cover

འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

གླེགས་བམ་གཉིས་པ། ཁ༽

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Nitartha international
Images scanned by BDRC
གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་བཀའ་འབུམ་འདི་ནི་ OCR བྱེད་སའི་གཞི་དེ་བོད་རྫོང་སར་བཀྲ་ཤིས་ལྷ་རྩེར་རྫོང་སར་བ་ཁྲ་འབུ་བློ་གྲོས་ཕུན་ཚོགས་མཆོག་གིས་དཔེ་གཟུགས་པོད་ཉེར་ལྔ་ཅན་ཞིག་པར་དུ་བསྐྲུན་གནང་བ་དེ་ཡིན་པས་ཁོང་གི་རྨད་དུ་བྱུང་བའི་མཛད་རྒྱས་ལ་ཡི་རུང་དང་བསྔགས་བརྗོད་ཞུ།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

གཏམ་གྱི་ཚོགས་རིག་གཞུང་རྒྱ་མཚོར་འཇུག་པའི་གྲུ་རྫིང་།


JKT002_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་གྱི་ཚོགས་རིག་གཞུང་རྒྱ་མཚོར་འཇུག་པའི་གྲུ་རྫིང་ཞེས་བྱ་བ་བཞུགས་སོ། །


JKT002_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྲས་དང་སློབ་མར་བཅས་པ་ལ་འཕྲིན་དུ་གསོལ་བའི་གཏམ་ཕྱོགས་ཀྱི་རྣ་རྒྱན་ཅེས་བྱ་བ། །ཨོཾ་སྭ་སྟི་སིདྡྷཾ། འཇིག་རྟེན་གསུམ་ན་ཡོན་ཏན་གྱི་མངའ་བདག་ཐུགས་རྗེ་ཆེན་པོ་བླ་ན་མེད་པ་དང་ལྡན་པའི་རྣམ་པར་འདྲེན་མཆོག་སྲས་དང་སློབ་མར་བཅས་པ་ལ་གུས་པ་ཆེན་པོས་གསོལ་བ་བཏབ་སྟེ། ཇི་ལྟར་བསམ་པའི་དོན་ཀུན་འཕྲིན་དུ་གསོལ་བ་འདི་ལ་མཁྱེན་པ་དང་བརྩེ་བ་ཟད་མི་ཤེས་པས་ཡུད་ཙམ་དགོངས་པར་མཛད་དུ་གསོལ། །སྤྲིན་ཞོན་གཙུག་ན་ཟླ་བས་མཚན་དང་འདམ་བུའི་ཚལ་དུ་སྐྱེས་ལ་སོགས། །ཡང་དག་ལྟ་ལས་གཞན་དུ་གྱུར་པས་ཞབས་རྡུལ་སྤྱི་བོར་ལེན་པ་དག །ཁྱོད་ཀྱི་མཚན་དཔེའི་འོད་རྣོན་དག་གི་དཔལ་ཡོན་མ་བཟོད་གུས་པ་ཆེའི། །ཆུ་སྐྱེས་


JKT002_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་མོ་སྙིང་གར་བཀོད་ནས་བསྔགས་བརྗོད་དྲི་བསུང་སྤྲོ་དེར་དད། ༡ །འགྲོ་ལ་ཕན་དགོངས་གང་གི་བསྟན་པ་ལུང་དང་རྟོགས་པའི་བདག་ཉིད་དེ། །རིམ་དང་རིམ་མིན་ཀུན་ཀྱང་མྱ་ངན་འདས་པའི་དགོངས་པར་རོ་གཅིག་ཕྱིར། །རྟོན་པ་བཞི་ཡིས་ཟབ་དོན་འཇལ་ཚེ་ལོག་ལྟའི་མུན་པ་སངས་མོད་དེ། །ཕྱོགས་རིས་བཅས་པའི་གྲུབ་མཐའི་མེ་ཡིས་ཐར་པའི་ལྗོན་ཤིང་བསྲེག་འདིར་དགོངས། ༢ །ཡིད་ཀྱི་སྲུབས་ཤིང་འདོད་འགྲོ་སྦྱོར་ལས་བྱུང་བའི་མི་བཟད་གདུག་པའི་སྡེ། །ཕྲག་དོག་ང་རོས་ཕ་རོལ་བཅིངས་ཤིང་ཀུན་ཏུ་རྨོངས་པ་དེ་རྗེས་སུ། །འཇུག་ལ་རིངས་པའི་འགྲོ་བ་འདི་དག་ཁྱོད་ཀྱི་ཐུགས་རྗེས་སླར་བཏུལ་ཏེ། །དགོངས་གཞི་དགོས་པ་ཁྱད་པར་ལྡན་པའི་ལམ་


JKT002_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རྣམས་ལ་རྟག་གུས་མཛོད། ༣ །ཁྱད་པར་སྦྱངས་པའི་ཡོན་ཏན་ཀུན་རྫོགས་རིག་གྲོལ་ཟླ་བའི་འཛུམ་ཕྲེང་གིས། །ཀུན་རྨོངས་མུན་སྟུག་ཡོངས་སུ་བཅོམ་མཛད་འཕགས་པའི་དགྲ་བཅོམ་རྒྱ་མཚོ་དང་། །ལམ་ལྔ་ས་བཅུའི་ཐེམ་སྐས་ལ་འཛེགས་བྱང་སེམས་གྲངས་མེད་རྗེས་བཟུང་ནས། །ཞལ་གྱི་བདུད་རྩི་ཉེ་བར་སྩལ་བཞིན་བདག་ཀྱང་ཐུགས་རྗེ་ཆེན་པོས་སྐྱོངས། ༤ །འཇམ་ཞིང་མཉེན་སོགས་ཡོངས་སུ་དག་པའི་མཚན་དཔེའི་སྣང་བརྙན་ལྷག་པར་འབར། །ཐོས་པས་ཀུན་ཏུ་ཐར་པའི་དཔལ་སྟེར་མ་འདྲེས་བདེན་གཉིས་འབྱེད་པའི་བདག །སྟོང་དང་སྙིང་རྗེའི་ངོ་བོ་ཉིད་ནི་མི་ཕྱེད་རྡོ་རྗེའི་མཚན་དོན་ཅན། །སྲིད་ལམ་མྱ་ངན་འདས་པ་ཀུན་གྱི་སྐྱབས་སུ་གྱུར་ཁྱོད་བདག་ལ་དགོངས། ༥ །ཀྱེ་མ་ཐོག་མེད་དུས་ནས་མངོན་གོམས་འཁྲུལ་བཅས་གཟུང་འཛིན་རྒྱ་མཚོ་ཆེར། །ཀུན་རྨོངས་གདོན་དང་ལྷན་ཅིག་མཛའ་བས་སྲིད་པའི་འཇིགས་སྟེར་འཛིན་ཁྲིའི་ཁྲོད། །སྡུག་བསྔལ་གསུམ་གྱིས་ཉམ་ཐག་གྱུར་ཀྱང་སྐད་ཅིག་སྐྱབས་མེད་འདིར་གཟིགས་ལ། །རྣམ་ཐར་བཞི་ལྡན་མཁྱེན་པའི་རལ་གྲིས་ཡུད་ཙམ་དག་གིས་བཟློག་མཛོད་ཀྱེ། ༦ །ཁྱད་པར་སྤྲོས་པའི་མཐའ་དང་མི་མཛའ་ཟབ་མོ་སྟོང་པ་ཉིད་ཀྱི་དོན། །སྒྲོ་འདོགས་སྐུར་འདེབས་ཁས་ལེན་བྲལ་བའི་ཡང་དག་བསྒྲུབ་བྱའི་མཐར་ཐུག་ལ། །རྟག་ཆད་རྡུལ་གྱིས་ནོངས་པར་བྱས་དེས་


JKT002_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་ལམ་ལས་རིང་གྱུར་པའི། །སྙིགས་མའི་མཐུས་སྒྲིབ་སྤྱོད་ཚུལ་འདི་ལས་མྱུར་དུ་བཟློག་པར་མཛོད་ཅེས་གསོལ། ༧ །འཕགས་པ་ཉིད་དང་ཐ་མི་དད་ཀྱང་སོ་སོར་དབྱེ་བ་ལྟར་བསྟན་པའི། །ཨཱརྱ་དེ་ཝ་རྗེས་སུ་བཟུང་ཞིང་ཤེས་རབ་རལ་གྲི་མངོན་དུ་བྱིན། །ཙནྡྲ་གོ་མཱིས་བསྟོད་པའི་དབྱངས་ཀྱིས་ཀུན་ནས་ཁྱེད་ཐུགས་རབ་དགྱེས་པས། །གསུང་གིས་དབུགས་དབྱུང་སྩལ་བ་ཇི་བཞིན་བདག་ཀྱང་དེ་ལྟར་མཛད་དུ་གསོལ། ༨ །འཆི་མེད་གྲོང་ཁྱེར་དབུས་སུ་གནས་ཀྱང་འདོད་པའི་རོ་ལ་རྩེན་པས་མིན། །ཅི་ཕྱིར་ཞེ་ན་འཁོར་བའི་གཡུལ་ངོར་ཀུན་ཏུ་མ་ཕམ་གྲགས་ལྡན་ཅིང་། །འཇིག་རྟེན་འདིར་ནི་རྣམ་པར་རྒྱལ་ཚེ་ཐབས་དང་འཇུག་པ་ལམ་བདེ་བའི། །བླ་མེད་བདེན་པ་ཟབ་མོ་སྒྲོགས་ཞེས་ཡོངས་སུ་གསལ་དེ་མངོན་དགོངས་ཤིག ༩ །དོན་ཀུན་གྲུབ་པའི་སྣང་བརྙན་མིན་ཀྱང་ཁྱོད་གསུང་ཐུབ་པ་ཇི་བཞིན་ཏེ། །ཕྱིར་མི་ལྡོག་པའི་ངེས་དོན་གཏམ་གྱི་སེང་གེའི་སྒྲ་དེ་རབ་སྒྲོག་པས། །འདི་ན་ལོག་ལྟའི་ལུས་སྟོབས་རབ་རྒྱས་གཉིས་འཐུང་ཚོགས་རྣམས་སྙིང་འདར་ཞིང་། །བདག་ལྟའི་སྤུ་ལོངས་མངོན་པར་གཡོ་དེ་སྙིང་རྗེའི་གནས་མཆོག་ཉིད་ཡིན་ཕྱིར། ༡༠ །དེས་ན་ཁྱོད་སྐུ་ངུར་སྨྲིག་གིས་བཀླུབས་འཇིག་རྟེན་འདི་རུ་མངོན་བསྟན་ཅིང་། །ལུང་དང་རིགས་པའི་རྗེས་སུ་མཐུན་པར་ཡང་དག་ལྟ་བ་རབ་བཀྲལ་ཏེ། །སྲིད་ལམ་དུབ་


JKT002_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགྲོ་བ་ཀུན་ཀྱང་ཕྱིར་མི་ལྡོག་པའི་ཤེས་རབ་མཆོག །ལྷུན་གྱིས་གྲུབ་སྟེ་བསྟན་དང་འགྲོ་བའི་ཉེར་འཚོའི་གཞི་རུ་འགྱུར་མཛོད་ཀྱེ། ༡༡ །བརྩོན་པའི་མཐུ་ཡིས་ཁྱོད་སྐུ་སྒྲུབ་མཛད་འཇིག་རྟེན་མིག་གཅིག་ཐོགས་མེད་ཞབས། །དེ་ཡིས་བཅོས་མིན་སྙིང་རྗེ་ཆེན་པོས་ཁྱོད་ཐུགས་ཀུན་ནས་བསླུས་གྱུར་ཏེ། །མངོན་སུམ་རྗེས་བཟུང་འཆི་མེད་གྲོང་དུ་ངལ་བསོའི་དབུགས་འབྱིན་མཛད་པ་དང་། །ལྷན་ཅིག་དམ་པའི་ཆོས་སྡེ་ལྔ་སྩལ་དེ་འདྲ་ཇི་བཞིན་བདག་ཀྱང་ཟུངས། ༡༢ །ལྷ་དང་དྲང་སྲོང་གྲུབ་པའི་རིག་འཛིན་གནོད་སྦྱིན་འབྱུང་པོའི་ཚོགས་རྣམས་ཀྱིས། །ཉིན་རེ་བཞིན་ཀྱང་ཁྱོད་ཞབས་པདྨོ་བསྟེན་ཅིང་མཆོད་པས་ཅི་ཞིག་སྟེ། །གསང་ཆེན་མྱུར་འགྲོ་ཀུན་ཏུ་ཐོགས་མེད་རྡོ་རྗེ་ཐེག་པའི་ལམ་མཆོག་ཆེའི། །བདག་ཉིད་གཅིག་གྱུར་གཞན་དུ་སྲིད་ན་དཔའ་བོ་ཁྱོད་ཀྱི་མཐུ་ཁོ་ན། ༡༣ །ཡིད་སྲུབས་འཁྲི་ཤིང་སྙིང་ལ་ཉལ་བས་བསྟན་འགྲོར་གེགས་བྱེད་ལུས་ཅན་དང་། །གདུག་པའི་བསམ་སྦྱོར་ཀུན་ནས་འཆང་བའི་ལུས་མེད་འབྱུང་པོའི་སྡེ་ཚོགས་རྣམས། །ཁྱོད་ཀྱི་ཕྱག་ན་འབར་བའི་རྡོ་རྗེ་གདེངས་པ་དེ་ཡིས་མྱུར་བཅོམ་པ། །སླན་ཆད་དུ་ཡང་བྲལ་བར་མཛོད་ཅིག་ལྷག་པའི་ལྷ་མཆོག་ཧེ་རུ་ཀ ༡༤ །ཁྱད་པར་རིན་ཐང་ཆེས་ཆེར་གཅལ་བའི་ངུར་སྨྲིག་གོས་ཀྱིས་བཀླུབས་བྱས་ཤིང་། །དབུགས་བྲལ་བམ་རོའི་ཐོད་པ་འཆང་ཞིང་རལ་པའི་ལན་བུ་


JKT002_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ་ཡང་། །འཇུག་སྡོམ་ཁྲིམས་དང་རིམ་གཉིས་ལམ་བྲལ་མངོན་པར་ཞེན་པའི་སྟོབས་ལྡན་པས། །འཕོས་པའི་ཚེ་ན་འགྲོ་ཀུན་རྒྱུད་དཀྲུགས་མ་རུངས་གྱུར་རྣམས་འདུལ་མཛོད་ཀྱེ། ༡༥ ། བྲམ་ཟེའི་རིགས་འཁྲུངས་བརྟུལ་ཞུགས་སྤྱོད་པས་མདའ་མཁན་མཆོག་གི་ཚུལ་བཟུང་ཞིང་། །རིམ་གཉིས་ཟུང་འཇུག་བདུད་རྩིར་རོལ་པས་སྣོད་དང་ལྡན་པར་རབ་གཟིགས་ཏེ། །མངོན་སུམ་ཉིད་དུ་ཁྱོད་ཀྱིས་རྗེས་བཟུང་སྨིན་དང་གྲོལ་བའི་ལམ་སྟེར་བས། །གྲུབ་པ་མཆོག་གི་ས་ལ་གཤེགས་བཞིན་བདག་ཀྱང་དེ་འདྲར་མཛད་དུ་གསོལ། ༡༦ །རྟག་ཏུ་མཁྱེན་པའི་སྤྱན་རས་མི་གཡོ་སྙིང་རྗེས་འགྲོ་ལ་ཉེར་གཟིགས་ཏེ། །ལུས་མེད་སྒྲིབ་གཉིས་ཀུན་ནས་བསལ་དང་ལུས་ཅན་རྣམས་ལ་ཕན་བདེ་སྟེར། །ཐར་པའི་ཕྱོགས་སུ་འཛུམ་དཀར་གྲོལ་བའི་ལམ་དང་ལམ་སྟེགས་གཅིག་པུའི་བདག །དེ་རིང་བདག་གིས་གསོལ་བ་འདེབས་སོ་སླར་ཡང་ཐུགས་རྗེས་གཟིགས་པར་མཛོད། ༡༧ ཀྱེ་མ་ཕྱོགས་རྣམས་ཀུན་དང་ཁྱད་པར་གངས་ལྡན་དབྱིག་འཛིན་འདི་དག་ཏུ། །ཁྲག་འཐུང་སྲིན་མོ་ཁྲོས་པའི་ཁ་རླངས་རྡོ་རྗེའི་ཚེར་མའི་སྤྲིན་ཆགས་ཤིང་། །དྲན་པས་སྙིང་ལ་ཟུག་རྔུས་དམ་འཁྱུད་གཡུལ་གྱི་སྤྲིན་སྒྲའི་ང་རོ་སྒྲོགས། །ཤིན་ཏུ་ཉམ་ཐག་བཟའ་བས་ཕོངས་པའི་སྨྲེ་སྔགས་མི་བཟད་ཆར་འབབ་པས། ༡༨ །འགྲོ་འདི་མནར་བ་བཟློག་པར་མཛོད་ཅེས་སྙིང་


JKT002_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཆི་མ་དཀུ་ཞིང་གསོལ། །གལ་ཏེ་དེ་ལ་དགོངས་པར་མི་མཛད་ཞི་བའི་དབྱིངས་སུ་སླར་མནལ་ན། །གྲངས་མེད་བསྐལ་པར་ལུས་ཅན་ཡོངས་སྒྲོལ་སྙིང་རྗེས་དམ་བཅའི་སྤྲིང་ཡིག་གིས། །འགྲོ་ཀུན་མངོན་སུམ་ཉིད་དུ་བསླུའོ་ཀྱི་ཧུད་དེ་དག་མི་གཟིགས་སམ། ༡༩ །འཕགས་པའི་ཡུལ་དུ་ཙནྡྲའི་མཚན་དང་ཞི་བའི་གོ་ཆས་སྒེག་ལ་སོགས། །སྐལ་བཟང་ཀུན་ལ་དགྱེས་ཞལ་བསྟན་ཏེ་རྣམ་པར་གྲོལ་བའི་ལམ་མཆོག་བྱིན། །ཁྱད་པར་བྷོ་ཊའི་ཡུལ་གྱི་ལྗོངས་འདིར་སྤྲུལ་པའི་སྒྱུ་འཕྲུལ་མཐའ་ཀླས་པས། །འགྲོ་རྣམས་རྗེས་སུ་བཟུང་བར་མཛད་བཞིན་བདག་ཀྱང་ཐུགས་རྗེས་རྟག་ཏུ་སྐྱོངས། ༢༠ །མཚོ་སྐྱེས་གཞོན་ནུའི་འཛུམ་ཕྲེང་ལས་གྲོལ་འཆི་མེད་རྟག་པའི་རྡོ་རྗེའི་སྐུའི། འཛམ་གླིང་འགྲོ་ཀུན་གདུལ་བར་མཛད་དང་ལུང་རྟོགས་བསྟན་པ་སླར་སྤེལ་བའི། །སངས་རྒྱས་གཉིས་པ་པདྨའི་ཞབས་ཁྱོད་གངས་ཅན་འགྲོ་ལ་བཀའ་དྲིན་མཐུ། །ཁུར་དུ་བཟོད་ན་ལྷ་དང་བཅས་པ་འཇིག་རྟེན་ཁམས་ཀྱིས་ག་ལ་ཐེག ༢༡ །དེ་ལྟར་ན་ཡང་འབྱུང་པོས་རྒྱུད་དཀྲུགས་ངན་སོང་མངོན་སྒྲུབ་སྐྱེ་བོ་འགས། །བུས་པ་གཞོན་ནུས་མ་ལ་སྡང་བཞིན་དྲིན་དུ་བཟོ་བ་ཅི་ཞིག་ཀྱང་། །ཐུགས་རྗེ་ཆེན་པོ་འཁྲུགས་པ་ལྟ་ཅི་སླར་ཡང་སྙིང་རྗེ་གསར་པའི་མཐུ། །མངོན་པར་བསྐྱེད་ནས་བྷོ་ཊའི་ལྗོངས་འདིར་སྤྲུལ་པའི་ཟློས་གར་བསྒྱུར་བར་མཛོད། ༢༢ །ལུས་ཅན་མཐའ་


JKT002_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དག་བཟའ་བ་དང་ནི་རྒྱན་དུ་བྱེད་པའི་སྲིན་པོའི་ཚོགས། ཁྱོད་ཀྱི་ཐུགས་རྗེས་གདུལ་བར་བཟོད་ན་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་ཕལ། །ཚུལ་མིན་བདུད་ཀྱིས་མངོན་སུམ་བརླབས་པས་གནག་པའི་ལས་ལ་གོམས་པའི་མཐུ། །མྱུར་དུ་ཞི་བྱེད་ཡེ་ཤེས་འཇུག་པ་ཆེན་པོས་དེང་འདིར་ཁྱབ་པར་མཛོད། ༢༣ །འདི་ན་ཁྱོད་ཀྱི་ཐུགས་རྗེས་སྤྲུལ་པའི་སྐྱེས་བུ་ཆེན་པོ་ཐམས་ཅད་ལ། །སླར་ཡང་ཞལ་གྱི་དཀྱིལ་འཁོར་བསྟན་ཏེ་གསུང་གི་རྗེས་སུ་དབུགས་དབྱུང་ཞིང་། །དབང་བསྐུར་དམ་པའི་རྒྱལ་ཐབས་བྱིན་ཞེས་ལུས་མེད་ཁམས་སུ་གྲགས་འབར་བ། །དེ་བཞིན་བདག་ལ་སྩོལ་བར་མཛད་ཅེས་གུས་དང་སྐྱོ་བའི་ཡིད་ཀྱིས་གསོལ། ༢༤ །གཞན་ཡང་ལམ་ལྔ་ས་བཅུའི་ཐེམ་སྐས་ཤིན་ཏུ་སྤ་པའི་འབབ་སྟེགས་སུ། །ཞུགས་དང་ལམ་གྱུར་འབྲས་བུ་མངོན་རྫོགས་རྒྱལ་དང་དེ་སྲས་བྱང་ཆུབ་སེམས། །སྲིད་པའི་དགྲ་བཅོམ་ཉན་ཐོས་རང་རྒྱལ་རྣལ་འབྱོར་རིག་པ་འཛིན་པའི་སྡེ། །ཧེ་རུ་ཀ་དཔལ་འཁོར་ལོའི་མགོན་སོགས་སྐྱབས་སུ་གྱུར་ཀུན་མངོན་དགོངས་ཤིག ༢༥ །དེང་དུས་ཤིན་ཏུ་སྙིགས་མར་གྱུར་པའི་སྦྲུལ་གདུག་ཁ་རླངས་གཡོ་བའི་ཁྲོད། །འགྲོ་རྣམས་ངན་སྤྱོད་དུག་གིས་རབ་མྱོས་ཚུལ་མིན་དུ་ཁའི་ཞགས་པས་བཅིངས། །རྒྱལ་བསྟན་སྒྲོན་མེའི་འོད་ཀྱང་མི་འབྱིན་ཕྱོགས་ཀྱི་ཁོ་ར་ཁོར་ཡུག་ཀུན། །ཡིད་སྲུབས་གདོན་གྱིས་བཏབ་པར་ལྔ་


JKT002_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་འདིར་ཀྱི་ཧུད་ཅུང་ཟད་མི་གཟིགས་སམ། ༢༦ །འདི་ལྟར་རྩ་བཞི་ཅི་དགར་སྤྱོད་བཞིན་ཕྲ་མོ་སྲུང་ལ་སྡོམ་པར་རློམ། །ཕ་རོལ་རྙེད་སྐུར་དཔལ་ལ་བརྐམས་པའི་རྣམ་གཡེང་བྱང་ཆུབ་སེམས་སུ་བསྒོམ། །སྨིན་བྱེད་དང་བྲལ་ཟབ་དོན་འཆད་ཅིང་ནོར་གྱི་ཕྱིར་དུ་དམ་ཚིག་དོར། །སྦྱང་གཞི་སྦྱོང་བྱེད་དེ་འབྲས་ལས་བརྒལ་མངོན་པར་ཞེན་པའི་ཀུན་བརྟགས་བསྐྱེད་རིམ་དང་། ༢༧ །མཚན་མ་ཡིས་བཅིངས་རགས་པའི་ཡོན་ཏན་ཅུང་ཟད་ལ་རོལ་ཡོངས་གྲུབ་ལམ། རྫོགས་རིམ། །དབང་གི་ཡེ་ཤེས་མཐོང་བ་རིང་སྤངས་ཉམས་ཀྱི་འཛིན་སྟངས་མ་ཞིག་བཞིན། །བྱུང་ཚོར་གནས་ཉམས་ངོ་སྤྲོད་བྱེད་ནས་ཉེར་སྤྱོད་ཉི་ཚེའི་བསམ་གཏན་ལ། །ཟག་པ་བྲལ་བའི་ཡེ་ཤེས་ཆེར་འཛིན་གཏི་མུག་འོད་གསལ་མཆོག་ཏུ་རེ། ༢༨ །འགའ་ཞིག་སྤངས་རྟོགས་ཡོན་ཏན་རང་གཟུགས་ཀུན་གསལ་པདྨོའི་ཟླ་བོ་ཅན། །བླུན་པོས་བཏགས་པའི་གྲགས་སྙན་ལ་བསྙེགས་རང་གཞན་ཕན་བདེའི་འབྲས་བུ་གཅོད། །ཕལ་ཆེར་ལོག་སྤྱོད་རྫུན་གྱི་ཕྲེང་བས་གྲུབ་པའི་གོ་འཕང་ལ་རོལ་ཞིང་། །གཞན་ཡིད་གདུགས་ལྟར་བསྐོར་བའི་ངང་ཚུལ་མིག་སྨན་ལས་ཀྱང་ཆེས་ཆེར་གནག ༢༩ །ཉེ་བར་བཟུང་བའི་གཟི་བྱིན་རྫུ་བག་རྣམ་པར་རེག་པས་སྒྲིབ་པའི་མོད། །འཇིག་རྟེན་དག་གིས་ཆེན་པོར་བརྟགས་ཤིང་འདོད་པའི་འབྲས་བུ་རྒྱུན་མི་འཆད། །སྲོག་དང་སྲུང་དང་སྤེལ་བས་


JKT002_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཕལ་ལས་བྲེལ་བའི་སྤྱོད་ཚུལ་ཅན། །སྦྱངས་པའི་ཡོན་ཏན་དགྲ་བོར་འཛིན་གྱུར་འདྲེན་པའི་དཔལ་དུ་མངོན་པར་བསྟོད། ༣༠ །ཁྱད་པར་བདེན་གཉིས་གནད་ཀྱི་ངེས་གསང་ཕན་ཚུན་ལྟོས་གྲུབ་འགལ་མེད་པར། །མཐོང་མིན་གང་དེའི་རྟེན་འབྱུང་ཚུལ་ལས་ཤིན་ཏུ་རིངས་པའི་བློ་ཅན་དག །སྒྲོ་སྐུར་རྙོགས་མའི་ཕྲེང་བ་སྤེལ་དང་རང་ལྟ་མཆོག་འཛིན་ཕ་རོལ་རྨོངས། །ལ་ལ་ཐོས་བསམ་དགྲ་ཟླར་གྱུར་པས་སྒོམ་པའི་ལམ་ལས་ཕྱིར་ཕྱོགས་སོགས། ༣༡ །རྨོངས་པ་ལས་ཀྱང་རྨོངས་པར་གྱུར་པས་ཤིན་ཏུ་གདུང་བྱས་འགྲོ་འདི་རྣམས། །ཀྱེ་མ་དེང་དུས་ཁྱེད་རྣམས་མཐུ་ལས་གཞན་དུ་སུ་ཡིས་འདུལ་བར་འགྱུར། །ཚུལ་དེའི་ཕྱིར་ན་བདག་ཡིད་རབ་སྐྱོ་ཡང་ཡང་གདུང་བའི་སྤུ་ལངས་གཡོ། །ངན་སོང་གནས་སུ་རྐང་པ་བཀོད་ལས་མི་ཤེས་བཞིན་དུ་སྨྲེ་སྔགས་ཀྱི། ༣༢ །མཆིད་ཚིག་འདི་ནི་ཁྱེད་རྣམས་ལ་གསོལ་ཚུལ་འདིར་བས་པ་གང་མཆིས་པ། །ཐུགས་རྗེ་ཆེན་པོས་བཟོད་པར་མཛད་ནས་མྱུར་དུ་མཁྱེན་དང་བརྩེ་བ་ཡི། །སྤྱན་རས་གསར་པས་ཀུན་ཏུ་གཟིགས་ནས་ཡང་དག་ལམ་གྱི་དེ་ཉིད་ལ། །ཞུགས་དང་འཇུག་ཚོགས་རྣམ་པར་རབ་དད་བྲལ་སྨིན་ཡོན་ཏན་འགྲུབ་མཛོད་ཀྱེ། ༣༣ །ཨེ་མ་རྨད་བྱུང་པད་དཀར་ལྟར་བསྔགས་རྣམ་འདྲེན་བཞི་པ་ཤཱཀྱའི་ཏོག །ཟབ་ཞི་སྤྲོས་བྲལ་དབུ་མའི་དབྱིངས་སུ་མཚན་དཔེའི་སྒྱུ་


JKT002_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ཉེར་སྡུད་ཚེ། །ལུང་དང་རྟོགས་པའི་བསྟན་པ་ལེགས་གཏད་སྟོན་པ་གཉིས་པར་དབུགས་དབྱུང་ཞིང་། །འཕགས་པའི་སར་བཞུགས་བརྒྱད་གཉིས་གྲངས་ལྡན་གནས་བརྟན་ཆེན་པོའི་ཚོགས་རྣམས་དགོངས། ༣༤ །དེང་དུས་ཛམྦུའི་རྐང་འཐུང་གིས་མཚན་ནོར་འཛིན་དགའ་མའི་ཡུལ་གྱི་དབུས། །མ་ག་དྷ་དང་རྡོ་རྗེ་གདན་སོགས་ལོག་པར་སྨྲ་དང་ཀླ་ཀློས་ཁེབས། །བྷོ་ཊའི་ལྗོངས་ཀྱང་དེ་ལ་སྨོད་བཞིན་སྤྱོད་ལམ་དེ་ཡི་སྤུན་ཟླ་རུ། །བོས་པ་འདི་ཀོས་རྒྱལ་བའི་བསྟན་པ་རི་མོའི་ནཱ་དའི་རྗེས་སུ་སོང་། ༣༥ །དེ་འདྲའི་སྙིགས་སྤྱོད་ཚ་གདུང་སྟུག་པོས་ཕན་བདེའི་དགའ་ཚལ་ཉམས་པ་འདིར། །ཁྱེད་རྣམས་ཐུགས་རྗེའི་སྤྲིན་དཀར་ལེགས་བསྐུལ་མཁྱེན་བརྩེའི་བདུད་རྩིའི་ཐིགས་ཕྲེང་གིས། །གཞི་གསུམ་ཆོ་གའི་རྩ་བ་ལེགས་བརྟན་སྨོན་འཇུག་བྱང་སེམས་ཡལ་ག་རྒྱས། །རྡོ་རྗེ་ཐེག་པའི་མེ་ཏོག་མཛེས་འཛིན་ཕན་བདེའི་འབྲས་བུ་འཇོ་གྱུར་ཅིག ༣༦ །ཐོས་པའི་ཟླ་ཤེལ་གཞོན་ནུའི་བཏུང་པ་རྣ་བའི་ཨུཏྤལ་དཀར་པོར་རོལ། །བསམ་བྱུང་ཤེས་རབ་འཇོ་སྒེག་རབ་གཡོ་ལེགས་བཤད་གསར་པའི་འཛུམ་ཕྲེང་དགོད། །སྒོམ་སྤང་འཕགས་པའི་གེ་སར་ཁུར་ལྕི་ཞི་བསིལ་མྱང་འདས་རོ་ཡི་གཏེར། །ཡོངས་སུ་རྫོགས་པས་བཤད་སྒྲུབ་བསྟན་འཛིན་སྲིད་མཐའི་བར་དུ་འཕེལ་མཛོད་ཀྱེ། ༣༧ །གཞན་ཡང་མགོན་པོ་ཐུགས་རྗེ་ཆེ་ལྡན་སྲས་


JKT002_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་གྲངས་མེད་རྒྱལ་ཀུན་དགོངས། །ལྕགས་སྲེག་འབར་བའི་འོད་ཟེར་གྱིས་འཁྱུད་ཚལ་པར་སོང་གྱུར་དེ་ཡི་ལུས། །རྣག་ཁྲག་རྒྱུན་གྱིས་བརླན་པར་བྱས་དང་རླུང་གི་རེག་བྱས་ཆེར་བཅོམ་པས། །ཨུཏྤལ་ལྟར་གས་སྣང་ཚུལ་སྣ་ཚོགས་དམྱལ་བའི་འགྲོ་འདིར་ཡུད་ཙམ་གཟིགས། ༣༨ །དེ་བཞིན་རབ་ཏུ་རིང་བའི་དུས་ནས་ཆུ་ཐིགས་ཙམ་གྱི་བཏུང་བ་ཡང་། །ཉིན་མཚན་མེད་པར་འབད་པས་བཙལ་ཀྱང་ཅུང་ཟད་རྙེད་མིན་དེ་དག་གིས། །ལྟོ་བ་ཡུལ་ལྗོངས་ཆེན་པོའི་རྗེས་སྙེགས་བརྐམ་ཆགས་སེར་སྣའི་འབྲས་བུ་ཅན། །ཡི་དྭགས་འགྲོ་འདིར་རྨད་བྱུང་ཐུགས་རྗེས་སྤྱན་རས་ཡངས་པོས་བཙའ་བར་མཛོད། ༣༩ ། ཕལ་ཆེར་བདག་ཏུ་བཟུང་བས་དམ་བཞག་བཅིངས་དང་བརྡེག་པའི་འཚེ་བས་གཞུར། །འགའ་ཞིག་རྔོན་པའི་སྦྱོར་བ་རྩུབ་མོས་རང་བཞིན་མེད་པར་སྲོག་འཕྲོག་ཅིང་། །ཀུན་ཀྱང་གཏི་མུག་ལམ་གོལ་ལ་འཁྱམས་ཐར་པའི་སྣང་བ་རིང་བྲལ་བའི། །དུད་འགྲོའི་གནས་ཀྱང་སྡུག་བསྔལ་མི་བཟད་སྐད་ཅིག་ཡེ་ཤེས་འཇུག་པས་ཟུངས། ༤༠ །སྐྱེ་བའི་ཆུ་གཏེར་འགྱུར་དང་འདུ་བྱེད་རླབས་ཕྲེང་གཡོ་བའི་སྐ་རགས་ཅན། །རྒ་ན་འཆི་སོགས་འཛིན་ཁྲིའི་གྲོང་ཁྱེར་ཚད་མེད་འཇིགས་པའི་དུ་ཁས་མནར། །རྟག་པ་ཉིད་དུ་འབད་པས་བསྒྲུབས་ཀྱང་ཉོན་མོངས་དྲི་བཞོན་དང་འགྲོགས་པའི། །ཉམ་ཐག་མི་ཡུལ་གྲོང་ཁྱེར་འདི་ཡང་


JKT002_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་དང་བརྩེ་བའི་ཞགས་པས་སྐྱོངས། ༤༡ །བསྲན་པར་མི་བཟོད་ཕྲག་དོག་གོ་ཆ་སྟུག་པོར་བགོས་དེའི་ལག་པ་ནི། །རང་གཞན་ཁོང་ཁྲོའི་ཟུག་རྔུའི་དཔལ་སྦྱིན་དགྲ་སྟས་མཚན་པས་བསྣུན་པའི་མོད། །ཐར་པའི་མགོ་བོ་ཚལ་པར་བཀས་ཀྱང་ལྷ་ཡི་བསོད་ནམས་ལས་དམན་པས། །རང་ཉིད་མི་བཟད་སྡུག་བསྔལ་གྱིས་མནར་ལྷ་མིན་ཡུལ་འདིར་སྐད་ཅིག་གཟིགས། ༤༢ །རིང་པོར་འཚོ་བའི་ལེ་ལོའི་དབང་གྱུར་ཞི་བདེའི་བདུད་རྩི་བརྟེན་མི་བགྱིད། །འབྱོར་དང་ལང་ཚོའི་ཡོན་ཏན་ལྡན་ཀྱང་ནམ་ཞིག་ཉིང་མཚམས་སྦྱོར་བའི་ཚེ། །མེ་ཏོག་ཕྲེང་བ་རྣམ་པར་ཉམས་སོགས་འགྱུར་བའི་སྡུག་བསྔལ་བརྒྱ་ཕྲག་གིས། །མྱ་ངན་ཁོང་བུར་ཡུན་རིང་ཚུད་གྱུར་ལྷ་ཡི་གནས་ཀྱང་གཟིགས་པར་འོས། ༤༣ །དེ་སོགས་འཁོར་བའི་ནགས་སུ་རབ་འཁྱམས་སྣང་ཚུལ་མི་བཟད་འདི་ཉིད་ཀུན། །རྟག་པ་ཉིད་དུ་ཁྱེད་ཀྱིས་གཟིགས་མོད་བདག་གིས་བསྐུལ་འདེབས་མི་འཚལ་མོད། །དེ་ལྟར་ན་ཡང་རང་ཉིད་ལས་བྱས་རྣམ་སྨིན་ཁུར་གྱིས་མནར་བ་ཡིས། །མ་བཟོད་སྨྲེ་སྔགས་བར་མེད་སྒྲོགས་འདི་ཉོན་མོངས་པ་ཡི་སྐྱོན་དུ་ཟད། ༤༤ །ཚུལ་དེར་སླར་ཡང་སྙིང་རྗེས་གཟིགས་ནས་བྱམས་པའི་ཆུ་གཏེར་འཕྱུར་བ་དང་། །ཕན་བདེའི་དགའ་བའི་འཛུམ་ཕྲེང་ལེགས་སྤྲོ་གཉིས་སྐྱེས་གཞོན་ནུ་ཐོན་པའི་མོད། །ཕྱོགས་རིས་མེད་པར་བཏང་སྙོམས་མངོན་བརྡལ་


JKT002_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་སེལ་བདུད་རྩི་འཛག་པ་ལས། །ལམ་ལྔ་ས་བཅུའི་ཆ་ཤས་ཀུན་གང་ཐར་པའི་ཀུན་བཞད་གྱུར་ཅིག ༤༥ །ངེས་པར་འབྱུང་བའི་སེམས་ཀྱིས་རབ་བསྐུལ་སོ་སོར་ཐར་པས་རྒྱུད་བསྡམ་ཞིང་། །གཞན་ལ་ཕན་དགོངས་དམ་བཅའ་གསར་པར་སྨོན་འཇུག་བྱང་ཆུབ་སེམས་མཆོག་བསྐྱེད། །ཐུན་མོང་མ་ཡིན་སྔགས་ཀྱི་འཇུག་སྒོ་གཞི་ཡི་སྨིན་བྱེད་ལེགས་བླངས་ནས། །རྟག་ཏུ་ལམ་དབང་དོན་ལ་བསྙེན་ཅིང་སྡོམ་དང་དམ་ཚིག་འདའ་མི་བགྱིད། ༤༦ །སྐྱེ་གནས་བཞི་ཡི་སྣང་ཞེན་སྦྱོང་བྱེད་རྡོ་རྗེའི་ལམ་མཆོག་གཞིར་བཞག་སྟེ། །ཁམས་དང་ཕུང་པོའི་བྱེད་ལས་བཅིངས་པས་བདེ་སྟོང་ཡེ་ཤེས་མངོན་མཐོང་ལམ། །ཐུན་མོང་མ་ཡིན་ཉེ་རྒྱུ་ལ་བརྟེན་གྲུབ་པའི་ཐེམ་སྐས་ལ་འཛེགས་ཤིང་། །ལྷན་ཅིག་སྐྱེས་པའི་གཉུག་མའི་རང་ཞལ་འདུ་འབྲལ་དབྱེན་དང་མི་མཛའ་བས། ༤༧ །ཕྱི་ནང་ཉོན་མོངས་ཤེས་བྱའི་སྒྲིབ་བཅོམ་སྐུ་བཞིའི་འཁོར་ལོ་སྦྱོང་པའི་དཔྱིད། །ཡང་དག་ལམ་གྱི་དེ་ཉིད་ལ་བརྟེན་གནས་སྐབས་མཐར་ཐུག་དོན་རྣམས་ཀུན། །ལྷུན་གྱིས་གྲུབ་པའི་ངོ་མཚར་རྨད་བྱུང་རིས་མེད་འགྲོ་བ་ཐམས་ཅད་ཀྱིས། །རྟག་པ་ཉིད་དུ་ལོངས་སུ་སྤྱོད་ནས་མཆོག་དངོས་ཚེ་འདིར་འགྲུབ་གྱུར་ཅིག ༤༨ །ཁྱད་པར་སྡེ་སྣོད་བྱེ་བའི་གན་མཛོད་ཡོན་ཏན་ནོར་བུའི་ཟ་མ་ཏོག །ཐོས་དང་བསམ་དང་སྒོམ་པའི་འཇོ་སྒེག་རྣམ་པར་གཡོ་བའི་རང་གཟུགས་


JKT002_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །མཚམས་སྤྲིན་གཞོན་ནུའི་རེག་བྱས་མངོན་བཀླུབས་གྲངས་མེད་དགེ་འདུན་འདུས་པའི་སྡེས། །ནོར་འཛིན་ཁམས་འདི་ཡོངས་སུ་ཁྱབ་ནས་བཤད་སྒྲུབ་གླུ་དབྱངས་ལེན་པར་ཤོག ༤༩ །གནས་སྐབས་སུ་ཡང་མི་ངས་ལ་སོགས་འགྲོ་ལ་འཚེ་བའི་དཔལ་བྲལ་ནས། །བཟའ་དང་བཏུང་བའི་ལོངས་སྤྱོད་ཕུན་ཚོགས་དུས་བཞིའི་ཤིང་རྟས་དྲངས་པ་ཡི། །འཚོ་བའི་བདག་པོ་ཡིད་འོང་ཐོབ་ནས་གཡུལ་ངོར་འཇུག་པའི་ཨཱི སྦྱོར་བ་སོགས། །ཕན་ཚུན་འཚེ་བའི་བསམ་པ་ཀུན་བྲལ་རྫོགས་ལྡན་འབྱོར་པས་ཕྱུག་གྱུར་ཅིག ༥༠ །དེ་ལྟར་སྐྱབས་མེད་ཀུན་གྱི་སྐྱོབ་གྱུར་འགྲོ་བའི་བླ་མ་སྲས་བཅས་ལ། །རབ་ཏུ་གུས་པས་གསོལ་བ་གདབ་དང་རྣམ་པར་སྐྱེ་བའི་སྨྲེ་སྔགས་དབྱངས། །བབ་ཅོལ་གོམས་པའི་ཞུ་མཆིད་སྣ་ཚོགས་སྒྲོག་པ་གང་དེར་ལེགས་བྱས་མཐུ། །ཅུང་ཟད་ཙམ་ཡང་མཆིས་པར་གྱུར་ཀུན་འགྲོ་རྣམས་ཀུན་མཁྱེན་ཐོབ་ཕྱིར་བསྔོ། ༥༡ །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྲས་དང་སློབ་མར་བཅས་པ་ལ་འཕྲིན་དུ་གསོལ་བའི་གཏམ་ཕྱོགས་ཀྱི་རྣ་རྒྱན་ཞེས་བྱ་བ་འདི་རིས་མེད་པའི་བསྟན་པ་ཀུན་ལ་མཆོག་ཏུ་གུས་པའི་རྨོངས་རྟུལ་གཞོན་ནུ་ཨ་བྷཱ་ཡ་ཞེས་བགྱི་བས་རང་ལོ་བཅུ་བདུན་པར་རྗེ་བཙུན་ཨེ་ཝཾ་པའི་རིང་ལུགས་འཛིན་པའི་ཆོས་གྲྭ་ཆེན་པོར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །སརྦས་མནྟ་མངྒ་ལཾ་ཀུཅནྟུ།། །།

འཕགས་པ་འཇམ་དཔལ་གྱི་ཐུགས་རྗེ་ལ་སྐུལ་བའི་གཏམ།


JKT002_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྱ་མཉྫཤི་ཡཀཱ་རུ་ཎེ་ཀེ་པ་ཀཱ་ཐ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་


JKT002_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་ཐུགས་རྗེ་ལ་སྐུལ་བའི་གཏམ་ཞེས་བྱ་བ། བཅོམ་ལྡན་འདས་གསུང་གི་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཇམ་དང་འབར་རྒྱས་ཆགས་པའི་སྐུ་ནི་སྣ་ཚོགས་མོས་པའི་རྗེས་སུ་འཆེལ། །འཇམ་མཉེན་དབྱངས་ཀྱི་པུཎྜ་རཱི་ཀས་ཆོས་ཕུང་རྒྱ་མཚོའི་རྡུལ་དམར་སྤྲོ། །འཇམ་པའི་ཐུགས་ནི་གློ་བུར་སྒྲིབ་བྲལ་འོད་གསལ་རྟག་པ་དམ་པའི་དངོས། །འཇམ་དཔལ་མགོན་ཁྱོད་དེང་ནས་བྱང་ཆུབ་བར་དུ་དགེ་བའི་བཤེས་སུ་མཛོད། ༡ །འདི་ན་འགའ་ཞིག་ཁྱོད་ཀྱི་རྣམ་ཐར་ཟླ་བ་གཞོན་ནུར་འཁྲུལ་གྱུར་ཏེ། །ཐུགས་རྗེའང་སིམ་འོད་ཟག་པ་ལ་ཆགས་སླར་ཡང་ཤར་གྱི་ཐིག་ལེའི་གཟུགས། །མཐོང་བས་དད་པའི་སྤུ་ལངས་འདཀར་པོས་ལང་ཚོའི་ཆུ་བུར་དམ་འཁྱུད་པ། །འཇམ་དཔལ་མགོན་ཁྱོད ༢ གལ་ཏེ་རྫབ་ཀྱིས་དཀྲིས་པའི་པདྨར་མཚན་དཔེའི་འཇོ་སྒེག་རབ་འབར་ཞིང་། །འཛུམ་སྒྲོས་ཡིད་འོང་རྒྱས་པའི་ཁོང་ནས་ལུང་༡ རྟོགས་སྦྲང་རྩི་སྐྱུགས་མཁས་ན། །ཁྱོད་ཀྱི་སྤུན་ཟླར་འོས་པ་ཉིད་ཅེས་ཕལ་ཆེར་ག་ཞའི་ཚིག་འབྱིན་པ། །འཇམ་དཔལ༴ ༣ ཤིན་ཏུ་ཡིད་འོང་སཱ་ཧ་ཀ་ར་མཛེས་པས་བཟུང་ཡང་རྡུལ་གྱིས་གཏམས། །ཀཽ་ཤུའི་འཁྲི་ཤིང་རྒྱས་པའི་ཅོད་པན་བྲལ་བས་ཉེན་ལ་གདུང་བའི་རྒྱུ། །དེ་སླད་གཞོན་ནུའི་སེན་མོའི་འཛུམ་འོད་སྐྱོན་གྱི་རྣམ་པ་རིང་བཅད་པ། །འཇམ་དཔལ༴ ༤ དགའ་བ་བརྒྱ་པའི་གདོང་པ་རྣམ་བཞིས་མིག་མི་འཛུམ་


JKT002_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྟ་བགྱིད་ཅིང་། །གྲགས་པའི་མུ་ཁྱུད་འདྲེན་བྱེད་ཇི་སྙེད་ཞབས་རྡུལ་དག་ལ་རིང་ཆགས་བཞིན། །སྣ་ཚོགས་གཟུགས་ཀྱང་ཞུམ་པ་ལྷུར་ལེན་དེ་སླད་ལྷར་བཅས་འགྲོ་བའི་སྐྱབས། །འཇམ་དཔལ༴ ༥ གང་གི་རང་གཟུགས་བལྟ་བའི་ཡུལ་ལས་རིང་དུ་སོན་པའི་ཕ་རོལ་ནས། །ཡེ་ཤེས་མཆོག་གི་རྩེ་དགའ་བཟུང་ལ་སྙིང་རྗེའི་ལང་ཚོ་དར་བབས་ཕྱིར། །དྲན་པ་ཙམ་གྱིས་ཕྲ་རྒྱས་རིང་བཅད་དགྱེས་ཞལ་དག་པའི་ཀེ་ཏ་ཀ །འཇམ་དཔལ༴ བདེ་ཆེན་བཅུ་དྲུག་རོ་ཡིས་རབ་སིམ་མི་འགྱུར་མཆོག་དེའི་ཨུཏྤ་ལ། །རྡོ་རྗེའི་ཉི་མ་འབར་བའི་འཛུམ་རླབས་ཚོན་ཆགས་གསར་བའི་དོག་པ་དང་། །རྡོ་རྗེ་ཟླ་བ་དྲི་མེད་འོད་འཕྲོ་ཟུང་འཇུག་གྲུབ་པའི་གྲིབ་བསིལ་ཅན། །འཇམ་དཔལ ༧ ལག་ལྡན་མྱོས་པའི་འདུལ་སྦྱོང་ལ་མཁས་འཕྲོག་བྱེད་དྲེགས་པའི་རྒྱུད་མང་ཡང་། །སྙིང་པོའི་ལྗིད་ཀྱིས་ནོན་པ་སྤངས་ན་གང་གསུང་དབྱངས་བདུན་ཡོངས་རྫོགས་པ། །ཅི་ཕྱིར་ཕྱོགས་ལས་རྣམ་པར་མི་རྒྱལ་རྡོ་རྗེ་ནཱ་དས་སྒེག་པའི་ཕྱིར། །འཇམ་དཔལ ༨ འདི་ན་སྲིད་པའི་ཡུལ་ལ་ཆགས་ཀྱང་ཀུན་ཏུ་སྦྱོར་བ་འདུ་མི་བགྱིད། །ཞི་བ་དམ་པའི་རོ་ཡིས་སེམས་ཀྱང་འཇུག་དང་ལྡང་བ་ཡོངས་སུ་སྤངས། །གཅིག་པུའི་ཐིག་ལེར་བཤེས་པ་ཉིད་མོད་དུ་མའི་གར་དུ་རྣམ་རོལ་པ། །འཇམ་དཔལ ༩ བྱིས་པ་རྣམས་ཀྱིས་བྱེ་བྲག་རྟོག་མིན་འདི་ཞེས་བརྗོད་


JKT002_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པའང་སྤངས་པ་ཉིད། །ནར་སོན་འགའ་ཞིག་གཏམ་དུ་གླེང་བའང་ཕྱོགས་རེར་འཆེལ་ལ་སྐྲག་གྱུར་ནས། །འཆི་མེད་རྫིང་རིང་གསར་དུ་སྤྲུལ་སྙམ་རྣམ་པ་ཀུན་ལྡན་ཡེ་ཤེས་ཐུགས། །འཇམ་དཔལ= ༡༠ འགའ་ཞིག་རྣ་བའི་གྲགས་པ་ལ་བརྐམས་རྒྱ་མཚོའི་གོས་ཅན་མཐར་འགྲོ་ཞིང་། །ཕལ་ཆེར་གདུག་པའི་དཔུང་པས་ཉེར་བཟུང་ས་འཛིན་ལ་ཡང་རེ་བ་མཐོང་། །བདག་སོགས་གང་གི་ཡོན་ཏན་ལ་ཆགས་དེ་ལའང་འདོད་པ་ཇི་བཞིན་འཇོ། །འཇམ་དཔལ༴ ༡༡ རིང་པོར་ཟིམ་བུའི་མིག་གིས་བལྟ་བའི་མཁུར་ཚོས་བནྡྷའི་ཐིག་ལེ་ཅན། །འཆི་མེད་བུ་མོའི་ལག་པད་ཀྱིས་གཏོར་གསེར་གྱི་ཆུ་སྐྱེས་གཡོ་བས་ཀྱང་། །ཞབས་མཐིལ་ཙམ་ཡང་བརྟེན་པར་རྙེད་དཀའ་འདི་ནི་ཨེ་མ་ངོ་མཚར་ཞེས། །འཇམ་དཔལ༴ ༡༢ སྦྲང་རྩིས་མྱོས་པའི་བུང་བ་མ་ལགས་ཁྱོད་ཞབས་སེན་མོའི་དོག་པ་ནི། །རྐང་པས་འཐུང་བའི་གེ་སར་མ་ལགས་ཨུཏྤལ་གདན་ལ་མཉམ་བཀོད་པས། །བསུང་ཞིམ་སྤྲིན་གྱི་ཕྱག་རྒྱ་མ་ལགས་འདི་ན་ངལ་འཚོའི་སླད་རྒྱུ་བས། །འཇམ་དཔལ༴ ༡༣ གང་གི་བྱང་ཆུབ་སྤྱད་པའི་ཚུལ་ནི་གླང་པོའི་མཆེ་བ་ལྟ་བུར་དཀར། །དེ་ཡང་གཞན་ཕན་བརླན་ལ་ཆགས་དང་བནྡྷ་ཛཱི་བ་ཇི་བཞིན་སྒེག །དེས་ཀྱང་ཀུན་དགའི་ཚོར་བ་སྦོམ་འདི་དཔྱིད་ཀྱི་དུས་སྟོན་ལ་ཆགས་པ། །འཇམ་དཔལ༴ ༡༤ ཉིན་མོའི་ཐིགས་པ་


JKT002_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ལན་འགའ་བཏུང་ངམ་རྒྱ་མཚོའི་ཐིག་ལེའི་སིམ་འོད་དམ། །མཛེས་མའི་རྐང་རྩེས་བསྣུན་པ་མིན་མོད་གང་ཞབས་ཐུགས་རྗེའི་ཐུགས་བཟུང་བས། །བློ་མཆོག་སྤོབས་པའི་དགའ་ཚལ་དར་བབས་དེ་ཚེ་བསྔགས་འོས་མཛོད་འཛིན་པས། །འཇམ་དཔལ= ༡༥ ཅི་འདི་མཛེས་པའི་མིག་སྨན་རྒྱས་པས་ནེའུ་གསིང་གདེངས་ཀ་ཁེབས་པའམ། །རབ་དྭངས་རྫིང་བུའི་པདྨོ་གཞོན་ནུར་བུམ་རྒྱ་སྐྱེས་ཀྱིས་བྱུགས་སམ་ཅི། །གཞན་དུ་སྨྲ་བའི་ཟླ་བ་གཅིག་པུའི་མཆུ་སྒྲོས་གཡོ་ཞེས་འཁྲུལ་བསྐྱེད་པའི། །འཇམ་དཔལ༴ ༡༦ འགའ་ཞིག་དེ་ལས་བྱུང་བའི་བཅུད་ནི་ལག་འགྲོའི་སྙིང་པོར་རྟོག་བྱེད་ལ། །ཕལ་ཆེར་ཐང་ཆུ་དཀར་པོའི་ཆུ་རྒྱུན་རྣ་བར་སིམ་ཞེས་བ་བཅོལ་སྨྲ། །དོན་དུ་ཐོས་པས་རིན་ཐང་ཆེར་བྱེད་ལེགས་གསུང་མཆོག་ཏུ་ངེས་རྙེད་པ། །འཇམ་དཔལ༴ ༡༧ མཐའ་ཀླས་རྒྱལ་བ་སྲས་བཅས་ཀུན་གྱི་མཁྱེན་རབ་ཕུང་པོ་གཅིག་བསྡུས་ན། །ཁྱོད་ཀྱི་སྤོབས་པའི་ལྕིད་དང་མཉམ་མོད་དེ་ལས་གཞན་པའང་དེ་ཉིད་ཀྱིས། །རྣམ་འདྲེན་ཡོངས་ཀྱི་ཡེ་ཤེས་ལ་འཁུ་གྲགས་དཀར་ཟླ་ཚེས་གསར་པ་ཅན། །འཇམ་དཔལ༴ ༡༨ ལ་ལ་གཡོ་སྒྱུས་འཇུག་པ་རྩུབ་མོས་འཇིག་རྟེན་གསུམ་འདི་ཡོངས་བཟུང་བའི། །བིཥྛའི་ངོ་མཚར་གཏམ་དུ་གླེང་མོད་ཁོ་བོས་བྱང་སེམས་འཇམ་པོ་ཡིས། །སྲིད་དང་ཞི་བའི་ཕྱོགས་ལས་རྣམ་རྒྱལ་གང་ཚུལ་ཁོ་ནར་སེམས་


JKT002_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ། །འཇམ་དཔལ༴ ༡༩ གསེར་གྱི་མངལ་ཅན་རྟོགས་པ་བརྗོད་ཚེ་སྐྱོན་གྱི་རྣམ་པ་ཕྲག་བརྒྱ་ཡིས། །གཞར་ཡང་སྟོང་མིན་སྲིད་འདི་སྤྲུལ་ཅེས་ཡི་གེའི་གྲགས་པ་འགོག་པའི་སླད། །གང་གི་སྙིང་རྗེའི་ཉི་མ་འབར་བས་ཡིད་ཅན་ཉོན་མོངས་བརླན་སྐེམས་པའི། །འཇམ་དཔལ༴ ༢༠ ཕལ་ཆེར་ལྷ་ཆེན་ཁྲོས་པའི་ཞུགས་ཀྱིས་ཡིད་སྲུབས་ལུས་མེད་གནས་སྦྱར་བའི། །རྣམ་ཐར་ཁོ་ནར་གླེང་བར་བརྩམས་མོད་བདག་ཅག་བྱམས་པའི་བདུད་རྩི་ཡིས། །མེ་ཏོག་མདེའུ་རྣོན་རྟུལ་པོར་བགྱིས་པའི་ཁྱོད་ཞབས་བསྔགས་ལ་མི་ཕྱེད་པའི། །འཇམ་དཔལ ༢༡ རྨོངས་དང་མ་རིག་རླུང་ཐོབ་སར་ལྡན་ལྡང་བས་ཟོས་པའི་དེ་མ་ཐག །ཡེ་ཤེས་མཆོག་གི་གཟི་བརྗིད་འབར་བས་ཤེས་དང་ཤེས་བྱའི་ཆུ་ཀླུང་འབུམ། །བཏུང་ནས་སླར་ཡང་འགྲོ་བའི་ཉེར་འཚོ་བདུད་རྩིར་སྐྱུགས་མཁས་བུམ་པ་སྐྱེས། །འཇམ་དཔལ ༢༢ གཞན་གྱིས་མི་བརྫི་མཚོན་པའི་དཔེ་བྲལ་གཟུགས་སུ་སྣང་བའི་ཕྱོགས་ཀྱིས་བཏང་། །རང་བཞིན་འོད་གསལ་དག་པ་ཟུང་ནི་ཤིན་ཏུ་སད་པ་སད་པའི་བདག །མཁྱེན་གཉིས་རབ་རྫོགས་རྣམ་ཀུན་མཆོག་ལྡན་ཆོས་དབྱིངས་རྟག་པའི་ཡེ་ཤེས་སྐུ། །འཇམ་དཔལཟ ༢༣ ཐོག་མཐའ་དབུས་བྲལ་བྱང་ཆུབ་ཀྱིས་སེམས་ལས་ཀྱི་དྲི་བཞོན་དག་པ་ལས། །རྡུལ་བྲལ་སྟོང་པའི་རང་གཟུགས་གཞོན་ནུ་འཆར་ཀའི་མེ་ཏོག་དར་


JKT002_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པའི། །རྣ་རྒྱན་འོག་མིན་གྲུབ་པའི་འགྲམ་བཀོད་ལོངས་སྤྱོད་རྫོགས་ཞེས་གྲགས་འབར་བ། །འཇམ་དཔལ༴ ༢༤ ཤེས་རབ་ཉིད་དང་སྲིད་ལ་བལྟ་བས་དེ་དེར་ཆགས་པའི་ལམ་བཅད་ནས། །ལྷན་སྐྱེས་གྲུབ་པའི་ཐིག་ལེ་ལ་འཆེལ་དེ་ཚེ་རྒྱུ་དང་མི་རྒྱུ་བའི། །དངོས་པོ་ཀུན་ཀྱང་གཅིག་ཏུ་བསྡམས་པའི་སྤྲུལ་པ་སྣ་ཚོགས་སྐུ་འཆང་བ། །འཇམ་དཔལ ༢༥ མཆོག་ཏུ་མི་འགྱུར་སྦྱིན་པའི་རྡོ་རྗེ་ཡང་དག་མཐའ་ཡི་ཕ་རོལ་སོན། །སངས་རྒྱས་བྱང་ཆུབ་གཉིས་སྣང་རྟོག་བྲལ་སྟོང་པ་ཉིད་ལས་ལྡང་གྱུར་པ། །དག་པ་ཉིད་ཀྱང་པྲ་ཕབས་གཟུགས་བརྙན་མེ་ལོང་ལྟ་བུའི་ཡེ་ཤེས་ཆེ། །འཇམ་དཔལ ༢༦ རྣམ་ཀུན་མཐའ་བྲལ་ཡུལ་ལ་ཆགས་གྱུར་ཟག་མེད་མཆོག་བདེའི་འདོད་པས་བརླན། །འགྱུར་བཅས་མཐའ་དག་ཕམ་པ་ལ་དགྱེས་དེ་ཚེ་རྩེ་དགའི་ལག་པ་ཡིས། །རྟག་པ་རྒྱུན་གྱི་འཁོར་ལོར་དམ་འཁྱུད་ཆོས་དབྱིངས་ཡེ་ཤེས་མངོན་གྱུར་པས། །འཇམ་དཔལ ༢༧ རྡུལ་དང་ཤེས་བྱའི་ཆོས་ཀྱི་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་བཞིན་དཔལ་འཛུམ། །ཡང་དག་དོན་གྱི་སྦྲང་རྩིས་རོས་མྱོས་འཕོ་མེད་གསུང་གི་རྒྱུད་མང་ཅན། །དེ་ཁོ་ཉིད་ཀྱིས་མཛའ་བས་གཏོང་མིན་སོ་སོར་རྟོག་པའི་མེ་ནཱ་ཀ །འཇམ་དཔལ ༢༨ རང་བཞིན་མེད་པའི་སྦྱོར་བ་ལས་བྱུང་བདེ་མཆོག་སྐད་ཅིག་གཅིག་རྫོགས་པས། །མཁའ་ལྟར་མཚན་མའི་ཡུལ་ལས་རིང་


JKT002_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སོང་རང་རིག་ཡེ་ཤེས་སྒྱུ་མའི་འཕྲུལ། །དངོས་ཀུན་མཐའ་དག་མཉམ་པ་ཉིད་གྱུར་མཆོག་གི་ཆུ་གཏེར་ལ་ཆགས་པ། །འཇམ་དཔལ་མགོན་ཁྱོད ༢༩ །སྒྱུ་མ་ལྟ་བུའི་གཟུགས་སྐུའི་དྲྭ་བས་སངས་རྒྱས་མཛད་པ་རྣམ་རོལ་པའི། །ཡོན་ཏན་ཟད་མེད་བསྟོད་འོས་མཆོག་སྟེ་ལྷན་ཅིག་སྐྱེས་སྐུའི་འཇོ་སྒེག་ནི། །བྱ་བ་གྲུབ་པའི་རྣམ་པ་ལ་ཆགས་དེ་ཚེ་སྲིད་ཞིའི་གཙུག་མཛེས་པ། །འཇམ་དཔལ༴ ༣༠ ལ་ལ་འཁྲུལ་པ་བདེན་པར་འཛིན་ཅིང་འགའ་ཞིག་རྟག་ཆད་སྦྱོར་བས་འཁྱུད། །ཕལ་ཆེར་རྡུལ་དང་ཤེས་བྱ་ཉིད་དམ་སེམས་སམ་ཕུང་པོ་རྣམ་དཔྱད་པའི། །སྟོང་པ་ཉིད་ཀྱི་ཚིག་གིས་རིག་མིན་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །འཇམ་དཔལ༴ ༣༡ མདོར་ན་བསྔགས་པའི་ཕ་རོལ་ལས་བརྒལ་དེ་བཞིན་གཤེགས་ཀུན་རིགས་ཀྱི་དབང་། །མིང་ཙམ་གྱིས་ཀྱང་དོན་ཆེན་ཁོང་ཆུད་དག་པས་སྤངས་པ་ཕུན་ཚོགས་ཤིང་། །མཚན་མའི་སྡིག་ལས་ཡང་དག་འདས་གྱུར་རྨད་བྱུང་རྟོགས་པའི་མཆོག་བསྐྱེད་པ། །འཇམ་དཔལ ༣༢ དེ་ལྟར་བདེན་དོན་ཉི་མ་གཅིག་པུ་སྐུ་ལྔའི་ཟུར་ཕུད་སྒེག་ལྡན་པར། །ལྷ་དང་དྲང་སྲོང་གྲུབ་པའི་གཙོ་བོ་བྱང་ཆུབ་སྤྱི སངས་རྒྱས་སྲས་བཅས་ཀྱིས། །གུས་པའི་པདྨོ་གཅིག་ཏུ་འཛུམ་ན་ཁོ་བོ་དེ་དེའི་རྗེས་ཕྱོགས་ཀྱིས། །འཇམ་དཔལ ༣༣ ཤེས་པས་ཞི་བསིལ་ཆུ་གཏེར་ལ་ཞུགས་རྙོགས་པའི་རྡུལ་གྱིས་ཀུན་ནས་སངས། །


JKT002_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེའི་མཆེ་བའི་འཛུམ་འོད་འབར་བས་སྲིད་པའི་ཀུན་བཟོད་དབུགས་རབ་འབྱིན། །མི་གནས་འཇུག་པ་གསུམ་པའི་གཟུགས་ཅན་ཡང་སྲིད་ཀུན་ཏུ་བསྟེན་བགྱིད་ན། །འཇམ་དཔལཟ ༣༤ གཞོན་ནུ་འགའ་ཞིག་འཆར་ཀས་དམར་བའི་གོས་ཀྱིས་བཀླུབས་བྱས་རྩ་ལག་འཚོའི། །མཆུ་སྒྲོས་ཟླ་བས་ཟུམ་པ་ལ་འཁྲུལ་ཐལ་མོའི་བསྟི་སྟངས་སྒེག་ལྡན་པས། །ཆེར་རློམས་ཀུན་གྱིས་གཙུག་གིས་རྙེད་དཀའ་ཞབས་སེན་སྤྲིན་གྱི་ཕྱོགས་དུད་ནས། །འཇམ་དཔལ ༣༥ རབ་འབྱམས་རྒྱ་མཚོ་མུ་མཐའ་མེད་པའི་མནྡ་ར་ཡི་འགྲམ་པ་རུ། །མངོན་འདོད་གཟུགས་ཀྱི་རྣམ་པ་མང་ལྡན་འདོད་རྒུའི་སྒོ་འཕར་བྱེ་བའི་དཔྱ། །དམན་བདག་བསོད་ནམས་གྲུབ་པ་འཛིན་སླད་གུས་པ་མཆོག་གིས་སྟོབ་བགྱིད་ན། །འཇམ་དཔལ ༣༦ དུས་གསུམ་ཀུན་ཏུ་གནག་པའི་རྗེས་སོང་སྒྲིབ་གཉིས་ཚ་གདུང་སྡུག་ལྡན་པ། །རྒྱ་མཚོའི་སྟོབས་ཀྱིས་ལམ་གསུམ་འབབས་པས་ལྷག་མ་མེད་པར་འཇིལ་བྱས་ནས། །སླར་ལ་དག་པའི་ཆུ་སྐྱེས་རྒོད་ན་སྙིང་རྗེའི་ཟུར་མིག་ཆགས་ལྡན་པ། །འཇམ་དཔལ ༣༧ གང་ཞིག་དང་པོའི་ཤུལ་ལམ་ཞུགས་ནས་མཐར་གྱིས་སློབ་པ་མིན་པའི་བར། །ལེགས་སྤྱད་མཆོག་གི་ཐལ་གོང་དཀར་ལྡན་སྤྲིན་གྱི་དུམ་བུའི་ཚོགས་རྣམས་ལ། །རྗེས་སུ་ཡི་རངས་པད་རྩ་མངར་པོའི་དགའ་སྟོན་སར་པ་སྦྱིན་བགྱིད་ན། །འཇམ་དཔལ ༣༨


JKT002_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་ཕལ་ཆེར་དོན་དང་ལྡན་མིན་འགའ་ཞིག་ལོག་པར་ལྟ་བས་ཉེན། །ཕལ་ཆེར་སྙིང་པོའི་ལྗིད་ཀྱིས་ནོན་སྤངས་དེ་སླད་ལེགས་གསུང་ནོར་བུའི་ཆར། །དགེ་ལེགས་རྟག་པའི་སྤྲིན་ལས་བྱུང་ཞེས་དབྱངས་ཀྱི་ཡན་ལག་གིས་བསྐུལ་ན། །འཇམ་དཔལ༴ ༣༩ ཐོག་མར་སྐྱེ་བའི་ཕ་རོལ་ཟད་ན་མཐར་གྱིས་འགག་པའི་ཚུ་རོལ་དང་། །ནམ་ཡང་མཛའ་བའི་གོ་སྐབས་སྦེད་ནས་རྡོ་རྗེའི་སྐུ་ནི་གཅིག་པུ་བ། །ཆ་མེད་རྡུལ་བྲལ་ཁྱབ་ཅིང་རྟག་པར་བཞུགས་ཞེས་གསོལ་བའི་ཚིག་སྨེངས་ཚེ། །འཇམ་དཔལ ༤༠ དེ་ལྟར་ཅུང་ཟད་བསྔགས་ལས་བྱུང་བའི་ལེགས་བྱས་ཆུ་སྐྱེས་ཀུནྡཱའི་ཚལ། །ཁ་བའི་དུམ་བུའི་ཕྲེང་བ་འཁྲུགས་དང་གཉིས་འཐུང་ཕྲག་གོང་ལྟར་དཀར་ལ། །གང་གི་མཁྱེན་པའི་ཡོངས་བསྔོའི་རྗེས་འབྲངས་བརྟུལ་ཞུགས་བཟང་པོ་ལྷུར་ལེན་ན། །འཇམ་དཔལ ༤༡ བདག་དང་གཞན་གྱིས་བསྡུས་པའི་ཡིད་ས ཅན་མ་ལུས་ལུས་པ་མེད་པ་ཡིས། །ཆོས་ཀྱི་མིག་ནི་རྡུལ་བྲལ་དམ་པ་ཉིན་མོས་རྩེན་པའི་དཔག་བསམ་གྱིས། །དོ་ཤལ་ར་བ་ཚར་དུ་དངར་ལས་ཀུན་མཁྱེན་གྲིབ་བསིལ་སྣུམ་ལྡན་སླད། །འཇམ་དཔལ་མགོན་ཁྱོད་དེང་ནས་བྱང་ཆུབ་བར་དུ་དགེ་བའི་བཤེས་སུ་མཛོད། ༤༢ །དེ་ལས་བྱུང་བའི་གྲུབ་པའི་གཟི་ཡིས་འཕོ་འགྱུར་མཚན་མ་རིང་དུ་བཅད། །དེས་ཀྱང་རྣམ་མེད་ཤེས་རབ་མར་འཁྱུད་དེ་ཡིས་རྣམ་བཅས་ཤེས་


JKT002_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ཚུལ། །དེ་དེར་འདུལ་བའི་གཟུགས་སུ་བཟུང་བས་གང་དང་མཉམ་པ་ཉིད་གྱུར་པའི། །བཀྲ་ཤིས་སྣང་བ་དམ་པའི་ངལ་གསོ་ཁམས་གསུམ་ཀུན་ཏུ་འགྲོ་གྱུར་ཅིག ༤༣ །འདི་ནི་བླ་མ་འཇམ་པའི་དཔལ་གྱི་ཞབས་སེན་ནོར་བུའི་འཁྲི་ཤིང་གིས། །རེག་པས་བློ་གྲོས་ཆུ་གཏེར་གཡོ་བ་གསར་དུ་དྭངས་པ་ལས་བྱུང་ཕྱིར། །མཐོང་ངམ་ཐོས་སམ་ཡིད་ལ་བྱེད་དམ་རྗེས་སུ་ཡི་རངས་ཐོབ་ཀུན་ཀྱང་། །གསུང་གི་རྡོ་རྗེའི་རྣམ་ཐར་རྒྱ་མཚོར་དེང་ནས་བཟུང་སྟེ་འཇུག་པར་ཤོག ༤༤ །དེ་ལྟར་མཐོང་བ་རྫུན་ལས་རྙེད་པའི་ཕྱིན་ཅི་ལོག་གི་བློ་དང་། རྟག་པ་དང་། ཆད་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྡུལ་དང་། ཤེས་བྱ་དང་། རྣམ་རིག་དང་། སྟོང་པ་ཙམ་གྱི་ཕ་རོལ་ལས་ཀྱང་ཆེས་ཕ་རོལ་ཏུ་སོན་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཡེ་ཤེས་ཀྱི་སྐུ་ཅན་བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེའི་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པའི་ཆ་ཤས་ཕྲ་མོ་འགའ་ཞིག་བརྗོད་བྱར་བྱས་ཏེ་སྙན་པར་དངགས་ཀྱི་དབྱངས་ཀྱིས་བསྟོད་པ་དང་། ཚད་མེད་པའི་ཐུགས་རྗེ་ལ་བསྐུལ་ཏེ་འདིས་ཀྱང་བྱང་ཆུབ་བར་དུ་དགེ་བའི་བཤེས་སུ་དམ་བཅས་པའི་གཏམ་གྱི་ཕྲེང་བ་ཉུང་ངུ་འདིའང་། འཇམ་མགོན་བླ་མའི་ཡོན་ཏན་གྱིས་དད་པའི་ཆུ་གཏེར་གློ་བུར་དུ་གཡོས་པ་ལས་ཚིག་རྒྱན་གྱི་མེ་ཏོག་ཆལ་ཆིལ་དུ་དགོད་པའང་གང་ཤར་ཤུགས་འབྱུང་གི་ཚུལ་ལས་གཅིག་ཏུ་རྟོག་གེའི་བློས་མ་བརྟགས་པར་ཡུལ་མཐའ་འཁོབ་ཏུ་སྐྱེས་པའི་རྒྱལ་ཁམས་ཉུལ་བའི་ད་རི་དཱ་གཙུག་ལག་སྨྲ་པའི་ཉི་མར་བོད་པས། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་བླ་བྲང་


JKT002_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་རྩེར་ས་ཟླའི་དཀར་ཕྱོགས་ཀྱི་སྟོང་པ་དང་པོ་རྒྱལ་བའི་དུས་ཀྱི་ཡོད་པ་བཞི་ལྡན་གྱི་མཚན་མོར་སྣང་གསལ་ཞིག་གི་ངོགས་སུ་ཤར་མར་སྤེལ་པའི་མཐུ་ལས་ཇི་ལྟར་སྨོན་པའི་དོན་རྣམས་ཀྱིས་རེ་བའི་ཤིང་རྟ་ཡོངས་སུ་འགེངས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།

ཁྱབ་བདག་འཁོར་ལོའི་མགོན་པོ་ལ་བསྔགས་པའི་གཏམ་ཉིན་མོར་བྱེད་པའི་འཁྲི་ཤིང་།


JKT002_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་འཁོར་ལོའི་མགོན་པོ་ལ་བསྔགས་པའི་གཏམ་ཉིན་མོར་བྱེད་པའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ། །ཀ་དག་གཟོད་ནས་རབ་ཞིའི་ཡེ་ཤེས་ཀྱང་། །ཁ་ཙམ་མ་ཡིན་ངེས་པ་ལྔ་ལྡན་སྐུར། །གུ་ལ་པ་དེར་བཞེངས་པའི་མཁྱེན་བརྩེའི་མཐུས། །ང་བདག་གདུང་སེལ་ཁྱབ་བདག་བླ་མར་འདུད། ༡ །ཅ་ཅོ་བྲལ་བའི་ངེས་གསང་མཐའ་དྲུག་རྒྱུ། །ཆ་མཐུན་མཁྱེན་པའི་སོར་མོས་བཀྲལ་བ་ལས། །ཇ་ཧོང་ལས་ལྡོག་བདེན་པ་གཉིས་ཀྱི་ཆོས། །ཉ་རྒྱས་ཀུ་མུད་འཛུམ་བཞིན་སྩོལ་ལ་འདུད། ༢ །ཏ་ལའི་ལྗོན་པའི་གྲིབ་བསིལ་ཡངས་པ་ལྟར། །ཐ་དད་མོས་པའི་རྗེས་འགྲོ་གཟུགས་སྐུའི་ཀླས། །ད་གཟོད་འཁྲུལ་པའི་མུན་པ་ཀུན་བཅོམ་སྟེ། །ན་མར་ཐར་པའི་ཨུཏྤལ་དཀར་པོ་བཞད། ༣ །པ་སངས་ལྟར་དཀར་སྨོན་འཇུག་བདུད་རྩིའི་རོས། །ཕ་རོལ་ཕྱིན་ལམ་ཆུ་སྐྱེས་ལ་བྲན་པས། །བ་མོར་ཉི་བཞིན་གཟུང་འཛིན་འཁྲུལ་པའི་དྲི། །མ་ལུས་སྦྱངས་པའི་འཛུམ་ཕྲེང་གསར་པར་དགོད། ༤ །ཙ་རི་ཏྲ་སོགས་གནས་ཡུལ་ཀུན་རྫོགས་པའི། །ཚ་གྲང་ཉི་ཟླ་མཉམ་རོལ་དབུ་མའི་མཐར། །ཛ་ཧུའི་རྒྱུན་ལྟར་ཞུ་བདེའི་བདུད་རྩི་ཡིས། །ཝ་ལྟར་ཉུལ་པའི་རླུང་


JKT002_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དྷུ་ཏིར་རོལ། ༥ །ཞྭ་ཐོད་སྤངས་ཤིང་རལ་པའི་ཟུར་ཕུད་བྲལ། །ཟ་ལྟར་རྩུབ་པའི་དྲག་སྔགས་བཟླས་མིན་ཀྱང་། །འ་འུར་རྟོག་ཚོགས་ཀུན་བྲལ་བདེ་སྟོང་རོས། །ཡ་མཱནྟ་ཀ་ལ་སོགས་དམ་འོག་བཅུག ༦ །ར་ས་ན་སོགས་ཐབས་ཤེས་རྩ་མདུད་ཀུན། །ལ་ཀླུང་བྲལ་བའི་དབུ་མའི་ལམ་ཞུགས་པས། །ཤ་ཁྲག་འདུས་བྱས་ཟད་པའི་འོད་གསལ་སྐུར། །ས་བཅུའི་མངོན་པར་རྟོགས་པ་ཡོངས་སུ་རྫོགས། ༧ །ཧྭ་རིའི་ཙནྡན་གསར་པའི་ནགས་ཀླུང་ལྟར། །ཨ་ཏི་ཁྲེགས་ཆོད་སྐྱེ་མེད་རབ་ཞིའི་དོན། །ཟུང་འཇུག་ཆོས་ཀྱི་ཐིག་ལེར་རོ་གཅིག་པས། །སྲིད་པའི་ལམ་དུ་དུབ་ཀུན་ངལ་བསོར་བསྟེན། ༨ །དེ་སྐད་ཁྱབ་བདག་༼ འཁོར་ལོའི་མགོན་པོ་ལ། །བསྟོད་ཚིག་ཉིན་བྱེད་གཞོན་ནུའི་འཁྲི་ཤིང་གིས། །སྐལ་བཟང་དད་པའི་ཆུ་སྐྱེས་རབ་བཞད་དེ། །ཕན་བདེའི་དགའ་སྟོན་མཆོག་ལ་སྤྱོད་པར་ཤོག ༩ །སརྦ་སིདྡྷིན།།

དཔལ་ལྡན་བླ་མ་མཆོག་ལ་བསྔགས་པའི་གཏམ་དད་པའི་གེ་སར།


JKT002_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་མཆོག་ལ་བསྔགས་པའི་གཏམ་དད་པའི་གེ་སར་ཞེས་བྱ་བ། ཀ་དམ་པ་ཅན་བླ་བྲེ་ལས་བྱུང་བའི། །ཁ་བའི་རྡུལ་བརྩེགས་ཁྲོད་ན་གནས་པའི་འགྲོ། །ག་ལ་བ་དེར་གཟིགས་ཏེ་མིག་མི་འཛུམ། །ང་ཅག་གདུང་སེལ་དམ་པར་བཞེངས་དེར་འདུད། ༡ །ཅ་ཅོའི་རླབས་ཕྲེང་རབ་ལྡན་འཁོར་བའི་ཆབ། །ཆ་མཐུན་བདེན་གཉིས་རིན་ཆེན་གྲུས་བརྒལ་ནས། །ཇ་ཆང་སྐྱེམས་ཀྱིས་མི་མཚོན་དབང་བཞིའི་རྒྱུན། །ཉ་རྒྱས་ཀུ་མུད་འཛུམ་


JKT002_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྩོལ་བར་མཛད། ༢ །ཏུ་རུའི་ཚེར་མ་ལྟར་རྣོ་རྟོག་ཚོགས་ཀྱིས། །ཐ་དད་དགྲ་གཉེན་བར་མ་འདུ་བྱས་ཏེ། །ད་ཀོ་བྱང་སེམས་གཞོན་ཤ་འབིགས་པའི་ཚེ། །ན་མར་མགོན་པོ་ཁྱོད་ཀྱིས་རྗེས་སུ་ཟུངས། །པ་སངས་བཞད་པའི་འོད་དཀར་ཇི་བཞིན་དུ། །ཕ་རོལ་ཕྱིན་ལམ་སྤྱོད་པར་འཇུག་བྱས་ཏེ། །བ་མོར་ཉི་བཞིན་གློ་བུར་འཁྲུལ་པའི་ཚོགས། །མ་བཅོས་ལྷན་སྐྱེས་ཆེན་པོར་ཞི་བར་མཛོད། ༤ ། ཙ་རི་ཏྲ་སོགས་གནས་ཡུལ་ཌཱ་ཀིའི་གྲོང་། །ཚ་གྲང་ཨ་ཧཾ་ཟུང་འཇུག་ལ་ཆགས་ཕྱིར། །ཛ་ལང་འབོད་དབྱངས་རོལ་མོས་འགུགས་བྱེད་པའི། །ཝ་ལྟར་ཉུལ་བའི་སྣང་སེམས་འཁོར་ལོར་བཅིངས། ༥ །ཞྭ་ཐོད་པདྨ་གསར་པའི་འཁྲི་ཤིང་དེར། །ཟ་ཧོར་རྒྱལ་པོའི་མཆོད་གནས་མཚོ་སྐྱེས་རྗེ། །འ་ཅག་བྱིན་གྱིས་བརླབ་ཕྱིར་རབ་བཞུགས་ཏེ། །ཡ་བྲལ་ལས་འདས་བདེན་གཉིས་དམ་ཆོས་སྟོན། ༦ །ར་ཧུ་ལ་དང་ཙ་ཏུ་རྨུ་ཁའི་འཁོར། །ལ་ཀླུང་རྒྱུ་ཞིང་འགྲོ་ལ་འཚེ་བ་ཀུན། །ཤ་ཟ་འབོད་སྒྲོག་རྒྱལ་པོ་པད་འབྱུང་གིས། །ས་བཅུའི་བཀའ་རྟགས་རྭ་བར་བཟླུམ་བཞིན་འདུལ། ༧ །ཧུ་ལ་ལྟ་བུའི་རྟོག་བྲལ་རང་རིག་པ། །ཚུ་ཨ་དོན་རྫོགས་པ་ཆེན་པོར་མཉམ་པ་བཅིང་། །ཧཾ་ཡིག་ག་བུར་བཞུ་བའི་ཆུ་རྒྱུན་གྱིས། །ཨ་ལ་ལ་སྟེ་དབུ་མའི་ཀུན་བཞད། ༨ །སྣ་ཚོགས་ཚིག་ཕྲེང་གང་ཤར་རྡོ་རྗེའི་གླུས། །གཏད་མེད་ཉམས་མྱོང་གསར་


JKT002_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགུགས་བྱས་པས། །རིང་པོར་མི་ཐོགས་འགྲོ་རྣམས་བརྒྱན་གྱུར་ཏེ། །ཕན་བདེའི་དགའ་སྟོན་མཆོག་ལ་རོལ་པར་ཤོག ༩ །ཨ་ཧོ་རྒྱལ་ཀུན་མཐོན་མཐིང་གཙུག་ཏོར་རྩེར། །ཨ་དར་ལྟར་རབ་དྭངས་མཁྱེན་བརྩེའི་དངོས། །ཨེ་མ་མགོན་པོ་གང་གི་ཞབས་བཀོད་པས། །ཨ་ཏིའི་ཤིན་ཏུ་བཀའ་དྲིན་དྲན་བཞིན་སླར་འདུད་དོ། ༡༠ །སརྦ་སུ་ཛ་ཀ་ཏྭཾ།།

མཁས་དང་གྲུབ་པའི་ཁྱུ་མཆོག་ལ་བསྔགས་པའི་གཏམ་ཟླ་བའི་འཁྲི་ཤིང་།


JKT002_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་དང་གྲུབ་པའི་ཁྱུ་མཆོག་ལ་བསྔགས་པའི་གཏམ་ཟླ་བའི་འཁྲི་ཤིང་ཞེས་བྱ་བ། ཀ་ཀུ་བྷ་ལྟར་སྒེག་པའི་མཆུ་སྒྲོས་ལས། །ཁ་བའི་རྡུལ་བརྩེགས་ཁྲོད་ན་གནས་པའི་འགྲོ། །གྲ་ལ་བ་དེར་ཕན་བྱེད་དམ་པའི་ཆོས། །ང་བདག་འཛིན་པའི་གཉེན་པོ་དག་ཏུ་སྩལ། ༡ །ཅ་ཅོའི་རླབས་ཕྲེང་བྲལ་ཀྱང་བདེན་གཉིས་རྒྱུན། །ཆ་ཙམ་མཚོན་བྱེད་ལེགས་བཤད་ཆར་རྒྱུན་ཏེ། །ཇ་ཆང་སྐྱེམས་ཀྱིས་མི་མཚོན་ལམ་གྱི་མཆོག །ཉ་ཟླ་ཆ་ཤས་གང་བའི་རྗེས་སུ་འགྲོ། ༢ །ཏུ་ལའི་ཕྲེང་བས་བསྐོར་བའི་དབེན་པའི་གནས། །ཐ་དད་འདུ་འཛི་བྲལ་བའི་ནགས་ཁྲོད་དེར། །ད་ལྟར་སྒྲུབ་པའི་དམ་བཅའ་རབ་བཟུང་སྟེ། །ན་མ་ལས་མ་དྷི་ལས་འདའ་མི་བགྱིད། ༣ །པ་ལ་ཤ་ཡི་ཡལ་འདབ་གསར་པ་དང་། །ཕ་རོལ་ས་འཛིན་མཛེས་བྱེད་པདྨོའི་ཚལ། །བ་མཆོག་འདོད་འཇོའི་ཀཱ་ལ་ཤི་བཞིན་དུ། །མ་ཆགས་ཚུལ་ཁྲིམས་མཆོག་གིས་རབ་ཏུ་སྒེག ༤ །ཙ་ན་སྣ་ཚོགས་འགྱུར་བའི་ཆོས་ཉིད་ཕྱིར། །ཚ་གྲང་ཁུར་བཟོད་


JKT002_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་དམ་བཅའ་དང་། །ཛ་ཡའི་བསྟན་ལ་སྨན་པའི་ལྷག་བསམ་ནི། །ཝ་ལྟར་ཀུན་ཏུ་ཉུལ་ཀྱང་ཡོངས་མི་གཏོང་། ༥ །ཞྭ་ཐོད་དར་གྱི་ཕོད་ཁ་བཅིངས་བྱས་ཏེ། །ཟ་འོག་གོས་སུ་བཀླུབས་པའི་འབྱོར་ལྡན་ཀྱང་། །འ་འུར་ནད་ཀྱི་ཕོ་ཉས་བཏབ་པའི་ཚེ། །ཡ་མཱནྟ་ཀའི་གདུང་བ་རབ་འཇིགས་ཕྱིར། ༦ །རཱ་མ་ཎ་ཡི་ཉག་ཕྲན་སྦྱོར་བ་ལྟར། །ལ་ཀླུང་འགྲོ་ཀུན་ཐར་པར་སྒྲོལ་བའི་སྙིང་། །ཤ་ཟ་ཁྲག་འཐུང་རྣམས་ཀྱིས་ཐོབ་མིན་ཏེ། །ས་བཅུ་ལྡོག་མེད་ཀློང་དུ་རྒྱ་ཡིས་བཏབ། ༧ །ཧ་ཅང་ཁྱོད་འདྲའི་མཁས་དང་གྲུབ་པ་ཡིས། །འཛམ་བུས་མཚན་པའི་ལྗོངས་འདིར་གང་གྱུར་ན། །ཨ་ལ་ལ་སྟེ་ད་དུས་སྙིགས་མ་འདིར། །དེ་འདྲའི་སྐལ་པས་ཕོངས་ཕྱིར་སྐྱོ་བའི་གནས། ༨ །འོན་ཀྱང་གང་གི་ཡོན་ཏན་ཨུཏྤལ་དཀར། །རབ་བསྔགས་ཟླ་ཤེལ་གསར་པའི་སོར་མོ་ཡིས། །བཟུང་སྟེ་དད་པའི་ཐོར་ཚུགས་རྩེ་མོ་རུ། །བཅིངས་པས་བདག་ཀྱང་སྐལ་བ་ཨེ་མ་སྦོམ། ༩ །སརྦ་ཛ་ཡནྟ། ༈ །།གནས་ལྔ་རིག་པའི་ཚུལ་ལ་མཁས་པའི་ཁྱུ་མཆོག་ཆེན་བོར་བསྔགས་པའི་གཏམ་ཨུཏྤལ་དོ་ཤལ་ཞེས་བྱ་བ། ཀ་ན་ཀ་ལྟར་མཁྱེན་པའི་གཟི་བྱིན་གྱིས། །ཁ་བའི་ཕྲེང་བས་བསྐོར་བའི་འགྲོ་བ་ལ། །ག་དར་དམ་པའི་ཆོས་ཀྱི་མཆོག་སྩལ་བས། །ང་བདག་འཛིན་པའི་གདུང་བ་ཅི་དགར་བཅིལ། ༡ །ཅ་ཅོ་བྲལ་བའི་འགོག་བདེན་དོན་དམ་ཆོས། །ཆ་མཐུན་ལམ་བདེན་སྡེ་


JKT002_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་རྣམ་བཞིའི་དོན། །ཇ་ཧོང་ལས་ལྡོག་ཐར་པའི་འོད་དཀར་ཅན། །ཉ་རྒྱས་ཟླ་འདྲའི་ལམ་མཆོག་རྨད་བྱུང་སྩལ། ༢ །ཏ་ཐཱ་ག་ཏས་ལེགས་གསུངས་ཕྱི་ནང་ཆོས། །མ་འདྲེས་མཁྱེན་པའི་ལང་ཚོས་རབ་སྒེག་ཕྱིར། །ད་ལྟ་འཇམ་དཔལ་གཞོན་ནུ་ལས་གཞན་པ། །ན་མར་ཁྱོད་ཀྱི་དོ་ཟླ་སུ་ཡིས་སྦོབས། ༣ །པ་སངས་ལྟ་བུའི་ཡན་ལག་བརྒྱད་ལྡན་ལམ། །ཕ་རོལ་འགྲོ་ཀུན་རྒྱུད་ལ་སྦྱོར་བ་ཡིས། །བ་མོར་ཉི་བཞིན་རྣམ་འགྱུར་བྲོ་ནད་ཚོགས། །མ་ལུས་བཅིལ་ཏེ་ཕན་བདེའི་ས་ལ་སྦྱོར། ༤ །ཙ་ཀོ་ར་ཚོགས་སྤྲིན་བཞིན་འདུ་བའི་གཞི། །ཚ་ཟེར་ཅན་གྱིས་བསྐྱེད་པའི་ཨུཏྤལ་ལྟར། །ཛ་ཡའི་བསྟན་པ་གསལ་བྱེད་བརྡ་སྤྲོད་རིག །ཝ་ལྟར་ཉུལ་མིན་མཁྱེན་པའི་སྟོབས་ཀྱིས་རྟོགས། ༥ །ཞྭ་རེངས་བྲལ་བའི་སོར་མོའི་ཟློས་གར་གྱིས། །ཟ་མ་ཏོག་ལྟར་ཕུན་ཚོགས་ཡོན་ཏན་གཏེར། །འ་ཅག་མཆོད་པའི་རྟེན་གྱུར་གསང་གསུམ་བཟོས། །ཡ་བྲལ་ཙམ་མིན་ཐམས་ཅད་མཁྱེན་པར་མཛད། ༦ །ར་ལྟར་འཁྲུལ་པའི་རྡུལ་གྱིས་མ་གོས་ཤིང་། །ལ་ལ་ཙམ་མིན་ཆོས་ཀུན་གཞལ་བའི་མཐུས། །ཤཱ་བ་རི་པས་ཐོགས་པའི་ཉག་ཕྲན་བཞིན། །ས་གསུམ་ལོག་པའི་རྟོག་གེའི་སྙིང་ལ་འབིགས། ༧ །ཧྭ་རིའི་དྲི་བསུང་འཐུལ་བའི་ཙནྡན་བཞིན། །ཐར་མཆོག་ལམ་གྱུར་གནས་ལྔ་རིག་པའི་གཟུགས། །ཨཱ་དན་ལྟར་ཁྱོད་ཀྱི་བློ་གྲོས་དེར། །གཅིག་ཅར་འཆར་བའི་


JKT002_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མཐའ་སུ་ཡིས་འཛིན། ༨ །དེ་སྐད་ལེགས་གསུངས་ཐེག་པའི་བཅུ་དྲུག་ཆ། །རྟག་ཏུ་སྙིང་ལ་ངལ་འཚོའི་འཛུམ་ཟེར་གྱིས། །ཐུན་མོང་རིག་ལམ་ཨུཏྤལ་དཀར་པོའི་ཚལ། །བཞད་མཛད་མཆོག་དེར་བསྔགས་པའི་སྤྲིང་ཡིག་གོ། ༩ །སརྦ་ས་མནྟ་ཤུ་བྷཾ།།

ངེས་དོན་གྲུབ་པའི་ཁྱུ་མཆོག་ལ་བསྔགས་པའི་གཏམ་ཟླ་གཞོན་འཛུམ་ཟེར།


JKT002_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན་གྲུབ་པའི་ཁྱུ་མཆོག་ལ་བསྔགས་པའི་གཏམ་ཟླ་གཞོན་འཛུམ་ཟེར་ཞེས་བྱ་བ། ཀ་དག་གཟོད་ནས་རབ་ཞི་ཐུགས་ཆུད་པས། །ཁ་བཤད་ནེ་ཙོའི་བཟླས་བརྗོད་དབྱིངས་སུ་ཡལ། །གངྒཱའི་རྒྱུན་ལས་ལྷག་པའི་ཏིང་ངེ་འཛིན། །ང་བདག་ཚ་གདུང་སེལ་ཕྱིར་ལྷག་པར་འབེབས། ༡ །ཅ་ཅོ་བྲལ་བའི་ཕྱག་རྒྱ་ཆེར་རོལ་ཅིང་། །ཆུ་བྱད་ཧེ་རུ་ཀ་ཡི་རོལ་པས་སྒེག ། ཇ་ཆང་ལོག་འཚོའི་རྫས་ཀྱང་བརྟུལ་ཞུགས་ཀྱིས། །ཉ་རྒྱས་ཀུ་མུད་རོལ་བཞིན་ལྷག་པར་མཛེས། ༢ །ཏ་ཐཱ་ག་ཏའི་སྙིང་པོ་འགྲོ་རྒྱུད་ལ། །ཐ་དད་བྲལ་བར་བཞུགས་ཕྱིར་ཡེ་ཤེས་སེམས། །ད་གཟོད་གཞན་ནས་འཚོལ་བའི་རྟོག་པ་ཀུན། །ན་མར་ཟུང་འཇུག་བདེ་ཆེན་ཆོས་སྐུར་རོལ། ༣ །པཱ་ར་མི་ཏ་དྲུག་ཀྱང་རིག་སྟོང་གཤིས། །ཕ་མཐའ་བྲལ་བའི་ཡེ་ཤེས་ལ་རྫོགས་པས། །བ་ལང་ལྟ་བུའི་རྨོངས་པའི་དགྲ་ཟླ་ཀུན། །མ་ལུས་སོར་རྟོག་ཤེས་རབ་དབྱིངས་སུ་རོལ། ༤ །ཙཱ་རི་ཏྲ་སོགས་ཕྱི་ནང་གནས་ཡུལ་ཀུན། །ཚ་གྲང་མཉམ་སྦྱོར་འཁོར་ལོ་ལྔ་རུ་ཤར། །ཛ་ཧུའི་རྒྱུན་ལྟར་ཞུ་བདེའི་རོས་སིམ་པས། །ཝ་ལྟར་ཉལ་བའི་


JKT002_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ཚོགས་དབྱིངས་སུ་ཐིམ། ༥ །ཞྭ་ཐོད་བྲལ་ཡང་རལ་པའི་ཟུར་ཕུད་བརྗིད། །ཟ་འོག་མིན་ཀྱང་གཏུམ་མོའི་བླ་གོས་གསོལ། །འ་འུར་སྣང་སེམས་ཟུང་འཇུག་བདེ་སྟོང་རོས། །ཡ་བྲལ་ལམ་ཀུན་གཞུག་མའི་ཏི་ལར་བསྡམ། ༦ །རཱ་ས་ན་ཞེས་ཐབས་ཀྱི་འཁྲི་ཤིང་དང་། །ལ་ལ་ན་སྟེ་ཤེས་རབ་རོལ་པ་ཀུན། །ཤ་ཁྲག་བྲལ་བའི་དབུ་མར་བསྡམས་པ་ཡིས། །ས་བཅུའི་ཡོན་ཏན་དགོངས་པའི་ཀློང་ནས་ཤར། ༧ །ཧྭ་རི་ནི་ས་ལས་སྐྱེས་ཌཱ་ཀི་ནི། །ཕྱག་རྒྱ་རྣམ་བཞིའི་ངོ་བོར་དགྱེས་རོལ་པའི། །ཨ་ཧཾ་ཟུང་འཇུག་འབར་འཛག་བདུད་རྩི་ཡིས། །མཚན་མའི་འཁྲུལ་ཆོས་ལྷན་སྐྱེས་དགའ་བཞིར་ཐིམ། ༨ །དེ་སྐད་གྲུབ་པའི་ཁྱུ་མཆོག་ཆེན་པོ་ལ། །བསྔགས་བརྗོད་ཆུ་ཤེལ་གསར་པའི་སོར་མོ་ཡིས། །དད་གསུམ་ཀུ་མུད་བཞད་པའི་འཛུམ་དཀར་དེས། །བདག་ཡིད་བདེ་སྟོང་མཆོག་གི་རོས་ཚིམ་ཤོག ༩ །སརྦ་ས་མནྟུ་ཤུ་བྷཾ།།

སྡེ་སྣོད་འཛིན་པའི་ཁྱུ་མཆོག་ཆེན་པོ་ལ་བསྔགས་པའི་གཏམ་དཔྱིད་ཀྱི་དཔལ་མོའི་གླུ་དབྱངས།


JKT002_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་སྣོད་འཛིན་པའི་ཁྱུ་མཆོག་ཆེན་པོ་ལ་བསྔགས་པའི་གཏམ་དཔྱིད་ཀྱི་དཔལ་མོའི་གླུ་དབྱངས་ཞེས་བྱ་བ། ཀིཾ་ཤུ་ཤ་ཡི་རྐང་འཐུང་འཁྲིགས་པའི་ཁྲོད། །ཁུ་བྱུག་མྱོས་པའི་གླུ་དབྱངས་སྒྲོག་པ་ལྟར། །གེ་སར་འདབ་མ་བཞད་པའི་མཆུ་སྒྲོས་ལས། །ངོ་མཚར་བདེན་པ་གཉིས་ཀྱི་དམ་ཆོས་སྤྲོ། ༡ །ཅི་ལྟར་བསླབ་པའི་སྡོམ་པ་གསུམ་གྱི་ཚོགས། །ཆུ་བོ་དལ་གྱིས་འབབ་པའི་རླབས་ཕྲེང་ལྟར། །ཇེ་ཞིག་སོང་ཡང་འགལ་བ་མི་མངའ་བར། །ཉོ་ཚོང་བགྱིས་


JKT002_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདོག་པ་བཞིན་དུ་བཟུང་། ༢ །ཏི་ལ་སྡེ་སྣོད་བཞི་པ་རྡོ་རྗེའི་ཐེག །ཐུན་མོང་མ་ཡིན་ངེས་གསང་མཐའ་དྲུག་རྒྱས། །དེ་དེའི་གསང་མཛོད་འགྲོལ་ལ་མི་འཇིགས་ཤིང་། །ནོ་པི་ཀ་ཡི་དོན་གྱི་སྙིང་པོ་རྙེད། ༣ །པི་ཝཾ་སྒེག་པའི་སོར་མོས་འཁྲོལ་བ་དང་། །ཕུ་ཆུ་ལྷུང་ལྷུང་འབབ་པའི་སྒྲ་དབྱངས་ལྟར། །བེའུ་རྫི་བོས་སྐྱོང་བཞིན་བྱང་ཆུབ་སེམས། །མོ་གའི་འཁྲི་ཤིང་ལྟ་བུར་ཉེས་ཚོགས་གྲོལ། ༤། ཙིཏྟའི་དྭངས་མ་ལྟར་གཅེས་སོ་སོར་ཐར། །ཚུ་རོལ་མཛེས་བྱེད་ངུར་སྨྲིག་བླ་གོས་བཅས། །ཛེ་ཏའི་ཚལ་ན་རོལ་པའི་དགྲ་བཅོམ་ཚོགས། །ཝ་ལྟར་སྐལ་ལྡན་ཚོལ་ཕྱིར་ཉུལ་བ་བཞིན། ༥ །ཞི་གནས་རྩེ་གཅིག་མཆོག་གི་ཏིང་འཛིན་རོ། །ཟུར་ཕུད་རྣམ་པར་བསྒྲེང་འདྲའི་ལྷག་མཐོང་བཅས། །འེ་ཞེས་མཐོང་བའི་བྱ་ལྟར་རབ་སྙན་ཀྱང་། །ཡོ་ལང་ཉོན་མོངས་འཁྲུལ་པའི་དགྲ་བོ་བཅིལ། ༦ །ར༔ཡིག་ལས་སྐྱེས་སྤུན་ཟླ་མ་ཡིན་ཀྱང་། །ལུ་མའི་ཆུ་མཚོར་དྭངས་བའི་ཟླ་རིས་ལྟར། །ཤེས་རབ་ཕ་རོལ་ཕྱིན་པའི་ཡེ་ཤེས་ནི། །སོ་སོར་མ་འདྲེས་རྟོགས་པས་ཐུགས་སུ་ཆུད། ༧ །ཧི་ཧིའི་གད་རྒྱང་སྒྲོག་པའི་འབྱུང་པོའི་སྡེ། ཧུར་ཐུམ་དྲག་པོའི་ནད་ཀྱི་ཕོ་ཉ་ཅན། །ཨེ་ལའི་འདབ་འདྲའི་གཞན་ཕན་གྱིས་འདུལ་ཕྱིར། །ཨོ་ཊི་བི་ཤའི་རིག་སྔགས་གྲུབ་པ་ཡིན། ༨ །དེ་སྐད་ལེགས་གསུངས་ཐེག་པའི་སྟོན་པ་མཆོག །བསླབ་གསུམ་


JKT002_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་བྱེད་གཞོན་ནུའི་ཐོར་ཚུགས་ཀྱིས། །ཕན་བདེའི་ཆུ་སྐྱེས་བཞད་པའི་དཔལ་ཡོན་ཅན། །ཐུན་མོང་མཆོག་གི་བདག་པོ་དེར་བསྔགས་སོ། །སརྦ་ས་མནྟ་སིདྡྷནཱ།།

སྡོམ་པ་གསུམ་གྱི་ངེས་པ་འབྱེད་པའི་གཏམ་ཀུནྡྲའི་འཁྲི་ཤིང་།


JKT002_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་གསུམ་གྱི་ངེས་པ་འབྱེད་པའི་གཏམ་ཀུནྡྲའི་འཁྲི་ཤིང་ཞེས་བྱ་བ། ཀ་ལ་པིངྐའི་རོལ་མོ་ལྟར་སྙན་པའི། །ཁ་ཙམ་མ་ཡིན་བདེན་གཉིས་དམ་པའི་ཆོས། །གངྒཱའི་རྒྱུན་ལྟར་རྟག་པར་སྩོལ་མཛད་པའི། །ང་ཅག་གདུང་སེལ་སྲས་བཅས་རྒྱལ་བར་འདུད། ༡ །ཅུ་ག་བག་ཡོད་སོ་ཐར་ཁྲིམས་ལ་བསྙེན། །ཆ་བྱད་ངུར་སྨྲིག་བླ་གོས་ལེགས་བགོས་ཏེ། །ཇ་སིག་རྟ་ནོར་སྒྱུ་མའི་རྫས་འཁོར་ལ། །ཉ་མོ་ལྕགས་ཀྱུའི་ཟིན་འདྲའི་ངེས་འབྱུང་བསྐྱེད། ༢ །ཏཱ་ལའི་ཡལ་འདབ་གསར་པའི་གདུགས་བཞིན་དུ། །ཐ་དད་སྡུག་བསྔལ་སྐྱོབ་འདོད་སྨོན་སེམས་དང་། །ད་ནས་བཟུང་སྟེ་ཕྱིན་དྲུག་ལམ་བསྙེན་ནས། །ན་མར་འཇུག་པའི་བསླབ་བྱ་ལ་གནས་བྱ། ༣ །པ་སངས་ལྟ་བུའི་དབང་བཞིའི་རྒྱུན་བཟང་པོ། །ཕ་མཐའ་མི་མངོན་རྡོ་རྗེ་ཐེག་པའི་ལམ། །བ་མོར་ཉི་བཞིན་ཉོན་མོངས་མྱུར་བཅོམ་ཕྱིར། །མ་ལུས་རྒྱུད་ལ་ཉེ་བར་བསྙེན་པར་བྱ། ༤ །ཙཱ་རི་ཏྲ་སོགས་གནས་ཡུལ་ཕྱག་རྒྱ་ཀུན། །ཚ་གྲང་ཨ་ཧཾ་རོལ་པའི་འཁོར་ལོར་འདུད། །ཛ་ཧུའི་རྒྱུན་ལྟར་རིམ་གཉིས་རྟག་བསྒོམས་ནས། །ཝ་ལྟར་ཉུལ་བའི་རླུང་སེམས་རྒྱུན་བཅད་བྱ། ༥ །ཞྭ་ཐོད་བཞིན་དུ་བླ་མ་སྤྱི་བོར་བཀུར། །ཟ་འོག་ལྟ་བུར་མ་


JKT002_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་དམ་ཚིག་སྲུང་། །འ་འུར་བྲལ་བའི་སྒོ་གསུམ་སྤྱོད་ཡུལ་ཀུན། །ཡ་བྲལ་ཙམ་མིན་ལྷ་སྔགས་ཆོས་སྐུར་རོལ། ༦ །རཱ་མ་ཎ་ཡི་སྙིང་སྟོབས་ཇི་བཞིན་དུ། །ལ་ལ་ཙམ་མིན་འཁྲུལ་པའི་འཁོར་བ་ལ། །ཤ་འི་བསམ་པ་ཀུན་ནས་རབ་བསླངས་ཏེ། །བ་བསངས་ཏེ། །ས་བཅུའི་ཀློང་དུ་སྒོལ་བའི་བསམ་སྦྱོར་བསྐྱེད། ༡ །ཧ་ལའི་འདམ་རྫབ་ལྟ་བུའི་འཁོར་བ་ཡང་། །ཐབས་མཆོག་ངེས་པའི་སྨན་གྱིས་ཟིན་གྱུར་ན། །ཨ་དོན་རྟོགས་པའི་ལང་ཚོ་རབ་རྒྱས་ཕྱིར། །ཉོན་མོངས་གང་ཤར་རང་གྲོལ་ཆེན་པོར་སྤྱོད། ༨ །དེ་སྐད་སྡོམ་པ་གསུམ་གྱི་བསླབ་བྱའི་དོན། །ཨཀྟ་ར་ཡི་གཟུགས་སུ་ཉེར་འཕོས་པའི། །ག་བུར་འཛིན་པ་བཞུ་བའི་ཆུ་རྒྱུན་གྱིས། །ཐར་པ་མཆོག་གི་ཀུན་བཞད་བར་ཤོག །སརྦ་སུ་ཛ་ག་ཏཾ།།

བསླབ་པར་བྱ་བའི་གཏམ་ཀུ་མུད་གསར་པའི་ཆུན་པོ།


JKT002_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པར་བྱ་བའི་གཏམ་ཀུ་མུད་གསར་པའི་ཆུན་པོ་ཞེས་བྱ་བ། ཀ་ཡེ་གསོན་དང་ཐར་པར་བརྩོན་པ་དང་། །ཁ་ཙམ་མ་ཡིན་དམ་ཆོས་སྒྲུབ་འདོད་ན། །གངྒཱས་འདྲེན་པའི་གསེར་གྱི་བྱེ་མ་ལྟར། །ང་བདག་འདུལ་བའི་ལམ་བཟང་བརྟན་པར་བྱོས། ༡ །ཅ་ཅོ་སྨྲ་བ་མང་པོ་གཡེང་བའི་རྒྱུ། །ཆ་ལུགས་བསླབ་པ་གསུམ་དང་མཐུན་པ་གཅེས། །ཇ་ཆང་ཉོན་མོངས་རོ་ལ་རབ་ཆགས་ཀྱང་། །ཉ་མོ་འདམ་གྱིས་བསྡམས་འདྲའི་སྡུག་བསྔལ་འབྱུང་། ༢ །ཏུ་རུའི་ཚེར་མ་ལྟར་རྣོ་ཚིག་རྩུབ་དང་། །ཐ་མལ་ཉོན་མོངས་འཁྲུལ་པའི་གཡེང་བ་དག །ད་ནས་བཟུང་


JKT002_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཀུན་ཏུ་བག་ཡོད་ཀྱི། །ན་མར་སྤངས་ལ་སྒོ་གསུམ་དགེ་བར་འབུངས། ༣ །པཱ་ར་མི་ཏ་དྲུག་པའི་སྙིང་པོ་ནི། །ཕ་རོལ་སྨན་པར་འདོད་པའི་བྱང་སེམས་ཏེ། །བ་ལང་ལྟ་བུའི་རྨོངས་པའི་དགྲ་ཟླ་ཡིས། །མ་དག་འཁོར་བར་བཅིངས་པར་མཁྱེན་འཚལ་ལོ། ༥ །ཙཱ་རུའི་ཞལ་ཟས་ལ་སོགས་མཆོད་པའི་རྒྱུ། །ཚ་གྲང་གདུང་བ་བཟོད་པར་རབ་བཞེངས་ཏེ། །ཛ་ཧུའི་རྒྱུན་བཞིན་ཐོག་མཐའ་བར་གསུམ་དུ། །ཝ་ལྟར་ཉུལ་ནས་སྐྱོན་རྣམས་བསལ་བར་བྱ། ༥ །ཞྭ་གོས་མཛེས་པར་རེར་ཡང་རྒྱགས་བའི་རྒྱུ། །ཟ་འོག་ཐག་ཏུ་བཏགས་ཀྱང་གཡེང་བའི་ལས། །འ་ཅག་ཕན་བར་མི་བགྱིད་དེ་ཡི་ཕྱིར། །ཡ་བྲལ་ལས་འདས་དབུ་མའི་དོན་ལ་བལྟ། ༦ །རྭ་ལྟར་མཐོ་བའི་རྒྱལ་སར་མ་སླེབས་ཀྱང་། །ལ་ཀླུང་ཉུལ་བའི་མུ་ཏོར་སླར་འགྱུར་ན། །ཤ་ཤཱ་ད་ནའི་རེག་བྱ་ལྟར་འཇམ་པའི། །ས་དང་ཕ་རོལ་ཕྱིན་པའི་ལམ་ལ་བསྙེན། ༧ །ཧ་ཅང་མི་འགྲུབ་བསྒྲུབ་པའི་དམ་བཅའ་བ། །ཨ་མཚར་ཙམ་དུ་མི་དགེར་ཕྱོགས་པ་ཡང་། །སོ་སོ་སྐྱེ་བོ་རྣམས་ཀྱི་ཁྱད་ཆོས་ཏེ། །ཐར་འདོད་དག་གིས་ཡུན་དུ་སྤངས་ན་ལེགས། ༨ །དེ་སྐད་བསླབ་པར་བྱ་བའི་ཟླ་ཤེལ་གྱིས། །མོས་ལྡན་ཐར་པའི་ཀུ་མུད་བཞད་པ་ལས། །ཕན་དང་བདེ་བའི་སྦྲང་རྩིའི་དོག་པ་ཡིས། །འགྲོ་ཀུན་སྲིད་ལས་ངལ་བསོ་བསྟེན་པར་ཤོག ༩ །སརྦ་མངྒ་ལཾ།།

དགེ་འདུན་འདུས་པའི་སྡེ་ལ་བསྔགས་པའི་གཏམ་ཆར་སྤྲིན་རོལ་མོ།


JKT002_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་འདུས་པའི་སྡེ་ལ་བསྔགས་པའི་གཏམ་ཆར་སྤྲིན་རོལ་མོ་ཞེས་བྱ་བ། ཀ་དམ་པ་ཅན་བསིལ་ཡབ་འཁྲིགས་པ་ལྟའི། །ཁ་དོག་མཛེས་པའི་འདུས་སྡེ་དམ་པ་ནི། །ག་བུར་འཛིན་པས་བསྐྱེད་པའི་ཨུཏྤལ་ལྟར། །ང་ཅག་སྙིང་དང་མིག་གི་བདུད་རྩིར་གྱུར། ༡ །ཅ་ཅོ་བྲལ་བའི་སྙན་པའི་དམ་ཆོས་དབྱངས། །ཆ་བྱད་ངུར་སྨྲིག་བགོས་པས་ལེགས་སྒྲོག་པ། །ཇ་ཆང་སྐྱེམས་ལས་ལྷག་པའི་སིམ་པ་ནི། །ཉ་རྒྱས་ཀུ་མུད་འཛུམ་ཕྲེང་དགོད་པ་བཞིན། ༢ །ཏཱ་ལའི་འཁྲི་ཤིང་གསར་པའི་བསིལ་ཡབ་དང་། །ཐ་དད་བསྟི་གནས་ཕོ་བྲང་མཛེས་པར་བཅས། །ད་གཟོད་མཐོང་ན་དགའ་བའི་བཀོད་པ་ནི། །ན་མར་ས་འཛིན་ཕྲག་པས་བསྟེན་པ་བཞིན། ༣ །པ་ལ་ཤ་ཡི་ཡལ་འདབ་ལྟར་སྒེག་པའི། །ཕ་རོལ་ཚུ་རོལ་མཛེས་པའི་ངུར་སྨྲིག་གོས། །བ་མཆོག་ཙིནྟ་མ་ཎིའི་རྗེས་འགྲོ་བའི། །མ་ལུས་དགོས་འབྱུང་དགེ་འདུན་རྣམས་ཀྱིས་བཟུང་། ༤ །ཙ་ན་བསོད་ནམས་འབྲས་བུ་རབ་འབྱུང་ཕྱིར། །ཚ་གྲང་གདུང་བ་སྐྱོབ་པའི་རྒྱ་ཕིབས་ནི། །ཛམྦུ་ནཱ་ད་ཞུན་མས་ལེགས་བྱུགས་པས། །ཝ་ལྟར་ཉུལ་བའི་འབྱུང་པོའི་ཡིད་ཀྱང་འཆིང་། ༥ །ཞྭ་མོ་ལས་གཞན་རལ་པའི་ཟུར་ཕུད་སྤངས། །ཟླ་འོག་ཇི་བཞིན་མ་འདྲེས་ཚུལ་ཁྲིམས་བསྲུང་། །འ་འུར་བྲལ་བའི་ཉེར་ཞིའི་བསམ་གཏན་ལ། །ཡ་བྲལ་ཙམ་མིན་རྟག་ཏུ་མཉམ་པར་འཇོག ༦ །རྭ་ལྟར་རེངས་པའི་བསམ་སྦྱོར་དང་བྲལ་ཞིང་། །ལ་ཀླུང་ཉུལ་


JKT002_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མུ་ཏོའི་ཚུལ་ཀྱང་མིན། །ཤ་ཆང་ལོག་འཚོ་སྤངས་པའི་དགེ་འདུན་སྡེར། །ས་བཅུའི་བྱང་སེམས་རྣམས་ཀྱང་དགྱེས་པའི་རྒྱུ། ༧ །ཧ་རིའི་དྲི་བསུང་འཐུལ་བ་བསླབ་པའི་གནས། །ཆེས་ཆེར་བསྲུང་བའི་མངོན་རྟགས་ཉིད་ཡིན་ན། །ཨ་ལ་ལ་ཞེས་ངོ་མཚར་གད་མོའི་སྒྲས། །ས་བླའི་ལྷ་རྣམས་ཕན་ཚུན་སྦྲན་པ་བཞིན། ༨ །དེ་ལྟར་བསྔགས་པར་འོས་པའི་ཡོན་ཏན་གཏེར། །རྒྱ་མཚོ་ཆེན་པོའི་མཐའ་དང་མཉམ་གྱུར་མོད། །འདི་ན་ཅུང་ཟད་བླངས་པའི་དགེ་བ་དེས། །རང་གཞན་ཐར་པའི་མྱུ་གུ་འཕེལ་བར་ཤོག ༩ །སརྦ་སིདྡྷ།།

ནགས་ཚལ་ལ་བསྔགས་པའི་གཏམ་ཨུཏྤལ་ཆུན་པོ།


JKT002_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ཚལ་ལ་བསྔགས་པའི་གཏམ་ཨུཏྤལ་ཆུན་པོ་ཞེས་བྱ་བ། ཀཎི་ཀ་ཡི་ཡལ་འདབ་གསར་པ་ལྟར། །ཁ་དོག་མཛེས་པའི་རྐང་འཐུང་གཞོན་ནུའི་ཁྲོད། །ག་བུར་འཛིན་པའི་བསིལ་ཡབ་དང་ལྡན་པས། །ང་ཅག་གདུང་བ་སྐྱོབ་པའི་བདུད་རྩིར་གྱུར། ༡ །ཅ་ཅོ་བྲལ་བའི་ཁུ་བྱུག་ཕོ་མོའི་གླུས། །ཆ་མཐུན་ངེས་འབྱུང་སྐྱེ་བོའི་རོལ་མོ་དང་། །ཇ་ཆང་བཏུང་བས་མི་མཚོན་འབྲས་བུའི་ཚོགས། །ཧུ་ཟླ་ཇི་བཞིན་ལང་ཚོ་རྫོགས་པས་གང་། ༢ །ཏ་ལའི་ཕྲེང་བ་དཀྲིགས་པའི་བར་བར་ན། །ཐུ་དད་རི་དྭགས་ཁྱོ་ཤུག་གར་བྱེད་ཅིང་། །ད་ཀོ་མཉན་པར་འོས་པའི་ལྷུང་ལྷུང་སྒྲ། །ན་མར་འབབ་ཆུའི་རྒྱུན་གྱིས་མངོན་པར་སྒྲོགས། ༣ །པ་ལ་ཤ་ལྟར་ཡལ་འདབ་མཛེས་པའི་ངོགས། །ཕ་རོལ་རྒྱན་གྱུར་ཨུཏྤལ་གསར་པའི་ཚོགས། །


JKT002_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀུ་ལ་ཡི་འདབ་རྒྱ་ཇི་བཞིན་དུ། །མ་ལུས་ཉིན་མོར་བྱེད་པའི་རྩེ་དགར་རོལ། ༤ །ཙཱ་རི་ཏྲ་སོགས་ཌཱ་ཀིའི་གྲོང་ཁྱེར་ཀྱང་། །ཚ་གྲང་ཁུར་བཟོད་ལས་གཞན་བགྲོད་པར་དཀའ། །ཛ་ཧུའི་རྒྱུན་བཞིན་ཞི་ལ་གཞོལ་འདོད་རྣམས། །ཝ་ལྟར་བས་མཐའི་ནགས་ཁྲོད་དམ་པར་ཉུལ། ༥ །ཞྭ་ཐོད་མིན་ཀྱང་ལྗོན་པའི་བསིལ་ཡབ་གཡོབ། །ཟ་འོག་བྲལ་ཀྱང་ཤིང་ཤུན་ཁང་བཟང་དང་། །འ་འུར་སྤངས་པའི་འདབ་ཆགས་སྒེག་མོའི་གྲོགས། །ཡ་བྲལ་ཙམ་མིན་རྟག་ཏུ་འགྲོགས་པར་བདེ། ༦ །ར་ལྟར་མཐོ་བའི་རྒྱལ་ས་ལས་ལྡོག་པའི། །ལ་ཀླུང་འདུ་འཛི་བྲལ་བའི་དབེན་གནས་དེར། །ཤ་ཆང་ལོག་འཚོ་སྤངས་པའི་དྲང་སྲོང་རྣམས། །ས་ལའི་འཁྲི་ཤིང་རྩ་བར་ངལ་འཚོར་གྱུར། ༧ །ཧྭ་རིའི་ཙནྡ་དྲི་ཡིས་བུང་བ་ཀུན། །སྤྲིན་ལྟར་བསྡུ་བའི་གྲགས་པ་ཆེས་གསལ་ལྟར། །ཨ་དོན་སྐྱེ་མེད་རྟོགས་པའི་རྣལ་འབྱོར་རྣམས། །དབེན་པར་ཞུགས་ན་རིག་འཛིན་ཌཱ་ཀི་འདུ། ༨ །གང་ལ་ཕྱོགས་པའི་ཡིད་ཀྱི་གོམ་བདུན་ཀྱང་། །གསེར་སྲང་ལྔ་བརྒྱའི་ལྗིད་ལས་ཆེས་ཐལ་བའི། །ཚོགས་གཉིས་འབྲས་བུ་བདེན་པར་གསུངས་པའི་ཕྱིར། །རྗེས་མཐུན་བསྔགས་པའི་རོལ་མོ་འདི་དཀྲོལ་ལོ། ༩ །དགེ་བ་འདི་ཡིས་ཚེ་འདིར་ཞི་བའི་ལམ། །གཅིག་ཅར་འགྲུབ་པའི་སྐལ་བ་མངོན་བྱས་ཏེ། །མ་རྣམས་སྲིད་པའི་མཚོ་ལས་སྒྲོལ་བ་ཡི། །སྙིང་རྗེའི་དེད་དཔོན་མཆོག་ཏུ་བདག་འགྱུར་ཤོག ༡༠ །སརྦ་སིདྡྷ།།

བོད་ཡུལ་གྱི་རྡོ་རྗེའི་གནས་ཆེན་དག་ལ་བསྔགས་པའི་གཏམ་ཌཱ་ཀི་དགྱེས་པའི་རོལ་མོ།


JKT002_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཡུལ་གྱི་རྡོ་རྗེའི་གནས་ཆེན་དག་ལ་བསྔགས་པའི་གཏམ་ཌཱ་ཀི་དགྱེས་པའི་རོལ་མོ་ཞེས་བྱ་བ། ཀ་དམྦ་ཅན་རྔ་ཡབ་ཀྱིས་འཐོར་བའི། །ཁ་བའི་རྡུལ་བརྩེགས་ཀེ་ལ་ཤ་རིའི་སྤོར། །ག་བུར་འཛིན་པ་གསར་པའི་ལང་ཚོ་ཅན། །ང་ཅག་གདུང་སེལ་ཌཱ་ཀིའི་ཚོགས་རྣམས་འདུད། ༡ །ཅ་ཅོ་བྲལ་བའི་མགྲིན་པའི་ཏམྦུ་ར། །ཆ་མཐུན་གསང་སྔགས་གླུ་རུ་འཇོ་བ་ཡིས། །ཇ་ཧོང་ལས་ལྡོག་ངེས་གསང་ཐེག་པའི་ལམ། །ཉ་རྒྱས་ཟླ་བཞིན་རྣལ་འབྱོར་རྣམས་ལ་སྩལ། ༢ །ཏུ་ལའི་ཕྲེང་བས་བསྐོར་བའི་ས་འཛིན་དང་། །ཐ་དད་བྲག་རིའི་ཁང་བཟང་ཉམས་དགའ་བ། །ད་གཟོད་མ་ཡིན་གྲུབ་པ་མཆོག་རྣམས་ཀྱིས། །ན་མར་རྡོ་རྗེའི་གནས་སུ་བྱིན་གྱིས་བརླབས། ༣ །པ་སངས་སྤྲིན་བྲལ་མཁའ་ལ་ཆས་པ་ལྟའི། །ཕ་མཐའ་མི་མངོན་གསང་བ་གསུམ་གྱི་རྟེན། །བ་མཆོག་དཔག་བསམ་ཤིང་དང་ནོར་བུ་ལྟར། །མ་ལུས་འགྲོ་བའི་རེ་འདོད་བསྐང་ཕྱིར་གནས། ༤ །ཙ་རི་ཏྲ་དང་གངས་ཅན་ལྷུན་པོ་སོགས། །ཚ་གྲང་ཁུར་དུ་བཟོད་པས་བགྲོད་བྱས་ན། །ཛ་ཏིའི་མེ་ཏོག་དར་བའི་མཛེས་སྡུག་ལྟར། །ཝ་བཞིན་ཉུལ་བ་འབྲེལ་ཚད་དོན་གྱིས་ལྕི། ༥ །ཞྭ་ཐོད་ཁ་བའི་རྡུལ་གྱིས་རབ་འཆིང་ཞིང་། །ཟ་འོག་ལྟར་བཀྲའི་པདྨོ་གསར་པས་མཛེས། །འ་ཅག་སྙིང་ལ་སིམ་པ་སྟེར་བྱེད་ཅིང་། །ཡ་མཚན་རྨད་བྱུང་བཀོད་


JKT002_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྣ་ཚོགས་སྟོན། ༦ །རཱ་ཧུ་ལ་དང་ཙ་ཏུམུ་ཁ་སོགས། །ལ་ཀླུང་ངེས་མེད་སྒྲུབ་པའི་གནས་མཆོག་དེར། །ཤ་ཁྲག་རྐྱེན་གྱིས་མ་བསྐྱེད་སྣང་སྟོང་གཟུགས། །ས་བཅུའི་ཀློང་ནས་ཐོགས་མེད་རོལ་གར་བསྒྱུར། ༧ །ཧ་ཧའི་གད་མོ་འབྱིན་པའི་འབྱུང་པོའི་སྡེ། །སྤྲུལ་པའི་ཞིང་དེར་གནས་པའི་སྐྱེ་འགྲོ་ལ། །འཚེ་བར་མི་བགྱིད་རྣལ་འབྱོར་ཚོགས་རྣམས་ཀུན། །ཨ་དོན་སྐྱེ་མེད་རྟོགས་པའི་བོགས་འདོན་སྩལ། ༨ །ཀུན་ཏུ་བྱིན་གྱིས་བརླབས་པའི་གནས་ཀྱི་མཆོག །མཆོག་གི་དངོས་གྲུབ་སྒྲུབ་པའི་ཁང་བཟང་དེར། །དེ་བཞིན་ཉིད་དང་རྣལ་འབྱོར་གཉིས་ཀྱི་དོན། །དོན་སྒོམ་རྟོགས་པའི་ལང་ཚོ་རྒྱས་པར་མཛད། ༩ ། བྷོ་ཊའི་ཡུལ་འདིར་གྲངས་མེད་གྲུབ་པའི་སར། །བྱིན་གྱིས་བརླབས་པའི་ངོ་མཚར་མཐོང་གྱུར་ནས། །བསྟོད་པའི་སྦྱོར་བ་རབ་སྙན་མུ་ཏིག་གི །ཕྲེང་བ་འདིས་ཀྱང་འགྲོ་ཀུན་དགའ་བསྐྱེད་ཤོག ༡༠ །གཙུག་ཕུད་ཐིག་ལེས་སྒེག་པའི་རྨ་བྱ་དང་། །སྤྲིན་སྒྲས་བསྐུལ་པའི་ཟློས་གར་ཇི་བཞིན་དུ། །རབ་ཏུ་དད་པའི་དབང་གྱུར་བདག་གི་ཡིད། །ཐར་པ་མཆོག་གི་ཨུཏྤལ་བཞད་སྙམ་བགྱིད། ༡༡ །དེས་ན་མཐུ་དེར་བརྟེན་པའི་ཨུ ་དགེ་བའི་ཚོགས། །རབ་དཀར་དུང་དང་པད་རྩའི་རྗེས་འགྲོ་བ། །འདིས་མཚོན་ལེགས་བྱས་དགེ་བའི་ཕུང་པོ་ཀུན། །འགྲོ་རྣམས་ཐར་པའི་གོ་འཕང་འཁྲིད་ཕྱིར་བསྔོ། ༡༢།།

ནགས་ཚལ་གྱི་གཏམ་གཞི་ལམ་འབྲས་བུའི་སྣང་བྱེད།


JKT002_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ཚལ་གྱི་གཏམ་གཞི་ལམ་འབྲས་བུའི་སྣང་བྱེད་ཅེས་བྱ་བ། རང་བྱུང་རིག་པའི་ཀློང་སྤྲོས་པ་དང་བྲལ་བ་ལ་ཕྱག་འཚལ་ལོ། །དེ་ཡང་ནགས་ཚལ་མཐོང་ན་དགའ་ཞེས་བྱ་བ་ན། སྤང་ལྗོངས་གསེར་གྱི་མཎྜལ་ཕྱིས་པ་ལྟ་བུའི་ངོགས་སུ། འབབ་ཆུ་སྣ་ཚོགས་ལྷུང་ལྷུང་དུ་འབབ་ཅིང་གཞོལ་བ་ཕྱོགས་མཚམས་ཀུན་ཏུ་རི་དྭགས་རྣམས་བག་ཕབ་པར་རྒྱུ་ཞིང་ཕན་ཚུན་གཅིག་ཏུ་རྩེ་བ། ལྷའི་བྱ་ཚོགས་བཞིན་རས་པུཎྜ་རཱི་ཀའི་ཆུན་པོ་ལ་ཡན་ལག་པདྨའི་སྣལ་མ་ལྟར་ཕྲ་བ། སྤུ་སྡུག་ཨུཏྤལ་གསར་པ་ལྟར་མཛེས་ཤིང་། མགྲིན་པའི་སྒྲ་སྐད་དྲི་ཟའི་གླིང་བུ་ལྟར་མཉན་ན་ཆོག་མི་ཤེས་ཤིང་ཡིད་དུ་འོང་བར་སྒྲོག་པ་དང་། དེ་བཞིན་དུ་སྦྲང་རྩིའི་བཅུད་ཀྱིས་མྱོས་པའི་བུང་བ་གཞོན་ནུ་སྙན་པའི་གླུ་དང་། དགའ་བའི་གཤོག་རླབས་བསྒྱུར་བ་སོགས་དབེན་པའི་གནས་ཤིན་ཏུ་ཕུན་སུམ་ཚོགས་ཤིང་ཡིད་དུ་འོང་བ་ཞིག་ཡོད་དོ། །དེར་ཐབས་གཅིག་ཏུ་རང་བྱུང་སྒྱུ་མའི་རྣལ་འབྱོར་པ་ཡུལ་སྣང་བརྡ་དང་དཔེ་ཆར་ཤར་ཞིང་། ཀུན་རྟོག་ལྷའི་ཕྱག་རྒྱར་རྩལ་རྫོགས་པས་དག་པའི་འཁོར་ལོ་འབྱམས་སུ་ཀླས་པར་ཤར་བའི་རིག་པའི་ཟླ་བ་ཞེས་བྱ་བ་ཞིག་ལྷགས་པ་ན། ལྷའི་བྱ་དྲིལ་བུའི་སྒྲ་ཅན་བྱ་བ་ཞིག་གིས། སྣང་བ་འདི་ནི་ཀུན་ཏུ་བརྟགས་པ་སྟེ། །གཞན་དབང་འཁྲུལ་པར་སྤྱོད་བཞིན་སྲེད་པ་འཕེལ། །ཡོངས་གྲུབ་རིག་པའི་ཟླ་བའི་ངོ་བོ་ཉིད། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན། །ཞེས་བསྐུལ་


JKT002_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་རིག་རྩལ་གྱི་ཉམས་ལྷག་པར་འབར་ཏེ། བདེ་སྟོང་ཆུ་འཛིན་སྤྲིན་སྐྱེས་གཞོན་ནུའི་དབྱངས་རྟ་ལ་དྲངས་ཏེ་འདི་སྐད་ཅེས་བཞེངས་སོ། །ཨེ་མ་ཧོ། རྟག་པ་མ་ཡིན་ངོ་བོ་སྤྲོས་པ་བྲལ། །ཆད་པ་མ་ཡིན་རང་བཞིན་འགག་པ་མེད། །ཐ་དད་མ་དམིགས་གང་ཤར་རང་ངོར་གྲོལ། །སྣང་བའི་ངོ་རུ་སྣ་ཚོགས་སྣང་བ་ཀུན། །འདུས་པའི་འཁོར་ལོར་འབྱམས་སུ་ཀླས་བ་ཉིད། །རིག་པའི་གཤིས་སུ་དེར་འཛིན་མ་གྲུབ་པས། །སོར་རྟོག་ཤེས་རབ་རྩལ་ལས་སྣ་ཚོགས་ཤར། །འདི་ན་རྣམ་པར་བཀོད་པའི་ས་གཞི་དང་། །ནགས་ཚལ་སྨན་ལྗོངས་དྲྭ་བས་མཛེས་བྱས་ཤིང་། །རྩྭ་ལྗང་མྱུ་གུ་སྔོན་མོའི་རེག་བྱ་ལ། །ཡིད་འོང་པདྨ་གསར་པའི་ཐིག་ལེ་གཡོ། །ལྷུང་ལྷུང་དལ་གྱིས་འབབ་པའི་སྒྲ་སྐད་ལས། །མཉན་ན་ཆོག་མི་ཤེས་པའི་གླིང་བུ་དང་། །འདབ་ཆགས་རི་དྭགས་བག་ཕེབས་རབ་ཏུ་རྩེ། །སྦྲང་རྩིས་མྱོས་པའི་བུང་བ་གཞོན་ནུ་སོགས། །ངོ་མཚར་བཀོད་པ་རྣམ་པར་བཀྲ་བ་ཡང་། །ཕྱི་ལྟར་ཐ་དད་གཟུགས་ཀྱི་མཚན་མ་དང་། །ནང་ལྟར་རྡོ་རྗེའི་གླུ་ཡི་ངོ་བོ་ཉིད། །གསང་བ་ཡེ་ཤེས་ཆེན་པོའི་སྙིང་པོ་ཅན། །ལུགས་འབྱུང་སྲིད་པར་འཁྲུལ་པའི་བག་ཆགས་ནི། །ལུགས་ལྡོག་དག་པའི་རྩལ་མཆོག་འབའ་ཞིག་གོ །ཞེས་ཆེད་དུ་བརྗོད་མ་ཐག་ཏུ། བེམ་པོའི་ངང་ཚུལ་དག་ཀྱང་བདེ་ཆེན་གྱི། །རྣམ་པ་བྲལ་བའི་མཛེས་མས་འཁྱུད་པ་ལས། །


JKT002_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཅས་བདེ་སྟོང་ཡེ་ཤེས་ཆེན་པོའི་སྒྲ། །ཆོས་ཁམས་རྒྱ་མཚོར་སྨིན་པ་འདི་ལྟར་རོ། །ལྗོན་ཤིང་གི་རྩ་བ་ནས་འདུས་པའི་ཁྲིམས་ཀྱི་གཞི་རྣམ་པར་དག་པའི་གླུ་འདི་བྱུང་ངོ་། །ཨེ་མ། དམ་ཆོས་ཀུན་གྱི་དེ་ཉིད་འདི་ཡིན་ཏེ། །ལམ་དང་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་ཅིང་། །བཅུ་བདུན་བླང་བྱའི་སྙིང་པོ་དང་ལྡན་པ། །འདུལ་ཁྲིམས་རྒྱ་མཚོའི་རྩ་བ་ཡིན་ཕྱིར་རོ། །ལོ་འདབ་དྲི་བཞོན་གྱིས་བསྐུལ་བ་ལས་སྲུང་སྡོམ་ལམ་གྱི་སྒྲ་#འདི་བྱུང་ངོ་། །གཞན་གནོད་གཞིར་བཅས་ཡོངས་སུ་སྤངས་པ་ཡི། །ཉིས་བརྒྱ་ལྔ་བཅུའི་ཁྲིམས་ཀྱི་མངོན་རྟོགས་ནི། །སྲིད་ལས་ངེས་པར་འབྱུང་བའི་གྲིབ་བསིལ་ཅན། །རིགས་བདུན་འདུལ་བའི་ལོ་འདབ་རབ་ཏུ་གཡོ། །མེ་ཏོག་དང་འབྲས་བུ་ལས་དྲི་བསུང་དང་འགྲོགས་པའི་འབྲས་བུའི་སྒྲ་འདི་བྱུང་ངོ་། །བསླབ་བྱ་ངེས་པར་སྤྱད་པའི་སྙིང་པོ་ནི། །འཁོར་བའི་དགྲ་བཅོམ་མེ་ཏོག་མདའ་ཅན་འཇོམས། །ཞི་བསིལ་ལྷ་མིར་བཅས་པས་བསྟེན་བྱའི་ཡུལ། །འབྲས་བུ་སྲིད་ལས་རྣམ་པར་གྲོལ་བའོ། །མེ་ཏོག་གི་རྩ་བ་ནས་བྱང་སེམས་ཀྱི་ངེས་པའི་གཞི་སྟོན་པར་བྱེད་པའི་སྒྲ་འདི་བྱུང་ངོ་། །གཞན་ཕན་ཀུནར་ཆགས་པའི་ཟླ་ཟེར་ཡང་། །ངོ་བོ་སྟོང་པ་ཉིད་ལས་རབ་སྐྱེས་ཤིང་། །དོན་གྱིས་སྲིད་ཞི་མཉམ་པར་སྦྱོར་བའི་ཕྱིར། །ཚད་མེད་བཞི་ཡི་རྩ་བ་ཉིད་ཡིན་ནོ། །ལོ་འདབ་ཀྱི་འཕྱང་འཕྲུལ་རྣམ་པར་གཡོ་བ་ལས་སྨོན་འཇུག་ལམ་གྱི་


JKT002_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་སུ་བཅད་པ་འདི་དག་བྱུང་ངོ་། །སྨོན་པ་བདག་གཞན་མཉམ་བརྗེ་གཅེས་པ་སྟེ། །འགྲོ་ཀུན་དུས་གསུམ་དྲིན་དང་ལྡན་བའི་ཕྱིར། །སྲོག་ཀྱང་འདོར་ཕོད་སྙིང་སྟོབས་བསམ་པ་ནི། །ཤིན་ཏུ་བརླིང་བར་བྱས་པའི་ཡལ་ག་ལ། །ཆོས་དང་ཟང་ཟིང་མི་འཇིགས་སྦྱིན་པའི་ལམ། །སྤང་འཇུག་གཞན་ཕན་ཚུལ་ཁྲིམས་ཕ་རོལ་ཕྱིན། །གནོད་དང་ཆོས་དང་ཆོས་ཉིད་ཟབ་མོ་བཟོད། །དགེ་ལ་སྤྲོ་བཞིན་རབ་འཇུག་མི་ཞུམ་བརྩོན། །ཞི་ལྷག་ཟུང་འབྲེལ་མཉམ་ཉིད་ཏིང་འཛིན་བསྒོམ། །ཐོས་བསམ་སྒོམ་པའི་ཤེས་རབ་ཟབ་མོ་བསྐྱེད། །དེ་ལྟར་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ། །གཅིག་ཏུ་བརྩོན་པའི་ལོ་འདབ་རབ་གཡོ་བར། །རང་གཞན་འཁོར་བའི་ཚ་གདུང་སེལ་བར་བྱེད། །ཅེས་སོ། །ཡང་འབྲས་བུ་ལ་ཟུང་འཇུག་གི་གོ་འཕང་སྟོན་ཕྱིར་འདི་སྐད་ཅེས་བྱུང་ངོ་། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ལ་ཆགས་པའི། །འབྲས་བུ་ཚོགས་གཉིས་ཟུང་འཇུག་ངོ་བོ་ཡིས། །ཆོས་དང་གཟུགས་སྐུའི་རང་བཞིན་ཐོབ་བགྱིད་པ། །བྱང་ཆུབ་སྤྱོད་པ་རྒྱ་མཚོའི་ནོར་བུ་ཡིན། །ཞེས་སོ། །དེ་ཡི་ཚེ་དྲེགས་པས་མྱོས་པའི་བུང་བ་གཞོན་ནུ་དག་སྦྲང་རྩིའི་བཅུད་ལ་རོལ་བཞིན་པར་གཟུངས་སྔགས་རྡོ་རྗེ་ཐེག་པའི་གཞིའི་གནད་གསང་སྟོན་པའི་གླུ་འདི་སྐད་ཅེས་བླངས་སོ། །འཁོར་འདས་གང་དུའང་མ་གྲུབ་གཞི་ཡི་དངོས། །འཁྲུལ་གྲོལ་ལས་འདས་ཀུན་བྱེད་མེ་


JKT002_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ངོགས། །སྣ་ཚོགས་སྣང་བའི་འཆར་སྒོ་གཉིས་འཛིན་དུ། །བཟུང་བས་མཐའ་མེད་འཁོར་བའི་རྒྱ་མཚོ་བྱུང་། །དེ་ཉིད་རང་ངོར་རིག་པའི་སྐད་ཅིག་མར། །ཁྱད་ཆོས་དྲུག་ལྡན་ཀུན་ཏུ་བཟང་པོའི་ཀློང་། །མངོན་པར་བྱང་ཆུབ་སྲིད་ཞི་ཡོངས་ཀྱི་དཔལ། །ཕཊ། བཀྲ་ཤིས། ཧ་ཧ་ཧ་སྐྱགས་གཏད་མེད་བྷོ། །སྣོད་བྷོ། ཡག་བྱོ།།

བཤེས་གཉེན་ལ་སྤྲིང་བའི་གཏམ་ཐེག་པའི་འཁྲི་ཤིང་།


JKT002_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་ལ་སྤྲིང་བའི་གཏམ་ཐེག་པའི་འཁྲི་ཤིང་ཞེས་བྱ་བ། འཇིགས་བྲལ་འགྱུར་བདེའི་མཐའ་ལས་འདས་པའི་ཟུང་འཇུག་འཕོ་མེད་ཆུ་སྐྱེས་གསར། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཉིན་བྱེད་འཛུམ་པའི་རྟགས་ཀྱི་སོར་མོ་ཡིས། །ཉེར་ཕྱེད་དེ་ཚེ་རྣམ་ཀུན་མཆོག་ལྡན་འཁྱུད་རྒྱས་རོལ་པའི་བཅུད་ལེན་ཅན། །མཚུངས་བྲལ་བཤེས་གཉེན་སྲིད་དང་ཞི་བའི་ཐོར་ཚུགས་རྩེ་མོར་རྒྱལ་གྱུར་ཅིག ༡ །གཙུག་ཏོར་དྲྭ་བ་མཛེས་པའི་དོག་པ་རྣམ་པར་བྲལ་ཡང་སོར་མོ་ཡིས། །དེ་མཚོན་གདེངས་ཀ་གྱེན་དུ་ཕྱོགས་པའི་ཨུཏྤལ་དམར་པོའི་དཔེ་ཟླ་ཅན། །རབ་གུས་གདུང་བའི་ཡིད་ཀྱི་དབང་གྱུར་ཉེ་བར་གསོལ་བའི་ཚིག་གི་ཕྲེང་། །སྙན་པ་བྲལ་མོད་རང་བཞིན་ཉིད་དུ་དད་པས་བརྗོད་འདི་དོན་གྱིས་ལྕི། ༢ ། ཟླ་བའི་ཐོད་ཅན་འཛུམ་ཟེར་རལ་པ་བདེ་འབྱུང་དབང་པོའི་མཐུ་མ་ཡིན། །ཚུལ་མིན་མྱོས་ལྡན་མཚམས་སྤྲིན་བཞིན་མདངས་འདོད་འགྲོའི་འཇོ་སྒེག་གིས་བསླུས་མིན། །དེ་ལྟར་ན་ཡང་སྔོན་སྨོན་གྱིས་བསྐྲུན་བློ་གྲོས་


JKT002_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ལྡན་དེ་དབང་དུ། །སོང་བ་གང་ཞིག་བདེན་པ་གཉིས་ཀྱི་ཆོས་ཚུལ་རྒྱ་མཚོའི་སྙིང་པོ་ཉིད། ༣ །བཅད་ལྷུག་སྤེལ་བའི་ཉམས་བརྒྱས་རབ་སྒེག་སྙན་པར་སྨྲ་བའི་འཛམ་བུའི་ཤིང་། །རང་བཞིན་རྐྱེན་དང་རྣམ་འགྱུར་གྱིས་མཚོན་འབྲས་བུར་སྨིན་པའི་དོག་པ་ནི། །བསྒྱུར་བགོད་འཕྲི་བསྣན་རི་མོའི་འགྲོས་ལྡན་མ་དྲོས་རླབས་ཀྱིས་བཟུང་བ་ལས། །རིག་པའི་གནས་ཀུན་སྨྲ་བའི་ཁྱུ་མཆོག་སུདྨཎ་ཡི་དཔེ་ཟླར་བསྒྲུབས། ༤ །གང་ན་སྤོང་བདུན་འཁོར་བཅས་ཆུ་གཏེར་བསྲུབས་ལས་འཐོན་པའི་རིག་གྲོལ་ཟླ། །བཅས་དང་རང་བཞིན་དོན་ལ་མི་འགལ་ངེས་པར་འབྱུང་བའི་རི་དྭགས་ཅན། །སྲིད་པའི་སྡུག་བསྔལ་ཁོང་བུར་དབུགས་འབྱིན་ཞི་བདེའི་ངལ་བསོའི་འཛུམ་ཟེར་གྱིས། །འཇུག་སྒོ་ཐོག་མའི་ཀུནྡཱའི་འབབ་སྟེགས་ཡོངས་སུ་ཕྱེ་ཕྱིར་ལྷགས་པ་བཞིན། ༥ །ཡིད་ནི་གཞན་ལ་ཕན་པའི་འཁྲི་ཤིང་དམ་པ་ཉིད་དུ་ཆགས་པ་ལས། །སྨོན་འཇུག་སེམས་ཀྱི་པདྨ་དཀར་པོའི་ལ་ཐོད་མཛེས་པའི་བསིལ་ཡབ་དེས། །དམན་པའི་བློ་ཅན་སྲས་བཅས་རྒྱལ་བའི་གྲིབ་བསིལ་མཆོག་ཏུ་དེས་སྦྱར་ཏེ། །ཆེན་པོ་བདུན་ལྡན་ཐེག་པའི་དྲྭ་བར་ངལ་བསོའི་དབུགས་རབ་འབྱིན་བར་གྱུར། ༦ །ཁྱད་པར་དུ་མས་མངོན་པར་འཕགས་པའི་བླ་མེད་རྡོ་རྗེའི་མཚན་དོན་ལ། །ཉེ་བར་གནས་པས་མི་ཕྱེད་བརྟག་དཀར་དཔལ་ལྡན་མྱུར་བའི་ཤུལ་ལམ་དོར། །


JKT002_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་བྱེད་ཀྱིས་གཞུག་དམ་ཚིག་གྲོགས་བཅས་རིམ་གཉིས་འདེགས་འཇོག་བསྒྱུར་བ་ཡིས། །ཁ་སྦྱོར་བདུན་ལྡན་རིན་ཆེན་གླིང་ཕྱིན་རྟག་ཁྱབ་ལྷུན་གྲུབ་རོལ་པས་སྤྱོད། ༧ །དེ་ལྟའི་ཐེག་གསུམ་ཡིད་བྱེད་ལས་ཟླ་འདས་མངོན་སུམ་སྙིང་ཏིག་བདུད་རྩིའི་གཏེར། །གསང་སྔགས་རིགས་ཅན་ལྷ་རྣམས་ཀུན་ལ་བགོ་བཤའ་བྱེད་མོད་ཡང་དག་པའི། །ངེས་ཤེས་བརྟན་ལྡན་སྒྲ་གཅན་ཕྲག་དོག་རྣམ་པར་བཏུད་པའི་དཔལ་དེ་ཡིས། །མི་ཤིགས་འཕོ་ཆེན་བདེ་བའི་རྡོ་རྗེར་འཆི་མེད་སྲོག་གི་ཀ་བ་བཙུགས། ༨ །བྱུང་གནས་འགྲོ་གསུམ་རྟོག་པས་མ་བཅིངས་བརྗོད་མེད་ལྷན་སྐྱེས་ཡེ་ཤེས་ནི། །གཟོད་མ་ཉིད་ནས་གྲུབ་པ་ལས་འདས་གཞི་གྲོལ་ཀ་དག་ལྟ་བའི་ཀློང་། །རིག་གདངས་སྒྲོན་བཞིའི་རོལ་པས་མངོན་སྤྲུལ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྦུབས། །དབྱེར་མེད་འདྲེས་ལས་རོ་གཅིག་ལྷུན་གྲུབ་འོད་གསལ་འདུས་མ་བྱས་དབྱིངས་ཐིམ། ༩ །དེ་ལྟར་རིམ་འཇུག་ཐེག་པའི་མཆིལ་པ་རྣོན་པོའི་དབང་དུ་བྱས་པ་ཡིས། །ཀུན་ནས་དུལ་གྱུར་སེམས་ཀྱི་གཉིས་འཐུང་རྫོགས་པ་ཆེན་པོའི་གཙུག་ཏོར་ཅན། །ཁྱོད་གཅིག་ཐར་པའི་ས་འཛིན་དབང་པོར་རྣམ་པར་བཤེས་པའི་བརྟུལ་ཞུགས་དེར། །རྗེས་སུ་བསྔགས་ཏེ་ཆོས་ཀྱི་གླེང་མོ་ཅུང་ཟད་མགྲིན་པའི་རོལ་མོར་འཁྲོལ། ༡༠ །ནང་གི་དེ་ཉིད་བསམ་གྱིས་མི་ཁྱབ་ཆོས་ཀུན་གཟིགས་པའི་རྡུལ་བྲལ་སྤྱན། །འཇམ་དཔལ་གཞོན་


JKT002_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ནུར་མངོན་པར་འགྲུབ་པའི་ཀུན་མཁྱེན་དེ་ཡིས་རྗེས་བཟུང་བའི། །གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་རྣལ་འབྱོར་མཆོག་གི་ཕྱག་རྒྱ་ཡིས། །རྗེས་སུ་སྐྱོང་ཁྱོད་གཞན་དུ་དཀོན་མཐོང་ཡང་དག་བཤེས་སུ་ངེས་པ་རྙེད། ༡༡ །འདིར་གནས་རྨོངས་པའི་ཚོན་རིས་སྟུག་པོ་འགོག་པ་མེད་པར་ཤར་བ་ལ། །གང་གང་འཛིན་པའི་རིག་ཤེས་རྗེས་འགྲོ་ཆོས་ཚུལ་བཟུང་བའི་བུས་པ་ཡང་། །ཡང་དག་བསྟན་དང་སྟོན་པ་སྤྱི་དང་ཁྱད་པར་སྔ་འགྱུར་ཡོ་ག་གསུམ། །ཚུལ་དེར་རབ་དད་སྐྱབས་གསུམ་འཛིན་པའི་གདུགས་ཀར་ཁོང་བུར་ངལ་བསོ་ཐོབ། ༡༢ །བདག་ཅག་འདྲེན་པ་ཐམས་ཅད་མཁྱེན་ཞབས་འཇིགས་མེད་ཡབློ་ལྡན་རྒྱ་མཚོ་ཡིས། །དཔལ་གྱི་མགུར་ལས་ཆོས་ཚུལ་ཟད་མེད་རོལ་མོར་འཁྲོལ་བ་རྗེས་མཚོན་སླད། །འཁོར་བ་ལས་སྒྲོལ་དུས་གསུམ་རྒྱལ་ཡུམ་ཡོན་ཏན་ནོར་བུའི་ཟ་མ་ཏོག །གང་ལ་རབ་བསྔགས་ཟུང་གིས་བརྒྱན་པའི་ཕྲེང་བ་འདི་ཉིད་དབུལ་བར་བགྱི། ༡༣ །སླད་མའི་ཆར་ཡང་ནང་གི་དེ་ཉིད་དཔྱིད་དང་ཐིག་ལེ་མཉམ་སྦྱོར་བའི། །བདེ་སྟོང་ཡོན་ཏན་ཕྱི་རོལ་ལ་སྨིན་ས་བཅུ་རྒྱུན་མཐར་ཞུགས་ཀྱི་བར། །ཚུར་ཚུ་མཐོང་སྐལ་བཟང་འགྲོ་བའི་སྤྱོད་ཡུལ་གདན་གསུམ་མི་འགྱུར་རྟག་པའི་མཐུས། །ཨོ་ཌིའི་ཡུལ་ལྟར་སྔགས་རིག་གྲུབ་པའི་ཧེ་རུ་ཀ་ཡིས་ཀུན་བཟང་སྨོན། ༡༤ །དེ་སྐད་གསོལ་བ་ཀུན་མཁྱེན་རྗེ་དེའི་བྱིན་རླབས་


JKT002_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་དབུས་སིམ་པ་ལས། །དད་པའི་རྟོག་པ་ཕྱོགས་ཙམ་མཆིས་དེའི་ཚུལ་གནས་ཐོས་བསམ་སྒོམ་གསུམ་ལ། །སྨོན་པའི་བློ་ཅན་འཇིགས་མེད་མཁྱེན་བརྩེའི་མྱུ་གུ་ཞེས་བགྱི་གཞོན་ནུ་དེས། །སྤྲིང་བ་འདིས་ཊྛམཐུས་ཐུགས་ཡིད་འདྲེས་པའི་བསམ་སྦྱོར་ཡང་དག་འགྲུབ་གྱུར་ཅིག ༡༥ །སརྦ་ས་མནྟ་ཤུ་བྷཾ་ཛ་ཡནྟ།།

སྐུ་ཡི་དབེན་གནས་བསྒྲགས་ཡང་རྫོང་དུས་དགྲའི་དབང་པོའི་ཕོ་བྲང་ལ་བསྔགས་པའི་གཏམ་རྡོ་རྗེ་སྒྲ་མའི་ཏམྦུ་ར།


JKT002_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་དབེན་གནས་བསྒྲགས་ཡང་རྫོང་དུས་དགྲའི་དབང་པོའི་ཕོ་བྲང་ལ་བསྔགས་པའི་གཏམ་རྡོ་རྗེ་སྒྲ་མའི་ཏམྦུ་ར་ཞེས་བྱ་བ། ན་མོ་གུ་རུ་མཉྫ་གྷོ་ཥ་ཀྲོ་དྷཱ་ཡ། གཟུང་འཛིན་སྤྲོས་པའི་ཡིད་སྲུབས་མཐར་མཛད་རྡོ་རྗེ་ཡེ་ཤེས་འབར་བའི་སྐུ། །ལན་གཅིག་སྣང་ཆར་འཛུམ་པའི་མོད་ནས་གྲུབ་པ་གཉིས་ཀྱི་མཆོག་སྦྱིན་པ། །ཧེ་རུ་ཀ་དཔལ་དུས་དགའི་དབང་པོའི་བྱིན་རླབས་ཉི་གཞོན་འཆར་ཀའི་གཟིས། །རྟེན་དང་བརྟེན་པའི་ངོ་མཚར་རབ་རྫོགས་རིག་འཛིན་དགྱེས་པའི་དགའ་ཚལ་འདིར། ༡ །འཆི་མེད་མཚོ་སྐྱེས་རྡོ་རྗེ་ཡབ་ཡུམ་དང་། །རྣམ་པར་སྣང་མཛད་སྲང་བ་ལ་སོགས་པའི། །འཕགས་རྣམས་ཞབས་སེན་བཀྲ་ཤིས་འཁོར་ལོས་མཚན། །བཀོད་པས་ངོ་མཚར་དཔྱིད་ཀྱི་དུས་སྟོན་རྫོགས། ༢ །ཁྱད་པར་འཇམ་དཔལ་ཁྲོས་པའི་ཡེ་ཤེས་ནི། །གཟུགས་ཅན་བཞིན་དུ་རྒྱུ་བའི་བརྟུལ་ཞུགས་ཅན། །གནུབས་ཆེན་ཞབས་ཀྱིས་སྲ་མཁྲེགས་བྲག་རིའི་ངོས། །ཕུར་པ་བཏབ་པའི་རྗེས་ཤུལ་ལམ་མེར་གསལ། ༣ །སླད་ནས་བདེ་སྟོང་འཕོ་མེད་གྲུབ་པའི་སྲོག །


