིན་ཅིང་ཉམས་རྟོགས་གང་དུ་འཕེལ། སྦངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་གྲུབ་དབང་རིན་པོ་ཆེ་དང་མཉམ་པ་ཙམ་དུ་གྱུར་ཅིང། མཚན་ཡང་ནམ་མཁའ་འོད་གསལ་སུ་གྲགས་ཏེ། ཇི་སྐད་དུ། མཚན་གཞི་ནམ་མཁའི་མཚན་ཉིད་དེ། ནམ་མཁའ་མཚན་ཉིད་མེད་པ་ཡིན། གང་གིས་ཚུལ་འདི་རབ་རྟོགས་པ། དེ་ནི་བྱང་ཆུབ་སེམས་དཔའ་ཡིན། ཞེས་གསུངས་པ་དང་ཚུལ་མཐུན་པས་རྗེ་འདིའི་ལུང་བསྟན་དུ་སྦྱོར་དུ་རུང་བ་སྣང་ངོ། དེ་ནས་ཟླ་ཆུའི་རྒྱུད་དུ་མོ་ཁྱིམ་ཕུག་བཞེས་འདྲེ་ངན་མ་རུངས་པ་དུ་མ་གནས་པའི་གཉན་ཁྲོད་ཅིག་ཏུ་སྒོ་གསུམ་ཡེ་ཤེས་ཀྱི་རོལ་པ་ལས་མི་འདའ་བར་མི་མ་ཡིན་གྱི་ཚོ་འཕྲུལ་ཐམས་ཅད་ལྟ་བས་ཟིལ་གྱིས་མནན་ནས་ཐུགས་དམ་ལས་གཡོ་བ་མེད་པར་བཞུགས་དེ་སྐབས་གྲུབ་དབང་རིན་པོ་ཆེ་གཞན་དོན་དུ་དགོངས་པ་གཡོ་བ་མེད་པར་བཞུགས། དེ་སྐབས་གྲུབ་དབང་རིན་པོ་ཆེ་གཞན་དོན་དུ་དགོངས་པ་མངོན་པར་བཞུགས་དེ་སྐབས་གྲུབ་དབང་རིན་པོ་ཆེ་གཞན་དོན་དུ་དགོངས་པ་མངོན་དུ་ཕྱོགས་པས། རྗེ་འདི་ཆེད་དུ་གདན་དྲངས་ནས་རིག་གྲོལ་གྱི་སྡེ་དང་དོན་བརྒྱུད་ཀྱི་བསྟན་པ་གཏད་ནས་ཆོས་ཀྱི་ཁྲི་ལ་ངེས་དོན་རྫོགས་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྦེལ་བའི་རྒྱལ་ཚབ་དམ་པར་མངའ་གསོལ་བར་མཛད་དོ། དེ་ན་གདན་ས་ཆེན་པོ་འདི་ཉིད་དུ་བཤད་སྒྲུབ་ཀྱི་བགྱི་བར་འོས་པ་མཐའ་དག་གཙུག་ལག་ཟུང་གིས་མཛད་ཁྱབ་གོང་འཕེལ་དུ་སྐྱོང་ཞིང། ཁྱད་པར་དུ་ཨོ་རྒྱན་ཆེན་པོས། ཚེ་གཅིག་དོན་གྱི་སངས་རྒྱས་བསྒྲུབས་པ་ལ་། མདོ་རྒྱུས་མང་པོའི་མཁྱེན་རྒྱ་མི་འཚལ་གྱི། ཏིང་འཛིན་ཟབ་མོ་ཙེ་(སྨད་ཆ།༤༤༥)གཅིག་བསྒོམ་མཛོད་ཅིག༔ ཅེས་རྡོ་རྗེའི་གསུང་གི་སྙིང་ཁྲ་དེ་བཞིན་ཐུགས་ལ་བརྣགས་ཏེ། སྦོང་བ་བསམ་གཏན་གྱི་སྡེ་ཞེས་མིང་དོན་མཐུན་པར་སྒྲུབ་པའི་ས་སྡེ་བཙུགས་ཏེ། ཆོས་ཀྱི་བཅའ་ཁྲིམས་ལེགས་པར་བསྡོམས་ནས་ལོ་ལྟ་བཞིན་རྒྱུན་ཆགས་སུ་ལན་གཉིས་གསུམ་གྱིས་མཐའ་རྟེན་པར་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གོ་ཉམས་ཁྲིད་སྩལ་ནས་གྲ་རིགས་རྣམས་དང་གཞན་སེར་སྐྱ་ཆེ་ཕྲ་ཐམས་ཅད་ཀྱང་ངེས་དོན་བསྒོམ་པ་ལ་སྦྱོར་བ་མཛད་དེ། སེམས་ངོ་ཤེས་ཙམ་ནས་རིམ་གྱིས་རྟོགས་པ་གོང་འཕེལ་དུ་མ་གྱུར་བར་དུ་རྗེས་ཉིད་ཀྱིས་བསླབ་ཁྲིད་ནན་ཆགས་གནང་ནས་འཚམས་དང་འདག་སྦྱར་བྱེད་དུ་བཅུག་ཅིང། འཚོ་བ་མེད་པ་རྣམས་ལའང་ཉམས་ལེན་ནུས་ཕྱིན་ལྟོ་གོས་ཀྱི་ཕན་པ་བསྒུགས་ཏེ་བཀའ་དྲིན་གྱིས་སྐྱོང་བ་སོགས་མཛད། དེའི་སྟོབས་ཀྱིས་སྒོམ་ཉམས་དང་རྟོགས་པ་ལྡན་པ་མང་དུ་འཕེལ་བས་བསམ་གཏན་གྱི་སྡེ་ཤིན་ཏུ་དར་རྒྱས་སུ་གྱུར། གཞན་དག་སློབ་ཚོགས་གྲཱ་རིགས་ཀྱི་འདུ་བའང་སྔར་ལས་འཕེལ་ཞིང་རྒྱས་པས། གཞན་དག་སློབ་ཚོགས་གྲཱ་རིགས་ཀྱི་འདུ་བའང་སྔར་ལས་འཕེལ་ཞིང་རྒྱས་པས། རྗ་ཁོག་ཏུ་ལེན་དགོན་གསར་དུ་བཏབ། གཞན་ཡང་རྗེ་འདི་ཉིད་ཐུགས་དཀྱིལ་ཆེ་ཞིང་གང་ཡང་ལྟུར་ཐེངས་པས་ཕྱི་ནང་གང་ལའང་ལེགས་སྦེལ་ཉེས་འགོག་གི་གསུང་དང་ཚར་གཅོད་རྗེས་འཛིན་ཅི་དགོས་རྟོགས་དཔྱོད་ཞིབ་ཅིང། གཞན་དབང་དུ་མི་བཏང་བས་དངོས་གཙང་ཞིང་འཇུག་པ་བདེ་བར་ཡོད་པར་གྲགས། ཉི་གྲགས་གདན་ས་སྟག་མོ་སྒང་དུའང་ཐོག་གཅིག་བཞུགས་ནས་བཀའ་ཆོས་ཉམས་ཁྲིད་སོགས་སྩལ་ནས་བཅའ་ཁྲིམས་ཀྱི་དབྱེ་གསལ་མཛད། གཞན་ཡང་བསྟན་འགྲོར་ཕན་འདིའི་རྒྱུར་དགོངས་པའི་རྟེན་བཞེངས་དུས་མཆོད་འཛུགས་པ་སོགས་ཕྲིན་ལས་རྒྱ་ཆེ། ཏིང་ངེ་འཛིན་ལ་དབང་འབྱོར་བས་གཞན་བརྒྱུད་ཀྱི་(སྨད་ཆ།༤༤༦)རྟོགས་པ་མཁྱེན་པ་དང། མངོན་ཤེས་ཕྱོགས་མེད་དུ་ཤར། སྐུ་ལུས་ལ་གྲིབ་མ་མེད་པ་སོགས་ལམ་རྟགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་པ་མངའ། དེ་ལྟར་བསྟན་འགྲོའིི་དོན་དུ་སྐུ་ཚེ་མཐར་ཕྱིན་པར་བཞུགས་ནས་ངོ་མཚར་བའི་ལྟས་དུ་མ་དང་བཅས་མེ་ཕོ་རྟ་ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་བསྟན། གདུང་སྦྱངས་པས་ཐུགས་ལྗགས་དང་རིང་བསྲེལ་མང་དུ་བྱོན། དུས་ཕྱིས་ཀྱང་གདུང་ཐལ་ལས་རིང་བསྲེལ་འཕེལ་བ་རྗེ་དབོན་རྡོ་རྗེ་འཆང་འདིའི་རིང་ལ་འཕེལ་རྒྱས་ཡོང་བའི་རྟེན་འབྲེལ་དུ་གོར་མ་ཆག། གཞན་ཡང་གྲུབ་མཆོག་དམ་པ་འདི་ཉིད་ཀྱི་ཞབས་ཀྱི་པདྨ་ལ་བཏུད་ཅིང་གསུང་གི་བདུད་རྩིའི་ཟིལ་དངར་ལ་བརྟེན་ནས་རང་གཞན་གྱི་དོན་གཉིས་གྲུབ་པའི་ཞལ་སློབ་ཀྱི་རིམ་པའང། གཙོ་བོ་ནི་གྲུབ་དབང་རྫོགས་ཆེན་པ་དེ་ཉིད་ཀྱི་ཡང་སྲིང་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང། རྗེ་ཉིད་ཀྱི་དཔོན་པདྨ་ཀུན་གྲོལ་རྣམ་རྒྱལ་གཉིས་ཡིན་ལ། གཞན་ཡང་ཉི་གྲགས་རྒྱལ་སྲས་ཨོ་རྒྱན་མཚན་སོགས་བཀའ་ཆོས་ཀྱིས་འབྲེལ་བའི་སློབ་མ་ནི་མཐའ་ཡས་པའི་ཕྱིར་ཐམས་ཅད་སྨོས་པར་མ་ནུས་ཏེ། མི་ཉག། རྒྱལ་རོང། རྡོ་སྟོད་སྨད། མགོ་ལོག། ཉག་རོང། རྗ་གླིང་གཉིས། ཧོར་སྟོད་སྨད་སོགས་ནས་མཐའ་ཡས་པ་བྱུང་ངོ། སྦྲུལ་པའི་སྐུ་རིན་པོ་ཆེ་ཞིང་ཁམས་གཞན་དུ་དགོངས་པ་ཕྱོགས་པའི་ཚེ། སྐལ་ལྡན་གྱི་སློབ་མ་རྣམས་ཀྱི་སྦྲུལ་པའི་སྐུའི་སྣང་བརྙན་བཞེངས་པའི་(སྨད་ཆ།༤༤༧)གསོལ་འདེབས་དྲག་པོས་ཐུགས་རྗེ་བསྐུལ་བས་ཚད་མེད་སྙིང་རྗེའི་གཟིགས་པ་ཆེན་པོས་དག་པའི་ཆོས་ཀྱི་དབྱིངས་ལས་རྣམ་རོལ་མ་འགགས་པའི་སྒྱུ་འཕྲུལ་སྐྱེ་བ་སྦྲུལ་པའི་སྐུར་བཞེངས་པར་མཛད་དེ། དེ་ཡང་བྱང་ཕྱོགས་ཟླ་ཀླུང་གི་འགྲམ་དུ་གུར་དཀར་པོའི་བདག་པོ། ཨོ་རོང་ཚོ་པ་བཞི་བཅུའི་ནང་ཚན་ལས་གྱེས་པ། རྒྱལ་པོ་ཀུན་དགའ་དའི་ཆིངས་སང། ནོམ་ཆི་ཐའི་ཇི་ལ་སོགས་པའི་སྲས་ཀྱི་བདག་གཉེར་འཚོ་བ་ལ་ཡུལ་སྐད་དུ་དར་ཁན་ཨུར་ལུག་ཏུ་གྲགས་པའི་རིགས་སུ། མྱོས་ལྡན་ཞེས་པ་ས་མོ་ཡོས་ཀྱི་ལོ་ལ་སྐུ་འཁྲུངས། འཇིགས་བྲལ་བའི་ཚངས་པ་སྡེ་དགེའི་སྐུ་ཞབས་དང། གོང་མའི་ཐུགས་སྲས་རྣམས་ཀྱིས་བོད་ཡུལ་དབུས་ལྗོངས་ཀྱི་བླ་མ་ཆོས་སྦྱོང་རྣམས་ལ་བརྟག་ཞུལ་ཕུལ་བས། དེ་དག་གིས་གོང་མའི་སྐྱ་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་ཞིང། སྐུ་རིམ་ཞབས་བརྟན་ལ་འབད་ན་སྐུ་ཚེ་བསྟན་སྲིད་དར་རྒྱས་སུ་འབྱུང་ཚུལ་དང། སྨིན་གླིང་ན་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང། རྡོར་བྲག་ནས་པདྨ་བསྟན་འཛིན་ཐེག་མཆོག་བསྟན་འཛིན་དང། རྡོར་བྲག་ནས་པདྨ་བསྟན་འཛིན་ཐེག་མཆོག་རྒྱ་མཚོའི་སྡེ་ཞེས་མཚན་གྱི་ཆོད་པན་དང་བཅས། ཐེ་ཚོམ་གྱི་དྲ་བ་རྣམ་པར་བསམ་བར་མཛད་པ་བཞིན། དེར་མཚུངས་ངོས་འཛིན་ཕུལ་བ་དང་བཅས་པ་སོམ་ཉིའི་མུན་པ་མིང་གི་ལྷག་པར་བཏང་བའི་ངེས་ཤེས་ཀྱི་ཉིན་བྱེད་དགུང་བནས་འཆར་བའི་ཚེ། གདན་ས་ཆེན་པོར་མངའ་གསོལ། དེ་སྐབས་གོང་མའི་ཐུགས་སྲས་གཏེར་ཆེན་དམ་པ་གདན་ས་འདིར་མི་བཞུགས་པས་རྒྱལ་ཚབ་དམ་པ་དཔོན་སློབ་རིན་པོ་ཆེ་དང། རབ་འབྱམས་པ་སོགས་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ། མཚན་པདྨ་དབང་ཆེན་དང། པདྨ་དབང་དྲག་སོགས་ཕུལ། བླ་མ་རྣམ་གཉིས་ཀྱིས་ཡི་དམ་ཁ་ཤས་ཀྱི་དབང་(སྨད་ཆ།༤༤༨)བཀའ་སོགས་ཕུལ་ནས་ཉམས་བཞེས་མཛད། དགུང་ལོ་བཅུ་གཅིག་པ་ས་མོ་གླང་གི་ལོ་ལ་དབུས་ལྗོངས་སུ་ཆིབས་སྐྱོད་གནང། ཐོག་མར་སྲིད་རྫོང་འདོ་གསལ་སྒྲུབ་སྡེར་ཕེབས། གོང་མའི་ཞལ་སློབ་ཀྱི་གཙོ་བོ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པ་མཇལ་ནས། རྗེ་དེ་ཉིད་ཀྱི་གཏེར་ཆོས་ཕལ་ཆེར་གསན། རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་ནས་ཀྱང་ནོར་བདག་ཡིད་བཞིན་ནོར་བུ་སོགས་གསན། གཏེར་ཆེན་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཕུལ། རིམ་པར་འབྲི་གུང་དཀོན་མཆོག་ཕྲིན་ལས་བཟང་པོ་ལས་གཤེན་རྗེ་ཁྲོ་ཆུ་སོཔགས་རྟེན་གསུམ་གཙག་ལག་ཁང་རྣམས་སུ་མཆོད་པ་རྒྱ་ཆེརཕུལ། དེ་ནས་རྡོ་རྗེ་བྲག་དང། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་རྣམས་སུ་ཞབས་སྐྱོད་གནང་ནས། པདྨའི་གདུང་སོ་བ་ཆོས་རྒྱལ་གཏེར་བདག་གླིང་པ་ལས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དང་བྱང་སྡོམ་སྔགས་ཀྱི་དཀྱིལ་འཁོར་ལོ་དུ་མའི་དབང་ལུང་སོགས་ཀྱི་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཏུ་བསྟེན། རྗེ་དེ་ཉིད་ཀྱིས་ཤ་འུག་སྟག་སྒོའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཏུ་ངོན་འཛིམ་མཛད་ནས་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་ཆོས་སྐྱི་ཁྲི་ལ་མངའ་གསོལ་ཞིང། སྔར་གྱི་མཚན་འཕྲོར། མཏུ་སྟོབས་དང་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་སྩལ། རྗེ་གཏེར་ཆེན་བླ་མ་དེ་ཉིད་དང། ཁྱབ་བདག་རིགས་བརྒྱའི་དབང་ཕྱུག་དཔོན་སློབ་དམ་པ་གཉིས་བཀའ་དྲིན་ཁྱད་པར་འཕགས་པའི་རྩ་བའི་བླ་མ་(སྨད་ཆ།༤༤༩)རྣམ་གཉིས་སུ་འཛིན་པ་ཡིན་ནོ། གཞན་ཡང་ཞབས་དྲུང་པདྨ་ཕྲིན་ལས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང། དབུས་ཕེབས་ཕྱི་མའི་དུས་ཞབས་དྲུང་སྐལ་བཟང་པདྨ་དབང་ཕྱུག་ལས་བསྙེན་རྫོགས་བཞེས། ལོ་ཆེན་ངྷ་རྨ་ཤྲཱི་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། རིན་ཆེན་རྣམ་རྒྱལ་སོགས་མཆེད་ལྕམ་རྣམས་ལས་མདོ་སྒྱུ་སེམས་གསུམ་སོགས་བཀའ་མ་དང། སྨིན་གླིང་གཏེར་ཆོས་གཙོ་བོ་གྱུར་པའི་ཆོས་ཀ་མང་དུ་གསན། དཔལ་རི་སྦྲུལ་སྐུ་ངག་དབང་ཀུན་བཟང་པདྨ་ལས་ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་སོགས་དང། ལྷོ་བྲག་པད་གླིང་ལྔ་པ་ངག་དབང་ཀུན་བཟང་རྡོ་རྗེ་ལས་རྙིང་བརྒྱུད་གཙོ་བོར་གྱུར་པའི་བཀའ་ཆོས་གསན་རྒྱ་ཆེར་གྲུབ་ནས་ཕྱིར་ཕེབས། དེ་ནས་རིག་པད་གླིང་ལྔ་པ་ངག་དབང་ཀུན་བཟང་རྡོ་རྗེ་ལས་རྙིང་བརྒྱུད་གཙོ་བོར་གྱུར་པའི་བཀའ་ཆོས་གསན་བསམ་རྒྱ་ཆེར་གྲུབ་ནས་ཕྱིར་ཕེབས། དེ་ནས་རིགས་བདག་ནམ་མཁའ་འདོ་གསལ་རྒྱ་ཆེར་གྲུབ་ནས་ཕྱིར་ཕེབས། དེ་ནས་རིགས་བདག་ནམ་མཁའ་འོད་གསལ་གཙུག་ཏུ་བསྙེན་ནས་ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་ཉམས་ཁྲིད་སོགས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཚུལ་ཇི་སྙེད་ཅིག་གསན་ཅིང་ཁྱད་པར་ཉམས་ཁྲིད་སོགས་ཟབ་བཞེས་ཐུགས་ཉམས་སུ་བསྟར་བའི་དུས་སུ་རྗེ་གོང་མའི་གསུང་སྒྲོས་དང་ཕྱག་བཞེས་ཕྲ་རགས་ཀྱི་གནང་མ་ཉམས་པར་སྙན་ནས་སྙན་དང་ཞལ་ནས་ཞལ་དུ་བརྒྱུད་པའི་གདམས་ཟབ་བྱིན་རླབས་ཀྱི་ཚན་ཁ་ཅན་ཐམས་ཅད་མ་ཚང་བ་མེད་པ་གསན་ནས་ཐོས་བསམ་གྱི་སྒྲོ་འདོགས་ཡིན་ལུགས་སུ་ཚོད་པར་མཛད། གཞན་ཡང་རིས་མེད་ཀྱི་བླ་མ་མང་དུ་བསྟེན་ཏེ་གཙོ་བོ་གོང་དུ་སྨོས་པ་རྣམས་དང། གཞན་ཡང་མཁན་རིན་པོ་ཆེ་དཔལ་ལྡན་ཆོས་སྐྱོང། ཁམས་སྦྲུལ་རིན་པོ་ཆེ་གོང་འོག་གཉིས། འབྲི་གུང་མཆོག་སྦྲུལ་རིན་པ་ཆེ་དཔལ་ཆེན་ཆོས་ཀྱི་དོན་གྲུབ། ཞཱ་དམར་ཅོད་པན་འཛིན་པ་ཆོས་ཀྱི་དོན་གྲུབ། གླིང་གཏེར་སྟོན་པདྨ་དབང་ཕྱུག། སྟག་བླ་ཀུན་བཟང་བློ་གྲོས། གྲ་ཐང་མཁན་(སྨད་ཆ།༤༥༠)པོ་ཀུན་དགའ་མཁྱེན་རྩེ་ཕུན་ཚོགས། དཔལ་རི་བ་ཀུན་བཟང་འོད་ཟེར། ཆོས་ཀྱི་སྦྱན་ལྡན་འགྱུར་མེད་སྐལ་བཟང་སོགས་ཡོངས་འཛིན་བཅུ་ཕྲག་བཞི་དང་ཉག་མ་གཅིག་གིས་ལྷག་པ་ལས་རྒྱལ་བའི་བཀའ་རིན་པོ་ཆེ་འགྱུར་རོ་ཅོག་གིས་གཅོས་པའི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་གསན་ཏེ་གསན་ཡིག་པུ་ཏི་གཉིས་སུ་ལོངས་པའི་གསན་རྒྱ་ཤིན་ཏུ་ཆེ། གཞན་ཡང་རྩིས་དཀར་ནག་སྙན་ངག་སོགས་རིམ་ལམ་མང་པོར་ཡང་སྦྱངས་བརྡར་མཛད་པས་མཁས་པའི་ཕུལ་དུ་གྱུར། དེལྟར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་མཐར་ཕྱིན་ནས། སྦོང་བ་བསམ་གཏན་ཀྱི་འཁོར་ལོ་ལ་གཅིག་ཏུ་བཙོན་པར་མཛད་དེ། སྔོན་སྐུ་ཆུང་ངུའི་དུས་བསྙེན་མཚམས་ཁོ་ན་ལོ་གཅིག། བསྐྱེད་རྫོགས་གཉིས་ཀའི་ཉམས་བཞེས་སལོ་སྦྲེལ་མ་གཅིག། ཕྱིས་སུ་སྐུ་ཚེའི་གེག་འཕྲང་དང་བར་ཆད་དག་སེལ་བའི་ཚེ་སྒྲུབ་གཙོར་སྨོས་ཀྱི་བཅད་རྒྱ་ལོ་གཅིག་ལས་རིང་དུ་བརྒལ་བ། ཁྱད་པར་རབ་བྱུང་བཅུ་གཉིས་པའི་བློ་དན་ཞེས་པ་ལྕགས་བྱའི་མཇུག་ནས། རབ་བྱུང་བཅུ་གསུམ་པའི་ན་ཆོད་ལྡན་ཏེ་ཆུ་ཕག་གི་ཧོར་ཟླ་དང་པོའི་ཡར་ཚེས་ཀྱི་བར་དུ། བསྟན་འཛིན་གྱི་སྐྱེས་ཆེན་དུ་མར་ཟབ་རྒྱས་ཀྱི་ཆོས་འཀོར་རྒྱ་ཆེར་བསྐོར་བ་དང། ལོ་ངོ་གཉིས་ཙམ་གཞན་དོན་གྱི་ཕྱོགས་སུ་ལྗོངས་རྒྱུ་ཙམ་མ་གཏོགས་ལོ་རིལ་པོ་བཅུ་གཉིས་ཀྱི་ཁོངས་དང་སྔ་ཕྱིའི་བཅས་ཐམས་ཅད་དུ། འཁོར་འདས་ཀྱི་སྣང་བ་ཐམས་ཅད་དག་པ་རབ་འབྱམས་སྒྱུ་འཕྲུལ་ལྷའི་ཕྱག་རྒྱས་མི་ཕྱེད་པར་བཅིངས་པའི་བསྟན་པ་ཐོབ་པར་མཛད། རྒྱུ་སྡེ་བཞིའི་ལྷག་པའི་དུ་མ་དང། ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་རྩ་གསུམ་ཆོས་སྲུང་ཕལ་ཆེར་པར་བཅིངས་པའི་བརྟན་པ་ཐོབ་པར་མཛད། རྒྱུ་སྡེ་བཞིའི་ལྷག་པའི་ལྷ་དུ་མ་དང། ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་རྩ་གསུམ་ཆོས་སྲུང་ཕལ་ཆེར་ལ་དུས་གྲངས་མཚན་མའི་བསྙེན་པ་གསུམ་པོ་ཅི་རིགས་པ་མ་སོང་བ་མེད་པར་ལྟ་བུ་དང། ཡི་དམ་(སྨད་ཆ།༤༥༡)ལ་ལར་བསྙེན་སྒྲུབ་གཉིས་གསུམ་བསྐྱར་མ་མཛད་པ་ཡང་མང་ཞིང། རྒྱུན་གྱི་ཐུགས་དམ་ཆམས་མེད་ཀྱང། ལྟུང་བཤགས་སྒྲོན་མ། བསམ་པ་ལྷུན་གྲུབ་སོགས་འབུམ་ཕྲག་ལོངས་པ་དང། བཤགས་རྒྱུད་བསྐལ་བཟང་རྒྱན་ཕྲེང། སྦང་སྐོང་ཕྱག་བརྒྱ། བརྟགས་གྲོལ་བསྟན་པ་བུ་གཅིག་གི་རྒྱུད་སོགས་སྟོང་ཕྲག་ལོངས་པ་དང། ཡིག་དྲག་དུང་ཕྱིར་གཉིས་ལྷག་བཅས་དང། ཁྱད་པར་དུ་རྫོགས་ཆེན་ཁྲེགས་ཚོད་ཀ་དག་ལྷུན་གྲུབ་ཐོད་བརྒ་གྱི་ཉམས་ལེན་ཟབ་བཞེས་རྒྱུན་ཆགས་སུ་བསྟར་བས་རྟོགས་པ་མངོན་དུ་གྱུར་པས་རྟོགས་ཆོགས་སྐུ་དང་ཡེ་ཤེས་ཀྱི་རོལ་པ་འབྱམས་ཀླས་པ་ལ་དབང་འབྱོར། བྱ་བ་ལས་ཀྱི་འཁོར་ལོ་ཡང། བསོད་ནམས་ཀྱི་ཞིང་དུ་སངས་རྒྱས་བྱང་སེམས་དང་ཡི་དམ་ཆོས་སྲུང་གི་སྐུ་དང་ཞལ་བརྙན་འབུར་བཞེངས་མང་པོ་དང་རིས་སུ་བྲིས་པ་ཞལ་ཐང་བཟོ་བཀོད་རྒྱུ་དངོས་ཕུན་སུམ་ཚོགས་པ་བརྒྱ་ཕྲག་ལ་ཉེ་བ། བཀའ་འགྱུར་གཉིས། བསྟན་འགྱུར་ཆ་གཅིག། རྙིང་བརྒྱུད་རྣམས་ཀྱི་གཙོས་འབུམ་དང། བཀའ་བསྟན་གྱི་གླེགས་བམ་བཅས་སྟོང་ཕྲག་ལྷག་པ། ཆུ་བྱ་ལོར་ཞུགས་ཀྱི་གནོད་པ་བྱུང་དུས་སླ་ཡང་རྟེན་གསུམ་ཚད་མ་ཞིག་བཞེངས་སྔ་ལས་ལྷག་པ་གསར་བསྐྲུས་མཛད་པ་དང། རྒྱལ་ཀུན་སྦྱི་གཟུགས་ཁྱབ་བདག་བླ་མ་ནམ་མཁའ་འོད་གསལ་གྱི་གསེར་གདུང་ཁྱད་འཕགས་སོགས་སྐུ་གསུང་ཐུགས་རྟེན་དུ་མ་ལྷ་ཁང་དང་རྟེན་གསུམ་རྣམས་ཀྱི་སྦྱན་སྔར་ཡོ་བྱང་ཀྱོ་དངོས་པོ་རྣམ་པར་དག་པའི་བཟང་དགུའི་མཆོད་སྦྲིན་དཔག་མེད་འབུལ་ཞིང། ལྷག་པར་མར་མེའི་རྒྱུན་འཛུགས་རྒྱ་ཆེན་མཐའ་ཀླས་པ་དང། ཕཱ་ཙྪ་ཆུ་སྦྱིན་སྦྱིན་སྲེག། ཁྱད་པར་(སྨད་ཆ།༤༥༢)དངོས་པོ་གཏོས་ཆེན་མང་དག་ལས་བསྐྲུན་པའི་དྲི་མེད་རས་དཀར་ཡུག་སྟོང་ཕྲག་གི་གཞི་ལ་ཡིག་དྲུག་གིས་གཙོས་པའི་སྙིང་པོ་ཐམས་ཅད་འབྱུང་བ་རླུང་གི་བྱེད་ལས་ཀྱི་རྐྱེན་གྱིས་ཞིང་ཁམས་ཐམས་ཅད་སྔགས་སྒྲས་འགེངས་པའི་རླུང་ཕྱོགས་ཀྱི་སེམས་ཅན་མཐའ་དག་བྱང་གྲོལ་དུ་བཀྲི་བའི་ཐབས་མཆོག་དར་ལྕོགས་ལུས་ཚད་ཁྲི་ཕྲག་ལས་བརྒལ་བ། རིས་བྲལ་ཕྱོགས་ཀྱི་ཆོས་སྡེ་མཐའ་དག་ལ་བསག་སྦྱང་དང། དབོན་རིན་པོ་ཆེ་དང་བཀའ་བགྲོས་ནས། ཀུན་མཁྱེན་དྲ་ི་མེད་འོད་ཟེར་གྱིས་གསུང་རྩོམ་བཅོས་ཆེན་པོ་མཛོད་བདུན། ངལ་གསོ་སྐོར་གསུམ་རྩ་འགྲེལ་གསང་སྙིང་འགྲེལ་པ་ཕྱོགས་བཅུ་མུན་སེལ་སོགས་མཆོད་སྦྱིན་མཛད་མེད་སྒྲུབ་ཕྱིར་པར་དུ་བཞེངས་པའི་ཡོ་བྱད་དངོས་སྨར་ཟོང་རྟ་བོར་སོགས་གཏོས་ཆེ་བ་སྡེ་དགེ་ས་སྐྱོང་ཆེན་པོར་ཕུལ་ནས་ལེགས་པར་བསྐྲུན། ལྕགས་སྦྲེལ་ལོར་དབུས་ལྗོངས་སུ་ཚོགས་བསགས་ཆེན་མོར་ཆིབས་བསྒྱུར་གནང་སྐབས་བོད་ཡུལ་གྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་ཕྱི་ཆད། ལྷོ་མན་ཡུལ་བུམ་ཐང་ཚུན་ཆད། ཤར་མདོ་ཁམས་པོད་ཆེན་གྱི་ཆགས་མེེད་གདན་ས་གནས་མདོ། གཏེར་ཆེན་ཉི་མ་གྲགས་པའི་གདན་ས་དཔལ་གྱི་རྩ་རི་ཏྲེ་གཉིས་པ་ཁམས་སྲིང་མོ་རྫོང་ཡན་ཆད་དབུས་གཙང་ལྷོ་ཀོང་མདོ་ཁམས་ཐམས་ཅད་ཀྱི་རིས་བྲལ་ཆོས་སྡེ་དུ་མ་ལ་འགྱེད་ཡང་བཀོལ། གངས་ཅན་བརྟན་པའི་བདག་པོ་རྒྱལ་དབང་ཐམས་ཅད་མཁྱེན་པ། ཐུབ་བསྟན་ཕན་བདེའི་རྩ་ལག་འཇམ་དབྱངས་མིའི་གཟུགས་ཅན་ས་སྐྱ་གོང་མ་རིན་པོ་ཆེ། ས་གསུམ་འགྲོ་བའི་འདྲེན་མཆོག་རྒྱལ་དབང་ཀརྨ་པ་ཡབ་སྲས། འབྲི་སྟག་འབྲུག་པ་པཎ་ཆེན་ཐམས་ཅད་མཁྱེན་པ་སོགས་ཆེ་དགུ་དུ་མ། རྡོར་སྨིན་བྱང་གསུམ་ལྷོ་བྲག་དཔལ་རི་(སྨད་ཆ།༤༥༣)སོགས་རང་ལུགས་ཀྱི་རིས་བྲལ་སྐྱེས་ཆེན་དུ་མར་མཆོད་སྦྲིན་རྒྱ་ཆེན་ཁྱད་པར་དབུས་འགྱུར་ལྷ་ལྡན་དུ་མཉན་ཡོད་མཆོད་པའི་དུས་སྟོན་དང། རྒྱལ་དབང་ལྔ་འབི་དུས་ཀྱི་མཆོད་པ་ཚོགས་ཆེན་མོ་གཉིས་ལ་མང་བསྐོལ་ལན་གཉིས། མཆིམས་ཕུར་དཔལ་རི་སྒྲུ་སྡེར་གསེར་གྱི་འགན་འཛི་ར་དང། གཙུག་ལག་ཞིག་གསོས་ཀྱི་རྟེན་དཔངས་མཐོ་བ་དང། གཞན་ཡང་གནས་རྟེན་ཁྱད་འཕགས་རྣམས་ལ་སྙན་ཤལ། གསེར་གསོལ། མཆོད་པ། ཉམས་པ་རྣམས་ཞིག་གསོས་ཀྱི་རྟེན་སོགས་དངོས་ཇ་སྟོང་དང་ལྔ་བརྒྱ། དར་གོས་ལྦགས་རིགས་ལྔ་བརྒྱ། རྟ་དྲེལ་ཉིས་བརྒྱ། མཛོད་ཁལ་ཉིས་བརྒྱ། དར་གོས་ལྦགས་རིགས་ལྔ་བརྒྱ། གཞན་ཡང་ཡོ་བྱད་ཀྱི་དངོས་པོ་བགྲངས་ལས་འདས་པ་སོགས་ནམ་མཁའ་མཛོད་ཀྱི་སྒོ་འཕར་རྒྱ་ཆེན་པོ་ཕྱེ་བའི་ལེགས་བྱས་དཔེ་ཟླ་དང་བྲལ་བ། གངས་ཅན་སྐྱེ་དགུའི་རྣ་ལུང་ཤིན་ཏུ་མཛེས་པའི་གྲགས་སྙན་ཕྱོགས་ཀྱི་འཁོར་ཡུག་ཏུ་ཁྱབ་པར་མཛད། ཕྱོགས་འདིར་ཡང་རང་ལུགས་བརྒྱུད་འཛིན་གྱི་ཆོས་སྡེ་སྟག་དགོན་དུ་ཀ་ཐོག་དགོན་སོགས་གསར་བཞེངས་ཆ་ཤས་དང། ཉམས་པ་གསོ་བ་སོགས་ཀྱང་མང་ཞིག་མཛད་པ་སོགས་དང། ཀླག་ལུང་སོགས་ལའང་འཆད་པ་རྡོ་རྗེའི་ལྗགས་ནི་ལྷག་པའི་ལྷས་དངོས་གྲུབ་ཏུ་སྟེར་བ་ལྟ་བུས་འགྲན་ཟླ་དང་བྲལ་ཞིང། གཞན་ཡང་དབང་ཁྲིད་སོགས་རྣམ་དབྱེ་ཚུལ་ལྡན་དུ་མཛད་པར་དེ་དག་ཀྱང་ཕྱག་ལེན་འདེབས་མྱུར་ཞིང། ལོངས་སྦྱོད་འཁོར་ལོའི་རྩ་འདབ་རྣམ་པར་གྲོལ་བས་འཆད་བདེ་བ་སོགས་ཀྱི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལན་གཅིག། རྙིང་བརྒྱུད་ལན་ལྔས་གཙོས་བཀའ་དགོངས་མདོ་དབང། མཛོད་བདུན། སྟོང་ཕྲག་བརྒྱ་པ་སོགས་ལན་གྲངས་ལྔ་(སྨད་ཆ།༤༥༤)དྲུག་རེ་དང་གཞན་ཆོས་བཀའ་རེ་རེ་ལའང་ལན་གྲངས་དུ་མ་དང། གང་གསན་པ་ཐམས་ཅད་ལ་ལན་རེ་གཉིས་མ་འཆད་པ་ནི་གཅིག་ཀྱང་མེད་པས། མདོར་ན་འཆད་རྩོད་རྩོམ་གསུམ། མཁྱེན་བརྩེ་ནུས་གསུམ། མཁས་བཙུན་བཟང་གསུམ་སོགས་དམ་པའི་ཡོན་ཏན་དུ་མ་དང་ལྡན་པས་ལྗགས་རྩོམ་བསྟན་བཅོས་ཀྱང་པུ་ཏི་གཉིས་ཙམ་ཡོད་ལ། གསུང་གི་བདུད་རྩི་འཐུང་བའི་ཞལ་སློབ་ཀྱང། རྡོ་རྗེ་བྲག་མཆོག་སྦྲུལ་རིན་པོ་ཆེ་སྐལ་བཟང་པདྨ། ཟུར་སྦྲུལ་གསུམ་པ་ཕྲིན་ལས་བློ་ལྡན་རྒྱ་མཚོའི་སྡེ། ཀ༔ཐོག་རྒྱལ་སྲས་མཆོག་བསྟན་པའི་རྒྱལ་མཚན། འདྲེན་མཆོག་ནམ་མཁའ་འོད་གསལ་གྱི་སྦྲུལ་དྲི་མེད་ཞིང་སྐྱོང་མགོན་པོ། ཉི་གྲགས་མཆོག་སྦྲུལ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། འདྲེན་མཆོག་ནམ་མཁའ་འོད་གསལ་གྱི་སྦྲུལ་སྐུ་གསང་སྔགས་བསྟན་འཛིན། རབ་འབྱམས་སྦྲུལ་སྐུ་འགྱུར་མེད་ཀུན་བཟང་རྣམ་རྒྱལ། བདེ་གཤེགས་འཁོར་བ་འཇིག་མིའི་སྲིད་པ་བཟུང་བ་ཁམས་སྦྲུལ་རིན་པོ་ཆེ་སྐུ་གོང་འོག་གཉིས། ཉི་གྲགས་རྒྱལ་སྲས་ཨོ་རྒྱན་བསྟན་འཛིན། སྨིན་གླིང་རྗེ་བཙུན་མ་འགྱུར་མེད་དཔལ་སྒྲོན། དབོན་རིན་པོ་ཆེ་པདྨ་ཀུན་གྲོལ་རྣམ་རྒྱལ། གཞན་ཡང་ཆེན་པོའི་གོ་འཕང་མཐོ་བ། མཁས་པའི་གྲགས་སྙན་ཐོན་པ། གཞན་ཡང་ཆེན་པོའི་གོ་འཕང་མཐོ་བ། མཁས་པའི་གྲགས་སྙན་ཐོན་པ། སྒྲུབ་པའི་རྒྱལ་མཚན་བསྒྲེང་བ། བསྟན་པ་དར་རྒྱས་སུ་སྦེལ་བ་སོགས་ཀྱི་སྐྱེས་བུ་དུ་མ་དང། གཞན་ཡང་རྩ་བ་གསུམ་གྱི་ལྷག་པའི་ལྷ་མང་པོ་ཞལ་གཟིགས་པ་དང། མངོན་པར་ཤེས་པ་ལ་སོགས་ལམ་རྟགས་ཀྱི་སྐྱེས་བུ་དུ་མ་དང། མངོན་པར་ཤེས་པ་ལ་སོགས་ལམ་རྟགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་ཡང་སྦས་པའི་ཚུལ་གྱིས་ཡི་གེར་འདེབས་པ་སོགས་མ་གནང་བས་ད་ལྟ་ཇི་ལྟ་བ་འཆད་དཀའ་(སྨད་ཆ།༤༥༥)བར་འདུག་ཅིང། ངག་རྒྱུན་ཙམ་ལ་བརྟེན་ནས་འབྲི་བར་མ་སྦོབས་སོ། རྡོ་རྗེ་ཆོས་སྲུང་ཐམས་ཅད་བྲན་དུ་ཁོལ་བས་ཕྲིན་ལས་རྣམ་པ་བཞི་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་དང་ཁྱར་པར་དུ་ཡང་དྲུང་སྲོང་ཆེན་པོ་འབྲལ་མེད་དུ་འགྲོགས་པ་སོགས་ཀུན་གྱི་སྣང་ཚུལ་མཐུན་པར་མངོན་སུམ་ཚད་མའོ། དེ་ལྟར་ཕྲིན་ལས་རྣམ་པ་བཞིའི་བསྟན་འགྲོའི་དོན་ཡུན་རིང་དུ་མཛད་ནས་འགྲོ་དོན་ཐོག་གཅིག་མཛད་པའི་ཚུལ་བསྟན་ནས་དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་བར་ཕྱོགས་པ་ན་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད་ནས་འདུས་པའི་བསླབ་བྱ་ཞལ་ཆེམས་ཀྱི་བསྟན་པ་གཏད་ནས་ཆོས་ཉིད་བསམ་མི་ཁྱབ་པའི་རོལ་པ་ལ་མངའ་དབང་འབྱོར་བས་ཆོས་ཅན་སྒྱུ་མའི་རང་གཟུགས་པའི་བཤིགས་ནས་ཟག་མེད་བདེ་བ་ཆེན་པོའི་དབྱིངས་སུ་གཤེགས་པར་གྱུར་ཏོ། དེ་ནས་མཆོད་སྦྲིན་རྒྱ་ཆེར་སྦྲོ་བས་དགོངས་པ་རྫོགས་པའི་ཐབས་ལ་བཙོན་ཏེ། ལྷ་མོན་ཚུན་གྱི་རིས་མེད་ཆོས་སྡེ་མང་པོར་མང་བསྐོལ་དང་བླ་མའི་རིགས་ལ་མཆོད་བསྔོ་རྟེན་སོགས་དང་གསེར་གདུང་རིན་པོ་ཆེ་ཁྱད་མཚར་བཞེངས་པ་སོགས་རྗེས་ཀྱི་བྱ་བ་མཐའ་རྒྱས་སུ་སྒྲུབ་དགོས་ཐམས་ཅད་རྗེ་དབོན་རིན་པོ་ཆེའི་འགན་བཞེས་མཛད་པ་ཡིན་ནོ། དབོན་རིན་པོ་ཆེ་འགྱུར་མེད་པདྨ་ཀུན་གྲོལ་རྣ་རྒྱལ་ནི། ཡུལ་ནག་ཤོད་དུ་གྲུབ་པའི་དབང་ཕྱུག་ཁྱབ་བདག་ནམ་མཁའ་འོད་གསལ་གྱི་དབོན་རྒྱུད་དེ་མེ་ཕོ་ཁྱིའི་ལོར་འཁྲུངས། དགུང་ལོ་བཞི་བཞེས་པའི་དུས་གཏེར་ཆེན་ཆོས་ཀྱི་རྒྱལ་པ་ཉི་མ་གྲགས་པ་མཇལ་བས་ཐུགས་རྒྱུད་བྱིན་གྱིས་བརླབས་(སྨད་ཆ།༤༥༦)ཏེ་གཏེར་ཆེན་དེ་ཉིད་ཀྱིས་དགྱེས་ཉམས་དང་བཅས་ཚོགས་འཁོར་གནང་ནས་དབང་ཆེན་རྟ་མགྲིན་གྱི་སྦྲུལ་པ་ཡིན་ཞེས་བསྔགས་པ་རྒྱ་ཆེར་སྩལ། དེ་དུས་ཙམ་ནས་འཁོར་བའི་ཆོས་ལ་ཐུགས་དབྱུང་སྟེ་གཅོས་མིན་གྱི་ངེས་འབྱུང་དྲག་པོ་སྐྱེས། མནལ་ལམ་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འགྲོ་བ་འདི་རྣམས་འདྲེན་པ་གྱིས་ཞེས་ལུང་བསྟན་སྩལ། སྐུ་ན་ཕྲ་མོའི་དུས་ཤིག་དཔལ་མགོན་སེང་གདོང་ཅན་གྱི་བཀའ་སྡོད་དུས་མཚན་ཕོ་མོའི་དངོས་སུ་རྩེ་དཔལ་མགོན་སེང་གདོང་ཅན་གྱི་བཀའ་སྡོད་དུས་མཚན་ཕོ་མའི་དངོས་སུ་རྩེ་རོགས་དང་ཕྱག་མཚན་ཐོད་དབྱུག་གི་རྣམ་པ་ཞིག་ཕྱག་ཏུ་གཏད་པ་དེང་སང་ཡང་ཡབ་ཚང་སར་ཡོད། དེ་ནས་དངོས་ཉམས་རྨི་ལམ་ཐམས་ཅད་དུ་བཀའ་སྲུང་གཟའ་བདུད་ཆེན་པོའི་ཞལ་བསྟན་ནས་ཁུ་བོ་བླ་མའི་དྲུང་དུ་མྱུར་དུ་སོང་ཞིག་ཅེས་ཡང་ཡང་བསྐུལ་བ་དང། ཡང་མི་དམར་ལག་པ་བཞི་པ་ཞིག་གི་སྐྱོ་རོགས་བྱེད་ཅིང་སྦྲོ་བསྲིང་བ་སོགས་བྱུང། དེ་ནས་མི་རིང་བར་མདོ་ཁམས་སྨད་དུ་ཕེབས། དགུང་ལོ་བཅུ་དྲུག་པ་ལ་ཁྱབ་བདག་མན་མཁའ་འོད་གསལ་དང་མཇལ། རབ་ཏུ་བྱུང་ནས་མཚན་པདྨ་ཀུན་གྲོལ་དུ་གསོལ། སློབ་དཔོན་དགེ་བའི་བཤེས་གཉེན་ཨོ་རྒྱན་ཡོངས་གྲོལ་བསྟེན་ནས་ལྗགས་ཀློག་ནན་ཆེར་སྦྱངས། དེ་སྐབས་དཔལ་རྟ་མགྲིན་ནག་པོ་མེ་དཔོན་སློབ་རིན་པོ་ཆེའི་དྲུང་ནས་ཡང་ཟབ་དཀོན་མཆོག་སྦྱི་འདུས་སོགས་དང། ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་དབང་ཁྲིད་ལུང་བཅས་གསན་ནས་ཟབ་ལམ་གྱི་ཉམས་བཞེས་རྩེ་གཅིག་ཏུ་གནང་ནས་ལྟ་སྒོམ་གྱི་སྒྲོ་འདོགས་བཅད་ནས་ཉམས་ལེན་ལ་རྡོ་རུས་གཏུག་ཅིང། གཞན་ཡང་(སྨད་ཆ།༤༥༧)བཀའ་ཆོས་མང་དུ་གསན། ཐུགས་དམ་ཟབ་བཞེས་ཀྱིས་ཉམས་ལེན་གོ་ཉམས་རྟོགས་པའི་ཚུལ་ལ་དཔོན་པོ་འདི་ཕོ་རྒོད་རབ་ཞིག་ཏུ་ཡང་བར་འདུག་གོ་ཞེས་ཡང་ཡང་གསུངས། དེ་སྐབས་དུས་འགྱུར་གྱི་དབང་གིས་སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ཕྱོགས་འདིར་ཆོས་ཚུལ་མང་དུ་གསན། མཚན་འགྱུར་མེད་པདྨ་བསྟན་འཛིན་དུ་གསོལ། དགུང་ལོ་ཉེར་གཅིག་པ་ས་ཕོ་རྟ་ལོར་དབུས་ཕྱོགས་སུ་ཕེབས། ལྷ་ལྡན་ཇོ་ཤཀ་རྣམ་གཉིས་ཀྱིས་གཙོས་པའི་གཙུག་ལག་ཁང་དང་རྟེན་གསུམ་རྣམས་ལ་མཆོད་སྦྲིན་སྦྲོ་བ་དང་བསྟན་དང་འགྲོ་བའི་ཕན་བདེ་སྦེལ་བའི་བསྔོགས་སྨོན་ཐུགས་འདུན་དང། རྡོར་སྨིན་གཉིས་གཙོ་བོར་གྱུར་པའི་རང་ལུགས་སྔ་འགྱུར་རྙིང་མའི་བླ་མ་རྣམས་ལས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ལ་དགྱེས་དགུར་རོལ་ཞིང། སྨིན་གླིང་མཁན་ཆེན་ལས་ཚིག་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་པས་དགེ་སློང་གི་དངོས་པོར་བསྒྲུབས་ནས་མཚན་སྔར་གྱི་འཕྲོར་རྣམ་རྒྱལ་བཟང་པོར་གསོལ། ངུར་སྨྲིག་གི་རྒྱལ་མཚན་འཛིན་པའི་བརྟུལ་ཞུགས་ཀྱིས་སྦ་བར་མཛད། ཁྱད་པར་ལྷ་སར་བཞུགས་སྐབས་སྦས་པའི་ཚུལ་འཛིན་རང་གྲོལ་གྱི་རྣལ་འབྱོར་མ་ཌཀྐིའི་དབང་མོ་ཞིག་གིས་བྱིན་གྱིས་བརླབས་ཏེ་སྙན་བརྒྱུད་ཀྱི་གདམས་པ་གཏད་ནས་ལྟ་སྒོམ་གྱི་ངོ་སྦྲོད་གནང་བར་ཕྲ་རགས་ཀྱི་རྟོག་པ་ཆོད། སྣང་སེམས་རོ་གཅིག་ཏུ་འདྲེས། ལྟ་སྒོམ་ཀློང་དུ་གྱུར། རྫོགས་པ་ཆེན་པོའི་ལྟ་གྲུབ་པ་ཐུགས་ངེས་གཏིང་ནས་འདྲངས་པར་གྱུར། གཞན་ཡང་དེ་སྐབས་ཞལ་གཟིགས་དང། གདུག་འདྲེ་གསར་པ་དམ་ལ་བཏགས་པ་(སྨད་ཆ།༤༥༨)སོགས་ངོ་མཚར་ཅན་མང་དུ་བྱུར་བར་སྣང། ལྷོ་བྲག་བྱོན་སྐབས་ལམ་རྒྱུས་མེད་པར་སྲུང་མས་དངོས་སུ་ལམ་སྟོན་པ་བྱུང་ཞིང། ཐུགས་སྲས་ལྔ་པ་ལས་ཀྱང་ཆོས་བཀའ་མང་དུ་གསན། སླར་ཕྱིར་ཕེབས་ཞོར་ལ་གཏེར་ཆེན་བླ་མའི་གདན་ས་སྲིང་རྫོང་འོད་གསལ་སྒྲུབ་སྡེར་ཕེབས། རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་ལས་བཀའ་ཆོས་མང་དུ་གསན། རིམ་པས་རྫོགས་ཆེན་དགོན་དུ་ཕེབས་དཔོན་སློབ་གཞན་དོན་ལ་དགོངས་པར་གྱུར་ཀྱང་མཆོག་སྦྲུལ་རིན་པོ་ཆེ་མཇལ། དེ་སྐབས་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པའི་གདན་ས་སྟག་མོ་སྒང་བཟང་ཕུན་ཚོགས་གླིང་དུ་ཕེབས། རྒྱལ་ཚབ་དམ་པ་བློ་གྲོས་རྒྱལ་མཚོ་ལས་ཉི་གྲགས་གཏེར་གསལ་ཡོངས་རྫོགས་བུམ་པ་གང་འབྱོར་བཞེས་པས་ཕྲིན་ལས་གང་བརྩམས་རྩོལ་མེད་དུ་གྲུབ་པར་བྱུང་ཞིང་ཁྱད་པར་ཟབ་ལམ་གསང་བ་འདུས་པའི་བསྙེན་སྒྲུབ་གནང་བས་རང་རིག་དོན་གྱི་ཕགས་པའི་རང་ཞལ་མངོན་དུ་གཟིགས། རུ་དམ་ཕུར་རི་ཁྲོད་དུ་བཞུགས་སྐབས་ཟངས་མདོག་དཔལ་རིར་ཕེབས་པའི་མནལ་ལམ་དག་སྣང་བྱུང་ཞིང། སླ་ཡང་གཏེར་ཆེན་བླ་མའི་གདན་སའི་གཙང་མང་གཡས་པར་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་སྐུ་བརྙན་བྱིན་ལྡན་ཞིག་སྔར་ནས་བཞེངས་ཡོད་ཀྱང་འཁོར་རྣམས་བཞེངས་མ་གྲུབ་པར། གཏེར་ཆེན་དེ་ཉིད་ཀྱི་རྒྱལ་ཚབ་དམ་པར། ད་ལམ་འཁོར་རྣམས་བཞེངས་མ་གྲུབ་ཀྱང། མ་འོངས་པ་ན་འདིའི་འཁོར་དུ་སྒྲུབ་སྡེ་བརྒྱད་ཀྱི་གཙོ་བོ་དཔལ་ཆེན་དགུའི་སྐུ་བརྙན་བཞེངས་པ་ཞིག་མྱུར་དུ་འབྱུང་བས་དེ་དུས་ནང་གཟུང་བྱིན་རྟེན་འདི་རྣམས་འཇོག་དགོས་གསུངས་ནས་བྱིན་རྟེན་ཐུམ་བུ་བརྒྱད་ཕྱག་ཐམ་གྱིས་མནན་ནས་གནང་ཡོར་པར། དེ་སྐབས་རྗེ་འདིར་(སྨད་ཆ།༤༥༩)དངོས་ཉམས་རྨིན་ལམ་ཐམས་ཅད་ཆེན་པོས་ཡང་ཡང་བསྐུལ་བས་འབྱོན་པར་བཞེད་པའི་ཚེ་ཡོ་བྱང་གཏོས་ཆེ་བ་ཞིག་ཀྱང་དེ་འཕྲལ་འབུལ་མི་བྱུང་པ་དང། བླ་མ་མཆོག་གིས་ཀྱང་མངོར་པར་མཁྱེན་པས་གཟིགས་ནས་སྲིག་ཤིང་སོགས་ཉེ་མཁོ་ཐམས་ཅད་ཐུགས་ཚམས་གནང་གྲུབ་འདུག་པས་བཀའ་བརྒྱད་དཔལ་དགུའི་སྐུ་བརྙན་དངོས་གཙང་བ་བཞེངས། བླ་མ་ལྷན་རྒྱས་ཀྱིས་རབ་གནས་མཛད་པའི་ཉིན་དེར་དེ་ཁའི་སྐུ་རྟེན་པར་ཡང་ཆོས་སྐྱོང་ཆེན་པོ་ཁོག་ཞུགས་ཐོག་མར་ཐོག་བབས་སུ་བྱུང་འདུག་ཅིང། རྗེ་འདི་གཏེར་ལུང་ནས་ཀྱང། ལྷ་སྲས་སྦྲུལ་པས་བསྟན་པ་ལྟར་གཏེར་ཆེན་འདིའི་བསྟན་པ་ལ་ཐུགས་བསམ་དཀར་ཞིང་མཛད་པའི་ཕྱག་བརྗེས་ཀྱང་ཆེའོ། དེ་ནས་གནས་ངེས་མེད་དུ་བྱ་བཏང་གི་ཆ་ལུགས་ཁོ་ན་ཆིབས་སོགས་སྦངས་ཏེ་ཞབས་པད་བསྐྱོད་ཅིང། འཛིན་གཙང་དཀར། རྟ་ཕ་ཝང་བོན་མོ་སོགས་གནས་གཉན་ཁྲོད་རྣམས་སུ་བཞུགས་ཤིང། ཐུགས་དམ་གྱི་བོགས་འདོན་དུ་རིག་པ་བརྟུལ་ཞུགས་ཀྱི་སྦྱོད་པ་བསྐྱངས། མཆོག་སྦྲུལ་དམ་པའི་བཀས་ལ་དགོན་དུའང་ཐེག་གཅིག་བཞུགས། དེ་སྐབས་སྨིན་གླིང་གཏེར་ཆེན་ཞལ་སློབ་རྫ་བླ་མ་འགྱུར་མེད་བསྐལ་བཟང་གདན་དྲངས་ནས་ཟབ་རྒྱས་ཀྱི་ཆོས་ཚུལ་དུ་མ་གསན། ཁྱར་པར་རྩ་རླུང་གཏུམ་མོ་སོགས་ལ་རྟགས་དང་ནུས་པ་ཐོན་པ་མཛད། དེ་སྐབས་ལྕགས་སྦྲེལ་ལོར་རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེ་དང་དཔོན་སྦྲུལ་སྐུ་བཅས་དབུས་གཙང་ཕྱོགས་སུ་ཆིབས་སྐྱོད་གནང་བས་རྒྱལ་ཚབ་ཏུ་གདན་སའི་ཁུར་བཞེས་(སྨད་ཆ།༤༦༠)མཛད། གཏེར་ཆེན་ཉི་གྲགས་ཀྱིས་གླང་ཐང་སྒྲོན་མ་ནས་གཏེར་དུ་བཞེས་པའི་རྗེ་བཙུན་ཨ)་ཏ་རེའུ་སྐུ་བསྙན་བྱིན་རླབས་ཀྱི་གཟི་འོད་འཕྲོ་བ་དེ་ཉིད་གཏེར་ཆེན་གྱིས་དཔོན་སློབ་རིན་པོ་ཆེ་ལ་གནང་ཞིང་དཔོན་སློབ་རིན་པོ་ཆེས་རྗེས་འདི་ཉིད་སྔོན་བློན་པོ་འགར་སྟོང་བཙན་ཡུལ་བཟུང་དུ་སྐྱེས་དུས་བལ་ཡུལ་དང་རྒྱ་ནག་རྣམས་སུ་བྱོན་ལུགས་དང་རིག་པའི་ཕྲུལ་སྣ་ཚོགས་ཀྱིས་རྒྱ་བལ་བཐུལ་ནས་ཇོ་ཤཀ་རྣམས་གཉིས་སྦྱན་དྲངས་ཚུལ་སོགས་མངོན་སུམ་ཇི་བཞིན་སྒྲིབ་མེད་གསལ་པོར་གཟིགས་པ་ཞིག་བྱུང་ཞིང། སྒྲོལ་མའི་སྐུ་དེ་གླང་ཐང་རང་དུ་བཞུགས་ན་མདོ་ཁམས་སྨད་འདིར་བགྲང་བྱ་བཅུ་གཉིས་ཀྱི་བར་དུ་བསྐལ་པ་ངན་པ་གསུམ་གྱིས་གཙོས་པའི་མི་མཐུན་པའི་རྒུད་པ་ཐམས་ཅད་ཞི་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བའི་ལུང་བསྟན་དང་རྒྱལ་ཆེན་སྡེ་བཞིས་ཀྱང་ཞབས་བསྐུལ་ཡང་ཡང་བྱུང་བས། བསྟན་འགྲོའི་ཕན་བདེ་སྦེལ་ཕྱིར་ཐུགས་བསྐྱེད་རྣམ་པར་དག་པས་བསྟན་འགྲོར་ཕན་པའི་སྨོན་འདུན་དང་བཅས་གནས་དེར་བཞུགས་སུ་གསོལ་བ་དེང་སང་མཇལ་དུ་ཡོད་པ་འདི་ཡིན་ལ། ཡང་ནུབ་གཅིག་གཏེར་སྟོན་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་དེ་ཉིད་ཀྱིས་གཏེར་ཆོས་ཕུ་ཏི་རྣམས་དབུ་ཆོག་ཏུ་བཀོད་ནས་བཀའ་གཏད་མཛད་པ་དང་བཀའ་སྡོད་ཞིང་སྐྱོང་ཆེན་པོའང་མངོན་སུམ་གཟིགས་པ་བྱུང་ཞིང། ཉེ་བརྒྱུད་ཀྱི་བཀའ་བབ་དེ་བཞིན་ཡོད་ཀྱང། སླར་ཡང་སྟག་བླ་རིག་འཛིན་ཀུན་བཟང་རྣམ་རྒྱལ་དང་རྡོ་རྗེ་དཔའ་བོ་སོགས་ལས་གཏེར་ཆོས་ཡོངས་རྫོགས་གསན། དེ་སྐབས་རིག་འཛིན་ཀུན་བཟང་རྣམ་རྒྱལ་གྱིས་ཁོ་བོ་ལ་སྦྱིར་སློབ་མ་གྲངས་ཀྱིས་མི་ཆོད་(སྨད་ཆ།༤༦༡)ཅིང། གཅོ་བོ་བུམ་འཛིན་ནུས་པ་བདུན་བརྒྱ་དང་དགོངས་པ་མངོན་དུ་གྱུར་པ་བཞིར་ཉེ་བ་ཡོད་པའི་ཡ་གྱལ་གཅིག་ཁྱོད་ཉིད་ཡིན་ཞེས་གསུངས་ནས་རྗེ་འདིར་བསྔགས་བརྗོད་མང་དུ་མཛད། ཀ༔ཐོག་དྲུང་པ་ནམ་མཁའ་རྒྱ་མཚོ་དང་བཀའ་ཆོས་ཕར་ཕུལ་ཚུར་གསན་མང་དུ་མཛད་ཅིང་རྗེ་དེས་ཀྱང་བསྔགས་བརྗོད་མང་པོ་མཛད། ཁྱད་པར་བཞུགས་གནས་གང་འགབ་སོགས་གསུང་བརྟག་ཞུས་པ་རྒྱ་རོང་དུ་ད་ལྟའི་དགོན་པ་ཡོད་པ་འདི་གར་ལུང་བསྟན་པ་དང་སྔར་བོད་ལ་ཕེབས་དུས་གྲེས་པ་སྔགས་འཆང་ལ་ཞུས་པ་དང་ལུང་བསྟན་མཚུངས་པས། ཆུ་ཁྱི་ལོར་གནས་དེར་ཞབས་ཀྱིས་བཅགས་ཤིང་བཞུགས་གནས་ཀྱི་གཞི་འདིང་བ་མཛད། ཤིང་བྱི་ལོར་ཉི་གྲགས་མཆོག་སྦྲུལ་གནས་དེར་དགུན་བཞུགས་མཛད་པ་ནས་དག་སྣང་རྒྱ་ཅན་གསན་ཅིང། རྗེ་དཔོན་ཉིད་ཀྱིས་ཞལ་སློབ་ཀྱི་ཐོག་མ་དགེ་སློང་སྐལ་བཟང་དོན་ཡོད་སོགས་འདུས་ཚོགས་བརྒྱ་ཕྲག་དྲེགས་པའི་བླ་རྡོ་རང་སྲོག་དངོས་སུ་ཕུལ་བ་ཕྱག་ཏུ་སོན། དེ་སྐབས་ཀུན་མཁྱེན་ཀློང་རམ་པའི་བསྟན་བཅོས་མཛོད་བདུན་པར་རྐོ་པའི་དགོངས་པས་མཆོག་སྦྲུལ་རིན་པོ་ཆེར་བཀའ་འགྲོས་ཕུལ་ནས་འཇའ་གུར་གྱི་དབུས་ན་ཀུན་མཁྱེན་ཀློང་ཆེན་པས་དངོས་སུ་ཞལ་གཟིགས་ནས་འོད་གསལ་རྡོ་རྗེ་རྩེ་མོའི་བཀའ་གནང་རྣམས་ལེགས་པར་བཀྲོལ་བར་མཛད་པས་ཟབ་མོའི་གནས་ལ་མི་འཇིགས་པའི་སྦོབས་པ་དང་རྟོགས་པའི་ངོ་བོ་གོང་དུ་འཕེལ་ཏེ་ཀུན་བཟང་དགོངས་པའི་རྒྱལ་སྲིད་ལ་དབང་འབྱོར་བ་གྱུར། མི་རིང་བར་མཆོག་སྦྲུལ་རིན་པོ་ཆེ་དེ་ཉིད་གཞན་(སྨད་ཆ།༤༦༢)དོན་ལ་དགོངས་པས། རྗེ་འདིར་དོན་བརྒྱུད་ཀྱི་བསྟན་པ་དང་གདན་སའི་ཁུར་བཅས་ལྷན་ཅིག་ཏུ་གཏད་པས། དངོས་རྫས་སྟོང་ཇ་གཅིག་ཙམ་གྱིས་དགོངས་རྫོགས་ཀྱང་རྒྱ་སྦྲོས། བཟང་ཇ་ལྔ་བརྒྱ་ལྷག་གི་དངོས་རྫས་ཀྱིས་གསེར་གདུང་རིན་པོ་ཆེ་དངོས་གཙང་བཞེངས་ནས་གཏེར་བྱོན་རྟེན་གསུམ་ཁྱད་འཕགས་མང་པོ་གཙོ་བོར་གྱུར་པའི་རིང་བསྲེལ་རྣམ་པ་བཞིའི་བྱུར་བུར་གཏམས། དབུས་ལྗོངས་བླ་དགོན་ཡོངས་ལ་བསྲེལ་རྣམ་པ་བཞིའི་ཕྱུར་བུར་གཏམས། དབུས་ལྗོངས་བླ་མ་དགོན་ཡོངས་ལ་བསྙེན་བཀུར་གྱིས་མཆོད་པ་དང་མཆོག་སྦྲུལ་རིན་པོ་ཆེ་ངོས་འཛིན་བརྟག་ཞུ་སོགས་དོགས་གཅོད་མཛད་དགོས་གང་ཅིང་ཞབས་རིངས་པ་བླ་མ་པདྨ་ཐེག་མཆོག་རྫོང་བརྡ་གནང། ས་མོ་ཡོས་ལོར་འདུ་ཁང་ཆེན་མོ་ཀ་བ་བཞི་བཅུས་གཏེགས་པའི་བཀོད་ལེགས་གསར་སྐྲུན་མཛད། རྫོགས་ཆེན་མཆོག་སྦྲུལ་གསུམ་པ་རྫ་ཁོག་ཏུ་འཁྲུངས་པར་ངོས་འཛིན་ཕུལ་ནས་བསུ་བའི་བཀོད་བཤམས་ཁྲིར་འདོན་གྱི་ཞལ་མཚམས་བཅད་རྒྱར་བཞུགས། སྐུ་མཚམས་སྔ་ཕྱིར་ལོ་བཅོ་ལྔ་ཙམ་སོང་གསུངས། འདི་སྐབས་ཤིག་གི་དུས་ཨོ་རྒྱན་ཆེན་པོ་མཁའ་འགྲོ་གཉིས་དང་བཅས་པ་དངོས་སུ་ཞལ་གཟིགས། སྔར་དུས་ཤིང་སྙིང་སྨན་ཆུ་ཁར་ཕེབས་པའི་ལམ་དུ་རྗེ་ཉིད་འཇའ་གུར་གྱིས་གཡོགས་ཤིང། གཞན་འཇའ་གུར་དུ་འཇུག་པ་ན་དེ་ཕྱོགས་ནས་ཡལ་འགྲོ་བ་ཞིག་བྱུང་བས་ཐམས་ཅད་ངོ་མཚར་གྱི་གནས་ལ་བཀོད། དེ་སྐགས་གཏེར་གྱི་ཁ་བྱང་ཞིག་ཕྱག་ཏུ་སོན་ཀྱང་བདག་གིར་མ་མཛད་དོ། དེ་ཕྱིན་རྫས་གཏེར་ཕྲན་བུ་འགའ་ཞིག་དང། དགོངས་གཏེར་ཆད་ཚུད་ཕྲན་ཚེགས་ཙམ་ལས་ཟབ་གཏེར་བཞེས་(སྨད་ཆ།༤༦༣)པར་མ་གནང་སྟེ། ཨོ་རྒྱན་ཆེན་པོའི་རེས་འགའ་མི་འབྱིན་གཏེར་རྙེད་བསྟན་པ་སྐྱོང། ཞེས་གསུངས་པ་ལྟར་ཟབ་མོ་གཏེར་གྱི་འཁོར་ལོས་བསྒྱུར་བ་ཞིག་ཏུ་ངེས་ཀྱང་གཏེར་རྙིང་གི་བསྟན་པ་སྐྱོང་བ་ལ་ཐུགས་བསྐྱེད་དང་སྔོན་སྨོན་གྱི་མཐུན་གྲུབ་པའི་རྟེན་འབྲེལ་གྱིས་སྐུ་ཚེ་འདིར་གཏེར་བཞེས་པར་མ་གནང་བར་འདུག་གོ། གཞན་ཡང་གཏེར་ཁ་ཟུང་གི་གཤིན་རྗེ་ཆོག་ཁྲིགས་མཛད་སྐབས་རྒྱལ་ཡུམ་མཚོ་རྒྱལ་གཤེན་རྗེ་དམར་པོའི་སྐུར་བཞེངས་ནས་དབང་དང་བྱིན་རླབས་སྩལ་བ་དང། ཁྲ་བྲག་ཕུར་པའི་ཆོག་ཁྲིགས་མཛ་སྐབས་མནལ་ལམ་དུ་དཔལ་ཆེན་བཛྲ་ཀུ་མ་རའི་སྐུ་མཇལ་ཞིང་བྱིན་རླབས་མཛད་པ་དང། དུག་གདོང་ཆོལ་ཁྲིགས་མཛད་སྐབས་སྣོད་བཅུད་ཐམས་ཅད་འཇམ་དཔལ་ཁྲོ་བོའི་སྐུ་དང་ཞིང་ཁམས་སུ་གཟིགས་པ་དང། སྐུ་ལྟེམ་པའི་སྐབས་ཤིང་དྲང་སྲོང་ཆེན་པོ་མངོན་སུམ་དུ་གཟིགས་པས་དེའི་སྟེང་ཐད་ན་རྟ་མགྲིན་དམར་པོ་ལྷ་ལྔའི་རྣམ་པས་དྲང་སྲོང་གི་སྐུ་དེ་ཟིལ་གྱིས་མནན་ནས་སར་ཐེམ་ཞིང། རྟ་མགྲིན་གྱི་སྐུ་ལས་འོད་ཟེར་དམར་པོའི་སྣང་སྲིད་ཁྱབ་པས་སྲུང་མའི་འཚུབ་ལྷོང་ཞི་བ་མངོན་སུམ་དུ་གཟིགས་པ་སོགས་དང། ཡང་སྔ་མོ་ཞིག་སྦྱི་རྒྱལ་སྟག་རིར་གྲགས་པའི་གཞི་བདག་དེའི་གམ་དུ་ཞབས་སྐྱོད་གནང་སྐབས་གློ་བུར་དུ་ཞབས་ལ་སྙུང་ཟུག་ཞིག་བྱུང་བ་ཞིག་བདག་གི་ཆོ་འཕྲུལ་དུ་དགངས་ནས་ས་དམིགས་ཀྱི་རྡེའུ་ཞིག་ཞབས་ཕྱག་ཏུ་བཅུག་ནས་ཏིང་ངེ་འཛིན་གྱིས་གཅུན་པས་ཁོ་བྲེད་ཅིང་སྔངས་ཏེ་སྲོག་སྙིང་ཕུལ་ནས་དམ་ལ་བཞག་པས་ཕྱིན་ཆད་འཚེ་བ་མེད་པར་སྡོང་གྲོགས་བྱེད་པ་བྱུང་ཞིང། དེར་མཚུངས་དབུའི་རིའི་བཙན་དང། ལྡོག་ལུང་གི་བདུད་སོགས་གཟུགས་མེད་མང་པོ་ཚར་གཅོད་རྗེས་འཛིན་མཛད་པ་(སྨད་ཆ།༤༦༤)དང། གདན་ས་ཆེན་པོར་ཡང་འདྲེ་ངན་མང་པོ་བཏུལ་ཞིང་དམ་ལ་བཞག་པ་དང། ཕ་རོལ་གྱི་རྦ་འདྲེ་རྟོལ་པོའི་གཟུགས་ཀྱི་མཆུ་ཏིང་འཛིན་གྱི་སྲེད་བུས་བཅིངས་པ་སོགས་མི་མ་ཡིན་གདུག་ཅན་མང་པོར་ཚར་གཅོད་པའི་མཛད་པ་སོགས་མང་དུ་ཡོད་ལ། གླིང་ཚང་དུ་ཞབས་སྐྱོད་གནང་སྐབས་ཁྱིམ་གཞན་ཞིག་ནས་གསོལ་ངན་ཞིག་ཞུས་པ་དེ་འཕྲལ་རླུང་བུམ་པ་ཅན་གྱི་སྦྱོར་བས་འཁྲུ་བར་གནང་བས་གནོད་མ་ནུས་པ་དང། ཏིང་ངེ་འཛིན་ལ་གསལ་འགྲིབ་མེད་པས་མནལ་དུ་བཞུགས་སྐབས་ཀྱང་ཞལ་འདོན་སོགས་ཚོགས་མེད་ནུས་པ་དང། འབྱུང་བའི་སྒྲ་ལས་སེམས་ཅན་སྐྱེ་འཆི་སོགས་ལེགས་ཉེས་ཅི་འབྱུང་གསན་པ་དང། གཞན་རྒྱུད་ཀྱི་རྟོག་པ་ཇི་བཞིན་མཁྱེན་པ་དང། སྐུ་བལྟམས་པའི་ཚུལ་བསྟན་པའི་དུས་གེར་མཛོ་ལ་སོགས་པའི་གཞི་བདག་རྣམས་ཀྱིས་བསྙུང་གཡོག་སོགས་མངོན་སུམ་དུ་བྱེད་པ་དང། སྲུང་མ་རྣམས་ཀྱིས་ཕྲིན་ལས་གང་བཞེད་བསྒྲུབས་ཤིང་ཁྱད་པར་སྦྱི་སྒོས་བསྟན་ལ་འཚེ་བའི་གདུག་ཅན་འགའ་ཞིག་དུས་མཐའི་ལམ་དུ་བཏང་བ་སོགས་ཆོས་སྐྱོང་བྲན་དུ་ཁོལ་བའི་མངོན་རྟགས་གསལ་བ་དང། གཞན་ཡང་སྔ་མོ་ནས་བཟུང་བདུད་རྩི་སྨན་སྒྲུབ་དང། སྐྱེ་བདུན་མྱོང་གྲོལ། ཕུར་པའི་སྒྲུབ་ཆེན་སོགས་ལན་གྲངས་དུ་མ་མཛད་དེ། དེ་དག་གིས་དུས་རྣམས་སུ་བདུད་རྩི་ཁོལ་བ་དྲི་བཟང་འཐུལ་བ། སྨན་དང་རིལ་བུ་འཕེལ་བ། རྒྱང་རིང་དང་ལྡན་འགའི་སར་རིལ་བུ་འཕུར་བ། གཏོར་མ་དང་ཕུར་ཆ་ལས་མེ་འབར་བ་སོགས་བགྲངས་ཀྱིས་མི་ལངས་ཡང། གཏོར་མ་དང་ཕུར་ཆ་ལས་མེ་འབར་བ་སོགས་བགྲངས་ཀྱིས་མི་ལངས་ཡང། འདིར་ཡི་གེ་མང་གི་དོགས་ནས་བྲི་བར་མ་ནུས་ལ་རྗེ་ཉིད་ཀྱི་རྣམ་ཐར་མཁས་གྲུབ་ཆོས་ཀྱི་སྦྱན་ལྡན་བླ་ཆེན་ནམ་མཁའ་མཆོག་གྲུབ་ཀྱིས་མཛད་པའི་མོས་ལྡན་གདུང་(སྨད་ཆ།༤༦༥)བ་སེལ་བའི་དགའ་སྟོན་ལས་ཤེས་པར་བྱའོ། སྐབས་ཤིག་མནལ་ལམ་དུ་དཱངས་ཤེལ་ལས་གྲུབ་པའི་གུར་ཤིན་ཏུ་ཡངས་པ་ཞིག་གི་ནང་དུ་སྟོད་ན་རིག་འཛིན་བརྒྱུད་པ་རྣམས་དང། བར་དུ་དབང་ཆེན་རྟ་མགྲིན་ལྷ་ཚོགས་དང། སྒོར་སྲུང་མ་རྒྱལ་བཙན་སོགས་བཞུགས་པ་ཞིག་གཟིགས་པའི་ཕྱི་ཉིན་ཆེ་ཡོ་རིག་འཛིན་ཆེན་པོ་མཇལ་དུ་བྱོན་པས་ཁྱེད་རང་དམ་ཚིག་གཙང་བའི་རྟགས་སུ་ངེས་ཤིང་དབང་ཆེན་རྟ་མཆོག་འདི་ཉིད་ཡི་དམ་དུ་བསྟེན་ན་ལེགས་ཚུལ་སོགས་གསུངས། ཡང་དགོན་ཕུར་རྣལ་འབྱོར་གྱི་ཆས་དང་ལྡན་པ་གཉིས་གྱི་འཕྲོར་རྗེ་ཉིད་དེ་འཕྲོར་གཅིག་ཡོད་པ་སོགས་གཟིམས་ལམ་དུ་བྱུང་ཚུལ་གསུངས་ཤིང། དེ་དག་ཀྱང་རྫོགས་པ་ཆེན་པོའི་ལྟ་གྲུབ་གཙང་མར་འཛིན་པ་འགའ་ཞིག་བྱོན་པའི་བརྡར་བཞེད། དེ་སྐབས་སྟག་མོ་སྒང་དུ་ཕེབས་ཉི་སྦྲུལ་རིན་པོ་ཆེར་བདུན་འདུལ་རྡོ་རྗེའི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཕུལ་ཞིང། ཚུར་ཡང་ཆོས་བཀའ་འགའ་ཞིག་གསན། སྟག་སྒང་འདུས་སྡེར་ཡང་ཉི་སྦྲུལ་རིན་པོ་ཆེའི་གསུང་བཞིན་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཉམས་ཁྲིད་ཟབ་མི་སྨིན་རྒྱས་སུ་སྩལ། དེ་ནས་རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེ་དབང་ལུང་གི་རིགས་མང་པོ་ཆེད་གཏད་དུ་གནང་ཞིང། གོང་མ་རྣམས་ཀྱིས་གཤེགས་རྫོགས་དུ་བུམ་སྒྲུབ་ཆེན་མོ་ལོ་ལྟར་ཚོགས་རྒྱུའི་ཆས་དང་དངོས་རྫས་གཏན་བཞག་སོགས་ཀྱི་ཞལ་བཀོད་མཛད། རབ་འབྱམས་སྦྲུལ་པའི་སྐུ་དང། ཉི་སྦྲུལ་སོགས་གཤེགས་པའི་དགོངས་པ་རྫོགས་ཐབས་དང་རྗེས་ཀྱི་བྱ་བ་འདི་དགོས་སོགས་ཀྱི་འགན་བཞེས་མཛད། དེ་ཕྱིན་འདུས་པ་ཡས་ཕྱིན་རྣམས་སུ་ཁོ་བོ་ཡུན་རིང་ཨེ་སྡོད་མི་ཤེས་པས་ཁྱེད་རྣམས་ཀྱང་ཆོས་ཚུགས་ཟིན་ངེས་དང་ལུགས་(སྨད་ཆ།༤༦༦)གཉིས་གང་ཡང་ཁོ་བོ་དུས་ལྟར་གྲུབ་དབང་རྫོགས་ཆེན་པས་སྲོལ་གཏོད་པའི་ཚུལ་འདི་དག་མ་ཉམས་པར་བྱེད་དགོས་སོགས་ཐུགས་སྣ་ཐུང་ཐུང་ལྟ་བུའི་ཞལ་ཏ་དང་སློབ་དོན་ཡང་ཡང་ཕེབས་ཤིང། ཁྱད་པར་དགུང་ལོ་རེ་བདུན་བཞེས་པ་ཆུ་སྦྲུལ་ལོར་རྒྱ་རོང་དུ་ཕེབས་ཀར་མཆོག་སྦྲུལ་དམ་པར་གྲུབ་དབང་རིན་པོ་ཆེའི་ཕྱག་ངེས་ངོ་མ་ཕུར་པའི་ཕུ་ཏི་སོགས་ཕྱག་ཏུ་ཕུལ་ནས་འཕྲལ་དང་ཡུན་གྱི་བསླབ་བྱ་མང་པོ་ཞལ་ཆེམས་ཀྱི་ཚུལ་དུ་ཞུས་ཤིང་དོན་གྱིས་སྒྲུབ་རྒྱུད་ཀྱི་བསྟན་པ་གཏད་ནས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མངའ་གསོལ། དེ་ནས་རྒྱ་རོང་དུ་ཕེབས། སྒྲུབ་ཆེན་འགའ་ཞིག་འཇུགས་པའི་ཚོགས་དབུར་ཕེབས་མཆོག་སྐབས་མཆོག་སྦྲུལ་ནམ་མཁའ་མཆོག་གྲུབ་ལ་རྡོ་རྗེ་སློབ་དཔོན་གྱི་བགྱི་འོས་ཐམས་ཅད་ཁྱོད་ཀྱིས་གྱིས་ཤིག་གསུང་ནས་དབུ་ཞཱ་བེར་ཕོད་སོགས་གནང་སྟེ་རྒྱལ་ཚབ་ཏུ་མངའ་གསོལ། སྒྲུབ་ཆེན་གྱི་རིང་སོགས་ལ་སྣང་གྲགས་ཐམས་ཅད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྐུ་དང་སྔགས་སུ་གསན་གཟིགས་བྱུང་བའི་གསུང་འཕྲོར་སྩལ། དེ་ནས་མི་རིང་བར་ཅུང་ཟད་སྐུ་ལྟེམས་པའི་ཚུལ་དང་བཅས་གཟུགས་སྐུའི་བཀོད་པ་ཕྱོགས་གཅིག་བསྡུས་ནས་འོག་མིན་ཆེན་པོར་རང་སྣང་ལོངས་སྐུའི་ཞིང་ག་ལ་བདེར་གཤེས་པར་གྱུར་ཏོ། གདུང་ཞུགས་འབུལ་བགྱིས་པས་ཐུགས་ལྗགས་སྦྱན་གསུམ་ཞུགས་ཀྱིས་མ་སྨས་པ་དང་རིང་བསྲེལ་ཕྲ་མོ་མང་དུ་བྱོན། གདནས་ཡས་ཕྱིན་ནས་དགོངས་རྫོགས་མཆོད་སྦྲིན་བ་དང། སྐྱེ་བུ་ཆེན་པོའི་གསུང་ལུང་བཞིན་གསེར་གདུང་ཁྱད་འཚར་གདན་ས་གོང་མར་བཞེངས་པ་སོགས་སྲི་ཞུ་ཕུལ་དུ་བྱུང་བ་བསྒྲུབས་པར་མཛད་དོ། དེ་ཡང་རྗེ་འདུ་ལུགས་གཉིས་ཀ་ནས་རང་བསྟན་ལ་ཕན་སླེབས་ཆེ་བ་དང་(སྨད་ཆ།༤༦༧)གདན་ས་ཡུན་རིང་བསྐྱངས་ཤིང། ཕྱག་རྗེས་ཀྱང་ཆེ་བས་གཞན་འགྲན་དང་བྲལ་བ་ཡིན་ནོ། ཞལ་སློབ་ཀྱི་གཙོ་བོ་ནི་རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེ། ཉི་སྦྲུལ་སེམས་དཔའ་ཆེན་པོ། མཁས་བཙུན་ནམ་མཁའ་ཚེ་དབང་མཆོག་གྲུབ། ངེས་དོན་གྱི་རྟོགས་པ་མངོན་དུ་གྱུར་པའི་གྲུབ་ཆེན་སྐལ་བཟང་དོན་ཡོད་སོགས་མཁས་པ་དང་གྲུབ་པའི་ཚོགས་ཀྱི་ནོར་འཛིན་གྱི་ཁྱོན་གང་བར་གྱུར་པས་ཐམས་ཅད་བརྗོད་པར་མི་ནུས་སོ། མཆོག་སྦྲུལ་རིན་པོ ་ཆེ་ངེས་དོན་བསྟན་འཛིན་བཟང་པོ་ནི། སྦྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དམིགས་པ་མེད་པའི་མཁྱེན་བརྩེ་དང་ནུས་པ་ལ་དབང་འབྱོར་བས་དུས་སྐད་ཅིག་མ་རེར་ཡང་མཐའ་ཡས་པའི་ཞིང་རྣམས་སུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་ཅི་ཡང་སྟོན་ཅིང་གདུལ་བྱའི་ཡུལ་དང་མཐུན་པར་འཇུག་པས་སེམས་ཅན་གྱི་དོན་བྱེད་པ་ལ་གཡེལ་བ་མེད་ཀྱང་རེ་ཞིག་ཞིང་འདིའི་གདུལ་བྱ་ཚུར་རོལ་མཐོང་བ་དག་གི་སྣང་ངོ་སྐལ་པ་དང་འཚམས་པའི་སྐུའི་བཀོད་པ་སྣང་བར་མཛད་པའི་ཚུལ་བསྟན་ཏེ། དེ་ཡང་སྐུ་འཁྲུངས་པའི་ཡུལ་ནི། ཤར་ཕྱོགས་ཟླ་བའི་ཆུ་ཀླུང་ཆེན་པོ་དལ་གྱི་འབབ་པའི་ཡུལ་གྱི་བྱེ་བྲག་ཧོ་པ་ཞེས་པའི་སའི་ཆར། ཡབ་ཚེའི་རིག་བྱེད་ལ་བྱང་ཆུབ་ལ་བྱང་ཆུབ་པའི་མཁས་པ་འགའ་ཞིག་བྱོན་པའི་བརྒྱུད་ལས་བཀྲ་ཤིས་འབུལ་ཞེས་པའི་སྲས་སུ། མྱོས་ལྡན་ཞེས་པ་ས་མོ་ཡོས་ཀྱི་ལོ་ལ་སྐུ་བལྟམས། གསུང་ངག་བྱེ་བ་ནས་རྗེ་གོང་མའི་ཐུགས་ཀྱི་བག་ཆགས་མ་བརྗེད་པར་མཆོག་སྦྲུལ་གོང་མ་དེ་ཉིད་ཡིན་ཚུལ་དང་གྲ་པ་ཡང་མིང་པདྨ་ལས་གྲས་པ་གསུམ་ཡོད་ཚུལ་སོགས་ཡང་ཡང་གསུངས་ཤིང། དེ་སྐབས་དབུས་གཙང་བླ་མ་ལྷ་བཅས་ཀྱི་གསུང་བརྟག་རྣམས་དང། དམ་(སྨད་ཆ།༤༦༨)ཅན་སྐྱེས་བུ་ཆེན་པོའི་གསང་བའི་ལུང་བསྟབ་དང། གྲུབ་པའི་དབང་ཕྱུག་རྗེ་དཔོན་རིན་པོ་ཆེ་ཉིད་ཀྱི་གསང་ལུང་རྣམས་གུང་མཐུན་པས། ཆེ་བགྲེས་རྣམས་ཀྱིས་ངོས་འཛིན་ཕུལ་བས། སྦྲུལ་པའི་སྐུ་རིན་པོ་ཆེའི་སྔོན་གནས་རྗེས་དྲན་གྱི་རྣམ་པ་ཐར་པ་བཟང་པོའི། ཕྱག་དཔེ། རྡོར་དྲིལ། ཕྱག་ཕྲེང། གསོལ་ཞལ་སོགས་ཉེར་སྦྱད་རྣམས་ངོ་འཛིན་གནང་བ་དང་སྔོན་གྱི་མཛད་ཚུལ་སོགས་གསུང་ངེས་ཤེས་འདྲོངས་པ་མང་པོ་སྩལ་བས་ངོ་མཚར་ཡིད་ཆེས་ཀྱི་ས་ལ་སྦྱོར་བ་མཛད། དེ་ནས་སྣ་ཚོགས་ཞེས་པ་ཆུ་རྟ་ལོར་ངུ་ངམ་གདན་ས་ཆེན་མོར་སྦྱན་དྲངས། ཉི་སྦྲུལ་རྡོ་རྗེ་འཆང་བསྟན་པའི་རྒྱལ་མཚན་གྱིས་ཐོན་མཐིང་གི་ལྕང་ལོ་བསིལ་ནས་མཚན་ཀུན་དགའ་བློ་གྲོས་ཀྱིས་ཀྱང་ཆབ་ཤོག་གི་ལྕང་ལོ་བསིལ་ནས་མཚན་ཀུན་བཟང་ཐེ་མཆོག་བསྟན་པའི་མགོན་པོར་གསོལ། རྗེ་དཔོན་རིན་པོ་ཆེས་ཁྲིར་བཀོད་པའི་ཞབས་འགྱུར་དང་བཅས་མཚན་ངག་དབང་པདྨ་རྣམ་རྒྱལ་དུ་གསོལ། ས་སྐྱ་གོང་མ་རིན་པོ་ཆེ་བདག་ཆེན་ངག་དབང་ཀུན་དཀའ་བློ་གྲོས་ཀྱིས་ཀྱང་ཆབ་ཤོག་གི་ལམ་ནས་ཞབས་བརྟན་དང་བཅས་རིག་འཛིན་ཕྲིན་ལས་དབང་ཕྱུག་ཨ་ཏི་བསྟན་པའི་རྒྱལ་མཚན་དུ་མཚན་གསོལ། ཐོག་མར་རྟེན་འབྲེལ་གྱིས་ཁྱད་ཀྱིས་གྲུབ་དབང་རིན་པོ་ཆེའི་གཟིམ་ཆུང་དུ་བཞུགས་སུ་གསོལ། དེ་སྐབས་དམ་ཅན་ཆེན་པོ་སྐུ་ཆུང་དུ་ཞིག་གིས་སྲུང་བའི་ཚུལ་གྱིས་ཡང་ཡང་སྐོར་བ་བྱེད་པ་གཟིགས་གསུངས། དེ་ནས་སློབ་དཔོན་བླ་མ་པདྨ་ཐེག་མཆོག་བརྐོས་ནས་ལྗགས་ཀློག་སྦྱོང་བར་མཛད། དེ་སྐབས་གཟིམས་ལམ་དུ་གཞི་བདག་ཀུ་ར་ཡིན་ཟེར་བའི་གཡག་དཀར་པོ་ལ་ཞོན་པའི་མི་དཀར་བོན་ཞ་གྱོན་པ་ཞིག་ཡང་ཡང་འོང་བ་གཟིགས། རྗེ་དཔོན་བླ་མར་ཞུས་པས་ཡུལ་ལྷ་ཡིན་པས་ཁྱེད་ལ་འཁོར་བ་ཡིན་པར་སྣང། འོན་(སྨད་ཆ།༤༦༩)ཀྱང་དེ་མི་ལེགས་པས་ངས་ཐབས་བྱའོ་གསུངས་ནས་ཐུགས་དམིགས་གནང་བས་དེ་ནས་འོང་རྒྱུ་མི་འདུག། སྐབས་ཤིག་མི་མང་ཚོགས་པའི་གསེབ་ཞིག་ན་འདུག་པ་གཟིགས་གསུངས། དགུང་ལོ་བདུན་བཞེས་པའི་དུས་ཀུན་མཁྱེན་ཀློང་ཆེན་པའི་བསྟན་བཅོས་ཡིད་བཞིན་མཛོད་དང་ཉི་གྲགས་གཏེར་ཆོས་ཡོངས་རྫོགས་མདོ་སྒྱུ་སེམས་གསུམ་སོགས་བཀའ་གཏེར་ཆོས་ཚུལ་དུ་མ་དང། ཁྱད་པར་ཉི་སྦྲུལ་རིན་པོ་ཆེ་ཀུན་བཟང་ཐེག་མཆོག་རྒྱ་མཚོའི་ཞལ་སྔ་ནས་མཁན་པོ་དང། རྗེ་དཔོན་ཉིད་ཀྱིས་ལས་སློབ་མཛད་ནས། དགེ་འདུན་ལྔ་ཚོགས་ཀྱི་དབུས་སུ་ཚིག་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་རབ་ཏུ་བྱུང། མཚན་སྔོན་མའི་འཕྲེར་ངེས་དོན་བསྟན་འཛིན་བཟང་པོ་ཞེས་གསོལ། ངུར་སྨྲིག་འཛིན་བརྟུལ་ཞུགས་ལ་གནས་པར་མཛད། རྗེ་དཔོན་རིན་པོ་ཆེ་ལས་ཉིང་ཐིག་རྣམ་གཉིས་སོགས་ཉམས་ཁྲིད་དང་བཀའ་ཆོས་མང་པོ་དང། ཀ༔ཐོག་དྲི་མེད་ཞིང་སྐྱོང་ལས་བདུད་འདུལ་རྡོ་རྗེའི་གཏེར་ཆོས་ཚང་མ་དང། བཀའ་གྱུར་བ་བཀྲ་ཤིས་རྒྱ་མཚོ་ལས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལུང་དང། དགེ་བཤེས་བསྟན་འཛིན་ལས་རྙིང་མ་རྒྱུད་འབུལ་གསན། དགེ་སློང་སྐལ་བཟང་དོན་ཡོད་ལས་སྙིང་ཐིག་ཉམས་ཁྲིད་ཟབ་བཞེས་གནང་ཞིང། གཞན་ཡང་དཔའ་བོ་ལས་རབ་རྩལ། གུ་རུ་བླ་མ་བསྟན་འཛིན་སྙིང་པོ། མཁས་བཙུན་ཆེན་པོ་ནམ་མཁའ་མཆོག་གྲུབ། རྡོ་བླ་མ་ཀུན་བཟང་གཞན་ཕན་སོགས་ལས་བཀའ་ཆོས་མང་དུ་གསན། ས་ཕོ་ཁྱི་ལོར་དབུས་ལྗོངས་སུ་ཆིབས་སྐྱོད་(སྨད་ཆ།༤༧༠)གནང་ནས། ཇོ་ཤཀ་རིན་པོ་ཆེ་རྣམ་གཉིས་གཙོ་བོར་གྱུར་པའི་བོད་ཀྱི་རྡོ་རྗེ་གདན་གསུམ་ནས་ལྷོ་བྲག་ཚུན་གྱི་གཙུག་ལག་ཁང་རྣམས་སུ་མཆོད་སྦྲིན་དང་བཅས་བསྟན་འགྲོ་ཕན་བདེ་འབྱུང་བའི་ཐུགས་འདུན་བསྔོ་སྨིན་ཕྲིན་བཅོལ་གང་འོང་གནང། ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོ་དང། ཁྲི་ཆེན་ནོ་མི་ཧན་གཉིས་ལ་དངོས་རྫས་གཏོས་ཆེ་བ་དང། དགའ་ལྡན་ཤེ་རྩེ་བྱང་རྩེའི་མཁན་པོ་ཟུང་དང། སེ་འབྲས། རྒྱུད་སྡོད་སྨད་སོགས་ཀྱི་མཁན་ཁག་རྣམས་ལའང་འབུལ་མཚོན། སྨོན་ལམ་ཚོགས་ཆེན་ལ་མང་ཇ་དགུ་དང་དངུལ་ཞོ་རེའི་འགྱེད། དེ་མཚུངས་ཚོགས་མཆོད་དང། སེ་འབྲས་རྒྱུད་སྟོད་སྨད་སོགས་ལ་མང་ཇ་རེ་དང་དངུལ་ཊམ་ཀ་རེའི་འགྱེད། རང་ལུགས་རྡོར་སྨིན་དཔལ་རི་ལྷོ་བྲག་རྣམས་ལ་དགེ་འདུན་འདུས་པར་མང་ཇ་ལན་ཁ་ཡར་དང་དགེ་འདུན་རེ་ལ་བཟང་ཇ་སྦག་རེ་དང་རས་དངུལ་སོགས་ཀྱི་འགྱེད་ཀྱང་འོས་འཚམས་ལམ་འགའ་རེ་བཅས་དང། བླ་མ་རྣམས་ལ་འབུལ་བ་གཏོས་ཆེ་བ་ལན་ཁ་ཡར་དང། མཚིམས་ཕུ་ཤེལ་བྲག་སྒྲག་ཡང་རྫོངས་རྣམས་ལའང་མང་ཇ་འགྱེད་བཅས་གནང། ལྷོ་བྲག་ཐུགས་སྲས་ལས་པདྨ་གླིང་པའི་ཆོས་སྐོར་དང། གྲུབ་ཆེན་པདྨ་བཤེས་གཉེན་ལས་ཀྱང་གཏེར་གཙོར་གྱུར་རྙིང་ཆོས་འགའ་དང། སྨིན་གླིང་མཁན་པོ་ལས་སྨིན་གླིང་གཏེར་ཆོས་དང་བི་མ་སྙིང་ཐིག་སོགས་གསན། ཁྱད་པར་དུ་སྨིན་གླིང་མཁན་པོ་ལས་ཚིག་ཕྱི་མ་དགེ་སློང་གི་དངོས་པོར་བསྒྲུབས་ནས་བསྙེན་པར་རྫོགས་པར་མཛད། ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བློ་གྲོས་ཡབ་སྲས་ལྷ་ལྡན་དུ་ཕེབས་པ་དང་འགྲིག་པས་འབུལ་ནོད་རྒྱ་ཆེན་དང་དབང་ཆོས་ཕྲན་བུ་གསན། ངོར་པ། ས་སྐྱ།(སྨད་ཆ།༤༧༡)བཀྲ་ཤིས་ལྷུན་པོ་རྣམས་ལའང་མང་བཀོལ་བྱེད་པར་མངགས། དེ་མཚུངས་མཚུར་ཕུར་ཀརྨ་པའི་མདུན་དུ་པར་མང་ཇ། འབྲི་གུང་སྟག་ལུང་རྣམས་སུའང་དེར་མཐུན་གནང། མདོར་ན་སྐབས་འདིར་ཟང་ཟིང་གི་ཡ་བྱད་སྟོང་བརྒལ་བ་དང་ཤན་གཞུ་བརྒྱ་ཕྲག་གསུམ། གསེར་དངུལ་རྡོ་ཚད་ཉིས་བརྒྱར་ཉེ་བ། རྡ་དྲེལ་ཉིས་བརྒྱ། མཛོ་ཁལ་སུམ་བརྒྱ། གཅན་གཟན་ལྦགས་རིགས། གོས་དར་སོགས་མཐའ་ཡས་པས་མཆོག་སྦྲུལ་གིང་མའི་དུས་ལས་ལྷག་པའི་ཚོགས་བསགས་རྒྱ་ཆེར་མཛད་ཚུལ་ཞིབ་པར་རྣམ་ཐར་དུ་གསལ། གཞན་ཡང་འདི་ཕྱོགས་སུ་གཙུག་ལག་ཁང་གསར་བཞེངས། ཕྱག་ཚ་དགོན་ལྷ་ཁང་རྟེན་བརྟེན་པ་དང་བཅས་པ་དང། སྟག་དགོན་ཀ་ཐོག་དགོན་གཙུག་ལག་ཁང་རྟེན་བརྟེན་པ་དང། སྙིང་ཁོག་ཏུའང་གཙུག་ལག་ཁང་གསར་བཞེངས་ཀྱི་མཐུན་རྐྱེན་པོ་བྱད་རྒྱ་ཆེར་སྩལ་བ་དང་སྒྲུབ་གྲའི་འདུ་ཁང་བཀོད་ལེགས་པ་དང་གདན་ས་ཉིད་དུའང་གཙུག་ལག་གསར་བཞེངས་མང་དུ་མཛད་ཅིང། དེ་དག་རྣམས་སུ་སྐུ་གསུང་ཐུགས་རྟེན་བྲིས་འབུར་རྒྱུ་བཀོད་ཚོན་གསེར་སོགས་དངོས་གཙང་བ་དག་དང། གཞན་ཡང་གསེར་ཟངས་ལས་གྲུབ་པའི་ལྷའི་སྐུ་བརྟན་མང་པོ་གསར་སྐྲུན་མཛད་པ་དང། གཞན་ནས་བླུས་པའི་རྟེན་གསུམ་འགངས་གང་ཆེ་བུམ་དང། དེ་མོ་གོང་གཤམས་སོགས་ཤིན་ཏུ་དངོས་གཙང་ཁོ་ནའི་བྲིས་ཐང་ཀྱང་བརྒྱ་ཕྲག་ལས་བརྒལ་བ་དང། གསུང་རྟེན་ཡི་གེའི་རིགས་ཀྱང་དཔེ་རྒྱུན་དཀོན་རིགས་གསར་བཞེངས་པུ་ཏི་བརྒྱ་ཕྲག་མང་པོ་བསྒྲུབས་པ་དང། བཀའ་གཏེར་དཀྱིལ་འཁོར་མང་པོའི་(སྨད་ཆ།༤༧༢)འདོན་ཆའི་རིགས་དང་ཉིད་ཀྱི་ལྗགས་རྩོམ་ཆོས་སྦྱོད་སོགས་ཀྱི་བར་ཡང་ཤིང་ལྡེབ་སྟོང་ཕྲག་ལྷག་པ་སོགས། རྟེན་བཞེངས་ཀྱི་རིགས་གྲངས་ལས་འདས་པ་དང། ཁྱད་པར་རྡོ་བྲག་རིག་འཛིན་ཆེན་པོའི་ལུང་བསྟན་དང་རྗེས་སུ་མཐུན་པར་རྙིང་མ་བཀའ་མ་ཚོགས་ཆེན་འདུས་པ་དང་སྒྱུ་འཕྲུལ་གཙོ་བོར་གྱུར་པའི་དཀྱིལ་འཁོར་བཅུ་གསུམ་གྱི་སྒྲུབ་མཆོད་ངོ་མཚར་ཆེ་བ། གར་ཐིག་དབྱངས་རོལ་བཅས་བཤམས། སྒྲིག་ལམ་ཐམས་ཅན་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་ཇི་ལྟ་བ་བཞིན་གསར་འཇུགས་དང། དེ་དག་ལ་ཉེ་བར་མཁོ་བའི་མཆོད་པའི་ཡོ་བྱད་དཀྱིལ་འཁོར་རེར་ཡང་སོ་སོར་རྔ་སྣུབ་སིལ་སྙན་སོགས་ཆ་འགྲིག་ཤིན་ཏུ་དངོས་གཙང་བའི་སྦུས་ལེགས་ཁོ་ན་དང། དེ་མཚུངས་དུང་ཆེན་གླིང་བུ་དུང་དཀར། སྦོས་ཕོར། འཕན་གདུག་རྒྱལ་མཚན་ཡོལ་བ་ཐང་སྐུ་སོགས་དངོས་གཙང་གསར་བསྒྲིགས་དང། ཞཱ་ནག། ཕོང་ཀ། གར་གོས། ཟངས་འབག། ཞལ་བརྙན་བྷན་ཕུར་སོགས་འཆམས་ཆས་རྣམས་ཀྱང་གོས་ཆེན་རྒྱུ་བཟང་ཁོ་ན་ལས་གྲུབ་པ་མང་པོ་སྦྱོར་འཇགས་མཛད། དགོན་ཕུར་བསམ་གཏན་བསྒོམ་པའི་སྒྲུབ་གྲ་མི་བཅུ་གསུམ་རེར་སྒྲུབ་རྒྱགས་མཚམས་གཡོག་བཅས་གསར་འདེབས་དང། གཞན་ཡང་ཡིག་དྲུག་གཅོ་བོར་གྱུར་པའི་གཟུང་སྔགས་ཟབ་མོའི་རིགས་ཀྱི་འཁོར་ཆེན་མང་པོ་དྲུག་བསྒྲུབས་ནས་ཚུ་ལ་བསྐོར་བ་དང། སྐོར་དུ་འཇུག་པ་སོགས་རྣམ་དཀར་གྱི་དགེ་བ་སྟོབས་ཆེན་དམིགས་སུ་གང་འགྲོ་ཆེད་དུ་བསྒུབ་པར་མཛད་ཅིང། ཆོས་སྡེའི་བཅའ་ཁྲིམས་སོགས་ཀྱང་ཆོས་མཐུན་གྱི་བསླབ་བྱ་ནན་ཆགས་ཀྱིས་ལེགས་སྦྲེལ་ཉེས་འགོག་མཛད་པ་ལས། རྩུབ་(སྨད་ཆ།༤༧༣)སྦྱོད་དྲག་ཐལ་ཡིག་སྔར་མི་མཛེས་པའི་ཁྲིམས་གཅོད་སོགས་གཏན་ནས་མི་མཛད། ཉེས་ཆད་ཅུང་ཟད་བཅད་པའི་དངོས་རྫས་དེ་དག་ཀྱང་གནས་མིན་དུ་ཟག་པར་ཆོས་ཕྱོགས་སུ་འགྲོ་ངེས་མཛད་པ་སོགས། མདོར་ན་རྣམ་པར་དཀར་བའི་ཕྲིན་ལས་ཐམས་ཅད་ཆོས་མཐུན་ཁོ་ན་བསྐྱངས་ཤིང། གྲ་རིགས་སློབ་ཚོགས་ཡིན་བདག་རྣམས་ལའང་ལས་རྒྱུ་འབྲས་ཁོ་ན་གཙོ་བོར་གྱུར་བའི་གསུང་དང་མཛད་པས་སྐྱོང་བ་ལས་གཞན་པའི་རང་ཉིད་ཆེ་ཐབས་ལྟ་བུའི་ཆོས་བརྒྱད་འདུ་འཛིའི་གསུང་དང་མཛད་པ་ཡེ་ནས་མི་མངའ། སྐར་རྩིས་སྙན་ངག་སོགས་རིག་གནས་ཀྱང་འགའ་ཞིག་གསན་སྦྱོང་མཛད་ཅིང། ཁྱད་པར་གསུང་རབ་དང་བསྟན་བཅོས་རྣམ་ཐར་དེབ་ཐེར་ལོ་རྒྱུས་སོགས་ལ་སྦྱོད་བརྟར་ཕུལ་དུ་ཚུང་ཅིང་མཁས་པར་མཁྱེན་ཀྱང་གཞན་ངོར་མི་མཁྱེན་པའི་ཚུལ་ལྟར་མངོན་ཆུང་ཁོ་ན་མཛད། དོན་དུ་གཉེར་པ་དག་གི་གང་དང་གང་དྲིས་ཀྱང་དེ་དང་དེའི་ལན་ཐོགས་བརྟུགས་མེད་པར་སྩལ་ཞིང། རྒྱབ་བརྟེན་གྱིས་ལུང་བཀའ་བསྟན་བཅོས་ཀྱི་ཚིག་མང་པོ་ཐལ་བྱུང་དུ་གནང་བས་ལུང་ཕྱག། རིག་པ་རྣོ་མན་ངག་གི་གནད་དང་འབྲེལ་པ་ཤ་སྟག་སྩལ། གཞན་ཡང་སྐུ་འཕྱོར་དང་མཐོང་སྦངས་ནས་བཟང་འདོད་དང་ཆེ་འདོད་མི་མཛད་ཅིང། ན་བཟའ་སོགས་ཀྱང་མཐའ་གཉིས་སུ་མ་ལྟུང་བ་ཙམ་ལས་འཕྱོར་སྒེགས་ཀྱི་རིགས་གཏན་ནས་མི་མཛད། རྒྱུན་དུ་ནམ་གྱི་སུམ་གཉིས་ནས་བཞེངས་ཏེ་ཐུགས་དམ་ཞལ་འདོན་གྱི་རིགས་ཤིན་ཏུ་མང་པོ་དང། དགོང་མོའང་བསྐྱེད་རྫོགས་ཀྱི་གཞུང་བསྲང་བའི་གཏོར་བསྔོ་སོགས་གང་(སྨད་ཆ།༤༧༤)རྒྱས་གནད་རྟིང་ཟབ་མོའི་ཐུགས་དམ་ལ་མཉམ་པར་བཞག་པས་ནམ་གུང་བར་ཏིང་འཛིན་ལ་བཞུགས་ནས་ཅུང་ཟད་མནལ་ཙམ་ལས་དེ་མ་ཐག་ནས་ཐུགས་དམ་ལ་འཇུག། གཞན་ཡང་ཡར་ངོ་མར་ངོའི་ཚེས་བཅུ་སོགས་དུས་ཆེན་རྣམས་ལ་དཀྱིལ་འཁོར་མང་པོའི་ལས་གཞུང་བསྲང་བ་རེས་མོས་ཀྱིས་ཚེ་ག་ཚོགས་མཆོད་བསྐང་བཤགས་སོགས་ཀྱང་མང་དུ་སྩལ། དུས་རྟག་ཏུ་དབེན་པ་ལ་དགྱེས་པ་དང་སྒྲུབ་པ་ལ་ཐུགས་སྦྲོ་བ་ཁོ་ན་ཡོད་ཀྱང་གདན་སའི་ཁུར་བཞེས་ཀྱིས་དབེན་པ་བསྟེན་པ་སོགས་རྒྱུན་རིང་མཛད་རྒྱུ་མ་བྱུང་ཡང་གདན་ས་རང་དུ་ཐུགས་གུ་ཡངས་དང་གྲོས་དལ་ལྟ་བུར་མི་བཞུགས་པར་བསྙེན་སྒྲུབ་མང་དུ་ཧུར་ཐག་མཛད། གནས་ལུགས་ཟབ་མོའི་རྣལ་འབྱོར་ལ་ནམ་དུའང་མི་གཡེལ་བར་བཞུགས་ནའང། ཕྱག་དང་སྐོར་བ་སོགས་འདུས་བྱས་ཀྱི་དགེ་བ་ཕྲ་ཞིང་ཕྲ་བ་ལ་ཡང་བརྙན་པ་མི་མཛད་པར་ཉམས་སུ་བཞེས་ཤིང། གཞན་ལའང་བསྐུལ་བ་དང། བྱས་པ་ལ་རྗེས་སུ་ཡི་རངས་པ་གནང་བར་མཛད། སྐུ་མདུན་དུ་འདུག་པ་ཙམ་གྱིས་འཇིག་རྟེན་གྱི་བྱ་བ་ལ་བློ་སྣང་ཐུང་ཞིང་ངེས་འབྱུང་སྐྱེ་ནུས་པ་ཡོད་ལ། སྦྱིར་ཡང་ཆོས་སྲིད་ཀྱི་བྱ་བ་གང་དང་ཅི་སྒྲུབ་ཀྱང་ཐུགས་མྱུར་ཞིང་བཙོན་འགྲུབ་ཆེ་བལ་ལེ་ལོར་མི་ནུས་པ་དང། ཐུགས་སྒམ་ཞིང་བློ་འཛངས་པས་གྲུབ་མཐའ་མི་གཅིག་པའི་མཆོད་གནས་དགོན་པ་ཆེ་ཕྲ་གང་ལའང་ཆགས་སྡང་གི་བསྙན་རྩེར་མི་མངའ་ཞིང་ཐུགས་བསམ་དག་པས་སྒོ་དུ་མ་ནས་ཕན་པ་བསྒུགས་པར་མཛད། རང་ལུགས་བསྟན་པའི་འཕེལ་རྒྱས་ལའང་ཐུགས་བསམ་ཆེ་ཞིང་སྦྱན་རྒྱང་མི་ཐུང་བས་ཉེ་འཁྱད་པར་མའི་དགོན་གནས་གྲའི་རོགས་ཙམ་ལའང་ཞལ་སྐྱོང་གནང་ནས་ཕན་སླེབས་གང་ཆེ་མཛད། དངོས་རྫས་ཆེ་ཕྲའི་རིགས་གང་(སྨད་ཆ།༤༧༥)ཡང་འཕྲན་དགོས་ཙམ་ལས་ཕལ་ཆེར་ཚོགས་གསོག་རྟེན་བཞེངས་སོགས་ཀྱི་ཕྱོགས་སུ་བཏང་བ་ལས་ཕྱག་མཛོད་ཕུག་མའི་སྒོ་ལྕགས་བསྡོམས་པ་དང་གནས་མ་ཡིན་པར་ཟག་པ་སོགས་མི་མཛད་པར་ཕྲལ་བྱུང་ཕྲལ་དག་ལྟ་བུའི་དགེ་བའི་ཕྱོགས་སུ་ཅི་ཐེངས་མཛད། བཀའ་ཆོས་འཆད་སྦེལ་གནང་བའང་ལྗགས་ཀློག་བདེ་བས་རྣམ་པ་དག་ཅིང་ཚིག་གསལ་ལ་འགྲོ་མྱུར་ཞིང་དབང་ཁྲིད་ལྟ་བུར་ཡང་ཕྱག་ལེན་གཙང་ཞིང་རྣམ་དཔྱོད་ཆེ་ལ་ལྗགས་བཤད་མཛད་པའང་ལུང་རོགས་དང་འབྲེལ་བའི་གསུང་མཐའ་རྒྱ་ཆོད་ངེས་ལས་འབྲེལ་མེད་སྦོམ་ཡོར་མང་པོ་མི་མཛད། མདོར་ན་སྐྱོན་མེད་ཡོན་ཏན་དུ་མ་དང་ལྡན་པའི་མཛད་པ་ངོ་མཚར་ཅན་བསམ་གྱིས་མི་ཁྱབ་པ་མངའ་ཞིང། མགོན་པོ་བྱམས་པས། ཡི་གེ་འདྲི་མཆོད་སྦྱིན་པ་དང། ཉན་དང་ཀློག་དང་ལེན་པ་དང། འཆད་དང་ཁ་བཏོན་བྱེད་པ་དང། དེ་སེམས་པ་དང་སྒོམ་པ་སྟེ། སྦྱོད་པ་འདི་བཅུའི་བདག་ཉིད་ཀྱི། བསོད་ནམས་ཕུང་པོ་གཞལ་དུ་མེད། ཅེས་གསུངས་པ་ལྟར། ཆོས་སྦྱོད་བཅུའི་མཛད་པ་ཁོ་ན་ལྟུར་བཞེས་པས་བསྟན་པ་དང་སེམས་ཅན་གྱི་ཕན་བདེ་སྦེལ་བའི་མཛད་པ་བླ་མ་མེད་པ་ཉིད་མཛད་དོ། དེ་ཙམ་དུ་མ་ཟད་སྦྲུལ་པའི་སྐྱེས་མཆོག་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་དང། རྡོ་རྗེ་བྲག་ཞབས་དྲུང་རིག་འཛིན་ཆེན་པོ་སྐལ་བཟང་པདྨ་དབང་ཕྱུག། གྲུབ་པའི་དབང་ཕྱུག་དཔའ་བོ་ལས་པར་གྱུར་ཅིང། ཁྱད་པར་དུ་རིག་འཛིན་ཆེན་པོ་ཉི་མ་གྲགས་པའི་དག་སྣང་ཐོར་བུའི་ལུང་བསྟན་ལས། འགྲོ་དོན་འདི་བྱང་གི་ཕྱོགས་སུ་འབྱུང། ཞི་བ་འདི་རྒྱས་པའི་ལས་འགྲོ། དེ་བྱང་ཆུབ་སེམས་ལྡན་(སྨད་ཆ།༤༧༦)རིག་པ་འཛིན། པདྨའམ་ངག་དབང་མིང་གིས་སྦེལ། ཞེས་གསུངས་པ་ནི་རྗེ་འདིའི་མཚན་ངག་དབང་པདྨ་རྣམ་རྒྱལ་ཞེས་མཚན་སྒྲ་དང་མཐུན་ཞིང། སྔར་སྦོང་བ་བསམ་གཏན་གྱི་སྡེ་སྦྲོས་པ་ཉེ་བར་ཞིང་ཡང། དེང་སང་མཆོག་སྦྲུལ་རིན་པོ་ཆེ་འདིས་བསྒྲུབ་མཆོད་སོགས་སྦྲོས་བཅས་སྦྲོས་མེད་ཟུང་འཇུག་གི་མཛད་པ་བསྐྱངས་པས་བསྟན་པ་འཕེལ་རྒྱས་ཆེ་བ་འདི་བཞིན་ཞི་བ་འདི་རྒྱས་པའི་ལས་ལ་འགྲོ། ཞེས་པ་མངོན་དུ་གྱུར་པ་འདིའོ། གཞན་ཡང་རྗེར་དཔོན་རིན་པོ་ཆེའི་བཀའ་ལས། བདག་གི་མཆོག་སྦྲུལ་རིན་པོ་ཆེ་འདི་དུས་གསུམ་ཀུན་མཁྱེན་གུ་རུ་པདྨ་འབྱུང་གནས་དང། པཎ་གྲུབ་ཆེན་པོ་བི་མ་མི་ཏྲ་ཟུང་གི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་རང་གཟུགས་ཡིན་པས་བསྟན་འགྲོར་ཕན་བདེ་སྦྲེལ་བ་ལ་གཞན་གྱི་འགྲན་ཟླ་དང་བྲལ་བ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་ཞིག་འབྱུང་ངེས་ཞེས་ཡང་ཡང་བཀའ་སྩལ་བ་བཞིན་ངེས་དངོན་སྙིང་པོའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྦེལ་བ་ལ་བཞིན་ངེས་དོན་སྙིང་པོའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྦེལ་བ་ལ་གཞན་དྲིང་མི་འཇོག་པ་དང། སྐྱེ་དགུ་ཡོངས་ལ་སྨན་པ་དང་བདེ་བའི་ཐབས་ལ་ཐུགས་བསྐྱེད་ཟླ་མེད་པ་ཞིག་སྟེ། སྐྱེས་རབས་དཔག་བསམ་འཁྲི་ཤིང་ལས། ཟླ་བའི་ཀུན་དགའ་ཉི་མའི་རབ་གསལ་དང། མེ་ཡིས་ཚ་བ་རླུང་གི་འགྱོགས་པ་དང། གཞན་དོན་དགའ་བ་སྐྱེ་བོ་ཆེ་རྣམས་ཀྱིས། གཞན་ཡང་ཕན་པ་ལྷན་སྐྱེས་རང་བཞིན་ཡིན། ཞེས་གསུངས་པ་དང་ཚུལ་ཐུན་པར་དམིགས་པ་མེད་པའི་བརྩེ་བ་དང། དྲི་མ་མེད་པའི་ཡེ་ཤེས་ལ་དབང་འབྱོར་བས་སེམས་ཅན་རྣམས་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ལ་སྦྱོར་བའི་ཐུགས་བསྐྱེད་བླ་ན་མེད་པས་དངོས་དང་བརྒྱུན་ནས་ཕན་བཏགས་ཤིང། ཐ་ན་བྱ་དང་རི་དཱགས་རི་དཱགས་རྣམས་ལའང་སྐྱེ་(སྨད་ཆ།༤༧༧)བདུན་མྱོང་གྲོལ་སོགས་ཁལ་ཅི་ཐེངས་མཛད། གཞན་ཡང་སྐུ་ཚེའི་ཕྲེང་བ་དུ་མ་ཐུབ་བསྟན་རིན་པོ་ཆེ་གསལ་བར་བྱེད་པའི་མཁས་པ་དང་གྲུབ་པའི་སྐྱེས་རབས་མུ་ཏིག་གི་ཕྲེང་བ་བསྟར་ལ་རྒྱུས་པ་ལྟ་བུ་དང། སྐུ་ཆེ་འདིར་ཡང་ལྷག་མང་པོ་ཞལ་གཟིགས་པའི་ལུང་བསྟན་ཐོབ་པ། རྡོ་རྗེ་ཆོས་སྐྱོང་རྣམས་བྲན་དུ་འཁེལ་བའི་ཕྲིན་ལས་བསྒྲུབས་པ་། ས་ལམ་གྱི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་སོགས་ནི། ཇོ་བོ་བཀའ་གདམས་པ་དག་གིས། སྦས་པའི་གཏེར་སྲུང་སླ་བའི་དཔེ་བཞིན་བདག་གི་ཡིན་ཏན་མཐའ་དག་རྒྱ་མཚོའི་གཏིང་གི་རྡོ་བ་ལྟར་མི་མངོན་པ་གཙོ་བོར་འདོར་ཅིང། ཁྱད་པར་གསང་འཕྲོས་ཀྱི་ཟུར་ཙམ་ཡང་ཆེར་མ་གསུངས་མོད། སྔགས་ཀྱང་གདན་སར་ཕེབས་ཉིན་དབུ་རྩེའི་སྟེང་ན་དཔལ་མགོན་མ་ནི་དང། སྔགས་སྲུང་ཨེ་ཀ་ཛ་ཊི་བཞུགས་འདུག་པ་དངོས་སུ་གཟིགས་པ་དང། ཡང་ཕེབས་མ་ཁད་ལ་གྲུབ་དབང་རིན་པོ་ཆེའི་གཟིམ་ཁང་དུ་བཞུགས་དུས་དམ་ཅན་ཆེན་པོ་ར་སྐྱེས་ལ་ཞོལ་པ་མཛུབ་གང་པ་ཙམ་ཞིག་རྗེ་ཉིད་སྲུང་བའི་ཚུལ་དུ་ཡང་ཡང་འོངས་པ་གཟིགས་པ་དང། ཡང་སྐབས་ཤིག་དཔལ་མགོན་མ་ནི་མངོན་རྟོགས་དང་མཐུན་པ་ཞིག་ཞལ་གཟིགས། གྲུབ་ཆེན་པདྨ་བཤེས་གཉེན་ལས་དབང་གསན་དུས་བདུད་རྩི་དངོས་སུ་འཁོལ་བ་ཀུན་གྱིས་མཐོང་བ་དང། དགུང་ལོ་ཉེར་གཉིས་བཞེས་དུས་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་དཀར་མོ་ཕྱག་ན་མདའ་དར་དང་བུམ་པ་ཐོགས་པ་ཞིག་གིས་འབྱུང་འགྱུར་གྱི་ལུང་བསྟན་དང་ཆོས་བཀའ་མང་པོ་འབེབས་རྒྱུའི་བརྡ་གྲོལ་བྱུང་(སྨད་ཆ།༤༧༨)ཡང་བདག་གིར་མ་མཛད། ཁྱད་པར་དུ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ལན་དུ་མར་ཞལ་ ཡང་ཡང་གཟིགས་ཤིང། གཞན་ཡང་པཎ་ཆེན་བི་མ་མི་ཏྲ་དང། རླང་དཔལ་གྱི་སེང་གེ། རྒོད་ཚང་བ་སྣ་ཚོགས་རང་གྲོལ་རྣམས་ཡང་ཡང་ཞལ་གཟིགས་པ་དང། གསུང་གླེང་དུས་ཇོ་བོ་རིན་པོ་ཆེ་མཇལ་དུས་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་ཉིད་དངོས་སུ་གཟིགས་ཤིང་ཞལ་འཛུམ་པར་མཛད་པ་དང། འཁོར་གྱི་ལྷ་རྣམས་ཀྱང་ལྷ་མངོན་སུམ་ལྟ་བུ་སྣང་སྟོང་སྒྱུ་མའི་རོལ་བར་གཟིགས་པ་དང། གཡོ་རུ་ཁྲ་འབྲུག་ཏུ་ཕེབས་དུས་སྒྲོལ་མ་ཞལ་ཟས་མའི་ཞལ་འཛུམ་པ་དང། ཁྲོ་བོ་མི་གཡོ་བའི་རལ་གྲི་ལས་མེ་འབར་བ་རྣམས་བྱུང། སྒྲུབ་མཆོད་འཛུགས་དུས་རྒྱུད་མགོན་ལེགས་ལྡན་གྱིས་སྡོང་འགྲོགས་བྱེད་པར་ཞལ་གྱིས་བཞེས་པ་དང། སྐབས་ཤིག་ལྷ་མོ་ཚེ་རིང་མ་གཙོ་འཁོར་གསུམ་མདའ་དར་དང་མེ་ལོང་བསྣམས་པ་ཞིག་གཟིགས་ཤིང། དེའི་སྒྲུབ་སྐོར་ཞིག་ཕེབས་རྒྱུ་པར་དུ་མ་འཁོག་གོང་དུ་རྗེ་ཉིད་ཀྱི་ཞབས་རིང་ཞིག་དང་བུད་མེད་རྒྱན་ལྡན་མང་པོས་རྒྱུད་ཀྱི་དཔེ་རྣམས་གབ་དཀྲུག་བསམ་ནས་ཞུས་དག་བྱེད་ཚུལ་མནལ་ལམ་བྱུང་བར་རིང་པོར་མི་ཐོགས་པར་བར་དུ་འཁོད་པ་འདྲ་གསུངས་པ་ཐོག་ཏུ་ཁེལ་སོགས་དང། གཞན་ཡང་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཡོད་པར་འདུག་ཀྱང་ཡེ་ནས་མི་གསུངས། གཞན་ཡང་བརྟེན་བའི་ཆོས་སྐྱོང་མ་བཟའ་རྡོར་གསུམ། བཙན་རྒོད་ཆེན་པོ་འདོད་ཁམས་གཙོ་མོ་རྣམས་ཡང་ཡང་གཟིགས་ཤིང་དེ་དག་གིས་དགྱེས་པའི་ཕྲིན་ལས་བསྒྲུབས་(སྨད་ཆ།༤༧༩)ཚུལ་དང། གཞི་བདག་འགའ་ཞིག་གིས་དངོས་གཟུགས་བསྟན་ནས་དམ་ལ་བཞག་པས་མཐུན་རྐྱེན་སྒྲུབ་པར་ཁས་བླངས་པ་དང། གདུག་ཅན་གྱི་ལྷ་འདྲ་མང་པོ་དམ་ལ་བཏགས་ཚུལ་སོགས་མང་དུ་ཡོད་པ་སྣང་ཡང་ཟུར་ཙམ་ལས་ཞིབ་པར་ཡེ་ནས་མི་གསུངས་ཏེ་ཐུགས་ཀྱི་ཀློང་དུ་སྦ་བར་མཛད་དོ། ཕྲན་བུ་འདི་དག་ཀྱང་རྗེ་ཉིད་ཀྱི་ཞབས་རིང་བ་དགེ་སློང་ཤཱཀྱ་བཟང་པོའི་ངག་ལམ་ལས་བྱུང་བ་དང་བདག་རང་ལ་གསུངས་པ་རྣམས་གུང་བསྒྲིགས་ནས་ཐོར་ཙམ་བཀོད་པ་ལས་ཞིབ་པར་མ་འཚལ། སྐབས་ཤིག་ཉེ་གནས་ལ་ང་རང་ཚེ་རིང་པོ་མེད་པ་འདྲ། མི་མང་པོ་ཡང་ཡང་ཚོགས་ནས་གྲོས་བྱེད་འདུག་པར་ལྷ་འདྲེ་མི་གསུམ་སྒྲུབ་མཆོད་འདི་ལ་མི་མོས་ནས་བར་ཆད་བརྩམས་པ་ཁོ་ནར་འདུག་ཅེས་པའི་གསུང་འཕྲོས་ཀྱང་སྩལ། ཞལ་སློབ་ཀྱང་གཙོ་བོར་ཉི་སྦྲུལ་རིན་པོ་ཆེ་ཨོ་རྒྱན་བསྟན་པའི་ཉི་མ་མི་འགྱུར་ཕན་བདེ་རྒྱ་མཚོ་དང། ཟེ་ཆེན་རབ་འབྱམས་མཆོག་སྦྲུལ་རྒྱས་ཚབ་བཅས་དང། དཔོན་སྦྲུལ་ཀུན་བཟང་བསྟན་པའི་ཉི་མ། གུ་གུ་བླ་མ་བསྟན་འཛིན་སྙིང་པོ། གནས་མདོ་ཆགས་མེད་སྦྲུལ་སྐུ་ལྕགས་ལའི་རྒྱལ་སྲས། གྲུབ་ཆེན་པདྨ་བཤེས་གཉེན་སོགས་རྩ་བའི་ཡོངས་འཛིན་དེ་དག་ལས་ཀྱང་འགའ་ཞིག་མ་གཏོགས་ཕལ་ཆེར་གྱིས་གསུང་གི་བདུད་རྩི་མ་བཞེས་པ་མེད་ཅིང། གཞན་གྲ་རིགས་སློབ་ཚོགས་ཀྱི་འདུ་བ་མཐའ་ཡས་པའི་ཕྱིར་མཐའ་དག་ནི་བརྗོད་པར་ནུས་པ་མ་ཡིན་ནི། དེ་ལྟར་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེར་བསྒྲུབས་པར་མཛད། འདི་སྐབས་སུན་མའི་ལྟས་མང་པོ་རྒྱུན་ཆགས་སུ་ཡོད་འདུག་པར་བླ་ཆེན་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་སུན་ཟློག་(སྨད་ཆ།༤༨༠)མཛད་པས་ཡུན་རེར་ཟློག་འགྲོ་བར་ཀྱང། སླར་ཡང་སྔར་ལྟར་ཡོང་གི་འདུག་གསུངས། འདི་ནས་བཟུང་སྐུ་ཡང་ཅུང་ཟད་ལྟེམ་པ་ཡང་ཡང་བྱུང་ཞིང། ཇི་ལྟར་བུར་ཤིང་མེད་ན་མེ་ཡོངས་སུ་མི་གནས་པ་བཞིན། འདུལ་བྱའི་ཡུལ་མེད་ན་འདུལ་བྱེད་ཀྱི་སྟོན་པའང་མི་འབྱུང་བས། དེས་ན་རེ་ཞིག་གདུལ་བར་བྱ་བའི་ཡུལ་དེ་ཙམ་དུ་དགོངས་ནས་ཞིང་ཁམས་གཞན་དུ་དགོངས་པ་གཏོད་པར་མཛད་དེ། དགུང་ལོ་སུམ་ཅུ་སོ་ལྔ་པ་ཆུ་ཕོ་བྱི་བའི་ལོར་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་ནས་ཞི་བ་ཆེན་པོར་མནལ་བའི་ཚུལ་བསྟན་པར་གྱུར་ཏོ། དེ་ནས་དགོངས་རྫོགས་མཆོད་སྦྲིན་རྒྱ་ཆེར་སྦྲོ་བ་དང། སྐུ་གདུང་རིལ་པོར་བཞུགས་པའི་དངུལ་འབའ་ཞིག་ལས་གྲུབ་པའི་མཆོད་རྟེན་ཐོག་ཚད་མ་བཞེངས་པ་སོགས་དགོངས་པ་རྫོགས་པའི་ཐབས་ཕུལ་དུ་བྱུང་བ་ཁོ་ན་བསྒུབས་པ་ཡིན་ནོ། སྦྲུལ་པའི་སྐུ་རིན་པོ་ཆེ་པདྨ་གསང་སྔགས་བསྟན་འཛིན་ནི། སྦྱིར་ལམ་རིམ་བགྲོད་ཀྱི་གང་ཟག་རྣམས་གཅིག་རྗེས་གཅིག་མཐུད་ཀྱི་ལུས་བླངས་པ་ལ་སྐྱེ་བ་ཞེས་པའི་སྒྲ་དོན་སྦྱར་བ་དང། འཕགས་པ་རྣམས་ངོ་བོ་ཆོས་ཀྱི་དབྱིངས་སུ་དགོངས་པ་གཅིག་ཀྱང། རྣམ་པ་གང་ལ་གང་འདུལ་གྱི་ཟློས་གར་གཅིག་དང་ཐ་དང་མང་པོར་བསྒྱུར་པ་ལ་སྦྲུལ་པ་ཞེས་བཞག་པ་ཡིན་ལ། དེས་ན་རྗེས་བླ་མ་འདི་གང་སྐྱེས་རབས་ཀྱི་ཕྲེང་བ་མང་པོར་བསགས་སྦྱངས་ཀྱི་རིམ་པ་མཐར་ཕྱིན་པ་དང། ཁྱད་པར་སྐུ་ཚེ་འདིའི་གོང་མ་དཔོན་སློབ་རིན་པོ་ཆེ་དེ་ཉིད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་དུ་བསགས་པ་དང། འོད་གསལ་རྡོ་རྗེ་སྙིང་པོའ་ཟབ་མོའི་ཉམས་བཞེས་བར་མེད་དུ་གནང་ནས་ལམ་གྱིས་ཡོན་ཏན་ཐམས་ཅད་མཐར་(སྨད་ཆ།༤༨༡)ཕྱིན་པ་སོགས་ཀྱིས་སྐུ་ཚེ་འདིར་སྐྱེ་སྦྲུལ་གང་དུ་ངོས་བཟུང་ཡང་སྐྱོན་མེད་ཅིང་འགྲོ་དོན་འབད་མེད་ལྷུན་གྱིས་གྲུབ་པ་ཞིག་སྟེ། དེ་ཡང་མཚན་དཔེའི་མྱུ་གུ་བསྐྱེད་པའི་ཡུལ་ནི། མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་ནང་ཚན་ལྷོ་སྦོ་འབོར་སྒང་གི་ཆེ་གཏོགས། གཙང་རིས་ཀྱི་དགེ་བསྙེན་ཆེན་པོ་ཁྲོ་ཟིལ་བྲོམ་རྡོ་རྗེ་གཡུང་དྲུང་རྩལ་གྱི་གཡོན་ཞོལ་གདན་ས་ཆེན་པོ་དང་ཧ་ཅང་ཐག་མི་རིང་བའི་སྐྱེད་ཚལ་དང་སྨན་ལྗོངས་ཉམས་དགའ་བའི་འབྲོག་སྡེ་ཞིག་ཏུ། དགེ་འཕན་ཞེས་པའི་རིགས་རུས་ལས་ཡབ་དཔའ་རྩལ་སྟོབས་གསུམ་དང་ལྡན་པ་བསམ་འཕེལ་ཞེས་པའི་སྲས་སུ་སྐྱེས་བདག་ཞེས་པ་ལྕགས་མོ་ཕག་གི་ལོ་ལ་སྐུའི་དཀྱིལ་འཁོར་གསལ་བར་གྱུར་ཏེ། ཇི་སྐད་དུ། སངས་རྒྱས་ཉི་མ་གདུལ་བྱ་ཡི། རི་ལས་ཇི་ལྟར་འོས་པར་བབ། ཅེས་གསུངས་པ་ལྟར། དཔོན་སློབ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་ཐེ་ཚོམ་མེད་པའི་ཐག་ཆོད་བྱུང་བས། ཆོས་ཀྱི་རྒྱལ་པོ་སྡེ་དགེ་བསྟན་པ་ཚེ་རིང་དང། རྫོགས་ཆེན་སྦྲུལ་དཔོན་ཟུང་བཅས་མཆོད་བཀའ་བགྲོས་ནས་གདན་ས་ཆེན་པོ་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་གདན་དྲངས། དཔོན་སློབ་རིན་པོཆེའི་བཞུགས་ཁྲིར་ཞབས་པད་བཀོད་ནས། རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེའི་གཙུག་ཕུད་བཞེས་ནས་མཚན་པདྨ་གསང་སྔགས་བསྟན་འཛིན་དུ་གསོལ། ཁྲི་འདོན་ལེགས་འབུལ་སོགས་ཀྱི་ལེགས་ལམ་གྱི་སྣང་བ་དགུང་ཟླའི་དཔེ་འོས་པ་རྒྱ་ཆེར་སྦེལ། ཆུང་ངུའི་དུས་ནས་ཤ་ཁྲག་གི་དྲི་ཙམ་ཡང་ལྗགས་ལ་མི་འཇོག་པ་སོགས་བྱིས་པའི་སྦྱོད་པ་ལས་འདས་པའི་ངོ་མཚར་ཡ་མཚན་ཆེ་བའི་མཛད་པ་དུ་མ་མངའ། དགུང་ལོ་བཅུ་བཞེས་པ་ལྕགས་སྦྲེལ་ལོར་མཆོག་སྦྲུལ་རིན་པོ་ཆེ་དང་ལྡན་རྒྱས་དབུས་(སྨད་ཆ།༤༨༢)ལྗོངས་སུ་ཆིབས་སྐྱོད་གནང། རྡོ་རྗེ་བྲག་ཞབས་དྲུང་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང། གཞན་ཡང་སྨིན་གྲོལ་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་དང། ལྷོ་བྲག་ཐུགས་སྲས་འགྱུར་མེད་མཆོག་གྲུབ་དཔལ་འབར། དཔལ་རི་སྦྲུལ་སྐུ་བློ་བཟང་པདྨ་སོགས་ལ་བཀའ་ཆོས་མང་དུ་གསན། ཁྱད་པར་དུ་རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱི་ཞབས་པད་གུས་པས་བསྟེན་ནས་ཟབ་གསང་རྫོགས་པ་ཆེན་པོའི་དབང་ཁྲིད་ལུང་གསུམ་མན་ངག་ཐམས་ཅད་མཐའ་རྒྱ་ཆོད་པར་གསན་ནས་ཐུགས་ཉམས་སུ་བཞེས། གཞན་ཀུང་བཀའ་འགྱུར་རོ་ཅོག། རྙིང་མ་རྒྱུད་འབུམ་ལུང་སོགས་མང་དུ་གསན། ཉི་གྲགས་མཆོག་སྦྲུལ་རིན་པོ་ཆེའི་དྲུང་ནས་ཟབ་མོ་དག་སྣང་རྒྱ་ཅན་དང་ཉི་གྲགས་གཏེར་ཆོས་ཡོངས་རྫོགས་སོགས་གསན། རྩིས་དཀར་ནག་སོགས་ཀྱང་གསན་ཚུལ་ཙམ་མཛད། གཙོ་བོར་སྒྲུབ་པ་བསམ་གཏན་གྱི་ཉམས་བཞེས་ཁོ་ན་མཛད་ནས་སྟོན་ཐོཏ་གཅིག་ཏུ་ལོ་མཚམས་བཅུ་གཅིག་ཙམ་མཛད། འགྲོ་དོན་གདུལ་བྱ་སོགས་ལ་ལྷོ་བྱང་གང་དུ་ཕེབས་ཀྱང་མང་དུ་མཛད། འགྲོ་དོན་གདུལ་བྱ་སོགས་ལ་ལྷོ་བྱང་གང་དུ་ཕེབས་ཀྱང་ཟང་ཟིང་ལོངས་སྦྱོད་ཀྱི་འདུ་བ་རྒྱ་མཚོ་ཆེན་པོར་ཆུ་བྲན་འདུ་བ་བཞིན་འབྱུང་ཞིང། དེ་ལ་བརྟེན་པའི་སྦྲོས་བཅས་བསོད་ནམས་ཀྱི་ཚོགས་ཀྱང། རྗེ་བླ་མ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱི་དུས་དྲན་མཆོད་པར་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཆོ་ག་ཉིན་གཅིག་དང། གཞན་ཡང་སཙྪ་འདེབས་པ། མ་ཎི་བརྐོ་བ་རྣམས་ལོ་ལྟར་ཆག་མེད་གནང་ཞིང། ཆུ་ཚན་འཕྲོད་བཞེས་སོགས་ཀྱང་ལོ་ལྟར་བཞིན་མཛད། ཁྱད་པར་མ་ཎི་རྡོ་མཁར་དཔོན་ས་མནྡའི་ས་བོན་(སྨད་ཆ།༤༨༣)ཙམ་གྱི་ཁར་རྗེ་བའི་ཉིད་ཀྱིས་ལོ་རེ་བཞིན་དུ་རྡོ་བརྐོ་བ་ཉི་ཤུ་རྩ་གྲངས་ཀྱིས་ཟླ་བ་རེའི་བར་དུ་བརྐོ་བའི་ཟས་ཡོན་ཡོ་བྱད་ཅིང་དགོས་དངོས་པོ་བཟང་ངེས་ཁོ་ན་གནང་ནས་ལོ་ལྟར་ཆག་མེད་མཛད་པས་ཡིག་དྲུག་གཙོ་ཆེ་བའི་གཟུང་སྔགས་ཀྱི་རིག་པ་ཡ་ཕྲག་ལྔ་ལྷག་བཅས་ཀྱི་གྲངས་ཡོད་པའི་པད་འབུམ་ཆེན་མོ་བྱིན་རླབས་ཅན་བཞེངས། གཞན་ཡང་འཕགས་ཡུལ་ནས་བོད་དུ་འགྱུར་རོ་ཅོག་གི་བསྟན་བཅོས་པར་མ་ཡོན་གྱིས་བླུ་བ་སོགས་མཛད། ཐུགས་སྦྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ཡོན་ཏན་ནི་མཐའ་ཡས་པ་མངའ་གཞིར་བཅས་མོད། འོན་ཀྱང་གསུང་སྒྲོས་བསྙེན་ཐོ་ཕྱག་བྲིས་མ་ལྟ་བུ་གང་ཡང་མཐོང་ཐོས་བྱེད་རྒྱུ་མ་བརྙེན་པས། འོལ་ཚོད་ཀྱིས་གཏམ་སྨྲ་བ་ག་ལ་སྦོབས། འཕྲལ་གྱིས་ཀུན་སྦྱོད་ཀྱང་ཉིན་གཅིག་ཁོ་ན་བཞིན་དུ་དུས་རྟག་ཏུ་ཡང་དེ་ཁོ་ན་ལས་གཞན་དབང་དུ་མི་བཏང་ཞིང། ཐ་ན་བཞེས་པ་དྲངས་ལུགས། ཆིབས་ལ་གཞོན་བབས་ཀྱིས་དུས་ཆིབས་ཁ་ལེན་ལུགས་ཚུན་ཧ་ཅང་ཐལ་བར་འགྲིགས་དགོས་ལ་ཕལ་ཆེར་གྱིས་མཚར་སྣང་དང་དད་ཅན་རྣམས་ཀྱི་གྲུབ་སྦྱོད་དུ་འཛིན་པའི་ཉམས་མཚར་ཞིག་ཡོད། ཕལ་ཆེར་སྦས་ཚུལ་དུ་བཞུགས་པས་དབང་ལུང་དང་ཆོས་བཀའ་ཕོན་ཆེ་བ་འཆད་སྦེལ་སོགས་མི་མཛད་པས་ཆོས་རྒྱུད་ལ་མི་བཞུགས་ཀྱང། ལོ་ལྟར་ཉམས་འཁྲིད་ལན་གཉིས་གསུམ་རེ་རྒྱུན་ཆགས་སུ་གནང་ནས་དད་ཅན་རྣམས་ལ་དབང་ཆོས་བུམ་སྒྲུབ་སོགས་གང་ལ་གང་འདོད་ཀྱི་སྦྱིན་པས་ཕན་བཏགས་ཏེ་གཞན་ཕན་མཐའ་ཡས་པ་མཛད། མངོན་པར་ཤེས་པ་ཕྱོགས་མེད་དུ་མངའ་བས་ཀུན་གྱིས་དཔོན་སློབ་རིན་པོ་ཆེའི་གསུང་བརྟག་ཅེས་ཚད་(སྨད་ཆ།༤༨༤)མར་འཛིན། གདན་ས་ལོ་གསུམ་ཙམ་མཛད་ཀྱང། རྗེ་འདི་ཉིད་བླ་མ་གོང་མ་རྣམས་ཀྱི་ཕྱག་སྲོལ་རྙིང་པ་ལ་ཐུགས་ཞལ་ཐལ་ཆེས་པས་སྒྲུབ་མཆོད་སོགས་གསར་འཛུགས་རྣམས་ལ་ཐུགས་གཉེར་ཆུང་ཞིང། ཐུགས་དམ་ཟབ་བཞེས་ཀྱི་རིགས་ཀྱང་བྱིངས་ཆེ་བ་སོགས་ཀྱི་རྒྱུས་དགོན་པའི་བཅའ་ཁྲིམས་དང་སྒྲིག་རྣམ་གཞན་སོགས་ལ་ཐུགས་སྩོལ་དང་གཟིགས་ཕྱོགས་སླེབས་རྒྱང་ཆེ་བ་རང་གནང་བ་ཐུབ་པ་ལ་བརྟེན། གདན་སའི་ཐུགས་ཁུར་བཞག་ནས་སྒྲུབ་གྲར་ཕེབས་སྦོང་བ་བསམ་གཏན་གྱི་ཉམས་བཞེས་དང་དད་འབྱོར་ཅན་གྱི་ཡོན་བཞེས་སྨོན་འབྲེལ་དང། དོན་གཉེར་རྣམས་ལ་ཉམས་འཁྲིད་སོགས་ཀྱིས་གདུལ་བྱའི་རེ་བ་བསྐོང་པར་མཛད། སྦྱིར་ཡང་རྗེ་འདི་ལུགས་གཉིས་ཀྱིས་གདུལ་བྱའི་རེ་བ་བསྐོང་བར་མཛད། སྦྱིར་ཡང་རྗེ་འདི་ལུགས་གཉིས་ཀྱི་འཇུག་པ་གང་ལའང་མཁྱེན་གཟིགས་ཀྱི་དཀྱུས་ཧ་ཅང་མི་རིང་བའི་ཚུལ་མཛད་ཀྱང། ཇི་སྐད་དུ་སྡོང་པོ་བཀོད་པའི་མདོ་ལས། དཔེར་ན་རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ་ཐམས་ཅད་ཟློག་གོ། ཞེས་གསུངས་པ་དང་ཚུལ་མཐུན་པར་སྔོན་གྱི་སྨོན་ལམ་གྱི་སྟབས་ཀྱིས་འགྲོ་བ་མཆོག་དམན་གང་དང་གང་ཡང་ཞལ་མཐོང་བ་དང་གསུང་ཐོས་པ་ཙམ་གྱིས་འདུལ་བྱའི་ཤེས་རྒྱུད་དབང་མེད་དུ་གཡོ་ནུས་པས་འགྲོ་ཕན་གྱི་ཕྲིན་ལས་དང་གཞན་དོན་གདུལ་བྱ་སོགས་ནི་སུས་ཀྱང་འགྲན་དུ་མེད་དེ། ཇི་སྐད་དུ། ཇི་ལྟར་ཁབ་ལེན་མཐོང་བ་དང། ལྕགས་ནི་མྱུར་བ་ཀུན་དུ་འཁོར། འོན་ཀྱང་དེ་ལ་སེམས་པ་མེད། སེམས་ལྡན་བཞིན་དུའང་རབ་ཏུ་སྣང། ཞེས་གསུངས་པའི་དཔེ་དང་ཚུལ་མཚུངས་པར་མཐོང་ཐོས་དྲན་རེག་ཐམས་ཅད་དད་པས་དགེ་(སྨད་ཆ།༤༨༥)བ་ལ་སྦྱོར་ནུས་པའི་ཕྲིན་ལས་དང། ལོངས་སྦྱོད་ཀྱི་འདུ་པ་ཕུན་སུམ་ཚོགས་པ་ལ་འབད་མེད་ལྷུན་འགྲུབ་ཏུ་འབྱུང་བ་སོགས། དེ་ལྟ་བུའི་ཕྲིན་ལས་རྨད་དུ་བྱུང་བས་འགྲོ་དོན་དང་གདུལ་བྱ་ཡུན་རིང་དུ་བསྐྱངས་ཤིང། དེ་ནས་ཞིང་འདིའི་གདུལ་བྱ་རྫོགས་པའི་ཚུལ་བསྟན་ནད་དགུང་ལོ་དོན་བཞི་པ་ཤིང་མོ་གླང་གི་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་རུ་ངམ་གདན་ས་ཆེན་མོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་གྱུར་ཏོ། གདུང་ཞུགས་འབུལ་བྱས་པས་རིང་བསྲེལ་མང་དུ་འཕེལ། དགོངས་རྫོགས་མཆོད་སྦྲིན་སྦྲོ་བ་གསེར་གདུང་ཐོག་ཚད་མ་བཞེངས་པ་སོགས་རྗེས་ཀྱི་བྱ་བའང་རྒྱ་ཆེར་ལེགས་པར་གྲུབ་པའོ། མཁས་བཙུན་བླ་མ་ནམ་མཁའ་ཚེ་དབང་མཆོག་གྲུབ་ནི། དེ་ཡང་འཕགས་པ་རྣམས་གཟོད་མ་ནས་རང་ཉིད་བྱང་ཆུབ་ཀྱི་བདུད་རྩི་བརྙེས་སུ་ཟིན་ཀྱང། ད་དུང་བྱང་ཆུབ་དོན་དུ་གཉེར་བའི་ཚུལ་གྱིས་སེམས་ཅན་གྱི་དོན་མཛད་པའི་ཕྲིན་ལས་ལ་དབང་འབྱོར་བས་སྨོན་ལམ་གྱི་དབང་ངམ་སྟོབས་ལས་གྲུབ་པའི་སྐྱེ་བ་གང་འདུལ་གྱི་འདྲེན་པར་སྣང་བས་གདུལ་བྱ་རྗེས་སུ་འཛིན་པའི་ཕྲིན་ལས་གཞར་ཡང་བརྟུལ་བ་མ་ཡིན་པས། རྗེ་བླ་མ་འདིའི་སྐུའི་སྐྱེ་བ་གོང་མ་ནི། འགྱུར་མེད་སྐལ་བཟང་འཕེལ་རྒྱས་བཟང་པོ་ཞེས་མཚན་དོན་དང་མཐུན་པའི་དགེ་བའི་བཤེས་གཉེན་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ཞིག་ཏུ་སྐྱེ་བ་བཞེས་པ་ཡིན་ཞེས་ཡོངས་སུ་གྲགས་སོ། དགེ་བའི་བཤེས་གཉེན་དེ་ཉིད་ནི་ཏྲི་བོ་ཧོར་གྱི་དཔོན་ཨུ་ཆིང་ནོ་ཡོན་ཞེས་པའི་ནང་བློན་འབྲོག་སྡེ་དགེ་རྩེའི་རིགས་ལས་བྱུང་བ་ཞིག་གིས་སྲས་ཏེ། སྐུ་ཆུང་ངུའི་དུས་ནས་ངེས་འབྱུང་གི་ཕུགས་བསམ་དྲག་པོ་གཞན་རྐྱེན་གྱི་ལྡོག་ཏུ་མེད་པ་(སྨད་ཆ།༤༨༦)ཞོག་མངའ་བས་འཁར་བའི་གནས་མལ་མཐའ་དག་དུག་སྦྲུལ་གྱི་ཚང་ལྟར་གཟིགས་པས་གནས་གྲོགས་ཡོ་བྱད་ཐམས་ཅད་སྦྲུལ་གྱི་ཤུན་པ་ལྟར་དོར་ནས་དབུས་ཕྱོགས་སུ་ཕེབས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པའི་ཞབས་པད་མཉེས་པ་གསུམ་གྱིས་གཙུག་ཏུ་མཆོད་ནས་བཀའ་གཏེར་ཆོས་ཚུལ་གྱི་བདུད་རྩི་རྒྱ་མཚོ་ལྟ་བུ་བཞེས་ཤིང་བསྐྱེད་རྫོགས་ཟབ་མོའི་ཉམས་བཞེས་ཀྱིས་དངོས་འཛིན་གྱི་འཆིང་བ་ལས་གྲོལ་ནས་རང་རིགས་ཆོས་སྐུའི་རྒྱལ་སྲིད་ལ་དབང་འབྱོར། གཞན་ཡང་ཁམས་དབུས་རྣམས་སུ་ཡོངས་འཛིན་དུ་མ་ལས་གསན་བསམ་མཐར་ཕྱིན་པ་མཛད། ཁམས་སུ་ཕེབས་ནས་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་སྐུ་ཚེ་འཁྲོལ་བ་མཛད་ཅིང། རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེ། ཞི་ཆེན་དགུ་མང་པོས་རྗེ་འདིའི་ཞབས་ལ་བཏུང་ནས་བཀའ་ཆོས་ཀྱི་བདུད་རྩི་བཞེས་པས་མཚོན་བཀའ་ཆོས་ཀྱི་འཆད་སྦེལ་ཀྱང་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད་ནས། ཚེ་འདིར་མཆོག་དམན་གང་ལའང་ཆགས་ཞེན་མེད། རིག་པ་འཆི་མེད་གཏེར་བདག་གླིང་པ་དང། དབྱེར་མེད་ཨོ་རྒྱན་པདྨའི་ཐུགས་ཀར་གཏད། ཅེས་གསུངས་ནས་མྱ་ངན་ལས་འདའ་བའི་ཚེ་ཞལ་སློབ་ཞབས་རིང་པ་དག་གི་གསོལ་བ་བཏབ་པ་བཞིན་ངེས་གསང་རྫོགས་པ་ཆེན་པོའི་བསྟན་པ་སྦེལ་བའི་ཆད་དུ་སླར་ཡང་སྦྲུལ་པའི་སྐུ་འདི་ཉིད་དུ་སྐྱེ་བ་བཞེས་པ་ཡིན་ཏེ། དེ་ཡང་རྗེ་འདི་ནི་འདོད་དགུ་འཛོམས་(སྨད་ཆ།༤༨༧)པའི་ཡུལ་བྱང་ཡིད་ལྟུང་ཞེས་པའི་ཆར། སྔར་ཆོས་རྗེ་ས་སྐྱ་པ་མངའ་ཐང་དགུང་ལོ་རེག་པའི་དུས་སུ་ཞབས་འདེགས་ལ་ལྷག་པར་བཙོན་པའི་ལས་འཛིན་པ་རྒྱལ་མཚན་གྱི་མིང་འཛིན་པ་བཞིའམ་བརྒྱད་དུ་གྲགས་པའི་ནང་གསེས་ཨ་རོ་ཡེ་ཤེས་རྒྱལ་མཚན་དུ་གྲགས་པའི་མི་བརྒྱད་ཕྱོགས་འདིར་ཆགས་པ་ལས་ཕ་མཚན་འགའ་ཞིག་བྱུང་བར། འཕགས་པ་རིན་པོ་ཆེའི་དབུ་ཞཱ་དེང་སང་ཡང་ཡོད་ལ། མི་བརྒྱུད་དེའི་ནང་ཚན་གྱི་ཡ་གྱལ་ཞིག་ལ་དཔའ་འཛངས་བློ་གྲོས་དང་ལྡན་པ་ཚོང་དཔོན་ཚེ་རྒྱལ་ཞེས་པ་ནི་རྗེ་འདིའི་སྐུ་སྐྱེས་པའི་ཡབ་ཡིན་ལ། ཡུམ་ཡང་རང་གྲོལ་གྱི་རྣལ་འབྱོར་མ་སེམས་མ་དགེ་བའི་ཐུགས་ལྡན་ཚེ་སྒྲོན་མ་ཞེས་པ་ཡིན་ཏེ། ཡབ་ཡུམ་དེ་གཉིས་ཀྱི་སྲས་སུ་མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ལོ་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས་པར་གྱུར་ལ། གསུང་ངག་ཐོག་མར་བྱེ་བ་ནས་བཛྲ་གུ་རུ་ཕྱེད་ནས་རིལ་པོའི་བར་རིམ་པར་གསུངས་ཤིང། བརྡ་འཕྲོད་པ་ནས་བཟུང་བདག་བླ་མ་སྐལ་བཟང་ཡིན་གསུངས། མཚན་མགོན་པོ་ཕུན་ཚོགས་སུ་གསོལ་བ་མི་མཉེས་པའི་ཚུལ་མཛད། དེ་སྐབས་ལྗགས་ཀློག་མ་བཞེས་ཀྱང་དཀོན་མཆོག་སྦྱི་འདུས་ཕན་ཆེར་ཐུགས་ཐོག་ནས་གསུང་རྒྱུ་ཡོད་པར་གྲགས། དེ་ནས་ཁོ་བོ་འདིར་མི་སྡོད་རྫོགས་ཆེན་དགོན་དུ་འགྲོ་དགོས་རང་གསུངས། གཞན་ཡང་སྔོན་གནས་དྲན་པའི་གསུང་འགའ་རེ་གསུངས་ཀྱང། ཡབ་ཡུམ་རྣམས་ལ་དེ་དུས་བླ་མ་གོང་མའི་རྒྱུས་མེད་པས་ཅི་ཡ་མ་འཚལ་ཞིང། ཐུགས་ཀྱི་བག་ཆགས་དེ་བརྗེ་དུ་རེ་བའི་ཐབས་འདྲ་བགྱིས་ཀྱང་ཐུགས་རིག་སྒྲིབ་མ་ནུས། བླ་མ་ཞིག་གིས་སྐུ་སྐྱེ་ཡིན་པ་འདྲ་གླེང་བ་ན། རྗེ་དཔོན་པདྨ་ཀུན་གྲོལ་རྣམ་རྒྱལ་ཕྱོགས་དེར་ཆིབས་(སྨད་ཆ།༤༨༨)སྐྱོང་གནང་བ་ལ་གསོལ་ཇ་ཞུས་པས། ཐུགས་མཉེས་ནས་བླ་མ་དེའི་རྗེས་ལ་འགྲོ་རྒྱུ་ཡིན་ཡང་ཡང་གསུངས། དེ་སྐབས་རྗེ་གོང་མའི་ཞལ་སློབ་ས་སྐྱ་ཡིས་བླ་མ་ཀུན་དགའ་ལྷུན་གྲུབ་དེར་བྱོན་པས་ངོ་ཤེས་ཏེ་བླ་མ་གོང་མ་དེ་ཉིད་ཀྱི་ལོ་རྒྱུས་ཞིབ་པར་ཡབ་ཡུམ་གཉིས་ལ་བསྙད་ཅིང། རྗེ་འདི་རྫོགས་ཆེན་གདན་ས་གོང་གང་རེད་ཞིག་ཏུ་ཆོས་ལ་བཙུད་ན་ལེས་ཚུལ་མོལ་བས། ཡབ་ཡུམ་གཉིས་ཀྱང་ཐུགས་ཐག་ཚོད་ནས་རྒྱ་རོང་དུ་རྗེ་དཔོན་རིན་པོ་ཆེའི་དྲུང་དུ་ཕུལ། རྗེ་དཔོན་དེ་ཉིད་ཀྱི་བདག་གི་བླ་མའི་སྐུ་སྐྱེ་གསུངས་ནས་བསྙེན་བཀུར་ཕུན་སུམ་ཚོགསཔ་མཛད་ཅིང་ཐུགས་མཉེས་ཤིང་གཅེས་པར་བསྐྱངས། གཙུག་ཕུད་བཞེས་ནས་མཚན་ནམ་མཁའ་མཆོག་གྲུབ་ཏུ་གསོལ། ལྗགས་ཀློག་སྦྱོང་བདར་མཛད་པས་ཆོག་མེད་དུ་མཁྱེན། དགུང་ལོ་བཅུ་གསུམ་པ་མེ་བྱི་ལོར་དབུས་སུ་བྱོན་པའི་ལམ་ཞོར་ལ་སྲིད་རྫོང་འོད་གསལ་སྒྲུབ་སྡེར་ཕེབས། ཉི་སྦྲུལ་རིན་པོ་ཆེའི་དྲུང་ནས་ཁྲ་བྲག་ཕུར་པའི་དབང་སོགས་གསན། དབུས་ལྗོངས་བླ་མ་ལྷ་རྟེན་རྣམས་མཇལ་ཞིང་འབུལ་འགྱེད་མང་བཀོལ་སོས། ཐུགས་གྱི་བཞེད་པ་བཞིན་གྲུབ་ནས་ཕྱིར་ཕེབས། དེ་སྐབས་རྗེ་དཔོན་རིན་པོ་ཆེ་གདན་ས་གོང་འོག་ཏུ་རེས་མོས་བཞུགས་ཤིང། དགེ་བཤེས་བསྟན་འཛིན་ལས་རྩིས་དཀར་ནག་སྙན་ངག་སོགས་སློབ་སྦྱོང་མཛད་པས་མཁས་པར་མཁྱེན། ཉི་སྦྲུལ་རིན་པོ་ཆེ་ཀུན་བཟང་ཐེག་མཆོག་རྒྱ་མཚོ་ལྗོངས་འདིར་ཆིབས་སྐྱོང་གནང་སྐབས། རྒྱ་རོང་གདན་སར་ཕེབས་པར་རྗེ་འདིས་བསྙེན་རྫོགས་བཞེས། རྫོགས་ཆེན་མཆོག་སྦུལ་རིན་པོ་ཆེ་ཁྲིར་འཁོང་བསྟུན། ཉི་སྦྲུལ་སྐུ་ཞབས་ནས་མདོ་(སྨད་ཆ།༤༨༩)སྒྱུ་སེམས་གསུམ་སོགས་རྙིང་མ་བཀའ་མ་དང། བླ་མ་དགོངས་འདུས་། ཉི་གྲགས་གཏེར་ཆོས་ཡོངས་རྫོགས། བཀའ་བརྒྱད་གསང་རྫོགས་སོགས་མང ་དུ་གསན། རྗེ་དཔོན་རིན་པོ་ཆེ་དེ་ཉིད་ཀྱི་དྲུང་ནས་ཉང་གི་བཀའ་བརྒྱད་བདེ་འདུས་དང། ཞིག་གླིང། བདུད་འདུལ་རྡོ་རྗེ། འཇའ་ཚོན་པ་སོགས་ཀྱི་གཏེར་ཆོས་ཡོངས་རྫོགས་དང། ཁྱད་པར་རྫོགས་ཆེན་སྙིང་ཏིག་རྣམ་གཉིས་སོགས་ཀྱི་སྨིན་ཁྲིད་ཟབ་བཞེས་གནང་ཐོས་དོན་སྙིང་པོར་སྨིན་པའི་ཉམས་ལེན་སྐྱོང་བར་མཛད། གཞན་ཡང་ཁྲིད་རིགས་མི་གཅིག་པ་དུ་མ་དང། རྗེ་དཔོན་ཉིད་ཀྱི་གསུང་རྩོར་སྐོར་སོགས་བུམ་པ་གང་བྱོན་གསན། དེ་ནས་མི་རིང་བར་རྗེ་དཔོན་རིན་པོ་ཆེ་གཞན་དོན་ལ་དགོངས་པའི་དགོངས་རྫོགས་སོགས་གང་ཅིར་འགན་བཞེས་མཛད། དུས་སྐབས་ཅི་རིགས་པར་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་ཚུལ་ལྡན་མཛད། འདི་དུས་ཟར་ཆེན་རབ་འབྱམས་སྦྲུལ་སྐུ་རྒྱ་རོང་ཉེ་སར་སྐུ་བལྟམས་པ་ཁྲིད་བཀོད་པའི་ཞབས་འགྱུར་དང། དེར་མཚུངས་ཉི་སྦྲུལ་རིན་པོ་ཆེ་ཁྲིར་བཀོད་པའི་ཞབས་འདེགས་གང་དྲག་འགན་བཞིན་གནང། འདི་སྐབས་གྲུབ་པའི་དབང་པོ་དཔའ་བོ་ལས་རྩལ་གྱིས་ཟབ་མོའི་ཆོས་བདག་ཏུ་ལུང་གིས་ཟིན་པ་ལྟར་རྗེའ་དེའི་དག་སྣང་གི་ཆོས་སྡེ་ཐམས་ཅད་གསན་པས་ཆོས་ཀྱི་བདག་པོར་མངའ་གསོལ། རྒྱ་རོང་བླ་བྲང་གཙུག་ལག་བཅས་རྟེན་བརྟེན་པ་ཐམས་ཅད་གསར་བཞེངས་སོགས་བྱ་བ་ལས་ཀྱི་འཁོར་ལོ་མང་པོ་དང་དཔོན་སྦྲུལ་རིན་པོ་ཆེ་ཀུན་བཟང་བསྟན་པའི་ཉི་མ་ངོས་འཛིན་ཁྲི་འདོན་སོགས་མཛད། གདན་ས་གོང་མར་མཆོག་སྦྲུལ་རིན་པོ་ཆེ་སྐུ་ལྟེམ་པར་ཞབས་བརྟེན་འཕྲོད་བཞེས་མང་དུ་བསྒྲུབས། ཞིང་བརྗེས་ནས་དཔོན་(སྨད་ཆ།༤༩༠)སློབ་སྦྲུལ་པའི་སྐུ་རིན་པོ་ཆེའི་གདན་ས་ཡུན་རིང་ཙམ་མ་མཛད་པས། ས་སྐྱོང་མི་དབང་ཆེན་པོས་བཀའ་བསྐུལ་ཏེ་གདན་ས་གོང་མའི་ཁུར་བཞེས་མཛད། སྒྲིག་ལམ་ལ་བར་སེང་ཅུང་ཟད་བྱུང་བ་དག་སླར་ཡང་ཞིབ་གསེད་མཛད་ནས་མོ་ཁྲིམས་སོགས་ཀྱིས་གཙོས་པའི་བཅའ་ཁྲིམས་ཐམས་ཅད་གསར་དུ་འཆོས་པ་སོགས་མཛད་བཞེད་གནང་ཡང་རང་ཕྱོགས་སྔ་འཕྲུལ་གྱིས་དེ་དོན་ཐུགས་བཞེད་བཞིན་ཐོག་ཏུ་མ་ཁེལ་ཡང། ཀུན་མཁྱེན་འཇིགས་མེད་གླིང་པའི་གསང་ལུང་ལས། ལྐོག་གྱུར་འདི་དོན་ལྐོག་ཏུ་མ་གྱུར་ཏེ། རྡོ་རྗེ་གསུམ་སྦྲུལ་གཉིས་ནི་དབུས་མཐར་གབ། འགྲོ་དོན་དུས་བབས་དགས་ཆེན་ཐུགས་ཀྱི་སྦྲུལ། གནས་དེའི་ནུབ་ཕྱོགས་གནས་དང་ཉེ་བའི་ཆ། གངས་རིས་མིང་འཚམས་གསེར་ལྡན་ཀླུང་ཆེན་འགྲམ། ཁྱོ་བཙན་རིགས་བཙུན་གསུམ་ཤུལ་གཙང་མའི་རྒྱུད། བསོད་ནམས་པ་མ་ནོར་འཛིན་མིང་ཐོགས་པང། ཡོད་ཅེས་སྣང་ཤེས་འདྲེས་པའི་ངང་ནས་གོ། ཞེས་གསུངས་ཤིང། ས་སྐྱ་གོང་མ་ནས་ཀྱང། རྫོགས་ཆེན་སྦྲུལ་སྐུ་དེ་ཉིད་ཀྱི་སྐུ་སྐྱེ་དེ་གར་གནས་ཀློང་ཐང་ཟེར་བའི་ཉེ་འདབས་སུ་འོས་འགབ་ཅིག་ལ་འབྱུང་བར། དེ་ག་རང་ཡིན་པ་གཞིར་བཅས་ལ་མཆོག་གསུམ་བསླུ་མེད་རྣམས་ཀྱ་མཐུ་ལས་གཞན་དུ་སུ་མ་གྱུར་པས་ན། ངོས་རང་གི་རྨིས་མེད་རྣམས་ཀྱི་མཐུ་ལས་གཞན་དུ་སུ་མ་གྱུར་པས་ན། ངོས་རང་གི་རྨིས་ལྟས་སུའང་ཤར་བར། དེས་ན་ཐུགས་འདུན་སྐད་གཅིག་གི་རྩེ་ནས་ངོས་འཛིན་དེ་གར་མཛད་པས་མཐུས། ཞེས་སྩལ་འདུག་ཅིང། གཞན་ཡང་བསམ་ཡས་རྒྱལ་ཆེན་སོགས་ཀྱིའང་ལུང་བསྟན་ཤིན་ཏུ་གསལ་(སྨད་ཆ།༤༩༡)བར་གནང་འདུག་པ་ལྟར་དང། གཞན་ཡང་བླ་མ་ལྷ་བཅས་ཀྱི་ལུང་མཐུན་བྱུང་བ་བཞིན། མཆོག་སྦུལ་རིན་པོ་ཆེ་ལྡན་ཆོས་འཁོར་དཔོན་གྱི་སྲས་སུ་སྐུ་འཁྲུངས་པ་བསུ་བའི་བཀོད་བཤམས་བློའི་ར་བ་ལས་བརྒལ་བ་མཛད་ནས་གདན་དྲངས། གཞན་ཡང་སྦྱི་ཁག་སོ་སོར་དངོས་རྫས་སྦྱོར་འཇགས་སྔོན་ནས་ཡོད་རིགས་རྣམས་ལ་ཞིབ་གསེད་དང། གསར་བརྐོས་རྣམས་ལ་དངོས་རྫས་ཇི་སྙེད་སྦྱོར་འཇགས་གནང། ཁྱད་པར་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ཆེན་མོ་དང་འབྲེལ་བའི་བླ་མ་བདེ་མཆོག་གི་སྒོ་ནས་བདུད་རྩི་སྨན་གྱི་སྒྲུབ་པ་ཞག་བདུན་ཕྲག་གཅིག་ཏུ་དགེ་འདུན་སྟོང་དང་ཉིས་བརྒྱར་ཉེ་བ་ལ་འདུ་བའི་སྒོ་གྱ་ནོམ་པར་སྦྱོར་འཇགས་ཐོག་ཚེས་བཅུའི་མཆོད་པའི་གར་འཆམ་སོགས་བསམ་ཡས་རབ་བྱུང་གྲ་ཚང་དུ་ཀུན་བཟང་རྩེ་བའི་ལུགས་ཀྱི་འཆམ་སོགས་མ་ཉམས་པར་ཡོད་པའི་ལུགས་ལྟར་ལ་ཉི་དབོན་པདྨ་འཇིགས་མེད་སོགས་ཀྱིས། དག་ཐེར་ཁུངས་ཆོད་བགྱིད་པའི་ལུགས་ལྟར་གསར་འཛུགས་མཛད་ཅིང། དེ་དག་ཏུ་དགོས་པའི་མཆོད་རྫས་ཡོ་བྱད། ཞལ་འབག། འཆམ་ཆས། གར་གོས། ཟངས་འབག། རྟེན་ཐོང། རུས་རྒྱན་སོགས་མདོར་བ་གང་ལ་ཅི་དགོས་ཐམས་ཅད་ཤིན་ཏུ་དངོས་གཙང་བ་ཤ་སྟག་དང། ཐ་བ་ཉེར་སྦྱད་གདན་འབོལ་ཁྲི། ཁྲིའུ་རྐྱང་ཡུག་སོགས་ཀྱང་གསར་སྐྲུན་ཁོ་ན་དང། གསོལ་ཇ་འདྲེན་བསྐྱེད་ཟངས་སྐྱེམ་ཆ་འགྲིག་དུ་མ་སོགས་གསར་བསྒྲིགས་མཛད་ཅིང། འཆམ་དབྱངས་རོལ་མོ་སོགས་གང་ལས་ཀྱང་ལྷག་པ་འགྲན་ཟླ་བྲལ་བ་དང། བཀོད་བཤམས་ཁོ་ནའང་བློའི་ར་བ་ལས་འདས་པ་བསྟན་པའི་མིག་རྒྱན་དུ་བསྒྲུབས་པར་མཛད་ཅིང། སྔར་གྱི་དུས་མཆོད་རྙིང་པ་རྣམས་ལའང་དངོས་རྫས་(སྨད་ཆ།༤༩༢)རྒྱ་ཆེར་གསར་དུ་བསྣན་ནས། དེང་སང་རྒྱུན་དཀོན་པའི་དཀྱིལ་འཁོར་དུ་མ་རེས་མོས་སུ་འདོན་རྒྱུ་མཛད་པ་སོགས་དང། བླ་བྲང་གཟིམ་སྐྱིལ་སྟོད་ཤོད་ཕྱི་རྒྱ་བསྐྱེད་པའི་གསར་བཞེངས་ལྷའི་ཁང་བཟང་ལ་འགྲན་པ་སོགས་ཀྱིས་མཚོན། དེ་དག་ཀྱང་རྗེ་ཉིད་ཀྱིས་ཞལ་བཀོད་ལྟར་རྗེ་དཔོན་བསམ་འགྲུབ་ལགས་ཀྱིས་འགན་བཞེས་ཐུགས་གཉེར་གནང་ཁྱབ་རྒྱ་མི་ཆུང་བར་མཛད་དོ། འདི་སྐབས་གླིང་སྲས་གཏེར་ཆེན་ཀྱང་གདན་སར་སྦྱན་དྲངས་ནས་ཞབས་འདེགས་དང་སྲི་ཞུ་བླ་ན་མེད་པ་མཛད། ཟླ་སྟོད་ཡང་ཤར་གྱི་སའི་ཆར་བཀྲ་ཤིས་བརྟན་ཆགས་ཞེས་པའི་ཆོས་སྡེ་གསར་དུ་བཏབ་པ་སོས་མཛད་པ་རྒྱ་ཆེར་བསྐྱངས་ཏེ། མདོར་ན་གཟུ་བོར་གནས་པ་དག་ཐུགས་དཱངས་ཤིང་ངོ་མཚར་གྱི་གནས་ལ་སྦྱོར་ནུས་པའི་མཛད་ཕྲིན་དང་ཕྱག་བཞེས་ཤིན་ཏུ་ཆེ། དེ་ནས་གྲ་ཚང་གི་ཐུགས་འདོད་ལྟར་གདན་ས་ཆེན་མོ་མཆོག་སྦྲུལ་རིན་པོ་ཆེར་རྩིས་སྦྲོད་ཕུལ་ནས་རྗེ་ཉིད་རྒྱ་རོང་དུ་ཟུར་བཞུགས་མཛད་དེ། རྣམ་ཐར་སྙིམས་པའི་མེ་ཏོག་ཏུ། ཡོན་ཏན་ཅན་གྱི་མི་བྱུང་ན་ཞིང་དཀྱིལ་གྱི་ཕ་ཝ་ལྟར་འཇའ་ཕྱོགས་བཞི་ནས་འཇུག་ནས་འདོན་ཞེས་པའི་དོན་ལྟར། སྦྱིར་ཡང་རྗེ་འདི་ཉིད་བསྟན་པ་སྦྱི་དང་གྲུབ་དབང་རིན་པོ་ཆེའི་རིང་ལུགས་ལ་ཐུགས་བསམ་ཆེ་བར་མ་ཟད། རྣམ་དཔྱོད་གཙང་ཞིང་མཁྱེན་སྒོ་ཡངས་པས་ལུགས་གཉིས་ཀྱི་བྱ་བ་གང་ལ་ཡང་ལྷུས་ཐེངས་ཤིང་དཀྱིལ་ཆེ་བ་སོགས་ཀུན་གྱིས་བསྔགས་པའི་གནས་ཡིན་པ་དང། ཁྱར་པར་དུ་དམ་པའི་ཡོན་ཏན་གཞལ་དུ་མ་མཆིས་པ་མངའ་སྟེ། སྐུ་ཚོ་ཧྲིལ་པོར་གཞི་བྱེས་གང་དུའང་བསྙེལ་འབོལ་འཇོག་པ་སོགས་གཏན་ནས་མི་མཛད་ཅིང། མཚན་མོའི་ཐུན་ལའང་སྐུ་ཚག་མི་ལྷོད་པར་ཐུགས་དམ་གྱི་རིགས་མཐའ་ཡས་(སྨད་ཆ།༤༩༣)པར་ལྷག་པའི་ལྷ་དུ་མར་བསྐྱེད་བཟླས་མཛད་ཅིང། གུང་སང་ཙམ་ལ་མནལ་ཐུན་ཐུང་ཙམ་ལས་ནམ་ཉིན་མེད་པར་བསྙེན་སྒྲུབ་དུས་གྲངས་རྟགས་གསུམ་ཚང་བ་མང་པོ་འབོལ་བསྟེན་ལྗགས་བཟླས་གནང་བ་ཡིག་དྲུག་ཁོ་ནའང་དུང་ཕྱུར་གཉིས་ཙམ་དང། གཞན་ལྷ་སོ་སོའི་བསྙེན་པ་གྲངས་ལས་འདས་པ་རྒྱུན་བཟླས་མཛད། བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་ལས་ནམ་ཡང་མ་གཡོས་བཞིན་དུ་ཆོས་སྲིད་ཀྱི་བྱ་བ་སྦྱི་དང་ཁྱད་པར་འཆད་ཉན་ཁོ་ན་ལ་ཐུགས་རྩོལ་ཆེ་ཐད་དུ་མཛད་ནས་ལོ་རེར་ཡང་གདན་ས་ཡས་མས་རྣམས་སུ་ཉམས་ཁྲིད་ལན་གཉིས་གསུམ་ནས་དབང་ཁྲིད་ལུང་གསུམ་མང་དུ་གནང་ཞིང། གསུང་ཆོས་སྨར་བས་ཆོས་རྒྱུད་ལ་བཀའ་དྲིན་ཆེ་ཞིང། སྦྱིར་རྗེ་འདི་ཉིད་འཆད་བདེ་ཞིང་བརྗོད་པ་གཙང་ལ་དངོས་རྣམ་དག་པ། ཐ་ན་ཆོས་གསུངས་མཚམས་སུ་འབྲེལ་གཏམ་ལ་བུར་ཡང་སྔོན་རབས་ཀྱི་ལོ་རྒྱུས་དང། བླ་མ་གོང་མ་རྣམས་ཀྱི་གསུང་སྒྲོས་སོགས་ཁུངས་དག་ངེས་ཤེས་སྐྱེ་ནུས་པ་དང། ལུང་གི་རྒྱབ་སྐྱོར་དང་བཅས་ངག་གསལ་ཁུངས་ཆོད་ཁོ་ན་སྩལ་བ་སོགས། ཇི་སྐད་དུ། འཆད་རྩོད་བརྩམས་པའི་ཁྱུ་མཆོག་གི། ཞལ་གྱི་གྲ་གཉིས་གཡོ་བ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི། ཁྲི་ལ་འཕོས་དང་ནོར་བར་གྱུར། ཞེས་པ་ལྟར་ཡ་མཚན་དུ་མ་དང་ལྡན་ཞིང་བསྟན་བཅོས་ལྗགས་རྩོམ་སོགས་ལའང་སྙན་ཚིག་ཉམས་འགྱུར་བརྒྱ་དང་ལྡན་པས་རྗེ་དཔོན་རིན་པོ་ཆེའི་རྣམ་ཐར་ལ་སོགས་པ་འགའ་ཞིག་མཛད་པ་ཡོད་དོ། ཐུགས་རྣམ་པར་མི་རྟོག་པའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་པ་མངའ་སྟེ་སྙིང་ཏིག་ཟབ་མོའི་ཉམས་བཞེས་མཐར་ཕྱིན་པས་ཏིང་ངེ་འཛིན་བཟང་པོ་ལས་ནམ་ཡང་གཡོ་བ་མི་མངའ་བས་(སྨད་ཆ།༤༩༤)ཟབ་ལམ་གྱི་རྟོགས་པ་ཀླུང་དུ་གྱུར་ནས་ཀུན་བཟང་དགོངས་པའི་རྒྱལ་སྲིད་ལ་མངའ་དབང་བསྒྱུར་བ་ཉིད་དོ། དེ་ཡང། ཀུན་མཁྱེན་འཇིགས་མེད་གླིང་པས་རྒྱ་རོང་བླ་རྒན་དེ་ངེད་དང་མ་མཇལ་ཡང་རྟོགས་པ་ངེད་དང་མཉམ་པར་ཡོད་པ་ཡིན་པས་ཀུན་གྱིས་ཉམས་ལེན་གྱི་དོགས་གཙོད་ཁོང་ལ་ཞུས་གསུངས་འདུག་པ་ལ་དཔག་ན། རྗེ་དཔོན་རིན་པོ་ཆེའི་མནལ་ལམ་དུ་རུ་དམ་དགོན་ཕུར་རྣལ་འབྱོར་པའི་ཆས་ཅན་སྔོན་དུ་གཉིས་དང་དེ་ནས་རྗེ་དཔོན་ཉིད་དང། དེ་རྗེས་གཅིག་བཅས་འདུག་པ་རྫོགས་པ་ཆེན་པོའི་ལྟ་གྲུབ་གཙང་མར་འཛིན་པ་དེ་ཙམ་ཞིག་འོང་བའི་བརྡར་གཟིགས་པ་དེས་ཕྱི་མ་དེར་གོར་མ་ཆག་གོ་སྙམ་མོ། དེས་ན་ལམ་རྟགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བ་ཆོས་ཉིད་དེ། འོན་ཀྱང་དགེ་བའི་བཤེས་གཉེན་པུ་ཏོ་བའི་ཞལ་ནས། རང་ཅག་ཆོས་ལ་ཅི་ཡང་མི་རྩི་བར་ཇ་ཡུན་རེའི་མཐོ་དམན་ལ་ཐུགས་བཏགས་ལ་བཏགས་རྩི་བ་དེ་ཕུགས་རུལ་བོང་བུའི་བློ་ཅན་དག་གིས་ལྟོ་འགྲང་འབའ་ཞིག་དོན་དུ་གཉེར་བ་ལས། བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པ་ལ་ནན་ཏན་བགྱི་བ་ཅི་ཡང་མེད་པས་ཇི་བཞིན་འཆད་པའི་ནུས་པ་མ་མཆིས་སོ། དེ་ལྟ་ནའང་རྫོགས་པ་ཆེན་པོའི་ཆོས་སྦྱི་དང་ཁྱད་པར་ཐུབ་དབང་རིན་པོ་ཆེའི་ལུགས་དྲི་མ་མེད་པ་འཕེལ་རྒྱས་ཀྱི་ཐུགས་རྩོལ་ལྷོད་པ་མེད་པར་བཞུགས་བཞིན་པ་འདི་ཉིད་སླར་ཡང་བསྐལ་པར་ཞབས་པ་བསྟན་པར་གསོལ་བ་འདེབས་སོ། རྗེ་འདི་ཉིད་ཀྱི་གསུང་གི་བདུད་རྩི་བཞེས་པའི་ཞལ་སློབ་ཀྱང། རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེ་གོང་འོག། ཉི་གྲགས་གསུམ་པ། དཔོན་སྦྲུལ་རིན་པོ་ཆེ། ཉི་གྲགས་དབོན་(སྨད་ཆ།༤༩༥)སྦྲུལ་ཨོ་རྒྱན་ཉི་མ་སོགས་བླ་མ་དང་སྦྲུལ་སྐུ་མང་པོ་དང། ས་སྐྱོང་སྡེ་དགེ་རྒྱལ་པོ་ཡུམ་སྲས་སོགས་མི་ཆེན་ཆེ་དགུ་མཐའ་ཡས་སོ། ཞར་ལ་རྒྱ་རོང་རྟག་བསྟན་ཕུན་ཚོགས་རྣམ་པར་རྒྱལ་བའི་སྒྲུབ་གྲ་འདི་ཉིད་ཐོག་མ་རྗེ་དཔོན་བླ་མ་དགུང་ལོ་སོ་བདུན་བཞེས་པ་ཆུ་ཕོ་ཁྲི་ལོར་ས་ཕྱོགས་འདིར་ཞབས་ཀྱིས་བཅགས་ཤིང་རིམ་པར་སྒྲུབ་སྡེ་བཏབ་པ་ནས་དེ་འདུན་ཉི་ཤུ་རྩ་གྲངས་ཙམ་བཞུགས་པ་ལ་རྗེ་དཔོན་དེ་ཉིད་ཀྱིས་གདན་སྒོ་ལེགས་ཤིང་བརྩེ་སྐྱོང་མཛད་པ་ལས་དེང་སང་དགེ་འདུན་པ་ཉིས་བརྒྱ་ལྷག་བཅས་བཞུགས་པ་བསྒྲིབས་ལམ་ཀུན་སྦྱོད་གང་ཡང་གདན་ས་ཆེན་མོ་ཇི་ལྟ་བ་འདི་བཞིན་འཕེལ་རྒྱས་སུ་གྱུར། དེ་ནས་རྗེ་དབོན་རྡོ་རྗེ་འཆང་དེ་ཉིད་ཀྱི་ཡང་སྲིད་རིན་པོ་ཆེ་ཀུན་བཟང་བསྟན་པའི་ཉི་མ་ཉིད་ཀྱིས་ཁུར་བཞེས་མཛད་དེ། དེ་ཡང་རྗེ་འདི་ཉི་གྲགས་མཆོག་སྦྲུལ་རིན་པོ་ཆེ་གཅུང་དུ་སྐུ་འཁྲུངས་ཤིང། སྐྱེས་བུ་ཆེན་རྡོ་རྗེ་ལེགས་པ་སོགས་ཀྱི་གསང་ལུང་དང། བོད་ཡུམ་བླ་མ་བཅས་གསུང་བརྟག་རྣམས་མཐུན་པར། རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེ་དང། སྡེ་དགེ་ས་དབང་ཆེན་པོ། བླ་ཆེན་ནམ་མཁའ་ཚེ་དབང་མཆོག་གྲུབ་སོགས་བཀའ་སྒྲོས་མཛད་ནས། གདན་ས་གོང་འོག་སོ་སོར་ཁྲི་འདོན་བསྙེན་བཀུར་རྒྱ་ཆེར་མཛད་ཅིང། མཚན་ཀུན་བཟང་བསྟན་པའི་ཉི་མར་གསོལ། མི་རིང་བར་དབུས་ཕྱོགས་སུ་ཆིབས་སྐྱོད་གནང་ནས་ཀུན་མཁྱེན་འཇིགས་མེད་གླིང་པ་ལས་སྨིན་ཁྲིད་ཟབ་བཞེས་སོགས་བཀའ་ཆོས་ཀྱི་བདུད་རྩི་རྒྱ་མཚོ་ལྟ་བུ་བཞེས་ཤིང་མཚན་འཇིགས་མེད་(སྨད་ཆ།༤༩༦)ཆོས་དབྱིངས་རྡོ་རྗེ་ཞེས་པ་དང། རྫོགས་པ་ཆེན་པོའི་ཆོས་ཀྱི་རྒྱལ་སྲིད་ལ་དབང་སྒྱུར་བར་མངའ་གསོལ། ཨོ་རྒྱན་སྨིན་གྲོལ་གླིང་ནས་ཀྱང་བཀའ་གཏེར་ཆོས་ཚུལ་དུ་མ་དང། ཁྱད་པར་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བསྒྲུབས། གཞན་ཡང་ཐེག་གླིང་རྒྱལ་སྲས་སོགས་ལས་ཆོས་ཚུལ་མང་དུ་གསན། ཕྱིར་ལམ་སྲིད་རྫོང་དུའང་ཕེབས། གདན་སར་ཞབས་བཀོད་གྲུབ་ནས་རྟེན་བཞེངས་བྲིས་འབུར་མང་པོ་དང། སྒྲུབ་མཆོད་དང། བུམ་སྒྲུབ་ལོ་ལྟར་འཛུགས་པ་སོགས་མཛད་པ་རྒྱ་ཆེར་བསྐྱངས། གླིང་གཏེར་སྟོན་ཆེན་པོ་གར་དབང་རོལ་བ་རྩལ་དང། རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་སྩལ། དགས་པོ་མཆོག་སྦྲུལ་སོགས་ཀྱིས་ཆོས་བདག་ཏུ་ངོས་འཛིན་མཛད། བླ་ཆེན་ནམ་མཁའ་དང། ཉི་སྦྲུལ་རིན་པོ་ཆེ་སོགས་ལས་བཀའ་རྫོགས་ཟབ་མོར་གཡེལ་མེ་དུ་ཐུགས་རྩོལ་འདོན་ཅིང། གདན་ས་ཡས་ཕྱིན་མཉམ་སྐྱོང་གནང་ཞིང་བཞུགས་གནས་ཕལ་ཆེར་རྒྱ་རོང་ཉིད་དུ་བཞུགས་པ་ཡིན་ཀྱང། བསྟན་པའི་གེགས་ཆགས་ཀྱིས་འབྲུས་ནས་འཆད་པས། མཆོག་སྦྲུལ་དེ་ཉིད་དང་རྗེ་དཔོན་བཅས་ཞིང་གཟིགས་པ་དང། དགོན་ཡས་ཕྱིན་ཟློས་གཞི་སོགས་ཀྱིས་སྒྲུབ་སྡེ་འདིར་ཡང་གེགས་ཆགས་ཆེ་ངེས་བྱུང་སྡེ། ཇི་སྐད་དུ། ཕན་པ་བྱེད་པའི་སྨན་པ་ལ། འབྱུང་པོས་ཟིན་རྣམས་ཤིན་ཏུ་ཁྲོ། ཞེས་པ་ལྟར་རྗེ་བླ་མས་དགོན་གོང་མར་ཆོས་མཐུན་གྱི་བསླབ་བྱ་དང་བཅའ་ཁྲིམས་བཟང་པོས་ལེགས་པར་བསྐྱངས་པས། ཐིག་སྐུད་དྲང་པོར་བཞག་པ་ན། ཡ་ཡོ་ཅན་གྱི་སེམས་(སྨད་ཆ།༤༩༧)ལ་གཟན། ཞེས་པ་ལྟར་བགྲེས་འགའ་ཞིག་གི་དགོངས་པར་མ་བདེ་བས་རང་བསྟན་སེང་གེའི་ཁོག་པའི་དཔེ་ལྟར་བགྱིས་མོད། འོན་ཀྱང་འདི་དུས་མཆོག་སྦྲུལ་རིན་པོ་ཆེ་ཉིད་ཐུགས་གཞན་དབང་དུ་མ་གྱུར་པས་གནང་སྒོ་ལེགས་པ་ཚོགས་ཆེ་ཞིང། སྔར་རྒྱུན་ལྟར་བཀའ་ཆོས་དབང་ཁྲིད་ཐབས་ཅད་གསན་པས་ཀུན་གྱི་མིག་ལམ་དུ་བཀྲ་ཞིང་བསྔགས་པ་བརྗོད་པར་གྱུར་ཅིང། དཔོན་སློབ་སེལ་མེད་ཐུགས་ཡིད་གཅིག་འདྲེས་ལེགས་ལས་གོང་འཕེལ་དུ་གྱུར་པས་ཆོས་བརྒྱུད་ལ་ཕན་པ་ཆེ་བར་གྱུར་ཏོ། མཆོག་སྦྲུལ་རིན་པོ་ཆེ་འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག་ཕྲིན་ལས་རྣམ་རྒྱལ་རྡོ་རྗེ་ནི། སྦྱིར་ལོངས་སྦྱོད་རྫོགས་པའི་སྐུ་རྣམས་ཡེ་ཤེས་རང་སྣང་གི་སྐུ་དང་ཞིང་ཁམས་ལས་ནམ་ཡང་གཡོ་བ་མེད་བཞིན། སྦྲུལ་པ་གྲངས་མེད་པ་སྟོན་པ་ལྟར། བདག་ཉིད་ཆེན་པོ་འདི་ནི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པའི་དབང་ཕྱུག་ཁྱབ་བདག་གདོད་མའི་མགོན་པོ་དང་ངོ་བོ་ཐ་དད་མེད་ཀྱང། ཚུར་རོལ་མཐོང་བའི་གདུལ་བྱ་དང་ཅག་སྙིགས་མ་ལྔའི་རང་མདངས་ལ་ཆེར་ཆེར་སྦྱོད་པ་རྣམས་ལ་ཐུགས་ལྷག་པར་བརྩེ་བ་དང། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྦྱི་དང་བྱེ་བྲག་གསང་ཆེན་བླ་ན་མེད་པ་འོད་གསལ་རྫོགས་པ་ཆེན་པོའི་རང་ལུགས་གང་དུ་འཕེལ་ཞིང་རྒྱས་པའི་ཆེད་དུ་དབང་བཅུ་མངའ་བའི་རྫུ་འཕྲུལ་རྣམ་པར་རོལ་པས་བོད་ཆེན་པོའི་ལྗོངས་ཀྱི་བྱེ་བྲག། སྔོན་ཡིག་མཁན་ལྡན་མ་རྩེ་མང་གིས་བདག་གིར་མཛད་པའི་ཡུལ་གྲུ་ཆེན་པོ་ལྡན་ཡུལ་དུ་གྲགས་འི་སའི་ཆར་སྦྲུལ་པའི་ཟློས་གར་བསྒྱུར་བ་མཛད་ཅིང། མཚན་དཔེའི་དཀྱིལ་འཁོར་(སྨད་ཆ།༤༩༨)གསལ་བར་གྱུར་པ་ན། དྲི་བྲལ་མཁྱེན་པའི་མེ་ལོང་གཙང་མར་དུས་གསུམ་ཤེས་བྱའི་གཟུགས་ཀུན་སྒྲིབ་མེད་དུ་གཟིགས་པའི་རང་ཚུལ་སྔོན་གནས་རྗེས་དྲན་གྱི་རྣམ་པར་ཐར་པ་བཟང་པོ་དང། བོད་ཡུལ་བླ་མ་ལྟར་བཅས་ཀྱི་གསང་ལུང་གུང་མཐུན་དང། ཁྱད་པར་ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་གསང་ཉིན་མོར་བྱེད་པས་ཐེ་ཚོམ་སོམ་ཉིའི་མུན་པ་ཞིག་ཅིང་ཡིད་ཆེས་ཀྱི་པདྨོ་བཞེངས་པར་གྱུར་པས། གང་གི་བཀྲ་ཤིས་འཁོར་ལོའི་མཚན་དཔེའི་ཞབས་ཟུང། གྲུབ་དབང་རྫོགས་ཆེན་པ་ཆེན་པོའི་ཆོས་ཀྱིས་ཡང་དག་པར་མངོན་པར་མཐོ་བའི་སེང་གེའི་ཁྲི་ལ་བཀོད་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང། མཚན་དང་དཔེ་བྱད་ཀྱིས་བཀྲ་བའི་སྐུའི་སྣང་བརྙན་མཐོང་ན་མི་མཐུན་པ་མེད་པས་འབྲས་ལྡན་དུས་ཀྱི་ཟླ་བ་ལྟར་སྲིད་བསྐལ་པའི་བགྲོད་པ་འབུམ་ཕྲག་དུ་མར་ཞབས་པད་མི་བཤིག་རྡོ་རྗེའི་ཁམས་སུ་བྱིན་གྱིས་བརླབས་ནས་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པས་བསྟན་དང་འགྲོ་ལ་བདེའི་སྙིང་པོར་ཆེ་བའི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་བ་རྩེ་གཅིག་ཏུ་གསོལ་བ་བཏབ་པ་དེ་བཞིན་དུ་འབྱུང་བར་གྱུར་ཅིག་ད་ལྟར་གྲུབ་དབང་རིན་པོ་ཆེའི་ཆོས་ཀྱི་མངོན་པར་མཐོ་བའི་སེང་གེའོ་ཁྲི་ལ་ཞབས་ཀྱི་པདྨ་བཀོད་ནས་གསང་ཆེན་སྙིང་པོའི་རིང་ལུགས་འཛིན་སྐྱོང་སྦེལ་བའི་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་པའི་རྒྱལ་རྔ་ལན་བརྒྱར་བསྒྲགས་པས་ཁམས་པ་རྫོགས་ཆེན་པ་ཞེས་ཡོངས་སུ་གྲགས་པའི་མཚན་གྱི་ཅོད་པན་རིང་དུ་དཔྱངས་པའི་རྡོ་རྗེ་འཛིན་པ་ཇི་སྙེད་ཅིག་རིམ་པར་བྱོན་པ་དག་གི་ལོ་རྒྱུས་གདན་རབས་ཀྱི་ཕྲེང་བ་མདོར་བསྡུས་ཆེ་ལངས་ཙམ་ཞིག་(སྨད་ཆ།༤༩༩)ལེགས་པར་བརྗོད་ཟིན་ཏོ། དེ་ལྟར་རྒྱལ་བ་ཀུན་དང་དབྱེར་མ་མཆིས་པའི་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་དྲི་མེད་བཤེས་གཉེན་ཉིད་སྙིགས་མའི་དུས་འདིར་ངེས་གསང་རྫོགས་པ་ཆེན་པོའི་བསྟན་པ་སྦེལ་བའི་སླད་དུ་ཐུན་མོང་གི་གདུལ་བྱ་རྣམས་ཀྱི་སྣང་ངོར་ངུར་སྨྲིག་གར་གྱིས་རོལ་པ་མཁས་པ་དང་གྲུབ་པའི་འཁོར་ལོ་བསྒྱུར་བ་གྲུབ་དབང་རིན་པོ་ཆེ་དེ་ཉིད་ཀྱིས་གདུལ་བྱའི་འགྲོ་བ་རྣམས་ཕན་པ་དང་བདེ་བ་བླ་ན་མེད་པ་ལ་འགོད་པའི་ཆེད་དུ་མདོ་སྔས་ཀྱི་ཆོས་ཚུལ་སྦྱི་དང་བྱེ་བྲག་མཆོག་གསང་རྫོགས་ཆེན་སྙིང་ཐིག་གི་བསྟན་པ་ཕྱོགས་དང་ཕྱོགས་བྲལ་རྣམས་སུ་རྒྱ་ཆེར་སྦེལ་བར་མཛད་པ་ལས། གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་ཆེན་པོའི་གསུང་གི་བདུད་རྩིའི་ལུང་རྟོགས་ཀྱི་ལུས་སྟོབས་བསྐྱེད་པས་རང་ཆོས་སྐུའི་གོ་འཕང་མངོན་དུ་གྱུར་པའི་ཞལ་སློབ་ཇི་སྙེད་བསྐྱེད་པས་རང་རིག་ཆོས་སྐུའི་གོ་འཕང་མངོན་དུ་གྱུར་པའི་ཞལ་སློབ་ཇི་སྙེད་ཅིག་བཞུགས་པ་ལས་ཀུན་གྱི་གཙོ་བོའམ་ཡོངས་ཀྱི་ཐུ་བོར་གྱུར་པ་ནི་ཨོ་རྒྱན་སངས་རྒྱས་གཉིས་པའི་རྡོ་རྗེའི་ལུང་གིས་ཟབ་མོ་གཏེར་གྱི་འཁོར་ལོ་བསྒྱུར་བར་དབང་བསྐུར་ཞིང་རྩོད་དུས་ཀྱི་སྐལ་པ་ངན་པའི་མུན་པ་འཇོགས་པ་ལ་མཆོག་ཏུ་བསྔགས་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཆེན་པོ་ཉི་མ་གྲགས་པ་རྩལ་དང། གཞུང་ལུགས་རབ་འབྱམས་སྨྲ་བ་ལ་མཁྱེན་དཔྱོད་ཀྱི་རྩལ་རྫོགས་པའི་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་དང། ངེས་དོན་གྱི་རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔོན་སློབ་རིན་པོ་ཆེ་དང་གསུམ་ལས། དཔོན་སློབ་རིན་པོ་ཆེའི་ལོ་རྒྱུས་གོང་དུ་གདན་རབས་ཀྱི་སྐབས་སུ་བརྗོད་ཟིན་ལ། འདིར་དང་པོ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་བརྒྱུད་(སྨད་ཆ།༥༠༠)དང་བཅས་པའི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ལ་དཔལ་ལྡན་བླ་མ་དམ་པ་རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་རྣམ་པར་ཐར་པ་མཐའ་དག་ནི་བདག་ལྟ་བུའི་སྨྲ་བར་མི་ནུས་གཞི་དབྱིངས་འགྱུར་བ་མེད་པའི་ཀློང་དུ་རང་རིག་ཡེ་ཤེས་རྣམ་པར་གྲོལ་བས་མངོན་པར་བྱང་ཆུབ་པ་བརྙེས་ཏེ་སྐུ་དང་ཡེ་ཤེས་རྣམ་པར་གྲོལ་བས་མངོན་པར་བྱང་ཆུབ་པ་བརྙེས་ཏེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཞབས་གཡོ་བ་མེད་པར་སངས་རྒྱས་ཐམས་ཅད་དང་རོ་གཅིག་ཏུ་བཞུགས་པ་ལས། གདུལ་བྱ་གཞན་སྣང་གི་ངོར་བྱང་སེམས་ས་བཅུ་བའི་ངོར་སྣང་བའི་ལོངས་སྐུ་དང། གདུལ་བྱ་སྣ་ཚོགས་ལ་སྣང་བའི་སྦྲུལ་པའི་རྣམ་རོལ་བསམ་གྱིས་མི་ཁྱབ་པས་གང་འདུལ་གྱི་མོས་ངོར་སོ་སོའི་སྐལོ་བ་འཚམས་པའི་ཕྲིན་ལས་ཚད་མེད་པས་གདུལ་བྱའི་དོན་མཛད་པའི་ཕྱིར་རོ། འོན་ཀྱང་བར་སྐབས་ཀྱི་མཛད་པ་གདུལ་བྱའི་ཆ་ཤས་འགའ་ཞིག་གི་སྣང་ཚུལ་དང་མཐུན་པའི་རྣམ་པར་ཐར་པ་ཅུང་ཟད་ཅིག་གླེང་བའི་དབང་དུ་བྱས་ན། ཨོ་རྒྱན་རྡོ་རྗེ་འཆང་གི་ཟབ་མོའི་ལུང་གི་བསྔགས་པ་བརྗོད་པའི་ཚུལ་ནི། འཕགས་མཆོག་སེམས་ཉིད་ངལ་གསོའམ། འཇིག་རྟེན་དབང་ཕྱུག་འཕགས་པ་སྦྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཡིན་པར་གསུངས་ཏེ། རང་གཏེར་ཀླུའི་དབང་པོའི་སྐྱེ་ཕྲེང་ལས། གུ་རུ་རིན་པོ་ཆེའི་ཞལ་ནས༔ ལོ་(སྨད་ཆ།་བ་ཁྱོད་འཕགས་པ་སེམས་ཉིད་ངལ་བསོའི་སྦྲུལ་པ་ཡིན་པས། སེམས་བསྐྱེད་ཀྱི་སྟོབས་ཆེ་བས། རྩོད་ལྡན་གྱིས་ཡང་མཐའ། དམུ་རྒོད་ཀྱིས་སེམས་ཅན་འདུལ་དཀའ་བའི་དུས་སུ༔ ཟབ་ཆོས་འདི་དང་འཕྲད་ཅིང༔ འགྲོ་བ་མང་པོ་ཞིག་ཐར་ལམ་ལ་འཁྲིད་(སྨད་ཆ།༥༠༡)གསུང་སོ༔ ཞེས་དང། ཁྱོད་ཀྱི་བསྐལ་པ་མང་པོའི་གོང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང༔ སྨོན་ལམ་འགྲོ་དོན་དུ་བཏབ་པ་ཡིན་ཏེ། རིགས་དྲུག་གང་ནས་གང་དུ་སྐྱེས་ཀྱང། གཞན་དོན་སྣ་རེ་ངེས་པར་འགྱུར་པ་ཡོད་པས། སྔར་གྱི་སེམས་བསྐྱེད་ཉམས་སུ་མ་འཇུག་པར་གཞན་དོན་དུ་སྨོན་ལམ་རྒྱ་མ་ཆུང་ཞིག༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཐ་ལམ་གྱི་འགྲོ་བ་རིགས་དྲུག་གི་གནས་སུ་འཁྱམས་པ་དང་མི་འདྲའོ། ཁྱོད་ཀྱི་ལུས་ཇི་ལྟ་བུ་ཞིག་བླངས་ཀྱང་དོན་དང་ལྡན་ནོ༔ སྔོན་བསྐལ་པ་མང་པོའི་གོང་རོལ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ས་ལམ་གྱི་ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་ཀྱང༔ འགྲོ་བའི་དོན་དུ་སྨོན་ལམ་རྒྱ་ཆེ་རྒྱུན་མི་འཆད་པ་ཁྱོད་ཀྱིས་བཏབ་པ་ཡིན་པས་རྗེས་སུ་དྲན་པར་གྱིས་ཤིག། ལོ་ཙཱ་བ་ཁྱོད་འཕགས་པ་སེམས་ཉིད་ངལ་གསོ་དང་དབྱེར་མེད་དོ༔ ཞེས་གསུངས་པ་ལྟར་ཏེ། དེས་ན་འཕགས་པ་སྦྱན་རས་གཟིགས་དབང་ཕྱུག་གི་ས་བཅུ་རྒྱུན་མཐའི་བྱང་སེམས་གཞན་ལྟ་བུ་མ་ཡིན་ཏེ། དེ་ལྟ་བུའི་ཡོན་ཏན་ནི་སོ་སོ་སྐྱེ་བོའི་ལྟ་ཅི་སྨོས་བྱང་སེམས་འཕགས་པ་རྣམས་ཀྱིས་ཀྱང་རྟོགས་པ་དང་བརྗོད་པར་མི་ནུས་པས། སངས་རྒྱས་རྣམས་ཀྱི་མཁྱེན་པའི་སྦྱོད་ཡུལ་ཁོ་ན་ལམ་མ་འདས་ཏེ། ཇི་སྐད་དུ། རྒྱལ་བའི་མཛད་པ་རྒྱལ་བ་ཁོ་ན་མཁྱེན། ཕྱོགས་བཅུའི་འཇིག་རྟེན་ཤཱ་རིའི་བུར་གྱུར་ཏེ། མཐའ་ཡས་བསྐལ་པར་བརྗོད་ཀྱང་རྫོགས་མ་ཡིན། ཞེས་གསུངས་པ་ལྟར་རྒྱལ་བ་ཉིད་ཀྱིས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཀུན་ནས་མཁྱེན་ཅིང་གཟིགས་པ་ཉིད་དོ། དེས་ན་གདུལ་(སྨད་ཆ།༥༠༢)བྱའི་ཡུལ་ཇི་སྙེད་པ་དེ་སྙེད་དུ་གདུལ་བྱ་གང་དང་གང་གིས་འདུལ་བར་འདུལ་བྱེད་ཀྱང་དེ་དང་དེས་གཟུགས་དང་རྣམ་པ་རོལ་པ་མཐའ་ཡས་པར་སྣང་བས་འགྲོ་བའི་དོན་བྱེད་པའི་ཚུལ་དེ་ལྟ་བུ་ནི་བསམ་བརྗོད་ཀྱི་ཡུལ་དུ་མ་གྱུར་མེད། འོན་ཀྱང་ཞིང་འདིའི་གདུལ་བྱ་རྣམས་དྲངས་པའི་སླད་དུ་ཐབས་ལ་མཁས་པའི་སྙིང་རྗེ་ཆེན་པོས་འདུལ་བའི་ཡུལ་དུ་མཐུན་པར་འཇུག་པའི་སྐྱེ་བའི་ཕྲེང་བ་ཇི་སྙེད་ཅིག་བཟུང་བར་མཛད་པའི་ཚུལ་ཡང། རེ་ཞིག་གཏེར་ལུང་ལས་འབྱུང་བ་ལྟར། རགས་བསྡུས་ཙམ་བརྗོད་ན། ལོ་ཙཱ་བའི་སྐྱེ་ཕྲེང་ལས། སྔོན་སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ༔ རཱ་ཙ་དྷརྨ་ཀེཏུ་བྱ་བ་ཞིག་ཏུ་སྐྱེས༔ རྒྱལ་སྲིད་འབངས་མངའ་འཁོར་བཙུན་མོ་དང་བཅས་པ་སྦྱིན་པར་བཏང༔ རྒྱལ་པོ་ཉིད་སངས་རྒྱས་འཁོར་བ་འཇིག་ལ་ཆོས་ཉན་ནས༔ དགྲ་བཅོམ་པ་ཆེན་པོ་ཐོབ༔ དེ་ནས་སུམ་ཅུ་རྩ་གསུམ་ལྷ་ཡི་ཡུལ་དུ་ལྷ་ཡི་བུ་ནྱ་ཤཱི་བྱ་བ་ཞིག་ཏུ་སྐྱེས༔ དེ་ནས་ཧོར་ཡུལ་ཨནྟྲ་ན་ཐ་ཞེས་བྱ་བ་ཞིག་ཏུ་རྒྱལ་པོ་བྷི་ཧུ་ལ་ཀྲ་བྱ་བ་ཞིག་ཏུ་སྐྱེས༔ དེ་ནས་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ༔ རྒྱ་གར་བྷ་ག་ལ་ཡི་ཁྱིམ་བདག་གཅིག་ཏུ་སྐྱེས་ནས༔ སངས་རྒྱས་འཁོར་ དང་བཅས་པ་ལ་ཞབས་ཏོག་དང་བསྙེན་བཀུར་ཆེན་པོ་བྱས་སོ༔ དེ་ནས་ཡུལ་རྟ་ཐུབ་ཀྱི་རྒྱལ་པོ་ཏཏྠ་ཀོ་ཏྲ་བྱ་བ་ཞིག་ཏུ་སྐྱེས་ནས༔ མཐའི་རྒྱ་མཚོ་ནས་ནོར་བུ་དང། གསེར་དངུལ་རིན་པོ་ཆེ་སྣ་ཚོགས་བླངས་ཏེ་སེམས་ཅན་མང་པོ་ལ་སྦྱིན་པ་རླབས་པོ་ཆེ་བཏང་ངོ༔ དེ་ནས་སྟག་གཟིག་གི་རྒྱལ་པོ་བྷ་ལ་བྷ་ཏྲ་ཏི་བྱ་བ་ཞིག་ཏུ་སྐྱེས་ནས། རྒྱལ་པོ་ལ་བྲག་ཟེ་གཅིག་གིས་དམོད་བོར་བའི་རྐྱེན་གྱིས༔ བྱ་ངང་པ༔ ཕག༔ མ་ཧེ༔ ཉ༔ ར་རྒོད༔ གླང་ཆེན་ལ་(སྨད་ཆ།༥༠༣)སོགས་པར་སྐྱེས། འོན་ཀྱང་བྱང་ཆུབ་སེམས་དཔའ་ནི་དུང་འགྲོའི་ལུས་བླངས་ཀྱང་ཕན་པ་རྒྱ་ཆེན་པོར་ཡོང་བར་གསུངས་པ་བཞིན་རིགས་མཐུན་གྱི་སེམས་ཅན་རྣམས་ཀྱིས་དོན་རྒྱ་ཆེར་མཛད་དོ། དེ་ནས་བསིལ་བ་ཚལ་དུ་བརྟུལ་ཞུགས་སྦྱིད་པའི་རྣལ་འབྱོར་པ་ཞིག་ཏུ་སྐྱེས་སོ༔ དེ་ནས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ༔ རྒྱལ་པོ་བྷི་ཏྲ་ཡ་བཛྲ་བྱ་བའི་བཙུན་མོ་གཞོན་ནུ་འོད་བྱེད་དུ་སྐྱེས་ནས༔ དགྲ་བཅོམ་མ་བློ་གྲོས་གྲགས་པ་ལས་ཆོས་ཉན་ཞིང། བསྙེན་བཀུར་ཞབས་འདེགས་དཔག་མེད་བྱས་སོ༔ དེ་ནས་ཤཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། དགྲ་བཙོམ་པ་བློ་གྲོས་རྒྱ་མཚོར་སྐྱེས་ནས༔ སྟོན་པའི་ཆོས་འཁོར་རྣམས་ཉན༔ དེ་ནས་བདག་ཉིད་པདྨ་འབྱུང་གནས་ཀྱི་སྡིག་སྦྱོད་ཀྱི་རྒྱལ་པོ་ནོར་བུ་འོད་ལྡན་བསྒྲལ་ཏེ༔ ཡུལ་དེར་མུ་སྟེགས་ཀྱིས་མིང་མེད་པར་བྱས་ནས་ནང་པའི་བསྟན་པ་ལ་བསྒྱུར་བའི་ཚེ༔ བྲམ་ཟེའི་བུ་མོ་དཔལ་སྐྱེས་མ་ཞེས་བྱ་བ་ཞིག་ཏུ་སྐྱེས་ནས༔ རྫོགས་པ་ཆེན་པོ་སེམས་སྡེའི་ཆོས་འཁོར་མང་པོ་ཉན་ཅིང༔ གསང་སྔགས་ཀྱི་ཆོས་དང་མཇལ་བའི་སྨོན་ལམ་མང་པོ་བཏབ་པས་འགྲུབ་པར་བྱུང་ངོ༔ དེ་ནས་སློབ་དཔོན་ཆེན་པདྨ་འབྱུང་གནས་བདག་ཉིད་ཀྱིས་བོད་ཡུལ་འདིར་ཆོས་ཀྱི་འཁོར་ལོ་བའི་སྐབས་ལོ་ཙཱ་བ་ཀླུ་ཡི་དབང་པོར་འཁྲུངས་ཤིང༔ མདོ་སྔགས་མང་པོ་བསྒྱུར་བ་དང། ཟབ་གཏེར་(སྨད་ཆ།༥༠༤)གྱི་ཆོས་གང་མང་གཏེར་དུ་སྦས་པ་དང་འབྲི་བའི་ཞབས་ཕྱི་བསྒྲབས་སོ༔ དེ་ནས་སུམ་ཅུ་རྩ་གསུམ་ལྷའི་ཡུལ་དུ་སྐྱེ༔ དེ་ནས་རྒྱ་གར་ཀ་མ་རུའི་གྲོང་ཁྱེར་དུ་བྲམ་ཟེའི་རྣལ་འབྱོར་བོ་དྷི་ཨཀྵི་བྱ་བར་སྐྱེ་སྟེ༔ རྗེ་བཙུན་འཇམ་པའི་དབྱངས་ལ་བསྙེན་སྒྲུབ་བྱེད༔ དེ་ནས་རྒྱ་ནག་གི་རྒྱལ་པོ་མཉྫུ་སོདྷི་བྱ་བ་ཞིག་ཏུ་སྐྱེ་སྟེ་རྒྱལ་མཚན་བྱ་བ་ཞིག་ཏུ་སྐྱེ་སྟེ་རྒྱལ་སྲིད་སྦྱིན་པར་གཏོང་ངོ༔ དེ་བས་རྒྱལ་མ་རོང་དུ་རྒྱལ་པོ་ལྷུན་གྲུབ་རྒྱལ་མཚན་བྱ་བ་ཞིག་ཏུ་སྐྱེ་སྟེ་བན་བོན་གྱི་བསྟན་པ་ཕྱོགས་མེད་དུ་སྐྱོང་ངོ། དེ་ནས་གཡོ་རུ་གྲའི་ནང་འདི་ན་རྣལ་འབྱོར་པ་སློབ་དཔོན་བསྟན་སྲུང་བྱ་བ་ཞིག་ཏུ་སྐྱེ། དེ་ནས་གཙང་གཡས་རུ་མཚམས་སུ་སྔགས་པ་གཉིས་ཀྱི་ལུས་ལེན༔ དེ་ནས་ཆོས་འཁོར་ལྷས་འདིར་སྨད་འཚོང་མ་དཔལ་གྱི་སྒྲོན་མ་བྱ་བར་སྐྱེ༔ གཏེར་སྟོན་ཀརྨ་གླིང་པའི་ཕྱག་རྒྱ་མ་བྱེད༔ དེ་ནས་གཙང་གི་ཕྱོགས་སུ་རི་ཁྲོད་པ་བཟང་པོ་གྲགས་པ་བྱ་བ་ཞིག་ཏུ་སྐྱེ༔ གཏེར་ཁ་འགའ་རེ་མཏོན༔ དེ་ནས་ཁམས་ཀ༔ཐོག་ཏུ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་ཞིག་ཏུ་སྐྱེ༔ དེ་ནས་ཁམས་སུ་བུད་མེད་གཅིག་ཏུ་སྐྱེ༔ དེ་ནས་མདོ་ཁམས་སུ་བན་སྔགས་ཤིག་ཏུ་སྐྱེ༔ ཁྲོས་མ་ནག་མོའི་སྒོམ་བཟླས་ལ་བཙོན་པས༔ པདྨ་འབྱུང་གནས་དངོས་ཉམས་རྨི་ལམ་དུ་ཡང་ཞལ་མཇལ༔ དེ་ནས་བར་སྲིད་ཀྱི་སྐྱེ་བ་འགའ་རེ་རྗེས་པ་དང༔ གཏེར་སྟོན་ཉི་མ་གྲགས་པ་རྩལ་ཞེས་བྱ་བར་སྐྱེ་སྟེ་ཞེས་སོགས་གཏེར་ལུང་ལས་གསུངས་པ་དང། གཞན་ཡང་གཏེར་ལུང་དུ་མི་འབྱུང་(སྨད་ཆ།༥༠༥)ཡང། གཏེར་སྟོན་རིག་འཛིན་ཆེན་པོ་ཉིད་སྲིད་རྫོང་ཁམ་ཤག་ལ་བཞུས་དུས་ལུང་བསྟན་བྱུང་བ་དང། སྔོན་གནས་རྗེས་དྲན་དང་རྗེས་མཐུན་གསུང་མགུར་དུའང་གསལ་བ་ལྟར། གྲུབ་ཆེ་ནག་པོ་ཐོག་འཕེན་དུ་སྐྱེ་བ་བཞེས་ཏེ། དེ་ཡང་ཡུལ་རྒྱ་སྟོན་གྱི་བརླབས་པའི་མཚན་མ་ཙམ་ལས་འཇིག་རྟེན་མིའི་ཡབ་མེད་པར་སྐུ་འཁྲུངས། ཡུམ་གྱིས་རི་སུལ་ཞིག་ཏུ་བོར་ནས་བཞག་པས་བྱ་རྒོད་ཀྱིས་རུམ་པ་སོགས་དགེ་མཚན་མང་པོ་མཐོང་བས་པོར་མ་ཕོད་དེ་ཡུམ་གྱིས་ཁུར་ནས། ཡུམ་སྲས་གཉིས་ཁྱུང་པོའི་ཡུལ་དུ་བྱོན། བླ་མ་ཁྱུང་སྒོམ་པ་ལ་ཕྱག་རྡོར་གྱི་དབང་དང་གདམས་པ་ཞུས་ནས་བསྒྲུབས་པས་དངོས་སུ་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པས་མ་རུང་པའི་ལྷ་འདྲེ་ཐམས་ཅད་བཏུལ། ཁྱད་པར་དུ་ཡུལ་ཤོག་རྔུ་ཆུ་བརྒྱུད་དུ་ལྷ་འདྲེ་གནས་པའི་ཤིང་སྡོང་ཞིག་ཡོད་པ་བཅད་ནས་ལས་ཀྱི་མཁའ་འགྲོ་མས་རྔ་གསུམ་བཟོས་ནས་གཏེར་དུ་སྦས། བེར་ནག་པོ་ཞིག་མནབ་ནས་ནམ་མཁའ་ལ་འཕུར་བས་ནག་པོ་དགུང་འཕུར་བར་གྲགས། སོགས་སླ་ང་དམར་པོར་སྲིན་པོས་ཚང་བཅས་མི་རྣམས་རེས་མོས་སུ་ཟོས་པས། བུད་མེད་པོར་སྲིན་པོས་ཚང་བཅས་མི་རྣམས་རེས་མོས་སུ་ཟོས་པས། བུད་མེད་མ་བུ་གཉིས་ཀྱིས་བླ་མ་ལ་གསོལ་བ་བཏབ་པས་བྱ་རྒོད་ཅིག་ལ་ཆིབས་ནས་བྲག་སླ་ང་དང་དམར་པོའི་རྩེར་བྱོན། སྲིན་པོ་སྦུན་བདུན་སྐད་ཅིག་ལ་གནས་སྦར་ནས་ཀླུ་རབ་བཟའ་མ་བུ་སོགས་སྐྱེ་འགྲོ་མང་པོའི་སྲོག་སྐྱོབ་པར་མཛད། བུ་མོ་དེ་ཉིད་རིག་མར་བཞེས། རྡོ་རྗེ་སྙིང་རྫོང་ནས་སྲིད་མོ་རྫོང་གི་གནས་ཡིག་དང། ཕོ་བྲང་ཡུམ་མཚོ་ནས་གནག་ཕྱུག་བརྒྱ་ཕྲག་མང་པོ་གཏེར་བཏོན་ནས་ལོངས་སྦྱད། ཆགས་རི་ཁ་ཞིང་དུ་རྨོས་པས་ལྷ་འདྲེ་(སྨད་ཆ།༥༠༦)རྣམས་ཀྱི་ཐོག་འཕངས་པ་ཕྱག་སོར་གྱི་རྩེར་བཟུང་ནས་ལྷ་འདྲེ་རྣམས་ལ་ཕྱིར་འཕངས་པས་ལྷ་འདྲེ་མ་རུང་པའི་རྟེན་གནས་བྲག་རི་རྣམས་བསྙིལ་ནས་དྲག་པོའི་སྟབས་ཀྱིས་བརྟུལ་བས་ནག་པོ་ཐོག་འཕེན་དུ་གྲགས། སོག་འབོམ་མདའ་བས་བསོད་སྙོམས་ཕུལ་བ་ཚུར་རིའི་ཞིང་བཅད་ནས་ཕ་རིར་སྦྱར་བའི་རྗེས་དེང་སང་ཡང་ཡོད། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་ཅིང་ལྷ་འདྲེ་གདུག་པ་ཅན་མང་པོ་བསྒྲལ་དུས་ཁ་ནས་ཁྲག་སྐྱུག་པ་མང་པོ་བྱུང་བས་ནག་པ་ཁྲག་སྐྱུག་པ་ཡང་ཟེར། དེ་ལྟ་བུའི་སེམས་ཅན་གྱི་དོན་མང་དུ་མཛད་ནས་སྐུ་ལུས་མ་སྦངས་པར་མཁའ་སྦྱོད་དུ་གཤེགས། ནམ་ཚར་སྦངས་ལྕིན་དགོན་དང་བ་དན་དགོན་གཉིས། ཀ་འོག་གི་སྔགས་གྲོང་སོགས་གདན་ས་གསུམ་དུ་གདུང་བརྒྱུད་དེང་སང་ཡང་མང་དུ་སྣང་ངོ། ཡང་གཏེར་ལུང་ནས། ཁམས་ཀ༔ཐོག་ཏུ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་ཞིག་ལ་སྐྱེ༔ ཞེས་གསུངས་པ་དེ་ནི་ཀ༔ཐོག་པ་མ་ཎི་རིན་ཆེན་ཡིན་ཏེ་གོང་དུ་སྨོས་པ་བཞིན་མདོ་སྨད་བུ་འབརོ་སྒང་གི་ཆར་འཁྲུངས། རྟེན་དགེ་སློང་ཡིན་ལྷོ་བྲག་ཏུ་བྱོན་གུ་རུ་ཆོས་དབང་གི་ཆོས་བདག་ཏུ་གྱུར། ཐུགས་རྗེ་ཆེན་པོའི་ཞལ་མང་དུ་གཟིགས། ཀ༔ཐོག་གི་གདན་ས་མཛད། ཐུགས་རྗེ་ཆེན་པོའི་སྒོ་ནས་འགྲོ་ཕན་གྱི་ཕྲིན་ལས་བསྐྱངས་མཐར་སྐུ་ལུས་མ་སྦངས་པར་འཇའ་ལུས་གྲུབ་པ་ཡིན། རི་ཁྲོད་པ་བཟང་པོ་གྲགས་པ་ནི་གཙང་ལ་སྟོད་པ། གསོལ་འདེབས་ལེའུ་བདུན་པ་གཏེར་ནས་འདོན་མཁན་ཡིན་ཏེ། གཏེར་སྟོན་གྱི་སྐབས་བཤད་ཟིན་པ་དེ་བཞིན་དང། ཡང་གཏེར་ལུང་ལས། མངའ་བདག་ཀུན་དགའ་ལྷུན་གྲུབ་ཏུ་འཁྲུངས་གསུངས་པ་ནི།(སྨད་ཆ།༥༠༧)མངའ་བདག་ཉང་གི་གདུང་རབས་བཅུ་གཅིག་པ་ཡིན་ཏེ་ཆོས་རྗེ་ཀརྨ་གུ་རུ་སོགས་དང་དུས་མཉམ་ཡིན་ཏེ། འདི་ལ་དཔྱད་གཞི་འདི་ཡོད་དེ། རྣམ་ཐར་ཞལ་གསུང་མར་ཉང་གི་གདུང་བརྒྱུད་དུ་འཁྲུངས་ནས་སྐུ་ཚེ་མཐར་མ་ཕྱིན་པར་བྱིས་པའི་དུས་ནས་སྐུ་གཤེགས་པའི་སྐྱེ་བ་འཕོས་མ་ཐག་པ་ནི་གཏེར་སྟོན་རིག་འཛིན་ཆེན་པོ་ཉིད་ཡིན་པར་གསུངས་འདུག་པས་ཉང་གི་གདུང་བ་ལན་གཉིས་སུ་སྐྱེ་བ་བཞེས་པ་ཡིན་པ་འདྲ་སྙམ་པས་པྱད་པར་བྱའོ། ཡང་གཏེར་ལུང་དུ་མི་གསལ་ཡང་བོ་དོང་ཕྱོགས་ལས་རྣམ་རྒྱལ་དུ་སྐྱེ་བ་བཞེས་པར་གཏེར་སྟོན་ཉིད་ཀྱི་གསུང་ལས་བྱུང་སྟེ། པཎ་ཆེན་འདི་དཔངས་ལོ་ཆེན་པོའི་བརྒྱུད་དུ་འཁྲུངས། ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་མཁྱེན་པའི་ཀློང་བརྡོལ་ཞིང། ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་མཁྱེན་པའི་ཀློང་བརྡོལ་ཞིང། གསུང་རབ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་མཁས་པ་ཆེན་པོར་གྱུར། དབྱངས་ཅན་མ་རྟག་ཏུ་ཞལ་གཟིགས། དེ་ཁོ་ན་ཉིད་བསྡུས་པ་ཞེས་པའི་བསྟན་བཅོས་མཛད་པ་འདི་ལས་མང་མེད་པར་གྲགས། མཚན་གྱི་ལུང་ལས་མདོ་ཁམས་སུ་བན་སྔགས་ཤིག་ཏུ་སྐྱེ་ཁྲོས་མ་ནག་མོའི་སྒོམ་བཟླས་ལ་བརྩོན། ཞེས་གསུངས་པ་ནི། གྲུབ་ཐོབ་འཕོ་ལུང་པ་ཆེན་པོ་ཀརྨ་བསམ་འགྲུབ་ཡིན་ཏེ། བར་ཁམས་སྒོམ་སྡེར་འཁྲུངས། འབྲི་གུང་པའི་ཆོས་བརྒྱུད་ཡིན་རྟེན་དགེ་སློང་ལ་སྔགས་ཀྱི་ཉམས་ལེན་ལ་བརྩོན་པ། ཁྱད་པར་ཁྲོས་མ་ནག་མོའི་བསྙེན་པ་དུང་ཕྱུར་ལྗགས་ཐོག་ནས་སོང་ཞིང་གྲུབ་པའི་རྟགས་མངོན་དུ་གྱུར། འཕོ་ལུང་གི་ཆོས་ཀྱིས་འགྲོ་དོན་བསྐྱངས་པས་མཚན་ཡང་འཕོ་ལུང་པར་(སྨད་ཆ།༥༠༨)གྲགས། ཤ་བ་ཡུ་མོ་ཤི་བའི་རོ་ལ་རྣམ་ཤེས་འགུགས་ཚད་མཛད་པས་དངོས་སུ་འགྲོ་ནུས་པ་བྱུང། ཆམ་བྱི་ན་བུན་རྫོང་དུ་རྡོ་ལ་ཞབས་རྗེས་བཞག་པ་སོགས་ངོ་མཚར་བའི་མཛད་པ་མཐའ་ཡས་པས་ཀུན་ལ་གྲུབ་ཐོབ་རྩོད་མེད་དུ་གྲགས་སོ། དེ་ལྟར་ཡོངས་གྲགས་འགའ་ཞིག་ཅུང་ཟད་བཀྲོལ་བ་ལས་ཐམས་ཅད་རེ་རེ་ནས་ཡི་གེས་ལས་སུ་ཆེ་ཞིང་རྒྱུས་ཀྱང་ཞི་པར་མ་འཚལ་བས་འབྲི་མ་ནུས་སོ། དེ་ལྟར་མཁས་པ་དང་གྲུབ་པའི་རྣམ་པར་ཐར་པའི་མཚན་གྱི་མེ་ཏོག་གིས་སྒེག་པའི་སྐྱེ་བའི་ཕྲེང་བ་ཇི་སྙེད་ཅིག་བྱོན་ཅིང། སླར་ཡང་སྙིགས་མའི་འགྲོ་བ་རྣམས་འདུལ་བའི་སླད་དུ་རིག་འཛིན་ཆེན་པོ་གར་དབང་འགྲོ་འདུལ་གླིང་པའམ་རིག་འཛིན་ཆེན་པོ་ཉི་མ་གྲགས་པ་རྩལ་ཞེས་ཡོངས་སུ་གྲགས་པའི་སྦྲུལ་པའི་གཏེར་སྟོན་ཆེན་པོ་འདི་ཉིད་ནི། ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། འཇིག་རྟེན་ཀུན་ལ་གཟིགས་ནས་ནི། ཆོས་ཀྱི་སྐུ་ལས་ལ་གཡོས་པར་སྦྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། ཞེས་གསུངས་པ་ལྟར་སྐུ་གསུམ་གྱི་རང་བཞིན་ལས་མ་གཡོས་བཞིན་དུ་ཞིང་འདིའིི་གདུལ་བྱ་རྣམས་དྲངས་པའི་སླད་དུ་ཐབས་མཁས་པའི་མཛད་པ་བླ་ན་མ་མཆིས་པས། ངོ་མཚར་སྦྲུལ་པའི་རོལ་པ་བསམ་གྱིས་མི་ཁྱབ་པའི་རང་བཞིན་གྱིས་སྐྱེ་བའི་མྱུ་གུ་ཡོངས་སུ་འཛིན་པར་མཛད་པའི་ཚུལ་ཡང། ཨོ་རྒྱན་གླིང་པའི་བཀའ་ཐང་ཤེལ་བྲག་མ་དང། རྡོ་རྗེ་གླིང་པའི་གནམ་ལྕགས་མ། པདྨ་གླིང་པའི་བཀའ་རྒྱ་མ། སངས་རྒྱས་གླིང་པའི་བུ་རིམ་རྣམས་ནས་ཚོིག་གཅིག་དང་དབྱངས་གཅིག་གིས། མི་ལས་ལུས་ཆས་ཡ་མ་ཟུང་དུ་འོད༔ དམ་པའི་ཆོས་ཀྱང་ཡ་མ་(སྨད་ཆ།༥༠༩)ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རོ་མོ་ཤུལ་རྗེས་འབྱུང༔ ཁམས་ཀྱི་སྲིང་མོ་རྫོང་གསུམ་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང༔ ཁམས་པ་ཉི་མ་གྲགས་ཀྱི་མིང་ཅན་འབྱུང༔ ཞེས་དང་གཞན་ཡང་ཐང་ཡིག་བདུན་ནས་གསལ་བར་གསུངས་པ་དང་རང་གཏེར་བླ་མ་བདེ་མཆོག་གི་ཀླུའི་དབང་པོའི་སྐྱེ་ཕྲེང་ཆོས་ཚན་ལས་ཀྱང། རྒྱ་གར་རྒྱ་ནག་མོན་བོད་བལ། ཧོར་དང་སོག་པོ་ལ་སོགས་པ༔ ལུས་གོས་སྣ་ཚོགས་ཡང་མ་ཟུང༔ རྒྱ་བོད་ཧོར་གསུམ་ཆས་གོས་འདྲེས༔ བསམ་ཡས་འདི་ལ་ཞིག་གསོས་ཡོང༔ ང་ཡི་སྦས་པའི་གཏེར་ཁ་རྣམས༔ སུམ་ཅུར་ཉེ་བའི་དུས་ལ་ཉེ། ཞེས་གསུངས་པ་ལྟར་མི་ནོར་བའི་ས་རྟགས་དང། མི་ཡང་གཏེར་སྟོན་གྱི་འཁྲུངས་ཡུལ་སོགས་ཁམས་ནས་འབྱུང་བ་དང། གཏེར་གནས་ཁམས་ཀྱི་སྲིད་མོ་རྡོང་དུ་ཤིན་ཏུ་གསལ་བར་གསུངས་པའི་ས་རྟགས་དང། ལྔ་པ་ཆེན་པོའི་རྣམ་ཐར་ན། ལུང་བསྟན་ཚོར་བོད་ཀྱི་མིང་བྱེད་སེར་ཆས་གྱོན་ཞེས་པའི་དུས་ལ་བབས་པས་སྡོམ་པ་མེད་པའི་སེར་གཟུགས་ལ་ཡ་མཚན་རྒྱུ་མི་འདུག། ཅེས་སྡེ་པ་ཕོན་མདོ་བ་སྐུ་ལུས་སྒྱུར་སྐབས་གསུངས་འདུག་པ་བཞིན། མི་རྣམས་ཆ་ལུགས་ཡ་མ་ཟུང་མི་སྐྱས་གཟན་ཤམས་སོགས་པ་ནི་ཆས་དང། བན་དེའི་སྐྱ་ཆས་བྱེད་པ་དང། བོད་མིས་རྒྱ་སོག་གི་ཆས་བྱེད་ཅིང། ཆོས་ལུགས་ཀྱང་སྒྲུབ་གྲས་ཉན་བཤད་དང་(སྨད་ཆ།༥༡༠)སྒྲིག་ལམ་གཙོ་བོར་བྱེད་བཤད་གྲས་མདོས་གཏོར་འཕེན་ཞིང་གྲོང་སྔགས་པའི་ལད་མོ་བྱེད་པ་སོགས་བསྟན་པ་དར་བ་ལྟར་སྣང་ཡང། སྙིང་པོ་ཉམས་ལེན་གྱི་སྲོལ་ནུབ་པ་ལྟ་བུའི་དུས་དང། འབྲོམ་བཟའི་ཐུགས་དམ་དགེ་བ་རྒྱས་པའི་ལྷ་ཁང་གི་ངོས་རིས་བརྗེ་བ་སོགས་དུས་རྟགས་ཐམས་ཅད་ཀྱང་ཤིན་དུ་གསལ་བར་འགྲིགས་ཏེ། དེ་དག་ཉི་མ་གྲགས་པ་འབྱོན་པའི་དུས་རྟགས་སུ་ལུང་བསྟན་པ་དང། རིག་འཛིན་བདུད་འདུལ་རྡོ་རྗེས་ཁོ་རང་གི་ཆོས་བདག་ཏུ་ངོས་འཛིན་གནང་ཞིང་ཁྱད་དར་ཕུར་པའི་ཆོས་བདག་སྒོས་ལུང་ལས། ལྕོག་རོས་སྐྱེ་བ་ཁམས་ཀྱི་ཕྱོགས་ནས་འབྱུང༔ ཀརྨའི་མིང་ཅན་སྙིང་ཁར་སྨེ་ནག་ལྡན༔ ཆོས་ཉིད་ཉམས་བླངས་ཞིང་བཅུའི་གདུག་པ་འདུལ༔ ཞེས་དང། གུ་རུའི་རྣམ་ཐར་གསང་བ་དྲི་མེད་ལས། གཏེར་སྟོན་ལུང་བསྟན་པ་དང། རིག་འཛིན་གཏེར་བདག་གླིང་པའི་གཤེན་རྗེའི་ཆོས་བདག་ཏུ། གསང་བའི་ཆོས་བདག་བྱང་བཏང་རིག་འཛིན་གཉིས། ཞེས་པའི་ཡ་གྱལ་གཅིག་ཏུ་གཏེར་བདག་གླིང་པ་ཉིད་ཀྱིས་ངོས་འཛིན་གནང་འདུག་པ་དང། མངའ་རིས་གཏེར་སྟོན་ཟླ་བ་རྒྱལ་མཚན་གྱིས་ཁོ་རང་གི་གཏེར་ཁའི་པདྨའི་སྙན་བརྒྱུད་གསང་བ་དྲི་མེད་ཀྱི་རྩ་བའི་ཆོས་བདག་ཏུ་གཏེར་སྟོན་དེ་ཉིད་ཀྱིས་ངོས་འཛིན་གནང་འདུག་པ་དང། ཀུན་མཁྱེན་ལྔ་པ་རིན་པོ་ཆེའི་རྒྱ་ཅན་ལས་ཀྱང་ཕྲིན་ལས་མིང་འཛིན་ཤར་གྱི་ཕྱོགས་ནས་འབྱུང། ཞེས་དང། གུ་རུ་བསྟན་གཉིས་གླིང་པ་དང། པདྨ་གླིང་པའི་ལུང་བསྟན་ལས་ཀྱང་ཤིན་ཏུ་གསལ་བ་ལྟར་ཨོ་རྒྱན་སངས་རྒྱས་གཉིས་པས་ལན་གཅིག་མ་ཡིན་པར་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པའི་(སྨད་ཆ།༥༡༡)གཏེར་སྟོན་ཆེན་པོ་འདི་ཉིད་འཁྲུངས་པའི་ཡུལ་ནི། གཏེར་ལུང་ལས། ཆོས་འཁོར་ལྷ་སའི་ཤར། དཔལ་གྱི་བསམ་ཡས་འདིའི་བྱང་ཤར༔ གནམ་ས་གྲུ་གསུམ་ཆོས་འབྱུང་གི་དབྱིངས་སུ་ཡོད་པ༔ བྲག་རི་ཐལ་མོ་སྦྱར་འདྲའི་མདུན༔ མདོ་ཁམས་ཟལ་མོ་སྒང་གི་སའི་ཆ༔ མཆོད་རྟེན་དཀར་པོའི་ནུབ། བན་རུ་གྲུ་བ་བྱ་ཞིག་ཏུ། བན་སྒོམ་མམ་སྔགས་བརྒྱུད་ཅིག་གི་བི་ལ་ཡོང། ཞེས་ལུང་བསྟན་ཤིན་ཏུ་གསལ་བ་ལྟར། མདོ་ཁམས་ཆུ་བཞི་སྒང་དྲུག་དུ་གྲགས་པའི་ནང་གསེས་ཟལ་མོ་སྒང་གི་ཆར་གཏོགས་པའི་ཡུལ་གྲུ་དགེ་མཚན་དུ་མ་དང་ལྡན་བསྒོམ་སྡེ་ནང་ཆེན་གྱི་སའི་ཆར་བྱེ་བྲག་བན་རུ་གྲུ་ཡ་ཞེས་པའི་ཡིད་དུ་འོང་བའི་ཡུལ་ལྗོངས་དུ་སྐྱེ་བོ་འབྱོར་པ་ཅན་དུ་མས་གང་བའི་གྲོང་ཁྲེར་ཕྱག་སྦལ་ཞེས་ཟེར་བར། རུས་ཆེན་དགྲ་དཀར་པོའི་བརྒྱུད་ལས་ནང་གསེས་བྱམས་མེ་འཕོ་ལུང་པར་གྲགས་པའི་གྲུབ་བརྙེས་རིམ་པར་བྱོན་པའི་དཔོན་བརྒྱུད་ལས། ཡབ་རོགས་གཟུགས་ལང་ཚོའི་དཔལ་གྱིས་མཛེས་ཤིང་བའི་ཐུགས་དང་ལྡན་པ་བྱམས་མེ་དཔོན་པོ་ཀརྨ་རྣམ་རྒྱལ་དང། ཡུམ་ཡང་ཆོས་ལ་དཀར་ཞིང་དང་བ་དང། མོས་གུས་ཆེ་བ་བླ་ཟ་བསོད་ནམས་མཚོ་ཞེས་པ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ནང་གི་བགྲང་བརྡ་ལས་ཐམས་ཅད་འདུལ་ཏེ། སྙིགས་དུས་ཀྱི་འགྲོ་བ་རྣམས་ཀྱི་དཔལ་དུ་གཟའ་ཚེས་སྐར་སྦྱོར་ལེགས་པ་ཞིག་ཏུ་ངོ་མཚར་བའི་ལྟས་སུ་མ་དང་བཅས་ལྷུམས་ཀྱི་འདབ་རྒྱ་གྲོལ་བ་ལས་མཚན་དཔེའི་དཀྱིལ་འཁོར་རྣམ་པར་གསལ་བར་གྱུར་ཏོ་ཞེས་གྲགས་སོ། སྐབས་དེ་དག་ཏུ་ཡབ་(སྨད་ཆ།༥༡༢)ཡུམ་གཉིས་ལ་དག་པའི་སྣང་བ་མང་པོ་དང་ཁྱད་པར་དུ་ཡུལ་ལ་རྨི་ལམ་ངོ་མཚར་ཅན་མང་དུ་བྱུང་སྟེ། འཕགས་པ་སྦྱན་རས་གཟིགས་ནམ་མཁར་བཞུགས་པའི་ཕྱག་གཡས་ནས་བུམ་ཆུ་དཀར་པོ་བབས་པས་ཡུམ་གྱི་ལུས་བཀྲུས་ཤིང་ཁ་རུ་འཐུངས་པས་ཁོག་པའི་ནང་ནས་སྦལ་སྦྲུལ་འབུ་སྲིན་མང་པོ་ཕྱིར་ལ་སོང་བའི་ཉམས་སྣང་དང། ཡང་ཡུམ་ཉིད་ཁྲི་ཆེན་པོ་ཞིག་གི་སྟེང་ན་འདུག་པའི། སྐེ་ལ་མེ་ལོང་ཆེན་པོ་ཞིག་བཏགས་པའི་མེ་ལོང་གི་འོད་ཉི་མའི་ཟེར་ལྟ་བུར་འདུག་ཅིང། ཁྲོམ་ཚོགས་མང་པོས་བསྐོར་ནས་ཀུན་གྱི་དེ་ལ་མོས་གུས་བྱེད་འི་རྨི་ལམ་གསལ་པོར་བྱུང། དེའི་ཚེ་ཡུལ་དེས་བླ་མ་འཁྲུལ་ཞིག་ཆེན་པོ་ཟེར་བ་ཞིག་གིས་ཁྱོད་ལ་སྲས་བསྟན། བཙས་ནས་ཟླ་ངོ་ཙམ་ལོན་དུས་སུ་སྐུ་ལུས་དྲང་པར་ལབཞུགས་ནས་། ཨོ་རྒྱན་མཁྱེན་ཞེས་ལན་གསུམ་གསུངས་པས་ཀུན་ཐེ་ཚོམ་དུ་གྱུར་པ་ན། ཡབ་ཡུམ་གཉིས་ཀྱི་སྔོན་གྱི་རྨིས་ལྟས་སོགས་དང་བསྟུན་ཏེ་སྦྲུལ་པའི་སྐུ་ཞིག་ཡིན་ངེས་སྙམ་ནས། ཡུལ་དེའི་སྔགས་འཆང་ཆོས་ཉམས་ཡོད་པ་ཞིག་ལ་བསྟན་ནས་ལོ་རྒྱུས་བཤད་པས། སྔགས་འཆང་དེ་བུ་ཁྱོད་སུ་ཡིན་ཅི་སྐད་སྨྲ་རྒྱུ་ཡོད་ཅེས་ཟེར་བ་ན་བདག་ནི་འཕོ་ལུང་པ་ཀརྨ་བསམ་འགྲུབ་པའི་ཡོན་ནོ་ཞེས་སོགས་གསུངས་པས་ཀུན་ག་ལས་ཏེ་བུ་ཆུང་འདིས་ད་ལྟ་ནས་སྐད་ཆ་འཕྲོས་པ་ངོ་མཚར་ཆེ་ཞེས་གླིང། སྔགས་འཆང་དེ་དད་པས་མཆི་མ་འཁྲུག་ཅིང་ཕྱག་འཚལ་ནས་རང་གི་བླ་མའི་སྐུའི་སྐྱེ་བར་འདུག་པས་སྐུ་ཚེ་ལ་བར་ཆད་མ་བྱུང་བ་དགོས་འདུག་གསུངས་ནས་དགའ་སྟོན་ཚོགས་འཁོར་མཛད། འདིའི་དུས་འགའ་ཞིག་གིས་ཅོ་འདྲི་དང་ཚོད་ལྟའི་ཕྱིར་དུ་དྲི་བ་སྣ་ཚོགས་ཞུས་(སྨད་ཆ།༥༡༣)པས་གསུངས་ལན་མང་པོ་ཐལ་བྱུང་དུ་གནང་བས་ཐམས་ཅད་ངོ་མཚར་ཡིད་ཆེས་ཀྱི་ས་ལ་བཀོད་པར་མཛད་དོ། དེ་ནས་ལོ་ངོ་གཉིས་ཙམ་ནས་སྐུ་ཚེ་སྔོན་མ་གྲུབ་ཐོབ་འཕོ་ལུང་པའི་དུས་ཀྱི་བག་ཆགས་ཅུང་ཙམ་ཡང་མ་རྗེད་པར་ཁར་སང་དེ་རིང་ལྟར་དྲན་ཅིང་ཀུན་ལ་ལོ་རྒྱུས་དལ་མེད་དུ་གསུངས་པས་གྲུབ་ཐོབ་འཕོ་ལུང་པའི་སྐུ་སྐྱེར་རྩོད་མེད་དུ་གྲགས་ཤིང་མཚན་ཡང་ཀུན་གྱིས་སྐུ་སྐྱེར་བོས་སོ། དེ་སྐབས་བྱིས་པའི་རྩེ་མོ་མཛད་པའང་དབང་བསྐུར་ཆོས་འཆང་རི་སྒོམ་སྒྲུབ་བྱེད་ཚུལ་སོགས་ལས་ཐ་མ་ལ་བྱིས་པའི་སྦྱོད་པ་ཡེ་ནས་མི་མངའ། དེ་ནས་ལྗགས་ཀློག་ཕུལ་བས་ཡི་གེའི་ཕྱིན་སློབ་སྦྱོང་གང་ཡང་མ་དགོས་པས་ཀུན་གྱིས་ཡ་མཚན་དུ་འཛིན་པ་བྱུང། དེ་དུས་ཙམ་ནས་གཏེར་གྱི་ཁ་བྱང་ཞིག་ཕྱག་ཏུ་བྱུང་ཡང་བྱིས་པའི་ཉམས་ཀྱིས་སྟོར། ཡང་བྲག་གསེབ་ཞིག་ནས་རྡོའི་ཁྲོ་ཕུར་འདྲ་བ་ཞིག་གཏེར་དུ་བཞེས་པ་ཡབ་ལ་གནང། འདི་སྐབས་འབྲི་གུང་ལྷོ་པ་སྦྲུལ་སྐུ་དང། སྟག་ལུང་སྒྲོར་ཆོས་རྗེ་སོགས་ལས་ཆོས་འབྲེལ་འགའ་ཞིག་གསན། འདི་ཙམ་ཐུགས་སྙིང་རྗེ་ཆེན་པོ་རྩོལ་མེད་འཁྲུངས་པ་དང། འདི་ཙམ་ཐུགས་སྙིང་རྗེ་ཆེན་པོ་རྩོལ་མེད་འཁྲུངས་པ་དང། སྲིད་པའི་བདེ་འབྱོར་ལ་སྐྱུགས་ནད་ཅན་གྱིས་ཟས་མཐོང་བ་ལྟར་གྱུར་ཅིང། འཁོར་བའི་གནས་མཐའ་དག་མེའོ་འོབས་སུ་ཚུད་པ་ལྟར་གཟིགས་པའི་ངེས་འབྱུང་དྲག་པོས་ཐུགས་རྒྱུད་བསྐུལ་བས་ཆོས་ཀྱི་སྒོར་གཞུགས་པ་ལ་ཤིན་ཏུ་རིངས་པ་ལྟར་མཛད་པས། ཡབ་མེས་འབྲུག་ལུགས་ལ་དང་པའི་སྟབས་ཀྱིས། ཁུ་བོ་བླ་མའི་སོ་བྱོན་ནས་ཐོག་བཞུགས་ནས་སྐྱབས་སྡོམ་ཞུས་པའི་མཚན་ཀརྨ་ཕྲིན་ལས་སུ་གསོལ། བླ་མ་སྦྱི་ཁུག་ས་ཀརྨ་བྱང་ཆུབ་ཀྱི་སར་ཡང་སྐོར་(སྨད་ཆ།༥༡༤)ཅིག་ཕེབས་བླ་མ་དེ་ལས་མ་ཎི་བཀའ་འབུམ་དང། རྗེ་བཙུན་མི་ལའི་རྣམ་ཐར། སྡོམ་བཙུན་མའི་ལུང་གསན། ཀརྨ་མི་ཕམ་ཕྲིན་ལས་རྒྱ་མཆོ་ཞེས་པའི་མཚན་གསོལ། ཁུ་བོ་བླ་མ་ལས་ཀྱང་བུ་སྟོན་ཆོས་འབྱུང་དང། འབྲུག་ལུགས་ཀྱི་འདོན་ཚོག་སྐོར་སོགས་གསན། སླར་ཡབ་ཡུམ་དུ་ཕེབས། རྗེ་ཉིད་བྱིས་པ་ཆུང་ངུའི་དུས་ནས་ཨོ་རྒྱན་རིན་པོ་ཆེ་ཡང་ཡང་ཞལ་གཟོགས་ཤིང་བྱིན་གྱིས་བརླབས་པའི་ལྟབས་ཀྱིས་ཁུ་བོའི་ས་དེར་ཨོ་རྒྱན་རིན་པོ་ཆེའི་མཚན་ཙམ་ཡང་གླེང་བ་མི་འདུག་པས་ཐུགས་འདུན་རྫོགས་པ་ཞིག་མ་བྱུང་བ་ཚུལ་གསུངས་པས། ཡབ་དང་གཅེན་གྱིས་འོ་ན་ད་ལྟ་ནང་ཆེན་པར་རྙིང་མའི་བླ་མ་ཞིག་བྱོན་ཡོད་པ་འདུག་པས་དེར་འབྱོན་པར་སྦྲོའམ་ཞུས་པས་ཤིན་ཏུ་སྦྲོ་གསུངས་ནས་བྱོན་པ་ཐུགས་ཐང་བཅད། དེ་སྐབས་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་ནང་ཆེན་རྒྱལ་པོས་གདན་དྲངས་པའི་སར་མཇལ་དུ་ཕེབས། ཞལ་མཇལ་བ་ཙམ་གྱིས་མི་ཕྱེད་པའི་དད་པ་ཐོབ་ཅིང་ཚེ་རབས་ཀྱི་བླ་མ་ཡིན་པའི་ངེས་པ་ཐོབ། དེ་ནས་བཟུང་སྟེ་གྲུབ་དབང་རིན་པོ་ཆེའི་སྐུ་རྩར་འབྲལ་མེད་དུ་མི་ལོ་བཅོ་བརྒྱད་ཙམ་བར་དུ་ཞབས་ཕྱིར་ཕེབས། དེ་དུས་ཆམས་མེད་རིན་པོ་ཆེའང་ནང་ཆེན་པས་གདན་དྲངས་པར་མཇལ་ཞིང་དབང་ཆོས་འགའ་ཡང་གསན་པ་ཡིན་འདུག་དེ་སྐབས་སྦྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་བདུད་འདུལ་རྡོ་རྗེ་ཤར་ཡི་ཕུག་ཏུ་ཕེབས་པ་དང་མཇལ། གྲུབ་དབང་རིན་པོ་ཆེས་གཏེར་སྟོན་ལ་འཕོ་ལུང་པའི་སྐུ་སྐྱེ་ཡིན་མིན་གྱི་དོགས་གཅོད་ཞུས་པར་སྐུ་སྐྱེ་འཁྲུལ་མེད་ཡིན་ཚུལ་དང་ཁྱད་པར་གཏེར་སྟོན་ཉིད་ཀྱི་ཟབ་གཏེར་གྱི་བདག་པོའང་(སྨད་ཆ།༥༡༥)ཡིན་པས་ལོ་གསུམ་བཞི་ནས་ངེས་པར་འཕྲད་པར་གྱིས་དང། ནམ་ཞིག་ན་ཤཱ་མོང་གིས་སྦང་བརྟོལ་བ་ཞིག་འོང་ངོ། ཞེས་གསུངས་ཤིང་གཏེར་སྟོན་ཉིད་དང་མཇལ་དགོས་ཚུལ་སོགས་གསུངས་ནས་ཚེ་སྒྲུབ་རྡོ་རྗེ་འཕྲེང་བ་དང། རི་ཁྲོད་ལོ་མ་ཅན་མ། དམ་ཆོས་དགོངས་པ་ཡོངས་འདུས་ཀྱི་དབང་ལུང་རྣམས་གནང། ཐུགས་དགྱེས་དགྱེས་དཔེ་མེད་མཛད་གཙུག་ཕུད་ཕུལ་བས་མཚན་ཨོ་རྒྱས་རིག་འཛིན་རྣམ་རྒྱལ་དུ་གསོལ། བྱིན་རྟེན་སྐུ་ཆས་སོགས་ཀྱིས་མཚོན་པའི་གནང་སྦྱིན་དང་བཅས་ལུགས་གཉིས་ཀྱི་བདག་རྐྱེན་ཚད་མེད་པར་མཛད་པས་ཐུགས་ལ་དད་པ་དང་མོས་གུས་དཔག་དུ་མེད་པར་འཁྲུངས། དེ་ནས་གྲུབ་དབང་རིན་པོ་ཆེ་ལས་ཡོངས་རྡོགས་དགེ་བསྙེན་གྱི་སྡོམ་པ་བཞེས་པའི། མཚན་ཨོ་རྒྱན་རིག་འཛིན་རྒྱ་མཚོ་ཞེས་གསོལ། དེ་སྐབས་སྐུ་ན་གཞོན་པས་དཀའ་སྦྱང་དང་འོ་བརྒྱལ་མང་པོ་སྨྱོང་བ་བྱུང། འོན་ཀྱང་འབྱོན་བཞུགས་སོགས་ཀྱི་སྐབས་དུ་མར་འོ་བརྒྱལ་བྱུང་བའི་ཚེ་ཕལ་ཆེར་དཔའ་བོ་མཁའ་འགྲོ་རྣམས་དང་གཞི་བདག་སོགས་ཀྱིས་བསྐྱེལ་བསུ་མཛད་ཚུལ་སོགས་མང་དུ་ཡོད་ཀྱང་འདིར་མ་བྲིས། དེ་ནས་ཤིང་ཕོ་འབྲུག་གི་ལོ་ལ་གྲུབ་དབང་རིན་པོ་ཆེའི་ཞབས་ཕྱིར་བོད་ཡུལ་དབུས་ཀྱི་ཕྱོགས་སུ་ཕེབས། སྡུག་བསྔལ་གྱི་འབྱུང་ཁུངས་ཕ་ཡུལ་སྦེད་ཐུབ་པ་ཡིན་དགོངས་པའི་ཐུགས་ལ་དགྱེས་པ་དཔག་ཏུ་མེད་པ་འཁྲུངས། ཁྱད་པར་གཞན་ཕན་འབའ་ཞིག་ཐུགས་ལ་བརྣགས་པའི་བྱང་ཆུབ་ཀྱི་སེམས་དང། བསྟན་པ་དང་སེམས་ཅན་གྱི་དོན་བསྒྲུབ་པའི་སྙིང་སྟོབས་དྲག་པོ་རྩོལ་མེད་དུ་སྐྱེས་པའང་བྱུང། དེ་ནས་རིམ་གྱིས་ཤིང་སྦྲུལ་ལོར་བོད་ཀྱི་གནས་དང་བླ་མ་རྟེན་གསུམ་རྣམས་མཇལ། སྟག་ལུང་ཟུར་པ་ལས་ཤར་ཆོས་འཆི་མེད་(སྨད་ཆ།༥༡༦)རྣམ་གསུམ་སོགས་གསན། ཇོ་འབྲོམ་གྱི་གདན་ས་ར་སྒྲེང་ལ་ཞབས་སྒོར་མང་དུ་མཛད། བསམ་ཡས་སུ་ཕེབས། དེ་སྐབས་གསུང་སྦྲུལ་ཚུལ་ཁྲིམས་རྡོ་རྗེ་ཕེབས་པ་དང་མཇལ་ནས་པད་གླིང་ཚེ་སྒྲུབ་རྡོར་ཕྲེང་སོགས་གསན། དབུས་གནས་རྣམས་གནས་གཟིགས་དང། རྡོ་རྗེ་བྲག་ཞབས་དྲུང་པད་ཕྲིན་ལས། བྱང་གཏེར་དང། བདེ་ཆེན་གླིང་པའི་སྦྲུལ་སྐུ་ལས་ཞིག་གླིང་ཆོས་སྐོར་དང། གུ་རུ་ལྷང་ཁང་དུ་ཐུགས་སྲས་རིན་པོ་ཆེ་ལས་འདུས་པ་མདོ་དབང་ཆེན་མོ་དང། ཀུན་མཁྱེན་ཀློང་རམ་པའི་མཛོད་བདུན་སོགས་གསན། མཁར་ཆུར་འབྲུག་པ་སྦྲུལ་སྐུ་ལས་རོ་སྙོམ་སྐོར་དང། ཆོས་དབང་རིན་པོ་ཆེའ་གདན་ས་ལྷ་བྲོ་རྣམ་པར་རྒྱལ་བར་ཆོས་དབང་གདུང་བརྒྱུད་ཀརྨ་དཔལ་འབྱོར་དབང་པོ་ལས་ཆོས་དབང་རིན་པོ་ཆེའི་གཏེར་ཆོས་འཕྱོངས་རྒྱས་དཔལ་རིར་མཚོ་རྒྱལ་སྦྲུལ་སྐུ་ལས་བླ་མ་དགོངས་འདུས་ཡོངས་རྫོགས་དང། ཨོ་རྒྱན་གླིང་པའི་གཏེར་བྱོན་བཀའ་ཐང་སྡེ་ལྔ་སོགས་གསན། རས་ཆུང་སྦྲུལ་སྐུ་ལས་རས་ཆུང་སྙན་བརྒྱུད་དང། དཱགས་པོ་བཟང་པོ་རྡོ་རྗེ་ལས་དཱགས་པོའི་བཀའ་འབུམ་ཡོངས་རྫོགས་དང། རྒྱལ་སྲས་ཆོས་ཉིད་ཀློང་གྲོལ་ལས་གསོ་རིག་རྒྱུད་བཞི་རྣམས་གསན། དཱགས་པོ་ལྷ་ཡུལ་བླ་མ་ལས་མཁའ་འགྲོ་ཡང་ཐིག་སོགས་ཀློང་ཆེན་པོའི་ཆོས་སྐོར་འགའ་ཞིག་གསན་ཅིང་གསན་བསམ་མཐར་ཕྱིན་པར་མཛད། དེ་ཙམ་དུ་མ་ཟད། གཤམ་ནས་འཆད་འགྱུར་ལྟར་སྐུ་ཚེ་དེ་སྲིད་དུ་གསན་བསམ་མང་དུ་མཛད་དེ། ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་གཏན་ལ་འབེབས་པར་བྱེད་པ་ལ་ཐོས་པ་གལ་ཆེ་བ་དང། ཆོས་རྒྱུན་དཀོན་པ་རྣམས་(སྨད་ཆ།༥༡༧)ཀྱང་མི་ནུབ་པའི་ཕྱིར་ཐུགས་རྩོལ་ཆེར་མཛད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། དེ་ལ་སྒོམ་པ་ཡང་ནི་རབ་ཏུ་འབྱུང། དེ་ལས་དངོད་གྲུབ་བླ་ན་མེད་པ་འཐོབ། ཅེས་གསུངས་པ་ལྟར་མ་ཐོས་པར་བསམ་དང་སྒོམ་པ་མི་ནུས་པ་ཚུལ་ལ་ཐུགས་ཀྱི་འཇུག་ཡུལ་དུ་བཅགས་པར་མཛད་དོ། དེ་སྐབས་གྲུབ་དབང་རིན་པོ་ཆེའི་ཞབས་ཕྱི་ཕལ་ཆེར་ཁམས་སུ་ཕྱིར་སློག་ཀྱང། རྗེ་ཉིད་གྲུབ་དབང་རིན་པོ་ཆེས་བཀས་བསྐུལ་ནས་འཕྱོངས་རྒྱས་དཔལ་རིའི་གྲངས་ལ་རྒྱང་ཙམ་བཞུགས། ཀུན་མཁྱེན་ཀློང་ཆེན་པའི་བསྟན་བཅོས་མེད་བཞིན་མཛོད་ལ་ཐུགས་གཉེར་མཛད་ཅིང་ཚོགས་རྒྱུག་ཕུལ། ཚོགས་དུང་འབུད་བའི་བར་ཙམ་ལ་བཟང་པོ་སྦྱོད་པའི་སྨོན་ལམ་ཚང་མ་ཐུགས་འཛིན་གནང་ཟིན་པས། ཀུན་གྱིས་ཐུགས་རབ་ཆེ་བའི་ཚད་དུ་གླེང། དེ་ནས་གྲུབ་དབང་རིན་པོ་ཆེའི་ཞབས་ཕྱིར་དགོངས་ཏེ་གྲངས་ནས་བསེང་ཁྲོལ་ཞུས་ཏེ་དཔོན་གཡོག་གསུམ་གྱིས་ཧོར་སོག་གི་ནང་དུ་འབུལ་སྡུད་ལ་ཕེབས་ནས་གདུལ་བྱ་བསྐྱངས་པས་རྟ་ནོར་བརྒྱད་ཅུང་ཙམ་དང་དངོས་ཆས་མང་དུ་བྱུང་བ་རྣམས་བླ་མའི་དྲུང་དུ་ཕུལ་ཞིང། བླ་མ་མཆོག་གི་བཀས་བསྐུལ་ནས་ལྷ་སར་གོང་ས་ཡས་ཕྱིན་མཇལ་པར་ཕེབས། ཡས་ཕྱིན་གཉིས་ཀ་ནས་བཀའ་དྲིན་བདག་རྐྱེན་གང་ཆེ་གནང། ཇོ་ཤཀ་རིན་པོ་ཆེར་མཆོད་འབུལ་དང་བསྟན་འགྲོའི་དོན་ལ་དགོངས་པའི་གསོལ་སྨོན་རྒྱ་ཆེར་མཛད། ས་ཕོ་སྦྲེལ་ལོར་གྲུབ་དབང་རིན་པོ་ཆེ་ཙ་རིར་ཞབས་སྐོར་ལ་ཕེབས་པའི་ཞབས་ཕྱིར་བྱོན། འདོ་དབར་མཚོ་མོ་ཆེར་རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་དངོས་སུ་བཞུགས་པ་གཟིགས། ཕོ་བྲང་ཡུམ་མཚོར་ཕེབས་དུས་མ་ཎི་འབྲུ་དྲུག་(སྨད་ཆ།༥༡༨)དང་ཨ་སུམ་བརྩེགས་པ་དང། ཕོ་བྲང་སྐྱོག་མོར་འཇའ་དང་རོལ་མོའི་སྒྲ་སོགས་གཞན་ཡང་དག་སྣང་མང་དུ་ཤར། རྩ་རིའི་སྦ་ལུང། ཡང་དབེན་ཟབ་ལམ་རྡོ་རྗེའི་དྲ་བ་ཞེས་བྱ་བར་གྲུབ་དབང་རིན་པོ་ཆེའི་ཐུགས་དམ་ཟབ་ལམ་རྡོ་རྗེའི་དྲ་བ་ཞེས་བྱ་བར་གྲུབ་དབང་རིན་པོ་ཆེའི་ཐུགས་དམ་ཟབ་བཞེས་སུ་ལོ་གསུམ་བཅད་རྒྱ་གནང་བས་རྗེ་ཉིད་ཀྱིས་ཀྱང་གནས་དེར་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་གྲུབ་དབང་བླ་མ་དམ་པ་ལས་རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཡང་སྙིང་རྫོགས་ཆེན་གསང་བ་སྙིང་ཐིག་གི་ཁྲིད་གསན་ནས་དཀའ་སྦྱད་དང་ཐུགས་རུས་དྲག་པོས་སྨག་མུན་མི་འབྱེད་པ་ལྟ་བུའི་ཐུགས་དམ་ཉམས་བཞེས་གནང་བས་རྫོགས་པ་ཆེན་པོའི་གཞི་ལམ་གྱི་རྟོགས་པ་ཀློང་དུ་གྱུར་ཞིང། རྫོགས་ཆེན་རང་སྣང་རིས་མེད་ཀྱི་དགོངས་པ་ལ་དབང་འབྱོར་བས་བྱ་རྩོལ་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་ནུབ་སྟེ་རང་བྱུང་གི་རིག་པ་ཡེ་ཤེས་ཆེན་པོར་རྩལ་རྫོགས་པས་སྣང་གྲགས་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་གཟིགས་པར་གྱུར་ཏེ། རྗེ་ཉིད་ཀྱི་གསུང་ལས། མཚུངས་མེད་དམ་པ་རིན་པོ་ཆེའི་ཐུགས་རྗེས་བཟུང་བས། རང་རིག་ཀ་དག་གི་ཡེ་ཤེས་རང་ཞལ་མཇལ་ཏེ། འཁོར་བ་དངོས་སྦུགས། སྲིད་པ་ཕྱིར་བརྙིལ། བག་ཆགས་དྲུང་ཕྱུངས་ཏེ། ཀུན་བཟང་འཁོར་ལོ་ཚོགས་ཆེན་གྱི་སྦོ་ལ་འགྱིང་བར་གྱུར་ཏོ། ཞེས་གསུངས་སོ། གཞན་ཡང་ཀུན་མཁྱེན་ཆེན་པོས་གསུང་རབ་བསྟན་བཅོས་བཞིན་མཛོད། སེམས་ཉིད་ངལ་གསོ། སྒྱུ་མ་ངལ་གསོ། བསམ་གཏན་ངལ་གསོ། གུ་རུའི་གསང་ཁྲིད་རིམ་ལྡན་རྣམས་གསན། ལོ་འགར་ཟས་སྐོམ་གྱི་རྒྱུ་བ་བཅད་པའི་རླུང་གི་བཅུད་ལེན་བདུན་ཞག་རེ་དང། གླིང་ཆེན་ཟས། སྔོ་ཐུལ་བ། ཁུ་བྱུག་རྟ་ལྕགས། ཆུ་ཤ་ལ་སོགས་པའི་སྔོན་རིགས་མི་འདྲ་བ་དུ་མ་ལ་བརྟེན་(སྨད་ཆ།༥༡༩)པའི་དཀའ་ཐུབ་དང་དཀའ་སྦྱད་ལོ་མང་དུ་མཛད། ཡང་སྐབས་འགར་རྗེ་བླ་མའི་ཞབས་ཏོག་སྒྲུབ་རྒྱགས་ཀྱི་ཆེད་དུ་དཱགས་ཀོང་ཕྱོགས་སུ་གདུལ་བྱར་ཕེབས་པས་དངོས་རྫས་གང་བྱུང་རྣམས་གྲུབ་དབང་རིན་པོ་ཆེར་སྒྲུབ་པའི་མཐུན་རྐྱེན་དུ་ཕུལ། དེ་སྐབས་དགུང་ལོ་ཉེར་གསུམ་པ་ས་མོ་བྱའི་ལོ་ལ་ཨོ་རྒྱན་སངས་རྒྱས་གཉིས་པས་བྱིན་གྱི་བརླབས་ཏེ་གུ་རུ་རིན་པོ་ཆེ་མཁའ་འགྲོའི་ཚོགས་དང་བཅས་པས་དངོས་སུ་ཞལ་གཟིགས་ནས་ཟབ་མོའི་གཏེར་གྱི་ལུང་བསྟན་སྩལ་བ་དང། ཁྱད་པར་དུ་ཞིང་སྐྱོང་གྷ་ཡ་རྡ་རའི་བླ་མཚོ་དམར་ནག་རཀྟ་གྲགས་པར་ཞབས་སྐོར་ལ་བྱོན་པས་མཚོ་འགྲམ་གྱི་ཕ་ཝང་ཞིག་ལས་དུ་བ་འཐུལ་ཞིང་མེ་སྟག་དམར་ཕྲོམ་ཕྲོ་བ་གཟིགས་པས་དེར་ཕྱག་གིས་ཤིང་བུ་ཞིག་བཙུགས་པས་བུག་པ་ཟང་ཐལ་དུ་གྱུར་པའི་ནང་ནས་ཟབ་གཏེར་གྱིས་ཐོག་མའི་ཁ་བྱང་ཤོག་དྲིལ་གསུམ་ཕྱག་ཏུ་སོན་པས་མངོན་སུམ་མམ་རྨི་ལམ་མམ་སྙམ་པའི་དགྱེས་པ་དཔག་ཏུ་མེད་པ་འཁྲུངས། ཐུགས་སྣང་གཏད་མེད་ལ་སོང་སྟེ་ཐུགས་ཉམས་མི་ནོན་པ་ཙམ་བྱུང་བས་གྲུབ་དབང་རིན་པོ་ཆེའི་ཞལ་བཀྱོན་ཀྱང་བྱུང། དེ་ནས་ཞལ་འགའི་བར་དུ་གང་ཤར་གྱི་སྣང་བ་ཐམས་ཅད་བདེ་བ་ཆེན་པོའི་རང་གདངས་སུ་མ་འགག་པར་འཆར་བའི་ཉམས་བཟང་པོ་རྩོལ་མེད་དུ་འབར། འདི་སྐབས་མནལ་གྱི་འོད་གསལ་ཤས་ཆེར་ལྷ་དང་བླ་མ་མཁའ་འགྲོས་བྱིན་གྱིས་བརླབས་ཤིང་ལུང་བསྟན་པ་སོགས་ཀྱིས་དུས་འདའ་བར་བྱུང། དེ་ནས་གཏེར་སྟོན་རིན་པོ་ཆེ་བདུད་འདུལ་རྡོ་རྗེའི་ཞབས་དྲུང་དུ་བྱོན་པར་དགོངས་ནས་ལན་འགར་ཆས་ཀྱང་བར་ཆད་ཀྱི་དབང་གིས་ཕྱི་བཤོལ་ཁོ་ནས་ཕེབས་གྲུབ་པ་ཞིག་མ་བྱུང། དེ་ནས་གྲུབ་དབང་རིན་པོ་ཆེའི་གསུང་བཞིན་ཞབས་(སྨད་ཆ།༥༢༠)འདེབས་ལ་དགོངས་ནས་ལྕགས་མོ་ཕག་གི་ལོར་ཉང་པོ་བརྒྱུད་ཧོར་གྱི་ནང་དུ་ཕེབས། གདུལ་བྱ་དང་འགྲོ་དོན་དབྱར་དེར་གྲུབ་དབང་རིན་པོ་ཆེའང་ཙ་རི་ནས་གདན་དྲངས་ཤིང། ཕྱག་ཏུ་གང་ཡོད་ཀྱི་ནོར་རྫས་རྟ་ཕྱུག་གིས་མཚོན་པའི་དངོས་རྫས་གང་ཡོད་ཐམས་ཅད་རྩལ་སྦུགས་སུ་ཕུལ་ནས་སྦང་མཚོན་པའི་དངོས་རྫས་གང་ཡོད་ཐམས་ཅད་རྩལ་སྦུགས་སུ་ཕུལ་ནས་སྦང་དག་མཛད། གཞན་ཡང་ཐུགས་བསམ་དག་པས་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་ཀྱིས་ཞབས་འདེགས་གང་དྲག་ཞུས། འདི་སྐབས་སྔར་ཙ་རིར་བཞུགས་སྐབས་གྲུབ་དབང་རིན་པོ་ཆེས་ཞལ་ནས་ཁྱོད་ཀྱིས་ཁམས་ཀྱི་སྲིང་མོ་རྫོང་དུ་སྒོམས་ན་དངོས་གྲུབ་ངེས་པར་ཐོབ་པ་འདུག་ཅེས་ཡང་ཡང་གསུངས་པ་ཞིག་ཡོད་པ་དང། གྲུབ་དབང་རིན་པོ་ཆེས་ཞལ་ནས་ཁྱོད་ཀྱིས་ཁམས་ཀྱི་སྲིང་མོ་རྫོང་དུ་བསྒོམས་ན་དངོས་གྲུབ་ངེས་པར་ཐོབ་པ་འདུག་ཅེས་ཡང་ཡང་གསུངས་པ་ཞིག་ཡོད་པ་དང། གྲུབ་དབང་རིན་པོ་ཆེས་ཡེ་ཤེས་ཀྱིས་གཟིགས་པ་བླ་ན་མེད་པས་ལྐོག་གྱུར་ཇི་བཞིན་དུ་མཁྱེན་པའི་ལུང་དང་རྗེས་མཐུན། དེ་སྐབས་ཡེ་ཤེས་ཀྱི་མཁའ་འགྲོའི་ལུང་བསྟན་ཀྱང་གསལ་པོར་བྱུང་བས་ཐུགས་ལ་ངེས་པ་རྙེད་ནས་སྲིང་མོ་རྫོང་དུ་ཕེབས་དཔལ་གྱི་ཁམ་རྡོ་རྗེ་སྙིང་རྫོང་དུ་ལོ་གསུམ་གྱི་བཅད་རྒྱ་ལ་བཞུགས་པས་ཐོག་མར་མི་མ་ཡིན་གྱི་འཚུབ་ལྟོངས་ཤིན་ཏུ་ཆེ་བར་བྱུང་ཡུང་ཐུགས་དམ་གྱི་རྩལ་རྫོགས་པས་དམིགས་མེད་ཀྱི་ལྟ་པས་ཟིལ་གྱིས་མནན་ནས་བཞུགས་པས་ཐུགས་དམ་དང་རྟོགས་པའི་བོགས་ཐོན་ཏེ་སྣང་གྲགས་ཐམས་ཅད་རང་སྣང་རིས་མེད་དུ་ཤར། ལྟས་ངན་གཡང་དུ་ཁུག། བར་ཆད་དངོས་གྲུབ་ཏུ་ལོན། སྣང་སྲིད་ཐམས་ཅད་དག་པ་རབ་འབྱམས་སུ་ཤར་བས་རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་དང་དངོས་ཉམས་རྨི་ལམ་རྣམས་སུ་ཡང་ཡང་མཇལ་ཞིང་བྱིན་གྱིས་བརླབས། སྣང་སྲིད་ཀྱི་དྲེགས་ཚོགས་རྣམས་བྲན་དུ་(སྨད་ཆ།༥༢༡)ཁོལ་བས་ཅི་བགྱིས་ཀྱི་ལས་བསྐྱངས་པའི་བཀའ་སྡོད་དུ་དམ་བཅས་ཤིང་ཆད་ཐོ་བོར། ཁྱད་པར་དུ་ཆུ་མོ་གླང་གི་ལོར་གུ་རུ་རིན་པོ་ཆེས་དངོས་སུ་ཞལ་བསྟན་ནས་ཟབ་མོའི་གཏེར་གྱི་ཁ་བྱང་ལུང་བསྟན་དུས་རྟགས་སོགས་ཀྱི་ཡང་བྱང་ཞིབ་པར་རྡོ་རྗེའི་གསང་གུས་བཀྲལ་ནས་སྩལ་བས། རང་ཉིད་སྐུ་བཞིའི་རྒྱལ་སྲིད་མངའ་དབང་འབྱོར་ཕྱིར་གཏེར་གྱི་དགོས་པ་བརྟུལ་ཡང་ལས་འཕྲོ་བཟང་པོས་ཟབ་མོའི་གཏེར་ལ་སྦྱོད་པའི་སྐལ་པ་ཅན་དུ་གྱུར་པས་ཐུགས་འཕྲོགས་ཏེ། མི་ཕྱེད་པའི་ཐུགས་དང་དང་བཅས་སྙིགས་མའི་དུས་ཀྱི་བསྟན་འགྲོའི་ཕན་བདེ་སྦེལ་བ་ལ་ཆེད་དུ་དགོངས་ནས་ཤིང་ཕོ་སྟག་གི་ལོར་སྲིང་རྫོང་རྡོ་རྗེ་སྙིང་རྫོང་ནས་ཁ་བྱང་དང་མཐུན་པར་རྫོགས་ཆེན་རྩ་གསུམ་གསང་བ་སྙིང་ཐིག་དང་སྐུ་ཚབ་དྲི་མེད་བཤེས་སོགས་གདན་དྲངས། དེ་ནས་བཟུང་སྟེ་དཀའ་ཚེགས་དང་འོ་བརྒྱལ་ལ་མ་གཟིགས་པར་ཚ་གྲང་བཀྲེས་སྐོམ་ཐམས་ཅད་ཆེད་དུ་བསད་ནས་དཀའ་སྦྱད་ཁུར་དུ་བཟོད་པས་གཏེར་བྱུང་བ་དང་གསང་ལུང་རྗེས་མཐུན་བྱུང་བས་གཙང་ལ་ཕེབས། འདི་སྐབས་ནག་ཆུའི་མཁར་བར་བསམ་གཏན་བྲག་ན་བཅད་རྒྱར་བཞུགས་པས་རིག་འཛིན་བདུད་འདུལ་རྡོ་རྗེས་ཡེ་ཤེས་ཀྱི་སྐུ་རྗེས་སུ་བཟུང་ནས་ལུང་བསྟན་ཀྱང་སྩལ། ལམ་ཞོར་ལ་རྟ་ནོར་སོགས་དངོས་རྫས་མང་དུ་བྱུང་བས་རྟ་ནོར་བརྒྱད་ཅུ་ཙམ་བསམ་ཡས་ཞིག་གསོས་ཐེབས་སུ་ཕུལ། གོང་ས་ལྔ་པ་རིན་པོ་ཆེ་དང་ཆོས་རྗེ་ཞཱ་དམར་པ་ལའང་འབུལ་ཆེན་མཛད། དེ་སྐབས་མཁའ་འགྲོའི་གསང་ལུང་ལྟར་ཁྲི་རྡོ་རྗེ་བློ་བཟང་ལེགས་ཕ་ལས་རྡོ་རྗེ་འཇིགས་(སྨད་ཆ།༥༢༢)བྱེད་དང་དབུ་མ་རྩ་ཤེ། པཎ་ཆེན་བཀའ་འབུམ་སོགས་གསན། སོགས་ཙནྡ་དགོན་གྲ་ཚང་བླ་མ་ལས། ནག་པོ་སྐོར་གསུམ། གསང་འདུས་སོགས་དང། ཤེས་རབ་མགོན་པོ་ལས་བཀའ་བརྒྱུད་པའི་ཕྱག་ཆེན་དང་ཆོས་དྲུག་ཀུན་རིག། ཆོས་སྦྱོད་སྐོར་དང། ཀརྨ་མཁས་མཆོག་དྲུག་ནས་ཕག་མོའི་དབང་ལུང་དང། ཚངས་ར་ཆོས་རྗེ་ལས་གཟུངས་འདུས་སོགས་དང། རྒྱལ་མོ་རང་པ་གྲུབ་དབང་བསྟན་པ་རྒྱལ་མཚན་ལས། གཡུང་དྲུང་བོན་གྱི་སྙན་རྒྱུད་བོད་ཡུལ་མ་དང། དྲན་པ་ཡབ་སྲས་ཀྱི་ཚེ་སྒྲུབ་སོགས་གསན། དེ་ནས་བྱང་གནམ་མཚོ་ནས་ཆིབས་ལམ་མཛད་ནས་གཙང་དུ་ཕེབས། བྲེས་དགོན་གསར་དུ་གྲུབ་དབང་རིན་པོ་ཆེ་དང་མཇལ། རྟ་ནོར་བརྒྱ་དང་ལྔ་བཅུ་སོགས་དངོས་པོ་གཏོས་ཆེ་བའི་འབུལ་མཛད་པས་གྲུབ་དབང་རིན་པོ་ཆེའང་ཐུགས་མཉེས་པའི་རྩེར་སོན། ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་དབང་ལུང་སོགས་ཞུས། བྲེས་པ་འཇམ་དབྱངས་ཆོས་རྒྱལ་རྡོ་རྗེ་ལས་ཀྱང་རྫོགས་པ་ཆེན་པོ་ཟབ་མོ་ཡང་ཐིག་དང། ཉི་ཟླ་ཀློང་གསལ་ལས་བསྟན་གཉིས་གླེང་པའིི་ཟབ་རྒྱ་དང། དྲི་མེད་ལྷུན་པིའི་དོན་ཏིག་འགྲོ་བ་ཀུན་སྒྲོལ་སོགས་དང། འོད་མཆོག་སྦྲུལ་སྐུ་ངག་དབང་འོད་གསལ་རང་གྲོལ་ལས། ཆོས་དབང་གི་དྲག་པོ་དང། ཕུར་པ་སྦུ་གྲི་སོགས་དང་ལེགས་ལྡན་རྗེའི་འཁོར་བ་དབྱིངས་གྲོལ་སོགས་གསན། དེ་ནས་ཤངས་ཀྱི་ཟབ་ལུང་དུ་གྲུབ་དབང་རིན་པོ་ཆེ་སོགས་དང་ལྷན་ཅིག་ཏུ་ཕེབས། ཟབ་ལུང་གཏེར་འདོན་དགོས་པའི་མཁའ་འགྲོའི་གསང་ལུང་དང་དུས་རྟགས་སོགས་ཤིན་ཏུ་གསལ་བར་མངོན་དུ་གྱུར་པས་ཡོས་ལུང་དང་དུས་རྟགས་སོགས་ཤིན་ཏུ་གསལ་བར་མངོན་དུ་གྱུར་པས་ཡོས་ལོ་སྦྲེལ་ཟླའི་ཚེས་བཅུའི་ནུབ་ཚེ་སྒྲུབ་བདུད་བཞིའི་གཡུལ་རྒྱལ་དང་ཟབ་ཆོས་པདྨ་དྲག་ཁྲོས་སོགས་(སྨད་ཆ།༥༢༣)མངོན་ཆུང་གིས་གསང་གཏེར་དུ་བཞེས་པར་གནང་བས། དམ་ཅན་སྐྱེས་བུ་ཆེན་པོ་ཁོག་ཞུགས་ཀྱིས་རིག་པ་འཛིན་པའི་སྐྱེས་བུ་དམ་པ་ཞིག་གིས་ཟབ་གཏེར་བཞེས་སོང་ཞེས་ཁྲོམ་བསྒྲགས་སུ་གསུངས་པས། ཀུན་གྱིས་འོད་མཆོག་སྦུལ་སྐུ་དང་གྲུབ་ཐོབ་རིན་པོ་ཆེས་སྒྲུབ་པ་མཛོད་གསུངས་ཀྱང་གངས་ཏི་སེའི་གཏེར་འདོན་པའི་དུས་རྟགས་རྣམས་མངོན་དུ་གྱུར་པས་དགོས་ཏི་སའི་གཏེར་འདོན་པའི་དུས་རྟགས་རྣམས་མངོན་དུ་གྱུར་པས་དགོངས་པ་ཞུས་ནས་རིམ་གྱིས་གངས་རིར་ཕེམས་ལམ་བར་དུ་འོ་བརྒྱལ་མང་པོ་བྱུང་ཡང་ཐུགས་ཞུམ་པ་སྦངས་ནས་བསྟན་འགྲོའི་དོན་ལ་དགོངས་ཏེ་དཀའ་བ་ཆེད་བསད་མཛད། དེ་ཡང་གཏེར་ལུང་ལས། དམ་ཉམས་འཁོར་གཡོག་རྩོད་འཇིགས་མང༔ ཁྲིམས་གསར་ལ་ཆུ་འཕྲད་གསུམ་བསྡམ༔ ཤེས་པ་གང་ལ་ཡང་གཏད་མེད་པར༔ རིག་པ་ངེས་མེད་ཆལ་པོར་འགྲོ༔ གསང་རྟགས་ཡིན་པས་གཏེར་ལ་སྦྱོད། ཅེས་གསུངས་པ་ལྟར་གངས་ཅན་རིའི་རྒྱལ་པོ་ཏི་སེར་ཕེབས་ཉིན་གངས་རིིའི་ཐད་ཀྱི་ནམ་མཁར་མཁའ་འགྲོ་མ་སྐུ་མདོག་ལྗང་གུ་ཞབས་གར་སྟབས་ཅན་ཞིག་གཟིགས་པས་རྩོལ་མེད་ཀྱི་ཐུགས་ཉམས་བཟང་པོ་སྐྱེས་གསུངས། དེ་ནས་བདེ་མཆོག་འཁོར་ལོའི་ཕོ་བྲང་བདེ་ཆེན་གསང་བ་ཕུག་ནས་ཤིང་ཡོས་ཧོར་ཟླ་བཅུ་པའི་ཡར་ཚེས་བཅོ་ལྔ་ལ་རིགས་ལྡན་གྱི་གྲོགས་དང་བཅས་ཏེ་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་ཆོས་སྐོར་ཆ་ལག་དང་བཅས་པ་རྣམས་གཏེར་ནས་གདན་དྲངས། དེར་སྐུ་ཚུགས་མི་ཐུབ་པ་ལྟ་བུའི་བདེ་སྟོང་གི་ཐུགས་ཉམས་ཆེན་པོ་འབར་བས་ཏི་སེའི་སྐོར་ལམ་སྒྲོལ་མ་ལ་ཁར་ཞབས་རྗེས་ཤིག་ཀྱང་བཞག་པ་ད་ལྟ་ཡང་ཁམས་པ་གཏེར་སྟོན་གྱི་ཞབས་རྗེས་ཞེས་མཇལ་དུ་ཡོད་(སྨད་ཆ།༥༢༤)ཅིང། རྟེན་འབྲེལ་ཐམས་ཅད་ལེགས་ཚོགས་སུ་འགྲིགས་། དེ་ནས་མངའ་རིའི་ཕྱོགས་སུ་ཕེབས་སྐྱོད་གནང། འདི་སྐབས་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཐོབ་རང་རིག་རས་པ་དང་མཇལ་བས་ཆོས་བཀའ་ཕལ་ཆེར་ཕུལ་ནས་ཆོས་བདག་ཏུ་མངའ་གསོལ་ཏེ་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར། རྗེ་ཉིད་ཀྱི་མཚན་ལམ་དང་མཁའ་འགྲོའི་གསང་ལུང་དང་མཐུན་པར་རིག་འཛིན་གར་དབང་རྡོ་རྗེ་མཇལ་དུ་བྱོན་པས། གཏེར་ཆོས་བཀའ་རྒྱ་གྲོལ་བ་ལ་ལོ་གཅིག་སྒུག་དགོས་གསུངས་པ་བཞིན་བཞུགས་པར་ཞལ་གྱིས་བཞེས། བར་དེར་རྗེ་བཙུན་ཆེན་པོ་བཞད་པའི་རྡོ་རྗེའི་སྒྲུབ་གནས་རྣམས་དང་བལ་ཡུལ་འཕགས་པ་ཤིང་ཀུན། མཆོད་རྟེ་གོ་མ་ས་ལ་གྷནྡྷོ་དང། ཁྱད་པར་ཨོ་རྒྱན་ཆེན་པོའི་སྒྲུབ་གནས་ཡང་ལེ་ཤོད་དང། ཨ་སུ་ར་སོགས་སུ་གནས་འབྲེལ་ཟླ་མཚམས་རེ་ཙམ་དང། བདུན་མཚམས་ཅམ་རེ་སོགས་སྒྲུབ་ཞག་གནང། བལ་ཡུལ་ཕྱོགས་ཀྱི་གནས་གཟིགས་ཞིབ་ཆ་མཛད་ནས་བསྟན་གཉིས་གླིང་པའི་གདུང་བརྒྱུད་གུ་རུ་ཤཱཀྱ་བདུད་འདུལ་ལས་བསྟན་གཉིས་གླིང་པའི་ཆོས་སྐོར་ལོངས་རྫོགས་དང་བོན་གསེར་ཞུན་སོགས་གསན། བླ་མ་དེས་ཤྲི་ཞེས་པའི་དགོན་པ་ཞིག་ཕུལ་ནས་དེར་བཞུགས་པར་ནན་ཞུས་མཛད་ཀྱང་བཞུགས་པར་མ་གནང། གཞན་ཡང་དངོས་ཉམས་ཐམས་ཅད་དག་པའི་སྣང་བ་འབའ་ཞིག་ལ་ལོངས་སྦྱོད་ཅིང། ཁྱད་པར་དུ་མཁའ་སྦྱོད་ཀྱི་ཌཱ་ཀི་ནི་ཚེ་རིང་འཛོམ་མ་ཟེར་བའི་ཡེ་ཤེས་ཀྱི་ལུས་ཅན་ཞིག་དངོས་སྣང་ཕལ་ཆེར་ལ་བྱུང་ཞིང། ཐུགས་དམ་གྱི་བོགས་དབྱུང་བར་མཛད་དེ་རིགས་ལྡན་དེ་ཉིད་ལམ་གྱིས་གྲོགས་སུ་བསྟེན་པ་ནས་བཟུང་ཐུགས་དམ་དང་རྟོགས་པ་(སྨད་ཆ།༥༢༥)གོང་དུ་འཕེལ་ཞིང། བདེ་སྟོང་གི་ཡེ་ཤེས་རྩལ་རྫོགས་པས་སྣང་གྲགས་ཐམས་ཅད་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་དུ་ཤར་ཞིང། རླུང་སེམས་ལ་རང་དབང་ཐོབ་པས། རི་བྲག་ལ་ཟང་ཐལ་དུ་གཤེགས་པ་དང། བར་སྣང་ལ་བྱ་ལྟར་ཕུར་བ་དང། ས་མཁྲེགས་ཀྱི་རྡོ་ཡང་འདམ་ལ་བརྗིས་པ་ལྟར་ཕྱག་ཞབས་ཀྱི་རྗེས་སུ་མ་འཇོག་པ་དང། ལྐོག་གྱུར་ཕལ་ཆེར་སྒྲིབ་མེད་དུ་གཟིགས་པའི་མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་བས་གཞན་བརྒྱུད་ཀྱི་རྟོགས་པ་མཁྱེན་པ་སོགས་ས་ལམ་མཐོན་པོར་སོན་པའི་ལམ་རྟགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐུགས་ལ་འཁྲུངས་ཏེ་རྫུ་འཕྲུལ་དང་མངོན་ཤེས་མཐའ་ཡས་པ་མངའ་བར་བྱུང་སྣང། གཏེར་སྟོན་ཆོས་རྗེ་གླིང་པའི་རྣམ་ཐར་དུའང་ཌཱ་ཀི་ནི་འདི་བྱུང་ཚུལ་འདི་དང་ཕྱོགས་མཐུན་པར་ཡོད་པར་སྣང། དེ་ནས་རྗེ་བཙུན་བཞད་པ་རྡོ་རྗེས་སྒྲུབ་གནས་ལིང་ང་བྲག་དམར་དུ་རྒྱལ་ཐང་པ་ངག་དབང་ཟིལ་གནོན་རྡོ་རྗེ་ལས་རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་ཁའི་རྫོགས་ཆེན་དགོངས་པ་ཟང་ཐལ་གསན། འདི་སྐབས་རྡ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུ་བྱོན་པའི་དག་སྣང་བྱུང་ཚུལ་དང། སློབ་དཔོན་རིན་པོ་ཆེ་མཇལ་ཞིང། དབང་བསྐུར། ལུང་བསྟན། སྒྲུབ་ཆེན་མཛད་ཚུལ་སོགས་དག་སྣང་རྡོ་རྗེ་རྒྱ་གྲམ་དུ་གསལ་བ་ལྟར་དང། གཞན་ཡང་དག་སྣང་དང་ཞལ་གཟིགས་བྱུང་ཚུལ་ཤིན་ཏུ་མང་བས་དག་སྣང་དཔེ་ཚན་སོ་སོར་ལྟ་བ་ལས་འབྲིར་ལོངས་པ་མེད་དོ། གཞན་ཡང་བླ་མ་འདི་ལ་ཀུན་སྐྱོང་གླིང་པའི་རྡོར་སེམས་སྙིང་ཐིག། མ་གཅིག་རྒྱལ་ཐང་ལུགས་ཤོགས་ཆོས་མང་དུ་གསན། འདི་སྐབས་རིག་འཛིན་གར་དབང་རྡོ་རྗེ་དང། གུ་རུ་ཤཱཀྱ་བདུད་འདུལ། རྒྱལ་ཐང་པ་རྣམས་ཀྱིས་ཀྱང་རྗེ་འདིའི་ཞབས་ལ་(སྨད་ཆ།༥༢༦)བཏུང་ནས་དབང་ལུང་དུ་གསན་པར་མཛད་པའི་ཐུགས་བཞེད་བསྐངས། འདི་སྐབས་མང་ཡུལ་བྱམ་སྦྲིན་ནས་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱིས་གདམས་སྐོར་རྣམས་མེ་ཕོ་འབྲུག་ལོར་སྦྱན་དྲངས། སྦྱིད་གྲོང་སྡེ་དགོན་རྣམས་ཀྱིས་གུས་འདུད་དང་བུམ་སྒྲུབ་ཀྱི་སྦྱིན་བདག་དང་དབང་ཆོས་ཞུ་བ་མང་པོར་སྒྲུབ་ཆེན་མཛུགས་པ་དང། དབང་ཁྲིད་འཕོ་ལུང་སོགས་ཟབ་ཆོས་གང་ལ་གང་ཕན་གྱི་འགྲོ་དོན་བསྐྱངས་ནས་གཞན་ཕན་ཕྲིན་ལས་ཀྱི་འཁོར་ལོ་བསྒྱུར་བས་ཐམས་ཅད་དང་པ། དབང་ཁྲིད་འཕོ་ལུང་སོགས་ཟབ་ཆོས་གང་ལ་གང་གྱི་འགྲོ་དོན་བསྐྱངས་ནས་གཞན་ཕན་ཕྲིན་ལས་ཀྱི་འཁོར་ལོ་བསྒྱུར་བས་ཐམས་ཅད་དད་པ། མོས་གུས་དང་ངོ་མཚར་ཡིད་ཆེས་ཀྱི་གནས་ལ་བཀོད་ཅིང། འབུལ་བའི་དངོས་པོའི་དུས་རྟགས་གསལ་ཞིང། གཏེར་བདག་གི་བསྐུལ་མ་ལན་མང་དུ་བྱུང་ཡང་སྦྱིར་རྟེན་འབྲེལ་གྱི་སྒྲིག་ཕྱོགས་འགའ་ཞིག་ནི་རྐྱེན་མ་འཛོམས་པ་དང། སྒོས་སྐབས་དེར་གླི་བུར་བའི་རྐྱེན་གྱིས་སྒྲུབ་ཆེན་འཛུགས་པ་དང་འབྲེལ་གཞན་དབང་དུ་གྱུར་པས་ཐུགས་གཅོང་ཅུང་ཟད་བྱུང། དེ་ནས་རྐྱང་གི་ཇོ་བོ་དབང་དར་བས་གདན་དྲངས་པས་དད་ལྡན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་རྐྱང་གི་ཡུལ་དུ་ཞབས་པད་བསྐྱོད། དེར་ཆོས་སྡེའི་སེར་སྦྲེང་སོགས་བཀུར་བཟོས་གང་ཆེ་ཕུན་སུམ་ཚོགས་པ་ཕུལ། རྐྱང་གི་ཇོ་བོ་སྐུ་མཆེད་དད་ལྡན་རྣམས་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་ལ་བརྟེན་པའི་མྱོང་གྲོལ་སྐྱེ་བདུན་བུམ་སྒྲུབ་སོགས་ཀྱིས་རྗེས་སུ་བཟུང་བཟུང་ནས་སྨིན་གྲོལ་ལམ་ལ་བཀོད། དེ་སྐབས་ཇོ་བོ་དབང་དར་དང་ཡོལ་མོ་གཏེར་སྟོན་གྱི་རིག་མ་(སྨད་ཆ།༥༢༧)སྒྲུབ་ཆེན་མ་སོགས་ཀྱིས་སོ་མཛུབ་མར་མེར་ཕུལ་བ་སོགས་དང་གུས་ཚད་མེད་པས་མཆོད་ཅིང། རྟ་ཐུག་དང་བལ་ཊཾ་གཏོས་ཆེ་བ་སོགས་ཀྱི་བརྒྱ་འབུལ་ཡང་མཛད། གཞན་ཡང་ཡུལ་ཕྱོགས་དེ་དག་ཏུ་ཆོས་ཀྱི་འགྲོ་དོན་དང་དགེ་སྒྲུབ་སྡིག་སྦོང་གི་ཁས་ལེན་དམ་བཅའ་བསྐུལ་བ་སོགས་ཆོས་ཀྱི་ཕྲིན་ལས་དང་གཞན་ཕན་རྒྱ་ཆེ་ཞིང་འབུལ་ནོད་ཀྱང་མང་དུ་བྱུང་བར་སྣང། དེ་སྐབས་སྟག་མོ་སྒང་གི་ཆོས་སྡེར་བཞུགས་པའི་ཨོ་རྒྱན་རིན་པོ་ཆེའི་གསེར་སྐུ་འདི་དང་སངས་རྒྱས་སྣང་མཐའ། སྦྱན་རས་གཟིགས། འཇམ་དབྱངས། ཕྱག་ན་རྡོ་རྗེ་སོགས་ཀྱི་གསེར་སྐུ་སོགས་རྟེན་བཞེངས་ཀྱང་མང་དུ་མཛད། གུང་ཐང་དུའང་དབང་ཆོས་ཀྱི་འགྲོ་ཕན་རྒྱ་ཆེར་མཛད་ཅིཻཾང་ཆས་ཀྱི་ཕྲིན་ལས་བསྐྱངས། བལ་ཊ྄ཾ་གཙོ་བོར་གྱུར་པའི་ཟང་ཟིང་གི་དངོས་པོའང་ཤིན་ཏུ་བཟང་བར་བྱུང། དེ་ནས་མིང་རིང་པར་སྦྲུལ་པའི་གཏེར་ཆེན་རིག་འཛིན་ཆེན་པོ་གར་དབང་རྡོ་རྗེའི་དྲུང་དུ་ཕེབས་པས་བྱིན་རླབས་ཀྱི་མཚན་མ་བཟང་པོའང་གཟིགས། གཏེར་ཆེན་དེ་ཉིད་ཀྱིས་གཏེར་བྱོན་རྡོར་སེམས་ཐུགས་ཀྱི་མེ་ལོང་དང། པདྨའི་སྙན་བརྒྱུད་ཡང་གསང་བླ་མེད། ཐུགས་རྗེ་ཆེན་པོ་རྩ་གསུམ་སྙིང་ཐོག་སོགས་དབང་ལུང་སྒྲུབ་ཆེན་དང་འབྲེལ་བར་ཞིབ་པར་གསན། དེ་སྐབས་གཏེར་ཆེན་དེ་ཉིད་ཀྱིས་ཁྱེད་འདིར་ཕེབས་བར་ཞིབ་པར་གསན། དེ་སྐབས་གཏེར་ཆེན་དེ་ཉིད་ཀྱིས་ཁྱེད་འདིར་ཕེབས་བར་ཞིབ་པར་གསན། དེ་སྐབས་གཏེར་ཆེན་དེ་ཉིད་ཀྱིས་ཁྱེད་འདིར་ཕེབས་དུས་མཚན་ལམ་དུ་གནམ་ལྕགས་ཀྱི་ཕུར་བ་གཉིས་རྙེད་པ་དང། ཆང་ཀ་པཱ་ལ་གང་འདུག་པ་ལ་ཧུབ་གཅིག་རྒྱབ་པ་ཕྱེད་ལ་སོང་ཚེ། ཀ་པཱ་ལའི་ནང་ཁྲག་འཐུང་རིགས་ལྔ་གཟི་བརྗིད་ལམ་ལམ་འདུག་པ་སོགས་ཀྱི་དག་སྣང་བྱུང་བས། ཁྱེད་དྲག་སྔགས་ཀྱི་ནུས་པ་ཆེན་པོ་ཐོན་པ་ཞིག་ཡིན་པ་གདའ། ཁྱད་པར་དུ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་འགྲོ་དོན་བཀའ་བབས་ཁྱོད་ལ་ཡོད་(སྨད་ཆ།༥༢༨)པས་འགྲོ་དོན་ལ་རེ་མ་གསུངས་པ་དང། ད་ལྟར་གྱི་མི་ཐོག་འདི་ལ་མདོ་ཁམས་སྒང་དྲུག་གི་འགྲོ་བ་ལ་སྨོན་ལམ་གྱིས་མཚམས་སྦྱོར་འགྲོ་དོན་གྱི་བཀའ་བབས་ཁྱོད་ལ་ཡོད་པས་ང་ཁྱོད་ལ་རེ་ཆེ་བས་འགྲོ་དོན་ལ་སེམས་བསྐྱེད་རྒྱ་མ་ཆུང་ཞིག་ཅེས་དང། ངའི་གཏེར་ཁ་འདི་རྣམས་ཀྱི་ནང་ནས་པདྨའི་སྙན་བརྒྱུད་ཀྱི་རྩ་བའི་ཆོས་བདག་ཁྱོད་ཡིན་གསུངས་ཤིང། བཀའ་ལུང་བཟང་པོས་རྗེས་སུ་བཟུང་ནས། རྡོ་དྲིལ། དབུ་པཎ། ན་བཟའ་ཆ་ཚང། སྐུ་བེར། གཞུགས་གདན་བཅས་དང། བྱིན་རྟེན་རྟེན་གསུམ་ཤོག་སེར་སོགས་དངོས་པོ་གཏོས་ཆེ་བའི་གནང་ཆ་དང་བཅས་རྡོ་རྗེ་རྒྱལ་པོར་མངའ་གསོལ་གཟེངས་བསྟོད་མཛད། ད་དུང་ངའི་དྲུང་དུ་ལན་གཅིག་ཤོག་སོགས་ནང་རྩར་གྱི་གསུང་ནང་མ་དང་བཅས་ཐུགས་ཡིད་གཅིག་འདྲེས་མཛད་ནས་དབུས་ཕྱོགས་ཕེབས་སུ་སྐྱོད་གནང། དེ་ནས་མ་ཁ་ལ་གངས་སོགས་བརྒྱུད་ནས་ལྷ་མཆོད་དཔལ་མོ་དཔལ་ཐང་སྙེ་ནམ་ལ་ཕྱི། དེང་རི་སོགས་གནས་གཟིགས་མཛད་པས་ལ་ཕྱི་གངས་རར་སྦས་ཡུལ་ཞིག་འདུག་པ་གཟིགས། ས་སྐྱར་ཕེབས་དུས་ས་སྐྱའི་རི་དེ་སྦྱས་རས་གཟིགས་སུ་གཟིགས་སྣང་བྱུང། འདི་སྐབས་དཔལ་མོ་དཔལ་ཐང་དུ་རྒ་ལོས་སྦས་པའི་གཏེར་ཕྲན་ཞིག་ཡོད་པ་དང། གཙང་རོང་ཁམ་བུ་ལུང་དུ་གཏེར་ཕྲན་ཟུང་ཞིག་ཡོད་པ་སོགས་ལུང་བསྟན་གསལ་ཡང་གོ་གལ་མ་མཛད་པས་བཞེས་མ་གྲུབ། དེ་ནས་རིམ་གྱིས་བྲེས་དགོན་གསར་དུ་ཕེབས། དེ་སྐབས་འཇམ་དབྱངས་ཆོས་རྒྱལ་རྡོ་རྗེ་དང། འོད་མཆོག་སྦྲུལ་སྐུ། གྲུབ་ཆེན་ཉི་ཟླ་ཀློང་གསལ་ཞབས་དྲུང་གདུང་བརྒྱུད་པ་སོགས་སྐྱེས་ཆེན་དུ་མ་དང་སྒྲུབ་སྡེའི་འདུས་པ་བཅས་ལ་རིག་འཛིན་གར་དབང་རྡོ་རྗེའི་གཏེར་ཆོས་གཙོ་བོར་གྱུར་བའི་(སྨད་ཆ།༥༢༩)དབང་ཆོས་མང་དུ་ཕུལ། དེ་སྐབས་བྲེས་དགོན་གསར་རྩ་འབུལ་ཞུས་འདུག་ཀྱང། བླ་མ་དམ་པའི་གསུང་གིས་མྱུར་དུ་ཕྱིར་བྱོན་དགོས་པ་དང་གསང་ལུང་ལའང་ངེས་པ་མ་བྱུང་བ་སོགས་ཀྱི་དོན་བཞིན་གང་ཅིང་དགོན་དེར་གཏན་ཆགས་སུ་བཞུགས་པར་གནང། དེར་མཚུངས་མང་ཡུལ་ལ་སྟོད་རྣམས་ནས་ཀྱང་དགོན་གནས་རི་ཁྲོད་སོགས་གདན་ས་འབུལ་བ་འགའ་ཞིག་བྱུང་སྣང་ཡ་མ་བཞེས་པར་འདུག་གོ། དེ་ནས་རིམ་གྱིས་ཕྱིར་ཕེབས་ནས་གྲུབ་དབང་བླ་དམ་པ་མཁར་པར་བསམ་གཏན་བྲག་ན་བཞུས་པ་མཇལ་བར་ཆེད་གཏད་ཀྱིས་ཕེབས། སྦུག་ཆོལ་སོགས་བལ་བོད་ཀྱི་ནོར་སྣ་ཁྱད་འཕགས་མང་པོ་ཕྱག་ཏུ་གང་ཡོད་རྩ་སྦགས་སུ་ཕུལ་བས། ཕྱིར་ཡང་རྟ་ལྔ། འཕྱིང་གུར་སོགས་གནང་ཆ་འགའ་ཡང་མཛད། དེ་སྐབས་གཏེར་ཆོས་གསང་ལུང་སོགས་ཀྱི་འཕྲོས་ཙམ་སྙན་འབེབས་ཞུས་པས། གྲུབ་དབང་རིན་པོ་ཆེས་གཏེར་སྟོན་ཉིད་ཐུགས་རྒྱལ་ཅུང་ཟད་མངོན་པར་གཟིགས་ན་བཀའ་བཀྱོན་དང་ཞལ་སྐུར་ཅོ་འདྲི་སྣང་ཚོགས་མཛད། འོན་ཀྱང་གཏེར་བཞེས་པ་ལ་ཐུགས་ངེས་འདྲོངས་པས་གཏེར་སྒྲུབ་དང་གསང་རྒྱ་སོགས་མཐར་ཕྱིན་མ་བྱུང་ན་བར་ཆད་ཀྱི་དབང་དུ་འགྲོ་བར་དོན་མ་བྱུང་བའི་ཚུལ་དང། གཏེར་སྒྲུབ་དང་གསང་རྒྱ་སོགས་མཐར་ཕྱིན་བྱེད་དགོས་ཚུལ་སོགས་ནང་རྩལ་གྱི་གསུང་མང་པའང་ལྷུག་རྩོལ་དུ་གནང་ནས་གཏེར་སྒྲུབ་ལ་བསྐུལ། དེ་ནས་གཏེར་སྟོན་རིན་པོ་ཆེས་ཀྱང་ལོ་གསུམ་དུ་སྒྲུབ་པའི་དམ་བཅའ་ཕུལ་ཞིང་རིམ་གྱིས་དགོངས་པ་ཞུས་ནས་སྒྲུབ་པ་མཛད་པ་བརྒྱུད་ཐུགས་འདུན་དང་བཅས་གྲུབ་དབང་རིན་པོ་ཆེ་འདི་ཉིད་རྩ་བའི་བླ་མར་(སྨད་ཆ།༥༣༠)བསྟེན་པ་བཟུང་སངས་རྒྱས་དངོས་ཀྱི་འདུ་ཤེས་ལས་ཐ་མལ་གྱི་སྣང་བ་སྐད་ཅིག་ཀྱང་འཆར་མ་མྱོང་གསུངས་ཤིང། བཀའ་འགལ་ཐུགས་དཀྲུགས་ལྟ་ཞོག་བཀའ་དང་འགལ་བ་ཅུང་ཟད་ཙམ་ཡང་མི་བྱེད་པའི་ཐུགས་ཀྱི་དམ་བཅའ་ཤིན་ཏུ་བརྟན་པར་བཞུགས་ནའང་གསང་ལུང་སོགས་ཀྱི་དོན་གྱིས་སྐབས་འགར་གསུང་བཞིན་མ་བྱུང་པའི་ཉེས་པ་ཞོར་སོགས་ལྟ་བུ་ཅུང་ཟད་རེ་བྱུང་བ་ལ་དགོངས་ནས་བླ་མ་དམ་པ་བཞུགས་པའི་རི་ལ་སྐོར་བ་བརྒྱ་རྩ་ཕྱག་བརྒྱ་རྩ་ཡིག་བརྒྱ་བཤགས་སྨོན་སོགས་ཞིབ་རྒྱས་ལན་དུ་མར་གནང་ནས་ཉམས་ཆག་གི་དྲི་མ་གྱིས་ཀྱང་མ་གོས་པར་མཛད། རྡོ་བ་ལ་རྡོར་སེམས་ཀྱི་སྐུ་དང་ཡིག་བརྒྱ་འབུམ་ཐེར་བསྐོས་པའི་ངག་རྒྱུན་ཀྱང་སྣང་ངོ། འདི་སྐབས་གནས་ལྔ་རིག་པའི་མཁས་པ་ཆེན་པོ་འཇམ་དབྱངས་ཧོར་གྱི་ལོ་ཆེན་དང་མཇལ། སྒྲུབ་ཐབས་བརྒྱ་རྩ་དང། ས་སྐྱ་པའི་མགོན་པོའི་སྐོར། སྨྱུང་གནས་དཔལ་མོ་ལུགས། པད་གླིང་དྲག་དམར་སོགས་གསན། དེ་ནས་བླ་མ་དམ་པས་དགོངས་པའི་བསེད་ཁྲོལ་བྱུང་ནས་སླར་ཡང་ས་ཕོ་རྟའི་ལོ་ཧོར་ཟླ་དྲུག་པ་ལ་སྲིང་རྫོང་དུ་ཕེབས། ཨོ་རྒྱན་སངས་རྒྱས་གཉིས་པ་དང། གྲུབ་ཆེན་ནག་པོ་རྡོ་རྗེ་སོགས་ཀྱིས་སྒྲུབ་གནས་ཆགས་རུ་ཕུག་ནག་ཏུ་བཞུགས། དེ་ཕྱོགས་ཀྱི་འགྲོ་བ་ལས་དང་སྐལ་བ་ལྡན་པ་མང་པོར་ཟབ་ཆོས་ཀྱི་གདམས་པ་དུ་མས་རྗེས་སུ་བཟུང། རིམ་པར་ལོ་གསུམ་གྱི་བཅད་རྒྱར་སྐུ་མཚམས་ཤིན་ཏུ་དམ་པར་མཛད། ལོ་དེའི་ཧོར་ཟླ་བཅུ་པ་ལ་གཏེར་སྒྲོལ་ཞལ་ཕྱེས་པས་ཐོག་མར་འཚུབ་ལྷོངས་ཀྱི་རྣམ་པ་ཤིན་ཏུ་ཆེ་ཞིང། མ་དག་པའི་བདུད་རོགས་རྣམས་ཀྱིས་གཤེགས་སྐུར་བྱེད་པ་སོགས་བྱུང་ཡང། རིམ་གྱིས་དངོས་གྲུབ་སྐྱི་ལྟས་ཡ་མཚན་ཅན་སུ་མ་(སྨད་ཆ།༥༣༡)ནམ་ཟླ་བ་དགུན་དུས་ཡིན་ཡང་འབྲུག་སྒྲ་དྲག་པོ་ལན་གསུམ་བྱུང་བ་དང་བཅས་ཆར་གྱི་རྒྱུན་ཡུན་རིང་དུ་བབས་པ་འཇའ་ཁ་དོག་ལྔ་པ་གུར་ཁྱིམ་ལྟར་ཟུག་པ་དང། མཐིང་ཞུན་ལྟ་བུའི་འོད་ཀྱིས་བར་སྣང་ལན་གསུམ་ཁེབས་པ་དང། མེ་ཏོག་གི་ཆར་ཟུང་དུ་བཏུབ་པ་མང་པོ་ལན་མང་དུ་བབས་པ་དང། ཚེ་བཅུའི་ཉིན་ཨོ་རྒྱན་སངས་རྒྱས་གཉིས་པ་ཉིད་མཁའ་འགྲོའི་ཚོགས་དང་བཅས་པ་མངོན་སུམ་དུ་མཇལ་བ་སོགས་ངོ་མཚར་བའི་ལྟས་གྲངས་མེད་པ་དག་པའི་གཟིགས་མོར་བསྟར་ཞིང། དཔའ་བོ་དང་མཁའ་འགྲོའི་ཆོས་སྐྱོང་རྣམས་ཀྱིས་དངོས་གྲུབ་སྟེར་བ་སོས་ཀྱི་ལྟས་ངོ་མཚེ་ཅན་དུ་མ་དང། ཁྱད་པར་དུ་སྣང་སྲིད་ཀྱི་ལྷ་ཀླུ་གཞི་བདག་མང་པོའི་སྲོག་སྙིང་ཕུལ་ཞིང་དམ་མནོས་པ་སོགས་དག་པའི་སྣང་བ་ཕྱོགས་མེད་དུ་ཤར་བའི་ཚུལ་ཞིབ་པར་དག་སྣང་ཆེན་མོར་གསལ་བ་ལྟར་དང། དེ་ནས་གཏེར་ཆོས་སྐོར་རྣམས་ཤོག་སེར་ལས་བོད་ཡིག་ཏུ་ཕབ་པར་གནང་ཞིང། བསྐྱེད་རྫོགས་ཀྱི་ཉམས་བཞེས་ལའང་ཐུགས་རྩོལ་ལྷོད་མེད་དུ་བརྩོན་པར་མཛད། ལོ་འདིའི་ནང་ཕུག་ནག་ནས་ཟབ་ཐིག་ཕག་མོ་ཁྲོས་མའི་ཆོས་སྐོར་རྣམས་གཏེར་འདོན་པའི་དུས་རྟགས་གསལ་ཞིང་ཁྱད་པར་རིགས་ལྡན་(སྨད་ཆ།་གི་མཁའ་འགྲོས་གདན་དྲངས་པའི་དུས་རྟགས་གསལ་ཞིང་ཁྱད་པར་རིགས་ལྡན་ཌཱ་གི་མཁའ་འགྲོས་གདན་དྲངས་པའི་ལུང་གསལ་ལྟར་གྱུར་པས། དམ་ཚིག་གཙང་བས་བླ་མ་མ་ཏི་ས་ར་ལ་རིགས་ལྡན་གྱི་ཆས་དང་མུ་ཏྲའི་ཧ་སྟ་དང་བཅས་གྲོགས་སུ་ཁྲིད་པས་ཕག་ནག་ཁྲོས་མའི་ཆོས་སྐོར་དང། ཕུར་པ་ཧཱུྃ་ཆེན་སྒྲ་སྒྲོགས་མ་བུ། ཕག་ནག་ཁྲོས་མའི་ཆོས་སྐོར་དང། ཕུར་པ་ཧཱུྃ་ཆེན་སྒྲ་སྒྲོགས་མ་བུ། སངས་རྒྱས་ཀྱི་འཕེལ་གདུང་སོགས་བར་ཆད་མེད་པར་ལེགས་པར་ཐོན་པས་ཐུགས་སྦྲོ་ཞིང་དགྱེས་པའི་རྩེར་སོན་པ་བྱུང། སླ་ཡང་འདི་ལོར་སྲིང་མོ་(སྨད་ཆ།༥༣༢)རྫོང་མཆོག་ནས་ནོར་བདག་རྣམ་སྲས་ཀྱི་གདམས་སྐོར་རྣམས་སྦྱན་དྲངས་ཀྱང་རིགས་མའི་སེལ་གྱིས་གཏེར་ཁ་འགའ་ཞིག་མ་ཐོན་པར་གྲགས། ཕྱིས་སུ་གཏེར་གནས་དེ་ཉིད་ཐོག་གིས་བཤིགས་པ་གཏེར་རྫས་འཐོར་བ་འགའ་ཞིག་གིས་རྙེད་པ་བྱུང་ཡང་ཟེར། དེ་ནས་ལོ་གསུམ་གྱི་སྒྲུབ་པའི་བཅད་རྒྱ་མཐར་ཕྱིན་པར་གྲུབ་པའི་ཚེ། ནགས་ཤོད་དབོན་འཚམས་ཤོག་བཞིའི་བཅད་རྒྱ་མཐར་ཕྱིན་པར་གྲུབ་པའི་ཚེ། ནགས་ཤོད་དཔོན་འཚམས་ཤོག་བཞིའི་སྔགས་པ་རྣམས་ཀྱིས་བསྐུལ་ནས། ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་སྒྲུབ་ཆེན་དང་འབྲེལ་བར་བསྐུར་བར་མཛད། སྔགས་པ་རྣམས་ཀྱིས་དབང་ཡོན་དུ་སེ་ར་བཀྲ་ཤིས་སྟེང་གི་ས་རྒྱ་རི་སྐོར་ཐམས་ཅད་ཕུལ་བས་ཕྱོགས་དེར་བཞུགས་གནས་སུ་རྟེན་འབྱུང་གོ་རྩ་བ་ཚུགས། དེ་ནས་ཀྱང་སྐུ་མཚམས་བཅད་རྒྱ་འབའ་ཞིག་མཛད། ཉམས་རྟོགས་ཡོན་ཏན་གོང་འཕེལ་དང་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་གཟིགས། སྐུ་གསུམ་ཐུགས་རྗེན་གྱི་རིགས་ཀྱང་ཅི་རིགས་བཞེངས་པར་མཛད། འབྲི་གུང་ལྷོ་པ་སྐུ་སྐྱེ་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ་ལས་དགོངས་པ་ཡང་ཟབ་ཀྱི་དབང་ལུང་དང་སྐད་གཉིས་སྨ་བའི་དབང་པོ་ཧོར་ལོ་ཆེན་ལས་སྨིན་གླིང་གཏེར་ཆོས་སྐོར་སོགས་གསན། ལོ་ཆེན་ལ་གཏེར་ཆེན་ཉིད་ཀྱིས་གཏེར་གསར་རྣམས་ཕུལ་ནས་ཆོས་བདག་ཏུ་མངའ་གསོལ་གནང། འདི་དུས་རྟེན་འབྲེལ་སྣེ་ཟིན་ལེགས་པར་འགྲིགས་ཀྱང་ཕྲིན་ལས་བར་ཆད་དབང་བཙན་པ་ཞིག་བྱུང་འདུག། འདི་ཙམ་ཞིག་ན་གོང་ས་མཆོག་རྩ་བའི་ཆོས་བདག་ཏུ་བཞུགས་པས་སྙན་འབུལ་ཞུའམ་དགོངས་ཀྱང་ཡུལ་གཉེན་པས་ཞུ་མ་ནུས་པས་རྟེན་འབྲེལ་ཅུང་ཟད་ཉམས། ཕྱིས་སུ་རྙིང་མ་ནང་ཁུལ་ཞིག་ལ་ཞུ་སྣ་བཙོལ་ཡང་སྙན་དབང་དུ་གསོད་པ་ཞིག་མ་བྱུང་འདུག་སྟེ། ཀུན་མཁྱེན་ཉིད་ཀྱི་(སྨད་ཆ།༥༣༣)གསང་ལུང་ལས། ཤར་རི་རྩེར་ཉི་མ་ཤར་ན་ཡང། སྦྲིན་དཀར་པོས་སྒྲིབ་ནས་གསལ་མ་འགྱུར། ཞེས། ཤར་ཞེས་པས་ཕྱོགས་དང། ཉི་མ་ཞེས་པས་མཚན་སྒྲ་དང་བཅས་ཤིན་ཏུ་གསལ་ཞིང། སྒྲིབ་བྱེད་ཀྱང་དཀར་པོ་ཞེས་ཀུན་མཁྱེན་ཉིད་དང་ཡང་ཐུགས་དཀར་བ་དེ་འདྲ་ཞིག་གིས་བྱེད་པའི་ལུང་གསལ་བྱུང་བ་དང། ཡང། སྦྲུལ་ལྕེ་གཉིས་བརྐྱངས་པའི་དུག་ལྕེ་རྣོ། ཞེས་ཞུ་ལོག་དབང་བཙན་པར་འགྱུར་ཚུལ་དང། ལུག་སྦྱང་ཀིར་བག་ཕེབས་སྡོད་པ་ལ། ང་རྫི་པོས་ཉེན་སེལ་ཅིང་རང་བྱེད། ཅེས་གཏེར་སྟོན་ཉིད་ཀྱིས་ཀྱང་ཐུགས་བློ་གཏོད་ས་ནོར་སྐྱོན་སོགས་བྱུང་བ་བཞིན། སྙིགས་དུས་ཆགས་སྡང་གི་དབང་གིས་གོང་ས་མཆོག་གི་སྙན་དབང་དུ་དཱངས་པ་ཞིག་མ་བྱུང་བས་རྟེན་འབྲེལ་གཞན་དབང་དུ་གྱུར་འདུག་ཅིང། དེ་ཡང་སྔར་གསང་ལུང་ནས་བཤད་པའི་རྟེན་འབྲེལ་སྒྲིག་ཕྱོགས་རྣམས་ཀྱང་ཇི་བཞིན་མ་བྱུང་བ་དང་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་མཇལ་དགོས་པའང་ཕྱི་བཤོལ་དུ་སོང་བ་སོགས་ཀྱིས་རྟེན་འབྲེལ་གྱི་ཟུར་ཉམས་པའི་་སྐྱོན་དང། རྟེན་འབྲེལ་གྱི་བབས་ཕྱོགས་ཀྱང་འབྲིང་པོ་ཙམ་དུ་བབས་པ་ལུང་ནས་བཤད་པར་མངོན་པར་དབུས་ཕྱོགས་ཀྱི་རྟེན་འབྱུང། ཐམས་ཅད་བག་ལ་ཞ་བར་གྱུར་པའི་ཕྱིར་ཧ་ཅང་ཐུགས་རྩོལ་གནང་བ་ཡང་མཛད་པར་སྣང་ངོ། ཆུ་ཕོ་ཁྱི་ལོར་ནགས་ཤོད་མེ་འབར་ཕུག་ནས་རྟ་མགྲིམ་དྲེགས་པ་ཟིལ་གནོན་གྱི་ཆོས་སྐོར་རྣམས་གདན་དྲངས་པ་བར་ཆད་མེད་པར་ཕྱག་ཏུ་སོན། དེ་ནས་ལུང་ཟིན་ཐུགས་སྲས་རྣམས་ཀྱི་གཙོས་པའི་སྐལ་བ་དང་ལྡན་པའི་འུདལ་བ་བརྒྱ་ཕྲག་བརྒལ་བ་ལ་གཏེར་གསར་བཀའ་རྒྱ་གྲོལ་བསྟུན་དབང་ལུང་ལན་གཉིས་སུ་སྩལ་ནས་སྐལ་ལྡན་མང་པོ་སྨིན་(སྨད་ཆ།༥༣༤)གྲོལ་གྱི་ལམ་ལ་བཀོད། དེ་ནས་རྒྱ་གར་རྩ་མཆོག་གྲོང་གི་གཏེར་འདོན་པའི་དུས་ལ་བབས་པའི་ལུང་བསྟན་གསལ་བས་གནས་སྐོར་བ་ཕོ་མོ་སུམ་ཅུ་སོ་ལྔ་ཙམ་ཟས་གོས་ཀྱིས་བསྐྱངས་ནས་རྒྱ་གར་དུ་ཞབས་བཏེགས། དེ་དུས་མིན་ཕྱོགས་སུ་དགེ་འབྲུག་གི་འཁྲུག་ལོང་དང་བཀག་པོ་སོགས་ཀྱིས་ལམ་སྟབས་ཤིན་ཏུ་མི་བདེ་ཞིང་བགྲོད་དཀའ་བར་ཡོད་ཀྱང་རྗེ་ཉིད་ཀྱིས་ཐུགས་ཇེ་དང་ཕྲིན་ལས་ཚད་མེད་པའི་སྟབས་ལས་འཁོར་རྣམས་དང་བཅས་ཏེ་བདེ་བར་འཕགས་པའི་ཡུལ་སོན། རྒྱ་གར་ཡུལ་གྱི་གནས་རྣམས་གཟིགས་པ་ཙམ་གྱིས་ཐུགས་ལ་དགྱེས་པ་འཁྲུངས་པ་དང་ལྷན་ཅིག་གང་ཤར་བདེ་སྟོང་གི་ངང་དུ་གྲོལ་བའི་ཐུགས་ཉམས་ངོ་མཚར་བའང་བྱུང་ཞིང། གཞན་ཡང་དག་པའི་གཟིགས་མོ་ངོ་མཚར་བའང་ཀླུང་ཤིང། ཁྱར་པར་དུ་གྲུབ་དབང་རིན་པོ་ཆེ་མཇལ་ཞིང་འབྱུང་འགྱུར་གྱི་ལུང་བསྟན་འགའ་ཡང་སྩལ། དེ་ནས་གུ་རུ་རིན་པོ་ཆེའི་གསང་ལུང་བཞིན། ཤིང་ཕོ་བྱི་ལོར་རྒྱ་གར་རྩ་མཆོག་གྲོང་གི་བྱང་སྒོ་ག་ཅོ་ཞེས་པའི་གནས་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་བཟོ་རྒྱ་གར་ཤར་ནུབ་ཀྱི་ལི་སོ་སོ་ལས་གྲུབ་པའི་ཇོ་བོ་མི་སྐྱོད་རྡོ་རྗེ་དང་ཆོས་སྐུ་མི་སྐྱོད་རྡོ་རྗེ་སྟེ་འཕགས་པའི་སྐུ་མཆེད་གཉིས་དང། རྟེན་དེའི་སྲུང་མ་ལྷ་མོ་སྔགས་སྦྲུང་མའི་ཆོས་སྐོར་སོགས་གཏེར་ནས་སྦྱན་དྲངས་ཏེ་རིམ་གྱིས་ཚུར་ཕེབས། འདི་དུས་མོན་གྱི་ཕྱོགས་སུ་ཕྲིན་ལས་ཀྱི་སྒོ་བྱེ་བས་འགྲོ་དོན་བསམ་མི་ཁྱབ་པ་བྱུང། ཁྱད་པར་དུ་བླ་མ་རིན་ཆེན་རྡོ་རྗེས་མོས་གཟིགས་ཚང་རོང་དགོན་རྩ་འབུལ་ཞུས་འདུག་ཀྱང། བདག་འཛིན་གྱི་ཞལ་མ་གནང། མོན་ཡུལ་ཤ་འུག་གི་གཏེར་ཁ་དཔལ་མགོན་པོ་མ་ནིང་གི་ཆོས་སྐོར་སོགས་འགའ་ཞིག་འདོན་(སྨད་ཆ།༥༣༥)བའི་ལུང་བསྟན་གསལ་ཡང་ལ་ལ་རྫས་མ་འཛོམས་ཤིང། ཕལ་ཆེར་བདག་གིར་མ་མཛད། ཕེབས་ལམ་ལ་ལོ་རོས་དཀར་པོ་དོན་ལྡན་དུ་སྔགས་སྲུང་མའི་ཆོས་ཚན་འགའ་ཞིག་ཤོག་སེར་ལས་ཕེབས་པར་གནང་བས་རྟེན་འབྲེལ་ལེགས་པའི་དགེ་མཚན་གཟིགས། འོན་ཀྱང་ལོ་དགུར་གསང་རྒྱ་དགོས་པའི་ལུང་གསལ་བྱུང། འདི་སྐབས་རྗེ་འདིར་སྔར་སྦས་ཡུལ་སྐྱིད་མོ་གཤོང་དུ་བཞུགས་སྐབས་དག་སྣང་ལུང་བསྟན་བྱུང་བ་དང་རྗེས་མཐུན་རིག་འཛིན་གཏེར་བདག་གླིང་པ་མཇལ་བར་ཕེབས་པས་ཤསིང་བྱི་ནག་ཟླའི་ཚེས་བཅུ་གཉིས་ལ་སྨིན་གླིང་བླང་བྲང་ཆོས་འཁོར་ལྷུན་པོ་རྨང་འདིང་བ་དང་ཐུག་སྟེ་རྟེན་འབྲེལ་ལེགས་ཚོགས་གོང་འཕེལ་དུ་གྱུར་པས་རིན་འཛིན་ཆེན་པོ་དེ་ཉིད་ཀྱང་ཐུགས་དགྱེས་རྩེར་སོན་ཏེ་རྣམ་ཐར་དུ། ཁམས་པ་གནས་སྐོར་བ་འགས་རྒྱ་གར་གི་ཡལ་ལག་ངར་ཙམ་པ་ལོ་མ་མང་པོ་དང་བཅས་པ་ཕུལ་བས་རྟེན་འབྲེལ་གྱི་ལ་ཉེ་བཟང། ཞེས་གསུངས་ཡོད་དེ། སྐབས་དེར་རིན་འཛིན་གཏེར་ཆེན་ཉིད་ཀྱི་གཏེར་བྱོན་གཤིན་རྗེ་དྲེགས་པ་འཛོམ་བྱེད་ཀྱི་གསང་བའི་ཆོས་བདག་ཏུ་ངོས་འཛིན་གནང་ནས་དེའི་ཆོས་སྒོར་རྣམས་གསང་ལུང་དུ་གདམས་པ་བཞིན་རྗེ་འདིས་ཀྱང་གསང་རྒྱ་མཐར་ཕྱིན་དུ་ཉམས་བཞེས་གནང་བ་ཡིན་ཏེ། སྐུ་གཤེགས་དུས་སུ་ཉེ་བ་ཞིག་གི་དུས་སྒྲུབ་གཏེར་འགའ་ཞིག་དབྱེ་གསལ་མཛད་དེ་འདི་གཤིན་རྗེ་དྲེགས་འཛོམ་གྱི་སྒྲུབ་གཏོར་ཡིན། ཁོ་བོ་ལ་རིག་འཛིན་གཏེར་བདག་གླིང་པས་གསང་བའི་ཡི་དམ་དུ་གདམས་པ་བཞིན་ཁོ་བོས་ཀྱང་གསང་རྒྱ་མཐར་ཕྱིན་པར་བྱས་པ་ཡིན། ཞེས་གསུངས། ཡང་སྐབས་ཤིག་འདུ་བདུད་འདུལ་རྡོ་རྗེའི་སྒྲོལ་(སྨད་ཆ།༥༣༦)དཀར་གྱི་སྒྲུབ་གཏོར་ཡིན་ཏེ་ཁོ་བོས་གསང་བའི་ཉམས་ལེན་ཁྱད་པར་བ་ཞིག་ཡིན་གསུངས། གཞན་འགའ་ཞིག་འདི་ཡིན་མ་གསུངས་ཏེ། རྗེ་འདི་གསང་བ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་སུས་ཀྱང་དགོངས་པའི་གཏིང་དཔོག་པར་མི་ནུས་སོ། འོན་ཀྱང་གཏེར་སྟོན་གཉིས་ཆར་གྱི་རྣམ་ཐར་སོགས་སུ་མཚན་གྱི་གསལ་ཀ་སོགསས་ཞིབ་ཆ་མ་མཛད་པ་ནི་གསང་རྒྱའི་དོན་གྱིས་ཡིན་པར་མཇད་དུ་ཕེབས་བཞེད་གནང་ཡང། གྲུབ་དབང་རིན་པོ་ཆེ་མདོ་སྨད་དུ་ཆིབས་སྐྱོད་གནང་གྲུབ་པ་དང་འགྲིགས་པས་མཇལ་མ་ཐུབ། འདི་སྐབས་སོག་པོའི་རྒྱལ་པོ་པཱ་ཐུར་ཇིས་གདན་འདྲེན་བྱུང་བར་མཚན་མལ་སོགས་ལ་རྟེན་འབྱུང་ལེགས་པའི་མཚན་མ་གསལ་བར་འདམས་སྙིང་དྲུང་དུ་ཛུན་གར་གནམ་གྱི་རྒྱལ་པོའི་བཞུགས་སྒར་དུ་ཆིབས་སྐྱིད་གནང་བས་རྒྱལ་པོ་འཁོར་བཅས་ཀྱིས་གུས་འདུད་ཀྱི་བསྙེན་བཀུར་དང་སྲི་ཞུ་ཚད་མེད་པར་ཕུལ། རྒྱལ་པོའི་གདུང་བརྒྱུད་དཀོན་པ་ལ་ཐུགས་འདོད་བཞིན་གཉན་ཆེན་ཐང་ལྷ་གནང་ལ་བཀར་ནས་སྲས་ཀྱི་དངོས་གྲུབ་སློབ་བས་སྲས་གསུམ་འབྱུང་བར་ལུང་བསྟན། རྒྱལ་པོས་གུར་དཀར་མོ་སྟོང་ཤོང་སོགས་འབུལ་ཆེན་བསམ་གྱིས་མི་ཁྱབ་པ་མཛད་པ་བཞེས་ནས་རིམ་གྱིས་ཕྱིར་ཕེབས། གཞན་ཡང་འདི་དུས་སྔ་ཕྱིར་ཤིང་མོ་གླང་ལོར་ཕུག་སྔོན་རྣམས་ནས་ཕག་མོ་རིགས་བཞིའི་ཆོས་སྐོར་རྣམས་གདན་དྲངས་པར་མཛད་སྣང་ལ། ཁྱད་པར་དུ་ས་ཕོ་རྟ་ལོར་ཅི་མདའ་བྲག་དམར་ནས་གཏེར་བཞེས་པར་ཕེབས་དུས་ཤིན་ཏུ་མཐོང་བའི་བྲག་གཡང་ཐོག་སོ་བརྒྱས་ཀྱང་མི་ཚད་པའི་ངོས་བལྟར་མི་བཟོད་(སྨད་ཆ།༥༣༧)པའི་མཐོང་ས་དེར་ཐུགས་རིག་གཏང་མེད་དུ་བའི་མདོ་ལ་སྐད་ཅིག་གིས་ཆུ་བོ་སྦ་ཀློང་དྲག་ཏུ་འཁྲུག་པའི་ཕར་ཀ་ནས་བྱ་འཕུར་བ་ལྟར་གཏེར་གནས་དེར་ཕེབས་པས་སྔར་གྱི་ཐུགས་ཉམས་དེ་ཞིག་ནས་ཕྱིར་གཟིགས་པ་ན་ཤིན་ཏུ་ཡང་ང་ཞིང་བལྟར་མི་མངོན་པའི་གཡང་ས་ཆེན་པོ་དེ་གཟིགས་པས་ཐུགས་ལ་འཇིགས་སྣང་མི་བཟོད་པ་སྐྱེས་ཀྱང་སླར་ཡང་ཐུགས་རིག་གི་རྩལ་བསྐྱེད་ནས་གཏེར་མཚན་གསལ་བའི་གཏེར་སྒོ་དེར་ཕྱག་གི་ཕུར་བུས་བསྡིགས་ཀྱང་བེལ་སྐྱོན་ཞིག་གིས་གཏེར་སྒོ་འགག་ཏུ་ཉེ་བ་ན་དམ་ཅན་སྐྱེས་བུ་ཆེན་པོས་ཤོག་སེར་ཤོག་དྲིལ་གཅིག་ཕུལ་བས་དེ་མ་ཐག་ནག་ཆུའི་ཚུར་གར་ཕེབས་གྲུབ་པས་ཆུ་འགྲམ་གྱི་རྡོ་ཞིག་ལ་གཏེར་སྟོན་གྱི་ཞབས་གཉིས་ཀྱ་རྗེས་དང། སྐྱེས་བུ་ཆེན་པོས་ཆིབས་རའི་རྗེས་བྱུང་བ་དེང་སང་ཡང་མཇལ་དུ་ཡོད། གཏེར་ཁ་འདི་ལྷོ་ཕྱོགས་གཤིན་རྗེའི་གཏེར་ལ་སྦྱོད་པར་གཏེར་ལུང་ནས་གསུངས་པ་དེ་ཡིན་ཀྱང་ནཱ་ཀ་རཀྴའི་སྐོར་ཙམ་ལས་རྟེན་འབྲེལ་གྱི་འཚམས་སྦྱོར་མ་ལེགས་པར་ཕྱག་ཏུ་སོན་པར་མ་གྱུར། དེ་ནས་སྲིང་རྫོང་དུ་སྐུ་མཚམས་བཅད་རྒྱ་ཡུན་རིང་ཙམ་ཞིག་བཞུགས་ཙིས་གནང་ཡང། མདོ་སྨད་ནས་གྲུབ་དབང་རིན་པོ་ཆེས་ཆེད་གཏད་དུ་གདན་འདྲེན་ཞུ་བར་གཉེར་པ་དཔོན་གཡོག་རྣམས་བྱུང་སྟེ་གསུང་ཤོག་ནང་མ་རྟེན་དང་བཅས་གནང་འདུག་པའི་དོན་བཞིན་མེ་མོ་ཡོས་ལོར་མདོ་སྨད་དུ་ཆིབས་ཁ་བསྐྱོད་པར་མཛད། འདི་དུས་འབྲི་ཆུ་གྲུ་ཁར་ཇོ་བོ་སྒྱོགས་ཆེན་གདོང་རས་བསུ་བ་དང། གཉེན་ཆེན་གེར་མཛོས་རང་གནས་སུ་སྦྱན་དྲངས་པས་གཉེན་ཆེན་གེར་མཛོ་མི་དམར་ཕྲག་གི་རལ་པ་ཅན་དང། གླིང་རྗེ་གེ་སར་རྒྱལ་པོ་མི་དཔོན་གྱི་ཆ་བྱད་ཅན་ཞིག་དང་ཞུས་ལན་འགའ་ཞིག་མཛད་པའི་མནལ་ལམ་བྱུང།(སྨད་ཆ།༥༣༨)དེ་སྐབས་གྲུབ་དབང་རིན་པོ་ ཆེ་ཉིད་ཀྱིས་ཀྱང་རོག་གཏམ་དགོན་གསར་འདེབས་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་པ་ལེགས་པར་བཞེངས་གྲུབ་ནས་དེར་བཞུགས་གདན་མཇལ་བས་དཔོན་སློབ་གཉིས་ཆར་གྱི་ཐུགས་ལ་དགྱེས་པ་དཔག་ཏུ་མེད་པ་འཁྲུངས། རྟ་ནོར་ལྔ་བཅུས་གཙོས་པའི་དངོས་རྫས་གཏོས་ཆེ་བ་དང་གུར་ཆེན་གུར་ཆེན་དཀར་མོ་སྟོང་ཤོང། བཞུགས་ཁྲི་རྒྱབ་ཡོལ་བླ་བྲེ་དང་བཅས་པའི་བཀོད་པ་མཛེས་ཤིང་དངོས་གཙང་བ་དང། མཁར་རྔ་བུ་དགའ་མ་སོགས་རྒྱ་བོད་ཀྱི་དངོས་རྫས་ཁྱད་མཚར་ཅན་དུ་མ་དང་ལྷ་སྐུ་རྟེན་གསུམ་སོགས་ནོར་རྫས་བསམ་གྱིས་མི་ཁྱབ་པ་ལྟོས་མེད་དུ་ཕུལ། གུར་ཆེན་དང་མཁར་རྔ་སོགས་དེང་ཡང་སྡེ་དགེ་ཅོས་ཀྱི་རྒྱལ་པོས་ཁྱད་ནོར་དུ་མཛད་པ་འདི་དག་དེ་དུས་གཏེར་ཆེན་འདིས་གྲུབ་དབང་རིན་པོ་ཆེར་ཕུལ་བ་ཕྱིས་སུ་སྡེ་དགེ་ཆོས་ཀྱི་རྒྱལ་པོའི་ཕྱག་ཏུ་གྲུབ་དབང་རིན་པོ་ཆེས་ཕུལ་བ་ཡིན་འདུག་གོ། མདོར་ན་འདི་ཡན་ལ་འཁོར་གསུམ་ཡོངས་དག་གི་འབུལ་བ་ལན་བཞི་དང། འབུལ་ཆེན་ལན་མང་མཛད། གཞན་ཡང་མཆོད་ཆ་རྟེན་གསུམ་གྱིས་གཅོས་པའི་ཡོ་བྱད་ཐུགས་བཞེད་གང་ཡོད་ཀྱང་དགྱེས་པར་ཕུལ། སྦྱིར་ཡང་རྗེ་འདིར་གྲུབ་དབང་རིན་པོ་ཆེས་བཀའ་བརྐྱོན་ཕྱག་འབེབས་སོགས་ཅི་ཙམ་གནང་ཡང་ཐུགས་ཁྲོ་བ་དང་མ་དང་བ་ཅུང་ཟད་ཀྱང་མི་མངའ་ཞིང། སླར་ཡང་ཉེས་པ་ཕྲ་མོ་རེར་ཡང་དེ་མ་ཐག་སྐོར་སོགས་བཤགས་སྦྱོང་གིས་དག་པར་མཛད་དེ་བླ་མ་བསྟེན་ཚུལ་འདི་ལྟ་བུ་སྔོན་རྗེ་མི་ལ་དང་འབྲོམ་སྟོན་པ་སོགས་དང་མཚུངས་པ་ལས་གཞན་སུས་ཀྱང་འགྲན་དུ་མེད་པ་ཞིག་ཡིན་ནོ། ཁྱད་པར་གཏེར་རྫས་ཀྱི་གཙོ་བོ་གངས་རི་ནས་སྦྱན་དྲངས་པའི་སྐུ་ཚབ་མ་མཐོང་བ་དོན་ལྡན་དང་གཏེར་ཤོག་(སྨད་ཆ།༥༣༩)གྲས་ཁ་མ་ཉམས་པའི་ཤོག་དྲིལ་འགའ་དང། ཨ་ཐམ་ཧྲི་ཐམ་མང་པོ་དང། གཞན་ཡང་གཏེར་རྫས་སྣ་ཚོགས་ཀོ་ཊོ་རའི་གང་ཙམ་དར་གྱི་ཆས་དང་བཅས་ཕུལ་བས་ཐུགས་དགྱེས་པའི་རྩེར་སོན་པར་གྱུར་ཅིང། གཏེར་རྫས་རྣམས་ལ་གྲུབ་དབང་ཉིད་ཀྱིས་དཔྱད་པ་གནང་བས་ཐུགས་ལ་ངེས་ཤེས་ཁྱད་པར་ཅན་འཁྲུངས་ཏེ་ཀུན་ལ་གཏེར་རྫས་འདི་རྣམས་ཁྱད་འཕགས་ཚད་མེད་ཚོད་མེད་དུ་འདུག་གསུངས་ནས་ཐུགས་གཙིགས་ཆེ་བར་གནང། གཏེར་ཆོས་རྣམས་ལ་གཟིགས་པར་མཛད་པས་ཀྱང་ཐུགས་ངེས་འདྲོངས་ཏེ་གཏེར་ཆོས་བཀའ་རྒྱ་གྲོལ་བ་རྣམས་དབང་ལུང་གསན་ཅིང། ཤོག་སེར་དབུ་ཐོག་ཏུ་བཞེས་པ་ལ་བཀའ་གཏད་ཕུལ། ཁྱད་པར་གྲུབ་ཐོབ་ཆེན་པོའི་བཀའ་ལས་ཁོ་བོ་བློ་ཟད་ཆོས་ཟད་དུ་སོང་བའི་རྣལ་འབྱོར་ལ་གཏེར་གསང་གྱི་དགོས་པ་མེད་ཀྱང་གུ་རུ་རིན་པོ་ཆེས་གསུང་དྲི་མ་མེད་པ་འདི་ལྟ་བུ་དང་མཇལ་བས་སྐལ་བ་བཟང་བཟང་གིས་རྟེན་འབྲེལ་ཙམ་དུ་ཆོས་འབྲེལ་བཀའ་གཏད་སོགས་འདི་ཙམ་ལས་ན་ཚོད་མཐོ་བའི་སྟབས་ཀྱིས་གཞན་ཕན་འཆད་སྦེལ་སོགས་ཀྱང་མི་ནུས་པས་གཏེར་ཆོས་ཐམས་ཅད་གསན་མ་གྲུབ་ཀྱང། ཁྱེད་ཅག་རྣམས་ཀྱིས་དབང་ལུང་ཞུས་ལ་ཉམས་ལེན་མཛད་དང་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བར་བྱུང་ངེས་གཏེར་ཆོས་གཞན་ལས་ཀྱང་ངོ་མཚར་ཆེ་ཞིང་ཁྱད་དུ་འཕགས་པར་སྣང། ཞེས་ཡང་ཡང་ཁྲོམ་བསྒྲགས་སུ་བཀའ་སྩལ། སྦྱིར་ཡང་ཁོ་བོ་གཏེར་གསར་གྱིས་རིགས་ལ་བློ་མི་འགྲོ་བ་གཏེར་ཁ་གོང་འོག་དང་རརྣ་གླིང་པ་སོགས་ཀྱི་གཏེར་ཆོས་དང་འདྲ་བ་སུ་ལ་མི་འདུག་པས་ཡིན་ཀྱང་ཁྱེད་རང་གི་གཏེར་ཆོས་འདི་རྣམས་ཚིག་དོན་ལེགས་ཤིང་བྱིན་རླབས་ཆེ་བ་སོགས་རརྣ་གླིང་པའི་གཏེར་ཆོས་རྣམས་དང་འདྲ་བ་འདུག་གསུངས་ནས་(སྨད་ཆ།༥༤༠)ཐུགས་དགྱེས་དགྱེས་དཔེ་མེད་པ་མཛད། འདི་དུས་ཀྱང་གྲུབ་དབང་རིན་པོ་ཆེའི་ཞབས་ཕྱིར་འབུལ་སྡུད་དུའང་ལན་འགར་ཕེབས་པར་མཛད་པ་འདུག་ཡང་གྲུབ་དབང་རིན་པོ་ཆེས་རུ་དམ་གནས་ཀྱི་མཚན་ཉིད་ཐམས་ཅད་གཏན་པ་ཕབ་པ་དང། གཏེར་འདོན་རྒྱུ་ཡོད་མེད་སོགས་ཞིབ་ཆ་གྱིས་ཞེས་སྩལ་བ་བཞིན་གཟིགས་སྣང་རྣམས་གཏན་ལ་ཕན་པས་སྦྱིར་བོན་གནས་སུ་འདུག་ཚུལ་དང། གནས་དེའི་ལྷོ་ཕྱོགས་ན་བོན་གནས་ཤིག་ཀྱང་གཏན་ལ་འབེབས་རྒྱུ་འདུག་ཚུལ་དང། བོན་གཏེར་ཞིག་ཕྱག་ཏུ་སོན་ཚུལ་སོགས་ཞུས་པས་གྲུབ་དབང་རིན་པོ་ཆེའི་ཞལ་ནས་བོན་གཏེར་ཕབ་པ་མི་འགབ་སྟེ། སྣེ་གཅིག་རང་དགའ་བ་ལས་བན་བོན་སྣ་ཚོགས་བྱེད་པ་ལ་ཡོན་ཏན་མེད་གསུངས་པ་ལ་བརྟེན་ནས་བོན་སྐོར་རྣམས་སླར་འདབས་གཏེར་དུ་བཞུགས་དགོས་པ་བྱུང་ཞིང། དེར་མཚུངས་གནས་ཡིག་སོགས་ཀྱང་ཞིབ་ཆ་མཛད་མེད། འོན་ཀྱང་གུ་རུ་རིན་པོ་ཆེ་དང་རྗེ་འབངས་རྣམས་ཀྱིས་སྨན་སྒྲུབ་མཛད་པའི་ཚུལ་དང་སྨན་གཞོང་སོགས་ཡོད་ཚུལ་གསུངས་པ་བཞིན་དུས་ཕྱིས་རྗེ་དཔོན་རིན་པོ་ཆེས་སྨན་སྒྲུབ་མཛད་དུས་རྡོ་གཞོང་ཁྱང་འཕགས་མང་པོ་ཕྱབ་ཏུ་སོན་པར་བྱུང་འདུག། འདི་སྐབས་ཀྱང་བཀའ་ཆོས་ཕར་འབུལ་ཚུར་གསན་འགའ་ཞིག་མཛད། དེ་དུས་གྲུབ་དབང་རིན་པོ་ཆེས་རུ་དམ་དགོན་གྱི་གདན་ས་མཛད་དགོས་པའི་བཀའ་ཕེབས་ལྕི་བར་གནང་ཞིང། ཁྱོད་རང་ཆེད་གཏད་ཀྱིས་གདན་དྲངས་པའི་དགོས་པའང་འདི་ལས་གཞན་ཅིང་ཡང་མེད་ཅེས་སོགས་གསུངས་པར་གཏེར་ལུང་གི་དོན་བཞིན་ཕྱོགས་འགྲོས་ཡང་མེད་ཅེས་སོགས་གསུངས་པར་གཏེར་ལུང་གི་དོན་བཞིན་ཕྱོགས་འགྲོས་མང་(སྨད་ཆ།༥༤༡)པོ་དགོན་པའི་སྟབས་ཀྱིས་གདན་ས་མཛད་ཐབས་མེད་ཚུལ་ནན་ཞུས་ཕུལ་བས། དེ་ལྟ་བ་གཏེར་ལུང་བཞིན་མཛད་པ་གལ་ཆེ་ཞེས་གསུངས་ནས། གདན་ས་མོ་དགོས་པའི་བསེད་ཁྲོལ་ཀྱང་ལེགས་པར་གནང། དེ་ཕྱིན་དཔོན་སློབ་གཉིས་ཆར་དགོངས་པ་ཕྱོགས་མཐུན་དུ་གྱུར་པས་གཏེར་སྟོན་ཉིད་ཀྱིས་གང་བཞེད་གཙོ་བོ་མཛད། དེ་ནས་གླིང་ཚང་ཕྱོགས་ཀྱི་གདན་འདྲེན་དང་བསྟུན་ལྕགས་ཕོ་རྟ་ལོར་ལྡན་གླང་ཐང་དུ་ཞབས་པད་བསྐྱོད་ཅིང་སྒྲོལ་མ་རང་བྱོན་བྲག་ནས་སྨན་ལྷ་དམ་ཆོས་བདུད་རྩྩི་ཐིག་པའི་སྐོར་དང། སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ཀྱི་སྒྲོལ་མའིི་སྐུ་སོགས་གཏེར་ནས་གདན་དྲངས། གླང་ཐང་ཕྱོགས་ཀྱི་རི་ཁྲོད་ཅིག་ཏུ་རྒྱང་ཙམ་བཞུགས་པས་ཀུན་དང་འདུན་གྱི་འུར་ལངས། གླིང་དབོན་རྡོ་རྗེ་མགོན་པོ་སོགས་མི་ཆེན་ཆེ་དགུ་མང་པོས་ཞབས་ནས་བཏེགས། ཁྱད་པར་གླིང་དཔོན་གྱི་རྫ་སྟོད་རི་འགུལ་དགོན་གྱི་ས་རིས་ཐམས་ཅད་ཕུལ་ཞིང་དགོན་པ་ཞིག་འདེབས་པའི་ཞུ་བ་ཕུལ་བས། རེ་ཞིག་ཞེ་ཆེན་རི་ཁྲོད་བཏབ་ནས་བཞུགས། དེ་སྐབས་མཐའ་དམག་གི་བླ་རྡོ་ཕྱག་ཏུ་སོན་པ་ཟླ་བརྒྱུད་དུ་མནན་ཅིང་ལྷ་ཁང་སོགས་བཞེངས་གྲུབ་ན་མདོ་ཁམས་སྦྱི་དང་ཁྱད་པར་གླིང་ཚང་གི་མི་བརྒྱུད་ཆོས་རྒྱུད་གང་ཅིང་ལེགས་ཚོགས་ཆེ་པའི་ལུང་བསྟན་ཡོད་པས། ལུང་བསྟན་དང་མཐུན་པཏར་མཆོད་ཡོན་གཉིས་ཀ་ནས་དགོན་པ་ཞིག་འདེབས་རྩིས་གནང་ཡང་གཞན་ཕྱོགས་གྲུབ་མཐའི་འཐེན་འཁྱེར་གྱིས་མ་གྲུབ་པས་མདོ་སྨད་སྦྱི་དང་ཁྱད་པར་གླིང་ཚང་སོགས་ཀྱི་ཆབ་སྲིད་ལ་ཅུང་ཟད་གཞར། འོན་ཀྱང་གཏེར་ལུང་དུ། ཤར་དུ་བབས་ན་རྟེན་པའི་སྒྲོན་མེ་སྦར། ཞེས་གསུངས་(སྨད་ཆ།༥༤༢)བཞིན་ས་ཆེན་ཆོས་བཞིན་སྐྱོང་བའི་རྒྱལ་པོ་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པས་ཆེད་དུ་གདན་དྲངས། ཞབས་པད་གཙུག་ཏུ་མཆོད་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཕུལ་བས། གཏེར་ལུང་ལས། གངས་ལྗོངས་ས་ཡི་དབང་ཕྱུག་དབུས་དང་ཤར༔ རྟེན་འབྲེལ་གར་བབས་ལེགས་བརྟག་ས་ཕྱོགས་སུ༔ ཕགས་པ་བཞུགས་གསོལ་ཆོས་ཀྱི་གྲ་སྡེ་ཚུགས། མཐོང་ཐོས་འགྲོ་རྣམས་འཕགས་པའི་ཞིང་དུ་གྲོལ༔ ཞེས་གསུངས་པ་ལྟར་གཏེར་ལུང་གི་དོན་བཞིན། དཔལ་གདོང་ཞེས་པ་ཆུ་མོ་བྱ་ལོར་སྟག་མོ་སྒང་བསྐལ་བཟང་ཕུན་ཞོགས་གླིང་གི་ཆོས་སྡེ་བཏབ། ཐོ་བཙུན་སུམ་བརྒྱ་ལྷག་ཙམ་སྐྲ་བཅད་དེ་དགེ་འདུན་འདུ་བའི་སྒོ་གྱ་ནོམ་པར་སྦྱར། ལྷ་ཆེན་ཐུབ་དབང་བདུད་འདུལ་གྱི་སྐུ བཞེངས་པའི་ཞབས་སུ་མཐའ་དམག་གདུག་པ་ཅན་གྱི་བླ་རྡོ་མནན་ཏེ་ནམ་ཡང་མཐའ་དམག་གི་འཚེ་བ་མི་འབྱུང་བའི་བཀའ་དྲིན་མཛད། ཁྱད་པར་དུ་ཐུབ་ཆེན་གྱི་ཐུགས་ཀར་ཇོ་བོ་མི་སྐྱོད་རྡོ་རྗེ་ཞེས་པ་རྒྱ་གར་ཤར་མི་ལས་གྲུབ་པའི་འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་བཟོ་ངོ་མཚར་ཅན་དེ་ཉིད་ཤར་ཕྱོགས་ཀྱི་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས་སུ་གསོལ། འདི་དུས་ངེད་ཀྱི་མེས་པོ་གུ་རུས་ཀྱང་དགོན་འདེབས་པའི་ས་རྒྱ་སོགས་ཕུལ་ནས་ཡོན་བདག་གི་ཐོག་མ་བྱས་པ་ཡིན་འདུག། གཞན་ཡང་ཁྲི་ཆེན་འདིར་གཏེར་རྫས་ཤོག་སེར་དུ་མ་དང་སྐུ་ཚབ་དྲི་མེད་བཤེས་གཉེན། ཕུར་པ་ཧཱུྃ་ཆེན་སྒྲ་སྒྲོགས། ཀླུང་དབང་ཕྱག་བྲིས་སྨན་མདོ་ཨ་རུའི་གླེགས་ཤིང་དང་བཅས་པ། ཁྱད་པར་དུ་འཁོན་ཀླུའི་དབང་པོའི་ཕྱག་སྨྱུག་གཏེར་ནས་བཞེས་པ་ཕྱག་ཏུ་ཕུལ་ནས་མ་འོངས་པ་ན་སྡེ་དགེ་ལྷུན་གྲུབ་སྟེང་འདི་ཆོས་ཐམསས་ཅད་ཀྱི་མཛོད་དང་ཆོས་ཀྱི་འབྱུང་གནས་སུ་གྱུར་བནས་གཞན་ཕན་(སྨད་ཆ།༥༤༣)མཐའ་ཡས་པ་འབྱུང་བའི་རྟེན་འབྲེལ་ཡོད་གསུངས་པ་བཞིན་དེང་སང་ལུང་བསྟན་ཐོག་ཏུ་འཁེལ་བ་འདི་བཞིན་དང། གཞན་ཡང་བསྟན་པ་དང་ཆོས་སྲིད་གོང་འཕེལ་དུ་འབྱུང་བའི་རྟེན་འབྲེལ་ཐམས་ཅད་ལེགས་པར་འགྲིགས་པ་ཡིན་འདུག། ཡང་གཏེར་ལུང་ལས། ཡ་གཅིག་ལུང་གསུམ་འདུས་པའི་འདུས་མདོ་ན༔ ཡུལ་དེར་ནད་མུག་མཚོན་གྱི་བསྐལ་བ་ཞི༔ ཞེས་སོགས་ལུང་བསྟན་གསལ་བ་བཞིན་ཝ་ཤུལ་འབུམ་སྐྱབས་ཡག་ཅེས་པའི་སར་དགོན་འདེབས་པར་གཏེར་ཆེན་གྱི་ཞལ་སློབ་ཨོ་ཀོ་བླ་མ་བསོད་ནམས་བཀྲ་ཤིས་མངགས་ཀྱང་རྟེན་འབྲེལ་གཞན་དབང་དུ་གྱུར་པས་མ་འགྲིགས་པར་སྣང། སྐུ་དེ་ཆོས་སྐུ་མི་སྐྱོད་རྡོ་རྗེ་ཡིན་ཏེ་ད་ལྟ་སྲིང་རྫོང་ན་བཞུགས་སོ། དེ་དུས་ཁང་དམར་རྒོད་ཚད་ཕུག་ཏུ་འདག་སྦྱར་མཛད་ནས་བཅད་རྒྱར་ལོ་གཅིག་བཞུགས་ཤིང། རྟ་མགྲིན་དྲེགས་པ་ཟིལ་གནོན་སོགས་ཆོས་བཀའ་རྗེས་མ་རྣམས་ཤོག་སེར་ལམ་འབེབས་པ་མཛད་ཅིང། འགའ་ཞིག་གནས་དེར་འདབས་གཏེར་དུ་བཞུགས་སུ་གསོལ་བར་ཡང་གྲགས། གནས་དེ་ནས་ཀྱང་གསེར་གླ་བའི་རླིད་བུ་གང་གཏེར་བར་ཡང་གྲགས། གནས་དེ་ནས་ཀྱང་གསེར་གླ་བའི་རླིད་བུ་གང་གཏེར་ནར་བཞེས་ཟེར་ཏེ་རྡོ་ལས་གྲུབ་པའི་གླ་བའི་གཟུགས་ཀྱི་གཏེར་སྒྲོམ་ཆུང་ངུ་ཞིག་ཡོད་པ་ཡིན་འདུག། གང་ལྟར་ཡང་སྟག་མོ་སྒང་དང་ཆགས་རུ་གཉིས་ཆར་གྱི་ལྷ་ཁང་ལ་གསེར་བྱིབས་བྱུགས་མཛད་བཞེད་གནང་བར་ལྷ་བཟོ་རྣམས་ཀྱིས་བཤོལ་ཡང་སྐུ་གསེར་ཕང་མེད་དུ་བྱུགས་རྒྱུ་བྱུང་འདུག། ཡང་སྟག་སྒང་དུ་བཞུགས་སྐབས་ཤིག་སྡེ་དགེའི་མཐའི་ཆ་ལས་འབྲི་རྒྱུད་དཔེ་རང་སི་ཐང་ཟེར་བའི་སར་བུད་མེད་ཅིག་ལོ་ཁ་ཤས་བོར་བ་ཕྱིར་སླེབས་པ་ནས་ལྷ་འདྲེ་མང་པོ་(སྨད་ཆ།༥༤༤)ཁོག་བཞུགས་བྱེད་རྒྱུ་དང་ཁྱད་པར་ནུབ་ཀྱི་རིང་ལ་ཨོ་རྒྱན་རིན་པོ་ཆེ་ཡིན་ཟེར་བ་དང། གླིང་གེ་སར་ཡིན་ཟེར་བ་སོགས་འདྲ་མིན་མང་པོ་མངོན་སུམ་དུ་སྟོན་རྒྱུ་ཡོད་པ་དང་ལེགས་ཉེས་ལུང་བསྟན་པ་དེ་འདྲ་ཞིག་བྱུར་བར་སྐྱེ་བོ་ཀླུང་མེད་རྣམས་ནི་དད་པའི་འུར་ལངས་ཤིང། གཞན་ཤེས་ལྡན་་རློམ་པ་འགའ་ཡང་རོ་བོང་གི་ཆལ་བཞིན་རྒྱུག་པ་ན། སྡེ་དགེ་སངས་རྒྱས་བསྟན་པས་བླ་མའི་རིགས་ཐམས་ཅད་ལ་བཟང་ངན་ཅི་ཡིན་གྱི་བཀའ་འདྲི་གནང་ཡང་ཐུགས་ངེས་འདྲོངས་པ་ཞིག་མ་བྱུང་ནས། གྲུབ་དབང་རིན་པོ་ཆེ་པདྨ་རིག་འཛིན་ལ་ཞུས་པས། གྲུབ་ཐོབ་ཆེན་པོའི་ཞལ་ནས། དེ་འདྲ་དེ་བདུད་འདུལ་རྡོ་རྗེའི་གཏེར་ལུང་དུ་གསལ་བར་ཡོད་དེ། མདོ་སྨད་འབྲི་རྒྱུད་བདུད་མོ་སྟོང་གི་མིང༔ ཁ་ལག་འབྲེལ་ཚད་རྡོ་རྗེ་དམྱལ་བར་འཁྲིད༔ ཅེས་དང། གཏེར་ལུང་གཞན་ཞིག་ལས་ཀྱང། འབྲི་རྒྱུད་ཕྱོགས་ནས་ལྷ་འདྲེས་དངོས་གཟུགས་བསྟན། བུད་མེད་ཟད་ཀྱི་འདབ་ཅན་མཁར་ལ་འཕུར། ཞེས་སོགས་གསལ་བར་ཡོད་དེ། དེ་ཉིད་འདུལ་བའི་གཉེན་པོའང་ཉི་མ་གྲགས་པ་ཉིད་ལགས་པས་དེར་ཞུས་ཤིག་གསུངས་པ་བཞིན། མཐུ་སྟོབས་ཀྱི་དབང་ཕྱུག་གཏེར་སྟོན་རིག་འཛིན་ཆེན་པོ་ཉིད་སྡེ་དགེ་ཁྲི་ཆེན་གྱ་བྱང་མེ་ལིག་དུ་བཞུགས་སྒར་དུ་གདན་དྲངས་ཏེ། འབྱུང་པོ་མིའི་རྒྱུད་དུ་རློམ་པའི་འདྲེ་ངན་གདུག་པ་ཅན་དེ་དག་ཚར་གཅོད་པར་ཞུས་པས། ལྷ་འདྲེས་རློམ་པའི་འདྲེ་ངན་གདུག་པ་ཅན་དེ་དག་འཁོར་གཡོག་སྡེ་དང་བཅས་པ་ཐམས་ཅད་དབང་མེད་དུ་བཟུང་ནས་གཏེར་སྟོན་རིན་འཛིན་ཆེན་པོ་ཉིད་ཀྱི་དམིགས་མེད་ཀྱི་ལྟ་བའི་ངང་ལས་སྟོང་ཉིད་ཀྱི་རང་གདངས་སྙིང་(སྨད་ཆ།༥༤༥)རྗེ་ཆེན་པོའི་རྩལ་སྣང་གཏུམ་དྲག་གར་དགུའི་རོལ་པའི་སྐུར་བཞེངས་ནས་རབ་ཁྲོས་རྡོ་རྗེ་འབར་བའི་ཏིང་ངེ་འཛིན་གྱིས་འདྲེ་ངན་དེ་དག་བསྐྲད་པ་དང་གནས་སྦར་བ་སོགས་ཀྱིས་དམིགས་མེད་དུ་རྒྱས་བཏབ་ནས་འདྲེ་ངན་དེ་དག་ཕྱིན་ཆད་མིང་གི་ལྷག་མ་ཙམ་ཡང་མེད་པར་མཛད་དོ། དེ་སྐབས་སྡེ་དགེ་རྒྱལ་པོའང་ཐུགས་བློ་མ་བདེ་སྟེ་གཏེར་སྟོན་བདུད་འདུལ་རྡོ་རྗེར་དེ་དོན་ཞུ་ཡིག་ཕུལ་ནས་གསུང་བརྟག་ཞུས་པས་དེ་དག་ལྷ་འདྲེས་ཚོ་འཕྲུལ་ཡིན་ཚུལ་གྱི་ལོ་རྒྱུས་སྡེ་དགེར་ཕྱིར་ཕུལ་བའི་ཆབ་ཤོག་དེང་སང་བདུད་འདུལ་བཀའ་འབུལ་དུ་ཡོད་དེ། སྡེ་དགེ་ཆོས་ཀྱི་རྒྱལ་པོའི་བསྟན་སྲིད་ལ་བར་དུ་གཅོད་ཅིང་གླག་ལྷ་མཐོང་བ་ཙམ་བྱེད་པ་ཞིག་ཡིན་གསུངས། དཔེ་ན་གཏེར་ཆེན་འདི་སྡེ་དགེའི་བསྟན་སྲིད་ལ་ལྷག་པར་བཀའ་དྲིན་ཆེ་བར་སྣང་ངོ། གཞན་ཡང་དེ་ཕྱོགས་ཀྱི་འདྲེ་ངན་མང་པོ་དམ་ལ་བཏགས་པ་དང། གཞི་བདག་རག་གི་ཡོན་གྱིས་མཆོད་པ་བཞེས་ནས་གདན་སར་ཐེག། འདི་སྐབས་རྩམ་ན་ཆོས་བདག་ལུང་ཟིན་ལྷ་རི་དཔོན་འབུམ་སྐྱབས་དང་མཆོད་ཡོན་འབྲེལ་ནས་རྟེན་འབྲེལ་ལེགས་ཕྱོགས་སུ་འགྲིགས་པས་དེང་སང་གི་བར་དུ་མཆོད་ཡོན་ཏན་སེལ་མེད་འདི་བཞིན་བྱུང་བ་ཡིན། དེ་ནས་གྲུབ་དབང་པདྨ་རིག་འཛིན་དེ་ཉིད་ཞིང་འདིའི་གདུལ་བྱ་རྫོགས་པར་གཟིགས་ནས་མྱ་གན་ལས་འདའ་བར་བཞེད་པ་གསན་པས་འགྱོགས་པར་ཆིབས་སྐྱོད་གནང་ནས་ཞལ་མཇལ་ཏེ་གསུང་འཕྲོས་ཞིབ་པར་བྱུང་སྟེ་བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་སོགས་ཀྱི་གསུང་གླེང་ཐུགས་ཡི་གཅིག་འདྲེས་མཛད། མི་རིང་བར་གྲུབ་དབང་རིན་པོ་ཆེ་རྫོགས་ཆེན་ཆོས་བཟང་བློ་འདས་ཆེན་པོའི་གྲུབ་(སྨད་ཆ།༥༤༦)མཐའ་སྙེགས་ཏེ་གཟུགས་སྐུའི་བཀོད་པ་གཞོན་དུ་བུམ་སྐུའི་དབྱིངས་སུ་བརྡུ་བར་མཛད་པའི་ཚེ་སྐུ་གདུང་རིན་པོ་ཆེར་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང། ཉིན་རེ་བཞིན་ཡང་དབུ་དཔྲལ་ནས་སྐུ་མཚལ་འབྱུང་འབྱུང་གིས་ཕྱག་བརྒྱ་ཕྲག་མང་པོ་ཕུལ་བ་སོགས་བློས་མི་དཔོག་པར་མཛད། དེ་སྐབས་ཐུགས་སྲས་རབ་འབྱམས་པ་མཁར་མདོ་ལྷོ་ཁོག་རྣམས་སུ་ཕེབས་ནས་མི་བཞུགས་པས་དཔོན་སློབ་རིན་པོ་ཆེར་གང་ཅིའི་ཕན་འགྱུར་རོག་ལྡན་དང་ཕྱག་རྫས་ཅི་ཡོད་ཀྱང་རྩལ་སྦུགས་སུ་དགོངས་རྫོགས་ཐེབས་སུ་ཕུལ། དཔོན་སློབ་རིན་པོ་ཆེའི་གདན་སའི་ཁུར་བཞེས་གནང་དགོས་ཚུལ་ནན་གྱིས་གསོལ་ཡང་གྲུབ་དབང་རིན་པོ་ཆེར་བསེད་ཁྲོལ་ཞུས་པ་བཞིན་འདི་དུས་ཀྱང་ཞལ་བཞེས་མ་མཛད་དེ་སླར་སྟག་སྒང་དུ་ཕེབས། གྲུབ་དབང་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ཐོག་སོ་གསུམ་དུ་སླེབས་པ་ཞིག་བཞེངས་ནས་རབ་ཏུ་གསན་པའང་རྒྱས་པར་མཛད། གྲུབ་དབང་རིན་པོ་ཆེ་འདི་མྱ་ངན་ལས་འདས་རྗེས་ཀྱང་ཡེ་ཤེས་ཀྱི་སྐུ་ལན་དུ་མ་མཇལ་ཚུལ་གསུངས་ཤིང་རྩིའི་ལུ་གུ་རབ་ཏུ། དེ་ནས་མི་རིང་བར་རྒྱ་ནག་གླང་ཆེན་དུ་ཕེབས་བཞེད་ཀྱིས་རིམ་པས་དར་རྩེ་མདོར་ཞབས་པད་བསྐྱོད་པས་སའི་ཚངས་པ་རྒྱ་ལྕགས་རྒྱལ་པོས་སྦུབ་ཚོལ་ཁམས་གསུམ་ཟིལ་གནོན་སོགས་དངོས་རྫས་བརྒྱ་ཕྲག་གི་འབུལ་ཆེན་བཏེགས། གཞན་ཡང་མི་ཆེན་ཨ་རྒྱ་སོ་སོ་ནས་ཟང་ཟིང་གི་འབྱོར་བ་དབྱར་མཚོ་ལྟར་བསམ་གྱིས་མི་ཁྱབ་པ་(སྨད་ཆ།༥༤༧)འབུལ་བར་བྱུང་ཡང། རྒྱ་ནག་གླ་ཆེན་དུ་ཕེབས་ལས་དུས་ཟིང་གིས་བཀག་ནས་ཕེབས་པར་མ་གྲུབ། དགུན་དེར་མི་ཉག་རི་ཁུག་དགོན་དུ་བཞུགས་འཚེར་གནང། རི་ཁུག་ཆོས་རྗེ་རིན་པོ་ཆེ་སོགས་འདུས་པ་བདུན་བརྒྱ་ཙམ་ལ་གཏེར་གསར་གཙོ་བོར་གྱུར་པའི་དབང་ལུང་ཁྲིད་སོགས་ཟབ་གསང་ཆོས་ཀྱི་བདུད་རྩི་ཅི་ཡང་སྩལ་བ་མཛད། རི་ཁུག་དགོན་དུ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་འཛུགས་རྒྱུའི་གར་འཆམ་དབྱངས་རོལ་སོགས་ཕྱག་ལེན་ཕྲ་རགས་རྣམས་ཀྱང་བསླབས། འདི་དུས་སྔ་ཕྱིར་ཚངས་པ་དང་རྒྱལ་ཆེན་བཞི་སོགས་གཙང་རིས་ཀྱི་མགོན་པོ་རྣམས་སོགས་དཀར་ཕྱོགས་སྐྱོང་བ་རྣམས་ལ་ཐ་ཚིག་བསྒྲགས་ཤིང་བསྟན་པ་སྲུང་བའི་གཉེར་གཏད་པས་ཀུན་གྱི་ཁས་བླངས་ཤིང། རྒྱལ་པོ་ཡུལ་འཁོར་སྲུང་གིས་ངེད་ཕྱི་རྒྱུད་སྐྱོང་བ་རྣམས་གཙང་གཏོར་ལ་དགྱེས་པས་གཏོར་མ་བཟང་དགོས་ཟེར་བ་བྱུང་གསུངས། གཞན་ཡང་རྒྱ་ཕག་བླ་མ་ཨོ་རྒྱན་ལྷུན་གྲུབ་སོགས་རྟ་འུ་མི་ཉག་རྣམས་སུ་སློབ་མ་མང་དུ་འདུས་ཤིང་བཀའ་ཆོས་འཆད་སྦེལ་དང་འགྲོ་ཕན་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས། དེ་ནས་ལི་ཐང་དུ་ཕེབས་སྐྱོད་གནང་ཞིང། འདི་དུས་གཤིན་རྗེ་མེ་རུ་རྩེ་སོགས་གཏེར་ཕྲན་འགའ་ཞིག་གཏེར་ནས་བཏོན་ཟེར་མའང་སྣང། ལི་ཐང་ཆོས་སྡེར་ཡམས་ཤིག་བྱུང་བར་ནད་ཀྱི་བདག་པོའང་བསྒྲལ་མ་ཞལ་གཟིགས་ཤིང་ལུང་བསྟན་ཀྱང་སྩལ་བ་བྱུང། དེ་ན་རྒྱལ་པོའི་གསུང་རབ་རིན་པོ་ཆེ་བཀའ་འགྱུར་རོ་ཅོག་གི་པར་བཞུགས་པས་ཚར་གསུམ་གྱི་བླུ་ཡོན་དངོས་རྫས་ཕྱག་ཏུ་གང་ཡོད་ཙལ་(སྨད་ཆ།༥༤༨)སྦྲུག་ཏུ་ཕུལ་ནས་གདན་དྲངས་ཏེ་གསུམ་ཆར་སྟག་མོ་སྒང་གི་གཙུག་ལག་ཁང་དུ་ཕྱོགས་འདིའི་སྐྱེ་འགྲོ་མཐོ་དམན་ཐམས་ཅད་ཀྱི་བསོད་ནམས་བསགས་པའི་ཞིང་ས་མཆོག་ཏུ་བཞུགས་སུ་གསོལ། དེ་ནས་རིམ་པས་སྟོད་ཕྱོགས་སུ་ཞབས་པད་བསྐྱོད་པའི་དགོངས་གཏད་གནང་བ་ན། ཐུགས་རྗེ་དང་ཕྲིན་ལས་ལ་ཐུགས་ཆེས་ནས་སྡེ་དགེ་ཁྲི་ཆེན་གྱིས་དབུའི་མཆོད་གནས་སུ་གཏན་དུ་བཞུགས་དགོས་ཚུལ་གསོལ་བ་བཏབ་ཀྱང། གསང་ལུང་གི་སྟབས་ཀྱིས་ཞལ་བཞེས་མ་མཛད། སྟག་སྒང་གདན་སར་བླ་མ་བློ་གྲོས་རྒྱ་སྟབས་ཀྱིས་ཞོ་བཞེས་མ་མཛད། སྟག་སྔ་གདན་སར་བླ་མ་བློ་གྲོས་རྒྱ་མཚོ་བསྐོ་བཞག་གནང་ཞིང། དཔོན་པོ་གཞོན་ནུ་སེང་གེ་བཏེགས་ནས་སོགས་ཟབ་ཁར་ཕེབས་སྐབས་གཞུང་ས་ཆེན་མོའི་སྐུ་ཚབ་བཀའ་བཅུ་ངག་དབང་དཔལ་མགོན་དང་གཞོན་བུ་བློ་གྲོས་གཉིས་དང་མཇལ། འདི་ཉིད་ཆོས་བདག་ལུང་ཟིན་ཡིན་པ་དང་བཅས་གཏེར་སྟོན་རིན་པོ་ཆེའི་ཞབས་ལ་བཏུད་པར་བྱུང་བས་གསུང་གླེང་མཛད་ཅིང། ཁྱད་པར་གཞུང་ས་མཆོད་ཡོན་སོགས་དང་རྟེན་འབྲེལ་བསྒྲིགས་དགོས་དེ་ལྟར་ཡིན་ཀྱང་དབྱིངས་ས་ཆེན་མོ་ཡུལ་གཉེན་པའི་སྟབས་ཀྱིས་ཞུ་མ་ནུས་ཚུལ་སོགས་གསུངས་པས། དེ་ལྟ་ན་ཁོ་བོས་དེ་གའི་ལོ་རྒྱུས་ཞུ་ཆོག་གསུངས་ནས་དབྱིངས་སར་སྙན་འབུལ་ཞུས་དོན་བཞིན་སྡེ་སྲིད་ཆེན་མོ་ནས་ལྷ་ལྡན་ཕྱོགས་སུ་གྱུར་དུ་ཆིབས་སྐྱོད་གནང་དགོས་ཚུལ་བཀའ་ཐལ་ཕེབས་དོན་ལྟར་ལྷ་སར་ཕེབས་སྐྱོད་མཛད། སའི་ཚངས་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དབུའི་མཆོད་གནས་སུ་བཞེས་པའི་བཀའ་དྲིན་(སྨད་ཆ།༥༤༩)བསྐྱངས། རྟེན་འབྲེལ་དུས་ལས་ཡོལ་དུ་ཟིན་ཀྱང་ཐུགས་བཞེད་བཞིན་རྟ་མགྲིན་དྲེགས་པ་གཟིལ་གནོན་དང་ལྷ་ཆེན་སོགས་ཀྱི་དབང་ལུང་ཕུལ། འདི་དུས་ནས་རྒྱལ་པོ་མཆོད་ཡིན་ཐུགས་ནང་མ་བདེ་ཙམ་ཡོད་པ་འདྲ་གསུངས། སྡེ་སྲིད་ནས་ས་གནད་གསོ་དགོས་ཚུལ་དང་ཁྱེད་ཀྱིས་འདིར་བཏུང་ཀྱི་སོང་ལན་ཁ་ཡར་གསུངས། ཕྱིར་ཕེབས་ནས་སྲིང་རྫོང་དུ་ཞབས་པད་བཀོད་གྲུབ་མ་ཐག་གཏེར་ལུང་བཞིན་རི་བོ་ཁྱུང་ཆེན་ལྡིང་འདྲའི་ཞོལ་དུ་ཆོས་སྡེ་ཞིག་འདེབས་བཞེད་གནང་ཡང་བར་ཆད་ཀྱིས་ཐོག་ཏུ་མ་ཁེལ། དེ་ནས་ས་གནད་རྣམས་གསོ་ཐུབ་ནས་མདོ་སྨད་ཕྱོགས་ལ་ཕན་པའི་ལུང་བསྟན་ཡོད་པ་ལྟར་སྦོ་བོ་ཚུན་དང་མདོ་སྨད་ཡན་ཆད་ཀྱི་ས་གནད་གསོ་བའི་ཕྱིར་མཆོད་རྟེན་ལྔ་བཅུ་རྩ་གྲངས་ཙམ་བཞེངས་པ་དང་རྙིང་པ་རྣམས་གསོ་བར་མཛད། ཁྱད་པར་དུ་མདོ་ཁམས་མཆོད་རྟེན་དཀར་པོ་ཞིག་གསོ་གནང་སྐབས་བདུད་རིགས་རྣམས་ཀྱི་གཤེ་སྐུར་སྣ་ཚོགས་སྒྲོགས་པ་བྱུང་ཀྱང་བར་ཆད་ཀྱི་དབང་དུ་མ་སོང་བར་གངས་ལྗོངས་སྦྱི་དང་མདོ་ཁམས་ཕྱོགས་ཀྱི་བདེ་ཐབས་རྣམས་གུ་རུའི་ལུང་བཞིན་འགྲུབ། སྦྱིར་ཡང་གཏེར་ཆེན་ཆོས་ཀྱི་རྒྱལ་པ་འདི་ཉིད་ཕྱོགས་གང་དུ་ཞབས་པད་བསྐྱོད་ཀྱང་ཟས་ནོར་གྱི་འདུ་བ་རྒྱ་མཚོ་ཁ་ལུད་པ་ལྟ་བུ་ལས་མ་འདས་ཤིང། དེ་དག་ཀྱང་དེ་མ་ཐག་ནས་ཡར་མཆོད་མར་སྦྱིན་སོགས་འཕྲལ་བྱུང་འཕྲལ་དག་མཛད་པ་ལས་ཕུགས་ཀྱི་སྲི་ཆགས་སོགས་ཡེ་མི་མཛད་པའི་སྟབས་ཀྱིས་གདུལ་བྱ་དང་སྙན་གྲགས་འུར་ལངས་པས། རང་རེ་རྙིང་མ་བར་གཏོགས་པ་འགའ་ཞིག་གི་ཐུགས་ལ་ཕྲག་དོག་གི་ཟུག་ངུ་མ་བཟོད་པའི་ཝ་སྐད་ཤོར་ནས་ཡིག་འབུལ་བའང་འགའ་ཞིག་བྱུང་ལ། ཡང་ལྔ་མོ་ཞིག་གཏེར་ཆེན་འདི་ཉིད་ཀྱི་གྲ་བ་འགའ་ཞིག་(སྨད་ཆ།༥༥༠)ཚོང་སོགས་དོན་གཉེར་ལ་ལྗོངས་རྒྱུར་ཕྱིན་པ་དང། གཏེར་སྟོན་སྟག་ཤམས་པ་དཔོན་གཡོག་རྣམས་དང་ས་འཕྲང་དོག་པོ་ཞིག་ཏུ་འཕྲད་ནས་འཐབ་འཛིངས་བྱུང་བ་ལ་བརྟེན་སྟག་ཤམས་པ་ཐུགས་འཁྲུག་པས་གཏེར་ཆེན་འདིར་ཡང་ཐུགས་མི་དགྱེས་པའི་གསུང་སྒྲོས་ཡོད་པར་གྲགས་ཤིང། ཁྱད་པར་མདོ་ཁམས་མཆོད་རྟེན་དཀར་པོ་ཞིག་གསོ་ལ་ཕེབས་སྐབས། གཏེར་སྟོན་མི་འགྱུར་རྡོ་རྗེ་གཏེར་ཆེན་འདི་མཇལ་བར་བྱོན་པས། བར་ཆད་ཀྱི་དབང་གིས་གཞུང་གི་སྣེ་ཤན་རྣམས་དང་ཐུགས་ནས་སྐྱེ་བོ་མི་བསྲུན་པ་དེ་དག་གིས་རྡུང་རྡེག་སོགས་འོ་བརྒྱལ་མི་འཚམས་པ་ཞུས་པས་གཏེར་སྟོན་ཐུགས་ཁྲོས་ནས་ཉི་མ་གྲགས་པ་ཟེར་བ་དེ་བདུད་ཡིན་ཅེས་ངན་སྨྲས་བགྱིས་པའི་ལད་མོ། ཕྱོགས་ལྟུང་གི་གདོན་སྙིུང་ལ་ཞུགས་པའི་དམ་སྲིའི་རིགས་ཅན་འགའ་ཞིག་གིས་ནན་གྱིས་བསྒྲགས་ཤིང། སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་སོགས་བྱས་པས་ཡུལ་མི་ཕལ་བ་རྣམས་ཀྱིས་ཀྱང་རི་བོང་གི་འཆལ་བཞིན་གླེང་བ་བྱུང་མོད། དེ་དག་རྣམས་ལ་ཀྱིས་ཀྱང་རི་བོང་གི་འཆལ་བཞིན་གླེང་བ་བྱུང་མོད། དེ་དག་རྣམས་ལ་ལེགས་པར་བརྟག་ཅིང་འཆལ་བཞིན་གླེང་བ་བྱུང་མོད། དེ་དག་རྣམས་ལ་ལེགས་པར་བརྟག་ཅིང་དཔྱད་ན་རྒྱུ་མཚན་ཅི་ཡང་མ་མཐོང་ཞིང། ཇི་སྐད་དུ། མཁས་པ་རང་གིས་སྦྱོད་ཤེས་ཅི། བླུན་པོ་གྲགས་པའི་རྗེས་སུ་ཀུན་རྒྱུག་ཉིད། ཟེར་བའི་དཔེ་ལྟར་གྱུར་མོད། འོན་ཀྱང་གཏེར་སྟོན་མི་འགྱུར་རྡོ་རྗེ་དང། གཏེར་ཆེན་འདི་གཉིས་མཇལ་འཛོམས་ལེགས་པར་བྱུང་ན་རྟེན་འབྲེལ་ཆེན་པོ་ཡད་རྒྱུ་འདུག་ཀྱང་བར་ཆད་ཀྱི་དབང་དུ་སོང་བ་ཡིན་ཞེས། སྟག་བླ་རིག་འཛིན་ཀུན་བཟང་རྣམ་རྒྱལ་སོགས་ཐུགས་ཕྱོགས་འཛིན་གྱིས་བསླད་པའི་ཐུགས་གཟུ་བོར་གནས་པ་དག་གིས་གསུངས་ཞེས་ཐོས་མོད། གཞན་(སྨད་ཆ།༥༥༡)དུ་བ་གཏེར་སྟོན་རིག་འཛིན་ཆེན་པོ་འདི་ཉིད་ནི་གཏེར་ཆོས་ཚད་ལྡན་མང་པོའི་གཏེར་ལུང་ནས་བསྟན་གསལ་བ་དང། སྦྲུལ་པའི་གཏེར་སྟོན་རིག་འཛིན་བདུད་འདུལ་རྡོ་རྗེ་དང། སྦྲུལ་སྐུ་གཏེར་བདག་གླིང་པ་མངའ་རིས་གཏེར་སྟོན་ཟླ་བ་རྒྱལ་མཚན་སོགས་གཏེར་སྟོན་ཚད་ལྡན་དུ་བཞེད་ཅིང། ཧ་ཅང་བདུད་དུ་ནན་གྱིས་བསྒྲུབ་ན་བསྒྲུབ་བྱ་སྒྲུབ་བྱེད་གོ་ལོག་པའི་སྐྱོན་འབྱུང་བའང་སྲིད་དེ། ཐང་ཡིག་ཆེན་པོ་སོགས་གཏེར་ཆོས་ཚད་ལྡན་མང་པོ་ནས་གཏེར་སོན་ཚད་ལྡན་རྣམས་ལ་ཕྲིན་ལས་ཀྱི་སྒོ་བགེགས་པ་དང། གཏེར་ཆོས་ཀྱི་སེལ་བྱེད་པ་རེ་འབྱུང་ཚུལ་གསུངས་པའང་ཡོད་དེ། ལུང་གིས་སྒྲུབ་བྱེད་མང་ཞིང་སངས་རྒྱས་གླིང་པའི་གཏེར་ལུང་སོགས་ལས་དམིགས་ཀྱིས་གསལ་ཡང་འདིར་དོ་གལ་མ་བྱས་མོད། དེས་ན་མེ་ཕར་བུས་པས་ཨ་ར་ཚུར་འཚིག་འི་དཔེར་དོ་གལ་མ་བྱས་མོད། དེས་ན་མེ་ཕར་བུས་པས་ཨ་ར་ཚུར་འཚིག་འི་དཔེར་བྱུང་ན་མི་ལེགས་པར་ཅུང་ཟད་སྨྲ་བ་སྐྱུང་ནས་བག་ཡོད་པ་མཛད་ནས་མཛངས་པར་སྣང་ངོ། སྦྱིར་ཡང་གཏེར་ཆེན་འདིའ་ཕྲིན་ལས་དུས་སུ་བབས་པ་ལ་ཉི་ཤར་དབྱུག་པས་འགོག་པ་མི་ནུས་པས་ཕྱོགས་གཏམ་སྨྲ་བ་དག་རང་ཉིད་གལ་བའི་རྒྱུ་ཙམ་དུ་ཟད་དེ། ཇི་སྐད་དུ། ཕུག་རོན་རིན་ཆེན་བརྐོ་འདོད་པ། མཆུ་ཏོག་གོག་ནས་ཤི་ཞེས་ཐོས། ཞེས་པ་ལྟར་རོ། གཞན་ཡང་གཏེར་ལུང་ལས། སྐལ་ལྡན་མཚོ་ལ་ངང་འདྲ་འདྲ༔ སྐལ་མེད་དགོད་ཁའི་གྲིབ་སོ་འདྲ༔ ཞེས་གསུངས་པས་སྔོན་གྱིས་སྨོན་འབྲེལ་དང་ད་ལྟའི་རྟེན་འབྱུང་གི་མཚམས་སྦྱོར་ཅི་རིགས་ཀྱང་ཡོད་པར་སྣང་བས་མཐའ་གཅིག་ཁོ་ན་ཡང་མི་འཛིན་ནོ།(སྨད་ཆ།༥༥༢)འདི་སྐབས་སུ་ལྷ་འདྲེ་རྣམས་ཀྱི་ཁེང་ལོག་ཡོད་ཚུལ་དང། སྦོ་བོར་བཞུགས་སྐབས་མཐའ་དམག་ལན་གཅིག་ཟློག་པར་གྱུར་ཀྱང། ཕྱི་ནས་འབྱུང་འགྱུར་གྱི་ལུང་བསྟན་ཀྱང་གསལ་བར་བྱུང་འདུག། དེ་ནས་གཞུང་སར་ས་གནད་མཆོད་རྟེན་སོགས་ལེགས་པར་མཛད་གྲུབ་པའི་སྙན་འབུལ་ཞུ་འཆིང་ཕུལ་བས་དགྱེས་པའི་བསླབ་སྟོན་དང་ལེགས་སྐྱེས་ཀྱང་སྩལ། གཞན་ཡང་གཏེར་ཆེན་ཉིད་ཀྱི་ཐུགས་བཞེད་བཞིན། ནང་ཆེན་ཕྱོགས་ནས་སྦང་ལྕིབ་དགོན་དང་བ་དན་དགོན་སོགས་ཙམ་ལས་གཞན་རྣམས་བདག་གིར་མཛད་པ་མ་བྱུང་འདུག་ཅིང། ཆུ་མོ་ལུག་ལོར་གཏེར་ལུང་ལས། གནམ་ས་ཟླ་ཕྱེད་འདྲ་བའི་ལུང༔ རི་བོ་རྒྱལ་བློན་ཚོགས་འདྲའི་མདུན༔ སྐུ་གསུང་ཐུགས་ཀྱི་ལྷ་ཁང་དང། སྒྲུབ་པའི་གང་ཟག་བདུན་སྡེ་ཚུགས༔ ཞེས་གསུངས་པ་ལྟར། ཆགས་རུ་འོད་གསལ་སྒྲུབ་སྡེ་བཏབ། གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་པ་ལེགས་པར་བཞེངས། སླར་ཡང་རྒྱ་སྟོན་བློ་བཟང་ལེགས་པའི་བཀས་བསྐུལ་ནས་དེ་དུས་སུ་གཏོར་རྒྱན་ལས་གུརུ་ཉི་མ་འཇིགས་མེད་རང་བྱོན་བྱུང། ཤིང་ཕོ་སྦྲེལ་ལོར་ཙ་རིའི་རོང་སྐོར་དང་ཕན་ཡོན་མཉམ་པའི་སྲིང་རྫོང་གནས་ཀྱི་སྐོར་ལམ་གཏེར་ལུང་བཞིན་རོང་སྐོར་ཆེན་མོ་ལྟར་གཤིན་པས་དུས་ཀྱི་འགྱུར་བ་སྣ་ཚོགས་དང། ཁྱད་པར་སྡེ་སྲིད་ཆེན་མ་གནམ་དུ་གཤེགས་པས་(སྨད་ཆ།༥༥༣)རྒྱལ་ཁྲིམས་སྔོན་མའི་ལུང་བག་ལ་ཞ་ཞིང་ཕྱི་མའི་ཁྲིམས་ཀྱང་མཁོས་སུ་མ་ཕབ་པས། སོག་པོས་རྒྱུ་འགྲུལ་མང་པོ་དང། བོད་མིས་སློང་མོར་བཏགས་པའི་བསྙིང་བཙེར་གྱིས་ཡུལ་ཁམས་ཐམས་ཅད་མི་བདེ་ཞིང་རྣལ་དུ་མི་ཕེབས་པ་དང། སྡེ་སྲིད་ཆེན་མོར་ཐུགས་འབྲེལ་ཡོད་རིགས་དང་གྲ་རྡོར་གཉིས་ལང་ནན་ཏུར་ཆེན་པོ་བྱུང་འདུག་པ་དང། གཏེར་ཆེན་འདི་ཞབས་སུ་ཡང། ས་གནད་གསོ་བ་མ་མཐུ་གཏད་ཀྱི་དོགས་གཞི་སོགས་ཀྱིས་ཕུགས་སུ་ཐུགས་ལ་གནང་བག་མེད་ནའང་འཕྲལ་དུ་ཟོས་མི་བདེ་བར་གྱུར་པས། ལྷོ་བརྒྱུད་གུ་རུ་རྡོ་རྗེ་རྒྱལ་པོའི་སར་སྐོར་ཙམ་ཕེབས་བཞེད་གནང་ཡུང། གསང་ལུང་རྩུབ་ཅིང་བརྟག་སོགས་ལེགས་ངོ་མ་ཤར་བས། ངོར་ཚང་ཕྲིན་ལས་རྡོ་རྗེ་བརྟག་བབ་ལེགས་པ་དང་བཅས་རྒྱལ་པོ་མཇལ་བར་མངགས་པས་རྒྱལ་ཞབས་ནས་ཀྱང་གཟིགས་ཕྱོགས་ལེགས་པའི་ཕེབས་སྒོ་དང། ཕྱོགས་བྲལ་གྱི་ཕྲིན་ལས་སྔར་རྒྱུན་ལྟར་གནང་ཆོག་པའི་བཀའ་ལུང་བཟང་པོ་དང་འཕྲལ་ཕུགས་ཟོས་བདེའི་བཀའ་ཐམ་ཀྱང་སྩལ། འདི་སྐབས་ལྷོ་རྟ་མངའི་ཡུལ་མི་རྣམས་ཀྱིས་ས་གནད་གསོ་བྱེད་མཆོད་རྟེན་བཤིགས་ནས་ལིང་ག་སྦྱན་འབེབས་ཞུས་པའང་འདི་བསྟན་པ་སྦྱི་རིམ་པར་འདུག་པས་མཆོད་རེན་བཤིགས་མི་རྣམས་ལ་ཉེས་ཆད་འབེབས་དགོས་པའི་བཀའ་ལུང་གནང། རྒྱལ་པོའང་ཐུགས་རྦད་སངས་པའི་ལེགས་ཚོགས་སུ་གྱུར། དེ་སྐབས་བར་ཁམས་དང་མདོ་སྨད་ཕྱོགས་ནས། རྟ་རྣ་པ་དང། བླ་རུ་བླ་མ། སྦམ་སྣེ་བྲག་དཀར་བ་སོགས་དང། རུ་དམ་ནས་དཔོན་སློབ་ནམ་མཁའ་འོད་གསལ་དང། སྡེ་དགེ་ཆོས་ཀྱི་རྒྱལ་(སྨད་ཆ།༥༥༤)པོ་སོགས་ཀྱིས་གདན་ཞུས་བས་མི་རིམ་པར་བྱུང་ཀྱང། སྐུ་ན་སྨིན་པ་དང་བསྙེལ་གཞི་ཡང་ཅུང་ཟད་ཡོད་པ་དང་བཅས་ཕེབས་པར་མ་གནང་ཡང། སྡེ་དགེ་ཁྲི་ཆེན་བསྟན་པ་ཚེ་རིང་གིས་ཡང་བསྐྱར་སྐུ་ཚབ་ཧོར་འདྲ་ཆིབས་དྲེལ་དང་བཅས་གདན་ཞུས་ནན་ཆེན་བྱུང་བས་མོད་སྨད་དུ་ཁྱུག་ཙམ་ཞིག་ཆིབས་ཁ་བསྐྱོད་པར་གནང་སྟེ། རིམ་གྱིས་དངུལ་མདའ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོར་ཞབས་པད་བཀོད། སྡེ་དགེ་ཁྲི་ཆེན་བསྟན་པ་ཚེ་རིང་གིས་བསྙེན་བཀུར་ཕུན་སུམ་ཚོགས་པའི་སྲི་ཞུས་མཆོད། དེ་ནས་ཐུགས་བཞེད་བཞིབ་རྗེ་ཉིད་ཀྱིས་བུ་ཆེན་པོའི་རྟེན་འཛུགས་ཀྱང་མཛད། འདི་དུས་སྡེ་དགེས་ལི་ཐང་དུ་སོག་པོ་སྒོ་མང་ཆོས་རྗེ་དཔུང་འཇུག་སྐབས་ཡིན་པས། གཏེར་ཆེན་གྱི་སྐྱེས་བུ་ཆེན་པོ་རྦད་བསྐུལ་གནང་བས་ཀུན་གྱིས་མཐོང་བར་མེ་རླུང་དྲག་པོ་དང་བཅས་སྐྱེས་བུ་ཆེན་པོ་བཙམ་འཁོར་མང་པོ་འཇིགས་རྡམ་དང་བཅས་དགྲ་ཕྱོགས་སུ་འགྲོ་བ་མཐོང་བ་བྱུང་སྟེ། མི་རིང་བར་དཔུང་ཚོགས་གཡུལ་ལས་རྒྱལ་ནས་དཔའ་རྟགས་ཀྱི་རུ་མཚོན་སྲིད་རྩེར་སྒྲེང་བ་དཔུང་ཚོགས་གཡུལ་ལས་རྒྱལ་ནས་དཔའ་རྟས་ཀྱི་རུ་མཚོན་སྲིད་རྩེར་སྒྲང་བ་བྱུང་བའང་བླ་མ་དང་ལྷ་སྲུང་གཉེན་པོས་ནུས་མཐུར་ཀུན་གྱི་ཡིད་ཆེས་པ་བྱུང། སྦྱིར་ཡང་བཙན་ཁང་འདིར་དམ་ཅན་ཆེན་པོ་འཁོར་ཉམས་ཆེ་ཞིང་མགོན་བླ་བྱེད་པ་རྣམས་ཀྱིས་མངོན་སུམ་དུ་མཇལ་བའང་བྷུང་སྣང། དེ་སྐབས་སྡེ་དགེ་བསྟན་པ་ཚེ་རིང་གིས་སྡེ་དགེའི་མངའ་ཞབས་ཀྱི་ས་ཆར་གཏོགས་པ་རྣམས་སུ་གཏེར་ཆེན་ཉིད་ཀྱིས་གྲུབ་པའི་རྟགས་ཡ་མཚན་ཅན་ཅི་འདྲ་བསྟན་དང་ཕྱག་ཞབས་ཀྱི་རྗེས་སོགས་ཅི་འདྲ་ཡོད་སོགས་ཞུས་པས། སྦྱིར་དབུས་གཙང་མངའ་རིས་མདོ་སྟོད་སྨད་རྣམས་(སྨད་ཆ།༥༥༥)སུ་གྲུབ་པའི་སྦྱོད་པ་རྨད་དུ་བྱུང་བ་དུ་མ་མཛད་ཚུལ་དང་ཕྱག་ཞབས་ཀྱི་རྗེས་སོགས་མང་དུ་ཡོད་གསུངས། ཁྱད་པར་སྡེ་དགེ་རང་རི་མངའ་ཞབས་སུའང། འབྲི་ཆུ་རྒྱུད་ཀྱི་རབ་བརྟན་གྲུ་ཁར་འདྲེ་ངན་ཞིག་གི་བར་ཆད་བརྩམས་པར་ཐུགས་འུར་ནས་དྲག་པོའི་སྟབས་ཀྱིས་ཞབས་འོག་ཏུ་མནན་པས་ཞབས་རྗེས་ཤིག་བྱུང་ཞིང། དེར་མཚུངས་སྐྱེས་པ་ལར་དེང་ཡང་གྲགས་ཆེ་བའི་ལྷ་འདྲེ་ཟླ་བའི་མིང་ཅན་དེས་ཐོ་བརྩམས་པར་བྱུང་བས་དབང་དྲག་འབར་པའི་ཏིང་ངེ་འཛིན་གྱིས་གཟིར་ཞིང། དེ་དུས་ཕྱག་ཞབས་རྗེས་འགའ་ཞིག་ཀྱང་ཡོད་ཚུལ་དང། འདྲེ་ངན་ཞིག་གི་རྒྱུན་ལམ་གཅོད་ཕྱིར་ཏུ་དམ་མངའ་དང། སྟག་མཛེས་མཚོ་བདག་ཀླུ་དེས་རུ་དམ་དགོན་པར་གནོད་པར་གཟིགས་ནས། སྟག་མཛེས་མཚོ་ཁར་ཡང་ཞབས་རྗེས་ཡོད་ཚུལ་དང། ཁང་དམར་མདོར་ཕྱག་ཞབས་ཀྱི་རྗེས་མང་པོ་དང་རུ་ཏྲ་བསྒྲལ་བའི་ཚུལ་དང། གླིང་རྡོ་རྗེ་ལར་མཆོད་རྟེན་བཞེངས་དུས་ཞབས་རྗེས་དང། ལྡན་གླང་ཐང་དུ་སྒྲོལ་མ་རང་བྱོན་གསལ་སྟོན་དང། གཏེར་ཆེན་ཉིད་ཀྱི་ཆིབས་པས་བཏོན་པའི་ཚེ་ཆུང་སོགས་ཡོད་ཚུལ་དང། འཛིང་ཡུལ་ནོབ་ཅེས་པའི་གྲོང་ཡུལ་ཞིག་ཏུ་ཕེབས་དུས་ཤིག་འཛིང་ཡུལ་གྱི་གཞི་བདག་མོ་ཤིན་ཏུ་མི་བསྲུན་པའི་གདུག་ཅན་སྲིང་རྫོང་རྒྱལ་མོ་ཞེས་པ་དེས་གཞན་ཕྱོགས་ཀྱི་བླ་མ་ཞིག་གི་མགི་དང་གློ་སྙིང་ཁྱེར་བྱུང་བར་གཟིགས་པར་དེ་མ་ཐག་བརྟུལ་ཞུགས་དྲག་པོས་ཐུགས་(སྨད་ཆ།༥༥༦)རིག་གི་རྩལ་མི་ནོན་པ་ལྟ་བུས་རྔམ་སྟབས་དང་བཅས་བྲག་འཕྲང་སོགས་ལ་ཐོགས་མེད་དུ་ཆིབས་རྒྱུག་གནང་ནས་བལྟས་པས་ཕ་ཝ་ཞིག་ལ་ཐིམ་སོང་བར་ཞབས་ཀྱིས་བརྗིས་ཤིང་བསྡིགས་པས་མོས་མ་བཟོད་ནས་དངོས་གཟུགས་བསྟན་ཏེ་སྐྱབས་གསོལ་བ་ན་དམ་འདོགས་མཛད་པས་སྲོག་སྙིང་ཕུལ་ཞིང་བསྟན་པ་སྲུང་བར་ཁས་བླངས་ཏེ། དེ་དུས་ཕ་ཝང་དེ་ལ་ཞབས་རྗེས་ཡོད་ཚུལ་སོགས་ཞིབ་པར་གསུངས། དེ་དུས་དབང་པོ་དེ་ཉིད་ཀྱིས་དེ་སྐབས་ཀྱི་ཡུལ་དུ་དེ་དང་དེར་རྒྱུས་ཡོད་ཀྱི་མི་ངོ་སོ་སོར་དྲིས་ཤིང་རྩད་གཅོད་གནང་བས་ཕལ་ཆེར་ངོ་འཕྲོད་པར་ཐུགས་ངེས་འདྲོངས་པར་བྱུང། གཞན་ཡང་ཆོས་རྒྱལ་དེ་ཉིད་མངའ་ཐང་གོང་འཕེལ་དང། ཆ་སྲིད་བརྟན་པའི་རིམ་གྲོ་སོགས་གུ་རུའི་གསང་ལུང་དང་མཐུན་པར་ཐུགས་བཞེད་བཞིན་བསྒྲུབས་ཤིང་རྟེན་འབྲེལ་ལེགས་ཚོགས་ཕུན་སུམ་ཚོགས་པས་ཆབཌ་སྲིད་གོང་འཕེལ་དུ་འབྱུང་བའི་ལུང་བསྟན་ཀྱང་མཛད་ཅིང། སླར་ཡང་གདན་ས་གོང་མར་ཆིབས་བསྒྱུར་གནང། དེ་སྐབས་གསང་ལུང་སྟབས་ཀྱིས་ཆིབས་ཁ་མྱུར་སྐྱོད་དགོས་པ་འདྲ་སྟེ་གདན་ས་འདི་དང་རུ་དམ་སོགས་ལ་ཞབས་པད་བསྐྱོད་དགོས་པ་འདྲ་སྟེ་གདན་ས་འདི་དང་རུ་དམ་སོགས་ལ་ཞབས་པད་བསྐྱོད་དགོས་པ་འདྲ་སྟེ་གདན་ས་འདི་དང་རུ་དམ་སོགས་ལ་ཞབས་པད་བསྐྱོད་པའི་ལོ་རྒྱུས་མི་འདུག། ས་སྐྱོང་ཆེན་པོ་འདིས་གཏེར་ཆེན་དེ་ཉིད་ལ་མི་ཕྱེད་པའི་ཐུགས་འདུན་ཚཻ་ཞིང་ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་བསྐྱེད་བཟླས་ཐུགས་དམ་ཆགས་མེད་དུ་གནང་བ་དང། ལོ་ལྟར་(སྨད་ཆ།༥༥༧)བཞིན་དུ་གཏེར་ཁ་འདིའི་བུམ་སྒྲུབ་རེ་ཡང་ཆགས་མེད་དུ་སྟག་སྒང་བླ་གྲ་ཁོ་ནས་སྒྲུབ་དགོས་ཚུལ་སོགས་དེ་སྐབས་ཀྱི་ཞབས་ཕྱི་ཀུན་གྱིས་ངེས་པ་ལྟར་ཡིན་ཀྱང། ཕྱིས་ཀྱི་གདན་རབས་ཀྱི་ཡེ་གེ་རྣམས་སུ་དེ་རིགས་མི་སྣང་བས་ཐུགས་རྒྱུས་མེད་པ་ཡིན་པར་འདྲའོ། གདན་སར་ཞབས་པད་བཀོད་གྲུབ་ནས་ཀྱང་བརྩེ་ཆེན་ཡེ་ཤེས་ཀྱི་གཟིགས་པ་བླ་མ་མེད་པས་ཕྲིན་ལས་ཀྱི་འཇུག་པ་གང་ལ་གང་འཚམས་ཀྱིས་འགྲོ་ཕན་དང་གཙོ་ཆེར་བཀའ་ཆོས་འཆད་སྦེལ་མཛད། སྦྱིར་ཡང་ཤིང་བྱ་མེ་ཁྱི་ཚུན་ནས་བཀའ་ཆོས་འགྲོ་གང་ཆེ་གནང་ཞིང། གདུལ་བྱ་སོ་སོའི་སྣོད་དང་འཚམས་པར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བར་མཛད་ཅིང། སྐལ་བ་དང་ལྡན་པའི་ཆོས་བདག་ལུང་ཟིན་རྣམས་ལ་རང་གཏེར་ཆོས་ཀྱི་ཕ་ཕོག་ལན་གཅིག་མ་ཡིན་པར་ཡང་ཡང་སྩལ་ཞིང་སྨིན་གྲོལ་གྱི་གདམས་པ་དུ་མས་རྗེས་སུ་བཟུང་པར་མཛད། དེ་དག་གི་དུས་དབང་བཀུར་དང་བྱིན་རླབས་མཛད་པའི་ཚེ་ཡང་གཏེར་ཆེན་ཉིད་ཐུགས་རྗེ་དང་བྱིན་རླབས་ཚད་མེད་པའི་མཐུན་བྱིན་གྱིས་བ་སྦུ་གཡོ་ཞིང་མཆི་མ་འཕྲུག་ནུས་པའི་མོས་གུས་རྩོལ་མེད་དུ་སྐྱེ་ནུས་པ་དང། བྱིན་རླབས་ཀྱི་ཟིལ་གྱིས་ཡེ་ཤེས་བཙན་ཐབས་སུ་ཕེབས་པ་གཏེར་ཁ་གསར་ངོ་མཚར་བསམ་གྱིས་མི་ཁྱབ། ཁྱད་པར་ཟབ་ཁྲིད་ཙམ་མ་ཡིན་པར་ལྟ་སྒོམ་གྱི་མྱོང་བ་མངོན་སུམ་རིག་ཐོག་ཏུ་ངོ་སྦྲོད་པ་ལ་མཁས་པས་སྐལ་ལྡན་མང་པོ་དང་རང་བྱུང་གི་ཡེ་ཤེས་རང་ཞལ་མཐོང་བས་རྟོགས་པ་ཀློང་དུ་གྱུར་བའི་སྒོམ་ཆེན་རྣལ་འབྱ་གྱི་དབང་ཕྱུག་ཀྱང་མང་དུ་བྱུང་ཞིང། གཞན་ཡང་བསྐྱེད་རྫོགས་གཏན་ལ་འབེབས་པའི་ཡིག་ཆའང་དབང་(སྨད་ཆ།༥༥༨)སྒྲུབ་དཀྱིལ་སོགས་ཀྱིས་མཚོན་པའི་གོ་བདེ་ཁ་གསལ་བ་ཉེ་བར་མཁོ་ག་འགའ་ཡང་མཛད་ཅིང། གཞན་བསྐུལ་གྱི་ངོར་རྩལ་བའི་ཞལ་གདམས་གསུང་མགུར་རྣམ་ཐར་སོགས་པུ་ཏི་གཉིས་ཙམ་བཞུགས་ལ། གཞན་ཡང་རྗེ་ཉིད་རང་དོན་སྦངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པ་མངའ་ཡང། གཞན་དོན་མཁའ་ཁྱབ་ཀྱི་ཕྲིན་ལས་མཉམ་ཡང་ཕྱོགས་བྲལ་དུ་བསྐྱངས་པས་རིས་མེད་པའི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་མཉམ་པར་འཇུག་པས། ཕྱོགས་གང་དང་ཡང་དུ་ཕེབས་སྐྱོད་སོགས་ཀྱི་སྐབས་ཀྱང་འགྲོ་བ་ཕལ་པ་རྣམས་ལའང་དགེ་སྒྲུབ་སྡིག་སྦོང་གི་དམ་བཅའ་བཟུང་འཇུག་པ་དང། སྐྱེས་པ་བུད་མེད་ཐ་ལམ་པ་རྣམས་སུའང་ཚེས་བཅུ་འཛུགས་པ་སོགས་ལ་བསྐུལ་བ་དང། གྲོང་ཡུལ་རྣམས་སུའང་ཚེས་བཅུ་འཛུགས་པ་སོགས་མདོ་ན་མ་ཎི་ཁོ་ནའང་དུང་ཕྱུར་བརྒྱ་དང་དྲུག་ཙུ་ཙམ་དགེ་བསྐུལ་གནང་འདུག་ཅིང། གཞན་མར་མེ། ཚེ་ཐར་ཇོ་དར་སོགས་ནི་བགྲང་ལས་འདས་ཤིང། དེ་དག་ཀྱང་གནས་སྐབས་བསྟན་འགྲོའི་ཕན་བདེ་སྦེལ་བའི་ཆེད་དང། མཐར་ཐུག་རྣམ་མཁྱེན་བླ་མ་མེད་པའི་གོ་འཕང་མཆོག་ལ་འགོད་པའི་ཐུགས་བསྐྱེད་ཟླ་མེད་པ་ཐུགས་རྗེའི་འཇུག་ཡུལ་དུ་བཅགས་པས་རྗེས་སུ་སྐྱོང་བར་མཛད་པ་ཡིན་ནོ། གཞན་ཡང་གཏེར་སྟོན་རིག་འཛིན་ཆེན་པོ་འདི་ཉིད་མཐུན་སྟོབས་དང་ནུས་པ་བསམ་གྱིས་མི་ཁྱབ་པར། མ་རུང་པའི་འབྱུང་པོ་ཀ་འོག་གི་རྒྱལ་ཞར་དང། སྦུས་མདའི་རྒྱལ་པོ་མེ་ལོང་གདོང་སོགས་གདུག་ཅན་མང་པོ་དམ་ལ་བཏགས་ཤིང། སྐབས་ཤིག་ནགས་སོགས་རྣམས་ཀྱིས་བཏུལ་བར་གསོལ་བས། གཏེར་ཆེན་གྱིས་བཀའ་ལས། འོ་ན་ཁྱེད་ཅག་གིས་(སྨད་ཆ།༥༥༩)ཁོ་བོ་ལ་འགྲན་སེམས་ཁོ་ན་བྱེད་འདུག་པས། ངེད་ཀྱིས་འགུགས་ན་ཁྱེད་རྣམས་ཀྱིས་སྒྲོལ་ཞིག། ཡང་ན་ཁྱེད་ཅག་གིས་ཁུག་དང་ངེད་ཀྱིས་བསྒྲལ་བར་བྱའོ་གསུངས་པར། དེར་སྔགས་པ་རྣམས་ཀྱིས་བསྒྲལ་བར་ཁས་བླངས་པས། གཏེར་ཆེན་རིན་པོ་ཆེས་ཐུགས་དམིགས་དང་བདེན་བརྗོད་གནང་བ་ཙམ་གྱིས་ཕུག་རོན་གསུམ་ཧོལ་ཁུང་དུ་བཙང་སྟེ་བྱུང་བར། སྔགས་པ་རྣམས་སྦྲ་ཡས་ཏེ་བསྒྲལ་རྔོ་མ་ཐོགས་པས། ཕུག་རོན་རྣམས་ཀྱིར་འཕུར་བ་ན་རྗེ་ཉིད་ཐུགས་རྒྱལ་དྲག་པོ་བཞེངས་ནས་མཐུ་སྟོབས་མི་ཟད་པའི་རྩལ་བསྐྱེད་ནས་ཐུན་ཞིག་འཕང་པས་ལྷ་འདྲེའི་འཁྲུལ་གཟུགས་ཕུག་རོན་གཉིས་སར་ལྟུང། གཅིག་འཕུར་ཤོར་བས་སྔགས་པ་རྣམས་ལ་བཀའ་བཀྱོན་དྲག་པོ་གནང། དེ་དག་ཀྱང་མཉམ་འགྲོགས་ཀྱི་དྲི་མ་སངས་ནས་དག་སྣང་གི་མིག་ཕྱེ་བའི་རྐྱེན་དུ་གྱུར་ཏེ། དེ་ཕྱིན་དད་གུས་ཚད་མེ་པ་བྱེད་པར་བྱུང། དམ་སྲི་མི་གཉིས་གནས་སྦར་དུ་ཟིན་ཀྱང་གཅིག་ཤོས་ཡོན་བདག་ཞིག་ལ་ཞུགས་ནས་གནོད་པ་ཡང་གཏེར་ཆེན་ཉིད་དཔལ་རྟ་མཆོག་ཧེ་རུ་ཀའི་སྐུར་བཞེངས་ཏེ་སྲོག་སྙིང་བླངས་ནས་དམ་ལ་བཏགས་ཚུལ་སོགས་ངག་སྒྲོས་ངོ་མཚར་ཅན་མང་ཡང་འདི་མ་ལས་མ་བྲིས། སྦྱིར་ཡང་རྗེ་འདི་མ་རུང་པའི་དམ་སྲི་འབྱུང་པོའི་ཚོགས་ཀྱི་གཉེན་པོར་ཆེད་དུ་སྦྲུལ་པ་ཞིག་ཡིན་ནོ། གཞན་ཡང་ཟབ་གཏེར་ཀྱང་མང་དུ་སྤྱན་དྲངས་པའི་ནཱ་ག་ཛུ་ནའི་ཚེ་སྒྲུབ་དང། མ་ར་ཏི་ཀའི་ཚེ་སྒྲུབ་སོགས་ཡང་གཏེར་དུ་སྦས་པའང་མང་དུ་ཡོད་པ་ཐོས་ཤིང། རི་བོ་དཔལ་འབར་གྱི་གཏེར་ཁ་དང། ལྷོ་ཕྱོགས་གཤིན་རྗེའི་གཏེར་དང། རྒྱ་ནག་ནས་བཞེས་རྒྱུ་སོགས་ནི་རྟེན་འབྲེལ་རང་དབང་དུ་(སྨད་ཆ།༥༦༠)མ་གྱུར་པས་བཞེས་པར་མ་གྲུབ་ཅང། མོན་ཤ་འུག། གཙང་རོང་ཁམ་བུ་ལུང། དཔལ་ཐང། སོག་བདུད་རྩི་འཕྲེང། ཁུ་རུ་འཕྲང་གཏེར་སོགས་གཏེར་ཕྲན་མང་པོ་རྫས་མ་འཛོམས་དང་ཆེད་དུ་བདག་གིར་མ་མཛད་པའང་མང་དུ་ཡོད་པར་སྣང། གཞན་ཡང་རྫས་གཏེར་སྐུ་ཚབ་གནམ་ལྕགས་ཀྱི་རྡོ་རྗེ་ཕུར་བུ་སོགས་དང། དམ་རྫས་ཨ་ཐམ་ཧྲི་ཐམ་སོགས་ནི་གྲངས་ཀྱིས་མི་ཆོད་པ་སྦྱན་དྲངས་པ་སོགས་ངོ་མཚར་གྱི་མཛད་པ་མཐའ་ཡས། གཞན་ཡང་རིག་གསུམ་རྣམ་འཕྲུལ་གདུང་སྲས་གསུམ་འབྱུང་བར་གཏེར་ལུང་ལས་གསུངས་ཀྱང་ཐུགས་སྲས་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་གྲགས་པ་ལས་གཞན་རྣམས་གཞོན་ནུ་ནས་སྐུ་གཤེགས་པས་འགྲོ་ཕན་མ་བྱུང་ཞིང། ཨོ་རྒྱན་བསྟན་འཛིན་ནི་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པ་ཞིག་སྟེ་ལོ་རྒྱུས་བཤམས་ནས་འཆད་འགྱུར་ལྟར་དང། གསང་འཛིན་ཐུགས་ཀྱི་གཟུངས་མའང་ལུང་ཟིན་རྣམས་སོགས་གཏེར་ཆེན་ཉིད་ཀྱིས་གསུང་མགུར་ལས་འབྱུང་བ་ལྟར་དང། དབང་ཆོས་ཀྱི་བཀྲོན་ནོང་བའི་སློབ་མའི་ཚོགས་ནི་རྒྱ་མཚའི་རྡུལ་ལྟ་བུ་ལས་རགས་རིམ་འགའ་ཞིག་སྨོས་ན། སྦྲུལ་པའི་གཏེར་ཆེན་རིག་འཛིན་གར་དབང་རྡོ་རྗེ། མཐུ་སྟོབས་ནུས་པའི་མངའ་བདག་གཉག་རྒྱལ་ཐང་བ་རིག་འཛིན་ཟིལ་གནོན་རྡོ་རྗེ། གྲུབ་པའི་དབང་ཕྱུག་མངའ་རིས་འོད་མཆོག་སྦྲུལ་སྐུ། མཁས་གྲུབ་ཆེན་པོ་ཞབས་དྲུང་པདྨ་གར་དབང། ནུས་མཐའི་སྟོབས་ལྡན་ཆོས་རྗེ་རིག་འཛིན་བྲེས་པ། གནས་ལྔ་རིག་པ་ལོ་ཆེན་འཇམ་དབྱངས་བློ་ལྡན། མཁས་པའི་དབང་པོ་ཀོང་པོ་འགྲུ་ལ་མཁན་ཆེན། སྨྲ་བའི་སེང་གེ་རྒྱ་སྟོན་སྦྲུལ་སྐུ་བློ་བཟང་ལེགས་པ། པད་གླིང་གདུང་བརྒྱུད་རིག་འཛིན་ཨོ་རྒྱན་ཆོས་རྒྱལ། རྫོགས་ཆེན་དཔོན་(སྨད་ཆ།༥༦༡)སློབ་ནམ་མཁའ་འོད་གསལ། སྟོབས་ཀྱིས་ཆེ་བ་སྟག་ལུང་ཞབས་དྲུང། མི་ཉག་མཁན་པོ་ཤཀྱ་འོད་ཟེར་སོགས་ཕྱོགས་ཀྱི་བླ་ཆེན་མང་པོ་དང། ས་ལོའི་ལྗོངས་ཀྱི་རིག་ལྡན་ཆེན་པོ་སྡེ་སྲིད་སངས་རྒྱས་རྒྱ་མཚོ། གནམ་སའི་མངའ་བདག་བསྟན་འཛིན་ཇི་འགིར་རྒྱལ་པོ་དཱ་ལ་ཐུར་ཐེལ་ཇི། སའི་ཚངས་པ་རྒྱ་ལྕགས་ལ་རྒྱལ་པོ། རིགས་ཀྱིས་མཐོ་བ་གླིང་རྡོ་རྗེ་མགོན་པོ། སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཁམས་སྡེ་དགེ་རྒྱལ་པོ་སོགས་མི་ཆེན་ཆེ་དགུ་མང་པོའི་གཙུག་ཏུ་མཆོད་ཅིང་ཏི་ཤྲིར་བཀུར་ཞིང། གཞན་ཡང་བར་ཁམས་ཁོར་སོག་བདེ་འབྲོག་གི་མི་དཔོན་ཆེ་ཕྲ་དུ་མ་དང་སྲིད་ཞིའི་འབྱོར་ལྡན་དུ་མས་མཆོད་སོགས་མཐའ་ཡས་པའི་སློབ་ཚོགས་མཐའ་དག་ནི་བརྗོད་པས་མི་ལངས་ཤིང། རང་ལུགས་ཆོས་བརྒྱུད་ལ་བཀའ་དྲིན་ཆེ་བ་འགའ་ཞིག་གཤམ་སུ་འཆད་བར་བྱའོ། གཞན་ཡང་རྒྱ་གར་ནས། བལ་ཡུལ། མངའ་རིས་མན་དང། རྒྱ་གར་ཡན་ཞབས་ཀྱིས་བཅགས། མཐོང་ཐོས་ཀྱི་སྐྱེ་འགྲོ་མང་པོ་དང་སྐལ་ལྡན་མང་པོ་རྗེས་སུ་བཟུང་ནས་སྨིན་གྲོལ་གྱི་ས་ལ་བཀོད་པར་མཛད། མ་འོངས་པ་ན་བསྐལ་བཟང་འདི་ལ་རྒྱལ་བ་བཞི་བཅུ་པ་སྒྲ་གཅན་དུ་སངས་རྒྱས་པར་ལུང་དང་མཐུན་པར་ཞལ་གྱིས་བཞེས་ཤིང། ཚད་མེད་པར་ཏུགས་རྗེ་དང་དྲི་མ་མེད་པའི་ཡེ་ཤེས་ལ་དབང་འབྱོར་པས་འབྲེལ་ཐོག་ཐམས་ཅད་འཁོར་བ་མཐའ་ཅད་དུ་མཛད་པ་སྟེ། གཏེར་ཆེན་ཉིད་ཀྱི་གསུང་མགུར་ལས་ཀྱང། ད་སྟེ་ཆེ་འབྲེལ་ཆུང་འབྲེལ་ལས་ཀྱིས་འབྲེལ། འཚེངས་མདོ་རྒྱལ་མདོ་སྐྱེ་བུ་ཕོ་མོ་ཚོ། དད་གུས་གསོལ་འདེབས་མོས་པ་མ་ཞེན་དང། རྔ་ཡབ་པདྨ་འོད་དུ་བསྐྱེལ་ཏེ་གཏོད། ཞེས་ཞལ་གྱིས་བཞེས་པ་ལྟར་འབྲེལ་ཚད་པདྨ་འོད་དུ་(སྨད་ཆ།༥༦༢)སྐྱེ་བ་གདོན་མི་ཟ་སྟེ། ཅིའི་ཕྱིར་ན། གཏེར་ཆེན་དམ་པ་འདི་ནི་ཨོ་རྒྱན་ཆེན་པོ་དང་དབྱེར་མ་མཆིས་ཏེ། དེ་ཡང་གཏེར་ལུང་ལས། ང་སྦྲུལ་སྐལ་ལྡན་སྐྱེས་བུ་ནི༔ ཁམས་ཞིག་ཉི་མ་གྲགས་པ་སྩལ༔ པད་འབྱུང་ང་དང་ཐ་དད་མེད༔ གཉིས་སུ་མེད་ཅིང་དབྱེ་བ་མེད༔ བཟང་འབྲེལ་སངས་རྒྱས་ཐོབ་པས་འཚེངས་༔ ངན་འབྲེལ་འཁོར་བ་མཐའ་ཅན་བྱེད༔ ཅེས་གསུངས་སོ། དེས་ན་མང་དུ་སྨྲོས་པས་ཅི་ཞིག་བྱ་སྟེ། ཨོ་རྒྱན་རྡོ་རྗེ་འཆང་དང་སྐུའི་རྣམ་འགྱུར་ཙམ་ལས་དབྱེ་བ་མེད་པར་ཟབ་མོའི་ལུང་གིས་གསལ་བ་ལྟར་ཤེས་པར་བྱའོ། དེ་ལྟ་བུའི་གྲུབ་པའི་རྣམ་ཐར་ངོ་མཚར་བ་དཔག་ཏུ་མེད་པ་བསྟན་པའི་མཐར། རེ་ཞིག་སྐུ་དངོས་ཀྱིས་གདུལ་བྱ་དེ་ཙམ་དུ་གཟིགས་ནས་ལྕགས་སྟག་དཔོ་ཟླའི་ཉ་ལ་གཟུགས་སྐུའི་བཀོད་པ་ཕྱོགས་གཅིག་ཆོས་དབྱིངས་བདེ་བ་ཆེན་པོའི་དབྱིངས་སུ་བསྡུས་ནས་པདྨ་འོད་ཀྱི་ཞིང་དུ་གཤེགས་སོ། དེ་ལྟར་ཐ་མའི་ཕྲིན་ལས་ཀྱི་གདུལ་བར་འོས་པ་རྣམས་ཡོངས་སུ་གཤེགས་སོ། སླར་ཡང་སྦྲུལ་པའི་རྣམ་རོལ་མཐའ་ཡས་པས་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་ནམ་ཡང་གཡེལ་བ་མི་མངའ་བའི་ཕྲིན་ལས་འཇུག་པ་ཇི་སྲིད་དུ་འབྱུང་བ་ནི། སྔོན་གྱི་སྨན་ལམ་དང་ཐུགས་རྗེ་ཆེན་པོའི་ཆོས་ཉིད་དུ་གྲུབ་པའོ། དེ་ནས་སྐུ་གདུང་རིན་པོ་ཆེ་ཞལ་ཆེམས་ལྟར་རིལ་པོར་བཞུགས་པའི་གསེར་གདུང་ཁྱད་མཚར་ཅན་བཞེངས་པ་དང། དགོངས་རྫོགས་མཆོད་སྦྲིན་རྒྱ་ཆེར་སྦྲོ་བར་བྱས་ཏེ། དེ་ཡང་གཏེར་ཆེན་ཉིད་ཀྱི་ཞལ་ཆེམས་ལས་དགོངས་རྫོགས་གཙོ་ཆེར་དང་སྲས་ཀྱི་མགོ་འདྲེན་སོགས་རིན་འཛིན་གཏེར་བདག་གླིང་པ་ལ་ཞུས་གསུངས་པ་ལྟར། སྨིན་གླིང་དུ་མཆོད་བསྔོ་གང་དྲག་དང་བཅས་གསུངས་(སྨད་ཆ།༥༦༣)ཚུལ་སོགས་ཞུས་པས་གཏེར་ཆེན་རིན་པོ་ཆེའི་ཞལ་ནས། ངེད་རང་གཉིས་ལྟར་སྣང་མཐུན་འཇུག་མི་མཛད་པ་ལྟར་ཡོད་ཀྱང། དོན་དུ་ངེད་རང་ནི་གཤེན་རྗེའི་སྐོར་གྱི་གསང་བའི་ཆོས་བདག་ཁོང་པ་ཡིན་ཏེ་ཁོང་གིས་ཉམས་བཞེས་དང་གསང་རྒྱ་མཐར་ཕྱིན་མཛད་པ་དེས། ངདེ་རང་གཉིས་ཆར་གྱི་སྐུ་ཚེ་དང་ཕྲིན་ལས་ལ་ཕན་པ་ཆེ་ཞིང་བསྟན་པའི་གསོས་སུའང་གྱུར་མོད། ད་ཆ་ཁོང་པ་ཞི་བར་གཤེགས་པ་མ་ལེགས། འོན་ཀྱང་རྒྱལ་སྲས་ལ་བདག་རྐྱེན་གང་དྲག་འདི་ནས་ཕུལ་ཆོག་པ་བྱེད་ཅེས་དང། བསྟན་པ་ཕྱོགས་གཅིག་ཏུ་ཡོད་པའི་བཀའ་ལུང་བཟང་པོའང་སྩལ། གཞན་ཡང་རྡོ་རྗེ་བྲག་དང། སྐུ་ཞབས་རྣམ་རྒྱལ་གྲ་ཚང་སོགས་ཀྱི་གཙོས་པའི་ཁམས་དབུས་རྣམས་སུ་མཆོད་བསྔོ་མང་འགྱེད་སོགས་རྗེ་ཀྱེ་བྱ་བ་རྣམས་ཀྱང་ཕུན་སུམ་ཚོགས་པར་ཞིང་འདིར་སྐྱེ་སྲིད་མང་པོར་ཟབ་མོའི་གཏེར་ལ་དབང་བསྒྱུར་བར་འབྱུང་བ་ལུང་གིས་བསྟན་ཏེ། ཁྱད་པར་དུ་མ་འོངས་པ་ན་སྲིད་རྫོང་འདི་ཉིད་དུ་བྱང་ཆུབ་རྡོ་རྗེ་རྒྱལ་མཚན་ཞེས་པ་བྱུང་ནས་ད་ལྟའི་འགྲོ་དོན་ལྷག་མར་སྦྱོད་པར་བཤད་དེ། གཏེར་ཆེན་པོ་གྲོང་ཁྱེར་རྩ་ཅན་གྱི། མ་ཁྲག་འཐུང་མཁའ་འགྲོའི་གདམས་པ་དེ། ལྷ་ཕག་གདོང་ནག་མོའི་སྒྲུབ་གནས་སུ། རྒྱ་རིམ་བདུན་ཐངོབ་ལ་ཡང་གཏེར་སྦོས། གཏེར་སྲུང་མར་གཉེར་གཏད་དྲག་ཏུ་བཅོལ། དུས་མ་འོངས་རྡོ་རྗེ་རྒྱལ་མཚན་གྱི།(སྨད་ཆ།༥༦༤)དེ་སྦྱངས་ནས་བསྟན་འགྲོར་ཕན་ཆེར་འདོགས། ཞེས་དང། དེ་ཉིད་བྱོན་པའི་དུས་ཀྱང། མི་རབས་བདུན་རྟིང་སྲིང་རྫོང་དུ། བྱང་ཆུབ་རྡོ་རྗེ་རྒྱལ་མཚན་གྱིས། གདུལ་བྱའི་ལྷག་ལ་སྦྱོད་པའི་ཚེ། ཞེས་པ་ལྟར། རབས་བདུན་ནས་བྱང་ཆུབ་རྡོ་རྗེ་རྒྱལ་མཚན་ཞེས་པའི་མཚན་གྱི་ཅོད་པན་གྱིས་མཛེས་པའི་གཏོར་ཆེན་ཞིག་བྱོན་པར་གསུངས་ཤིང། དེ་དུས་ད་ལྟའི་གདུལ་བྱའི་ལྷག་མ་ཕལ་ཆེར་ཡང་ཡོངས་སུ་སྨིན་པར་མཛད་པའི་ཚུལ་དང། གཞན་ཡང་མང་ཡུལ་རི་བོ་དཔལ་འབར་གྱིས་གཏེར་ཁ་བཞེས་མ་ཐུབ་པས་སླར་གནས་དེར་སྐུ་ཡི་སྐྱེ་སྲིད་ཅིག་བཟུང་ནས་གནས་དེའི་གཏེར་རྣམས་གདན་དྲངས་ནས་འགྲོ་དོན་བྱེད་པར་འགྱུར་བ་སོགས་མཐའ་ཡས་པར་སྣང་བ་རྣམས་དག་སྣང་སྐོར་དང་གཏེར་ལུང་སོགས་ལས་ཤེས་པར་བྱའོ། དེ་ལྟར་སྦྲུལ་པའི་གཏེར་སྟོན་རིན་འཛིན་ཆེན་པོ་དེ་ཉིད་ཀྱི་ལོ་རྒྱུས་རགས་རིམ་ཙམ་ཞིག་བརྗོད་ཟིན་ཏེ། དེ་ཡང་གཏེར་སྟོན་ཉིད་ཀྱི་རྣམ་ཐར་ཞལ་གསུངས་མ་རྒྱས་བསྡུས་གཉིས་དང་བླ་མ་སྐལ་བཟང་དབང་ལྡན་གྱིས་མཛད་པའི་རྣམ་ཐར་ཆེན་མ་དང་གཏེར་འབྱུང་སོ་སོའི་ལོ་ཚིགས་སོགས་གོ་བསྟུན་ཞིང་དེ་ངག་ཏུ་མི་གསལ་བ་རྣམས་རྫོགས་ཆེན་དཔོན་རིན་པོ་ཆེའི་གསུང་རྒྱུན་གཙོ་བོར་གཟུང་ཞིང་གཞན་ངག་སྒྲོས་ཁུངས་མ་རེ་རེ་ཙམ་གྱིས་ཀྱང་ཟད་བརྒྱན་ནས་བབ་ཅོལ་དང་སྦྱི་བརྟོལ་གྱིས་འོལ་ཚོད་དང་གྱ་ཚོམ་དུ་བྲིས་པ་མ་ཡིན་ཏེ་ཞིབ་མོས་བློས་ཡང་ཡང་བརྟགས་ཤིང་དཔྱད་ནས་རང་བཟོ་མེད་པར་ལེགས་སཔ་བཀོད་པ་ཡིན་ནོ། དེ་ལྟར་གོང་དུ་རྒྱས་པར་སྨོས་པ་ལྟར་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་སློབ་ཚོགས་རྒྱ་མཚོ་ལྟ་བུ་མངའ་བ་ལས། རང་ལུགས་གཏེར་གསར་(སྨད་ཆ།༥༦༥)སྐོར་གྱི་ཆོས་རྒྱུན་ལ་བཀའ་དྲིན་ཆེ་བ་འགའ་ཞིག་བརྗོད་པར་བྱ་སྟེ། དེ་ཡང། བླ་མ་སྐལ་བཟང་དབང་ལྡན་ནི། ཡུལ་སོག་རོང་དུ་ལྷ་གདོང་ཞེས་པའི་རིགས་སུ་སྐུ་བལྷམས། སོག་འཕེལ་རྒྱས་གླིང་པའི་གྲ་པ་མཛད། གྲ་སར་ཕེབས་ནས་འབྲས་སྦྲུངས་སུ་སྒྲིག་ལ་ཞུགས། ཐོས་བསམ་གྱི་སྒྲོ་འདོགས་ཆོར་པར་མཛད་ཅིང། རྟེན་དགེ་སློང་ཡིན་ཡང་སྔགས་གསར་རྙིང་མང་པོར་གསན་བསམ་མཛད། ཁྱད་པར་དུ་རྡོ་རྗེ་བྲག་སྨིན་གྲོལ་གླིང་སོགས་རྙིང་དགོན་རྣམས་སུ་ཕེབས་ནས་དབང་ལུང་མང་དུ་ཞུས་ཤིང། སྔོན་གྱི་སྨོན་ལམ་གྱིས་ཐུགས་རྒྱུད་བསྐུལ་ནས་གཏེར་སྟོན་རིག་འཛིན་ཆེན་པོ་དེ་ཉིད་སེ་ར་བཀྲ་ཤེར་སྟེང་དུ་བཞུགས་པའི་དུང་དུ་བྱོན་ནས་མཉེས་པ་གསུམ་གྱི་ཞབས་ཏོག་རྒྱ་ཆེར་བསྒྲུབས། གཏེར་སྟོན་རིན་པོ་ཆེས་ཀྱང་གཏེར་གསར་ཡོངས་རྫོགས་ཀྱི་བཀའ་ལུང་དབང་གསུམ་ཚང་བར་དགྱེས་བཞིན་དུ་སྩལ་བ་གསན། ཁྱད་པར་ཕྱག་རྫོགས་རླུང་ཁྲིད་དང་བཅས་པའི་གདམས་པ་ཐམས་ཅད་མཐའ་རྒྱ་ཆོད་ངེས་མཛད། ཁྲོ་ཕུར་རི་ཁྲོད་བཏབ་ནསཉམས་བཞེས་བསྐྱངས་པས་རིག་པ་ཚད་ཕེབས་ཀྱི་ས་ལ་གཤེགས། བཀའི་བདུད་རྩི་བཞེས་པའི་སློབ་མའང། རྫོགས་ཆེན་མཆོག་སྦྲུལ་་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང། ཉི་སྦྲུལ་རིན་པོ་ཆེ་ཀུན་བཟང་ཐེག་མཆོག་རྒྱ་མཚོ་སོགས་བྱོན་ཞིང། ཁྱད་པར་ཉི་སྦྲུལ་རིན་པོ་ཆེའི་གཏེར་གསར་ཡོངས་རྫོགས་ཀྱི་དབང་ཁྲིད་ལུང་སོགས་གདམས་པ་ཐམས་ཅད་ཆེད་དུ་བཞེས་པས་རང་ལུགས་ཆོས་རྒྱུན་ལ་བཀའ་དྲིན་ཆེ། གཞན་ཡང་ཉམས་ལེན་ནུས་པ་དག་ལ་སྒོམ་ཁྲིད་དང། སྐྱེ་བོ་ཕོ་མོ་རྣམས་ལའང་བསྙེན་(སྨད་ཆ།༥༦༦)གནས་བསྙུང་གནས་བཟུང་དུ་བཅུག་པ་སོགས་རྣམ་དཀར་གྱི་དགེ་བསྐུལ་ཁོ་ན་མཛད། དངོས་རྫས་ཕྲ་མོ་ཙམ་ཡང་གནས་མིན་དུ་ཟགས་སུ་མི་འཇུག་གསོལ་རས་ཙམ་གནང་ཡང་དེར་བསྟུན་པའི་ཁ་བཏོན་ཕྱག་སྐོར་སོག་བྱེད་དུ་བཅུག་པ་སོགས་རྒྱུ་འབྲས་ལ་ཞིབ་པའི་ཚད་མཛད། ཐུགས་དམ་གྱི་གཅོ་བོ་ནི་རྫོགས་ཆེན་དང་བློ་སྦྱོང་ཁོ་ན་རྩལ་བཏོན་ཏེ་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་ཉམས་ལེན་ལ་བརྩོན་པར་མཛད་ནས་དགུང་ལོ་བརྒྱད་ཅུ་རྒྱ་ལྔ་ལ་གཤེགས་སོ། ཆོས་བདག་བླ་མ་བློ་གྲོས་རྒྱ་མཚོ་ནི། ཡུལ་ཀརྨ་དགོན་དང་ཉེ་བའི་ས་ཞིག་ཏུ་འཁྲུངས། ཀརྨ་ལྷ་སྟེང་བའི་བླ་མ་ཞིག་གི་སྐུ་སྐྱེ་ཡིན་པར་གྲགས། ཡུམ་དེས་སྐུ་ན་ཕྲ་མོ་ལ་ཁྲིད་ནས་མདོ་སྟོད་ཕྱོགས་སུ་ཕྱིན་པས་གཏེར་སྟོན་རིག་འཛིན་ཆེན་པོ་ཆོས་གྲ་མཛད་པ་ཞིག་ཏུ་ཐོག་མང་པོ་བླུག་ཡོད་པ་འཐོར་བས་གཏེར་སྟོན་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་ཏེ་བསྟན་པས་ཞབས་ཕྱི་གཞན་ལས་ཐུགས་ཟིན་ཆེ། ཕག་ནག་ཁྲོས་མའི་གཏེར་སྒོ་འབྱེད་པའི་དུས་སུ་གཏེར་འདོན་པའི་གྲོགས་ཀྱང་མཛད། དབང་ཁྲིད་ལུང་གསུམ་མ་ཚང་མེད་པ་ལན་མང་དུ་སྩལ། ཉམས་ལེན་ལ་འགྲུས་ཤིང་དམ་ཚིག་གཙང་བའི་ཚད་དུ་འཇོག་པ་བྱུང། དེ་ནས་གཏེར་ཆེན་མདོ་སྨད་ཕྱོགས་ཕེབས་སྐབས་ཞབས་ཕྱིར་བྱོན་པས། གཏེར་ཆེན་ཉིད་ཀྱི་རྒྱལ་ཚབ་སྟག་མོ་སྒང་གི་གདན་སར་མངའ་གསོལ། དེ་ནས་བཟང་སྟེ་དགོན་འདིར་སྐུ་ཚེ་དེ་སྲིད་(སྨད་ཆ།༥༦༧)དུ་བཞུགས། སྡེ་དགེ་ས་སྐྱོང་ཆེན་པོ་ཁུ་དབོན་གྱིས་ཀྱང་དབུའི་མཆོད་གནས་སུ་བཞེས། རྗེ་འདིའི་མ་བཅོས་ལྟུག་པ་ཁོ་ནས་ལས་བཅོས་མའི་མཛེས་འཁྲིགས་མི་མཁྱེན་པས་དབུ་བླ་གཞན་ལས་ཐུགས་དད་ལྷག་པར་ཆེ། ཁྱད་པར་བསྟན་སྲིད་ཀྱི་རིམ་གྲོར་གཏེར་གསར་དབང་ཕྱུག་ཆེན་པོའི་བསྙེན་སྒྲུབ་བགྱིད་དུ་སྩལ་བས། རྗེ་འདིའི་མནལ་ལམ་དང་ཉམས་སྣང་དུ་ཉི་ཟླ་ལ་ཞོན་ནས་གླིང་བཞི་བསྐོར་བ་དང། རྒྱ་མཚོ་འཐུང་བ་དང། རི་བོ་འདེགས་པ་སོགས་རྟགས་མཚན་ངོ་མཚར་ཅན་མང་པོ་བྱུང་བས་སྡེ་དགེའི་ཆབ་སྲིད་གོང་འཕེལ་དུ་འབྱུང་བའི་ལུང་བསྟན་ཀྱང་མཛད། སྦྱིར་ཡང་རྗེ་འདི་དབང་ཕྱུག་གི་ཆོས་སྐོར་འདིའི་ཆོས་བདག་ཀྱང་མཛད། སྦྱིར་ཡང་རྗེ་འདི་དབང་ཕྱུག་གི་ཆོས་སྐོར་འདིའི་ཆོས་བདག་ཀྱང་ཡིན་པས་ཡུལ་མི་ཕལ་པ་མི་རྒྱུད་དཀོན་པ་དག་ལའང་ལྷ་ཆེན་གྱི་དབང་སྒྲུབ་པ་རེ་མཛད་པས་མི་རྒྱུད་མ་བྱུང་བ་མེད། ལོ་ལྟར་སྡེ་དགེ་ས་སྐྱོང་ཆེན་པའི་བུམ་སྒྲུབ་དང། དེ་དུས་ཡུལ་གྲོང་མང་པོར་བུམ་སྒྲུབ་འཛུགས་པའི་སྲོལ་ཤིན་ཏུ་དར་བས། གར་འཛུགས་པར་རིལ་བུ་འཕུར་ཞིང། དེ་ཡང་སྦྱན་འདྲེན་བྱིན་འབེབས་སོགས་ཀྱི་དུས་ཆར་འབེབས་པ་ལྟར་འབྱུང་བས་གཞན་འགས་བྱ་རྒོད་ཀྱི་མཁྲིས་པ་བསྲེས་པས་ཡིན་ཞེས་ས་དབང་ཆེན་པོར་སྙན་ཕྲ་ཕུལ་བས་སྡེ་དགེ་ས་དབང་བསྟན་པ་ཚེ་རིང་གིས་དེ་འདྲ་ཨེ་ཡིན་ཞུས་པར། བྱ་མ་ཤི་གོང་འཕུར་ཡང་ཤི་ནས་འཕུར་རྒྱུ་ཡོད་དགོས་མེད། དེ་འདྲར་ཐུགས་མ་ཆེས་ན་མཁྲིས་པ་མ་བསྲེ་བས་ཆོག་ཞུས་པར། སྡེ་དགེས་ཀྱང་བརྟག་པའི་ཕྱིར་རིལ་བུ་སྒྲིལ་ལུགས་ཚུན་ཞིབ་ཆ་མཛད་ཀྱང་ལྷག་པར་འཕུར་སྟོབས་ཆེ་བར་བྱུང་བས་གཏང་རག་ལེགས་འབུལ་ཀྱང་མཛད། སྐབས་ཤིག་རྗེ་འདིའི་ཆིབས་པ་རྐུན་པོ་གཉིས་ཀྱིས་ཁྲིད་ནས་ཡུལ་གཞན་ཞིག་ཏུ་བསྐྱམ་ཕྱིར་མཚན་མོ་དེར་(སྨད་ཆ།༥༦༨)སོང་སོང་བ་ན་ནམ་ལངས་དུས་སླར་རང་གནས་སུ་སླེབས་འདུག་པས་རྐུན་པོ་གཉིས་ཤིན་ཏུ་སྐྲག་ནས་རྟ་གཏོད་ནས་བྲོས་སོང་བར། རྟ་དེ་ཡུམ་མི་རྒྱུས་མེད་ཞིག་གི་རཱ་བར་བཙུད་པས་ཁང་པ་གདུག་ལྟར་འཁོར་བ་སོགས་ཀྱི་ཚོ་འཕྲུལ་བྱུང། གཞན་ཡང་ལོག་སྒྲུབ་མཁན་གྱི་རིགས་ལ་ཆོས་སྐྱོང་བསྐུལ་བ་དང་དམོད་བཅོལ་ཙམ་མཛད་པས་ཀྱང་རྟགས་མཚན་ཤིན་ཏུ་མྱུར་བར་བྱུང་བའི་ལོ་རྒྱུས་མང་དུ་ཡོད་ཀྱང་འདིར་བ་བྲིས། དགུང་ལོ་བརྒྱད་བུ་གྱ་ལྔ་པ་ལ་ཞིང་གཟིགས་པའི་གདུང་ཞུག་འབུལ་བགྱིས་པ་ལས་ཡུང་འབྲུ་ལྟ་བུའི་རིང་བསྲེལ་གྱི་ཕུང་པོར་གྱུར། རྗེ་འདི་རྫོགས་ཆེན་དཔོན་རིན་པོ ་ཆེ་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་ཡོངས་འཛིན་དུ་བཞེས་ནས་ཉི་གྲགས་གཏེར་ཆོས་ཚང་མའི་དབང་ལུང་ཁྲིད་བཅས་གསན་པར་མཛད་པས་ཆོས་བརྒྱུད་འདི་ལ་བཀའ་དྲིན་ཆེ་ངེས་ཤིག་ཡིན་ནོ། གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་འཇམ་དབྱངས་ཧོར་གྱི་ལོ་ཆེན་ནི། བྱང་རྫ་དམར་དུ་ཆེན་པོ་ཧོར་གྱི་རིགས་སུ་འཁྲུངས། སྐུ་ཆུང་ངུ་ནས་རབ་བྱུང་མཛད། རྗེ་ཞ་ལུ་བ་རིན་ཆེན་མཆོག་གྲུབ་བསྟེན་ནས་ས་ལུགས་ལ་བསླབ་སྦྱང་མཛད། འབྲས་ཡུལ་སྐྱིད་ཚམ་དུ་ཚད་མ་སྦྱངས་པས་མཁས་པའི་ཁྲོམ་ཐོག་ཆོད། ཕྱིས་པོ་ཏ་ལར་སློབ་གཉེར་གྱི་གྲར་བཞུགས་ཏེ་སྒྲ་སྙན་སྡེབ་སྦྱོར་སོགས་མ་མཁས་པའི་ཕུལ་དུ་གྱུར། ཀུན་མཁྱེན་ལྔ་པ་ཆེན་པོ་ལས་ཟབ་རྒྱས་ཀྱི་གདམས་པ་འགའ་ཞིག་ཐོབ་པས་ཞལ་སློབ་ཏུ་གྱུར། གཞན་ཡང་དགེ་ལུགས་པའི་བདེ་དགྱེས་གསང་གསུམ་འཇིགས་བྱེད་སོགས་རྒྱུད་མང་པོ་དང། ཕར་ཕྱིན་དབུ་ཚད་སོགས་ཀྱང་མཁར་པར་མཁྱེན། སྨིན་གླིང་གཏེར་ཆེན་ལས་དེ་ཉིད་ཀྱི་གཏེར་ཆོས་སོགས་རྙིང་ལུགས་བཀའ་(སྨད་ཆ།༥༦༩)གཏེར་མང་དུ་གསན། ཁྱད་པར་དུ་རྫོགས་ཆེན་པདྨ་རིག་འཛིན་ལས་སྙིང་ཐིག་གི་ཟབ་ཁྲི་གསན་མང་དུ་མཛད། གཏེར་ཆེན་འདིའི་ཆོས་བདག་ཏུ་མངའ་གསོལ་ནས་གཏེར་ཆོས་ཐམས་ཅད་བུམ་པ་གང་བྱོན་སྩལ། གཏེར་ཆོས་ཀྱི་ཁ་བསྐང་དགོས་རིགས་རྣམས་ཀྱང་རྩོམ་པར་བསྐུལ་བ་སོགས་མཛད། ཉང་ཀོང་ཕྱོགས་སུ་ཕེབས་ནས་གཏེར་ཆོས་འཆད་སྦེལ་མཛད་པའི་ལོ་རྒྱུས་ཀྱང་འདུག་གཏེར་ཆེན་གྱིས་ལོ་འདིར་ཆོས་འཆད་ཕྱོགས་འགྲོས་སྦངས་ཏེ་བསྙེན་སྒྲུབ་མཛད་དགོས་ཚུལ་གསུངས་ཀྱང། ཁོང་གིས་ཤེས་ཕྱིན་རྒྱས་པ་འབུམ་པུ་ཏི་བཅུ་དྲུག་ཐུགས་ལ་བཟུང་བ་བརྗེད་ཀྱིས་དོགས་ནས་གཞུང་སར་རྒྱུགས་འབུལ་བ་ལ་རིངས་པས་གཅེན་རྡ་དམར་དཔོན་ཨེ་ཁེ་ཐེས་ཐེས་ཇིས་ཀྱང་ནན་གྱིས་བསྐུལ་བས་ལྷན་དུ་ཕེབས་ཀྱང། ཡུལ་དེར་འབྲུམ་ནད་ཡོད་པས་ཐོར་པ་བཞེས་ནས་སྐུ་ཚེའི་བར་ཆད་དུ་གྱུར། འོན་ཀྱང་རང་ལུགས་ཀྱི་འདོན་ཆོས་གསུང་རྩོམ་དང་ནང་ཀོང་རྣམས་སུའང་གཏེར་ཆོས་དར་བ་སོགས་བསྟན་པ་ལ་བཀའ་དྲིན་ཆེ་བ་ཡིན་ནོ། བཀའ་བཅུ་བ་དཔལ་ལྡན་བཀྲ་ཤིས་ནི། ཡུལ་མདོ་སྨད་ཨ་མདོའི་ཡུལ་གྱི་བྱེ་བྲག་རེ་སྐོང་ཞེས་པའི་སར་འཁྲུངས། དབུས་སུ་ཕེབས་ནས་དཔལ་ལྡན་འབྲས་སྦུངས་ཀྱི་ཆོས་སྡེ་ཆེན་པོར་གསན་བསམ་མཛད། དབུ་ཚད་ཕར་ཕྱིན་སོགས་ལ་མཁས་པར་སྦྱངས། དེ་ནས་སྔགས་ལ་ཞུགས་ཤིང་བདེ་དགྱེས་གསང་གསུམ་སོགས་སྦྱི་དང། ཁྱད་པར་རྙིང་ལུགས་ལ་མཁས། དེ་ནས་ཁམས་ཕྱོགས་སུ་ཕེབས་པར་བཞེད་པས་གཏེར་ཆེན་རིག་འཛིན་ཆེན་(སྨད་ཆ།༥༧༠)པོ་འདི་ཉིད་ཀྱི་སྙན་པ་ཐོས་པས་གཏེར་ཆེན་གྱི་ཞབས་པད་དུ་བཅར་ནས་གཏེར་གསར་དབང་ལུང་ཕལ་ཆེར་ཞུས། གཏེར་ཆོས་ཡོངས་རྫོགས་ནི་རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་ལས་གསན་པ་ཡིན་འདུག། སྦྱིར་ཕྲིན་ལས་རྣམ་པ་བཞི་ལ་མངའ་དབང་འབྱོར་ཞིང་ཁྱད་པར་མངོན་སྦྱོད་ཀྱི་ལས་ལ་མཁས། ལྷག་པར་ཡི་གེ་འབྲི་བ་ལ་ལྷག་པའི་ལྷས་བྱིན་གྱིས་བརླབས་པ་ལྟ་བུ་ཞིག་སྟེ་ཉིན་རེར་ཡང་ཤོག་ལྡེབ་ཚ་ཆོས་ལྔ་བཅུ་ང་གྲངས་རེ་འབྲི་ཐུབ་པ་ཡིན་འདུག། དེའི་སྟབས་ཀྱི་གཏེར་ཆེན་ཡབ་སྲས་ཀྱི་ཕྱག་ངེས་ཡང་མང་དུ་བྲིས་ཤིང། དེའི་སྟབས་ཀྱི་གཏེར་ཆེན་ཡབ་སྲས་ཀྱི་ཕྱག་ངེས་ཡང་མང་དུ་བྲིས་ཤིང། ཁོ་རང་གིས་ཀྱང་ཉི་གྲགས་གཏེར་ཆོས་ཡོངས་རྫོགས་བྲིས་ནས་ཡབ་ཡུལ་དུ་ཕེབས། དེང་སང་ཡང་ཕྱོགས་དེ་དག་རྣམས་སུ་ཉི་གྲགས་གཏེར་ཆོས་རྣམས་ཅུང་ཟད་རེ་དར་བ་ཡོད་འདུག་གོ། ཇི་རོང་འོད་གསལ་ནི་གཏེར་སྟོན་རྩ་བའི་ཞབས་རིང་པ་ཞིག་ཡིན་ལ། ལག་པ་བཟོ་བས་གཏེར་ཆོས་ཚང་མ་འབྲི་བའི་ཞབས་འདེབས་དང་ཀྷ་སྐུ་སོགས་བཞེངས་པའི་ཞབས་ཕྱི་སོགས་མཛད་ཅིང། ཆགས་རུ་བདེ་སྐྱིད་གླིང་གི་བདེ་མཆོག་གི་སྐུ་དང། སྟག་སྒང་ཐུབ་ཆེན་སོགས་བཞེངས་དུས་གཏེར་ཆེན་ཉིད་ཀྱི་བྱིན་རླབས་ཀྱིས་ཞལ་རས་རང་བྱོན་དུ་བྱུང་བ་ཡིན་འདུག་སྟེ་ངོ་མཚར་ཆེ་བར་སྣང། གཏེར་ཆེན་གྱིས་ཀྱང་ཆོས་བདག་ལུང་ཟིན་ཞིག་ཏུ་བཞེད། དོར་ཚང་ཕྲིན་ལས་རྡོ་རྗེ་ནི་གཏེར་ཆེན་གྱི་ཞལ་སློབ་རྡོ་རྗེའི་མིང་ཅན་བརྒྱད་ཡོད་པའི་གྲས་ཡིན། གཏེར་ཆེན་གྱིས་ཞབས་ཕྱིར་སྐུ་སྲོག་གཏང་བ་ལ་ཡང་སྙིང་སྟོབས་དང་ལྡན་ཞིང་ཞུམ་པ་མེད་པ་ཞིག་ཡིན་ལ་པདྨ་དྲག་པོ་ལ་ཡི་དམ་དུ་མཛད་པས་མངོན་རྟགས་གསལ་ཞིང། རྒྱལ་སྲས་རིན་པོ་ཆེ་ཨོ་(སྨད་ཆ།༥༧༡)རྒྱན་བསྟན་འཛིན་གྱིས་རྗེ་འདི་དྲག་པོ་དབུ་དགུ་པ་མངོན་སུམ་གཟིགས་པ་ཡིན་སྐད། གཞན་ཡང་ཨོར་ཀོ་བླ་མ་སྐུ་མཆེད། ཆེའོ་ཆོས་མཆོག་བར་ཁམས་བླ་རུ་བླ་མ་ཁག་སོགས་དེང་སང་གི་བར་དུ་ཆོས་བརྒྱུད་འཛིན་པའི་ཆོས་བདག་ལུང་ཟིན་གྱི་རིགས་བསམ་གྱིས་མི་ཁྱབ་ཀྱང་ཐམས་ཅད་འབྲི་བར་མ་ནུས་པས་འདིར་དེ་ཙམ་མོ། གདན་རབས་གཉིས་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཚུངས་མེད་རིག་འཛིན་ཆེན་པོ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་ཁམས་གསུམ་ཆོས་ཀྱི་སྒྲོན་མེ། རྒྱལ་སྲས་སེམས་དཔའ་ཆེན་པོ་ཨོ་རྒྱན་བསྟན་འཛིན་གྲགས་པའམ་གུ་རུ་བསོད་ནམས་བསྟན་འཛིན་ནི། ཡབ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་དང། ཡུམ་རིགས་ལྡན་ཀྱི་ཌཀྐི་ནི་ཚེ་རང་དབང་མོ་ཞེས་པའི་སྲས་སུ་ཁྱུ་མཆོག་ཅེས་པ་ལྕགས་མོ་སྦྲུལ་ཀྱི་ལོ་ལ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་སྐུ་བལྟམས། ལྟུམས་ན་བཞུགས་པའི་དུས་སུ་ཡང་ཡུམ་གྱི་རྨི་ལམ་དུ། ཉི་ཟླ་ཤར་བ་དང། ནམ་མཁར་འཕུར་བ། ཤེལ་གྱི་མཆོད་རྟེན་བརྙེད་པ་སོགས་བྱུང་ཞིང། ཡབ་གཏེར་ཆེན་ཆོས་ཀྱི་རྒྱལ་པོས་ཀྱང་གཏེར་ལུང་དང་མཐུན་པར་དབང་ཆེན་རྟ་མགྲིན་གྱི་སྦྲུལ་པར་ལུང་བསྟན། གཏེར་ཆེན་ཉིད་ཀྱིས་མཚན་བཅས་མཚན་མེད་ཀྱིས་བསྲུང་བ་དང་དབང་དང་སྐུ་འཁྲུས་སོགས་སྩལ། སྐུ་བསྐྱེད་བསྲིང་ནས་རིམ་པར་ལྗགས་ཀློག་ཕུལ་བའང་ཚོགས་མེད་པར་མཁྱེན། སྐུ་གཞོན་ནུའི་དུས་སྔོན་གྱི་གནས་མང་པོ་རྗེས་སུ་དྲན་པ་དང། ཁྱད་པར་དུ་དཱགས་པོ་བཟང་པོ་རྡོ་རྗེའི་སྐྱེ་བ་ཡིན་ཚུལ་ཡང་ཡང་གསུངས་པས་གྲ་སློབ་རནམས་བླ་མས་ཕངས་པས་གཞན་ལ་མ་བསྒྲགས་ཏེ་གསངས་པས་གྲ་སློབ་རྣམས་བླ་མས་ཕངས་པས་གཞན་ལ་མ་བསྒྲགས་ཏེ་གསང་རྒྱ་དང་གསུང་འགོག་(སྨད་ཆ།༥༧༢)པར་བྱས་པའི་ཚེ་རྡོ་བླ་ལྷུན་རྡོར་ཞེས་པའི་དགེ་རྒན་གཡོ་ཆེན་ཞིག་ཡོད་པ་དེས་གྲོང་ཡུལ་ཞིག་ཏུ་བྱོན་དུས་ཤིག། རྒྱལ་སྲས་རིན་པོ་ཆེའི་རྟ་དང། དགེ་རྒན་གྱི་ཁལ་ཞིག་ཆིབས་ནས། དེ་རིང་ངེད་རང་དཔོན་སློབ་ཆིབས་རྒྱུག་ཞིག་བྱེད། སུས་འཇོག་པ་དེས་རྟ་ཆིབས་རྒྱུ་བྱེད་ཟེར་ནས་རྒྱུག་པས་རྒྱལ་སྲས་རིན་པོ་ཆེས་ཆེབས་ཁ་ལྷོད་མ་ཕོད་པས་དགེ་རྒན་སྔོན་ལ་ཤོར་བས་ཐུགས་ཚིག་ནས་བཤུམས་པ་ན། དགེ་རྒན་གྱིས་འོ་ན་དཱགས་པོ་ནས་ཡིན་ཟེར་ན་ངེད་ཀྱི་རྟ་འཕྲོག་རྒྱུ་ཡིན་ཞུས་པས་དེ་ནས་ཡེ་གསུངས་མི་ཕོད་པ་ཞིག་བྱུང། ཕྱིས་ཚད་ནགས་ཤོད་སྟོད་ཀྱི་འབྲོག་སྡེ་ཞིག་ཏུ་བྱོན་དུས་དུད་ཚང་ཞིག་གི་སེ་ཕེབས་པ་ན། ཁྱེད་ལ་ངེད་ཀྱི་ཡི་གེ་ཞིག་བཅོལ་ཡོད་པ་ཞིག་གི་སར་ཕེབས་པ་ན། ཁྱེད་པ་ངེད་ཁོ་བོས་བཅོལ་ཡོད་པ་དེ་ཁྱེར་ཤོག་གསུངས་པས། ཡོན་བདག་དེས་ཁོ་བོས་ད་རེས་ལས་ཉིད་ཀྱི་ཞལ་ཡང་མཇལ་མ་མྱོང་བས་ཡི་གེ་བཅོལ་རྒྱུ་དེ་ག་ལ་ཡོད་ཞུས་པས། ཁོ་བོ་ཕྱོགས་འདིར་གདུལ་བྱར་ཕེབས་དུས་ས་ཆ་འདིར་བཞུགས་སྒར་གནང་སྐབས་ཁྱོད་ལ་ངེད་འདིར་སླེབས་དུས་སྦྲོད་དགོས་ཟེར་བ་དེ་མི་དྲན་ནམ་གསུངས་པས། ཡོན་བདག་དེས་དེ་འདྲ་ཞིག་དཱགས་པོ་བཟང་པོ་རྡོ་རྗེ་གསུངས་པ་ཡོད་ཚུལ་ཞུས་པས། དེ་ག་ཁྱེར་ཤོག་གསུངས་པ་བཞིན་ཕུལ་བས་དགྱེས་ཚོར་དཔེ་མེད་མཛད་པས་ཀུན་གྱི་དཱགས་པོ་བཟང་པོ་རྡོ་རྗེའི་སྐུའི་སྐྱེ་བ་འཁྲུལ་མེད་དུ་གླེང་ངོ། དེ་ལྟར་གྱི་རྒྱུད་མཚན་ཡང་དཱགས་པོ་རིན་པོ་ཆེ་དེ་ཉིད་གཏེར་ཆེན་འདིས་ཆོས་བདག་ཏུ་ངོས་འཛིན་ཕུལ་ནས་གཏེར་ཆོས་འགའ་ཞིག་ཀྱང་འབུལ་བ་ཡིན་འདུག་ཀྱང་གཏེར་སྟོན་ཐུགས་དགོངས་རྫོགས་པ་ཙམ་ཞིག་ཕུལ་མ་ཐུབ་པས། སླར་ཡང་ཞབས་བསྐུལ་ཕུལ་བ་ན། ད་ལམ་རྟེན་འབྲེལ་མཚོན་བྱེད་ཙམ་ལས་རྒྱས་པ་ཞུ་མ་གྲུབ་ཀྱང། སླར་གཏེར་ཆོས་(སྨད་ཆ།༥༧༣)ཡོངས་རྫོགས་ཞུ་བའི་འདུན་པ་དང་ཐུགས་དགོངས་རྫོགས་པ་ཞིག་བྱེད་ཅེས་གསུངས་ནས་རིང་པོར་མ་ལོན་པར་སྐུ་གཤེགས་པས། གཏེར་ཆེན་འདིའི་བསྟན་པ་འཛིན་ཕྱིར་སྐུའི་སྲས་སུ་བསམ་བཞིན་དུ་སྐྱེ་བ་བཞེས་པ་ཡིན་འདུག་སྟེ། གཏེར་སྟོན་རིན་པོ་ཆེས་ཀྱང་དེ་བཞིན་ཡིན་པར་བཞེད། འོན་ཀྱང་སྦྲུལ་པའི་སྐུ་གཉིས་བྱོན་པ་མི་འགལ་ལམ་ཞེ་ན་སྐྱོན་མེད་དེ་ཀུན་མཁྱེན་ཀློང་ཆེན་པ་དང་གྲགས་པ་འོད་ཟེར་ཡབ་སྲས་གཉིས་ཀ་ལས་འབྲེལ་བའི་སྐྱེ་བར་བཤད་པ་དང་མཚུང་སོ། དེ་ནས་རིམ་པར་དགུང་ལོ་བདུན་བརྒྱད་ཙམ་བཞེས་པ་ནས་གསན་བསམ་ཅི་རིགས་མཛད། ཁྱད་པར་དུ་ཡབ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་ཞབས་ནས་དབང་ལུང་ཇི་སྙེེད་ཅིག་གསན་ཅིང། རྗེ་ཉིད་ཀྱི་གཏེར་བྱོན་གཏེར་གསརེ་ཚང་བའི་དབང་ལུང་ཐམས་ཅད་ཆད་ལྷག་མེད་པར་བཀའ་རྫོགས་ལུང་རྫོགས་སུ་གསན་ཅིང་འགའ་ཞིག་ལན་མང་དུ་གསན་པའང་ཡོད་ལ། དགུང་ལོ་བཅུ་གཅིག་ཙམ་ནས་ཡབ་གཤེགས་པའི་གཤེགས་རྫོངས་དང་གསན་ལྷན་ཅིག་ཏུ་དབུས་ཕྱོགས་སུ་ཕེབས། ལྷ་ས་བསམ་ཡས་སོགས་ཀྱིས་མཚོན་པའི་བོད་ཡུལ་བླ་མ་ལྷ་བཅས་མཇལ་བ་དང་གནས་གཟིགས་མཆོད་འབུལ་རྒྱ་ཆེར་མཛད་ཅིང། ཁྱད་པར་གྲ་ཚང་ཕན་བདེ་ལེགས་བཤད་གླིང་དང། སེར་འབྲས། རྡོར་སྨིན་རྣམས་ལ་མང་ཇ་ཕྱག་འགྱེད་སོགས་གང་རྒྱས་དང། ཁྱད་པར་རང་ལུགས་རྡོ་རྗེ་བྲག་དང་སྨིན་གླིང་སོགས་ནས་བཞིས་ལེན་དང་ཤངས་ལེན་ཀྱང་གང་རྒྱས་གནང་འདུག་ཅིང། དེར་མཐུན་ཡར་ཡང་འབུལ་ཞབས་དང་ཆོས་བཀའ་ཞུ་བ་སོགས་མཛད་དེ། དེ་ཡང་སྨིན་གླིང་གཏེར་ཆེན་སྐུ་ཞབས་ནས་སྐྱབས་སྡོམ་དང་མཚན་ཨོ་རྒྱན་འགྱུར་མེད་བསྟན་འཕེལ་རྒྱ་(སྨད་ཆ།༥༧༤)མཚོ་ཞེས་སྩལ། བཀུར་བཟོས་གང་ཆེ་དང། བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད། བསྟན་ཇུས་གཅིག་ཏུ་ཡོད་བའི་བཀའ་ལུང་བཟང་པོས་རྗེས་སུ་འཛིན་པར་མཛད་ཀྱང་ཕྱིས་དུས་འགྱུར་སོགས་ཀྱིས་འཕྲོ་མཐུད་པ་ཞིག་སྟབས་འགྲིག་མ་བྱུང་འདུག། དབང་ལུང་བཀའ་ཆོས་ཞུ་དགོས་ཐམས་ཅད་གདུང་སྲས་རིན་པོ་ཆེར་སྩལ་དུ་འཇུག་པ་སོགས་བཀའ་དྲིན་བདག་རྐྱེན་གཞན་འགྲན་མེད་པ་དང་དངོས་རྫས་ཀྱི་གནང་སྐྱེས་སོས་བསམ་གྱིས་མི་ཁྱབ་པ་མཛད། གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོའི་སྐུ་ཞབས་ནས་ལུང་ཨ་ནུ་ཡོ་ག་འདུས་པ་མདོ་དབང་ཆེན་མོ་ཞེས་ཐེག་པ་རིམ་པ་དགུའི་དབང་བཀའ་ཡོངས་སུ་རྫོགས་པ་ཚད་ལ་མ་ནོར་བ་ཟབ་ཅིང་རྒྱ་ཆེ་བའི་རྒྱུད་ལུང་མན་ངག་གི་གནད་ཐམས་ཅད་ཕྱོགས་གཅིག་ཏུ་བསྒྲིལ་བའི་ཕྱག་བཞེས་གཏེར་ཆེན་སྐུ་མཆེད་ཀྱི་ཡིག་ཆའི་སྟེང་ནས་དབང་ལུང་ཡོངས་སུ་རྫོགས་པ་གསན་ཅིང། གཞན་ཡང་གཏེར་སྟོན་ཀརྨ་གླིང་པའི་གཏེར་བྱོན་ཟབ་ཅོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་སོགས་ཆོས་བཀའ་མང་དུ་གསན། མཁན་ཆེན་ལོ་ཙཱ་བ་དྷཱརྨ་ཤྲཱིའི་ཞབས་དྲུང་ནས་ཞི་ཁྲོའི་པོད་ལུང་དང་གཞན་ཡང་བཀའ་ཆོས་མང་དུ་གསན། བླ་མ་ཆོས་རྫོང་བའི་དྲུང་ནས་གུ་རུ་ཆོས་དབང་གི་གསང་འདུས་སོགས་གསན། རྡོ་རྗེ་བྲག་ཟུར་སྦྲུལ་དྲུང་ནས་བཀའ་ཐང་ཤེལ་བྲག་མའི་ལུང་དང། པད་གླིང་དྲག་དམར། ཐུགས་རྗེ་ཆེན་པོ་འཁོར་བ་དངོས་སྦུགས་ཀྱི་དབང་ལུང་རྣམས་གསན། གཞན་ཡང་ཁམས་སུ་ཕེབས་སྐབས་རྫོས་ཆེན་དཔོན་སློབ་ནམ་མཁའ་འོད་གསལ་གྱི་དྲུང་ནས་འཇའ་ཚོན་པའི་དཀོན་མཆོག་སྦྱི་འདུས་དབང་ལུང་དང་(སྨད་ཆ།༥༧༥)རྫོགས་ཆེན་སྦྲུལ་སྐུ་རིན་པོ་ཆེ་འགྱུར་མེད་ཐིག་མཆོག་བསྟན་འཛིན་དྲུང་ནས་བསམ་པ་ལྷུན་གྲུབ་མའི་དབང་དང། སྨིན་གླིང་གཏེར་ཁའི་རིག་འཛིན་ཐུགས་ཐིག་གི་དབང་ལུང་སོགས་གསན། ཁམས་པ་སྦྲུལ་སྐུ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་དྲུང་ནས་རརྣ་གླིང་པའི་ཕུར་པ་ཡང་གསང་བླ་མེད་ཀྱི་དབང་ལུང་ཡོངས་རྫོགས་གསན། བླ་མ་དམ་པ་སྐལ་བཟང་དབང་ལྡན་དྲུང་ནས་སྔ་ཕྱིར་ཆོས་བཀའ་མང་དུ་གསན་ཏེ། ཞིབ་པར་བཀའ་ཆོས་གསན་ཚུལ་མཐའ་ད་གསན་ཡིག་ཏུ་གསལ་བ་ལས་འདིར་སྨོས་ཀྱིས་མི་མང་ངོ། གཞན་ཡང་སྦྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། དངོས་དེ་གང་ཡང་ཡོད་མ་ཡིན། དེ་ལྟར་གྱུར་པའི་མཁས་པ་ལ། བསོད་ནམས་མ་གྱུར་གང་ཡང་མེད། ཅེས་གསུངས་པ་ལྟར། རིག་གནས་ཀྱི་སྐོར་སོགས་ཀྱང་སྨན་དཔྱད་རྩིས་རིགས་སྙན་ངག་དང་ལན་ཝར་སོགས་ཡིག་རིགས་རྣམས་ལའང་སྦྱོང་བརྡར་ཆེས་ཆེར་མཛད། བརྡ་སྦྲོད་པའི་བཞུང་དབྱངས་ཅན་མ་སོགས་ལའང་སྦྱོང་བརྡར་ཅི་རིགས་མཛད་ཅིང་རྩིས་དཀར་ནག་དང་སྨན་དཔྱད་རྣམས་ལའང་སློབ་སྦྱོང་གནང་བས་མཁས་པར་མཁྱེན་ཅིང། སྨན་སྦྱིན་ཀྱང་ལོ་འགར་མཛད། མདོ་སྔགས་ཀྱི་གཞུང་འགྲེལ་མང་པོར་ཡང་མཁས་པར་སྦྱངས་ཤིང་སྐྱེས་ཐོབ་ཀྱི་རྣམ་དཔྱོད་ཕུལ་དུ་ཕྱིན་པས་ཤེས་བྱ་གང་ལའང་ལན་རེ་ཟུང་རེ་གཟིགས་པ་ཙམ་གྱིས་དོན་གྱི་གནད་ཐམས་ཅད་ལེགས་པར་མཁྱེན་པས་མཁས་པའི་རྩེར་སོན་ཏེ། དཔང་ལོ་ཆེན་པོས། སྔོན་ནས་སྦྱངས་པས་སྐྱེ་བ་འདིར། གཞུང་ཀུན་རྩེ་མོས་ཞར་ལ་ཤེས། ཞེས་གསུངས་པ་ལྟར་མཁྱེན་རབ་ཀྱི་རྩལ་ཆེ་བས་ཤེེས་བྱ་གང་ལང་གཞན་དྲིང་མི་འཇོག་པར་མཁྱེན་དཔྱོད་དང་ལྡན་པ་ཞིག་(སྨད་ཆ།༥༧༦)གོ། དགུང་ལོ་བཅོ་བརྒྱད་ཙམ་བཞེས་དུས་དབུས་ཕྱོགས་སུ་ཇུན་གར་གྱི་དུས་འགྱུར་ལ་བརྟྲེན་སྦྲུལ་པའི་སྐུ་རིན་པོ་ཆེ་དང་ལྷན་རྒྱས་སུ་ཁམས་སྡེ་དགེ་ཕྱོགས་སུ་ཆིབས་སྐྱོད་གནང། བར་ཁམས་རྡོ་ཤུལ་བླ་མ་རིག་འཛིན་དབང་ཕྱུག་དང། བླ་རྒན་བསྟན་པ་ཚང་སོགས་ཀྱིས་གདན་ཞུ་དང་གཞི་ལེན་བསྙེན་བཀུར་འབུལ་ནོད་རྒྱ་ཆེར་ཕུལ། གཞན་ཡང་འབྲོང་པ། དགེ་རྒྱལ། ནང་ཆེན་སོགས་ལམ་བར་དུ་འཁོད་པའི་ཡུལ་འབྲོག་སོ་སོ་གུས་འདུད་དང་བསྙེན་བཀུར་གྱིས་མཆོད་ཅིང། དེ་དག་ལའང་དབང་ཆོས་སོགས་ཀྱིས་ཕན་གདགས། རིམ་པར་སྡེ་དགེའི་རྫོང་སྒོ་འགའ་ཞིག་བརྒལ་བ་ནས་ཁང་དམར་རྒོད་ཚང་ཕུག་པར་བླ་མ་དབང་འཛིན་གྱིས་གདན་དྲངས་ནས་བསྙེན་བཀུར་ཕུལ། དེ་ནས་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་དུ་ཆིབས་སྐྱོད་གནང་བས། ཆོས་སྡེ་ནས་ཀྱང་བསུ་བའི་བཀོད་ཤམས་རྒྱ་ཆེན་པོའི་སེར་སྦྲེང་དང་བཅས་གཏེར་ཆེན་བླ་མའི་ཆོས་ཀྱི་ཁྲི་ལ་ཞབས་ཀྱི་པདྨ་བཀོད་པར་གྱུར་ཏོ། འདི་སྐབས་སྡེ་དགེ་མཇལ་བར་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོ་ཞབས་པད་བསྐྱོད་པས་ས་སྐྱོང་ཆོས་ཀྱི་རྒྱལ་པོས་ཀྱང་གཞི་ལེན་དང་ཤངས་ལེན་རྒྱན་པར་སྩལ་ཞིང། དངོས་རྫས་དུ་མའི་ལེགས་འབུལ་རྒྱ་ཆེར་བསྟབས། འདི་སྐབས་སྡེ་དགེའི་ཁོག་ཏུ་ལོ་གོ་ལྔ་ཙམ་བཞུགས་གདན་འཇགས་ཏེ། རྫོགས་ཆེན་གདན་ས་ཆེན་མོ་རུ་དམ་དགོན་དུའང་ཕེབས་དཔོན་སློབ་ནམ་མཁའ་འོད་གསལ། རྫོགས་ཆེན་མཆོག་སྦྲུལ། ཁམས་པ་སྦྲུལ་སྐུ་ངག་དབང་ཀུན་དགའ་བསྟན་འཛིན་སོགས་དང་མཇལ་འཕྲད་དང་དབང་ལུང་ཅི་རིགས་གསན། གཞན་ཡང་འབྲོག་སྡེ་དང་ཡུལ་གྲོང་རྣམས་སུ་ཆིབས་སྐྱོད་དང་བཀའ་ཆོས་ཀྱི་བྱིན་རླབས་སོགས་(སྨད་ཆ།༥༧༧)ཀྱིས་འབྲེལ་ཐོག་འཁོར་བ་མཐའ་ཅན་དུ་མཛད། སྟག་སྒང་དུའང་གཏེར་གསར་ཡོངས་རྫོགས་ཀྱི་དབང་ལུང་མཛད་མ་ཚང་བ་མེད་པར་སྩལ། རྗེ་འདིས་དབང་བཀུར་མཛད་ཚེ་བྱིན་འབེབས་སོགས་ཀྱི་དུས་སུ་ཡེ་ཤེས་པ་ཕེབས་པའི་རྟགས་མཚན་དངོས་སུ་འཕྱོ་བ་དང་འདར་བ་དང་འཁྲབ་པ་དང་སྨྲ་བ་དང་དགོད་པ་སོགས་བྱུང་བར་སྣང་ལ། གཞན་ཡང་ངོ་མཚར་བའི་ལྟས་ཁྱད་པར་ཅན་དུ་མ་བྱུང་བར་གྲགས། རྗེ་ཉིད་ཡབ་གཏེར་ཆེན་རིག་འཛིན་ཆེན་པོ་དེ་ཉིད་ཀྱིས་སྐུ་རྟེན་སྔགས་ཆས་མཛད་དགོས་པའི་བཀའ་ལུང་ཡོད་ཀྱང། སྡེ་དགེ་ས་དབང་ཆེན་པོའི་བཀའ་བསྐུལ་ནས་རྟེན་རབ་བྱུང་དུ་བསྒྱུར་བར་གནང། ས་དབང་ཆེན་པོ་དེ་ཉིད་ཀྱིས་ཀྱང་དབང་མང་དུ་གསན་ཕུན་སུམ་ཚོགས་པས་དབུའི་མཆོད་གནས་སུ་བསྐུར། ཞབས་ཏོག་དང་འབུལ་བ་རྒྱ་ཆེན་ལན་གཅིག་མིན་པར་ཡང་ཡང་ཕུལ་བ་སོགས་མཛད། སླར་ཡང་བོད་ཁོག་བདེ་འཇགས་སུ་གྱུར་ནས་གདན་ས་གོང་མར་ཆིབས་སྐྱོད་གནང། གདན་སར་ཕེབས་གྲུབ་ནས་འབྲག་ཡུལ་རྣམས་སུ་འགྲོ་ཕན་ཅུང་ཟད་མཛད་ཅིང། དེ་ནས་སྐུ་མཚམས་བཅད་རྒྱ་ཁོ་ན་ལ་ཚིག་སྒྲིལ་མཛད། སྒྲུབ་གནས་ཀྱང། མེ་འབར་ཕུག། ཕུག་ནག་རྡོ་རྗེ་སྙིང་རྫོང་རྣམས་སུ་གནས་འབྲེལ་རེ་ཙམ་ལས། གཙོར་ཆེར་སེར་བཀྲ་ཤིས་སྟོད་རང་དུ་ལོ་མཚམས་དང་ཟླ་མཚམས་ལོ་སྦྲེལ་མ་ལ་སོགས་པའི་བཅད་རྒྱ་ལོ་ལྔ་ཙམ་མཛད་ཅིང། གཏེར་གསར་ཕལ་ཆེར་གྱི་བསྙེན་སྒྲུབ་མ་སོང་བ་མེད། གཞན་ཡང་གཏེར་རྙིང་གི་ལྗགས་བསྙེན་ཀྱང་མང་དུ་གནང་ཞིང། མཚམས་བར་རྣམས་སུ་རྟེན་བཞེངས་ཀྱང་ཅི་འགྲུབ་མཛད། སྦྱིར་ཡང་བླ་མ་དམ་པ་དེ་ཉིད་ཐུགས་(སྨད་ཆ།༥༧༨)རྗེ་དང། མཁྱེན་རབ་ཚད་མེད་པ་མངའ་ཞིང། ལུང་དང་རྟོགས་པའི་ཡོན་ཏན་རྒྱ་མཚོ་ལྟ་བུས་ཐུགས་རྒྱུད་བལྟམས་པ་ཞིག་སྟེ། སྐྱེ་ཐོབ་ཀྱི་སྙིང་རྗེ་ཆེན་པོའི་གཞན་དབང་གིས་འགྲོ་བ་ཀུན་ལ་བུ་གཅིག་པ་ལྟ་བུའི་བརྩེ་བའི་སྙིང་རྗེ་དང་ལྡན་པས་སེམས་ཅན་དབུལ་ཕོངས་སོགས་སྡུས་བསྔལ་གྱིས་ཉམས་ཐག་པ་རྣམས་ལ་ཟས་གོས་སོགས་མཐུན་རྐྱེན་སྒོ་དུས་མས་ཕན་གདགས་པ་དང། ཐ་བ་དུད་འགྲོའི་རིགས་གྱུར་རྣམས་ལང་རྡོན་རྒྱན་སྲོག་བསླུ་སོགས་ཀྱིས་ཕན་གདགས། གཞན་ཡང་འགྲོ་དོན་བཞུགས་སྒར་ཕེབས་སར་ཡང་དགེ་སྒྲུབ་སྡིག་སྦོང་གི་དགེ་བསྐུལ་ཁོ་ན་མཛད་ཅིང། མནའ་སྦོང་བ། སྲོག་གཅོད་སྦོང་བ་རྐུན་ཇག་མི་བྱེད་པ་སོགས་ཁས་ལེན་དུ་བཅུག་ཅིང། དེ་བཞིན་དུ་སེར་མོའི་རིགས་ལ་ཐུགས་དམ་ཞལ་འདོན་སོགས་དང། སྐྱེ་བོ་ཕོ་མོ་རྣམས་ལའང་བསྙེན་གནས་བསྙུང་གནས། སྐོང་བ་ལྷ་ཕྱག་མ་ཎི་འདོན་པ། མར་མེ། ཚེ་ཐར། པཙྪ། ཆུ་གཏོར། ཇོ་དར་སོགས་དགེ་བ་ལ་བསྐུལ་ཞིང་དམ་བཅའ་བཟུང་དུ་བཅུག་པ་སོགས་རྣམ་དཀར་གྱི་ཕྲིན་ལས་བསྐྱངས་ཤིང། ཡོན་བདག་དང་སློབ་མ་སོགས་ཀྱི་ཕུལ་བའི་དངོས་རྫས་བྱུང་རིགས་རྣམས་ཀྱང། ཆོས་སྡེ་སོ་སོར་འགྱེད་མང་བཀོལ་སོགས་དང་སྔགས་གྲོང་དང་ཡུལ་པའི་ཚེས་བཅུ་བ་རྣམས་ལའང་དེ་རྟེན་དང་ཡོན་སྦྱོར་མཛད། ཐ་ན་མུ་ཏོ་བ་རྣམས་ལའང་ཕྱག་སྐོར་མ་ཎི་སོགས་འདོན་དུ་བཅུག་ནས་གནང་སྦྱིན་མཛད། དུས་རྟག་ཏུ་ཐུགས་དམ་བསྒོམ་བཟླས་སོགས་གཡེལ་བ་མི་མངའ་ཞིང། དེའི་སྟོབས་ཀྱིས་རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་ཞལ་གཟིགས་པ་དང་ལུང་བསྟན་རྗེས་སུ་གནང་བ་སོགས་བསམ་གྱིས་མི་(སྨད་ཆ།༥༧༩)ཁྱབ་པ་ཡོད་ཀྱང་འདིར་ཡི་གེ་མང་བས་འབྲི་བར་མ་ནུས་པས་རྗེ་ཉིད་ཀྱི་ངག་སྣང་ཐོར་བུ་ཞལ་གསུང་མར་ལྟ་བར་བྱ་ཞིང། ཁྱད་པར་གུ་རུ་པདྨས་ཞལ་དངོས་སུ་བསྟན་ནས་གུ་རུ་བསོད་ནམས་བསྟན་འཛིན་ཞེས་པའི་མཚན་གསོལ་བས་དེ་ཕྱིན་མཚན་ཡང་དེ་ལྟར་གྲགས། གུ་རུ་ཡབ་ཡུམ་ཕལ་ཆེར་འབྲལ་མེད་དུ་གཟིགས་ཤིང། དག་པའི་སྣང་བ་ཕྱོགས་མེད་དུ་ཤར་བས། དག་སྣང་གི་ཆོས་སྡེ་ཚེ་སྒྲུབ་ཟླ་བའི་སྙིང་པོ་དང། གུ་དྲག་གི་ཆོས་སྐོར་སོགས་པུ་ཏི་གཉིས་ཙམ་ཡོད་ལ། གཞན་ཡང་རྡོ་རྗེ་ཆོས་སྐྱོང་རྣམས་དང་དཀར་ཕྱོགས་སྐྱོང་བའི་གཞི་བདག་རྣམས་ཀྱང་གུས་པས་བཏུད་ཅིང་འཕྲིན་ལས་བསྒྲུབས་ཏེ། ཇོ་བོ་སྒྱོགས་ཆེན་གདོང་རས་གསེར་ཐིག་པོ་ཞིག་ཕུལ་བ་དངོས་སུ་ཕྱག་ཏུ་སོན་པ་སོགས་ཡ་མཚན་ཅན་གྱི་རྣམ་ཐར་བརྗོད་ཀྱིས་མི་ལངས། མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་གྱི་རིགས་རྣམས་ཀྱང་ཐོག་ཏུ་མ་ཁེལ་བ་མེད་པ་དང། གཞན་བརྒྱུད་ཀྱི་རྟོག་པ་མཁྱེན་པས་ཁྱོད་སྔར་འདི་འདྲ་ཞིག་ཏུ་སྐྱེས་པ་ཡིན་འདུག། ང་འདི་ཞིག་ཏུ་སྐྱེ་བ་འདུག་གསུངས་པ་རྣམས་ཀྱང་ཐོག་ཏུ་མ་ཁེལ་ན་མེད་པ་དང། ལྷག་པར་གཤིན་པོ་འགའ་ཞིག་གི་ལུས་ལ་མཚལ་དང་སྣག་ཚ་སོགས་ཀྱིས་ཕྱག་མཛུབ་ཀྱི་རྗེས་བཞག་ནས་འདིས་སྐྱེ་བ་ལ་རྟགས་འདི་ཡོད་པ་འོང་གསུངས་པ་རྣམས་ཀྱང་ཇི་ལྟར་གསུངས་པ་བཞིན་བྱུང་བར་མང་དུ་སྣང་ཞིང། དེ་བཞིན་དུ་སྐྱེ་བ་དྲན་པའང་དུ་བྱུང་སྣང་སྟེ་བདག་རྒྱལ་སྲས་རིན་པོ་ཆེས་འདིར་གཏོང་བ་ཡིན་ཟེར་བ་དང། བར་སྲིད་ཀྱི་སེམས་ཅན་རྣམས་གཟིགས་ཚུལ་སོགས་ངོ་མཚར་ཅན་མཐའ་ཀླས་པ་ཡོད། གསུང་རྩོམ་བསྟན་བཅོས་ཀྱི་རིགས་ཀྱང། བསྟོད་ཚོགས། ཞལ་གདམས།(སྨད་ཆ།༥༨༠)བསང་གསུར་སོགས་ཉེ་མཁོ་པུ་ཏིར་ལོངས་པ་ཡོད་ལ། དེ་ནས་རེ་ཞིག་གདུལ་བར་བྱ་བའང་དེ་ཙམ་དུ་གཟིགས་ནས་རྗེ་བཙུན་མཆོག་གི་སྦྲུལ་སྐུ་རིན་པོ་ཆེ་རིག་འཛིན་བསྟན་སྐྱོང་རྒྱ་མཚོར་ཞལ་ཆེམས་ཀྱི་ཚུལ་དུ་བསླབ་བྱ་དུས་གསུམ་ལུང་བསྟན་སོགས་སྩལ་ནས་ངེས་དོན་གྱི་བསྟན་པ་གཏད་དེ་དགུང་ལོ་ཉེར་བདུན་པ་ལ་གཟུགས་སྐུའི་བཀོད་པ་ཆོས་སྐྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པར་གྱུར་ཏོ། སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་བགྱིས་པས་རྟེན་ཁྱད་པར་ཅན་མང་དུ་བྱོན། དགོངས་རྫོགས་མཆོད་སྦྲིན་སྦྲོ་བ་རྟེན་བཞེངས་སོགས་བོད་ཡུལ་ཕྱིན་མདོ་སྨད་ཡན་གྱི་རང་ལུགས་དང་འབྲེལ་བའི་བླ་མ་ཆོས་སྡེ་རྣམས་ལ་འབུལ་བ་མང་བཀོལ་སོགས་གང་རྒྱས་སྒྲུབ་པ་སོགས་མཆོག་སྦྲུལ་རིན་པོ ་ཆེ་ཉིད་ཀྱིས་ཐུགས་བཞེས་མཛད་ནས་ལེགས་པར་གྲུབ་པ་ཡིན་འདུག། རྗེ་འདིའི་སྦྲུལ་པའི་སྐུ་ནི་ཀ་འོག་ཏུ་སྔགས་བརྒྱུད་ཅིག་ཏུ་འཁྲུངས། རྗེ་བླ་མ་མཆོག་སྦྲུལ་རིན་པོ་ཆེ་རིག་འཛིན་བསྟན་སྐྱོང་རྒྱ་མཚོ་ཉིད་ཀྱིས་ངོས་འཛིན་སོགས་བླ་མ་ལྟར་བཅས་ཀྱི་ལུང་མཐུན་བཞིན་མཛད་ནས་གདན་སར་སྦྱན་དྲངས། གཙུག་ཕུད་བཞེས་ནས་མཚན་ཨོ་རྒྱན་ཕྲིན་ལས་རྒྱ་མཚོར་གསོལ། སྦྲུལ་པའི་སྐུ་ཐུགས་རིག་བཀྲ་ཞིང་རྣམ་དཔྱོད་གཙང་བས་སྐུ་ཡོན་གྱི་རིགས་རྣམས་ཀྱང་ཚོགས་མེད་དུ་མཁྱེན། རྗེ་བླ་མ་ཉིད་ཀྱི་སྨིན་གྲོལ་གྱི་གདམས་རྣམས་ཀྱང་ཚོགས་མེད་དུ་མཁྱེན། རྗེ་བླ་མ་ཉིད་ཀྱི་སྨིན་གྲོལ་གྱི་གདམས་ཟབ་ཡང་དུ་སྩལ་ཞིང། རྒྱལ་བ་སྐལ་བཟང་རྒྱ་མཚོ་རབ་ཏུ་བྱུང་བའི་མཚན་སྐལ་བཟང་རིག་འཛིན་ཞེས་པ་གནང། བསྙེན་སྒྲུབ་སོགས་ལ་ཐུགས་སྩོལ་འདོན་པ་སོགས་སྐྱེས་ཆེན་དམ་པར་འོས་པ་ཞིག་བཞུགས་ཀྱང། དགུང་ལོ་བཅོ་བརྒྱད་པ་ལ་དག་པའི་ཞིང་དུ་གཤེགས། དེའི་སྦྲུལ་སྐུ་ཡང་ཀ་འོག་ཏུ་སྔགས་འཆང་(སྨད་ཆ།༥༨༡)རང་གྲོལ་ཞེས་པའི་སྲས་སུ་འཁྲུངས། སྔོན་གནས་རྗེས་དྲན་གྱི་གསུང་གསལ་བ་དང་གསང་ལུང་མཐུན་པར་གདན་སར་ཕེབས། རྗེ་བླ་མས་གཙུག་ཕུད་བཞེས་ནས་མཚན་ཨོ་རྒྱན་དཔལ་འབྱོར་རྒྱ་མཚོར་གསོལ། འདི་དུས་མི་གཞན་ཞིག་གིས་ཁོ་རང་གི་བུ་རྒྱལ་སྲས་སྦྲུལ་སྐུ་ཡིན་པར་བསྒྲགས་པས་སྲུང་མས་མངོན་སུམ་དུ་སྒྲལ་བ་བྱུང། སྦྲུལ་པའི་སྐུ་མཁྱེན་དཔྱོད་ཀྱི་པདྨོ་རྣམ་པར་རྒྱས་པ་ཙམ་དུ་མ་ཟད། དག་པའི་སྣང་བ་རབ་འབྱམས་སུ་ཤར་བས་ལྷག་པའི་ལྷ་དུ་མ་ཞལ་གཟིགས་པ་དང། གནས་གཏེར་གྱི་སྒོ་འབྱེད་དུ་ཡོད་པའི་ལུང་བསྟན་སོགས་བྱུང་ཞིང། མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་བ་སོགས་ངོ་མཚར་བའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་ཀྱང་དགུང་ལོ་བཅུ་བཞི་པ་ལ་གཤེགས། དེའི་སྦྲུལ་སྐུ་ནི་རྫོང་པ་སྲི་ཆོད་ཅེས་པའི་སྲས་སུ་འཁྲུངས། བླ་མ་བསྟན་འཛིན་སྙིང་པོའི་གདན་སར་སྦྱན་དྲངས་མཚན་ཨོ་རྒྱན་བསྟན་འཛིན་རྒྱལ་མཚན་དུ་གསོལ། སྦྲུལ་པའི་སྐུ་འདི་སྐུ་ན་ཤིན་ཏུ་ཕྲ་བ་ལྷ་དུ་མ་ཞལ་གཟིགས་ཤིང། བརྟེན་པའི་ཆོས་སྐྱོང་རྣམས་ཀྱང་འབྲལ་མེད་དུ་གཟིགས་པ་སོགས་ངོ་མཚར་ཆེ་བ་ཞིག་བྱོན་ཀྱང་དགུང་ལོ་བཅུ་གཅིག་པ་ལ་གཤེགས། དེ་ནས་ཀྱང་སྦྲུལ་སྐུ་གཉིས་ཙམ་བྱུང་ཡང་སྐུ་ཚེ་མཐར་མ་ཕྱིན་ཏེ། རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་ཉིད་ཀྱི་གསང་ལུང་ལས་སྐུ་སྐྱེ་བ་བདུན་གྱི་བར་དུ་འགྲོ་དོན་རྒྱ་ཆེན་མི་འབྱུང་བས་སྐྱེ་བ་བདུན་པ་ནས་སྐུ་ཚེ་མཐར་ཕྱིན་དང་འགྲོ་ཕན་ཕྲིན་ལས་ར་ཆེར་འབྱུང་བར་ལུང་བསྟན་ཡོད་པ་བཞིན་ད་ལྟ་སྒམ་པོ་གཏེར་ཆེན་རིན་པོ་ཆེའི་སྲས་སུ་སྐྱེ་བ་བཞེས་པ་འདི་ལགས་སོ། གདན་ས་གསུམ་མཆོག་གི་སྦྲུལ་པའི་སྐུ་རིན་པོ་ཆེ་རྡོ་རྗེ་འཆང་པདྨ་(སྨད་ཆ།༥༨༢)ཐེག་མཆོག་བསྟན་པའི་རྒྱལ་མཚན་ནམ་རིག་འཛིན་བསྟན་སྐྱོང་རྒྱ་མཚོ་ནི། ཆོས་ཀྱི་སྐུ་དཔག་ཏུ་མེད་པ་གཞོན་ནུ་བུམ་སྐུའི་དབྱིངས་ནང་གསལ་རྒྱལ་བའི་སྦྱི་མེས་སུ་བཞུགས་པ་ལས། ཐུགས་རྗེ་ཆེན་པོས་ལོངས་སྦྱོད་རྫོགས་སྐུར་ཕྱིར་གསལ་དུ་བསྟན་ནས་དའི་སྦྲུལ་པའི་འདྲེན་པ་རྣམ་པར་བཀོད་པས་བསྐལ་བ་བཟང་པོ་འདི་འཛིན་པར་མཛད་ཅིང། དེ་ལས་བྱང་སེམས་འཕགས་པ་རྣམས་ཀྱི་མོས་ངོར་དཀྱིལ་འཁོར་འཁོར་ལོ་དང། ཐུན་མོང་ལ་མཆོག་གི་སྦྲུལ་པའི་སྐུ་དང། མ་དག་པའི་འགྲོ་བ་རྣམས་སུ་གང་འདུལ་གྱི་ཕྲིན་ལས་ཆུ་ཟླ་ལྟར་བཀོད་པས་འཁོར་བ་ཇི་སྲིད་དུ་སེམས་ཅན་གྱི་དོན་མཛད་པ་ལས། རེ་ཞིག་རང་ཅག་ཚུར་རོལ་མཐོང་བའི་གདུལ་བྱ་ཁ་ཅིག་གི་མོས་ངོར་སྣང་བའི་སྦྲུལ་པའི་སྐུ་འདི་ཉིད་ཀྱིས། གང་དུ་སྐྱེ་བའི་མྱུ་གུ་འཛིན་པའི་ཡུལ་ནི་ཤོང་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་གསེས་ནགས་ཤོང་ཞེས་དགེ་བཅུ་ལྡན་པའི་ཡུལ་གྱི་བྱེ་བྲག་ནགས་ཤོང་སྨད་པ་ཞིག་སྟེ། ཡུལ་དེར་དུས་སྔ་མོ་ཞིག་ནས་སྔགས་འཆང་མང་པོ་བརྒྱུད་མར་བྱུང་བས་གྲོང་པའི་ཆགས་ལུགས་ཀྱི་དབྱིངས་ཆོས་འབྱུང་བསྣོལ་མ་འདྲ་བ་ཞིག་ཡོད་པས་མིང་ཡང་བསྣོལ་མ་ནང་དུ་གྲགས་པ་དེར། སྔོན་ཨ་ཙ་ཞེས་པའི་གདུང་རུས་ལུས་སྦྲུལ་པའི་གཏེར་སྟོན་མ་ཧ་བཛྲ་ཞེས་བྱ་བ་ཞིག་བྱུང་ཞིང། གཏེར་རུས་ལས་སྦྲུལ་པའི་གཏེར་སྟོན་མ་ཧ་བཛྲ་ཞེས་བྱ་བ་ཞིག་བྱུང་ཞིང། གཏེར་ཆེན་དེའི་གདུང་བརྒྱུད་རིམ་པར་བྱོན་པའི་མི་རབས་བཞི་ཙམ་གྱི་མཐར། ལྷ་མོ་དར་ཞེས་པ་དད་པ་ཆེ་ཞིང་གཞུང་བཟང་བ་ཞིག་བྱུང་སྟེ། དེ་ནི་རྗེ་འདིའི་སྐུ་བསྐྱེད་པའི་ཡབ་ཡིན་ལ། ཡུམ་ཡང་བུད་མེད་དམ་པའི་ཡོན་ཏན་དང་ལྡན་པ་ངག་དབང་མཚོ་མོ་ཞེས་པ་ཞིག་སྟེ། དེ་སྐབས་ཡུམ་གྱི་རྨི་ལམ་དུ། ཕུ་ཏི་མང་པོ་འཁུར་བ་དང། ཤེལ་གྱི་བུམ་པ་བརྙེེད་(སྨད་ཆ།༥༨༣)དང། ཉི་ཟླ་ཞིང་འོད་སྔར་ལས་ལྷག་པར་ཆེ་བ་སོགས་རྨིས། དེ་ནས་རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་འབྲུག་གི་ལོ་སྟེ་བཀྲ་ཤིས་པའི་ཟླ་ཚེས་བཟང་པོ་ཞིག་ལ་མེ་ཏོག་གི་ཆར་དང་འཇའ་ཚོན་གྱིས་དྲ་བར་འབྲེལ་བ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ནགས་ཤོང་སྟོད་དུ་རྒྱང་འབྲོག་ལ་ཕྱིན་སྐབས་སུ། མདའ་ཟླ་བ་ཞེས་པའི་སྨན་ལྗོངས་གཅང་ཞིང་ཉམས་དགའ་བ་ཞིག་ཏུ་མཚན་དཔེའི་དཀྱིལ་འཁོར་གསལ་བར་གྱུར། དེ་ཡང་ཆུང་ངུ་ནས་ཐ་མལ་བའི་བྱིས་པ་གཞན་དང་མི་འདྲ་བར་སྐུ་རྩེད་གནང་བའང་བསྐུར་བསྟོད་དང། ཆོས་འཆད་ཚུལ་དང། གཏེར་བཏོན་ཚུལ། སྒོམ་སྒྲུབ་མཛད་ཚུལ་སོགས་སྔོན་གྱི་ཐུགས་ཀྱི་བག་ཆགས་མ་བརྗེད་པའི་ངང་ཚུལ་ཤིན་ཏུ་གསལ་བ་ཁོ་ན་མཛད། གསུང་ངག་བྱེ་བའི་ཐོག་མ་ནས་བཟུང་གཏེར་སྟོན་རིག་འཛིན་ཆེན་པོ་དེ་ཉིད་ཀྱི་སྐྱེ་བ་ཡིན་ཚུལ་གསུངས་ཤིང། ངའི་མིང་ལ་ཨོ་རྒྱན་རིག་འཛིན་རྣམས་རྒྱལ་ཟེར་བ་ཡིན་ཞེས་དང། ང་རང་གཏེར་ཆེན་རིག་འཛིན་རྣམས་རྒྱལ་ཟེར་བ་ཡིན་ཞེས་དང། ང་རང་གཏེར་ཆེན་རིག་འཛིན་ཆེན་པོ་ཡིན་ཞེས་སོགས་གསལ་བར་གསུངས་ཤིང། གཏེར་ཆེན་དེ་ཉིད་ཀྱི་གདན་ས་སྲིང་རྫོང་འོད་གསལ་སྒྲུབ་སྡེར་བྱོན་དགོས། ཆགས་རུར་དཔེ་ཆ་མཆོད་བཤམས། ན་བཟའ། ཉེར་སྦྱོད། གྲ་པ། རྟ་དྲེལ་སོགས་ཡོད་ཚུལ་རྣམས་གསུངས། འོན་ཀྱང་ལོ ་ངོ་གསུམ་ཙམ་དུ་འབྲོག་ཁྲིམ་རང་དུ་བཞུགས། དེ་སྐབས་ཡབ་གྲོང་ཡུལ་དུ་སོང་བའི་ལམ་བར་ནས་ཆུས་ཁྱེར་སོང་བ་གཟིགས་ཚུལ་གསུངས་བཞིན། ཕྱི་ཉིན་སྐད་ཆ་ཐོས་བྱུང་བས། མངོན་ཤེས་ལ་ཆག་ཐོགས་མི་མངའ་བའི་ངེས་ཤེས་བསྙེད་པར་བྱུང། རྟ་ལོའི་སྟོན་ཀ་ནས་བཟུང་ཤུག་གདོང་དགོན་དུ་ཁུ་བོའི་སརེ་བཞུགས། འདི་སྐབས་(སྨད་ཆ།༥༨༤)ནས་ཡུལ་མི་ཆོས་སྡེ་མཐའ་དག་ནས་གཏེར་ཆེན་དེ་ཉིད་ཀྱི་སྐྱེ་བར་ངེས་ཤེས་ཐོབ་པས་བྱིས་པ་གཞན་ལས་རྩི་འཇོག་ཆེ་ཞིང་བསྙེན་བཀུར་ཕུལ། བཀའ་བཅུ་བ་ཞིག་གི་ཐང་ཀ་ཞིག་ལ་ཕྱག་ནས་འཐོར་འཇུག་པས། མེ་ཏོག་འགའ་ཞིག་འཛིན་པར་གྱུར་པས་ཀུན་གྱི་ངོ་མཚར་དུ་གླེང་ངོ། དེ་ནས་དགུང་ལོ་བཞི་པ་ནས་ཡིག་ཀློག་ཕུལ་བས་དཀའ་ཚོགས་མེད་པར་མཁྱེན། ཤིང་ལུག་ལོར་ཆོས་ཀྱི་རྒྱལ་པོ་རྒྱལ་བ་འབྲི་གུང་བ་ཆེན་པོའི་རིང་ལུགས་པ་བླ་མ་ལྷོ་བ་སྦྲུལ་བའི་སྐུ་དཀོན་མཆོག་ཆོས་ཀྱི་རྒྱ་མཚོ་འགོ་ཆོས་འཁོར་བྱམས་པ་གླིང་དུ་ཕེབས་པའི་དུས་སུ་རྗེ་ཉིད་ཁུ་བོ་དགེ་རྒན་ཆོས་དར་རྒྱས་དང་ལྷན་ཅིག་མཛད་དུ་ཕེབས་པས། མཇལ་ཁ་དང་བཀུར་སྟི་གཞན་ལས་ཆེ་བར་མཛད། གཙུག་ཕུད་ཕུལ་བས་མཚན་དཀོན་མཆོག་བློ་བཟང་དཔལ་འབར་དུ་གསོལ། བྱིས་པ་འདི་ཁྲོམ་གསེབ་ཏུ་མ་བྱིན་གྲིབ་ལ་འཛེམ་དགོས་པར་འདུག་གསུངས་ཤིང། བླ་བྲང་དུ་ཚེ་དབང་དང་དབང་བཀའ་ཁ་ཤས་གནང། དེ་ནས་གཏེར་སྟོན་རིན་པོ་ཆེའི་གདུང་སྲས་ཨོ་རྒྱན་བསྟན་འཛིན་གྱི་ཞལ་སྔ་ནས་གསུང་ཤོག་ཕྱག་བྲིས་རྟེན་བཅས་དང། གྲིབ་སོགས་མི་གཙང་བ་ལ་འཛེམ་ལུགས་དགོས་ཚུལ་གྱི་སློབ་སྟོན་སོགས་བཀའ་ཕེབས་བྱུང་ཞིང། རྒྱས་སྲས་ཉིད་ཀྱི་གསང་ལུང་ལས། བོད་ཡུལ་བླ་མ་ཆོས་སྐྱོང་སོགས་ཀྱི་ལུང་མཐུན་ཐག་ཆོད་བྱུང་བ་ལ་བརྟེན། དགུང་ལོ་ལྔ་བཞེས་པ་མེ་སྦྲེལ་ལོར། ཆགས་རུ་འོད་གསལ་སྒྲུབ་སྡེ་ནས་གདན་འདྲེན་པར་བྱུང་བས། ཐུགས་ལ་དགྱེས་པ་དཔག་ཏུ་མེད་པ་འཁྲུངས་ཤིང་སྲིང་རྫོང་འོད་གསལ་སྒྲུབ་སྡེ་རུ་ཕེབས། སྒྲུབ་སྡེའིའདུས་ཚོགས་ཀྱི་སེར་སྦྲེང་དང་བཅས་བླ་བྲང་དུ་སྦྱན་དྲངས། དེར་གཏེར་སྟོན་(སྨད་ཆ།༥༨༥)གྱི་གཟག་ཐུལ་དང། ཤོག་སེར་འབེབས་སྐབས་ཀྱི་སྣག་བུམ་དང། མཛོད་ཞལ། བཞེས་ཅན། དར་ཕོད་སོགས་ངོས་འཛིན་མང་རབ་ཙམ་མཛད། དེ་ནས་གདུངས་སྲས་རིན་པོ་ཆེ་དང་མཇལ་འཕྲད་དང། སྐུ་ཚབ་དང་ཤོག་སེར་སོགས་གཏེར་རྫས་ནང་རྟེན་གྱི་མཇལ་ཁ་མཛད་པས། གཏེར་ཆོས་ཀྱི་ཆོས་ཀྱི་ཕྱག་དཔེ་པི་ཏི་ཁ་ཤས་ངོས་འཛིན་ཅིང། ཁྱད་པར་ཤོག་སེར་གྱི་ཐོག་ནས་གཏེར་གྱི་བརྡ་ཡིག་ཐོགས་མེད་དུ་ཀློག་པར་མཛད་པས། རྒྱས་སྲས་རིན་པོ་ཆེ་ཉིད་ཀྱིས་སྦྲུལ་པའི་སྔོན་གྱི་གྱི་བག་ཆགས་མ་བརྗེད་པའི་ངོ་མཚར་འདི་འདྲ་སྟེ། གཞན་དུ་ན་ཀློག་བྱང་བ་དག་གིས་ཀྱང་གཏེར་ཡིག་ག་ལ་ཤེས། ཞེས་གསུངས་ཤིང་བསྔགས་བརྗོད་མཛད་ཅིང། རིག་འཛིན་བསྟན་སྐྱོང་རྒྱ་མཚོ་ཞེས་པའི་མཚན་ཀྱང་གསོལ་ནས། གཏེར་སྟོན་རིག་འཛིན་ཆེན་པོ་ཉིད་ཀྱི་ཁྲི་ལ་ཞབས་ཀྱི་པདྨ་རྣམ་པར་བཀོད་པར་མཛད་ཅིང། བསྟན་པའི་བདག་པོར་མངའ་གསོལ་ནས། བཀྲ་ཤིས་པའི་མེ་ཏོག་ཀྱང་འཐོར་བར་མཛད་དོ། དགུང་ལོ་དྲུག་པ་མེ་མོ་བྱ་ལོ་ནས་བཟུང་སྒྲུབ་སྡེ་རང་དུ་བཞུགས་ཤིང། ལྗགས་ཀློག་ལ་ཐུགས་རྩོལ་ངག་ཆེ་གནང། དགུང་ལོ་བདུན་བཞེས་ས་ཕོ་ཁྱི་ལོ་གསར་ཚེར་ཀྱི་མཚམས་ཤིག་ནས་སྡེ་དགེར་ཞབས་པད་བསྐྱོད། གདན་ས་བ་བླ་མ་བློ་གྲོས་རྒྱ་མཚོ་དང་ཆོས་སྡེའི་གྲ་ཚང་བཅས་ཀྱིས་ཆིབས་བསུ་དང་སེར་སྦྲེང་བསུ་བའི་བཀོད་ཤམས་གང་རྒྱས་མཛད་ནས་གདན་ས་ཆེན་པོ་དཔལ་ལྡན་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་དུ་ཞབས་ཀྱི་པདྨོ་རྣམ་པར་བཀོད་པར་གྱུར་ཏོ། དེ་འཕྲལ་ནས་སྡེ་དགེ་རིན་པོ་ཆེ་མཇལ་བར་ཕེབས་པས། སྔར་ནས་ལུགས་ལེགས་པའི་བདག་རྐྱེན་དང་མཐོང་བཀུར་ཚད་མེད་མཛད་(སྨད་ཆ།༥༨༦)ཅིང། ཐུགས་དགྱེས་དགྱེས་མཛད། ཕེབས་ཆའི་ལེགས་འབུལ་དང་སྦྲུལ་སྐུ་རིན་པོ་ཆེར་ཁྲི་འབུལ་སོགས་གང་རྒྱས་གནང། སླར་ཆོས་སྡེར་ཕེབས་ནས་ཡུལ་སྡེ་སོ་སོའི་གདན་ཞུ་དང་ཞབས་རྟོག་རྒྱ་ཆེར་ཕུལ་ལོ། སྐབས་དེར་རྒྱལ་སྲས་རིན་པོ་ཆེའི་སྐུ་ཞབས་ནས། གཏེར་གསལ་ཁ་ཤས་ཀྱི་དབང་ལུང་གསན། སྐུ་ན་ཕྲ་མོའི་དུས་ཐུགས་བརྗེད་ངེས་ཆེ་བ་ཞིག་ཡོད་པ་ལ་ནུབ་གཅིག་མནལ་ལམ་དུ་ཆགས་རུའི་འདུ་ཁང་གི་ཕུག་གི་ཁྲི་ཁ་དེར་རིག་འཛིན་གཏེར་བདག་གླིང་པ་བཞུགས་ནས། སྐུའི་གཡས་ཕྱོགས་སུ་དཀྱིལ་འཁོར་ཚོགས་རྫས་དང་བཅས་བཤམས་འདུག་པར། རིག་འཛིན་དེ་ཉིད་ཀྱིས་གཤིན་རྗེ་དྲེག་པ་འཛོམ་བྱེད་ཀྱི་ལས་གཞུང་བསྲང་ནས་ཚོགས་སྐད་བཅས་བཏང་གྲུབ་པ་དང། ཚོགས་ཞུས་རན་པ་ན་གཏེར་ཆེན་དེ་ཉིད་ཀྱིས་གཤིན་རྗེ་དྲེག་པ་འཛོམ་བྱེད་ཀྱི་ལས་གཞུང་བསྲང་ནས་ཚོགས་སྐད་བཅས་བཏང་གྲུབ་པ་དང། ཚོགས་ཞུས་རན་པ་ན་གཏེར་ཆེན་དེ་ཉིད་བཞེངས་ནས་ཕྱག་གཡས་ན་བཟའ་བ་དང་གཡོན་པས་ཀཱ་པཱ་ལར་བཏུང་པས་གང་པ་ཐོགས་ནས། རྗེ་འདི་ཁྲི་ཁར་འཁོད་པ་ལ། ཚོགས་འཁོར་བཟའ་བཏུང་ཕྱག་གཡས་གཡོན་མ་ནོར་བར་ཕུལ་ནས། བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བསྟན། སོགས་ཤིས་བརྗོད་ཤོ་ལོ་ཀ་དེ་གསུངས་ཤིང། སླར་མེ་ཏོག་འཐོར་བ་དང་བཅས་མཛད་སོང་བ་རྨིས་པར་དེ་ཕྱིན་བརྗེད་ངེས་དེ་མེད་པར་ཐུགས་ཟིན་ཆེ་རུ་སོང་གསུངས། དེ་ཡང་སྔོན་གཏེར་ཆེན་ཉི་གྲགས་ཀྱི་གསང་བའི་ཐུགས་དམ་གཤིན་རྗེ་དྲེག་འཛོམ་ཡིན་པའི་རྟེན་འབྱུང་ཞིག་ཡིན་ནམ་ཁོ་བོས་སེམས་སོ། དེ་དུས་རྫོགས་ཆེན་གདན་ས་ཆེན་མོ་རུ་ངམ་དུ་ཕེབས་ནས། དཔོན་སློབ་ནམ་མཁའ་འོད་གསལ་དང་མཇལ། རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་བྱོན་དཀོན་མཆོག་སྦྱི་འདུས་ཞི་དྲག་སེང་གསུམ་དང། ཉང་གཏེར་རྟ་(སྨད་ཆ།༥༨༧)ནག། རརྣ་གླིང་པའི་གུར་དྲག་སོགས་གསན་ནས། དགུང་ལོ་དགུ་པ་ལྕགས་ཕོ་བྱི་བའི་ལོར་སྲིང་རྫོང་དུ་ཆིབས་སྐྱོད་གནང། དེ་སྐབས་མཚོ་སྔོན་རྒྱལ་པོ་བློ་བཟང་བསྟན་འཛིན་བོད་ལ་ཕེབས་པ་དང། དེ་སྐབས་མཚོ་སྔོན་རྒྱལ་པོ་བློ་བཟང་བསྟན་འཛིན་བོད་ལ་ཕེབས་པ་དང། ཉང་ཁུ་མཚོ་བཟང་མངར་མཇལ་བས། རྒྱལ་པོས་ང་རང་གི་ཨ་ཕའི་བླ་མའི་སྦྲུལ་སྐུ་ཡིན་པ་ཨང་གསུངས་ཤིང། རྒྱལ་པོ་རང་བཞུགས་གདན་གྱི་ཟུར་ལ་བཞུགས་སུ་གསོལ་ཏེ་སོག་ལུགས་ཀྱི་བསྙེན་བཀུར་ཆེ་ཤོས་ཡིན་ཟེར། གསུང་བཟང་གནང་ཆ་བཅས་སྩལ་ཕྱི་ལམ་ཞིབ་ཆ་ཡོང་གསུངས་ཀྱང། འབྱོན་སྟབས་མ་འགྲིགས། འདི་སྐབས་ནས་སློབ་དཔོན་དུ་བླ་མ་བཅོས་ལྡན་རྡོ་རྗེ་མཛད་ནས་སྐུ་ཡོན་ཕུལ། ལར་ནས་སྐྱེས་ཐོབ་དང་སྦྱོར་བྱུང་གི་བློ་གྲོས་གཉིས་ཆེ་ཕུལ་དུ་བྱུང་བས་སློབ་སྦྱོང་གི་བཀའ་ སྦྱད་ལ་མ་ལྟོས་པར་ཐུགས་རིག་ས་ཀློང་བརྡོལ་བ་ལྟ་བའི་མཁྱེན་དཔྱོད་ཀྱི་རྩལ་རྫོགས་ཤིང། མདོ་སྔགས་དང་རིག་གནས་སོགས་གང་ལང་ཚེ་རབ་མང་པོར་སྦྱངས་པའི་བག་ཆགས་སད་པའི་ཉམས་ཀྱིས་ལན་རེ་ཟུང་རེར་གཟིགས་པ་ཙམ་གྱིས་ཐུགས་སུ་ཆུང་པ་ལས། རྗེ་ས་པཎ་གྱིས། མཁས་པ་ལ་ལ་མཚོ་བཞིན་ངང་གིས་གང། ལ་ལ་འབྲུ་མར་བཞིན་དུ་བཙིར་ལས་འབྱུང། ལ་ལ་ཕོངས་པའི་ནོར་བཞིན་འབད་པས་བསྒྲུབས། ལ་ལ་རྒྱལ་པོའི་བུ་བཞིན་ལྷུན་གྱིས་གྲུབ། ཅེས་གསུངས་པ་ལས། རྗེ་འདི་ནི་མཚོ་བཞིན་ངང་གིས་གང་བའམ་རྒྱལ་པོའི་བུ་བཞིན་ལྷུན་གྱིས་གྲུབ་པ་ཡིན་ཏེ། ཚེགས་ཀྱིས་སྦྱོང་བརྡར་སོགས་ལ་ལྟོས་དགོས་པ་མ་ཡིན་ནོ། ལྕགས་མོ་གླང་ལོར་བླ་མ་གསང་བ་འདུས་པའི་བསྙེན་སྒྲུབ་དང། ཆུ་ཡོས་ལོར། བདུད་རྩི་སྨན་གྱི་སྒྲུབ་པ་བདུན་ཞག་གཅིག་གནང་བའི་ཚོགས་(སྨད་ཆ།༥༨༨)དབུར་ཕེབས། སྒྲུབ་ཆེན་སོགས་ཀྱི་ཕྱག་ལེན་ཕྲ་རགས་ཐམས་ཅད་ཐུགས་འཇགས་མཛད། རྒྱལ་སྲས་རིན་པོ་ཆེའི་དྲུང་ནས་བཀའ་ཆོས་བུམ་པ་གང་བྱོར་སྩལ་བ་གསན། ཤིང་འབྲུག་ལོར་ཚེ་སྒྲུབ་བདུད་བཞི་གཡུལ་རྒྱལ་གྱི་བསྙེན་མཚམས་ཤིག་མཛད་པས་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཤར། ལྷག་པའི་ལྷ་དུ་མའི་ཞལ་གཟིགས་པ་དང། ཟབ་མོའི་གཏེར་ལ་སྦྱོད་པའི་ལུང་བསྟན་ཀྱང་བྱུང་བར་སྣང་ཞིང། རྟགས་མཚན་ཀུན་གྱིས་མངོན་སུམ་མཐོང་སུ་གྱུར་པ་འགའ་ཡང་བྱུང་བར་སྣང་སྟེང་ཟབ་གཏེར་ལ་སྦྱོད་པའི་ལུང་བསྟན་ཀྱང་བྱུང་བར་སྣང་ཞིང། རྟགས་མཚན་ཀུན་གྱིས་མངོན་སུམ་མཐོང་ཐོས་སུ་གྱུར་པ་འགའ་ཡང་བྱུང་བར་སྣང་སྟེ་ཟབ་གཏེར་གྱི་བདག་པོར་ལུང་བསྟན་སལ་ཡང་བདག་གིར་མ་མཛད་དེ། གཙང་པ་རྒྱ་རས་ཀྱིས། ཕ་ལས་རྒྱའི་ཆོས་ལ་མངའ་བརྙེས་ཀྱང། བུ་གཙང་སྒོམ་བྱེད་པའི་སྒོམ་ཆེན་ཡིན། ཞེས་གསུངས་པ་ལྟར། གཏེར་ཆེན་དེ་ཉིད་སྔགས་ཀྱི་ཟབ་ཁྱད་ཐབས་ལམ་ལ་མངའ་བརྙེས་ཀྱང། རྗེ་འདིས་བསླབ་གཙང་ཁོ་ན་ལ་ཐུགས་བཞེད་ཀྱི་སྙིང་པོར་མཛད་དོ། ལུག་ལོར་རྒྱས་སྲས་རིན་པོ་ཆེ་ཞི་བར་གཤེགས་པའི་དགོངས་རྫོགས་རྟེན་བཞེངས་སོགས་གང་རྒྱས་མཛད། དགུང་ལོ་བཅོ་བརྒྱད་པ་ས་སྦྲེལ་ཟླ་བ་དང་པོའི་ནང་དུ་སྲིང་རྫོང་མཐའ་སྐོར་ལ་ཕེབས་ཤིང་སྐྱེ་འགྲོ་མང་པོ་དགེ་བ་ལ་བསྐུལ། སྐབས་ཤིག་རྟ་མགྲིན་གྱི་བསྙེན་མཚམས་མཛད་པས་དངོས་སུ་ཞལ་གཟིགས། ལོ་འདིའི་སྟོན་མཇུག་ཟླ་བ་བརྒྱད་པའི་ནང་ལ་སྐུ་ཟླ་ཉུང་ཤས་དང་བཅས་དབུས་ཕྱོགས་སུ་ཕེབས། འབྲི་གུང་དུ་ཕེབས་དུས། བསྟན་སྲུང་ཆེན་མོ་ཨ་ཕྱི་ཆོས་ཀྱི་སྒྲོན་མར་གྲགས་པ་དེའི་སྐུ་བརྙན་བྱིན་རླབས་ཅན་དེས་མཇལ་དར་ཕུལ་བར་བྱུང་བས། དེ་འདྲ་འབྲི་གུང་རང་གི་ཞབས་དྲུང་རྣམས་ལས་གཞན་ལ་མི་འབྱུང་བ་ཡིན་ཟེར། དེ་ནས་སྦྲོ་ལུང་སུ་ཕེབས།(སྨད་ཆ།༥༨༩)དོན་གྲུབ་ཆོས་ཀྱི་རྒྱལ་པོ་དང། དཀོན་མཆོག་ཕྲིན་ལས་བཟང་པོའི་ཡང་སྲིང་བཅས་མཇལ་བ་མཛད། དེ་ནས་དཔལ་རི་བོ་དགའ་ལྡན་དང། ལྷ་ལྡན་སྦུལ་པའི་གཙུག་ལག་ཁང་ཆེན་པོར་ཇོ་ཤཀ་རིན་པོ་ཆེ་རྣམ་གཉིས་ཀྱིས་གཅོས་པའི་ཕྱི་ནང་གི་རྟེན་གསུམ་རྣམས་དང་གནས་མཇལ་ཞིབ་གཟིགས་དང་མཆོད་འབུལ་སྙན་ཤལ་སོགས་གཟབ་རྒྱས་སུ་ཕུལ་ནས་བསྟན་འགྲོར་ཕན་བདེ་འབྱུང་བའི་འདོད་གསོལ་མཛད། དེ་ནས་དཔལ་ལྡན་འབྲས་སྦྲུངས་ཀྱི་ཆོས་སྡེ་ཆེན་པོར་ཕེབས། དེ་དུས་སྐུ་ཞབས་རྒྱལ་བའི་དབང་པོ་འགལ་ཐར་ན་བཞུགས་སྐབས་ཡིན་པས། པོ་ཊ་ལར་རྒྱལ་ཚབ་ཏུ་འོན་ཆོས་སྡེང་གི་རྒྱལ་སྲས་སྦྲུལ་སྐུས་མཛད་སྐབས་ཡིན་འདུག་པས། མཇལ་བར་མཛད་པས་རྒྱལ་ཚབ་རིན་པོ་ཆེ་དེ་ཉིད་ཀྱིས་རྗེ་འདི་པདྨ་སམ་བྷ་ཝར་དངོས་སུ་གཟིགས་ཚུལ་གསུངས་ཤིང། བཀའི་གཟེངས་བསྟོད་དང་མཐོང་བ་ཀུར་བདག་རྐྱེན་ཚད་མེད་གནང། རིམ་གྱིས་ཞབས་བཏེགས། བསམ་ཡས་དང་ཡར་ལུང་སོགས་གནས་གཟིགས་རྣམས་གྲུབ་ནས་རྒྱལ་བ་ལྔ་པ་ཆེན་པོའི་ཞལ་སློབ་དགེ་བའི་བཤེས་ཀླུ་སྒྲུབ་ལགས་ཀྱི་དྲུང་ནས་ཟབ་མོ་དག་སྣང་རྒྱ་ཅན་མའི་སྐོར་གྱི་དབང་ལུང་རྣམས་གསན། དེ་སྐབས་དགེ་བའི་བཤེས་གཉེས་ཆེན་པོ་དེ་ཉིད་ཀྱི་ཞལ་ནས་ཁོ་བོས་སྔོན་ཆོས་རྒྱལ་གཏེར་པ་ན་ཁྱེད་རང་ལ་ཆོས་བཀའ་འདི་རྣམས་ལེན་པར་རྒྱང་རིང་ཕྱོགས་ནས་འོང་བ་ཞིག་ཡོད་པས་དེར་ངེས་པར་འཕྲོད་པར་གྱིས་ཞེས་བཀའ་ཕེབས་གནང་བྱུང་བར་དེ་སྦྲུལ་པའི་སྐུ་ཉིད་ཡིན་ངེས་སུ་འདུག་པས་ཆོས་བདག་པོ་ལ་འཕྲོད་པ་ཡིན་ཞེས་གསུངས། དེ་ནས་རིམ་པར་རྡོར་སྨིན་(སྨད་ཆ།༥༩༠)རྣམས་སུའང་ཕབས་སྐྱོད་དང་མཇལ་འཕྲད་སོགས་མཛད་ནས་གདན་སར་ཞབས་པད་བཀོད། འདི་ཙམ་ནས་བླ་མ་སྐལ་བཟང་དབང་ལྡན་ལས་ཆོས་བཀའ་མང་དུ་གསན། ལྕགས་ཕོ་ཁྱི་ལོར་མཚོ་ཁར་ཕེབས་དུས་གུ་རུ་རིན་པོ་ཆེ་དངོས་སུ་ཞལ་མཇལ་ཞིང་མེ་ཏོག་གི་ཆར་བབས་པ་ཀུན་གྱི་དབང་པོའི་སྦྱོད་ཡུལ་དུ་གྱུར་པ་བྱུང་ཞིང། དེ་ནས་ཞག་འགའི་བར་དུ་རྩོལ་མེད་ཀྱི་ཉམས་བཟང་པོ་སྐྱེ་བའང་བྱུང་གསུངས། ཤིང་ཕོ་སྟག་གི་ལོར་རྒྱལ་སྲས་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་དེ་ཉིད་ཀྱི། སྦྲུལ་པའི་སྐུ་ཁྲིར་འདོན་མཛད་ནས་མཚན་ཨོ་རྒྱན་བསྟན་སྐྱོང་ཕྲིན་ལས་ཞེས་པ་གསོལ། ལོ་དེའི་སྟོན་ཀར་སླར་ཡང་དབུས་ཕྱོགས་སུ་ཞབས་སྐྱོད་གནང་སྟེ། འོལ་ཀ་སླེ་ལུང་དུ་རྗེ་དྲུང་རིན་པོ་ཆེ་བཞེད་པའི་རྡོ་རྗེ་མཇལ་ཞིང་ཟང་ཟིང་གི་འབུལ་ནོད་དང་བཅས། བདག་ཉིད་ཆེན་པོ་ཀུན་མཁྱེན་ལྔ་པའི་བཀའ་འབུམ་ནང་མ་སོགས་གསན། འདི་སྐབས་ཐང་འབྲོག་དབོན་སྦྲུལ་འགྱུར་མེད་པདྨ་མཆོག་གྲུབ་ལས་སྔགས་སྡེབ་དང་རླུང་དམར་སོགས་དྲག་སྔགས་མང་པོའི་ཕྱག་ཁྲིད་ཞུས། ཡར་ལུང་དུ་ཕེབས་ནས་སྐུ་ཞབས་གྲ་ཚང་གི་གྲ་བགྲེས་ལུང་དང་རྟོགས་པའི་མངའ་བདག་དགེ་སློང་ངག་དབང་མཐུ་སྟོབས་ཞེས་པ་དེ་ཉིད་ལས་ཆོས་བཀའ་མང་དུ་གསན། བསམ་ཡས་འཆིམས་ཕུར་དཔལ་རི་སྦྲུལ་པའི་སྐུ་རིན་པོ་ཆེ་ངག་དབང་བློ་བཟང་པདྨ་མཇལ་ཞིང་ཐུགས་བཞེད་ལྟར་ཞག་བཅོ་ལྔ་བར་དུ་ཉི་གྲགས་གཏེར་ཆོས་རགས་རིམ་གྱི་དབང་ལུང་རྣམས་ཕུལ། སྨིན་གྲོལ་གླིང་དུ་ཕེབས་ནས་མཁན་ཆེན་འགྱུར་མེད་དོན་ཡོད་ཀྱི་ཞལ་སྔ་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་པས་མཚན་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་དུ་གསོལ། དེ་ནས་རིམ་གྱིས་(སྨད་ཆ།༥༩༡)གདན་སར་ཕེབས་གྲུབ་བར་དུ་བཅད་རྒྱར་བཞུགས་པར་གནང། དེ་སྐབས་སྡེ་དགེ་ནས་གདུན་ཞུ་སླེབས་ཤིང། སླར་ཡང་སྡེ་དགེ་ས་སྐྱོང་ཀུན་དགའ་ཕྲིན་ལས་རྒྱ་མཚོ་དབུས་སུ་ཕེབས་པའི་ཕྱིར་ལམ་པེ་སྟོད་དུ་མཇལ་བར་ཕེབས་པས། སྡེ་དགེ་སྐུ་ཐོག་ན་རིམ་ལྟར་གྱིས་དད་དམ་འགྱུར་མེད་ཡིན་དོན་ལྟར་སྐུ་ཉིད་སྡེ་དགེ་ཕྱོགས་སུ་འདི་ལོ་རང་མ་གྲུབ་ཀྱང་ད་ཕྱིས་ཅིས་ཀྱང་མ་ཕེབས་ཐབས་མེད་ཡིན་ཅེས་གདན་འདྲེན་གསུང་ནན་མཛད་བྱུང་བར་ཕྱིར་ལོར་ཕེབས་རྒྱུ་ཞུས། དེ་ལོར་སྒྲུབ་སྡེ་རང་དུ་བཅའ་ཡིག་གསར་བཀོད་གནང་ནས་དམ་པའི་ཆོས་འདུལ་བ་དང་མཐུན་པར་ནག་ཆང་གིས་མཚོན་པའི་བཅའ་ཁྲིམས་ཤིན་ཏུ་དམ་པའི་བཀའ་ལུང་བསྒྲགས། ཀ་འོག་སྔགས་གྲར་ཕེབས་ནས་སྔགས་ཆུང་རྣམས་ལ་སྐྱབས་སྡོམ་དང་རྒྱན་ཅན་ཡང་གསང་རྡོ་རྗེ་གྲོ་ལོད་གནམ་ལྕགས་འབར་བ་རྒྱུན་འཛུགས་ཀྱི་སྦྱོར་འཇག་མཛད། དེ་ནས་རིམ་གྱིས་མདོ་སླད་ཕྱོགས་སུ་བཞུགས་སྒར་བཏེགས། འདན་ཁོག་ཏུ་ཕེབས་པ་དང་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་དབུས་ནས་ཕེབས་པ་དང་མཇལ། སྡེ་དགེ་མཇལ་བར་དངུལ་མདར་ཕེབས་པས་ཕོ་བྲང་ཆེན་མོར་སྲི་ཞུས་མཆོད། དེ་སྐབས་རྫོགས་ཆེན་པ་ཡབ་སྲས་དབུས་སུ་བྱོན་སྐབས་ཡིན་འདུག་པས་རྒྱལ་ཚབ་དཔོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་རུ་ངམ་དགོན་དང་རི་ཁྲོད་སོགས་སུ་གདན་དྲངས། རིམ་གྱིས་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་དུ་ཞབས་པད་བཀོད། དད་འདུས་རྣམས་ལ་དབང་ལུང་དང་ཁྲིད་སོགས་སྩལ། རྫོགས་སྦྲུལ་རིན་པོ་ཆེ་དབུས་ནས་ཕྱིར་ཕེབས་བསྟུན་གསང་ཆེན་རྙིང་མའི་རྒྱུད་འབུམ་གཙོ་བོར་གྱུར་པའི་ཆོས་ཀ་བསམ་གྱིས་མི་ཁྱབ་པ་གསན། དེ་དུས་གཟིམ་(སྨད་ཆ།༥༩༢)གུར་ཕན་ཚུན་བར་དུ་འཇའ་ཁ་དོག་ལྔ་ལྡན་གྱི་ཐིག་ལེས་སྦྲེལ་བ་སོགས་ལྟས་ངོ་མཚར་ཆན་འགའ་ཡང་བྱུང། ཕར་ཡང་ཟབ་མོ་དག་སྣང་རྒྱ་ཅན་སོགས་ཕུལ། སྟག་བུ་བྲག་དམར་དགོན་ནས་ཁྱབ་གདལ་སྦྲུལ་པའི་སྐུ་རྡོ་རྗེ་དཔའ་བོ་གདན་དྲངས་ནས་བཀའ་བརྒྱད་བདེར་འདུས་བླ་མ་དགོངས་འདུས་སོགས་ཆོས་བཀའ་དུ་མ་གསན་པར་ཡང་ཉི་གྲགས་གཏེར་བྱོན་སྐོར་དང་རྒྱན་ཅན་སོགས་ཕུལ། ཁྱབ་གདལ་སྦྲུལ་སྐུས་རྒྱ་ཅན་དབང་གི་ཉིན་རྗེ་འདི་སྦྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་ཏུ་གཟིགས། ཤིང་ཕོ་བྱི་ལོར་རྒྱ་རོང་དུ་བཞུགས་ནས་རྫོགས་ཆེན་དཔོན་རིན་པོ་ཆེ་དང་དབང་ཆོས་ཕར་འབུལ་ཚུར་གསན་མཛད། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་དང་སི་ཏུ་རིན་པོ་ཆེ་སོགས་ལས་ཀྱང་ཆོས་འབྲེལ་ཙམ་རེ་གསན། སྡེ་དགེ་ས་སྐྱོང་བླ་མས་སྦྱན་དྲངས་དབང་ཆོས་མང་དུ་གསན་ནས་འབུལ་ཆེན་མཛད། དེ་ནས་སླར་ཡང་སྲིང་རྫོང་དུ་ཆིབས་བསྒྱུར་གནང། གླག་ལོར་སྒྲུབ་སྡེ་ཕྱོགས་འདུས་བཅས་ལ་དབང་ཆོས་མང་དུ་སྩལ། དེ་སྐབས་བཀའ་བརྒྱད་དབང་གི་དུས་ཕྱག་ནས་མང་པོ་ནམ་མཁར་ཡུན་རིང་དུ་ཆགས་པ་དང། ཕག་མོ་དབང་གི་དུས་དཀྱིལ་འཁོར་གྱི་དབུས་ནས་ཨ་ཧ་རི་ནི་སའི་སྒྲ་འབྲུག་ལྟར་སྒྲོགས་པ་བྱུང། སླར་ཡང་ལོ་དེ་ལ་དབུས་སུ་ཞབས་སྐྱོད་གནང། དེ་དུས་བརྟེན་མཁས་ཡོན་ཏན་འབུམ་ལྡན་ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོའི་དྲུང་ནས་ཐུགས་རྫོགས་བཞེས་པས་མཚན་ཀུན་བཟང་ཐེག་མཆོག་རྒྱ་མཚོར་གསོལ། དེ་ནས་བཟུང་འདུལ་བའི་བཤད་རྒྱུན་སོགས་མ་གསན་ཀྱང་ཕྱག་ལེན་ཕྲ་རགས་ཐམས་ཅད་ལ་སྦྱོང་བརྡར་གྱིས་ཐུགས་སུ་ཆུད་པར་མཛད། བསླང་བྱ་ཕྲ་རགས་གང་ཡང་གནད་བཀག་(སྨད་ཆ།༥༩༣)གི་འཚམས་ལས་ནམ་ཡང་མི་འདའ་བར་སྐུ་ཚེ་རིལ་པོར་གདན་གཅིག་ཁ་ན་དང་ཆབ་ལན་ལྷམ་ཕུད་བྱིན་ལེན་སོགས་ལ་གཞི་བྱེས་གང་དུ་ཡང་སླ་ཆོས་དང་དེས་ཆོག་མི་མཛད། མདོར་ན་ལྟུང་བ་སྡེ་ལྔ་ཆར་གཏོགས་དང་བཅས་པའི་དྲི་མ་མཐའ་དག་དང་བྲལ་ཞིང། གཉེན་པོའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཚར་གཏོགས་དང་བཅས་པ་ལ་གང་ནུས་གཡེལ་མེད་ནན་ཏན་དུ་མཛད་པས་སྐུ་བཙུན་པའི་ཚད་དུ་གྱུར། དེ་ནས་རྡོ་སྨིན་རྣམས་ནས་ཀྱང་བཀའ་ཆོས་མང་དུ་གསན་ཅིང། ཁྱད་པར་སྒྲག་ཡང་རྫོང་ནས་གྲུབ་ཆེན་ཐུགས་མཆོག་རྡོ་རྗེ་ལས་བླ་མ་དགོངས་འདུས་དབང་ལུང་ཁྲིད་བཅས་གསན། སླར་རིམ་གྱིས་གདན་སར་ཕེབས། མེ་ཕོ་སྟག་ལོ་ནས་བཟུང་རྗེ་ཉིད་སྐུ་མཚམས་ལོ་མང་པོར་བཅད་རྒྱར་གནང། དེ་ཡང་སྐུ་མཚམས་ཀྱི་དུས་སུ་ཞུ་དགོན་ཡོད་པའི་རིགས་དང། ཐ་ན་ཕྱག་དཔེ་བཙལ་བར་ཚུན་ཆོས་དང་སྒྲུབ་པའི་ཉེར་བསྔོག་གི་རྫས་ཆ་བགས་པ་ལ་སོགས་པ་ཐམས་ཅད་ཉིན་གུང་གསོལ་ཚིགས་དང་བསྟུན་ཇ་སྦྱོར་ཙམ་གྱི་རིང་ལ་གནང་བ་ལས། གཞན་ཕྱི་མཚམས་སེ་བ་ལ་ནང་དུ་བྱ་བྱེད་བྲེལ་གཡེང་མང་པོའི་འཁོར་ལོ་བསྐོར་ཞིང། ངག་གཏན་དུ་སྙན་པའི་སྦག་སྦུག་ལྡབ་སྡིབ་མང་པོ་སྨྲ་བ་སོགས་སྔར་ནས་ནམ་ཡང་མི་མཛད་ཅིང། སྐུ་མཚམས་ཀྱི་སྐབས་ཕལ་ཆེ་བ་རྣམས་སུ་ནི་ར་ཤག་སོགས་ཀྱི་བཅུད་ལེན་ཁོ་ན་མཛད། ཐུན་བཞིའི་སྔ་དགོང་ཉི་ཟེར་གྱིས་སྟབས་བསྟུན་ཐོད་རྒལ་གྱི་ཉམས་བཞེས་གནང་བས་འོད་གསལ་གྱི་སྣང་བ་གོང་དུ་འཕེལ། ནུབ་དགོང་ཐོ་རངས་རྣམས་སུ་རླུང་སྦྱོར་གྱི་ཉམས་བཞེས་ཀྱང་མ་ཆགས་པར་མཛད་ཅིང། སྐབས་སྐབས་སུ་འཁྲུལ་འཁོར་ཡང་གནང། གཞན་ལྷག་པའི་ལྷ་མང་(སྨད་ཆ།༥༩༤)པོའི་ལྗགས་བསྙེན་གྲངས་ཅན་གྲངས་ཅན་མེད་ཇི་སྙིད་གནང་སྟེ། བསྐྱེད་རྫོགས་རྣམ་པ་གཉིས་ཀྱི་བཞུར་ལས་དྲོངས་པའི་དུས་གྲངས་རྟགས་གསུམ་གྱི་བསྙེན་པ་རྫོགས་ངེས་ལན་རེ་ལན་གཉིས་གསུམ་ལྔ་སོགས་གནང་བའང་ཡོད་མ་མདོར་ན། ཇི་ལྟར་བཤད་ཚོད་ལྟ་ཕྱག་ལེན་དུ་ཐེབས་པར་མཛད་པ་ལས། དེས་ཆོག་དང་སླ་ཆོས་ཞར་ཞོར་དུ་ཟླ་པ་གྲངས་ལ་རྩི་བ་སོགས་ཅུང་ཟད་ཀྱང་མི་མཛད་པས་དེ་ལྟ་བུའི་སྒོ་ནས་སྐུ་མཚམས་ལོ་གྲངས་དུ་མར་བཞུགས། འདི་དག་གི་སྐབས་རྣམས་སུ་རྗེ ་ཉིད་ཀྱིས་དག་པའི་སྣང་བ་བྱུང་ཚུལ་དང། ཡི་དམ་ཀྱི་ལྷའི་ཞལ་གཟིགས་ཚུལ་སོགས་ནི་གསང་སྒྲོག་ཏུ་འགྱུར་གྱིས་དོགས་ནས་ཟུར་ཙམ་ཡང་མི་གསུངས་མོད། འོན་ཀྱང་ཀུན་གྱི་མཐུན་སྣང་དུ་གྱུར་པའི་གཟིམ་ཁང་སྟེང་དུ་འཇའ་གུར་འཁྱིལ་བ་དང་མེ་ཏོག་གི་ཆར་བབས་པ་དང། ཕུར་པའི་ལྗགས་བསྙེན་གནང་དུ་དུས་ཕུར་སྒྲོམ་ལས་མེ་སྟག་དམར་ཕྲོམ་ཕྲོམ་བ་དང་ཞག་སྔོ་འཁྱིལ་བ་དང། བདུད་རྩི་ཁོལ་བ་དང། བུམ་པའི་མཆུ་ནས་བུམ་ཆུ་ལུང་པ་ཕྱག་འཁྱོར་དུ་བཞེས་རྒྱུ་ཡོད་པ་ལན་མང་པོ་དང། སྨན་དང་སྦོས་ཀྱིས་དྲིས་མཚོན་དུ་མེད་པའི་དྲི་བཟང་པོས་སྒྲུབ་ཁང་ཕྱི་ནང་སྟེང་འོག་ཐམས་ཅད་ཁྱབ་པ་སོགས་བྱུང་བར་སྣང། འདི་སྐབས་རྒྱལ་སྲས་རིན་པོ་ཆེའི་ཡང་སྲིད་མི་ངན་ཞིག་གིས་ཁོ་རང་གི་བུ་ཡིན་པར་བསྒྲགས་པས། ས་ཟླའི་ཚེས་བཅུའི་ཉིན་གནས་སྲུང་མ་ཇོ་ཆེན་མོ་གཅོ་འཁོར་གསུམ་མངོན་སུམ་དུ་བྱུང་ནས་རྗེའི་སྐུ་མདུན་དུ་སྙིང་ཆུང་དུ་ཁྲག་དམར་ཙ་རེ་བ་ཞིག་སྐྱུར་སོང་བ་གཟིགས་པས། དེ་ཉིན་མི་ངན་དེས་བུ་བོར་ནས་མ་བརྙེད་དེ། རྦད་བསྐུལ་སོགས་གང་ཡང་མ་བགྱིས་ཀྱང་སྲུང་མར་ཕྲིན་ལས་བསྒྲུབས་པ་དང། གཞན་ཡང་བཀའ་(སྨད་ཆ།༥༩༥)འགལ་འགའ་ཞག་ལ་སྲུང་མའི་བཀའ་ཆད་བྱུང་ཆུལ་མང་དུ་ཡང་ཀྱང་འདིར་མ་བྲིས། ཡང་ལོ་གཅིག་སྟེང་གྲིབ་ཀྱིས་ཤི་བ་མང་དུ་བྱུང་བའི་སྐབས་ཤིག་རྗེ་ཉིད་ཏིང་ངེ་འཛིན་ལ་བཞུགས་པའི་དྲུང་དུ་མི་ནག་པོ་གཅེར་བུ་བཞིན་མི་སྡུག་པ་ཞིག་བྱུང་སྟེ་ཁོ་བོ་ནག་པོ་ཐོག་འཕེན་གྱིས་མནན་ནས་ད་བར་མ་ཐར་ཏེ་ཁོ་བོ་སྟེང་དུ་ཐོད་རྒལ་གྱི་འཆར་སྒོ་འདྲ་བའི་རྡོ་རྗེ་རྒྱ་གྲམ་ཞིག་གིས་མནན་སོང་བའི་ཉམས་སྣང་གཟིགས་ཏེ། དེ་ཕྱིན་སྟེང་གྲིབ་ཀྱི་འཚེ་བ་ཉུང་དུ་སོང་གསུངས། སྐབས་ཤིག་བཀའ་སྲུང་དྲང་སྲོང་ཆེན་པོ་དངོས་སུ་གཟིགས་པའི་ལྟོ་ཞལ་ནས་མཆེ་བ་དྲུག་འཛིན་གྱི་བཅོས་གྱིས་གསུངས་པ་དང། སྐབས་ཤིག་རླུང་ནག་ཚུབ་མའི་ནང་ན་དྲང་སྲོང་ཆེན་པོ་དབུ་ཉེར་གཅིག་ཡོད་པ་ཞིག་གཟིགས་པ་སོགས་དྲ་སྲོང་འདི་ལན་དུ་མར་གཟིགས་ཤིང། ཡང་ཨེ་ཀ་ཙ་ཏི་དམར་མོ་དབུ་དགུ་ཡོད་པ་ཞིག་གཟིགས་པ་དང། རྒྱལ་པོ་སྐུ་ལྔ་ཞལ་ཐང་གི་གཙོ་བོར་གང་འབྲི་དགོངས་པའི་ཚེ་ཐུགས་ཀྱི་རྒྱལ་པོ་གླང་པོ་ཆེ་ལ་ཞོན་པ་ཞིག་མནལ་ལམ་དུ་བྱུང་བ་དང། མང་ཡུལ་རི་བོ་དཔལ་འབར་གྱི་གནས་སྲུང་ཞིང་སྐྱོང་ཇོ་མོ་རྒྱ་གར་མ་རྒྱང་ནས་རྨ་བྱའི་གཟུགས་དང་གོམ་པ་སླེབས་དུས་རང་གཟུགས་ཀྱིས་ཡང་ཡང་འོང་བར་འདུག་གསུངས་པ་དང། གཞན་ཡང་ཆོས་རྒྱལ་དང་རྡོར་ལེགས་སོགས་ཆོས་སྐྱོང་མང་པོ་དུས་རྒྱུན་དུ་དངོས་ཉམས་མནལ་ལམ་རྣམས་སུ་བྱུང་ཚུལ་མང་དུ་སྣང་ཞིང། འབྲི་གུང་མཆོག་སྦྲུལ་རིན་པོ་ཆེ་ཞིང་གཟིགས་ཤིང་སྐུའི་སྐྱེ་བའང་འཇང་དུ་འོངས་གསུངས་པ་དང། རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེ་འགྱུར་མང་ཐེག་(སྨད་ཆ།༥༩༦)མཆོག་བསྟན་འཛིན་ཞིང་གཟིགས་ཚུལ་དང། ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོ་ཞིང་གཟིགས་ཚུལ་སོགས་ཇི་ལྟར་གསུངས་པ་བཞིན་བྱུང་པ་དང། གཞན་ཡང་བར་སྲིད་མང་པོ་དངོས་སུ་གཟིགས་པ་སྣང་ཡང་དེ་དག་ཉེ་དུ་རྣམས་དགའ་སྡུག་ཆགས་སྡང་སོགས་ཀྱི་རྒྱུར་འགྱུར་བ་གཟིགས་ནས་ཡེ་མི་གསུངས་མོད། འོན་ཀྱང་མདོ་པ་ཨོ་རྒྱན་སྐྱབས་ཟེར་བ་ཞིག་ཤི་བའི་བར་སྲིད་དེས་ཁྱེད་ལ་གྲ་པ་འདི་དང་འདི་རྣམས་ཀྱིས་བསམ་སྦྱོར་བཟང་པོ་བྱེད་ཀྱི་མེད་ཟེར་བ་དེ་བཞིན་དུ་བྱུང་ཞིང། ཁང་ཁྱིལ་སོགས་ལ་ཐོགས་མེད་དུ་འགྲོ་བ་གཟིགས་ཏེ། བར་དོའི་འགྲོ་བ་ལ་ཟག་བཅས་ཀྱི་མངོན་ཤེས་དང་གདོས་བཅས་ལ་ཐོགས་པ་མེད་གསུང་བར་ཤིན་ཏུ་བདེན་པར་འདུག་གསུངས། དེ་རིགས་མང་དུ་ཡོད་ཀྱང་འདིར་མ་བྲིས། འདི་སྐབས་ལོ་སྔ་ཕྱིར་གྲུབ་པའི་དབང་ཕྱུག་བླ་མ་སྐལ་བཟང་དབང་ལྡན་ཞི་བར་གཤེགས་པ་དང། སྦོ་བོ་ནས་རིག་འཛིན་ཐུགས་མཆོག་རྡོ་རྗེ་སྐུ་གཤེགས་པའི་དགོངས་རྫོགས་བསྒྲུབས་པ་དང་གདུང་རྟེན་ཀྱང་བཞེངས་པར་མཛད་ཅིང། ཟླ་བ་བྱུང་རེ་ལ་འདས་མཆོད་ཀྱང་རྒྱུན་ཆགས་སུ་མཛད། གཞན་ཡང་རྗེ་ཉིད་བཅད་རྒྱའི་ཁོག་ནས་རྒྱལ་སྲས་རིན་པོ་ཆེའི་ཡང་སྲིད་ཁྲིར་འདོན་ཛང་རྟེན་བཞེངས་ཀྱི་རིགས་མང་པོ་བསྒྲུབས་པ་དང། སྒྲུབ་སྡེའི་བཅའ་ཁྲིམས་བསྡོམ་པ་དང། སློབ་གསར་རྣམས་ལ་གར་ཐིག་དབྱངས་རོལ་ཡི་གེ་འབྲི་བ་སོགས་བྱེད་དུ་བཅུག་ལ་སོགས་ཞལ་ཏ་ཕེབས་ནས་བྱ་བ་ལས་ཀྱི་འཁོར་ལོ་ཡང་ཞོར་ལ་བསྒྲུབས་པར་མཛད་དེ་གཅིག་གོ་གཅིག་གིས་མ་བཀག་པར་ཁྱབ་མཉམ་དུ་གྲུབ་མཛད། དེ་ལྟར་མེ་ཕོ་སྟག་ནས་ལྕགས་མོ་སྦྲུལ་ཡན་ལོ་རིལ་པོ་བཅོ་ལྔ་བཅད་རྒྱ་མཐར་ཕྲིན་པ་མཛད་ནས། འབྲུག་ལོར་སྡེ་(སྨད་ཆ།༥༩༧)དགེ་ས་སྐྱོང་ལྕམ་དྲལ་གྱི་སྐུ་ཚབ་དང་སྟག་སྒང་ལས་སྣེ་བ་སོགས་གདན་འདྲེན་སླེབས་པའི་དོན་གྱིས་སྦྲུལ་ལོ་ནས་སྐུ་མཚམས་བཞེངས་པ་དང་མདོ་སྨད་དུ་ཆིབས་སྐྱོད་གནང་བ་སྟབས་གཅིག་མཛད། འདི་སྐབས་རྒྱན་ཆེན་རྣམ་སྲས། གནོད་སྦྱིན་སྐྱ་བརྒྱད་སོགས་གཟིགས་ཚུལ་དང། ཟླ་བ་བརྒྱད་པའི་ཚེས་དགུར་དཔལ་ལྡན་རྟ་རྣ་དགོན་དུ་ཕེབས་སྐབས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་ཞལ་གཟིགས་བྱུང་གསུངས། འཇའ་ཚོན་གྱི་དྲ་བས་འབྲེལ་ཞིང་མེ་ཏོག་གི་ཆར་བབས་པ་དང། གནས་དེར་ཕེབས་ནས་ཞག་འགའི་བར་དུ་རྩོལ་མེད་ཀྱི་ཉམས་བཟང་པོ་སྐྱེ་བ་བྱུང་གསུངས། ཟླ་བ་བཅུ་པའི་ཚེས་བཅོ་ལྔ་ལ་དངུལ་མདའ་ལྷུན་གྲུབ་སྟེང་དུ་ཕྱག་ཕེབས། སྡེ་དགེ་ཁྲི་ཆེན་མིའི་དབང་པོ་ལྕམ་དྲལ་མཇལ། ཟླ་བ་བཅུ་གཅིག་པའི་ཚེས་གསུམ་ལ་དཔལ་པོ་ལྕམ་དྲལ་མཇལ། ཟླ་བ་བཅུ་གཅིག་པའི་ཚེས་གསུམ་ལ་དཔལ་ལྡན་སྟག་མ་སྒང་སྐལ་བཟང་ཕུན་ཚོགས་གླིང་གི་གདན་ས་ཆེན་པོར་ཕྱག་ཕེབས། ཆུ་ཕོ་རྟ་ལོར་རྫོགས་ཆེན་དགོན་དུ་མཆོག་སྦྲུལ་རིན་པོ་ཆེ་ཁྲི་འདོན་མཛད། གཙུག་ཕུད་བཞེས་ནས་མཚན་ཀུན་བཟང་བསྟན་པའི་མགོན་པོ་ཞེས་གསོལ། ཕྱིས་རབ་བྱུང་བསྒྲུབས་པའི་མཁས་པོའང་མཛད་ནས་མཚན་སྔ་མའི་འཕྲོས་ངེས་དོན་བསྟན་འཛིན་བཟང་པོར་གསོལ། ཆུ་ལུག་ནས་གཙུག་ལག་ཁང་ཞིག་གསོས་གསར་བཞེངས་ལྟ་བུ་དང། མགོན་ཁང་རྟེན་བརྟེན་པར་བཅས་པ་གསར་བཞེངས་མཛད། སྟག་སྒང་འདུས་སྡེར་དབང་ལུང་མང་པོ་དང་ཕྱག་ཆེན་གྱི་ཁྲིད་སོགས་སྩོལ། འདི་དུས་ལོ་སྔ་ཕྱི་རྣམས་སུ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཀ༔ཐོག་ཞིང་སྐྱོང་རིན་པོ་ཆེ་དང། རྨོག་ཚ་གྲུབ་ཐོབ་ཆེན་པོ། ཐམས་ཅད་མཁྱེན་པ་སི་ཏུ་རིན་པོ་ཆེ།(སྨད་ཆ།༥༩༨)མཁན་ཆེན་ཐམས་ཅད་མཁྱེན་པ་ཀླུ་སྡིངས་རིན་ཆེན་མི་འགྱུར་རྒྱལ་མཚན་སོགས་གདན་དྲངས། གཞན་ཡང་གཏེར་ཆོས་ཡོངས་རྫོགས་འདོན་ཆའི་སྐོར་དང་སྡོམ་གསུམ་རྩ་འགྲེལ་སོགས་པར་བསྐོ་བ་མཛད། སྡེ་དགེ་ས་དབང་ལྕལ་དྲལ་གྱིས་སྔ་ཕྱིར་ལན་མང་པོར་ཕོ་བྲང་དང་བཞུགས་སྒར་སོགས་སུ་སྦྱན་དྲངས་ནས་དབང་ལུང་གསན་ཅིང་འབུལ་ཆེན་ལན་མང་དུ་མཛད་ཅིང། ས་སྐྱོང་ཆེན་པོའང་བཞུགས་སྒང་འཛིང་ལ་ཕེབས་སྐབས་གདན་དྲངས་ནས་བསྙེན་བཀུར་གྱིས་དགྱེས་པར་མཛད། འདི་སྐབས་ལོ་མཚམས་གཉིས་བཀུར་གྱིས་དགྱེས་པར་མཛད། འདི་སྐབས་ལོ་མཚམས་གཉིས་དང་གཞན་ཡང་སྐུ་མཚམས་ཁོ་ན་མཛད། གཞན་ཡང་རྗེ་འདི་ཐུགས་རབ་ཀྱི་རྩལ་འབར་པས་གཞན་དྲིང་མི་འཇོག་པའི་མཁྱེན་དཔྱོད་ཀྱིས་ཕུལ་དུ་བྱུང་བར་མཁྱེན་ཏེ། རིག་གནས་སྐོར་སྐད་རྩིས་སྙན་ངག་སོགས་དང། བཟོ་རིགས་སུ་གཏོགས་པ་ལྷ་རིས་ལ་ཆེས་མཁས་ཤིང། ལན་ཝར་སོགས་རྒྱ་བོད་ཀྱི་ཡིག་རིགས་མང་པོ་དང། གར་ཐིག། འཆམ། དབྱངས་རོལ། གཏོར་བཟོ་སོགས་ལ་གང་ཅིར་མཁས་པའི་རྩེར་སོན་པ་དང། གཞན་ཡང་མདོ་སྔགས་སོ་སོའི་ལ་གང་ཅིར་མཁས་པའི་རྩེར་སོན་པ་དང། གཞན་ཡང་མདོ་སྔགས་སོ་སོའི་ལམ་གྱིས་འགྲོས་དང་གྲུབ་མཐའ་སོ་སོའི་བཤད་ཚོད་སོགས་ལ་བློ་གྲོས་ཀྱི་འཇུག་པ་ཤིན་ཏུ་ཡངས་པས་ཆེས་མཁས་ཤིང། གྲུབ་མཐའི་ཁས་ལེན་ཡང་ཀུན་མཁྱེན་ཆེན་པོའི་ལུགས་ལྟར་མཛད་པ་ཡིན་ནོ། གྲུབ་མཐའི་ཁས་ལེན་ཡང་ཀུན་མཁྱེན་ཆེན་པོའི་ལུགས་ལྟར་མཛད་པ་ཡིན་ནོ། སྐུ་ན་གཞོན་ནུ་ནས་བསྙེན་སྒྲུབ་ཀྱི་རིགས་ལ་ཆིག་སྒྲིལ་གནང་བ་ཡིན་ཏེ། སྔར་ཆུ་བྱི་ལོར་ལོ་སྒྲུབ་རིལ་པོ་གཅིག་དང། དེ་རྗེས་མེ་འབྲུག་ནས་ས་ལུག་བར་ལོ་གསུམ་དང། སླར་མེ་སྟག་ནས་ལྕགས་སྦྲུལ་བར་ལོ་རིལ་པོ་བཅོ་ལྔ་དང། སྟག་སྒང་(སྨད་ཆ།༥༩༩)དུའང་ལོ་མཚམས་རིལ་པོ་གཉིས་དང་བཅས་ལོ་མཚམས་རིལ་པོ་ལོ་ཉེར་གཅིག་དང། གཞན་འབྱོན་བཞུགས་སོགས་ཀྱི་བར་གསེང་ཅུང་ཟད་བྱུང་ནའང་པོས་དལ་བག་ཡངས་སུ་ནམ་ཡང་མི་བཞུགས་པར་སྐུ་མཚམས་ཁོ་ན་མཛད་དེ། གཞན་ཟླ་བ་བརྒྱད་དགུ། ཟླ་དྲུག་མ། ཟླ་བ་གཉིས་གསུམ་ཚུན་དང། ཐ་མ་བདུན་ཞག་རེས་མཚོན་པའི་ཁྱོན་དྲིལ་རགས་རྩིས་སུ་ལོ་ངི་སུམ་ཅུ་ཙ་གྲངས་ཤིག་ཏུ་ངེས་པར་སྐུ་མཚམས་ཁོ་ན་བཞུགས་པ་ཡིན་འདུག་གོ། དེ་ན་བདག་ཉིད་ཆེན་པོ་འདིའི་ཐུགས་ཉམས་དང་རྟོགས་པའི་ཡོན་ཏན་ཀྱང། དེ་ན་བདག་ཉིད་ཆེན་པོ་འདིའི་ཐུགས་ཉམས་དང་རྟོགས་པའི་ཡོན་ཏན་ཀྱང། རྫོགས་ཆེན་སྣང་རིག་གཉིས་ཀྱི་རྣལ་འབྱོར་དང། རླུང་སྦྱོར་སོགས་དུས་གནད་དང་བསྟུན་ཏེ་ཉམས་བཞེས་གནང་བས། མ་དག་པའི་སྣང་བ་འགོག་པར་ནུས་པའི་བསྐྱེད་རིམ་ལ་གསལ་བརྟན་གྱི་ཉམས་མཐར་ཕྱིན་ཏེ། སྣང་སྲིད་ཐམས་ཅད་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་རྒྱས་ཐེབས་པས། ཕྲིན་ལས་རྣམ་བཞི་གང་ཡང་ཐོགས་མེད་དུ་གྲུབ། རྫོགས་རིམ་རྩ་ཐིག་རླུང་གསུམ་དབུ་མར་ཞུགས་པས་བདེ་བ་ཆེན་པོའི་ཡེ་ཤེས་ཆེར་རྒྱས་པའི་ཐུགས་ཉམས་ཤིན་ཏུ་གསལ་བ་དང། ཀ་དག་གཞི་རྫོགས་འཕོ་འགྱུར་མེད་པའི་དབྱིངས་སུ་བྱང་ཆུབ་པས་འཁོར་འདས་ཐམས་ཅད་གཞི་མེད་རྩ་བྲལ་དུ་གྲོལ། སྣང་སྦྱོད་ཐམས་ཅད་རང་སྣང་རིས་མེད་ཤར་བས་གཟུང་འཛིན་གྱི་མཚན་མ་དབྱིངས་སུ་དག། མཉམ་བཞག་འདོ་གསལ་རྣམ་པར་མི་རྟོག་པའི་ངང་ནས་རྗེས་ཐོབ་གང་ཤར་རང་གྲོལ་གྱི་ཡེ་ཤེས་གསལ་ལ་མི་རྟོག་པའི་དགོངས་པ་རང་བྱུང་བཞེངས་སུ་འཁྲུངས་པས་མཉམ་རྗེས་རེས་འཇོག་གི་ཤུན་པ་བུད་ནས་རིས་མེད་འོད་གསལ་འཁོར་ཡུག་གི་ཏིང་ངེ་(སྨད་ཆ།༦༠༠)འཛིན་ལ་དབང་འབྱོར། མཚོ་ཁར་པདྨ་སམ་བྷ་བས་ཞལ་མངོན་སུམ་དུ་བསྟན་ཏེ་བྱིན་གྱིས་བརླབས་པ་ནས། དཔལ་རྟ་མགྲིན། རྡོ་རྗེ་ཕུར་སོགས་ལྷག་པའི་ལྟ་དུ་མའི་ཞལ་གཟིགས། རྡོ་རྗེ་ཆོས་སྐྱོང་སྦྱི་དང་ཁྱད་པར། མ་མགོན་། གཟའ། རྡོར་ལེགས། རྒྱལ་ཆེན། བཙན་རྒོད། གནས་སྲུང་མ་མོ་ཡང་མ་དང་སྲིང་རྫོང་རྒྱལ་མོ་སོགས་ཀྱི་ཕྲིན་ལས་སྒྲུབ་པའི་ཁས་བླངས་ནས་དམ་ནོམ་ཤིང་བྲན་དུ་ཁོལ་བ་དང། ཡུལ་དུས་གང་ལའང་ཆགས་ཐོགས་མེད་པའི་མངོན་པར་མཁྱེན་པ་མངའ་རེ་རེ་ནས་བརྗོད་པར་མི་ལངས་ཡང། ལྕགས་ར་མཆོག་སྦྲུལ་རིན་པོ་ཆེ་དང། བན་སྒར་བ་སྐལ་བཟང་ཉི་མ། འབྲི་རུ་མཁན་པོ། རྫོགས་ཆེན་མཆོག་སྦུལ་རིན་པོ་ཆེ་སོགས་རང་ལུགས་དང་གཞན་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་ཆེ་དགུ་མང་པོའི་གསང་ལུང་འཕྱུགས་མེད་ཐོག་ཏུ་ཁེལ་བས་ཕྱོགས་ལྟུང་མེད་པའི་གསུང་གིས་ཆེད་དུ་བསྔགས་པ་དང། གཞན་ཡང་གདོན་གྱིས་བརྩེས་པ་དང་འབུ་སྲིན་གཅན་གཟན་གྱི་གནོད་པ་སོགས་པ་ཐུགས་དམིགས་གནང་བ་དང། ཕྱག་ནས་འཐོར་བ་ཙམ་གྱིས་ཆོག་པ་དང། ཀྱང་ཆར་ཆེ་བ་དང། ཆར་འབེབས་པ་སོགས་ལ་དབྱིངས་གཏོང་བ་ཙམ་གྱིས་གྲུབ་པ་དང། དད་ལྡན་འགའ་ཞིག་གིས་སྐུ་ལྷག་པའི་ལྟར་མཐོང་བ་དང། ཕྱག་ནས་ཟང་ཐལ་དུ་གཤེགས་པ་སོགས་སྨོས་ཀྱིས་མི་ལངས། རྟག་ཏུ་ཟུང་འཇུག་གི་རྣལ་འབྱོར་ལས་གཡོ་བ་མེད་ཀྱང་ཐུགས་དམ་གྱི་རིམ་པའང་དགུང་ཐུན་ལ་ཇ་སྦྱོར་གྱི་ཡུན་ཙམ་ལ་སྐུ་ཚགས་མི་ལྟོད་པར་མནལ་དུ་བཞུགས་པ་ཙམ་མ་གཏོགས་དབུ་སྔས་ལ་སྙེས་པ་སོགས་ནི་སྐུ་ཚེ་རིལ་པོར་མི་མཛད་ཅིང། ལྷག་་པའི་ལྟ་དུ་མའི་སྒོམ་བཟླས་དང་མཚན་(སྨད་ཆ།༦༠༡)བཅས་མཚན་མེད་ཀྱི་རྫོགས་རིམ་སོགས་ལ་བཙོན་པར་མཛད། རྗེ་ཉིད་ཀྱིས་དམ་པའི་ཡོན་ཏན་གྱིས་ཐུགས་འཕྲོགས་པས་བླ་ཆེན་དང་མི་ཆེན་ཆེ་དགུ་མང་པོས་བཏུད་ཅིང་བཀུར་བསྟི་དང་སྲི་ཞུས་མཆོད་པར་ཐོབ་ཀྱང་ཁེངས་དྲེགས་ཀྱི་རྣམ་པ་རྡུལ་ཙམ་ཡང་མི་མངའ་བ་དང། ཆོས་དང་མཐུན་པའི་སྦྱོད་ལམ་རྣམ་བཞི་ཤུགས་འབྱུང་འགོགས་མེད་རང་བབས་སུ་སྐྱོང་བ་ལས། ཆེད་དུ་བཅོས་མའི་མཛེས་ཁྲིགས་སྦར་ཁབ་ཀྱི་མཐུན་འཇུག་དང་གཡབ་མོ་མི་མཛད། གཞན་ཡང་བསྙེན་བཀུར་གྱི་ཆེད་དུ་སྡེ་དགོན་དང་ཆོས་ལུགས་གྲུབ་མཐའ་སོ་སོའི་ཁ་འཛིན་དང་དགེ་བའི་བཤེས་གཉེན་གཞན་དག་ལ་ཞལ་སྐུར་རིས་སུ་གཅོད་པ་སོགས་ཅུང་ཟད་ཀྱང་མི་མཛད། རང་སློབ་གྲ་རིས་ལྟ་བུས་གཞན་སྐུར་འདེབས་པ་གཟིགས་ནའང་དེ་མ་ཐག་ནས་ཚར་གཅོད་གནང་ཞིང། ནམ་ཡང་གཞན་གྱི་ཉེས་པ་གླེང་དུ་མ་བཅུ་དྲུག་རང་ཉིད་ཆོས་ཀྱི་གནང་ལ་མཁས་ཤིང་སྒྲུབ་བརྒྱུད་གནས་ལུགས་སྟོན་པ་ལ་ཐུགས་འགྲོ་ཞིང། ཕྱི་ནང་རིག་གནས་བྲིས་འབུར་གྱིས་མཚོན་གང་ལ་ཡང་འགྲན་དུ་མེད་ཀྱང་གཞན་ལ་ཅོ་འདྲི་མེད་པར་མཉམ་པར་སྐྱོང་བ་དང། གྲ་སློབ་ཡོན་བདག་སོགས་ཀྱི་སྐུར་འདེབས་དང་ལོག་སྒྲུབ་བགྱིས་པ་རྣམས་ལའང་མནར་སེམས་དང་མ་མཉེས་པ་མི་མངའ་བར་བྱམས་པས་རྗེས་སུ་སྐྱོང་བར་མཛད་པ་དང། ཐུགས་སྒམ་ཞིང་དཀྱེལ་ཆེ་བས་གཞན་ཟེར་གྱི་ཕྲན་མས་ཐུགས་མི་སྐྱོད་པར་སྙན་ཁུང་འཐུགས་ཤིང་བརླིང་ཆ་ཆེ་བས་གཞན་སྣང་ཟིལ་གྱིས་ནོན་པར་མངའ་བ་དང། གཞན་ཡང་ཉེ་བར་མཁོ་བའི་བསྟན་བཅོས་ཀྱང་པུ་ཏི་གཉིས་ཙམ་མཛད་པ་ཡོད་ལ། མདོར་ན་བསྟན་པ་རིན་པོ་ཆེ་སྒོ་དུ་མ་ནས་ཕྱོགས་ཐམས་ཅད་དུ་སྦེལ་བར་མཛད་པ་ལ་(སྨད་ཆ།༦༠༢)ཐུགས་ཀྱི་དམ་བཅའ་བརྟན་ཅིང། རང་ཉིད་མཉམས་རྗེས་ཁོར་ཡུག་གི་ཏིང་ངེ་འཛིན་འོད་གསལ་ཡེ་ཤེས་ཀྱི་ཐུགས་ལས་ནམ་ཡང་མི་གཡོ་བཞིན་དུ་བཤད་སྒྲུབ་ཀྱི་ཕྲིན་ལས་མདོ་སྨད་ཐམས་ཅད་དུ་གདུལ་བྱའི་ཡུལ་དུ་གྱུར་པ་མཆོག་དམན་མཐའ་ཡས་པ་རྣམས་ལ་སོ་སོའི་བློ་དང་འཚམས་པའི་དབང་ཁྲིད་བཤད་ལུང་ཡོངས་སུ་རྫོགས་པ་དང། དབང་ཀྱང་ལུང་རྐྱང་ཙམ་གྱི་ཆོས་སྒོ་དུ་མས་ཀྱང་བསྟན་པ་རིན་པོ་ཆེ་གསལ་བར་མཛད་བ་ཡིན་ནོ། དེའི་ཕྱིར། སྐྱེ་བོ་དམ་པའི་ཡོན་ཏན་རྣམས། སྐྱེ་བོ་དམ་པས་ལྷག་པར་སྒྲོགས། མ་ལ་ཡི་ཙན་དན་དྲིར། རླུང་གིས་ཕྱོགས་བཅུར་རྒྱས་པར་བྱེད། ཅེས་གསུངས་པ་དང་མཐུན་པར། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། འོ་ན་ཆོས་སྡིང་གི་རྒྱལ་སྲས་སྦྲུལ་པའི་སྐུ་རིན་པོ་ཆེ་དང། ལྕགས་ར་ངག་དབང་སྦྲུལ་སྐུ། སྟག་ཕུ་སྦྲུལ་པའི་སྐུ། ལྷ་མགོན་སྦྲུལ་སྐུ་སོགས་དང། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང། ཤར་ཆེན་རྡོ་རྗེ་འཆང་རིན་ཆེན་མི་འགྱུར་རྒྱལ་མཚན། ཞུས་ཆེན་མ་ཧཱ་པཎྜི་ཏ། ལྡན་ལོ་ཚུལ་ཁྲིམས་རིན་ཆེན་སོགས་དང། རྫ་སྔགས་རམ་པ་འགྱུར་མེད་བསྟན་འཕེལ་དང། ཟེ་ཆན་རབ་འབྱམས་སྦྲུལ་སྐུ། ༔ཐོག་པ་དྲི་མེད་ཞིང་སྐྱོང། དཔལ་ཡུལ་བླ་མ་ཀརྨ་བཀྲ་ཤིས། རྡོ་རྗེ་བྲག་མཆོག་གི་སྦྲུལ་པའི་སྐུ་སྐལ་བཟང་པདྨ་དབང་ཕྱུག་སོགས་རིས་མེད་པའི་བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་མཁས་ཤིང་གྲུབ་པ་བརྙེས་པའི་ཚོགས་མང་པོས། རྗེ་འདིའི་བསླབ་པ་གསུམ་དང་མང་དུ་ཐོས་པ་སོགས་ལུང་དང་རྟོགས་པའི་ཡོན་ཏན་གྱི་ཕུང་པོ་ཇི་བཞིན་གཟིགས་པས་ཐུགས་འཕྲོགས་ཏེ་ཕྱོགས་ལྟུང་མེད་པར་གཟུང་བོར་གནས་པའི་(སྨད་ཆ།༦༠༣)གསུང་གིས་དངོས་དང་སྦྲིང་ཡིག་གི་ལམ་ནས་ལན་གཅིག་མ་ཡིན་པར་ཡང་ཡང་སྔགས་པ་བརྗོད་པས་མཆོན་ཏེ་སྐྱེས་ཆེན་དམ་པ་འདི་ནི་གཞན་གྱི་འགྲན་བྱའི་ཡུལ་ལས་འདས་པ་ཡིན་ནོ། དེ་ལྟ་བུ་མ་བྱས་ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་སེམས་ཅན་གྱི་ཁམས་རྒྱ་མཚོ་ཡོངས་སུ་སྨིན་པར་མཛད་ནས། རེ་ཞིག་ཞིང་ཁམས་གཞན་གྱི་གདུལ་བྱར་འོས་པ་དག་འདུལ་བའི་དུས་ལ་བབས་པར་གཟིགས་པ་སོགས་ཀྱི་གདུལ་བྱར་འོས་པ་དག་འདུལ་བའི་དུས་ལ་བབས་པར་གཟིགས་པ་སོགས་ཀྱིས་ཟུང་ཟད་ཞིང་འདིར་ཐགུས་སྐྱོ་བའི་ཚུལ་དང་རིང་པོར་མི་བཞུགས་པའི་གསུང་གྱ་མ་དོ་འགའ་ཡང་སྩལ་ཞིང། སྐུ་ལ་བསྙེལ་གཞི་སོགས་མེད་ཀྱང་སྐུ་ཤེད་ཞན་ཉམས་ཙམ་བྱུང་ཞིང། འདི་སྐབས་རྒྱལ་རོང་དགེ་བཤེས་རྒྱལ་པོས་གདན་འདྲེན་བྱུང་ཡང་ཕེབས་པར་མ་གནང་ཞིང། མཛད་པའི་འཕྲོ་གཞན་དག་ཀྱང་བརྟུལ་བར་མཛད། དེ་སྐབས་ཆེ་ཡོ་རིག་འཛིན་ཆེན་པོ་སོགས་ངེད་ཅག་ཉུང་བསྡུས་ཤིག་ལ་ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་དབང་ཁྲིད་ལུང་བཅས་སྩལ་ཞིང། དབང་གི་དུས་སུ་རྗེ་ཉིད་རིགས་ལྔ་བྲོག་ཞུ་གར་གོས་སོགས་ལོངས་སྦྱོད་རྫོགས་སྐུའི་ཆས་མཛད་ནས་དབང་བསྐུར་བ་སོགས་མཛད་དེ། དེ་ནི་རྗེ་ནིད་སྦྲུལ་པའི་སྐུ་ལས་ལོངས་སྐུར་བཞེངས་པའི་བརྡ་ཡིན་པར་འདུག་སྟེ། སྐུ་ཚེ་འི་འདུ་བྱེད་ནི་གཏང་ནས་འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས་པར་སྣང་ལ། དེ་ནས་རྡོ་རྗེ་བྲག་མཆོག་སྦྲུལ་མདོ་སྨད་ནས་དབུས་སུ་ཕེབས་པར་མཛད་ཕྱིར་རུ་དམ་དུ་ཆིབས་སྐྱོད་དང་དབང་ལུང་ཕར་འབུལ་ཚུར་གསན་ཞིབ་རྒྱས་གྲུབ་ནས་ཕྱིར་ཕེབས་པ་ནས་སྐུ་ཅུང་ཟད་ལྟེམ་ཚུལ་བྱུང་བར་སྐུ་རིམ་ཞབས་བརྟན་གང་རྒྱས་ཕུལ་ཡང་བཞུགས་པར་མ་གནང་བར་དུ་དམ་བླ་བྲང་དུ་(སྨད་ཆ།༦༠༤)གཞན་སྣང་གཟུགས་སྐུའི་བཀོད་པ་ཕྱོགས་གཅིག་བསྡུས་ནས་ཆོས་དབྱིངས་བདེ་བར་ཆེན་པོ་མནལ་བའི་ཚུལ་བསྟན་པར་གྱུར་ཏོ། དེ་ནས་རྩ་བའི་ཆོས་སྐྱོང་གི་གསུང་བཞིན་གསེར་གདུང་སྲིང་རྫོང་དུ་བཞེངས་པ་སོགས་ཕྱི་ནང་གི་རྟེན་བཞེངས་པ་དང་དགོངས་རྫོགས་མཆོད་སྦྲིན་སྦྲོ་བ་སོགས་རྗེས་ཀྱི་བྱ་བ་ཡང་རྒྱ་ཆེར་གྲུབ་པ་ཡིན་ནོ། རྗེ་འདིའི་གསུང་གི་བདུད་རྩི་བཞེས་པའི་བཀའ་སློབ་ཚོགས་ཀྱང། རྡོ་རྗེ་བྲག་མཆོག་སྦྲུལ་སྐུ་བཟང་པདྨ་དབང་ཕྱུག་དང། རྫོགས་ཆེན་མཆོག་སྦྲུལ་སྐལ་བཟང་པདྨ་དབང་ཕྱུག་དང། རྫོགས་ཆེན་མཆོག་སྦྲུལ་གོང་འོག་སོགས་སྐྱེས་ཐོབ་སྐྱི་ཆེ་བའི་སྐྱེ་སྦྲུལ་མང་པོ་དང། སའི་ཚངས་པ་སྡེ་དགེ་རྒྱལ་བློན་སོགས་མི་ཆེན་ཆེ་དགྲ་མང་པ་དང། རུ་དམ་ཨོ་རྒྱན་ཆོས་གླིང་སོགས་བཤད་སྒུབ་ཀྱི་སྡེ་མང་པོ་སོགས་ཐམས་ཅད་སྨོས་ཀྱིས་མི་ལངས་ཏེ། དེ་དག་ལས་རང་ལུགས་ཆོས་བརྒྱུད་འཛིན་པ་འགའ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་རང་རྩའི་སློབ་ཚོགས་ཡོངས་ཀྱི་གཙོ་བོར་གྱུར་པ་ནི་རྗེ་དཔོན་དམ་པདྨ་འཇིགས་མེད་དང། བླ་མ་བསྟན་འཛིན་སྙིང་པོ། གྲུབ་ཆེན་དཔའ་བོ་ལས་རབ་རྩལ་རྣམས་ཡིན་ལ། རྗེ་དཔོན་དམ་པ་དེ་ནི་རྗེ་ཉིད་ཀྱི་བཅེན་བསོད་ནམས་མགོན་པོའི་སྲས་སུ་འཁྲུངས། བྱིས་པའི་དུས་ནས་རྗེ་ཉིད་ཀྱི་བཡ་ཀྱི་སྐྱེ་བ་གསལ་པོར་དྲན་པས་ཆོས་སྒོར་བཅུག་སྟེ། མཆོག་སྦྲུལ་རིན་པོ་ཆེ་ཉིད་ཀྱི་གཙུག་ཕུད་བཞེས་ནས་མཚན་པདྨ་འཇིགས་མེད་དུ་སྩལ། དེ་ནས་ཡི་གེ་འབྲི་བ་ལ་འབྲུ་དཀྱུས་ཚུགས་སོགས་གང་ནས་ཀྱང་གཞན་འགྲན་དང་བྲལ། ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོའི་ཞབས་ནས་བསྙིང་རྫོགས་བཞེས་པས་མཚན་རྒྱ་མཚོ་ལེགས་བཤད་དུ་སྩལ། རྩིས་དཀར་(སྨད་ཆ།༦༠༥)ནག་སོགས་ལ་མཁས་ཤིང་ཁྱད་པར་གསུང་སྐད་དང་སྐུ་གཟུགས་ཤིན་ཏུ་བཟང་ཞིང་མཛེས་པས། གར་ཐིག་དབྱངས་རོལ་སོགས་ལ་མཁས་པའི་ཕུལ་དུ་གྱུར་པས་དགོན་ཡས་ཕྱིན་གྱི་སྒྲིག་ལམ་སོགས་ལ་བཀའ་དྲིན་ཤིན་ཏུ་ཆེ། བསམ་ཡབ་རབ་བྱུང་གྲ་ཚང་ནས་ཚེས་བཅུའི་མཆམས་སོགས་ཞིབ་སྦྱངས་ཁུངས་ཆོད་ཡང་མཛད། གཞན་ཡང་ཀུན་མཁྱེན་ཆེན་པོའི་བསྟན་བཅོས་ཡིད་བཞིན་མཛོད་དང། གཞན་ཡང་ཀུན་མཁྱེན་ཆེན་པོའི་བསྟན་བཅོས་ཡིད་བཞིན་མཛོད་དང། སྦྱི་དོན་ལེས་བཤད་རྒྱ་མཚོ་བཤད་རྡོ་རྗེའི་སྒྲ་དབྱངས་སོགས་ཐུགས་འཛིན་མཛད་པས་མདོ་སྔགས་སྦྱིའི་ལམ་གྱི་འགྲོས་དང་བསྐྱེད་རྫོགས་སྨིན་གྲོལ་གྱི་གནད་གསང་ཐམས་ཅད་མི་མཁྱེན་པ་མེད་ཅིང། ཁྱད་པར་དེ་དག་གི་ཕྱག་ལེན་ཕྲ་རགས་ཐམས་ཅད་བྱང་ཆུབ་པས་བསྟན་པའི་མིག་རྒྱན་དུ་འགྱུར་ལེན་ཕྲ་རགས་ཐམས་ཅད་བྱང་ཆུབ་པས་བསྟན་པའི་མིག་རྒྱན་དུ་འགྱུར་བའི་ཁུངས་དག་དངོས་གཙང་ཁོ་ན་ལས་གཞན་པའི་བབ་རྩོལ་དང་གྱ་ཚོམ་དུ་འཇུག་པ་གཏན་ནས་མི་མངའ། འདུ་བའི་བཅའ་ཁྲིམས་ཀྱི་བསླབ་པ་གཙང་ཞིང་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་དང། ལྷག་པའི་ལྷ་དུ་མར་བསྙེན་སྒྲུབ་གནང་ཞིང་རྒྱུན་དུ་ཡང་སྒོམ་བཟླས་སོགས་ལ་ཐུགས་རྩོལ་གཞན་ལས་ཆེ་ཞིང། བསྐྱེད་རྫོགས་སྨིན་གྲོལ་གྱི་པའི་ཡོན་ཏན་དང་ལྡན་པ་དང། ཁྱད་པར་དུ་སྐུ་ཞབས་མཆོག་སྦྲུལ་རིན་པོ་ཆེ་ཉིད་ཀྱི་ཐུགས་ཀྱི་དགོངས་པ་བསྒྲུབས་ཤིང། ཕྲིན་ལས་རྒྱ་ཆེར་སྦྲེལ་བ་ལ་གཞན་དྲིང་མི་འཇོག་པས་བཀའི་ཕྲིན་ལས་པ་ཆེན་པོ་ཡིན་ཏེ། ཇི་སྐད་དུ། གྲུབ་པ་བརྒྱད་དང་ཕྲིན་ལས་བཞི། མངོན་ཤེས་སྦྱན་མངའ་རྫུ་འཕྲུལ་གྱི། གཞན་དོན་ཕྲིན་ལས་བྱེད་པ་ཡང། བླ་མའི་བཞེད་པ་བསྒྲུབས་ལས་བྱུང། ཞེས་གསུངས་པ་ལྟར་ལས་རབ་(སྨད་ཆ།༦༠༦)འབྱམས་གང་ལ་ཡང་ཐོགས་པ་མེད་པ་དང་འཆང་ཉན་སོགས་འགྲོ་ཕན་གྱི་ཕྲིན་ལས་ཀྱང་ཤིན་ཏུ་ཆེ་ཞིང། གདན་ས་གོང་འོག་ཏུ་བསྟན་པའི་བྱ་བ་དང། མཆོག་སྦྲུལ་རིན་པོ ་ཆེ་སྐུ་གཤེགས་རྗེས་ཀྱི་དགོངས་རྫོགས་སྟག་སྒང་དུ་ཚེས་བཅུ་ཆེན་མོ་མཆམས་བཅས་གསར་འཇུག་དང། སྲིང་རྫོང་དུ་གསེར་གདུང་བཞེངས་སོགས་ཕྱག་བཞེས་རྒྱ་ཆེ། དེ་ནས་ཤིང་ཕོ་རྟ་ལོ་དགུང་ལ་ཞེ་དགུ་པ་ལ་འཇའ་ཚོན་གྱི་དྲ་བས་འབྲེལ་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་དག་པའི་ཞིང་དུ་གཤེགས་སོ། རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་ནི། ངེས་པའི་དོན་དུ་གདོད་ནས་ཡོངས་སུ་གྲུབ་པ་ཆོས་ཀྱི་དབྱིངས་སུ་མྱ་ངན་ལས་འདས་པའི་འཁོར་འདས་སྦྱི་མཉམ་ཆེན་པོ་རོ་གཅིག་ཀྱང་དྲང་པའི་དོན་ཙམ་དུ་དག་པའི་རྣལ་རོལ་ཡང་འཆར་བ་ཆོས་ཉིད་ཀྱིས་བདག་ཅག་གི་སྟོན་པའི་དྲུང་དུ་ཤེས་རབ་ཅན་རྣམས་ཀྱི་མཆོག་ཤཱ་རིའི་བུ་དང། དགེ་བསྙེན་རྡ་རྨ་ཏཱ། དགེ་བསྙེན་ཞི་བའི་གོ་ཆ། ལང་གྲོ་དཀོན་མཆོག་འབྱུང་གནས། རྡོ་བོད་མཚམས་སུ་བོ་རྡི་ར་ཛ། ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་བའི་དབང་པོ་རང་བྱུང་རྡོ་རྗེ་དང། ཆོས་རྒྱལ་རརྣ་གླིང་པ། ཨ་མཁར་རྟོགས་ལྡན་ཀརྨ་ཕྲིན་ལས་སོགས་བསྟན་པ་དང་གདུལ་བྱའི་དོན་དུ་བསམ་བཞིན་སྲིད་པ་ཉེ་བར་བཟུང་བའི་རྒྱལ་བའི་སྲས་པོ་དུ་མའི་རྣམ་རོལ་བརྒྱུད་མར་འཁྲུངས་པ་ཡིན་ལ། སྐུ་ཚེ་འདིའི་སྐྱེ་བའི་མྱུ་གུ་བསྐྱེད་པའི་ཡུལ་ནི་མད་སྡེ་དགེའི་ཡུལ་གྱི་བྱེད་བྲག་ཆེ་ཡོད་ཅེས་པའི་འབྲོག་སྡེ་ཆེན་པོ་ཞིག་ཏུ་རིགས་རུས་མཐོང་ཞིང་བཙུན་པ་ཇིང་འགིར་གནམ་གྱི་རྒྱལ་པོའི་(སྨད་ཆ།༦༠༧)རིགས་སུ་འཁྲུངས། སྐུ་བྱིས་པའི་དུས་ནས་སྔོ་གནས་རྗེས་སུ་དྲན། ཡི་གེ་འབྲི་ཀློག་སོགས་བསླབ་སྦྱངས་མ་དགོས་པར་མཁྱེན། དགུང་ལོ་བདུན་གྱི་དུས་གཏེར་སྟོན་རརྣ་གླིང་པ་ཡིན་པར་སྐྱེ་བ་དྲན་ཅིང་གཏེར་གྱིི་བརྡ་ཡིག་ཀློག་པ་དང། ཆོས་འཆད་ཤེས། དགུང་ལོ་བཅུ་པ་ནས་ཉི་སྦྲུལ་རིན་པོ་ཆེས་རྗེས་སུ་བཟུང། སྲིང་རྫོང་འོད་གསལ་སྒྲུབ་སྡེར་ཕེབས། ཉི་སྦྲུལ་རིན་པ་ཆེས་བཀའ་ཆོས་ཐམས་ཅད་བུམ་པ་གང་བྱོར་སྩལ། སྲིང་རྫོང་བཞུགས་སྐབས་རང་ཡུལ་ནས་བླ་རྒན་ཆོས་མཆོག་འདས་པ་མངོན་སུམ་དུ་གཟིགས་ཏེ་དེ་ལྟ་བུ་གཟིགས་པ་མང་དུ་བྱུང། དེ་སྐབས་སྦྱན་རས་གཟིགས་ཀྱིས་བསྙེན་ཞི་བའི་གོ་ཆ་དང། རྡོ་བོད་མཚམས་སུ་བོ་རྡི་རཱ་ཛ་དང། གུ་རུ་ཆོས་དབང་གི་སྲས་པདྨ་དབང་ཆེན་ཡིན་ཚུལ་སོགས་བྱུང། རྗེ་ཉིད་ཀྱི་གཏེར་ལུང་ལས་ལུང་གྲོ་ལོ་ཙཱ་ཡིན་ཚུལ་དང་གཏེར་གྱི་ཁ་བྱང་ཀྱང་ཕྱག་ཏུ་སོན། དེ་ནས་རང་ཡུལ་དུ་ཕེབས་པས་ཐོ་བརྩམས་པ་དག་ལ་སྲུང་མ་རྣམས་བསྐུལ་བས་མངོན་སྦྱོད་ཀྱིས་བསྒྲལ། སླར་ཡང་སྲིང་རྫོང་དུ་ཕེབས་ནས་བཀའ་འགྱུར་གྱིས་མཚོན་པའི་འབུལ་ཆེན་མཛད་ནས་ཕྱིར་ཕེབས། སླར་ཉི་སྦྲུལ་རིན་པོ་ཆེ་མདོ་སྨད་ཕྱོགས་ལ་ཕེབས་ལ་ནས་ཞབས་པད་མཉེས་པ་གསུམ་གྱིས་མཆོད་ནས་བཀའ་ཆོས་བསམ་མི་ཁྱབ་པ་གསན། རྗེ་དེ་ཉིད་ཀྱིས་ཀྱང་དོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར་ཞིང། དོན་རྒྱུད་སྙིང་པོའི་བསྟན་པ་གཏད་པ་མཛད། དེ་ནས་མཚོ་སྔོན་ཕྱོགས་སུ་ཕེབས། དེ་དུས་རྡོ་རྗེ་ལེགས་པས་ཀརྨ་པ་རང་བྱུང་རྡོ་རྗེ་ཡིན་ཟེར་བ་དང་དམ་ཅན་པུ་ཏྲས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡིན་ཚུལ་ལུང་བསྟན་བྱུང། དད་ལྡན་འགའ་ལ་རྫོགས་ཆེན་གྱི་ཁྲིད་གནང་བས་ངོ་(སྨད་ཆ།༦༠༨)མཚར་དུ་མ་དང། མཚོ་སྔོན་པོ་ནས་ཡིད་བཞིན་ནོར་བུ་ཞིག་གཏེར་ནས་བཞེས། རང་ཡུལ་ཕེབས་ནས་ཕུར་སྒྲུབ་མཛད་པས་ཕུར་པ་རྣམས་འཕུར་ཁྲབ་ལྡིང་བ་སོགས་དང་ཕུར་བ་འགའ་རི་རྩེ་རྣམས་སུ་འཕུར་བ་དང་ཕུར་གཏོར་ལས་མེ་འབར་བ་སོགས་བྱུང། སྙིང་དུས་ཀྱི་རྒྱ་འདྲེ་འགོང་པོས་ཚ་དཔལ་གཅོག་བྱེད་ཁྲོ་རྒྱལ་ཡཀྴ་མེ་དབལ་གྱི་ཆོས་སྐོར་ཞིག་དངོས་སུ་ཕྱག་ཏུ་བབས། སྐྱེ་བདུན་མྱོང་གྲོལ་གྱི་སྒྲུབ་ཆེན་འཛུགས་པའི་དུས་ཐམས་ཅད་དུ་རིལ་བུ་འཕུར་བ་དང་དྲི་བཟང་འཐུལ་བ་སོགས་གཞན་འགྲན་མེད་པར་བྱུང། ཉི་སྦྲུལ་སྐུ་རིན་པོ་ཆེ་སྐུ་གཤེགས་ནས་ཀྱང་ཡེ་ཤེས་ཀྱི་སྐུས་ལན་དུ་མར་རྗེས་སུ་བཟུང་ཞིང་ལུང་བསྟན་གདམས་པ་སྩལ་བ་སོགས་བྱུང། ཟླ་བའི་སྔ་མ་ཆེན་ལུང་པ་ནས་གནོན་བྱ་འདྲི་བདུད་ཀྱི་བླ་རྡོ་དང། གནོན་བྱེད་གུ་རུའི་ཞབས་རྗེས་རྣམས་ཕྱག་ཏུ་སོན། དེ་ཙམ་ནས་ས་སྐྱ་གོང་མ་རིན་པོ་ཆེ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་གསུང་གིས་བསྐུལ་ནས་སྡེ་དགེ་ས་དབང་བཟང་པོ་དང་རྗེ་བཙུན་དབྱངས་ནས་སྒྲོལ་མས་རྒྱལ་ཁབ་ཆེན་པོར་གདན་དྲངས་ནས་དབུའི་མཆོད་གནས་སུ་བཀུར། བདུད་འདུལ་ལྷ་ཁང་དུ་འདྲེ་བདུད་ཀྱི་བླ་རྡོ་མནན་པའི་སྟེང་ནས་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཞབས་ཀྱིས་མནན་ཏེ། དེའི་སྟེང་དུ་གུ་རུ་སྣང་སྲིད་ཟིལ་གནོན་སྐུ་ཐོག་ཚད་མ་གཅིག་བཞེངས་ནས་རབ་ཏུ་གནས་པ་སོགས་ལུང་དོན་བཞིབ་འགྲུབ་པས་མི་ལོ་ཉི་ཤུ་ཚུན་ལ་མཐའ་མིའི་གནོད་པ་མི་འབྱུང་བར་ཞལ་གྱིས་བཞེས་པ་བཞིན་ཐོག་ཏུ་ཁེལ། དག་པའི་སྣང་བར་རྔ་ཡབ་དཔལ་རིར་གཤེགས་པས་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་གཤིན་རྗེ་གཤེད་ཀྱི་སྐུར་བཞེངས་ནས་དབང་བསྐུར་ཞིང། གཤིན་རྗེ་གཤེད་དམར་ཡི་དམ་དུ་སྩལ། ཟབ་གཏེར་(སྨད་ཆ།༦༠༩)དང་དག་སྣང་ཟུང་དུ་འབྲེལ་བའི་གདམས་ཟབ་མང་པོ་ཡི་གེ་བཀོད་པར་མཛད་ཅིང། ས་སྐྱོང་མིའི་བདག་པོའི་བསྟན་སྲིད་ཀྱི་རིམ་གྲོ་ཕྲིན་ལས་བཞི་གང་ལ་གང་འཚམ་གྱིས་དུས་ཀུན་བསྒྲབས་པར་མཛད་པས་ཐུབ་བསྟནབ་ནོར་བུ་གླིང་གི་དགོན་པ་རྟེན་བརྟེན་པ་དང་བཅས་གསར་འདེབས་གནང་ནས་དགེ་འདུན་འདུ་བའི་སྒོ་སྦྱར་བ་སོགས་མཛད་ནས་བདག་རྐྱེན་ཚད་མེད་པའི་སྲི་ཞུ་ཕུལ། ས་སྐྱོང་དབང་མོར་སྲིང་སྦེལ་གྱི་ཟ་ཡིག་བསྲེགས་ཐལ་ཕུལ་བར་བདུད་རྩིའི་བཅུད་དུ་འཁྱིལ་བའི་དགེ་མཚན་མངོན་དུ་གྱུར། འདི་སྐབས་ས་སྐྱོང་ཆེན་མོའི་རྒྱལ་བུར་བླ་བསླུ་མཛད་པས་མར་གྱི་བླ་ལུག་བལ་དངོས་སུ་སྐྱེ་བ་བྱུང། སླར་ཡང་བོད་ལྗོངས་སུ་ཐེག་ཤཱཀྱ་མུ་ནེའི་ཐུགས་ཀ་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་ཞིག་ཕྱག་ཏུ་བབས། བསམ་ཡས་མཚིམས་ཕུར་རྩ་གསུམ་སྒྲུབ་པའི་གདམས་སྐོར་སོགས་དགོངས་གཏེར་དུ་བབས། སྲིང་མོ་རྫོང་ཕྲག་ནག་བདེ་བ་ཆེན་པོ་ནས་ཨ་མྲྀ་ཏ་དང། དབུར་སྟོད་ཏི་སྒྲོ་བྲག་ནས་རརྣ་གླིང་པས་ཡང་གཏེར་སྦས་པའི་གུ་རུའི་སྐུ་ཚབ་པདྨ་གུ་རུ་སོགས་སྦྱན་དྲངས། འདམ་རྒྱལ་ཆེན་བཅོ་བརྒྱད་སོགས་དམ་ལ་བཏགས་ནས་རང་གནས་སུ་ཕེབས། སྔ་ཕྱི་ཀུན་ཏུ་ས་གནད་གསོ་བ་དང་ས་དམིགས་གཟེར་གང་ཆེ་རྣམས་སུ་དམ་སྲི་འགོང་པོ་མནན་པའི་ལས་ལ་སྦྱར་བའང་མང་དུ་མཛད་ཅིང། ཁྱད་པར་དུ་གཞི་བདག་དཀར་ཕྱོགས་སྐྱོང་བ་རྣམས་ལ་དམ་ཚིག་བསྒྲགས་ཤིང་བསྟན་འགྲོའི་ཕན་བདེ་བསྒྲུབ་པའི་གཉེར་གཏད་ཅིང་གཟེངས་བསྟོད་པ་དང་ནག་ཕྱོགས་འབྱུང་པོ་རྣམས་བཀའ་ནན་རབ་རྗིད་ཀྱིས་ཟིལ་གྱིས་མནན་ཅིང་དམ་ལ་བཏགས་ཤིང། རྒྱ་འདྲེ་དམ་སྲིའི་རིགས་རྣམས་གནས་ནས་བསྐྲད་པ་(སྨད་ཆ།༦༡༡༠)སོགས་ཀྱི་ཕྱིར་མེ་ལུག་ཟླ་བ་ལྔ་པ་ནས་རི་འགྲིམ་མཛད་ནས་རྒ་སྟོད་ཚུན་ཞབས་ཀྱིས་བཅགས་ནས་བསྟན་འགྲོའི་བདེ་ཐབས་མང་དུ་བསྒྲུབས། དེ་སྐབས་ཙམ་ནས་རྗེ་འདིས་བླ་ཆེན་འབྱོར་ལྡན་ཇི་སྙེད་ཀྱི་ཐུགས་མཚོར་ནམ་ཡང་ཤར་མ་མྱོང་བའི་ཐུགས་བསྐྱེད་པའི་ལྷག་བསམ་ཟླ་བ་ཚེས་པ་ལྟ་བུའི། སྦྱིར་གསང་ཆེན་སྔ་འགྱུར་འདི་ཀུན་མཁྱེན་ཉི་མའི་གཉེན་གྱིས་བསྟན་པ་ཐམས་ཅད་ཀྱི་སྙིང་ཁུ་ཡིན་ཡང་གསར་ལུགས་རྣམས་རང་ཕྱོགས་འདེགས་པའི་དབང་ཆ་སྟག་ཆོད་ཀྱིས་རྙིང་རྒྱུད་རྣམས་དབྱེན་བཅོས་ཏེ་མ་བུ་སོ་སོར་ཡ་བྲལ་བ་ལྟར་གྱུར་པས་དཔེ་རྒྱུན་རྣམས་བཀོན་པ་དང། རྒྱུན་ཡོད་པ་རྣམས་ཀྱང་ཚང་མི་ཚང་སྣང་ཚོགས་ཡི་གེ་དག་པོ་མི་འོང་བར་འདུག་པར་སོགས་ལ་གཟིགས་ནས་སྦྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་གཅེས་སྦྲས་སུ་བྱ་བ་དང་ཡང་སྒོས་སྔ་འགྱུར་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཚུལ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་རྒྱས་སུ་འབྱུང་བའི་སླད་དུ་དངུལ་སྲང་སྟོང་ཕྲག་ལྷག་པའི་དངོས་རྫས་གསེར་དུངལ་རྟ་ནོར་སོགས་རྩལ་སྦྲུགས་སུ་ལྷ་ལྕམ་ངང་འབྱུང་རྒྱལ་མོའི་རྣམ་འཕྲུལ་སྡེ་དགེ་དཔོན་མོ་ཚེ་དབང་ལྷ་མོ་ལ་ཕུལ་ནས་རྙིང་རྒྱུད་རིན་པོ་ཆེ་པར་དུ་བརྐོ་དགོས་ཚུལ་བཀའ་ནན་ཟློག་ཏུ་མེད་པར་ནན་ཞུས་ཕུལ་བ་བཞིན་ས་སྐྱོང་དབང་མོས་ཀྱང་དགྱེས་བཞིན་དུ་གནང་ནས་པར་དུ་བྲལ་བ་བསྒྲུབས་མཛད། གཞན་ཡང་རྗེ་ཉིད་ཀྱི་དགོངས་གཏེར་སྐོར་རྣམས་འདབས་གཏེར་དུ་བཞུགས་པར་དགོངས་པའི་ཚེ་ས་སྐྱོང་དབང་མོ་འདི་ཉིད་ཀྱི་སྲི་ཞུ་དང་བཅས་ཐུགས་སྣ་བསྲིངས་དགོས་ཚུལ་གསོལ་བ་བཏབ་པ་བཞིན་གནང་ནས་ལུང་ཟིན་ཆོས་ཀྱི་བདག་པོ་རྣམས་ལ་རྒྱ་ཆེར་(སྨད་ཆ།༦༡༡)སྦེལ་བ་མཛད་པ་ཡིན་ནོ། གཞན་ཡང་ངོ་མཚར་བའི་མཛད་པ་མཐའ་ཡས་པ་ཡོད་ཀྱང་ཞིབ་པར་རྣམ་ཐར་ལས་ཤེས་པར་བྱའོ། དེ་ལྟར་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་ནས་རེ་ཞིག་གདུལ་བའི་ཡུལ་དེ་ཙམ་དུ་གཟིགས་ནས་ཆོས་དབྱིངས་བདེ་བ་ཆེན་པོའི་རང་བཞིན་དུ་གཤེགས་པར་གྱུར་ཏོ། བླ་མ་པདྨ་བསྟན་འཛིན་ནི་དོར་ཚང་ཕྲིན་ལས་རྡོ་རྗེའི་སྐྱེ་བར་དྲན་ཞིང་རྗེ་ཉིད་ཀྱིས་ཀྱང་ངོས་འཛིན་གནང་ནས་པདྨ་བསྟན་འཛིན་ཞེས་པའི་མིང་གནང། གོང་ས་ཐམས་ཅད་མཁྱེན་པ་ནས་དགེ་གླིང་གི་དངོས་པོ་བསྒྲུབས་པའི་མིང་རྒྱ་མཚོ་ཆོས་དར་དུ་སྩལ་ངག་ནུས་ཆེ་བས་གཞན་ལ་ཕན་ཐོགས་ཆེ། སྟག་སྔསྒང་གི་གདན་ས་ཡུན་རིང་དུ་མཛད་ནས་སྦྲེལ་ལོར་དག་པའི་ཞིང་དུ་གཤེགས། རྒྱ་ཕག་བླ་མ་འཛིན་ཆོས་འཕེལ་ཡང་ཉམས་རྟོགས་བཟང་ཞིང་རྟའུ་ཕྱོགས་སུ་ཉི་གྲགས་ཆོས་སྐོར་གྱིས་འགྲོ་དོན་རྒྱ་ཆེར་བྱུང་འདུག་ཅིང། གཞན་ཡང་མཁས་ཤིང་གྲུབ་པའི་ཡོན་ཏན་དང་ལྡན་ཞིངེཾ་ཉམས་དང་རྟོགས་པའི་མངའ་བདག་ཆོས་ཀྱི་ཕྲིན་ལས་ཅན་དགེ་རྩེ་ཁྲོ་ཤུལ་བླ་མ་རིག་འཛིན་རྒྱ་མཚོ་སོགས་མང་དུ་བྱོན་ཀྱང་ཐམས་ཅད་སྨོས་ཀྱིས་མི་ལངས་སོ། གདན་རབས་བཞི་པ་བླ་མ་བསྟན་འཛིན་སྙིང་པོ་ནི། ཡུལ་སོག་རོང་སྟོད་དུ་ཀུ་གུ་ཞེས་པའི་སྔགས་བརྒྱུད་རིམ་པར་བྱོན་པའི་རིགས་སུ་སྐུ་འཁྲུངས། དེ་ཡང་སྔོན་ཡབ་ཚང་དེ་གར་ཀུ་གུ་བླ་མ་ཆོས་དར་ཟེར་བའི་གཏེར་སྟོན་རིག་འཛིན་ཆེན་པོའི་ཞལ་སློབ་ཏུ་གྱུར་པའི་སྔགས་འཆང་ནུས་ལྡན་ཞིག་ཡོད་པ་དེའི་སྐུའི་སྐྱེ་བར་སྔོན་གནས་རྣམས་རྗེས་སུ་དྲན་པའི་(སྨད་ཆ།༦༡༢)གསུང་བྱོན། དགུང་ལོ་ཆུང་ངུའི་ནས་བྲམ་ཟེའི་ཁྱེའུ་རྫུན་མི་ཤེས་ལྟར། རྫུན་གྱི་རིགས་བསླབ་ཀྱང་མི་མཁྱེན་པའི་ངོ་མཚར་ཅན་ཞིག་སྟེ། གཞོན་ནུ་ནས་ཆགས་རུར་ཕེབས་སྲིང་རྫོང་སྒྲུབ་སྡེར་སྒྲིག་ལ་བཞུགས། རྗེ་བླ་མ་མཆོག་གི་སྦྲུལ་པའི་སྐུ་རྡོ་རྗེ་འཆང་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞབས་པད་མཉེས་པ་གསུམ་གྱིས་སྦྱི་བོར་མཆོད། གཙུག་ཕུད་ཕུལ་བས་མཚན་བསྟན་འཛིན་སྙིང་པོར་སྩལ། འདི་དུས་ཤིག་ན་མར་ལ་དུང་དཀར་བཟོས་པས་སྐད་བཟང་བ་ཐོན་པར་བྱུང་སྟེ་རྗེས་བླ་མས་རྟེན་འབྲེལ་བཟང་ཞེས་པས་སྐད་བཟང་བ་ཐོན་པར་བྱུང་སྟེ་རྗེ་བླ་མས་རྟེན་འབྲེལ་བཟང་ཞེས་བསྔགས་བརྗོད་མཛད་ཀྱང་གྲུབ་པའི་མཚན་རྟགས་སུ་མངོན། དེ་ནས་ཚིག་ཕྱི་མ་དགེ་སློང་གི་སྡོམ་པ་རྣམས་རིམ་པར་རྗེ་བླ་མ་དོན་སླད་མཚན་ནས་སྨོས་ན་མཁན་རིན་པོ་ཆེ་ཀུན་བཟང་ཐེག་མཆོག་རྒྱ་མཚོའམ་པདྨ་ཐེག་མཚོག་བསྟན་པའི་རྒྱལ་མཚན་གྱི་ཞལ་སྔ་ནས་མཁན་སློབ་སྦྲེལ་ཞིང་དགེ་སློང་བཀའ་བཅུ་ཡར་འཕེལ་གྱི་གསང་སྟོན་པ་མཛད་ནས་དགེ་སློང་གྲངས་ཚང་གི་དབུས་སུ་བསྙན་པར་རྫོགས་པ་མཛད། བསླབ་པ་བཞེས་གྲུབ་པནས་བཟུང་སྐུ་ཚེ་དེ་སྲིང་དུ་དམ་པའི་ཆོས་འདུལ་ནས་ཇི་སྐད་གསུངས་པའི་པ་ བཞིན་གཞན་བཀག་གི་རིགས་རྣམས་ལས་ནམ་ཡང་མི་འདའ་བའི་བརྟུལ་ཞུགས་བརྟན་པོར་བཟུང་བས་དབྱར་གནས་དགའ་དབྱེ་སོགས་ཡུལ་དུས་ཀྱི་ཚུལ་ལྡན་མཛད་པར་མ་གྲུབ་ཀྱང་སྲུང་སྡོམ་གྱི་བཅས་པའི་མཚམས་ལས་ནམ་ཡང་མི་འདའ་ཞིང། ཆབ་ལེན་ལྷམ་འབུད་སོགས་ཕྱག་ལེན་ཕྲ་རགས་ཐམས་ཅད་ལ་ནན་ཏན་དང་གསོལ་ཚིགས་ཕྱིན་ཕྱི་དྲོའི་(སྨད་ཆ།༦༡༣)ཁ་ཟས་ཀྱང་མི་བཞེས་ཏེ་གདན་ཅིག་ཁོ་ན་མཛད་དེ། རྗེ་འདི་ཚུལ་ཁྲིམས་དང་ལྡན་ཞིང་བསླབ་པ་རྣམ་པར་དག་པའི་ཚུལ་ལ། དཔལ་རི་བོ་དགེ་ལྡན་པའི་བཀའ་རམ་མང་པོས་ཀྱང་ཆེད་དུ་བསྔགས་པ་བརྗོད་དེ། ཀུན་གྱི་བཙུན་གཅིག་མར་གླེང་ངོ། དུས་རྟག་ཏུ་སྐུ་ལུས་གནད་ལས་ནམ་ཡང་གཡོ་བ་མེད་པར་དྲངས་པོ་ཁོ་ནར་བཞུགས། མཚན་མོ་ཡང་དབུ་སྔས་ལ་མི་འཇོག་ཅིང། སྐྱིལ་དཀྲུང་ཁོ་ན་བཞུགས། རྫོགས་ཆན་ཀ་དག་དང་ལྷུན་གྲུབ་ཀྱི་ཉམས་བཞེས་ཟུང་འབྲེལ་ལ་སྐད་ཅིག་ཙམ་ཡང་གཡེལ་བ་མེད་པར་ཤིན་ཏུ་འགྲུས་པར་མཛད། ཁྱད་པར་རྩ་རླུང་གི་ནུས་པ་ཐོན་པས་རབ་བྱུང་གི་རྟགས་དང་མི་འགལ་བའི་གཟན་ཤམ་འབྲལ་སྦང་ཙམ་ལས་ན་བཟའ་མཐུག་པོའི་རིགས་དང་ཤ་ཅན་སོགས་ནམ་ཡང་མི་བཞེས། རས་རྐྱང་སོགས་བཞེས་པའི་ཚུལ་འཆོས་ཡང་མི་མཛད། རྩ་རླུང་གི་འདྲེན་འགྲེམས་འཁྲུལ་འཁོར་སོགས་དང་ཁྱད་པར་མདུན་རྒྱབ་ཀྱི་ཐུར་མ་སོགས་ལ་རང་བྱན་ཆུད་ཀྱང་མངོན་ཙན་ཅན་དེ་འདྲ་གཏན་ནས་མི་མཛད་ཅིང་ཤིན་ཏུ་མངོན་ཆུང་གིས་གསང་སྦྱོད་ཁོ་ན་མཛད་དེ། ཇི་སྐད་དུ། གང་ཞིག་གསེར་དུ་འགྱུར། ཞེས་པ་བཞིན་རྗེ་བླ་མ་མཆོག་སྦྲུལ་རིན་པོ་ཆེ་དེ་ཉིད་ཀྱི་ཕྱག་སྲོལ་བཟང་པོའི་སྦྱན་ལྟོས་སུའང་སྣང་ངོ། སྐུ་ཡོན་སློབ་གཉེར་ཡང་འབྲིང་ཀློག་དང་རྩིས་དཀར་ནག་ཙམ་ཞིག་སྦྱངས་ཚུལ་ལས་ཐ་སྙད་སྨྲིག་སྒྱུའི་ཆུ་ལ་ཞེན་པར་མ་མཛད་པར་ངེས་དོན་བླ་མའི་གསུང་གསང་རྡོ་རྗེའི་སྒྲས་དོན་གྱི་སྒྲོ་འདོགས་ནང་ནས་ཆོད་པས་མདོ་སྔགས་ཀྱི་ལམ་སོ་སོའི་(སྨད་ཆ།༦༡༤)བཞེད་ཚུལ་ཐམས་ཅད་མ་བྲིས་པར་ཐུགས་སུ་ཆུད་ཅིང། སྨིན་གྲོལ་གྱི་གདམས་པ་གང་དང་གང་ལའང་ཟབ་མོའི་གནད་སྟོན་པ་ལ་མཁས་ཤིང་ལུང་རིགས་ཀྱི་རྒྱབ་སྐྱོར་དང་བཅས་པའི་གསུང་བཤད་སོགས་ལ་ཆག་ཐོགས་མི་མངའ། དད་ལྡན་རྣམས་ལ་ཆོས་འབྲེལ་སོགས་དགོས་གལ་ཆེ་ངེས་ལས་ངེས་མེད་ཁ་དལ་ ལྟ་བུ་ངག་འཆལ་ཡེ་ནས་མི་གནང། ཁྱད་པར་བླ་མ་གྲ་རིགས་སོགས་ལ་གཤེར་སྐུར་ལྟ་བུ་ཟུར་ཡང་མི་གནང། སྨེན་གྲོལ་གྱི་གདམས་པ་ནོད་པའི་བླ་མ་ཡང་གཙོ་བོར་ཉི་གྲགས་མཆོག་སྦྲུལ་རིན་པོ་ཆེ་དེ་ཉིད་དང། རྫོགས་ཆེན་པ་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ། རྒྱ་རོང་མཆོག་སྦྲུལ་ནམ་མཁའ་མཆོག་གྲུབ། གྲུབ་པའི་དབང་ཕྱུག་དཔའ་བོ་ལས་རབ་སྩལ། བླ་མ་སྐལ་བཟང་ཐེག་མཆོག་སོགས་ལས་ཟབ་རྒྱས་ཀྱི་ཆོས་ཚུལ་མང་དུ་གསན་ཅིང། དེ་དག་ཉམས་བཞེས་སུ་ལོ་གསུམ་ཕྱོགས་གསུམ་གཅིག་གཙོ་བོར་སྨོས་པའི་ལོ་མཚམས་ཟླ་མཚམས་དུ་མ་མཛད་དེ་མདོར་ན་བཞུགས་སྒར་ཕེབས་སྐྱོད་སོགས་ཀྱི་དུས་མ་གཏོགས། རྒྱུན་དུ་སྐུ་མཚམས་ཁོ་ན་ལ་ཐུགས་རྩེ་ཆིག་སྒྲིལ་མཛད། བསྙེན་འཚམས་གྱི་སྐབས་རྣམས་སུ་ནི་བླ་མ་དམ་པ་ཉིད་སྦྲུལ་རྡོ་རྗེ་འཆང་དེ་ཉིད་ཀྱི་ཕྱག་བཞེས་ལྟར་ལས་བག་ཡང་ཡེ་ནས་མི་མཛད། གཏེར་གསར་ཡོངས་རྫོགས་ཀྱི་བསྙེན་སྒྲུབ་མ་སོང་བ་མེད་པ་དང། གཞན་ཡང་རྡོ་རྗེ་ཕུར་བ་སོགས་ལྷག་པའི་ལྷ་དུ་མར་ལྗགས་བསྙེན་མཛད། ལམ་རྟགས་ཀྱི་ཡོན་ཏན་ཀྱང་ཉམས་གོང་འཕེལ་རྫོགས་པ་ཙམ་ཞིག་ཡོད་ཚུལ་བདག་ལ་གསུང་འཕྲོས་སུ་སྩལ་ཏེ། རིག་པ་བུང་བ་བཅུད་ལ་འཁོར་བ་ཙམ་དང། ཉམས་ལེན་རྐྱེན་དང་བསྲེ་ཐུབ་ཙམ་ཡོད་གསུངས། གཞན་རྨིན་ལམ་དག་(སྨད་ཆ།༦༡༥)སྣང་ཞལ་གཟིགས་སོགས་བྱུང་ཚུལ་གསུང་སྒྲོག་ཏུ་འགྱུར་གྱིས་དོགས་ནས་ཟུར་ཅམ་ཡང་མི་གསུངས་མོད། འོན་ཀྱང་སྡེ་དགེར་མ་ཕེབས་པའི་དུས་ཡུལ་དེའི་བཀོད་པ་ཐམས་ཅད་གསལ་བར་གཟིགས་ཤིང་མྱུར་དུ་དེ་ཕྱོགས་སུ་འགྲོ་དགོས་པོ་འདྲ་གསུངས་པ་བཞིན་མཆོག་སྦྲུལ་རིན་པོ་ཆེ་ཁྲི་འདོན་དུ་སྡེ་དགེར་ཕེབས་དགོས་བྱུང་བས་མཚོན་ལྐོག་གྱུར་གྱི་གཞས་རྣམས་གཟིགས་པ་དང། མི་འགའ་ཞིག་ལ་འཕོ་ལུང་གནང་སྐབས་རྣམ་ཤྀཾེས་སྦར་ཚད་མཛད་པས་ཡུན་རིང་དུ་དབང་པོ་ཤོར་བ་བྱུང་བ་སོགས་ངོ་མཚར་གྱི་མཛད་པ་དང། རྗེ་འདི་དགུང་ལོ་ཉེར་ལྔ་བཞེས་དུས་ཉི་སྦྲུལ་རྡོ་རྗེ་འཆང་དེ་ཉིད་སྡེ་དགེར་ཞབས་པད་བསྐྱོད་པའི་སྐབས་རྒྱལ་སྲས་སྦྲུལ་སྐུ་ཨོ་རྒྱན་དཔལ་འབྱོར་རྒྱ་མཚོ་དང། རྗེ་འདི་གཉིས་ལ་གདན་སའི་བསྐོས་འཇའ་གནང་ཡང། དོན་གྱིས་རྗེ་འདི་ལས་རྒྱལ་སྲས་སྦྲུལ་པའི་སྐུ་རིང་པོར་མི་བཞུགས་པ་དགོངས་ནས་མཁྱེན་པས་ཆོད་པ་ཡིན་འདུག་ཅིང་རྒྱལ་ཚབ་ཏུ་མངའ་གསོལ་ལོ། དེ་ནས་བཟུང་ཆོས་སྲིད་ཀྱི་བྱ་བ་བསྟན་པའི་ཞབས་འདེགས་སུ་དགོངས་ནས་ཐུགས་འགན་བཞེས་ཤིང། བར་སྐབས་འདིར་བླ་མ་རྣམས་མི་བཞུགས་ཤིང་བསྟན་པ་ཕྲག་ཉག་གི་སྐབས་་སུ་གདན་སོའི་འཕེལ་རྒྱས་མ་ཉམས་པ་དང་རྟེན་གསུམ་སོགས་འཐོར་གོད་མ་ཤོར་ཞིང། སྒྲིག་ལམ་རྣམས་ཀྱང་སྔར་ལས་བཟང་བ་སོགས་རང་བསྟན་ལ་བཀའ་དྲིན་ལྷག་པར་ཆེ། རྒྱལ་སྲས་སྦྲུལ་པའི་སྐུ་ཨོ་རྒྱན་དཔལ་འབྱོར་རྒྱ་མཚོ་ཞིང་གཤེགས་པའི་རྗེས་སྒྲུབ་དང། སླར་ཡང་སྦྲུལ་པའི་སྐུ་ཁྲི་འདོན་དང། མདོ་སྨད་སྡེ་དགེར་པེབས་ནས་ཉི་གྲགས་མཆོག་སྦྲུལ་གསུམ་པ་ཁྲིར་འདོན་པ་སོགས་མཛད། སྡེ་དགེ་ས་སྐྱོང་ཆེན་པོས་གདན་དྲངས་ནས་དངུལ་(སྨད་ཆ།༦༡༦)མདའ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་ཕེབས་ནས་ཚེ་དཔག་མེད་ལྷ་ཆེན་བཞེངས་པའི་རབ་གནས་ཀྱང་མཛད། གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་གྲ་ཆེན་པོ་ཀ༔ཐོག་ཏུའང་མཆོག་སྦྲུལ་རིན་པོ་ཆེ་དྲི་མེད་ཞིང་སྐྱོང་ཞིང་གཟིགས་པའི་སྐུའི་དང་དུའང་ཕེབས། སྐུ་གསུང་ཐུགས་ཀྱི་མཛད་པ་ཤིན་ཏུ་ངོ་མཚར་ཆེ་བས་མདོ་སྟོད་སྨད་སོགས་གང་དུ་ཕེབས་ཀྱང། སྐྱེ་འགྲོ་མཐོ་དམན་ཐམས་ཅད་དད་འདུན་གྱི་འུར་ལངས། ཉི་གྲགས་མཆོག་སྦྲུལ་རིན་པོ་ཆེ་གདན་ས་གོང་མའི་ཁྲིར་ཞབས་པད་བཀོད་པའི་ཞབས་འགྱུར་མཛད། དེ་ནས་རྗེ་ཉིད་སྟག་སྒང་གི་གདན་ས་ལོ་བདུན་ཙམ་མཛད་ནས་ལྕགས་ཕོ་ཁྱི་ལོར་གཟུགས་སྐུའི་བཀོད་པ་བསྡུས་ནས་པདྨ་འོད་ཀྱི་ཞིང་དུ་གཤེགས་སོ། ཞལ་སློབ་ཀྱང་རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་རྣམས་ཀྱིས་ཀྱང་བཀའ་ཆོས་ཀྱི་བདུད་རྩི་མ་བཞེས་པ་མེད་ལ། གཞན་སྒོམ་ཁྲིད་ཉམས་ལེན་སྐྱོང་བའི་སློབ་མ་རྟོགས་པ་དང་ལྡན་པའང་མང་དུ་བྱོན་ནོ། དེ་ལྟར་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་བརྒྱུད་པ་དང་བཅས་པའི་ལོ་རྒྱུས་མདོ་བསྡུས་ཆེ་ལོང་ཙམ་ཞིག་བརྗོད་ཟིན་ཏེ། དེ་ཡང་རྣམ་ཐར་ཡོད་པ་རྣམས་སོ་སོའི་རྣམ་ཐར་ལས་བཏུས་ཤིང་མེད་པར་རྣམས་རང་ཉིད་ལ་ཆ་རྒྱུས་ཡོད་རིགས་དེ་བཞིན་དང། གཞན་ངག་སྒྲོས་ཁུངས་མ་དག་ལ་བརྟེན་ཏེ་བབ་ཅོལ་མེད་པར་སྲོང་པོའི་ལམ་ནས་སྦྲུལ་པའི་བབས་སྟེགས་སུ་ལེགས་པར་དྲངས་པར་བྱས་པ་ཡིན་ནོ། ༀ་སཱ་སྟི་ཨ་ཡུ་སིདྡྷི། གང་མཚན་ཉིན་བྱེད་འོད་བརྒྱའི་གཟིས། འཆི་བདག་མུན་པ་དྲུང་འབྱིན་པའི། བླ་མཚོ་མཐའ་ཡས་པ་ཡེངས་ཤིས་(སྨད་ཆ།༦༡༧)པའི་དཔལ་གྱིས་རིང་དུ་སྐྱོང་མཆོག་གི་སྦྲུལ་སྐུ་རིན་པོ་ཆེ་ཨོ་རྒྱན་བསྟན་པའི་ཉི་མ་མི་འགྱུར་ཕན་བདེ་རྒྱ་མཚོའི་འཇིགས་མེད་བསྟན་པའི་སྡེ་ནི། ཇི་སྐད་དུ། སྐྱེ་བ་སྐྱེ་མོས་ཚལ་འགྲོ་ལྟར་རྟོགས་ནས། སྦྲོ་བའི་སེམས་དྲངས་དགའ་ཞིང་དེ་ལ་འཇུག། ཅེས་རྒྱལ་སྲས་འཕགས་པ་རྣམས་སེམས་ཅན་གྱི་དོན་དུ་བསམ་བཞིན་དུ་སྲིང་བར་སྐྱེ་བར་ལེན་པ་ལ་པདྨའི་མཚོ་ལ་ངང་པ་འཇུག་པ་ལྟར་སྦྲོ་ཞིང་སྦྲུལ་པ་གྲངས་མེད་པ་དུས་གཅིག་ཏུ་སྟོན་པ་ལས། ཐུན་མོང་གི་གདུལ་བྱའི་མོས་ངོར་སྣང་བའི་སྦྲུལ་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པ་ཉིད་སྙིགས་དུས་ཀྱི་འགྲོ་བ་རྣམས་ཕན་པ་དང་བདེ་བའི་སར་འགོད་པའི་སླད་དུ་སྐུའི་སྐྱེ་བ་རིམ་པར་བྱོན་པ་ལས་སྐུ་ཕྲེང་གསུམ་པ་གྱུར་པ་སྟེ། དེ་ཡང་གཏེར་ཆེན་དེ་ཉིད་རིག་འཛིན་པདྨའི་བཀའ་རྟགས་འཛིན་པར་གཏེར་ཁ་དུ་མ་ནས་ལུང་བསྟན་པར་མ་ཟད། མཆོག་གི་སྦྲུལ་པའི་སྐུ་རིན་པོ་ཆེ་འདི་ཉིད་བྱེད་བྲག་ཏུ་ལུང་བསྟན་པ་ཡང། རིག་འཛིན་པདྨ་གླིང་པའི་ལུང་བསྟན་ཀུན་གསལ་ལས། ཡང་རྒྱལ་པོས་ཞུས་པས༔ སློབ་དཔོན་ཆེན་པོ་ལགས༔ གནས་ཆེན་པདྨ་བཀོད་པ་དེ༔ སྒོ་འབྱེད་པའི་སྐྱེས་བུ་ཇི་ལྟར་འབྱུང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཆོས་རྒྱལ་ཆེན་ལགས། ད་ལྟའི་ལྟ་ལྕམ་ཁྲོམ་པ་རྒྱན༔ སྐྱེ་བ་ལྔ་བཅུ་ཙ་ལྔ་འདས་པ་ན༔ མདོ་ཁམས་ཤར་ཕྱོགས་རྣམ་པར་རྒྱལ་བའི་ཡུལ་ཕྱོགས་ན༔ གླིང་གི་བརྒྱུད་ལ་བསྔགས་འཆང་བརྒྱུད། ཆོས་རྒྱལ་ཁྱེད་ཀྱིས་སྦྲུལ་པ་གཅིག༔ དྲག་སྔགས་ནུས་པ་ཐོབ་པ་ཡིན༔ བཟང་པོ་གྲགས་པའི་མིང་ཅན་དང༔ ཨང་ཆུང་སྦྲུལ་པ་སྒྲོལ་མའི་མིང༔ རིགས་བྱེད་རྩིས་ཀྱི་བཀའ་བབས་འབྱུང༔ དེ་ཉིད་རིགས་ཆད་དབང་གི་མིང༔ )༦༡༨)ཉི་མ་གྲགས་ཞེས་བྱ་བ་གཅིག༔ འབྲུག་སྦྲུལ་རྟ་སྦྲེལ་ལོ་པ་གཅིག༔ ཁམས་སུ་སྐྱེས་ནས་ཕྱོགས་སུ་འཁྱལ། བློ་ཤོ་རྒོད་ཅིང་བློ་སྣ་ཐུང༔ སྦྲོ་ཐུང་སེམས་དཀར་དང་རྒྱུ་ལྡན༔ ལེ་ལོ་ཆེ་བ་ལྷ་ཡི་རིགས༔ གནས་ལྔ་དག་ལ་ཤ་སྨེས་བརྒྱན། བརླ་གཡས་ཤ་སྨེ་མཁའ་འགྲོའི་སྦྱན༔ རྟགས་བརྒྱད་ལྡན་པའི་སྐྱེ་བུ་ནི༔ དམར་སྨུག་ངང་སེར་ཞབས་དང་རྟགས་བརྒྱད་ལྡན་པའི་སྐྱེས་བུ་ནི༔ ལྟུན་སྡུག་དང་བརྗིད་ལྡན་ན་ཡང༔ ཡུན་གྱི་བརྟགས་ན་བྱིས་པ་འདྲ༔ མདོ་མེད་སྙིམ་ལས་བརྫུ་བག་སྨྲ། སྦྱོད་པ་ཅིང་རྩུབ་གང་འཐད་སྐྱོང། ཚོ་རོལ་ངེས་མེད་བརྟག་པར་དཀའ། མཐོ་མཐོས་བྱམས་ཤིང་དམན་པོས་སྔང༔ མི་ཁ་སྨྲ་མཆུ་གཞན་ལས་མང༔ ངེས་མེད་རྣལ་འབྱོར་ཆ་ལུགས་གཅིག་༔ སུས་ཀྱང་ཚོད་འཛིན་མེད་པ་འབྱུང༔ སྦས་པའི་ཡུལ་འཛིན་སྐྱེས་བུ་ནི༔ འབྲེལ་ཚད་དོན་ལྡན་དེ་ཡི་བྱེད། དེ་ཡང་རྟེན་འབྲེལ་ཚོགས་གལ་ཆེའོ༔ ས་ཡ་མ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་བ་འདུག་སྟེ། དེ་ལྟར་སྦས་གནས་ཀྱི་བདག་པོར་བསྔགས་ཤིང། གཏེར་ཆེན་རྡོ་རྗེ་རྒྱལ་པོས་ཀྱང་སྦས་གནས་སུ་ཕེབས་དགོས་པའི་ཞབས་བསྐུལ་ཕུལ་ཡང་སྐུ་བབ་ལྕི་བས་ཞབས་སྐྱོད་གནང་མ་གྲུབ་ཀྱང་དོན་གྱིས་སྦས་གནས་ཀྱི་བདག་པོར་རྡོ་རྗེའི་ལུང་གིས་བསྔགས་ཤིང། ཀུན་མཁྱེན་འཇིགས་མེད་གླིང་པས་ཀྱང་ཁོ་རང་གི་ཆོས་ཀྱི་བདག་པོར་མངའ་གསོལ་ཏེ། ཅེས་གསུངས་པའི་ཡ་གྱལ་ཞིག་ཏུ་ངོས་འཛིན་གནང་བ་དང། དཱགས་པོ་བཟང་པོ་རྡོ་རྗེའི་གཏེར་བྱོན་གསང་བདག་དྲག་པོ་ཆེན་པོའི་ཆོས་སྐོར་ཡང་གཏེར་དུ་བྱོན་པ་ལས་ཀྱང།(སྨད་ཆ།༦༡༩)ཤར་ནུབ་བྱང་གི་ཕྱོགས་དག་ནས༔ བཛྲ་ཙནྡ་སུརྨའི་མིང༔ ཟབ་ཆོས་སྐོམ་པས་ཆུ་འདོད་བཞིན༔ ལན་གསུམ་བསྐུལ་མ་བྱུང་ལ་སྦྲོད། ཅེས་གསུངས་པའི་ས)འི་མཚན་ཅན་དུ་གཏེར་ཆེན་ཉིད་ཀྱིས་ངོས་འཛིན་ཅིང། ཆོས་བདག་ཏུ་མངའ་གསོལ་བ་དང་གཞན་ཡང་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་དང། གླིང་སྲས་གཏེར་ཆེན་པདྨ་དགྱེས་པ་རྩལ་དང། གླིང་སྲས་གཏེར་ཆེན་པདྨ་དགྱེས་པ་རྩལ་དང། རིག་འཛིན་ཆེན་པོ་ཀུན་བཟང་འདོ་ཟེར་སོགས་སྦྲུལ་པའི་གཏེར་སྟོན་ཚད་ལྡན་མང་པོས་ཆོས་བདག་ཏུ་མངའ་གསོལ་ཞིང་རྡོ་རྗེའི་ལུང་གིས་བསྔགས་པ་ལན་གཅིག་མ་ཡིན་པར་ཡང་ཡང་ལས་སྐུ་ལྷ་གཉེན་པོ་ཟིལ་ཁྲོམ་རྡོ་རྗེ་ཡང་གསུང་དྲུང་རྩལ་གྱི་བདེ་བར་བསྐྱངས་པའི་ཡུལ་སྨན་ལྗོངས་དང་སྐྱེད་ཚལ་ཉམས་དགའ་བའི་འབྲོག་སྡེ་ཞིག་ཏུ་ངོ་མཚར་སྦྲུལ་པའི་རང་གཟུགས་མངོན་པར་གསལ་བར་གྱུར་ཏེ། དེ་ཡང་ཆེན་པོ་གླིང་གི་རིགས་ལས་ཡབ་ཡུམ་འབྱོར་བ་དང་ལྡན་པའི་ཁྱིམ་དུ་འཁྲུངས་ཏེ། ཡབ་ཡུམ་གཉིས་ལ་ལྟས་ངོ་མཚར་ཅན་དུ་མ་བྱུང་ཞིང། ཁྱད་པར་ཡུམ་གྱི་རྨིན་ལམ་དུ་མི་དཀར་པོ་ཞིག་གིས་དྲུང་གི་མེ་ཏོག་དཀར་མཛེས་ཤིག་བྱིན་པ་ཁོང་དུ་མེད་པས་བདེ་བ་ཆེན་པོའི་ཉམས་བཟང་པོ་རྩོལ་མེད་སྐྱེ་བ་བྱུང་ཞིང། དེ་ནས་རིང་པོར་མ་ལོན་པ་ནས་སྲིད་ཆགས་པར་སྣང་ཞིང། བཙས་ནས་ཀྱང་སྦྲ་ཐོག་ཏུ་གཟའ་འོད་ཀྱང་ལན་མང་དུ་འཁྱིལ་བ་བྱུང་བས་རྫོགས་ཆེན་དཔོན་རིན་པོ་ཆེ་པདྨ་ཀུན་གྲོལ་རྣམ་རྒྱལ་སྐུ་མཚམས་བཅད་རྒྱ་དམར་པར་བཞུགས་མདོ་ཀྱང་ཕེབས་ཙམ་ཨེ་ཐུབ་ཞུས་པས། ཐུགས་དགྱེས་ཉམས་(སྨད་ཆ།༦༢༠)དང་བཅས་ཕེབས་ཞལ་གྱིས་བཞེས་ཤིང། དེ་མ་ཐག་ནས་ན་བཟའ་བརྡ་མཚན་ཞིག་བཟོ་བར་གནང་བ་བརྣམས་ནས་ཕེབས་ཏེ་ཞག་ཁ་ཤས་བཞུགས་ནས་དབང་ཁྲུས་མཛད་ཅིང། སྐར་ཚེས་ལེགས་ཞིག་ལ་ན་བཟའ་གསོལ་ཏེ་གཙུག་ཕུད་བཞེས་ནས་མཚན་མི་འགྱུར་ཕན་བདེ་རྒྱ་མཚོ་ཞེས་གསོལ། ཡབ་ཡུམ་ལ་བུ་ཆུང་འདི་རིགས་མ་ངེས་པ་ཞིག་འདུག་པས་གཙང་སྦྲ་བཟང་པོ་བྱེད་པ་གལ་ཆེ་གསུངས། འདི་ལ་ནམ་ཞིག་ཡིན་གསུངས། ཡབ་ཡུམ་གྱིི་བླ་མ་ཞེ་ཆེན་པའི་སྦྲུལ་སྐུར་དོགས་ཚུལ་ཞུས་པས། བླ་མ་ཞེ་ཆེན་མིན་ཐག་ཆོད་འོན་ཀྱང་སྦྲུལ་པའི་སྐུ་ཞིག་ཡིན་ངེས། གཟའ་འོད་འཁྱིལ་བའང་རྣམ་རྟོག་བྱེད་མི་དགོས་ཁ་རང་ཆོས་སྐྱོང་གིས་བདག་པོ་བྱེད་པ་རེད་པས་ད་ཕྱིན་དེ་རིགས་མི་འབྱུང་གསུངཤ་ནས་ཞལ་བཀོད་རྒྱས་པར་སྩལ་ནས་གདན་སར་ཕེབས། གྲ་རིགས་རྣམས་ལ་གསུངས་འཕྲོས་སུ། སྦྲུལ་པའི་ཆོས་སྐྱོང་ཆེན་པོ་སྐུ་ཕེབས་ཀྱི་དུས་ཉི་གྲགས་མཆོག་སྦྲུལ་རིན་པོ་ཆེ་ངེད་དང་ཞལ་མཇལ་བ་ཡོད་གསུངས་པས། ད་ལྟ་ཚེ་དབང་འཕེལ་ཚང་གི་བྱིས་པ་དེ་ཨེ་ཡིན། གཞན་དུ་ཁོ་བོ་རྒས་པའི་མཐར་ཐུག་པ་ཞིག་དང་ཞལ་མཇལ་འོང་བའི་རེ་བ་ཅི་ཡོད་ཅེས་གསུང་འཕྲོས་གནང་སྟེ་དོན་གྱིས་ངོས་འཛིན་གནང་བ་ཡིན་འདུག། དེ་ཕྱིན་གཟའ་འོད་འཁྲུག་པའང་མ་བྱུང་ཞིང། བསྙུན་པ་སོགས་ཡེ་ནས་མ་བྱུང། དེ་ཡང་སྦྲུལ་པའི་སྐུ་གོང་མ་ཞི་བར་གཤེགས་ནས་ས་སྐྱ་གོང་མ་རིན་པོ་ཆེ་སོགས་བོད་ཡུལ་བླ་མ་ལྟར་བཅས་ལ་གསུང་བརྟག་ཞུས་པ་ཐམས་ཅད་ལུང་མཐུན་མདོ་སྨད་རང་དུ་འབྱུང་ཞིང། ལོ་རྟ་སོགས་ཕལ་ཆེར་(སྨད་ཆ།༥༢༡)མཚུངས་པར་འདུག་པ་དང། སྟག་སྒང་ནད་གདན་ས་བ་བླ་མ་པདྨ་བསྟན་འཛིན་གྱིས་མཁན་རིན་པོ་ཆེ་ཀླུ་ལྡེངས་རིན་ཆེན་མི་འགྱུར་རྒྱལ་མཚན་ལ་སྦྲུལ་སྐུ་གང་དུ་འཁྲུངས་གསུང་བརྟག་ཞུས་པས། མཁས་དང་གྲུབ་པའི་སར་བཞུགས་པའི་དམ་པ་གང་དེའི་ཡང་སྲིང་རིན་པོ་ཆེ་ས་ཆ་འདི་སྐོར་ཞིག་ཏུ་ཕེབས་ངེས་ཤར་བས། ཞེས་དང། རིམ་གྲོ་འགའ་ཡང་སྩལ། ཕྱིས་སྦྲུལ་སྐུ་འཁྲུངས་ནས་བྱིས་པ་འགའ་ཞིག་དང་དོགས་སེལ་ཕྱིར་ཡང་བསྐྱར་ཞུས་པས་རུ་དམ་ཚེ་དབང་འཕེལ་ཚང་བུ་ཆུང་འདི་ཡིན་ངོས་གཡལ་ཡང་ཆོས་སྐྱོང་གསུང་བརྟག་དང་ངོས་འཛིན་ཕུལ་ལུགས་ཤོགས་ཞིབ་ཆ་མཛོད་གསུངས་པ་དང། ཆོས་སྐྱོང་ཆེན་པོའི་ལན་གཅིག་མ་ཡིན་པར་འདི་ཉིད་དུ་ཐག་ཆོད་གནང་ཡང། སླར་ཡང་སྲིང་རྫོང་ནས་དབུས་གཙང་ཕྱོགས་སུ་ཐག་ཆོད་ཀྱི་གསུང་བརྟག་ཞུ་བར་མཆོད་དཔོན་པདྨ་དབང་ཕྱུག་གི་ཞལ་སྔ་ནས་མཁའ་འགྲོའི་གསུང་ལུང་ལས་སྦྲུལ་པའི་སྐུ་དེ་དང་འཁྲུལ་མེད་ཡིན་ཚུལ་ཕེབས་ཤིང། གསང་ལུང་ཤིན་ཏུ་རྒྱས་པར་འདུག་ཀྱང། ད་ལམ་དཔེ་མ་འབྱོར་བས་འབྲི་བར་མ་བྱུང། འོན་ཀྱང་ངོས་འཛིན་ཁྲི་འདོན་སོགས་ཚ་བའི་ཆོས་སྐྱོང་གི་གསུང་བཞིན་བྱེད་དགོས་གསུངས་པ་འདུག། དེ་བཞིན་དུ་བསམ་ཡས་རྒྱལ་ཆེན་ནས་ཀྱང་འཁྲུལ་མེད་ཡིན་ཚུལ་སོགས་བྱུང་བས་རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེ་ངེས་དོན་བསྟན་འཛིན་བཟང་པོ་དང་རྒྱ་རོང་སྦྲུལ་སྐུ་ནམ་མཁའ་མཆོག་གྲུབ། གདན་ས་པ་བླ་མ་བསྟན་འཛིན། རྗེ་གོང་མའི་གསོལ་དཔོན་དགེ་སློང་མཁས་གྲུབ་རྒྱལ་མཚོ་བཅས་ཀྱི་ངོས་འཛིན་ཕུལ་ཏེ། རྗེ་གོང་མའི་གསོལ་དཔོན་དགེ་སློང་མཁས་གྲུབ་རྒྱ་མཚོ་བཅས་ཀྱི་ངོས་འཛིན། རྗེ་གོང་མའི་ན་བཟའ།(སྨད་ཆ།༦༢༢)མཆོད་ཆ་སོགས་དང། རྫོགས་ཆེན་པའི་ན་བཟའ་སོགས་ཆ་རེ་རེ་བཅས་བསྒྲིགས་ནས་ཕུལ་བས། རྗེ་གོང་མའི་ཆོས་གོས། པད་ཞུ། ཕྱག་ཕྲེང། གསོལ་ཞལ། འགུལ་རུ། བུམ་པ། མེ་ལོང། བཟེད་ཞལ་བཅས་ངོས་འཛིན་གནང་ཞིང། ཁྱད་པར་རྗེ་གོང་མ་དེས་རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེར་བྱེ་ཟླུམ་ཆེ་ལེགས་ཤིག་གནང་ཡོད་པ་དེ་ཕྱག་ཕྲེང་གི་ནང་ན་ངོས་འཛིན་པ་དང། གཞན་ཡང་སྔོན་གནས་རྗེས་དྲན་གྱི་གསུང་ཡང་མང་དུ་གནང་བས་དེར་ཡོད་ཀུན་དང། ཁྱད་པར་རྫོགས་ཆེན་མཆོག་སྦྲུལ་རོན་པོ་ཆེ་ཉིད་ཐུགས་ངེས་འདྲོངས་ཤིང་དགྱེས་པའི་རྩེར་སོན་པར་གྱུར་ཏོ། འདི་སྐབས་སྦྲུལ་པའི་སྐུ་ཙད་གཙོད་ངོས་འཛིན་སོགས་ཞབས་འགྱུར་གང་དྲག་རྒྱ་བོད་སྦྲུལ་སྐུ་ནས་ཀྱང་ཐུགས་འཁུར་བཞེས་པ་ཡིན་ཏེ། དེ་ཡང་རྗེ་གོང་མ་དེ་ཉིད་ཞི་བར་གཤེགས་ནས་རྗེ་དཔོན་བླ་མ་པདྨ་འཇིགས་མེད་དཔོན་གཡོག་རྣམས་གདན་ས་གོང་མར་ཆིབས་བསྒྱུར་གནང་སྐབས། སྟག་སྒང་གཟིམ་ཆུང་དུ་རྫོགས་ཆེན་དཔོན་རིན་པོ་ཆེ། རྒྱ་རོང་སྦྲུལ་སྐུ། རྗེ་དཔོན་བླ་མ་པདྨ་འཇིགས་མེད་སོགས་ཀྱིས་གསུང་སྟབས་སུ་ཆོས་སྐྱོང་སྐུ་ཕེབས་ཞུས་ནས་སྦྲུལ་པའི་སྐུ་མདོ་སྟོད་སྨན་གང་དུ་འཁྲུངས་དང། རིགས་རུས་ཡབ་ཡུམ་སོགས་ཇི་ལྟར་འཁྲུངས་སོགས་ཞིབ་པར་ཞུས་པས། ཆོས་སྐྱོང་ཆེན་པོའི་རྫོགས་ཆེན་དཔོན་རིན་པོ་ཆེ་དང་ཞལ་མཇལ་ཡོང་ཚུལ་ཙམ་སོགས་གསུངས་ཤིང། ཉི་གྲགས་ཀྱི་ཕྱག་དྲིལ་དེ་རྗེ་དཔོན་རིན་པོ་ཆེའི་ཕྱག་ཏུ་ཕུལ་ནས་ལམ་གསུམ་བཀྲོལ་བར་ཞུས་ནས། རྫོགས་ཆེན་དཔོན་ཆེན་པོ་ཆེས་ཕུལ་བའི་སྙན་ཤལ་དང། ཉི་དཔོན་གྱིས་ཕུལ་བའི་སྙན་ཤལ་དར་ཁ་གཉིས་བསྡུས་ཏེ་རྒྱ་སྐུའི་ན་བཟའི་(སྨད་ཆ།༦༢༣)གསེང་དུ་རྫོང་བ་མཛད་སོང། དེར་རྫོགས་ཆེན་དཔོན་རིན་པོ་ཆེས་ངེད་དང་མཇལ་བ་གསུངས་པས་ཕྱོགས་འདིར་འཁྲུངས་པ་ལ་ཐེ་མི་ཚོམ་སྟེ། དེ་ལྟར་མིན་ན་ངེད་རང་དཔོན་སློབ་རྒན་ཐལ་གཞན་ཐལ་ན་སོའི་མཐར་ཐུག་གཉིས་འཕྲད་པའི་རེ་བ་ག་ལ་ཡོད། དྲིལ་བུ་དཀྲོལ་བཅུག་པ་དེ་ཡང་སྦྲུལ་སྐུ་ངེད་ཀྱིས་གསལ་ཆ་བྱེད་པའི་རྟེན་འབྲེལ་དང། སྙན་དར་རྣམས་བསྡུས་ནས་སྐུ་སྐྱེར་གནང་བ་དེ་ངེད་རང་གཉིས་ཀྱི་བྱ་བའི་འཕྲོ་རྣམས་ཁོང་གིས་བྱེད་དགོས་པ་ཞིག་ཡོད་ངམ་སྙམ། ཞེས་བརྡ་བགྲོལ་ཡང་ཕྱོངཤ་ཙམ་གནང་བ་དེ་བཞིན་ཕྱིས་ཐོག་ཏུ་ཁེལ་བ་ཡིན་ནོ། དེ་ནས་ཆོས་སྐྱོང་ཆེན་པོའི་ལུང་བཞིན་སྦྲུལ་པའི་སྐུ་རིན་པོ་ཆེ་དགུང་ལོ་ལྔ་བ་བཞེས་པ་མེ་ཕོ་སྦྲེལ་ལོ་སྦྲེལ་ཟླའི་ཚེས་བཅུ་པ། སྲིང་རྫོང་ནས་བླ་མ་བསྟན་འཛིན་བཟང་པོ་དང། རྒྱ་རོང་མཆོག་སྦྲུལ་སོགས། གཞི་བྱེས་ཀྱི་བླ་མ་ལྷན་རྒྱས་དང་ས་སྐྱོང་སྡེ་དགེའི་སྐུ་ཚབ་སོགས་དང་བཅས། བསུ་བའི་བཀོད་པ་ར་ཆེན་པོས་མདུན་བསུས་ནས་སྟག་མོ་སྒང་སྐལ་ལབཟང་ཕུན་ཚོགས་གླིང་གི་གཙུག་ལག་ཁང་དུ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྡོ་རྗེའི་ཁྲི་ལ་ཞབས་ཀྱི་པདྨོ་བཀོད་དེ་མཚན་ཨོ་རྒྱན་བསྟན་པའི་ཉི་མའམ་མི་འགྱུར་ཕན་བདེ་རྒྱ་མཚོ་ཞེས་པའི་མཚན་སྔ་མའི་ཐོག་གསར་དུ་སྦྱར་བ་གསོལ་ཏེ། ཡོངས་ཀྱི་འདྲེན་པར་མངའ་གསོལ་ནས་རྫོགས་ཆེན་པོས་བཀྲ་ཤིས་པའི་མངའ་འབུལ་དང་བཅས་བཀྲ་ཤིས་པའི་མེ་ཏོག་འཐོར་ནས་ཞབས་བརྟན་ཚིགས་བཅད་ཀྱང་སྩལ། གཞན་ཡང་རྫོགས་ཆེན་དང་སྡེ་དགེས་མཅོས་པའི་ཁྲི་སྟོན་ལེགས་འབུལ་སོགས་ཟང་ཟིང་གི་དངོས་པོ་ཡང་མཐའ་ཡས་པ་འབུལ་བ་བྱུང་(སྨད་ཆ།༦༢༤)ཞིང། དེ་ནས་རིམ་གྱི་ཞབས་རིང་པ་དགེ་རྒན་པདྨ་དབང་ཕྱུག་གིས་ལྗགས་ཀློག་ཕུལ་ཞིང་སྦྱོང་བརྡར་མཛད། རྒྱལ་དབང་པདྨའི་བཀའ་རྟགས་ཀྱི་ཕྱག་རྒྱ་འཛིན་པ་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་དྲུང་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ལུང་ཡོངས་རྫོགས་དང། ངེས་དོན་བསྟན་པའི་བདག་པོ་རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེའི་ཞབས་ནས་ཉི་གྲགས་བྱོན་ཆོས་སྐོར་ཡོངས་རྫོགས་དབང་ལུང། རྫོགས་ཆེན་མཁའ་འགྲོ་ཡང་ཏིག། འཇའ་ཆོན་པའི་སྦྱི་འདུས། ཚེ་སྒྲུབ་འཆི་མེད་དཔལ་སྟེར་སོགས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཇི་སྙེད་ཅིག་བཞེས་པར་གནང། དེ་ནས་དགུང་ལོ་བཅུ་པ་ལྕགས་མོ་གླང་གི་ལོར་གདན་ས་གོང་མར་ཆིབས་ཀྱི་ཁ་ལོ་བསྒྱུར་ནས་རྒྱལ་དབང་པདྨས་བྱིན་གྱིས་བརླབས་པའི་གནས་མཆོག་ཆེན་པོ་སྲིང་མོ་རྫོང་དུ་ཕེབས། སྒྲུབ་སྡེའི་སེར་སྦྲེང་དང་བཅས་བསུ་བའི་བཀོད་པ་དུ་མས་མདུན་བདར་ཏེ་གཏེར་ཆེན་བླ་མའི་ཆོས་ཀྱིས་མངོན་པར་མཐོ་བའི་ཁྲི་ལ་ཞབས་ཀྱི་པདྨ་བཀོད་པར་གྱུར་ཏོ། དེ་ཚེ་ཕྱོགས་དེའི་ལྷ་སྟེ་མི་དཔོན་ཐམས་ཅད་ཀྱིས་ཀྱང་མཆོད་པའི་ཡོ་བྱད་ལྷ་མའི་འབྱོར་པ་རྒྱ་མཆོས་མཆོད་ཅིང་གུས་འདུད་བསམ་མི་ཁྱབ་པའི་བསྙེན་སྐུར་འབུལ། དེ་སྐབས་གྲུབ་པའི་དབང་ཕྱུག་བླ་མ་བསྟན་འཛིན་སྙིང་པོས་བཀའ་བརྒྱུད་གསང་རྫོགས་ཀྱི་དབང་སོགས་དབང་ལུང་ཕྲན་བུ་འགའ་ཞིག་ཕུལ། འདི་ནས་བཟུང་མཁྱེན་རབ་ཀྱི་དབང་ཕྱུག་མཁས་ཤིང་གྲུབ་པའི་ཁྱུ་མཆོག་སྟག་ཕུ་སྦྲུལ་སྐུ་རིན་པོ་ཆེ་དང་ཡས་ཕྱིན་མཇལ་འཕྲད་ཐུགས་ཡིད་གཅིག་འདྲེས་དང་དབང་ལུང་ཕར་འབུལ་ཚུར་གསན་མང་པོ་མཛད་ཅིང་སྔ་ཕྱིར་ཕེབས་བསྐྱོད་ཀྱང་ལན་དུ་མ་མཛད། དེ་ནས་ས་མོ་བྱ་ལོ་དབུས་ཕྱོགས་སུ་(སྨད་ཆ།༦༢༥)ཕེབས་པདྨའི་རྒྱལ་ཚབ་འབྲི་གུང་པ་པདྨ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་ནས་རས་ཆུང་ལུགས་ཀྱི་རྟ་མགྲིན་སོགས་དབང་ལུང་ཕྲན་བུ་གསན། རྡོ་རྗེ་བུག་དང་སྨིན་གྲོལ་གླིང་རྣམས་སུ་ཕེབས། སྨིན་གླིང་ནས་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གཏེར་ཆོས་ཚང་མ་དང། ཕུར་པ་བཀའ་མ་ཡང་དག་སོ་ལུགས། གསང་བདག་དགོངས་རྒྱན་སོགས་ཆོས་བཀའ་མང་དུ་གསན་ཅིང། སྨིན་གླིང་མཁན་པོ་ལས་ཚིག་སྔ་མ་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་དོན་མཁར་ཚེ་རིང་ལྗོངས་སུ་ཕེབས་ནས་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་རིག་འཛིན་འཇིགས་མེད་གླིང་པའི་ཞབས་པད་ལ་བཏུད་ནས་རྫོགས་པ་ཆེན་པོ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཡང་སྙིང་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད་ལུང་དང་བཅས་པ་དང། ཕུར་པ་རྒྱུད་ལུགས་སོགས་རྗེ་དེ་ཉིད་དགོངས་གཏེར་གྱི་སྐོར་ཐམས་ཅད་དང། གཏེར་སྟོན་ཤེས་རབ་འོད་ཟེར་གྱི་གྲོལ་ཐིག། རྒྱལ་བ་ལྔ་པ་ཆེན་པོའི་དག་སྣང་རྒྱ་ཅན་གྱི་སྐོར་སོགས་དབང་ལུང་མཐའ་ཡས་པ་གསན། ཀུན་མཁྱེན་དེ་ཉིད་ཀྱིས་ཆོས་བདག་པོར་མངའ་གསོལ་ནས་མཚན་རིག་འཛིན་འཇིགས་མེད་བརྟན་པའི་སྡེ་ཞེས་པ་གསོལ་ནས་རྒྱལ་ཐབས་སྦྱི་བླུགས་ཀྱིས་ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཞིང་གཟེངས་བསྟོད་པར་མཛད། ལྕགས་ཟམ་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཞབས་ནས་ཀྱང་གྲོལ་ཐིག་ཚར་གཅིག་སོགས་བཀའ་འགའ་ཞིག་གསན། རྡོ་རྗེ་བྲག་ཐུགས་སྲས་ཞབས་དྲུང་ནས་ཀྱང་ཟབ་ཆོས་རྒྱ་ཅན་སོགས་དབང་ལུང་མང་དུ་གསན། ང་ཕོད་དགེ་རྒན་པདྨ་དགྱེས་པ་ལས་ཀྱང་འཛོམ་བྱེད་ཉི་ཟླ་དམར་ནག་སོགས་དང་ཆོས་རྗེ་གླིང་པའི་ཆོས་སྐོར་ཕམ་ཆེར་གསན།(སྨད་ཆ།༦༢༦)དེ་ནས་རྒྱལ་བ་བརྒྱད་པ་འཇལ་དཔལ་རྒྱ་མཚོའི་ཞབས་ཀྱི་པདྨོ་ལ་བཏུད་ནས་ཚིག་ཕྱི་མ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་སྒྲུབ་པར་མཛད་ཅིང། ངུར་སྨྲིག་གི་རྒྱལ་མཚན་འཛིན་བརྟུལ་ཞུགས་ཀྱིས་སྦ་བར་མཛད། དེ་དག་གི་སྐབས་སུ་གཙོད་ཆེར་ཇོ་ཤཀ་རྣམ་གཉིས་ལ་མཆོད་སྦྲིན་སྦྲོ་བ་དང། བླ་མ་ཆོས་སྡེ་སོགས་ལ་འབུམ་ནོད་མང་བཀོལ་སོགས་རྒྱ་ཆེར་མཛད། དེ་ནས་རིམ་གྱི་ཞབས་བཏེགས་གདན་སར་ཕེབས་གྲུབ་པ་ནས་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱར་ཐུགས་དམ་ཟབ་མོའི་ཉམས་བཞེས་ལ་ཐུགས་རྩོལ་གནང། དེ་སྐབས་གདན་ས་འོག་མ་ནས་སྡེ་དགེ་ས་སྐྱོང་ཆོས་ཀྱི་རྒྱལ་པོས་གདན་འདྲེན་དུ་སྡེ་དགེའི་སྐུ་ཚབ་དང་སྟག་སྒང་བའི་ལས་སྣེ་རྣམས་བཅས་སླེབས། འདི་སྐབས་རྒྱ་དང་གོརྵའི་དུས་ཟིན་ཀྱང་ཆེ། དེ་ནས་ཆུ་ཕོ་བྱི་ལོར་རིམ་གྱིས་སྐུ་མཚམས་གྲོལ་ནས་སྡེ་དགེར་ཆིབས་བསྒྱུར་གནང། ཐུབ་བསྟན་ནོར་བུ་གླིང་དུ་ཞབས་པད་བསྐྱོད་པ་ནས་དེར་རེ་ཞིག་བཞུགས་སྒར་ཕན་ནས་གྲུབ་པའི་དབང་པོ་དཔའ་བོ་ལས་རབ་རྩལ་གྱི་དྲུང་ནས་གྲུབ་དབང་ཉིད་ཀྱི་དག་སྣང་གི་ཆོས་སྡེ་ཚང་མ་དང། གཞན་ཡང་ཟབ་རྒྱས་ཀྱི་གདམས་པ་མང་དུ་གསན། དེ་སྐབས་རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེ་ངེས་གོན་བསྟན་འཛིན་བཟང་པོ་དེ་ཉིད་སྙིགས་དུས་ཀྱི་གདུལ་བྱ་ལ་ཐུགས་སྐྱོ་བའི་ཚུལ་གྱིས་རེ་ཞིག་དག་པའི་ཞིང་དུ་གཤེགས་པའི་སྐབས་སུ་མཆིས་པས་དགོངས་པ་རྫོགས་ཐབས་སུ་མཆོད་སྦྲིན་སྦྲོ་བ་དང་སྐུ་གདུང་རིན་པོ་ཆེ་བཞེངས་པའི་མཐུན་རྐྱེན་དུ་དངུལ་རྡོ་ཆད་གཅིག་དང་རིན་པོ་ཆེ་གཡུ་བྱི་རུ་སོགས་ཕྲན་རྒྱན་གྱི་རྒྱུད་དངོས་རྡོ་ཚད་གཅིག་དང་རིན་པོ་ཆེ་གཡུ་བྱི་རུ་སོགས་ཕྲན་རྒྱན་གྱི་རྒྱུ་དངོས་གཏོས་ཆེ་བ་སྩལ་ནས་རིམ་གྱིས་རྒྱ་རོང་དུ་ཞབས་པད་བསྐྱོད། ཆོས་སྡེའི་སེར་སྦྲེང་དང།(སྨད་ཆ།༦༢༧)བཅས་བླ་བྲང་ཆེན་མོར་དབོན་སྦྲུལ་རིན་པོ་ཆེ་དང་བླ་མ་ནམ་མཁའ་སོགས་དང་ཞལ་འཛོམས་གསུང་འཆིད་དགྱེས་དགུར་སྦྱོད་པར་མཛད་ཅིང་སྐུ་སྐྱོས་སོགས་ཀྱང་རྒྱ་ཆེར་སྩལ། འདུས་སྡེར་ཡང་ཚེ་དབང་ཞིག་བཀའ་དྲིན་བསྐྱངས། དེ་ནས་རིམ་གྱིས་ཞབས་པད་བསྐྱོད་ཅིང་སྟག་སྒང་བ་རྣམས་ཀྱི་ཆིབས་བསུ་རིང་ཐུང་དང་བཅས་གཟའ་ཚེས་སྐར་སྦྱོར་ཕུན་སུམ་ཚོགས་པའི་དུས་སུ། ཆོས་སྡེའི་སེར་སྦྲེང་སོགས་བསུ་བའི་བཀོད་པ་དུ་མ་ད་བཅས་གདན་ས་ཆེན་མོར་གཙུག་ལག་ཁང་གི་འཇིགས་མེད་སེང་གེས་བཏེགས་པའི་ཁྲི་ལ་ཞབས་ཀྱི་པདྨ་བཀོད་པར་གྱུར་ཏོ། དེ་ནས་བླ་མ་ཆོས་སྡེ་བཅས་ཀྱི་གདན་སར་ཕེབས་གྲུབ་པའི་གསོལ་སྟོན་ལེགས་འབུལ་བསྟབས་པ་དང་རྗེ་ཉིད་ནས་ཀྱང་གང་ལ་གང་འཚམས་ཀྱི་སྐུ་སྐྱོས་གནང་སྐྱེས་སོགས་དགའ་སྟོན་གྱི་ལེགས་ཚོགས་དུ་མས་དདགྱེས་དགུའི་དཔལ་ལ་སྦྱོད་པར་གྱུར་ཏོ། དེ་ནས་རིམ་གྱིས་སྡེ་དགེ་ས་སྐྱོང་ཆེན་པོ་མཇལ་བར་ཕེབས། ས་སྐྱོང་ཆེན་པོ་ཡུམ་སྲས་ནས་སྔོན་གྱི་སྲོལ་བཟང་ལྟར་ཆིབས་བསུ་གསོལ་སྟོན་ཆེ་ཆུང་མཇལ་དར་སོགས་སྲི་ཞུ་དང་བསྙེན་བཀུར་ཚད་མེད་པས་མཆོད་ཅིང་དབང་ཀ་འགའ་ཡང་གསན་པར་མཛད། དབུ་ཐོན་དངོས་རྫས་ཀྱང་རྒྱ་ཆེར་ཕུལ་བ་བཞེས་ནས་གདན་སར་ཆིབས་བསྐྱེལ་དང་བཅས་ཆིབས་བསྒྱུར་གནང། གླང་ལོའི་དཔྱར་ཐོག་ས་སྐྱོང་རིན་པོ་ཆེས་ལྕང་རའི་བཞུགས་སྒར་དུ་གདན་དྲངས་ནས་བུམ་སྒྲུབ་ཆེན་མའི་དབུར་བཞུགས་དང་བཀའ་ཆོས་ཟུར་བ་མང་པོའང་གསན་ཅིང་འབུལ་ཆེན་དང་བཅས་བསྙེན་བསྐུར། གདན་སར་ཕེབས་ནས་རེ་ཞིག་འབྲོག་སྡེ་རྣམས་(སྨད་ཆ།༦༢༨)སུ་ཞབས་སྐྱོད་དང། སྟོན་དུས་གྲུབ་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་ཆེ་ཡོ་རིག་འཛིན་ཆེན་པོ་གདན་དྲངས་ནས། ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་དང་ཉི་ཟླ་སྦྱོར་ཟུང་འབྲེལ་གྱི་སྒྲུབ་ཆེན་སྐྱེ་བདུན་དང་འབྲེལ་བ་ཞིག་འཛུགས་པ་འདུས་པ་ཉིས་བརྒྱ་ལྷག་བཅས་ལ་ཕྱག་འགྱེད་གྱ་ནོམ་པ་དང་བླ་མར་གསེར་དངུལ་རྟ་ནོར་གྱིས་མཚོན་པི་འབུལ་ཆེན་སོགས་བསྙེན་བཀུར་རྒྱ་ཆེར་ཕུལ། ཤིང་ཕོ་སྟག་ལོར་རྒྱ་རོང་དུ་ཕེབས་ནས་རྣམ་འདྲེན་དམ་པ་ནམ་མཁའ་མཆོག་གྲུབ་ཞལ་སྔ་ནས་བླ་མ་དགོངས་འདུས་སོགས་ཆོས་བཀའ་མང་དུ་གསན། གདན་སར་སྡེ་དགེ་ནས་བསྟན་འགྱུར་དངོས་གཙང་ཞིག་བསླུ་ཡོན་རྟ་ནོར་གསར་དངུལ་སོགས་རྒྱ་ཆེར་ཕུལ་ནས་གདན་སར་སེར་སྦྲེང་དང་བཅས་ཏེ་གདན་དྲངས་ནས་མཆོད་པའི་ཡོ་བྱད་ཀུན་དགའ་རབ་བླ་བྲེ་སོགས་དཔེ་བྲལ་དུ་བཞེངས་པ་མཛད་ནས་རབ་ཏུ་གནས་པའི་ཆོ་ག་དང་བཅས་ཏེ་ཏོག་འཐོར་ཞིང། གསུང་སྒྲོགས་ཀྱང་རྒྱས་པར་མཛད། སྟོན་དུས་རྒྱ་བོད་བླ་མ་ལྷན་རྒྱས་ལ་དངུལ་སྲང་བརྒྱས་ཐོག་དྲངས་པའི་འབུལ་ཆེན་དང་འདུས་པར་ཡང་ཕྱག་འགྱེད་དངོས་གཙང་སྨིན་རྒྱས་མཛད། རྗེ་གོང་མའི་ཞལ་སློབ་མཁས་གྲུབ་ཆོས་ཀྱི་སྦྱན་ལྡན་དགེ་ཙེ་བླ་མ་རིག་འཛིན་རྒྱ་མཚོ་ཡང་གདན་དྲངས་ནས་སྔ་ཕྱིར་དབང་ཁྲིད་སོགས་མང་དུ་གསན། གཞན་ཡང་ཤིང་མོ་ཡོས་ལོ་ནས་བཟུང་ལོ་ལྟར་བཀའ་བརྒྱད་གསང་རྫོགས། བླ་མ་དགོངས་འདུས། ཕུར་བ་ཡང་གསང་བླ་མེད་ལས་རབརྩལ་གྱི་ཕྱག་རྡོར། མཁྱེན་བརྩེའི་སེང་གདོང་མ་བཅས་ཀྱིས་སྒྲུབ་མཆོད་བདུན་ཕྲག་གཅིག་ཏུ་འཛུགས་རྒྱུའི་རྟེན་དངུལ་(སྨད་ཆ།༦༢༩)སྲང་བཞི་བརྒྱས་གཙོས་པའི་རྟ་ནོར་ཞིང་ཁང་སོགས་རྒྱ་ཆེར་སྦྱོར་འཇགས་མཛད། སྡེ་དགེར་གདན་ཞུ་བྱུང་བ་བཞིན་ལན་ཁ་ཡར་ཕེབས་ནས་དབང་ཀ་སོགས་ཀྱིས་ཐུགས་ཀྱི་དགྱེས་པ་བཀང་ནས་གདན་སར་གོང་མར་ཆིབས་སྐྱོད་གནང་ཚོག་པའི་བསེད་ཁྲོལ་ཀྱང་ཞུས། དེ་ནས་མེ་ཕོ་འབྲུག་ལོ་ནས་རིམ་པར་གྲུབ་པའི་གནས་ཆེན་སྲིང་རྫོང་དུ་ཆིབས་ཁ་བསྒྱུར་བ་མཛད་ནས་གདན་ས་གོང་མར་ཞབས་ཀྱི་པདྨ་བཀོད་པ་མཛད། སྒྲུབ་སྡེར་སྐུ་སྐྱོས་དང་སྦྲེལ་མྱོང་གྲོལ་སྐྱེ་བདུན་གྱི་སྒྲུབ་ཆེན་ཞིག་འཛུགས་པར་གནང་ནས་ཕྱག་འགྱེད་སོགས་གང་རྒྱས་གནང། ནག་སོགས་རྣམས་སུ་གདན་ཞུས་བིན་སོ་སོར་ཞབས་པད་བསྐྱོད་པ་དང། ཡུལ་གྲོང་སོ་སོར་དབང་ཆོས་སོགས་ཀྱི་བཀའ་དྲིན་སྩལ། དེ་ནས་སྐུ་མཚམས་བཅད་རྒྱ་ཁོ་ན་ལ་ཡུང་རིང་དུ་བཞུགས་པར་གནང། སླར་ཡང་ས་ཕོ་རྟ་ལོར་དབུས་ཕྱོགས་སུ་ཆིབས་བསྒྱུར་གནང་ནས་བླ་མ་ལྷ་རྟེན་རྣམས་ལ་མཆོད་སྦྲིན་སྦྲོ་བ་དང་ཁྱད་པར་ཀུན་མཁྱེན་འཇིགས་མེད་གླིང་པའི་ཞབས་ལ་བཏུད་པར་བཞེད་ཀྱང་མཁྱེན་ཉིད་འགྲོ་དོན་ལ་གཤེགས་ཚར་བ་དང་འགྲིགས་པས་གདན་ས་དེར་འབུལ་སྐྱེས་གང་རྒྱས་དང་སྐུ་གདུང་རིན་པོ་ཆེའི་མདུན་དུ་དེ་གའི་སྒྲུབ་ཞལ་གྲངས་དུ་བཞུགས་དང་སྒྲུབ་ཆེན་ངག་དབང་ཆོས་གྲགས་ལགས་ཚོགས་དབུར་སྦྱན་དྲངས་ནས་རྗེ་ཉིད་དང་བཅས་ཀྱིས་འཆི་མེད་བདུད་ཅི་སྨན་གྱི་སྒྲུབ་པ་ཞག་བདུན་ཕྲག་གཅིག་གནང། དེ་སྐབས་ངོ་མཚར་བའི་ལྟས་དུ་མ་དང་ཁྱད་པར་ཀུན་མཁྱེན་དེ་ཉིད་ཀྱི་སྐུ་གདུང་ཤིང་སྒྲོམ་དུ་གདུང་ཚས་བར་མཚམས་མེད་པའི་གཏམས་ཏེ་གསེང་མེད་པར་བྱས་ཡོད་པར་འདུག་ཀྱང། མཆོག་སྦྲུལ་རིན་པོ་ཆེ་ཉིད་ཀྱི་སྐུ་(སྨད་ཆ།༦༣༠)པང་དུ་ཀུན་མཁྱེན་དེའི་ཞབས་སེན་གཡས་པ་ཚེག་སྒྲ་དང་བཅས་གདུང་སྒྲོམ་ནས་ཕེབས་བྱུང་བར་ཀུན་གྱིས་ངོ་མཚར་བླ་ན་མེད་པར་འཛིན་ཅིང། གྲུབ་ཆེན་ལགས་ཀྱི་ཁྱེད་དམ་ཚིག་གཙང་བའི་རྒྱུ་མཚན་གྱིས་དངོས་གྲུབ་ཏུ་གདའ་བས་གཞན་ལ་མ་བསྟན་པར་ཐུགས་ཚགས་མཛད་གསུངས་ནས་སྐུ་ཤ་འབྱར་བ་དེ་ནས་ཅུང་ཟད་བཞེས། སྒྲུབ་ཆེན་གྲོལ་ནས་རིམ་པར་ཞབས་བཏེགས་ལྷ་ལྡན་དུ་ཕེབས། ཞབས་དྲུང་རྟ་ཚག་རིན་པོ་ཆེར་བཏུད་ནས། ཀུན་མཁྱེན་དེ་ཉིད་ཀྱི་དགོངས་པ་རྫོགས་པ་དང། ལྟོས་བཅས་འབྲེལ་ཐོག་ཐམས་ཅད་ལམ་ཞི་བ་ཆེན་པོར་གཞོལ་བ་དང། འཇིག་རྟེན་གྱི་ཁམས་རྣམས་སུ་སྐལ་པ་ངན་པ་གསུམ་གྱིས་མཚོན་པའི་དུས་ཀྱི་འགྱུར་བ་ཐམས་ཅད་ཞི་ཞིང་རྫོགས་ལྡན་གྱི་དགའ་སྟོན་གསར་པ་ལ་ལོངས་སྦྱོད་པ་འགྱུར་བ་སོགས་ཀྱི་ཕྱིར་དུ་ལྷག་པའི་བསམ་པ་ཐུགས་བསྐྱེད་ཟླ་བ་ཚེས་པ་ལྟ་བུའི་བསྐུལ་ཏེ་ཁོ་ཤཀ་རིན་པོ་ཆེའི་འདྲ་འབག་ཞིག་བཞེངས་པའི་ཐུགས་རྩོལ་མཛད་དེ། དེ་ཡང་རྒྱ་དངུལ་རྡོ་ཚད་བརྒྱ་ལྷག་གི་ཡོ་བྱད་རྣམས་གཞུང་ཤར་ཕུལ་ནས་སྒྲུབ་གྲོགས་ཞུས་པ་བཞིན་གཞུང་ས་ཆེན་པོ་ནས་ཀྱང་བཀའ་དྲིན་འགྲན་བྲལ་དུ་བསྐྱངས་ཏེ་བལ་པོ་མཁས་པ་ཉི་ཤུ་ཙམ་གྱིས་བཞེངས་པའི་ཤིན་ཏུ་དངོས་གཙང་ཞིག་བཞེངས་གྲུབ་ནས་བལ་པོའི་བཟོ་བོ་རྣམས་དང་བཅས་གདན་སར་དྲངས། སླར་ཡང་མཆོད་རྫས་དངུལ་གྱི་མནྡལ་སོགས་བརྡུང་སར་གནང་ནས་བཟོ་བོ་རྣམས་ཡོན་གྱིས་མཆོད། དེ་དུས་ལྷ་ལྡན་དུ་བཞུགས་སྐབས་དེར་བཀའ་བྱོན་པ་ལྷ་ལས་དཱགས་པོ་གཏེར་ཆེན་གྱི་སྙན་པ་གསན་པས་ཞུ་མཆིད་འབུལ་བ་སོགས་མཛད། འབྲི་གུང་དུ་རྒྱང་(སྨད་ཆ།༦༣༡)ཙམ་བཞུགས་ནས་ཆོས་ཀྱི་རྒྱལ་པོ་རིན་ཆེན་ཕུན་ཚོགས་ཀྱིས་གཏེར་བྱོན་དགོངས་པ་ཡང་ཟབ་སྐོར་དང་ཡང་ཟློག་མེ་ཡི་སྦུ་གྲི་དྲང་སྲོང་ལོག་ཏྲི་སོགས་དབང་ལུང་མང་དུ་གསན་ནས་གདན་སར་ཕེབས། ཇོ་བོའི་འདྲ་ཅོག་ལ། སངས་རྒྱས་བཅོམ་འདས་ཀྱི་ཚེམས་ཀྱིས་གཙོས་པའི་རྟེན་གསུམ་ཁྱད་པར་ཅན་ཇི་སྙེད་དང་རིང་བསྲེལ་རྣམ་པ་བཞིའི་ཕྱུར་བུར་གཏམས་ནས་བཀྲ་ཤིས་པའི་དུང་དཀར་གཡས་འཁྱིལ་ཞིག་ཕྱག་ཏུ་སོན་པ་ཐུགས་ཀར་རྒྱན་གྱི་ཚུལ་དུ་ཕུལ། ན་བཟའ་སྙན་ཤལ་མཆོད་རྫས་སོགས་བཀོད་ལེགས་མཛད་གྲུབ་ནས་བླ་མ་བདེ་མཆོག་གི་སྒོ་ནས་རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་དཔལ་འབར་ལྟར་རྒྱས་པར་མཛད། དེ་ནས་སླར་ཡང་བསྟན་འགྲོའི་དོན་དུ་དགོངས་ནས་ལྕགས་ཕོ་སྦྲེལ་ལོར་གཙུག་ལག་ཁང་རྒྱ་ཆེན་ཀ་བ་ལྔ་བཅུས་བཏེགས་པའི་བཟོ་བཀོད་ཕྱི་ནང་ཐམས་ཅད་བཀོད་ལེགས་ཤིང་དངོས་གཙང་བ་འགྲན་ཟླ་དང་བྲལ་བ་ཞིག་བཞེངས། རྗེ་ཉིད་ཀྱི་སྟག་ཕུ་རིན་པོ་ཆེའི་ཡོངས་འཛིན་དགེ་བཤེས་བློ་བཟང་བསམ་གཏན་ལས་རྒྱལ་འབི་བཀའ་འགྱུར་རོ་ཅོག་གི་ལྗགས་ལུང་མཐར་ཆགས་ཚང་བ་ཟླ་བ་བདུན་གྱི་བར་དུ་གསན་པ་ལེགས་པར་མཐར་ཕྱིན་ནས་སྐུ་ཡོན་རྒྱ་ཆེར་ཕུལ། སླར་ཡང་ཟུར་མཁར་ལྷ་སྡེངས་ཞབས་དྲུང་སྦྱན་དྲངས་ནས་སྐུ་ཡོན་རྒྱ་ཆེན་ཕུལ། སླར་ཡང་ཟུར་མཁར་ལྷ་སྡེངས་ཞབས་དྲུང་སྦྱན་དྲངས་ནས་གསང་ཆེན་རྙིང་མའི་རྒྱུད་འབུམ་ཡོངས་རྫོགས་དང། གཞན་ཡང་བཀའ་ཆོས་མང་དུ་གསན་ནས་ཡོན་གྱིས་མཆོད། དེ་འཚམས་ནས་ས་སྐྱོང་སྡེ་དགེའི་གདན་འདྲེན་ཞུ་ཤོག་དང་སྟག་སྒང་བ་སོགས་སླེབས་པས་ཆུ་ཕོ་ཁྱི་ལོར་སྡེ་དགེར་ཕེབས། ཐུབ་བསྟན་སྟག་མོ་སྒང་གི་གདན་ས་ཆེན་པོར་བཀྲ་ཤིས་རེ་ཁས་མཚོན་པའི་ཞབས་ཀྱི་པདྨོ་བཀོད་པའི་བཀའ་དྲིན་བསྐྱངས། རིམ་པར་ས་སྐྱོང་ཆོས་ཀྱི་(སྨད་ཆ།༦༣༢)རྒྱལ་པོ་ཡུམ་སྲས་མཇལ་འཕྲད་སྔ་སྲོལ་ལྟར་གང་རྒྱས་གནང། ཕན་ཚུན་སྐུ་སྐྱེས་ལེགས་འབུལ་སོགས་རྒྱ་ཆེ་བསྟབས་པར་མཛད། སྟག་སྒང་འདུས་སྡེར་སྐུ་སྐྱོས་ཀྱི་ཚུལ་དུ་སྒྲུབ་ཆེན་ཞིག་འཛུགས་པའི་ཚོགས་དབུར་རྒྱ་རོང་དབོན་སྦྲུལ་རོན་པོ་ཆེ་གདན་དྲངས། ཚོགས་སར་ཕྱག་འགྱེད་དང། བླ་མར་འབུལ་ཆེན་སོགས་རྒྱ་ཆེར་མཛད། ས་སྐྱོང་ཆེན་པོའི་ལྕང་རའི་སྐྱེ་ཚལ་གྱི་བཞུགས་སྒར་དུ་བུམ་སྒྲུབ་ཀྱི་ཚོགས་དབུར་ལན་གསུམ་གདན་དྲངས་པའི་སྔ་མ་ཕག་ལོར་བཀྲ་ཤིས་ཆོས་རྫོང་དུ་གཡང་གྲུབ་བདུན་ཞག་གཅིག་གནང། སྐབས་ཤིག་འཛམ་ཐོག་ཏུ་བསྟན་སྲིད་ཀྱི་རིམ་གྲོར་གདན་དྲངས་པས་སྲི་མནན་སོགས་ལུང་བཞིན་བསྒྲུབས་པར་མཛད། དེ་ནས་ཕོ་བྲང་ཆེན་པར་ཕེབས་ནས་ས་སྐྱོང་ཡུམ་སྲས་ལ་དབང་ཀ་སོགས་ཕུལ། སྐབས་དེར་གདན་ས་འདིར་ཡང་རྟེན་བཞེངས་ཤིག་མཛད་བཞེད་ཐུགས་ལ་སྣང་ཡང་གཞན་དབང་གིས་གྲུབ་མ་སོང། དེ་སྐབས་རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེ་གདན་དྲངས་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཕུལ། རིམ་གྱིས་མེ་ཕོ་སྟག་ལོར་གདན་ས་གོང་མར་ཆིབས་ཁ་བསྒྱུར་མཛད་ཅིང། གདན་ས་གོང་མ་ཆགས་རུ་འོད་གསལ་སྒྲུབ་སྡེར་ཕེབས་གྲུབ་པ་ནས་སྔར་སྲོལ་ལྟར་ལུང་བ་ཕན་ཚུན་དུ་གདན་ཞུས་ཡོང་བ་ལྟར་ཕེབས་སྐྱོང་བཀའ་དྲིན་ཆེ་བ་དང་ལྷ་ཁང་ཆེན་མོའི་ངོས་རིས་སོགས་རྟེན་བཞེངས་རྣམས་ཀྱི་མཛད་པའི་འཕྲོ་རྣམས་བསྐྱངས། དེ་ནས་སྔ་ཕྱིར་སྦས་མང་དུ་ཡོད་པ་བཞིན། འདི་ལོར་ཆེེད་གཏད་ཀྱིས་རྟ་དྲེལ་དང་བཅས་གདན་འདྲེན་པར་འོང་བས་སྦོ་བོར་ཕེབས་པ་དང་འགྲིགས་པས་རིམ་(སྨད་ཆ།༦༣༣)གྱིས་ས་མོ་སྦྲུལ་ལོར་གནས་ཆེན་སྲིང་རྫོང་དུ་གདན་དྲངས། གཏེར་ཆེན་རིན་པོ་ཆེ་དེ་ཉིད་ཀྱིས་རྒྱལ་སྲས་ཆོས་སྐྱོང་ཆེན་པོ་ལུང་བཞིན་ཉི་གྲགས་རྒྱལ་སྲས་ཀྱི་སྐྱེ་བར་ངེས་པས་ཁྲི་འདོན་ལེགས་འབུམ་དང་ཡབ་སྲས་གཉིས་དང་བཙུན་མོ་གྲ་འཁོར་ཐམས་ཅད་དགུན་ཟླ་གསུམ་དང་གཏེར་ཆེན་ཡབ་སྲས་ལྕགས་རྟ་ཟླ་བ་ལྔ་པའི་བར་བཞུགས་གདན་ཆགས་པར་བསྙེན་བཀུར་གང་རྒྱས་ཕུལ། བདུད་སྨིན་གྱི་སྒྲུབ་གྱི་སྒྲུབ་པ་ཁྱད་པར་འཕགས་ཤིང་འཛུགས་ཕྱིར་བོད་ནས་སྨན་སོགས་ཉོ་བར་ཆེད་དུ་བཏང་ནས་གཏེར་ཆེན་ཡབ་སྲས་རྗེ་ཉིད་དང་བཅས་དབུར་བཞུགས་མཛད་ནས་གཞི་བྱེས་ཀྱི་གྲ་ཚང་ལྷན་རྒྱས་ཀྱིས་འཛུགས་པར་མཛད་པས་སྒྲུབ་པའི་རྟགས་མཚན་སོགས་ངོ་མཚར་བློའི་ར་བ་ལ་བརྒལ་བ་བྱུང། དེ་སྐབས་རྒྱ་རོང་དབོན་སྦྲུལ་ཞིང་གཟིགས་པའི་ཡེ་གེ་འབྱོར་པས་ཞི་བར་གཤེགས་པ་དེ་ཉིད་དགོངས་རྫོགས་སུའང་གཏེར་ཆེན་དབུ་བཞུགས་ཀྱིས་སྐྱེ་བདུན་མྱོང་གྲོལ་གྱི་སྒྲུབ་པ་ཞག་བདུན་དུ་གནང། འདི་སྐབས་གཏེར་ཆེན་དམ་པ་གང་དེའི་དྲུང་ནས་རང་གཏེར་གསར་བྱོན་རྣམས་དང། ས་སྐྱའི་རྗེ་བཙུན་དྲུང་ནས་གཡུ་ཐོག་སྙིང་ཐིག་སོགས་ཅོས་ཀ་མང་དུ་གསན། ཕར་ཡང་གཏེར་ཆེན་ཡབ་སྲས་དང་ས་སྐྱའི་རྗེ་བཙུན་སྐུ་ཞབས་སོགས་ལ་ཉི་གྲགས་གཏེར་བྱོན་སྐོར་གྱི་དབང་ལུང་ཅི་རིགས་དང་ཆོས་ཀ་གཞན་ཡང་མང་དུ་ཕུལ་ནས་ཐེག། ལྕགས་མོ་ལུག་ལོ་ནས་གསེར་ཟངས་ལས་གྲུབ་པའི་ཨོ་རྒྱན་རིན་པོ་ཆེའི་སྐུ་མི་ཚང་སུམ་འགྱུར་ཚམ་དང་རྡོ་རྗེ་སེམས་དཔའི་སྐུ་མི་ཚང་གཉིས་འགྱུར། མགོན་པོ་ཚེ་མཐའ་ཡས་པའི་སྐུ་ཚད་གཉིས་འགྱུར། མགོན་པོ་ཚེ་མཐའ་ཡས་པའི་སྐུ་མི་ཚད་བཅས་ལེགས་པར་གྲུབ་པ་ཡིན་འདུག། སྦྱིར་ཡང་རྗེ་(སྨད་ཆ།༦༣༤)བླ་མ་མཆོག་གི་སྦྲུལ་པའི་སྐུ་རིན་པོ་ཆེ་འདི་ཉིད་སྔོན་གྱིས་དགེ་བའི་བཤེས་གཉེན་སྦྱན་སྔ་བ་ཆེན་པོ་དང་སྟག་ལུང་ཐང་པ་ཡབ་སྲས་སོགས་བཞིན་སྐུ་གསུང་ཐུགས་རྟེན་བཞེངས་པ་ལ་འགྲན་ཟླ་དང་བྲལ་བ་ཞིག་སྟེ་སྔར་ཕྱིར་ཞལ་ཐང་གྲངས་མེད་དང། གཏེར་གསར་ཡོངས་རྫོགས་ཞལ་ཐང་སུམ་ཅུ་སྐོར་གྱི་པར་བརྐོ་བ་དང། ལྡེར་སྐུ་ཆེ་ཕྲ་དུ་མ། སྨན་འདམ་ལས་གྲུབ་པ་དང། དངུལ་ལས་བརྡུངས་པ། གསེར་ཟངས་ལས་གྲུབ་པ་སོགས་གྲངས་ཀྱི་མི་ཆོག་པ་དང། བཀའ་འགྱུར་རིན་པོ་ཆེ་ཚར་ལྡ། བསྟན་འགྱུར་ཚར་གཉིས། རྙིང་རྒྱུད་ཚར་ལྔ་སོགས། གཞན་ཡང་ཡི་གེ་འབྲིར་བཅུག་པ་དང། ཀློང་སྙིང། གསང་བདག་སྐོར། གཏེར་སར་ཁ་སྐོར་སོགས་པར་དུ་བརྐོད་པ་སོགས་བགྲང་བ་ལས་འདས་ཤིང། ཐུགས་རྟེན་མཆོད་རྟེན་ཆེ་ཕྲ་མང་པོ་བཞེངས་པ་སོགས་རེ་རེ་ནས་སྨོས་པར་མ་ནུས་ཏེ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཅན་ནོ། ད་ལྟ་རྡོ་རྗེའི་ཁྲི་ལ་ཞབས་པད་བསྟན་པར་འཚོ་ཞིང་གཞེས་པ་ནས། ཆུ་མོ་བྱ་ལོ་འདིར་ཚེའི་རྟེན་འབྲེལ་དུ་རྣམ་རྒྱལ་མཆོད་རྟེན་མི་ཚང་བཅུ་གསུམ་གྱི་དཔངས་དང་ལྡན་པ་ཞིག་བཞེངས་པའི་སྐབས་སུ་ཡོད་པར་སྣང་ངོ། མཆོག་གསུམ་བླ་མ་མཁའ་འགྲོའི་བྱིན་རླབས་དང། འཆི་མེད་ཚེ་མཐའ་ཡས་པའི་གཟི་བྱིན་གྱིས། མགོན་ཁྱོད་གསང་གསུམ་རྡོ་རྗེའི་ཁྲི་འཕང་ལས། ནམ་ཡང་གཡོ་མེད་ཞབས་པད་བརྟན་གྱུར་ཅིག། སླར་ཡང་འཕྲོས་དོན་གླེང་འོས། མཆོག་སྦྲུལ་རིན་པོ་ཆེ་འདི་ཉིད་རང་སྐལ་གཏེར་ལ་དབང་ཚུལ་དང། སྔགས་ཆས་མཛད་དགོས་ཚུལ་གྱི་ལུང་བསྟན་ཡང། ཆོས་རྗེ་གླིང་པའི་སྐྱེ་བ་རིག་འཛིན་ཆེན་པོ་འཆི་མེད་རྡོ་རྗེ་ཡེ་(སྨད་ཆ།༦༣༥)ཤེས་རོལ་པའི་རྩལ་ལམ་རིག་འཛིན་ཆེན་པོ་ཀུན་བཟང་འོད་ཟེར་གྱི་ཕུང་བསྟན་སྔ་ཕྱིར་སྩལ་བ་རྣམས་ལས་གང་ཟག་དགོས་ལུང་གཏད་རྒྱ་མུ་ཏིག་ཕྲེང་བ་ལས། ཨོ་རྒྱན་འཁོན་ཀླུ་རྡོ་རྗེ་བདུད་འཇོམས་རྩལ། དབྱེར་མེད་རྒྱལ་བསྟན་སྲིང་རྫོང་ཕྱོགས་སུ་འབྱུང༔ ཨོ་རྒྱན་གར་དབང་བསྟན་པའི་མིན་ཅན་འབྱུང། སྦྱོད་ཚུལ་ངེས་མེད་མདོ་སྔགས་བསྟན་སྲོག་འཛིན༔ ཞེས་དང། ཡང་གཏེར་ཆེན་དེ་ཉིད་ཀྱིས་ལུང་བསྟན་ཁོལ་ཕྱུང་ལས། གནུབ་ཀྱི་བནྡྷེ་ནམ་མཁའི་སྙིང་པོ་ཡི༔ གསེར་གྱི་མཎྜལ་གཡུ་ཡི་འཕྲ་བཀོད་དེ༔ ཨོ་རྒྱན་ལ་ཕུལ་གུས་ཕྱག་དགུ་སྦུག་འཚལ༔ ཆོས་འདིའི་ཡོན་ཏན་ཆོས་བདག་གང་དུ་འབྱུང༔ བདག་ཅག་རྗེ་འབངས་གང་གི་སྐལ་བར་བསྔགས། ཨོ་རྒྱན་དགྱེས་པའི་མདངས་ཕྱུང་འདི་སྐད་གསུངས༔ ཨོ་རྒྱན་གསུང་སྦྲུལ་ནམ་སྙིང་ཐུགས་ཀྱི་སྦྲུལ༔ སངས་རྒྱས་ཡེ་ཤེས་ཡོན་ཏན་སྦྲུལ་པ་དང༔ འཁོན་ཀླུའི་འཕྲིན་ལས་སྦྲུལ་པ་བྱང་ཤར་འཚམས༔ ནགས་ཤོད་སྲིན་རྫོང་རྨ་བྱ་གར་བྱེད་འདྲའི༔ ཆུ་བོ་ཧཱུྃ་ཧཱུྃ་སྒྲོགས་པའི་ས་ཕྱོགས་སུ༔ བསྟན་པའི་མི་ཉམས་ཉི་མ་དབང་དྲག་མཚན༔ བརྟུལ་ཞུགས་སྦྱོད་པས་འགྲོ་བ་ཐབས་ཀྱིས་འདུལ༔ སྐབས་སུ་བཟང་ལ་མི་རེ་ངན་མི་དོགས༔ སྐབས་སུ་ཐེ་ཚོམ་དྲ་བའི་ཟབ་ཏུ་ཚུད༔ དེ་རྣམས་སྐྱེས་དབུས་རྩ་རླུང་ཆོལ་འཕྲུལ་ཏེ༔ གྲོ་ལོད་ལ་སོགས་ཆོས་བཀའ་ཕྱི་ནང་རྣམས༔ སྐྱེས་མཆོག་འགྲོ་འདུལ་དེ་ལ་གཏད་རྒྱ་གྱིས༔ ཞེས་དང། ཁྱད་པར་ཟབ་མོ་གཏེར་གྱི་བཀའ་བབས་ཡོད་ཚུལ་ཡང། བདག་འདྲ་པདྨ་འབྱུང་གནས་དང༔ འགྲོ་རེའི་སྣང་ངོར་སྦྲུལ་པ་འགྱེད༔ ཁྱད་པར་ཉི་ཤུའི་དམར་ཐག་ཉེར༔ འགྲོ་རྣམས་ཐུགས་རྗེས་སྐྱབས་པའི་མགོན་༔ བྱང་ཤར་(སྨད་ཆ།༦༣༦)སྲིང་རྫོང་ཕྱོགས་སུ་འབྱུང༔ དབང་ངམཀ་བསྟན་པའི་ཉི་མ་དེ༔ སྲིང་རྫོང་ཤར་གྱི་སྒྲུབ་ཕུག་དང༔ མདོ་ཁམས་གླང་ཐང་སྒྲོལ་མ་སོགས༔ སྦྲ་དུན་རྩེ་ཡི་གཏེར་ལ་དབང། གཏེར་སྟོན་ཆོས་བདག་གཉིས་ཀ་བྱེད༔ ལས་བཞིའི་སྦྱིན་སྲེག་ཟབ་ལུང་ནམས་པ་གསོ༔ ཞེས་དང། སྦྲུལ་པའི་གཏེར་ཆེན་སྒམ་བུ་པ་རྡོ་རྗེ་རྒྱལ་པོའི་གཏེར་ལུང་ལས་ཀྱང། བྱང་ནས་པདྨ་བདག་དང་འཁོན་ཀླུ་དབང། ཟུང་འཇུག་སྦྲུལ་པ་སྔ་ཕྱི་གཉིས་སུ་འབྱུང། སུ)འམ་ནི་སུ་ཁའི་མིང་འཆང་བ༔ འབུག་མ་ལོ་དམར་སྨྱུག་ཞི་ཁྲོའི་ཉམས༔ བློ་ཆེ་ཁོག་ཡངས་སྙིང་སྟོབས་སྡུག་སྲན་ཆེ༔ དམ་སྲིའི་བར་ཆད་དབང་དུ་མ་གྱུར་ན༔ སྦས་པའི་གནས་དང་ཟབ་མོའི་གཏེར་ལ་དབང༔ དྲག་ཆོས་བཀའ་བབས་འགྲོ་མང་བདེ་ལ་བཀོད༔ སྐལ་ལྡན་སྐྱེས་ཊ་དེ་ལ་གཏད་རྒྱ་གྱིས༔ ཞེས་དང། གཏེར་གྱི་འཇུག་སྐྱོང་བྱང་ཕྱོགས་ནས༔ ཨོ་རྒྱན་ན་གརྫུ་ན་ཡི༔ ཞུང་འཇུག་སྦྲུལ་པ་སུ)འཾ༔ བདེ་བའི་མིང་ཅན་སྐྱེས་བུ་འབྱུང༔ ཞེས་དང། མཚོ་རྒྱལ་ཁྱེད་འདྲེན་ཤེལ་དཀར་བཟའ༔ སྲིན་བྲག་ཁྲོམ་རྒྱན་སྦྲུལ་པ་ནི༔ རིགས་ལྡན་ལྔ་དང་རྟེན་འབྲེལ་ན༔ སྲིན་བྲག་ཁྲོས་མ་ནག་མོའི་ཕུག༔ ཨེ་གསང་འབར་བའི་ལོན་ཅིང་སིརྡྷི་རྙེད༔ གཏེར་གྱི་འཇུག་སྐྱོང་གཏེར་གསར་སྦེལ་༔ སྦས་ཡུལ་སྒོ་འབྱེད་གྲོགས་སུ་འགྱུར༔ ཞེས་དང། ཟུར་མཁར་ཐེག་གླིང་རྒྱས་སྲས་གསང་ལུང་ལས་ཀྱང༔ གངས་ལྗོངས་ལྷ་ས་བསམ་ཡས་ནས༔ ཁྲ་འབྲུག་གུ་རུའི་སྒྲུབ་གནས་ལ། རིམ་གཉིས་རྟེན་འབྲེལ་འགྲིག་གྱུར་ན། ཕྱི་ནང་གསང་གསུམ་དངོས་གྲུབ་ཀྱི། དགེ་མཚན་གཏེར་ལ་(སྨད་ཆ།༦༣༧)སྦྱོད་པར་འགྱུར། ཞེས་སོགས་གསུངས་པས། སྔགས་ཀྱི་རྣལ་འབྱོར་ཡང་དག་པ་རྣམས་ཐེག་དམན་ལ་གོལ་བའི་ལྟ་སྦྱོད་བགྱིས་ན་མཆོག་གི་དངོས་གྲུབ་མི་འཐེབ་ཐེག་པ་ཆེན་པོའི་རྣལ་འབྱོར་ཚུལ་ལྡན་རྣམས་དང། ཁྱད་པར་རྣམས་གསུམ་ཟབ་རྒྱའི་བཀའ་བབས་ཡོད་པ་རྣམས་གསུམ་ལྡན་རྡོ་རྗེ་འཛིན་པའི་སྔགས་ཆས་ཅི་ནས་མཛད་དགོས་ཞེས་དཱགས་གཏེར་རིན་པོ་ཆེ་དང་ཀུན་བཟང་འོད་ཟེར་སོགས་ཀྱིས་ཞབས་བསྐུལ་ཡང་ཡང་ཕུལ་ཡང། རྗེ་ཉིད་ཐུགས་དཀྱིལ་བསླབ་པ་རིན་པོ་ཆེར་གཅེས་སྦྲས་སྙུན་གཞི་གཅིག་སང་གཉིས་སླེབས་ལྟ་བུར་གྱུར་པས་བསམ་ཡས་ཆོས་སྐྱོང་ཆེན་པོས་ཀྱང་གཏེར་ལུང་བཞིན་མ་མཛད་ན་བར་ཆད་སེལ་དཀའ་ཚུལ་དང། ཁྱད་པར་གཏེར་ཆེན་སྒམ་པོ་པ་དེ་ཉིད་ཁམས་ཕྱོགས་དབེན་གནས་ནམ་མཁའི་མཛོད་ཅེས་པར་ས་གནད་གསོ་བ་དང་བསྟན་འགྲོའི་ཕན་བདེ་སྦྲེལ་ཆེད་དུ་སྐུ་མཚམས་བཅད་རྒྱ་བཞུགས་ཡོད་པའི་མནལ་ལམ་ལྟ་བུར་ཞིང་སྐྱོང་རྒྱལ་བ་ཐོད་དཀར་གྱིས་བསྐུལ་མ་བྱུང་ཚུལ་བཞིན། མཆོག་སྦྲུལ་རིན་པོ་ཆེ་ཉིད་སྔགས་ཆས་སོགས་ལུང་དོན་པ་བཞིན་མྱུར་དུ་མ་བསྒྲུབས་ན་བར་ཆད་ཀྱི་དབང་དུ་འགྲོ་ངེས་པས་དཔེ་བ་རྟེན་ཅིང་འབྲེལ་འབྱུང་གསང་སྔགས་ཟབ་མ་ཐབས་ཀྱི་ཆེ་བ་ཡིན་པས་སྐུ་ཚེའི་འཕྲེང་གེགས་སེལ་བ་དང། རང་སྐལ་ཟབ་མོའི་གཏེར་ལ་སྦྱོད་པའི་རྟེན་འབྱུང་མི་འགོག་པའི་ཕྱིར་ཞབས་བསྐུལ་དགོས་ཚུལ་ནགས་སོགས་གཉིས་གྱི་མི་འགོག་པའི་ཕྱིར་ཞབས་བསྐུལ་དགོས་ཚུལ་ནགས་སོགས་གཉིས་ཀྱི་མི་དཔོན་རྣམས་དང་ཡུལ་དགོན་སོ་སོར་བཀའ་ཐམ་དང་ཁྱད་པར་སྲིང་རྫོང་སྒྲུབ་སྡེ་དང་མཆོག་སྦྲུལ་རིན་པོ་ཆེ་ཉིད་ཀྱི་དྲུང་དུའང་ཞུ་ཡིག་ནན་(སྨད་ཆ།༦༣༨)ཅན་གནང་བས་སྡེ་དགོན་སྦྱི་དང་སྟག་ཕུ་རིན་པོ་ཆེའི་འཛོད་པ་དཔོན་ཚང་སོགས་བེ་ཧུ་ཅང་རྣམས་དང་སོག་འཕེལ་གླིང་བླ་གྲ་རྫོང་སྡོད་སྡེ་པ་སོགས་ཡུལ་སོ་སོའི་བླ་མའི་དཔོན་ཆེ་དགུ་ཐམས་ཅད་ཀྱིས་འདུན་པ་རྩེ་གཅིག་གིས་གསོལ་བ་བཏབ་པ་དང། སྒྲུབ་སྡེ་ནས་ཀྱང་ཞབས་བསྐུལ་ཡང་ཡང་ཞུས་པ་ལ་བརྟེན་ནས། དད་ལྡན་ངོ་མི་ལྡོག་པ་དང་བསྟན་འགྲོའི་ཕན་བདེ་སྦེལ་བའི་དྲེན་འབྱུང་བ་དགོངས་ནས། འདུལ་བ་རང་ལུགས་དང་མཐུན་པར་རབ་བྱུང་གི་ཆས་སོགས་ཇོ་བོ་རིན་པོ་ཆེའི་འདྲ་ཅོག་དང་དགེ་འདུན་པའི་སྦྱན་སྔར་ཕུལ་པར་མཛད་དེ་གསང་ཆེན་རྡོ་རྗེ་འཛིན་པའི་ཆས་ཀྱིས་སྦ་བར་མཛད་པ་སྣང་ངོ། འོན་ཀྱང་མཆོག་སྦྲུལ་རིན་པོ་ཆེ་ཉིད་གང་དུ་སྨོས་པའི་པདྨ་གླིང་པའི་ས་གཏེར་ལུང་བཞིན་སྦས་གནས་པདྨ་གླིང་གནས་བདག་སོ་ལྔའི་གཙོ་བོ་ཡིན་པར་རྒྱལ་དབང་པདྨ་ཀཱ་རས་རྡོ་རྗེའི་ལུང་གིས་བསྔགས་པ་ལྟ་ལགས་ཀྱང། གདོང་ནས་སྔགས་ཆས་དང་སྦས་གནས་སུ་ཕེབས་གྲུབ་པ་ཞིག་དགོས་རྒྱུར་འདུག་ཀྱང། དེ་སྐབས་ལུང་བསྟན་ཀྱང་མ་གཟིགས་ཤིང་རྗེ་ཉིད་བསྟན་པའི་མིག་རྒྱན་ཐུགས་རྫོགས་བཞེས་པ་ལ་རིངས་པ་དང་བཅས་མ་གྲུབ་མོད། དབུས་ཕེབས་པར་མའི་སྐབས་དེར་སྦྲུལ་པའི་གཏེར་ཆེན་དཱགས་པོ་རིན་པོ་ཆེས་ཞུ་ཡིག་ལམ་ནས་བསྐུལ་མ་བྱུང་བས། ཕེབས་བཞེད་ཆེ་རུང་ཇོ་བོའི་འདྲ་ཅོག་རྟེན་བཞེངས་ཀྱི་འཕྲོ་སྐྱོང་དགོས་པ་དང་སྡེ་པ་ཇོ་ལྷ་ཁང་སོགས་ཀྱིས་ཀྱང་བཤོལ་ཞིང། སླང་ཡང་དཱགས་གཏེར་རིན་པོ་ཆེ་ནས་སྐུ་ཚེ་མཛད་ཕྲིན་འགྲོ་ཕན་སོགས་གང་ཅི་ནས་མ་ཕེབས་མཐུ་མེད་ཡིན་ཚུལ་ནན་ཞུས་བྱུང་ཀྱང་སྡེ་དགེར་ཕེབས་པ་དང་འགྲིགས་པས་སྡེ་དགེ་ཆིབས་སྐྱོད་གྲུབ་ནས་ཡར་ཕེབས་སྐབས་བཞིན་གནང་ཡང་དེ་(སྨད་ཆ།༦༣༩)དུས་ཞབས་འབམ་སོགས་སྙུང་གཞི་ཆེས་པ་དང་གྲ་འཁོར་སྦྱིན་བདག་རྣམས་ཀྱིས་ཀྱང་བཤོལ་བས་ཕེབས་མ་གྲུབ་ཅིང། ལུང་དོན་བཞིན་ཕེབས་གྲུབ་པ་དང་སྔགས་ཆས་སོགས་ཀྱང་གདོང་ནས་མཛད་གྲུབ་ན་སྐུ་ཚེ་དང་ཕྲིན་ལས་རྒྱ་ཆེ་ཡོང་རྒྱུ་དང་རྙིགས་དུས་ཀྱི་རྒུད་པ་སེལ་ཞིང་སེམས་ཅན་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་ཡོང་རྒྱུར་འདུག་ཀྱང། བར་ཆད་ཀྱི་དབང་གིས་རྟེན་འབྲེལ་ཐམས་ཅད་གཞན་དབང་ཁོ་ནར་སོང་ཤིང། ཕྱིས་ཚོད་གོང་དུ་སྨོས་པ་ལྟར་བཞིན་སྒྲུབ་པར་གནང་ནས་གནས་སྒོ་འགའ་ཡང་གསར་ཕྱེས་མཛད། དེ་སྐབས་གཞུང་ས་ཆེན་པོ་ནས་གདན་ཞུ་བྱུང་བསྟུན་དབུས་ཕྱོགས་སུ་ཞབས་བཏེགས། ཆིབས་ལམ་དུ་ཞུགས་རྩ་ན་བསམ་ཡས་ལ་ཞུགས་ཀྱི་གནོད་པ་བྱུང་ཚུལ་གསན། ལྷ་སར་ཕེབས་ནས་ཐོག་མར་བསྟན་རྒྱས་གླིང་དུ་བཞུགས། ཀློང་ཆེན་རོལ་པ་རྩལ་དང། ལྷ་སྡིངས་ཞབས་དྲུང་སོགས་དང་དབང་ལུང་ཕར་འབུལ་ཚུར་གསན་དང། གཙོར་ཆེར་བསམ་ཡས་རྟེན་བཞེངས་ཀྱི་གེགས་སེལ་སྒྲུབ་དགོས་མང་བ་དང་གཞུང་གི་སྐུ་རིམ་སྒྲུབ་དགོས་སོགས་ཀྱིས་ལུང་དོན་པྲ་དུན་རྩེའི་གཏེར་བཞེས་རྒྱུ་དང། ཟབ་ལུང་ཉམས་གསོ་སོགས་མ་གྲུབ་ལོ་ངོ་གསུམ་ཙམ་ནས་ཕྱིར་ཕེབས། སྔར་ཕྱིར་ལུང་དོན་ཕལ་ཆེར་བར་ཆད་ཀྱི་དབང་གིས་ཕྱི་ཐལ་དུ་ལུས་པའི་སྐྱོན་གྱིས་རྟེན་འབྱུང་ཟབ་མོ་དུས་ལས་ཡོལ་བས། མེ་གླུང་ཟླ་ཚེས་མ་པདྨ་འོད་ཀྱི་ཞིང་དུ་གཤེགས་པར་གྱུར་ཏེ་བསྟན་འགྲོ་སྦྱི་སྒེར་བསོད་ནམས་ཀྱིས་མ་འཁྱོངས་པར་སྣང་ངོ། ཡང་མཆོག་སྦྲུལ་རིན་པོ་ཆེ་ཆེ་ཉིད་ཀྱི་ཞལ་སློབ་སྦྲུལ་པའི་གཏེར་སྟོན་(སྨད་ཆ།༦༤༠)ཀློང་ཆེན་རོལ་པ་རྣམས་ལམ་རིག་པའི་རྡོ་རྗེ་ནི། འཁྲུངས་ཡུལ་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ཚན་བགས་ཤོད་ཡར་ཐང་ཞེས་པ་ས་ཕོ་བྱིས་བའི་ལོ་ལ་སྐུ་འཁྲུངས། སྐྱེས་མ་ཐག་ནས་ཨོ་རྒྱན་མཁྱེན་ལན་གསུམ་གསུངས། དགུང་ལོ་བདུན་པའི་དུས་རྡོ་ལ་ཕྱག་གི་རྗེས་ཤིན་ཏུ་གསལ་བ་བྱུང། ལོ་བཅུ་པ་ལ་ཡེ་གེ་བསླབ་པས་བརྔ་སྟོན་ཙམ་གྱིས་མཁྱེན། སྲིང་རྫོང་སྒྲུབ་སྡེར་བྱོན་པས་ཞིང་ཁམས་ཤིག་ཏུ་གཟིགས། གུ་གུ་བླ་མ་བསྟན་འཛིན་སྙིང་པོར་སྐྲ་ཕུད་ཕུལ་བས་དགེ་བསྙེན་གྱི་སྡོམ་པ་གནང། གཚན་བསྟན་འཛིན་ཤེས་རབ་བྱ་ཆུང། དག་པའི་སྣང་བ་མང་དུ་ཤར། དགུང་ལོ་བཅུ་དྲུག་པ་ལ་བཀའ་འགྱུར་ཚར་གཅིག་ལྗགས་ཀློག་མཛད། ཉི་སྦྲུལ་རྡོ་རྗེ་འཆང་ཉིད་རྩ་བའི་བླ་མར་བསྟེན་ནས་ཉི་གྲགས་གཏེར་བྱོན་གཙོ་གྱུར་དབང་ལུང་མང་དུ་གསན། དགུང་ལོ་ཉེར་ལྔ་བཞེས་དུས་ཉི་སྦྲུལ་རིན་པོ་ཆེ་མདོ་སྨད་སྡེ་དགེར་ཕེབས་པའི་ཞབས་ཕྱིར་བྱོན་མཆོད་དཔོན་གྱི་ལས་འཛིན་མཛད། དེ་སྐབས་ཆེ་ཡོ་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་དྲུང་ནས་ཁོ་རང་གཏེར་ཆོས་ཡོངས་རྫོགས་དབང་ལུང་དཔའ་བོ་ལས་རབ་རྩལ་གྱི་དྲུང་ནས་ཁོ་རང་གཏེར་ཆོས་ཞབས་ཕྱིར་བྱོན་མཆོད་དཔོན་གྱི་ལས་འཛིན་མཛད། དེ་སྐབས་ཆེ་ཡོ་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་དྲུང་ནས་ཁོ་རང་གཏེར་ཆོས་ཡོངས་རྫོགས་དབང་ལུང་ཐམས་ཅད་དང། ཆོས་དབང་གི་ཡང་དག་སོགས་གསན། ཁྱོད་ཀྱི་བསྟན་པ་འཛིན་པ་འོང་གསུངས་ནས་དགྱེས་དགྱེས་མཛད། དེ་ནས་སྟག་སྒང་རང་དུ་མཆོག་སྦྲུལ་རིན་པོ་ཆེ་ནས་ཕྱོགས་ཀྱི་བླ་ཆེན་མང་པོ་གདན་ནས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བས། རྒྱ་རོང་སྦྲུལ་སྐུའི་མདུན་ནས་བླ་མ་དགོངས་འདུས་སོགས་ཆོས་ཀ་མང་པོ་དང། རྫོགས་ཆེན་པ་ཚེ་དབང་མདུན་ནས་པད་གླིང་གཏེར་ཆོས་གཙོར་གྱུར་དང། ཟུར་སྦྲུལ་རིན་པོ་ཆེ་ནས་བྱུང་གཏེར་གཙོར་(སྨད་ཆ།༦༤༡)གྱུར་དབང་ཆོས་ཅི་མང་ཞུས། དེ་སྐབས་ཁོ་བོས་ཀྱང་ཉང་གི་དྲག་དམར་སོགས་ཕུལ་བ་ཡིན་ཏེ། ཉིད་ཀྱི་གསུངས་ལས་རིག་འཛིན་རྒྱ་མཚོ་གུ་རུ་བཀྲ་ཤིས་དང། དབོན་སྦྲུལ་བཅས་ནས་དབང་ལུང་མང་དུ་ཞུས། ཞེས་པ་ལྟར་བླ་མ་རྣམས་ནས་དབང་ལུང་མང་དུ་གསན་ཅིང་དབང་དོན་ཉམས་ཀྱི་ར་རི་མང་པོ་ཤར། དེ་སྐབས་ཐང་སྟོང་ལུགས་ཀྱི་ཚེ་སྒྲུབ་ཞིག་མཛད་པའི་མནལ་ལམ་དུ་རི་ཟླུམ་པོ་ཚོགས་ཀྱི་དབྱིབས་ལྟ་བུ་ནང་ཐམས་ཅད་རྩི་དམར་པོའི་ཡེ་གེས་གང་བའི་དབུས་ན་ཆེ་ཡོ་རིག་འཛིན་ཆེན་པོ་ཉིད་ཨོ་རྒྱན་ཟ་ཧོར་མའི་ཆས་ཀྱིས་ཕྱག་གཡས་དུས་གསུམ་ལུང་བསྟན་མང་དུ་སྩལ་ཞིང། ཡང་རིག་བྱེད་མའི་བསྙེན་པའི་སྐབས་སྐྱེ་བ་སྔ་ཕྱིན་མང་དུ་དྲན་ཅིང། ཁྱད་པར་དུ་སྡེ་སྲིང་སངས་རྒྱས་རྒྱ་མཚོ་ཡིན་པར་ཤེས་གསུངས། ཉི་སྦྲུལ་རིན་པོ་ཆེའི་བཞུགས་སྒར་མདོ་སྟོད་དུ་བཏེགས་པ་དང་ལྷན་ཅིག་ཡར་ལམ་ནོར་བུ་རིར་ཆེ་ཡོ་རིག་འཛིན་ཆེན་པོ་མཇལ་དུ་བྱོན་པས། ཐུགས་ཤིན་ཏུ་དགྱེས་པར་མཛད་ནས་ཟབ་མོ་གཏེར་གྱི་སྐབས་ཡོད་ཚུལ་དང་འགྲོ་དོན་རྒྱ་ཆེན་འབྱུང་ཚུལ་དང། དུས་གསུམ་གྱི་ལུང་བསྟན་མང་པོ་སྩལ་ལནས་རྗེས་སུ་བཟུང་བས་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱི་དད་འདུན་སྐྱེས། དེ་ནས་སྲིན་རྫོང་དུ་ཕེབས་གྲུབ་ནས་གང་ཅིར་མཆོག་སྦྲུལ་རིན་པོ་ཆེས་ཞབས་ཕྱི་དང། དགུང་ལོ་ཉེར་བརྒྱད་ཀྱི་དུས་དཱགས་གོང་སོགས་ཀྱི་གནས་གཟིགས་དང། ལྷག་པར་ཉི་སྦྲུལ་རིན་པོ་ཆེས་བསྐུལ་པ་ལྟར་ཡང་ཀླུང་དོན་མཁར་དུ་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་དྲུང་ནས་ཀློང་ཆེན་སྙིང་ཐེག་སོགས་གསན་པས་ལྟ་སྒོམ་རིག་རྩལ་དགོངས་པ་ན་འཕར་ཏེ། ས་ལམ་གྱི་འཆིང་(སྨད་ཆ།༦༤༢)བ་ལས་གྲོལ་ནས་ཀ་དག་རང་བྱུང་གི་རིག་པ་མངོན་དུ་གྱུར། ཕུག་ནག་ཏུ་མཚོ་རྒྱལ་གྱི་ལུང་བསྟན་ཡང་ཡང་བྱུང་ཞིང། དབྱར་མཚོ་དཀར་དུ་བཞུགས་སྐབས་རྣམ་དཔོན་འཁོར་སྟོང་ཕྲག་མངོན་སུམ་དུ་ཞལ་གཟིགས། དེ་སྐབས་དཔའ་བོ་རྔོ་ཡི་ཐོང་བའང་ཕྱག་ཏུ་སོན། འདི་དུས་ཉི་སྦྲུལ་རིན་པོ་ཆེ་བཅད་བརྒྱར་བཞུགས་སྟབས་ཀྱི་རྗེ་འདི་རྒྱལ་ཐེབས་སུ་མངའ་གསོལ་ནས་ནགས་ཤོད་ཕྱོགས་སུ་འབྲུ་ཕུད་བཞེས་པ་དང་ཁྲོམ་ཆོས་དང་འགྲོ་ཕན་གྱི་ཕྲིན་ལས་ཅི་རིགས་བསྐྱངས། དགུན་ཕུར་པའི་བསྙེན་པའི་དུས་སྒྲུབ་ཕུར་བཞད་པ་སོགས་བྱུང། དྲག་པོའི་བསྙེན་པའི་སྐབས་བན་དེ་གཞོན་ནུ་ཞིག་གིས་རི་སཙྪའི་དབྱིངས་ཅན་ཞིག་ལ་ཁྲིད་བྱུང་བའི་བར་ཁང་ཞིག་ན་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་དེ་ཉིད་ཞལ་ཤར་དུ་གཟིགས་ནས་ཁྲི་ཆེན་པོ་ཞིག་ལ་བཞུགས་འདུག་པའི་མདུན་དེར་ཤེས་དཱངས་པའི་དཀྱིལ་འཁོར་ཞིག་མཇལ་ཞིང་ཕྱག་འཚལ་བས་དེར་བསྡད་པ་དང་ཉི་མ་ཤར་ཞིང་ཕྱག་ན་ཤེལ་རྡོ་རིང་མོ་འཕྱར་ནས་དཀྱིལ་འཁོར་དེ་རྡོར་དབྱིངས་དང། སྐུའི་ནང་ཁྲག་འཐུང་གི་ལྷ་ཚོགས་སུ་བསྟན་བྱུང་བའི་མདོ་ལ་གནས་འགྱུར་ནས་ཨོ་རྒྱན་ནོར་ལྟར་སོང། གྲིབ་སོགས་འཛོམ་དགོས་པའི་ལུང་བསྟན་སྩལ། གཞན་ཡང་སྒྲོལ་དཀར། ན་ག་རཀྴ། འཇམ་དབྱངས་དཀར་པོ། རྣམ་འཇོམས། གུར་བྲག། ཕྱག་རྡོར། དྲག་པོ་རྟ་ཁྱུང་སོགས་ཀྱི་བསྙེན་མཚམས་གནང་སྐབས་བུམ་ཆུ་ལུང་པ། དྲི་བཟང་བྲོ་བ། རྔ་རོལ་མང་པོ་ཐོས་པ། རྒྱལ་འགོང་བསྒྲལ་བ་ཕྱག་འཕྲེང་མེར་འབར་བ། རྟ་འགྲིན་ནག་པོའི་ཞལ་གཟིགས་སོགས་མཚན་རྟགས་ངོ་མཚར་ཅན་མང་པོ་བྱུང་གསུངས། དེ་ནས་སྟག་ཕུ་བློ་བཟང་ཆོས་ཀྱི་དབང་ཕྱུག་གི་དྲུང་ནས།(སྨད་ཆ།༦༤༣)བསྙེན་རྫོངས་བཞེས་ནས་དགེ་སློང་གི་དངོས་པོ་བསྒྲུབས། དཔྱིད་དུས་མཚམས་ལ་བཞུགས་པས་ནུབ་གཅིག་པཎ་ཞཱ་གྱོན་པའི་བན་དེ་སྣུམ་བག་ཅན་ཞིག་གིས། བྱེ་མའི་མཆོག་རྟེན་བརྒྱད་དང་ཤེལ་གྱི་མཆོད་རྟེན་གཅིག་རྣམས་མདུན་དུ་བཞག་སོང་བས། ལག་ཏུ་བླངས་པས་རིམ་བཞིན་བྱེད་མའི་མཆོད་རྟེན་རྣམས་འོད་དུ་བཞུ། ཤེལ་གྱི་མཆོད་རྟེན་དེ་ཁ་རུ་ཐིམ་སོང་བས་བློ་འགྱོད་ནས་ཉར་ཚགས་བྱེད་པ་མ་བྱུང་སྙམ་པ་དང་མནལ་སད། ཉི་སྦྲུལ་རིན་པོ་ཆེར་ཞུས་པས། འདི་ལོར་སྟག་ཕུའི་དགེ་བཤེས་ནས་བཀའ་འགྱུར་གྱི་ལུང་ཞུ་བསམ་པ་ཡིན་པས་ཁྱེད་རང་ཡང་ཞུ་ན་དེ་འདྲའི་ལྟས་འདྲ་ཡིན་ཤས་ཆེ་གསུངས། དེ་ལོར་བཀའ་འགྱུར་གྱི་ལུང་ཞུས་ཤིང་ཚར་གཅིག་བཀླགས་ཀྱང་ནུབ་གཅིག་གཡུ་སྒྲོན་མ་ཡིན་ཟེར་བའི་བུད་མེད་བོད་མོའི་ཆས་བྱས་པ་ཞིག་གི་སྐྱེ་བ་བདུན་ལུང་བསྟན། ཚེ་འཕྲང་ཉམས་གྲིབ་སོགས་འཛེམ་དགོས་ཚུལ་སོགས་བཀའ་ལུང་ངོ་མཚར་ཆེ་བ་མང་པོ་གནང། ཡང་སྐབས་ཤིག་ཆབས་རུའི་འདུ་ཁང་ཤར་གྱི་ཉི་མ་གྲགས་པའི་སྐུ་དེ་ཆེ་ཡོ་རིག་འཛིན་དགོས་ཚུལ་སོགས་བཀའ་ལུང་ངོ་མཚེ་ཆེ་བ་མང་པོ་གནང། ཡང་སྐབས་ཤིག་ཆགས་རུའི་འདུ་ཁང་ཤར་གྱི་ཉི་མ་གྲགས་པའི་སྐུ་དེ་ཆེ་ཡོ་རིག་འཛིན་ཆེན་པོར་སོང་འདུག་པའི་ཞལ་ནས་འདི་ཁྱེད་ཀྱི་ཡིན་ནོ་གསུངས་ནས་གླེགས་བམ་ཞིག་གནང་བྱུང་བ་ཞལ་ཕྱེས་པས་ཤོག་སེར་ལ་གསེར་ལ་གསེར་གྱི་བྲིས་པ་སྐབས་སུ་མཚལ་གྱི་བརྡ་རིས་ཕྲ་མོ་ཡོད་པ་དྲི་བཟང་པོ་བསམ་གྱིས་མི་ཁྱབ་པ་འདུག། མགོ་དེར་སངས་རྒྱས་སྨན་ལྷའི་ཆོས་སུ་འདུག། དེ་འོག་མཚལ་གྱི་བརྡ་རིས་དང། མགོ་དེར་སངས་རྒྱས་སྨན་ལྷའི་ཆོས་སུ་འདུག། དེ་འོག་མཚམ་གྱི་བརྡ་རིས་དང། གཟབ་ཆུང་གཅིག་པ་རྟེན་འབྲེལ་རིམ་པ་གསུམ་དུ་ཡོད་དེ། རབ་ལ་རྫོགས་པ་ཆེན་པོ་ཡོད། འབྲིང་ལ་བསྐྱེད་རིམས་སྐོར་ཆེ་ཡོད། ཅེས་དང། ཏེ་སེར་རོང་ཆེན་གཉིས་ལ་ཡོད། མཁའ་འགྲོ་གར་སྟབས་བྱས་འདྲའི་འོག། བྷ་ག་ཁྲག་གི་ཐིག་པ་ལ། གསེར་གྱི་ཡི་གེ་དུམ་(སྨད་ཆ།༦༤༤)བུ་ཡོད། ཅེས་སོགས་གཟའ་ཆུང་དང་བརྡ་རིས་འདྲེས་པ་ཞིག་འདུག་ཤོག་སེར་དྲི་དེས་ལུས་ཆོས་པ་སྙམ་བྱེད་པ་དང་ཉམས་དེ་ཞག་ཁ་ཤས་བར་མ་བརྗེད་པར་གསལ་པོར་བྱུང་སྣང་སྟེ་གཏེར་གྱི་ཁ་བྱང་ཡིན་པར་འདུག། དེ་ནས་ཉི་གྲགས་གཏེར་བྱོན་བླ་མ་བདེ་མཆོག་གི་བསྙེན་མཚམས་ལ་བཞུགས། ནུབ་གཅིག་མནལ་ལམ་ལ་ཨོ་རྒྱན་རིན་པོ་ཆེ་དངོས་སུ་ཕེབས་ཡོད་ཟེར་། མ་ཡིན་སྙམ་པའི་བུད་མེད་ཅིག་གི་དར་དཀར་གྱི་གཡབ་མོ་དང་བཅས་རྟ་ལ་ཆིབས་པའི་དཔོན་གཡོག་མང་པོའི་དབུས་ན་སྐུ་ཤ་རྒྱགས་ལ་སྒོམ་ཞཱ་བཞེས་པ་དབུས་ཞཱའི་གསེབ་ཏུ་མི་ལ་ཡོད་པ་ཞིག་གིས། བརྩེ་བརྩེ་དུང་དུང་གི་ཚུལ་དུ་ལག་པ་བཟང་གསུངས་གཟན་ཐུ་བཟང་པས་ཤིན་ཏུ་ལྕི་བ་དང་དམར་གྱི་དྲིལ་བ་ཞིག་གནང་བྱུང་ཞིང། འཕངས་པའི་ཚུལ་གྱི་ལན་མང་པོ་གཟིགས་ནས་བོར་ཡོང་གསུངས་པ་རྨིས། གང་ཡིན་ཆ་མ་ཆོད་པར་ཡོད་ཐོཔག་ཉི་སྦྲུལ་རིན་པོ་ཆེར་ཞུས་པས། ད་ལོ་ལྷ་སྡིངས་ཞབས་དྲུང་ཕེབས་རྒྱུ་ཡིན་པས་དེའི་ལྟས་ཡིན་འོངས་གསུངས། ད་ལོ་ལྷ་སྡིངས་ཞབས་དྲུང་རིན་པོ་ཆེ་བྱོན་བྱུང་བས་རྙིང་མ་རྒྱུད་འབུམ་ལུང་དང་ཁྲིད་སོགས་གསན། དེ་སྐབས་ཞབས་པདྲུང་རིན་པོ་ཆེ་འི་མཚན་ལམ་དུ། ཤེལ་གྱི་མཆོད་རྟེན་ཐོག་སོ་གཅིག་ཙམ་ཡོད་པ་ཞིག་གི་བུམ་སྒོར་གསེར་གྱི་ཡེ་གེ་དུབ་ཅན་གྱིས་བྲིས་པའི། རས་ཆུང་རྣམས་སྦྲུལ་ཕྲིན་ལས་ཕྱོགས་མཐར་ཁྱབ། ཞེ་བཞིའི་འཕྲང་དོག་གྱ་བཞིའི་བར་དུ་བདེ། འགྲོ་བ་གདུལ་བྱ་དབུས་ཀྱི་ཕྱོགས་སུ་ཡོད། སྙིང་མ་རྒྱུད་གྱི་བུ་ལ་ཨ་ཐཾ་རྒྱ། ཟེར་བ་འདུག་གསུངས་ནས་ཤིན་ཏུ་དགྱེས་པས་ཕ་བུའི་འདུ་ཤེས་ལྟ་བུ་གནང་བྱུང་གསུངས། ཟླ་བ་བཅུ་དྲུག་ཙམ་ནས་བདེ་མཆོག་བསྙེན་པ་ཡང་ཚར། དེ་སྐབས་བླ་བྲང་ནས་ལྷ་ཁང་ཆེན་མོ་བཞེངས་པའི་ལས་གྲའི་(སྨད་ཆ།༦༤༥)དབུ་ཚུགས་པས། བཞུགས་ས་རི་ཁྲོད་ངེས་མེད་དུ་གནང་སྐབས་སྟག་ཕུ་སྦྲུ་སྐུ་མཇལ་དུ་བྱོན་པས། མཆོག་སྦྲུལ་ཞལ་ནས། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། ལྟར་མི་མངོན་པ་ས་འོག་མ་ཎི་ཀ། སྦས་ཚུལ་ལུང་རྟོགས་མཛོད་འཛིན་ཤེས་རབ་མཚན། སྒྲུབ་པའི་རྒྱལ་མཚན་སྒྲིང་ཁྱོད་དབུས་སུ་བཞུགས། ཞེས་སོགས་དབུས་ཕྱོགས་སུ་བྱོན་ན་ལེགས་ཚོགས་ཆེ་ཚུལ་གྱིས་གསུང་ལྟར་དབུས་ཕྱོགས་སུ་ཕེབས། སྡེ་པ་ཕ་ཇོ་ལྷ་ཁང་པ་སྔར་ནས་ཉི་སྦྲུལ་རིན་པོ་ཆེ་དང་ཡོན་མཆོད་ཡིན་གཤིས་སྣེ་ལེན་འཚམས་སྦྱོར་མཛད་ནས་ཡེར་པར་བཞུགས། ཞེས་སོགས་དབུས་ཕྱོགས་སུ་ཕེབས། སྡེ་པ་ཕ་ཇོ་ལྷ་ཁང་པ་སྔར་ནས་ཡེར་པར་བཞུགས། དེ་ནས་མི་རིང་བར་བོད་ཀྱི་མི་ཆེན་ཆེ་དགུ་ཐམས་ཅད་ཀྱིས་ཞབས་ལ་བཏུད། སླར་ཡང་ཡུལ་ནགས་ཤོད་དུ་ཁྱུག་ཙམ་ཕེབས། སྟག་ཕུ་རིན་པོ་ཆེ་མཇལ། ཆགས་རུ་སྒྲུབ་སྡེ་དང་ནགས་སོགས་རྣམས་སུ་ཁྲིད་ཀྱི་འགྲོ་དོན་བསྐྱངས། འདི་སྐབས་མ་ཁྲོ་འབུམ་དེལ་གྱི་གནས་སྒོ་གསར་ཕྱེས་བྲག་མེ་ལོང་འདྲ་བ་ཞིག་བཤིག་པའི་ནང་ནས་སྒྲུབ་ཕུག་ངོ་མཚར་ཅན་ཆུང་དང་བཅས་པ་བཏོན། ཟབ་གཏེར་ཞིག་ཀྱང་ཕྱག་ཏུ་སོན། སླར་ཡང་ཉི་སྦྲུལ་རིན་པོ་ཆེ་མདོ་སྨད་ནས་ཕེབས་བ)ན། སྲིང་རྫོང་སྒྲུབ་གྲུར་ཉི་སྦྲུལ་རིན་པོ་ཆེ་དབུར་བཞུགས་པའི་བུམ་སྒྲུབ་མྱོང་གྲོལ་ཆེན་མོ་གྲུབ་ཞག་བདུན་བར་ཟས་ཡོན་ཏན་རྒྱ་ཆེར་ཕུལ་བས་སུམ་ཚོགས་པ་སྦྱར་གནང་མཛད། བླ་གྲ་ཐམས་ཅད་ལ་སྐུ་ཡོན་རྒྱ་ཆེར་ཕུལ་བས་ཐུགས་ཀྱི་དགྱེས་པ་བསྐངས། སྦྲེལ་ལོ་ཤར་མཚམས་ནས་རྩ་རིའི་བཞུང་སྐོར་ཆེན་མོར་དཔོན་སློབ་མ་ཉུང་ཙམ་དང་བཅས་ཕེབས། གཞུང་ས་ནས་ཞབས་འདེགས་དང་བཅས། བདུད་རྡོ་སྨན་གྱི་སྒྲུབ་པ་བདུན་ཕྲག་གཅིག་སྒྲུབ། དེ་སྐབས་མི་རོང་ནས་ཟབ་གཏེར་ཞིག་གདན་དྲངས། དེ་ཡང་མཁའ་འགྲོ་བཞིས་རྡོ་ཞིག་(སྨད་ཆ།༦༤༦)བཏེགས་བྱུང་བ་དེ་བཅག་པའི་ནང་ནས་བཀའ་འདུས་ཆེན་མོ་སོགས་ཟབ་ཆོས་གཏེར་རྫས་བསམ་གྱིས་མི་ཁྱབ་པ་བྱོན། དེ་ནས་ལྷ་མོན་བརྒྱུད་ནས་མཁར་ཆུང་ཕེབས་པས་ལོ་ ཆེན་བཻ་རོ་ཙ་ན་དང། ནམ་མཁའི་སྙིང་པོ་སོགས་མཇལ། རླུང་ཆེན་དཔལ་སེང་ལྷ་ལུང་དཔལ་རྡོར་དང། རྡོ་རྗེ་གྲགས་པའི་ཐུགས་ཀྱི་འོད་ཟེར་འཛིན། ཤེས་རབ་མཚན་ཅན་སྦས་པའི་རྣལ་འབྱོར་པ། ཞེས་སོགས་ཀྱི་ལུང་བསྟན་ཤིན་ཏུ་གསལ་བ་མང་པོ་བྱུང། སྐབས་ཤིག་ལྷ་སྡིངས་ཞབས་དྲུང་མཇལ་དུ་བྱོན་པས། རྗེ་དེའི་གཏེར་ལུང་ལས། ཤར་ཕྱོགས་རྡོར་སེམས་རིག་འཛིན་དཔལ་གྱི་སེང། རྡོ་རྗེ་གྲགས་པ་ས་བྱི་ཤེས་རབ་མཚན། ཐུགས་ཀྱི་རྡོ་རྗེའི་རྟགས་མཚན་སྙིང་སྨེ་ནག། ལས་ཀྱི་འཕྲོ་སད་སྐལ་ལྡན་བུ་དེར་སྦྲོད། ཅེས་སོགས་ཀྱི་ལུང་བསྟན་སྩལ། དེ་ནས་དེའི་ཆོས་སྐོར་རྣམས་ལོ་གསུམ་དུ་གསང་རྒྱ་དང་བསྙེན་སྒྲུབ་མཐར་ཕྱིན་མཛད། དབང་ལུང་སོགས་ཕར་ཕུལ་ཚུར་གསན་མང་དུ་མཛད་ཐུགས་ཡིད་གཅིག་འདྲེས་སུ་གྱུར། ཤར་ཕྱོགས་སྦ་ཞེས་གསེར་ཉ་འཁྲིལ་འདྲའི་དབུས། ཞེས་སོགས་ལུང་བསྟན་ཡང་མང་དུ་སྩལ། གཞན་ཡང་འདི་སྐབས་གནས་ཅེན་མང་པོ་བགྲོད་ཅིང་བསྟན་འགྲོའི་བདེ་ཐབས་མང་དུ་བསྒྲུབས། དེ་ནས་གཙང་དང་གངས་རི་སོགས་ལ་ཕེབས་སྐྱོད་གནང། ས་སྐྱ་བ་དང། དཔལ་སྡིངས་སོགས་ཀྱིས་ཞབས་ནས་བཏེགས། སྐུ་རིམ་སོགས་ཐུགས་བཞེད་བཞིན་སྒྲུབ་པར་མཛད། སླར་བོད་དུ་ཕེབས་ནས་ཀུན་བཟང་འོད་ཟེར་དང་ལྷ་སྡིངས་ཞབས་དྲུང་སོགས་ལ་རང་གཏེར་དབང་ལུང་རྣམས་ཕུལ། དེ་སྐབས་གནས་ཆེན་མང་པོར་ཞབས་སྐྱོང་གནང་(སྨད་ཆ།༦༤༧)ནས་བསྟན་འགྲོའི་ཕན་བདེ་སྦྲེལ་ཕྱིར་ལྗགས་བསྙེན་སོགས་གང་ལ་གང་འཚམས་ཀྱིས་འཕྲོ་ཕན་བསྐྱངས། དཔལ་རིང་དགོངས་འདུས་དབང་དང། བསམ་ཡས་དཀོན་གཉེར་ལ་ཀློང་སྙིང་སྐོར་ སོགས། གཞན་ཡང་བཀའ་འགྱུར་སྙིང་རྒྱུད་སོགས་ཀྱིས་རྙིང་མ་བཀའ་གཏེར་དབང་ལུང་ལན་མང་དུ་གནང། ཁྱད་པར་ཆོས་བདག་ལུང་ཟིན། བསྟན་པའི་བདག་པོ་དེ་མོ་རིན་པོ་ཆེ། མདའ་དཔོན་ཕ་ལྷ། ལྕགས་ཟམ་མཁན་པོ། བཀའ་བློན་ཁྲི་སྨོན་པ་སོགས་པ་རང་གཏེར་ཆོས་རྣམས་བཀའ་རྒྱ་གྲོལ་བསྟུན་མང་དུ་ཕུལ། བཀའ་བློན་ཁྲི་སྨོན་ལམ་གཏེར་ཆོས་རྣམས་པར་དུ་བཀོད་པའི་ཞབས་འདེགས་ཕུལ། འདི་སྐབས་ཀྱང་གནས་ཆེན་མང་པོར་ཞབས་པད་བསྐྱོད་ནས་བསྟན་འགྲོའི་བདེ་ཐམས་ལུང་བཞིན་བསྒྲུབས་པའི་ཐུགས་སྩོལ་གང་ཆེ་མཛད། དེ་ལོར་ནོར་བུ་གླིང་ཁར་འཕེལ་གདུང་གི་འགྲོ་དོན་གདུང་ཡིད་བཞིན་གྱི་ནོར་བུའི་དབྱིབས་ཅན་ཕྱི་ནས་འཕེལ་བ་རྣམས་ཀྱིས་འབྲས་ཀྱི་ཕྱུར་བུ་ལྟར་ངོ་མཚར་ཅན། དེ་ལས་མང་དུ་འཕེལ་བ། བཞུགས་ཁང་ཤེལ་གྱི་མཆོད་རྟེན་ངོ་མཚར་ཅན་བཅས་གཏེར་ནས་བཞེས་པ་བྱིན་རླབས་དང་མཇལ་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དེ་ལས་འཕེལ་བ་རྣམས་བདུན་ཕྲག་བདུན་ལྔ་གསུམ་སོགས་ཀྱིས་མཚན་པ། ཕྱག་ན་པདྨོ་རྒྱལ་བ་ལུང་རྟོགས་རྒྱ་མཚོ་དང། རྒྱལ་ཚབ་དེ་མི་རིན་པོ་ཆེ། ལྷ་སྡིངས་ཞབས་དྲུང། ལྕགས་ཟམ་སྦྲུལ་སྐུ། གསང་བདག་ཐུགས་སྲས། རྒྱལ་བའི་བསྐྱེད་བྱེད་ཡབ་ཡུམ་སོགས་ལ་གང་ལ་གང་འཚམས་སུ་ཕུལ་ཞིང། གཞན་ཡང་སྐྱེ་འགྲོ་ཐམས་ཅད་ལ་གང་ཁྱབ་དང། ཆུ་བ་བཏབ་པ་སོགས་འགྲོ་དོན་རླབས་(སྨད་ཆ།༦༤༨)ཆེན་མཛད་ཅིང། ཁྱད་པར་དུ་ཕོ་བྲང་པོ་ཏ་ལའི་ཙེ་མོར་ཐུགས་རྗེ་ཆེན་པོའི་སྒོ་ནས་མཐོང་གྲོལ་ལས་སྦྱོར་མཛད་ནང་མཐོང་ཐོས་ཐམས་ཅད་ཐར་ལས་མཆོག་ལ་གཞོལ་བའི་བཀའ་དྲིན་སྩལ། གཞན་ཡང་དམ་རྫས་མྱོང་གྲོལ་གྱི་འགྲོ་དོན་ལྷོ་བྱང་དཱགས་ཀོང། སོག་པོ་མོན་འབྲུག་ཁམས་གཙང་སོགས་གང་དུ་གང་དུ་ཁྱབ་གང་ཆེ་མཛད། མདོར་ན་གྲུབ་པ་བརྒྱད་དང་ཕྲིན་ལས་རྣམ་པ་བཞི་ལ་དབང་འབྱོར་ནས་བསྟན་འགྲོའི་ཕན་བདེ་སྦྲེལ་བའི་མཛད་པ་གང་ལ་གང་འདུལ་གསང་ལུང་བཞིན་གང་འགྲུབ་མཛད་པ་ཡིན་འདུག་སྟེ་སྨོས་གྱི་མི་ལངས་སོ། གཞན་ཡང་རྟེན་དགེ་སློང་ལ་མཁས་ཤིང་གྲུབ་པའི་ཡོན་ཏན་དུ་མ་དང་ལྡན་པ་ཞིག་སྟེ་གཏེར་ཆེན་ཉིད་ཀྱི་གསུང་ལས། ཤཱཀྱའི་དགེ་སློང་བསྟན་འཛིན་ཤེས་རབ་ཞེས། མིང་གཞན་ཁྲག་འཐུང་བཞད་པའི་རྡོ་རྗེ་དང། གསང་བའི་མིང་ནི་ཀློང་ཆེན་རོལ་བ་སྩལ། མདོ་སྔགས་མ་ཐོས་མེད་པའི་མང་ཐོས་པ། ཉམས་ལེན་མ་བྱས་མེད་པའི་རྣལ་འབྱོར་པ། ངེས་མེད་རི་སུལ་མྱུལ་བའི་རྫོགས་ཆེན་པ། རྟོག་འཇུག་ཀུན་ལ་བྱེད་པའི་རྟོག་གེ་པ། ཞེས་སོགས་གསུངས་པ་དང་རྗེས་སུ་མཐུན་པ། ཁྱད་པར་དུ་ཆོས་ཉིད་ཟབ་མོའི་དགོངས་ཀློང་མངོན་དུ་གྱུར་པས་མཚན་ཡང་ཀུན་གྱིས་བསྒོམ་ཆེན་པ་ཞེས་ཡོངས་སུ་གྲགས་སོ། མེ་ཕོ་བྱི་ལོར་ཉི་གྲགས་མཆོག་སྦྲུལ་དབུས་ཕེབས་ཀྱི་ཤངས་ལེན་དང་གཞེས་ལེན་གྱིས་མཚོན་པའི་ཡོད་དགུ་རྩལ་སྦྲུགས་ལྟ་བུ་མཛད་ཅིང་ལན་གཅིག་མ་ཡིན་པའི་ཞབས་འདེགས་གང་དྲག་ཕུལ་ཞིང། དབང་ཆོས་སོགས་ཕར་འབུལ་ཚུར་ཞུས་སོགས་དང་གཏེར་རྫས་མང་པོ་ཕུལ་ཞིང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དགུན་དེ་རྒྱ་གར་རྩ་མཆོག་(སྨད་ཆ།༦༤༩)གྲོང་དུ་ཞབས་སྐྱོང་གནང་ཞིང་གཏེར་ཆོས་དང་གཏེར་རྫས་མང་པོ་བཞེས་པར་གྲགས། དབུས་ཕྱོགས་སུ་བཀའ་བརྒྱུད་ཆོས་སྡིངས་དང། ཟངས་རིར་ཡང་སྒྲུབ་བ་གྲ་ཞིག་བཏབ་པ་གནང་བ་སོགས་མཛད་དོ། དེ་ལྟར་སྦྲུལ་པའི་གཏེར་ཆེན་འདི་ཨོ་རྒྱན་ཆེན་པོའི་རྣམ་འཕྲུལ་བསྟན་འགྲོའི་ཕན་བདེ་སྦྲེལ་བའི་བྱེད་པོར་ངེས་ཀྱང་སྙིགས་དུས་ཀྱི་སྐྱེ་བོ་ཁ་འཁྱལ་སྨྲ་བ་ངག་གི་སྒྲོ་སྐུར་ལ་ཐུགས་སྐྱོ་བའི་ཚུལ་གྱིས་མེ་གླང་ཟླ་ཚེས་ལ་ཟངས་རིར་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་གྱུར་ཏེ་སྐུ་གདུང་གི་ཞབས་འདེགས་སོགས་རྗེས་སྒྲུབ་གང་དགོས་ཐམས་ཅད་རྒྱལ་ཡབ་སྡེ་པ་དང་བསྟན་རྒྱས་གླིང་པ་སོགས་ཀྱི་ཞུས་པ་ཡིན་འདུག་གོ། རྗེ་གཏེར་ཆེན་འདི་ཕྲིན་ལས་ཀྱི་སྒོ་དབུས་ཕྱོགས་སུ་ཕྱེ་སྟེ་བསྟན་པའི་བདག་པོ་དེ་མོ་རིན་པོ་ཆེས་ཏི་ཤཱིར་བཀུར་བ་དང་བོད་ཀྱི་མིི ་ཆེན་ཆ་དགུ་ཐམས་ཅད་ཀྱིས་གཙུག་ཏུ་བཀུར་བས། ཕྱིས་ཚོང་སྲིང་རྫོང་ཕྱོགས་ལ་ཕེབས་གནང་མ་གྲུབ་ཀྱང། ཐོག་མར་སྲིང་རྫོང་སྒྲུབ་གྲའི་གྲ་རྒྱུན་ཡིན་པར་མ་ཟད། ཉི་སྦྲུལ་རིན་པོ་ཆེ་ཉིད་ཀྱིས་མཆོད་དཔོན་ནས་རྒྱལ་ཐེབས་ཀྱི་བར་མ་ཟད། ཉི་སྦྲུལ་རིན་པོ་ཆེ་ཉིད་ཀྱིས་མཆོད་དཔོན་ནས་རྒྱལ་ཐེབས་ཀྱི་བར་དུ་སྐུ་དྲིན་གྱིས་བསྐྱངས་ཤིང་བཀའ་ལུང་དབང་གསུམ་ཐམས་ཅད་སྲིན་རྫོང་རང་ནས་བཞེས་པ་སོགས་ཀྱི་འདིར་འོས་འབྲེལ་ཤིན་རུ་ཆེ་བས་གཏེར་འབྱུང་མདོར་བསྡུས་ཙམ་འདིར་བྲིས་པ་ཡིན་ནོ། སྦྱིར་ཡང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པའི་ཆོས་བརྒྱུད་འདི་ལས་སྦྲུལ་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པའི་ཆོས་བརྒྱུད་འདི་ལས་སྦྲུལ་པའི་གཏེར་སྟོན་ཚད་ལྡན་འགའ་ཞིག་བྱོན་པར་གོར་མ་ཆག་གོ་སྙམ་དུ་སེམས་སོ། གཞན་ཡང་མཆོག་སྦྲུལ་རིན་པོ་ཆེ་དེ་ཉིད་ཀྱི་ཞལ་སློབ་དཔོན་སྦྲུལ་རིན་པོ་ཆེ་ཨོ་རྒྱན་ཉི་མ་དང། གྲུབ་པའི་དབང་ཕྱུག་བསྟན་འཛིན་སྙིང་པོའི་ཡང་སྲིད་འགྲོ་མགོན་ཕྲིན་ལས་བསྟན་དར་དང་བླ་མ་པདྨ་བསྟན་འཛིན་གྱི་ཡང་སྲིད་(སྨད་ཆ།༦༥༠)ཨོ་རྒྱན་ཆོས་རྒྱལ་སོགས་མཁས་པའི་ཡོན་ཏན་གྱིས་མཛེས་ཤིང་གྲུབ་པའི་ཉམས་རྟོགས་དང་ལྡན་པ་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྦེལ་བ་དང་འགྲོ་ཕན་གྱི་ཕྲིན་ལས་རླབས་སོ་ཆེ་མངའ་བ་འགའ་ཡང་བཞུགས་ཤིང་ཆོས་བརྒྱུད་ནི་དབྱར་མཚོ་ལྟར་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་ཏེ་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པའི། ཆོས་ཀྱི་བརྒྱུད་འཛིན་དང་གཏེར་ཆོས་ཀྱི་འཕེལ་རྒྱས་བྱུང་ཚུལ་གྱིས་མཆོན་པའི་གདན་རབས་ཀྱི་རིམ་པ་བརྗོད་པ་སྟེ་རེ་ཞིག་དེ་ཙམ་མོ། ཡང་གྲུབ་དབང་རིན་པོ་ཆེ་པདྨ་རིན་འཛིན་དེ་ཉིད་ཀྱི་ཐུགས་སྲས་མཚུངས་པ་མེད་པ་རབ་འབྱམས་པ་ནི། རྫོགས་པའི་སངས་རྒྱས་མྱ་ངན་མེད་ཀྱི་ཐུགས་རྗེའི་སྒྲུབ་ཕྲུལ་འགག་པ་མེད་པའི་རོལ་པ་ལས་འཕགས་པའི་ཡུལ་དུ་གྲུབ་ཆེན་ཧཱུྃ་ཀཱ་ར་དང། བོལ་ཡུལ་དུ་རྗེ་འབངས་ཉེར་ལྔའི་ནང་ཚན་འབྲོག་བན་ལོ་ཙཱ་དང་བསྟན་པ་ཕྱི་དར་གྱི་དུས་སུ་རྔོག་ལེགས་པའི་ཤེས་རབ་དང། གཏེར་སྟོན་ཆེན་པོ་གནམ་ལྕགས་མེད་འབར་དང། རིག་འཛིན་ཆོས་ཀྱི་གྲགས་པ་སོགས་སྐྱེ་བའི་ཕྲེང་བ་ཇི་སྙེད་ཅིག་བརྒྱུད་པའི་མཐར་ངེས་དོན་རྫོགས་པ་ཆེནཔོའི་བསྟན་པ་རིན་པོ་ཆེ་སྦེལ་བའི་ཆེད་དུ་བསམ་བཞིན་དུ་སྐྱེ་བ་བཞེས་པ། རིགས་པ་དང་གྲོལ་བའི་སྦོབས་པ་དགེ་བ་ཅན། འབོམ་དན་གཉིས་འཐུང་འཛོམས་པའི་ལུང་རིགས་སྨྲ་བའི་སེང་གེ་མདོ་རྒྱུད་རིག་གནས་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ། བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ངེས་དོན་ཟབ་མོའི་ཉམས་རྟོགས་ཀློང་དུ་གྱུར་པའི་རྣལ་འབྱོར་གྱི་དབང་ཕྱུག། ལུང་དང་རྟོགས་པའི་ཡོན་ཏན་དུ་མ་དང་ལྡན་པའི་སྐྱེས་བུ་ཆེན་པོ། རྫོགས་ཆེན་རབ་(སྨད་ཆ།༦༥༡)འབྱམས་པ་ཆེན་པོ་བསྟན་པའི་རྒྱལ་མཚན་དུ་ཡོངས་སུ་གྲགས་པ་སྟེ། འདི་ཉིད་སྐུ་འཁྲུངས་པའི་ཡུལ་ནི་དབུ་རུ་འཕན་ཡུལ་དུ་འབངས་མི་ཁྱིམ་མང་པོའི་བདག་པོ་སྡེ་བ་མཐོན་པོའི་རིགས་སུ་འཁྲུངས། ཁྱིམ་ཐབ་ཀྱི་གྲ་སྒྲིག་ཀྱང་ཐུགས་ལ་མ་བཞེད་ནས་དགུང་ལོ་བཅུ་གསུམ་གྱི་དུས་མཚན་ཉིད་ཀྱི་གྲ་ས་ཆེན་པོ་འབྲས་ཡུལ་སྐྱེད་ཚལ་དུ་བྲོས་ནས་ཆོས་ལ་བྱོན། སྐྱེད་ཚལ་མཁན་པོ་ལས་བསྟན་པ་རིན་པོ་ཆེའི་སྒོར་ཞུགས། ཐུགས་འཛིན་གྱི་བསླབ་སྦྱངས་ཕལ་ཆེར་རྫོགས་པར་མཛད། ཁྱད་པར་སྡེ་བདུན་རྣམས་ངེས་སོགས་མཚན་ཉིད་ཀྱི་གཞུང་མང་པོ་ལ་མཁས་པར་སྦྱངས། དཔལ་འཁོར་ཆོས་སྡེ། རྟ་ནག་ཐུག་བསྟན། གསེར་མདོག་ཅན། ངོར་པ་སོགས་ཀྱི་སྐྱེས་ཆེན་དམ་པ་མང་པོ་བླ་མར་བསྟེན། སྨིན་གྲོལ་གྱི་གདམས་ཟབ་མང་དུ་ཞུས། ཁྱད་པར་ས་སྐྱ་གོང་དུ་རྒྱུད་བཤད་མཛད་པས་དཔལ་ས་སྐྱ་པའི་ལུགས་ལ་མཁས་པའི་གྲགས་པ་ཐོབ། འཇམ་མགོན་ས་སྐྱ་གོང་མ་རིན་པོ་ཆེས་ཀྱང་ཐུགས་རྗེ་གཟིགས་པ་ཚད་མེད་པ་དང། བསྔགས་བརྗོད་དང་དབུགས་དབྱུང་སྩལ། སླང་ཡང་གངས་དན་གྱི་ཁྲོད་ན་ཚད་མ་རིག་པའི་འབྱུང་གནས་གསང་ཕུར་བཞུགས་ཏེ་མཚན་ཉིད་ཀྱི་མཐའ་རྒྱ་ལེགས་པར་བཅད་དེ་ཚད་མ་རིག་པ་ལ་མི་འཇིགས་པའི་གོ་འཕང་བརྙེས། གསང་ཕུ། ར་བ་སྟོད། འབྲས་ཡུལ་སྐྱེད་ཚལ་སོགས་པའི་མཚན་ཉིད་ཀྱི་གྲས་རྣམས་སུ་གྲ་སྐོར་མཛད་ཅིང་པན་གྱིས་མཛེས་པར་མཛད། སེར་འབྲས་དགའ་གསུམ་རྒྱུད་སྟོད་སྨད་སོགས་ཀྱི་ཁྲི་གདན་ཟུར་གྱི་སློབ་དཔོན་ཐམས་ཅད་བླ་མར་བསྟེན་ནས། གསང་བདེ་འཇིགས་གསུམ་གྱི་གཙོས་དཔལ་རི་བོ་འགའ་ལྡན་པའི་བཀའ་(སྨད་ཆ།༦༥༢)སྲོལ་ཕལ་ཆེར་བདག་གིར་མཛད། ཀུན་མཁྱེན་ལྔ་པ་ཆེན་པོའི་སྐུའི་ཞབས་འབྲིང་པ། རྗེ་དེའི་ཞབས་སློབ་ཡོངས་ཀྱི་གཙོ་བོར་གྱུར་པ་དགེ་སློང་འཇམ་དབྱངས་གྲགས་པའི་ཞབས་ཕྱིར་འབྱོར་བས་གྲ་འཁོར་གྱི་ནང་མར་གྱུར། རྗེ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་དང་གནས་བསྟན་འཇམ་གྲགས་པ་ཡབ་སྲས་གཉིས་ཀ་ནས་གསརེ་རྙིང་གི་ཟབ་གནས་གང་ཆེའི་བཀའ་ཆོས་མང་དུ་གསན་ནས་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པར་མཛད་པའི་ཚེ། སློབ་དཔོན་འཇམ་དབྱངས་གྲགས་པའི་ཞལ་ནས་ཁྱོད་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་རྣམ་འཕྲུལ་དུ་སྣང་ཞིང་སྔོན་གསར་མ་ལ་མཁས་གྲགས་ཆེན་པོ་ཐོན་འདུག་ཀྱང་ད་ཕྱིན་སྔགས་རྙིང་མའི་རྫོགས་ཆེན་གྱི་རིང་ལུགས་ཆེན་པོ་ཞིག་ཡང་ཚོད་དུ་འདུག་གསུངས་ཏེ། རྗེ་དེ་ལ་མངོན་མཁྱེན་ལ་ཆག་ཐོགས་མི་མངའ་ངེས་ཤེས་བསྙེང་ཅིང་དག་སྣང་ཐོབ། འདི་དུས་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་ཆེན་པོ་ཡེ་པར་བཞུགས་སྐབས་ཡིན་ཏེ། དེ་སྐབས་གནས་བརྟན་གྱིས་གཅོས་པའི་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་དྲུང་འཁོར་འགངས་ཆེ་བ་ཕལ་ཆེར་རྫོགས་ཆེན་པ་ལ་ལྐོག་ཆོས་ཞུ་བར་བྱོན་པས་རྗེ་འདི་ཡང་དེའི་གྲར་འབྱོར། ཉམས་ཁྲིད་གསན་པས་ཉམས་རྟོགས་རྩོལ་མེད་དུ་ཏུགས་ལ་འཁྲུངས་པས་ཁྲིད་ཞུ་བ་ཀུན་གྱི་ཡང་རྩེར་སོན། གྲུབ་རིན་པོ་ཆེ་ཡང་ཐུགས་ཤིན་ཏུ་མཉེས་པས་ཐུགས་ཡིད་རོ་གཅིག་ཏུ་འདྲིས། རྗེ་ཉིད་ཀྱིས་ཀྱང་ཆེ་རབས་དུ་མ་ནས་སྨོས་ལམ་གྱི་འབྲེལ་སྔོན་གྱི་བག་ཆགས་བཟང་པོ་སད་ནས། མོས་གུས་ཀྱི་གདུང་བས་འབྲལ་མི་ཕོད་པར་གྱུར། དེ་ནས་གོང་ས་ལྔ་པ་ཆེན་པོའི་བཀས་ལུང་བསྟན་ཏེ་རྫོགས་ཆེན་པ་མདོ་ཁམས་ཕྱོགས་སུ་གཞན་དོན་ལ་བསྐུལ་བར་མཛད་པས། དཔོན་(སྨད་ཆ།༦༥༣)སློབ་གཉིས་ཆར་གྲ་འཁོར་དང་བཅས་པའི་སྒར་མདོ་ཁམས་སུ་བསྐྱོད། ནགས་ཤོད་མཁར་བར་བསམ་གཏན་གྲག་ལ་རྒྱང་ཙམ་ཞིག་བཞུགས། དེ་ནས་རིམ་བཞིན་མདོ་སྨད་དུ་ཆིབས་སྐྱོད་གནང་ནས་ས་སྐྱོང་ཆེན་པོ་སྡེ་དགེའི་མངའ་རིས་ཀྱི་ས་ཡི་ཆ་རུ་དམ་སྐྱིད་བསྐྲམ་ལུང་པ་ཞེས་པའི་སར་ཕེབས་པ་དང་ས་དེར་རྫོགས་ཆེན་པས་བཤད་སྒྲུབ་ཀྱི་སྡེ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཆོས་སྡེ་བཏབ་ཅིང་གཙུག་ལག་ཁང་བཞེངས་པའི་ས་འཚོལ་བ་སོགས་གང་ཅིའི་ཞབས་འདེགས་ཕུལ་དུ་ཕྱིན་པར་བསྒྲུབས་པར་མཛད། གྲུབ་དབང་ཉིད་ཕྱོགས་དང་ཕྱོགས་མེད་དུ་བསྟན་པ་སྦེལ་བ་ལ་ས་དགེ་སོགས་ལྟ་གྲུབ་ཕྱོགས་འཛིན་ཅན་གྱི་ཆག་སྡང་གི་ཚེར་མ་སྙིང་ལ་ཟུག་པ་འགའ་ཡིས་ཕྲིན་ལས་ཀྱི་སྒོ་འགེགས་པའི་ཀུན་སློང་མི་ཟད་པས་ལྟར་སྣང་གི་རྩོད་པ་བཙུགས་པ་རྣམས་ཀྱང། རབ་འབྱམས་པ་སྨྲ་བའི་སེང་གེ་འདིས་ལུང་རིགས་ཀྱི་ང་རོ་མཐོན་པོའི་གད་རྒྱང་གིས་ཉེ་འཚེའི་རི་དཱགས་ཕྲ་མོ་དེ་དག་རྨེག་མེད་པར་བཙོམ་པས་བསྟན་པའི་རྒྱལ་མཚན་གཡོ་མེད་དུ་ཚུགས། རྫོགས་ཆེན་རབ་འབྱམས་པ་ཞེས་མཚན་ཉི་ཟླ་ལྟར་གྲགས། སྐུ་བསོད་དང་སྙན་གྲགས་རྒྱས་པས་ཕྱོགས་ཐམས་ཅད་དུ་རྫོགས་ཆེན་པ་གཉིས་པར་གྲགས་འདི་ཡན་བླ་སློབ་འབྲེལ་མེད་དུ་མཛད་ཅིང། སྙིང་ཐིག་ཡ་བཞི་མཛོད་བདུན་ངལ་གོས་སྐོར་གསུམ་དང་གཏེར་ཆེན་མཆོག་གཉིས། ར་གླིང། ཀར་གླིང། འཇའ་ཚོན་སོགས་ཀྱི་དབང་ཁྲིད་གདམས་པ་མཐའ་དག་སྨིན་རྒྱས་སུ་ནོས་ཏེ་དབུས་ཁམས་ཀུན་ཏུ་སྒྲུབ་པ་ཉམས་བཞེས་མཐར་སོན་པར་བསྟར་ཏེ། ཞལ་གདམས་ལེ་ཚན་རེ་ཟུང་གནང་བ་ཡང་རྫོགས་ཆེན་པ་རང་གི་མགུར་འབུམ་དུ་གསལ་ལྟར་ལ། དེ་སྐབས་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པ་(སྨད་ཆ།༦༥༤)དང། གཉེར་ཆེན་ལྷ་ལུ་སོགས་ཀྱིས་རྫོགས་ཆེན་པ་ཡབ་སྲས་རྣམས་ལ་བཀུར་སྟི་མི་དམན་པར་ཞུས་ཤིང། ཁྱད་པར་སྡེ་དགེའི་བཀས་རབ་འབྱམས་པ་ཁྱེད་རང། སྔོན་རྒྱལ་སྲས་སྦོམ་བྲག་པའི་གདན་ས། དེང་སང་ཁྲ་སྦོམ་བྲག་ཏུ་གྲགས་པ་འདི་དགོན་གོག་ཏུ་སོང་གཤིས། ཁྱེད་རང་དེ་གར་སྒྲུབ་པར་བཞུགས་ན་ལེགས་ཚུལ་ཕེབས་པ་ལྟར། སྒྲུབ་ཁང་གསར་འདེབས་སོགས་མཛད་བྱུང་བ་བཞིན་ལོ་ཤས་སྒྲུབ་པར་མཛད་ནས་བཞུགས་ཀྱང། གྲུབ་མཐའི་ཀུན་སློང་གིས་གྲ་རྒན་ཁ་ཤས་ནས་ཀར་བསྟན་རྙིང་མར་འགྱུར་དོགས་བསམ་སྦྱོར་རྩུབ་མོས་རྒྱུད་བསྐུལ་ནས་ཆགས་སྡང་གསོག་པ་བྱུང་བས། རྩོད་པ་ཅན་གྱི་ཡུལ་སྦངས་ནས་ལྷོ་ཕྱོགས་ཀེ་རྒྱུད་ཀྱི་འབྲོང་ས། ལྷ་ཐོག་སོགས་ཡུལ་མ་ངེས་པ་རྣམས་སུ་ཕེབས་ནས་ཕྱོགས་བྲལ་ཀྱི་གདུལ་བྱ་བསྐྱངས་ཤིང། འབྲེལ་ཐོག་མང་པོ་ཞིག་བྱང་གྲོལ་ལ་བཀོད་པར་མཛད། ལས་འཕྲོ་དང་ལྡན་པའི་སློབ་མ་ཡང་མང་དུ་བྱོན་པས་སློབ་རྒྱུན་ཡང་དུ་མར་འཕེལ་ནས། སླར་འབྲི་རྒྱུད་མཁར་མདོའི་ཕྱོགས་ཀྱི་གཙང་རོ་ཤར་རྫོང་རོ་ཁྲོད་དུ་སྐུ་ཚེ་བསྒྲིལ་ནས་རྩེ་གཅིག་ཏུ་སྒྲུབ་པར་འབད་པའི་དམ་བཅའ་མཛད་ནས་བཞུགས་སྐབས། གྲུབ་དབང་པདྨ་རིག་འཛིན་འོག་མིན་དུ་གཤེགས་པའི་གཏམ་དང། རྗེ་ཉིད་རྫོགས་ཆེན་པའི་གདན་སར་ཕེབས་དགོས་སོགས་སྡེ་དགེའི་བང་མི་འབྱོར་འཕྲལ་རུ་དམ་དུ་ཕེབས་ནས། དཔོན་སློབ་རིན་པོ་ཆེ་དཔོན་གཡོག་གིས་དགོངས་རྫོགས་ཕལ་ཆེར་གྲུབ་ཟིན་ཀྱང་སླར་ཡང་རྒྱ་ཆེར་བསྒྲུབས། དེ་ནས་ལོ་ཤས་དབང་ཁྲིད་སོགས་ཀྱིས་གདུལ་བྱ་སྐྱོང་བ་ཙམ་ལས་གདན་པའི་ཁུར་ལེན་མ་མཛད་པར་འགྲོ་དོན་ཕྱོགས་བྲལ་དུ་བསྐྱངས། འདི་སྐབས་གྲུབ་དབང་རིན་པ་ཆེའི་(སྨད་ཆ།༦༥༥)སྦྲུལ་པའི་ཡང་སྲིད་སོག་པོའི་རྒྱལ་པོ་ཀུན་དགའ་བ་ཅིང་ཞེས་པའི་འབངས་ཞིག་ལ་འཁྲུངས་པ་ངོས་འཛིན་དང་གདན་སར་འཁོད་པའི་ཞབས་འགྱུར་གང་དྲག་ཕུལ་ཞིང། བཀུར་སྟི་དང་ཞུ་མི་དང་དམན་པར་བསྒྲུབས་པར་མཛད། ཤིང་སྦྲེལ་ལོ་དགུང་གྲངས་ལྔ་བཅུ་རྩ་ལྔ་པ་ལ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་འདིར་སྣང་སྦྲུལ་པའི་རོལ་གར་བསྡུས་ཏེ་གཞོན་ནུ་བུམ་སྐུའི་ཀློང་དུ་དགོངས་པ་བསྡུ་བའི་ཚུལ་བསྟན་པ་མཛད་དོ། དམ་པ་དེ་ལ་སྒེར་གྱི་གྲ་ཚང་སྦྱིར་ཉེར་ལྔ་ཙམ་ཡོད་པ་ལས་ཐུགས་སྲས་མཆོག་ཏུ་གྱུར་པ་ཧོར་རུང་པ་ཚ་བ་བླ་མ་པདྨ་རྒྱལ་མཚན། གླིང་ར་རྟགས་བླ་མ་ཨོ་རྒྱན་སྐལ་བཟང་སོགས་རྫོགས་ཆེན་སྙིང་པའི་ཉམས་བཞེས་མཐར་སོན་པས་རང་གཞན་དོན་གཉིས་སྒྲུབ་པར་ནུས་པའི་རྒྱུན་འཛིན་ཉེར་ལྔ་པོ་དེ་རྣམས་ཀྱིས་གོང་མའི་སྐུ་གདུང་མཆོད་རྟེན་སོགས་རྫོགས་ཆེན་དགོན་དུ་བཞེངས་གྲུབ་འཕྲལ། གཏེར་ཆེན་ཉི་གྲགས་ཀྱི་སྒྲུབ་གནས་ཞེ་ཆེན་ཨོ་རྒྱན་ཆོས་རྫོང་གི་ཉེ་འདབས་སུ་སྒྲུབ་སྟེ་གསར་དུ་བཏབ་ནས་སྒྲུབ་པའི་རྒྱལ་མཚན་འཛིན་པའི་ཐུགས་སྲས་ཀྱི་ཐུ་བོ་ཧོར་བླ་མ་དམ་པ་པདྨ་དབང་ཕྱུག་ཅེས་རྫོགས་པ་ཆེན་པོའི་ལྟ་བ་མངོན་དུ་རྟོགས་ཏེ། ལྷག་པའི་ལྷ་དུ་མ་ཞལ་གཟིགས། བདུད་བཙན་ཀླུ་གསུམ་གྱིས་ཅི་བགྱིའི་བཀའ་ཉན་པས་ཕྱག་ཐལ་མོ་བརྡབ་པ་ཙམ་གྱིས་དགྲ་བོ་ཐལ་བར་རླུག་ནུས་པ་སོགས་གྲུབ་པའི་མཚན་མ་མངོན་དུ་གྱུར་པས། དཔོན་སློབ་ནམ་མཁའ་འོད་གསལ་ནས་ཀྱང། རྫོགས་ཆེན་གྱི་ལྟ་སྒོམ་མཐར་ཕྱིན་པ་ལ་ཧོར་བླ་མ་ཁོང་ལས་(སྨད་ཆ།༦༥༦)ལྷག་པ་མེད་ཅེས་བསྔགས་བརྗོད་ལན་དུ་མང་དུ་མཛད་པ་སོགས་མདོར་ན་དམ་པའི་ཡོན་ཏན་མ་ཚང་བ་མེད་པ་དེ་ཀས་གཅོར་མཛད་དེ་བསྐྱེད་རྫོགས་ཉམས་ལེན་གྱི་བྱ་བ་ཁོ་ནས་དུས་འདའ་བར་མཛད་ཅིང། ཕྱིས་སུ་རྡོར་བྲག་པར་འཕྲིན་དང། སྨིན་གླིང་གཏེར་ཆེན་སོགས་ཀྱི་ལུང་བསྟན་པ་ལྟར་རབ་འབྱམས་པའི་སྐུའི་སྐྱེ་སྲིད་རུ་དམ་གཡང་འཁྱིལ་དུ་རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེའི་གཅུང་དུ་སྐྱེ་བའི་མྱུ་གུ་འཛིན་པར་མཛད་པས། ལྷུམས་སུ་བཞུགས་ཚེ་ཡིག་དྲུག་གི་སྒྲ་སྒྲགས་པ་དང། འཁྲུངས་མ་ཐག་ཏུ་ཚེམས་དཀར་ཤེལ་གྱི་མཆོད་རྟེན་གཅལ་སྩལ་ཞིང། གསུང་བྱེ་བ་ཙམ་ནས་རབ་འབྱམས་པའི་ཡང་སྲིད་དུ་ཞལ་བཞེས་གནང་བ་སོགས་ངོ་མཚར་བའི་མཛད་དུ་མ་སྟོན་ཅིང། དམ་པའི་ཡོན་ཏན་མངོན་གྱུར་དུ་གསལ་བ་ལ་སྨིན་གླིང་ནས་མཚན་འགྱུར་མེད་ཀུན་བཟང་རྣམ་རྒྱལ་དུ་སྩལ་ཏེ་གོང་མའི་བུ་སློབ་རྣམས་ནས་རང་གནས་ཞེ་ཆེན་དགོན་རྙིང་གསང་སྔགས་ཆོས་གླིང་དུ་གདན་དྲངས། གོང་མའི་ཐུགས་སྲས་ཨོ་རྒྱན་སྐལ་བཟང་གིས་གསན་སྦྱོང་སོགས་ཀྱི་དགེ་རྒན་པ་མཛད་དེ། དམ་པ་གིང་མ་ནས་སྩལ་བའི་དབང་ཁྲིད་གདམས་པ་སོགས་རྒྱལ་ཚ་བླ་མ་པདྨ་དབང་ཕྱུག་ནས་ཕུལ་ཞིང། ལོ་ཤས་ནས་བོད་ཡུལ་དབུས་སུ་དུས་ཀྱི་འགྱུར་པས་སྨིན་གླིང་རྒྱལ་སྲས་ཁྲི་ཆེན་རིན་ཆེན་རྣམ་རྒྱལ་ཁམས་འདིར་ཕེབས་སྐབས་རྫོགས་ཆེན་དགོན་དུ་གདན་དྲངས་པའི་ཚེ་ཞེ་ཆེན་དགོན་དུའང་གདན་དྲངས་ནས། མཆོག་སྦྲུལ་དང་བླ་རྒན་སོགས་ཀྱི་གཅོས་དགོན་སྦྱིར་དབང་ལུང་ཁ་ཤས་གནང་ཞིང། དམ་པ་དེ་ཉིད་ནས་ཤེལ་བྲག་གཏེར་བྱོན་དྲེགས་འཛོམས་ཀྱི་ཆོས་བདག་ལུང་བསྟན་ནང་ཚན་ནང་གི་ཆོས་བདག་(སྨད་ཆ།༦༥༧)སྔགས་སྦྱོད་རྣལ་འབྱོར་ལྔ། ཞེས་པའི་ནང་ནས་གཅིག་ཁྱེད་རང་ཡིན་པས་འདི་ཉིད་ཡི་དམ་དུ་མཛད་ན་སྐུ་ཚེ་མཛད་ཕྲིན་ཡར་རྒྱས་སུ་འོང་བའི་ལུང་བསྟན་གྱི་དབུགས་ཕྱུངས་ཏེ། གཏེར་ཆེན་རིན་པོ་ཆེའི་ཕྱག་ཕྲེང་རུ་རཀྴ་བྱིན་ལྡན་ཡང་སྩལ་ཏེ་སྔགས་བརྗོད་རྒྱ་ཆེན་མཛད། སྐུ་ཡོན་སློབ་སྦྱོང་སོགས་ཀྱང་བཀའ་ཚོགས་མ་དགོས་པར་སྐྱེས་ཐོབ་ཀྱི་བློ་གྲོས་ཕུལ་དུ་ཕྱིན་པས་མཁྱེན་རྟོགས་ཀྱི་རྩལ་རྫོགས་པས་མདོ་སྔགས་རིག་ལམ་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་དང་ལྡན་པས་མཁས་པའི་རྩེར་སོན། སླར་ཡང་རྫོགས་ཆེན་མཆོག་སྦྲུལ་ཐེག་མཆོག་བསྟན་འཛིན་གཙོ་བོར་མཛད་དེ་དབུས་ཕྱོགས་དང་ཁམས་ཀྱི་བསྟན་འཛིན་གསར་རྙིང་རིས་སུ་མ་ཆད་པ་དུ་མ་ལས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསན་ཞིང། ཡི་དམ་དུ་མའི་ལྗགས་བསྙེན་སོགས་ཚད་ལྡན་དུ་བསྒྲུགས་ཤིང་ཉམས་དངོས་གཟིགས་ལམ་སོགས་སུ་རྩ་གསུམ་ལྷག་དུ་མ་དང། ཨོ་རྒྱན་ཆེན་པོ་སོས་ཀྱི་ཞལ་ཡང་ཡང་དུ་བསྟན་ཅིང། ཆོས་སྲུང་ཐམས་ཅད་ནས་ཀྱང་ཕྲིན་ལས་སྒྲུབ་པའི་བརྡ་རྟགས་མངོན་དུ་སྟོན་པ་དང། ཨོ་རྒྱན་ཆེན་པོ་སོགས་ཀྱི་ཞལ་ཡང་ཡང་དུ་བསྟན་ཅིང། ཆོས་སྲུང་ཐམས་ཅད་ནས་ཀྱང་ཕྲིན་ལས་སྒྲུབ་པའི་བརྡ་རྟགས་མངོན་དུ་སྟོན་པ་དང། འཇིག་རྟེན་ན་ཆེ་བར་གྲགས་པའི་དྲེགས་ཚོགས་རྣམས་ཀྱང་བཀའ་ལ་མངོན་དུ་ཉན་ནུས་པ་སོགས་ཞིབ་པར་རྗེ་ཉིད་ཀྱི་དག་སྣང་འཇའ་ཚོན་གྱི་རི་མོའི་རྣམ་འགྱུར་དུ་འཁོད་པ་ལྟར་ཏེ། གཞན་ཡང་འཆད་པ་ལ་རྡོ་རྗེའི་ལྗགས་དང་ལྡན་པས་མདོ་སྔགས་བཀའ་གཏེར་གྱི་ཆོས་སྒོ་ཐ་དག་གི་དབང་ལུང་དག་གི་དབང་ལུང་ཁྲིད་སོགས་ཟབ་གཏེར་གྱི་ཆོས་སྒོ་ཐ་དག་གི་དབང་ལུང་དག་གི་དབང་ལུང་ཁྲིད་སོགས་ཟབ་རྒྱས་ཀྱི་གདམས་པས་གདུལ་བྱ་མཐའ་དག་སྨིན་གྲོལ་ལ་བཀོད་ཅིང། རྩོམ་པ་ལ་ལྷག་པའི་ལྷས་བྱིན་གྱིས་བརླབས་ཤིང་དངོས་གྲུབ་བྱིན་ལྟ་བ་ཚིག་བརླིངས་ཤིང་རྟོགས་དཀའ་བ་ལ་ཉམས་(སྨད་ཆ།༦༥༨)འགྱུར་བརྒྱ་ཕྲག་དང་ལྡན་པ་ཁོ་ན་མཛད་དེ། ཡི་དམ་དུ་མའི་གྲུབ་ཕྲིན་ཆོག་བསྒྲིགས་སོགས་གསུང་རྩོམ་པུ་ཏི་ཀ་དྲུག་གི་གྲངས་ལྡན་དུ་བཞུགས་པ་སོགས། མདོར་ན་མཁས་བཙུན་བཟང་གསུམ་མཁྱེན་བརྩེ་ནུས་གསུམ། འཆད་རྩོད་རྩོམ་གསུམ་སོགས་དམ་པའི་ཡོན་ཏན་དུ་མས་ཀུན་ནས་ཕྱུག་པའི་མཁས་གྲུབ་དམ་པ་སྟེ། ཤིང་སྟག་ལོ་ཞེནཆེན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་སྡེ་གསར་དུ་བསྐྲུན་ནས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྦེལ་ཏེ། དགུང་གྲངས་ང་བརྒྱད་པ་ས་གླང་ཟླ་༡༠ཚེས་༡༨་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པ་སོགས་རྣམ་ཐར་རགས་བསྡུས་ཞེ་རྫོགས་སྐུ་མཆེད་ཐུན་མོང་གི་སློབ་མ་ཕྲོམ་བཟའ་བླ་མ་ངག་དབང་པདྨའི་གསུང་རྩོམ་ཞིག་ཡོང་བར་གྲགས་ཀྱང་ཁོ་བོས་མ་མཇལ་བས་མཛད་པ་མཐར་ཆངས་ཚང་བར་བརྗོད་པར་མ་ནུས་ཤིང། འདི་ཙམ་ནི་རྗེ་ཉིད་ཀྱི་ཡང་སྲིང་རིན་པོ་ཆེའི་ཕྱག་བྲིས་སུ་གནང་འདུག་པར་ཅུང་ཟད་ཚིག་སྣང་བསྲིངས་ཏེ་བྲིས་པ་ཡིན་ནོ། སློབ་མའི་རིམ་པའང་རྒྱལ་ཚབ་མཆོག་སྦྲུལ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་དང། སྒོ་མེ་དང་སྐྱ་ཆོས་རྗེ་ཀུན་བཟང་སྙན་གྲགས་རྒྱ་མཚོ། སིབ་སྦྲུལ་ཀུན་བཟང་པདྨ་དབང་རྒྱལ། རྡོ་བ་གྲུབ་ཆེན་ཀུན་བཟང་གཞན་ཕན་སོགས་བླ་རྒྱུད་སྟོད་སྨད། ལྷོ་ཁ་བྱུང་བ་ནི་སྨོས་ཀྱིས་མི་ལངས་ལ། དེ་ནས་གདན་རབས་གཉིས་པ་ནི་དམ་པ་གང་མའི་སྐུ་གསུང་ཐུགས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་བའི་མཆོག་སྦྲུལ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་ནི། གོང་དུ་སྨོས་པ་ལྟར་བླ་མ་པདྨ་རྒྱལ་མཚན་གྱི་ཡང་སྲིད་ཡིན་ཏེ། དེ་ཡང་གྲུབ་དབང་པདྨ་(སྨད་ཆ།༦༥༩)རྒྱལ་མཚན་ནི། དགུང་ལོ་བཅུ་གསུམ་པར་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་དང་མཇལ་ཏེ་གཙུག་ཕུད་ཕུལ་བས་མཚན་པདྨ་རྒྱལ་མཚན་དུ་གསོལ། དེ་ནས་བཟུང་དགུང་གྲངས་ཉེར་དགུའི་བར་དུ་བླ་མ་དང་འབྲེལ་མེད་དུ་སྲི་ཞུ་བསྒྲབས་ཏེ། ཕྱིས་རབ་འབྱམས་པ་གཤེགས་རྗེས་སུ་རྫོགས་སྦྲུལ་དོགས་གཅོད་དུ་རྡོར་སྨིན་སོགས་སུ་བྱོན་ཏེ། དམ་པ་དེ་རྣམས་ནས་ཀྱང་སྨིན་གྲོལ་གྱིས་གདམས་པ་ཁ་ཤས་མནོས་ཤིང། རང་ཡུལ་དུ་སླེབས་འཕྲལ་ལྷོ་ཕྱོགས་ཀེ་ཆུའི་རྒྱུད་དུ་གཤངས་ནག་རི་ཁྲོད་ཅེས་པའི་སའི་ཆར་གཞོལ་བ་དང། སྐུ་ཚེ་རིལ་བ་ལ་གསོན་གཤིན་གྱི་དད་རྫས་ཆེར་མི་བཞེས་ཤིང་སྐྱབས་འཇུག་རྟེན་ཕྲན་བུ་བྱུང་བ་རྣམས་ཀྱང་ལོ་ཤས་རེའི་མདོར་ན་དངུལ་ཆུའི་རྡུལ་དང་མི་འདྲེ་བའི་དཔེ་ལྟར་དམ་པ་གོང་མའི་རྣམ་ཐར་ལ་རྗེས་སུ་སློབ་བཞིན་པ་དང། ལྷག་པའི་ལྷ་དུ་མའི་ཞལ་གཟིགས་ཤིང་རྗེས་སུ་འཛིན་པའི་བསྟན་ཡང་ནོས་ནས་རྫོགས་ཆེན་སྣང་བཞིའི་ཉེ་ལམ་མཐར་ཕྱིན་པས་དགུང་གྲངས་དོན་ལྔ་པར་ངོ་མཚར་བའི་ལྟས་དང་བཅས་དཔོན་བླ་མ་སངས་རྒྱས་རབ་བརྟན་ཡང་སྐུ་ཚེ་རིལ་པོར་སྒྲུབ་ལ་རྩེ་གཅིག་ཏུ་བརྩོན་པ་སོགས་གོང་མའི་རྗེས་སུ་སློབ་བཞིན་ནས་ཁུ་བོ་བླ་མའི་ཡང་སྲིང་རིན་པོ་ཆེ་ངོས་འཛིན་ཞབས་ཕྱི་སོཔགས་ཞུ་བ་ལས་གཞན་དུ་ཆོས་བརྒྱད་ཀྱི་འཆིང་བ་དང་བྲལ་བས་རྟོགས་པའི་གདེངས་ཚད་བརྙེད་ཏེ། དགུང་གྲངས་དོན་བདུན་པར་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན་པ་(སྨད་ཆ།༦༦༠)ཡིན་ལ། མཆོག་སྦྲུལ་རྒྱལ་ཚབ་དམ་པ་ནི་འཁྲུངས་ཡུལ་ལྷོ་ཀེ་ཆུའི་རྒྱུད་དུ་ཡོད་གཏེར་ཆེན་མི་འགྱུར་རྡོ་རྗེའི་དབོན་རྒྱུད་དུ་སྐུའི་སྐྱེ་སྲིད་བཟུང་ནས་གྲུབ་དབང་དམ་པའི་ཡང་སྲིད་དུ་རྗེ་ཞེ་ཆེན་མཆོག་སྦྲུལ་དང་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ངོས་འཛིན་གནང། རྗེ་དཔོན་སངས་རྒྱས་རབ་བསྟན་པས་ཐུགས་རྩ་མཛད་དེ། དགུང་གྲངས་བདུན་པར་རྗེ་ཞེ་ཆེན་པ་ཆེན་པོར་གཙུག་ཕུད་ཕུལ་བས་མཚན་ཀུན་བཟང་བསྟན་པ་རབ་རྒྱས་སུ་གསོལ། དགུང་གྲངས་དགུ་པར་རྡོར་བྲག་རིག་འཛིན་ཆེན་པོ་སྐལ་བཟང་པདྨ་དབང་ཕྱུག་གིས་གསང་སྔགས་བསྟན་འཛིན་ཆོས་རྒྱལ་ཞེས་པའི་མཚན་གསོལ་ཏེ་གནུབ་ནམ་མཁའི་སྙིང་པོ་སོགས་སུ་དག་པའི་སྐྱེ་སྲིད་བཟུང་ཚུལ་དང། བསྟན་འགྲོའི་རྒྱ་ཆེན་འགྲུབ་འགྱུར་གྱིས་ལུང་བསྟན་གནང་བས་དབུགས་དབྱུང་སྩལ། དགུང་ལོ་བཅུའི་བར་དུ་རྗེ་བླ་མར་རབ་འབྱམས་སྦྲུལ་པའིསྐུའི་སྐུ་མདུན་ནས་སྒོ་མེ་དང་སྐྱ་ཆོས་རྗེ། རྡོ་བ་གྲུབ་ཆེན་སོགས་དང་ལྷན་དུ་གཅོ་བོར་མཛོད་ཆེན་བདུན། ངལ་གསོ་སྐོར་གསུམ། ར་གླིང་ཆོས་སྐོར། སྨིན་གླིང་གཏེར་ཆོས་སྐོར། བདེ་གཤེགས་ཀུན་འདུས་སོགས་ཀྱི་དབང་ཁྲིད་དང། རྗེ་རང་གི་བཀའ་འབུམ་ལྗགས་ལུང་སོགས་སྨིན་རྒྱས་སུ་སྩལ་བས་རྗེས་སུ་བཟུང། དགུང་གྲངས་བཅུ་པ་ས་གླུང་ལོར་རྗེས་བླ་མ་དག་པའི་ཞིང་དུ་གཤེགས་སྐབས་སུ་ཀུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་ནས་རྣམ་དཀར་ཕྲིན་ལས་ཀྱི་བྱེད་པོར་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་དགོངས་རྫོགས་ཀྱི་བགྱི་འོས་མཐའ་དག་གེགས་མེད་དུ་གྲུབ་འཕྲལ། དབུས་ཕྱོགས་སུ་ཆིབས་བསྐྱོད་དེ་སྨིན་གླིང་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་དང། ཁྲི་ཆེན་འགྱུར་མེད་(སྨད་ཆ།༦༦༡)ཕྲིན་ལས་རྣམ་རྒྱལ་སོགས་ལས་བཀའ་ཆོས་མང་དུ་གསན། སླར་གདན་ས་ཕེབས་ནས་རྗེ་དཔོན་པདྨ་ཀུན་གྲོལ་རྣམ་རྒྱལ་གཙོ་བོར་གྱུར་པའི་ཁམས་བོད་ཀྱི་ཡོངས་འཛིན་ལྔ་བཅུ་ཙམ་བསྟེན་ནས་གསང་སྔགས་བཀའ་གཏེར་གྱི་དབང་ལུང་གདམས་ཁྲིད་སོགས་དཔག་མེད་གསན་རེ་བསྟན་པའི་སྲོག་མཐུད། རིས་བྲལ་གྱི་སྐྱེས་ཆེན་དུ་མས་ཀྱང་བསྔགས་བརྗོད་བཅས་གྲུབ་པའི་དབང་ཕྱུག་ཏུ་ཞལ་བཞེས་གནང་ཞིང། ཕྱོགས་ཀྱི་འདུས་པ་མཐའ་དག་ལའང་མ་འདྲིས་པའི་མཛད་བཤེས་ཆེན་པོ་གྱུར་ཏེ་རྒྱུད་སྨིན་གྲོལ་གྱི་གདམས་པས་སྦྱོད་སྟེ་རྣམ་གྲོལ་གྱི་ལམ་ལ་བཀོད་པར་མཛད། རྒྱལ་འབི་བཀའ་འགྱུར་རོ་ཅོག་སོགས་བཀའ་ལུང་དབང་ཆོས་ཀྱི་རིགས་མཐའ་དག་ལ་སླ་ཆོས་དང་སྲོལ་ངན་དུ་མ་སོང་བར་མཛད། ཨོ་རྒྱན་རིན་པོ་ཆེ་དང། ལྷག་པའི་ལྷ་རྣམས་ཀྱིས་ཀྱང་ཡང་ཡང་ཞལ་གཟིགས་ཤིང་ལུང་བསྟན་མནོས་པ་དང། གཞད་ཡང་ལྔ་བོདོའི་འགྲོ་ལ་སྨན་པའི་སྒྲུབ་གནས་གསར་འབྱོན་གྱི་གནས་སྒོ་འབྱེད་པ་སོགས་བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་གཞན་དྲིང་མི་འཇོག་པར་ད་ལྟ་ཡང་ཞལ་མཚོ་ཞིང་གཞེས་པ་འདི་ཉིད་ཡིན་ལ། རྗེ་རབ་འབྱམས་མཆོག་སྦྲུལ་གསུམ་པ་ནི་རྗེ་བླ་མ་དམ་པ་ཆོས་དབྱིངས་སུ་གཤེགས་རྗེས་ལྕགས་སྟག་ལོར་སྣ་ནམ་ཡང་སྲིད་རྡོ་བྲག་རིག་འཛིན་ཆེན་པོ་ཁམས་དར་རྩེ་མདོ་ནས་ཡར་ཐེག་སྐབས་ཞེ་ཆེན་གདན་སར་ཆིབས་སྐྱོད་གནང་དུས། རྗེ་དཔོན་བླ་མ་པདྨ་ཀུན་གྲོལ་རྣམ་རྒྱལ་དང། ཕྱག་མཛོད་བླ་མ་དཀོན་མཆོག་དར་རྒྱས་སོགས་དགོན་པའི་གྲ་སློབ་རྣམས་ནས་རྗེས་བླ་མའི་ཡང་སྲིད་ཀྱི་དོགས་གཅོད་ཞུས་ཚེ། རིག་འཛིན་མཆོག་དེར་རྒྱལ་ཡུལ་ཡེ་ཤེས་མཚོ་(སྨད་ཆ།༦༦༢)རྒྱལ་ནས་ལུང་བསྟན་སྩལ་བར། རིག་པ་འཛིན་པ་རྡོ་རྗེ་ཐོགས་མེད་རྩལ། ཁྱོད་ཀྱི་བསྐྱབ་བྱ་གསང་སྔགས་བསྟན་འཛིན་པ། ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་ན་ཡང། དགོན་གནས་ཉིད་ནས་འཇལ་བའི་ཤར་ལྷོ་མཚམས། ལུང་པ་ཁ་ལྷོ་ནུབ་བསྟན་པ་ན། རྩི་ཤིང་ནགས་ཚལ་དྲ་བ་འཁྲིགས་པའི་དབུས། པ་མ་པདྨའི་རིགས་སུ་གྱུར་པའི་སྲས། ཡོས་འབྲུག་མཚམས་སུ་འབྱུང་བའི་ངོ་ཞིག་མཆིས། པདྨ་དྲག་པོའི་སྒོ་ནས་སྨིན་གྲོལ་གྱིས། དམ་སྲི་འབྱུང་པོའ་ཚོགས་ལས་རྒྱལ་བར་ངེས། དེ་ཙམ་ཡེ་ཤེས་མཁའ་འགྲོས་གཏམ་འཆའོ། ཞེས་པའི་ལུང་བསྟན་དང་རྗེས་སུ་མཐུར་པར་རྒྱ་རོང་སྒྲུབ་སྡེ་དང་ཉེ་བའི་ཕྱོགས་སུ་ཡབ་རྟ་མགྲིན་ཞེས་པའི་སྲས་སུ་སྐུ་འཁྲུངས་ཤིང། སླར་ཡང་ཡོས་ལོར་དབུས་ཕྱོགས་ནས་ལྕགས་ཟམ་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། སྨིན་གླིང་ཁྲི་ཆེན་པདྨ་བསྟན་འཛིན། རྡོར་བྲག་རིག་འཛིན་ཆེན་པོ་ཡང་བརྟག་ཞུས་ཡང་བསྐྱར་དང། ཁམས་ནས་ཤར་ཆེན་ཀླུ་ལྡིང་རིན་ཆེན་མི་འགྱུར་རྒྱལ་མཚན་སོགས་ཡེ་ཤེས་སྦྱན་གྱིས་ཤེས་བྱའི་ཆོས་ཀུན་མ་འདྲེས་ས་ལེར་གཟིགས་པ་ཐམས་ཅད་ནས་ཀྱང་དམ་པ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ལུང་བསྟན་པ་བཞིན་གོང་མའི་གདན་སར་མངའ་གསོལ་ཏེ་རབ་འབྱམས་སྦྲུལ་པའི་སྐུ་རིན་པོ་ཆེའོ་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད་པ་དང་ལྷན་ཅིག་རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེ་ཨ་ཏི་བསྟན་པའི་རྒྱལ་མཚན་ནས་གཙུག་ཕུད་བཞེས། ཕྱིས་སུ་སྨིན་གླིང་ཁྲི་ཆེན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་ནས་མཚན་རིག་འཛིན་དཔལ་འབྱོར་རྒྱ་མཚོ་ཐུབ་བསྟན་རྒྱས་པའི་ཉིན་བྱེད་དུ་གསོལ་ཏེ། ཡོངས་འཛིན་དམ་པ་རྒྱལ་ཚབ་རིན་པོ་ཆེ་དང།(སྨད་ཆ།༦༦༣)རྫོགས་སྦྲུལ་གསུམ་པ། སྨིན་གླིང་ཁྲི་ཆེན་སྐུ་མཆེད། རྡོར་བྲག་རིག་འཛིན་ཆེན་པོའི་ཡང་སྲིད། ཀུན་མཁྱེན་འཇིགས་མེད་གླིང་པ་དང། ཉི་གྲགས་མཆོག་སྦྲུལ་གསུམ་པ། རྡོ་བ་གྲུབ་ཆེན་ཀུན་བཟང་གཞན་ཕན། ཀ༔ཐོག་པ་ཡབ་སྲས། བཤེས་གཉེན་རིག་འཛིན་བཟང་པོ། རྣམ་འདྲེན་བླ་མ་འཇིགས་མེད་གོ་ཆ་སོགས་དམ་པ་མ་ནས་དབང་ཁྲིད་ཀྱི་གདམས་པ་མཐའ་དག་གནང་ཞིང། བཤད་སྒྲུབ་ཀྱི་བསྟན་པ་ལ་འཛིན་སྦེལ་སྐྱོང་བའི་ཕྲིན་ལས་ལ་གཞན་འགྲན་དང་བྲང་ཞིང། ཁྱད་པར་རང་ལུགས་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་ལྟར་གྱི་ལོ་སྟར་དུས་མཆོད་ཆེ་ཁག་བཞི་དང། ལོ་ངོ་གསུམ་རེའི་མཚམས་ནས་བཀའ་བརྒྱད་བདུད་རྩོ་ཆོས་སྨན་གྱི་སྒྲུབ་པ་སོགས་ཁུངས་ལྡན་དམ་པའི་ཕྱག་བཞེས་རང་བཟོའི་དྲི་མ་མོས་བཅོས་སླད་ཀྱིས་མ་གྲིབ་པར་གར་ཐིག་དབྱངས་རོལ་སོགས་ཕྱིས་སྦྲོས་བཅས་སླད་ཀྱིས་མ་གྲིབ་པར་གར་ཐིག་དབྱངས་རོལ་སོགས་ཕྱི་སྦྲོས་བཅས་མཆོད་པའི་དུས་མཆོད་ལ་ནང་བསྐྱེད་རྫོགས་དམིགས་པའི་ཏིང་འཛིན་གསལ་ཞིང། གསང་བ་སྦྲོས་བྲལ་ཀ་དག་གི་ལྟ་བར་ལ་ཟློ་ནས་སྒྲུབ་སྡེ་བདེ་ཆེན་པདྨ་འོད་གླིང་རྟེན་བརྟེན་པ་དང་བཅས་པ་གསར་དུ་བསྐྲུན་ཏེ་རྩེ་གཅིག་སྒྲུབ་ལ་གཞོལ་བའི་མི་གྲངས་བཅོ་ལྔ་ཙམ་གྱིས་སྙིང་ཐིག་ཟབ་མོའི་ཉམས་ལེན་ཙ་རླུང་ཐོད་རྒལ་སོགས་ལ་སྦྱངས་པ་གནད་དུ་སྨིན་པར་བྱེད་པ་ལས་རྣམས་ལེན་རྩ་རླུང་ཐོད་རྒལ་སོགས་ལ་སྦྱངས་པ་གནད་དུ་སྨིན་པར་བྱེད་པ་ལས་རྣམ་གཡེང་དང་འདུ་འཛིར་མ་སོང་བའི་སྒྲུབ་གྲ་དངོས་གཙང་བར་བཞེངས་ནས་སྒྲུབ་རྒྱགས་ཀྱིས་མཚོན་པའི་མཐུན་རྐྱེན་གང་དགོས་རྩོལ་སྒྲུབ་མི་དགོས་པར་སྦྱོར་(སྨད་ཆ།༦༦༤)བར་མཛད་པ་དང། ངོ་མཚར་བའི་མཛད་ཕྲིན་དང་གསང་བ་གསུམ་གྱི་ཡོན་ཏན་གྱི་ཕུང་པོ་གཞལ་དུ་མ་མཆིས་པ་རྒྱ་མཚོ་ལྟ་བུ་མངའ་ཡང་གདུལ་བྱའི་བསོད་རྣམས་ཀྱིས་སྐལ་བས་མ་འཁྱོངས་རེ་ཞིག་དག་པའི་ཞིང་དུ་གཤེགས་པའི་ཚུལ་བསྟན་པར་གྱུར་ཏོ། གཞན་ཡང་ཕྱོགས་མཐའི་འདུས་ཚོགས་མཆོག་སྦྲུལ་ཟུང་གི་སློབ་འབངས་སུ་གཏོགས་པའང། གོང་སྨོས་ལྟར་གྱི་རྗེ་དཔོན་སངས་རྒྱས་རབ་བརྟན་གྱི་ཡང་སྲིད་དབོན་སྦྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལམ། མིང་གཞན་ལྔ་རིགས་སྨྲ་བ་འཇམ་དཔལ་དགྱེས་པའི་བློ་གྲོས་མཚོ་སྐྱེས་བཞེད་པའི་སྒྲ་དབྱངས་སུ་འབོད་པའི་གནས་ལྔ་རིག་པའི་མཁས་པ་ཆེན་པོ་དང། སྒོ་མེ་དང་སྐྱོ་ཆོས་རྗེའི་ཡང་སྲིད་འགྱུར་མེད་བསྟན་པའི་ཉི་མ། ཕུག་དགོན་བླ་མ་རིམ་གཉིས་རྡོགས་པའི་གདེངས་ལྡན་པདྨ་རིན་ཆེན་གྱི་ཡང་སྲིད་འགྱུར་མེད་ངེས་དོན་བསྟན་འཕེལ། སིབ་སྦྲུལ་ཀུན་བཟང་པདྨ་དབང་རྒྱལ་གྱི་ཡང་སྲིད་མཁྱེན་རབ་བསྟན་པ་རྣམ་རྒྱལ། ཀ༔ཐོག་ཉིན་དགོན་བླ་མའི་སྐྱེ་ཕྲེང་བཞི་པ་མཆོག་སྦྲུལ་འོད་གསལ་རྡོ་རྗེའི་སྙིང་པོས་གཅོས་ལྷོ་བྱང་ཀུན་ཏུ་བཤད་སྒྲུབ་ཀྱི་བསྟན་པ་ལ་འཛིན་སྐྱོང་སྦེལ་བའི་སློབ་མ་ནི་བསམ་གྱིས་མི་ཁྱབ་སྟེ་འབྲིར་མ་ལངས་སོ། དེ་ལྟར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་གདན་རབས་ཀྱི་ཕྲེང་བ་མདོར་བསྡུས་ཙམ་ཞིག་བཀོད་ཟིན་ཏེ་དེང་སང་ཞེ་རྫོགས་གཉིས་ཞེས་ཕྱོགས་འདིར་གསང་ཆེན་རྙིང་མའི་བསྟན་པའི་རྩ་ལག་གཞན་འགྲན་དང་བྲལ་བར་ཡོངས་སུ་གྲགས་ཤིང་གྲུབ་ལ། དེ་ག་ལས་འཕྲོས་པའི་བཤད་སྒྲུབ་ཀྱི་སྡེ་མང་པོ་གསར་འཕེལ་དུ་མས་ཕྱོགས་ཐམས་ཅད་གང་བར་གྱུར་ཏེ་ཐམས་ཅད་ནི་བརྗོད་པར་མི་ནུས་ཏེ་གྲུབ་(སྨད་ཆ།༦༦༥)དབང་རྫོགས་ཆེན་པ་ཆེན་པོའི་ཆོས་ཀྱི་ཕྲིན་ལས་དང་བསྟན་པའི་འཕེལ་རྒྱས་བྱུང་ཚུལ་རགས་པ་ཙམ་ཞིག་བྲིས་པ་རེ་ཞིག་དེ་ཙམ་མོ། སྡེ་དགེ་རིན་པོ་ཆེའི་གདན་རབས་མདོར་བསྡུས་བརྗོད་པ། གདན་འཇིག་རྟེན་གྱི་ཁམས་རྣམས་སུ་ཕན་པ་དང་བདེ་བའི་དངོས་པོ་ཇི་སྙེད་པ་ཐམས་ཅད་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འབའ་ཞིག་ལས་འབྱུང་བ་ཡིན་ཏེ། དེ་ཉིད་ཡུལ་དུ་གནས་པ་དང་འཕེལ་ཞིང་རྒྱས་པ་ནི་བསྟན་པའི་རྩ་ལག་ཆོས་ཀྱི་རྒྱལ་པོ་རྣམས་ལ་རག་ལས་པ་སྟེ། དེ་ཡང་བོད་ཆེན་པོའི་ལྗོངས་འདིར་སྟོབས་ཀྱི་དཔུང་བས་རྒྱལ་པའི་བསྟན་པ་འདེགས་པ་ལ་སྟོབས་འབྱོར་གྱིས་ཁེངས་པའི་རྒྱལ་ཕྲན་གཞན་སུས་ཀྱང་འགྲན་དུ་མི་བཟོད་པ་ནི་ས་སྐྱོང་ཆོས་ཀྱི་རྒྱལ་པོ་སྡེ་དགེ་རིན་པོ་ཆེ་ཉིད་ཡིན་ལ། དེ་ཡང་གདུང་བརྒྱུད་རིན་པོ་ཆེ་བྱོན་ནོ་ཅོག་ཐམས་ཅད་དཀོན་མཆོག་གསུམ་བླ་མར་བྱེད་པ་དང། རིས་མེད་པའི་བསྟན་པ་ལ་སྲི་ཞུས་མཆོད་པ་དང། ཆབ་འབངས་བྱམས་པས་སྐྱོང་བ་དང། ཅི་མཛད་ཐམས་ཅད་ཆོས་ཀྱི་བྱ་བ་ཁོ་ན་མཛད་པས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མངའ་དབང་འབྱོར་ཞིང། ཁྱད་པར་གསང་ཆེན་རྙིང་མའི་བསྟན་པའི་རྩ་ལག་གཅིག་ཕུ་པར་གྱུར་པས་འདིར་ཡང་གདུང་རབས་ཀྱི་ཕྲེང་བ་ཇི་ལྟར་བྱོན་པའི་ཚུལ་མདོར་བསྡུས་ཙམ་ིག་བརྗོད་པར་བྱ་སྟེ། དེ་ཡང་ཐོག་མར་བོད་འདིར་མིའི་འགྲོ་བ་ཆགས་ནས་རིང་ཞིག་ན། ཤར་མི་ཉག་བཞག་དཀར་པོའི་རི་ཙེ་ལ་སྟེང་འོད་གསལ་གྱི་ལྷ་ཞིག་བབས་པ་ལས་མི་རྣམས་ཀྱིས་གནམ་ནས་བབས་པས་མཚན་མགར་གནམ་ཚ་འབྲུག་ཅེས་བཏགས་པས། དེའི་བརྒྱུད་པ་མགར་བླ་མཁྱེན་ཆེན་(སྨད་ཆ།༦༦༦)པོ། དེའི་སྲས་མགར་སྟོང་མེས་ཁྲི་ཆགས། དེའི་སྲས་མགར་སྟོང་བཙན་ཡུལ་བཟུང་ངམ་ཆོས་བློན་རིག་པ་ཅན་དུ་གྲགས་པ་སྟེ། འཕགས་པ་སྦྱན་རས་འཟིགས་རྒྱལ་པོའི་ཚུལ་དུ་སྦྲལ་པ་སྲོང་བཙན་སྒམ་པོའི་དུས་མེད་ཐབས་མེད་པའི་བློན་པོ་བཞིའི་ཡ་གྱལ་ཕྱག་ན་རྡོ་རྗེའི་སྦྲུལ་པ་འཕྲུལ་བློན་རིག་པ་ཅན་འདི་དང། འཇམ་པའི་དབྱངས་ཀྱི་སྦྲུལ་པ་ཐོན་མི་སམྦྷོ་ཊ་གཉིས་ཀྱི་རྒྱ་བལ་ནས་འཕགས་མ་རྣམ་གཉིས་དང། ཇོ་བོ་རྣམ་གཉིས་སོགས་སྦྱན་དྲངས་ནས་བོད་ཁམས་ཀྱིས་འགྲོ་བ་རྣམས་དཀར་པོ་དགེ་བའི་ལམ་ལ་བཀོད་པས་དུས་དེར་བཅས་པ་མང་པོ་དངོས་སུ་ཞལ་འཛོམ་པའི་དུས་ཡིན་ཞིང། ཆོས་བློན་འདི་ཉིད་ཀྱིས་རྒྱ་ཡུལ་སོགས་སུ་རིག་པའི་འཕྲུལ་ཡ་མཚན་པ་མཛད་པའི་ཚུལ་ལྷ་མི་ཀུན་ལ་དེང་སང་གི་བར་དུ་གཏམ་རྒྱུད་དུ་གནས་པ་འདི་དག་བྱུང་ཞིང། འདིའི་སྲས་བཙན་པོ་ཡོན་ཏན་རྒྱལ་བཟུང་ནས་ལྷ་གཅིག་སྙན་ལྡབ་བུ། ཁྲི་ཟངས་དུམ་བ། འདི་ལ་སྲས་གཅིག་ཀྱི་མགར་ཨ་མྱེ་དགེ་བ་དཔལ་ནི་འོག་འཆད་འགྱུར་གྱི་སྡེ་དགེའི་གདུང་རབས་ཀྱི་ཐོག་མའི་གྱེས་མཚམས་ཡིན་ཞིང། དེའི་མཆེད་ཡ་ཁྲི་གཉེར་ཁྲི་ལྕགས་ནས་རིམ་པར་བརྒྱུད་པ་ནི་ཚལ་པ་ཁྲི་དཔོན་རྣམས་བྱུང་བ་ཡིན་ཏེ་ལོ་རྒྱུས་གཞན་ཡང་དུ་ཤེས་སོ། མགར་ཨ་མྱེ་དགེ་དཔལ་གྱི་སྲས་ལྷ་རྗེ་བྱམས་པ་དཔལ་ཏེ་འདི་ཉིད་ཕྱིས་སུ་ཁམས་ལ་ཕེབས་ཏེ་འདན་གྱི་བྲག་ར་གླིང་ཆེན་དུ་གདན་ཆགས་(སྨད་ཆ།༦༦༧)པ། དེ་ནས་བཟུང་གདུང་བརྒྱུད་ཁམས་ཕྱོགས་སུ་ཆགས་པ་ཡིན། དེའི་སྲས་མགར་དཔལ་གྱིས་ཡོན་ཏན། དེའི་སྲས་མགར་དཔལ་གྱི་ཕུར་བུ། དེའི་སྲས་མགར་དཔལ་གྱི་འབྱུང་གནས། དེའི་སྲས་མགར་དཔལ་གྱི་ཤེས་རབ། དེའི་སྲས་མགར་དཔལ་གྱི་བཀྲ་ཤིས། དེའི་སྲས་མགར་དཔལ་གྱི་བླ་མ། དེའི་སྲས་མགར་དཔལ་བཀྲ་ཤིས་བླ་མ། དེའི་སྲས་མགར་ཡོན་ཏན་བླ་མ། དེའི་སྲས་མགར་ཤེས་རབ་བླ་མ། དེའི་སྲས་མགར་བྱང་ཆུབ་བླ་མ། དེའི་སྲས་མགར་གྲགས་པ་རྒྱལ་མཚན། དེའི་སྲས་མགར་དཀོན་མཆོག་རྒྱལ་མཚན། དེའི་སྲས་མགར་དགེ་འདུན་རྒྱལ་མཚན། དེའི་སྲས་མགར་བྱམས་པ་རྒྱལ་མཚན། དེའི་སྲས་མགར་ཡེ་ཤེས་རྒྱལ་མཚན། དེའི་སྲས་མགར་དཔལ་གྱི་བྱམས་པ་ཕྱི་མ། དེའི་སྲས་མགར་དཔལ་འབུམ། དེའི་སྲས་མགར་དཔལ་གྲགས། དེའི་སྲས་མགར་དཔལ་གྱི་རྡོ་རྗེ། དེའི་སྲས་མགར་དཔལ་གྱི་བསོད་ནམས། དེའི་སྲས་མགར་དཔལ་གྱི་ེརྩེ་མོ། འདི་ནས་བཟུང་དེ་མ་ཤོད་དེ་མ་མདོ་ཟེར་བ་འདིར་བཞུགས་གཞིས་ཆགས་པ་ཡིན། དེའི་སྲས་བསོད་མས་འབུམ་མམ་མགར་ཆེན་ཡེ་ཤེས་བཟང་པོ། དེའི་སྲས་དངུལ་སྐུ་རུ་སྟེའིའ་ནས་དངུལ་སྟོང་དཔོན་དུ་གྲགས། དེ་ནས་ཀྱང་རིམ་བཞིན་སྟོང་དཔོན་ཟླ་བ་བཟང་པོ། རྒྱལ་བ་བཟང་པོ། པདྨ་བསྟན་སྲུང། དཀར་ཆེན་བྱང་ཆུབ་འབུམ།(སྨད་ཆ།༦༦༨)བདེ་ཆེན་བསོད་ནམས་བཟང་པོ་འདི་ནས་སྡེ་དགེའི་མཚན་ཐོབ། སྡེ་དགེ་བོ་ཐར་རམ་བཀྲ་ཤིས་སེང་གེ། རྒྱལ་མཚན་འབུམ་ནམ་མཁའ། ལྷུན་ཐུབ། ཀླུ་འཕེལ། ཨོ་རྒྱན་བཀྲ་ཤིས། དབང་ཆེན་མགོན་པོ། ཆོས་རྒྱལ་བསྟན་པ་ཚེ་རིང། ཁྲི་ཆེན་བློ་གྲོས་རྒྱལ་མཚན་ལྕམ་དྲལ། སའི་ཚངས་པ་ས་དབང་བཟང་པོ། དེང་སང་གི་ལྷ་སྲས་མིའི་ཉི་མ་རིན་པོ་ཆེ་མཆེད་ལྕམ་དྲལ་ཡན་ཆད་ཆོས་བློ་མགར་རིག་པ་ཅན་ནས་བཟུང་སྟེ་གདུང་རབས་བཞི་བཅུ་ཞེ་ལྔ། དེ་དག་སོ་སོའི་སྐུ་མཆེད་སེར་སྐྱ་སོགས་ཀྱི་རྣམ་གྲངསདང་སྐུ་ཆེ་བའི་མཛད་ཕྲིན་སོགས་སོ་སོའི་སྐུ་མཆེད་སེར་སྐྱ་སོགས་ཀྱི་རྣམ་གྲངས་དང་སྐུ་ཆེ་བའི་མཛད་ཕྲིན་སོགས་སོ་སོར་བརྗོད་དུ་མ་ལངས་ཤིང། མགར་ཆེན་ཡེ་ཤེས་བཟང་པོས་མཛོ་དྲུག་གི་སའི་ཆ་བདག་གིར་མཛད་དེ། དེའི་སྲས་གཉིས་ཀྱི་བསོད་ནམས་རིན་ཆེན་གྱིས་འགྲོ་མགོན་ཆོས་རྒྱལ་ཕགས་པ་ཞབས་པད་བསྟེན་ནས་གསོལ་དཔོན་གྱི་ལས་ཀ་བཟུང། གོང་མ་སེ་ཅེན་གན་གྱིས་ཐམ་ག་དང་འཇའ་ས་སོགས་བྱིན་ཏེ་ཆེན་པོའི་གོ་སར་དབང་བསྐུར། སྐུ་ཚེའི་སྨད་ལ་ས་དམར་ཡང་དགོན་དུ་ཚོགས་པ་སྟོང་ཕྲག་ཙམ་བསྐྱངས། དེའི་དཔོན་པོ་རྡུ་རྒུ་རུ་ལ་སྲས་དགུ་བྱུང་བའི་ནང་ནས་སྟོང་དཔོན་ཟླ་བ་བཟང་པོ་ཞེས་པ་ལ་གོང་མ་མཆོད་ཡོན་གྱིས་ས་དམར་སྟོང་དཔོན་གྱིས་ལས་ཀ་གནང་བས་མངོན་པར་མཐོ། དེའི་སྲས་གཉིས་ལས་རྡུ་རྒྱལ་བ་བཟང་པོའི་སྲས་པདྨ་བསྟན་སྲུང། དེའི་སྲས་དཀར་ཆེན་བྱང་ཆུབ་འབུམ། དེའི་སྲས་རྡུ་ཆོས་རྡོར་བ་ནི་གསང་ཆེན་རྙིང་མའི་གྲུབ་ཐོབ་ཆེན་པོར་གྱུར། དེའི་མཆེད་ཡ་དགེ་འདུན་རྒྱལ་མཚན་གྱི་སྲས་མགོན་པོ་གཟུངས་སོགས་ལས་བརྒྱུད་དེ་དེང་སང་གི་བར་དུ་ས་དམར་ཕྱོགས་སུ་ཡོད་(སྨད་ཆ།༦༦༩)ལ། དཀར་ཆེན་བྱང་ཆུབ་འབུམ་གྱི་སྲས། བདེ་ཆེན་བསོད་ནམས་བཟང་པོ་ཞེས་པ་ཡུམ་འདས་པའི་དགོངས་རྫོགས་བསྒྲུབ་པར། ཀ་ཐོག་རྡོ་རྗེ་གདན་དུ་བྱོན་ནས་ཕྱིར་མ་བྱོན་པས། མཆེད་གཞན་གྱིས་སླར་འགུགས་པར་བཏང་རྩིས་ལ། རྗེ་ཆོས་རྡོར་གྱིས་ཁོ་པས་ཀྱང་འོང་བ་མི་ཡོང་མོད། འོན་ཀྱང་ཁོ་རང་ས་བཙན་གྱི་གོང་བ་བཟུང། སྡེ་ཆེན་གྱི་དཔོན་པོ་བྱེད་དེ། བརྒྱུད་པ་རྗེ་བཟང་དུ་འགྲོའི་ལུང་བསྟན་མཛད། བདེ་ཆེན་བསོད་ནམས་བཟང་པོ་དེ་ཉིད་རིམ་གྱིས་ལྕས་ར་ན་གླིང་ཆེན་པ་བདག་དྲུང་གི་སྦྱན་སྔར་འབྱོར་ཏེ་ནང་བློན་དུ་གྱུར། སྡེ་དགེ་ཞེས་པའི་མཚན་ཡང་འདི་སྐབས་ཙམ་ནས་བྱུང་བར་གྲགས་ཏེ། སྡེ་དགེ་ཞེས་པའི་མཚན་ཡང་འདི་སྐབས་ཙམ་ནས་བྱུང་བར་གྲགས་ཏེ། ཆེན་པོ་བདག་དྲུང་གིས་བློན་ཆེན་འདི་བྱུང་ནས་སྡེ་དང་བསྟན་སྲིད་ལ་དགེ་བར་གྱུར་པས་མིང་ཡང་སྡེ་དགེར་བཏགས་ཟེར་ཏེ་མཚན་འདི་ནི་གནམ་གྱིས་བྱིན་པར་གྲགས། དེ་ལ་སྲས་བཞི་བྱུང་བའི་གཉིས་པ་བཀྲ་ཤིས་སེང་གེའམ་བོ་ཐར་དུ་གྲགས་དཔེ་གླིང་དབོན་ལས་བུ་མིའི་རིན་དུ་བྲིས་རྒྱུད་ཐམས་ཅད་གཡི་ཐབས་ཀྱི་བླངས་ཏེ་ཁྱབ་འཇུག་གི་སྒྱུ་ཐབས་ལ་འགྲན་བར་མཛད། གྲུབ་ཆེན་གྱིས་དངུལ་མདའི་བསུབས་ནས་དེར་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེེངས་ཏེ། ཆོས་སྡེ་ཆེན་པོ་དཔལ་ལྷུན་གྲུབ་སྟེང་དུ་གྲགས་པ་འདིའི་བསྟན་པའི་རྨང་ཐོག་མར་ཚུགས། གཚུག་ལག་གཉིས་ཀའི་རྟེན་འབྲེལ་གྱི་སྒོ་ལྷུན་གྲུབ་ཏུ་འགྲིགས་པར་གྱུར། དེའི་སྲས་གཉིས་ལས་བླ་མ་དཔལ་ལྡན་སེང་གེས་སྔར་གྱི་གཙུག་ལག་ཁང་ཡོད་པའི་ཉིན་རེའི་ཕྱོགས་སུ་འདུས་སྡེ་བཙུགས་(སྨད་ཆ།༦༧༠)ལ་དེང་སང་ཉིན་དགོན་དུ་གྲགས། ཅིག་ཤོས་རྒྱལ་མཚན་འབུམ་ལ་སྲས་བཞི་བྱུང་བའི་ཨ་སྔ་ཟེར་བ་ལ་སྲས་བདུན་ཙམ་བྱུང་བའི་ཇོ་ལྡན་ནམ་མཁའ་ལྷུན་བཟང་གིས། རྡོ་རྗེ་འཇིགས་བྱེད་ལ་ཐུགས་དམ་ནན་ཏན་དུ་མཛད་པས། ཉེ་འཁོར་བ་རྣམས་ཀྱིས་རྡོ་རྗེ་འཇིགས་མེད་བྱེད་དུ་མཐོང་བ་དང། བཟླས་པ་དུང་ཕྱུར་གྲུབ་པའི་ཚེ་ལྗགས་ཐོག་ཏུ་ལྕགས་ཀྱི་རིལ་དུ་རང་རྡོལ་དུ་བྱུང་བ་སོགས་གྲུབ་པའི་མཚན་ལ་བརྙེས། དེའི་མཆེད་ཡ་རྒྱལ་འཕེལ་ལ་སྲས་གསུམ་བྱུང་བའི་སྡེ་དགེ་ཀུན་དགའ་རིན་ཆེན་ནི་ལྷུན་གྲུབ་སྟེང་གི་བླ་བྲང་གི་ལྷ་ཁང་བཞེངས་པ་སོགས་སྐུ་བསོད་རྒྱས། བསྙེན་བསྒྲུབ་གནང་བའི་ཚེ་གཟིམས་ཁང་ཐམས་ཅད་མེའི་ཕུང་པོར་གྱུར་པ་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བ་བྱུང། དེའི་གཅུང་དཔོན་ནམ་མཁའ་དང་རྡོ་རྗེ་ལྷུན་གྲུབ་གཉིས། སྔ་མའི་སྲས་ལྷུན་ཐུབ། དེ་ལ་སྲས་དྲུག་བྱུང་བའི་དང་པོ་ནི་རིག་འཛིན་རྒོད་ལྡེམ་གྱི་སྦྲུལ་པའི་ཟློས་གར་དུ་གྲགས་པ་གུབ་ཐོབ་ཀུན་དགའ་རྒྱ་མཚོ་སྟེ། འདིས་གསང་སྔགས་གསར་རྙིང་སྦྱི་དང། ཁྱད་པར་དུ་སྔགས་རྙིང་མའི་ཆོས་ཀྱིས་གྲུབ་པའི་མཚན་མ་བརྙེས། ཁྱད་པར་དུ་སྔགས་རྙིའི་མའི་ཆོས་ཀྱིས་གྲུབ་པའི་མཚན་མ་བསྙེས། སོག་ཟློག་པ་དང་རིག་འཛིན་འཇའ་ཚོན་སྙིང་པོ་སོགས་བསྟེན། འཇའ་ཚོན་པས་ལུང་བསྟན་པ་བཞིན་བསྟན་པ་བཞིན་བསྟན་སྲིད་རྒྱས་པའི་འགོ་ཚུགས། ལྐོག་གྱུར་གྱི་གནས་ལུང་སྟོན་པ་དང། སྣང་བ་བདེན་མེད་དུ་གཟིགས་པས་ས་མཁྲེགས་ཀྱི་རྡོ་བ་འདམ་ལྟར་རྗི་བ་དང། འབྱུང་པོ་གདུག་པ་ཅན་མང་པོ་འདུལ་བ་སོགས་ངོ་མཚར་གྱི་མཛད་པ་སྣ་ཚོགས་ལྷུན་གྲུབ་བམ། འཇིག་རྟེན་གྱི་མེས་པོ་བླ་ཆེན་བྱམས་པ་ཕུན་ཚོགས་ཞེས་པ་དེས་སྔོན་གྱི་བསོད་ནམས་ཀྱི་ལས་ཤུགས་ཆེས་ཆེར་བདེ་(སྨད་ཆ།༦༧༡)བས་ཆབ་སྲིད་སྐྱོང་བའི་བྱ་བ་གཙོ་བོར་མཛད་ཅིང། རྫོང་སྒོ་བཅོ་བརྒྱད་ཕྱག་ཏུ་བཞེས། འབངས་མི་ཁྱིམ་སུམ་ཁྲི་དྲུག་སྟོང་དང། རིས་མེད་ཀྱི་ཆོས་སྡེ་མང་པོའི་བདག་པོར་གྱུར། ས་སྐྱའི་ལྷ་ཁང་གཡེར་མོ་ཆེ་ལ་དཔེ་བླངས་ནས་གཙུག་ཁང་བསམ་འགྲུབ་མཐོང་གྲོལ་བཞེངས་ངོར་མཁན་ཆེན་དཔལ་མཆོག་རྒྱལ་མཚན་སྦྱན་དྲངས་པ་སོགས་མཛད་པ་རྒྱ་ཆེ་སྟེ་བླ་ཆེན་དཔལ་མཆོག་རྒྱལ་མཚན་སྦྱན་དྲངས་པ་སོགས་མཛད་པ་རྒྱ་ཆེ་སྟེ་བླ་ཆེན་འདི་ནས་གདན་རབས་ཀྱི་ཐོག་མར་འཛིན། ལྔ་པ་བླ་མ་ཀརྨ་བསམ་འགྲུབ་ཀརྨ་ཀམ་ཚང་གི་གྲུབ་མཐའ་འཛིན་པ་ཞིག་སྟེ་དཔོན་ཀླུ་འཕེལ་གྱི་བྱམས་པ་ཕུན་ཚོགས་སྐུ་གཤེགས་ནས་གདན་ས་གཉིས་པ་མཛད་ཀྱང་སླེབས་རྒྱང་མི་ཆེ་ཙམ་བྱུང། དེ་རྗེས་གདན་ས་གསུམ་པ་དཔོན་ཆེན་ཀརྨའི་སྲས་ཆེ་མཆོག་གིས་ལ་ཤས་ཤིག་མཛད། དེ་ནས་གདན་ས་བཞི་པ་དཔོན་ཀླུ་འཕེལ་གྱི་ཟུར་སྲས་ཀམ་བཟའ་ལྷུ་གུར་འཁྲུངས་པའི་གཏེར་ལུང་འགའ་ཞིག་ནས་ཅོག་རོ་ཀླུའི་རྒྱལ་མཚན་གྱི་སྦྲུལ་པའི་ཟློས་གར་དུ་བཤད་པའི་སའི་ཚངས་པ་ཁྲི་ཆེན་སངས་རྒྱས་བསྟན་པ་ནི། ཆོས་སྲིད་གཉིས་ཆར་གྱི་མཁྱེན་སྒོ་དང་སྐུ་བསོད་འགྲན་ཟླ་མེད་པར་གྱུར་ཅིང། བླ་ཆེན་གྱིས་རྗེས་སུ་བསྟ་སྲིད་ལ་བར་གསེང་ཅུང་ཟད་ཀྱིས་ཕྱིར་གྱེས་པ་ལྟ་བུའི་ས་སྨད་སྒང་དཔལ་སྦོ་ལུ་སོགས་མང་པོ་ཤིག་སླང་ཡང་མངའ་ཞབས་སུ་ཚུར་འདུས་ཤིང། ཕྱོགས་ཐམས་ཅད་མངའ་ཐང་གྲུབ་བཞི་ལམ་མེ་བ་བྱུང། རྙིང་ལུགས་ཀྱི་དོན་གནས་མངའ་གྲུ་བཞི་ལམ་མེ་བ་བྱུང། རྙིང་ལུགས་ཀྱི་དགོན་གནས་མང་པོའི་ཉམས་གསོ་མཛད། གྲ་སར་བྱོན་སྐབས་ས་སྐྱ་བདག་ཆེན་(སྨད་ཆ།༦༧༢)ངག་དབང་ཀུན་དགའ་བཀྲ་ཤིས་ཀྱི་སྐུ་སྐེད་ནས་མགུལ་ཕུར་བཏོན་ནས་ཁྲི་ཆེན་བླ་མ་འདི་ལ་གནང་ཡང་སྟེ་འདིའི་རྟེན་འབྲེལ་ཁྱོད་ལ་ཡོད་གསུངས་པ་བཞིན། ས་ལུགས་ཀྱི་ཕུར་བསྟོད་ལས་སྨད་ལས་སྒྲུབ་མཆོད་ཆམས་དང་བཅས་པ་གདན་ས་གོང་དང་ཁྱད་པར་མེད་པ་འདི་བཙུགས། རུ་ངམ་རྫོགས་ཆེན་དགོན། འཛིན་སྟག་མོ་དགོན། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་སོགས་རིས་མེད་ཀྱི་ཆོས་སྡེ་མང་པོ་བཏབ། ངོར་མཁན་རབས་ཉེར་བཞི་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཕུན་ཚོགས་དང་རྟ་ནག་མཁན་ཆེན་བཟང་པོ་རྒྱལ་མཚན། ཀ༔ཐོག་ཀློང་གསལ་སྙིང་པོ་རྫོགས་ཆེན་པདྨ་རིག་འཛིན། གཏེར་ཆེན་ཉི་མ་གྲགས་པ་སོགས་ཕྱོགས་བྲལ་གྱི་སྐྱེས་ཆེན་དུ་མ་གཙུག་གི་རྒྱན་དུ་བསྟེན་ཅིང། རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས་སངས་རྒྱས་ཀྱི་བསྟན་པ་དང། སེམས་ཅན་གྱི་བདེ་སྐྱེད་ལ་སྐུ་རིན་བསམ་གྱིས་མི་ཁྱབ། དེ་རྗེས་ཁྲི་རབས་ལྔ་པ་བླ་མ་བསོད་ནམས་ཕུན་ཚོགས་ཀྱིས་ཆོས་སྲིད་ཉམས་པ་མེད་པ་སྔར་བཞིབ་བསྐྱབས། འདི་སྐབས་རྒྱལ་པོ་ལྷ་བཟང་གིས་ཁོ་རང་གི་བུ་རྒྱལ་དབང་དྲུག་པའི་སྐུ་ཡིན་ཟེར་ནས་མཚན་ཡེ་ཤེས་རྒྱ་མཚོ་བཏགས་ཏེ་ཁྲི་འདོན་ཚེ་བའི་སྐབས། རྒྱལ་བ་སྐལ་བཟང་རྒྱ་མཚོ་ལི་ཐང་དུ་སྐུ་འཁྲུངས་པ་ཐོས་པས། ལྷ་བཟང་གིས་ཨུར་སྐེ་ཇུ་ནང་གཡོག་དང་བཅས་ལི་ཐང་དུ་རྒྱལ་དབང་སྦྲུལ་སྐུ་བཀྲོང་བ་ལ་བཏང་བས། རྒྱལ་དབང་དཔོན་གཡོག་རྒྱལ་ཁབ་འདིར་བྲོས་ཚུལ་གྱིས་བྱོན་པར་ཞབས་ཕྱི་ཞུས་ཏེ། རྒྱ་བོད་ཀྱི་གཙུག་ཏུ་བཀོད་པས་གཞང་དགའ་ལྡན་ཕོ་བྲང་དང་འབྲེལ་ཟབ་ཆེ་བ་འདི་ནས་བྱུང། གདུང་རབས་ཞེ་གཉིས་དང་ཁྲི་རབས་དྲུག་པ་ཆོས་རྒྱལ་བསྟན་པ་ཚེ་རིང་ནི། ས་གནས་ཀྱི་བྱང་སེམས་སྐྱེས་ཆེན་(སྨད་ཆ།༦༧༣)དམ་པ་ཞིག་མའི་རྗེ་བོར་སྦྲུལ་ནས་བྱོན་པ་སྟེ། འདི་ཉིད་ཀྱིས་བསྟན་པ་དང་སེམས་ཅན་ལ་ཕན་པའི་ཕྲིན་ལས་དང་མཛད་པའི་ལོ་རྒྱུས་ཡེ་གེ་སོགས་ལ་མ་ལྟོས་པར། ངོ་མཚར་བའི་ཕྱག་རྗེས་ཕལ་བའི་བློ་ལ་མི་ཤོང་བ་ཐམས་ཅད་ཀྱིད་མིག་གི་སྦྱོད་ཡུལ་དུ་བསྐལ་པའི་བར་དུ་གསལ་བ་འདི་རྣམས་བརྗོད་མ་དགོས་ཤིང། སོག་པོ་ཨོ་རང་རྒྱལ་པོ་འཇམ་དབྱངས་གོང་མ་ཆེན་པོ་གཡུང་ཅིང་གི་དཔུང་གིས་མིང་མེད་དུ་བརླགས་ནས། མདོ་ཁམས་སྨད་ཕྱོགས་ཀྱི་སྡེ་དཔོན་ཁོད་སྙམས་ལ་གོང་མ་ཆེན་པོའི་ཁེ་རྩེ་འཛིན་ཅིའུ་ཏཱ་ལོ་ཡེས་ཕེབས་པར། ཆོས་རྒྱལ་འདི་ཉིད་ཀྱི་མཛད་པ་འདི་ཕྱིའི་རྣམ་དཀར་གྱིས་དགེ་བ་རྒྱ་ཆེན་ལ་རྗེས་སུ་ཡི་རང་བའི་ཚུལ་འཇམ་དབྱངས་གོང་མ་ཆེན་པོའི་གསེར་སྙན་དུ་དངས་པས་མདོ་ཁམས་སྨད་ཕྱོགས་ཀྱི་དཔོན་པོ་ཆེ་ཤོས་ལ་གསེར་སྙན་དུ་དང་པས་མདོ་ཁམས་སྨད་ཕྱོགས་ཀྱི་དཔོན་པོ་ཆེ་ཤོས་ལ་བསན་ཡུ་སིའི་ཐམ་ཀས་དབང་བསྐུར། གན་གོས་ཡུག་བརྒྱ་དང། དངུལ་སྲང་སྟོང་ཕྲག་གི་གནང་སྦྱིན་སོགས་ལུང་དང་ལག་རྟགས་འགྲན་ཟླ་མེད་པས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་བྱུང། དེར་མ་ཟད་ཅིའུ་ཏཱ་ལོ་ཡེས་ཀྱིས་འདམ་སོགས་ལ་སྐྱེ་བོ་ཡན་ཆད་རང་དབང་བསྒྱུར་ཆོག་པའི་བཀའ་ཕེབས་ཀྱང། སྔར་ཕན་གྱི་རང་སྲིད་ཀྱིས་ཆོག་ཤེས་མཛད་ནས་བདག་གིར་མ་མཛད། འོན་ཀྱང་དགེ་རྩེ། ཁྲོམ་ཐར། ལྷོ་ཁོག་སོགས་འབྲོག་སྡེ་དང་དཔོན་ཆུང་མང་པོ་མངའ་ཞབས་སུ་འདུས། གཏེར་ཆེན་ཉི་མ་གྲགས་པ། དཔལ་རི་རིག་འཛིན་ཀུན་བཟང་འདོ་ཟེར། རྫོགས་ཆེན་འགྱུར་མེད་ཐེག་མཆོག་བསྟན་འཛིན་སོགས་དང། ངོར་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་དང། ཡར་ལུང་དཔོན་རིན་པོ་ཆེ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། ཀུན་མཁྱེན་བསྟན་པའི་ཉིན་བྱེད་སོགས་(སྨད་ཆ།༦༧༤)དབུའི་མཆོད་གནས་སུ་བཀུར་ནས་བཟང་ཆོས་མང་དུ་གསན། མཛད་པ་ཐམས་ཅད་ཀྱི་གཙོ་བོ་ནི་དམ་པའི་ཆོས་ཁོ་ན་ལ་ཐུགས་རྩེ་གཅིག་བརྣགས་པས། ཐུགས་དམ་རྒྱུན་གྱི་ཉམས་བཞེས་ཀྱང། དཀར་ཆ་བཞི། གཏོར་མ་བརྒྱ་རྩ། ལམ་ཟབ། ལམ་འདུས། ནཱ་རོ་མཁའ་སྦྱོད། ཐུགས་རྗེ་ཆེན་པོ་དང་ཕྱག་ཆེན་ཟུང་འབྲེལ། སྒྲོལ་དཀར། བྲག་རྫོང་མ་རྣམས་ཀྱིས་བསྒོམས་བཟླས་དང། ཉི་གྲགས་གཏེར་བྱོན་དྲག་ཁྲོས་བསྐྱེད་ཟླས་བཀའ་སྲུང་དམ་ཅན་གཏོར་བསྔོ་བཅས་དང། ཐུན་མཚམས་རྣམས་སུ་དཀོན་མཆོག་རྗེས་དྲན། ཡན་ལག་བདུན་པ། བླ་བརྒྱུད་གསོལ་འདེབས་རིགས། ཉིན་རེར་འཇམ་དཔལ་མཚན་བརྗོད་ཚར་བདུན་རེ། གང་བློ་མ་ཉེར་གཅིག་རེ། སྒྲོལ་བསྟོད་ཕྱག་འཚལ་ཉེར་གཅིག་ཚར་ཉི་ཤུ་རྩ་གཅིག། ཤེར་སྙིང་ཚར་དགུ་རེ་དང་གཞན་ཡང་གཟུངས་སྔགས་བསྔོ་སྨོན་གྱི་རིགས་དང་ཕྱག་བསྐོར་སོགས་ཆག་མེད་དང། ཞལ་ཐོག་ནས་མ་ཎི་དུང་ཕྱུར་གཅིག་དང། འཇིགས་བྱེད་ཀྱི་ཡིག་བཅུ། མགོན་པོའི་ཡིག་བདུན། སེང་གདོང་མིའི་བསྙེན་པ་རྣམས་དུད་རེ་རེ། གཞན་ཡང་གོང་དུ་སྨོས་པའིི་བདག་བསྐྱེད་ཆག་མེད་རྣམས་ཀྱི་སྙིང་པོ་བྱེ་བ་ས་ཡ་དུ་མ་སོང་བ་བརྗོད་ཀྱིས་མི་ལངས་ཤིང། གཙུག་ལག་ཁང་བསམ་འགྲུབ་མཐོང་གྲོལ་གྱི་རྒྱ་ཕིབས་གསེར་གྱི་རྒྱལ་མཚན་གསེར་འཕྲུ་སོགས་དུ་མ་དང། གཞན་ཡང་གཙང་ཨི་ཝ་ཆོས་ལྡན་གྱི་གླིང་པ་སྦྱི་ཁང། ལྷུན་གྲུབ་སྟེང་གི་ལྷ་དཔྱད་ཁང་གསར་པ་མགོན་ཁང་ཤར་བདུད་དཔུང་ཟིལ་གནོན་རྟེན་དང་བརྟེན་པར་བཅས་པ། པར་ཁང་ཆེན་མོ་གཙུག་ལག་ཁང་མགོན་ཁང་དང་བཅས་པ། ལྕགས་རའི་འདུ་ཁང་རྒྱལ་མཚན་བཅས། གཞན་ཡང།(སྨད་ཆ།༦༧༥)ཛམ་ཐོག་དགོན། ཡེ་ན། རབ་བསྟན། དུམ་མདོ། སྦོམ་འཛོང། སྒོ་ལེན་སྟེང། རྣམ་རྒྱལ་གླིང། ལྡན་དྲན་ཐང། དཔལ་དཔུངས་སོགས་སུ་གཙུག་ལང་ཁང་བཅུ་བདུན། ལྷུན་གྲུབ་སྟེང་དུ་གསེར་ཟངས་ལས་བསྒྲུབས་པའི་སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྲུང་གི་སྐུ་བསྟན་བཟོ་བཀོད་དུ་མས་ཁྱད་པར་འཕགས་པ་སུམ་བརྒྱ་ལྔ་བཅུ་ཙམ་དང། ཙནྡན་དཀར་དམར་ལས་བསྒྲུབས་པའི་སངས་རྒྱས་སྟོང་གི་སྐུ་བརྙན་ཚར་གཉིས་གསེར་སྲང་སུམ་བརྒྱས་བསྒྲུབས་པའི་ཙནྡན་གྱི་བདེ་གཤེགས་མཆོད་རྟེན་བརྒྱད་ཐོག་ཚད་རེ་ཡོད་པ་བཟོ་བཀོད་ཁྱད་པར་འཕགས་པ། གསེར་བྲིས་ཀྱི་བཀའ་འགྱུར། དངུལ་བྲིས་ཀྱི་བསྟན་འགྱུར་དང། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་བུ་སྟོན་ལུགས་ཀྱི་སྒྲུབ་མཆོད་གསར་བཙུགས་ཀྱིས་མཚོན་པའི་སྒྲུབ་མཆོད་དུ་མ་ལོ་ལྟར་འཛུགས་པ་དང། བསྟན་སྲིད་ཀྱི་རིམ་གྲོར་དཔལ་རི། རྡོར་བྲག་སོགས་ནས་ཀྱང་བླ་མ་རེ་གདན་སྲོལ་དང། ཁྱད་པར་དུ་ཆོས་ཀྱི་སྦྱིན་པ་དང། བསྟན་པའི་བཙས་སུ་དགོངས་ནས། ཁྱད་པར་དུ་ཆོས་ཀྱི་སྦྱིན་པ་དང། བསྟན་པའི་བཙས་སུ་དགོངས་ནས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པོ་ཏི་བརྒྱ་དང་གསུམ། ས་སྐྱའི་བཀའ་འབུམ་པོ་ཏི་བཅོ་ལྔ། གཞན་ཡང་འདོན་ཆོག་སྐོར། རྣམ་བཤད་ཆོས་འབྱུང། བླ་བརྒྱུད་རྣམ་ཐར་སོགས་པོ་ཏི་དྲུག་ཅུ་སྐོར་གྱི་བར་དང། བསྟན་འགྱུར་རིན་པོ་ཆེའི་བར་གྱི་ཐོག་མ་ནས་པོ་ཏི་ཉི་ཤུ་ཙམ་གྱིས་དབུ་ཚུགས་ཤིང། བསྟན་འགྱུར་བར་གྲུབ་མཚམས་ནས་ཆོས་ཡིན་ཐམས་ཅད་ཀྱིས་ལྷ་ཁང་བརྒྱ་དང་བརྒྱད་བཞེངས་པའི་དམ་བཅའ་མཛད་དེ། མདོར་ན་སངས་རྒྱས་ཀྱི་བསྟན་པའི་བྱ་བ་ལ་བསྟན་འཛིན་གྱི་སྐྱེ་བུ་རྣམས་ཀྱ་ིཀྱང་འགྲན་ཟླ་མེད་པ་ཡིན་ནོ། ཆོས་རྒྱལ་དེ་ཉིད་ཀྱི་སྲས་འབྲིང་པོ་ཁྲི་རབས་བདུན་པ་(སྨད་ཆ།༦༧༦)ཁྲི་ཆེན་བླ་མ་ཕུན་ཚོགས་བསྟན་པའམ་བླ་ཆེན་ཀུན་དགའ་ཕྲིན་ལས་རྒྱ་མཚོ་ནི། འཕྲལ་གྱི་བློ་རྒྱ། སྙིང་ཤེད། གསུང་བརྗོད་སྒྱུ་རྩལ་མཐའ་དག་ལ་ཆོས་བློན་རིག་པ་ཅན་སླར་ཡང་བྱོན་པ་ལྟ་བུའི་མཚན་གྱི་སྙན་གྲགས་ཀྱི་ཟིལ་གྱིས་ཀྱང་ས་ཆེན་པོ་གཡོ་ཞིང་འདར་ནུས་པའི་ལས་དབང་བཙན་པོའི་སྟོབས་དང་ལྡན་པ་སྟེང་གསར་རྙིང་རིས་མེད་ཀྱི་བླ་མ་མང་པོ་བསྟེན། གཙོ་ཆེར་ངོར་ཨེ་ཝ་པའི་རིང་ལུགས་མཛད། ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་རྟེན་བཞེངས་ཀྱི་འཕྲོ་སྦྱི་དང། ཁྱད་པར་བསྟན་འགྱུར་རིན་པོ་ཆེ་ཏི་ཉིས་བརྒྱ་དང་བཅུ་གསུམ་གྱི་པར་མཐར་ཕྱིན་པ་དང། གཞན་ཡང། རྒྱལ་པོ་བཀའ་ཆེམས། པདྨ་བཀའ་ཐང། ཐང་ཡིག་སྡེ་སྔ། བཻ་ཌཱུ)་དཀར་སྔོན། གཡའ་སེལ། ལྷན་ཐབས། སྙན་འགྲེལ་སོགས་པོ་ཏི་སུམ་ཅུ་སྐོར་གྱི་བར་བཞེངས་པ་སོགས་རྣམ་དཀར་གྱི་མཛད་པ་བློ་ལས་འདས་ཤིང་དེ་རྗེས་ཁྲི་རབས་བརྒྱད་པ་ཆོས་རྒྱལ་བློ་གྲོས་རྒྱ་མཆོ་ནི་ཕྱིའི་དགྲ་ལ་བློ་ཤིང། དེ་རྗེས་ཁྲི་རབས་བརྒྱད་པ་ཆོས་རྒྱལ་བློ་གྲོས་རྒྱ་མཚོ་ནི་ཕྱིའི་དགྲ་ལ་བློ་ཤེད་ཆེ་ཞིང། ནང་གི་མི་ལ་སྙིང་ཉེ་བ་གཙུག་གི་མཆོད་གནས་ཀྱང་དཔལ་ས་སྐྱ་པ་འཇམ་མགོན་ངག་དབང་ཀུན་དགའ་བློ་བྲོས་སྐུ་མཆེད། ཐང་ཙེ་མཁན་ཆེན་ནམ་མཁའ་བསམ་འགྲུབ། ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང། ཤར་ཆེན་རྡོ་རྗེ་འཆང་རིན་ཆེན་མི་འགྱུར་རྒྱལ་མཚན། ཞུ་ཆེན་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན། མཁས་དང་གྲུབ་པའི་ཁྱུང་མཆོག་ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད། སྔ་འགྱུར་བསྟན་པའི་སྲོག་འཛིན་རྫོགས་ཆེན་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན། རྒྱལ་བ་ཀ༔ཐོག་པ་དྲི་མེད་ཞིང་སྐྱོང་མགོན་པོ། རིག་འཛིན་ཉི་མ་གྲགས་པའི་སྦྲུལ་སྐུ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་སོགས་གུས་པས་བསྟེན་ཅིང། གསར་རྙིང་རིས་མེད་(སྨད་ཆ།༦༧༧)པའི་ཟབ་ཆོས་རྒྱ་མཚོ་ལྟ་བུ་གསན། གསེར་ཟངས། བ་སོ། ཙནྡན་སོགས་ལས་སངས་རྒྱས་བྱང་སེམས་སོགས་ཀྱི་སྐུ་བརྙན་ཁྱད་མཚར་བརྒྱ་ཕྲག་མང་པོ་དང། ཁྱད་པར་གཟིམ་ཆུང་གསར་པའི་ལྷ་ཁང་དུ་གསེར་ཟངས་ཀྱི་གྲུབ་ཆེན་བརྒྱུད་ཅུ། ཐུབ་པ་གནས་བརྟན་གཙོ་འཁོར། སྒྲོལ་མའི་སྐུ་སོགས་ཁྲི་རྒྱབ་ཡོལ་གཞུགས་ཁང་བཅས་བཟོས་བཀོད་ཡིད་འཕྲོག་པ་མང་པོ་དང། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། མཐིང་ཤོག་ལ་གསེར་ཞུན་མས་བྲིས་པ་དང། སླར་ཡང་ངེས་དོན་སྙིང་པོའི་མདོ་རྣམས་དང་སཻས་རྩིན་སྐོར་རྣམས་སོགས་གསུང་རབ་མང་པོ་གསེར་དངུལ་གྱིས་བྲིས་པ་དང། ཁྲོམ་རྡོ་ཁོར་དགོན། འཛིན་སྟག་མོ་སྒང། ཡིད་ལྟུང་ལྷ་བྱ་དགོན། རྫོགས་ཆེན་དགོན། རྡོར་བྲག་དགོན་གསརེ་སོགས་ཀྱི་གཙུག་ལག་ཁང་མང་པོ་གསར་བཞེངས་ཞིག་གསོས་བསྒྲུབས་པ། མཁན་ཆེན་དཔལ་ལྡན་དངུལ་གྱི་མཆོད་རྟེན་མང་པོའི་མཐུན་རྐྱེན་དང། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་གསེར་གདུང་ཆེན་མོ་ཡིད་བཞིན་ནོར་བུས་གཙོས་པའི་གསེར་དངུལ་གྱི་མཆོད་རྟེན་མང་པོའི་མཐུན་རྐྱེན་དང། རྙིང་མའི་མཛོད་བདུན། ཞུ་ཆེན་རིན་པོ་ཆེའི་བཀའ་འབུམ་པོ་ཏི་བཅུ་དྲུག་སྨན་ཡིག་གཡུ་ཐོག་ན་ལག་བཅོ་བརྒྱད་དཔལ་སྦུངས་པའི་སྨན་བསྡུས། བྱེ་བ་རིང་བསྲེལ་དར་མོ་སྨན་རམས་པའི་བཀའ་རྒྱ་མ་སོགས་པོ་ཏི་ལྔ་བཅུ་ལྷག་པའི་བར་གསར་དུ་བཞེངས་པ་སོགས་རྟེན་གསུམ་གྱི་ཕྱག་རྗེས་ཤིན་ཏུ་རྒྱ་ཆེ་བ་དང་ལམ་དང་དབང་བཙན་པོའི་རང་ཤུགས་ཀྱིས་གཞན་སྡེ་ཁས་དྲག་དཔུང་ཆེན་མང་པོ་འབད་རྩོལ་མ་དགོས་པར་མངའ་ཞབས་སུ་འདུས་པ་སྔར་རྫོང་སྒོ་བཅོ་བརྒྱད་ཟེར་ཡང་དེང་སང་རྫོང་ཁག་ཉེར་ལྔ་དང། གཞན་དཔོན་ཆུང་མང་པོ་དང། འབྲོག་སྡེ་ཁྲི་ཕྲག་གསུམ་དུ་ལོངས་པ་སོགས་བརྗོད་ཀྱིས་མི་ལངས་ཤིང་མཛད་ཕྲིན་རྒྱ་ཆེ་(སྨད་ཆ།༦༧༨)བ་ཡིན་ནོ། དེ་ནས་སྡེ་དགེ་ས་དབང་བཟང་པོ་སྐུ་ན་མ་སོན་པའི་བར་དེར་རྗེ་བཙུན་དབྱངས་ཅན་སྒྲོན་མས་རྒྱལ་སྲིད་ཀྱི་བྱ་བ་སྔ་སྲོལ་ལྟར་མཛད་དེ། རྗེ་བཙུན་མ་འདི་སྐུ་གཞོན་ནུ་ནས་ངོར་ཨེ་ཝཾ་པ་ཆེན་པོའི་རིང་ལུགས་ལ་རབ་ཏུ་བྱུང། གོང་དུ་སྨྲོས་པའི་གསར་རྙིང་རིས་མེད་ཀྱི་བླ་མ་མང་དུ་བསྟེན་སྨན་དཔྱད་སོགས་ལས་མཁས་ཤིང། ཐུགས་དམ་ཉམས་བཞེས་སོགས་གཞན་འགྲན་དང་བྲལ། ལུགས་གཉིས་ཀྱི་ཚུལ་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པས་ལེགས་སྦེལ་ཉེས་འགོག་གོ་ཚུལ་ལ་ཐུགས་གཟུང་བོར་གནས་ཤིང་མཁས་པས་རང་སྡེར་བྱམས་སྐྱོང་དང་གཞན་སྡེ་གནོན་པ་ལ་བློ་སྟོབས་ཆེ། སྦྲ་མཐོ། རྫོང་སར། འཁོར་ལོ་མདོ་རྣམས་ཀྱི་ཀྱི་ཁང་རྟེན་བརྟེན་པར་བཅས་དེར། ཐུབ་བསྟན་ནོར་བུ་གླིང་གི་དགོན་གསར་འདེབས་དང། བཞེངས་མང་པོ་དང། ཐུབ་བསྟན་ནོར་བུ་གླིང་གི་དགོན་གསར་འདེབས་དང། ཟངས་གསེར་ལས་གྲུབ་པའི་ཀུན་རིགས་རྩ་ལྷ་སོ་དྲུག་གིས་མཚོན་པའི་རྟེན་བཞེངས་མང་པོ་དང། ལྕང་རང་བཞུགས་སྒར་ཕེབས་བསྟུན་བུམ་སྒྲུབ་ཆེན་མོ་ལྟར་འཛུགས་པ་སོགས་རྣམ་དཀར་གྱི་ཕྱག་ རྗེ་ཆེ། ཁྲི་རབས་དགུ་པ་ས་སྐྱོང་མིའི་དབང་པོ་ས་དང་བཟང་པོ་ནི། སྐུ་ན་ཕྲ་མོའི་དུས་ནས་རྣམ་དཀར་གྱི་ལས་ལ་ཐུགས་ཀྱི་བག་ཆགས་པད་པས། བྱིས་པའི་དུས་ནས་ཐོ་རངས་ཀྱི་དུས་ནས་བཞེངས་ཏེ་ཐུགས་དམ་གྱི་རིགས་བསམ་གྱིས་མི་ཁྱབ་པ་མཛད་ཅིང། ཕྱིས་ནས་སྐུ་ཆས་ཀྱང་དཀར་ཆས་སུ་བསྒྱུར། ས་སྐྱ་བདག་ཆེན་འཇམ་དབྱངས་དབང་སྡུད་སྙིང་པོ་གཙོ་བོར་གྱུར་པའི་རིས་མེས་ཀྱི་དམ་པ་མང་པོ་ལ་བསྙེན་བཀུར་དང་སྲི་ཞུས་མཆོད་ཅིང། བཀའ་ཆོས་ཀྱི་བདུད་རྩི་བཞེས་ཆབ་སྲིད་མངའ་འབངས་ཡུལ་འཁོར་ཐམས་ཅད་ཐུགས་གཉེན་གཤིན་པོའི་བྱམས་སྐྱོང་ལས་མ་ཉེས་པའི་ཆད་པ་སོགས་ཡེ་ནས་མི་(སྨད་ཆ།༦༧༩)མཛད། ཚེ་དཔག་མེད་ཀྱི་སྐུ་ལྷ་ཆེན་གྱི་ཐོག་སོར་སླེབས་པར་ཟངས་གསེར་ལས་བཞེངས་པ་སོགས་རྟེན་བཞེངས་ཀྱང་མང་དུ་མཛད་པ་དཡོད་ལ། དེ་ནས་ལྷ་སྲས་རིན་པོ་ཆེ་སྐུ་ན་ཕྲ་བས་བར་འདི་དཔོན་མོ་ཚེ་དབང་ལྷ་མོ་ཉིད་ཀྱི་རྒྱལ་སྲིད་མཛད། ས་སྐྱོང་དབང་མོ་འདི་སྒ་རྗེ་དཔོན་གྱི་སྲས་མོར་འཁྲུངས། རྒྱལ་ཁབ་ཆེན་པོར་ས་སྐྱ་བདག་ཆེན་གྱིས་ལུང་བཞིན་སྡེ་དགེའི་དཔོན་སར་ཕེབས། ཀརྨ་པ་བདུད་འདུལ་རྡོ་རྗེས་སྒྲོལ་མ་བཀྲ་ཤིས་དོན་འགྲུབ་མའི་སྦྲུལ་པར་ལུང་བསྟན། ཆབ་འབངས་མངའ་རིས་ཐམས་ཅད་ས་སྐྱོང་གོང་མ་རྣམས་ཀྱི་མཛད་སྲོལ་བཞིན་ཕན་བདེའི་དཔལ་གྱིས་ལེགས་པར་བསྐྱངས། རྒྱ་ནག་གོང་མ་ཆེན་པོས་ཀྱང་མིང་དང་ལས་ཀའི་ཐམ་ག་གནང་སྟེ་ཆེན་པོའི་གོ་སར་དབང་བསྐུར། རིས་མེད་པའི་བསྟན་པ་ལ་སྲི་ཞུ་དང་ལྷག་པར་གསང་ཆེན་རྙིང་མའི་རིང་ལུགས་ལ་ཐུགས་འདུན་ཆེ། གསར་རྙིང་གི་བླ་མ་དུ་མ་བསྟེན་ནས་བཀའ་ཆོས་བཤེས་ཤིང་བསྙེན་བཀུར་ཕུལ། རྙིང་རྒྱུད་པུ་ཏི་ཉི་ཤུ་རྩ་དྲུག་གི་པར་དང། རིག་འཛིན་འཇིགས་མེད་གླིང་པའི་བཀའ་འབུམ་ཡོངས་རྫོགས་པུ་ཏི་དགུ། ཀློང་ཆེན་པའི་ཡང་ཐིག་རྣམས་གཉིས། ངོར་ཆེན་ཀུན་དགའ་བཟང་པོ་དང། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་སོགས་པར་དུ་བརྐོ་བ་དང། རྫོགས་ཆེན་སྙིང་ཐིག་ཡ་བཞི་མཐིང་ཤོག་ལ་གསེར་གྱིས་བྲིས་པ་དང། གཡུ་འབྲུག་གདོང་ལྷ་ཁང་རྟེན་བརྟེན་པརེ་བཅས་གསར་བཞེངས། ཁྱད་པར་དཔོན་མོ་རང་གི་སྐུ་རྒྱན་རྣམས་ལས་ཨོ་རྒྱན་རིན་པོ་ཆེའི་སྐུ་གཙོ་འཁོར་གསུམ་ཐོག་ཚད་མ་རིན་པོ་ཆེའི་ཕྲ་རྒྱན་དུ་མས་བྱོན་ལེགས་པར་བཞེངས་པ་དང། རྫ་སྟོང་གི་ལུང་དུ་དགོན་རྟེན་བརྟེན་པས་བཅས་པ་(སྨད་ཆ།༦༨༠)གསར་འདེབས། བསམ་ཡས་ཀྱི་གཙུག་ལག་ཁང་ལ་མར་མེས་རྒྱུན་འཛུགས་འབྲི་སྟོང་ཕྲག་ལྷག་བཅས་དང་དངོས་རྫས་བསམ་གྱིས་མི་ཁྱབ་པ་སྦྱོར་འཇགས་མཛད་པ་སོགས་རྣམ་དཀར་གྱི་ཕྱག་རྗེ་ཆེ། ཐུགས་དམ་ཟབ་བཞེས་བསྐྱེད་ཟླས། སྒོམ་ཉམས་སོགས་ཀྱང་འགྲན་ཟླ་དང་བྲལ་བ་ཡིན་ནོ། དེང་སང་གདན་ས་བཅུ་པར་ཁྲིར་བཞུགས་པའི་ཆོས་ཀྱི་རྒྱལ་པོ་ལྷ་སྲས་ཡིད་བཞིན་ནོར་བུ་ཚེ་དབང་རྡོ་རྗེ་རིག་འཛིན་ཞེས་སྦྲུལ་པའི་ཆོས་རྒྱལ་ས་ལ་སྦྱོད་པའི་དབང་པོ་འདི་དང་ལྕམ་རྟ་མགྲིན་དབང་མོ་བཅས་པས་ལྕམ་དྲལ་ཟུང་གིས་ཆབ་འབངས་ཐམས་ཅད་བྱམས་བརྩེས་བདེ་བར་བསྐྱངས་ཤིང། གཙུག་ལག་ཁང་རྟེན་གསུམ་གསར་བཞེངས་ཐུགས་དམ་ཟབ་མོའི་ཉམས་བཞེས་སོགས་རྣམ་དཀར་གྱི་ལེགས་མཛད་གོང་འཕེལ་དུ་བཞུགས་པའི་འདི་བཞེས་སོགས་དཀར་གྱི་ལེགས་མཛད་གིང་འཕེལ་དུ་བཞུགས་པ་འདི་བཞིན་ལ་སླར་ཡང་ཆབ་སྲིད་འཕེལ་ཞིང་ཞབས་པད་བསྟན་པར་མཆོག་གསུམ་བླ་མ་མཁའ་གནོན་པ་ལ་དཔའ་ཆེ་ར་བ་ཎ་ལྟ་བུ། རང་སྡེ་ཐབས་ཀྱིས་སྐྱོང་བ་ལ་ཚངས་པ། གཙུག་ལག་རྟེན་གསུམ་བཞེངས་པ་ལ་ཆོས་རྒྱལ་མེས་དབོན་ལ་འགྲན་ནུས་པ། ཡངས་པའི་ས་ཆེན་པོ་ལ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ། སྡེ་དགེ་ཆོས་ཀྱི་རྒྱལ་པོའི་གདུང་རབས་ཇི་ལྟར་བྱུང་བ་དང་གདན་རབས་ཀྱི་ཕྲེང་བ་ཅུང་ཟད་ཙམ་ཞིག་གླེང་བ་སྟེ། ཇི་སྐད་དུ། རྒྱལ་པོ་རྣམས་ནི་མང་གྱུར་ཀྱང། ཆོས་བཞིན་སྦྱོད་པ་ཤིན་ཏུ་ཉུང། མཁའ་ལ་ལྷག་ནས་མང་ན་ཡང། འོད་གསལ་ཉི་ཟླ་ལྟ་བུ་མེད། ཅེས་དང། མགོན་པོ་ཀླུ་སྒྲུབ་ཀྱིས་བློ་ལྡན་གང་ཞིག་བྱ་བ་གང། དམ་ཆོས་(སྨད་ཆ།༦༨༡)གཙོ་བོ་བྱེད་པ་ནི། དེ་ལ་འདི་དང་གཞན་དུ་ཡང། བདེ་བར་འགྱུར་བ་ཐེ་ཚོམ་མེད། ཅེས་གསུངས་པ་ལྟར། གདུང་བརྒྱུད་རིན་པོ་ཅེ་ཐམས་ཅད་ཀྱིས་མཛད་པའི་གཙོ་བོ་ནི་དམ་པའི་ཆོས་ཁོ་ན་ལ་ཐུགས་བརྩེ་གཏོད་པ་ཤ་སྟག་ཡིན་ཏེ་ཆོས་ཀྱི་རྒྱལ་པོ་ཞེས་མིང་དོན་མཚུངས་ཤིང་གྲགས་པ་དོན་དང་ལྡན་པ་ཏེ། དེ་ཡང་འཕྲུལ་བློན་ཆེན་པོ་འགར་སྟོང་བཙན་ཡུལ་བཟུང་ནས་ད་ལྟ་ཡན་ལ་ལོ་སྟོང་ཕྲག་གཅིག་དང་བརྒྱ་དང་ལྔ་བཅུ་ང་གྲངས་འགྲོ་བ་ལ། ཆེ་རྒྱུད་ཀྱི་ལྷ་གྲལ་མ་སྟོང། མཐོན་པོའི་དབུ་འཕང་མ་ཉམས། མི་བརྒྱུད་ལྷ་ལས་འཆད་པ་དང། ཆུ་རྒྱུད་གངས་ལ་ཐུག་པའི་ལོ་རྒྱུས་ཞིབ་པར་བརྗོད་དུ་མི་ལངས། ཁྱད་པར་དུ་རིས་མེད་པའི་བསྟན་པ་རིན་པོ་ཆེ་སྲི་ཞུ་དང་བསྙེན་བཀུར་གྱིས་མཆོད་པ་ལ་འགྲན་ཟླ་དང་བྲལ་ཞིང། ནང་གསེས་དཔལ་ལྡན་ས་དོར་གཉིས་དང་གསང་ཆེན་རྙིང་མའི་བསྟན་པའི་རྩ་ལག་ཏུ་གྱུར་པ་ཡིན་ཏེ། དེ་ལ་ས་དོར་གཉིས་དང་འབྲེལ་ཚུལ་གདན་རབས་ཀྱི་ཡིག་ཚང་རྣམས་སུ་གསལ་ཞིང། གསང་ཆེན་རྙིང་མའི་བསྟན་པའི་རྩ་ལག་ཏུ་གྱུར་པ་ཡིན་ཏེ། དེ་ལ་ས་དོར་གཉིས་དང་འབྲེལ་ཚུལ་གདན་རབས་ཀྱི་ཡིག་ཚང་རྣམས་སུ་གསལ་ཞིང། གསང་ཆེན་རྙིང་མ་དང་འབྲེལ་ཆེ་ཚུལ་ཅུང་ཟད་ཅིག་གླེང་ན། གདུང་བརྒྱུན་རིན་པོ་ཆེ་འདིའི་ཐོག་མ་མགར་སྟོང་བཙན་ཡུལ་བཟང་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་ནང་བློན་དུ་གྱུར་པ་ནས་བཟུང། གདུང་བརྒྱུད་དྲུག་པ་ཨ་མྱེ་དགེ་བ་དཔལ་གྱིས་སློབ་དཔོན་རིན་པོ་ཆེའི་ཐུགས་སྲས་དམ་ལམ་རྒྱལ་བ་མཆོག་དབྱངས་དང། ལོ་(སྨད་ཆ།་བ་གཡུ་སྒྲ་སྙིང་པོ། མཁོན་ཀླུའི་དབང་པོ་སོགས་བསྟེན་ནས་གྲུབ་པ་བསྙེས། སྐུ་ཚེའི་སྨད་ལ་ཁམས་སུ་བྱོན་ནས་འདན་བྲག་གླིང་ཆེན་ན་བཞུགས། འཕགས་པ་བྱམས་པས་བྱམས་ཆོས་ལྔ་དངོས་དུ་གནང། རྫོགས་ཆེན་གྱི་མངའ་བདག་ཏུ་གྱུར། ཡི་དམ་རྟ་མགྲིན་(སྨད་ཆ།༦༨༢)དང་རྡོ་རྗེ་གཞོན་དུའི་ཞལ་གཟིགས། རྟ་མགྲིན་གྱི་སྒྲུབ་རྟེན་དྲིལ་བུ་སེར་པོ་རྟ་སྐད་ཅན་བྲོལ་བ་ཙམ་གྱིས་ཡི་དམ་གྱི་ལྷ་དངོས་སུ་བྱོན་པ་དང། ཕུར་པའི་སྒྲུབ་རྟེན་དྲིལ་བུ་ནག་པོ་ཧཱུྃ་སྒྲ་ཅན་ཁྲོལ་བ་ཙམ་གྱིས་བསྟན་དགྲའི་མིག་འབྲས་ཐང་པ་ལྷུང་བའི་ནུས་པ་ཅན། དམ་ཅན་ཆོས་སྐྱོང་སྦྱི་དང་བརྒྱད་ཅུ་བཞུགས་ནས་དྲིལ་བུ་སེར་པོ་རྟ་སྐད་ཅན་བསྣམས་ནས་སྐུ་ལུས་དེ་ཉིད་ཀྱིས་མཁའ་སྦྱོད་དུ་གཤེགས། དྲིལ་བུ་ནག་པོ་ཧཱུྃ་སྒྲ་ཅན་ནི་དེ་རྗེས་གདུང་རབས་ལྔ་ནས་མགར་བཀྲ་ཤིས་དཔལ་གྱིས་བསྣམས་ནས་ལྕང་ལོ་ཅན་དུ་གཤེགས། དེ་རྗེས་གསུང་རབས་ཉེར་གཉིས་པ་ཨ་མྱེ་བྱམས་པ་དཔལ་ཕྱི་མས་ཀྱང་བྱ་རྒོད་ཀྱི་ཐུལ་པ་མནབ་ནས་དགའ་ལྡན་དུ་སྐུ་ལུས་མ་སྦངས་པར་སོང་བར་གྲགས་ཏེ་འདི་ཡན་རྙིང་མའི་གྲུབ་ཐོབ་ཁོ་ན་བྱོན་པ་ཡིན་ལ། དེ་རྗེས་མགར་དམ་པ་ཆོས་སྡིངས་པའང་རྡོ་རྗེ་ཕུར་བའི་ཞལ་གཟིགས་པ་དང། ཕུར་སྲུང་རྣམས་བྲན་དུ་ཁོལ་བ་ཞིག་ཡིན་ལ། དེ་རྗེས་གདུང་རབས་སོ་གསུམ་པ་བདེ་ཆེན་བསོད་ནམས་བཟང་པོ་དང། རྔུ་པ་ཆོས་ཀྱི་རྡོ་རྗེ་མཆེད་ཀྱི་ཆོས་ཀྱི་རྡོ་རྗེ་ནི་གསང་སྔགས་རྙིང་མའི་གྲུབ་ཐོབ་ཡིན་ལ། བདེ་ཆེན་བསོད་ནམས་བཟང་པོའང་ཐོག་མར་རྒྱལ་བ་ཀ༔ཐོག་པ་དང་མཆོད་ཡོན་འབྲེལ་ཞིང། དེས་སྲས་སྡེ་དགེ་བོ་ཐར་གྱི་དུས་སློབ་དཔོན་པདྨའི་རྣམ་འཕྲུལ་རྩོད་མེད་དུ་གྲགས་པ་གྲུབ་ཐོག་ཐང་སྟོང་རྒྱལ་པོ་དང་ཡོན་ཡིན་ལ། དེ་རྗེས་སྡེ་དགེ་ཀུན་དགའ་རྒྱ་མཚོ་ཞེས་གྲུབ་པའི་དབང་ཕྱུག་མི་དམ་གྱི་ཞལ་གཟིགས་ཤིང་ཆོས་སྲུང་བྲན་དུ་འཁོལ། སྲ་མཁྲེགས་ཀྱི་རྡོ་ཡང་འདམ་ལྟར་(སྨད་ཆ།༦༨༣)བརྗི་བར་ནུས་བ། གནས་གཏེར་གྱི་སྒོ་འབྱེད་པའི་གྲུབ་ཆེན་དེ་ཉིད་ལ། རིག་འཛིན་འཇའ་ཚོན་སྙིང་པོས་ལུང་བསྟན་ཏེ། ཚོགས་གཟན་ལ་སྡིག་པའི་གཟུགས་བརྙན་བཅོས་ནས་གནང་སྟེ། འདི་སྣང་སྲིད་ཟིལ་གནོན་ཡི་དམ་གུ་རུ་དྲག་པོའི་ཕྱག་གཚན་ཡིན་པས་ཁྱེད་རང་ཚང་གི་རྟགས་ཐེའུ་ལ་འདི་རྒྱོབ་ལ། ས་ཆ་སྟོད་ཐམས་ཅད་ས་སྐྱ་བ་དང། སྨད་ཐམས་ཅད་རྙིང་མ་བས་ཟུང་དང་བསྟན་སྲིད་ཕྱི་རྒྱ་ལ་གས་མེད་པ། ནང་རྒྱ་ལ་སྲུབ་མེད་འོང་གསུངས་ནས་ལུང་བསྟན་པ་བཞིན་མཛད་པས་བསྟན་སྲིད་རྒྱས་པའི་དབུ་ཚུགས་ཏེ་ཆེན་རིག་པ་འཛིན་པ་དེ་གཉིས་རྟེན་འབྲེལ་ལེགས་ཚོགས་སུ་འགྲིགས་པ་ལས་བྱུང་ཞིང། དེའི་སྟོབས་ཀྱིས་ལྷ་ཁང་ཆེན་མོའི་གཙང་ཁང་དང་པོར་གུ་རུ་མཚན་བརྒྱད་སྐུ་བཞེངས་པ་དང་འདུ་ཁང་གི་གཡས་ཐམས་ཅད་རྙིང་མའི་ལྷ་དང་གཡོན་ངོས་གསར་མའི་རྒྱུད་སྡེ་རྣམས་བྲིས་ནས་ཡོད་དེ་གསར་རྙིང་མའི་ལྷ་དང་གཡོན་ངོས་གསར་མའི་རྒྱུད་སྡེ་རྣམས་བྲིས་ནས་ཡོད་དེ་གསར་རྙིང་ཁྱད་མེད་མཛད་པ་ཡིན་ལ། བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་ཀྱང་སྦྲུལ་སྐུ་མི་འགྱུར་རྡོ་རྗེ་དང་གཏེར་སྟོན་བདུད་འདུས་རྡོ་རྗེ་དང་གཞན་རྐྱེན་གྱིས་རྟེན་འབྲེལ་གྱི་ཟུར་ཅུང་ཉམས་པས་བསྟན་སྲིད་ཁ་བར་བསེད་ཕྲན་བུ་བྱུང་ཀྱང། སླར་ཁྲི་ཆེན་བླ་སངས་རྒྱས་བསྟན་པས་བདུད་འདུལ་རྡོ་རྗེ་ཉིད་ལ་ཞུས་པའི་བཀའ་བཞིན་གཏེར་སྟོན་ཀླུང་གསལ་སྙིང་པོ་ཀ༔ཐོག་གི་གདན་སར་མངའ་གསོལ་ནས་བསྟན་དུས་ཀྱི་སྐུ་རིམ་བསྒྲུབ་ཏུ་བཅོལ་བས་རྟེན་འབྱུང་སོར་ཆུད་ཅིང། ཁྱད་པར་དུ་གཏེར་སྟོན་རིག་འཛིན་ཆེན་པོ་ཉི་མ་གྲགས་པ་དང་རྟེན་འབྲེལ་ལེགས་པར་འགྲིགས་ཤིང་(སྨད་ཆ།༦༨༤)གཏེར་ཆེན་གྱིས་སྲིད་གསུམ་བདག་པོ་ལྷ་ཆེན་དབང་ཕྱུག་ཆེན་པོའི་དབང་བསྐུར་ནས་ལྷ་འདྲེ་མི་གསུམ་ལ་དབང་བསྒྱུར་ནུས་པའི་རྟེན་འབྱུང་བསྒྲིགས་ཤིང། ཕྱིས་ཆོས་དང་བླ་མ་བློ་གྲོས་རྒྱ་མཚོས་ཀྱང་བསྟན་ཇུས་ཀྱི་རིམ་གྲོང་ལྷ་ཆེན་བསྒྲུབས་པས་བསྟན་སྲིད་གོང་དུ་འཕེལ་བའི་ལུང་བསྟན་བྱུང། གཏེར་ཆེན་གྱིས་མཐའ་དམག་གི་བླ་རྡོ་སྟག་སྒང་ལྷ་ཆེན་ཞབས་སུ་མནན་ནས་མཐའ་དམག་གི་བླ་རྡོ་སྟག་སྒང་ལྷ་ཆེན་ཞབས་སུ་མནན་ནས་མགའ་དམག་གི་འཚེ་བ་མི་འབྱུང་བར་མཛད་ཅིང། བཀའ་བསྟན་ཆོས་ཀྱི་མཛོད་དུ་འགྱུར་བའི་ལུང་བསྟན་སྩལ་བ་སོགས་བསྟན་སྲིད་རྒྱས་པའི་རྩ་ལག་ཏུ་གྱུར་པ་དང། ས་སྐྱོང་བསྟན་པ་ཚེ་རིང་གིས་གོང་དུ་སྨྲོས་པ་ལྟར་གཏེར་ཆེན་ཉི་གྲགས་གདན་དྲངས་ཤིང། ཁྱད་པར་དུ་དབུས་གཙང་དག་པའི་ཞིང་གི་འཕྱོངས་རྒྱས་དཔལ་རིའི་སྒྲུབ་སྡེ་ནས་གྲུབ་པའི་དབང་ཕྱུག་རིག་འཛིན་ཀུན་བཟང་འོད་ཟེར་བྱོན་ཏེ་ཆོས་རྒྱལ་འདི་ཉིད་ཀྱི་ཞབས་བརྟན་བསྒྲུབས་པས་ཚེ་ཆུའི་རྒྱུན་བབས་པ་དང། སྲིད་སྦེལ་གྱི་བུམ་པར་མར་གྱི་རིལ་བིུ་སྲས་ཀྱི་གྲངས་མཚུངས་དངོས་སུ་བྱུང་བ་དང། སྒྲུབ་ཁང་དྲི་བཟང་གིས་ཁེངས་པ་དང། དྲེགས་པ་སྡེ་བརྒྱད་ལས་ལ་འཁོལ་བ་དང། མངོན་ཤེས་ལ་ཆག་ཐོགས་མེད་པ་སོགས་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པ་དེ་ཡང་བསྟན་སྲིད་ལ་སྐུ་དྲིན་ཆེ་བ་དང། གཞན་ཡང་བསྟན་སྲིད་ཀྱི་རིམ་གྲོ་བསྒྲུབ་པར་དཔལ་རི་དང་རྡོ་བྲག་ནས་རིམ་པར་དེང་སང་བར་བྱོན་སྲོལ་དང། ཁྱད་པར་སྡེ་དགེ་བློ་གྲོས་རྒྱ་མཚོ་ཞིང་གཤེགས་ནས་རྗེ་བཙུན་དབྱངས་ཅན་སྒྲོལ་མས་སྲིད་སྐྱོང་མཛད་སྐབས་ས་སྐྱོང་གོང་མ་རིན་པོ་ཆེ་བདག་ཆེན་ངག་དབང་ཀུན་དགའ་བློ་གྲོས་ཀྱི་ལུང་བསྟན་པ་བཞིན་གྲུབ་པའི་དབང་ཕྱུག་དཔའ་བོ་ལས་རབ་རྩལ་ལ་བསྟན་དུས་ཀྱི་སྐུ་རིམ་བསྒྲུབ་ཏུ་(སྨད་ཆ།༦༨༥)སྩལ་བས་ལེགས་ཚོགས་གོང་དུ་འཕེལ་ཞིང། ཁྱད་པར་ལུང་དོན་བཞིན་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བཞེངས་པའི་ཞབས་སུ་འདྲེ་བདུད་ཀྱི་བླ་རྡོ་མནན་ནས་ལོ་ཉི་ཤུ་ཚུན་ལ་མཐའ་མིའི་འཚེ་བ་མི་འོང་བར་ཞལ་བཞེས་པ་ཐོག་ཏུ་ཁེལ་བ་བྱུང་བ་སོགས་བརྗོད་དུ་མི་ལངས་ཤིང། སྦྱིར་བོད་གངས་ཅན་གྱི་བསྟན་འགྲོའི་བདེ་སྐྱིད་ཐམས་ཅད་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་དང་སྦྲུལ་པའི་གཏེར་སྟོན་རྣམས་ཀྱི་རྟེན་འབྲེལ་གྱི་འགྲིགས་ཕྱོགས་ལེགས་པ་ཁོ་ན་ལས་འབྱུང་བ་ཡིན་ཞིང། ཁྱད་པར་སྡེ་དགེ་ཆོས་ཀྱི་རྒྱལ་པོའི་བསྟན་སྲིད་ཀྱི་ལེགས་ཚོགས་ཐམས་ཅད་གསང་ཆེན་རྙིང་མའི་རིང་ལུགས་ལ་བརྟེན་ནས་འཕེལ་རྒྱས་བྱུང་བ་མངོན་སུམ་ཚད་མར་གྱུར་པ་དེ་བཞིན་ཡིན་ཀྱང་རང་ཕྱོགས་འདེབས་པ་ལས་ལོ་རྒྱུས་ཤེས་པའང་དཀོན་པར་སྣང་བས་འདིར་ཟུར་ཙམ་སྨྲོས་པ་ཡིན་ནོ། དེ་ལྟར་ས་ལ་སྦྱོད་པའི་ཚངས་པ་ཆོས་ཀྱི་རྒྱལ་པོ་སྡེ་དགེ་རིན་པོ་ཆེའི་གདན་རབས་མདོར་བསྡུས་ཙམ་ཞིག་ལེགས་པར་བཤད་ཟིན་ཏོ། བོད་ཡུལ་དབུས་ཀྱི་ཕྱོགས་སུ་རྒྱལ་བོ་ཇི་ལྟར་བྱུང་ཚུལ། བོད་ཡུལ་དབུས་ཀྱི་ཕྱོགས་སུ་རྒྱལ་པོ་ཇི་ལྟར་བྱུང་བའི་ཚུལ་ཡང། ཆོས་རྒྱལ་གྱི་གདུང་བརྒྱུད་ཡུམ་བརྟན་འོད་སྲུང་གཉིས་ལས། ཡུམ་བརྟན་བརྒྱུད་མ་དག་པར་བཞེད་མོད། འོན་ཀྱང་བསྟན་པ་ལ་བྱ་བྱེད་པའང་མང་དུ་བྱུང་སྣང་ལ། འོད་སྲུང་གི་སྲས་དཔལ་འཁར་བཙན་དང། དེའི་བཙུན་མོ་ཆེན་མོའི་སྲས་ལ་སྐྱིད་ལྡེ་ཉི་མ་མགོན་འདི་མངའ་རིར་བྱིན་པས་སྟོད་མངའ་རིས་རྒྱལ་བ་བརྒྱུད་རྣམས་བྱུང་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་སྲི་ཞུ་(སྨད་ཆ།༦༨༦)ཆེ། ཆུང་མའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ནས་ལ་སྟོད་དང། བོད་ཁམས་མདོ་སྨད་རྣམས་སུ་གདུང་བརྒྱུད་བྱོན་པ་རྣམས་ཀྱང་རྒྱལ་བའི་བསྟན་ལ་བྱ་བ་བྱེད་པ་ཤ་སྟག་བྱོན་མོད། འོན་ཀྱང་བོད་སྐྱི་ལ་དབང་བསྒྱུར་བའི་རྒྱལ་པོ་ནི་མ་བྱུང་སྟེ། དེ་ནས་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཧོར་གྱིས་གདན་དྲངས། བོད་ཐམས་ཅད་ཧོར་འོག་ཏུ་ཡོད་པ་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་དགུང་ལོ་ཉི་ཤུ་པ་ལ་ཕུལ་བ་ནས་བོས་མངའ་དབང་དུ་གྱུར་ནས། བླ་མས་ཆོས་ཀྱི་བྱ་བ་དང། དཔོན་ཆེན་རྣམས་གླང་བར་བསྐྱངས་ཀྱང། དཔོན་ཆེན་རྣམས་འཇམ་ཐལ་རྩུབ་ཐལ་གྱིས་ས་མོ་གླང་བར་བསྐྱངས་ཀྱང། དཔོན་ཆེན་རྣམས་འཇམ་ཐལ་རྩུབ་ཐལ་གྱིས་ས་མོ་གླང་ལ་དབུས་ཕྱོགས་ཕལ་ཆེར་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་པས་བཟུང། དེ་ནས་ལོ་དྲུག་པ་ཤིང་ཕོ་རྟའི་ལོ་ནས་གཙང་གི་ས་ཆ་ཕལ་ཆེ་བ་ཡང་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བཟུང་ནས། ས་གླང་ནས་ལོ་བརྒྱད་ཅུ་གྱ་བདུན་པ་ཤིང་ཡོས་ཀྱི་བར་དབུས་གཙང་གི་མཐིལ་ཕལ་ཆེ་བ་སྡེ་པ་ཕག་མོ་གྲུབ་པས་བསྐྱངས། ཤིང་ཡོས་ལོ་ལ་རིན་སྦུངས་ནོར་བཟང་གིས་བསམ་འགྲུབ་རྩེ་བཟུང་སྟེ། དེ་ནས་བརྩམས་གཙང་གཞུང་ཕལ་ཆེ་བ་རིན་སྦུངས་པས་བསྐྱངས། སྡེ་པ་རིན་སྦྲུངས་པ་སྒར་བ་དོན་ཡོད་རྡོ་རྗེས་དབུས་གཞུང་ཡང་བཟུང། ཤིང་ཡོས་ནས་བརྒྱ་དང་ལྔ་པ་ཤིང་ཕོ་གླང་ནས་གཙང་བ་ཞིང་གཤེགས་ཚེ་བརྟན་རྡོ་རྗེ་ཡབ་སྲས་ཀྱིས་བསམ་འགྲུབ་རྩེ་བཟུང་ནས་གཙང་གཞུང་ཕལ་ཆེ་བ་དབང་མཛད། དེ་ནས་ཞིག་གཅིག་པ་ཤིང་སྦྲུལ་ལ་(སྨད་ཆ།༦༨༧)ཀརྨ་བསྟན་སྲུངས་པས་འཕན་ཡུལ་དུ་དམག་བཏེགས། དེ་ནས་ལོ་དྲུག་པ་ལྕགས་ཁྱི་ལ་མརྐ་ཕུན་ཚོགས་རྣམ་རྒྱལ་གྱིས་ཡར་རྒྱབ་གཞུང་བཟུང། ཆུ་ཕོ་བྱི་བའི་ལོ་ནས་བྱང་དང་རྒྱལ་མཁར་རྩེ་སོགས་དབུས་གཙང་གི་སའི་ཆ་ཐམས་ཅད་ཕྱག་ཏུ་བཞེས། ས་རྟའི་ལོ་ནས་དབུས་ཐམས་ཅད་ཕྱག་ཏུ་བཞེས་ནས་མཐའ་དམག་ལྷག་པ་རྣམས་ལན་དུ་མར་བཟློག་སྟེ་བོད་ཐམས་ཅད་ལ་དབང་མཛད། དེའི་སྲས་ཀརྨ་བསྟན་སྐྱོང་དབང་པོ་སྟེ། འདི་དུས་ནས་བྱང་ཕྱོགས་སོག་པོའི་རྒྱལ་པོ་ཨོ་རོང་སྒོ་བཞིའི་རྒྱལ་པོའམ་མཚན་གཞན་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་བོད་ཁམས་ཐམས་ཅད་ཕྱག་ཏུ་བཞེས། རྗེ་བཙུན་ཕྱག་ན་པདྨའི་རྣམ་འཕྲུལ་རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་ལ་མཆོད་གཞིས་སུ་ཕུལ་ཏེ་དགའ་ལྡན་ཕོ་བྲང་མཆོད་ཡོན་གྱི་ཆུ་ཕོ་རྟ་ལོ་ནས་བཟུང་སྟེ་ས་ཐམས་ད་ཆོས་བཞིན་དུ་བསྐྱངས་ཏེ་འདི་ཉིད་ཀྱི་ལོ་རྒྱུས་ཞིབ་པར་ཤེས་འདོད་ན་རྒྱལ་རབས་རྫོགས་ལྡན་དཔྱིད་ཀྱི་རྒྱལ་མོའི་དུ་དབྱངས་གཞོན་ནུའི་དགའ་སྟོན་ལས་ཤེས་པར་བྱའོ། སྡེ་སྲིད་བསོད་ནསམ་རབ་བསྟན་དང། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་ཟུང་ལ་རྒྱལ་པོ་མཆོད་ཡོན་དུ་གྲགས་ཏེ་སྲིད་སྐྱོང་དང་རྒྱལ་ཐབས་ཀྱི་བྱ་བ་མཛད། གོང་ས་ཐམས་ཅད་མཁྱེན་པ་ལྔ་པ་རིན་པོ་ཆེའི་འཕགས་པ་རིན་པོ་ཆེའི་དུས་ལྟར་ཆོས་ཀྱི་ཕྲིན་ལས་བསྐྱངས་ཏེ་ཆོས་སྲིད་ཉི་ཟླ་ཟུང་འབྲེལ་གྱིས་བོད་ཁམས་ཐམས་ཅད་བདེ་བར་བསྐྱངས། རྒྱལ་པོ་དང་སྡེ་སྲིད་འདས་ནས། སླར་ཡང་སྡེ་སྲིད་ས་སྐྱོད་ཕྲིན་ལས་རྒྱ་མཚོ་དང། བློ་བཟང་སྦྱིན་པ། བློ་བཟང་མཐུ་སྟོབས་རྣམས་བསྐོས། དེ་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བསྐོས་ཏེ། སྡེ་སྲིད་འདི་རྒྱལ་པོ་པཎྜི་ཏ་ཤེས་བྱ་རིག་(སྨད་ཆ།༦༨༨)པའི་གནས་ལྔ་ལ་མཁས། ལྔ་པ་རིན་པོ་ཆེ་གཤེགས་ནས་ལོ་བཅུ་གཉིས་བར་དུ་གསང་རྒྱ་མཛད་ནས་གསེར་གདུང་འཛམ་གླིང་རྒྱན་གཅིག་ཞབས་བརྟན་ལྷ་ཁང་དང་བཅས་བཞེངས་པ་དང་ཚོགས་མཆོད་ཆེན་མོ་འཛུགས་པ་དང། རྒྱལ་བ་དྲུག་པ་ཁྲིར་འདོན་པ་སོགས་ཕྱག་རྗེས་ཆེ། འོན་ཀྱང་ཟློག་མེད་ཀྱི་ལས་ཀྱིས་རྒྱལ་པོ་ལྷ་བཟང་གིས་སྟོད་ལུང་སྣང་ཙེར་བཀྲོངས། དེ་ནས་རྒྱལ་པོ་ལྷ་བཟང་རང་གིས་ལོ་བཅུ་གཉིས་སུ་རྒྱལ་པོ་མཛད་ཀྱང་ཇུན་གར་གྱིས་བཀྲོངས། རྙིང་བསྟན་ཐམས་ཅད་དམིགས་མེད་དུ་རྒྱས་འདེབས་པའི་རྩ་བའང་རྒྱལ་པོ་འདི་ལས་བྱུང། ལོ་སྔར་ཇུན་གར་གྱི་དབང་མཛད། དེ་སྐབས་སྡེ་སྲིད་སྟག་རྩེ་སྡེ་པས་མཛད། དེ་ནས་ཤར་ཕྱོགས་གོང་མ་ཆེན་པོས་དཔུང་གིས་ཇུན་གར་བསྐྲད་ནས་ཆབ་སྲིད་ཐམས་ཅད་རྒྱལ་བ་སྐལ་བཟང་རྒྱ་མཚོར་ཕུལ། དེའི་རྐྱེན་གྱིས་གཙང་དབུས་འཁྲུགས་པས་གཙང་དཔུང་གཡུལ་ལས་རྒྱལ་ནས་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་ཆབ་སྲིད་མངའ་འབངས་ཐམས་ཅད་ཕྱག་ཏུ་བཞེས། རྒྱལ་སྲིད་ཡུན་རིང་མཛད། མི་དབང་སྐུ་གཤེགས་ནས་སྲས་ཆིང་ཝི་ཏཱ་ལས་པཱ་ཐུར་གྱིས་རྒྱལ་སྲིད་མཛད་ཀྱང། རང་གི་གཅེན་གུ་སྐུ་གཞོག་བཀྲོངས་པ་སོགས་ཧ་ཅང་སྐུ་སྐྱོད་རྩིང་ཐལ་གྱ་གོང་མ་ཆེན་པོས་བཀའ་བཀྱོན་བྱུང་སྟེ་རྐྱེན་ལམ་དུ་གཤེགས། ཆོས་སྲིད་གཉིས་ཆར་རྒྱལ་བའི་ཕྱག་ཏུ་བཀའ། རྒྱལ་བ་ཐམས་ཅད་མཁྱེན་པ་མྱ་ངན་ལས་འདས་ནས་རྒྱལ་ཚབ་དེ་མོ་རིན་པོ་ཆེ་བསྐོས། རྗེ་འདི་མཁན་པོ་བོ་དྷི་ས་ཏཱའི་སྦྲུལ་པར་གྲགས། དཔལ་བསམ་ཡས་སྐོ་འགྱུར་ལྷུན་གྱིས་གྲུབ་པའི་(སྨད་ཆ།༦༨༩)གཙུག་ལག་ཁང་རྟེན་བརྟེན་པར་ཞིག་གསོས་གསར་བཞེངས་ལྟ་བུ་ཁྲི་གདུག་འོག་ན་འགྲན་ཟླ་དང་བྲལ་བར་བསྐྲུན་པར་མཛད་ཅིང་ཆབ་སྲིད་མངའ་ཐང་རྒྱས་པ་དང། དམག་འཁྲུག་མུ་གེ་སོགས་མེད་པར་བདེ་སྐྱིད་དང་ལྡན་གྱུར་ཅིང། རྗེ་འདི་དག་པའི་ཞིང་དུ་གཤེགས་ནས་ཆོས་སྲིད་གཉིས་ཆར་ཁྲི་ཆེན་ནོ་མི་ཧན་གྱིས་ཕྱག་བཞེས་མཛད། འདི་དུས་རྒྱ་དང་བལ་པོ་འཁྲུགས་པས་བོད་ཡུལ་སྟོད་སྨད་ཐམས་ཅད་དུ་རྡབ་གསིག་ཆེ་བར་བྱུང་ཞིང། ཁྲི་ཆེན་ཉིད་ཀྱང་ཆིང་ལ་ཕེབས་པས་དཔུང་ཐོག་ཏུ་གཤེགས། དེ་རྗེས་རྟ་ཆག་རྗེ་དྲུང་རིན་པོ་ཆེ་བོད་ཀྱི་སྲིད་སྐྱོང་དུ་ཕེབས་པ་ནས་བདེ་སྐྱིད་རྫོགས་ལྡན་གྱི་དགའ་སྟོན་ལ་སྦྱོད་པ་བྱུང་སྟེ། ལོ་ཆེན་ཅོག་རོ་ཀླུའི་རྒྱལ་མཚན་ཀྱི་སྐྱེ་བར་གཏེར་ལུང་མང་པོ་ནས་ལུང་བསྟན། དེ་ཉིད་གཤེགས་ནས་དེང་སང་བྱང་ཆུབ་སེམས་དཔའ་ཞི་བ་འཚོ་ཉིད་སླར་ཡང་བོད་རྗེར་ཕེབས་པ་དེ་མོ་རིན་པོ་ཆེའི་ཡང་སྲིད་ཀྱིས་བོད་ཡུལ་བདེ་བར་བསྐྱངས་པས་བདེ་ཀྱིད་ཀྱི་ཉི་མ་དགུང་དུ་འཆར་བའི་ལེགས་ཚོགས་གོང་འཕེལ་དུ་བཞུགས་པ་འདི་ལགས་སོ། དེ་ལྟར་བོད་ཡུལ་སྲིད་སྐྱོང་གི་ལོ་རྒྱུས་འདི་དག་དགོས་ཆེད་ཆེན་པོ་མི་འདུག་ཀྱང་ལོ་རྒྱུས་ཤེས་འདོད་དག་ལ་ས་བོན་ཙམ་ཞིག་གླེང་བར་བྱས་པ་ཡིན་ནོ། དེ་ལྟར་སྟོན་པ་བཙོན་ལྡན་འདས་འགྲོ་བའི་བླ་མ་ཐམས་ཅད་མཁྱེན་པ་དེས་དཔལ་གྱི་མགུར་ནས་བསྟན་པ་རིན་པོ་ཆེ་བྱང་ནས་བྱང་གི་ཕྱོགས་སུ་དར་ཞིང་རྒྱས་པར་འགྱུར་བའི་ལུང་བསྟན་གྱི་རྔ་བོ་ཆེ་བསྒྲགས་པའི་བདེ་ཚིག་དུས་སྟེང་དུ་སོན་ཏེ། གངས་ཅན་བོད་ཀྱི་ཡུལ་འདིར་གནའ་བོའི་དུས་ན་རིགས་གསུམ་རྣམ་འཕྲུལ་ཆོས་ཀྱི་རྒྱལ་པོ་དབོན་རྣམས་ཀྱི་རིང་དང། ཁྱད་པར་ཁྲི་སྲོང་གི་དུས་ན། ཨོ་རྒྱན་གྱི་སློབ་དཔོན་པདྨ་སམ་བྷ་བ་དང།(སྨད་ཆ།༦༩༠)མཁན་ཆེན་ཞི་བ་འཚོ། པཎ་ཆེན་བི་མ་མི་ཏྲེ་སོགས་རྒྱལ་བ་གཉིས་པ་ལྟ་བུའི་པཎ་གྲུབ་དང། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་མང་པོ་བསམ་བཞིན་དུ་སྲིད་པ་ཉེ་བར་བཟུང་པའི་སྦྲུལ་པའི་ལོ་ཙཱ་བ་གྲངས་མེད་པ་བྱོན་པ་དེ་རྣམས་ཀྱིས་བོད་ཡུལ་མཐའ་འཁོབ་མུན་པའི་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་ཕྱོགས་ཐམས་ཅད་དུ་གསལ་བར་མཛད་ཅིང། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་ཡོངས་སུ་རྫོགས་པ་རྒྱ་ཆེརསྦེལ་བར་གྲུབ་བརྙེས་དུ་མས་ས་སྟེང་ཁྱབ་པར་མཛད་པས། བསྟན་པ་འཕེལ་འགྲིབ་ཀྱི་དུས་དུ་ཡང་རིག་སྔགས་འཆང་བ་གིས་དཀར་ལྕང་ལོ་ཅན་དུ་མང་དུ་བཞུགས་པ་དག་གིས་ལེགས་པར་བསྐྱངས་ཤིང། གཙོ་བོར་ཟུར་གནུབ་སོགས་གྲུབ་བརྙེས་དུ་མས་བཤད་སྒྲུབ་ཀྱི་རྒྱུན་མ་ཉམས་པར་བསྐྱངས་པའི་བཀའ་དྲིན་ལས་གསང་ཆེན་རྙིང་གྲགས་པའི་རིང་ལུགས་དྲི་མ་མེད་པ་འདི་བྱུང་སྟེ། ཁྱད་པར་རྒྱལ་དབང་པདྨའི་ཐུགས་བསྐྱེད་དང། སྦྲུལ་པའི་རྗེ་འབངས་རྣམས་ཀྱི་སྔོན་སྨོན་གྱི་འཚམས་སྦྱོར་གྱིས་སྦྲུལ་པའི་གཏེར་སྟོན་གྲངས་མེད་འབྱོན་པ་རྣམས་ཀྱིས་ཟབ་མོ་གཏེར་གྱི་སྒོ་འཕར་རྒྱ་ཆེར་ཕྱེ་བ་ལས་རྙིང་མ་བཀའ་གཏེར་དུ་གྲགས་ཤིང། བོད་ཡུལ་ཁ་བ་ཅན་གྱི་ལྗོངས་ཆེན་པོ་འདི་དགོན་གནས་དང་ཆོས་སྡེ་ཆེ་ཕྲ་དུ་མས་མ་ཁྱབ་པ་མེད་པ་ལས། དབུས་གཙང་ལྷ་བྱང། ཨེ་གཉལ། དཱགས་ཀོང། ལྷོ་མོན། སྦོ་བོ། མདོ་སྟོད་སྨད་སོགས་ཡོངས་སུ་གྲགས་པའི་གདན་ས་རགས་རིམ་འགའ་ཞིག་སྨོས་པ་ལས། ཐམས་ཅད་ནི་བདག་ལྟ་བུས་བརྗོད་པ་ག་ལ་ནུས་ཏེ་རྒྱུས་ཀྱང་མ་འཚལ་བས་རང་བློས་ཇི་ཙམ་དཔོག་པ་དེ་ཙམ་ཞིག་བརྗོད་པར་བྱས་ཟིན་ཏེ་རེ་ཞིག་དེ་ཙམ་མོ།(སྨད་ཆ།༦༩༡)བསྟན་པ་ཐམས་ཅད་ཀྱི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་དང་བརྒྱུད་པའི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ལས། དགོན་གནས་དང་གདན་རབས་ཀྱི་བྱུང་བ་བརྗོད་པའི་སྐབས་ཏེ་སརྒ་དྲུག་པའོ།།(སྨད་ཆ།༦༩༢)

སྦྱི་དོན་བདུན་པ། སྔགས་གསར་མ་རྣམས་བྱུང་ཚུལ་སྐོར།

སྔགས་སྦྱིའི་བྱུང་རགས་ཙམ་བརྗོད་པ། ས་བཅུད་བདུན་པ་སྔགས་གསར་མའི་ལོ་རྒྱུས་ཞར་བྱུང་དུ་ཟུར་ཙམ་བརྗོད་པ་ལའང་གསུམ་སྟེ། སྔགས་སྦྱིའི་བྱུང་ཚུལ་དང། བྱེ་བྲག་གྲུབ་མཐའ་སོ་སོའི་རྣམ་གཞག། འཕྲོས་དོན་སྙིང་པོར་བརྗོད་པ་དང་གསུམ་མོ། དེ་ལ་དང་པོ་མདོ་སྔགས་སྦྱིའི་བྱུང་ཚུལ་ནི། སྦྱིར་རྒྱ་གར་དུ་སྔགས་གསར་རྙིང་གི་ཐ་སྙད་མེད་ཀྱང། བོད་འདིར་འགྱུར་སྔ་ཕྱིའི་དོན་གྱིས་དེ་ལྟར་གྲགས་ཏེ་དེ་ཡང་པཎ་ཆེན་སྨྲི་ཏི་མ་བྱོན་ཡན་ལ་སྔ་འགྱུར་རྙིང་མ་དང། ལོ་ཆེན་རིན་ཆེན་བཟང་པོས་འགྱུར་འགོ་ཚུགས་པ་ཚུན་ལ་ཕྱི་འགྱུར་གསར་མར་གྲགས་ཏེ། དེ་ཡང་སྔོན་ཆོས་རྒྱལ་མེས་དབོན་གྱི་དུས་སུ་མདོ་སྔགས་གཉིས་ཆེ་གྱི་བསྟན་པ་དར་ཞིང་རྒྱས་མེས་དབོན་གྱི་དུས་སུ་མདོ་སྔགས་མཉིས་ཆར་གྱི་བསྟན་པ་དར་ཞིང་ཅིང་ཆོས་རྒྱལ་གདུང་བརྒྱུད་རྣམས་ལས། འགའ་ཞིག་མངའ་རིས་སྟོད་དུ་ཆགས། དེ་ཡང་ཐོག་མར་མངའ་རིས་སུ་བྱོན་པའི་སྐྱིད་སྡེ་ཉི་མ་མགོན་གྱི་སྲས་གསུམ་གྱིས་རིམ་པར་མང་ཡུལ་པུ་རང་ཞང་ཞུང་སྟེ་སྐོར་གསུམ་བཟུང་བས་གདུང་བརྒྱུད་མགོན་གསུམ་དུ་གྲགས་པ་ལས། ཕུ་རང་གི་བདག་པོ་བཀྲ་ཤིས་མགོན་གྱི་སྲས་མངའ་བདག་(སྨད་ཆ།༦༩༣)སྲོང་ངེ་ཞེས་པ་ཆོས་ལ་ཤིན་ཏུ་མོས་ཏེ་མཁན་སློབ་མེད་ཀྱང་རྟགས་རང་གིས་བླངས་ཏེ་རབ་ཏུ་བྱུང་བ་ནི་ལྷ་བླ་མ་ཡེ་ཤེས་འོད་དེ། ཆོས་རྒྱལ་ཡེ་ཤེས་འོད་ཀྱིས་རིན་ཆེན་བཟང་པོ་སོགས་མངའ་རིས་སྐོར་གསུམ་ནས་བློ་རྣོ་བ་ཤ་སྟག་བསྡུས་པས་ཁྱེའུ་ཉི་ཤུ་རྩ་ལྔ་ཁ་ཆེ་དང་རྒྱ་གར་རྣམས་སུ་ཆོས་ཀྱི་དོན་དུ་བརྫངས་བ་ལས་སྦྲུལ་པའི་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་དང། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་མ་གཏོགས་པ་གཞན་རྣམས་ཤི། ལོ་ཆེན་གྱིས་པཎྜི་ཏ་ཤཱི་སརྨ་ར་ཝརྨྨ་དང། ཀ་མ་ལ་གུབྷ། ཤདྡྷ་ཀ་ར་ཝརྨྨ་སོགས་མཁས་པ་མང་པོ་སྦྱན་དྲངས། རྒྱུད་སྡེ་བཞིའི་ཆོས་བཀའ་སྦྱི་དང། ཁྱད་པར་རྣལ་འབྱོར་གྱི་རྒྱུད་རྣམས་འགྲེལ་བ་དང་བཅས་པ་ལ་འགྱུར་མཛད་ཅིང། ཕྱག་ལེན་ངེས་ཏིག་མཛད་དེ་འཆད་ཉན་གྱི་གཏན་ལ་ཕབ། མཐོང་སྡིང་གསེར་གྱི་ལྷ་ཁང་སོགས་གཙུག་ལག་མང་མང་པོ་བཞེངས་དགེ་བདུན་གྱི་སྡེའང་དུ་ཆགས་ཀླུ་སྐར་རྒྱལ་བཏུལ། མདོ་སྔགས་ཀྱི་བཤད་པ་རྒྱ་ཆེར་གནང་ནས་སངས་རྒྱས་ཀྱི་བསྟན་པ་སྦེལ་བར་མཛད་དེ། སངས་རྒྱས་ཀྱི་བསྟན་པ་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ། གཞན་ཡང་འཕགས་ཡུལ་ནས་པཎ་ཆེན་གྲངས་མེད་ཅིག་བྱོན་ཞིང། ལོ་ཙཱ་བའི་ཚོགས་ནི་དེ་བས་ཀྱང་ཆེས་མང་པོ་ཞིག་བྱོན་ཏེ། དེ་དག་གི་གཞུང་བསྒྱུར་བཤད་ལ་སོགས་བསྟན་པ་སྦྱིའི་བྱ་བའང་བསམ་གྱིས་མི་ཁྱབ་པ་ཞིག་མཛད་ཅིང། རང་རང་གི་གང་ཞིག་ཐུགས་ཉམས་སུ་བཞེས་པའི་གཞུང་དང་མན་ངག་ལ་བཤད་སྒྲུབ་རྩོལ་དུ་འདོན་ལུགས་ཀྱི་རྒྱུན་ལས་གྲུབ་མཐའི་མིང་བཏགས་སོ་སོར་གྱིས་པའང་མང་དུ་བྱུང། དེ་དག་གི་ལོ་རྒྱུས་ཟུར་ཙམ་སྨོས་ན། ལོ་ཆེན་གྱི་སློབ་མ་ཕོ་བྲང་ཞི་བ་འོད་ཀྱི་པཎྜི་ཏ་མཎྜཀ་ལ་ཤ་སོགས་ཙམ་སྨོས་ན། ལོ་ཆེན་གྱི་སློབ་མ་ཕོ་བྲང་ཞི་བ་འོད་ཀྱི་པཎྜི་ཏ་མནྟཀ་ལ་ཤ་སོགས་སྦྱན་(སྨད་ཆ།༦༩༤)དྲངས། རྣལ་འབྱོར་རྒྱུད་ཀྱི་གཙོས་འགྱུར་མང་པོ་མཛད་ཅིང། རྡོ་རྗེ་རྩེ་མོ་སོགས་ལ་འཆད་ཉན་ཡུན་རིང་མཛད། ཟངས་དཀར་ལོ་ཙཱ་བས་ཀྱང་དཔལ་མཆོག་སྨད་འབྲེལ་ཡོངས་རྫོགས་བསྒྱུར། ཟངས་དཀར་བུ་བཞི་སོགས་ལ་བཤད་དེ། དེ་དག་ལས་བརྒྱུད་དེ་ཕྱིས་སུ་བུ་སྟོན་རིན་པོ་ཆེས་ཕྱི་དར་མ་བྱུང་བའི་བར་ལ་རྣལ་འབྱོར་རྒྱུད་འགྲེལ་པ་དང་བཅས་པའི་བཤད་པ་ཡོངས་རྫོགས་བྱུང་ཡང། དེང་སང་ནི་དབང་བཀའ་འགའ་ཞིག་དང་རྒྱུད་འགྲེལ་གྱི་ལུང་ཙམ་མ་གཏོགས་བཤད་པ་སོགས་མི་བཞུགས། བླ་མེ་ཕ་རྒྱུད་གསང་འདུས་འཕགས་ལུགས་ལ་ལོ་ཆེན་གྱི་རྒྱུད་འགྲེལ་སོགས་གཞུང་ཆེ་ཕྲ་མང་པོ་བསྒྱུར་ཞིང་བཤད། ཕྱིས་སུ་འགོས་ཀྱི་ཇོ་བོ་དང། མར་པས་ན་རོ་དང་ཡེ་ཤེས་སྙིང་པོ་སོགས་ལ་ཞུས་པའི་མར་ལུགས་དང། གཞན་ཡང་ཇོ་བོས་ནག་ཚོ་ལ་གསུངས་པ་དང། ཁ་ཆེ་པཎ་ཆེན་ནས་ས་པཎ་ལ་བརྒྱུད་པ་དང། པཎྜི་ཏ་ཝནྟྲེ་ནས་ཆག་ལོ་ཆོས་རྗེ་དཔལ་གྱིས་ཞུས་པ་སོགས་སོ། ཡེ་ཤེས་ཞབས་ཕུགས་ལ། ལོ་ཆེན་གྱི་རྐྱང་པ་རྣམས་ལ་གྲགས་པའི་ས་ལུགས་དང། བ་ལིང་ཨཱ་ཙརྱ་ནས་གཉོས་འབྱུང་པོས་གསན་པ་གཉོས་ལུགས་སུ་གྲགས་པ་རྣམས་བྱུང་ངོ། བརྒྱུད་ལས་གཤེད་སྐོར་ནི། དང་པོར་ཅོག་གྲུ་ཤེས་རབ་བླ་མས་དགྲ་གདོང་འཇིགས་གསུམ་གྱི་དབང་བཤད་སོགས་སྦེལ་ཞིང་ནག་འཇིགས་ཀྱི་རྒྱུད་རྣམས་བསྒྱུར། ནག་ཆོས་ཇོ་བོ་དང། དམ་ཚིག་རྡོ་རྗེ་སོགས་ལས་གསན། རོང་ཟོམ་ཆོས་བཟང་གིས་ཀྱང་ཨུ་པ་ཡ་ཤྲི་མི་ཏ་ལ་བརྟེན་ཏེ་ནག་འཇིགས་ཀྱི་རྒྱུད་(སྨད་ཆ།༦༩༥)སོགས་བསྒྱུར་ཏེ་བཤད་པའང་མཛད་དོ། གཞན་ཡང་གཉོས་དང་ར་ལོ་དང། ཤུད་ཀེ་ལོ་ཙཱ་སོགས་ཀྱིས་ཀྱང་གཤེད་སྐོར་ལ་གསར་འགྱུར་དང་བསྒྱུར་བཅོས་མཛད་པ་མང། གཞན་ཡང་ར་སྐྱོ་ཞང་གསུམ་དང། ཁྱད་པར་དཔྱལ་ལོས་ནིཥྐ་ལངྐ་ལ་ཞུས་ནས་བསྒྱུར་བ་དང། ས་པཎ་གྱིས་དན་ཤི་ལར་ཞུས་པ་དང། ཆག་ལོས་བི་རུ་བའི་གཞུང་བསྒྱུར་བཤད་དང། གློ་བོ་ལོ་ཙཱས་དར་པཎ་ཨ་(སྨད་ཆ།་བརྟེན་ཅིང་སྦེལ་བ་རྣམས་ཏེ། དེ་དག་ལས་གཤེད་དམར་རྣམས་ཀྱི་དབང་ཁྲིད་མན་ངག་དང་བཅས་པ་བྱུང་བ་ཡིན་ནོ། རཱ་ལུགས་ནི་རཱ་རྡོ་རྗེ་གྲགས་ཀྱི་ལབ་པོ་བྷ་རོ་ཕྱག་རྡུམ་དང། མེ་ཙ་ལིང་པས་བཤད་པའི་བལ་པོའི་ཐུགས་རྗེ་ཆེན་པོ་རྣམས་བསྟེན་ནས་གཤེད་སྐོར་རྫོགས་པར་གསན་ཅིང་བསྒྱུར། སྐྱོ་ལུགས་ནི། སྐྱོས་ཨ་མོ་གྷ་བཛྲ་ལས་གསན་ནས་དར་བ་དང། ཞང་ལུགས་ནི། ཅོག་གྲུས་དེ་ཝ་ཀ་ར་ཙནྟྲ་ལས་གསན་ནས་དར་བ་རྣམས་ཡིན་ལ། གཉོས་ལུགས་ནི། གཉོས་ཀྱིས་བ་ལིང་ཨཱ་ཙརྱ་སོགས་ལས་གསན་ནས་སྦེལ། བླ་མེད་མ་རྒྱུད་ལས་གདན་བཞི་དང། མ་ཧཱ་མ་ཡ་གཉིས་ནི་ལོ་ཆེན་གྱི་དུས་བསྒྱུར་ལ། ག་ཡ་དྷ་ར་ལས་འབྲོག་མིས་བསྒྱུར་བ་དང། མར་འགོས་གཉིས་ཀྱིས་ཀྱང་བཤད་སྒྲུབ་རྒྱ་ཆེ་བར་བྱས་སོ། སངས་རྒྱས་ཐོང་བ་ནི། གྱི་ཇོ་ཟླ་འོད་དང། མར་འགོས་སོགས་ཀྱིས་བསྒྱུར་བཤད་སྒྲུབ་རྒྱ་ཆེ་བར་བྱས་སོ། སངས་རྒྱས་ཐོང་བ་ནི། གྱི་ཇོ་ཟླ་འོད་དང། མར་འགོས་སོགས་ཀྱིས་བསྒྲུར་བཤད་མཛད་ཅིང་དར། བདེ་མཆོག་ནི་ལོ་ཆེན་གྱིས་ཇོ་བོ་སོགས་ལས་གསན་ནས་བསྒྱུར། ཡང་ཇོ་བོས་ནག་ཆོ་སོགས་ལ་གནང་བ་དང། ཕམ་མཐིང་པ་ཡབ་སྲས་ལ་ཆེས་དར། མར་པས་ན་རོ་པ་ལས་གསན་པའི་སྲོལ་བཀའ་བརྒྱུད་ཕྱོགས་ལ་ཡོད་ཅིང། མན་(སྨད་ཆ།༦༩༦)ཀ་ཤྲི་ལས། མར་པ་དོ་པས་གསན་པ་དང། གཞན་ཡང་ཕུ་ཧྲང་ལོ་ཆུང་དང། སུཾ་བྷ་ལོ་ཙཱ་སོགས་ཀྱིས་ཀྱང་འགྱུར་མཛད་དོ། རྡོ་རྗེ་ཕག་མོའི་སྐོར་ལ། རྔོག་ལོ་དང། ཁུ་སྟོན། རཱ་ལོ། མར་པ་གནུབས་ཁུ་ནེ་ཙོ་སོགས་མང་པོས་བསྒྱུར་བཤད་མཛད་དེ། དགྱེས་རྡོར་ནི། འབྲོག་མི་ལོ་ཙཱ་བས་ག་ཡ་དྷ་ར་སོགས་ལས་གསན་ཅིང་རྒྱུད་འགྲེལ་སོགས་རྒྱུད་བཤད་ཀྱི་སྲོལ་དཔལ་ལྡན་ས་སྐྱར་དར་བ་དང། དེ་ལས་གཞན་འགོས་ལོ་དང། མར་པ། སེ་ཙ་སོགས་མང་པོས་བརྒྱུར་བའི་ལུགས། རྩ་མི་སངས་རྒྱས་གྲགས་ཀྱི་དུས་ཞབས་པ་ལས་གསན་ཏེ་བསྒྱུར་བ་རྩ་མི་ལུགས་དང། ཆག་ལུགས་སོགས་བརྒྱུད་ཚུལ་ཆེས་མང་པོ་དག་ལས་རྒྱ་ཆེར་དར་བ་ཡིན་ཏེ། ཕྱག་རྡོར་ནི། མགར་ཆོས་བཟང་གིས་རྩ་བཤད་ཀྱི་རྒྱུད་རྣམས་བསྒྱུར་ཞིང། དགེ་ཚུལ་ཆུང་གྲགས་གླུན་ཆུང་དར་ཚུལ་སོགས་མང་པོས་བསྒྱུར་ཞིང། དགེ་ཚུལ་ཆུང་གྲགས་གླན་ཆུང་དར་ཚུལ་སོགས་མང་པོས་བསྒུར་ནས་བཤད་དོ། ཟླ་གསང་ཐིག་ལེ་ལོ་ཆེན་གྱི་འགྱུར་དང། རལ་པ་གཅིག་མའི་བསྒྱུར་བ་སོགས་དང། སྦྱོད་རྒྱུས་ལས་མི་གཡོ་བའི་རྟོག་པ་ཞེས་པ་གླུན་དར་མས་བསྒྱུར། ཞིང་རྡོ་རྗེ་ས་འོག་གི་རྒྱུད་ཇོ་བོ་དང། ལོ་ཙཱ་བ་བྱའི་གདོང་ཅན་གྱི་འགྱུར་སོགས་མ་གཏོགས་རྣམ་སྣང་མངོན་བྱང་དང། ཕྱག་རྡོར་དབང་བཀུར་སོགས་རྒྱུད་ཆེན་པོ་རྣམས་སྔ་འགྱུར་ཡིན་ནོ། བྱ་རྒྱུད་ལས་དམ་ཚིག་གསུམ་བཀོད་ཀྱི་རྒྱུད་ནག་ཚོ་དང། དོན་ཡོད་ཞགས་པའི་རྒྱུད་བུ་སྟོན། དོན་ཞགས་ཀྱི་རྟོག་པ་བློ་ལྡན་ཤེས་(སྨད་ཆ།༦༩༧)རབ། སེང་གེ་སྒྲའི་རྒྱུད་འགོས་ལོ། འཇམ་དཔལ་རྩ་རྒྱུད་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བ་སོགས་ཕྱིར་དར་གྱི་དུས་སུ་བསྒྱུར་བའང་ཆེས་མང་མེད་དེ། བྱ་བ་སྦྱིའི་རྒྱུད་ཆེན་པོ་གསུམ་ལ་སོགས་པ་བྱ་རྒྱུད་ཕལ་མོ་ཆེ་ཞིག་སྔ་འགྱུར་གྲས་ཡིན་ནོ། དེ་ལྟར་བཤད་པ་ནི་རྒྱུད་གཙོ་ཆེ་བའི་བྱུང་ཚུལ་ཐོ་རེ་བ་སྨོས་ཀྱི། དེས་མཚོན་ནས་ཤེས་རབ་བྱ་བ་ལས་ཞིབ་པར་ན་བོད་དུ་འགྱུར་རོ་ཅོག་གི་རྒྱུད་ལ། དབང་རྗེས་གནང་བཤད་པ་མན་ངག་སོགས་མ་བྱུང་བ་མེད་པས་བརྗོད་ཀྱིས་མི་ལངས་སོ། དེ་དག་ནི་སྔགས་སྦྱིའི་བྱུང་ཚུལ་རགས་པ་ཙམ་མོ། གྲུབ་མཐའ་སོ་སོའི་ལོ་རྒྱས་ཟུར་ཙམ་བརྗོད་པ། གཉིས་པ་བྱེ་བྲག་གྲུབ་མཐའ་སོ་སོའི་ལོ་རྒྱུས་ཀྱང་ཟུར་ཟམ་སྨོས་ན། དེ་ཡང་སྔོན་གྱི་དུས་སུ་བཀའ་ཕྱག་གཉིས་དང་དེང་སང་ཡོངས་སུ་གྲགས་པ་ནི་ས་དགེ་དཀར་གསུམ་སྟེ་བཀའ་བརྒྱུད་ཀྱི་ནང་གསེས་འབྲུག་པ་དང་བཞི་ལ་ས་དགེ་དཀར་འབྲུག་བཞི་ཞེས་གྲགས་ཆེ་ཞིང། གཞན་ཡང། ཇོ་ཞལ། ཞི་གཅོད། བོ་ཤད་རྣམས་ཏེ། དེ་རྣམས་ཀྱི་ཆོས་བརྒྱུད་ཀྱང་ཅུང་ཅད་རེ་སྣང་ངོ། དེ་ལས་འདུལ་བའི་སྡོམ་རྒྱུན་ཡོད་པ་མ་ཐོས། ཕྱིས་ཁ་ཆེ་པཎ་ཆེན་གྱི་སྡོམ་རྒྱུན་རྒྱ་ཆེར་སྦེལ་བས་དེང་སང་ཕལ་ཆེར་དེའི་ལུགས་ཡིན་ཏེ། པཎ་ཆེན་དེ་ནི། ཁ་ཆེ་ཁྲི་སྟན་གྱི་བྱེ་བྲག་ཛ་ཤོ་བྷ་ར་ཞེས་པར་ཤིང་མོ་གླང་གི་ལོ་ལུ་སྐུ་བལྟམས། ལོ་བཅུ་པ་ལ་བྲམ་ཟེ་ཀྵ་ནྡྷི་ར་ལ་སྒྲ་རིག་(སྨད་ཆ།༦༩༨)གསན། ལོ་དགུ་ནས་ཉེར་གཉིས་ཀྱི་བར་ཚངས་སྦྱོད་དགེ་བསྟེན་མཛད། ཉེར་གསུམ་པ་ལ་མཁན་པ་སུ་ཁ་ཤཱི་བྷ་དྲ་དེ་བ་དཔལ་བཟང་པོ་ལས་རབ་ཏུ་བྱུང། མཚན་ཤཱཀྱ་ཤྲཱི་བྷ་དྲར་དྡྷར་བྱོན། མཁན་པོ་ཤཱནྟ་ཀ་ར་གུསྟ་སྟེ་ཞང་བའི་འབྱུང་གནས་སྦས་པ་དང། ད་ཤ་བ་ལ་དང། གསང་སྟོན་བྷ་བར་ཀ་སོགས་བཅོ་བརྒྱད་ལས་བསྟེན་པར་རྫོགས། དྲུག་ཅུ་བཞེས་པའི་ཚེ། ཁྲོ་ལོས་སྦྱན་འདྲེན་དུ་བྱོན་ཏེ་ཁྲོ་ཕུར་སྦྱན་དྲངས། བྱང་ཆུབ་དཔལ། རྡོ་རྗེ་དཔལ། ས་པཎ། ལྷ་བཙུན་གུང་ཐང་པ་སོགས་ལ་བསྙེན་རྫོགས་སྩལ། ཁྲོ་ཕུ་བྱམས་ཆེན་གྱི་རབ་གནས་མཛད། རིམ་གྱིས་ཁྲོ་ཕུ་ནས་མངའ་རིས་སུ་ཕེབས་ཏེ་ཤིང་ཕོ་བྱི་ལོ་ལ་ཁ་ཆེར་ཕེབས། ལོ་ཉེར་དགུ་ཙམ་ཞིག་ཏུ་བསྟན་འགྲོའི་དོན་མཛད། དགུ་བཅུ་རྩ་དགུ་པ་ལ་ཞི་བར་གཤེགས་སོ། པཎ་ཆེན་དེའི་སྡོམ་རྒྱུན་ཀྱང་ཚེགས་སྡེ་བཞི་ལས། དགེ་འདུན་སྒང་བ་ལས་ཀར་ལུགས་དང། ཆོས་ལུང་པ་ལས་འབྲུག་ལུགས་དང། ཚ་མིག་པ་ལས་ངོར་དང་ས་ལུགས་ལས། བྱི་རྗིང་པའི་སྡོམ་རྒྱུན་ནི་ཡོད་པ་མ་འཚམ། ཡང་བདག་ཉིད་ཆེན་པོ་འཇམ་དབྱངས་ས་པ ཎ་ལས་བརྒྱུད་པ་ནི། ཀུན་མཁྱེན་ལྔ་པས་རྩལ་དུ་བཏོན་ནས་དར་རྒྱས་སུ་མཛད་པས་དགེ་ལུགས་ཕྱོགས་ལ་དར་རྒྱས་ཆེ། གཞན་ཡང་འདུལ་མངོན་གྱི་བཤད་སྲོལ་རྣམས་ནི་སྔ་འགྱུར་གཙོ་བོ་ཆེ་བར་ཡིན་འདུག། བཀའ་གདམས་པ་ནི། བདག་ཉིད་ཆེན་པོ་ཇོ་བོ་ལྷ་གཅིག་གིས་བཀའ་སྲོལ་ཏེ། དེ་ཡང་ཇོ་བོ་ལ་བོད་དུ་སློབ་མ་བསམ་གྱིས་མི་ཁྱབ་སྟེ། སློབ་མ་དེ་རྣམས་ཀྱི་ནང་ནས། ཁུ་རྔོག་འབྲོམ་གསུམ་སློབ་མའི་མཆོག་(སྨད་ཆ།༦༩༩)ཡིན་ཅིང། ཁུའི་མཚན་ནི་བཙོན་འགྲུབ་གཡུང་དྲུང་སྟེ་ཕྱག་རྡོར་གྱི་སྦྲུལ་པ་ཡིན། ཡར་ལུངས་ཀྱི་ལྷ་སྡོངས་སོགས་སུ་ཕྲིན་ལས་བསྐྱངས། རྔོག་གི་མཚན་ལེགས་པའི་ཤེས་རབ་སྟེ་འཇམ་དབྱངས་ཀྱི་སྦྲུལ་པ་ཡིན། འདིས་གསང་ཕུ་བཏབ། འབྲོམ་ནི་སྦྱན་རས་གཟིགས་ཀྱི་སྦྲུལ་པ་སྟེ་སྒྲོལ་མས་ལུང་བསྟན་པའི་བཀའ་བབས་ཐུགས་ཀྱི་སྲས་ཏེ། མཚན་དངོས་རྒྱལ་བའི་འབྱུང་གནས་ཏེ། ཉི་ཟླ་ལྟ་བུར་གྲགས་པའི་ཇོ་བོ་ཡས་སྲས་ཞེས་གྲགས་སོ། འབྲོམ་གྱིས་བྱང་ར་སྒྲེང་བཏབ། སློབ་མའི་མཆོག་སྐུ་མཆེད་གསུམ་དང། ཁམ་ལུང་པ་སོགས་བྱོན་པ་ལས། སྐུ་མཆེད་གསུམ་ནི། སྦྱན་རས་གཟིགས་ཀྱི་སྦྲུལ་པ་ཕུ་ཆུང་བ་ལས། སྐུ་མཆེད་གསུམ་ནི། སྦྱན་རས་གཟིགས་ཀྱི་སྦྲུལ་པ་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་གྱིས་གཙོ་བོར་སྒྲུབ་པ་མཛད། བཀའ་གདམས་ཐམས་ཅད་རྟེན་འབྲེལ་གྱི་ཁྲིད་དུ་བསྡུས་ནས་གསུངས། ཕ་ཝང་ཁ་བ་ཞེས་བྱ་བའི་སློབ་མ་བྱོན། ཕྱག་རྡོར་གྱི་སྦྲུལ་པ་སྦྱན་སྔ་ཚུལ་ཁྲིམས་འབར་ནི་རྟེན་བཞེངས་པ་དང་སྒྲུབ་པ་གཉིས་གཙོ་བོར་མཛད། སྦྱན་སྔ་འཀའ་རྒྱུད་ལ་བཀའ་དང་གདམས་གདམས་ངག་པ་ཟེར། འཇམ་དབྱངས་རྣམ་འཕྲུལ་པོ་ཏོ་བ་རིན་ཆེན་གསལ་གྱིས། སྐྱེས་རབས་ཆེད་དུ་བརྗོད་པའི་ཆོམ། བྱང་པ། མདོ་སྡེ་རྒྱན། སྦྱོད་འཇུག་བསླབ་བཏུས་ཏེ་འདི་དག་ལ། སྐྱེས་ཚོམ་དད་པའི་གཞུང། ས་རྒྱན་ཏིང་ངེ་འཛིན་གྱི་གཞུང། སྦྱོད་བཏུས་སྦྱོད་པའི་གཞུང་ཟེར། དེ་ལྟ་བུའི་བཀའ་གདམས་གཞུང་དྲུག་ཏུ་གགས་པ་ལ་འཆད་ཉན་མཛད། གནས་ལ་སོགས་བདག་འཛིན་མི་མངའ། འཁོར་དགེ་འདུན་སྟོང་ཕྲག་དུ་མ་འདུས་པ་ཐམས་ཅད་ཚེ་འདི་བློས་བཏང་ཁོ་ཏ་བྱུང། འཕགས་པའི་གནས་བརྟན་ཡན་ལག་འབྱུང་གི་རྣམ་འཕྲུལ་ཡིན་ཏེ་བཀའ་གདམས་ཀྱི་བསྟན་པ་(སྨད་ཆ།༧༠༠)རྒྱས་པར་མཛད་པ་པོ་ཡིན་ཅང་བརྒྱུད་པར་བཅས་པ་ལ་བཀའ་གདམས་གཞུང་པར་གྲགས་སོ། པུ་ཏོ་བའི་སློབ་མ་ཤ་ར་བ་ཡོན་ཏན་གྲགས་དང། གླང་ཐར་པ་རྡོ་རྗེ་སེང་གེ་སྟེ་འདི་གཉིས་ཐུགས་སྲས་ཉི་ཟླ་ལྟ་བུའི་བུ་ཆེན་གཞན་ཡང་ཐུགས་སྲས་བརྒྱད་དུ་གྲགས་པ་སོགས་མང་ངོ། ཤ་ར་བའི་སློབ་མ། བྱང་ཆུབ་སེམས་ཀྱི་བཀའ་བབས་འཆད་བ་ཡེ་ཤེས་རྡོ་རྗེ། འདི་ལས་རྒྱུད་དེ་བློ་སྦྱོང་དོན་བདུན་མའི་ཁྲིད་བྱུང་སྟེ་བཀའ་བབས། གཞུང་བཤད་ཀྱི་བཀའ་བབས་འདོད་འཇོ་བ་གཞོན་ནུ་ཡོན་ཏན་ཏེ་འདིས་ར་སྒྲེང་གི་གདན་ས་མཛད། ལོངས་སྦྱོད་ཀྱི་བཀའ་བབས་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ། གཏུམ་སྟོན་བློ་གྲོས་གྲགས་པ་འདིས་སྣར་ཐང་བཏབ། རྒྱ་སྟོན་ལྕགས་རི་བ་དང་ཞང་ཞུང་པ་མདོ་སྡེ་པ་སོགས་གླང་ཐང་པའི་མའོ། དོལ་པ་དམར་ཞུར་བའི་སློབ་མ་དོན་སྟེངས་པ་སོགས་ཡིན། ཕ་ཝོ་ཁ་བའི་སློབ་མ་རྒྱ་མ་སངས་རྒྱས་དབོན་སྟོན་གཞོན་ནུ་འབྱུང་གནས་འདིས་རྒྱ་མ་རིན་ཆེན་སྒང་པ་བཏབ། རྣལ་འབྱོར་པ་ལུང་ཨ་མི་བྱང་ཆུབ་ཀྱི་སྲས་མང་ར་བརྩོས་འགྲུས་འབར་རམ་སྙུག་རུམ་པ་ཡང་ཟེར་བ་དང། མཐའ་བཞི་བཙོན་འགྲུབ་འབར་གཉིས། དགོན་པ་བའི་སློབ་མར་ཀ་མ་པ་ཤེས་རབ་འོད་ཟེར་དང། སྣེ་ཟུར་བ་ཡེ་ཤེས་འབར་ཏེ། ནག་ཆོས་སློབ་མ་རོང་བ་ཕྱག་སོར་བ་སྟེ། འདིས་ཇོ་བོའི་དངོས་སློབ་བརྒྱད་དང་ཉིང་སློབ་གཉིས་ཏེ་བཅུ་ལ་ཐུག་ལག་སོར་དགོན་པར་བཞུགས། བརྒྱུད་དང་ཉིང་སློབ་གཉིས་ཏེ་བཅུ་ལ་ཐུག་ལག་སོར་དགོན་པར་བཞུགས། བརྒྱུད་པར་བཅས་པ་ལ་བཀའ་གདམས་འོག་མར་གྲགས་ཤིང་ནག་ཚོའི་བཀའ་བརྒྱུད་ཀྱང་ཟེར། ཡང་ཇོ་བོའི་སློབ་མ་ཡེར་པའི་ཞང་བཙུན་ནམ། འོལ་སྒོང་པ་ཡེ་ཤེས་འབར་ཡང་ཟེར་ཏེ། འདི་པུ་ཏོ་བའི་བླ་མ་ཡིན། དགོན་པ་བའི་(སྨད་ཆ།༧༠༡)སློབ་མ་འཛིན་སྒོམ་དབང་ཕྱུག་རྒྱལ་མཚན་དང། སྦ་སྒོམ་བསོད་ནམས་ཡེ་ཤེས་གཉིས་ཀའི་སློབ་མར་ཁ་རག་སྒོམ་ཆུང་དང། ཡང་པུ་ཏོ་བའི་སློབ་མ་འཕན་སྒོམ་གུང་རྒྱལ་ཞེས་པ་སྐྱང་མིང་ཡིན། མཚན་དངོས་ཚུལ་ཁྲིམས་རྒྱལ་བ་སྟེམ། དེ་སོགས་གཞན་ཡང་མང་དུ་བྱོན་ནོ། ད་ལྟ་བཀའ་གདམས་པ་ཟེར་ནས་གྲུབ་མཐའ་ཟུར་འཁྱེར་མི་སྣང་ཡང། ས་དགེ་བཀའ་བརྒྱུད་སོགས་ཐམས་ཅད་ཀྱི་ནང་དུ་ཐིམ་ནས་གདམས་ངག་ཕལ་ཆེར་མ་ནུབ་པར་གནས་སོ། ཕྱག་རྒྱ་བ་ནི་མར་པའི་བཀའ་བརྒྱུད་དེ་སླར་གཤམ་དུ་འཆད་པར་འགྱུར་ལ། ས་སྐྱ་པའི་སྐབས་བརྗོད་པ། གངས་ཆན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པའི་རིང་ལུགས་བྱོན་ཚུལ་ནི། གདུང་བརྒྱད་དང་ཆོས་བརྒྱུད་གཉིས་ཀྱི་དང་པོ་ནི་གདུང་བརྒྱུད་རིན་པོ་ཆེ་འདི་ཐོག་མར་འོད་གསལ་ལྷའི་བརྒྱུད་ལས། མཁོན་དཔལ་པོ་ཆེའི་བར་དུ་ཕལ་བ་གཞན་ལས་ཁྱད་པར་དུ་འཕགས་པ་འབའ་ཞིག་བྱོན། དཔལ་པོ་ཆེའི་སྲས་འཁོན་ནཱ་གནྡྲེ་རཀྵི་ཏ་སྟེ། བོད་སྐད་དུ་འཁོན་ཀླུའི་དབང་པོ་སྲུང་བ་ཟེར། མཁན་ཆེན་ཞི་བ་མཚོ་ལས་སྒྲ་བརྒྱུར། སད་མི་མི་བདུན་རབ་ཏུ་བྱུང་བའི་ཤེས་པའི་ཆེ་ཤོས་དེ་ཡིན། འཁོན་རྡོ་རྗེ་རིན་ཆེན་དང། ཀླུ་དབང་སྲུང་གིས་སློབ་དཔོན་པདྨ་སོགས་བསྟེན་པ་ནས་བཟུང་སྟེ་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱི་བར་གདུང་བརྒྱུད་རྣམས་གསང་སྔགས་རྙིང་མའི་གྲུབ་ཐོབ་ཤ་སྟག་བྱོན། འཁོན་དཀོན་མཆོག་རྒྱལ་པོ་ནས་གསར་མ་མཛད། རྗེ་འདི་ཤིང་ཕོ་ཁྱི་ལ་སྐུ་འཁྲུངས། འབྲོག་(སྨད་ཆ།༧༠༢)མིའི་དྲུང་དུ་བྱོན། གསང་སྔགས་ཀྱི་ཕྱི་འགྱུར་རྣམས་ལ་སྦྱངས་ས་སྐྱ་བཏབ། བླ་མ་དཀོན་མཆོག་རྒྱལ་པོ་དགུང་ལོ་ལྔ་བཅུ་རྩ་དགུ་བཞེས་པ་ཆུ་ཕོ་སྦྲེལ་ལོ་ལ་ས་ཆེན་ཀུན་དགའ་སྙིང་པོ་འཁྲུངས། དགུང་ལོ་བཅུ་གཅིག་པ་ལ་ཡབ་སྐུ་གཤེགས་ཏེ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱིས་གདམ་ས་མཛད། འཇམ་དབྱངས་བསྒྲུབས་པས་ཟླ་བ་དྲུག་ནས་འཕགས་པ་འཇམ་དཔལ་ཞལ་གཟིགས། བླ་མ་མང་དུ་བསྟེན་མདོ་སྔགས་ཐམས་ཅད་མཁས་པར་མཁྱེན། ཞང་དགོན་པ་བ་ལས་གསུང་དག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཆོས་རྫོགས་པར་གསན། སྐུའི་བཀོད་པ་མི་འདྲ་བ་དྲུག་བསྟན། རེ་བདུན་པ་ས་ཕོ་སྟག་ལ་གཤེགས། རྗེ་བཙུན་རིན་པོ་ཆེ་བསོད་ནམས་ཙེ་མོ་ནི་ཆུ་ཕོ་ཁྱི་ལ་འཁྲུངས། མཁས་པའི་རྩེར་སོན་འཇམ་དཔལ་དབྱངས་ཀྱི་སྦྲུལ་པར་གྲགས། བསྟན་བཅོས་མང་དུ་མཛད། དགུང་ལོ་བདུན་ཅུ་པ་ལ་སྐུ་ལུས་ལ་སྦངས་པར་མཁའ་སྦྱོད་དུ་གཤེགས། རྗེ་བཙུན་གྲགས་པ་རྒྱལ་མཚན་ནི་མེ་མོ་ཡོས་ལ་འཁྲུངས། མཁྱེན་རབ་བསམ་གྱིས་མི་ཁྱབ། དགུང་ལོ་བདུན་ཅུ་པ་ལ་གཤེགས། འཇམ་དཔལ་དབྱངས་ས་སྐྱ་པཎ་ཆེན་ནི། ས་ཆེན་གྱི་སྲས་དཔལ་ཆེན་པོ་འོད་པོ་ཞེས་པའི་སྲས་སུ་ཆུ་བྱོན་པའི་མཁས་པ་ཆེན་པོར་གྱུར། ཁ་ཆེ་པཎ་ཆེན་ལས་བསྙེན་རྫོགས་བཞེས། སྒྲ་ཚད་བཟོ་གསོ་སྙན་ངག་སོགས་རིག་གནས་རྣམས་ཀྱི་སྲོལ་བཏོད་ནས་དར་བ་མཛད། མུ་སྟེགས་འཕྲོག་བྱེད་དགའ་བོ་འཁོར་དྲུག་ཕྲག་དང་བཅས་ལུང་རིག་གིས་ཆར་བཅད། དགུང་ལོ་དྲུག་ཅུ་རེ་ལྔ་པ་ལ་ཧོར་ཡུལ་དུ་བྱོན། རྒྱ་ནག་པོའི་ཡུལ་དུ་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་(སྨད་ཆ།༧༠༣)སྦེལ་ནས། ལྕགས་མོ་ཕག་གིལོར་སྦྲུལ་པ་སྡེའི་གཙུག་ལག་ཁང་དུ་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན། འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ་ནི། ཆོས་རྗེ་ས་པཎ་གྱི་གཅུང་སའི་དབང་ཕྱུག་ཟང་ཚ་བསོད་ནམས་རྒྱལ་མཚན་གྱི་སྲས་སུ་ས་མོ་ལུག་གི་ལོ་ལ་འཁྲུངས། ཁུ་བོ་འཇམ་དབྱངས་ཆོས་རྗེ་པཎྜི་ཏའི་ཞབས་ཕྱིར་དགུང་ལོ་བཅུའི་སྟེང་རྒྱ་ནག་ཏུ་ཕེབས་པ་ཆོས་རྗེ་རིན་པོ་ཆེ་སྐུ་གཤེགས་རྗེས་ཡར་བྱོན། སླར་ཡང་དགུང་ལོ་བཅུ་དགུའི་སྟེང་ཧོར་སེ་ཆེན་གན་གྱིས་གདན་དྲངས་ཏེ་རྒྱ་ནག་ཏུ་བྱོན། བོད་ཁྲི་སྐོར་བཅུ་གསུམ་གྱི་བདག་པོར་གྱུར། གཙང་དུ་ཆུ་མིག་ཆོས་འཁོར་མཛད་དེ་དག་འདུན་ཁྲི་ཕྲག་བདུན་ལ་བསྙེན་བཀུར་རྒྱ་ཆེར་མཛད། འཕགས་པ་རིན་པོ་ཆེའི་གཅུང་འགྲོ་མགོན་ཕྱག་ན་ཞེས་པ་ཕྱག་ན་རྡོ་རྗེའི་སྦྲུལ་པ་རྟེན་ཁྱིམ་པའི་ཚུལ་དུ་བཞུགས། གྲུབ་པའི་སྐྱེས་བུ་དེའི་སྲས་དྡྷརྨ་པཱ་ལ་རཀྵི་ཏས་གདན་སར་ཕེབས་ཏེ་བར་སྐབས་ཞལ་ངོ་ཉག་ཕྲ་བའི་སྟབས་ཀྱིས་ཇོ་མོ་བདུན་ཁབ་ཏུ་བཞེས་པ་ལ་སྲས་མིང་སྲིང་བཅོ་ལྔ་འཁྲུངས། ཏི་ཤྲཱི་ཀུན་དགའ་བློ་གྲོས་ཀྱིས་བླ་བྲང་ཁག་བཞིར་བགོས་ནས་གཅུང་རྣམས་ལ་བྱིན་པས་གཞི་ཐོག་བླ་བྲང། ལྷ་ཁང་ཆེན་མོ། རིན་ཆེན་སྒང། དུས་མཆོད་བླ་བྲང་རྣམས་བྱུང། དེང་སང་གདུང་རབས་རིན་པོ་ཆེ་བཞུགས་པ་འདི་ཉིད་ནི་དུས་མཆོད་པའི་ཞལ་ངོ་ཡིན་ཏེ། གདན་ས་དངོས་རྩེ་གདོང་ཡིན་ཀྱང། གདུང་རབས་བརྒྱད་པ་ནས་སྔགས་འཆང་ཀུན་དགའ་རིན་ཆེ་གདན་ས་གོང་མ་ས་སྐྱར་ཕེབས། སྔགས་འཆང་ཀུན་དགའ་རིན་ཆེན་གྱི་གདན་ས་གོང་མ་ས་སྐྱར་ཕེབས། སྔགས་འཆང་ཀུན་དགའ་རིན་ཆེན་གྱི་སྲས་(སྨད་ཆ།༧༠༤)གྲགས་པ་བློ་གྲོས། དེའི་སྲས་འཇམ་མགོན་ཨ་མིས་ཞབས་སམ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། དེའི་སྲས་འཇམ་དབྱངས་བསོད་ནམས་དབང་ཕྱུག། དེའི་སྲས་སྔགས་འཆང་ཀུན་དགའ་བཀྲ་ཤིས། དེའི་སྲས་བདག་ཆེན་བསོད་ནམས་རིན་ཆེན། དེའི་སྲས་བདག་ཆེན་ངག་དབང་ཀུན་དགའ་བློ་གྲོས། དེའི་སྲས་བདག་ཆེན་ངག་དབང་ཀུན་དགའ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའམ་འཛམ་གླིང་དབང་སྡུད་སྙིང་པོ་ཡབ་སྲས་ཀྱི་བར་དུ་བྱོན་པ་རྣམས་ཡིན་ནོ། དེ་དག་ལས་རིན་ཆེན་སྒང་པའི་ཞལ་ངོ་དང་པོའི་གྲས་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་འདི་ཉིད་ནི་རྗེ་བཙུན་གོང་མ་ལྔ་དང་མཁྱེན་བརྩེ་ནུས་གསུམ་ལ་ཁྱད་པར་མེད་པའི་མཁས་གྲུབ་ཆེན་པོ་བྱུང་སྟེ། བསྟན་པ་དང་སེམས་ཅན་ལ་སྐུ་དྲིན་བསམ་གྱིས་མི་ཁྱབ་ཅིང། འདི་ནས་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་ཐམས་ཅད་ཚོགས་བཤད་སློབ་བཤད་གཉིས་སུ་ཕྱེ་བའི་སྲོལ་མཛད། རྩེ་གདོང་པའི་གདུང་རབས་ནམས་ཞེས་པ་བྱུང་སྟེ། འདི་ནི་ས་སྐྱ་པཎྜི་ཏའི་སྦྲུལ་པར་གྲགས་པའི་མཁས་བཙུན་བཟང་གསུམ་གྱི་སྐུ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན། དེའི་དབོན་སྔགས་འཆང་ཀུན་དགའ་རིན་ཆེན་ནི་དཔལ་ལྡན་ས་སྐྱ་པའི་བསྟན་སྲིད་སྡེ་དང་བཅས་པ་ལ་སྐུ་དྲིན་ཆེ། ཆོས་བརྒྱུད་ནི་དཔལ་ལྡན་ས་སྐྱ་པ་ཞེས་འཛམ་གླིང་གི་རྒྱན་གཅིག་པུར་གྱུར་པ་འདི་ཉིད་ཀྱི་ཆོས་སློབ་མར་མ་གྱུར་པ་མེད་པའི་ནང་ནས། ཕྱིས་སུ་སྔགས་ལ་མཁས་པ་ཀུན་དགའ་རྣམས་གཉིས། མདོ་ལ་མཁས་པ་གཡག་(སྨད་ཆ།༧༠༥)རོང་རྣམ་གཉིས། གཉིས་ཀ་ལ་མཁས་པ་གོ་ཤཱཀྱ་རྣམ་གཉིས་སོགས་མང་དུ་བྱོན་པའི་ནང་ནས་བསྟན་འཛིན་གྱི་གཙོ་བོ་ཀུན་དགའ་རྣམ་གཉིས་སམ་ངོར་རྫོང་གཉིས་སུ་གྲགས་པའི་ངོར་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནི། རྒྱལ་བས་མདོ་བརྒྱུད་དུ་མར་དཔལ་གྱི་མགུལ་ནས་ལུང་དུ་བསྟན་པའི་སྐྱེས་བུ་དམ་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཞེས་གྲགས་པའི་བ་དན་སྲིད་རྩེར་གཡོ་བ་དེ་ཉིད་དེ། གདུང་རུས་ནི་འབྲིང་མཚམས་ཅོག་རོའི་རིགས་ཏེ་བོད་ཆོས་རྒྱལ་གྱི་སྐུ་ཞང་གི་རིགས་ཅོག་རོ་ཀླུའི་རྒྱལ་མཚན་སོགས་དང་གཅིག་ལ། ཡབ་ས་སྐྱ་ཚོགས་ཀྱི་ཉེར་གནས་གྲུབ་པ་ཡོན་ཏན་ཟེར་ཏེ། རྣམ་ཐར་འགའ་ཞིག་ལས་བདག་ཆེན་ཉིད་ཀྱི་སྲས་ཡིན་པར་ཡང་བཤད། ཡུམ་ཤ་བ་དཔོན་སིང་གི་སྲས་ནི་བསོད་ནམས་དཔལ་འདྲེན་ཞེས་པ་ལས་ཆུ་ཕོ་ཁྱི་ལ་དཔལ་ས་སྐྱར་སྐུ་བལྟམས། ཆུང་ངུ་ནས་བྱིས་པའི་སྦྱོད་པ་ལས་འདས། ཤར་ཆེན་ཡེ་ཤེས་རྒྱལ་མཚན་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས་དགུང་ལོ་དགུ་པ་ལ་རབ་ཏུ་བྱུང། གྲུབ་ཆེན་བུད་དྷ་བ་ལས་ལམ་འབྲས་གསན། རྒྱུད་དུ་རྡོར་དཀར་གདན་གཅིག་ཁོ་ན་མཛད་ཅིང་ཉེས་ལྟུང་གི་དྲི་མས་དབེན། དགུང་ལོ་ཞེ་བརྒྱུད་པ་ལ་ངོར་དགོན་བཏབ། དགུང་ལོ་དོན་ལྔ་པ་མེ་ཕོ་བྱི་ལོའི་ས་གའི་ཉེར་ལྔ་ལ་དག་པའི་ཞིང་དུ་གཤེགས་སོ། གདན་སུ་མུས་སེམས་དཔའ་ཆེན་པོས་ལོ་གསུམ་མཛད། དེ་ནས་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་སོགས་ནས་རིམ་པར་དེང་སང་གི་བར་དུ་བྱོན་པའི་མཁན་བརྒྱུད་རིན་པོ་ཆེ་གསེར་རིའི་ཕྲེང་བ་ལྟར་བྱོན་པས་སྟོད་མངའ་རིས་ནས་སྨད་རྒྱ་མཚམས་ཡན་ལ་ངོར་པའི་ཆོས་བརྒྱུད་དང་དགོན་གནས་ཀྱིས་མ་ཁྱབ་མེད་པར་མཛད་པ་(སྨད་ཆ།༧༠༦)འདིའོ། རྫོང་པ་ཀུན་དགའ་རྒྱལ་མཚན་པ་ནི། ལོ་ཙཱ་བ་ཞང་ཡེ་ཤེས་རྡོ་རྗེ་སོགས་ཀྱི་བརྒྱུད་པ་དཔོན་པོ་ནོར་འཕེལ་གྱི་སྲས་སུ་སྐྱའི་མཐོང་སྨོན་བླ་བྲང་དུ་བྱོན། ཐེག་ཆེན་རྗེའི་ཐུགས་སྲས་སུ་གྱུར། ངོར་རྫོང་གཉིས་ཞེས་པ་ཡང་ངོར་པ་ཤར་པའི་ཕྱག་ལེན་གཙོ་བོར་མཛད། རྗེ་འདི་བླང་བྲང་རྫོང་ཆུང་པའི་རྗེས་འབྲང་མཛད་པས་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་གཉིས་མས་ཀུན་དགའ་རྣམ་གཉིས་སུ་གྲགས། འདི་པའི་རྗེས་འབྲང་མུས་སྲིད་པ་དང། དབུས་ཀྱི་གྲོང་དཀར་བ་སོགས་ཡོད། དེ་ལྔ་པ་མེ་འབྲུག་ཟླ་བའི་ཉེར་བརྒྱད་ལ་གཤེགས་སོ། མཁས་པ་གཡག་རོང་གཉིས་ཀྱི་གཡག་ཕྲུག་སངས་རྒྱས་དཔལ་ཞེས་པ་ཚེ་ཕྲང་གི་ཆེན་པོ་བྱང་ཆུབ་རིན་ཆེན་གྱི་སྲས་ཡིན་པ་ལ་རྣམ་པ་དེ་ཉིད་ཉེ་གནས་གཡག་གཡུ་ཞེས་པའི་སྲས་སུ་ངོས་བླངས་པས་ན། གཡག་ཕྲུག་ཅེས་གྲགས། འཁྲུངས་ཡུལ་ཞེས་བྱ་བ་དེ་ཉིད་ཡིན་ཞིང། དཔལ་ལྡན་ས་སྐྱ་དང་རྩེ་ཐང་སོགས་སུ་གསན་སྦྱངས་མཛད། ཀུན་མཁྱེན་རོ་སྟོན་ཆེན་པོ་ནི། ཤར་རྒྱལ་མོ་རོང་དུ་འཁྲུངས། བཅོ་བརྒྱད་པ་ལ་གསང་ཕུ་ནེའུ་ཐོག་གི་ཆོས་གྲར་གསན་བསམ་མཛད། གནས་ལྔ་རིག་ཅིང་གྲུབ་པའི་དབང་ཕྱུག་ཆེན་པོ་གྱུར། བདུན་ཅུ་པ་མེ་ཕོ་འབྲུག་ལེནྡའི་ཆོས་གྲཱ་ཆེན་པོ་བཏབ་སྟེ་ལོ་བཅུ་བཞིར་གཞན་དོན་མཛད། གོ་ཤག་གཉིས་སུ་གྲགས་པའི་ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེ་ནེ། མདོ་ཁམས་གོ་བོ་རོང་ས་ཆ་སྦོམ་བྱ་བར་བྱོན། པཎ་ཤཱཀ་(སྨད་ཆ།༧༠༧)ལས་ལོ་གཅིག་གི་གཞོན་རོང་སྟོན་གྱི་ཞབས་ཟིན་ཅིང་གསུང་གི་བདུད་རྩི་ཡང་གསོལ། དེ་ནས་གསང་ཕུ་དང་འབྲས་ཡུལ་དུ་བྱམས་ཆེན་རབ་འབྱམས་ལས་མདོ་ཕྱོགས་གསན། ངོར་ཆེན་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས། ཞེ་ལྔ་པ་ཆུ་སྦྲུལ་ལ་ཐུབ་བསྟན་རྣམ་རྒྱལ་བཏབ། ལྔ་བཅུ་རྩ་བའི་ས་ཆུ་ཡོས་ལ་ཨེ་ཝཾ་གྱི་གདན་ས་མཛད། ལོ་ངོ་བཞིར་ཕྲིན་ལས་བསྐྱངས། རེ་གཅིག་པ་ལ་གཤེགས། པཎ་ཆེན་ཤཱཀྱ་མཆོག་ལྡན་ནི། གསང་ཕི་བའི་ཚོགས་བྱ་བར་ས་སྦྲེལ་ལ་བྱོན། རང་སྟོན་ངོར་ཆེན་སོགས་ལས་གསན་པ་མཐར་ཕྱིན། ཞེ་གཉིས་པ་ས་གླང་ལ་གསེར་མདོག་ཅན་གྱི་གྲཱ་ཚང་བཙུགས། བརྒྱད་ཅུ་པ་ལ་གཤེགས། གཞན་ཡང་ཆོས་རྗེ་ཀུན་དགའ་རྣམ་རྒྱལ་ནི། རིག་འཛིན་ཤྲི་སེང་ཧ་དང། སྣ་ནམ་རྡོ་རྗེ་བདུད་འཛོམས་སོགས་ཀྱི་སྦྲུལ་པར་བཤད་ཅིང་རིགས་ཕུན་སུམ་ཚོགས་པ་ཐོན་མི་སམྦྷོ་ཊའི་བརྒྱུད་པ་རྒྱལ་བ་ཤེས་རབ་དང་ཡུམ་དཔལ་ལྡན་རྡོ་རྗེ་བདེ་མའི་སྲས་སུ་ཆུ་བྱི་ལ་བྱོན། སྐུ་ཆུང་ངུའི་དུས་གྲཱ་ལྔ་རྒྱལ་པོར་གྲགས། བྲག་ཐོག་པ་སོགས་ནས་གསན་པ་མཐར་ཕྱིན། རྗེ་བྱམས་པ་གླིང་པ་ལས་བསྙེན་པར་རྫོགས། དགུང་ལོ་སོ་གསུམ་པ་ཤིང་སྦྲེལ་ལ་རྡོ་རྗེ་གདན་གྱིས་ཆོས་སྡེ་བཙུགས། དབུས་ཕྱོགས་སུ་ས་སྐྱ་པའི་བསྟན་པ་སྟོབས་ཀྱིས་འདེགས་པའི་བསྟན་འཛིན་དུ་གྱུར། རེ་ལྔ་པ་ལ་གཤེགས། གཞན་ཡང་ས་སྐྱ་པའི་བསྟན་འཛིན་ཆེན་པོ་དགའ་ཞིག་ཅུང་ཟུད་བརྗོད་ན། བྱང་ཆུབ་སེམས་ཀྱི་བཀའ་བབས་རྒྱལ་སྲས་ཐོག་མེད་ནི། ཤིང་མོ་ལུག་ལ་ལྷོ་ཕུལ་བྱུང་དུ་འཁྲུངས། རབ་ཏུ་བྱུང་བའི་མཚན་བཟང་(སྨད་ཆ།༧༠༨)པོ་དཔལ། ཆོས་གང་ཡང་མི་མཁྱེན་པ་མེད། གཙོ་བོར་བྱང་ཆུབ་ཀྱི་ཐུགས་འཁྱོངས་པས་དབང་ལོ་བུ་དོང་ཆོས་རྗེ་བླ་མ་སོགས་ཀྱང་སྨོན་གནས་སུ་བྱེད། ཏའི་སུ་ཏུ་སོགས་ཀྱིས་ཀྱང་ཏི་ཤྲིར་བཀུར། དགུང་ལོ་དོན་ལྔར་བཞུགས། རི་མངའ་པ་གཞོན་ནུ་བློ་གྲོས་ནི། བློན་པོ་མགར་གྱི་གདུང་བརྒྱུད་ཡིན། མ་ཏི་པཎ་ཆེན་སོགས་ལས་གསན་བསམ་མཐར་ཕྱིན། དབུ་མ་ལ་མཁས་པའི་ཁྲོམ་ཐོག་ཆོད། དྲུག་ཅུ་ཙ་ལྔ་པ་ལ་གཤེགས། འདི་དང་གང་དུ་སློས་པའི་གཡག་ཕྲུག་པ་གཉིས་ལ་མཁས་པ་གཡག་གཞོན་གཉིས་ཟེར། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་ནི་རོང་སྣར་རྡོར་སྦེར་འཁྲུངས། ངོར་ཆེན་བསྟེན། འབྲས་ཡུལ་སྐྱིད་ཚལ་བཏབ། མཚན་ཉིད་པའི་ཕ་རྒན་ཡིན། རབ་འབྱམས་པའི་མིང་ཡང་གརཇེ་འདི་ནས་བྱུང་ཟེར། པཎ་ཆེན་འབུམ་ཕྲག་གསུམ་པ་ནི། འབུམ་ཟླ་བ་གཅིག་ལ་ཐུགས་ལ་ཟིན། གཉན་ཡོད་བྱ་གཤོད་དང། འཇང་ཐུབ་བསྟན་ཡངས་པ་ཅན་བཏབ། གདན་སར་མང་ཐོས་ཀླུ་སྒྲུབ་སོགས་བྱུང། གཞུང་བརྒྱད་པ་དངོས་གྲུབ་དཔལ་གྱིས་ཆོས་འཁོར་ལྷུན་པོ་བཏབ་དཱགས་པོ་ལྷ་རྗེའི་སྦྲུལ་པར་གྲགས། བྱམས་ཆེན་རབ་འབྱམས་པའི་སློབ་མ་འཇམ་དབྱངས་ཀུན་དགའ་ཆོས་བཟང་གི་སློབ་མ་ཡིན། རྗེ་ཀུན་དགའ་གྲོལ་མཆོག་མེ་ཡོས་ལ་གློ་བོར་བྱོན། གློའི་ཆོས་རྒྱལ་གྱི་བློན་པོ་ཚེ་བཟང་པོའི་སྲས་ཡིན་ཅིང། བོད་ཀྱི་གྲུབ་མཐའ་ཀུན་གྱི་ཟབ་ཆོས་ཀྱི་བཀའ་བཞུགས་དྲུག་ཅུ་པ་ལ་ཆོས་ལུང་བྱང་རྩེར་གཤེགས། ཚར་ཆེན་བློ་གསལ་རྒྱ་མཚོ་ནི། ཤི་ཕོ་སྟག་ལ་མང་མཁར་རྨུ་རུ་བྱོན། རྡོ་རིང་ཀུན་སྦངས་ཀུན་བཟང་ཆོས་ཀྱི་ཉི་མ་གཙོ་བོར་གྱུར་པའི་(སྨད་ཆ།༧༠༩)ཡོངས་འཛིན་དུ་མང་དུ་བསྟེན། ས་སྐྱ་བའི་ཞལ་ངོ་ནང་བརྒྱུད་སོགས་ཟབ་ཆོས་མང་པོའི་མངའ་བདག་ཏུ་གྱུར། ཁྱད་པར་མགོན་པོའི་ཆོས་སྐོར་ལ་འགྲན་ཟླ་དང་བྲལ། གསང་ཆེན་སློབ་བཤད་ཅེས་པའི་སྒྲ་དབྱངས་གྲགས། ཕྲིན་ལས་ཀྱི་རྒྱུན་འདར་གྲང་མོ་ཆེ་སོགས་དང། མྱང་དང། ཡར་ལུང་བཀྲ་ཤིས་ཆོས་སྡེ་སོགས་ལ་ཡོད། འདི་ནས་གནས་གསར་བ་མཁྱེན་བརྩེ་སོགས་ནས་ཚར་ལུགས་སུ་གྲགས་པ་རྣམས་བྱུང་ངོ། མཁྱེན་བརྩེའི་དབོན་དབང་ཕྱུག་རབ་བརྟན། དེ་ནི་དབོན་མགོན་པོ་བསོད་ནམས་མཆོག་ལྡན། དེའི་དབོན་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ་དེའི་དབོན་ལྷ་བཙན་ངག་དབང་ཀུན་དགའ་ལེགས་པའི་འབྱུངས་ཡིན་ནོ། དོན་གསུམ་པ་ལ་འདར་གྲང་མོ་ཆེར་གཤེས། གཞན་ཡང་སྒྲ་སྙན་ངག་སོགས་ལ་བཀའ་དྲན་ཆེ་བའི་ཤོང་དབང་བརྒྱུད་པ་དང་བཅས་པའི་ཤོང་རྡོ་རྗེ་རྒྱལ་མཚན། དབང་ལོ་བློ་གྲོས་བརྟན་པ། དེའི་དབོན་པོ་བྱང་ཆུབ་རྩེ་མོ། དེའི་དབོན་པོ་ལོ་ཙཱ་བ་གྲགས་རྒྱལ། དེའི་དཔོན་པོ་དང་ཐམས་ཅད་མཁྱེན་པ་བྱོན། འདི་དག་ནི་གྲགས་ཆེ་བ་འགའ་ཞིག་ཟུར་ཙམ་སྨོས་པ་སྟེ་མཐའ་དག་བརྗོད་པས་མི་ལངས་ཏེ། ས་སྐྱའི་གདན་རབས་ངོ་མཚར་གཏེར་མཛོད་དང། ཆོས་འབྱུང་བསྟན་པ་རྒྱ་མཚོར་འཇུག་པའི་གྲུ་ཆེན་སོགས་ལས་ཤེས་པར་བྱའོ། ས་སྐྱ་པའི་སྐབས་སོ། ཀམ་ཚང་ངམ་ཀརྨའི་བཀའ་བརྒྱུད་ཀྱི་སྐབས་བརྗོད་བ། དཔལ་རི་བོ་དགའ་ལྡན་པ་ནི་རྗེ་ཁ་པ་ཆེན་པོའི་རིང་ལུགས་ཏེ།(སྨད་ཆ།༧༡༠)རྗེ་འདི་མདོ་སྨད་བཙོང་ཁའི་ཡུལ་གྲུ་པ་ལམ་གྱི་རིགས་ལས་དཔའ་ཞིང་ངེས་པ་བརྟུལ་ཕོད་ཅན་དཀར་ཕྱོགས་ལ་མོས་པ་ད་ར་ཁ་ཆེ་ཀླུ་འབུམ་དགེ་ཞེས་བྱ་བ་དང་ཡུམ་ཤེས་མོ་ཨ་ཆོས་གཉིས་ཀྱི་སྲས་སུ་མེ་མོ་བྱའི་ལོ་ལ་འཁྲུངས། དེ་ཡང་དབུ་གདུགས་སོགས་མཚན་དུ་མ་དང་ལྡན། ཀརྨ་པ་རལ་པའི་རྡོ་རྗེ་ལ་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་ཀུན་དགའ་སྙིང་པོར་གྲགས། བླ་མ་དོན་གྲུབ་རིན་ཆེན་ལས་དགེ་ཚུལ་རིན་ལས་ཐུགས་རྫོགས་བཞེས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས། བླ་མ་དུབ་མ་པས་ལོ་ཙཱ་བ་མཛད། དབུ་མའི་ལྟ་བ་སྔགས་མཚན་ཉིད་ཀྱི་ཁྱད་པར་སྔགས་བླ་མེད་ཀྱིས་ལམ་གྱི་གནང་དང། རིམ་པ་ལྔའི་གིང་རིམ་དྲང་ངེས་སོགས་དྲི་ངོགས་ལེགས་པར་དཔྱོད་པར་གནང། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ་སྙན་བརྒྱུད་དང་ལམ་རིམ་གྱི་འཁྲིད་སོགས་མང་དུ་གསན། མོན་བུམ་ཐང་གི་མཐར་ཐུགས་པའི་བར་གྱི་དབེན་གནས་རྣམས་སུ་ཀུན་སྦངས་ཀྱི་སྦྱོད་པ་ཁོ་ནས་གནས་པར་མཛད། མཛད་པའི་གཙོ་བོ་མཛད་ཆེན་བཞི་ཞེས་ཡོངས་སུ་གྲགས་པ་ལས་དགའ་ལྡན་གྱི་དཀྱིལ་འཁོར་སྒྲུབ་མཆོད། རྫིང་ཕྱི་ཞིག་གསོས་མཆོད་འབུལ། ལྷ་སར་ཆོ་འཕྲུལ་སྨོན་ལམ། གཉལ་གྱི་ལུང་ར་ཆེན་མོ་སྟེ་བཞིའི་ཡ་གྱལ་ལམ་མཆོག་ཏུ་གྱུར་པ་ལྷ་སར་ཆོ་འཕྲུལ་ཆེན་པོའི་སྨོན་ལམ་འཇུགས་པར་མཛད། ཇོ་བོ་རིན་པོ་ཆེར་ལོངས་སྦྱོད་རྫོགས་སྐུར་(སྨད་ཆ།༧༡༡)ཞལ་བསྒྱུར། སྨོན་ལམ་ཆེན་མོ་ཚོགས་པའི་ལོ་དེ་ལ་འབྲོག་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ས་གཞི་བརྟག་པ་སོགས་འདུས་བ་ནས་གཙུག་ལག་ཁང་བཞེས་པའི་ཚུལ་གསུངས་པའི་དོན་ལྟར་བཏབ། འགོག་པ་རི་ནས་བཙོམ་ལྡན་འདས་ཀྱི་ཆོས་དུང་དང། ལས་གཤིན་གྱི་ཞལ་འབག་གཉིས་གཏེར་ནས་བཏོན། འདུལ་བ་ནས་ཇི་སྐང་གསུངས་པ་བཞིན་ཕྱག་ལེན་ཕྲ་རགས་ཐམས་ཅད་ཕྱག་ལེན་དུ་ཐེབས་ངེས་མཛད་པས་དཔྱད་པ་གཙང་ཞིང་ཚུལ་ཁྲིམས་རྣམ་པར་དག་པས་རབ་ཏུ་བྱུང་བ་མཐའ་དག་ལ་རྗེ་འདིས་མིག་བལྟོས་ཀྱིས་དཔྱད་པ་གཙང་བ་ཏུ་བྱུང་བ་མཐའ་དག་ལ་རྗེ་འདིས་མིག་བལྟོས་ཀྱིས་དཔྱད་པ་གཙང་བ་ཁོ་ན་བྱུང་བས་འདུལ་བའི་བསྟན་པ་ལ་ལྷག་བར་བཀའ་དྲིན་ཆེ། རབ་བྱུང་རྣམས་ཀྱང་ཆོས་གོས་གྲས་དྲུབ་མ་དང་གདེད་ལྟུང་སོགས་དང། སྟོད་འགག་རྒྱན་དྲུག་མ་དང། ཟླ་གམ། ཞཱ་སེར་སོགས་སྒེར་ལུགས་རྗེས་འཇུག་འགའ་ཞིག་གི་འདོད་པ་བཞིན་མཛད་པས་སྒེར་ལུགས་སམ། དགོན་པའི་མིང་ལས་འདས་རི་བོ་དགའ་ལྡན་པ་ཞེས་མཚན་ཉི་ཟླ་ལྟར་གྲགས། དགུང་ལོ་རེ་གཉིས་ལ་ས་ཕག་དགུན་ཟླ་ར་བའི་ཉེར་ལྔ་ལ་དགའ་ལྡན་དུ་གཤེགས། མཁས་གྲུབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ནི་བསམ་ཡས་སུ་འཁྲུངས། རྗེ་རིན་པོ་ཆེའི་ཞལ་སློབ་ཀྱི་གཙོ་བོར་གྱུར། དཔལ་ལྡན་འབྲས་སྦུངས་ཀྱི་ཆོས་སྡེ་བཏབ། དགོན་མ་ལས་བུ་དགའ་བར་གྲགས། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ནི་ཚལ་གུང་ཐང་ཞོལ་དུ་འཁྲུངས། རྗེ་རིན་པོ་ཆེའི་ཆོས་གསུངས་པའི་སར་ཤིང་སེ་བའི་ར་བ་ལྟ་བུ་ཡོད་པས། དགོན་པའི་མིང་ཡང་སེ་ར་ཐེག་ཆེན་གླིང་གི་ཆོས་སྡེ་བཏབ། རྒྱ་ནག་ཏུ་ལན་གཉིས་ཕེབས། སྟོད་ཤེར་བཟང་གིས་གཙང་དུ་ལྷུན་པོ་ཙེ་དང་དབུས་སུ་རྒྱུད་སྨད་གྲཱ་ཚང་བཙུགས། དེ་ལས་རྒྱུད་སྟོད་(སྨད་ཆ།༧༡༢)པའང་མཆེད། སྨད་ཤེར་མེད་སེང་གི་ཆབ་མདོ་ཆོས་འཁོར་བྱམས་གླིང་བཏབ། འཇམ་དབྱངས་གཙང་བ་བདུན་བརྒྱུད་དུ་གྲགས་པའི་རྒྱལ་དུ་གྲགས་པའི་རྒྱལ་ཚབ་དར་མ་རིན་ཆེན་ནི། གཙང་སྟོད་དུ་འཁྲུངས། གནས་རྙིང་དུ་རབ་ཏུ་བྱུང། རྗེ་རིན་པོ་ཆེའི་རྒྱལ་ཚབ་ཏུ་དགའ་ལྡན་གྱི་ཁྲིར་ཕེབས། མཁས་གྲུབ་དགེ་ལེགས་དཔལ་བཟང་ནི་གཙང་མདོག་གཞུང་དུ་འཁྲུངས། དགའ་ལྡན་གྱི་ཁྲི་ཐོག་གསུམ་པར་གྱུར། ཞ་ལུར་རབ་ཏུ་བྱུང་དགའ་ལྡན་ཁྲི་ཕེབས། ཁྲི་ཐོག་ལྔ་པ་རྗེ་བློ་གྲོས་རྒྱལ་མཚན་གཙང་གཡག་སྡེར་འཁྲུངས། རྗེ་བླ་མའི་ཞལ་སློབ་ཏུ་གྱུར། འདིའི་སྐུ་སྐྱེ་བ་བ་སོ་ལྷ་དབང་རྣམ་རྒྱལ། དེའི་སྐྱེ་བ་རྟ་ཚག་ལྷ་དབང་ཆོས་ཀྱི་དབང་ཕྱུག། དེའི་སྐྱེ་བ་ངག་དབང་དཀོན་མཆོག་ཉི་མ་སོགས་རྟ་ཚག་གི་སྐྱེ་སྦྲུལ་རིམ་པར་བྱུང་བ་རྣམས་ཡིན་ནོ། ཁྲི་ཐོག་བདུད་པ་ནི་མཁས་མཆོག་བློ་གྲོས་བརྟན་པ། གཙང་གི་ཤངས་མགྲོན་ཁང་དུ་འཁྲུངས། ཁྲི་ཐོག་བརྒྱད་པ་སྨོན་ལམ་དཔལ་བ་ནི། གཡས་རུ་བྱང་དུ་འཁྲུངས། དགའ་ལྡན་གྱི་ཁྲིར་བཞུགས་ཏེ་མཁས་གྲུབ་དར་མ་རིན་པོ་ཆེན་ནས་འདི་ཡན་ལ་གཙང་བ་བདུན་རྒྱུད་དུ་གྲགས། དེ་ཕྱིར་ཁྲི་རིན་པོ་ཆེ་མུ་ཏིག་གི་ཕྲེང་བ་ལྟར་བྱོན་ཏེ་བགྲངས་ཀྱིས་མི་ལངས་སོ། གཞན་ཡང་དཔལ་རི་བོ་དགའ་ལྡན་པའི་བསྟན་འཛིན་ཆེན་པོ་འགའ་ཞིག་ཟུར་ཙམ་བརྗོད་ན། པཎ་ཆེན་དགེ་འདུན་གྲུབ་པ་ནི་འབྲོམ་དང་སྐུ་རུས་གཅིག་པར་ལྕགས་ལུག་ལོ་ལ་ས་སྐྱའི་ཞོལ་གུར་མ་ཏུ་བའི་འབྲོག་གསེབ་ཏུ་བལྟམས། སྣར་ཐང་མཁན་ཆེན་གྲུབ་པ་ཤེས་རབ་དགེ་ཚུལ་སོགས་སྒྲུབ་པའི་མཚན་དགེ་འདུན་གྲུབ་པར་(སྨད་ཆ།༧༡༣)གསོལ་དཔལ་བཟང་པོ་རང་ཉིད་ཀྱིས་བསྟན་ཁ་མཛད། མཚན་ཉིད་དང་སྔགས་རིག་གནས་ལ་མཁས་པར་གྱུར། རྙིང་མའི་མ་མོ་སྲིང་གསུམ་བདག་མོ་དམག་ཟོར་མ་འདི་ཉིད་ཀྱི་ངོ་བོ་དང་བརྒྱུད་བཅས་ནས་བཀྲ་ཤིས་ལྷུན་པོ་འདིང་པ་སོགས་ལེགས་ཉེས་ལུང་སྟོན་པར་མཛད་པ་བཞིན་ཆོས་སྐྱོང་དུ་བསྟེན་ཅིང། རྟ་མགྲིན་ཡང་གསང་ཀྱང་ཐུགས་ཉམས་སུ་བཞེས། ས་ལུགས་ཀྱི་བེག་རྩེ་ཡང་དར་རྒྱས་མཛད། སྐུ་ཚེའི་སྟོད་ལ་དབུས་གཙང་ཚང་མར་བྱ་བཏང་བསོད་སྙོམས་པའི་ཚུལ་གྱིས་ཕེབས་ཤིང་ཆོས་ཁོ་ན་གསན། འོན་བཀྲ་ཤིས་རྡོར་ཁར་རྗེ་རིན་པོ་ཆེ་མཇལ་བས་མི་ཕྱེད་པའི་དད་པ་ཐོབ་སྟེ་སྲས་ཀྱི་ཐུ་བོར་གྱུར། སྐུ་ཚེའི་སྨད་ལ་བཀྲ་ཤིས་ལྷུན་པོ་བཏབ་པ་སོགས་ཕྲིན་ལས་དང་འགྲོ་བའི་དོན་རྒྱ་ཆེ། དགུང་ལོ་གྱ་ལྔ་བར་གཟུགས་སྐུའི་བཀོད་པ་བསྡུས་སོ། པཎ་ཆེན་དགེ་འདུན་རྒྱ་མཚོ་རྟ་ནག་ཏུ་སྔགས་འཆང་ཀུན་དགའ་རྒྱལ་མཚན་གྱི་སྲས་སུ་ཤིང་ལུག་རྒྱལ་ཟླ་བའི་ཚེས་ལ་འཁྲུངས། ཡབ་རྡོ་རྗེ་འཆང་གཙོ་བོ་བའི་གསན་རྒྱ་ཆེ་ཞིང། པཎ་ཆེན་ལུང་རིག་རྒྱ་མཚོར་དགེ་བསྙེན་གྱི་སྡོམ་པ་བཞེས་དུས་མཚན་དགེ་འདུན་རྒྱ་མཚོ་དཔལ་བཟང་པོར་གསོལ། བསྙེན་རྫོགས་གནས་རྙིང་ཀུན་དགའ་བེད་ལེགས་ལ་བཞེས་དགུང་ལོ་བཅུ་དྲུག་ལོར་དབྱངས་ནས་མའི་བསྙེན་པ་གནང་བས་འགྲུབ་ནས་ཇ་ཡུན་རེ་ལ་ཤོ་ལོ་ཀ་བརྒྱ་རེ་ཟིན་པ་དང་སྙན་ངག་ཐུགས་ནས་རང་བརྡོལ་དུ་བྱུང། ཡུལ་དཀར་མོ་ལྗོངས་མེ་ཏོག་ཐང་དུ་ཆོས་འཁོར་རྒྱལ་གྱི་ཆོས་སྡེ་བཏབ། རྙིང་མའི་བླ་སྒྲུབ་དང་རྟ་མགྲིན་གསང་སྒྲུབ་ཡང་གསང་ཁྲོས་པ། གུ་རུ་ཞི་དྲག། ནཱ་ག་རཀྵ་དང་རྒྱལ་པོ་སོགས་བསྟེན་ཅིང་དར་རྒྱས་བྱུང། རེ་བརྒྱད་པ་ལ་དག་པའི་ཞིང་ལ་གཤེགས། ཐམས་ཅད་(སྨད་ཆ།༧༡༤)མཁྱེན་པ་བསོད་ནམས་རྒྱ་མཚོ་སྟོད་ལུང་ཚེ་དགར་བལྟམས། པཎ་ཆེན་བསོད་ནམས་གྲགས་པར་དགེ་ཚུལ་བསྒྲུབས། མཚན་གོང་བཞིན་གསོལ། དགའ་ལྡན་གྱི་གདན་ས་པ་བདེ་བ་ཅན་པར་བསྙེན་པར་རྫོགས། ཆོས་དབང་གི་བླ་མའི་ཞི་དྲག་ཚེ་བདག་ཁྲོ་བཅུ་འཆར་ཀ་སོགས་ལྔ་འགྱུར་གྱི་ཆོས་མང་པོ་ལ་ཕྱག་ལེན་མཛད། ས་འབྲུག་ལ་ཕན་བདེ་ལེགས་བཤད་གླིང་འཛུགས་པ་གནང། མེ་བྱར་བྱང་ཕྱོགས་སུ་ཞཱ་སེར་ཅོད་པན་འཆང་བའི་རིང་ལུགས་སྦེལ་བར་ཆིབས་སྐྱོད་གནང། ས་བྱར་དག་པ་མཁའ་སྦྱོད་དུ་ཕེབས། རྗེ་ཡོན་ཏན་རྒྱ་མཚོ་སོག་ཡུ་དུ་གླང་ལོར་ཇིང་གིར་གནམ་གྱི་རིགས་སུ་བལྟམས། དགུང་ལོ་བཅོ་ལྔའི་བར་བྱང་ཕྱོགས་སུ་བཞུགས། ལྕགས་ཡོས་ལོར་དབུས་སུ་ཕེབས་དགའ་ལྡན་ཁྲི་ཟུར་པ་སངས་རྒྱས་རིན་ཆེན་ལ་རབ་ཏུ་བྱུང། གདན་ས་རྣམས་ཀྱི་མཁན་པོ་སོགས་གོང་མའི་སྲོལ་འཛིན། དགུང་ལོ་ཉེར་བརྒྱད་པ་མེ་འབྲུག་ལོ་རྒྱལ་ཟླའི་ཚེས་ལྔ་ལ་དགའ་ལྡན་དུ་གཤེགས་སོ། གདན་ས་རྣམས་ཀྱི་མཁན་པོ་སོགས་གོང་མའི་སྲོལ་འཛིན་དགུང་ལོ་ཉེར་བརྒྱད་པ་མེ་འབྲུག་ལོ་རྒྱལ་ཟླའི་ཚེས་ལྔ་ལ་དགའ་ལྡན་དུ་གཤེགས་སོ། ཐམས་ཅད་མཁྱེན་པ་ལྔ་པ་རིན་པོ་ཆེ་ནི། ཡར་ལུང་འཕྱོངས་རྒྱས་སུ་ཟ་ཧོར་གྱི་རྒྱལ་རོགས་སུ་མེ་མོ་སྦྲུལ་ལོ་ལ་བལྟམས། པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་གཙུག་ཕུད་ཕུལ་ནས་རབ་བྱུང་དང་བསྙེན་རྫོགས་ཀྱང་བཞེས། མཚན་ངག་དབང་བློ་བཟང་རྒྱ་མཚོར་གསོལ། ཤེས་བྱ་རིག་པའི་གནས་ལྔ་ཀུན་གཟིགས་པའི་ཐམས་ཅད་མཁྱེན་པར་གྱུར། དགུང་ལོ་ཉེར་ལྔ་པ་ལ་གུར་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་བོད་ཁྲི་སྐོར་བཅུ་གསུམ་ཕྱག་ཏུ་ཕུལ། སླར་རྒྱ་ནག་གོང་མ་ཆེན་པོ་ཤུན་ཙི་རྒྱལ་པོས་གདན་དྲངས་བོད་ཤེས་སུ་བཅུག་པའི་ལུང་དང་གསེར་ཐམ་སོགས་ཕུལ། འདི་ཡན་ལ་དགེ་ལུགས་པར་སྒར་གཙང་སོགས་ཀྱིས་བསྙད་གཙེར་མང་ཡང།(སྨད་ཆ།༧༡༥)འདི་ནས་བཟུང་དཔལ་རི་བོ་དགའ་ལྡན་པའི་བསྟན་པ་ཁྱབ་གདལ་དུ་དར་བ་འདི་བྱུང་བ་ཡིན་ཏེ་དགེ་བསྟན་ལ་བཀའ་དྲིན་གཞན་ལས་ཆེ། ཕྲིན་ལས་རྒྱ་ཆེ་བའི་ངང་ནས་དགུང་ལོ་རེ་བཞི་པ་ལ་ཆོས་ཀྱི་དབྱིངས་སུ་གཤེགས། རྒྱལ་བ་དྲུག་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ནི། མོན་ཡུལ་གླིང་གདུང་དུ་འཁྲུངས། པཎ་ཆེན་བློ་བཟང་ཡེ་ཤེས་ལས་རབ་ཏུ་བྱུང། དགུང་ལོ་ཉེར་ལྔ་པ་ལ་རྒྱལ་ཡུལ་དུ་བྱོན་པའི་ཆིབས་ལམ་དུ་གཤེགས། ཐམས་ཅད་མཁྱེན་པ་བདུན་པ་བློ་བཟང་རྒྱ་མཚོ་ནི་ལིང་ཐང་དུ་འཁྲུངས། རྒྱ་ནག་གོང་མ་ཆེན་པོས་དཔུང་གིས་གདན་སར་སྦྱན་དྲངས། བོད་སྦྱི་དང་གྲུབ་མཐའ་ཐམས་ཅད་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ། རྗེ་འདིར་གོང་མ་ཆེན་པོས་བོད་ཡུལ་ཆོས་སྲིད་གཉིས་ཆར་གྱི་བདག་པོར་མངའ་གསོལ་ཕུལ། བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་མཛད་ནས། མེ་མོ་གླང་ལ་དག་པའི་ཞིང་དུ་གཤེགས། བརྒྱད་པ་འཇམ་དཔལ་རྒྱ་མཚོ་ནི་དབུས་ཀྱི་སའི་ཆར་འཁྲུངས། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས། མདོ་སྔགས་ཀུན་ལ་གསན་བསམ་མཐར་ཕྱིན། བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་འོག་མིན་དུ་གཤེགས། དེ་ནས་དེང་སང་རྒྱལ་བ་དགུ་པ་ངག་དབང་ལུང་རྟོགས་རྒྱ་མཚོ་ཁམས་ལྡན་ཡུལ་དུ་འཁྲུངས་ནས་གདན་སར་སེང་གེའི་ཁྲི་ལ་ཞབས་པད་བཀོད་ནས་འཚོ་གཞེས་བཀའ་དྲིན་ཆེ་བར་བཞུགས་བཞིན་པ་འདིའོ། པཎ་ཆེན་རིན་པོ་ཆེའི་རབས་ལས། བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི། མཁས་གྲུབ་རིན་པོ་ཆེའི་སྐུའི་སྐྱེ་བ་སྟེ་དེ་ཡང་མཁས་གྲུབ་རིན་པོ་ཆེ་ནས། བསོད་ནམས་སྟོབས་ཀྱི་གླང་པོ་དང། དབེན་པ་བ་བློ་བཟང་དོན་གྲུབ་ནས་(སྨད་ཆ།༧༡༦)པཎ་ཆེན་འདིར་སྐྱེ་བ་བཞེས་པ་སྟེ། གཙང་རོང་ཆེན་གྱི་ལྡན་ཞེས་པར་འཁྲུངས། མཁན་ཆེན་ཞི་མཚོའི་སྡོམ་རྒྱུན་ལ་བསྙེན་པར་རྫོགས། མདོ་སྔགས་དགོངས་འགྲེལ་དང་བཅས་པ་ལ་མཁྱེན་རབ་ཀྱི་རྩལ་རྫོགས། གངས་ཅན་ཆོས་འཕེལ་དང། ཞ་ལུ། སེ་འབྲང་སོགས་དགོན་གནས་མག་པོའི་བླ་མ་མཛད། དེ་ནས་བཀྲ་ཤིས་ལྷུན་པོའི་མཁས་པོར་བཞུགས། འདི་ཕྱིན་བཀྲ་ཤིས་ལྷུན་པོ་པཎ་ཆེན་ན་རིམ་གྱི་གདན་སར་འཇགས་སྟོད་མངའ་རིས་སུའང་ཕེབས། རྒྱ་སོག་རྣམས་སུའང་ཕྲིན་ལས་ཀྱིས་ཁྱབ། བསྟན་པའི་བྱ་བ་ཡུན་རིང་དུ་མཛད་ནས། དགུང་ལོ་དགུ་བཅུ་གོ་གསུམ་པ་ལ་གཤེགས། པཎ་ཆེན་བློ་བཟང་ཡེ་ཤེས་ནི། གཙང་ཐོབ་རྒྱལ་དུ་ལྷ་གཤེན་གྲུ་ཚངས་པའི་སྲས་སུ་འཁྲུངས། བློ་བཟང་ཆོས་ཀྱི་རྒྱལ་མཚན་སྐྱེ་བར་ངེས་པས་བཀྲ་ཤིས་ལྷུན་པོར་སེ་ཁྲིར་ཞབས་པད་བཀོད། ཀུན་མཁྱེན་ལྔ་པ་རིན་པོ་ཆེ་ལ་གཙུག་ཕུད་ཕུལ། བསྙེན་རྫོགས་ཀྱང་བཞེས་དུས་འགྱུར་གྱི་དབང་གིས་བོད་ཀྱི་རྒྱལ་ས་འཛིན་པའང་སྡེ་སྲིད་ཆེན་མོ། ལྷ་བཟང། ཇུན་འགར་སོགས་སྣ་ཚོགས་ཤིག་བྱུང་ཡང་ཀུན་གྱིས་མཆོད་པའི་ཞིང་དུ་གྱུར། འགྲོ་ཕན་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་ནས་གཤེགས། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ནི། ཤངས་ལྷ་ཕུར་སྡེ་པ་བཀྲ་ཤིས་རྩེ་བའི་སྲས་སུ་འཁྲུངས། འཆད་རྩོད་རྩོམ་པ་ཀུན་ལ་མཁས་པའི་ཕུལ་དུ་གྱུར། སྙན་གྲགས་ཀྱི་ཐུགས་དྲངས་ཏེ་རྒྱ་ནག་གོང་མ་ཆེན་པོའི་དབུའི་མཆོད་གནས་སུ་གདན་དྲངས། རྒྱ་སོག་གི་འགྲོ་བ་རྣམས་ཕན་བདེའི་ལམ་ལ་བཀོད་ནས་རྒྱ་ནག་པད་ཀྱིས་དུ་སྐུ་གཤེགས། རྗེ་འདིའི་མཆོག་གི་སྦྲུལ་པའི་སྐུ་རིན་པོ་ཆེ་ད་ལྟ་(སྨད་ཆ།༧༡༧)ཞལ་བཞུགས་པ་འདིའོ། དེ་ལྟར་འདི་དག་ནི་རྒྱལ་བསྟན་སྦྱི་དང་བྱེ་བྲག་དགེ་ལྡན་པའི་བསྟན་འཛིན་ཉི་ཟླ་ལྟར་གྲགས་པ་རྣམས་ཏེ་གཞན་དུ་དཔལ་རི་བོ་དགའ་ལྡན་པའི་རིང་ལུགས་འཛི་པ་བསམ་གྱིས་མི་ཁྱབ་པས་སུ་ཞིག་གིས་བརྗོད་པར་ནུས་ཏེ་བྲི་བར་མ་སྦོབས་སོ། དགའ་ལྡན་པའི་སྐབས་སོ། མར་ཀཔའི་བཀའ་བརྒྱུད་ཕྱག་རྒྱ་པ་ནི། ལྷོ་བྲག་མར་པ་ཆོས་ཀྱི་བློགྲོས་ཀྱིས་རྒྱ་གར་ལ་ལན་གསུམ་གྱིས་བཤད་བརྒྱུད་དང་མི་ལས་སྒྲུབ་བརྒྱུད་ཀྱི་བསྟན་པ་སྦེལ། མར་པ་དགུང་ལོ་གྱ་བཞི་པ་ལ་སྐུ་གཤེགས་སོ། རྗེ་བཙུན་མི་ལ་ནི། ལྕགགས་འབྲུག་ལ་གང་ཐང་གི་རྩ་རུ་སྐུ་བལྟམས། གཞོན་ནུའི་སྐབས་མཐུའི་སྒོ་ནས་དགྲ་བཏུལ། མར་ལོའི་དྲུང་དུ་དཀའ་བ་སྦྱད་དེ་ཐབ་དོན་གྱི་སྙིང་པོ་བླངས། རྫོང་དྲུག་སོགས་སུ་གྲུབ་པ་མཛད། བརྒྱད་ཅུ་ཙ་བཞི་པ་ལ་དག་པའི་ཞིང་དུ་གཤེགས། འདི་ལ་སློབ་མ་བསམ་གྱིས་མི་ཁྱབ་ཀྱང། གཙོ་བོ་རས་ཆུང་རྡོར་གྲགས་དང། དཱགས་པོ་ལྷ་རྗེའི། རས་ཆུང་བ་ནི། རྒྱ་གར་དུ་ལན་གསུམ་དུ་བྱོན་ནས་ལུས་མཁའ་འགྲོའི་ཆོས་སྐོར་གྱི་འཕྲོས་རྣམས་སྦྱན་དྲངས། ཐར་ལུས་གྲུབ་ཅིང་རས་ཆུང་སྙན་བརྒྱུད་གྲགས་པ་སོགས་བསྟན་རྒྱུན་ཀྱང་སྦེལ་ཏེ། དེང་སང་ཨེ་དང་ལོ་རོ་བྱར་དཱགས་རྣམས་སུ་ཆོས་བརྒྱུད་ཡོད་དོ། མི་ལས་ངན་རྫོང་བ་པོ་རཱ་ཛ་ལ་གནང་བའི་ངན་རྫོང་སྙན་བརྒྱུད་བྱུང་སྟེ་རྒྱ་སྟོན་པ་སོགས་ལ་དར། དཱགས་པོ་ལྷ་རྗེ་ནི། གཉལ་གྱི་སྙེ་བ་ལུང་དུ་ས་མོ་ལུག་ལ་སྐུ་བལྟམས། གཞོན་ནུའི་དུས་སུ་ལྷ་རྗེ་མཁས་པས་མཁྱེན། རང་ལོ་ཉེར་དྲུག་པ་ལ་མར་ཡུལ་བློ་ལྡན་པར་བསྙེན་པར་རྫོགས་ཤིང་དབང་ཆོས་མང་དུ་གསན། མང་རབ་བཙོན་འགྲུབ་འབར་སོགས་ལ་བཀའ་གདམས་གསན། རང་ལོ་སོ་(སྨད་ཆ།༧༡༨)གཉིས་པའི་ཚེ་རྗེ་མི་ལ་དང་མཇལ་ཏེ་ཟབ་ཆོས་གསན། བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཐུགས་ཉམས་སུ་བཞེས་ཤིང་ཡིག་ཆ་ཡང་མང་དུ་མཛད། དཱགས་ལ་སྒམ་པོའི་དགོན་བཏབ། བཀའ་བརྒྱུད་ཀྱི་འབྱུང་ཁུངས་ཆེ་ཤོས་ཡིན། འདི་དོན་ལྔ་པ་ལ་གཞན་དོན་ལ་གཤེགས། འདིའི་སློབ་མ་དཱགས་པོ་སྒོམ་ཚུལ། ཕག་མོ་གྲུབ་པར་གྲགས་པ་ཁམས་པ་རྡོར་རྒྱལ། གྲུབ་ཐོབ་དབུ་ཙེ། འབབ་རམ་རས་པ་སྟེ་རྒྱུད་འཛིན་གྱིས་བུ་ཆེན་བཞི། དཱགས་པོ་སྒོམ་ཆུང་སོགས་བསམ་གྱིས་མི་ཁྱབ་པ་བྱོན་ཏེ། སྒོམ་མ་ལྟ་བུའི་ཏིང་ངེ་འཛིན་ཐུགས་ལ་འཁྲུངས། ལྷ་སའི་ཇོ་བོ་རིན་པོ་ཆེར། རྦ་འབྲིང་གི་སྡེ་འཁྲུངས་པས་བར་སྐབས་ཤིག་སྟོང་བར་ཞིག་གསོས་དང་ཞབས་ཏོག་རྒྱ་ཆེར་བསྒྲུབས་ནས་ཞར་རིན་པོ་ཆེ་གཏད། རྗེ་འདི་དཱགས་པོ་རིན་པོ་ཆེས་ཞལ་ནས་སྒོམ་ཚུལ་འདི་ངས་བཅུའི་བྱང་ཆུབ་སེམས་དཔའ་བདག་གིས་བཟོད་པར་བྱས་ཙམ་ཡིན་གསུངས། གདན་ས་ཡུན་རིང་དུ་བསྐྱངས། དགུང་ལོ་ལྔ་བཅུ་རྩ་བཞི་པ་ལ་གཤེགས། རྗེ་སྒོམ་ཚུལ་གྱིས་ལོ་བཅུ་དགུ་གདན་སར་བཞུགས་ལ་ནས། རྗེ་སྒོམ་ཆུང་ནི་རྗེ་འདིའི་གཅུང་ཡིན་སྒོམ་ཚུལ་གཤེགས་ནས་གདན་ས་མཛད། དེ་ནས་ལྷོ་ལ་ཡག་པ། དཱགས་པོ་འདུལ་འཛིན་སྒམ་པོ་པ་ཉིད་ཀྱི་དངོས་སློབ་དང། དེ་ནས་རྗེ་འཇིག་རེན་མགོན་པོས་གདན་སའི་མིང་མ་མཛད་པར་བསྐྱངས། དེ་ནས་སྦྱན་སྔ་འབྲི་ཁུང་གླིང་པ། དམ་ཆོས་གླིང་པ། ཚོས་ཚུལ་བ་རྣམས་འབྲི་ཁུང་པའི་ཞལ་སློབ་དང། དེ་ནས་སྒོམ་པ་མཆེད་ཀྱི་བུ་ཆེན་ལྷ་ལུང་བ། བོར་གནས་པ། ཆོས་དབང་པ་ཡིན་ལ།(སྨད་ཆ།༧༡༩)འབྲུག་པ་རྒྱལ་དབང་ཆོས་རྗེས་ཀྱང་ལོ་དྲུག་གདན་ས་མཛད། དེ་ནས་སྦྱན་སྔ་ཇོ་སྲས་པ་ནས་ཕྱི་རུས་གཅིག་པའི་དཔོན་རྒྱུད་ཀྱིས་གདན་ས་བསྐྱངས་པ་སྟེ་འདི་ཐམས་ཅད་ཕྱི་མས་སྔ་མ་ལ་ཆོས་གསན་པར་མ་ངེས་སོ། འོན་ཀྱང་འདི་ལ་གདན་ས་བཀའ་བརྒྱུད་དམ་དཱགས་པོ་བཀའ་བརྒྱུད་དུ་གྲགས་ཏེ་ཆོས་ཀྱི་རྗེ་བཀྲ་ཤིས་རྣམ་རྒྱལ་ཚུན་གོང་དུ་གདན་རབས་སྐབས་སུ་སྨོས་པ་ལྟ་རོ། འབའ་རམ་བཀའ་བརྒྱུད་ནི། འབའ་རམ་པ་དར་མ་དབང་ཕྱུག་འཕན་ཡུལ་མདར་ཀ་བའི་གདུང་དུ་འཁྲུངས། རྗེ་སྒམ་པོ་པའི་སློབ་མ་ཡིན། བྱང་འབའ་རམ་བྲག་ལ་དགོན་པ་མཛད་པས་འབའ་རམ་བཀའ་བརྒྱུད་བྱུང་ངོ། ཚལ་པ་བཀའ་བརྒྱུད་ནི། སྒོམ་ཚུལ་གྱི་སློབ་མའི་གཙོ་བོ་ཞང་རིན་པོ་ཆེ་ཡིན་ཏེ་འཁོར་ལོ་བཞིར་དབང་བཞི་ཐོབ་འགྲོ་བ་རིགས་དྲུག་གི་གནས་དང། མ་འོངས་པ་ན་འབྱུང་ཐམས་ཅད་གཟིགས། འཛམ་གླིང་བྱེ་བ་ཕྲག་བརྒྱར་ཉིད་བྱེད་བ་ཕྲག་བརྒྱར་གཟོགས་པ་དང། སངས་རྒྱས་ཀྱིས་ཞིང་མཐའ་ཡས་པ་རྣམས་སུ་རང་ཉིད་རྣམ་པར་སྣང་མཛད་དུ་གྱུར་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་གཟིགས། མེ་ལུག་ལོ་ལ་ཚལ་གུང་ཐང་བཏབ། ཆོས་རྒྱུད་རྒྱ་ཆེར་འཕེལ་ཏེ་ཚལ་པ་བཀའ་བརྒྱུད་དུ་གྲགས་ཀྱང་དེང་སང་ཆོས་རྒྱུད་ཡོད་པ་མ་མཐོང། བཀའ་བརྒྱུད་ཐམས་ཅད་ཀྱི་སྙིང་པོ་ཀཾ་ཚང་བཀའ་བརྒྱུད་ནི། རྗེ་ཀརྨ་དུས་གསུམ་མཁྱེན་པ་ནི་ཀྲེ་ཤོད་དུ་འཁྲུངས། མཆོག་གི་བླ་མ་ལས་(སྨད་ཆ།༧༢༠)རབ་ཏུ་བྱུང། གྲུབ་ཐོབ་དབུ་སེར་གྲགས་མཁའ་འགྲོ་མ་རྣམས་ཀྱིས་ཞཱ་ནག་པོ་དང་ཀརྨ་པའི་མཚན་གསོལ་བར་གཟིགས་པས་ཕྱིས་ཞཱ་ནག་བཞེས། དགུང་ལོ་ཉི་ཤུ་ལ་དབུས་སུ་བྱོན་སྟོད་ལུང་རྒྱ་དམར་བ་སོགས་བླ་མ་འགའ་ཞིག་བསྟེན། སྒམ་པོ་པ་ཁུ་དབོན་མཇལ། གདམས་ངག་གནང་སྟེ་སྒོམ་ཆེན་བརྒྱད་ཅུའི་ནང་ནས་སྒོམ་བསྲན་ཆེ་བར་གྲགས། རས་ཆུང་པ་སོགས་མི་ལའི་སློབ་མ་མདུན་དང་མཇལ། ཁམས་སུ་བྱོན་ནས་ཀཾ་པོ་གངས་རར་བཞུགས། སླར་དབུས་སུ་བྱོན་སྟོད་ལུང་མཚུར་ཕུར་དགོན་པ་བཏབ། ཐུགས་རྗེ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ། དགུང་ལོ་བརྒྱད་ཅུ་ཙ་བཞི་པ་ལ་འོག་མིན་དུ་གཤེགས། གདན་ས་དང་ཆོས་རྒྱུད་སངས་རྒྱས་རས་ཆེན་པས་བཟུང་བར་སྣང་ངོ། རྗེ་འདི་ཞཱ་ནག་ཅོད་པན་འཛིན་པ་ཐམས་ཅད་ཀྱི་ཐོག་མ་ཡིན། ཆོས་འབྱུང་འགའ་ཞིག་ཏུ་ཀརྨ་པའི་ན་རིམ་གྱིས་ཐོག་མ་ཀརྨ་པཀྵི་ནི་ཡུལ་མདོ་སྨད་ཀྱི་ལེའི་ཚག་ཏོར་འཁྲུངས། རྒྱལ་སྲས་སྦོམ་གྲགས་པ་ལ་བསྟེན་རབ་ཏུ་བྱུང་བའི་མཚན་ཆོས་ཀྱི་བླ་མར་གྲགས། ཀ༔ཐོག་པ་བྱམས་པ་འབུམ་ལས་བསྙེན་རྫོགས་བཞེས། ཧོར་ཡུལ་དུ་བྱོན་རྒྱལ་པོ་མངོ་གོལ་གན་འཁོར་དང་བཅས་པ་མུ་སྟེགས་ཀྱི་ལམ་ལས་ཟློག་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཀོད། ཧོར་སེ་ཆེན་རྒྱལ་པོས་མེར་སྲེག། ཆུར་སྐྱུར། དུག་དྲངས། རྒྱ་མཚོའི་འགྲམ་དུ་བསྐྲད། བཙོན་དུ་འཇུག་པ་སོགས་བྱས་ཀྱང། ཅིས་ཀྱང་མ་ནོངས་ཏེ་རྫུ་འཕྲུལ་གྱིས་རྒྱལ་བྱོན་ཐམས་ཅད་དད་པར་བྱས། ཧོར་རྒྱ། མི་ཉག། ཡུ་གུར་སོགས་ཡུལ་ཐ་དད་པའི་སྐྱེ་བོ་མང་པོ་འདུས་པ་ཐམས་ཅད་ཆོས་ལ་བཀོད། བོད་དུ་(སྨད་ཆ།༧༢༡)བྱོན་ནས་མཚུར་ཕུར་ལྷ་ཆེན་འཛམ་གླིང་རྒྱན་སགས་བཞེངས་ནས་བསྟན་པ་དང་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ནས། དགུང་ལོ་བདུན་ཅུ་དོན་བཞི་པ་ལ་ཆོས་ཀྱི་དབྱིངས་སུ་གཤེགས། དོན་རྒྱུད་ཀྱི་བསྟན་པ་གཏད་པ་ནི་གྲུབ་ཆེན་ཨོ་རྒྱན་པ་ཡིན་ཏེ། ས་སྟོད་ཀྷོར་སྐུ་འཁྲུངས། རྒོད་ཚང་པའི་ཏུགས་སྲས་སུ་གྱུར། ལ་སྟོད་ལྟོར་སྐུ་འཁྲུངས། རྒོད་ཚང་པའི་ཐུགས་སྲས་སུ་གྱུར། ཏི་སེ་གནྡྷོ་ལ་དང་ཛ་ལན་དྷ་ར་ཨོ་རྒྱན་གྱི་ཡུལ་རྣམས་སུ་ཕེབས། ཨོ་རྒྱན་ལྟུམ་ཐལ་ལར་རིགས་ལྡན་གྱི་ཌཱ་ཀི་ནིའི་མཆོད་པས་རྩ་མདུད་གྲོལ། བོད་དུ་བྱོན་ཀརྨ་པ་དང་མཇལ། ཧོར་ཡུལ་དུ་ལོ་བརྒྱད་ཅུ་ལ་གཤེགས་སོ། ཆོས་རྗེ་རང་བྱུང་རྡོ་རྗེ་ནི། མང་ཡུལ་གུང་ཐང་དུ་འཁྲུངས། དགུང་ལོ་ལྔ་པ་ལ་གྲུབ་ཆེན་ཨོ་རྒྱན་པ་དང་མཇལ། མདོ་རྒྱུད་བསྟན་བཅས་ལུང་རིགས་མན་ངག་དང་བཅས་པ་མི་མཁྱེན་པ་མེད། མདོ་རྒྱུད་བསྟན་བཅས་ལུང་རིགས་མན་ངག་དང་བཅས་པ་མི་མཁྱེན་པ་མེད། རྡོ་རྗེ་ལུས་ཀྱི་གནས་ཐམས་ཅད་ཇི་བཞིན་བཟིགས་པས་རྩིས་ཀུན་བསྡུས་པ་དང། ཟབ་མོ་ནང་དོན་སོགས་བསྟན་བཅོས་མང་དུ་མཛད། མདོ་རྒྱུད་བསྟན་བཅས་ལུང་རིགས་མན་ངག་དང་བཅས་པ་མི་མཁྱེན་པ་མེད། རྡོ་རྗེ་ལུས་ཀྱི་གནས་ཐམས་ཅད་ཇི་བཞིན་གཟིགས་པས། རྩིས་ཀུན་བསྡུས་པ་དང། ཟབ་མོ་ནང་དོན་སོགས་བསྟན་བཅོས་མང་དུ་མཛད། མདོ་རྒྱུད་བསྟན་བཅས་ལུང་རིགས་མན་ངག་དང་བཅས་པ་མི་མཁྱེན་པ་མེད། རྡོ་རྗེ་ལུས་ཀྱི་གནས་ཐམས་ཅད་ཇི་བཞིན་གཟིགས་པས་རྩིས་ཀུན་བསྡུས་པ་དང། ཟབ་མོ་ནང་དོན་སོགས་བསྟན་བཅོས་མང་དུ་ཕེབས། ཐོ་གན་ཐེ་མུར་རྒྱལ་པོས་བདག་ལ་རིག་འཛིན་པདྨའི་ཚེ་ཆུ་སྩོལ་ཞེས་གསོལ་པས། བོད་དུ་ཕེབས་ནས་ཚེ་ཆུང་གཏེར་ནས་བཏོན་ཏེ་རྒྱལ་པོ་ལ་ཕུལ་བས་ཧོར་གྱི་རྒྱལ་པོ་ལ་དེ་ཚེ་རིང་བ་མ་བྱུང་བར་གྲགས། སླར་ཡང་ཧོར་ཡུལ་དུ་ཕེབས་ནས་དགའ་ལྡན་དུ་གཤེགས་སོ། རྗེ་འདིིའི་ཐུགས་སྲས་ཀྱི་ཐུ་བོ་ནི། ཤ་གྲགས་པ་སེང་གེ་ཡིན་ཏེ་ཞཱ་དམར་པའི་རབས་ལས་ཤེས། དོནརྒྱུད་ཀྱི་བསྟན་འཛིན་ནི་རྒྱལ་བ་གཡུང་སྟོན་ཡིན་ཏེ། ཚོང་(སྨད་ཆ།༧༢༢)དུས་འགུར་མོར་ཤིང་སྦྲེལ་ལ་འཁྲུངས་མཚན་རྡོ་རྗེ་དཔལ། ཧོར་ཡུལ་དུ་བྱོན། གྱ་གཉིས་པ་ཤིང་སྦྲུལ་ལ་གཤེགས། ཀརྨ་པ་རོལ་པའི་རྡོ་རྗེ་ནི། རྔོད་ཨ་ལ་རོང་དུ་འཁྲུངས། མཁན་ཆེན་བྱང་ཆུབ་དཔལ་ལས་བསྙེན་པར་རྫོགས། གཡུང་སྟོན་པ་ལས་ངེས་དོན་བརྒྱུད་པའི་གདམས་པ་ཐམས་ཅད་གསན། ཧོར་ཡུལ་དུ་གདན་དྲངས་རྒྱལ་པོ་ཐོ་གན་ཐེ་མུར་སོགས་རྒྱལ་བློན་ཐམས་ཅད་ཀྱིས་མཆོད། རྒྱ་ཧོར་ཡུ་གུར་མི་ཉག་སོགས་སྐད་རིགས་མི་གཅིག་པ་མང་པོའི་དོན་མཛད། བ་དན་གྱི་རི་དང་མཉམ་པའི་སངས་རྒྱས་ཀྱི་འཕན་སྐུ་ཆེན་མོ་བཞེངས་ནས་བོད་དུ་དྲངས། བོད་དུ་ཕེབས་ནས་བྱང་ཉན་གང་དུ་གཤེགས་པའི་ཚུལ་བསྟན་ཏོ། རྗེ་དེ་ཉིད་ཀྱི་སློབ་མ་རྒྱ་མཚོ་ལྟ་བུ་ལས་གུའི་གུར་རིན་ཆེན་དཔལ་དང། ལས་ཀྱི་ཐུ་བོ་དཔལ་མཁའ་སྦྱོད་དབང་པོ་གཉིས་ཡིན་ལ། ཀརྨ་པ་ལྔ་པ་དེ་བཞིན་གཤེགས་པ་ནི། ཀོང་ཡུལ་རལ་གསུམ་ལས་ཉང་འདོམ་གྱི་ཡུལ་དུ་འཁྲུངས། དགུང་ལོ་ལྔ་པ་ལ་རྗེས་མཁའ་སྦྱོད་པ་དང་མཇལ། སྙག་ཕུབ་བསོད་ནམས་བཟང་པོ་ལས་ཐུགས་རྫོགས་བཞེས། གཞན་ལས་རྨད་དུ་བྱུང་བའི་ངོ་མཚར་བའི་མཛད་པ་བརྒྱ་རྩ་བརྒྱད་མཛད་པར་གྲགས། བོད་དུ་བྱོན་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། རྒྱ་ནག་ཏཱ་མིང་རྒྱལ་པོས་གདན་དྲངས། རྒྱ་ཡུལ་དུ་ཀར་སྡེ་མང་དུ་བཏབ། དགུང་ལོ་སུམ་ཅུ་སོ་གཉིས་པ་ལ་གཤེགས། ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་ནི། ངོམ་གྱི་སའི་ཆ་ཀརྨ་དཔོན་དང་ཉེ་བར་སྐུ་འཁྲུངས། དགུང་ལོ་གསུམ་མ་ལེན་པ་ནས་ཁྲོམ་ཁྲི་ཁྲག་ཙམ་ལ་སོ་སོའི་མོས་པ་དང་མཐུན་པའི་ཆོས་བཤཛད། ཐན་པས་ཉས་པའི་དུས་ཆུ་རྩེད་མཛད་པ་དང། བཀའ་བསྒོ་ཙམ་གྱིས་ཀྱང་ཆར་གྱི་རྒྱུན་ཆེན་པོ་བབས་།(སྨད་ཆ།༧༢༣)མི་ཉག་འགའི་ཡུལ་དུ་ཕེབས་རྒྱ་ནག་གོང་མའི་སྲས་དམག་མི་ཁྲི་ཕྲག་དག་བཅས་པས་མཇལ། དགུང་ལོ་སོ་བདུན་པ་ལ་ཤབྷ་ལར་རྩོད་པ་ཡོད་པས། རིགས་ལྡན་གྱི་གྲོགས་ལ་འགྲོ་གསུངས་ནས་གཤེགས། ཞལ་སློབ་ཀྱི་གཙོ་བོར་གོ་ཤྲི་དཔལ་ལྡན་དོན་གྲུབ་དང་ཀུན་མཁྱེན་འཇམ་དཔལ་བཟང་པོ་གཉིས་ཡིན། རྒྱལ་བའི་དབང་པོ་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ་ནི། རྔོད་སྦྱི་མདོར་འཁྲུངས། ཞག་བདུན་ནས་ཡབ་ཡུམ་ལ་གསུང་མང་དུ་བྱོན། ཟླ་ངོ་གཉིས་ཙམ་ནས་ཁྲི་ལ་བཞུགས་ཁྲོམ་ལྷ་སྡེ་མི་སྡེ་ཐབས་ཅད་ལ་ཕྱག་དབང་མཛད། ཟླ་ངོ་བཞི་ལྔ་ནས་སྙེ་བོར་སྦྱན་དྲངས། སྦྱིར་རྗེ་འདིའི་དག་སྣང་དང་གྲུབ་རྟགས་སྔོན་གནས་དང་མ་འོངས་འབྱུང་འགྱུར་མཁྱེན་ཚུལ་སོགས་ནི་འཛམ་གླིང་གི་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་བརྗོད་པར་མི་ནུས། རྒྱ་གར་གྱི་པཎྜི་ཏ་ཡིད་ཀྱི་ཤིང་རྟ་དང། སྒྲ་གཅན་འཛིན་གཞོན་ནུ། མ་ག་དྷའི་རྒྱལ་པོ་སོགས་ཀྱིས་གདན་དྲངས་ཀྱང་ཕེབས་པར་མ་མཛད། དགུང་ལོ་ང་གཉིས་པ་ལ་ཆོས་ཀྱིས་དབྱིངས་སུ་གཤེགས། ཞལ་སློབ་ཀྱི་གཙོ་བོ་ནི་རྒྱལ་ཚབ་པ། སངས་རྒྱས་བསྟན་པ། ཀརྨ་ཕྲིན་ལས་པ་ཞ་ལུ་ལོ་ཆེན་སོགས་ཆེས་མང་ངོ། རྗེ་བརྒྱད་པ་མི་སྐྱོད་རྡོ་རྗེ་ནི། ངོམ་གྱི་ཡུལ་དུ་འཁྲུངས། འཁྲུངས་མ་ཐག་ནས་གསུང་བྱོན། ཞག་བཅུ་གསུམ་ནས་བཞེངས་ཏེ་གར་མཛད། ང་རེས་འགའ་པདྨ་འབྱུང་གནས་ཡིན། རེས་འགའ་ས་ར་ཧ་པ་ཡིན། ང་རེས་འགའ་པདྨ་འབྱུང་གནས་ཡིན། རེས་འགའ་ས་ར་ཧ་པ་ཡིན། ཞེས་སོགས་གསུངས། རྒྱལ་ཚབ་རིན་པོ་ཆེ་ལས་རབ་བྱུང་དང་མཁན་ཆེན་གྲུབ་པ་སེང་གེ་ལས་ཐུགས་རྫོགས་བཞེས། མདོ་རྒྱུད་གཞུང་འགྲེལ་དང་བཅས་པ་ལ་མཁྱེན་རྟོགས་ཀྱི་རྩལ་རྫོགས་པས་བོད་ཙམ་ན་མཁས་པར་གྲགས་པ་དག་གིས་ཀྱང་དྲི་བའི་ལན་ལྡོན་མི་ནུས།(སྨད་ཆ།༧༢༤)ཧོར་ཡུལ་དུ་ཚིག་མའི་ཆར་བབས་པ་དང། སོག་ཡུལ་རྒྱལ་པོ་ར་ཊུ་ཥ་པ་མཛེས་བསྙུན་པ་དང། ཡུ་གུར་རྒྱལ་ཁམས་དུག་སྦྲུལ་གྱིས་གཙེས་ན་སོགས་བཀའ་ཤོག་ཙམ་གྱི་ཞི་ཞིང་ཟློག་པར་མཛད། རྒྱ་ནག་ཏུ་སྦྱན་དྲངས་ཡང་རྒྱལ་པོ་མྱུར་དུ་གྲོངས་པ་མཁྱེན་ནས་ཕེབས་པར་མ་གནང། རེ་ཞིག་གདུལ་བྱ་རྫོགས་པར་གཟིགས་ནས་ཡང་སྲིད་ཀྲེ་ཤོད་དུ་འབྱུང་བ་ལུང་བསྟན་ཏེ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། དཔལ་ཀརྨ་པ་ཆེན་པོ་དགུ་པ་དབང་ཕྱུག་རྡོ་རྗེ་ནི། ཡུལ་ཀྲེ་ཤོད་དུ་འཁྲུངས། སྐུ་བལྟམས་མ་ཐག་ནས་ང་ཀརྨ་པ་ཡིན་གསུངས། ཞག་བཅོ་བརྒྱད་ནས་བཞེངས་བཞུགས་མཛད། ཞཱ་དམར་པ་ལ་གཙུག་ཕུད་འབུལབ་ནས་བསྙེན་རྫོགས་པར་མཛད། ཀླུའི་རྒྱལ་པོ་མ་དྲོས་པ་སྐྱེས་བུའི་གཟུགས་ཀྱིས་སྒར་ལ་བསྐོར་བ་བྱེད་པ་ཀུན་གྱིས་མཐོང། བསྟན་བཅོས་ཀྱང་མང་དུ་མཛད། དགུང་ལོ་བཞི་བཅུ་ཞེ་བརྒྱད་པ་ལ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། རྗེ་འདིའི་ཞལ་སློབ་ཀྱི་གཙོ་བོ་ཞཱ་དམར་དྲུག་པ། རྒྱལ་ཚབ་གྲགས་པ་མཆོག་དབྱངས། དཔའ་བོ་གཙུག་ལག་རྒྱ་མཚོ་སོགས་མང། ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེ་ནི་མདོ་སྨད་མགོ་ལོག་གི་སའི་ཆ་སྨར་སྟོད་འགུ་མངའ་ཞེས་པར་འཁྲུངས། འཁྲུངས་མ་ཐག་ནས་ཡི་གེ་དྲུག་པ་དང། རྡོ་རྗེ་གཙོད་པའི་སྙིང་པོ་ཞལ་ནས་གསུངས། ཞཱ་དམར་པ་ཆོས་ཀྱི་དབང་ཕྱུག་གིས་གཙུག་ཕུད་བཞེས། ཕྱག་ཞབས་ཀྱི་རྗེས་སོགས་རྫུ་འཕྲུལ་གྲངས་ཀྱིས་མི་ཆོད། དུས་འགྱུར་གྱིས་འཇང་ཡུལ་སོགས་སུ་ཕེབས་ཀྱང་སླར་གདན་སར་ཞབས་པད་བཀོད་ནས་མྱ་ངན་འདའ་བའི་ཚུལ་བསྟན་པར་མཛད་དོ། ཞལ་སློབ་ཀྱི་གཙོ་བོ་ནི་(སྨད་ཆ།༧༢༥)ཞཱ་དམར་ཡེ་ཤེས་སྙིང་པོ་དང། རྒྱལ་ཚབ་ནོར་བུ་བཟང་པོ་སོགས་མཐའ་ཡས་སོ། ཀརྨ་པ་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ་ནི། མགོ་ལོག་གི་ཡུལ་དུ་བྱོན། ཀརྨ་པ་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ་ནི། མགོ་ལོག་གི་ཡུལ་དུ་བྱོན། ང་མཚར་བའི་ལྟས་དུ་མ་དང་གདན་ས་མཚུར་ཕུར་གདན་དྲངས། ཞཱ་དམར་ཡེ་ཤེས་སྙིང་པོ་ལས་གསན་བསམ་རྫོགས་པར་མཛད། སྒྲུབ་རྒྱུད་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད་ནས་ཞཱ་དམར་སྦྲུལ་པའི་སྐུ་རྒྱལ་ཚབ་ཏུ་མངའ་གསོལ་ནས་དོན་རྒྱུད་ཀྱི་བསྟན་པ་གཏད་དེ་རེ་འདི་དག་པའི་ཞིང་དུ་གཤེགས་སོ། ཞལ་སློབ་ནི་ཞཱ་དམར་བརྒྱད་པ་དང། རྒྱལ་ཚབ་པ་སོགས་སོ། ཞལ་སློབ་ནི་ཞཱ་དམར་བརྒྱད་པ་དང། རྒྱལ་ཚབ་པ་སོགས་སོ། ཀརྨ་པ་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ་ནི། མོད་སྨད་སྡེ་དགེའི་མངའ་འོག་དབོན་སྟོད་དཀྱིལ་ལེ་ཞེས་པ་སྔོན་རིན་པོ་ཆེ་པཀྴིའི་དཔོན་བརྒྱུད་དུ་འཁྲུངས། གདན་སར་ཕེབས་ནས་ཞཱ་དམར་པ་ཉིད་བླ་མར་བསྟེན། ཡས་སྲས་ལྷུན་རྒྱས་སི་ཏུ་རིན་པོ་ཆེ་དང་བཅས་བལ་ཡུལ་དུ་ཕེབས། བལ་པོའི་རྒྱལ་པོ་རྣམས་ཀྱིས་བསྙེན་བཀུར་ཕུལ། བལ་ཡུལ་རང་བྱུང་མཆོད་རྟེན་སོགས་གཟིགས། རྒྱ་ནག་གཡུད་ཅིང་རྒྱལ་པས་དང་གདན་དྲངས་པས་རྒྱ་ཡུལ་དུ་མྱ་ངན་ལས་འདས་པར་གྱུར། ཞལ་སློབ་ནི། སི་ཏུ་ཆོས་ཀྱི་འབྱུང་གནས་དང། དཔའ་བོ། ཀྲེ་བོ་རིན་པོ་ཆེ་སོགས་བྱོན་ནོ། ཀརྨ་པ་བཅུ་གསུམ་པ་བདུན་འདུལ་རྡོ་རྗེ་ནི། ལྷོ་གནས་དགེ་རི་དང་ཉེ་སར་སྐུ་བལྟམས། ལྗགས་ལ་སྐྱེ་མེད་ཀྱི་ཡི་གེ་ཨས་མཚོན་པ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ། མདོ་སྔགས་རིག་གནས་དང་བཅས་པ་ལ་མཁྱེན་པ་རབ་ཀྱི་པདྨ་བཞད་པས་སྒྲུབ་བརྒྱུད་ཀྱི་བསྟན་པ་གསལ་བར་མཛད། འོག་མིན་མཚུར་ཕུར་གདན་ས་ཡུན་རིང་བསྐྱངས་ནས་གཤེགས་ཚུལ་བསྟན་ཏོ། རྗེ་ཞཱ་དམར་པ་ཐམས་ཅད་ཀྱི་ཐོག་མ་ནི། རྟོགས་ལྡན་གྲགས་པ་སེང་(སྨད་ཆ།༧༢༦)གེ་ཡིན་ཏེ། ཀརྨ་པ་དུས་གསུམ་མཁྱེན་པའི་དུས་ཉེ་གནས་ནམ་མཁའི་འོད་གསལ་དང་མཚན་ནི་གྲགས་ཐོག་མར་བགྲངས་ཏེ། དེ་ཡང་བུ་འབོར་ཤ་འབུ་གཉིས་ལས་ཤ་ཡི་ཡུལ་དུ་འཁྲུངས། ཆོས་རྗེ་རང་བྱུང་བ་ལ་སློབ་མ་བརྒྱད་ཡོད་པའི་ནང་ནས་སྒོམ་བསྲན་ཆེ་བར་གྲགས། མཚུར་ཕུ་གནས་ནང་གི་རི་ཁྲོད་བཏབ་ནས་བཞུགས། ཀརྨ་པས་ལུང་བསྟན་པ་ལྟར་ཞཱ་དམར་པོ་ནོར་བུའི་སྦྲས་པ་ཞིག་བཞེས་ནས་ཆོས་གསུངས་པས་ཞཱ་དམར་བར་གྲགས། རྗེ་ཀརྨ་པས་རང་ཉིད་དང་སྟོན་འཁོར་ཐ་མི་དད་དུ་ཞལ་གྱིས་བཞེས་པ་ཡིན་ནོ། གཉིས་པ་རྟོགས་ལྡན་མཁའ་སྦྱོད་དབང་པ་ནི། གནམ་གྱི་བྱེ་མ་ལུང་དུ་འཁྲུངས། ཀརྨ་པས་རང་ཉིད་དང་སྟོན་འཁོར་ཐ་མི་དད་དུ་ཞལ་གྱིས་བཞེས་པ་ཡིན་ནོ། གཉིས་པ་རྟོགས་ལྡན་མཁའ་སྦྱོད་དང་དབང་པོ་ནི། གནམ་གྱི་བྱེ་མ་ལུང་དུ་འཁྲུངས། ཀརྨ་པ་རོལ་པའི་རྡོ་རྗེས་སུ་བཟུང། ལོ་གསུམ་ནས་སྐྱེ་བོའི་ཚོགས་ལ་ཆོས་གསུངས། ཀོང་པོ་དགའ་ལྡན་མ་མོའི་དགོན་བཏབ། དགུང་ལོ་ང་དྲུག་པ་ལ་གཤེགས། ཞཱ་དམར་པ་གསུམ་པ་སྦྲུལ་སྐུ་ཆོས་དཔལ་ལཡེ་ཤེས་ནི། ཉང་པོའི་ལེ་ཁྲབ་མདོར་འཁྲུངས། ཀརྨ་པ་རོལ་པའི་རྡོ་རྗེས་རྗེས་སུ་བཟུང། ལོ་གསུམ་ནས་སྐྱེ་བོའི་ཚོགས་ལ་ཆོས་གསུངས། ཀོང་པོ་དགའ་ལྡན་མ་མོའི་དགོན་བཏབ། དགུང་ལོ་ང་དྲུག་པ་ལ་གཤེགས། ཞཱ་དམར་པ་གསུམ་པ་སྦྲུལ་སྐུ་ཆོས་དཔལ་ཡེ་ཤེས་ནི། ཉང་པོའི་ལེ་ཁྲབ་མདོར་འཁྲུངས། ཟླ་ངོ་ལྔ་ཙམ་ནས་ཀུན་ལ་བྱིན་རླབས་མཛད། རྫུ་འཕྲུལ་གྱི་བྲག་མཐོན་པོའི་ངོས་ལ་གཤེགས། གཞན་སེམས་ཐོགས་མེད་དུ་མཁྱེན། ཡོན་ཏན་བསམ་གྱིས་མི་ཁྱབ། དགུང་ལོ་ཞེ་བདུན་པ་ལ་གཤེས། ཞཱ་དམར་བཞི་པ་ནི། ཀྲེ་ཤོད་ཁང་དམར་དུ་སྐུ་འཁྲུངས། རྗེ་ཅོས་གྲགས་རྒྱ་མཚོར་གཙུག་ཕུད་ཕུལ། མཚན་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོར་གསོལ། སྔགས་གསར་རྙིང་ཐམས་ཅད་ལ་མཁས། འགོས་ལོ་གཞོན་ནུ་དཔལ་ལས་བསྙེན་རྫོགས་བཞེས། བདེ་ཆེན་ཡངས་པ་ཅན་གྱི་ཆོས་སྡེ་བཏབ། བདུན་ཅུ་དོན་གཉིས་པ་ལ་གཤེགས། ལྔ་པ་ཆེན་ཡང་ཡངས་པ་ཅན་གྱི་ཆོས་སྡེ་བཏབ། བདུན་ཅུ་དོན་གཉིས་པ་ལ་གཤེགས། ལྔ་པ་དཀོན་མཆོག་ཡན་(སྨད་ཆ།༧༢༧)ལག་ནི། ཀོང་པོ་སྐྱིན་ཚ་གཞུང་དུ་འཁྲུངས། རྒྱལ་བའི་དབང་པོ་མི་བསྐྱོད་ཞབས་ཀྱི་ རྗེས་སུ་བཟུང་ནས་རྒྱལ་ཚབ་ཏུ་དབང་བསྐུར་ཏེ་མཛད་ཕྲིན་རྒྱས་པར་སྨོས་ཀྱིས་མི་ལོངས། ཞཱ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་ནི་འབྲི་གུང་པའི་གདུང་དུ་འཁྲུངས། མཁྱེན་རབ་བསམ་གྱིས་མི་ཁྱབ། སྦྲུལ་པའི་སྐུ་ཆོས་དབྱིངས་རྡོ་རྗེའི་རིགས་བདག་ཏུ་བཞེས་པ་སོགས་ངོ་མཚར་ཅན་གྱི་རྣམ་ཐར་མཐའ་ཡས་པ་མངའ་བའོ། ཞཱ་དམར་བདུན་པ་ནི། མགོ་ལོག་སྨར་སྨད་ཆུ་བོ་འཁྱོག་པོར་འགྲོ་བ་ལ་ཡི་གེ་ཨ་འདྲ་བའི་སར་འཁྲུངས། རྒྱལ་བའི་དབང་པོ་ཆོས་དབྱིངས་རྡོ་རྗེས། དཔལ་ལྡན་ཡེ་ཤེས་སྙིང་པོར་མཚན་གསོལ། གདན་སར་ཕེབས་ནས་ཐུགས་དམ་ཉམས་བཞེས་གཙོ་བོར་མཛད་ནས་ཤིང་ཕོ་ཁྱི་ལོར་གཤེགས། ཞཱ་དམར་བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ནི། ཡོལ་མོ་གངས་རར་ལྷ་གཟིགས་རླངས་ཀྱི་གདུང་ལས་འཁྲུངས། བལ་པོའི་རྒྱལ་པོ་མནྟ་མལླས་འཕྲོག་ཐབས་སུ་བལ་ཡུལ་དུ་སྦྱན་དྲངས། སླར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་དུ་སྦྱན་དྲངས་ནས་གདན་སར་ཕེབས། ཀརྨ་པ་ཡེ་ཤེས་རྡོ་རྗེས་གཙུག་ཕུད་བཞེས། དཔལ་ཆེན་པོ་ཆོས་ཀྱི་དོན་གྲུབ་ཏུ་མཚན་གསོལ། ཡབ་སྲས་ལྷན་རྒྱས་རྒྱ་ནག་ཏུ་ཕེབས་པ་ནས་གཞན་དོན་དུ་གཤེགས། ཞཱ་དམར་དགུ་པ་ཆོས་གྲུབ་རྒྱ་མཚོ་ནི། ཤངས་ལྷ་ཕུར་སྡེ་པ་བཀྲ་ཤིས་རྩེ་བའི་སྲས་སུ་འཁྲུངས། གཙང་པཎ་ཆེན་པོ་ཆེའི་གཅུང་ཡིན། སི་ཏུའི་རབས་ནི། སྦྱིར་སི་ཏུ་ཞེས་པ་རྒྱ་ཧོར་གྱིས་ལས་ཀའི་མིང་ཡིན་ལ། དེ་ཡང་སྐྱེ་རྒྱུད་ནི་བསྟན་པ་ཕྱི་དར་གྱི་དུས་མངའ་བདག་མར་པ་དང། དེ་ནས་དཱགས་པོ་སྒོམ་ཚུལ་དུས་མཁྱེན་ཐུགས་སྲས་རས་ཆེན་བསོད་ནམས་རྡོ་(སྨད་ཆ།༧༢༨)རྗེ། གྲུབ་ཆེན་པཀྴིའི་ཉེ་གནས་ཡེ་ཤེས་འོད། རབ་བྱུང་བའི་དུས་རི་མགོ་བ་རརྣ་བྷ་དྲ། རོལ་པའི་རྡོ་རྗེའི་དུས་རྒྱ་ནག་ཏུ་གནས་བསྟན་སྦྱན་འདྲེན་པའི་ཏཱ་ཞིང་རྫུ་འཕྲུལ་ཅན་དེ་སོགས་ཡིན་ལ། དེ་བཞིན་གཤེགས་པའི་དུས། སི་ཏུ་ཆོས་ཀྱི་རྒྱལ་མཚན་འོག་མིན་ཀརྨའི་དཔོན་རྒྱུད་དུ་འཁྲུངས་ཏེ། དྲུང་དེ་བཞིན་གཤེགས་པས། གདན་ས་བར་མའི་ལས་ཀར་བསྐོས་པས་རྒྱ་ནག་ཏཱ་མིན་རྒྱལ་པོས་སི་ཏུ་མིང་དང་ཤེལ་ཐམ་སོགས་གནང། དེ་ཕྱིན་སི་ཏུའི་མཚན་ཅན་གྱི་རབ་ཏུ་གྱུར་ཅིང་གདན་ས་བར་མའི་བདག་པོར་གྱུར། དེ་ནས་སི་ཏུ་བཀྲ་ཤིས་རྣམ་རྒྱལ། བཀྲ་ཤིས་དཔལ་འབྱོར་རྣམས་སྦུལ་སྐུ་རིམ་བྱོན་དེ་དག་གདན་ས་བར་མའི་དཔོན་རྒྱུད་དུ་འཁྲུངས་ཤིང། དེ་ནས་མི་འཁྲུགས་འོད་ཟེར་ཆོས་ཀྱི་གོ་ཆ་ཟུར་མང་རྩིས་མདར་འཁྲུངས། དེའི་སྦྲུལ་སྐུ་ནི་སི་ཏུ་ཆོས་ཀྱི་རྒྱལ་མཚན་དགེ་ལེགས་བཟང་པོ། དེའི་སྦྲུལ་སྐུ་མི་ཕམ་ཕྲིན་ལས་རབ་བརྟན་འདི་རྨེ་ཤོད་རྩེས་དོང་དུ་འཁྲུངས། ད་ལྟའི་བྱེ་ཁབ་ན་ཞབས་རྗེས་ཡོད་པ་འདི་རྗེའི་སྐུ་ཕྲ་མོའི་དུས་ཀྱིས་ཞབས་རྗེས་ཡིན། དེའི་སྦྲུལ་སྐུ་ནི་ཨ་ལོར་འཁྲུངས། མཚན་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་ཞེས་བྱ་སྟེ། དེ་ཡང་བཅུ་ཕྲག་རིག་པའི་གནས་རྣམས་ལ་མི་འཇིགས་པའི་སྦོབས་པ་དགེ་བཅན་ཤེས་བྱ་ཀུན་མཁྱེན་གྱི་པཎྜི་ཏ་ཆེན་པོ། མཁས་པ་དང་གྲུབ་པའི་རྣམ་པར་ཐར་པ་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་སྟེ། རྗེ་འདི་གདན་ས་བར་མའི་ཁྲི་ལ་ཕེབས་འོས་ཡིན་ཀྱང། ས་སྐྱོང་ཆོས་ཀྱི་རྒྱལ་པོ་སྡེ་དགེ་རིན་པོ་ཆེས་བཙན་པོའི་བཀའ་ཕེབས་དུ་མ་གནང་བར། དཔལ་སྦུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཆོས་སྡེ་གསར་དུ་འདེབས་པར་གནང་(སྨད་ཆ།༧༢༩)བས་ཕྱོགས་འདིར་བཞུགས་གདན་ཆགས་པར་གྱུར་མོད། གང་ལྟར་ཡང་རྗེ་འདིས་ཐུགས་རྗེ་དང་ཕྲིན་ལས་ཚད་མེད་པས་མདོ་སྨད་རྒྱལ་རོང་འཇང་ཞབས་ཡན་ལ་ཆོས་སྡེ་གསར་འདེབས་བཞི་བཅུ་ཉེ་བས་མཚོན། འཁོར་ལོ་གསུམ་གྱི་ལེགས་མཛད་དང་བཤད་གྲུབ་ཀྱི་ཕྲིན་ལས་རྒྱ་ཆེ་བས་སྒྲུབ་རྒྱུད་རིན་པོ་ཆེའི་བསྟན་པ་གཞིར་བཞེངས་མཛད་པ་ལ་འགྲན་ཟླ་དང་བྲལ་ཞིང་གཞན་དྲིང་མི་འཇོག་པ་ཡིན་ལ་མཐའ་འཁོས་འདི་དག་ཏུ་གནས་ལྔ་རིག་པའི་མིང་འཇོག་པ་ཡིན་ལ་མཐའ་འཁོས་འདི་དག་ཏུ་གནས་ལྔ་རིག་པའི་མིང་ཙམ་སྒྲོག་ཏུ་རུང་བ་འདི་ཡང་རྗེ་འདིའི་བཀའ་དྲིན་ཁོ་ནར་འཁུམ་མོ། དེའི་སྦྲུལ་སྐུ་ནི་པདྨ་བསྟན་པའི་ཉིན་བྱེད་ཅེས་ད་ལྟ་རྡོ་རྗེའི་ཁྲི་ལ་ཞབས་པད་བརྟན་ཅིང་བསྟན་པའི་སྒྲོན་མེར་བཞུགས་པ་འདིའོ། རྗེ་དཔའ་བོ་ན་རིམ་ནི། ཐོག་མའི་སྐྱེ་རྒྱུད་གཏེར་སྟོན་རིན་ཆེན་གླིང་པ་ཡིན་ཏེ། དེའི་སྦྲུལ་སྐུ་ལོ་རོར་བྱོན་པ་རྒྱལ་མཚན་དཔལ་བཟང་དང་གཞོན་ནུ་ལྷུན་གྲུབ། དེ་ནས་དཔའ་བོ་ཆོས་དབང་ལྷུན་གྲུབ་འདི་ཡན་རྙིང་མ་ཡིན། རྗེ་འདི་ཀརྨ་པ་ཆོས་གྲགས་རྒྱལ་མཚོས་ལྷོ་གྲོ་བོ་ལུང་དང་སྲས་མཁར་གྱི་དབང་པོར་བསྐོས་པ་ནས་བཀའ་བརྒྱུད་པར་གྱུར། དེ་ཡང་དཔའ་བོ་ཆོས་དབང་ལྷུན་གྲུབ་ནི། ཡར་ལུང་དུ་འཁྲུངས། ལྷུན་བདེ་རབ་འབྱམས་པ་ལས་རབ་ཏུ་བྱུང། ཐུགས་དམ་གྱི་སྙིང་པོ་མཁའ་འགྲོ་སྙིང་ཐིག་ལ་མཛད། རབས་མཚོར་ཕེབས་དུས་མཁའ་འགྲོའི་ཚོགས་ཀྱིས་བསུ་བ་དང། མཚོའི་སྟེང་ནས་ངང་པ་ལྟར་གཤེགས་པ་དང། མཚོའི་ལྷོ་ངོས་ནས་གཏིང་དུ་ནུབ་ཅིང། བྱང་ངོས་ནས་ལྟེང་དུ་ཐོན་པའི་རྫུ་འཕྲུལ་བསྟན་པས་ཀུན་གྱིས་དཔའ་བོ་ཡིན་པར་འདུག་ཟེར་བས་དེ་ཕྱིན་མཚན་ཡང་དཔའ་བོར་གྲགས། རྗེ་འདིའི་སྦྲུལ་སྐུ་དཔའ་བོ་གཙུག་ལག་(སྨད་ཆ།༧༣༠)ཕྲེང་བ་ནི། ཡུལ་དབུ་རུའི་སྙེད་ཐང་གི་སྒང་རྒྱུད་དུ་འཁྲུངས། རྗེ་བརྒྱད་པའི་ཐུགས་སྲས་སུ་གྱུར། ཤེས་བྱ་རིག་པའི་གནས་ལྔའི་རོལ་དུ་སོན་པའི་མཁས་པ་ཆེན་པོ་ཞིག་གོ། དེའི་སྦྲུལ་སྐུ་གཙུག་ལག་རྒྱ་མཚོ་ནི། མཚུར་ཕུའི་གནས་སྒོ་མཁར་ཡུལ་བན་དེ་ལུང་ཞེས་པར་འཁྲུངས། རྗེ་དགུ་པ་དང་ཞཱ་དམར་ལྔ་པའི་ཐུགས་སྲས་ཡིན། དེའི་སྦྲུལ་སྐུ་ཕྲིན་ལས་རྒྱ་མཚོ་ནི། ཏའུ་ཤེས་ཁོག་དང་ཉེ་བའི་གཡུ་མཁར་ཞེས་པར་འཁྲུངས། རྗེ་བཅུ་པ་དང་ཞཱ་དམར་དྲུག་པའི་ཞལ་སློབ་ཡིན། དེའི་སྦྲུལ་སྐུ་གཙུག་ལག་དོན་གྲུབ་ནི། ཆུ་ཤུར་རྩེ་ལྔར་འཁྲུངས། དེའི་སྦྲུལ་སྐུ་གཙུག་ལག་དགའ་བའི་དབང་པོ་ནི། དབོན་སྟོད་དུ་ཀརྨ་སཀྴིའི་དབོན་རྒྱུད་དུ་འཁྲུངས། དེའི་སྦྲུལ་སྐུ་གཙུག་ལག་ཆོས་རྒྱལ་ནི་སི་ཏུ་རིན་པོ་ཆེའི་གཅུང་དུ་འཁྲུངས་པའི་ད་ལྟ་ཞལ་བཞུགས་པ་འདི་འོ། རྒྱལ་ཚབ་ན་རིམ་ནི། གོ་ཤྲི་དཔལ་འབྱོར་དོན་འགྲུབ་ནི་སྙེ་མོར་འཁྲུངས། མཁར་ཆེན་དཔལ་གྱི་དབང་ཕྱུག་དང་མི་ལའི་ཐུགས་སྲས་ཞི་བ་འོད་ཀྱི་སྐྱེ་བར་གྲགས། ཆོས་གསན་རྒྱ་ཆེ། རྗེ་བདུན་པའི་ཡོངས་འཛིན་དུ་གྱུར། དེའི་སྦྲུལ་སྐུ་ཡང་སྙེ་མོར་འཁྲུངས། མཚན་བཀྲ་ཤིས་རྣམ་རྒྱལ་དཔལ་བཟང་པོ། རྗེ་བདུན་པ་གཤེགས་རྗེས་རྒྱལ་ཚབ་མཛད། གོ་ཤྲི་གྲགས་པ་དཔལ་འབྱོར་ནི་ལྷོ་རྒྱུད་སེང་གེ་སྒང་དུ་འཁྲུངས། རྗེ་བརྒྱད་པའི་ཞལ་སློབ་ཡིན། གོ་ཤྲི་གྲགས་པ་དོན་འགྲུབ་ནི། རུ་མཚམས་སྙེ་མོ་སྐོར་དུ་འཁྲུངས། རྗེ་མི་སྐྱོད་པས་ངོས་འཛིན་གནང། རྒྱལ་ཚབ་གྲགས་པ་མཆོག་དབྱངས་གཙང་བཏིང་སྐྱེས་ཁར་འཁྲུངས། རྗེ་དགུ་པ་དང་ཞཱ་དམར་དྲུག་པའི་ཞལ་སློབ་ཡིན། རྒྱལ་ཚབ་ནོར་བུ་བཟང་(སྨད་ཆ།༧༣༡)པོ་ནི་ཀརྨ་ཆོས་དབྱིངས་རྡོ་རྗེའི་སྲས་སུ་འཁྲུངས། གོ་ཤྲི་དཀོན་མཆོག་འོད་ཟེར་ནི་སྙེ་བོ་བོང་རར་ཐོན་མི་སམ་བྷོ་ཏྲའི་གདུང་རིགས་སུ་འཁྲུངས། དེའི་སྦྲུལ་སྐུ་འཇང་དུ་འཁྲུངས་པ་དེའོ། ཀྲེ་ཧོ་ཆོས་ཀྱི་རྒྱ་མཚོ་ནི། ཁམས་ཤར་ཟླའི་རྒྱུད། ཧོར་པཱ་ཐུར་གྱི་གདུང་བརྒྱུད་དུ་འཁྲུངས། བརྩེགས་པ་སོགས་ལ་ཟང་ཐལ་དུ་གཤེགས་པ་དང། རི་གཟར་གྱི་རྦོབ་གྱེན་ལ་ཟློག་པ་སོགས་མཛད། དེའི་སྦྲུལ་སྐུ་ཀརྨ་བསླབ་གསུམ་རྒྱ་མཚོ་ལ་སྟོད་དུ་འཁྲུངས། དེའི་སྦྲུལ་སྐུ་ཆོས་ཀྱི་དབང་པོ་ནི་ཡར་འབྲོག་ཚ་ཐང་དུ་འཁྲུངས། ཡུམ་གྱི་རྩིབ་མའི་གོ་བར་ནས་བལྟམས་པ་ཡིན་འདུག་དེ་སོགས་ཞབས་དྲུང་ཀྲེ་ཧོའི་རབས་རིམ་པར་བྱོན་ཏོ། འདི་རྣམས་སྒྲུབ་བརྒྱུད་རིན་པོ་ཆེ་འདིའི་བསྟན་འཛིན་ཆེ་ཤོས་རྣམས་རགས་བསྡུས་ལས་ཞིབ་པར་བརྗོད་པའི་ཡུལ་ལས་འདས་སོ། ཀཾ་ཚང་ངམ་ཀརྨའི་བཀའ་བརྒྱུད་སྐྱི་སྐབས་སོ། ཕག་གྲུ་བཀའ་བརྒྱུད་སྦྱི་དང་འབྲུག་པའི་སྐབས་བརྗོད་བ། ཕག་གྲུ་བཀའ་བརྒྱུད་ཐོག་མ་རྗེ་དཱགས་པོ་རིན་པོ་ཆེའི་ཐུགས་སྲས་ཀྱི་གཙོ་བོ། བདེ་གཤེས་ཕག་མོ་གྲུ་པ་ནི། མདོ་སྨད་འབྲི་ཆུའི་རྒྱུད་ཀྱི་སའི་ཆ་སེ་བ་ཞེས་པ་དང་རྨེ་ཤོད་གཉིས་ཀྱི་མདོ་འབེས་མོའི་གསེར་ཁང་ཞེས་བྱ་བར། གདུང་རུས་དབང་ཝེ་ན་འཕན་ཐོག་གི་རིགས། ཡབ་དབས་ཝེ་ཨ་དར་བྱ་བ་དང། ཡུམ་རོ་དབྱེ་བཟའ་བཙུན་ངེ་བྱ་བའི་སྲས་སུ་སྐུ་བལྟམས། དགུང་ལོ་དགུ་པ་ལ་བྱ་ཁྱི་ལྷ་ཁང་བྱ་བར་མཁན་པོ་ལྷིང་ངེ་ཡན་ཐུན་བུ་ཚུལ་ཁྲིམས་བྱ་བ་དང། སློབ་དཔོན་ལྷིང་ངེ་འོད་(སྨད་ཆ།༧༣༢)ཟེར་རྒྱལ་མཚན་ལས་རབ་ཏུ་བྱུང། མཚན་རྡོ་རྗེ་རྒྱལ་པོར་གསོལ། ཡེ་གེ་མ་བསླབས་པར་མཁྱེན། དགུང་ལོ་བཅོ་བརྒྱད་པ་ལ་དབུས་སུ་བྱོན། སྟོད་ལུང་རྒྱ་དམར་ལས་དབུ་ཚད་གསན། ཉེར་ལྔ་པ་ལ་ཟུར་ཕུར་བྱ་འདུལ་གྱིས་མཁན་པོ། རྒྱ་དམར་གྱིས་སློབ་དཔོན། དེ་ནས་གསང་སྟོན། ལ་སྟོད་པ་དཀོན་མཆོག་མཁར་དང། ས་སྐྱ་པ་ཆེན་པོ་སོགས་བསྟེན། ལམ་འབྲས་ཀྱི་གཞུང་བཤད་མཛོད་མར་གྲགས་པ་སོགས་གསན། ས་ཆེན་ལ་ཆོས་གསན་པའི་དུས་ཤིག། རྗེ་མི་ལས་ཕྱི་སྒོ་ནས་མགུར་བཞེངས་པ་གསན་པས་བྱོན་འདོད་ནས་ཀག་གིས་བཞེངས་པས། ས་ཆེན་གྱིས་ཆོས་ཟབ་མོ་ཉན་པ་བཤོལ་ནས་རྣལ་འབྱོར་པའི་ཀླུ་ལ་ཡ་མཚན་ཅིང་ཡོད་སྡོད་ཅིག་གསུངས་པས་བྱོན་མ་ནུས། དེང་མི་ལས་བུ་ཞིག་ཡོད་པ་ཚ་བོར་སོང་ཞེས་ལུང་བསྟན་པར་གྲགས། ཕྱིར་དཱགས་པོ་རིན་པོ་ཆེའི་ཞབས་པད་བསྟེན། དགུང་ལོ་ཞེ་དགུ་པ་ལ་ཕག་གྲུར་ཕེབས། དེ་ཡང་སྐབས་ཤིག་རོང་ཆང་ཀར་ལ་བྱོན་པས་གཙང་པོའི་ཆུ་རྒྱུད་ཀྱི་ཕ་རིར་ཕག་མོ་ཟེར་ཞིང་གྲུ་ཁ་དེར་ཕག་མོ་གྲུ་ཞེས་བས་ཡི་དམ་བཞུགས་པ་དང་གྲུས་འགྲོ་བ་སྒྲོལ་བའི་རྟེན་འབྲེལ་ལེགས་པར་དགོངས་ནས། དར་ཆ་རོང་བཙད་པོའི་སྒོ་དྲུང་དུ་བྱོན་ནས། ཁོ་བོ་ཚལ་སྦང་དུ་སྡོད་པ་དེ་ལེགས། ད་ཕག་མོ་གྲུའི་ཕུའི་བགས་ཕ་གིར་བསྡད་ན་སྙན་པས་སྦྱན་རས་ཀྱིས་བཙལ་བར་ཞུ་བྱས་པའི་ཡོང་ཞུས་པས། ཁོ་རང་དེར་བྱོན་ཐུགས་དང་བསྟུན་ཆོག་པའི་ཞུ་བ་ཕུལ། དེ་ནས་དྲེའུ་ཞིག་ལ་ཆིབས་པས་རིན་ཆེན་སྦྲུངས་པའི་བྲག་ཙ།(སྨད་ཆ།༧༣༣)ནས་དྲེའུ་འགྲོ་མ་ཉན་པས། དེར་གདན་ཕས་པས་མཐའ་རྩ་བསམ་ཕག་མོ་གྲུ་པར་གྲུ་བར་གྲགས། སློབ་མ་གྲཱ་པ་བརྒྱུད་བརྒྱ་ལ་གདུགས་ཐོགས་ལྔ་བརྒྱ་ཟེར་བ་བྱུང། སྐུ་ལུས་ཀྱི་བཀོད་པ་བཅུ་གཉིས་སུ་སྟོན། དགུང་ལོ་དྲུག་ཅུ་རྩ་གཅིག་པ་ལ་གཤེགས་ཏེ་ངོ་མཚར་བའི་ལྷས་བསམ་གྱིས་མི་ཁྱབ་པ་བྱུང་ངོ། ཡང་རྗེ་ཕག་མོ་གྲུ་པའི་ཞལ་ནས་སྟག་ལུང་པ་ལ། ཕག་མོ་གྲུ་ན་བུ་མོ་ལྔ་གསུམ་བཅོ་ལྔ་ལོན་པ་ཞིག་ཡོད། དེ་ནི་དཔལ་རྡོ་རྗེ་ཕག་མའི་སྦྲུལ་པའི་སྐུ་ཡིན་གསུངས། བཙལ་བས་རྙེད་དེ་ལན་གཉིས་སུ་ཡལ་བར་བོར་བས་དེ་མྱ་ངན་ལས་འདས་ཏེ། དབུ་ཐོད་གྲུབ་གླིང་གིས་བཅད་ཀླུད་པ་བལྡག་རུང་བྱོན། ཐོད་པ་དེ་ལས་ཁོ་མོ་རང་གི་གནས་སུ་འགྲོ་ཞེས་པའི་སྒྲ་བྱུང་བས་ཙ་རིར་ཞོག་ཅེས་པའི་བཀའ་གནང། ཕུང་པོ་གཞན་རྣམས་སྟག་ལུང་ཐད་པ་དེ་མ་ཐག་ཏུ་ཚོལ་དུ་སོང་བས་ཡལ་ནས་མི་འདུག་ཅེས་གྲགས་ཏེ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ནི་བདེ་གཤེགས་ཕག་གྲུ་པ། མཚན་ལྡན་གྱི་བི་མོ་རྡོ་རྗེ་ཕག་མོ་དངོས་སུ་བྱོན་པར་འདུག་གོ། རྗེ་ཕག་མོ་གྲུབ་པ་ལ་སློབ་ཚོགས་རྒྱ་མཚོ་ལྟ་བུ་ལས་ཡོངས་སུ་གྲགས་པ་བཀའ་བརྒྱུད་ཟུར་བཞི་ཡ་བརྒྱད་བྱུང་སྟེ། དེ་ལས་རྗེ་འབྲིང་གུང་པ་འཇིག་རྟེན་མགོན་པོ་ནི། ཡུལ་ལྡན་སྟོད་རྩོད་དུ་ཞེས་བྱ་བར། འགྲུ་རྒྱལ་སྐྱ་རའི་གདུང་རྙིང་མའི་སྔགས་འཆང་ཟམ་མ་ཆད་པའི་བརྒྱུད་པར་ཡབ་རྡོ་རྗེ་ཞེས་བྱ་བའི་སྲས་སུ་འཁྲུངས། དབུས་གཙང་དུ་བྱོན་འགྲོ་མགོན་གྱི་ཞབས་དྲུང་ཕེབས་ནས་ཟླ་བ་སུམ་ཅུ་ཙ་གཉིས་བསྟེན། དགུང་ལོ་སོ་ལྔ་བ་ལ་ཕག་མོ་གྲུར་ཞང་སུམ་ཐོག་པ་ལས་ཚིག་རྫོགས་མཛད།(སྨད་ཆ།༧༣༤)མཚན་རིན་ཆེན་དཔལ་དུ་གསོལ། འབྲི་གུང་དུ་བཞུགས་། བསྟན་པའི་ཙ་བ་དགེ་འདུན་དེ་ཡང་ཚུལ་ཁྲིམས་རིན་པོ་ཆེ་ལ་རག་ལས་པར་གཟིགས་ནས་དབེན་པའི་གནས་སུ་འདུག་པ་དག་ཀྱང་བག་ཡངས་སུ་མི་འཇུག་སྙན་པས་འཛམ་བུའི་གླིང་ཁྱབ། བདུན་ཅུ་རྩ་ལྔ་པ་ལ་གཤེགས། སློབ་མ་གྲུབ་པ་བརྙེས་པ་བགྲང་གིས་མི་ལངས། གཙོ་བོ་རྗེ་སྦྱན་སྔ། དཔོན་རིན་པོ་ཆེ་མཆོད། གཉོན་མགར་ཆོས་གསུམ། དབོན་ཤེར་འབྱུང་སོགས་སོ། རྗེ་སྦྱན་སྔ་ནི་སློབ་དཔོན་པདྨའི་དངོས་སློབ་ཨ་མི་བྱང་ཆུབ་འདྲེ་བཀོལ་དུ་གྲགས་པའི་གདུང་རབས། རླུངས་ལྷ་གཟིགས། ཡབ་ཡོན་ཆེན་རྒྱལ་བ་སྐྱབས་ཀྱི་སྲས་སུ་བལྟམས། བཅུ་གསུམ་པ་ལ་ཕྱི་གནས་གཡོ་བོ་ཞེས་བྱ་བར་རབ་ཏུ་བྱུང། མཚན་གྲགས་པ་འབྱུང་གནས་སུ་གསོལ། དགུང་ལོ་བཅོ་བརྒྱད་པ་ལ་ཞང་སུམ་ཐོག་པར་མཁན་པོ་མཛད་ནས་བསྙེན་རྫོགས་བཞེས། ཆོས་རྗེའི་གདམས་ངག་ཐམས་ཅད་ཚང་བར་གསན། འབྲི་གུང་བས། ངས་གདན་ས་བརྒྱ་འགྱུར་སྟོད་འགྱུར་དུ་བཟང་དུ་བཏང་གི་གསུངས་ནས་རྗེ་སྦྱན་སྔ་ཕག་མོ་གྲུར་བརྫངས་ཏེ། དེའི་རིང་ལ་གདན་ས་ཤིན་ཏུ་དར་རྒྱས་ཆེ། ལོ་ཉི་ཤུ་རྩ་དྲུག་བཞུགས། དེ་ནས་འབྲི་གུང་དུ་ལོ་ཉི་ཤུ་ཙ་གཉིས་གདན་ས་མཛད། འདི་སྐབས་ཧོར་དམག་བྱུང་བ་རྗེ་འདིས་ཧོར་དོར་རྟ་ཏིང་ངེ་འཛིན་གྱི་དབང་དུ་མཛད་པས་འབྲི་གུང་གི་སྡེ་ཡང་ཆེར་འཕེལ། བན་ཁྲི་ཚོ་བཅོ་བརྒྱད་ཅེས་གྲགས་པ་དེ་དུས་བྱུང། ཆོས་རྗེ་ས་སྐྱ་པཎྜི་ཏས་རྗེ་བཙུན་གྲགས་པ་གཤེགས་པའི་གྲལ་དབུར་སྦྱན་འདྲེན་མཛད། དགུང་ལོ་བརྒྱད་(སྨད་ཆ།༧༣༥)ཅུ་ཙ་གཅིག་པ་ལ་གཤེགས་པ་ཡིན་ནོ། བུ་སློབ་ཀྱང་རྒྱལ་བ་རིན་པོ་ཆེ། རྒྱལ་བ་ཡང་དགོན་པ་སོགས་མང། རྒྱལ་བ་རིན་པོ་ཆེ་ནི་རྗེ་སྦྱན་ལྡན་དབོན། དགུང་ལོ་བཅུ་དྲུག་པ་ལ་དབུས་སུ་ཕེབས། རྗེ་སྦྱན་སྔས་བྱིན་རླབས་མཛད་པས་རྟོགས་པ་འཁྲུངས། དགུང་ལོ་སོ་གསུམ་པ་ལ་ཐེལ་གྱི་གདན་སར་འབྲི་གུང་ནས་བཀོད། རྗེ་འདིས་ཐོག་ཆོས་གོས་ཀྱི་གྲཱར་བལྟུམས་པས་རྒྱལ་བ་ཐོག་རྟུག་པར་གྲགས། དྲུང་ཅུ་ཙ་ལྔ་ལ་གཤེགས། དེའི་གདན་སར་དེ་ཉིད་ཀྱི་དབོན། བཅུ་གཉིས་པ་རིན་ཆེན་རྡོ་རྗེ་ཕེབས་ཏེ། དབོན་བརྒྱུད་པས་ལུགས་གཉིས་པ་ལ་ཕག་མོ་གྲུབ་པ་ཞེས་འགྲན་ཟླ་མེད་པ་འདི་བྱུང་ངོ། འབྲི་གུང་དུ་སྐྱོབ་པ་རང་གི་གདན་ས་དཔོན་རིགས་ཀྱིས་ལུང་རྒྱུགས་པས་ལུགས་གཉིས་ཀ་ལ་ཕག་མོ་གྲུ་པ་ཞེས་འགྲན་ཟླ་མེད་པ་འདི་བྱུང་ངོ། འབྲི་གུང་དུ་སྐྱོབ་པ་རང་གི་གདན་ས་དབོན་རིན་པོ་ཆེས་མཛད། དེ་རྗེས་གཅུང་རིན་པོ་ཆེས་བསྐྱངས་པས་འབྲི་གདན་གཉིས་སུ་གྱེས། གཉོས་ལྷ་ནང་དེ་ནས་ལྷ་ས་མཆེད། འདིའི་ནང་དུ་མན་ལུངས་གུ་རུ་ཡང་བྱུང་བ་ཡིན་ནོ། གདན་རབས་རིམ་པར་བྱོན་པ་ལ་འབྲི་གུང་བཀའ་བརྒྱད་དེ། རིན་ཆེན་ཕུན་ཚོགས་ཕྱིན་གོང་དུ་སྨྲོས་ཟིན་ཏོ། སྟག་ལུང་ཐང་པ་ནི། ཁམས་ཀྱི་གཡང་ཤོད་བོང་ར་སྟེངས་སུ་ཡབ་བན་བློན་འབར་པོའི་སྲས་སུ་འཁྲུངས། བཅོ་བརྒྱད་བཞེས་པའི་ཚེ། ཐང་སྐྱང་ལྷ་ཁང་དུ་བླ་སྒོད་པའི་སར་བྲོས། མཁན་པོ་ན་སྟོན་བླང་སྒང་བ། ཤེས་རབ་རྡོ་རྗེ་དང། སློབ་དཔོན་ཚར་སྟོན་སྒོ་མངས་པ་ལས་རབ་ཏུ་བྱུང། དགུང་ལོ་ཉི་ཤུ་བཞིིའི་དུས་ཕག་མོ་གྲུར་ཕེབས། ལོ་དྲུག་ཕམ་མོ་གྲུར་(སྨད་ཆ།༧༣༦)བཞུགས། ཉེ་གནས་མཛད། བླ་མའི་ཐུགས་སུ་བྱོན་ཆོས་གསུངས་པ་ཐམས་ཅད་མ་བརྗེད་པར་ཡི་གེར་གེར་བཏབ། དར་སྦྲས་རང་གསུམ་དང་ཕོད་མདོ་བས་སྟག་ལུང་གདན་དྲངས། དགུང་ལོ་སོ་དགུ་མ་ལ་བླ་བྲང་ནག་པོར་ཕྱག་ཕེབས། ལོ་ངོ་སུམ་ཅུ་ཙམ་བཞུགས། སྐུ་འདར་ཁར་གྲ་བ་པ་སུམ་སྟོང་ལྷག་ཙམ་འདུས། ངོ་མཚར་བའི་རྫུ་འཕྲུལ་དུ་མ་བསྟན། དྲུག་ཅུ་རེ་དགུ་པ་ལ་གཤེགས། དབོན་རིན་ཆེན་དགོན་པོ་གདན་སར་བཏོན། སྐུ་ཡལ་བའང་ཟེར། འདིས་མཆོད་ཁང་ཆེན་མོ་བཏབ་གླིང་དར་རྒྱས་སུ་མཛད། དེའི་གདན་ས་སངས་རྒྱས་ཡར་བྱོན། དེ་ལ་གདན་ས་ཕེ་བའི་དབོན་པོ་གཉིས་བྱུང་བ་ནས་སངས་རྒྱས་དབོན་གྱི་ཁམས་སུ་བྱོན་རིན་པོ་ཆེ་བཏབ་དེ་ནས་སྟག་ལུང་ཡ་ཐང་མ་ཐང་གཉིས་སུ་གྱེས། གཉིས་ཀང་བན་སུམ་སྟོང་བརྒྱད་བརྒྱ་ཙམ་རེ་འཚོགས། དབུས་གཙང་མདོ་ཁམས་གཞན་དུའང་གྲ་པའི་དར་རྒྱས་ཆེ་སྟེ་དེང་སང་གི་བར་དུ་དབོན་བརྒྱུད་རིམ་པར་བྱོན་པ་ལ་སྟག་ལུང་བཀའ་བརྒྱུད་དུ་གྲགས་ཏེ་འབྲི་སྟག་གཉིས་སོ། ཟུར་པ་ཡེ་ཤེས་སེང་གེ་ནི་མོས་གར་དུ་འཁྲུངས། ཕག་མོ་གྲུ་བའི་རི་མཐོང་བ་ཙམ་གྱིས་སྒོམ་འཁྲུངས། འགྲོ་མགོན་གྱི་སློབ་ནམར་གྱུར་ཟ་ར་དགོན་བཏབ། འདིའི་སློབ་མ་རྒྱལ་བ་གཡའ་བཟང་པ་ཡིན་ལུགས་གཉིས་ཀྱིས་མངོར་པར་མཐོང་ཟིང་གཡའ་བཟང་བཀའ་བརྒྱུད་དུ་གྲགས་བྱུང་གོ། དགྱེར་སྒོམ་ཆེན་པོ་ནི་ཡར་ཀླུང་དུ་འཁྲུངས། རྣལ་འབྱོར་ཆོས་གཡུང་ནས་ཆོས་རྫོགས། རྗེ་འདི་ལས་རྟོགས་པའི་ཡེ་ཤེས་བསྟེན་སྙེ་ཕུ་ཤུག་གསེབ་ཏུ་དགོན་མཛད་པས་ཤུག་གསེབ་བཀའ་བརྒྱུད་ཅེས་གྲགས་པ་བྱུང་(སྨད་ཆ།༧༣༧)སྟེ། གཡམ་ཤུག་གཉིས་སོ། ཆོས་རྗེ་སྨར་པ་ནི་ཁམས་ཀྱི་སྨར་ཤོད་དུ་འཁྲུངས། ཕག་གྲུ་ལས་རྟོགས་པ་བརྙེས། མཚན་ཤེས་རབ་ཡེ་ཤེས་ཁམས་སུ་ཤཱོ་དགོན་པ་བཏབ་ཚོགས་པ་ཉིས་སྟོང་ཙམ་འདུས། དེའི་རྗེས་ཤཱ་ཡང་དགོན་པཨཱཿ། ས་རྨོག་སྦྱན་སྔ་རིན་པོ་ཆེ། ཤཱ་དབུ་རྩེ་བ། རྣལ་རིན་པོ་ཆེ་གླིང་པ་སོགས་མང་དུ་བྱོན་པར་སྨར་པ་བཁའ་བརྒྱུད་དུ་གྲགས་ཏེ་དེང་སང་ཆོས་བརྒྱུད་ཅུང་ཟད་དཔལ་ཡུལ་བར་ཡོད་པར་སྣང་ངོ། སངས་རྒྱས་ཡེལ་པ་ནི་མདོ་ཁམས་ཟླ་བརྒྱུད་ཆམ་ཏི་ཞེས་པར་འཁྲུངས། མཚན་ཡེ་ཤེས་བརྩེགས། ཕག་གྲུ་བསྟེན་བས་རྟོགས་པ་བསྙེན། ལྷོ་ཡེལ་ཕུག། ཤར་རྡོ་རྗང། བྱང་རྟ་རྣ་རྣམས་བཏབ། ཡེལ་འབི་བཀའ་བརྒྱུད་བྱུང་སྟེ་དེང་ཆོས་བརྒྱུད་ཡོད་པ་མ་འཚལ། འདི་གཉིས་ལ་དམར་ཡེལ་གཉིས་སུ་གྲགས་སོ། རིན་པོ་ཆེ་རྒྱལ་ཚ་དང། ཀུན་ལྡན་རས་ཆུང་བ་མཆེད་གཉིས་ནི་གནུབ་མ་མཁའི་སྙིང་པོའི་བརྒྱུད་དུ་འཁྲུངས། སྐུ་མཆེད་གཉིས་ཁས་ཕག་མོ་གྲུ་པ་བསྟེན་པས་རྟོགས་པ་ཤར་བས་གྲུབ་པ་བརྙེས། གཙང་དུ་ཁྲོ་ཕུ་དགོན་བཏབ། འདི་གཉིས་ཀྱི་དབོན་པོ་ཁྲོ་ཕུ་ལོ་ཙཱ་ཡིན། སློབ་དཔོན་ལྕེ་སྒོམ་དང། མ་ཅིག་རེ་མ་ཏི་སོགས་ལ་ཁྲོ་ཕུ་བཀའ་བརྒྱུད་དུ་གྲགས། རྟོགས་པ་མཐར་ཕྱིན་གླིང་རྗེ་རས་པ་ནི། འཁྲུངས་ཡུལ་མྱང་སྟོད་བཞེངས་ཀྱི་གླང་པོ་སྣ། གླིང་སྟོད་སྨད་གཉིས་ལས་སྨད་པ། ཡབ་རྒྱལ་པོ་སྐྱབ་བེ། ཡུམ་གཟུས་མོ་དར་ཆུང་གི་སྲས་སུ་འཁྲུངས། མཚན་པདྨ་(སྨད་ཆ།༧༣༨)རྡོ་རྗེ། གཞོན་དུ་ནས་འབྲི་ཀློག་མཁས་པར་མཁྱེན། དཔལ་ཕག་མོ་གྲུ་བའི་སྙན་པ་གསན་པ་ཙམ་གྱིས་བ་སྦུ་གཡོས། སྦྱན་སྔར་བྱོན། འགྲོ་བའི་མགོན་པ་ཆོས་ཁྲིར་ཕེབས་པ་དང་མཇལ། དེ་ནས་ལྷན་ཅིག་སྐྱེས་སྦྱོར་གསན་ཏེ་ལོ་བདུན་ཟླ་བདུན་གྱི་མཚམས་ཀྱི་དམ་བཅའ་ཡུལ་ཏེ། ཞག་ལྔ་སོང་བའི་ཉིན། ཕག་མོ་གྲུའི་མཁའ་འགྲོ་མ་དེ་གཤེགས་པ་གཟིགས་ནས་དེར་བྱོན་ཏེ་ཐོད་པ་བྲེགས། ཀླད་པ་ལྡག་གིན་བྱོན་པ་དང། སྟག་ལུང་ཐང་པ་ཐོད་འབྲེག་བསམ་བྱོན་པ་ལམ་དུ་འཛོམས། གྲོགས་པོ་འདི་གསོལ་བྱས་ཀླད་པ་རྩིབ་ཁེལ་གང་གདེངས་པས་ཁོང་ཞལ་ཡོལ་བྱས་ཞལ་རས་ལ་ཕོག། དེའི་དབང་གིས་སྟག་ལུང་པའི་ཞལ་ངོ་རིམ་པར་སྐུ་འབྲས་གཙང་བ་ཡིན་ཟེར། རྟོགས་པ་ཕུལ་བས། བླ་མ་མཉེས་ནས་རྒྱ་གར་ཆུ་བོ་གངྒ་ཕན་ཆད་ལ་ས་ཧ་ཆེན་པོ་རྟོགས་པ་མཐོ། དེ་ཚུན་ལ་ཁྱོད་རྟོགས་པ་མཐོ་བ་ཡིན་གསུངས་བསྔགས་པ་བརྗོད། རྗེ་འདི་སྦྱིར་རྣལ་འབྱོར་པ། སྒོས་ཆུང་མ་ཅན་ལ་མི་མཉེས་ཀྱང་གླིང་རས་པ་ལ་ལྷག་པར་མ་མཉེས། དེ་ལྟར་དྲུག་ཅུ་ཙ་གཅིག་གི་བར་དུ་བཞུགས་ནས་དབྱར་ཟླ་ར་བའི་ཉེར་བརྒྱད་ལ་གཤེགས་སོ། ཁྲོ་གླིང་གཉིས་སོ། འདི་དག་ཟུང་དུ་བགྲངས་ན་བཞི་དང། ཡ་རེར་བགྲངས་ན་བརྒྱད་ཡོད་པས་བཀའ་བརྒྱུད་ཟུང་བཞི་ཡ་བརྒྱད་དུ་གྲགས་སོ། བླ་མ་སྦར་བུ་བ་ནི། གཡོན་རུ་གྲར་འཁྲུངས། ཕྱ་བ་ཡུན་རིང་དུ་བསྟེ་དེ་ནས་དགེ་བཤེས་ཡེལ་བས་འཚམས་སྦྱར་ནས་ཕག་མོ་གྲུ་པ་མཇལ་བས་རྟོགས་པ་འཁྲུངས། སྦར་བུ་དགོན་བཏབ་ཚོགས་པ་ལྔ་བརྒྱ་ཙམ་འདུས་སོ།(སྨད་ཆ།༧༣༩)དཔལ་ལྡན་འབྲུག་པ་ནི། གླིང་ཆེན་པོའི་སློབ་མ་གཅིག་ཆོག་ཆོས་ཀྱི་རྗེ་འགྲོ་མགོན་གཙང་པ་རྒྱ་རས་ཏེ། དེ་ཡང་འཁྲུངས་ཡུལ་ཉང་སྟོད་བུ་ལེའི་ཆ། ཡབ་རྒྱ་ཟུར་པོ་ཚབ་སེ་དང། ཡུམ་མ་བཟའ་དར་སྐྱིད་ཀྱི་སྲས་བདུན་བྱུང་བའི་ཆུང་ཤོས། ལྷན་གྱི་སོ་དར་མ་སེང་གེ་ལ་སྒྱུ་འཕྲུལ་མདོ་རྒྱུད་སོགས་སྦྱངས། གཞན་ཡང་བླ་མ་འགའ་རེ་བསྟེན། དགུང་ལོ་ཉེར་གསུམ་པ་ལ་གྲུབ་ཐོབ་གླིང་རས་ར་ལུང་དུ་ཕེབས་པ་དང་མཇལ། སླར་དབུས་སུ་བྱོན་སྣ་ཕུར་མཇལ་ནས་དབང་རྒྱུད་གདམས་ངག་ཞུས། ཞག་བདུན་ནས་རས་ཐུབ། ལྷོ་བྲག་མཁར་ཆུར་ལོ་གསུམ་བཞུགས། རོ་སྙོམས་སྐོར་རྣམས་གཏེར་ནས་བཞེས། ཙ་རིར་ཕེབས། བཙོམ་ལྡན་འདས་རྡོ་རྗེ་ཕག་མོས་བསྟན་པ་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཁྱབ་པ་དང། བཅོམ་ལྡན་འདས་འཁོར་ལོ་སྡོམ་པས་བསྐལ་པ་བཟང་པོ་འདི་ལ་མོས་པར་སངས་རྒྱས་བར་ལུང་བསྟན། བླ་མ་ཞང་གི་རྩར་བྱོན། དེ་ཕན་རྟེན་རས་པར་ཡོད་པས་དབུ་སྐྲ་བསིལ། ཞང་གིས་མཁན་པོ་མཛད། རྩི་འདུས་འཛིན་གྱིས་སློབ་དཔོན་མཛད་ནས་ཚིག་རྫོགས་བསྒྲུབས། མཚན་ཡེ་ཤེས་རྡོ་རྗེ་གསོལ། ཞང་གིས་ལུང་བསྟན་ནས་ཀློང་རྡོལ་དགོན་བཏབ། ཀརྨ་པས་ལུང་བསྟན་ནས་འབྲུག་དགོན་པ་བཏབ། དགོན་འདེབས་ས་དེར་འབྲུག་སྨད་དགུ་བབས་པས་དགོན་པའི་མིང་ཡང་འབྲུག་ཅེས་གྲགས། ལོ་དེཏ་སྦྱིན་བུ་སྟོད་དུ་ལོངས་པ་བྱུང། སློབ་མ་ཁྲི་ཚོ་ལྔ་འདུས། ཕལ་ཆེར་འཇའ་ལུས་སུ་སོང་བས་མཁའ་སྦྱོད་གནས་དང་རྒྱ་དཀར་ནག་ཨོ་རྒྱན་ཚུན་ལ་ཁྱབ། བརྒྱུད་པར་བཅས་ལ་འབྲུག་པར་གྲགས་སོ། དེ་ལྟར་དགུང་ལོ་སོ་བཞི་ནས་ང་གཅིག་གི་བར་(སྨད་ཆ།༧༤༠)དུ་ཕྲིན་ལས་བསྐྱངས། གླིང་གིས་ལུང་བསྟན་ནས་ར་ལུང་བཏབ། དགོང་ལོ་ལྔ་བཅུ་རྩ་གཅིག་པ་ལ་འབྲུག་ཏུ་གཤེགས། སྦུར་ཞུགས་ལ་སྦྱངས་པའི་དུས། ཐུགས་ལྗགས་སྦྱན་གསུམ། དབུ་ཐོད་པ་རིགས་གསུམ་མགོན་པོ། སྐུ་ཚིགས་པ་ཉི་ཤུ་ཙ་གཅིག་ལ་སྦྱན་རས་གཟིངས་ཉི་ཤུ་རྩ་གཅིག། གཞན་རིང་བསྲིལ་ཡང་མང་དུ་བྱོན། དེ་ལ་སློབ་མ་དང་པོར་ཆེ་བ་སྦང་རྐྱང་གཉིས། བར་དུ་ཆེ་བ་རྒྱ་འབྲས་གཉིས། མཐའ་མར་ཆེ་བ་ལོ་རྒོད་གཉིས་སོགས་མང་དུ་བྱོན་པའི་ནང་ནས་ལོ་རྒོད་གཉིས་སུ་གྲགས་པའི་ལོ་རས་ནི། འཁྲུངས་པའི་ཡུལ་གཞུང་གི་གྲགས་ཆན་ཞེས་པར་འཁྲུངས། མཚན་གྲགས་པ་དབང་ཕྱུག། འབྲུག་ཏུ་ཆོས་རྗེའི་རྩར་བྱོན། གདམས་ངག་རྫོགས་པར་གསན། གནམ་མཚོའི་ངོར་ལོ་བཅོ་བརྒྱད་དུ་བསྒོམ། དེ་ནས་ཇོ་མོ་གངས་སོགས་རྒྱུན་རིང་བཞུགས། ཨུ་རི་དང། དཀར་པོ་ཆོས་ལུང་སོགས་བཏབ། ཁོམ་ཐིང་ལྷ་ཁང་དུ་བཞུགས། ཚོགས་པ་སྟོད་ཕྲག་མང་པོ་འདུས། དགུང་ལོ་དྲུག་ཅུ་རྩ་བཞི་པ་ལ་གཤེགས། ཆོས་རྗེ་རྒོད་ཚང་བ་ནི། ལྷོ་ལ་ཡག་ཏུ་འཁྲུངས། ཆོས་རྗེ་འབྲུག་པ་མཇལ། གདམ་ངག་གསན་པས་ཞག་བཅོ་བརྒྱད་ནས་རྟོགས་པ་ནམ་མཁའ་དང་མཉམ། སྟོད་དུ་འགྲོ་བར་ཞུས་ནས་ཤྲཱིར་བྱོན། ལྷག་པར་རྒོད་ཚང་དུ་བཞུགས་ནས། མི་ང་དང་གཅིག། བྱ་ཁྱོད་དང་གཉིས། བྲག་འདི་དང་གསུམ་མིང་གཅིག་ཏུ་མ་སོང་བར་མི་སྒྲུབ་རེ་གསུངས་པས་རྒོད་ཚང་པར་ཐོགས། རྫ་ལན་དྷ་ར་སོགས་གནས་ཆེན་ཉེར་བཞིའི་དགུ་ལ་ཕེབས། དགོང་ལོ་བདུན་ཅུ་པ་ལ་གཤེགས། སློབ་(སྨད་ཆ།༧༤༡)མའི་གཅོ་བོ་ཡང་དགོན་པ་ནི། ལ་སྟོད་ལྷོ་ལྷ་གདང་དུ་སྔགས་བརྒྱུད་ཞིག་ཏུ་འཁྲུངས། བླ་མ་ཕུལ་དམར་བ། གོ་བྲག་པ་ས་པཎ། རྗེ་སྦྱན་སྔ་བ་སོགས་བསྟེན། སྐུ་དྲིན་ཆེ་ཤོས་རྗེ་རྒོད་ཚང་བ་འཛིན། རྗེས་འཇུག་རྣམས་ཀྱང་དེའི་ལུགས་འཛིན། དེའི་སློབ་མ་སྦྱན་སྔ་པ། དེའི་སློབ་མ་ཟུར་ཕུག་པ། དེའི་སློབ་མ་འབའ་ར་བ་སོགས་ཡིན་ནོ། དེ་ལྟར་ཅོས་རྗེའི་སློབ་མ་ཝ་རྐྱང་གཉིས་དང། རྒྱ་འབྲས་གཉིད་དང་བཞི་ལ་ཆེ་བརྒྱུད་དང། རས་པ་གསུམ་སོགས་ལ་ཆུང་བརྒྱུད་དུ་གྲགས་པ་ལ་པར་འབྲུག་དང་ལོ་རྒོད་གཉིས་ལས་ལོ་རས་ལས་སྨད་འབྲུག་དང་རྒོད་ཚང་བ་ལས་སྟོད་འབྲུག་ཏུ་གྲགས་སོ། ཆོས་ཀྱི་རྗེ་གཙང་པ་རྒྱ་རས་ཀྱི་གདན་ས་དངོས་ནི་དཔོན་བརྒྱུད་ཀྱི་ཟུང་སྟེ། དཔོན་རས་དར་མ་སེང་གེ་ནས་སེང་གེ་དགུ་བརྒྱུད་དུ་བྱོན། དགུ་བརྒྱུད་རྗེ་མའི་དབོན་ཤེས་རབ་བཟང་པོའི་སྲས་སུ་འབྲུག་པ་རྒྱལ་དུ་བྱོན། དགུ་བརྒྱུད་རྗེ་མའི་དབོན་ཤེས་རབ་བཟང་པོའི་སྲས་སུ་འབྲུག་པ་རྒྱལ་དབང་རྗེ་འཁྲུངས། འདི་རྗེ་གཙང་པ་རྒྱས་རས་ཀྱི་སྐྱེ་བར་གྲགས། ཆོས་ཀྱི་ཕྲིན་ལས་ཆེ། འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་དང་པཎ་ཆེན་བགས་རིན། ངོར་ཆེན་ཀུན་བཟང། འགོས་ལོ་གཞོན་ནུ་དཔལ་སོགས་ལས་ཆོས་མང་དུ་གསན། སྒམ་པོའི་གདན་སའང་ཐོག་གཅིག་མཛད། བུ་ཆུང་གསང་བ་ཆེན་པོའི་གནས་སྒོ་ཕྱེ་བ་སོགས་མཛད། དགུང་ལོ་ཞེ་དགུ་པ་ལ་གཤེགས། དེའི་དབོན་ནི་འབྲུག་པ་ངག་དབང་ཆོས་རྒྱལ་ཡིན་ཏེ། བྱ་འཇམ་དབྱངས་ཆོས་ཀྱི་གྲགས་པ་དང། ཐམས་ཅད་མཁྱེན་པ་པདྨ་དཀར་པོ་སོགས་ཀྱི་དབུ་བླ་མཛད། གདས་ས་སྲས་བརྒྱུད་ཀྱི་རིམ་པར་བཟུང། རྒྱལ་དབང་རྗེའི་སྦྲུལ་པའི་སྐུ་ནི། བྱ་ཁྲི་དཔོན་བཀྲ་ཤིས་དར་རྒྱས་ཀྱི་སྲས་སུ་འཁྲུངས།(སྨད་ཆ།༧༤༢)མཚན་འཇམ་དབྱངས་ཆོས་ཀྱི་གྲགས་པར་གསོལ། མཁའ་འགྲོ་སུ་ཁ་སིདྡྷིའི་ལུང་བསྟན་པ་བཞིན་གདན་ས་བཀྲ་ཤིས་མཐོང་སྨོན་བཏབ་པས། འབྲུག་པའི་བསྟན་པ་ལྷོ་བརྒྱུད་དུ་དར་བའི་རྟེན་འབྲེལ་འགྲིགས། དེའི་སྦྲུལ་སྐུ་ནི་ཐམས་ཅད་མཁྱེན་པ་པདྨ་དཀར་པོ་ཡིན། དེའི་སྦྲུལ་སྐུ་དཔག་བསམ་དབང་པོ། བཀའ་བརྒྱུད་ཕྲིན་ལས་ཐིང་རྟ་སོགས་ནས་ད་ལྟའི་བར་སྦྲུལ་སྐུ་རིམ་བྱོན་ཐམས་ཅད་ལ་ཐམས་ཅད་མཁྱེན་པར་གྲགས་པ་འདིའོ། ཡང་འབྲུག་པ་ངག་དབང་རྣམ་རྒྱལ་དཔོན་སློབ་རྣམས་དང་དཔའ་བོ་གཙུག་ལག་རྒྱ་མཚོ་དཔོན་སློབ་རྣམས་དང་ཡར་ལུང་མ་མདར་གཙང་པོའི་གྲུ་ཁར་འཐབ་འཛིང་ཞིག་བྱུང་བས་དཔལ་བོ་གྲ་བ་གཅིག་རྐྱེན་ལམ་དུ་བྱོན། མོན་པ་བཞི་ཏིང་ངེ་འཛིན་གྱིས་དབང་དུ་མངོན་པར་མཐོ་བ་འདི་བྱུང་སྟེ། བསྟན་པ་ལྷོ་མོན་གྱི་ཕྱོགས་སུ་དར་བའི་རྟེན་འབྲེལ་ལེགས་པ་འགྲིགས་པ་ཡིན་ཅིང། གཞན་ཡང་དབུས་གཙང་རྣམས་སུ་འབྲུག་པའི་ཆོས་སྟེ་ཆེ་ཕྲན་མང་དུ་ཡོད་པ་སོགས་ནི་སྨོས་མ་དགོས་སོ། ཕག་གྲུ་བཀའ་བརྒྱུད་སྦྱི་དང་འབྲུག་པའི་སྐབས་སོ།(སྨད་ཆ།ཆོས་བརྒྱུད་སྣ་ཚོགས་པའི་སྐབས་བརྗོད་པ། དེ་ལྟར་འདི་དག་ནི་བཀའ་བརྒྱུད་ཐམས་ཅད་ཀྱི་ཡབ་གཅིག་རྗེ་དཱགས་པོ་རིན་པོ་ནས་བརྒྱུད་པའི་ཕྱིར་སྒྲུབ་བརྒྱུད་རིན་པོ་ཅེ་སྦྱིའི་མཚན་ལའང་མཉམ་མེད་དཱགས་པོ་བཀའ་བརྒྱུད་ཞིས་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་སྦྱི་(སྨད་ཆ།༧༤༣)དང་བྱེ་བྲག་ནང་གསེས་དང་བཅས་པ་རྣམས་སོ། དེ་དག་ཏུ་མ་འཐུས་པའི་རང་རང་གི་གྲུབ་མཐའ་འཛིན་པ་འགའ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་རྫོ་ནང་པ་ནི། ཀུན་སྦངས་ཆེན་པོ་ཞང་ཐུགས་རྗེ་བཙོན་འགྲུས་ནས་རིམ་པར་བྱོན་ཏེ། ཀུན་སྦངས་པ་ནི། ལ་སྟོད་བྱ་གི་ངབ་ཤར་དུ་བྱོན། ཉང་སྟོད་རྐྱང་འདུར་གྱི་གདན་ས་མཛད། དེ་རྗེས་གདན་ས་བཞག་ནས་རི་ཁྲོད་རྣམས་སུ་ཐུགས་དམ་མཛད་པས་ཀུན་སྦངས་སུ་གྲགས། གཙང་གི་ཇོ་མོ་ནགས་རྒྱལ་གྱིས་དགོན་གནས་ཕུལ་ནས་དགོན་བཏབ་པས་ཇོ་མོ་ནང་པར་གྲགས། མདོ་སྔགས་ཐམས་ཅད་དང་ཁྱད་པར་དུས་འཁོར་ལ་མཁས། མདོ་སྔགས་ཐམས་ཅད་དང་ཁྱད་པར་དུས་འཁོར་ལ་མཁས། སྦྱོར་དྲུག་ཁོ་ན་ལུགས་མི་འདྲ་བ་ཉེར་གཅིག་གསན་པར་གྲགས། དེ་ནས་བྱང་སེམས་རྒྱལ་ཡེ། མཁས་བཙུན་ཡོན་ཏན་རྒྱ་མཚོ་སོགས་བྱོན། དེ་ནས་དོལ་བུ་ཤེས་རབ་རྒྱལ་མཚན། མངའ་རིས་དོལ་བུ་བན་ཚང་དུ་བྱོན། སྐྱི་སྟོན་དང། མཁས་བཙུན་ཡོན་ཏན་རྒྱ་མཚོ་སོགས་བསྟེན། ཇོ་ནང་གི་གདན་ས་མཛད། གཞན་སྟོང་གི་གྲུབ་མཐའ་བཙུགས། འདི་ནས་གྲུབ་མཐའ་ཟུར་དུ་བྱེད་པ་བྱུང། སྐུ་འབུམ་ཆེན་མོ་བཞེངས། ཆོས་ཀྱི་མཛོད་རྡོལ་ཏེ། ལྷུན་པོ་བཞེངས་པས་རྒྱལ་མཚོ་བརྡོལ་བ་སྙན་ཞེས་གསུངས། དེའི་སློབ་མ་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་བ་ཡང་མངའ་རིས་དོལ་བུར་བྱོན། ཇོ་ནང་དང་ངམ་རིང་གཉིས་ཀའི་གདན་ས་མཛད། ངམ་རིང་ནི་བྱང་ས་བདག་ཆེན་ཏཱ་ཝེན་ཆེན་པོ་ནམ་མཁའ་བསྟན་པ་དང་རྗེ་འདིས་ངམ་རིང་ནི་བྱང་ཤ་བླ་བྲང་དང་འདུ་ཁང་སོགས་བཏབ། དེ་ནས་བཟུང་སྟེ་ངམ་རིང་གི་གདན་རབས་རྣམས་བྱུང་ངོ། འདི་གཉིས་ལ་ཀུན་མཁྱེན་ཆོས་རྗེ་ཇོ་ནང་ཡབ་སྲས་སུ་གྲགས།(སྨད་ཆ།༧༤༤)དེ་ནས་རིམ་པར་བརྒྱུད་པའི་མཁས་མང་དུ་བྱོན་ཅིང། ཕྱིས་སུ་ངེས་དོན་བསྟན་པའི་བདག་པོ་རྗེ་བཙུན་ཆེན་པོ་ཏྲཱ་ར་ནཱ་ཐ་བྱོན་ཏེ་ཕྱིར་མི་ལྡོག་པའི་འཁོར་ལོ་གཏམ་གྱི་སེང་གེས་སྒྲ་བསྒྲགས་པས་ས་ཆེན་ཁྱབ་པར་མཛད་དེ་ངེས་དོན་བསྟན་པའི་བདག་པོ་ཇོ་ནང་པར་གྲགས་སོ། དེང་སང་ཡང་ཆོས་བརྒྱུད་མ་ནས་པར་བཞུགས་སོ། དཔལ་ཞ་ལུང་པ་ནི། ཐོག་མར་བསྟན་པ་ཕྱི་དར་གྱི་དུས་འགོ་བོ་ཡེ་ཤེས་གཡུང་དྲུང་གི་མཁན་བུ་ལྕེ་བཅུན་ཤེར་འབྱུང་གིས་བཏབ། གཙུག་ལག་ཁང་དུ་པཎྜི་ཏའི་གསོལ་ཞལ་ཡོད་པ་ལ་ཡུལ་སྐད་ཞལ་བུར་བོས་པས་ཕྱིས་ཞ་ལུར་གྲགས། གྱིས་བུ་སྟོན་རིན་པོ་ཆེ་གདན་སར་ཕེབས་པ་ནས་མདོ་སྔགས་ཆོས་ཀྱི་འབྱུང་ཁུངས་ཆེན་པོར་གྱུར་ཏེ། བུ་སྟོན་རྒྱལ་མཚན་དཔལ་བཟང་དང། ཡུམ་བསོད་ནམས་འབུམ་གྱི་སྲས་སུ་ལྕགས་ཕོ་སྟག་ལ་སྐུ་བསྟམས། ཁྲོ་ཕུ་སེམས་དཔའ་ཆེན་པོ་བསོད་ནམས་སེང་གེ་ཞེས་པ་ཁ་རག་སྒོམ་ཆུང་པའི་སྐུའི་སྐྱེ་བར་གྲགས་པ་དང། ཚད་མའི་སྐྱེས་བུ་ལ་སོགས་པ་ཡོངས་འཛིན་མང་པོ་བསྟེན། གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་གྱུར། ཡབ་དང་དངོས་རིན་ཆེན་གྲུབ་ཡིན། དགུང་ལོ་སོ་གཅིག་པ་ལ་སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས། ཞ་ལུང་གསེར་ཁང་དུ་གདན་དྲངས་ནས་ཕྲིན་ལས་རྒྱ་ཆེན་པོ་བསྐྱངས། ཞ་ལུ་རི་ཕུག་བཏབ། རི་ཕྲག་ཏུ་ཚོགས་པ་བརྒྱ་དྲུག་ཅུ་དང། མཐིལ་དུ་སུམ་སྟོང་བརྒྱད་བརྒྱར་འདུས། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་ལ་གདན་ས་གཏད་(སྨད་ཆ།༧༤༥)ནས། རི་ཕུག་ཏུ་ཐུགས་དམ་མཐར་ཕྱིན། སྒྲའི་འགྲེལ་པ་དུར་སིང་ལ་སོགས་གསུང་རབ་ཀྱང་མང་དུ་བསྒྱུར། བཀའ་འབུམ་པུ་ཏི་སུམ་ཅུ་སོ་གསུམ་བཞུགས། དགུང་ལོ་དོན་ལྡ་པ་ཤིང་ཕོ་འབྲུག་གི་ཟླ་བ་དྲུག་པའི་ཉེར་གཅིག་ལ་རི་ཕུག་ཏུ་སྐུ་གཤེགས་སོ། ཕྱིས་སུ་གདན་ས་སད་ཤྲཱོའི་མཁས་པ་སྣ་ཚོགས་ཀྱིས་མཛད་པས་རྐང་འཛིན་ཟུར་པ་མེད་པ་ཆོས་བརྒྱུད་ནི་མ་ནུབ་པར་བཞུགས་སོ། བུ་སྟོན་རིན་པོ་ཆེ་ཆོས་བརྒྱུད་ནི་མ་ནུབ་པར་བཞུགས་སོ། བུ་སྟོན་རིན་པོ་ཆེ་ཆོས་བརྒྱུད་ཁྲོ་ཕུ་བར་གཏོགས་ཀྱང་ཞ་ལུའི་གདན་སར་ཕེབས་ནས་ཕྲིན་ལས་ཆེས་པས་ཞ་ལུ་པ་ཞེས་ལུགས་ཆེན་པོ་ཞིག་ཏུ་ལོགས་སུ་བགྲངས་སོ། སློབ་མའི་གཙོ་བོ་ནི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང། གོང་གསུམ་དྷ་རྨཱསོགས་མང་དུ་བྱོན་ནོ། བོ་དངོ་པ་ནི་ཐོག་མར་བཀའ་གདམད་པའི་དགེ་བའི་བཤེས་གཉེན་མི་ཏྲ་ཆེན་པོས་བཏབ། ས་དབྱིབས་བུ་མོའི་གསང་གནས་འདྲ་བས་བོ་དོང་དང་ཨེར་འབོང། པཎ་ཆེན་འབུམ་ཕྲག་གསུམ་པའང་བཞུགས། ས་སྐྱའོ་དགེ་བཞེས་རིན་ཆེན་རྩེ་བ་དང། དཔང་ལོ། ལོ་ཆེན་བྱང་རྩེ། ལོ་ཆེན་གྲགས་རྒྱལ། དེའི་དབོན་བོ་དོང་འཇིགས་བྲལ་ཏེ། པཎ་ཆེན་བྱང་རྩེ། ལོ་ཆེན་གྲགས་རྒྱལ། དེའི་དབོན་བོ་དོང་འཇིགས་བྲལ་ཏེ། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་དང། ཆོས་ཀྱི་རྒྱལ་མཚན་ཡང་ཟེར། འདི་རྣམས་དཔང་ལོའི་དབོན་བརྒྱུད་ཡིན། པཎ་ཆེན་འདིས་བྱམ་ཐལ་འགྱུར་ལ་སེམས་ཉིད་འོད་གསལ་བར་ཞལ་གྱིས་བཞེས་པ་སོགས་ལྟ་གྲུབ་ཟུར་པར་བྱུང། དེ་ཉིད་འདུས་པ་ཞེས་པའི་བསྟན་བཅོས་མཛད། ཕྱིས་བོ་དོང་གི་གདན་ས་བོར་ནས་དཔལ་མོ་ཆོས་ལྡིངས་སོགས་བཟུང། ཆོས་བརྒྱུད་རྒྱ་ཆེར་(སྨད་ཆ།༧༤༦)འཕེལ་ཏེ། དེང་ཡང་ལོ་རོང་པཎ་ཆེན་ཉིད་ཀྱི་སྐྱེ་སྦྲུལ་སྦྱོ་ར་ཐམས་ཅད་མཁྱེན་པ་སྐུ་ཕྲེང་རིམ་བྱོན་དང། མེ་ལོང་སྦྲུལ་སྐུ་ཡར་འབྲོག་རྡོ་རྗེ་ཕག་མོའི་སྦྲུལ་སྐུ་ཨོ་རྒྱན་མཚོ་མོ་རིམ་བྱོན་སོགས་གྲུབ་མཐའི་རྐང་འཛིན་ཀྱང་མང་ངོ། དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ལུགས་སྲོལ་ནི། ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་དུ་བྱོན་ཏེ་རྡོ་རྗེ་གདན་ས་དང། མེ་ཏྲི་པ་དང། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་ལ་སོགས་པའི་བླ་མ་བརྒྱ་དང་ལྔ་པ་ལྷག་པ་ལས་ཆོས་གསན་ཏེ་ཐུགས་ཉམས་སུ་བཞེས། བོད་དུ་བྱོན་ཏེ་ཤངས་གཞོང་གཞོང་གི་དགོན་པ་བཏབ་པས། འདི་ལ་སློབ་མ་ལ་སྟོད་པ་དཀོན་མཚོག་མཁར། འདི་ལས་གནས་རྙིང་གི་གདན་རབས་རྣམས་བྱུང། རྨོག་ཅོག་པ་ལ་སོགས་ཁྲི་ཕྲག་བརྒྱད་དུ་ལོངས་པ་བྱུང་བར་གྲགས། རྨོག་ཅོག་པའི་སློབ་མ་སྐྱེར་སྒང་པ། དེའི་སློབ་མ་སངས་རྒྱས་གཉན་སྟོན། དེའི་སློབ་མ་སངས་རྒྱས་སྟོན་པ་འདི་ཡན་ལ་བརྒྱུད་པ་རིན་ཆེན་སྣ་བདུན་དུ་གྲགས། དེའི་སློབ་མ་ཤོང་སྟོན་དང་གཞོན་ནུ་གྲུབ་གཉིས་ཏེ། སྔ་མས་འཇགས་པ་དང། ཕྱི་མས་པ་རྣམས་བསམ་ལྡིངས་བཏབ་པས་འཇགས་བསམ་གཉིས་སུ་བྱེར་ལ། ཤངས་པ་བཀའ་བརྒྱུད་ཅེས་སུ་གྲགས་སོ། ཞི་གཅོད་གཉིས་ཀྱི་དམ་པའི་ཆོས་སྡུག་བསྔལ་ཞི་བར་བྱེད་པའི་བཀའ་སྲོལ་ནི། གྲུབ་པའི་དབང་ཕྱུག་ཆེན་པོ་དམ་པ་སངས་ཀྱིས་ཡོངས་སུ་དར་བར་བགྱིས་ཏེ། འདི་ལ་བརྒྱུད་པ་སྔ་ཕྱིར་བར་གསུམ་ཀྱིས་ཡོངས་སུ་དར་བར་བགྱིས་ཏེ། འདི་ལ་བརྒྱུད་པ་སྔ་ཕྱི་བར་བྱེད་པའི་བཀའ་སྲོལ་ནི། གྲུབ་པའི་དབང་ཕྱུག་ཆེན་པོ་དམ་པ་སངས་ཀྱིས་ཡོངས་སུ་དར་བར་བགྱིས་ཏེ། འདི་ལ་བརྒྱུད་པ་སྔ་ཕྱི་བར་གསུམ་གྱི་བརྒྱུད་པ་དང་པོ་ནི། དམ་པ་རྒྱ་གར་གྱི་ཁ་ཆེ་ཛྙ་ན་གུ་ཧུ་ལ་བཤད་པའི་ཞི་བྱེད་སྒྲོན་མ་སྐོར་གསུམ་ལ་སོགས་པ་རྣམས་ཏེ། དེར་རྣམས་དམ་པ་དང་ཁ་ཆེ་བ་(སྨད་ཆ།༧༤༧)གཉིས་ཀས་ཨང་པོ་ལོ་ཙཱ་བ་ལ་བཤད་པ་དང། ཁ་ཆེ་བས་ཕུ་ཧྲེང་ལོ་ཆུང་ལའང་བཤད་དེ། དེ་དམར་སྟོན་ཆོས་ཀྱི་རྒྱལ་པོ་ལ་སོགས་པ་ལ་བཤད་དོ། བརྒྱུད་པ་བར་མ་ནི་དམ་པས་བོད་ལ་ལན་སྔར་བྱོན་པའི་བཞི་པའི་དུས་སུ་རྨ་ཆོས་ཀྱི་ཤེས་རབ་དང། སོ་དགེ་འདུན་འབར་དང། ཀརྨ་ཡེ་ཤེས་རྒྱལ་མཚན་གསུམ་ལ་བཤོད་དོ། བརྒྱུད་པ་ཕྱི་མ་ནི་ལན་ལྔ་པར་དིང་རིར་བྱོན་པའི་དུས་སུ་དམ་པ་ཕྱར་ཆེན་དང་ཕྱར་ཆུང་དང། བཛྲ་ཀྲོ་དྷ་དང་དམ་པ་ཀུན་དགའ་ལ་སོགས་པ་ལ་གསུངས་ནས་རིམ་གྱིས་དར་རོ། དེ་ནས་རིམ་པར་བརྒྱུད་དེ་རྒྱལ་བ་ཏེ་ནེ་དང་རོག་གི་མཁས་པ་ཤོ་འོད། ཞིག་པོ་ཉི་མ་སེང་གེ་སོགསཀྱིས་དར་རྒྱས་སུ་མཛད་ནས་དེང་སང་གི་བར་དུ་ཆོས་བརྒྱུད་ཤིན་ཏུ་དར་རོ། རོང་སྟོན་ཤེས་བྱ་ཀུན་གཟིགས་ཀྱང་ཞི་བྱེད་ཀྱི་བརྒྱུད་འཛིན་ཏུ་དར་རོ། རོང་སྟོན་ཤེས་ཀྱང་ཀུན་གཟིགས་ཀྱང་ཞི་བྱེད་ཀྱི་བརྒྱུད་འཛིན་ཡིན་ནོ། དེ་ནས་བརྒྱུད་པའི་གཙོད་ཀྱི་སྐོར་ནི། དམ་པ་བོད་དུ་ལན་གསུམ་པར་བྱོན་པའི་དུས་ཡར་ལུང་སེར་པོ་དང། སྐྱེ་སྟོན་བསོད་ནམས་བླ་མ་ལ་བཤད་དེ། དེ་ནས་བརྒྱུད་པ་ལ་ཕོ་གཅོད་ཅེས་གྲགས་པ་དང། མ་གཅིག་གིས་དམ་པ་དང་སྐྱོ་སྟོན་གཉིས་ཀ་ལས་གསན་ཏེ། དེ་ནས་བརྒྱུད་པ་ལ་མོ་གཅོད་ཞེས་གྲགས་སོ། མ་གཅིག་ནི། ཡུལ་ཨེའི་ལབས་ཀྱི་གྲོང་མེར་མོ་བྱ་བར། རུས་ཁེའུ་གང་ཡིན་པ་ཞིག་ཏུ་འཁྲུངས། མཚན་ལབས་ཀྱི་སྒྲོན་མར་གྲགས། གཞོན་ནུ་ནས་དགེ་བཤེས་གྲ་པ་མངོན་ཤེས་ལས་རབ་ཏུ་བྱུང། ཀློག་འདོན་བྱས་ནས་ཤེས་བྱིན་བཀླགས་པས་སྟོང་ཉིད་ཤར་མར་གོ། ཅེར་གྲོང་པ་ཐོད་པ་འབའ་རེ་བྱ་བ་དང་འདུས་པས། སྲས་གསུམ་སྲས་མོ་(སྨད་ཆ།༧༤༨)གཉིས་དང་ལྔ་འཁྲུངས། ཕ་དམ་པ་དང་མཇལ་ནས་གདམས་པ་ཐོབ། སྐྱོ་བསོད་ནམས་བླ་མ་ལས་སྒྲུ་འཕྲུལ་གྱི་དབང་གསན་པས་དབང་དོན་གྱི་རྟོགས་པ་འཁྲུངས། གཅོད་ཀྱི་གདམས་པ་གསན། ཕྱིས་ཟངས་རི་མཁར་དམར་གྱི་ཕུག་པར་བཞུགས། གཅོད་ཀྱི་གདམས་པས་བོད་ཡུལ་གང་བར་་མཛད་དོ། བརྒྱུད་ཚུལ་རྣམ་གྲངས་མཐའ་ཡས་ཏེ་སྲས་རྒྱལ་བ་དོན་གྲུབ་ནས་བརྒྱུད་པའི་སྲས་བརྒྱུད་དང། ཁུ་སྒོམ་ཆོས་སེང་ནས་སློབ་བརྒྱུད་རྣམས་བྱུང་ངོ། ཐོང་སྨྱོན་བསམ་འགྲུབ་ནས། ཁམ་བུ་ཡང་ལེ་ཛྙ་ན་ཛཱ་ལ། གནམ་མཚོ་དོ་ནས་རང་བྱུང་ཞབས་ཀྱིས་གསན་རེ་བཀའ་བརྒྱུད་ཕྱོགས་ལ་དར་རྒྱས་ཆེ། ཁུག་སྒོམ་ཆོས་སེང་ནས་རིམ་པར་བརྒྱུད་དེ་སངས་རྒྱས་ཉང་སྟོན། རས་པ་ཆོས་ཉིད་པ། གཡུ་གཞར་སྟོན་པ་ནས་ཀ༔ཐོག་ཤེས་རབ་བླ་མ་ལ་བརྒྱུད་དེ་ཀ༔ཐོག་ཕྱོགས་སུ་དར་བ་བྱུང་སྟེ་བརྒྱུད་པའི་རྣམ་གྲངས་མཐའ་ཡས་པས་བརྗོད་པར་མི་ནིས་སོ། དམ་པ་རིན་པོ་ཆེ་རྒྱ་གར་ནས་བོད་ལ་བྱོན་པའི་དུས་རྗེས་ལ་བྱ་ནག་པོ་བཞི་བྱུང་བ་མཁའ་འགྲོ་བཞི་ཡིན་པར་གྲངས་ཏེ། ཨེའི་ལབས་སྒྲོན་གཉལ་སྟོད་ཀྱི་མ་ཇོ་བྱང་ཆུབ། གཙང་གི་ཞང་མོ་རྒྱལ་མཐིང། ལྷ་སའི་སྨྱོན་མ་དང་བཞི་ཟེར་རོ། གཞན་ཡང་དེ་དག་ཏུ་མ་འཐུས་པ། ཕྱག་རྒྱ་ཆེན་པོ་ལ་བརྒྱུད་པ་སྔ་ཕྱི་བར་གསུམ་བྱུང་བའི། སྔོན་མ་ཀོང་ནེ་བ་ལས་བརྒྱུད་པ་སྟེ་སློབ་དཔོན་འདི་རྒྱ་གར་གྱི་གར་གྱི་གྲུབ་ཆེན་ནི་རུ་ཏ་བས་བལ་པོར་གྲོངས་འཇུག་མཛད་ནས་བོད་དུ་བྱོན་ནས་ཕྱག་ཆེན་སྟོན་པར་གྲགས། བར་པ་འགྲོ་མགོན་ཕྱག་ན་ལས་དར་དང། ཕྱི་མ་བས་པ་ཨ་སུ་ལས་བྱུང་བ་རྣམས་(སྨད་ཆ།༧༤༩)དང། ཡང་ཇོ་བོ་མི་ཏྲ་ཛོ་གི་དང་བྱང་སེམས་ཟླ་རྒྱལ་ལས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དང། པཎ་ཆེན་ཨ་བྷྱ་ཀཱ་ར་གུ་སྟ་ནས་བརྒྱུད་པའི་རྡོ་རྗེ་ཕྲེང་བ་སོགས་རྣམ་གྲངས་མང་དུ་བཞུགས་པ་རྣམས་དེང་སང་གི་བར་དུ་ཆོས་ཀ་མ་ནུབ་པར་བཞུགས་པ་ཤིན་ཏུ་མང་ཞིང་ཐམས་ཅད་བརྗོད་པར་མ་སྦོབས་སོ། དེ་དག་ནི་ཆོས་བརྒྱུད་སྣ་ཚོགས་པའི་སྐབས་སོ། ར་ས་དང་བསམ་ལས་སོགས་གཙུག་ལག་ཁང་ཁྱད་པར་ཅན་རྣམས་ལ་བཀའ་དྲིན་ཆེ་བ་འགའ་ཞིག་བརྗོད་བ། གཞན་ཡང་ར་ས་དང་བལ་ཡས་སོགས་གཙུག་ལག་ཁང་ཁྱད་པར་ཅན་རྣམས་ལ་བཀའ་དྲི་ཆེ་བ་འགའ་ཞིག་བརྗོད་བ། ལྷ་ས་དང་ར་མོ་ཆེ་སོགས་ལ་ཞབས་ཏོག་ཕུལ་བའི་ཐོག་མ་ནི་མདོ་ལ་ཆུང་སྐོར་དཔོན་དང་ཟངས་དཀར་ལོ་(སྨད་ཆ།་བ་གཉིས་ཡིན་ཏེ། ཟངས་དཀར་འཕགས་པ་ཤེས་རབ་ནི་དཀར་ལོ་ཙཱ་བ་གཉིས་ཡིན་ཏེ། ཟངས་དཀར་འཕགས་པ་ཤེས་རབ་ནི་མངའ་རིས་ཟངས་དཀར་དུ་འཁྲུངས། ལྷ་སའི་སྦྲང་ཚང་བཏོན། ལྷ་ས་བསམ་ལས་དང་མཐའ་འདུལ་ཕལ་ཆེད་ཏེ་གཙུག་ལག་ཁང་བཅོ་ལྔ་ཙམ་ལ་ཞིག་གསོ་ཕུལ་ཕྱིན་མཛད། ལོ་ཙཱ་བ་ཆེན་པོ་འདི་དང་མདོལ་ཆུང་སྐོར་དཔོན་གཉིས་ཀྱིས་ལྷ་སའི་ཇོ་ཁང་བདག་མེད་སོང་ནས་སྦྲང་ཚང་བཅས་ཡོད་པ་ལ། སྦྲང་པོ་རྣམས་ལ་ཁང་པ་དང་ནོར་བྱིན་ནས་བསྐྲད། མ་སོང་རྣམས་སྟོན་མོར་བསྡུས་ཤུལ་དམག་གིས་བཟུང་ནས་བཏོན་ཏེ་ལྷ་སའི་གཙུག་ལག་ཁང་ལ་ཞབས་ཏོག་བྱེད་པ་འདི་ལས་སྔ་བ་མ་བྱུང་ཏེ། མདོལ་ཆུང་སྐོར་དཔོན་གྱིས་ལུས་རིམ་པོར་མར་མེར་(སྨད་ཆ།༧༥༠)ཕུལ་སྐད། དེ་ཡང་ཐང་ཡིག་ཆེན་མོ་ལས། སྐབས་འགར་སྦྲང་པོའི་སྦྲང་ཚང་བཅས་ནས་བཟུང། ལྷའི་ཕྱག་ལ་སྦྲང་པོས་ཟོ་བ་འདོགས། ཆོས་ལ་སྦྲང་སྦྲག་ཤོག་འབག་བྱེད་པ་འགྱུར། ཞེས་པའི་སྐབས་དེར་མཆིས། ལོ་(སྨད་ཆ།་བ་འདིས་ཞབས་ཏོག་ཕུལ་བ་ནས་བཟུང། དེ་རྗེས་དཱགས་པོ་སྒོམ་གྱིས་རྦ་འབྲིང་གི་འཁྲུག་པས་ཇོ་བོར་མཆོད་པ་ཆད་པ་གསོས། རྦ་རག་དང་འབྲིང་ཆོའི་ཁྲུག་པ་བསྡུམས་ནས་བར་སྐོར་གྱི་འཁོར་ས་བརྩིགས་ཇོ་བོ་གཙང་ཁང་ལྷོར་བཞུགས་པ་གཙང་ཁང་དུ་དབུས་མར་གདན་དྲངས་པ་ཞལ་བསྒྱུར་བ་ཡིན་ཡང་ཟེར། ཞབས་ཏོག་རྒྱ་ཆེར་མཛད་ནས་ཞང་རིན་པོ་ཆེ་ལ་གཏད། ཞང་རིན་པོ་ཆེ་དང་ཚལ་པ་ཁྲི་དཔོན་རིམ་བྱོན་གྱིས་ཀྱང་ཞབས་ཏོག་ཕུལ་ཞིང། ཕྱིའི་རག་བརྩིགས་པ་ཡང་ཐོག་མར་མངའ་བདག་ཉང་གི་སྲས་འགྲོ་བའི་མགོན་པོའི་རྡོ་རྣམས་རྫུ་འཕྲུལ་གྱིས་ངང་ནས་ཆུ་རགས་མཛད། དེ་ནས་ལྷ་རྗེ་དགེ་བ་འབུམ་དང། དེའི་ལྕམས་ཡེ་ཤེས་མཆོག་དང་ཞིག་པོ་བདུད་རྩི་སོགས་ཀྱི་ཆུ་རགས་ཀྱི་ཞབས་ཏོག་རྒྱ་ཆེར་མཛད། ཡ་རྩེའི་རྒྱལ་པོ་རེའུ་སྨལ་གྱིས་གསེར་ཟངས་ཀྱི་དབུ་གདུགས་དང་ཡ་རྩེ་རྒྱལ་པོ་པུམྱེ་སྨལ་གྱིས་གསེར་ཏོག་ཆེན་མོ་ཕུལ་ཞིང། དེ་ནས་དུང་མཚོ་རས་པ། གྲུབ་ཐོབ་མགོན་ཡེས་དང་ཀརྨ་པ་དེ་བཞིན་གཤེགས་པ་སོགས་བགྲངས་པ་ལས་འདས་ཤིང། ཕྱིས་སུ་རྗེ་རིན་པོ་ཆེ་ཙོང་ཁ་པས་ལོངས་སྐུར་ཞལ་བསྐྱུར་ཞིང་ཞབས་ཏོག་ཕུན་སུམ་ཚོགས་པ་མཛད་དེ། དེ་ཕྱིན་བསྟན་འཛིན་གྱིས་སྐྱེས་ཆེན་དུ་མ་དང། འབྱོར་ལྡན་གྱི་སྦྱིན་བདག་དུ་མས་སྦྱིན་བདག་བགྱིས་ཚུལ་མཐའ་དག་ནི་བརྗོད་པའི་ཡུལ་ལས་འདས་སོ། དེ་བཞིན་དུ་དཔལ་གྱིས་བསམ་ཡས་ཀྱི་(སྨད་ཆ།༧༥༡)གཙུག་ལག་ཁང་ལའང་ཐོག་མར་མངའ་བདག་རྩད་པོའི་ཚན་ཡུམ་བརྟན་བརྒྱུད་ཡེ་ཤེས་རྒྱལ་མཚན་ཡབ་སྲས་ཀྱིས་བདག་རྐྱེན་ཅུང་ཟད་མཛད་ཅིང། དེ་རྗེས་དགེ་བའི་བཤེས་གཉེན་ཀླུ་མེས་ཀྱིས་དབུ་བཙེ་ཆེན་མོ་ཞིག་གསོས་མཛད། དེ་རྗེས་མཐུ་སྟོབས་ཀྱི་དབང་ཕྱུག་ར་རྡོ་རྗེ་གྲགས་ཀྱིས་ཞིག་གསོས་དང་ཞབས་ཏོག་ལེགས་པར་བསྒྲུབས་ཤིང། ཁྱད་པར་དུ་ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ཞིག་གསོས་དང། མཆོད་པའི་ཞབས་ཏོག་རྒྱ་ཆེར་བསྒྲུབས་ཤིང། དཀོར་སྦྲུང་རྒྱལ་པོའང་ཏིང་ངེ་འཛིན་གྱིས་དབང་དུ་བསྡུས་པས། ཆོས་རྒྱལ་ཆེན་པོས་ཀྱང་གཙུག་ལག་ཁང་གི་གཉེར་བླ་མ་ས་སྐྱ་པ་ལ་གཏོད་པར་མཛད་པས་དེང་སང་བར་དུ་ས་སྐྱ་ནས་བདག་རྐྱེན་མཛད་པ་འདི་བྱུང་བ་ཡིན་ལ། གཞན་ཡོད་ཞིག་གསོས་ཞབས་ཏོག་བྱེད་པ་མང་དུ་བྱུང་ཤིག་ཕྱེས་སུ་སྟག་རྩེ་སྡེ་པས་ཞིག་གསོས་དང་ཞབས་ཏོག་ཕུན་སུམ་ཚོགས་པ་མཛད་ཅིང། དུས་ཕྱིས་རྒྱལ་ཚབ་དེ་མོ་རིན་པོ་ཆེས་ཞིག་གསོས་གསར་བཞེངས་པ་ལས་ལྷག་པ་གཞན་འགྲན་མེད་པར་མཛད་པ་ནི་ཀུན་གྱི་དབང་པོའི་ཡུལ་དུ་གྱུར་པ་འདིའོ། གཙུག་ལག་ཁང་འདི་དག་ནི་གངས་ཅན་གྱི་འགྲོ་བ་མ་ལུས་པའི་ཕན་པ་དང་བདེ་བ་ཐམས་ཅད་ཀྱི་འབྱུང་གནས་གཅིག་པུར་གྱུར་པ་འདིའོ། དང་བདེ་བ་ཐམས་ཅད་ཀྱི་འབྱུང་གནས་གཅིག་པར་གྱུར་པ་ཡིན་པས་འདི་དག་ལ་ཞབས་ཏོག་ཕུལ་བས་བོད་སྦྱིའི་བསྟན་འགྲོའི་གསོས་སྨན་དུ་གྱུར་པས་ལོ་རྒྱུས་ཟུར་ཙམ་སྨོས་པ་ཡིན་ནོ། དེ་ལྟར་སྔགས་གསར་མ་པའམ་བསྟན་པ་ཕྱི་དར་གྱི་རྣམ་གཞག་ཅུང་ཟད་སྨོས་པ་འདི་ནི། རང་ཉིད་གྲུབ་མཐའ་རིས་སུ་མ་ཆད་པ་ཀུན་ལ་དད་པ་ཐོབ་པའི་མོས་པ་གསལ་བའི་ཕྱིར་དང་བློ་དམན་རང་དང་སྐལ་མཉམ་འགའ་ལའང་གྲུབ་མཐའ་སྦྱིའི་(སྨད་ཆ།༧༥༢)བྱུང་ཚུལ་ཕྱོགས་མཚོན་ཤེས་སླ་བའི་ཆེད་དུ་ཚེས་བརྒྱུད་ཐ་དད་པའི་ཆོས་འབྱུང་སོ་སོ་ནས་བཏུས་ཏེ་ཞར་བྱུང་དུ་བརྗོད་པའོ། གསུམ་པ་འཕྲོད་དོན་ཅུང་ཟད་བརྗོད་ན། སྦྱིར་གསང་སྔགས་གསར་མར་གྲགས་མར་གྲགས་པའི་བརྒྱུད་ཚུལ་ཐ་དད་པ་དེ་དག་ཐམས་ཅད་ཀྱང་གསང་སྔགས་རྙིང་མའི་དང་འབྲེལ་བ་མེད་དེ། དེ་དག་གི་གདུང་རིགས་ཀྱང་ཨོ་རྒྱན་ཆེན་པོའི་ཞལ་སློབ་བརྒྱུད་བྱིན་གྱིས་བརླབས་ནུས་པའི་སྔགས་འཆང་ནུས་ལྡན། གནུབ་དང། རོག་དང། རྒྱུས་དང། སྦད་དང། ཉང་དང། སོ་དང། མཁོན་དང། རླངས་དང། འགོས་དང། རྔོག་ལ་སོགས་པ་ལས་འཆད་པ་མང་སྟེ། གྲུབ་རིགས་ནུས་ལྡན་དེ་དག་གིས་བྱིན་གྱིས་བརླབས་པ་ལས་གསར་མའི་སྐྱེས་ཆེན་རྣམས་བྱོན་པ་ཡིན་ལ། ཁྱད་པར་དུ་བསྟན་པའི་བདག་པོ་དཔལ་ལྡན་ས་སྐྱ་པ་རྣམས་ནི་མཁོན་ཀླུ་དབང་སྲུང་དང། མཁོན་རྡོ་རྗེ་རིན་ཆེན་ནས་མཁོན་རོག་ཤེས་རབ་ཚུལ་ཁྲིམས་ཡན་ཆད་སྔགས་རྙིང་མའི་གྲུབ་ཐོབ་འབའ་ིཞིག་ཡིན་ཏེ། ཡབ་ཆོས་ཡང་ཕུར་སོགས་དེང་སེང་གི་བར་དུ་དར་རྒྱས་སུ་བཞུགས། བརྩེ་ཆེན་ཀུན་དགའ་སྙིང་པོ་དང་དེ་སྲས་བསོད་ནམས་རྩེ་མོ་དང་རྗེ་བཙུན་གྲགས་པ་རྒྱལ་མཚན་རྣམས་ཀྱིས་ཡང་ཕུར་སོགས་པ་ལ་ཡིག་ཆ་ཡང་མང་དུ་མཛད། རྗེ་བཙུན་ས་སྐྱ་པ་ཎྜི་ཏས་ཕུར་པ་རྩ་དུམ་གྱི་རྒྱ་དཔེ་ཕྱག་ཏུ་སོན་ཚེ་ཐུགས་དགྱེས་ནས་སློབ་དཔོན་པདྨའི་ཕྱག་དཔེ་ངོ་མ་འདི་བཞིན་རྙེད་པ་སྐལ་བ་བཟང་གསུངས་ནས་རྗེ་ཉིད་(སྨད་ཆ།༧༥༣)ཀྱིས་སྣམ་སྦྱར་མནབས་ནས་རྒྱ་དཔེ་ཕྱག་ཏུ་བཟང་བ་ལ་རོལ་མོ་དང་སེར་སྦྲེང་གིས་བསུར་བཅུག་ནས་ཤངས་སྲེག་ཤི་གི་ཁྲི་ཁར་བོད་སྐད་དུ་བསྒྱུར་བ་མཛད་ཅེས་མང་ཐོས་ཀླུ་སྒྲུབ་པའི་གསུང་ལས་བྱུང་ཞིང། སྡོམ་གསུམ་རབ་དབྱེར་ཡང། ཞི་བྱེད་རྫོགས་ཆེན་གཅོད་ལ་སོགས་བོད་ལ་གྲགས་པ་ཕལ་མོ་ཆེ། བདག་གིས་འབད་དེ་ལེགས་པར་ཉན། ཞེས་གསུངས་པ་དང། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་ཕུར་པའི་སྒྲོལ་དབང་གི་རྒྱུན་ཆད་པ་སྦྲང་པོ་ལ་འདུག་ཀྱང་ཞུ་དགོས་གསུངས་ཤིང། ཕྱིས་གློ་བོ་ལོ་ཙཱ་ལ་གསེར་མང་པོ་བསྐུར་ནས་བལ་པོར་པཎྜི་ཏ་རརྣ་ཤྲི་ལ་ཞུས་པ་ལས་གསན་ཚུལ་དང། ཀ༔ཐོག་བྱམས་པ་འབུམ་ལས་མདོ་དབང་དང་སྒྱུ་འཕྲུལ་སེམས་ཕྱོགས་སོགས་ལྔ་འགྱུར་སྐོར་རྣམས་གསན་ཚུལ་རྣམ་ཐར་དུ་གསལ་བ་ལྟར་དང། ཁྱད་པར་དུ་མི་འཕྲོག་པའི་ཐུགས་རྗེ་དང་མཁྱེན་རབ་ཅན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ཡབ་ཆོས་རྣམས་ནུབ་ཀྱི་དོགས་ནས། མཁས་པ་དཔལ་ལྡན་སེང་གེ་དང། གདས་པ་རིན་ཆེན་རྒྱལ་མཛད་། བརྒྱུད་ཀྱི་བསྡུས་དོན། སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ། དཀྱིལ་ཚོག་སོགས་ཡིག་སྣ་མང་དུ་མཛད་ཅིང། དབུས་གཙང་གི་གདན་ས་རྣམས་དང། ཆོས་རྫོང་། ལྷ་ས། བསམ་ཡས་རྣམས་སུ་ཕུར་པའི་སྒྲུབ་མཆོད་ཀྱི་སྲོལ་འཛུགས་པར་མཛད། གཞན་ཡང་གདུང་བརྒྱུད་རིན་པོ་ཆེ་ཐམས་ཅད་ཀྱང་ཨོ་རྒྱན་གྱི་རྣམ་འཕྲུལ་ཁོ་ན་ཡིན་ཏེ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན་གྱིས་ཨོ་རྒྱན་གྱི་རྣམ་འཕྲུལ་དུ་ཞལ་གྱིས་བཞེས་པ་དང། ས་ལོ་འཇམ་པའི་རྡོ་རྗེ་ཡང། དབེན་(སྨད་ཆ།༧༥༤)གནས་བྱས་འགྱུར་དཔལ་རི་པདྨ་འོད། ས་ལོ་འཇམ་པའི་རྡོ་རྗེ་པད་འབྱུང་དངོས། ཞེས་ཡོངས་སུ་གྲགས་ཤིང། སྔགས་འཆང་ཆེན་པོ་འཇམ་དབྱངས་ཀུན་དགའ་རིན་ཆེན་གྱིས་བྱང་གཏེར་སྟོན་ཞིག་པོ་གླིང་པ་དང། འཕྲེལ་པོ་ཤེས་རབ་འོད་ཟེར་གཉིས་ལ་སོ་སོལ་གཏེར་ཆོས་རྣམས་གསན་ཅིང་ཐུགས་དམ་ཉམས་བཞེས་གནང་ཞིང་འཇམ་དབྱངས་བསོད་ནམས་དབང་པོས་སློབ་དཔོན་རིན་པོ་ཆེའི་རྣམ་ཐར་པུ་ཏི་ཁོ་ན་ལས་ཉམས་ལེན་གཞན་མེད་ཅེས་གསུངས་ཏེ་བརྒྱུད་པ་རིན་པོ་ཆེ་ཐམས་ཅད་རྙིང་མ་བཀའ་གཏེར་ཐུགས་ཉམས་སུ་བཞེས་པ་ཤ་སྟག་ཡིན་ལ། ཁྱད་པར་དུ་བདག་ཆེན་གཏེར་ཐུགས་ཉམས་སུ་བཞེས་པ་ཤ་སྟག་ཡིན་ལ། ཁྱད་པར་དུ་བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱིས་སྨིན་གླིང་མཁན་ཆེན་ལོ་རྩ་བ་ངག་དབང་ཆོས་དཔལ་རྒྱལ་མཚོ་གདན་ས་ཆེན་པོར་གདན་དྲངས་ནས་སྨིན་གྲོལ་གླིང་པའི་གཏེར་ཆོས་སོགས་སྙིང་ལུགས་སྐོར་གསན་ཅིང་བདག་ཆེན་ངག་དབང་ཀུན་དགའ་བློ་གྲོས་ཀྱང་གཏེར་སྟོན་ཐེག་ཆེན་གླིང་པ་དང། འབྲུག་ཐང་གཏེར་སྟོན་གཉིས་བཀའ་དྲིན་ཆེ་ཚུལ་དང། རྗེ་དྲུང་དང་བཞེད་པའི་རྡོ་རྗེའི་དག་སྣང་ཉིད་གཞོན་གྱི་སྔགས་ལྗགས་བཟླས་གནང་ཞིང་ཡོད་ཅེས་ཞེ་དྲུང་ལ་གནང་བའི་ཡི་དགེ་ངོ་མ་འདུག་ཅིང། འཇམ་དབྱངས་དབང་སྡུད་སྙིང་པོ་མཆེད་ཀྱིས་རྫོགས་ཆེན་པ་མཁྱེན་བརྩེའི་འོད་ཟེར་ས་སྐྱར་གདན་དྲངས་ནས་ཕུར་པ་རྒྱུད་ལུགས་དང་རྫོགས་ཆེན་གྱི་ཉམས་ཁྲིད་གསན་ཅིང། སླར་ཡར་བདག་ཆེན་ཉིད་ཡར་ལུང་བཀྲ་ཤིས་ཆོས་སྡེར་ཕེབས་སྐབས་དཱགས་པོ་གཏེར་ཆེན་ལས་ཁོ་རང་གི་གཏེར་ཆོས་སྐོར་དང། གཞན་ཡང་ཆོས་རྗེ་བྲག་ཕུག་པ་དང། སྣང་མཛད་རྡོ་(སྨད་ཆ།༧༥༥)རྗེ་སོགས་ལས་རྙིང་ལུགས་མང་དུ་གསན་ཅིང། སློབ་དཔོན་རིན་པོ་ཅེའི་རྣམ་འཕྲུལ་དུ་ཞལ་གྱིས་བཞེས་ཤིང། ཨོ་རྒྱན་ཆེན་པོ་ཞལ་གཟིགས་ལུང་བསྟན་བྱུང་ཚུལ་སོགས་མང་དུ་ཡོད་པ་དང། ངོར་བའི་མཁན་རབས་རྣམས་ཀྱང་རེ་ཟུང་མ་གཏོགས་ཕལ་ཆེ་བས་མཁོན་ལུགས་ཡང་ཕུར་དང། ཉང་གི་གུར་དྲག། བྱང་གཏེར་ཚེ་སྒྲུབ། སྐྱེ་སྒང་པའི་རྟ་མགྲིན། གྲ་བའི་ཛམ་དམར་སོགས་དང་གནུབ་ལུགས་སྟག་ཞོན་སོགས་ཆོས་སྐྱོང་སྐོར་རྙིང་ལུགས་མང་པོ་ཉམས་བཞེས་པ་དང་འཆད་སྦེལ་མཛད་ཚུལ་སོ་སོའི་རྣམ་ཐར་དུ་གསལ་ལྟར་ལས་རེ་རེ་ནས་འབྲིར་མ་ལོངས་ལ། ཁྱད་པར་དུ་ཀླུ་སྡིངས་པ་མཁན་ཆེན་མི་འགྱུར་རྒྱལ་གཚན་གྱིས་ངོར་ཨེ་ཝཾ་ཆོས་ལྡན་ནས་ཀརྨ་གླིང་པ་ཞལ་མཇལ་བའི་ཉམས་ལ་ངོ་མཚར་ཞིང་བྱིན་རླབས་ཀྱི་ཉམས་འབར་བས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོས་སྐོར་ཐམས་ཅད་ཉམས་བཞེས་མཛད། ཅེས་རྣམ་ཐར་དུ་ཡོད་པ་སོགས་ཀྱིས་ཀྱང་ཤེས་རབ་འཆང་གིས་རྟ་མགྲིན་ཡང་གསང་སོགས་རྙིང་ལུགས་མང་གསན་ཅིང། ལྡོང་གི་སྔགས་འཆང་བསོད་ནམས་བཀྲ་ཤིས་པར་གཏེར་ཁ་མི་འདྲ་བ་ཉི་ཤུ་ཙམ་གྱི་དབང་ལུང་གསན་ཚུལ་དང། མཁྱེན་བརྩེའི་དབང་ཕྱུག། དབང་ཕྱུག་རབ་བསྟན། མགོན་པོ་བསོད་ནམས་མཆོག་ལྡན་ནམ་མཁའ་བསོད་ནམས་དབང་གི་རྒྱལ་མགོན་པོ་བསོད་ནམས་མཆོག་ལྡན་ནམ་མཁའ་བསོད་ནམས་འབྱུང་གནས་ཡན་ཆད་ཐམས་ཅད་གསང་ཆེན་རྙིང་མ་ཁོ་ན་ཐུགས་ཉམས་སུ་བཞེས་ཤིང་འཆད་སྦེལ་གནང་བ་ཤ་སྟག་ཡིན་ཅིང། དེར་མ་ཟད་ཟབ་གཏེར་གྱི་ཁ་བྱང་འཛིན་(སྨད་ཆ།༧༥༦)པར་ལུང་གིས་བསྟན་ཚུལ་སོ་སོའི་རྣམ་ཐར་དུ་གསལ་བ་ལས་འདིར་ཡི་གེར་འཇིགས་ནས་འབྲིར་མ་ནུས་ལ། དེ་བཞིན་དུ་གོང་དཀར་རྡོ་རྗེ་གདན་པ་སོགས་ས་སྐྱའི་བསྟན་འཛིན་ཆེན་པོ་འགྲན་ཟླ་དང་བྲལ་བ་ཐམས་ཅད་ཀྱིས་རྙིང་ལུགས་ཉམས་བཞེས་མཛད་པ་ཁོ་ན་ཡིན་ལ། དཔལ་རི་བོ་དགའ་ལྡན་པར་གྲགས་པའི་བསྟན་འཛིན་ཆེན་པོས། བླ་མ་དར་ལུང་པ་ལས་རྙིང་ལུས་འགའ་ཞིག་གསན་ཚུལ་གསན་ཡིག་གངྒའི་ཆུ་རྒྱུད་དུ་གསལ་ལ། ཁྱད་པར་དུ་ལྷོ་བྲག་ཆེན་ལས་ཀྱི་རྡོ་རྗེ་དེ་ཉིད་དྲུང་དུ་རྗེ་རིན་པོ་ཆེས་མཇལ་བར་ཕེབས་ཚུལ་གྲུབ་ཆེན་གྱིས་གསུངས་ལས། དེ་ནས་རེ་ཞིག་ནས་བཀའ་བཞི་པའི་གསུང་ནས་བདག་ལ་ལྟ་འབི་སྐོར་གྱིས་ཐེ་ཚོམ་འགའ་ཞིག་ཡོད་པས། འདི་སེལ་བ་ལ་རྒྱ་གར་ཤིང་གི་རི་ན། རྗེ་མི་ཏྲེི་པ་བཞུགས་པའི་དྲུང་དུ་འགྲོ་འདོད་པས་དེ་ལ་བར་ཆད་མི་འགྱུར་ལགས་ལམ་གསུང་གིན་འདུག་པ་ལ། ལྟ་བའི་གནང་རྣམས་བདག་གིས་ཡི་དམ་ལ་ཞུ་ཡིས། རྒྱ་གར་ལ་བྱོན་ན་ཁྱོད་རང་མེ་ཧྲི་དང་མཇལ་བ་སོགས་ངོ་མཚར་བ་ནའང། ཁྱེད་ཀྱི་འཁོར་རང་མེ་ཧྲི་དང་མཇལ་བ་སོགས་ངོ་མཚར་བ་འོང་ནའང། ཁྱེད་ཀྱི་འཁོར་འདི་རྣམས་ཚོགས་ལམ་དང་སྦྱོར་ལམ་ཆེན་པོ་ལ་གནས་པ་ཤ་སྟག་འདུག་པས་འདི་རྣམས་ཚོགས་ལམ་དང་སྦྱོར་ལམ་ཆེན་པོ་ལ་གནས་པ་ཤ་སྟག་འདུག་པས་འདི་རྣམས་ཀྱི་ཚེའི་བར་ཆད་དུ་འགྱུར་བ་འདུག་ཅིང། ཁྱེད་ཀྱང་རྒྱ་གར་དུ་བཞུགས་ནས་ཚུར་མི་ཕེབས། དེ་བས་བོད་ཕྱོགས་འདིར་བསྟན་པ་ལ་ཕན་པའི་ཐབས་ལ་འབད་ན་འགྲུབ་པས་དེ་བཞིན་མཛད་འཚལ་ཞེས་ཞུས་ཤིང། བདག་གིས་གཤོལ་བཏབ་བོ། དེ་ནས་ལྟ་བའི་གནད་རྣམས་ཡི་དམ་གྱི་བདུད་(སྨད་ཆ།༧༥༧)རྩི་སྨན་མཆོག་ཅེས་པའི་གདམས་པ་གནང་ནས་འདིས་མ་ཏི་བྷ་ཏྲི་ཤྲཱིའི་ཐེ་ཚོམ་སེལ་ལོ་གསུངས། མ་ཏི་བྷ་ཏྲ་ཤྲཱི་དེ་གང་ལགས་ཞུས་པས། བློ་བཟང་གྲགས་པ་སྐྱེ་བ་འདིའི་གོང་པཎྜི་ཏའི་སྐྱེ་བ་འདུན་དུ་སེམས་ཅན་གྱིས་དོན་བྱས། འདི་ཀའི་གོང་དུ་ཁ་ཆེ་མགྲིན་སྟན་དུ་པཎྜི་ཏ་མ་བྷ་ཏྲ་ཤྲཱི་བྱ་བར་སྐྱེས་གསུངས། དེ་ནས་བདུད་རྩི་སྨན་མཆོག་ནི་རྫོགས་ཆེན་དངོས་དང་ཚིག་དོན་ཁྱད་མེད་ཚུལ་ཕྱག་རྡོར་སྙན་བརྒྱུད་པར་སྨོས་པ་བཞིན་ཏེ། རྗེ་ཙོང་ཁ་པའང་དབུ་ཚད་ཀྱི་གྲུབ་མཐའ་འཇོག་སྐབས་མ་གཏོགས་ཉམས་བཞེས་ཕྱག་རྫོགས་དང་མཐུན་ཚུལ་རྗེ་གུང་རུ་དང། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་ཀྱིས་བཤད་ཅིང་དོན་དུ་འང་གྲུབ་ཆེན་ལ་ལྟ་བའི་སྒྲོ་འདོགས་བཅད་པའི་ཞུས་ལམ་བདུད་རྩིང་དོན་དུའང་གྲུབ་ཆེན་ལ་ལྟ་བའི་སྒྲོ་འདོགས་བཅད་པའི་ཞུས་ལམ་བདུད་རྩིང་དོན་དུ་འང་གྲུབ་ཆེན་ལ་ལྟ་བའི་སྒྲོ་འདོགས་བཅད་པའི་ཞུས་ལམ་བདུད་རྩི་སྨན་མཆོག་ཏུ་བལྟས་པ་ཤེས་པར་ནུས་སོ། དེང་སེང་དགེ་ལུགས་པའི་ལྟ་བ་ཐལ་འགྱུར་མཛད་པ་ནི་རྗེ་རིན་པོ་ཆེའི་མདོ་ཕྱོགས་ཀྱི་འཆད་སྙན་སྨར་གྲགས་པའི་རྒྱུན་འཇགས་པ་ཡིན་འདུག་གོ། གཞན་ཡང་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་པའི་དགེ་བའི་བཤེས་གཉེན་ཆེན་པོ་འགྲན་ཟླ་དང་བྲལ་བ་ཐམས་ཅད་མཁྱེན་པ་རིམ་བྱོན་ཐམས་ཅད་ཀྱང་གསང་ཆེན་རྙིང་མ་ཐུགས་ཉམས་སུ་བཞེས་པ་ཤ་སྟག་ཡིན་ཏེ། དེ་ཡང་པཎ་ཆེན་དགེ་འདུན་གྲུབ་པས་རྟ་མགྲིན་ཡང་གསང་སོགས་ཐགུས་ཉམས་སུ་བཞེས་ཤིང། དེའི་བཀའ་སྲུང་སང་གི་བར་དུ་དགེ་ལུགས་པ་ཐམས་ཅད་ཀྱིས་སྲུང་མར་བརྟེན་པ་འདི་བྱུང་ཞིང། པཎ་ཆེན་དགེ་འདུན་རྒྱ་མཚོ་ཡང་ཡབ་ཆོས་ཕལ་ཆེར་དང་ལྦ་སྒྲུབ་རྟ་མགྲིན་གསང་སྒྲུབ་དང་ཡང་གསང། ཆོས་དབང་གི་གུ་རུ་ཞི་(སྨད་ཆ།༧༥༨)དྲག་སོགས་རྙིང་མ་མང་པོར་ཉམས་བཞེས་གནང་ཞིང། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་སྔོན་མ་དེ་དག་གི་ཁར་ཚེ་བདག་ཁྲོ་ཆུ་འཆར་ཀ་སོགས་ཕྱག་ལེན་དུ་བཏབ་ཅིང། རྒྱལ་བ་ཡོན་ཏན་རྒྱལ་མཚོས་ཀྱང་གོང་མའི་སྲོལ་རྒྱུན་བཞིན་བསྐྱངས་ཤིང། ཨོ་རྒྱན་པདྨ་ཡིན་བྱས་ན་ཁ་ཆེས། པད་འདྲ་ཙམ་ཡིན་བྱས་ན་ཆོག་པ་ཡོད་གསུངས་སོ། ཀུན་མཁྱེན་ལྔ་པ་རིན་པོ་ཆེ་ནི། རྙིང་བསྟན་གྱི་བདག་པོར་གྱུར་པའི་ཕྱིར་སྨོས་མ་དགོས་ལ། རྒྱལ་བ་དྲུག་པ་རིན་པོ་ཆེ་ཚངས་དབྱངས་རྒྱལ་མཚོས་ཀྱང་རྙིང་ལུགས་གཙོ་བོ་མཛད་པ་དང། ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱལ་མཚོས་ཀྱང་རྟ་མགྲིན་སོགས་སྔ་སྲོལ་ལྟར་དང་གཏེར་ཆོས་གསང་མ་འགའ་ཡང་གསང་བའི་ཚུལ་གྱིས་ཐུགས་ཉམས་སུ་བཞེས་པའི་ངག་སྒྲོལ་ཡོད་པ་དང་བཅས་ཐམས་ཅད་མཁྱེན་པ་སྐུ་ཕྲེང་ཐམས་ཅད་ཀྱིས་རྙིང་མར་ཉམས་བཞེས་གནང་ཚུལ་དེ་ལྟ་ལགས་ཤིང། དེ་བཞིན་དུ་དཔལ་རོ་བོ་དགའ་ལྡན་པའི་བསྟན་པའི་མངའ་བདག་པཎ་ཆེན་རིན་པོ་ཆེ་རིམ་བྱོན་གྱིས་ཀྱང་ཐུགས་གཙིགས་དང་ཉམས་བཞེས་གནང་ཚུལ་ཡང། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་རྙིང་མར་ཉམས་བཞེས་མ་གནང་ཡང་རྙིང་མར་ཉམས་བཞེས་གནང་ཚུལ་དེ་ལྟ་ལགས་ཤིང། ཨོ་རྒྱན་པདྨ་ཡིན་བྱས་ན་ཁ་ཆེས། རྒྱལ་བ་དྲུག་པ་རིན་པོ་ཆེ་ཚངས་དབྱངས་རྒྱལ་མཚོས་ཀྱང་རྙིང་ལུགས་གཙོ་བོ་མཛད་པ་དང། ཐམས་ཅད་མཁྱེན་པ་སྐལ་བཟང་རྒྱ་མཚོས་ཀྱང་རྟག་མགྲིན་སོགས་སྔ་སྲོལ་ལྟར་དང་གཏེར་ཆོས་གསར་མ་འགའ་ཡང་གསང་བའི་ཚུལ་གྱིས་ཐུགས་ཉམས་སུ་བཞེས་པའི་ངག་སྒྲོས་ཡོད་པ་དང་བཅས་ཐམས་ཅད་མཁྱེན་པ་སྐུ་ཕྲེང་ཐམས་ཅད་ཀྱིས་རྙིང་མར་ཉམས་བཞེས་གནང་ཚུལ་དེ་ལྟར་ལགས་ཤིང། དེ་བཞིན་དུ་དཔལ་རི་བོ་དགའ་ལྡན་པའི་བསྟན་པའི་མངའ་དག་པཎ་ཆེན་པོ་ཆེ་རིམ་བྱོན་གྱིས་ཀྱང་ཐུགས་ཉམས་སུ་ཀྱིས་རྙིང་མར་ཉམས་བཞེས་གནང་ཚུལ་གྱིས་ཐུགས་ཉམས་སུ་བཞེས་པའི་ངག་སྒྲོས་ཡོད་པ་དང། བཅས་ཐམས་ཅད་མཁྱེན་པ་སྐུ་ཕྲེང་ཐམས་ཅད་ཀྱིས་རྙིང་མར་ཉམས་བཞེས་གནང་ཚུལ་དེ་ལྟར་ལགས་ཤིང། དེ་བཞིན་དུ་དཔལ་རི་བོ་དགའ་ལྡན་པའི་བསྟན་པའི་མངའ་བདག་པཎ་ཆེན་རིན་པོ་ཆེ་རིམ་བྱོན་གྱིས་ཀྱང་ཐུགས་གཙིགས་དང་ཉམས་བཞེས་གནང་ཚུལ་ཡང། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་རྙིང་མར་ཉམས་བཞེས་མ་གནང་ཡང་རྙིང་མ་རྣམ་དག་ཏུ་བསྒྱུབས་པའི་ལེགས་བཤད་ནོར་བུའི་ཕྲེང་བ་ཞེས་བྱ་བ་མཛད་ནས་ལོག་རྟོག་ཟློག་པར་མཛད་ཅིང། པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། སྒོམ་སྡེ་བའི་སློབ་དཔོན་ཞིག་ལས་རྙིང་ལུགས་གཤེད་དམར། ཚེ་བདག། བཀའ་བརགཡུད་གསང་བ་ཡོངས་རྫོགས་དང། བདེ་འདུས་ཀྱི་དབང་ལུང་སོགས་རྙིང་མའི་ཆོས་སྐོར་མའི་ཆོས་སྐོར་མང་པོ་ཞུས་ཞེས་རྣམ་ཐར་ཤོག་(སྨད་ཆ།༧༥༩)གྲངས་ཞེ་ལྔ་པའི་རྒྱབ་སོགས་ཀྱི་ཡིག་ཕྲེང་གཉིས་འོག་ན་བྲིས་འདུག་པ་དང། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་ཀྱང་དགེ་རྙིང་གི་ལྟ་གྲུབ་ལ་ཁྱད་མེད་ཚུལ་གསུངས་ཤིང། པཎ་ཆེན་རིན་པོ་ཆེ་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོས་ཀྱང། བདག་གི་བླ་མ་ཚཻ་དབང་ཀུན་ཁྱབ་དང། གསུང་གླེང་གནང་བའི་འཕྲོས་ལས། བདག་གི་རུས་པ་ཡང་རྒྱ་གར་པ་ཡིན། ངེད་ཀྱི་གདུང་རབས་ཆོས་རྒྱལ་རྣམས་ཀྱི་དབུ་བླ་གཅིག་ཕུ་ཡིན་པས་སློབ་དཔོན་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་ཡང་ཡོད། རྫོགས་ཆེན་གྱི་ཁྲིད་རིམ་རྣམས་ཀྱང་ཤེས། ཞེས་ཉམས་བཞེས་པ་གནང་ཚུལ་བཀའ་སྩལ་འདུག་ཅིང། ཀུན་མཁྱེན་ཤེས་རབ་སེང་གེས་མཁས་མང་འདུས་པ་སེར་བྱེས་གྲ་ཚང་དུ་རྟ་མགྲིན་ཡང་གསང་གི་སྒྲུབ་མཆོད་བཙུགས་པ་དེང་སང་ཡང་དར་རྒྱས་སུ་བཞུགས་པ་དང། སེ་རའི་ཕུར་མཇལ་དུ་གྲགས་པའི་ཕུར་བུའང་གྲུབ་ཆེན་འདར་ཕྱར་གྱི་གཏེར་མ་ཡིན་ལ། གཞན་ཡང་དགེ་ལུགས་པའི་བསྟན་འཛིན་ཆེན་པོ་རྒྱལ་བ་འཕགས་པ་ལྷ་སྐུ་ཕྲེང་གླིང་འོག་ལུགས་པའི་བསྟན་འཛིན་ཆེན་པོ་རྒྱལ་བ་འཕགས་པ་ལྷ་སྐུ་ཕྲེང་གོང་འོག་ཐམས་ཅད་ཀྱིས་རྙིང་མ་མཛད་ཅིང། རྒྱལ་བ་རྒྱལ་མཚོའི་སྨིན་གླིང་མཁན་ཆེན་ལས་རྙིང་མ་མཛད་ཅིང། རྒྱལ་བ་རྒྱ་མཚོའི་སྨིན་གླིང་མཁན་ཆེན་ལས་རྙིང་ལུགས་ཕལ་ཉེར་གསན་ཚུལ་དང། དེའི་སྐྱེ་བས་སྦས་ཡུལ་པདྨ་བཀོད་ཀྱི་གནས་སྒོ་འབྱེད་པར་མཛད་པ་དང། གཞན་ཡང་ལྕགས་ར་ངག་དབང་སྦྲུལ་སྐུ་རིམ་བྱོན་དང། དཔོན་ཞི་བ་བཟང་པོ་སོགས་དང། རྒྱལ་ཚབ་དེ་མོ་རིན་པོ་ཆེ་ཡིས་ཀྱང་རྡོ་རྗེ་བྲག་མཆོག་སྦྲུལ་དང་འབྲུག་ཐང་གཏེར་སྟོན་སོགས་ཏི་ཤྲིར་བཀུར་ནས་དབང་ཆོས་གསན་པ་དང། གཞན་ཡང་སྔོན་ལྔ་པ་རིན་པོ་ཆེའི་དུས། ལྔ་པ་རིན་པོ་ཅེ་དང་རིག་(སྨད་ཆ།༧༦༠)འཛིན་གཏེར་བདག་གླིང་པ་སོགས་ལ་དགེ་ལུགས་པའི་བླ་ཆེན་ཕལ་ཆེར་གྱི་རྙིང་ལུགས་ཀྱི་བཀའ་ཆོས་མ་ཞུས་པ་མེད་ཅིང། ལྷ་བཙུན་ཀུན་སྦངས་ཆེན་པོ་དང་བྱ་བཏང་དྲུག་རྒྱབ་སོགས་ཕྱི་དགེ་ལུགས་ལ་རྙིང་མའི་ཆོས་ཀྱི་གྲུབ་པ་ཐོབ་པའང་མང་པོ་བྱུང་བ་དང། དུས་ཕྱིས་ཀུན་མཁྱེན་འཇིགས་མེད་གླིང་པ་ལ། སེ་ར་བྱེས་གྲ་ཚང་གི་མཁན་པོ་སོགས་ཀྱིས་ཀྱང་ཆོས་གསན་འདུག་པ་དང། སེ་ར་བྱེས་གྲ་ཚང་གི་མཁས་པོ་སོགས་ཀྱིས་ཀྱང་ཆོས་གསན་འདུག་པ་དང། གཞན་ཡང་རྟ་ཚག་རྗེ་དྲུང་རིན་པོ་ཆེ། རྒྱལ་ཚབ་དེ་མོའི་ཡང་སྲིད་སོགས་ཀྱིས་ཀྱང་གསང་སྟབས་ཀྱིས་རྙིང་ལུགས་གསན་པ་དང། སྟན་ཕུ་རིན་པོ་ཆེའི་ཡང་སྲིད་དང་བཅས་པ་དང། ལོ་སེམས་དཔའ་རིན་པོ་ཆེ། རྗེ་དྲུང་བཞེད་པའི་རྡོ་རྗེ་སྐུ་གོང་འོག་སོགས་རྙིང་ལུགས་མཛད་པ་མཐའ་ཡས་པ་ཞིག་བྱོན་པར་སྣང་བ་དང། དེ་བཞིན་དུ་བཀའ་བརྒྱུད་རིན་པོ་ཆེ་ཐམས་ཅད་ནི་རྙིང་མ་ཁོ་ན་མཛད་པ་ཤ་སྟག་ལགས་ཀྱང་ཟུར་ཙམ་བརྗོད་ན། བཀའ་བརྒྱུད་ཐམས་ཅད་ཀྱི་འབྱུང་ཁུངས་རྗེ་མི་ལ་ཡང་གདུང་རིགས་རྙིང་མའི་སྔགས་བརྒྱུད་ཡིན་ལ། སྐྱེར་སྟོན་དབང་དེ་ལས་རྫོགས་ཆེན་དང། དབ་མི་བྱང་རྒྱལ་ལས་སྒྲུལ་འཕྲུལ། ཡང་དག། བདུད་རྩོ་སོགས་དང། མར་པ་འབྱུང་དེ་ལས་མ་གཤིན་སྐོར་དང། གསུང་མགུར་ལས་ཀྱང། ཆོས་ཕྱག་རྒྱ་ཆེན་པོའི་མདུན་དུ་ནས་གཟེར། རྫོགས་པ་ཆེན་པོའི་རྒྱབ་ནས་གཟེར། ཞེས་སོགས་དང། མི་ལས་མཛད་པའི་བདེ་མཆོག་སྙན་བརྒྱུད་ཀྱི་ཕྱག་ཆེན་པོ་གསལ་བྱེད་དུ། སེམས་གསལ་སྟོད་རྟོགས་བྲལ་ཕྱག་རྒྱ་ཆེན་པོ་དེ་ལ། ༧༦༡)ཕྱག་ཆེན་པས་ཏོག་བྲལ་ཟེར། རྫོགས་ཆེན་པས་ཆོས་ཉིད་ཟེར། ཕར་ཕྱིན་པས་སྟོད་ཉིད་ཟེར། ཞེས་སོགས་གསུངས་ཡོད། དེར་མ་ཟད་རྣམ་ཟར་ཁ་གཅིག་ན་རྙིང་ཆོས་ཉམས་བཞེས་གནང་ཚུལ་དང་རྫོགས་ཆེན་སྐོར་གཏེར་བཏོན་ཚུལ་ཀྱང་འབྱུང་ལ། རས་ཆུང་རྡོ་རྗེ་གྲགས་པས་ཀྱང། ཆོས་རྫོགས་པ་ཆེ་ལ་ཕྱོགས་རིས་མེད། ཕྱོགས་རིས་ཡོད་ན་རྫོགས་ཆེན་མིན། ཞེས་གསུངས་པས་མཚོན། རྗེ་བཙུན་ཡབ་སྲས་ཀྱིས་ཀྱང་རྫོགས་ཆེན་ལ་ཉམས་བཞེས་གནང་ཚུལ་གསུང་བ་དང། རྗེ་བཙུན་ཡབ་སྲས་ཀྱིས་ཀྱང་རྫོགས་ཆེན་ལ་ཉམས་བཞེས་གནང་ཚུལ་གསུང་མགུར་དུ་གསལ་བ་དང། རྗེ་དུས་གསུམ་མཁྱེན་པ་སོགས་ཀརྨ་པ་རྗེས་འབྲངས་དང་བཅས་པ་ཐམས་ཅད་ཀྱི་སྔགས་རྙིང་མ་རྫོགས་ ཆེན་དང་བཅས་པ་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ཐུགས་དམ་མཛད་པ་འབའ་ཞིག་ཡིན་ཏེ། རྗེ་དུས་གསུམ་མཁྱེན་པས་ཀྱང་བཀའ་གདམས་པ་སྦོ་ཏོ་བའི་སློབ་མ། བླ་མ་བྲག་དཀར་བ་ལ་རྫོགས་ཆེན་ཨ་རོ་སོགས་རྫོགས་ཆེན་མང་པོ་གསན་ཞིང་ཐུགས་ཉམས་སུ་བཞེས། གྲུབ་ཆེན་ཀརྨ་པཀྴིས་རྙིང་མའི་བླ་མ་ཁམས་ཀྱི་ཀ༔ཐོག་པ་བྱམས་པ་འབུམ་པ་ལ་བསྙེན་རྫོགས་དང། རྫོགས་ཆེན་དང་རྙིང་མའི་མ་ཕུར་སོགས་ཞུས་ནས་ཐུགས་ཉམས་སུ་བཞེས། ཆོས་རྗེ་རང་བྱུང་རྡོ་རྗེ་སྙིང་ཐིག་གི་བརྒྱུད་པ་ལའང་བཞུགས་པས་སྨོས་མ་དགོས་ལ། དེ་བཞིན་དུ་ཀརྨ་པ་རོལ་པའི་རྡོ་རྗེས་ཀྱང་རྫོགས་ཆེན་ཐུགས་ཉམས་སུ་བཞེས་ཚུལ་གསུང་མགུར་དང་རྒྱུད་གསང་བ་སྙིང་་པོ་པར་དུ་ཐུགས་ཉམས་སུ་བཞེས་ཚུལ་གསུང་མགུར་དང་རྒྱུད་གསང་བ་སྙིང་པོ་པར་དུ་བརྐོས་ཚུལ་སོགས་མང་དུ་ཡོད་ཀྱང་འདིར་འབྲིར་མ་ལངས་སོ། རྗེ་དེ་བཞིན་གཤེགས་པས་ཀྱང་སྙིང་ཐིག་རྣམ་གཉིས་དང། བླ་མ་དགོངས་འདུས་རྣམས་གསན་ཅིང་ཐུགས་ཉམས་སུ་བཞེས། དེ་རྗེས་རྗེ་མཐོང་བ་དོན་ལྡན་གྱིས་ཀྱང་བཀའ་(སྨད་ཆ།༧༦༢)བཞི་བ་རིན་ཆེན་བཟང་པོ་ལ་སྙིང་ཐིག་དང་དགོངས་འདུས་གསན་ཅིང། ཉང་ལུགས་ཀྱི་རྟ་ནག་ལ་ཐུགས་དམ་གཅོ་བོར་མཛད། དེ་རྗེས་རྗེ་ཆོས་གྲགས་རྒྱ་མཚོས་ཀྱང། གུ་ཤྲི་དཔལ་འབྱོར་དོན་འགྲུབ་སོགས་ལ་དགོངས་འདུས་དང། གཏེར་ཆེན་རརྣ་གླིང་པའི་ཆོས་བདག་ཀྱང་ཡིན། རྗེ་བརྒྱད་པས་ཀྱང་རྒྱལ་ཚབ་བཀྲ་ཤིས་རྣམ་རྒྱལ་ལས་རྟ་ནག་གི་སྒྲུབ་སྐོར་རྣམས་གསན་ནས་ཐུགས་ཉམས་སུ་བཞེས་པ་དང། ཀརྨ་རབ་བརྒྱད། ཞང་སྐུ་བརྒྱད། གུ་རུ་མཚན་བརྒྱད་རྣམས་སྦྱར་བའི་སྒྲུབ་ཐབས་ཀྱང་མཛད་ཅིང། དག་སྣང་གི་ཆོས་སྡེ་ཡོད་ཚུལ་གོང་སྨོས་ལྟར་དང། རྗེ་འདིས་རྙིང་མ་བར་ཉམས་སད་མཛད་པར། བློ་ཆུང་འགས་དགག་པར་སེམས་པ་ལ། རང་ལན་དྲང་པོའི་ས་བོས་མཛད་ནས་རྣམ་དག་ཏུ་སྒྲུབ་པར་མཛད། གཞན་ཡང། རྗེ་དགུ་པ་ནས་དེང་གི་སང་གི་བར་དུ་བྱོན་པའི་ཀརྨ་པ་སྐུ་ཕྲེང་ཐམས་ཅད་དང། དེ་བཞིན་དུ་ཆོས་རྗེ་ཞཱ་དམར་བ། རྒྱལ་ཚབ། སི་ཏུ། དཔའ་བོ་སོགས་ཀརྨ་པའི་བསྟན་འཛིན་ཆེན་པོ་ཐམས་ཅད་སྔ་འགྱུར་གསང་ཆ ེན་རྙིང་མའི་ཆོས་ལ་ཉམས་བཞེས་དང་ཐུགས་བརྩིས་མཛད་པ་ཤ་སྟག་སྟེ་རེ་རེ་ནས་སྨོས་ཀྱིས་མི་ལངས་ཡང་མདོར་ན་གསང་ཆེན་རྙིང་མའི་བསྟན་འཛིན་ཁོ་ན་ཡིན་པ་སོ་སོའི་རྣམ་ཐར་དུ་གསལ་ལོ། གཞན་ཡང་གྲུབ་ཆེན་གསེར་སྟེང་པ། ཆོས་སྐུ་འདོ་ཟེར། ཀུན་མཁྱེན་འཕགས་འདོ་རྣམས་ཀྱིས་རྫོགས་ཆེན་ཐུགས་དམ་མཛད་པ་འབའ་ཞིག་ཡིན་ཞིང། ཁྱད་པར་ཀུན་མཁྱེན་འཕགས་འོད་ཀྱིས། ཟབ་མོ་ལྟ་བ། ཉམས་ལེན་སྒོམ་པ། རྒྱ་ཆེན་སྦྱོད་པ། འབྲས་བུ་རྫོགས་ཆེན་རྒྱལ་ཐབས་སྦྱི་བླུགས། སྙན་བརྒྱུད་ཀྱི་འཕྲང་བསལ་བ་རྫོགས་ཆེན་གསང་(སྨད་ཆ།༧༦༣)སྐོར་སོགས་པ་རྒྱུད་པ་སྡེ་བཞིའི་སྐོར་རྣམས་གསན་ནས་ཐུགས་ཉམས་སུ་བཞེས་ཞེས་གསུངས་སོ། ཇོ་ནང་ཆོས་རྗེ་ཀུན་སྦངས་ཆེན་པོས་ཀྱང་སྔགས་རྙིང་མ་ཡང་ཕུར་ལ་སོགས་ཀྱི་དབང་བརྒྱུད་མན་ངག་མཐའ་ཡས་པ་དང། ཁྱད་པར་རྫོགས་ཆེན་གྱི་སྐོར་ལ་མཐའ་ཡས་པ་ཞིག་ལ་ཐུགས་སྐྱོང་མཛད་ནས་མཁར་པར་མཁྱེན་ཅིང། དེ་ནས་གྲུབ་ཆེན་ཡོལ་མོའི་སྲས་མོ་མ་གཅིག་ཇོ་འབུམ་ལས་རྒྱལ་ཐབས་སྦྱི་བླུགས་ཀྱི་དབང་ཞུས། རྫོགས་ཆེན་སེམས་ཀློང་གི་སྐོར་མཐའ་ཡས་པའི་བརྒྱུད་གཞུང་མན་ངག་ཐམས་ཅད་གསན་ནས་ཐུགས་ཉམས་སུ་བཞེས། དེ་རྗེས་ཇོ་ནང་པ་རིམ་པར་བྱོན་པ་བྱང་སེམས་རྒྱལ་ཡེ། ཡོན་ཏན་རྒྱལ་མཚོ། ཤེས་རབ་འབུམ་པ། སྐལ་བཟང་བ། ཀུན་མཁྱེན་ཆེན་པོ་ཡབ་སྲས་རྣམས་དང། མཁན་ཆེན་འཛིན་པ། ཀུན་མཁྱེན་ཆེན་པོ་ཡས་སྲས་རྣམས་དང། མཁན་ཆེན་འཛིན་པ། ཀུན་མཁྱེན་ཆེན་པོ་ཡབ་སྲས་རྣམས་དང། མཁན་ཆེན་འཛིན་པ། ཀུན་མཁྱེན་ཆེན་པོ་ཡབ་སྲས་རྣམས་དང། མཁན་ཆེན་འཛིན་པ། ཀུན་མཁྱེན་གངས་པ་སོགས་པ་ཐམས་ཅད་ཀྱིས་ཀྱང་ཐུགས་ཉམས་སུ་བཞེས། ཆོས་རྗེ་ཀུན་མཁྱེན་ཆེན་པོས་ཐོག་མར་བླ་མ་བྱང་ཆུབ་སེང་གེ་དང། ཆོས་རྗེ་ཐུ་བོ་ཀྱི་སྟག་ཤམ་པ་ཚུལ་ཁྲིམས་བཟང་པོའི་དྲུང་དུ། དཔལ་ཡང་དག་ཧེ་རུ་ཀ། རྡོ་རྗེ་ཕུར་པ་ལ་སོགས་པའི་སྔགས་རྙིང་མའི་དབང་བརྒྱུད་སྒྲུབ་སྐོར་མང་དུ་གསན་ནས་ཐུགས་སུ་ཆུད། དུས་ཕྱིར་རས་པ་ཤཱཀྱ་འབུམ། མཁན་ཆེན་འཛིན་པ། ཆོས་རྗེ་ཡོན་ཏན་རྒྱ་མཚོ་བྱང་སེམས་རྒྱལ་ཡེ། མཁས་མཆོག་སྐྱི་སྟོན་འཇམ་དབྱངས་རྣམས་ལས་སྔགས་རྙིང་བཀའ་གཏེར་གྱི་སྒྲུབ་སྐོར། རྫོགས་ཆེན་གྱི་སྐོར་ལ་མཐའ་ཡས་པ་ཞིག་གསན་ན་མཁས་པར་མཁྱེན། ཐུགས་ཉམས་སུ་བཞེས། མཁས་མཆོག་སྐྱི་སྟོན་ལ། གྲུབ་ཐོབ་འདར་ཕྱར་གྱིས་གཏེར་ནས་བཏོན་པའི་རྟ་མགྲིན་ཡང་གསང། ཁྲོས་ཐོབ་འདར་ཕྱར་གྱིས་གཏེར་ནས་བཏོན་པའི་རྟ་མགྲིན་ཡང་གསང། ཁྲོས་ཐོབ་འདར་ཕྱར་གྱིས་གཏེར་ནས་བརྟོན་པའི་རྟ་མགྲིན་ཡང་གསང། ཁྲོས་པ་གསན་ནས་(སྨད་ཆ།༧༦༤)ཐུགས་དམ་མཛད་པས་རྟ་མགྲིན་དང་ཨོ་རྒྱན་གུ་རུ་གཉིས་ཀྱི་ཞལ་གཟིགས་ཏེ། སྐུ་འབུམ་འཛམ་གླིང་རྒྱན་གྱི་སྲོག་ཤིང་ཨོ་རྒྱན་གྱིས་བཙུགས་པར་གཟིགས། འབུམ་གྱི་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ལྷ་ཁང་གཅིག་གུ་རུའི་ལྷང་ཁང་དང། གཅིག་རྟ་མགྲིན་ཞལ་གཟིགས་ཀྱི་ལྷང་ཁང་མཛད། རྟ་མགྲིན་དེ་ཉིད་བུ་ཆེན་གཞན་ལའང་སྦེལ་ཏེ། ཕྱོགས་ལས་རྣམ་རྒྱལ། མཁན་ཆེན་རིན་ཚུལ། ཆོས་རྗེ་བྱང་སེང། ཇོ་ནང་ལོ་(སྨད་ཆ།། ཞང་སྟོན་བསོད་ནམས་གྲགས། ཉང་ཀུན་དགའ་རྣམས་ཀྱིས་ཀྱང་ཐུགས་དམ་མཛད་ཅིང། སྒྲུབ་དཀྱིལ་གྱི་ཡིག་སྣང་མང་པོ་མཛད། མངའ་བདག་ཉང་དང་གུ་རུ་ཆོས་དབང་གཉིས་ཀྱི་གཏེར་ཁ་གོང་འོག་ཅེས་གསུངས་ཤིང་ཁྱད་པར་གུ་རུ་ཆོས་དབང་ནི་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་ཞེས་བསྟོད་བཀུར་བསྔགས་པ་ཆེན་པོ་མཛད་པ་རྣམས་ཉིད་ཀྱི་བཀའ་འབུམ་རྣམས་སུ་གསལ་མོད། དམ་པ་རྒྱ་གར་གྱི་བླ་མ་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞིའི་ནང་ནས་ནམ་མཁའ་ལྟ་བུའི་སྐུ་ཐོབ་པའི་བླ་མ་བཞི་ཡིས་སློབ་དཔོན་པདྨ་འབྱུང་གནས་ལས་རྡོ་རྗེ་ཕུར་པའི་དབང་བརྒྱུད་མང་ངག་ཐམས་ཅད་དང། རྫོགས་པ་ཆེན་པོ་ལ་སོགས་པ་མང་དུ་གསན། དམ་པས་བོད་དུ་སྐུ་ཚེ་འདི་ལ་ལན་གསུམ་དུ་བྱོན་པའི་དང་པོ་ལ་སློབ་དཔོན་པདྨ་འབྱུང་གནས་དང་སྟབས་གཅིག་ཏུ་མངའ་རིས་སྟོད་ནས་བྱོན། གངས་ཏེ་སེར་གད་པ་གསེར་གྱི་བྱ་སྐྱིབས་སུ་ཞག་གསུམ་བཞུགས། བྱང་ལམ་ནས་བརྒྱུད་དེ་བསམ་ཡས་སུ་བྱོན་ནས་སློབ་དཔོན་ཆེན་པོ་པདྨ་མི་དབང་ཁྲི་སྲོང་ལྡེའུ་བཙན་དང་བཙུན་མར་བཅས་པ་ལ་ཕུར་པའི་དབང་སྐུར་དུ་ཁོ་བོས་ལས་སློབ་བྱས།(སྨད་ཆ།༧༦༥)དེ་དུས་ཁོ་བོ་ཀ་མ་ལ་ཤི་ལར་གྲགས་ནས། ཧཱ་ཤང་གི་ལྟ་བ་སུན་ཕྱུང། མཚན་མོའི་དུས་སུ་སློབ་དཔོན་པདྨས་བསམ་ཡས་ཀྱི་དབུ་རྩེར་རྒྱལ་པོ་ཉིད་དང། མཁན་པོ་ཧཱ་ཤང་ལ་སོགས་ལ་སྙིང་པོ་བླ་ན་མེད་པ་རྫོགས་པ་ཆེན་པོ་གསུངས། ཁོ་བོས་ཉིན་པར་དབུ་མ་སྣང་བ་སྒོམ་རིམ་གསུམ་ལ་སོགས་པ་མཚན་ཉིད་ཀྱི་ཆོས་མང་དུ་བཤད་ཅེས་གསུངས་ཤིང། གཞན་ཡང་དམ་པ་ལ་ཀུན་དགས་ཞུས་པ། དམ་པ་རྫོགས་པ་ཆེན་པོ་འདི་ལྟ་བ་མཐོང་ལགས་མས་ཞུས་པས་རྫོགས་པ་ཆེན་པོ་ནམ་མཁའ་དང་འདྲ་གསུངས། སེམས་འཛིན་ཡང་ཤེས་གསུངས་སོ། གཞན་ཡང་སློབ་དཔོན་སངས་རྒྱས་གསང་བ། སྒེག་པའི་རྡོ་རྗེ། ཧཱུྃ་ཀ་ར། བྷ་སུ་ངྷ་ར། པདྨ་བཛྲ་རྣམས་ལ་སྔགས་རྙིང་མར་གྲགས་པའི་རྒྱུད་དང་གདམས་པ་ཐམས་ཅད་དམ་པས་གསན་པར་བཤད་དེ། དཔལ་སྟག་ལུང་པས་ཀྱང་རྡོ་རྗེ་ཕུར་པ་དང་སྒྲུ་འཕྲུལ་སོགས་གསན་ཚུལ་ནས་བཟུང་དེང་སང་གི་བར་གྱི་བརྒྱུད་པ་རིན་པོ་ཆེ་ཐམས་ཅད་ཀྱིས་རྙིང་མ་ཐུགས་ཉམས་སུ་བཞེས་ཚུལ་རེ་རེ་ནས་བགྲངས་ཀྱིས་མི་ལངས་པ་དང། རྒྱལ་བར་འབྲི་གུང་པས། ཁམས་ན་བཞུགས་པའི་དུས་ཆུང་ངུ་ནས་རྫོགས་ཆེན་དང། ཕུར་པ། འཇིགས་བྱེད་རྣམས་ལ་ཐུགས་དམ་མཛད། དུས་ཕྱིས་ཉིད་ཀྱི་བསྟན་བཅོས་སྡོམ་གསུམ་གནད་གཅིག་དང། དགོངས་གཅིག་ལ་སོགས་པ་རྣམས་སུ་ཤེས་བྱེད་ལུང་དང་བཅས་པ་དཔག་ཏུ་མེད་པ་གསུངས་ཏེ། སྦྱི་བོ་ལ་སོགས་པའི་རྩ་འཁོར་ལོ་བཞིར་ཉོན་མོངས་བཞི་དག་པའི་འབྲལ་འབྲས་ལ། སྔགས་རྙིང་མ་ལ་མཚོན་ན་སྦྱི་བོར་འཇམ་དཔལ་སྐུའི་ལྷ་ཚོགས་བུར་སངས་(སྨད་ཆ།༧༦༦)རྒྱས། མགྲིན་པར་པདྨ་གསུང་གི། སྙིང་གར་ཡང་དག་ཐུགས། ལྟེ་བར་མ་མོ་རྦོད་གཏོང་གི་ལྷ་ཚོགས་ལྟ་བུར་སངས་རྒྱས། ཞེས་སོགས་དང། གཞན་ཡང་རྫོགས་ཆེན་གྱི་བརྒྱུད་ཀྱི་ལུང་འདྲེན་སོགས་མཐའ་དང། གཞན་ཡང་རིན་པོ་ཆེ་ཐམས་ཅད་གསང་ཆེན་རྙིང་མའི་བསྟན་འཛིན་ཤ་སྟག་ཡིན་པ་མངོན་སུམ་ཚད་མར་གྱུར་པ་འདི་བཞིན་དང། དཔལ་འབྲུག་པ་རིན་པོ་ཆེ་རིན་པོ་ཆེ་བརྒྱུད་པ་དང་བཅས་པ་ཐམས་ཅད་དེང་སང་བར་དུ་གསང་ཆེན་རྙིང་མ་ཁོ་ན་ཐུགས་ཉམས་སུ་བཞེས་ཚུལ་རེ་རེ་ནས་ནས་སྨོས་ཀྱིས་མི་ལངས་པ་འདི་བཞིན་དང། དཱགས་པོ་བརྒྱུད་པའི་རྒྱལ་བ་ཡང་དགོན་པས་རྫོགས་ ཆེན་དང་རྙིང་མའི་བླ་མ་མང་པོ་བསྟེན་ནས་སྔགས་རྙིང་མའི་བཀའ་གཏེར་མང་དུ་གསན། རྫོགས་ཆེན་བརྒྱུད་མཐའ་ཡས་སོགས་ལ་ཡིག་སྣང་མང་མཛད། ཉམས་རྟོགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་མངའ་ཞིང། གསུང་མགུར་རྣམས་སུ་ཡང། ཆོས་ཐམས་ཅད་ནས་ཐམས་ཅད་དུ་བདེན་མོད་ཀྱང། རྫོགས་ ཆེན་ཞེས་པའི་སྒྲ་བོ་ ཆེ། སྦྲང་གོ་བ་ལན་ཕྱོགས་དེ་ལ་བགྱིས། ཅིག་ཆར་གྱི་རྟོགས་པ་ཡང་དེ་ལས་འཁྲུངས། ཞེས་པ་དང། གནས་ལུགས་ཉམས་སུ་ལེན་པའི་ཕྱག་རྒྱ་ཆེན་པོ་དང་གཅིག། ལམ་ཁྱེར་རྐྱེན་ལས་བྱེད་པའི་ཕ་རོལ་ཕྱིན་པ་དང་གཉིས། སྣང་རྐྱེན་ལམ་དུ་སློང་བའི་སྡུག་བསྔལ་ཞིང་བྱེད་དང་གསུམ། མཐར་ཐུག་ཟད་སར་སྐྱེལ་བའི་རྫོགས་པ་ཆེན་པོ་ལགས་པས། ཆོས་གཞན་གང་ལའང་འགྲམ་ཆུ་མི་ལྡང་བ་ལགས་སོ། ཞེས་གསུངས་ནས་ཚད་མར་མཛད། དེས་ན་དཱགས་པོ་བཀའ་བརྒྱུད་པ་ཡང་ཐམས་ཅད་ཀྱིས་ཡང་དཔང་དང་ཚད་མར་མཛད་དོ།(སྨད་ཆ།༧༦༧)ཤངས་པ་བཀའ་བརྒྱུད་པ་ཡང། མཁས་གྲུབ་ཁྱུང་པོ་ནས་བརྩམས་ཏེ། སངས་རྒྱས་སྟོན་པ། མཁས་གྲུབ་ཆོས་རྗེ། ཤངས་སྟོན། ཨ་སེང་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་རྫོགས་ཆེན་དང། རྙིང་མ་ལ་ཐོས་བསམ་སྒོ་གསུམ་མཛད་པ་འབའ་ཞིག་ཡིན་པ་ནི་སོ་སོའི་རྣམ་ཐར་ལོ་རྒྱུས་རྣམས་ལ་ཆེས་གསལ་ལོ། བཀའ་གདམས་པའི་བླ་མ་རྣམས་ཀྱང་རྫོགས་ ཆེན་སྙན་བརྒྱུད་ལ་ཐུགས་དམ་མཛད་པ་ཆེས་མང་སྟེ། ཨོ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བ་མདོ་སྡེ་དཀོན་མཆོག་སྦྲིན་ནས་དགེ་སློང་མཐའ་གྲོལ་གཞོན་ནུ་ཞེས་ལུང་བསྟན་པའི་སྐྱེས་ཆེན་དེ་ལ་ཐུགས་ཀྱི་སྲས་བཞི་ཡོད་པའི་གཅིག་ཅོག་ཏོ་བཟང་དཀར་མཛོད་ཁུར། དེས་རྔོག་ལེགས་པའི་ཤེས་རབ། དེས་དགེ་སློང་ ཆོས་ཀྱི་ཤེས་རབ། གཞན་ཡང་བཀའ་གདམས་པའི་ཕུ་ཏོ་བ། དེའི་སློབ་མ་གྲབ་པ་བྲག་དཀར་བ་ལ་སོགས་པ་ཆེས་མང་བ་རྣམས་ཀྱིས་རྫོགས་ཆེན་སྙན་བརྒྱུད་ལ་ཐོས་བསམ་སྒོམ་གསུམ་མཛད་པ་འབའ་ཞིག་ཡིན་ཞིང། ཇོ་བོ་རྗེ་ལ་སྙེ་ཐང་དུ་བོད་སྟོན་རྣམས་ཀྱིས་དང་པོ་བོད་དུ་བརྩམས་པའི་བསྟན་པའི་བསྟན་བཅོས་འགའ་གཟིགས་ཕུལ་བས་གཞན་ལ་མཉེས་ཚོར་མ་མཛད། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་མཛད་པའི་ཐེག་ཆེན་རྣལ་འབྱོར་བྱ་བའི་བསྟན་བཅོས་ལ་མཉེས་ཏེ། ཚིག་སྙན་དང་གདམས་ངག་ཆ ེ། ལས་འབྲས་ཞིབ་དོན་ཟབ་ལ་རྒྱ་ཆེ་འདུག་གསུངས་སོ། མ་གཅིག་ལབ་སྒྲོན་སོགས་གཅོད་ཀྱི་བཀའ་བརྒྱུད་རྣམས་ཀྱིས་ཀྱང་རྫོགས་ཆེན་ལ་ཐོས་བསམ་སྒོམ་གསུམ་མཛད་པ་འབའ་ཞིག་ཡིན་ཏེ། མ་གཅིག་གིས་ལྷུ་མཁར་གྱི་དགེ་བཤེས་སྦྱན་སྟོན། བླ་མ་ཡང་རྩེ་བ། སྐྱོ་སྟོན་བླ་མ་རྣམས་ལས་མདོ་སྒྱུ་འཕྲུལ། རྫོགས་ཆེན་སེམས་སྡེའི་སྐོར་(སྨད་ཆ།༧༦༨)རྣམས་གསན། ཁྱད་པར་དུ་སྐྱོ་སྟོན་ཤཱཀ་ཡེའི་སློབ་མ་མ་གཅིག་ཉིད་ཀྱི་ཨ་ནེ་མོ་ཁྱེར་སྒོམ་ཞིག་མོ་བྱ་བ་ལ་མཁས་པ་ཉེར་ལྔའི་གདམས་པ་རྫོགས་པ་ཆེན་པོ་ཉོན་མོངས་ཚིག་ཆོད་བྱ་བ་ལ་གཙོ་བོར་ཉམས་ལེན་མཛད་ནས། ཉིད་ཀྱི་བསྟན་བཅོས་རྣམས་སུ་ཡང། ཕྱག་ཆེན་བློ་ལས་འདས་པར་རིག་རྫོགས་ཆེན་ཡེ་དག་ཆེན་པོར་རིག། ཅེས་སོགས་ཀྱིས་ཤེས་སོ། དེ་བཞིན་དུ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་གསན་ཡིག་དགོས་འདོད་འབྱུང་བར་བླ་མ་ཚུལ་ཁྲིམས་དཔལ་བཟང་ལ་གུ་རུ་པདྨའི་སྒྲུབ་སྐོར། གཤིན་རྗེ་ཁྲོ་འདུས། རྟ་མགྲིན། ཕག་མོཔ། མཁའ་འགྲོ་སྲོག་རྙིང་མ་བཀའ་རྗེ་ཁྲོ་འདུས། རྟ་མགྲིན། ཕག་མོ། མཁའ་འགྲོ་སྲོག་རྙིང་མ་བཀའ་གཏེར་ཤིན་ཏུ་མང་བ་གསན་ཚུལ་དང། ཡང་ཉིད་ཀྱི་མེས་པོ་ལ་རྫོགས་ཆེན་སེམས་ཀློང་སྐོར་དང། མདོ་སྒྱུ་འཕྲུལ་ལ་སོགས་བཀའ་གཏེར་མང་པོ་གསན་ནས་བསྙེན་སྒྲུབ་ཀྱང་མང་དུ་མཛད་ཅིང། ནུས་པ་ཐོན་ནས་མེས་པོའི་ཚབ་མཛད་ཚུལ་དང། པད་སྡོང་གི་སྟེང་ནས་གུ་རུ་ཤཱཀྱ་སེང་གེ་གཙོ་བོར་གྱུར་པའི་མཚན་བརྒྱད་ཞལ་གཟིགས་ཚུལ་དང། རྙིང་མའི་ཕྱོགས་ལ་པཎྜི་ཏ་གསུམ་པར་གྲགས། པ་རོང་གནུབས་ཁུ་ལུང་པ་ནས་བརྒྱུད་པ་མ་ལུས་པ་གསན་ཞཚེས་སྒྲ་ཚད་པས་རྣམ་ཐར་དུ་བྲིས་འདུག་པ་སོགས་ཀྱིས་ཤེས་སོ། དེ་ལྟར་གངས་ཅན་གྱི་ལྗོངས་འདིར་བྱོན་པའི་གྲུབ་མཐའ་ཡོངས་སུ་གྲོགས་པ་དེ་ཐམས་ཅད་ཀྱི་བསྟན་འཛིན་ཆེ་དགུ་ཐམས་ཅད་ཀྱིས་ཐུགས་ཉམས་སུ་མ་བཞེས་པ་མེད་པས་བོད་ཙམ་ན་གྲགས་པའི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་ཁུངས་གསང་སྔགས་རྙིང་མར་མ་གྱུར་པ་མེད་དོ། དེར་མ་ཟད་རྒྱལ་བའི་བཀའ་འགྱུར་རོ་ཅོག་ལས་ཕྱི་འགྱུར་མདོ་ཕྲན་འགའ་ཞིག་དང། སྔགས་བླ་མེད་ཀྱི་རྒྱུད་སྡེའི་སྐོར་(སྨད་ཆ།༧༦༩)ཕལ་ཆེར་མ་གཏོགས་གཞན་བྱ་སྦྲོད་ཀྱི་བརྒྱུད་ཕལ་ཆེ་བ་རྣམས་ཀྱང་སྔར་ནས་བརྒྱུར་ཟིན་ཅིང། འདུལ་མངོན་དང། ཕར་ཕྱིན་གྱི་བཤད་རྒྱུན་རྣམས་ཀྱང་རྙིང་མ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་མཁས་རློམ་འགའ་ཞིག་གིས་གསང་ཆེན་རྙིང་མ་མ་དག་ཅེས་ཟེར་བ་ལ། པཎ་ཆེན་གསེར་མདོག་ཅན་པས། སྦྱིར་རྙིང་མ་ཆོས་མ་ཡིན་པར་ཁས་ལེན་ནུས་པ་དག་ཡོད་ན། དེའི་ཚེ་ལྟར་འདོད་པ་དེས་སྐ་ཅོག་ཞང་གསུམ་གྱིས་ནུས་པ་དག་ཡོད་ན། དེའི་ཚེ་ལྟར་འདོད་པ་དེས་སྐ་ཅོད་ཞང་གསུམ་གྱིས་བརྒྱུར་བའི་སྡེ་སྣོད་གསུམ་གྱི་ཆོས་རྣམས་དང་བྱ་བ་དང། སྦྱོད་པ་དང། རྣལ་འབྱོར་གྱི་བརྒྱུད། ལོ་ཆེན་རིན་ཆེན་བཟང་པོ་མ་བྱོན་གོང་དུ་འགྱུར་བ་ཐམས་ཅད་ཆོས་མ་ཡིན་པར་ཁས་ལེན་དགོས་པར་འགྱུར་རོ། བྱེ་བྲག་ཏུ་གསང་སྔགས་བླ་མེད་ཀྱི་བརྒྱུད་རྙིང་མ་ཆོས་མ་ཡིན་པར་ཁས་ལེན་ནུས་པ་དག་ཡོད་ན། དཔལ་གསང་བ་འད྄ས་པ། ཟླང་གསང་ཐིག་ལེ། སངས་རྒྱས་མཉམ་སྦྱོར་རྣམས་ཆོས་མ་ཡིན་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་ཏེ། དེ་གསུམ་རྙིང་མའི་ལུགས་ཀྱི་ཏནྟྲ་སྡེ་བཅོ་བརྒྱད་དུ་གྲགས་པ་དེ་རྣམས་ཀྱི་གཅོ་བོར་གྱུར་པ་དང། ཙ་བ་དེ་གསུམ་ལ་བརྟེན་ནས་བོད་དུ་རྙིང་མར་གྲགས་པའི་ཆོས་མང་དག་གཅིག་བྱུང་བར་སྔོན་གྱི་ཆེན་པོ་དག་གིས་འཆད་པའི་ཕྱིར། ཞེས་གསུངས་པ་བཞིན་ནོ། དེ་ཡང་སྔོན་གསང་སྔགས་བླ་མེད་རྣམས་ཁྱབ་གདལ་དུ་སྦྱོད་པར་མ་གནང་བས་དཀར་ཆག་ཏུ་མ་བཀོད་ཅེས་ལོ་རྒྱུས་རྣམས་སུ་གསལ་བའི་ཕྱིར། ཀུན་མཁྱེན་ལྔ་པ་ཆེན་པོས། དཀར་ཆག་འཕང་ཐང་མ་དང་ལྡན་དཀར་དུ། གསང་སྔགས་ནང་གི་བརྒྱུད་རྣམས་ཆེས་གཉེན་པས། འགོད་པར་མ་ནུས་ཞེས་པ་སྒ་འགྱུར་གྱི། རྒྱུད་ལས་ངོས་འཛིན་གཞན་པ་བྱ་རྒྱུའི་དབུས། ཞེས་གསུངས་པ་ལྟར་རོ།(སྨད་ཆ།༧༧༠)གཞན་ཡང་སྔོན་སློབ་དཔོན་པདྨ་དང་བི་མ་མི་ཏྲ་སོགས་ཀྱིས་རྒྱལ་པོ་ཡབ་སྲས་རྗེ་འབངས་རྣམས་ལ་དབང་བཀུར་རྒྱུད་བཤད་མན་ངག་བསྟན་པས་གྲུབ་བརྙེས་དུ་མས་ས་སྟེང་གང་བར་མཛད་པའི་ཆོས་དེ་རྙིང་མའི་རྒྱུད་དང་གདམས་པ་མིན་ན་གསར་མ་ནི་མ་དར་བའི་ཕྱིར། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས། དེ་ལྟར་འདོད་ན་བསྟན་པ་སྔ་དར་ལ། བསྒྱུར་པའི་གསང་སྔགས་བསྟན་པ་གང་ཞིག་ཡིན། སྔ་དར་དུས་ཀྱི་པཎ་གྲུབ་ལོ་(སྨད་ཆ།་བ། སངས་རྒྱས་གཉིས་པ་ལྟ་བུར་གྱུར་རྣམས་ཀྱིས། བཀའ་དང་འབད་པ་བརྒྱ་ཕྲག་གིས་བསྒྱུར་བའི། ལོ་རྒྱུས་རྣམ་གཞག་དཀའ་ཆེམས་རྣམས་སུ་གསལ། རྒྱ་དཔེ་རྣམས་ཀྱང་བོད་ཀྱི་བསམ་ཡས་དང། བལ་པོ་ཐང་བྷི་རྒྱ་གར་དབུས་འགྱུར་འཆད་རྣམས་ན་བཞུགས། ཞེས་སོགས་གསུངས་ཤིང། དེ་དག་གི་ཚུལ་ཞིབ་པར་བརྗོད་ན། ཇོ་བོའི་རྣམ་ཐར་ན་མི་ཡུལ་དུ་བཞུགས་པའི་གསང་སྔགས་ལ་ང་ལས་མཁས་པ་མེད་སྙིམ་པའི་ཐུགས་རྒྱལ་མངའ་བ་ལ། ཕྱིས་དུས་བོད་ནས་བེ་དཀར་གླིང་གི་དཀོར་མཛོད་ཅིག་སྒོ་ཕྱེ་ནས་རྒྱ་དཔེ་གཟིགས་པས། ཇོ་བོས་སྔར་མ་གཟིགས་པའི་བརྒྱུད་མང་པོ་འདུག་པ་གཟིགས་ནས། ཐེག་པ་ཆེན་པོ་གསང་སྔགས་འདི་ལ་མི་ཤེས་པ་མེད་སྙམ་ཞིང། ཌཱ་ཀྐི་མས་ཀྱང་ནམ་མཁའ་ནས་གཞལ་མེད་ཁང་དཔག་ཏུ་མེད་པ་བསྟན། བརྒྱུད་སྡེ་མང་པོ་བསྟན་པ་ཡིན་པ་ལ། འདི་རྣམས་མི་གདའ་ཐེག་པ་ཆེན་པོའི་གསང་སྔགས་འདི་ལ་མཐའ་ཡོད་པ། མི་འདྲ་གསུངས་ཐུགས་རྒྱལ་ཆག་བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡི་རང་བ་མང་པོ་ཕུལ། སྔར་བོད་དུ་བསྟན་པ་དར་བ་འདྲ་བ་རྒྱ་གར་དུ་ཡང་མ་བྱུང་བ་འདྲ། ཞེས་དང། སློབ་(སྨད་ཆ།༧༧༡)དཔོན་པདྨ་རྡོ་རྗེ་འཆང་གཉིས་པ་དེའི་དྲིན་ལས་རྒྱ་གར་ན་ཡོངས་སུ་མ་གྲགས་པའི་མཁའ་འགྲོའི་གསང་མཛོད་མང་པོ་འགྱུར་ནས་བསམ་ཡས་བེ་དཀར་གྱི་དཀོར་མཛོད་ན་བཞུགས་སོ། ཞེས་གསུངས་འདུས་པ་དང། སློབ་དཔོན་གསང་ཕུ་བས། བསམ་ཡས་ཀྱི་དཔེ་ཁང་ན། རྒྱ་གར་ནས་སྦྱན་དྲངས་ནས་བོད་དུ་མ་འགྱུར་བའི་ཆོས་མང་པོ་ཡོད། ང་ལ་རྫུ་འཕྲུལ་ཞིང་ཡོད་ན། ཟབ་ཤོས་ཤིག་གང་ནས་བྱུང། ཚིག་ལེགས་ཏེ་ཁུངས་ཐེ་ཚོམ་ཟ་ཟེར། སྒྲོ་སྐུར་བྱེད་ཅིང་སོགས་ལྟ་འཕེལ་བ་ལས་མི་འོང། མངོན་ཤེས་ཀྱི་སྣ་རྩེ་བག་ཙམ་རེ་མི་བསྒྲུབ་པར། ཕོ་ཚོད་འོད་ཏོ་དཔགས་ཀྱིས་ཕྱོགས་གཅིག་ཏུ་ཁ་ཚོད་རྦད་དེ་བཅད་ནས་ཆོས་ཟབ་མོ་ལ་སྒྲོ་སྐུར་བཏབ་ནས་ངན་འགྲོའི་གཡང་ལ་འགྲོ་སྟེ། རང་རེའི་ཐོས་པ་ཕྱོགས་རེ་བ་རེས་ང་རྒྱལ་འདིས་བརླགས་པ་ཡིན། རང་རེའི་ཐོས་པ་ཕྱོགས་རེ་པ་རེས་ང་རྒྱལ་འདིས་བརླགས་པ་ཡིན། ཞེས་གསུངས་འདུག་བ་བསམ་ཡས་ཀྱི་རྒྱུ་དཔེ་ཕལ་ཆེར་རྙིང་མ་ཡིན་པ་འདི་དག་གིས་ཤེས་ལ། བལ་པོ་དང་ཅོག་རྒྱ་གར་ན་རྙིང་མ་བསྒྱུར་མི་འདུག་ཟེར། དེ་ལ་ཆག་ལོ་ཙཱ་བ་བདག་རང་གིས་དབང་ཞུས་པའི་བླ་མ་ཡིན་ཡང། རྒྱ་གར་ན་རྙིང་མ་བསྒྱུར་རྒྱུ་མི་འདུག་ཟེར། དེ་འདྲ་ཁོ་རང་བློ་ཆུང་གི་གཏམ་ཡིན། ལོ་(སྨད་ཆ།་བ་རྒྱ་གར་ཤར་ཕྱོགས་སུ་ཡུག་རེ་ལས་ཕྱིན་པར་རྒྱ་གར་ན་གང་ཡོད་ཀྱི་ཆ་ཅི་ཆོད། ཅེས་དང། དེ་ཡང་དང་པོའི་དཔེ་རྣམས། དུས་ཕྱིས་བལ་པོ་ན་མང་བ་ཡིན། དེས་ན་བལ་པོ་བྷི་ཧ་རའི་གཙུག་ལག་ཁང་(སྨད་ཆ།༧༧༢)ཞིག་ན། རྙིང་མའི་རྒྱུད་ཀྱི་རྣམ་གྲངས་རང་ཡང་བསམ་གྱིས་མི་ཁྱབ་པར་བཞུངས་འདུག། ཅེས་དང། དེ་བཞིན་དུ་ཇོ་ནང་སྒྲོལ་མགོན་ཞབས་ཀྱིས། འགྲོ་ལྡིང་གི་ཡུལ་དུ་སྔོན་བསྟན་པ་རྣལ་མ་མེད་པ་ལས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་དང་པོར་བཙུགས། མར་མེ་མཛད་བཟང་པོ་ཡང་བྱོན། དེ་ནས་བཙམས་ཏེ་ལོ་བརྒྱ་ཙམ་གྱི་བར་དུ་མ་ག་(སྨད་ཆ།་དང་ཨོ་རྒྱན་དང། ཁ་ཆེ་ལ་སོགས་པའི་རྡོ་རྗེ་འཛིན་པ་མང་པོ་བྱོན་ཏེ། སྔགས་ཀྱི་ཐེག་པ་ལྷག་པར་རྒྱས་པ་མཛད། སྔོན་རྒྱལ་པོ་ངྷ་རྨཱ་པཱ་ལའི་སྐབས་སུ་སྦས་ཏེ། རྒྱ་གར་དུ་ནུབ་པའི་རྒྱུད་ཀྱི་རིགས་དང། ཨཽ་ཊཱི་ཡ་ན་ནས་སྦྱན་དྲངས་པའི་རིགས་ཀྱི་རྒྱུད་རྒྱ་གར་྄ན་མེད་པ་མང་དུ་ཡོད། ཅེས་བསྟན་པ་དང་ཞའི་རྫོ་རྗེ་འཛིན་པ་མཁྱེན་རྩེའི་རྣམ་ཐར་དུ། རྒྱ་གར་ནུབ་ཕྱོགས་ནཱ་ག་ཀོ་ཊིའི་རྒྱལ་པོ་ལུགས་ལྟ་བས་ཆོག་མི་ཤེས་པ་སློབ་དཔོན་ཉིད་ཀྱི་ཕྱག་ནས་མ་ཡིན་ཟེར་བ་ཞིག་ཁྱེར་འདུག་པས། གུ་རུ་རྒྱལ་པོ་ལུགས་དཔེ་དཀར་གྱིས་བོད་དུ་སྦྲུལ་བ་ཡིན་ཟེར་བའི་བརྫུན་ཕུག་དེ༤་རུ་རྡིབས། སློབ་དཔོན་པདྨ་སྐུ་གསུམ་སྒྲུབ་ཐབ་ཞུས་པས། རརྣ་གླིང་པའི་གཏེར་མ་དང་དོན་ལ་ཁྱད་ཡེ་མི་འདུག་པས། རརྣ་གླིང་པའི་གཏེར་མ་དང་དེར་ལེགས། ཞེས་གསུངས་སོ། དེས་ན་ལོ་ཙཱ་བ་ཕྲག་དོག་ཅན་རྣམས་ཀྱིས་རྙིང་རྒྱུད་རྒྱ་གར་དུ་མི་འདུག་ཟེར་བ་དང། བོད་ཀྱི་བྱས་པ་ཡིན་ཟེར་བའི་བརྫུན་ཁུངས་ཐམས་ཅད་དེར་བརྡིབ་པར་སྣང་ངོ། སྦྱིར་ཡང་སྔོན་རྒྱ་གར་གྱི་ཡུལ་སུ་གྲགས་པའི་དགའ་རབ། འཛམ་དཔལ་བཤེས་གཉེན། ཤཱི་སིང་ཧ། སངས་རྒྱས་གསང་(སྨད་ཆ།༧༧༣)བ། ཨིནྡྲ་བྷུ་ཏི། ཀུ་རཱ་ཛ་སོགས་ཀྱི་ཏནྟྲ་སྡེ་བཅོ་བརྒྱད་སོགས་ལ་བརྟེན་ནས་གྲུབ་པ་བརྙེན་ཚུལ་ལོ་རྒྱུས་ཁུངས་མ་རྣམས་སུ་གསལ་བ་ལྟར་དང། ཕྱིས་ཚོད་པཎ་ཆེན་ཤཱཀྱ་ཤྲཱི་ལ་ཡང་དག་མེ་གཅིག་དང། སློབ་དཔོན་པདྨས་གནང་བའི་རྡོ་རྗེ་ཕུར་བའི་ཆོས་སྐོར་ཡོད་ཚུལ་དང། སློབ་དཔོན་ཀླུ་སྒྲུབ་དང་ཐོག་མེད་ཀྱིས་བཤད་པའི་ཡང་ཕུར་གྱི་སྒྲུབ་སྐོར་ཡོད་ཚུལ་སློབ་དཔོན་བདེ་བྱེད་ཀྱིས་བཤད་པར། པཎ་ཆེན་ནགས་ཀྱི་རིན་ཆེན་ལ་སློབ་དཔོན་པདྨས་གནང་བའི་ཚེ་ཁྲིད་དང། ཁྱད་པར་རྫོགས་ཆེན་ནི་ཡེ་ཤེས་ཞབས་ཀྱི་ཞལ་ལུང་དང། སྒྲུབ་ཐབས་ཀུན་ཏུ་བཟང་པོ་སོགས་ལས་ཚིག་ཤིན་ཏུ་གསལ་བར་དངོས་སུ་གསུངས་པ་དང། ཁྱད་པར་ནཱ་རོ་པའི་ཐུགས་དམ་ཀྱི་སྙིང་པོ་ཡིན་པ་དེ་ཁོ་ན་ཉིད་སྒྲུབ་པར་ཤིན་ཏུ་གསལ་བར་ཡོད། སོགས་ཀྱིས་ཀྱང་གསལ་ལ། རྒྱ་གར་གྱིས་སློབ་དཔོན་ཨ)་དེ་བའང་རྫོགས་ ཆེན་གྱི་ལམ་སུ་གཤེགས་པར་བཤད་པས་ཕགས་ཡུལ་གྱི་སློབ་དཔོན་ཕལ་ཆེར་གྱིས་ཉམས་བཞེས་རྫོགས་ཆེན་ཡིན་པར་གསལ་ལ། ཡང་བརྡ་དང་སྐད་ཀྱི་ཁྱད་པར་ཙམ་ལ་མ་དག་ཟེར་ན། སྔོན་བཀས་བཅད་མ་བྱས་པའི་དུས་གསུང་རབ་ཐམས་ཅད་གོ་དཀའ་བར་ཡོད་དེ། ཡུལ་ཐ་དད་པའི་སྐད་དང་གནའ་སྐད་སོགས་བརྗོད་དཀའ་བ་རྣམས་བཀས་བཅད་ཀྱིས་གཏན་ལ་ཕབ་ཚུལ་སྒྲ་སྦྱོར་བམ་གཉིས་སོགས་སུ་གསལ་བ་ལྟར་གསུང་རབ་རྣམ་དག་པར་བཅོས་ཀྱང། རྒྱུད་ཕལ་ཆེར་སེར་གནས་བགྱིས་པས་ཡུལ་སྐད་དང་འདྲེས་ཤིང། ཁྱད་པར་རྙིང་མའི་རྒྱུད་རྣམས་ལྷ་ཀླུ་མིའི་གནས་ཅི་རིགས་ནས་བསྒྲུར་ཞིང་རྒྱ་གར་ཁོ་ན་ལས་བསྒྱུར་བའང་མ་ངེས་པས། ཨོ་རྒྱན་གྱི་ཡུལ་དང་ཤབྷ་ལ་(སྨད་ཆ།༧༧༤)དང་སྲིན་པོ་དང་ཀླུའི་སྐད་དང་མཁའ་འགྲོའི་བརྡ་སྐད་སོགས་ལས་བསྒྱུར་བ་མང་ལ། སྦྱིར་རྒྱ་གར་དུ་ཡོད་པའི་ལེགས་སྦྱར་གྱི་བསྟན་བཅོས་ཐམས་ཅད་བོད་དུ་མེད་ལ། བརྡ་སྦྲོད་པའི་ཚུལ་ཐམས་ཤེས་དཀའ་བས་སྔོན་གྱི་ལོ་པཎ་དེ་དག་གིས་བོད་ཀྱི་ཡུལ་སྐད་དང་མཐུན་པར་དོན་འགྱུར་གྱི་དབང་དུ་མཛད་ནས་གི་ཤིན་ཏུ་སླ་བར་མཛད་པ་ཡིན་ཅིང། སྔགས་རྣམས་ཀྱང་ཀློག་ཚུལ་དང་མཐུན་པར་གཏན་ལ་ཕབ་ནས་བྱིན་གྱིས་བརླབས་པས་སྒྲུབ་འབྲས་མི་བསླུ་བར་སྒྲུབ་ཐག་ཉེ་བ་སོགས་མངོན་སུམ་ཚད་མར་གྱུར་པ་ཡིན་ལ། གཞན་ཡང་རྗེ་ས་པཎ་གྱིས། དེ་བཞིན་གསང་སྔགས་གསར་རྙིང་ལའང། བོད་ཀྱི་སྦྱར་བའི་རྒྱུད་སྡེ་མང། ཞེས་གསར་མ་ཕྱོགས་ལའང་མ་དག་པ་ཡོད་པར་བཞེད་ཀྱི་རྙིང་མ་ཁོ་ནར་མ་གསུངས་མོད། འོན་ཀྱང་དེ་སྐབས་སུ་དག་པར་བཞག་པ་རྣམས་ཀྱང་ལོ་(སྨད་ཆ།་ཕྱི་མ་རྣམས་ཀྱིས་རིམ་པར་དག་པར་བསྒྲུབས་པའང་མང་ལ། བཅོས་སླད་སྣ་ཚོགས་བྱས་པ་དེ་འདྲ་གསར་མ་ཕྱོགས་ལ་མང་སྟེ། མཁས་གྲུབ་དགེ་ལེགས་དཔལ་བཟང་པོས། གསང་སྔགས་གསར་མའི་སྒྲུབ་ཐབས་དཀྱིལ་ཆོག་སོགས། ཡིག་ཆ་ཕལ་ཆེར་གང་ཟག་སོ་སོ་ཡིས། བཅོས་སླད་དུ་མ་བྱས་པའི་ཡིག་ཆ་རྣམས། འདྲ་མིན་དུ་མར་སྣང་ཞིང་སྒྲུབ་ཐབས་དཀྱིལ་ཆོག་སོགས། ཡིག་ཆ་ཕལ་ཆེར་གང་ཟག་སོ་སོ་ཡིས། བཅོས་སླད་དུ་མ་བྱས་པའི་ཡིག་ཆ་རྣམས། འདྲ་མིན་དུ་མར་སྣང་ཞིང་རྒྱུད་སྡེ་དང། རྒྱ་གཞུང་དགོངས་པ་རྣམས་དང་མཐུན་པ་ཉུང། གསང་སྔགས་དགོངས་འདུས་རྣམས་གསན་ཅིང་ཐུགས་ཉམས་སུ་བཞེས། དེ་རྗེས་རྗེ་མཐོང་བ་དོན་ལྡན་གྱིས་ཀྱང་བཀའ་བཞི་པ་རིན་ཆེན་བཟང་པོ་ལ་སྙིང་ཐིག་དང་དགོངས་འདུས་གསན་ཅིང། ཉང་ལུགས་ཀྱི་རྟ་ནག་ལ་ཐུགས་དམ་གཅོ་བོར་མཛད། དེ་རྗེས་རྗེ་ཆོིས་གྲགས་རྒྱ་མཚོས་ཀྱང། གུ་ཤྲི་(སྨད་ཆ།༧༧༥)དཔལ་འབྱོར་དོན་གྲུབ་སོགས་ལ་དགོངས་འདུས་དང། གཏེར་ ཆེན་རརྣ་གླིང་པའི་ཆོས་བདག་ཀྱང་ཡིན། རྗེ་བརྒྱད་པས་ཀྱང་རྒྱལ་ཚབ་བཀྲ་ཤིས་རྣམ་རྒྱལ་ལས་རྟ་ནག་གི་སྒྲུབ་སྐོར་རྣམས་གསན་ནས་ཐུགས་ཉམས་སུ་བཞེས་པ་དང། ཀརྨ་རབ་བརྒྱད། ཞང་སྐུ་བརྒྱད། གུ་རུ་མཚན་བརྒྱད་རྣམས་སྦྱར་བའི་སྒྲུབ་སྐོར་རྣམས་གསན་ནས་ཐུགས་ཉམས་སུ་བཞེས་པ་དང། ཀརྨ་རབ་བརྒྱད། ཞང་སྐུ་བརྒྱད། གུ་རུ་མཚན་བརྒྱད་རྣམས་སྦྱར་བའི་སྒྲུབ་ཐབས་ཀྱང་མཛད་ཅིང། དག་སྣང་གི་ཆོས་སྡེ་ཡོད་ཚུལ་གོང་སྨོས་ལྟར་དང། རྗེ་འདིས་རྙིང་མ་བར་ཉམས་སད་མཛད་པར། བློང་ཆུང་འགས་དགག་པར་སེམས་པ་ལ། རང་ལེན་དྲང་པོའི་ས་བོན་མཛད་ནས་རྣམ་དག་ཏུ་སྒྲུབ་པར་མཛད། གཞན་ཡང་རྗེ་དག་པ་ནས་དེང་སང་གི་བར་དུ་བྱོན་པའི་ཀརྨ་པ་སྐུ་ཕྲེང་ཐམས་ཅད་དང། དེ་བཞིན་དུ་ཆོས་རྗེ་ཞཱ་དམར་པ། རྒྱལ་ཚབ། སི་ཏུ། དཔའ་བོ་སོགས་ཀརྨ་པའི་བསྟན་འཛིན་ཆེན་པོ་ཐམས་ཅད་སྔ་འགྱུར་གསང་ཆེན་རྙིང་མའི་ཆོས་ལ་ཉམས་བཞེས་དང་ཐུགས་བརྩིས་མཛད་པ་ཤ་སྟག་རེ་རེ་ནས་སྨོས་ཀྱིས་མི་ལངས་ཡང་མདོར་ན་གསང་ཆེན་རྙིང་མའི་བསྟན་འཛིན་ཁོ་བ་ཡིན་པ་སོ་སོའི་རྣམ་ཐར་དུ་གསལ་ལོ། གཞན་ཡང་གྲུབ་ཆེན་གསེར་སྟེང་པ། ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད་རྣམས་ཀྱིས་རྫོགས་ཆེན་ཐུགས་དམ་མཛད་པ་འབའ་ཞིག་ཡིན་ཞིང། ཁྱད་྄པར་ཀུན་མཁྱེན་འཕགས་འོད་ཀྱིས། ཟབ་མོ་ལྟ་བ། ཉམས་ལེན་སྒོམ་པ། རྒྱ་ཆེན་སྦྱོད་པ། འབྲས་བུ་རྫོགས་ཆེན་རྒྱལ་ཐབས་སྦྱི་བླུགས། སྙན་བརྒྱུད་ཕྱི་འཕྲང་བསལ྄ལ་པ་རྫོགས་ཆེན་གསང་སྐོར་སོགས་བརྒྱུད་པ་སྡེ་བཞི་འི་སྐོར་རྣམས་གསན་ནས་ཐུགས་ཉམས་སུ་བཞེས་ཞེས་གསུངས་སོ། ཇོ་ནང་ཆོས་རྗེ་ཀུན་སྦངས་ཆེན་པོས་ཀྱང།(སྨད་ཆ།༧༧༦)སྔགས་རྙིང་མ་ཡང་ཕུར་ལ་སོགས་ཀྱི་དབང་བརྒྱུད་མན་ངག་མཐའ་ཡས་པ་དང། ཁྱད་པར་རྫོགས་ཆེན་གྱི་སྐོར་ལ་མཐའ་ཡས་པ་ཞིག་ལ་ཐུགས་སྐྱོང་མཛད་ནས་མཁས་པར་མཁྱེན་ཅིང། དེ་ནས་ཁ་པ་ལའང་གོ་སྟག་ཤག་གསུམ་སོགས་ཀྱིས་དགག་པ་ཤིན་ཏུ་མང་ཞིང། ཁྱད་པར་གོ་རབ་འབྱམས་པ་བསོད་ནམས་སེང་གེས། བཀའ་བཞི་པ་བློ་བཟང་འདི་ལ་དེང་སང་གི་མཚན་ཉིད་ཀྱི་བསྡུས་ཚད་བཅོས་ལ་དཔྱད་དུ་ཅིང་ཡོད། ཅེས་པ་དང། རྗེའི་ཞལ་གཟིགས་འཇམ་དབྱངས་བདུད་ཀྱི་ཆོ་འཕྲུལ་ཡིན་ལ་ལྟ་བའང་དེས་སྟོན་པ་ཡིན་པར་བསྒོམ་མི་རུང། ཞེས་དང། མགོན་པོ་ཕྱག་དྲུག་པ་དང། དམག་ཟོར་མ་སོགས་བོན་སྐྱོང་ཡིན་ཟེར་བ་དང། ངོར་ཆེན་རྡོ་རྗེ་འཆང་ལའང་རྫོང་པ་ཀུན་དགའ་རྣམ་རྒྱལ་གྱིས་རྗེ་བཙུན་གྱི་བཞེས་པ་དང་མི་མཐུན་པ་མང་པོ་ཡོད་ཚུལ་སོགས་བརྒལ་བརྟགས་དཔྱད་གསུམ་གྱི་ཡི་གེ་མང་དུ་བྱས་སྣང་ཞིང། རྗེ་བཙུན་བདེན་ཉ་ངོར་པ་འཁྲུལ། ངོར་ཆེན་རྡོ་རྗེ་འཆང་ལའང་རྫོང་པ་ཡོད་ཚུལ་སོགས་བརྒལ་བརྟག་དཔྱད་གསུམ་གྱི་ཡི་གེ་མང་དུ་བྱས་སྣང་ཞིང། རྗེ་བཙུན་བདེན་ན་ངོས་པ་མ་ནོར་པ་ཡིན། ཞེས་སོགས་ཟེར་འདུག་པ་དང། ས་ལུགས་ཀྱི་མགོན་པོའི་སྐོར་ལའང་དཱགས་བརྒྱུད་པ་རྣམས་ཀྱིས་(སྨད་ཆ།༧༧༧)དཔྱད་པ་མང་དུ་ཡོད་ལ། རྗེ་དགེ་འདུན་གྲུབ་པས་བཀྲ་ཤིས་ལྷུན་པོ་བཏབ་དུས་ངོས་ནས་ཆགས་སྡང་གི་རྣམ་པ་བྱུང་བས་གསུང་མགུར་གངས་དཀར་མར། ད་ལྟ་གངས་རིའི་ཁྲོད་འདི་ན། རང་བསྟན་པ་འཛིན་པར་ཁས་ལེན་ཞིང། གཞན་བསྟན་འཤིན་དགྲ་ཡི་དཱགས་མས་འཛིན། ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས། གཞན་ཕུང་བར་འདོད་པའི་ཀུན་སློང་དང། རྒྱུད་མཚན་འཛིན་དམ་པོས་བཅིངས་ལགས་ཀྱང། ལམ་མཐོང་པོར་གནས་པའི་ཁས་ལེན་བྱེད། འདི་བལྟས་ན་ཀུན་གྱི་ཁྲེལ་པའི་རྒྱུ། ལམ་གིལ་སར་རྒས་པའི་སྡུག་ཡུས་ཀྱིས། ཆོས་ཚུལ་བཞིན་སྒྲུབ་པའི་གང་ཟག་ལ། རྒྱུད་ཁོང་ནས་འཁྲུག་པའི་གདུག་སེམས་ཅན། གདོན་ཐུགས་ལ་གསོལ་བ་མ་ལགས་སམ། ཞེས་སོགས་ཟུར་ཟ་མཛད་འདུག་པ་དང། དཔལ་དུས་ཀྱི་འཁོར་ལོ་ཡང་རིག་ལོ་ཡང་རིག་རལ་དང་རེས་མངའ་བ་སོགས་ཀྱིས་བཀག་པ་དང། དེ་བཞིན་དུ་ཞི་གཅོད་སོགས་ལའང་ཁ་ཟེར་བ་མང་པོ་བྱུང་འདུག་པ་སོགས་ཀྱིས་མཚོན་གྲུབ་མཐའ་སོགས་སའང་ཁ་ཟེར་བ་མང་པོ་བྱུང་འདུག་པ་སོགས་ཀྱིས་མཚོན་གྲུབ་མཐའ་སོ་སོས་ཆགས་སྡང་གི་གཏམ་ལས་མ་འདས་ཏེ། དེ་ལྟ་ན་ཆོས་ལ་སྐྱོན་མ་འདོགས་པ་བོད་ཡུལ་ཙམ་ན་མི་སྣང་བའི་ཕྱིར། ཨོ་རྒྱན་ཆེན་པོས། བསྟན་བཅོས་ཕལ་གྱིས་དུག་ལྔ་སློང། སྒོམ་ཆེན་བཤད་པའི་སྒྲ་ལ་འབྱམས། བཤད་གྲ་མི་ནག་ཤག་འདྲའི་དུས། ཞེས་རྡོ་རྗེའི་གསུང་གུས་ལུང་བསྟན་པའི་ཐོག་ཏུ་སླེབས་ཏེ། དེ་ཡང་སྔར་ལོ་(སྨད་ཆ།་བ་རྣམས་ཀྱི་རང་རང་གི་ལུགས་དེ་དར་དུ་རེ་ནས་གཞན་ལ་ཆགས་སྡང་བྱེད་ཚུལ་མར་པ་དང་གཉོས་ཀྱི་ལོ་རྒྱུས་དང། རཱ་ལོས་འདུས་པ་འཕགས་སྐོར་བསྒྱུར་ཡང་ཤཱ་ལོ་ལྔ་ཙམ་ལས་མ་འགྱུར་བ་ཟངས་དཀར་ལོ་(སྨད་ཆ།ས་ལྔ་འགྱུར་ཙམ་མྱུར་(སྨད་ཆ།༧༧༨)དུ་བསྒྱུར་བས་རཱ་ལོ་ཕྲག་དོག་སྐྱེས་ཏེ་རེག་དུག་བཏང་བས་བསྙུང། ཕྱིས་ཆུ་མིག་རིང་མོར་འདས་ཞེས་རྣམ་ཐར་ན་སྣང་བ་དང། སྦྱིར་ཡང་ར་ལོ་ཆེན་པོས་ས་ཐོབ་ཀྱིས་སེམས་དཔའ་བཅུ་གསུམ་དང། རང་མཉམ་གྱི་ལོ་(སྨད་ཆ།་བཅུ་གསུམ་བགྲངས་ཟེར་བའི་ཞལ་རྦད་གནང་བ་དེ་དག་བསྟན་པའི་དོན་དུ་ཡིན་ན་ངོ་མཚར་ཆེ། དེས་ན་གང་ཟག་སོ་སོའི་ཏམ་དང་བྱ་བ་ལ་མཐའ་དཔྱོད་མི་དཔོག་ཅིང། ཀུན་མཁྱེན་ལྔ་པས། ཇོ་བོ་ཤཱཀྱ་མུ་ནེ་རྒྱལ་བ་ཟས་གཙང་སྲས་ཀྱི་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་སངས་རྒྱས་དངོས་ཀྱི་རབ་ཏུ་གས་པར་བཀའ་གདམས་གླེགས་བམ་ཡང་ལྷ་ས་སྐུ་སྐྱེའི་རམ་བཏེགས་ནས་བྲག་སྒོ་རབ་འབྱམས་པས་བོཔད་ལྷ་དང་ཆོས་ལོག་ཏུ་སྨྲ་བའི་ཕྱིར་རྙིང་མར་སྣ་ཚའི་སྒོར་ཉེད་མིན་འདུག་པས། ཞེས་སོགས་གསུངས་པ་བཞིན་ཏེ། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས། སྔ་འགྱུར་དམ་པ་རྣམས་ཀྱིས་མ་སྨད་མོད། ཕྲག་དོག་མུ་ཅོར་སྨྲ་རྣམས་ཅོད་པའི་ལན། ཉུང་ངུས་དག་གིས་འདེམས་ཕྱིར་ངས་འདི་བརྩམས་ཅོད་པའི་ལན། ཉུང་ངུས་དག་གིས་འདེམས་ཕྱིར་ངས་འདི་བརྩམས། ཞིང་རྩོད་ཟློག་གཞན་ཕན་ནོར་བུའི་ཕྲེང་བ་ཕྲེང་བ་སྩལ་འདུག་པ་བཞིན། ཕྱོགས་འཛིས་གྱི་དབང་གི་བབ་ཅོལ་སྨྲ་བ་དག་ལ་གཏད་སོ་ཅི་ཡང་མེད་དོ། ཡང་མཁས་རློག་འགའ་ཞིག་གིས་གཏེར་མའི་ཕྱོགས་རྣམས་ལ་འཐིང་སླད་མཛད་པ་ལྟར་སྣང་མོད། དེ་ནི་རང་ཉིད་ཀྱི་གོ་བ་གཏིང་མ་སླེབས་པས་ཐོས་པ་ཕྱོགས་རེར་སོང་བའི་སྐྱོན་དུ་སྣང་སྟེ། སྦྱིར་འཕགས་པའི་ཡུལ་དུའང་ཐེག་ཆེན་མདོ་སྔགས་ཕལ་ཆེར་གཏེར་མ་ལྟ་བུ་ཡིན་ཏེ། དེ་དག་སྟོན་པ་མྱ་ངན་ལས་འདས་ནས་བཀའ་བསྡུ་གཉིས་པ་དང་གསུམ་པའི་བར་ཙམ་(སྨད་ཆ།༧༧༩)ལ་བྱུང་བ་ཤས་ཆེ་ཞིང། ད་ཙམ་ན་ས་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་པཎ་གྲུབ་རྣམས་ཀྱིས་ལྷ་ཀླུ་མིའི་གནས་ཅི་རིགས་སུ་བཞུགས་པ་རྣམས་རིམ་གྱིས་མི་ཡུལ་དུ་སྣང་བར་མཛད་པ་ཁོ་ན་སྟེ་དཔེར་ན། ཤེས་ཕྱིན་སྟོང་ཕྲག་བརྒྱ་བ་བཞིན་ནོ། ཁྱད་པར་སྔགས་བླ་མེད་ཀྱི་བརྒྱུད་སྡེ་རྣམས་ནི་གྲུབ་ཆེན་རྣམས་ཀྱིས་ཨུ་རྒྱན་གྱི་ཡུལ་སོགས་ནས་བླངས་པར་བཤད་དེ། དེ་དག་ཀྱང་དོན་གྱི་གཏེར་ཆོས་སུ་འགྱུར་ཏེ། སྔོན་མི་ཡུལ་དུ་མི་སྣང་བ་ལ་གྲུབ་ཆེན་རྣམས་ཀྱིས་ཨུ་རྒྱན་གྱི་ཡུལ་སོགས་ནས་བླངས་པར་བཤད་དེ། དེ་དག་ཀྱང་གྱི་གཏེར་ཆོས་སུ་འགྱུར་ཏེ། སྔོན་མི་ཡུལ་དུ་མི་སྣང་བ་ལ་གྲུབ་ཆེན་དེ་དག་གིས་གསལ་བར་བྱས་པའི་ཕྱིར། གཏེར་གྱི་མཚན་ཉིད་ཀྱང་དེ་ལམ་འདས་ཏེ་གཏེར་སྟོན་རྣམས་ཀྱིས་སྣང་བར་བྱས་པར་ཕྱིར་རོ། གསང་ཅན་བོད་ཀྱི་ལྗོངས་འདིར་ནི་སློབ་དཔོན་པདྨའི་བཀའ་དྲིན་གྱིས་ཟབ་མོ་ཆོས་ཀྱི་གཏེར་ཀ་གསང་རྙིང་མ་ལ་བཀའ་བབས་ཙམ་ལས་སྦྱིར་གཏེར་བཞེས་པ་ནི་གསར་མ་ཕྱོགས་ཀྱི་སྐྱེས་ཆེན་དུ་མས་ཀྱང་རྫས་གཏེར་མ་ཡིན་ཚད་མ་དག་པར་འཇོག་པ་ནི་རང་ཉིད་ཀྱི་བློ་གྲོས་ཕུར་ཁུངས་ཐུག་པའི་གཏམ་མོ། གཏེར་བརྫུན་སོགས་ཚུལ་མིན་གྱི་སྦྱོད་པ་དག་ནི་དེ་དང་དེའི་སྐྱོན་ལས་གཏེར་མ་རྣམས་དག་ལ་སྐྱོན་དེ་མི་འབབས་ཏེ། གང་ཟག་གཡོ་སྒྱུ་ཅན་གྱིས་འགྲོ་བ་བསླུ་བར་བྱེད་དེ་མི་འབབས་ཏེ། གང་ཟག་གཡོ་སྒྱུ་ཅན་གྱིས་འགྲོ་བ་བསླུ་བར་བྱེད་པ་དེ་འདྲ་ནི་གསར་རྙིང་སུ་ལ་བྱུང་གང་ཟག་གི་སྐྱོན་ལས་ཆོས་ཀྱི་སྐྱོན་དུ་ག་ལ་འགྱུར། གཞན་ཡང་སྦྱོར་སྒྲོལ་སོགས་ནི། གསང་སྔགས་གསར་རྙིང་གཉིས་ཀའི་བརྒྱུད་དང་རྒྱ་གཞུང་ཐམས་ཅད་མཚུངས་ཤིང། ནུས་པ་མ་ཐོབ་པར་སྦྱོར་སྒྲོལ་རྩིང་སྦྱོད་བྱེད་པ་ནི་གསར་རྙིང་གཉིས་ཀ་(སྨད་ཆ།༧༨༠)ནས་གནང་བ་མེད་མོད། ཡང་དཀར་ཆས་ཙམ་ནི། མར་འབྲོག་འགོས་གསུམ། མེས་རྡོག་ཚུར་གསུལ་སོགས་དང་རྗེ་བཙུན་ས་སྐྱ་བ་རྣམས་ད་ལྟའི་བར་དུ་དཀར་བཞིན་པ་ལགས་ཤིང། གསང་སྔགས་རྙིང་མ་ལའང་དགེ་སློང་རྡོ་རྗེ་འཛིན་པ་མང་དུ་བྱོན་ཏེ་ཟུར་ཆེན་ཤཀྱ་འབྱུང་གནས་དང། ཟུར་བྱམས་པ་སེང་གེ་སོགས་དང་གཏེར་སྟོན་གུ་རུ་ཚེ་བརྟན་རྒྱལ་མཚན་དང། མངའ་རིས་པཎ་ཆེན་འཇའ་ཚོན་སྙིང་པོ་སོགས་འདུལ་བ་འཛིན་པ་ཆེན་པོ་དག་གིས་ཀྱང་འགྲན་དཀའ་བའང་མང་དུ་བྱོན་པ་ཡོད་དེ་མཐའ་གཅིག་ཏུ་འཛིན་རྒྱུ་མེད་དོ། ཡང་མཁས་གྲུབ་འགའ་ཞིག་གིས་གྲོང་སྔགས་པ་དག་གིས་སྦྱོད་པ་ལ་ཐུགས་ཁྲེལ་ལྟར་མཛད་ཀྱང། གྲོང་སྔགས་པ་རྣམས་སུ་མ་ཟད་དུས་སྙིགས་མའི་སྟབས་ཀྱིས་འདི་ཕྱིའི་བདེ་འབྲས་དོན་དུ་གཉེར་བ་དཀོན་ཅིང། གྲོང་སྔགས་པ་ཕལ་ཆེར་ནི་གནས་སྐབས་ལྟོ་གོས་ཙམ་གྱི་ཕྱིར་མདོས་ཡས་སོགས་ལས་ཚོགས་ཕྲན་བུ་ལས་ཆོས་དོན་དུ་གཉེར་བ་མེད་པས་མདོས་ཡས་སོགས་ལས་ཚོགས་ཕྲན་བུ་ལས་ཆོས་དོན་དུ་གཉེར་བ་མེད་པས་དུས་འདས་བ་དེ་དག་ལ་དཔྱད་དུ་མེད་དོ། འོན་ཀྱང་དེ་དག་གི་ནང་དུའང་རིམ་གཉིས་ལ་བརྩོན་པ་མེད་པའི་མཐའ་ཡས་མི་ཁེལ་མོད། དེས་ན་དུས་སྙིགས་མའི་སྟབས་ཀྱ་རབ་ཏུ་བྱུང་བ་ཤས་ཆེ་བས་ཀྱང་ཚོང་དུས་དང་གཡུལ་གྱི་བྱ་བ་ལ་འཇུག་པ་མང་ཞིང། རྗེ་དྲུང་བཞེད་པའི་རྡོ་རྗེའི་རྣམ་ཐར་དུ། དེང་སང་བུད་མེད་ཀྱི་སྐྱོན་མ་བྱུང་ཕྱིན། གཡོ་སྒྱུ་ཁྲམ་གསུམ་གྱི་སྒོ་ནས་མ་བྱིན་ལེན་གྱི་ཕམ་པ་ལ་གྲ་ས་ཆེན་པོ་རྣམས་ཀྱི་མཁན་པོ་ཡང་མི་འཛེས་པའི་ཕ་རོལ་དུ་ངོ་སོར་ཁྱེར་ཏེ། ཆོས་གིས་སེར་འཇོག་གེར་གསོ་སྦྱོར་(སྨད་ཆ།༧༨༡)སོགས་ཚོགས་དབུས་སུ་ཡོད། ཞེས་གསུངས་པའང་ཐུགས་མེད་པར་སྣང་ཞིང། དོན་འདི་ལ་དགོངས་ནས་འབྲུག་སྨྱོས་པའི་རྣམ་ཐར་དུ། ད་ལྟ་འདུལ་བ་དང་སུ་མཐུན་ལས་ཆེ་གཞན་འདུལ་བ་ཡི་གེར་བྲིས་པའི་སྣག་ཚ་དང་ཤོག་བུ་མཐུན་ཡོང། ཞེས་སོགས་གསུངས་པ་བཞིན། ཚུལ་མིན་སྦྱོད་པ་ཤིན་ཏུ་མང་བ་གང་ཟག་གི་སྐྱོན་དུ་ཟད་དེ། ཇི་སྐད་དུ། གསུང་རབ་སྒྲོན་མེད་ལག་ཏུ་ཐོགས་ནས་ནི། རྙེད་བཀུར་འཁོར་སྡེའི་དོན་དུ་འཐབ་རྩོད་བྱེད། སྡིག་པའི་གཡང་སར་གོམ་པ་འདོར་བའི་མིག། བློ་ངན་རབ་རིབ་འདི་ཡིས་སྒྲིངས་པར་ངེས། ཞེས་གསུངས་པ་བཞིན། ཁྱིམ་པའི་ལོངས་སྦྱོད་ལ་འཁྲེན་པའི་ཁྲོ་འཁྲུག་འཐབ་རྩོད་ཀྱིས་བསྟན་པ་རིན་པོ་ཆེ་རྨ་འབྱིན་པ་དག་ལ། བསྟན་འཛིན་ཆེན་པོ་རྣམས་ཀྱང་ཐུགས་ལས་ཆུང་ངུ་ལྟ་མཛད་མོད་ཀྱི། རང་གཞན་གྱི་ཆོས་དང་ལོ་རྒྱུས་ཞིབ་པར་མ་ངེས་བཞིན་དུ། ཉེ་ཚེ་བའི་ཐོས་པ་དང་གཞུང་ལུགས་ཕྱོགས་རེ་སྦྱངས་པའི་ཡུལ་གྱིས་རྒྱལ་བའི་བསྟན་པའང་གཡག་ཞར་གྱི་རྩ་བཞིན་ཕྱོགས་རེར་འཛིན་པས་ལུང་རིག་ལྟར་སྣང་གིས་ཆོས་དང་ངག་ཟག་མང་པོར་གཏན་ཚིགས་ཀྱིས་སུན་འབྱིན་ཅིང། བློ་དམན་ཕལ་པ་རྣམས་ཆོས་སྦངས་ཀྱི་ལས་ལ་འཇུག་ཏུ་བཅུག་པ་ལས་འཐབ་རྩོད་ཁྲོ་འཁྲུག་ལ་རྩོན་པ་འདི་དག་ཆོས་ཀྱི་བདུད་རྩིས་ལོག་སྦྱོད་ཞིང་བའི་ཐབས་ལ་འབད་པར་མཛད་ན་བསྟན་པའི་བྱ་བའང་དེ་རང་མི་ཆེའམ་སྙམ་སྟེ། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས། ཕ་ནི་ཡོངས་སུ་གོས་བའི་ཆེད། མ་དག་བཀུམས་པར་སྲིད་མིན་ལྟར། རང་གི་བསྟན་པ་སྦེལ་བའི་ཆེད།(སྨད་ཆ།༧༨༢)གཞན་གྱི་བསྟན་པ་ཇི་ལྟར་བཤིགས། ཞེས་དང། རྗེ་ས་པཎ་གྱིས་བསྟན་ལ་ཕན་པར་མ་ནུས་ཀྱང། རྣམ་པ་ཀུན་ཏུ་གནོད་མི་བྱ། ཞེས་གསུངས་པའི་ཕྱིར་རོ། སྦྱིར་ཡང་རརྣ་གླིང་པའི་གཏེར་ལུང་ལས། མི་རྣམས་ཁ་ལ་གནོད་སྦྱིན་མཁའ་ལ་རྒྱུ། མགྲིན་པར་ཞུགས་ནས་འཇིག་རྟེན་ཁ་ལྕེས་དཀྲུགས། དེ་ཡང་བོད་ཀྱི་བསྟན་པ་ཉམས་རྟགས་ཡིན། ཞེས་གསུངས་པ་བཞིན་དུ་དེང་སང་འཇིག་རྟེན་ཐམས་ཅད་ཡིན། ཞེས་གསུངས་པ་བཞིན་དུ་དེང་སང་འཇིག་རྟེན་ཐམས་ཅད་ཟེར་མཆུས་དཀྲུགས་པའི་དུས་འདིར་ལུང་རིག་ཚད་ལྡན་སྨྲ་བ་ཞིག་ཡོད་ནའང་ཆགས་སྡང་འཕེལ་བའི་རྒྱུ་ལས་མ་མཆིས་ཏེ། དཔལ་མགོན་ཀླུ་སྒྲུབ་ཀྱིས། སྦྲུལ་ལ་འོ་མ་རླུད་པ་ནི། དུག་འཕེལ་འགྱུར་བ་ཁོ་ནར་ཟད། ཅེས་གསུངས་པ་བཞིན་ཏེ་སྨྲས་ཀྱང་དོན་དུ་འགྱུར་བར་དཀའོ། འོན་ཀྱང་ལོག་རྟོག་ཟློག་ཕྱིར་ཟུར་ཙམ་སྨོས་པ་ལས་ཞིབ་པར་སྐབས་སུའང་མ་བབས་པས་རེ་ཞིག་བཞག་གོ། དེ་ལྟར་གོང་དུ་རྒྱས་པར་སྨོས་པ་བཞིན་གསང་ཆེན་རྙིང་མ་ནི་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ནས་བཟུང་ཆོས་རྒྱལ་མེས་དཔོན་རྣམས་ཀྱིས་དུས་ནས་ད་ལྟའི་དུས་ཡན་ལ་འཕེལ་འགྲིབ་མེད་པར་སྔགས་ཀྱི་རྟོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱིས་ལེགས་པར་བསྐྱངས་པས་ནུབ་མ་མྱོང་སྟེ་ཕྱིས་ཀྱི་གྲུབ་མཐའ་སྨྲ་བ་གསར་བྱོན་རྣམས་ཀྱིས་གཞི་དང་རྟེན་དུ་གྱུར་ཅིང། སྐྱེས་ཆེན་དུ་མས་ཐུགས་ཉམས་སུ་བཞེས་པ་ཡིན་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། བསྟན་པའི་སྙིང་པོ་གསང་ ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་(སྨད་ཆ།༧༨༣)མཚོ་ལས། སྔགས་གསར་མ་རྣམས་བྱུང་ཚུལ་བརྗོད་པའི་སྐབས་ཏེ་སརྒ་བདུན་པའོ།།(སྨད་ཆ།༧༨༤)

སྦྱི་དོན་བརྒྱད་པ། ཐུན་མོང་རིག་གནས་སྐྱི་སྐོར་དང་བསྟན་པའི་གནས་ཆད་བཤད་པའི་སྐོར་བཟོ་རིག་བའི་སྐབས།

རྩ་བའི་ས་བཅད་བརྒྱད་པ་ཐུན་མོང་རིག་གནས་ཀྱི་སྐོར་ཇི་ལྟར་བྱུང་བའི་ཚུལ་དང་བསྟན་པའི་གནས་ཚད་བཤད་པ་གཉིས་ཀྱི། དང་པོ་ཐུན་མོང་རིག་གནས་ཀྱི་སྐོར་བྱུང་ཚུལ་ཅུང་ཟད་བསྙན་པར་བྱ་སྟེ། དེ་ཡང་འཆད་དང་རྩོད་དང་རྩོམ་པ་གསུམ་མཁས་པའི་བྱ་བ་རྣམས་གསུམ་ཡིན། ཞེས་གསུངས་པ་ལྟར་བསྟན་པ་གསལ་བར་བྱ་བའི་ཕྱིར་འཆད་པ། བསྟན་པ་ཡུན་རིང་རུ་གནས་པར་བྱ་བའི་ཕྱིར་རྩོམ་པ། བསྟན་པ་ལ་ལོག་པར་རྟོག་པར་ཚར་གཅོད་པའི་ཕྱིར་རྩོད་པ་སྟེ། མཁས་པ་རྣམས་ཀྱིས་འཇུག་པར་བྱ་འབི་སྒོ་རྣམ་པ་གསུལ་ལས་འདིར་ནི་དྲིན་ལན་གསབ་པའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔར་མ་བསླབས་ནས། ནམ་དུའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་ནུས་སོ། དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར། རིག་པའི་དངོས་པོ་ལྔ་ལ་བསླབ་པར་བྱའོ། ཞེས་དང། འཕགས་པ་ཐོགས་མེད་ཀྱི་རྣལ་འབྱོར་སྦྱོད་པའི་ས་ལས། རིག་པའི་གནས་ལྔ་གང་ཞེ་ན་འདི་ལྟ་སྟེ། ནང་རིག་པ་དང། གསོ་བའི་རིག་(སྨད་ཆ།༧༨༥)1. དང། གཏན་ཚོགས་ཀྱི་རིག་པ་དང། སྒྲའི་རིག་པ་དང། བཟོའི་ལས་ཀྱི་གནས་ཀྱི་རིག་པའོ། ཞེས་པས་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་རྣམ་ཀྱིས་བསླབ་པར་བྱ་བའི་གནས་ནི། ཤེས་བྱ་རིག་པའི་གནས་རྣམ་པ་ལྔ་ཡིན་ལ། དེ་ལ་སྦྱི་མདོ་ལས། རིག་པའི་གནས་བཅོ་བརྒྱད་ལ་སོགས་པའི་དབྱེ་སྒོ་མང་དུ་བཤད་པ་རྣམས་ཀྱང། རིག་པའི་གནས་ལྔའི་ནང་དུ་འདུས་པར་བཤད་དེ། མཁས་པ་འཇུག་པའི་སྒོ་ལམ། དེ་ཡུལ་བརྡ་སྦྲོད་རྟོག་གེ་དང། འཚོ་བ་ཕྱི་ནང་རིག་ཅེས་གྲགས། ཞེས་གསུངས་པ་དེ་ཡིན། དེ་དག་ལ་ལེགས་པར་སྦྱངས་པའི་དགོས་པ་ཡང། རྒྱལ་ཚབ་མི་ཕམ་མགོན་པོས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང། བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། ཞེས་དང། དེ་ཡང་སྒྲ་རིག་པས་ནི་ཚིག་དང། གཏན་ཚིགས་རིག་པས་ནི་དོན་ལ་ལོག་པར་རྟོག་པ་ཚར་བཅད་དགོས་ཤིང། གཏན་ཚིགས་རིག་པས་ནི་འདོད་དགུ་སྦྱི་དང། གསོ་བ་རིག་པས་ནི་ཁྱད་པར་ནད་མེད་དོན་དུ་གཉེར་བ་རྗེས་སུ་འཛིན་པ་དང། ནང་རིག་པས་ནི་བདག་གི་དེ་ཁོ་ན་ཉིད་དད་ལམ་ཟབ་རྒྱས་ཀུན་ཤེས་ནས་ཉམས་སུ་བླངས་དགོས་པའི་ཕྱིར་རི། དེ་ལྟ་བུའི་རིག་གནས་སྔ་པོ་དེ་དག་འཆད་ལུགས་ལ་གོ་རིམ་སྣ་ཚོགས་ཤིག་འདུག་ཀྱང། འདིར་སྟག་ཚང་ལོ་(སྨད་ཆ།་ཚར་གཅོད་སྒྲ་དང་གཏན་ཚིགས་ཏེ། ཕྱི་རོལ་རིག་གནས་བཞི་དང་ནང་གི་དོན། ཞེས་གསུངས་པའི་གོ་རིམ་ལྟར་འཆད་པར་བྱ་སྟེ། དེ་ཡང་བཟོ་རིག་པ་ལ་(སྨད་ཆ།༧༨༦)སྦྱིར་རྣམ་པར་མ་གྱུར་པ་སེམས་ཀྱི་བཟོ་ནི་འཁོར་འདས་ཇི་ལྟར་གྲུབ་པ་སོགས་ཐམས་ཅད་དེ་ནང་རིག་པ་རྣམས་ཀྱང་འདིར་གཏོགས་སོ། བརྗོད་པ་སྒྲའི་བཟོ་ནི་ངག་གི་འགྱུར་བ་སྟེ་སྒྲ་སྙན་ངག་དང་དབྱིབས་ཀྱི་བཟོ་ལ་བྱེད་པ་པོ་དང་མ་འབྲེལ་བ་འཇིག་རྟེན་ཆགས་པ་སོགས་དང། བྱེད་པ་པོ་དང་འབྲེལ་བ་སྐབས་འདིའི་བཟོ་ཉིད་དོ། དེ་ཡང་གཅོ་བོ་སྐུ་གསུངས་ཐུགས་རྟེན་ཡིན་ལ་དེ་ལས་ཐོག་མར་བྱུང་ཚུལ་གྱི་གཞི་ནི་རི་མིའི་རྒྱལ་པོ་འཇིགས་ཐུལ་ཞེས་བྱ་བ་བྱུང་སྟེ་དེས་ཆོས་བཞིན་ས་བསྐྱངས་པས་ཚེ་ལོ་འབུམ་དུ་འབེལ་ཞིང་ཤིན་ཏུ་བདེ་བར་གྱུར། དེ་ནས་རྒྱལ་པོ་དེས་དཀའ་ཐུབ་ཆེན་པོ་སྦྱད་པས་དབང་ཕྱུག་གིས་ཀྱང་མིའི་ཡུལ་མི་ཕེབས་པ་དང་བསྟན་བཅོས་ཐམས་ཅད་ཤེས་པའི་མཆོག་བྱོན་ནོ། དེའི་ཚེ་བྲམ་ཟེ་ཞིག་གི་བུ་གཞོན་ནུ་གཅེས་པ་ཞིག་གློན་བུར་དུ་ཤི་བས་བྲམ་ཟེ་དེས་རྒྱལ་པོ་ཁྱོད་ཀྱིས་རྒྱལ་སྲིད་ཆོས་བཞིན་མ་བསྐྱངས་འདྲ་སྟེ། ཁྱོད་ཀྱི་འབངས་ལ་དུས་མིན་གྱི་འཆི་བ་བྱུང་སྟེ་བདག་གི་བུ་འཕྲོགས་སོ། ཁྱོད་ཀྱི་འབངས་ལ་དུས་མིན་གྱི་འཆི་བ་བྱུང་སྟེ་བདག་གི་བུ་འཕྲོགས་སོ། བུ་སླར་མ་སྩལ་ན་བདག་འདི་གར་ལྕེབ་བོ་ཞེས་བྱ་པས། རྒྱལ་པོས་བྲམ་ཟེ་དེས་རྒྱལ་པོ་ཁྱོད་དེ་གཤེན་རྗེའི་རྒྱལ་པོ་ཉི་མ་ལྟར་གཟི་བརྗིད་འབར་བའི་དྲུང་དུ་ཕྱིན་ཏེ་ཕྱག་འཚལ་ནས་བྲམ་ཟེའི་བུ་སྩལ་དུ་གསོལ་བྱས་པས། བདག་གིས་མ་ལེན་ཏེ་རང་རང་གི་ལས་སུ་ཟད་དོ། རྒྱལ་པོའི་བྱིན་ཞིག་དང། གཤེན་རྗེས་མི་རུང་ངོ་ཡང་ཡང་སྨྲས་ཏེ་མཐར་གཡུལ་བཤམས་ཏེ་ཕན་ཚུལ་མཚོན་ཆའི་ཆར་ཕབ་ཅིང། རྒྱལ་པོས་(སྨད་ཆ།༧༨༧)ལྷའི་མཚོན་ཆའི་ཆར་གྱིས་གཤིན་རྗེའི་འཁོར་ཐམས་ཅད་ཕམ་པར་བྱས་པས་གཤིན་རྗེས་ཀྱང་དབྱུག་པ་ཐོགས་ཤིང། རྒྱལ་པོས་ཀྱང་དབྱུག་པ་ཚངས་མགོ་ཅན་ཐོགས་ཏེ་འཇིག་རྟེན་ཐམས་ཅད་དངངས་པ་ན་ཚངས་པ་བྱོན་ཏེ་སོ་སོའི་ལས་སུ་ཟད་ཀྱིས་གཤིན་རྗེས་མ་ཉེས་སོ། འོན་ཀྱང་བྲམ་ཟེའི་བུ་རི་མོར་བྲིས་ཤིག་ཅེས་པ་ལྟར་རྒྱལ་པོས་བྲིས་ཏེ་ཚངས་པས་གསོན་པོར་བསླངས་ཏེ་བྲམ་ཟེ་ལ་གཏད། ཡི་དགས་ལ་ཅེར་བུ་ཟེར་བས་དེ་བཏུལ་བས་ལེགས་སོ། ཞེས་རྒྱལ་པོ་ལ་ཅེར་ཐུལ་དང་དང་པོར་རི་མོ་འབྲི་བ་པོ་ཡིན་པས་དང་པོར་འབྲི་བ་ཞེས་བཏགས། ཚངས་པས་བསྒོ་སྟེ་རྒྱལ་པོས་ཀྱང་གཤིན་རྗེ་ལ་ཕྱག་དང་མཆོད་པ་བྱས་ཏེ་ཀུན་དགའ་བར་གྱུར་ཏོ། སླར་རྒྱལ་པོས་ཚངས་པའི་འཇིག་རྟེན་དུ་སོང་སྟེ་རི་མོ་འབྲི་ཚུལ་ཞུས་པས་རི་ཡི་མཆོག་ནི་རིང་རབ་ཡིན། སྒོ་ང་ལས་སྐྱེས་རྣམས་ཀྱི་ནི། གཅོ་བོ་ནམ་མཁའ་ལྡིང་ཡིན་ནོ། མི་ཡི་གཙོ་བོ་ས་བདག་སྟེ། དེ་བཞིན་རི་མོ་སྒྱུ་རྩལ་གཙོ། སོགས་དང། རྒྱལ་པོ་དེ་བཞིན་ཀྱིས་བསྔགས་ནས་བི་ཤཱ་ཀརྨས་སྟོན་པར་ལུང་བསྟན་ཞིང། དེས་འཁོར་ལོས་བརྒྱུར་པའི་ཚད་གཙོ་བོར་བྱས་ཏེ་ཚད་དང་མི་ལྡན་པའི་ཉེས་པ། ལྡན་པའི་ཕན་ཡོན་སོགས་བསྟན་ཞིང། ལུས་ལ་མཛེས་པ་མ་ཚང་ན། ཚད་དག་གིས་ནི་ཅི་ཞིག་བྱ། ཞེས་མཛེས་དགོས་པར་ཡང་བསྟན་ཏོ། དེ་ནི་འཇིག་རྟེན་ན་རི་མོ་བྲི་བ་ཐོག་མའི་བྱུང་ཚུལ་ཏེ། ཐུབ་པ་ཆེན་པོ་འདིའི་བསྟན་པ་འདིར་སྐུ་གསུང་ཐུགས་ཀྱི་རྟེན་བྱུང་བ་གང་གི་སྔ་ཞེ་ན། ཐུགས་རྟེན་ཉིད་ཐོག་མར་བྱུང་སྟེ་ལུམྦིའི་ཚིལ་དུ་བལྟམས་ཚེ་རྒྱལ་པོ་ཟས་གཙང་མ་སོགས་ཀྱི་པདྨ་སྦུངས་པའི་མཆོད་རྟེན་(སྨད་ཆ།༧༨༨)བརྩིགས་པ་དང། སྟོན་པའི་སྐུ་གཟུགས་བྲིས་འབུར་གཉིས་ལས་བྲིས་སྐུ་ཐོག་མར་བྱུང་སྟེ། དེ་ལ་ཡང་དང་པོ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཡུལ་མཐའ་འཁོབ་ཀྱི་རྒྱལ་པོ་ཨུ་ཏྲ་ཡ་ན་ཎ་ལ་སྐྱེས་སུ་བསྐུར་བ་དེ་ཡིན་ལ་དེ་ཡང་སྟོན་པའི་སྐུ་ལ་རིག་བྱེད་པ་དག་ལྟ་བས་མ་ངོམས་ནས་མིག་འབྲས་མྱོས་པ་ལྟ་བུར་གྱུར་སྐབས། སྟོན་པ་ཆུ་འགྲམ་དུ་བཞུགས། དེའི་སྐུ་བརྙན་ཆུ་ཀླུང་དུ་འཆར་བ་དཔེར་བགྱིས་པར་གྲགས་པ་དང། གཉིས་པ། སངྒི་ལའི་རྒྱལ་བོ་མོ་མུ་ཏིག་འཁྲི་ཤིང་གིས་མུ་ཏིག་བྲེ་བོ་ཆེ་གསུམ་སྟོན་པ་ལ་སྐྱེས་སུ་ཕུལ་བའི་སྐྱེས་ལན། རས་ཀྱི་གཞི་མར་རེ་མོ་ཅི་འཐན་སྐུ་ལས་འོད་ཟེར་བཀྱེ་སྟེ། དེ་སྟེང་རི་མོས་མནན་པ་འདི་སྐྱེ་མཆེད་གཙངསྟེ་ཁ་ཆེ་དང་ཡུལ་དབུས་ཀྱི་ཕྱོགས་སུ་དར་བར་བཤད་དེ། འདི་གཉིས་བསྟན་པ་འདིའི་བྲིས་སྐུའི་ཐོག་མ་ཡིན། སྦྱིན་བདག་རྣམས་ཀྱིས་དགེ་འདུན་གདུགས་ཚོད་ལ་སྦྱན་དྲངས་པའི་དུས་སྟོན་ལ་མ་གཤེགས་པའི་ཚེ་གྲལ་གྱི་ཐོག་མ་མི་བརྗེད་པར་མཐོང་ནས་ཁྱིམ་བདག་ཆེན་པོ་མགོན་མེད་ཟས་སྦྱིན་གྱི་ཞུས་ཤིང་གནང་སྟེ་རྒྱལ་བའི་སྐུ་གཟུགས་མང་དུ་བཞེངས་པར་བཤད་པ་ནི་འབུར་གྱི་ཐོག་མ་ཡིན་ནོ། ཡང་བཅོམ་ལྡན་འདས་ལྷ་ཡུལ་དུ་གཤེགས་པའི་ཤུལ་དུ་གསལ་ལྡན་གྱི་རྒྱལ་པོ་འཁོར་བཅས་ཀྱིས་ཕྱག་དང་མཆོད་ཡུལ་དུ་ཙན་དན་ལས་བྱས་ཏེམཚར་སྡུག་དངོས་འདྲ་བ་བཞེངས་པའི་ཙན་དན་ཇོ་བོར་གྲགས་པ་ནི་དེང་སང་རྒྱ་ནག་ན་བཞུགས་པ་དངོས་ལས་བཤུས་པའི་པི་ཐང་བྱུང་བ་སོགས་བྲིས་འབུར་གྱི་རྣམ་གཞག་དང། ཁྱད་པར་སྟོན་པའི་འོད་ཀྱིས་རེག་པས་སྦོབས་པ་སྐྱེས་ཏེ་ཚངས་པ་དང་བརྒྱ་བྱིན་དང་རཱ་ཧུ་ལ་གསུམ་གྱི་སྐུ་གསུམ་གྱི་རྟེན་(སྨད་ཆ།༧༨༩)བཞེངས་པར་ཞུས་པ་ན། པི་ཤཱས་བཟོ་བ། བྱམས་པས་དཀོན་གཉེར། ཕྱག་རྡོར་གྱིས་སྐུ་སྲུང། དཔལ་མགོན་བདུན་ཅུས་སྲུང་མར་ཁས་བླངས། ཚངས་པས་ལྷའི་རིན་པོ་ཆེ་སྣ་ཚོགས་གཞུ་བཏུལ་བླུགས་ཏེ་མཆོད་རྟེན་ཟླུམ་པོ་ཁོ་རང་གི་འདོམ་གང་པ་ཁ་དོག་སྔོ་བསངས་ལན་བདུན་བསྐོར་བ་མཆོག་འགྲུབ་པ་བཞེངས་ཏེ་དཔལ་རེག་པ་མེད་པའི་མཆོད་རྟེན་དུ་གྲགས་ཏེ། འཕགས་ཡུལ་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ཀོངྐུ་ནའི་བཞུགས་པ་ཡིན་ཅིང། མཆོད་རྟེན་འདིས་ཁྱབ་པའི་འོག་ཀུན་ནི། རྗེ་ས་པཎ་གྱིས།(སྨད་ཆ།་རི་ཏྲ་ཞེས་པའི་ཡུལ་དེ་ཡིན་ཞིང། ཡུལ་དེར་རྡོ་རྗེ་ཕག་མོས་སྲིད་པ་གསུམ་གྱི་ཆང་འགུགས་པར་གྲགས་པས། སྦྱར་ཆང་དང་འབྲུ་ཆང་རྣམས་སྦྱར་ཐེངས་རེ་ལ་མང་དུ་བསིང་ནས། སླར་བཅུད་མེད་པར་སོང་ཚེ། ཡུད་ཙམ་རེ་བསྙལ་ནས་བཞག་ན་སླར་གསར་པར་འགྲོ་བ། དེ་འདྲ་ལན་བདུན་འབྱུང་བ། དུས་བཟང་ལ་ལུང་པ་ཀུན་ཆང་གི་དྲིས་ཁྱབ་པ་ཞིག་ཡོད་དོ། མཆོད་རྟེན་དེ་ལ་དུས་བཟང་རྣམས་སུ་ལྟས་མཆོད་པའི་རོལ་མོའི་སྒྲ་སྣ་ཚོགས་དང། སྦོས་ཀྱི་དྲི་དང་མཚན་མོར་མེ་མར་གྱི་སྣང་བ་དུ་མ་འབྱུང་བའང་ཀུན་གྱི་མཐོང་ཐོས་སུ་གྱུར་པ་ཡོད་དོ། མཆོད་རྟེན་དེ་ཡང་སོ་སྐྱེ་ཕལ་བ་རྣམས་ཀྱིས་ཀྱང་མཐུན་སྣང་གྲུབ་པར་དུས་རྟག་ཏུ་ངུ་བའི་རྣམ་པར་མཐོང་བས་མི་རྣམས་ཀྱིས་ངུ་བ་ཅན་གྱིས་མཆོད་རྟེན་ཟེར་ཞེས་པཎྜི་ཏ་སངས་རྒྱས་སྦས་པའི་མགོན་པོས་མཇལ་བའི་ལོ་རྒྱུས་ལས་བྱུང་སྟེ། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱལ་པོ་བཀའ་ཆེམས་སུའང་རྒྱས་པར་གསུངས་སོ།(སྨད་ཆ།༧༩༠)རཱ་ཧུ་ལས་ཀླུའི་རིན་པོ་ཆེའི་ཚོགས་ལས་རྣམ་སྣང་གངས་ཅན་མཚོ་ལོངས་སྐུ་མཐིང་ག་མཉམ་བཞག་ཅན། དཔག་ཚད་བརྒྱད་ཅུ་པ་གསོལ་བ་བཏབ་ན་འབྲས་པཱ་ལུའི་ཆར་ཞག་བཅུ་གཉིས་སུ་འབེབས་པ་ལྟེ་བ་མན་ཕྱི་ཡི་རྒྱ་མཚོའི་ནང་དུ་ནུབ་ཅིང། དེ་ཡན་སྟེང་དུ་ཐོན་པས་ས་གསུམ་གྱིས་འགྲོ་བའི་དོན་མཛད་པ་བཞེངས། བརྒྱ་བྱིན་གྱིས་ལྷའི་རིན་ཆེན་ལྔ། བར་མའི་རིན་ཆེན་ལྔ། བར་མའི་འཆིང་བུ་ལྔ་བརྒྱ་རྩ་གཅིག་ལས་སྟོན་པ་དགུང་ལོ་བརྒྱད་པ་དང་བཅུ་གཉིས་པ་དང་ཉེར་ལྔ་པའི་སྐུ་ཚད་གསུམ་ཀའང་སྦྲུལ་སྐུ་ས་གནོན་མཉམ་གཞག། སེང་གེ་བརྒྱ་ཙ་བརྒྱད་ཀྱིས་བཏེགས་པའི་ཁྲི། རྒྱབ་ཡོལ་ལ་མཛད་པ་བཅུ་གཉིས། འོད་སྐོར་ལ་སངས་རྒྱས་སོ་ལྔ། གདུགས་ལ་འདས་པའི་སངས་རྒྱས་དྲུག་སོགས་བཀོད་པ་བཞེངས་ཏེ་སྦྱན་སྔར་བྲིམས་པས། སྟོན་པའི་ཞལ་ནས་འོད་ཟེར་སྣ་ཚོགས་བཀྱེ་བས་འཇིག་རྟེན་བཀང། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སླར་ལོག་སྐུ་གསུམ་འོད་ཀྱིས་ཁྱབ་སྟེ་རབ་ཏུ་གནས། ཞལ་དུ་ཞུགས་རྟེན་འདི་རྣམས་གང་དུ་བཞུགས་པར་སྲས་དང་སློབ་མའི་ཚོགས་གྲངས་མེད་པས་མཆོད། ཐེག་ཆེན་དང། ཁྱད་པར་སྐུ་གཟུགས་གཉིས་དང་སྦྱན་རས་གཟིགས་ཀྱི་བོད་ཡུལ་འདུལ་བར་འགྱུར་བ་སོགས་ཀྱིས་ཆེད་དུ་བརྗོད། ཉེར་ལྔ་པའི་སྐུ་ཚད་ལྷ་ཡུལ་དུ་སྦྱན་དྲངས་ཏེ་མཆོད། བརྒྱད་དང་བཅུ་གཉིས་པའི་ཚད་ལྷ་ཡུལ། ཨོ་རྒྱན་ཀླུ་ཡུལ། རྡོ་རྗེ་གདན་རྣམས་སུ་ལོ་ལྔ་བརྒྱ་ཕྲག་རེ་མཆོད་ནས་རྒྱ་ནག་གྱི་རྒྱལ་པོ་ཅེ་ཝི་མའི་དུས་བཅུ་གཉིས་པའི་སྐུ་ཚད་ཀྱི་བཅས་རྒྱ་ནག་དང། བརྒྱད་པའི་སྐུ་ཚད་བལ་པོའི་རྒྱལ་པོའི་མཆོད་ཡུལ་དུ་བསྐུར། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་གཉིས་ཀ་བོད་དུ་ཕེབས་པ། བཅུ་(སྨད་ཆ།༧༩༡)གཉིས་པའི་སྐུ་ཚད་ལྷ་སའི་ཇོ་བོ་དང། བརྒྱད་པའི་སྐུ་ཚད་ར་མོ་ཆེའི་ཇོ་བོ་ཡིན། ལོ་རྒྱུས་ལ་ལར་བཅུ་གཉིས་པ་བྱམས་པས་བཞེངས་པ་དང། བརྒྱད་པ་སངས་རྒྱས་འོད་སྲུང་གི་ཚེ་རྒྱལ་པོ་ཀྲི་ཀིས་བཞེངས་པ་ལ་འོད་སྲུང་གིས་རབ་ཏུ་གནས་ཏེ་ཤཀྱ་ཐུབ་པ་དགུང་ལོ་བརྒྱད་པའི་སྐུ་ཚད་དུ་གྱུར་ཞེས་གསུངས་བྱ་བ་ཡང་བཤད་དོ། གསུང་རྟེན་ཡི་གེའི་བྱུང་ཚུལ་ནི། ཕྱི་རོལ་པ་དག་གིས་ཡི་གེའི་བྱེད་པོ་ནི་ལྷ་རྟག་ཞི་བ་སྟེ་དབང་ཕྱུག་ཆེན་པོས་བྱས་པར་བཤད། རྒྱ་གར་དུ་ཡི་གེ་འདྲ་བ་དུ་མ་ཡོད་ཚུལ་སོགས་སྟོན་པའི་སྐྱེས་རབ་རྒྱ་ཆེ་རོལ་པར་གསལ་བ་ལྟར། ཚངས་པའི་ཡི་གེ་སོགས་ཡིག་རིགས་དྲུག་ཅུ་རྩ་བཞི་དང། གཞན་ཡང་ལན་ཝར། ངྷི་རི་ག། ནཱ་ག་ར་སོགས་ཡོངས་གྲགས་དང། རྒྱ་མཚོའི་མཐའི་ཡི་གེ་དང་ཟངས་གླིང་དང་སྲིན་པོའི་ཡི་གེ་སོགས་མཐའ་ཡས་ཤིང། གསུང་རྟེན་གླེགས་བམ་བྱུང་བའི་ཐོག་མ་ནི། འཁོར་ལོ་བར་པའི་ཚེ་བརྒྱ་བྱིན་གྱིས་གསེར་གྱི་གླེག་བུ་ལ་བཻ་ཊཱུ)་སྔོན་པོའི་ཞུན་ལས་ཤེས་ཕྱིན་བྲིས་པ་དང། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སོགས་གླེགས་བམ་ལ་བྲིས་ནས་རྒྱལ་མཚན་གྱི་ཙེ་མོར་བཏགས་པས་ལྷ་མིན་གྱི་གཡུལ་བཟློག་དང། འདུལ་བ་ལུང་ལས་སྟོན་པའི་བཀའི་གླེགས་བམ་འཚོང་དུ་མ་གནང། མུ་སྟེགས་གཞུང་འཚོང་དུ་གནང་བ་སོགས་ཀྱི་བཀའ་པོད་ཡོད་པར་གྲུབ་ཅིང། བཀའ་བསྡུའི་ཚེ་སྡུད་པ་པོ་རྣམས་ཀྱིས་རང་རང་གིས་ཡུལ་དུ་སོ་སོའི་སྐད་ཀྱིས་བྲིས་པར་བཤད། ཐུགས་རྟེན་ནི་བཀྲ་ཤིས་འབྱུང་དང། བྱང་ཆུབ་ཆེན་པོ། ཆོས་འཁོར་མུ་སྟེགས་ཕམ་མཛད་ལྷ་བབས། དབྱེན་བསྡུམ་རྣམ་རྒྱལ་མྱ་ངན་འདས་རྣམས་མ་ཚད་པ་སོ་སོའི་སྐབས་སུ་བྱུང་ངོ། གཞན་ཡང་སྟོན་པ་མྱ་ངན་ལས་འདས་ནས་ལོ་(སྨད་ཆ།༧༩༢)བརྒྱད་ཙམ་གྱི་བར་དུའང་མིའི་བཟོ་བོ་ལས་ཀྱི་འཕྲུལ་དང་ལྡན་པས་སྐུ་གཟུགས་སོགས་ཀྱི་དངོས་སུ་འཕྲུལ་པ་སྐྱེ་ནུས་པའི་བཟོ་གནས་ངོ་མཚར་བ་དག་བྱེད་པ་བྱུང་ལ། དེ་རྣམས་རིམ་གྱི་ནུབ་ནས་ལྷའི་གཟོ་བོ་མང་པོ་མིར་སྦྲུལ་ནས་བྱང་ཆུབ་ཆེན་པོ་སོགས་མ་གྷ་ངྷའི་རྟེན་ངོ་མཚར་ཅན་སོགས་བྱུང་པར་གྲགས། ཕྱིས་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་དུས་བིརྦ་ས་ར་ཞེས་པས་འགྱུར་དང་རི་མོའི་བཀོད་པ་ལྷའི་བཟོ་དང་མཐུན་པར་བྱས་པའི་ལག་རྒྱུན་ལ་དབུས་ཀྱི་བཟོར་གྲགས་ལ་རྒྱལ་པོ་དང་ཚུལ་གྱིས་དུས་སྲག་ངྷ་རི་ཞེས་པའི་བཟོ་བོས་གནོད་སྦྱིན་གྱིས་བཞེངས་པ་དང་མཐུན་པའི་བྲིས་འབུར་གྱི་བཀོད་པ་བྱས་པའི་བཟོ་རྒྱུན་ལ་ནུབ་རྙིང་མར་གྲགས་པ་དང། རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་གི་དུ་ངྷེ་མཱ་ན་ཞེས་པ་དང། དེའི་བུ་བིརྦ་ལོ་ཞེས་པ་གཉིས་ཀྱིས་ཀླུའི་བཟོ་དང་མཐུན་པར་བྱས་པའི་བུའི་ལག་རྒྱུན་གྱིས་ལུགས་མ་རྣམས་ལ་ཤར་གྱི་ལྷ་དང། རི་མོ་ནི་ཕའི་ལག་རྒྱུན་ལ་ཤར་རིགས་དང། བུའི་ལག་རྒྱུན་ལ་དབུས་ཀྱི་རི་མོར་ངོས་འཛིན། ཀསྨི་རའི་ཡུལ་དུ་ཕྱིས་ཧ་སུ་རཱ་ཛ་ཞེས་པས་བྲིས་འབུར་གཉིས་ཀའི་སྲོལ་གཏོད་པ་ལ་དེང་སང་ཁང་ཆེམས་ཞེས་ཟེར་རོ། བོད་ཀྱི་ཡུལ་འདིར་ནི། སྔོན་ཆོས་རྒྱལ་མེས་དབོན་གྱི་དུས་སྦྲུལ་པའི་བཟོ་བོས་བྱས་པ་མང་ལ། དེ་ནས་རིམ་པར་སྔོན་བྲིས་འབུར་གཉིས་ཀ་རྒྱ་བལ་གྱི་ལག་རྒྱུན་ཤས་ཆེ་བ་བྱུང་ཞེས་ཟེར་ལ་ལྟར་དེ་དང་དེའི་ལུགས་སྲོལ་དང་འདྲ་རུང་དུ་སྣང་མོད། ལྷ་བཙུན་ཁུ་དབོན་གྱི་དུས་བྲིས་འབུར་གྱི་སྲོལ་རྒྱུན་མང་ཞིང། ཁྱད་པར་བྲིས་ལ་རྡོ་རྗེ་གདན་གྱི་སྟོན་པའི་སྐུ་ཚད་དགུང་ལོ་ཉེར་ལྔ་པ་ཅན་ལ་ཕྱིས་དྲི་བཟང་བྱུགས་པར་རས་བཀབ་སྟེ་བྲིས་རྒྱུན་སྦེལ།(སྨད་ཆ།༧༩༣)1. རྒྱ་གར་དང་བལ་པོ་ལ་དག་སོགས་ན་ཡོད་ཅིང། དེ་ཅུང་བྲིས་རྒྱུན་མི་ལེགས་པར་གྲགས་ཤིང། བལ་པོའི་ལྷ་བཟོ་བས་བྲིས་བལ་བྲིས་ཞེས་དང། དེ་རྗེས་སུ་ལྷ་བཟོ་ལ་མཁས་པ་རྡོ་པ་བཀྲས་རྒྱལ་ཞེས་པར་སློབ་དཔོན་ལས་མཁས་པའི་སློབ་མ་གཉིས་བྱུང་བ་ལྷོ་བྲག་ཕྱོགས་ནས་སྨན་ཐང་དུ་ཡང་ཐོན། རང་གི་སྐྱེ་བ་སྔོན་མ་རྒྱ་ནག་ཏུ་འཁྲུངས་དུས་བྲིས་པའི་པི་ཐང་རྒྱ་མཛད་ཆེན་པོར་གྲགས་པ་དེ་གཟིགས་པ་ཙམ་གྱིས་སྔོན་གནས་རྗེས་དྲན་གྱི་ཚུལ་བསྟན་པའི་རྒྱལ་རིགས་དང་ཉེ་བའི་ལྡན་ལུགས་ཀྱི་རི་མོ་འདི་ཐུགས་ལ་བཀྲ་ལམ་གྱི་ཤར་རྒྱུད་སྡེ་གཉིས་དང་བསྟུན་ཡིག་ཆ་མཛད་ཅིང། ཚུགས་ཆེན་བརྒྱད་ལ་ཤ་ཚུག་རེ་དང། ན་བཟའ་རྒྱན་སྦྲོད་རེ་བཅས་བཅུ་དྲུག་གིས་གཏན་ལ་ཕབ། ཐམས་ཅད་མཁྱེན་པ་པཎ་ཆེན་དགེ་འདུན་གྲུབ་པ་ལ་མནལ་ལམ་དུ་རྗེ་བཙུན་སྒྲོལ་མས་འཇམ་དབྱངས་ཀྱི་སྦྲུལ་པ་ཞིག་འོང་བ་ཡོད་ཅེས་ལུང་བསྟན་པ་སྨན་བླ་དོན་གྲུབ་དང་མཇལ་བས་འཇམ་དབྱངས་ཀྱི་སྦྲུལ་པར་ངོས་འཛིན་གནང་བའི་སྨན་ཐང་བ་ཆེན་མོ་དང། གངས་དཀར་སྒང་སྟོད་ནས་བྱུང་བའི་མཁྱེན་བརྩེ་ཆེན་མོ་དེ་གཉིས་སོ་སོའི་བཞེད་པས་ལུགས་ཀྱང་ཅུང་ཟད་མི་མཐུན་པ་གྱུར་པ་དང། གཞན་ཡང་སྦྲུལ་སྐུ་བྱིའུ་བ་ཞེས་པ་འཁྲུངས་ས་ཡར་སྟོད་དུ་བྱུང་བ་བྲིས་ལ་བརྩོན་པ་བླ་ལྷག་ཏུ་ཆེ་བས་རྒྱབ་ཏུ་བྱང་ཤིང་དང་ཤོག་དཔེ་འབྲལ་མེད་དུ་བཅངས་ཤིང། བྲིས་རྒྱུན་ལེགས་པ་དང་བྲིས་དཔེ་ལེགས་པ་ཐོས་ན་ལེན་པར་ཕྱོགས་མཐའ་མྱུལ་བ་ཞིག་བྱུང་བར་བརྟེན་འདྲ་དཔེའི་སྒོ་ནས་སྦྲུལ་སྐུ་འདི་བྱེའུ་དང་དབྱེར་མ་མཆིས། ཞེས་མིང་བྱེའུ་ཐོགས་པ་ཞིག་བྱུང་འདུག་པ་(སྨད་ཆ།༧༩༤)དེ་ནི་སྨན་མཁྱེན་དར་ཅུང་མི་མཐུན་པའི་ལུགས་བཅས་རི་མོ་གསུམ་དུ་གྱེས་པའི་ཚུལ་སོགས་དེང་སང་བར་དར་རྒྱས་ཆེ། ཡང། ཀརྨ་པ་མི་སྐྱོད་ཞབས་ཀྱི་དུས་སྦྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཞེས་པའི་རི་མོ་ལ་ཤིན་ཏུ་ཀམཁས་པ་ཞིག་བྱུང་སྟེ་ཞཱ་དམར་ལྔ་པའི་ལྗགས་བཀོད་ལྟར་རྒྱ་ནག་དང་མཐུན་པའི་བྲིས་རྒྱུན་སྦེལ་བ་ལ་སྒར་བྲིས་ཟེར་ཏེ་འདི་ཀརྨ་པ་ཉིད་ཀྱི་སྦྲུལ་པ་ཡིན་པར་ཡང་གྲགས་ཏེ་བྲིས་ཏེ་འདི་ཀརྨ་པ་ཉིད་ཀྱི་སྦྲུལ་པ་ཡིན་པར་ཡང་གྲགས་ཏེ་བྲིས་རྒྱུན་ཤིན་ཏུ་ལེགས། སྦྲུལ་སྐུ་ང་གཟིགས་ནི། གཙང་རྟ་ནག་ཏུ་འཁྲུངས། དབྱངས་ཅན་མའི་སྐུ་ཞིག་བྲིས་པས་རི་མོ་བྱེད་ཚུལ་ལ་མ་བདེ་བ་ཞིག་བྱུང་བ་ན་དབྱངས་ཅན་མས་ཞལ་དངོས་སུ་བསྟན་ནས་སྦྲུལ་སྐུ་ང་ལ་གཟིགས་དང་གསུངས་པས། དེ་ཕྱིན་སྦྲུལ་སྐུ་ང་ལ་གཟིགས་སུ་གྲགས་ཏེ་རིགས་པའི་གནས་ཀུན་ལ་མཁས་ཏེ་སྦྲུལ་སྐུ་ང་ལ་གཟིགས་སུ་གྲགས་ཏེ་རིགས་པའི་གནས་ཀུན་ལ་མཁས་ཏེ་སྦྲུལ་སྐུ་འཕྲང་ཁ་བ་ཡང་ཟེར། པཎ་ཆེན་དགེ་འདུན་གྲུབ་པས་གངས་ཅན་ཙམ་ན་རི་མོ་མཁས་པའི་མཆོག་ཏུ་བསྔགས་སོ། དེ་རྗེས་གཙང་པ་ཆོས་དབྱིངས་རྒྱ་མཆོ་རི་མོ་ཤིན་ཏུ་མཁས་པས་སྐུ་ཚུག་སྨན་རྙིང་པོར་བྱས་པ་ལ་སྨན་གསར་དུ་གྲགས་ཏེ་འདི་ཡང་རྒྱལ་བའི་དབང་པོ་ཀརྨ་པས་རི་མོ་མཁས་པར་འབྱུང་བར་ལུང་བསྟན་པ་ཡིན་འདུག། དུས་ཕྱིས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་ཆག་ཚད་རྒྱུད་སྡེ་དང་མཐུན་པར་འཕགས་ཡུལ་དབུས་ཀྱི་བཟོ་བཀོདལྟར་ལ། རྒྱ་གར་བལ་ཡུལ་བོད་དང་རྒྱ་རིས་ཀྱི་ཡུལ་དབུས་ཀྱི་བཟོ་བཀོད་ལྟར་ལ། རྒྱ་གར་བལ་ཡུལ་བོད་དང་རྒྱ་རིས་ཀྱི་ཡུལ་སྣང་སོགས་ཤིན་ཏུ་མཛེས་པར་ཕྱག་བྲིས་དང་ཞལ་བཀོད་ཀྱི་བྲིས་རྒྱུན་མཛད་དེ། འདི་དག་ནི་ལྷག་པའི་ལྷའི་བྱིན་གྱིས་བརླབས་པའི་རི་མོ་བ་ཡིན་པས་ཁྱད་པར་དུ་འཕགས་ལ། གཞན་བཟོ་བོ་སོ་སོའི་ལག་རྩལ་གྱིས་རི་མོ་འདྲད་མིན་དུ་མ་སྣང་བ་རྣམས་ལ་(སྨད་ཆ།༧༩༥)དཔྱད་པས་མི་ཁྱབ་ཅིང། བོད་ཡུལ་འདིར་འཁུར་གྱི་ཐོག་མ་ནི་ཆོས་རྒྱལ་མེས་དཔོན་གྱི་དུས་སུ་སྦྲུལ་པའི་ལྟ་བཟོ་དང་ཕྱིས་དང་རྒྱ་བལ་གྱི་བཟོ་བཀོད་ཅི་རིགས་དར་ཞིང། ཁྱད་པར་དུ་སྦྲུལ་སྐུ་སླེའུ་ཆུང་བ་དང། པདྨ་མཁར་པ་གཉིས་ཕུལ་དུ་བྱུང་བར་བཞེདལ། རྗེ་བརྒྱད་པའི་ཞལ་སློབ་ཀརྨ་སྲིད་བྲལ་ནས་སྒར་ལུགས་འབུར་སྐུའི་སྲོལ་ཡང་བྱུང་ཞིང། དུས་ཕྱིས་ཀུན་མཁྱེན་ལྔ་པ་རིན་པོ་ཆེའི་དུས་ཨེ་བ་ལྐུགས་པའམ་མིང་དངོས་ཧོར་དར་དུ་འབོད་པ་དང། སྦྲུལ་སྐུ་བག་བྲོ་གཉིས་བྱུང་སྟེ་ལག་རྒྱུན་ཤིན་ཏུ་ལེགས་པས་སྦྲུལ་པའི་བཟོ་བོར་གྲགས་སོ། དེ་ལྟར་འབུར་དང་རི་མོའི་མཚན་ཉིད་ཚངས་པའི་ཚད་ཡིག་ཅེས་བྱ་བ་དང་དྲང་སྲོང་ཨ་ཏྲིའི་བུས་སྦྱར་བ་ལས་བྱུང་ལ། ཁྱད་པར་དུ་བླ་མ་དགོངས་པ་འདུས་པ་དང་དུས་ཀྱི་འཁོར་ལོ་དང་བདེ་མཚོག་སྡོམ་འབྱུང་སོགས་ལས་གསུངས་སོ། བོད་ཀྱིས་བྱས་པའི་ཆག་ཚད་ཀྱི་ཡི་གེའང་མང་དུ་སྣང་ངོ། འདིར་སློབ་དཔོན་དཔའ་བོས་ཕྱི་རབས་པས་བྱས་པའི་ཆག་ཚད་ཀྱི་བསྟན་བཅོས་རྣམས་རྒྱུད་དང་མི་མཐུན་ཞིང། གཡས་རྐྱང་སོགས་ལ་མཐོ་ལྔར་྄བཤད་པའི་གདན་གྱི་བཞི་ཆ་མ་ནོན་པས་རྒྱལ་པོས་རྒྱལ་ས་ནོན་པས་རྒྱལ་པོས་རྒྱལ་ས་མ་ནོན་པ་སོགས་འད་ིབྱུང་བ་ཡིན་གནང་བཅོས་པ་འདི་རྣམས་དོར་བ་ལེགས་སོ། ཞེས་གསུངས་འདུག་སྟེ། ཧ་ཅང་རྣམ་འགྱུར་ཆེ་བའང་མི་ལེགས་པ་འདྲའོ། གསུང་བརྟེན་ནི། བོད་དུ་གནམ་རི་སྲོང་བཙན་ཡན་ལ་ཡི་གེ་མེད་པ་ལ། དེའི་སྲས་སྲོང་བཙན་གྱི་དུས་ཐོན་མི་སམྦྷོ་ཊ་རྒྱ་གར་དུ་ཡི་གེ་སློབ་ཏུ་བརྫངས་པས་བྲམ་ཟེ་ལི་བྱིན་དང་ལྷ་རིག་པའི་སེང་གེ་སོགས་བསྟེན་ནས་མཁས་པར་སྦྱངས། སླར་བོད་དུ་བྱོན་ནས་ཕོ་བྲང་སྐུ་མཁར་མ་ཏུར་སྐུ་མཚམས་མཛད་ནས་རྒྱ་ཡིག་ལྔ་བཅུ་(སྨད་ཆ།༧༩༦)བོད་ཡིག་སུམ་ཅུར་བསྡུས་ནས་གཏན་ལ་ཕབ་སྟེ་ཁ་ཆེའི་ཡི་གེ་ལ་དཔེ་བྱས་ནས་བརྩམས་པར་གྲགས། བོད་ཡུལ་དུ་ཡི་གེ་བྱུང་འབི་ཐོག་མ་ཡིན་ལ། ཐོན་མིའི་ཡིག་རྒྱུན་རིམ་གྱིས་བརྒྱུད་དེ་ཁྱུང་པོ་གཡུ་ཁྲི་དང། སུམ་པ་སྣོད་སྦྱིན་སོགས་ཀྱིས་དར་རྒྱས་སུ་མཛད་པ་རྫ་བ་ཆེན་དང་རྗ་བ་ཆུང། འབྲུ་ཆེན་དང་འབྲུ་ཆུང། འབྲུ་ཆེན་ལ་ལི་ལུགས་དང་ལྡན་ལུགས་ནི་འཕེལ་འགྲིབ་ཀྱི་རྣམ་དག་ཆད་ལ། ལྡན་མ་རྩེ་མའི་ལུགས་ཡིན་པས་སམ་ཡི་གེ་ཚད་དང་ལྡན་པས་ལྡན་ལུགས་སུ་གྲགས་པ་ལ། ལག་ཁྲིད་ཀྱི་རྒྱུན་མ་ཉམས་པར་ཁམས་དབུས་རྣམས་ས་དར་བར་སྣང་ལ། ཡི་གེ་འདི་དག་གི་ལྷན་ཐབས་ཐིག་རྩ་དང་བཅས་འཇམ་མགོན་པོ་རཱའི་ཞབས་ཀྱིས་གསལ་བར་མཛད་པ་ཡོད་ལ། གཞན་ཡང་རྒྱ་བས་གྱི་ཡི་གེ་རྒྱ་ནག་དང་སོག་པོ་སོགས་ཀྱི་ཡི་གེ་དང། ཧོར་ཡིག་རིགས་གསུམ་བླ་མ་འཕགས་པས་མཛད་པ་དང། ཆག་ལོ་ཡིག་གསར། འགོས་ལོ་ཡིག་གསར། ངོ་མཚར་ཡིག་གསར་སོགས་བོད་མཁས་པ་རྣམས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་ཤར་བའི་ཡི་གེ་རིགས་མི་འདྲ་བ་དུ་མ་སྣང་བ་དང། མཁའ་འགྲོའི་བརྡ་ཡིག་རྣམ་གྲངས་དུ་མ་སྣང་བ་སོགས་སློབ་བར་བྱ་བའི་ངེས་སུ་གྱུར་པ་མང་ཡང། དོན་གྱི་སྙིང་པོ་ནི་བཤར་རྫོབ་གཉིས་པོ་འདི་ཡིན་ཏེ། སློབ་དཔོན་ཐོན་མིའི། བསླབ་པ་ཀུན་གྱི་གཞི་འཛིན་ཅིང། རིག་བྱེད་སྨྲས་བ་རྣམས་ཀྱི་རྒྱུ། མིང་ཚིག་བརྗོད་པ་ཀུན་གྱི་གཞི། ཡི་གེའི་སྦྱོར་བ་བཤད་པར་བྱ། ཞེས་གསུངས་(སྨད་ཆ།༧༩༧)1. ལྟར། རིག་པའི་གནས་ཐམས་ཅད་དང་གྲུབ་མཐའ་ལ་བཞུགས་མ་ཞུགས་པ་ཀུན་གྱི་རང་རང་གི་ཡོན་ཏན་ཐམས་ཅད་ཀྱི་གཞི་ནི་ཡི་གེ་ཁོ་ན་ཡིན་ཞིང། ཀུན་ལ་མེད་དུ་མི་རུང་བ་ནི་འབྲི་ཀློག་གཉིས་པོ་འདི་ཁོ་ན་ཡིན་པས་ནན་ཏན་གྱིས་སློབ་པར་བྱའོ། གཞན་ཡང་འདུལ་བ་ལུང་ནས་འོང་སྲུང་ཆེན་པོའི་གཏམ་རྒྱུད་དང་སྦྱར་བའི་རིག་པའི་གནས་བཅོ་བརྒྱད་དང། སྒྱུ་དང་རྩལ་དྲུག་ཅུ་རྩ་བཞི། བརྟག་པ་རྣམ་པ་བརྒྱད་ལ་སོགས་པ་རྣམས་ཀྱང་བཟོ་ཡི་ཁོངས་སུ་གཏོགས་པ་ཡིན་ཞེས་མཁས་པ་དག་གིས་གསུངས་སོ། གཞན་ཡང་རྒྱ་དཀར་ནག་གི་བཟོ་བོས་བསྐྲུན་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་རོལ་མོ། ཇ་དང་དཀར་ཡོལ། གོས་དང། གོ་མཚན། རྟ་སོགས་དངོས་སྦྱད་ཀྱི་རིགས་རྣམས་བརྟག་ཐབས་དང་གསེར་འགྱུར་ལ་སོགས་པ་བཟོའི་བསྟན་བཅོས་སོགས་སྔོན་གྱི་ཡི་གེ་རྙིང་པའི་རིགས་དང་དགེ་སློང་ཁ་ཀ་རས་བྱས་པའི་ལེགས་བཤད་པད་དཀར་དང་བྱ་བཀྲ་ཤིས་དར་རྒྱས་སོགས་ཀྱིས་མཛད་པའི་ཡི་གེ་དང་དེ་དག་གི་དངོས་པོ་ངོ་སྦྲོད་སོགས་སོ་སོའི་ལུགས་སྲོལ་ཇི་སྙེད་པ་སོགས་ནི་ཐམས་ཅད་འབྲིར་མ་སྦོབས་སོ། སྦྱིར་མི་བོད་དུ་མ་འགྱུར་བར་སྣང་ལ་བི་ཤཱ་ཀརྨ་ནི་འཇམ་དབྱངས་དཀར་པོ་ཡིན་བར་བལ་པོ་རྣམས་འདོད་པར་སྣང་ལ་བསྟོད་པ་ལའང་ཤ་ཤ་ངྷ་ར་ཁོ་ན་འདོན་བར་སྣང་ངོ། ཞེས་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་བཤད་དོ། བཟོ་རིག་པའི་སྐབས་སོ།།(སྨད་ཆ།༧༩༨)གསོ་བ་རིག་པའི་སྐབས། གསོ་བ་རིག་པ་ནི། ཉོན་མོངས་པས་བསྐྱེད་པའི་ཟག་བཅས་ལས་ཀྱིས་འཕངས་པ་རྣམ་སྨིན་གྱི་ལུས་འདི་ནི་འབྱུང་བཞི་འདུས་པ་ལས་གྲུབ་པའི་དབང་གིས། འབྱུང་བའི་ཚ་གྲང་མ་མཐུན་པ་ལ་བརྟེན་ནས་རླུང་མཁྲིས་བད་ཀན་འདུས་པའི་ནད་བཞི་ཟས་དང་སྦྱོད་ལམ་མི་མཐུན་པའི་རྐྱེན་གྱིས་བསྐྱེད་དེ་ཟུག་རྡུའི་ཚོར་བས་གཟིར་བར་བྱེད་ལ། དེ་གསོ་བའི་ཐབས་ནི་གསོ་བའི་རིག་པ་སྟེ། དཔལ་ལྡན་ཕོ་ཁལ་གྱིས། ཚེ་ནི་རིང་བར་འདོད་པ་ཡིས། ཆོས་དང་ནོར་དང་བདེ་བར་བསྒྲུབ། ཚེ་ཡི་རིག་བྱེད་ལུང་བཤད་པས། རབ་ཏུ་གུས་པར་བྱ་བ་གྱིས། ཞེས་པ་དང། བཤད་བརྒྱུད་ལས། འགྲོ་དྲུག་གཙོ་བོར་གྱུར་པ་མི་ལུས་ལ། མི་ན་གནས་དང་ན་བ་གསོ་བ་དང། ཚེ་རིང་ཆོས་ནོར་བདེ་བ་སྒྲུབ་པའི་ཕྱིར། གསོ་བ་དང། གསོ་བ་པོ་དང་རྣམ་པ་བཞི་རུ་བཤད། ཅེས་པས་གསོ་བ་ནད་མེད་རིང་དུ་འཚོ་བ་དང་རྣམ་འགྱུར་ན་བ་གསོ་བ། གསོ་བར་བྱེད་པ་པོ་སྨན་པ་དང་ནད་གཡོག་རྣམས་སོ། ཡན་ལག་བརྒྱད་པར་གསོ་དཔྱད་ཀྱི་བརྗོད་བྱ་མཐའ་དག་སྨན་དང། ནད་པ་དང། ནད་གཡོག་དང། སྨན་པ་སྟེ་དོན་བཞི་དང། དེ་རེ་རེ་ལའང་བཞི་བཞི་ཚང་དགོས་པར་བསྟན་ཏེ། ཇི་སྐད་དུ། གསོ་བ་དག་ཏུ་བསྟན་པ་བཞི། སྨན་པ་སྨན་དང་ནད་གཡོག་དང། ནད་པ་ཡན་ལག་རྣམ་བཞི་སྟེ། རེ་རེའང་རྣམ་པ་བཞི་བཞི་(སྨད་ཆ།༧༩༩)ཡིན། སྨན་པ་མཁས་ཏེ་གཞུང་དོན་ཤེས། ལས་རྣམས་མཐོང་ཞིང་གཙང་བ་ཡིན། སྨན་ནི་ཆོ་ག་མང་པོ་དང། ཡོན་ཏན་མང་ལྡན་ཕུན་ཚོགས་འཕྲོད། ནད་གཡོག་རྗེས་བརྩེ་གཙང་སྦྲ་ཅན། སྒྲིམ་ཞིང་བློ་དང་ལྡན་པ་ཡིན། ནད་པ་ཕྱུག་ཅིང་བསྒོ་བ་ཉན། ཤེས་པར་ནུས་ཤིང་སྙིང་སྟོབས་ལྡན། ཞེས་དང། ཡང་ཡན་ལག་བརྒྱད་པ་ཞེས་པ་ནི། ལུས་ལ་བྱེད་པ་གདོན་ལུས་སྟོང། མཚོན་དང་མཆེ་བ་རྒས་རོ་ཙ། གསོ་སྦྱད་གང་ལ་གནས་གྱུར་པ། ཡན་ལག་བརྒྱད་ཅེས་དེ་ལ་བརྗོད། ཅེས་གསུངས་སོ། དེ་ཡང་དང་པོ་བྱུང་ཚུལ་ནི། སྔོན་གྱི་དུས་ན་རྒྱ་མཚོ་ཆེན་པོའི་དབུས་སུ་བདུད་རྩི་བུམ་པ་གང་ཡོད་ཅེས་ལྷ་དང་ལྷ་མ་ཡིན་གྱི་ཡུལ་ན་གྲགས་སོ། དེའི་ཚེ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱི། རྒྱ་མཚོ་ཆེན་པོའི་དབུས་ན་ཆུ་ཤེལ་གྱུ་བུམ་པ་རིན་པོ་ཆེའི་སྙིང་པོ་ལྟ་གསལ་བར་འདུག་པ་མཐོང་བས་འདི་ལྟར་ཁོ་བོས་མཐོང་ཞེས་ཡོངས་ལ་སྨྲས་སོ། དེའི་ཚེ་དེ་ལེན་པར་ལྷ་དང་ལྷ་མ་ཡིན་རྣམས་བགྲོས་ནས། རི་རབ་ལ་སྲུབ་ཤིང་དང། ཀླུ་རྣམས་སྲུབ་ཐག་བྱས་ཏེ་མེས་པོ་ཚངས་པས་སྟིང་ནས་མར་མནན་ལ། ལྷ་དང་ལྷ་མིན་ཀུན་གྱིས་རབ་ཏུ་བསྲུབས་པའི་རྦ་གསེང་ནས། དུག་ཧ་ལ་ཧ་ལ་ཞེས་བྱ་བ་ཁ་དོག་ནག་པོ་གདོང་དགུ་པ་ཞིག་བྱུང་སྟེ། གང་གིས་མཐོང་བ་དང་ཐོས་པ་ཐམས་ཅད་སྐྲག་ཅིང་རྒྱལ་བར་གྱུར་ཏོ། ནད་བཞི་བརྒྱ་རྩ་བཞིའི་ཁ་རླངས་འཐུལ་བར་བྱེད་པའི་དུག་དེ་ནི་ཐུན་མོང་གི་རྫུ་འཕྲུལ་ཅན་གང་གིས་ཀྱང་ཐུལ་བར་མ་གྱུར་ཏེ། ཚངས་པའི་བསམ་པ་ལ། སྔོན་སངས་རྒྱས་ཀྱི་ཞལ་ནས། མ་འོངས་པའི་དུས་ན་དུག་ཧ་ལ་ཧ་ལ་ཞེས་བྱ་བ་འབྱུང་སྟེ། དེ་ལ་ཁྱོད་ཀྱིས་ཧཱུྃ་རིང་གིས་གཟིར་ཞིག་གསུངས་(སྨད་ཆ།༨༠༠)དེ་དྲན་ནས། ཚངས་པས་ཧཱུྃ་ཞེས་བརྗོད་པས། དུག་དེའི་སྣང་གཟུགས་ཞིག་ནས་རྒྱུ་བ་དང་མི་རྒྱུ་བའི་དུག་སོ་སོར་ཐིམ་པར་གྱུར་ཏོ། ཡང་བསྲུབ་པ་ལས་རིམ་པས་ལྷ་མོ་དཔལ་མོ་དང། ནོར་བུ་ཀོསྟུ་བྷ་དང། ཉི་མའི་ཤིང་རྟ་འདྲེན་པའི་རྟ་ལྗང་གུ་བདུན། སྒྲ་མཐོ་ཞེས་སམ་རྟ་མཆོག་ཅང་ཤེས་དང། ཟླ་བ་ཆུ་ཤེལ་གྱི་དཀྱིལ་འཁོར་དང། ཆུ་ཤེལ་གྱི་བུམ་པ་བདུད་རྩིས་གང་བ་དང། དེ་དང་ཉེ་བར་མཐུན་པའི་སྨན་གཞན་དང་དྲང་སྲོང་གི་མཆོག་ཐང་ལ་འབར་སོགས་བྱུང་ཞེས། ཤ་ལི་ཧོ་ཏྲ་ལས་གསུངས་སོ། དེ་ཡང་རི་རབ་ཀྱི་སྟེང་རྣམ་པ་རྒྱལ་བའི་ཁང་བཟང་དུ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་དང། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཙན་འཛིན་སོགས་ལྷ་མིན་བཅས་གྲལ་རིམ་པས་བཤམས་ནས་སྒྲ་གཅན་གྱིས་བུམ་པ་ཁ་ཕྱེ་སྟེ་འདྲེན་པར་བརྩམས་པའི་ཚེ། རཱ་ཧུ་ལའི་བསམ་པ་ལ། བདུད་རྩི་འདི་འདྲ་བ་ཤིན་ཏུ་རྙེད་པར་དཀའ་བས་རང་གིས་འཐུང་ནས་བྲོས་ནས་ལེགས་སྙམ་པའི་ཀུན་རྟོག་ངན་པ་ཤར་བཞིན་བདུད་རྩི་བཏུངས་ཏེ་རྫུའཕྲུལ་གྱིས་ནམ་མཁའ་ལ་བྲོས་སོ། ཚངས་པ་ལ་སོགས་པས་ཕྱི་བཞིན་དེད་པས་ཟིན་ལ་ཁད་པ་དང། སྒྲ་གཅན་གྱིས་ཁོ་རང་གི་བསོད་ནམས་ལས་གྲུབ་པ་མཚོན་ཆའི་འཁོར་ལོ་དམ་བཅའ་བཞི་ལྡན་བྱ་བ་ཡོད་པ་འཕངས་པས། ཚངས་པའི་མཁུར་ཆོས་ལ་ཕོག་པར་རྨ་བྱུང་བ་ནས། ཨ་ཐཱ་ཞེས་པའི་སྒྲ་བྱུང་བ་མཁུར་ཆོས་སྣང་བའི་རྐྱེན་གྱིས། སྔོན་ཐུབ་པ་ཆེན་པོས་གསུངས་པའི་གསོ་དཔྱད་འབུམ་པ་ཚངས་པས་དྲན་ཞེས་ལྷ་ཡུལ་དུ་གསོ་རིག་དར་བ་བྱུང་སྟེ། ཟླ་ཟེར་ལས། ཡི་གེ་ཨོ་དང་ཨ་ཐའི་སྒྲ། གཉིས་པོ་འདི་དག་སྔོན་ཚངས་པའི། མཁུར་ཆོས་བརྟོལ་ནས་བྱུང་བ་སྟེ། དེས་(སྨད་ཆ།༨༠༡)ན་འདི་དག་བཀྲ་ཤིས་ཡིན། ཞེས་གསུངས་སོ། ཚངས་པས་ཀྱང་འཁོར་ལོ་འཕངས་པས་སྒྲ་གཅན་གྱི་སྐེ་བཅད་དེ། སྙིང་པོ་སྡུས་པ་ལས། སྔོན་ཚེ་གཟའ་སྐར་རཱ་ཧུ་ལས། བདུད་རྩི་འཐུང་ཚེ་མགོ་བོ་ནི། སྒྲ་ལྡན་གྱིས་ནི་འཁོར་ལོས་བཅད། ཅེས་སོ། དེ་ནས་ཚངས་པས་སྐྱེ་རྒུའི་བདག་པོ་མྱུར་བ། དེས་ཉི་ལྡན་མའི་སྣ་ལས་སྐྱེས་རྒུའི་བདག་པོ་མྱུར་བ། དེས་ཉི་མའི་ཆུང་མ་ཉི་ལྡན་མའི་སྣ་ལས་སྐྱེས་པས་སྣང་སྐྱེས་སམ་ཐ་སྐར་ལ་སྐྱེས་པས་ཐ་སྐར་སྐྱེས་དང་ཀུན་འགྱེད་བུ་སྟེ་ཐ་སྐར་བུ་གཉིས། དེས་བརྒྱ་བྱིན་ཏེ། བརྒྱ་བྱིན་ལ་ལྷའི་དྲང་སྲོང་རྒྱུན་ཤེས་འོད་ཟེར་ཅན། གནས་འཇོག་སྟེ་སློབ་མ་གཙུག་ཕུད་ཅན་བདུན་དུ་གྲགས་པ་དག་དང། ཕ་ལྷ་དང་མ་མིའི་བུད་མེད་འདུས་པ་ལས་བུ་བྱུང་འབི་དྲང་སྲོང་རྒྱུན་ཤེས་ཀྱི་བུ་མེད་བཞིན་འཇུག། ཐང་ལ་འབར། རྐང་གཉིས་སྦྱོད། མུ་ཁྱུད་འཛིན་འགྲོ་སྐྱོང་བུ། གཤོལ་འགྲོ་སྐྱེས་རྣམས་ཀྱིས་བརྒྱ་བྱིན་དང་ཕ་ལས་ཐོས་ཏེ་གཞུང་འགྲེལ་རུ་བྱས་ཤིང། དེ་ནས་དྲང་སྲོང་ལུག་ནག། རྒྱ་སྐྱེགས་སྣ། མངའི་མཆོག། ལན་ཚཱའི་ལག། དཔལ་ལྡན་ཕྲེང་བ། དཔལ་ལྡན་ཕུན་ཚོགས། ལན་ཚཱའི་ལག། དཔལ་ལྡན་ཕྲེང་བ་། དཔལ་ལྡན་ཕུན་ཚོགས། ཉི་སྙིང། ཟླ་བའི་འོད་ཟེར་སོགས་ཀྱིས་གཞུང་མང་དུ་བྱས་པ་ཤ་ལི་ཧོ་ཏྲོ། ལེགས་ཐོས། ཛ་ལས་རྒྱལ་སོགས་ཀྱིས་རྒྱས་པར་བྱས་ཏེ་རྡོ་འཇོག་གི་སྨན་ཕ་རྒྱུན་ཤེས་ཀྱི་བུའི་བར་དུ་བྱུང་ཏེ་ལྷའི་ཡུལ་དུ་དར་ཚུལ་ལོ། མི་ཡུལ་དུ་དར་ཚུལ་ནི། སྔོན་སྣོད་བཅུད་ཆགས་ནས་རིང་པོར་མ་ལོན་པ་ན་མིའི་མིང་ལ་ཤེད་བུ་ཟེར་བའི་དུས་སུ་ཤེད་བུ་ཞིག་མ་ཞུབ་ན་སྟེ་ནད་པ་ལ་སྔ་བ་ཤེད་བུ། སྨན་པ་ལ་སྔ་བ་ཚངས་པ།(སྨད་ཆ།༨༠༢)སྨན་ལ་སྔ་བ་ཆུ་སྐོར་ཞེས་གྲགས་སོ། དེ་ནས་རིམ་གྱིས་མི་ཡུལ་དུའང་དར་རོ། སྟོན་པས་གསུངས་པའི་ཚུལ་ནི། འདུལ་བ་ལས་དགེ་སློང་ནད་པས་སྨན་པ་ལ་དྲ྄ིས་ཏེ་བྱའོ་ཞེས་ལུང་སྨན་གྱི་གཞིར་བཤད་པ་དང། འཚོ་བྱེད་གཞོན་ནུའི་བྱུང་བ་དང། སྨན་པ་ནད་དང་སྨན་ལ་མཁས་པའི་དབེས་སངས་རྒྱས་ཀྱི་རྒན་འཆི་བ་སེལ་བར་གསུངས་པ་དང། གསེར་འོད་དུ་བྱེད་ཆུ་འབེབས་ཀྱི་བྱུང་བའི་སྐབས་སུ་གསུངས་པ་མྱང་འདས་ཆེན་པོར་ཤེར་རབ་འཆལ་བ་ལ་སྨན་པ་བླུན་པོ་ཡོད་པ་སྨན་པ་མཁས་པས་ཐབས་ཀྱིས་སྐྲད་པའི་དཔེ་དང། ཁྱད་པར་དཔལ་ལྡན་རྒྱུད་བཞི་དང། བདུད་རྩི་བམ་པོ་ཆེ་ཆུང་དང། རྡོ་རྗེ་མཁའ་འགྲོ་དང། དུས་འཁོར་སོགས་སུ་དུ་མ་བཤད་དོ། བསྟན་བཅོས་ནི་ཀླུ་སྒྲུབ་ཞབས་ཀྱིས་སྦྱོར་བ་བརྒྱ་པ་འཚོ་བའི་མདོ་སོགས་དང། སློབ་དཔོན་དཔའ་བོས་བརྒྱད་པ་ཆེན་པོ་དང། ཁྱད་པར་སྙིང་པོ་བསྡུས་པ་རྩོམ་པའི་ཚེ། ས་གསུམ་དགེ་ལེགས་འབྱུང་བ་ཡི། དགེ་བའི་ལྟས་ནི་སྣ་ཚོགས་བྱུང། ཞེས་བཤད། གཞུང་དེ་ལ་རང་འགྲེལ་ཡང་མཛད་དོ། དཔལ་ཆེན་དགེ་བའི་སྲས་ཆགས་ལ་མངོན་དགའ་དེའི་སྲས་ཟླ་དགས། སློབ་དཔོན་དཔའ་བོའི་གཞུང་རྣམས་ལ་བརྟེན་ནས་སྙིང་པོ་བསྡུས་པ་འགྲེལ་པ་ཚིག་དོན་ཟླ་ཟེར་སྨིང་ཟུར་དུ་བཀོལ་པ་སྒྲ་སྦྱོར་ངེས་པ་སོགས་མཛད་དེ། དེ་དག་ནི་རྒྱ་གར་དུ་དར་ཚུལ་ལོ། རྒྱ་ནག་ཏུ་ནི་འཇམ་དཔལ་གྱིས་བྱིན་གྱིས་བརླབས་ཏེ་རྒྱལ་བློན་དང་ཧཱ་ཤང་དང་ནེ་ཅོ་སོགས་ཀྱིས་བཤད་དེ་ཅིའུའི་སྐབས་ཙམ་ནས་དར་རོ། བོད་དུ་སྨན་དཔྱད་བྱུང་བའི་ཐོག་མར་ཟས་སྦྱོད་སྦང་བླངས་ཕྲ་མོ་ཤེས་པ་ཙམ་སྔ་མོ་ནས་བྱུང་བ་ཡོད་ལ། གཞུང་རྒྱ་བཟས་སྨན་དཔྱད་ཆེན་མོ་ཞེས་པ་བསྣམས་(སྨད་ཆ།༨༠༣)ཧཱ་ཤང་མ་ཧཱ་དེ་ཝ་དང་ངྷ་མ་ཀོ་ཤས་བསྒྱུར། དེའི་ཚེ་རྒྱ་གར་ནས་བཛྲ་ངྷ་ཛ། རྒྱ་ནག་ནས་ཧེན་ཝོང་ཧད་དེ། སྟག་གཟིགས་གི་ཁྲོམ་ནས་ག་ལེ་ནོས་ཏེ་སྨན་པ་གསུམ་སྦྱན་དྲངས། སོ་སོའི་ལུགས་དུ་མ་བསྒྱར། ཐུན་མོ་དུ་མི་འཇིགས་པའི་མཚོན་ཆ་ཞེས་བམ་པོ་བདུན་པ་བརྩམས། ག་ལེ་ནོས་བླ་སྨན་དུ་བཞུགས། རུས་ཆུང་བཞིར་སློབ་ཏུ་བསྩལ་ཏེ་རིགས་མཐོ་དམན་མེད་པར་སློབ་པར་གནང། ཕྱིས་གྱིམ་ཤིང་ཀོང་ཇོས་རྩིས་དང་སྨན་དཔྱད་མང་དུ་བསྣམས། ཧཱ་ཤང་མ་ཧ་ཐི་ཐ་དང་རྒྱ་ཕྲུག་གར་མཁན་ལ་སོགས་པས་སོ་མ་རཱ་ཙ་ལེའུ་བརྒྱ་དང་བཅོ་ལྔ་པ་སོགས་བསྒྱུར། དེའི་ཚེ་ཁྲོམ་ནས་བོ་ཙི་ཙན་པ་ཤི་ལ་བྱབ་སྦྱན་དྲངས། རྒྱལ་པོའི་རྗེ་ཡིན་པས་བླ་སྨན་རྣམས་ལ་མིང་ཡང་ལྷ་རྗེར་བཏགས་ཏེ་ཐམས་ཅད་ཀྱི་བཀར་བཏགས། སྨན་པ་རྣམས་ཀྱིས་ཀྱང་མཆོག་སྟོབ་པ། སྐྱེས་བསུ་རྟས་བྱེད་བ། ཡོན་གསེར་དུ་འབུལ་བ། བྱས་པ་དྲིན་དུ་གཟོ་བ་སོགས་ཀྱི་བཀར་བཏགས། སྨན་པ་རྣམས་ཀྱིས་ཀྱང་ཁྱིམ་མཛེས་ནས་བོས་ཀྱང་མདོངས་གསོལ་དང་བསྙེན་བཀུར་དགྲ་བོ་ཡིན་ཡང་དང་གུས་ཀྱིས་བློ་གཏད་པ། ཟས་ནོར་ལ་འདོད་སྲེད་བྱས་རུང་སྐུར་བ་མི་འདེབས། ནད་པ་གསོ་བ་ལ་ཞུ་འབུལ། དྲག་ནས་གཏང་རག། རྟིང་བསྐུལ་སྐྱེའུ་སྐྱེལ་སོགས་བཅོ་ལྔ་གཙིགས་སུ་བཟུང། མངའ་བདག་གིས་སྨན་པ་བླ་མ་དང་ཕ་ཡིན་པས་བྱམས་པ་བསྐྱེད། ནད་པ་བུ་དང་སློབ་མ་ཡིན་པས་མཚང་ངན་ཕྱིར་མ་བརྗོད། མཛངས་ཀྱིས་ཁྲེལ་(སྨད་ཆ།༨༠༤)འཆོར་བས་ཁྱིམ་ནས་གདན་མ་བྱེད། ཡ་རབ་ཀྱི་ཚུལ་ལ་གནོད་པས་ཟས་ལ་མ་ངན། སྨན་སྦྱད་ལ་ལག་ཉེས་ཡོད་པས་ཆང་ལ་མ་དགའ། ཟུག་གཅོག་པ་ལ་ཁྱད་ཡོད་ཅིང་ཐལ་ཉེན་ཡོད་པས་ལེ་ལོ་དང་ཚོད་མོད་མ་བྱེད། སྨན་དཔྱད་གནད་དུ་མི་ཕོག་པས་ནད་པ་ལ་ངོ་ཚ་དང་ཚུལ་འཆོས་མ་བྱེད་ཅེས་ཞལ་ཐ་བདུན་མཛད། བྱང་ཁོག་ལེའུ་ལྔ་བཅུ་པ་སོགས་དཔྱད་རྒྱས་འབྲིངས་བསྡུས་པའི་སྨན་དཔྱད་ཀྱི་བསྟན་པ་བཅོས་མང་དུ་བྱུང། དེ་ལ་བླ་སྨན་དགུ་ནི་རྒྱ་གར་ནས་ཤཱནྟ་གབྷ། ཁ་ཆེ་ནས་གུ་ཏྱ་བཛྲ། རྒྱ་ནག་ནས་གེ་མདོ་འོད་ཆེན་སོགས་སྦྱན་དྲངས་ཏེ་བླ་སྨན་དགུར་གྲགས། གཞུང་མཐའ་ཡས་པ་བསྒྱུར། སྟོང་གསུམ་གང་བ་བོད་དུ་བཞུགས་ཏེ་གཡོར་སྟོད་གནང་ནས་མཐའ་བཞིར་གྲགས་ཏེ་བླ་སྨན་གྱི་གཙོ་བོའོ། གཞན་ཡང་བོད་སྨན་མཁས་པ་མི་དགུ་ནི། སྟོད་ན་བི་ཇི་ཆི་རྗེ་འུག་པ་གསུམ། སྨད་ནས་གཉའ་དང་ལྟོད་དང་མཐའ་ཞིང་གསུམ། བཀྲིན་གཡུ་ཐོག་བྲང་ཏི་མི་ཉག་གསུམ་ཟེར་ཏེ། འདི་དག་ལོ་རྒྱུས་གཞན་དུ་རྒྱལ་པོ་ཁྲི་སྲོང་གི་དུས་སུ་དུས་མཉམ་དུ་བྱུང་བར་བཤད་ཀྱང། དཔའ་བོས་ཆོས་འབྱུང་དུ་རིམ་གྱིས་བྱུང་བར་བཤད་དོ། བི་ཅིའི་སློབ་མ་སྟོད་གཞོར་མེས་པོ་བྲང་ཏི་རྒྱལ་མཉེས་ཞང་ལྷ་མོ་གཟིགས་རྣམས་ཀྱང་མཁར་པར་གྱུར་ཏེ་རྒྱལ་པོའི་བླ་སྨན་དུ་བཀུར་སྐད། ཁྱད་པར་མངའ་བདག་ཁྲི་སྲོང་གི་དུས། ལོ་ཆེན་བཻ་རོས་དཔལ་ལྡན་རྒྱུད་བཞི་བསྒྱུར་ཞིང་གཡུ་ཐོག་རྙིང་མ་སོགས་ལ་གནང། མངའ་བདག་ཙེ་ལྡེའི་དུས་སུ་ཨོ་རྒྱན་ནས་རྒྱལ་པོའི་ཆད་པས་བསད་དུ་ཕབ་ནས་སྦུགས་པའི་དྲང་སྲོང་མེ་ལྷ་ཞེས་བྱ་བ་མཁས་པ་(སྨད་ཆ།༨༠༥)ཕུལ་དུ་བྱུང་བ་བྱོན་ཏེ་རྡེ་སྐོར་ཕྱི་ནང་གསང་གསུམ་སོགས་མཛད་ཅིང་གཞུང་མང་དུ་བསྒྱུར། ཁྱད་པར་ཡན་ལག་བརྒྱད་པ་ནི་པ་ཎྜི་ཏ་ཛ་ན་རངྷ་ན་ལ་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར། ལོ་ཆེན་རིན་བཟང་གི་སློབ་མ་མང་མོད། སྨན་བཙུན་ལ་ཆེར་རྗེ་ཏེ་ས་མ་ནས་བཟུང་སྟེ་ཆེར་རྗེའི་བརྒྱུད་ཕ་ལ་ཆེ་རྗེ་ཞིག་པོ་སོགས་མཁས་པ་མང་དུ་བྱུང། ཡང་ལོ་ཆེན་གྱི་སློབ་མ་ཞང་ཞུང་པ་ཤེས་རབ་འོད། དེས་རྒྱ་སྟོན་གྲགས་པ་ཤེས་རབ། དེས་གཡུ་ཐོག་རྒྱ་གར་རྡོ་རྗེ། ཡང་ཞང་ཞུང་པ་ནས་རྔོག་རྒྱོགས་སྨན་པ་གཡུང་དྲུང་འདོར་གཡུ་ཐོག་གྲགས་པ། གཡུ་ཐོག་མགོན་པོ། ཡང་ཞང་སྟོན་གཟི་བརྗིད་འབར་དང། སྟོང་སྟོན་དཀོན་མཆོག་སྐྱབས་སོགས་ཀྱིས་ཀྱང་རྒྱ་གར་དུ་ཕྱིན་སྨན་དཔྱད་བསྒྱུར་བཤད་མཛད་ཅིང། དེ་ཐམས་ཅད་ཀྱི་བཀའ་གཡུ་ཐོག་ལ་བབས་པར་བཞེད་དོ། དེ་དག་ཐམས་ཅད་ལས་ཁྱད་དུ་འཕགས་པ་གསོ་རིག་ཀུན་གྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་ནི། བཅོམ་ལྡན་སྟོན་མཆོག་ཤཱཀྱའི་རྒྱལ་པོས་འབར་བ་སྨན་གྱི་ནགས་སུ་སྨན་པའི་རྒྱལ་པོའིི་སྐུར་བཞེངས་ནས་སྦྲུལ་པའི་གྲོང་ཁྱེར་ལྟ་ན་སྡུག་དང་ཕྱོགས་ཀྱི་རི་བཞི་དང་བཅས་པའི་དབུས་སུ་ལྷ་མི་དྲང་སྲོང་སོགས་ཕྱིན་ནང་གི་འཁོར་རྣམས་ལ་གསུངས་པར་འདོད་ལ། བསྟན་པ་སྔ་དར་གྱི་དུས་སུ་ལོ་ཆེན་བཻ་རོས་ཁ་ཆེ་ཟླ་བ་མངོན་དགའ་ལ་ཞུས་ནས། ཨོ་རྒྱན་ཆེན་པོ་དང་ཆོས་རྒྱལ་གཉིས་ལ་ཕུལ་ཞིང། གཡུ་ཐོག་རྙིང་མ་སོགས་ལ་གནང་བ་བསམ་ཡས་དབུ་རྩེར་གཏེར་དུ་སྦས་པ་ལ་དགེ་བཤེས་གྲཱ་པ་མངོན་ཤེས་ཀྱིས་བཏོན་ནས་དབུས་པ་དར་གྲགས་ལ་གནང། དེས་རོག་སྟོན་དཀོན་མཆོག་སྐྱབས་ལ་གནང། དེས་གཡུ་ཐོག་ཡོན་ཏན་མགོན་པོར་ཕུལ་བར་གྲགས་ཏེ་སྦྱིན་འདི་ལ་བརྒྱུད་ཚུལ་མང་སྟེ།(སྨད་ཆ།༨༠༦)བརྒྱུད་ཚུལ་ཐམས་ཅད་གཡུ་ཐོག་ཡོན་ཏན་མགོན་པོ་ལ་བཞུགས་སོ། འདིར་མཁས་པ་ཁ་ཅིག་གི། རྩ་ཆུས་སྒོ་ནས་ནད་ངོས་འཛིན་པ་ནི། རྒྱ་གར་འཕགས་པའི་ཡུལ་ན་བཤད་པ་མེད། བོད་ཀྱི་སྨན་པ་བྱང་ཆུབ་སེམས་དཔས་མཛད་། ཅེས་ཟེར་ཏེ། གཡུ་ཐོག་པས་བརྩམས་པས་བཞེད་པ་དང། ཡང་གཡུ་ཐོག་པ་སྨན་པའི་རྒྱལ་པོར་སྦྲུལ་ནས་གསུངས་པ་ཡིན་ཟེར་བ་སོཔགས་སྣང་ཡང། གསེར་འོད་དམ་པའི་འགྱུར་གཅིག་ཏུ། རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་སྡུད་པ་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་ནད་རབ་ཏུ་ཞི་བར་བྱས་པའི་ལེའུ་བཀའ་སྩལ་ཏོ། དེའི་ཚེ་དེའི་དུས་ནས་སངས་རྒྱས་སྨན་གྱི་བླ་རུ་སྐུ་སྦྲུལ་ནས་གསོ་བ་རིག་པ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་བཀའ་སྩལ་ཏོ་ཞེས་པ་ལྟར། སྦྱིར་རྒྱུད་བཀའ་ཡིན་པ་ཆོས་རྒྱལ་གདུང་བརྒྱུད་ནས་རིམ་པར་བརྒྱུད་ནས་གཏེར་དུ་མ་སོང་བའི་བརྒྱུད་ཚུལ་ཡོད་པ་དང། གྲ་མངོན་གྱིས་གཏེར་མ་ཡིན་པ་གྲ་པའི་གཏེར་འབྱུང་དང། རྒྱུད་བཞིའི་ལུང་གི་བརྒྱུད་གཏེར་མ་ཡིན་པ་གྲ་བའི་གཏེར་འབྱུང་དང། རྒྱུད་བཞིའི་ལུང་གི་བརྒྱུད་ཡིག་སོགས་ཀྱི་གསལ་ལྟར། འཇམ་མགོན་ས་རའི་ཞབས་ཀྱིས་བཞད་པ་བཞིན། འདིར་ཡང་བྲིས་པ་ཡིན་ལ། སྦྱིར་རྒྱུད་འདི་མ་ཟད་སྔོན་གྱི་ལོ་པཎ་དེ་དག་བཀའི་སྡུད་པ་པོ་ཡིན་ཕྱིར། དྲི་མེད་འོད་དུ་ཐེག་པ་གསུམ་བོད་གྱི་ཡུལ་དུ་ནོ་བོད་སྐད་ཀྱིས་བསྡུས་སོ། ཞེས་གསུངས་པ་ལྟར་རྒྱུད་དང་མན་ངག་མང་པོ་དོན་འགྱུར་གྱི་དབང་དུ་མཛད་ནས་བོད་ཀྱི་ཡུལ་དུས་དང་འཚམས་པའི་སྐད་དང་བརྡས་ལེགས་པར་བཀྲལ་ནས་ཤིན་ཏུ་གོ་བདེ་བར་སྔོན་མེ་གསར་བྱུང་ལྟ་བུ་མཛད་པ་ལ་ཕྱིས་ཀྱི་མཁས་རློམ་ཁ་ཅིག་གིས་བྱཱ་ཀ་ར་ཎའི་ལུགས་སོགས་དང་མི་མཐུན་ས་སོགས་ལ་དཔྱད་གཞིར་བྱེད་པ་དག་བྱུང་ཀྱང་དོན་གྱིས་ཟབ་གནད་གཞན་ལས་བཟང། གོ་(སྨད་ཆ།༨༠༧)སླ། འཇུག་བདེ། སྒྲུབ་འབྲས་མི་བསླུ་བ་ཁོ་ན་སྔ་འགྱུར་བཀའ་གཏེར་ཐམས་ཅད་ཡིན་ཏེ། ཐ་སྙད་ཀྱི་སྦྲོས་པས་མ་བཅིངས་པར་དོན་གྱི་གནད་འཚོལ་བ་ལ་མཁས་པ་དག་གིས་ཐུགས་ཉམས་སུ་བཞེས་པ་མང་དུ་བྱུང་བ་ལྟར། འདིར་ཡང་སྔོན་གྱི་ལོ་ཆེན་བཻ་རོ་དང་ཨོ་རྒྱན་ཆེན་པོ་སོགས་ཀྱིས་བཀའ་བསྡུས་མཛད་པ་ལ་བརྟེན་ནས་གཡུ་ཐོག་པས་ཀྱང་གསལ་ཆ་ཅུང་ཟད་མཛད་པ་ཡིན་འདུག་སྟེ། ཐང་ཡིག་ལས། དབུ་རྩེའི་གསོ་རིག་རྒྱུད་ཀྱི་གཏེར་ཁ་དང། ཞེས་པས་གཏེར་མ་ཡིན་པ་དང། སྨན་ཕྲེང་ལུང་བསྟན་ལས། སླར་ཡང་ཡོན་ཏན་མགོན་པོ་ཡིས། རྒྱུད་བཞིའི་ཚིག་དོན་གསལ་བར་བྱེད། ཅེས་པས་ཀྱང་གསལ་ལོ། རྒྱུད་བཞི་ཙམ་དུ་མ་ཟད་སློབ་དཔོན་རིན་པོ་ཆེས་མཛད་པའི་རྒྱུད་བདུད་རྩི་བུམ་པ་ཆེ་ཆུང། ར་མོ་ཤེལ་སྨན་ཀྱི་རྨུ་ཆུའི་བཅོས་སོགས་དང། གཞན་ཡང་འབམ་ལབ་བཅོང་གིས་བཅོས་ཐབས། པད་ཀན་གོམ་པ་དགུ་དང་གྲེ་ཐོག་གོ་བཅོས་སོགས་གཞུང་ཆེན་མོ་རྣམས་སུ་མིང་ཙམ་ཡང་མི་གྲགས་པ་མང་པོ་གཏེར་ཁ་སོ་སོ་ནས་བྱུང་བའི་མན་ངག་འདི་རྣམས་དེང་སང་གི་དུས་ན་ཕན་ཐོགས་གཞན་གྱི་འགྲན་དུ་མེད་པའི་འདི་དག་སློབ་དཔོན་རིན་པོ་ཆེའི་ཐུགས་རྗེ་ཁོ་ན་ལས་མཁས་གྲུབ་གཞན་གྱི་བློ་མཆོ་ལས་བྱུང་སྐད་མི་སྣང་ངོ། དེས་ན་འདི་ཙམ་གྱིས་ཀྱང་བོད་ལ་སློབ་དཔོན་རིན་པོ་ཆེ་ལས་བཀའ་དྲིན་ཆེའི་ཐུགས་རྗེ་ཁོ་ན་ལས་མཁས་གྲུབ་གཞན་གྱི་བློ་མཆོ་ལས་བྱུང་སྐད་མི་སྣང་ངོ། དེས་ན་འདི་ཙམ་གྱིས་ཀྱང་བོད་ལ་སློབ་དཔོན་རིན་པོ་ཆེ་ལས་བཀའ་དྲིན་ཆེའི་ཐུགས་རྗེ་ཁོ་ན་ལས་མཁས་གྲུབ་གཞན་གྱི་བློ་མཚོ་ལས་བྱུང་སྐད་མི་སྣང་གོ། དེས་ན་འདི་ཙམ་གྱིས་ཀྱང་བོད་ལ་སློབ་དཔོན་རིན་པོ་ཆེ་ལས་བཀའ་དྲིན་ཆེ་བ་མེད་པར་རྟོགས་སོ། འོན་ཀྱང་གཡུ་ཐོག་གསར་རྙིང་སོགས་ཀྱི་ལ་ལོ་སྐོར་ལ་ལོ་རྒྱུས་མང་དུ་སྣང་ཡང། འདིར་ཡི་གེ་མང་གིས་དོགས་ཀྱི་སྐོར་ལ་ལོ་རྒྱུས་མང་དུ་སྣང་ཡང། འདིར་ཡི་གེ་མང་གིས་དོགས་ནས་མ་བྲིས་སི། དེ་ལ་གཡུ་ཐོག་ཡོན་ཏན་མགོན་པོ་གསར་མ་ནི། མྱ་སྟོད་འབྲེ་དང་ཁྱུང་གི་ཡུན་ནས་གདུང་འབྲེ། ལུགས་གཉིས་ལ་དབང་འབྱོར་བ་རྒྱ་གར་རྡོ་རྗེ་ཞེས་(སྨད་ཆ།༨༠༨)བྱ་བའི་མཁས་དེས་རྒྱ་རགས་ཀ་བ་ཕྲང་གི་གཞི་བདག་གི་ནད་བསམ་བས་གཏང་རག་ཏུ་བུད་མེད་གཡུ་རྒྱན་ཤིན་ཏུ་འཚོལ་བའི་རོ་དང་སྦྲས་ཏེ་གཡུ་ཐམས་ཅད་ཁང་ཐོག་ཏུ་བདལ་བས་གཡུ་ཐོག་པར་ཐོགས། དྲང་སྲོང་དྲུག་ཅུ་བསྒྲུབས་པས་དྲུག་དངོས་སུ་བྱོན་ཏེ་བརྒྱུད་པ་བྱིན་གྱིས་བརླབས། སྲས་བརྗིད་པོ་གྲགས་སེ་ཁྱུང་པོ་གསུམ་བྱུང། བརྗིད་པོའི་སྲས་འབུམ་སེང་མཆེད་གཉིས། ཁྱུང་པོའི་སྲས་ཡོན་ཏན་མགོན་པོ་འདི་ཡིན། འདིས་དྲང་སྲོང་རྩ་ར་ཀ་ལ་སོགས་བསྟེན་ན་སྨན་དཔྱད་སྦྱངས་ཚུལ་སོགས། རྣམ་ཐར་རྒྱས་པ་གོང་དུ་སྙིང་ཐིག་སྐབས་སུ་སྨོས་ཟིན་ལ། མན་ངག་ཤོག་དྲིལ་སྐོར་གསུམ་དང། བུ་དོན་མ་ལག་ལེན་པོད་རྒྱུད་སོགས་མཛད། རྒྱུད་ལ་ཟངས་མཆེན་དང་གསེར་མཆེན་གཉིས་མཛད། ཞལ་སློབ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་གཙོ་བོ་སུམ་སྟོན་ཆེན་པོ་ནས་རྒྱུད་བཞིའི་བཀའ་སྲོལ་རྒྱ་ཆེར་འཕེལ། གཞན་ཡང་གསོ་རིག་ལ་མཁས་པ་མང་དུ་བྱོན་པའི་སློབ་བརྒྱུད་ཀྱང་མང་ཡང་མཐའ་དག་ནི་བརྗོད་ཀྱིས་མི་ལངས་ལ། ཕྱིས་སུ་གསོ་རིག་ལ་མཁས་ཤིང། གྲགས་ཆེ་བ་བྱང་ཟུར་གཉིས་ལས། བྱང་པ་མི་དབང་རྣམ་རྒྱལ་གྲགས་བཟང་ནི། སྔོན་རྒྱ་ནག་གོང་མའི་ཁྲི་ལ་གནམ་གྱིས་བསྐོས་པའི་མི་ཉག་པེའུ་རྒྱལ་པོའི་གདུང་ལས་ས་སྐྱའི་ལས་ཆེན་གུའི་གུང་ཆོས་གྲགས་དཔལ་བཟང་པོའི་སྲས་སུ་འཁྲུངས། ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པའི་ཕུལ་དུ་ཕྱིས་པས་རྒྱལ་པོ་པཎྜི་ཏར་གྲགས། རིན་པོ་ཆེའི་རྒྱན་སོགས་རྒྱལ་པོའི་ཆས་དང་བཅས་ཐལ་ངག་འཕེན་པ་ན། མཚན་ཉིད་ལ་མཁས་པའི་དགེ་བཤེས་རབ་འབྱམས་སྨྲ་བ་དག་གི་ཀྱང་རྩོད་པར་མི་ནུས་པར་གྲགས། ཁྱད་པར་སྨན་དཔྱད་ལ་ཤིན་ཏུ་མཁས་ཤིང་བསྟན་བཅོས་(སྨད་ཆ།༨༠༩)ཀྱང་མཛད། འདིའི་སློབ་བུ་མཁས་པ་མང་དུ་བྱོན་པའི་ནང་ནས་བྱང་རིགས་ལྡན་པའི་མིའི་ཉི་མས་སྨན་གྱི་བསྟན་བཅོས་ཀྱང་མཛད་ཅིང། སློབ་མཁས་པའང་མང་དུ་ཐོན་པའི་སློབ་བརྒྱུད་ལ་བྱང་ལུགས་སུ་གྲགས། ཟུར་ལུགས་ནི། དུས་ཕྱིས་སྨན་དཔྱད་གཟུགས་བརྙན་དུ་གྱུར་པ་ན་དཱགས་པོ་ལ་པར་ཞེས་པའི་ལུང་ཕྲན་རྩ་རི་དང་ཉེ་བའི་ཡུལ་སྨད་ན་ས་ཆར་ལ་ཐོག་དང་གཞིས་ཀར་ཟུང་མཁར་ཟེར་མཁར་ཏེ་ལ་ཐོག་ཟུར་མཁར་བ་ངྷརྨ་ལོ་མིའམ་མཉམ་ཉིད་རྡོ་རྗེ་དེ་སྦྱིར་ཆོས་དུ་མ་ལ་མངའ་དབང་འབྱོར་ཡང་རྙིང་ལུགས་དང་ཁྱད་པར་སྨན་དཔྱད་ཀྱིས་ཕྲིན་ལས་བསྐྱངས། གསོ་རིག་གི་མན་ངག་ཐམས་ཅད་ཐུགས་ཀྱི་ཀློང་ལས་ཤར་ཡང་མཁས་པ་མང་དུ་བསྟེན་ཏེ་བྱང་པ་རིག་ལྡན་མིའི་ཉི་མ་ལས་ཀྱང་སྨན་དཔྱད་གསན་ཚུལ་མཛད། ཁྱད་པར་དུ་གཡུ་ཐོག་པས་བྱིས་གྱིས་བརླབས་ཏེ། འབྱུང་བ་ལུས་འཁྲུག་གི་གེགས་སེལ་མན་ངག་བྱེ་བ་རིང་བསྲེལ་གྲངས་ཅན་གྲངས་མེད་དང་བླ་སྒྲུབ་གེགས་སེལ་སོགས་མཛད་དེ་གསོ་རིག་གི་བསྟན་པ་གཞི་ནས་གསོས། ཕྱིས་སྨན་པ་མཁས་པ་མང་དུ་བྱུང་བ་ནི་འདི་ཁོ་ནི་བཀའ་དྲིན་ཡིན་ནོ། དེ་ལ་སློབ་བརྒྱུད་མང་དུ་བྱུང་བས་དཱགས་ཀོང་ལྟོ་རྒྱུད་རྣམས་སུ་རྒྱ་ཆེར་འཕེལ། ཕྱད་པར་དེའི་ཡང་དབོན་ཟུར་མཁར་བ་བློ་གྲོས་རྒྱལ་པོས་རྒྱུད་བཞིར་ཞུས་དག་དང། པར་དུ་བརྐོ་པ་སོགས་མཛད། རྒྱས་འགྲེལ་མེས་པོས་ཞལ་ལུང་བརྩམས་ཀྱང་རྩ་བཤད་གཉིས་དང་ཕྱི་རྒྱུད་རྩ་མདོ་ཙམ་ལས་མ་གྲུབ་པར་གཤེགས། མེས་དབོན་འདི་གཉིས་ཀྱི་སློབ་བརྒྱུད་ལ་ཟུར་ལུགས་སུ་གྲགས་ཏེ་ས་འདི་གཉིས་གཙོ་བོ་ཆེ་བར་བཞེད་དོ། དུས་ཕྱིས་སྡེ་སྲིད་ཆེན་མོ་སངས་རྒྱས་རྒྱ་མཚོས་བྱང་པ་ལྷུབ་སྡིང་པ་སོགས་བསྟེན་ནས་སྨན་དཔྱད་ལ་(སྨད་ཆ།༨༡༠)མཁས་པར་སྦྱངས། སྔོན་གྱི་ལག་ལེན་འཆད་པར་ཉེ་བ་རྣམས་ཀྱང་འབད་པ་དུ་མས་བཙལ། སྨན་ངོ་རེ་རེ་ལའང་ཁུངས་དང་གཏན་ཚིགས་མང་པོས་གཏན་ལ་ཕབ་པས་འཁྱུད་དཔེ་རི་མོས་གསལ་བ་མཛད། དེ་བཞིན་དུ་རྩ་བརྒྱུད་སྡོང་འགྲེལ་དང་བྱ་ཁོག་ཡུལ་ཐིག་སོགས་ཀྱང་མཐོང་བས་རྟོགས་པའི་བྲིས་ཐང་དྲུག་ཅུ་སྐོར་གསར་སྦེལ་དང། སྨན་གྱི་ཁོག་དབུལ་བཻ་ཊཱུ)འི་མེ་ལོང་དང། རྒྱས་འགྲེལ་བཻ་ཊཱུ)་སྔོན་པོ། ལག་ལེན་ལྷན་ཐབས་མ་བུ་སོགས་གསུང་རྩོམ་དང་རྒྱུད་བཞི་རང་འགྲེལ། ལྷན་ཐབས་བཅས་པར་བརྐོ་བ། གཞན་ཡང་སྨན་གྱི་ཡིག་ཆ་མང་པོའི་པར་དང། ཁྱད་པར་དུ་བསྟན་པ་མི་ནུབ་པའི་བཙས་སུ་སྨན་གྱི་སློབ་གྲ་ལྕགས་རི་བཻ་ཊཱུ)་ངོ་མཚར་ལྟ་བ་སྡུག་གཉིས་པ་གསར་སྐྲུན་མཛད་པས་དེང་སང་བར་དུ་སློབ་རྒྱུན་མ་ཉམས་པར་གནས་པ་སོགས་གསོ་རིག་གི་བསྟན་པ་གཞི་བཞེངས་སུ་མཛད་པས་དངོས་ཅག་སྨན་པ་རྣམས་ལ་བཀའ་དྲིན་བླ་ན་མེད་པར་གྱུར་ཅིང། ཕྱིས་ཆོད་ཡིག་ནག་གཙང་མར་མི་སློབ་པ་དག་གིས་ཀྱང་སྨན་དཔྱད་བྱས་ནས་རིག་པ་འདི་ཆུང་གསན་པའི་སྐབས་འདིར་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིསས་བོད་ཀྱི་བཤད་སྲོལ་རྣམས་ཀ་མཁས་པར་སྦྱངས་ཤིང། ཁྱད་པར་དུ་བརྒྱད་པ་རྩ་འགྲེལ་སོགས་ནས་བཤད་པའི་སྨན་སྔོན་ཆད་བོད་འདིར་ཡོངས་སུ་མ་གྲགས་པ་མང་པོ་དང། སྔོན་ཆད་ཇི་ལྟ་བར་ངོས་མ་ཟིན་པ་དག་འཕགས་ཡུལ་གྱི་མཁས་པ་རྣམས་ལ་གཏུགས་ནས་ངོས་འཛིན་སྨན་སྦྱོར་ལག་ལེན་སོགས་བསླབ་ཅིང། དེ་བཞིན་དུ་རྒྱ་ནག་ལུགས་ཀྱི་བརྟག་ཐབས་དང་སྨན་དཔྱད་མང་པོ་གསར་འགྱུར་མཛད་ཅིང། གཞན་ཡང་མཐའ་ཁོབ་ལི་སུ་ཞེས་པའི་སྨན་འགའ་ཞིག་ཀྱང་བསྒྱུར་ལ། སྨན་ལྡུམ་(སྨད་ཆ།༨༡༡)འགའ་ཞིག་གི་འཁྲུངས་དཔེ་དང་རོ་བཀྲ་སོགས་ཀྱང་ཕྱག་བྲིས་གནང་བར་སྨན་ཡིག་ཟབ་མོ་འགའ་ཡང་མཛད་དེ་ཕྱོགས་འདིར་རིག་གནས་སྦྱིན་དང་ཁྱད་པར་གསོ་རིག་གི་བསྟན་པ་ཕྱོགས་ཙམ་སྣང་བ་འདི་ནི་རྗེ་འདིའི་བཀའ་དྲིན་ལས་བྱུང་བ་ཡིན་ནོ། གསོ་བ་རིག་པའི་སྐབས་སོ། སྒྲ་རིག་པའི་སྐབས། རིག་གནས་གསུམ་པ་སྒྲ་རིག་པ་ནི། དྲིན་ལན་གསང་བ་མདོ་ལས་བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་སྒྲ་རིག་པའི་བསྟན་བཅོས་ལ་བསླབ་པར་བྱེད་ཅེ་ན། སྒྲའི་ཚིག་ཡོངས་དག་པར་བརྒྱན་པ་དང། ཡོངས་སུ་མ་གྲགས་པའི་ཚིག་གི་དོན་གསལ་བར་སྟོན་མི་ནུས་པ་དང། དོན་ཐམས་ཅད་ཤེས་ཤིང་ཁོང་དུ་བཤིག་པ་དང། ངན་པར་ལྟ་བ་ལས་ལྡོག་ཅིང་སེམས་ཅན་འདུས་བའི་ཐབས་དང་མཁས་པས་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སྒྲའི་རིག་པའི་བསྟན་བཅོས་བསླབ་པར་བྱེད་དོ། ཞེས་གསུངས་སོ། དེ་ལ་ཡང། ཟིན་མ་ཟིན་དང། སེམས་ཅན་དུ་སྟོན་མ་སྟོན་དང། སྙམ་མི་སྙན་གྱི་དབྱེ་བས་བརྒྱད་དུ་ཡོད་ཀྱང། སྒྲའི་བསྟན་བཅོས་སྨྲ་བ་ཀུན་ལ་འཇུག་པ་ལས། རིགས་སེལ་བ་དག། དུས་སེལ་དང། ཆེད་དང་མིང་དུ་གདགས་པ་བཞི། མི་ལྡན་སྒྲ་ནི་ཡོད་མ་ཡིན། ཛམྦུའི་འབྲས་བུ་སྨིན་པ་ནི། དྲི་མ་མེད་པའི་ཆུ་ལ་ལྟུང། ཉ་ཡིས་བཟའ་བའི་ཕྱིར་དུ་ནི། འགུ་ལུ་འགུ་ལུ་ཞེས་སུ་སྨྲ། ཞེས་གསུངས་ཤིང། འདི་དག་ལ་གསུང་རབ་གཞན་དུ་འབྱུང་ལོ་ཐམས་ཅད་པའི་སྐད་(སྨད་ཆ།༨༡༢)ཤེས་པ་ཞེས་པའི་ར་སྙན་མཛད་པས་ཞར་བྱུང་སྒྲ་ཞེས་བྱུང་སྒྲ་ཞེས་པའི་ཐ་སྙད་ཀྱང་བརྗོད་ལ། འདིར་ནི་ཟིན་པཇ་སེམས་ཅན་དུ་སྟོན་ཅིང། ཚིག་ཏུ་ལྟུང་པའི་སྒོ་ནས་ལུང་སྟོན་པས་ན། བྱ་ཀ་ར་ཎ་ཞེས། ལུང་དུ་སྟོན་བའམ་བརྡ་སྦྲོད་པ་ཞེས་གྲགས། དེའི་བརྗེད་བྱ་ཐུན་མོང་པ་ནི་ཚོགས་པ་གསུམ་སྟེ། སྨྲ་བ་རྒྱན་གྱི་མེ་ཏོག་ལས། ངོ་བོ་ཙམ་དང་ཁྱད་པར་སྟོན། དེ་གཉིས་བརྟེན་དུ་གྱུར་པ་ནི། མིང་དང་ཚིག་དང་ཡི་གེ་ཡིན། ཞེས་པས་ཡི་གེ་དང་མིང་དང། ཚིག་ག་ཚོགས་པའོ། དེ་ལ་ཡི་གེ་ནི། བརྗོད་འདོད་ཀུན་ནས་བླངས་པས་གནས་དང། བྱེད་པ་དང། རྩོལ་བ་རྣམས་ཕྲད་པ་ལས་སྐྱེས་པའི་སྐད་གདངས་འབའ་ཞིག་པ་སྟེ། དཔང་ལོ་ཆེན་པོས། བརྗོད་འདོད་དབང་གི་རླུང་གཡོས་ཤིང། དེ་ཡི་གནས་དང་བྱེད་པ་དང། རྩོལ་བ་སྐྱེས་པའི་སྐད་གདངས་འབའ་ཞིག་པ་སྟེ། དབང་ལོ་ཆེན་པོས། བརྗོད་འདོད་དབང་གི་རླུང་གཡོས་ཤིང། དེ་ཡི་གནས་དང་བྱེད་པ་དང། རྩོལ་བ་བསྐྱེད་དང་དབུགས་དབྱུང་དང། ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེ། ཞེས་པ་སྟེ། མཚན་གཞི་ནི་ཨཱ་ལོ་དང། ཀཱ་ལིའི་ཡི་གེ་ཡིན་ལ། དེ་ཡང་ཀླ་ཀློའི་ཡི་གེ་དང་རྒྱ་ནག་སོགས་མ་ཡི་གེའི་ཚོགས་པ་མེད་པས་ཡིག་གཟུགས་ལ་ཐུག་པ་མེད་ཅིང། རྒྱ་བལ་དང་བོད་ཡུལ་སོགས་སུ་ཡི་གེ་དབྱངས་གསལ་གཉིས་སུ་བསྡུས་ཏེ་བཤད་པས་མིང་ཚིག་གསར་དུ་བྱུང་ཡང་ཡི་གེ་སྦྱོར་བ་ལ་དཀའ་བ་མེད་དོ། མིང་ནི་ཡི་གེ་འདུས་པ་ལས་བྱུང་ཡང་ཡི་གེ་སྦྱོར་བ་ལ་དཀའ་བ་མེད་དོ། མིང་ནི་ཡི་གེ་འདུས་༑པ་ལས་བྱུང་བའི་བརྗོད་བྱའི་དོན་གྱི་ངོ་བོ་ཙམ་བརྗོད་པར་བྱེད་པའི་སྒྲ་སྦྱི་སྣང་བ་སྟེ། ཀ་བ་དང། བུམ་པ་ཞེས་པ་ལྟ་བུའོ། ཚིག་ནི་མིང་དུ་མ་འདུས་པོ་ལས་བྱུང་བ་དོན་གྱི་ཁྱད་པར་སྟོན་པའི་སྒྲ་སྦྱི་དང་གནང་བ་སྟེ། ཙན་དན་ཀ་བའ། གསེར་གྱི་བུམ་པ་ཞེས་པ་ལྟ་བུའོ། བརྡ་སྦྲོད་པའི་ལུགས་ཀྱི་བརྗོད་བྱ་ཐུན་མོང་མ་ཡིན་པ་ནི། རང་བཞིན་དང། རྐྱེན་དང། རྣམ་འགྱུར་གསུམ་(སྨད་ཆ།༨༡༣)གྱིས་བསྡུས་ཏེ། བརྡ་སྦྲོད་སྙིང་པོ་གསལ་བ་ལས། རང་བཞིན་རྐྱེན་དང་རྣམ་འགྱུར་རྣམས། བརྡ་སྦྲོད་དག་གི་བརྗོད་བྱ་ཡིན། ཞེས་གསུངས། དེ་རང་བཞིན་ནི། རང་བཞིན་དབྱངས་དང་མིང་དེ་ལའང། ཐོག་མའི་རང་བཞིའི་བྱ་བའི་དོན། རྟགས་གསུམ་དབྱངས་དང་གསལ་བྱེད་མཐའ། ཟེས་པས་ཐོག་མའི་རང་བཞིན་ནི། དབྱངས་ཏེ། བྱ་བའི་དོན་ཞེས་ཀྱང་བྱ། གཉིས་པ་མིང་ནི། སྒྲ་བའི་ལུགས་འདིར་རྟགས་སུ་གྲགས་ཏེ། དབྱངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པའི་རྟགས་སོ། ཞེས་པ་བྱིངས་ལ་ཀྲིཏ་རྐྱེན་ཕྱིན་ཞིང་རྣམ་དབྱེ་མ་བྱིན་པའི་བར་སྐབས་ཀྱི་སྒྲའི་ཡན་ལག་ཞིག་ལ་ངོས་འཛིན་ཅིང། གཉིས་པ་རྐྱེན་ནི་སྒྲ་རང་བཞིན་གཉིས་མིང་ཚིག་བྱིངས་གསུམ་གང་རུང་སྒྲུབ་པར་ཕྱེད་པོའི་སྒྲའི་ཡན་ལག་ལ་རྐྱེན་ཞེས་བྱ་སྟེ། ཀུན་ཤེས་ལས། རྐྱེན་ལ་མཚན་ཉིད་རང་བཞིན་རྣམ་འགྱུར་དུ། སྒྲུབ་པར་བྱེད་ལ་སྒྲ་ཡི་ཡན་ལག་ཟེར། ཞེས་སོ། གསུམ་པ་རྣམ་འགྱུར་ནི། དཔང་ལོས། རང་བཞིན་རྐྱེན་དང་འབྲེལ་པའམ། ཡི་གེ་ཙམ་དང་འབྲེལ་བ་ཡི། བསྒྱུར་དང་དབྱེ་བ་རྣམ་འགྱུར་ཏེ། ཞེས་པས། མཚམས་སྦྱོར། མིང་ལེ། ཀུན་བཤད་ཀྲིཏ་དང་བཞེས་མདོའི་རྩ་བ་བརྟན་ལ། ཡན་ལག་ནི། བྱིངས་མདོ་དང། ཉེར་བསྒྱུར་དང། ཨུ་ཎ་ལ་སོགས་པ་རྣམས་སོ། སྦྱིར་སྒྲ་འབྱུང་ཚུལ་ནི། སྔོན་སུམ་ཅུ་ཙ་གསུམ་དུ་སརྦ་ཛྙ་དེ་ཝ་སྟེ་ལྷ་ཐམས་ཅད་མཁྱེན་པ་ཞེས་པའི་སྒྲ་མཁན་ཞིག་བྱུང། དེས་སརྦ་ཛྙ་བྱཱ་ཀ་ར་ཎ་ཞེས་པའི་སྒྲའི་བསྟན་བཅོས་མཛད་དེ་ལྷ་རྣམས་ཀྱིས་བཤད་པས་ལས་འཛམ་བུའི་གླིང་ལ་མ་དར། ལྷ་དེའི་སློབ་མ་ལྷ་དབང་བརྒྱ་ཡིས་ཨིནྡྲ་བྱཱ་ཀ་ར་ཎ་ཞེས་སྒྲའི་བསྟན་བཅོས་ཆེན་པོ་མཛད།(སྨད་ཆ།༨༡༤)དེའི་སློབ་མའམ་དྲང་སྲོང་ཕུར་བུས་ལེགས་པར་ཤེས་ནས་ལྷའི་བུ་རྣམས་ལ་བསྟན་པས་ལྷའི་བླ་མ་དང་སྒྲ་མཁན་ཞེས་མིང་ཡང་དུ་མར་གྲགས་ཤིང་རློམ་པའི་ང་རྒྱལ་ཆེ་བ་ལ། བརྒྱ་བྱིན་གྱིས་ཕྱིའི་རྒྱ་མཚོ་ལས་ཆུ་གསེར་གྱི་བུམ་པ་གང་བླངས། དེ་ལས་ཀྱང་ཀུ་ཤའི་ཐིགས་པ་གཅིག་བླངས་ཏེ། སྒྲ་མི་བསྟན་བཅོས་རྒྱ་མཚོ་ཙམ། གསུངས་པས། ཁོ་ཡིད་ཆད་དེ་སྒྲ་མི་འཆད་པར་དམ་བཅས་པ་ལ། ལྷའི་དབང་པོས་རང་གིས་ཇི་ལྟར་ཤེས་པ་སྟོན་ཅིང། ཕན་ཐོགས་པར་འགྱུར་རོ། ཞེས་བསྒོས་པས་དམ་བཅས་མི་འགལ་བའི་ཆེད་དུ། ཆོས་བརྒྱད་སློབ་དཔོན་ངེས་པར་འཛོམས། བཅུ་བཞི་ལ་ནི་སློབ་མ་འཇོམས། གནམ་སྟོད་ལ་ནི་རིག་པ་འཇོམས། ཚེས་གཅིག་ལ་ནི་ཐམས་ཅད་འཇོམས། ཞེས་དུས་གཉན་བཞི་བསྲུང་བར་བྱས་ཏེ་གཞན་ལ་བ སྟན་པས་སྒྲ་མཁན་ནམ་ལྷའི་བླ་མའི་ཞེས་གྲགས་སམ། གསུམ་པ་རྒྱ་གར་དུ་བྱོན་ཚུལ་ནི། པཱ་ཎི་བྱཱ་ཀ་ར་ཎ་འཇིག་རྟེན་དུ་མ་ཕེབས་གོང་དུ་ནང་པའི་ལུགས་ལ་སྒྲ་སྦྱོར་དུམ་ཀ་བསགས་ནས་སྦྱོར་བ་ལས་གཅིག་ཏུ་སྡེབ་པའི་བསྟན་བཅོས་མེད་པར་གྲགས། ཕྱི་རོལ་པ་ནི་ལྔ་མོ་ནས་ཡོད་པར་མངོན་ལ། གདུལ་བ་ལུང་ལས། ཤ་རིའི་བུས་ལོ་བཅུ་གཉིས་སུ་དབང་པོའི་བརྡའི་སྦྲོད་བཀླགས་པར་གསུངས་པས་སོ། བརྡ་སྦྲོད་བཀླགས་པར་གསུངས་པས་སོ། དེ་ལ་པ་ཎི་བྱཱ་ཀ་ར་ནི། འཇམ་དཔལ་རྩ་རྒྱུད་དུ། བྲམ་ཟེའི་ཁྱིའུ་པ་ཎི་ནི། ངེས་པར་ཉན་ཐོས་བྱང་ཆུབ་ཏུ། ང་ཡིས་ལུང་བསྟན་བྱས་པ་ཡིན། འཇིག་རྟེན་དབང་ཕྱུག་བདག་ཉིད་ཆེ། དེ་ཡང་དེ་ཡིས་སྔགས་འགྲུབ་པའོ། ཞེས་(སྨད་ཆ།༨༡༥)བཅོམ་ལྡན་འདས་ཀྱིས་རྩ་རྒྱུད་དུ་སྒྲ་བྱེད་པར་ལུང་བསྟན་པའི་བྲམ་ཟེ་པཱ་ཎི་ཞེས་བྱ་པ་འཕགས་ཡུལ་ནུབ་ཕྱོགས་བྷི་རུ་ཀའི་ཚལ་དུ་སྐྱེས་ཏེ། སྒྲ་རིག་པ་ཤེས་སམ་མི་ཤེས་ལག་རས་མཁན་ལ་བསྟན་པ་ན་མི་ཤེས་པར་ལུང་བསྟན་པས། རང་ཉིད་ཀྱིས་གྲིའུ་ཆུང་གིས་ལག་རིས་བཅོས་ནས་ས་སྟེང་གི་བརྡ་སྦྲོད་པའི་སློབ་དཔོན་མཐའ་དག་བསྟེན། སྒྲ་ལེགས་པར་ཤེས་ཀྱང་ད་རུང་མ་ཚིམ་པར། འཇིག་རྟེན་དབང་ཕྱུག་གི་རིགས་སྔགས་བསྒྲུབས་པས་འཕགས་པ་ཞལ་གཟིགས་ཏེ་ཅི་འདོད་གསུངས་པ་ལ་སྒྲ་ཤེས་པར་འཚལ་ཞུས་པས། ཨ་ཨི་ཎཱ་སོགས་ཡི་གེའི་བསྡུ་བ་གསུངས་པ་ཙམ་གྱིས་འཇིག་རྟེན་གསུམ་གྱི་སྒྲའི་སྦྱོར་བ་མཐའ་དག་ཕྱོགས་གཅིག་ཏུ་བྱས་པའི་བསྟན་བཅོས་མེད་པས་གཞུང་དེ་གཉིས་ནི་སྒྲ་གཞུང་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ཡིན་ཞིང། ཡང་བསྡུ་བ་གསུམ་པའི་རྗེས་ཙམ་ཞིང་ན་རྒྱལ་པོ་ཙན་དན་སྐྱོང་ཞེས་བྱ་བ་ཞིག་བྱུང་སྟེ། དེ་སྐབས་བྲམ་ཟེ་ཨིནྡྲ་(སྨད་ཆ།་བ་ཞེས་པ་རྒྱལ་པོ་དེའི་གྲོགས་པོ་ཞིག་གི་ལྷའི་དབང་པོ་བསྒྲུབས་ནས་འགྲུབ་པ་ན། སྒྲའི་ངེས་གནས་ཞུས་ཏེ། དེས་བཤད་པ་དག་བྲིས་པ་ཨིནྡྲ་བྱཱ་ཀ་ར་ཎ་ཞེས་གྲགས་སོ། དེ་ལ་ཤོ་ལོ་ཀ་གཉིས་ཁྲི་ལྔ་སྟོང་ཡོད་པ་སྟེ། འདི་ལ་ལྷས་བསྟན་པའི་བརྡ་སྦྲོད་པ་ཞེས་ཟེར་རོ། ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་དུས་ཙམ་ན། རྒྱལ་པོ་བདེ་བྱེད་ཀྱིས་སྒྲ་བསླབས་པའི་ཕྱིར་བྲམ་ཟེར྄་མཆོག་སྲེད་ཀྱིས་ཀླུའི་རྒྱལ་པོ་ལྷག་མ་ཅན་རིག་སྔགས་ཀྱི་མཐུས་བཀུག་ནས་པ་ཎི་པའི་འགྲེལ་པ་ཤོ་ལོ་ཀ་འབུམ་གྱིས་འཆད་པར་བྱས་ཏེ། སློབ་དཔོན་དང་ཀླུའི་བར་དུ་ཡོལ་བར་(སྨད་ཆ།༨༡༦)བཅད། ཀླུས་བཤད་ཅིང། མཆོག་སྲེད་ཀྱིས་ཡི་གེར་འབྲི་བ་ལས། སྐབས་ཤིག་ན་འདིའི་ལུས་ཅི་འདྲ་སྙམ་ནས་ཡོལ་བ་བཏེགས་པས་སྦྲུལ་ཆེན་པོ་བསྐྱིངས་པ་མཐོང། ཀླུའི་ངོ་ཚ་ནས་བྲོས། དེར་འགྲེལ་པ་ཤོ་ལོ་ཀ་སྟོང་ཕྲག་ཉེར་ལྔ་ལས་མ་ཟིན་པས་ལྷག་མ་མཆོག་སྲེད་ཉིད་ཀྱིས་སྟོང་ཕྲབ་བཅུ་གཉིས་ཀྱི་ཚད་དུ་བརྩམས་པ་དེ་ལ་མ་ཧཱ་བྷཱ་ཥཱ་ཞེས་གྲགས་ཏེ། འདི་ལ་ཀླུས་བསྟན་པའི་བརྡ་སྦྲོད་པ་ཟེར། དེ་ལ་སློབ་དཔོན་བྲམ་ཟེར་མཆོག་སྲེད་ནི། སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པའི་བྲམ་ཟེའི་ལས་དྲུག་ལ་བཙོན་པ་ཀླུ་སྒྲུབ་དང་མཛའ་བཤེས་སུ་གྱུར་པ་ཞིག་ཤར་ཕྱོགས་ར་རའི་ཡུལ་དུ་བྱུང་སྟེ། དེས་ལོ་བཅུ་གཉིས་སུ་སྦྱན་རས་གཟིགས་བསྒྲུབས་པས་འགྲུབ་སྟེ་ཞལ་དངོས་སུ་བསྟན་ནས་ཁྱོད་ཅི་འདོད་གསུངས་པ་ན། བདག་གྲུབ་པ་ཆེན་པོ་བརྒྱད་ཀྱིས་སེམས་ཅན་གྱི་དོན་བྱ་བས། དེ་ཕྱིན་ཆད་རིག་སྔགས་ཐམས་ཅད་ཇི་ལྟར་འདོད་པར་གྲུབ་ཅིང། རིག་པ་མཐའ་དག་ཀྱང་མ་བསླབས་པར་ཤེས་སོ། དེ་ནས་ནུབ་ཕྱོགས་ཀྱི་ཡུལ་དུ་སོང་བས། རྒྱལ་པོ་སིནྟ་ཝ་ཧ་ན་ཞེས་བྱ་བའི་ཡུལ་དུ་གནས་སོ། དེར་ཡང་སྔགས་དང་རྒྱུད་ཀྱི་སྦྱོར་བས་སེམས་ཅན་མང་པོ་ལ་ཕན་བཏགས། དེ་ནས་ཡུལ་ཝ་ར་ན་སིར་འོངས་ཏེ། རྒྱལ་པོ་བྷི་མ་ཤཀླའི་མཆོད་གནས་མཛད། དེར་རྒྱལ་པོ་དེས་བུ་མོ་དཔྱིད་ལྡན་མ་བྱ་བ་རིག་བྱེད་ལ་མཁས་པ་ཞིག་ཡོད་པ་དེ་བྲམ་ཟེ་མཆོག་སྲེད་ལ་སྦྱིན་པར་བྱས་པས། དཔྱིད་ལྡན་མ་ང་རྒྱལ་གྱིས་དྲེགས་པས་མཆོག་སྲེད་ལས་ཁོ་མོ་མཁས་པས་དེའི་གཡོག་མི་བྱེད་ཟེར་བས། མཆོག་སྲེད་ཀྱིས། འོ་ན་བདག་གི་སློབ་དཔོན་མཁས་པ་ཆེན་པོ་(སྨད་ཆ།༨༡༧)བདག་ལ་བློ་གྲོས་བརྒྱ་གྱུར་གྱིས་ཆེ་བ་ཞིག་ཡོད་པས་དེ་སྦྱན་དྲངས་ལ། དེ་ལ་རྒྱལ་པོས་དཔྱིད་ལྡན་མ་སྩོལ་ཅིག་ཅེས་བྱས་ནས། མ་ག་ངྷའི་གནས་རྗི་གཟུགས་བཟང་ཞིང་མཛེས་པ་ཤིན་ཏུ་བླུན་པ་ཞིག་ཡོད་པ་ལ། ཞག་འགར་ཁྲུས་དང་བསྐུ་མཉེ་བྱས་ཏེ། བྲམ་ཟེར་པཎྜི་ཏའི་ཆ་བྱད་དུ་བཅོས། ༀ་སཱ་སྟི་ཞེས་བྱ་བ་གཅིག་པུ་བསླབས། རྒྱལ་པོ་སྐྱེ་བོའི་ཚོགས་དང་བཅས་ཏེ་བཞུགས་པའི་དབུས་སུ་རྒྱལ་པོ་ལ་མེ་ཏོག་གཏོར་ཏེ། ༀ་སཱ་སྟི་ཞེས་བྱ་བ་འདི་བརྗོད་ཅིག། གཞན་སུས་ཅི་དྲིས་བྱུང་ཡང་ལན་འདེབས་པར་མ་བྱེད་ཅིག། ཅེས་བསླབས་ནས་དེ་ལྟར་བྱེད་རྒྱུད་ལ། ཁོ་ཁ་བརྟབས་ཏེ་རྒྱལ་པོ་ཀྱིས་ཡི་གེ་བཞི་པོ་དེ་དག་གི་དོན་བཀྲལ་ཏེ། ཨུ་མ་ཡ་པ་ཧི་ཏོ་རུ་ཏྲ། ཤ་ཀ་ར་པ་ཧི་ཏོ་བི་ཥྞུ། ཊཾ་ཀ་ར་ཨུ་ལ་པཱ་ཎིཥྩ། རཀྵནྟུ་ཤི་བ་སརྦཱ་དཱ། ཞེས་པའི་དོན་ཏེ། ཤིས་པ་བརྗོད་པ་ཡིན་ཞེས་ཟེར་ནས་ཁ་བསྒྱུར་རོ། ཚིག་དེ་བོད་སྐད་ལ་ཨུ་མ་དང་བཅས་དྲག་པོ་དང། བདེ་ཕྱེད་དང་བཅས་འཇུག་སེལ་ཏེ། ཊཾ་ཚུལ་ཕྱག་ན་མདུང་ཐུང་ཡང། ཞི་བས་རྟག་ཏུ་བསྲུང་བར་མཛད། ཅེས་པའོ། དེ་ནས་དཔྱིད་ལྡན་མས་སྒྲའི་དོན་ལ་སོགས་པ་འགའ་དྲིས་ཀྱང་ཅང་མི་སྨྲ་བ་ལ། མཆོག་སྲེད་ཀྱིས་བདག་གི་སློབ་དཔོན་མཁས་པ་ཆེན་པོ་འདི་བུད་མེད་ཀྱིས་དྲིས་པ་ལ་ལན་ཅི་ལ་འདེབས། ཞེས་ཟེར་ནས་མགོ་རྨོངས་པར་བྱས་སོ། དེ་ནས་བྲམ་ཟེ་མཆོག་སྲེད་ལྷ་ཚོགས་སུ་བྲོས་སོ། དེར་གནག་རྗི་དེ་ལྷ་ཁང་རྣམས་སུ་འཁྲིད་ཀྱང་ཅི་ཡང་མི་ཟེར་རོ། དེ་ནས་ལྷ་ཁང་གི་ཕྱི་འཁྱམས་སུ་སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་བྲིས་པ་ལས། བ་ལང་གི་གཟུགས་བརྙན་(སྨད་ཆ།༨༡༨)མཐོང་བ་ན་ཁོ་དགའ་ནས། ཕྱུག་སྐྱོང་བའི་ནས་རྣམ་འགྱུར་བྱེད་པས། ཀྱེ་མའོ་འདི་ནི་བ་ལང་རྗི་བོ་ཞིག་ཏུ་ངེས་སོ་སྙམ་ནས་གདོད་བསླུས་པར་ཤེས་སོ། དེར་བྲམ་ཟེ་མཆོག་སྲེད་ཀྱིས་ཡུལ་ཐ་དད་པ་རྣམས་སུ་སྒྲ་ལ་སོགས་པའི་རིག་པའི་གནས་རྣམས་ཀྱང་མང་དུ་བསྟན་པར་བྱས་ཏེ། མཐར་ནག་པོ་ཆེན་པོའི་ཕྲག་པ་ལ་ཐོགས་ནས། རི་རབ་ཀྱི་རྩེ་མོ་ན་ཤིང་ཡོངས་འདུས་པ་བརྟོལ་ཡོད་པའི་གནས་སུ་གཤེགས་པ་ཡིན་ཞེས་གྲགས་སོ། གནག་རྗི་དེ་ཡང་སྙན་ངག་མཁས་རྣམས་ཀྱི་གཙུག་གི་ནོར་བུ་པཎྚི་ཏ་ནག་མོའི་ཁོལ་དུ་གྱུར་པ་ཡིན་ཏེ་ལོ་རྒྱུས་གཞན་དུ་ལྟའོ། དེར་གོང་དུ་སྨྲོས་པའི་རྒྱལ་པོ་བདེ་བྱེད། སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་བྱས་པའི་སྒྲ་དང་འགྲེལ་པ་ལ་ཡིད་ལ་ཆེས་བས། བྲམ་ཟེ་ས་བབྷ་ཝརྨ་ཞེས་པ་ལ་གཞོན་ནི་གདོང་དྲུག་བསྒྲུབ་ཏུ་བཙུག་གི། དེས་གྲུབ་ནས་ཁྱོད་ཅི་འདོད་ཟེར་བ་ན། ཨོ་ནྡྲ་བྱ་ཀ་ར་ཎ་ཤེས་པར་འཚལ་ལོ་བྱས་པས། སི་ངྔྷེ་ཝརྞ་ས་(སྨད་ཆ།་ཡ། ཞེས་བརྗོད་པ་ཙམ་གྱིས་སྒྲའི་དོན་མཐའ་དག་ལེགས་པར་ཁོང་དུ་ཆུད་པར་གྱུར་ཏོ། ཞེས་འབྱུང་སྟེ་ཀ་ལཱ་པའི་བྱུང་ཚུལ་སྔར་བོད་དུ་གྲགས་པའི་ལོ་རྒྱུས་དང་ཅུང་མི་མཐུན་ཞིང། ཀ་ལཱ་པ་ནི་རྨ་བྱའི་མདོངས། ཆ་བསགས་ལ་ནི་གསལ་བར་འཇུག། མདོ་ནི་དུམ་བུ་བཞི་ཡིས་བསྟན། ཟེར་བ་སོགས་ལ་མི་འཐད་པའི་ཚུལ་དང། ཀ་ལཱ་པ་ནི་སབྷ་ཝརྨ་ཉིད་ཀྱིས་བརྩམ་པར་འདོད་པ་དང། ཆ་བསགས་པའི་དོན་ཡང་ཉེ་བར་མཁོ་བའི་ཆ་ཤས་དག་བསགས་པའི་དོན་དང། དེ་བཞིན་དུ་སློབ་དཔོན་གྱི་མིང་ལའང་དབང་ཕྱུག་གོ་ཆར་འཆད་པ་ཡང་མ་དག་ཅིང། སརྦ་ཝརྨ་ཞེས་པ་ཡང་ཡིག་ནོར་ཡིན་ཏེ། པསྟ་ཝ་རྨ་ཞེས་བདུན་པའི་གོ་ཆར་ཀློག་དགོས་ཚུལ་དགོས་ཚུལ་སོགས་སྔར་གྲགས་པ་དང་(སྨད་ཆ།༨༡༩)མི་མཐུན་པ་འགའ་ཞིག་སྣང་མོད། སྔར་བོད་དུ་གྲགས་པའི་ལོ་རྒྱུས་ལྟར་ན་ཀ་ལཱ་པའི་ཀུན་བཤད་བཞི་པ་ཡན་ཆད་གཞོན་ནུ་གདོང་དྲུག་གིས་བཤད་ཅིང། ཀ་ལཱ་པ་ཞེས་པ་ཆ་བསགས་ཀྱི་དོན་རྨ་བྱའི་མཇུག་སྒྲོ་ཁ་དོག་སྣ་ཚོགས་པའི་ཆ་བསགས་པའི་དོན་དུ་འཆད་པར་བྱེད་དོ། འདིར་རེ་ཞིག་ལོ་རྒྱུས་སྔར་གྲགས་པ་ལྟར་བརྗོད་པར་བྱ་སྟེ། དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་སྦྱིན་བདག་རྒྱལ་པོ་བདེ་སྦྱོད་བཟང་པོ་ཞེས་བྱ་བ་ལ། བཙུན་མོ་རྒྱལ་རིགས་ལས་བྱུང་བ་སང་ཀྲྀ་ཏའི་སྐད་ཤེས་པ་ཞིག་ཡོད་དེ། དེ་དང་ལྷན་ཅིག་ཏུ་སྐྱེད་མོས་ཚལ་དུ་རྩེ་དགའ་ལ་ཕྱིན་པའི་དུས་རྒྱལ་པོས་བཙུན་མོ་ལ་ཆུ་ཐིགས་གཅིག་གཏོར་བས། མ་མོ་ད་ཀི་པིཉྩ་ཏི། བདག་ལ་ཆུ་མ་གཏོར་ཞེས་སྨྲས་པས། རྒྱལ་པོས་ཏིལ་གྱི་ལ་དུ་སླང་ཞེས་པར་གོ་ནས་བྱིན་པས། བཙུན་མོ་ན་རེ་ཅི་ཡིན་ཟེར། ད་ཅི་སླང་ཟེར་བ་དེ་ཡིན་བྱས་པས། རྒྱལ་པོ་སང་སྐྲི་ཏའི་སྐང་ཅུང་ཙམ་ཡང་མི་ཤེས་པ་བ་ལང་ལྟ་བུ་དང་ཁྱིམ་ཐབ་མི་བྱེད་བསམ་ཡི་མུག་པར་དམ་བཅས་པ་ན། རང་གི་ཞང་པོ་དབང་ཕྱུག་གོ་ཆས། རྒྱལ་པོས་སློབ་དཔོན་མཁས་པ་ཡང་རྙེད་པར་དཀའ། རྙེད་ཀྱང་ཡུན་རིང་མི་ཤེས་པས་རྒྱལ་པོའི་བྱ་བ་འཚོར། དེ་བས་ན་བདག་གི་འདོད་པའི་ལྷ་བསྒྲུབས་ནས་ལེགས་པར་ཤེས་པར་བྱས་ནས། རྒྱལ་པོ་ལ་ཚེགས་ཆུང་དུས་བསླབ་པར་བྱའོ་སྙམ་གཞོན་ནུ་ཀརྟི་ཀ་བསྒྲུབས་པས་ཞག་བདུན་ན་གཞོན་ནུ་སྨིན་དྲུག་རྨ་བྱ་ལ་ཞོག་པ། ལག་ན་མདུང་ཐུང་ཐོགས་པ་གཅིག་བྱུང་ནས། ཅི་ཤེས་པར་འདོད་ཟེར་བ་ལ། སྒྲ་ཤེས་པར་འཚལ་ལོ་ཞེས་སྨྲས་པས། སིངྔྷི་ཝ་རྞ་ས་མཱ་ནཱ་ཡ༔ ཞེས་པ་ནས། མཚམས་སྦྱོར་རྐང་པ་ལྔ། མིང་(སྨད་ཆ།༨༢༠)ལེ་རྐང་པ་དྲུག། ཀུན་བཤད་རྐང་པ་བཞི་བཤད་པས། དེ་ཙམ་གྱིས་ཆོག་པར་འཚལ་ལོ་ཞེས་བྱས། ལྷའི་བྱིན་རླབས་དང། རང་གི་བག་ཆགས་སད་པས་ཡང་དག་པར་ཤེས་སོ། རྨ་བྱའི་བཞོན་པ་གྱེན་དུ་བསྐྱོད་ནས་འཇུག་སྒྲོ་ཁྲ་བུན་གྱིས་མཐོང་བ་ན། འོན་ཀྱང་བསྟན་བཅོས་འདིའི་མིང་ཅི་ཟེར་བ་ཡིན་ནས་སྙན་ནས། དེ་བ་ཤཱསྟྲ་པ་བཟོད་པར་གསོལ་ལོ་ཞེས་སྨྲས་ཏེ་ཡི་གེར་བཀོད་པ་ལས་ཀུན་བཤད་རྐང་པ་ཕྱི་མ་བཞི་དང་ཀྲིཏྲ་རྐང་པ་དྲུག་ཤཱ་ར་ཝརྨ་ཉིད་ཀྱིས་མཛད་པར་གྲགས་ལ། རྒྱལ་པོ་ལ་བསླབས་པས་དེ་མ་ཐ་མཁས་པར་གྱུར་ཏེ། བདག་གི་ལག་གཡས་པདྨ་ཡོད། གཡོན་པ་ན་ནི་ཨུཏྤལ། ཡུ་བ་འཇམ་དང་ཙུབ་པ་དག། གང་འདོད་སྨོས་ཤིག་བཞིན་བཟང་མ། ཞེས་པ་བསྐུར་བས་དཔེ་མེད་པར་དགའ་ཞིང་མགུ་བར་གྱུར་ཏོ། བསྟན་བཅོས་དེ་ལ་དུརྒ་སིངྷས་འགྲེལ་བ་དུར་སེང་མཛད་ཅིང། ཨུ་ཎ་སོགས་ཀྱི་འགྲེལ་པའང་མཛད། འདི་ལ་ལེའུ་ཉེར་ལྔར་འཆད། ཨ་ཎ་སོགས་ཀྱི་འགྲེལ་པའང་མཛད། འདི་ལ་ལེའུ་ཉེར་ལྔར་འཆད། སློབ་ཚུལ་ཡང་དཔེར་བརྗོད་དངོས་བསྟན་ཙམ་སྟོན་པས་རྒྱལ་པོ་ལུགས་ཟེར། བྲམ་ཟེ་གྲགས་འབྱོར་གྱིས་ནང་པའི་སློབ་མ་རྣམས་ཀྱི་དོན་དུ་འགྲེལ་པ་སློབ་མ་ལ་ཕན་པ་མཛད། དཔེར་བརྗོད་ཐམས་ཅད་བྱིངས་སྒྲུབ་འགའ་ཞིག་བྱེད་པས་དང་པོར་སློབ་པ་དཀའ་ཡང་མིང་ལེ་ཙམ་ཤེས་པ་ན་ཀ་ལཱ་པ་ཡོངས་རྫོགས་ཤེས་པར་འགྱུར་བས་པཎྜི་ཏའི་སློབ་ཚུལ་ཞེས་གྲགས། ཡང་རྒྱ་གར་ཤར་ཕྱོགས་ཤེས་པར་འགྱུར་བས་པཎྜི་ཞེས་པར་སྐུ་འཁྲུངས་པའི་སློབ་དཔོན་ཙནྡྲ་གི་མི་ཞེས་བྱ་བ་སྒྲ་དང་རྟོག་གེ་ལ་སོགས་པ་ཐུན་མོང་གི་རིག་གནས་ཐམས་ཅད་མ་བསླབས་པར་མཁྱེན་པས་ལོ་བདུན་གྱི་སྟེང་ནས་མུ་སྟེགས་ཀྱིས་རྒོལ་བ་ཚར་གཅོད་ནུས་(སྨད་ཆ།༨༢༡)1. དེས། སློབ་དཔོན་མྱ་ངན་མེད་པ་ལས་ལུང་མནོས་ཏེ། སྦྱན་རས་གཟིགས་དང་སྒྲོལ་མའི་རིག་སྔགས་བསྒྲུབས་པས་གྲུབ་ཅིང་མཁས་པ་ཆེན་པོར་གྱུར། འཕགས་པ་སྦྱན་རས་གཟིགས་ཀྱིས་བསྐུལ་ནས་གོ་མིའི་དགེ་བསྙེན་གྱི་བརྟུལ་ཞུགས་མཛད། ཟླ་གྲགས་ཀྱི་ན་ལེནྜར་སྦྱན་དྲངས་པའི་ཚེ་འཇམ་དབྱངས་ཀྱི་སྐུ་བརྙན་འཇམ་དཔལ་འོད་དངོས་སུ་གཟིགས་ཏེ་བསྟོད་པ་མཛད་པས་སྐུ་གཟུགས་ཀྱི་དབུ་ཡོན་པོར་མཛད་ནས་གསན་པ་བྱུང་བར་འཇམ་དཔལ་དབུ་ཡོན་མར་གྲགས། མཁས་པ་ཆེན་པོ་དེ་ཉིད་དང་ལོ་བདུན་དུ་རྩོད་པ་མཛད་པའི་ཚེ་ཙོད་པ་ཞིར་ཉེ་བའི་ཆེ། སྐབས་ཤིག་སྦྱན་རས་གཟིགས་ཀྱིས་དངོས་སུ་སློབ་པར་མཛད་པ་ཟླ་གྲགས་ཀྱིས་གཟིགས་པས། འཕགས་པ་ཉེ་རོང་མི་མངའ་འམ། ཞེས་གསོལ་བ་ན། དེ་ཉིད་དུ་རྡོ་སྐུར་གྱུར་ཏེ་ཆོས་སློབ་བཞིན་པའི་ཕྱག་སོར་ཀེ་རེར་ལུས་པས་འཕགས་པ་མཛུབ་ཀེ་མར་གྲགས། བུད་མེད་དབུལ་པོ་ཞིག་གིས་ན་ལེནྜར་སློང་དུ་འོངས་པ་ལ། སྐུ་ལ་གསོལ་བའི་ན་བཟའ་དང་བརྒྱད་སྟོང་པའི་གླེགས་བམ་ཞིག་ལས་གཞན་མེད་པས་ལོགས་བྲིས་ཀྱི་སྒྲོལ་མ་ལ་གསོལ་བ་བཏབ་པས་ལོགས་བྲིས་སྒྲོལ་མ་དངོས་སུ་གྱུར་ཏེ་སྐུའི་རྒྱན་ནོར་བུའི་ཕྲེང་བ་སོགས་ཕུད་ནས་སྩལ་བ་གནང་བས་ཚིམ། རི་མོའི་སྐུ་རྒྱན་མེད་པར་སོང་བ་སྒྲོལ་མ་རྒྱན་མེད་དུ་གྲགས། བསྟོད་པ་བརྒྱ་དང་བརྒྱད། ནང་རིག་པའི་བསྟན་བཅོས་བརྒྱ་དང་བརྒྱད། ཕྱི་རོལ་གྱི་བསྟན་བཅོས་བརྒྱ་དང་བརྒྱད། བཟོ་གནས་ཀྱི་བསྟན་བཅོས་བརྒྱ་དང་བརྒྱད། བསྟན་བཅོས་ཐོར་བུ་སྣ་ཚོགས་བཞི་བརྒྱ་དང་སུམ་ཅུ་རྩ་གཉིས་བརྩམས་པར་གྲགས། ཙནྡྲའི་གླིང་དང་སོངྒ་ལའི་གླིང་དང། རྒྱ་གར་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་རྒྱུད་དང། ༨༢༢)ཡུལ་དབུས་དང། ངྷ་ན་ཤྲིའི་གླིང་དང། རི་བོ་པོ་ཊ་ལ་རྣམས་སུ་འགྲོ་དོན་མཛད་ཅིང། ད་ལྟའང་པོ་ཊ་ལ་ན་སྐུ་དངོས་སུ་བཞུགས། ནཱ་ལེནྜར་ཟླ་གྲགས་ཀྱིས་མཛད་པའི་ཀུན་བཟང་སྒྲ་མདོ་གཟིགས་པས་དེ་ནི་ཚིག་གི་སྦྱོར་བ་ཤིན་ཏུ་ལེགས་ཤིང། རང་གི་དེ་དེ་ཙམ་དུ་མི་ལེགས་པར་མཁྱེན་ཏེ་འགྲོ་དོན་མི་འབྱུང་བར་དགོངས་པས་རྩནྡྲའི་གླེགས་བམ་ཁྲོན་པར་བསྐུར་བ་ན། རྗེ་བཙུན་མ་སྒྲོལ་མས། ཁྱོད་ཀྱི་འདི་གཞན་ཕན་གྱི་བསམ་པ་བཟང་པོས་བྱས་པས་མ་འོངས་པ་ན་སེམས་ཅན་ལ་ཤིན་ཏུ་ཕན་པར་འགྱུར་ལ་ཟླ་གྲགས་ཀྱིས་ནི་མཁས་པའི་བརྒྱལ་གྱིས་བརྩམས་པས་གཞན་ལ་ཕན་ཐོགས་ཆུང་ངུར་འགྱུར་རོ། དེའི་ཕྱིར་གླེགས་བམ་ཁྲོན་པ་ནས་ཕྱུངས་ཤིག་ཅེས་ལུང་བསྟན་པ་ལྟར་བླངས་པས་ཁྲོན་པ་དེའི་ཆུང་འཐུངས་པ་ཙམ་གྱིས་ཤེས་རབ་ཆེན་པོར་འགྱུར་པ་བྱུང་ཞེས་གྲགས། དབྱངས་ཅན་བྱཱ་ཀ་ར་ཎ་ནི་མཁས་པ་སྒོ་དྲུག་དང་དུས་མཚུངས་པ་སྟེ། དེ་ཡང་འཕགས་ཡུལ་ལྷོ་ཕྱོགས་མ་ཧཱ་རཀ་སྟེ། ཡུལ་འཁོར་ཆེན་པོ་ཞེས་བྱ་བའི་རྒྱལ་ཁམས་བྲམ་ཟེའི་རིགས་སུ་འཁྲུངས་པའི་སློབ་དཔོན་ཨ་ནུ་བྷུ་ཏི་ཞེས་བྱ་བས་འཔགས་མ་དབྱངས་ཅན་མ་རྟག་ཏུ་མཆོད་པ་ལ་བརྩོན་པ་ཞིག་ཡོད་དོ། དེ་དུས་གཞན་ཞིག་ན་ཡུལ་དབུས་སུ་འོང། ཝ་ར་ན་སི་དང་ཉེ་བར་དཱ་ཞེས་པའི་གྲོང་གི་གམ་ཡོ་ཞིག་ཏུ་གྲོང་ཁང་བྱས་ཏེ་འདུག་གོ། དེར་དུས་སྟོན་གཅིག་ལ་བྲམ་ཟེ་སྒྲ་ཤེས་སྟོང་ཙམ་དང། མཁས་པའི་སྐྱེ་བོ་ཇི་སྙེད་འདུས་ཏེ། པཎྜི་ཏ་གསར་དུ་འོངས་པ་མ་ཆོད་བགམ་ཕྱིར་འབྲེལ་གཏམ་རྒྱ་ཆེན་པོས་ཉིན་ཞག་མང་པོ་འདས་སོ། དེར་ཉིན་ཞིག་སློབ་དཔོན་ངག་རྟབས་པས། སྐྱེས་བུ་རྣམས་ཞེས་པའི་དོན་ལ། སུམ་སུ་ཞེས་བརྗོད་(སྨད་ཆ།༨༢༣)རྒྱུ་ལ། སུམ་ཀཱུ་ཞེས་པ་ཞལ་ནས་མཐོན་པས། དེར་ཚོགས་ཀུན་གྱིས་བརྗོད་པ་མ་དག་ཞེས་བརྙས་སོ། དེར་བརྗོད་པ་ནོར་དགོངས་པ་ལ་ཐུགས་འཚེར་བས་འདི་ལྟ་བུ་སྔོན་གྱི་སྒྲ་མཁན་རྣམས་ཀྱི་བྱས་ཏེ། ནང་པར་པོ་ཏི་བསྟན་པར་བྱའོ་བྱས་ནས་གྱེས་སོ། དེའི་ནམ་ཕྱེད་ན། དེ་འདྲའི་པོ་ཏི་ཡེ་མེད་ན། ནང་པར་དེ་དག་གི་མདུན་དུ་གདོང་ཇི་ལྟར་ལྷ་དེ་ནས་ཤི་བ་མཆོག་ཅེས་རལ་གྲི་བཙལ་ཏེ་རང་གི་མགུལ་བཅོད་པར་གཟས་པས། ཁྲག་ཉིལ་གྱི་ལྟུང་བ་ན། འཕགས་མ་དབྱངས་ནས་མ་དངོས་སུ་བྱོན་ཏེ། བུ་བུ་བདག་ཉིད་ལ་གདུངས་བ་མ་བྱེད་ཅེས་དབུགས་ཕྱུང། དྲང་སྲོང་ཀ་ཏའི་བུས་བྱས་པའི་བར་ཏི་ཀ་ཞེས་པའི་གཞུང་ལས། བརྩོན་པ་ཆེན་པོའི་དོན་ལ་ཀཀ་ཨཱ་ག་མ་སྦྱིན་པར་བཤད་པའི་ཁུངས་བསྟན། རྨ་ལ་ཟུག་རྡུ་མེད་པར་བྱིན་གྱིས་བརླབས་སོ། གསུང་ལས་ཁ་སང་ཚོགས་སུ་བདེན་པར་སྨྲས་ན། དེ་དུས་ཞལ་མཐོང་ནས་དོགས་པ་བཅད་ཆོག་རྒྱུ་ལ། གཡོ་སྒྱུའི་ངག་སྨྲས་པས་ང་ལ་མཐོང། ད་རེས་གདུང་བ་འདི་བརྩམས་པས་སྡིག་པ་དག་སྟེ། ང་མཐོང་བ་ཡིན་གསུངས། དེ་ནས་ལྷའི་མཐུས་མོའི་ཐུན་ཐ་མ་དེ་ཉིད་ལ་བྲིས་གྲུབ་ཅིང། ཡིག་ཤོག་ཐམས་ཅད་ཀྱང་བྲིས་ནས་ཡུན་རིང་ལོན་པའི་དཔེ་རྙིང་པ་འདྲ་བར་སྣང་བར་གྱུར་ཏོ། དེ་ནས་ཉི་མ་ཤར་བ་ནས་སྔར་བཞིན་རྒོལ་བ་པོ་རྣམས་ཚོགས་པའི་སར། ཀུ་རོའི་ཚུལ་དུ་གླེགས་བམ་བསྟན། ཀུན་ལ་གྲགས་པའི་གཞུང་ཀ་ཏའི་བུའི་ལུངས་དྲངས་པས་ཐམས་ཅད་མགུའོ། དེ་ནས་ཀྱལ་བཀྲོལ་ཏེ། མགུལ་གྱི་རྨ་བསྟན། མདང་གི་ལོ་རྒྱུས་བཤད་པས་ཐམས་ཅད་ངོ་མཚར་དུ་གྱུར།(སྨད་ཆ།༨༢༤)མཁས་པ་མང་པོས་མདོ་འདི་བཤད་པར་ཞུས་པས་ཚེ་གཅིག་བཤད་དོ། གཞན་ཡང་རྒྱ་གར་ན་བརྡ་སྦྲོད་པའི་གཞུང། ཤཊ་ཡ་བྱཱ་ཀ་ཎ་དང། སཏ་ཉྫ་ལི་དང། མ་ནུ་ཇོནྡྲ་བྱཱ་ཀ་ར་ཎ་དང། པྲཀྲྀ་ཡ་ཀཽ་མོ་དི་དང། མ་ངྷྱ་ཀཽ་མོ་དང། སཾ་ངྔྷཱཾ་ཏ་ཀཽ་མོ་དི་དང། བྷ་ཤ་བྱཱ་ཀ་ར་ཎ་དང། གཟུགས་ཀྱི་འཇུག་པ་ཞེས་བྱ་བ་དང། གཞུང་བཅུ་པ་ཟེར་བ་སོགས་སྔོན་བོད་དུ་མ་གྲགས་པའི་སྒྲའི་གཞུང་མང་དུ་ཡོད་དོ། བཞི་པ་བོད་དུ་བསྐྱུར་ཚུལ་ནི། དེ་ཡང་བསྟན་པ་སྔ་དར་གྱི་དུས་ན་ལོ་པཎ་དེ་དག་སྒྲ་ལ་ཤིན་ཏུ་མཁས་ཀྱང་བཀའ་བསྟན་བསྒྱུར་བྱ་ལྕི་བ་དང་བོད་ལ་ཉེ་མཁོ་ཡང་མེད་པར་གཟིགས་ནས་སྒྲ་སོགས་བསྒྱུར་བར་མཛད། འོན་ཀྱང་བོད་བླུན་པའི་རང་སྐད་གསུང་རབ་ཀྱི་བརྡ་དང་སྦྱོར་ཤིན་ཏུ་དཀའ་བ་ལ་དགོངས་ནས། ལེགས་སྦྱར་གྱི་སྐད་གསར་དུ་བསྟན་པ་དང། གཏན་ཚིགས་དང་བཅས་བྲིས་པ་དང། སྒྲ་བཙན་པ་དང་དོན་བཙན་པ་སོགས་བཀས་བཅས་ནས། སྒྲ་སྦྱོར་བམ་གཉིས་དང། བྱེ་བྲག་རྟོགས་མཛོད་ཆེ་ཆུང། གནས་བརྒྱད་རྩ་འགྲེལ་སོགས་མཛད། ཁྱད་པར་དུ་ཐོན་མི་སམ་བྷོ་ཊས་བོད་ཀྱི་སྒྲ་མདོ་བརྒྱད་མཛད་ཀྱང་བསྟན་པ་འཕེལ་འགྲིབ་དབང་ལས་སུམ་རྟགས་གཉིས་ལས་གཞན་རྣམས་ནུབ་པར་གྲགས་སོ། བསྟན་པ་ཕྱི་དར་གྱི་སྐབས་པཎ་ཆེན་ཤཱཀྱ་ཤྲིའི་ཞབས་གྲས། པཎ་ཆེན་སང་གྷ་ཤྲི་དང། དཱ་ན་ཤི་ལ་ལས་རྗེ་བཙུན་ས་སྐྱ་པཎྜི་ཏས་སྒྲ་ཚད་གསན་ཅིང་དར་བར་མཛད། ཁྱད་པར་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་བཀས་བསྐུལ་ནས་ཤོང་སྟོན་རྡོ་རྗེ་རྒྱལ་གྱིས་ཀ་ཙན་གཉིས་ཀ་བསྒྱུར་ནས་འཆད་ཉན་གྱི་སྲོལ་གཏོད་པས་དེང་སང་བར་རྒྱུན་མ་ཉམས་པར་སྦང་ལོ་སོགས་ཀྱིས་སྐྱོངས་པའི་བཀའ་དྲན་ལས་དར་རྒྱས་(སྨད་ཆ།༨༢༥)སུ་གྱུར་ཏེ། དེ་རྗེས་ཇོ་ནང་ལོ་ཙཱ་བས་དབྱངས་ཅན་སྒྲ་མདོ་བསྒྱུར་ཞིང་འགྲེལ་པའང་མཛད། ཀུན་མཁྱེན་ལྔ་པ་རིན་པོ་ཆེ་བཀའ་དྲིན་ལས། འདར་པ་ལོ་ཆེན་གྱིས་པ་ཎི་པ་གསར་འགྱུར་དང་འགྲེལ་བ་ནོར་ཤིང་མཛད་ནས་སྒྲའི་སློབ་གྲ་ཡང་བཙུགས་སོ། དུས་ཕྱིས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་སྒྲའི་བསྟན་བཅོས་མང་པོ་གསར་འགྱུར་དང་རྙིང་པ་རྣམས་ལ་འགྱུར་བཅོས་སོགས་མཛད་ནས་སྔོན་ཆད་བོད་སྔོན་མ་དག་གིས་ཇི་བཞིན་མ་ཤེས་པའི་ཟོལ་འཇོག་ཐམས་ཅད་ཐེར་ལ་བཏོན་ནས་རྒྱ་གར་མཁས་པའི་ལེགས་བཤད་དང་མཐུན་པའི་འཆད་ཉན་གྱི་སྲོལ་གཏོད། ཙནྡྲ་པའི་རྒྱས་འགྲེལ་སོགས་གནད་དུ་འགྲོ་བའི་བསྟན་བཅོས་ཀྱང་མང་དུ་མཛད་ནས་རིག་པ་འདི་ཕྱོག་ཀུན་ཏུ་གསལ་བར་མཛད་པ་ལས་སྔོན་ཆད་སུམ་ཀྱང་འགྲན་བྱར་མ་གྱུར་པ་ཡིན་ནོ། བོད་ཀྱི་བརྡ་སྦྲོད་པའི་གཞུང་སུམ་དྲགས་གཉིས་ལའང་འགྲེལ་པ་གཞན་གྱིས་བསྐྲུན་དུ་མེད་པར་མཛད་ཡོད་དོ། སྒྲ་རིག་པའི་སྐབས་སོ། ཚད་མ་རིག་པའི་སྐབས། རིག་གནས་བཞི་པ་ཚད་མའི་རིག་པ་ནི། ཀུན་བཏུལ་ལས། མངོན་སུམ་དང་ནི་རྗེས་སུ་དཔག། ལྟར་སྣང་བཅས་པ་བདག་གི་རིག་བྱེད་དང་སྒྲུབ་པ་དང་ནི་སུན་འབྱིན་དག། ལྟར་སྣང་བཅས་པ་བཞོན་རྟོགས་བྱེད། ཅེས་གསུངས་པ་ལྟར། མངོན་སུམ། རྗེས་དཔག། སྒྲུབ་ངག། ཐལ་འགྱུར་བཞི་པོ་རེ་རེ་ལ་ཡང། ཡང་དག་དང་ལྟར་སྣང་གཉིས་སུ་ངེས་པའི་ཕྱིར་རོ་དེ་ཡང་བསྡུ་ན། རང་གི་གཞལ་བྱ་རྟོགས་པའི་ཐབས་དང། རྟོགས་ནས་(སྨད་ཆ།༨༢༦)གཞན་རྗེས་སུ་འཛིན་པའི་ཐབས་གཉིས་སུ་འདུ་ཞིང། དེ་ཡང། ཚད་མ་བསླུ་མེད་ཅན་ཞེས་པས་ཚད་མའི་དོན་མི་བསླུ་བ་སྟེ། རང་གི་གཞལ་བྱ་མ་འཁྲུལ་པའི་འཇལ་བྱེད་ཞིག་ལ་འཇོག་པ་ཡིན་པའི་ཕྱིར། དཔེར་ན་བྲེ་ཚད་དང་སྲང་ཚད་བཞིན་ནོ། ཚད་མ་རིག་པ་དེ་ཇི་ལྟར་བྱུང་བའི་ལོ་རྒྱུས་ལ། སྟོན་པ་ནས་བརྒྱུད། དགྲ་བཅོམ་པ་ཆོས་སྐྱབས། པཎ་ཆེན་མེ་ཝམ་ག་དེས་མཁས་མཆོག་དབྱིག་གཉེན་ལ་གསུངས་ཤིང། དེས་གཞོན་ནུའི་དུས་སུ་རྩོད་སྒྲུབ་ཏུ་གྲགས་པའི་ཚད་མའི་བསྟན་བཅོས་ཀྱང་མཛད། དབྱིག་གཉེན་ལ་རང་ལས་མཁས་ཀྱི་སློབ་མ་བཞི་བྱུང་བའིི། ཚད་མ་རང་ལས་མཁས་པ་ནི་ཕྱོགས་ཀྱི་གླུང་པོ་སྟེ་དེ་ནི་ལྷོ་ཕྱོགས་གྲོང་ཁྱེར་སིངྒ་བཀྟ་ཞེས་བྱ་བ་ཀཉྩི་ཡུལ་དང་ཉེ་བ་ཞིག་ཏུ་བྲམ་ཟེའི་རིགས་སུ་འཁྲུངས་ཤིང། མུ་སྟེགས་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཤིན་ཏུ་མཁས་པར་བྱས་པ་གཅིག་གནས་མ་བུའི་སྡེ་པའི་མཁན་པོ་གླང་པོ་བྱིན་ཞེས་བྱ་བར་རབ་ཏུ་བྱུང་ཞིང་ཉན་ཐོས་ཀྱིས་སྡེ་སྣོད་གསུམ་ལ་མཁས་པར་བྱས་ནས། སྐབས་ཤིག་ནས་ལེཎྜར་བྱོན་ནས་མཁས་མཆོག་དབྱིག་གཉེན་བསྟེན་ཏེ། ཐེག་པ་གསུམ་ལ་མཁས་པར་སྦྱངས་ཤིང། ཁྱད་པར་རྣམ་རིག་པའི་གྲུབ་མཐའ་དང་ཚད་མ་ལ་མཁས་པར་གྱུར་ཏེ། དེ་དག་གི་བསྟན་བཅོས་བརྒྱ་ཙ་སོགས་མཛད་པར་གྲགས། སླར་ཨོ་ཌི་བི་ཤའི་ཡུལ་དུ་གཤེགས་ནས་བསམ་གཏན་ལ་བཙོན་པར་མཛད་ཅིང། རང་གི་ཐུན་མོང་མ་ཡིན་པའི་བློ་གྲོས་ཀྱི་མཐུ་ལས་བྱུང་བ་ལ་རྟོག་གེའི་ཚུལ་འདི་ལ་སྔར་བརྩམས་པའི་བསྟན་བཅོས་རྣམས་འཐོར་བ་བཞིན་དུ་གྱུར་པས་གཅིག་ཏུ་བྱ་བར་དགོངས་ཏེ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། སྟོན་པ་བདེ་གཤེགས་སྐྱོ་བ་ལ་ཕྱག་བཙལ་ནས། ཚད་མ་(སྨད་ཆ།༨༢༧)བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས་བཏུལ་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། ཞེས་རྡོ་ཐལ་གྱི་བྲིས་པས་སགཡོ་བ་དང། ཕྱོགས་ཀུན་ཏུ་སྣང་བས་ཁྱབ་པ་དང། སྒྲ་ཆེན་པོ་གྲགས་པ་གྱུར། དེར་བྲམ་ཟེར་ནག་པོ་ཞེས་བྱ་བས། དེ་ལྟ་བུའི་ལྟས་ཡིན་པར་ཤེས་ཏེ། སློབ་དཔོན་བསོད་སྙོམས་ལ་བཞུད་པའི་ཤུལ་དུ་དེར་འོངས་ཏེ་བསུབས། དེ་ལྟར་ལན་གཉིས་བསུབས་པས། ལན་གསུམ་པ་ལ། འདི་ཀུ་རེ་དང་ཀྱལ་ཀའི་ཕྱིར་བསུབ་པ་ཡིན་ན་དགོས་དོན་ཡོད་པས་མ་བསུབ་ཅིག། གལ་ཏེ་དོན་ནོར་ཏེ་རྩོད་པར་འདོད་ན་ལུས་སྣང་བར་གྱིས། ཞེས་པ་བྲིས་ཏེ། བསོད་སྙོམས་ལ་བཞུང་པའི་ཤུལ་དུ་སྔར་བཞིན་འོངས་ཏེ་བསྡད་དོ། དེར་སློབ་སྙོམས་ལ་བཞུད་པའི་ཤུལ་དུ་སྔར་བཞིན་འོངས་ཏེ་བསྡད་དོ། དེར་སློབ་དཔོན་བྱོན་ཏེ་བསྟན་པ་དཔང་དུ་བཙུགས་ཏེ་ཙོད་པས། ལན་མང་པོར་མུ་སྟེགས་དེ་ཕྱིར་སོང་ངོ། དེར་བདག་ནི་གཅིག་པུའི་འཚིག་ཁད་བྱུང་སྟེ་མུ་སྟེགས་དེ་ཕྱིར་སོང་ངོ། དེར་བདག་ནི་གཅིག་པུའི་དོན་ཡང་མི་ནུས་ན་གཞན་དོན་ག་ལ་ནུས་སྙམ་དུ་རྡོ་ཐལ་ནམ་མཁར་འཕངས་ནས་འདི་ས་ལ་ལྟུང་ན་བྱ་ཆུབ་ཀྱིས་སེམས་བཏོང་ཞེས་དམ་བཅས་པས། འཕགས་པ་འཇམ་དཔལ་དངོས་སུ་བྱོན་ཏེ། ཐེག་པ་དམན་པའི་སེམས་མ་སྐྱེ་ཞིག། རྫོགས་བྱང་གི་བར་དུ་ཁོ་བོས་རྗེས་སུ་བཟུང་ངོ། བསྟན་བཅོས་དེ་ཡང་ལེགས་པར་རྩོམས་ཤིག། མུ་སྟེགས་ཀྱིས་གནོད་པར་མི་ནུས། མ་འོངས་བཅོས་དེ་ཡང་ལེགས་པར་རྩོམས་ཤིག། མུ་སྟེགས་ཀྱིས་གནོད་པར་མི་ནུས། མ་འོངས་པ་ན་བསྟན་བཅོས་ཀུན་གྱིས་མིག་གཅིག་ཏུ་འགྱུར་རོ། ཞེས་ལུང་བསྟན་པའི་བསྟན་བཅོས་ཚད་མ་ཀུན་ལས་བཏུས་པ་མཛད་པ་སོགས། ངོ་མཚར་བའི་རྣམ་ཐར་མཐའ་ཡས་དེ་དབང་ཕྱུག་སྡེ་ལ་བཤད། དེས་རིགས་སྨྲ་ཀུན་གྱི་གཙུག་རྒྱན་དཔལ་ལྡན་ཆོས་གྲགས་(སྨད་ཆ།༨༢༨)ལ་བཤད། དེ་ཉིད་ནི་རྒྱལ་པོ་སེང་གེ་ལྔ་པ་དང། རྒྱལ་པོ་གསལ་པ་སོགས་རྒྱལ་སྲིད་ལ་འཁོར་ནས་མི་རིང་བའི་དུས་ན། ཡབ་བྲམ་ཟེའི་རིགས་ཀྱི་མུ་སྟེགས་ཀུན་ཏུ་རྒྱུ་རོག་ནནྡ་ཞེས་བྱ་བའི་བུར་སྐྱེ་བ་བརྙེས་ཏེ། ཆུང་ངུ་ནས་བཟོ་རིག་བྱེད། སྨན་དཔྱད། བརྡ་སྦྲོད་སོགས་དང་མུ་སྟེགས་ཀྱི་གྲུབ་མཐའ་ཀུན་ལ་ཤིན་ཏུ་སྦྱངས་པས་མཁས་པར་གྱུར་ཅིང། བྲམ་ཟེ་རྣམས་ཀྱི་ལྷག་པར་བསྟོད་པའི་སྐབས་ཤིག། སངས་རྒྱས་ཀྱི་གསུང་རབ་འགའ་རེ་གཟིགས་པས་རང་གི་སྟོན་པ་ལས་ཕྱིར་ཕྱོགས་ཤིང་སངས་རྒྱས་ལ་ཤིན་ཏུ་མོས་ཏེ། ནང་པའི་དགེ་བསྙེན་གྱི་ཆ་ལུགས་སུ་བསྒྱུར་བས། བྲམ་ཟེ་རྣམས་ཀྱི་གནས་ནས་བསྐྲད་དེ། དེ་ནས་ཡུལ་དབུས་སུ་བྱོན་ནས་མུ་སྟེགས་ཀྱི་བསྟན་པ་མིང་ཙམ་ཏུ་བྱའོ་དགོངས་ནས། ནང་པའི་ཚད་མ་སུས་མཁས་དྲིས་པས་ཕྱོགས་ཀྱི་གླང་པོ་མཁས་ཟེར། གང་ན་བཞུགས་དྲིས་པས་གཤེགས་ནས་མེད་ཟེར། འོ་ན་དེའི་ལུགས་སུས་ཤེས་དྲིས་པས། ཡུལ་དབུས་ན་ཀུ་ཏ་ལ་ལ་ཞེས་པའི་གཙུག་ལག་ཁང་ན་དབང་ཕྱུག་སྡེ་ཞེས་བྱ་བས་ཤེས་ཟེར། དེར་བྱོན་ནས་ཀུན་ལས་བཏུས་ཚར་གཅིག་ཉན་པས་མུ་སྟེགས་ཀྱི་གྲུབ་མཐའ་རང་འཐད་སྙམས་པ་བྱུང། ཚར་གཉིས་ཉན་པས་འགའ་ཞིག་ནང་པ་འཐད་ལ་འགའ་ཞིག་མུ་སྟེགས་འཐད་སྙམ་པ་བྱུང། ཚར་གསུམ་ཉན་པའི་ཚེ་ཕྱིན་རོལ་པའི་གྲུབ་མཐའ་ཐམས་ཅད་ལོག་རྟོག་འབའ་ཞིག་ཏུ་རྟོགས་ཤིང྄། དབང་ཕྱུག་སྡེས་ཀྱང་རྟགས་ཀྱི་མཚན་ཉིད་ཚུལ་དྲུག་ཏུ་འདོད་པ་དང། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་པ་སོགས་སློབ་དཔོན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་པ་སོགས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་བཞེད་པ་མིན་པའི་བརྗོད་པས། ཁྱོད་ཉིད་ཕྱོགས་ཀྱི་གླང་པོ་དང་མཉམ་སྟེ་གྲུབ་(སྨད་ཆ།༨༢༩)མཐའ་ནོར་པ་རྣམས་སུན་ཕྱུང་ལ། ཚད་མ་ཀུན་ལས་བཏུས་ཀྱི་འགྲེལ་པ་ཡང་བགྱིས་ཤིག་ཅེས་སློབ་དཔོན་ལས་གནང་བ་ཐོབ་བོ། དེར་སྔགས་ཀྱི་སློབ་དཔོན་ཌིཾགིས་བསྟེན་ནས་དབང་ནོད་དེ་བསྒྲུབས་པས་ཧེ་རུ་ཀའི་ཞལ་བསྟན་ཏེ་དངོས་གྲུབ་ཐམས་ཅད་འགྲུབ། དེ་ནས་མུ་སྟེགས་ཀྱི་གྲུབ་མཐའི་གསང་ཚིག་སློབ་པར་བཞེད་ནས། ཁོལ་པོའི་ཆས་སུ་རྫུས་ཏེ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན། མུ་སྟེགས་ཀྱི་གྲུབ་མཐའ་ལ་སུ་མཁས་དྲིས་པས་གཞོན་ནུ་རོལ་པ་མཁས་ཟེར། དེར་གཞོན་ནུ་རོལ་པ་དེ་མངའ་ཐང་ཆེན་པོ་ཐོབ་སྟེ། འབྲས་ས་ལུའི་ཞིང་ཕུན་སུམ་ཚོགས་པ་དང། བ་ལང་དང། མ་ཧེ། བྲན་ཕོ་མོ་ལྔ་བརྒྱ་རེ་དང་བཅས་པ་ཡིན་པས། སློབ་དཔོན་གྱིས་ཀྱང་ཕྱི་ནང་གི་ལས་ཐམས་ཅད་ཁོ་རང་གཅིག་པུས་གྲུབ་པར་མཛད་པས། གཞོན་ནུ་རོལ་པ་ཆུང་མར་བཅས་པ་དགའོ། ཁྱོད་ཅི་འདོད་ཟེར་བ་ལ། གྲུབ་མཐའ་ཉན་འཚལ་ལོ་སྨྲས་པས་རིག་པ་རྣམས་བསྟན་ཅིང། གསང་ཚིག་བུ་དང་ཆུང་མ་མ་གཏོགས་གཞན་ལ་མི་སྟོན་པ་འགའ་ཞིག་ལས་ཀྱི་བྱ་བས་མགུ་བར་བྱས་པས་ཤེས་སོ། དེར་བྲམ་ཟེ་ནོར་ལ་སྲེད་པས་ཡོན་མ་བྱིན་ན་ཉེས་པར་འགྱུར་རོ་སྙམ། དེ་ཉིད་ཀྱི་བྱིན་པའི་གླང་དངུལ་པ་ཎ་ལྔ་བརྒྱ་ཡོད་པ་དང། ཕྱོགས་དེ་ན་གནས་པའི་གནོད་སྦྱིན་གཞན་ཞིག་ལས་ཀྱང་གསེར་བླངས་ཏེ། གསེར་གཞོན་ནུ་རོལ་པ་ལ་བྱིན། དངུལ་བྲམ་ཟེར་རྣམས་ལ་སྟོན་མོར་བྱས་ཏེ། དེའི་ནུབ་མོ་ཉིད་དུ་བྲོས་ནས་བྱོན་ཏེ་ཀཱ་ཀ་ཀུ་ཧ་ཞེས་པའི་ཚོད་འདུས་ཆེན་པོ་ཕོ་བྲང་དང་བཅས་ཡོད་པའི་སར་རྒྱལ་པོ་དྲུ་མ་རི་ཞེས་པ་ཡོད་པའི་སར་སྒོ་ཡིག་བཏབ་དེ་རྩོད་པར་འདོད་པ་སུ་ཡོད་བྱས་པས། བྲམ་ཟེ་ཀ་ན་གུབྷ་དང། གཞན་ལྟ་བ་དྲུག་ནས་གྲུབ་མཐའ་འཛིན་པ་ལྔ་(སྨད་ཆ།༨༣༠)བརྒྱ་ཙམ་དང་བཅས་ཟླ་བ་གསུམ་དུ་རྩོད་པས་ཐམས་ཅད་ཚར་བཅད། སངས་རྒྱས་བསྟན་པ་ལ་བཅུག། དེར་གཞོན་ནུལ་རོལ་པས་དེའི་གཏམ་ཐོས་པས་ཁྲོས་ཏེ་བྲམ་ཟེ་འཁོར་དང་བཅས་འོངས་ཏེ་བསྟན་པ་དཔང་དུ་བཙུགས་ཏེ་རྩོད་པས་གཞོན་ནུ་རོལ་པའི་ཐུན་མོང་མ་ཡིན་དམ་བཅའ་ལྔ་བརྒྱ་ཡོད་པ་ཐམས་ཅད་རིག་པའི་རྣམ་གྲངས་བརྒྱ་བརྒྱས་སུན་ཕྱུངས་པ་སོགས་རྣམ་ཐར་མཐའ་ཡས་པས་ཚད་མ་སྡེ་བདུན་རྩོམ་པའི་སྦྱིན་བདག་འཚོལ་བར་བཞེད་དེམ རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པའི་སྒོ་དྲུང་དུ་ཕེབས་པ་ན་སུ་ཡིན་དྲིས་པས་ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ། ཙནྡྲ་གི་མི་རྗོད་པ་རྣམ་པར་དག། སྙན་ངག་དཔའ་བོ་ལས་བྱུང་སྡེབས་སྦྱོར་མཁས། ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། ཞེས་གསུངས་པ་ན། ཆོས་ཀྱི་གྲགས་པ་ཡིན་ནམ། ཞེས་དྲིས་པས་འཇིག་རྟེན་ན་དེ་ཁར་གྲགས་གསུངས་པས་རྒྱལ་པོ་དང་དེ་སྦྱིན་བདག་བྱས་ཏེ་ཚད་མ་སྡེ་བདུན་བརྩམས་ནས། གལ་ཏེ་ཆོས་ཀྱི་གྲགས་པ་ཡི། སྨྲ་བའི་ཉི་མ་ནུབ་པ་ན། ཆོས་རྣམས་གཉིད་ལོག་ཡང་ན་ཤང། ཆོས་མ་ཡིན་རྣམས་ད་སྡོད་ལོངས། ཞེས་ཆེད་དུ་བརྗོད་པ་རྒྱལ་པོའི་སྒོ་ཁང་དུ་བྲིས་ཏེ། མི་མཐུན་པའི་རྒོལ་བ་ཐམས་ཅད་ཚར་བཅད་ཅིང། རྒྱལ་བའི་བསྟན་པ་རྒྱུན་རིང་པོར་དར་བར་མཛད་དོ། དེ་ལ་སྡེ་བདུན་ཞེས་པ་རྒྱས་པ་རྣམ་འགྲེལ། འབྲིང་རྣམ་ངེས། བསྡུས་པ་རིག་ཐིག་སྟེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང། དེ་ལས་འཕྲོས་པ་བཞི་ནི། རང་དོན་རྗེས་དཔག་ལས་འཕྲོས་ཏེ། རྒྱུད་གཞན་གྲུབ་པ་དང། རྩོད་པའི་རིག་པ་སྟེ་ཡན་ལག་གི་བསྟན་བཅོས་བཞིའོ།(སྨད་ཆ།༨༣༡)གསུམ་བོད་དུ་འགྱུར་ཚུལ་ནི། བསྟན་པ་སྔ་དར་གྱི་དུས་སུ་སྡི་བདུན་ཕྱི་མ་འགའ་དང། དུལ་ལྷའི་འགྲེལ་པ་སོགས་འགྱུར། ཕྱི་དར་ལ་རྨ་དགེ་བའི་བློ་གྲོས་ཀྱི་མདོ་དང་རྣམ་འགྲེལ་རྣམ་ངེས་འབྲེལ་ཆེན་དང་བཅས་པ་བསྒྱུར་ཞིང། ཁྱད་པར་རྔོག་ལོ་ཆེན་པོས་གསར་འགྱུར་དང་འ)ར་བཅོས་དུ་མ་མཛད་ནས་འཆད་ཉན་གྱི་གཏན་ལ་ཕབ། ནས་འགྲེལ་ནི་རྣམ་ངེས་ལ་ལྟོས་ནས་བཤད་རྒྱུན་མ་ནུབ་ཙམ་དུ་གནས་པ་ལས། ཕྱིས་ཆོས་རྗེ་ས་པཎ་གྱིས་རྩལ་དུ་བཏོན་ནས་བསྒྱུར་བཤད་ཀྱི་གཏན་ལ་ཕབ། འཕགས་པ་རིན་པོ་ཆེས་གསང་ཕུར་རྣམ་འགྲེལ་གྱི་ཚད་རྒྱུགས་སྦྱར་བ་སོགས་ཀྱིས་ཤིན་ཏུ་རྒྱས་པར་མཛད་དོ། ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་ཀྱང་མཚན་ཉིད་ལ་ཤིན་ཏུ་མཁས་པར་སྦྱངས་པས་གྲ་སྐོར་ཞིག་དང་ཚད་མའི་སློབ་གྲ་ཞིག་མཛད་བཞེད་བྱུང་ཡང་གནང་མ་གྲུབ། འོན་ཀྱང་ཚིག་གི་སྦྱོང་བརྡར་ཁ་ཤག་འགྱེད་པ་ལྟ་བུ་མ་ཡིན་པར་དོན་གྱི་གནད་ཟབ་མོ་འཚོལ་བ་ལ་མཁས་ཤིང་སྨྲ་བའི་དབང་ཕྱུག་ཆེན་པོར་བཞུགས་པ་ཡིན་ནོ། ཕྱི་རོལ་ཚད་མ་ནི་ནང་པའི་ཕྱོགས་ལྔ་ཡིན་ཏེ། རྩོད་ཚུལ་ཕྱོགས་འདྲར་སྣང་ཡང། དོན་གྱི་ཁས་ལེན་མི་མཚུངས་པས་ཁྱད་པར་ཆེའི། འོ་ན་ཐུན་མོང་རིག་པ་མི་ཟེར་རམ་སྙམ་ན། དེ་ནི་རྩོད་ངག་ཙམ་ལ་དགོངས་སོ། ཚད་མ་རིག་པའི་སྐབས་སོ། ནང་རིག་པའི་སྐབས། རིག་གནས་ལྔ་པ་ནང་རིག་པ་ནི། ཕྱི་རོལ་པ་སོགས་དང་ཐུན་མོང་དུ་མ་གྱུར་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བླ་ན་མེད་པ་(སྨད་ཆ།༨༣༢)བསྒྲུབ་པར་བྱེད་པའི་ཐབས་ཟབ་མོ་རྨད་དུ་བྱུང་བ་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་མདོ་རྒྱུས་དགོངས་འགྲེལ་དང་བཅས་པ་རྣམས་ཡིན་ཏེ། དེ་ཡང་བརྗོད་བྱ་བསླབ་པ་གསུམ་དང་རྗོད་བྱེད་སྡེ་སྣོད་གསུམ་དུ་འདུས་ཤིང་ནང་གསེས་གྲུབ་མཐའ་བཞི་དང། སྔགས་ཕྱི་ནང་གཉིས་རྣམས་ཏེ། དེ་ཡང་ཆོས་རྣམས་བདེན་མེད་དུ་བློར་མི་ཚུད་པ་ལ་བྱེ་བྲག་སྨྲ་བ། དེ་ལས་ལྡོག་སྟེ་བྱ་བྱེད་ལས་སུམ་ཡུལ་སྟེང་ནས་མ་གྲུབ་པའི་བློས་བཏགས་པར་འདོད་པ་ལ་མདོ་སྡེ་པ། ཕྱི་དོན་བཀག་ནས་གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་བདེན་གྲུབ་ཏུ་འདོད་པ་ལ་སེེམས་ཙམ་པ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བདེན་མེད་དུ་བློར་ཚུད་པའི་རིགས་པ་ལ་དབུ་མའི་གྲུབ་མཐའ་སྟེ་གྲུབ་མཐའ་ཆེན་པོ་བཞི་དང། དེ་བཞིན་དུ་སྔགས་ལའང་ཀུན་རྫོབ་རྫས་ཡོད་དུ་མི་འདོད་ཀྱང། བརྟགས་པའི་ཡོད་པ་མི་འགོག་པར་བསྒྱུར་བའི་ཐབ་བསྟན་པ་ཀྲི་ལོག་སྡེ་གསུམ་དང། ཀུན་རྫོབ་དུའང་ཆོས་རྣམས་མི་གཉིས་པའི་བསམ་སྦྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུར་རྟོགས་པར་བྱས་ནས་དེ་ཡི་དང་མ་བསམ་བཞག་མེད་པར་སྐྱོང་བའི་ཏིང་ངེ་འཛིན་གྱིས་སྒོམ་པར་བྱེད་པས་སྦང་གཉིས་ཀྱི་ཐ་སྙད་ལས་གྲོལ་བ་རྣལ་འབྱོར་བླ་ན་མེད་པ་ནང་རྒྱུད་སྡེ་གསུམ་སྟེ། དེ་དག་ཐེག་པ་ཆེ་ཆུང་དྲང་ངེས་ཀྱི་དབྱེ་བས་ཆོས་འཁོར་གསུམ་དང་ཐེག་རིམ་དགུར་རྣམ་པར་གཞག་པའི་ཚུལ་སོགས་ཅུང་ཟད་ལེའུ་དང་པོའི་སྐབས་སུ་སྨོས་ཟིན་ལ། བསྟན་པ་དེ་ཉིད་འཕགས་བོད་གཉིས་སུ་ཇི་ལྟར་བྱོན་ཚུལ་ཡང་གསང་ཆེན་རྙིང་མ་བཀའ་གཏེར་གྱི་ཆོས་འབྱུང་རྒྱས་པ་དང། གཞར་བྱུང་སྔགས་གསར་མའི་ལོ་རྒྱུས་ཕྱོགས་(སྨད་ཆ།༨༣༣)ཙམ་བརྗོད་པ་དག་ལས་ཤེས་རབ་འགྱུར་ཕྱིར་བསྐྱར་ནས་འབྲི་དགོས་པ་མེད་དོ། ནང་རིག་པའི་སྐབས་སོ། རིག་གནས་ཆུང་བ་ལྔའི་སྐབས། ཞར་བྱུང་རིག་གནས་ཆུང་བ་ལྔ་ཇི་ལྟར་བྱུང་ཚུལ་ཅུང་ཟད་བརྗོད་ན། དེ་ཡང་མངོན་པར་འབྱུང་བའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་སེམས་ཅན་འདུན་པར་བྱ་བའི་ཕྱིར་གཞན་དག་ལ་སྙན་པར་དངགས་པའི་བསྟན་བཅོས་དང། མིང་གཅིག་ཉིད་དོན་དུ་མར་བརྗོད་པའི་བསྟན་བཅོས་དང། ལྕི་བ་དང་ཡང་བའི་ཡི་གེ་བསྒྱུར་བ་དང་སྦེལ་བའི་སྒོ་ནས་ཚིགས་སུ་བཅད་པ་སྡེབ་པའི་བསྟན་བཅོས་དང། མདོ་འཛིན་པ་དང། བཞད་གད་དང། སྐད་དུ་མ་གཞན་དུ་བསྒྱུར་བས་འགྲོ་བ་དགའ་བར་བྱེད་པ་ཟློས་གར་གྱི་བསྟན་བཅོས་དང། གྲངས་ཀྱི་རིག་པས་གཞལ་ཏེ་ངོ་མཚར་བར་སྟོན་པ་རྩིས་ཀྱི་བསྟན་བཅོས་རྣམས་ཀྱང་བསླབ་པར་བྱའོ། ཞེས་གསུངས་པ་ལ་དགོངས་ནས། དཔལ་ཁང་ལོ་ཙཱ་བས། སྐར་རྩིས་སྙན་ངག་སྡེ་སྦྱོར་དང། མངོན་བརྗོད་ཟློས་གར་འདི་ལྔ་ལ། རིག་གནས་ལྔ་ཞེས་འཕགས་ཡུལ་ན། གྲགས་པའི་བ་དན་རླུང་ལྟར་སྒྲོགས། ཞེས་གསུངས་པའི་གོ་རིམ་ལྟར་བརྗོད་པ་བྱ་སྟེ། དེ་ཡང་སྐར་རྩིས་ནི་ལྕགས་འབྲུག་ནག་པའི་ཉ་ལ་སྟོན་པས་ལྷོ་ཕྱོགས་གྲོང་ཁྱེར་དཔལ་ཡོན་ཅན་ཞེས་པའི་དབུས་སུ་དྲང་སྲོང་གི་ཆར་ཕབ་པ་ལས་སྟོད་ལྷ་དང་སྨད་མིས་བརྩིགས་པའི་དཔལ་ལྡན་འབྲས་སུ་སྦུངས་མཆོད་རྟེན་དུ་དཔལ་དུས་ཀྱི་འཁོར་ལོ་གསུངས་ཤིང།(སྨད་ཆ།༨༣༤)དེ་ནས་ཆོས་རྒྱལ་ཟླ་བཟང་གི་ཤམ་བྷ་ལར་རྩ་རྒྱུད་བསྡུས་ཤིང་འགྲེལ་པས་བཀྲལ། དེ་ནས་ཆོས་རྒྱལ་བདུན་རྫོགས་ནས་ལོ་དྲུག་བརྒྱ་ནག་མི་བདག་འཇམ་དཔལ་གྲགས་པས་བསྡུས་རྒྱུད་མཛད། རིག་ལྡན་གཉིས་པ་པད་དཀར་གྱིས་འགྲེལ་ཆེན་དྲི་མེད་འོད་བཅོམ་སྟེ། དེ་ནས་རིག་ལྡན་བརྒྱད་ཀྱིས་ལོ་བརྒྱད་བརྒྱར་ཆོས་བསྟན་ཅིང། དེ་འོག་ཤིང་སྦྲེལ་ལ་རྒྱ་གར་ནུབ་ཕྱོགས་མ་ཁའི་ཡུལ་བ་ག་ད་ལ་སོས་རྣམས་སུ་ཀླ་ཀློའི་སྟོན་པ་སྦྲང་རྩིའི་བློ་གྲོས་ཞེས་བྱ་བ་ཞིག་བྱུང་སྟེ་ཕྱི་རོལ་བྱེད་པའི་རྩིས་བསྟན་ཏེ་འགྲོ་བ་མང་པོ་བསླུ་བ་ན། རིག་ལྡན་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་ནས་ལོ་བརྒྱ་དང་བརྒྱད་ཅུ་གྱ་གཉིས་སུ་ཆོས་གསུངས་ནས། མེ་ཁྱེར་རིག་ལྡན་རྒྱལ་དཀའ་ཁྲིར་ཕེབས་ཤིང་ཉུང་ངུའི་རྒྱུད་ཀྱི་དངོས་བསྟན་བྱེད་རྩིས་འདི་མཛད་ནས་ཕྱག་ལེན་དུ་བཏབ་སྟེ། ཕྱི་རོལ་གྱིརྩིས་དེ་ནུབ་པར་མཛད་དེ། ལོ་ཉིས་བརྒྱ་ཉེར་གཅིག་ཏུ་ཆོས་གསུངས་ཏེ་ཡབ་སྲས་གཉིས་ཀྱི་ལོ་གྲངས་བསྡོམས་པས་མེ་མཁའ་རྒྱ་མཚོ་གྲགས་ཤིང། དེ་འོག་མེ་ཡོས་ནི་མ་མཁའ་རྒྱ་མཚོར་བསྲེ་རྒྱུའི་འདས་ལོའི་ཐོག་མ་དང། རྒྱུད་འདི་ཆུ་བོ་ཤིནྟ་ལྷོར་ཕེབས་པའི་ལོ་ཡིན་ཏེ། འདི་སྐོར་ལ་མཁས་པ་རྣམས་བཞེད་པ་མི་མཐུན་པ་མང་ཡང་འདིར་ཕུག་ལུགས་པ་དང་དག་གི་འདོད་པ་ལྟར་བཀོད་པ་ཡིན་ནོ། རྒྱལ་དཀའ་གཤེགས་ནས་རིག་ལྡན་དྲུག་འདས་པའི་བདུན་པ་དཔལ་སྐྱོང་ལ་དུས་ཞབས་པས་ཞུས་པར་གྲགས་ཏེ། ལོ་རྒྱུས་མང་ཡང་འགྲོ་བའི་ལུགས་ལྟར་ན་སློབ་དཔོན་དེ་ནི་རྒྱ་གར་ཡུལ་དབུས་ཀྱི་རྒྱལ་རིགས་ཡིན། རིག་པའི་གནས་ལྔ་མ་མཁས། འཇམ་དཔལ་གྱི་སྦྲུལ་པར་གྲགས། སྒྲོལ་མས་བྱིན་གྱིས་བརླབས་པས་དེའི་ཞལ་དངོས་སུ་གཟིགས་ཐུན་མོང་གི་དངོས་གྲུབ་མཐའ་(སྨད་ཆ།༨༣༥)དག་བརྙེས། ལན་གཅིག་གི་ཆེ་རྗེ་བཙུན་མའི་ཞལ་ནས། བྱང་ཕྱོགས་ཤམ་བྷ་ལ་ན་སངས་རྒྱས་ཀྱི་གསུངས་ཤིང་ལུང་བསྟན་པའི་རྒྱུད་འགྲེལ་མང་པོ་བཞུགས་པས་དེ་འཚོལ་ཞིང་ཉན་དུ་སོང་ཞིག་གསུངས་པས། དེར་བྱོན་ཏེ་སྦྱན་རས་གཟིགས་དངོས་ལ་ཆོས་རྣམས་ཞུས་ཏེ་ཡུལ་དབུས་ཉིིད་དུ་བཞུགས་པཎྜི་ཏ་ལྔ་ལ་བཤད། དེའི་ནང་ནས་སིཥྚོ་ཨཱ་ཙརྱ་ཞེས་པ་དེ་མཆོག་ཏུ་གྱུར་ཏེ། ཐོག་མར་དགེ་སྤོང་བློ་རྟུལ་བ་ཞིག་ཡིན་པས། བློ་རྣོ་བའི་སྒྲུབ་པ་མཛད་པས་ལྟས་རྗེས་སུ་བཟུང་སྟེ་ཆོས་ཐམས་ཅད་ཐོགས་མེད་དུ་ཤེས་པས་ཡུལ་དབུས་སུ་ངག་གི་བཟུང་སྟེ་ཆོས་ཐམས་ཅད་ཐོགས་མེད་དུ་ཤེས་པས་ཡུལ་དབུས་སུ་ངག་གི་དབང་ཕྱུག་གྲགས་པ་ཞེས་པཎ་ཆུང་བཅུ་གཉིས་ཀྱི་བསྐོར་བ་ཞིག་ཏུ་གྱུར། དེའི་བརྒྱུད་པ་འཛིན་པ་དགེ་བསྙེན་བྱང་ཆུབ་ཅེས་བྱ་སྟེ་འདི་ལ་སྲས་པཎྜི་ཏ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་ལས། ན་རོ་པ་དང་སྟབས་གཅིག་ཏུ་དུས་ཞབས་པ་ཆེན་པོ་ལ་ཆོས་ཉན་པས་ཞབས་པ༑་ཆུང་ངུ་ཞེས་གྲགས། དེ་ལྟ་བུའི་ཡབ་སྲས་གཉིས་ཀྱི་དཔལ་དུས་ཀྱི་འཁོར་ལོ་མི་ཞེས་ན་གསང་སྔགས་མི་ཤེས་སོ་ཞེས་སྨྲས་པས། པཎྜི་ཏ་རྣམས་མ་དྲངས་ཏེ་ཡུལ་དབུས་སུ་འདུས་ཏེ་བི་ཀྲ་མ་ཤི་ལར་རྩོད་པས། ཐམས་ཅད་ཀྱིས་མ་ཐུབ་སྟེ་ཞབས་སྦྱོ་བོར་བླངས་ཤིང་དུས་ཀྱི་འཁོར་ལོ་ཞུས། མཚན་ཡང་དུས་འཁོར་ཞབས་པ་ཞེས་གྲགས། དེ་ནས་རིམ་པར་རྒྱལ་སྲས་ནཱ་ལནྡལ་། དེས་ཁ་ཆེ་ཟླ་བ་མགོན་པོ་ལ་གནང་སྟེ་པཎྜི་ཏ་དེ་དང། འབྲོ་ལོ་ཤེས་རབ་གྲགས་གཉིས་གཀཡིས་བོད་ལ་བསྒྱུར་བའི་མེ་ཡོས་འདི་རབ་བྱུང་དང་པོ་ཡིན། རྒྱུད་འདི་འགྱུར་བྱེད་ཀྱི་ལོ་པཎ་མང་ལ། བུ་དོལ་སོགས་ཀྱིས་རྒྱ་ཆེར་སྦེལ་བ་ལས། སླར་རྩ་རྒྱུད་ལ་རྟེན་པའི་གྲུབ་རྩིས་མི་འདྲ་བ་དྲུག་ཙམ་ཡོད་པར་གྲགས་ཤིང། དེང་སང་མཚུར་རྩིས་དང་ཕུག་ལུགས་གཉིས་གྲགས་ཆེ་ཞིང་(སྨད་ཆ།༨༣༦)དར་རྒྱས་ཆེའི། དབྱངས་འཆར་ནི་དཔལ་དུས་ཀྱི་འཁོར་ལོའི་དབྱངས་ཀྱི་འཆར་ཚུལ་སོགས་དགག་བྱར་གསུངས་མོད། འོན་ཀྱང་འདི་ནི་ཕྱི་རོལ་པའི་ལུགས་ལྷ་དབང་ཕྱུག་ཆེན་པོས་གསུངས་པ་ཞིག་སྟེ། དེ་ཡང་དུས་ལྔ་མོ་ཞིག་ནས་གསུངས་པ་ལ་སླར་ཡང་ལྷ་ཨུ་མས་ཞུས་པར་བཤད་དེ། རྒྱུད་ལེའུ་བཅུ་པ་ལས། སྔོན་ཚེ་ལྷ་དང་ལྷ་མིན་དག། བ་སྦུ་ལྡང་བའི་གཡུལ་འགྱེད་ཚེ། ལྷ་ཡི་དབང་པོས་བདག་ལ་དྲིས། འདི་བཤད་ལྷ་མིན་ཕམ་པར་བྱས། བསྟན་བཅོས་གསང་བ་ཆེན་པོའི་རྒྱུད། གཡུལ་ལས་རྣམ་པར་རྒྱལ་བར་གྲགས། ཞེས་དང། དཔལ་ལྡན་གེ་ལ་ཤ་རི་ལ། ལྷ་མཆོག་བཅོམ་ལྡན་འདས་བཞུགས་ཏེ། ཞེས་སོགས་རིམ་པར་ཞུས་ཤིང་གསུངས། དྲི་བ་དང་ལན་གྱི་ཚུལ་དུ་རྒྱུད་ལེའུ་བཅུ་པ་འདི་གསུངས་པ། མི་ཡུལ་དུ་ལས་གྲུབ་ཨུཏྦྷལ་ཞེས་པས་སྦེལ་བར་གྲགས་ཏེ་དཔལ་ལྡན་ཁྱུ་མཆོག་རྒྱལ་མཚན་ལས། ལས་གྲུབ་ཨུཏྦྷལ་ཞེས་པས་སྦེལ་བར་གྲགས་ཏེ་དཔལ་ལྡན་ཁྱུ་མཆོག་རྒྱལ་མཚན་ལས། ལས་གྲུབ་ཨུཏྦྷལ་ཡི་གུས་ཏེ། དབྱངས་ཆར་བསྟན་བཅོས་འདི་ཉིད་ནི། ས་སྟེང་འཇིག་རྟེན་གསལ་བར་མཛད། ཅེས་འབྱུང་ངོ། འདི་ཉིད་བོད་ཡུལ་དུ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཛ་ཡ་ཨ་ནནྟ་དང། གློ་བོ་ལོ་(སྨད་ཆ།་ཤེས་རབ་རིན་ཆེན་གྱིས་རྒྱས་པར་མཛད་ཅིང། གཞན་ཡས། སྦས་པ་གསལ་བྱེད་དང། རིན་ཆེན་རྒྱ་མཚོ་སོགས་དང། རྒྱུད་འདིར་བོད་འགྲེལ་ཡང་མང་དུ་ཡོད་དོ། ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་འབྲས་རྩིས་རརྣ་མ་ལ་དང། མྱུར་རྟོགས་བྱ་བའི་གཞུང་གཉིས་གསར་བསྒྱུར་དང་མྱུར་རྟོགས་ལ་གསལ་བྱེད་ཀྱང་མཛད་ཡོད་དོ། ནག་ཙིས་ནི་བདག་གི་རིག་པ་བརྟགས་པ་ལ་ཤིན་ཏུ་མཁོ་བ་འབྱུང་རྩིས་སམ་ནག་རྩིས་སུ་གྲགས་པ་ནི། བརྩི་བྱ་འབྱུང་བ་ལྔ་ལ།(སྨད་ཆ།༨༣༧)རྩི་བྱེད་རང་བཞིན་གཞིའི་གཙུག་ལག་དང། འབྱུང་བ་རང་རྒྱུད། སྣང་བ་ཡུལ། གཅོད་བྱེད་ཡུལ་འཛིན་པ་སེམས་ཀྱི་གབ་རྩེ་བཞིས་བསྡུས་པའི་མ་རིག་འཁྲུལ་སྣང་གི་གཙུག་ལས་གཉིས་ཀྱི་སྒོ་ནས་འཆད་པའི་བསྟན་བཅོས་སུ་གྲགས་པ་དང། ཐོག་མར་རྒྱ་བཟའ་(སྨད་ཆ།འུན་ཤིང་ཀོང་ཇོས་བསྣམས་ནས་དང་མཁས་པ་མི་བཞི་ལོ་(སྨད་ཆ།་ཁམས་པ་ཁྲ་མོ་སོགས་ནས་བརྒྱུད་པ་ཁྱུད་ནག་ཤག་དར་དང་གྲ་ཕུག་པ་སོགས་ཀྱིས་རྒྱ་ཆེར་སྦེལ་ལོ། དུས་ཕྱིས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་སྔོན་གྱི་ནག་རྩིས་རྙིང་པ་རྣམས་དང་མི་མཐུན་པའི་རྒྱ་རྩིས་གསར་མ་སྲིད་པ་འཕྲུལ་གྱི་མེ་ལོང་ཕལ་ཆེར་བསྒྱུར་བ་མཛད་ཡོད་དོ། སྙན་དག་ནི། བརྗོད་བྱ་གང་ཞིག་བྱེད་སྙན་ཅིང་འཇེབས་ལ་ཉམས་འགྱུར་དུ་མ་དང་ལྡན་པས་ཟབ་བརླིང་རྟོགས་པར་དཀའ་བའི་ཚིག་སྦྱོར་ཕུན་ཚོགས་པ་ཞིག་སྟེ། གཞུང་ལས། དེ་ཕྱིར་མཁས་པས་སྐྱེ་དགུ་རྣམས་ཀྱི། བྱ་བའི་ཆོ་ག་ངེས་པར་སྦྱར། ཞེས་གསུངས། དེ་ཡང་ལུང་དང་རྒྱན་གྱི་རྣམ་གཞག་སྐྱོན་སེམས་དང་བཅས་པས་བསྟན་ཏེ། ལུས་ལ་ཚིག་བཅད་ལྟུག་སྦེལ་མ་དང། རྒྱན་ཐུན་མོང་མ་ཡིན་པ་ལམ་རྣམ་པར་དབྱེ་བ་དང། ཐུན་མོང་ལ་དོན་རྒྱན། སྒྲ་རྒྱན་གབ་ཚིག་གི་རྒྱན་སོགས་སུ་བཤ་དོ། འདིར་སྙན་ངག་གི་ལྷ་དབྱངས་ཅན་མའི་བྱུང་ཚུལ་ཆུང་ཟད་བརྗོད་ན། འཇིག་རྟེན་འདི་ཆགས་ནས་མི་རིང་བ་རྫོགས་ལྡན་གྱི་ཐོག་མའི་སྐབས་ཤིག། རི་རབ་ཀྱི་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོ་བདུད་རྩིའི་(སྨད་ཆ།༨༣༨)རང་བཞིན་དུ་གནས་པ་ལ། ཕྱོགས་ཀུན་ནས་རླུང་བཀོད་པ་མཐའ་ཡས་པ་ལངས་ཏེ། དེས་རྒྱ་མཚོ་རྦ་རླབས་རྣམ་པ་དུ་མ་གཡོས་པ་ལས། སྲིད་པ་གསུམ་གྱི་བསྟན་པ་གཡོའི་སྒྲ་སྐད་ཐམས་ཅད་དྲི་ཟའི་གླུའམ་མིའམ་ཅིའི་དབྱངས་ལྟ་བུར་སྒྲ་སྙན་ཅིང་རྣ་བར་འཇེབས་པས་དཔག་ཚད་བྱེ་བར་ཁྱབ་ཅིང་གནས་སོ། དེའི་ཚེ་ཚངས་པ་ཆེན་པོ་མི་འཆི་བ་ཞེས་བྱ་བ་ཚངས་པའི་གྲོང་ཁྱེར་ན་སྦྱོད་པས་སྒྲ་དེ་རབ་ཏུ་གསན། ལོ་སྟོང་གི་བར་དུ་རྒྱ་མཚོ་གཡོ་བ་ལ་བལྟས་ཤིང་དེ་ལ་མངོན་པར་དགའ་བའི་རོལ་མྱང་བས་འདུག་གོ། དེའི་ཚེ་སྲིད་པ་གསུམ་གྱི་སྒྲ་དབྱངས་དེ་རྣམས་འདུས་པ་ལས། ལྷ་མོ་མཚོར་སྒེག་ཤིན་ཏུ་རྒྱས་པས་ས་འོག་ས་སྟེང་ས་བླ་གསུམ་ན་འགྲན་ཟླ་མེད་པ་ཞིག་བྱུང་ངོ། འདིའི་ཡུམ་གྱི་དོད་རྒྱ་མཚོ་ཡི། ཚངས་པས་བསམ་པ་ནི་ཡབ་ཀྱི་དོད་ཡིན་པས། མཚོ་བྱུང་མ་དང། ཚངས་པའི་བུ་མོར་གྲགས་སོ། དེ་བས་གང་གི་ལྷ་མོ་དེ་ནམ་མཁའི་དཀྱིལ་ན་འདུག་སྟེ། གང་སྐྱེ་བོ་རྣམས་བདེན་པ་དང་བརྟུལ་ཞུགས་དང་ལྡན་ཅིང་འཚེ་བ་མེད་པར་འདུག་པས་ལྷ་མོ་དེ་དགའ་བས་གར་དག་བྱེད་པ་ན་བརྟན་གཡོ་ཐམས་ཅད་ལས་ཡིད་དུ་འོང་བའི་སྒྲ་མཐའ་ཡས་པ་འབྱུང་ཞིང། ཡིད་ཅན་རྣམས་ཉམས་བག་བདེ་། བློ་གྲོས་རྒས་པས་སྙན་པའི་དབྱངས་ཀྱིས་དོན་དཔག་ཏུ་མེད་པར་རང་རང་བརྗོད་པར་གྱུར་ཏོ། ལྷ་དང་གནོད་སྦྱིན་དང་མི་དང་ཀླུ་རྣམས་སྦྱོད་པ་ལོག་པར་འདུག་པ་ན། ལྷ་མོ་དེ་ཡང་ཕྱིར་ཕྱོགས་ཏེ་འདུག་ན། སྒྲ་ཐམས་ཅད་ཉམས་ཤིང་སྐྱེ་བོ་ཐམས་ཅད་ལྡབ་ལྡིབ་ཏུ་སྨྲའོ། ཞེས་འབྱུང་ངོ། དེ་ནས་ལྷ་མོ་དེས་སྐུ་མང་པོར་སྦྲུལ་ནས་སེམས་ཅན་གྱི་དོན་བྱེད་པར་དགོངས་ནས། སྒྲ་དབྱངས་ལྷ་མི་རབ་བཀྲམ་ཞིག་བྱུང་ན་སེམས་ཅན་(སྨད་ཆ།༨༣༩)ཐམས་ཅད་མཁས་པར་འགྲོ་རྒྱུ་ལ་ལྷ་སོ་བརྒྱད་ཁྲི་བཞི་སྟོང་སྦྲུལ་མཚམས་ནས་བདུད་ཀྱི་བར་ཆད་ཀྱིས་རྒྱུན་འཆད་པས་འཇིག་རྟེན་ན་མཁས་པ་ཉུང་བ་རྒྱུ་ངེས་ཡིན་པར་གྲགས་སོ། ཞེས་འབྱུང་ངོ། འདིར་སྙོམས་ལས་མེད་པར་རིམ་པར་དབྱངས་པས་བསྟེན། ཞེས་པའི་དོན་བཞིན་རེ་ཚིག་ཉམས་མཚར་དུ་བྲིས་པ་ཡིན་ཏེ། སྒྲ་དབྱངས་ལྷ་མོའི་བྱུང་ཚུལ་ལོ། སྙན་ངག་འཇིག་རྟེན་འབྱུང་ཚུལ་ནི་སྔོན་སྐྱེ་བ་དགུ་ཉིས་ཁྲི་བའི་དུས་སུ། དྲང་སྲོང་རྒྱས་པས་བརྩམས་པའི་བསྟན་ནབཅོས་བྷ་ར་ཏ་ཚོགས་བདག་གི་ཡིག་མཁན་བྱས་ནས་བྲིས་པར་གྲགས་པའི་གཞུང་ཤོ་ལོ་ཀ་འབུམ་ལྷག་བཅས་ཡོད་པར་གྲགས་ཤིང། གཞན་ཡང་མེ་བཞིན་འཇུག་པའི་བུ་མོས་བྱས་པའི་སྙན་ངག་སྒོམ་པའི་ཆོས་དང་གྲོགས་མཁར་གྱིས་བྱས་པའི་ར་མ་ན་ཡ་ན་དང། མ་རྟེན་ཊེ་ཡས་བྱས་པའི་ཨཥྚ་ད་ཤ་སུ་ར་དང། པཎྜི་ཏ་ནག་མོའི་ཁོལ་གྱིས་བྱས་པའི་སྙན་ངག་གཞོན་ནུ་འབྱུང་བ་དང། ར་མ་ཤྲ་མས་བྱས་པའི་བསྟན་བཅོས་ར་གྱུ་ཝམ་ཤ་སོགས་ཀྱི་དྲུང་སྲོང་རྣམས་ཀྱིས་བྱས་པའི་གཞུང་མང་པོ་ཡོད་པར་གྲགས་ཀྱང་བོད་དུ་མ་བྱུང་ལ། དེང་སང་བོད་དུ་གྲགས་པའི་སྙན་ངག་མེ་ལོང་གི་གཞུང་བྱེད་སོ་དཎྜི་ནི་ཕྱི་ནང་གཉིས་ཀའི་གྲུབ་མཐའ་ལ་མཁས་ཤིང། དངོས་གནས་ཕྱི་རོལ་པའི་པཎྜི་ཏ་ཞིག་ཡིན་པར་བཞེད་ལ། སྦྱིར་བཏང་དཔེར་བརྗོད་ནི་ཤར་པའི་ལམ་ལ་ལ་དཔག་བསམ་པ་འཁྲི་ཤིང་དང། ལྷོ་བའི་ལུགས་ལ་སྐྱེས་རབས་སོ་བཞི་པ་ཡིན་ཟེར་རོ། སྙན་ངག་མེ་ལོང་འདི་རྒྱ་གར་གྱི་མཁས་པ་ཆེན་པོ་སྙན་ངག་མཁན་ལཀྵི་ག་ར་དང་བོད་ཀྱི་ལོ་(སྨད་ཆ།་བ་མཁས་པ་ཆེན་པོ་ཤོངས་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་བཤད་མཛད་ཅིང། སླར་སྦང་ལོ་བློ་གྲོས་བརྟན་པས་འཆད་སྦེལ་(སྨད་ཆ།༨༤༠)མཛད་པ་ལ་བརྟེན་ནས་རྒྱ་ཆེར་དར་ནས་དེང་སང་ཡང་སློབ་སྲོལ་མ་ནུབ་པར་བྱུང་ཞིང་འགྲེལ་མཛད་ཀྱང་མང་དུ་བྱུང་མོད། དུས་ཕྱིས་ཐམས་ཅད་མཁྱེན་པ་བསྟན་པ་ཉིན་བྱེད་ཀྱིས་བོད་སྔོན་མ་དག་གིས་ཇི་བཞིན་མ་མཁྱེན་པའི་ཚུལ་མཛད་པ་དག། རྒྱ་གར་གྱི་སློབ་དཔོན་དག་གི་དབང་ཕྱུག་གྲགས་པའི་འགྲེལ་པ་དང། རརྣ་མ་ཤྲིའི་འགྲེལ་པ་ལ་བརྟེན་ནས་འཔགས་ཡུལ་མཁས་པའི་ལེགས་བཤད་དང་རྗེས་སུ་མཐུན་པའི་ལྗགས་བཤད་ཀྱིས་གཏན་ལ་ཕན་པ་བཞིན་སྐུ་ཞབས་ཁམས་སྦྲུལ་རིན་པོ་ཆེའི་རྒྱས་འགྲེལ་དང། རྗེའི་ཤལ་སློབ་པུཉྫི་ར་བ་བསོད་ནམས་ཀྱིས་འགྲེལ་པ་བུར་ཤིང་སོགས་མཛད་པ་ཡོད་ལ། རྗེ་དེའི་གསུང་སྒྲོས་འཛིན་པའང་མང་དུ་བྱུང་ངོ། འདིར་ཁ་ཅིག་གིས་རིག་བྱེད་པའི་བཞིའི་སྙན་ཚིག་དང་སྙན་ངག་གཅིག་པར་འདོད་པ་ནི་མི་འཐད་དེ་སྙན་ཚིག་ནི། ས་མ་བེ་ད་ཞེས་བྱ་སྟེ། ༀ་ཡིག་དྲུག་གླུར་བླངས་ནས་འདྲེན་དགོས་པའི་བསྟོད་པ་དང། དེ་ཁོ་ན་ཉིད་སྟོན་པ་སོགས་དོན་དུ་མ་ཅན་ཞིག་སྟེ། སྙན་ངག་ཏུ་འདོད་པ་འཁྲུལ་ལོ། སྡེབ་སྦྱོར་ནི། ཚིགས་བཅད་རྐང་པ་བཞི་པོ་རེ་དེ་ལའང། བྲིཏྟ་དང་ཛ་ཏིའི་སྡེབ་སྦྱོར་གང་རུང་བརྩིས་པས། ཡི་གེ་ལྕི་ཡང་སྦེལ་ནས་བརྗོད་བྱེད་ཐམས་ཅད་མཚུངས་པར་བརྗོད་པས་མཐོ་དམན་དུ་མི་འདོན་ཞིང་རྣ་བར་འཇེབས་པ་ཤིན་ཏུ་ངོ་མཚར་བ་དང་ལྡན་པ་ཞིག་སྟེ། དེ་ལ་བྲིཏྟ་དང་ཛ་ཏིའི་མཚན་ཉིད་ནི། ཡི་གེ་བགྲང་བ་བྲིཏྟ་དང། ཕྱི་མོ་བགྲང་བ་ཛ་ཏིའི་སྡེབ་སྦྱོར་དུ་བཤད། དེ་ལ་ལྕི་ཡང་གི་མཚན་ཉིད་ནི། རྩེགས་པའི་དང་པོ་རིང་པོ་དང། ང་རོ་ཅན་དང་རྣམ་བཅད་ལྡན། རྣམ་པར་རྫོགས་པས་རྐང་མཐར་གནས། ཡི་གེ་ལྕི་བར་ཤེས་པར་བྱ། ཞེས་གསུངས་ཏེ་(སྨད་ཆ།༨༤༡)དེ་ལས་གཞན་པའི་ཡི་གེ་རྣམས་ཡང་བའོ། དེ་ཡང་ཡི་གེ་གསུམ་རེ་ལ་ཚོགས་རེ་བྱས་པས་ལྕི་ཡང་གི་དབང་གི་ཚོགས་བརྒྱད་དུ་འགྱུར་ཏེ། དང་པོ་བར་དང་མཐའ་རྣམས་སུ། ལྕི་བ་ཉིད་གྱུར་བྷ་ཛ་པ། ཡང་བ་ཉིད་གྱུར་ཡ་ར་ཏ། ལྕི་བ་ཡང་ཉིད་མ་ནའོ། ཞེས་སོ། དེ་ཡང་རེ་རེ་ལ་དགེ་བ་དང་མི་དགེ་བའི་འབྲས་བུ་སྟོན་པའི་ལྷ་རེ་རེ་ཡོད་དེ། བྷ་ཡིག་པ་གཞི་དཔལ་ནི་རྒྱས་བྱེད་ཛ་ཡིག་ཆུ་སྟེ་འཕེལ་བའོ་ར་ཡིག་མེ་སྟེ་འཆི། ས་ཡིག་རླུང་སྟེ་ཕ་རོལ་ཡུལ་དུ་རིང་པོར་འགྲོ་བྱེད་ཏ་ཡིག་ནམ་མཁའ་སྟོང་པའི་འབྲས། ཡ་ཡིག་ཉི་མ་རྒྱ་ཆེན་ནད་ནི་ལེན་བྱེད་མ་ཡིག་ཟླ་བ་གྲགས་པ་དྲི་མ་མེད། ན་ཡིག་ལྷ་སྟེ་བདེ་བར་བ་སྟེར་མཁས་པས་ཚོགས་རྣམས་ཀྱི་ནི་འབྲས་བུ་འདིར་རབ་བཤད། ཅེས་འབྱུང་སྟེ། དེ་ཡང་དང་པོའི་ཚོགས་དེ་ལ་བརྟག་པར་བཤད་དོ། དེ་བཞིན་དུ་སྡེབ་སྦྱོར་ཡིུ་དགེ་དྲུག་པ་དབྱངས་སྒྲོགས་ནས་རྒྱུན་ཆགས་སམ་རབ་བསགས་ཀྱི་བར་གྱི་སྡེབ་སྦྱོར་ དེ་དག་ལའང་ལྷ་རེ་ཡོད་དེ། དཔེར་ན་སྡེབ་ག་ཡ་ཏྲིའི་ལྷ་རྟ་མགྲིན་ཏེ་འདི་ཕྱི་རོལ་པའི་ལྷ་ཞིག་ཡིན་ཏེ་དེའི་གཟུགས་ཀྱང་སྣང་ངོ། དེ་ཡང་ཇི་ལྟར་བྱུང་འབི་ཚུལ་ནི་སྔོན་གྱི་དུས་ཤིག་ན་རྒྱ་མཚོ་ཆེན་པོའི་འགྲམ་བྱེ་མ་བརྡལ་བའི་ངོས་སུ་ཀླུ་ཞིག་གི་སྡེབ་སྦྱོར་གྱི་སྲསྟ་རའི་རི་མོ་བྲི་གོན་ཡོད་པ་ན་ནས་ནམ་མཁའ་ལྡིང་ཞིག་བྱུང་སྟེ་ཀླུ་དེ་ཟ་བར་བརྩམས་སོ། དེར་ཀླུ་དེས་བདག་རེ་ཞིག་མ་ཟ་ཞིག་སྲསྟ་རའི་འདི་ཚར་བར་བྱའོ། ཞེས་སྨྲས་པས་མཁའ་ལྡིང་དེས་ཀྱང་ཉན་སྟེ་སྲསྟ་རའི་རི་མོ་དགོད་པ་ལ་བསྟས་པས་དོན་ཁོང་དུ་ཆུད་པར་གྱུར་ཏོ། ཀླུས་ཀྱང་རི་མོ་ཆར་བ་ན་ཟོ་ཞིག་ཅེས་བསྐུལ་བ་ན། ཁྱུང་དེས་ཁྱོད་ཀྱི་རི་མོ་འབྲི་བ་དེས་དོན་ཁོ་བོས་ཀྱང་ཤེས་པར་གྱུར་ཏེ། ད་ནི་ཁྱོད་བདག་གི་(སྨད་ཆ།༨༤༢)སློབ་དཔོན་དུ་གྱུར་ཟིན་པས་ཅི་བདེ་བར་བཞུགས་ཤིག་ཟེར་ནས་མཁའ་ལྡིང་དེ་རང་གནས་སུ་སོང་ཞེས་འབྱུང་སྟེ། ཀླུ་དེ་ནི་སྡེབ་སྦྱོར་ཐོག་མའི་གཞུང་བྱེད་པོ་ཀླུའི་རྒྱལ་པོ་ལྟུག་མ་ཅན་ཞེས་པ་དེ་ཡིན་ཏེ། དྲང་སྲོང་དམར་སེར་ཅན་དུ་གྲགས་པའང་ཀླུ་དེའི་མིང་གི་རྣམ་གྲངས་ཡིན་པར་མངོན་ཏེ། རྒྱལ་བའི་ལྟས་འགྲེལ་བའི་མཆོད་བརྗོད་དུ། དམར་སེར་ཀླུ་དེ་རྒྱལ་གྱུར་ཅིག། ཞེས་འབྱུངས་ངོ། སྔོན་དུས་བོད་དུ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་རརྣ་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས་གཞན་མ་བྱུང་ཡང། དུས་ཕྱིས་བདག་གི་བླ་མ་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་ཐུབ་པ་ཀྲིཥྞ་མི་ཤྲས་མཛད་པར་སྡེབ་སྦྱོར་ཐོས་པས་ཆུབ་པ་རྩ་འགྲེལ་གཉིས་བསྒྱུར་བཤད་ཅིང། དམར་སེར་ཅན་གྱི་གཞུང་དང་རྒྱལ་བའི་ལྷའི་དཔེར་བརྗོད་བཅས་རྒྱ་དཔེ་ཕྱག་ཏུ་བཞུགས་ཀྱང་བསྒྱུར་བ་མ་གནང་ཡང་ལྗགས་བཤད་ལན་མང་དུ་གནང་བར་མཛད་དོ། མངོན་བརྗོད་ནི་ཆོས་རེ་རེ་ལ་མིང་གི་རྣམ་གྲངས་དུ་མས་བརྗོད་པ་སྟེ་སློབ་དཔོན་འཆི་མེད་སེང་གེ་ཨ་མ་ར་ཀོ་ཥའམ་འཆི་མེད་མཛོད་མཛད། དེའི་འགྲེལ་པ་སུ་བྷུ་ཏི་ཙནྡྲས་མཛད་པའི་འདོད་འཇོ་སོགས་ལས་ཤེས་དགོས་ཏེ། དཔེར་ན་ཉི་མ་ལྟ་བུའི་དོན་གཅིག་ལ། མིང་གི་རྣམ་གྲངས། ནམ་མཁའི་ནོར་བུ་དང། རྟ་བདུན་རྒྱལ་པོ་དང། མིང་གི་རྣམ་གྲངས། ནམ་མཁའི་ནོར་བུ་དུ་དང། རྟ་བདུན་རྒྱལ་པོ་དང། རྟ་ལྗང་ཅན་སོགས། མིང་གི་ཁྱད་པར་དུ་མ་ཡོད་པ་དང། ཡང་མིང་གཅིག་ཉིད་དོན་མང་པོ་ལ་འཇུག་པ་དཔེར་ན་གོ་ཞེས་པའི་སྒྲ་ལྟ་བུའི་མིང་གཅིག་ཉིད་དག་ལ་སོགས་པའི་དོན་དགུ་ལ་འཇུག་པར་བཤད་པ་ལྟ་བུ་སྟེ། འདིའི་བསྟན་བཅོས་ཨ་མ་ར་ཀོ་ཥ་དང། འགྲེལ་པ་འདོད་འཇོ་བཅས་ཀུན་མཁྱེན་བསྟན་པའི་(སྨད་ཆ།༨༤༣)ཉིན་བྱེད་གཞི་འགྱུར་དང། ཉིད་ཀྱིས་མཛད་པའི་འགྲེལ་པའང་ཡོད་དོ། གཞན་ཡང་མིང་དང་རྟགས་རྗེས་སུ་སྟོན་པའི་བསྟན་བཅོས་མང་པོ་བཞི་འགྱུར་དང་འཆད་ཉན་གྱིས་གཏན་ལ་ཕབ་པར་མཛད་དོ། ཟློས་གར་ནི་སྔོན་བྱུང་གི་གཏམ་བཞིན་གྱི་གཟུགས་བྱས་ཏེ་སྐད་རིགས་སོ་སོའི་གཏམ་དང་གླུ་ཟློས་གར་བྱེད་པ་ལ། སྐྱེས་བུའི་ལག་པ་དང། མགོ་བོའི་བསྒྱུར་བ་སྟེ་དཔེར་ན། ལག་པའི་པད་ཀོར་སོགས་ལན་མང་པོར་ཟློས་ཀྱང་མཛེས་ཤིང་ཡིད་དུ་འོང་བའི་གར་དུ་འགྱུར་བས་ཟློས་གར་ཏེ་ཡན་ལག་ལྔ་དང་ལྡན་པའོ། ཡན་ལག་ལྔ་ནི། ཟློས་གར། མདོ་འཛིན་པ་རོལ་མོ་པ། ཆས་སུ་ཞུགས་པ། བཞད་དད་པ་ལྔའོ། དེ་ཡང་ཅུང་ཟད་སྨྲོས་ཏེ་བརྗོད་ན། ངང་གི་སྦྱོར་བ་དུ་མ་དང། ལུས་ཀྱི་རྣམ་འགྱུར་སྣ་ཚོགས་པ་དང། དབྱངས་ཀྱི་བྱེ་བྲག་ཐ་དད་པ་རྣམས་དང་ལྷའི་རྗེས་སུ་སྐྱེས་པ་དང། དྲང་སྲོང་གི་རྗེས་སུ་སྐྱེས་པ་དང། བློ་གསལ་གྱི་རྗེས་སུ་སྐྱེས་པ་ལ་སོགས་པ། འདྲེན་པ་དང། དཀྱུས་གཅིག་ཏུ་སྦྱར་བ་དང། དཀྱུས་གཉིས་པ་དང་ཕྱེད་ཕྱི་མ་ལ་སོགས་པའི་མཚན་ཉིད་རྣམས་དང་ལྡན་ཞིང། རྫོད་བྱེད་ཀྱི་ཚོགས་ཕལ་ཆེར་ལ་ལེགས་སྦྱར་སཾསྐྲི་ཏའི་སྐད་གླུར་བླངས་པ་དང། བུད་མེད་ཀྱི་བརྗོད་པ་ཕལ་ཆེར་ལ་རང་བཞིན་གྱི་སྐད་དམ་སཾསྐྲི་ཏའི་སྒོ་ནས་གླུར་བླངས་པ་དང་བྲན་ཕོ་དང་བྲན་མོ་དང། བཞད་གད་མཁན་ལ་སོགས་པས་སྐབས་བཙལ་ཞིང། ཅོ་འདྲི་བ་དང། གླེང་སློབ་བ་ལ་སོགས་པ་ཕལ་ཆེ་བ་ནི། ཨ་ཝ་བྷྲཾ་ཤ་སྟེ་ཟུར་ཆག་གི་སྐད་དང། འབྱུང་པོ་དང་གནོད་སྦྱིན་དང། རོ་ལོངས་ལ་སོགས་པ་དང། མི་དང་མི་མ་ཡིན་པ་དང། འགའ་ཞིག་གི་སྐབས་སུ་བབས་པ་མགོ་སྨོས་(སྨད་ཆ།༨༤༤)བའམ་ཡོངས་སུ་རྫོགས་པའི་ཚིག། ཁྲོ་བ་དང། སྒེག་དང། ཆགས་པ་དང། བསྡིགས་ཚིག་དང། མི་བཟོད་པ་དང། གཞོགས་ལ་གྱེ་བ་ལ་སོགས་དག་ཕལ་ཆེ་བ། པི་ཤཱ་ཙི་ཞེས་པ་ཤ་ཟའི་སྐད་ཀྱིས་བརྗོད་པ་སྟེ། མདོར་ན་སྐད་རིགས་བཞིའི་ཟློས་གར་གྱི་འཚམས་ཤེས་པས་ཀྱང་མཁས་པ་ནས་བྱིས་པའི་བར་ཡིད་འཕྲོག་པ་སྟེ། དེ་དག་སྟོན་པའི་གཞུང་ནི། ཟློས་གར་གྱི་བསྟན་བཅོས་བྷ་ར་ཏ་དང། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ཞེས་རྒྱལ་པོ་སྦྲིན་གྱི་བཞོན་པའི་ཀླུའི་སྲོག་བསྐྱབས་པའི་སྐྱེས་རབས་དགའ་བའི་ལྷས་མཛད་པ་དང། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་གཙུག་གི་ནོར་བུའི་པར་བཏང་ནས་བྲམ་ཟེའི་དབུལ་བ་བསམ་ཕྱིར་རང་ཚོང་དུ་བཅུག་སྟེ་དགྲ་ལ་སྟེར་དུ་བཅུག་པས་ཐམས་ཅད་བཏུལ་བའི་སྐྱེས་རབས་ཙནྡྲ་གོ་མའི་མཛད་པ་ལ་སོགས་པ་ཟློས་གར་གྱི་བསྟན་བཅོས་རྣམས་སོ། འདིར་སྔོན་གྱི་མཁས་པ་དག་གིས། རིག་གནས་ཆུང་བ་ལྔ་པོ་སྒྲ་རིག་པའི་ཡན་ལག་ཏུ་བཞེད་པ་དང། རིག་གནས་ཆུང་བ་ལྔ་པོ་སྒྲ་རིག་པའི་ཡན་ལག་ཏུ་བཞེད་པ་དང། རིག་བྱེད་བཞིའི་ངེས་བརྗོད་ཀྱང་སྒྲ་རིག་པ་ཡིན་ཟེར་བའང་ཡོད་མོད། འདི་ལ་ཅུང་ཟད་དཔྱད་ན། སྐར་རྩིས་ནི་སྒྲའི་དོན་མ་མཆིས་པས་དེར་ཟད། སྙན་ངག་ཀྱང་སྐད་རིགས་བཞི་ལས་བརྩམས་རུང་བ་གཞུང་དུ་བཤད་ཕྱིར་ལེགས་སྦྱར་ཁོ་ནར་མ་ངེས་པས་ངག་བཟོར་བཏོགས་པས་བཟོ་རིགས་སུ་བསྡུ་བར་འོས་ཞེས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་གསུངས་སོ། དཔེ་ན་སྡེབ་སྦྱོར་ཡང་སྙན་ངག་དང་མཚུངས་པར་སྐད་རིགས་བཞི་ཀར་སྡེབ་སྒྲིག་ཏུ་རུང་སྟེ། འོན་ཀྱང་བོད་སྐད་ལ་སྡེབ་སྦྱོར་སྒྲིག་མི་བཏུབ་པས་ཟུར་ཆག་ཀུན་ལ་མི་རུང་ངོ་སྙམ་ན་སྙན་ངག་གི་གཞུང་ནས་བཤད་པའི་ཟུར་ཆག་བ་གླང་རྗི་ལ་སོགས་ཞེས་པའི་ཡུལ་དེ་ནི་(སྨད་ཆ།༨༤༥)རྒྱ་གར་ལྷོ་ཕྱོགས་ཀྱི་མཐའ་ཞིག་ཏུ་ཡོད་པར་གྲགས་ཏེ། སྔོན་ཆར་ཆེན་པོ་བབས་པའི་དུས་ཤིག་ལྷ་ཁྱབ་འཇུག་གིས་ཡུལ་དེའི་སྟེང་དུ་རི་ཆེན་པོ་ཞིག་བཟུང་ནས་ཆར་བསྲུངས་ཤིང་གླང་རྗིའི་ཚུལ་དུ་སྦྲུལ་ནས་ཡུལ་དེ་བསྐྱངས་པས་གོ་བིནྡ་སྟེ་ཁྱབ་འཇུག་གི་མིང་བ་གླང་རྗི་ཞེས་པ་ཡུལ་དེ་མིང་དུ་ཆགས་པར་གྲགས་སོ། འདི་ལ་འགྲེལ་བྱེད་དག་གིས་བླུན་པོ་བ་གླང་རྗིའི་སྐད་ཅེས་པ་ནི་ཁུངས་མེད་བབ་རྩོལ་གྱི་གཏམ་ཏེ། ཡུལ་གང་དང་གང་གི་རྗི་བོ་རྣམས་ཡུལ་དེ་དང་དེའི་སྐང་ལས་རྗི་བོ་ལ་སྐད་ཟུར་པ་མེད་ཅིང། དེས་ན་སྙན་ངག་མཚན་ཉིད་དང་ལྡན་པ་བོད་དང་རྒྱ་ནག་སོགས་ཀྱིས་མི་བཏུབ་སྟེ་སྡེབ་སྦྱོར་སྒྲིག་ཏུ་མི་རུང་བ་དང་བྱ་དཀའ་བའི་རྒྱན་རྣམས་ཀྱང་ཚུལ་མཐུན་མི་འབྱུང་བས་སྙན་ངག་ཙམ་པོ་བ་ཡིན་ཞེས་བདག་གི་བླ་མ་མཁས་པ་ཆེན་པོ་དོན་གྱི་པཎྜི་ཏ་ཚེ་དབང་ཀུན་ཁྱབ་ཀྱིས་གསུངས་ལས་ཐོས་སོ། ཟློས་གར་ནི་མིང་གིས་ཀྱང་སྒྲར་མི་གཏོགས་པར་ཤེས་ལ། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཞེས་པས་ཀྱང་གོ་ནུས་པར་སྣང་མོད། དེ་ན་མངོན་བརྗོད་མ་གཏོགས་གཞན་རྣམས་བཟོ་རིགས་ཀྱི་ཁོངས་སུ་བསྡུ་བར་འོས་སོ། མངོན་བརྗོད་ནི་མིང་དང་རྟགས་ཐམ྄ས་ཅད་ལའང་བརྗོད་དུ་རུང་ཞིང། རྟགས་ཀྱི་འཇུག་ཚུལ་ཀྱང་ཡོད་མོད་ཀྱི། མིང་དང་རྗེས་སུ་འབྲེལ་པའི་རྟགས་ནི་མཙོ་བོ་ལེགས་སྦྱར་ཁོ་ནའི་ཁྱད་ཆོས་སུ་ངེས་པས་འདི་ནི་བརྡ་སྦྲོད་པའི་ཡན་ལག་ཏུ་ངེས་པས་སྒྲའི་ཁོངས་སུ་འདུའོ། ཡང་སྡེབ་སྦྱོར་དང་སྙན་ངག་སོགས་ཀྱི་གཞུང་རྣམས་ལེགས་སྦྱར་གྱི་སྐད་དུ་ཡོད་པས་སོ་སྙམ་ན། དེ་ནི་རྒྱལ་བའི་གསུང་རབ་དང་བསྟན་བཅོས་ཕལ་ཆེར་ལེས་སྦྱར་གྱི་སྐད་(སྨད་ཆ།༨༤༦)དུ་འབྱུང་བས། དེ་དག་ཀྱང་དེར་འགྱུར་རོ། རིག་བྱེད་བཞིའི་ངེས་བརྗོད་ནི། རིག་བྱེད་བཞི་སྡེ་ལྷ་མཉེས་པར་བྱེད་པའི་ཐབས་དུ་མ་སྟོན་པ་ཞིག་ཡིན་པར་སྣང་ལ། སྒྲ་དང་གཅིག་པར་འདོད་པ་ནི་ཤིན་ཏུ་འཁྲུལ་ལོ། ཞེས་པ་རྣམས་ཀྱང་ཞར་བྱུང་དུ་སྨོས་པ་ཡིན་ནོ། རིག་གནས་ཆུང་བ་ལྔའི་སྐབས་སོ། བསྟན་བའི་གནས་ཚད་བཤད་པའི་སྐོར། གཉིས་པ་བསྟན་པའི་གནས་ཚད་བཤད་པ་ནི། འདུལ་བ་ཕྲན་ཚེགས་ལས་བསྟན་པ་ལོ་ལྔ་སྟོང་དུ་བཤད་པ་དང། འཕགས་པ་བློ་གྲོས་མི་ཟད་པར་བསྟན་པའི་མོད་ལས། སླད་མའི་དུས་ལྔ་བརྒྱ་ཐ་མ་ལ། ཞེས་པའི་འགྲེལ་པར་ཤཱཀྱ་ཐུབ་པའི་བསྟན་པ་འབྲས་བུ་ཐོབ་པ་དང། ཤིན་ཏུ་རྒྱས་པའི་དུས་ནི་སྟོང་ཞིག་འཛམ་བུའི་གླིང་དུ་གནས་སོ། དེ་ཡང་ཕྱེད་དུ་བགོས་ཏེ། ལྔ་བརྒྱ་པ་སྔ་མ་ནི་འཕེལ་བའི་དུས་སུ་བཞག་ལ་ལྔ་བརྒྱ་པ་ཐ་མ་ནི་འབྲི་བའི་དུས་ཞེས་བྱའོ། ཞེས་དང། སྙིང་རྗེ་པདྨ་དཀར་པོ་ལས། ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ལོ་སྟོང་དུ་གནས་པར་གྱུར་ཅིག་ཡང་ལོ་བརྒྱར་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཅིག། ཅེས་དང། ཟླ་བ་སྙིང་པོས་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ལོ་ཉིས་སྟོང་དུ་གནས་པར་འགྱུར་རོ། ཞེས་དང། ཆོས་ཉིད་རང་གི་ངོ་བོ་ལས་མི་གཡོ་བ་ཐ་དད་པར་སྣང་བའི་མདོར། འཇམ་དཔལ། ང་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་དང་དགུ་བརྒྱ་དང། སྟོང་དགུ་བརྒྱ་དང། ཉིས་སྟོང་དང། ཉིས་སྟོང་(སྨད་ཆ།༨༤༧)ལྔ་བརྒྱའི་བར་དུ་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ལ་སོ་སོར་རྟོག་པའི་གང་ཟག་རིམ་པས་འབྱུང་ངོ། ཞེས་དང། རྡོ་རྗེ་གཅོད་པའི་འགྲེལ་པར། ལྔ་བརྒྱ་ཐ་མ་ལ། ཞེས་བྱ་བ་ལ། བརྒྱ་ཕྲག་ལྔའི་ཚོགས་ནི་ལྔ་བརྒྱ་སྟེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་ལྔའི་བར་དུ་གནས་ཞེས་གྲགས་པས། དེའི་ཕྱིར་ཐ་མ་ཞེས་བྱེ་བྲག་ཏུ་གསུངས་སོ། ཞེས་དང། བསྐལ་བཟང་ལས་དམ་པའི་ཆོས་ལྔ་བརྒྱའི་བར་དུ་གནས་སོ། ལོ་ལྔ་བརྒྱའི་བར་དུ་ནི་དམ་པའི་ཆོས་ལྟར་སྣང་ངོ། ཞེས་དང། ཌཾ་ཥྚ་སེ་ནའི་འབུམ་ཊིག་དང། སློབ་དཔོན་དབྱིག་གཉེན་དང། སློབ་དཔོན་འཇམ་དཔལ་གྲགས་པ་སོགས་ཀྱིས་ཀྱང་བཞེད་པ། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ཞེས་པ། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ཞེས་པ། བཅོམ་ལྡན་འདས་ཀྱིས་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་ལ་སྟོང་ཕྲག་རེ་རེ་རེ་ཕྱེད་ཕྱེད་དུ་བཅད་པས། ལྔ་བརྒྱ་ཕྲག་བཅུ་ལ་ལེའུ་བཅུར་འགྱུར་ཏེ། དེ་ལ་ལྔ་བརྒྱ་པ་དང་པོ་དང་གཉིས་པ་དང་གསུམ་པ་རྣམས་ལ་རིམ་པ་ལྟར་བཅོམ་པ་དང་ཕྱིར་མི་འོང་བ་དང་རྒྱུན་དུ་བཞུགས་པ་མང་དུ་འབྱུང་བས་དེ་རྣམས་ཀྱི་ལེའུ་ཞེས་བྱ་སྟེ། ཁོང་དུ་ཆུད་པའི་ལེའུ་གསུམ་དང། དེ་ནས་ལྔ་བརྒྱ་པ་བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་ལ་གོ་རིམ་བཞིན་དུ་ལྷག་མཐོང་དང་ཏིང་ངེ་འཛིན་དང་ཚུལ་ཁྲིམས་དང་ལྡན་པ་མང་དུ་བྱུང་བས་དེ་རྣམས་ཀྱི་ལེའུ་ཞེས་བྱ་སྟེ་སྒྲུབ་པའི་དུས་ཀྱི་ལེའུ་གསུམ་དང། དེ་ནས་ལྔ་བརྒྱ་པ་བདུན་པ་དང་བརྒྱད་པ་དང་དགུ་པ་རྣམས་ལ་རིམ་པ་བཞིན་དུ་མངོན་པ་དང་མདོ་སྡེ་དང་འདུལ་བ་སྟོན་པ་མང་དུ་བྱུང་བས་དེ་རྣམས་ཀྱི་ལེའུ་སྟེ་ལུང་གི་ལེའུ་གསུམ་དང། ལྔ་བརྒྱ་པ་བཅུ་པ་ནི། རབ་ཏུ་བྱུང་བའི་རྟགས་ཙམ་ལས་ལྟ་སྦྱོད་པ་རྣལ་མ་དང་ནི་ལྡན་པས་(སྨད་ཆ།༨༤༨)རྟགས་ཙམ་འཛིན་པའི་ལེའུ་སྟེ་འདི་ཉིད་ལ་ལྔ་བརྒྱ་པ་ཐ་མ་ཞེས་བྱའོ་ཞེས་བཤད་དོ། དེ་ལྟར་ན་མཁས་པ་ཕལ་ཆེར་ལོ་སྟོང་ལ་སོགས་པ་དགོངས་པ་ཅན་དང། ཡང་དག་པའི་བསྟན་པའི་གནས་ཚད་ལྔ་སྟོང་ཉིད་ལ་ཞལ་མཐུན་པ་ཤས་ཆེ་བ་དང། ལུང་དང་ཡང་མཐུན་ཤས་ཆེ་བས་རེ་ཞིག་འདིར་ཡང་ལྔ་སྟོང་དུ་གནས་པ་ཁས་བླངས་སོ། འོན་ཀྱང་འདི་ལ་ཀུན་མཁྱེན་བསམ་ཡས་པས་ཁས་བླངས་སོ། འོན་ཀྱང་འདི་ལ་ཀུན་མཁྱེན་བསམ་ཡས་པས་ནི་ལུང་གི་དུས་གསུམ་དང་སྒྲུབ་པའི་དུས་གསུམ་གི་རིམ་བརྗེས་ནས་ལུང་གི་དུས་གསུམ་སྔོན་མ་དང། སྒྲུབ་པའི་དུས་གསུམ་རྗེས་མར་མཛད་པས་མི་མཐུན་ཙམ་ཡོད་དོ། གང་ལྟར་ཡང་བསྟན་པ་འདས་ལུས་སོགས་ཀྱི་ལོ་ཚིགས་གི་རྣམ་གཞག་ལ་མཁས་པ་སོ་སོས་བཞེད་པ་མི་འདྲ་བ་དུ་མ་ཞིག་སྣང་སྟེ། འདིར་ཡང་ཅུང་ཟད་བརྗོད་ན། ཆོས་ཀྱི་རྒྱལ་པོ་སྦྱར་རས་གཟིགས་སྲོང་བཙན་ན་བཀའ་ཆེམས་ཀྱི་ལུགས་ལྟར་ན། ཆོས་ཀྱི་རྒྱལ་པོ་སྦྱན་རས་གཟིགས་སྲོང་བཙན་ན་བཀའ་ཆེམས་ཀྱི་ལུགས་ལྟར་ན། ད་ལྟའི་རབ་བྱུང་བཅུ་བཞི་པའི་ཐོག་མའི་མེ་མོ་ཡོས་འདི་ཡན་ལ་བཞི་སྟོང་ཉིས་རྒྱ་དྲག་འདས་ཤིང། ཐང་གི་ཡིག་ཚང་གི་ལུགས་ལ་ཉིས་སྟོང་བརྒྱད་བརྒྱ་བཅུ་བཞིའམ་ཡང་ན་དེ་ལ་དྲུག་ཅུ་སྐོར་གཅིག་གིས་དམན་པར་ཡང་འདོད་དོ། འདུལ་འཛིན་ནེལ་པ་པཎ་ཆེན་ནི་སུམ་སྟོང་དགུ་བརྒྱ་ལྔ་བཅུ་འདས་པ་འདོད་ལ། པཎ་ཆེན་ཤཀྱ་ཤཱི། ཨ་བྷ་ཀ་ར། ནམ་མཁའ་བཟང་པོ་སོགས་ཀྱིས་ནི་ཉིས་སྟོང་སུམ་བརྒྱ་བཅུ་འདས་པར་བཞེད། ཇོ་བོ་དི་བམ་ཀ་ར་དང། ཇོ་བོ་ཚུལ་ཁྲིམས་འབར། ཞང་ཚེ་སྦང། ཉང་བྲན་པ། ཆ་པ། མཆིམ་ཆེན། དབུས་པ་བློ་གསལ་སོགས་མང་པོ་ཞིག་གིས་སུམ་སྟོང་དབུ་བརྒྱ་ཞེ་གསུམ་འདག་ཅེས་ཟེར།(སྨད་ཆ།༨༤༩)བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས་ནི་སུམ་སྟོང་དགུ་བརྒྱ་སོ་དགུ་འདས་པར་བཞེད་དེ། བཞད་པ་སྣ་ཚོགས་ཤིག་སྣང་སྟེ། དེ་ཡང་བཙོམ་ལྡན་འདས་ཐུབ་པའི་དབང་པོའི་འཁྲུངས་ལོ་ལ་ཁ་ཅིག་གིས་ས་གླང་ལ་འཁྲུངས་མེ་རྟ་ལ་གཤེགས་པར་བཞེད། དེ་བཞིན་དུ་ཤིང་གླང་ལ་འཁྲུངས་ཤིང་སྦྲེལ་ལ་གཤེགས་པ་དང། མེ་སྦྲུལ་ལ་འཁྲུངས་མེ་བྱི་ལ་གཤེགས། ས་འབྲུག་ལ་འཁྲུངས་མེ་ཕག་ལ་གཤེགས་པ་དང། ཤིང་བྱི་ལ་འཁྲུངས་ཆུ་ལུག་ལ་གཤེགས། མེ་ཡོས་ལ་འཁྲུངས་མེ་ཁྱི་ལ་གཤེགས་པ་སོགས་སྣ་ཚོགས་སྣང་བ་ལས། དེང་སང་གྲགས་ཆེ་བ་ས་སྐྱ་པའི་ལུགས་དང། མཚུར་ལུགས་ཕུག་ལུགས་གསུམ་དུ་ངེས་ལ། དེ་ལ་དཔལ་ས་སྐྱ་བའི་ལུགས་ལ་སྟོན་པ་མེ་མོ་ཡོས་ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་ལ་བལྟམས། ས་ཕོ་བྱི་བ་ལ་མྱ་གན་འདས་པར་བཞེད། དེ་ལྟར་ན་ད་ལྟའི་རབ་བྱུང་བཅུ་བཞི་པའི་མེ་ཡོས་འདི་ཡན་ལ་སུམ་སྟོང་དགུ་བརྒྱ་སོ་དགུ་འདས་ཏེ་འབྲས་བུའི་དུས་གསུམ་དང། སྒྲུབ་པའི་དུས་དང། ལུང་གི་དུས་ལས་མངོན་པའི་དུས་ཀྱི་ལྔ་བརྒྱ་ཕྲག་གཅིག་འདས་ནས། མདོ་སྡེའི་དུས་ལ་ལོ་བཞི་བརྒྱ་སོ་དགུ་འདས་ཏེ། ལྷག་མ་སྟོང་ཕྲག་གཅིག་དང་བཞི་བཅུ་ཡོད་དོ། མཚུར་ལུགས་ལ་མི་བསྐྱོད་ཞབས་སོགས་ཀྱིས་བཞེད་པ་ལྟར་ན། བཅོམ་ལྡན་འདས་ཐུབ་པའི་དབང་པོ་ཆུ་མོ་ཕག་ལ་ལྷུམས་སུ་ཞུགས། ཤིང་ཕོ་བྱི་བ་ལ་བལྟམས། ཤིང་ཕོ་ཁྱི་ལ་མངོན་པར་རྫོགས་པར་སངས་རྒྱས། ཆུ་མོ་ལུག་ལ་གཤེགས་པར་བཞེད་དེ། དེ་ལྟར་ན། ད་ལྟའི་མེ་ཡོས་འདི་ཡན་ལ་ཉིས་སྟོང་དྲུག་བརྒྱ་གྱ་དྲུག་འདས་ཏེ། འབྲས་བུས་དུས་གསུམ་དང། སྒྲུབ་པའི་དུས་ཀྱི་ཤེར་ཏིང་གཉིས་འདས་ནས་ཚུལ་ཁྲིམས་ཀྱི་སྟེང་ནས་བརྒྱ་གྱ་དྲུག་འདས་(སྨད་ཆ།༨༥༠)ཏེ། ལྷག་ཉིས་སྟོང་སུམ་བརྒྱ་བཅུ་བཞི་ཡོད་དོ། བསྟན་བཅོས་པད་དཀར་ཞལ་ལུང་གི་རྗེས་འབྲང། བཻཌཱུ)་དཀར་པོ་སོགས་ཕུག་ལུགས་པ་རྣམས་ནི། སྟོན་པ་དོན་གྲུབ་ཅེས་པ་ས་མོ་ལུག་ལ་ལྷུམས་སུ་ཞུགས། ལྕགས་ཕོ་སྦྲེལ་ལ་སྐུ་བལྟམས། ཤིང་ཕོ་རྟ་ལ་སངས་རྒྱས། ལྕགས་ཕོ་འབྲུག་ལ་ཞི་བར་གཟིམས་ཞེས་བཤད་དེ། དེ་ལྟ་ན་ཉིས་སྟོང་དྲུག་བརྒྱ་གྱ་དགུ་འདས་ཏེ། འབྲས་བུའི་དུས་གསུམ་དང་སྒྲུབ་པའི་དུས་ཀྱི་ཤེས་རབ་དང་ཏིན་ངེ་འཛིན་གཉིས་འདས་ནས་ལྷག་པ་ཚུལ་ཁྲིམས་ཀྱིས་དུས་ལས་བརྒྱ་གྱ་དགུ་འདས་ཏེ། ལྷག་མ་ཉིས་སྟོང་སུམ་བརྒྱ་བཅུ་གཅིག་ཡོད་དོ། དེ་ལྟར་ལུགས་གསུམ་པོ་འདི་གྲགས་ཆེ་བའི་དབང་དུ་བྱས་ཀྱི་གཞན་རྣམ་གྲངས་མཐའ་ཡས་པར་པས་ནི། ད་ལྟ་གང་གི་དུས་ཡིན་ན་སྒྲུབ་པའི་དུས་ཡིན་ཏེ། སྐྱེ་བོ་ཕལ་བ་རྣམས་སྐྱོ་ཤས་ཆེ་ཞིང་ཐར་པ་བསྒྲུབ་པ་ལ་འདུས་པ་མང་བའི་ཕྱིར་རོ། དེའི་ནང་གིའང་ཚུལ་ཁྲིམས་ཀྱིས་སྒྲུབ་དུས་ཡོལ་ནས་སེམས་ཀྱི་སྒྲུབ་དུས་ལ་སླེབས་པའོ། སྔར་ལོ་ཇི་ཙམ་སོང་ཞེ་ན། སངས་རྒྱས་མྱ་ངན་ལས་འདས་ནས་མེ་ཕོ་རྟའི་བར་ལ་ལོ་སུམ་སྟོང་ལྔ་བརྒྱ་དང་དྲུག་ཅུ་སོང། ཕྱིན་ཆད་ལོ་དགུ་བརྒྱ་དང་བརྒྱ་ཅུ་རྩ་བཞི་ཡོད་དོ། སུམ་སྟོང་ལྔ་བརྒྱ་དང་སུམ་ཅུ་རྩ་གཉིས་སོང་བའི་དབང་དུ་བྱས་ནས་ཕྱིན་ལ་དགུ་བརྒྱ་དང་དྲུག་ཅུ་རྩ་བརྒྱད་ཡོད་དོ། རྟགས་ཙམ་འཛིན་པ་ནི་བསྟན་པར་མི་བརྩིའོ། ཞེས་གསུངས་ལ། དེ་ལྟར་ན་ཀུན་མཁྱེན་ཆེན་པོ་ས་ཕོ་སྦྲེའུར་སྐུ་བལྟམས་ནས་དགུང་ལོ་ལྔ་བཅུ་རྩ་དྲུག་ཆུ་མོ་ཡོས་ལ་གཤེགས་པས་དེའི་བར་ལ་མེ་ཕོ་རྟ་མེད་པའི་ཕྱིར། ལྷུམས་སུ་ཞུགས་པའི་ལྔ་ལོ་ཟིལ་གནོན་མེ་ཕོ་(སྨད་ཆ།༨༥༡)རྟ་ཡིན་པར་མངོན་པས་དེ་ནས་ད་ལྟའི་བར་ལ་བཞི་བརྒྱ་ལྔ་བཅུ་རྩ་དྲུག་ཏུ་སླེབས་སོ། དེས་ཕྱིན་ཆད་ཀྱི་ལོ་དགུ་བརྒྱ་དང་བརྒྱད་ཅུ་རྩ་བཞི་གསུངས་པ་ལ་སྦྱངས་པས་ཀླུ་མིག་དབང་པོའི་གྲངས་སུ་འབྲི་བའི་ཕྱིར། དེང་སང་རབ་བྱུང་བཅུ་གསུམ་པའི་ཉི་མ་ཞེས་པ་ཆུ་ལག་ཏུ་སླེབས་པའི་དུས་ན་ཤེས་རབ་ཀྱི་མཐར་སླེབས་པས་རྟགས་ཙམ་འཛིན་པ་ལ་ཇེ་ཉེར་འདུག་གོ། ཞེས་ཀུན་མཁྱེན་འཇིགས་མེད་གླིང་པས་གསུངས་སོ། དེ་དག་ལས་རང་ལུགས་ལ་གང་གཙོ་བོར་བཟུང་ཞེ་ན། བསྟན་བཙོས་འདིར་སློབ་དཔོན་རིན་པོ་ཆེའི་འཁྲུངས་ལོ་སོགས་བསྟན་རྩིས་ཐམས་ཅད་ཕུག་ལུགས་ཉིད་གཙོ་བོར་བཟུང་བར་བྱས་པའི་ཕྱིར། འདིར་ཡང་དེ་ལྟར་ཁས་ལེན་དགོས་ལ། ཐུན་མོང་མ་ཡིན་པའི་དབང་དུ་ནི་ཀུན་མཁྱེན་ཆེན་པོས་བཞེད་པ་ཉིད་བཟུང་བར་འོས་མོད། འོན་ཀྱང་དཔྱད་པར་བྱ་བ་འདི་ཡོད་དེ། སྟོན་པ་མེ་ཡོས་ལ་ལྟུམས་སུ་ཞུགས་ནས། ས་འབྲུག་ལ་བལྟམས། མེ་མོ་ཕག་ལ་མྱ་ངན་ལས་འདའ་བར་བཞེད་དེ། རྗེ་བཙིན་ས་སྐྱ་པའི་ལུགས་དང། སྟོན་པ་གཤེགས་ལོ་མེ་ཕག་དང་ས་བྱིའི་ཁྱད་ཙམ་མ་གཏོགས་མཚུངས་ཀྱང་འདས་ལོ་སུམ་སྟོང་ལྔ་བརྒྱ་དྲུག་ཅུ་ལྟར་ན་ལོ་བརྒྱ་དང་ཉེར་གཅིག་ཙམ་དང། སུམ་སྟོང་ལྔ་བརྒྱ་སུམ་ཅུ་རྩ་གཉིས་ལྟར་ན་ལོ་དགུ་བཅུ་གོ་གཉིསས་ཙམ་གྱི་ཁྱད་ཞུགས་པས། ཁོ་བོས་བློ་གྲོས་ཀྱིས་རྣམ་འབྱེད་བྱིས་པའི་སོར་རྩེས་དགོངས་པའི་ཚུ་གཏེར་གྱི་གཏིང་དཔོག་པ་ཞིག་མ་བྱུང་བས། སླར་དཔྱོད་ལྡན་རྣམས་ཀྱི་བློ་གྲོས་ཉིན་མོར་བྱེད་པས་དགོངས་དོན་གྱི་པདྨོ་བཞད་པ་དང་ཐེ་ཚོམ་གྱི་མུན་པ་ཞིག་པར་གསོལ་བ་འདེབས་སོ། དེ་ཡང་ལོ་ཟླ་ཞག་དུས་ཀྱི་རྣམས་གཞག་ལ་མངོན་པ་སོགས་ལ་དུས་ཀྱི་ཐུང་མཐའ་སེམས་ཀྱི་རྣམ་པར་རྟོག་པ་སྐད་ཅིག་(སྨད་ཆ།༨༥༢)མ་གཅིག་ཡིན་ལ། དེ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་གཅིག། དེ་དྲུག་ཅུ་ལ་ཐང་ཅིག། དེ་སུམ་ཅུ་ལ་ཡུད་ཙམ། དེ་སུམ་ཅུ་ལ་ཉིན་ཞག་གཅིག་དེ་སུམ་ཅུ་ལ་ཟླ་བ། ཟླ་བ་གཉིས་ལ་དུས་དང། དུས་དྲུག་ལོ་རུ་འགྱུར་བར་བཤད་དེ། མཛོད་ལས། སྐད་ཅིག་བརྒྱ་དང་ཉི་ཤུ་ལ། དེ་ཡི་སྐད་ཅིག་དེ་དག་ཀྱང། དྲུག་ཅུ་ལ་ནི་ཐང་ཅིག་གོ། ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། གང་ནས་གང་དུ་སུམ་ཅུར་འགྱུར། ཞག་མི་ཐུབ་དང་བཅས་པ་ཡི། ཟླ་བ་བཅུ་གཉིས་ལ་ལོ་གཅིག། ཅེས་འབྱུང་ཞིང་དུས་དྲུག་ཏུ་རྣམ་པར་དབྱེ་བའི་ཚུལ་ཡང། བརྒྱད་པ་ལས། དགུན་ཟླ་རབ་སོགས་གཉིས་གཉིས། རིམ་བཞིན་དུས་ནི་དྲུག་ཏུ་བཤད། ཅེས་གསུངས་ཏེ། དགུན་སྨད་དང། དཔྱིད་དང། སོས་ཀ་དང། དབྱར་དང། སྟོན་དང། དགུན་སྨད་དང། དཔྱིད་དང། སོས་ཀ་དང། དབྱར་དང། སྟོན་དང། དགུན་སྟོད་དེ། དྲུག་ཏུ་དུས་ཀྱི་རྣམ་པར་དབྱེ་བར་བཤད་དོ། དཔལ་དུས་ཀྱི་འཁོར་ལོའི་ལུགས་ལྟར་ན། མི་དར་ནད་སོགས་རྐྱེན་གྱིས་མ་བསྒྱུར་བ་སོ་ན་གནས་པའི་དབུགས་འབྱུང་འཇུག་གནས་གསུམ་གཅིག་ཏུ་བགྲུངས་པའི་དབུགས་དྲུག་ལ་ཆུ་སྲང། ད་དྲུག་ཅུར་ཆུ་ཚོད། ཆུ་ཚོད་དྲུག་ཅུར་ཉིན་ཞག་རེ་སྟེ་སྐྱེས་བུས་དབུགས་ཉིས་ཁྲི་ཚིག་སྟོང་དྲུག་བརྒྱ་རེ་ལ་ཉིན་ཞག་གཅིག་གོ། ཟླ་བའི་དཀར་ནག་གི་འཕེལ་འགྲིབ་ཀྱི་ཆ་བཅོ་ལྔས་བཞག་པའི་ཆ་རེར་ཆུ་ཚོད་ང་དགུ། ཆུ་སྲང་གསུམ། དབུགས་ལྔ་རི་མཁའ་རིས་ཆ་བཅུ་དྲུག་ལ་ཞག་རེ་སྟེ་ཚེས་ཞག་དང། ཉི་མས་གོ་ལའི་སྐར་ཁྱིམ་བགྲོད་པའི་ཁྱིམ་ཟླ་དང། དེའི་སུམ་ཅུའི་ཆ་རེར་ཆུ་ཚོད་དྲུག་ཅུ། ཆུ་སྲས་ང་གཉིས། དབུགས་བཞི། རི་མཁའ་རིའི་ཆ་བརྒྱ་རེ་བརྒྱད། མདའ་རོ་ཆ་ལྔ་བཅུ་རྣམས་ཞག་གཅིག་སྟེ། ཁྱིམ་(སྨད་ཆ།༨༥༣)ཞག་དང། ཁྱིམ་ཞག་སུམ་ཅུ་ལ་ཁྱིམ་ཟླ་གཅིག། དེ་དྲུག་ལ་བགྲོད་པ་རེ། བགྲོད་པ་གཉིས་ལ་ལོ་གཅིག་སྟེ་ཁྱིམ་ཟླ་བཅུ་གཉིས་ཡོད་པའི་ཕྱིར་རོ། ཁྱིམ་ལོ་དེར་ཉིན་ཞག་གིས་གཞལ་ན་ཉིན་ཞག་སུམ་བརྒྱ་རེ་ལྔ། ཆུ་ཚོད་བཅུ་དྲུག། ཆུ་སྲང་བཅུ་བཞི། དབུགས་གཅིག། འདོད་ཆ་བཅུ་གཉིས། རི་མཁའ་རིའི་ཆ་བརྒྱ་ཉེར་གཅིག་རྣམས་ཀྱི་ཁྱད་ཡོད་ལ། ཚེས་ཞག་གི་གྲངས་སུམ་བརྒྱ་དོན་གཅིག། ཆུ་ཚོད་བཞི། ཆུ་སྲང་སོ་དྲུག་དབུགས་ལྔ། འདོད་ཆ་བདུན་རྣམས་དུས་ཀྱི་འཁོར་ལོའི་དགོངས་པར་གནས་ལ། དེ་ལྟར་གྱི་ཞག་གསུམ་པོ་འདི་རྣམས་གང་ཤུགས་ཆེ་ན། ཟླ་བ་མ་ལངས་ཀྱི་བར་དུ་ཉིན་ཞག་ཤུགས་ཆེ་སྟེ། མཁས་རྨོངས་ཐམས་ཅད་ཀྱིས་མན་ལངས་ནས་ཞག་ཕྱི་མའི་ནམ་ལངས་ཀྱི་བར་ལ་ཉིན་ཞག་རེར་འཛོག་པ་དང། ཟླ་བར་ལོངས་ནས་ཚེས་ཟླ་ཤུགས་ཆེ་སྟེ། ཟླ་བ་སྟོང་གི་བར་ལ་ཟླ་རེར་འཛིན་ཏེ་ཉིན་ཞག་སུམ་ཅུ་མ་ལངས་ཡང་ཟླ་བ་རྫོགས་པར་འདོད་པའི་ཕྱིར་དང། ལོར་ལངས་ནས་ཁྱིམ་ལོ་ཤུགས་ཆེ་བས་ཁྱིམ་ཞག་དང་ཚེས་ཞག་དོད་མ་མཉམ་པས་ལོ་གསུམ་ནས་ཟླ་བཤོལ་རེ་འདོད་དགོས་པར་བཤད་དོ། དེས་ན་ལུགས་འདིར་ཞག་ཉིན་ཞག་དབང་ཆེ་ལ། ཟླ་བ་ཚེས་ཟླ་དབང་ཆེ་ཞིང། ལོ་ཁྱིམ་ལོ་དབང་ཆེ་བས་བསྟན་རྩིས་ཀྱི་སྐབས་འདིར་ཡང་ཁྱིམ་ལོ་གཙོ་བོར་འཛིན་དགོས་ལ། གཞན་དུ་ཞག་མ་གསུམ་གྱི་རྣམ་པར་དབྱེ་བ་འདི་མ་ཤེས་ན་ཚེས་ཀྱི་ཆད་ལྷག་དང་ཟླ་བཤོལ་འདོན་དགོས་པའི་དོན་སོགས་དཔྱིས་ཕྱིན་པར་མི་ཤེས་པས་ཚུལ་འདི་ཁོང་དུ་ཆུད་བ་གལ་ཆེའོ། དེ་ལྟར་ཚུལ་འདིས་གཞལ་བས་ལོ་སོགས་ཀྱི་འདས་ལུས་རྟོགས་པར་བྱ་དགོས་སོ། སྐབས་འདིར་བསྟན་པ་གང་དུ་སྡུད་(སྨད་ཆ།༨༥༤)པའི་ཡུལ་དང་ཚུལ་སོགས་ནི་ཟླ་བའི་སྙིང་པོའི་མདོའི་འགྲེལ་པ་དང། ཐང་ཡིག་ཆེན་པོ་ལས་བཤད་པ་རྣམས་འདིར་མ་བྲིས་པས་གཞན་དུ་ལྟའོ། གཉིས་པ་ལྔགས་ཀྱི་ལུགས་ནི། རྒྱུད་སྡེ་སོ་སོའི་བཞེད་ཚུལ་ཐ་དང་པས་ཐོར་ཙམ་སྨོས་ན། སྦྱི་ཙམ་དུ་རྒྱུད་སྡེ་འོག་མ་གསུམ་དང་ཕ་རྒྱུད་རྣམས་ནི་སངས་རྒྱས་ཀྱི་བསྟན་པ་ནམ་གནས་ཀྱི་བར་དུ་རྡོ་རྗེ་ཐེག་པའི་བསྟན་པའང་གནས་པར་བཞེད་དེ། འཇམ་དཔལ་རྩ་རྒྱུད་ལས། ཐུབ་པ་མཆོག་ནི་མེད་པ་ན། རྟག་ཏུ་སྔགས་སྨྲ་ལ་དད་པས། བསྟན་པའི་དོན་ནི་བྱེད་པར་འགྱུར། ཞེས་དང། སྟོབས་པོ་ཆེ་ལས། མདོ་སྡེ་ཡོངས་སུ་ནུབ་པའི་ཚེ་དེ་བཞིན་གཤེགས་པའི་བསྟན་པ་ཡང་ཡོངས་སུ་ནུབ་པར་འགྱུར་ཏེ། ཞེས་དང། ཞལ་ལུང་ལས། འདི་ན་རྣམ་པར་འཕོ་བྱེད་པ། གང་གི་དུས་སུ་གནས་པ་དེར། སངས་རྒྱས་བསྟན་པ་རིན་ཆེན་ཡང། གནས་པར་རབ་ཏུ་བཤད་པ་ཡིན། རྒྱུད་པའི་རིམ་པ་འདི་ཆད་ནས། སངས་རྒྱས་བསྟན་པ་ནུབ་པ་རུ། ཀུན་གྱིས་རབ་ཏུ་ཤེས་པར་བྱ། ཞེས་སོ། མ་རྒྱུད་རྣམས་ནི་བསྐལ་བ་ལས་འཇིག་པའི་དུས་སུའང་ཡུལ་ཉེར་བཞིའི་དཔའ་བོ་དང་རྣལ་འབྱོར་མས་ཉམས་སུ་བླངས་ཏེ་གནས་པས་རྟག་ཏུ་མི་ནུབ་པར་བཤད་དེ། མཁའ་འགྲོ་རྒྱ་མཚོ་ལས། ཤེས་རབ་རྒྱུ་ནི་རང་བྱུང་ཉིད། རང་གི་རང་བཞིན་རྟག་ཏུ་གནས། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་སུ། མི་འཇིག་གོ་འཕང་རྗེས་འགྲོ་བ། བསྐལ་བ་བསྲེག་པའི་དུས་སུ་ནི། གཞན་དུ་སོང་ནས་ཡང་དག་གནས་ཞེས་སོ། རྒྱུད་སྡེ་ཐམས་ཅད་ཀྱི་རྩེ་མོ་དཔལ་དུས་ཀྱི་འཁོར་ལོའི་ལུགས་ལ་ནི། དུས་རྣམས་དག་གི་ལོ་ཡི་ཚད་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རོ་བརྒྱ་དག་(སྨད་ཆ།༨༥༥)དང་བཅས་པ་སྟེ། རེ་རེ་དག་གི་ཚད་ནི་དུས་དང་མདའ་ཡིས་བསྒྱུར་བའི་མི་རྣམས་དག་གི་ལ་བརྒྱ་གང་ཡིན་པའོ། ཞེས་གསུངས་པའི་གླིང་བཞི་ཁྱོན་བསྡོམས་ཀྱི་བསྟན་པའི་གནས་ཚད་མི་ལོ་སྟོང་ཕྲག་ཉེར་གཅིག་དང་དྲུག་བརྒྱ་དང། གླིང་གཅིག་གི་ལྔ་སྟོང་བཞི་བརྒྱ་སྟེ་ལྷོ་གླིང་གསུམ་གཅིག་ཏུ་བྱས་པའི་ཚད་དང། དེ་ཡང་ཞིབ་པར་ལྷོ་གླིང་དབུས་མ་འདིར། རྩ་རྒྱུད་གསུངས་པ་ནས་དྲག་པོ་འཁོར་ལོས་ཀླ་ཀློ་མ་བཅོས་པའི་བར་ལ་ཐུབ་པའི་དུས་བཞི་སོགས་ནི། ཀ་ལཱ་པར་ཆོས་རྒྱལ་རིག་ལྡན་ཐོག་མ་བྱོན་པ་ནས་རྒྱ་མཚོ་རྣམ་རྒྱལ་ཡན་ལ་ལོ་ཚིག་སྟོང་ལྔ་བརྒྱ་གསུམ་དང། དེ་ནས་རྒྱ་མཚོ་རྣམ་རྒྱལ་བརྒྱ་གྱ་གཉིས། རྒྱལ་དཀའི་ཉིས་བརྒྱ་ཉེར་གཅིག་བསྣན་པ་ཚིག་སྟོང་དགུ་བརྒྱ་གོ་དྲུག། དེ་ནས་དྲག་པོ་འཁོར་ལོ་མ་བྱོན་ལ་ཡན་ལ་རིག་ལྡན་གཞན་རྣམས་བསྡོམས་པས་སུམ་སྟོང་ཉིས་བརྒྱ་དྲུག་འདས་ཏེ། དེ་དག་ཀྱང་རྫོགས་ལྡན་དང། ཉིས་ལྡན། སུམ་ལྡན། རྩོད་ལྡན་ཏེ་དུས་བཞིར་ཕྱེ་ལ། དེ་ནས་དྲག་པོ་འཁོར་ལོས་ཀླ་ཀློ་བཅོམ་ནས་རང་སྲས་ཚངས་པ་ཁྲིར་འཁོད་པ་ནས་ཉམས་གསོས་ཀྱི་དུས་བཞིའི་ཚད་ནུས་པའི་ཞག་གཅིག་གི་དབུགས་ཀྱི་གྲངས་མི་ལོ་ཉིས་ཁྲི་ཚིག་སྟོང་དྲུག་བརྒྱ་སྟེ་གླིང་བཅུ་གཉིས་ཁྱོན་བསྡོམས་ཀྱི་གྲངས་དང། འདི་བཅུ་གཉིས་ཀྱིས་ཕྱེ་བས་སྟོང་བརྒྱད་བརྒྱ་ཐོབ་པ་གླིང་གཅིག་གི་བསྟན་པའི་གནས་ཚད་དང། དེ་བཞིས་བགོས་པས་ཕྱིར་དར་དུས་བཞིའི་ཚད་དེ་ལྷོ་གླིང་འདིར་བསྟན་པ་སྔ་ཕྱི་བསྡོམས་པས་ལྔ་སྟོང་ཆིག་བརྒྱ་བཞི་འབྱུང་བ་དུས་ཀྱི་འཁོར་ལོའི་གནས་ཚད་དུ་བཤད་དོ། དུས་འཁོར་གྱི་ལུགས་འདི་ལ་ཐམས་ཅད་མཁྱེན་པ་བུ་སྟོན། བྱ་བདག་པ། ཇོ་ནང་པ། འཇམ་དབྱངས་ཆོས་མགོན། འགོས་(སྨད་ཆ།༨༥༦)ལོ་གཞོན་དུ་དཔལ། དཔལ་ལྡན་བླ་མ་དམ་པ། མཚུར་ཕུ་འཇམ་དབྱངས་ཆེན་པོ། གྲུབ་ཐོབ་ཨོ་རྒྱན་པ། གཡུང་སྟོན་རྡོ་རྗེ་དཔལ། བསྟན་འཛིན་བཟང་པོ། རོང་པ་ངག་དབང་གྲགས་པ། ཐེལ་པ་ཀུན་དགའ་རྒྱལ་མཚན་སོགས་ཀྱི་བཞེད་པ་མི་འདྲ་བ་དུ་མ་སྣང་ཡང་འདིར་བསྟན་བཅོས་བཻ་ཌཱུ)་དཀར་པོ་དང་པད་དཀར་ཞལ་ལུང་མ་བུའི་དགོངས་པ་ལྟར་མི་དབང་ཆེན་པོའི་བསྟན་བཅོས་དྲི་ལན་གཡའ་སེལ་ནས་བཤད་པ་ལྟར་བྲིས་པ་ཡིན་ནོ། མཆོག་གསང་འོད་གསལ་རྫོགས་པ་ཆེན་པོའི་ལུགས་ནི། གོང་དུ་སྨོས་པའི་བསྟན་པའི་བཙས་གསུམ་པོ་དེ་གང་དུ་གནས་པར་བསྟན་པ་འབྱུང་སྟེ། ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང། བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། སྦྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། སྟོན་པ་ཀུན་ཏུ་བཟང་པོ་ཡིས། སྟུག་པོ་བཀོད་པའི་གནས་སུ་བཟུང། དེ་ནས་ལྕང་ལོ་ཅན་གྱི་གནས། ཀུན་རིག་རྣམ་པར་སྣང་མཛད་ཀྱིས། འདི་ཉིད་བཟུང་བས་རིགས་ལྔར་སྨིན། དེ་ནས་ང་ཡིས་བཟུང་བ་ཡིས། བསྟན་པའི་སྲོག་ཤིང་དམ་པ་ཡིན། སངས་རྒྱས་སྟོང་དང་རྩ་གཉིས་ནི། འདི་ལ་བརྟེན་པ་ངེས་པར་འབྱུང་ཞེས་སོ། ཚུལ་འདིས་ད་ལྟ་མི་མཛེད་འདིར་སངས་རྒྱས་སྟོང་བྱོན་ནས་སེམས་ཅན་གྱི་དོན་མཛད་ལའང་བསྟན་པའི་བཙས་གསུམ་གྱི་བྱིན་རླབས་ཡིན་པར་ལྟའོ། དེའང་རྡོ་རྗེ་འཆང་གིས་ཚངས་ཆེན་གྱི་ཞིང་ཁམས་བཀོད་ནས་བསྐལ་བ་གྲངས་མེད་འདས་པའི་རྗེས་ལ། ཞིང་འདིཆགས་པའི་མགོ་བརྩམས་པ་ན་བསྟན་པའི་བཙས་གསུམ་པོ་འདི་ནས་བྱང་ཕྱོགས་གཡོ་ལྡན་ཞེས་བྱ་བའི་ཞིང་ན་གནས་ཏེ། ཞིང་དེ་ཡང་སེམས་ཅན་སོ་སོའི་ལས་(སྨད་ཆ།༨༥༧)ཀྱིས་འདི་དག་འབྱུང་བའི་དུས་བདུན་མི་འབྱུང་བའི་དུས་བདུན་ཏེ་བཅུ་བཞི་ལ་དར་ནུབ་ཏུ་འགྱུར་རོ། འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན། རྫོགས་ལྡན། རྫོགས་ལྡན་ཆེན་པོ། ཉིས་ལྡན། སུམ་ལྡན། རྩོད་ལྡན། རྩོད་ལྡན་ཆེན་པོ་སྟེ་བདུན་ནོ། དེ་དག་གི་བར་དུ་ནུབ་པས་མུན་པའི་བསྐལ་པ་བདུན་ཞེས་བྱའོ། དེའང་སྔོན་སྟུག་པོ་བཀོད་པར་ཀུན་ཏུ་བཟང་པོས་བཟུང། དེ་ནས་ལྕ་ལོ་ཅན་དུ་རྣམ་པར་སྣང་མཛད་ཀྱིས་བཟུང། དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ནས་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་སྟོན་པ་བྱོན་པས། བསྟན་པའི་བཙས་གསུམ་པོ་འདིར་བབས་ནས། རིམ་པ་བདུན་གྱིས་དར་ནུབ་བྱས་ཏེ་མཐར་གཞན་དུ་འཕོ་བ་ནི། སྒྲ་ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ཉིད་ལ། ལྷག་མའི་བསྟན་པ་འདི་ལྟ་བུ། དུས་ཀྱི་ངེས་པ་ཆེ་བར་བཤད། སྙིང་པོ་ལྡན་དང་རྫོགས་ལྡན་དང། རྫོགས་ལྡན་དག་ནི་ཆེན་པོ་དང། དེ་བཞིན་གཉིས་དང་སུམ་ལྡན་པ། རྩོད་ལྡན་དང་ནི་ཙོད་ལྡན་ཆེ། དེ་དག་རེ་རེའི་བར་དག་ཏུ། མུན་པའི་བསྐལ་པ་དྲུག་ཅུ་ལ། བསྟན་པའི་བཙས་ནི་གཞན་དུ་འགྱུར། ཞེས་སོ། དེ་ནས་རིམ་པ་བཞིན་དུ་བྱང་གཡོ་ལྡན། ལྷ་ཚོགས་ཚལ་སྐྱོབ། ཤར་ཕྱོགས་རྡོ་རྗེ་འགྱུར་བའི་རི། ནུབ་ཕྱོགས་བྷ་ཏི་པ་ལི་རྣམས་སུ་འཕེལ་འགྲིབ་འདིར་བབས་པས་བཤད་དེ། ཐལ་འགྱུར་ལས། དེ་ནས་ཡང་ནི་འདིར་བབས་ཏེ། རྡོ་རྗེ་གདན་ཞེས་འབྱུང་བའི་གནས། འདི་ཉིད་འཕེལ་ནས་འོད་འབར་བ། ལོ་ནི་ལྔ་བརྒྱ་ལྔ་བཅུའོ། འདི་ཉིད་བློ་གྲོས་བཟང་པོས་འཛིན། ཞེས་པ་ལྟར་ལས་བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་དང། ལོ་ལྔ་བརྒྱ་ནི་(སྨད་ཆ།༨༥༨)ལོ་བོ་ཆེ་ཞེས། ལོ་ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ། ཞེས་ཀུན་མཁྱེན་ཆེན་པོས་གསུངས་སོ། དེ་ཙམ་ཞིག་མའི་འཇིག་རྟེན་དུ་བསྐལ་པ་དང་པོ་ནས། ཚེ་ལོ་བཅུ་པའི་ཡ་ཐོག་འདིའི་བར་སྣང་ལ། གཞན་རྣམས་ནི་མི་ལ་ཡིན་པ་མཁའ་འགྲོ་མའི་གནས་སུ་དོན་བྱེད་པར་གྲགས་སོ། དེ་ལྟར་གང་གི་ལུང་དུ། ཚེ་ལོ་བཅུ་པའི་དུས་ལ་དར། དེ་ནས་མི་གནས་རང་པ་ལའོ། ཞེས་བཤད་མ་ཐག་པ་ལྟར་འཛམ་གླིང་འདིའི་འཕེལ་འགྲིབ་ལན་བདུན་རྫོགས་ཏེ། ཚེ་ལོ་བཅུ་པའི་བར་ཁུག་མན་ཆད་ལ་བསྟན་པའི་བཙས་གསུམ་ཡང་ཞིང་འདིར་མི་གནས་པར་འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འཕར། ཞིང་དེའི་མཛད་པ་ཡང་དར་འགྲིབ་བདུན་གྱིས་རྫོགས་ཚེ། བསྟན་པའི་བཙས་གསུམ་པོ་བྱང་ཕྱོགས་ཡངས་པ་སྐྱོབ་པའི་འཇིག་རྟེན་དུ་འཕར་བར་བཤད་དེ། ཞིང་ཁམས་དེར་སངས་རྒྱས་ཨུཏྦྷལ་མེ་ཏོག་གིས་བཟུང་ནས་དར་ནུབ་བདུན་རྫོགས་པའི་འོག་ཏུ། ནུབ་ཕྱོགས་གཙུག་ཕུད་དབྱངས་ཞེས་བྱ་བའི་འཇིག་རྟེན་དུ་འཕར་ནས། སངས་རྒྱས་འཁོར་བ་འཇིག་གིས་བཟུང། དེར་ལོ་འབུམ་ཕྲག་བདུན་དུ་དར་ནུབ་བདུན་གྱི་ཚུལ་དུ་གནས་པའི་འོག་ཏུ། ཞིང་ཁམས་དེ་དང། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་བ་ན་ཡོད་པའི་ཞིང་ཐམས་ཅད་ཀྱི་འགྲོ་བ་མཐའ་དག་གདོད་མའི་སར་གྲོལ་ཏེ། ཚངས་ཆེན་གྱི་བསྐལ་པ་སྣོད་བཅུད་དང་བཅས་པ་སྟོངས་ཏེ་ཐམས་ཅད་ནམ་མཁའི་རང་བཞིན་དུ་གྱུར་པ་ལ་བསྐལ་པ་བརྒྱད་ཅུ་རྩ་ལྔར་གནས་ཤིང། བསྟན་པའི་བཙས་གསུམ་ཡང་རྫོ་རྗེ་འཆང་གི་མཛད་པ་ཆེན་མོ་རྫོགས་པས། ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ནས་མི་སྣང་བར་འགྱུར་ཏེ། དེ་ལྟར་བསྐལ་པ་(སྨད་ཆ།༨༥༩)སྟོངས་པར་གྱུར་ན་ཡང། ཡང་རེ་ཞིག་གི་ཚེ་རྡོ་རྗེ་འཆང་གིས་སྦྲུལ་པས་ཚངས་ཆེན་བཀོད་དེ་འགྲོ་བ་དབྱིངས་ནས་སྣང་བ་དང། བསྐལ་པ་ས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས། བསྟན་པའི་བཙས་གསུམ་ཡང་ཀུན་ཏུ་བཟང་པོའི་བྱིན་རླབས་ལས་རང་ཤར་ཏེ། འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་འགྱུར་ཏེ་སྔ་མ་ལ། འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་འགྱུར་ཏེ་སྔ་མ་ལ། དེ་ནས་འཇིག་རྟེན་འོག་མ་ལ། བསྐལ་པ་ས་ཡ་དྲུག་འབུམ་དུ། སངས་རྒྱས་བསྟན་པ་ཡུན་རིང་གནས། འདི་ལ་འཕེལ་འགྲིབ་འབྱུང་བ་མིན། འགྲོ་བ་རྣམས་ནི་སྨིན་བྱེད་དོ། ཞེས་བཤད་དོ། གཞན་ཡང་ཨོ་རྒྱན་རྡོ་རྗེ་འཆང་གི་ཟབ་མོ་གཏེར་གྱི་ཚུལ་རྣམས་ཡང། སངས་རྒྱས་གླིང་པའི་གཏེར་ལུང་ལས། མདོར་ན་སངས་རྒྱས་བསྟན་པ་སྟོང་གི་བར། ཨོ་རྒྱན་བདག་ཀྱང་དེ་བཞིན་རེ་རེ་སྟེ། སངས་རྒྱས་བསྟན་གཞུག་བདག་གི་གཏེར་གྱིས་བསྐྱངས། ཞེས་དང། དྲི་མེད་ལྟུན་པོའི་གཏེར་མ་རྣམ་ཐར་དངོས་གྲུབ་འབྱུང་བའི་ཤོག་དྲིལ་ལས། སངས་རྒྱས་སྟོང་གི་བསྟན་པ་མ་རྫོགས་པར། ཨོ་རྒྱན་ང་ཡི་སྦྲུལ་པ་ཟད་མི་ཤེས། སའོག་གཏེར་ལ་དེ་བལ་སྨོས་ཅི་དགོས། ཞེས་སངས་རྒྱས་སྟོང་གི་བསྟན་པ་གནས་ཀྱི་བར་པདྨའི་གཏེར་ཆོས་གནས་པར་གསུངས་སོ། བྱེ་བྲག་ཐུབ་པ་ཆེན་པོ་འདིའི་བསྟན་པ་ཐུན་མོང་དུ་ནུབ་པ་ལྟར་སྣང་བའི་དུས་ན་གཏེར་ཆོས་རྣམས་ཀླུའི་ཡུལ་དུ་དར་ཏེ། གཏེར་ལུང་ལས། ཐུབ་པ་ཆེན་པོའི་བསྟན་ཏུ་བསྡུས་ནས། ཀླུ་ཡུལ་དུ་གདན་དྲངས་ཤིང། ཨོ་རྒྱན་བདག་གི་སྦྲུལ་པ་ཀླུའི་བཅོམ་ལྡན་འདས་དྲི་མེད་དཔལ་ཕྲེང་དུ་གྲགས་ཤིང། བསྐལ་(སྨད་ཆ།༨༦༠)1. རྫོགས་ལྡན་པརེ་དུ་བཞུགས་ནས་ཀླུའི་དོན་བྱེད་པར་འགྱུར་རོ། ཞེས་བཤད་དེ་སློབ་དཔོན་ཙནྡྲ་གོ་མིས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་ཕན་མཛད་པ། རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོའི་གདེང་ཀ་ཅན། ཆེན་པོ་རྣམས་ཀྱི་གཙུག་གི་རྒྱན་བཞིན་གུས་ནོས་ནས། ས་ཡི་སྟེང་ན་གནས་པའི་རབ་རིབ་སེལ་བར་བྱེད། ཅེས་གསུངས་ཏེ་སྦྱོར་ཆོས་མང་པོ་ཀླུའི་རྒྱལ་པོ་རྣམས་ཀྱི་མཆོད་པའི་རྟེན་དུ་བཞུགས་པར་བཤད་པ་དང་ཚུལ་མཐུན་པར་སྣང་ངོ། གསུམ་པ་ཐུན་མོང་མ་ཡིན་པའི་འཆད་ཚུལ་ནི། མདོ་སྡེ་ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་རྣམས་ལ། སངས་རྒྱས་དུས་ལས་ཡོལ་མི་མངའ། ཞེས་གསུངས་པ་ལྟར། སེམས་ཅན་གྱི་ལས་ཚུལ་བསམ་མི་ཁྱབ་པ་དང་རྗེས་སུ་མཐུན་པའི་སངས་རྒྱས་ཀྱི་ཐུགས་རྗེ་དང་ཕྲིན་ལས་ཚད་མེད་པའི་འཇུག་པ་གཞར་ཡང་མི་བརྟུལ་བ་ཆོས་ཉིད་ཀྱི་གཤིས་སུ་གྲུབ་པའི་ཕྱིར། གདུལ་བྱ་ཁ་གཅིག་གི་སྣང་ངོར་ནུབ་པ་ལྟ་སྣང་ཡང། དོན་ལ་ནུབ་པ་མེད་པར་བཤད་དེ། དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། སྐུ་ཡིན་ཀྱང་ནི་དེ་སྙེད་ཁྱབ། སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། སྐུ་ཡིན་ཀྱང་ནི་དེ་སྙེད་ཁྱབ། འོད་ཀྱི་ཇི་སྙེད་ཁྱབ་གྱུར་པ། གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། ཅེས་གསུངས་ཏེ། དེའི་རང་བཞིན་རྒྱས་པ་ནི་ཀུན་མཁྱེན་གྱིས། དེའང་སྦྲུལ་སྐུ་ཐུབ་པ་ཆུ་ཟླ་བུ་གཅིག་འདས་ཀྱང། འོག་མིན་ན་བཞུགས་པའི་ལོངས་སྐུ་ཟླ་བ་དངོས་ལྟ་བུ་རྟག་ཏུ་བཞུགས་པས། སེམས་ཅན་གྱི་མོས་པ་(སྨད་ཆ།༨༦༡)དང་སྐལ་པའི་ཆུ་སྣོད་ནམ་བྱུང་གི་ཚེ་དེ་དང་འཚམས་པའི་སྦྲུལ་པ་དང། ཐེག་པ་གང་གིས་འདུལ་བའི་ཆོས་ལྷུན་གྲུབ་ཏུ་གདུལ་བྱ་གཅིག་གམ། བརྒྱ་འམ་གླིང་གཅིག་ནས་སྟོང་གསུམ་ལ་སོགས་པའི་གྲངས་དང་སྣང་བ་མཐུན་པ་ཇི་ཙམ་ཡོད་པ་དེར་དུས་ལྔ་ཕྱི་མེད་པར་འབྱུང་སྟེ། ཆུ་སྣོད་ཀྱི་གྲངས་ཇི་ཙམ་ཡོད་པ་དེར་ཟླ་བའི་གཟུགས་དེ་སྙེད་འཆར་བ་སྔ་ཕྱི་མེད་པ་བཞིན་ནོ། སྦྲུལ་པ་དང་འདི་དག་ཀྱང་འགྲོ་བའི་སྣང་ངོར་དར་ནུབ་ལྟར་སྣང་ཡང། དོན་ལ་འཆར་ནུབ་མེད་དེ་གཟུགས་བརྙན་རྨི་ལམ་འདྲ་བའི་ཕྱིར་རོ། ཚུལ་འདི་དག་ཁོང་དུ་ཆུད་པ་དེ་བླ་ན་མེད་པའི་སྐྱེས་བུ་ཞེས་བྱའོ། ཞེས་གསུངས་སོ། དེ་ནི་བླ་ན་མེད་པའི་བཤད་ཚུལ་ཡིན་ཏེ། ཡིད་བཞིན་རྣམ་པར་བཀོད་པའི་རྒྱུད་ལས། སེམས་ཅན་ཀུན་གྱི་ཚོགས་ཆེན་པོ། ཇི་སྲིད་རྣམ་པར་གནས་དེ་སྲིད། སངས་རྒྱས་སྦྲུལ་པ་རྒྱུན་མི་ཆད། གྲོལ་བའི་ཆོས་ཀྱང་ནུབ་པ་མེད། ཅེས་གསུངས་པ་ལྟར་བཞད་དེ་གཞར་ཡང་ནུབ་པ་མེད་པར་དར་ཞིང་རྒྱས་སོ། དེར་ལྟར་བསྟན་པའི་གནས་ཚད་བཤད་ཟིན་ཏེ། ལེགས་པར་བཤད་པའི་སརྒ་བཀྲ་ཤིས་པའི་གྲངས་སུ་སྨོས་པར་དམ་བཅས་པ་བཞིན་མཐར་ཕྱིན་པ་ལེགས་པར་གྲུབ་པ་ཡིན་ནོ། བསྟན་པའི་སྙིང་པོ་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ལས། ཐུན་མོང་རིག་གནས་སྐོར་དང་བསྟན་པའི་གནས་ཚད་བཤད་པའི་སྐབས་ཏེ་སརྒ་བརྒྱད་པ་སྟེ་ཐ་མའོ། དེ་ལྟར་ཡང་དངོས་ཅག་ཐོས་པ་ཉུང་ཞིང་བཙོན་པ་ལྷོད་ལ་མ་སྦྱངས་ཤིང་མི་མཁས་པའི་རང་བཞིན་ཅན་བདག་ལྟ་བུ་བསྟན་བཅོས་རྩོམ་པ་པོའི་(སྨད་ཆ།༨༦༢)འོས་སུ་མ་གྱུར་ཞིང།ལྷག་པར་ལོ་ཚོགས་ཀྱི་ཁུར་ལྕི་བས་ཁ་བཏོན་དང་ཡང་དག་འཇོག་ལ་གོམས་པར་བྱེད་པའི་འོས་སུ་མཆིས་མོད་ཅི། འོན་ཀྱང་འཇམ་མགོན་ས་སྐྱ་པཎྜོ་ཏས། གལ་ཏེ་བླ་ན་མེད་པ་ཡི། བྱང་ཆུབ་ཐོབ་ཀྱང་དེ་དོར་ཏེ། མགོན་པོ་གང་ལ་མཉེས་གྱུར་པ། དེ་ཡིན་ཕྲིན་ལས་བསྒྲུབས་པར་བགྱི། ཞེས་གསུངས་པ་བཞིན་དུ་ཁོ་བོས་ཀྱང་མི་ནུས་བཞིན་དུ་ཚུལ་འདིར་འབད་པ་ནི་བླ་མ་དམ་པ་རྣམས་དང་ཁྱད་པར་སྐྱེ་པ་དང་ཚེ་རབས་སུ་བཀའ་དྲིན་གྱིས་བསྐྱངས་པོའི་མཆོག་སྦྲུལ་རིན་པོ་ཆེའི་བཀའ་སྩལ་གུས་པའི་གཙུག་གིས་མཆོད་པ་དང་བསྟན་བཅོས་རྣམས་ལ་ཡང་ཡང་བལྟས་ཤིང། དེ་ཡང་སྔར་དུས་ཤིག་འདུལ་འཛིན་མཁྱེན་རབ་རྒྱ་མཚོས་མཛད་ཟེར་བ་གཡག་སྡེ་ཆོས་འབྱུང་དུ་གྲགས་པ་རྙིང་མའི་ཆོས་འབྱུང་རྒྱས་པ་ཞིག་མཐོང་ཡང་འདི་སྐབས་ལག་ཏུ་མ་སོན། གཞན་ཀུན་མཁྱེན་ཆེན་པོའི་གྲུབ་མཐའ་མཛོད་དང་སྔགས་ཀྱི་དོན་སྦྱི་ཚངས་དབྱངས་འབྲུག་སྒྲ་དང་སྦྱི་དོན་ལེགས་བཤད་རྒྱ་མཚོ་ཡིད་བཞིན་མཛོད་རྩ་འགྲེལ་སོགས་ཀུན་མཁྱེན་ཆེན་པོའི་བསྟན་བཅོས་རྣམས་དང། ཁྱད་པར་བཀའ་མའི་ལོ་རྒྱུས་རྣམས། འགོས་ལོ་ཆེན་པོས་དེབ་སྔོན་དང་དཔའ་བོའི་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་རྙིངམའི་སྐོར་དང། ཀུན་མཁྱེན་འཇིགས་མེད་གླིང་པ་དང་ཀ༔ཐོག་པའི་རྙིང་རྒྱུད་དཀར་ཆག་སོགས་ལ་བརྟེན་ཅིང། སྨིན་གླིང་མཁན་པོ་ཨོ་རྒྱན་བསྟན་འཛིན་རྡོ་རྗེས་མཛད་པའི་ཆོས་འབྱུང་ཉུང་ངུ་སོགས་ལའང་ཞིབ་མོར་དཔྱད། ཁ་སྐོང་དགོས་རིགས་རིག་འཛིན་གཏེར་བདག་གླིང་པས་མཛད་པའི་སྙིང་ཐིག་བླ་མ་བརྒྱུད་(སྨད་ཆ།༨༦༣)པའི་ཁོ་སྐོང་དང། ཕུར་པའི་ཆོས་འབྱུང་ངོ་མཚར་རྒྱ་མཚོའི་རྦ་རླབས། ཕུར་འགྲེལ་འབུམ་ནག་སོགས་དང། སྨིན་གླིང་མཁན་ཆེན་(སྨད་ཆ།་རྨཱ་ཤྲཱིའི་མདོ་དབང་བླ་མ་བརྒྱུད་པའི་རྣམ་བཤད་དང་མཁན་བརྒྱུད་ཀྱི་ཡི་གེ་སོགས་དང། གཞན་ཡང་རྒྱལ་རབས་ཆོས་འབྱུང་ཅི་རིགས་ནས་ཀྱང་ཅུང་ཟད་རེ་བྲིས་ཤིང། གཏེར་མའི་སྐོར་རྣམས་ནི། བླ་མ་སོག་ཟློག་པས་མཛད་པའི་ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་དང། ཟབ་ལུང་པ་དབང་གི་རྒྱལ་པོ་དང། ཤ་གཟུགས་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ། གཏེར་ཆེན་ཉི་མ་གྲགས་པ་རྣམས་ཀྱིས་མཛད་པའི་གཏེར་སྟོན་བརྒྱ་རྩའི་གཏེར་འབྱུང་རྣམས་ལ་ཞིབ་མོར་དཔྱད། ཁ་སྐོང་འོས་པ་རྣམས་ཀུན་མཁྱེན་ལྔ་པ་རིན་པོ་ཆེའི་གསན་ཡིག་དང། གཏེར་ཆེན་ཉི་གྲགས་ཀྱིས་མཛད་པའི་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་དང། གཏེར་སྟོན་སོ་སོའི་རྣམ་ཐར་འགའ་ནས་ཀྱང་ཁ་བསྐང། དྲང་སོ་གཏེར་སྟོན་ཤཀྱ་བཟང་པོ་ཚུན་གཏེར་སྟོན་སོ་སོའི་རྣམ་ཐར་ནས་བཏུས་ཤིང། ཕྱིས་བྱོན་འགའ་ཞིག་གི་ལོ་རྒྱུས་དཱགས་པོ་གཏེར་སྟོན་རིན་པོ་ཆེའི་ཞུས་ལན་ཕྱག་བྲིས་སུ་སྩལ་བ་སོགས་ལས་ཁ་བསྐང། གཏེར་སྟོན་རྣམས་དུས་ནམ་གྱི་ཚེ་བྱོན་པའི་སྔ་ཕྱིའི་གི་རིམ་ནི་ཐང་ཡིག་ལས་གསུངས་པ་རྣམས་ནི་དགོས་པའི་དབང་གིས་གོ་རིམ་དཀྲུགས་པས་སྒྲིབ་ཏུ་མི་བཏུབ་པས་དཀྲུས་ལྟར་དུབྲིས་ཤིང། དེ་ཕྱིན་དབང་པོའི་སྡེའི་གཏེར་སྟོན་བརྒྱ་ཙའིགསོལ་འདེབས་དང་ཀུན་མཁྱེན་ལྔ་པའི་གསན་ཡིག་ལྟེར་བྲིས་ཀྱང་གོ་རིམ་འགྲིགས་པ་ཞིག་མི་སྣང་བས། ཡོངས་གྲགས་རྣམས་ལམ་ཙམ་གང་འགྲིགས་གཤམ་དུ་ཅུང་ཟད་བྲིས་པ་ལྟར་ལས་ཐམས་ཅད་ཀྱི་ལོ་རྒྱུས་ཞིབ་པར་མི་སྣང་བ་འབྲི་བར་མ་ནུས། དག་སྣང་སྐོར་དང་(སྨད་ཆ།༨༦༤)གདན་རབས་ཀྱི་སྐོར་རྣམས་ཀྱང་རང་རང་གི་ཡིག་ཚང་སོགས་དང་བླ་མ་སོ་སོའི་རྣམ་ཐར་སོགས་ལས་བཏུས་ཤིང། གཞན་དག་རྒྱུན་དང་རྒྱུས་སྟེང་ནས་འབྲི་དགོས་པ་རྣམས་ཀྱང་འོལ་ཆོད་དང་རང་བཟོས་མ་བསླད་པར་གསང་པོར་བྲིས་ཤིང། སྔགས་གསར་མའི་སྐོར་རྣམས་རྒྱལ་རབས་དང་ཆོས་ལུགས་སོ་སོའི་ཆོས་འབྱུང་ཉི་ཤུ་སྐོར་གྱི་སྙིང་པོ་བཏུས་ཤིང། རིག་གནས་སྐོར་ཆོས་འབྱུང་མཁས་པའི་དགའ་སྟོན་པས་གསུངས་པ་དང། སྟག་ཚང་བའི་རིག་གནས་ཀུན་ཤེས་རྩ་འགྲེལ་དང། མཇལ་མགོན་ས་རེའི་ཞབས་ཀྱིས་བསྟན་བཅོས་གཡའ་སེལ་དང། སྨིན་གླིང་རྒྱས་སྲས་རརྣ་བི་ཇ་ཡས་མཛད་པ་རྣམས་ནས་བཏུས་ཤིང། ཁོ་བོའི་སློབ་དཔོན་མཁས་པ་ཆེན་པོ་དག་གིས་གསུང་སྒྲོས་སྔོན་མེད་ལེགས་བཤད་དུ་མ་ངག་གིསཀྱང་བརྒྱན་ཏེ་ལེགས་པར་བྲིས་པ་སྟེ། མདོར་ན་དགོས་མེད་སྦྱི་བརྟོལ་བསྐྱེད་པའི་གཟུ་ལུམ་སོགས་བབ་ཅོལ་གྱི་གོས་པ་མེད་པར་རྟོན་བྱ་བའི་འོས་སུ་མཆིས་པར་ཡོད་དམ་སྙམ་མོ། དེ་ལྟ་ན་ཡང་ཚལ་པ་སི་ཏུ་དགེ་བའི་བློ་གྲོས་ཀྱིས། མཁས་པའི་ཡུལ་སར་མཁས་པའི་གཏམ་གྱིས་དགའ་བ་བསྐྱེད། བླུན་པོའི་མདུན་སར་གྲོང་པའི་ཚིག་གིས་དགའ་བ་བསྐྱེད། ཅེས་གསུངས་པ་བཞིན་གང་ཟག་སོ་སོའི་བློ་དང་མཐུན་པར་འཇུག་པ་ཞིག་མ་གཏོགས་བརྗོད་པ་མཐའ་དག་ཀུན་གྱི་རྣ་བར་འབབ་པ་ཞིག་མི་འོང་པར་འདུག་པས། འཇམ་དབྱངས་ས་སྐྱ་པཎྜི་ཏས། བློ་ཆེན་རྣམས་ལ་ཟབ་རྒྱ་ཆེ། བློ་ཆུང་བཟུང་(སྨད་ཆ།༨༦༥)བདེ་གོ་སླ་བ། དེ་ལས་ཟློག་ན་མཁས་རྨོངས་ཀྱི། སློབ་མ་དགའ་བ་བསྐྱེད་མི་ནུས། ཞེས་གསུངས་པ་ལྟར་སློབ་མའི་བློ་གྲོས་ཀྱི་རིམ་པ་དང་བསྟུན་ཏེ་ཆོས་འཆད་པར་གསུངས་པ་དང་ཆ་མཆུངས་པར། ཁོ་བོ་ལྟ་བུ་རིགས་གཟུགས་བློ་ནོར་གྱིས་དབེན་པའི་དཱ་རི་དྲ་པའི་འཁྱལ་གཏམ་གྱི་ཀུ་མུ་ཏ་ལ་མཁྱེན་དཔྱོད་རྣམ་པར་ཡངས་པའི་མཁས་པ་ཆེན་པོ་དག་གི་སྦྱན་རས་ཀྱི་བུང་བ་གཡོ་བའི་གཞིར་མི་འོས་པས། རང་དང་སྐལ་མཉམ་བློ་དམན་དག་ལ་གོ་བདེ་ཕྱིར་ཡུལ་སྐད་གཙོ་བོ་བཏོན་ནས་སྨྲས་པ་སྟེ། ཇི་སྐད་དུ་སྦྲུལ་སྐུ་གཏེར་བདག་གླིང་པས། མཁས་རྣམས་ལེགས་བཤད་ཚིག་གིས་དགའ་བ་བསྐྱེད། བླུན་པོ་ཇི་འདྲའི་གཏམ་ལའང་མགུ་བྱེད་མོད། ཀུན་ཡིད་འབབ་པ་སུ་ལང་འབྱུང་དཀའ་བས། བདག་ཀྱང་རེ་དོགས་མཐའ་ལས་རྣམ་པར་གྲོལ། ཞེ་གསུངས་པ་ལྟར། བརྗོད་བྱ་ཚིག་དོན་གང་ཡང་རེ་དགོས་ཀྱི་འཇུར་པར་བྱས་པ་ཡིན་ནོ། འདིར་སྨྲས་པ། སཱ་སྟིའི་དབྱངས་སྙན་ཕྱོགས་བརྒྱར་སྒྲོག་འདི་དཔྱིད་དུས་མྱོས་པའི་ཁུ་བྱུག་མ་ཡིན་བསྟན་པའི་བསྔགས་བརྗོད་བློ་གསལ་མགྲིན་པའི་རྒྱུད་མང་ཡིན། ངོ་མཚར་གཟུགས་བརྒྱའི་རྣམ་འགྱུར་གསལ་འདི་ནོར་བུའི་ཁང་བརྩེགས་གཟུགས་བརྙན་མ་ཡིན་སྔོན་བྱུང་བསྟན་པའི་ཡ་མཚན་གསལ་བྱེད་དེབ་ཐེར་ཡིན། དཔྱོད་ལྡན་ཡིད་ཀྱི་བསྟན་པ་འཕྲོག་འདི་མཛེས་སྡུག་ལུས་ཕྲའི་ཟུར་མིག་མ་ཡིན་ཚིག་དོན་རྣམ་བཀྲའི་ལེགས་བཤད་སྨྲ་མཁས་རྣམ་དཔྱོད་ཡིན། ཐོས་འཛིན་བདུད་རྩིའི་དགའ་སྟོན་མཆོག་འདི་ཐ་མལ་སྒྲུབ་གི་ག་ཞ་མ་ཡིན་སྔ་འགྱུར་ངོ་མཚར་གཏམ་དུ་གླེང་(སྨད་ཆ།༨༦༦)པའི་རྟོགས་བརྗོད་ཡིན། ཐུབ་བསྟན་སྙིང་པོ་ངེས་དོན་ཆུང་གཏེར་ཟབ་ཅིང་རྒྱ་ཆེས་རླབས་ཕྲེང་ཅན། མཁས་དང་གྲུབ་བརྙེས་ལེགས་འཛིན་ཀླུ་དབང་བྱེ་བའི་ཚོགས་ཀྱིས་ཡོངས་བཟུངས་པའི། གསང་ཆེན་ཟབ་དོན་ནོར་བུའི་འབྱུང་གནས་ཡ་མཚན་དུ་མས་ཕྱུག་པའི་གཏམ། སྡེབ་ལེགས་ཚིག་གིས་དོན་བཟང་ལེགས་བཤད་གླུ་རུ་འཇོ་ལ་ཅིས་མི་སྦྲོ། གནའ་བོའི་ལོ་པཎ་སངས་རྒྱས་གཉིས་པ་འཁོར་ལོས་བསྒྱུར་བ་ཆེ་རྣམས་ཀྱིས། གངས་ལྗོངས་ཕན་བདེའི་དཔྱིད་དུ་ཉེར་དྲངས་རྣམ་གསུམ་ཡོ་གའི་གསར་བཟང་ལས། གསང་ཆེན་ཆོས་ཚུལ་རྩིབ་སྟོང་རབ་བཀྲ་ཆོས་གཞན་བརྟན་པ་འཕྲོག་བྱེད་ཅིང། སྲིད་པའི་འཇིག་ཚོགས་དྲ་བ་གཅོད་བྱེད་སྐུ་བཞིའི་རྒྱལ་སར་དབང་གཞུའི་ཁེངས་འཕྲོག་དུ་ཀླུ་ལར། ངོ་མཚར་ཆོས་འབྱུང་ནོར་བུའི་དབང་སྦྲས་པས་ལོག་རྟོག་ལྷ་མིན་རིང་དུ་བྲོས། གཟུར་གནས་དཔྱོད་ལྡན་ལྷ་བརྒྱའི་དགའ་སྟོན་བསྟན་པའི་བླ་ན་བསྒྲེང་འོས་པའི། སྔོན་མེད་ལེགས་བཤད་རྒྱལ་མཚན་ཆེ་འདི་ཁོ་བོས་རྣམ་དཔྱོད་ཕྲག་ནས་ངོམ། འགའ་ཞིག་རང་གིས་ཐིག་པ་མ་མྱོང་གཞན་ལ་བསྙད་འདོད་སྐྱུག་པར་བརྩམས། བབ་ཅོལ་ཡལ་གའི་རི་དཱགས་ཇི་བཞིན་རྫུན་ཚིག་མི་གཙང་འཐོར་ལ་བྲེལ། ཁོ་བོས་གྲོས་དཱངས་ཤེལ་དྲི་མེད་ཐོས་མང་ཉི་འོད་དང་འགྲོགས་པའི། རྣམ་དཔྱོད་ཚོན་རིས་དབང་གཞུ་གསར་པས་ཀུན་ཡིད་འཕྲོག་པའི་དགའ་སྟོན་བྱེད། དེ་ཕྱིར་གསང་ཆེན་བསྟན་པའི་ལོ་རྒྱུས་དོན་མཐུན་ཡིད་ལ་སྦྲོ་བསྐྱེད་ཕྱིར། ལེགས་བཤད་སྲོང་པོའི་ཚིག་དོན་ཟབ་བརླིང་ཉམས་འགྱུར་བཻ་ཌཱུ)འི་རྒྱུད་མང། རྣམ་དཔྱོད་མཛེས་མའི་(སྨད་ཆ།༨༦༧)སོར་རྩེས་བསྐུལ་ཚེ་སྐབས་གསུམ་མེས་པོ་གཟུགས་གཞན་གྱི། སྔོན་བྱུང་ངོ་མཚར་གཏམ་དུ་གླེང་ཕྱིར་འཛིན་མའི་གཞི་ལ་འོངས་པ་བཞིན། སྔོན་དུས་བོད་ཡུལ་མཐའ་འཁོག་མུན་གླིང་ཡང་ཕན་བདེའི་འོད་སྟོང་དྲ་བས་ཁྱབ་མཛད་པའི། ཐུབ་བསྟན་ཉིན་བྱེད་འདྲེན་པའི་ཤིང་རྟ་ནི། སྔ་འགྱུར་ལོ་པཎ་ལས་གཞན་སུ་ཡོད་སྨྲོས། ཁྱད་པར་ཚད་མེད་ཐུགས་རྗེའི་གྲུ་ཆར་གྱིས། མི་བསྲུན་ལྷ་འདྲེ་གཟེངས་པའི་ཞུགས་བཅིལ་ནས། ཐུབ་བསྟན་དཔག་བསམ་རྩ་བ་ཆེས་བརླིང་བར། ཚུགས་པའི་བྱེད་པོ་ཨོ་རྒྱན་ལས་གཞན་མིན། མཐའ་འཁོབ་གདོལ་སྦྱོད་ཀྱིས་ཉོས་སྡིག་ལྷོའི་ཁུར། འཕྲོག་བྱེད་ཆོས་ཀྱི་སྒོ་གླེགས་ཆེར་ཕྱེས་ནས། དུད་འགྲོའི་གླིང་ཡང་ལྷ་གནས་ལྟར་མཛད་པའི། བཀའ་དྲིན་བསམ་ན་ནམ་མཁའི་མཐའ་ཡང་བརྟུལ། ཁྱད་པར་གསང་ཆེན་བདུད་རྩིའི་དགའ་སྟོན་གྱིས་བསྐལ་བཟང་ཐར་བའི་སྨྱུ་གུ་བསྐྱེད་བསྲིངས་པས། གྲུབ་བརྙེས་རིག་འཛིན་དུ་མས་གསངས་ལྗོངས་ཀྱི། དབྱིགས་འཛིན་ཕང་པ་དོགས་པོར་གྱུར་ཅེས་གླེང། དེ་ཕྱིར་སྔོན་གྱི་ལོ་པཎ་དྲང་སྲོང་ཆེས། ཞལ་ལུང་འཆི་མེད་འབབ་ལྡན་ལམ་གསུམ་འགྲོ། བཤད་སྒྲུབ་རྒྱ་མཚོར་འཁྱིལ་བའི་རླབས་ཕྲེང་གིས། སྲིད་རྩེར་སྙེག་འདིར་གསང་ཆེན་རྙིང་མར་གྲགས། ཁྱད་པར་སྔ་འགྱུར་བསྟན་པའི་རྒྱལ་སྲིད་ལ། ཆོས་ཀྱི་འཁོར་ལོས་བསྒྱུར་རྣམས་འཕྲིན་ལས་ཀྱི། ཟླ་ཤེལ་གངས་ལྗོངས་རལ་པའི་རྩེར་འཇོག་ཅིང། ངོ་མཚར་མཛད་བཟུང་ཕན་བདེའི་གཏེར་དུ་ངོམ། ཕྱི་དུས་ཆོས་ཚུལ་རྣམ་མང་གྲུབ་པའི་མཐའ། ཟབ་ཁྱད་སྙན་པའི་གྲགས་ལྡན་ཆོས་མང་ཡང། ཙེ་གཅིག་ཁོ་ནས་སྐུ་བཞིའི་རྒྱལ་སྲིད་མཆོག་(སྨད་ཆ།༨༦༨)མངོན་དུ་བྱེད་ལ་འདིར་མཚུངས་སྦངས་པ་བཞིན། ཟུང་འཇུག་རྟོགས་པའི་བདུད་རྩིའི་རོ་མྱོས་ཤིང། འོད་གསལ་སྣང་བཞིའི་ལང་ཆོ་དར་བབས་པས། གྲུབ་བརྙེས་བྱིའུ་ཁྱུ་ཙམ་ཞིག་མངོན་སུམ་དུ། འོད་སྐུར་གཤེགས་པའི་ཚུལ་ལ་སུ་ཡིས་སྙོན། འོན་ཀྱང་ཕྱོགས་འཛིན་གདོན་གྱིས་ལངས་པའི་རོ། དྲག་པོར་གླལ་བའི་ལྕེ་ཞགས་མཁས་རྣམས་ཀྱི། ལུང་རིགས་ཚེམས་ཀྱིས་བཅས་ནས་ལེགས་བཤད་གསེར། ལན་བརྒྱར་ངོམ་ནས་ཟིལ་གྱིས་མནན་ཟིན་མོད། དེང་དུས་དུག་ལྔའི་ནང་ཁྲོལ་ཀུན་རུལ་ཡང། མཁས་རློམ་བཟང་རྫུས་ཕྱི་ཚུགས་མི་ཞིག་པའི། བཤེས་གཉེན་གཟུགས་བརྙན་འགའ་ཞིག་ཕྲག་དོག་མེས། མ་བཟོད་མུ་ཅོར་རིགས་ཚུལ་ཡིན་སྙམ་ཡང། རིས་མེད་སྐྱེས་ཆེན་གདེང་ཅ་དབང་པོ་རྣམས། དགྱེས་དགུས་རོལ་བའི་གསང་ཆེན་མ་དྲོས་ཀླུད། སྐལ་ངན་ཡི་དཱགས་མགྲིན་པ་ཕྲ་མོ་དང། མ་འཚམས་སྨྲ་བ་རང་སྐྱོན་ངོམ་མིན་ནམ། གསང་ཆེན་བསྟན་པའི་ཉི་མ་འོད་པོ་ཆེ། སྐྱེ་དགུའི་ལེགས་བྱས་ལྷ་ལམ་ཡངས་པ་རུ། རྒྱལ་བའི་ཕྲིན་ལས་ཤིང་རྟས་དྲངས་པའི་འོད། ཕྱོགས་འཛིན་སྦར་མོས་སྒྲིབ་འདོད་ངོ་ཚའི་མཐའ། སྔ་འགྱུར་རིང་ལུགས་ངོ་མཚར་དཔག་བསམ་ཕྲེང། ཕྱོགས་འཛིན་དྲི་མས་སྦག་འདོད་ཀུན་སློང་ཅན། སྐྱེ་ངན་ནགས་ཁྲོད་ཁ་ཏའི་མུ་ཅོར་གྱི། ཅ་ཅོའི་སྒྲ་ལ་བློ་ལྡན་སུ་ཡིད་རྟོན། ལྷ་ལམ་ལས་ཀྱང་ཐུགས་རྗེ་རྒྱ་ཆེ་ཞིང། གངྒཱ་ལས་ཀྱང་ཕྲིན་ལས་རྒྱུན་རིང་ལ། ཉི་མ་ལས་ཀྱང་མཐུ་སྟོབས་གཟི་འབར་བ། ཟླ་བ་ལས་ཀྱང་བདུད་རྩིའི་དཔལ་སྟེར་བྱེད། ལྷ་བཅས་འཇིག་རྟེན་མཆོད་འོས་བསྟན་འདི་ལ། སྐལ་མེད་ལག་འགྲོའི་རིགས་ཅན་མ་གཏོགས་(སྨད་ཆ།༨༦༩)པའི། གངས་ཅན་ནོར་འཛིན་ཡངས་པའི་ཁྱོན་འདི་ན། གུས་པས་མོ་མཆོད་ཤེས་ལྡན་སུ་ཡོད་མིན། ཁྱད་པར་སྔ་འགྱུར་བསྟན་པའི་གྲིབ་བསིལ་གྱིས། བོད་ཡུལ་ཕན་བདེའི་དཔྱིད་དུ་གལ་བསོས་ཚུལ། ཇི་བཞིན་བརྗོད་ན་སྟིང་གི་ཆུ་གཏེར་ལ། དད་པའི་རྦ་རླབས་མི་གཡོ་སུ་ཞིག་ཡོད། ཐུབ་བསྟན་སྒྲོན་མེས་གསང་ལྗོངས་མུན་པའི་གླིང། གསལ་མཛད་ཆོས་ཀྱི་དེད་དཔོན་དེ་རྣམས་ཀྱིས། བོད་ཡུལ་ཆོས་དཀར་སྣོད་དུ་སྩལ་བའི་དྲིན། གཟུགས་སུ་གྲུབ་ན་མཁའ་ཡང་སྣོད་དུ་ཆུང། དེ་ཕྱིར་འདི་ཚུལ་བརྗོད་བྱེད་ཨུཏྦྷལ། སྡེབ་ལེགས་ཚིག་གི་སྲེད་བུར་ལེགས་བསྟར་ན། ཕྱོགས་ཀྱི་བུ་མོའི་སྒྲ་འཛིན་མཛེས་བྱེད་དུ། མངོན་པར་བསྐྲུན་ལ་མོས་པ་ལྟོད་མ་གྱུར། གང་ཚེ་སྐལ་བཟང་སའི་ཐེག་ལེར། གསང་ཆེན་བསྟན་འིད་དགའ་ཚལ་ནི། དགེ་མཚན་ཕུན་སུམ་ཚོགས་པའི་གླིང། ས་ལ་འོག་མིན་གཉིས་པ་བཞིན། གང་ན་སྔོན་ཟླ་ཤེལ་ཀྱིས། བྱུག་པའི་སྟེང་མཐུ་དར་བའི་འབྲས། རུས་སུ་སྨིན་པའི་ཀུ་ས་ལི། མཁོས་བྲལ་དང་ནོར་ལྡན་པ་ཡོད། ནམ་ཞིག་ཆོས་སྦྱན་ཡངས་པའི་རྗེས། བཀའ་མཆིད་གནྡྷ་བྷའི་གླིང་བུས། ཚུལ་འདིར་ཁྱོད་མགྲིན་རྒྱུད་མང་དག། འཁྲོལ་བར་འོས་ཞེས་དབུགས་དབྱུང་སྩལ། དེ་ཚེ་ཚོས་ཀྱི་མདུན་བ་འགར། རྡོ་རྗེ་འཛིན་དབང་ཕལ་ཆེར་ཀྱང། འདོ་དོན་གཉེར་བའི་ཀ)་ར། ཐོས་འཛིན་ཀུན་དའི་དཔྱིད་དུ་ལྷུང། སྐྱེས་སྦྱོར་ལང་ཚོ་མ་སྨིན་པའི། རྣམ་དཔྱོད་བུས་པའི་སྟོབས་ཕྲ་ཡང། ལྷག་བསམ་ཕྲག་པར་ལྷུན་པོའི་གཏོས། འདེགས་བཟོད་སྙིང་སྟོབས་ཁུར་དུབླངས། འོན་ཀྱང་བདེན་གསོང་རྒྱ་མཚོའི་མར། རིས་མེད་ས་(སྨད་ཆ།༨༧༠)དགེའི་འདབ་གྲོལ་ལས། གྱ་གྱུའི་གདུང་བྱེད་རིང་སྦབ་པས། ཕྱོགས་ལྟུང་འདམ་སྐྱེས་བཞད་ཅི་འཚལ། དེ་ཚེ་རབ་གསལ་མགྲིན་པའི་རྔ། སྒྲོག་མཁས་ཕྱོགས་ཀྱི་མི་ན་ཀཱ། ཀུན་གསལ་གཞོན་ནུའི་ལང་ཚོའི་མཐའ། འཚོམ་པའི་ངལ་བ་བསྟེན་པར་གྱུར། བླ་མའི་གསུང་གི་བདུད་རྩིའི་རེག་པས་བདག་བློ་རྣམ་འཕེལ་ཆུང་གཏེར་འཛིང། གཟུར་གནས་གསོང་པོའི་བང་རིམ་གྱིས་མཛེས་རྣམ་དཔྱོད་མནྡ་རའི་ས་འཛིན། ལུང་རིགས་གདེངས་ཅན་དབང་པོའི་ཉེར་འཁྱུད་ཐོས་བཙོན་དཔུང་གིས་བསྲུབས་པ་ལས། ལེགས་བཤད་འོད་ཟེར་སྟོང་ཕྲག་དང་ལྡན་སྔོན་བྱུང་གསལ་བྱེད་གཏམ་འདི་བྱུང། གང་དག་རྙིང་བསྟན་ངོ་མཚར་རྒྱ་ཆེ་འཛམ་གླིང་ཐ་གྲུ་གཞལ་འདོད་རྣམས། རྫུན་མེད་ལེགས་བཤད་རྟ་བརྒྱས་མྱུར་དྲངས་ཡིད་ཆེས་ལུང་གི་འཁོར་ལོ་ཅན། རྨད་འབྱུང་གཏམ་གྱི་ཤིང་རྟ་ཆེ་འདིས་བདེ་བླག་ཉིད་དུ་བགྲོད་འགྱུར་གྱི། ངེས་མེད་ཕྱོགས་གཏམ་འཁར་བ་ལ་རྟེན་དེ་འདྲས་བགྲོད་འགྱུར་གྱི། ངེས་མེད་ཕྱོགས་གཏམ་འཁར་བ་ལ་རྟེན་དེ་འདྲས་བགྲོད་བྱ་ག་ལ་ཡིན། སྔ་འགྱུར་བསྟན་པའི་རྟོགས་བརྗོད་ནོར་བུས་ཡོངས་གང་རིན་པོ་ཆེ་ཡི་གཟིངས། ཆ་མེད་ཆུ་རྙོག་བརྒལ་བར་མི་འོས་ཆོས་དབྱིངས་དཱངས་མཚོར་སྙེག་གི་ཞེས། ཕྱོགས་འདིར་མིང་ཙམ་སྟོན་ལ་ཕྱོགས་ཚེ་ཁོ་བས་ཐོས་བརྩོན་ཞགས་བས་བཟུང། ལེགས་བཤད་རྟོད་ཕུར་བརྟན་པོ་བཏབ་ཡོད་རྙིང་བསྟན་འཛིན་རྣམས་དགྱེད་བསྐྱེད་མཛོད། ཚུལ་འདིའི་ལེགས་བྱས་སྐྱ་རིངས་ཀྱིས་དྲངས་འགྲོ་ཀུན་དགེ་ཚོགས་སྣང་མཛོད་འབུམ། འཁོར་གསུམ་ཡང་དག་ཤིང་རྟ་ལ་ཆིབས་བྱ་ཆེན་ལྷ་ལམ་ཆེར་འཇུག་མཐུས། སྲིད་པའི་ཚུ་བོ་རིངས་པར་སྐེམ་བྱས་ཉམ་ཐག་མ་རྣམས་དབུགས་དབྱུང་སྟེ། ཐར་གླིང་ཞི་བ་མཆོག་ཏུ་(སྨད་ཆ།༨༧༡)ཉམས་དགར་ངལ་བསོས་བས་སྟེགས་སྦྱིན་གྱུར་ཅིག། གནས་སྐབས་སུའང་ཕྱོགས་བཅུའི་དབྱིགས་འཛིན་ཕང་པར་འཁྱུད་པའི་སྐྱེ་དགུ་ཀུན། དུས་ཀྱི་འགྱུར་བ་རྩུབ་མོས་རེག་པའི་མི་ངས་མཐའ་དག་མིང་ཡང་མེད། ལེགས་སྦྱོད་དཔྱིད་དཔལ་ལང་ཚོ་དར་བས་སྲིད་ཞིའི་ཕུན་ཚོགས་དབྱར་བསུས་ཏེ། རྫོགས་ལྡན་གཞོན་ནུ་མཛའ་ནར་ཁུགས་པའི་དགའ་སྟོན་ཡོལ་མེད་སྦྱོད་གྱུར་ཅིག། ཐུབ་མཆོག་བསྟན་པའི་གངས་རི་ལས་འོངས་ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་ཀླུང། རིས་མེད་བསྟན་པ་དབྱར་གྱི་མཚོ་བཞིན་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས། ཁྱད་པར་ངེས་གསང་རྫོགས་ཆེན་ཆོས་ཚུལ་གཞར་ཡང་མི་ནུས་མི་འགྲིབ་པར། དཀར་ཕྱོགས་ལ་འཛེག་སྟོན་ཟླའི་དཔལ་བཞིན་གོང་ནས་གོང་འཕེལ་ཉིད་གྱུར་ཅིག། མཁྱེན་པའི་སྦྱན་གྱིས་རིས་མེད་ཆོས་ཀུན་ཇི་བཞིན་གཟིགས་པའི་རྣམ་དཔྱོད་ངོམ། བརྩེ་བའི་ཕྱག་གིས་རིས་མེད་གདུལ་བྱ་ཅིག་ཅར་འདྲེན་པའི་ཐུགས་རྗེ་མངའ། ལྷག་པའི་ཐུགས་བསྐྱེད་རིས་མེད་བསྟན་ལ་སྟོན་ཟླ་ལས་དཀར་ཐུགས་མངའ་བའི། བསྟན་འཛིན་མཆོག་རྣམས་རིས་མེད་སྐྱེ་དགུའི་དཔལ་དུ་འཚོ་ཞིང་གཞེས་གྱུར་ཅིག། རྒྱལ་ཀུན་གསང་གསུམ་ཡེ་ཤེས་རོལ་པ་གདུལ་བྱའི་ཞིང་དུ་ཟློས་པའི་གར། རིག་འཛིན་ཡོངས་ཀྱི་ཟུར་ཕུད་རྩེ་ནས་འཇིགས་མེད་ཐེག་མཆོག་སྒོ་ངེས་སྒྲས། ས་གསུམ་ཁྱབ་མཛད་བརྟན་པའི་སྡེས་ཞབས་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག། བསྟན་བཅོས་འདི་ཡང་སྔོན་མེད་ལེགས་བཤད་དབྱར་རྔའི་སྙན་པའི་ཡིད་དྲངས་ཏེ། རིས་མེད་སྐྱེ་བོའི་དང་གསུམ་འཛིན་མ་དབྱར་དུ་དྲོས་པའི་ལང་ཚོ་ངོམ། དེ་ཡི་བསྟན་པའི་པད་ཚལ་(སྨད་ཆ།༨༧༢)བསྐྱེད་བསྲིད་དེ་དེས་རྙིང་བསྟན་གྱེན་ནས་གྱེན། འདྲེན་པའི་ཤིང་རྟ་བཞིན་དུ་གྱུར་ཏེ་བསྟན་པའི་རྒྱན་དུ་འབར་གྱུར་ཅིག། བྱེད་པོ་བདག་ཀྱང་ཡང་འབྱུང་སྲིད་པར་དལ་འབྱོར་མཆོག་ཐབས་བསྟན་ལ་ཞུགས། གཙུག་ལག་རྒྱ་མཚོར་རྣམ་དཔྱོད་ཆེས་གསལ་སྦོམ་གསུམ་དག་པའི་ཁོ་ལས་རྫོགས་གྲུབ་གཉིས་དཔག་བསམ་སྙེ་མ་གཡུར་ཟ་བསྟན་ལའང་བྱ་བ་ཆེར་བྱེད་ཅིང། མ་ལུས་ཡིད་ཅན་སྲིད་མཚོ་ལས་སྒྲོར་ཐར་གླིང་དེད་དཔོན་ཉིད་གྱུར་ཅིག། སྐྱེ་ཀུན་ཨུ་རྒྱན་ཆེན་པོའི་རྗེས་བཟུང་བྱིན་རླབས་བདུད་རྩིའི་བྲན་པ་ཡིས། ཚོགས་གཉིས་ས་བོས་དུས་སུ་སྨིན་པའི་སྐལ་བ་སྦོམ་པོའི་འཁྲི་ཤིང་གི། ཕྲིན་ལས་ཡལ་འདབ་ཕྱོགས་བརྒྱར་གཡོ་བས་གང་གི་རིང་ལུགས་སྲིད་མཐའི་བར། གོང་དུ་འདེགས་བཟོད་སྨོན་པའི་འབྲས་བུ་ཡིད་བཞིན་འདོད་འཇོའི་ལྕིང་གྱུར་ཅིག། སྦངས་རྟོགས་མཐར་ཕྱིན་རྫོགས་སངས་རྒྱས་དང་དེས་གསུང་ཞིང་བ་ལུང་རྟོགས་བདག་ཉིད་དམ་པའི་ཆོས། རིག་དང་གྲོལ་བའི་ཡོན་ཏན་གྱིས་མཛེས་རྣམ་གསུམ་འཔགས་པའི་ཚོགས་ཏེ་མཆོག་གསུམ་རིན་ཆེན་གྱི། རྣམ་དག་བདེན་མཐུས་གནས་སྐབས་མཐར་ཐུག་ཕན་བདེའི་རྒྱུད་གྱུར་བསམ་ཀུན་པདྨོ་མྱུར་བཞད་ཅིང། རེ་བའི་ཤིང་རྟ་མངོན་འདོད་འབྲས་བུས་ཕྱུར་བུར་འགེངས་པའི་བཀྲ་ཤིས་དཔལ་གྱིས་ཁྱབ་གྱུར་ཅིག། དེ་ལྟར་གསང་ཆེན་སྔ་འགྱུར་བསྟན་པའི་བྱུང་ཚུལ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་དྲིན་གྱིས་རྗེས་སུ་བསྐྱངས་པའི་མཆོག་གི་སྦྲུལ་པའི་སྐུ་རིན་པོ་ཆེ་ཆོས་སྦྱན་པདྨའི་འདབ་མ་ལྟར་ཡངས་པའི་དཔལ་རིག་པ་འཛིན་པ་འཇིགས་མེད་བརྟན་པའི་(སྨད་ཆ།༨༧༣)སྡེའི་ཞལ་སྔ་ནས་རྙིང་མ་བཀའ་གཏེར་སོ་སོའི་གདན་རབས་དང་བཅས་པའི་ཆོས་འབྱུང་རྒྱས་པ་ཞིག་ཁྱོད་ཀྱིས་རྩོམ་པར་གྱིས་ཤིག་ཅེས་བཀའ་སྩལ་ཡང་ཁོ་བོ་བློ་དམན་ཞིང་ལེ་ལོ་དང་སྙིམ་ལས་ཆེ་བ་སོགས་ཀྱིས་རྒྱུས་རྩོམ་པ་རྔོ་མི་ཐོགས་ཚུལ་ནན་གྱིས་གསོལ་ཡང། སླར་ཡང་བཀའ་མཆིད་ཕྱག་བྲིས་མ་དེ་བཞིན་གཤེགས་པའི་རིང་བསྲེལ། གཏེར་བྱོན་ཨ་ཐམ་མ་སོགས་བྱིན་རྟེན་བཀྲ་ཤིས་པའི་ཁ་བཏགས་སྲིད་དུ་རིང་བ་དང་བཅས་བཀའི་འཁོར་ལོ་གསེར་སྐྲམ་ལྟར་ལྕི་བ་གཙུག་ཏུ་སོན་ཞིང། བཀའ་སྩལ་ཟློག་མེད་ནན་བསྐུལ་རྐུན་མ་ཁས་ལེན་གྱི་དཔེར་བརྩམས་འདུན་བགྱིས་པར། སླར་ཡང་རྒྱ་རོང་རྟག་བརྟན་སྒྲུབ་སྡེ་ནས་མཆོག་སྦྲུལ་རིན་པོ་ཆེ་མཁས་པ་དང་གྲུབ་པའི་རྣམ་ཐར་རྒྱ་མཚོའི་ཕ་རོལ་དུ་སོན་པའི་བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་ཆེན་པོ་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱི་ཞལ་སྔ་ནས་བཀྲ་ཤིས་པའི་ཁ་བཏགས་འགྱོགས་འགྲོའི་བཞོན་པ་སྦུས་ལེགས་དང་བཅས་མཆོག་སྦྲུལ་རིན་པི་ཆེའི་གསུང་བཞིན་བསྒྲུབ་དགོས་པའི་བཀའ་ཕེབས་དང། སླར་ཡང་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་ཉིད་གསང་རྙིད་བསན་པའི་རྩ་ལག་ཏུ་བསམ་བཞིན་དུ་སྐྱེ་བ་བཞེས་པའི་འཕེལ་གདུང་ཟུང་སོགས་གཏེར་བྱོན་བྱིན་རྟེན་ཕོན་ཆེ་བ་བཀྲ་ཤིས་པའི་ཁ་བཏགས་སྲིད་དུ་རིང་བ་དང་བཅས་བཀའ་མཆིད་ཀྱི་ལམ་ནས་བསྐུལ་བ་གནང་བ་དང། ཉེ་ཆར་མཁས་ཤིང་གྲུབ་པའི་དབང་ཕྱུག་དགེ་རྩེ་བླ་མ་རིག་འཛིན་རྒྱལ་མཚོས་ཀྱང་བཀྲ་ཤིས་པའི་ཁ་བཏགས་སྲིད་དུ་རིང་བ་དང་བཅས་བསྐུལ་བ་སོགས་ལ་རྟེན་ནས་བརྩམས་པར་གྱིས་པའི་ཚེ། གདན་ས་ཆེན་པོ་དཔལ་གྱིས་ཀ༔༨༧༤)ཐོག་ནས་མཆོག་སྦྲུལ་རིན་པོ་ཆེ་དོན་གྱི་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་ཞལ་སྔ་ནས་ཀྱང་ཕྱག་དཔེ་གཡར་གནང་དང་མེད་པ་རྣམས་བཙལ་གྲོགས་ཐུགས་རྩོལ་གནང་བ་སོགས་བཀའ་དྲིན་ཆེན་པོའི་རྗེས་སུ་བསྐྱངས་ཤིང། དེ་བཞིན་དུ་རྫོགས་ཆེན་མཆོག་སྦྲུལ་རིན་པོ་ཆེའི་སྐུ་ཞབས་ནས་ཀྱང་ཕྱག་དཔེ་གང་དགོས་གཡར་གནང་ལྷུག་སྩོལ་བཀའ་དྲིན་བསྐྱངས་པ་སོགས་ལ་བརྟེན་ནས། བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་ལྕགས་ཕོ་སྦྲེལ་ལ་སྐུ་བལྟམས་ཤིང་ལྕགས་འབྲུག་ས་གའི་ཉ་ལ་ཞི་བར་གཟིམས་པའི་ཚུལ་བསྟན་པ་ནས་བགྲང་བྱ་ཉིས་སྟོང་བདུན་བརྒྱ་གྱ་བརྒྱད་འདས་པ། བོད་ཡུལ་འདིར་བསྟོད་འགྲེལ་བརྡར་བཏགས་པའི་ལོའི་མིང་རབ་བྱུང་སོགས་དྲུག་ཅུ་ལས་དྲུག་ཅུ་སྐོར་བཅུ་གསུམ་འདས་ནས། རབ་བྱུང་བཅུ་བཞི་པའི་ཐོག་མར་སླེབས་པ་མེ་ཡོས་ཧོར་ཟླ་གཉིས་པ་ནས་བརྩམས་ཡང་གཞན་དབང་གིས་རྣམ་པར་གཡེང་བ་མང་པོས་ཅུང་ཟད་འགྱང་ཡང་རིམ་པར་ལྕགས་སྦྲུལ་ལོ་ཡན་ཆད་ཕལ་ཆེར་བརྩམས་གྲུབ་ཀྱང། ཡི་གེ་འགའ་ཞིག་ལག་ཏུ་མ་སོན་པས་ལོ་ཤས་འགོར་བར་སླར་ཡང་ཆུ་ཕོ་སྦྲེལ་ལོར་ལེའུ་དྲུག་པ་དང་སྔགས་གསར་མའི་རྒྱུད་ཚུལ་བཅས་བྲིས་ཤིང་ཧོལ་ཁང་ལུས་པ་རྣམས་ཀྱང་བསམ་གྲུབ་པ་ཡིན་ཀྱང། སླང་ཡང་ཆུ་མོ་བྱ་ལོར་སྔར་བརྩམས་པ་རྣམས་ལ་ཞུས་དག་དང་བསྣན་དབྲི་ཡང་ཅི་རིགས་བགྱིས་པ་ཡིན་ཏེ། དེ་ཡང་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་སི་ཏུ་རིན་པོ་ཆེ་བསྟན་པའི་ཉིན་བྱེད་ཐུགས་སྲས་ཟུང་དང་བཅས་པའི་བཀའ་དྲིན་ལས་རིག་གནས་འགའ་ཞིག་མིང་རྐྱང་ཙམ་ཐོས་ཤིང་དུས་གསུམ་གྱི་རྒྱལ་བ་རྣམས་དང་ཞལ་མི་གཉིས་པ་མཆོག་གི་རྡོ་རྗེ་(སྨད་ཆ།༨༧༥)སློབ་དཔོན་མཆོག་སྦྲུལ་རིན་པོ་ཆེ་ངེས་པ་དོན་གྱི་རྡོ་རྗེ་འཆང་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞབས་རྡུལ་ལ་ཅུང་ཟད་རེག་ཅིང་བཀའི་སློབ་ཚོགས་ཡོངས་ཀྱི་གྲལ་མཐར་སོན་པའི་ཤལ་བ་རྨོངས་བརྟུལ་སྙོམས་ལས་མཁན། ཤཀྱའི་རྒྱལ་པོའི་བསྟན་པའི་རྗེས་སུ་ཞུགས་པའི་མིང་ངག་དབང་བློ་གྲོས་སམ་མིང་གཞན་དབྱངས་ཅན་དགའ་བའི་བློ་གྲོས་ཞེས་བགྱི་བས་རེས་གཟའ་ལྷའི་བླ་མ་རྒྱུ་སྐར་རྒྱལ་དགའ་མ་དང་ལྷན་ཅིག་རྣམ་པར་རྩེ་བའི་དགའ་སྟོན་དང་ལྡན་པའི་ཡར་ཚེས་བཟང་པོ་ལ་ཕྱོགས་ཐམས་ཅད་རྣམ་པར་རྒྱལ་བའི་་རྒྱལ་ཁྱབ་ཆེན་པོ་སྡེ་བཞི་དགེ་བཅུའི་དཔལ་ཡོན་གྱིས་མངོན་པར་མཐོང་བའི་མངའ་རིས་ཐུབ་བསྟན་སྟག་མོ་སྒང་བསྐལ་བཟང་ཕུན་ཚོགས་གླིང་གི་ཆོས་གྲ་ཆེན་པོར་ལེགས་པར་སྦྱར་བའི་ཡི་གེ་པ་ནི་དགེ་ཚུལ་ཀུན་བཟང་ཆོས་དར་གྱིས་བགྱིས་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྦྱི་དང་བྱེ་བྲག་ངེས་དོན་རྫོགས་པ་ཆེན་པོའི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིང། སཱ་སྟི་ལྱཱ་ཎཾ་བྷ་བ་ཏུ། ཨེ་མ་ཧོ། དཔལ་མཁྱེན་པ་གཉིས་ལྡན་སངས་རྒྱས་དང། ལམ་ལུང་དང་རྟོགས་པ་དམ་པའི་ཆོས། ཚོགས་བསགས་པའི་ཞིང་མཆོག་དགེ་འདུན་སྡེ། མགོན་མཆོག་གསུམ་བདེན་པས་དགེ་ལེགས་སྩོལ། སྔོན་བསྐལ་པ་རྫོགས་ལྡན་གསུམ་ལྡན་དང། གཉིས་ལྡན་གྱི་དུས་སུ་མི་རྣམས་ཀུན། རང་བཞིན་གྱིས་སྒོ་གསུམ་ཞིང་དུལ་དང། མི་དགེའི་ལས་ཤུགས་ཀྱིས་ཉུང་མོད་ཀྱང། དུས་ད་ལྟའི་མི་རྣམས་དེར་ལྡོག་ཚེ། ཁོང་ལ་ལས་རྣམ་དག་བསྟན་ཆོས་ཀྱང། དཔེ་འབྱུང་བྱས་ཉི་འོད་མི་བཟོད་(སྨད་ཆ།༨༧༦)ལྟར། ཆོས་བརྒལ་བརྟག་གི་ཐ་སྙད་རྩོམ་སྲིད་ཀྱང། དཔེ་ཉི་ཤར་སྦར་མོས་འགེབ་དང་མཚུངས། དུས་དེ་སྔ་དེ་སྔོན་ཡན་ཆོད་ལ། ཚུལ་འདི་ལྟའི་ཆོས་འབྱུང་འགའ་མངོན་ཀྱང། གཏམ་ཕྱོགས་སུ་མ་ལྟུངས་ཡིད་བཞིན་དབང། འདི་ཡོངས་ཀྱི་གྲུབ་མཐའི་རྒྱལ་མཚན་ཏོག། ལར་ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ། གང་ཡིན་ཀྱང་སྒྲ་འཛིན་སྒོར་ལྟུངས་ཚེ། སེམས་དང་བ་འཕེལ་ཞིང་དང་གྱུར་ནས། དེའི་རྗེས་ཤེས་བྱམས་བརྩེའི་སྟོབས་རྒྱས་ན། ཡོངས་འགྲོར་ཕན་བསྟན་ལའང་དེ་བཞིན་ནོ། འདི་རང་གི་ཉམས་མྱོང་གསང་མ་ཐུབ། ཆོས་འདི་དང་མཇལ་བའི་དགའ་སྦྲོ་དང། དེར་མ་ཟད་རྗེས་སུ་ཡི་རང་ཐོབ། ཉིད་སྔོན་ནས་རྣམ་དཀར་སྦྱི་དང་ནི། ཁྱད་པར་དུ་ངག་གི་སྒྲིབ་དག་མཐུས། དུས་དེར་སྐབས་འཆད་རྩོད་རྩོམ་ལ་དབང། བྱེ་བྲག་གི་སྒྲིབ་དག་མཐུས། དུས་དེང་སྐབས་འཆད་རྩོད་རྩོམ་ལ་དབང། བྱ་བྲག་ཏུ་བློ་གྲོས་སྟོབས་དང་ལྡན། ཁྱོད་གྲུབ་མཐའ་ཡོངས་ཀྱི་སྦྱི་ནོར་དུ། དཔལ་འཆི་མེད་མགོན་པོའི་མངོན་རྟོགས་ཀྱིས། མགོན་ཤཱཀྱའི་བསྟན་པ་གནས་ཀྱི་བར། ཞབས་རབ་བརྟན་འགྲོ་དོན་ཡོངས་འགྲུབ་སྨོན། ཨེ་མ་ཧོ། སྔོན་བྱོན་གྱི་རྒྱན་དྲུག་མཆོག་གཉིས་དང། བོད་ཡུལ་གྱི་རིང་ཟོམ་མངའ་རིས་པ། ཀློང་ཆེན་སོགས་གང་གི་རྫུར་ཞུགས་ནས། རྩོད་བྲལ་གྱི་ཆོས་འབྱུང་འདི་རྩམ་སྙམ། དེའི་ཕྱིར་ན་རྣམ་དག་བསྟན་བསྟན་ཆོས་འདི། དབྱེ་ན་བསྡུམ་གྱི་མཆོད་རྟེན་ལྟར་གྱུར་ནས། བསྟན་འཛིན་རྣམས་ཐུགས་མཐུན་འགྲོ་རྣམས་བདེ། རང་གཞན་གྱི་དོན་རྣམས་ཐུགས་མཐུན་འགྲོ་རྣམས་བདེ། རང་གཞན་གྱི་དོན་རྣམས་ལྷུན་གྲུབ་ཤོག། ཅེས་པ་འདི་ནི་གྲུབ་ཆེན་ཀུན་བཟང་གཟན་ཕན་(སྨད་ཆ།༨༧༧)གྱིས་ཆོས་འབྱུང་ལ་བསྔགས་བརྗོད་གནང་འདུག་པ་དཀྱུས་སུ་བྲིས་པ་ཡིན་ནོ། དགེའོ། དགེའོ། དགེའོ། །
ༀ་སཱ་སྟི། བྱང་ཆོས་དྲུག་ལྡན་ཆོས་ཉིད་སྦྲོས་བྲལ་ཀ་ནས་དག་པ་ཆོས་ཀྱི་སྐུ། ལྷུན་གྲུབ་ཡེ་ཤེས་ལྔ་ལྡན་བརྟག་པ་མི་འགྱུར་ཁ་སྦྱོད་བདུན་ལྡན་ལོངས་སྦྱོད་རྫོགས། གཉིས་མེད་ཤར་གྲོལ་དུས་མཉམ་སོ་སོར་གང་འདུལ་དེར་སྟོན་ཟུང་འཇུག་སྦྲུལ་པའི་ཚུལ། སྐུ་གསུམ་མི་ཕྱེད་གཅིག་བསྡུས་རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་བླ་མས་ཤིས་ཆར་སྙིལ། ལུང་རྟོགས་མདོ་སྔགས་དྲི་མེད་རྒྱལ་བའི་བསྟན། ཆོས་ཕུད་བརྒྱད་ཁྲིའི་བྱེད་པོ་མཁས་གྲུབ་ཚོགས། རིས་མེད་བྱོན་ཀུན་ཇི་ལྟར་མཛད་པའི་ཚུལ། ཆོས་འབྱུང་ངོ་མཚར་གཏམ་གྱི་རོལ་མཚོ་ཞེས། རིམ་དགུའི་ལ་ཤན་འབྱེད་པ་ཐེགས་པའི་ཚུལ། རྒྱ་བོད་གྲུབ་མཐའ་ཡོངས་ཀྱི་སྦྱི་ནོར་ཆེ། ཉི་རྫོགས་ཀ༔ཐོག་དཱགས་པོ་ལ་སོགས་པའི། སྦྲུལ་པའི་སྐྱེས་ཆེན་མང་པོའི་བཀས་བསྐུལ་ཕྱིར། པཎ་གྲུབ་ངག་དབང་བློ་གྲོས་ཀྱིས་བསྡུས་པ། སྔོན་མེད་ལེགས་བཤད་དག་སྣང་འོད་པོ་ཆེས། ལོག་རྟོགས་ཕྱོགས་རིས་མུན་པ་རྩ་ནས་སྙིལ། མི་ཕྱེད་དང་དང་རྟོག་དཔྱོད་ཀྱིས་དྲངས་པའི། ངེས་གསང་ཤིང་རྟ་འདི་ཉིད་རྨད་དུ་བྱུངས། དེ་ཕྱིར་ཡིད་བརྟན་ཡི་གེའི་ཕྱི་མོ་རུ། གཅིག་ལས་དུ་མར་འཇོ་བའི་པར་གྱིས་ཕུལ། ལྷག་བསམ་མི་ཕྱེད་དཱངས་པས་ཉེར་དྲངས་ཏེ། སྔོན་གྱི་ལས་འཕྲོ་སྨོན་ལམ་མཚམས་སྦྱར་ནས། གྲུབ་དབང་ཤཱཀྱའི་རིགས་ཀྱི་བརྒྱུད། ཉི་སྦྲུལ་དྲུག་པའི་མིང་འཛིན་དེ་ཡིས་བསྐྲུན། ཞལ་འདེབས་དང་དང་འབྱོར་ལྡན་(སྨད་ཆ།༨༧༨)སྦྲུལ་པའི་སྐུ། བླ་གྲཱ་བུ་སོགས་ཀྱི་མཐུན་པའི་རྐྱེན། རིན་ཆེན་གཉིས་པ་བོད་སྲུང་དྲུག་བརྒྱ་དང། དྲུག་ཅུ་རེ་ལྔ་རྣམ་དཀར་ཡོན་སྦྱར་རྗེས། དེ་འཕྲོས་སྡེབ་རེར་རིན་འཁོར་ས་བཅུའི་གྲངས། བསྡོམས་པའི་བོད་རྡོས་སོ་དྲུག་ལྷག་ཙམ་གཅོས། གཞན་ཡང་བདག་རྐྱེན་ཇི་རིགས་མཚམས་སྦྱར་ནས། ཉི་གྲགས་བླང་བྲང་ཡོན་སྦྱོར་ལེགས་པར་བྱས། འབྲི་བརྐོ་པར་ཤིང་དག་ཞུས་ཀུན་རྫོགས་པར། ཆུ་མོ་ཕག་ནས་ལྕགས་མོ་ལུག་གི་བར། ཐེག་དགུའི་གྲངས་ལྡན་ལོ་ལ་སྲིང་རྫོང་དུ། རྟེན་ཅིང་འབྲེལ་འབྱུང་བཟང་པོས་པར་དུ་གྲུབ། དེ་ལས་བྱུང་བའི་དགེ་བས་རྗེ་བླ་མ། གངས་ཅན་མགོན་སོགས་སྦྱི་དང་བྱེ་བྲག་ཀུན། ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མར་བཅས། བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་པ། ཞབས་པད་བསྐལ་པ་རྒྱ་མཚོར་རྟག་བརྟན་ཤོག། དེའི་མཐུས་རིས་མེད་བསྟན་པ་དབྱར་མཚོ་ལྟར། ཕྱོགས་དུས་ཀུན་ཏུ་མི་ཉམས་དར་ཞིང་རྒྱས། ནམ་ཡང་འགྲིབ་དང་ནུབ་པའི་མིང་མེད་པར། སྟོན་ཟླའི་དཔལ་བཞིན་གོང་ནས་འཕེལ་གྱུར་ཅིག། གནས་སྐབས་མ་རྣམས་ངལ་བ་ཀུན་གྱིས་དབེན། རྫོགས་ལྡན་བསྐལ་པ་བཟང་པོ་མགྲོན་དུ་ཁུག། མཐར་ཐུག་ཀུན་བཟང་གདོད་མའི་རྒྱལ་ས་ཆེར། ཚེགས་མེད་འཕོ་ཆེན་གློང་དུ་འཇུག་གྱུར་ཅིག། བཤད་དང་སྒྲུབ་པའི་མི་ནུབ་རྒྱལ་མཚན་ཆེ། མདོ་སྔགས་སྡེ་རྣམས་ལེགས་པར་བཟུང་བྱས་ནས། ཐུགས་མཐུན་ཁྲིམས་གཙང་ཕན་དང་བདེ་བ་ཡི། ཡོན་ཏན་འབད་མེད་ནམ་མཁའི་མཛོད་གྱུར་ཅིག། བླ་མས་བྱིན་རློབས་ཡི་དམ་དངོས་གྲུབ་སྟེར། མཁའ་འགྲོས་ཕྲིན་ལས་ཐོགས་མེད་ལྷུན་གྱིས་བསྒྲུབས། དམ་ཅན་ཆོས་སྐྱོང་བསྲུང་(སྨད་ཆ།༨༧༩)མས་བར་ཆད་མེད། དཔལ་ལྡན་རྩ་བ་གསུམ་གྱིས་བཀྲ་ཤིས་ཤོག། ཅེས་པ་འདི་ལྟར་སྲིང་རྫོང་འོད་གསལ་སྒྲུབ་སྡེར་འདི་ཉིད་དུ་བཞེངས་སྐབས་མཁན་ཐུབ་བསྟན་ངག་དབང་རྣམ་རྒྱལ་དང་གྲུབ་ཆེན་ཟླ་བ་རྡོ་རྗེ་བཟང་པོ་བཅས་ནས་བསྐུལ་ངོར་གྲུབ་པའི་རིགས་སུ་སྐྱེས་པའི་ཉི་སྦྲུལ་དྲུག་པ་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མའི་མ་ཨོ་རྒྱན་མཆོག་གྲུབ་ཀྱིས་སྦྱར་བ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་སརྦ་མངྒ་ལམ། དགེའོ། །དགེའོ། །དགེའོ།། །