JKT002_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་མེ་ལོང་འཆང་བའི་རྡོ་རྗེ་ཅན། །འོད་གསལ་སྙིང་པོར་གཤེགས་པའི་གཟིམས་སྐྱིལ་གང་། །མཐོང་བའི་མོད་ནས་ཚེ་འདིའི་སྣང་ཞེན་འགགས། ༤ །གཞན་ཡང་ཆོས་ཀུན་སྡོམ་པ་གཅིག་པུའི་དབྱིངས། །དུ་མའི་གར་དུ་སྣང་བའི་རོལ་མོ་ནི། །ཚུར་མཐོང་བྱིས་བློའི་ངོར་ཡང་མི་སྦེད་པར། །རྡོ་རྗེ་གསུམ་གྱི་ཕྱག་རྒྱར་གཅིག་ཏུ་འབར། ༥ །དེ་སླད་མི་ཕྱེད་དད་པའི་བདུད་རྩི་ཡི། །རབ་བརླན་སྐལ་བཟང་གཞོན་ནུའི་ཨུཏྤ་ལས། །དངོས་ཡིད་མཆོད་པའི་སྤྲིན་གྱི་མཚར་སྡུག་གིས། །སྲས་བཅས་རྒྱལ་ཀུན་དགྱེས་པ་བསྐྱེད་པ་དང་། ༦ །གཉིས་སྣང་དྲེགས་པ་སྡེར་བཅས་དྷཱ་ཏིའི་དབྱིངས། །འཇོམས་བྱེད་ཁྲག་འཐུང་དབང་པོའི་དཀྱིལ་འཁོར་དུ། །བདེ་སྟོང་ཚོགས་ཀྱི་འདུ་བས་ཕྱི་ནང་གཞན། །དབྱེར་མེད་མཆོད་པའི་རྣལ་འབྱོར་གཡར་དམ་བླངས། ༧ །དེ་ལས་བསོད་ནམས་དྲི་མེད་རྫོགས་པའི་ཟླ། །ཅུང་ཟད་ཐོབ་པས་ཡིད་ཅན་མ་ལུས་ཀུན། །གནས་སྐབས་མཐར་ཐུག་བདུད་བཞིའི་མུན་བཅོམ་ནས། །གཤིན་རྗེ་མཐར་བྱེད་ཚེ་འདིར་འགྲུབ་གྱུར་ཅིག །གཞན་ཡང་གངས་ཅན་རི་བོའི་སྨན་ལྗོངས་འདིར། །དུས་ཀྱི་རྒུད་པ་མཐའ་དག་ཉེར་ཞི་ནས། །བསྟན་དང་འགྲོ་བའི་བདེ་སྐྱིད་རྫོགས་ལྡན་སྤྲིན། །རྒྱས་པར་དཀྲིགས་པའི་དུས་སྟོན་ཡོལ་མེད་ཤོག ༩ །གང་ཞིག་འཕོ་བའི་རླནོ དང་བྲལ་ཡང་ཁ་སྦྱོར་བདུད་རྩིས་


JKT002_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་མིན་པས། །སྲིད་པའི་སྦྱོར་བ་མཐར་བྱས་པ་ཡང་ཞི་བའི་ཕ་རོལ་ལས་འདས་པ། །ཧེ་རུ་ཀ་དཔལ་ཡེ་ཤེས་ལུས་ཅན་གྲོང་ཁྱེར་གསུམ་གྱི་ཐོར་ཚུགས་རྩེར། །འཇམ་དང་འབར་རྒྱས་ཆགས་པའི་གར་གྱིས་ལྷ་དགེ་མཚན་སྣང་བ་རྫོགས་གྱུར་ཅིག ༡༠ །ཅེས་པའང་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་གཞོན་ནུ་ཨ་བྷཱ་ཡས་གྲུབ་པའི་གྲོང་ཁྱེར་ཆེན་པོ་དེ་ཉིད་དུ་གནས་འབྲེལ་ལ་ལྷགས་པའི་ཚེ་གསོལ་བ་བཏབ་པ་སིདྡྷི་རསྟུ།།

གསུང་གི་དབེན་གནས་དཔལ་གྱི་བསམ་ཡས་མཆིམས་ཕུ་ལ་བསྔགས་པའི་གཏམ་རྡོ་རྗེ་སྒྲ་མའི་གླུ་དབྱངས།


JKT002_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསུང་གི་དབེན་གནས་དཔལ་གྱི་བསམ་ཡས་མཆིམས་ཕུ་ལ་བསྔགས་པའི་གཏམ་རྡོ་རྗེ་སྒྲ་མའི་གླུ་དབྱངས་ཞེས་བྱ་བ། ན་མོ་གུ་རུ་པདྨ་ཀྲོ་དྷ་ཡ། སྲོག་རྩོལ་བྱེད་པ་དྷུ་ཏིར་སིམ་པས་གཞོམ་དུ་མེད་པའི་ནཱ་དའི་དབྱངས། །རྒྱལ་བ་རྣམས་ཀྱི་གསུང་གི་མངོན་བརྗོད་ཟུང་འཇུག་རྡོ་རྗེའི་སྣང་བརྙན་ཅན། །འོད་གསལ་སྙིང་པོའི་དཔྱིད་དཔལ་ལ་ཆགས་བརྟན་གཡོ་ཀུན་ལ་ཁྱབ་པའི་ཚུལ། །འོག་མིན་དཔལ་གྱི་མཆིམས་ཕུ་ཉིད་ཅེས་བསྔགས་བརྗོད་མེ་ཏོག་ཉིན་བཞིན་འཐོར། ༡ །གྲུབ་པའི་ཅོད་པན་ནོར་བུའི་མེ་ལོང་གིས། །ཞབས་ཀྱི་པདྨོ་མཛེས་བྱས་རིག་འཛིན་མཆོག །སངས་རྒྱས་གཉིས་བའི་བྱིན་རླབས་སྣང་བ་ཡིས། །ངོ་མཚར་བཀོད་པ་དུ་མའི་དགེ་མཚན་འབར། ༢. །ལྷག་པར་རྒྱུ་ཡི་སྟོབས་ཅན་སྐལ་བཟང་ཚོགས། །ཡེ་ཤེས་ཀློང་དགུའི་ཕྱག་རྒྱར་ངལ་འཚོ་བའི། །རང་བྱུང་རྡོ་རྗེའི་བྲག་གི་ཀེའུ་ཚང་། །དཔལ་ཆེན་འཁོར་བཅས་དགྱེས་པའི་ཕོ་བྲང་དངོས། ༣ །གཡས་གཡོན་ཡེ་ཤེས་ཌཱ་ཀའི་ཚོགས་ཀྱི་


JKT002_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱིད། །བདེ་སྟོང་བརྟུལ་ཞུགས་བདུད་རྩིས་བསྐྱེད་བསྲིངས་པའི། །གནས་འདི་ཉི་ཤུ་རྩ་བཞིའི་ཡུལ་མཆོག་དང་། །མཚུངས་པའི་བསྔགས་བརྗོད་རྡོ་རྗེའི་དབྱངས་སུ་སྙན། ༤ །གཞན་ཡང་དབང་ཆེན་གྲུབ་པའི་སློབ་དཔོན་དང་། །དཔལ་གྱི་སེང་གེ་རིན་ཆེན་མཆོག་ལ་སོགས། །རྫུ་འཕྲུལ་མཆོག་བརྙེས་དུ་མའི་རྣམ་པར་ཐར། །སྲིད་ན་སྙན་པའི་གཏམ་གྱི་ཡི་གེས་བརྗིད། ༥ །སླད་ནས་ཡེ་ཤེས་སྐུ་ཅན་ཀློང་ཆེན་པས། །འོད་གསལ་སྙིང་ཏིག་སེང་གེའི་སྒྲ་བསྒྲགས་པའི། །མོད་ལ་དབང་པོ་རྣོན་བོའི་གདུལ་བྱའི་ཚོགས། །སྣང་བཞིའི་ཕ་མཐར་གཤེགས་པའི་བརྟུལ་ཞུགས་བཟུང་། ༦ །དེ་སླད་ཕྱི་ལྟར་སྤྲུལ་པའི་ས་སྤྱོད་དེ། །ནང་ལྟར་འཆི་མེད་པདྨ་དྲྭ་བའི་ཞིང་། །གསང་བ་འོག་མིན་ཆོས་དབྱིངས་ཕོ་བྲང་དང་། །དབྱེར་མེད་བསྔགས་བརྗོད་ནོར་བུའི་རྒྱུད་མང་འཁྲོལ། ༧ །གང་ཕྱིར་དད་པའི་དཔྱིད་ཀས་བཟུང་བ་ཡི། །བུང་བ་གཞོན་ནུའི་གཟུགས་ཀྱང་ཕྱོགས་འདི་རུ། །འབད་པས་བསྙེན་དང་མཆོད་པའི་སྤྲིན་ཕུང་གིས། །རྩ་གསུམ་རྒྱ་མཚོའི་ཚོགས་རྣམས་དགྱེས་པ་བསྐྱེད། ༨ །ལྷག་པར་ཟུང་འཇུག་ཡེ་ཤེས་དཔལ་ཆེན་པོ། །སྒྲུབ་སྡེ་བརྒྱད་ཀྱི་རྡོ་རྗེའི་རྣལ་འབྱོར་དང་། །ཕྱི་ནང་གཞན་གསུམ་མཆོད་ཅིང་བསྙེན་པ་ཡི། །སྐལ་བ་དགེ་བའི་ཕུན་ཚོགས་མངོན་དུ་གྱུར། ༩ །དེ་ལས་རྣམ་པར་དཀར་བའི་ས་བོན་ནི། །བྱང་


JKT002_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སྙིང་པོའི་ཚལ་དུ་སྨིན་པ་ལས། །ཕན་བདེའི་འབྲས་བུར་རྫོགས་པའི་གྲགས་སྙན་གྱིས། །སྲིད་པ་གསུམ་ན་ཀུན་ཏུ་མཛེས་གྱུར་ཅིག ༡༠ །ཅེས་པའང་རིག་འཛིན་གྲུབ་པས་བརྟེན་པའི་སྨན་ལྗོངས་ཉམས་དགའ་བ་དེ་ཉིད་དུ་རྒྱལ་ཁམས་ཕྱོགས་མེད་ཉུལ་བའི་བུང་བ་གཞོན་ནུ་ཞིག་གིས་གསོལ་བ་བཏབ་པ་ཤུབྷོ།།

ཐུགས་ཀྱི་དབེན་གནས་ལྷོ་བྲག་མཁར་ཆུ་རྡོ་རྗེའི་ཕོ་བྲང་ལ་བསྔགས་པའི་གཏམ་རྡོ་རྗེ་སྒྲ་མའི་རོལ་མོ།


JKT002_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཐུགས་ཀྱི་དབེན་གནས་ལྷོ་བྲག་མཁར་ཆུ་རྡོ་རྗེའི་ཕོ་བྲང་ལ་བསྔགས་པའི་གཏམ་རྡོ་རྗེ་སྒྲ་མའི་རོལ་མོ་ཞེས་བྱ་བ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། ཀུན་ཏུ་རྟོག་པའི་མཐའ་ལ་མི་གནས་ཆོས་དབྱིངས་ཤིན་ཏུ་ཞི་བའི་དངོས། །ཟུང་འཇུག་སྒྱུ་མའི་རྩེ་དགའ་ལ་ཆགས་དེ་ཚེ་རྟེན་དང་བརྟེན་པར་བཅས། །ཕྱི་རོལ་ཡུལ་གྱི་སྣང་ཆར་ཤར་བས་ཡིད་ཅན་རྒྱ་མཚོ་དབུགས་འབྱིན་པར། །ཨེ་མ་དེ་བཱི་ཀོ་ཊ་ཉིད་ཅེས་ཌཱ་ཀིའི་ཚོགས་རྣམས་རྟག་ཏུ་བསྙེན། ༡ །འོད་སྣང་མཐའ་ཡས་མཚོ་སྐྱེས་རྒྱལ་བ་ཡིས། །ཡེ་ཤེས་གཟིགས་པ་དམ་པ་ཕྱོགས་འདི་རུ། །ལྷུང་བའི་མོད་ནས་སྲས་བཅས་རྣམ་འདྲེན་ཀུན། །དགྱེས་པ་མཆོག་གི་བདུད་རྩིའི་གྲུ་ཆར་འབེབས། ༢ །དེ་ན་དཔལ་ཆེན་གྲུབ་པའི་སློབ་དཔོན་གྱིས། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །སྙིང་པོའི་བདེན་པ་གཟིགས་པའི་ངོ་མཚར་ཡང་། །ཚུར་མཐོང་འགྲོ་བའི་དཔྱིད་དུ་ལྷག་པར་འབར། ༣ །གཞན་ཡང་ལམ་ལྔ་ས་བཅུའི་ཐེམ་སྐས་ལ། །འཛེགས་པའི་འཕགས་དང་མཁས་པ་བྱེ་སྙེད་ཀྱིས། །ཤིས་པ་སྒྲུབ་པའི་གཏམ་གྱི་རོལ་མོ་ནི། །ཕྱོགས་ཀྱི་


JKT002_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མོའི་རྣ་བའི་རྒྱན་དུ་རྔམས། ༤ །སྲ་མཁྲེགས་བྲག་རིའི་བ་གམ་བརྗིད་ཆགས་ཤིང་། །ལྷུང་ལྷུང་འབབས་ཆུའི་རྒྱུད་མང་མཆོག་ཏུ་སྙན། །དགའ་ཚལ་མེ་ཏོག་ཕྲེང་བས་རབ་མཛེས་པའི། །བསམ་གཏན་གྲུབ་པ་རྣམས་ཀྱི་ངལ་འཚོའི་གཞི། ༥ །གང་འདིར་དད་པས་རྐང་སེན་བཀོད་བྱས་ནས། །དྭངས་པའི་ལྷག་བསམ་དྲི་མེད་ཆུ་གཏེར་ལས། །རབ་འཁྲུངས་མཆོད་པའི་སྤྲིན་གྱི་དཔག་བསམ་གྱིས། །རྣམ་འདྲེན་སྲས་བཅས་དགྱེས་པ་བསྐྱེད་པ་དང་། ༦ །དཔལ་ཆེན་ཡང་དག་གྲུབ་པའི་རྡོ་རྗེའི་ཕུག །རིང་ནས་མོས་པས་བསྙེན་པའི་དོན་མཐུན་གྱིས། །ཧེ་རུ་ཀ་དཔལ་འབར་པའི་རྡོ་རྗེའི་དབྱིག །རྣལ་འབྱོར་གསུམ་གྱི་རྒྱལ་མཚན་རྩེ་མོར་བཀོད། ༧ །དེ་ལས་བྱུང་པའི་ཡེ་ཤེས་གཟི་ཡིས་མཐའ་གཉིས་ལྟ་བའི་འཛིན་སྟངས་ཞི། །དེ་ཡིས་རྣམ་བཅས་ཁ་སྦྱོར་ལ་འཁྱུད་དེས་ཀྱང་ཟུང་འཇུག་གྲུབ་པའི་མོད། །རྒྱུ་དང་མི་། རྒྱུའི་དངོས་ཀུན་རོ་མཉམ་སྲིད་པ་མཐར་བྱེད་ཧེ་རུ་ཀའི། །བཀྲ་ཤིས་རྟག་པ་དམ་པའི་དཔལ་གྱིས་གྲོང་ཁྱེར་གསུམ་ཀུན་དབུགས་འབྱིན་ཤོག ༨ །ཅེས་པའང་མཁར་ཆུ་དཔལ་གྱི་ཕུག་རིང་དུ། དཔལ་ཆེན་པོ་ཡང་དག་ཧེ་རུ་ཀ་མར་མེ་དགུ་པས་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་མཉམ་པར་བཞག་པའི་རྗེས་དེ་མ་ཐག་བར། གྲུབ་པའི་དཔྱིད་འཇིགས་པ་མེད་པས་གང་ཤར་གསོལ་བ་བཏབ་པ་ཤུ་བྷཾ།།

ཡོན་ཏན་གྱི་དབེན་གནས་བསམ་འགྲུབ་ཤེལ་གྱི་བྲག་ཕུག་ལ་བསྔགས་པའི་གཏམ་རྡོ་རྗེ་སྒྲ་མའི་མཆོད་སྤྲིན།


JKT002_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་གྱི་དབེན་གནས་བསམ་འགྲུབ་ཤེལ་གྱི་བྲག་ཕུག་ལ་བསྔགས་པའི་གཏམ་རྡོ་རྗེ་སྒྲ་མའི་མཆོད་སྤྲིན་ཅེས་བྱ་བ། ན་མོ་གུ་རུ་པདྨ་ཀ་ར་ཡ། སྲིད་དང་ཞི་བའི་མཐའ་ལ་མི་གནས་བྱང་ཆུབ་དམ་པའི་རང་བཞིན་ནི། །བྲལ་སྨིན་ཡོན་ཏན་རྒྱ་མཚོའི་རང་གཟུགས་ཡིད་ཅན་ཀུན་གྱི་ངལ་འཚོའི་དཔྱིད། །རེ་ཞིག་ཚུ་རོལ་མཐོང་བའི་སླད་དུ་ངོ་མཚར་རྡོ་རྗེའི་གནས་ཆེན་པོར། །བསྔགས་པའི་དགེ་མཚན་སྲིད་ན་རབ་འབར་བསམ་འགྲུབ་ཤེལ་གྱི་ཕུག་པར་སྣང་། ༡ །ཨེ་མ་རིག་འཛིན་ཌཱ་ཀི་བྱེ་སྙེད་ཀྱིས། །མཚན་གྱི་ནོར་བུའི་ཅོད་པན་གུས་མཛད་པ། །མཚོ་སྐྱེས་པདྨ་ཐོད་ཕྲེང་ཡེ་ཤེས་སྐུའི། །བྱིན་རླབས་གྲགས་དཀར་ཡི་གེ་སྲིད་ན་བརྗིད། ༢ །གང་དེས་ལྷག་པར་གནས་པའི་མེ་ཏོག་གིས། །འཁྱུད་པའི་ངོ་མཚར་རྫོགས་པར་བཟུང་བ་ནི། །གཞན་མིན་གྲུབ་པའི་བསྟི་གནས་འདིའོ་ཞེས། །མཁའ་སྤྱོད་མིག་ཡངས་མ་རྣམས་ཅ་ཅོ་སྒྲོག ༣ །ཁྱད་པར་ནང་རྒྱུད་སྡེ་གསུམ་རྡོ་རྗེའི་གླུ། །ཐོག་མར་ལེན་མཁས་དྲི་མེད་ཟླ་ཤར་གྱིས། །བདེ་ཆེན་བདུད་རྩིའི་ཆུ་རྒྱུན་རབ་གཡོ་བ། །སྐལ་བཟང་འཆི་མེད་གྲུབ་པའི་དཔྱིད་དུ་གྱུར། ༤ །དབུས་ན་ཡེ་ཤེས་རང་སྣང་ལས་གྲུབ་པའི། །ཞིང་ཁམས་མངོན་སུམ་ཉིད་དུ་སར་འཕོས་པར། །རིགས་འདུས་མ་ཧཱ་གུ་རུའི་སྣང་བརྙན་མཆོག །མཐོང་བའི་མོད་ནས་གཟུང་འཛིན་རང་སར་གྲོལ། ༥ །གཡས་ཕྱོགས་བྲག་རིའི་བ་གམ་བརྗིད་ཆགས་པར། །འཇའ་ལུས་རྡོ་རྗེའི་བཙུན་མོ་མཚོ་རྒྱལ་མས། །ཡུན་རིང་བསམ་


JKT002_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་དགའ་བས་སྙེམས་པའི་གནས། །ཐོས་པ་ཙམ་གྱིས་བདེ་སྟོང་རྟོགས་པ་སྤོར། ༦ །གཡོན་ན་ལྷུན་གྲུབ་རིག་འཛིན་པདྨ་ཡིས། །བྱིན་རླབས་ཡ་མཚན་ཤེལ་གྱི་ཕུག་པ་ཞེས། །ཡོན་ཏན་བརྒྱ་ཕྲག་དུ་མས་གཏམས་པའི་ཚུལ། །དྲན་པས་དོན་གཉིས་འདོད་པ་ཅིར་ཡང་འཇོ། ༦ །དེ་སོགས་ཀུན་རྫོབ་སྤྲོས་པའི་ངོ་མཚར་གྱིས། །དོན་དམ་སྤྲོས་མེད་བདེན་དོན་ལ་སྦྱོར་བའི། །བདེན་གཉིས་དབྱེར་མེད་འོད་གསལ་རྡོ་རྗེའི་ཞིང་། །གྲུབ་རི་འདི་ནི་ལྷན་སྐྱེས་ཆོས་སྐུའི་གྲོང་། ༧ །ཀུན་བརྟགས་བྲག་རིའི་བ་གམ་ལྷུན་སྟུག་པར། །གཞན་དབང་དག་པ་རབ་འབྱམས་ཡེ་ཤེས་སེམས། །ཡོངས་གྲུབ་འདུ་འབྲལ་མེད་པར་རྟག་བཞུགས་པའི། །གྲུབ་རི་འདི་ནི་ཟུང་འཇུག་ལོངས་སྐུའི་གནས། ༨ །རྣམ་མང་འཕགས་དང་མཁས་པའི་ཚོགས་རྣམས་ཀྱིས། །བྱིན་རླབས་བཀྲ་ཤིས་སྣང་བ་རབ་འབར་ཞིང་། །དཔའ་བོ་མཁའ་འགྲོའི་འདུ་བ་མི་ཟད་པའི། །གྲུབ་རི་འདི་ནི་འགྲོ་འདུལ་སྤྲུལ་སྐུའི་ཞིང་། ༩ །ཡིད་འཕྲོག་འཇའ་ཟེར་ཐིག་ལེའི་དྲ་བའི་དབུས། །རྩ་གསུམ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱིས། །སྐལ་ལྡན་མངོན་སུམ་བྱིན་རློབས་དབུགས་དབྱུང་བའི། །གྲུབ་རི་འདི་ནི་དག་པ་མཁའ་སྤྱོད་གྲོང་། ༡༠ །ལྷག་པར་རྒྱལ་དབང་མཚོ་སྐྱེས་བླ་མ་ཉིད། །དུས་གསུམ་དུས་མེད་ཆེན་པོར་ཞབས་བཀོད་ནས། །བསིལ་ལྗོངས་ཕན་བདེའི་དགའ་


JKT002_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་སྤེལ་བའི་ཕྱིར། །གྲུབ་རི་འདི་ནི་པདྨ་དྲྭ་བའི་གླིང་། ༡༡ །དེ་སླད་མཐོང་ཐོས་དྲན་རེག་ཡིད་ཅན་ཀུན། །དོན་གཉིས་འདོད་དགུ་ལྷུག་པར་འཇོ་བའི་གཞི། །སྔོན་མེད་ནོར་བུའི་ཆུ་གཏེར་ཉམས་དགའ་བར། །#་ཞུགས་པའི་རྣལ་འབྱོར་གཞོན་ནུའི་ལྷག་བསམ་གྱིས། ༡༢ །ཕྱི་ནང་མཆོད་སྤྲིན་སྤྱི་དང་ཁྱད་པར་དུ། །བདེ་གཤེགས་ཀུན་འདུས་པདྨ་ཐོད་ཕྲེང་གི །ལམ་ཟབ་རྡོ་རྗེའི་རྣལ་འབྱོར་ལྷུར་བླངས་ཤིང་། །དགའ་སྟོན་ཚོགས་ཀྱི་འདུ་བས་ལྷག་པར་མཆོད། ༡༣ །ཨ་ཧོ་རྔ་ཡབ་གླིང་དངོས་གནས་མཆོག་འདིར། །དཀར་ཕྱོགས་ཊཱ་ཀི་འདུ་བའི་དུས་ཀྱི་ཚེ། །ཨོ་རྒྱན་བླ་མའི་གོ་འཕང་དོན་གཉེར་བ། །སྐྱེ་བ་དུ་མར་གོམས་པའི་ལེགས་བྱས་མཐུ། ༡༤ །དེ་སླད་རྣམ་དཀར་དགེ་ཚོགས་གངྒཱའི་ཀླུང་། །བྱང་ཆུབ་སྙིང་པོའི་ལམ་གསུམ་ལ་ཆགས་པས། །ཡིད་ཅན་སྒྲིབ་གཉིས་དྲི་མ་ཀུན་སྦྱངས་ནས། །ཕན་བདེའི་འཛུམ་དཀར་མཆོག་ཏུ་གྲོལ་གྱུར་ཅིག ༡༥ གཞན་ཡང་བརྒྱད་གཉིས་འཇིགས་པའི་གདུང་བ་ཞི། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །སྣང་གསུམ་འཕོ་ཆགས་དབུ་མར་དབང་བྱས་ནས། །གཟུང་འཛིན་ཡིད་སྲུབས་དཔུང་ཚོགས་མཐར་བྱེད་ཤོག ༡༦ །ནམ་ཞིག་འདིར་སྣང་ནུབ་པའི་དེ་མ་ཐག །སྙིང་དབུས་པདྨ་འོད་ཀྱི་དཀྱིལ་འཁོར་དུ། །རང་རིག་མཚོ་སྐྱེས་རྡོ་རྗེ་མངོན་གྱུར་ནས། །སྐུ་གསུམ་གོ་འཕང་མྱུར་དུ་


JKT002_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་གྱུར་ཅིག ༡༧ །མདོར་ན་ཡོན་ཏན་བདུད་རྩིའི་དོ་ཤལ་མཁའ་དང་མཉམ་པར་བཀོད་པའི་ཕུལ། །མཐའ་གཉིས་བཅོམ་པའི་གྲགས་དཀར་རབ་མཛེས་ཟླ་བ་ནོར་བུའི་སྙེམས་འཆང་བ། །ཐམས་ཅད་མཁྱེན་པའི་སྒྱུ་འཕྲུལ་རྨད་བྱུང་པདྨ་ཀ་རའི་རྣམ་ཐར་གྱིས། །ས་གསུམ་བཀྲ་ཤིས་སྣང་བ་སྦྱིན་ལ་རྟག་པ་དམ་པའི་མཆོག་བརྙེས་ཤོག ༡༨ །ཅེས་པའང་རང་ལོ་ཉི་ཤུ་པ་ཀུན་ལྡན་ལོའི་དབང་ཆེན་སྤྲེའུ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཉིན་གྲུབ་པའི་བསྟི་གནས་དེ་ཉིད་དུ་ཤར་མདོ་ཁམས་ཀྱི་བཙུན་པ་འཇིགས་མེད་མཁྱེན་བརྩེའི་ཟློས་གར་གྱིས་གང་ཤར་གསོལ་བ་བཏབ་པ་སིདྡྷི་རསྟུ།།

༈ ཕྲིན་ལས་ཀྱི་དབེན་གནས་མོན་ཁ་ནེ་རིང་སེང་གེའི་རྫོང་དུ་བགྲོད་པའི་གཏམ་རྡོ་རྗེ་སྒྲ་མའི་ངག


JKT002_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཕྲིན་ལས་ཀྱི་དབེན་གནས་མོན་ཁ་ནེ་རིང་སེང་གེའི་རྫོང་དུ་།། བགྲོད་པའི་གཏམ་རྡོ་རྗེ་སྒྲ་མའི་ངག་ཅེས་བྱ་བ། ན་མོ་གུ་རུ་བཛྲ་ཀུ་མཱ་རཱཡ། ཡོངས་གྲུབ་རིག་པ་འོད་གསལ་ཕུར་བུས་སྲིད་ཞིའི་སྤྲོས་ལ་རྒྱས་བཏབ་པས། །ཤིན་ཏུ་ཞི་བ་ཆོས་དབྱིངས་རྡོ་རྗེ་གཞོན་ནུ་གཟུགས་སྐུའི་ཕྲིན་ལས་གར། །ཀུན་བརྟགས་སྣང་ཆར་འཛུམ་པའི་མོད་ནས་ཡིད་ཅན་རྒྱ་མཚོ་དབུགས་འབྱིན་པའི། །ནེའུ་གསིང་རིང་མོ་སེང་གེའི་རྫོང་ཞེས་གྲགས་པའི་ཡི་གེས་མཛེས་པར་གྱུར། ༡ །གང་དེར་བསྙེན་པར་ཚུ འདོད་པ་ཡི། །བདུད་རྩིས་རབ་མྱོས་གཞོན་ནུ་ཞིག །རྫ་དང་ཁ་བའི་རྡུལ་བརྩེགས་སྤོ། །བརྒལ་ནས་ནགས་ཀླུང་སྟུག་པོར་སླེབས། ༢ །དེ་ན་རྐང་འཐུང་ཁང་བཟང་དུ། །ངལ་འཚོའི་དབུགས་འབྱིན་ཐོབ་སོ་གཅིག་


JKT002_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན། །འཕུར་འགྲོའི་སློབ་དཔོན་ཆེན་པོ་ཡི། །ཐུགས་རྗེའི་ཨུཏྤལ་མཆོག་ཏུ་དགོད། ༣ །གང་གི་ཟིལ་དངར་བསྟེན་པ་ཡིས། །དགེ་བྱས་དོན་གཉེར་བུང་བ་ནི། །རིང་མིན་གྲུབ་པའི་སྨན་ལྗོངས་སུ། །མངོན་སུམ་ཉིད་དུ་ཕྱིན་པར་གྱུར། ༤ །དེ་ཚེ་དད་པའི་ཆགས་ཚོན་གྱིས། །སྒེག་ལྡན་ཡིད་ཀྱི་སོར་མོ་ཡིས། །བསྔགས་བརྗོད་ངག་གི་ཏམྱུར། །འདི་སྐད་བསྒྲེང་བའི་སྐལ་བཟང་ཐོབ། ༥ །ཨེ་མ་སངས་རྒྱས་ཀུན་གྱི་དངོས། །འཆི་མེད་པདྨ་ཐོད་ཕྲེང་གི །བྱིན་རླབས་བཀྲ་ཤིས་འབྱུང་བའི་གནས། །ས་ལ་འོག་མིན་གཉིས་པ་བཞིན། ༦ །ཨོ་རྒྱན་རང་བྱུང་དུར་ཁྲོད་ནི། །སྤྲིན་ནག་འཁྲིགས་པའི་མཚན་སྙན་ཡང་། །འདི་ཉིད་ཁོ་ནའི་བཀོད་པ་དང་། །མཚུངས་པའི་དགེ་མཚན་ཡིད་ལ་འཆར། ༧ །ཕྱོགས་ཀུན་གངས་རིའི་ཕྲེང་བ་དང་། །རྡོ་རྗེའི་བྲག་རི་བརྗིད་ཆགས་ཤིང་། །སཱ་ལའི་ནགས་ཀླུང་བར་མེད་པར། །གཅན་གཟན་ཁྲོ་བོའི་ཚོགས་ཀྱིས་གཏམས། ༨ །རྡོ་རྗེའི་སྔགས་ཀྱི་སྒྲ་དབྱངས་དང་། །མི་ཕྱེད་འབབས་ཆུའི་གདངས་སྙན་ཞིང་། །ནེའུ་གསིང་རྒྱས་པའི་ས་གཞི་ནི། །བྱ་དང་རི་དྭགས་ཚོགས་ཀྱིས་བསྟེན། ༩ ། ཉིན་དང་མཚན་མོའི་སྐབས་ཕལ་ཆེར། །བྱིན་རླབས་ཆར་རྒྱུན་འཇོ་བའི་སླད། །སྤྲིན་དང་ན་བུན་འཁྲིགས་པ་ཡིས། །གཟུང་འཛིན་སྣང་ཆ་སྡུད་པ་བཞིན། ༡༠ །ཁྱད་པར་རྣམ་ཐར་གསུམ་ལྡན་པ། །ཆོས་


JKT002_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འབྱུང་གནས་བརྩེགས་པའི་དབྱིབས། །ཨེ་དབྱིངས་རྡོ་རྗེ་བཙུན་མོའི་ཞིང་། །བེམ་པོའི་ཚུལ་དུ་སྣང་བར་སྟོན། ༡༡ །དེ་དབུས་རྡོ་རྗེ་ཐོད་ཕྲེང་དང་། །ཤེས་རབ་ཌཱ་ཀི་མཚོ་རྒྱལ་གྱིས། །དཔལ་ཆེན་བཛྲ་ཀུ་མཱ་ར། །མངོན་སུམ་ཉིད་དུ་བསྙེན་མཛད་པའི། ༡༢ །ངོ་མཚར་རྡོ་རྗེའི་ཕུག་པ་ནི། །འཕྲོག་བྱེད་དྲེགས་པས་འགྱིང་བ་ཡིས། །བདུད་སྡེའི་རི་དྭགས་མཐར་མཛད་དབྱིབས། །དེ་སླད་སེང་གེ་རྫོང་ཞེས་གྲགས། ༡༣ །གཞན་ཡང་ཨེ་ཝཾ་ཟུང་འཇུག་པ། །རྡོ་རྗེ་རིན་ཆེན་པདྨའི་རྫོང་། །རྩེ་མོ་རྫོང་སོགས་གྲུབ་པའི་གནས། །ཡོན་ཏན་བྱེ་བས་བརྒྱན་པ་ཡོད། ༡༤ །འདི་མཐོང་ཚེ་འདིའི་སྣང་ཞེན་འགག །ཐོས་པས་ཡིད་ལ་དགའ་སྟེར་ཞིང་། །དྲན་པ་ཙམ་ཡང་དོན་ལྡན་སླད། །སུ་ཞིག་འབད་པས་བསྙེན་མི་བགྱིད། ༡༥ །དེ་ལྟར་ཤེས་ནས་དད་ཐོབ་བཞིན། །རྡོ་རྗེ་ཁྲོས་པའི་དཀྱིལ་འཁོར་དུ། །སྲིད་པ་རྡོ་རྗེར་བསྒྲུབ་པ་དང་། །རྡོ་རྗེའི་མཆོད་སྤྲིན་ཅིར་ཡང་སྤྲོས། ༡༦ །དེ་ཡི་དགེ་བས་ཆོས་དབྱིངས་ཕུར་བུས་གཟུང་འཛིན་སྤྲོས་པ་དབྱིངས་ཐིམ་བཞིན། །ཚད་མེད་ཐུགས་རྗེ་ཆེན་པོའི་ཕུར་པས་སྲིད་པའི་འགྲོ་ལ་སྙིང་བརྩེ་བས། །མཐའ་གཉིས་མི་གནས་བྱང་སེམས་ཕུར་བུས་ཁ་སྦྱོར་རྡོ་རྗེའི་སྐུར་སྨིན་བཞིན། །གང་འདུལ་མཚན་མ་རྫས་ཀྱི་ཕུར་བུས་ཡིད་སྲུབས་དཔུང་བཅས་འཆིང་གྱུར་ཅིག ༡༧ །ཅེས་པའང་རིག་


JKT002_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་བཙུན་པ་རྒྱལ་ཁམས་ཉུལ་བའི་ད་རི་དྲྭ་འཇིགས་པ་མེད་པའི་སྡེས་ཀུན་ལྡན་དབྱུག་པ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པར་གསོལ་བ་བཏབ་པའི་རྟོགས་པ་བརྗོད་པ་ཤིན་ཏུ་གསལ་བར་ཕྱེ་བ་སརྦ་དཱ་མངྒ་ལཾ་བྷཱུ་ཡཱ་ཏ།།

རྡོ་རྗེའི་གནས་ཆེན་སེར་བ་བྱང་ཆུབ་ཤིང་གི་དགའ་ཚལ་ལ་བསྔགས་པའི་གཏམ་དྲང་སྲོང་གྲུབ་པའི་རྒྱན།


JKT002_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གནས་ཆེན་སེར་བ་བྱང་ཆུབ་ཤིང་གི་དགའ་ཚལ་ལ་བསྔགས་པའི་གཏམ་དྲང་སྲོང་གྲུབ་པའི་རྒྱན་ཅེས་བྱ་བ། །ཨོཾ་སྭ་སྟི་སིདྡྷི་རསྟུ། བྱང་ཆུབ་སྙིང་པོར་འཆི་མེད་གྲུབ་པའི་བདུད་རྩིའི་དོ་ཤལ་གསར་པ་ནི། །ཅི་ཡང་བཟུང་བ་མཚོ་སྐྱེས་ཞབས་ཀྱི་རྣམ་པ་ཀུན་ལྡན་ཡེ་ཤེས་ཆེས། །བྱིན་རླབས་ཟླ་བ་ནོར་བུའི་སྙེམས་འཆང་རིག་འཛིན་དགྱེས་པའི་བྲག་ཕུག་ན། །སྲིད་ཞིའི་དགེ་མཚན་ཕྲག་བརྒྱའི་འཛུམ་དཀར་གཅིག་ཅར་དགོད་དེ་བསྔགས་པར་འོས། ༡ །གང་ན་ཟུང་འཇུག་སྒྱུ་མའི་བཀོད་པ་དང་། །རྗེས་མཐུན་པདྨ་ཀ་རའི་མཚན་དཔེའི་ཞལ། །རྣམ་ཐར་གསུམ་ལྡན་དབྱིངས་སུ་སྙོམས་འཇུག་པའི། །ངང་ཚུལ་སྲ་མཁྲེགས་བྲག་རིའི་བ་གམ་ཡོད། ༢ །གཡས་ཕྱོགས་གངས་ཅན་ལྷ་གཅིག་སྲོང་བཙན་རྗེའི། །བསམ་གཏན་ཟིལ་དངར་བཏུང་བའི་བསྟི་གནས་སུ། །འཕགས་མཆོག་ཕྱག་ན་པདྨོའི་ཡེ་ཤེས་སྐུ། །འདུ་འབྲལ་སྤངས་པའི་དགེ་མཚན་རྟག་ཏུ་རྔམས། ༣ །གཡོན་ཕྱོགས་ཐབས་ཤེས་ཨེ་ཝཾ་ཟུང་འཇུག་པ། །རྡོ་རྗེ་དྲིལ་བུའི་མཚན་གྱི་སྒེག་འཆང་བར། །ཆོས་ཀུན་བདེ་ཆེན་སྡོམ་པའི་དཔྱིད་ཐིག་ལེ། །གཅིག་དང་ཐ་དད་བྲལ་བར་མངོན་སུམ་རོལ། ༤ །སྟེང་ཁར་སངས་རྒྱས་


JKT002_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་པདྨ་སྐྱེས། །རྫུ་འཕྲུལ་རྡོ་རྗེའི་བཀོད་པར་དགྱེས་བཞིན་དུ། །བདེ་སྟོང་ཉེ་རྒྱུའི་འདུ་བར་སྤྱོད་པའི་གནས། །མཐོང་བའི་མོད་ནས་ཚེ་འདིའི་སྣང་ཞེན་འཇིལ། ༥ །འོག་ཏུ་གངས་རིའི་ཡུལ་ན་སྔོན་མེད་པའི། །འཇིག་རྟེན་མིག་གཅིག་སྨྲ་བའི་ཉི་མ་ཆེ། །རྣམ་པར་སྣང་མཛད་སྲུང་བས་རིམ་གཉིས་ཀྱི། །བདུད་རྩིའི་མཆོག་དངོས་གྲུབ་w ་མགུལ། །དཔལ་ལྡན་མར་མེ་མཛད་དཔལ་ཡབ་སྲས་ཀྱིས། །བསམ་ཡས་སྒྱུ་འཕྲུལ་བཀོད་པས་གསང་བའི་ཆོས། །འཇིགས་པ་མེད་པའི་སེང་གེའི་སྒྲ་ཆེན་བསྒྲགས། ༧ །གཞན་ཡང་མཁས་པའི་ཚོགས་རབ་བྱེ་བ་དང་། །གྲུབ་པའི་སྐྱེས་བུ་དུ་མས་བསྟེན་པའི་གནས། །ལྷ་དང་དྲང་སྲོང་དགྱེས་པའི་དགའ་ཚལ་ཆེར། །དཔའ་བོ་ཌཱ་ཀིས་རྡོ་རྗེའི་གར་གྱིས་རོལ། ༨ །མདོར་ན་དྲན་པས་སྲིད་བདེའི་འཁྲུལ་པ་ཞིག ། སླེབ་པ་ཙམ་གྱིས་བདེ་ཆེན་ཡེ་ཤེས་སྐྱེད། །རྩེ་གཅིག་བསྒོམས་ན་མཆོག་དང་ཐུན་མོང་གི །དངོས་གྲུབ་མྱུར་དུ་སྦྱིན་པའི་གྲགས་པས་མཛེས། ༩ །དེ་སླད་སྲོག་དང་བཅས་པའི་ལུས་ནི་ཞི་བའི་ནགས་འདིར་མངོན་ཕྱོགས་ནས། །ཐ་མལ་སྣང་བའི་ཞེན་པ་ཇི་སྙེད་སྒྱུ་མའི་ལྷ་སྐུར་ཤར་བའི་མཐར། །བརྟན་དང་གཡོ་བའི་བྱེད་པ་མཐའ་དག་དྷ་ཏཱིའི་ཕྱག་རྒྱར་སྦྱར་བ་ལས། །སྣང་གསུམ་འཕོ་ཆགས་སྤྲོས་པས་མི་ཕྱེད་


JKT002_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་གྲུབ་པ་ཉིད་གྱུར་ཅིག ༡༠ །ཅེས་པའང་རྒྱལ་ཁམས་ཉུལ་པའི་དཱ་རི་དྭ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་གྲུབ་པའི་གནས་ཆེན་དེ་ཉིད་དུ་གསོལ་བ་བཏབ་པ་སརྦ་དཱ་སུ་ཤེ་ཡནྟུ།། #div1 དཔལ་ལྡན་བླ་མའི་ཞབས་པད་དུ་བསྙེན་པས་ཆོས་ཀྱི་བདུད་རྩི་ཐོབ་པ་ལས་བྱུང་བའི་གཏམ་ངོ་མཚར་དཔྱིད་ཀྱི་དགའ་སྟོན།


JKT002_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མའི་ཞབས་པད་དུ་བསྙེན་པས་ཆོས་ཀྱི་བདུད་རྩི་ཐོབ་པ་ལས་བྱུང་བའི་གཏམ་ངོ་མཚར་དཔྱིད་ཀྱི་དགའ་སྟོན་ཅེས་བྱ་ཐོ། །ཨཱ་དི་པཱ་པཉྩཔར་མི་ཏས་དྭཤཱན་ཡོདྷརྨཀཱཡམཱདཱཡྻཾ་སམྦྷཙུབིཀབྷབནཛྷཱནསཾབྷོགཀཱཡཾབྱདམཱནཱཙིཏནུགབཧུརུཔིཀཾནིརྨཀཱཡཾཝཔཱལནྡྷཤཱམཱིགུརུཙཀུལིཤཱིཙྪིཏྠབྷེདཾཏྲཀཱཡ༔ གཟོད་ནས་སྤྲོས་པའི་ཕ་རོལ་ལས་བརྒལ་ཤིན་ཏུ་ཞི་བ་ཆོས་ཀྱི་སྐུ། །གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས། །མཐའ་ཀླས་གདུལ་བྱའི་མོས་པའི་རྗེས་འགྲོ་སྣ་ཚོགས་གཟུགས་ཅན་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་དཔལ་ལྡན་བླ་མ་རྡོ་རྗེ་སྙེམས་མའི་བདག་པོས་སྐྱོངས། །བྲལ་སྨིན་ཡོན་ཏན་བྱེ་བའི་གཞིར་གྱུར་མཚན་དཔེའི་མཚར་སྡུག་རྫོགས་པའི་སྐུ། །ཡན་ལག་དྲུག་ཅུའི་དབྱངས་སྙན་དང་འགྲོགས་ལུང་རྟོགས་ཆོས་ཕུང་རྒྱ་མཚོའི་གསུང་། །ཇི་ལྟ་ཇི་སྙེད་གཟིགས་པའི་ཡེ་ཤེས་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོར་བསྔགས་འོས་རྫོགས་སངས་རྒྱས་དེས་ཤིས་པར་མཛོད། །གང་གིས་ཕན་དགོངས་བརྩེ་བའི་རོལ་མཚོ་ཅིར་ཡང་འཕྱུར་བའི་རྦ་རླབས་ལས། །རྨད་བྱུང་ཞི་བསིལ་བདུད་རྩིའི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་འཇོ་སྒེག་གིས། །བསླབ་


JKT002_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ནོར་བུའི་གྲུ་ཆར་འབེབས་པས་རིགས་ཅན་གསུམ་གྱི་འགྲོ་བ་ཀུན། །ཐར་པ་མཆོག་གི་ངལ་འཚོ་སྦྱིན་མཛད་དམ་པའི་ཆོས་ཀྱིས་དགེ་ལེགས་སྩོལ། །བག་མེད་འགོག་པའི་ས་བོན་ལས་འཁྲུངས་མང་ཐོས་རྩ་བ་རབ་བརྟན་པར། །བསམ་བྱུང་རིག་ལམ་པདྨོ་འཛུམ་ཞིང་བསྒོམ་སྤང་འབྲས་བུའི་ཁུར་ལྕི་བས། །སྔོན་མེད་ཡོངས་འདུ་ས་བརྟོལ་ཉིད་ཅེས་གྲགས་པའི་ཡི་གེས་མཛེས་འབར་བ། །བྱང་ཆུབ་སེམས་དཔའི་དགེ་འདུན་ཚོགས་ཀྱིས་ཤིས་པའི་མེ་ཏོག་ཆར་དུ་བསྙིལ། །མཐའ་ཀླས་སྡེ་སྣོད་རྒྱུད་སྡེའི་ཆུ་གཏེར་མཁྱེན་དཔྱོད་དཔུང་པས་བསྲུབས་པ་ལས། །རྒྱལ་བསྟན་རིན་ཆེན་དོ་ཤལ་གཡོ་བ་སྐལ་བཟང་འགྲམ་པར་འགོད་མཁས་པའི། །འཕགས་ཡུལ་པཎ་གྲུབ་རྒྱ་མཚོ་སྤྱི་དང་རྣལ་འབྱོར་དབང་ཕྱུག་བརྒྱུད་བཅས་ཀྱི། །ཞབས་སེན་དམར་པའི་འོད་རྡུལ་སྟུག་པོ་མཆོག་ཏུ་དྭངས་པའི་གཙུག་གིས་མཆོད། །ཕུལ་བྱུང་མཁྱེན་དང་བརྩེ་བའི་དཔལ་ནི་གདེངས་ཅན་བསྟི་གནས་ལྟ་བུར་གཡོ། །དེ་ཡིས་དམ་ཆོས་སྣང་བ་སྤྲོ་གང་ཤར་གྱི་ཐིག་ལེའི་རྗེས་སུ་བྱེད། །དེས་ཀྱང་དོན་གཉིས་སིམ་པ་སྟེར་ལ་ག་བུར་དོག་པས་ཉེར་མཚོན་ཕྱི་པ། །གངས་ལྗོངས་རིས་མེད་མཁས་གྲུབ་ཚོགས་ཀུན་དད་པའི་ཕྱག་གིས་རྟག་ཏུ་བསྙེན། །ལྷག་པར་རྡོར་འཛིན་བྱེ་པའི་གཙུག་རྒྱན་པད་དཀར་འཆང་བ་སྙིང་པོའི་ཞབས། །ཡོངས་རྫོགས་བསྟན་པའི་དགོངས


JKT002_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འགྲེལ་མཁས་གྲུབ་པའི་ཁྱུ་མཆོག་བསོད་ནམས་རྩེ། །རྒྱལ་རྣམས་གསུང་གི་རྡོ་རྗེའི་རྒྱུད་མང་མགྲིན་པའི་རྩེ་དགའ་ལ་ཆགས་པས། །བསིལ་ལྡན་ངེས་གསང་དབྱངས་ཀྱིས་གཏམས་མཛད་གྲགས་པའི་མཚན་གྱི་ཡི་གེ་བརྗིད། །མཁས་ཀུན་དགའ་བའི་རྒྱལ་མཚན་གཅིག་གྱུར་འཇམ་དཔལ་མགོན་དངོས་པཎྜི་ཏ། །ཟླ་མེད་ཆོས་ཀྱི་འཁོར་ལོས་སྒྱུར་བ་འགྲོ་མགོན་འཕགས་པའི་མཚན་ཅན་སོགས། །སྲིད་དང་ཞི་བའི་གཙུག་ཏོར་རྩེར་མཛེས་ས་སྐྱ་པ་ཞེས་གྲགས་དཀར་གྱིས། །ཡིད་སྲུབས་དཔུང་བཅས་མཛེས་པ་ཟུམ་པའི་རྣམ་ཐར་ཚངས་པའི་བློ་ལས་འདས། །ཀུན་མཁྱེན་གསུང་གི་ཟིལ་དངར་གྱིས་རེག་ཁྱོད་ཞབས་དག་པའི་པདྨོ་ནི། །དགའ་བའི་གྲིབ་བསིལ་མངོན་པར་སྡུག་ལྡན་ཕྲིན་ལས་བཟང་པོའི་ངལ་འཚོའི་དཔྱིད། །རྡོ་རྗེ་འཆང་ཆེན་མི་ཡི་གཟུགས་ཅན་དཔག་བསམ་རྐང་འཐུང་ཨེ་ཝཾ་པ། །སློབ་མར་བཅས་པའི་ཡོན་ཏན་ཁུར་གྱིས་ནོར་འཛིན་བུ་མོའང་འདར་བ་བཞིན། །གཞན་ཡང་གསང་ཆེན་གདམས་པའི་གུར་གུམ་ཟབ་དོན་དྲི་བཟང་ཚོགས་ཀྱི་གཏེར། །བློ་གསལ་བུང་པའི་གསོས་སུ་འབྱེད་ལས་གྲུབ་གཉིས་ལང་ཚོ་དར་བབས་པའི། །སྙན་བརྒྱུད་རྒྱ་མཚོའི་བསྟན་པའི་སྲོག་ཤིང་ཚར་པ་ཆོས་རྗེ་ཡབ་སྲས་སོགས། །བསྔགས་པར་འོས་པའི་ཉིན་བྱེད་ཀུན་ལའང་མཆོག་ཏུ་གུས་པའི་ཨུཏྤལ་འཛུམ། །ཁྱད་པར་བྱམས་བརྩེའི་ཤར་རིའི་


JKT002_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་པས་ཉེ་བར་དྲངས་པའི་ཟླ་ཤེལ་ནི། །རྡོ་རྗེ་ནམ་མཁའི་ཐིག་ལེ་ལས་འོངས་རྨད་བྱུང་ཡོན་ཏན་ཆས་རྫོགས་པར། །ཐུགས་རྗེའི་བསིལ་ཟེར་ཕྲག་བརྒྱས་སྒེག་ཁྱོད་བདག་རྒྱུད་འཆི་མེད་རྟག་པའི་གྲོང་། །དབུགས་འབྱིན་བྱེད་པོ་གཅིག་ཏུ་ངེས་སོ་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །དེས་སོགས་སྨིན་གྲོལ་གདམས་པའི་འབིགས་བྱེད་རླུང་། །དལ་གྱིས་བབས་པས་སྲིད་པའི་འཐིབ་བུ་ཀུན། །བཅིལ་ནས་ཕན་བདེའི་ངལ་འཚོ་ལ་སྦྱར་བའི། །ཡོངས་འཛིན་བླ་མའི་ཚོགས་ལ་གུས་བཏུད་ནས། །གང་གི་དྲིན་ལས་ཟབ་དང་རྒྱ་ཆེ་བའི། །ཆོས་ཀྱི་ཀཏྤར་རྡུལ་མང་འཛག་པ་ཅན། །ཐོབ་པའི་སྤྲིང་ཡིག་ངོ་མཚར་བདུད་རྩིའི་འོད། །རང་གཞན་དད་སྤྲོའི་ཆུ་གཏེར་འཕེལ་ཕྱིར་འོང་། །རྒྱུ་དེས་སྐལ་བཟང་འཆི་བ་མེད་པའི་གཞོན་ནུའི་ཚོགས། །སྙིང་ལ་སྤྲིན་སྔོན་ཆུན་པོ་གཡོ་བའི་ཏམྦུ་རས། །རེག་པ་རྨ་བྱའི་བུ་མོའི་ལང་ཚོ་ཇི་བཞིན་དུ། །ཀུན་དགའི་དུས་སྟོན་ཆེས་ཆེར་དར་བའི་ཤིས་པ་སྒྲུབས། །དེ་སླད་གཅིག་ཏུ་དོན་གཉེར་པའི། །དཔྱོད་ལྡན་ར་ཡིག་གཉིས་པའི་ཚོགས། །ཚིག་དོན་མཚར་སྡུག་མ་སྨད་པའི། །སྐྱེད་མོས་ཚལ་འདིར་གར་རྩེན་ཤིག ༈ །རྡོ་རྗེ་འཆང་དབང་ཡེ་ཤེས་ཆུ་གཏེར་བྱམས་པའི་བསྲུབས་ཐག་གིས་བསྐུལ་བས། །ནམ་མཁའི་མཐས་ཀྱང་མཚོན་པར་མི་ནུས་ཕན་བདེའི་འདོད་དགུ་འཇོ་བའི་དཔྱིད། །འཆི་མེད་སྐུ་བཞིའི་ངལ་


JKT002_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་སྟེར་མཁས་རྣམ་འདྲེན་བླ་མ་དཔག་བསམ་དབང་། །གང་དེའི་ཞབས་སེན་རྙེད་དཀའི་མེ་ཏོག་དད་པའི་ཕྱག་གིས་ལེགས་བསྙེན་ནས། །ཟབ་ཅིང་རྒྱ་ཆེའི་དམ་པའི་ཆོས། །ཅུང་ཟད་ཐོབ་ཚུལ་བརྗོད་འདི་ཡིས། །བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །ཁྱོད་ཞབས་པདྨོས་སྐྱོང་གྱུར་ཅིག ༡ །ཀུན་དགའི་མཚན་དཔེའི་མཚར་སྡུག་རབ་གཡོ་ལྷར་བཅས་གཙུག་ན་མཛེས་པའི་སྐུ། །མཁས་གྲུབ་རྒྱ་མཚོའི་རྣ་བའི་དཔྱིད་གྱུར་ཞི་བསིལ་ཆོས་ཕུང་རྒྱ་མཚོའི་གསུང་། །ཇི་ལྟ་ཇི་སྙེད་གཟིགས་པའི་ཡེ་ཤེས་སྤྲོས་པའི་ཕ་རོལ་ལས་བརྒལ་ཐུགས། །ཁྱབ་བདག་བླ་མ་སྲིད་ཞིའི་དབང་པོས་ཤིས་པའི་མེ་ཏོག་ཆར་དུ་བསྙིལ། །གང་དེའི་ལས། །དམ་ཆོས་དགའ་སྟོན་ཐོབ་པའི་ཚུལ། །བརྗོད་འདོད་ཡིད་ཀྱི་དཔྱིད་དཔལ་མོས། །ངག་ཚིག་ཨུཏུལ་ཅིར་ཡང་དགོད། །ཇི་ལྟ་ཇི་སྙེད་ཆོས་ཀུན་གཟིགས་པའི་མཁྱེན་རབ་འཇམ་དཔལ་གཞོན་ནུའི་སྤྱན། །ལྷར་བཅས་དགའ་བའི་ཕན་བདེའི་མཛད་བཟང་བརྩེ་ཆེན་པད་དཀར་འཆང་བ་དངོས། །ནུས་པས་ཡིད་སྲུབས་དཔུང་པ་འཆིང་མཛད་གསང་བ་འཛིན་པའི་བདག་པོའི་གཟུགས། །རིགས་གསུམ་འདུས་ཞལ་མཁས་གྲུབ་དབང་པོའི་ཞབས་སེན་སྤྱི་བོར་ལེགས་བསྙེན་ནས། །སྲིད་འདིར་རྙེད་དཀའི་དམ་ཆོས་ཀྱི། །རྨད་བྱུང་དགའ་སྟོན་ཐོབ་པའི་ཚུལ། །གསལ་བར་བརྗོད་འདིའི་ལེགས་བྱས་ཀྱིས། །


JKT002_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཞན་བྱང་ཆུབ་མཆོག་བརྙེས་ཤོག ༢ །འཇམ་མགོན་རིགས་ཀྱི་ཐིག་ལེ་ལས་འོང་དབང་བཅུ་མངའ་བའི་ཡེ་ཤེས་ཀྱི། །པུཎྜ་རཱི་ཀའི་ལང་ཚོ་གསར་པས་སྲིད་ཞིའི་དགེ་མཚན་བུང་བའི་ཚོགས། །། གཅིག་ཅར་སྡུད་པའི་ངོ་མཚར་རོལ་མོས་ལྷར་བཅས་ཀུན་དགའི་མཆོག་སྦྱིན་ཕྱིར། །སྐྱབས་ཀུན་འདུས་པའི་སྙིང་པོར་མོས་བཅས་གུས་པའི་ཕྱག་གིས་ལེགས་བསྙེན་ནས། །གང་དེའི་ཞབས་སེན་འདབ་མ་དང་། །འགྲོགས་པའི་དད་གསུམ་བྷ་མ་རས། །དམ་ཆོས་སྦྲང་རྩི་ཅུང་ཟད་ཀྱིས། །སྐལ་བཟང་བྱས་གང་གཏམ་དུ་གླེང་། །སྲས་བཅས་རྣམ་འདྲེན་ཡོངས་ཀྱི་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དཔའ་བོ་ཡི། །རིགས་ཀྱི་དགེ་མཚན་རྣམ་པ་མང་ལྡན་གྲུབ་པའི་ཐིག་ལེར་ཉེར་འཁྲུངས་ཏེ། །ཟབ་གསང་ཆོས་ཀྱི་རྒྱལ་ཐབས་སྐྱོང་ལ་འཛམ་གླིང་འདི་ན་གྲགས་འབར་བའི། །ཞབས་སེན་ཡིད་བཞིན་ནོར་བུའི་མེ་ལོང་སྤྱི་བོའི་རྒྱན་དུ་ལེགས་བསྙེན་ནས། །བྱིན་རླབས་ཁ་བས་རེག་པ་ཡི། །དམ་ཆོས་གངྒཱའི་དཔལ་མོའི་འཛུམ། །ཅུང་ཟད་ཐོབ་ཚུལ་བརྗོད་འདི་ཡིས། །གྲུབ་གཉིས་དགའ་སྟོན་རྒྱས་གྱུར་ཅིག ༣ །སྲིད་ཞིའི་དཔལ་གྱི་མངོན་པར་མཐོ་བའི་ཁ་སྦྱོར་བདུན་ལྡན་ཆུ་གཏེར་ལས། །སྣ་ཚོགས་སྤྲུལ་པའི་རྣམ་རོལ་རྨད་བྱུང་རིན་ཆེན་དོ་ཤལ་གཡོ་བ་ཡིས། །ཟབ་རྒྱས་ཆོས་ཀྱི་གན་མཛོད་གཅིག་གྱུར་སྐལ་བཟང་འདོད་པ་འཇོ་བའི་གཏེར། །


JKT002_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་བླ་མའི་ཞབས་སེན་པདྨོར་གུས་པའི་ཕྱག་གིས་བཏུད་བྱས་ནས། །གང་དེའི་བཀའ་དྲིན་ཟླ་མེད་པ། །ཤར་གྱི་ཐིག་ལེའི་རྩེ་དགའ་ཡིས། །བདག་བློའི་ཀུན་སྐྱོང་བའི་ཚུལ། །དད་པའི་ཡིད་ཀྱིས་བསྙད་ལ་ཕྱོགས། །དཔལ་ལྡན་ཡོན་ཏན་ཀུན་གྱི་དཔྱིད་གྱུར་དཔག་བསམ་དབང་པོའི་ལྗོན་པ་ནི། །རིན་ཆེན་དམ་པའི་ཆོས་ཀྱི་མཛོད་ཅེས་གཟུར་གནས་འཆི་མེད་དགའ་ཚལ་དུ། །གྲགས་པའི་སྤྲིང་ཡིག་དལ་གྱིས་སྒྲོགས་པས་སྐལ་བཟང་ལེགས་བྲིས་གཞོན་ནུའི་ཚོགས། །མགྲོན་དུ་གཉེར་བའི་འདོད་པ་མཆོག་སྦྱིན་གང་དེར་གུས་པས་ཉེར་བསྙེན་ནས། །ཟབ་གསང་བདུད་རྩིའི་ཐིག་པ་འགའ། །མགྲིན་པར་ཐོབ་པའི་རྟོགས་བརྗོད་ནི། །ཇི་བཞིན་སྨྲས་འདིས་བདག་གཞན་ཀུན། །ཕན་བདེའི་ངལ་འཚོ་རྒྱས་པར་ཤོག ༤ །བསོད་ནམས་ཡེ་ཤེས་བ་གམ་ལྷུན་སྟུག་བྱང་ཆུབ་སྤྱོད་པའི་ཟླ་ཤེལ་གྱིས། །ཉེ་བར་བརྟེན་བྱས་གྲུབ་གཉིས་རིང་པར་ཚུར་མཐོང་འགྲོ་བའི་གདུང་སེལ་སླད། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྨད་བྱུང་ཆུ་གཏེར་ཆེན་པོའི་རྦ་རླབས་ཀྱི། །གདེངས་ཀས་མངོན་པར་བཏུད་པའི་དཔལ་ཅན་གང་དེར་གུས་པས་ཕྱག་བྱས་ནས། །རྗེ་བཙུན་རྡོ་རྗེ་བཙུན་མོ་ཡི། །གྲུབ་པའི་དགེ་མཚན་སྦྱིན་གྱུར་པ། །འཇིགས་མེད་འབྱུང་གནས་སྦས་པའི་སྡེས། །ལེགས་བཀྲལ་སྨིན་བྱེད་ཐོབ་ཚུལ་བརྗོད། །ཚུལ་གནས་ཁྲིམས་ཀྱི་དགའ་


JKT002_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་ལྷུན་སྟུག་བསོད་ནམས་བརླན་གྱིས་གྲུབ་པ་ལས། །རྣམ་དག་ཏིང་འཛིན་མེ་ཏོག་རབ་འབར་ཤེས་རབ་གསུམ་གྱི་འབྲས་བུས་གཏམས། །བསྔགས་འོས་ཕྲིན་ལས་བདུད་རྩིའི་ཟིལ་དངར་ཡིད་ཅན་ཀུན་གྱི་གདུང་སེལ་བ། །བཤེས་གཉེན་ལེགས་བྲིས་ལྗོན་པའི་སྤུན་ཟླར་དད་གསུམ་ཕྱག་གིས་ལེགས་བསྙེན་ནས། །རྡོ་རྗེ་ཐེག་པའི་རྒྱུད་སྡེ་བཞིའི། །སྒྲུབ་དཀྱིལ་ཕྲེང་བར་ལེགས་སྤེལ་བའི། །དབང་བསྐུར་ཐོབ་ཚུལ་བརྗོད་འདི་ཡིས། །གྲུབ་པའི་ལམ་བཟང་རྒྱས་གྱུར་ཅིག ༥ །ཟབ་གསང་ཆོས་ཚུལ་རྒྱ་མཚོའི་མངའ་བདག་རྗེ་བཙུན་བརྩེ་བ་ཆེན་པོ་ཡི། །རིང་ལུགས་རིན་ཆེན་ཕྲག་བརྒྱའི་གན་མཛོད་མཁྱེན་དཔྱོད་དཔུང་པས་བཟུང་ནས་སླར། །སྐལ་བཟང་འགྲོ་ལ་ཅི་དགར་སྩོལ་པའི་རྣམ་ཐར་རྨད་དུ་བྱུང་བའི་དཔྱིད། །གྲགས་པ་གསལ་ལྡན་ཁྱབ་བདག་བླ་མ་ཡོན་ཏན་དྲན་པས་བཏུད་བྱས་ནས། །གང་དེའི་བཀའ་དྲིན་ཉི་གཞོན་གྱིས། །བདག་བློའི་བནྡྷ་ཛཱི་པ་ཀ །རྗེས་སུ་སྐྱོང་བའི་གཏམ་གྱི་སྒོ། །སྦྲང་རྩིའི་ཐིགས་པ་བཞིན་དུ་སྤྲོ། །རྣམ་མང་རིན་ཆེན་ཕྲག་བརྒྱས་གཏམས་པའི་ཆུ་གཏེར་ཆེན་པོའི་རྦ་རླབས་དང་། །རྩ་བརྟན་འབྲས་སྤྱི་བུ་ཁུར་གྱིས་མངོན་མཐོ་དཔག་བསམ་དབང་པོའི་གྲགས་དཀར་གྱིས། །མཚོན་མིན་གང་གིས་རེག་པ་ཙམ་ནས་མཆོག་དང་ཐུན་མོང་དངོས་གྲུབ་ཀྱི། །འདོད་དགུ་གཅིག་ཅར་སྦྱིན་པའི་དཔལ་ཅན་བླ་མ་མཆོག་


JKT002_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཞབས་བསྙེན་ནས། །དམ་པའི་ཆོས་ཀྱི་མེ་ཏོག་གི །ཕྲེང་བས་མགུལ་པ་མཛེས་བྱས་ཚུལ། །བརྗོད་འདིས་བདག་གཞན་ཀུན་མཁྱེན་གྱི། །ཐེམ་སྐས་མཆོག་ལ་འཛེགས་པར་ཤོག ༦ །སངས་རྒྱས་གཉིས་པ་པདྨ་ཀ་རའི་རིང་ལུགས་བདུད་རྩིའི་བཅུད་ལེན་གྱིས། །གྲུབ་གཉིས་ལང་ཚོ་དར་ལ་བབས་པས་བདུད་ཚོགས་འདུལ་བའི་མཐུ་སྟོབས་དང་། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེང་མཁས་ཐུགས་རྗེའི་གཏེར་ཆེན་རྗེ་བླ་མའི། །ཞབས་མཐིལ་བནྡྷ་ཛཱི་པའི་འཁྲི་ཤིང་བདག་བློའི་བུང་བས་གུས་བསྙེན་ནས། །གསང་ཆེན་གཏམ་གྱི་ལི་ཁྲིའི་རྡུལ། །ཅུང་ཟད་འཐུང་པ་ལས་བརྩམས་པའི། །བརྗོད་པ་དབྱངས་ཀྱི་ཡན་ལག་གིས། །མ་སྨད་རྒྱུད་མང་ལྟ་བུར་བསྒྲེངས། །མཁྱེན་པའི་པདྨོ་ཅིར་ཡང་དགོད་ཅིང་བརྩེ་བའི་མཚར་སྡུག་མཚུངས་པ་མེད། །ནུས་པས་བདུད་དཔུང་འདུལ་བའི་མཐུ་སྟོབས་རྡོ་རྗེའི་མེ་ཆར་རབ་གཡོ་བའི། །སྲིད་དང་ཞི་བའི་མིག་འཕྲུལ་གཅིག་པུ་སྔ་འགྱུར་བསྟན་པའི་རྒྱལ་མཚན་ཆེ། །གང་གི་ཞལ་གྱི་ཆུ་སྐྱེས་གཞོན་ནུ་འཛུམ་བཅས་རོལ་པས་རྗེས་བཟུང་ནས། །གསུང་གི་བདུད་རྩི ད་ཙམ། །ཐོབ་ཚུལ་བརྗོད་འདིའི་ལེགས་བྱས་ཀྱིས། །གྲུབ་པ་མཆོག་གི་ལམ་བཟང་ལ། །དད་པའི་དབང་པོ་རྒྱས་གྱུར་ཅིག ༧ །དཔལ་ལྡན་བརྩེ་ཆེན་སྙིང་པོའི་བསྟན་འཛིན་འཆི་བ་མེད་པའི་དགའ་ཚལ་དུ། །མཁས་པའི་


JKT002_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དཔྱོད་ཡལ་ག་རབ་གཡོ་གྲུབ་གཉིས་བདུད་རྩིའི་བརླན་ཆགས་པས། །འདི་དང་གཏན་གྱི་ཕུན་ཚོགས་འཇོ་ལ་ལྗོན་པ་མཆོག་གི་རྗེས་འགྲོ་བའི། །བསྔགས་འོས་མཛད་བཟང་དྲན་པའི་མོད་ནས་ཐལ་མོའི་ཨུཏྤལ་ཟུམ་བྱས་ཏེ། །གང་དེའི་བཀའ་དྲིན་ཟླ་ཤེལ་གྱིས། །བརླན་ལྡན་མཱ་ལཱ་ཡ་ཡི་ཤིང་། །དད་སྤྲོའི་འབིགས་བྱེད་རླུང་གཞོན་གྱིས། །བསྐུལ་བས་གཏམ་གྱི་བསུང་ཞིམ་སྤྲོ། །རིས་མེད་བསྟན་པའི་པད་ཚལ་ཡངས་པར་བློ་གྲོས་བུང་པས་ཉུལ་བ་ལས། །ཟབ་དོན་སྦྲང་རྩིའི་བཅུད་ལེན་འཛིན་བཟོད་གསང་ཆེན་གཏམ་གྱི་གླུ་དབྱངས་ཀྱིས། །འགྲོ་མང་ཕན་བདེའི་ངལ་འཚོར་འགོད་མཁས་རྣམ་ཐར་ཕུན་སུམ་ཚོགས་པའི་དཔྱིད། །གང་གི་ཐུགས་རྗེའི་ཆར་སྤྲིན་རོལ་པས་བདག་ཡིད་ཨུཏྤལ་རྗེས་བཟུང་ནས། །ཞི་བསིལ་བདུད་རྩིའི་ཟེགས་མ་ནི། །ཅུང་ཟད་བཏུང་པའི་ངང་ཚུལ་ལས། །བརྩམས་ཏེ་ཡི་གེའི་དོ་ཤལ་གསར། །སྦྱིན་འདིས་ཀུན་ཏུ་སྨིན་གྱུར་ཅིག ༨ །ངག་གི་དབང་ཕྱུག་ཡེ་ཤེས་ཉི་མ་ཚུར་མཐོང་སྐྱེ་རྒུའི་འཆི་མེད་ལམ། །ཤར་བའི་མོད་ནས་ས་གསུམ་མུན་སེལ་བརྩེ་ཆེན་སྙིང་པོ་ཡབ་སྲས་ཀྱིས། །་ཆོས་ཀྱི་རྒྱལ་ཐབས་མཆོག་ལ་དབང་འབྱོར་རྡོ་རྗེ་འཛིན་པའི་གཙུག་རྒྱན་ཆེའི། །ཟླ་མེད་བཀའ་དྲིན་རྨད་བྱུང་དྲན་པས་གུས་པའི་མེ་ཏོག་འཐོར་དང་བཅས། །གང་དེའི་ཞལ་གྱི་བུམ་བཟང་ལས། །རྡོ་རྗེ་ནག་པོ་


JKT002_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང་། །ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཡི། །རྗེས་གནང་འགའ་ཞིག་ཐོབ་ཚུལ་འབྲི། །རིང་ནས་གོམས་པའི་རྣམ་ཐར་བ་དན་བརྩོན་པའི་རླུང་གིས་བསྐུལ་བའི་མཐུས། །ཟབ་གསང་སྙན་བརྒྱུད་མན་ངག་རྒྱ་མཚོ་རྣམ་དཔྱོད་རིན་ཆེན་གྲུ་བོ་ཡིས། །ཕ་མཐར་བརྒོལ་བའི་བརྟུལ་ཞུགས་གྲུབ་པས་མཆོག་ཐུན་ནོར་བུའི་དགའ་སྟོན་ལ། །དབང་བསྒྱུར་ཆོས་ཀྱི་འབྱོར་པས་མངོན་མཛེས་གང་དེའི་བཀའ་དྲིན་ལ་བརྟེན་ནས། །རྒྱལ་བསྟན་སྐྱོང་བའི་སྲུང་མ་ཆེ། །རྣམ་པ་གཉིས་ཀྱི་རྗེས་གནང་བ། །བཀྲ་ཤིས་གྲངས་ཀྱིས་འབྱོར་པའི་གཏམས། །འདིས་ཀྱང་རང་གཞན་ཉེར་འཚོར་ཤོག ༩ །བགྲང་ཡས་གྲུབ་པ་མཆོག་གི་དེད་དཔོན་ངག་དབང་འཇམ་དཔལ་གཞོན་ནུའི་གར། །ཡོངས་རྫོགས་བསྟན་པའི་མངའ་བདག་གཅིག་གྱུར་རྣལ་འབྱོར་དབང་ཕྱུག་ས་སྐྱ་པ། །སློབ་མར་བཅས་པའི་སྙན་བརྒྱུད་རིན་ཆེན་ཐོས་བསམ་སྒོམ་པའི་དཔུང་པ་ཡིས། །འཛིན་མཁས་ཁྱབ་བདག་བླ་མ་མཆོག་དེར་མི་ཕྱེད་གུས་པའི་ཐལ་མོ་སྦྱོར། །གང་དེའི་གསུང་གསང་མཱ་ལཱ་ཡར། །ལེགས་འཁྲུངས་ཟབ་དོན་དཔལ་གྱི་དུམ། །ཆ་ཤས་ཙམ་ཞིག་གདུང་སེལ་གྱི། ཉེར་འཚོར་ཐོབ་ཚུལ་འདི་ན་བརྗོད། །མཁས་དང་གྲུབ་པའི་ཡོངས་འཛིན་རྣམས་ལས་ཟབ་རྒྱས་ཆོས་ཚུལ་བདུད་རྩི་ཡིས། །བློ་གྲོས་ཞིང་ས་མཆོག་ཏུ་དགེ་བྱས་རིམ་གཉིས་ཏིང་འཛིན་དྲོད་གཤེར་གྱིས། །


JKT002_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་དང་རྟོགས་པའི་འཁྲི་ཤིང་གཡུར་ཟ་ངག་གི་དབང་ཕྱུག་ས་སྐྱ་པའི། །ངེས་གསང་སྙན་བརྒྱུད་རིན་ཆེན་འཛིན་བཟོད་སྔོན་མེད་དཔག་བསམ་ལྗོན་པ་དེར། །མཆོག་ཏུ་དྭང་བའི་བློ་གྲོས་ཀྱིས། །བསྙེན་ནས་ཆོས་ཚུལ་ཅུང་ཟད་ཙམ། །ཐོབ་པའི་རྟོགས་པ་བརྗོད་འདི་ཡིས། །གྲུབ་གཉིས་ལང་ཚོ་རྒྱས་གྱུར་ཅིག ༡༠ །ངག་གི་དབང་ཕྱུག་ཡེ་ཤེས་ཆུ་གཏེར་སྙིང་རྗེའི་བསྲུབས་ཐག་གིས་བསྐུལ་བས། །བཅས་ཀུན་དགའི་ཆ་ཤས་ཡོངས་གང་བཀྲ་ཤིས་མཚན་པའི་རི་མོ་ཅན། །ཡིད་སྲུབས་མུན་པའི་དཔུང་ཚོགས་འཇིལ་ལ་མཐུ་སྟོབས་རྨད་དུ་བྱུང་བའི་འོད། །སྤྲོ་མཁས་བསྟན་འཛིན་སྨྲ་བའི་ཟླ་བ་ཕྲིན་ལས་བཟང་པོར་གུས་བཏུད་ནས། །གང་གི་གསུང་གསང་ནཱ་དའི་སྒྲ། །ལེགས་བཤད་རྒྱུད་དུ་འཕོས་པའི་དབྱངས། །ཐོབ་འདི་སྐལ་བཟང་ཆེ་ལྡན་ཕྱིར། །དད་སྤྲོའི་ཡི་གེའི་ཕྲེང་བར་སྤེལ། །སྲིད་དང་ཞི་བའི་དཔལ་གྱིས་མངོན་མཐོ་ནོར་བུའི་ཁྲི་འཕང་མཐོན་པོ་རུ། །མཁས་ཤིང་གྲུབ་པ་ཆེན་པོའི་རིགས་འཁྲུངས་ཁྱོད་ཞབས་པདྨ་བཞད་ཙམ་གྱིས། །བདུད་ཚོགས་འདུལ་བའི་ཕྲིན་ལས་རྨད་བྱུང་ཡོངས་རྫོགས་བསྟན་འགྲོའི་སྨན་གཅིག་པུ། །དབང་ཕྱུག་བརྒྱད་ལྡན་རྣམ་འདྲེན་མཆོག་གི་ཞབས་སེན་གཙུག་ཏུ་ཐོབ་པ་ལས། །དྲི་མེད་དམ་ཆོས་བེ་ཌཱུརླའི། །ཕྲེང་བས་མགུལ་པ་མཛེས་བྱས་ཚུལ། །ཉུང་གསལ་ངག་གིས་བརྗོད་འདི་ཡིས། །


JKT002_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་དཔལ་གྱིས་རོལ་པར་ཤོག ༡༡ །ངག་ལ་དབང་འབྱོར་ཆོས་ཕུང་རྒྱ་མཚོ་འཆད་རྩོད་རྩོམ་པའི་གྲགས་དཀར་གྱིས། །མཁས་ཀུན་དགའ་བའི་རྒྱལ་མཚན་གཅིག་གྱུར་རིན་ཆེན་ཚུལ་གནས་ཁྲིམས་ཀྱི་གཞིར། །གཞན་ཕན་ཨུཏྤལ་སྙེ་མ་གཡུར་ཟ་དབང་ཕྱུག་བརྒྱད་ཀྱི་ཟིལ་དངར་ཅན། །འགྲོ་འདུལ་ཕྲིན་ལས་བཟང་པོའི་མཆོག་སྦྱིན་དཔལ་ལྡན་བླ་མར་གུས་བཏུད་ནས། །དྭང་བའི་ཡིད་ཀྱི་ཆུ་གཏེར་ལ། །# གང་གི་བཀའ་དྲིན་ཟླ་ཟེར་གྱིས། །རེག་པས་དད་སྤྲོའི་རྦ་རླབས་བཅས། །གཏམ་གྱི་བདུད་རྩི་ཅུང་ཟད་སྤྲོ། །གང་གི་རྣམ་ཐར་དཔག་པར་དཀའ་བ་བྱིས་པའི་ངག་གིས་བརྗོད་མི་བཟོད། །ཆ་ཤས་ཙམ་ཞིག་རྣ་བར་ལྷུང་ཀྱང་དད་སྤྲོའི་དབང་པོ་རྒྱས་གྱུར་པའི། །ཡོན་ཏན་མཚུངས་མེད་གྲགས་དཀར་ཡི་གེས་ལྷར་བཅས་ཀུན་དགའི་དཔལ་སྟེར་བ། །གསང་ཆེན་བསྟན་པའི་རྒྱལ་མཚན་གཅིག་པུའི་ཞབས་སེན་སྤྱི་བོར་ལེགས་བསྙེན་ནས། །དམ་པའི་ཆོས་ཀྱི་བཀའ་དྲིན་མཆོག །ཅུང་ཟད་ཐོབ་ཚུལ་བརྗོད་འདི་ཡི། །རྣམ་དཀར་འབིགས་བྱེད་རླུང་གཞོན་གྱིས། །སྒྲིབ་གཉིས་ཚ་གདུང་བཅིལ་གྱུར་ཅིག ༡༢ །ངག་གི་དབང་ཕྱུག་རིགས་ཀྱི་ཐིག་ལེར་མཚན་དཔེའི་ངོ་མཚར་སྣང་བའི་མོད། །ཀུན་དགའི་དགེ་མཚན་རྣམ་པ་མང་ལྡན་སྲིད་ཞིའི་ཕ་མཐར་སོང་བའི་གཏམ། །རིན་ཆེན་འབྱུང་གནས་གཏིང་མཐའ་ལས་བརྒལ་གྲུབ་གཉིས་


JKT002_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱིས་མངོན་མཐོ་བའི། །ཞབས་མཐིལ་བཀྲ་ཤིས་འཁོར་ལོའི་རི་མོར་གུས་པའི་ཕྱག་གིས་མཆོད་བྱས་ནས། །གང་དེའི་ཞལ་གྱི་པདྨོ་ལས། །ལེགས་གསུངས་སྦྲང་རྩིའི་དོ་ཤལ་གྱིས། །སྐལ་བཟང་བྱས་པའི་གཏམ་གྱི་སྒོ། །དད་སྤྲོའི་བུང་བས་དབྱངས་སུ་ལེན། །གསང་སྔགས་རྒྱ་མཚོའི་གན་མཛོད་འཆང་བ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི། །སྒྱུ་འཕྲུལ་དྲྭ་བའི་རོལ་རྩེད་གཅིག་པས་ལྷར་བཅས་ཀུན་དགའི་མཆོག་སྦྱིན་ཕྱིར། །སྔོན་མེད་གྲུབ་པའི་རིན་ཆེན་ཉིད་ཅེས་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ། །བརྗོད་པ་སྙན་པའི་ཡི་གེས་མཛེས་བྱས་དཔལ་ལྡན་བླ་མའི་ཞབས་བསྙེན་ནས། །ཉིན་མོར་བྱེད་པའི་ཐིག་ཕྲེང་ནི། །པུཎྜ་རཱི་ཀས་བཏུང་པ་བཞིན། །ཞི་བསིལ་བདུད་རྩི་ཐོབ་པའི་ཚུལ། །བརྗོད་འདིས་དོན་གཉིས་འཇོ་བར་ཤོག ༡༣ །ངག་གི་དབང་ཕྱུག་རིགས་ཀུན་བདག་པོའི་ཡེ་ཤེས་སྐུ་ཡི་རོལ་རྩེད་ནི། །རྡོ་རྗེ་གསུམ་གྱི་སྣང་ཆར་ཤར་ལས་ཕན་བདེའི་འདོད་པ་འཇོ་བའི་ཚུལ། །རིན་ཆེན་བྱེ་བ་ཕྲག་བརྒྱས་མངོན་གཏམས་ཆུ་གཏེར་ཆེན་པོས་མཚོན་མིན་པའི། །རྣམ་འདྲེན་བླ་མའི་ཞབས་ཀྱི་པདྨོས་ཤིས་པའི་དགེ་མཚན་སྦྱིན་གྱུར་ཅིག །གང་གསུང་དཔྱིད་ཀས་བཟུང་བ་ལས། །དད་སྤྲོའི་མེ་ཏོག་འཛུམ་དང་བཅས། །དེ་ཚུལ་བརྗོད་པའི་ཏམྦུ་རཿ བློ་གྲོས་སོར་རྩེས་བསྒྲེང་བར་བྱ། །ངག་ལ་དབང་འབྱོར་རྣམ་པར་ཐར་པས་གསུང་གི་རྡོ་


JKT002_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རྗེར་རྣམ་བརྟགས་ཤིང་། །རིན་ཆེན་བྱང་ཆུབ་སེམས་ལ་དབང་འབྱོར་ཕྱག་ན་པདྨོའི་སྤུན་ཟླ་ཅན། །ཐུགས་རྗེས་ཡིད་སྲུབས་དཔུང་ཚོགས་འཆིབ་མཛད་གསང་བ་འཛིན་པའི་བདག་པོ་ཞེས། །སྲས་བཅས་རྒྱལ་བས་རྟག་ཏུ་བསྔགས་དེའི་ཞབས་སེན་ནོར་བུའི་རེག་པ་ལས། །སྲིད་ཞིའི་ཕུན་ཚོགས་ཀུན་འཇོ་བའི། །རྨད་བྱུང་དམ་ཆོས་དགའ་སྟོན་མཆོག །ཐོབ་ཚུལ་ཇི་བཞིན་བརྗོད་པའི་དགེས། །ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག ༡༤ །རྒྱལ་བ་ཀུན་གྱི་མཁྱེན་རབ་ཕུང་པོ་ངག་དབང་ལྷ་ཡི་ཡེ་ཤེས་གར། །མཐའ་ཀླས་སྐལ་བཟང་གདུལ་བྱའི་ཚོགས་ལ་ཐེག་ཆེན་ཆོས་ཀྱི་དགའ་སྟོན་གྱིས། །སྲིད་དང་ཞི་བའི་བཀྲ་ཤིས་དགེ་མཚན་ཅིར་ཡང་སྦྱིན་པའི་དཔལ་མངའ་བ། །སྐྱབས་གནས་རིན་ཆེན་ཀུན་གྱི་ངོ་བོ་ཁྱབ་བདག་བླ་མས་ཤིས་པར་མཛོད། །གང་དེའི་གསུང་གསང་འབིགས་བྱེད་ཀྱི། །རླུང་གཞོན་དལ་བུར་རྒྱུ་བ་ཡིས། །སྲིད་པའི་རིམས་ནད་འཇིལ་མཛད་ཕྱིར། །དེ་ཚུལ་ཡི་གེའི་ཕྲེང་བ་སྤེལ། །ངག་གི་དབང་ཕྱུག་ཡེ་ཤེས་མཆོག་ནི་པདྨོ་ལྟ་བུར་དགོད་པ་ལས། །ཐེག་ཆེན་རིགས་ཀྱི་ལང་ཚོ་དར་བབས་མཚན་དཔེའི་དགེ་མཚན་བཀྲ་བའི་དཔྱིད། །ཕུན་ཚོགས་ཤིས་དགུའི་དངོས་པོ་བཏུད་བྱས་འཛམ་གླིང་བསྟན་འགྲོའི་རིན་ཆེན་མཆོག །གང་དེའི་ཞབས་མཐིལ་འཁོར་ལོའི་རི་མོ་གུས་པའི་ཕྱག་གིས་མཆོད་བྱས་ནས། །ཟབ་གསང་གདམས་པའི་བཀའ་དྲིན་གྱིས། །


JKT002_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བཟུང་ཚུལ་བརྗོད་འདི་ཡིས། །སྐྱེ་ཀུན་དྲི་མེད་བསྟན་པ་ལ། །དད་གསུམ་བློ་གྲོས་རྒྱས་པར་ཤོག ༡༥ །མཐའ་ཀླས་ཡོན་ཏན་ཀུན་གྱི་དཔལ་གྱུར་ཚུལ་ཁྲིམས་དག་པའི་དཔག་བསམ་ནི། །གཞན་ཕྱིར་སྨོན་འཇུག་བྱང་སེམས་བརླན་ལྡན་མེ་ཏོག་དཀར་པོའི་དོ་ཤལ་ཅན། །རིམ་གཉིས་བཅུད་ལེན་གྲུབ་པའི་འཕྲིན་ཡིག་གཟུར་གནས་ཕྱོགས་ཀྱི་བུ་མོ་ཡི། །བརྗོད་པ་སྙན་པའི་ངག་ལས་ལེགས་འོངས་འདི་ན་དད་པའི་མིག་ངོར་སྣང་། །གང་དེའི་མཁྱེན་དང་བརྩེ་བ་ཡི། །ཛམྦུའི་སྙེ་མ་སྨིན་པ་ལས། །ལེགས་གསུངས་རིན་ཆེན་མཆོག་གི་དཔྱིད། ཅུང་ཟད་ཐོབ་ཚུལ་ཡི་གེར་འབྲི། །རྣམ་གྲོལ་བསླབ་གསུམ་ནོར་བུའི་དཔལ་ལྡན་མཁས་པའི་ངང་པ་འདུ་པའི་གཞི། །གྲུབ་གཉིས་གདེངས་ཅན་དུ་མས་མངོན་རྩེན་ཆུ་གཏེར་ཆེན་པོའི་ངང་ཚུལ་ཅན། །གཞན་ཕན་རྣམ་པར་དཀར་བའི་ཕྲིན་ལས་རྦ་རླབས་ཆལ་ཆིལ་དགོད་པ་ཡིས། །སྐལ་བཟང་དོན་གཉེར་ཚོགས་རྣམས་དགའ་བསྐྱེད་གང་དེ་ཉེ་བར་བསྙེན་བྱས་ནས། །གསང་ཆེན་སྨིན་པར་བྱེད་པའི་རྒྱུན། །རིག་བྱེད་གྲངས་ཀྱིས་སྒེག་པའི་གཏམ། །གཟུར་གནས་རྣ་བའི་བཅུད་ལེན་དུ། །སྨོས་འདིས་ཀུན་ཏུ་སྨན་གྱུར་ཅིག ༡༦ །རྣམ་མང་དགེ་མཚན་བྱེ་བ་ཕྲག་བརྒྱའི་ནོར་བུའི་རྦ་རླབས་རབ་གཡོ་བས། །སྐལ་བཟང་དོན་གཉེར་ཚོགས་རྣམས་འདུན་པའི་རྣམ་ཐར་རྨད་དུ་བྱུང་བའི་ཕྱིར། །


JKT002_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གྲོལ་ཆོས་ཀྱི་རྒྱ་མཚོ་གཅིག་གྱུར་གང་དེར་དང་བའི་ཐལ་མོ་ཡིས། །བསྔགས་བརྗོད་མེ་ཏོག་དཀར་པོའི་གྲུ་ཆར་ཅུང་ཟད་འཐོར་བས་བསྙེན་བཀུར་ནས། །ཐུགས་བརྩེའི་ཡལ་ག་ཕྱོགས་འདི་རུ། །བསྐྱངས་པའི་ལེགས་བྱས་ཁོ་ན་ལས། །དམ་ཆོས་འབྲས་བཟང་རོ་བརྒྱ་པ། །ཐོབ་ཚུལ་གཏམ་གྱི་ཕྲེང་བར་སྤེལ། །མཁས་གྲུབ་རྒྱ་མཚོའི་བླ་མར་བསྔགས་འོས་བརྩེ་ཆེན་སྙིང་པོ་བརྒྱུད་བཅས་ཀྱི། །བཤད་སྒྲུབ་དམ་#པའི་གྲིབ་བསིལ་སྣུམ་པོས་རིས་མེད་གདུལ་བྱ་དབུགས་འབྱིན་ཞིང་། །རྣམ་དཀར་དགེ་བའི་མེ་ཏོག་རབ་བཀྲ་སྐལ་བཟང་དོན་གཉེར་འདུན་པའི་གཞི། །དཔྱོད་ལྡན་རྒྱ་མཚོས་བསྔགས་འོས་གཅིག་གྱུར་ཡོངས་འཛིན་ལེགས་བྲིས་ལྗོན་པ་ཆེ། །གང་དེའི་ཐུགས་བརྩེས་སྐྱོང་བ་ལས། །དམ་ཆོས་ཐོབ་ཚུལ་ཏམྦུ་རཿ བློ་གྲོས་སོར་རྩེས་བསྒྲེང་པའི་མཐུས། །སྲིད་ཞིའི་ཕ་མཐར་སོན་པར་ཤོག ༡༧ །བགྲང་ཡས་བསྟན་སྲུང་རྒྱ་མཚོའི་དེད་དཔོན་ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཡི། །ཟབ་རྒྱས་གདམས་པའི་དགའ་སྟོན་སྩོལ་མཁས་རྡོ་རྗེ་འཛིན་པའི་གཙུག་རྒྱན་ཆེ། །ངག་ལ་དབང་འབྱོར་སྨིན་གྲོལ་རྒྱ་མཚོས་རིས་མེད་གདུལ་བྱའི་ཚོགས་རྣམས་ཀུན། །ཐར་པ་མཆོག་གི་ངལ་འཚོ་ལ་སྦྱར་རྣམ་འདྲེན་རྗེ་དེར་གུས་བཏུད་ནས། །གང་གི་བཀའ་དྲིན་དཔག་བསམ་ལས། །ཟབ་གསང་ཟིལ་དངར་ཐོབ་པའི་ཚུལ། །གསལ་བར་བརྗོད་པའི་ཏམྦུ་


JKT002_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རཿ མིང་ཚིག་ཡི་གེའི་གཟུགས་ཀྱིས་རྒྱུ། །ངག་གི་དབང་ཕྱུག་སྨྲ་བའི་ཉི་མས་བློ་གྲོས་པད་དཀར་དགེ་བྱས་པས། །གསར་རྙིང་སྨིན་གྲོལ་གདམས་པའི་བདུད་རྩིའི་གཟུར་གནས་བུང་པའི་ཚོགས་རྣམས་ལ། །ཀུན་ཏུ་དགའ་བའི་སིམ་པ་སྟེར་མཁས་གྲགས་དཀར་རྒྱ་མཚོའི་རྦ་རླབས་ཅན། །སྔོན་མེད་ལེགས་བྲིས་ལྗོན་བཟང་མཆོག་དེར་སྒོ་གསུམ་གུས་པས་བསྙེན་བྱས་ནས། །ཞིང་སྐྱོང་དབང་པོ་ཞལ་བཞི་པའི། །ཟབ་རྒྱས་གདམས་པ་ཐོབ་པའི་ཚུལ། །བརྗོད་འདིས་ཡིད་སྲུབས་སྡེར་བཅས་ཀྱི། །སྙིང་གི་བརྟན་པ་འཕྲོག་པར་ཤོག ༡༨ །རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ཅེས་གྲགས་འབར་བའི། །ཆོས་ཀྱི་རྒྱལ་ཐབས་མཆོག་ལ་དབང་བསྒྱུར་འཆད་རྩོད་རྩོམ་པའི་འཛུམ་དཀར་གྱིས། །རིས་མེད་གཟུར་གནས་བློ་གསལ་རྒྱ་མཚོ་ཀུན་དགའི་སིམ་པ་སྟེར་མཁས་ཤིང་། །ཡོངས་རྫོགས་བསྟན་པའི་པད་ཚལ་སྐྱོང་མཛད་སྨྲ་བའི་ཉི་མ་མཆོག་དེར་འདུད། །གང་གི་ཐུགས་རྗེའི་སྤྲིན་དཀར་གྱི། །གོམ་སྟབས་མཛེས་པར་བསྒྱུར་བ་ལས། །དམ་ཆོས་སྦྲང་རྩིའི་གྲུ་ཆར་གྱིས། །དད་སྤྲོའི་ཨུཏྤལ་ཅིར་ཡང་དར། །རིན་ཆེན་ཚུལ་གནས་ཁྲིམས་ཀྱི་རྩ་བརྟན་མང་ཐོས་ཡལ་འདབ་རབ་གཡོ་ཞིང་། །བློ་གསལ་རྒྱ་མཚོའི་བརྟན་པ་འཕྲོག་མཁས་བསམ་བྱུང་པད་དཀར་ཅིར་ཡང་འཛུམ། །རྩེ་གཅིག་བསྒོམ་པའི་འབྲས་བུས་རབ་


JKT002_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་ཡོངས་རྫོགས་བསྟན་པའི་བཤད་སྒྲུབ་ཀྱི། །འཆི་མེད་གཞོན་ནུའི་ཚོགས་རྣམས་སྐྱོང་མཛད་དཔལ་ལྡན་རྡོ་རྗེ་འཛིན་དབང་དེའི། །ཞབས་ཀྱི་ཨུཏྤལ་དང་འགྲོགས་པས། །ཞི་བསིལ་སྦྲང་རྩི་ཐོབ་པའི་ཚུལ། །བརྗོད་འདིས་དོན་གཉེར་བླ་མ་རའི། །སྙིང་ལ་ངལ་འཚོ་སྦྱིན་གྱུར་ཅིག ༡༩ །རིགས་ཅན་གསུམ་གྱི་མོས་པའི་རྗེས་འགྲོ་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་བཅུད། །ཆེས་དཀོན་མཆོག་གི་རིན་ཆེན་སྩལ་ལ་གདེངས་ཅན་དབང་པོའི་སྤུན་ཟླ་ཡིས། །ཡོངས་རྫོགས་བསྟན་པའི་རྫོགས་ལྡན་གསར་པ་རབ་ཏུ་རྒྱས་མཛད་དེ་ཡི་ཚེ། །མཁས་དང་གྲུབ་པའི་གཙུག་ཏོར་རྩེར་འཛེགས་དཔལ་ལྡན་བླ་མས་ཤིས་པར་མཛོད། །གང་དེའི་ཞལ་གྱི་སྤྲིན་མཛེས་ལས། །དམ་ཆོས་བདུད་རྩིའི་གྲུ་ཆར་གྱིས། །བདག་བློའི་པདྨོར་བྲན་པའི་ཚུལ། །ཅུང་ཟད་གསལ་བར་བརྗོད་འདིའོ། །སྐྱབས་གནས་རྨད་བྱུང་དཀོན་མཆོག་རྒྱ་མཚོའི་ཡེ་ཤེས་སྒྱུ་མའི་རོལ་རྩེད་ནི། །ཚུར་མཐོང་བསྟན་དང་འགྲོ་ལ་སྨན་སླད་རྡོ་རྗེ་སློབ་དཔོན་མཆོག་གི་ཟོལ། །མཁས་དང་གྲུབ་པའི་རྣམ་ཐར་རབ་གསལ་ཡི་གེས་ཉིན་མོར་བྱེད་པའི་གཟིས། །དགེ་ལེགས་རྟག་པའི་པདྨོ་རྒྱས་མཛད་གང་དེས་ཉེ་བར་རྗེས་བཟུང་ནས། །མདོ་སྔགས་ཆོས་ཚུལ་རྣམ་མང་གིས། །སྐལ་བཟང་བྱས་ཚུལ་བརྗོད་པའི་དགེས། །སྐྱེ་བ་ཀུན་ཏུ་རིས་མེད་པའི། །བསྟན་ལ་བྱ་བ་བྱེད་པར་ཤོག ༢༠ །ཤིན་ཏུ་ཞི་བ་དམ་པའི་


JKT002_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཏེར་སྤྲོས་པའི་ཕ་རོལ་ལས་བརྒལ་བར། །འཇུག་དང་ལྡང་བའི་མཚན་རྟོག་བྲལ་ཡང་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ནི། །ཚད་མེད་སྙིང་རྗེའི་སྒྱུ་ཐབས་དང་འགྲོགས་སྲིད་པའི་ཁམས་འདིར་སྣང་བའི་མོད། །འགྲོ་ཀུན་ཕན་བདེའི་ངལ་འཚོ་ལ་སྦྱར་ཡོངས་འཛིན་ཚོགས་ལ་གུས་བཏུད་ནས། །དམིགས་པ་མེད་པའི་ཐུགས་རྗེ་དང་། །མཁྱེན་རབ་ཕ་མཐའ་ཡས་པ་ཡི། །དཔལ་ལྡན་བླ་མའི་ཚོགས་རྣམས་ཀྱིས། །རྗེས་སུ་བཟུང་ཚུལ་གསལ་བར་བརྗོད། །ཐུགས་ཀྱི་གསང་བ་རྣམ་པ་ཀུན་ལྡན་བདེར་གཤེགས་རྣམས་དང་རོ་གཅིག་ཀྱང་། །ཚུར་མཐོང་འགྲོ་བའི་སྙིང་རྗེས་བསྒྲལ་སླད་སུམ་ལྡན་རྡོ་རྗེ་འཛིན་པའི་ཟོལ། །དཔལ་ལྡན་བླ་མ་མཆོག་རྣམས་ཞབས་སེན་ཕན་བདེའི་དངོས་པོ་ཀུན་སྟེར་པའི། །ངོ་མཚར་ཨུཏྤལ་འདབ་བརྒྱ་གཡོ་བ་སྤྱི་བོའི་རྒྱན་དུ་ལེགས་བསྙེན་ནས། །དམ་པ་ཆོས་ཀྱི་དགའ་སྟོན་དཔྱིད། །ཐོབ་ཚུལ་གསལ་བར་བརྗོད་འདི་ཡིས། །སྲིད་དང་ཞི་བའི་དགེ་མཚན་གྱིས། །བཀྲ་ཤིས་སྣང་བ་འབར་གྱུར་ཅིག ༢༡།

འཕགས་པ་གནས་བརྟན་བཅུ་དྲུག་གི་རྟོགས་པ་བརྗོད་པའི་གཏམ་ཉུང་ངུར་བསྡུས་པ་བློ་གསལ་རྣ་བའི་རྒྱན།


JKT002_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

༈ འཕགས་པ་གནས་བརྟན་བཅུ་དྲུག་གི་རྟོགས་པ་བརྗོད་པའི་གཏམ་ཉུང་ངུར་བསྡུས་པ་བློ་གསལ་རྣ་བའི་རྒྱན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། གང་གི་ཐུགས་རྗེའི་དཔྱིད་དཔལ་ཁོ་ན་ཡིས། །བཟུང་བས་རྒྱལ་བསྟན་པུཎྜ་རཱི་ཀའི་ཚལ། །བཤད་སྒྲུབ་འཛུམ་དཀར་གཡོ་བའི་གཉེན་གཅིག་པུ། །འཕགས་མཆོག་གནས་བརྟན་


JKT002_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་ཤིས་པར་མཛོད། །ཅེས་དགེ་ལེགས་སུ་བྱ་བའི་ཚིག་གི་མེ་ཏོག་སྔོན་དུ་གཏོར་ནས། འདིར་འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་གི་རྟོགས་པ་བརྗོད་པ་ལས་བརྩམས་བའི་གཏམ་ཅུང་ཟད་དབྱེ་ན། དང་པོ་གནས་བརྟན་ཆེན་པོ་ཡན་ལག་འབྱུང་ནི། རྒྱལ་པོའི་ཁབ་ན་ཁྱིམ་བདག་ཤིན་ཏུ་བཟང་པོ་དང་། ཆུང་མ་བདེ་ལྡན་མའི་སྲས་སུ་འཁྲུངས། དེ་ཡང་ཁྱིམ་བདག་དེས་ཆུང་མ་སྦྲུམ་མར་གྱུར་པ་ན། །# ་བཅོམ་ལྡན་འདས་ལ་ཞུས་པས། བུ་བཙའ་བར་ལུང་བསྟན་པ་གཅེར་བུ་པ་བྷ་ཏི་ཀས་ཐོས་ཏེ། ཕྲག་དོག་གིས་དབྱེན་བཅོས་ནས་བཀུ་མཉེ་རུ་བཅུག་པས་ཆུང་མ་ཤི། རོ་བསིལ་བ་ཚལ་གྱི་དུར་ཁྲོད་དུ་བསྐྱལ་ཟློ བས། མུ་སྟེགས་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ལུང་བསྟན་ཐོག་ཏུ་མ་བབས་སོ། །ཞེས་དྲིལ་བསྒྲགས་པ་ན། སྟོན་པས་བདེན་པའི་མཐུས་བྱིན་གྱིས་བརླབས་པས། ཆུང་མའི་རོ་བསྲེགས་པའི་ལྟོ་བ་ལས་ཁྱེའུ་ཅི་ཡང་མ་ཉེས་པར་བྱུང་བས་མེ་སྐྱེས་དང་། ཡན་ལག་འབྱུང་དང་། དབང་པོ་རྣོ་བས་ཟུར་གྱིས་ཤེས་ཞེས་ཀྱང་གྲགས། དེ་ནས་བསྐྱེད་བསྲིངས་པ་ན་ཁྱིམ་བདག་ཏུ་གྱུར་ཏེ་སྔོན་གྱི་བསོད་ནམས་ཀྱི་དབང་གིས་འབྱོར་པ་ཤིན་ཏུ་ཆེ་བ་ཐོབ་ཅིང་། བདེན་པ་ཡང་མཐོང་། མཐར་གྱིས་སྟོན་པ་ལས་རབ་ཏུ་བྱུང་ནས་དགྲ་བཅོམ་བརྙེས། རི་བོ་སྤོས་ངད་ལྡང་བར། མཉམ་པར་འཇོག་པའི་ཕྱིར་བྱོན་པ་ན། ལྷ་དང་ལྷ་


JKT002_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

མིན་གནོད་སྦྱིན་ཆེན་པོ་དཔག་ཏུ་མེད་པ་ཐར་པར་བཀོད་པས། ལྷ་རྣམས་ཀྱིས་བསིལ་ཡབ་དང་། ལྷ་མིན་རྣམས་ཀྱིས་སྤོས་དྲི་ཞིམ་པོ་སྣོད་དང་བཅས་པ་དབུལ་ཏེ། འཕགས་པའི་སྤོས་ཕོར་དེ་གང་གིས་མཐོང་རེག་དྲི་ཚོར་བ་ཐམས་ཅད་ཚུལ་ཁྲིམས་ཀྱི་དྲི་བསུང་གིས་ཕྱོགས་བཅུར་ཁྱབ་པ་དང་། ཀུན་གྱིས་ཡིད་དུ་འོང་བ་དང་། ནད་དང་སྡུག་བསྔལ་ཞི་བ་དང་། རྔ་ཡབ་ལས་མཆོད་སྤྲིན་སྣ་ཚོགས་འཐོན་ནས་སངས་རྒྱས་སྲས་བཅས་མཆོད་པར་འགྱུར་བ་དང་། སེམས་ཅན་གང་ལ་གཡབ་པ་དེའི་ཉོན་མོངས་ས་བོན་དང་བཅས་པ་ཞི་ཞིང་། ནད་དང་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་པའི་ཡོན་ཏན་དང་ལྡན་པའོ། །གཉིས་པ་གནས་བརྟན་མ་ཕམ་པ་ནི། མཉན་ཡོད་དུ་ཁྱིམ་བདག་གི་བུར་འཁྲུངས། སྟོན་པ་ལ་དད་པས་རབ་ཏུ་བྱུང་། དགྲ་བཅོམ་པ་ཐོབ་བོ། །འདིའི་མཉམ་གཞག་གི་ཕྱག་རྒྱ་མཛད་པ་དེ། གདུལ་བྱ་གང་གིས་མཐོང་རེག་དྲན་པར་བྱེད་ན། དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་དག་ཅིང་འཕེལ་བ་དང་། དཔལ་ཆེན་པོ་ཐོབ་པ་དང་། སྙན་གྲགས་ཕྱོགས་བཅུར་ཁྱབ་པ་དང་། ཏིང་ངེ་འཛིན་བརྒྱ་སྟོང་གྲངས་མེད་པ་འཐོབ་པར་འགྱུར་རོ། །གསུམ་པ་གནས་བརྟན་ནགས་ན་གནས་ནི། མཉན་ཡོད་སེང་ལྡེང་གི་ནགས་ཁྲོད་དུ་དཀའ་ཐུབ་ལ་གནས་པས། དྲང་སྲོང་སེང་ལྡེང་ནགས་པའམ། ནགས་ན་གནས་སུ་གྲགས།


JKT002_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ལ་དད་དེ་རབ་ཏུ་བྱུང་། ཀོ་སཱ་ལའི་ལྗོངས་ལོ་མ་བདུན་པའི་རི་ཕུག་ཏུ་རྩེ་གཅིག་བསྒོམས་པས་དགྲ་བཅོམ་ཐོབ། འདིའི་ཕྱག་གཡས་ཞི་བའི་སྡིགས་མཛུབ་གང་ལ་གཏད་པ་དེར་འབྱུང་བཞིའི་གནོད་པ་ཞི། འདྲེ་སྲིན་ལྷ་ཀླུ་གཏུམ་པོ་རྣམས་ཀྱི་གདུག་པ་ཞི་ཞིང་བཀའ་ཉན། རྔ་ཡབ་ཀྱིས་གདུལ་བྱ་གང་ལ་གཡབ་པས་བསིལ་བ་ཕོག་པ་དང་། ཡིད་ལ་དྲན་པ་ཙམ་གྱིས་སྡིག་པ་འདག་པ་དང་། བདག་མེད་གཉིས་དང་། བདེན་པ་གཉིས་རྟོགས་པར་འགྱུར་རོ། །བཞི་པ་གནས་བརྟན་དུས་ལྡན་ནི། མཉན་ཡོད་དུ་འཁྲུངས། བཅོམ་ལྡན་འདས་ཀྱི་དྲུང་དུ་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་ཐོབ། གནས་མལ་དུར་ཁྲོད། ཆོས་གོས་རོ་རས། ལྷུང་བཟེད་གྱོ་མོ། བསོད་སྙོམས་རོའི་མཚུན་ཟས་ལ་སྤྱོད་པས་ཀཱ་ལི་ཀ་སྟེ་དུས་ལྡན་ཞེས་སམ། འཕགས་པ་ནག་པོ་ཞེས་ཡོངས་སུ་གྲགས། འདོད་ཁམས་ཀྱི་གནས་སུ་བྱོན་ཏེ་ལྷའི་བུ་དང་། བུ་མོ་དཔག་ཏུ་མེད་པ་ཐར་ལམ་ལ་བཀོད། དེ་དག་གིས་རིན་པོ་ཆེའི་རྒྱན་མང་དུ་ཕུལ་བ་གསེར་གྱི་རྣ་ཀོར་གཅིག་ཏུ་བྱིན་གྱིས་བརླབས་ཏེ་བསྣམས་པར་མཛད། དེས་གང་ལ་རེག་པའམ། མཐོང་བའམ། དྲན་པས་ཀྱང་རྒྱལ་བ་སྲས་བཅས་ཀྱི་སྤངས་རྟོགས་རྫོགས་པ་དང་། ས་བཅུ་ཐོབ་པ་དང་། ཕྱིར་མི་ལྡོག་པ་དང་། ཞི་ལྷག་ཟུང་འབྲེལ་གྱི་ཤེས་རབ་ལྡན་པ་དང་། འཁོར་མང་དུ་འདུ་བར་འགྱུར་


JKT002_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ལྔ་པ་གནས་བརྟན་རྡོ་རྗེ་མོའི་བུ་ས་ར་ཎར་གྲགས་པ་ནི། ཀོ་ཤམྦྷིར། བཏྲའི་རྒྱལ་པོ་འཆར་བྱེད་དང་། བཙུན་མོ་རྡོ་རྗེ་མོའི་སྲས་སུ་འཁྲུངས། ཕ་ཆོས་མིན་གྱི་ལས་ལ་གཞོལ་བས་ཡིད་བྱུང་སྟེ་འཕགས་པ་ཀ་ཏྱཱ་ཡ་ནར་རབ་ཏུ་བྱུང་། འཕགས་པས་ཁྲིད་དེ་ཐབས་ལ་མཁས་པའི་སྒོ་ནས་གདམས་ངག་བསྟན་པས་དགྲ་བཅོམ། ཕྱིས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་པས། ཡང་དག་པར་བསྔགས་པའང་ཐོབ། འདིའི་གཡས་སྡིགས་མཛུབ་གང་ལ་གཏད་པ་དེ་ལ། མཐོང་རེག་དྲན་པས་ཀྱང་དེ་དག་གི་མ་དད་པའི་ཕྱིར་རྒོལ་བཟློག་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་བྱེད་ནུས་ཤིང་། དྲི་ཟའི་ཡུལ་དུ་བསོད་སྙོམས་ལ་བྱོན་ནས་དཔག་ཏུ་མེད་པ་ཐར་ལམ་ལ་བཀོད། དེ་དག་གིས་སྨན་དྲི་ཞིམ་པོ་དུ་མས་བསྒོས་པའི་རྔ་ཡབ་ཕུལ་བ་བཞེས་ཏེ་ཕྱག་གཡོན་དུ་བསྣམས་པ་ཉིད། གདུལ་བྱ་གང་གིས་མཐོང་རེག་དྲན་པས། ཡེ་ཤེས་དང་། དབང་ཕྱུག་དང་། མཚན་དཔེ་ཕུན་སུམ་ཚོགས་པ་ཐོབ། ལུས་ལས་འོད་ཟེར་མཐའ་ཀླས་པ་བཀྱེ་སྟེ། དེས་རེག་པ་ཐམས་ཅད་བྱང་ཆུབ་ལ་འགོད་ནུས་པའི་ཡོན་ཏན་དང་ལྡན་པར་གྱུར་ཏོ། །དྲུག་པ་གནས་བརྟན་བཟང་པོ་ནི། སྟོན་པ་སངས་རྒྱས་ནས་ལོ་དྲུག་ཡབ་སྲས་མཇལ་པའི་ཚེ། རྒྱལ་པོ་ཟས་གཙང་གི་ཁ་ལོ་པ་རབ་དབང་གིས་བདག་ལ་བུ་ཞིག་བྱུང་ན་བཅོམ་ལྡན་འདས་ལ་འབུལ་


JKT002_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ཞེས་དམ་བཅས། ཕྱིས་དེ་ལ་བུ་ཞིག་བཙས་པར་མིང་བཟང་པོར་བཏགས། བསྐྱེད་བསྲིངས་ནས་སེར་སྐྱའི་གཞིར་སྟོན་པ་བྱོན་པའི་ཚེ། ཆེད་དུ་བསྐུལ་ནས་རབ་ཏུ་བྱུང་། དགྲ་བཅོམ་མོ། །འདིའི་ཕྱག་གཡས་ཆོས་འཆད་ཀྱི་རྒྱ་གདུལ་བྱ་གང་གིས་མཐོང་རེག་དྲན་པས། ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་ཚིག་དོན་ཁོང་དུ་ཆུད། བསམ་པ་ཡིད་བཞིན་འགྲུབ། སྟོང་ཉིད་སྙིང་རྗེ་དབྱེར་མེད་རྒྱུད་ལ་སྐྱེ། གཡོན་མཉམ་གཞག་གི་རྒྱས་གདུལ་བྱ་རྣམས་ཏིང་འཛིན་གྱི་སྒོ་དུ་མར་འགོད། མངོན་ཤེས་དང་རྫུ་འཕྲུལ་ལྡན། ལམ་ལོག་པ་ཐམས་ཅད་ལས་ལྡོག །སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་བགྲོད་ནུས། ཉོན་མོངས་པའི་དགྲ་བཅོམ་པ། ཕས་རྒོལ་ཚར་ཆོད་ནས་གདུལ་བྱར་འགྱུར་བ་སོགས་ཡོན་ཏན་དཔག་ཏུ་མེད་དོ། །བདུན་པ་གནས་བརྟན་གསེར་བེའུ་ནི། མ་ག་དྷཱར་ཁྱིམ་བདག་གཅིག་ལ་བུ་བཙས་མ་ཐག །གསེར་གྱི་གླང་པོ་ཆེའི་ཕྲུ་གུ་གཅིག་དང་ལྕི་བ་ཡང་གསེར་དུ་འབབ་པ་གཅིག་བསོད་ནམས་ཀྱི་མཐུས་ས་ལས་རང་བྱུང་བས། མིང་གླང་པོ་སྐྱོང་མ། །གསེར་བེའུར་བཏགས། ཕྱིས་རྒྱལ་པོ་མ་སྐྱེས་དགྲས་གླང་པོ་དེ་འཕྲོགས་པ་ན། གླང་པོ་ཆེ་ས་ཡི་ནང་དུ་ནུབ་ནས་སླར་རང་གནས་སུ་བྱུང་། དེར་རྒྱལ་པོའི་ཆད་པས་ཀ་ཏྱཱ་ནས་བཅོམ་ལྡན་འདས་ལ་རབ་ཏུ་བྱུང་ཞིང་དགྲ་བཅོམ་ཐོབ། དེའི་ཚེ་ཡང་གླང་པོ་ཆེ་བལྟ་བར་མི་མང་


JKT002_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདུས་པས་འདུ་འཛིས་ཡིད་སྐྱོ་བ་ན། སྟོན་པས་ད་ནི་མི་དགོས་སོ། །ཞེས་གསུངས་མ་ཐག་གླང་པོ་དེ་ས་འོག་ཏུ་རང་ནུབ་བོ། །འདིས་ཀླུ་ཡུལ་དུ་བསོད་སྙོམས་ལ་བྱོན་ནས་དཔག་ཏུ་མེད་པ་སེམས་བསྐྱེད་ལ་བཀོད། དེ་དག་གིས་རིན་པོ་ཆེའི་ཞགས་པ་དགོས་འདོད་ཀུན་འབྱུང་བ་གཅིག་ཕུལ་བ་འཕགས་པས་བྱིན་གྱིས་བརླབས་ནས་བསྣམས་པས། གང་གིས་མཐོང་རེག་དྲན་པ་ཀུན་མི་བརྗེད་པའི་གཟུངས་ཐོབ། རྒྱལ་བ་སྲས་དང་བཅས་པས་གསུངས་པའི་ཆོས་ཐམས་ཅད་ཐོབ། གཟུངས་དང་། སྤོབས་པ་དང་། དབང་ཕྱུག་ཕུན་སུམ་ཚོགས་པ་ཐོབ་པ་སོགས་ཡོན་ཏན་མཐའ་ཀླས་སོ། །བརྒྱད་པ་གནས་བརྟན་བྷ་ར་དྷྭ་ཛ་གསེར་ཅན་ནི། མཉན་ཡོད་དུ་ཁྱིམ་བདག་བྷ་ར་དྷ་ཛ་རིག་པ་ཅན་ལ་བུ་མཚན་དང་ལྡན་པ། ལག་མཐིལ་གཉིས་ན་གསེར་གྱི་དོང་རྩེའི་མཚན་མ་བཏབ་པ་གཅིག་བཙས་པས་མིང་དེ་སྐད་དུ་བཏགས། དེའི་ལག་ནས་གསེར་དངུལ་གྱི་ཡོ་བྱད་ཅི་འདོད་འབྱུང་། སྟོན་པ་མཇལ་བས་དད་ནས་བསྙེན་བཀུར། རབ་ཏུ་བྱུང་ཞིང་དགྲ་བཅོམ་ཐོབ་བོ། །འདིའི་མཉམ་གཞག་གི་རྒྱ་གང་གི་མདུན་དུ་བཅས་མ་ཐག །དེ་ངན་འགྲོ་ལས་ཐར་བ་དང་། དགའ་བ་དང་། བདེ་བ་དང་། རིག་པའི་ཡེ་ཤེས་དང་། དཀར་པོའི་ཡོན་ཏན་རྒྱས་པར་བཤད་དོ། །དགུ་པ་གནས་བརྟན་བ་ཀུ་ལ་ནི། མཉན་ཡོད་དུ་བྲམ་ཟེའི་བུར་འཁྲུངས།


JKT002_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རིག་བྱེད་ལ་ཤིན་ཏུ་བྱང་ཞིང་མཚན་གེལ་པོར་གྲགས། ཕྱིས་ཕ་མ་ཤི་ནས་ཀུན་ཏུ་རྒྱུ་བའི་བརྟུལ་ཞུགས་བཟུང་སྟེ། མཉན་ཡོད་ནས་དཔག་ཚད་སུམ་སྟོང་དྲུག་ཅུ་རྩ་བཞིའི་བར་ཐག་ཡོད་པ་དགེ་བའི་ཕོ་བྲང་ཞེས་བ་དེར་འཁྱམས་ཤིང་། མཐར་གཏུན་རི་ཞེས་དྲང་སྲོང་རྣམས་ཀྱི་གནས་དེར་བཞུགས། ལོ་བརྒྱ་ཉི་ཤུ་རྩ་ལྔ་ལོན་ཀྱང་། སྔོན་རང་སངས་རྒྱས་ནད་པ་ཞིག་ལ་ཨ་རུ་ར་རྡོག་གཅིག་ཕུལ་པའི་འབྲས་བུས་བསྙུན་གཏན་ནས་མི་མངའ། ཤིང་ཤུན་གྱི་གོས་གྱོན་པས་དྲང་སྲོང་བ་ཀུ་ལ་སྟེ། ཤིང་ཤུན་ཅན་དུ་གྲགས། དེའི་ཚེ་གང་པོ་སྤུན་གྱིས་ལོ་མ་ཅན་དུ་བཅོམ་ལྡན་འདས་སྤྱན་དྲངས་པས་ནམ་མཁའ་ནས་གཤེགས་པ་མཐོང་བས་དད་དེ། གཏུན་རིའི་རྩེ་ནས་མཆོངས་པ་ན། སྟོན་པས་རྫུ་འཕྲུལ་གྱི་མཐུས་བླངས་ཏེ། ཆོས་བསྟན་པས་ཕྱིར་མི་འོང་བ་ཐོབ། དད་པས་གྲོལ་བ་རྣམས་ཀྱི་མཆོག་ནི་བ་ཀུ་ལའོ། །ཞེས་བསྔགས། དེ་དང་ལྷན་ཅིག་ལོ་མ་ཅན་དུ་གཤེགས་ཏེ། ཞག་བདུན་བསྒོམས་པས་དགྲ་བཅོམ་མོ། །འདིའི་ཕྱག་ན་ནེའུ་ལེ་བསྣམས་པ་དེ་སུས་མཐོང་ཞིང་རེག་པས་འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པ་འབྱུང་། ཕར་ཕྱིན་དྲུག་རྫོགས། ཆོས་ཉིད་ཀྱི་བདེན་པ་མཐོང་། བྱམས་དང་སྙིང་རྗེ་རྒྱས་པར་འགྱུར་བ་སོགས་ཡོན་ཏན་མང་ངོ་། །བཅུ་པ་གནས་བརྟན་སྒྲ་གཅན་འཛིན་བཟང་པོ་ནི། བདག་ཅག་གི་སྟོན་བ་དགུང་ལོ་ཉེར་


JKT002_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པར་ཁབ་ནས་འབྱུང་བ་ལ་ཉེ་བའི་ནུབ་མོར། མུ་སྟེགས་པ་དག་གིས་གཞོན་ནུ་དོན་གྲུབ་ནི་བཙུན་མོའི་འཁོར་དེ་ལྟ་བུ་དོར་ནས་གཤེགས་པས་སྐྱེས་མ་ཡིན་ནོ་ཞེས་འཕྱ་བ་སྤང་བའི་ཕྱིར། གྲགས་འཛིན་མ་དང་ལྷན་ཅིག་ཏུ་དགའ་མགུར་རོལ་ནས་སྲས་སུ་བྱིན་གྱིས་བརླབས། ནམ་ཞིག་སྟོན་པ་དཀའ་ཐུབ་ལ་བཞུགས་པའི་གཏམ་གྲགས་འཛིན་མས་ཐོས་ཏེ། མྱ་ངན་གྱིས་མེར་མཆོངས་ཀྱང་། ལྟོ་བ་ནས་སྲས་ཀྱིས་སོ་སོར་འབྲང་མའི་རིག་སྔགས་ཡིད་ལ་བྱས་པས་གནོད་མ་ནུས། སྔོན་དྲང་སྲོང་ཞིག་ཞག་དྲུག་ལྡོག་ཏུ་བཅུག་པ་སོགས་ཀྱི་རྣམ་སྨིན་གྱིས་མངལ་དུ་ལོ་དྲུག་བཞུགས། མཐར་སྟོན་པ་སངས་རྒྱས་པ་དང་། ཟླ་བ་སྒྲ་གཅན་གྱིས་ཟིན་པ་དང་། སྲས་བཙས་པ་གསུམ་དུས་མཚུངས་པས་མཚན་སྒྲ་གཅན་འཛིན་བཟང་པོར་བཏགས། དེའི་ཚེ་ཡང་ཟས་གཙང་གིས་འདི་ནི་ཤཱཀྱ་ཐུབ་པའི་བུ་མ་ཡིན་ནོ་ཞེས་སྨྲས་པས། གྲགས་འཛིན་མ་ཡི་ཆད་དེ། རྒྱལ་བུ་དོན་གྲུབ་ཀྱི་ལུས་ཚད་དང་མཉམ་པའི་ཕ་ཝང་ལ་སྲས་བསྐྱོན་ནས་རྫིང་བུར་དོར་ཏེ། ཁྱོད་ཤཱཀྱ་ཐུབ་པའི་བུ་ཡིན་ན་སྟེང་དུ་འཕྱོ་བ་དང་། མ་ཡིན་ན་བྱིང་བར་གྱུར་ཅིག་ཅེས་བདེན་ཚིག་བརྗོད་པ་ན། ཕ་ཝང་དང་ལྷན་ཅིག་ཤིང་བལ་ལྟར་ཆུ་སྟེང་དུ་འཕྱོ་བས། གདོད་རྒྱལ་པོ་ཡིད་ཆེས་ཏེ་པང་དུ་བླངས་སོ། །སྐྱེད་བསྲིངས་ནས་སྟོན་པས་ཐབས་ལ་མཁས་པའི་ཆེད་དུ་བསྐུལ་ཏེ་ཤཱ་རིའི་


JKT002_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལས་རབ་ཏུ་བྱུང་། ཕྱིས་ཞིག་ན་བསྒོམས་པས་དགྲ་བཅོམ་ནས། ཐུབ་པ་ཆེན་པོར་ཐེག་པ་ཆེ་ཆུང་གི་ཆོས་མང་དུ་བླངས། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ཚེའང་ཀུན་དགའ་བོ་དང་གཉིས་ལ་ཐུགས་བརྩེ་བས་དགེ་སློང་འབུམ་དང་། སངས་རྒྱས་ལྔ་བརྒྱ་ལ་གཉེར་དུ་གཏད་པར་མཛད། འདི་ལྷ་གནས་སུམ་ཅུ་རྩ་གསུམ་དུ་བསོད་སྙོམས་ལ་གཤེགས་པའི་ཚེ། ལྷ་དཔག་ཏུ་མེད་པ་ཐར་ལམ་ལ་བཀོད། དེ་དག་གིས་རང་རང་གི་དབུ་རྒྱན་རིན་པོ་ཆེའི་ཟེ་སྲོག་ཕུད་དེ་ཕུལ་བ་རྣམས་གཅིག་ཏུ་བྱིན་གྱིས་བརླབས་ནས་བསྣམས་པ། གདུལ་བྱ་གང་གིས་མཐོང་རེག་ཡིད་ལ་བྱེད་ན། དེ་དག་དགྲ་ཐམས་ཅད་ཆོམས། སངས་རྒྱས་ཀྱི་གསུང་རབས་རྣམས་ཀྱི་ཚིག་དོན་རྟོགས། རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་རློབ་པར་འགྱུར་བ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །བཅུ་གཅིག་པ་གནས་བརྟན་ལམ་ཆེན་བརྟན་ནི། མཉན་ཡོད་དུ་བྲམ་ཟེ་ཞིག་ལ་བུ་གང་སྐྱེས་ཤི་བས། ཕྱིས་བུ་ཞིག་བཙས་པ་ན། བུད་མེད་རྒན་མོ་ཞིག་གིས། ཁྱེའུ་དེ་རས་དཀར་པོས་དཀྲིས་ལ་ཁ་ཞུན་མར་གྱིས་བཀང་སྟེ། བུ་མོ་ཞིག་ལ་བསྐུར་ནས་ལམ་པོ་ཆེའི་བཞི་མདོར་བཟུང་སྟེ། ཀུན་ཏུ་རྒྱུ་དང་། གནས་བརྟན་རྣམས་དང་། བཅོམ་ལྡན་འདས་གཤེགས་པ་ན། ཁྱེའུ་འདི་འཕགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ཅིག །


JKT002_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བསྒོ་བ་ན། དེས་ཀྱང་དེ་བཞིན་དུ་བྱས་པས། ཐམས་ཅད་ཀྱིས་ཚེ་རིང་པར་གྱུར་ཅིག་ཅེས་བདེན་ཚིག་བརྗོད་པའི་མཐུས་ཚེ་བསྲིངས་པར་གྱུར་པས་མིང་དེ་སྐད་དུ་བཏགས། ཤེས་རབ་ཤིན་ཏུ་ཆེ་བས་རིག་བྱེད་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་བྲམ་ཟེའི་ཁྱེའུ་ལྔ་བརྒྱའི་སློབ་དཔོན་དུ་གྱུར། རྒྱལ་བྱེད་ཚལ་དུ་དགེ་སློང་གཅིག་ལ་དྲིས་པས་དད་དེ། ལྐོག་ཏུ་རབ་ཏུ་བྱུང་ཞིང་། ཉིན་མོར་ཀློག་པ་དང་། མཚན་མོར་བསྒྲུབས་པས་དགྲ་བཅོམ། འཁོར་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཡང་རབ་ཏུ་བྱུང་། འདིའི་ཕྱག་ན་བསྣམས་པའི་གླེགས་བམ་དེ་མཐོང་རེག་ཡིད་ལ་བྱེད་པ་ཀུན། སྤོབས་པ་དང་ཤེས་རབ་ཆེན་པོ་ཐོབ། མ་རིག་པའི་མུན་པ་འཇོམས། ལས་སྒྲིབ་འདག །རྟག་ཏུ་དལ་འབྱོར་གྱི་རྟེན་ཐོབ། ཐེག་པ་ཆེན་པོའི་ཆོས་དང་མཇལ། ཆོས་འཆད་ཀྱི་ཕྱག་རྒྱ་སུས་མཐོང་རེག་ཡིད་ལ་བྱེད་ན། བློ་གྲོས་ཀྱི་སྣང་བ་ཐོབ། དཀོན་མཆོག་གསུམ་གྱི་སྒྲ་ཐོས། ཡང་དག་པའི་ལྟ་བ་དང་ལྡན། ལོག་ལྟ་ཐམས་ཅད་ཟིལ་གྱིས་གནོན། སངས་རྒྱས་མཐོང་བ་དང་མི་འབྲལ་བ་ལ་སོགས་པའི་ཡོན་ཏན་ཚེ་རབས་ཐམས་ཅད་དུ་ཐོབ་བོ། །བཅུ་གཉིས་པ་གནས་བརྟན་ལམ་ཕྲན་བརྟན་ནི། ལམ་ཆེན་བརྟན་གྱི་གཅུང་དུ་ལོ་ཕྱི་མར་འཁྲུངས། སྔར་བཞིན་ཚེ་རིང་བའི་ཐབས་སུ་ལམ་ཕྲན་གྱི་བཞི་མདོར་བཟུང་བས་མཚན་དེ་སྐད་དུ་ཆགས། རང་གི་གཅེན་


JKT002_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རབ་ཏུ་བྱུང་། འོན་ཀྱང་ཤེས་རབ་ཤིན་ཏུ་ཞན་པས་བློ་ཀ་གཅིག་ཟླ་བ་གསུམ་དུ་ཟློས་བཅུག་ཀྱང་མ་ལོབས་ནས་ཡིད་སྐྱོ་བ་དང་། བཅོམ་ལྡན་འདས་ཀྱིས་དབུགས་དབྱུང་ནས། དེའི་ལས་སྒྲིབ་སྦྱོང་ཕྱིར་དགེ་སློང་རྣམས་ཀྱི་མཆིལ་ལྷམ་ཕྱི་བར་བསྒོས་རྡུལ་སྤང་ངོ་། །དྲི་མ་སྤང་ངོ་། །ཞེས་པའི་ཁ་ཏོན་གཉིས་བསླབ་པས་ལོབས་ནས་ནམ་ལངས་པ་དང་དེའི་དོན་བསམ་པས་དགྲ་བཅོམ། ཕྱིས་རྫུ་འཕྲུལ་གྱིས་ཆོས་བསྟན་ནས་སྲོག་ཆགས་ཁྲི་ཉིས་སྟོང་གིས་བདེན་པ་མཐོང་བར་མཛད་པ་ན། སྟོན་པས་ཀྱང་སེམས་བསྒྱུར་བ་རྣམས་ཀྱི་མཆོག་ཏུ་བསྔགས་སོ། །འདིའི་ཕྱག་མཉམ་གཞག་གི་ཕྱག་རྒྱ་མཛད་པ་དེ། མཐོང་རེག་ཡིད་ལ་བྱེད་ན། དུག་གསུམ་དང་། སྡུག་བསྔལ་དང་། སེམས་འཁྲུགས་པ་དང་། ངན་པར་སེམས་པ་ཐམས་ཅད་ཞི་ཞིང་། དབང་པོ་དུལ་བ་དང་། རྐྱེན་ངན་ཉེ་བར་ཞི་བ་སོགས་ཡོན་ཏན་དུ་མ་དང་ལྡན་པར་འགྱུར་རོ། །བཅུ་གསུམ་པ་གནས་བརྟན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་ནི། རྒྱལ་པོའི་ཁབ་ཀྱི་མདུན་ན་འདོན་བྷ་རི་དྷཱ་ཛའི་རིགས་ཀྱི་བུ་ཅོད་པན་མེད་པའི་རྒྱལ་སྲིད་ཅན། བསོད་ནམས་ཆེན་པོ་དང་ལྡན་ཡང་སྔོན་གྱི་ཟག་བཅས་བདོ་བར་གྱུར་པས་ཡིད་བྱུང་ནས་སྟོན་པའི་དྲུང་དུ་རབ་ཏུ་བྱུང་། དགྲ་བཅོམ་པ་ཐོབ། བསོད་སྙོམས་འབའ་ཞིག་ལ་སྤྱོད་པས་མཚན་ཡང་དེ་སྐད་དུ་གྲགས། བཅོམ་ལྡན་འདས་ཀྱིས་


JKT002_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བསོད་སྙོམས་ལ་སྤྱོད་པ་རྣམས་ཀྱི་མཆོག་ཏུ་བསྔགས་ཤིང་། མཉན་ཡོད་ན་དབྱར་གནས་ཉེར་བརྒྱད་པ་མཛད་པའི་ཚེ། འདིས་ཀོ་ཤམྦྷིའི་ཁྱིམ་བདག་མདངས་ཅན་གྱི་ཀུན་དགའ་ར་བར་ཆོས་བསྟན་པས་དགྲ་བཅོམ་མང་དུ་འཕེལ། རྒྱལ་པོ་ཤར་པ་དྲེགས་པའི་མཐུས་མྱོས་པ་རྫུ་འཕྲུལ་གྱིས་བཏུལ། འདིའི་སྨོན་ལམ་གྱི་དབང་གིས་སེམས་ཅན་མི་ཁོམ་པར་གནས་པ་དང་། ལོག་པར་ལྟུང་བ་ཐམས་ཅད་ལ་སྡེ་སྣོད་ཀྱི་གླེགས་བམ་སྟོན་པས། དེ་མཐོང་རེག་ཡིད་ལ་བྱེད་ཀུན། འོན་ལོང་། ལྐུགས་པ། དྲན་པ་ཉམས་པའི་སྡུག་བསྔལ་ཐམས་ཅད་ཞི། དབང་པོ་ཚང་། འཕགས་པའི་ནོར་དང་ལྡན། ཟབ་མྱུར་གསལ་ཞིང་རྣོ་བའི་ཤེས་རབ་འཕེལ། ལྷུང་བཟེད་བུམ་པ་བཟང་པོ་ལྟ་བུའི་ཡོན་ཏན་དང་ལྡན་པར་བྱིན་གྱིས་བརླབས་ཏེ། སུས་མཐོང་རེག་དྲན་པས་དགོས་འདོད་ཐམས་ཅད་འབྱུང་ཞིང་། འཕགས་ནོར་བདུན་དང་ལྷའི་བདེ་བ་དང་ལྡན་པར་འགྱུར་རོ། །བཅུ་བཞི་པ་གནས་བརྟན་ཀླུའི་སྡེ་ནི། བྱང་ཕྱོགས་པདྨའི་གྲོང་ཁྱེར་དུ་འཁྲུངས། རྒྱལ་བ་ཀླུའི་ཕྱག་རྒྱའམ། ཀླུའི་སྡེ་ཞེས་གྲགས། རྒྱལ་སྲིད་ཀྱི་ཆེད་དུ་ཐུབ་ཆོད་ཀྱིས་སྡིག་པའི་ལས་མང་དུ་བསགས་པས། བློན་པོ་རྣམས་ཀྱིས་གསོད་པར་བརྩམས་པ་ན་སྐྲག་སྟེ། བཅོམ་ལྡན་འདས་ལ་སྐྱབས་སུ་སོང་། སྡིག་པ་བཤགས་ཤིང་རབ་ཏུ་བྱུང་བས་དགྲ་བཅོམ། ལྷ་གནས་


JKT002_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཤེགས་ཏེ་ཆོས་བསྟན་པས་དཔག་ཏུ་མེད་པ་ཐར་ལམ་ལ་བཀོད། རྒྱལ་ཆེན་བཞིའི་སྲས་ཀྱིས་བསླབ་གཞི་ནོས་ཏེ་རིན་པོ་ཆེའི་གཏེར་བུམ་མང་པོ་ཕུལ་པ་གཅིག་ཏུ་བྱིན་གྱིས་བརླབས་ནས་བསྣམས་པས། སུ་ཡིས་ཡིད་ལ་བྱས་པ་དེར་མི་ཟད་པའི་འདོད་པ་ཐམས་ཅད་འབྱུང་། ལྷའི་བདུད་རྩིས་ལས་སྒྲིབ་ཐམས་ཅད་འཁྲུད་པ་སོགས་ཡོན་ཏན་མང་དུ་ལྡན། མཁར་གསིལ་གྱི་སྒྲ་བསྒྲགས་པས་གང་གིས་ཐོས་པ་དེ་ནད་ཐམས་ཅད་ཞི། སྡུག་བསྔལ་མཐའ་དག་ལས་གྲོལ། ཉོན་མོངས་པའི་ཟུག་རྔུ་ཐམས་ཅད་ཞི། དཀོན་མཆོག་ལ་དད་པ་ཐོབ་པ་སོགས་ཡོན་ཏན་དཔག་ཏུ་མེད་དོ། །བཅོ་ལྔ་པ་གནས་བརྟན་སྦེད་བྱེད་དམ། བ་ལང་སྐྱོང་ནི། ཝཱ་ར་ཎཱ་སཱིར་ཁྱིམ་བདག་རིགས་ཀྱི་གཙོ་བོ་ཞེས་པ་ལ་བུ་ལྔ་ཡོད་པའི་བཞི་པ་སྟེ། ཕུ་བོ་གྲགས་པ་སྟོན་པ་ལས་རབ་ཏུ་བྱུང་བ་ཐོས་པས་གཞན་བཞི་པོའང་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཞིང་སྤུན་ལྔ་པོ་ལ་ཉེ་བའི་ལྔ་སྡེ་ཞེས་གྲགས། འདིའི་ཕྱག་གི་གླེགས་བམ་སུ་ཞིག་གིས་མཐོང་རེག་དྲན་ན་རིག་པའི་གནས་ལྔ་ལ་མཁས་པར་འགྱུར་བ་དང་། རང་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་ཞི་བ་དང་། ཆོས་ཀྱི་རྒྱལ་པོར་དབང་འཐོབ་པར་འགྱུར་བ་དང་། ཡང་དག་པའི་ཤེས་རབ་རྒྱས་པར་འགྱུར་བ་དང་། སངས་རྒྱས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་འགྱུར་རོ། །བཅུ་


JKT002_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་གནས་བརྟན་མི་ཕྱེད་པ་ནི། རྒྱལ་པོའི་ཁབ་ན་བཏྲའི་རིགས་ཀྱི་བྲམ་ཟེ་བི་ལིནྡ་དྲུང་དབང་གི་བུར་འཁྲུངས། མཚན་མི་ཕྱེད་དུ་གྲགས། སྟོན་པ་ལ་དད་ནས་རབ་ཏུ་བྱུང་། བསྒྲུབས་པས་དགྲ་བཅོམ་པ་ཐོབ། བཅོམ་ལྡན་འདས་ཀྱིས་སྙིང་རྗེ་ལ་གནས་པ་རྣམས་ཀྱི་མཆོག་ཏུ་བསྔགས། དེས་ཆུ་བོ་གངྒཱ་བརྒལ་བར་འདོད་པ་ན། བཟང་མོ་འདུག་ཅིག་ཅེས་སྨྲས་མ་ཐག་གངྒཱ་མི་འབབ་པར་སྡོད་ཅེས་གྲགས། སྔོན་ལས་ཀྱི་དབང་གིས་རབ་ཏུ་བྱུང་ནས་ཇི་སྲིད་འཚོའི་བར་དུ་བསྙུན་གྱིས་ཟིན་པས་ཕལ་ཆེར་རྒྱལ་པོའི་ཁབ་ཏུ་བཞུགས་ཤིང་། སྟོན་པས་ཀྱང་ནད་གཡོག་པ་མངགས་པར་མཛད། ནད་པའི་བསླབ་པ་བཅས་པའང་གནང་ངོ་། །རྫུ་འཕྲུལ་གྱི་མཐུས་ཆོམ་རྐུན་བཅིང་བ་སོགས་ཀྱི་ལོ་རྒྱུས་ཀྱང་སྣང་ཞིང་། རི་རབ་ཀྱི་བྱང་ཕྱོགས་གནོད་སྦྱིན་གྱི་གནས་སུ་བྱོན་ནས། གནོད་སྦྱིན་རྣམས་ཐར་ལམ་ལ་བཀོད་པ་ན། དེ་དག་གི་གདུག་རྩུབ་ཞི་ཕྱིར། སྟོན་པས་བྱང་ཆེན་མཆོད་རྟེན་གཅིག་གནང་བ་ཕྱག་ཏུ་བསྣམས་ཏེ། དེ་སུས་རེག་མཐོང་ཡིད་ལ་བྱེད་ན། བསླབ་པ་གསུམ་དང་ལྡན་པ་དང་། བདེ་ལེགས་འབྱུང་བ་དང་། སྡིག་པ་ཐམས་ཅད་མི་འབྱུང་བ་དང་། འདག་པར་འགྱུར་རོ། །དེ་ལྟར་འཕགས་པ་གནས་བརྟན་བཅུ་དྲུག་པོ་འདི་དག་ནི། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོས་ཁྱེད་རྣམས་བྱམས་པ་རྡོ་རྗེ་གདན་གྱི་སྤོ་ལ་མངོན་


JKT002_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པ་སངས་མ་རྒྱས་ཀྱི་བར་དུ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་མི་འདའ་བར་ཉན་ཐོས་ཀྱི་ཆ་ལུགས་འདིས་སེམས་ཅན་གྱི་དོན་དུ་བསྟན་པ་སྐྱོངས་ཤིག་ཅེས་བཀའ་བསྒོས་པས། ལྷ་དང་མིའི་བསོད་ནམས་ཀྱི་ཞིང་དུ་ད་ལྟ་ཡང་ཞལ་མངོན་སུམ་དུ་བཞུགས་པ་ཡིན་པས་གསོལ་བ་བཏབ་ན་བྱིན་རླབས་ཤིན་ཏུ་མྱུར་ཞིང་། བཀའ་གདམས་པའི་བཤེས་གཉེན་གོང་མ་རྣམས་ཀྱིས་ཀྱང་ཐུགས་དམ་ཐུན་མོང་མ་ཡིན་པ་མཛད་དེ། དེའི་རྒྱུ་མཚན་ཡང་གནས་བརྟན་ཆེན་པོ་འདི་དག་ལ་གུས་པས་གསོལ་བ་བཏབ་པ་དང་། ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། སྐུ་བརྙན་བྲིས་འབུར་བཞེངས་པ་ལ་སོགས་ལ་བརྩོན་པས་སྔར་སོ་སོའི་སྐབས་སུ་བཤད་པའི་ཕན་ཡོན་རྣམས་ཐོབ་པར་མ་ཟད། བསྟན་པའི་བདག་པོ་ཡིན་པའི་རྟེན་འབྲེལ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་ཅན་མང་པོ་ཤུགས་ཀྱིས་འབྱུང་། དེ་ལ་མཆོད་པའི་ཡོ་བྱད་དང་། བཤད་སྒྲུབ་ཚུལ་བཞིན་དུ་མཛད་པའི་དགེ་འདུན་གྱི་སྡེ་མང་དུ་འདུ། བདུད་དང་བདུད་ཀྱི་རིགས་ཀྱིས་གླགས་མི་རྙེད། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱས་པས་སྐྱེ་རྒུའི་ཚོགས་རྣམས་ཀྱང་དགེ་བ་བཅུ་ལ་རང་བཞིན་གྱིས་སྤྱོད་ཅིང་། ཕན་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཡམས་དང་། ཉེ་བར་འཚེ་བ་མི་འབྱུང་ཞིང་བདེ་


JKT002_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་དང་བཀྲ་ཤིས་ཕུན་སུམ་ཚོགས་པ་མཐའ་དག་དབྱར་གྱི་ཆུ་གཏེར་ལྟར་འཕེལ་པ་ནི། ལུང་དང་། མངོན་སུམ་དང་། གཏམ་རྒྱུད་ཚད་མ་དག་གིས་གྲུབ་ཅིང་། བྱེ་བྲག་ཏུ་སྒྲུབ་པ་པོ་རང་ཉིད་ཀྱིས་ཀྱང་། ཚེ་འདིར་ཚེ་རིང་བ་དང་། ནད་དཀོན་པ་དང་། ལོངས་སྤྱོད་འཕེལ་བ་དང་། བློ་ཆོས་ཕྱོགས་སུ་བཀོལ་དུ་བཏུབ་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པར་དག་པ་དང་། ཏིང་ངེ་འཛིན་གྱི་སྒོ་དུ་མ་བརྙེས་པ་དང་། རྒྱལ་བའི་གསུང་རབས་དགོངས་འགྲེལ་དང་བཅས་པ་ལ་འཇིགས་པ་མེད་པའི་ཤེས་རབ་ཀྱི་སྤོབས་པ་རྨད་དུ་བྱུང་བ་ཐོབ་ཅིང་། ནམ་འཆི་བའི་ཚེ་ནའང་གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བར་བདེ་བའི་སྣང་བ་དང་བཅས་ཤི་འཕོས་ཏེ་སྐྱེ་ཞིང་སྐྱེ་བར་ངན་སོང་དུ་མི་འགྲོ་བ་དང་། བདེ་འགྲོའི་རྟེན་ཁོ་ན་བརྒྱུད་དེ་མཐར་གྱིས་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པ་སོགས་མདོར་ན་གནས་སྐབས་དང་མཐར་ཐུག་གི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ངེས་པའི་ཕྱིར། དད་པ་དང་། བརྩོན་འགྲུས་ལྡན་པ་རྣམས་ཀྱིས་ཐུབ་པ་གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་དང་བཅས་པ་ལ་གསོལ་བ་གདབ་པ་དང་། མཆོད་པའི་ཆོ་ག་བྱ་བ་དང་། སྐུ་བརྙན་བཞེངས་པ་སོགས་རང་རང་གི་བློ་ནུས་དང་འཚམས་པར་བགྱི་བའི་དམ་བཅའ་བརྟན་པོ་བཟུང་འཚལ་ལོ། །སྨྲས་པ། དཔྱིད་དུས་མྱོས་པའི་ཁུ་བྱུག་བུ་


JKT002_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་གྲུས། །མཚོན་མིན་ཕན་བདེའི་སྙིང་པོས་ལྕི་བ་ཡི། །ངོ་མཚར་རྟོགས་བརྗོད་པུཎྜ་རཱི་ཀའི་ཕྲེང་། །བློ་གསལ་ཚོགས་ཀྱི་རྣ་བའི་རྒྱན་དུ་སྦྱིན། །དེ་ལས་བྱུང་བའི་དགེ་བ་ནི། །སྟོན་ཟླའི་ཕང་པ་ལ་འཛེགས་པས། །འགྲོ་ཀུན་སྒྲིབ་གཉིས་མུན་བསལ་ཏེ། །ཀུན་མཁྱེན་སྣང་བ་འབར་གྱུར་ཅིག །སརྦ་དཱ་ཐེ་ཡོ་བྷ་བ་ཏུ།།

དེ་བཞིན་གཤེགས་པ་མི་འཁྲུགས་པ།


JKT002_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་མི་འཁྲུགས་པ་ནི། སྔོན་གྱི་དུས་དེ་བཞིན་གཤེགས་པ་སྤྱན་ཆེན་པོ་ཞེས་བྱ་བའི་དྲུང་དུ་སེམས་དང་པོ་བསྐྱེད་པ་ནས་བཟོད་པའི་གོ་ཆ་ཤིན་ཏུ་བརྟན་པོར་བགོས་ནས། སེམས་ཅན་ཐམས་ཅད་ལ་སེམས་མི་འཁྲུགས་ཤིང་ཀུན་ཏུ་མི་འཁྲུགས་པར་བྱས་པས་དགེ་སློང་མི་འཁྲུགས་པ་ཞེས་པའི་མཚན་ཐོབ་ཅིང་། སངས་རྒྱས་དེའི་ཞལ་ནས་ཀྱང་། གནས་སྐབས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པའི་ཚེ་ཐམས་ཅད་དང་། མཐར་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཚེའང་མཚན་དེ་དང་ལྡན་པར་བྱིན་གྱིས་བརླབས་ཤིང་། འདི་ནས་ཤར་ཕྱོགས་ཀྱི་ལོགས་སུ་སངས་རྒྱས་ཀྱི་ཞིང་ཁམས་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་དེར་དེ་བཞིན་གཤེགས་པ་མི་འཁྲུགས་པ་ཞེས་སུ་འཚང་རྒྱ་བར་མཛད་དེ། ཞིང་ཁམས་དེ་དང་སྟོན་པ་དེ་ལྟ་བུའི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་སྟེ། རྒྱས་པར་མི་འཁྲུགས་པའི་བཀོད་པ་བསྟན་པའི་མདོ་ལས་གསུངས་པ་ལྟར་ཤེས་པར་བྱས་ལ། དེ་ཡང་དེ་བཞིན་


JKT002_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དེའི་མཚན་ཡིད་ལ་བྱེད་ཅིང་སྐུ་བཞེངས་པ་དང་། ཡོན་ཏན་བརྗོད་པ་དང་། དེའི་ཆོས་ཀྱི་རྣམ་གྲངས་འཛིན་པ་དང་། ལེགས་པར་སྤྱད་པའི་དགེ་བའི་རྩ་བ་ཐམས་ཅད་ཞིང་ཁམས་དེར་སྐྱེ་བའི་རྒྱུར་བསྔོས་ན་ཞིང་དེར་སྐྱེ་བར་འགྱུར་པ་སོགས་ཞིང་དེར་སྐྱེ་བའི་རྒྱུ་མཐའ་ཡས་པ་གསུངས་ཀྱང་ཡོངས་སུ་རྫོགས་བ་ནི་གསུམ་སྟེ། རྣམ་པ་ལ་རྗེས་སུ་དྲན་པ་དང་། དེར་སྐྱེ་བའི་ཆེད་དུ་དགེ་བ་བསྒྲུབ་པ་དང་། དགེ་བ་རྣམས་དེར་སྐྱེ་བའི་རྒྱུར་བསྔོ་བ་སྟེ་དེ་གསུམ་ཚང་ན་ཞིང་དེར་སྐྱེའོ། །ཞིང་ཁམས་དེར་སྐྱེ་བའི་རྒྱུ་ལག་ཏུ་བླང་པའི་རིམ་པ་ལ་གསུམ་ལས། དང་པོ་རྣམ་པ་ལ་རྗེས་སུ་དྲན་པ་ནི། ཞིང་བཀོད་ལས་བཤད་པ་ལྟར་རྒྱལ་བ་མི་འཁྲུགས་པ་དེའི་སྐུ་དང་། བྱང་ཆུབ་ཀྱི་ཤིང་དང་། འོད་ལ་སོགས་པ་ཐོག་མར་བསམ། དེ་ནས་གསུང་དབྱངས་ཕུན་སུམ་ཚོགས་པ་བསྐལ་བ་ཆེན་པོ་འབུམ་ཕྲག་བཅུའི་བར་དུ་ཆོས་སྟོན་པ་དང་། ཆོས་སྟོན་པ་རེ་རེས་སེམས་ཅན་དཔག་ཏུ་མེད་པ་གྲོལ་བར་མཛད་པའི་ཚུལ་བསམ། དེའི་ཉན་ཐོས་ཀྱི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་ཅིང་བགྲང་དུ་མེད་པ་དང་། དེ་དག་གི་རྣམ་པར་འཕྲུལ་པ་བསམས་ལ་སེམས་དྭངས་པའི་རྣམ་པ་ཅན་གྱིས་བསྒོམ་ཞིང་བདག་ཀྱང་འདི་ལྟར་གྱུར་ཅིག་སྙམ་དུ་མོས་པ་བྱ། གཉིས་པ་དེར་སྐྱེ་བའི་ཆེད་དུ་དགེ་བ་བསྒྲུབ་པ་ནི། དེ་ལྟར་དད་པ་


JKT002_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ན་སངས་རྒྱས་མི་འཁྲུགས་པའི་སྐུ་གླང་པོའི་སྟེང་ན་བཞུགས་པ་སྟོང་རྩ་སོགས་བཞེངས་པ་དང་། གཟུངས་སྔགས་བཟླ་བ་དང་། སྦྱིན་གཏོང་སོགས་ཀྱི་དགེ་བ་གང་འགྲུབ་ལ་འབད། ཁྱད་པར་དུ་སྡིག་ལྟུང་བཤགས་སྡོམ་བྱས་ནས་ཁས་བླངས་པའི་ཚུལ་ཁྲིམས་དག་པར་བྱ། སྔར་ཚུལ་ཁྲིམས་མི་ལྡན་པ་ཡིན་ན། བསྙེན་གནས་སམ། སྲོག་གཅོད་སྤོང་བ་སོགས་ཚུལ་ཁྲིམས་ཀྱི་ཆ་གང་འགྲུབ་ཅིག་ལ་ངེས་པར་འབད་ཅིང་། དེའི་སྟེང་དུ་བསགས་སྦྱོང་ཅི་ནུས་སུ་བྱའོ། །གསུམ་པ་དགེ་བ་རྣམས་དེར་སྐྱེ་བའི་རྒྱུར་བསྔོ་བ་ནི། དེ་ནས་སྔར་བཤད་པ་ལྟར་སངས་རྒྱས་འཁོར་བཅས་དང་དེའི་སྣོད་བཅུད་ཀྱི་ཡོན་ཏན་ལ་བསམས་ལ་དེར་སྐྱེ་བའི་འདུན་པ་དྲག་ཏུ་བསྒོམ། འདུན་པ་སྐྱེས་པ་ན། སྦྱིན་ཁྲིམས་དང་ཐོས་སྒོམ་ལ་སོགས་རང་གཞན་གྱི་དུས་གསུམ་གྱི་དགེ་བ་རྣམས་ཡིད་ཡུལ་དུ་བྱས་ནས། དགེ་བའི་རྩ་བ་འདིས་བདག་འཆི་བའི་དུས་ཉེ་བར་གནས་པ་ན། དེ་བཞིན་གཤེགས་པ་མི་འཁྲུགས་པ་མངོན་སུམ་དུ་མཐོང་སྟེ་དད་པ་ཐོབ་པར་གྱུར་ཅིག །ཤི་འཕོས་མ་ཐག་ཏུ་རྒྱལ་བ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་ཉིད་དུ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་དེ་བཞིན་གཤེགས་པ་མི་འཁྲུགས་པ་དེའི་སྤྱོད་པ་ལ་བསླབ་སྟེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་


JKT002_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །སངས་རྒྱས་པའི་ཚེ་ཡང་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སྐུ་ཚེ་དང་། ཞིང་གི་བཀོད་པ་དང་། ཕྲིན་ལས་ལ་སོགས་པ་ཇི་འདྲ་བ་དེ་འདྲ་བར་གྱུར་ཏེ་སེམས་ཅན་ཐམས་ཅད་ཀྱང་མྱུར་དུ་དེ་ལྟ་བུའི་གོ་འཕང་ལ་འགོད་ནུས་པར་གྱུར་ཅིག །ཅེས་འདུན་པ་དྲག་པོས་ལན་གསུམ་བརྗོད་ཅིང་ཡིད་ལ་བྱའོ། །དེ་གསུམ་བྱས་པས་ཞིང་དེར་ངེས་པར་སྐྱེ་སྟེ། གཞན་ཡང་བེ་རླའི་ཞིང་དང་། བདེ་བ་ཅན་སོགས་སུ་སྐྱེ་བར་འདོད་ཀྱང་ཚུལ་དེ་བཞིན་དུ་བྱའོ། །བྱང་ཆུབ་ཀྱི་ཤིང་ཡོན་ཏན་རྨད་དུ་བྱུང་པའི་དབུས་ན་གླང་པོ་ཆེའི་ཁྲི་སྟེང་དུ་པདྨའི་སྟན་ལ་འཁོར་ཐེག་པ་ཆེ་ཆུང་གི་དགེ་འདུན་གྲངས་མེད་པའི་དབུས་སུ་དེ་བཞིན་གཤེགས་པ་མི་འཁྲུགས་པས་ཆོས་སྟོན་པར་བཤད་དོ། །

སངས་རྒྱས་འོད་དཔག་མེད།


JKT002_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

༈ སངས་རྒྱས་འོད་དཔག་ཏུ་མེད་པ་ནི། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་དུ། བྱང་ཆུབ་སེམས་དཔའ་དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་བྱ་བར་གྱུར་ནས། སངས་རྒྱས་དེ་ལ་བསྟོད་པ་བྱས་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་བཀོད་ཐམས་ཅད་གཅིག་ཏུ་བསྡོམས་ནས་འཛིན་པའི་སྨོན་ལམ་རྒྱ་ཆེར་བཏབ་ཅིང་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་སྤྱད་ཅིང་། སངས་རྒྱས་དེས་ཀྱང་འཇིག་རྟེན་གྱི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བར་སངས་རྒྱས་འོད་དཔག་མེད་དུ་འགྱུར་བར་ལུང་བསྟན་པ་དེ་བཞིན་


JKT002_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སངས་རྒྱས་ནས་ད་ལྟ་ཡན་ལ་བསྐལ་བ་བཅུ་ལོན་ཅིང་། ད་དུང་ཡང་བསྐལ་པ་དཔག་ཏུ་མེད་པར་འཚོ་ཞིང་གཞེས་པའི་ཕྱིར་ཚེ་དཔག་ཏུ་མེད་པ་དང་། སྐུ་ལས་བྱུང་བའི་འོད་ཟེར་གྱི་སྣང་བས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་འགེངས་པའི་ཕྱིར་འོད་དཔག་ཏུ་མེད་པ་ཞེས་བྱ། རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྣམས་སུ་པདྨའི་རིགས་ཀྱི་གཙོ་བོ་སྣང་བ་མཐའ་ཡས་སུ་གསུངས་པ་སོགས་སྐུའི་རྣམ་འགྱུར་དང་། མིང་གི་མངོན་བརྗོད་མཐའ་ཀླས་པ་དེ་ཉིད་ཀྱི་མཚན་ཙམ་གང་གི་རྣ་ལམ་དུ་སོན་པས་ཀྱང་ཚེ་འདིར་དུས་མ་ཡིན་པའི་འཆི་བ་ཐམས་ཅད་བྱང་ཞིང་། ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་རྒྱས་པར་འགྱུར་བ་དང་། །ནམ་འཆི་བའི་ཚེའང་གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བར། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་མཐོང་ནས་ཡོན་ཏན་གྱི་བཀོད་པ་གཞལ་གྱིས་མི་ལང་བ་འཇིག་རྟེན་གྱི་ཞིང་ཁམས་བདེ་བ་ཅན་དུ་པདྨའི་སྙིང་པོ་ལ་བརྫུས་ཏེ་སྐྱེས་ནས་ཐེག་པ་གསུམ་གྱི་རིགས་སུ་སྨིན་པར་འགྱུར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་ན། རྟག་པར་རྗེས་སུ་དྲན་ཅིང་སྨོན་ལམ་འདེབས་པ་དང་། གང་གི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། གཟུངས་སྔགས་ཟབ་མོ་བཟླ་བ་སོགས་ཀྱི་ཕན་ཡོན་ནི་ལྟ་སྨོས་ཀྱང་ཅི་དགོས་པས། དེས་ན་དད་པ་དང་བརྩོན་འགྲུས་སུ་ལྡན་པ་རྣམས་ཀྱིས་ཚུལ་འདི་ལ་རྟག་ཏུ་ནན་ཏན་སྙིང་པོར་མཛད་འཚལ་ལོ།།

འཕགས་པ་འཇམ་དཔལ།


JKT002_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ནི། དཀོན་མཆོག་བརྩེགས་པའི་ལེའུ་བཅོ་ལྔ་པ་ལས། འདི་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནམ་མཁའ་ཞེས་པར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་འབྲུག་སྒྲའི་རྒྱལ་པོའི་དྲུང་དུ་དང་པོར་ཐུགས་བསྐྱེད་ཅིང་། མ་འོངས་པ་ན་འཇིག་རྟེན་གྱི་ཁམས་རྡུལ་མེད་པ་བསགས་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་སུ་འཚང་རྒྱ་བར་ལུང་བསྟན་ཅིང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་སྟོབས་བཅུ་ཡོངས་སུ་རྫོགས་ཀྱང་རྣམ་པ་བྱང་ཆུབ་སེམས་དཔའི་ཚུལ་གྱིས། གང་གི་མཚན་ཐོས་པ་ཙམ་གྱིས་ཀྱང་མོས་པ་ཆུང་བ་རྣམས་མ་གཏོགས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གསུངས་ལ། འཇམ་དཔལ་རྩ་བའི་རྒྱུད་ལས། བསྐལ་པ་གྲངས་མེད་པ་རྒྱ་མཚོའི་ཡང་ཆེས་ཕ་རོལ་གྱི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་མཉམ་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་ཀླུའི་རིགས་མཆོག་ཏུ་སངས་རྒྱས་པར་གསུངས་པ་སོགས་སྒྱུ་འཕྲུལ་དྲྭ་བའི་མིག་འཕྲུལ་ཅིར་ཡང་སྟོན་པའི་རྣམ་པར་ཐར་པ་མཐའ་ཀླས་ཤིང་། དོན་དམ་པར་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པར་བརྗོད་པ་ལས། ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །ཞེས་སོགས་ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་ཐམས་ཅད་ཀྱི་ཡེ་ཤེས་


JKT002_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྒྲིབ་བྲལ་གྱི་སྐུའི་ངོ་བོ་ཡིན་པར་ལན་མང་དུ་གསུངས་པ་དང་། དེ་ཉིད་གདུལ་དཀའ་འདུལ་བའི་ཕྱིར་ཁྲོ་བོའི་ཚུལ་དུ་སྟོན་པ་འཇམ་དཔལ་གཤིན་རྗེ་གཤེད་སོགས་མཐའ་ཀླས་པའི་སྐུ་གསུང་ཐུགས་ཀྱི་་རྣམ་རོལ་གྱིས་དག་པ་དང་མ་དག་པའི་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་དོན་མཛད་པར་མ་ཟད། འཕགས་བོད་ཀྱི་མཁས་ཤིང་གྲུབ་བརྙེས་ཐམས་ཅད་ཀྱང་འདི་ཉིད་ཀྱིས་རྗེས་སུ་མ་བཟུང་བ་དང་། ལྷག་པའི་ལྷར་མ་གྱུར་པ་མེད་པ་ལྟ་བུ་ཡིན་པའི་ཕྱིར་གསོལ་བ་བཏབ་ཚད་འཁོར་བ་ལས་སྒྲོལ་ཞིང་། དྲན་པ་ཙམ་གྱིས་སྒྲིབ་པའི་ཚོགས་རྒྱུ་དང་བཅས་པ་ཞི་བ་དང་། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མི་མངའ་བའི་སྤོབས་པའི་གཏེར་མཛོད་གྲོལ་བ་སོགས་ཕན་ཡོན་མཐའ་ཀླས་ཤིང་། རྒྱས་པར་ནི་དཀོན་མཆོག་བརྩེགས་པའི་འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་དང་། འཇམ་དཔལ་རྩ་བའི་རྒྱུད་སོགས་སུ་ཤེས་པར་བྱའོ།།

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག


JKT002_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི། སྒྲོན་བསྐལ་འདིའི་དགུ་བརྒྱ་དགུ་བཅུ་རྩ་གཅིག་གི་སྔོན་བསྐལ་པ་འཛིན་པ་ཞེས་བྱ་བར་སངས་རྒྱས་ཡེ་ཤེས་ཏོག་ལ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་ཚོགས་གཉིས་བསགས་པས་དེ་བཞིན་གཤེགས་པ་འོད་ཟེར་ཀུན་འཕགས་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་སངས་རྒྱས་ཤིང་། བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་ཀྱང་འདིའི་ངོ་བོར་


JKT002_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ཡིན་ལ། རྣམ་པ་ཙམ་དུ་བྱང་ཆུབ་སེམས་དཔའ་སློབ་ལམ་པའི་ཚུལ་གྱིས་རིགས་དྲུག་གི་ཡིད་ཅན་སྤྱི་དང་། ཁྱད་པར་བོད་ཁམས་ཁ་བ་ཅན་གྱི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་མ་ལྟར་ལྷག་པར་བརྩེ་བར་མཛད་པའི་ཚུལ་མདོ་རྒྱུད་བསྟན་བཅོས་རྣམས་ནས་རྒྱ་ཆེར་གསུངས་པ་ལྟར་དང་། བདེ་བ་ཅན་དུ་འོད་དཔག་མེད་པའི་ཉེ་གནས་ཀྱི་ཚུལ་གྱིས་བཞུགས་ཤིང་། ནམ་ཞིག་འོད་དཔག་མེད་ཞི་བར་གཤེགས་པའི་ཚེ་སངས་རྒྱས་འོད་ཟེར་ཀུན་འཕགས་དཔལ་བརྩེགས་རྒྱལ་པོར་འགྱུར་བ་སོགས་སྒྱུ་མ་ལྟ་བུའི་རྣམ་འཕྲུལ་མཐའ་ཀླས་ཤིང་། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་པོ་ཏཱ་ལ་སྟེ་གྲུ་འཛིན་གྱི་རི་བོར་བཞུགས་པའི་ཚེ། སྒྲིབ་པ་རྣམ་སེལ་གྱིས་བསྐུལ་ནས་བོད་རྗེ་གཉའ་ཁྲི་བཙན་པོར་གྱུར་ནས་བོད་ཁམས་བྱིན་གྱིས་བརླབས། ཀུན་ཏུ་བཟང་པོས་བསྐུལ་ནས་ལྷ་ཐོ་ཐོ་རི་སྙན་བཙན་དུ་གྱུར་ནས་དམ་པའི་ཆོས་ཀྱི་དབུ་བརྙེས། ཐུགས་རྗེ་ཆེན་པོས་བསྐུལ་ནས་སྲོང་བཙན་སྒམ་པོར་གྱུར་ཏེ་ཆོས་ཀྱི་སྲོལ་བཏོད། འཇམ་པའི་དབྱངས་ཀྱིས་བསྐུལ་ནས་ཁྲི་སྲོང་ལྡེའུ་བཙན་དུ་གྱུར་ཏེ་ཆོས་དར་ཞིང་རྒྱས་པར་མཛད། གཞན་ཡང་བྱང་ཕྱོགས་ཤམྦྷ་ལའི་རིགས་ལྡན་ཆོས་རྒྱལ་པདྨ་དཀར་པོ་དང་། བོད་ཡུལ་དུ་བསྟན་པ་ཕྱི་དར་ལ་འབྲོམ་སྟོན་པ་སོགས་མདོར་ན་སྐྱེས་ཆེན་དུ་མར་སྤྲུལ་ནས་འགྲོ་བ་སྲིད་པའི་མཚོ་ལས་སྒྲོལ་བའི་


JKT002_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅའ་གཞན་གྱིས་བསྒྲུན་དུ་མེད་པའི་ཕྱིར་སྙིང་རྗེའི་དབང་ཕྱུག་ཅེས་མཚན་གྱི་ཡི་གེས་བརྗོད་པ་དེ་ཉིད་ཀྱི་མངོན་བརྗོད་སུ་ཞིག་གི་རྣ་ལམ་དུ་སོང་ཡང་དོན་ཆེན་པོ་དང་ལྡན་པའི་ཚུལ་སྙིང་རྗེ་པདྨ་དཀར་པོར་སྤྱན་རས་གཟིགས་དབང་ཕྱུག་བྱང་ཆུབ་ཏུ་ལུང་བསྟན་པའི་ཚེ་སྨོན་ལམ་འདི་སྐད་ཅེས་བཏབ་སྟེ། བདག་གི་མིང་གང་གིས་ཐོས་པ་ལ་ངན་འགྲོའི་འཇིགས་པ་མེད་པ་དང་། མི་ཁོམས་པར་མི་ལྟུང་བ་དང་། བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །ཅེས་གསུངས་སོ། །ཞེས་དང་། དམ་ཆོས་པད་དཀར་ལས། གང་གིས་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་དྲུག་ཅུ་རྩ་བཞིའི་བྱེ་མ་སྙེད་ལ་ཕྱག་འཚལ་ཞིང་མཚན་འཛིན་པ་དང་། གང་བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ཞིང་མཚན་འཛིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་གཉིས་ཀ་མཉམ་སྟེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཡང་ཟད་པར་སླ་བ་མ་ཡིན་ནོ། །ཞེས་དང་། མཚན་རབ་ཡོངས་སུ་བསྟན་པའི་མདོ་ལས། ང་ཐུགས་རྗེ་ཆེན་པོ་ནི་འགྲོ་བ་ཐམས་ཅད་དབང་དུ་སྡུད་ཅིང་སྡུག་བསྔལ་ཐམས་ཅད་སྐྱོབ་པ་ཡིན། ངའི་མིང་དྲན་པར་གྱུར་ན་ཕ་རོལ་པོས་མདའ་འཕངས་པར་གྱུར་ཀྱང་ཟུག་པར་མི་འགྱུར། མཚོན་རྣོན་པོས་བཏབ་ཀྱང་དེ་ལ་ཟུག་པར་མི་འགྱུར། གྲགས་པ་ཆེ་ཞིང་རིགས་བརྒྱུད་འཕེལ་བར་འགྱུར། ཟས་ནོར་གྱིས་མི་ཕོངས་ཤིང་


JKT002_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྒྱས་པར་འགྱུར། ངའི་མིང་དྲན་པ་དེ་སུས་ཀྱང་ཐུབ་པར་མི་འགྱུར། འབྲོག་དགོན་པའམ། ནགས་ཁྲོད་དུ་སོང་ཡང་སེང་གེ་དང་། སྟག་དང་། གཟིག་དང་། དོམ་དང་། དྲེད་དང་། གཡག་རྒོད་དང་སྦྲུལ་གདུག་པས་མི་གཡེང་། ངའི་མིང་དྲན་པ་ཙམ་གྱིས་དེ་དག་འབྲོས་པར་འགྱུར། མེ་དཔུང་འབར་བའི་ནང་དུ་ཤོར་ན་ཡང་མིང་དྲན་པས་པདྨ་གང་བའི་རྫིང་བུར་འགྱུར། ངའི་མཚན་ཐོས་པ་ཙམ་གྱིས་ཆུར་མི་བྱིངས། ཆུས་མི་ཁྱེར། མེས་མི་འཚིག །གང་ཞིག་ངའི་མིང་དྲན་པར་བྱེད་པ་དེ་དག་ཐར་པ་ཐོབ་པར་འགྱུར། ཞེས་སོགས་རྒྱ་ཆེར་གསུངས་ཤིང་། ཕྱག་སྟོང་སྤྱན་སྟོང་གི་གཟུངས་ལས་ཀྱང་། ༣ སྤྱན་རས་གཟིགས་ཀྱི་མཚན་བརྗོད་ན་ཡང་སྡིག་པ་གྲངས་མེད་པ་བྱང་ཞིང་། བསོད་ནམས་དཔག་ཏུ་མེད་པ་ཐོབ་སྟེ། འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་སོགས་བསམ་གྱིས་མི་ཁྱབ་པར་བཀའ་སྩལ་ལ། དེ་བཞིན་དུ་གང་གིས་རིག་སྔགས་ཡི་གེ་དྲུག་བཟླས་པ་ལ་སོགས་པའི་ཕན་ཡོན་ཀྱང་། པདྨ་ཅོད་པན་གྱི་རྒྱུད་ལས། ང་ཡིད་ལ་བྱས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་རིག་སྔགས་འདི་ཟློས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཡིན་པ་དེས། ལན་གཅིག་རྗོད་པར་བྱེད་དམ་ཡིད་ལ་བྱས་ནས་ལུས་ལ་བཅངས་ན། མཚམས་མེད་པ་ལྔ་དང་། དེ་དང་ཉེ་


JKT002_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྔ་དང་། སྡིག་པ་ཐམས་ཅད་བྱང་ནས། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། མི་ཁོམས་པའི་གནས་བརྒྱད་སྤངས་ཤིང་ལུས་ངག་ཡིད་གསུམ་སྡུག་བསྔལ་བར་མི་འགྱུར་རོ། །་གཅན་གཟན་དང་། སྲིན་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་དང་། ནད་དང་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཆོས་ཀྱི་སྐུའི་དོན་རྟོགས་ནས་གཟུགས་ཀྱི་སྐུ་ཐུགས་རྗེ་ཆེན་པོའི་ཞལ་མཐོང་བར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། མདོར་ན་རྟག་ཏུ་བཟླས་བརྗོད་བྱེད་པ་དེས་ཆུ་བོའི་ངོགས་སུ་ཁྲུས་བྱས་ན་ཆུ་དེ་ལ་འཐུང་ཚད་འཁོར་བ་ལས་ཐར་བ་དང་། དེའི་ལུས་ལ་འཕོག་པའི་རླུང་གིས་ཁྱབ་པས་རེག་པའི་འགྲོ་བ་སྡིག་སྒྲིབ་དག་ནས་ངན་སོང་དུ་མི་སྐྱེ་བར་གསུངས་ན། གཞན་ལྟ་སྨོས་ཀྱང་ཅི་དགོས། དེར་མ་ཟད་ལུས་ལ་གང་གིས་བཅངས་པ་དེ་རྡོ་རྗེའི་ལུས་སུ་འགྱུར་བ་དང་། མཐོང་བ་ཙམ་གྱིས་རྣམ་པར་གྲོལ་བ་དང་། འདི་ལ་འཇུག་པའི་གང་ཟག་དེ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་འཇུག་པ་དང་། འདི་བཟུང་བས་གསུང་རབས་ཡན་ལག་བཅུ་གཉིས་བཟུང་བར་འགྱུར་བ་དང་། ཚེ་འདི་ནད་གདོན་དུས་མིན་གྱི་འཆི་བ་ཐམས་ཅད་སྲུང་ཞིང་། ཤི་འཕོས་ནས་ཀྱང་སངས་རྒྱས་ཀུན་གྱིས་བསྔགས་པའི་ཞིང་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་ཕྱིར། འཕགས་


JKT002_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་བརྩོན་པ་དང་། ཐ་ན་མཚན་བརྗོད་ཅིང་ཕྱག་འཚལ་བ་དང་། ཡི་གེ་དྲུག་པ་ཐུགས་དམ་དུ་བྱ་བར་བསྐུལ་བ་ཡིན་ནོ།།

བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ།


JKT002_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ནི། དཀོན་མཆོག་བརྩེགས་པའི་འདུས་པ་གསུམ་པར། སྔོན་བསྐལ་པ་གྲངས་མེད་པའི་གོང་རོལ་དུ་བསྐལ་པ་མཛེས་བར་སྣང་བ་ཞེས་བྱ་བར། ་ཞིང་ཁམས་རྣམ་པར་བརྒྱན་པ་བཀོད་པ་ཁྱད་པར་འཕགས་པས་བརྒྱན་པ་དེར་དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་རྒྱལ་ཡུལ་འཁོར་སྲུང་ལ་སྲས་སྟོང་དང་། ཁྱེའུ་ཆོས་ཀྱི་སེམས་དཔའ་དང་། ཆོས་ཀྱི་བློ་གྲོས་ཞེས་བྱ་བའི་རྫུས་སྐྱེས་མཆེད་གཉིས་བཅས་བྱུང་བའི། རྒྱལ་པོ་དེ་ནི་དེ་བཞིན་གཤེགས་པ་མར་མེ་མཛད་དང་། སྲས་སྟོང་ནི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས། ཁྱེའུ་ཆོས་སེམས་ནི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། ཁྱེའུ་ཆོས་ཀྱི་བློ་གྲོས་ནི་ཚངས་པ་ཆེན་པོ་གཙུག་ཕུད་ཅན་དུ་འགྱུར་བར་གསུངས་པ་བཞིན། གསང་བའི་བདག་པོ་ཆེན་པོ་འདི་ཉིད་སངས་རྒྱས་སྟོང་པོ་ཐམས་ཅད་ཀྱི་རྗེས་སུ་འབྲངས་ཤིང་བར་ཆད་སྲུང་བ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གསང་བའི་མཛོད་


JKT002_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བཟུང་ནས་སངས་རྒྱས་སྟོང་རྫོགས་པ་དང་ཤར་ཕྱོགས་མངོན་དགའི་ཞིང་དུ་རྒྱལ་བ་མི་འཁྲུགས་པའི་དྲུང་དུ་བྱོན་ནས་བསྙེན་བཀུར་བ་དང་། དེ་ནས་རིམ་བཞིན་སངས་རྒྱས་བྱེ་བ་གྲངས་མེད་པ་མཆོད་ནས་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པ་ན། རྣམ་པར་སྦྱོར་བ་ཞེས་བྱ་བའི་བསྐལ་པ་ལ། ཀུན་ནས་ཡོངས་སུ་དག་པ་ཞེས་བྱ་བའི་ཞིང་ཁམས་སུ་མངོན་པར་རྫོགས་པ་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་གནོན་པ་ཞེས་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་གསུངས་པ་ཞིག་ཏུ་འགྱུར་བར་བཤད་པ་སོགས་མཐའ་ཀླས་ཤིང་། དོན་དམ་པར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཚུར་མཐོང་གི་སྣང་ངོར་རི་རབ་ཀྱི་བྱང་ཕྱོགས་ལྕང་ལོ་ཅན་དུ་གནོད་སྦྱིན་ཐམས་ཅད་ཀྱི་སྡེ་དཔོན་གྱི་ཚུལ་དུ་བཞུགས་པར་བཤད་པ་དང་། ཁྱད་པར་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའི་སྡུད་པ་པོར་བཤད་པ་དེ་དང་དེ་དག་ཀྱང་གསང་བའི་བདག་པོ་འབའ་ཞིག་གི་སྤྲུལ་པ་ཡིན་ཏེ། རྒྱས་པར་སྣང་བ་བསམ་གྱིས་མི་ཁྱབ་པའི་མདོ་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་པའི་རྒྱུད་སོགས་སུ་ཤེས་པར་བྱའོ།།

འཕགས་པ་བྱམས་པ།


JKT002_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་བྱམས་པ་ནི། སྔོན་ཐོག་མར་བསྐལ་པ་གྲངས་མེད་པའི་སྔ་རོལ་ནས་གླིང་བཞིར་དབང་བའི་འཁོར་ལོས་སྒྱུར་རྒྱལ་གསེར་མདོག་ཅན་ཞེས་བྱ་བར་གྱུར་ཏེ་རྫོགས་པའི་སངས་རྒྱས་


JKT002_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་འོད་བཟང་པོ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད། བར་དུ་སྐྱེ་བ་མང་པོར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁོ་ནར་གྱུར་ཏེ་སངས་རྒྱས་ཁྲི་ཕྲག་གཅིག་མཉེས་པར་བྱས་པའི་མཐར་འོག་མིན་དུ་ལོངས་སྐུའི་གོ་འཕང་བརྙེས། ད་ལྟ་དགའ་ལྡན་དུ་སྟོན་པ་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ་བཞུགས། མ་འོངས་པར་སྐྱེ་རྒུའི་ཚེ་ལོ་བརྒྱད་ཁྲིའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་གི་མདུན་ན་འདོན་བྲམ་ཟེ་ཚངས་རབ་ཀྱི་སྲས་སུ་འཁྲུངས་ནས་མངོན་པར་རྫོགས་པར་སངས་རྒྱས། དེའི་ཚེ་ད་ལྟ་ཤཱཀྱ་ཐུབ་པའི་བསྟན་པ་ལ་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པ། ཐ་ན་ཆག་གྲུམ་གསོས་པ་ཡན་ཆད་འདུས་པ་དང་པོ། གསུང་རབས་ཡི་གེར་འབྲིའམ། ཀློག་པ་སོགས་འདུས་པ་གཉིས་པ། དགེ་འདུན་གཅིག་ལ་ལན་གཅིག་བསྙེན་བཀུར་བ་ཡན་ཆད་འདུས་པ་གསུམ་པར་དགྲ་བཅོམ་པ་འཐོབ་པར་འགྱུར་རོ། །ཡང་། བྱམས་པ་ཞེས་བརྗོད་པའི་རྒྱུ་མཚན་ནི། སྔོན་སྟོན་པ་རིན་ཆེན་གདུགས་ཞེས་བྱ་བའི་བསྟན་པར་དགེ་སློང་བློ་གྲོས་བརྟན་པར་ཞེས་བྱ་བར་གྱུར་ཏེ། ནངས་རེ་བཞིན་དུ་སེམས་ཅན་བརྒྱ་ཕྲག་རེ་བསླབ་པའི་གཞི་ལ་མ་བཀོད་པར་ཟས་མི་ཟ་བར་དམ་བཅས་ཤིང་། སྲོག་ཆགས་གྲངས་མེད་པ་ཐེག་པ་གསུམ་ལ་བཀོད་ཅིང་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་བསྐྱེད་པའི་མཐུས། གྲོང་ཁྱེར་དང་ཚོང་དུས་ལ་སོགས་པ་གང་གི་སྒོར་


JKT002_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཞབས་བཞག་པ་ཙམ་གྱིས་དེར་གནས་པའི་སེམས་ཅན་ཐམས་ཅད་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་རྗེས་མཐུན་ཐོབ་པས། ལྷ་དང་བཅས་པའི་འགྲོ་བ་ཀུན་གྱིས་ཆེད་དུ་བརྗོད་པ་ན་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་མཚན་ཆགས་ཤིང་། སངས་རྒྱས་ནས་ཀྱང་དེ་ཁོ་ནར་བརྗོད་པར་སངས་རྒྱས་རིན་ཆེན་གདུགས་ཀྱིས་ལུང་བསྟན་ཏོ། །འདི་དག་རྒྱས་པར་ཤེས་པར་འདོད་ན་བྱམས་པ་སྔོན་བྱུང་གི་མདོ། བྱམས་པ་ལུང་བསྟན་པའི་མདོ། བྱམས་པ་འཇུག་པའི་མདོ་སོགས་ལས་ཤེས་པར་བྱ་བ་ཉིད་དོ།།

རྒྱ་གར་མཁས་པའི་གཏམ་གྱི་ཚོགས་ཉེ་བར་བསྡུས་པ།


JKT002_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་གྱི་ཚོགས་ཉེ་བར་བསྡུས་པ་བཞུགས། །རྒྱ་གར་སྐད་དུ། ཤྲཱི་ལ་བ་རི་ཀ་ཐཱ། བོད་སྐད་དུ། ཚུལ་ཁྲིམས་ཀྱི་གཏམ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྒྱ་མཚོ་འདི་ལ་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་ཚུལ་ཁྲིམས་སྦྱིན་པ་ལས་ཁྱད་པར་དུ་འཕགས་པར་བསྒྲུབས་པ། དང་ནི་གླང་རྗེས་ཀྱི། །ཁྱད་པར་དག་ནི་གང་ཡིན་པ། །སྦྱིན་པ་དང་ནི་ཚུལ་ཁྲིམས་ཀྱི། །ཁྱད་པར་དག་ནི་དེ་བཞིན་ནོ། །གང་ཞིག་དད་པའི་སེམས་ཀྱིས་ནི། །ལོ་བརྒྱར་སྦྱིན་པ་བྱིན་པ་བས། །གང་ཞིག་ཉིན་གཅིག་ཚུལ་ཁྲིམས་ནི། །བསྲུང་བ་དེ་ལས་ཁྱད་པར་འཕགས། །སྦྱིན་པ་ཤན་པ་རྣམས་དང་ནི། །རིགས་ངན་དག་ཀྱང་སྦྱིན་པར་བྱེད། གང་ཡང་རུང་བས་ཚུལ་ཁྲིམས་ནི། །ཡོངས་སུ་བསྲུང་བར་མི་ནུས་སོ། །སྦྱིན་པས་རབ་ཏུ་འབྱོར་གྱུར་ཀྱང་། །དེ་ནི་སྦྱིན་བདག་ཆེན་པོ་མིན། །ཚུལ་


JKT002_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་རྣམ་པར་དག་པ་ཡིས། །སྦྱིན་པ་ཆེན་པོ་ཡིན་པར་བཤད། །མགོ་བྲེགས་པའམ་ཚུལ་གཞན་གྱི་བརྟུལ་ཞུགས་ལས་ཁྱད་པར་དུ་བསྒྲུབས་པ། གཙུག་ཕུད་ལྡན་པར་རྒྱུ། །ཚུལ་ཁྲིམས་ཆུ་ཡིས་རལ་པ་ཁྱབ་བར་འཆང་། །ཆ་ལུགས་སྣ་ཚོགས་དག་གིས་སྤྱོད་གྱུར་ཀྱང་། །གལ་ཏེ་ཚུལ་ཁྲིམས་མེད་ན་གཡོ་སྒྱུས་སྤྱོད། །གདྨ་བགྲོད་པ་ཆུ་བོ་ནཱ་དར་སོང་བའམ། །དབྱངས་ཅན་ཆུབ་མ་རྫིང་བུར་སོང་བའམ། །ནེའུ་ལེ་ཤ་ནི་བསྟེན་པར་བྱེད་པ་གང་། །གལ་ཏེ་ཚུལ་ཁྲིམས་ཀྱིས་རྒུད་དོན་ལ་དབེན། །ཇི་ལྟར་ཚུལ་ཁྱད་པར་དུ་འཕགས་པའི་ཚུལ་ཁྲིམས་དེའི་ཡོན་ཏན་དཔེའི་སྒོ་ནས་བསྟན་པ། ཁྲིམས་བླ་མེད་ལྡན་པའི་དྲི། །དམ་པ་མཐོ་རིས་འདི་ན་མི་ཟད་ལྡན། །དེ་ལྟར་ཕྲེང་བའི་དྲི་ནི་ཁྱབ་མིན་ཅིང་། །དེ་བཞིན་བྱུགས་པའི་དྲི་ཡང་ཁྱབ་མི་འགྱུར། །འདི་ན་བདག་དང་གཞན་དུ་འགྲོ་བ་བདེ། །དེ་ལྟར་ཡོན་ཏན་བསྟན་ནས་དེའི་འབྲས་བུ་བསྟན་པ། གྲགས་དང་དགའ་ཞིང་བ ཀུན་གྱིས་བཀུར་བ་སྟེ། །ཆོས་ལྡན་འབྲས་བུ་དེ་དེ་མང་པོ་མཐོང་། །ཚུལ་ཁྲིམས་འབྲས་བུ་དྲང་སྲོང་ཆེན་པོས་གསུངས། །ཚུལ་ཁྲིམས་ནད་ལ་སྨན་གྱི་མཆོག་ཡིན་ཅིང་། །མུན་པའི་སྒྲོན་མ་ཉམ་ཐག་ལ་སྐྱབས་དང་། །འཇིགས་ལ་སྲུང་དང་ཕོངས་ལ་ཉེ་དུ་དང་། །འཆི་བའི་རྒྱ་མཚོ་མཐའ་མེད་གཟིངས་གྱུར་ཡིན། །གང་ཞིག་འདུལ་བའི་འབྲས་བུ་དེ་ཉིད་གཉེན་པོའི་དཔེ་དྲུག་གི་སྒོ་ནས་བཤད་པ། ཚུལ་ཁྲིམས་རྣམ་འཇིག་ཚེ། །


JKT002_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲག་ཞུགས་ཚུལ་ཁྲིམས་ལྡན་ལ་ཡོད་མ་ཡིན། །དེ་བས་དེ་ལྟར་འབྲས་བུ་བཤད་ནས་དེ་ཉིད་བསྲུང་བར་གདམས་པ། འཇིག་རྟེན་གཞན་མཐའ་བརྒལ་སེམས་ཀྱིས། །འབྲས་བུའི་སྒོ་ནས་གང་ཟག་གི་ཁྱད་པར་བསྟན་པ་གང་ཞིག་འགྲོ་འདོད་དེས་ནི་ཚུལ་ཁྲིམས་བསྲུང་། །ཚུལ་ཁྲིམས་དེ་ཉིད་བྱེ་བྲག་ཏུ་བསྟན་པ་དང་། ཞོར་ལ་ཤེས་རབ་ཀྱི་འབྲས་བུའི་སྒོ་ནས་གདམས་པ། ཚུལ་ཁྲིམས་དྲི་མེད་མ་ལུས་ཇི་བཞིན་བཞག །ཤེས་རབ་ཞི་བས་ཡིད་ན་ཡོངས་སྨིན་འགྱུར། །འདི་ན་རྒ་ཤི་དེས་ན་ཚུལ་ཁྲིམས་ལ་རགས་ལུས་པས་མཇུག་བསྡུ་བའི་ཚུལ་གྱིས་བསྟན་པ་སྟེ་དགུའོ། །ནད་འཇིགས་རྣམ་ཐར་པ། །གང་ཞིག་ཐོབ་འདོད་དེས་ནི་ཚུལ་ཁྲིམས་བསྲུང་། །ཚུལ་ཁྲིམས་ཀྱི་གཏམ་འདིའི་འགྲེལ་པ་སློབ་དཔོན་གསལ་གྲགས་ཀྱིས་མཛད་པ་ཤིན་ཏུ་ཞལ་གསལ་བཞུགས་སོ། །མཆན། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་ཛ་རན་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།སངས་རྒྱས་ཀྱི་སྤྱོད་པ་ཞེས་པའི་སྙན་ངག་ཆེན་པོ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་ལེའུ་ཉི་ཤུ་རྩ་བརྒྱད་པ་ལས། ཡུལ་གྱི་བུད་ཤིང་ཅན་ནི་འདོད་ཆགས་མེ་ཡིས་ནི། །འཇིག་རྟེན་སྐྱེ་བོ་རྣམ་པར་བསྲེགས་པར་གྱུར་པ་ལ། །སོས་ཀའི་ཐ་མ་སྤྲིན་ཆེན་གྱི་ནི་ཆར་བཞིན་དུ། །འདི་ཡི་ཆོས་ཀྱི་ཆར་གྱིས་རབ་ཏུ་ཚིམ་བྱེད་འགྱུར། །ཞེས་དང་། ཇི་ལྟར་སྨན་ནི་བསྙེན་པར་མི་བྱེད་སྐྱེས་བུ་ཡིས། །སྨན་པ་མཐོང་བ་ལས་


JKT002_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ནད་ནི་འཇོམས་མིན་ཏེ། །དེ་བཞིན་བདག་གི་ཡེ་ཤེས་འདི་ནི་མ་བསྒོམས་ན། །བདག་ནི་མཐོང་བ་ལས་ཀྱང་སྡུག་བསྔལ་འཇོམས་མ་ཡིན། །ཇི་ལྟར་འཇིག་རྟེན་དག་ན་སྐྱེ་བ་རྟོགས་ནས་སུ། །དེས་ནི་ཆད་པའི་ལྟ་བ་རྣམ་པར་སྤངས་པ་སྟེ། །འཇིག་རྟེན་དག་ན་ནུབ་པར་འགྲོ་བ་ཤེས་ནས་སུ། །རྟག་པའི་ལྟ་བ་བརྟན་པོར་སྐྱེན་པར་སྤངས་པའོ། །ཞེས་དང་། དགེ་སློང་རྣམས་ལ་ཐུགས་རྗེ་ཆེན་པོ་མངའ་བས་བསྟན། །སློབ་དཔོན་བཞིན་དུ་སྒྲོན་མ་བཞིན་དུ་དོན་བཞིན་དུ། །བདག་འདས་ཚེ་ན་སོ་སོར་ཐར་པ་བསྟེན་བྱ་སྟེ། །ཁྱོད་ཀྱི་སྟོན་པ་དེ་ཡིན་དེ་དབང་གིས་འགྱུར་བྱ། །ཁོ་བོ་གནས་པ་ན་ཡང་དེ་ཙམ་ཉིད་སྨྲའོ། །ལུས་དང་ངག་གི་ལས་ནི་རྣམ་པར་དག་འདོད་པས། །དེ་བཞིན་འཇིག་རྟེན་ཐ་སྙད་ཐམས་ཅད་འདོར་བ་དང་། །ས་དང་སྲོག་ཆག་ས་བོན་རྫས་ལ་སོགས་རྣམས་ཀྱིས། །བདག་ཏུ་འཛིན་པ་ལས་ནི་མེ་བཞིན་ལྡོག་པའོ། །ཞེས་དང་། སྐྱེ་ན་འཆི་དང་རྒ་བ་དང་མཉམ་འཇིགས་པ་དང་། །མཐོ་རིས་དག་ན་འཕོ་བ་དང་མཉམ་ཡོད་མིན་ཏེ། །ཞེས་དང་། མཆོག་ཏུ་མི་འགྱུར་འཕོ་བ་མེད་པ་བརྙེས་ལྡན་པ། །བརྩེ་བ་དང་བཅས་ཐུབ་པ་བློ་གྲོས་ཆེན་པོ་ནི། །མཆོད་འོས་མཆོད་ལ་མཆོག་ལ་དམ་པ་འོངས་པའོ། །ཞེས་སོགས་གསུངས་ཤིང་འདི་ཉིད་སྙན་ངག་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཡོད་དོ། ༈ །བྱང་ཆུབ་སེམས་དཔའི་


JKT002_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་རབས་ཆོས་ཀྱི་གཎྜི་དཔའ་བོས་མཛད་པ་ལས། གང་ཞིག་འདབ་གཤོག་རྒྱས་པ་ཡོན་ཏན་བརྒྱ་ཕྲག་རབ་མཆོག་ཡང་དག་ལྡན་པའི་བདག་ཉིད་ཀྱི། །བྱ་ཞིག་བྱུང་གྱུར་རི་དྭགས་དགྲ་ཡིས་མགྲིན་པར་རུས་པའི་དུམ་བུ་རིང་པོ་ཟུག་པ་ཕྱུང་བྱས་ཏེ། །རི་དྭགས་དེས་སླད་བསད་ཅིང་ཟ་ཕྱིར་བརྙས་ཐོབ་གྱུར་མོད་དེ་ནི་ནུས་ནའང་ཁྲོ་མ་གྱུར། །བཟོད་པའི་ཞིང་དེའི་འཆི་མེད་རང་བཞིན་འབྲས་བུ་བཅས་གྱུར་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་སོ། །ཞེས་སོགས་འབྱུང་། ༈ །རྒྱལ་པོར་གཏམ་བྱ་རིན་པོ་ཆེའི་ཕྲེང་བ་ལས། དེ་ལ་མངོན་མཐོ་བདེ་བ་སྟེ། །ངེས་པར་ལེགས་པ་ཐར་པར་འདོད། །དེ་ནི་སྒྲུབ་པ་མདོར་བསྡུ་ན། །མདོར་ན་དད་དང་ཤེས་རབ་བོ། །ཞེས་དང་། དད་ཅན་ཉིད་ཕྱིར་ཆོས་ལ་བརྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །འདི་སྔོན་འགྲོ་བ་དད་པ་ཡིན། །འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པ་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ངེས་པར་ལེགས་པའི་སྣོད་མཆོག་ཡིན། །ཞེས་དང་། མི་གསོད་པ་དང་རྐུ་སྤོང་དང་། །གཞན་གྱི་ཆུང་མ་སྤོང་བ་དང་། །ལོག་དང་ཕྲ་མ་རྩུབ་ཉིད་དང་། །མི་འབྲེལ་སྨྲ་བ་ཡང་དག་སྡོམ། །ཆགས་དང་གནོད་སེམས་མེད་པ་ལ། །ཉིད་ཕྱིར་ལྟ་བ་ཡོངས་སྤོང་བ། །འདི་དག་ལས་ལམ་དཀར་བཅུ་སྟེ། །བཟློག་པ་དག་ནི་ནག་པོ་ཡིན། །ཆང་


JKT002_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཐུང་དང་འཚོ་བ་བཟང་། །རྣམ་པར་མི་འཚེ་གུས་སྦྱིན་དང་། །མཆོད་འོས་མཆོད་དང་བྱམས་པ་སྟེ། །མདོར་ན་ཆོས་ནི་དེ་བཞིན་ནོ། །ཞེས་དང་། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་དང་། ཆགས་དང་ཞེ་སྡང་གཏི་མུག་དག །ཉེས་པར་མཁྱེན་ནས་ཡོངས་སུ་སྤང་། །མ་ཆགས་དང་ནི་གཏི་མུག་མེད། །ཡོན་ཏན་མཁྱེན་ནས་གུས་པས་བསྟེན། །ཞེས་དང་། ལྷ་ཡི་ཕུན་སུམ་ཚོགས་པས་ཀྱང་། །ཁེངས་པ་ཉིད་དུ་མི་བྱ་ཞིང་། །ཡི་དྭགས་བས་ཀྱང་དབུལ་བ་ཡི། །རྒུད་པས་ཀྱང་ནི་ཞུམ་མི་བྱ། །ཞེས་དང་། དེ་ལ་བྱང་ཆུབ་སེམས་དཔའ་ཡི། །ཡོན་ཏན་མདོར་བསྟན་བྱ་བ་ནི། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་སྙིང་བརྩེ་སོགས། །སྦྱིན་པ་རང་ནོར་ཡོངས་བཏང་བ། །ཚུལ་ཁྲིམས་གཞན་ཕན་བྱ་བའོ། །བཟོད་པ་ཁྲོ་བ་སྤོང་པ་སྟེ། །བརྩོན་འགྲུས་དགེ་ལ་སྤྲོ་བ་ཉིད། །བསམ་གཏན་རྩེ་གཅིག་ཉོན་མོངས་མེད། །ཤེས་རབ་ངེས་དོན་གཏན་ལ་འབེབས། །སྙིང་བརྩེའི་སེམས་ཅན་ཐམས་ཅད་ལ། །སྙིང་རྗེ་རོ་གཅིག་བློ་གྲོས་སོ། །སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །སྙིང་བརྩེ་བས་ནི་གཞན་དོན་འགྲུབ། །བདུན་


JKT002_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདི་དག་མ་ལུས་པར། །གཅིག་ཅར་ཕ་རོལ་ཕྱིན་པ་ཡིས། །ཡེ་ཤེས་བསམ་གྱིས་མི་ཁྱབ་ཡུལ། །འཇིག་རྟེན་མགོན་པོ་ཉིད་ཐོབ་འགྱུར། །ཇི་ལྟར་ཉན་ཐོས་ཐེག་པ་ལ། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །དེ་དག་དང་པོར་རབ་དགའ་བ། །ཞེས་སོགས་ས་བཅུ་སོ་སོར་༡༠༧མཚན་ཉིད་རྒྱས་པར་གསུངས་སོ། །ཡང་དེའི་འགྲེལ་པ་མི་ཕམ་བཤེས་གཉེན་གྱིས་མཛད་པ་ལས་ལུང་དྲངས་པ། ལྗོན་ཤིང་རྣམས་ནི་མེ་ཏོག་དག་གིས་བརྒྱན། །ཆར་སྤྲིན་རྣམས་ནི་གློག་གི་ཕྲེང་བ་ཡིས། །མཚོ་རྣམས་བུང་བ་རྒྱགས་ལྡིང་པདྨ་ཡིས། །ལུས་ཅན་ཁྱད་པར་ཐོབ་པའི་ཡོན་ཏན་གྱིས། །ཞེས་བཤད་དོ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་ལས། གང་ཞིག་རྟོགས་པའི་ཕྱིར་ན་རྨི་ལམ་མཐར། །བྱང་ཆུབ་སེམས་དཔའ་རྣམས་ནི་རིགས་རྙེད་དེ། །ཕན་ཕྱིར་སེམས་ཅན་དགའ་བ་འགའ་ཞིག་ནི། །སྐྱེ་རྒུ་རྣམས་ལ་འདོམས་པར་བྱེད་པ་ཡིན། །བདག་དང་སེམས་ཅན་ཐམས་ཅད་བདེ་སྡུག་མཚུངས། །བདེ་སྡུག་མཚུངས་པ་ཅན་ནི་གཉེན་ཡིན་ན། །་བདག་གིས་དེ་དག་རབ་ཏུ་སྤངས་ནས་ཀྱང་། །མྱ་ངན་འདས་པར་འཇུག་པར་མི་རིགས་སོ། །ཞེས་སོགས་གསུངས་སོ། །དེས་མཛད་པའི་སྦྱིན་པའི་གཏམ་ལས། སྦྱིན་པ་གཏེར་ཆེན་ཕྱི་བཞིན་འབྲང་པ་མིན་


JKT002_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཆོམ་རྐུན་ལ་སོགས་འཕྲོག་མི་ནུས། །སྦྱིན་པ་སེམས་ཀྱི་སེར་སྣ་དང་ནི་ཆགས་པའི་སྐྱོན་གྱི་རྡུལ་རྣམས་འཁྲུ་བར་བྱེད། །སྦྱིན་པ་འཁོར་བའི་ལམ་དང་ངལ་བ་སེལ་བ་ཡིན་ཏེ་བཞོན་པ་བདེ་བླག་ཅན། །སྦྱིན་པ་བདེ་དགུར་སྦྱོར་བ་དུ་མ་དག་གི་སྒོ་བཟང་གཏན་གྱི་མཛའ་བོ་མཆོག །འབྱོར་ཅིང་དག་པ་ཕུན་སུམ་ཚོགས་དང་ཀུན་ཏུ་བཀའ་ཉན་ཡོན་ཏན་རྣམས་དང་ནི། །སུམ་ཅུ་རྩ་གསུམ་ལྷ་ཡུལ་གྲོང་ཁྱེར་ལ་གནས་བྱད་གཟུགས་མཛེས་པའི་ཡོན་ཏན་རྣམས། །ཅི་འདོད་དེ་དག་ཐམས་ཅད་སྦྱིན་པ་དག་གིས་ངེས་པར་ཐོབ་འགྱུར་ཏེ། །དེ་ལྟར་དོན་ནི་ཡོངས་སུ་བརྟགས་པར་གྱུར་ནས་སུ་དག་སྦྱིན་པ་སྦྱིན་མི་བྱེད། །སྦྱིན་པ་མེ་དང་ཆུ་དང་ཆོམ་རྐུན་འཇིགས་པའི་འཁྲུགས་པ་རྣམས་ཀྱིས་བསྐྱོད་མི་ནུས། །སྦྱིན་པ་སྒྲིབ་པ་ཟད་བྱེད་སྲིད་པའི་འགྲོ་བ་ཕྱི་བཞིན་འབྲང་པའི་མཛའ་ཆེན་ཡིན། །སྦྱིན་པ་འགྲོ་བའི་རྒྱུན་གྱིས་ཡུལ་རྣམས་ཀུན་ཏུ་སྲོག་ཆགས་རྣམས་ཀྱི་འཇུག་པ་ཡིན། །སྦྱིན་པ་ཚེ་རབས་བགྲང་བ་དག་ཏུ་ཕྱི་བཞིན་འབྲངས་ཏེ་བ་ཕྱིར་བེའུ་བཞིན། །ནོར་རྣམས་ཀུན་གྱི་སྙིང་པོ་བླང་བ་དབང་ཕྱུག་རྣམས་ཀྱི་གཞི་ནི་སྦྱིན་པ་ཡིན། །ཞེས་སོ། །བློ་ཅན་ལེགས་པར་འདོད་པ་ཡིས། །ལེགས་པར་བསྒྲིམས་ཏེ་སྦྱིན་པ་སྦྱིན། །འཁོར་བར་ཡོངས་སུ་འཁྱམས་པ་ན། །སྦྱིན་པ་མ་གཏོགས་གཉེན་མེད་དོ། །ཞེས་དང་། ཕྲད་པར་གྱུར་པའི་མཐའ་ནི་འབྲལ་


JKT002_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །ཕུན་སུམ་ཚོགས་པའི་མཐའ་ནི་ངན་ཅིང་རྒུད། །ཚེ་འདི་གློག་ལྟར་འགྱུར་ཞིང་འཇིག་ལ་གཡོ། །དེ་ཡི་ཕྱིར་ན་བག་ཡོད་བརྟན་པོར་གྱིས། །འཇིག་རྟེན་འདི་ཀུན་བདེ་བ་མངོན་པར་འདོད། །#་སྐྱེས་བུ་བདེ་ལ་ལོངས་སྤྱོད་མེད་པར་མིན། །ལོངས་སྤྱོད་སྦྱིན་ལས་བྱུང་བར་མཁྱེན་ནས་ནི། །ཐུབ་པས་དང་པོ་སྦྱིན་པའི་གཏམ་དག་མཛད། །ཅེས་སོ། །ཡང་དེ་ཉིད་ཀྱིས་མཛད་པའི་སྲིད་པ་ལས་འདས་པའི་གཏམ་ལས། །རྒྱ་གར་སྐད་དུ། བྷཱ་བ་སཾ་ཀཱནྟ་པ་རི་ཀ་ཐཱ། བོད་སྐད་དུ། སྲིད་པ་ལས་འདས་པའི་གཏམ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དངོས་མེད་དངོས་ལས་མི་སྐྱེ་སྟེ། །དངོས་མེད་ལས་ཀྱང་སྐྱེ་མ་ཡིན། །དངོས་པོ་རྟག་ཏུ་སྐྱེ་བ་སྟེ། །དངོས་འཁྲུལ་ནམ་མཁའི་མེ་ཏོག་བཞིན། །མཁའ་དང་འདྲ་བའི་ཆོས་ཡོད་ན། །གཞན་ནི་མཁའ་དང་འདྲ་བ་སྐྱེ། །བརྟེན་ནས་ཐམས་ཅད་མཁའ་དང་འདྲ། །དེ་ནས་སྲིད་པ་མེད་པ་ཅན། །ངོ་བོ་ཉིད་ཀྱིས་ལས་མེད་ཅིང་། །རྒྱུ་མེད་འབྲས་བུ་ཡོད་མ་ཡིན། །འདི་དག་ཐམས་ཅད་མེད་པ་སྟེ། །འཇིག་རྟེན་པ་མེད་འཇིག་པ་མེད། །མ་སྐྱེས་པ་ཡི་དངོས་པོ་གང་། །ཇི་ལྟར་གཞན་ཞིག་བསྐྱེད་པར་འགྱུར། །འཇིག་རྟེན་དང་པོར་མ་བྱུང་སྟེ། །འགའ་ཞིག་གིས་ཀྱང་སྤྲུལ་པ་མིན། །ཟླ་བ་སེང་གེའི་གྲོང་ཁྱེར་བཞིན། །འཇིག་རྟེན་དོན་མེད་གྱི་ནར་འཁྱམས། །འཇིག་རྟེན་རྣམ་པར་


JKT002_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ལས་འབྱུང་། །རྣམ་རྟོག་སེམས་ལས་ཡང་དག་འབྱུང་། །སེམས་ནི་ལུས་ལ་བརྟེན་པ་སྟེ། །དེ་ཕྱིར་ལུས་ནི་རྣམ་དཔྱད་དོ། །གཟུགས་ནི་སྟོང་པ་ཚོར་བ་རང་བཞིན་མེད། །འདུ་ཤེས་མེད་དེ་འདུ་བྱེད་ཡོད་མ་ཡིན། །འབྱུང་བ་སྤངས་ནས་སེམས་དང་སེམས་བྱུང་མེད། །དེ་ཕྱིར་ལུས་ནི་རྟོག་བྲལ་ངོ་བོ་ཡིན། །སེམས་མེད་ཆོས་རྣམས་དེ་དག་མེད། །ལུས་མེད་ཁམས་རྣམས་ཡོད་མ་ཡིན། །གཉིས་སུ་མེད་པའི་ལས་འདི་ནི། །དེ་ཉིད་རིག་པ་རྣམས་ཀྱིས་བསྟན། །འདི་དག་ཐམས་ཅད་དམིགས་མེད་པར། །གཉིས་སུ་མེད་པར་བསྟན་པ་ཡིན། །བློ་ནི་དམིགས་པ་མེད་བྱས་ནས། །དམིགས་པ་མེད་པར་འབྱུང་བར་འགྱུར། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ལ་སོགས་བསྟེན་བྱས་ནས། །ཡུན་མི་རིང་པའི་དུས་ཀྱིས་ནི། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཐབས་དང་ཤེས་རབ་ལ་གནས་ཏེ། །སེམས་ཅན་རྣམས་ལ་བརྩེ་བར་བྱ། །མྱུར་བར་ཁོ་ནར་ཐམས་ཅད་མཁྱེན། །ཐོབ་པར་འགྱུར་བ་ཐེ་ཚོམ་མེད། །འདི་དག་ཐམས་ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་ལ་རབ་ཏུ་གནས། །རྗོད་པར་བྱེད་ལས་ཐ་དད་པའི། །ཚུ་བརྗོད་པར་བྱ་བ་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་མིང་མེད་དེ། །བདག་མེད་པར་ཡང་ཡོངས་སུ་གསལ། །ཡང་དག་མིན་པའི་ཆོས་འདི་དག །རྣམ་པར་རྟོག་པས་ཀུན་ནས་བསླངས། །གང་གིས་སྟོང་པ་


JKT002_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཏགས་པའི། །རྟོག་པ་དེ་ཡང་འདིས་སྟོང་ངོ་། །མིག་གིས་གཟུགས་རྣམས་མཐོང་བར་ནི། །དེ་ཉིད་གསུངས་པས་གང་བཤད་པ། །ལོག་པར་ཞེན་པའི་འཇིག་རྟེན་ལ། །ཀུན་རྫོབ་བདེན་པར་བརྗོད་པ་ཡིན། །གང་དུ་ཚོགས་པར་མཐོང་བ་ནི། །འདྲེན་པས་སྟོན་པར་བྱེད་པ་ཡིན། །བློ་དང་ལྡན་པས་དོན་དམ་གྱི། །ཉེ་བར་བརྟག་པའི་ས་དེ་གསུངས། །མིག་གིས་གཟུགས་ནི་མི་མཐོང་སྟེ། །ཡིད་ཀྱིས་ཆོས་རྣམས་མི་རིག་གོ །འཇིག་རྟེན་པ་ཡི་ཡུལ་མིན་གང་། །འདི་ནི་མཆོག་ཏུ་བདེན་པའོ། །མིག་མེད་གཟུགས་ཀྱང་ཡོད་མིན་ཞིང་། །སྣང་བ་ཡིད་ལ་བྱེད་པ་མེད། །སེམས་ནི་རྨི་ལམ་བཞིན་དུ་འཁྲུལ། །ཐམས་ཅད་ཡོད་མིན་མེད་པའང་མིན། །སྲིད་པ་ལས་འདས་པའི་གཏམ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཤྲཱི་ར་ཐ་དང་། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ།། #div1 ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ་དབྱིག་གཉེན་གྱིས་མཛད་པ། ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ་དབྱིག་གཉེན་གྱིས་མཛད་༡༦ར་པ་ལས། ཉེས་མེད་ཡོན་ཏན་བསྡུ་བ་ནི། །སྣ་ཚོགས་པ་དག་རྣམ་བྱ་སྟེ། །ཉེས་པ་དག་ནི་གཅིག་པུ་ཡིས། །ཡོན་ཏན་མང་པོ་འཇོམས་པར་བྱེད། །ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་པ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །མདོ་སྡེ་དག་ལས་གང་གསུངས་པ། །དེ་ལས་བཟློག་པ་ཉེས་


JKT002_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །ཞེས་སོ། ༈ །ཚོགས་ཀྱི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་༡༧༥་པ་ལས། བདག་གིས་དེ་རིང་བསོད་ནམས་དང་། །ཡེ་ཤེས་ཚོགས་ནི་གང་ཞིག་གམ། །གཞན་ལ་ཕན་པ་གང་བྱ་ཞེས། །བྱང་ཆུབ་སེམས་དཔའ་ཡང་ཡང་བསམ། །ཞེས་དང་། དེ་ལྟར་བསོད་ནམས་ཡེ་ཤེས་ཀྱི། །རང་བཞིན་ཆུ་བོས་འགེངས་པ་དག །འགྲོ་བའི་ཐར་ལམ་གཅིག་ཏུ་མཁས། །བྱང་ཆུབ་ལག་པའི་མཐིལ་ན་གནས། །སྦྱིན་དང་སྙན་པར་སྨྲ་བ་དང་། །དོན་སྤྱོད་དོན་ནི་མཐུན་པ་ཉིད། །དེ་ལྟར་བསྡུ་བའི་དངོས་པོ་རྣམས། །འགྲོ་ལ་ཕན་པར་བྱེད་པ་ཉིད། །ཅེས་སོ། ༈ །མི་ཁོམས་པ་བརྒྱད་ཀྱི་གཏམ་དཔའ་བོས་མཛད་པ་ལས། འདིར་བཅོམ་ལྡན་འདས་ཀྱི་ཆོས་གུས་པས་མཉན་པར་བྱ་སྟེ། ཕྱིས་ནི་རྗེས་སུ་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཚེ་འདིར་མི་ཁོམས་པ་བརྒྱད་ལས་གྲོལ་པའི་མི་ནི་ཤིན་ཏུ་དཀོན་ནོ། །མི་ཁོམས་པ་བརྒྱད་པོ་གང་ཞེ་ན། འདི་ལྟ་སྟེ། དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་དང་། མཐའ་འཁོབ་ཏུ་སྐྱེས་པ་དང་། ལྷ་ཚེ་རིང་པོ་དང་། དབང་པོ་མ་ཚང་བ་དང་། ལོག་པར་ལྟ་བ་དང་། དེ་བཞིན་གཤེགས་པ་མི་འབྱུང་བ་སྟེ། དེ་ལྟར་མི་ཁོམས་པ་བརྒྱད་པོ་འདི་དག་དང་ལྡན་ན། མི་མ་ཐོབ་པས་གྲོལ་བའི་ཆོས་དང་ལྡན་པར་མི་འགྱུར་རོ། །ཞེས་སོ། ༈ །ལེགས་པར་བཤད་པ་རིན་


JKT002_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་ཟ་མ་ཏོག་ལྟ་བུའི་གཏམ་སློབ་དཔོན་དཔའ་བོས་མཛད་པ་ལེའུ་ཉེར་༡༧༨བརྒྱད་པ་ལས། གང་གི་གླང་ཆེན་མཆོག་འདྲའི་སེམས་ནི་ལྕགས་ཀྱུས་མ་ཡིན་ཡེ་ཤེས་ལྕགས་ཀྱུས་བཏབ་ནས་ཐུལ། །འདོད་ཆགས་མུན་པའི་དམག་ཚོགས་མེ་ཡིས་མ་ཡིན་ཡེ་ཤེས་མེ་ཡིས་མ་ལུས་བསྲེགས། །བདུད་ཀྱི་སྟོབས་རྣམས་མཚོན་ཆས་མ་ཡིན་བློ་གྲོས་རབ་ཞི་བཟོད་པའི་མཚོན་གྱིས་བཟློག །གུས་ལ་སྒོམ་པ་ཞི་མཛད་སངས་རྒྱས་མཁྱེན་པ་རབ་རྒྱས་ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །དཀའ་བ་བརྒྱ་ཡིས་རྙེད་པ་ཡིས། །མི་རྣམས་ཐོབ་པའི་ཁོམས་པ་དཀོན། །ཟློག་པ་མེད་པར་འཆི་བདག་ནི། །རྟག་ཏུ་མདུན་ན་གནས་པས་ན། །ཞེས་དང་། མི་རྣམས་ཐོབ་པ་རྙེད་དཀའ་བ། །བར་སྣང་གློག་འགྱུ་ལྟ་བུ་ཡིན། །ཞེས་དང་། དུག་སྟོབས་མི་བཟད་འཆི་སྦྲུལ་གྱིས། །སོས་མ་བཟུང་བའི་བར་དུ་ནི། །རྟག་ཏུ་ཁྱེད་ཀྱིས་ཐུབ་དབང་བཞིན། །གཞན་ཕན་ལ་ནི་མངོན་དགའ་གྱིས། །ཞེས་དང་། འཇིགས་བཅས་སྐྱེ་བ་འཁོར་བའི་རྒྱུན། །ཉོན་མོངས་མ་ལུས་རིམ་གྱིས་སྤོངས། །ཐམས་ཅད་ཕུན་ཚོགས་རྟག་པའི་གཏེར། །མི་ཟད་འཁོར་བའི་རྒྱུན་འཇོམས་ཤིང་། །བླ་ན་མེད་པའི་དགའ་བདེ་ཐོབ། །ཐོས་པ་འདི་ཡི་དྲི་མ་མེད། །དེ་ལྟར་ཐུབ་དབང་གསུང་རབས་སོམས། །ཞེས་དང་། གང་ཞིག་ཐོབ་ནས་འཁོར་བ་ཡི། །ཕ་རོལ་ཕྱིན་པའི་ས་བོན་བསྐྲུན། །ཅེས་དང་། འདིར་ནི་


JKT002_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པས་བསོད་ནམས་གཏེར། །ཅུང་ཟད་ཙམ་ཡང་མི་སོག་པར། །དེ་དག་འཇིག་རྟེན་ཕ་རོལ་ཏུ། །མི་བཟད་མྱ་ངན་ཁང་པར་འཇུག །ཅེས་དང་། ཞེས་པའང་སྦྱིན་པའི་ཡོན་ཏན་ཏེ། །མཛེས་པར་འདོད་པ་བདག་ཅག་གིས། །སྦྱིན་པ་འདི་ལ་འབད་པར་གྱིས། །སྲིད་གསུམ་མི་བཟད་འཇིགས་ཆེན་ལ། །སྦྱིན་ལས་གཞན་པའི་གཉེན་མཆོག་མེད། །ཅེས་དང་། ཚ་ཟེར་རབ་ཚ་གསལ་བ་ཡི། །ཉི་མ་བདུན་ཤར་མེ་རྣམས་ཀྱིས། །ས་རྣམས་སྲེག་པར་བྱེད་མོད་ཀྱི། །བསོད་ནམས་གཅིག་པུ་སྲེག་མ་ཡིན། །ཞེས་དང་། བདེ་བར་གཤེགས་པ་མཆོག་རྣམས་ཀྱི། །ཕོ་བྲང་མཆོག་ནི་རྒྱན་མེད་པ། །གསེར་གྱི་མདོག་དང་ལྡན་འགྱུར་ཞིང་། །ནད་རྣམས་ཀུན་ལས་གྲོལ་བར་འགྱུར། །ལྷ་དང་མི་ལས་ཁྱད་འཕགས་ཤིང་། །ཉི་མའི་འཁོར་ལོ་ལྟ་བུར་མཛེས། །ནོར་དང་གསེར་ནི་མང་བ་དང་། །རྒྱལ་པོའི་རིགས་ཀྱི་རྒྱལ་བར་འགྱུར། །འཇིག་རྟེན་གསུམ་གྱིས་མཆོད་པ་ཡི། །སངས་རྒྱས་ལ་ནི་གང་ཞིག་འདིར། །མཎྜལ་མེ་ཏོག་བཅས་བྱེད་པ། །འགྲོ་བའི་བདག་པོ་ཚེ་རིང་ཞིང་། །སྣ་ཚོགས་ནད་ཀྱི་འཇིགས་ལས་གྲོལ། །གང་ཡིན་རྩྭ དེ་ནི་སྐད་ཅིག་ཐོབ། །བདེ་གཤེགས་མཎྜལ་བྱེད་དེ་དག །ཕ་རོལ་ཕྱིན་དྲུག་འཐོབ་འགྱུར་ཏེ། །ཆུ་དང་ས་བསྲེས་བཏང་སྦྱིན་པ། །གྲོག་མ་སོགས་སེལ་ཚུལ་ཁྲིམས་ཏེ། །བསྲེས་ནས་མཉེས་པ་བཟོད་པ་ཡིན། །


JKT002_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

འབད་པ་བྱེད་པ་བརྩོན་འགྲུས་ཏེ། །སྐད་ཅིག་དེ་ལ་རྩེ་གཅིག་ཏུ། །སེམས་འཛིན་བྱེད་པ་བསམ་གཏན་ཡིན། །ལེགས་པར་གཟོབ་པ་ཤེས་རབ་བོ། །སྣ་ཚོགས་བསོད་ནམས་ཀྱིས་བརྒྱན་ལ། །ས་གཞི་བྲིས་པ་འབུལ་བྱེད་པ། །ལྷ་ཡི་བདེ་བ་ཐམས་ཅད་དང་། །ལོངས་སྤྱོད་མཆོག་དང་ལྡན་འགྱུར་ཞིང་། །མིར་སྐྱེས་གསེར་ལས་ལྷག་པ་ཡིས། །ཁ་དོག་དང་ལྡན་མཛེས་པ་དང་། །པདྨའི་མདོག་ལྟར་ཡན་ལག་ཚང་། །མིག་ནི་དཀྱུས་རིང་མཛེས་པར་འགྱུར། །ཞེས་དང་། གང་གིས་ཆོས་ཀྱི་སྦྱིན་བྱིན་ཅིང་། །དྲི་བ་དང་ནི་ཉན་པ་དང་། །རྟག་ཏུ་དེ་དག་སེམས་ཉིད་དང་། །གལ་ཏེ་ཡང་དག་སྒོམ་བྱེད་ན། །སྐྱེ་བ་དྲན་པ་རྟག་ཏུ་འཐོབ། །ཅེས་དང་། རྒྱལ་པོ་ལས་ནི་ཉམས་པ་ཡིས། །ལོངས་སྤྱོད་འབྲས་ལས་ཉམས་པ་ལྟར། །དད་པའི་དབང་པོ་ལས་ཉམས་པས། །དེ་བཞིན་འབྲས་རྣམས་ཐོབ་མ་ཡིན། །དེ་ཕྱིར་སྐྱེས་བུ་མཁས་པ་ནི། །འཇིག་རྟེན་བདེར་གཤེགས་བྱེད་འདོད་པས། །རྟག་ཏུ་ཕན་པ་ཉིད་དུ་གྱིས། །ཞེས་དང་། མཚོ་ནི་སྦྲུལ་གྱིས་གང་བཞིན་དང་། །མེ་ཏོག་ལོ་མ་རྒྱས་པ་ཡི། །ལྗོན་ཤིང་ཚེར་མ་དང་བཅས་བཞིན། །ཐོས་དང་དཔྱོད་དང་རིགས་ལྡན་ཞིང་། །དེ་ལྟ་བུ་ཡི་བྱེ་བྲག་ཅན། །ཚུལ་ཁྲིམས་ལ་ནི་རྒྱབ་ཀྱིས་ཕྱོགས། །ཞེས་དང་། ཚུལ་ཁྲིམས་ཡང་དག་ངེས་པའི་གཉེན། །ཕ་དང་མ་དང་བུ་ཡིན་ཏེ། །འདོད་པ་སྟེར་བ་ཚུལ་ཁྲིམས་ཏེ། །


JKT002_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་ཡིས་འབྲས་བུ་སྦྱིན་པར་བྱེད། །ཅེས་དང་། ཞེ་སྡང་དང་མཉམ་སྡིག་པ་མེད། །བཟོད་དང་མཉམ་པའི་དཀའ་ཐུབ་མེད། །དེ་ཕྱིར་འབད་པས་བཟོད་པ་གོམས། །ཞེས་དང་། ཞེ་སྡང་བྲལ་བར་མ་གྱུར་ན། །ཇི་སྲིད་འཚོ་བར་གནོད་དང་བཅས། །ཁྲོ་བ་གཅིག་པུ་བཅོམ་པ་ཡིས། །རྣམ་པར་སྣང་བ་ཐམས་ཅད་བཅོམ། །རྟོག་པའི་བུད་ཤིང་ལས་མཆེད་པའི། །ཁྲོ་བའི་མེ་ཡིས་འགྲོ་བ་སྲེག །དང་པོར་བདག་ཉིད་སྲེག་བྱེད་ལ། །གཞན་དག་སྲེག་པའམ་ཡང་ན་མིན། །ཞེས་དང་། ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི། །གཏེར་དུ་གྱུར་པ་བརྩོན་འགྲུས་ཏེ། །ཉོན་མོངས་རྒྱ་མཚོ་ཀུན་སྒྲོལ་བའི། །རྒྱ་ཆེན་མཆོག་ནི་བརྩོན་འགྲུས་ཡིན། །ཞེས་དང་། ཉོན་མོངས་དགྲ་ཡི་སྡེ་ཚན་རྣམས། །བསམ་གཏན་ལྡན་པས་ཟིལ་མནན་ནས། །ཡང་དག་བྱང་ཆུབ་དཔལ་རྣམས་ཐོབ། །ཅེས་དང་། རྨོངས་པའི་མུན་པ་སེལ་མཛད་ཅིང་། །རྒྱུན་གྱི་རྟག་པའི་ཡེ་ཤེས་ཀྱིས། །རྫོགས་པའི་སངས་རྒྱས་ཉི་མ་དང་། །མི་དང་ལྷ་དང་ལྷ་རྣམས་ཀྱི། །བདེ་རྒྱུ་བསམ་གཏན་རབ་མཆོག་ཡིན། །ཞེས་དང་། ཤེས་རབ་སྟོབས་དང་བྲལ་ན་ཡང་། །་སྐྱེས་བུའི་གཟུགས་བརྙན་འབའ་ཞིག་སྟེ། །སྙིང་པོ་སྤངས་པའི་མཐར་ཐུག་སྟེ། །རི་མོར་བྲིས་པའི་གཟུགས་དང་མཚུངས། །ཞེས་དང་། ཤེས་རབ་དེ་ཡང་རྟག་པར་ནི། །སྟོབས་ཀྱིས་དགེ་བ་སྐྱེད་བྱེད་པའི། །


JKT002_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཡིན་པར་ནི་རྟག་ཏུ་གྲགས། །ཞེས་དང་། མཐོ་རིས་ཐར་པའི་ཡོན་ཏན་ནི། །རིན་པོ་ཆེ་ཡི་གཏེར་གྱུར་པ། །ཕ་རོལ་ཕྱིན་པ་དྲུག་འདི་ཉིད། །ས་གཞི་བཞིན་དུ་ཤེས་པའི་མིས། །གཞན་ཕན་སྒྲུབ་པ་,་དེ་ཡིས་ནི། །གཞན་ལ་ཕན་པར་བྱ་བའི་ཕྱིར། །མྱུར་བས་རྟག་པར་རྒྱུན་དུ་འབབ། །ཅེས་སོ། །འདི་ལྡེབ་བཅུ་གཅིག་ཡོད་དོ། ༈ །ཕྱིན་ཅི་ལོག་བཞི་སྤང་པའི་གཏམ་དེ་ཉིད་ཀྱིས་༡༨༩མཛད་པ་ལས། རི་བོ་མཐོན་པོའི་རྩེ་མོའི་སྟེང་ནས་ས་ལ་ལྷུང་བར་གྱུར་པ་ཡི། །ཞིག་པར་གྱུར་ཚེ་འདི་ཅི་བར་སྣང་ལ་ནི་བདེ་བ་མྱོང་འགྱུར་རམ། །སྐྱེས་ནས་བརྩམས་ཏེ་འཆི་བ་ཉིད་ཕྱིར་རྟག་ཏུ་རབ་ཏུ་རྒྱུགས་པ་ན། །སེམས་ཅན་རྣམས་ནི་བར་སྐབས་གང་དུ་བདེ་བ་ཇི་ལྟར་འཐོབ་པར་འགྱུར། །གང་ཞིག་ས་འོག་འཛུལ་ཏེ་ཀླུ་ཡི་དབང་པོ་པདྨའི་རྩ་བ་ལྟར་འབྱིན་བྱེད། གང་གིས་མཐོ་རིས་འཛེགས་ཏེ་དབང་པོར་བཅས་པའི་ལྷ་ཚོགས་མེད་པར་བྱེད་དང་། །གང་གིས་ས་སྟེང་འཕྱན་འཕྱན་ནི་ག་དང་ནི་ར་གུ་ན་ལ་བཏུས་གྱུར་པའི། །འཆི་བདག་དེས་མི་ཚུགས་པར་གང་དུ་གནས་ནས་ཁྱེད་ནི་འཇིགས་མེད་འགྱུར། །ཡུན་རིང་འཚོ་ཡང་ལུས་ནི་རྒས་པས་རབ་ཏུ་རྙིང་པ་ཉིད་དུ་འགྱུར། །ཚེ་ནི་འཐུང་འགྱུར་ཚེ་ནི་མོད་ལ་འཆི་བདག་ཁ་རུ་འགྲོ་བར་འགྱུར། །རྒ་དང་ན་དང་འཆི་བའི་བར་ན་ཕོངས་པར་བཅས་པར་གནས་པར་གྱུར་པའི་མི། །ཉམ་ངར་ལྷུང་བས་འདི་དང་


JKT002_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལས་བདེ་བ་ཐོབ་པར་ཡོད་མི་འགྱུར། །ཞེས་དང་། མི་རྟག་པ་ལ་རྟག་སྙམ་སེམས་ལ་སྡུག་བསྔལ་བདེར་མངོན་དགའ། །མི་གཙང་ལུས་ལ་གཙང་བ་ཉིད་དུ་ཤས་ཆེར་ཞེན་པར་བྱེད་པ་དང་། །བདག་མེད་པ་ལ་བདག་ཅེས་འཛིན་པའི་རྡུལ་རྣམས་རྣམ་པར་བསལ་ནས་ནི། །སྐྱེ་མེད་འགག་མེད་འཆི་བ་མེད་ཅིང་རྟག་པའི་གནས་ནི་འབད་པས་མངོན་དུ་གྱིས། །ཞེས་སོ། །འདི་ལྡེབ་གསུམ་ཡོད། །།དེ་ཉིད་ཀྱིས་མཛད་པའི་རྩོད་པའི་དུས་ཀྱི་གཏམ་ལས། ཚུལ་ཁྲིམས་ལས་ཉམས་ཐོས་པའི་ནོར་བྲལ་འདོད་པས་འདི་ཉིད་ཅུང་ཟད་མཆོད་པར་བྱེད། །ཉེས་མེད་ཚུལ་ཁྲིམས་ལྡན་ལ་ཡོན་ཏན་རོ་ལ་རྒྱབ་ཕྱོགས་ཞེ་སྡང་ཉེས་པ་ཅུང་ཟད་རྒོད། །རབ་བྱུང་རྣམས་ལ་ཁྱིམ་པས་ལས་བགོ་དེས་ཀྱང་ཁྱིམ་པ་མགུ་པར་བྱེད། །ཅི་སྤྱད་འགྲོ་བ་འདིར་ནི་འགྲོ་བའི་ཁྱིམ་དུ་མ་ལུས་དུས་ཀྱི་སྙིགས་མ་ཞུགས་པ་ཡིན། །ཞེས་སོགས་གསུངས། ༈ ། དབེན་པའི་གཏམ་བི་བེ་ཀ་ཀཱ་ཐཱ། སློབ་དཔོན་ས་འཚོ་བྱིན་གྱིས་མཛད་པ་ལས། དཀའ་ཐུབ་རྙེད་པའི་བདེ་བ་འདོད་རྣམས་ཀྱིས། །འཆོལ་བར་སྤྱོད་པ་རྣམས་ནི་མཐོང་གྱུར་ནས། །རབ་ཏུ་དབེན་པ་ཡང་དག་བསྟེན་པ་ནི། །དགེ་སློང་འདི་སྐད་ཚིག་ཏུ་བརྗོད་པས་སྨྲ། །ཕོངས་པ་སྤང་ཕྱིར་དེ་བཞིན་གཤེགས་པ་ཡིས། །རབ་བསྔགས་ཞི་བའི་དབང་བསྐུར་ཉེར་བླངས་ནས། །དཀའ་ཐུབ་ཁྱིམ་དང་འདྲིས་པས་རབ་


JKT002_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པའི། །ཕོངས་ཉིད་བརྒལ་དཀའ་བྱིང་བ་ཇི་ལྟ་བུར། །འཕགས་པ་འགྲན་མེད་ཤིང་དྲུང་གནས་ནས་ནི། །འགྲོ་བ་སྐྱེ་དང་འགག་པ་མཐོང་བས་ན། །ཞི་བའི་བདེ་བ་ཡོངས་སྨིན་ཚེ་དགེ་བ། །མི་ལས་ཤིན་ཏུ་འཕགས་པ་ཐོབ་པར་འགྱུར། །སེམས་ཀྱི་རྣམ་པར་འཆིང་བ་གཉེན་པོ་ཡི། །སྟོབས་ཀྱིས་བསལ་བས་སྐྱེ་བྲལ་ནགས་དག་ཏུ། །རྣལ་འབྱོར་ཉེར་ཞིའི་བདུད་རྩིས་ཚིམས་གྱུར་པས། །བདེ་བར་གཉིད་#་ལོག་བདེ་བར་སད་པར་འགྱུར། །མཚན་ཟླ་ཉ་བའི་སྣང་དང་རབ་གསལ་བའི། །སྐར་མའི་མེ་ཏོག་བཀྲམ་པས་ཉེར་མཆོད་ནས། །དགོན་པར་བརྟེན་པའི་ཡིད་ནི་ངེས་ཞི་བའི། །ལྷག་པར་དགའ་བ་དག་ནི་སྐྱེ་ཟློ བར་འགྱུར། །གང་དུ་དགེ་སློང་དབེན་པའི་རྒྱུ་མཚན་གྱིས། །ཁ་ན་མ་ཐོ་མེད་པར་ཞི་འགྱུར་བདེ། །གང་དུ་ཡོ་བྱད་ཡང་དག་བསྟེན་ཆགས་པས། །སེམས་ནི་སྣ་ཚོགས་ཕོངས་པས་གདུང་བར་འགྱུར། །ཇི་ལྟར་ཆུ་ཤིང་སྨྱུག་མ་ལོ་མ་དག །འབྲས་བུ་འབྱིན་ནས་རང་ཉིད་འཇིག་པར་སྟོན། །དེ་བཞིན་དཀའ་ཐུབ་ཁྱིམ་ལས་རྣམ་གྲོལ་ནས། །བདག་ཉིད་ཟིལ་གྱིས་གནོན་ལ་ཆགས་མཐོང་འགྱུར། །ས་ཡི་རྡུལ་གྱིས་གོས་པའི་རི་དྭགས་དག །རྩྭ་དང་འདབ་མ་ཙམ་ཞིག་སྒྲུབ་བྱེད་ལྟར། །སེམས་ནི་དབེན་པར་གཞོལ་བར་འདོད་འགྱུར་གྱི། །གླིང་བཞིའི་ཕུན་ཚོགས་རྒྱ་ཆེན་དག་ལའང་མིན། །ཤིང་དྲུང་འབབ་ཆུ་བསྟེན་པའི་དཀའ་ཐུབ་མཁྱེན་བརྩེའི་བཀའ་འབུམ།


JKT002_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དག །ཡོངས་སུ་འཛིན་པ་དག་ནི་རྣམ་སྤངས་ནས། །རང་སེམས་ཙམ་དང་རབ་ཏུ་འབྲེལ་བ་ཡི། །བདེ་འབྱུང་གང་དེ་རྒྱལ་པོ་རྣམས་ལ་མེད། །ལྗོན་ཤིང་སྔོན་པོའི་རྩེ་མོ་རླུང་དག་གིས། །རྣམ་གཡོ་ཕྲ་ལ་སྙོམས་པའི་ཆར་བབས་པའི། །མི་གཡོ་རྣམ་བརྟགས་རི་ཡི་སུལ་གནས་ནི། །དགེ་སློང་མཚན་མོ་དགེ་བ་སྐྱེད་པར་བྱེད། །སྙོགས་ཅན་འདོད་ལ་འདྲིས་པས་འཕོས་པ་ཡི། །བདག་བསྙེན་པ་ཡི་ཆགས་པ་ལྟོས་མེད་ཅིང་། །སྐྱེ་བྲལ་ནགས་གང་ཡིན་པར་དགའ་བྱ་ཡི། །དགེ་སློང་གྱུར་ནས་དོན་མེད་འགྱུར་མི་བྱ། །དགེ་སློང་རྟགས་ནི་བདག་ཉིད་གནོད་མེད་པར། །ཉེར་བླངས་གང་ཞིག་སྒྲུབ་པར་མི་བྱེད་ཅིང་། །དམན་ལ་ཡོངས་སུ་འཛིན་པའི་འདམ་བྱིང་པ། །དེ་ནི་འཚོ་བའི་འཇིག་རྟེན་སླུ་བྱེད་ཡིན། །ཆུ་དང་རྡོ་ཁུ་རྩ་བ་མེད་པ་ཡི། །ས་དབང་འཛེགས་ནས་མི་བཟད་ཐང་དག་ཏུ། །རྟོགས་དང་ལྡན་པས་ཤི་བ་བཟོད་བྱ་ཡི། །བསླབ་པ་ཡོངས་སུ་ཉམས་པས་འཇུག་མི་བྱ། །རྒྱ་མཚོ་རྣམ་པར་འཁྲུགས་པའི་རླབས་ཚོགས་སུ། །རིན་ཆེན་ཁུར་གྱིས་གྲུ་དག་ནུབ་པ་བཞིན། །ཁྱིམ་དང་འདྲིས་པའི་རྙེད་ཆགས་ཁུར་དག་གིས། གང་དག་མཆོག་བསྟན་རྒྱ་ཆེན་སྣུབ་པར་བྱེད། །ནགས་ན་བསྟེན་པའི་ཞི་བའི་རི་དྭགས་ནི། །གཞོན་ནུ་མ་ཡི་འགྲོ་བས་དཀྲུགས་མཚོན་པ། །གཉེན་པོ་ཇི་བཞིན་བདག་ཉིད་ཞི་འདོད་རྣམས། །སྡོམ་ཅན་རབ་


JKT002_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དབེན་ཉིད་ཡང་དག་རྩོམ། །ཡུལ་གྱི་དུག་གིས་ཉེར་གདུང་བློ་ཅན་དག །ཆགས་པ་ཆུང་ངུ་དག་གིས་གདུང་གྱུར་ན། །དེ་དག་ཡོངས་སུ་སྤངས་ལ་རྩོད་མེད་པའི། །དཀའ་ཐུབ་ཀྱི་ཧུད་ཨེ་མའོ་རབ་ཉམས་གྱུར། །ཅེས་དང་། ཐར་པ་འདོད་པ་རང་གི་ཁྱིམ་སྤངས་ནས། །མི་ཤེས་གཞན་གྱི་ཁྱིམ་དག་འདོད་བྱེད་པ། །རྒྱ་མཚོ་རྣམ་པར་འཁྲུགས་པའི་རླབས་ཚོགས་ལས། །བདག་ཉིད་བརྒལ་ཏེ་གླང་རྗེས་བྱིང་བ་མཚུངས། །ཞེས་དང་། དམན་པའི་འགྲོ་པའི་སེམས་ཀྱི་རེག་བྱས་དྲེགས་པའི་ཆགས་པ་དག །འདོད་བྱ་དོན་དུ་གཉེར་བ་རྣམས་ཀྱི་ཁྱད་པར་སྤངས་ནས་ནི། །འཕགས་པས་རྗེས་ཆགས་བརྟན་པ་མི་སྣང་ཟླ འཆིང་བ་འཇིགས་པ་ཡི། །འདོད་པ་ལྷག་མ་མེད་པར་དགའ་བཞིན་ནགས་སུ་ཞི་བར་བྱ། །ཞེས་དང་། སྨྲ་བ་ཙམ་ནི་ནུས་སུ་ཟིན་ཀྱང་ཚིག་ལ་གནས་པ་གྲུབ་མོད་དེ། །སྐྱེས་བུ་ཚིག་དག་སྙིང་པོར་བྱེད་པ་སྟོན་གྱི་ཆུ་བྲལ་སྤྲིན་དང་མཚུངས། །གང་ཕྱིར་དེ་བཞིན་གཤེགས་པའི་བསྟན་པ་འདི་ལ་སྒྲུབ་པ་སྙིང་པོ་ཉིད། །དེ་ཕྱིར་དེ་ཉིད་ལ་འཇུག་བློ་གྲོས་ཡིད་བཟོའི་ཚིག་ལ་མཁས། །ཞེས་སོགས་རྒྱ་ཆེར་གསུངས་སོ། །་ལྡེབ་གསུམ་ཡོད། དེ་ལྟར་འཕགས་པའི་ཡུལ་གྱི་སློབ་དཔོན་ཆེན་པོ་དག་གིས་མཛད་པའི་གཏམ་གྱི་ཚོགས་ལས་དད་པ་ཁོ་ནས་ཅུང་ཟད་བཏུས་པ་འདི་ཡང་ཟླ་ཚེས་ལ་གཞོན་ནུ་འཇིགས་མེད་མཁྱེན་བརྩེས་དཔལ་ལྡན་པདྨ་འོད་གླིང་དུ་སྣང་གསལ་ཆུང་ངུ་ཞིག་གི་ཚེ་འབད་པས་མྱུར་པོར་བྲིས་པ་ཤུ་བྷཾ།།

ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་ཉུང་ངུ་རྣམ་གསལ།


JKT002_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་ཉུང་ངུ་རྣམ་གསལ་ཞེས་བྱ་བ་བཞུགས། །ན་མོ་གུ་རུ་ཝེ། སྲིད་དང་ཞི་བའི་ཕ་མཐའ་ལས། །རྣམ་པར་བརྒལ་བའི་སྒྱུ་འཕྲུལ་ནི། །འདི་ན་ལྷར་བཅས་སྟོན་པ་མཆོག །ཤཱཀྱའི་གཙོ་བོས་དགེ་ལེགས་མཛོད། །གང་དེས་འགྲོ་བའི་ཁམས་དབང་དང་། །བསམ་པའི་རིམ་པར་རྗེས་མཐུན་པའི། །ཐེག་པ་སྣ་ཚོགས་ཐབས་ཚུལ་ལ། །ཕྱོགས་རེས་བསམ་པར་མི་ནུས་ཀྱང་། །རེ་ཞིག་གསང་སྔགས་སྔ་འགྱུར་ལ། །གྲགས་པ་བརྟན་པའི་རྗེས་འབྲངས་ནས། །རིམ་དགུའི་ཐེག་པའི་རྣམ་གཞག་ཉིད། །སྙིང་པོར་དྲིལ་ཏེ་འཆད་ལ་ཕྱོགས། །དེ་ཡང་ཉན་ཐོས་རང་རྒྱལ་དང་། །བྱང་ཆུབ་སེམས་དཔའ་རྣམ་གསུམ་ལ། །ཀུན་འབྱུང་འདྲེན་པ་ཞེས་བརྗོད་དེ། །སྡེ་སྣོད་གསུམ་གྱི་བརྗོད་བྱས་བསྡུས། །སོ་སོར་ལྟ་སྒོམ་སྤྱོད་པ་དང་། །འབྲས་བུ་རྣམ་བཞིར་དབྱེ་བ་ལས། །ཐོག་མར་ཉན་ཐོས་ཉིད་ལ་ཡང་། །བྱེ་བྲག་སྨྲ་དང་མདོ་སྡེ་གཉིས། །སྔ་མས་ཤེས་བྱའི་ཆོས་རྣམས་ཀུན། །སྣང་བ་གཟུགས་དང་གཙོ་བོ་སེམས། །དེ་འཁོར་སེམས་ལས་བྱུང་བ་དང་། །མི་ལྡན་འདུ་བྱེད་འདུས་མ་བྱས། །གཞི་ལྔ་ཉིད་དུ་འདུས་ཞེས་སྒྲོགས། །དེ་ཡང་འཛིན་སེམས་སྐད་ཅིག་མར། །ཤར་དང་ཆ་མེད་རྡུལ་ཕྲན་རྣམས། །བདེན་གྲུབ་ཉིད་དོ་དེ་ལས་


JKT002_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གཞན། །དཔྱད་འོས་མཐའ་དག་ཀུན་རྫོབ་འདོད། །ཕྱི་མས་གཟུང་འཛིན་ཕྲ་བདེན་འགོག །བཏགས་ཡོད་ཙམ་དུ་ལྐོག་ན་མོས། །བསྐྱེད་ཅེས་སྨྲ་ཞིང་འདུས་མ་བྱས། །རྐྱེན་ལས་གྲོལ་ཕྱིར་རྫས་ཡོད་མིན། །གཉིས་ཀའི་སྒོམ་པ་སྡུག་བསྔལ་དང་། །ཀུན་འབྱུང་འགོག་པ་ལམ་བདེན་ཏེ། །དེ་ལའང་བཞི་བཞིར་དབྱེ་བྱས་ནས། །བདེན་བཞི་རྣམ་པ་བཅུ་དྲུག་བསྒོམ། །སྤྱོད་པ་རང་ཉིད་ཞི་བདེ་ལ། །དམིགས་པ་སོ་ཐར་རིགས་བརྒྱད་པོ། །གང་ཡང་རུང་བ་བླངས་ནས་ཀྱང་། །སྡོམ་དང་འཇུག་པའི་ཁྲིམས་ལ་སྦྱོར། །འབྲས་བུ་ཚུལ་གནས་ཐོས་བསམ་དང་། །ཏིང་ངེ་འཛིན་ལ་ཡུན་རིང་དུ། །གོམས་པས་ཤེས་རབ་མཆོག་བརྙེས་ཏེ། །ཉོན་མོངས་ཟག་པ་རིམ་གྱིས་སྤངས། །རྒྱུན་ཞུགས་ལན་གཅིག་ཕྱིར་འོང་དང་། །ཕྱིར་མི་འོང་དང་དགྲ་བཅོམ་ལ། །ཞུགས་གནས་གཉིས་སུ་དབྱེ་བ་རྣམས། །བརྙེས་ཏེ་སྲིད་པ་བྲལ་བར་བྱེད། །གཉིས་པ་རང་རྒྱལ་ཐེག་པ་ཡིས། །ལྟ་བ་ཕྱི་རོལ་གཟུང་བའི་ཡུལ། །བདེན་མེད་ཉིད་དུ་ངེས་རྟོགས་ཀྱང་། །འཛིན་སེམས་བདེན་པར་གྲུབ་འདོད་པས། །བདག་མེད་ཕྱེད་དང་གཉིས་རྟོགས་འདོད། །སྒོམ་པ་ཕྱི་དང་ནང་གི་ནི། །རྟེན་འབྲེལ་ལུགས་ལས་འབྱུང་རྟོགས་ཏེ། །ལུགས་ལྡོག་ཉིད་དུ་གོམས་བྱས་པས། །སྲིད་པའི་རྩ་བ་འབྱིན་པར་སྒྲོགས། །སྤྱོད་པ་ཉམས་དང་བཅོམ་པ་དང་། །ཕམ་དང་ལྟུང་བ་མེད་པ་ཡི། །


JKT002_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་དྲི་མ་བྲལ་བ་ལ། །ཡིད་རབ་དྭངས་བས་སྦྱོར་བ་བྱེད། །འབྲས་བུ་བསེ་རུ་བསྐལ་བརྒྱ་དང་། །ཚོགས་སྤྱོད་མི་ཚེ་གསུམ་དག་གིས། །རང་ཉིད་གཅིག་པུར་བྱང་ཆུབ་ཏུ། །འགྲོ་ལས་གཞན་ཕྱིར་དམིགས་པ་མིན། །གསུམ་པ་བྱང་སེམས་ཐེག་པ་ནི། །དམན་ལམ་ཉིད་ལས་ལྡོག་བྱས་ཏེ། །ཆེན་པོ་བདུན་གྱིས་འཕགས་པའི་ཕྱིར། །རྒྱལ་བའི་སྲས་ཀྱི་འབྱུང་གནས་མཆོག །འདི་ལ་ལྟ་བའི་ཁྱད་པར་གྱིས། །སེམས་ཙམ་དབུ་མ་རྣམ་གཉིས་ཞེས། །གྲགས་པའི་བ་དན་གཡོ་བ་ལས། །སྔ་མར་ཕྱི་རྣམ་ནང་ཤེས་ཀུན། །སེམས་སུ་བདེན་དང་རྫུན་པ་རུ། །ཁས་ལེན་པ་ཡི་བྱེ་བྲག་ལས། །གྲུབ་མཐའ་གཉིས་སུ་དབྱེ་བར་མཛད། །དེ་ཡང་དང་པོའི་ནང་གསེས་སུ། །གཟུང་འཛིན་གྲངས་མཉམ་འདོད་པ་དང་། །དེ་བཞིན་སྒོ་ང་ཕྱེད་ཚལ་བཞིན། །ཆ་གཉིས་དབྱེ་དང་གཞན་ཡང་ནི། །སྣ་ཚོགས་གཉིས་སུ་མེད་པར་སྨྲ། །གཉིས་པ་དྲི་བཅས་རྫུན་པ་དང་། །དྲི་མེད་དག་པ་ཞེས་སུ་འབྱེད། །ཕྱི་མ་དབུ་མ་པ་ལ་ཡང་། །རང་རྒྱུད་པ་དང་ཐལ་འགྱུར་གཉིས། །དང་པོས་ཆོས་རྣམས་ཐམས་ཅད་ཀུན། །ཀུན་རྫོབ་འཁྲུལ་པའི་ངོར་ཡོད་ལ། །དོན་དམ་ཡེ་ཤེས་མ་འཁྲུལ་པའི། །སྣང་ངོ་ཉིད་དུ་མེད་པར་འདོད། །དོན་བྱེད་ནུས་དང་མི་ནུས་ཕྱིར། །ཡང་དག་ལོག་པའི་ཀུན་རྫོབ་དང་། །སྤྲོས་མཐའ་བརྒལ་དང་མ་བརྒལ་བས། །རྣམ་གྲངས་


JKT002_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དང་རྣམ་གྲངས་པའི། །དོན་དམ་ཞེས་སུ་ཐ་སྙད་མཛད། །ཁྱད་པར་གཏན་ཚིག་ཆེན་པོ་ལྔས། །ཆོས་ཀུན་སྟོང་པར་བློས་གཞལ་ཏེ། །དེ་ཡང་དངོས་ཀུན་བདག་གཞན་དང་། །གཉིས་ཀའམ་ནི་རྒྱུ་མེད་ལས། །སྐྱེ་བ་ནམ་ཡང་གྲུབ་པ་མེད། །དེ་ཡི་ཕྱིར་ན་རང་བཞིན་བྲལ། །ཡོད་པ་སྐྱེ་བ་རིགས་མིན་ཏེ། །མེད་པ་ནམ་མཁའི་པདྨོ་བཞིན། །དུ་མའི་དངོས་ཀྱི་གཅིག་མིན་ཏེ། །གཅིག་གིས་དུ་མ་དེ་བཞིན་དུ། །་དུ་མས་དུ་མ་གཅིག་གིས་གཅིག །བསྐྱེད་པ་ནམ་ཡང་རིགས་མ་ལགས། །དེས་ན་གཅིག་དང་དུ་མ་ལས། །གཟོད་མ་ཉིད་ནས་ཡང་དག་འདས། །འོན་ཀྱང་སྟོང་པ་ཉིད་གང་དེ། རྟེན་འབྱུང་སྣང་ཆར་ཅིར་ཡང་གྲུབ། །ཞེས་འདི་རང་རྒྱུད་ཆུ་གཏེར་གྱི། །ཕ་རོལ་སོན་རྣམས་གཏམ་དུ་གླེང་། །ཕྱི་མ་རབ་དགའི་ས་བརྙེས་པ། །དཔལ་ལྡན་ནཱ་གཱ་རྫུ་ན་ཡིས། །ཐལ་འགྱུར་གྲུབ་མཐའི་རྒྱལ་རྔ་ཆེ། །སྲིད་རྩེའི་བར་དུ་་བརྡུང་བ་ལས། །བདེན་པ་གཉིས་ཀྱི་རྣམ་གཞག་ཀྱང་། །འཕགས་དང་སོ་སྐྱེའི་ངོ་སྐལ་ཏེ། །དཔེར་ན་གཉིད་ཀྱི་མཐུས་བསྐྱེད་པའི། །རྨི་ལམ་སད་ཚེ་མེད་བཞིན་ནོ། །སྔར་སྨོས་གཏན་ཚིག་དེ་རྣམས་ཀྱིས། །གཞན་སེལ་སྐྱེ་བ་མེད་བསྒྲུབ་ཀྱང་། །དོན་དུ་དེ་ཡང་སྒྱུ་མ་བཞིན། །བདེན་ཞེན་ཉིད་དུ་ཁས་མ་བླང་། །དེ་ཕྱིར་ཁས་ལེན་བྲལ་བ་ནི། །ལྟ་བའི་མཐར་ཐུག་ཉིད་དུ་འཇོག །གཞན་ཡང་རིག་གཞུང་ཆེར་སྨྲ་དང་། །


JKT002_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་རྩོད་ངོར་བསྔགས་པ་ནི། །ཐལ་འགྱུར་ཉིད་དོ་རྩེ་གཅིག་ཏུ། །མཉམ་པར་བཞག་པའི་རྣལ་འབྱོར་དོན། །ཕྲ་བ་ནང་གི་དབུ་མའང་བསྟན། །དེ་ཡིས་ཆོས་རྣམས་ཀུན་བརྟགས་དང་། །གཞན་དབང་ཡོངས་གྲུབ་གསུམ་དུ་བསྟན། །སོ་སོར་གཉིས་ཏེ་དབྱེ་བས་དྲུག །སྦྱོང་གཞི་བདེ་གཤེགས་སྙིང་པོ་ནི། །སྣང་ཆས་གཟུགས་སྐུ་སྟོང་ཆ་ཡིས། །ཆོས་སྐུའི་ཡོན་ཏན་ལྷུན་གྱིས་གྲུབ། །དེ་ལ་ཀུན་ཏུ་བརྟགས་པ་དང་། །གཞན་དབང་རིམ་གྱིས་སྦྱངས་པ་ལས། །མཐར་ཐུག་གཞི་ཉིད་མངོན་གྱུར་པར། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་སུ་འདོད། །གཏེར་དང་འབྲས་- བུའི་ཤིང་བཞིན་དུ། །གནས་ལུགས་ཉིད་དང་རྒྱས་འགྱུར་གྱི། །རིགས་དེ་རྣམ་གཉིས་རྫོགས་པའི་མོད། །བླ་མེད་སྙིང་པོར་གཤེགས་པར་ངེས། །འདི་ནི་ས་བཅུའི་དབང་ཕྱུག་མཆོག །རྒྱལ་ཚབ་མ་ཕམ་པ་ཡིས་བཞེད། །ཚུལ་དེར་ཕྱོགས་སྡེ་སྨྲ་བ་རྣམས། །ཡིད་སྲུབས་མཐུ་ཡིས་སྒྲིབ་པར་ངེས། །ཅི་ཕྱིར་ཤིང་རྟ་ཆེན་པོ་གཉིས། །དགོངས་དོན་མཐར་ཐུག་གཅིག་བསྡུས་གང་། །འཕགས་བོད་མཁས་པའི་རྣམ་དཔྱོད་ཀྱིས། །འཆད་རྩོད་རྩོམ་པས་གསལ་མཛད་ཅིང་། །ནང་གི་རྣལ་འབྱོར་ཆེ་བརྙེས་པའི། །གྲུབ་མཆོག་ཀུན་ཀྱང་འདི་བཞེད་དོ། །གཞན་ཡང་འཁོར་ལོ་དང་པོ་ཡིས། །བསོད་ནམས་མ་ཡིན་ལས་ལྡོག་


JKT002_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །གཏམ་གྱིས་ཉན་རང་ཐེག་པ་བསྟན། །བར་པས་བདག་ལས་ལྡོག་བྱས་ཏེ། །བདག་མེད་དབུ་མའི་ལམ་བཟང་འཆད། །ཐ་མས་ལྟ་གཞི་ཀུན་སྤངས་ནས། །ངེས་དོན་སྙིང་པོའི་སྒྲ་ཆེན་བསྒྲགས། །་དེ་ལྟར་ཉན་ཐོས་རྣམ་གཉིས་དང་། །ཐེག་ཆེན་དབུ་སེམས་བཞི་པོ་ལ། །གྲུབ་མཐའ་སྨྲ་བ་རྣམ་བཞི་ཞེས། །རིག་པའི་དབང་ཕྱུག་རྣམས་ཀྱིས་ཕྱེ། །བྱང་ཆུབ་སེམས་དཔའི་སྒོམ་པ་ནི། །གཞན་དོན་ཁོ་ནར་དམིགས་པ་ཡིས། །རྟོག་བྲལ་རང་གསལ་ཞི་གནས་དང་། །སོ་སོར་རྟོག་པའི་ལྷག་མཐོང་གཉིས། །ཟུང་འཇུག་ཉིད་དུ་མཉམ་བཞག་ཅིང་། །རྗེས་ཐོབ་ཀུན་རྫོབ་ལམ་བྱེད་ཕྱིར། །ཆོས་ཀུན་སྒྱུ་མའི་རོལ་མོར་ཟློ་བལྟ། །སེམས་ཅན་རྣམས་ལ་དམིགས་མེད་ཀྱི། །སྙིང་རྗེ་ཆེན་པོས་རྟག་ཏུ་བརླན། །སྤྱོད་པ་སྨོན་པའི་བསླབ་བྱ་རུ། །ཚད་མེད་རྣམ་བཞིའི་ཆུས་བྲན་ཏེ། །འཇུག་པའི་བསླབ་བྱ་ཕྱིན་དྲུག་གི །ཨུཏྤལ་དགའ་ཚལ་དར་བབས་བྱ། །དེ་ཡང་མི་མཐུན་ཕྱོགས་བྲལ་ཞིང་། །འཁོར་གསུམ་ཡང་དག་གྲོགས་དང་ལྡན། །གཞན་དོན་རྫོགས་བྱེད་གདུལ་བྱ་རྣམས། །བྱང་ཆུབ་བཀྲི་བའི་ཁྱད་པར་ལྡན། །སྦྱིན་པ་སོགས་ལ་རེ་རེར་ཡང་། །རྣམ་པ་གསུམ་དུ་དབྱེ་བ་ཡིས། །བཅོ་བརྒྱད་གྲངས་སུ་ངེས་གནས་ཤིང་། །ཀུན་ལ་ཆགས་པ་བདུན་གྱིས་དབེན། །འབྲས་བུ་དྲན་པ་ཉེར་བཞག་དང་། །ཡང་དག་སྤོང་བཞི་རྫུ་འཕྲུལ་གྱི། །


JKT002_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་བཞི་ལ་བརྟེན་བྱས་ནས། །ཚོགས་ལམ་ཆེ་འབྲིང་ཆུང་གསུམ་ཐོབ། །དད་བརྩོན་དྲན་ཏིང་ཤེས་རབ་ཉིད། །དབང་པོ་ལྔ་དང་སྟོབས་ལྔ་རུ།་།རིམ་གྱིས་རྫོགས་པའི་བྱེད་ལས་ཀྱིས། །སྦྱོར་བའི་ལམ་དུ་ངེས་པར་འགྲོ། །དྲན་དང་ཆོས་རབ་རྣམ་འབྱེད་ཀྱི། །བརྩོན་འགྲུས་ཀྱིས་མཚོན་བྱང་ཆུབ་ཀྱི། །ཡན་ལག་བདུན་གྱིས་མཐོང་ལམ་དུ། །དང་པོའི་ས་མཆོག་བརྙེས་ཞེས་སྨྲ། །འཕགས་ལམ་ཡན་ལག་བརྒྱད་པོ་ཡིས། །སྒོམ་པའི་ལམ་གྱིས་གཉིས་པ་ནས། །བཅུ་པའི་བར་གྱི་ས་རྣམས་བགྲོད། །དེ་རུ་སྒྲིབ་པ་བཅུ་སྤངས་ཤིང་། །ཕར་ཕྱིན་བཅུ་ལ་གཙོ་བོར་སྤྱོད། །དེ་ལྟར་སློབ་ལམ་རྣམ་པ་བཞི། །རིམ་གྱིས་བརྙེས་པའི་རྗེས་ཐོག་དེར། །གྲངས་མེད་གསུམ་བདུན་སོ་གསུམ་གྱིས། །མི་སློབ་གོ་འཕང་རྩེ་མོར་འཛེགས། །སྐུ་གསུམ་ཡེ་ཤེས་རྣམ་ལྔ་དང་། །སྟོབས་བཅུ་མི་འཇིགས་མ་འདྲེས་སོགས། །བསམ་སྤྱོད་ཕ་མཐའ་ལས་བརྒལ་བའི། །རྨད་བྱུང་ཡོན་ཏན་དབང་དུ་འགྱུར། །ཟག་པར་བཅས་པའི་སྡུག་བསྔལ་ནད་ཀྱིས་མཐའ་མེད་འཁོར་མཚོར་བཅིང་བ་གང་། །ཀུན་ཏུ་འབྱུང་བ་དུག་གསུམ་རྒྱུ་སྟེ་ངེས་འབྱུང་བློ་ཡིས་རབ་སྤངས་ཤིང་། །ལམ་བདེན་སྨན་གྱིས་ཉེ་བར་གསོས་ལས་ཉོན་མོངས་ནད་ལས་རིང་གྲོལ་བའི། །འགོག་བདེན་དེ་ཁོ་ན་ཡི་ལང་ཚོ་འགྲོ་ཀུན་སྙིང་ལ་འབར་བར་ཤོག །ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་ཉུང་ངུ་


JKT002_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གསལ་ལས། རྒྱུ་མཚན་ཉིད་ཀྱི་རིམ་པ་ཅུང་ཟད་ཕྱེ་བའི་ཚོམས་ཏེ་དང་པོའོ།། །།སྲིད་དང་ཞི་བའི་ཆོས་རྣམས་ཀུན། །རྣམ་པ་ཀུན་ལྡན་ཕྱག་རྒྱ་ཡིས། །མི་ཕྱེད་བསྡམས་པའི་རྡོ་རྗེ་འཛིན། །ཁྱབ་བདག་བླ་མར་ངེས་པས་འདུད། །དེ་ལྟར་ཐུན་མོང་ཐེག་པ་ཡིས། །རང་རྒྱུད་ལེགས་པར་སྦྱངས་པའི་རྗེས། །མྱུར་ལམ་རིག་པ་འཛིན་པ་ཡི། །སྡེ་སྣོད་ཉིད་ལ་འཇུག་པར་བྱ། །དེ་ཡང་ཐབས་ཚུལ་མང་བ་དང་། །ཡུན་རིང་དཀའ་བས་མི་གདུང་ཞིང་། །དབང་པོ་རྣོན་པོའི་སྤྱོད་ཡུལ་གང་། །ཟབ་དང་རྒྱ་ཆེའི་ཁྱད་པར་བྱས། །མཚན་ཉིད་སྒོ་གསུམ་སྒྱུ་མ་དང་། །བྲག་ཅ་ལྟ་བུར་རྣམ་བསམ་ཞིང་། །རང་བཞིན་སྟོང་བར་རྒྱས་འདེབས་ཀྱང་། །འདིར་ནི་རྡོ་རྗེ་གསུམ་དུ་ཤར། །ཁྱད་པར་འཁྲུལ་པའི་སྣང་ངོར་ཡང་། །བདེན་གཉིས་དབྱེར་མེད་ལྟ་བས་འཕགས། །དེ་ལྟའི་སྔགས་ཀྱི་གཞུང་ལུགས་ཆེར། །ཀྲི་ཡ་ཨུ་པ་ཡོ་ག་ལ། །དཀའ་ཐུབ་རིག་བྱེད་ཐེག་པར་གྲགས། །སོ་སོར་འཇུག་སྒོ་ལྟ་སྒོམ་དང་། །སྤྱོད་འབྲས་རྣམ་པ་ལྔ་རུ་དབྱེ། །ཐོག་མར་བྱ་བའི་རྒྱུད་རྣམས་ལ། །འཇུག་སྒོ་ཆུ་དང་ཅོད་པན་གྱི། །དབང་གིས་ལེགས་པར་སྨིན་བྱས་ནས། །དོན་དམ་མཐའ་བཞི་བྲལ་བ་ཡི། །ཡེ་ཤེས་ཉིད་ལ་ངེས་རྙེད་ཀྱང་། །ཐབས་ཀྱིས་ཀུན་རྫོབ་མི་སྤང་བར། །རྣམ་པ་རེས་འཇོག་ཅན་དུ་ལྟ། །ཡེ་ཤེས་གཟུགས་བརྙན་དཀྱིལ་འཁོར་ལ། །སྤྱན་


JKT002_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་རྗེ་ཡི་འདུ་ཤེས་དང་། །རང་ཉིད་བྲན་གྱི་ཚུལ་དུ་མོས། །སྟོང་པ་ཡི་གེ་སྒྲ་དང་གཟུགས། །ཕྱག་རྒྱ་མཚན་མའི་ལྷ་དྲུག་བསྒོམ། །སྤྱོད་ལམ་ཁྲུས་གསུམ་བཏུང་བ་དང་། །དཀར་གསུམ་ཟས་དང་གོས་གསུམ་བརྗེ། །ལ་སོགས་བྲམ་ཟེའི་ངང་ཚུལ་ལྟར། །གཙང་སྦྲ་ཁོ་ན་དོན་དུ་གཉེར། །དཀོན་མཆོག་སྔགས་ལ་དད་པ་དང་། །ཐེག་ཆེན་ལ་མོས་བླ་མར་གུས། །ལྷ་རྣམས་མི་ལྡང་དུས་མཚམས་མཆོད། །གཞན་གཞུང་མི་མཆོད་གློ་བུར་བའི། །མགྲོན་ལ་མཆོད་དང་བྱམས་པ་བསྒོམ། །བསོད་ནམས་ཚོགས་འབད་སྔགས་ལ་བརྩོན། །དམ་ཚིག་གཞན་སྲུང་དམ་མེད་ལ། །སྔགས་མི་སྦྱིན་ཞིང་རྒྱུད་སྡེ་གསང་། །དེ་ལྟར་བཅུ་བཞི་སྲུང་བར་འདོད། །འབྲས་བུ་གནས་སྐབས་འདོད་པ་ཡི། །རིག་འཛིན་འགྲུབ་ཅིང་མཐར་ཐུག་ཏུ། །བསྐལ་ཆེན་བརྒྱད་ལས་རིགས་གསུམ་པོ། །དབྱེར་མེད་རྡོ་རྗེ་འཛིན་སར་སྦྱོར། །འདི་ནི་རྫོགས་ལྡན་དུས་ལ་དགོངས། །གཙང་སྤྲ་ཆོས་སུ་སྨྲ་བ་དང་། །བལྟས་པས་ཚིམས་པའི་འདོད་ཆགས་ཅན། །རྗེས་སུ་བཟུང་བའི་ཕྱིར་དུ་བསྟན། །གཉིས་པ་སྤྱོད་པའི་རྒྱུད་རྣམས་ཀྱི། །འཇུག་སྒོ་སྔ་མའི་དབང་གཉིས་སྟེང་། རྡོ་རྗེ་དྲིལ་བུ་དང་། །མིང་གི་དབང་གིས་སྨིན་བྱས་ནས། །རྟོགས་བྱའི་ལྟ་བ་ཡོ་ག་ལྟར། །གཏན་ལ་དབབ་པའི་རྗེས་ཐོག་དེར། །བདག་མདུན་སྤུན་གྲོགས་ཚུལ་དུ་བསྒོམ། །དེ་ཡང་མཚན་


JKT002_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་མཚན་མེད་ཀྱི། ཏིང་ངེ་འཛིན་གྱིས་དངོས་གྲུབ་ལེན། །སྤྱོད་པ་བྱ་བའི་རྒྱུད་བཞིན་ལ། །མི་དགེ་བཅུ་པོ་སྤོང་བའི་སྟེང་། །དམ་པའི་ཆོས་དང་བྱང་ཆུབ་སེམས། །དོར་ཞིང་སེར་སྣས་བཅིངས་པ་དང་། །སེམས་ཅན་འཚེ་བའི་ལས་རྣམས་ཀུན། །བསྡམས་པའི་རྩ་ལྟུང་བཅུ་བཞི་བསྲུང་། །འབྲས་བུ་གནས་སྐབས་རྫས་རླུང་གི །སྦྱོར་བས་རིག་པ་འཛིན་གྲུབ་ཅིང་། །མཐར་ཐུག་བསྐལ་པ་གསུམ་དག་ནས། །རིགས་བཞི་རྡོ་རྗེ་འཛིན་པར་འགྲོ། །འདི་ནི་གསུམ་ལྡན་དུས་ལ་དགོངས། །འཚེ་བ་ཆོས་སུ་སྨྲ་བ་དང་། །དགོད་པས་ཚིམས་པའི་འདོད་ཆགས་ཅན། །རྗེས་སུ་བཟུང་བའི་ཆེད་དུ་བཤད། །གསུམ་པ་རྣལ་འབྱོར་རྒྱུད་རྣམས་ཀྱི། །འཇུག་སྒོ་ཐུན་མོང་དབང་ལྔའི་སྟེང་། །རྡོ་རྗེ་སློབ་དཔོན་དབང་གིས་སྨིན། །མཚན་རྟོག་སྨོས་པ་ལས་བརྒལ་བའི། །དོན་དམ་འོད་གསལ་སྟོང་ཉིད་ཀྱི། །རང་གདངས་ཀུན་རྫོབ་སྒྱུ་མའི་ཚུལ། །རྡོ་རྗེ་དབྱིངས་ཀྱི་ལྷ་རུ་བལྟ། །ཕྱག་རྒྱ་བཞི་དང་རྣལ་འབྱོར་བཞིས། །ཡེ་ཤེས་ལྷ་ཚོགས་ཉེར་བསྙེན་ནས། །སོ་སོར་རྟོག་པའི་གནས་ལུགས་ཉིད། །དངོས་སམ་བརྒྱུད་ནས་རྟོགས་པར་བྱེད། །ལྷ་གྲངས་མཉམ་པའི་ཚོགས་སྒྲུབ་དང་། །རླུང་དང་ཚིག་གི་བཟླས་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་ལ། །སྦྱོར་བའི་བསྒོམ་པ་རྒྱུད་ལ་བསྟེན། །བདག་དང་བསྒོམ་བྱ་གཉིས་མེད་དུ། །རྟོགས་པས་ཟབ་གསལ་ཏིང་འཛིན་


JKT002_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས། །སྤྱོད་པ་ཁྲུས་དང་བཟླས་པ་སོགས། །ལུས་ངག་ལས་ཀྱང་མི་འདོར་ཞིང་། །གཙོ་བོར་ཡིད་ཀྱི་རྣལ་འབྱོར་ལ། །བརྟེན་པ་བསྐྱེད་ནས་ཉམས་སུ་ལེན། །བྱང་ཆུབ་སེམས་ཀྱི་གཞི་བཟུང་ནས། །ཚུལ་ཁྲིམས་གསུམ་ལ་ལེགས་བསླབས་ཤིང་། །མི་བསྐྱོད་རྡོར་དྲིལ་ཕྱག་རྒྱ་འཆང་། །རིན་འབྱུང་ཆོས་ནོར་མི་འཇིགས་བྱམས། །སྦྱིན་ཞིང་སྣང་མཐར་ཐེག་ཀུན་འཛིན། །དོན་གྲུབ་འགྲོ་བ་ཀུན་སྒྲོལ་ཞིང་། །རྟག་ཏུ་མཆོད་ལ་བརྩོན་པ་དང་། །རྣམ་སྣང་སེམས་བསྐྱེད་ཚུལ་ཁྲིམས་སྲུང་། །སྐྱབས་སུ་འགྲོ་བ་འདོར་མི་བྱ། །འབྲས་བུ་མི་ཚེ་གསུམ་ཉིད་དམ། །བཅུ་དྲུག་མཐའ་རུ་མངོན་བྱང་ལྔའི། །རོལ་པ་རྣམ་པར་བཀོད་པ་ཡིས། །འོག་མིན་ཞིང་དུ་སངས་རྒྱས་འཐོབ། །འདི་ནི་གཉིས་ལྡན་དུས་ལ་དགོངས། །ང་རྒྱལ་ཆོས་སུ་སྨྲ་བ་དང་། །ལག་བཅངས་ཚིམ་པའི་འདོད་ཆགས་ཅན། །རྗེས་སུ་བཟུང་བའི་སླད་དུ་སྩལ། །དེ་ལྟར་ཕྱི་རྒྱུད་སྡེ་གསུམ་གྱིས། །རྣམ་པར་དབྱེ་བ་མདོར་བསྟན་ནས། །སླར་ཡང་བླ་ན་མེད་གྱུར་པ། །རྣལ་འབྱོར་ནང་གི་གཞུང་ལུགས་ལས། །བསྐྱེད་པ་མ་ཧཱ་ཡོ་ག་ཡི། །འཇུག་སྒོ་དད་བརྩོན་བརྟུལ་ཞུགས་དང་། །ལྡན་པའི་སྐལ་བཟང་སྐྱེས་བུ་ལ། །ཕན་ནུས་ཟབ་མོའི་དབང་མཆོག་བསྐུར། །རང་བཞིན་རྒྱུ་རྒྱུད་གནས་ལུགས་ཉིད། །རྟོགས་པ་བཞི་དང་དག་པ་གསུམ། །མཉམ་པ་བཞི་དང་བདག་


JKT002_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཆེའི། །གཏན་ཚིགས་དག་ལ་བརྟེན་ནས་འཇལ། །བདེན་གཉིས་རྣམ་དབྱེར་མི་ཕྱེད་པ། །ལྷག་པའི་ཆོས་སྐུ་ལྟ་བར་འདོད། །འཆི་བར་སྐྱེ་བའི་བག་ཆགས་རིམ། །སྦྱོང་བྱེད་སྟོང་པ་སྙིང་རྗེ་དང་། །#་ཕྱག་རྒྱ་གཅིག་སྤྲོས་ཚོགས་སྒྲུབ་རྣམས། །བསྐྱེད་དང་རྫོགས་པར་སྦྱར་ནས་བསྒོམ། །གཞན་ཡང་སྟེང་འོག་སྒོ་གཉིས་ལ། །བརྟེན་ནས་ཟག་མེད་བདེ་བ་མྱོང་། །འདི་ནི་སྔ་འགྱུར་རྒྱུད་སྡེའི་གཙོ། །རྡོར་སེམས་སྒྱུ་དྲའི་དགོངས་པའོ། །སྤྱོད་པ་ཐབས་ལམ་བརྟུལ་ཞུགས་དང་། །གྲོལ་ལམ་བག་ཡོད་ཚུལ་ལ་བསླབ། །གནས་སྐབས་ཕྲིན་ལས་བསྒྲུབ་པའི་ཕྱིར། །གཏོར་མ་སྦྱིན་སྲེག་སོགས་ཀྱང་བསྟན། །བླ་མེད་སྤྱི་ཡི་དམ་ཚིག་ཏུ། །རྩ་བའི་ལྟུང་བ་བཅུ་བཞི་དང་། །ཡན་ལག་སྦོམ་པོར་གྱུར་པ་བརྒྱད། །ཁྱད་པར་རྩ་བ་ལྔ་སོགས་སྲུངས། །འབྲས་བུ་བསྙེན་སྒྲུབ་ཡན་ལག་བཞིའི། །ཐེམ་སྐས་མཆོག་ལ་མྱུར་འཛེགས་ནས། །རིག་འཛིན་བཞི་ཡི་སྒྱུ་འཕྲུལ་ལ། །བརྟེན་ནས་མི་སློབ་གྲོང་དུ་བགྲོད། །འདི་ནི་རྩོད་ལྡན་དུས་ལ་དགོངས། །འདོད་ཆགས་ཆོས་སུ་སྨྲ་བ་དང་། །དབང་པོ་གཉིས་སྦྱོར་བདེ་བའི་དོན། །ཀུན་བཟང་ཧེ་རུ་ཀ་ཡིས་བསྟན། །རྫོགས་པ་ཨ་ནུ་ཡོ་ག་ཡི། །འཇུག་སྒོ་ཟབ་དང་རྒྱ་ཆེ་ཡི། །རྒྱུད་དང་མན་ངག་རྗེས་འབྲངས་ནས། །ཕྱི་ནང་སྒྲུབ་གསང་དབང་བཞི་དང་། །ཐེག་དགུ་ཡོངས་སུ་རྫོགས་པར་བསྐུར། །ལྟ་བ་སྲིད་དང་


JKT002_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་དབྱིངས། །ཆོས་ཉིད་རང་རྩལ་འགག་མེད་པ། །ཡེ་ཤེས་ཕ་རོལ་ཕྱིན་པ་གཉིས། །མི་ཕྱེད་བྱང་སེམས་དཀྱིལ་འཁོར་མཐོང་། །ཐབས་ལམ་སྟེང་འོག་མན་ངག་གིས། །འབར་འཛག་སྦྱོར་བ་བསྒོམ་པ་དང་། །གྲོལ་ལམ་རྟོག་དཔྱོད་དོན་དང་ནི། །ཡི་གེ་ཡིད་ཀྱི་རྗེས་འགྲོ་བས། །ཇི་བཞིན་ཉིད་ཀྱི་དབྱིངས་བརྙེས་ཏེ། ཀུན་རྫོབ་དོན་དམ་ལམ་ཁྱེར་རོ། །སྤྱོད་པ་རྫོགས་རིམ་ཤེས་རབ་ལ། །གཙོ་བོར་འཇུག་ཅིང་ཁྱད་པར་དུ། །བསྲུང་སྤྱད་མི་སྤོང་མི་དོར་དང་། །ཤེས་པར་བྱ་དང་བསྒྲུབ་བྱ་དང་། །མེད་ཕྱལ་གཅིག་པུ་ལྷུན་གྲུབ་སྟེ། །རྩ་བ་འདི་བཅུ་སྲོག་བཞིན་སྲུངས། །འབྲས་བུ་འགྱུར་བ་མ་ངེས་, དང་། །བརྟན་པ་བཞི་ཡི་ས་གཉིས་ནི། །ཚོགས་ལམ་འདུན་པ་སེམས་པ་ཡི། །རྣལ་འབྱོར་ཉིད་ཀྱིས་བསྡུས་པར་བཤད། །དེ་བཞིན་གལ་ཆེན་སྦྱོང་བ་དང་། །བསླབ་པ་རྒྱུན་གྱི་ས་གཉིས་སོ། །སྦྱོར་ལམ་རིགས་ཆེན་འབྱེད་པར་གྲུབ། །ཁྱད་པར་འགྲོ་བའི་ས་ཉིད་ནི། །མཐོང་ལམ་དབུགས་ཆེན་འབྱིན་པར་རོ། །དམིགས་པ་འབྲས་བུ་སྐྱེ་བའི་ས། །སྒོམ་ལམ་ལུང་ཆེན་ཐོབ་པར་འདུས། །དེ་ནས་གནས་པ་མི་འགྱུར་དང་། །གདལ་བ་ཆོས་ཉིད་སྤྱིར་ཆིབས་ས། །མཐར་ལམ་རྩལ་ཆེན་རྫོགས་པར་རོ། །དེ་མཐར་འདོད་ཆགས་ཆེན་པོ་ཡི། །དབང་གི་བྱེད་ལས་ལ་བརྟེན་ནས། །འགྱུར་བདེ་མྱོང་བའི་བག་ཆགས་ཀུན། །


JKT002_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་བཅས་པ་བཅོམ་པའི་མཐར། །འབྲས་ཆོས་ཉེར་ལྔར་དབང་འབྱོར་བའི། །བླ་མེད་བྱང་ཆུབ་སྙིང་པོར་འགྲོ། །གཉིས་མེད་ཨ་ཏི་ཡོ་ག་ལ། །འཇུག་སྒོ་སྤྱིར་བཏང་དབང་གསུམ་པའི། །འགྱུར་བདེའི་དཔེ་ལ་མི་ལྟོས་པར། །བཞི་པས་མངོན་སུམ་ཅར་ཕོག་ཏུ། །ངོ་སྤྲོད་རིག་པའི་རྩལ་དབང་དང་། །ཁྱད་པར་མན་ངག་སྡེ་པ་ཡིས། །སྤྲོས་བཅས་སྤྲོས་པ་མེད་པ་དང་། །ཤིན་ཏུ་སྤྲོས་མེད་རབ་སྤྲོས་མེད། །རྣམ་བཞིའི་སྨིན་བྱེད་ཟབ་མོ་བསྟན། །ལྟ་བ་སེམས་ཀློང་མན་ངག་གསུམ། །དང་པོས་ཆོས་ཅན་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་རོལ་པར་རྟོགས། །གཉིས་པས་སྣང་བ་ཅི་ཤར་ཡང་། །ཆོས་ཉིད་ཀློང་ལས་ཟླ འགྲོ་འོང་མེད། །གསུམ་པས་ཟབ་གསལ་ཕྱོགས་ལྷུང་ལས། །བརྒལ་བའི་གཞི་དོན་ཀ་དག་དང་། །ལམ་སྣང་ལྷུན་གྲུབ་ཆེན་པོར་བལྟ། །དེ་ཕྱིར་ཡིད་དཔྱོད་འཛིན་པ་ཟད། །སྒོམ་པ་ཡང་གསང་བླ་མེད་དོན། །འོད་གསལ་མན་ངག་སྡེ་པ་ཡིས། །ཕུང་པོ་ལྔ་དང་ཚོགས་བརྒྱད་ཀྱི། །གཞན་དབང་ལས་གྲོལ་ཆོས་ཀྱི་སྐུ། །སེམས་བྲལ་རིག་པ་རྗེན་པའི་ངང་། །སོར་བཞག་ཀ་དག་ཉམས་ལེན་ནི། །གྲོལ་ལུགས་ཆེན་པོ་རྣམ་ལྔར་རོལ། །ཁམས་གསུམ་ཕྱི་ནང་འབྱུང་བ་ཀུན། །འགོག་བདེན་ཐིག་ལེ་ཆེན་པོའི་དབྱིངས། །ཟད་བྱེད་རྡོ་རྗེ་ལུ་གུ་རྒྱུད། །སྣང་བཞིའི་གྲོང་ཁྱེར་མཆོག་ལ་བརྩོན། །སྤྱོད་པ་ཕ་རོལ་ཕྱིན་པ་དྲུག །བློ་བྲལ་


JKT002_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མའི་ངང་དུ་རྫོགས། །ཡིད་ཆོས་རིག་པའི་སྙིང་པོ་ལ། །མེད་ཕྱལ་གཅིག་པུ་ལྷུན་གྲུབ་ཀྱི། །དམ་ཚིག་འདའ་དཀའི་ཕྱག་རྒྱས་བཏབ། །འབྲས་བུ་ནང་གསལ་ཆོས་སྐུའི་སྦུབས། །གཞི་གྲོལ་དོན་གྱི་བཙན་ས་ཟིན། །ཁ་སྦྱོར་ལོངས་སྐུའི་སྣང་ཆ་དང་། །སྤྲུལ་པའི་ཟློས་གར་རྒྱུན་མི་འཆད། །དེ་ལྟར་རྣམ་གསུམ་ཡོ་གའི་གཞུང་། །ཤིན་ཏུ་བརྟག་དཀའ་རྡོ་རྗེའི་ཚིག །འདི་ན་ཅུང་ཟད་སྣང་བྱས་གང་། །s ་ཁྱབ་བདག་བླ་མའི་དྲིན་ལས་སོ། །རྨད་བྱུང་གསང་ཆེན་ངེས་པའི་ཆུ་གཏེར་གཏིང་མཐའ་བྲལ་བའི་མཁུར་ཚོས་སུ། །ཉེ་བར་མཛེས་པའི་གཏམ་གྱི་བདུད་རྩི་བློ་གྲོས་ཚངས་པའི་སྤུན་ཟླ་ཡིས། །ཅུང་ཟད་བླངས་པའི་དགའ་སྟོན་གསར་པ་འཆི་བ་མེད་པའི་བཅུད་ལེན་གང་། །སྐལ་བཟང་ལེགས་བྲིས་གཞོན་ནུའི་ཚོགས་ཀྱི་མགྲིན་པའི་རྒྱན་དུ་བཟུང་གྱུར་ཅིག །ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་ཉུང་ངུ་རྣམ་གསལ་ལས། འབྲས་བུ་རྡོ་རྗེ་ཐེག་པའི་གནས་མདོར་བསྡུས་སུ་ཕྱེ་བའི་ཚོམས་ཏེ་གཉིས་པའོ།། །།ཤིན་ཏུ་ཕྲ་བའི་སྒྲ་དབྱངས་ནི། །རྡོ་རྗེ་ནཱ་དའི་རང་བཞིན་ཏེ། །གསུང་གི་དབང་ཕྱུག་མཆོག་དེ་ཡིས། །ཀུན་ནས་ཀུན་ཏུ་ཤིས་པར་མཛོད། །དེ་ལྟར་རིམ་དགུའི་ཐེག་པ་ཡི། །ལམ་མཆོག་ཅུང་ཟད་གསལ་བྱས་ཏེ། །སླར་ཡང་འཕྲོས་པར་འོས་པའི་གཏམ། །འགའ་ཞིག་བརྗོད་ལ་སྤྲོ་བ་སྐྱེས། །གང་ཚེ་བདག་ཅག་སྟོན་


JKT002_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེ། །འོག་མིན་ཞིང་དུ་སངས་རྒྱས་ཀྱང་། །ཚུར་མཐོང་འགྲོ་བ་སྒྲོལ་བའི་ཕྱིར། །རྡོ་རྗེ་གདན་དུ་བྱང་ཆུབ་བརྙེས། །དེ་ནས་རིང་མིན་དུས་ཀྱི་ཚེ། །དྲང་སྲོང་ལྷུང་བ་རི་དྭགས་ཀྱི། །ནགས་སུ་ལྔ་སྡེ་ལ་སོགས་ཆེད། །བདེན་བཞིའི་ཆོས་འཁོར་ལན་གསུམ་བཟླས། །བདག་ལྟའི་ཞེན་པ་བཟློག་པའི་ཆེད། །བྱ་རྒོད་ཕུང་པོ་ལ་སོགས་སུ། །ཐེག་པ་ཆེན་པོའི་རིགས་ཅན་ལ། །མཚན་ཉིད་མེད་པའི་སྡེ་སྣོད་གསུངས། །གཉིས་ཀའི་མཚན་མ་ལས་གྲོལ་ཕྱིར། །མ་ངེས་གནས་སུ་དབང་རྣོན་ལ། །ཤིན་ཏུ་རྒྱས་པའི་མདོ་སྡེ་ནི། །ངེས་དོན་སེང་གེའི་སྒྲ་ཡིས་བསྒྲགས། །སྟོན་པ་མྱ་ངན་འདས་འོག་ཏུ། །སྡུད་པ་པོ་ཡིས་ལེགས་བསྡུས་ནས། །གཏད་རབས་བདུན་དང་འཛམ་བུའི་གླིང་། །མཛེས་བྱེད་རྒྱན་དྲུག་སོགས་ཀྱིས་སྤེལ། །ཁྱད་པར་རི་རབ་རྩེ་མོ་དང་། །རྒྱ་མཚོའི་འགྲམ་སོགས་སྣ་ཚོགས་སུ། །རིགས་གསུམ་སེམས་དཔས་གདུལ་བྱ་ལ། །་ཕྱི་རྒྱུད་སྡེ་གསུམ་རྒྱ་ཆེར་བསྟན། །རྡོ་རྗེའི་འོག་མིན་ཆེན་པོ་དང་། །ཙམ་པོ་བ་དང་བཏགས་པ་བའི། །འོག་མིན་གནས་སུ་ཧེ་རུ་ཀས། །རིགས་ལྔའི་འཁོར་ཚོགས་རྒྱ་མཚོ་ལ། །བསྐྱེད་རྫོགས་གསུམ་གྱི་ཏནར་བཤད། །དེ་དག་གསང་བ་འཛིན་པའི་བདག །ལག་ན་རྡོ་རྗེ་ལ་སོགས་པ། །སྟོན་འཁོར་རྣམ་དབྱེར་མི་ཕྱེད་པའི། །ཤིན་ཏུ་དབང་རྣོན་རྣམས་ཀྱིས་བསྡུས། །གྲུབ་པའི་དབང་ཕྱུག་བརྒྱད་ཅུ་དང་། །རིག་པ་འཛིན་


JKT002_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྒྱད་ལ་སོགས། །མཆོག་གཟིགས་རྣལ་འབྱོར་སྤྱོད་པ་ཡིས། །རྒྱ་ཆེར་སྤེལ་ཞིང་དར་བར་མཛད། །བྱེ་བྲག་གངས་ཅན་ནོར་འཛིན་གཞིར། །ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས། །བསྟན་པའི་དབུ་བརྙེས་སྲོལ་བཏོད་ནས། །བཤད་སྒྲུབ་ནམ་མཁའི་མཐའ་ཁྱབ་རྒྱས། །འཕགས་པའི་ཡུལ་དུ་གསར་རྙིང་གི །དབྱེ་བ་རིས་སུ་མ་བཅད་ཀྱང་། །བོད་འདིར་སྔ་ཕྱིའི་འགྱུར་སྲོལ་ལས། །དེ་སྐད་དུ་ནི་སྒྲོ་བཏགས་ཏེ། །སློབ་དཔོན་སངས་རྒྱས་གཉིས་པ་དང་། །པཎ་ཆེན་དྲི་མེད་བཤེས་གཉེན་ཞབས། །ལོ་ཙཱ་རྣམ་པར་སྣང་མཛད་སོགས། །ས་ཆེན་བཞུགས་པའི་བྱང་སེམས་ཀྱིས། །བསྒྱུར་བཤད་གཏན་ལ་དབབ་མཛད་པ། །དེ་ཕྱིར་ཁྱད་པར་དྲུག་ལྡན་པའི། །སྔ་འགྱུར་རྡོ་རྗེ་ཐེག་པ་ལ། །གཟུ་བོར་གནས་པའི་མཁས་གྲུབ་ཀུན། །གཅིག་ཏུ་གུས་པས་འཛིན་བྱེད་ཀྱང་། །ཡིད་སྲུབས་སྙིང་ལ་ཉལ་བ་ཡི། །བླུན་པོ་སྙིང་ཁམས་ཅན་རྣམས་ཀྱིས། །རྒྱ་དཔེ་མེད་དང་བོད་ཀྱིས་བྱས། །བཅོས་མ་ཡིན་ཞེས་རྫུན་རྒྱབ་ཏུ། །རྫུན་གྱིས་སྐྱོང་བའི་ཐལ་འགྱུར་སྒྲོགས། །དེ་ལྟ་ན་ཡང་རྒྱལ་བ་ཡི། །ཕྲིན་ལས་ཉི་མའི་འོད་ཟེར་ཅན། །སྦར་མོས་སྒྲིབ་པར་འདོད་པ་ཀུན། །རང་ཉིད་ངལ་བའི་རྒྱུ་རུ་ཟད། །ཅི་ཕྱིར་ཐམས་ཅད་གཟིགས་པ་ཡིས། །འདུལ་བར་སྣང་དང་མདོ་སྡེར་འཇུག །ཆོས་ཉིད་དོན་དང་མི་འགལ་བ། །བཀའ་ཡི་ཚད་དུ་ངེས་གསུངས་


JKT002_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ན། །བསྐྱེད་པ་མ་ཧཱ་ཡོ་ག་ཡིས། །ཐ་མལ་ཉོན་མོངས་ཟག་པ་ཀུན། །ཟུང་འཇུག་ཆེན་པོར་བསྡོམ་པའི་ཕྱིར། །ཐུན་མོང་མ་ཡིན་འདུལ་བར་སྣང་། །ནང་ལུང་རྗེས་སུ་རྣལ་འབྱོར་གྱིས། །ཤིན་ཏུ་ཕྲ་བའི་ཡེ་ཤེས་ཆེ། །སྤྲོས་བྲལ་བདེ་བ་མངོན་བསྟན་པས། །མཆོག་ཏུ་ཟབ་པའི་མདོ་སྡེར་འཇུག །གསང་བ་རྫོགས་པ་ཆེན་པོ་ཡིས། །ཀ་དག་ལྷུན་གྲུབ་དབྱེར་མེད་པའི། །རྡོ་རྗེའི་རྣལ་འབྱོར་ལམ་བྱས་པས། །ཆོས་ཉིད་དོན་ལ་གཅིག་ཏུ་འབབས། །གཞན་ཡང་ལུང་རིགས་མན་ངག་གི། །རྩོད་ངག་གནམ་ལྕགས་གསར་བའི་དབལ། །ལོག་རྟོག་བྲག་རིར་ཕབ་པ་ལ། །སྤོབས་པ་གཟེང་དུ་མཐོ་མོད་ཀྱང་། །རེ་ཞིག་ཡི་གེའི་ངལ་བ་ཡིས། །དེ་ཙམ་ཉིད་དུ་རྣམ་པར་བསྡུས། །བདེན་པར་གསུངས་པའི་ལམ་གྱི་མཆོག་ནི་རིག་པ་འཛིན་པའི་སྡེ་སྣོད་དེ། །དེ་ཡང་སྨིན་དང་གྲོལ་བའི་ཕ་མཐར་ངེས་པར་གནས་པའི་ཚུལ་མཐོང་ནས། །གྲུབ་པའི་རྣལ་འབྱོར་དམ་པའི་རྗེས་ཞུགས་རྩེ་གཅིག་མཉམ་པར་བཞག་པའི་མཐུས། །རྒྱུ་དང་མི་རྒྱུའི་དངོས་པོ་ཐམས་ཅད་བདེ་ཆེན་ཐིག་ལེར་དེངས་པར་ཤོག །ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་ཉུང་ངུ་རྣམ་གསལ་ལས། འཕྲོས་དོན་གྱི་ཁྱད་པར་གཞན་ཕྱེ་བའི་ཚོམས་ཏེ་གསུམ་པའོ།། །།གང་གི་མཁྱེན་པའི་ཉིན་བྱེད་ཀྱིས། །སྒྲིབ་གསུམ་མུན་པ་བཟའ་བ་དང་། །རྣམ་གྲོལ་ཨུཏྤལ་བཞད་


JKT002_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཉེན། །ཁྱབ་བདག་བླ་མར་སླར་ཡང་འདུད། །དལ་འབྱོར་མི་ལུས་མཆོག་ཐོབ་ཅིང་། །བསྟན་ལ་དད་པའི་བློ་ལྡན་པའི། །སྐལ་བཟང་ཐར་པ་འདོད་རྣམས་ཀྱིས། །ཐོས་བསམ་སྒོམ་ལ་རིམ་གྱིས་བརྩོན། །ཁྱད་པར་མཚན་ལྡན་དགེ་བའི་བཤེས། །གུས་པ་ཆེན་པོས་ཉེར་བསྟེན་ནས། །གཞུང་ལུགས་གདམས་པར་ཤར་བ་ཡིས། །ཟབ་དོན་རྩེ་གཅིག་ཡིད་ཀྱིས་ཟུངས། །ད་ནི་སྙིགས་མའི་མཐར་སྐྱེས་པས། །འབད་པ་གཞན་ཀུན་དོན་མེད་དུ། །མཐོང་ནས་དབེན་པའི་ནགས་ཁྲོད་ཆེར། །ངེས་ལེགས་གོ་འཕང་བསྙེན་པར་མཛོད། །འདི་ན་ཐུན་མོང་ཐུན་མིན་གྱི། །ལམ་གནད་མདོ་ཙམ་འཆད་པས་ཀྱང་། །དཔྱོད་ལྡན་དགྱེས་པ་བསྐྱེད་མོད་ཀྱི། །བླུན་པོ་གཞན་དག་དེ་ལྟར་མིན། །ཅི་ཕྱིར་ཚེ་གཅིག་གྲུབ་པའི་སར། །གཤེགས་བྱེད་རྡོ་རྗེའི་རྣལ་འབྱོར་ལས། །ཁམ་རེའི་ཟས་ལ་འདོམས་པའི་དུས། །ཟབ་མོའི་ཚིག་གིས་ཅི་བྱར་ཡོད། །འོན་ཀྱང་རང་སེམས་དགེ་བ་ཡི། །སྤྱོད་ཡུལ་ཉེས་པ་མེད་གསུངས་ཕྱིར། །གཞན་ལ་ཕན་ཕྱིར་སྨྲས་པ་ཡི། །ཚུལ་འདི་དོན་མེད་མ་གྱུར་ཅིག །རིམ་དགུའི་ཐེག་པའི་ཀུན་གསལ་ཡངས་པ་ལས། །མདོར་བསྡུས་གཏམ་གྱི་ཟླ་ཤེལ་གཡོ་བ་ཡིས། །གཟུར་གནས་དཔྱོད་ལྡན་ཀུནྡའི་མིག་ཕྱེ་ནས། །འགྲོ་ཀུན་ཐམས་ཅད་མཁྱེན་པའི་ས་བརྙེས་ཤོག །ཅེས་ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་


JKT002_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་ངུ་རྣམ་གསལ་འདི་ཡང་ཐོས་བསམ་གྱི་ཚུལ་ལ་རྣམ་དཔྱོད་འཇུག་པའི་དགེ་སློང་ཀརྨ་ཆོས་འབྱོར་ནས་ནན་ཏན་ཆེན་པོས་བསྐུལ་ངོར། རིག་འཛིན་གྱི་བཙུན་པ་གཙུག་ལག་སྨྲ་བའི་ཉི་མ་མཚོ་སྐྱེས་གཞོན་ནུའི་ལང་ཚོ་ཞེས་བགྱི་བའི་རིག་པར་སྨྲ་བས་གངས་ཅན་བོད་ཀྱི་རྡོ་རྗེ་གདན་ལྷ་གདན་སྤྲུལ་པའི་ཞིང་ཁམས་སུ་བསྐྱོད་པའི་ལམ་བར་གནས་མདོ་སྒྲོལ་མ་བྲག་གི་སྒར་དུ་གང་ཤར་ཡུད་ཙམ་ལ་གྲུབ་པར་བགྱིས་པ་ཛ་ཡནྟུ།།

གྲུབ་པའི་མཐའ་རྣམ་པར་དབྱེ་བའི་གཏམ་ངེས་དོན་རྣ་ཆ།


JKT002_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

༈ གྲུབ་པའི་མཐའ་རྣམ་པར་དབྱེ་བའི་གཏམ་ངེས་དོན་རྣ་ཆ་ཞེས་བྱ་བ་བཞུགས་སོ། །ཆོས་ཉིད་འདུས་མ་བྱས་པ་ཡི། །རང་བཞིན་རྣམ་ཐར་སྒོ་གསུམ་ཞལ། །སེམས་ཀྱི་རྡོ་རྗེ་བླ་མ་ལ། །བཏུད་ནས་དྲིས་ལན་མདོ་ཙམ་དབྱེ། །གཉིས་མེད་གསུང་བའི་དབང་ཕྱུག་གིས། །རིགས་ཅན་གསུམ་གྱི་གདུལ་བྱ་རྣམས། །རང་གི་བྱང་། ཆུབ་ལ་འགོད་ཕྱིར། །རྒྱུ་འབྲས་ཐེག་པ་བསམ་ཡས་བསྟན། །དེ་ཉིད་མ་རྟོགས་སེམས་ཅན་ཀུན། །གནས་སྐབས་འདོད་པའི་ཕྱོགས་བཟུང་ནས། །བསྟན་པ་དཀྲུགས་པ་ལྷ་ཆེན་པོའི། །རྣམ་ཐར་ཆོས་སུ་བཅོས་པ་ཡིན། །འདི་ན་ཉན་ཐོས་བྱེ་སྨྲ་ནས། །མཆོག་གསང་རྡོ་རྗེ་སྙིང་པོའི་བར། །ཆོས་ཉིད་གཅིག་གི་དེ་ཁོ་ན། །རྟོགས་པའི་ཐབས་སུ་ཡང་དག་བསྟན། །ཅི་ཕྱིར་རྟག་ཆད་སྨྲ་བ་ལ། །མངོན་པར་དགའ་བའི་མུ་སྟེགས་ཀུན། །རྟག་གཅིག་རང་དབང་ཅན་གྱུར་པའི། །གང་ཟག་བདག་ཉིད་ཡོད་པར་མཐུན། །དེ་ལ་རང་སྡེ་སྨྲ་བ་ཡིས། །ཕུང་པོ་ཉིད་ལས་གཅིག་ཐ་དད། །དེ་ལས་གཞན་དུའང་མ་དམིགས་ཕྱིར། །


JKT002_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་སྒྲུབ་པ་གཞིར་བྱས་ནས། །བྱེ་སྨྲས་གཟུང་ཡུལ་རྡུལ་ཕྲན་དང་། །འཛིན་ཤེས་སྐད་ཅིག་ཆ་མེད་དུ། །བདེན་གྲུབ་འདོད་པས་ཆོས་ཀྱི་བདག །རགས་པ་ཙམ་ཡང་སྤང་བ་མེད། །མདོ་སྡེ་པ་དག་ཕྱི་དོན་ཀུན། །སེམས་ཀྱི་སྣང་ཆ་ཡིན་མོད་ཀྱང་། །དེ་རྒྱུ་ཕྱི་དོན་ཉིད་འདོད་པས། །གཟུང་བའི་ཆོས་བདག་རགས་པ་སྤངས། །སེམས་ཙམ་གཟུགས་ཅན་ཕྱོགས་ཆ་དང་། །ཤེས་པ་དུས་ཆས་མ་གྲུབ་ཕྱིར། །གཟུང་འཛིན་བདེན་མེད་ངེས་རྙེད་ཀྱང་། །གཉིས་མེད་ཡོངས་གྲུབ་བདེན་པར་འདོད། །རང་རྒྱུད་སྨྲ་བས་རིགས་ཆེན་ལྔས། །དེ་ཡང་བདེན་མེད་གཏན་དབབ་ནས། །དོན་དམ་ངོ་བོ་ཉིད་མེད་དང་། །ཀུན་རྫོབ་ཇི་ལྟར་སྣང་བཞིན་འཇོག །ཐལ་འགྱུར་བས་ནི་སྒྲོ་སྐུར་གྱི། །ཁས་ལེན་སྤྲོས་པ་ཀུན་སྤངས་ནས། །གཞན་གྱི་འདོད་པ་ནང་འགལ་བའི། །རིག་པས་བཅོམ་པའི་ཁྱད་པར་ལྡན། །དེ་དང་རྫོགས་པ་ཆེན་པོ་གཉིས། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །བློ་འདས་ངང་དུ་རོ་གཅིག་ཕྱིར། །ཤིན་ཏུ་མཉམ་གཞག་སེམས་ཀྱིས་ལྟོས། །སེམས་ཙམ་དྲི་མེད་དག་པ་དང་། །གཞན་སྟོང་སྨྲ་བ་མཚུངས་མིན་ཏེ། །སྔ་མས་རྣམ་ཤེས་ཕྱི་མ་ཡིས། །ཡེ་ཤེས་དོན་དམ་འདོད་ཕྱིར་རོ། །ལམ་འབྲས་པ་དག་སྣང་བ་སེམས། །སེམས་སྣང་སྒྱུ་མ་དེ་ཉིད་ཀྱང་། །རང་བཞིན་མེད་པར་སྒྲུབ་པ་ལ། །རྟེན་འབྲེལ་བརྗོད་བྲལ་གཉིས་


JKT002_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དབྱེ། །འོན་ཀྱང་སྣང་བ་སེམས་ཙམ་དུ། །འདོད་པ་དངོས་པོར་སྨྲ་བ་དང་། །མཚུངས་སོ་སྙམ་པའི་ལོག་རྟོག་ནི། །རྣམ་དཔྱོད་ཞིབ་མོས་མ་བརྟགས་སྐྱོན། །ཅི་ཕྱིར་རྡོ་རྗེ་གུར་ལས་ཀྱང་། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དོན་ནམ། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་དང་། སཾ་བུ་ཊི་ལས་ཀྱང་། ཕྱི་དང་ནང་གི་བདག་ཉིད་ཅན། །འདི་དག་ཐམས་ཅད་སེམས་སུ་བརྟག །སེམས་ལས་མ་གཏོགས་པ་ཉིད་ནི། །གཞན་ན་ཡོད་པ་མ་ཡིན་ནོ། །ཞེས་གསུངས་དེ་ཡི་འཐད་པ་ཡང་། །མགོན་པོ་ཀླུ་སྒྲུབ་སྐྱོབ་ཉིད་ཀྱིས། །ཕྱི་རོལ་ཡུལ་ནི་རྣམ་གཅིག་ལ། །ཤེས་པ་ཐ་དད་རབ་འཇུག་སྟེ། །ཡིད་འོང་གཟུགས་ནི་གང་ཡིན་པ། །དེ་ནི་གཞན་ལ་གཞན་དུ་སྣང་། །བུད་མེད་ལུས་ནི་གཅིག་ཉིད་ལ། །དཀའ་ཐུབ་ཆགས་ཅན་ཁྱི་རྣམས་ཀྱིས། །མི་གཙང་འདོད་བྱ་བཟའ་བྱ་ཞེས། །རྣམ་པར་འདོད་པ་གསུམ་དུ་འགྱུར། །ཞེས་སོགས་རིག་པའི་ཚུལ་གྱིས་སྒྲུབ། །ཁྱད་པར་སྣང་བ་སེམས་ཙམ་དུ། །འདོད་ཚུལ་རྣལ་འབྱོར་སྤྱོད་པ་དང་། །མཚུངས་ཀྱང་སེམས་ཉིད་བདེན་གྲུབ་ཏུ། །འདོད་མིན་སྤྲོས་བྲལ་ལ་བཞེད་ཕྱིར། །གཞན་ཡང་འོད་གསལ་རྫོགས་པ་ཆེ། །རང་ཤར་ཆེན་པོའི་རྒྱུད་སོགས་ལས། །རྟག་ཆད་སྨྲ་བའི་མུ་སྟེགས་ནས། །མཆོག་གསང་རྡོ་རྗེ་སྙིང་པོའི་བར། །


JKT002_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་རིམ་རྒྱས་པར་ཕྱེ་བ་ལྟར། །དགྱེས་རྡོར་རྩ་བའི་རྒྱུད་ཉིད་ལས། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་རྗེས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །ཅེས་སོགས་གསལ་བར་གསུངས་པ་བཞིན། །རྣལ་འབྱོར་དབང་ཕྱུག་བིརླ་པས། །གང་ཟག་རིམ་གྱིས་འཇུག་པའི་ཕྱིར། །བཀྲལ་བའི་དགོངས་དོན་སྙིང་པོ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་དུ། །བསྟན་པས་ཉན་ཐོས་སྡེ་གཉིས་དང་། །མཚུངས་ཤིང་མུ་སྟེགས་བྱེད་ལས་འཕགས། །ཡུལ་མེད་ཡུལ་ཅན་ཤེས་པ་དང་། །དེ་ལས་གཞན་པའི་གཉིས་མེད་པའང་། །རང་བཞིན་གྲུབ་པ་མེད་སྨྲ་བས། །སེམས་ཙམ་ལས་ཀྱང་ཁྱད་པར་འཕགས། །ཀུན་རྫོབ་སྒྱུ་མ་ལྟར་སྣང་ཡང་། །དོན་དམ་འདི་ཞེས་དམ་བཅའ་བ། །འདོད་མིན་ངོ་བོ་ཉིད་མེད་པའི། །དབུ་མ་ལས་ཀྱང་ཁྱད་པར་འཕགས། །དེས་ན་གཟོད་ནས་བློས་བྱས་ཀྱི། །མཐའ་བཞིའི་སྤྲོས་པ་ལས་འདས་ཀྱང་། །ཟུང་འཇུག་ཚུལ་དུ་ཉམས་བླང་བ། །ལམ་འདིའི་དགོངས་པའི་མཐར་ཐུག་ཡིན། །དེ་ཡང་ཚིག་ཙམ་མ་ཡིན་པར། །དོན་དམ་སོ་སོར་རྟོག་པ་ཡི། །ཡེ་ཤེས་ཀློང་ནས་བརྡོལ་བའི་ཚེ། །རྫོགས་པ་ཆེན་པོར་རོ་གཅིག་གོ །མདོར་ན་ཟབ་གསང་སྙིང་ཐིག་ནས། །རིག་པ་བཙན་ཐབས་ངོ་སྤྲོད་ཚུལ། །གསུངས་འདི་དབང་པོ་རྣོན་པོ་ནི། །གཅིག་ཅར་རིགས་ཅན་རྣམས་ལ་དགོངས། །


JKT002_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ངག་ལམ་དང་འབྲས་བུ་ཡི། །འཆད་ཚུལ་རིམ་གྱིས་འཁྲིད་པ་སྟེ། །ཚུལ་འདི་ལེགས་པར་མཁྱེན་གྱུར་ན། །འགལ་འདུའི་སྤྲོས་པ་དབྱིངས་སུ་ཞི། །རྣལ་འབྱོར་དབང་ཕྱུག་བིརྱ་པས། །སེམས་ཉིད་གསལ་སྟོང་ཟུང་འཇུག་ཏུ། །འཇོག་དང་གཞན་སྟོང་སྨྲ་བ་ཡི། །ཡོངས་གྲུབ་བདེ་གཤེགས་སྙིང་པོ་གཉིས། །མིང་གཅིག་ན་ཡང་དོན་མི་མཚུངས། །ཅི་ཕྱིར་འཇམ་མགོན་ས་པཎ་གྱིས། །དེས་ན་དེ་བཞིན་གཤེགས་པ་ཡི། །སྙིང་པོ་སྤྲོས་བྲལ་ཡིན་པའི་ཕྱིར། །སེམས་ཅན་རྣམས་ལ་སངས་རྒྱས་དང་། །འཁོར་བ་གཉིས་ཀ་འབྱུང་བར་འཐད། །ཅེས་སོགས་སྒྲུབ་བྱེད་དུ་མ་ཡིས། །གཤེགས་སྙིང་སྤྲོས་བྲལ་སྒྲུབ་པ་དང་། །གཅིག་ཤོས་རྟག་བརྟན་ཡོངས་གྲུབ་ཏུ། །འདོད་པ་མཚུངས་པའི་སྐབས་ཡོད་དམ། །དེས་ན་ཀུན་མཁྱེན་ཆེན་པོ་ཡིས། །རང་བཞིན་འོད་གསལ་ཤེལ་གྱི་ཁམས། །བག་ཆགས་ཚོན་གྱིས་བསྒྱུར་བ་ལས། །གནས་སྐབས་དུ་མར་སྣང་བ་ཡི། །དབྱིངས་ཉིད་འཁོར་འདས་ཀུན་གྱི་གཞི། །ཞེས་དང་དེ་དོན་གསལ་བའི་ཕྱིར། །འདིར་ནི་བྱམས་མགོན་ཀླུ་སྒྲུབ་ཀྱིས། །གསལ་ལ་རྒྱུན་ཆགས་མ་འགག་པ། །མཐའ་བཞིའི་སྤྲོས་པས་སྟོང་པ་ཡི། །ཟུང་འཇུག་འདུས་མ་བྱས་ལ་བཞེད། །ཅེས་གསུངས་ཤིང་རྟ་ཆེན་པོ་གཉིས། །དགོངས་པ་གཅིག་ཏུ་འབབས་པའི་ཚུལ། །ལུང་དང་རིགས་པས་རྒྱས་པར་བསྒྲུབས། །


JKT002_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གཞི་དེ་ཡི་མཚོན་བྱེད་ཀྱང་། །ཆོས་དབྱིངས་དྲི་བཅས་དེ་བཞིན་ཉིད། །འོད་གསལ་བདེ་གཤེགས་སྙིང་པོ་དང་། །སེམས་ཀྱི་རང་བཞིན་དག་པ་སོགས། །མཚན་གྱི་རྣམ་གྲངས་དུ་མས་བསྟན། །ལང་གཤེགས་སྟུག་པོ་བཀོད་པ་དང་། །རྣལ་འབྱོར་དབང་ཕྱུག་མན་ངག་དང་། །དཔལ་ལྡན་ཟླ་བའི་ཞབས་སོགས་ཀྱིས། །ཀུན་གཞིའི་སྒྲ་ཡང་འདི་ལ་བཞེད། །ཟབ་མོའི་རྒྱུད་དུ་འཇམ་དཔལ་དང་། །ཡེ་ཤེས་ཆེན་པོ་ལྷན་སྐྱེས་དང་། །རྡོ་རྗེ་རྡོ་རྗེ་སེམས་དཔའ་དཔལ། །ཀུན་བཟང་ལ་སོགས་བགྲང་ཡས་གསུངས། །ཞེས་སོགས་གསལ་བར་འཆད་པའི་ཚུལ། །འདི་ལ་ཞིབ་མོའི་བློ་ཡིས་དཔྱོད། །དེ་ལས་གཞན་དུ་སྙིང་པོ་ཉིད། །དྲི་བཅས་སེམས་ལ་རིག་པ་ཡིས། །བདེན་པས་བཀག་ཙམ་འདོད་པ་དང་། །བདེན་གྲུབ་ཁོ་ནར་དམ་བཅའ་སོགས། །སྒྲོ་སྐུར་ཕྱོགས་སུ་ལྷུང་ངོ་ཞེས། །རིག་ཚུལ་རྣམ་དག་འགོད་ན་ཡང་། །འདིར་ནི་དབུ་མའི་ལམ་ཉིད་དུ། །རེ་ཞིག་དགག་སྒྲུབ་མེད་པར་འཇོག །འབྲས་བུ་སངས་རྒྱས་ཡེ་ཤེས་ནི། །དབུ་མ་རང་རྒྱུད་སྨྲ་བ་ཡིས། །མེད་པར་འདོད་ཅིང་གཞན་སྟོང་པས། །རྟག་བརྟན་འགྱུར་བ་མེད་པར་སྨྲ། །ངེས་དོན་མཐར་ཐུག་ཐལ་འགྱུར་བས། །བློ་དང་ལྷན་ཅིག་མི་གནས་པའི། །བསམ་གྱིས་མི་ཁྱབ་སྤྱོད་ཡུལ་ཕྱིར། །ཡོད་མེད་ཁས་ལེན་བྲལ་བར་བཞེད། །མདོ་ལས་ཡེ་ཤེས་མེད་གསུངས་པ། །


JKT002_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་པར་བཅས་པའི་ཆོས་ཁམས་དང་། །མཚུངས་ལྡན་མེད་པ་ཉིད་ལ་དགོངས། །དགོས་པ་རྟག་འཛིན་བཟློག་ཕྱིར་ཡིན། །ལ་ལར་ཡེ་ཤེས་ཡོད་གསུངས་པའང་། །བསམ་བརྗོད་ལས་འདས་ཡེ་ཤེས་ཀྱིས། །་འཁོར་འདས་ཀུན་ལ་ཁྱབ་པར་དགོངས། །དགོས་པ་ཆད་མཐའ་བསལ་ཕྱིར་ཡིན། །དོན་དུ་མཐའ་གཉིས་ལས་འདས་པའི། །ཁས་ལེན་བྲལ་བའི་གནས་ལུགས་ཉིད། །མངོན་སུམ་རང་ངོར་རྟོགས་ཙ་ན། །རྟག་ཆད་སྤྲོས་པ་དབྱིངས་སུ་གྲོལ། །འདི་དོན་ལེགས་པར་མཁྱེན་འདོད་ན། །དབེན་ཞིང་ཉམས་དགའི་ནགས་ཀླུང་དུ། །རྩེ་གཅིག་མཉམ་པར་བཞག་ལས་གཞན། །རྟོག་གེའི་འགལ་འདུས་ནམ་ཡང་མིན། །ཟློ་དེ་ཉིད་ཕྱིར་ན་སྐལ་བཟང་ཁྱོད། །ཟབ་དོན་ཉི་གཞོན་བཅུད་འཐུངས་པས། །བློ་མཆོག་པད་དཀར་རྒྱས་པ་དང་། །སྒོམ་སྤངས་འབྲས་བུས་ཕྱུག་པར་མཛོད། །གང་གི་མཁྱེན་རབ་རྨད་བྱུང་བས། །དྲི་བ་མཐའ་ཀླས་སྩལ་མོད་ཀྱང་། །རྨོངས་དང་ལེ་ལོའི་གཞན་དབང་གིས། །རྒྱ་ཆེར་སྤྲོ་བའི་གོ་སྐབས་ཅི། །འོན་ཀྱང་མདོར་བསྡུས་ཕུལ་འདི་ལ། །ནོངས་པའི་ཚོགས་རྣམས་བསལ་བ་དང་། །དགེ་བས་ཡིད་ཅན་རྒྱ་མཚོ་ཀུན། །ཐམས་ཅད་མཁྱེན་པ་ཉིད་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།

བློ་གསལ་བསླབ་བྱ་ལ་སྐུལ་པའི་གཏམ་གཞན་ལ་ཕན་པའི་བདུད་རྩི།


JKT002_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གསལ་བསླབ་བྱ་ལ་སྐུལ་པའི་གཏམ་གཞན་ལ་ཕན་པའི་བདུད་རྩི་ཞེས་བྱ་བ། ན་མོ་གུ་རུ་བྷུ ཀྭ་ཡེ་གསོན་དང་བློ་ལྡན་གྲོགས་པོ་དག །ཁ་


JKT002_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་མ་ཡིན་དམ་ཆོས་བསྒྲུབ་འདོད་ན། །ག་རུ་མཆིས་ཀྱང་ལམ་སྟོན་བཤེས་གཉེན་མཆོག །ང་རྒྱལ་སྤངས་ཤིང་རྩེ་གཅིག་གུས་པས་བསྙེན། །ཅ་ག་ཟང་ཟིང་ནོར་གྱིས་མི་མཚོན་པའི། །ཆ་ལུགས་ཆོས་མཐུན་དལ་འབྱོར་རྟེན་ཐོབ་ནས། །ཇ་ཆང་འདོད་ཡོན་འདུ་འཛིར་མ་ཆགས་པར། །ཉ་གང་ཟླ་བཞིན་ཡོན་ཏན་རྫོགས་པར་མཛོད། །ཏཱ་ལའི་ནགས་འདབས་ལ་སོགས་དབེན་པ་དང་། །ཐ་དད་སྤྱོད་ཡུལ་གྲོང་དུ་གནས་ཀྱང་རུང་། །ད་གཟོད་ཙ་ན་ནམ་འཆི་ངེས་མེད་ཅེས། །ན་མར་འདུས་བྱས་ངང་ཚུལ་དྲན་པར་བྱ། །པཱ་ར་མི་ཏའི་དམ་ཆོས་མ་བསྒྲུབས་ན། །ཕ་རོལ་ལས་ཀྱི་རྗེས་སུ་འབྲང་བའི་ཕྱིར། །བ་མཆོག་དཔག་བསམ་ཤིང་དང་བུམ་བཟང་ལྟར། །མ་ལུས་འདོད་འབྱུང་བསོད་ནམས་རྒྱ་ཆེར་སྤེལ། །ཙ་ཀྲ་ལྟ་བུར་འཁོར་བའི་ཁམས་གསུམ་འདིར། །ཚ་གྲང་ལ་སོགས་སྡུག་བསྔལ་མི་ཟད་པས། །ཛ་ཧུའི་རྒྱུན་བཞིན་ངེས་པར་འབྱུང་བའི་སེམས། །ཝ་ལྟར་རི་སུལ་འགྲིམས་ནས་རྟག་ཏུ་བསྒོམ། །ཞྭ་བཞིན་བླ་མ་དཀོན་མཆོག་གཙུག་ཏུ་བཀུར། །ཟ་ལྟར་རྩུབ་པའི་བསམ་སྦྱོར་རིང་དུ་སྤོངས། །འ་ཅག་ཁོ་ན་ཙམ་མིན་གཞན་དོན་ཕྱིར། །ཡ་བྲལ་མ་ཡིན་བྱང་ཆུབ་སེམས་གཉིས་བསྐྱེད། །ར་མ་ཎ་བཞིན་སྙིང་སྟོབས་ཆེར་བཟུང་ནས། །ལ་ལ་ཙམ་མིན་རྣམ་ཀུན་ཆོས་སྤྱོད་བཅུ། །ཤ་སྟག་འབད་ན་དལ་འབྱོར་དོན་ལྡན་ཞིང་། །ས་གསུམ་


JKT002_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་པའི་རོལ་མོས་ཁྱབ་པར་འགྱུར། །ཧ་ཅང་ཚིག་དོན་སྦྱོར་བ་མ་མཆིས་མོད། །སྙིང་ནས་ཕན་པའི་བསམ་པས་གདམས་པ་འདིས། །ཨ་ཡིག་སྐྱེ་མེད་དོན་གྱི་འཇམ་པའི་དབྱངས། །མཐའ་ཀླས་ཡིད་ཅན་ཀུན་ཟླ |གྱིས་རྟོགས་གྱུར་ཅིག །ཅེས་པ་འདི་ཡང་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་རང་ཉིད་ལ་ལྟོས་པ་རྣམས་ཀྱི་ཆེད་དུ་སྙིང་ནས་ཕན་པའི་ཡིད་ཀྱིས་གདམས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་སྟུ།། །།

གནས་ལུགས་མཛོད་ལས་འཕྲོས་པའི་གཏམ།


JKT002_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མོ་གུ་རུ་བྷྱ༔ སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དབྱེར་མེད་དཔལ་ལྡན་བླ་མ་ཡི། །ཡེ་ཤེས་གཟིགས་པའི་བྱིན་རླབས་ཀྱིས། །ཁྱོད་ལ་རྟག་ཏུ་སྲུང་གྱུར་ཅིག །རྒྱལ་བས་གདུལ་བྱའི་བསམ་པ་དང་། །རྗེས་མཐུན་དམ་པའི་ཆོས་ཀྱི་སྒོ། །མཐའ་ཀླས་སྣང་བར་མཛད་པ་ཡང་། །བསྡུ་ན་སྡེ་སྣོད་གསུམ་དུ་འདུ། །དེ་དག་ཀུན་གྱི་བརྗོད་བྱའི་དོན། །བསླབ་པ་གསུམ་དུ་ལེགས་རྟོགས་ནས། །གྲོལ་བ་འབའ་ཞིག་དོན་གཉེར་བློས། །ལམ་སྟོན་བཤེས་གཉེན་འབད་པས་བསྙེན། །དལ་དང་འབྱོར་པ་རྙེད་དཀའ་ཞིང་། །ནམ་འཆིའི་ངེས་པ་མ་མཆིས་ཕྱིར། །ལས་འབྲས་བླང་དོར་བརྩོན་པ་དང་། །སྲིད་ལས་ངེས་འབྱུང་རྟག་ཏུ་བསྒོམ། །མཐའ་ཡས་ཡོན་ཏན་དཔག་བསམ་ལྗོན། །བསྐྱེད་ཅིང་འཕེལ་བའི་ས་གཞི་ནི། །ཇི་ལྟར་ཁས་བླངས་ཚུལ་གནས་ཁྲིམས། །རྣམ་པར་དག་པའི་ཐབས་ལ་འབད། །ཤིན་ཏུ་ཞི་བའི་དབེན་གནས་སུ། །


JKT002_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བསྟེན་པའི་ཡན་ལག་རྫོགས་པ་ཡིས། །སེམས་གནས་རྣམ་དགུའི་ཏིང་འཛིན་སྒྲུབས། །བདག་དང་ཕུང་པོ་རྣམ་རིག་གི །སྤྲོས་པའི་སྦྱོར་བ་ལས་འདས་པ། །སྣང་དང་སྟོང་པ་འགལ་མེད་པའི། །དོན་དམ་རྟོགས་པའི་ཤེས་རབ་བསྐྱེད། །ཀུན་རྫོབ་ཏུ་ཡང་ཆོས་རྣམས་ཀུན། །བདེན་གཉིས་དབྱེར་མེད་ངེས་བྱས་ནས། །དེ་ཀུན་ལྷ་དང་ཡེ་ཤེས་ཀྱི། །བསྐྱེད་རྫོགས་ཟུང་འཇུག་ཆེན་པོར་སྦྱངས། །མདོར་ན་ངེས་འབྱུང་སྙིང་རྗེ་དང་། །མོས་གུས་དྲག་པོས་མཚམས་སྦྱར་ནས། །སྣང་གྲགས་རྟོག་ཚོགས་ལྷ་སྔགས་དང་། །ཡེ་ཤེས་ཆོས་སྐུར་ལམ་ཁྱེར་འཚལ། །རང་ལ་བསླབ་དང་གྲོལ་བ་ཡི། །ཡོན་ཏན་ཅུང་ཟད་མེད་མོད་ཀྱི། །ལྷག་བསམ་དག་པས་གསོལ་འདིས་ཀྱང་། །དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་ཤྲཱི་སརྦཏ་ཐེག་པ་མཆོག་གི་གླིང་ནས་བློ་གསལ་པྲཛྙཱའི་མཚན་ཅན་གྱིས་ཆེད་དུ་བསྐུལ་བ་ཡིད་ལ་དྲན་པས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་རིང་མོའི་ལམ་ནས་གདམས་པ་དགེ་ལེགས་སུ་གྱུར་ཅིག། །།

ཕུན་སུམ་ཚོགས་པ་ལྔ་ལྡན་དང་མཎྜལ་གྱི་རྣམ་བཤད་ཟུང་འབྲེལ་དུ་འཆད་ཚུལ་ཉུང་གསལ།


JKT002_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་ལྔ་ལྡན་དང་མཎྜལ་གྱི་རྣམ་བཤད་ཟུང་འབྲེལ་དུ་འཆད་ཚུལ་ཉུང་གསལ་བཞུགས་སོ། །ཨོཾ་སྭ་སྟི། སྤངས་རྟོགས་མཐར་ཕྱིན་སྟོན་པ་རྫོགས་སངས་རྒྱས། །ལུང་རྟོགས་བདག་ཉིད་བསྟན་པ་དམ་པའི་ཆོས། །རྒྱལ་སྲས་བསྟན་པ་འཛིན་པས་དགེ་འདུན་ཏེ། །མཆོག་གསུམ་འདུས་ཞལ་ཚོགས་ཀྱིས་ཤིས་པ་སྩོལ། །


JKT002_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུས་ནས། སྐབས་སུ་བབས་པའི་བརྗོད་པར་བྱ་བ་ནི། འདིར་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པའི་འབྱུང་གནས་རྩ་རྒྱུད་ཀྱི་བླ་མ། །དོན་གཉིས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས། སྒྲིབ་གཉིས་མུན་པ་སེལ་བ་དམ་ཆོས་དཀོན་མཆོག །རིག་གྲོལ་གཉིས་ལྡན་འཕགས་པའི་དགེ་འདུན་ཏེ། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་འདི་དག་སྐྱེ་འགྲོ་ཐམས་ཅད་ཀྱི་བླ་ན་མགོན་དང་སྐྱབས་དང་དཔུང་གཉེན་གཅིག་པུར། རྣམ་དག་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ཡངས་པར། སྐུ་གསུམ་ཉིན་མོར་བྱེད་པའི་དཀྱིལ་འཁོར་རབ་ཏུ་རྒྱས་ཏེ། གཞན་ཕན་ཕྲིན་ལས་ཀྱི་འོད་ཟེར་ཕྱོགས་བཅུར་སྤྲོ་བས། ཕན་བདེའི་པད་ཚལ་མ་ལུས་པ་རྒྱས་བཞིན་དུ་བཞུགས་པའི་སྐྱབས་འོག་ཏུ། དེང་འདིར་གདན་འཛོམ་པའི་འཚོགས་པ་ཆེན་པོར་གྱུར་པ་ནི། དུས་གསུམ་རྒྱལ་བའི་ཡོན་ཏན་དང་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། སྟོན་པའི་རྒྱལ་ཚབ། བསྟན་པ་རིན་པོ་ཆེའི་བདག་པོ། བསྟན་འཛིན་དགེ་འདུན་འདུས་པའི་གཙོ་བོར་མཁན་ཆེན་རྡོ་རྗེ་འཆང་ཆེན་པོས་དབུ་མཛད། བསྟན་པའི་གསལ་བྱེད་ཡོངས་ཀྱི་དགེ་བའི་བཤེས་གཉེན་མདོ་དང་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པས་འཕགས་པའི་དགེ་འདུན་ཚོགས་ཀྱིས་


JKT002_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གྲལ་གྱི་གོང་མནན། རྒྱལ་བའི་མྱུ་གུ་དམ་པ། རྒྱལ་བསྟན་སྐྱོང་བའི་རྩ་ལག །དད་དང་གཏོང་བའི་ནོར་ཅན་ལྷ་རིགས་ཆོས་ཀྱི་རྒྱལ་པོ་མཆེད་ཞལ་རྣམས་ཀྱིས་གྲལ་གྱི་དབུ་བཟུང་། རིགས་དང་ཡོན་ཏན་གྱིས་མངོན་པར་མཐོ་བའི་རྗེའི་བློན་ཆེན་སོགས་ཡ་རབས་དྲྭ་མ་རྣམས་ཀྱིས་གྲལ་གྱི་འཕྲོ་མཐུད། རྣམ་དཔྱོད་བློ་གྲོས་ཀྱི་རྩལ་ཆེ་ཞིང་སོ་སོའི་ཡོན་ཏན་ལ་བསླབ་སྦྱངས་མཐར་ཕྱིན་པའི་ཡོན་ཏན་མཁན་པོ་རྣམས་ཀྱིས་གྲལ་གྱི་ཟུར་རྒྱན། བསོད་ནམས་དཔལ་གྱིས་མངོན་པར་མཐོ་ཞིང་ཡ་རབས་ཀྱི་སྤྱོད་པས་རང་རྒྱུད་མཛེས་པ། མི་ངལ་བའི་བྱ་བས་མགྲོན་སོ་སོར་ཚིམ་པར་བྱེད་པའི་ཕྱག་བདེ་བ་རྣམས་ཀྱིས་གྲལ་གྱི་མཐའ་བསྟེན་པ་སྟེ། འདི་ལྟར་འཚོགས་པ་ཐམས་ཅད་ཀྱང་སྤྱི་འབྲེལ་རྒྱ་ཆེ་བ་རྣམ་དཀར་ལས་ཀྱི་གཞི་གཟུང་། དག་པ་སྨོན་ལམ་གྱིས་མཚམས་སྦྱར། སྒོས་འབྲེལ་མཐའ་བཙན་པས་ཆོས་དང་དམ་ཚིག་གི་སྲད་བུས་སྦྲེལ་ཞིང་དཔོན་སློབ་དང་མཆོད་ཡོན་ལྷན་ཅིག་ཏུ་འཛོམ་པས་འབྲེལ་བ་ཟབ། རྣམ་གྲོལ་ཐར་པ་དང་ཐམས་ཅད་མཁྱེན་པའི་དགའ་ཚལ་ཆེན་པོའི་རང་གཞན་གྱི་རྒྱུད་ལ་ཚོགས་གཉིས་རླབས་པོ་ཆེ་རྫོགས་པའི་དགའ་སྟོན་ལ་འཚོགས་པས་ན་ཚོགས་པ་ཡང་བཟང་། དེ་ལྟ་བུས་སྐབས་འདིར་ཞུགས་པའི་ལོ་རྒྱུས་ལ། སྤྱིར་གཞི་སྐྱེ་བོ་མི་ཆོས་ཀྱི་ལོ་རྒྱུས། རྒྱན་དམ་པ་ལྷ་ཆོས་ཀྱི་ལོ་རྒྱུས། བྱས་ཤིང་དྲིན་དུ་


JKT002_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བཟོ་བ་བཀའ་དྲིན་ཆེ་བའི་ལོ་རྒྱུས་དང་གསུམ། དེ་ལ་ཡང་། སྟེང་ན་རྗེའི་གདུང་རབས། འོག་ན་འབངས་ཀྱི་མི་རབས། སྟོང་སྡེ་སྲིད་པའི་ཆགས་ཚུལ། འཇིག་རྟེན་ལུགས་ཀྱི་རྣམ་གཞག །རྒྱལ་ཡུམ་ཤེས་ཕྱིན་གྱི་མདོ་ལ་བརྟེན་ནས་ཟབ་པ་དེ་ཁོ་ན་ཉིད་ཀྱི་གནས་ལུགས། སྡེ་བདུན་མངོན་པའི་མདོ་ལ་བརྟེན་ནས་རྒྱས་པ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག །སྡེ་བཞི་འདུལ་བའི་ལུང་ལ་བསྟེན་ནས་ཕྲ་བ་ལས་འབྲས་ཀྱི་རྣམ་དབྱེ། བསྐལ་བ་བཟང་པོ་ལ་བརྟེན་ནས་བསྐལ་བཟང་སངས་རྒྱས་ཀྱི་བྱོན་ཚུལ། སྙིང་རྗེ་པད་དཀར་ལ་བརྟེན་ནས་རྣམ་དག་སྨོན་ལམ་གྱི་བཏབ་ཚུལ། རྒྱ་ཆེ་རོལ་པ་ལ་བརྟེན་ནས་སྟོན་པ་ཐུབ་པའི་དབང་པོས་མཛད་པ། རྡོ་རྗེ་གཅོད་པ་དང་འབུམ་ཊི་ཀ་ལ་སོགས་པའི་རྗེས་སུ་འབྲངས་ནས་བསྟན་པའི་གནས་ཚད་སོགས་འཆད་པ། དཀོན་མཆོག་གསུམ་ལ་དད་པ་སྐྱོ་ངལ་མེད་པར་བྱེད་པ། དུས་གསུམ་གྱི་ཕ་མ་ལ་དྲིན་ལན་བསླབ་པ། མིག་མཐོ་སར་བལྟ་ཞིང་གོང་མ་རྣམས་ཀྱི་རྗེས་སྙེགས་པ། དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པས་ལས་བྱས་པ་ལ་དྲིན་ལན་མི་བརྗེད་པ་སོགས་འཆད་ཚུལ་མང་དུ་མཆིས་ཀྱང་འདིར་དེ་དག་གི་དོན་བསྡོམས་པའི་ཚུལ་གྱིས། འཆད་མཁས་པས་བཤད་སླ་ལ། ཉན་ཤེས་པས་གོ་བདེ་བ། བརྗོད་བྱའི་གཙོ་བོ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་སྙན་སྒྲོན་ཅུང་ཟད་ཅིག་ཞུ་ན།


JKT002_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་ཕུན་སུམ་ཚོགས་པ་གཞན་རྣམས་གང་དུ་ཚོགས་པའི་གནས་ནི། དེ་ཡང་དོན་དམ་པའི་དབང་དུ་བྱས་ན་འཇིག་རྟེན་གྱི་ཁམས་ལ་ཚད་མེད། འཇིག་རྟེན་ཀུན་རྫོབ་ཏུ་སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་པའི་དབང་གིས་འཇིག་རྟེན་གྱི་ཁམས་ལ་ཚད་སྣ་ཚོགས་གསུངས་པས་ན། འདི་ཙམ་ཞེས་ཚད་བཟུང་བར་མི་ནུས་ན་ཡང་། མངོན་པ་གོང་འོག་དང་། དཔལ་དུས་ཀྱི་འཁོར་ལོ། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་སོགས་མདོ་རྒྱུད་དུ་མ་ནས་ཚད་ཅུང་ཟད་མི་མཐུན་པ་གསུངས་པ་རྣམས་ཀྱི་ནང་ནས། འདིར་དམ་པའི་ཆོས་མངོན་པ་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་པ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །རྒྱ་ཞེས་མི་མཇེད་འཇིག་རྟེན་གྱི་ཁམས་འདི་གཅིག་ཏུ་བྱས་པ་དེ་འདྲ་བ་སྟོང་གི་གྲངས་ཚང་བ་ལ་སྟོང་སྤྱི་ཕུད། དེ་དང་མཚུངས་པའི་སྟོང་གི་གྲངས་ཚང་བ་ལ་བར་མའི་འཇིག་རྟེན། དེ་ལྟ་བུའི་སྟོང་གི་གྲངས་ཚང་བ་ལ་གངས་ཆེན་མཚོའི་རྒྱ་མཚོ་ཆེན་པོར་བརྟེན་ཁོར་ཡུག་གཅིག་གིས་བསྐོར་བའི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྣམས་ཆགས་འཇིག་གཅིག་ཅར་དུ་འབྱུང་བ་འདི་ནི་མཆོག་གི་སྤྲུལ་པའི་སྐུའི་ཞིང་ཁམས་སུ་


JKT002_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ལ། ཐེག་པ་ཆེན་པོའི་ལུགས་ལ་བཤད་མ་ཐག་པའི་དེ་བྱེ་བ་ཕྲག་བརྒྱར་རབ་འབྱམས་མཚམས་སྦྱོར་གཅིག །དེ་བྱེ་བ་ཕྲག་བརྒྱར་རབ་འབྱམས་རྒྱུད་གཅིག །དེ་བྱེ་བ་ཕྲག་བརྒྱར་རབ་འབྱམས་རྒྱ་མཚོའི་བར་མའི་རྒྱུད་གཅིག །དེ་བྱེ་བ་ཕྲག་བརྒྱར་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་སྤྲུལ་པའི་སྐུ་གཅིག་གི་ཞིང་ཁམས། དེ་རྣམ་སྣང་གངས་ཅན་མཚོའི་བ་སྤུའི་ཁུང་བུ་རེ་དང་ཞིང་གི་རྡུལ་རེར་བྱེ་བ་ཕྲག་བརྒྱར་གནས་ཤིང་། ཐུབ་པ་འདི་ཉིད་བདག་ཅག་རྣམས་ཀྱི་སྟོན་པ་ལོངས་སྐུར་བཞེངས་པ་ཡིན་ལ། ཐུབ་པ་དེས་ཕྱག་མཐིལ་གྱི་ལྷུང་བཟེད་སྤོས་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་ཆེན་པོའི་དབུས་སུ། པདྨའི་སྡོང་པོ་ཆེན་པོ་རྒྱ་ཁྱོན་རབ་ཏུ་ཡངས་པ་སྐྱེས་པ་ལ། མེ་ཏོག་པདྨ་ཉི་ཤུ་རྩ་ལྔ་ཐོབ་རྩེགས་སུ་ཡོད་པའི་མེ་ཏོག་རེ་རེའི་སྟེང་དུ་འཇིག་རྟེན་གྱི་ཁམས་རེ་རེ་ཡོད་ལ། དེ་ཡི་ནང་ནས་པདྨ་བཅུ་གཉིས་ཡར་མར་དུ་བརྩིས་པས་དབུས་བཅུ་གསུམ་པའི་སྟེང་དུ་གནས་པའི་འཇིག་རྟེན་གྱི་ཁམས། སྤྲུལ་པའི་སྐུ་ཤཱཀྱའི་རྒྱལ་པོས་འདུལ་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ལ། རི་རབ་གླིང་བཞི་གླིང་ཕྲན་ལྕགས་རི་དང་བཅས་པ་ཡོད་པས། གླིང་བཞི་གླིང་ཕྲན་གཞན་ལས་ཁྱད་པར་དུ་འཕགས་པ་འཛམ་གླིང་ལས་ཀྱི་ས་པ་འདི་ལ། རིའི་རྒྱལ་པོ་གངས་ཅན། བྲག་གསེར་གྱི་བྱ་སྐྱིབས་ཅན། མཚོ་མ་དྲོས། རྫིང་བུ་དལ་


JKT002_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འབབ་པ། ཤིང་སཱ་ལའི་རྒྱལ་པོ་ལ་སོགས་པ་ཡུལ་གྱི་བཀོད་པ་ངོ་མཚར་བ་དུ་མས་མཛེས་པ་འདི་ལ། གྲོང་ཁྱེར་ཆེན་པོ་ལྔ་བརྒྱ། ལྗོངས་ཆེན་པོ་བཅུ་དྲུག །ཡུལ་ཕྲན་སྟོང་། ཡུལ་ཆེན་པོ་སོ་གཉིས། གནས་ཉེར་བཞི། དུར་ཁྲོད་ཆེན་པོ་བརྒྱད། མི་རིགས་སུམ་བརྒྱ་དྲུག་ཅུ། སྐད་རིགས་བདུན་བརྒྱ་ཉི་ཤུ་སོགས་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཤར་ཕྱོགས་སུ་རྒྱ་ནག་དང་ཁྲི་སྟན། རྒྱ་ནག་ཏུ་མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་གྱི་ཕོ་བྲང་། རི་བོ་ཆེན་པོ་རྩེ་ལྔ། ལྷོ་ཕྱོགས་སུ་རྒྱ་གར་དང་ཁ་ཆེ། རྒྱ་མཚོའི་འགྲམ་དུ་འཕགས་པ་ཕྱག་ན་པདྨོའི་ཕོ་བྲང་རི་བོ་ཆེན་པོ་གྲུ་འཛིན། ནུབ་ཕྱོགས་སུ་སྟག་སྡེ་དང་གཟིག་ཡན། རིག་འཛིན་གྲུབ་པའི་དབང་པོ་རྣམས་དགྱེས་དགུར་སྤྱོད་པའི་གནས་མཆོག་ཨོ་ཌི་ཡཱ་ན་རྡོ་རྗེ་ཆེན་པོའི་ཕོ་བྲང་། བྱང་ཕྱོགས་སུ་ཁྲོམ་དང་གེ་སར། ཆོས་རྒྱལ་རིགས་ལྡན་རིམ་པར་བྱོན་པའི་གནས་ཤམྦྷ་ལ་ཆ་བསགས་ཀྱི་ཕོ་བྲང་གྲོང་ཁྱེར་བྱེ་བ་དགུ་བཅུ་རྩ་དགུ་དང་བཅས་པ་ཡོད་པའི་ཡུལ་གྱི་བྱེ་བྲག །ཇི་སྐད་དུ་འཇམ་དབྱངས་བསོད་ནམས་དབང་པོས། གླིང་བཞིའི་མཆོག་གྱུར་ལྷོ་ཡི་འཛམ་བུ་ཚུ་གླིང་། །འཛམ་གླིང་ལྟེ་བར་རྒྱ་གར་རྡོ་རྗེའི་གདན། །ཞེས་གསུངས་པ་ལྟར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སངས་རྒྱས་པ་དང་འཚང་རྒྱ་བར་འགྱུར་པའི་གནས་མཆོག་འཕགས་ཡུལ་རྡོ་རྗེའི་གདན་ནས་


JKT002_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བརྩིས་པས་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་པ་ལྟར་བོད་ཡུལ་གདོང་དམར་ཅན་ནམ། སྤུར་རྒྱལ་བོད་དུ་གྲགས་པ། གངས་རི་དཔལ་དང་ལྡན་པས་བསྐོར་བའི་ལྗོངས། འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཞིང་དུ་གྱུར་བ་ནི། པདྨ་དྲྭ་བ་ཅན་གྱི་རྒྱུད་ལས། སྔོན་ཚེ་འདས་དུས་བསྐལ་པ་ནི། །བྱེ་བ་ཕྲག་བརྒྱའི་སྔ་རོལ་ན། །བདེ་གཤེགས་རྫོགས་སངས་རྒྱས་ཀྱི་མཚན། །ཚེ་དཔག་མེད་ཅེས་འཇིག་རྟེན་དུ། །སྟོན་པ་བྱུང་བ་བདག་གིས་མནོས། །དེ་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱི། །བདག་ལ་དབང་བསྐུར་ལུང་བསྟན་མཛད། །ཕྱིས་ནི་འདྲེན་པ་ཤཱཀྱ་ཞེས། །མི་མཇེད་འཇིག་རྟེན་ཁམས་འཁྲུངས་ཚེ། །མི་ཡུལ་ལས་ཀྱང་ཁྱད་པར་དུ། །ཡི་ཧྥདྭགས་གླིང་དུ་སྐྱེས་པ་འགའ། །བསྟན་ལ་གདུང་འཕེལ་བྱ་བའི་ཕྱིར། །མཚན་མོ་མུན་ནག་སྤྲིན་རུམ་དུ། །སྐད་ཅིག་གློག་འགྱུ་ཇི་ལྟ་བར། །རིག་སྔགས་འཆང་བ་གདོང་བཅུ་གཅིག །ཡན་ལག་སྟོང་དང་ལྡན་པ་ལ། །སྤྱན་ནི་ཆིག་སྟོང་སུམ་ཅུ་པའི། །ཚེ་དང་ལྡན་པའི་སྐུ་འབྱུང་འགྱུར། །ཞེས་ཤཱཀྱ་སེང་གེའི་བསྟན་པ་ལ། བོད་ཡུལ་ཡི་དྭགས་ཀྱི་གླིང་འདིར། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་འདུལ་ཞིང་དུ་


JKT002_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་པ་ལྟར། ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱིས་མངོན་པར་གང་བའི་ཡུལ་ཡི་དམ་གྱི་ལྷའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མཚན་མ་གསལ་བྱེད་དུ་བྱིས་པ་དག་གིས་ཀྱང་གསུང་མཆོག་ཡི་གེ་དྲུག་པའི་སྒྲ་རང་བྱུང་དུ་སྒྲོག་པ། ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ། རྒྱལ་བསྟན་རིན་པོ་ཆེའི་སྲོག་གནས་པའི་ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས། གངས་ཅན་ནམ་བོད་དུ་གྲགས་པ་འདི་ལ། སྟོད་ན་མངའ་རིས་སྐོར་གསུམ། བར་དུ་དབུས་གཙང་རུ་བཞི། སྨད་མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གྲགས་པ་ལས། ཞེས་པའི་མཚམས། དམིགས་བསལ་ལྷུན་གྲུབ་སྟེང་ལྟ་བུ་ལ་མཚོན་ན། མདོ་སྨད་གྱི་ལིང་རྟ་ཡི་ཆོལ་ཁ། འབྲི་རྫ་ཟལ་མོ་སྒང་། ཚ་བ་སྒང་། སྨར་ཁམས་སྒང་། སྤོ་འབོར་སྒང་། དམར་རྫ་སྒང་། མི་ཉག་ར་བ་སྒང་སྟེ་དྲུག་ཏུ་གྲགས་པ་ལས། འབྲི་རྫ་ཟལ་མོ་སྒང་དུ་གྲགས་པ། ལྷོ་ཚ་བ་རོང་གི་ཆུ་ཆེན། འབྲི་ཀླུང་གསེར་དང་ལྡན་པའི་ཆུ་བོ། ཤར་ཟླའི་རྫ་ཆུ་སྔོན་པོ། བྱང་གི་རྨ་ཆུ་ཁུག་པ་སྟེ་ཁམས་ཀྱི་གཙང་ཆེན་བཞི་དལ་གྱིས་འབབས་པ་ལས། འབྲི་ཞེས་བྱ་བའི་ཆུ་ཀླུང་གསེར་དང་ལྡན་པའི་རྒྱུན་ཆེན་པོ་འབབས་སྤྱི་པའི་འགྲམ་ངོགས། བོད་ཡུལ་དབུས་ཀྱི་ལྟེ་བ་འོག་མིན་འཕགས་པའི་གནས་དང་མཚུངས་པ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ནས་ཤར་ལྷོའི་ཕྱོགས་སུ་ཞག་གི་ཕུང་པོ་གསུམ་


JKT002_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བརྒལ་བའི་སར། ཇི་སྐད་དུ། རྒྱལ་པོ་ཤིན་ཏུ་མང་མོད་ཀྱི། །ཆོས་བཞིན་སྤྱོད་པ་ཤིན་ཏུ་ཉུང་། །མཁའ་ལ་ལྷ་གནས་མང་ན་ཡང་། །འོད་གསལ་ཉི་ཟླ་ལྟ་བུ་མེད། །ཅེས་པ་ལྟར་མདོ་སྨད་ཡངས་པའི་་ནོར་འཛིན་གྱི་ཁྱོན་ལ་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་རིམ་པར་བྱོན་པའི་གནས་མཆོག །གང་གི་ཕྱོགས་མཚམས་སུ། དབུ་ལ་གདུགས། སྙན་ལ་གསེར་ཉ། ཚེམས་ལ་དུང་། སྐུ་ལ་རྒྱལ་མཚན་སོགས་ཐུབ་པ་ས་ལ་རྫོགས་པའི་བཀྲ་ཤིས་པའི་རྟགས་ཀྱིས་མངོན་པར་བཀྲ་བ། ཤར་ཕྱེས། ལྷོ་སྤངས། ནུབ་འདེན། བྱང་སྐྱོབ་པ། ས་རྡོ་ཆུ་ཤིང་ངམ་འབྲོག་སོགས་ཡུལ་གྱི་དགེ་བཅུའི་དཔལ་དང་ལྡན་པ། གཞན་ཡང་མདུན་རིར་སྒྲོམ་བུ་སེང་གེ་བསྒྱིང་བ་འདྲ་བའི། ལུགས་གཉིས་ཁྲིམས་ཀྱི་ང་རོ་མཐོན་པོར་སྒྲོག་པས་སྡིག་སྤྱོད་ཝ་སྐྱེས་ཀྱི་ཀླད་པ་འགེམས་པར་བྱེད་པ། གཡས་རི་གཡུ་འབྲུག་ནམ་མཁར་འཕྱོ་བ་འདྲ་བའི། སྲིད་ན་འགྲན་ཟླ་དང་བྲལ་བའི་སྒྲ་ཆེར་སྒྲོག་པ། གཡོན་རི་གླང་ཆེན་ནོར་བུས་བརྒྱན་པ་ལྟ་བུས་སྲིད་ཞིའི་ཕུན་སུམ་ཚོགས་པའི་འདོད་དགུ་སྟེར་བ། རྒྱབ་རི་བྲག་དཀར་པུ་སྟི་བརྩེགས་པ་འདྲ་བའི། དམ་པ་ཆོས་ཀྱི་བཤད་སྒྲུབ་ཇི་སྙེད་ཅིག་འདུས་པའི་རྟགས། ནུབ་ཕྱོགས་མཛེས་པར་བྱེད་པའི་རྨ་བྱ་ར་བའི་གདོང་གུར་ཕུབ་པ་འདྲ་བའི། རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་རྒྱལ་བསྟན་རིན་པོ་ཆེ་རྒྱས་པ། གཡས་


JKT002_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་ཆུ་གཉིས་མདུན་དུ་འདུས་པས་ཁམས་གསུམ་དབང་དུ་སྡུད་པའི་ཆོས་རྒྱལ་རིམ་པར་བྱོན་པའི་རྟགས་སོགས་དགེ་མཚན་ཕུན་སུམ་ཚོགས་པ་དང་ལྡན་པའི་གནས་མཆོག་དཔལ་ལྡན་སྡེ་བཞི་དང་དགེ་བཅུའི་མིང་དོན་དང་ལྡན་པ་དོན་གཉིས་ལྷུན་གྱིས་གྲུབ་པའི་མཚན་ཅན་གྱི་རྒྱལ་ཁབ་ཆེན་པོ་གཙུག་ལག་ཁང་བསམ་འགྲུབ་མཐོང་གྲོལ་ཆེན་མོ་ཞེས་བྱ་བ་འདི་ཉིད་ནི་གནས་ཕུན་སུམ་ཚོགས་པ་ལགས།། ༈ །གཉིས་པ་སྲིད་ཞིའི་དགེ་ལེགས་ཐམས་ཅད་འབྱུང་བའི་སྒོ་གཅིག་པུར་གྱུར་པ་སྟོན་པ་ཕུན་སུམ་ཚོགས་པ་དེ་ཉིད་འགྲོ་བའི་དོན་དུ་ཇི་ལྟར་བྱོན་པའི་ཚུལ་ནི། སྤྱིར་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ངོ་མཚར་ཤིན་ཏུ་ཆེ་བ་གསུམ་བྱུང་སྟེ། དང་པོ་ཡུལ་མ་ག་དྷ་རྡོ་རྗེའི་གདན་དུ་སྟོན་པ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི། དགེ་ལེགས་དང་ངོ་མཚར་དུ་ཆེ་བ་དང་པོ་ཡིན་ཏེ། རྒྱལ་བ་ཉིད་ཀྱི་ཞལ་ནས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་ཡིན། །ཞེས་གསུངས་པ་ལྟར། དེ་ལ་འོ་སྐོལ་གྱི་སྟོན་པ་ཐུབ་པའི་དབང་པོ་འདི་ཉིད་ངེས་དོན་ཡིན་ལུགས་ཀྱི་དབང་དུ་བྱས་ན། ཐོག་མ་མེད་པའི་དུས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཉིད་འོད་གསལ་


JKT002_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཞིང་ཁམས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དགོངས་པ་རོ་གཅིག་ཏུ་བཞུགས་པ་ལས་མ་གཡོས་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པར་སྣང་བས། གདུལ་བྱ་སོ་སོའི་སྐལ་བ་དང་འཚམས་པར་སྟོན་པར་མཛད་དེ། དམ་ཆོས་པདྨ་དཀར་པོ་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །# དེ་ཡི་ཚད་ནི་ནམ་ཡང་མེད་པས་ན། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་ཅེས། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་གསུངས་པ་ལྟར་ལགས་ཀྱང་། ཐ་སྙད་རྣམ་འཇོག་གི་དབང་དུ་བྱས་ཏེ་ཐེག་པ་ཐུན་མོང་བ་ལྟར་ན། བདག་ཅག་གི་སྟོན་པ་འདི་ཉིད། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས་པའི་ཚུལ་བསྟན་པ་སྟེ། མདོ་སྡེ་བསྐལ་པ་བཟང་པོ་ལས། ང་ནི་སྔོན་ཚེ་དམན་པར་གྱུར་པ་ན། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་རབ་ཏུ་ཕུལ་ནས་ཀྱང་། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པ་ལྟར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་ཐུགས་བསྐྱེད་པ་ནས། ཐེག་པ་ཆུང་ངུ་ལྟར་ན། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་


JKT002_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས། །སྦྱིན་པར་བྱེད་པའི་སྦྱིན་པར་རྫོགས། །ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུགས་བཟོད་དང་ཚུལ་ཁྲིམས་ཀྱིས། །སྐར་རྒྱལ་བསྟོད་པའི་བརྩོན་འགྲུས་ཀྱིས། །དེ་མ་ཐག་ཏུ་ཏིང་འཛིན་བློ། །ཞེས་པ་ལྟར། གྲངས་མེད་གསུམ་ལ་རིམ་པར། གྲངས་མེད་དང་པོར་སངས་རྒྱས་བདུན་ཁྲི་ལྔ་སྟོང་། གཉིས་པ་བདུན་ཁྲི་དྲུག་སྟོང་། གསུམ་པ་བདུན་ཁྲི་བདུན་སྟོང་གི་བར་བརྙེས་པར་མཛད་ལ། ཐེག་པ་ཆེན་པོ་ལྟར་ན། ལམ་ལྔ་དང་ས་བཅུ་ཡོངས་སུ་རྫོགས་པར་བགྲོད་དགོས་པ་ཡིན་པས་ན། འཕགས་པས་ས་བརྙེས་ནས་སྐད་ཅིག་རེ་རེ་ཡང་། ཕྱོགས་བཅུའི་རབ་འབྱམས་མུ་མཐའ་མེད་པའི་སངས་རྒྱས་གྲངས་མེད་པ་དག་ཡོངས་སུ་མཉེས་པར་མཛད་པ་དང་། སེམས་ཅན་གྲངས་མེད་པ་ཡོངས་སུ་སྨིན་པ་དང་ཞིང་ཁམས་ཚད་མེད་པར་ཡོངས་སུ་སྦྱངས་ཤིང་། ས་བཅུ་རིམ་གྱིས་བགྲོད་པའི་མཐར་འོག་མིན་གྱི་ཞིང་ཁམས་སུ་རྒྱུན་མཐའི་ཡེ་ཤེས་ཀྱིས་ཡང་དག་པའི་མཐའ་མངོན་དུ་མཛད་དེ། ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་ཤིང་། དེ་ལས་མ་ཚུ་གཡོས་བཞིན་དུ་གཙང་མའི་སྟེང་དབང་ཕྱུག་ཆེན་པོའི་འོག་མིན་དང་། གཟུགས་ཁམས་ཀྱི་འོག་མིན་དང་། དགའ་ལྡན་དང་། འཛམ་བུའི་གླིང་རྣམས་སུ་སྤྲུལ་པའི་སྐུར་སྟོན་པར་མཛད་པ་ཡིན་ཏེ། རྒྱུད་བླ་མ་


JKT002_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་སྟོན། །ཅེས་གསུངས་སོ། །སྔགས་ཀྱི་རྒྱུད་སྡེ་རྣམས་ནི། འོག་མིན་དང་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་། རི་རབ་རྩེ་མོ་དང་། མིའི་གནས་ཀྱི་འཇིག་རྟེན་དཔལ་ལྡན་འབྲས་སྤུངས་དང་། ས་ཧོ་ར། ཨོ་ཌི་ཡ་ན། རི་བོ་བྱ་རྐང་ཅན། བསིལ་བ་ཚལ་ལ་སོགས་པར་གནས་དང་དུས་དང་འཁོར་མཐའ་གཅིག་ཏུ་མ་ངེས་པ་ལ་དཀྱིལ་འཁོར་སྤྲུལ་བཤད་ལ་སོགས་པའི་སྒོ་ནས་རྒྱུད་སྡེ་མཐའ་ཡས་པ་གསུངས་ལ། དེ་ཉིད་ཀྱི་རྗེས་སུ་སྟོན་པའི་རྒྱལ་ཚབ་སྟོན་པ་ཉིད་དང་མཚུངས་པར། གནས་བརྟན་འོད་སྲུང་ཆེན་པོ་དང་། འཕགས་པ་ཀུན་དགའ་བོ་ལ་སོགས་པ་བསྟན་པའི་གཏད་རབས་བདུན། གཞན་ཡང་དགྲ་བཅོམ་པ་ཉི་མ་གུང་པ། བླ་མ་གྲགས་པ། བསོས་བྱིན་སོགས་བསྟན་པ་སྐྱོང་བའི་དགྲ་བཅོམ་པའི་སྡེ་དང་། བླ་མ་འོད་སྲུང་མང་སྟོན་སོགས་བཙུན་པ་ཆེན་པོའི་སྡེ་དང་། རྒྱལ་བ་ལེགས་རྒྱལ་དགེ་བ་སོགས་བསྟན་པ་ལ་བྱ་བ་བྱས་པའི་བྲམ་ཟེ་ཆེན་པོའི་སྡེ་ལ་སོགས་པ་རྣམས་ཀྱིས་བསྟན་པ་ཡུན་རིང་དུ་བསྐྱངས་ཤིང་། དེ་དག་གི་སྐབས་སུ་ཐེག་པ་ཆེན་པོའི་བསྟན་པ་ནི། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་། མཆོག་གཉིས། བྲམ་ཟེ་ཆེན་པོ་ས་ར་ཧ་ལ་


JKT002_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གྲུབ་པ་བརྙེས་པའི་སློབ་དཔོན་བརྒྱད་ཅུ་རྩ་བཞི། དུས་ཞབས་ཆེ་ཆུང་། མཁས་པ་ཆེན་པོ་སྒོ་དྲུག་ཏུ་གྲགས་པ་རྣམས་ཀྱིས་མདོ་དང་སྔགས་ཀྱི་སྒོ་ནས་སྐལ་ལྡན་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་ནས་རྒྱལ་བསྟན་རིན་པོ་ཆེ་གསལ་བར་མཛད་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་གངས་ཅན་བོད་ཀྱི་ཡུལ་འདིར། ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་རྐྱེན་མཛད་པ་ལ་བསྟེན་ནས། མཁན་པོ་ཆེན་པོ་ཞི་བ་འཚོ་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། པཎྜི་ཏ་བི་མ་ལ་མི་ཏྲ། སློབ་དཔོན་ཀ་མ་ལ་ཤཱི་ལ། ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊ། ཀ་ཅོག་ཞང་གསུམ་ལ་སོགས་པ་རྣམས་ཀྱིས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད། བསྟན་པ་ཕྱི་དར་གྱི་སྐབས་སུ་རྨ་གཡོ་གཙང་གསུམ་དང་། བསྟན་པའི་ཉི་མ་བླ་ཆེན་དགོངས་པ་རབ་གསལ། ནུས་པ་ཅན་གྱི་ཀླུ་མེས་སོགས་མི་བཅུ། ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ །པཎ་གྲུབ་ག་ཡ་དྷ་ར། སྤྲུལ་པའི་ལོ་ཙཱ་བ་རིན་ཆེན་བཟང་པོ། ནགས་ཚོ་ལོ་ཙཱ་བ་ཆེན་པོ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། འགོས་ལོ་དང་། མལ་ལོ་ཙཱ་བ། ར་ལོ་དང་། ་འབྲོམ་རྒྱལ་བའི་འབྱུང་གནས། ས་རྔོག་ཉི་ཟླ་ཟུང་འབྲེལ་སོགས་མང་དུ་བྱོན་པ་རྣམས་ཀྱི་ནང་ནས། ཞེས་པའི་མཚམས་སོ་སོའི་ལོ་རྒྱུས་སྦྱར་ཏེ། ས་ངོར་གྱི་བླ་ཆེན་ལྟ་བུ་ལ་མཚོན་ན། སྤྱིར་དཔལ་ས་སྐྱ་པའི་


JKT002_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་རབས་ཀྱི་ཆེ་བ། བྱེ་བྲག་ཏུ་རྗེ་བཙུན་གོང་མ་ལྔའི་རྣམ་ཐར་རགས་བསྡུས། ཁྱད་པར་གང་ལ་བསྔགས་བྱའི་ཡུལ་དེ་ཉིད་ཀྱི་རིགས་རུས་ཡོན་ཏན་གྱི་ཆེ་བ་སོགས་སྐབས་དང་འབྲེལ་བར་བརྗོད་དོ།། ༈ །།གསུམ་པ་སྟོན་པ་ཕུན་སུམ་ཚོགས་པ་དེ་ཉིད་དུས་ཕུན་སུམ་ཚོགས་པ་ནམ་གྱི་ཚེ་བྱོན་པ་ཡིན་སྙམ་ན། དཔེར་ན་དབྱར་གྱི་དུས་མཚན་མོ་ཆར་མུན་ཆེན་པོའི་ཁྲོད་དུ་གློག་ཕྲེང་ཙམ་འཆར་བ་དང་མཚུངས་པར། སྤྱིར་བསྐལ་པ་ལ་སྒྲོན་མེའི་བསྐལ་པ་དང་། མུན་བསྐལ་གཉིས་ལས། དང་པོའི་ཚེ་སངས་རྒྱས་འཇིག་རྟེན་དུ་བྱོན་གྱི། གཉིས་པ་ལ་མི་བྱོན། དང་པོ་ལ་ཡང་ཆགས་པའི་བསྐལ་པ་དང་། གནས་པའི་བསྐལ་པ་དང་། འཇིག་པའི་བསྐལ་པ་དང་གསུམ་ལས། བར་པ་ཁོ་ན་ལ་བྱོན་གྱི། ཐོག་མཐའ་གཉིས་ལ་མི་བྱོན། བར་པ་ལ་ཡང་ཚེ་ལོ་བརྒྱད་ཁྲི་ཡན་གྱི་ཡར་འཕེལ་གྱི་བསྐལ་པ་ལ་མི་རྣམས་ཚེ་རིང་ཞིང་བདེ་བ་ཤས་ཆེ་བས་སྐྱོ་བའི་བསམ་པ་མི་འབྱུང་བའི་ཆོས་བསྟན་པའི་ཡུལ་མིན་པས་མི་འབྱོན། མར་འགྲིབ་པའི་དུས་སུ་ཡང་མི་འབྱོན་པར། བརྒྱད་ཁྲི་ནས་ཚེ་ལོ་བརྒྱའི་བར་གྱི་དུས་གང་ཡང་རུང་བ་ལ་འབྱོན་པས། བསྐལ་པ་ཕལ་ཆེར་མུན་པའི་བསྐལ་པ་ཡིན་ལ། ད་ལྟའི་བསྐལ་པ་འདི་ཆགས་པའི་ཚེ། རྒྱ་མཚོའི་ནང་ནས་གསེར་གྱི་པདྨ་སྟོང་དང་གཉིས་ཤར་བའི་དགེ་མཚན་དེ་ལྟ་བུ་མཐོང་བས། ལྷ་རྣམས་ཀྱིས་ཨེ་མ་བསྐལ་པ་


JKT002_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའོ། །ཞེས་ཆེད་དུ་བརྗོད་པས། བསྐལ་པ་པདྨ་སྟོང་མཐོང་ངམ། བསྐལ་པ་བཟང་པོ་ཞེས་གྲགས་པ་འདི་ཉིད་ལ། བསྐལ་བཟང་སངས་རྒྱས་སྟོང་ལས་རྩོད་ལྡན་གདུལ་དཀའ་འདུལ་བ་ལ་ཆེད་དུ་བསྔགས་པ་སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་འགྲོ་བའི་དོན་དུ་བྱོན་པ་ཡིན་ལ། དེ་དག་གི་རྗེས་སུ་གདུལ་བྱ་གང་ལ་གང་འདུལ་གྱི་དུས་ཕུན་སུམ་ཚོགས་པའི་སྐབས་སུ་བསྟན་འཛིན་གྱི་སྐྱེས་བུ་རྒྱ་གར་འཕགས་པའི་ཡུལ་དང་། བོད་གངས་ཅན་གྱི་ལྗོངས་འདིར་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དར་རྒྱས་སུ་མཛད་པ་ཡིན་ལ། ཞེས་པའི་མཚམས། དམིགས་བསལ་རབ་བྱུང་བཅུ་བཞི་པའི་དགེ་བྱེད་ལོའི་ཁྲི་སྟོན་ལྟ་བུ་ལ་མཚོན་ན། བྱེ་བྲག་ཏུ་སྐབས་སུ་བབས་པའི་དུས་ནི། སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་དྲག་པོ་ཞེས་པ་ལྕགས་སྤྲེལ་གྱི་ལོ་ས་ག་ཟླ་བའི་ཚེས་བདུན་ལ་ལུམྦིའི་ཚལ་དུ་སྐུ་བལྟམས་པ་ནས་ལོ་གྲངས་ཉིས་སྟོང་བརྒྱད་བརྒྱ་བཅུ་གཉིས་འདས་པ།. ཤཱཀྱའི་དབང་པོའི་བསྟན་པ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ལྔ་སྟོང་སྟེ་ལྔ་བརྒྱ་ཕྲག་བཅུར་གནས་པར་ལྔ་བརྒྱ་པ་གསུམ་རེ་ལ་དུས་རེ་བྱས་པའི་མངོན་པར་རྟོགས་པའི་དུས་དང་། སྒྲུབ་པའི་དུས་དང་། ལུང་གི་དུས་ཞེས་གསུམ་དུ་འགྱུར་པའི་མངོན་རྟོགས་ཀྱི་དུས་གསུམ་དང་། སྒྲུབ་པའི་དུས་ཀྱི་སྟེང་ནས་ལོ་ཆིག་སྟོང་


JKT002_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་བརྒྱ་དང་ཉེར་གསུམ་འདས་ཤིང་། མ་འོངས་བསྟན་པ་རྣལ་མ་སྒྲུབ་པའི་དུས་ཀྱི་ལོ་གྲངས་ཉིས་བརྒྱ་དང་རེ་བརྒྱད། ལུང་གི་དུས་ཡོངས་རྫོགས་བཅས་ལོ་ཆིག་སྟོང་བདུན་བརྒྱ་རེ་བརྒྱད། རྟགས་ཙམ་འཛིན་པ་ལྔ་བརྒྱ་དང་བཅས་པའི་བསྟན་པ་རིན་པོ་ཆེ་དངོས་དང་། གཟུགས་བརྙན་དྲིལ་བས་ལོ་ཉིས་སྟོང་ཉིས་བརྒྱ་དང་རེ་བརྒྱད་གནས་པ། གསང་ཆེན་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་གངས་རིའི་ལྗོངས་འདིར་ཕེབས་ནས་རབ་བྱུང་ཐོག་མར་བརྩིས་པའི། རབ་བྱུང་བཅུ་བཞི་པའི་དུས་ཕུན་སུམ་ཚོགས་པ་དེ་ཉིད་དུ་ཞབས་པད་གསེར་གྱི་འཁོར་ལོ་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་སྟེངས་སུ། བོད་ཟླ་འབངས་བསོད་ནམས་བསགས་པའི་ཞིང་དམ་པར་མངའ་གསོལ་གྲུབ་པ་ནི་དུས་ཕུན་སུམ་ཚོགས་པ་ཉིད་ལགས་སོ།། ༈ །།བཞི་པ་དུས་ཕུན་སུམ་ཚོགས་པ་དེ་ཉིད་དུ་བྱོན་པའི་སྟོན་པ་ཕུན་སུམ་ཚོགས་པ་དེ་ཉིད་ཀྱིས་གསུངས་པའི་ཆོས་ཕུན་སུམ་ཚོགས་པ་ནི། དེ་ལ་ཡང་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ངོ་མཚར་ཆེ་བ་གསུམ་གྱི་ནང་ནས། ཡུལ་ཝཱ་ར་ཎཱ་སི་ལ་སོགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་དགེ་ལེགས་དང་ངོ་མཚར་དུ་ཆེ་བ་གཉིས་པ་ཡིན་ཏེ། ཇི་སྐད་དུ། དེ་རིང་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་


JKT002_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། །ཞེས་གསུངས་པ་ལྟར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ཆོས་ཀྱི་འཁོར་ལོ་གསུང་ཚུལ་ནི། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་པ་ལྟར་རྟོགས་པའི་ཆོས་ལ་འགོག་ལམ་གཉིས། དེ་ལ་སྤངས་རྟོགས་གཉིས་སུ་ཡོད་ལ། ལུང་གི་ཆོས་འཁོར་ལ། ལྷའི་བུ་རབ་སྦྱང གནས་ཀྱིས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་སུ་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་ལྟར་བརྗོད་བྱའི་སྒོ་ནས་སྡེ་སྣོད་གསུམ་གྱི་ཆོས་འཁོར་དང་། གདུལ་བྱའི་སྒོ་ནས་ཉན་ཐོས་དང་། ཐེག་ཆེན་གྱི་སྡེ་སྣོད་ཀྱི་ཆོས་འཁོར་གཉིས་སུ་ངེས་ཏེ། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །ཞེས་གསུངས་ཤིང་། དེ་ལྟ་བུའི་ལུང་གི་ཆོས་འཁོར་དེ་ཉིད་ལ་དབྱེ་ན། བྱེ་བྲག་ཏུ་སྨྲ་བ་མངོན་པ་བ་དང་། ལུང་གི་རྗེས་འབྲང་གི་མདོ་སྡེ་པ་གཉིས་ནི། བདེན་པ་བཞི་ལས་བརྩམས་ནས་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བར་འདོད། གཉིས་པ་གཟུངས་རྒྱལ་གྱི་མདོ་ལས་བཤད་པའི་ཆོས་འཁོར་ནི། གདུལ་བྱ་ཐེག་པ་སྣ་


JKT002_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་རིགས་ཅན་ལ། ཐོག་མར་འཁོར་བ་ལ་བློ་ལྡོག་ནས་དམན་པའི་ཐེག་པར་ཁ་དྲངས་པའི་ཕྱིར་དྲི་མ་རགས་པ་སྦྱོང་བའི་ཚུལ་གྱིས་ཆོས་འཁོར་དང་པོ་བསྐོར། སླར་ཐེག་པ་ཆེན་པོའི་ལམ་དུ་དཀྲི་བའི་ཕྱིར་དྲི་མ་འབྲིང་པོ་སྦྱོང་པའི་ཚུལ་གྱིས་ཆོས་འཁོར་གཉིས་པ་བསྐོར། དེ་ནས་ལུང་སྟོན་པ་དང་མཚན་འཛིན་གྱི་གནས་ངན་ལེན་སྦྱོང་བའི་ཕྱིར་དྲི་མ་ཕྲ་བ་སྦྱོང་བའི་ཚུལ་གྱིས་ཆོས་འཁོར་གསུམ་པ་བསྐོར་བ་ཡིན་ཚུ ལ། གསུམ་པ་མདོ་སྡེ་དགོངས་པ་ངེས་འགྲེལ་ནས་གསུངས་པའི་ཆོས་འཁོར་ནི། ཡུལ་ཆེན་པོ་དྲུག་གི་ནང་ཚན་གནས་ཝཱ་ར་ཎཱ་སིར་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་གསུངས། ཡང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་དང་། སྤྲུལ་པའི་ཉན་ཐོས་ཀྱི་ཚུལ་བཟུང་བས་གདུལ་བྱ་རྣམས་ལ་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པའི་སྟོང་པ་ཉིད་བརྗོད་བྱའི་གཙོ་བོར་སྟོན་པའི་ཆོས་འཁོར་ཏེ། བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། ཡང་ཐེག་པ་སྣ་ཚོགས་པའི་རིགས་ཅན་མང་པོ་ཞིག་ལ་ཀུན་བརྟགས་དང་གཞན་དབང་གིས་བསྡུས་པའི་ཆོས་ནི་བདེན་པར་མེད་པས་སྒྲོ་འདོགས་ཀྱི་མཐར་མ་ལྷུང་། ཡོངས་གྲུབ་ཀྱིས་བསྡུས་པའི་ཆོས་ནི་བདེན་པར་ཡོད་པས་སྐུར་འདེབས་ཀྱི་མཐར་མ་ལྷུང་པའི་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་བ་ཡིན་ལ། བཞི་པ་ཤེར་ཕྱིན་གྱི་མདོ་ལས་


JKT002_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཆོས་འཁོར་ནི། ཤེར་ཕྱིན་ལས། ཀྱེ་མ་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བསྐོར་རོ། །ཞེས་གསུངས་པ་ལྟར། འདི་བསྐོར་བའི་ཚུལ་ལ་གསུམ་སྟེ། བཅོམ་ལྡན་འདས་ཉིད་ཀྱིས་བླ་གོས་བཞི་སྟབས་སུ་བྱས། གདན་སེང་གེའི་ཁྲི་ལ་ཞབས་རྡོ་རྗེ་སྐྱིལ་ཀྲུང་། དགོངས་པ་སྔོན་དུ་མཛད་ནས་བཞུགས་ཐབས་བཤམས་པ་དང་། གཉིས་པ་ལ་ཏིང་ངེ་འཛིན་གྱི་ཆོ་འཕྲུལ། རྫུ་འཕྲུལ་ལྟ གྱི་ཆོ་འཕྲུལ། ཆོས་གནང་བའི་ཆོ་འཕྲུལ་ཏེ་གསུམ་དང་། གསུམ་པ་ལ། གནས་བྱ་རྒོད་ཕུང་པོའི་རི་བོར་བརྗོད་བྱ་ཕར་ཕྱིན་དྲུག་ལས་བརྩམས་ཏེ་ཤེར་ཕྱིན་གྱི་མདོ་རྒྱས་འབྲིང་བསྡུས་གསུམ་གསུངས་པ་ཡིན་ལ། གཞན་ཡང་ཆོས་འཁོར་དགུ་ཕྲུགས་ཀྱི་ཐ་སྙད་ཡང་བཤད་དེ། བརྗོད་བྱ་བདེན་པ་བཞི་དང་། སྟོང་ཉིད་དང་། མཚན་ཉིད་གསུམ་བརྗོད་བྱའི་གཙོ་བོར་སྟོན་པའི་མདོ་རྣམས་ལ་བཀའ་དང་པོའི་དང་པོ་དང་། དང་པོའི་བར་པ་དང་། དང་པོའི་ཐ་མ་ཡིན་ལ། ཤེར་ཕྱིན་གྱི་མདོ་ལ་ཡང་འཕགས་པའི་བདེན་པ་བཞི་དག་གི་ཞེས་པའི་ཐད་ཀྱི་མདོ་རྣམས་ནི་བར་པའི་དང་པོ། གཟུགས་སོགས་ངོ་བོ་ཉིད་མེད་ཅིང་ཞེས་པའི་ཐད་ཀྱི་མདོ་རྣམས་ནི་བར་པའི་གཉིས་པ། དེ་མ་རྫོགས་དང་རབ་རྫོགས་དང་ཞེས་པ་རྣམས་ནི་བར་པའི་ཐ་མ་དང་། དེ་བཞིན་དུ་བཀའ་ཐ་མ་ལ་ཡང་། བརྗོད་བྱ་བདེན་བཞི་སོགས་གསུམ་གྱིས་ཐ་


JKT002_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དང་པོ། ཐ་མའི་བར་པ། །ཐ་མའི་ཐ་མ་ཞེས་པའི་ཐ་སྙད་བཞེད་དོ། །དེ་ལྟ་བུའི་ཆོས་འཁོར་དེ་ཉིད་སྟོན་པའི་གདུལ་བྱ་སོ་སོ་ལ་དུས་རིམ་ཅན་དུ་བསྐོར་རམ། གཅིག་ཅར་དུ་བསྐོར་ཞེ་ན། མཁས་པ་ཕལ་ཆེར་གྱི་བཞེད་པས་རིམ་ཅན་དུ་བསྐོར་བར་བཤད་ཀྱང་། འདིར་མཁས་མཆོག་བསོད་ནམས་རྩེ་མོས། དགོངས་པ་ལུང་སྟོན་ལས། རྟོག་པ་མེད་ཅིང་འཁྲུགས་མེད་པ། །ཡིད་འོང་རྡོ་རྗེའི་ཚིག་གཅིག་པུ། །#་གདུལ་བྱའི་བསམ་པའི་དབང་གིས་ནི། །བྱེ་བྲག་མང་པོར་འགྱུར་པ་ཡིན། །ཞེས་དང་། མདོ་སྡེ་རྒྱན་ལས། སྔར་ལུང་མ་བསྟན་ལྷན་ཅིག་བྱུང་། །ཞེས་གསུངས་པ་ལྟར་བཅོམ་ལྡན་འདས་ཀྱི་གསུང་་ཅིག་གིས་དུས་གཅིག་ལ་གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པར་ཆོས་ཀྱི་འཁོར་ལོ་མི་འདྲ་བ་དུ་མ་བསྐོར་བ་ཡིན་ལ། རིམ་ཅན་དུ་བསྐོར་བ་ལྟར་ན་ཡང་། དང་པོའི་ཚེ་དྲང་དོན་གསུངས་ལ་ངེས་དོན་མ་གསུངས་པའམ། གཉིས་པ་དང་གསུམ་པའི་ཚེ་གང་རུང་ཞིག་གསུངས་ལ། གཅིག་ཤོས་མ་གསུངས་པའི་མཐའ་རང་ཅག་རྣམས་ཀྱིས་དཔོག་པར་མི་ནུས་སོ། །གཞན་ཡང་མཁས་པ་འཇུག་པའི་སྒོ་ལས། མཐའ་དྲུག་གང་གིས་ཤེས་པ་དེ། །གཞུང་བཤད་པ་ལ་ཤིན་ཏུ་མཁས། །ཞེས་གསུངས་པ་ལྟར། གདུལ་བྱའི་སྒོ་ནས་དྲང་དོན་དང་ངེས་དོན་གཉིས། རྗོད་བྱེད་ཀྱི་སྒོ་ནས་སྒྲ་ཇི་བཞིན་པ་དང་། ཇི་བཞིན་མ་ཡིན་པ་གཉིས།


JKT002_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་བཤད་པ་གཉིས་ཏེ་དྲུག་ཏུ་ཡོད་པ་ཡིན་ལ། བསྟན་བཅོས་སུ་གྱུར་པའི་ལུང་གི་ཆོས་འཁོར་ནི། བཀའི་དགོངས་པ་རང་དབང་དུ་འགྲེལ་ནུས་པའི་མགོན་པོ་བྱམས་པས་མཛད་པའི་བྱམས་ཆོས་སྡེ་ལྔ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་པའི་ཚོགས་དྲུག་ལ་སོགས་པ་ལ་ཤིང་རྟའི་སྲོལ་འབྱེད་གཉིས་སུ་གྲགས་པ་དང་། གཞན་ཡང་བཀའི་དགོངས་པ་དངོས་སྟོབས་ཀྱི་རིགས་པས་འགྲེལ་ནུས་པ་རྒྱ་གར་འཕགས་པའི་ཡུལ་དུ་གྱུར་པ་རྣམས་དང་། བོད་གངས་ཅན་གྱི་ལྗོངས་འདིར་ཡང་གསང་སྔགས་རྙིང་མ་པ་དང་། ཇོ་བོ་བཀའ་གདམས་པ་དང་། ཆོས་རྗེ་བཀའ་བརྒྱུད་པ་དང་། རི་བོ་དགའ་ལྡན་པ་དང་། དཔལ་ལྡན་ས་སྐྱ་པ་སོགས་གྲུབ་མཐའ་ཅུང་ཟད་མི་མཐུན་པ་མང་དུ་བྱས་ཀྱང་། གསུང་རབས་ཀྱི་ལུང་དང་རྣམ་པར་དག་པའི་རིགས་པས་བསྒྲུབས་པའི་བསྟན་པ་ཡང་དག་པ་བསྲེ་བསླད་དང་བྲལ་བ་ནི་ཆུ་མགོ་གངས་དཀར་ལ་ཐུག་པའི་དཔེ་ལྟར་དཔལ་ལྡན་ས་སྐྱ་པ་ཆེན་པོ་ཞེས་ཡོངས་སུ་གྲགས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་ལ། དེ་དག་ཀྱང་གཞན་རྗེས་སུ་འཛིན་པར་བྱེད་པ་བཟོ་དང་གསོ་བ་རིག་པ། ལོག་རྟོག་ཚར་གཅོད་པར་བྱེད་པ་སྒྲ་དང་ཚད་མ་རིག་པ། :ཀུན་ཤེས་པར་བྱེད་པ་ནང་རིག་པ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། བྱེ་བྲག་ཏུ་ནང་རིག་པ་ཀུན་གྱི་རྒྱ་ཆེན་སྤྱོད་པའི་གཞུང་དང་།


JKT002_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་ལྟ་བའི་གཞུང་དང་། སྒོམ་པ་ཉམས་ལེན་གྱི་གཞུང་དོན་མཐའ་དག་རྒྱལ་བའི་དགོངས་པ་མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་ལེགས་པར་གཏན་ལ་ཕབ་ནས་འཆད་པ་ཡིན་པས་ན་གཞན་ལས་ཆེས་ཁྱད་ཊྛ ་པར་དུ་འཕགས་པ་ལགས། །ད་ལམ་སྐབས་སུ་བབས་པའི་ཆོས་ཀྱི་འཁོར་ལོ་ནི། འཆད་པ་ལེགས་བཤད་ཉི་མའི་འོད་ཟེར་གྱིས་ཤེས་བྱ་རིག་པའི་གནས་ཤིན་ཏུ་ཕྲ་ཞིང་ཟབ་པ་རྣམས་ཀྱང་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་གསལ་བར་སྟོན་ཅིང་། རྩོད་པ་ལུང་རིགས་གནམ་ལྕགས་ཀྱི་རྡོ་རྗེས་ལོག་རྟོག་གི་རི་བོ་ཕྱེ་མར་འཐག་ཅིང་། རྩོམ་པ་སྙན་ཚིག་ཨུཏྤལའི་ཕྲེང་བ་ཚར་དུ་དངར་བས་རྣམ་དཔྱོད་ཡངས་པའི་མཁས་པ་རྣམས་ཀྱི་རྣ་བར་མཛེས་པར་མཛད་པའི་སྒོ་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་རྒྱ་མཚོ་ལྟ་བུ་རྣམ་མཁྱེན་ངེས་ལེགས་མཆོག་གི་གོ་འཕང་ལ་དཀྲི་བར་བྱེད་པའི་སྒོ་ནས་ཞབས་པད་བསྐལ་བརྒྱ་བརྟན་ཅིང་བཞུགས་པ་ནི་ཆོས་ཕུན་སུམ་ཚོགས་པ་ལགས།། ༈ །།ལྔ་པ་དུས་དེ་ཉིད་དུ་བྱུང་བའི་འཁོར་ཕུན་སུམ་ཚོགས་པ་ནི། དེ་ལའང་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ངོ་མཚར་ཆེ་བ་གསུམ་གྱི་ནང་ནས། སྟོན་པའི་སྟོན་པས་ཆོས་འཁོར་བསྐོར་བའི་མཐུ་ལ་བརྟེན་ནས། འཕགས་པའི་དགེ་འདུན་འབྱུང་བ་ནི། དགེ་ལེགས་དང་ངོ་མཚར་ཆེ་བ་གསུམ་པ་ཡིན་ཏེ། ཇི་སྐད་དུ། དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་ནོར་གྱིས་ཕྱུག །


JKT002_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། །ཞེས་པ་ལྟར། སྤྱིར་ཆོས་ཀྱི་སྐུ་དང་ངོ་བོ་ཉིད་སྐུ་ལ་ནི་སྤྲོས་པའི་མཚན་མ་ལས་འདས་པ་ནམ་མཁའ་ལྟར་འཕོ་འགྱུར་ཕྱོགས་ལྷུང་དང་བྲལ་བའི་ཡེ་ཤེས་ཆེན་པོ་དེ་ཉིད་བཞུགས་པའི་གནས་ནི། བདེན་པ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་ཁྱབ་པར་བཞུགས་པ་ཡིན་པས་ན་གཙོ་བོ་དང་འཁོར་གྱི་ཐ་སྙད་མི་འབྱུང་། ཡེ་ཤེས་དེའི་རང་ངོ་ན་ཀུན་རྟོག་དང་མཚན་མ་མི་མངའ་ན་ཡང་། སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱོར་བ་ལ་བརྟེན་ནས་ཉི་མ་ལས་འོད་དང་། ནོར་བུ་ལས་དགོས་འདོད་ཐམས་ཅད་འབྱུང་བ་བཞིན་དུ་སེམས་ཅན་རྣམས་འཁྲུལ་པར་བརྩམས་པ་ནས་བཟུང་སངས་རྒྱས་ཀྱི་ཐུགས་རྗེའི་འཇུག་པའང་མཉམ་དུ་སྣང་བ་ཡིན་ཏེ། དེ་ཡང་འཁོར་དག་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་ངེས་པ་ལྔ་ལྡན་གྱི་ཚུལ་དུ་བཞུགས་པ་ཡིན་ལ། དེ་ལས་གདུལ་བྱ་དམན་པ་རྣམས་ལ་སྤྲུལ་པའི་སྐུ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་ལ་སོགས་པའི་ཚུལ་བསྟན་ནས། འཁོར་ལྔ་སྡེ་བཟང་པོ་ལ་སོགས་པས་ཉན་ཐོས་རྣམས་དང་། ཡང་གདུལ་བྱ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། སྤྲུལ་


JKT002_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉན་ཐོས་རྣམས་དང་། གཞན་ཡང་འཁོར་ཐེག་པ་སྣ་ཚོགས་པའི་རིགས་ཅན་མང་པོ་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་ཡིན་ལ། དེ་དག་གི་རྗེས་སུ་འཕགས་བོད་ཀྱི་སྟོན་པའི་རྒྱལ་ཚབ་ཆེན་པོ་རྣམས་ལ་གདུལ་བྱ་གང་འདུལ་གྱི་འཁོར་ཕུན་སུམ་ཚོགས་པ་བརྗོད་ཀྱིས་མི་ལངས་པ་བྱུང་ལ། ད་ལམ་སྐབས་སུ་བབ་པ་ནི། ཞེས་པའི་མཚམས། དམིགས་བསལ་གྱི་སྦྱིན་བདག་ས་སྐྱོང་སྡེ་དགེ་ལྟ་བུ་ལ་མཚོན་ན། སྤྱིར་བོད་ཀྱི་མིའི་འགྲོ་བ་རྣམས་ཆགས་ནས་རིང་ཞིག་ལོན་པ་ན། ཤར་མི་ཉག་བཞག་ར་ལྷ་རྩེ་དཀར་པོའི་རྩེ་ན། སྟེང་འོད་གསལ་གྱི་ལྷ་ཞིག་བབས་པ་ལས་ལྷ་ཡི་རིགས། མི་རྣམས་ཀྱིས་གནམ་ནས་བབས་པ་ལ་རྒྱུ་མཚན་དུ་བྱས་ནས་མགར་གནམ་ཚ་འབྲུག་ཏུ་བཏགས། དེ་ནས་བརྒྱུད་པ་རིམ་པར་འཕེལ་ནས་འཕགས་མཆོག་ཕྱག་ན་པདྨོའི་རྣམ་འཕྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཆོས་བློན་མགར་སྟོང་བཙན་ཡུལ་ནས་བཟུང་སྟེ་གདུང་རབས་ཞེ་ལྔའི་བར་དུ། མཁས་བཙུན་འཛོམ་པའི་བླ་བརྒྱུད། ཆེ་བཙན་འཛོམ་པའི་རྒྱལ་བརྒྱུད། མཐུ་རྩལ་དང་ལྡན་པའི་སྔགས་བརྒྱུད། དཔའ་རྩལ་དང་ལྡན་པའི་གེ་སར་གྱི་བརྒྱུད་པ་སྟེ་ཡོན་ཏན་གྱི་ལྡོག་པ་བཞི་དང་ལྡན་པའི་རྒྱལ་བརྒྱུད་རྣམས་ལ། ཤར་འཇམ་དབྱངས་གོང་མ་ཆེན་པོས་གསེར་གྱི་ཐཾ་ཀ་སོགས་ལས་ཁུར་མཐོན་པོས་དབང་བསྐུར་ཞིང་གཟེངས་བསྟོད་སྩལ། རྒྱལ་བསྟན་སྤྱི་


JKT002_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱེ་བྲག་དཔལ་ལྡན་ས་ངོར་ཚར་གསུམ་བླ་མ་ལྷ་སྲུང་དང་བཅས་པ་རྩ་བའི་སྐྱབས་གནས་སུ་འཛིན་པའི་ལུགས་གཉིས་ཆོས་སྲིད་ལ་འཕོ་འགྱུར་མི་འབྱུང་། སྤྱི་སྒོས་ཀྱི་ཁྲིམས་ལུགས་ཐམས་ཅད་ཆོས་བཞིན་དུ་སྐྱོང་བའི་ཆོས་རྒྱལ་ཆེན་པོ་ཁྲི་ཐོག་པ་སོགས་ཞལ་རྒྱས་དང་། སྟོད་སྨད་བར་གསུམ་གྱི་ཆོས་སྡེ་མཐའ་དག་རང་ཕྱོགས་ཀྱི་གྲུབ་མཐའི་ཁ་འཛིན་གྱི་འཛིན་སྐྱོང་སྤེལ་གསུམ་གྱི་བསྟན་པ་ཕྱོགས་རེ་བ་འཛིན་པ་མང་ཡང་། དེ་རྣམས་དང་ཡེ་མི་འདྲ་བ་ངེད་དཔལ་ལྡན་ལྷུན་གྲུབ་སྟེང་གི་ཆོས་གྲྭ་འདི་ཉིད་དུ། གསང་སྔགས་གསར་རྙིང་བཀའ་གཏེར་ལ་སོགས་པའི་བཤད་སྒྲུབ་ཀྱི་ཆུ་ཀླུང་ཀུན་འདུས་ཤིང་། དེ་དག་ཀྱང་རང་སྨིན་པར་བྱེད་པ་ཐོས་བསམ་སྒོམ་གསུམ། གཞན་སྨིན་པར་བྱེད་པ་འཆད་རྩོད་རྩོམ་གསུམ། གར་ཐིག་དབྱངས་གསུམ་ལ་སོགས་པའི་ཕྱག་ལེན་ཕྲ་མོ་ཚུན་ཡང་ཕྱིན་ཅི་མ་ལོག་པ་མཁྱེན་པའི་བླ་མ་སློབ་དཔོན་རྣམས་ཀྱིས་གཙོར་མཛད། རྡོར་འཛིན་ངུར་སྨྲིག་འཆང་པ་འདུས་པ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་དང་། བསྟན་པ་རིན་པོ་ཆེ་ལ་ལྷག་བསམ་དུང་ལྟར་དཀར་བའི་བློན་ཆེན་རྣམས་དང་། ཆབ་འབངས་སུ་གཏོགས་པ་ཇི་སྙེད་ཅིག་མཆིས་པ་རྣམས་ཀྱང་སྐྱབས་རྗེ་རྡོ་རྗེ་འཆང་ཉིད་གཏན་གྱི་སྐྱབས་གནས་སུ་འཛིན་པའི་ཕྱིར་འཁོར་ཕུན་སུམ་ཚོགས་པ་ལགས་སོ། །དེ་ལྟ་བུའི་ཕུན་སུམ་ཚོགས་པ་ལྔ་དང་


JKT002_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་སྐབས་འདིར་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་རྒྱུར་བྱས་པ་ལས་བྱུང་བའི་རྣམ་པ་རི་གླིང་ཉི་ཟླ་དང་བཅས་པའི་སྣོད་བཅུད་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་མཎྜལ་དུ་འབུལ་བ་ལ། ཞེས་མཚམས་སྦྱར་ནས་མཎྜལ་གྱི་ངོ་བོ། ངེས་ཚིག །དབྱེ་བ། དགོས་ཆེད་སྤྱི་དང་བྱེ་བྲག་སོགས་རྒྱས་བསྡུས་ཇི་ལྟར་རིགས་པས་སྐབས་དབྱེ་ནས་མཎྜལ་འབུལ་བ་དངོས་ལ་འཇུག་པའི་ཚེ། བྱང་འདྲེན་པས་བསྐུལ་བ་དང་བསྟུན་མཎྜལ་གྱི་ཚོམ་བུ་སོ་སོར་སྤོས་ཀྱི་རེང་བུས་བརྡ་སྤྲོད་པ་སོགས་བྱའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

ཡུལ་དམ་པ་རྣམས་ཁྲི་ཕེབས། ཞབས་བརྟན། དབང་ཆོས་ལེགས་འབུལ་སྐབས་དོན་རྣམ་པར་བཞག་པ།


JKT002_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཨོ་སྭ་སྟི་སིདྡྷཾ། ཡུལ་དམ་པ་རྣམས་ཁྲི་ཕེབས། ཞབས་བརྟན། དབང་ཆོས་ལེགས་འབུལ་སྐབས་བརྗོད་བྱ་དོན་གྱི་རྣམ་པར་བཞག་པ་ལ་ནང་གསེས་ཅུང་ཟད་མི་འདྲ་བ་མང་དུ་མཆིས་ཀྱང་སྤྱི་ཙམ་དུ། དཔལ་ལྡན་པཎྜི་ཏས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་དང་། མདོ་རྒྱུད་བསྟན་བཅོས་རྣམས་ནས་ཀྱང་རྒྱལ་བར་འགྱུར་པའི་ཚིག་སྔོན་དུ་འགྲོ་བར་གསུངས་པ་ལྟར་ཤིས་བརྗོད་ཀྱི་ཚིགས་བཅད་ཇི་ལྟར་རིགས་པས་མདུན་བདར་ཏེ། ཡུལ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལས་བརྩམས་པའི་བསྔགས་པ་བརྗོད་པའི་མཐར་ཕྱག་བྱ་བའི་ཚིག་གིས་མཚམས་སྦྱར་བ་ནི་ཡན་ལག་


JKT002_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱི་ནང་ནས་ཕྱག་འཚལ་བའི་ཡན་ལག་དང་། དེ་ནས་མཆོད་གནས་དང་སྦྱིན་བདག་གི་ལོ་རྒྱུས་རིགས་རུས་ཡོན་ཏན་སོགས་ཀྱི་ཆེ་བརྗོད་གང་འོས། ཁྱད་པར་ཆོས་དང་དམ་ཚིག་གི་འབྲེལ་ཟབ་ཐོག་མཐའ་བར་གསུམ་དགེ་བར་བྱུང་ཚུལ། དེ་ལས་ཀྱང་སྐབས་སུ་བབས་པའི་གནས་དུས་ཆོས་ཀྱི་འཁོར་ལོ་སོགས་བྱ་བ་གང་ཡིན་གྱི་བརྗོད་བྱ་ཞུ་བ་པོས་བརྗོད་བདེ་ཞིང་། གསན་པ་པོས་དགོངས་སླ་བ། ་འདུས་ཚོགས་ཐམས་ཅད་ཀྱི་སྙན་ལམ་དུ་བབས་པའི་ཚིག་ལྷུག་རྒྱས་བསྡུས་འཚམས་པ་ཞིག་དགོད་པ་ནི་དངོས་པོ་ངེས་བསྟན་གྱི་དོན་ཏེ། དེ་ལྟ་བུས་ལམ་ཡངས་པར་བྱས་ནས། འབུལ་མཚོན་རྣམས་རིམ་པར་བཀོད་པ་མཆོད་པའི་ཡན་ལག་དངོས་འབྱོར་གྱི་མཆོད་པ་དང་། དེའི་མཇུག་སྡུད་དུ་གནས་སྐབས་དང་མཐར་ཐུག་གི་འདོད་དོན་སྐྱབས་འཇུག་ཞུ་བ་སོགས་གང་འོས་བཀོད་མཐར། སླར་ཡང་ཡན་ལག་བདུན་གྱི་ཚིགས་སུ་བཅད་པ་རེ་འགོད་སྲོལ་གྱི། ཕྱག་ནི། སྐབས་འདིར་མཆོད་པའི་ནང་གསེས་ཕྱག་གི་མཆོད་པ་དང་། མཆོད་པ་ནི་གཙོ་བོར་ཡིད་སྤྲུལ་གྱི་མཆོད་པ། ལྷག་མ་སྡིག་པ་བཤགས་པ་ནས་བརྩམས་ཏེ། ཡོངས་སུ་བསྔོ་བའི་བར་སྤྱི་ལྟར་དང་། མཐར་དཔལ་ལྡན་པཎྜི་ཏས། མངོན་པར་འདོད་པའི་དངོས་པོ་ལ། །སྨོན་པ་ཤིས་བརྗོད་བྱ་སྟེ་དཔེར། །ཞེས་སོགས་གསུངས་པ་ལྟར་འཕྲལ་དང་ཡུན་དུ་དགེ་བའི་སྨོན་


JKT002_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཤིས་བརྗོད་ཀྱི་ཚིག་གིས་མཐའ་བརྒྱན་པ་དང་བཅས་པ་སྟེ། མདོར་དབུ་ཞབས་ཀྱི་དོན་ཐམས་ཅད་དྲིལ་ན་བསགས་སྦྱངས་སྤེལ་གསུམ་གྱི་བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ཡོངས་སུ་བསྡུས་པ་ཡན་ལག་བདུན་གྱི་ཁོངས་སུ་འདུ་བ་ཞིག་དང་། རྗོད་བྱེད་ཀྱི་ཚིག་ཀྱང་། སྐྱེས་བུ་ཆེན་པོའི་བསོད་ནམས་ཀྱི་མཚན་བཀྲ་ཤིས་རྟགས་བརྒྱད་དང་། སྟོན་པས་བྱིན་གྱིས་བརླབས་ཤིང་རང་རང་གི་མིང་དང་བྱེད་ལས་ཀྱི་སྒོ་ནས་ཀྱང་བཀྲ་ཤིས་པའི་རྫས་སུ་གྲུབ་པ་རྣམ་པ་བརྒྱད་དང་། བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བ་ཆེན་པོ་ལ་འོས་པའི་རིན་པོ་ཆེ་སྣ་བདུན་དང་ཡིད་བཞིན་གྱི་ནོར་བུ། འདོད་འཇོའི་བ། དཔག་བསམ་གྱི་ཤིང་། བུམ་པ་བཟང་པོ། བྱང་ཆུབ་ཀྱི་ཤིང་སྟེ་ཕུན་སུམ་ཚོགས་པའི་མཚན་མ་ལྔ་སོགས། མདོར་ན་བཀྲ་ཤིས་ཤིང་བརྗིད་ཆགས་པའི་དཔེ་དང་དོན་ལ་སྦྱར་ནས་ཐོག་མཐའ་བར་གསུམ་དུ་དགེ་ཞིང་ཤིས་པའི་ཚིག་སྦྱོར་གང་ལེགས་དང་བཅས་ཏེ་འགོད་པར་བྱ་བ་ཡིན་ནོ། །གཉིས་པ་ནི། འབེལ་བའི་གཏམ་དང་འབུལ་ཐོ་ཟུང་དུ་འབྲེལ་བར་སྙན་དུ་གསོལ་ན། ཤིས་པའི་ཚིགས་སུ་བཅད་པའམ། ཇི་ལྟར་རིགས་པའི་ཚིག་སྦྱོར་ལེགས་པས་ཐོག་དྲངས་ཏེ། འོག་ཏུ་འབུལ་ཡིག་གི་དངོས་གཞིར་བརྗོད་བྱ་གང་ཡོད་པའི་དོན་མདོར་བསྟན་གྱིས་མདུན་བསུ། དེ་ཉིད་རྒྱས་པར་སྙན་དུ་འབུལ་བས་གཞུང་བསྲངས།


JKT002_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྒྱས་པར་ཇི་སྐད་གསོལ་བའི་དོན་མདོར་བསྡུས་ཏེ་ཚིགས་སུ་བཅད་པ་དང་ལྷུག་པ་མཚོ་བྱུང་དགྱེས་པའི་སྒྲ་དབྱངས་ཀྱི་ཏམ་བུ་ར་ལས་དྲངས་ནས་སྙན་དུ་གསོལ་བ་ནི་འདི་ཡིན་ཏེ་ཞེས་པ་ལྟ་བུས་མཚམས་སྦྱར་ཏེ། འབུལ་ཡིག་དངོས་ཀློག་པ་ལ་འཇུག་གོ། །གསུམ་པ་ནི། ཇི་ལྟར་དཔྱིད་ཀྱི་དཔལ་མོས་ཡོངས་སུ་བཟུང་བ་ན། རི་གླིང་ཐ་གྲུར་བཅས་པའི་ཁྱོན་ཐམས་ཅད་ནེའུ་གསིང་དང་། མེ་ཏོག་ལྟདང་། ནགས་ཚལ་འདབ་མ་དང་བཅས་པས་མཛེས་པའི་དཔལ་ངང་གིས་འབྱུང་བ་བཞིན་དུ་འཕགས་པ་རྣམས་ཀྱི་ཡེ་ཤེས་གཟིགས་པ་དག་པའི་མཐུ་དང་། གདུལ་བྱའི་བསོད་ནམས་ཀྱི་འབྲས་བུ་དུས་སུ་སྨིན་པ་ལས། སྔར་ཉིན། ཟ༔ བདག་ཅག་རིག་པ་འཛིན་པའི་དགེ་འདུན་འདུས་པ་སུམ་ཅུ་ལྷག་པས་འཆི་མེད་གྲུབ་པའི་སློབ་དཔོན་ཛེ་ཏཱ་རིའི་བཞེད་གཞུང་དྲི་མ་མེད་པ་བཅོམ་ལྡན་འདས་ཚེ་མཐའ་ཡས་པ་ལྷ་དགུའི་བདག་བསྐྱེད། མདུན་བསྐྱེད། བུམ་བཟླས། ཡེ་ཤེས་དང་འཇིག་རྟེན་པའི་གཏོར་མ་འབུལ་བ་བཅས་སྔོན་དུ་བཏང་ནས། དེ་འཕྲལ་ཉི་མ་འཆར་ནས་ཅུང་ཟད་སོང་པའི་དུས་དགེ་བར། འཇམ་མགོན་ཆོས་ཀྱི་རྒྱལ་པོ་དང་། དཔལ་སའི་ཚངས་པ་ཆེན་པོ་མཆོད་ཡོན་ཉི་ཟླ་ཟུང་འབྲེལ་སྤྱན་དྲངས་ཏེ་སོ་སོའི་བཞུགས་ཁྲིར་འཁོད་གྲུབ་པ་དང་བསྟུན། བྱང་འདྲེན་པས་བསྐུལ་ཏེ་བླ་མ་ཚེ་དཔག་མེད་དུ་བསྐྱེད་ཅིང་


JKT002_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་བྱ་བ་གྲུབ་མཚམས། མཆོད་པ་བྱིན་རླབས། བདག་གིས་གུས་པའི་ཕྱག་འདུས་པའི་དབུས་སུ་འགྲེངས་ཏེ་འདུད་པ་དང་བཅས། འདི་སྐད་དུ། ཨོཾ་སྭ་སྟི་སིདྡྷཾ། ཞེས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་པའི་ཚིགས་སུ་བཅད་པས་མདུན་བསུས་ཏེ། དེའི་དོན་དང་རྗེས་སུ་འབྲེལ་པ་ཡུལ་ཕུན་སུམ་ཚོགས་པ་མངའ་བ་ལ་སོགས་ཀྱི་འབྲུ་འགྲེལ་དང་། དོན་གྱི་ཆར་མགོན་པོ་བྱམས་པའི་རྒྱུད་བླ་མའི་ལུང་གིས་རྒྱབ་སྐྱོར་དང་བཅས་པའི་མཐར། དེ་ལྟ་བུའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཐུགས་རྗེའི་གདུགས་དཀར་བླ་ན་ཡངས་པར་འཁོད་པའི་སྟོན་འཁོར་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྙན་ལམ་དུ། ཐོག་མར་དགེ་བ་ཕུན་སུམ་ཚོགས་པ་རྣམ་པ་ལྔའི་གླེང་བས་མདུན་བསུས། བར་དུ་དགེ་བ་པཱུ་ཛ་མཎྜལ་གྱི་རྣམ་པར་བཞག་པ། ཐ་མར་དགེ་བ་ཞབས་པད་བསྐལ་བརྒྱར་འཚོ་གཞེས་བརྟན་པའི་ཆོ་ག་གྲུབ་ཚུལ། དེའི་དང་པོ་ལའང་། སྤྱིའི་རྣམ་པར་བཞག་པ་དང་། བྱེ་བྲག་གི་རྣམ་པར་བཞག་པ་གཉིས་ལས། དང་པོ་ལ། ཁུངས་གང་ལས་བརྩམས་ཏེ་བྱུང་བ། སྤྱིའི་མཚན་ཉིད། སྒྲ་དོན། དབྱེ་བ། དེ་ལྟ་བུའི་བརྗོད་བྱ་མདོར་བསྡུ་བའོ། །གཉིས་པ་ལ་ལྔ། གནས། སྟོན་པ། འཁོར། ཆོས། དུས་ཕུན་སུམ་ཚོགས་པའོ། །དེ་རེ་རེ་ལའང་། མཚན་ཉིད། སྒྲ་དོན། དབྱེ་བ། སྐབས་སུ་བབས་པའི་གནས་སོགས་ངོས་བཟུང་བ།


JKT002_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བཟུང་བའི་བརྗོད་བྱ་མདོར་བསྡུས་ཏེ་སྙན་ལམ་དུ་གསོལ་བའོ། །གཉིས་པ་བར་དུ་དགེ་བ་ལ་དྲུག །ཁུངས། མཚན་ཉིད། སྒྲ་དོན། དབྱེ་བ། ཇི་ལྟར་འབུལ་ཚུལ། དེ་ལྟར་ཕུལ་བའི་དགོས་པ། གསུམ་པ་ཐ་མར་དགེ་བ་ལ་གཉིས། ཞབས་པད་བརྟན་པར་གསོལ་བ་འདེབས་དགོས་པའི་རྒྱུ་མཚན་དང་། ཇི་ལྟར་གསོལ་བ་བཏབ་པའི་ཚུལ་ལོ། །ཕྱི་མ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཏེ་ཆོ་ག་ལས་ཇི་ལྟར་འབྱུང་བ་བཞིན་ནོ། །དེ་ལྟ་བུའི་ཆོ་ག་ལས་བླ་མ་ལྷར་བསྐྱེད་པ་དང་། སྔགས་བཟླ་བ་སྔོན་དུ་སོང་ནས། མཆོད་པའི་ཐོག་མར་མཎྜལ་འབུལ་བ་ལ་ཇི་སྐད་བཤད་པའི་རྣམ་པར་བཞག་པ་དེ་རྣམས་ཐུགས་ལ་བཞག་ནས། ཞེས་མཚམས་སྦྱར་བ་དང་ལྷན་ཅིག་ཏུ་བྱང་འདྲེན་པས་མཎྜལ་ཚོམ་བུ་སོ་བདུན་མ་བསྐུལ་ཏེ་ཕུལ། བདག་གིས་རི་གླིང་གི་བཀོད་པའི་མཎྜལ་འཇམ་མགོན་བླ་མའི་ཕྱག་ཏུ་ཕུལ་ཞིང་ཕྱག་བྱ་བ་དང་བཅས་གྲལ་ལ་འཁོད། རབ་འབྱམས་རྒྱ་མཚོ་ལ་སོགས་པའི་མཆོད་པ་ནས་བརྩམས།། །།

གོང་མ་ཕྱོགས་ཁྲི་སྟོན་སྐབས་ཀྱི་རྣམ་བཞག


JKT002_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

༈ ས་ལུག་ཟླ་༩ཚེས་༧གཟའ་སྐར་སྦྱོར་བྱེད་མཆོག་ཏུ་ཤིས་པའི་ཉིན། འཇམ་མགོན་གོང་མ་རིན་པོ་ཆེ་གཙུག་ལག་ཁང་བསམ་འགྲུབ་མཐོང་གྲོལ་ཆེན་མོའི་ཆོས་ཁྲིར་མངའ་གསོལ་བའི་སྐབས། ཐོག་མར་ཚེས་༥ནས་བརྩམས་ཏེ་གཙུག་ལག་ཁང་ཕྱི་ནང་གད་བདར་དང་འཕན་གདུགས་ཡོ་བྱད་རིགས་


JKT002_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བཤམ། ཚེས་བདུན་ལ་བཞུགས་ཁྲི་དང་། ཞབས་བརྟན་གྱི་དཀྱིལ་འཁོར། མངའ་དབུལ་གྱི་ཡོ་བྱད། མཆོད་པའི་བྱེ་བྲག་སོགས་བཀོད་པས་མཛེས་པར་བསྟར། ཞབས་བརྟན་གསུང་ཆོག་བསྒྲིགས། ཚེས་༧ནམ་ལངས་འཕྲལ། སྐྱབས་མགོན་མཁན་རིན་པོ་ཆེ་ཀུན་དགའ་བསྟན་པའི་བློ་གྲོས། ཐར་རྩེ་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། ཀླུ་ལྡིང་ཞབས་དྲུང་རིན་པོ་ཆེ་ཤེས་རབ་ཆོས་ཀྱི་རྒྱལ་མཚན། རྣམ་རྒྱལ་གྲྭ་ཚང་ཡོངས་རྫོགས། དགོན་པའི་བླ་མ་དབུ་ཆོས་ཟུར་བླ་སོགས། ལས་ཚན་རགས་བསྡུས་བཅས་དགེ་སློང་སུམ་ཅུ་ལྷག་པས་སྣམ་སྦྱར་བཞེས་ཤིང་གྲལ་ལ་འཁོད་དེ་ཚེ་ཆོ་ག་བཏང་གྲུབ་འཕྲལ་དགོན་ཉི་ཤར་བ་དང་འཇམ་མགོན་གོང་མ་རིན་པོ་ཆེ་སྟོན་འཁོར་དང་། དཔལ་སའི་ཚངས་པ་ཆེན་པོ་རྒྱལ་བློན་ལྷན་རྒྱས་སུ་ཕེབས་ཏེ་བཞུགས་ཁྲིར་འཁོད་གྲུབ་བསྟུན་ཞབས་བརྟན་གྱི་ཆོ་ག་གསུང་། སྤྲུལ་པའི་སྐུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཕུན་སུམ་ཚོགས་པ་ལྔ་དང་། མཎྜལ་གྱི་བཤད་པ། ཞབས་བརྟན་གྱི་རྣམ་བཞག་སོགས་བཤད་པས་མཚམས་སྦྱར་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་འབུལ་བ། ཞལ་བཞེས་ཞུ་བ། རྒྱལ་སྲིད་བདུན་དང་། བཀྲ་ཤིས་རྫས་བརྒྱད་འབུལ་བ་སོགས་སྐྱབས་མགོན་མཁན་རིན་པོ་ཆེས་མཛད། ཞབས་བརྟན་གྱི་བཀྲ་ཤིས་བརྗོད་


JKT002_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་མཚམས་གུང་སོང་ཞིག་གྲོལ། ཡར་ཚོགས་འཕྲལ་གསོལ་ཇ་དང་བཞེས་འབྲས་བཏང་བའི་ཐོག །གཉེར་འཇམ་དཔལ་དགེ་ལེགས་ནས་མགུལ་དར། སྐུ་རྟེན་ལེ་ཚན། གསུང་རྟེན་བསྟན་འགྱུར་བསྟོད་ཚོགས༼ཀ༽དུམ་པ། ཐུགས་རྟེན་ལེ་ཚན་བཅས་ཕྱག་ཏུ་བཏད། བསྟན་འགྱུར་རིན་པོ་ཆེ་བྱིངས་རྣམས་སྐུའི་གཡོན་ཕྱོགས་སུ་སྟེགས་ཀྱི་ཁར་གྲྭ་པ་རྣམས་ནས་བསྒྲིགས། སྐུ་ཆས་སྐོར་ནས་བཟུང་དཀར་ཡོལ་གྱི་རིགས་ཡན་ཆད་གོ་རིམ་བཞིན་དུ་མདུན་གྱི་གཞིར་བསྒྲིགས་ཤིང་། གྲལ་བར་གཡས་གཡོན་ནས་ཚན་གྲངས་རིགས་དང་། གཤམ་དུ་ཇ་མར་སོགས་བརྩིགས་པས་མཚོན་ཕྱག་མཛོད་བཀྲ་ཤིས་རྒྱལ་མཚན་སོགས་ཀྱིས་དོ་དམ་མཛད་དེ་ལེགས་པར་བསྒྲིགས། །གཉེར་ཀརྨ་བསྟན་གསལ་གྱིས་འབུལ་ཐོ་ཆེ་བ་དང་། དེ་འབྲེལ་ཞབས་པད་སོགས་ལ་ལེགས་འབུལ་གནང་ཆའི་རིགས་ཀྱི་སྣ་ཡིག་བཅས་བསྒྲགས། དེ་མཚམས་དྲུང་ཡིག་ནས་སོ་སོའི་འབུལ་ཐོ་དང་སྣ་ཡིག་སོགས་རིམ་པར་བསྒྲགས་ཏེ། དགོན་ཆེན་གྱི་མཁན་ཞབས་དྲུང་ཁག་དང་། དཔལ་སྤུངས་བླ་བྲང་སོགས་གོ་རིམ་ལྟར་ཕུལ་བ་དོ་དམ་པའི་སྐུ་ཚབ་ཀྱིས་རྩིས་གཤེར་དང་བཅས་གཟིགས་ནས་སང་ཞབས་པད་མདུན་རྩིས་འབུལ་ཞིབ་ཆ་ཞུས། འབུལ་བ་ཕུལ་གྲུབ་འཕྲལ་གོང་མ་རིན་པོ་ཆེས་བསྔོ་བའི་ཡོན་བཤད་དང་བཅས་ལྗགས་བསྔོ་རྒྱས་པར་གསུངས། ཞབས་


JKT002_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་འབུལ་མཁན་རྣམས་ཀྱིས་རྗེས་ཆོག་བཅས་གྲུབ་ནས་གུང་སོང་གྲོལ། དེ་ནས་གོང་མ་རིན་པོ་ཆེས་རྗེས་གནང་ལྗགས་སྒྲུབ་བཀའ་དྲིན་བསྐྱང་གྲུབ་འཕྲལ་འདུས་ཏེ་མཆོད་ཡོན་འདུས་ཚོགས་དང་བཅས་པ་ལ་འཇམ་དཔལ་དམར་སེར་ཨ་ར་པ་ཙའི་རྗེས་གནང་རྒྱས་པར་མཛད་དེ་ཉི་མ་མ་རྒལ་གོང་དུ་ལེགས་བར་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་སྐབས་སུ་གཞུང་ཟུར་གྱི་འབུལ་ཆའི་རིམ་པ་ལ། ཐོག་མར་གཞུང་ནས་འཇམ་མགོན་གོང་མ་རིན་པོ་ཆེར་ཁྲི་སྟོན་ལེགས་འབུལ། བཀྲ་ཤིས་པའི་ལྷ་གོས་ཉིན་མོ་བདེ་ལེགས་ཁ་གསར། སྐུ་རྟེན་ཚེ་དཔག་མེད།།

ཀྱེ་རྡོར་རབ་གནས་བཟང་པོ་དྲུག་ལྡན་གྱི་ཚུལ་ལས་བརྩམས་པའི་འབེལ་གཏམ།


JKT002_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་ཏུ་གནས་པ་བཟང་པོ་དྲུག་ལྡན་གྱི་ཚུལ་ལས་བརྩམས་པའི་འབེལ་གཏམ་ཉུང་ངུ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། འདིར་རྟེན་གསུམ་རབ་ཏུ་གནས་པ་དང་རྗེས་སུ་འབྲེལ་བའི་བཟང་པོ་དྲུག་ལྡན་གྱི་འབེལ་གཏམ་ཅུང་ཟད་ཙམ་སྤྲོ་ན། ཐོག་མར་རྡོ་རྗེ་འཛིན་པ་གདན་གསུམ་འཁོར་ལོའི་མགོན་པོས་བཀའ་ཡི་གནང་བ་བྱིན་ནས། འོ་ལེགས་སོ། །དེ་ལ་སྤྱིར་ཡང་དག་བར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་དགོངས་དོན་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་བརྗོད་དོན་མངོན་པར་རྟོགས་པའི་རིམ་པར་བསྡེབས་ནས་ཉམས་སུ་ལེན་པའི་ཚུལ་ལ། རྒྱ་གར་འཕགས་པའི་ཡུལ་གྱི་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་རྣམས་ཀྱིས་བཞེད་སྲོལ་མི་འདྲ་བ་དུ་མ་ཞིག་མཆིས་པ་


JKT002_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལས། འདིར་རྣལ་འབྱོར་གྱི་དབང་ཕྱུག་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་བརྒྱུད་པ་དང་བཅས་པའི་བཞེད་པ་ལ། རྒྱུ་རྒྱུད། ཐབས་རྒྱུད། འབྲས་བུའི་རྒྱུད་གསུམ་དུ་གཏན་ལ་དབབ་ཅིང་། དེ་རྣམས་ཀྱི་ནང་ནས་སྐབས་དོན་ཐབས་ཀྱི་རྒྱུད་ལའང་། ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། དེ་རྗེས་སྔགས་ལམ་ཐོག་མ་སྨིན་བྱེད་དབང་། །ལམ་ལ་རྟོགས་པའི་ལྟ་བ་བསྐྱེད་རྫོགས་གཉིས། །སྤྱོད་དང་ཉེ་རྒྱུ་མཆོག་གི་མངོན་རྟོགས་ལྔ། །བཟླས་དང་གཏོར་མ་སྦྱིན་སྲེག་རབ་གནས་དང་། །ལས་ཚོགས་རབ་འབྱམས་ཞེས་བྱ་ཡན་ལག་ལྔ། །གཉིས་ཀའི་ཐུན་མོང་དམ་ཚིག་སྡོམ་པ་སྟེ། །ཐབས་རྒྱུད་མངོན་པར་རྟོགས་པ་བཅུ་གཅིག་གོ །ཞེས་གསུངས་པ་ལྟར་གཙོ་བོར་མཆོག་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་ལྔ། གཙོ་བོར་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་ལྔ། དེ་དག་ཐམས་ཅད་ལ་ཐུན་མོང་དུ་དགོས་པའི་གྲོགས་དམ་ཚིག་དང་སྡོམ་པ་སྟེ་བཅུ་གཅིག་ཏུ་བཤད་པ་ལས། དེ་དག་གི་ནང་ནས་རབ་གནས་ཀྱི་ཆོ་ག་ནི། མཆོག་གི་དངོས་གྲུབ་སྒྲུབ་པའི་མངོན་རྟོགས་ལྔའི་ཡན་ལག་ལྟ་བུར་བཤད་ཀྱང་། གནས་སྐབས་ཀྱི་འབྲས་བུ་འཇིག་རྟེན་དུ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བ་སོགས་དགེ་ལེགས་ཐམས་ཅད་ཀྱི་གཞི་ཡིན་པ་དང་། མཐར་ཐུག་བླ་ན་མེད་པའི་བྱང་


JKT002_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཐོབ་པའི་རྒྱུར་བྱེད་ཅིང་། ལྷག་པར་ཡུལ་ཕྱོགས་གང་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་གནས་པ་ཡང་། བདེ་བར་གཤེགས་པའི་རྟེན་གསུམ་རབ་གནས་ཅན་བཞུགས་པའི་མཐུ་ཡིན་པས་ན། ཕན་ཡོན་གྱི་སྒོ་ནས་མངོན་རྟོགས་གཞན་ལས་འཕགས་ཤིང་། དགོས་པ་དེ་ལྡན་གྱི་རབ་གནས་ཀྱི་མཚན་ཉིད་ལ། ཐོག་མར་སྒྲ་དོན་ནམ་རྒྱུ་མཚན་ནི། སཾསྐྲྀ་ཏ་ལྷའི་སྐད་དུ་སུ་པྲ་ཏིཥྛ་ཞེས་པའི་སྒྲ་ལས་དྲངས་ན། ལེགས་པར་རབ་ཏུ་གནས་པའམ། ཉེར་བསྒྱུར་པྲ་ཏིའི་སྒྲ་ལས་དྲངས་ན། ལེགས་པར་སོ་སོར་རབ་ཏུ་གནས་པར་ཡང་བསྒྱུར་དུ་རུང་བ་སོགས་མདོར་ན་རྟེན་གང་དང་རྟེན་པ་ཡེ་ཤེས་སེམས་དཔའ་དབྱེར་མེད་དུ་ལེགས་པར་རབ་ཏུ་གནས་པའམ། རྟེན་དང་བརྟེན་པའི་ཚུལ་གྱིས་སོ་སོར་ཏིལ་གྱི་གོང་བུ་ཏིལ་གྱིས་གང་བ་ལྟར་གནས་ཤིང་སེམས་ཅན་གྱི་ཉེར་འཚོའི་གཞིར་ཡུན་རིང་དུ་གནས་པར་བྱེད་པའི་ཐབས་སུ་གྱུར་པའོ། །རྒྱུ་མཚན་ནི། སློབ་དཔོན་ནག་པོ་པའི་ཞལ་སྔ་ནས། མཆོག་ཏུ་རབ་ཏུ་གནས་པའི་རབ་གནས། ཞེས་གསུངས་པ་ལྟར། ཡེ་ཤེས་སེམས་དཔའ་ཇི་སྲིད་དུ་བཞུགས་པ་དེ་སྲིད་དུ་ལྷ་མིའི་མཆོད་གནས་ཟླ་མེད་པར་བཞུགས་པའི་ཕྱིར་ན་རབ་གནས་ཞེས་གསུངས་པ་ཡིན་ལ། དེ་ཡང་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ལས་འགྱུར་བ་མེད་པའི་ཕྱིར་རབ་ཏུ་གནས་བྱ་


JKT002_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བྱེད་དང་བྲལ་ཡང་། ཐ་སྙད་ཀུན་རྫོབ་ཙམ་དུ་སྐྱེ་བོ་དད་པ་ཅན་རྣམས་ཀྱི་མཆོད་པའི་ཐབས་སུ་གྱུར་པ་དང་། དེ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་སུ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བའི་ཕྱིར་རབ་ཏུ་གནས་པ་བགྱིར་ཡོད་པའང་། རབ་གནས་གཞུང་ལས། སྐྱེ་བོ་རབ་ཏུ་དད་པ་ཡིས། །བྱས་པ་དགེ་བ་སྤེལ་བའི་ཕྱིར། །རབ་གནས་བསྟན་བཅོས་ལས་གསུངས་པ། །ཐ་སྙད་ཙམ་དུ་བྱ་བ་ཡིན། །ཞེས་དང་། རབ་རྒྱུད་ལས། སངས་རྒྱས་ཀུན་ནི་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ཡང་མེད། །ཀུན་ཏུ་མཁའ་ལྟར་གནས་པ་ལ། །གཅིག་ཤོས་ཀྱིས་ནི་རབ་ཏུ་བརྟག །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བརྟག །ཅེས་སོགས་རྒྱ་ཆེར་གསུངས་སོ། །དབྱེ་ན། ནང་དང་། ཕྱིའི་རབ་གནས་གཉིས་ལས། དང་པོ་ནི། བདག་ཉིད་ལྷ་དམ་ཚིག་པར་བསྒོམ་པ་ལ་ཡེ་ཤེས་པ་བཅུག་ནས་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་བཏབ་སྟེ་མཆོད་བསྟོད་བཟླས་པ་སོགས་བྱེད་པ་ཡིན་ལ། གཉིས་པ་ནི། ཡོངས་སུ་དག་པ་བཟང་པོ་དྲུག་ཚང་བའི་སྒོ་ནས་རྟེན་ལ་ཡེ་ཤེས་པ་གནས་པར་བྱེད་པའི་ཐབས་དང་། ལུགས་སྲོལ་གྱི་སྒོ་ནས་སྒྲ་ཙམ་འཇུག་པ་ལ། མདོ་དང་། སྔགས་ནས་བཤད་པ་གཉིས་ལས། དང་པོ་ནི། དམ་པའི་ཆོས་འདུལ་བ་ལས། ཇི་སྐད་དུ། དེ་ཡི་རབ་གནས་བྱ་བ་ནི། །


JKT002_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་བརྟན་པ་ཆོས་ཀྱི་སྐུ། །བསྐྱེད་པ་མ་ཡིན་འཇིག་བྱེད་མིན། །གདོད་ནས་མ་སྐྱེས་པ་དགེ་བ། །དེ་ལྟར་རབ་གནས་བྱས་ནས་ནི། །དེ་ཡི་སྤྱན་དབྱེར་གྱུར་པ་ཡིན། །ཞེས་གཎྜི་ལ་རབ་གནས་བྱ་བར་གསུངས་པའི་གཞུང་ཙམ་ལ་བརྟེན་ནས། སྐུ་གཟུགས་ལ་སོགས་པ་ལེགས་པར་བཞེངས་གྲུབ་པ་དང་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་དུས་སྟོན་གྱི་ཚེ་ཁྲི་མཐོན་པོར་བཞུགས་སུ་གསོལ་ནས། དེ་ལ་མཆོད་པ་དང་བཀྲ་ཤིས་པའི་གསོ་སྦྱོང་བྱས་ཏེ་སོ་སོར་ཐར་པའི་མདོ་འདོན་པ་དང་། འདུལ་བ་ལུང་སོགས་ནས་འབྱུང་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དེ་མེ་ཏོག་འཐོར་བ་ཙམ་ལ་རབ་གནས་ཀྱི་ཐ་སྙད་བཏགས་པ་དང་། དེ་བཞིན་དུ་ཐེག་པ་ཆེན་པོའི་མདོ་སྡེ་ཤེར་ཕྱིན་སོགས་ལས་ཀྱང་། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་མཆོད་བསྟོད་བཀྲ་ཤིས་བྱེད་པ་ཙམ་ལ་རབ་གནས་ཀྱི་མིང་གིས་བཏགས་པ་ཙམ་ཀྵ ཡོད་དེ། འཇམ་མགོན་ས་སྐྱ་པཎྜི་ཏས། མདོ་ལས་རབ་གནས་བཤད་པ་མེད། །འོན་ཀྱང་མཆོད་བསྟོད་བཀྲ་ཤིས་སོགས། །རྒྱལ་པོའི་མངའ་དབུལ་ལྟ་བུ་ལ། །རབ་གནས་ཡིན་ཞེས་སྨྲ་ན་སྨྱོས། །ཞེས་དང་། །ལྷ་བསྒོམ་པ་དང་སྔགས་བཟླས་དང་། །བུམ་པ་ལྷ་ཡི་སྟ་གོན་དང་། །དངོས་གཞི་དམ་ཚིག་སེམས་དཔའ་ལ། །ཡེ་ཤེས་འཁོར་ལོ་དགུག་གཞུག་དང་། །སྤྱན་དབྱེ་བརྟན་པར་བཞུགས་པ་དང་། །སྔགས་ཀྱི་


JKT002_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་པ་དང་། མེ་ཏོག་དོར་ནས་ལེགས་མཆོད་པའི། །བཀྲ་ཤིས་རྒྱས་པར་བྱེད་པ་ཡི། །ཆོ་ག་གསང་སྔགས་རྒྱུད་སྡེ་ལས། །གསུངས་ཀྱི་ཕ་རོལ་ཕྱིན་ལ་མིན། །ཞེས་གསལ་བར་གསུངས་པ་ལྟར་དང་། གཉིས་པ་ནི། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་རྣམས་ཀྱིས་རྒྱུད་སྡེ་སོ་སོའི་དགོངས་པ་དང་མཐུན་པར་བཀྲལ་བའི་རབ་ཏུ་གནས་པའི་ཆོ་ག་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། གངས་ཅན་གྱི་ལྗོངས་འདིར་འགྱུར་བ་ལ། བྱ་རྒྱུད་དང་མཐུན་པར་བཀྲལ་བ་ནི། པཎྜིཏ་སུ་མ་ཏི་ཀཱི་རྟི་དང་། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་དང་། དཔལ་མར་མེ་མཛད་བཟང་པོ་སོགས་ཀྱིས་མཛད་པའི་གཞུང་དུ་མ་བཞུགས་ཤིང་། སྤྱོད་རྒྱུད་ཀྱི་སྐབས་སུ། མཆོད་རྟེན་རབ་གནས་ཅན་བཞུགས་སུ་གསོལ་ལ། ཞེས་དང་། དེ་བཞིན་གཤེགས་པའི་སྐུ་རབ་གནས་ཅན། ཞེས་པ་ཙམ་ལས་ཆོ་གའི་ཚུལ་གསལ་བར་མ་བཤད་ཅིང་། དེ་གཉིས་ཀྱང་བྱ་སྤྱོད་རང་སྐད་ལྟར་ལས་རྒྱུད་སྡེ་གོང་མའི་རྒྱས་བཀའ་དང་མ་འབྲེལ་བའི་ཚེ་རབ་གནས་མཚན་ཉིད་པ་མ་ཡིན་པར་ཤེས་དགོས་ལ། རྣལ་འབྱོར་གྱི་རྒྱུད་སྡེ་དང་མཐུན་པར་བཀྲལ་བ་ལ། རྒྱུད་དེ་ཉིད་ཀྱི་ནང་གསེས་རབ་གནས་ཀྱི་རྒྱུད་ལ་བརྟེན་ནས་སློབ་དཔོན་རྣལ་འབྱོར་སྐྱོང་གིས་མཛད་པའི་སྐུ་གཟུགས་ཀྱི་སྤྱན་དབྱེའི་ཆོ་ག་དང་། གྲུབ་ཆེན་ཀུན་སྙིང་གིས་


JKT002_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་རབ་གནས་ཀྱི་ཆོ་ག །པྲཛྙཱ་པ་ལི་ཏའི་སྤྱན་དབྱེའི་ཆོ་ག །སློབ་དཔོན་ཞི་བའི་སྙིང་པོའི་མཆོད་རྟེན་སྒྲུབ་པའི་ཆོ་ག་རྣམས་ཡོད་ཅིང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང་མཐུན་བར་བཀྲལ་བ་ལ། སྐྱེ་རྡོ་རྗེ་རྩ་བའི་རྒྱུད་ལས། རབ་གནས་མཚན་ཉིད་བཟང་པོ་ཉིད། །ཅེས་གསུངས་པ་ལ་བརྟེན་ནས་གྲུབ་ཆེན་མི་ཐུབ་ཟླ་བས་མཛད་པའི་རབ་གནས་ཀྱི་ཆོ་ག་བཟང་པོ་དྲུག་པ། སློབ་དཔོན་ནག་པོ་ཤཱནྟི་བྷ་དྲས་དེ་དང་མཐུན་པར་བཀྲལ་པའི་རབ་གནས་ཀྱི་ཆོ་ག །གསང་འདུས་འཇམ་པའི་རྡོ་རྗེ་ལ་བརྟེན་ནས་པཎྜིཏ་སྟོང་ཉིད་ཏིང་འཛིན་རྡོ་རྗེས་མཛད་པའི་རབ་གནས། གསང་འདུས་མི་བསྐྱོད་པ་ལ་བརྟེན་ནས་ནག་པོ་དམ་ཚིག་རྡོ་རྗེས་མཛད་པའི་རབ་གནས། བདེ་མཆོག་སྡོམ་འབྱུང་ལ་བརྟེན་ནས་མངའ་བདག་མེ་ཏྲི་པས་མཛད་པའི་རབ་གནས། དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ལ་བརྟེན་ནས་གྲུབ་ཆེན་དཔལ་འཛིན་གྱིས་མཛད་པའི་རབ་གནས། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལ་བརྟེན་ནས་སློབ་དཔོན་ཨ་བྷ་ཡཱ་ཀ་རས་མཛད་པའི་རབ་གནས། པཎྜི་ཏ་ས་མནྟ་ཤཱིས་མགོན་པོ་མངོན་འབྱུང་གི་རྒྱུད་ལ་བརྟེན་ནས་མཛད་པའི་རབ་གནས། དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་ནས་པཎྜི་ཏ་སཱ་དྷུ་སཱུ་ཏྲས་མཛད་པའི་རབ་གནས་ཀྱི་ཆོ་ག་སོགས་བཞུགས་ཤིང་། དེ་ལྟ་བུའི་ཆོ་གའི་ཕྱག་སྲོལ་ཡང་། བསྟན་པ་སྔ་དར་གྱི་དུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་


JKT002_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐུ་རིང་ལ། མཚན་བརྗོད་པར་དཀའ་བ་མཁན་ཆེན་ཞི་བ་འཚོས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལ་རབ་ཏུ་གནས་པར་མཛད་པ་ལ་བརྟེན་བོད་གངས་ཅན་གྱི་ལྗོངས་འདིར་དགེ་ལེགས་བྱེ་བའི་ཉི་མ་དང་པོར་ཤར་བ་ཡིན་ཅིང་། བསྟན་པ་ཕྱི་དར་གྱི་དུས་སུ་མ་ཧཱ་པཎྜི་ཏ་དད་པའི་འབྱུང་གནས་གོ་ཆ་དང་། སྤྲུལ་པའི་ལོ་ཙཱ་བ་སྐྱེས་མཆོག་རིན་ཆེན་བཟང་པོ་དཔོན་སློབ་ཀྱིས་མངའ་རིས་སུ་མཐོ་ལིང་གསེར་གྱི་ལྷ་ཁང་ལ་རྣལ་འབྱོར་གྱི་རྒྱུད་དང་མཐུན་པར་བཀྲལ་བའི་རབ་གནས་མཛད་ཅིང་། དེ་བཞིན་དུ་པཎྜི་ཏ་སུམ་ཏི་ཀརྟིས་མངའ་རིས་གུང་ཐང་དུ་བདེ་མཆོག་གི་ལྷ་ཁང་ཞིག་ལ་གཟུངས་གྲྭ་ལྔ་ལ་བརྟེན་ནས་བྱ་རྒྱུད་དང་མཐུན་པར་བཀྲལ་བའི་རབ་གནས་མཛད་པ་དང་། བོད་དུ་སྣར་ཉི་མ་འོད་ཟེར་གྱིས་བོ་དོང་གི་སྤོས་ཁང་གསེར་མ་བྱ་བའི་རྡོར་དབྱིངས་ཀྱི་ལྷ་ཁང་ལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་བརྟེན་ནས་སྤྱོད་རྒྱུད་དང་མཐུན་པར་བཀྲལ་བའི་རབ་གནས་མཛད་ཅིང་། གཞན་ཡང་འགོས་ལོ་ཙཱ་བ། གཉོས་ལོ་ཙཱ་བ། བུ་སྟོན་ཐམས་ཅད་མཁྱེན་པ་ལ་སོགས་པའི་བསྟན་འཛིན་གྱི་སྐྱེས་བུ་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱིས་རབ་གནས་ཀྱི་གཞུང་དང་། བོད་གངས་ཅན་གྱི་གཙུག་ལག་ཁང་བསམ་གྱིས་མི་ཁྱབ་པ་རབ་ཏུ་གནས་པར་མཛད་པ་སོགས་ལོ་རྒྱུས་མཐའ་ཡས་པ་


JKT002_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ད་ལམ་གྱི་སྐབས་སུ་བབས་པའི་རབ་གནས་ཀྱི་ཆོ་ག་འདི་ཉིད་ནི། སྤྱིར་བཤད་མ་ཐག་པའི་རབ་གནས་དེ་རྣམས་ཀྱང་རྣམ་པར་དག་པ་ལོས་ཡིན་མོད། འོན་ཏེ་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་རབ་ཏུ་གནས་པ་སྟོན་པའི་རྒྱུད་ཟུར་པ་ཞིག་མཛད་པས་ན། དེ་དང་མཐུན་པར་བཀྲལ་པའི་རབ་གནས་ནི་ཆེས་ཁྱད་པར་དུ་འཕགས་པར་གྲུབ་ཅིང་། གོང་མ་དེ་རྣམས་རྒྱུད་འདི་ལ་གཙོ་བོར་བརྟེན་པ་མ་ཡིན་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་འཛིན་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རབ་གནས་འདི་ཉིད་ནི། ལོ་ཆེན་རིན་པོ་ཆེའི་སྡོམ་ཚིག་དང་། རབ་གནས་ཀྱི་གཞུང་བཞི་དང་། རྒྱུད་དོན་གསལ་བར་བྱེད་པའི་དོན་གསལ་འདི་ཉིད་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་ལ་བརྟེན་ནས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས་བྱང་ཕྱོགས་སྒྱུ་མ་མཁན་གྱིས་བཞེངས་པའི་ལྷ་ཁང་ལ་རབ་ཏུ་གནས་པར་མཛད་པས། ད་ལྟ་ཡང་བྱང་ཕྱོགས་སྤྲུལ་པ་སྡེ་ཞེས་ངོ་མཚར་གྱི་གྲགས་པ་དཀར་བ་འདི་བྱུང་ཞིང་། དེའི་རྗེས་སུ་ཁམས་གསུམ་འགྲོ་བའི་བླ་མ་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་ཡུ་གུར་གྱི་བནྡེ་སཾ་གྷ་མི་ཏྲའི་དོན་དུ་མཛད་པའི་རབ་གནས་ས་གྷ་མ་ཞེས་བྱ་བ་དང་། དེ་ཉིད་དང་མཐུན་པར་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་


JKT002_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔལ་གསང་བ་འདུས་པ་ལ་བརྟེན་པའི་རབ་གནས་བཀྲ་ཤིས་རྒྱ་མཚོ། ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་ཀྱེ་རྡོ་རྗེའི་རབ་གནས་ཀྱི་ཆོ་ག་དགེ་ལེགས་རྒྱ་མཚོ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་དགྱེས་རྡོར་ལ་བརྟེན་པའི་རབ་གནས་དང་། རྒྱས་པའི་སྦྱིན་སྲེག་གི་ཟིན་བྲིས། སྙིགས་དུས་བསྟན་པའི་ཉི་མ་སྔགས་འཆང་ཆེན་པོའི་རབ་གནས་ཀྱི་ཆོ་ག་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་གཞག །ངོར་ཆེན་དཀོན་མཆོག་དཔལ་ལྡན་གྱིས་མཛད་པའི་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་གནས་པལ་འབོར་༢༤ རྒྱ་མཚོ་སོགས་ཀྱི་དགོངས་དོན་མ་ནོར་བ་ལྷུར་ལེན་པ་ལ། ཆོ་ག་ཡོངས་སུ་རྫོགས་གིས་བསྡུས་ཏེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། རབ་གནས་རྟེན་དང་སློབ་དཔོན་གནས་དང་དུས། །ཡོ་བྱད་ཆོ་ག་བཟང་པོ་རྣམ་པ་དྲུག །ཅེས་གསུངས་པའི་ས་བཅད་དང་མཐུན་པར་ཅུང་ཟད་ཅིག་སྙན་དུ་གསོལ་ན། སྤྱི་དོན་དང་པོ། གང་ཞིག་རབ་ཏུ་གནས་པར་བྱ་བའི་རྟེན་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། རབ་རྒྱུད་ལས། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་རྣམས་དང་ལྡན། །ཚད་ནི་ཚད་ལ་ཕབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པར་བྱ། །ཞེས་པས་སྐུ་གཟུགས་དངོས་སུ་བསྟན་ཅིང་། དེས་མཚོན་གསུང་


JKT002_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་སོགས་ཀྱང་རབ་ཏུ་གནས་བྱར་ཤུགས་ཀྱིས་གྲུབ་པས་ན། འདིར་རབ་ཏུ་གནས་བྱའི་རྟེན་གྱི་གཙོ་བོ་ནི། བདེ་བར་གཤེགས་པའི་བྱིན་རླབས་ཀྱི་རྟེན་ལ། སྐུ་དང་། གསུང་དང་། ཐུགས་ཀྱི་རྟེན་གསུམ་དུ་དབྱེ་བ་ལྟར་ན། ཞེས་པའི་མཚམས། མཆོད་རྟེན་ལྟ་བུ་ལ། ཐུགས་ཀྱི་རྟེན། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུའི་རྟེན་གསུམ་དུ་དབྱེ་བ་ལྟར་ན། ཆོས་སྐུའི་རྟེན། སྤྱི་མིང་བྱེ་བྲག་ལ་བཏགས་པའི་དབང་དུ་བྱས་ན། མཆོད་རྟེན་དུ་གྲགས་པ་སྟེ། དེ་ཡང་བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་རིན་པོ་ཆེ་འདི་ལ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་གྱི་ནང་ནས་འགྲོ་བའི་དོན་དུ་བྱོན་པར་སྔ་བའི་རྟེན་འདི་ཉིད་ལའང་། ནང་གསེས་ཀྱི་སྒོ་ནས་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། རང་བཞིན་ལྷུན་གྲུབ་ཀྱི། བླ་ན་མེད་པའི། བྱིན་གྱིས་བརླབས་པའི། དངོས་གྲུབ་འབྱུང་བའི། ཐེག་པ་སོ་སོའི་མཆོད་རྟེན་ཏེ་རྣམ་གྲངས་ལྔ་ཙམ་གསུངས་པ་ལས། དང་པོ་ནི། ལུང་མཆོག་བླ་མ་ལས། གླིང་བཞི་རྒྱས་པའི་རྨང་བཏིང་ནས། །རི་བརྒྱད་དག་གི་བང་རིམ་བརྩེགས། །ཤིང་ཆེན་བུམ་པས་ཡོངས་མཛེས་པ། །སྟོན་པའི་སྐུ་གདུང་འབྱུང་བའོ། །ཞེས་གླིང་གཞི་རྨང་། གསེར་རི་བདུན་རི་རབ་དང་བཅས་པ་བང་རིམ། ཡོངས་འདུའི་ལྗོན་ཤིང་བུམ་པ་སྟེ། དེ་དག་འདུས་པ་ལ་ཕྱི་སྣོད་ཀྱི་མཆོད་རྟེན་དུ་བཤད་པ་དང་། ཡང་


JKT002_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ལས། ཀུན་གཞི་ཁྱབ་བརྡལ་རྨང་བཏིང་ནས། །རྣམ་ཤེས་བརྒྱད་ཀྱི་ཀ་བ་བཙུགས། །རིག་པ་ཕྱི་ཡི་བང་རིམ་ཅན། །བདག་ཉིད་ཆེ་ཡི་བུམ་པ་དྲིལ། །རང་བཞིན་གཡོ་བའི་སྐུ་གདུང་ཡིན། །ཞེས་ཀུན་གཞི་རྨང་། རྣམ་ཤེས་ཚོགས་བརྒྱད་ཀ་བ། དབང་པོ་ལྔ་བང་རིམ། གཙོ་སེམས་ཡིད་ཀྱི་རྣམ་ཤེས་བུམ་པ་སྟེ། དེ་རྣམས་བསྡོམས་པ་ལ་ནང་བཅུད་ཀྱི་མཆོད་རྟེན་དུ་བཤད་པ་དང་། རྡོ་རྗེ་བཀོད་པའི་རྒྱུད་ལས། འདོད་ཁམས་རྨང་གི་རི་མོ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་ཅན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། །སྐུ་གདུང་ཆེན་པོ་རྒྱུན་དུ་གནས། །ཞེས་འདོད་ཁམས་རིགས་དྲུག་རྨང་། གཟུགས་ཁམས་གནས་རིགས་བཅུ་བདུན་བང་རིམ། གཟུགས་མེད་སྐྱེ་མཆེད་མུ་བཞི་བུམ་པ་སྟེ། ཁམས་གསུམ་ལ་མཆོད་རྟེན་དུ་བཤད་པ་དང་། དེ་དང་མཐུན་པར་མ་ཧཱ་པཎྜི་ཏ་སྨྲི་ཏིས་སྣོད་བཅུད་ཐམས་ཅད་བསྡོམས་པ་ལ་མཆོད་རྟེན་དུ་བཤད་པ་ལྟ་བུའོ། །གཉིས་པ་ནི། ཐེག་ཆེན་དབང་གི་རྒྱུད་ལས། ཚད་མེད་བསམ་ཡས་ལས་བྱུང་འབྲས། །ཤར་དུ་བྱམས་པ་རྡོ་རྗེ་བརྩེགས། །ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས། །ནུབ་ཏུ་དགའ་བ་པདྨ་བརྩེགས། །བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས། །རང་བྱུང་རིན་ཆེན་བརྩེགས་པའོ། །ཞེས་ཤར་ལུས་འཕགས་གླིང་དུ་བྱམས་པ་ཚད་མེད་ཀྱི་ངོ་བོ་རྡོ་རྗེ་དུ་མ་


JKT002_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་པའི་མཆོད་རྟེན་སོགས་ཚད་མེད་བཞིའི་ངོ་བོ་མཆོད་རྟེན་བཞིའོ། །གསུམ་པ་ནི། འཁོར་ལོ་འབྱུང་བའི་རྒྱུད་ལས། བྱིན་རླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་སྣང་། །ཞེས་ཤར་ལུས་འཕགས་གླིང་ལྷ ན་བྱམས་པ་བསོད་ནམས་སྟོབས་དང་། མཐར་ལེགས་གཡུང་དྲུང་རྟོགས་པ་གཉིས། ལྷོ་འཛམ་བུའི་གླིང་ན་ཐུགས་རྗེ་སྤྲུལ་པ་དང་། ཡིད་བཞིན་ལྷུན་གྱིས་གྲུབ་པ་གཉིས། ནུབ་བ་ལང་སྤྱོད་ན་དཔེ་མེད་བསམ་འདས་དང་། རྨད་གྲགས་ཆོས་དབྱིངས་ཀྱི་མཆོད་རྟེན་གཉིས། བྱང་སྒྲ་མི་སྙན་ན་ཡོན་ཏན་རིན་ཆེན་བརྩེགས་དང་། ཁམས་གསུམ་བདེ་རྒྱས་སྒྲོལ་མའི་མཆོད་རྟེན་གཉིས་ཏེ་བརྒྱད་བཞུགས་པ་རྣམས་སོ། །བཞི་པ་ནི། བདུད་རྩི་མཆོག་གི་རྒྱུད་ལས། རོ་ཡི་སྲུང་མ་ཆེན་མོ་ནི། །མ་མོ་ཆེན་མོ་བརྒྱད་བཞག་གོ །དེ་དག་རྟེན་གནས་ཆེན་མོ་ཡང་། །མཆོད་རྟེན་བརྒྱད་དུ་རྣམ་པར་བཞག །ཅེས་པས། མ་ག་དྷར་བདེ་བྱེད། སིངྒ་ལར་རི་བོ་ཏཱ་ལ། བལ་ཡུལ་དུ་བྱ་ཁྲི་ཁ་ཤོར། སིངྒའི་གླིང་དུ་གེའུ་དོ་ཤན། ལི་ཡུལ་དུ་གོ་མཱ་སཱ་ལ་གནྡྷ། ཁ་ཆེར་ཀན་ཀན། ཟ་ཧོར་དུ་བདེ་བྱེད་གཞོན་ནུའི་མཆོད་རྟེན་ཏེ། སྔོན་སྟོན་པ་ཧེ་རུ་ཀས་དྲག་པོ་ཆུང་མ་དང་བཅས་པ་བཏུལ་བའི་ཚེ་ཡུལ་བརྒྱད་ཀྱི་དུར་ཁྲོད་དུ་མ་མོ་བརྒྱད་ཀྱི་རྟེན་གནས་མཆོད་རྟེན་བརྒྱད་བཞུགས་པ་རྣམས་ཡིན་ལ། ལྔ་པ་ནི། ཉན་ཐོས་ཀྱི་མཆོད་རྟེན་ཆོས་གོས་བཞི་ལྟབས་


JKT002_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྟེང་དུ་ལྷུང་བཟེད་ཁ་སྦུབས་པར་མཁར་གསིལ་བཙུགས་པ་ལྟ་བུ། རང་རྒྱལ་གྱི་མཆོད་རྟེན་རྨང་གྲུ་བཞི། ངོས་ཟླུམ་པོ། བང་རིམ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་པའི་རྣམ་པ་ཅན། ཐེག་པ་ཆེན་པོའི་མཆོད་རྟེན་ལ། དཀྱིལ་འཁོར་ཆེན་པོ་བཀོད་པའི་རྒྱུད་ལ་བརྟེན་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་མཆོད་རྟེན་གྱི་རྟོགས་པ་ལས། ཐུབ་པའི་མཆོད་རྟེན་ལྷུང་བཟེད་ཁ་སྦུབས་པ་ལྟ་བུ་ཞེས་པ་དབྱིབས་ཟླུམ་པོ་ཁང་བུ་ལྟ་བུ་ཞེས་པ་དབྱིབས་གྲུ་བཞི། རྒྱལ་མཚན་ལྟ་བུ་ཞེས་པ་དབྱིབས་རྒྱལ་མཚན་ལྟ་བུ་བང་རིམ་ཅན་ཏེ་རྣམ་གྲངས་གསུམ་དུ་བཤད་པ་དང་། གཞན་ཡང་འདུལ་བ་ལུང་ལས། འཁོར་ལོ་ལ་གདུགས་དང་། གདུགས་ལ་ཆར་ཁེབས་ཀྱི་མིང་མཛད་ནས། རང་རྒྱལ་གྱི་མཆོད་རྟེན་ལ་གདུགས་བཅུ་གསུམ་ཆར་ཁེབས་མེད་པ་དང་། ཉན་ཐོས་ལ་འབྲས་བུའི་གྲངས་ལས་བགྲངས་པའི་གདུགས་ཀྱི་གྲངས་རེ་རེ་ལྷག་པ་ཆར་ཁེབས་མེད་པ་དང་། སོ་སོ་སྐྱེ་བོ་ལ་གདུགས་མེད་པ་བུམ་པའི་སྟེང་དུ་བྲེ་བཞག་པ་ཙམ་དང་། རྫོགས་པའི་སངས་རྒྱས་ལ་གདུགས་རིམ་པ་བཅུ་གསུམ་ཆར་ཁེབས་ཏོག་བཅས་མཚན་ཉིད་ཀུན་ཚང་བར་གསུངས་ཏེ། སྟག་ཚང་ལོ་ཙཱ་བ་ཆེན་པོ་ཤེས་རབ་རིན་ཆེན་གྱིས། ཐུགས་ཀྱི་རྟེན་ནི་མཆོད་རྟེན་ཞེས་བྱ་བ། །རྫོགས་སངས་རྒྱས་ལ་རྣམ་ཀུན་ཡོངས་རྫོགས་ཏེ། །ཤཱཀ་ཐུབ་


JKT002_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་བརྒྱད་དུ་གྲགས་པ་དང་། །རང་སངས་རྒྱས་ལ་ཆར་ཁེབས་མེད་པ་དང་། །ཉན་ཐོས་འབྲས་བུ་བཞི་ལ་འབྲས་བུའི་གྲངས། །སོ་སོའི་གདུགས་ཀྱི་རིམ་པར་བྱ་བ་དང་། །སོ་སྐྱེ་ལ་ནི་བྱི་བོ་ཞེས་བྱ་བ། །#་གདུགས་མེད་བུམ་པའི་སྟེང་དུ་བྲེ་ལྡན་ཏེ། །ཞེས་གསུངས་པ་ལྟར་རོ། །དེར་མ་ཟད་རྒྱུད་སྡེ་ཆེན་པོ་བཞི་ལ་སོ་སོའི་ལུགས་ཀྱི་མཆོད་རྟེན་གྱི་ཁྱད་པར། བྱ་སྤྱོད་གཉིས་ལ་བང་རིམ་ནང་དུ་བཅུག་པ་དང་། ཕྱིར་༧ གྱེད་པ། དབུས་མ་འབུར་བ་ལ་མཐའ་གཉིས་ནང་དུ་རུབ་པ། འཁོར་ལོ་བཅུ་གཉིས་པའི་རྣམ་པ་ཅན་དུ་གསུངས་པ་དང་། ཡོ་གའི་མཆོད་རྟེན་རྡོ་རྗེ་བརྩེགས་པའི་རྒྱུད་ལས་གསུངས་པ་རྣམས་དང་། བླ་མེད་ཀྱི་མཆོད་རྟེན་དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པའི་བདུད་འདུལ་མེད་པའི་མཆོད་རྟེན་ལ་སོགས་པ་ཡིན་ལ། དེ་ལྟ་བུའི་མཆོད་རྟེན་ལ་གྲུབ་མཐའ་སོ་སོའི་བཞེད་ཚུལ་མང་ཡང་ཐེག་པ་ཆེན་པོ་ཉིད་གཙོ་ཆེ་ཞིང་། དེ་ལ་ཡང་སོ་སྐྱེ་ཉན་རང་སངས་རྒྱས་སོགས་གང་ཟག་རེ་རེ་ལ་མཆོད་རྟེན་སོ་སོར་གསུངས་ཀྱང་། སྤྱིར་རྫོགས་པའི་སངས་རྒྱས་ཀྱི་མཆོད་རྟེན་ཉིད་ཁྱད་པར་འཕགས་ལ། དེ་ལ་ཡང་རྣམ་གྲངས་གསུམ་ཙམ་གསུངས་པ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འཁྲུལ་པའི་དྲི་མ་ཟད་པ་རྗེ་བཙུན་རིན་པོ་ཆེའི་ཞལ་ནས། དང་པོ་ལྷུང་བཟེད་ལྟར་གྲགས་པའི་མཚོན་དོན་ནི། ཆོས་ཀྱི་སྐུ་སྤྲོས་པ་ཐམས་


JKT002_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང་བྲལ་བར་མཚོན་ལ། གཉིས་པ་ཁོང་བུ་ལྟར་ཡོངས་སུ་གྲགས་པའི་མཚོན་དོན་ནི། ཆོས་ཀྱི་སྐུ་ཡོན་ཏན་ཐམས་ཅད་རྫོགས་ཤིང་མཉམ་པ་ཉིད་མཚོན། གསུམ་པ་རྒྱལ་མཚན་ལྟར་ཡོངས་སུ་གྲགས་པས་ནི། ལས་ཀྱི་མཐའ་བརྗོད་པའི་མདོ་ལས། སྤྲུལ་པས་མཛད་པ་མངོན་བསྟན་ཕྱིར། །མཆོད་རྟེན་བརྒྱད་དུ་སྐུ་གདུང་བཞག །ཅེས་པ་ལྟར་འོ་སྐོལ་གྱི་སྟོན་པ་ཐུབ་པའི་དབང་པོས་མཛད་པ་ཁྱད་པར་ཅན་བསྟན་པའི་ཡུལ་ལྗོངས་སོ་སོར་སྐྱེ་བོ་རྣམས་སྤྲོ་བ་སྐྱེས་ཏེ་དུས་སྟོན་བྱ་བའི་ཕྱིར་བཞེངས་པའི་བདེ་གཤེགས་མཆོད་རྟེན་བརྒྱད་དུ་གྲགས་པ་རྣམས་ཏེ། དང་པོ་གནས་གྲོང་ཁྱེར་སེར་སྐྱར་སྐུ་བལྟམས་པའི་དུས་སུ་བྱུང་བའི་པད་སྤུངས་མཆོད་རྟེན། གཉིས་པ་རྒྱལ་པོའི་ཁབ་ཏུ་སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་པའི་དུས་སུ་བྱུང་བ་བྱང་ཆེན་མཆོད་རྟེན། གསུམ་པ་གནས་ཝཱ་ར་ཎ་སིར་ཆོས་འཁོར་བསྐོར་བའི་དུས་སུ་བྱུང་བ་བཀྲ་ཤིས་སྒོ་མང་། བཞི་པ་མཉན་ཡོད་ཛེ་ཏཱའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན་པའི་ཚེ་བྱུང་བ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན། ལྔ་པ་ཡངས་པ་ཅན་ནམ་གྲོང་ཁྱེར་གསེར་ཅན་དུ། སྟོན་པ་ཚུ་ལྷའི་ཡུལ་དུ་དབྱར་གནས་མཛད་དེ་ཡུམ་ལ་ཆོས་གསུངས། སྔ་དྲོ་དགག་དབྱེ་མཛད་པའི་ཕྱི་དྲོ་ནམ་མཁའ་ལས་འཛམ་བུའི་གླིང་དུ་བབས་པའི་དུས་བྱུང་བ་ལྷ་བབས་སམ། ཆོ་འཕྲུལ་ཆུང་ངུའི་མཆོད་རྟེན།


JKT002_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་གནས་རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་གྱི་དབྱེན་བྱས་པའི་ཚེ་ཉན་ཐོས་མཆོག་ཟུང་གིས་བསྡུམས་པའི་དུས་སུ་བྱུང་བ་དབྱེན་ཟླུམ་མམ། འོད་ཟེར་ཅན་གྱི་མཆོད་རྟེན་ནམ། བྱང་ངོས་མཆོད་རྟེན། བདུན་པ་ཡངས་པ་ཅན་དུ་སྟོན་པའི་སྐུ་ཚེ་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པའི་ཚེ་བྱུང་བ་རྣམ་རྒྱལ་ལམ། བྱིན་རླབས་མཆོད་རྟེན་དུ་ཡང་གྲགས་པ། བརྒྱད་པ་རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་པའི་དུས་སུ་ཆོས་རྒྱལ་མྱ་ངན་མེད་ཀྱི་མཆོད་རྟེན་ནམ། མྱང་འདས་མཆོད་རྟེན་དུ་གྲགས་པ་རྣམས་ཡིན་ལ། འདི་ལའང་སྟོན་པའི་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་བརྒྱད། རས་ཚིག་པ་དང་། མ་ཚིག་པ་དང་། སོལ་བ་གཞུག་པའི་མཆོད་རྟེན་ཏེ་བཅུ་གཅིག །ལྷ་རྣམས་ཀྱིས་སྟོན་པའི་མཆེ་བ་ཁྱེར་ནས་བཞེངས་པའི་མཆོད་རྟེན། སྲིན་པོ་གཉིས་ཀྱིས་སྟོན་པའི་མཆེ་བ་བརྐུས་ཏེ་ཁྱེར་ནས་བཞེངས་པའི་མཆོད་རྟེན། མྱ་ངན་ལས་མ་འདས་གོང་དུའང་དབུ་སྐྲ་དང་སེན་མོའི་མཆོད་རྟེན་སོགས་དཔག་ཏུ་མེད་པ་བྱུང་བ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་བཞེངས་པའི་དཔལ་དུ་བ་ལྟ་བུའམ། རིག་པ་མེད་པའི་མཆོད་རྟེན། ཆོས་རྒྱལ་མྱ་ངན་མེད་ཀྱིས་འཛམ་བུ་གླིང་དུ་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་པའི་མཆོད་རྟེན་བྱེ་བ་བཞེངས་པ་རྣམས་ཀྱང་བརྒྱད་པོ་འདིར་ཅི་རིགས་སུ་མ་འདུས་པ་མེད་ལ། དེ་རྣམས་ཀྱི་ནང་ནས་ད་


JKT002_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྐབས་སུ་བབས་པའི་རབ་ཏུ་གནས་བྱའི་རྟེན་གྱི་གཙོ་བོ་ནི། སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་པའི་དུས་སུ་བྱུང་བ་བྱང་ཆུབ་ཆེན་པོའི་མཆོད་རྟེན་འདི་ཉིད་ཡིན་ལ། ཞེས་པ་ལྟ་བུའི་སྐབས་སུ་བབས་པ་ཇི་ལྟར་འོས་པའི་མཐར། དེ་ལ་ཡང་གང་ཞིག་དད་པའི་དབང་པོས་ཀུན་ནས་བསླངས་ཏེ་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ཚད་ལྡན་བརྩིགས་པ་དང་། དྭང་བའི་སེམས་ཀྱིས་ཕྱག་མཆོད་བྱེད་པ་ནི་སྐལ་བ་དང་ལྡན་པའི་དགེ་བའི་ས་བོན་གསར་དུ་འཇོག་པ་ནས་བརྩམས་ཏེ་མཐར་ཐུག་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་བར་གྱི་དགེ་ལེགས་ཐམས་ཅད་ཀྱི་གཞི་ཉིད་དུ་ངེས་པ་ནི། མྱ་ངན་ལས་འདས་པ་ཆེན་པོའི་མདོར། ལྷ་དང་མིའི་འཁོར་རྣམ་བཞིའི་རིན་པོ་ཆེ་སྣ་བདུན་ལས་མཆོད་རྟེན་བྱས་ཏེ་རིང་བསྲེལ་ལ་མཆོད་ན་བསོད་ནམས་དཔག་ཏུ་མེད་པ་ཐོབ་ཅིང་། ངེས་པར་སེམས་ཅན་དེ་དག་སྲིད་པ་གསུམ་གྱི་སྡུག་བསྔལ་སྤངས་ནས། མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་འགྱུར་རོ། །ཞེས་དང་། དམ་པའི་ཆོས་པདྨ་དཀར་པོ་ལས། རིན་ཆེན་མཆོད་རྟེན་སྟོང་ཕྲག་དུ་མ་དག །གསེར་དང་དངུལ་དང་འོན་ཏེ་ཤེལ་གྱིས་སམ། །རྡོ་ཡི་སྙིང་པོའི་མཆོད་རྟེན་གང་གིས་བྱས། །བེ་ཌཱུརླ་མཆོག་དེ་བཞིན་ཨནྡ་རྙིལ། །ལ་ལས་མུ་ཏིག་ཀེ་ཀེ་རུ་ལས་བྱས། །དེ་དག་གིས་ཀྱང་བྱང་ཆུབ་


JKT002_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་འགྱུར། །གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང་། །གང་གིས་ཨ་ག་རུ་དང་ཙནྡན་དང་། །གང་གིས་ཐང་ཤིང་མཆོད་རྟེན་བྱས་པ་དང་། །ལ་ལས་ཤིང་མང་གཞན་ལས་བྱས་པ་དང་། །ས་དང་སོ་ཕག་ལས་ནི་བརྩིགས་པ་ཡིས། །རྒྱལ་བའི་མཆོད་རྟེན་འགའ་ཞིག་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངམ་དགོན་པ་དག་ཏུ་བཞེངས་པ་དང་། །བྱིས་པས་རྩེད་མོས་དེ་དང་དེ་དག་ཏུ། །་གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོར་བྱས་ན་ཡང་། །དེ་དག་གིས་ཀྱང་བྱང་ཆུབ་མཆོག་འདི་ཐོབ། །ཅེས་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་རྒྱ་ཆེར་བསྔགས་ཤིང་། ཞེས་པའི་མཚམས། དམིགས་བསལ་བླ་མའི་དགོངས་རྫོགས་ལྟ་བུ་ལ། དེ་དག་ལས་ཁྱད་པར་དུ་རང་གིས་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་རྫོགས་པར་ཐོབ་པའི་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀྱི་དགོངས་པ་རྫོགས་པའི་ཆེད་དུ་མཆོད་རྟེན་བཞེངས་པ་དང་། དེ་ལ་མཆོད་པ་དང་བཀུར་སྟི་བྱས་པའི་བསོད་ནམས་ནི་དེ་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་ཏེ། བླ་མའི་ཡོན་ཏན་གཟུང་བའི་རྒྱུད་ལས། དེ་ཕྱིར་མོས་གུས་ལྡན་པའི་སློབ་མ་ཡིས། །བླ་མ་འདས་ནས་གདུང་བས་མཆོད་བྱས་ན། །ཐུགས་ཀྱི་དགོངས་པ་གོང་ནས་ཡོངས་རྫོགས་ཤིང་། །སློབ་མས་བླ་མའི་རྣམ་ཐར་བསྙེགས་པར་འགྱུར། །བླ་མ་འདས་པའི་ལོ་


JKT002_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་ཚེས་གྲངས་ལ། །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་པར་བསགས་པའི་སྡིག་ཆེན་རབ་བཅོམ་ནས། །ཤིན་ཏུ་མི་ཟད་གཤིན་རྗེའི་གྲོང་ལས་ཐར། །སྟོང་གསུམ་སྐྱེ་བོའི་མིག་བྲལ་སྲོག་ཉམས་ཤིང་། །མི་སྲོག་བྱིན་ཀྱང་དགེ་བའི་དཔེར་མི་བཟོད། །དེ་རྙེད་སྐྱེ་བོ་དགྲ་བཅོམ་ལ་བཀོད་ནས། །བསྐལ་པར་མཆོད་ཀྱང་དགེ་བས་དཔེར་མི་བཟོད། །ཞེས་སོགས་རྒྱ་ཆེར་གསུངས་པས་མཚོན་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་ལན་གཅིག་མ་ཡིན་པར་བསྔགས་པའི་གླིང་བུ་བསྒྱུར་བས་ཡིད་དྲངས་ཏེ། ཐེག་གསུམ་བསྟན་པའི་སྣང་བྱེད། སྐྱབས་གསུམ་འདུས་པའི་ངོ་བོ། སྐུ་གསུམ་ཡོན་ཏན་གྱི་ཕུང་པོ། དུས་གསུམ་གཟིགས་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ། ཞེས་པའི་མཚམས། སོ་སོའི་སྐུ་ཆེ་བའི་ཡོན་ཏན་ནས་བཟུང་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་བར་རྒྱས་བསྡུས་འཚམས་པའི་ངག་གིས་བཤད་པ་སྔོན་དུ་འགྲོ་བས། སྦྱིན་བདག་གང་ཡིན་གྱི་དགོངས་རྫོགས་ཀྱི་ཆེད་དུ་རྟེན་བཞེངས་ཚུལ་ཇི་ལྟར་འོས་པའི་རྗེས། ལེགས་པར་གྲུབ་པ་འདི་ཉིད་ཀྱི་མཚོན་ཚུལ་རྒྱས་པ་ནི། རྨང་གིས་དགེ་བཅུ། ཚུ ་བང་རིམ་གྱི་གྲངས་དང་པོས་དྲན་པ་ཉེ་བར་བཞག་པ་བཞི། གཉིས་པས་ཡང་དག་པར་སྤོང་བ་བཞི། གསུམ་པས་རྫུ་འཕྲུལ་གྱི་རྐང་པ་བཞི། བཞི་པས་དབང་པོ་ལྔ། བུམ་གདན་གྱིས་སྟོབས་ལྔ། བུམ་པས་


JKT002_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་ཡན་ལག་བདུན། བྲེས་འཕགས་ལམ་ཡན་ལག་བརྒྱད། སྲོག་ཤིང་གིས་ཤེས་པ་བཅུ། འཁོར་ལོ་བརྩེགས་པའི་དང་པོ་བཅུས་སྟོབས་བཅུ། ལྷག་མ་གསུམ་གྱིས་དྲན་པ་ཉེར་བཞག་གསུམ། ཆར་ཁེབས་ནི་ཐུགས་རྗེ་ཆེན་པོ། ཏོག་ནི་ཆོས་སྐུའི་རང་བཞིན་མཚོན་པར་བྱེད་པ་སྟེ། དེ་དག་ནི་གང་ཞིག་རབ་ཏུ་གནས་པར་བྱ་བའི་རྟེན་ཡོངས་སུ་དག་པ་བཟང་པོ་ཉིད་ཡིན་ལ། སྤྱི་དོན་གཉིས་པ་གང་གིས་རབ་ཏུ་གནས་པར་བྱེད་པའི་སློབ་དཔོན་མཚན་ཉིད་དང་ལྡན་པ་ནི། སྤྱིར་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་ཐོབ་ཅིང་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་མཁྱེན་པ་སྟེ། ཀྱེ་རྡོ་རྗེ་ལས། རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཞེས་དང་། བྱེ་བྲག་ཏུ་རབ་རྒྱུད་ལས། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པས་སོ། །ཞེས་དང་། འཇམ་མགོན་ས་སྐྱ་པཎྜི་ཏས། དེ་ཉིད་བཅུ་ལ་རྣམ་གྲངས་མང་། །ཆོ་གའི་དེ་ཉིད་བཅུ་དང་ནི། །གཞན་ཡང་རྡོ་རྗེ་སློབ་དཔོན་ལ། །ཉེ་བར་མཁོ་བའི་དེ་ཉིད་བཅུ། །དེ་བཞིན་དེ་ཉིད་ཁོ་ན་ཡིས། །དེ་ཉིད་བཅུ་ཞེས་བྱ་བ་ཡོད། །ཞེས་གསུངས་པ་ལྟར། གསང་བའི་དེ་ཉིད་བཅུ། སྤྱིའི་དེ་ཉིད་བཅུ། ཆོ་གའི་དེ་ཉིད་བཅུ། རྡོ་རྗེ་སློབ་དཔོན་ལ་ཉེ་བར་མཁོ་བའི་དེ་ཉིད་བཅུ། དེ་ཁོ་ན་ཉིད་ཀྱི་དེ་ཉིད་བཅུ་


JKT002_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མང་དུ་གསུངས་ཀྱང་། འདིར་རབ་ཏུ་གནས་པའི་རྡོ་རྗེ་སློབ་དཔོན་ལ་ཉེ་བར་མཁོ་བའི་དེ་ཉིད་བཅུ་ནི། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད། ཏིང་ངེ་འཛིན་གྱི་དེ་ཁོ་ན་ཉིད། ཕྱག་རྒྱའི་དེ་ཁོ་ན་ཉིད། ལྟ་སྟངས་ཀྱི་དེ་ཁོ་ན་ཉིད། །གདན་གྱི་དེ་ཁོ་ན་ཉིད། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད། སྦྱིན་སྲེག་གི་དེ་ཁོ་ན་ཉིད། མཆོད་པའི་དེ་ཁོ་ན་ཉིད། ལས་ལ་སྦྱར་བའི་དེ་ཁོ་ན་ཉིད། སླར་བསྡུ་བའི་དེ་ཁོ་ན་ཉིད་དང་བཅུ་པོ་འདི་ཉིད་ཡིན་ལ། དེ་དག་དང་ལྡན་པའི་སློབ་དཔོན་དེ་ཉིད་ཀྱང་། དཔལ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས་ལྷ་ཁང་ལ་སོགས་རབ་གནས་ཀྱང་། །རྟག་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་ན་ནི་གསུམ་ཡོད་ན། །ཁྱིམ་པ་གོས་དཀར་ཅན་གྱིས་མིན། །ཞེས་གསུངས་པ་ལྟར་ཁྱིམ་པའི་རྡོ་རྗེ་སློབ་དཔོན་ལས་རབ་ཏུ་བྱུང་བ་ཁྱད་པར་དུ་བསྔགས་པ་ལྟར། འདིར་རབ་ཏུ་གནས་པར་བྱེད་པའི་རྡོ་རྗེ་སློབ་དཔོན་ནི། ཞེས་པའི་མཚམས། བླ་མ་སོ་སོའི་ཆེ་བའི་ཡོན་ཏན་ལས་བརྩམས་པའི་བསྔགས་བརྗོད་ཇི་ལྟར་འོས་པའི་མཐར། ཉིད་གཙོ་བོར་བཞུགས་ཤིང་། གཞན་ཡང་དཔལ་དགྱེས་པ་རྡོ་རྗེའི་གཞིའི་བསྙེན་པ་མཐར་ཕྱིན་ཅིང་ཆོ་ག་ལ་མཁས་པའི་དགེ་སློང་རྡོ་རྗེ་འཛིན་པ་ཤ་སྟག་ཏུ་འདུས་པའི་ཚོགས་དང་བཅས་པ་ནི་གང་གིས་རབ་ཏུ་གནས་པར་བྱེད་པའི་སློབ་དཔོན་བཟང་པོ་ལགས་ཤིང་། སྤྱི་དོན་གསུམ་པ་ནམ་ཞིག་


JKT002_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གནས་པར་བྱ་བའི་དུས་ནི། བཀྲ་ཤིས་པར་བྱེད་པའི་ཚེས་དང་གཟའ་དང་སྐར་མ་དང་། བྱེད་པ་དང་། སྦྱོར་བ་ལ་སོགས་པ་ཕུན་སུམ་ཚོགས་པ་ངེས་པར་དགོས་ཏེ། རབ་རྒྱུད་ལས། དཔྱིད་ཟླ་ར་བའམ་དཔྱིད་ཟླ་འབྲིང་། །དབྱར་ར་དེ་བཞིན་དབྱར་འབྲིང་པོ། །དགུན་ཟླ་དཔྱིད་ཀྱི་ཐ་ཆུང་ངམ། །ཉི་མ་བྱང་དུ་བལྟས་པ་ཡི། །དཀར་པོའི་ཕྱོགས་སུ་ཤིས་པའོ། །ཞེས་གསུངས་པ་ལྟར། ལོ་གཅིག་ལ་བགྲོད་པ་གཉིས་ཡོད་པས། དབྱར་ཉི་ལྡོག་ནས་དགུན་ཉི་མ་ལྡོག་བར་དུ་ཉི་མ་ལྷོ་ཕྱོགས་གཤིན་རྗེའི་ཕྱོགས་སུ་བགྲོད་པ་ཡིན་པས་དབང་དང་རབ་གནས་སོགས་དགེ་ལེགས་ཀྱི་བྱ་བ་སྤང་དགོས་པར་གསུངས་ལ། དགུན་ཉི་ལྡོག་ནས་དབྱར་ཉི་མ་ལྡོག་པར་ཉི་མ་བྱང་ཕྱོགས་གནོད་སྦྱིན་གྱི་ཕྱོགས་སུ་བགྲོད་པའི་འོད་ཟེར་གྱིས་ལམ་སྟེང་ནས་སྟེང་དུ་འཕགས་པའི་ཉིན་མོ་ཆེས་རིང་ཞིང་། མཚན་མོ་མུན་པ་སྟོབས་ཆུང་བའི་དུས་སུ་དབང་དང་རབ་གནས་སོགས་ཚེ་དང་བསོད་ནམས་རྒྱས་པར་བྱ་བའི་ལས་ལ་ཤིན་ཏུ་དགེ་བར་གསུངས་པས་ན་ད་ལམ་ཉི་མ་བྱང་བགྲོད་ཀྱི་དུས་དང་། ཟླ་བའང་དབྱར་ཟླ་ར་བ་མཆོག་ཏུ་བསྔགས་པ་ལྟར་ད་ལམ་དབྱར་ཟླ་ར་བ་དང་། ཚེས་གྲངས་ཀྱང་། རབ་རྒྱུད་ལས། དཀར་པོའི་ཕྱོགས་ཀྱི་གཉིས་པའམ། །རིམ་བཞིན་དེ་བཞིན་གསུམ་པའོ། །གང་ཚེ་གཟའ་དང་རྗེས་མཐུན་ན། །ནག་པོའི་ཕྱོགས་ལའང་


JKT002_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམ་པར་བྱ། །གང་ཚེ་ཐམས་ཅད་མཐུན་གྱུར་ན། །མི་རྣམས་གོང་དུ་འཕེལ་བར་བྱེད། །ཅེས་པ་ལྟར་སྐབས་སུ་བབས་པ་ནི། དཀར་པོའི་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་གཅིག་ལ་རབ་ཏུ་གནས་པའི་ཆོ་ག་དངོས་གཞི་ཡང་དག་པར་གྲུབ་པ་དང་། དུས་དེ་ཉིད་དུ་ཤར་བའི་གཟའ་དང་སྐར་མ་དགེ་བ་ནི། ཇི་སྐད་དུ། ཕུར་བུ་ལྷག་པ་པ་ཝ་སངས། །ཟླ་བའི་གཟའ་སོགས་ཤེས་བྱ་སྟེ། །གཟའ་སྐར་འདི་རྣམས་ལས་བྱས་ན། །རབ་ཏུ་གནས་པ་མཆོག་ཏུ་དགེ །ཞེས་དང་། ཐམས་ཅད་དུ་ནི་ཆུ་སྨད་དང་། །སྣར་མ་དེ་བཞིན་གྲོ་བཞིན་ཏེ། །ལག་པ་སྣུབས་དང་སྣོན་དང་ནི། །རྒྱལ་དང་ཆུ་སྨད་དེ་བཞིན་ནོ། །ཁྲུམས་སྨད་དང་ནི་དེ་བཞིན་དུ། །རྒྱུ་སྐར་འདི་རྣམས་ཐམས་ཅད་དུ། །སྐྱེ་རྒུ་འཕེལ་ཞིང་དེ་བཞིན་དུ། །རབ་ཏུ་གནས་པ་མཆོག་ཏུ་དགེ །ཞེས་གསུངས་པ་ལྟར་འདི་ལ་མཆོག་ཏུ་གྱུར་པའི་གཟའ་ཕུར་བུ་དང་། རྒྱུ་སྐར་གྱི་རྒྱལ་པོ་རྒྱལ་གྱི་དགའ་མ་ལྷན་ཅིག་ཏུ་རྩེ་བའི་གྲལ་ཚེས་ཤིན་ཏུ་དགེ་བའི་ཉིན་མོར་དུས་ཚོད་ཀྱང་། རབ་རྒྱུད་ལས། སྔ་བར་སྐུ་གཟུགས་སྦྱང་བར་བྱ། །ཞེས་པས་མཚོན་རྒྱུད་དང་བསྟན་བཅོས་དུ་མར་སྔ་དྲོའི་དུས་ཁོ་ནར་བསྔགས་པ་ལྟར། འདིར་འཛམ་བུའི་གླིང་དུ་ཉི་མ་ཤར་དྲོས་ཀྱི་དུས་ཕུན་སུམ་ཚོགས་པ་ལ་བབས་པ་ན། རབ་ཏུ་གནས་པའི་བརྟན་བཞུགས་ཀྱི་ཆོ་གས་མེ་ཏོག་མནྡ་རའི་ཆར་དུ་བསྙིལ་


JKT002_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བས་ས་གསུམ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་བྱས་པ་ནི་ནམ་ཞིག་རབ་ཏུ་གནས་པའི་དུས་བཟང་བའོ། །ཞེས་པས་མཚོན་དམིགས་བསལ་ཟླ་ཞག་གཟའ་སྐར་རྣམས་འབྱིན་འཇུག་ཇི་ལྟར་རིགས་པ་བྱ། སྤྱི་དོན་བཞི་པ་གང་དུ་རབ་ཏུ་གནས་པའི་གནས་ནི། སྤྱིའི་མཚན་ཉིད་དུ་ས་ཕྱོགས་ཆོས་ལྡན་གྱི་རྒྱལ་པོས་སྐྱོང་བཞིན་ཕྱི་ནང་གི་ཉེར་འཚེ་མེད་པ་ཞིག་ངེས་པར་དགོས་ཏེ། དཔལ་དུས་ཀྱི་འཁོར་ལོའི་དབང་མདོར་བསྟན་ལས། གང་ཞིག་ས་ཕྱོགས་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་རྒུ་རྣམས། །བདར་གནས་ས་འཛིན་རྩོད་པ་མེད། །གནས་དེར་རྣལ་འབྱོར་བརྩོན་པར་བྱ། །ཞེས་གསུངས་པ་ལྟར། སྤྱིར་སྟོན་པ་སྤྲུལ་པའི་སྐུ་ཤཱཀྱའི་རྒྱལ་པོའི་འདུལ་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ལ་གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་དང་བཅས་པ་ཡོད་པ་ལས། གླིང་དང་གླིང་ཕྲན་གཞན་ལས་ཁྱད་པར་དུ་མས་འཕགས་པ་འཛམ་གླིང་ལས་ཀྱི་ས་པ་འདི་ལ། རིའི་རྒྱལ་པོ་གངས་ཅན། བྲག་གསེར་གྱི་བྱ་སྐྱིབས་ཅན། མཚོ་མ་དྲོས་པ། རྫིང་བུ་དལ་གྱིས་འབབས་པ། ཤིང་སཱ་ལའི་རྒྱལ་པོ་ལ་སོགས་པ་ཡུལ་གྱི་བཀོད་པ་ཕུན་སུམ་ཚོགས་པ་ངོ་མཚར་བ་དུ་མས་མཛེས་པ་འདི་ཉིད་ལ། གྲོང་ཁྱེར་ཆེན་པོ་ལྔ་བརྒྱ། ལྗོངས་ཆེན་པོ་བཅུ་དྲུག །ཡུལ་ཕྲན་སྟོང་། ཡུལ་ཆེན་སོ་གཉིས། གནས་ཆེན་པོ་ཉེར་བཞི། དུར་ཁྲོད་ཆེན་པོ་


JKT002_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། མི་རིགས་མི་གཅིག་སུམ་བརྒྱ་དྲུག་ཅུ། སྐད་རིགས་མི་གཅིག་བདུན་བརྒྱ་ཉི་ཤུ་སོགས་བསམ་གྱིས་མི་ཁྱབ་པ་ཡོད་པ་ལས། བྱེ་བྲག་ཏུ་ཤར་ན་རྒྱ་ནག་དང་ཁྲི་སྟན། རྒྱ་ནག་ཏུ་འཕགས་པ་འཇམ་དཔལ་དབྱངས་ཀྱི་ཕོ་བྲང་རི་བོ་རྩེ་ལྔ། ལྷོ་ཕྱོགས་ན་རྒྱ་གར་དང་ཁ་ཆེ། རྒྱ་མཚོའི་འགྲམ་དུ་འཕགས་མཆོག་ཕྱག་ན་པདྨོའི་ཞིང་ཁམས་རི་བོ་གྲུ་འཛིན། ནུབ་ཏུ་སྟག་སྡེ་དང་གཟིག་ཡན། རིག་འཛིན་གྲུབ་པའི་དབང་པོ་རྣམས་དགྱེས་དགུར་སྤྱོད་པའི་གནས་ཨོ་ཌི་ཡཱ་ན། བྱང་ཕྱོགས་སུ་ཁྲོམ་དང་གེ་སར། ཆོས་རྒྱལ་རིགས་ལྡན་རིམ་པར་བྱོན་པའི་གནས་ཤམྦྷ་ལ་ཆ་བསགས་ཀྱི་གྲོང་ཁྱེར་བྱེ་བ་དགུ་བཅུ་དང་བཅས་པ་ཡོད་པའི་དབུས་སུ། ཡུལ་གྱི་བྱེ་བྲག་པུར་རྒྱལ་བོད་དུ་གྲགས་པ། གངས་རི་དཔལ་དང་ལྡན་པས་བསྐོར་བའི་ལྗོངས། འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཞིང་དུ་གྱུར་པ་ནི། པདྨ་དྲྭ་བ་ཅན་གྱི་རྒྱུད་ལས་ལུང་བསྟན་པ་ལྟར། ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱིས་མངོན་པར་གང་བའི་ཡུལ་ཡི་དམ་ལྷའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མཚན་མ་གསལ་བྱེད་དུ་བྱིས་པ་དག་གིས་ཀྱང་གསུང་མཆོག་ཡི་གེ་དྲུག་པའི་སྒྲ་རང་བྱུང་དུ་སྒྲོག་པ། ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ། རྒྱལ་བསྟན་རིན་པོ་ཆེའི་ཆོས་ཚིགས་ཀྱིས་བྱེ་བའི་ཡུལ་དབུས་གངས་ཅན་ནམ་བོད་དུ་གྲགས་པ་འདི་ལ། སྟོད་ན་མངའ་རིས་སྐོར་གསུམ།


JKT002_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གྲགས་པའི་འབྲི་རྫ་ཟལ་མོ་སྒང་གི་སའི་ཆ། བོད་ཡུལ་དབུས་ཀྱི་ལྟེ་བ་འོག་མིན་འཕགས་པའི་བསྟི་གནས་དང་མཚུངས་པ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ནས་མེ་མཚམས་སུ་ཞག་གི་ཕུང་པོ་གསུམ་ཙམ་བརྒལ་བའི་སར། ཞེས་པའི་མཚམས། ལྷུན་གྲུབ་སྟེང་ལྟ་བུ་ལ། ཆུ་བོ་ཆེན་པོ་འབྲི་ཞེས་བྱ་བའི་ཆུ་ཀླུང་ཆེན་པོ་གསེར་གྱི་སྐ་རགས་དང་ལྡན་པའི་རྒྱུན་ཆེན་པོ་དལ་གྱིས་འབབས་པའི་འགྲམ་ངོགས། སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོའི་ཆོས་བློན་དཔལ་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་མགར་སྟོང་བཙན་ཡུལ་བཟུང་ནས་རིམ་པར་བྱོན་པ་ལས། ས་འདིར་སྡེ་དགེ་ཞེས་བྱ་བའི་མཚན་སྙན་ཐོག་མར་བྱུང་བ་བསོད་ནམས་སྟོབས་ཀྱི་ལས་ཤུགས་བདོ་བའི་བདེ་ཆེན་བསོད་ནམས་བཟང་པོ་ནས་བགྲང་བའི་གདུང་རབས་བཅུ་གསུམ་པ། མངའ་རིས་རྫོང་སྒོ་བཅོ་བརྒྱད་ཁྲིམས་གཉིས་གསེར་གྱི་གཉའ་ཤིང་འཇམ་དར་དཀར་པོ་ཡུགས་གཅིག་གིས་ཁེབས་པར་མཛད་པའི་མདོ་སྨད་གནམ་སའི་དབང་ཕྱུག་བླ་ཆེན་བྱམས་པ་ཕུན་ཚོགས་ནས་བགྲངས་པའི་ཁྲི་རབས་བཅུ་གཅིག་པ་མི་རྗེ་སའི་ཚངས་པ་ཆེན་པོ་འདི་ཉིད་སྐུ་མཆེད་ཀྱི་བར་དུ་མཁས་བཙུན་བཟང་གསུམ་འཛོམ་པ་བླ་མའི་བརྒྱུད་པ། ཆེ་བཙན་བཙུན་གསུམ་འཛོམ་པ་རྒྱལ་


JKT002_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བརྒྱུད་པ། མཐུ་རྩལ་ནུས་པ་དང་ལྡན་པ་སྔགས་འཆང་གི་བརྒྱུད་པ། དཔའ་རྩལ་གདོང་ངར་དང་ལྡན་པ་གེ་སར་གྱི་བརྒྱུད་པ་སྟེ་ཡོན་ཏན་གྱི་ལྡོག་པ་བཞི་དང་ལྡན་པའི་སྒོ་ནས་དམ་པ་ཆོས་ཀྱི་རྒྱལ་མཚན་བཙུགས། ཆབ་འབངས་ཐམས་ཅད་དགེ་བ་བཅུའི་བཀའ་ཁྲིམས་ཀྱིས་བདེ་སྐྱེད་ཀྱི་དཔལ་ལ་བཀོད་པའི་མི་བརྒྱུད་ལྷ་ལས་བབས་པས་ལྷའི་རིགས་རྒྱུན་མི་འཆད་པར་སྐྱོང་བའི་ས། གནམ་སའི་དཔྱད། དབུ་ལ་གདུགས། སྙན་ལ་གསེར་ཉ། ཚེམས་ལ་དུང་། སྐུ་ལ་རྒྱལ་མཚན་སོགས་ཐུབ་པ་ཆེན་པོའི་མཚན་དཔེ་ལ་རྫོགས་པའི་བཀྲ་ཤིས་པའི་རྟགས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པས་སྤྲས་པར་རྒྱལ་བས་ལུང་གིས་བསྟན་པའི་སྐྱེས་བུ་ཆེན་པོ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་དངོས་སློབ་དཔལ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་ནས་བཟུང་སྟེ། ཀུན་མཁྱེན་ཨེ་ཝཾ་པ་ཆེན་པོའི་གདན་རབས་ཤར་ཆེན་ཀུན་དགའ་བཀྲ་ཤིས། སྒྲུབ་ཁང་པ་དཔལ་མཆོག་རྒྱལ་མཚན། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཁས་གྲུབ་བཀྲ་ཤིས་ལྷུན་གྲུབ། འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་། ཤར་ཆེན་མི་འགྱུར་རྒྱལ་མཚན། ངག་དབང་ཆོས་སྐྱོང་བཟང་པོ། བྱམས་པ་ནམ་མཁའ་འཆི་མེད། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་རྣམས་དང་། སྙན་


JKT002_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་རྒྱ་མཚོའི་མངའ་བདག་གནས་གསར་དཔོན་རིན་པོ་ཆེ་གོང་འོག་སོགས་མཁས་པ་དང་གྲུབ་པའི་སྐྱེས་བུ་མང་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་མཆོག་ག་ལ་བར། འཇམ་དཔལ་རྩ་རྒྱུད་ལས། # ཆུ་བོ་གསེར་ལྡན་འགྲམ་ངོགས་སུ། །རྒྱལ་པོ་བྱིས་པའི་མིང་ཅན་འབྱུང་། །ཞེས་ལུང་བསྟན་པའི་ཆོས་རྒྱལ་བསྟན་པ་ཚེ་རིང་དེ་ཉིད་ཀྱིས་རྣམ་དཀར་གྱི་ཕྱག་རྗེས་རྒྱ་ཆེ་བས་དཔལ་ལྡན་ས་ངོར་ཚར་གསུམ་གཙོ་བོར་གྱུར་པའི་གསང་སྔགས་གསར་རྙིང་བཀའ་གཏེར་ལ་སོགས་པའི་བཤད་སྒྲུབ་ཀྱི་ཆུ་ཀླུང་བྱེ་བ་འདུས་པའི་གནས་མཆོག་དཔལ་སྡེ་དགེ་ལྷུན་གྲུབ་སྟེང་ཞེས་ཡོངས་སུ་གྲགས་པའི་ཆོས་གྲྭ་ཆེན་པོའི་གཙུག་ལག་ཁང་མཐོང་ན་མངོན་པར་དགའ་བ་འདི་ཉིད་ཡུལ་གང་དུ་རབ་ཏུ་གནས་པར་བྱ་བའི་གནས་བཟང་པོ་ལགས་སོ། །སྤྱི་དོན་ལྔ་པ་རབ་ཏུ་གནས་པ་ལ་ཉེ་བར་མཁོ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ནི། དཀྱིལ་འཁོར་དང་འབྲེལ་བའི་ཡོ་བྱད། སྦྱིན་སྲེག་དང་འབྲེལ་བའི་ཡོ་བྱད། རབ་ཏུ་གནས་པ་ལ་ཉེ་བར་མཁོ་བའི་ཁྲུས་ཀྱི་ཡོ་བྱད། འཐོར་ནས་དང་། མངའ་དབུལ་དང་། དགའ་སྟོན་ལ་སོགས་པའི་ཡོ་བྱད་ཀྱི་དངོས་པོ་བཟང་ཞིང་གྱ་ནོམ་པ་ཕུན་སུམ་ཚོགས་པ་བཤམས་པ་འདི་རྣམས་ནི་རབ་ཏུ་གནས་པ་ལ་ཉེ་བར་མཁོ་བའི་ཡོ་བྱད་བཟང་པོ་ཡིན་ལ། སྤྱི་དོན་དྲུག་པ་ཇི་ལྟར་རབ་ཏུ་གནས་པར་བྱེད་པའི་ཆོ་ག་མཚན་ཉིད་དང་


JKT002_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ནི། རབ་རྒྱུད་ལས། ཆོ་ག་དག་དང་ལྡན་བྱས་ལ། །ཆོ་ག་དམན་པས་མི་བྱ་སྟེ། །ཞེས་གསུངས་པ་ལྟར་ཆོ་ག་རྣམ་པར་དག་པ་ལའང་། འཕགས་བོད་ཀྱི་མཁས་གྲུབ་སོ་སོས་བཀྲལ་བའི་ལུགས་སྲོལ་མི་འདྲ་བ་མང་དུ་མཆིས་པ་ལས། འདིར་གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་དང་། ཀུན་མཁྱེན་ཨེ་ཝཾ་པ་བརྒྱུད་འཛིན་དང་བཅས་པའི་གསུང་རབས་རྣམ་པར་དག་པ་ལ་བརྟེན་ནས། ཆོ་ག་དངོས་ལའང་སྦྱོར་དངོས་རྗེས་གསུམ་ལས་ཞིབ་པར་ཕྱེ་ན། ཞལ་དང་འདྲ་བའི་ཆོ་གའི་གཞི་ཆེན་པོ་བརྒྱད། ཞབས་དང་འདྲ་བའི་ཆོ་གའི་ཆིངས་བཞི། སྤྱན་དང་འདྲ་བའི་ཆོ་གའི་ཡན་ལག་ཉི་ཤུ་རྩ་བཞི། ཕྱག་དང་འདྲ་བའི་ཆོ་གའི་གཙོ་བོ་བཅུ་དྲུག་སོགས་ཡོད་པ་ལས། འདིར་མདོར་བསྡུས་སྡོམ་དུ་སྨོས་ན། དཀྱིལ་འཁོར་དང་འབྲེལ་པའི་རྒྱས་པའི་དབང་དུ་ན། བསྙེན་པ་དང་། ས་ཆོག་༧ དང་། སྟ་གོན་དང་། དཀྱིལ་འཁོར་ཆེན་པོ་བྲི་བའམ། རས་བྲིས་བཀོད་པ་དང་། རྒྱན་དགྲམ་པ་དང་། སྒྲུབ་ཅིང་མཆོད་པ་དང་། འཇུག་ཅིང་དབང་བླང་བ་རྣམས་སྔོན་དུ་སོང་ནས་རབ་ཏུ་གནས་པའི་སྟ་གོན་ལ་འཇུག་གོ །གཞན་དུ་ན། ལེགས་བཤམས་བདག་བསྐྱེད་བུམ་པ་བཟླས། །རྟེན་སྦྱོང་བཀྲུ་ཞིང་ཕྱི་བ་དང་། །རྟེན་བསྐྱེད་ཡེ་ཤེས་སྤྱན་དྲངས་ལ། །བགེགས་བསྐྲད་མཆོད་དེ་དགུག་གཞུག་བྱ། །རྒྱས་གདབ་


JKT002_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྟོད་གཏོར་མ་བཏང་། །སྙན་གསན་དབབ་ཅིང་མཆོད་བསྟོད་བྱ། །བཟོད་པར་གསོལ་ཞིང་གཤེགས་སུ་གསོལ། །རྟེན་དགབ་བདག་སྲུང་སྟ་གོན་ནོ། །ཞེས་པ་ལྟར་དོན་ཚན་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་སྟ་གོན་དང་། དངོས་གཞི་ལ། ཐོ་རངས་བདག་བསྐྱེད་མདུན་བསྐྱེད་མཆོད། །རྟེན་སྦྱོང་བཀྲུ་ཞིང་ཕྱི་བ་དང་། །རིང་བསྲེལ་གཞུག་ཅིང་གསོལ་བ་གདབ། །རྟེན་བསྐྱེད་སྤྱན་དྲངས་དགུག་རྒྱས་གདབ། །དབང་བསྐུར་མཆོད་བསྟོད་སྨན་དབྱེ་བྱ། །གསོལ་གདབ་མངའ་དབུལ་རྒྱས་པར་བྱ། །དེ་ཡང་མཆོད་བསྟོད་བྱེ་བྲག་དང་། །སྦྱིན་སྲེག་སྔགས་ཏེ་དངོས་གཞིའོ། །ཞེས་པ་ལྟར་རྣམ་གྲངས་བཅུ་གསུམ་ཟློ་དང་ལྡན་པའི་དངོས་གཞི་དང་། གཏོར་མ་སྦྱིན་དང་ཆོས་སྐྱོང་བསྒོ། །དཀྱིལ་འཁོར་མཆོད་དེ་དངོས་གྲུབ་བླངས། །ཡོན་བདག་བསྒོ་ཞིང་ཤིས་པ་བརྗོད། །རྟེན་མཆོད་བསོད་ནམས་ཡོངས་སུ་བསྔོ། །སློབ་དཔོན་མཆོད་དེ་དགའ་སྟོན་བྱ། །སླར་ཡང་ཤིས་པ་རྒྱས་པར་བརྗོད། །རྗེས་སུ་སྦྱིན་སྲེག་མཇུག་དོན་ནོ། །ཞེས་དོན་ཚན་བཅུ་གསུམ་ནི་མཇུག་གི་དོན་ཏེ། དོན་ཚན་སུམ་ཅུ་རྩ་དགུའི་བདག་ཉིད་ཅན་གྱིས་རབ་ཏུ་གནས་པའི་ཆོ་ག་རྣམ་པར་དག་པ་བཟང་པོ་དྲུག་གི་ཆིངས་དང་ལྡན་པས་སྦྱོར་དངོས་རྗེས་གསུམ་ཚང་བ་ལེགས་པར་གྲུབ་པ་སྟེ། དེ་ལྟ་བུའི་རྟེན་འདི་ཉིད་གང་དུ་བཞུགས་པའི་ཡུལ་ཕྱོགས་སུ་གནས་སྐབས་ཚེ་


JKT002_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་དཔལ་འབྱོར་མངའ་ཐང་རྒྱས་པ་དང་། ཆར་ཆུ་ལོ་འབྲས་ནོར་ཕྱུགས་འཕེལ་ཞིང་། བརྒྱད་གཉིས་འཇིགས་པའི་ཚོགས་ཀུན་ཞི་ཞིང་ཕྱིར་བཟློག་པ་དང་། མཐར་ཐུག་རབ་ཏུ་གནས་པའི་རྟེན་ཁྱད་པར་ཅན་འདི་མཐོང་ཐོས་རེག་པའི་ལུས་ཅན་ཐམས་ཅད་མི་གནས་བྱང་ཆེན་མཆོག་གི་གོ་འཕང་འཐོབ་པར་འགྱུར་བ་གདོན་མི་ཟ་བ་ལགས་ཤིང་། དེ་ལྟར་ཐུགས་རྟེན་འདི་ཉིད་སྦྱོར་དངོས་རྗེས་གསུམ་ཚང་བ་ལེགས་པར་གྲུབ་པའི་དུས་ནི། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་དྲག་པོ་ལྕགས་སྤྲེལ་གྱི་ལོ་ས་ག་ཟླ་བའི་ཚེས་བདུན་ལ་ལུམྦི་ནཱིའི་ཚལ་དུ་སྐུ་བལྟམས་པ་ནས་ལོ་གྲངས་ཉིས་སྟོང་བརྒྱད་བརྒྱ་བཅུ་- གཉིས་འདས་པ། སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱི་བསྟན་པ་རིན་པོ་ཆེ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ལྔ་སྟོང་སྟེ་ལྔ་བརྒྱ་ཕྲག་བཅུར་གནས་པ་ལས། ལྔ་བརྒྱ་པ་གསུམ་རེ་ལ་དུས་རེ་བྱས་པའི་མངོན་པར་རྟོགས་པ་དང་། སྒྲུབ་པ་དང་། ལུང་གི་དུས་ཞེས་གསུམ་དུ་འགྱུར་བ་ལས། མངོན་རྟོགས་ཀྱི་དུས་གསུམ་དང་། སྒྲུབ་དུས་ཀྱི་སྟེང་ནས་ལོ་ཆིག་སྟོང་ཉིས་བརྒྱ་ཉེར་བཞི་འདས་ཤིང་། མ་འོངས་པ་བསྟན་པ་རྣལ་མ་སྒྲུབ་པའི་དུས་ཀྱི་ལོ་སུམ་བརྒྱ་དང་རེ་དགུ། ལུང་གི་དུས་ཡོངས་རྫོགས་བཅས་བསྟན་པ་དངོས་ལོ་ཆིག་སྟོང་བདུན་བརྒྱ་རེ་དགུ། རྟགས་ཙམ་འཛིན་གྱི་ལྔ་བརྒྱ་དང་བཅས་དངོས་གཟུགས་དྲིལ་བས་ལོ་


JKT002_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་སྟོང་ཉིས་བརྒྱ་རེ་དགུ་གནས་པ། རྒྱུད་ཀྱི་རྒྱལ་པོ་དཔལ་ཀཱ་ལ་ཙ་ཀྲ་བོད་དུ་ཕེབས་ནས་རབ་བྱུང་ཐོག་མར་བརྩིས་པའི་རབ་བྱུང་བཅུ་བཞི་པའི་དུས་ཕུན་སུམ་ཚོགས་པ་ཉིད་དུ་དཔལ་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་ཏུ་གནས་པ་ལེགས་པར་གྲུབ་པ་ལགས་པས་ཀུན་གྱིས་ཐུགས་ངེས་སུ་མཛད་འཚལ། །ཞེས་སོགས་སྐབས་ཀྱི་ཁ་བསྒྱུར་བཅས་ཏེ་རྒྱ་ཆེར་གླེང་བར་བྱའོ།།

རྟོགས་པ་བརྗོད་པའི་ཚིགས་སུ་བཅད་པ་གཞན་གསོས་མགྲིན་གླུ།


JKT002_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་བརྗོད་པའི་ཚིགས་སུ་བཅད་པ་གཞན་གསོས་མགྲིན་གླུ་ཞེས་བྱ་བ། ཤྲཱི་བཱི་ཛ་ཡནྟུ། རིང་མོ་ཉིད་ནས་བསོད་ནམས་དཔག་ཡས་ཡེ་ཤེས་དམ་པའི་མཐུས་བཟུང་ནས། །འཇམ་མགོན་བླ་མའི་བྱིན་རླབས་དཔྱིད་ཀ་གཟུགས་ཅན་བཞིན་དུ་དར་བ་ན། །མཁས་པས་བསྔགས་འོས་གང་གི་རྒྱུད་མང་རྣམ་དཔྱོད་འགྱུར་ཁུག་སྟོང་ལྡན་པས། །ཆོས་ཀྱི་མདུན་ས་ལྷག་པར་མཛེས་སྟེར་ཚུལ་འདི་སུ་ཡིས་ཕྱག་འོས་མིན། །དྲི་མེད་འོ་མཚོ་བསྲུབས་པའི་ཟླ་བ་ཡང་། །ཤིང་རྟའི་ཕྱི་བཞིན་འགྲོ་བ་གཞན་ཡིན་ཏེ། །ཞི་བས་མི་འཕྲོག་སྙིང་རྗེས་བརླན་པའི་ཡིད། །སྲིད་ན་འཇུག་འདི་སུ་ཡིས་ཕྱག་འོས་མིན། །བསླབ་གཞིའི་ས་ཧཱ་ཀ་རའི་ནགས་ཀླུང་དང་། །འགྲོགས་པའི་ཐོས་མང་ག་བུར་འདབ་མའི་རྡུལ། །གང་དུ་འབབས་པས་གདུང་བ་ཀུན་འཕྲོག་པའི། །སྨན་མཛད་མཆོག་འདི་སུ་ཡིས་ཕྱག་འོས་མིན། །ཕྱི་ནང་གཙུག་ལག་རྒྱ་མཚོ་གང་དང་གང་། །དེ་དེར་རིག་ཚུལ་དྲི་མེད་བཏུང་བ་ན། །


JKT002_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དང་དོན་བཅས་འཁྲུལ་མེད་དཔྱད་པའི་མཐའ། །བདེ་བླག་རྫོགས་འདི་སུ་ཡིས་ཕྱག་འོས་མིན། །ནང་གི་ལམ་ནས་སྲིད་པའི་ཕྲ་རྒྱས་ཀུན། །ཏིང་འཛིན་མཐུ་ཡིས་ཟིལ་མནན་ཉིན་མོར་བྱེད། །ཟག་མེད་ཆོས་ཁམས་རྒྱ་མཚོ་འདུ་བྱེད་པའི། །སྣང་སྟེར་མཆོག་འདི་སུ་ཡིས་ཕྱག་འོས་མིན། །གང་ཡང་ཚངས་པའི་བུ་མོའི་ཏམྦུར། །མགྲིན་པའི་པདྨོར་ལྷན་སྐྱེས་ཉིད་གྱུར་པས། །སྙན་འགྱུར་མཐའ་དག་རྫོགས་པའི་ལེགས་བཤད་གཏམ། །འཛད་མེད་འཇོ་འདི་སུ་ཡིས་ཕྱག་འོས་མིན། །ཨེ་མ་ཚིག་གི་ཟེག་མ་རེར། །དོན་བཟང་ཟིལ་དངར་འབུམ་འཇོ་བས། །འདི་ཡང་ཉེ་བའི་ཨུཏྤ་ལ། །གདུང་སེལ་དམ་པའི་དཔྱིད་དུ་སྤྲོས། །སརྦ་དཱ་མངྒ་ལཾ་བྷ་ཡེ་ཏ།།

ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་གཞན་གསོས་བདུད་རྩིའི་དབྱངས་སྙན།


JKT002_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་གཞན་གསོས་བདུད་རྩིའི་དབྱངས་སྙན་ཅེས་བྱ་བ། འཆི་མེད་གྲུབ་པའི་ཆུ་གཏེར་བསྲུབས་པ་ལས། །ལེགས་འོང་ཡིད་བཞིན་འཁོར་ལོའི་ཟླ་བ་ནི། །བློ་གྲོས་དྭངས་པའི་མཁའ་ལ་འཆར་བའི་མོད། །ཚེ་དཔལ་འབྱོར་པའི་ཀུ་མུཏ་རྒྱས་གྱུར་ཅིག །རྣམ་འབྱེད་དཔྱིད་ཀྱི་དུས་སྟོན་ཚུགས་པ་ན། །ཉིན་བཞིན་འཕེལ་བའི་རིག་ཚུལ་མྱུ་གུ་ནི། །བསླབ་གྲོལ་མེ་ཏོག་གཞོན་ནུས་འཁྱུད་པ་ལས། །སྲིད་པ་གསུམ་ན་ཀུན་ཏུ་མཛེས་པར་ཤོག །དབྱངས་ཅན་པིར་གྱིས་བླངས་ལས་ངག་ཚིག་ནི། །དྲི་མེད་ཚོན་བརྒྱའི་སྦྱོར་བ་མ་སྨད་པ། །གཟུར་གནས་ཡིད་ཀྱི་ཐང་ཀར་


JKT002_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་མཁས་པས། །བློ་ལྡན་བྱེ་བའི་ངལ་འཚོ་ཉིད་གྱུར་ཅིག །དགའ་ལྡན་བདུད་རྩིའི་ཚལ་ན་གྲགས་འབར་བ། །གཉིས་པ་ས་འདིར་འོང་སྙམ་ཆོས་སྨྲ་བའི། །རྒྱུད་མང་གང་དུ་ལྷུང་བའི་འབབས་སྟེགས་ཀྱིས། །བསྟན་པའི་དགའ་ཚལ་གསར་དུ་རྫོགས་པར་ཤོག །མི་མཁས་སྨྲ་བའི་རྡུལ་གྱིས་གང་བ་ན། །ཚད་མ་གསུམ་གྱི་དག་བྱེད་བླ་མེད་པ། །ཨེ་མ་ཕྱོགས་ཀྱི་གླང་པོའི་རྣམ་དཔྱོད་ཀྱང་། །ལྷན་སྐྱེས་བཞིན་དུ་སྙིང་ལ་འཁྱུད་གྱུར་ཅིག །ཇི་ལྟར་དག་པའི་མཐོན་ཀ་ལང་ཚོའི་དཔྱིད། །འཛིན་བཟོད་ག་བུར་རྣ་ཆ་གཡོ་ལྡན་པ། །གཟུགས་སུ་མ་གྱུར་དེ་སྲིད་ཕན་དང་བདེའི། །ངལ་འཚོ་ལྷན་ཅིག་ཉིད་དུ་འཕེལ་བར་ཤོག ། ལྷག་པར་མཐོང་བ་ཆེན་པོའི་སྐབས་དབྱེ་ཞིང་། །གཞོན་ནུའི་མངོན་བརྗོད་འཆང་བས་དགེ་བྱས་པས། །སྔོན་མེད་དགའ་བ་རྒྱས་པའི་བཀྲ་ཤིས་ཀྱི། །སྣང་བས་འཇིག་རྟེན་གསུམ་ན་མཛེས་གྱུར་ཅིག །སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ།། ༈ །།འཇམ་མགོན་བླ་མའི་ཐུགས་རྗེའི་གཞན་དབང་གིས། །རྟག་པར་ངལ་གསོས་གཞོན་ནུའི་མགྲིན་པ་ནས། །བྱུང་བའི་ཚིགས་སུ་བཅད་པའི་ཟིལ་དངར་ནི། །དཔྱོད་ལྡན་ཡིད་ཀྱི་པདྨོ་རྒྱས་ཕྱིར་སྦྱིན། །ཅེས་པའི་ལེ་ཚན་རྣམས་ཀྱང་རིག་པར་སྨྲ་བ་མཉྫ་གྷོ་ཥས་སྐབས་སུ་བབས་པ་ན་ངེས་པར་བརྗོད་པ་སུ་ཤྲཱི་ཡསྶིདྡྷི་རསྟུ།།

དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་པར་བཞག་པའི་གཏམ་དཔྱོད་ལྡན་རྣ་བའི་བཅུད་ལེན།


JKT002_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་པར་བཞག་པའི་གཏམ་དཔྱོད་ལྡན་རྣ་


JKT002_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བཅུད་ལེན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། ཡོན་ཏན་མེ་ཏོག་དཔྱིད་ཀྱི་དཔལ། །དུད་པའི་གདེངས་ཀ་ལ་ཆགས་པའི། །ཐམས་ཅད་མཁྱེན་པའི་ཀེ་ས་རས། །ཤིས་པ་མཆོག་གི་བཅུད་ལེན་སྩོལ། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མི་ཟད་པ། །རྒྱན་གྱི་འཁོར་ལོ་ལས་བརྩམས་པའི། །གཏམ་འདི་དཔྱོད་ལྡན་རྣ་བར་འཇེབས། །དེའང་གང་ན་སྲིད་དང་ཞི་བའི་བསོད་ནམས་ཀྱི་ཕུང་པོ་གཅིག་ཏུ་འབར་བ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོན་ཏན་ནི་སློབ་པའི་ས་ལ་བཞུགས་སོ་ཅོག་གིས་ཀྱང་བགྲང་བའི་ཡུལ་མ་ཡིན་ན་སོ་སོ་སྐྱེ་བོའི་བློ་གྲོས་ཉི་ཚེ་བ་དག་གིས་ལྟ་སྨོས་ཀྱང་ཅི་ཞིག་དགོས། དེ་ལྟར་ནའང་རེ་ཞིག་རང་གི་དད་པ་ཁོ་ན་གཙོར་བྱས་ཏེ་ཅུང་ཟད་བརྗོད་ན་ལྔ་ལས། དང་པོ་སྐུའི་ཡོན་ཏན་མཚན་དང་དཔེ་བྱད་བཅུ་ཕྲག་བཅུ་དང་བཅུ་གཉིས་ཏེ། འདི་འཆད་པ་ལ་ལྔ། གསའགྲུབ་པའི་རྒྱུ། ཇི་ལྟར་སྒྲུབ་པའི་ཚུལ། གང་བསྒྲུབ་པའི་གྲངས་ངེས། དེ་དག་གི་སྒྲ་དོན། དེ་གཞན་ལས་ཁྱད་པར་དུ་འཕགས་ཚུལ་ལོ། །དང་པོ་ནི། འདི་ལྟར་རང་སངས་རྒྱས་དང་ཉན་ཐོས་སློབ་མི་སློབ་རྒྱུ་གང་ལས་བྱུང་བའི་བསོད་ནམས་དང་འཇིག་རྟེན་པ་ཐམས་ཅད་ཀྱི་བདེ་འགྲོ་བསྐྱེད་པའི་བསོད་ནམས་གང་ཡོད་བ་དེ་བཅུ་འགྱུར་གྱིས་བ་སྤུའི་བུ་ག་གཅིག་དང་། བ་སྤུའི་བུ་ག་ཐམས་ཅད་འགྲུབ་བྱེད་ཀྱི་


JKT002_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་བརྒྱ་འགྱུར་གྱིས་དཔེ་བྱད་བཟང་པོ་གཅིག །དེ་འགྲུབ་བྱེད་བརྒྱ་འགྱུར་གྱིས་མཚན་བཟང་པོ་གཅིག །དེ་འགྲུབ་བྱེད་སྟོང་འགྱུར་གྱིས་མཛོད་སྤུ། དེ་འགྲུབ་བྱེད་འབུམ་འགྱུར་གྱིས་གཙུག་ཏོར་བལྟར་མི་མངོན་པ་འགྲུབ་པར་གསུངས་ལ། བྱེ་བྲག་ཏུ་མཚན་འགྲུབ་པའི་རྒྱུ་ཕར་ཕྱིན་འགྲེལ་བ་དོན་གསལ་ལས་ཡུམ་བར་མའི་རྗེས་སུ་འབྲངས་ནས། སྔོན་སློབ་ལམ་གྱི་དུས་སུ་བླ་མ་བསུ་སྐྱེལ་དང་གཡོག་འཁོར་བྱིན་པ་ལ་སོགས་པ་ལས་ཕྱག་ཞབས་འཁོར་ལོས་མཚན་པ་དང་། ཞེས་སོགས་བཤད་ཅིང་། འཕགས་པ་ཀླས་རིན་ཆེན་ཕྲེང་བ་ཡང་ཕལ་ཆེར་སྔ་མ་དང་འདྲ་བར་གསུངས་པ་དང་། ཐོགས་མེད་ཀྱིས་བྱང་སར་མཚན་གྱི་མདོའི་རྗེས་སུ་འབྲང་སྟེ། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། བཟོད་པ་དང་། གཏོང་བ་རྣམས་ལ་ཤིན་ཏུ་གནས་པས་ནི་ཞབས་ཤིན་ཏུ་གནས་པ་བརྙེས་སོ། །ཞེས་སོགས་ཤིན་ཏུ་རྒྱས་པར་བསྟན་ཅིང་། མདོ་སྡེ་བསྐལ་བཟང་ལས། འཁོར་ལོའི་མཚན་གྱི་ཆ་ཤས་ཕྱག་ཞབས་ལ་འཁོར་ལོས་སྤྲས་པ། རྩིབས་ཕན་ཚུན་མ་འདྲེས་པ། འདོད་ཆགས་ཀྱི་དབང་གིས་མི་གོས་པ། བུམ་པ་དང་གཡུང་དྲུང་སོགས་བཀྲ་ཤིས་པའི་མཚན་མས་བརྒྱན་པ། འཁོར་ལོའི་འོད་འགྱེད་པ། འོད་སྣ་ཚོགས་གཏོང་བ་དང་དྲུག་རིམ་བཞིན་སྦྱིན་སོགས་ཕར་ཕྱིན་དྲུག་གི་འབྲས་བུར་གསུངས་པས་མཚོན་མཚན་རེ་རེ་


JKT002_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྦྱར་བ་སོགས་མཐའ་ཡས་སོ། །གཉིས་པ་ནི། སྤྱིར་ཤེས་རབ་ཀྱི་ཕར་ཕྱིན་དང་འབྲེལ་བའི་བསོད་ནམས་ཀྱི་ཚོགས་གོམས་པར་བྱས་པའི་གཙོ་བོའི་ལག་རྗེས་དང་། བྱེ་བྲག་ཏུ་མཚན་སོ་སོར་འགྲུབ་པའི་རྒྱུ་རྣམས་བསྐལ་པ་གྲངས་མེད་པ་གསུམ་དུ་བསྟེན་གོམས་བྱས་པ་ལས་བྱུང་བའི་ཕྱིར་བསམ་གྱིས་མི་ཁྱབ་པའི་གནས་སོ། །གསུམ་པ་ནི། མངོན་རྟོགས་རྒྱན་དུ་ཤེར་ཕྱིན་གྱི་མདོ་དང་། རྒྱུད་བླ་མར་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་རྗེས་སུ་འབྲངས་ཏེ་བགྲང་ཚུལ་ཅུང་ཟད་མི་མཐུན་ཞིང་། བྱང་ཆུབ་སེམས་དཔའི་སར་ཕལ་ཆེར་མངོན་རྟོགས་རྒྱན་གྱི་རྗེས་སུ་འབྲང་བར་མཛད་པ་སོགས་མདོ་དང་བསྟན་བཅོས་རྣམས་ལས་བཤད་པའི་ཚུལ་མི་འདྲ་བ་དུ་མ་ཞིག་གསུངས་ཀྱང་། དེ་བཞིན་གཤེགས་པའི་གསང་བ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པའི་ཕྱིར་ཅིར་ཡང་འཆར་བས་ན་ཕན་ཚུན་འགལ་བར་མི་འདུ་ལ། འདིར་རེ་ཞིག་སྔ་མའི་རྗེས་སུ་འབྲངས་ཏེ་སོ་སོའི་ངོས་འཛིན་སྙིང་པོར་དྲིལ་བ་ལ་གཉིས་ཏེ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་བཤད་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོས་འཛིན་ནོ། །དང་པོ་ནི། རྩ་ཕྱག་མཐིལ་དང་ཞབས་མཐིལ་གྱི་ངོས་ལ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་རི་མོ་འབུར་དུ་དོད་པ་བཅད་ཤིན་ཏུ་གསལ་བ་དང་ལྡན་པས་ཕྱག་ཞབས་འཁོར་ལོས་མཚན་པ་༡དང་། རུས་སྦལ་གྱི་ལྟོ་


JKT002_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིན་དུ་ཞབས་མཐིལ་གཉིས་ལ་ཤས་མ་ཁེངས་པའི་ཁོང་སེང་མེད་པས་ཞབས་མཐིལ་མཉམ་པ་༢དང་། ཕྱག་ཞབས་ཀྱི་སོར་མོ་ཉི་ཤུ་པོ་རྣམས་སོར་ཚིག་དང་པོ་ནས་བརྩམས་ཏེ་སོར་མོའི་བར་ལ་སེང་སེང་པོ་ཡང་མེད་ཅིང་། སོར་གདུབ་ལ་སོགས་པའི་རྒྱན་ཀྱང་འཇུག་ཏུ་རུང་བའི་པགས་པའི་དྲྭ་བས་ངང་པའི་རྒྱལ་པོ་བཞིན་དུ་འབྲེལ་བས་སོར་མོ་དྲ་བས་འབྲེལ་བ་༣དང་། ཕྱག་ཞབས་ཐམས་ཅད་ལ་གཞོན་ཤ་ཤིན་ཏུ་ཆགས་ཤིང་པདྨའི་འདབ་མ་ལྟར་འཇམ་པས་ཕྱག་ཞབས་གཞོན་ཤ་ཆགས་ཤིང་འཇམ་པ་༤དང་། ཕྱག་ཞབས་ཀྱི་རྒྱབ་ཕྱོགས་བོལ་བཞི་དང་། ཕྲག་གོང་གཉིས་དང་། ལྟག་པའི་ཕྱོགས་ཏེ་གནས་བདུན་པོ་ཤས་ཡོངས་སུ་གང་བས་སྐུའི་བདུན་མཐོ་བ་༥དང་། ལྷའི་ལྗོན་ཤིང་གཞོན་ནུའི་ལྕུག་ཕྲན་ལྟར་སོར་མོ་རིང་ཞིང་མཉེན་ལྕུག་དང་ལྡན་པས་སོར་མོ་རིང་བ་༦དང་། ཞབས་ཀྱི་མཐིལ་ལ་ཆ་བཞིར་ཕྱེ་བའི་ཆ་གཅིག་ཕྱིར་འཕགས་ཤིང་དབྱེས་ཆེ་བ་དང་ལྡན་པས་རྙིང་པ་ཡང་བ་༧དང་། རིའི་རྒྱལ་པོ་ལྟར་གཞན་ལས་ཁྲུ་བདུན་ཙམ་གྱིས་སྐུ་མཐོ་ཞིང་ཆེ་བ་དང་ལྡན་ལ་གཡས་གཡོན་དུ་ཡོ་བ་མེད་པའི་ཕྱིར་སྐུ་ཆེ་ཞིང་དྲང་བ་དང་། ཞབས་ཀྱི་མཁྲིག་མ་ལ་ལོང་བུའི་རུས་པ་འབུར་པོ་དང་། པུས་མོའི་ལྷ་ང་ལའང་ཕྱིར་འབུར་པོའི་རུས་པ་མི་མངོན་པར་མཉམ་པའི་ཕྱིར་ལོང་བུ་མི་མངོན་པ་༩དང་། འཇམ་ཞིང་ཕྲ་བའི་བ་སྤུའི་ཚོགས་


JKT002_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གསུམ་སོགས་འབྲེལ་བ་མེད་པར་རེ་རེ་ནས་སྐྱེས་ཤིང་གཡས་ཕྱོགས་སུ་རིམ་གྱིས་འཁྱིལ་བའི་རྩེ་མོ་རྣམས་སྐུ་ལ་གྱེན་དུ་ཕྱོགས་པས་བ་སྤུ་གྱེན་དུ་ཕྱོགས་པ་༡༠དང་། ཨེ་ན་ཡ་ཞེས་པ་ནི་རི་དྭགས་སྤྱིའི་བྱིན་པའི་མིང་སྟེ་དེ་དང་འདྲ་བར་རིམ་གྱིས་ཇེ་ཕྲ་ཇེ་ཕྲར་སོང་བ་ལ་ཟླུམ་ཞིང་རྒྱས་པའི་བྱིན་པ་དང་ལྡན་པས་བྱིན་པ་ཨེ་ན་ཡ་ལྟ་བུ་༡༡དང་། ཕྱག་གཉིས་གླང་པོའི་རྒྱལ་པོའི་སྣ་ཞགས་ལྟར་སྐུ་མ་བཏུད་པར་དྲང་པོར་གནས་ཀྱང་པུས་མོའི་ལྷ་ངར་སླེབ་པས་ཕྱག་རིང་ཞིང་༡༢མཛེས་པ་དང་། རྟ་མཆོག་ཅང་ཤེས་ལྟར་དུ་མདོམས་ཀྱི་སྦ་བ་གསང་གནས་སུ་ནུབ་པས་བལྟར་མི་མངོན་པའི་ཕྱིར་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་༡༣དང་། གསེར་བཙོ་མ་ལྟར་ཁ་དོག་གསལ་ཞིང་རྡུལ་དང་དྲི་མ་སྤངས་པའི་འོད་ཆགས་འབར་བས་པགས་པའི་མདོག་གསལ་བ་༡༤དང་། པདྨའི་འདབ་མ་ལྟར་ཤིན་ཏུ་གཞོན་ཤ་ཆགས་ཤིང་ཤིང་བལ་ལྟར་རེག་ན་འཇམ་པས་པགས་པ་འཇམ་པ་༡༥དང་། འཇམ་ཞིང་ཕྲ་བའི་བ་སྤུའི་ཚོགས་གཉིས་གསུམ་སོགས་འབྲེལ་བ་མེད་པར་རེ་རེ་ནས་སྐྱེས་ཤིང་གཡས་ཕྱོགས་སུ་འཁྱིལ་བས་སྤུ་རེ་རེ་ནས་སྐྱེས་ཤིང་གཡས་ཕྱོགས་སུ་འཁྱིལ་བ་༡༦དང་། སྟོན་ཀའི་ཟླ་བ་ལྟར་ཤིན་ཏུ་དཀར་ཞིང་འོད་འཕྲོ་བ་འཇམ་མཉེན་གྱི་མཛོད་སྤུ་དྲངས་ན་ཁྲུ་གསུམ་ལ་སོགས་པ་འབྱུང་ཞིང་། གཏང་ན་གཡས་ཕྱོགས་འཁྱིལ་པས་སྨིན་


JKT002_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སུ་ཕྲ་བཏབ་པ་ལྟར་གནས་པས་མཛོད་སྤུ་༡༧དང་། སྐུ་སྟོད་སེང་གེ་ལྟར་གྱེན་དུ་འཕེལ་ཁ་ཆེ་ཞིང་རྒྱས་པ་དང་ལྡན་པས་རོ་སྟོད་སེང་གེ་དང་འདྲ་བ་༡༨དང་། དཔུང་པ་ནི་ཕྲག་པ་དང་། དེའི་མགོ་ནི་མགྲིན་པ་སྟེ། དེ་ཉིད་གསེར་གྱི་བུམ་པའི་མགྲིན་པ་བཞིན་རྩ་བའི་དྲྭ་བ་མི་མངོན་ལ་ལེགས་པར་ཟླུམ་ཞིང་རྒྱས་པས་དཔུང་མགོ་ཟླུམ་པ་དང་། འདི་མངོན་རྟོགས་རྒྱན་གྱི་རྗེས་སུ་འབྲང་བ་སྟེ། གཞན་དུ་རྒྱུད་བླ་མ་སོགས་སུ་མགྲིན་པ་དུང་གི་དབྱིབས་འདྲ་བ་དང་། དཔུང་མགོ་ཟླུམ་པའི་མཚན་བཟང་སོ་སོར་གསུངས་པ་ལྟར་ན་ལག་པའི་མགོ་དངོས་ཀྱི་དཔུང་པར་འཇོག་གོ །ཐལ་གོང་ནི་དཔུང་མགོ་ཕན་ཚུན་གྱི་བར་དང་། བྲང་ལའང་སྐབས་འགར་བཤད་པས། དེ་དག་ཤིན་ཏུ་ཡངས་ཤིང་མི་མཉམ་པའི་ཤ་ཚུགས་རྒྱས་པས་ན་ཐལ་གོང་རྒྱས་པ་༢༠དང་། རོ་མི་ཞིམ་པའི་ཁ་ཟས་ཅི་ཡིན་ནའང་ཞལ་ཟས་རོ་བརྒྱ་པ་ལྟ་བུའི་རོ་བྲོ་བ་མཆོག་མྱོང་བའི་ལྗགས་དང་ལྡན་པས་ན་རོ་བྲོ་བ་མཆོག་དང་། །ཕྱག་འདོམ་གྱི་རྩེ་མོ་ཕན་ཚུན་བར་ལ་ཇི་ཙམ་ཡོད་པའི་ཚད་དེ་བཞིན་སྤྱི་གཙུག་ནས་ཞབས་ཀྱི་བར་གྱི་ཚད་གཉིས་མཉམ་པས་ཤིང་ནྱ་གྲོ་དྷ་སྟེ་འགྲོ་འགོག་གི་ལྗོན་པ་ལྟར་རྒྱས་པའི་ཆུ་ཞེང་ཞེས་ཕན་ཚུན་གྱི་བར་གབ་སྟེ་ཆ་ཤས་ཀྱིས་དམན་པར་གནས་པས་སྐུ་ཆུ་ཞེང་གབ་པ་༢༢དང་། གཙུག་ཏོར་གྱི་རྩེ་མོ་སྟེང་ཕྱོགས་སུ་མཐའ་དང་མུ་མེད་པར་འཕགས་པས་དེའི་མཐའ་མི་རྙེད་པའི་ཕྱིར་གཙུག་ཏོར་རིང་བ་༢༣དང་།


JKT002_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལྗགས་བརྐྱངས་པས་སྙན་གྱི་བུ་ག་དང་སྒྲ་མཚམས་ཀྱི་བར་ཞལ་གྱི་དཀྱིལ་འཁོར་ཀུན་ཏུ་ཁེབས་པར་མཛད་ནུས་པས་ལྗགས་རིང་བ་༢༤ དང་། ཚངས་པའི་དབྱངས་ནི་དུམ་བུ་དུམ་བུར་ཆད་པ་མ་ཡིན་པར་ཡུན་རིང་དུ་གྲགས་པ་བཞིན་གསུང་ཡུན་རིང་པོར་ལྷང་ལྷང་དུ་གྲགས་པས་ན་ཚངས་པའི་དབྱངས་༢༥དང་། འགྲམ་པ་མེ་ལོང་གི་དཀྱིལ་འཁོར་ལྟར་ཟླུམ་ཞིང་རྒྱས་པས་ན་འགྲམ་པ་སེང་གེའི་འདྲ་བ་༢༦དང་། ཁ་བ་དང་དུང་དང་ཀུནྡའི་མདོག་ལྟར་དཀར་ཞིང་འོད་ཟེར་འཕྲོ་བས་ཚེམས་དཀར་བ་༢༧དང་། ཚད་ལ་མཐོ་དམའ་མེད་པར་གཅིག་ཏུ་མཉམ་པས་ཚེམས་མཉམ་པ་༢༨དང་། སོ་སོའི་བར་མཚམས་སེང་སེང་པོར་མེད་པས་ཚེམས་ཐག་བཟང་བ་༢༩དང་། ཡས་མས་སུ་ཚེམས་ཉི་ཤུ་རེ་ཡོད་པས་གྲངས་བཞི་བཅུ་ཐམ་པ་ཚང་བ་༣༠དང་། སྤྱན་དབུས་ཀྱི་འབྲས་བུ་ནོར་བུ་རིན་ཆེན་མཐོན་ཀ་ལྟར་མཐིང་ལ་གནག་ཅིང་ཁོ དབྱིབས་ཟླུམ་པོར་གནས་པས་སྤྱན་མཐོན་མཐིང་༣༡དང་། རྫི་མའི་སྤུ་རྣམས་ལེགས་པར་གཞོལ་ཞིང་མ་འདྲེས་པར་ཐད་ཀར་གནས་པས་བསྒྲིགས་ལེགས་པ་སྟེ་དཔེར་ན་ཁྱུ་མཆོག་གི་རྫི་མ་ལྟར་ཡིད་དུ་འོང་བས་ན་ཁྱུ་མཆོག་གི་རྫི་མ་ལྟ་༣༢བུ་སྟེ་སུམ་ཅུ་རྩ་གཉིས་སོ། །གཉིས་པ་ལ་གཉིས། དངོས་དང་། དེ་དག་གི་ངོ་བོའོ། །དང་པོ་ནི། རྒྱན་ལས། ཐུབ་པའི་སེན་མོ་ཟངས་མདོག་༡དང་། །མདོག་༢སྣུམ་མཐོ་


JKT002_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དང་༣སེན་མོ་རྣམས། །ཟླུམ་༤རྒྱས་༥བྱིན་༦གྱིས་ཕྲ་བ་དང་། །རྩ་མི་མངོན་༧དང་མདུད་རཔ་མེད། །ལོང་བུ་༩མི་མངོན་ཞབས་མཉམ་༡༠དང་། །སེང་༡༡གེ་གླང་༡༢ཆེན་བྱ་དང་༡༣ནི། །ཁྱུ་༡༤མཆོག་སྟབས་གཤེགས་གཡས་༡༥ཕྱོགས་དང་། མཛེས་༡༦གཤེགས་དྲང་༡༧དང་འཁྲིལ་༡༨བག་ཆགས། །བྱི་དོར་བྱས་༡༩འདྲ་རིམ་པར་༢༠འཚམས། །གཙང་༢༡དང་འཇམ་༢༢དང་དག་༢༣པའི་སྐུ། །མཚན་ནི་ཡོངས་སུ་༢༤ རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་༢༥ཤིང་བཟང་། །གོམ་༢༦སྙོམས་སྤྱན་གཉིས་དག་༢༧པ་དང་། །ཤིན་ཏུ་གཞོན་ཤ་༢༨ཅན་ཉིད་དང་། །སྐུ་ཞུམ་༢༩མེད་དང་རྒྱས་པ་༣༠དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་༣༡དང་། །ཡན་ལག་ཤིན་༣ ༢ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་༣ ༣པ་དང་། །དཀུ་ཟླུམ་༣༤ སྐབས་༣༥ཕྱིན་༣༦མ་རྙིང་དང་། །ཕྱང་ངེ་བ་དང་༣༧ལྟེ་བ་༣༨ནི། །ཟབ་དང་གཡས་ཕྱོགས་༣༩འཁྱིལ་བ་དང་། །ཀུན་ནས་ལྟ་ན་སྡུག་པ་༤༠དང་། །ཀུན་སྤྱོད་གཙང་དང་སྐུ་༤༡ལ་ནི། །སྨེ་བ་གནག་༤༢བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་༤ ༣འཇམ་དང་། །ཕྱག་རིས་༤༤མདངས་ཡོད་ཟབ་༤༥རིང་༤༦དང་། །ཞལ་ནི་ཧ་ཅང་༤ ༧མི་རིང་དང་། །མཆུ་ནི་བིམྤ་ལྟར་དམར་༤ ༨དང་། །ལྗགས་༤༩མཉེན་པ་དང་སྲབ་པ་༥༠དང་། །དམར་༥༡དང་འབྲུག་༥༢གི་སྒྲ་ཉིད་དང་། །གསུང་


JKT002_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

༥༣མཉེན་འཇམ་༥༤དང་མཆེ་བ་ཟླུམ། །རྣོ་༥༥དང་དཀར་༥༦དང་།༧མཉམ་པ་དང་། །བྱིན་། ༨གྱིས་ཕྲ་དང་༥༩ཤངས་མཐོ་དང་། །མཆོག་ཏུ་དག་༦༠པ་དག་དང་ནི། །སྤྱན་༦༡ཡངས་པ་དང་རྫི་མ་སྟུག་༦༢། པདྨའི་འདབ་མ་༦༣འདྲ་བ་དང་། །སྨིན་ཚུགས་༦༤ རིང་དང་འཇམ་༦༥པ་དང་། །སྣུམ་༦༦དང་སྤུ་ནི་མཉམ་༦༧པ་དང་། །ཕྱག་༦༨རིང་རྒྱས་དང་སྙན་མཉམ་༦༩དང་། །ཉམས་༧༠པ་རྣམ་པར་སྤངས་པ་དང་། །དཔྲལ་༧༡བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་༧༢དང་དབུ་རྒྱས་༧༣དང་། །དབུ་སྐྲ་བུང་བ་ལྟར་༧༤གནག་དང་། །སྟུག་༧༥དང་འཇམ་༧༦དང་མ་༧༧འཛིངས་དང་། །མི་༧༨གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་༧༩བྱེད་པ་དང་། །དཔལ་༨༠གྱི་བེའུ་དང་བཀྲ་༨༡ཤིས་ནི། །གཡུང་དྲུང་འཁྱིལ་པས་༨༢བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེང་། །ཅེས་གསུངས་པ་ལྟར། འདི་དག་ལས་སེན་མོ་མཐོ་བ་ནི་མ་ཞོམ་པ་དང་། ལོང་བུའི་ཚིགས་སྦོམ་པར་མི་མངོན་པ་དང་། ཞབས་གཉིས་རིང་ཐུང་ཕྲ་སྦོམ་མཉམ་པ་དང་། མི་ལ་སོགས་པ་ས་སྟེང་གི་འགྲོ་བ་ཟིལ་གྱིས་གནོན་པས་སེང་གེའི་སྟབས་དང་། ཀླུ་ལ་སོགས་པ་ས་འོག་གི་འགྲོ་བ་ཟིལ་གྱིས་གནོན་པས་གླང་པོ་ཆེའི་སྟབས་དང་། མཁའ་ལ་རྒྱུ་བའི་སེམས་ཅན་དང་སྟེང་གི་འགྲོ་བ་རྣམས་ཟིལ་གྱིས་གནོན་པས་བྱ་


JKT002_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ངང་པའམ་མཁའ་ལྡིང་གི་སྟབས་དང་། འཁོར་རྣམས་ཀྱི་སྣ་འདྲེན་པས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། མཚན་ཐམས་ཅད་དོད་ཅིང་གསལ་བས་ཡོངས་སུ་རྫོགས་པ་དང་། ཕྱམ་གྱི་དབྱིབས་ཡངས་ཤིང་། མཛེས་པས་ཕྱང་ངེ་བ་དང་། ལྟེ་བའི་ཁུང་ཟབ་ཅིང་རི་མོ་གཡས་སུ་འཁྱིལ་བ་དང་། ཞལ་གྱི་སྒོ་ཧ་ཅང་ཆེས་བའི་སྐྱོན་དང་གསུང་ཐག་ཧ་ཅང་རིང་པ་མེད་པ་དང་། སྨིན་མ་གཉིས་འབྲེལ་པས་ཚུགས་རིང་བ་དང་། དཔྲལ་བ་ལེགས་པར་རྒྱས་ཤིང་འབུར་དུ་མ་དོད་པས་དབྱེས་པ་དང་། སྒྲ་མཚམས་མཉམ་པར་ཕྱེད་པ་དང་། ཕྱག་ཞབས་ལ་དཔལ་གྱི་བེའུ་དང་། འཁོར་ལོའི་མུ་ཁྱུད་ལ་བཀྲ་ཤིས་པའི་རི་མོ་བར་མ་ཆད་བདུན་རིམ་དང་། གཡུང་དྲུང་འཁྱིལ་བའི་དབྱིབས་ཅན་རི་མོ་གྲུ་བཞིས་བསྐོར་བ་སྟེ། གཞན་རྣམས་ནི་གོ་སླའོ། །གཉིས་པ་གོང་སྨོས་མཚན་དཔེ་འདི་རྣམས་ཀྱི་ངོ་བོ་ཉིད་ནི་གང་གི་དངོས་པོ་ཡིན་སྙམ་ན། དེ་ལ་འདོད་ཚུལ་ཐ་དད་པ་ལས་ཉན་ཐོས་སྡེ་པ་དག་གི་ལྟར་ན། རྡུལ་ཕྲ་རབ་ཀྱི་ཆོས་ཅན་ཕྱི་དོན་གྱི་བེམས་པོའི་ངོ་བོ་ཉིད་དེ་གཟུགས་ཀྱི་སྐྱེ་མཆེད་དུ་འདོད། ཐེག་ཆེན་རྣམ་རིག་པ་ལྟར་ན། ངོ་བོ་ནི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དང་། བྱེད་ལས་གདུལ་བྱ་ལ་སྣང་བ་སྐྱེད་པར་གསུངས་པས་གཞན་སྣང་གི་གདུལ་བྱའི་རྣམ་པར་རིག་པ་ཙམ་ཡིན་ལ། འོན་ཀྱང་འདིར་ཐ་སྙད་དུ་སྐྱེ་མཆེད་པའི་གཟུགས་


JKT002_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལྟ་བུའི་རྣམ་གཞག་ནི་དགོས་སོ། །དེ་བཞིན་རྣལ་འབྱོར་སྤྱོད་པ་དང་མཐུན་པའི་དབུ་མ་པའང་། ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་སྟེ། འདི་དག་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མོད། །དེ་ལྟར་ན་ཡང་གཟུགས་མཐོང་དེ། །དེ་དག་ལ་ནི་དོན་ཡོད་འགྱུར། །ཞེས་སོགས་བཤད་པ་ལྟར། དེ་བཞིན་གཤེགས་པ་ནི་ཆོས་ཉིད་ངོ་བོ་ཉིད་མཉམ་ཡངས་ཆེན་པོའི་དབྱིངས་སུ་གཉིས་སྣང་སྤྲོས་པའི་འདུ་བྱེད་མ་ལུས་པ་ནུབ་སྟེ་སྤྲོས་པ་མཐའ་དག་དང་བྲལ་བའི་མཁའ་ཁྱབ་མཁའི་རྡོ་རྗེར་བྱང་ཆུབ་པས་སྐུ་དང་ཡེ་ཤེས་ཕྲིན་ལས་རབ་འབྱམས་ཀྱི་སྣང་ཚུལ་འདི་དག་སློབ་པ་ལམ་གྱི་སྐབས་སུ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པས་བརྒྱན་པའི་ཡེ་ཤེས་དང་། གཞན་དོན་དུ་མཐའ་དང་གཏིང་དཔོག་པར་མི་བཟོད་པའི་སྨོན་ལམ་རྒྱ་མཚོའི་ཕ་མཐར་ཕྱིན་པའི་མཐུ་དང་། ཇི་སྐད་དུ། ཇི་ལྟར་བེཟླུའི་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་དག་པ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་སྣང་བརྙན་འཆར། །ཞེས་གསུངས་པ་ལྟར་ཉེ་བའི་གདུལ་བྱ་ལས་དག་པ་རྣམས་ཀྱི་ཡང་དག་ཀུན་རྫོབ་ཀྱི་སྣང་ངོར་འབད་རྩོལ་མི་མངའ་བཞིན་ལྷུན་གྱིས་གྲུབ་པའི་ཚུལ་དུ་ཆུ་ཟླ་ལྟར་སྣང་བའོ། །བཞི་པ་ནི། དེ་ལྟ་བུ་ལ་མཚན་དང་དཔེ་བྱད་ཅེས་པའི་སྒྲས་


JKT002_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ལ་དགོས་པ་ཡོད་དེ། རང་གང་ལ་ལྡན་པའི་གང་ཟག་དེ་སྐྱེས་བུ་ཆེན་པོ་མཚོན་པར་བྱེད་པའི་མཚན་ཉིད་ལྟ་བུ་ཡིན་པས་ན་མཚན་དང་། ནང་དུ་འདུ་བྱེད་ཐམས་ཅད་ལ་ཆགས་པ་དང་བྲལ་བའི་ཡོན་ཏན་དེ་ཉིད་གཞན་ལ་གོ་བར་བྱེད་པའི་དཔེར་ཕྱི་རོལ་དུ་སེན་མོ་ཟངས་ཀྱི་མདོག་ལྟར་སྣང་བས་མཚོན་ནང་གི་ཡོན་ཏན་གཞན་ལ་གོ་བར་བྱེད་པའམ། ཕ་རོལ་ལ་སྐུའི་མཛེས་པ་བསྐྱེད་པའམ་སྟོན་བྱེད་ཡིན་པས་ན་དཔེ་བྱད་ཅེས་བརྗོད་པའི་ཕྱིར་རོ། །ལྔ་པ་ནི། འཁོར་ལོས་སྒྱུར་བ་དང་བྱང་ཆུབ་སེམས་དཔའ་སོགས་ལའང་མཚན་དཔེ་ཡོད་མོད་ཀྱི། དེ་དག་ནི་འོལ་སྤྱི་ཙམ་སྟེ། སངས་རྒྱས་ཀྱི་མཚན་དཔེ་ནི་མི་མཐུན་པའི་ཕྱོགས་ཀྱི་དྲི་མ་མེད་པས་དག་པ་དང་། ཡིད་དུ་འོང་བས་མཛེས་པ་དང་། སྒྲིབ་བྱེད་མེད་ཅིང་ཆ་ཐམས་ཅད་ཀྱི་ཐམས་ཅད་ཡོངས་སུ་རྫོགས་པས་གཞན་གྱིས་འགྲན་པར་མི་ནུས་ཏེ། དེའི་རྒྱུ་མཚན་ཡང་། སོ་འཁོར་ལོས་སྒྱུར་རྒྱལ་གྱི་མཚན་དཔེ་ནི་སངས་རྒྱས་ལ་སེམས་དྭངས་པ་གཅིག་ཙམ་ལས་ཀྱང་འབྱུང་ཞིང་། སངས་རྒྱས་ཀྱི་མཚན་དཔེ་ལྟ་ཞོག །བ་སྤུའི་ཁུང་བུ་གཅིག་ཀྱང་འཁོར་བསྒྱུར་གྱི་མཚན་དཔེ་འགྲུབ་བྱེད་ཀྱི་བསོད་ནམས་བསྐལ་པ་བྱེ་བ་བརྒྱ་ཕྲག་ཏུ་གོམས་པས་ཀྱང་བསྐྱེད་ནུས་པ་མ་ཡིན་པའི་ཕྱིར་རོ། །དེ་སྐད་དུའང་། རིན་ཆེན་ཕྲེང་བ་ལས། འཁོར་ལོས་སྒྱུར་བ་ཐམས་ཅད་ལ། །འདི་དག་ཡོད་པར་


JKT002_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་མོད་ཀྱི། །དག་དང་མཛེས་དང་གསལ་བ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་གསུངས་པ་ལྟ་བུའོ། །གཉིས་པ་གསུང་གི་ཡོན་ཏན་ནི་ཡན་ལག་དྲུག་ཅུ་རྩ་བཞི་སྟེ། འདི་འཆད་པ་ལ་བཞི། གང་གིས་འགྲུབ་པའི་རྒྱུ། གང་འགྲུབ་པའི་ངོ་བོ། དེ་ལྟར་བརྗོད་པའི་རྒྱུ་མཚན། གཞན་ཡང་བསམ་གྱིས་མི་ཁྱབ་པར་བསྟན་པའོ། །དང་པོ་ནི། སྔར་སྨོས་པའི་གཙུག་ཏོར་བལྟར་མི་མངོན་པ་འགྲུབ་བྱེད་ཀྱི་བསོད་ནམས་བྱེ་བ་འབུམ་ཕྲག་བརྒྱ་འགྱུར་དུ་བསྒྲེས་པའི་བསོད་ནམས་གྲངས་མེད་པ་བཅུས་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་དབྱངས་འགྲུབ་པར་གསུངས་སོ། །གཉིས་པ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཞི་བའི་བློ་གྲོས། དེ་བཞིན་གཤེགས་པའི་གསུང་ནི་རྣམ་པ་དྲུག་ཅུ་རྩ་བཞི་དང་ལྡན་པར་འབྱུང་སྟེ། རྣམ་པ་དྲུག་ཅུ་རྩ་བཞི་གང་ཞེ་ན། འདི་ལྟ་སྟེ། མཉེན་པའི་གསུང་འབྱུང་བ་དང་། ཞེས་སོགས་གྲངས་དྲུག་ཅུ་རྩ་བཞིར་གསུངས་པ་ལྟར་ཅུང་ཟད་འཆད་ན། དཔེར་ན། སྣུམ་པའི་མཉེན་པ་དང་ཆུ་ཡི་རྒྱུན་གཙང་མ་རང་ཉིད་འགྲོ་བའི་ལམ་གང་ཡིན་པ་དེར་ཞུགས་པས་རྩི་ཤིང་ནགས་ཚལ་མ་སྐྱེས་པ་རྣམས་བསྐྱེད་པ་དང་། སྐྱེས་པ་རྣམས་འཕེལ་བར་བྱེད་པ་བཞིན། དེ་བཞིན་གཤེགས་པའི་གསུང་ཡང་གདུལ་བྱ་ཐམས་ཅད་ཀྱི་རྒྱུད་ལ་ཁམས་དང་འཚམས་པར་ཞུགས་པས་དགེ་བའི་རྩ་


JKT002_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་བསྐྱེད་པ་སྐྱེད་པ་དང་། བསྐྱེད་པ་རྣམས་འཕེལ་ཞིང་རྒྱས་པར་བྱེད་པས་ན། གསུང་མངོན་རྟོགས་རྒྱན་ལས་དཔེ་བྱད་ཀྱི་གྲས་སུ་འབྱུང་། ལས་སུ་རུང་བའི་ཕྱིར་གསུང་མཉེན་༡པའམ་སྣུམ་པ་དང་། ལྷ་རྫས་ཀྱི་གོས་ལ་སོགས་པའི་རེག་བྱ་འཇམ་པོས་ལུས་ལ་རེག་པ་ན་བདེ་བར་བྱེད་པ་བཞིན་གང་གིས་ཐོས་པའི་མོད་ནས་ཡིད་བདེ་བས་ཚིམས་པའི་ཕྱིར་འཇམ་༢པ་དང་། བདེན་བཞི་དང་། རྟེན་འབྲེལ་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་སོགས་དོན་བཟང་པོ་རིགས་ཅན་སོ་སོའི་ཡིད་ལ་འབབ་པར་སྟོན་པས་ན་ཡིད་དུ་འོང་བ་༣དང་། ཟུར་ཆག་ལ་སོགས་པའི་ཚིག་ཅལ་ཅོལ་མ་ཡིན་པར་ལྷ་དང་། འཕགས་པའི་སྐད་དང་ཡི་གེར་གསུངས་པའི་ཚིག་བཟང་བས་ན་ཡིད་དུ་འཐད་པ་༤དང་། སྒྲིབ་གཉིས་བག་ཆགས་བཅས་པ་སྤངས་པའི་ཇི་ལྟ་བ་མཁྱེན་པའི་མི་རྟོག་ཡེ་ཤེས་ཀྱི་རྗེས་ཐོབ་དག་པ་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱི་བདག་པོའི་སཾ རྐྱེན་ལས་བྱུང་བས་ན་རྣམ་པར་༥དག་པ་དང་། རྩ་བ་དང་ཉེ་བའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་ནས་གསུངས་པས་ན་དྲི་མ་མེད་པ་༦དང་། འཇིག་རྟེན་ན་མ་གྲགས་པའི་ཚིག་དང་ཡི་གེ་སྤངས་ཏེ། གྲགས་པའི་ཚིག་དང་ཡི་གེས་གསུངས་པས་ན་འོད་གསལ་བའམ་རབ་ཏུ་གསལ་བ་༧དང་། བདག་ཏུ་ལྟ་བ་སོགས་མུ་སྟེགས་ཅན་གྱི་ལྟ་ངན་རྣམས་འཇོམས་པར་བྱེད་པའི་ཕྱིར་སྙན་ཅིང་འཇེབས་པ་དང་།


JKT002_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་གསུངས་པ་བཞིན་བསྒྲུབས་པས་འཁོར་བ་ལས་ངེས་པར་འབྱུང་པའི་དོན་གྱིས་ལྕི་བའི་ཕྱིར་མཉན་པར་འོས་པ་༩དང་། མུ་སྟེགས་སོགས་ཕས་རྒོལ་གྱི་ཟིལ་གྱིས་མི་ནོན་པ་དང་། སུན་འབྱིན་པར་མི་ནུས་པས་མི་ཚུགས་པ་༡༠དང་། གསུང་ཐོས་པ་རྣམས་ཀྱི་ཡིད་ལ་དགའ་བ་མི་ཟད་པ་འཆར་བས་སྙན་པ་༡༡དང་། དུག་གསུམ་གྱི་སྤྱོད་པ་རྣམས་ཀྱི་གཉེན་པོ་བསྟན་པའི་སྒོ་ནས་ཉོན་མོངས་པ་འདུལ་བས་ན་འདུལ་བའམ་དུལ་བ་༡༢དང་། མུ་སྟེགས་བྱེད་ཀྱི་དཀའ་ཐུབ་དང་བརྟུལ་ཞུགས་ཀྱི་བཅས་པ་ནི་འདི་ཕྱི་གཉིས་ཀར་གནོད་པས་རྩུབ་པ་ཡིན་ལ། སངས་རྒྱས་ཀྱིས་མཐའ་གཉིས་སྤངས་པའི་བསླབ་པ་བཅས་པས་འཕྲལ་དང་ཡུན་དུ་ཕན་བདེ་བསྐྱེད་པའི་ཐབས་སྟོན་པས་མི་རྩུབ་པ་༡༣དང་། གལ་ཏེ་བསླབ་ལས་འདས་ན་ལྟུང་བ་དེ་ལས་ལྡང་བའི་ཐབས་དང་སྒོ་གཞན་ནས་ཐར་པའི་ཐབས་མེད་པ་མ་ཡིན་པ་བཤགས་སྡོམ་སོགས་ཀྱི་སྒོ་ནས་ཕྱིར་བཅོས་པའི་ཐབས་དང་། དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་སོགས་ཐར་པ་ཐོབ་པའི་ཐབས་གཞན་སྟོན་པས་ན་མི་བརླང་བ་༡༤དང་། རིགས་ཅན་གསུམ་གྱི་གདུལ་བྱ་ལ་རང་རང་གི་ངོ་སྐལ་དང་འཚམས་པའི་ཐེག་གསུམ་གྱི་ལམ་དུ་བཀྲི་བས་ན་རབ་ཏུ་དུལ་བའམ་རབ་ཏུ་འདུལ་བ་༡༥དང་། ཤིན་ཏུ་འཇམ་ཞིང་སྙན་པས་ཉན་པ་པོ་རྣམས་ཡིད་རྩེ་གཅིག་ཏུ་རྣ་བ་གཏད་དེ་ཉན་པར་


JKT002_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པས་ན་རྣ་བར་སྙན་པ་༡༦དང་། སངས་རྒྱས་ཀྱི་གསུང་ཐོས་པ་ལས་སེམས་མཉམ་པར་འཇོག་པ་དང་། དེ་ལས་ཞི་གནས་དང་། དེ་ནས་ལུས་ལ་ཤིན་སྦྱང་གི་བདེ་བ་འབྱུང་བས་སིམ་པ་ཁྱད་པར་མྱོང་བའི་ཕྱིར་ལུས་ཚིམ་༡༧པར་བྱེད་པ་དང་། གསུང་དེས་བསྟན་པའི་ཆོས་རྣམས་རང་སྤྱིའི་མཚན་ཉིད་ལ་མཁས་པའི་ཤེས་རབ་བསྒོམས་པས་ལྷག་མཐོང་བསྐྱེད་ཅིང་། དེས་མི་ཤེས་པའི་མུན་པ་དང་བྲལ་ནས་ལྷག་པར་མཁས་པའི་དགའ་བ་བསྐྱེད་པས་ན་སེམས་ཚིམ་པར་༡༨བྱེད་པ་དང་། བློ་རྩེ་གཉིས་ཀྱི་ཐེ་ཚོམ་ལས་བྱུང་བའི་ཡིད་ཀྱི་བདེ་བ་གང་ཞིག །སངས་རྒྱས་ཀྱི་གསུང་དེས་ཐེ་ཚོམ་ཐམས་ཅད་བཅད་ནས་དོགས་པའི་གནས་དང་བྲལ་བའི་ཡིད་བདེ་བ་ལ་མཆོད་པས་ན་སྙིང་ཚིམ་པར་བྱེད་༡༩པ་དང་། ཆོས་ཀུན་གྱི་རང་སྤྱིའི་མཚན་ཉིད་ལེགས་པར་བསྟན་པའི་མཐུས་མ་རིག་པ་བསལ་ནས་ཤེས་རབ་ཀྱི་སྤོབས་པ་སྐྱེད་པར་བྱེད་པས་ན་དགའ་བ་༢༠བསྐྱེད་པ་དང་། བདེན་པ་གཉིས་ཀྱི་གནས་ལུགས་ཚུལ་བཞིན་བསྟན་པས་རྟག་ཆད་ཀྱི་ལྟ་བ་ངན་པ་བསལ་ནས་ཡང་དག་པའི་ཤེས་རབ་ཁྱད་པར་ཅན་ལ་འགོད་པས་ན་བདེ་བ་བསྐྱེད་༢༡པ་དང་། ཇི་ལྟར་གསུངས་པའི་དོན་ཐོས་ནས་བསམ་ཞིང་བསྒོམས་པས་འབྲས་བུ་ཐོབ་ནས་གནས་ལུགས་མངོན་སུམ་དུ་རྟོགས་པར་འགྱུར་པའི་ཕྱིར་བདག་གིས་སངས་རྒྱས་ཀྱི་གསུང་ཉན་པ་ལ་དོན་མ་བྱུང་ངོ་སྙམ་


JKT002_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགྱོད་པས་ནམ་ཡང་གདུང་བར་མི་འགྱུར་བས་ན་གདུང་བ་མེད་༢༢པ་དང་། གསུང་སྙན་ཅིང་ཐོས་པ་ལ་བརྟེན་ནས་ཐོས་བྱུང་གི་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེ་བ་དང་གནས་པར་འགྱུར་བས་ན་ཀུན་ཏུ་ཤེས་པར་༢ ༣བྱ་བ་དང་། ཇི་ལྟར་ཐོས་པའི་དོན་དེ་ལ་རིགས་པ་བཞིའི་སྒོ་ནས་བསམས་ན་སྒྲོ་འདོགས་ལེགས་པར་ཆོད་ནས་དོན་ལ་ངེས་ཤེས་ལྷག་པར་རྙེད་པའི་བསམ་བྱུང་གི་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེ་པའི་རྒྱུ་དང་གནས་སུ་གྱུར་པས་ན་རྣམ་པར་རིག་པའམ་ཤེས་པར་༢༤བྱ་བ་དང་། ཆོས་ཁ་ཅིག་ལ་འཆད་ནས་ཁ་ཅིག་ལ་མི་འཆད་པའམ། ཚིག་འཆད་ལ་དོན་མི་འཆད་པ་ལྟ་བུའི་འཆབ་པའམ་སྦེད་པའི་སྒོ་ནས་སློབ་དཔོན་གྱི་དཔེ་མཁྱུད་མེད་པར་རྣམ་གསལ་ལྷུག་པར་སྟོན་པས་རྣམ་༢༥པར་གསལ་བ་དང་། གསུང་ལ་བརྟེན་ནས་ཉན་རང་རྣམས་མྱང་འདས་དང་། བྱང་ཆུབ་སེམས་དཔའ་དག་སངས་རྒྱས་ཀྱི་སར་བཀོད་པས་རང་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པ་ན་རང་གི་འདོད་དོན་གྱི་འབྲས་བུ་གྲུབ་པར་མཐོང་ནས་དགའ་བ་སྐྱེད་པར་བྱེད་པས་ན་དགའ་བར་༢༦བྱེད་པ་དང་། ལམ་མ་ཞུགས་པ་ནས་མོས་སྤྱོད་ལ་གཅུས་པའི་བར་གྱི་སོ་སྐྱེ་རྣམས་ཀྱང་བདག་དོན་གྱི་འབྲས་བུ་ཐོབ་ཕྱིར་འཇུག་འདོད་སྐྱེ་བར་བྱེད་པས་ན་མངོན་པར་དགའ་བའམ་མངོན་པར་འདོད་པར་བྱེད་པ་༢༧དང་། གནས་ལུགས་མངོན་


JKT002_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་རྟོགས་པའི་ཡེ་ཤེས་སོ་སོའི་རང་གིས་རིག་པར་བྱ་བ་བསམ་གྱིས་མི་ཁྱབ་པའི་དོན་ཡང་དག་པར་སྟོན་པའམ། ཡང་ན་ལས་དང་། རྣལ་འབྱོར་པའི་ཏིང་ངེ་འཛིན་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། སྨན་དང་སྔགས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་སྟེ་བསམ་དུ་མེད་པ་བཞི་སྟོན་པར་བྱེད་པས་ན་ཀུན་ཤེས་པར་བྱེད་པ་༢༨དང་། ཕུང་ཁམས་སྐྱེ་མཆེད་དང་ས་བཅུ་ལམ་ལྔ་ལོག་པར་བསམ་པར་བྱ་བའམ་བློའི་ཡུལ་གྱི་ཆོས་དེ་དག་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པས་ན་རྣམ་པར་རིག་པར་བྱེད་པ་དང་། ཇི་ལྟར་གསུངས་པ་དེ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་དང་། རང་ཚིག་སྔ་ཕྱི་དངོས་ཤུགས་ཀྱིས་འགལ་བ་སོགས་ལུང་གི་གནོད་པ་མེད་པ་སྟེ་དཔྱད་པ་གསུམ་གྱིས་དག་པའི་ཕྱིར་འཐད་པའམ་རིགས་པ་༣༠དང་། ཉན་ཐོས་ཀྱི་རིགས་ཅན་ལ་ཐེག་ཆེན་གྱི་ཆོས་ལྟ་བུ་སྣོད་དང་ཆོས་མི་འཚམས་པར་མི་སྟོན་ཅིང་། སྣོད་གང་ལ་འོས་པའི་ཆོས་དེ་ཉིད་སྟོན་པའི་ཕྱིར་སྣོད་ཀྱི་བབས་དང་འབྲེལ་བའམ་མཐུན་པ་༣༡དང་། སྐབས་གཅིག་ཏུ་ཡང་དོན་གཅིག་ལ་ཚིག་ཤེར་ཕྱིན་ལྟ་བུ་རྣམ་གྲངས་མང་པོས་བསྟན་པ་ཟློས་པ་ལྟར་སྣང་ཡང་། དོན་དུ་ཆོས་ཉན་པ་རྣམས་ལ་བརྡ་དེ་དང་དེའི་སྒོ་ནས་བསྟན་ན་གོ་བར་འགྱུར་པའི་རིགས་ཅན་དུ་མ་ལ་ཕན་པར་འགྱུར་བ་སོགས་དགོས་པའི་དབང་གིས་གསུངས་པ་ཡིན་པས་ན་ཟློས་པའི་སྐྱོན་བྲལ་བ་


JKT002_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

༣༢དང་། སེང་གེའི་སྒྲས་རི་དྭགས་རྣམས་སྐྲག་པར་བྱེད་པ་བཞིན་བདག་མེད་པར་གསུངས་པའི་སྒྲ་ཡིས་སྨྲ་བ་ངན་པའི་མུ་སྟེགས་རྣམས་སྐྲག་པར་བྱེད་པས་ན་སེང་གེའི་སྒྲ་ལྟ་བུ་༣༣དང་། ལྷའི་གླང་པོ་ཆེའི་སྒྲ་ནི་སུབ་སུབ་པོ་སྟེ་དོགས་པ་དང་འཛེར་བ་མ་ཡིན་པར་ཡངས་པར་གྲགས་པ་བཞིན་དུ་སངས་རྒྱས་ཀྱི་གསུང་ཡང་དེ་དང་མཚུངས་པས་ན་གླང་པོ་ཆེའི་སྒྲ་ལྟ་བུ་༣༤དང་། འབྲུག་གི་སྒྲ་གཞན་ལས་ལྷག་པར་ཚོགས་ཆེ་བས་གཏིང་རིང་བའི་ཟབ་མོ་ཡིན་པ་བཞིན་སངས་རྒྱས་ཀྱི་གསུང་ཡང་ཤིན་ཏུ་དོན་ཆེ་བས་གཏིང་དཔག་པར་དཀའ་པའི་ཕྱིར་འབྲུག་གི་སྒྲ་ལྟ་བུ་༣༥དང་། ཀླུའི་གནས་ན་ཀླུའི་དབང་པོའི་ཚིག་འཇེབས་ཤིང་བཙུན་ལ་ཀླུ་ཀུན་གྱིས་ཉན་དུ་བཏུབ་པ་བཞིན་དེ་བཞིན་གཤེགས་པའི་གསུང་ཡང་འཇེབས་ཤིང་བཙུན་ལ་འགྲོ་བ་ཐམས་ཅད་ཀྱིས་ཉན་པར་བྱེད་པས་ན་ལག་འགྲོའི་དབང་པོ་སྟེ་ཀླུའི་རྒྱལ་པོའི་དབྱངས་ལྟ་བུ་༣༦དང་། འགྲོ་བ་ཕལ་པའི་སྐད་ཀྱི་ནང་ནས་དྲི་ཟ་སྟེ་ལྷའི་ཀླུ་མཁན་གྱི་དབྱངས་ལས་སྙན་པ་དང་འཇམ་པ་མེད་པ་བཞིན་དུ་སངས་རྒྱས་ཀྱི་གསུང་ཡང་སྙན་ཅིང་འཇམ་པས་དྲི་ཟའི་དབྱངས་ལྟ་བུ་༣༧དང་། རྒྱ་མཚོའི་གླིང་ན་གནས་པའི་བྱ་ཀ་ལ་པིངྐའི་སྐད་དེ་ཉིད་རྒྱུན་མི་གཅོད་བཞིན་དུ་སྒྲ་གཞན་དུ་འགྱུར་བ་ལྟར། སངས་རྒྱས་ཀྱི་གསུང་ཡང་རྒྱུན་མི་གཅོད་བཞིན་དུ་སྔ་མ་དང་ཕྱི་མ་མི་འདྲ་བའི་སྒྲ་སྙན་པ་གཞན་དང་


JKT002_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་འབྱུང་བའམ། ཡང་ན་བྱ་ཀ་ལ་པིངྐའི་སྒྲ་དེ་ཉིད་ཤིན་ཏུ་སྙན་དྲགས་པས་རྒྱུན་བཅད་པའི་རྗེས་སུ་ཡང་ཉན་འདོད་སྐྱེ་བ་བཞིན། སངས་རྒྱས་ཀྱི་གསུང་ཡང་ཉན་པོའི་སྙིང་ལ་འབབ་དྲགས་པས་རྒྱུན་གཅོད་པའི་ཚུལ་བསྟན་པ་ན་སླར་ཡང་ཉན་འདོད་སྐྱེ་བས་ན་ཀ་ལ་པིངྐའི་དབྱངས་ལྟ་བུ་༣༨དང་། འཇིག་རྟེན་གྱི་མེས་པོ་ལྷ་ཚངས་པ་ཆེན་པོའི་དབྱངས་ནི་དུམ་བུ་དུམ་བུར་ཆད་པ་མ་ཡིན་པར་རྒྱུན་ཆགས་སུ་འབྱུང་བ་བཞིན་དེ་བཞིན་གཤེགས་པའི་གསུང་ཡང་ཡུན་རིང་དུ་ལྷང་ལྷང་གྲགས་པས་ན་ཚངས་པའི་དབྱངས་ལྟ་བུ་དང་། བཻཌཱུརྱའི་མདོག་ཅན་འདབ་ཆགས་ཤང་ཤང་ཏེའུའི་སྒྲ་ནི་སེམས་ཅན་གང་གིས་དོན་གཉེར་དུ་འགྲོ་བའི་ཚེ་ཐོས་ན་དོན་ཐམས་ཅད་འགྲུབ་པར་འཇིག་རྟེན་ན་གྲགས་པས་བཀྲ་ཤིས་པ་ཡིན་པ་བཞིན། སངས་རྒྱས་ཀྱི་གསུང་ཡང་སྔར་ཐོས་པས་ཕྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཐམས་ཅད་འགྲུབ་པའི་ཕྱིར་བཀྲ་ཤིས་པའི་སྔ་ལྟས་ཡིན་པས་ན་ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ་ལྟ་བུ་༤༠དང་། འདིའི་དོན་ཉི་ཁྲི་ཉ་པར། དེ་ལ་སྒྲ་སྨྲོས་པ་ནི་དེ་དང་དེའི་སྒྲ་གོ་བར་བྱ་བའི་དོན་ཏོ། །དབྱངས་སྨོས་པ་ནི་དོན་རྟོགས་པའི་མཚན་ཉིད་ཀྱི་སྒྲ་ཡིན་པས་གོ་བར་བྱ་བའི་དོན་ཏོ། །གྲགས་པ་སྨོས་པ་ནི་སྒྲ་དེ་དང་དེའི་བརྡ་རྗེས་སུ་སྒྲོགས་པར་བྱེད་པའི་དོན་ཡིན་ནོ། །ཞེས་བཤད་དོ། །མཆན། ལྷ་ཡི་དབང་པོའི་ཚིག་ལྷ་གཞན་གྱིས་ཅུང་ཟད་ཀྱང་འདའ་ཞིང་བཀག་པར་མི་ནུས་པ་


JKT002_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དེ་བཞིན་གཤེགས་པའི་གསུང་ལྷ་དང་བཅས་པའི་འཇིག་རྟེན་སུས་ཀྱང་འགལ་ཞིང་བཅག་པར་མི་ནུས་པས་ན་ལྷའི་དབང་པོའི་དབྱངས་ལྟར་༤༡སྙན་པ་དང་། འཇིག་རྟེན་ན་གཡུལ་འགྱེད་པ་ན་ཕས་རྒོལ་ཕམ་ནས་རང་ཕྱོགས་རྒྱལ་བར་གྱུར་པའི་ཚེ། དེའི་མཚན་མར་དང་པོར་རྔའི་སྒྲ་འབྱིན་པ་བཞིན་དུ་སངས་རྒྱས་ཀྱིས་ཀྱང་བདུད་དང་མུ་སྟེགས་སོགས་ལས་རྒྱལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒྲ་ཕྱུང་བས་ན་རྔ་སྒྲ་ལྟ་བུ་༤༢དང་། དེ་བཞིན་གཤེགས་པས་ཆོས་གསུངས་པ་ན་གཞན་དག་གིས་ལེགས་པར་བཤད་དོ་ཞེས་སོགས་ཀྱིས་བསྟོད་དུ་ཟིན་ཀྱང་། དེ་ལ་བརྟེན་ནས་མཆོག་ཏུ་འཛིན་པའི་ཉོན་མོངས་ཅན་གྱི་སེམས་མེད་པས་ན་མ་ཁེངས་པ་༤ ༣དང་། དེ་བཞིན་དུ་གཞན་དག་གིས་ཉེས་པར་བཤད་པའོ། །ཞེས་བྱ་བ་ལ་སོགས་པས་སྨད་དུ་ཟིན་ཀྱང་འཕང་དམའ་བའམ་ཞུམ་པ་མེད་པས་ན་མི་དམའ་༤༤བ་དང་། མ་འོངས་པ་ན་སངས་རྒྱས་ཀྱི་བསྟན་པའམ། འཇིག་རྟེན་གྱི་བདེ་སྐྱིད་ལ་སོགས་པ་འདི་དང་འདི་ལྟ་བུ་འབྱུང་ངོ་ཞེས་ལུང་སྟོན་པ་སོགས་དུས་གསུམ་གྱི་དངོས་པོ་ཐམས་ཅད་བརྡ་སྤྲད་ནས་ལུང་སྟོན་པས་སམ། ལུང་སྟོན་པ་སྒྲའི་བསྟན་བཅོས་ཐམས་ཅད་ཀྱི་ཚུལ་དང་མཐུན་པར་ཞུགས་པས་ན་སྒྲ་ཀུན་གྱི་རྗེས་སུ་ཞུགས་པ་༤༥དང་། དེ་བཞིན་གཤེགས་པ་དུས་ནམ་ཡང་བསྙེལ་བ་མི་མངའ་བས་ཆོས་འདི་འདྲ་ཞིག་བརྗེད་


JKT002_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཤད་དུ་མེད་དོ་ཞེས་པའམ། འདི་འདྲ་བ་བཤད་པར་བྱའོ་སྙམ་དུ་དགོངས་པ་ལ་བསྙེལ་ནས་མ་བཤད་པ་མེད་པས་ན་ཟུར་ཆག་པ་མེད་པར་ཚིག་ཟུར་ཕྱིན་པར་༤༦བཤད་པ་དང་། སེམས་ཅན་གང་ཞིག་དགེ་བའི་རྩ་བ་མ་སྐྱེས་པ་རྣམས་སྐྱེད། བསྐྱེད་པ་གོང་དུ་སྤེལ། འཕེལ་ཞིང་བརྟས་པ་རྣམ་གྲོལ་གྱི་སར་དབུགས་དབྱུང་བའི་གདུལ་བྱའི་དོན་ལ་སྐད་ཅིག་ཀྱང་མི་གཡེལ་བས་དེ་དག་ཐམས་ཅད་ཀྱི་དོན་དུས་ཐམས་ཅད་དུ་བྱེད་པས་ན་མ་ཚང་བ་མེད་༤ ༧པ་དང་། ཆོས་འཆད་པ་ན་མུ་སྟེགས་ལ་སོགས་པའི་རྒོལ་བ་གཞན་གྱིས་བརྒལ་ཞིང་བརྟག་པ་ལ་ནམ་ཡང་འཇིགས་པའི་སེམས་མི་སྐྱེ་བས་མ་ཞུམ་པ་༤༨དང་། ཆོས་བཤད་པའི་ཕྱིར་རྙེད་དང་བཀུར་སྟི་ལ་སོགས་པ་ལ་ཆགས་པ་མེད་པས་ན་མི་ཞེན་པ་དང་། ཆོས་ཇི་ཙམ་འཆད་ཀྱང་ཐུགས་སྐྱོ་བ་དང་སྐུ་ལ་མི་བདེ་བའི་ངལ་བ་མེད་པས་ན་རབ་ཏུ་དགའ་༩བ་དང་། རིག་པའི་གནས་ལྔ་ཐམས་ཅད་ལ་མཁས་པས་དེ་ལྔ་དང་ལེགས་པར་འབྲེལ་བའི་ཆོས་འཆད་པས་ན་ཁྱབ་པའམ་རྒྱས་པ་༥༠དང་། ཐ་བ་སྟེ་རེངས་པ་དང་བཅས་པའི་སེམས་ཅན་དགེ་བའི་རྩ་བ་མ་སྐྱེས་པ་རྣམས་ལ་དེ་གསར་དུ་བསྐྱེད་པ་དང་། ཐ་བ་མེད་པའི་སེམས་ཅན་དགེ་རྩ་སྐྱེས་པ་རྣམས་ཀྱི་དགེ་བ་འཕེལ་བར་བྱེད་པའམ་ཚགས་སུ་ཚུད་པར་བྱེད་པས་ན་ཆུབ་པ་༥༡དང་། སྐབས་འགར་ཆོས་བཤད་དམ་སྙམ་པའམ།


JKT002_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འགར་མི་བཤད་དོ་སྙམ་པ་མེད་པར་རྒྱུན་དུ་འཆད་པར་མཛད་པའམ། ཆོས་འཆད་པའི་ཚེ་བཤད་པའི་རྒྱུན་གྱི་བར་ཐག་བཅད་ནས་ཡང་འཆད་པ་མ་ཡིན་པར་ཚིག་དང་གསུང་གི་རྒྱུན་མི་འཆད་པས་ན་རྒྱུན་ཆགས་པ་། ༢དང་། མིང་ཚིག་ཡི་གེ་གཅིག་ཁོ་ན་མ་ཡིན་པར་སྣ་ཚོགས་པའི་སྒོ་ནས་འཆད་པས་ན་འབྲེལ་བའམ་རོལ་པ་༥༣དང་། གསུང་གཅིག་ཁོ་ནར་ཕྱུང་ཡང་ལྷ་ཀླུ་དང་མི་དང་བྱོལ་སོང་ཡི་དྭགས་སོགས་རང་རང་སོ་སོའི་སྒྲ་སྐད་དང་མཐུན་པར་གོ་བས་ན་སྒྲ་ཐམས་ཅད་རྫོགས་པར་༥༤བྱེད་པ་དང་། དེ་བཞིན་དུ་མི་རྟག་པ་ལྟ་བུའི་དོན་གཅིག་སྟོན་པ་ན་སེམས་ཅན་རྣམས་ཀྱིས་རང་རང་གང་ལ་དད་པའི་དོན་དེ་དང་དེར་ཁོང་དུ་ཆུད་པས་ན་སེམས་ཅན་ཀུན་གྱི་དད་སོགས་ཀྱི་དབང་པོ་ཀུན་མགུ་བའམ་ཚིམ་པར་བྱེད་པས་ན་ཚིམ་པར་བྱེད་པ་༥༥དང་། ཇི་ལྟར་དམ་བཅས་པ་ལས་གཞན་དུ་འགྱུར་བར་མི་མཛད་པས་ན་དམ་བཅའ་ལས་ཉམས་སོ་ཞེས་གཞན་གྱིས་སྨད་དུ་མེད་བའམ། ཆོས་འདི་དང་འདི་ལྟ་བུ་བསྒྲུབས་ཀྱི། འབྲས་བུ་འདི་ལྟ་བུ་འབྱུང་ངོ་ཞེས་དམ་བཅས་པར་གདུལ་བྱ་གང་གིས་བཀའ་བཞིན་དུ་བསྒྲུབས་ཀྱང་དེ་ལས་མི་འདའ་བར་འབྲས་བུ་འབྱིན་པས་ན་མ་སྨད་པ་༥༦དང་། གནས་གང་དང་གང་དུ་དུས་ནམ་གྱི་ཚེ་སེམས་ཅན་གང་སྨིན་པར་བྱ་བའི་དུས་ལ་བབས་ན་སྐད་ཅིག་ཀྱང་མི་ཡོལ་བར་སྨིན་པར་མཛད་


JKT002_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན་མི་འགྱུར་བ་༥༧དང་། ཆོས་འཆད་ལ་རིངས་པའི་སེམས་ཀྱིས་ཚིག་རྟབ་རྟབ་པོར་མི་གསུངས་པས་ན་མ་བརྟག་བའམ་བརྟན་པ་༥༨དང་། གང་གསུངས་པ་དེ་ཉིད་ཉེ་བ་དང་རིང་བ་མེད་པར་འཁོར་གྱི་དཀྱིལ་འཁོར་ཀུན་གྱི་དྲུང་ན་གནས་པ་ལྟར་ཐོས་པ་སྟེ། དཔེར་ན་བདག་ཅག་གི་སྟོན་པའི་གསུང་འཕགས་པ་མོངྒལ་གྱི་བུས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་ཕ་རོལ་ནས་ཉན་ཀྱང་དྲུང་དུ་གནས་པ་ལྟར་ཐོས་པ་ལྟ་བུ་དང་ལྡན་པའི་ཕྱིར་འཁོར་ཀུན་ཏུ་གྲགས་པ་༥༩དང་། དེ་བཞིན་གཤེགས་པས་ཆོས་བསྟན་པའི་མཐུས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྟེ་རྩ་བའི་ཀུན་དཀྲིས་ཆེན་པོ་གསུམ་སེལ་བར་བྱེད་པའི་ཕྱིར་འདོད་ཆགས་ཞི་བར་བྱེད་༦༠པ་དང་། ཞེ་སྡང་འདུལ་བ་༦༡དང་། གཏི་མུག་སེལ་བ་༦༢དང་། གསུང་གི་དོན་ཉམས་སུ་བླངས་པས་བདུད་བཞི་ལས་རྒྱལ་བར་བྱེད་ཅིང་ཆོས་ཀྱི་སྒྲས་ཀྱང་བདུད་རིགས་ཕམ་པར་བྱེད་པས་ན་བདུད་ཚར་གཅོད་པ་༦༣དང་། འཇིག་རྟེན་ན་གྲགས་པའི་ཆོས་རྣམ་པ་སྣ་ཚོགས་དཔེར་བཞག་ནས། དེ་དང་དེ་སྦྱོར་ཞིང་འཆད་པར་བྱེད་པས་ན་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟེ་དྲུག་ཅུ་རྩ་༦༤བཞིའོ། །སྐབས་འདིར་རྣམ་བཤད་རིག་པ་དང་མདོ་སྡེ་རྒྱན་རྩ་འགྲེལ་ཉི་ཁྲི་སྣང་བ་རྣམས་སུ་དུག་གསུམ་སེལ་བར་བྱེད་པ། བདུད་དཔུང་ཚར་གཅོད་པའི་


JKT002_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བཞི་མེད་པས་གྲངས་དྲུག་ཅུར་འབྱུང་ཞིང་། དེ་ཡང་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལ་བརྟེན་པར་གསུངས་པས་མདོའི་དཔེ་ལ་རྒྱས་བསྡུས་ཀྱི་ཁྱད་འབྱུང་བར་སེམས་སོ། །གསུམ་པ་ནི། དེ་ལྟ་བུ་རྣམས་ལ་དབྱངས་ཀྱི་ཡན་ལག་ཅེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། སངས་རྒྱས་ཀྱི་གསུང་གི་དཀྱིལ་འཁོར་རྣམ་པ་ཐམས་ཅད་པ་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི་དེ་ཁོ་ན་ཉིད་ནི་དབྱངས་ཏེ། དེ་ཡི་རྣམ་འགྱུར་རམ་ཡན་ལག་གི་ཆོས་ཁྱད་པར་བ་ཡིན་པའི་ཕྱིར་རོ། །བཞི་པ་ནི། འོ་ན་དེ་བཞིན་གཤེགས་པའི་གསུང་གི་ཡན་ལག་དེ་ཙམ་ལས་གཞན་མེད་དོ་སྙམ་ན། རེ་ཞིག་མདོར་བསྡུས་པའི་ཚུལ་གྱིས་སྟོན་པ་ཙམ་སྟེ་གཞན་དུ་ན་མཐའ་ཀླས་ཤིང་བསམ་གྱིས་མི་ཁྱབ་པའི་ཕྱིར་ཚད་བཟུང་ཡོད་པ་མ་ཡིན་ཏེ། དེ་སྐད་དུའང་མདོ་སྡེ་རྒྱན་ལས། བདེར་གཤེགས་གསུང་ནི་མཐའ་ཡས་ཏེ། །ཡན་ལག་དྲུག་ཅུ་བསམ་མི་ཁྱབ། ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་དེ་བཞིན་གཤེགས་པའི་ཐུགས་ཀྱི་ཡོན་ཏན་ནི་ཟག་པ་མེད་པའི་ཆོས་སྡེ་ཚན་ཉེར་གཅིག་ཏུ་རྣམ་པར་བཞག་པ་སྟེ། དེ་ཉིད་འཆད་པ་ལ་གསུམ། རྒྱུ་སྤྱིར་སྨོས། སྡེ་ཚན་བྱེ་བྲག་ཏུ་བཤད། ཁྱད་པར་བསམ་གྱིས་མི་ཁྱབ་པར་བསྟན་པའོ། །དང་པོ་ནི། སྤྱིར་ལམ་ལྔ་དང་ས་བཅུ་ལ་སོགས་པའི་མངོན་རྟོགས་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་ལ་བརྟེན་ནས། ཐེག་


JKT002_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རང་རང་གི་མྱང་འདས་དང་། ཁྱད་པར་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རླབས་པོ་ཆེ་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པར་ཡོངས་སུ་རྫོགས་པར་བསགས་ཏེ། ཐ་མར་མཐའ་གཉིས་ལས་མི་གནས་པའི་བྱང་ཆུབ་ཆེན་པོ་མངོན་དུ་མཛད་པའི་ཡེ་ཤེས་ཆོས་ཀྱི་སྐུ་ཉིད་ནི་གཙོ་བོར་ཡེ་ཤེས་ཀྱི་འབྲས་བུར་གྲུབ་པས། སྤངས་རྟོགས་མཛད་པ་དང་བཅས་པའི་ཆེན་པོ་གསུམ་དེ་ཡི་བདག་ཉིད་ཅན་ཏེ། མངོན་རྟོགས་རྒྱན་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤངས་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱིས་རང་བྱུང་གི ། ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་སོ། །གཞན་ཡང་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཉིད་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་ནས་དག་པ་གཉིས་ལྡན་གྱི་ངོ་བོ་ཉིད་སྐུའམ་ཆོས་སྐུ་སྟེ། མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཅེས་དང་། ཐེག་བསྡུས་ལས། དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་གནས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ཡེ་ཤེས་ཆོས་སྐུའི་


JKT002_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་བྲལ་སྨིན་གྱིས་བསྡུས་པ་མཐའ་དག་དེ་ལས་བྱུང་ཞིང་ཟག་མེད་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཉིད་ཡིན་ནོ། །གཉིས་པ་དོན་དམ་ཆོས་སྐུའི་བདག་རྐྱེན་ལས་བྱུང་བའམ་དེའི་ཡོན་ཏན་མདོ་སྡེ་སོ་སོའི་དགོངས་པ་ཐེག་ཆེན་རྒྱུད་བླ་མའི་བསྟན་བཅོས་དང་ཤེར་ཕྱིན་རྒྱན་གཉིས་ལས་སོ་སོར་བཤད་པ་ལས། འདིར་མངོན་རྟོགས་རྒྱན་འབྲས་བུ་ཆོས་སྐུ་བསྟན་པའི་སྐབས་སུ་ཟག་མེད་སྡེ་ཚན་ཉེར་གཅིག་ཏུ་གསུངས་པ་ལྟར་བཤད་པར་བྱ་སྟེ། དེ་ལ་སྡེ་ཚན་དང་པོ་དེ་བཞིན་གཤེགས་པ་རང་ཉིད་ཀྱི་སྐུས་བསྡུས་པའི་དྲན་པ་ཉེ་བར་བཞག་པ་ནས་བཟུང་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་བྱང་ཆུབ་ཀྱི་ཕྱོགས་རྣམས་སེམས་ཅན་གྱི་དུས་བྲལ་སྟོབས་ཀྱི་ཆ་ཤས་ཡོངས་སུ་མ་རྫོགས་པས་མི་གསལ་བ་ལྟ་བུ་མིན་པ་ཡོངས་སུ་རྫོགས་པ་དྲི་མ་དང་བྲལ་བ། ཟག་པ་མེད་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱིས་བསྡུས་པ་ཡིན་ནོ། །ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ཐམས་ཅད་ལ་འདི་བཞིན་དུ་སྦྱར་རོ། །གཉིས་པ་བྱམས་པ་ལ་སོགས་པ་ཚད་མེད་པ་སྐྱེ་བོ་གཞན་རྣམས་ཚངས་པའི་གནས་བཞིར་སྐྱེ་བར་བྱེད་པ་རྣམས་དང་། གསུམ་པ་ནི། ནང་ཤེས་པ་གཟུགས་ཅན་དུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་བལྟ་བ་དང་། ནང་གཟུགས་ཅན་མ་ཡིན་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་ནི་གཟུགས་ཅན་མིན་པ་གཟུགས་ལ་


JKT002_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་རྣམ་ཐར་ཞེས་བྱ་བ་གཉིས་དང་། སྡུག་པའི་རྣམ་ཐར་ཏེ་ཡིད་དུ་འོང་བའི་རང་བཞིན་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་གནས་པ་ཞེས་བྱ་བ་གཅིག་དང་། ནམ་མཁའ་དང་རྣམ་ཤེས་དང་ཅི་ཡང་མེད་པ་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་བྱ་བ་བཞི་དང་། འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ་བ་གཅིག་སྟེ། དེ་ལྟར་རྣམ་པར་ཐར་པ་བརྒྱད་དང་། སྡེ་ཚན་བཞི་པ་གཟུགས་ཁམས་ཀྱི་བསམ་གཏན་བཞིའི་སྙོམས་འཇུག་དང་། གཟུགས་མེད་པའི་སྙོམས་འཇུག་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ལྔ་པ་ཟད་པར་ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནམ་མཁའ་མཐའ་ཡས་དང་། རྣམ་པར་ཤེས་པ་མཐའ་ཡས་ཞེས་བྱ་བ་ཟད་པར་རྣམ་པ་བཅུ་དང་། སྡེ་ཚན་དྲུག་པ་ནང་ཤེས་པ་གཟུགས་ཅན་དུ་འདུ་ཤེས་ནས་ཕྱི་རོལ་གྱི་རྣམ་པ་ཐམས་ཅད་སོ་སོར་ཆུང་ངུ་དང་ཆེན་པོའི་རྣམ་པ་དག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཞེས་བྱ་བ་གཉིས་དང་། ནང་གཟུགས་མེད་པར་འདུ་ཤེས་པ་དག་གིས་སོ་སོར་ཆུང་ངུ་དང་ཆེན་པོའི་རྣམ་པ་དག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཞེས་བྱ་བ་གཉིས་ཏེ་བཞི་


JKT002_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ནང་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ནས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་ཟིལ་གྱིས་མནན་ནས་མཐོང་བ་ཞེས་བྱ་བ་རྣམ་པ་བཞི་སྟེ། མདོར་ན་སྐལ་བ་མཉམ་པ་ལ་འབྱུང་བ་བཞི་ཁ་དོག་བཞིར་སྣང་བ་དེ་དག་འགོག་པ་ལ་མཐུ་ཐོབ་སྟེ་མི་སྣང་བར་བྱས་ནས། ཡུལ་ཐམས་ཅད་གསེར་ལྟ་བུ་ཁོ་ནའམ་འབའ་ཞིག་གམ་ཟད་པར་སྣང་བར་བྱེད་པའི་ཏིང་ངེ་འཛིན་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམ་པ་བརྒྱད་དང་། བདུན་པ་ཕ་རོལ་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པའི་དགྲའི་རྒྱུན་དྲུང་འབྱིན་པའི་ཏིང་ངེ་འཛིན་ཞེས་བྱ་བ་གང་ཡིན་པ་ཉོན་མོངས་པ་མེད་པ་དང་། བརྒྱད་པ་ཡང་དག་པ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་ཞིང་དེ་ལྟ་བུའི་རང་བཞིན་ལས་མ་འདས་ཀྱང་། གདུལ་བྱ་སྤྲོས་མཚན་དུ་ལྟ་བ་དག་གི་འདོད་ཆགས་ལ་སོགས་པ་བཅོམ་པར་བྱེད་ཅིང་ཐེ་ཚོམ་སེལ་བ བར་མཛད་པའི་སྨོན་ལམ་གྲུབ་པས་དེ་བཞིན་གཤེགས་པའི་ཡེ་ཤེས་འཁོར་བ་ཇི་སྲིད་པའི་གནས་སྐབས་སུ་འགྲོ་བའི་དོན་ལ་འཇུག་པ་དང་། རྣམ་པར་གྲོལ་བ་ཇི་སྲིད་པའི་གནས་སྐབས་སུའང་མཁྱེན་པ་དེ་སེམས་ཅན་ལ་འཇུག་པ་ཞེས་བྱ་བ་སྨོན་ནས་མཁྱེན་པ། དགུ་པ་ད་ལྟར་གྱི་ལུས་ཉེ་རིང་ཇི་སྙེད་པ་ཤི་ནས་གར་སྐྱེས་པའི་གཟུགས་ཐམས་ཅད་མཐོང་བ་ལྷའི་མིག་དང་། སྒྲ་དང་སྐད་དང་བརྡ་སྣ་ཚོགས་ཐོས་ཤིང་


JKT002_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གོ་བ་ལྷའི་རྣ་བ་དང་། སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་ཤས་ཆེ་ཆུང་ཀུན་ཤེས་པ་སེམས་ཀྱི་རྣམ་གྲངས་ཤེས་པ་དང་། འབར་བ་དང་། འཕུར་བ་དང་། མང་ཉུང་དང་། བཟང་ངན་དང་། ཆུ་ལ་འགྲོ་ཞིང་ས་ལ་བྱིང་བ་དག་ཤེས་པ་ལུས་ཀྱི་རྫུ་འཕྲུལ་ཤེས་པ་དང་། ད་ལྟར་གྱི་ལུས་ནས་བཟུང་སྟེ། ཚེ་རབས་སྔ་མ་ལ་གནས་གང་ན་གནས། ལས་ཅི་བྱེད་པའི་ལོ་རྒྱུས་དྲན་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་དང་། མཐོང་བ་དང་སྒོམ་པས་སྤང་བའི་ཉོན་མོངས་པ་གང་ཞིག་སྤངས། གང་ཞིག་མ་སྤངས་པའི་རིམ་པ་ཤེས་བཞིན་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པ་ཤེས་པ་དག་ཟག་པ་ཟད་པ་ཤེས་པ་སྟེ་མངོན་པར་ཤེས་པ་དྲུག་དང་། བཅུ་པ་སེམས་ཅན་བསམ་པ་ཐ་དད་དང་འཚམས་པར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ནི་གཉེན་པོའི་ཐབས་སྣ་ཚོགས་སུ་སྟོན་པ་ཆོས་སོ་སོ་ཡང་དག་པར་རིག་པ། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་སྟེ་ཆོས་སྤྱིའི་མཚན་ཉིད་དང་། སྐྱེ་འགག་མེད་པ་དོན་གྱི་མཚན་ཉིད་དེ་མིང་ཚིག་གི་བརྗོད་དོན་ཤེས་པ་དོན་སོ་སོ་ཡང་དག་པར་རིག་པ། འགྲོ་བ་ཐམས་ཅད་ཀྱི་བརྡ་དང་སྐད་དང་དེ་དག་གི་དོན་ལ་མ་རྨོངས་པ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ། ཆོས་སྟོན་ཅིང་ཐེ་ཚོམ་གཅོད་པ་ལ་ཐོགས་པ་མེད་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞི་དང་། བཅུ་གཅིག་པ་རྟེན་


JKT002_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དམིགས་པ་དང་། ཐུགས་དང་། ཡེ་ཤེས་ཡོངས་སུ་དག་པ་ཞེས་བྱ་བ་དག་པ་བཞི་དང་། བཅུ་གཉིས་པ། ཚེ་དང་སེམས་དང་ཡོ་བྱད་ལས། །སྐྱེ་བ་མོས་པ་སྨོན་ལམ་དང་། །རྫུ་འཕྲུལ་ཡེ་ཤེས་། ཆོས་ལ་དབང་། །ཞེས་པའི་དབང་བཅུ་དང་སོ་གསུམ་ནི་སྦྱིན་པའི་འབྲས་བུ་དང་། ལས་དང་སྐྱེ་བ་ནི་ཚུལ་ཁྲིམས་ཀྱི་དང་། མོས་པ་ནི་བཟོད་པའི་དང་། སྨོན་ལམ་ནི་བརྩོན་འགྲུས་ཀྱི་དང་། རྫུ་འཕྲུལ་ནི་བསམ་གཏན་གྱི་དང་། ཐ་མ་གཉིས་ནི་ཤེས་རབ་ཀྱི་སྟེ་སློབ་པའི་གནས་སྐབས་སུ་ཆ་མཐུན་དང་། དངོས་ནི་སངས་རྒྱས་ཀྱི་ས་ཁོ་ནའོ། །བཅུ་གསུམ་པ་སྟོབས་བཅུ་དང་། བཅུ་བཞི་པ་མི་འཇིགས་པ་བཞི་དང་། བཅོ་ལྔ་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་ལ་འཁྲུལ་པ་ཡོངས་སུ་དག་པ་སྟེ། སངས་རྒྱས་ཀྱི་རང་བཞིན་འདི་ལ་ཕྱིན་ཅི་ལོག་གི་ཀུན་ཏུ་སྤྱོད་པ་གཞན་གྱིས་ཡོངས་སུ་ཤེས་པར་དོགས་པའི་ངོ་ཚའམ་བག་ཚ་བས་མི་གསལ་བར་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་བ་བསྲུང་བ་མེད་པ་རྣམ་པ་གསུམ་དང་། བཅུ་དྲུག་པ་དེ་བཞིན་གཤེགས་པས་ཆོས་སྟོན་པ་ན་གུས་པས་མཉན་པར་འདོད་པ་དང་། ཉན་པར་མི་འདོད་པ་དང་། རེས་གུས། རེས་མི་གུས་པ་གཉིས་ཀ་དག་ལ་གོ་རིམ་བཞིན་དུ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ཆགས་སྡང་གཉིས་ཀ་ཆ་མཉམ་པར་སྐྱེ་བ་གཉིས་ཀས་དབེན་པ་ཁོ་ནར་


JKT002_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་པ་ཞེས་བྱ་བ་དྲན་པ་ཉེ་བར་བཞག་པ་གསུམ། བཅུ་བདུན་པ་སེམས་ཅན་གྱི་དོན་མཛད་པའི་དུས་ལས་མི་འདའ་བར་གང་ལ་གང་འདུལ་དུ་སྟོན་པས་སྐབས་དེར་མཛད་པ་ཡོལ་མི་སྲིད་པའི་མཚན་ཉིད་ཅེས་བྱ་བ་བསྙེལ་བ་སྟེ། བརྗེད་པ་མི་མངའ་བའི་ཆོས་ཉིད་དང་། བཅོ་བརྒྱད་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་གྱི་ངོ་བོའི་ས་བོན་སྤངས་པས་བག་ཆགས་ཡང་དག་པར་བཅོམ་པ་དང་། བཅུ་དགུ་པ་སྐྱེ་བོ་མཐའ་དག་ལ་ཕན་པའི་བསམ་པ་ཉིད་ཅེས་བྱ་བ་སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་ཉིད་དང་། ཉི་ཤུ་པ་འཕགས་ཆུང་འོག་མ་རྣམས་དང་མ་འདྲེས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། ཉེར་གཅིག་པ་རྣམ་མཁྱེན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། འབྲས་བུའི་རྣམ་མཁྱེན་རྣམས་སྤང་བྱའི་གནས་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཆོས་ཀྱི་སྐུའི་རང་བཞིན་ཉིད་ཡིན་ནོ། །གསུམ་པ་ནི། ཐེག་པ་ཆེན་པོ་དབུ་མ་ལ་འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་གསུངས་པ་ལྟར་ཤེས་དང་ཤེས་བྱ་མཐའ་དག་རོ་གཅིག་ཏུ་གཉིས་མེད་མཉམ་པ་ཆེན་པོའི་དབྱིངས་སུ་སྤྲོས་པའི་དྲྭ་བ་མ་ལུས་པ་ནུབ་སྟེ་ལྷག་པའི་བདེན་པ་


JKT002_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་འོད་གསལ་ཆོས་ཀྱི་སྐུའི་ཟག་པ་མེད་པའི་ཡོན་ཏན་མདོ་ཙམ་དུ་དྲིལ་བས་གོང་སྨོས་ཟག་མེད་སྡེ་ཚན་ཉེར་གཅིག་ཏུ་རྒྱལ་བ་ཉིད་ཀྱི་དགོངས་པ་འགྲེལ་པ་ལ་རྒྱལ་ཚབ་ཀྱི་ལུང་དང་དབང་བརྙེས་པ་མགོན་པོ་མ་ཕམ་པས་བསྟན་པ་ལྟར་གྱིས་དད་པའི་མིག་བསྒྲུབ་ཅིང་། དེ་བཞིན་གཤེགས་པའི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་གསང་བ་ཟབ་མོའི་ཚུལ་ཕྱོགས་མཚོན་པའི་སྒོར་འགྱུར་བར་ཤེས་པར་བྱ་ཞིང་། གཞན་དུ་རྒྱལ་བའི་ཐུགས་ཡེ་ཤེས་ཆོས་སྐུའི་རང་བཞིན་ནི་བློའི་ར་བ་ལས་འདས་པས། ཕྱོགས་ཙམ་འཕགས་ཆེན་ས་བཅུ་པ་རྣམས་དང་། ཇི་བཞིན་པ་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་སྤྱོད་ཡུལ་ལས་གཞན་དག་གིས་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱ་སྟེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡུལ། །སངས་རྒྱས་ཤེས་གསུམ་ཡུལ་མིན་ཕྱིར། །ཡེ་ཤེས་ལུས་ཅན་རྣམས་ཀྱིས་ནི། །བསམ་མི་ཁྱབ་པར་རྟོགས་པར་བྱ། །ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་བྱའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང་། །བཙས་པའི་ཁྱིམ་གནས་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་། །ཞེས་གསུངས་པ་ལྟར་ངེས་སོ། །བཞི་པ་ཡོན་ཏན་མི་ཟད་པ་


JKT002_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱི་འཁོར་ལོ་བཤད་པ་ལ་དངོས་དང་། ཕྱོགས་མཐུན་མདོར་བསྡུས་ཏེ་བསྟན་པ་གཉིས། དང་པོ་ལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནམ་ཆེ་བ་གསུམ་ལས་སྐུའི་ཡོན་ཏན་ནི། དཔེ་ལ་བསྟོད་པ་ལས། ཁྱོད་སྐུ་།། མཚན་གྱིས་སྤྲས་གྱུར་པ། །མཛེས་གྱུར་མིག་གི་བདུད་རྩི་ནི། །སྤྲིན་མེད་སྟོན་གྱི་ནམ་མཁའ་ལ། །སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ། །ཐུབ་པ་གསེར་གྱི་མདོག་ལྡན་པ། །ཆོས་གོས་ཀྱིས་གཡོགས་མཛེས་གྱུར་པ། །གསེར་གྱི་རི་བོའི་རྩེ་མོ་ནི། །མཚམས་ཀྱི་སྤྲིན་གྱིས་དཀྲིས་པ་འདྲ། །མགོན་ཁྱོད་རྒྱན་གྱིས་མ་བརྒྱན་ཡང་། །ཞལ་གྱི་དཀྱིལ་འཁོར་མདངས་གང་ཡིན། །ཟླ་བའི་དཀྱིལ་འཁོར་རྒྱས་གྱུར་པ། །སྤྲིན་དང་བྲལ་ལའང་དེ་མ་མཆིས། །ཁྱོད་ཀྱི་ཞལ་གྱི་པདྨ་དང་། །པདྨ་ཉི་མས་ཁ་བྱེ་བ། །བུང་བས་མཐོང་ནས་པདྨ་ནི། །ཐེ་ཚོམ་དཔྱང་ཐག་ལ་འཇུག་འགྱུར། །ཁྱོད་ཞལ་གསེར་གྱི་མདོག་ལྡན་པར། །ཚེམས་དཀར་མཛེས་པར་གྱུར་པ་ནི། །གསེར་གྱི་རི་གསེབ་སྟོན་ཀ་ཡི། །ཟླ་ཟེར་དྲི་མེད་ཞུགས་པ་འདྲ། །མཆོད་འོས་ཁྱོད་ཀྱི་ཕྱག་གཡས་ནི། །འཁོར་ལོའི་མཚན་གྱིས་མཛེས་གྱུར་པ། །འཁོར་བས་སྐྲག་པའི་མི་རྣམས་ལ། །ཕྱག་གིས་དབུགས་འབྱིན་མཛད་པ་ལགས། །ཐུབ་ཁྱོད་གཤེགས་པར་གྱུར་པའི་ཚེ། །ཞབས་གཉིས་དཔལ་གྱི་པདྨ་ལས། །ས་གཞི་འདི་ནི་བྲིས་གྱུར་པ། །པདྨ་ཅན་གྱིས་ཇི་ལྟར་མཛེས། །ཞེས་གསུངས་པ་


JKT002_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རོ། གསུང་གི་ཡོན་ཏན་ནི། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཡོད་པས་དུས་གཅིག་ཅར་དུ་དྲི་བ་མི་འདྲ་བ་ཁོ་ན་རེ་རེ་ནས་དྲིས་ཀྱང་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བཟུང་ནས་གསུང་གཅིག་གིས་དྲི་བ་ཐམས་ཅད་ཀྱི་ལན་མཛད་ཅིང་དེ་རྣམས་ཀྱིས་ཀྱང་རང་རང་གི་སྐད་དུ་གོ་བར་འགྱུར་བ་ཤིན་ཏུ་རྨད་དུ་བྱུང་པའི་ཚུལ་མངའ་བ་སྟེ། བདེན་པ་པོའི་ལེའུ་ལས། འདི་ལྟར་སེམས་ཅན་ཀུན་གྱིས་ངས་བའཆག །མང་པ་དག་གིས་དུས་གཅིག་ཞུ་ཞུས་ན། སེམས་སྐད་ཅིག་གཅིག་ལསྔ་ས་ནས། གསར་པ་སེམས་ཅན་ཀུན་གྱིས་ངེས་པའི་ཚིག །མང་པོ་དག་གིས་དུས་གཅིག་ཞུ་ཞུས་ན། །སེམས་ཀྱི་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཀྱང་འདེབས། །དེ་ལྟ་བས་ན་འདྲེན་པ་འཇིག་རྟེན་ན། །ཚངས་པའི་སྒྲ་དབྱངས་གསུང་སྒྲོག་མཁྱེན་པར་མཛོད། །དེ་ནི་ལྷ་མི་སྡུག་བསྔལ་མཐར་འབྱིན་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་་དང་ཡང་བ་ལ་ང་པ་ལས། ཁྱོད་ཞལ་བལྟ་ན་རབ་སྡུག་པ། །དེ་ལས་མཉན་ན་སྙན་པ་ཡི། །གསུང་འདི་དག་ནི་ཟླ་བ་ལས། །བདུད་རྩི་འཛག་པ་བཞིན་དུ་འབྱུང་། །ཁྱོད་ཀྱི་གསུང་ནི་འདོད་ཆགས་ཀྱི། །རྡུལ་རབ་ཞི་མཛད་ཆར་སྤྲིན་འདྲ། །ཞེ་སྡང་སྦྲུལ་ནི་དབྱུང་བ་ལ། །ནམ་མཁའ་ལྡིང་དང་འདྲ་བ་ལགས། །ཡང་དང་ཡང་དུ་མི་ཤེས་པའི། །རབ་རིབ་འཇོམས་པས་གདུགས་དང་འདྲ། །ང་རྒྱལ་རི་བོ་རྣམ་འཇོམས་པས། །


JKT002_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དང་ཡང་འདྲ་བ་ལགས། །དོན་གཟིགས་པས་ནི་མི་སླུ་བ། །ནོངས་མི་མངའ་ཕྱིར་རྗེས་སུ་མཐུན། །ལེགས་པར་སྦྱར་བས་གོ་སླ་སྟེ། །ཁྱོད་ཀྱི་གསུང་ནི་ལེགས་གསུང་ལྡན། །རེ་ཞིག་དང་པོར་ཁྱོད་ཀྱི་གསུང་། །ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད། །དེ་ནས་ཡིད་ལ་བསམ་བགྱིས་ན། །འདོད་ཆགས་གཏི་མུག་རྣམས་ཀྱང་སེལ། །ཕོངས་པ་རྣམས་ཀྱི་དབུགས་འབྱིན་ཅིང་། །བག་མེད་རྣམས་ཀྱི་སྐྱབས་ཀྱང་མཛད། །བདེ་བ་ཅན་དག་སྐྱོ་བགྱིད་པས། །ཁྱོད་གསུང་ཀུན་དང་འཚམས་པར་འཇུག །མཁས་པ་རྣམས་ཀྱི་དགའ་བ་སྐྱེད། །བར་མ་རྣམས་ཀྱི་བློ་ཡང་སྤེལ། །ཐ་མའི་རབ་རིབ་རྣམ་འཇོམས་པས། །གསུང་འདི་སྐྱེ་བོ་ཀུན་ལ་སྨན། །ཞེས་གསུངས་པ་ལྟར་རོ། །ཐུགས་ཀྱི་ཡོན་ཏན་ལ་གཉིས་ལས། མཁྱེན་པའི་ཡོན་ཏན་ནི་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མཁྱེན་པ་ཐོགས་པ་མི་མངའ་བར་འཇུག་པས་ཤེས་བྱ་མཐའ་དག་ལ་ཐུབ་པའི་མཁྱེན་པས་ཁྱབ་ཀྱི། དེ་ལས་གཞན་པ་རྣམས་ཀྱི་ནི་ཤེས་བྱ་རྒྱ་ཆེ་ལ་ཤེས་པ་རྒྱ་ཆུང་བས་མ་ཁྱབ་པ་ཡིན་ནོ། །དེ་ཡང་བསྔགས་འོས་བསྔགས་བསྟོད་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི། །ཁྱེད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་དང་། བཅོམ་ལྡན་དུས་ཀུན་གཏོགས་པའི་ཆོས། །


JKT002_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཀུན་འབྱུང་གནས་ཐམས་ཅད་ནི། །ལག་མཐིལ་སྐྱུ་རུ་ར་ལྟ་བུར། །ཁྱོད་ཀྱི་ཐུགས་ཀྱི་སྤྱོད་ཡུལ་གྱུར། །ཆོས་རྣམས་གཡོ་དང་མི་གཡོར་བཅས། །གཅིག་དོང་སྣ་ཚོགས་སོ་སོ་ལ། །མཁའ་ལ་རླུང་དག་རྒྱུ་བ་བཞིན། །ཁྱོད་ཀྱི་ཐུགས་དག་ཐོགས་མི་མངའ། །ཞེས་གསུངས་པ་ལྟར་དང་། བརྩེ་བའི་ཡོན་ཏན་ནི། སེམས་ཅན་རྣམས་ཉོན་མོངས་ཀྱིས་རང་དབང་མེད་པར་བཅིངས་པ་བཞིན་དུ་ཐུབ་པ་ཡང་སྙིང་རྗེ་ཆེན་པོས་རང་དབང་མེད་པར་བཅིངས་པས་འགྲོ་བ་རྣམས་སྡུག་བསྔལ་བར་གཟིགས་པ་ན་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པར་སྐྱེ་སྟེ། བརྒྱ་ལྔ་བཅུ་པ་ལས། འགྲོ་བ་འདི་དག་ཐམས་ཅད་ནི། །ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས། །ཁྱོད་ནི་འགྲོ་བའི་ཉོན་མོངས་དག །དགྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས། །དང་པོར་ཁྱོད་ལ་ཕྱག་བགྱིའམ། །འོན་ཏེ་གང་གིས་འཁོར་བར་ཁྱོད། །སྐྱོན་འི མཁྱེན་ཡུན་རིང་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་ཅན་ལ་བགྱི། །ཞེས་དང་། བདེན་པ་པོའི་ལེའུ་ལས་ཀྱང་། གཏི་མུག་མུན་པ་མུན་ནག་གིས་རྟག་ཏུ། །སེམས་ནི་བསྒྲིབས་པར་གྱུར་པའི་སྐྱེ་རྒུ་དང་། །འཁོར་བའི་བཙོན་རར་ཆུད་པ་རྣམ་གཟིགས་ན། །དྲང་སྲོང་དམ་པ་དེ་ནི་ཐུགས་རྗེ་སྐྱེ། །ཞེས་དང་། འདོད་པས་ཟིལ་གྱིས་ནོན་པའི་ཡིད་ལྡན་དང་། །སྲེད་པ་ཆེ་ཞིང་རྟག་ཏུ་ཡུལ་བརྐམ་དང་། །སྲེད་པའི་


JKT002_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་རྒྱ་མཚོར་ལྷུང་བ་རྣམས། །གཟིགས་ན་རྒྱལ་བའི་ཐུགས་རྗེ་ཆེན་པོ་སྐྱེ། །ནད་དང་མྱ་ངན་རྣམ་པ་མང་དག་གིས། །ཤིན་ཏུ་གཙེས་པའི་སྐྱེ་རྒུ་ཉོན་མོངས་རྣམས། །གཟིགས་ན་སྡུག་བསྔལ་མ་ལུས་བསལ་སླད་དུ། །སྟོབས་བཅུ་མངའ་བའི་ཐུགས་རྗེ་རབ་ཏུ་སྐྱེ། །ཐུབ་པའི་ཐུགས་རྗེ་ཆེན་པོ་རྟག་འབྱུང་སྟེ། །དེ་མི་འབྱུང་བ་ནམ་ཡང་སྲིད་མི་འགྱུར། །འགྲོ་བ་ཀུན་གྱི་བསམ་པར་གནས་པ་སྟེ། །དེ་བས་སངས་རྒྱས་དེ་ལ་སྐྱོན་མི་མངའ། །ཞེས་གསུངས་པ་ལྟར་ངེས་ཤིང་། ཕྲིན་ལས་ཀྱི་ཡོན་ཏན་རྒྱས་པར་འོག་ནས་འབྱུང་སྟེ་འདིར་ཡང་མདོ་ཙམ་སྨོས་ན། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་མཛད་པ་སྟེ། དེ་ཡང་གདུལ་བྱའི་ངོས་ནས་དཀྲིར་རུང་ན་ཐུབ་པས་གདུལ་བྱ་དེ་ཕུན་ཚོགས་དང་མ་སྤྲད་པ་དང་། རྒུད་པ་ལས་མ་དྲངས་པ་ཅུང་ཟད་ཀྱང་མེད་པས་བགྱི་པར་འོས་པ་ཐམས་ཅད་ངེས་པར་མཛད་པ་ཡིན་ཏེ། བརྒྱ་ལྔ་བཅུ་པ་ལས། ཁྱོད་ཀྱིས་ཉོན་མོངས་གཞོམ་པ་བཤད། །བདུད་ཀྱི་གཡོ་དག་བསྟན་པ་མཛད། །འཁོར་བའི་རང་བཞིན་མི་བཟད་བརྗོད། །འཇིགས་པ་མེད་པའི་ཕྱོགས་ཀྱང་བསྟན། །ཕན་དགོངས་ཐུགས་རྗེ་ཅན་གྱིས་ནི། །སེམས་ཅན་རྣམས་ལ་བགྱི་འཚལ་བ། །གང་ཞིག་ཁྱོད་ཀྱིས་མ་མཛད་པ། །གཞན་ཀོ་ཅི་ཞིག་


JKT002_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་ལགས་ཀྱེ། །ཞེས་དང་། བསྔགས་འོས་བསྔགས་བསྟོད་ལས། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྱད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་ཡོན་ཏན་མདོར་བསྡུས་ཏེ་བསྟན་པ་ནི། སྤྱིར་སྤངས་རྟོགས་མ་ལུས་པ་མཐར་ཕྱིན་པའི་བདག་ཉིད་ལ་སངས་རྒྱས་ཞེས་པའི་ངེས་ཚིག་དང་བཅས་པས་ཡོན་ཏན་མཐའ་དག་ཀྱང་བསྡུས་པ་ཡིན་ཅིང་། རྒྱུད་བླ་མ་ལས། སངས་རྒྱས་ཉིད་ནི་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མཁའ་བཞིན་ཏེ་སྤངས་པ་དང་། །ཡེ་ཤེས་གཉིས་ཀྱི་མཚན་ཉིད་དོ། །ཞེས་གསུངས་པ་དང་། མདོ་སྡེ་རྒྱན་ལས་ཀྱང་། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་རྟག་ལྡན་པ། །སྤོང་བ་ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱི་བཅོམ་གྱུར་ཅིང་། །གནས་གྱུར་ཆོས་དཀར་ཡོན་ཏན་མཆོག་ལྡན་ཐོབ་པ་སངས་རྒྱས་ཉིད། །ཅེས་དང་། གཞན་ཡང་། མ་རིག་གཉིད་ལས་སངས་ཕྱིར་དང་། །བློ་རྒྱས་གཉིས་ཕྱིར་སངས་རྒྱས་ཡིན། །ཞེས་པ་ལྟར་རོ། །བྱེ་བྲག་ཏུ་ཆོས་སྐུའི་ཡོན་ཏན་མཚན་ཉིད་བརྒྱད་དང་ལྡན་ཏེ། མཉམ་པ་དང་། ཟབ་པ་དང་། རྟག་པ་དང་། གཅིག་པ་དང་། ཡང་དག་པ་དང་། གཙང་བ་དང་། འོད་གསལ་བ་དང་། ལོངས་སྤྱོད་རྫོགས་པ་དང་འབྲེལ་བ་སྟེ། །


JKT002_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བླ་མ་ལས། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །ཞེས་དང་། མདོ་སྡེ་རྒྱན་ལས་ཀྱང་། རང་བཞིན་སྐུ་ནི་མཉམ་པ་དང་། །ཕྲ་ཞིང་ལོངས་སྤྱོད་རྫོགས་འབྲེལ་དང་། །ཞེས་གསུངས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡོན་ཏན་བརྒྱད་དང་ལྡན་ཏེ། འཁོར་དང་། ཞིང་དང་། སྐུ་དང་། མཚན་དང་། ཆོས་དང་། མཛད་པ་དང་། ལྷུན་གྱིས་གྲུབ་པ་དང་། རང་བཞིན་མེད་པ་རྣམས་ཏེ། མདོ་སྡེ་རྒྱན་ལས། ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ། །འཁོར་ཡོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང་། །མཛད་པ་དག་གིས་ཐ་དད་དོ། །ཞེས་དང་། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པ་ལྟར་རོ། །སྤྲུལ་པའི་སྐུ་ཡང་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། རྟེན་དང་། རྒྱུ་དང་། ཞིང་དང་། །དུས་དང་། རང་བཞིན་དང་། འཇུག་པར་བྱེད་པ་དང་། སྨིན་པར་བྱེད་པ་དང་། གྲོལ་བར་བྱེད་པའོ། །མདོ་སྡེ་རྒྱན་ལས། །བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་


JKT002_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་དང་། རྒྱུད་བླ་མ་ལས་ཀྱང་། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་ལ་དགྱེས་རོལ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་དང་། ཡང་དེ་ཉིད་ལས། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །ཞེས་དང་། མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་པ། །མཉམ་དུ་མཛད་པའི་སྐུ་དེ་ནི། །དེ་ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་དང་། གཞན་ཡང་མདོ་སྡེ་རྒྱན་ལས། དེ་དག་རྟེན་དང་དགོངས་པ་དང་། །ཕྲིན་ལས་ཀྱིས་ནི་མཉམ་པ་ཉིད། །ཅེས་དང་། རང་བཞིན་དང་ནི་རྒྱུན་མི་ཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། །ཅེས་གསུངས་སོ། །དེ་ལྟར་ན་སྐུ་དང་ཡེ་ཤེས་ཕྲིན་ལས་དང་བཅས་པའི་སྤངས་རྟོགས་ཐམས་ཅད་སངས་རྒྱས་ཀྱི་ཡོན་ཏན་ཡིན་ལ། མདོར་ན་ཐེག་གསུམ་ཡོངས་ཀྱི་ལམ་དང་འབྲས་


JKT002_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མཐའ་དག་དེ་བཞིན་གཤེགས་པའི་ཡོན་ཏན་ཁོ་ན་ལས་ནམ་ཡང་མ་འདས་ཤིང་། དེ་ཡང་དྲིལ་ན་སྤང་བྱ་མ་ལུས་པ་སྤངས་ཤིང་རྟོགས་བྱ་མཐའ་དག་ཡོངས་སུ་རྫོགས་ཏེ་མཁྱེན་བརྩེ་ནུས་གསུམ་གྱི་རང་བཞིན་དུ་གྱུར་པ་སངས་རྒྱས་ཀྱི་ཡོན་ཏན་ཡིན་པས། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཁོངས་སུ་གཞན་བཞི་པོ་འདུ་བའང་ཡིན་ལ། འདིར་རྒྱས་པར་སྤྲོར་མ་ལོངས་པས་མདོ་ཙམ་སྨོས་ཀྱི། ཞིབ་པར་ཤིང་རྟ་ཆེན་པོ་རྗེས་འབྲངས་དང་བཅས་པ་རྣམས་ཀྱིས་བཀྲལ་བའི་ལེགས་བཤད་ཀྱི་གཞུང་ཆེན་པོ་འགྲེལ་པ་དང་བཅས་པའི་དགོངས་པ་གུང་བསྒྲིགས་ཏེ་བློ་གྲོས་དང་དད་པའི་མིག་བསྒྲུབ་པར་བྱ་བ་ཁོ་ནའོ། །ལྔ་པ་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་གཞག་ལས་བརྩམས་ཏེ་ཅུང་ཟད་སྨོས་པ་ལ་གཉིས། མཛད་པའི་དོན་བདུན་རྒྱས་པར་བཤད། གཉིས་ཀྱིས་དོན་བསྡུ་བའོ། །དང་པོ་ནི། རྫོགས་པའི་སངས་རྒྱས་རྣམས་ཀྱི་ཕྲིན་ལས་ནི་འདི་དང་འདི་ལྟ་བུ་བྱའོ་སྙམ་པའི་རྣམ་པར་རྟོག་པ་དང་འབད་རྩོལ་གྱི་མཚན་མ་ཅུང་ཟད་ཀྱང་མི་མངའ་བཞིན་དུ་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེན་པོའི་མཐུས་ཡིད་བཞིན་གྱི་ནོར་བུས་འབད་རྩོལ་མེད་བཞིན་དུ་འོད་ཟེར་སྤྲོ་བ་དང་། དགོས་འདོད་འབྱུང་བ་དང་། ལྷའི་རྔ་བོ་ཆེས་རྟོག་པ་མེད་བཞིན་དུ་ཆོས་ཀྱི་སྡོམ་བཞི་སྟོན་པ་དང་མཐུན་པར། རང་རང་གི་ཁམས་དང་བསམ་པ་དང་དབང་


JKT002_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་བག་ལ་ཉལ་ཅི་ལྟ་བ་བཞིན་དུ་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་མཐའ་ཡས་པས་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་དོན་འབད་༡མེད་ལྷུན་གྱིས་གྲུབ་པར་འབྱུང་བ་དང་། ཉི་མའི་དཀྱིལ་འཁོར་ལ་འཆར་དང་མི་འཆར་གྱི་ཕྱོགས་རིས་མེད་པར་ཆུའི་སྣོད་དྭངས་པ་དང་མི་དྭངས་པ་ཐམས་ཅད་དུ་རང་རང་དང་འཚམས་པར་གཅིག་ཅར་དུ་འཆར་བ་བཞིན་དུ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་ཅུང་ཟད་ཀྱང་མེད་པར་གདུལ་བྱ་རྣམས་རང་རང་གི་སྐལ་པ་མཆོག་དམན་དང་འཚམས་པར་གཅིག་ཅར་དུ་སྣང་བ་དང་། ཉི་མའི་འོད་ཟེར་དཔག་ཏུ་མེད་། པའང་འདྲེས་ནས་པདྨ་ཁ་འབྱེད་པ་ལྟ་བུའི་བྱ་བ་གཅིག་ལ་འཇུག་པ་བཞིན་དུ་སེམས་ཅན་རེ་རེ་འདུལ་བ་ལའང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་ཕྲིན་ལས་གཅིག་༣ཏུ་འདྲེས་ནས་འཇུག་པ་དང་། འདུས་མ་བྱས་ཀྱི་ནམ་མཁའི་དབྱིངས་སུ་འདུས་བྱས་ཀྱི་དངོས་པོ་སྐྱེ་བ་དང་འཇིག་པ་རྒྱུན་མི་འཆད་པ་བཞིན་དུ་ཟག་པ་མེད་པའི་དབྱིངས་སུ་མངོན་པར་རྫོགས་སངས་རྒྱས་ནས་ཀྱང་། གདུལ་བྱ་དུས་ལ་བབ་པ་ན་ཕྲིན་ལས་འཇུག་ཅིང་། མ་བབ་ན་མི་འཇུག་པའི་ཚུལ་གྱིས་སངས་རྒྱས་ཀྱི་མཛད་པ་ནམ་ཡང་རྒྱུན་༤མི་འཆད་པ་དང་། ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར་འཁོར་བ་ཇི་སྲིད་ཀྱི་བར་དུ་ལ་ལར་མངོན་པར་བྱང་


JKT002_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་པ་དང་། ལ་ལར་ཆོས་འཁོར་བསྐོར་བ་དང་། ལ་ལར་མྱ་ངན་ལས་འདའ་བར་སྟོན་པ་སོགས་ཐབས་སྣ་ཚོགས་པའི་སྒོ་ནས་ཇི་ལྟར་རིགས་པར་གདུལ་བྱའི་དོན་མཛད་པ་དང་། རི་མཐོ་དམན་གྱི་ཁྱད་པར་ལས་ཉི་མའི་འོད་ཟེར་རིམ་གྱིས་འཆར་བ་བཞིན་དུ་གདུལ་བྱ་སྐལ་པ་མཆོག་དང་བར་མ་དང་དམན་པ་རྣམས་ལའང་སངས་རྒྱས་ཀྱི་ཕྲིན་ལས་རང་རང་དང་འཚམས་༦པར་རིམ་གྱིས་འཇུག་པ་དང་། སངས་རྒྱས་མཐོང་བ་ཙམ་གྱིས་འཚེ་བ་དང་། ངན་སོང་དང་། ཐབས་མ་ཡིན་པ་དང་། ཁམས་གསུམ་གྱི་སྡུག་བསྔལ་དང་། ཐེག་པ་དམན་པ་ལས་སྐྱོབ་པ་སྟེ་ཡོངས་སུ་སྐྱོབ་པ་༧རྣམ་པ་ལྔས་སེམས་ཅན་གྱི་དོན་མཛད་པའོ། །གཉིས་པ་ནི། རྒྱལ་བའི་ཕྲིན་ལས་ཀྱི་ངོ་བོ་རྒྱུན་མི་འཆད་པར་གང་ལ་གང་འདུལ་གྱི་བཀོད་པ་ནམ་མཁའ་དང་མཉམ་པ་དང་། བྱེད་ལས་གདུལ་བྱ་མཐའ་ཡས་པ་ཆོ་འཕྲུལ་གསུམ་གྱིས་ལམ་གྱི་འི རྟེན་མཐོ་རིས་ལྷ་དང་ཚངས་པའི་ཐེག་པ། ལམ་དངོས་ཚོགས་སྦྱོར་ལ་སོགས་པ། མཐར་ཕྱིན་ཐེག་པ་གསུམ་གྱི་འབྲས་བུ་ལ་འགོད་པར་མཛད་པའི་ཕྱིར་མདོར་བསྡུ་ན་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པ་གཉིས་སུ་འདུས་པའི་སྔ་མ་ནི། རྒྱུད་བླ་མ་ལས། གང་ཞིག་གང་གིས་གདུལ་བ་ཡི། །བྱ་གང་གང་དུ་གང་གི་ཚེ། །དེ་ཡི་རྣམ་རྟོག་སྐྱེ་མེད་ཕྱིར། །ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ། །ཅེས་དང་། ཕྱི་མ་ནི།


JKT002_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ལས། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པའམ་ཕྲིན་ལས་ཀྱི་འཇུག་པ་ཐམས་ཅད་འབད་རྩོལ་རྟོག་པའི་འདུ་བྱེད་དང་བྲལ་ཡང་གདུལ་བྱ་སོ་སོའི་སྣང་བ་ལ་ཇི་ལྟར་འཆར་བའི་ཚུལ་ཡང་། ཇི་སྐད་དུ་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་དང་། ཇི་ལྟར་བེ་ཌཱུར་ས་གཞི་གཙང་མ་ལ། །སོགས་དང་། དེ་བཞིན་དུ། ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། །སྔོན་གྱི་དཀར་པོའི་མཐུ་ཡིས་ནི། །འབད་དང་གནས་དང་ཡིད་གཟུགས་དང་། །རྣམ་པར་རྟོག་པ་མེད་བཞིན་དུ། །མི་རྟག་སྡུག་བསྔལ་བདག་མེད་དང་། །ཞི་བའི་སྒྲ་ཡིས་བག་མེད་པའི། །ལྷ་རྣམས་ཐམས་ཅད་ཡང་ནས་ཡང་། །ཆོས་ཀྱི་རྔས་ནི་སྐུལ་བྱེད་ལྟར། །དེ་བཞིན་ཁྱབ་བདག་འབད་སོགས་དང་། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་ཆོས་ཀྱིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཇི་ལྟར་དབྱར་གྱི་དུས་ན་སྤྲིན། །ལོ་ཐོག་ཕུན་སུམ་ཚོགས་པའི་རྒྱུ། །ཆུ་ཡི་ཕུང་པོ་འབད་མེད་པ། །ས་ལ་མངོན་པར་


JKT002_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འབབ་པ་ལྟར། །དེ་བཞིན་ཐུགས་རྗེའི་སྤྲིན་ལས་ནི། །རྒྱལ་བའི་དམ་ཆོས་ཆུ་ཡི་ཆར། །འགྲོ་བའི་དགེ་བའི་ལོ་ཏོག་རྒྱུ། །རྣམ་པར་རྟོག་པ་མེད་པར་འབེབས། །ཇི་ལྟར་ཚངས་པ་ཚངས་པ་ཡི། །སོགས་ནས། དེ་ནི་དེ་ལ་རྣམ་མི་རྟོག །ཅེས་པའི་བར་གྱིས་ཞིབ་ཏུ་བསྟན་པ་ལྟར་ལུང་རྣམ་དག་དང་། གཞན་ཡང་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གཞུང་གིས་བསྟན་པའི་རིགས་པ་དྲི་མ་མེད་པ་དང་བཅས་པའི་ལམ་ནས་ཚུལ་འདི་དག་ལེགས་པར་བསྒྲུབས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉིད་སྲིད་དང་ཞི་བའི་ཁོངས་ན་ཆེ་བར་གྲགས་པ་གང་གིས་ཀྱང་སྐུའི་བ་སྤུ་ཉག་གཅིག་ལ་འགྲན་པར་མི་བཟོད་པ་ཟླ་མེད་པའི་སྟོན་པ་ཚད་མར་མཐོང་བའི་ངེས་ཤེས་ཐེ་ཚོམ་གྱི་སྨགས་དང་བྲལ་བ་རྙེད་དེ། གཞན་གྱིས་མི་འཕྲོག་པའི་དད་པ་རྒྱ་མཚོའི་དབུས་ན་གནས་པར་བྱ་བ་ནི་བློ་དང་ལྡན་པའི་སྐྱེས་བུས་དོན་དུ་གཉེར་བྱ་ཉག་གཅིག་པུ་པ་ཡིན་ནོ། །འདི་ལས་འཕྲོས་ཏེ་དེ་བཞིན་གཤེགས་པའི་གསང་གསུམ་ཕྲིན་ལས་དང་བཅས་པ་རྗེས་སུ་དྲན་པའི་དགོས་ཆེད་དང་ཕན་ཡོན་ལས་བརྩམས་ཏེ་སྨྲ་བར་འོས་པ་མང་དུ་མཆིས་ཀྱང་མདོ་དང་བསྟན་བཅོས་རྒྱ་མཚོ་ལྟ་བུ་ལས་འབྱམས་ཀླས་པར་གསུངས་པས་དེ་དང་དེ་དག་ཏུ་ཤེས་པར་བྱའོ། །རྒྱལ་བའི་གསང་གསུམ་ཡོན་ཏན་ཕྲིན་ལས་བཅས། །མི་ཟད་རྒྱན་གྱི་འཁོར་ལོ་རྣམ་ལྔའི་གཏམ། །སྙིང་པོར་དྲིལ་བའི་ལེགས་


JKT002_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཟླ་ཤེལ་ཁམས། །རང་གཞན་གདུང་བ་བཅིལ་པའི་དཔལ་དུ་གྲུབ། །དད་གསུམ་འཆི་བ་མེད་པའི་ལམ་ཡངས་དེར། །བདེ་གཤེགས་ཆེ་བ་སྤྲིན་ཕུང་འཛུམ་པ་ལས། །བྱིན་རླབས་སྦྲང་ཆར་བསྙིལ་པའི་ཟིལ་དངར་གྱིས། །ཕན་བདེའི་ལོ་འབྲས་གཡུར་དུ་ཟ་གྱུར་ཅིག །བརྗོད་བྱ་ཟབ་དང་རྒྱ་ཆེའི་དོན་གྱིས་སྤུངས། །རྗོད་བྱེད་ཉུང་ངུའི་ངག་ཏུ་དྲིལ་འདིས་ཀྱང་། །ཕུན་ཚོགས་མཐའ་དག་རྫོགས་པའི་ཐུབ་རྣམས་ཀྱི། །ངོ་མཚར་བདག་གཞན་རྒྱུད་ལ་འབྱོར་གྱུར་ཅིག །ཅེས་པའང་བདེ་བར་གཤེགས་པ་རྗེས་སུ་དྲན་པའི་བསོད་ནམས་རླབས་པོ་ཆེ་འདུ་བྱ་བའི་སྐོར་དམིགས་ནས་ཐེག་པ་མཆོག་གི་བཀའ་དང་བསྟན་བཅོས་དྲི་མ་མེད་པ་རྣམས་ཀྱི་དགོངས་པ་ལྟར་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་སྦྱར་བ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


JKT002_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

བླ་མ་ལ་ཕྱག་འཚལ་བའི་ཚིགས་བཅད་ཡན་ལག་བདུན་པ་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་ཀུན་བཟང་སྤྱོད་པའི་འཇུག་ངོགས།


JKT002_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཕྱག་འཚལ་བའི་ཚིགས་བཅད་ཡན་ལག་བདུན་པ་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་ཀུན་བཟང་སྤྱོད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །


JKT002_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫགྷོ་ཥཱ་ཡ། འཇམ་དཔལ་དབྱངས་དངོས་ཕུལ་བྱུང་མཁྱེན་བརྩེའི་གཏེར། །བརྟན་མཁས་བཙུན་པའི་དབང་པོ་ཉེ་བར་འཁོར། །འཕགས་རྣམས་ཀུན་ཏུ་དགའ་བའི་སྤྱོད་པ་འཆང་། །བསྟན་པའི་རྒྱལ་མཚན་མཆོག་ལ་ཕྱག་འཚལ་ལོ། །སྒྲ་ཚད་བཟོ་གསོ་ཚིག་རྒྱན་སྡེབ་སྦྱོར་སོགས། །གཙུག་ལག་གཞུང་བརྒྱ་སྨྲ་བའི་ཉི་མ་ཆེ། །ཚངས་སྲས་དགྱེས་པའི་བློ་ལྡན་ཡོངས་ཀྱི་ཕུལ། །མཚུངས་མེད་མཁས་པའི་དབང་པོར་ཕྱག་འཚལ་ལོ། །བྱམས་པའི་རྩ་བརྟན་སྙིང་རྗེའི་ཡལ་འདབ་རྒྱས། །བྱང་ཆུབ་སེམས་གཉིས་འབྲས་འབར་དཔག་བསམ་དབང་། །རྒྱལ་བའི་མྱུ་གུ་བློ་གྲོས་རྒྱ་མཚོའི་གཏེར། །དྲི་མེད་བདེ་བའི་འོད་ལ་ཕྱག་འཚལ་ལོ། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་


JKT002_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དག །རབ་འབྱམས་སྔགས་ཀྱི་གཞུང་ལུགས་ཀུན་ཏུ་མཁྱེན། །མཚན་བཅས་མཚན་མེད་རིམ་གཉིས་མཐར་སོན་པའི། །རང་བྱུང་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་མགོན་པོ་ཀརྨ་པ། །བྱིན་རླབས་ངེས་དོན་བསྟན་པའི་ཉི་མ་མཆོག །བཤད་སྒྲུབ་ཆོས་ཀྱི་སེང་གེའི་སྒྲ་ཆེན་པོས། །ཕྱོགས་ལས་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །སྔོན་གྱི་སྨོན་ལམ་ཟབ་མོའི་མཐུས་བསྐུལ་ཏེ། །སྔ་འགྱུར་གསང་ཆེན་བཀའ་མའི་ལམ་སྲོལ་ལ། །འཁོར་ལོ་གསུམ་གྱི་ལེགས་མཛད་རྨད་བྱུང་བ། །རྡོ་རྗེ་གཟི་བརྗིད་རྩལ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་དངོས་པདྨ་སཾ་བྷ་ཝས། །རྗེས་བཟུང་འོད་གསལ་གོ་འཕང་མངོན་དུ་གྱུར། །ཟབ་གཏེར་རྒྱ་མཚོའི་བཀའ་བབས་ཆོས་ཀྱི་


JKT002_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ། །མདོ་སྔགས་གླིང་པའི་ཞབས་ལ་ཕྱག་འཚལ་ལོ། །སྒྲིབ་བྲལ་ཡེ་ཤེས་དག་པའི་མེ་ལོང་དུ། །རྩ་གསུམ་དགྱེས་པའི་སྣང་བརྙན་འབྱམས་ཀླས་པས། །དབང་བསྐུར་བྱིན་རླབས་སྙན་བརྒྱུད་གདམས་པ་བཅས། །འོད་གསལ་སྤྲུལ་པའི་རྡོ་རྗེར་ཕྱག་འཚལ་ལོ། །མདོར་ན་སྡེ་སྣོད་གསུམ་གྱི་བཤད་སྲོལ་དང་། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རིང་ལུགས་ལ། །གསན་བསམ་སྒོམ་དང་འཆད་རྩོམ་མཐའ་ཡས་པ། །མཁས་བཙུན་གྲུབ་པའི་དབང་པོར་ཕྱག ཐུགས་ནི་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །རྣམ་པ་ཐུབ་བསྟན་ཡོངས་རྫོགས་བཤེས་གཉེན་ཚུལ། །བདག་ཅག་རྣམས་ལ་བཀའ་དྲིན་གསུམ་གྱི་གཏེར། །ཁྱབ་བདག་རྡོ་རྗེ་འཛིན་ལ༔ དངོས་འབྱོར་མཆོད་པའི་ཚོགས་ཀྱིས་མདུན་བདར་ནས། །ཡིད་སྤྲུལ་ནམ་མཁའ་མཛོད་ཀྱི་སྤྲིན་ཆེན་པོས། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བས། །རྗེ་བཙུན་བླ་མར་རྟག་ཏུ་བསྙེན་བཀུར་བགྱི། །ཐོག་མེད་དུས་ནས་མི་ཤེས་དབང་གྱུར་ཅིང་། །རྣམ་གཡེངས་པ་དང་བག་མེད་མ་གུས་པས། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་ཀུན། །སྙིང་ནས་འགྱོད་པས་བཤགས་ཤིང་སླར་ཡང་བསྡམ། །མགོན་པོ་ཁྱོད་ཀྱི་རྣམ་དཀར་མཛད་པས་མཚོན། །ཕྱོགས་བཅུའི་འཕགས་དང་སོ་སྐྱེའི་ཚོགས་རྣམས་ཀྱི། །ཟག་བཅས་ཟག་པ་མེད་པའི་ལེགས་བྱས་ལ། །མི་ཕྱེད་དགའ་བས་རྗེས་སུ་ཡི་


JKT002_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རང་ངོ་། །བླ་མ་མཆོག་དང་རྒྱལ་བ་སྲས་བཅས་ལ། །ཐལ་མོ་སྦྱར་ཏེ་རྩེ་གཅིག་གསོལ་བ་ནི། །འགྲོ་བ་མ་རིག་མུན་པར་འཁྱམས་པ་ལ། །ཐེག་གསུམ་ཆོས་ཀྱི་སྣང་བས་དབུགས་འབྱིན་གསོལ། །། རབ་འབྱམས་འཇིག་རྟེན་སྒྲོན་མེའི་ཚོགས་རྣམས་དང་། །ཁྱད་པར་བཀའ་དྲིན་མཉམ་མེད་བླ་མ་མཆོག །བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་པ་དང་། །ཕྲིན་ལས་ས་གསུམ་ཁྱབ་པར་གསོལ་བ་འདེབས། །དགེ་བ་འདི་ཡིས་དུས་གསུམ་ལེགས་བྱས་ཀུན། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོས་པའི་མཐུས། །བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །འཁོར་ལོའི་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག །དེ་མ་ཐོབ་བའི་ཚེ་རབས་ཀུན་ཏུ་ཡང་། །དལ་འབྱོར་རྟེན་ལས་ཐེག་མཆོག་རིགས་སད་ཅིང་། །མགོན་པོ་ཁྱེད་ཀྱིས་དགེ་བའི་བཤེས་མཛད་ནས། །འབྲལ་མེད་རྗེས་སུ་བཟུང་བར་བྱིན་གྱིས་རློབས། །དྭངས་འདོད་ཡིད་ཆེས་དད་པས་ཀུན་བསླངས་ཏེ། །ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པའི། །བསམ་དང་སྦྱོར་བས་བླ་མའི་ཞབས་བསྟེན་ནས། །དགྱེས་པའི་ངང་ནས་སྒྲུབ་པར་བྱིན༴ ཁས་བླངས་ཚུལ་ཁྲིམས་དག་པའི་ས་གཞི་ལས། །མང་དུ་ཐོས་དང་བསམ་པའི་པདྨོ་རྒྱས། །སྒོམ་བྱུང་ཤེས་རབ་འབྲས་བུས་རབ་དུད་པའི། །སྐལ་བཟང་ཉམས་སུ་མྱོང་བར་བྱིན༴ རྙེད་དཀའི་རྟེན་མཆོག་ཐོབ་ཀྱང་མྱུར་དུ་འཇིག །


JKT002_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྲས་རྗེས་འབྲངས་ཁམས་གསུམ་འཁོར་བ་ཡི། །སྡུག་བསྔལ་རྒྱ་མཚོར་བྱིང་བའི་ཚུལ་མཐོང་ནས། །ངེས་འབྱུང་དྲག་པོ་སྐྱེ་བར= བླ་མ་མཆོག་གསུམ་སྐྱབས་ཀྱི་སྙིང་པོར་བཟུང་། །དགེ་སྡིག་བླང་དོར་སྙིང་ནས་བརྩོན་པ་དང་། །ལས་ཉོན་ཀུན་འབྱུང་འགག་པའི་བསླབ་གསུམ་ལམ། །ཚུལ་བཞིན་རྒྱུད་ལ་བསྟིམ་པར་བྱིན༔ མཁའ་ཁྱབ་འགྲོ་ཀུན་ཕ་མ་དྲིན་ཅན་ཕྱིར། །དྲིན་བཟོའི་སླད་དུ་ཡིད་འོང་བྱམས་པ་དང་། །སྙིང་རྗེས་དྲངས་པའི་ལྷག་བསམ་བྱང་ཆུབ་སེམས། །བཅོས་མིན་རྒྱུད་ལ་སྐྱེ་བར༴ ཐུན་མོང་ལམ་གྱི་རིམ་པས་བློ་སྦྱངས་ནས། །ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པ་ཡི། །རྣམ་དག་དབང་ཐོབ་དེ་མིན་སྡོམ་པ་ལ། །ཉེས་ལྟུང་དྲི་མ་མེད་པར༔ བསྐྱེད་པའི་རིམ་པས་ཐ་མལ་སྣང་ཞེན་དག །རྫོགས་རིམ་ཐབས་ཀྱི་རླུང་སེམས་དབུ་མར་ཐིམ། །དཔེ་དང་དོན་གྱི་ཡེ་ཤེས་ཕྱག་རྒྱ་ཆེ། །མངོན་སུམ་རང་ངོ་འཕྲོད་པར་བྱིན༔ གནས་སྐབས་ཞི་སོགས་ཕྲིན་ལས་རབ་འབྱམས་ཀྱིས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་བསལ་ནས། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པ་ཡི། །རང་གཞན་ཕན་བདེར་འགོད་པར ་མཐར་ཐུག་སྤྱོད་དང་ཉེ་རྒྱུས་མཚམས་སྦྱར་ནས། །ནང་གི་ས་ལམ་མིག་འཕྲུལ་ལྟར་བགྲོད་དེ། །སྐུ་དང་ཡེ་ཤེས་ཕྲིན་ལས་རྨད་བྱུང་བ། །ཀུན་མཁྱེན་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །གཞན་ཡང་རིས་


JKT002_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དགེ་བའི་བཤེས་གཉེན་རྣམས། །བསྐལ་བརྒྱར་ཞབས་བརྟན་ཕྲིན་ལས་ཕྱོགས་བཅུར་ཁྱབ། །དགེ་འདུན་སྡེ་དང་ཐུབ་བསྟན་བཤད་སྒྲུབ་རྒྱས། །འཇིག་རྟེན་དགེ་ལེགས་འཕེལ་བའི་བཀྲ་ཤིས་སྩོལ། །ཅེས་སྐྱབས་མགོན་སྦྱོར་རྩེ་ཐམས་ཅད་མཁྱེན་པ་བསྟན་འཛིན་འཇིགས་མེད་ཚུལ་ཁྲིམས་རྒྱ་མཚོ་དགེ་ལེགས་རིན་པོ་ཆེའི་ཞལ་སྔ་ནས་བཀའ་སྩལ་རིན་པོ་ཆེའི་ཕྲེང་བས་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་རྗེས་སུ་གནང་བ་ལྟར། རང་ལ་དམ་པའི་རྣམ་ཐར་ཆ་ཙམ་མ་མཆིས་ཀྱང་འབྱུང་དུ་རུང་པའི་ཡོན་ཏན་ལ་སྨོན་པའི་ཚུལ་གྱིས། རྗེ་བླ་མ་རྣམས་ཀྱིས་སྩལ་བའི་མིང་དང་འབྲེལ་བར་ཕྱག་འཚལ་བ་སོགས་ཀྱི་ཚིགས་སུ་བཅད་པ་སྨོན་ལམ་དང་བཅས་པ་འདིའང་ཤཱཀྱའི་དགེ་སློང་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རབ་ཚེས་དཀར་པོའི་ལོའི་ཆུ་སྟོད་ཟླ་བའི་དུས་དགེ་བར་རང་གནས་བསམ་གཏན་གྱི་ཁང་བུར་ཤར་མར་བྲིས་ཏེ་ཕུལ་བ་དོན་དང་ལྡན་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།

ལྷ་ལུང་གསུང་སྤྲུལ་གྱིས་ཞུས་པའི་གསོལ་འདེབས་ཤློ་ཀ་གཅིག


JKT002_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།པདྨས་བྱིན་བརླབས་བཀའ་བབས་བདུན་གྱི་བདག །འོད་གསལ་སྙིང་པོ་མདོ་སྔགས་གླིང་པའི་སྡེས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཞེས་པའང་སྐྱབས་མགོན་གསུང་སྤྲུལ་རྡོ་རྗེ་འཆང་ཀུན་བཟང་བསྟན་པའི་ཉི་མ་དཔལ་བཟང་པོའི་ཞལ་སྔ་ནས་བཀའ་ནན་སྩལ་བ་མ་ལྡོག་ཙམ་དུ་པདྨ་འོད་གསལ་མདོ་སྔགས་གླིང་པས་ཕུལ་བ་དོན་དང་ལྡན་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།།

རྗེ་ཉིད་ཀྱི་གསོལ་འདེབས་མོས་གུས་ཀྱི་དབྱངས་སྙན།


JKT002_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མས་འབྲལ་མེད་རྗེས་སུ་འཛིན་པའི་གསོལ་འདེབས་དོན་ཐམས་ཅད་གྲུབ་པའི་མོས་གུས་ཀྱི་དབྱངས་སྙན་ཅེས་བྱ་བ། །ན་མོ་གུ་རུ་མཉྫགྷོ་ཥཱ་ཡ། འཇམ་པའི་དབྱངས་སོགས་ཕྱོགས་བཅུའི་རྣམ་འདྲེན་གྱི། །ཡེ་ཤེས་གཅིག་བསྡུས་མཁྱེན་བརྩེའི་དབང་པོ་མཆོག །སྙིང་ནས་དྲན་པའི་གདུང་བས་གསོལ་འདེབས་ན། །བྱིན་རླབས་ཆར་ཆེན་ཕོབ་ཅིག་བླ་མ་རྗེ། །གང་སྐུ་རིག་གྲོལ་ཡོན་ཏན་རྨད་བྱུང་བའི། །རྒྱལ་སྲས་དགེ་འདུན་བྱེ་བའི་གཙུག་རྒྱན་ཆེས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །ཕན་བདེའི་ལེགས་ཚོགས་སྤེལ་ཅིག་བླ་མ་རྗེ། །ཁྱོད་གསུང་ལུང་རྟོགས་དམ་ཆོས་རྒྱ་མཚོའི་སྤྲིན། །གདུལ་བྱའི་ཁམས་དང་འཚམས་པར་རབ་འཆར་བས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །ཉོན་མོངས་གདུང་བ་སོལ་ཅིག་བླ་མ་རྗེ། །ཐུགས་ནི་རབ་འབྱམས་ཡི་དམ་ཞི་ཁྲོའི་ལྷ། །སངས་རྒྱས་ཀུན་དང་རོ་མཉམ་ཉིད་གྱུར་པས། །བྱང་ཆུབ་བར ནི་རབ་འབྱམས་ཡི་དམ་ཞི་ཁྲོའི་ལྷ། །སངས་རྒྱས་ཀུན་དང་རོ་མཉམ་ཉིད་གྱུར་པས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །དངོས་གྲུབ་རྣམ་གཉིས་སྩོལ་ཅིག་བླ་མ་རྗེ། །ཡོན་ཏན་དཔག་བསམ་རྒྱས་པའི་གྲིབ་བསིལ་ཅན། །གནོད་སྦྱིན་ནོར་ལྷའི་ཚོགས་དང་དབྱེར་མེད་པས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །མཐུན་རྐྱེན་འདོད་རྒུར་སྩོལ་ཅིག་བླ་མ་རྗེ། །ཕྲིན་ལས་རྣམ་པ་བཞི་ཡི་འཁོར་ལོས་སྒྱུར། །མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོའི་ཚོགས་ཀྱི་རྗེས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །འགལ་རྐྱེན་བར་ཆད་


JKT002_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སོལ་ཅིག་བླ་མ་རྗེ། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །འབྲལ་མེད་རྗེས་སུ་ཟུངས་ཤིག་བླ་མ་རྗེ། །སྲིད་ཞིའི་ལེགས་ཚོགས་ཀུན་གྱི་འབྱུང་གནས་ནི། །ལམ་སྟོན་དགེ་བའི་བཤེས་ལས་གཞན་མིན་ཕྱིར། །དྭངས་འདོད་ཡིད་ཆེས་མི་ཕྱེད་དད་པར་བཅས། །བསམ་པས་ཚུལ་བཞིན་བསྟེན་པར་བྱིན་གྱིས་རློབས། །ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པའི། །དོན་ཡོད་རྣམ་བཞིས་དཔལ་ལྡན་བླ་མ་མཆོག །དགྱེས་པའི་ཕྲིན་ལས་མ་ལུས་རབ་བསྒྲུབ་པའི། །སྦྱོར་བས་ཚུལ་བཞིན་བསྟེན་པར་བྱིན༴ དེ་ལྟར་བསམ་དང་སྦྱོར་བས་རྩེ་གཅིག་ཏུ། །རྗེ་བཙུན་བླ་མའི་ཞབས་པད་ལེགས་བསྟེན་པས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །ཡེ་ཤེས་གཟིགས་པ་འཇུག་པར་བྱིན་གྱིས་རློབས། །དེ་མཐུས་ངེས་འབྱུང་ཚུལ་ཁྲིམས་རྣམ་པར་དག །རིན་ཆེན་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །བསྐྱེད་རྫོགས་ལམ་གྱི་རིམ་པ་མཐར་ཕྱིན་ནས། །རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་དད་དམ་བསོད་ནམས་ཀྱི་འབྱོར་བའི་གན་མཛོད་འཛིན་པ་ཚུལ་ཁྲིམས་རིན་ཆེན་ནས་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་རྒྱང་རིང་པོ་ནས་ཆེ་ཐང་དུ་བསྐུལ་བ་ལྟར། ཤཱཀྱའི་དགེ་སྦྱོང་སྤོང་བ་པ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་


JKT002_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེའི་དབང་པོས་རབ་ཚེས་དཀར་པོའི་ལོའི་ཆུ་སྟོད་ཟླ་བའི་དུས་དགེ་བར་བྲིས་པ་དོན་དང་ལྡན་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།།

རྣམ་ཐར་གསོལ་འདེབས་དད་པའི་ས་བོན།


JKT002_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་གསོལ་འདེབས་དད་པའི་ས་བོན་ཅེས་བྱ་བ་བཞུགས་སོ། ན་མོ་གུ་རུ་བྷྱ འཇམ་དབྱངས་མཁྱེན་པའི་ཉི་མ་འཇིག་རྟེན་ན། །བརྩེ་ཆེན་སྙིང་རྗེའི་གཟུགས་སུ་ཡོངས་ཤར་བ། །དཔལ་ལྡན་མཁས་བཙུན་གྲུབ་པའི་དབང་པོ་མཆོག །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བསོད་ནམས་ཡེ་ཤེས་ཆུ་གཏེར་ལས་བྱུང་བའི། །རྒྱལ་བའི་སྲས་ཀྱི་ཟླ་བ་གཞོན་ནུ་ནི། །གང་དུ་འཆར་བས་བསྟན་དང་འགྲོ་བ་ལ། །ཕན་བདེའི་བདུད་རྩི་སྦྱིན་དེར་གསོལ་བ་འདེབས། །དམ་པའི་རིགས་ཀྱི་ས་བོན་ལས་འཁྲུངས་པའི། །མཚན་དཔེའི་དཔག་བསམ་ཐོག་མར་གསལ་བ་ནས། །ཡོན་ཏན་མེ་ཏོག་འཛུམ་པས་དགེ་བྱས་པའི། །ངོ་མཚར་མཚུངས་པ་མེད་དེར་གསོལ༔ གཞན་ལ་ཕན་པར་མི འདོད་པའི་ལྷག་བསམ་དང་། །རིག་ཚུལ་དུ་མར་འཇུག་པའི་བློ་གྲོས་སོགས། །བསྔགས་འོས་ཡོན་ཏན་ལྷན་སྐྱེས་ཉིད་གྱུར་པས། །དཔྱོད་ལྡན་དགྱེས་པ་བསྐྱེད་ལ༔ སྒྲ་སྙན་སྡེབ་སྦྱོར་གསོ་བ་རིག་པས་མཚོན། །གཙུག་ལག་དུ་མར་གཟིགས་པའི་སྤྱན་ཡངས་ཤིང་། །མདོ་དང་སྔགས་ཀྱི་ངེས་གསང་ཟབ་མོ་ལ། །འཇུག་པའི་བག་ཆགས་དགེ་དེར་གསོལ༔ ཁྱད་པར་མཁས་བཙུན་དངོས་གྲུབ་བརྙེས་པ་ཡི། །


JKT002_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འཛིན་པ་གྲངས་མེད་ཞབས་བསྟེན་ནས། །མང་དུ་ཐོས་དང་བསམ་པ་སྦྱོར་བ་ཡི། །རང་གཞན་གཞུང་ལུགས་མཐོང་ལ་གསོལ༴ བཤད་དང་སྒྲུབ་པའི་ལུགས་བཟང་འཛིན་པ་ཡི། །རིས་མེད་བསྟན་ལ་དག་པའི་སྣང་བ་དང་། །སོ་སོའི་བཞེད་སྲོལ་མ་འདྲེས་འཛིན་བཟོད་པས། །སྨྲ་བའི་ཉི་མར་གྱུར་དེར༔ རྒྱུད་སྡེ་བཞི་ཡི་ཡི་དམ་དུ་མ་ཡི། །བསྙེན་ཅིང་སྒྲུབ་པའི་དམ་བཅའ་བརྟན་པ་དང་། །འཆད་དང་རྩོམ་པའི་སྤོབས་པ་མ་སྨད་པས། །རང་གཞན་དོན་གཉིས་སྒྲུབ་ལ༔ རྟག་ཏུ་ནམ་འཆི་ཆ་མེད་དྲན་ཤེས་དང་། །སྙིང་ནས་གཞན་ཕན་བསམ་པ་བཟང་པོ་དང་། །བླ་མ་དཀོན་མཆོག་བཀའ་དྲིན་ཁོ་ན་ལས། །གཞན་ལ་རེ་བ་མེད་དེར༔ གང་དུ་གནས་ཀྱང་ངོ་སྲུང་འཁོན་འཛིན་སྤངས། །སུ་དང་འགྲོགས་ཀྱང་ཆགས་སྡང་རྟོག་པ་བྲལ། །ཕྱོགས་ལྷུང་མེད་པ་གཟུ་བོའི་བློ་གྲོས་ཀྱིས། །རང་གཞན་ཕན་བདེར་སྦྱོར་ལ༴ བརྗོད་བྲལ་གནས་ལུགས་རྟོགས་པའི་ལྟ་བ་དང་། །མདོ་དང་སྔགས་ཀྱི་འདུལ་བའི་སྤྱོད་པ་དག །ཟུང་འབྲེལ་བྱང་ཆུབ་ལམ་གྱི་ཉེ་རྒྱུ་རུ། །ངེས་པ་བརྟན་པོ་རྙེད་དེར༔ ད་དུང་ཇི་སྲིད་འཚོ་ཞིང་གཞེས་པའི་བར། །དབེན་པའི་གནས་སུ་རང་སེམས་འདུལ་བ་དང་། །བསྟན་འགྲོར་ཕན་ངེས་བྱ་བ་མ་གཏོགས་པའི། །འདུ་འཛིའི་སྤྲོས་པ་བཅད་དེར་གསོལ་བ་འདེབས། །མདོར་ན་ཡོན་ཏན་ངོས་ནས་རྒྱལ་


JKT002_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དང་། །དབྱེར་མེད་བཀའ་དྲིན་སྒོ་ནས་ཆེས་ལྷག་པའི། །དམ་པའི་རྣམ་ཐར་ཡིད་ལ་དྲན་བཞིན་དུ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དལ་འབྱོར་རྙེད་དཀའ་ནམ་འཆི་ཆ་མེད་དྲན། །ལས་འབྲས་བསླུ་མེད་འཁོར་བར་ངེས་འབྱུང་འཆར། །བྱང་ཆུབ་སེམས་འབྱོངས་བདེན་འཛིན་མདུད་པ་ཞིག །ཆོས་བརྒྱད་རྫུན་ཕུག་རྡེབ་པར་བྱིན་གྱིས་རློབས། །སྣང་གྲགས་རིགས་གསུམ་བླ་མའི་གསང་གསུམ་དང་། །དབྱེར་མེད་མོས་གུས་ཁོ་ནའི་བདུད་རྩི་ཡིས། །ཉམས་རྟོགས་པད་དཀར་མཆོག་ཏུ་རྒྱས་པ་དང་། །ཟུང་འཇུག་འབྲས་བུ་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་ཁྱབ་བདག་རྡོ་རྗེ་བཙུན་མོས་རྗེས་སུ་བཟུང་པའི་རྣལ་འབྱོར་པ་མ་ཏི་ཤྲཱི་མཱི་དང་ས་མནྟ་དྷརྨ་ཤྭ་ར་ཟུང་གིས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་ཆེད་དུ་བསྐུལ་བ་བཞིན་གང་ཤར་ཉམས་དགར་རྩེ་འཇོའི་ཚུལ་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རང་གི་དབེན་གནས་བྱང་ཆུབ་ཆོས་གླིང་དུ་བྲིས་པ་སྟེ། གཞན་དུ་འདིར་བཀོད་པའི་ཡོན་ཏན་ཕལ་ཆེར་ནི་སྒྲོ་བཏགས་ཁོ་ན་ལས་རང་རྒྱུད་ལ་ཡོད་རེ་ཀན་ནོ།།

ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་ཉུང་ངུར་བསྡུས་པ།


JKT002_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་ཉུང་ངུར་བསྡུས་པ་བཞུགས་སོ། །པར་དཀའ་བའི་མཚན་མཆོག་ནི། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས། །ལྷ་དང་བཅས་པའི་འཇིག་རྟེན་ན། །སྙན་པའི་གྲགས་པ་རབ་གསལ་བ། །གང་གི་ཞབས་ཀྱི་པདྨོ་ལ། །དེ་དག་གཙུག་གི་ནོར་བུས་བཏུད། །ཡོངས་


JKT002_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་བསྟན་པའི་མངའ་བདག་སྟེ། །སྐྱེ་རྒུ་ཡོངས་ཀྱི་སྐྱབས་གཅིག་པུ། །འབྲེལ་ཚད་དོན་ལྡན་ཕྲིན་ལས་ཅན། །མི་སྲིད་སྲིད་པའི་ཆོས་དེ་རྨད། །འདིར་སྣང་གཟི་བརྗིད་སྙན་གྲགས་ཀྱིས། །བྱིས་པའི་བློ་ལ་ངོ་མཚར་སྐྱེ། །དེ་དག་དམ་པའི་རྣམ་ཐར་མིན། །ས་སོགས་འབྱུང་བཞི་མཐུ་ཆེ་ཡང་། །ཀུན་ཁྱབ་ནམ་མཁའ་མཚུངས་མིན་ལྟར། །གངས་ཅན་བསྟན་འཛིན་སུ་དང་ཡང་། །ཐུན་མིན་རྣམ་ཐར་རྨད་ཀྱི་ཕུལ། །རྒྱ་མཚོའི་འཇིང་ལས་བྱིས་བློ་ཡི། །སྐྲ་རྩེས་གཞལ་གྱིས་ག་ལ་ལོངས། །ཐོབ་འཇལ་རིག་པ་ནོར་སོགས་ཀྱི། །དབང་དུ་གྱུར་མིན་སྐྱེས་སྦྱངས་ལས། །བོད་ཡུལ་རྒྱལ་བའི་རིང་ལུགས་པ། །ཀུན་གྱི་ཚོགས་རྗེར་གྱུར་པ་ཡི། །ཚུལ་འདི་ཁོ་ནས་འཇིག་རྟེན་འདིར། །ཐུབ་དབང་གཉིས་པའི་རྣམ་ཐར་འཛིན། །བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུ། །སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི། །གཞུང་ལུགས་སྨིན་གྲོལ་གདམས་པའི་བཅུད། །གངས་ཅན་ལྗོངས་སུ་བཞུགས་སོ་འཚལ། །གསན་བསམ་སྒོམ་པས་མཐར་ཕྱིན་མཛད། །སྐྱེ་བ་མེད་ལས་སྐྱེ་ཚུལ་དང་། །འཕོ་བ་མེད་ལས་འཕོ་ཚུལ་བཞིན། །སྤངས་རྟོགས་ཀུན་གྱི་མཐར་སོན་ཀྱང་། །གདུལ་བྱ་ཐབས་ཀྱིས་འདུལ་བར་བསྟན། །སྔ་འགྱུར་ཡོ་ག་རྣམ་གསུམ་གྱི། རྒྱུད་དང་སྒྲུབ་སྡེ་བཀའ་གཏེར་སྲོལ། །ཕ་ནོར་བཞིན་དུ་བདག་གིར་བཞེས། །སྨིན་གྲོལ་ཆུ་སྲོལ་ཁྱབ་


JKT002_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཙུགས། །ཁྱད་པར་ཐུགས་བསྐྱེད་ལས་འཕྲོ་དང་། །གདུལ་བྱ་དུས་བབས་ཌཱ་ཀི་ནཱིའི། །ལུང་བཞིན་རྡོ་རྗེའི་རྒྱ་བཀྲོལ་ནས། །རིན་ཆེན་ས་དང་དགོངས་པའི་གཏེར། །དག་སྣང་ཤར་དང་སྙན་དུ་བརྒྱུད། །སྔོན་གནས་རྗེས་དྲན་གོང་མ་ཡི། །ཡང་གཏེར་ཟབ་ཆོས་ནོར་བུའི་མཛོད། །སྔོན་ཆད་ས་སྟེང་མ་གྲགས་པ། །སྐལ་ལྡན་དཔྱིད་དུ་དབྱེ་མཛད་པ། །བསྟན་རྩ་གསང་ཆེན་རྙིང་མ་པའི། །རིག་འཛིན་ཡོངས་ཀྱི་འཁོར་ལོས་སྒྱུར། །མུས་ཆེན་འཁོར་ལོ་སྡོམ་པ་དང་། །རྒྱལ་ཚབ་སེམས་དཔའ་ཆེན་པོ་ཟུང་། །དངོས་སྣང་མཁན་ཆེན་རྡོ་རྗེ་འཆང་། །ཐར་རྩེ་མཆེད་ཀྱིས་གསང་གསུམ་གྱི། །རྒྱལ་ཚབ་ཆེན་པོར་དབང་བསྐུར་ཏེ། །རྩ་བ་གོང་མའི་གསུང་རབ་དང་། །ཡན་ལག་ངོར་ཆེན་གངས་དཀར་པ། །ཚར་ཆེན་ཡབ་སྲས་གཞུང་ལུགས་དང་། །གདམས་ངག་ཀུན་ལ་རང་བྱན་ཆུབ། །ལྷ་དང་བླ་མས་རྗེས་སུ་བཟུང་། །གདུལ་བྱ་མཁའ་སྤྱོད་གནས་སུ་བཀོད། །བསྟན་ལ་ཕྱག་རྗེས་རླབས་ཆེན་མཛད། །བསྟན་པའི་རྒྱན་གཅིག་ས་སྐྱ་པའི། །བླ་མ་འགྲན་པའི་ཟླ་དང་བྲལ། །དྭགས་པོ་སྤྱན་སྔ་ཀརྨ་པ། །འབྲི་སྟག་འབྲུག་པ་ལ་སོགས་པའི། །གདམས་ངག་བདུད་རྩིའི་བཅུད་གསོལ་ཏེ། །བྱིན་རླབས་དོན་གྱི་བརྒྱུད་པ་ཐོབ། །རྡོ་རྗེ་ཡེ་ཤེས་དབང་བསྐུར་བརྙེས། །ཞེན་ལོག་སྒོམ་གྱི་རྐང་པ་ཚུགས། །མོས་གུས་སྒོམ་གྱི་མགོ་བོ་སྐྱེས། །དྲན་


JKT002_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱ་ར་སྙིང་རྗེ་ཡི། །ཕྲིན་ལས་བག་ཡོད་གོ་ཆ་མཁྲེགས། །ཐབས་ལམ་ཆོས་བཞིའི་དྲོད་རྟགས་ཐོབ། །རྡོ་རྗེ་ལུས་ཀྱི་གནས་ལུགས་གཟིགས། །གྲོལ་ལམ་ཕྱག་རྒྱ་ཆེན་པོར་རྟོགས། །སྣང་སྲིད་ཆོས་སྐུ་རྗེན་པར་ཤར། །མཉམ་གཞག་རྗེས་ཐོབ་ས་མཚམས་ཞིག །སེམས་དང་སྣང་བ་གཅིག་ཏུ་འདྲེས། །ཡེངས་དང་མ་ཡེངས་རྣམ་དབྱེ་བྲལ། །བདེན་གཉིས་བླང་དོར་མི་མངའ་བའི། །རོ་གཅིག་རྣལ་འབྱོར་རྩལ་རྫོགས་པས། །བསྟན་པའི་སྙིང་པོ་བཀའ་བརྒྱུད་པའི། །རྟོགས་ལྡན་ཀུན་གྱི་རྒྱལ་པོར་གྱུར། །དེང་སང་གསེར་ལྟར་དཀོན་པ་ཡི། །དཔལ་རྩེ་དབྱིངས་སོགས་ཡོ་གའི་ཆོས། །རྫོགས་པར་གསན་ནས་ཐུགས་ཉམས་བཞེས། །བླ་མེད་སྤྱི་དང་ཁྱད་པར་དུ། །བདེ་དགྱེས་གསང་གསུམ་སྨིན་གྲོལ་དང་། །རྒྱུད་ཀྱི་བཤད་བཀས་དོན་གཉིས་མཛད། །བུ་དོལ་རྗེས་འབྲངས་བཅས་པ་ཡི། །གསུང་རབ་ཀུན་ལ་སྲི་ཞུ་སྤེལ། །ལུགས་བཟང་གསེར་གྱི་ཉག་ཐག་ནི། །ཕྲ་མོར་གྱུར་པའི་སྲོལ་མཐུད་པས། །བསྟན་པའི་གསལ་བྱེད་ཇོ་ཞལ་གྱི། །བསྟན་འཛིན་ཀུན་གྱི་རྩེ་མོར་སོན། །ལྷ་ཆོས་བདུན་ལྡན་བཀའ་ཐམས་ཅད། །གདམས་ངག་ཉིད་དུ་སྟོན་པ་ཡི། །གཞུང་གདམས་མན་ངག་སྤྱི་དང་ནི། །ཁྱད་པར་བཀའ་གདམས་གསར་མའི་སྲོལ། །ལྟ་བ་དབུ་མ་འཕགས་པའི་ལུགས། །ཐེག་ཆེན་ཤེར་ཕྱིན་ཐེག་དམན་གྱི། །སྤྱོད་པ་འདུལ་བ་


JKT002_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་དང་བཅས། །ཆོས་ཀྱི་མ་མོ་མཛོད་ལ་སོགས། །ཤིང་རྟ་ཆེ་གཉིས་རྗེས་འབྲངས་བཅས། །འཕགས་བོད་མཁས་པའི་གཞུང་ལུགས་ནོར། །འཆད་རྩོད་རྩོམ་པའི་བྱི་དོར་ལ། །འཇིགས་མེད་སྤོབས་པའི་གཏེར་གྲོལ་བས། །བསྟན་པའི་བདག་པོ་དགའ་ལྡན་པའི། །དགེ་བཤེས་རི་བོ་ལྟ་བུར་བརྗིད། །རྒྱལ་བཤེན་མཉམ་ཆགས་རྟེན་འབྲེལ་གཞུང་། །ཉམས་པར་མ་གྱུར་བསྟན་འགྲོ་ཡི། །ཕན་བདེ་འཕེལ་བའི་རྒྱུར་གཟིགས་ནས། །གཡུང་དྲུང་བོན་གྱི་གཞུང་འཛིན་པ། །ཀུན་ཀྱང་གཟེངས་བསྟོད་དབུགས་དབྱུང་བས། །དེ་བསྟན་སྐྱོང་རྣམས་དབུ་འཕང་བསྟོད། །གཞན་ཡང་སེམས་ཅན་གཅིག་ལ་ཡང་། །ཕན་བདེ་སྟེར་ཚད་སངས་རྒྱས་ཀྱི། །ཕྲིན་ལས་ཉིད་དུ་གསུངས་པ་ལ། །མཁས་དང་གྲུབ་པའི་སྙེམས་པ་ཡིས། །ཁྱད་དུ་གསོད་པར་མི་མཛད་པས། །གྲུབ་མཐའ་ཀུན་ལ་མ་ལྟར་མཛའ། །ཡོན་ཏན་ཅན་རྣམས་ཕ་ལྟར་བསྔགས། །ཉམ་ཆུང་ཀུན་ལ་བུ་བཞིན་གཟིགས། །དེ་སླད་གང་ཟག་གཞན་དག་དང་། །མ་འདྲེས་ཁྱད་པར་རྨད་ཀྱི་ཆོས། །ཚུར་མཐོང་བློ་ངོར་ཅུང་ཟད་ཙམ། །རྟོགས་པ་བརྗོད་པའི་ལེགས་བྱས་ཀྱིས། །ཀུན་ཀྱང་ཀུན་མཁྱེན་བླ་མ་རྗེའི། །རྣམ་པར་ཐར་པའི་རྗེས་ཞུགས་ནས། །བཞེད་པ་ཡོངས་སུ་སྐོང་བ་དང་། །ཕྲིན་ལས་ཕྱོགས་མཐར་སྤེལ་བྱེད་ཤོག །ཚུལ་འདིའང་སྤྱིར་ཀུན་མཁྱེན་བླ་མ་རིན་པོ་ཆེ་ཉིད་ཀྱི་ཞལ་སྔ་ནས་སངས་


JKT002_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་རིང་ལུགས་དེ་དག་འཛིན་པ་པོར་ཞལ་གྱིས་དངོས་སུ་བཞེས་པར་མ་ཟད། སོ་སོའི་བསྟན་སྐྱོང་ཁྱད་པར་འཕགས་པ་མཐུན་སྣང་དུ་གྲུབ་པ་དང་། བྱེ་བྲག་ཁོ་བོ་དམན་པ་གུ་ཎའི་མིང་ཅན་ལ་བོང་བ་གསེར་གཟིགས་ཀྱི་ཉམས་རྟོགས་འཁྲུངས་ཚུལ་གསུང་གི་བདུད་རྩི་ཐུན་མིན་སྩལ་བ་ཐོབ་པའི་སྐལ་བ་བཟང་པོ་ཉམས་སུ་མྱོང་བ་ལ་བརྟེན། ལྷག་པར་དད་ཅིང་གུས་པའི་ཡིད་ཀྱི་ཕྱོགས་ཙམ་བརྗོད་པ་སྐྱེ་བ་ཀུན་ཏུ་བླ་མ་དམ་པའི་གསང་གསུམ་ཕྲིན་ལས་དང་མཉམ་པ་ཉིད་བརྙེས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།།

འཁོར་ལོའི་དབང་ཕྱུག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བསྔགས་པ་དྲང་གཏམ་བདེན་ཚིག་རྡོ་རྗེའི་རོལ་མོ།


JKT002_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་དབང་ཕྱུག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བསྔགས་པ་དྲང་གཏམ་བདེན་ཚིག་རྡོ་རྗེའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །མཁྱེན་བརྩེ་ནུས་པ་མཚུངས་མེད་པའི། །དཔལ་ལྡན་བླ་མའི་ཞབས་པད་ལ། །དྭང་བའི་ཡིད་ཀྱིས་ཕྱག་བཅས་པའི། །དྲང་པོའི་གཏམ་གྱི་རོལ་མོ་འཁྲོལ། །ཁྱོད་ཀྱི་ཡོན་ཏན་རིན་ཆེན་གཏེར། །ཀུན་ནས་བརྗོད་པ་ལྟ་ཅི་སྟེ། །ཉི་ཚེའི་མཐོང་བས་མཐོང་ལས་ཀྱང་། །ཅུང་ཟད་ཙམ་ཞིག་འདི་ན་བརྗོད། །སྙིགས་མའི་ནགས་ཀྱི་ཚང་ཚིང་༧ འདིར། །རྟོག་དཔྱོད་སྤྲེའུ་འདྲའི་གཡོ་བག་ཅན། །ཕྱོགས་རྣམས་མངོན་པར་བལྟས་ནས་སུ། །གང་གི་ཞབས་ཀྱི་དྲུང་དུ་ལྷགས། །མཁས་ཤིང་གྲུབ་པའི་ངོ་མཚར་གཏམ། །རྒྱང་ནས་ཐོས་པའི་རྗེས་བསྙེགས་ཏེ། །དྲུང་དུ་ཡུན་རིང་བརྟགས་ན་ཡང་། །ཕྱི་ཕྱིར་གཏིང་དཔག་དཀའ་བ་ཁྱོད། །རྟོག་གེའི་ལྟ་བས་ཅི་བལྟས་ཀྱང་། །སྐྱོན་མེད་ཡོན་ཏན་ལྡན་མཐོང་ན། །རྟོག་མེད་དད་པས་འཇུག་རྣམས་ལ། །མཐོང་བས་


JKT002_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པ་ཅི་ཞིག་མཚར། །དེང་སང་གངས་རིའི་ཁྲོད་འདི་ན། །གྲུབ་པར་གྲགས་ཀྱང་མཁས་བཙུན་བྲལ། །མཁས་ཀྱང་གྲུབ་འབྲས་མཐོང་དཀའ་བས། །ཕུན་ཚོགས་ལྡན་པ་རྙེད་པར་དཀའ། །མཁས་དང་བཙུན་དང་གྲུབ་པ་གསུམ། །འགྲན་པ་བཞིན་དུ་ཁྱོད་ལ་འཕེལ། །འདི་འདྲའི་ཕུན་ཚོགས་མཐོང་དཀའ་བ། །ངོ་མཚར་ཆེ་ཡང་ཤེས་པ་དཀོན། །དེ་དག་རེ་རེའི་ངང་ཚུལ་ལའང་། །འགྲན་པར་དཀའ་ན་ཀུན་བསྡོམས་པའི། །རྣམ་ཐར་བཟང་པོ་ནམ་མཁའི་ཁྱོན། །རྒྱས་པར་བཀང་ལ་སུ་ཞིག་འགྲན། །རང་གི་རིག་པས་མ་གྲུབ་ཀྱང་། །གྲགས་པ་ཙམ་གྱི་རྗེས་འབྲངས་ནས། །བྲག་ཅ་ལྟ་བུའི་ཀློག་པ་པོ། །མང་པོ་པ་ལ་ཛ་བཞིན་འཛིངས། །རྟོག་གེའི་རློམ་པས་འགྱིང་རྣམས་ཀྱང་། །རྟོག་གེའི་གནད་གསང་མ་རྙེད་པར། །གཅོང་རོང་དོག་པོའི་ཆུ་བཞིན་དུ། །བླུན་པོའི་ཁྲོད་ན་ཤགས་ཀྱིས་གཅོལ། །ཁྱོད་ནི་རབ་འབྱམས་གཞུང་ལུགས་ལ། །རང་བྱན་ཚུད་པའི་རྣམ་ཐར་གྱིས། །དོགས་མེད་རི་རབ་འདྲ་བ་ཡི། །ངེས་གསང་སྙིང་པོའི་རིང་ལུགས་འཛིན། །མཁས་པའི་གདུགས་དཀར་མངོན་མཐོ་བ། །བློ་ལྡན་བརྒྱ་ཕྲག་གིས་བརྩམས་པའི། །བསྟན་བཅོས་རྣམས་ན་དཀའ་བ་ཡི། །ཁུར་ཆེན་འབད་པས་བཏེག་པ་ཀུན། །ཁྱོད་ཀྱི་ཞལ་དུ་སོན་པ་ན། །ཞུགས་ཀྱིས་འཚེད་པའི་གསེར་བཞིན་དུ། །གང་གིས་ནག་ནོག་གྱུར་པའི་སྐྱོན། །


JKT002_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་ཕྱིར་བདེ་བླག་རྟོགས་པར་མཛད། །ཇི་ལྟ་ཇི་ལྟར་ཟབ་པ་ཡི། །མདོ་རྒྱུད་སྙིང་པོའི་ངེས་གསང་ལ། །དེ་ལ་དེ་ལྟར་ལྷག་པར་ཡང་། །མཁས་པའི་ངོ་མཚར་ཁྱོད་ཀྱིས་བཟུང་། །ཕྱི་དང་ནང་གི་རིག་པའི་གནས། །ཀུན་ལ་ཁྱབ་པར་རྗེས་སོང་བ། །མཁའ་དང་མཉམ་པའི་བློ་གྲོས་ཅན། །ཁྱོད་ནི་ཆོས་གཏེར་ཆོས་ཀྱི་མཛོད། །མཁས་པར་གྲགས་པ་མང་ན་ཡང་། །ཐེ་ཚོམ་སྨག་དང་བྲལ་བ་ཡི། །ཡེ་ཤེས་ཉི་མའི་འོད་ཟེར་ཅན། །མཁྱེན་རབ་གཙང་མ་ཁྱོད་འདྲ་དཀོན། །ཟབ་མོའི་གཞུང་གི་དཀའ་གནད་བརྒྱུ། །གཅིག་ཅར་འགྲོལ་བའི་ལེགས་བཤད་གསུང་། །མཁའ་ལ་མཚོན་གྱིས་བསྣུན་པ་བཞིན། །རྒོལ་བའི་སྐབས་མི་ཐོབ་པ་མཚར། །གང་གིས་བརྩམས་པའི་ཚིག་དོན་ཀུན། །ཟབ་དང་གསལ་དང་སྙན་པ་ཡི། །ཕུན་ཚོགས་དངོས་པོ་བརྒྱ་འབར་བས། །ལེགས་བཤད་ཀུན་གྱི་བླ་ན་འཕགས། །ལྟ་གདེངས་མཐོན་པོར་གཤེགས་ན་ཡང་། །བསྟན་པའི་མིག་ལྟོས་དྲི་མེད་ལ། །བསམས་ཏེ་རྣམ་ཐར་གཙང་མའི་ཚུལ། །སྐྱོང་བ་བསྟན་འཛིན་དམ་པའི་སྲོལ། །དེ་ལྟ་ན་ཡང་བསྟན་ཞབས་འདིར། །སྣ་ཚོགས་ཐོ་ཅོའི་སྤྱོད་པ་ཡིས། །རིམ་གཉིས་ལམ་ལ་བསྙད་བཏགས་ནས། །རྒྱལ་བསྟན་རྙོགས་མར་བགྱིད་པ་མང་། །གཞན་སྣང་ཟིལ་གྱིས་གནོན་པ་ཡི། །ཀུན་སྤྱོད་སྨད་དུ་མེད་པའི་སྟོབས། །བྲལ་བཞིན་ཆོས་དད་སྤྱོད་ཅུ་སྡེ་ཚན་


JKT002_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སོགས། །རྒྱུད་དང་འགལ་བས་མ་དད་སྤེལ། །དེ་འདྲའི་སྤྱོད་ངན་གདོལ་པའི་ཁྱུ། །ས་སྟེང་འདིར་ནི་ཆེས་མང་ཞིག །སྔགས་ལམ་རྣལ་མའི་སྐྱེས་བུ་ལའང་། །ཐེ་ཚོམ་བགྱིད་སླད་བདུད་ཀྱིས་སྤྲུལ། །།ཁྱོད་ནི་རིམ་གཉིས་ཟབ་མོ་ཡིས། །གང་བའི་བུམ་པ་ལྟར་གང་ཡང་། །དམན་པའི་སྐྱེ་བོ་སྲུང་བའི་སླད། །སྤྱོད་ལམ་པདྨ་བཞིན་དུ་གཙང་། །ངུར་སྨྲིག་མཛེས་པའི་བླ་གོས་ཀྱིས། །འཆར་ཀའི་འོད་ཀྱིས་ཟླ་བ་བཞིན། །མཛེས་པར་བཀླུབས་པའི་སྐུ་ཡི་ཁྱོན། །ཚུལ་ཁྲིམས་དྲི་བསུང་བཟང་པོས་གཏམས། །མཆོག་ཏུ་གཙང་བའི་རྣམ་ཐར་གྱིས། །ཕྱོགས་ཀུན་སྐྱེ་བོའི་ཡིད་ཀྱི་མཚོ། །བགྲུངས་པས་བསྟན་པ་རིན་ཆེན་གྱི། །མཆོད་ཡོན་རྨད་དུ་བྱུང་བར་མཛད། །གཙང་མའི་ཁྲིམས་ཀྱི་འོད་ཆགས་པའི། །འདུལ་འཛིན་རྒྱུ་སྐར་ཕྲེང་བའི་ཁྲོད། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི། །འོད་བཟང་ཁྱོད་ནི་ཟླ་བ་བཞིན། །རིག་པའི་གཞུང་ལུགས་ཕྱོགས་རེ་བའི། །དོན་ལ་མཁས་པའི་སྙེམས་པ་དང་། །བཟླས་དང་དཀའ་ཐུབ་ཏིང་ངེ་འཛིན། །ཕྲ་མོའི་བརྟུལ་ཞུགས་བརྟེན་རྣམས་ཀྱི། །གྲུབ་པའི་འབྲས་བུ་ཟང་ཟིང་དང་། །ཚེ་འདིའི་སྙན་པར་བཅོངས་ནས་སུ། །མི་བཟད་གདོན་དང་མཚུངས་པ་ཡི། །འཁོར་ངན་རྣམས་ཀྱི་རྩོད་གཞིར་སྒྲུབ། །ཀློག་དང་སྤོང་བ་ཕྲིན་ལས་ཀྱི། །འཁོར་ལོ་གསུམ་གྱི་ཚུལ་བཟུང་ལ། །ཕན་པའི་ཐབས་ཚུལ་


JKT002_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་པ་ནི། །ཀྱེ་མ་དེང་སང་དུས་ན་སུ། །རྟག་ཏུ་བསྟན་ལ་གང་ཕན་ཐབས། །འཆད་དང་འབྲི་དང་སྤེལ་སོགས་ལ། །རྩེ་གཅིག་ཐུགས་ནི་ཞུགས་གྱུར་པ། །རང་དོན་སྤངས་པ་ཁྱོད་འདྲ་དཀོན། །ཁྱོད་ཀྱི་རྣམ་དཀར་ཕྲིན་ལས་གང་། །བརྒྱུད་ནས་ངང་གིས་འཇུག་པ་ཡིས། །རྒྱ་མཚོའི་གོས་ཅན་ཁྱབ་གྱུར་ཀྱང་། །དེ་ལོངས་སྤྱོད་པས་མི་ཤེས་སོ། །གཞན་བརྒྱས་འབད་དེ་སྒོ་ཀུན་ནས། །འཁོར་ལོ་གསུམ་ལ་ཆེར་བརྩོན་པ། །དེ་ལས་ཁྱོད་ནི་བཞུགས་བཞིན་དུ། །ཉིན་གཅིག་མཛད་པའི་སྟོབས་རབ་འཕེལ། །མཁས་ཤིང་གྲུབ་པའི་རྣམ་ཐར་ནི། །མཆོག་ཏུ་མཐོ་བའི་རི་དབང་རྩེར། །འཛེགས་ནས་གཞན་གྱི་ཡོན་ཏན་གང་། །ཆུང་ངུའང་ཐུགས་ལ་གཙིགས་སུ་མཛད། །རིགས་དང་གཟུགས་དང་སྟོབས་དང་ནི། །མང་ཐོས་བློ་དང་དཔལ་རྣམས་ཀྱིས། །དྲེགས་པ་རྣམས་ཀྱང་ཁྱོད་དྲུང་ན། །ཉི་མས་རྒྱུ་སྐར་བཞིན་དུ་གྱུར། །ཁྱོད་ཀྱི་མཛད་པ་རེ་རེས་ཀྱང་། །ཡ་རབ་དམ་པའི་ཟླ་འོད་སྟོང་། །སྙིགས་མའི་སྨག་ཏུ་བཀྱེས་མོད་ཀྱང་། །བླུན་རྣམས་ཁྱོད་རྗེས་སྙོགས་མི་སེམས། །ཁྱོད་ཀྱིས་བསྟན་དང་འགྲོ་བ་ལ། །བཟང་པོའི་ཕྲིན་ལས་གང་བྱུང་བ། །གཞན་དང་མཉམ་པ་མེད་པ་ཡི། །རླབས་ཆེན་ཕུལ་དུ་བྱུང་བར་སྣང་། །རྡེའུ་ཁབ་ཤིང་སོགས་ལ་བརྟེན་པ། །དོན་ཆུང་ཉི་ཚེའི་རྫུ་བག་ལས། །ལམ་གྱི་རྟོགས་པ་ངོམ་བྱེད་པའི། །གྲུབ་པས་དེང་


JKT002_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སང་ས་འདི་གང་། །ཅི་འདི་ཟག་བཅས་ཟག་མེད་ཀྱི། །བསམ་གཏན་དག་གམ་རིག་སྔགས་ཀྱིས། །གྲུབ་སྟེ་འདི་ལ་འདི་ལས་གཞན། །གཙོ་བོའི་ཡོན་ཏན་ཅི་ཞིག་ཅེས། །དྲིས་ནས་བརྟགས་ཤིང་དཔྱད་པ་ན། །ལམ་གྱིས་གྲུབ་པ་ལྟ་ཞོག་སྟེ། །ལམ་གྱི་ཚུལ་ལའང་ཆེར་རྨོངས་པའི། །རང་མཚང་མ་སྦས་གསལ་པོར་མངོན། །རབ་འབྱམས་མདོ་དང་རྒྱུད་སྡེ་ནས། །ཇི་སྐད་བཤད་པའི་དོན་མཐོང་བ། །དེ་ལྟ་དེ་ལྟར་ཁྱོད་ཉིད་ལ། །གྲུབ་པ་ཆེན་པོར་ངེས་པ་རྙེད། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་སྲོལ། །བརྒྱུད་ལྡན་བླ་མའི་ཞལ་སྒོ་ནས། །བླངས་ཏེ་ཐོག་མཐའ་བར་གྱི་གནད། །ཁྱོད་ཀྱིས་མྱོང་བས་གྲུབ་པར་བྱས། །གཞན་གྱིས་འབད་དེ་བརྙེས་པ་གང་། །གྲུབ་པ་ཆེན་པོའི་རྣམ་ཐར་དུ། །ངོམ་པ་སྟོང་དུ་འཕེལ་བ་སྙེད། །ཁྱོད་ལ་རྩེད་མོའི་ཞོར་གྱིས་རྫོགས། །སྣང་སྲིད་འདོད་དགུར་སྒྱུར་བ་ཡི། །གྲུབ་པའི་རོལ་རྩེད་རྨད་བྱུང་བ། །དུས་དང་དུས་སུ་སྣང་བ་ནི། །སྐལ་བཟང་སྐྱེ་བོའི་རྣ་རྒྱན་བྱས། །སྲིན་བུས་ཤིང་ལ་ཡི་གེ་བཞིན། །སྟེས་དབང་འགྲིགས་པའི་ལུང་བསྟན་གྱིས། །སྐྱེ་བོ་མགུ་པའི་ཟློས་གར་ལ། །ཁྱོད་ནི་ཡ་མཚན་མི་མཛད་ཀྱང་། །ལྐོག་གྱུར་ཕྱོགས་དུས་སྣང་ཚུལ་གཏམ། །རྒྱུ་དང་རྐྱེན་དང་འབྲས་བུར་བཅས། །རེས་འགའ་དགོས་པས་གསུངས་པ་ཀུན། །ཤིན་ཏུ་ཡིད་ཆེས་ཁོ་ནར་གནས། །ཡེ་ཤེས་དམ་པའི་གཟིགས་པ་ཡིས། །


JKT002_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་ལག་མཐིལ་བཞིན་མངོན་ཡང་། །ཟབ་མོའི་རྣམ་པར་ཐར་པའི་མཐའ། །སྦས་པའི་ཚུལ་གྱིས་རྟག་ཏུ་བཞུགས། །གྲོང་ཚིག་སྤེལ་མའི་རྫུན་ལུང་གིས། །སྣ་དྲངས་རྡོལ་བོན་ཟོལ་མའི་གཏེར། །འདོན་པ་སོམ་ཉིའི་དཔྱང་ཐག་ཅན། །བག་ཡངས་རྒྱུ་བས་ས་འདི་གང་། །མདོ་རྒྱུད་དོན་དང་མི་འགལ་བར། །མན་ངག་མྱོང་བས་གྲུབ་པ་ཡི། །མཁའ་འགྲོའི་སྙིང་གི་ཟུངས་ཁྲག་གང་། །འདོན་པའི་གང་ཟག་དེ་ཅི་འདྲ། །ཇི་ལྟར་འཕགས་པའི་ཡུལ་དག་ན། །མཁས་ཤིང་གྲུབ་པ་གྲངས་མང་ཡང་། །མཁའ་འགྲོ་གསང་བའི་གཏེར་གྱི་སྒོ། །འབྱེད་པ་འཕགས་མཆོག་རེ་ཟུང་ཡིན། །དེ་ཕྱིར་འདི་འདྲའི་ཚུལ་གྱིས་སུ། །གཏེར་གྱི་ཆོས་དང་འདོན་པ་པོ། །ལུང་བཞིན་རིགས་པས་ལེགས་བརྟགས་ན། །ཕལ་ཆེར་ལྦུ་བ་བཞིན་དུ་གསོབ། །ཆོས་ཀྱི་རྒྱུན་གྱི་ཏིང་འཛིན་ལས། །རྒྱལ་བའི་ཐུགས་ཀྱི་གསང་བའི་གཏེར། །དགོངས་པས་རང་གིར་མཛད་པ་ཡི། །རྣམ་ཐར་དྲི་མེད་ཁྱོད་ལ་མངའ། །མཚོ་འཁྲུངས་རྒྱལ་བའི་བྱིན་རླབས་དང་། །རྗེ་འབངས་གྲུབ་པའི་རིག་འཛིན་རྣམས། །སྤྲུལ་དང་བྱིན་རླབས་སྨོན་ལམ་གྱིས། །གངས་ཅན་ཕན་བདེའི་གཏེར་གྱི་སྒོ། །འབྱེད་ནུས་མཁས་ཤིང་གྲུབ་པ་ཡི། །རྣམ་ཐར་བཟང་པོའི་ཚུལ་གནས་པ། །དེ་ཀུན་ཁྱོད་ཀྱི་ཞབས་པད་ལ། །བརྟེན་ནས་དོན་གཉིས་ལྷུན་གྱིས་གྲུབ། །ངོ་མཚར་བཀའ་བབས་བདུན་


JKT002_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱི། །རིན་ཆེན་རྒྱལ་སྲིད་ཆེ་ལྡན་པ། །ཆོས་ཀྱི་རྒྱལ་པོ་ཆེན་པོ་ཁྱོད། །རྒྱལ་ཐབས་སྲིད་པ་གསུམ་ན་འཕགས། །ཁྱེད་ཀྱི་ཟབ་མོའི་ཆོས་བཀའ་རྣམས། །མདོ་རྒྱུད་ལུང་གི་སྙིང་པོ་རུ། །རིག་པས་ངེས་ཤིང་མྱོང་བས་གྲུབ། །ངོ་མཚར་ཚད་མ་བཞི་དང་ལྡན། །མཁས་ཤིང་གྲུབ་པའི་རྣམ་ཐར་གྱི། །ཡང་རྩེར་སོན་པ་ཁྱོད་འདྲ་བས། །ཐུན་མིན་མཁའ་འགྲོའི་ཟབ་རྒྱའི་སྒོ། །འབྱེད་པ་ཤིན་ཏུ་ཚུལ་དང་མཐུན། །རྒྱལ་དབང་པདྨ་ཐོད་ཕྲེང་དང་། །སྲས་བཅས་རྒྱལ་བས་མགྲིན་གཅིག་ཏུ། །སྙིགས་མའི་མུན་སེལ་སྒྲོན་མེ་རུ། །བསྔགས་པའི་མེ་ཏོག་ཁྱོད་ལ་འཐོར། །འདི་ན་སྙིགས་མའི་མྱ་ངམ་ཐང་། །ཕྱོགས་དང་ཕྱོགས་སུ་བལྟ་ན་ཡང་། །ཡ་རབས་བཟང་པོའི་ལུགས་སྲོལ་ཆུ། །སྤྱད་དུ་རུང་བའང་མི་སྣང་བས། །སྲེད་པས་སྐོམ་བཞིན་རྒྱུ་བ་བདག །ཡོན་ཏན་ནོར་བུའི་གཏེར་གྱི་མཛོད། །ཆོས་ཀྱི་རྒྱ་མཚོ་ཁྱོད་ལྟ་བུ། །མཐོང་བས་ཡིད་ནི་ལྷག་པར་དགའ། །ཁྱོད་ལ་ཡོན་ཏན་ཚད་མེད་ཀྱང་། །སྤྲིན་གྱི་མཐོང་ཀར་ནམ་མཁའ་བཞིན། །རང་གི་མཐོང་བ་ཉི་ཚེ་བས། །གང་དཔོག་སྒྲོ་སྐུར་བྲལ་ཏེ་བརྗོད། །རང་ལ་ངེས་པ་མ་སྐྱེས་ཀྱང་། །ངོ་བསྟོད་བསྔགས་པའི་བྲག་ཅའི་སྒྲ། །སྡེབ་སྦྱོར་ཙམ་གྱི་དབང་བྱས་པ། །དེ་དག་རྣམས་དང་འདི་མི་མཚུངས། །ཕྱོགས་སུ་ལྷུང་བའི་བསམ་པ་ཡིས། །ཁྱོད་ལ་བསྟོད་པ་མ་ལགས་ཏེ། །བསྟོད་བྱའི་ཡོན་ཏན་


JKT002_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འདྲ་རྣམས། །ཁྱོད་ལ་ཕྱོགས་སུ་ལྷུང་བར་གྱུར། །ཕྱོགས་སུ་ལྷུང་བའི་བསམ་པ་ཡིས། །གཞན་ལ་སྨད་པ་མ་ལགས་ཏེ། །ཁྱོད་ཀྱི་ཚུལ་དང་འགལ་བའི་སྐྱོན། །སྙིགས་མས་བཟུང་པ་རྣམས་ལ་སྣང་། །དེ་སླད་དྲང་པོར་བརྗོད་པ་འདི། །གང་ལ་བདེན་པའི་ཚིག་ཏུ་སོང་། །དེ་ལའང་ཁྱོད་འདྲའི་རིན་པོ་ཆེ། །ཕངས་པར་བྱ་བ་ཉིད་དུ་འཚལ། །དེ་ཕྱིར་རྒྱལ་བའི་བསྟན་པ་ལ། །ཁྱོད་ནི་ཀུན་ནས་མངའ་དབང་འབྱོར། །སྐྱེ་རྒུ་སྐལ་བ་བཟང་རྣམས་ཀྱི། །མཆོད་པའི་སྟེགས་ལ་ཡང་དག་འཛེགས། །འདི་འདྲའི་དཔལ་ནི་མངོན་སུམ་དུ། །འཛིན་པའི་གཟུགས་སྐུ་རིན་པོ་ཆེ། །ཞིང་འདིར་ཇི་ཙམ་བཞུགས་པ་སྲིད། །བསྟན་འདི་སྐྱོང་བའི་མགོན་དང་བཅས། །དེ་སླད་སྤྲུལ་པའི་གཟུགས་གཞན་གྱིས། །འདི་འདྲའི་བསྟན་དོན་འབྱུང་དཀའ་བས། །སྤྲུལ་པའི་བཀོད་པ་འདི་ཉིད་ཀྱིས། །བསྐལ་པའི་བར་དུ་བཞུགས་གསོལ་འདེབས། །སེམས་ཅན་གཅིག་ཕྱིར་བསྐལ་མང་དུ། །སྙིང་རྗེ་ཆེ་རྣམས་བཞུགས་བགྱིད་ཕྱིར། །བདག་གིས་ཁྱོད་ཉིད་ཁོ་ན་ལ། །རེ་བ་བཅས་ཏེ་གསོལ་བ་ལགས། །སྤྱད་རུང་འབྱོར་པའི་མཎྜལ་དང་། །མཐོང་རུང་ལུས་ཀྱི་རིམ་གྲོ་ཡིས། །རེ་འབྲས་ཞུ་བའི་སྟོབས་བསྐྱེད་པ། །དེ་འདྲ་བདག་ལ་མ་མཆིས་ཕྱིར། །མཐོང་དུ་མི་རུང་སེམས་ཀྱིས་ནི། །ངེས་པ་བརྟན་པོས་གསོལ་འདི་ལ། །གཞན་དུ་སུ་ཞིག་ཡིད་རྟོན་


JKT002_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ལྷ་དང་འཕགས་རྣམས་དཔང་མཛོད་ཅིག །གང་སྐུ་རིན་ཆེན་སྣང་བ་ནི། །འཇིག་རྟེན་འདིར་ནི་ཇི་བཞུགས་པ། །བདག་ལ་བཀའ་དྲིན་གནང་སྦྱིན་ནི། །དེ་ཡིན་མཆོག་ནི་དེ་གཅིག་ཞུ། །རྟེན་འབྲེལ་བསླུ་བ་མེད་པ་ནི། །དངོས་པོའི་རྗེས་སུ་འབྲང་བ་སྟེ། །ལྟར་སྣང་རྣམས་ཀྱི་རྗེས་མི་འགྲོ། །འདི་ནི་ཆོས་རྣམས་ཆོས་ཉིད་ཡིན། །དེ་ཕྱིར་དམན་པ་བདག་གིས་ཀྱང་། །དྭངས་བའི་ཡིད་ཀྱིས་ཁྱོད་ཉིད་ལ། །གསོལ་བ་གང་ཞིག་བཏབ་པ་ཡི། །རེ་བ་འབྲས་བུར་བཅས་གྱུར་ཅིག །ཚེ་དཔག་མེད་མངའ་རྒྱལ་བ་ཀུན། །སྲིད་གསུམ་དགྲ་ལས་རྣམ་རྒྱལ་ཞིང་། །སྐྱེ་རྒུར་ཡིད་བཞིན་འདོད་འཇོ་བའི། །ཕྲིན་ལས་འཁོར་ལོ་མཆོག་ལྡན་པས། །དེང་འདིར་སྐྱེ་རྒུའི་གཉེན་གཅིག་པུ། །མགོན་པོ་བསྐལ་བརྒྱར་ཞབས་བརྟན་པར། །བདག་གིས་རེ་ཞིང་སྨོན་པའི་འབྲས། །ཡིད་བཞིན་འགྲུབ་པའི་དགའ་སྟོན་སྩོལ། །ཅེས་པའང་སྐྱབས་་རབ་ཚེས་དབང་ཕྱུག་ཁྲུམས་ཟླའི་ཚེས་ཉེར་བརྒྱད་གྱི་སྔ་ཐུན་གཉིས་པར་གང་ཤར་དུ་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་ཀལྱཱ་ཎཾ་བྷ་བ་ཏུ།། །།

སྐྱེ་ཕྲེང་གསོལ་འདེབས་བྱིན་རླབས་དཔལ་སྟེར།


JKT002_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་ཕྲེང་གསོལ་འདེབས་བྱིན་རླབས་དཔལ་སྟེར་ཅེས་བྱ་བ་བཞུགས་སོ། །གདོད་ནས་སྐུ་བཞིའི་ངོ་བོར་བྱང་ཆུབ་ཀྱང་། །གདུལ་བྱའི་སྣང་ངོར་འཇམ་དབྱངས་གཞོན་ནུའི་ཚུལ། །མཁྱེན་བརྩེའི་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ། །རྒྱལ་སྲས་བྱེ་བའི་དབང་པོར་


JKT002_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །སྐུ་ཡི་རིག་འཛིན་མཉྫ་ཤྲཱི་མི་ཏྲ། །རྡོ་རྗེའི་སྐུ་བརྙེས་དྲི་མེད་བཤེས་གཉེན་སོགས། །དངོས་གཅིག་དུ་མའི་ཚུལ་སྣང་འཕགས་ཡུལ་གྱི། །པཎ་གྲུབ་རྒྱ་མཚོར་ཤར་ལ་གསོལ་བ་འདེབས། །གངས་ཅན་བསྟན་པའི་ཤིང་རྟ་ཁྲི་སྲོང་ཞབས། །རྗེ་བཙུན་གྲགས་པ་རས་ཆུང་རྡོ་རྗེ་གྲགས། །ཉང་རལ་ཆོས་དབང་ཀུན་མཁྱེན་ཆོས་རྗེ་སོགས། །བསྟན་འཛིན་དུ་མར་སྣང་ལ་གསོལ་བ་འདེབས། །མདོར་ན་དག་པའི་རྣམ་རོལ་བགྲང་ཡས་ལས། །རིས་མེད་བསྟན་པ་རྒྱ་མཚོའི་སྲོག་བཟུང་ཞིང་། །འགྲོ་ལ་ཕན་བདེ་སྩོལ་བའི་ཕྲིན་ལས་ཅན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །འཇམ་དབྱངས་བླ་མས་རྟག་ཏུ་རྗེས་བཟུང་ནས། །བར་ཆད་ཀུན་ཞི་བསམ་སྦྱོར་ཆོས་བཞིན་འགྲུབ། །རང་གཞན་དོན་གཉིས་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པའང་དད་ལྡན་ཆབ་མདོ་དབུ་མཛད་བསོད་ནམས་རྒྱལ་པོས་ཆེད་དུ་བསྐུལ་བའི་ངོར། རང་ལ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་མ་མཆིས་ཀྱང་། དུས་གསུམ་ཀུན་མཁྱེན་པདྨ་སཾ་བྷ་ཝ་དང་། འཇིག་རྟེན་དབང་ཕྱུག་ཀརྨ་པ་བཅུ་བཞི་པ་སོགས་སྐྱེས་བུ་དམ་པ་རྣམས་ཀྱིས་དགོངས་པ་ཅན་གྱིས་རྡོ་རྗེའི་གསུང་གིས་དབུགས་དབྱུང་བའི་རྗེས་སུ་འབྲངས་ཏེ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱིས་སྨྲས་པ་དོན་དང་ལྡན་པར་གྱུར་ཅིག།

ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་ཆེན་པོའི་གསོལ་འདེབས།


JKT002_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་ཆེན་པོའི་གསོལ་འདེབས་བཞུགས་སོ། །


JKT002_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་སིདྡྷཾ། རྡོ་རྗེ་འཆང་ཆེན་རྡོ་རྗེའི་རིག་པ་འཛིན། །འཇམ་དཔལ་གཞོན་ནུ་འཇམ་དབྱངས་མཁྱེན་བརྩེའི་གཏེར། །པད་སྡོང་ལས་འཁྲུངས་པདྨའི་རྒྱལ་ཚབ་ཆེར། །སྙིང་ནས་གསོལ་འདེབས་སྙིང་དབུས་རྟག་བཞུགས་གསོལ། །ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །རིགས་གསུམ་རྣམ་ཐར་གཅིག་ཏུ་བསྡུས་པའི་གཟུགས། །བཀའ་དྲིན་གསུམ་ལྡན་ཁྱབ་བདག་འཁོར་ལོའི་མགོན། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །བསམས་བཞིན་སྲིད་པ་བཟུང་ནས་བསྟན་དང་འགྲོའི། །རྒུད་པ་སེལ་ཞིང་བདེ་ལེགས་སྤེལ་བ་ལ། །འགྲན་ཟླ་ཀུན་བྲལ་མཁས་ཤིང་གྲུབ་པའི་གཙོ། །རྡོ་རྗེ་གཟི་བརྗིད་རྩལ་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་གསང་བའི་མཛོད་ཆེན་ཐོབ། །ཟུང་འཇུག་ཡེ་ཤེས་རྡོ་རྗེའི་དབང་བསྐུར་བརྙེས། །འཇིགས་བྲལ་སློབ་དཔོན་ཕྱོགས་ལས་རྣམ་པར་རྒྱལ། །འོད་གསལ་སྤྲུལ་པའི་རྡོ་རྗེར་གསོལ་བ་འདེབས། །སྲིད་ཞི་ཀུན་ཁྱབ་འོད་མི་འགྱུར་བ་དངོས། །གདོད་ནས་ཡོངས་གྲུབ་བྲལ་སྨིན་ཡོན་ཏན་མཛོད། །སངས་རྒྱས་ཀུན་དང་རོ་མཉམ་ཆོས་ཀྱི་སྐུ། །རང་བྱུང་པདྨ་གླིང་པར་གསོལ་བ་འདེབས། །དགོངས་པའི་རྩལ་ཆེན་ངོ་བོ་ཉིད་ཀྱི་རྫོགས། །ལྷུན་གྲུབ་དག་པའི་སྣང་བ་འབྱམས་སུ་ཀླས། །སྐུ་དང་ཞིང་ཁམས་ཀུན་བདག་ལོངས་སྤྱད་རྫོགས། །གར་དབང་འོད་གསལ་གླིང་


JKT002_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསོལ་བ་འདེབས། །ངོ་མཚར་བཀའ་བབས་བདུན་གྱི་ནོར་བུའི་དཔལ། །འདྲེན་མཛད་ཤིང་རྟ་ཆེན་པོ་མདོ་རྒྱུད་ཀྱི། །བསྟན་པའི་མངའ་ཐང་སྤེལ་མཛད་སྤྲུལ་པའི་སྐུ། །ཨོ་རྒྱན་མདོ་སྔགས་གླིང་པར་གསོལ་བ་འདེབས། །གསོལ་འདེབས་བུ་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དབང་མཆོག་བསྐུར་ལ་ཡེ་ཤེས་བྱིན་ཆེན་ཕོབས། །སྐྱེ་ཀུན་རྗེས་བཟུང་གསང་གསུམ་ཕྲིན་ལས་དང་། །དབྱེར་མེད་དོན་གཉིས་མཐའ་རུ་ཕྱིན་པར་ཤོག །ཅེས་གོང་གི་བློ་ཀ་གཅིག་པོ་རྗེ་ཉིད་ཀྱི་དག་སྣང་དུ་བྱུང་བ་དང་། ཞབས་བརྟན་སྔར་བརྩམས་ལ་ཕྱིས་གསོལ་འདེབས་སུ་སྒྱུར་བ་པོའང་བློ་གྲོས་མཐའ་ཡས་ཏེ། སྐྱེ་བ་ཀུན་ཏུ་རྗེ་བཙུན་བླ་མས་རྗེས་སུ་བཟུང་པའི་རྒྱུར་གྱུར་ཅིག། །།

འཇུ་ཚ་ཕན་བདེའི་ཞུས་ངོར་སྩལ་བའི་གསོལ་འདེབས་མཐའ་ཡས་ཤེས་བྱ་མ།


JKT002_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་ཤེས་བྱ་ཀུན་གཟིགས་འཇམ་པའི་དབྱངས། །མཚུངས་མེད་མཁྱེན་བརྩེའི་གཏེར་ཆེན་རྒྱལ་བའི་སྲས། །མཁས་ཤིང་གྲུབ་པའི་དབང་པོ་རྡོ་རྗེ་འཛིན། །གཙུག་ལག་སྨྲ་བའི་ཉི་མར་གསོལ་བ་འདེབས། །ཚུལ་གནས་གསན་བསམ་སྒོམ་པའི་མཐར་སོན་ཅིང་། །རླབས་ཆེན་འཆད་རྩོད་རྩོམ་པའི་ཕྲིན་ལས་དང་། །ངེས་འབྱུང་བྱང་སེམས་སྨིན་གྲོལ་རྣལ་འབྱོར་གྱིས། །རང་གཞན་དོན་གཉིས་མཛད་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རྒྱལ་བསྟན་དྲི་མེད་ཕྱོགས་བཅུར་རྒྱས་པ་དང་། །བསྟན་འཛིན་མཆོག་རྣམས་བསྐལ་བརྒྱར་འཚོ་གཞེས་ཤིང་། །ཕན་བདེའི་དགེ་མཚན་


JKT002_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བའི་བཀྲ་ཤིས་སྩོལ། །ཅེས་པའང་དགེ་བའི་བཤེས་གཉེན་ཕན་བདེ་བཟང་པོས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་བསྐུལ་བའི་ངོར། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱིས་གང་ཤར་སྨྲས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།

བཟུང་འགྲུབ་ནས་ཞུས་པའི་ངོར་གསོལ་འདེབས་སྔོན་སྨོན་རྣམ་དཀར་མ།


JKT002_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྔོན་སྨོན་རྣམ་པར་དཀར་བའི་རིགས་མཆོག་སད། །བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་། །ཡོངས་རྫོགས་བསྟན་ལ་སྨན་པའི་ཕྲིན་ལས་ཅན། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །ཞེས་པའང་དད་ལྡན་གཟུངས་འགྲུབ་ནས་བསྐུལ་ངོར་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

གུ་ཎའི་གསུང་གསོལ་འདེབས་འཇམ་དཔལ་བྱིན་རླབས་མ།


JKT002_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་བྱིན་རླབས་བི་མའི་རྣམ་པར་འཕྲུལ། །རྒྱལ་སྲས་ལྷ་རྗེའི་ཡང་སྲིད་བཅུ་གསུམ་པ། །བཀའ་བབས་བདུན་ལྡན་པདྨ་མདོ་སྔགས་གླིང་། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །གུ་ཎས་སོ།། །།

ཚེ་རིང་དཔལ་འབྱོར་ལ་གནང་བའི་གསོལ་འདེབས་སྲས་བཅས་རྒྱལ་བ་མ།


JKT002_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྲས་བཅས་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །མཁྱེན་བརྩེའི་དབང་པོ་མཆོག་གི་སྐུར་སྣང་བ། །པདྨས་བྱིན་བརླབས་འོད་གསལ་མདོ་སྔགས་གླིང་། །སྐྱབས་གནས་ཀུན་འདུས་ངོ་བོར་གསོལ་བ་འདེབས། །འདི་ནས་བྱང་ཆུབ་བར་དུ་མགོན་པོ་མཆོག །བརྟན་པའི་འཁོར་ལོའི་རྣམ་པར་སྙིང་གི་དབུས། །འབྲལ་མེད་བཞུགས་ཤིང་བྱིན་གྱིས་བརླབས་པ་ལས། །འགལ་རྐྱེན་ཀུན་ཞི་བསམ་དོན་ལྷུན་གྲུབ་ཤོག །འཆི་མེད་ཚེ་དང་ཤེས་རབ་སྣང་བ་རྒྱས། །ནད་གདོན་བར་ཆད་མི་མཐུན་རྒུད་པ་ཞི། །བདེ་སྐྱིད་ཆོས་ལྡན་འབྱོར་


JKT002_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པས་མངོན་མཐོ་བའི། །བཀྲ་ཤིས་དཔལ་གྱིས་རྟག་ཏུ་ཁྱབ་གྱུར་ཅིག །ཅེས་བི་ཤཱའི་ཀརྨའི་རིགས་སྐྱེས་དད་ལྡན་གཞོན་ནུ་ཚེ་རིང་དཔལ་འབྱོར་གྱི་ཁ་ཏོན་དུ་མཁྱེན་བརྩེའི་དབང་པོས་སྤེལ་པ་མངྒ་ལཾ།། །།

ཆབ་མགར་པུཎྱ་རཱ་ཛ་ལ་གནང་བའི་ཞལ་གདམས་གསོལ་འདེབས་བཀྲ་ཤིས་མཚན་གྱི་སྣང་བ།


JKT002_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། བཀྲ་ཤིས་མཚན་གྱི་སྣང་བ་ཆ་རེས་ཀྱང་། །སྲིད་ཞིའི་རྒུད་པའི་མུན་པ་དྲུང་འབྱིན་པའི། །བསྐལ་བཟང་སྒྲོན་མེ་བཞི་པ་ཤཱཀྱའི་ཏོག །ཐུབ་མཆོག་དོན་ཀུན་གྲུབ་ལ་ཕྱག་འཚལ་ལོ། །འདི་ནས་བཟུང་སྟེ་རྣམ་མཁྱེན་སྙིང་པོའི་བར། །གུས་པས་སྐྱབས་མཆི་ལུས་དང་ལོངས་སྤྱོད་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་རྟག་པར་བཞུགས་གསོལ་འདེབས། །འགྲོ་ཀུན་དོན་དུ་སྨོན་འཇུག་མཆོག་སེམས་བསྐྱེད། །བདག་དང་མཐའ་ཡས་སེམས་ཅན་མ་ལུས་རྣམས། །བཅོམ་ལྡན་ཁྱེད་ཀྱིས་བརྩེ་བས་རྗེས་བཟུང་ནས། །ཚེ་རབས་ཀུན་ཏུ་བྱིན་གྱིས་བརླབས་པ་དང་། །སྔོན་ཚེ་གདུལ་བྱའི་དོན་དུ་ཐུགས་བསྐྱེད་ནས། །སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་པ་ཡི། །བདེན་པའི་འབྲས་བུ་མངོན་སུམ་སྣང་མཛད་དེ། །བདག་གཞན་རྒྱུད་ལ་འབྱོར་པར་བྱིན་གྱིས་རློབས། །གནས་སྐབས་ཆོས་བཞིན་སྤྱོད་པའི་འགལ་རྐྱེན་ཞི། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཤེས་རབ་འཕེལ། །མཐར་ཐུག་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །མྱུར་དུ་བྱང་ཆུབ་གོ་འཕང་ཐོབ་པར་ཤོག །ཅེས་པའང་སྐབས་གསུམ་དབང་པོའི་སྣ་ཚོགས་ལས་


JKT002_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་རྗེས་སུ་མཐུན་པའི་སྒོ་ནས་སྤྲུལ་པའི་སྐུའི་འདུ་བྱེད་ལ་མཁས་པ་པུཎྱ་རཱ་ཛ་སོགས་ཀྱིས་ངོས་ནས་ཕུལ་པའི་སྟོན་མཆོག་ཐུབ་པའི་དབང་པོའི་སྣང་བརྙན་རྒྱ་གར་མ་ཡིད་བཞིན་བསམ་འཕེལ་ལ་ཕྱག་མཆོད་གསོལ་བ་འདེབས་པའི་ཆེད་དུ་བསྐུལ་བ་ལྟར་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་འཕེལ།། །།

གསོལ་འདེབས་འཆི་མེད་མཚོ་སྐྱེས་མ།


JKT002_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་མཚོ་སྐྱེས་བླ་མས་བྱིན་བརླབས་པའི། །བདེ་ཆེན་པདྨ་དྲྭ་བ་མཆོག་གི་ཞིང་། །མཁའ་འགྲོ་དགྱེས་པ་རྭ་མེ་ཤྭ་རའི་ཡུལ། །རིགས་གསུམ་སེམས་དཔའི་གནས་མཆོག་ཁྱད་པར་ཅན། །རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ཀུན། །དག་པ་རབ་འབྱམས་ཡེ་ཤེས་འཁོར་ལོ་དང་། །དབྱེར་མེད་མོས་གུས་གདུང་བས་གསོལ་བ་འདེབས། །བར་ཆད་ཀུན་སོལ་དངོས་གྲུབ་ཆར་བཞིན་ཕོབས། །ཞེས་པའང་དད་ལྡན་གྱི་ངོར་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ།

གསོལ་འདེབས་མ་ཧཱ་སུ་ཁ།


JKT002_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཨོ་མ་ཧཱ་སུ་ཁ་ཛྙཱ་ན་ཀཱ་ཡ་སརྦ་ས་ཏཱ་བཛྲ་ཀཱ་ཝ་ཙི་སིདྡྷི་ཧཱུྃ། །བདེ་བ་ཆེན་པོ་མཧཱ་སུ་ཁ་པདྨ་འབྱུང་གནས་ཀྱིས། །ཡེ་ཤེས་སྐུ་ཅན་ཛྷཱ་ན་ཀཱ་ཡ་རྗེས་དྲན་གསོལ་བཏབ་མཐུས། །སེམས་ཅན་ཐམས་ཅད་སརྦ་སཏཱ་རིགས་འདུས་བླ་མ་ཡི། །རྡོ་རྗེའི་སྐུ་གསུང་ཐུགས་བཛྲ་ཀཱ་ཝ་ཙི་དང་དབྱེར་མེད་ཤོག །ཅེས་པའང་མཉྫ་གྷོ་ཥས་བགྱིས་པ་དགེ། །།

གསོལ་འདེབས་རང་སྣང་རྣམ་དག་མ།


JKT002_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྣང་རྣམ་དག་པདྨ་འོད་ཀྱི་ཞིང་། །རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །སྤྱི་བོར་བསྒོམ་ཞིང་འབྲལ་མེད་གསོལ་བཏབ་མཐུས། །ཐུགས་ཡིད་གཅིག་འདྲེས་ཡེ་ཤེས་མངོན་གྱུར་ཤོག །ཅེས་པའང་དད་ལྡན་སྒྲུབ་བརྩོན་དམ་པའི་ངོར་པདྨ་འོད་གསལ་མདོ་སྔགས་གླིང་པས་བགྱིས་པ་དགེ། ༈ །།

རྟོགས་ལྡན་ཤཱཀྱ་ཤྲཱི་ལ་གནང་བའི་གསོལ་འདེབས་ཤིན་ཏུ་རྣམ་དག་མ།


JKT002_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱ༔ ཤིན་ཏུ་རྣམ་དག་འོད་གསལ་ནམ་མཁའི་དབྱིངས། །རྒྱུ་རྐྱེན་འདུས་མ་བྱས་པའི་རྡོ་རྗེའི་སྐུ། །དྲིན་ཅན་བླ་མ་པདྨ་འོད་འབར་རྩལ། །རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཆེན་པོར་བཞུགས། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །ལུས་དང་ལོངས་སྤྱོད་ལྟོས་མེད་མཆོད་སྤྲིན་འབུལ། །བར་ཆད་ཀུན་ཞི་བསམ་དོན་ཆོས་བཞིན་འགྲུབ། །ཡེ་ཤེས་རྩལ་ཆེན་རྫོགས་པར་བྱིན་གྱིས་རློབས། །ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། སྒྲུབ་བརྩོན་རྟོགས་ལྡན་ཤཱཀྱ་ཤྲཱིའི་ཆེད་མཁྱེན་བརྩེའི་དབང་པོས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག། །།

བླ་བོ་དགོན་གྱི་དགེ་འདུན་རྣམས་ལ་གནང་བའི་ཞལ་གདམས།


JKT002_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་སངས་རྒྱས་ཆོས་དང་འཕགས་པའི་ཚོགས། །རྩ་གསུམ་སྲུང་མ་ཀུན་འདུས་ངོ་བོ་ཉིད། །རིགས་ཀུན་ཁྱབ་བདག་དྲིན་ཅན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་དྲན། །བློ་སྣ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །ལས་འབྲས་བསླུ་མེད་འཁོར་བའི་ཉེས་དམིགས་མཐོང་། །དམ་ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །བྱམས་དང་སྙིང་རྗེ་སྨོན་འཇུག་བྱང་སེམས་འབྱོངས། །ལམ་གྱི་འཁྲུལ་པ་ཞི་བར་བྱིན༔ གཟུང་འཛིན་ལས་འདས་དོན་དམ་བྱང་སེམས་རྟོགས། །འཁྲུལ་སྣང་དབྱིངས་སུ་ཐིམ་པར་བྱིན༴ སེམས་དང་སེམས་བྱུང་འཇུག་པ་དབྱིངས་སུ་ཞི། །རྩེ་གཅིག་


JKT002_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་བརྟན་པར་བྱིན༴ ཉམས་སུ་མྱོང་ཡང་མཚོན་བརྗོད་ལས་འདས་པའི། །སྤྲོས་བྲལ་གནས་ལུགས་མཐོང་བར་བྱིན༔ སྣང་སེམས་དབྱེར་མེད་འོད་གསལ་ཕྱག་རྒྱ་ཆེ། །རོ་གཅིག་མངོན་དུ་འགྱུར་བར་བྱིན༴ མཉམ་རྗེས་ལས་འདས་ཁོར་ཡུག་ཆོས་སྐུའི་ཀློང་། །སྒོམ་མེད་འབྲས་བུ་འགྲུབ་པར་བྱིན༴ མདོར་ན་བདག་སོགས་མཐའ་ཡས་སེམས་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །མྱུར་དུ་བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་འཛིན་པ་བླ་བོ་དགོན་གྱི་བླ་མ་དགེ་འདུན་རྣམས་ནས་གསུང་ངོར། ཞལ་གདམས་གསོལ་འདེབས་སྨོན་ལམ་དང་འབྲེལ་བ་འདིའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།

གསོལ་སྨོན་དཀྱིལ་འཁོར་རྒྱ་མཚོ།


JKT002_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཇམ་པའི་དབྱངས། །མཁྱེན་བརྩེ་ནུས་པའི་གཏེར་ཆེན་ཆོས་ཀྱི་རྗེ། །མཁས་ཤིང་གྲུབ་པའི་དབང་པོའི་རྣམ་པར་ཐར། །སྙིང་ནས་དྲན་པའི་གདུང་བས་གསོལ་བ་འདེབས། །མགོན་ཁྱོད་ཚེ་མཐའ་ཡས་པའི་ངོ་བོ་རུ། །བསྐལ་བརྒྱར་འཚོ་གཞེས་ཆོས་འཁོར་བསྐོར་བ་དང་། །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བདག་ཅག་རྗེས་སུ་བཟུང་བར་མཛད་དུ་གསོལ། །དེ་མཐུས་གནས་སྐབས་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་སྲིད་ཞིའི་ལེགས་ཚོགས་རྒྱས་པ་དང་། །མཐར་ཐུག་སྐུ་དང་


JKT002_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དབྱེར་མེད་པའི། །ཀུན་མཁྱེན་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཅེས་པའང་དད་དམ་མཚུངས་མེད་གང་གི་གསུང་ངོ་མ་ལྡོག་ཙམ་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱིས་བྲིས་པ་དོན་དང་ལྡན་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།

གསོལ་འདེབས་སྣང་སྲིད་འཇའ་ཟེར།


JKT002_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ། སྣང་སྲིད་འཇའ་ཟེར་འཁྲུགས་པ་འོད་ལྔའི་ཀློང་། །པདྨའི་རྒྱལ་ཚབ་འོད་གསལ་མདོ་སྔགས་གླིང་། །གུ་རུ་བདེ་བ་ཆེན་པོའི་རྣམ་པར་བཞུགས། །རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་ལ། །གུས་པས་ཕྱག་འཚལ་ལུས་དང་ལོངས་སྤྱོད་འབུལ། །ཉེས་བྱས་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །རྟག་པར་ཆོས་འཁོར་བསྐོར་བཞིན་བཞུགས་གསོལ་འདེབས། །བསོད་ནམས་བླ་མེད་དགེ་བ་ཐོབ་ཕྱིར་བསྔོ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །བྱིན་རླབས་ཆར་ཆེན་ཕོབས་ཤིག་བླ་མ་རྗེ། །དབང་བསྐུར་སྒྲིབ་སྦྱོང་རྡོ་རྗེའི་ཡེ་ཤེས་སྐྱེད། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སུ་ཁ་སིདྡྷི་ཧཱུྃ། ཞེས་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དྷརྨ་རཱ་ཛའི་སྤྲུལ་པའི་སྐུ་མཆོག་གིས་རྒྱང་རིང་མོ་ནས་རྟེན་གསུམ་བྱིན་ཅན་གྱི་གནང་སྐྱེས་བཅས་དོན་གཉེར་ཆེན་པོའི་གསུང་ངོར་མི་ལྡོག་ཙམ་དུ་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། ༈ །།

པདྨ་འཇིགས་མེད་ལ་གནང་བའི་གསོལ་འདེབས་སྙིང་དབུས་མི་ཤིགས།


JKT002_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ། སྙིང་དབུས་མི་ཤིགས་གཞོན་ནུ་བུམ་སྐུའི་དབྱིངས། །ཡེ་ཤེས་རང་གདངས་འཇའ་ཟེར་ཐིག་ལེའི་ཀློང་། །པདྨ་འོད་གསལ་


JKT002_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྔགས་གླིང་པའི་སྡེ། །གུ་རུ་བདེ་བ་ཆེན་པོའི་རྣམ་པར་བཞུགས། །རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེན་པོ་ལ། །མི་ཕྱེད་གུས་པས་སྙིང་ནས་གསོལ་བ་འདེབས། །བར་ཆད་ཀུན་ཞི་བསམ་དོན་ལྷུན་གྱིས་གྲུབ། །སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཨོཾ་ཨཱཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་ཀཱ་ཡ་སརྦ་སིདྡྷི་ཧཱུྃ། ཞེས་པའང་དགེ་སློང་སྡེ་སྣོད་འཛིན་པའི་སྤོང་བ་པ་པདྨ་འཇིགས་མེད་ཀྱི་ངོར་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

ཨོ་རྒྱན་རབ་དགའ་ལ་གནང་བའི་གསོལ་འདེབས་རང་རིག་གཉུག་མ།


JKT002_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཨེ་མ་ཧོ༔ རང་རིག་གཉུག་མའི་དབྱིངས་ལས་ཡེ་ཤེས་སྐུ། །རིགས་ཀུན་ཁྱབ་བདག་པདྨ་མདོ་སྔགས་གླིང་། །གུ་རུ་བདེ་བ་ཆེན་པོའི་རྣམ་པར་ཤར། །སྤྱི་བོའི་པདྨོར་འབྲལ་མེད་རྟག་ཏུ་བཞུགས། །བདག་ལ་སྐྱབས་གནས་ཁྱེད་ལས་མ་དམིགས་ཕྱིར། །སྙིང་ནས་གསོལ་བ་འདེབས་པའི་དད་ལྡན་ལ། །ཕ་ཡིས་བྱིན་གྱིས་རློབས་ཤིག་བླ་མ་རྗེ། །བུ་ལ་མོས་གུས་སྩོལ་ཅིག་ཐུགས་རྗེའི་གཏེར། །འདི་ཕྱི་བར་དོ་ཀུན་ཏུ་རྗེས་སུ་ཟུངས། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ། ཞེས་པའང་སྙིང་པོའི་སྒྲུབ་ལ་གཞོལ་བའི་རྣལ་འབྱོར་པ་ཨོ་རྒྱན་རབ་དགའི་བཞེད་པས་ནན་ཏན་དུ་བསྐུལ་བ་ལྟར་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

ཞབས་བརྟན་རང་བྱུང་གདོད་མ།


JKT002_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།ཤྲཱི་བཱི་ཤྲཱི་སིདྡྷི་ཛ་ཡནྟ། རང་བྱུང་གདོད་མའི་སངས་རྒྱས་ཆོས་ཀྱི་སྐུ། །འོད་གསལ་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས། །གང་འདུལ་རྣམ་པར་འཕྲུལ་པས་དོན་མཛད་པ། །རིགས་བརྒྱའི་


JKT002_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་ཆེན་པོ་ཞབས་བརྟན་གསོལ། །སངས་རྒྱས་ཀུན་དངོས་དམ་ཆོས་འབྱུང་བའི་གནས། །འཕགས་ཚོགས་རིས་སུ་མ་ཆད་འདྲེན་པ་སྟེ། །མཆོག་གསུམ་ཀུན་འདུས་སུམ་ལྡན་བཀའ་དྲིན་ཅན། །ཐར་ལམ་སྣང་བའི་སྒྲོན་མེ་ཞབས་བརྟན་གསོལ། །རྒྱུད་གསུམ་བླ་མ་ཀུན་དངོས་བྱིན་རླབས་གཏེར། །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་འཁོར་ལོའི་མགོན། །ཕྲིན་ལས་རབ་འབྱམས་བདག་ཉིད་མཁའ་འགྲོའི་གཙོ། །མཚོ་སྐྱེས་རྡོ་རྗེའི་ངོ་བོར་ཞབས་བརྟན་གསོལ། །སྨྲ་བའི་དབང་ཕྱུག་རྗེ་བཙུན་མཁྱེན་པའི་གཏེར། །བརྩེ་ཆེན་ཐུགས་རྗེའི་བདག་ཉིད་འགྲོ་བའི་མགོན། །གསང་བདག་ཧེ་རུ་ཀ་དཔལ་ཆེ་བའི་མཆོག །རིགས་གསུམ་གཅིག་བསྡུས་ཉིད་དུ་ཞབས་བརྟན་གསོལ། །གངས་ཅན་མཁས་པ་ཀུན་གྱི་གཙུག་གི་རྒྱན། །རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་ཀྱི་རྗེ། །ལུང་རྟོགས་བསྟན་པའི་ཤིང་རྟ་ཟླ་མེད་པ། །ཁྱད་པར་ལྷ་མིན་གདུག་པའི་མུན་པ་ཀུན། །འཇོམས་བྱེད་ཡེ་ཤེས་སྣང་བའི་གཟི་བརྗིད་ཅན། །སྙིགས་མའི་འགྱུར་བ་ཐུགས་བསྐྱེད་སྨོན་ལམ་རྒྱུན། །མི་བརྟུལ་དམ་བཅའི་གོ་ཆ་རྩལ་བསྐྱེད་ནས། །འགྱུར་མེད་རྡོ་རྗེ་ལྟ་བུར་བཞུགས་སུ་གསོལ། །བསམས་བཞིན་སྲིད་པ་བཟུང་བའི་འཕགས་རྣམས་ཀྱིས། །གདུལ་བྱའི་ཞིང་ཁམས་འདོར་བ་མི་སྲིད་ཅིང་། །དད་མོས་ཅན་གྱི་རེ་བ་མི་གཅོག་ཕྱིར། །གསོལ་བཏབ་འབྲས་བུས་ལྕི་


JKT002_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་དུ་གསོལ། །ཚེ་དབང་འཆི་མེད་པདྨའི་བྱིན་རླབས་དང་། །ཚེ་བདག་རྣམ་པར་རྒྱལ་མས་དངོས་གྲུབ་སྩོལ། །ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ནུས་མཐུ་ཡིས། །དགེ་ལེགས་རྟག་བརྟན་བཀྲ་ཤིས་དཔལ་། འབར་ཤོག །སརྦ་ཐཱ་ཨ་མཱ་ར་ཎི་ཛི་བནྟུ།། །།

བཀྲ་ཤིས་བསམ་འགྲུབ་ལ་གནང་བའི་གསོལ་འདེབས་འཇམ་པའི་དབྱངས་སོགས།


JKT002_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

༅། །འཇམ་པའི་དབྱངས་སོགས་སྲས་བཅས་རྒྱལ་ཀུན་གྱི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་བསྡུས་པ། །མཁས་གྲུབ་དབང་པོ་དཔལ་ལྡན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཚེ་འདིར་ཕྱི་ནང་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་ལེགས་ཚོགས་ཡིད་བཞིན་འགྲུབ་པ་དང་། །ཕྱི་མ་བདེ་ཆེན་དག་པའི་ཞིང་ཁམས་སུ། །པདྨོའི་སྦུབས་ལས་བརྫུས་ཏེ་སྐྱེ་བར་ཤོག ཅེས་པའང་དད་ལྡན་བཀྲ་ཤིས་བསམ་འགྲུབ་ཀྱིས་བསྐུལ་བའི་ངོར་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ།། །།

གསོལ་འདེབས་འཇམ་དབྱངས་བླ་མ།


JKT002_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།འཇམ་དབྱངས་བླ་མས་རྗེས་སུ་བཟུང་བའི་མཐུས། །མཁྱེན་རབ་མཐའ་ཡས་སྲས་བཅས་རྒྱལ་ཀུན་གྱི། །བརྩེ་ཆེན་ཐུགས་རྗེ་གཟུགས་སུ་ཟློས་པའི་གར། །ཡོངས་འཛིན་སྨྲ་བའི་ཉི་མར་གསོལ་བ་འདེབས། །སྐྱེ་ཞིང་སྐྱེ་བར་མགོན་པོ་མཆོག་ཁྱོད་ཀྱིས། །རྗེས་བཟུང་དོད་དང་ངེས་འབྱུང་བྱང་སེམས་དང་། །གསང་ཆེན་སྨིན་གྲོལ་ལམ་གྱི་ཐབས་མཁས་ལ། །བརྟེན་ནས་ཟུང་འཇུག་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་སྔ་སོར་ཡང་འགའ་རེས་དགོས་ཚུལ་ཟེར་སྐབས་བྱིན་པ་ཡིན་ལགས། མངྒ་ལཾ།།

གསོལ་འདེབས་ཕྱོགས་བཅུ་དུས་གསུམ།


JKT002_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །མི་ཕྱེད་འོད་གསལ་ཐུགས་ཀྱི་ཡེ་ཤེས་སྐུ། །དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ལ། །སྙིང་ནས་གསོལ་བ་འདེབས་སོ་བརྩེ་བས་དགོངས། །བདག་གི་སྡིག་ལྟུང་སྤྱི་དང་ཁྱད་པར་དུ། །མི་ཤེས་ཉོན་མོངས་བག་མེད་མ་གུས་དང་། །བར་ཆད་དབང་གིས་དཔལ་ལྡན་བླ་མ་ཡི། །སྐུ་གསུང་ཐུགས་དང་འགལ་བའི་ཉེས་པ་ཀུན། །འགྱོད་པ་ཆེན་པོས་བཤགས་ཤིང་ཕྱིན་ཆད་བསྡམ། །ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པའི། །དོན་ཡོད་རྣམ་བཞིས་རྟག་ཏུ་མཉེས་བགྱིད་ན། །སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩལ་ནས་ཀྱང་། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཤོག །ཨི་དཾ་སརྦ་ཤིཥྱ་ཎཱཾ་ཏྲི་མུ་ཁ་བི་ཤུདྡྷཾ་བྷ་བ་ཏུ།།

འཇམ་པའི་དབྱངས་ཀརྨ་ཡོན་ཏན་རྒྱ་མཚོའི་གསོལ་འདེབས་བྱིན་རླབས་ཟླ་སྣང་།


JKT002_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་དབྱངས་ཀརྨ་ཡོན་ཏན་རྒྱ་མཚོའི་གསོལ་འདེབས་བྱིན་རླབས་ཟླ་སྣང་ཞེས་བྱ་བ་བཞུགས་སོ། །འཇིག་རྟེན་གསུམ་གྱི་མགོན་པོ་ཀརྨ་པའི། །བསྟན་འཛིན་བྱེ་བའི་ཁྱུ་མཆོག་ངག་གི་དབང་། །མཁས་ཤིང་གྲུབ་བརྙེས་ཡོན་ཏན་རྒྱ་མཚོའི་གཏེར། །བློ་གྲོས་ཕ་མཐའ་ཡས་ལ་གསོལ་བ་འདེབས། །འཆི་མེད་པདྨ་གར་གྱི་དབང་ཕྱུག་དང་། །མི་ཕྱེད་བློ་གཏེར་རབ་དགའི་ཡེ་ཤེས་སྐུ། །ཚངས་བྱུང་སྙེམས་པའི་ལང་ཚོའི་ཟླ་སྣང་ཅན། །བསྐལ་བརྒྱར་ཞབས་བརྟན་ཕྲིན་ལས་རྒྱས་གྱུར་ཅིག །བདག་སོགས་དེང་ནས་བྱང་ཆུབ་སྙིང་པོའི་བར། །མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེས་


JKT002_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་མཐུས། །ཚུལ་གནས་ཐོས་བསམ་སྒོམ་པའི་མཐར་སོན་ནས། །རང་གཞན་དོན་གཉི་པར་བྱིན་གྱིས་རློབས། །ཞེས་པའང་དད་དམ་གྱི་ནོར་ཅན་དགེ་སྦྱོང་དྷརྨ་ཝནྡྷ་སོགས་ཀྱིས་བསྐུལ་བ་དང་། རང་ཉིད་ཀྱིས་ཀྱང་མི་ཕྱེད་པའི་དད་པས་མཚམས་སྦྱར་ཏེ། རྗེ་བླ་མ་གང་གི་ལེགས་གསུང་བདུད་རྩིའི་བཅུད་ཀྱིས་འཚོ་བའི་བཀའ་སློབ་ཀྱི་ཐ་ཆུང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ཀུན་དགའི་ལོའི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ་ལ་བྲིས་ནས་ཆུ་སྟོད་ཟླ་བའི་ཚེས་བཞིར་རྩེ་གཅིག་གུས་པས་གསོལ་པ་བཏབ་པ་སིདྡྷི་རསྟུ།།

འཇམ་མགོན་བླ་མ་ངག་གི་དབང་ཕྱུག་ཆེན་པོ་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་རོལ་མཚོ།


JKT002_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་བླ་མ་ངག་གི་དབང་ཕྱུག་ཆེན་པོ་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །འཇིག་རྟེན་དབང་ཕྱུག་དཔལ་ལྡན་ཀརྨ་པའི། །བཤད་སྒྲུབ་བསྟན་པའི་མངའ་བདག་ངག་གི་དབང་། །རིག་གྲོལ་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཆེ། །བློ་གྲོས་ཕ་མཐའ་ཡས་ལ་གསོལ་བ་འདེབས། །འོག་མིན་ཞིང་ན་རྣམ་སྣང་འཇམ་པའི་དབྱངས། །འཕགས་ཡུལ་དམ་ཆོས་མཛོད་འཛིན་ཀུན་དགའ་བོ། །གངས་རིའི་ཁྲོད་དུ་ལོ་ཆེན་བཻ་རོའི་ཞབས། །དབྱེར་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཚུལ་གནས་གསན་བསམ་སྒོམ་པས་རང་རྒྱུད་གྲོལ། །འཆད་རྩོད་རྩོམ་ལ་འགྲན་པའི་ཟླ་དང་བྲལ། །མཁྱེན་བརྩེ་ནུས་མཐུ་རྨད་བྱུང་བསྟན་འགྲོའི་མགོན། །འབྲེལ་ཚད་དོན་ལྡན་ཆེན་པོར་གསོལ་བ་འདེབས། །མགོན་ཁྱོད་ཞིང་འདིའི་གདུལ་


JKT002_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་གཉེན་གཅིག་པུར། །ངེས་པ་ལྔ་ལྡན་ངོ་བོར་འཚོ་གཞེས་ཤིང་། །ཕྲིན་ལས་སྣང་བས་ས་གསུམ་ཁྱབ་པ་དང་། །ཕན་བདེའི་དགེ་མཚན་འཕེལ་བར་མཛད་དུ་གསོལ། །བདག་ཅག་རྣམས་ཀྱང་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་རྗེས་བཟུང་འགལ་རྐྱེན་ཀུན་ཞི་ཞིང་། །ཆོས་མཐུན་བསམ་སྦྱོར་ཡིད་བཞིན་འགྲུབ་པ་དང་། །སྲིད་ཞིའི་ལེགས་ཚོགས་རྒྱས་པར་བྱིན་གྱིས་རློབས། །ཞེས་པའང་དད་ལྡན་མངྒ་ལས་བསྐུལ་ངོར། བསྟོད་ཡུལ་དམ་པ་གོང་དེའི་ལེགས་གསུང་གི་བདུད་རྩིས་འཚོ་བའི་བཀའ་འབངས་ཀྱི་ཐ་ཆུང་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་རྩེ་གཅིག་གུས་པས་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག། །།

གུ་ཎ་སཱ་གར་རཏྣའི་ཞབས་བརྟན།


JKT002_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

༈ གུ་ཎ་སཱ་གར་རཏྣའི་ཞབས་བརྟན་བཞུགས། ཤྲཱི་ཤྲཱི་ཤྲཱི་ཛཱི་པཾ་ཏིཥྛནྟུ། གཟོད་ནས་རྣམ་གྲོལ་བསོད་ནམས་མཐའ་ཀླས་མཚན་དཔེའི་ཕུང་པོར་སྨིན་པའི་སྐུ། །མི་ཤིགས་རྡོ་རྗེ་ནཱ་དའི་དབྱངས་སྙན་ཆོས་ཕུང་རྒྱ་མཚོར་འཆར་བའི་གསུང་། །ཤིན་ཏུ་ཕྲ་བ་གཉུག་མའི་ལང་ཚོར་མཁྱེན་བརྩེའི་ཉམས་བརྒྱས་རོལ་པའི་ཐུགས། །དཔལ་ལྡན་བླ་མ་རིགས་ཀུན་ཁྱབ་བདག་བསྐལ་པ་རྒྱ་མཚོར་འཚོ་གཞེས་གསོལ། ༡ །ཟག་མེད་ཡོན་ཏན་བྱེ་བའི་གཞིར་གྱུར་བསླབ་གཞིའི་སྨན་ལྗོངས་ཉམས་དགའ་བར། །སྐྱེས་ཐོབ་འཇམ་དཔལ་མཁྱེན་པའི་ས་བོན་སྦྱོར་བརྩོན་བརླན་གྱིས་བསྐྱེད་བསྲིངས་པས། །གསན་བསམ་སྒོམ་པའི་མེ་ཏོག་མཛེས་འབར་འཕགས་ལམ་ཡེ་ཤེས་འབྲས་དུད་པ། །


JKT002_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་མེད་དཔག་བསམ་ལྗོན་པ་གཅིག་པུ་རྟག་པ་དམ་པར་ཞབས་བརྟན་ཤོག ༢ །སྒོ་གསུམ་ཉམས་འགྱུར་འདོད་དགུར་འཆར་ཞིང་སྡེ་བཞི་འཚོ་ཐབས་ཆོ་གས་བསྐྲུན། །བྱེད་དངོས་ལས་གསུམ་སྨྲ་ལ་ཟླ་བྲལ་གནས་གསུམ་གཞལ་བྱའི་དེ་ཉིད་གཟིགས། །གང་ཟག་ཉིད་དང་ཆོས་སུ་ལྟ་བའི་སྤྲོས་ཀུན་དབུ་མར་བསྙིལ་མཁས་པ། །རྩོད་དུས་ཀུན་མཁྱེན་གཉིས་པའི་ཕྲིན་ལས་འཇིག་རྟེན་གསུམ་ན་གསལ་གྱུར་ཅིག ༣ །བྱ་སྤྱོད་ཆོ་གས་ལུས་སེམས་ཤིན་སྦྱང་རྣལ་འབྱོར་མཆོག་གིས་ཡེ་ཤེས་དྲངས། །བསྐྱེད་རྫོགས་ཟབ་མོའི་དེ་ཉིད་མངོན་གྱུར་འཆད་རྩོད་རྩོམ་པའི་ཕ་རོལ་སོན། །ཆེས་ཆེར་མཁས་ཤིང་ཤིན་ཏུ་གྲུབ་པ་རི་བོའི་ཁོངས་སུ་ཟླ་བྲལ་བ། །འཆི་མེད་གྲུབ་པའི་རྒྱལ་རྔ་བརྡུངས་པས་ཡིད་སྲུབས་དཔུང་བཅས་ཕམ་པར་ཤོག་༤ །མདོར་ན་ཡོངས་རྫོགས་བསྟན་འགྲོའི་སྐྱབས་གཅིག་སངས་རྒྱས་རིན་ཆེན་ཟ་མ་ཏོག །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་དང་བཅས་ཕྲིན་ལས་མཁའ་དང་སྙོམས་འཇུག་བཞིན། །ལུང་རྟོགས་བསྟན་དང་ཡིད་ཅན་རྒྱ་མཚོར་ཕན་བདེའི་དངོས་པོ་ཀུན་འཇོ་བས། །སྨོན་པའི་ཤིང་རྟ་རྫོགས་པར་འགེངས་པའི་དགེ་ལེགས་ཉི་མ་གསར་འཆར་ཤོག །ཤུབྷཾ།། །།

ཞབས་བརྟན་དགེ་ལེགས་རྟག་པ་དམ་པ།


JKT002_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

༈ དགེ་ལེགས་རྟག་པ་དམ་པའི་སྣང་བ་ཡིས། །ཕུན་ཚོགས་ཚེ་ཡི་ཨུཏྤལ་རྒྱས་པ་དང་། །ཡེ་ཤེས་མཆོག་གི་འབྲས་བུ་དར་མཛད་པ། །འཆི་མེད་མགོན་


JKT002_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པོས་རྟག་ཏུ་སྐྱོངས་གྱུར་ཅིག ༡ །གང་ཞིག་གཟོད་ནས་རབ་ཞིའི་བདུད་རྩི་དང་། །མི་ཕྱེད་བྱང་ཆུབ་སྙིང་པོར་རོ་གཅིག་ཀྱང་། །རྒྱལ་བའི་མྱུ་གུ་གཞོན་ནུའི་ཚུལ་འཆང་བ། །བསྐལ་པ་རྒྱ་མཚོར་འཚོ་གཞེས་བརྟན་གྱུར་ཅིག ༢ །བསོད་ནམས་བྱེ་བའི་ཆ་ཤས་ཡོངས་རྫོགས་པའི། །མཚན་དཔེ་ཟླ་བ་ནོར་བུའི་སྒེག་འཆང་བ། །སྲིད་ཞིའི་བདེ་འབྱུང་རལ་པའི་ནགས་ཀླུང་དུ། །འཆི་བ་མེད་པའི་དགེ་མཚན་༧ བརྙེས་གྱུར་ཅིག ༣ །ཚིག་ལ་སྒྲ་དང་དོན་ལ་གཏན་ཚིགས་ཀྱི། །དཔྱད་པས་གཙང་བར་བྱས་པའི་ལེགས་བཤད་ཀྱི། །སྤྲིང་ཡིག་སྲིད་པ་གསུམ་ན་རབ་སྙན་པས། །རྒྱལ་བསྟན་ཉིན་ལས་ཉིན་མོར་མཛད་གྱུར་ཅིག ༤ །རང་བཞིན་ཇི་ལྟའི་གནས་ལུགས་མངོན་གྱུར་བཞིན། །རྣམ་པ་ཇི་སྙེད་ཤེས་བྱ་ཀུན་གཟིགས་པའི། །ཐུགས་རྗེའི་འཇུག་པ་ཞིང་འདིའི་གདུལ་བྱ་ལ། །ལྷག་པར་དུས་ལས་ཡོལ་མེད་དགོངས་གྱུར་ཅིག ༥ །ཡོན་ཏན་རྒྱ་མཚོའི་དཔལ་གྱིས་འབྱོར་པ་དང་། །ཕྲིན་ལས་རྟག་ཁྱབ་ལྷུན་གྱིས་གྲུབ་པ་དང་། །དེས་ཀྱང་བསྟན་འགྲོར་ཕན་བདེའི་མཆོག་སྦྱིན་པའི། །ངོ་མཚར་ནམ་ཡང་ནུབ་པ་མེད་གྱུར་ཅིག ་༦ །མདོར་ན་རྒྱལ་བསྟན་སྤྱི་དང་སྙིང་པོའི་ལམ། །སྣང་མཛད་ཆོས་ཀྱི་ཉི་མ་གཅིག་གྱུར་ཏེ། །བསྐལ་བརྒྱར་ཞབས་བརྟན་བྱང་ཆུབ་སྤྱོད་མཆོག་གི །བཀྲ་ཤིས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཞབས་བརྟན་པདྨ་དགྱེས་པའི་རྒྱུད་མང་འཆི་མེད་གྲུབ་པའི་དབྱངས་སྙན།


JKT002_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཞབས་བརྟན་པདྨ་དགྱེས་པའི་རྒྱུད་མང་འཆི་མེད་གྲུབ་པའི་དབྱངས་སྙན་ཅེས་བྱ་བ། ཨོཾ་སྭ་སྟི། གཟོད་ནས་ཡོངས་གྲུབ་གཉུག་མའི་དེ་ཁོ་ན། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན། །མཁའ་ཁྱབ་སྐུ་དང་ཡེ་ཤེས་རྒྱ་མཚོ་དངོས། །པདྨ་བཛྲ་ངོ་བོར་འཚོ་གཞེས་གསོལ། །གཟུང་འཛིན་མཚན་མ་གཞར་ཡང་མི་གནས་པའི། །འོད་གསལ་སེམས་ཀྱི་རྡོ་རྗེའི་ཆོས་ཉིད་ནི། ་སྲིད་ཞི་ཀུན་ཏུ་སོན་པའི་གར་མཛད་པ། །བུདྨ་ཐོད་ཕྲེང་ངོ་བོར་འཚོ ཇི་ལྟར་དག་པའི་རིན་ཆེན་བེ་ཌཱུརྨ། །རྩོལ་མི་མངའ་ཡང་འདོད་དགུའི་མཆོག་སྩོལ་བཞིན། །ཡོན་ཏན་དཔག་ཡས་འགྲོ་བའི་རྗེས་སོང་བ། །མི་བསྐྱོད་རྡོ་རྗེའི་ངོ་བོར་འཚོ= ཀུན་ཏུ་འཕོ་བའི་འཇུག་ལྡང་རྒྱུ་དང་བཅས། །རྡོ་རྗེ་ནཱ་དའི་དབྱངས་སུ་འཆར་བ་ལས། །ཆོས་ཕུང་བྱེ་བ་སྙེད་ཀྱི་ཆར་འབེབས་པ། །པདྨ་དབང་ཆེན་ངོ་བོར་འཚོ༴ བདེ་ཆེན་ཡེ་ཤེས་གཅིག་པུའི་འཇོ་སྒེག་ལས། །ཞི་ཆགས་ཁྲོ་བོའི་ཉམས་འགྱུར་མི་ཟད་པས། །ཁམས་གསུམ་ཕན་བདེར་དབུགས་འབྱིན་ཕྲིན་ལས་ཅན། །ཐོད་པ་རྩལ་ཆེན་ངོ་བོར༔ བདག་ཏུ་རྨོངས་པའི་ཡུལ་ལ་ཞེན་ཆགས་པ། །རྡུལ་མུན་སྙིང་སྟོབས་དྲེགས་པའི་རྒྱུ་བ་ཀུན། །འབར་གཡོ་བརྟན་པའི་ཕྱག་རྒྱར་དབང་མཛད་པ། །མདོག་དམར་མེ་ཕྲེང་ངོ་བོར༔ རིགས་ཀུན་ཁྱབ་ཅིང་རྟག་པའི་འཕྲོ་འདུ་ལས། །སྐུ་དང་ཞིང་ཁམས་


JKT002_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ཡོངས་ཀྱི་གཏེར། །འཕགས་བཞིའི་རྣམ་ཐར་ཀུན་དང་སྙོམས་འཇུག་པ། །སངས་རྒྱས་དཔའ་བོའི་ངོ་བོར༔ ལས་རླུང་དྷུ་ཏིར་དག་པའི་རྒྱུད་མང་པོ། །རྡོ་རྗེ་རྟ་ཡི་མགྲིན་གླུར་བླངས་པའི་མོད། །མཐའ་གཉིས་ཟིལ་གྱིས་གནོན་བོའི་གཟི་འབར་བ། །རྟ་མཆོག་རོལ་པའི་ངོ་བོར་འཚོ= མདོར་ན་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །གསང་བ་མཆོག་གི་མཛོད་ལ་དབང་བསྒྱུར་བཞིན། །ནམ་ལྟ་མཁའ་ཇི་སྲིད་མཛད་པ་དེ་སྲིད་པ། །ལག་ན་རྡོ་རྗེའི་ངོ་བོར་འཚོ་གཞེས་གསོལ། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །དཔལ་ལྡན་བླ་མ་འཇམ་པའི་རྡོ་རྗེ་འཆང་། །བསྐལ་པ་རྒྱ་མཚོར་འཚོ་གཞེས་བརྟན་པ་དང་། །ཟབ་རྒྱས་ཆོས་ཀྱི་ཆར་ཆེན་འབེབས་མཛད་གསོལ། །བདག་ཅག་རྣམས་ཀྱང་དེང་ནས་བྱང་ཆུབ་བར། །ཡེ་ཤེས་གཟིགས་པས་འབྲལ་མེད་རྗེས་བཟུང་སྟེ། །འཇིག་རྟེན་འཇིག་རྟེན་ཀྲ་ཤིས་སྣང་བས་རྟག་ཏུ་ཁྱབ་གྱུར་ཅིག །ཅེས་མངོན་པར་འདོད་པའི་དོན་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་མཚོན་དང་། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པར་བསྐོར་ཞིང་བསྐོར་བར་འགྱུར་བའི་བཀའ་དྲིན་བྱང་ཆུབ་སྙིང་པོའི་བར་དུ་གཞལ་བར་སྤྲོ་པའི་མཎྜལ་རྟེན་འབྱུང་ཙམ་དུ་བཀྲ་ཤིས་པའི་ལྷ་གོས་རབ་དཀར་སྲིད་དུ་རིང་བས་ཐོག་དྲངས། འཆི་མེད་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། + བཅས་འབུལ་ལམ་ཞུ་ན་ཇི་སྐད་གསོལ་བའི་དོན་རྣམས་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།།

འཇམ་པའི་དབྱངས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་བདེན་ཚིག།


JKT002_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་དབྱངས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་བདེན་ཚིག་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་ཀརྨ་ཀའི། །ཕྲིན་ལས་སྣང་བས་ས་གསུམ་ཁྱབ་མཛད་པ། །ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོའི་གཏེར། །མཚུངས་མེད་བསྟན་པའི་ཉི་མ་ཞབས་བརྟན་གསོལ། །སྒོ་གསུམ་འདོད་དགུར་འཆར་བའི་རིག་བྱེད་དང་། །རྣམ་འགྱུར་གསོ་དང་གཅིག་ཤོས་རིང་གནས་པའི། །གཙུག་ལག་གཞུང་བརྒྱའི་བདུད་རྩིའི་ཆར་འབེབས་པ། །འཇམ་དབྱངས་ཆོས་ཀྱི་ཟླ་བ་ཞབས་བརྟན་གསོལ། །གང་ཟག་ཉིད་དུ་ལྟ་བ་རིང་སྤངས་ཤིང་། །རྡུལ་དང་སྐད་ཅིག་བཏགས་ཡོད་རྣམ་རིག་དང་། །སྟོང་པ་ཙམ་ལས་ཕ་རོལ་སོན་པའི་ཕུལ། །ངེས་དོན་དབུ་མ་སྨྲ་ཁྱོད་ཞབས་བརྟན་གསོལ། །གཞན་གནོད་གཞིར་བཅས་སྤངས་པའི་ས་བོན་ནི། །བྱང་ཆུབ་སེམས་གཉིས་བདུད་རྩིས་བསྐྱེད་བསྲིངས་པས། །ཆོས་ཀུན་བདེ་སྟོང་སྡོམ་པའི་འབྲས་འབར་བ། །རྡོར་འཛིན་བྱེ་བའི་གཙུག་རྒྱན་ཞབས་བརྟན་གསོལ། །ཚོགས་ཟུང་མོས་པས་སྤྱོད་དང་བདེན་དོན་ལ། །སྦྱོར་བའི་ངེས་འབྱེད་ཆ་མཐུན་རབ་གོམས་པས། །མཐོང་དང་སྒོམ་པའི་མཐར་སོན་མི་སློབ་པའི། །དཔག་ཡས་ཡོན་ཏན་མངོན་གྱུར་ཞབས་བརྟན་གསོལ། །ཤིན་ཏུ་ཞི་བ་འོད་གསལ་ཆོས་སྐུའི་དབྱིངས། །ཡེ་


JKT002_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྒྱུ་འཕྲུལ་དྲྭ་བའི་སྤྲིན་འཕྲོ་ཞིང་། །ཕྲིན་ལས་སྲས་བཅས་རྒྱལ་དང་མི་ཕྱེད་པའི། །རིགས་བརྒྱའི་ཁྱབ་བདག་ཆེན་པོ་ཞབས་བརྟན་གསོལ། །མདོར་ན་ཡོངས་རྫོགས་བསྟན་འགྲོའི་མགོན་གཅིག་པུར། །ཞབས་པད་རྡོ་རྗེའི་ཁམས་སུ་འཚོ་གཞེས་ཤིང་། །ཟབ་རྒྱས་ཆོས་ཀྱི་སྣང་བས་འཇིག་རྟེན་ན། །ཕན་བདེའི་པདྨོ་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་པའང་གཙུག་ལག་གཞུང་མང་འཆང་བའི་མཁས་དབང་རྡོ་རྗེ་འཛིན་པ་ཆེན་པོ་ཀརྨ་ངེས་དོན་དང་། དད་དམ་བློ་གྲོས་ཀྱི་ནོར་ཅན་དགེ་སྦྱོང་དྷརྨ་ཝནྡྷ་ནས་སྔ་ཕྱིར་ནན་ཏན་དུ་བསྐུལ་བས་མཚམས་སྦྱར་ཏེ། རང་ཉིད་ཀྱིས་ཀྱང་མི་ཕྱེད་པའི་དད་འདུན་དགེ་བ་དང་བཅས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་ཤིང་། ཤིང་མོ་ཡོས་ཀྱི་གནམ་ལོ་གསར་དུ་འཆར་བའི་ཆོ་འཕྲུལ་གྱི་ཟླ་བའི་དཀར་པོའི་ཕྱོགས་ཀྱི་དགའ་བ་དང་པོའི་ཉི་ཤར་ལ་རྩེ་གཅིག་ཏུ་གུས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

འཇམ་མགོན་སྤྲུལ་སྐུ་རྣམ་གཉིས་དང་མཆོག་གླིང་བཅས་ལ་གསོལ་འདེབས་བཻ་རོ་དངོས་སྣང་།


JKT002_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

༈ བེ་རོ་དངོས་སྣང་ཡོན་ཏན་རྒྱ་མཚོའི་གཏེར། །རྒྱལ་བས་ལུང་བསྟན་བློ་གྲོས་མཐའ་ཡས་ཞབས། །པདྨས་རྗེས་བཟུང་གར་དབང་འགྲོ་འདུལ་རྩལ། །བསྟན་གཉིས་གླིང་པའི་ཞབས་ལ་གསོལ་བ་འདེབས། །ལྷ་སྲས་རྣམ་འཕྲུལ་ཨོ་རྒྱན་རྒྱལ་ཚབ་ཆེ། །སྤྲུལ་པའི་གཏེར་ཆེན་ཡོངས་ཀྱི་འཁོར་ལོས་སྒྱུར། །གྲུབ་པ་མཆོག་གི་ཡེ་ཤེས་མངོན་དུ་གྱུར། །བདེ་ཆེན་གླིང་པའི་ཞབས་ལ་གསོལ་བ་འདེབས། །ཆོས་རྒྱལ་རྣམ་འཕྲུལ་བི་མས་བྱིན་གྱིས་བརླབས། །ཟབ་རྒྱས་བཀའ་བབས་དུ་མའི་ཤིང་རྟ་ཆེ། །འཇམ་དཔལ་


JKT002_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་དངོས་མཁྱེན་བརྩེ་ནུས་པའི་གཏེར། །མདོ་སྔགས་གླིང་པའི་ཞབས་ལ་གསོལ་བ་འདེབས། །ཞེས་པའང་འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་པའི་སྡེས་བཀའ་གནང་ཞིང་། མོས་ལྡན་དུ་མས་ཀྱང་བསྐུལ་བས་མཚམས་སྦྱར་ཏེ་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

འཇམ་མགོན་བླ་མའི་བསྟོད་པ་ཤློ་ཀ་མཚན་བཟང་གི་གྲངས་ལྡན་རྣམ་པར་སྣང་མཛད།


JKT002_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྣང་མཛད་ཆེན་པོའི་ཡེ་ཤེས་ཀྱི། །སྒྱུ་འཕྲུལ་ངག་གི་དབང་ཕྱུག་འཇིག་རྟེན་མིག །འགྱུར་མེད་བདེ་ཆེན་རྡོ་རྗེར་བྱང་ཆུབ་པ། །ཡོན་ཏན་རྒྱ་མཚོར་འཆར་ལ་གསོལ་བ་འདེབས། ༡ །མགོན་ཁྱོད་གཟོད་ནས་གཞི་ལམ་རྣམ་མཁྱེན་གྱི། །ཆོས་རྣམས་ཀུན་གྱི་དེ་ཉིད་རབ་གཟིགས་ཤིང་། །སྦྱོར་བཞིའི་རྣལ་འབྱོར་ཟབ་མོ་ལ་བརྟེན་ནས། །ཚོགས་གཉིས་ཕ་མཐར་སོན་ལ་གསོལ་བ་འདེབས། ༢ །དེ་ལས་སྤངས་རྟོགས་ཕྲིན་ལས་རྫོགས་པའི་ཟླ། །དམིགས་མེད་ཆོས་སྐུའི་མཁའ་ལ་དགྱེས་རོལ་བཞིན། །གྲངས་མེད་གདུལ་བྱའི་རྫིང་བུར་དེ་སྙེད་ཀྱི། །རྣམ་འཕྲུལ་ཅིར་ཡང་སྣང་ལ ༣ །ཁྱད་པར་བོད་ཆེན་ལྡན་གྱི་ནོར་འཛིན་གཞིར། །དཔལ་ལྡན་ཁྱུང་པོའི་རིགས་ཀྱི་དགའ་ཚལ་དུ། །བསམས་བཞིན་ཐུབ་བསྟན་ཉིན་མོར་མཛད་པའི་སླད། །མཚན་དཔེའི་དཔག་བསམ་འཁྲུངས་ལ༴ ༤ ཐོག་མ་ཉིད་ནས་རང་བཞིན་དག་པའི་ཁམས། །ལེགས་བྱས་བདུད་རྩིའི་རྒྱུན་གྱིས་བསྐྱེད་བསྲིངས་པས། །སྦྱོར་བའི་དོན་དུ་ཚད་མེད་སྙིང་རྗེ་སོགས། །རིགས་ཀྱི་མེ་ཏོག་རྒྱས་དེར་གསོལ༔


JKT002_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཁེ་རོའི་རྣམ་འཕྲུལ་བརྩོན་འགྲུས་མགོན་པོ་ཡི། །བྱང་ཆུབ་སྤྱོད་པའི་དགེ་མཚན་སད་པ་ལས། །འཇིག་རྟེན་ཕན་བདེ་སྤེལ་བའི་ལམ་གྱི་སྲོལ། །ཚུལ་བཞིན་ཁོང་དུ་ཆུད་ལ༴ ༦ སྐྱེ་བས་ཐོབ་པའི་རླབས་ཆེན་མཁྱེན་རབ་ནི། །འཇམ་པའི་དབྱངས་དང་གཉིས་སུ་མི་ཕྱེད་ཀྱང་། །ཇི་སྙེད་ཤེས་དང་ཤེས་བྱའི་ཆོས་ཀུན་ལ། །འཇུག་པའི་ཐབས་མཁས་བཟུང་དེར ༧ དེ་ཚེ་འཇམ་དཔལ་རབ་དགྱེས་ཀུན་ཤེས་པའི། །བློ་གྲོས་ལང་ཚོ་དར་བབས་ཡོངས་འཛིན་མཆོག །གཙོར་གྱུར་རིས་མེད་མཁས་གྲུབ་རྒྱ་མཚོ་ཡི། །ཞབས་པད་གུས་པས་བསྙེན་ལ༴ ༨ ཁྱད་པར་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་བདག ། རྡོ་རྗེ་འཆང་དངོས་པདྨ་དབང་ཆེན་གྱི། །སྒྲུབ་བརྒྱུད་སྙིང་པོའི་ཤིང་རྟ་མཐའ་དག་གི །ཐུགས་ཀྱི་སྲས་སུ་གྱུར་ལ༴ ༩ གང་ལས་སྒོ་གསུམ་ཉམས་འགྱུར་བེ་ཌཱུརླས། །འདོད་དགུའི་ཆར་འབེབས་བཟོ་གནས་རིག་པ་ལ། །བི་ཤྭ་ཀརྨའི་ཁེངས་པ་བསྙིལ་བྱེད་པའི། །ངོ་མཚར་སྣང་བ་རྒྱས་ལ༴ ༡༠ ལུས་དང་ནད་ཀྱི་མཚན་ཉིད་ལེགས་རྟོགས་ནས། །གསོ་བའི་ཚུལ་དང་གང་ཟག་དང་བཅས་པའི། །གཞུང་བརྒྱ་འཆད་ལ་དཔལ་ལྡན་དཔའ་བོ་ཡི། །རྗེས་སུ་ཞབས་པད་བཀོད་ལ་གསོལ༴ ༡༡ བྱིངས་དང་མིང་གི་རང་བཞིན་རྐྱེན་བདུན་དང་། །རྣམ་འགྱུར་ཟུང་གིས་བསྒྲུབས་ལས་སྒྲ་དོན་མཐའ། །ཇི་བཞིན་འཆད་ལ་ཙཱནྡྲ་


JKT002_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གོ་མཱིའི་ཞབས། །ལྗོངས་འདིར་མངོན་སུམ་སྣང་ལ་གསོལ་བ་འདེབས། ༡༢ །གནས་གསུམ་གཞལ་བྱ་ཚད་མ་རྣམ་གསུམ་གྱིས། །འཁྲུལ་མེད་གཞལ་ནས་སྒྲུབ་དང་སུན་འབྱིན་པའི། །རིག་ཚུལ་ཀུན་ལ་ཕྱོགས་ཀྱི་གླང་པོ་ཡི། །རྣམ་ཐར་ངང་གིས་བཟུང་ལ= ༡༣ ཚིག་རྒྱན་ཀུན་གྱི་ཕུལ་གྱུར་དཎྜི་སྟེ། །སྡེབ་ལེགས་སྦྱོར་བ་རིན་འབྱུང་ཞི་བའི་དངོས། །མིང་ཚིག་ཀུན་ཤེས་འཆི་མེད་སེང་གེ་ཡི། །སྤོབས་པ་མཐའ་དག་བཟུང་ལ༴ ༡༤ ཕྱི་རོལ་གཏན་འབེབས་དུས་ཀྱི་འཁོར་ལོ་དང་། །སྤོར་ཐང་དབྱངས་ཀྱི་ངེས་པ་འཆར་བའི་གཞུང་། །མ་འདྲེས་འཆད་ལ་རིགས་ལྡན་འཇམ་པའི་དབྱངས། །གཙུག་ན་ཟླ་བར་གྲགས་དེར་གསོལ༴ ༡༥ གཞན་ཡང་ཡིད་འཕྲོག་ཟློས་པའི་གར་ལ་སོགས། །བློ་གཏེར་རབ་དགའི་རིག་གཞུང་རྒྱ་མཚོ་ལ། །ཚངས་བྱུང་སྙེམས་པའི་རྣམ་དཔྱོད་མཐུ་གྲུབ་པའི། །ལང་ཚོའི་ཟླ་སྣང་གསལ་ལ་གསོལ༴ ༡༦ རྒྱ་ཆེན་ཤེས་བྱའི་མ་མོ་མངོན་པ་དང་། །གནང་བཀག་སྒྲུབ་པའི་གནས་སྟོན་འདུལ་བའི་གཞུང་། །འཆད་ལ་དབྱིག་གཉེན་ཤཱཀྱ་ཡོན་ཏན་འོད། །གངས་རིའི་ཡུལ་དུ་ཤར་ལ༴ ༡༧ རྣམ་གསུམ་གྲུབ་མཐའི་སྤོ་ནས་ཟབ་རྒྱས་དང་། །ངེས་དོན་དབུ་མར་ལྟ་བའི་སྙིང་པོའི་ལམ། །ཇི་བཞིན་གཟིགས་ལ་ཀླུ་སྒྲུབ་ཡབ་སྲས་དང་། །ཐོགས་མེད་མཁྱེན་པ་བརྙེས་ལ༴ ༡༨ ཕྱི་རོལ་བྱ་དང་ཏིང་འཛིན་མཉམ་སྤྱོད་དང་། །


JKT002_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོའི་རྣལ་འབྱོར་གཙོར་བཏོན་རྒྱུད་སྡེའི་གཞུང་། །སངས་རྒྱས་གསང་བ་ཀུན་དགའ་སྙིང་པོ་ཡི། །བཞེད་སྲོལ་འཁྲུལ་མེད་མཁྱེན་ལ༴ ༡༩ ཁྱད་པར་ནང་གི་རྣལ་འབྱོར་བླ་མེད་པའི། །རྒྱུད་སྡེ་རྒྱ་མཚོ་འཆད་དང་སྤེལ་བ་ལ། །དཔལ་ལྡན་གསང་བའི་བདག་པོ་སྒྲོལ་མགོན་ཞབས། །བསམས་བཞིན་སྲིད་པར་བཟུང་ལ༴ ༢༠ བྱེ་བྲག་བསྐྱེད་རྫོགས་སྡེ་གསུམ་ཤིང་རྟའི་སྲོལ། །སྔོན་གོམས་སྤོབས་པའི་ཕྱག་རྒྱས་འབྱེད་པ་ལ། །འགྱུར་མེད་གྲུབ་པ་མཚོ་སྐྱེས་རྡོ་རྗེའི་ཞབས། །ངུར་སྨྲིག་གར་དུ་ཟློས་ལ༴ ༢༡ དེ་ལྟར་ཕྱི་ནང་རིག་གཞུང་རྒྱ་མཚོ་ལ། །གསན་དང་བསམ་པའི་སྒྲོ་འདོགས་ལེགས་ཆོད་ནས། །མཐར་གྱིས་ཉམས་སུ་བཞེས་པའི་རྣམ་ཐར་ལ། །སྲས་བཅས་རྒྱལ་བས་བསྔགས་ལཌ ༢༢ དཔལ་ལྡན་ཀརྨའི་རིང་ལུགས་ལས་འོངས་པའི། །སོ་ཐར་གདམས་ངག་བཅས་ལ་དབང་འབྱོར་པས། །བརྟན་མཁས་ཕན་འདོགས་ཡན་ལག་ཡོངས་རྫོགས་པ། །ཡོན་ཏན་རྒྱ་མཚོའི་གཏེར་ལ ༢༣ གཞན་ལ་ཕན་དགོངས་བསླབ་གཞི་ལེགས་བཟུང་ནས། །སྡོམ་དང་ཆོས་སྡུད་སེམས་ཅན་དོན་བྱེད་པའི། །བྱང་ཆུབ་སྤྱོད་དང་སྐད་ཅིག་མི་འབྲལ་བ། །བློ་གྲོས་ཕ་མཐའ་ཡས་ལ༴ ༢༤ གསང་སྔགས་རྒྱུད་སྡེ་རྣམ་བཞིའི་སྨིན་བྱེད་ཀྱིས། །ལུས་ངག་གདུལ་ཞིང་ཐུགས་རྒྱུད་རབ་སྦྱངས་པས། །དངོས་ཀུན་ལྷ་དང་ཡེ་ཤེས་མི་


JKT002_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་པའི། །ཁྱབ་བདག་བདེ་བའི་རྡོ་རྗེར་གསོལ་བ༴ ༢༥ ཤིན་ཏུ་དབེན་ཞིང་ཉམས་དགའི་ནགས་ཚལ་དུ། །བསྐྱེད་རྫོགས་ཟབ་མོའི་དོན་ལ་མཉམ་གཞག་མཐུས། །མཆོག་ཐུན་གྲུབ་པ་རྒྱ་མཚོའི་མཐར་སོན་པས། །པདྨ་གར་གྱི་དབང་པོར་གསོལ༴ ༢༦ ཏིང་འཛིན་ཕྱག་རྒྱས་སྤོབས་པའི་གཏེར་མཛོད་གྲོལ། །རྩ་གསུམ་རྒྱ་མཚོས་བྱིན་བརླབས་གཟི་བྱིན་སྐྱེད། །རྡོ་རྗེའི་ཆོས་སྲུང་བྲན་བཞིན་ལས་སྒྲུབ་པའི། །བརྟུལ་ཞུགས་སྤྱོད་པའི་དབང་པོར ༢༧ འཆད་མཁས་ཞལ་གྱི་གྲྭ་ཟུར་གཡོ་བ་ན། །མ་ཕམ་ཞབས་དང་གཉིས་སུ་མི་ཕྱེད་པས། །གཟུར་གནས་བློ་གསལ་དོན་གཉིས་མཐའ་ཡས་པའི། །བློ་གྲོས་སྒོ་བརྒྱ་ང་གེའི་རྒྱུད་མང་བསྒྲགས་པའི་མོད། །ཕས་རྒོལ་ལག་ལྡན་མྱོས་པའི་ཚོགས་རྣམས་ཀུན། །མི་སྨྲའི་དམ་བཅའ་བྱིན་ལ་མགོན་ཁྱོད་དང་། །ཆོས་ཀྱི་གྲགས་པ་མཚུངས་ལ༴ ༢༩ ་ལྷག་པར་སོ་སྐྱེའི་བློ་ཡིས་བསྐྲུན་མིན་པའི། །རྩོམ་ཕྲེང་ནམ་མཁའ་མཛོད་ཀྱི་གཏེར་བརྡོལ་པས། །ཉམས་འགྱུར་བྱེ་བས་རབ་མཛེས་ཞི་བའི་ལྷའི། །བཟོད་པ་སླར་ཡང་སྙན་དེར་གསོལ༔ ༣༠ ལྟ་བ་མ་འཁྲུལ་སྤྱོད་པ་ཤིན་ཏུ་བཙུན། །རིག་དང་བརྩེ་དང་ནུས་པ་ཕུལ་དུ་སོན། །ཤེས་དང་ཤེས་བྱ་རོ་གཅིག་མངོན་གྱུར་ཕྱིར། །རྣམ་ཐར་མཚུངས་པ་སྤངས་ལ༔ ༣༡ མདོར་ན་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །


JKT002_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀུན་ཁྱབ་བདག་དཔལ་ལྡན་འཇམ་པའི་དབྱངས། །ཐེག་མཆོག་དགེ་བའི་བཤེས་ཀྱི་ཚུལ་བཟུང་བ། །སྐྱབས་གནས་ཀུན་འདུས་ངོ་བོར་གསོལ་བ་འདེབས། ༣༢ །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་སོགས་ཚེ་རིང་ནད་མེད་ཆོས་བཞིན་སྤྱོད། །ཡོངས་འཛིན་བཤེས་གཉེན་མཆོག་གིས་རྗེས་བཟུང་ནས། །མྱུར་དུ་བྱང་ཆུབ་གོ་འཕང་ཐོབ་པར་ཤོག །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པར། །དཔལ་ལྡན་བླ་མས་འབྲལ་བ་མེད་པ་རུ། །རྗེས་བཟུང་དབང་དང་བྱིན་རླབས་ཀུན་སྩོལ་ཞིང་། །རིམ་གཉིས་སྡོམ་པ་ཉམས་པ་མེད་པ་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་རྗེ་བླ་མ་ཉིད་ནས་གསུང་རྩོམ་འཕྲོ་ལུས་པ་རྨོངས་ཚིག་གིས་ཁ་འགེངས་བློ་ཀ་གཉིས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཞུས་སོ།།

དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཞབས་བརྟན་གསོལ་འདེབས་ཕུན་ཚོགས་གྲུབ་སྟེར།


JKT002_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཞབས་བརྟན་གསོལ་འདེབས་ཕུན་ཚོགས་གྲུབ་སྟེར་ཅེས་བྱ་བ་བཞུགས་སོ། །གདོད་ནས་རྟག་པ་དམ་པ་གཉུག་མའི་གཤིས། །གང་འདུལ་མཚན་དཔེའི་གཟུགས་སུ་མངོན་སྣང་བ། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་ཆེ། །གར་དབང་འཆི་མེད་གླིང་པ་འཚོ་གཞེས་གསོལ། །རྒྱལ་བ་ཀུན་གྱི་གསུང་གི་གསང་བ་དང་། །མི་ཕྱེད་ལུང་དང་རྟོགས་པའི་སྤྲིན་ཆེན་ལས། །ཟབ་རྒྱས་ཆོས་ཀྱི་ཆར་པ་འབེབས་མཁས་པའི། །ཨོ་རྒྱན་བསྟན་གཉིས་གླིང་པ་འཚོ་གཞེས་


JKT002_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །འགྱུར་མེད་ཡོངས་གྲུབ་ལྷན་སྐྱེས་བདེ་བ་ཆེ། །སྲིད་ཞིའི་དངོས་པོ་ཀུན་གྱི་དེ་ཁོ་ན། །མཁྱེན་བརྩེའི་ཡེ་ཤེས་ཕ་མཐའ་ཡས་པའི་ཐུགས། །རྡོ་རྗེ་གཡུང་དྲུང་གླིང་པ་འཚོ་གཞེས་གསོལ། །རྩ་གསུམ་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་དང་། །དབྱེར་མེད་དཔལ་ལྡན་བླ་མའི་ཞབས་པདྨོ། །བགྲང་ཡས་བསྐལ་བ་རྒྱ་མཚོར་འཚོ་གཞེས་ཤིང་། །ཕྲིན་ལས་འཇིག་རྟེན་ཀུན་ཏུ་རྒྱས་པར་ཤོག །ཐུན་མོང་རིག་གནས་ཁྱད་པར་བཀའ་གཏེར་གསུང་། །གྲུབ་པའི་མན་ངག་ཐུན་མིན་གསང་བ་བཅས། །མཛོད་ཆེན་རྣམ་ལྔའི་ཤིང་རྟའི་ལམ་སྲོལ་མཆོག །ཕྱོགས་དུས་ཀུན་ན་རྟག་ཏུ་ཁྱབ་གྱུར་ཅིག །ཅེས་འཇམ་མགོན་རྡོ་རྗེ་འཆང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། རིག་འཛིན་པདྨས་མཚན་གསོལ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱི་ཞབས་བརྟན་གསོལ་འདེབས་འདིའང་སྤྲུལ་པའི་སྐུ་མཁས་གྲུབ་རྒྱ་མཚོས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་བསྐུལ་བའི་ངོར། སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝའི་ཞབས་དུལ་སྤྱི་བོས་རེག་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་རྟེན་འབྱུང་ཁྱད་པར་ཅན་གྱི་སླད་དུ་དམིགས་ཏེ་མེ་ཡོས་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་འགྱུར་མེད་རྟག་བརྟན་རྡོ་རྗེ་ཐུགས་ཀྱི་གནས་མཆོག་དཔལ་སྤུངས་ཡང་ཁྲོད་དེ་ཝཱི་ཀོ་ཊ་ཙཱ་འདྲ་རིན་ཆེན་བྲག་གི་སྙིང་པོ་དཔལ་ཆེན་དགྱེས་པའི་ཕོ་བྲང་མཛོད་ལྔ་འདུས་པའི་གཞལ་མེད་ཁང་ཆེན་པོར་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག། །།

ཞབས་བརྟན་རྣམ་རྒྱལ་མའི་སྔགས་དོན་དང་འབྲེལ་བ།


JKT002_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཨོཾ་གྱི་རང་བཞིན་འགྱུར་མེད་བདེ་ཆེན་གྱི་རྡོ་རྗེ། །པདྨ་གར་དབང་ཆེན་པོའི་རྣམ་རོལ་ཏུ་ཤར་བའི། །བཀྲ་ཤིས་མཚན་དཔེའི་གཟུགས་སྐུ་བགྲང་ཡས་ཀྱི་བསྐལ་པར། །ཞབས་པད་བརྟན་པར་མཛོད་ཅིག་གཙུག་ཏོར་གྱི་ལྷ་མོ། །ཨ་མྲྀ་ཏ་ཞེས་ཚངས་བྱུང་ཆེར་སྙེམས་ཀྱི་རྒྱུད་མང་། །གྲུབ་པའི་ལང་ཚོའི་མཐུ་ཡིས་རང་དབང་དུ་མཛད་པ། །ལེགས་གསུང་བདུད་རྩིའི་ཟླ་ཟེར་དྲི་མེད་ཀྱི་གཟི་ཡིས། །ས་གསུམ་སྣང་བ་སྤེལ་ཅིག་གཙུག་ཏོར་གྱི་ལྷ་མོ། །ཨཱ་ཡུར་འཕོ་མེད་ཐིག་ལེར་གདོད་མ་ནས་གྲུབ་པའི། །བློ་གྲོས་ཕ་མཐའ་ཡས་པའི་མཁྱེན་གཉིས་ཀྱི་ཐུགས་མཆོག །གངས་ཅན་གདུལ་བྱའི་ཚོགས་ལ་དུས་གསུམ་དུ་གཟིགས་པའི། །ངོ་མཚར་རྟེན་འབྲེལ་སྒྲིགས་ཤིག༔ དཱ་དེ་ངག་ལ་དབང་བསྒྱུར་རྒྱལ་ཀུན་གྱི་ཡབ་གཅིག །ཡོན་ཏན་རྒྱ་མཚོའི་གཟུགས་ཀྱིས་སྐལ་བཟང་གི་འགྲོ་ལ། །ཕན་བདེའི་དངོས་ཀུན་སྦྱིན་མཛད་ཡིད་བཞིན་གྱི་ནོར་བུ། །རྡོ་རྗེའི་སྲོག་རྩ་སྒྲུབས་ཤིག སཱ་ཧཱ་ཕྲིན་ལས་ཀུན་ཁྱབ་ལེགས་བྲིས་ཀྱི་གཞི་མ། །སྲིད་ཞིའི་དགེ་ལེགས་དུས་སྟོན་ཡིད་འོང་དུ་ཚུགས་པས། །དཔལ་ལྡན་བསྐལ་པ་བཟང་པོའི་དུས་སྟོན་གྱི་རོལ་མོ། །བསྐལ་བརྒྱར་སྙན་པར་སྒྲོགས་ཤིག་གཙུག་ཏོར་གྱི་ལྷ་མོ། །ཤིན་ཏུ་དད་པའི་གདུང་དབྱངས་བཅོས་མིན་དུ་ཐལ་ན། །རིགས་བརྒྱའི་ཁྱབ་བདག་རྣམ་པར་སྣང་མཛད་ཀྱི་སྐུ་ཚེ། །མི་འགྱུར་རྟག་པ་དམ་པའི་དངོས་གྲུབ་ཅིག་སྩལ་ཏེ། །བསྟན་འགྲོའི་དགེ་མཚན་རྒྱས་པའི་


JKT002_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཤིག་ཞུའོ། །དེ་ལྟར་འཇམ་མགོན་རྡོ་རྗེ་འཆང་ཆེན་པོའི་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་དུ་ལྷག་པའི་ལྷ་མོ་གཙུག་ཏོར་རྣམ་རྒྱལ་མའི་ཐུགས་དམ་རྒྱུད་བསྐུལ་གྱི་གསོལ་འདེབས་འདིའང་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

གསོལ་འདེབས་ཤེས་བྱ་ཀུན་གཟིགས།


JKT002_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱ་ཀུན་གཟིགས་ཡོན་ཏན་རྒྱ་མཚོའི་གཏེར། །རྒྱལ་བས་ལུང་བསྟན་བློ་གྲོས་མཐའ་ཡས་ཏེ། །རིགས་ཀུན་ཁྱབ་བདག་པདྨ་གར་གྱི་དབང་། །འཛམ་གླིང་ཤིང་རྟ་ཆེན་པོར་གསོལ་བ་འདེབས། །ཞེས་པའང་འཁོར་ལོའི་མགོན་པོ་གང་གི་བཀའ་འབངས་ཀྱི་ཐ་ཤལ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

གསོལ་འདེབས་སྐྱབས་གནས་ཀུན་འདུས།


JKT002_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་ཀུན་འདུས་པདྨ་འབྱུང་གནས་དང་། །དབྱེར་མེད་དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །ཅེས་པའང་སྒྲུབ་བརྩོན་བླ་མ་དམ་པའི་བཞེད་སྐོང་དུ་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

མཆོག་གླིང་ཞབས་བརྟན་གསོལ་འདེབས་རྒྱུད་གསུམ་འཆི་མེད་གྲུབ་པའི་དབྱངས་སྙན།


JKT002_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པའི་ཞབས་བརྟན་གསོལ་འདེབས་རྒྱུད་གསུམ་འཆི་མེད་གྲུབ་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷི་ཀུརྦནྟ། གཞི་རྒྱུད་རྟག་པ་དམ་པའི་ཆོས་ཉིད་ནི། །བརྟན་གཡོ་སྲིད་ཞི་ཀུན་ལ་ཁྱབ་པའི་བདག །ལྷན་སྐྱེས་ནམ་མཁའི་རྡོ་རྗེ་འདུས་མ་བྱས། །འགྲོ་འདུལ་མཆོག་གྱུར་གླིང་པ་ཞབས་བརྟན་གསོལ། །ལམ་རྒྱུད་བདེན་གཉིས་དབྱེར་མེད་ལྟ་བ་དང་། །མི་ཕྱེད་ཐབས་ཀྱི་འཇུག་པ་རྨད་བྱུང་བས། །རིག་འཛིན་བྱེ་བའི་དབུས་ན་ལྷམ་མེ་བ། །ཨོ་


JKT002_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་བདེ་ཆེན་གླིང་པ༴ འབྲས་རྒྱུད་ཀུན་བརྟགས་འཁྲུལ་པ་དབྱིངས་སུ་ཐིམ། །གཞན་དབང་དག་པ་རབ་འབྱམས་ཆེན་པོར་ཤར། །ཡོངས་གྲུབ་སྐུ་དང་ཡེ་ཤེས་རྒྱ་མཚོའི་དངོས། །འཆི་མེད་ཞིག་པོ་གླིང་པ་ཞབས༔ རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་དང་། །དབྱེར་མེད་གངས་ཅན་བསྟན་འགྲོའི་མགོན་གཅིག་པུ། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །ཕྲིན་ལས་ས་གསུམ་ཀུན་ཏུ་ཁྱབ་གྱུར་ཅིག །སྣོད་བཅུད་ཐམས་ཅད་སྙིགས་མའི་གདུང་བ་ཞི། །ཆོས་མཐུན་འབྱོར་པ་རྫོགས་ལྡན་སྤྲིན་བཞིན་འཕེལ། །རིས་མེད་བསྟན་འཛིན་མཆོག་རྣམས་ཞབས་བརྟན་གསོལ། །བཤད་སྒྲུབ་བསྟན་པ་རྒྱས་་ཤིས་ཤོག །ཅེས་པའང་མཁན་ཆེན་རྡོ་རྗེ་འཛིན་པ་དཀོན་མཆོག་འོད་ཟེར་གྱི་གསུང་གིས་བསྐུལ་བ་དང་། རང་ཉིད་ཀྱང་མི་ཕྱེད་དད་པས་ཀུན་ནས་བསླངས་ཏེ། ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོས་མཚན་གསུམ་གྱིས་མངོན་པར་བསྔགས་པའི་དོན་བརྗོད་བྱར་བྱས་ཏེ། རབ་ཚེས་ས་འབྲུག་རྒྱལ་ཟླ་བའི་དཀར་ཕྱོགས་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག། །།


JKT002_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་བསྟན་འཛིན་གྱི་ཞུས་ངོར་སེམས་དོན་སྨོན་ལམ་འཁོར་འདས་ཆོས་ཀུན་མ།


JKT002_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

༈ འཁོར་འདས་ཆོས་ཀུན་རྩ་བ་རང་གི་སེམས། །སེམས་ཉིད་གདོད་ནས་སྤྲོས་བྲལ་སྟོང་པ་ཉིད། །རང་གསལ་ལྷུག་པར་སྐྱོང་བའི་ཉམས་ལེན་གྱིས། །ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་གྱུར་ཤོག །ཅེས་པའང་སྒྲུབ་བརྩོན་བླ་མ་བྱམས་པ་བསྟན་འཛིན་གྱི་ངོར་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་བའི་སྒྲ་དབྱངས་གུ་ཎས་མཛད་པ།


JKT002_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་བའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །ཇི་ལྟ་ཇི་སྙེད་ཤེས་བྱ་ཐམས་ཅད་མཁྱེན། །དམིགས་མེད་ཐུགས་རྗེས་འགྲོ་ལ་བུ་ལྟར་དགོངས། །འཁོར་བ་དོང་སྤྲུགས་ནུས་པའི་ཆོས་ཀྱི་རྒྱལ། །མཁྱེན་བརྩེའི་དབང་པོའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། །གང་འདུལ་རྣམ་རོལ་ཆོས་དབྱིངས་ཁྱབ་པ་ལས། །སྙིགས་དུས་བསྟན་འགྲོ་སྐྱོབ་པའི་དཔལ་མགོན་དུ། །བསམས་བཞིན་སྐྱེ་བ་བཞེས་ལ་གསོལ་བ་འདེབས། །མདོ་སྨད་སྡེ་བཞི་དགེ་བཅུའི་སྨན་གྱི་ལྗོངས། །ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་ཀྱི་ཆར། །རྣམ་དག་རིགས་སོགས་མཆོག་གི་གཟིགས་པ་ལྔས། །སྤྲུལ་པའི་སྐུ་རུ་བསྟན་ལ་གསོལ་བ་འདེབས། །ཡེ་ཤེས་བརྙེས་པའི་རྣམ་འདྲེན་མཆོག་རྣམས་ཀྱིས། །དམ་པའི་སྐྱེས་བུར་མགྲིན་གཅིག་ལུང་བསྟན་ཅིང་། །ཕལ་པའི་སྤྱོད་ལས་འདས་ཕྱིར་ལྷ་མི་ཀུན། །འགྲོ་བའི་མགོན་དུ་བསྔགས་ལ་གསོལ་བ་འདེབས། །དབུས་གཙང་བོད་ཆེན་ཀུན་ཏུ་ཞབས་ཀྱིས་བཅགས། །མཉེས་པ་གསུམ་གྱིས་ཡོངས་འཛིན་བརྒྱ་ལྷག་བསྟེན། །སྐྱོ་ངལ་མེད་པར་དམ་ཆོས་ཡོངས་སུ་ཚོལ། །ཐུགས་བསྐྱེད་དཔག་ཡས་ཁྱེད་ལ་གསོལ་བ་འདེབས། །ས་ཆེན་ཕུག་ཏུ་ཐུགས་དམ་མཛད་པའི་ཚེ། །ལྷག་པའི་ལྷ་ཡི་ཕྱག་རྒྱ་ཐུགས་ཀར་ཐིམ། །


JKT002_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

སྤོབས་པའི་གཏེར་ཆེན་བརྒྱད་པོ་ཡོངས་སུ་གྲོལ། །མཁྱེན་གཉིས་རྩལ་ཆེན་རྫོགས་ལ་གསོལ་བ་འདེབས། །སྒྲ་ཚད་བཟོ་གསོ་གྲངས་གནས་ཚིག་རྒྱན་སོགས། །གནས་ལྔ་རིག་པ་ཡན་ལག་དང་། །བཅས་པར། །ཕུལ་དུ་སོན་པས་གངས་ཅན་འཛིན་མའི་ཁོངས། །མཁས་པའི་སྙན་པས་ཁྱབ་ལ་གསོལ་བ་འདེབས། །འདུལ་མངོན་དབུ་མ་ཕར་ཕྱིན་གསང་སྔགས་ཀྱི། །རྒྱུད་ཀུན་གཟིགས་པ་ཙམ་གྱིས་གཏིང་སླེབ་ཅིང་། །མི་བརྗེད་གཟུངས་ཐོབ་བརྟན་པའི་འཁོར་ལོའི་ཚུལ། །མ་སྦས་གསལ་བར་སྟོན་ལ་གསོལ་བ་འདེབས། །དྲི་མེད་ཚུལ་ཁྲིམས་ནོར་བུའི་རྒྱན་ཆས་སྒེག །ཏིང་འཛིན་འཛུམ་དཀར་སྐལ་ལྡན་ཡིད་དབང་འགུགས། །ཤེས་རབ་རོལ་སྒེག་ས་གསུམ་དཔྱིད་དུ་གཡོ། །བསླབ་གསུམ་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །ཟབ་རྒྱས་གནས་ལ་ཆོས་སྤྱན་རྡུལ་དང་བྲལ། །འཆད་རྩོད་རྩོམ་པ་ཆགས་དང་ཐོགས་པ་མེད། །མཛད་སྤྱོད་ཀུན་ལ་འཁྲུལ་པའི་དྲི་མ་ཟད། །ལྷ་མི་ཡིད་ཆེས་སྐྱེད་ལ་གསོལ་བ་འདེབས། །རང་གི་ཡོན་ཏན་རྒྱ་མཚོ་གཏེར་བཞིན་སྦེད། །གཞན་གྱི་ཡོན་ཏན་ཕྲ་མོར་བསྔགས་ཤིང་འདུད། །བསྟན་འགྲོའི་དོན་དུ་གཅེས་རྒུའི་བདོག་པ་ཡང་། །རྩྭ་བཞིན་གཏོང་བར་མཛད་ལ་གསོལ་བ་འདེབས། །གཟུངས་དང་ཏིང་འཛིན་མངོན་ཤེས་རྒྱ་མཚོ་མངའ། །འཇིག་རྟེན་གསུམ་གྱིས་མཆོད་འོས་ཉིད་གྱུར་


JKT002_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ཁེངས་དྲེགས་མི་མངའ་དམ་ཆོས་ཚིག་གཅིག་ཕྱིར། །དཀའ་ཆེན་དང་དུ་བཞེས་ལ་གསོལ་བ་འདེབས། །ལྟར་སྣང་ཆོས་ལ་བསྙད་པའི་འཛིན་སྐྱོང་སོགས། །འཇིག་རྟེན་བྱ་གཞག་གང་ལའང་ལྟོས་མེད་པས། །འཇིགས་མེད་སེང་གེ་ལྟ་བུར་ཀུན་བཟང་སྤྱོད། །ས་སྟེང་འགྲན་ཟླ་བྲལ་ལ་གསོལ་བ་འདེབས། །སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་རིང་ལུགས་ཀྱི། །གཞུང་གདམས་མན་ངག་ཆུ་ཀླུང་མ་ལུས་པར། །ཐུགས་མཚོར་བསྐྱིལ་ནས་སྨིན་གྲོལ་རྒྱུན་འབེབས་པས། །བསྟན་པའི་སྲོག་རྩ་མཐུད་ལ་གསོལ་བ་འདེབས། །ཐུབ་བསྟན་ཡོངས་སུ་རྫོགས་པའི་ཤིང་རྟ་ཆེ། །གདུལ་བྱ་རིས་སུ་མ་ཆད་འདུལ་བའི་གཉེན། །ཕྱོགས་སུ་མ་ལྷུང་གྲུབ་མཐའ་མཐའ་དག་གི །གཙུག་གི་ནོར་བུར་གྱུར་ལ་གསོལ་བ་འདེབས། །ཕྲིན་ལས་ཐམས་ཅད་གཞན་ཕན་འབའ་ཞིག་སྒྲུབ། །འབྲེལ་ཚད་དོན་ལྡན་ངོ་མཚར་ལྟས་མང་མངའ། །བསོད་ཀཾ ནམས་ཚོགས་ཆེན་བསམ་མི་ཁྱབ་པ་བསྐྲུན། །ས་བཅུའི་དབང་ཕྱུག་ཁྱེད་ལ་གསོལ་བ་འདེབས། །ཨོ་རྒྱན་ཡབ་ཡུམ་དྲི་མེད་བཤེས་གཉེན་ཞབས། །ཆོས་རྒྱལ་མེས་དབོན་ཆོས་དབང་ཀུན་མཁྱེན་སོགས། །དགུ་ལྡན་བརྒྱུད་པའི་བླ་མ་ཡི་དམ་ལྷས། །བྱིན་རླབས་དངོས་གྲུབ་སྩལ་ལ་གསོལ་བ་འདེབས། །བརྩེ་བ་ཆེན་པོ་ཁུ་དབོན་བརྒྱུད་བཅས་ཀྱིས། །དབང་བསྐུར་རྒྱུད་གཏད་གཞན་ཡང་འཕགས་བོད་ཀྱི། །མཁས་


JKT002_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དུ་མས་དངོས་ཉམས་རྨི་ལམ་དུ། །ཡང་ཡང་རྗེས་སུ་བཟུང་ལ་གསོལ་བ་འདེབས། །ཁྱད་པར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། །མདོ་རྒྱུད་གསང་མཛོད་སྩལ་ནས་ཡེ་ཤེས་སྐུར། །བྱིན་གྱིས་བརླབས་པས་ཉིད་དང་དབྱེར་མེད་པའི། །མཁྱེན་རྟོགས་རྫོགས་པར་སད་ལ་གསོལ་བ་འདེབས། །འདུས་པའི་དལ་དུ་ཞུགས་ཚེ་སོ་སྟོན་མཆོག །ཡེ་དབང་མཐུ་ཡིས་སྙིགས་མའི་ཕུང་ཁམས་སྦྱངས། །རྡོ་རྗེ་སེམས་དཔའི་གསང་བ་གསུམ་དུ་གྱུར། །རིགས་ཀུན་ཁྱབ་བདག་མཆོག་ལ་གསོལ་བ་འདེབས། །རྒྱལ་ཡུམ་རྡོ་རྗེ་བཙུན་མོས་རྗེས་སུ་བཟུང་། །སྣང་སྲིད་དག་པ་རབ་འབྱམས་འཁོར་ལོར་ཤར། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་གསལ་བར་གཟིགས། །གྲུབ་པའི་ཁྱུ་མཆོག་ཁྱེད་ལ་གསོལ་བ་འདེབས། །ཕྱི་ནང་གནས་གསུམ་མཁའ་འགྲོའི་འདུ་བ་ཐོབ། །འབར་བ་གསུམ་གྱི་ཡེ་ཤེས་གོང་དུ་འཕེལ། །སྤྱོད་པ་གསུམ་གྱི་རྟེན་འབྲེལ་མཐར་ཕྱིན་པའི། །རྣལ་འབྱོར་དབང་ཕྱུག་ཆེན་པོར་གསོལ་བ་འདེབས། །སྐྱེས་རབས་དུ་མའི་ལས་ཀྱི་འཕྲོ་སད་དེ། །མདོ་རྒྱུད་བཀའ་ལུང་དཀོན་པའི་པུསྟ་ཀཿ རྟེན་མཆོག་དམ་རྫས་ཆུ་ཀླུང་བྱེ་བ་སྙེད། །རྣམ་ཐར་རྒྱ་མཚོར་བསྐྱིལ་ལ་གསོལ་བ་འདེབས། །བརྒྱུད་པ་དྲུག་ལྡན་ས་དང་དགོངས་པའི་གཏེར། །དག་སྣང་སྙན་བརྒྱུད་རྗེས་དྲན་ཡང་གཏེར་བཅས། །བཀའ་བབས་རིན་ཆེན་རྣམ་


JKT002_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་རྒྱལ་སྲིད་བསྙེས། །ཆོས་ཀྱི་འཁོར་ལོས་སྒྱུར་ལ་གསོལ་བ་འདེབས། །རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་མནན། །མ་འབད་པར་ཡང་ཕྲིན་ལས་རྣམ་བཞི་འགྲུབ། །ཌཱ་ཀི་ཆོས་སྲུང་མཐུ་ལྡན་དྲེགས་པ་ཡིས། །ཅི་བཅོལ་བཀའ་བཞིན་སྒྲུབ་ལ་གསོལ་བ་འདེབས། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་གྲངས་མེད་པས། །སྐལ་ལྡན་བྱེ་སྙེད་སྨིན་ཅིང་གྲོལ་བར་མཛད། །བསམ་གྱིས་མི་ཁྱབ་འཕགས་པའི་རྣམ་ཐར་འཆང་། །ཐུགས་རྗེའི་བདག་ཉིད་ཁྱེད་ལ་གསོལ་བ་འདེབས། །ཚེ་དཔག་མེད་བཞིན་ངོ་མཚར་ཞིང་བཟུང་སྟེ། །སྤྱན་རས་གཟིགས་བཞིན་འགྲོ་དོན་མཁའ་དང་མཉམ། །ཆོས་ཆེན་དབྱངས་ཀྱིས་ལྷར་བཅས་སྐྱེ་རྒུ་རྣམས། །རྣམ་གྲོལ་ས་ལ་དབུགས་དབྱུང་སྩལ་དུ་གསོལ། །ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཀུན་མཁྱེན་བླ་མ་རིན་པོ་ཆེའི་རྣམ་ཐར་རྒྱ་མཚོ་ཆེན་པོ་ལས་དད་གུས་སྐྲ་རྩེས་བླངས་པའི་ཐིགས་པ་འདི་ཉིད་རྨོངས་རྟུལ་བློ་གྲོས་མཐའ་ཡས་ཀྱིས་མཉམ་མེད་ཤངས་པ་བཀའ་བརྒྱུད་ཀྱི་རྣམ་ཐར་གསོལ་འདེབས་ཨུ་དུམྦྷ་རའི་ཕྲེང་བར་བསྟར་བ་ལས་མོས་ལྡན་དུ་མའི་བཞེད་ངོར་ཁོལ་དུ་ཕྱུངས་པ་དགེ་ལེགས་འཕེལ།། །།

རྗེ་བླ་མ་ལ་གསོལ་འདེབས་བློ་གསལ་བསྟན་སྐྱོང་གིས་མཛད་པ་ཕུན་ཚོགས་པདྨ་རཱ་ག


JKT002_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི། ཕུན་ཚོགས་པདྨ་རཱ་གའི་ལྷུན་པོ་ལ། །ཉི་གཞོན་བྱེ་བས་འཁྱུད་པའི་གཟི་འོད་ཅན། །མཚན་ཙམ་ལྷུང་བས་ཉི་བུའི་དབྱུག་པ་ཡང་། །ཕྱེ་མར་འཐག་མཛད་ཚེ་ཡི་མགོན་པོས་སྲུངས། །འཇམ་དབྱངས་སྒྱུ་འཕྲུལ་དྲྭ་བ་ལས་འཐོན་པའི། །མཁྱེན་བརྩེའི་འོད་ཟེར་ཡངས་


JKT002_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དཀྲིགས་པ་ཡིས། །སྙིགས་དུས་བསྟན་པའི་པདྨོ་ཕྱོགས་བརྒྱ་རུ། །བཞད་བྱེད་སྨྲ་བའི་དབང་པོ་ཞབས་བརྟན་ཤོག །ཡིད་བཞིན་འཁོར་ལོ་རྣམ་པར་རྒྱལ་མ་སོགས། །མི་འགྱུར་ཚེ་ཡི་དངོས་གྲུབ་སྟེར་བའི་ལྷས། །བདུད་རྩིའི་བུམ་པས་མགོན་ཁྱོད་བསྐལ་བརྒྱའི་བར། །རྡོ་རྗེའི་ཆོས་བདུན་རྫོགས་པར་དབང་བསྐུར་ཅིག །ཕྱག་དྲུག་གུར་ཞལ་འདོད་ཁམས་དབང་མོ་སོགས། །དམ་ལྡན་མཐུ་སྟོབས་ཡེ་ཤེས་སྤྱན་བཀྲ་བ། །དཔལ་ལྡན་སྲུང་མའི་ཚོགས་ཀྱིས་དུས་ཀུན་ཏུ། །གང་གི་གསང་གསུམ་ཕྲིན་ལས་སྤེལ་སྲུང་མཛོད། །ཅེས་པ་འདིའང་རྗེ་བླ་མ་འདི་ཉིད་མདོ་ཁམས་སུ་ཆིབས་བསྐྱོད་པའི་ཚེ། བཙུན་པ་བློ་གསལ་རི་ཁྲོད་པས་གསོལ་བ་བཏབ་པ་སརྦ་དཱ་མངྒ་ལཾ།། །།

ཨེ་ཝཾ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ནས་རྗེ་བླ་མར་གསོལ་བ་འདེབས་པ་གཟོད་ནས་སྤྲོས་བྲལ།


JKT002_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཨོཾ་སྭསྟི། །གཟོད་ནས་སྤྲོས་པའི་ཕ་རོལ་ལས་བརྒལ་ཏེ། །རྣམ་འདྲེན་ཞི་བ་དམ་པའི་སྐུ་བརྙེས་ཀྱང་། །སླར་ལ་སུམ་ལྡན་མཆོག་གི་སྐུར་བཞེངས་པ། །བསྐལ་པ་རྒྱ་མཚོའི་བར་དུ་འཚོ་གཞེས་གསོལ། །འགྲོ་འོང་སྲོག་དང་རྩོལ་བའི་རྒྱུ་བ་དག །ཁ་སྦྱོར་དབུ་མའི་དབྱིངས་སུ་བསྡམས་པ་ལས། །ལུང་རྟོགས་ཆོས་ཀྱི་འབྱུང་གནས་གཅིག་པུ་པ། །གསུང་གི་རྡོ་རྗེ་རྟག་པར་འཚོ་གཞེས་གསོལ། །མཐའ་བཞི་བྲལ་བ་ངེས་དོན་དབུ་མའི་ལམ། །ཇི་བཞིན་གཟིགས་པའི་ཤེས་རབ་རྨད་བྱུང་བ། །འགྱུར་མེད་བདེ་བ་ཆེན་པོ་དང་འགྲོགས་ནས། །འཆི་མེད་རྟག་པའི་ངོ་བོར་འཚོ་གཞེས་གསོལ། །གང་ན་སྤངས་


JKT002_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཡོན་ཏན་ནོར་བུའི་ཚོགས། །མི་ཟད་ནམ་མཁའི་མཛོད་ལ་དབང་བསྒྱུར་བའི། །གྲགས་སྙན་འོད་ཀྱིས་ས་གསུམ་ཁྱབ་བཞིན་དུ། །བསྐལ་པ་རྒྱ་མཚོའི་བར་དུ་འཚོ་གཞེས་གསོལ། །གཞན་ཕྱིར་ཞི་རྒྱས་དབང་དྲག་དང་འབྲེལ་བའི། །རྨད་བྱུང་ཕྲིན་ལས་ཉིན་མོར་བྱེད་པའི་གཟིས། །ཕན་བདེའི་པད་ཚལ་རྒྱས་པར་མཛད་བཞིན་དུ། །ཚེ་མཐའ་ཡས་པའི་ངོ་བོར་རྟག་བཞུགས་གསོལ། །མདོར་ན་ཡོངས་རྫོགས་བསྟན་པའི་རྒྱལ་ཐབས་ལ། །དབང་བསྒྱུར་བསྟན་འདིར་སྟོན་པ་གཉིས་པ་ཁྱོད། །འཚོ་གཞེས་བདུད་རྩིའི་སྤྲིན་ཕུང་དཀྲིགས་པ་ལས། །འཆད་རྩོད་རྩོམ་པའི་གྲུ་ཆར་དབབ་ཏུ་གསོལ། །བདག་ཀྱང་དེང་ནས་བྱང་ཆུབ་མ་ཐོབ་བར། །མགོན་པོ་ཁྱོད་ཀྱི་རྗེས་སུ་རབ་ཞུགས་ནས། །ནམ་ཞིག་བྱང་ཆུབ་བརྙེས་པའི་ཚུལ་བསྟན་ཚེ། །འདུས་པ་དང་པོའི་འཁོར་དུ་སྨིན་གྱུར་ཅིག །འཆི་མེད་མགོན་པོ་ཚེ་མཐའ་ཡས་པ་དང་།. །འཆི་མེད་བདུད་རྩིའི་རབ་དགྱེས་རྣམ་རྒྱལ་མ། །འཆི་མེད་ཡིད་བཞིན་འཁོར་ལོར་བཅས་པ་ཡིས། །འཆི་མེད་ཤིས་པའི་མེ་ཏོག་བསྙིལ་གྱུར་ཅིག །ཅེས་ཁ་ཙམ་མིན་པར་སྙིང་ནས་གསོལ་བ་འདེབས་པའི་གཏམ་གྱི་རྒྱུད་མང་དལ་གྱིས་བསྒྲེང་བ་ཇི་ལྟར་འདོད་པའི་དོན་ཐམས་ཅད་འབད་མེད་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཤུ་བྷ་མསྟུ་སརྦ་ཛཱ་ག་ཏཱཾ།། །།ཞེས་ངོར་ཨེ་ཝཾ་པའི་མཁན་ཆེན་ཐམས་ཅད་མཁྱེན་གཟིགས་བྲང་ཏི་བ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་སྩལ་བའོ།།

ཀུན་མཁྱེན་བླ་མ་ཞབས་པད་བརྟན་པའི་གསོལ་འདེབས་རབ་བརྟན་རྡོ་རྗེ་གུ་ཎས་མཛད་པ།


JKT002_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་བླ་མ་ཞབས་པད་བརྟན་པའི་གསོལ་འདེབས་རབ་བརྟན་རྡོ་རྗེ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། ཚེ་འོད་དཔག་མེད་རྣམ་པར་རྒྱལ་མ་དང་། །ཡིད་བཞིན་འཁོར་ལོའི་བྱིན་རླབས་བདུད་རྩིའི་རྒྱུན། །དཔལ་ལྡན་བླ་མའི་གསང་གསུམ་གཞོམ་མེད་དུ། །རྟག་བརྟན་འཆི་མེད་གྲུབ་པའི་བཅུད་དུ་སྩོལ། །སྲས་བཅས་རྒྱལ་བའི་ཡེ་ཤེས་སྒྱུ་འཕྲུལ་གར། །སྙིགས་དུས་འགྲོ་ལ་བརྩེ་བས་རྗེས་ཆགས་ཏེ། །སུམ་ལྡན་རྡོ་རྗེ་འཛིན་པའི་སྐུར་སྣང་བ། །ཀུན་མཁྱེན་བླ་མའི་ཞབས་ལ་གསོལ་བ་འདེབས། །རིང་ནས་འགྲོ་ཕྱིར་དམ་བཅའི་གོ་བགོས་ཏེ། །བསོད་ནམས་རྒྱ་ཆེན་སྨོན་ལམ་དྲི་མེད་འབྲས། །མངོན་དུ་གྱུར་ན་ཇི་སྲིད་འཁོར་བ་ལ། །དེ་སྲིད་ཁ་ལོ་བསྒྱུར་བ་བཞུགས་སུ་གསོལ། །ནམ་མཁའི་རང་བཞིན་འཇམ་པའི་རྡོ་རྗེ་དང་། །སྙོམས་ཞུགས་དབྱངས་ཅན་དྲི་མེད་ཟླ་བའི་མདངས། །གཟུགས་སུ་ཤར་བ་མཁྱེན་བརྩེའི་སྣང་བྱེད་ཀྱིས། །མུན་སེལ་སྨྲ་བའི་དབང་པོ་བཞུགས་སུ་གསོལ། །འགྱུར་བཅས་འཁོར་དང་འདས་པའི་ཆོས་ཇི་སྙེད། །འགྱུར་མེད་དོན་དམ་བདེན་པས་བྱིན་བརླབས་ཏེ། །རིས་བྲལ་བསྟན་པའི་སྒྲོན་མེ་སྦར་བའི་ཕྱིར། །མི་ཡི་སེང་གེ་བསྐལ་བརྒྱར་བཞུགས་སུ་གསོལ། །ཚུལ་ཁྲིམས་དྲི་མ་མེད་པའི་གཟི་བརྗིད་དང་། །སེམས་ཀྱི་མངོན་རྟོགས་ལང་ཚོ་ཡོངས་


JKT002_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིང་། །ཏིང་འཛིན་མི་གཡོ་བརྗོད་པས་ས་གསུམ་ན། །ཆོས་ཀྱི་རྒྱལ་པོ་རྟག་པར་བཞུགས་སུ་གསོལ། །ཀུན་བརྟག་རྣམ་ཤེས་རྒྱལ་ཁམས་ལས་བརྒལ་ཏེ། །གཞན་དབང་འཕོ་བའི་བགྲོད་པ་བཀག་པ་ལས། །ཡེ་ཤེས་པྲ་སེ་ན་ཡི་གསལ་སྣང་ཅན། །ཡོངས་གྲུབ་འགྱུར་མེད་ཆེན་པོར་བཞུགས་སུ་གསོལ། །སྐྱེ་བས་ཐོབ་པའི་རྣམ་དཔྱོད་ཡངས་པ་ལས། །མདོ་སྔགས་ཀུན་ལ་མཛོད་ཀྱི་བདག་པོ་བཞིན། །དྲང་ངེས་མཐའ་དྲུག་ཚུལ་བཞིའི་ལྕགས་འབྱེད་དེ། །འཆད་པ་དབྱིག་གི་ཆར་འབེབས་འཚོ་གཞེས་གསོལ། །སྤོབས་པའི་ཆུ་གཏེར་ཁོང་ནས་འཕྱུར་བ་ལས། །ལུང་དང་རིག་པའི་རྒྱལ་རྔ་འབུམ་བརྡུང་བས། །སྨྲ་ངན་སྟོང་གི་སྤོབས་པ་གཅིག་ཅར་དུ། །འཕྲོག་མཛད་རྩོད་པའི་ཁྱུ་མཆོག་འཚོ་གཞེས་གསོལ། །ཚིག་གཅིག་ལ་ཡང་དོན་མང་གསང་བ་སྡུད། །དོན་གཅིག་ངག་གི་གར་སྟབས་བརྒྱ་བསྒྱུར་བས། །སྔོན་མེད་ལེགས་བཤད་གསར་བའི་འཛུམ་རླབས་ཅན། །ཐོགས་མེད་རྩོམ་པའི་མགྲིན་ལྡན་འཚོ་གཞེས་གསོལ། །གདུལ་བྱ་རིགས་ཅན་གསུམ་གྱི་ཞིང་ས་ལ། །སྐལ་པར་འཚམས་པའི་ཟབ་རྒྱས་ཆོས་ཀྱི་ཆར། །རྒྱུན་ཆད་མེད་པར་ཐུགས་རྗེས་དབབ་ནས་ཀྱང་། །རྣམ་གྲོལ་མྱུ་གུའི་ཕྲེང་བ་བསྐྲུན་དུ་གསོལ། །ཁྱད་པར་ཕྱིར་མི་ལྡོག་པའི་འཁོར་ལོས་གཏམས། །སེང་གེའི་སྒྲ་ཡིས་ཝ་སྐྱེས་ཟིལ་མནན་ཅིང་། །ཟབ་གསང་རྡོ་རྗེ་ཐེག་


JKT002_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདུད་རྩི་ཡིས། །ཁམས་དྲུག་ལྡན་ཀུན་སྲོག་འཚོ་མཛད་དུ་གསོལ། །དཀོན་མཆོག་རྩ་གསུམ་བསླུ་མེད་བདེན་མཐུ་དང་། །དོན་དམ་རྟག་བརྟན་འགྱུར་བ་མེད་པའི་མཐུས། །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང་། །མཛད་པའི་སྣང་བྱེད་མཁའ་མཐར་བརྡལ་གྱུར་ཅིག །ཅེས་པའང་ལུང་རྟོགས་ཀྱི་བདག་ཉིད་རྗེ་དབོན་འཆི་མེད་མཆོག་གི་སྤྲུལ་པའི་སྐུའི་བཀའ་དང་། བློ་གསལ་ཚེ་དབང་ཆོས་འཕེལ་ནས་ཀྱང་བསྐུལ་ངོར་ཡོན་ཏན་རྒྱ་མཚོས་གསོལ་བ་བཏབ་སྟེ་བྲིས་པ་ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་པར་གྱུར་ཅིག། །

ངག་དབང་ལེགས་གྲུབ་ནས་ཞབས་བརྟན་ཕུལ་བ་མཚན་བཟང་སྣང་བ།


JKT002_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་མཱི་སདྨ་རོཀྵད་ཡོ་པདྨ་ཤ་ཏ་ཀལླེ་ཥྛ་ཏིཥྛནྟུ། མཚན་བཟང་སྣང་བ་རབ་འབར་འཇམ་དབྱངས་སྐུ། །ཆོས་ཀུན་འདོམས་ལ་འཇམ་དབྱངས་གསུང་ཇི་བཞིན། །ཡེ་ཤེས་མཆོག་བརྙེས་འཇམ་དབྱངས་ཐུགས་ལ་འགྲན། །རྡོ་རྗེ་གསུམ་བདག་བླ་མ་བརྟན་བཞུགས་གསོལ། །རྒྱལ་ཀུན་མཁྱེན་བརྩེའི་ཆུ་གཏེར་ཆེ་ལས་འཁྲུངས། །ཕུལ་བྱུང་མཁྱེན་བརྩེའི་ཆ་ཤས་རབ་རྫོགས་ཤིང་། །མཁྱེན་བརྩེའི་ཀུན་ཕན་འཕྲོ་བ་སྐལ་བཟང་གི །ཀུ་མུད་གཉེན་གཅིག་སྲིད་མཐར་བརྟན་བཞུགས་གསོལ། །གདུལ་བྱའི་ཁམས་དང་དབང་པོར་ཉེར་འཚམས་པའི། །ཆོས་ཚུལ་རྒྱལ་བའི་དབང་པོའི་དགོངས་པ་བཞིན། །སྟོན་མཛད་མཁས་པའི་དབང་པོར་རབ་གྲགས་པ། །ཐུབ་བསྟན་རིང་པོར་འཚོ་ཕྱིར་བརྟན་བཞུགས་གསོལ། །སྐུ་དང་ཡེ་ཤེས་དཔལ་འབྱོར་ལྷུན་གྱིས་གྲུབ། །བསམ་


JKT002_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་མཁྱེན་བརྩེ་ནུས་པའི་དཔལ་ཡོན་ཅན། །སྲིད་ཞིའི་དཔལ་ཀུན་སྐད་ཅིག་གིས་སྩོལ་བ། །ཡིད་བཞིན་འཁོར་ལོའི་ངོ་བོར་བརྟན་བཞུགས་གསོལ། །སྨོན་ལམ་བཟང་པོས་མདོ་སྔགས་བསྟན་པ་འཛིན། །ཐུགས་བསྐྱེད་དག་པས་འགྲོ་བའི་ཕན་བདེ་སྤེལ། །ཕྲིན་ལས་རྒྱ་མཚོས་སྐལ་ལྡན་སྨིན་གྲོལ་མཛད། །མཚོ་སྐྱེས་རྡོ་རྗེའི་ངོ་བོར་བརྟན་བཞུགས་གསོལ། །ཀ་དག་འདུས་མ་བྱས་པའི་འོད་གསལ་དང་། །ལྷུན་གྲུབ་བདེ་ཆེན་རང་སྣང་མ་འགག་པ། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བ་ཀུན་བཟང་དང་། །བདེ་ལྡན་མགོན་པོའི་ངོ་བོར་བརྟན་བཞུགས་གསོལ། །སྲིད་པར་བརྟན་བཞུགས་དབྱངས་ཀྱི་ཏམྦུ་ར། །ཟོལ་མེད་དད་པའི་སོར་རྩེས་བསྐུལ་བའི་དགེས། །བླ་མའི་ཞབས་བརྟན་རང་རྒྱུད་གྲོལ་བ་སོགས། །སྨོན་ཚད་འགྲུབ་པའི་དགེ་མཚན་འབར་གྱུར་ཅིག །ཅེས་རྗེ་བཙུན་འཇམ་པའི་དབྱངས་མཆོག་གི་སྤྲུལ་སྐུའི་རྣམ་པར་རོལ་པ་གང་གི་ཞབས་བརྟན་གསོལ་འདེབས་ཚིགས་སུ་བཅད་པ་རྒྱལ་སྲིད་རིན་པོ་ཆེའི་གྲངས་ལྡན་འདིའང་། སྐྱབས་མཆོག་དེ་ཉིད་ཀྱི་ཞབས་འབྲིང་བ་སྡོམ་བརྩོན་ཚུལ་ཁྲིམས་རྒྱ་མཚོས་རྟེན་དང་བཅས་ཏེ་བསྐུལ་བའི་ངོར་རྒྱལ་ཁམས་པ་ངག་དབང་ལེགས་གྲུབ་ཀྱིས་འཕྲལ་དུ་བྲིས་པའོ།།

རྗེ་བཙུན་བརྟན་པའི་འཁོར་ལོ་དང་བླ་མ་དམ་པ་དབྱེར་མེད་དུ་ཤེས་པའི་སྒོ་ནས་གསོལ་བ་འདེབས་པ་དད་གསུམ་སར་སྒྲོག་མྱོས་པའི་གྲེ་འགྱུར།


JKT002_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བརྟན་པའི་འཁོར་ལོ་དང་བླ་མ་དམ་པ་དབྱེར་མེད་དུ་ཤེས་པའི་སྒོ་ནས་གསོལ་བ་འདེབས་པ་དད་གསུམ་སར་སྒྲོག་མྱོས་པའི་གྲེ་འགྱུར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤྲཱི་ར་ཙཀྲ་ཡ། སྐྱབས་གསུམ་ཐུགས་རྗེའི་གདུགས་དཀར་འཁོར་བའི་ཁོང་། །


JKT002_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སོགས་འགྲོ་ཀུན་གཏན་གྱི་གནས་འཆའ་ཞིང་། །བདེ་དང་ཕན་པའི་ཟིལ་མངར་མཆོག་ཐོབ་ཕྱིར། །བྱང་ཆུབ་སྤྱོད་པའི་ཆུ་གཏེར་བསྒྲུབ་པར་བགྱི། །ཀུན་གསལ་དཀྱིལ་འཁོར་ཡངས་པར་དད་གསུམ་གྱི། །རང་གཟུགས་སེང་ཁྲི་པད་ཟླ་བརྩེགས་པའི་སྟེང་། །བཀའ་དྲིན་མཉམ་མེད་ཀུན་མཁྱེན་ཆོས་ཀྱི་རྗེ། །རྣམ་པ་རྗེ་བཙུན་བརྟན་པའི་འཁོར་ལོའི་སྐུ། །མཚན་བཟང་དཀྱིལ་འཁོར་ལྷམ་མེ་ལྷན་ནེ་བ། །ལྷང་ངེར་སྣང་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ། །འཁོར་ལོ་སྔགས་དང་བཅས་ལས་འོད་འཕྲོས་པས། །མཆོད་འོས་མ་ལུས་སྤྱན་དྲངས་དབྱེར་མེད་གྱུར། །རྒྱལ་ཀུན་ཡེ་ཤེས་སྤྱི་གཟུགས་འཇམ་པའི་དབྱངས། །མཁྱེན་བརྩེའི་ཆ་ཤས་རབ་རྫོགས་མཁས་པའི་དབང་། །བློ་གསལ་རྒྱུ་སྐར་ཕྲེང་པའི་བདག་པོ་རུ། །རྣམ་པར་ཟློས་པའི་ཞབས་ལ་གུས་ཕྱག་འཚལ། །རང་ལུས་ལོངས་སྤྱོད་དུས་གསུམ་ལེགས་བསགས་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་བསམ་གྱིན་སྟོབ། །བཅས་རང་ཁ་ན་མ་ཐོའི་རྙོག་མ་ཀུན། །སྟོབས་བཞིའི་ཀེ་ཏ་ཀ་ཡིས་འབད་དེ་བསྲུང་། །འཕགས་བཞི་སོ་སྐྱེའི་བསོད་ནམས་པདྨོའི་ཚལ། །རྗེས་སུ་ཡི་རང་ཉི་གཞོན་འོད་ཀྱིས་འབྱེད། །མ་རྣམས་དཀྲི་པའི་གཡར་དམ་ཆེས་བརླིང་བས། །བསྐུལ་མི་འཚལ་ཡང་ཚངས་པའི་རྗེས་སུ་བཟླས། །ཞི་དབྱིངས་བསྔགས་པ་སྲིད་ན་སྙན་མོད་ཀྱང་། །བརྟན་པར་བཞུགས་


JKT002_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་རྩུབ་མོའང་འགོག་མི་རུང་། །ཟབ་དང་རྒྱ་ཆེའི་ཚོགས་བསགས་ལྕགས་ཀྱི་ཁམས། །ཡོངས་བསྔོའི་རྩི་ཡིས་ས་ཟླའི་ཕུང་པོར་བསྒྱུར། །བདག་གཞན་དགེ་དང་འབྱོར་པ་རྒྱུར་བྱས་པའི། །རི་གླིང་ཆུ་གཏེར་བཅས་པའི་འཇིག་རྟེན་ཁམས། །ལྷ་མིའི་འབྱོར་པས་བཀང་བའི་མཎྜལ་དབུལ། །བདག་གིར་མཛད་དེ་བྱིན་གྱིས་བརླབ་ཏུ་གསོལ། །མགོན་དེས་གནས་གསུམ་ཡི་གེ་ལས་འཕྲོས་པའི། །འོད་ཟེར་འབྲུ་གསུམ་ཕྲེང་བ་རང་སྒྲར་བཅས། །རང་གི་གནས་གསུམ་ལ་ཐིམ་སྒྲིབ་ཀུན་དག །དབང་དང་དངོས་གྲུབ་གཅིག་ཅར་ཐོབ་པར་གྱུར། །སྐུ་འཇམ་འགྲོ་བློའི་དཔལ་གྱུར་གཞོན་ནུའི་ཚུལ། །གསུང་འཇམ་རྣ་བའི་བདུད་རྩི་ཚངས་པའི་དབྱངས། །ཐུགས་འཇམ་འདྲེན་པའི་ཡེ་ཤེས་རྡོ་རྗེ་དངོས། །ཕྲིན་ལས་རྒྱུན་ཆགས་བརྟན་པའི་འཁོར་ལོས་སྐྱོངས། །མདོ་རྒྱུད་རྒྱ་མཚོ་མཐའ་དྲུག་ཚུལ་བཞི་ཡིས། །འཆད་པའི་སྤོབས་པ་ཐོགས་མེད་དེང་འདིར་སྩོལ། །རིག་གཞུང་རྒྱ་མཚོ་ཆེ་ལ་གནས་བཅས་ཏེ། །ཕས་རྒོལ་འཇོམས་པའི་བློ་གྲོས་དེང= བློ་གསལ་རྒྱ་མཚོའི་ཡིད་དབང་འཕྲོག་ནུས་པའི། །སྡེབ་ལེགས་རྩོམ་པའི་རྣམ་དཔྱོད་དེང་འགྲོ་བ་རྒྱ་མཚོའི་གཟུང་འཛིན་རྟོག་པའི་མུན། །སེལ་བྱེད་ཡེ་ཤེས་སྣང་བ་དེང་ཟ རྒྱལ་བ་རྒྱ་མཚོ་དགྱེས་པར་བསྐྱེད་ནུས་པའི། །གཞན་ཕན་ལྷག་བསམ་འོད་དཀར་དེང་༴ རྒྱལ་སྲས་རྒྱ་མཚོའི་རྣམ་ཐར་ལ་


JKT002_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

འཁུ་བའི། །རླབས་ཆེན་བྱང་ཆུབ་སྤྱོད་པ་དེང་ཟ གྲུབ་རིགས་རྒྱ་མཚོས་བསྔགས་ཤིང་ཉེར་བསྟེན་པའི། །རིམ་གཉིས་ཏིང་འཛིན་བདུད་རྩི་དེང་འདིར་སྩོལ། །ལུས་ཅན་རྒྱ་མཚོའི་རྟེན་དང་དཔལ་འོས་པའི། །ས་དང་ལམ་གྱི་ཡོན་ཏན་རིམ་གྱིས་སྩོལ། །སྐུ་དང་ཡེ་ཤེས་རྒྱ་མཚོ་ལྷུན་གྲུབ་པའི། །རྡོ་རྗེ་འཛིན་སར་བགྲོད་པར་བྱིན་གྱིས་རློབས། །གཞན་ཡང་ཇི་ལྟར་ཤེས་ཤིང་ལྕོགས་པའི་གསོལ་འདེབས་དང་། །ཐུན་མཚམས་སུ་ཞབས་ཏོག་ལ་བརྩོན་པ་ཙམ་གྱིས་དོན་ཆེན་པོ་འགྲུབ་པ་ཐེག་ཆེན་སྤྱི་སྦས་ཀྱི་དགོངས་པ་གཞན་དང་མ་འདྲེས་པའོ། །ཚུལ་འདིས་ནི་ཡན་ལག་དང་པོའི་ཕྱག་འཚལ་བའི་ཚིགས་བཅད་བསྒྱུར་བ་ཙམ་གྱིས་རང་གི་བླ་མ་གཞན་ལ་གསོལ་བ་འདེབས་པའི་ཚུལ་ཡང་འཐུས་སོ། །ཞེས་པ་འདིའང་ཚུལ་ཁྲིམས་རྒྱ་མཚོ་སོགས་ཀྱི་འདོན་བྱར་ངག་དབང་ལེགས་གྲུབ་ཀྱིས་བྲིས་པའོ།།

ཡེ་ཤེས་ཀྱི་སྐུ་ཅན་སུམ་ལྡན་བླ་མ་དོན་སླད་མཚན་སྨོས་ན་འཇིགས་མེད་མཁྱེན་བརྩེའི་ཟློས་གར་རིན་པོ་ཆེ་ལ་ཞབས་བརྟན་འབུལ་བ།


JKT002_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་སྐུ་ཅན་སུམ་ལྡན་བླ་མ་དོན་སླད་མཚན་སྨོས་ན་འཇིགས་མེད་མཁྱེན་བརྩེའི་ཟློས་གར་རིན་པོ་ཆེ་ལ་ཞབས་བརྟན་འབུལ་བ་ནི། ཨེ་མ་ཧོ། དུས་གསུམ་རྒྱལ་བའི་མཁྱེན་བརྩེ་གཅིག་བསྡུས་པ། །རྒྱལ་ཀུན་དབང་ཕྱུག་ཨོ་རྒྱན་རིན་པོ་ཆེ། །དབྱེར་མེད་དྲིན་ཅན་རྩ་བའི་བླ་མ་མཆོག །སྐུ་ཚེ་མི་འགྱུར་རྡོ་རྗེ་ལྟར་བརྟན་ཤོག །བླ་མའི་སྐུ་ནི་མཚན་དང་དཔེ་བྱད་ལྡན། །བསླབ་པ་གསུམ་གྱི་རྒྱན་གྱིས་རྣམ་པར་མཛེས། །མཐོང་ཐོས་དྲན་རེག་ཐར་པའི་ཞིང་དུ་བཀོད། །ཁྱོད་སྐུ་ཉིན་བྱེད་འབུམ་ལྟར་ཞབས་བརྟན་ཤོག །བླ་མའི་གསུང་ནི་ཡན་ལག་དྲུག་ཅུར་ལྡན། །སྡེ་སྣོད་བཅུ་


JKT002_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བདུད་རྩིའི་རྒྱུན་ལྟར་འབེབས། །སྐལ་བཟང་དད་པའི་རྒྱ་མཚོར་བསྐྱིལ་མཛད་པ། །བྱིན་རླབས་ཐུགས་རྗེའི་གཏེར་མཛོད་ཞབས་བརྟན་ཤོག །བླ་མའི་ཐུགས་ནི་སྤངས་རྟོགས་ཡོན་ཏན་ལྡན། །ཡེ་ཤེས་ལྔ་ལྡན་རྡོ་རྗེ་འཆང་དང་མཉམ། །བསྟན་འགྲོ་ཀུན་གྱི་མངའ་བདག་རིན་པོ་ཆེ། །མི་འགྱུར་མི་ཤིགས་གཡུང་དྲུང་ཚེ་ཐོབ་ཤོག །བླ་མའི་ཡོན་ཏན་ཕྱི་ཡི་རྒྱ་མཚོ་འདྲ། །མ་ཟད་མི་ཟད་གོང་ནས་གོང་དུ་འཕེལ། །འདོད་དགུའི་འབྱུང་གནས་ཡིད་བཞིན་ནོར་བུ་ཁྱེད། །ངེས་པ་ལྔ་ལྡན་སྐུ་ལྟར་བརྟན་པར་བཞུགས། །བླ་མའི་ཕྲིན་ལས་ནམ་མཁའི་མཐའ་བཞིན་རྒྱས། །མཛད་པ་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ། །བསྟན་པའི་བདག་པོ་འགྲོ་བ་ཡོངས་ཀྱི་མགོན། །ཚེ་མཐའ་ཡས་པའི་སྐུ་བཞིན་བཞུགས་པར་ཤོག །ཆོས་དབྱིངས་འདུས་མ་བྱས་པའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་མེད་བདེན་ཚིག་ཟབ་མོ་དང་། །བདག་གིས་སྒོ་གསུམ་གུས་པས་གསོལ་བཏབ་མཐུས། །མཚུངས་མེད་དྲིན་ཅན་བླ་མ་ཞབས་བརྟན་ཤོག །ཅེས་པའང་དམ་པ་གང་གི་སློབ་འབངས་སུ་གྱུར་པ་འགྱུར་མེད་བསྟན་འཕེལ་བཟང་པོས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །།

དབུས་ཕེབས་སྐབས་ཕུལ་བ་བདག་གི་སྐྱབས་གཅིག


JKT002_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷུ བདག་གི་སྐྱབས་གཅིག་འཁོར་ལོའི་མགོན། །བཀའ་དྲིན་སུམ་ལྡན་བླ་མ་མཆོག །གཅིག་ཆོག་རྒྱལ་པོ་རིན་པོ་ཆེ། །འཇིགས་མེད་མཁྱེན་བརྩེའི་ཟློས་གར་ཁྱེད། །སྐུ་ན་ཤིན་ཏུ་ཕྲ་


JKT002_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཀྱང་། །འཇིག་རྟེན་ཕལ་པའི་ཚུལ་ལས་འདས། །ཆོས་ཀྱི་ཚུལ་ཙམ་འཛིན་པ་ལའང་། །གུས་པས་ཕྱག་གིས་བཏུད་པར་མཛད། །དག་པ་རབ་འབྱམས་དེ་ལས་ཅི། །སྔོན་དུས་རྒྱལ་བ་ཀརྨ་པས། །ཚོགས་པའི་གྲལ་གདན་ཞབས་སུ་ནི། །དབུ་གཏུགས་ཟེར་བ་བདག་གིས་ཐོས། །དེ་ཀ་དམ་པ་ཆེན་པོའི་ཕུལ། །སྙམ་ནས་སྙིང་ལ་དད་པ་འཕེལ། །གཞན་དུ་ཉམས་རྟོགས་ཁོང་ནས་བརྡོལ། །ཤེས་རབ་གསུམ་གྱི་ཡོན་ཏན་རྒྱས། །མ་བསྒོམས་དབུ་མའི་རྩ་མདུད་གྲོལ། །རྡོ་རྗེའི་མགུར་གླུ་ཐོགས་པ་མེད། །སྡོམ་པ་གསུམ་དང་རྒྱུད་སྡེ་བཞི། །རིམ་དགུའི་ཐེག་པའི་དགོངས་དོན་ཀུན། །གཅིག་ཅར་རྟོགས་པའི་སྤོབས་པ་ཐོབ། །ཁྱད་པར་སྙིང་ཐིག་བསྟན་པའི་ཉི། །འོད་ཟེར་འབུམ་གྱིས་འཁྱུད་པ་བཞིན། །བསྟན་འགྲོའི་བསོད་ནམས་ལས་འཁྲུངས་པ། །ཨེ་མ་རྫོགས་ལྡན་བསྐལ་པ་ཤར། །ཚོམ་བུ་འབུམ་གྱི་ཚོགས་དང་བཅས། །མངོན་སུམ་ཉིད་དུ་འཚང་རྒྱ་འཐོབ། །ཁྱེད་ནི་བསྟན་འགྲོའི་མགོན་ཡིན་ཕྱིར། །སྙིང་པོའི་བསྟན་པ་སྤེལ་དགོས་པས། །རིག་གནས་སློབ་སྦྱོང་ག་ལ་རིགས། །འདུ་འཛི་སྤངས་ལ་དབེན་ས་བསྟེན། །ལས་ཅན་མཚོ་ལ་ངང་པ་བཞིན། །མ་བསྡུས་ན་ཡང་སྤྲིན་བཞིན་འདུ། །འབྲེལ་ཚད་དོན་དང་ལྡན་པ་འབྱུང་། །དགའ་རབ་འཇམ་དཔལ་ཤྲཱི་སེང་། །པད་འབྱུང་བི་མ་ཀློང་ཆེན་དང་། །རིག་འཛིན་འཇིགས་


JKT002_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གླིང་པ་ཡི། །དགོངས་པ་རྒྱ་མཚོའི་གཏེར་མཛོད་ཀུན། །དུས་གསུམ་སངས་རྒྱས་བཀའ་བགྲོས་ནས། །འབྱེད་པའི་ལྡེའུ་མིག་ཁྱེད་ལ་གནང་། །དེ་ལ་ཐུགས་ཀྱིས་ལེགས་དགོངས་ནས། །འགྲོ་དོན་ལྷུན་གྲུབ་མཛོད་ཅིག་གུ །མཐའ་ཡི་མཁས་བཙུན་ཐམས་ཅད་ཀུན། །དབུས་སུ་བྱོན་ནས་བསྟན་པ་སྤེལ། །སྲོང་བཙན་བཀའ་ལས་བྱུང་བ་བཞིན། །ནམ་མཁའ་ལྟ་བུའི་འཕགས་ཆེན་རྣམས། །མ་ལུས་ཀུན་གྱི་འབྱུང་གནས་ཡིན། །རྒྱལ་བའི་དབང་པོ་ཙོང་ཁ་པས། །བསྟན་པ་རིན་ཆེན་སྤེལ་བ་བཞིན། །ཁྱེད་ཀྱང་ཉི་མ་དབུས་སུ་བྱོན། །ཀུན་མཁྱེན་ཆེན་པོའི་མཛད་པ་བཞིན། །དེང་འདིར་ཁྱེད་ཀྱིས་གྲུབ་པར་མཛོད། །སྐུ་ཚེ་ཕྲིན་ལས་འཕེལ་རྒྱས་འོང་། །བཀྲ་ཤིས་ཉི་མ་དགུང་ནས་ཤར། །ཁྱེད་འདྲའི་སྐྱེས་བུ་ས་སྟེང་དཀོན། །བདག་ཀྱང་དེང་ནས་བྱང་ཆུབ་བར། །མི་འབྲལ་སྤྱི་གཙུག་ཁྱེད་ཞབས་བསྟེན། །མཉེས་པ་གསུམ་གྱིས་ཞབས་ཏོག་སྒྲུབ། །ཡེ་ཤེས་སྐུ་ཅན་བླ་མ་མཆོག །བདག་གི་སྙིང་གི་དཀྱིལ་དུ་ཞུགས། །ཁམས་གསུམ་འཁོར་བ་དོང་སྤྲུགས་ནས། །ཕྱམ་གཅིག་གདོད་མའི་སར་འགོད་ཤོག །ཇི་སྙེད་འཁོར་བའི་སེམས་ཅན་ཀུན། །དེ་སྲིད་སངས་རྒྱས་མ་ཐོབ་བར། །བླ་མའི་འགྲོ་དོན་མི་རྫོགས་པས། །བདག་ཀྱང་ཞབས་ཕྱིར་འབྲེངས་ནས་ཀྱང་། །མཉེས་པའི་ཞབས་ཏོག་བསྒྲུབ་པར་ཤོག །དེ་སྐད་ཞུ་མཆིད་པད་དཀར་ཕྲེང་། །གང་ཤར་


JKT002_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་བསྒྱུར་མེད་པ་རུ། །བསྟན་གཉིས་ཞེ་ཆེན་དར་རྒྱས་གླིང་དགོན་ནས། །མཚམས་པ་རྒན་པོ་གྱི་ན་བ། །འགྱུར་མེད་བསྟན་འཕེལ་བཟའ་པོའམ། །མིང་གཞན་གར་དབང་དགྱེས་པ་ཡི། །རྡོ་རྗེ་ཞེས་པས་གུས་པ་ཡིས། །ཞབས་པད་གཙུག་ཏུ་བཀོད་དེ་ཕུལ། །དོན་འདི་ཇི་བཞིན་འགྲུབ་པ་རུ། །དཀོན་མཆོག་བླ་མས་བྱིན་གྱིས་རློབས། །དགེའོ།། །།

རྗེ་ཉིད་ཀྱི་གསོལ་ཨདེབས་འཇམ་དབྱངས་སོགས།


JKT002_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

༈ འཇམ་པའི་དབྱངས་སོགས་སྲས་བཅས་རྒྱལ་ཀུན་གྱི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་བསྡུས་པ། །མཁས་གྲུབ་དབང་པོ་དཔལ་ལྡན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་སྐུར་བཞེངས་རྣམས། །བར་ཆད་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ། །རྡོ་རྗེ་གསུམ་གྱི་ངོ་བོར་འཚོ་གཞེས་ནས། །བསྟན་འགྲོའི་དོན་ཆེན་བསྒྲུབ་པར་མཛད་དུ་གསོལ། །ཅེས་གསོལ་འདེབས་ཤློ་ཀ་གཅིག་ཞལ་གསུངས་ལ་མྱུར་འབྱོན་མཇུག་མཐུད་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ། །།

རྫོགས་ཆེན་མཁན་པད་རྡོར་ལ་ཞབས་བརྟེན་ཕུལ་བ་འཆི་མེད་རྟག་པ།


JKT002_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། འཆི་མེད་རྟག་པའི་དྷཱ་ཏིའི་པདྨ་རུ། །འཕོ་ཆགས་རྩ་ཡི་མདུད་པ་ཞིག་གྱུར་པས། །བརྟན་གཡོ་ཀུན་ལ་ཁྱབ་པའི་གར་མཛད་པ། །མི་ཕྱེད་རྡོ་རྗེའི་སྐུ་རུ་འཚོ་གཞེས་གསོལ། །གཞོམ་བྲལ་ནཱ་དའི་པདྨས་སྐྱེད་སྡུད་ཀྱི། །འགྲོ་འོང་རླུང་སྦྱོར་མཐའ་དག་དབང་བྱས་པས། །སྲིད་ཞིའི་སྒྲ་སྙན་ཅིར་ཡང་ལེན་མཛད་པ། །འགག་མེད་རྡོ་རྗེའི་གསུང་དུ་འཚོ་གཞེས་གསོལ། །འོད་


JKT002_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་རྒྱུན་གྱིས་མི་གཡོ་པདྨའི་སྒྲུབས། །འབབས་འཛེག་ཐིག་ལེའི་རྒྱུ་བ་དྭངས་པའི་མོད། །འཁོར་འདས་ཀུན་ལ་མངའ་བསྒྱུར་གདོད་མའི་མགོན། །མཁའ་ཁྱབ་རྡོ་རྗེའི་ཐུགས་སུ་འཚོ་གཞེས་གསོལ། །ཅེས་གསོལ་བ་འདེབས་རྟེན་ལྷ་རེག་དང་། ཚེ་རྫས། མྱོང་གྲོལ་བདུད་རྩིའི་ཕུར་མ། x བཅས་ཚེས་༢༡དགེ་བར་བྱ་བཏང་རྒན་པོས་གུས་ཕུལ་སིདྡྷི་རསྟུ།། །།རྫོགས་མཁན་པད་རྡོར་ལའོ།། །།རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་མཁྱེན་པའི་གཏེར། །འཇམ་དཔལ་བཤེས་གཉེན་ཆོས་རྒྱལ་ཁྲི་སྲོང་ཞབས། །གང་དེའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །རྣམ་འཕྲུལ་དུ་མར་སྣང་ལ་གསོལ་བ་འདེབས། །འཇའ་ལུས་འཆི་མེད་སྐུ་བརྙེས་བཱི་མ་ལ། །རྗེ་བཙུན་གྲགས་པ་རས་ཆུང་རྡོ་རྗེ་གྲགས། །ནགས་ཀྱི་རིན་ཆེན་བཙོན་འགྲུས་བཟང་པོ་སོགས། །ངོ་མཚར་སྤྲུལ་པའི་ཕྲེང་བར་གསོལ་བ་འདེབས། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། །མཁྱེན་བརྩེའི་དབང་ཕྱུག་ནམ་མཁའི་མཚན་ཅན་སོགས། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ཡིས། །རིས་མེད་བསྟན་པ་སྤེལ་ལ་གསོལ་བ་འདེབས། །དེང་འདིར་མཁས་གྲུབ་དམ་པའི་རིགས་སུ་འཁྲུངས། །མཁྱེན་རབ་མཐའ་ཡས་ངེས་འབྱུང་བྱང་སེམས་འབྱོངས། །ཚུལ་ཁྲིམས་དག་ཅིང་གསན་བསམ་སྒོམ་གསུམ་རྫོགས། །ཀུན་གྱི་དམ་པར་བསྔགས་ལ་གསོལ་བ་འདེབས། །བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་། །འཁོར་ལོ་གསུམ་གྱི་ཕྲིན་


JKT002_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྨད་དུ་བྱུང་། །འཇམ་པའི་དབྱངས་དངོས་མཁྱེན་བརྩེའི་དབང་པོ་ཡི། །རྣམ་ཐར་དྲན་བཞིན་སྙིང་ནས་གསོལ་བ་འདེབས། །གསང་གསུམ་མི་ཤིགས་རྡོ་རྗེའི་ཆོས་སུ་བརྟན། །ཟབ་རྒྱས་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར། །ཕན་བདེའི་ལེགས་མཛད་ནམ་མཁའི་མཐའ་ཁྱབ་པས། །བསྟན་འགྲོའི་དགེ་མཚན་རྒྱས་པར་མཛད་དུ་གསོལ། །ནམ་ཞིག་མགོན་ཁྱོད་བྱང་ཆུབ་ཤིང་དྲུང་དུ། །མངོན་པར་རྫོགས་སངས་༣༥ རྒྱས་པའི་ཚུལ་བསྟན་ཚེ། །བདག་སོགས་འཁོར་གྱི་ཐོག་མར་སྐྱེས་ནས་ཀྱང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་རང་ངོས་ནས་ད་ལྟ་བའི་སྤྱོད་བུ་མངོན་གྱུར་ཕལ་ཆེར་ཀྱང་བརྗེད་ངེས་ཀྱི་དྲན་པའི་མཐུ་ཆུང་ན་ལྐོག་གྱུར་གྱི་སྐྱེ་ཕྲེང་ཤེས་པའི་རེ་བ་མ་མཆིས་མོད། ཟབ་གཏེར་གྱི་ལུང་དང་དམ་པ་རྣམས་ཀྱི་རྗེས་སུ་གནང་བ་བཞིན་བླ་མ་དགེ་བའི་བཤེས་གཉེན་ཀུན་དགའ་རྒྱ་མཚོས་ནན་དུ་བསྐུལ་བ་ལྟར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱིས་ལྷ་བསམ་དག་པའི་སེམས་ཀྱིས་སྨྲས་པ་དགེ་ལེགས་སུ་གྱུར་ཅིག། །། མངྒལཾ།། །།དགེའོ།།


JKT002_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

རྗེ་བཙུན་བླ་མ་དམ་པའི་ཞལ་ལུང་རྣམས་བསྐྱུད་བྱང་ཟིན་བྲིས་སུ་བཏབ་པ་བློ་གསལ་དགའ་བའི་རྣ་རྒྱན།


JKT002_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་དམ་པའི་ཞལ་ལུང་རྣམས་བསྐྱུད་བྱང་ཟིན་བྲིས་སུ་བཏབ་པ་བློ་གསལ་དགའ་བའི་རྣ་རྒྱན་ཅེས་བྱ་བ་བཞུགས་སོ། །


JKT002_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བི་བྷུ་བཛྲ་དྷ་ར་མཉྫགྷོ་ཥཱནནྡ་མ་ཏཱི་སཱ་ར་ཛ་ན་ཧ་པ་མྱ་ཤརྡ་སྭ་རཱ་ཡ། ཐོག་མར་ཉན་ཐོས་ཀྱི་ཐེག་པའི་སྐབས་སུ། བདེན་བཞི་རྣམ་པ་བཅུ་དྲུག་གི་དོན་མཚོན་ཙམ་སྤྲོ་ན། དང་པོ་ལ། སྡུག་བསྔལ་བདེན་པའི་ངོ་བོ། ཕུང་པོ་ལྔ་སྡུག་བསྔལ་གསུམ་དང་ལྡན་པས་ལུས་ངག་ཡིད་གསུམ་ཀར་མི་བདེ་བ་ཡིན། ངེས་ཚིག་དུ་ཁསཏུཾ་ངན་པར་འགྲོ་བ་བདེན་པ་ཞེས་པའོ། །དབྱེ་ན། དབྱེ་གཞི་རང་དང་བཅས་བཞི་ལས། དང་པོ་སྡུག་བསྔལ་ལ་གསུམ་ནི། ཟག་བཅས་ཀྱི་འདུ་བྱེད་ལ་ཡིད་དུ་འོང་བ་རྣམས་ནི་འགྱུར་བའི་སྡུག་བསྔལ་མི་ལ་ཡོད་དེ། ཚེ་སྟོད་སྨད་དུ་བདེ་སྐྱིད་འགྱུར་བས་མཚོན། སྐྱེ་བའི་སྡུག་བསྔལ་འཇུར་མིག་ནས་དྲངས་པ་ལྟ་བུ། རྒ་བ་ཤིང་སྡོང་གོག་པ་ལྟ་བུ།


JKT002_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ན་བ་དུག་འཐུང་བ་ལྟ་བུ། འཆི་བ་མུན་ནང་དུ་འགྲོ་བ་ལྟ་བུ། དགྲ་དང་འཕྲད་དོགས་པ་བྱིའུ་ཁྲས་དེད་པ་ལྟ་བུ། གཉེན་བྱམས་པ་དང་འབྲལ་དོགས་པ་བུ་གཅིག་པུ་ཤིར་ཉེ་བ་ལྟ་བུ། ཡོད་པ་འཚོ་སྐྱོང་མི་ཐུབ་པ་རྒན་མོས་ཕྱུགས་ཚོལ་བ་ལྟ་བུ། མེད་པ་བཙལ་གྱིས་མི་རྙེད་པ་ཡི་དྭགས་ཟས་སྐོམ་ཚོལ་བ་ལྟ་བུ་སྟེ་སྡུག་བསྔལ་བརྒྱད་དང་། དེ་བཞིན་ལྷ་ལ་འཕོ་ལྟུང་གིས་མཚོན། སྡུག་བསྔལ་གྱི་སྡུག་བསྔལ་ཡིད་དུ་མི་འོང་བ་རྣམས་ཏེ། མཛེ་ཐོག་ཏུ་ཕོལ་མིག་བྱུང་བའམ། བྱོལ་སོང་རྣམས་ལ་གླེན་ལྐུགས་ཀྱི་སྟེང་དུ། ཁལ་འགེལ། ཞོ་བཞོ། སྤུ་བཏོག །ཤ་ཁྲག་གི་ཆེད་དུ་གསོད་པས་མཚོན། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཀུན་ལ་ཡོད། ཟས་གོས་ལ་སོགས་ཀྱིས་མནར་བས་


JKT002_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན། གཉིས་པ་མི་རྟག་པ་ལ་ཕྱི་ནང་གཉིས། ཕྱི་ལ་ཡང་གཉིས་ཏེ། རིང་བ་དུར་ཁྲོད་དུ་མི་སོགས་ཤི་བའི་རུས་པ་མཐོང་བ། ཉེ་བ་སེམས་ཅན་ད་ལྟ་ཤི་བ་མཐོང་ཐོས་སོ། །ནང་ལ་འཆི་ངེས་གསུམ་སྟེ། ཟླ་སྐྱེས་ཚད་མཐར་འཆི་བར་ངེས། འདུས་བྱས་མི་རྟག་པར་ངེས། ཚེ་སྐད་ཅིག་མི་རྟག་པར་ངེས་སོ། །ནམ་འཆི་ཆ་མེད་གསུམ་སྟེ། འཆི་བའི་རྐྱེན་མང་བ། ལུས་ལ་སྙིང་པོ་མེད་པ། ཚེ་ལ་ལོང་མེད་པ། འཆི་བ་ལ་ཅིས་ཀྱང་མི་བསྟོངས་པ་གསུམ་སྟེ། མཛའ་བཤེས་གཉེན་འདུན་གྱིས་མི་བསྟོངས། ཟས་ནོར་ལོངས་སྤྱོད་ཀྱིས་མི་བསྟོངས། རང་གི་ལུས་ཀྱིས་མི་བསྟོངས་པ་རྣམས་སོ། །གསུམ་པ་སྟོང་པ་ནི། དེ་ཀུན་རང་བཞིན་མེད་པའི་དོན་བསམ་ཞིང་དཔྱད་པ། བཞི་པ་བདག་མེད་པ་ནི་གང་ཟག་གི་བདག་མེད་པར་མཐོང་བའོ། །གཉིས་པ་ཀུན་འབྱུང་བདེན་པའི་ངོ་བོ་ནི། སྡུག་བསྔལ་དེ་ཀུན་འབྱུང་བའི་གཞི་དུག་གསུམ་སོགས་ཡིན། ངེས་ཚིག །ས་མུ་ཡ་ད་སྟེ། ལས་དང་ཉོན་མོངས་པའི་མཚན་ཉིད་དེ་དག་ལས་སྡུག་བསྔལ་བ་དེ་ཀུན་འབྱུང་བ་ལ་བྱ། དབྱེ་ན་དབྱེ་གཞི་རང་དང་བཅས་བཞི་ལས། དང་པོ་ནི། ཀུན་འབྱུང་ཞེས་པ། རྒྱུ་དུག་གསུམ་ལ་བརྟེན་ནས་འབྲས་བུ་རིགས་དྲུག་གི་སྡུག་བསྔལ་འབྱུང་བའོ། །གཉིས་པ་ལ། འདོད་ཡོན་ལྔའི་རྒྱུ་དང་། དེ་ལ་ཆགས་པའི་ཉེས་དམིགས་གཉིས། འདུན་པ། ཆགས་པ།


JKT002_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བརྐམ་པ་གསུམ་མོ། །ཉེས་དམིགས་ནི། གཟུགས་ལ་ཆགས་པས་ཕྱེ་མ་ལེབ་ལྟ་བུ། སྒྲ་ལཆགས་པས་རི་དྭགས་ལྟ་བུ། དྲི་ལ་ཆགས་པས་བུང་བ་ལྟ་བུ། རོ་ལ་ཆགས་པས་ཉ་ལྟ་བུ། རེག་བྱ་ལ་ཆགས་པས་གླང་པོ་ཆེ་ལྟ་བུའོ། །གསུམ་པ་རྐྱེན་ལ། འདས་མ་འོངས་ད་ལྟར་དུས་གསུམ་གྱིས་ཕྱེ། བཞི་པ་སྐྱེ་བ་ལ། རྒྱུ་རྣམ་རྟོག་སྐྱེ། འབྲས་བུ་ངན་སོང་སྐྱེ་བ་དང་གཉིས་སོ། །གསུམ་པ་འགོག་པའི་བདེན་པའི་ངོ་བོ་ནི། ཉོན་མོངས་རགས་པ་ཐམས་ཅད་ཞི་བའི་སྟོང་པའོ། །ངེས་ཚིག་ནི་རོ་དྷ་ངེས་འགོག་སྟེ། ཉོན་མོངས་པ་ཐམས་ཅད་ངེས་པར་འགོག་པའི་ཕྱིར་རོ། །དབྱེ་ན། དབྱེ་གཞི་རང་དང་བཅས་བཞི་ལས། དང་པོ་འགོག་པ་ཞེས་པ། སྡུག་བསྔལ་དང་བཅས་པ་འགོག་པས་འགོག་པ་སྟེ། རྒྱུ་ཉོན་མོངས་པ་འགོག་པས་ན་འགོག་པ། རྐྱེན་རྣམ་རྟོག་འབྲང་བ་དེ་འགོག་པས་ན་འགོག་པ། འབྲས་བུ་སྡུག་བསྔལ་འགོག་པས་ན་འགོག་པ། རྣམ་རྟོག་གི་རྒྱུན་ཐམས་ཅད་འགོག་པས་ན་འགོག་པ་སྟེ། ཉན་ཐོས་རྣམས་འགོག་པ་ལ་སྙོམས་པར་ཞུགས་ནས་བྱམས་པའི་བསྟན་པ་ལ་ལྡང་བར་འདོད་པའོ། །གཉིས་པ་ཞི་བ་ལ་ལྔ་སྟེ། ཉོན་མོངས་ཀྱི་མེ་ཞི་བ་ནི་མྱང་འདས་གྱི་ས་ན་དུག་གསུམ་མེད་པ་སྟེ་དུག་གསུམ་རྩད་ནས་སྤོང་པའི་ཕྱིར་རོ། །ཉེས་དམིགས་ཀྱི་མེ་ཞི་བ་ནི་མྱང་འདས་ཀྱི་ས་ན་འཁོར་བའི་སྡུག་བསྔལ་ཐམས་ཅད་


JKT002_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་སྟེ་འཁོར་བར་གནས་པའི་ཉེས་པ་ཐམས་ཅད་ཞི་བའོ། །ལོངས་སྤྱོད་ཀྱི་མེ་ཞི་བ་ནི། མྱང་འདས་ཀྱི་ས་ན་འདུ་བྱེད་ཀྱི་སྡུག་བསྔལ་མེད་དེ་ཟས་སྐོམ་གྱི་སྡུག་བསྔལ་མེད་པའོ། །སྤྱོད་ལམ་གྱི་མེ་ཞི་བ་ནི་འགྲོ་ཉལ་འདུག་པ་ཐམས་ཅད་ལ་མི་བདེ་བ་མེད་པའོ། །ཚོར་བའི་མེ་ཞི་བ་ནི། ཁམས་གསུམ་མཐའ་དག་ཚོར་བ་གསུམ་ལས་མ་འདས་པས། ཚོར་བ་བདེ་བ་ཐམས་ཅད་འགྱུར་བའི་སྡུག་བསྔལ། སྡུག་བསྔལ་མྱོང་བ་ཐམས་ཅད་སྡུག་བསྔལ་གྱི་སྡུག་བསྔལ། ཚོར་བ་མྱོང་བ་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །དེས་ན་མྱང་འདས་ལ་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་མེད་པའོ། །གསུམ་པ་གྱ་ནོམ་པ་ལ་གསུམ། ཉོན་མོངས་ཀྱི་ཐ་བ་གྱ་ནོམ་པ་ནི། ཉོན་མོངས་པའི་ཐ་བ་ཞི་གནས་ཀྱིས་མ་བརླན། ཤེས་རབ་ཀྱི་ཐོང་གཤོལ་གྱིས་མ་རློག་པ་དེ་ལ་འཇིག་རྟེན་ལས་འདས་པའི་མྱུ་གུ་ཐམས་ཅད་མི་སྐྱེའོ། །ངན་སོང་གི་ཐ་བ་གྱ་ནོམ་པ་ནི། ངན་སོང་གི་ཐ་བ་འཕགས་པའི་ལམ་གྱིས་མ་བརླན་ན། མཐོ་རིས་ཐར་པའི་གོ་འཕང་མི་འབྱུང་ངོ་། །སྡུག་བསྔལ་གྱི་ཐ་བ་གྱ་ནོམ་པ་ནི། སྡུག་བསྔལ་གྱི་ཐ་བ་བདེ་བས་མ་བརྙན་ན་འཕགས་པའི་ལམ་མི་འབྱུང་བས། བདེ་བས་བརླན་དགོས། རྐྱེན་ཐམས་ཅད་དང་བྲལ་བས་གྱ་ནོམ་པ་སྟེ་ལེགས་པ་ཞེས་བྱའོ། །བཞི་པ་ངེས་པར་འབྱུང་བ་ལ་བཞི། རྒྱུ་ངེས་པ་ནི་ཉོན་མོངས་པ་ཐམས་ཅད་


JKT002_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྩ་བ་མ་རིག་པ་དང་། བག་ཆགས་འཐུག་པོ་ས་བོན་དང་བཅས་སྤོང་བ་དང་། སྒྲིབ་པ་གཉིས་ཀྱི་བག་ཆགས་སྤོང་པའོ། །རྐྱེན་ངེས་པ་ནི་མ་རིག་པའི་གཉེན་པོར་རིག་པའི་ཤེས་རབ་དང་། བག་ཆགས་ཀྱི་གཉེན་པོར་བསོད་ནམས་ཀྱི་ཚོགས་དང་སྒྲིབ་གཉིས་སྦྱོང་པའི་གཉེན་པོར་བདེན་པ་བཞིའོ། །ལམ་ངེས་པ་ནི་བདེན་བཞི་ཉིད་ལམ་དུ་བྱས་ནས་ཉམས་སུ་ལེན་པའོ། །འབྲས་བུ་ངེས་པ་ནི། སྡུག་བསྔལ་ལ་ངེས་པར་འབྱུང་བའོ། །དེ་ཡང་འཁོར་བའི་སྡུག་བསྔལ་ལས་ངེས་པར་འབྱུང་དགོས། ངེས་པར་འབྱུང་བ་ལ་རྒྱུ་བག་ཆགས་འཐུག་པོ་སྤང་དགོས། རྐྱེན་བསོད་ནམས་དཔག་མེད་གསོག་དགོས། ལམ་སྡོམ་པ་མིག་བཞིན་བསྲུང་དགོས། འབྲས་བུ་སྡུག་བསྔལ་དགག་དགོས། དེས་བག་ཆགས་ལ་ངེས་པར་འབྱུང་བས་ན་ངེས་འབྱིན་ནོ། །བཞི་པ་ལམ་བདེན་གྱི་ངོ་བོ་ནི། དཀར་པོའི་ལམ་དེ་ལ་ཞུགས་ཕྱིན་ཆད་ཐར་པ་ཐོབ་པ་ཞིག་གོ །ངེས་ཚིག་ནི། པནྡྲི་ཞེས་མང་པོ་འགྲོ་བའི་ཕྱིར་ལམ་སྟེ་ཐར་པར་འགྲོ་བའི་ལམ་མོ། །དབྱེ་ན། དབྱེ་གཞི་རང་དང་བཅས་པ་བཞི་ལས། དང་པོ་ནི། བདེན་པ་བཞི་ཁོ་ནའི་སྒོ་ནས་འཇུག་པའོ། །གཉིས་པ་རིག་པ་ལ་བཞི་སྟེ། ལྟོས་པའི་རིག་པ་ནི། རྒྱུ་ངན་པ་ལ་ལྟོས་ནས་འབྲས་བུ་ངན་པར་ཤེས། རྒྱུ་བཟང་པོ་ལ་ལྟོས་ནས་འབྲས་བུ་བཟང་པོར་ཤེས་པའོ། །བྱ་བྱེད་ཀྱི་རིག་པ་ནི།


JKT002_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་མི་དགེ་བའི་གཉེན་པོར་འགྱུར་བའི་བྱ་བ་བྱེད། དགེ་བ་དཀར་པོའི་ཆོས་མཐའ་དག་གི་གྲོགས་སུ་འགྱུར་བའི་བྱ་བ་བྱེད་པའོ། །འཐད་པ་སྒྲུབ་པའི་རིག་པ་ནི་ཆོས་ཅན་ལ་འཐད་པ་ཝ་ལྟ་བུ། དམ་བཅའ་ལ་འཐད་པ་མེ་ལྟ་བུ། གཏན་ཚིགས་ལ་འཐད་པ་དུ་བ་ལྟ་བུ། མཐུན་དཔེ་ལ་འཐད་པ་ཐབ་ཚང་ནང་དུ་མེ་ལྟ་བུའོ། །མདོར་ན་ཆོས་ཐམས་ཅད་ཚད་མའི་ལམ་གྱི་ཡང་དག་པར་ཤེས་པས་གཏན་ལ་འབེབས་པའོ། །ཆོས་ཉིད་ཀྱི་བདེན་པ་བདག་མེད་གཉིས་རྟོགས་པའམ། བདེན་བཞི་མ་ནོར་བར་རྟོགས་པའོ། །གསུམ་པ་སྒྲུབ་པ་ལ་གཉིས། ཐུན་མོང་སྒྲུབ་པ་ནི། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསམས་ནས་སྐྱབས་སུ་འགྲོ། སྡོམ་པ་མིག་འབྲས་ལྟར་བསྲུང་། གང་ཟག་གི་བདག་མེད་བསྒོམ། ཐུན་མོང་མ་ཡིན་པའི་སྒྲུབ་པ་ནི། སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེའི་སྐྱབས་འགྲོ་ཁྱད་པར་ཅན་བསྐྱེད། སྨོན་འཇུག་གི་སེམས་བསྐྱེད། ཕར་ཕྱིན་གྱི་སྒོར་ཞུགས། ཆོས་ཀྱི་བདག་མེད་པ་སྒོམ་པ་དེས་བློ་ཕྱིན་ཅི་མ་ལོག་གི་དོན་ལ་སྒྲུབ་པར་ནུས་པས་ན་སྒྲུབ་པ་ཞེས་བྱ། བཞི་པ་ངེས་འབྱིན་ལ། རྒྱུ་འཁོར་བ་ལས་འབྱིན་པ་ནི། དཔེར་ན་རྩུབ་གཏན་རློན་པ་ལས་མེ་མི་འབར་བ་ལྟར་ཞེན་པ་ཉོན་མོངས་ཀྱི་རླན་གྱིས་གོས་ན་འབྲས་བུ་མྱ་ངན་ལས་འདས་པ་མི་ཐོབ་བས་འཁོར་བའི་ཉོན་


JKT002_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་ཞེན་པ་དེ་དང་བྲལ་བར་བྱའོ། །འབྲས་བུ་མྱ་ངན་ལས་འདས་པ་ངེས་པར་འབྱིན་པ་ནི། དཔེར་ན། ཤིང་སྐམ་པོ་ལས་མེ་འབྱུང་བ་ལྟར་དཀོན་མཆོག་གསུམ་ཡུལ་དུ་བྱས་ནས་ལམ་བདེན་བཞི་སྦྱོར་བ་ནི་ཉམས་སུ་ལེན་ཅིང་། འབྲས་བུ་དགྲ་བཅོམ་བའོ། ༈ །ཡེ་ཤེས་རྣམ་པ་བཅུ་དྲུག་ནི། སྒྱུ་མ་ངལ་བསོའི་འགྲེལ་པ་ལས། དེ་ནས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེན་པ་བཞིའི་ཆོས་ཉིད་མངོན་དུ་མཐོང་སྟེ། ཁམས་ཀྱི་ཕྱོགས་གཅིག་སྤང་བྱ། རྟགས་གློ་བུར་བ་དག་པའི་དུས་སོ། །དེ་ལ་སྡུག་བསྔལ། ཀུན་འབྱུང་། ལམ་འགོག་པའི་བདེན་བ་རེ་རེ་བཞིན་ཆོས་ཤེས་པ་དང་། ཆོས་ཤེས་པ་ལ་བཟོད་པ། རྗེས་སུ་ཤེས་པ་དང་། རྗེས་སུ་ཤེས་པ་ལ་བཟོད་པ་སྟེ་བཞི་བཞི་བསྡོམས་པས་བཅུ་དྲུག་གོ །ཆོས་ཤེས་པ་ནི་བདེན་བཞི་སོ་སོའི་ཆོས་ཅན་གྱི་རང་མཚན་མཐོང་བའོ། །ཆོས་ཤེས་པ་ལ་བཟོད་པ་ནི་རང་མཚན་མཐོང་བས་མི་སྐྲག་པའོ། །རྗེས་སུ་ཤེས་པ་ནི་བདེན་བཞི་སོ་སོའི་རང་མཚན་སྟོང་ཉིད་དུ་མཐོང་པའོ། །རྗེས་སུ་ཤེས་པའི་བཟོད་པ་ནི་ནམ་མཁའ་མཐོང་བ་ལ་མི་སྐྲག་པའོ། །དེ་དག་ལ་བློ་རྫས་གཅིག་གིས་བདེན་བཞི་རང་བཞིན་སྣང་སྟོང་སྒྱུ་མ་ལྟ་བུར་བྱ་རྫོགས་ཀྱི་སྐད་ཅིག་མཐོང་ཚུལ་བཞི་འཆར་ཏེ། བདེན་བཞི་དོན་ལ་ཆོས་ཤེས་བཞི། ཆོས་བཟོད་བཞི། རྗེས་ཤེས་བཞི། རྗེས་བཟོད་བཞིའི་


JKT002_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་སོ་སོར་འཆར་བའི་ཕྱིར་རོ། །དེ་དག་ལ་མངོན་རྟོགས་རྒྱན་ལས། སྡུག་བསྔལ་ལ་སོགས་བདེན་པ་དང་། ཆོས་ཤེས་རྗེས་སུ་ཤེས་པ་དང་། །བཟོད་ཤེས་སྐད་ཅིག་བདག་ཉིད་ནི། །ཞེས་སོ། །དེའི་དུས་སུ་མཐོང་སྤོང་བརྒྱ་དང་བཅུ་གཉིས་སྤོང་ཚུལ་ནི། ཀུན་བརྟགས་ཀྱི་ཉོན་མོངས་པ་དྲུག་ལ། མ་རིག་པ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཐེ་ཚོམ། ལྟ་བའོ། །ལྟ་བ་ལ་ལྔ་སྟེ། འཇིག་ཚོགས་ཀྱི་ལྟ་བ། མཐར་འཛིན། ལོག་ལྟ། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་འཛིན། ལྟ་བ་ལ་མཆོག་ཏུ་འཛིན་པའོ། །དེ་ལ་མ་རིག་པ་ལ་སོགས་པ་ལྟ་བ་མ་ཡིན་པ་ལྔ་པོ་དེ་དང་བསྡོམས་པས་བཅུ། དེ་ལྟར་རྩ་བའི་ཉོན་མོངས་པ་བཅུ་པོ་དེ་འདོད་ཁམས་ན་བདེན་བཞི་རེ་རེ་ལའང་བཅུ་བཅུ་བྱུང་བས་བཞི་བཅུ། གཟུགས་དང་གཟུགས་མེད་གཉིས་ན་ཁོང་ཁྲོ་མ་གཏོགས་དགུ་དགུ་བདེན་བཞི་རེ་རེ་ལ་བྱུང་བས། སུམ་ཅུ་རྩ་དྲུག་པ་གཉིས་ཏེ་བསྡམས་པས་མཐོང་སྤོང་བརྒྱ་དང་བཅུ་གཉིས་པོ་སྤོང་ཚུལ་ནི། མཐོང་ལམ་གྱི་ཡེ་ཤེས་སྐྱེ་འགྱུར་ལམ་གྱིས་རགས་པ་བརྒྱུད་ནས་སྦྱངས། སྐྱེ་བཞིན་པས་ཕྲ་བ་དངོས་སུ་སྤོངས། སྐྱེས་དུས་ནས་མཐོང་སྤང་གི་ས་བོན་མ་ལུས་པ་འགོག་པའི་ཚུལ་གྱིས་སོ། །དེའི་འོག་ཏུ་སྒོམ་ལམ་པའི་དྲི་མ་བཞི་བརྒྱ་དང་བཅུ་བཞི་ཡང་། རང་རང་གི་སའི་སྦྱོར་བ་དང་། དངོས་དང་། རྗེས་ལ་སྤངས་ཏེ།


JKT002_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་སྤོང་གི་ཉོན་མོངས་བག་ལ་ཉལ་བའི་ལྷན་སྐྱེས་ལས་ཕྱེ་ན་དྲུག་སྟེ། མ་རིག་པ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། འཇིག་ཚོགས་ལྟ་བ། མཐར་འཛིན་གྱི་ལྟ་བའོ། །འདོད་ཁམས་ན་ཉོན་མོངས་པ་དྲུག་པོ་རེ་རེ་ལའང་། ཆེན་པོ། འབྲིང་། ཆུང་ངུ་གསུམ་གསུམ་ལས། དེ་ལའང་ཆེན་པོ། འབྲིང་། ཆུང་ངུ་། འབྲིང་གི་ཆེན་པོ། འབྲིང་། ཆུང་ངུ་། ཆུང་ངུའི་ཆེན་པོ། འབྲིང་། ཆུང་ངུ་སྟེ་དགུ་དགུར་ཕྱེ་བས་དྲུག་ཚན་དགུ་སྟེ་ལྔ་བཅུ་རྩ་བཞི། གཟུགས་ཁམས་ན་བསམ་གཏན་དང་པོ། གཉིས་པ། གསུམ་པ། བཞི་པ་རྣམས་སུ་ཁོང་ཁྲོ་བོར་ནས་ཉོན་མོངས་པ་ལྔ་པོ་རྣམས་ལ་ཆེ་འབྲིང་ཆུང་དགུ་དགུ་སྟེ། འདོད་ཆགས་ལ་སོགས་པ་བཞི་བཅུ་ཞེ་ལྔ་པ་བཞི་བསྡོམས་པས་བརྒྱ་བརྒྱད་ཅུ། གཟུགས་མེད། ནམ་མཁའ། རྣམ་ཤེས་ཅིའང་མེད། སྲིད་རྩེ་བཞི་ལ་བརྒྱ་བརྒྱད་ཅུ་སྟེ། ཁམས་གོང་མའི་བརྒྱ་བརྒྱད་ཅུ་བཅུ་ཚན་གཉིས་ལ་སུམ་བརྒྱ་དྲུག་ཅུ། དེའི་སྟེང་དུ་འདོད་པའི་ལྔ་བཅུ་རྩ་བཞི་བསྣན་པས་སྒོམ་སྤོང་བཞི་བརྒྱ་དང་བཅུ་བཞིའོ། །སྤོང་ཚུལ་ཡང་། སྦྱོར་བ་དང་། བར་ཆད་མེད་ལམ་གཉིས་ཀྱི་ཉེ་རྒྱུ་དང་པོར་སྤོང་། ཁྱད་པར་ལམ་གྱིས་དངོས་སུ་སྤོང་། རྣམ་གྲོལ་ལམ་གྱིས་ཐག་བསྲིང་དང་། ཕྲ་བ་འགག་འགྱུར་གྱི་ཚུལ་གྱིས་སྤོང་ངོ་། །ཞེས་གསུངས་སོ། །རང་རྒྱལ་གྱི་སྐབས་རྟེན་འབྲེལ་བཅུ་གཉིས་ལ་


JKT002_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རྒྱུ་དང་འབྲེལ་པ་དྲུག་ནི། མྱུ་གུ་དང་། ལྡོང་བུ། ཡལ་ག །ལོ་འདབ། མེ་ཏོག །འབྲས་བུའོ། །ནང་རྐྱེན་པ་དྲུག་ནི། ས་ཆུ་མེ་རླུང་དུས་ཀྱི་འགྱུར་བ། ས་བོན་ནོ། །འདིའི་མཚན་ཉིད་ལ་སྤྱི་མཚན་དང་རང་མཚན་གཉིས། དང་པོ་ལ་གསུམ། རྒྱུ་དེ་ཡོད་པ་ལས་སྐྱེ། མེད་པ་ལས་མི་སྐྱེ། རྒྱུ་མི་རྟག་པ་ལས་སྐྱེ། རྟག་པ་ལས་མི་སྐྱེ། ནུས་པ་ལས་སྐྱེ། མི་ནུས་པ་ལས་མི་སྐྱེའོ། །རང་གི་མཚན་ཉིད་ལ། མ་རིག་པ་ནི་ལས་རྒྱུ་ལ་རྨོངས་པ། འདུ་བྱེད་ནི་དམིགས་པ་ལ་སེམས་གཡོ་བ། རྣམ་ཤེས་དང་པོ་མངལ་དུ་ཞུགས་པ། མིང་ནི་མིང་བཞིའི་ཐོང་སྟེ། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་བཞི། གཟུགས་ནི་མེར་པོ་སོགས། སྐྱེ་མཆེད་དྲུག་ནི་མིག་ལ་སོགས་པའི་དབང་པོ། རེག་པ་ནི་གསུམ་འདུས་ནས་ཡོངས་སུ་གཅོད་པ། ཚོར་བ་ནི་ཉམས་སུ་མྱོང་བ། སྲིད་པ་ནི་ཚོར་བ་ལ་ཆགས་པ། ལེན་པ་ནི་རྒྱུ་ལ་ཆགས་པ། སྲིད་པ་ནི་ལས་ཀྱི་བག་ཆགས་ནུས་མཐུ་ཅན། སྐྱེ་བ་ནི་དང་པོ་མ་བྱུང་བ་ལས་བྱུང་བ། རྒ་བ་ནི་རྒྱུན་འགྱུར་བ། ཤི་བ་ནི་སྲོག་གི་དབང་པོ་རྒྱུན་ཆད་པའོ། །དབྱེ་བ་མ་རིག་པ་ལ། དེ་ཁོ་ན་ཉིད་དང་ལས་རྒྱུ་འབྲས་ལ་རྨོངས་པ་གཉིས། འདུ་བྱེད་ལ་བསོད་ནམས་ཀྱི་འདུ་བྱེད་སེམས་པ་དང་། གཡོའི་འདུ་བྱེད་སེམས་པ་གཉིས། རྣམ་ཤེས་ལ་རྒྱུ་འབྲས་གཉིས། གཟུགས་ལ་འབྱུང་བའི་གཟུགས་དང་འབྱུང་འགྱུར་


JKT002_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། སྐྱེ་མཆེད་ལ་དྲུག་སྟེ། དབང་པོ་ལྔ་ཡིད་ཤེས་བཅས། རེག་པ་ལ་ཡང་དེ་དྲུག་ལ་བརྟེན་པས་དྲུག །ཚོར་བ་བདེ་སྡུག་བཏང་སྙོམས་ཀྱི། སྲེད་པ་ལ། འདོད་སྲེད། གཟུགས་སྲེད། །གཟུགས་མེད་ཀྱི་སྲེད་པ་གསུམ། ལེན་པ་ལ་བདག་ཏུ་སྨྲ་བའི་ཉེར་ལེན། ལྟ་བའི་ཉེར་ལེན། ཉེ་འདོད་པའི་དང་ཚུལ་ཁྲིམས་ཀྱི་ཉེར་ལེན། བརྟུལ་ཞུགས་མཆོག་འཛིན་གྱི་ཉེར་ལེན་བཞིའོ། །སྲིད་པ་ལ། སྔོན་གྱི་སྲིད་པ། སྐྱེ་བའི་སྲིད་པ། འཆི་བའི་སྲིད་པ། བར་སྲིད་བཞི། སྐྱེ་བ་ལ། སྒོང་མངལ་དྲོད་རྫུས་བཞི། རྒ་ཤི་ནི་དེ་བས་སོ། །སྔ་མ་སྔ་མ་རྒྱུ་ལ། ཕྱི་མ་ཕྱི་མ་འབྲས་བུའོ། །དེ་ཡང་རིང་བའི་རྒྱུ་འབྲས་དང་། ཉེ་བའི་རྒྱུ་འབྲས་གཉིས་ལས། གོང་མ་བདུན་ནི་རིང་བའི་རྒྱུ་འབྲས་ཏེ། མ་རིག་པའི་དབང་གིས་ལས་བྱས། ལས་དབང་གིས་བག་ཆགས་བསགས་པས། བག་ཆགས་ནི་ལྔར་བཞག་པ་སྟེ། འབྲས་བུའི་མིང་རྒྱུ་ལ་བཏགས་ནས་བག་ཆགས་མི་ཟེར་བར། རྣམ་པར་ཤེས་པ་ལ་མིང་གཟུགས་སྐྱེ་མཆེད་རེག་པ་ཚོར་བ་ཟེར་རོ། །ཉེ་བའི་རྒྱུ་འབྲས་ནི་སྲེད་པ་ལ་སོགས་པ་འོག་མ་རྣམས་སོ། །བར་དེར་རྟེན་འབྲེལ་སྔ་མའི་ཁོང་དུ་གཏོགས་པ་གཅིག་གིས་སྲེད་པ་བསྐྱེད། སྲེད་པས་ལེན་པ་བསྐྱེད། སྲེད་ལེན་ཆུ་ལུད་འདྲ་བ་དེས་བག་ཆགས་ལྔ་པོ་གསོས་བཏབ་པས་བག་ཆགས་ནུས་མཐུ་ཅན་དུ་སོང་བ་དེ་ལ་སྲེད་པ་


JKT002_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བ་ལགས་སོ། །ཉན་རང་གི་ས་བདུན་ནི། ཧེ་རུ་ཀ་གལྤ་ལས། དང་པོ་དཀར་པོ་རྣམ་པར་མཐོང་། །ཤུཀླ་བི་དརྙན་བྷ་མི་ཞེས་པ། མོས་པ་སྤྱོད་པའི་ས་ནས་དྲོད་ལ་དང་། རྣམ་པར་བྱང་བ་དཀར་པོ་རྣམ་པར་མཐོང་བའི་ས་ཞེས་བྱའོ། །རིགས་དང་ལྡན་པ་རིགས་ཀྱིས། །གོ་ཏྲ་བྷུ་མི་ཞེས་པ། དད་པ་ཤིན་ཏུ་ཆེ་བའི་ས། །འཇིག་རྟེན་ཆོས་ཀྱི་མཆོག་ལ་ཆོས་དང་གང་ཟག་ལ་བདག་མེད་པར་བཟོད་པས་ན། བྱང་ཆུབ་ཐོབ་པའི་རིགས་དང་ལྡན་པས་ན་རིགས་ཀྱི་ས་ཞེས་བྱའོ། །གྲངས་ལས་འཕགས་པས་བརྒྱད་པའི་ས། ཨཊྚ་མི་ཀ་བྷ་མི་ཞེས་བྱ་བ་ནི། བརྒྱད་པ་ལ་བྱ་སྟེ། དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་གྲལ་དང་པོ་ནས། ཡས་བགྲང་ན་རྒྱུན་དུ་ཞུགས་པ་ལ་འཇུག་པ་གྲངས་བརྒྱད་ལ་བབས་པས་ནའོ། །བརྒྱད་པའི། དེ་ཉིད་རྟགས་མཐོང་མཐོང་པའི་ས། །དརྙན་བྷཱུ་མི་ཞེས་པ། དྲི་ཤཱ་ཏེ་པྲྀཀྵ་ཎ་ཞེས་པ་ནི། དྲི་ཤ་ནི་མཐོང་བ། བྷཱུ་མི་ནི་ས་སྟེ་རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པས་དེ་ཁོ་ན་ཉིད་རྟག་པར་མཐོང་བས་ན་མཐོང་བའི་ས་ཞེས་བྱའོ། །འདོད་ཁམས་འདོད་ཆགས་སྲབ་པའི་ས། །ཏ་ནུ་བྷཱུ་མི་ཞེས་པ། ལན་གཅིག་ཕྱིར་འོང་བོས་ན་འདོད་ཁམས་འདོད་ཆགས་དང་སྲབ་མོར་བྱས་པ་ན་སྲབ་པའི་སའོ། །འདོད་པའི་འདོད་ཆགས་བྲལ་བའི་ས། །བི་ག་ཏ་ཏཱ་ག་ཧྥུ་མི་ཞེས་པ་ཕྱིར་མི་འོང་བའི་ས་སྟེ། ས་འདི་ལ་གནས་


JKT002_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདོད་པ་འདུན་པ་དང་། གནོད་སེམས་སྤངས་པས་ན་འདོད་ཆགས་དང་བྲལ་བ་ཡིན་ཏེ། དེའི་སའོ། །བསྲུང་བྱ་མི་ཉམས་བསྲུང་པའི་ས། །ཀྲྀ་ཏཱ་བི་བྷུ་མི་ཞེས་པ་དགྲ་བཅོམ་པའི་ས་ལ་བྱ་སྟེ། །ཀྲྀ་ཏ་ནི་བྱས་པ། ཨནིཨ་བི་དུ་ན་ཤཱི་ལ་ཞེས་པ་སྟེ་བསྲུང་བའི་རང་བཞིན་ཅན་ཡིན་པས་སྔར་བྱས་ཏེ་གྲུབ་པའི་དོན་མི་ཉམས་པའི་བསྲུང་བའི་ཕྱིར་བྱས་པ་བསྲུང་བའི་ས་ཞེས་བྱ་སྟེ། དངོས་སུ་ན་དགྲ་བཅོམ་པའི་སའོ། ཉོན་མོངས་ས་བདུན་རྣམ་པར་གནས། །ཕྲོ་ཏཱ་སནྡྷ་ཞེས་པ་ནི། པྲ་ཏ་ནི་ཆུ་ཡི་རྒྱུན་ལྟ་བུའོ། །ཨ་སནྟ་ནི་ནང་དུ་ཞུགས་པ་སྟེ་སྤྱིར་མྱ་ངན་འདས་ཀྱི་མཚོར་འབབ་པའི་ཆུ་བོའི་རྒྱུན་དུ་ཞུགས་པ་སྟེ། པ་ཀྲྀ་དཱ་གཱ་མི་ཞེས་པ་སྟེ། པ་ཀྲྀ་ད་ནི་ལན་གཅིག །ཨཱ་གཱ་མཱི་ནི་འོང་བ་སྟེ། ཚེ་དེ་ཉིད་ལ་མྱ་ངན་མི་འདའ་ཡི། ལན་གཅིག་སླར་འཇིག་རྟེན་འདིར་སྐྱེ་བ་སྟེ་དེས་ན་ལན་གཅིག་ཕྱིར་འོང་བ་ཞེས་བྱའོ། །ཨ་ནཱ་གཱ་མཱི་ཞེས་པ་ཐ་མའི་སྐལ་བ་ཅན་གྱིས་ཆོས་རྣམ་ལྔ་སྤངས་པས། སླར་འདོད་ཁམས་སུ་སྐྱེ་བ་ཕྱིར་མི་འོང་བ་ཞེས་བྱའོ། །ལས་ཉོན་ཀྱི་དགྲས་མྱང་འདས་ཀྱི་བར་གཅོད་པ་རྣམས་བཅོམ་པ་ལ་དགྲ་བཅོམ་པ་ཞེས་བྱའོ། །དེ་ལྟར་ན་ཉན་ཐོས་ཀྱི་ས་བདུན་གྱི་ཁོག་བསྡེབ་པར་བྱའོ། །ཞེས་གསུངས་སོ། །བྱང་སེམས་སྐབས་བདེན་གཉིས་གཅིག་ན་སྐྱོན་བཞི་ཡོད་དེ། ཀུན་རྫོབ་ཀྱི་སྣང་བ་གཞན་ནས་འཚོལ་མི་དགོས་པ་བཞིན་དོན་


JKT002_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཡང་མི་འཚོལ་བར་འགྱུར་བ། ཀུན་རྫོབ་བསླུ་བ་བཞིན་དོན་དམ་ཡང་བསླུ་བ། དོན་དམ་བདེན་པ་བཞིན་ཀུན་རྫོབ་ཡང་བདེན་པ། ཀུན་རྫོབ་ལ་དབྱེ་ན་དུ་མ་ཡོད་པ་བཞིན། དོན་དམ་ལའང་དུ་མ་ཡོད་པའོ། །ཐ་དད་ན་སྐྱོན་བཞི་སྟེ། ཀུན་རྫོབ་བཀག་པས་དོན་དམ་མི་འབྱུང་བ། ཀུན་རྫོབ་ཀྱི་ཆོས་ཉིད་དོན་དམ་མ་ཡིན་པ། དོན་དམ་དེས་ཀུན་རྫོབ་ཀྱི་སྒྲོ་འདོགས་མི་ཆོད་པ། ཉོན་མོངས་པ་དང་རྣམ་བྱང་གཉིས་ཀུན་གཞིའི་ངོ་བོར་མ་གཅིག་པའོ། །དེ་ལ་ཀུན་རྫོབ་བདེན་པ་སྤྱིའི་མཚན་ཉིད་ནི། མི་བདེན་པས་བསླུ་ཞིང་སོ་སྐྱེའི་སྤྱོད་ཡུལ་དུ་གྱུར་པ་ཞིག་གོ །ངེས་ཚིག་ནི། སཾ་པྲ་ཏི་ས་ཏྱ་ཞེས་པ་ཡང་དག་པར་སྒྲིབ་པ་བདེན་པ་སྟེ། རྣམ་པར་རྟོག་པ་དང་བཅས་པའི་ཤེས་པས་དངོས་པོའི་དེ་ཁོ་ན་ཉིད་མཐོང་བར་བྱེད་པ་ལ་སྒྲིབ་པའི་ཕྱིར་རོ། །དབྱེ་ན་ཡང་ལོག་གཉིས་ལ་ཁྱད་པར་བརྒྱད་དེ། དང་པོ་དོན་བྱེད་ནུས་མི་ནུས་ནི། རེ་ཞིག་པའི་ཚད་མས་ཀྱང་གྲུབ། རེ་ཞིག་པའི་དོན་བྱེད་ཀྱང་ནུས་པ་ཡང་དག་ཀུན་རྫོབ། རེ་ཞིག་གི་ཚད་མས་ཀྱང་མ་གྲུབ། དོན་ཡང་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་དེ་འདྲེས་སོ། །གཉིས་པ་རྟོག་པ་ཡོད་མེད་ནི། རྟོག་མེད་ཡུལ་ཅན་དུ་བྱས་པ་ཡང་དག་ཀུན་རྫོབ། རྟོག་པ་དང་བཅས་པ་ཡུལ་ཡུལ་ཅན་དུ་བྱས་པ་ལོག་པའི་ཀུན་རྫོབ། གསུམ་པ་རིག་པས་དབང་བྱས་ན། ཡུལ་ཡུལ་ཅན་དུ་བྱས་པ་


JKT002_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ཀུན་རྫོབ། དེའང་ཡིན་པ་སོ་སོ་ལོག་པའི་ཀུན་རྫོབ། བཞི་པ་གསལ་མི་གསལ་ནི། གསལ་བར་སྣང་ན་ཡང་དག་ཀུན་རྫོབ། མི་གསལ་ན་ལོག་པའི་ཀུན་རྫོབ། ལྔ་པ་མེད་དོན་ནི། མེད་པ་མ་ཡིན་པའི་དོན་སྣང་བ་ཙམ་ཡང་དག་ཀུན་རྫོབ། མེད་པའི་དོན་ལ་ཞེན་པ་ལོག་པའི་ཀུན་རྫོབ། དྲུག་པ་རྟེན་དག་པ་ནི། རྟེན་རང་གི་དབང་པོ་ལ་དངོས་སུ་བརྟེན་པ་དེ་ཡང་དག་ཀུན་རྫོབ། དེ་ལས་ལོག་པ་ལོག་པའི་ཀུན་རྫོབ། བདུན་པ་ཡུལ་ནི། ཡུལ་འདི་ན་དུས་ད་ལྟར་སྣང་བ་མཐུན་པ་ནི། ཤེས་པ་མ་ཞེན་པ་འཆིང་ནུས་བསྐྱེད་ནུས་ན་ཡང་དག་ཀུན་རྫོབ། དེ་ལྟར་མ་ཡིན་པ་ལོག་པའི་ཀུན་རྫོབ། - བརྒྱད་པ་ཀུན་རྫོབ་མཚན་ཉིད་བཞི་ཅན་ནི། མཐུན་པར་སྣང་། དོན་བྱེད་ནུས། རྒྱུ་དང་རྐྱེན་ལས་བསྐྱེད་པ་ཡང་དག །བརྟགས་ན་དབེན་པ་ལོག་པའོ། །སྣང་ལ་དོན་བྱེད་ནུས་པའི་དཔེ་བུམ་པ་དེ་བཞིན་དུ་སྣང་ལ། དོན་བྱེད་མི་ནུས་པ་ཐག་ཁྲའི་སྦྲུལ་སྣང་ཡང་མི་སྣང་དོན་ཡང་མི་ནུས་པ་ནི། མི་སྲིད་པའི་ཆོས་བཞི་སྟེ། རི་བོང་གི་རྭ། མོ་གཤམ་གྱི་བུ། རུས་སྦལ་གྱི་སྤུ། ནམ་མཁའི་མེ་ཏོག་གོ །གཞན་ཡང་བྱེ་མ་ལས་མར་དང་། སེང་གེ་ལས་ཁ་ཆུ་སོགས་མཚོན་ནོ། །དོན་དམ་པའི་བདེན་པའི་མཚན་ཉིད་སྤྲོས་མཐའ་ཐམས་ཅད་དང་བྲལ་བ། ངེས་ཚིག་པ་རཱ་མནྡྲ་སཏུཾ། ཞེས་པ་དོན་མཆོག་བདེན་ཏེ། འཇིག་རྟེན་


JKT002_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་ཡེ་ཤེས་མཆོག་གི་དམིགས་པའི་སྤྱོད་ཡུལ་ལ་དོན་དུ་གྱུར་པ་འཕགས་པ་རྣམས་མྱ་ངན་འདས་པ་དང་། སྐྱེ་བ་མེད་པར་ཡང་དག་པར་བདེན་པའོ། །དབྱེ་ན་གཉིས། རྣམ་གྲངས་མ་ཡིན་པའི་དོན་དམ་པ་ནི། མཐའ་བརྒྱད་དང་བྲལ་བ་སྟེ། སྐྱེ། འགག །རྟག །ཆད། འགྲོ། འོང་། མཐའ། དབུས་དང་བྲལ་བ་སངས་རྒྱས་གྱི་ཐུགས་ཡིན། །རྣམ་གྲངས་ཀྱི་དོན་དམ་པ་ཐུགས་དེས་མཁྱེན་ནས་གཟིགས་པའི་ཡུལ་ཡིན། སྟོང་ཉིད་བཅོ་བརྒྱད་ཀྱང་རྣམ་གྲངས་པའི་དོན་མང་སྟེ། མིག་རྣ་བ་སྣ་ལྕེ་ཡིད་རྣམས་ཐེར་ཟུག་ཏུ་མ་ཡིན་པའི་ཕྱིར་ན་ནང་སྟོང་པ་ཉིད། གཟུགས་སྒྲ་དྲི་རོ་རེག་བྱའི་ཆོས་ཐམས་ཅད་ཐེར་ཟུག་ཏུ་མ་ཡིན། འཇིག་པར་མི་འགྱུར་བས་ན་ཕྱི་སྟོང་པ་ཉིད། ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་དོན་དམ་པར་གཟུང་འཛིན་གཉིས་ཀ་མེད་དོ། །ཡུལ་དང་ཡུལ་ཅན་གྱི་ཚུལ་དང་བྲལ་བས་ཕྱི་ནང་སྟོང་པ་ཉིད། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་རང་བཞིན་གྱིས་སྟོང་སྟེ་གཞན་གྱིས་སྟོང་པར་བྱར་མེད་པས་སྟོང་པ་ཉིད་སྟོང་པ་ཉིད། ཕྱི་སྣོད་ཀྱི་འཇིག་རྟེན་ན་སའི་དཀྱིལ་འཁོར་ཆེན་པོར་ཕྱོགས་བཅུར་སྟོང་པས་ཆེན་པོ་སྟོང་པ་ཉིད། དོན་དམ་པ་ཉིད་ལ་ཡང་དངོས་པོར་བཟུང་དུ་རུང་བ་མེད་པས་དོན་དམ་པ་སྟོང་པ་ཉིད། འདུས་བྱས་ཁམས་གསུམ་སྒྱུ་མ་དང་འདྲ་སྟེ། སྐྱེ་འགག་གནས་གསུམ་དང་བྲལ་ཞིང་སྟོང་པས་འདུས་


JKT002_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སྟོང་པ་ཉིད། འདུས་མ་བྱས་ནམ་མཁའ་དང་། དེ་བཞིན་ཉིད་དང་། འགོག་པ་གཉིས་རྒྱུ་རྐྱེན་གྱིས་གྲུབ་པ་མ་ཡིན་པ་འདི་བཞི་རང་བཞིན་གྱིས་སྟོང་པས་ན་འདུས་མ་བྱས་སྟོང་པ་ཉིད། མཐའ་ལས་འདས་པ་སྟོང་པ་ཉིད་ནི་གོ་སླའོ། །འཁོར་བ་ཐོག་མཐའ་མེད་ཅིང་དབུས་ཀྱང་མེད་པས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། བུམ་ནང་གི་ཆུ་ལྟར་ཡོད་པ་ལས་མེད་པར་བྱས་ལྟ་བུ་མ་ཡིན་པ་སྟེ། ཆོས་ཐམས་ཅད་ཡེ་ནས་རང་བཞིན་གྱིས་སྟོང་པས་བསལ་བ་མེད་པའི་ཕྱིར་དོར་བ་མེད་པ་སྟོང་པ་ཉིད། ཆོས་ཐམས་ཅད་ཉན་རང་དང་དེ་བཞིན་གཤེགས་པས་ཀྱང་མ་མཛད། རང་བཞིན་གྱི་འདུས་བྱས་ཀྱང་མ་ཡིན་པས་རང་བཞིན་སྟོང་པ་ཉིད། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་སོ་སོའི་མཚན་ཉིད་ཀྱིས་སྟོང་པས་ཆོས་ཐམས་ཅད་སྟོང་པ་ཉིད། གཟུགས་ཚོར་འདུ་ཤེས་སོགས་རང་མཚན་བཏགས་པ་ཙམ་དུ་ཟད་དེ། ཡོངས་སུ་གྲུབ་པ་མེད་པས་དངོས་པོ་མེད་པ་སྟོང་པ་ཉིད། འདུ་འཕྲོད་ལས་བྱུང་བའི་ཆོས་རྣམས་རང་དབང་ཅན་དུ་མི་སྐྱེ་སྟེ། རྟེན་ཅིང་འབྲེལ་ཏེ་བྱུང་བ་ན་ངོ་བོ་ཉིད་མེད་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད། དངོས་པོ་མེད་པར་རྟོགས་པའི་མཐོང་བ་དང་། ཤེས་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ། མཐོང་བ་དང་ཤེས་པ་འདི་ཀ་ཡང་མཐོང་བས་ཀྱང་མ་གྲུབ། ཤེས་


JKT002_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང་མ་བྱས་ཏེ་རང་བཞིན་གྱིས་སྟོང་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དེ་ལྟ་བུའི་སྟོང་པ་ཉིད་བཅོ་བརྒྱད་པོ་རེ་རེ་ལ་ཡང་མཐའ་བརྒྱད་རེ་རེས་ཁྱབ་བོ། ༈ །དབུ་མ་པས་དམ་བཅའ་བའི་གཏན་ཚིགས་ཆེན་པོ་བཞི་ཡི་བཤད་པའི་ཚུལ་ལ། དང་པོ་རྡོ་རྗེ་གཟེགས་མ་ནི་དགག་བྱའི་རྒྱུ་དཔྱད་ནས་དགག་བྱ་འགོག་པ་སྟེ། ཆོས་ཅན་ངོ་བོ་ཙམ་ཡང་དོན་དམ་པར་བདག་དང་། གཞན་དང་། གཉིས་ཀ་དང་། རྒྱུ་མེད་པ་ལས་མ་སྐྱེས་པ་གང་ཞིག་ལ་སྐྱེ་བའི་དངོས་པོ་མཐའ་དག་གིས་སྟོང་སྟེ། དཔེར་ན་དོན་སྤྱི་ཙམ་ལ་དངོས་པོ་མེད་པ་བཞིན་ནོ། །ཡོད་མེད་སྐྱེ་འགོག་ནི། དགག་བྱའི་འབྲས་བུ་དཔྱད་ནས་འགོག་པ་སྟེ། ཆོས་ཅན་སྣང་བ་རྟེན་འབྲེལ་འདི་ཡང་དོན་དམ་པར་རྒྱུ་ལ་འབྲས་བུ་ཡོད་མེད་སྐྱེ་བ་གསུམ་ཀ་སྟོང་པའི་ཕྱིར་ཏེ། འདི་ལྟར་གང་ལས་རྒྱུ་དང་འབྲས་བུ་ཡོད་པ་དང་། མེད་པ་སྐྱེ་བས་སྟོང་པ་དང་། སྐྱེ་བའི་དངོས་པོ་མཐའ་དག་གིས་སྟོང་པ་སྟེ། དཔེར་ན་དངོས་པོ་མེད་ཀྱང་། ངོ་བོ་ཉིད་ཀྱིས་མཚོན་བར་བྱས་པ་བཞིན་ནོ། །མུ་བཞི་སྐྱེ་འགོག་ནི། རྒྱུ་འབྲས་གཉིས་ཀ་དཔྱད་ནས་འགོག་པ་སྟེ། འདི་ལྟར་སྣང་བའང་དོན་དམ་པར་གཅིག་ལས་གཅིག་ཤེས་དང་། གཅིག་ལས་དུ་མ་དང་། དུ་མ་ལས་དུ་མ་དང་། དུ་མ་ལས་གཅིག་སྐྱེ་བའི་མུ་བཞི་སྐྱེ་བས་སྟོང་པའོ། །དཔེར་ན་དངོས་པོ་མེད་པར་ནམ་


JKT002_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཞེས་གདགས་པ་བཞིན་ནོ། །རྟེན་འབྲེལ་ཆེན་པོ་ལ་གཉིས་ཏེ། མ་ཡིན་དགག་གཏན་ཚིགས་སུ་བཀོད་པ་རྟེན་འབྲེལ་ཆེན་པོ་རང་གི་ངོ་བོ་དཔྱད་ནས་འགོག་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཡང་སྐྱེ་འགག་ལ་སོགས་པའི་མཐའ་བརྒྱད་དང་བྲལ་བ་ཡིན་པས་བདེན་པའི་རང་བཞིན་གྱིས་སྟོང་པ་སྟེ། དཔེར་ན། སྨིག་རྒྱུ་གཡོ་བ་བཞིན་སྣང་བའི་རྟེན་འབྲེལ་ཙམ་དུ་མ་འགག་པའོ། །མེད་དགག་གཏན་ཚིགས་སུ་བཀོད་པ་གཅིག་དང་དུ་བྲལ་ནི། ཡོད་པའི་དངོས་པོ་ཙམ་དུ་མའི་དངོས་པོ་ཡིན་པ་བཀག་པ་ཙམ་གྱིས་གཅིག །གཅིག་གི་དངོས་པོར་ཡོད་དུས་སུ་ཆོད་དེ། ཡོད་པའི་དངོས་པོ་ཙམ་ལ་གཅིག་ཏུ་ཡོད་པའམ། དུ་མར་ཡོད་པས་ཁྱབ་ལ་དངོས་སུ་མེད་ངེས་པ་ན་གཅིག་དང་དུ་མའི་ཁྱབ་བྱར་མཐོང་བའི་ཡོད་པའི་དངོས་པོ་འདི་ཉིད་དོན་དམ་པའི་དངོས་པོ་ཡིན་ནའང་། དེ་ཉིད་གཅིག་དང་དུ་མས་མ་ཁྱབ་པར་དོགས་པ་སྐྱེ་བའི་ནུས་པ་བརྩམས་ཏེ། དོན་དམ་པའི་དངོས་པོ་ཆ་གཅིག་དང་དུ་མས་ཁྱབ་པ་མཚན་ཉིད་ངེས་པའི་ཚུལ་གྱིས་ཤུགས་ལས་གྲུབ་པའོ། །ངེས་དོན་དབུ་མ་ཆེན་པོས་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་འདུས་པར་བཞེད་པ་ལས། ཐོག་མར་ཀུན་བཏགས་བཤད་པ་ལ། ངོ་བོ་ནི། གཟུགས་སོགས་ཡུལ་དྲུག་དང་། དབང་པོ་དྲུག་དག །ཆོས་དང་གང་ཟག་དངོས་པོར་ཡོད་དོ་སྙམ་དུ་འཁྲུལ་པའི་རྣམ་


JKT002_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱིས་ནན་གྱིས་བཏགས་པའི་གཟུང་འཛིན་ཆ་གཉིས་ཀྱི་རྟོག་པ་དེའོ། །ངེས་ཚིག་ནི། པ་རི་ས་མ་ཏཱ་དཱ་ཞེས་ཡོངས་སུ་མེད་པ་ལ་སྒྲོ་བཏགས་པ་ལྟ་བུའོ། །དབྱེ་ན་གཉིས་ཏེ། སྣང་བའི་ཀུན་བཏགས་ནི་ཡུལ་དང་། དབང་པོའི་གཟུང་འཛིན་གཉིས་སོ། །མི་སྣང་བའི་ཀུན་བཏགས་ནི། རི་བོང་གི་རྭ་དང་། མོ་གཤམ་གྱི་བུ་དང་། མུ་སྟེགས་པའི་བདག་ཏུ་ལྟ་བ་དང་། ཉན་ཐོས་ཀྱི་རྡུལ་ཕྲན་རྣམས་སོ། །ཡཾ གཉིས་པ་གཞན་དབང་བཤད་པ་ལ། ངོ་བོ་ནི། ཀུན་གཞིའི་རྣམ་ཤེས་འཁོར་དང་བཅས་པ་ཉིད། །རྒྱུ་འབྲས་ཀྱི་ཚུལ་དུ་སྐད་ཅིག་མ་ལ་སེམས་དང་སེམས་བྱུང་རྟེན་འབྲེལ་དུ་འབྱུང་འབྱུང་བ་དེའོ། །དེ་ལ་ཅིའི་ཕྱིར་གཞན་དབང་ཞེས་བྱ་ཞེ་ན། ཁམས་གསུམ་གྱི་ཤེས་པ་རྒྱུ་རྐྱེན་ལ་རགས་མ་ལུས་པར་རང་སྐྱེ་མི་ནུས་པས་གཞན་དབང་ཞེས་བྱ་བ་སྟེ། རྒྱུ་རྐྱེན་བཞིས་བསྐྱེད་དེ། ཀུན་གཞི་ལ་བག་ཆགས་ཡོད་པ་ནི་རྒྱུའི་རྐྱེན། མིག་གི་དབང་པོ་ལ་སོགས་པ་འཇུག་པའི་ཚོགས་དྲུག་ནི་བདག་པོའི་རྐྱེན། ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ནི་དམིགས་པའི་རྐྱེན། ཤེས་པ་སྐད་ཅིག་མ་མ་འགག་པས་གོ་དབྱེ་ནས། སྐད་ཅིག་མ་ཕྱི་མ་འབྱུང་བ་ནི་དེ་མ་ཐག་པའི་རྐྱེན་ནོ། །ངེས་ཚིག །པ་ར་ཏན་ཞེས། །གཞན་རྐྱེན་ལ་རགས་ལས་ཤིང་ཤེས་པས་དེར་སྟོན་པའོ། །དབྱེ་ན་གཉིས་ཏེ། བསྐྱེད་པའི་གཞན་དབང་ནི་སེམས་ཅན་གྱི་


JKT002_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་བྱུང་བ་ནི་ཀུན་འབྱུང་དང་རྐྱེན་གྱིས་བསྐྱེད་པའི་འདུས་བྱས་སོ། །ལྟོས་པའི་གཞན་དབང་ནི། དེ་ལ་བལྟོས་ནས་རྒྱུ་རྐྱེན་ལས་བསྐྱེད་པའི་འདུས་མ་བྱས་བཞི་སྟེ། སོ་སོར་བརྟག་པའི་འགོག་པ། སོ་སོར་བརྟག་མིན་འགོག་པ། ནམ་མཁའ་དང་། དེ་བཞིན་ཉིད་རྣམས་སོ། །གསུམ་པ་ཡོངས་གྲུབ་བཤད་པ་ལ། ངོ་བོ་ནི། གཞན་དབང་གི་ཆོས་ཅན། དེ་ཀུན་ལ་གཟུང་འཛིན་གཉིས་དང་བྲལ་བ་སྟེ། དེ་ལ་ཅིའི་ཕྱིར་ཡོངས་གྲུབ་ཅེས་བྱ་ཞེ་ན། དཔེར་ན་ཆུ་དང་། ནམ་མཁའ་དང་། གསེར་དང་འདྲའོ། །ཆུ་རྙོག་རུང་དྭངས་རུང་ཆུ་ཡི་རང་བཞིན་སྔོ་སིང་ངེ་བ་དེ་གང་ནས་ཀྱང་མ་འོང་། གང་དུ་ཡང་མ་སོང་། གསེར་ཡང་མགར་བའི་བརྡུང་རུང་མ་བརྡུང་རུང་། དེའི་རང་བཞིན་སེར་པོ་གང་ཡང་མ་སོང་། གང་ནས་ཀྱང་མ་འོང་། ནམ་མཁའ་ཡང་གསལ་རུང་མི་གསལ་རུང་ནམ་མཁའ་དྭངས་པའི་རང་བཞིན་ནི་གང་ནས་ཀྱང་མི་འོང་། གང་དུ་ཡང་མ་སོང་ངོ་། །དེ་བཞིན་དུ་ཆོས་ཉིད་ཆོས་ཀྱི་དབྱིངས་དེ། སངས་རྒྱས་ཀྱིས་འཇིག་རྟེན་དུ་བསྟན་ཀྱང་གང་ནས་ཀྱང་མ་འོང་། མ་བསྟན་ཀྱང་གང་དུའང་མ་སོང་བ་ལ་བྱའོ། །ངེས་ཚིག་ནི། པ་རི་ནི་ཐན་ཞེས་པ་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་གཉིས་མ་འགྱུར་བ་དང་། ཕྱིན་ཅི་མ་ལོག་པའི་ཚུལ་གྱིས་ཡོངས་སུ་རྫོགས་ཤིང་གྲུབ་པས་ན་ཡོངས་སུ་གྲུབ་པའི་མཚན་


JKT002_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །དབྱེ་ན་གཉིས་ཏེ། མི་འགྱུར་བའི་ཡོངས་གྲུབ་ནི། ཆོས་རྣམས་ཀྱི་ཆོས་ཉིད། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི། ཆོས་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་རིགས་པའི་ཡེ་ཤེས་སོ། །དེ་ཡང་མེད་པའི་ཆོས་ལ་ཡོད་པར་བཏགས་པ་ཐམས་ཅད་ཀུན་བཏགས། རྒྱུ་རྐྱེན་གྱིས་སྐྱེ་བ་ཐམས་ཅད་གཞན་དབང་། ཕྱིན་ཅི་མ་ལོག་བློས་བཏགས་པ་ཡང་མིན། རྒྱུ་རྐྱེན་གྱིས་ཀྱང་མ་བསྐྱེད་པ་ཐམས་ཅད་ཡོངས་གྲུབ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་ས་མཚམས་དབྱེ་བ་ཉེར་གཉིས་ཀྱི་དོན་ནི། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱི། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་གསུངས་ཏེ། དཔེ་ཉི་ཤུ་རྩ་གཉིས་པོ་འདི་དག་ནི། དོན་འདུན་པ་ནས་ཆོས་སྐུའི་བར་དུ་ཡིན་ཏེ། དེ་ཡང་ལམ་ལྔ་དང་སྦྱར་ན། འདུན་པ་དང་ལྡན་པ་ནི་ས་དང་འདྲ་སྟེ། ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོ་བྱེད་པའོ། །བསམ་པ་དང་ལྡན་པ་ནི་གསེར་དང་འདྲ་སྟེ། བྱང་ཆུབ་བར་དུ་མི་འགྱུར་བའོ། །ལྷག་པའི་བསམ་པ་དང་ལྡན་པ་ནི་ཟླ་བ་ཚེས་པ་དང་འདྲ་སྟེ། དགེ་བའི་ཆོས་མཐའ་དག་རྣམ་པར་འཕེལ་བར་འགྱུར་


JKT002_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་གསུམ་ནི་ཚོགས་ལམ་ཆུང་ངུ་དང་། འབྲིང་པོ་དང་། ཆེན་པོ་ཉིད་ཀྱི་ལས་དང་པོ་པའི་སས་བསྡུས་པའོ། །སྦྱོར་བ་དང་ལྡན་པ་ནི་མེ་དང་འདྲ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་སྒྲིབ་པའི་བུད་ཤིང་སྲེག་པར་བྱེད་པའོ། །དེ་ནི་སྦྱོར་བའི་ལམ་གྱིས་བསྡུས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཏེར་ཆེན་པོ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའོ། །ཚུལ་ཁྲིམས་དང་ལྡན་པ་ནི་རིན་པོ་ཆེའི་འབྱུང་གནས་དང་འདྲ་སྟེ། ཡོན་ཏན་རིན་པོ་ཆེའི་རྟེན་གྱི་དངོས་པོ་བྱེད་པའོ། །བཟོད་པ་དང་ལྡན་པ་ནི་རྒྱ་མཚོ་ཆེན་པོ་དང་འདྲ་སྟེ། མི་འདོད་ཐམས་ཅད་ཐོག་ཏུ་བབས་པས་མི་འཁྲུགས་པའོ། །བརྩོན་འགྲུས་དང་ལྡན་པ་ནི་རྡོ་རྗེ་དང་འདྲ་སྟེ། མི་ཤིགས་པ་ཉིད་ཀྱིས་ན་སྲ་བའོ། བསམ་གཏན་དང་ལྡན་པ་ནི་རིའི་རྒྱལ་པོ་དང་འདྲ་སྟེ། དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པའོ། །ཤེས་རབ་དང་ལྡན་པ་ནི་སྨན་དང་འདྲ་སྟེ་ཉོན་མོངས་པའི་ནད་ཞི་བར་བྱེད་པའོ། །ཐབས་དང་ལྡན་པ་ནི་དགེ་བའི་བཤེས་གཉེན་དང་འདྲ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའོ། །སྨོན་ལམ་དང་ལྡན་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པའོ། །སྟོབས་དང་ལྡན་པ་ནི་ཉི་མ་དང་འདྲ་སྟེ་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པའོ། །ཡེ་ཤེས་


JKT002_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཀྱི་སྒྲ་དབྱངས་དང་འདྲ་སྟེ། གདུལ་བྱ་འདུན་བར་བྱེད་པའི་ཆོས་སྟོན་པའོ། །དེ་ལྟར་བཅུ་ནི་རིམ་པ་ལྟར་རབ་ཏུ་དགའ་བ་ལ་སོགས་པ་བཅུས་བསྡུས་ཏེ། མཐོང་བའི་ལམ་དང་སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཡིན་ནོ། །མངོན་པར་ཤེས་པ་དང་ལྡན་པ་ནི་རྒྱལ་པོ་ཆེན་པོ་དང་འདྲ་སྟེ། མཐུ་ཐོགས་པ་མེད་པས་གཞན་གྱི་དོན་སྒྲུབ་པའོ། །བསོད་ནམས་དང་ཡེ་ཤེས་ལྡན་པ་ནི་བང་མཛོད་དང་འདྲ་སྟེ། ཚོགས་མང་པོའི་མཛོད་དུ་གྱུར་པའོ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དང་ལྡན་པ་ནི་ལམ་པོ་ཆེ་དང་འདྲ་སྟེ། འཕགས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པས་སོ། །སྙིང་རྗེ་དང་། ལྷག་མཐོང་དང་ལྡན་པ་ནི་བཞོན་པ་དང་འདྲ་སྟེ། འཁོར་འདས་གང་དུའང་ལྟུང་བ་མེད་པར་བདེ་བླག་ཏུ་འགྲོ་བའོ། །གཟུངས་དང་སྤོབས་པ་དང་ལྡན་པ་ནི་བཀོད་མའི་ཆུ་དང་འདྲ་སྟེ། ཐོས་པ་དང་མ་ཐོས་པའི་ཆོས་འཛིན་པས་མི་ཟད་པའོ། །དེ་ལྟར་ལྔ་ནི་བྱང་ཆུབ་སེམས་དཔའི་ཁྱད་པར་གྱི་ལམ་གྱིས་བསྡུས་པའོ། །ཆོས་ཀྱི་སྐྱེད་མོས་ཚལ་དང་ལྡན་པ་ནི་སྒྲ་སྙན་ཐོས་པ་དང་འདྲ་སྟེ། ཐར་པ་འདོད་པའི་གདུལ་བྱ་ལ་སྙན་པར་སྒྲོགས་པའོ། །བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི་ཆུ་བོའི་རྒྱུན་དང་འདྲ་སྟེ། གཞན་གྱི་དོན་བྱ་བ་མི་ཉམས་པའོ། །ཆོས་ཀྱི་སྐུ་དང་ལྡན་པ་ནི་སྤྲིན་དང་འདྲ་སྟེ། དགའ་ལྡན་གྱི་གནས་ན་


JKT002_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ལ་སོགས་པ་སྟོན་པའི་སྒོ་ནས་སེམས་ཅན་གྱི་དོན་བྱ་བ་རྣམས་དེ་ལ་རགས་ལས་པའོ། །དེ་ལྟར་གསུམ་ནི་སངས་རྒྱས་ཀྱི་སས་བསྡུས་པ་སྟེ། དེ་ལྟར་ཉི་ཤུ་རྩ་གཉིས་བོ་ལས་དང་པོ་པའི་ས་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པའོ། །ཡང་ས་མཚམས་ཀྱི་སྒོ་ནས་དབྱེ་བ་ནི་བཞི་སྟེ། མོས་པ་དང་ལྡན་པའི། ལྷག་པའི་བསམ་པ་དང་ལྡན་པའི། རྣམ་པར་སྨིན་པའི། སྒྲིབ་པ་སྤང་པའི་སེམས་བསྐྱེད་དོ། །དེ་ལ་དང་པོ་ནི། མོས་པས་སྤྱོད་པའི་སས་བསྡུས་པ་རྣམས་སོ། །གཉིས་པ་ནི། ས་དང་པོ་ནས་བདུན་པའི་བར་རོ། །གསུམ་པ་ནི། ས་བརྒྱད་པ་ནས་བཅུ་པའི་བར་རོ། །བཞི་པ་ནི། སངས་རྒྱས་ཀྱི་སའོ། །དེ་ལྟར་ཡང་སྔ་མ་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་ས་བཅུའི་སྒྲ་དོན་ནི། བྱང་ཆུབ་དང་ཉེ་ཞིང་སེམས་ཅན་མང་པོའི་དོན་འགྲུབ་པར་གཟིགས་པས་རབ་ཏུ་དགའ་བ། ལྟུང་བའི་ཆ་ཕྲ་མོ་ཆད་ཀྱང་བྱང་ནས་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་མེད་པ། ཉན་རང་གི་ས་ལས་འདས་པའི་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་དག་པ་ཡེ་ཤེས་ཀྱི་སྣང་བ་ཆེན་པོའི་གནས་སུ་གྱུར་བ་ཐོབ་པས་འོད་བྱེད་པ། ཉོན་མོངས་པ་སྲེག་པ་བྱང་ཆུབ་ཕྱོགས་


JKT002_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མེའི་འོད་འཕྲོ་བས་འོད་འཕྲོ་བ། ཉན་རང་ལས་འདས་པའི་འཕགས་པའི་བདེན་པ་བཞི་བསྒོམས་ཤིང་འཁོར་འདས་གཉིས་ཀ་ལ་མི་གནས་པའི་ཤེས་རབ་ཡོངས་སུ་དག་པར་བྱ་བ་སྦྱོང་ཤིང་སྒོམ་པ་ལ་ཤིན་ཏུ་དཀའ་བ། ཤེས་རབ་ཀྱི་ཕར་ཕྱིན་ལ་བརྟེན་ནས་འཁོར་འདས་གཉིས་ཀ་ལ་མི་གནས་ཤིང་། མཚན་མ་མེད་པ་ལ་རང་གི་ངང་གིས་འཇུག་པའི་ཡེ་ཤེས་ལ་མང་དུ་གནས་ཤིང་མངོན་དུ་གཟིགས་པས་ན་མངོན་དུ་ལྷ གྱུར་པ། མཚན་མ་མེད་པ་ལ་བགྲོད་པ་གཅིག་ཏུ་གྱུར་པའི་ལམ་དང་ཉེ་ཞིང་རིང་དུ་ཕྱིན་པས་ན་རིང་དུ་སོང་བ། མཚན་མ་ཡོད་མེད་ཀྱི་འདུ་ཤེས་གཉིས་ཀས་བསྐྱོད་པར་མི་ནུས་པས་མི་གཡོ་བ། སོ་སོ་ཡང་དག་པར་རིག་པ་བརྙེས་པས་ན་བློ་གྲོས་གཞན་ལས་འཕགས་པས་ལེགས་པའི་བློ་གྲོས། གཟུངས་དང་ཏིང་འཛིན་ཀུན་ལ་ཡང་སྤྲིན་དང་འདྲ་བར་ཁྱབ་ཅིང་། ཐོས་པའི་ཆོས་ནམ་མཁའ་འདྲ་བ་ལ་སྤྲིན་བཞིན་ཁྱབ་པས་ཆོས་ཀྱི་སྤྲིན་ནོ། །དེ་རྣམས་སྦྱིན། ཚུལ། བཟོད། བརྩོན། བསམ། ཤེར། ཐབས། སྨོན། སྟོབས། ཡེ་ཤེས་ཀྱི་ཕ་རོལ་ཕྱིན་བཅུ་རྫོགས་པ་དང་སྦྱར་བ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ལམ་ལྔ་ཆོས་སོ་བདུན་དང་སྦྱར་ཚུལ་ནི། དྲན་པ་ཉེར་བཞག་ནས་འཕགས་ལམ་ཡན་ལག་བརྒྱད་ཀྱི་བར་བྱང་ཆུབ་གསུམ་པོའི་ཕྱོགས་སུ་གྱུར་པས་ན་བྱང་ཆུབ་ཆོས་སོ་བདུན་ཡིན། དེ་ལ་རང་དང་སྤྱིའི་མཚན་


JKT002_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཤེས་རབ་ཀྱིས་བརྟགས་ཏེ་མཐོང་པའི་དོན་རྣམས་དྲན་པས་གསལ་བར་འཛིན་ཏེ་དྲན་པ་ཤས་ཆེ་བས་དྲན་པ་ཉེར་བཞག་བཞི་ཡིན། ལུས་དྲན་མི་རྟག །སྡུག་བསྔལ། བདག་མེད་གསུམ། ཚོར་དྲན་བདེ། སྡུག །བཏང་སྙོམས་གསུམ། སེམས་དྲན་རྣམ་ཤེས་ཚོགས་བརྒྱད་ཀྱི་དོན་སེམས་པ། ཆོས་དྲན་ཀུན་ཉོན་དང་། རྣམ་བྱང་གི་དོན་ཚོལ་བའོ། །བརྩོན་འགྲུས་ཀྱིས་དགེ་བ་བསྐྱེད་ཅིང་མི་དགེ་བ་སྤངས་པས་ན་ཡང་དག་པ་སྤོང་བ་བཞི་ཡིན། དེ་ཡང་མི་དགེ་བ་སྒོ་གསུམ་ལ་སྐྱེས་པ་སྤོང་། མ་སྐྱེས་པ་མི་བསྐྱེད། དགེ་བའི་ཆོས་སྒོ་གསུམ་ལ་སྐྱེས་པ་རྣམས་གོང་དུ་སྤེལ། མ་སྐྱེས་པ་བསྐྱེད་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞིས་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་གྱི་རྟེན་དང་རྒྱུར་གྱུར་པས་དེ་སྐད་ཅེས་བྱ། འདུན་པས་ནི་འདུན་པ་དྲག་པོ་བསྐྱེད། བརྩོན་འགྲུས་ཀྱིས་མྱུར་དུ་སྒྲུབ་སེམས་ཀྱིས་གང་འདོད་བསྒྲུབ། སྤྱོད་པས་འབྲས་བུ་གང་ཡིན་སྤྱོད་པའོ། །ཚོགས་ལམ་ཞེས་པ་ནི་ཚོགས་མང་དུ་གསོག་པའི་དེ་སྐད་དུ་བརྗོད་དོ། །དད་སོགས་ལྔ་ཡི་དབང་གིས་སེམས་ལས་རུང་དུ་གྱུར་པའི་རྒྱུད་ལ་ཐར་པ་ཆ་མཐུན་གྱི་དགེ་བ་བསྐྱེད་པ་ལ་དབང་བའི་ཕྱིར་དབང་པོ་ལྔ་ཡིན། དད། བརྩོན། དྲན། ཏིང་འཛིན། ཤེས་རབ་རྣམས་ལ་དབང་ཐོབ་པའོ། །དེ་ལྟ་བུའི་དབང་ལྔ་ཡུན་རིང་དུ་བསྒོམས་པས་མ་དད་པ།


JKT002_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ལོ། དྲན་བ་ཉམས་པ། གཡེང་བ། ཤེས་བཞིན་མ་ཡིན་པ་ལྔས་བར་ཆད་མི་ནུས་པས་དད་པ་སོགས་པའི་མཐུ་བསྐྱེད་པའི་སྟོབས་ལྔའོ། །སྦྱོར་ལམ་ཞེས་པ་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་ནས་མཐོང་ལམ་ལ་སྦྱོར་བས་ནའོ། །གཟུང་བ་རང་བཞིན་གྱིས་མེད་པ་དྲོད་དེ། འཕགས་ལམ་གྱིས་ཉོན་མོངས་པའི་བུད་ཤིང་སྲེག་པར་འདོད། དེ་ལ་ཡིད་ཆེས་ཤིང་དགེ་རྩའི་རྩེ་མོ་ཡིན་པས་རྩེ་མོ། འཛིན་པ་རང་བཞིན་མེད་པར་བཟོད་པ། ཟག་བཅས་ཀྱི་སྐྱེ་འཇིག་ལ་བཟོད་པ། དེ་ལ་ཡིད་ཆེས་པས་འཇིག་རྟེན་པའི་ཆོས་མཆོག་སྟེ་འཇིག་རྟེན་གྱི་ཆོས་གཞན་ལས་ལྷག་པའོ། །མཐོང་ལམ་ལ་དེ་ཁོ་ན་ཉིད་བྱང་ཆུབ་པའི་རྒྱུར་གྱུར་པས་བྱང་ཆུབ་ཡན་ལག་བདུན་ཡིན། དེ་ཡང་། དམིགས་པ་མི་བརྗེད་པ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཇི་ལྟ་ཇི་སྙེད་ཀྱི་ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག །འཁོར་བ་ལས་འདའ་བའི་བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག །ལུས་ངག་ཡིད་གསུམ་ལ་ཕན་འདོགས་པའི་དགའ་བ་བྱང་ཆུབ་ཀྱི་ཡན་ལག །སེམས་ལས་སུ་རུང་བ་ཤིན་ཏུ་སྦྱོང་བ་བྱང་ཆུབ་ཀྱི་ཡན་ལག །སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ལ་འཛིན་པ་དང་བྲལ་བ་ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག །ཆོས་ཐམས་ཅད་ལ་རེ་དོགས་དང་བྲལ་བའི་དགའ་བ་ཐོབ་པ་བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །མཐོང་ལམ་


JKT002_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་སྔར་མ་མཐོང་བའི་ལམ་མཐོང་བའི་ཕྱིར་རོ། །འཕགས་ལམ་ཡན་ལག་བརྒྱད་ཀྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་བྱེད་དེ། ཡང་དག་པའི་ལྟ་བས་མཐོང་ལམ་མངོན་དུ་བྱེད། ཡང་དག་པའི་རྟོགས་པས་མི་རྟོགས་པར་མི་སྨྲ། ཡང་དག་པའི་ངག་གིས་གང་ལ་གང་གིས་འདུལ་བའི་ཆོས་སྟོན། ཡང་དག་པའི་མཐས་བྱ་བ་མ་ཡིན་པ་གཞན་མི་བྱེད། ཡང་དག་པའི་འཚོ་བའི་བདག་གཞན་གཉིས་ཀར་མི་གནོད་ཅིང་ཉོན་མོངས་པས་མི་གོས། ཡང་དག་པའི་རྩོལ་བས་ནི་འདུས་མ་བྱས་པའི་ཆོས་སྒྲུབ། ཡང་དག་པའི་དྲན་པས་སེམས་དང་སེམས་བྱུང་གི་མི་དགེ་བས་སྐབས་མི་རྙེད། ཡང་དག་པའི་ཏིང་ངེ་འཛིན་གྱིས་སེམས་སྐད་ཅིག་དང་ལྡན་པའི་ཡེ་ཤེས་ཀྱིས་ཐམས་ཅད་མཁྱེན་པ་དང་། དེའི་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའོ། །སྒོམ་ལམ་ཞེས་པ་ཆོས་ཉིད་ཀྱི་དོན་ལ་ཡང་དང་ཡང་དུ་འདྲིས་པར་བྱེད་པའི་ཕྱིར་རོ། །དེ་དག་ས་བཅུ་དང་སྦྱར་ན། དང་པོ་མཐོང་ལམ། གཉིས་པ་ནས་བརྒྱད་བར་སྒོམ་ལམ། མོས་སྤྱོད་ནས་ས་དང་པོའི་བར་རང་དོན་སྒྲུབ་པ་ལས་གཞན་དོན་བྱེད་མི་ནུས་ཏེ་རང་ཉིད་ཀྱང་ཉོན་མོངས་དང་ཆ་བྲལ་བའི་ཕྱིར་རོ། །ས་གཉིས་པ་ནས་བརྒྱད་བར་དོན་གཉིས་ཀ་བྱེད་དེ། ཉོན་མོངས་མངོན་གྱུར་དང་བྲལ། བག་ཉལ་ཡོད། དགུ་པ་དང་བཅུ་པའི་བར་གཞན་དོན་འབའ་ཞིག་མཛད་དེ།


JKT002_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་ས་བོན་དང་བཅས་པ་སྤངས་པས་རང་དོན་བྱ་མི་དགོས། ས་དགུ་པ་དང་བཅུ་པ་མི་སློབ་ལམ་ཡིན་ཏེ། སློབ་ལམ་གྱིས་གནས་སྐབས་སྤངས་པ་ལ་བཤད་དོ། །ཡུམ་ལས། རྟོག་པ་དང་བཅས་ཟླ ཤིང་དཔྱོད་པ་དང་བཅས་པ་ནི་བསམ་གཏན་དང་པོ། རྟོག་པ་མེད་ལ་སྤྱོད་པ་ཙམ་དང་བཅས་པ་ནི་བསམ་གཏན་གཉིས་པ། རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའི་ཡིད་ལ་བྱེད་པ་བསམ་གཏན་གསུམ་པ། དགའ་བ་སྡུད་པ་ཡིད་ལ་བྱེད་པ་ནི་བསམ་གཏན་བཞི་པའོ། །ཞེས་སོ། །བསམ་གཏན་བཞི་པ་ལ་འཕགས་པའི་ཤེས་རབ་ཀྱིས་ཟག་མེད་སྤེལ་ཞིང་རིམ་པ་ལྔར་བསྒོམས་ན་མི་ཆེ་བ་སོགས་གཙང་གནས་ལྔར་སྐྱེའོ། །དེ་ཡང་། བསམ་གཏན་དང་པོ་དང་བཞི་པ་སྤེལ་བ་ཆུང་ངུ་། དང་པོ་དང་གཉིས་པ་བསྡམས་པ་ལས་བཞི་པ་སྤེལ་བ་འབྲིང་། དང་པོ་དང་གཉིས་པ་གསུམ་པ། དེ་དང་གསུམ་པ་བཞི་པ་སྤེལ་བ་ཆེན་པོ། ་བསམ་གཏན་བཞི་པོ་ནང་ཚན་རེ་རེ་ཞིང་བཞི་པ་དང་སྤེལ་བ་ཆེན་པོ། དེ་དག་ཐོད་རྒལ་དུ་བསྒོམས་པས་མཆོག་ཏུ་ཆེན་པོའོ། །ཐོད་རྒལ་ནི་བསམ་གཏན་བཞི་པོའི་ལམ་དོར་བས་ན་འཕྱོངས་པའི་བར་དུ་སྒོམ་པ་སྟེ། མས་ཡར་རིམ་དང་། རིམ་མིན་དུ་གཅིག་ནས་གསུམ་གྱི་བར་ནས། ཡས་མར་སོང་བའི་བར་དུ་བཞིས་བསྒོམ་པའོ། །གོ་མྱོང་གཉིས་པོ་གང་ཡིན་ཀྱང་སོ་སྐྱེའི་སྒོམ་པའི་བསམ་གཏན་ཡིན་པ་ལ།


JKT002_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་པའི་དབང་དུ་བྱས་ན་སེམས་ཀྱི་གནས་ལུགས་ལྟ་ཚུལ་ནས་བཟུང་སྟེ་རྩེ་གཅིག་ཆེན་པོ་མན་ཆད་ཡིན་ནོ། །འཕགས་པ་རྣམས་ཀྱིས་མི་རྟོག་པའི་ཤེས་རབ་ནི། སྙོམས་འཇུག་དགུ་པོ་རང་བཞིན་མེད་པར་ཤེས་པའི་ལྷག་མཐོང་ཉིད་དོ། །བསམ་གཟུགས་འགོག་བཅས་སྙོམས་འཇུག་དགུ་ཡི་ཏིང་འཛིན་སྐྱེ་ལུགས་ནི། མཉམ་པར་འཇོག་བྱེད་ཀྱི་བློ་དང་བཅས་ཤིང་གང་དུའང་མི་རྟོག་པར་འཇོག་པའི་གསལ་སྟོང་དེ་ལ་དྲན་རྩིས་དཔྱོད་པ་དང་བཅས་པའི་སྦྱོར་བས་དངོས་གཞི་མི་རྟོག་པར་སྐྱེ་ཞིང་། ཐུན་མཚམས་ནི་རྟོག་དཔྱོད་དང་བཅས་ཏེ་བསམ་གཏན་དང་པོའི་ཏིང་འཛིན་ཡིན་ནོ། །དེའི་དྭངས་ཆ་ལས་སྤྱན་དང་མངོན་ཤེས་ཅུང་ཟད་འཆར་རོ། །ཡང་སྔ་མ་དེའི་སེམས་ཀྱི་དངོས་གཞི་བརྟན་པའི་ཉེར་བསྡོགས་རྟོག་པ་མེད་ལ་དཔྱོད་པ་ཙམ་དང་བཅས་པ་ནི་སྦྱོར་བ། དེའང་གསལ་སྟོང་དུ་ཤེས་པའི་དྲན་རྟོག་ཕྲ་མོའང་མེད་ཀྱང་ཉམས་མྱོང་གི་འཛིན་པ་དང་བཅས་པའི་གསལ་སྟོང་སྐྱེས་པ་ནི་དངོས་གཞི་སྟེ། བསམ་གཏན་གཉིས་པའི་ཏིང་འཛིན་ནོ། །ཡང་དེའི་སེམས་ཀྱི་དངོས་གཞི་བརྟན་པའི་ཉེར་བསྡོགས་ལས་རྟོག་དཔྱོད་གཉིས་ཀ་མེད་པའི་སྟོང་པ་ཁྱད་པར་ཉིད་སྐྱེས་པ་དངོས་གཞི། བསམ་གཏན་གསུམ་པའིའོ། །ཡང་སྔ་མའི་སེམས་ཀྱི་དངོས་གཞི་བརྟན་པའི་ཉེར་བསྡོགས་ལས། བདེ་གསལ་མི་རྟོག་པའི་དགའ་བདེ་སྔོན་ལས་


JKT002_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་ལྷག་པར་སྐྱེ་བ་ནི་བསམ་གཏན་བཞི་པའི་དངོས་གཞི་སྟེ། དེ་རེ་རེ་ལའང་གོམས་ཚུལ་གྱི་རིམ་པས་གཟུགས་ཁམས་ཀྱི་ལྷའི་གནས་རིས་གསུམ་གསུམ་ལ་སྐྱེ་བའི་རྒྱུ་བྱེད་དེ་སོ་སོའི་སྐྱེ་བོའི་གནས་བཅུ་གཉིས་ཏེ་འབྲས་ཆེ་མན་ཆད་དོ། །འབྲས་བུ་ཆེ་བའི་དགའ་བདེའི་རང་བཞིན་དེ་ཉིད་ཞི་གནས་རྐྱང་པར་གོལ་ཞིང་གཏིང་གསལ་གྱི་མདངས་མ་རྙེད་ན་དབང་པོའི་ཡུལ་རྒྱུན་འགགས་ནས་རྣམ་པར་རྟོག་མི་རྟོག་གཉིས་ཀའི་དྭངས་ཆ་འགག་སྟེ། གཟུགས་མེད་དུ་འཕེན་ལ། དེ་ཡང་གསལ་ཆ་འགག་པའི་ཤེས་པ་ནམ་མཁའ་ལྟར་སྟོང་ལ་མ་དགག་ཙམ་གྱི་ངོ་བོ་ཉིད་ལ་གོམས་པ་ནི་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་དོ། །དེའི་ངང་ལ་གོམས་པས་རྣམ་ཤེས་ཀྱི་ངོ་ན་སེམས་ཙམ་པའི་གསལ་སྣང་མཐའ་ཡས་པ་ཡིད་ལ་བྱེད་ཀྱང་ཚོགས་དྲུག་གི་དྭངས་ཆ་མ་འགག་པར་བསྟན་པ་ལས་རྣམ་ཤེས་མཐའ་ཡས། དེ་ལྟར་གོམས་པ་ལས་སེམས་ཙམ་དུ་ཤེས་པའི་ཚོར་བ་ཕྲ་མོ་དེའང་ནུབ་ནས་གང་དུའང་མི་མཐོང་བ་ནི་ཅི་ཡང་མེད་པའི་སེམས། དེ་ལྟར་ཅི་ཡང་མེད་པ་ཙམ་དུ་འཛིན་པའི་སེམས་དེ་ཡང་ཡོད་མེད་གང་དུའང་མ་གྲུབ་པར་ཡིད་ལ་མི་བྱེད་པ་མི་སྟུག་པོར་འབྱམས་པ་ནི་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དེ་སྲིད་རྩེའི་སེམས་སོ། །དེ་རྣམས་གང་ལ་གོམས་པ་དེའི་ངང་དུ་ཤི་ནས་དེར་སྐྱེ་བ་ཡིན་ནོ། །འགོག་པ་ནི། བདེ་སྡུག་གི་ཚོར་བ་དང་འདུ་


JKT002_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བཀག་པས་འགོག་པའི་ཏིང་ངེ་འཛིན་ཐོབ་པ་ཡིན་ཏེ། སེམས་བྱུང་ལྔ་བཅུ་དང་རྟོག་ཚོགས་བརྒྱད་ཅུ་སོགས་གཏན་འགགས་པའི་རུམ་དུ་རིག་ཆའི་ཡོན་ཏན་བག་ལ་ཞ་སོང་བ་ཡིན་ནོ། །དེ་ཡང་བློས་དཔྱད་ནས་བརྟགས་པས་འགོག་པ་དང་། རྟོག་བྲལ་གྱི་ངང་ལ་བཞག་པ་བརྟག་མིན་གྱི་འགོག་པའོ། །འབྲས་བུ་ཆེ་བའི་བསམ་གཏན་མན་ཆད་དེ་ཤེས་རབ་ཀྱི་ལམ་སྟེགས་ཙམ་དུ་མངོན་དུ་བྱེད་ཀྱང་རྣམ་པར་སྣང་བ་དེ་ཉིད་ཡང་དག་པའི་ལྷག་མཐོང་རྣམ་པར་མི་རྟོག་པས་ཟིན་ནས་གྲོལ་བ་ནི་འཕགས་པ་རྣམས་ཀྱི་ཁྱད་ཆོས་སོ།། #div1 སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་བློ་གྲོས་འཕེལ་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་བློ་གྲོས་འཕེལ་བ་ལས། པདྨ་འདབ་བརྒྱད་སེར་པོ་དབུས་དཀར་པོར་བྱས་ལ། དེའི་སྟེང་དུ་ལྷུང་བཟེད་དུ་ཤེས་རབ་འཕེལ་བར་བྱེད་པའི་རྫས། དབང་པོ་ལག་པ། གླ་རྩི། གི་ཝང་། སྤང་རྒྱན་དཀར་པོ་རྣམས་བ་དམར་མོའི་འོ་མས་སྦྲུས་ཏེ་རིལ་བུ་སྲན་མ་ཙམ་བྱའོ། །དེའི་སྟེང་དུ་འཇམ་དཔལ་དང་དབྱངས་ཅན་མ་གཉིས་ཀ་ཞལ་སྦྱོར་གྱི་ཙཀྲི་གཅིག་གཞུག་པར་བྱའོ་དང་། སྒྲུབ་པའི་ཚད་ཞག་བདུན་དུ་བྱའོ། །རྟགས་ནི་འོད་དང་སྒྲ་ལ་སོགས་པ་འབྱུང་ངོ་། །ཞག་བརྒྱད་ན་དཀྱིལ་འཁོར་གྱི་ལྷ་རང་དང་རིལ་བུ་ལ་བསྟིམ། རིལ་བུ་དེ་སྒྲུབ་པ་པོས་ཟོས་པས་འཇམ་པའི་དབྱངས་དང་ཤེས་རབ་མཉམ་པར་འགྱུར་རོ། །ཐུན་མོང་ཚེ་ཡི་


JKT002_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀྱང་ཐོབ་སྟེ། དེ་ལྟར་ཡང་། འདི་ཟོས་ཡོན་ཏན་བསམ་མི་ཁྱབ། །ལོ་བརྒྱ་ཐུབ་པ་བརྒྱད་བརྒྱར་འགྲོ། །དགུ་བཅུ་ལོན་པ་བཅུ་དྲུག་ལྟར། །སྐྲ་དཀར་བུད་ནས་ནག་པོར་འགྱུར། །བང་ནི་རྟ་དང་མཉམ་པར་འགྱུར། །སྒྲ་ནི་མེ་ཏོག་པདྨ་འདྲ། །ལུས་ནི་དཀར་ལ་སྦོམ་པར་འགྱུར། །ཉམས་སྟོབས་ལུས་ཟུང་འཕེལ་བར་འགྱུར། །ལྷ་འདྲེ་རྣམས་ཀྱིས་སྟོང་གྲོགས་བྱེད། །ཡོན་ཏན་སྨོན་འཇུག་སེམས་དང་ལྡན། །སེམས་བསྐྱེད་དེ་དང་ལྡན་པ་ཡི། །སྐྱེས་བུ་དེ་ནི་དམ་པ་ཡིན། །ཡོན་ཏན་དེ་དང་ལྡན་ཞེས་སྨྲ། །ཞེས་འབྱུང་ངོ་། །འདིའི་བདག་བསྐྱེད་འཇམ་དབྱངས་དམར་པོ། རིལ་བུ་དབྱངས་ཅན་མ་དཀར་པོད་རལ་ཅན། །མོར་བསྐྱེད་སྣང་། ༈ །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ་ལས། ཐུགས་རྗེ་ཆེན་པོ་ནམ་མཁའ་མཛོད་སེར་པོའི་སྒྲུབ་ཐབས་ལས། གཙོ་བོ་སྐུ་མདོག་སེར་པོ། ཡིད་བཞིན་གྱི་ཤིང་ལ་སྐུ་རྒྱབ་བརྟེན་པ། གཡོན་པདྨོ་འཛིན་ཅིང་། གཡས་ནོར་ཐམས་ཅད་སྦྱིན་པ་མཛད་པའི་གཡས་སུ་འཕགས་པ་ནོར་འཕེལ་རྔ་ཡབ་ཐོགས་ནས་ནོར་གྱི་རྒྱུན་འབེབས་པ་དང་། གཡོན་དུ་ལྷ་མོ་ནོར་སྦྱིན་མ་དམར་མོ་རིལ་པ་འཛིན་པ་ནོར་བུ་དམར་པོའི་ཕྲེང་བས་བརྒྱན་པ། སྔགས་ནི། ཨོཾ་ཨཱཙཱཧཱིཧཱུྃ། ཚད་འབུམ་ཕྲག་ལྔ་བཟླས་ནས་རང་གི་བདོག་པ་ཐམས་ཅད་སྦྱིན་པ་བཏང་ན་བསོད་ནམས་ཀྱི་སྤྲིན་ལས་


JKT002_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དགུའི་ཆར་ཆེན་འབེབས་པར་བྱེད་དོ། ༈ །འཕགས་པ་ཐུགས་རྗེ་ཆེན་པོ་ལུས་ཀྱི་འཁོར་ལོ་འབར་བ་ལས་སྙིང་གར་པདྨ་འདབ་མ་བཞི་པའི་ཕྱི་རོལ་ཏུ་རྩིབས་དྲུག་དང་ལྡན་པའི་འཁོར་ལོ། དབུས་དང་འདབ་མ་བཞི་ལ། འཇིག་རྟེན་དབང་ཕྱུག །གཏི་མུག་རྡོ་རྗེ་སོགས་བཞི། རྩིབས་དྲུག་ལ་འགྲོ་བ་རིགས་དྲུག་གི་རྣམ་པར་དག་པ་འགོད་པར་བྱ་སྟེ། ལྷ་རིགས་རྣམ་དག་འཆི་འཕོ་མེད། །དབང་པོ་རྡོ་རྗེ་གུར་གུམ་མདོག །མེ་ཏོག་ཕྲེང་བའི་ཆུན་པོ་འཛིན། །དྲེགས་པ་མ་ལུས་སྤངས་པའོ། །ཨ། ལྷ་མིན་རྣམ་དག་འཁྲུགས་པ་མེད། །དྲག་པོ་རྡོ་རྗེ་རྒྱ་སྐྱེགས་མདོག །རལ་གྲི་དང་ནི་འཁོར་ལོ་འཛིན། །ཕྲག་དོག་མ་ལུས་ཀུན་སྤངས་པའོ། །ཨི། མི་ནི་རྣམ་དག་བྲེལ་ཕོངས་མེད། །དབང་ཕྱུག་རྡོ་རྗེ་རྫ་གསར་མདོག །རྡོ་རྗེ་དང་ནི་དྲིལ་བུ་འཛིན། །རྣམ་པར་གཡེངས་པ་ཀུན་སྤངས་པའོ། །ཨུ། དུད་འགྲོ་རྣམ་དག་བླུན་རྨོངས་མེད། །སེང་གེ་རྡོ་རྗེ་དུ་བའི་མདོག །དགྲ་སྟ་དང་ནི་དབྱུག་པ་འཛིན། །བག་མེད་བཏུལ་བ་ཀུན་སྤངས་པའོ། །ཨེ། ཡི་དྭགས་རྣམ་དག་སེར་སྣ་མེད། །གཤིན་རྗེ་རྡོ་རྗེ་ཆར་སྤྲིན་མདོག ། ཐོད་པ་དང་ནི་ཞགས་པ་འཛིན། །འཇུངས་པའི་སྲེད་པ་ཀུན་སྤངས་པའོ། །ཨོ། དམྱལ་བ་རྣམ་དག་ཚ་གྲང་མེད། །འཇིགས་སྐྱོབས་རྡོ་རྗེ་བྱེ་རུའི་མདོག །བུམ་པ་དང་ནི་ལྷུང་བཟེད་འཛིན། །མི་ཟད་ཡང་


JKT002_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཀུན་སྤངས་པའོ། །ཞེས་སྣང་བ་འདི་ཐུབ་པ་དྲུག་དང་གཅིག་པར་འདུག་གོ ༈ །བསམ་གྱིས་མི་ཁྱབ་པའི་མཆོད་པའི་ཆོ་ག་གཞུང་དང་གསལ་བྱེད་ལྟར་བཤད་ན། གཙང་མའི་གནས་སུ་མེ་ཏོག་སོགས་ཅི་འབྱོར་པའི་མཆོད་པ་དགྲམ། རང་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་རྒྱལ་མཚན་རྩེ་མོ་གསེར་མདོག་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་ལས་མཆོད་པའི་ཆར་ཆེན་པོ་འབེབས་ཤིང་། གཡོན་པདྨོ་རྒྱས་པ་འཆང་བ། མཆོད་པའི་སྤྲིན་རྒྱ་མཚོའི་དབུས་ན་བཞུགས་ཤིང་ཡོ་བྱད་ནམ་མཁའི་མཛོད་ལ་མངའ་བརྙེས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ངང་ཚུལ་ཅན་དུ་གསལ་བར་གྱུར། །ཨོཾ་བཛྲ་པུཊྚེ་ཨཱཧཱུྃ། དེ་བཞིན། དྷུ་པེ་ནས་ཤབྡའི་བར་དང་། མཎྜལ་སྦྱར་བས་བྱིན་རླབས། ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། བླ་མ་དཀྱིལ་འཁོར་ལྷ་ཚོགས་སོགས། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་བ་སྔོན་དུ་འགྲོ་བས། རང་གི་ཐུགས་ཀའི་ཧཱུྃལས་མཆོད་པའི་ལྷ་མོ་ཁ་དོག་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་རེ་རེ་ལས་ཀྱང་དཔག་ཏུ་མེད་པའི་སྤྲིན་འཕྲོ་བ་སྤྲོས་ནས་བསྙེན་བཀུར་བར་བསམས་ལ། རང་བཞིན་སྟོང་པ་ཉིད་ཅན་གྱི། །སྣ་ཚོགས་མེ་ཏོག་བསམ་མི་ཁྱབ། །རྒྱལ་མཚན་རྩེ་མོའི་རིག་པ་ཡིས། །


JKT002_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ནས་འཕགས་ཚོགས་མཆོད་པར་བྱ། །ཨོཾ་ན་མོ་བྷ་ག་ཝ་ཏེ་མ་ཧཱ་ཀ་རུ་ཎི་ཀ་པུཔྤེ་པཱུ་ཛ་མེ་གྷ་ས་མུ་དྲ་ཀེ་ཏུ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ་ས་མྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཝེ པུཉྫ། པུཉྫ། པུཉྫཨུཏྟཱ་ཝེ། པུཥྛ་ཨ་བ་ཀཱི་ར་ཎེ་སྭཱ་ཧཱ། ཞེས་པའི་རིག་པ་འདི་ལན་གསུམ་དུ་བརྗོད་ཅིང་འབུལ། དེ་བཞིན་དུ་མེ་ཏོག་གི་གནས་སུ་བདུག་སྤོས་དང་། པུཉྫ་དང་པུབྦེ་གནས་སུ་དྷུ་པེ་དང་དྷུ་པེ་སོགས་སྦྱར་བས་མཚོན། ཉེར་སྤྱོད་ལྔ་དང་། རོལ་མོ་མཎྜལ་བཅས་འབུལ། ཐོག་མ་མེད་ནས་ད་ལྟའི་བར། །ཞེས་སོགས་སྡིག་པ་བཤགས་པས་མཚོན་ཡན་ལག་ལྷག་མ་རྣམས་ཀྱང་བྱས་ཏེ། བདག་དང་སེམས་ཅན་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ཏེ་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་གསོལ་བ་གདབ་རྗེས་ཚོགས་ཞིང་རྣམས་མི་དམིགས་པར་བལྟས་ལ་དེ་ཁོ་ན་ཉིད་རྗེས་སུ་དྲན་པས་དགེ་བའི་རྩ་བ་སངས་རྒྱས་ཀྱི་སར་བསྔོའོ། །ཕན་ཡོན་ནི། མི་ཕྱེད་གུས་པ་མང་ལྡན་པས། གཟུངས་འདི་ལན་གསུམ་ཆོ་ག་འདིས། །ཉིན་རེ་དུས་གསུམ་མཆོད་བྱེད་ན། །བྱེ་བ་བསམ་མི་ཁྱབ་མཆོད་འགྱུར། །ཞེས་སོ། ༈ །ལུས་ཀྱི་འཁོར་ལོ་བཅིངས་གྲོལ་གྱི་མན་ངག་ལས། ཐུགས་རྗེ་ཆེར་ཁྲོས་བཞད་པའི་ཞལ། །རྡོ་རྗེའི་ཁྱུང་གཤོག་


JKT002_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ག་ཅན། །ཞེས་གཤོག་པ་བཤད། ༈ །དཔལ་རྡོ་རྗེ་ཐོད་པའི་དངོས་གྲུབ་སྒྲུབ་ཐབས་ལས། བློ་ལྡན་ཆོ་ག་བཟང་ཤེས་པས། །བདེ་ཆེན་དངོས་གྲུབ་སྟེར་བའི་ཕྱིར། །ཀ་པཱ་ལ་འདྲའི་གནས་སུ་ནི། །ཀ་པཱ་ལ་ཡི་དངོས་གྲུབ་བསྒྲུབ། །ཅེས་ཐོད་སྒྲུབ་ཀྱི་མན་ངག་བཤད་ཅིང་། དེའང་མཚན་མ་བཟང་པོའི་ཐོད་པ། ག་བུར་ཙནྡན་གླ་རྩི་སོགས་དྲི་བཟང་པོས་བྱུགས་པར་དཀྱིལ་འཁོར་བྲི། ལྔ་ཚན་ལྔ་དང་རིང་བསྲེལ་སྙིང་པོར་གཞུག་པ་སོགས་ཆོ་ག་རྒྱས་པར་བཤད་དོ། ༈ །ཐུགས་རྗེ་ཆེན་པོ་རྔ་སྒྲའི་སྒྲུབ་ཐབས་ལས། འདབ་ཆགས་ང་རོ་ཆེན་པོའི་ལོ། །སྐར་མ་རྒྱལ་ལ་བབས་པའམ། །ཡང་ན་དབྱར་གྱི་སྒྲ་སྒྲོགས་དུས། །མཁས་པས་རྔ་ཆེན་བཅོས་པར་བྱ། །ཙནྡན་སྡོང་བུ་དཀར་དམར་རམ། །སྒྲ་སྒྲོགས་ཤིང་དང་སྙན་པའི་འདབ། །སེང་ལྡེང་གླང་སྣ་བུ་འབོད་དང་། །ཏི་ཏི་ར་སྔོ་རྒྱུ་ཡིན་བརྟག །ཉི་མ་ཤར་དང་ཟླ་བ་ཤར། །སྲོད་ཀྱི་དུས་ལ་བབས་པ་ན། །གླ་རྩི་ག་བུར་གུར་གུམ་བྱུག །རྡོ་རྗེ་ཁྲོས་པས་བགེགས་ཚར་བཅད། །བྱམས་པའི་ཉི་མ་གང་ལ་བབས། །ཁྲི་སྙན་མོ་ཡིས་པགས་པ་སྦྱངས། །ནམ་མཁའི་སྒྲ་གསང་སྒྲོགས་པ་ན། །ལྷོ་རུ་ཁ་བལྟས་གཡོགས་པར་བྱ། །དེ་ནས་དྲི་མཆོག་དམ་ཚིག་ཅན། །བདུད་རྩི་ལག་པར་ལེགས་བྱུགས་ལ། །དབང་ཐོབ་ལྷ་བཟོ་སྐད་མཐོན་པོས། །སྒྲ་དབྱངས་མགོན་པོ་བྲི་བར་བྱ། །དབུས་སུ་པདྨོ་


JKT002_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བཞིའི་སྟེང་། །གཞོན་ནུའི་མདངས་རྒོད་ང་རོ་བཅིངས། །ཕྱག་གཉིས་རིན་ཆེན་རྔ་ཆེན་བརྡུང་། །ཟླ་བའི་མདོག་ཅན་བརྗིད་པའོ། །ཤར་སོགས་འདབ་བཞིར་གྲགས་ཆེན་དང་། །འབྲུག་སྒྲ་སྙན་པའི་དབྱངས་ཅན་དང་། །ང་རོ་མི་ཟད་གནོད་སྦྱིན་བཞི། །ཕྱོགས་ཀྱི་ཁ་དོག་ཇི་བཞིན་གནས། །བརྩོན་པའི་ཆ་བྱད་ཅན་གྱིས་སྤྱད། །ཕྱག་བཞི་དུང་དཀར་ཀཱ་ལ་ཧཱ། །དྲིལ་བུ་དང་ནི་གཎྜི་ཐོགས། །མིག་དམར་དགའ་བ་ཁྲོས་པའི་ཚུལ། །དེ་མཐར་འཁོར་ལོ་བརྒྱད་རྩིབས་རིས། །བཀྲ་ཤིས་བརྒྱད་འཛིན་ལྷ་མོ་བརྒྱད། །ཤིན་ཏུ་སྒེག་མཛད་དུལ་བའི་ཚུལ། །འཛུམ་པའི་མདངས་དཀར་སྣ་ཚོགས་མདོག ། མུ་ཁྱུད་རྡོ་རྗེའི་སྤྲིན་འཁྲིགས་པ། །འུར་འུར་སྐད་འབྱིན་འཇིགས་པ་དང་། །གློག་རྒྱན་ཕྲེང་བས་མཛེས་པ་ནི། །མཁས་པ་ཏིང་འཛིན་ལྡན་པས་བྲིས། །དེའི་འོག་ཏུ་ཇི་སྐད་བསྔགས་པའི་སྐབས་ནས་ཡེ་ཤེས་ཀྱི་འཁོར་ལོ་ཅན་གྱི་རྔ་བཀུག་ནས་རོལ་མོ་ལ་སོགས་པའི་མཆོད་པས་མཉེས་པར་བྱས་ནས་རྗེས་སུ་གཞུག་པར་བྱའོ། །དེ་ནས་ལྟེ་བ་མུ་ཁྱུད་ཀྱི་ནང་གི་ཁྱུད་ཀོར་དུ་ཡི་གེ་ཆེན་པོ་ལྔ་དང་ཉེ་བའི་ཡི་གེ་ལྔ་བཅུ་བྱང་ཆུབ་ཀྱི་སེམས་གཉིས་འདྲེས་པ་བྲི་ཞིང་། སྔགས་དེ་ཉིད་སྒྲ་ཆེན་པོས་ལན་བདུན་དུ་བཀླགས་ལ་རོལ་མོ་གསིལ་བ་དང་བྲོ་བརྡུང་བར་བྱའོ། །དེ་རྗེས་མཁས་པས་བརྒྱ་བྱིན་གྱི། །ལག་པ་འདྲ་བའི་འཁྲུལ་འཁོར་


JKT002_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །རྩོལ་བ་སྤངས་ནས་རྔ་བརྡུང་ཞིང་། །བདག་ཉིད་རྣལ་འབྱོར་བརྩོན་པས་བྱ། །སྒྲུབ་པ་པོ་ཡི་ངག་མེད་ཀྱང་། །ཇི་ཙམ་བསྙེན་པའི་མཚན་བཤད་སྔགས། །དེ་ཡི་ཕྱེད་གཉིས་འགྲུབ་པར་ནི། །ངེས་པར་ཐེ་ཚོམ་མི་བྱའོ། །དེའི་འོག་ཏུ་གཡུལ་བཟློག་པའམ། །གྲགས་པ་མཐོ་འདོད་དེ་བཞིན་གཞན། །ཐམས་ཅད་སྙིང་རྗེ་མ་བྲལ་བས། །རྔ་འདི་བརྡུང་བ་ཙམ་གྱིས་འགྲུབ། །འཇིག་རྟེན་གསུམ་གྲགས་མཐའ་ཡས་པ། །ཐུགས་རྗེ་ཆེན་པོས་ཉིད་སྤྲུལ་པ། །རྔ་ཆེན་རྒྱལ་པོ་བརྟག་པའི་ལས། །དོན་ཀུན་སྒྲུབ་པར་བྱེད་པ་ཡིན། །ཞེས་སོ། ༈ །སྲུང་སྐུད་ཀྱི་ཆོ་ག་ལས། །འཕགས་པ་སྤྱན་རས་གཟིགས་ལ་དད་པ་ཐོབ་པས། ཚོར་བས་གཟིར་བ་དང་། གདོན་གྱིས་གླགས་བཙལ་བ་དང་། རྐུན་པོ་དང་དགྲས་འཇིགས་པའི་ནུས་པའི་དབང་བ་བསྲུང་བ་ལ་སོགས་པའི་དོན་དུ་སྙིང་རྗེ་ཆེན་པོས་སྲུང་སྐུད་བཅིང་བར་བྱའོ། །འཁོར་ལོ་རྡོ་རྗེ་རིན་ཆེན་དང་། །པདྨོ་སྣ་ཚོགས་ཁ་དོག་ཅན། །རས་དང་དར་དང་བལ་དང་བཅས། །པདྨའི་སྐུད་པ་ཤིན་ཏུ་བསྔགས། །སོགས་གསུངས་ཏེ། གཞོན་ནུ་ཕོ་མོས་བཀལ་བའི་སྲད་བུ་པདྨ་འདབ་བརྒྱད་ཀྱི་དབུས་སུ་བཞག་ནས་སྦྱང་བ་སོགས་བྱ། དེ་ནས་རང་འཇིག་རྟེན་དབང་ཕྱུག་སྲད་བུ་དང་པདྨ་བསྣམས་པར་བསྐྱེད་ནས། མདུད་པ་གསུམ་བྱས་ལ། སོ་སོར་གསང་བ་གསུམ་གྱིས་འོད་ཕྱུང་བས་སྒོ་


JKT002_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྲུང་བའི་ནུས་ལྡན་དུ་བསམས་ལ། ཨོཾ་ཨཱཙཱཧཱིཀཱ་ཡ་བཛྲ་ཀཱ་ཡ་ཀཎྚ་ཧཱུྃ། དེ་བཞིན། ཝཱ་ཀ་དང་། ཙིཏྟ་སྦྱར་བས་སྔགས། དམ་ཚིག་གི་སྲད་བུ་འོད་ལྔ་འབར་བར་བསམས་ལ་བསྒྲུབ་བྱའི་མགུལ་ལམ་དཔུང་པ་ལ་བཅིངས་པར་གསུངས། ༈ །ཚེ་འདས་ལ་བྱ་བའི་ཆོ་གར། སྙིང་རྗེ་ཆེན་པོ་ཡིད་གཞུང་པས། །སྤྱན་རས་གཟིགས་དཔལ་བསྙེན་བྱས་ཏེ། །ལུས་ཅན་མི་འདོད་བཞིན་དུ་ལྷུང་། །དེ་དག་ངན་འགྲོ་བཟློག་པར་བྱ། །སྔོན་ནས་སྦྱངས་པ་ཉིད་དང་ནི། །གཞན་དག་གློ་བུར་བྱ་བ་ཉིད། །དེ་བཞིན་ཕྱི་ནས་གཞན་གྱིས་ཏེ། །མཆོག་དང་ཕ་མཐའ་གྲངས་བཞིན་འདོད། །ཅེས་རབ་རང་བྱིན་རླབས་ཀྱི་སྦྱོར་བས་འཕོ། འབྲིང་གློ་བུར་བདག་ལ་འོད་ཀྱི་སྦུ་གུས་སྦྱོར་བའི་འཕོ་བ་དག་བཤད་ནས་ཐ་མ། དེ་ལྟར་རིང་ནས་ལམ་གོམས་པའི། །བློ་ལྡན་དུས་ལས་འདས་གྱུར་ཚེ། །འཕགས་པ་ངན་སོང་སྦྱོང་དཔལ་གྱི། །ཆོ་ག་བདུན་ཕྲག་བདུན་དུ་སྦྱངས། །རོའམ་རུས་པ་གོས་སམ་མིང་། །རྟེན་དེའི་མདུན་དུ་བཞག་ནས་སུ། །མ་དག་པ་དང་དག་པ་ཡི། །དཀྱིལ་འཁོར་གཉིས་ལ་རྟེན་གཉིས་བཞག །བརྡེག་དང་བསྲེག་དང་བཀྲུ་བ་ཡིས། །དྲི་མ་གཞིག་གཞོམ་དད་པ་དག །དཀྱིལ་འཁོར་ནག་པོ་བྱ་བས་ཏེ། །བསྟན་དང་དབང་བསྐུར་བྱ་བ་ལའོ། །ཡུངས་ཀར་བྱེ་མ་ཐལ་ཆེན་ལ། །རིམ་པར་བཟླས་ནས་བསྣུན་བྱ་ཞིང་། །སྦྱིན་སྲེག་


JKT002_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་གའི་བྱ་བ་ཡིས། །རྟེན་བཅས་བག་ཆགས་འབད་དེ་བསྲེག །ངན་སོང་སྦྱོང་བའི་སྐུ་གསུང་ཐུགས། །བཞུ་བའི་ཆུས་བཀང་བུམ་པ་བླུགས། །རྡོ་རྗེའི་གླུ་བླངས་རིམ་པ་བཟླ། །མ་ལུས་དྲི་མ་བཀྲུ་བར་བྱ། །ཨོ་ཨཱཧཱིསརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་རཱ་ཛ་ཡ། ཨ་མུ་ཀེ་ཀཱ་ཡ། ཝཱ་ཀ་ཙིཏྟ་སརྦ་པ་པཾ་ཏོ་ཥ་ཝ་ར་ཎ་བྷཾ་ག་གྷཾ། ཌ་ཧ་ཌ་ཧ། བཱ་རཙཱ་བཱ་རཙྪ། ཤོ་དྷ་ཡ་ཤོ་དྷ་ཡ་ཕཊ་ཕཊ་སྭཱ་ཧཱ། དེ་རྗེས་དྲི་མ་དག་པའི་སེམས། །ལྷག་པའི་ལྷ་ལ་བཅུ་གནས་ནི། །ཇི་སྲིད་དབང་བསྐུར་བྱས་ཏེ་མཆོད། །དགའ་སྟོན་ཆེན་པོ་སྦྱིན་པར་བྱ། །ཞེས་སོ། ༈ །བཀྲ་ཤིས་ཀྱི་ཆོ་ག་ལས། བཀྲ་ཤིས་བཟང་དང་བཀྲ་ཤིས་ནོར་འབྲུ་སྨན། །བཀྲ་ཤིས་མཆོད་རྫས་དང་ནི་བཀྲ་ཤིས་རྒྱན། །དཔལ་ལྡན་བཀྲ་ཤིས་དཀྱིལ་འཁོར་ཆེར་བྲི་ལ། །བཀྲ་ཤིས་རྒྱལ་པོ་སྤྱན་རས་གཟིགས་དབང་དགུག །གང་དག་གང་གི་ཕྱིར་དང་གང་དུ་ཇི་ལྟར་བྱ་བའི་རང་བཞིན་ཐམས་ཅད་ལ་བཀྲ་ཤིས་ཞེས་སྦྱར་རོ། །ཤིས་པ་བརྗོད་པའི་དབྱངས་དང་སེམས་དང་རྗེས་སུ་མཐུན་པའི་རོལ་མོ་དང་གླུས་མཆོད་དོ། །མེ་ཏོག་དཀར་དམར་དང་ཙནྡན་དཀར་དམར་དང་རྒྱན་དང་དྲིའི་ཁྱད་པར་ངེས་པའོ། །ཡོ་བྱད་གློ་བུར་དང་གསར་དུ་སྐྱེས་པ་མཐའ་དག་ལ་རྒྱལ་བར་གྱུར་པའི་ཚིག་སྔོན་དུ་སོང་བས་སོ། །སྦྱིན་བདག་གམ་སློབ་མའི་ལུས་བཀྲུས་ལ་བཀྲ་ཤིས་ཀུན་ཏུ་སྣང་བའི་རྒྱས་གདབ་བོ། །


JKT002_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

སིཏྟོ། འདི་རྣམས་གྲུབ་པ་བརྙེས་པའི་སློབ་དཔོན་པཎྜི་ཏ་ཆེན་པོ་ཨ་ཛི་ཏ་མི་ཏྲ་གུལྟས་མཛད། །རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀི་དང་། ཁྲོ་ལོའི་འགྱུར་རོ། །ཨ་ཏི་སཱ་དྷུ་སཱ་དྷུ་པཱ་ཤྱ་ཧོ། ༈ རྣམ་འཇོམས་ཀྱི་ཁྲུས་ཆོག་གི་འགྲེལ་པ་སློབ་དཔོན་རྡོ་རྗེ་གོ་ཆས་མཛད་པ་ལས། དེའི་ནང་དུ་དགང་བ་ནི། ཆུ་ཡིས་ཞེས་པ་སྨོས་ཏེ། ཙནྡན་དང་གུར་གུམ་ལ་སོགས་པའི་སྤོས་ཆུས་བཀང་སྟེ། དེ་དང་ལྷན་ཅིག་ལྡན་པའི་རིན་པོ་ཆེ་ནི་ཤེལ་དང་རྡོ་རྗེ་ཞེས་པ་དངོས་སུ་ཟད། ནོར་བུ་ཞེས་པ་སྤྱིའི་ཚིག་ཏུ་སྨོས་ཏེ། རྣམ་པར་མ་ཕྱེ་བའི་པདྨ་རཱ་ག་དང་། ཨིནྡྲ་ནི་ལ་ལ་སོགས་པ་རིན་པོ་ཆེའི་རིགས་སུ་གཏོགས་པ་དང་། མུ་ཏིག་དང་ས་ལེ་སྦྲམ་ལ་སོགས་པ་སྟེ། དེ་དག་གས་ཆག་མེད་པ་རྒྱན་གྱི་བྱ་བ་བྱེད་ནུས་པ་སྟེ་རིན་ཆེན་རྨ་མེད་ཅེས་བྱའོ། །གཞན་ཡང་དེའི་ཟླ་ལ་ཡུངས་ཀར་དང་། རྩ་དཱུརྱ་དང་། མེ་ཏོག་རྣམས་གཞུག་པར་བྱའོ། །ཞེས་དང་། ཡང་གོང་མའི་འབྲུ་དང་སྨན་ཞེས་བྱ་བ་ལ། བྱ་གླི་དང་། སི་གྷི་ལ་སོགས་པའི་སྨན་རྣམ་པ་ལྔ་དང་། ཏིལ་དང་སྲན་མ་བ་ཤ་ཀ་ལ་སོགས་པའི་འབྲུ་སྣ་ཚོགས་རྣམས་རྒྱུད་ལས་གྲགས་པ་བཞིན་ནོ། །མགུལ་ཆིངས་གཙང་མའི་གོས་ཞེས་བྱ་བ་མ་སྤྱད་པ་མ་ཉམས་པའི་རས་དཀར་པོ་ཁ་ཚར་དང་བཅས་པའོ། ༈ །སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པའི་གཟུངས་ཆོག་ལས། རིན་པོ་ཆེ་སྣ་ལྔ་ཉེར་གསུམ་


JKT002_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འབྲུ་ལྔ་དང་། སྨན་ལྔ་དང་། སྙིང་པོ་ལྔ་དང་། སྤོས་དྲི་ཞིམ་པོ་བླུགས་ཏེ། ལྡུམ་བུས་ཁ་བརྒྱན་ལ་མགྲིན་པར་དཀྲིའོ། ༈ །ཛ་ཡ་ཝ་རྨས་མཛད་པའི་དཀྱིལ་ཆོག་ལས། འབྲུ་སྨན་རིན་ཆེན་ལྔར་ལྡན་པས། །བཟང་པོའི་ཤིང་གིས་ཁ་བརྒྱན་ནས། །ཀུ་ཤའི་སྟན་ལ་ཡང་དག་བཞག །ཅེས་འདིའི་དབང་ཆོག་པད་དཀར་གྱི་དཀྱིལ་ཆོག་དང་མཐུན་པར་སྣང་། ༈ །བྲམ་ཟེ་མ་ཎི་བཛྲས་མཛད་པའི་ལས་བཞི་སྒྲུབ་པའི་ཆོ་ག་ལས། ལས་སུ་བྱ་བ་ཆུ་དང་འབྲེལ་བས་བཀྲུ་བ་ཞེས་པ་དེང་སང་ཛཱ་ཆུ་བཀོལ་བ་དང་གྲགས་པའི་དབྱིབས་ལྟ་བུ་ཞིག་སྣང་། འོན་ཀྱང་ཏིང་ངེ་འཛིན་གྱི་མེས་བསྐོལ་བ་ལས་དངོས་སུ་བསྐོལ་བའི་གསར་ཁ་མེད། ཕན་ཡོན་ནི། གང་གི་ལུས་ལ་ཆུས་རེག་པ། །བགེགས་ཀྱི་གནོད་པ་ལས་གྲོལ་འགྱུར། །ཞེས་སོ། །པཎྜི་ཏ་ཛྷཱ་ན་ཤྲཱི་དང་། ལོ་ཙཱ་བ་རབ་ཞི་བཤེས་གཉེན་གྱི་འགྱུར་རོ། ༈ །རྣམ་འཇོམས་གཟུངས་སྒྲུབ་གྲུབ་ཆེན་བྲམ་ཟེ་ཀུ་མཱ་ར་སེ་ནས་མཛད་པ། དེའི་སློབ་མ་སངས་རྒྱས་གསང་བ་དང་། དཔའ་མཉྫ་ཤཱིའི་འགྱུར་ལས། ཁྲུས་ཀྱི་བུམ་པ་བཟང་པོ་བྱ། །དེ་ཡང་གསེར་སོགས་དག་ལས་འབྱུང་། །མཚན་ཉིད་ལྡན་དེར་ཆུ་ཀླུང་ཆུ། །འོ་མ་དྲི་ལྔ་སྨན་དང་འབྲུ། །རིན་ཆེན་སྙིང་པོ་མེ་ཏོག་བཅས། །ཤེལ་དང་ཕ་ལམ་མུ་ཏིག་དང་། །ཁ་རྒྱན་མགུལ་གསུམ་པ་ཡིས་བཅིངས། །དུརླ་བདུག་དང་ཀུ་ཤ་དང་། །རྨ་བྱའི་


JKT002_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་དང་རྡོ་རྗེར་ལྡན། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །ལེགས་བྱས་བསྐྲད་ལ་སྒྲུབ་རྫས་ནི། །རིན་ཆེན་སྣོད་ཀྱི་སྟེང་དུ་གནས། །མཎྜལ་སྟེང་དུ་དེ་བཞག་ལ། །ཞེས་སོ། །འདིའི་ཆོ་ག་རྣམས་བྱ་བ་སྤྱིའི་ཆོས་སྐད་ཇི་བཞིན་པའོ། ༈ །གཏོར་མའི་ཆོ་ག་སངས་རྒྱས་གསང་བས་མཛད་པ་ལས། །བར་ཆད་ཞི་དང་ཚོགས་བསགས་དང་། །འདོད་པ་ཐམས་ཅད་རབ་བསྒྲུབ་ཕྱིར། །ཟླ་བ་ཞག་དང་ཐུན་མཚམས་ལ། །ཡོ་བྱད་ཅི་འབྱོར་གཏོར་མ་བཏང་། །ཞེས་སོ། ༈ །དེས་མཛད་པའི་ཁྲུས་ཀྱི་ཆོ་གར་བུམ་རྫས་ཀྱི་ངོས་འཛིན་གོང་གི་རྡོ་རྗེ་གོ་ཆའི་གསུངས་དང་མཐུན་ནོ། ༈ །ཤ་བ་རི་པས་མཛད་པའི་དཀྱིལ་ཆོག་རིན་ཆེན་སྣང་བར། དངུལ་ལ་སོགས་པའི་བུམ་པར་ནི། །ནོར་བུ་ཡུངས་ཀར་དྭརླ་དང་། །ཤེལ་དང་པདྨ་ཙནྡན་དང་། །གསེར་དང་རིན་ཆེན་ཆུས་དགང་བྱ། །ཞེས་སོ། ༈ །རྣམ་འཇོམས་ཀྱི་ལས་སྒྲུབ་པའི་ཐབས་ཀྱི་ཆོ་ག་མགོན་པོ་བྱམས་པས་རྗེས་སུ་བཟུང་བའི་དཔལ་གངྒཱ་དྷ་རའི་སྲས་ཀྱི་ཐུ་བོ་བྲམ་ཟེ་མ་ཎི་བཛྲས་མཛད་པ་ལས། རང་ལྷའི་དམིགས་པ་གསལ་བ་དང་། །སྔགས་ཀྱི་བཟླས་པ་མཐར་ཕྱིན་པས། །རིག་སྔགས་༡ཐོགས་པ་མེད་པ་དང་། །ཕ་རོལ་སྡེ་ལས་༢རྒྱལ་བ་དང་། །སྐྲག་༣དང་མཐུ་སྟོབས་གཞིག་༤པ་དང་། །རིག་སྔགས་བཅད་༥དང་མནན་༦པ་དང་། །ལས་༧གཞོལ་ཕ་རོལ་ལས་གཞིག་རདང་། །


JKT002_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་བརླག་༩གདོན་ལས་གྲོལ་༡༠པ་དང་། །འབྱུང་༡༡པོ་དགུག་དང་མནན་༡༢པ་དང་། ལས་རྣམས་མ་གྲུབ་སྤོགས་པ་༡༣དང་། །གྲུབ་པའི་འབྲས་༡༤བུ་མཐར་དབྱུང་དང་། །འདོད་འབྲས་དངོས་གྲུབ་༡༥བསྒྲུབ་པ་དང་། །སྲུང་༡༦དང་ཞི་དང་༡༧རྒྱས་༡༨པ་དང་། །རེངས་༡༩དང་རྨུགས་༢༠པར་བྱེད་པ་ཡི། །ཐུན་མོང་ཁྱད་པར་བདག་ཉིད་ཀྱི། །ཆོ་ག་ཉི་ཤུའི་སྦྱོར་བ་རྣམས། །ཇི་ལྟར་བླ་མའི་མན་ངག་ལས། །རྟོགས་པའི་རིམ་པ་གསལ་བར་བྱ། །ཞེས་རྒྱས་པར་བཤད་དོ། ༈ །རྡོ་རྗེ་རྣམ་པར་འཇོམས་པའི་ལས་སྣ་ཚོགས་སྒྲུབ་པའི་ཆོ་ག་ཞེས་མཛད་བྱང་མེད་པ་ལས། སྡིག་༡པ་ཐམས་ཅད་ཞི་བ་ཏིལ་དང་མེ་ཏོག་དཀར་པོའི་སྦྱིན་སྲེག །སྡུག་བསྔལ་ཐམས་ཅད་༢ཞི་བ་ཁྲུས་གྱི་ཆོ་ག །དཔལ་༣འཕེལ་བ་འབྲས་བུ་དང་མེ་ཏོག་སེར་པོ་མངར་གསུམ་དང་བཅས་པའི་སྦྱིན་སྲེག །ཨིནྡྲ་བི་ཤོ་དྷ་ན་སྦྱར་བས་དབང་༤པོ་ཉམས་པ་གསོ་པའི་ཁྲུས་ཆོག །ཚེ་ཉམས་པ་གསོ་བ་དྭརླ་དང་མེ་ཏོག་སེར་པོའི་སྦྱིན་སྲེག །ཕུན་སུམ་ཚོགས་པར་བྱེད་པ་འབྲུ་དང་མེ་ཏོག་སེར་པོའི་སྦྱིན་སྲེག །བུམ་བཟང་གཙང་མའི་ཆུས་བཀང་སྟེ། འབྲུ་སྨན་རིན་ཆེན་སྙིང་པོ་དྲི། །མ་ཉམས་རས་ཀྱིས་མགུལ་དཀྲིས་ཤིང་། །བཟང་པོའི་ཤིང་གིས་ཁ་བརྒྱན་པར། །ལྷར་བསྐྱེད་ཡེ་ཤེས་གཞུག་མཆོད་བསྟོད། །ཤོ་དྷ་ཡ་བི་ཤོ་དྷ་ཡ། མཐར་སྦྱར་སྔགས་བཟླས་ལེགས་


JKT002_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུས་པས། །ལྷ་རྣམས་མདུན་གྱི་ལྟེ་༧བར་གནས། །ཞེས་པ་འདི་ནི་ཁྲུས་སོགས་ཀྱི་ཁུངས་སུ་སེམས། མཛའ་སྡུག་དབང་དུ་བྱེད་པ་མེ་ཏོག་དམར་པོའི་སྦྱིན་སྲེག །ཚེ་ཡི་ཚིལ་བུ་གུ་གུལ་དང་། །ཡུངས་ཀར་ཅེ་སྤྱང་ཀླད་པར་སྦྱར། །བརྒྱ་རྩ་བརྒྱད་དུ་མངོན་སྔགས་པས། །དུར་ཁྲོད་སོལ་བའི་མེ་ལ་བསྲེག །བདུག་པས་བྲན་བཟའ་སོགས་ལུས་བདུག །གདོན་གྱིས་གཙེས་པ་ཐར་བར་བྱེད། །པདྨའི་རྩ་བ་ཙནྡན་དམར། །མངོན་པར་བསྔགས་པའི་མེ་སྦར་ཏེ། །རིག་སྔགས་བརྒྱ་རྩ་བརྒྱད་བཟླས་པའི། །དུརླས་རང་གི་མིག་བསྐུས་ན། །ཕན་ཚུན་མི་མཐུན་གནས་པ་ཡང་། བལྟས་པ་ཙམ་གྱིས་༡༠མཛའ་བོར་འགྱུར། །བོང་འགྲིབ་པ་འཇོམས་༡༡པ་འབྲུའི་སྦྱིན་སྲེག །མྱ་ངན་ངལ་དང་གནོད་པ་༡༢འཇོམས་པའི་ཁྲུས་ཆོག །བླ་གོས་མཐའ་ལ་བརྒྱ་རྩ་བརྒྱད། །མངོན་སྔགས་མདུད་པ་བདུན་བོར་ནས། །ལམ་དུ་ཞུགས་ན་མི་ཟད་པའི། །འཇིགས་དང་ཉམ་ང་ལས་གྲོལ་བྱེད། །ཐོ་རངས་ལྷ་ཡི་བསམ་གཏན་ལྡན། །སྔགས་ཀྱིས་མངོན་པར་བསྔགས་པ་ཡི། །ཆུ་དང་ཐལ་བ་ཡུངས་ཀར་གྱིས། །ཕྱོགས་མཚམས་བཅིངས་པས་ཕོངས་པ་༡༤འཇོམས། །སྔགས་བཏབ་པའི་སྤོས་དཀར་གྱིས་བདུག་པས་གཟའ་༡༥དང་། གུ་གུལ་བདུག་པས་རྒྱུ་༡༦སྐར་གྱི་གནོད་པ་འཇོམས། ཁ་དོག་ལྔ་ཡི་སྐུད་པ་ལ། །རིག་སྔགས་སྟོང་ཕྲག་བདུན་


JKT002_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ནས། །གང་གི་མགུལ་ལམ་དཔུང་པ་ལ། །བཅིངས་པས་བྱད་༡༧སྟེམས་ལས་གྲོལ་བྱེད། །མི་ཟད་གདོན་གྱིས་ཉེན་པ་ལ། །སྔགས་ཀྱི་ཆུ་ཡིས་ལུས་བཀྲུས་ནས། །གུ་གུལ་ཡུངས་ནག་ཡི་དྭགས་སྐྲ། །ཁྭ་ཡི་གཤོག་པ་རྨ་བྱའི་ཤ །ཅེ་སྤྱང་རྟུག་པ་སྔགས་བཅས་པའི། །བདུག་པས་ངེས་པར་ཐར་༡༨བར་བྱེད། །རྨི་ལམ་སྡིག་པའི་མཚན་མ་མཐོང་། །གཙང་མའི་གོས་གྱོན་དྲིས་བདུག་སྟེ། །ཤར་དུ་མངོན་པར་ཕྱོགས་པ་ཡིས། །རིག་སྔགས་བརྒྱ་རྩ་བརྒྱད་བཟླས་པའི། །ཆུ་ཡིས་ཁྲུས་༡༩བྱས་དགེ་བ་དང་། །སྡིག་མེད་དཔལ་དང་ལྡན་པར་བྱེད། །ཅེས་གསུངས། འདི་མ་ཎི་ཀ་བཛྲ་གྱིས་མཛད་དམ་སྙམ་ཞིང་། ཛྙཱ་ན་ཤྲཱི་དང་། རབ་ཞིའི་འགྱུར་རོ། ༈ །གང་གི་ལས་སྒྲུབ་པའི་ཐབས་ཀྱི་རིག་སྔགས་ཀྱི་མཐུ་ཐོགས་པ་མེད་པར་བྱ་བ་ནི་བཅུ་ཆའི་སྦྱིན་སྲེག་ལ་བཤད། གདོན་ལས་ཐར་བ་ནི། ཁྲུས་ཀྱི་རྗེས་སུ་ས་རྫ་ནའི་སྔགས་བདུག་སྦྱིན་པས་གྲུབ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ་ནི། འབྱུང་པོ་མངགས་གཞུག་གི་ལས་སྒྲུབ་པར་གསུངས། མ་གྲུབ་པ་གྲུབ་པར་བྱེད་པ། སྤོག་ཆོག་ནི། མདུན་དུ་མཎྜལ་ལྷ་དམིགས་ཏེ་སྔགས་བརྗོད་པས་མེ་ཏོག་ཁྲི་ཕྲག་གཅིག་ཕུལ་ལ། དེ་ཉིད་སྲེག་རྫས་བྱས་པའི་སྦྱིན་སྲེག་བྱ་བར་གསུངས། གྲུབ་པ་ཆུད་མི་ཟ་བ་ནི་ལས་སྦྱོར་གྱི་སྦྱིན་སྲེག་ལ་བཤད། འདོད་པའི་དངོས་གྲུབ་


JKT002_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པས། མདུན་དུ་མཎྜལ་གྱི་སྟེང་ལྷའི་སྐུ་གཟུགས་བཞག །དེའི་དྲུང་དུ་རིན་པོ་ཆེའི་སྣོད་དུ་དངོས་གྲུབ་ཀྱི་རྫས་བཤམས། བདག་གི་རྣལ་འབྱོར་དང་མདུན་དུ་ལྷ་དམིགས་ལ་མཆོད་བསྟོད་སྔོན་དུ་འགྲོ་བས་བཟླས་པ་བྱ་ཞིང་ཕོ་ཉའི་ཚོགས་སྤྲོ་བསྡུས་སྦྱོར་བས་དངོས་གྲུབ་སྒྲུབ་པར་དམིགས་ཏེ། དྲོ་བ་དང་། དུ་བ་འཐུལ་བ་དང་་། འབར་བ་ལས་མཁའ་སྤྱོད། ས་སྤྱོད། ས་འོག་གི་དངོས་གྲུབ་སྦྱིན་པར་གསུངས། སྲུང་བ་སོགས་འཁོར་ལོས་སྒྲུབ་པར་བསྟན་ཏོ། །མཐར། གང་ལ་བསྙེན་པ་བྱས་པའི་སྔགས། །ལས་སྒྲུབ་པ་ཡང་དེ་ཉིད་དེ། །དད་བརྟན་ཐེ་ཚོམ་མེད་པ་ལ། །སྔགས་ནི་ཡིད་བཞིན་ནོར་ལྟར་འགྲུབ། །ཅེས་སོ། ༈ །གདན་བཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས་ལས། །ཡི་གེ་དགོད་པས་བཀོད་ནས་ནི། །ས་བོན་ལས་ནི་ལྷ་ཡི་ཚུལ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པའི། །རྡོ་རྗེ་སེམས་དཔའ་བསམ་པར་བྱ། །པདྨའི་གདན་ལ་བཞུགས་པ་སྟེ། །གངས་དང་ཀུནྡ་ལྟ་བུའི་འོད། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་། །སངས་རྒྱས་ལྔ་ཡི་ཅོད་པན་ཅན། །རྡོ་རྗེ་སྙིང་གར་བཟུང་ནས་ནི། །་གཡོན་གྱི་དྲིལ་བུ་དཀུ་ལ་བརྟེན། །སྐུ་ལ་རྒྱན་རྣམས་ཐམས་ཅད་དང་། །ཤིན་ཏུ་མཛེས་པའི་ན་བཟས་བཀླུབས། །འོད་ཟེར་སྣ་ཚོགས་འབར་བ་ཅན། །རྡོ་རྗེ་སེམས་དཔས་བདག་ཅེས་བརྗོད། །ཡེ་ཤེས་ས་


JKT002_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བོན་འབུམ་ཕྲག་གསུམ། །སྔོན་དུ་བསྙེན་པའི་བཟླས་པ་བྱ། །ཐིག་ལེ་ནཱ་ད་ཡང་དག་ལྡན། །ཕྱག་འཚལ་ནཱ་མ་སྭཱ་ཧཱའི་མཆན། སྦྱིན་པའི་མཐའ་ཅན་ཏེ། །རྣལ་འབྱོར་མ་ནི་བརྒྱད་པོ་ཡི། །ཁྲི་ཁྲག་བཞི་ནི་བསྙེན་པར་བྱ། །སྦྱོས་མོ་ཌཱ་མི་ཀྲི་སོགས་ཀྱི། །ཉི་ཤུ་སྟོང་ཕྲག་ལྔ་རུ་བཟླས། །ཕྱི་རོལ་གནས་ཀྱི་འཇིག་རྟེན་པ། རྒྱལ་དབང་དངོས་གྲུབ་ཤིན་ཏུ་དྲག །སྟོང་ཕྲག་གསུམ་དུ་བཟླས་ནས་ནི། །ཀུན་ནས་ཀུན་ཏུ་འགྲུབ་། པར་འགྱུར། །སྔོན་དུ་བསྙེན་པས་འགྲུབ་འགྱུར་ཏེ། །མ་བསྙེན་པ་ནི་དཀྱིལ་འཁོར་མིན། །སྔགས་དང་རྣལ་འབྱོར་དེ་དག་གིས། །རིམ་གྱིས་བྱིན་གྱིས་རློབ་པར་འགྱུར། །སྔོན་དུ་ལྷ་བསྙེན་པས་མཉེས་པར་བྱ་བའི་ཆོ་ག་སྟེ་གཉིས་པའོ། །ཞེས་སློབ་དཔོན་བསྐྱོད་པའི་བརྟུལ་ཞུགས་ཀྱིས་མཛད་པ་ལས་སོ།། #div1 ཕག་མོའི་སྐོར། ཕག་མོའི་སྐོར་ལས། ནཱ་རོ་མཁའ་སྤྱོད་སྐབས། གོས་ཟུང་དམར་པོ་བཤམས། འདིའི་མཆོད་པའི་སྐབས། རིགས་བཅུ་དྲུག་གི་སྔགས་ལས་དྷརྨ་དྷཱ་ཏུ་ཆད། གཏོར་ཆོག་གི་ས་བོན་ལས་ར་གཅིག་ལྷག་པ་སོགས། ལར་རིན་འབྱུང་སྤར་མ་འདི་ལ་ཡི་གེ་མ་དག་པ་མང་བས་ཞིབ་དཔྱོད་གལ་ཆེ། བུམ་བསྐྱེད་ཀྱི་ཧཱུྃ་བཞིའི་བཟླས་པར། བིདྱ་རཱ་ཛ་ཞེས་འདོན་པར་གསུངས་འདུག་ནའང་། བདེ་མཆོག་གི་སྐོར་ཐམས་ཅད་ལ་བཛྲ་རཱ་ཛ་ཁོ་ན་བཤད་པས། དཔྱད། ལུས། ༈ །དཔྱལ་ལུགས་ཞལ་གཉིས་མར། ལུས་


JKT002_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་། ངག་ཡིག་འབྲུ། སེམས་ལྷ་སྐུར་བསྒོམ་གསུངས་པ་དངོས་སུ་དེ་དང་དེར་བསྒོམ་པ་ཡིན་གྱི། དག་པ་དྲན་པ་ལྟ་བུ་ནི་མིན་གསུངས། ཆོས་འབྱུང་གདེངས་ཀ་རྒྱས་པའི་སྟེང་རུ་སྦལ་གྱི་རྒྱབ་ལྟར་མཐོ་བ་ཞེས་པ་གང་ཡིན་མ་འཚལ། འདིའི་ཕག་ཞལ་རྣ་ལྟག་གཡས་ནས་ཐོན་པ་ཡིན། དབང་ལྷ་དཔལ་ཧེ་རུ་ཀའི་རྣམ་པ་ནི་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་དང་། རང་སྔགས། ཨོཾ་ཤྲཱི་བཛྲ་ཧེ་ཧེ་སོགས། མཆོད་འབུལ་གྱི་སྒོ་མཚམས་མ་བརྒྱད་ཀ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་མ། ཆོས་འབྱུང་ཡི་གེ་བཞི་དང་བཅས་པ་ནི། དབུས་སུ་བཾ། དེའི་མདུན་དུ་ཧཱུྃ། གཡོན་ཟུར་དུ་ཨོ། གཡས་ཟུར་དུ་ཨཱཝའོ། །རྩ་སྔགས་ཨོཾ་གསུམ་མ། ཁྱད་པར་གྱི་མཆོད་པ་བདུད་རྩི་དབུལ་བ་ནི། སྒྲུབ་མཆོད་སོགས་ཀྱི་སྐབས་དུས་སོགས་ཀྱི་ཨགྷི་མཆོད་པ་ལྟ་བུ་ཡིན་ཀྱང་། དབང་སྒྲུབ་སྐབས་ནང་མཆོད་བྱིན་གྱིས་བརླབས་པ་ཨོ་གསུམ་མའི་མཐར་འབྲུ་གསུམ་བཏགས་པ་འཐོར་བས་ཆོག །ལག་མཆོད་ཀྱི་སྐབས་ཨོ་མཐེ་བོང་ནས་བརྩམས་ཏེ་འགོད་པ་དང་། མཐེའུ་ཆུང་ནས་བརྩམས་ཏེ་འགོད་པའི་ལུགས་གཉིས་ལས་ཇོ་ལུགས་དང་འབྲུག་ལུགས་ལ་ཕྱི་མ་ལྟར་བཞེད། དེ་ཡང་ནང་ངོས་ཀྱི་ཚིགས་བར་པ་ལའོ། །སོར་མོ་རྣམས་ཕྱེད་ཙམ་བཀུག་པའི་སེན་མོའི་རྣམས་འཛོམས་པར་ཕཊ་ཕཊ། ཅེས་བཀོད། སྲུང་སྐུད་གདགས་དུས་སྔགས་


JKT002_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་རྒྱུ་སྟ་གོན་གྱི་སྐབས་རྣམས་དང་གཅིག །སྤྱིར་ཕག་མོའི་སྐབས་འདི་རྣམས་ཀྱི་ཆོ་ག་སྤྲོས་དགོས་རིགས་བདེ་ཆེན་དཔལ་འབར་ནས་ལེན་གསུངས། ༈ །མེ་ཏཱི་མཁའ་སྤྱོད་ཀྱི་དཔལ་གྱི་རི་ནི་ལྷོ་ཕྱོགས་བཱི་པརྦ་ཏ་དང་། མ་ན་བྷཾ་ག་ནི་ཡིད་ཕམ་པའི་རིའོ། །བྱིན་རླབས་གསུམ་པའི་སྐབས་ལྟེ་བར་ཆོས་འབྱུང་ཟུར་དྲུག་གི་དབུས་སུ་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ནི་སྔགས་འཁོར་ལ་དེ་ལྟར་བཏགས་པ་མ་གཏོགས་འཁོར་ལོ་ཟུར་པ་ཞིག་བསྒོམ་རྒྱུ་མེད། བཞི་བའི་སྐབས། སྣ་རྩེ་ནས་ཕྱི་རོལ་ཏུ་སོར་བརྒྱད་པའི་སར་དགའ་འཁྱིལ་གྱེན་ལངས་བསྒོམ། ལྔ་པའི་སྐབས་ཀྱི་གསང་གནས་སུ་དགའ་འཁྱིལ་བསྒོམ་པའང་གྱེན་ལངས། ལར་འདི་ཡིག་རྙིང་གི་རྗེས་འབྲངས་ཏེ་ཕྱིས་ཀྱི་སྤུ་ལུང་པའི་ཡིག་ཆ་དང་ཅུང་མི་གཅིག་པ་མང་། ༈ །དོན་གྲུབ་མ་རྒྱས་པར་བདེ་ཆེན་དཔལ་འབར་དང་། དབང་སྒྲུབ་སོགས་ཀྱི་སྐབས་རིན་འབྱུང་རང་གི་དཔྱལ་ལུགས་ཞལ་གཉིས་མ་གུང་བསྒྲིགས་པས་ཁྱབ། ༈ །དབུ་བཅད་མར། གཡོན་གྱི་རྡོ་རྗེ་རབ་བསྔགས་མ། གཡོན་གྲི་གུག་དང་། གཡས་ཐོད་པ་འཛིན་པ་ཡིན་ཀྱང་སྤར་མ་དག །དག་དྲན་སྐབས་ཞལ་གཉིས་མ་དང་འདྲ་བ་ལ། མི་རོའི་གདན་གྱི་ཚབ། འཇིགས་བྱེད་ཆེན་མོ་དང་དུས་མཚན་མ་ནི་གཟུང་བ་དང་འཛིན་པ་སྤངས་པའོ། །བསྒྱུར་བ་ལྟ་བུ་ཞིབ་ཆ་ཤིན་ཏུ་དཔྱད་དགོས་པ་མང་། ༑ །ཕག་མོ་


JKT002_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཞལ་མར། རིན་ཆེན་ལྷར་བསྐྱེད་སོགས་དུས་འཁོར་གྱི་དབང་གོང་མ་ལྟ་བུ་ཞིག་ཨེ་ཡིན་ཀྱང་དེང་སང་རྒྱུན་གང་ཡང་མེད་གསུངས། འདིའི་ཨིནྡ་བྷོ་དྷི་ནི་ཨ་བ་སའི་སྐབས་ཀྱི་དེ་ཡིན་འདྲའོ། ༈ །རུས་སྦལ་ཞབས་ཀྱི་བཞུགས་སྟངས་ནི་མིའུ་ཐུང་གེལ་བའི་འདུག་སྟངས་དང་གཅིག་སྙམ། ༈ །དཔལ་འཛིན་ལུགས་ཀྱི་ཕག་གདོང་གི་ཞལ་དམར་པོ། ལྷ་གསུམ་རོ་གདན་གཅིག་ལ་བཞུགས་པ། ༈ །གོ་བཟློག་ལྷན་སྐྱེས་མར་རྡོར་སེམས་སྒོམ་བཟླས་དགོས། ༈ །ཕག་དཀར་ལ། ཞབས་གཡས་བསྐུམ་གཡོན་བརྐྱང་མཛད་པ་ཕག་མོ་སྤྱི་དང་མ་གཅིག་པས་དཔྱད། སྐུ་མདོག་དཀར་མོའི་ཚིག་གསལ་ཆད། ཐིག་ལེ་དཀར་པོ་དབང་སྒྲུབ་དང་མཉམ་དུ་ལྷར་བསྐྱེད་བསྟིམས་སོགས་བྱས་ལ། སློབ་མ་ལ་སྟེར་སྐབས་སྔགས་གཞུང་གསལ་ལྟར་བཟླས་པ་ལ་གཏད། ཕུས་བཏབ་པ་སོགས་མི་དགོས། སློབ་མས་པད་འདབ་བརྒྱད་དབུས་ཧྲིདང་། འདབ་མར་དབྱངས་གསལ་༡༦སྐོར་གཉིས་གཉིས་བྲི། དེ་བསང་སྦྱངས་དམ་ཡེ་དབྱེར་མེད་དུ་བྱ་བའམ། ཡེ་ཤེས་པ་ཙམ་བསྟིམ་ལ་མཆོད་པ་སོགས་གཞུང་ལྟར། གི་ཝཾ་གིས་ལྕེ་ལ་ཡི་གེ་འབྲི་བ་ཕྱག་ལེན་དུ་མི་མཛད། གལ་ཏེ་འབྲི་ན་ཧཱི་ཁོ་ན་ཡིན་སྙམ། ཕག་དཀར་གསར་རྙིང་ལ་བྱིན་རླབས་སོ་སོར་མཛད་གསུངས་སོ། ༈ །སྭ་སྟི། བཀྲ་ཤིས་གཟའ་དགུའི་མཆོད་པའི་ཆོ་ག་པཎྜི་


JKT002_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་བ་ན་རཏྣ་ཉིད་ཀྱི་བླ་མ་ཧང་བ་ཞེས་པའི་གསུང་ཟིན་བྲིས་སུ་མཛད་པ་ལས། སྲུང་བ་ལྔའི་མཆོད་པའི་མཇུག་ཏུ། ཉི་མ་ལ། བདུག་སྤོས་ནི། ཀུན་ཏུ་རྒྱུ། མཆོད་ཡོན་གྱི་སྣོད་ནི་ཟངས། རིན་པོ་ཆེ་དམར་པོ་དང་། ཙནྡན་དམར་པོ་དང་། སཱ་ལའི་འབྲུ་དམར་པོ་དང་། འོ་མ་དང་བཅས་པའི་གཏོར་མ་དང་། ཡོན་ནི་བེའུ་དང་བཅས་པའི་བའོ། ༡༽ །ཟླ་བའི་བདུག་སྤོས་ག་བུར། མཆོད་ཡོན་སྣོད་དངུལ། ་མུ་ཏིག་གི་མཆོད་ཡོན། ཏིལ་དཀར། འབྲས་དཀར། འོ་ཟན་གྱི་གཏོར་མ། ཡོན་དུང་། ༢༽ །མིག་དམར་ལ། སྤོས། གུ་གུལ། མཆོད་ཡོན་སྣོད་ཟངས། མཆོད་ཡོན་ནི་བྱེ་རུ་སོགས་རིན་ཆེན་དམར་པོ། སྲན་མ་མ་ཥ། ཡུངས་ཀར། བུ་རམ། འབྲས་ཆན་གྱི་གཏོར་མ། ཡོན་དངུལ་གྱི་ཁྱུ་མཆོག ༣༽ །ལྷག་པར། སྤོས་སྤོས་དཀར། མཆོད་སྣོད་གསེར། མཆོད་ཡོན་གསེར་དང་བྱེ་རུ ནས་དང་འབྲས་ཟན་སེར་པོའི་གཏོར་མ། རོ། ༤༽ །ཕུར་བུའི་སྨོས་ཤི་བ་ས། མཆོད་སྣོད་གསེར། མཆོད་ཡོན་གསེར། ཡུངས་ཀར་དང་། ཞོ་དང་། གྲོ་དང་། འོ་མའི་གཏོར་མ། ཡོན་གོས་ཟུང་སེར་པོ། ༥༽ །པ་སངས་ཀྱི་སྤོས་གུ་གུལ་དང་། ཤྲཱི་བ་ས། མཆོད་ཡོན་སྣོད་དངུལ། འབྲས་དཀར་པོ། བུ་རམ། ཁུར་བ། མར་གྱི་གཏོར་མ། ཡོན་ནི་དངུལ་གྱི་རྟའོ། ༦༽ །སྤེན་པའི་སྤོས་གནྡྷ་རྭ་


JKT002_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ས་དང་། བིཝ། མཆོད་སྣོད་ས། མཆོད་ཡོན་ལྕགས། སྲན་མ་མ་ཥ མུཏྠ། ཏིལ། འབྲས་ཆན་གྱི་གཏོར་མ། ཡོན་དངུལ་གྱི་བ་ནག་མོའོ། ༧༽ །སྒྲ་གཅན་གྱི་སྤོས་བི་ལྔའི་ས་བོན། མཆོད་སྣོད་ས། མཆོད་ཡོན་ཞ་ཉེ། སྲན་མ་ཥའི་གཏོར་མ། ཡོན་གྲིའོ། ༨༽ །མཇུག་རིང་སྤྲོས་བིཝའི་ས་བོན། སྣོད་ས། མཆོད་ཡོན་རིན་པོ་ཆེ་ལྔ། ཏིལ་ནག །འོ་མ། བུ་རམ་གྱི་གཏོར་མ། ཡོན་དངུལ་གྱི་རྭ་སྐྱེས་སོ། ༈ །སྒྲུབ་རིན་ཟིན་བྲིས་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ལས་ཁམས་སྤྲུལ་རིན་པོ་ཆེས་གསན་སྐབས་གནང་༡༥༦བར། ལས་མགོན་བྱ་རོག་གདོང་བརྒྱུད་པ་གཉིས་འདྲེས་ཀྱི་ཟིན་བྲིས་ཡན་ལ་ལྡེབ་༡༥༦སྣང་། ཐམས་ཅད་ལ་བཤམ་བཀོད་རིགས་རྣམས་རྒྱས་པར་སྣང་། དམིགས་བསལ་ཡོད་མེད་ཕལ་ཆེར་ལ་དཀྱིལ་འཁོར་བསྒོམ་དོན་དང་མཐུན་པར་འབྲི་བར་བཤད། སྤྱིར་ཡོ་བྱད་བཤམ་ཚུལ་སོགས་ཤིན་ཏུ་ཞིབ་པར་ཡོད་འདུག །སྒྲོལ་དཀར་གྱི་སྐབས། དབུ་སྐྲ་ལི་བ་ནི། འཇམ་ཞིང་རྩེ་མོ་འཁྱིལ་བའི་ཉམས་ཅན་དེའོ། །བསང་ཆུ་སྔགས་དང་ཕྱག་རྒྱས་བརླབས་པ་ལས་ལྷས་དམིགས་བསལ་བསྐྱེད་མི་དགོས། ལས་རྡོར་གྱིས་ཡིག་བརྒྱ་བརྗོད་ནས་སྒོ་དྲུང་དུ་ཁྲུས་བྱ། བུམ་བསྐྱེད་ལ། བུམ་ནང་དུ་བསྐྱེད་པ་དང་། དུང་ཆོས་སུ་བསྐྱེད་པ་གཉིས་ལས། ཏཱ་ར་སྔ་མ་བཞེད། བུ་སྟོན་རིན་པོ་ཆེས་སྐུ་ཚེའི་སྨད་དང་


JKT002_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་ལུགས་དག་ཕྱི་མ་ལྟར་གནང་གསུངས། ༈ །ཇོ་ལུགས་སྒྲོལ་དཀར་ལ་རིགས་བདག་རིན་འབྱུང་མཛད་པ་ཚེ་རྒྱས་པའི་ཆེད་ཡིན། ༈ །དབྱངས་ཅན་དཀར་མོའི་བི་ལེ་པ་ནི་ཞེས་པ་བཞི་མཉམ་གྱི་ལྡེ་གུ་སྟེ། འདིའི་སྒོས་མཆོད་ཡིན། ཕྱག་རྒྱ་ཞལ་ཟས་ཀྱི་རྒྱའམ། མཆོད་པ་སྤྱི་འགྲེ་ནམ་མཁའ་མཛོད་ཀྱི་རྒྱ་གང་རིགས་བྱ། ༈ །ཀུ་རུ་ཀུལླེའི་ས་བོན་ཧཱུྃཞེས་ཡི་གེ་མ་དག །ཧཱིཝཁོ་ནའོ། ༈ །རིགས་བྱེད་ཕུག་ཅེས་ལྷོ་ཕྱོགས་རྒྱ་མཚོའི་གླིང་ཤེད་ན་ཡོད་པར་གྲགས། ༈ །པདྨའི་ཕྲེང་བ་ནི། བལ་པོ་ནས་འབྱུང་བའི་མེ་ཏོག་པདྨ་རང་གི་འབྲུའི་རྩ་བ་དེ་ཀ་ལ་བྱེད་གསུངས། ༈ །ཀག་ཆོལ་ཞེས་པའི་བརྡ་དཔྱད་གསུངས། ༈ ། མཆོད་ཡོན་ལ་རོ་རྡོ་རྗེ་མའི་རྒྱ། ཞབས་བསིལ་གཡོན་དེ་བཞིན་ལ། གཡས་པས་འཐོར་ཚུལ་ལྕགས་ཀྱུའི་རྒྱ་སྤྱི་མཚུངས། ཞགས་པ་ལ་སྤོ་ཊའི་རྒྱ་ལས་མཛུབ་མོ་སྦྲེལ་བ། ལྕགས་སྒྲོག་ལ་ཁུ་ཚུར་རྒྱབ་སྤྲོད་མཛུབ་མོ་དང་མཐེའུ་ཆུང་སྦྲེལ་བ། དྲིལ་བུ་ལ་འདྲ། ༈ །ཀླུ་ཤིང་ཞེས་པ་བལ་པོ་སྐྱེ་བ་དེ་ནི་མིན་འདྲ་གསུངས། ༈ །སྒྲུབ་ཐབས་རྒྱ་མཚོ་ལ་མ་ཚང་བའི་ལྷ་ལྔ་བཅུ་ཙམ་ཁ་སྐོང་ནས་ཏཱ་རས་གསར་འགྱུར་གནང་ཕྱག་མཚན་མེད་པ་རྣམས་འཁོར་གྱི་ཕྱག་མཚན་སྤོ་གསུངས། ༈ །སྒོམ་ལུང་དང་བཟླས་ལུང་འབོགས་ཚུལ་ལ། སྐབས་སེམས་ཀྱི་རྗེས། ཁྱེད་རང་རྣམས་སྐད་ཅིག་།


JKT002_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ལྷ་འདི་ཞེས་བྱ་བའི་སྐུར་གྱུར་པ་ནི་སོགས། ལྷའི་མངོན་རྟོགས་ཀྱི་དམིགས་པ་ཕོག །དེ་ནས་སློབ་དཔོན་དང་མདུན་བསྐྱེད་ལས་སྔགས་ཕྲེང་སྤྲོ་བ་སོགས་བཟླས་ལུང་སྤྱི་ལྟར་རོ་གསུངས། ༈ །ཀླུ་དབང་རྒྱལ་པོའི་སྐུ་མདོག་རིན་པོ་ཆེ་མི་དཔོག་པའི་ཁ་དོག་ཞེས་པ་དེ་ཇི་ལྟར་དང་། ཕྱག་རྒྱ་མི་འཁྲུགས་པའི་ཆོ་གར་འབྱུང་བའི་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ལྟ་བུ་ཞིག་འབྲི་སྲོལ་སྣང་བའང་དཔྱད་ཅེས་དང་། སྐྱབས་སྦྱིན་འདྲ་ཡིན་ནམ་བརྟག །སྦྲུལ་གྱི་གདེངས་ཀ་ནི་ཀླུ་རྣམས་རྒྱབ་ནས་ལངས་ཏེ་བསྙེན་བཀུར་བའི་ཚུལ་ལས་ཀླུ་ལ་གདེངས་ཀ་ཡོད་པ་ལྟ་བུ་ནི་གཏན་ནས་མིན་ནོ། ༈ །ཌཱ་མ་རུ་བླ་མེད་མ་རྒྱུད་ལ་འཁྲོལ། ཕ་རྒྱུད་འཇིགས་བྱེད་མ་གཏོགས་གཞན་ལྷའི་ཕྱག་མཚན་ལ་ཌ་མ་རུ་དམིགས་བསལ་ཡོད་ན་མ་གཏོགས་མི་འཁྲོལ་གསུངས། ༈ །འཇམ་རྡོར་གྱི་ཡུམ་ཡབ་དང་མཚུངས་ཀྱང་ཐོར་ཚུགས་མེད། ཡབ་ཀྱི་ཐུགས་ཀར་རང་འདྲའི་ཡེ་སེམས་ཡུམ་བཅས་དང་། ཡུམ་གྱི་ཐུགས་ཀར་ཡུམ་ལ་ཡབ་ཀྱིས་འཁྱུད་པའི་གོ་བཟློག་གི་ཡེ་སེམས་ངེས་པར་བསྒོམས་གསུངས། ༈ །མི་བསྐྱོད་པ་དབྱངས་བཅུ་གཉིས་ནི་རི་ལི་བཞི་དོར་བའི་ལྷག་མ་ཡིན་འདྲ། རིན་འབྱུང་ལ་རྗེས་གནང་སྒྲུབ་བསྐུར་རེ་རེ་ནས་ངེས་པར་མཛད་གསུངས། ༈ །ཇོ་ལུགས་ལ་དབང་གསུམ་པར་ཕལ་ཆེར་རིག་ཙཀ་གཏད། ༈ །དུས་འཁོར་གྱི་རྡོ་རྗེའི་རྒྱན་ནི། རྒྱུ་ཕ་ལམ།


JKT002_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་རྩེ་གསུམ་རྩེ་ལྔ་གང་རུང་། ཁ་དོག་གསེར་ལྟ་བུའོ། །ཕྱག་སོར་གྱི་ཚིགས་ཕྲེང་དང་པོ་ནག་པོ་སོགས་ཀྱི་དང་པོ་ཕྱག་མཐིལ་གྱི་ཕྱོགས་ནས་རིམ་བཞིན་བརྩི། མཐེ་བོང་ལ་ཚིགས་མངོན་པ་གཉིས་ལས་ཀྵ ་མེད་ཀྱང་། ལག་པའི་མཁྲིག་མ་དང་ཉེ་བའི་ཕྱོགས་དེར་མི་མངོན་པ་གཅིག་ཡོད་པས་དེ་ནས་བརྩི་བར་བཞེད། དེ་ཡང་ལུགས་གཞན་ལས་མཐེ་བོང་སོགས་ཀྱི་རང་མདོག་རྒྱབ་ངོས་དང་། ཚིགས་ཀྱི་རང་མདོག་མདུན་ངོས་སུ་ཡོད་པར་འདོད། ཇོ་ལུགས་ཚིགས་ཀྱི་མདོག་སོར་གདུབ་བཀོན་པ་ལྟར་མཚམས་སོ་སོར་ཁྱུར་ཙམ་རེ་ཡོད་པར་བཞེད། འདིའི་ཛལ་མཛུབ་མོ་ལྕགས་ཀྱུ་ལྟར་དགུག་པའི་རྡོ་རྗེ་ཁུ་ཚུར། ཧཱུཾ་ལ་རྡོ་རྗེ་རྩེ་ལྔའི་རྒྱ། བོ་ལ་གཡོན་སྟེང་དང་། ཧོ་ལ་གཡས་སྟེང་དུ་བྱས་པའི་ཁུ་ཚུར་རྒྱབ་སྤྲོད་དང་། སྟེང་འོག །ཧི་ལ་གཡོན་ཁུ་ཚུར་གྱེན་བལྟས་སུ་བཟེད། གཡས་ཁུ་ཚུར་གྱེན་དུ་བསྒྲེང་བ་ཡིན་སྙམ། ཞིབ་པར་དུས་འཁོར་ཕྱག་རྒྱའི་འགྲེལ་པར་བལྟ་གསུངས། ༈ །རྡོ་རྗེ་ཤུགས་ཀྱི་དབང་གཏོར་དཔལ་གཏོར་དམར་པོ་ཟུར་དྲུག་ལ་དབལ་ཅན། མཆོད་གཏོར་དམར་པོ་པད་འདབ་བཞིས་མཚན་པ་རྒྱན་ལྡན་ཆེ་བ། སྲུང་མ་དྲུག་ཅུ་ལ་གཡས་སུ་གསུམ། གཡོན་དུ་གསུམ་སྟེ་དྲུག་གཙོ་བོ་ལས་ཆུང་བ། ཐམས་ཅད་ཟླུམ་གཏོར་དམར་པོ། མཆོད་པ་བཅུ་གཉིས་སྦྲེང་ཚར་རམ། ཤར་དུ་དྲི། མེ་ཏོག །ལྷོར་སྤོས། མེ། །


JKT002_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཏུ་ན་བཟའ། མེ་ལོང་། བྱང་དུ་ཞལ་ཟས། ཤིང་ཏོག །ཤར་གྱི་ཤར་དུ་ཏིང་ཤག་རྡོར་དྲིལ། ནུབ་ཀྱི་ནུབ་ཏུ་ཆོས་འབྱུང་། པི་ཝཾ། འདིའི་ཞལ་བཞི་ལས། རྒྱབ་ཞལ་ལ་མགྲིན་པ་མེད་པས་མགྲིན་པ་གསུམ་པ། ཕྱག་དཔུང་པ་དང་ཕྱག་ངར་རྣམས་མདུན་ནས་རྒྱབ་ངོས་སུ་ཐད་བསྒྲིགས། འདིའི་ཡི་དྭགས་ཀྱི་གདན་ནི་གཤིན་རྗེའི་གདན། རལ་པའི་ཐོར་ཚུགས་དང་ཐོར་ཅོག་དོན་གཅིག་སྟེ་དབུ་སྐྲ་གྱེན་དུ་མཐོ་ཚད་བསྡམ་པ། དོ་ཀེར་དང་ཟུར་ཕུད་དོན་གཅིག་སྟེ་སྔ་མ་ལས་ཐུང་བར་ཕྱེད་དང་སུམ་ཆའི་ཚད་ཙམ་བསྡམས་པས་དེ་ཡིན་སྙམ། ལྷ་མོའི་རིགས་ལ་དཀའ་ཐུབ་མཛད་པའི་བཀོད་པ་མ་གཏོགས་གཞན་ལ་ཐོར་ཚུགས་ཡོད་པའི་སྲོལ་མེད། བླ་མེད་སྤྱི་ལ་མཆོད་པའི་རིག་མ་བཅུ་དྲུག་དང་། དུས་འཁོར་ལ་བཅུ་གཉིས་རང་བཤད། ཡུལ་བདག་དང་གྲོང་བདག་གཏོར་མ་འབུལ་ན་ཟུར་དུ་ཟླུམ་གཏོར་གཉིས་བཤམ། ལག་གཡས་ཁུ་ཚུར་ཁ་གྱེན་བསྟན་དང་། གཡོན་ཐུར་བསྟན་རྒྱབ་བསྣོལ་བའི་སྟེང་གི་མཛུབ་མོས་འོག་མའི་མཛུབ་མོ་འཐེན་པའི་ཕྱག་རྒྱས་ཡུལ་བདག་དང་། སོར་བཅུ་ཀ་ཆ་སྙོམས་པ་ལྕགས་ཀྱུ་ལྟར་བཀུག་པ་གཡས་གཡོན་ལ་ཁ་སྤྲོད་མ་རེག་ཙམ་བྱས་པ་གྱེན་མཐུར་གྲུ་ཁུང་བྱེད་པས་གྲོང་བདག་བཀུག །སོ་སོའི་མིང་མཐར་ཨི་དཾ་བ་ལིཾ་སོགས་བཏགས་པས་བསྔོ། ༈ །སྤྱི་བོ་དང་། དཔྲལ་བ་ཞེས་པ་སོ་སོ་


JKT002_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་ཚིག་རིས་མཐུན་པར་ཡིག་འབྲུའང་དེར་བསྒོམ་གསུངས། ༈ །སམྦུ་ཊིའི་འཇིགས་བྱེད་ཀྱི་དམ་རྫས་ཞེས་པ་ཆང་ཁོ་ན། རྡོ་རྗེ་སྲིན་པོ་སོགས་གསུམ་གྱི་གཏོར་མ་ཟུར་གསུམ་ལོགས་རེ་རེ་མཐེབ་ཀྱུས་བརྒྱན་པ། ༈ །རིན་འབྱུང་ཡོངས་རྫོགས་ཀྱི་མཆོད་སྔགས། ཆུ་གཉིས་ཀྱི་སྔགས་མཐར་སྭཱ་ཧཱ། པུཉྫ་མན་ལ་ཨཱཧཱུཾ་སྦྱར་སྲོལ་ཡོད། རྣལ་འབྱོར་མའི་རིག་མ་བཅུ་དྲུག་གི་སྔགས་ལས་དྷརྨ་དྷ་ཏུ་ཆད་པ་དང་། བདུད་རྩི་ལྔའི་ས་བོན་ལར་གཅིག་ལྷག་པར་ཡོད་པ་སོགས་མ་དག་པ་མང་། ༈ །གཡོན་པའི་མཐེབ་སྲིན་གྱིས་སྔགས་འབྲི་བར་གསུངས་པ་རྣམས་གཡས་པའི་མཐེབ་མཛུབ་ཀྱིས་སྨྱུ་གུ་བཟུང་ནས་གཡོན་པའི་མཐེབ་སྲིན་གྱིས་ཀྱང་དེའི་རྩ་བ་ནས་འཛིན་པའི་ཚུལ་གྱིས་བྲི་བར་གསུངས། ༈ །སྤྱན་རས་གཟིགས་ཡི་གེ་དྲུག་པའི་བསྟོད་པར། ཆུ་བདག་གི་ཞབས་བསྟེན་ཅེས་པ་ཡིན། རྗེས་གནང་ཆིངས་སྒྲུབ་ཐབས་རྒྱ་རྒྱམ་འདྲེས་པའི་ཕྱོགས་ཡིན། ༈ །བཅུ་གཅིག་ཞལ་དམར་མོ་ལུགས་སོགས་ལ་བདག་བསྐྱེད་ཀྱི་ཡེ་ཤེས་པ་མཐར་གཤེགས་སུ་གསོལ་བ་ཡང་ཕྱག་ལེན་རྙིང་པའི་སྤྱི་འགྲེ་ལས། རང་བཞེད་དངོས་རི་ཁྲོད་མའི་སྐབས། ཡེ་ཤེས་པ་གཤེགས་པ་ངེས་པར་མི་དགོས། གསུངས་པ་དེའོ། ༈ །དོན་ན་ཞགས་བ་རི་ལུགས་ལ་ཕྱུགས་བདག་གི་ཆ་ལུགས་ནི། དཀའ་ཐུབ་ཀྱི་ཆ་ལུགས་རྒྱན་སྤངས་པ། གཏོར་འབུལ་ཀྱི་སྔགས་


JKT002_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཁྲོ་གཉེར་ཅན་མའི་མཚན་སྔགས་ཆད་ཡོད་པས། གྷི་ཀུ་ཊི་ས་པ་རི་ཝཱ་ར་ངེས་པར་དགོས། ༈ །དབྱུ་གུ་རྩེ་གསུམ་ནི་དབྱུག་པ་མགོ་གསུམ་པ། ༈ །ཁ་སརྦ་ཎི་ལྷ་ལྔའི་ནོར་བཟང་བྱིས་པའི་ཆ་ལུགས་དང་རྒྱན་ནི། སྐྲ་ཟུར་ཕུད་ཆུང་ངུ་ཕན་ཚུན་དུ་ཁ་ཤས་བསྡམས་པ་ལ་རིན་པོ་ཆེ་དྲྭ་བ་དྲྭ་ཕྱེད་ལྟ་བུས་སྤྲས་པ། འདིའི་ས་བོན་གྱི་སྔགས་ལ་ཧཱུྃཆད་སྣང་། ༈ །བཅུ་གཅིག་ཞལ་འཇིགས་པ་བརྒྱད་༣ སྐྱོབས་ལ་བསྒོམ་ལུང་གིས་ཆོག་པར་གསུངས་ཀྱང་བསྒོམ་ལུང་མཛད་པ་ཕྱག་ལེན་ལ་ཡོད། ༈ །སྤྱན་རས་གཟིགས་རྡོ་རྗེ་སྙིང་པོར་ཐུན་གྱི་སྡིག་བཤགས་གང་འགྲུབ་བྱེད་གསུངས་པ་ལྟ་བུ་འདི་རིགས་ཐམས་ཅད་བསྙེན་པ་ཁོ་ནའི་སྐབས་ལ་དགོངས་པས་དབང་སྒྲུབ་དུས་མ་བྱས་ཀྱང་རུང་གསུངས། ༈ །སེང་གེ་སྒྲའི་རིགས་ལྔ་དཔྱི་གཉིས་སུ་བསྒོམ་རྒྱུ་སྐུའི་རྒྱབ་ངོས་ནས་ཞལ་ནང་བསྟན་དུ་བཞུགས་པ་ཡིན་གསུངས་སྣང་། རྗེས་གནང་ལ། བགེགས་གཏོར་བཀྲུ་བྱབས་སྲུང་གསུམ་བྱེད་ཅེས་པར། བགེགས་སྦྱོང་གསུམ་དང་། སྡིག་སྦྱོང་ཏིལ་སྦྱོང་བཅས་བྱེད་སྲོལ་ཡོད་ལ། སྤྱིར་ཏིལ་སྦྱོང་སྔགས། རྡོ་རྗེ་མཁའ་འགྲོ་མ་བསྐྱེད་ན། བཛྲ་ཌཱ་ཀི་སོགས་དང་། མ་བསྐྱེད་ན་སརྦ་པཱ་པཾ་བྱེད་པ་ཤས་ཆེ་བས་འདིར་ཡང་ཕྱི་མ་ལྟར་རོ། ༈ །བདེ་གཤེགས་བཞི་བསྒྲིལ་ལ། བསྒོམ་ལུང་བུམ་དབང་གི་གོང་དུ་བྱེད་པ་ཕྱག་ལེན་ཡིན།


JKT002_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ལུང་ནི་དབང་བཞི་རྫོགས་པའི་མཐའ་དམ་ཚིག་ཁས་བླངས་ཀྱི་གོང་དུ་བྱེད། ༈ །སྒྲོལ་མ་ཉིན་ཞི་མཚན་ཁྲོའི་ཁྲོ་མོའི་སྐུ་ནི་རྣམ་འགྱུར་མ་ངེས་སྣ་ཚོགས་སུ་སྟོན་ཅིང་། ཕྱག་གཡོན་པའང་ས་ལ་བསྣུན་པ་དང་། ཐུགས་ཀར་སྡིགས་མཛུབ་མཛད་པ་སོགས་མ་ངེས་པར་བསྒོམས་ཀྱང་། བྲིས་སྐུའི་ཚེ་ཐུགས་ཀར་སྡིགས་མཛུབ་མཛད་པ་ཁོ་ནའོ། ༈ །སྒྲོལ་མ་དམར་མོ་ལྟ་བུ་ལྷ་བསྐྱེད་ལུགས་མི་འདྲ་བ་གཉིས་རེ་ཡོད་པ་འདི་རིགས་ལ་རྩ་བ་བདག་བསྐྱེད་དང་། གཅིག་ཤོས་མདུན་བསྐྱེད་ལ་སྦྱར་རོ། ༈ །སྒྲོལ་མ་ནོར་སྦྱིན་མར། གནས་བཅུ་ཡི་གེ་བཀོད་པ་ནི། སྤྱི་བོར་ཨོཾ། དཔྲལ་བར་ཏཱ། སྤྱན་གཉིས་ལ་རེ། མགྲིན་པར་ཏུད། དཔུང་པར་ཏཱ། སྙིང་གར་རེ། ལྟེ་བར་ཏུ། གསང་བར་རེ། པུས་མོ་གཉིས་ལ་སྭཱ། ཞབས་གཉིས་ལ་ཧཱ། ༈ །སྒྲོལ་མ་ལྷ་ལྔ་རྩ་བ་བདག་བསྐྱེད་དང་། ཙཱརླགོ་མིའི་ལུགས་མདུན་བསྐྱེད་ལ་བསྒོམ་པར་གསུངས། ཕྱི་མའི་ནོར་བུ་འཛིན་མ་དང་སོ་སོར་འབྲང་མ་གཅིག་གམ་སེམས། ༈ །ཀཱ་པ་ལ་ཏཱ་ར་ལྟ་བུ་སྔགས་བརྒྱ་རྩ་རྗེས་ཟློས་ལས་བཟླས་ལུང་གིས་དམིགས་བསལ་མ་བཤད་པ་རྣམས་ལའང་བཟླས་ལུང་གི་དམིགས་པ་ངེས་པར་འབོག་ཅེས་སྣང་། འདི་གཞིར་བཞག་ལ་ཞལ་བསྒྱུར་ཏཱ་ར་ལའང་ཟུར་དུ་བྱེད་པས་མཚོན་ཞར་བྱུང་དུ་བཤད་པ་རྣམས་ལའང་སོ་སོར་མཛད། ༈ །ཕྱག་རྡོར་ཨུ་ཙརླའི་


JKT002_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གཏོར་ནག་པོ་གྲུ་གསུམ་པད་འདབས་བརྒྱད་པ། དེ་མདུན་མཆོད་གཏོར་དབུས་སུ་ཀ་པཱ་ལར་གཏོར་མ་འདབ་བརྒྱད་ཅན་དམར་པོ། གཡས་སུ་རིན་པོ་ཆེའི་སྣོད་དུ་དཀར་གཏོར་པད་འདབ་བཞི་པ་རྒྱན་སུམ་རིམ་ཅན། གཡོན་དུ་རྫའི་སྣོད་དུ་བགེགས་གཏོར་ལྟ་བུ་ཤོ་ལུ་ཞེས་གྲགས་པ་དེ་ལ་མཐེབ་ཀྱུས་བསྐོར་བ་ཆང་བུ་དང་བཅས་པ། ༈ །ཕྱག་རྡོར་འབྱུང་འདུལ་རིང་བརྒྱུད་དང་། ཉེ་བརྒྱུད་སོ་སོར་བྱ། འདི་དག་ལ་གཏོར་དབང་ཡང་ངེས་པར་བྱེད། པད་འདབས་ཀྱི་དབུས་སུ་ཚོམ་བུ་འགོད་པའི་དམིགས་བསལ་མེད་པ་རྣམས་ཀྱང་ལྷའི་སྐུ་མདོག་དང་མཐུན་པའི་ཚོམ་བུ་རེ་འགོད་རྒྱུ་མཛད་སྣང་། ༈ །རྟ་མགྲིན་ལྷན་སྐྱེས་ལ་གཏོར་མ་དམར་པོ་པད་འདབ་བརྒྱད་པ། ༈ །ཤྭ་ན་བཞི་སྐོར་གྱི་དཀྱིལ་འཁོར་ལྷན་སྐྱེས་དང་འདྲ་བ་ལ། དབུས་སུ་ཉི་གདན་ལ་ཚོམ་བུ་དམར་པོ། ཕྱོགས་ཀྱི་འདབ་བཞིར་ཤྭ་ན་བཞིའི་མདོག་མཐུན་ཚོམ་བུ་རེ་བཀོད་གསུངས། ༈ །ཤཱཀྱ་ཤྲཱིའི་ལུགས་ཀྱི་རྟ་མགྲིན་མཎྜལ་གྲུ་བཞི་ཉིས་བརྩེགས་ཁར་པདྨ་དམར་པོ་འདབ་བརྒྱད་ལ་ཉི་གདན་གྱི་དབུས་སུ་ཚོམ་བུ་དམར་པོ་བཀོད་གསུངས་པ་སོགས་དམིགས་བསལ་* ་མེད་པ་རྣམས་ལ་མངོན་རྟོགས་དང་བསྟུན་པ་ཁོ་ན་མཛད་འདུག ༈ །བཀའ་གདམས་ཁྱུང་སེར་དང་། ཤྲ་བ་ཎ་ལྟ་བུ་ལུང་ཙམ་གྱིས་ཆོག་གསུངས་པ་ཐམས་ཅད་ལའང་བསྒོམ་ལུང་གི་དམིགས་པ་ཡོད་སྲོལ་


JKT002_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་། ༈ །མགོན་པོ་ཕྱག་དྲུག་པའི་གཏོར་མ་ཐོད་པར་རྟེན་གཏོར་ནོར་དབྱིབས་རྫབ་ཅན་ཅུང་ལེབ་པའི་ངོས་སུ་ནོར་བུ་མིག་གསུམ་འབུར་དོད་ཅན་དམར་པོ། མཐར་འཁོར་གྱི་གཏོར་མ་སུམ་ཆ་ཙམ་སླེབས་ཊྛ དང་མཐེབ་ཀྱུས་བསྐོར། མཆོད་གཏོར་རྒྱས་པ་བྲ་གཟུགས་མ་འཁོར་ལྔ་དང་མཐེབ་ཀྱུ་མང་པོས་བསྐོར་བ། ༈ །གཤེད་དམར་གྱི་རྒྱུད་ལེའུ་ཉེར་གཉིས་པ་གསར་འགྱུར་ལས། སྐྱུ་རུ་ར་དང་། ཨ་རུ་ར་དང་། # དུརླའི་རྒྱལ་པོ་དང་། པི་པི་ལིང་དང་། ན་ལེ་ཤམ་དང་། ལྕགས་ཀྱི་ཕྱེ་མ་རྣམས་སྦྲང་རྩི་དང་། ཤ་ཁ་ར་དག་གིས་ཨུ་དུམ་ཝ་རའི་ཚད་ཀྱི་རིལ་བུར་བྱའོ། །དེ་ནས་རིལ་བུ་བཟའ་བར་བྱ་སྟེ། ཟླ་བས་ཚེ་ལོ་སུམ་བརྒྱར་འགྱུར་རོ། །དང་། ལ་ཕུག་གི་ས་བོན་དང་། པྲི་ཡངྐུ་དང་། ཙནྡན་དམར་པོ་དང་། རུ་རྟ་བཏགས་ནས་དྲིལ་ཕྱིས་བྱས་པས་སྤྲེའུ་ལ་སོགས་པ་འཇོམས་སོ། །དང་། སྐྱུ་རུ་དང་། པི་པི་ལིང་དང་། ཙི་ཏྲ་ཀ་དང་། སྐམ་གཤེར་དང་། བུ་རམ་རྙིང་པ་དང་། མར་དང་སྦྲང་རྩི་མཉམ་པར་བཟའ་བར་བྱ་སྟེ། དུས་མ་ཡིན་པའི་ལུད་པ་དང་དབུགས་མི་བདེ་བ་འཇོམས་སོ། །དང་། རྩྭ་དྭརླ་ལ་ཡུང་བས་བཏགས་ནས་བྱུགས་པས་རྡོ་འཇོམས་སོ། །དང་། བིཝ་བསྲེགས་པ་བུ་རམ་གྱིས་བཟའ་བར་བྱ་སྟེ། །ཁྲག་འབྱམས་པ་འཇོམས་སོ། །དང་། དགའ་མ་གཤིན་རྗེ་གཤེད་དམར་པོའི། །རྒྱུད་དུ་གངྒའི་ཀླུང་གི་ནི། །


JKT002_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་སྙེད་དངོས་གྲུབ་ཆེས་མང་ངོ་། །ལྷ་མོ་གུས་དང་བཅས་པས་ཉོན། །ལྷ་མོ་དག་ནི་མྱ་ངན་འདའ། །དབང་པོ་སོགས་ཀྱིས་མི་མཐོང་ངོ་། །བི་རཱུ་པཀྵ་རྣལ་འབྱོར་དབང་། །བྲམ་ཟེའི་རིགས་སུ་འབྱུང་བར་འགྱུར། །བརྩོན་འགྲུས་ཆེན་པོ་སྟོབས་ཆེན་ལྡན། །བདག་གི་ཆོས་ནི་སྟོན་པ་པོ། །འགའ་ཞིག་གིས་ནི་སྦས་པའི་རྒྱུད། །འདིས་ནི་ཐོས་ནས་ལེགས་སྦེད་ཅན། །གསང་སྔགས་འབུམ་ཕྲག་གཅིག་བཟླས་ནས། །བདག་ནི་སྒྲུབ་པར་བྱེད་པར་འགྱུར། །འཛམ་བུའི་གླིང་ན་སྣ་ཚོགས་པའི། །དངོས་གྲུབ་རབ་ཏུ་སྟེར་བར་བྱེད་པར་འགྱུར། །ཀྲྀ་ཤུ་བཱི་ཛི་མཱ་ས་ཀཾ །འདི་དག་བདུན་གྱི་རྣལ་འབྱོར་པས། །སྟེར་བར་དམིགས་པ་བྱེད་པར་འགྱུར། དང་། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །ཕྱི་ནས་བསླབ་པའི་གནས་ལྔ་སྦྱིན། །བྱེ་བྲག་སྨྲ་བ་འབད་པས་བསླབ། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དགེ་བ་བཅུ་ལ་གོམས་གྱུར་ནས། །བླ་མ་ལ་གུས་འདུལ་ལ་མོས། །དབུ་མའང་སློབ་ཏུ་བཅུག་ནས་ནི། །སྔགས་འདི་ཀུན་ཏུ་བརྩམ་པར་བྱ། ༈ །གསར་འགྱུར་ནག་པོ་ཆེན་པོ་དངོས་གྲུབ་ཀུན་ལས་བཏུས་པའི་རྒྱུད་ལས། འཇིག་རྟེན་གསུམ་པོ་སྒྲུབ་བྱེད་ཅིང་། །འདོད་པ་ཀུན་སྦྱིན་ནག་པོ་ཆེ། །གང་གིས་རྣམ་པར་ཤེས་ཙམ་གྱིས། །ལུས་ཅན་ཀུན་གྱིས་དབང་ཕྱུག་ཐོབ། །སོགས་དངོས་གྲུབ་མཐའ་ཡས་པར་སྒྲུབ་པའི་བསྔགས་པ་རྒྱ་ཆེར་


JKT002_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེའི་ལྷ་བཞེངས་པའི་སྐབས་ལས། ཕྱག་གཉིས་པ་དང་། བཞི་པ། དྲུག་པ། བརྒྱད་པ། བཅུ་གཉིས་པ། བཅུ་དྲུག་པ། བཅུ་པ། བཅུ་བཞི་པ་སོགས་དང་། དབང་གི་མགོན་པོ་དང་། #་ངག་གིས་དབང་ཕྱུག་ལ་སོགས་པ་བཤད་ཅིང་། ཕྱག་བཞི་པའི་སྐབས། ཕྱག་བཞི་པ་བསྐྱེད་པར་བཤད་པར་བྱ་སྟེ། ཕྱག་རྒྱ་བཞི་རྣམ་པར་དག་པ་ལྷ་མོ་བཞི་དང་བཅས་པའོ། །སོགས་ཕྱག་དང་པོ་གཉིས་གྲི་ཐོད། ལྷག་མ་གཉིས་ཡུམ་ལ་འཁྱུད་པར་གསུངས། ༈ །སློབ་དཔོན་སྤྱོད་པའི་བརྟུལ་ཞུགས་ཀྱིས་གདན་བཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས་ལས། སངས་རྒྱས་ཞིང་སོགས་ཞིང་རྣམས་ལ། །ཁྱད་པར་དུ་ནི་སྦྱིན་ལ་སྤེལ། །དམངས་རིགས་སྟོང་ཕྲག་གཉིས་དག་ནི། །བྲམ་ཟེ་གཙང་མ་གཅིག་དང་འདྲ། །བྲམ་ཟེ་སྟོང་ཕྲག་གཉིས་དག་ནི། །དགེ་སློང་གཅིག་ལ་རབ་ཏུ་སྦྱར། །དགེ་སློང་སྟོང་ཕྲག་གཉིས་དག་ནི། །རྡུལ་མེད་པ་ནི་གཅིག་དང་མཉམ། །རྡུལ་མེད་སྟོང་ཕྲག་བརྒྱད་དག་ནི། །ཡེ་ཤེས་ལྡན་པ་གཅིག་དང་སྦྱར། །ཡེ་ཤེས་ལྡན་པ་སྟོང་ཕྲག་གཉིས། །སློབ་དཔོན་གཅིག་དང་མཉམ་པར་བརྟག །དེ་ལྟར་སྦྱིན་པའི་ཞིང་བྱས་ནས། །བློ་དང་ལྡན་པས་རྟག་ཏུ་སྦྱིན། །རྣལ་འབྱོར་རྩ་བའི་ཆོས་ལ་ནི། །ཞིང་བཟང་པོ་ལ་ས་བོན་གདབ། །ཅེས་སོ། ༼ན༽ །གསང་བ་རིང་བསྲེལ་གྱི་སྙིང་པོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥི་ཥ་དྷ་


JKT002_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མུ་དྲ་ཎི་སརྦ་ཏ་ཐཱ་ག་ཏ་དྷརྨ་དྷ་ཏུ་བི་བྷུ་ཥི་ཏ་ཨ་དྷིཊྛི་ཏེ་ཧུ་རུ་ཧུ་རུ་ཧཱུཾ་ཧཱུཾ་སྭཱ་ཧཱ། བྱང་ཆུབ་རྒྱན་འབུམ་གྱི་སྙིང་པོ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷུ་ལོ་ཀི་ཏེ་ཛ་ཡ་ཛ་ཡ་སྭཱ་ཧཱ། ༈ །ཙནྡན་གྱི་ཡན་ལག་ཅེས་བྱ་བའི་གཟུངས་ལས། འདི་ལྟར་ས་ཆེན་པོ་འདི་ནི་མ་ལུས་པ་གྲུམ་པར་འགྱུར་ཡང་སྲིད། རྒྱ་མཚོ་ཆེན་པོ་ནི་བསྐམ་ཀྱང་སྲིད། དེ་བཞིན་དུ་རིའི་རྒྱལ་པོ་རི་རབ་ནི་འཇིག་པར་འགྱུར་ཡང་སྲིད། རླུང་ནི་ཞགས་པས་བཅིང་དུ་རུང་ཡང་སྲིད། ཟླ་བ་དང་ཉི་མ་ནི་ས་ཡི་སྟེང་དུ་ལྷུང་ཡང་སྲིད། ནམ་མཁའ་ནི་ལག་པ་གཉིས་ཀྱིས་མནན་དུ་རུང་ཡང་སྲིད། མེ་ནི་ཆུར་འགྱུར་ཡང་སྲིད། འབྱུང་བ་ཆེན་པོ་བཞི་ནི་གཞན་དུ་འགྱུར་ཡང་སྲིད། སེམས་ཅན་ཐམས་ཅད་ཀྱི་སེམས་ནི་གཅིག་ཏུ་འགྱུར་ཡང་སྲིད་ཀྱི། དེ་བཞིན་གཤེགས་པས་གསུངས་ཤིང་བྱིན་གྱིས་བརླབས་པ་ནི་གཞན་དུ་འགྱུར་མི་སྲིད་དེ། སུས་བསྐྱོད་པའམ། བསྒུལ་བར་མི་ནུས་སོ། །འདི་ནི་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར་རོ། །ཞེས་སོ། ༈ །སྒོ་མཐའ་ཡས་པས་སྒྲུབ་པའི་གཟུངས་ལས། །རྒྱལ་བས་བསྔགས་པའི་དགོན་པར་གནས་པར་གྱིས། །དེ་ལ་གནས་པ་གཞན་ལ་བརྙས་པ་མེད། །ཟབ་མོའི་བསོད་པ་འདུན་པ་བསྐྱེད་ནས་སུ། །བག་ཡོད་མགོ་ལ་འབར་བཞིན་གནས་པར་གྱིས། །ཞེས་དང་། ཀྱེ་མ་སངས་རྒྱས་བསྟན་པ་ལེགས་པར་རྙེད། །སྡུག་བསྔལ་མང་


JKT002_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྩ་བ་ཁྱིམ་ཡང་སྤོངས། །ལུས་དང་ངག་དང་ཡིད་ཀྱང་ཡོངས་དག་པས། །སངས་རྒྱས་དང་ནི་ཆོས་ལ་གུས་པར་གྱིས། །དང་། མདོ་སྡེ་ཐོས་ནས་རྗེས་སུ་ཡི་རང་དང་། །ཡི་གེར་བྲིས་དང་གཟུངས་དང་ཀླུ ་བཀླག་པ་ཡིས། །བསོད་ནམས་ཆུ་བོ་ཇི་ཙམ་བསྐྱེད་པ་ནི། །སེམས་ཅན་ཀུན་གྱིས་ཤེས་པར་ཡོང་མི་ནུས། །དེ་ནི་ཚེ་རབས་ཀུན་ཏུ་རྒྱལ་བ་མཐོང་། །དེ་དག་ལས་ཀྱང་དད་པ་བསམ་ཡས་རྙེད། །མདོ་སྡེ་ཟབ་མོའི་ཚུལ་ཡང་ཤེས་པར་འགྱུར། །དེས་ནི་མྱུར་དུ་བྱང་ཆུབ་མངོན་འཚང་རྒྱ། །ཞེས་སོ། ༈ །ན་མསརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་ནུ་ག་ཏེ་ༀ་ཀུ་རུཾ་གི་ནི་སྭཱ་ཧཱ། འདི་ལན་གཅིག་བཟླས་པས་ཀྱང་བསྐལ་པ་འབུམ་ཕྲག་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཡང་ཟད་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་རྗེས་སུ་དྲན་པ་རྫོགས་སོ། ༈ །མཆོད་པའི་སྤྲིན་གྱི་གཟུངས་ལ། མཧཱ་བྷོ་དྷི་ཙིཏྟ་བཛྲ་ལས་བར་དུ་བིདྨ་མི་སྣང་། ༈ །དཀོན་མཆོག་གསུམ་ལ་ཕྱག་མཚལ་ལོ། །ཨོཾ་སྨ་ར་སྨ་ར་བི་སྨྲ་ན་སྐ་ར་མ་ཛ་བ་ཧཱུྃ། ཞེས་བརྗོད་ཅིང་རིན་ཆེན་བརྡར་བས་རིན་པོ་ཆེའི་གདུགས་དང་རྒྱལ་མཚན་ལ་སོགས་པའི་ཆར་དཔག་ཏུ་མེད་པ་ནམ་མཁའི་ཁམས་གང་བར་བསམས་ལ་འབུལ་ལོ། །རིན་ཆེན་བརྡར་བའི་གཟུངས་རྫོགས་སོ། ༈ །འཕགས་པ་འཇམ་དཔལ་གྱི་རྩ་བའི་རྟོགས་པ་ཆེན་པོ་ལས། གང་དུ་དྲན་པ་ཙམ་གྱིས་མཚམས་


JKT002_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ལྔ་ཡང་ཡོངས་སུ་སྦྱོང་བར་བྱེད་ན་བཟླས་པས་ལྟ་སྨོས་ཀྱང་ཅི་དགོས། དེ་ཡང་གང་ཞེ་ན། ཨོ་ཨཱ་བཱི་ར་ཧཱུཾ་ཁེ་ཙ་ར། གྲོགས་པོ་དག་འདི་ནི་ཡི་གེ་བརྒྱད་པ་དཔའ་བོ་ཆེན་པོ་ཞེས་བྱ་བ་གསང་བའི་སྙིང་པོའི་བདག་ཉིད་ཡིན་ཏེ། སངས་རྒྱས་ཉིད་མཉེས་བཞིན་དུ་རབ་ཏུ་ལྟེ་བར་གནས་པ་ཡིན་ནོ། །ཞེས་དང་། ན་མས་མནྟ་བུདྡྷ་ནཱཾ། ཨ་ཙིནྟཱདྷཱཏ་རཱུ་པཱི་ཎཱ། ཨོཾ་ཏཱ་རེ་སྭཱ་ཧཱ། རིག་པ་ཕུག་རོན་ཞེས་བྱ་བ། །ལས་རྣམས་ཀུན་ལ་རབ་ཏུ་བསྔགས། །ཞེས་སོ། །ཕྱོགས་བཞིར་ཐེག་པ་ཆེན་པོའི་མདོ་སྡེ་བཀླག་པར་བྱ་བ་ལ་འདི་ལྟ་སྟེ། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལྷོ་ཕྱོགས་སུ་བཀླག་པར་བྱའོ། །འཕགས་པ་ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་ནུབ་ཕྱོགས་སུ་བཀླག་པར་བྱའོ། །འཕགས་པ་སྡོང་པོས་བརྒྱན་པ་བྱང་ཕྱོགས་སུ་བཀླག་པར་བྱའོ། །འཕགས་པ་གསེར་འོད་དམ་པའི་མདོ་སྡེ་ཤར་ཕྱོགས་སུ་བཀླག་པར་བྱའོ། །ཞེས་དང་། དཀྱིལ་འཁོར་བྲི་བའི་ཚེ། བཅོམ་ལྡན་འདས། རིགས་གསུམ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙོ་བོ། ཀུན་ཏུ་བཟང་པོ་རྣམས་དངོས་སུ་བྲི་ཞིང་། ལྷག་མ་རྣམས་ནི་ཇི་ལྟར་རྣམ་པར་བཞག་པ་བཞིན་ཕྱག་རྒྱ་བྲི་བར་བྱའོ་གསུངས། བདག་ཉིད་ཆེན་པོས་གང་གསུངས་པའི། །རི་མོ་འདི་ནི་མདུན་བཞག་ན། །སྔགས་རྣམས་མ་ལུས་འགྲུབ་པར་འགྱུར། །ཞེས་དང་། རས་བྲིས་མཐོང་བའི་སྐྱེ་བོ་ཡི། །


JKT002_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཐོབ་པ་དོན་ཡོད་པ། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །བརྗོད་པར་ཡང་ནི་མི་ནུས་སོ། །ཞེས་དང་། བསྐལ་པ་བྱེ་བར་མི་ཟད་ལས། །རས་རིས་མཐོང་བ་ཙམ་གྱིས་གྲོལ། །རས་རིས་མཐོང་བ་ཙམ་གྱིས་ནི། །སྐད་ཅིག་དེ་ལ་གྲོལ་བར་འགྱུར། །སངས་རྒྱས་བྱེ་བ་སྟོང་ཕྲག་ནི། །མཐོང་བ་ཙམ་གྱིས་གྲོལ་འགྱུར་ཏེ། །རས་བྲིས་མཐོང་བ་ཙམ་གྱིས་ཀྱང་། །དེ་ཡི་མོད་ལ་གྲོལ་པར་འགྱུར། །ཞེས་དང་། དད་པ་མེད་པའི་མི་ལ་ནི། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་ཚིག་པར་གྱུར་པ་ལས། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །དད་དང་ལྡན་པའི་མི་དག་ལ། །སངས་རྒྱས་ལས་ནི་འགྲུབ་འགྱུར་ཏེ། །སྔགས་རྣམས་ཐམས་ཅད་ཁྱད་བར་དུ། །དད་པ་མེད་ལ་མི་འགྲུབ་བོ། །ཞེས་དང་། མར་མེའི་སྣོད་གསེར་རམ་དངུལ་ལམ་ཟངས་སམ་སའི་རང་བཞིན་ལ་ཤིང་ཏུ་རུཏྟའི་འབྲུ་མར་གྱིས་བཀང་བའམ་དྲི་ཞིམ་པོའི་འབྲུ་མར་གྱིས་བཀང་བའམ་བའི་མར་གྱིས་ཡོངས་སུ་བཀང་བའི་མར་མེ་རས་ཀྱི་དུམ་བུ་སར་པས་སྙིང་པོ་བྱས་ཏེ་རས་བྲིས་ཀྱི་མདུན་དུ་འབུམ་ཕྲག་གཅིག་གི་མར་མེ་དབུལ་བར་བྱའོ། །ཞེས་དང་། ཆོས་ལྡན་རྒྱལ་པོ་ཡོད་པ་དང་། །གཙང་སྦྲ་ཡོད་པའི་སྐྱེ་བོ་ཡོད། །ཕ་དང་མ་ལ་གུས་པ་དང་། །བྲམ་ཟེའི་རིགས་ནི་ཡོད་པ་ཡི། །གནས་དེར་ལྷ་རྣམས་འགྲུབ་འགྱུར་ཏེ། །གཞན་དུ་འགྲུབ་པ་མ་ཡིན་ནོ། །ཞེས་


JKT002_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྟོབས་བཅུ་ལྡན་པས་བཤད་པའི་ཞིང་། །བྱང་ཕྱོགས་ཡོད་པའི་རི་དག་དང་། །ཁ་ཆེ་དང་ནི་རྒྱ་ཡུལ་དང་། །བལ་པོ་དེ་བཞིན་མང་ཡུལ་དང་། །རྒྱ་ཡུལ་ཆེ་དང་ལི་ཡུལ་དང་། །དེ་དག་མ་ལུས་གྲུབ་པའི་ཞིང་། །ཞེས་དང་། ཆུ་ཀླུང་རྒྱ་མཚོའི་འགྲམ་དག་གམ། །དེ་བཞིན་རི་བོ་ཁ་བ་ཅན། །རི་ཡི་རྒྱལ་པོ་འབིགས་བྱེད་ལ། །ལས་གྱི་མཆོག་ནི་བསྒྲུབ་པར་བྱ། །ཞེས་དང་། དེ་ནས་ཉི་མ་ཕྱེད་ཤར་ན། །སྔགས་བཟླས་དེ་ཚེ་སྤང་བར་བྱ། །སྔགས་བཟླས་དེ་ཚེ་བཏང་བ་ན། །སྡོམ་བརྩོན་མཆོད་ཡོན་སླར་གཤེགས་གསོལ། །དེ་ཚེ་བཏང་བའི་ལྷག་དུས་ལ། །ཐུབ་པའི་བསྟན་ལ་དགེ་བ་བྱ། །དམ་ཆོས་བཀླག་ལ་སོགས་པ་ནི། །ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །གླེགས་བམ་ས་བཅུ་ཞེས་བྱ་བ། །མཆོད་དང་བཀླག་པ་རྟག་ཏུ་བྱ། །ཞེས་དང་། འཁོར་བའི་རྒྱ་མཚོའི་ཆུ་འབྱུང་བ། །ཟོ་ཆུན་གྱི་ནི་རྣམ་པ་བཞིན། །འགྲོ་བ་དེ་དག་མི་བཟད་པའི། །སྡུག་བསྔལ་ཆུ་ཡིས་ཁྱབ་པ་ཡིན། །སངས་རྒྱས་ཀྱིས་ནི་བུད་མེད་དག །གཅིག་ཏུ་སྡུག་བསྔལ་རྩ་བར་གསུངས། །ཉན་ཐོས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་ཐུབ་པས་དེ་བཞིན་གསུངས། །ཞེས་དང་། ཟློས་པ་འདི་ལ་ཚུལ་ཁྲིམས་ཉམས། །དེ་ལ་གུས་པ་མཆོག་མེད་ཅིང་། །གྲུབ་པ་འབྲིང་ཡང་ཡོད་མེད་དེ། །གྲུབ་པ་ཐ་མའང་ཡོད་མ་ཡིན། །ཚུལ་ཁྲིམས་འཆལ་བ་ཐུབ་དབང་གི །


JKT002_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འགྲུབ་པར་ནི་མ་གསུངས་ཏེ། །མྱ་ངན་འདས་གྲོང་འགྲོ་བ་ཡི། །ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ། །བྱིས་པ་ངན་པ་འདི་ལ་ནི། །སྔགས་གྲུབ་པ་ནི་ག་ལ་ཡོད། །སྐྱེ་བོ་ཚུལ་ཁྲིམས་འཆལ་འདི་ལ། །དེ་ལ་བདེ་འགྲོ་ག་ལ་ཡོད། །མཐོ་རིས་སུ་ཡང་མི་འགྱུར་ཞིང་། །བདེ་བ་མཆོག་ཏུའང་མི་འགྱུར་ན། །རྒྱལ་བས་གསུངས་པའི་སྔགས་རྣམས་ནི། །འགྲུབ་པར་འགྱུར་བ་ལྟ་ཅི་སྨོས། །ཞེས་དང་། བློ་ལྡན་གཡེང་བ་མེད་ལ་དགའ། །གཙང་ཞིང་མ་ཆགས་ཤེས་ཉེན་ཅན། །རིགས་མཐོ་བརྟན་དང་དཔའ་བ་དང་། །བརྩེར་ལྡན་མཐོང་ན་དགའ་བ་དང་། །ཆོས་དང་ཆོས་མིན་རྣམ་དཔྱོད་ཤེས། །དེ་ལ་གྲུབ་པ་རྙེད་མི་དཀའ། །ཞེས་དང་། བཀྲེས་དང་སྐོམ་པས་ཉེན་གྱུར་ན། །སྔགས་ཀྱི་དོན་ལ་རྟེན་མི་ནུས། །ཁ་ཟས་མང་དང་ཉུང་ཟོས་ན། །སྔགས་རྣམས་ཐོབ་པར་མི་ནུས་སོ། །དེ་ཉིད་ཕྱིར་ན་ཐུབ་དབང་གིས། །སེམས་ཅན་ཟས་ཀྱིས་གནས་པའོ་ཞེས། །ལུས་ཅན་རྣམས་ལ་གསུངས་པ་སྟེ། །དང་། གཟུགས་ཀྱི་ཁམས་ན་གནས་པ་རྣམས། །བསམ་གཏན་ཟས་ལ་སྤྱོད་པ་ཅན། །གཟུགས་མེད་ཁམས་ཀྱི་ལྷ་དག་ནི། །ཏིང་འཛིན་འབྲས་བུ་སྤྱོད་པའོ། །སྲིད་པ་བར་མའི་སེམས་ཅན་རྣམས། །དྲི་ཡི་ཟས་སུ་རབ་ཏུ་བསྒྲགས། །དེ་བཞིན་འདོད་ཁམས་སེམས་ཅན་དག །སྣ་ཚོགས་ཟས་ལ་སྤྱོད་པ་ཡིན། །དེ་ཉིད་ཕྱིར་ན་ཐུབ་དབང་གིས། །ལས་ཀྱི་རྒྱུ་ཡིས་གསུངས་


JKT002_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། །སེམས་ཅན་ཟས་ཀྱིས་གནས་པ་ཞེས། །ཐམས་ཅད་ལ་ནི་རབ་ཏུ་བསྒྲགས། །དང་། སྤྱོད་པ་ཡོངས་སུ་དག་པ་དང་། །དགེ་ཞིང་ཚངས་པར་སྤྱོད་པ་དང་། །ཁ་ཟས་ཚོད་ནི་རན་པ་ལ། །དེ་ལ་གྲུབ་པ་རྙེད་མི་དཀའ། དང་། རྒྱུད་རྣམས་ཀུན་ལ་བསྔགས་པ་ཡི། །གཙང་སྦྲ་ལྔ་ཡི་ཆོ་ག་གསུངས། །ལུས་ཀྱི་དག་དང་མ་དག་དང་། །ཡིད་ཀྱིས་དག་པ་ཡིན་པར་བསྟན། །བཞི་པ་བདེན་པའི་དག་བརྫུན་སྤངས་པ། པ་སྟེ། །ཆུ་ཡི་དག་པ་ལྔ་པར་བཤད། །ཅེས་དང་། ལོག་པར་སྨྲ་བར་གྱུར་པ་དང་། །རྨོངས་པས་ལོག་པར་བརྗོད་པ་ཡིས། །འབྱུང་པོ་རྣམས་ལ་སླུ་བྱེད་པ། །དེ་ལ་སྔགས་གྲུབ་ག་ལ་ཡོད། དང་། སྔགས་དང་། རྒྱུད་ཀྱི་དོན་ལྡན་པའི། །འབྲས་བཅས་ལས་ནི་བརྩམ་པར་བྱ། །བརྩམས་པའི་ལས་ནི་བརྩམ་བྱ་སྟེ། །ལས་མེད་ཉིད་ལ་བརྩམ་མི་བྱ། །དང་། སྔགས་པས་ཟློས་མཐར་ངལ་བསོ་ཞིང་། །ཇི་སྲིད་དུས་སུ་བསྡད་པར་བྱ། །ཟློས་པ་དུས་ལ་བབས་པ་ན། །དེར་ནི་བཟླས་པར་བྱ་བ་ཡིན། །དང་། གལ་ཏེ་དེས་ནི་རྨི་ལམ་ན། །དགེ་བའི་རྨི་ལམ་མཐོང་ན་ནི། །འབྲས་བཅས་རྨི་ལམ་སྟོན་པ་སྟེ། །དེར་ནི་གྲུབ་པ་སྟོན་པ་ཡིན། །དང་། མྱ་ངན་མེད་ཤིང་ཞི་དོན་དུ། །སློབ་པ་དག་ནི་རབ་ཏུ་བསྔགས། །དང་། ཧ་ཅང་མི་སྐམ་རློན་པའང་མིན། །ཚིག་མིན་ལས་ནི་བརྩམས་མི་བྱ། །དང་། ཤར་དུ་བལྟས་པས་ཞི་བ་འགྲུབ། །བྱང་དུ་བལྟས་


JKT002_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྒྱས་པའོ། །དང་། ཞི་དང་རྒྱས་པའི་ལས་ལ་ནི། །ཤིང་རློན་དག་ནི་རབ་ཏུ་བསྔགས། །དང་། གཙང་བའི་རྩྭ་ཡི་རྩ་བས་ནི། །མེ་སྒྲོན་ཚད་དང་ལྡན་བྱས་ནས། །དེ་ནས་ཆང་པར་བཅངས་ནས་ནི། །# འབད་པས་མེ་ནི་སྦྱར་བར་བྱ། །ཁ་ཡི་རླུང་གིས་མི་བྱ་སྟེ། །རྟག་ཏུ་གོས་ཀྱི་མཐས་ཀྱང་མིན། །ཤམ་ཐབས་བླ་གོས་རྣམ་པར་སྤངས། །གོས་གཞན་དག་ནི་བཀག་མ་ཡིན། །དང་། རླུང་གཡབ་གཙང་དང་དེ་བཞིན་གོས། །ལོ་མས་ཀྱང་ནི་རླུང་གཡབ་བྱ། །དང་། ལག་པ་དེ་ནི་གཡོན་པ་ཡིས། །ལན་གསུམ་བར་དུ་ཆུས་གཏོར་ནས། །དང་། ཞོ་དང་མར་གྱིས་སྦག་པ་དང་། །སྦྲང་རྩིས་སྦག་པའི་ཡམ་ཤིང་གིས། །རྒྱས་པའི་ལས་ནི་བྱ་བའི་ཕྱིར། །སྔགས་ཀྱིས་ཀུན་ཏུ་སྦྱིན་སྲེག་བྱ། །དང་། ཞི་བ་ཁ་དོག་དཀར་པོ་ནི། །རྒྱལ་བ་མཆོག་གིས་རྟག་ཏུ་བསྔགས། །དང་། དེ་བཞིན་རྟག་ཏུ་མདོག་དམར་ལས། །རྒྱས་པར་འགྲུབ་པར་འདོད་པ་ཡིན། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ས་བཅུ་ལ་ནི་ཡང་དག་གནས། །སྦྱིན་སྲེག་ལས་ཀྱིས་འགུགས་བྱེད་ན། །ས་སྟེང་མི་རྣམས་སྨོས་ཅི་དགོས། །དང་། ཏིལ་ལ་མར་གྱིས་བཏགས་པའམ། །ཞོ་ལ་སྦྲང་རྩི་བསྲེས་པ་ཡིས། །ལས་ཀུན་ལ་ནི་སྦྱིན་སྲེག་ནི། །སྟོང་རྩ་བརྒྱད་ནི་རྟག་ཏུ་བྱ། །དང་། །མེ་ཡི་ལས་དང་དེ་བཞིན་གཟུགས། །རས་རིས་མདུན་དུ་བརྩམ་བྱས་ན། །དེ་ནི་སྔགས་རྣམས་


JKT002_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་འགྱུར་ཞེས། །སྔོན་གྱི་བདེར་གཤེགས་རྣམས་ཀྱིས་གསུངས། །ཞེས། མཚམས་མེད་ལྔ་པོ་བྱེད་པ་དང་། །ཚུལ་འཆལ་བློ་ནི་ཆུང་བ་དང་། །སྡིག་པ་ཀུན་ལ་འཛུད་བྱེད་པ། །ཁྱབ་བདག་མཐོང་བ་དཀྱིར་འཁོར་ཙམ་གྱིས་གྲོལ། །དང་། དང་པོའི་ཐུན་གྱི་རྨི་ལམ་གང་། །བད་ཀན་ལས་གྱུར་ཤེས་པར་བྱ། །གཉིས་པར་གང་བྱུང་མཁྲིས་པ་སྟེ། །འཇིག་རྟེན་ལ་ཡོད་སྨད་པ་ཡིན། །གསུམ་པ་རླུང་བྱུང་ཤེས་པར་བྱ། །བཞི་པ་བདེན་པར་འབྱུང་བ་ཡིན། །བད་ཀན་རྨི་ལམ་དང་པོ་ནི། །འདི་འདྲར་རྟག་ཏུ་མཐོང་བ་ཡིན། །ནོར་བུ་ཤེལ་གྱི་ཁང་པ་ནི། །ཀུན་ནས་མུ་ཏིག་ཕྲེང་བ་ཅན། །ཨ་མྲའི་ཤིང་ཚོགས་རབ་མང་པོ། །བདག་ཉིད་ཆུ་ནང་བྱིང་བ་མཐོང་། །སོགས་ཉེས་པ་གསུམ་གྱི་རྨི་ལམ་རྒྱ་ཆེར་བསྟན་ཅིང་། གོང་དུ། སངས་རྒྱས་ཉན་ཐོས་བསེ་རུ་ནི། །གལ་ཏེ་འདི་ཡིས་རྨི་ལམ་མཐོང་། །སྔགས་པ་དེ་ནི་བྱ་བ་ཡི། །འབྲས་བཅས་ངེས་པར་འགྲུབ་པར་འགྱུར། །སོགས་གསུངས་སོ། །འཇམ་དཔལ་ཞེས་བྱ་ཡོངས་སུ་བཏགས་པ་ནི། །ཁྱོད་ཀྱི་མིང་ནི་སྔོན་གྱི་རྒྱལ་བས་མཛད། །ཁྱོད་ཀྱི་མིང་དུ་འདི་ལྟར་བཏགས་བྱས་པ། །འདས་དང་མ་བྱོན་ད་ལྟར་སངས་རྒྱས་ཀྱི། །གཞན་དུ་མ་ཡེངས་རྩེ་གཅིག་ཡིད་དག་པས། །ཁྱོད་ཀྱི་མིང་ནི་འཁོར་གྱི་ནང་དུ་ཐོས། །དེས་ནི་འདི་ལ་ཤེས་དང་ཞི་བ་ཐོབ། །སྲིད་མཐར་བྱང་ཆུབ་མཆོག་ནི་ཁྱད་པར་ཐོབ། །


JKT002_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྣམས་མ་ལུས་འགྲུབ་པར་འགྱུར་བ་དང་། །འགྲོ་བའི་སྐྱེ་གནས་མཆོག་ནི་རབ་ཐོབ་ཅིང་། །རྟག་ཏུ་ཆོས་མཆོག་ལ་ནི་ཡང་དག་གནས། །བགེགས་རྣམས་རྣམ་པར་སྤོང་ཞིང་གྲུབ་པ་ཐོབ། །འདོད་པའི་སྔགས་རྣམས་མ་ལུས་འགྲུབ་པར་བྱེད། །བྱང་ཆུབ་ཤིང་དབང་དྲུང་དུ་མྱུར་དུ་འགྲོ། །སོང་ནས་བྱང་ཆུབ་མཆོག་ནི་ཐོབ་པར་བྱེད། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །སངས་རྒྱས་བྱང་ཆུབ་འཁོར་ལོ་རབ་ཏུ་བསྐོར། །དེ་ལྟར་རྒྱལ་བའི་ཡོན་ཏན་གཙོ་བོས་གསུངས། །འཇམ་དཔལ་ཞེས་ནི་ཁྱོད་ཀྱི་མིང་དྲན་པ། །ཡོན་ཏན་བསམ་མི་ཁྱབ་ཅེས་རྒྱལ་བས་གསུངས། །རྒྱལ་བའི་གཙོ་བོ་སྔར་གཤེགས་ཐམས་ཅད་ཀྱིས། །རྟག་ཏུ་ཁྱོད་ཀྱི་མཐུ་ནི་བསྟན་པ་ཡིན། །གཞོན་ནུ་དག་པ་ཁྱེད་ཀྱི་སྔགས་རྟོག་པ། །བསྐལ་པ་གྲངས་མེད་རྟག་ཏུའང་སྟོན་མི་ནུས། །ཡིད་འོང་བཟང་པོ་རྣར་ནི་སྙན་པ་དང་། །དགའ་བསྐྱེད་སྙན་པ་དང་ནི་རྗེས་སུ་མཐུན། །སེམས་ནི་ཚིམ་བྱེད་བདེ་བ་རབ་ཏུ་སྦྱིན། །འཇམ་ཞེས་བྱ་བར་སངས་རྒྱས་ཡང་དག་གསུང་། །དང་། ཇི་ལྟར་སཱ་ལུའི་འབྲུ་རྣམས་ནི། །མྱུ་གུས་རྣམ་པར་ཤེས་པར་བྱེད། །དེ་བཞིན་གྲུབ་པའི་རྫས་རྣམས་ནི། །མཚན་ཉིད་ཀྱིས་ནི་རྣམ་པར་ཤེས། །དང་། རྒྱུ་མཚན་དང་ནི་སྤྱོད་པ་དང་། །སྐྱེ་བ་དང་ནི་རིགས་དང་གནས། །རྟག་ཏུ་ལ་ཉེ་སྣ་ཚོགས་པ། །ལས་དེ་ལས་ནི་ཉེ་བར་དམིགས། །དང་། གྲུབ་དང་མ་གྲུབ་


JKT002_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ནི། །རྐྱེན་གྱི་དོན་ལ་ལྟོས་པ་ཡིན། །རྒྱུ་མཚན་སྤྱོད་དང་མཚན་མ་ནི། །རྐྱེན་ལ་མངོན་པར་རབ་ཏུ་བརྟག །དེ་བས་རྣམ་ཀུན་འབད་ནས་ནི། །རྐྱེན་ལ་རགས་ལས་བྱ་བ་ཡིན། །ཟློས་པའི་སྔགས་རྣམས་རྟག་ཏུ་ནི། །གྲུབ་པ་རྒྱུ་ལ་ལྟོས་པ་ཡིན། །འདི་དག་རྐྱེན་གྱི་ཡན་ལག་ནི། །ལས་ནི་བདག་གིར་བྱེད་པས་མཚོན། །ཅེས་སོགས་ཇི་ལྟར་སཱ་ལུའི་འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་མི་འབྱུང་མྱུ་གུའི་དུས་ནས་ཤེས་པ་ལྟར། སྔགས་འགྲུབ་མི་འགྲུབ་ལྟས་ཀྱི་བྱེད་ལས་ཤེས་ཤིང་། ལྟས་ཀྱང་མཚན་མ་དང་། རྨི་ལམ་དང་། གཞན་གྱི་སྤྱོད་ཚུལ་སོགས་ལ་ཉེ་ལས་ཤེས་པས་ན། རྨི་ལམ་ངན་པ་གཙོ་བོར་གྱུར་པའི་ལྟས་མི་ཤིས་པ་བྱུང་ན་དེ་དག་ཟློག་ཅིང་། ཤིས་པའི་ལྟས་ཀྱི་བྱེད་ལས་ཆུད་མི་ཟ་བར་བདག་གིར་འགྱུར་བའི་རིག་སྔགས་ནི། རྨི་ལམ་ངན་པ་བཟོད་དཀའ་དང་། །མ་རུང་སེམས་ཅན་ཟློག་བྱེད་པ། །རྒྱལ་བ་སཱ་ལའི་དབང་པོ་ཡི། །སྔོན་གྱི་སྔགས་རྒྱལ་ཡོངས་གསུངས་པ། །ལྷ་ཡི་ཚོགས་དང་གཟའ་རྣམས་དང་། །རྒྱུ་སྐར་སྐར་མཁན་རྣམས་ཉོན་ཅིག །ཅེས་སོགས་མཉན་པར་གདམས་ནས་གཙུག་ཏོར་འབར་བའི་སྔགས་ཕན་ཡོན་དང་བཅས་པ་གསུངས་སོ། །འདིའི་སྔགས། ཏིཥྛཏྟི་ཕཊ་ཕཊ་སྭཱ་ཧཱ། ཞེས་སྣང་། ལས་བདག་གིར་བྱེད་པའི་རྐྱེན་གྱི་ལེའུ་རབ་འབྱམས་ལས་བཅུ་དྲུག་པའི་སྐབས་སུ་སྣང་ངོ་། །རྒྱུ་སྐར་ལྷག་མ་གཙོ་བོ་ནི། །


JKT002_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་ཐ་མར་འབྱུང་བ་མིན། །ཞེས་སྣང་ནའང་། རྒྱུ་སྐར་གཙོ་ལས་ལྷག་མ་ནི། །ཞེས་བསྒྱུར་ན་གོ་བདེ་བར་སེམས་ཏེ། གཙོ་བོ་ཉེར་བདུན་ལས། སྐར་ཕྲན་གཞན་གྱི་ནུས་པ་དུས་མཐར་མི་འབྱུང་། ཞེས་པའི་དོན་དུ་སྣང་བས་སོ། །ཡང་། ཤེས་རབ་ཆེན་པོ་འཇམ་པའི་དབྱངས། །བྱིས་པ་གཞོན་ནུའི་གཟུགས་དང་ལྡན། །འཇིག་རྟེན་འདིར་ནི་ཀུན་ཏུ་རྒྱུ། །སེམས་ཅན་རྗེས་སུ་བཟུང་བར་བཟོད། །དེ་ཡི་དུས་སུ་གྲུབ་པ་ནི། །འཇམ་པའི་དབྱངས་ནི་རབ་ཏུ་མཐོང་། །རྒྱུ་སྐར་སྐར་མའི་དཔྱད་ཤེས་པ། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །སོགས་གསུངས་པ་འདིས་ནག་རྩིས་གཙོ་བོར་ལུང་བསྟན་པར་རྟོགས་ཏེ་རྒྱུ་མཚན་མང་པོ། །ཐ་སྐར་སྣར་མ་ཉིད་དང་ནི། །རྒྱལ་དང་ཁྲུམས་ནི་སྟོད་སྨད་གཉིས། །ནམ་གྲུ་དང་ནི་ལྷ་མཚམས་དག །བཟླས་པའི་དུས་སུ་རབ་ཏུ་བསྔགས། །དང་། ཕུར་བུ་པ་སངས་ཟླ་བ་དང་། །གཟའ་ལྷག་མཆོག་ནི་ལས་ཀུན་ལ། །གཟའ་མཆོག་འདི་དག་རྟག་ཏུ་ནི། །བཞི་པོ་ཚེས་དང་ལྡན་པ་ནི། །ས་སྟེང་འཇིག་རྟེན་ཀུན་ཏུ་ནི། །འགྲོ་བའི་ལས་ནི་གྲུབ་པར་བྱེད། །ཅེས་དང་། སེ་གོལ་བརྒྱ་ཡི་ཚོགས་དག་ལ། །རྩ་རྒྱུན་གཅིག་ཏུ་བསྟན་པ་ཡིན། །རྩ་རྒྱུན་བཞི་ལ་ཆུ་ཚོད་བསྟན། །ཆུ་ཚོད་བཞི་ལ་ཐུན་ཞེས་བྱ། །ཐུན་བཞི་ལ་ནི་ཉིན་པར་ཏེ། །མཚན་མོ་དག་ཀྱང་དེ་བཞིན་བསྟན། །དེ་ལྟར་བརྒྱད་དང་ལྡན་པ་ལ། །ཉིན་མཚན་དུ་ནི་རབ་


JKT002_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བརྟག །དང་། ཉི་མ་བཅོ་ལྔ་ཉིད་ལ་ནི། །ཟླ་བ་ཕྱེད་ནི་རབ་ཏུ་བསྟན། །ཟླ་ཕྱེད་གཉིས་ལ་ཟླ་བ་ཞེས། །རྩིས་ཤེས་འཇིགས་པ་མེད་པས་བསྟན། །དེ་བཞིན་ཟླ་བ་ཟླ་དྲུག་གིས། །སྒྲ་གཅན་གྱིས་ཀྱང་འཛིན་པ་ཡིན། །དེ་ནས་ཟླ་བ་བཅུ་གཉིས་ལ། །ལོ་ཡི་སྒྲར་ནི་རབ་ཏུ་བསྒྲགས། །དེ་ནས་ལོ་ནི་བཅུ་གཉིས་ལ། །ལོ་ཆེན་ཞེས་ནི་དེ་ལ་བྱ། །གཟའ་དང་རྒྱུ་སྐར་ཕྱིན་ཅི་ལོག །ལྷ་མིན་དབང་པོ་ཐམས་ཅད་ཀྱང་། །དེ་ནས་ལོ་ནི་བཅུ་གཉིས་ལ། །འདིར་ནི་དགེ་དང་མི་དགེ་བྱེད། །ཅེས་དང་། ལེ་བརྒན་དུ་བཙོས་པའི་སྐུད་པ་ལན་བདུན་བཟླས་བརྗོད་བྱས་ཏེ་མདུད་པ་བོར་ན་བཅིང་བར་འགྱུར་རོ། །དང་། སློང་མོའི་ཟས་ཟ་ཞིང་ཆོ་འཕྲུལ་ཆེན་པོའི་ཟླ་ཕྱེད་ཀྱི་ཟླ་བ་ལ་ནུབ་གསུམ་སྨྱུང་བར་བྱས་ལ། ཟླ་བ་གཟས་ཟིན་པ་ན་བ་ནག་མོའི་འོ་མ་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ་འཐུང་ན་བཅུད་ལེན་གྱི་ཡོན་ཏན་དང་ལྡན་པར་འགྱུར་རོ། །དང་། རྩྭ་དཱུརྱའི་འཇག་མ་ལ་ཞོ་དང་སྦྲང་རྩི་མར་གྱིས་བཏགས་པ་སྟོང་རྩ་བརྒྱད་ནུབ་བཅུའི་བར་དུ་སྦྱིན་སྲེག་བྱས་ན་དུས་མ་ཡིན་པར་འཆི་བ་རབ་ཏུ་ཞི་ཞིང་ཚེ་རིང་བར་འགྱུར་རོ། །དང་། སྲུང་བའི་སྐུད་པས་ནི་ནད་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །དང་། ཤུ་དག་ལ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་ཏེ་སྦྱིན་སྲེག་བྱས་ན་རྒོལ་བ་ཐམས་ཅད་ལ་ལན་འདེབས་ནུས་པར་འགྱུར་རོ། །དང་། །རྒྱ་


JKT002_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱ་ནི་ཆེ་ཉིད་ལ། །འཇམ་པའི་དབྱངས་ནི་རབ་འགྲུབ་འགྱུར། །གང་ཡང་དེ་ནི་སྔགས་རྣམས་ནི། །དེར་ནི་རབ་ཏུ་འགྲུབ་པར་འགྱུར། །དང་། ཁ་བ་ཅན་རིའི་ནང་བྱུང་བ། །དེར་ནི་ཐམས་ཅད་འགྲུབ་པར་འགྱུར། །སྐྱེ་བོ་སྐལ་ལྡན་བཟང་པོ་ནི། །ཞི་བའི་ལས་ནི་རྩོམ་པར་བྱེད། །དང་། རྒྱལ་བས་གསུངས་པའི་སྔགས་ཀྱིས་ནི། །ཞི་བའི་ལས་ནི་བྱ་བ་ཡིན། །རིན་ཆེན་རིགས་ཀྱི་བྱ་བ་ནི། །རྒྱས་པའི་ལས་ནི་ཐམས་ཅད་དོ། །མངོན་པར་སྤྱོད་པའི་ལས་རྣམས་ནི། །རྡོ་རྗེའི་རིགས་ཀྱིས་བྱ་བ་ཡིན། །དང་། མཆོག་དང་བར་དང་ཐ་མ་ནི། །དེ་དག་རྣམ་པ་གསུམ་འབྱེད་པ། །ཞི་དང་རྒྱས་པ་དག་དང་ནི། །མངོན་སྤྱོད་པར་ནི་འདོད་པ་ཡིན། །དང་། བརྒྱ་ཡི་གྲངས་ཀྱིས་བགྲང་བ་ནི། །དེ་དག་བཅུ་ལ་སྟོང་ཕྲག་གཅིག །སྟོང་ཕྲག་བཅུ་ལ་ཁྲི་ཡིན་ཏེ། །ཁྲི་བཅུ་ལ་ནི་འབུམ་ཕྲག་གཅིག །འབུམ་ཕྲག་བཅུ་ལ་ས་ཡ་སྟེ། །ས་ཡ་བཅུ་ལ་བྱེ་བ་ཡིན། །བྱེ་བ་བཅུ་ལ་དུང་ཕྱུར་ཏེ། །དུང་ཕྱུར་བཅུ་ལ་ཐེར་འབུམ་ཡིན། །སོགས་རྒྱ་ཆེར་བསྟན། །འཇིག་རྟེན་དང་ནི་མྱ་ངན་འདའ། །སྟོང་པའི་སྟེང་ནི་སྟོང་གྱུར་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ནང་ཡོད་པ་ཡིན། །དང་། སེམས་ཅན་མཐའ་ནི་བསམ་མི་ཁྱབ། །རྣམ་པར་སྨིན་པའང་ཟ སངས་རྒྱས་ཆོས་ཀྱང་༔ བྱང་


JKT002_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སྤྱོད་པའང་༴ གདུལ་བའི་སེམས་ཅན་ལ་བརྟེན་ནས། །ཕན་མཛད་སྤྱོད་པ་བསམ་མི་ཁྱབ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས། །བསམ་མི་ཁྱབ་པར་ཡོངས་སུ་བསྟན། །ཅེས་སོ། །ཆོས་འདི་དག་ནི་མདོར་བསྡུ་ན། །དགེ་དང་མི་དགེ་བསྟན་པ་ཡིན། །རྟག་ཏུ་མི་དགེ་སྤང་བྱ་སྟེ། །དུས་རྣམས་ཀུན་ཏུ་དགེ་བ་སྤྱད། །དང་། གངྒཱའི་བྱང་ཕྱོགས་འགྲམ་དག་ནི། །ཆུ་བོ་ཆེན་པོ་དེ་ལས་གཞན། །ཁ་བ་ཅན་རིའི་ལྷོ་ཕྱོགས་ཆར། །སཱ་ལའི་ནགས་ཞེས་བྱ་བ་འབྱུང་། །དེ་ཚེ་ནུབ་ཕྱོགས་བལྟས་པའི་མལ། །དེར་ནི་གནས་སུ་འབྱུང་བར་འགྱུར། །དེ་ཚེ་ཆུ་བོ་རབ་དགའ་བ། །བཟང་པོ་གསེར་ལྡན་འགྲམ་དག་ཏུ། །ལྷ་རྣམས་ཀུན་གྱི་ཚོགས་ལ་སོགས། །འདུས་པ་དག་ནི་འབྱུང་བར་འགྱུར། །དང་། ཡི་གེ་ཧཱུྃ་དེ་ཡི་གེ་གཅིག །ལས་རྣམས་མ་ལུས་བྱེད་ཅིང་དག །སྔགས་ཀྱི་རྒྱལ་པོ་བཟླས་ཙམ་གྱིས། །འདི་ནི་བཟླས་པ་ཙམ་གྱིས་བྱེད། །འགྲོ་དང་གནས་པའི་དུས་དག་དང་། །དེ་བཞིན་དགྲ་རྐུན་རེངས་པར་བྱེད། །སེམས་ཅན་གདུག་པ་ཐམས་ཅད་ལ། །བཟླས་པ་ཙམ་གྱིས་རེངས་པར་བྱེད། །དང་། མ་སྐྱེས་དགྲ་ཡི་བུ་ཨུའི་མིང་ཅན་གྱིས། །དེས་ནི་སྟོན་པའི་གསུང་རབས་དག །རྒྱ་ཆེར་འབྲི་བར་བྱེད་འཇུག་འགྱུར། །དང་། རྒྱལ་པོ་དེ་ལས་གཞན་པ་ཡང་། །ཟླ་བ་སྦས་ཞེས་བྱ་བ་འབྱུང་། །གནོད་སྦྱིན་ཆུ་དབང་གྲུབ་པ་སྟེ། །རྒྱལ་སྲིད་གནོད་པ་མེད་


JKT002_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། །དང་། དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ན། །གངས་ཅན་མི་ཡི་ནང་གནས་པའི། །རྒྱལ་བ་མི་ཡི་ལྷ་ཞེས་པ། །ལིཙྪ་བཱི་རྣམས་རིགས་སུ་འབྱུང་། །དང་། སྟོན་པའི་གསུང་རབ་ས་སྟེང་དུ། །དུས་མཐར་འཇིག་རྟེན་ཉམས་པ་ན། །སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །དང་། ཡི་གེ་ར་དང་བ་དང་པོར། །དགེ་སློང་གང་ཞིག་རབ་བྱུང་གསུངས། །སྟོན་པའི་བསྟན་པ་གསལ་བྱེད་པ། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །དང་། དེ་ནས་ཡི་གེ་ས་དང་ཀ་དང་པོ་ངག་ཏུ་བརྗོད་པ་དང་། །ཞེས་དང་། དང་པོར་ཡི་གེ་བ་གྲགས་དང་། །སྟོན་པའི་གཟུགས་བརྙན་དོན་ཡང་བྱེད། །བློ་ལྡན་དང་པོར་ཡི་གེ་མ། །སོགས་དང་། སྡོམ་བརྩོན་ཐམས་ཅད་བསྒྲགས་པ་ཡང་། །སྟོན་པའི་བསྟན་པ་གསལ་བྱེད་པའོ། །སོགས་ལུང་བསྟན་ཏོ། །འཇམ་དཔལ་ཆོ་ག་འདི་གསུངས་པ། །བཀླག་པ་དང་ནི་འཆང་བ་ཡིས། །དེ་ནི་འདོད་འཇོའི་བ་འདྲར་འགྱུར། །ནོར་ཆེན་ལོངས་སྤྱོད་ཕུན་སུམ་ཚོགས། །ཞེས་གསུངས་སོ། །སྤྱིར་འཇམ་དཔལ་གྱི་རྩ་བའི་རྒྱུད་འདིར་རས་བྲིས་ཆེ་འབྲིང་ཆུང་གསུམ་སོགས་རས་བྲིས་ཀྱི་ཆོ་ག་༧དང་། ཟློས་པ་དང་། སྦྱིན་སྲེག་དང་། སྒྲུབ་པོའི་མཚན་ཉིད་དང་།


JKT002_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་དང་། ཚེས་དང་། རྒྱུ་སྐར་དང་། ལྟས་ཀྱི་བྱེ་བྲག་སོགས་མཐའ་ཡས་པ་གསུངས་ཤིང་། མཇུག་ཏུ་ལུང་བསྟན་པ་རྒྱ་ཆེར་སྣང་སྟེ་གཙོ་བོར་རྒྱལ་རིགས་ཁོ་ནར་སྣང་ངོ་། ༼ན༽ ལྡེབ༢༠༤མཚམས། ཡི་གེ་གཅིག་གི་ས་འདི་ནི་རིག་པའི་འཁོར་ལོས་སྒྱུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་འོག་ནས་གོང་དུ་གནས་པ་བསྟན་པ་ཐོགས་པ་མེད་པ་སོགས་ནས། ཧཱུཾ། བཅོམ་ལྡན་འདི་ནི་ཐམས་ཅད་མཁྱེན། །སངས་རྒྱས་སྔགས་གཟུགས་རྣམ་པར་གནས། །སྟོན་པ་ཐུགས་རྗེ་ཆེ་དང་ལྡན། །སེམས་ཅན་ཀུན་ལ་རྣམ་པར་སྐྱོང་། །ཞེས་སོགས་དང་། རྩྭ་ཀུ་ཤ་ལ་བརྒྱ་རྩ་བཟླས་ནས་མཚོ་གནས་བཅད་ན་གཞན་གྱི་རིག་སྔགས་བཅད། དར་ལེ་བརྒན་ལ་མདུད་པ་བོར་ནས་ལན་བདུན་བཟླས་ན་བཅིངས། ཞོ་དང་སྦྲང་རྩི་དང་མར་དང་ཏིལ་གྱིས་སྦྱིན་སྲེག་གིས་ཐམས་ཅད་དབང་དུ་འགྱུར་བ་དང་། ཐང་ཤིང་གིས་ལྷ། མངར་གསུམ་གྱིས་ཀླུ། མྱ་ངན་མེད་པའི་ཤིང་དང་པྲི་ཡངྐའི་ཤིང་གིས་དྲི་ཟ། སྐེ་ཚེས་གནོད་སྦྱིན་མོ་དང་ཀླུ་མོ། ཡུངས་ཀར་གྱིས་རྒྱལ་པོ། མེ་ཏོག་གིས་བྲམ་ཟེ། ཞོ་དང་འོ་མ་དང་མར་གྱིས་རྗེ་རིགས། ཕུབ་མའི་རྡུལ་གྱིས་དམངས་རིགས། ལན་ཚྭས་བུད་མེད་སོགས་དབང་དུ་འགྱུར་བར་གསུངས།། ༈ །།འཇམ་དཔལ་རྩ་རྒྱུད་ལས། རིག་པའི་རྒྱལ་མོ་རྫུ་འཕྲུལ་ཅན། །དེ་ནི་སྒྲོལ་མ་ཞེས་ཀྱང་བསྟན། །བུད་མེད་


JKT002_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་འཆང་ལྷ་མོ་ནི། །འགྲོ་བ་ཀུན་ཏུ་རྣམ་པར་རྒྱུ། །སྙིང་རྗེས་བརླན་པའི་སེམས་ཀྱིས་ནི། །སེམས་ཅན་རྣམས་ལ་ཕན་དོན་དུ། །མི་མཇེད་འཇིག་རྟེན་ཁམས་གནས་ནས། །བུད་མེད་མིང་གིས་འཇུག་པར་ནི་རབ་གནས་ཐོབ། །བྱང་ཆུབ་སེམས་མ་འཕྲུལ་ཆེ། །སེམས་ཅན་རྣམས་ནི་འདུལ་བྱེད་པ། །ལྷ་མོ་སྒྲོལ་མ་ཞེས་སུ་བསྟན། །འདི་ནི་འབད་མེད་འགྲུབ་པ་སྟེ། །སྲུང་དང་སྐྱོབ་དང་སྦ་བར་། བྱེད། །ལོངས་སྤྱོད་དབང་ཕྱུག་འཕེལ་བྱེད་པས། །འདི་ནི་ལྷ་མོ་བསྒྲུབ་པར་བྱ། །བྱང་ཆུབ་མཆོག་གི་ཆེད་དུ་ནི། །སྐྱེད་པ་ཉིད་ནི་བརྩམ་པར་བྱ། །སྙིང་རྗེས་བརླན་པའི་ལུས་ཅན་ལ། །དེ་ཚེ་ལྷ་མོ་རྗེས་འབྲང་བ། །སྔགས་ཀྱི་གཟུགས་ཀྱིས་སེམས་ཅན་ལ། །བྱང་ཆུབ་ཚོགས་ཀྱི་བྱ་ཕྱིར་རོ། །རེ་བ་ཐམས་ཅད་དགའ་རྒྱས་ཕྱིར། །ཤར་གྱི་ཕྱོགས་སུ་གནས་པ་ཡིན། །བདག་ཉིད་རྣམས་ལ་སྟོང་དང་ནི། །རྣམ་པ་མང་པོ་བྱས་ནས་ཀྱང་། །རྒྱ་མཚོ་བཞི་ཡི་མཐར་ཐུག་པར། །ས་རྣམས་ཀུན་ཏུ་རྣམ་པར་རྒྱུ། །ཞེས་སོགས་རྒྱ་ཆེར་བསྟན་ལ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཏཱ་ནི་ཡིག་འབྲུ་ཁུ་བ་ཡབ། །རཱ་ནི་ཡུམ་སྟེ་ཁྲག་ཡིན་ནོ། །དེ་གཉིས་འདྲེས་པ་ཐིག་ལེ་ཡིན། །གཞན་མིན་རྣམ་ཤེས་ངོ་བོའོ། །ཞེས་གཙོ་བོ་སྟོང་པ་ཉིད་ཡུམ་དང་། ཡན་ལག་ཐབས་བདེ་བ་ཆེན་པོ་ཡབ་ཀྱི་ངོ་བོ་དབྱེར་མི་ཕྱེད་པ་བྱང་ཆུབ་སེམས་ཀྱི་རྡོ་རྗེ་ནི་ངེས་དོན་གྱི་སྒྲོལ་མའོ། ༈


JKT002_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཆོག་དང་པོའི་རྒྱུད་ལས། གསེར་རམ་ཡང་ན་དངུལ་དང་ནི། །དེ་བཞིན་ཤིང་ལས་བྱས་པ་ཡི། །རང་གི་འདོད་ལྷའི་གདོང་རྣམས་ཀྱིས། །གྲུབ་པའི་ཕྱག་རྒྱས་གར་རྣམས་བྱ། །ཞེས་གར་འཆམས་ཀྱི་ཁུངས་གསུངས་སོ། ༈ །མགོན་པོ་ཀུན་འབྱུང་ལས། སྣ་ཚོགས་འབྲུ་ནག་དཔལ་བྱས་པའི། །གཏོར་མ་མི་ཤས་བརྒྱན་པ་དང་། །ཅེས་གཏོར་མ་ཟུར་གསུམ་དུ་བྱེད་པའི་ཁུངས་སོ། ༈ །སྔ་འགྱུར་རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ལས། །གླེགས་ཤིང་ཐབས་དང་ཤེས་རབ་ལ། །ཤོག་གུ་ཐེག་པའི་ས་གཞི་སྟེ། །ཞི་གནས་ལྷག་མཐོང་ཞིང་གི་རྒྱགས། །དབྱིངས་དང་ཡེ་ཤེས་དོན་རྒྱགས་གཉིས། །སྨྱུ་གུ་རིག་པའི་ཤེས་རབ་སྟེ། །བྱང་ཆུབ་སེམས་རྟགས་སྣག་ཚ་ཡིན། །ཡི་གེ་གསུམ་གྱི་ཕྱག་རྒྱས་བྲིས། །བྱེད་པ་པོ་ནི་དམ་ཚིག་ཅན། །ལེགས་ཤིང་ཚད་དང་ལྡན་བྱས་ནས། །སྔགས་མཁན་དམ་ཚིག་བློ་ཅན་གྱིས། །དུས་གསུམ་བཞུགས་པ་ཐམས་ཅད་ཀྱི། །གསུང་གི་དེ་ཉིད་བྱིན་བསྡུས་ནས། །གླེགས་བམ་ཉིད་ལ་བསྟིམ་པར་བྱའོ། ༈ །འཇམ་དཔལ་ལས་བཞིའི་འཁོར་ལོའི་རྒྱུད་ཕྱི་མ་ལས། དུས་ངན་ཐ་མར་བྱུང་བའི་ཚེ། །ལྷ་མོའི་ནང་ན་འོད་ཟེར་ཅན། །འཕགས་པའི་ནང་ན་འཇམ་དཔལ་ཉིད། །འདི་གཉིས་མ་གཏོགས་དངོས་གྲུབ་གཞན། །རིག་འཛིན་ཀུན་ལ་མ་ཡིན་ནོ། །ཞེས་སོ། ༈ །འཇམ་དཔལ་དཔའ་བོ་གཅིག་པུ་གྲུབ་ཞེ་བཞི་


JKT002_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱུད་ཀྱི་རྒྱལ་པོ་ལེའུ་གཉིས་པ་ལས། ཨོ་ཤྲ་བ་ཎ་པི་ཤཱ་ཙི་ནི་མུཥེ་སྭཱ་ཧཱ། བ་རུ་རའི་ཤིང་ངམ་ནྱ་གྲོ་དྷའི་ཤིང་གི་རྩ་བར་འདུག་ལ། ཅང་མི་སྨྲ་བར་འབུམ་ཕྲག་གཅིག་བཟླས་ན་གྲུབ་པར་འགྱུར་ཏེ་འཇིག་རྟེན་གསུམ་གྱི་སྤྱོད་པ་ཡང་སྟོན་པར་འགྱུར་རོ། །ཡང་ན་ལེགས་པར་ཁྲུས་བྱས་ལ་གོས་གཙང་མ་བགོས་ཏེ་དབེན་པར་འདུག་ལ་ཁྲི་བཟླས་པས་གྲུབ་པར་འགྱུར་རོ། །དགོང་མོ་ཉལ་ཁར་རུ་རྟ་ལ་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས་གདོང་དང་རྐང་པ་གཉིས་བཀྲུས་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བ་རྣམས་སྟོན་པར་འགྱུར་རོ། །ཞེས་བྱ་བ་ནི་ལྷ་མོ་ཤྲ་བ་ཎའི་སྒྲུབ་པའི་ཐབས་སོ། །ཡང་། ཨོ་མུ་ཙི་ལི་སྭཱ་ཧཱ། །མོ་ཧ་ནི་སྭཱ་ཧཱ། ལག་ན་རྡོ་རྗེ་རྨི་ལམ་མཐོང་བའི་གཟུངས་ཀྱང་འདིའོ། དན་ཏི་ལི་སྭཱ་ཧཱ། གསང་སྔགས་འདི་ཁྲི་བཟླས་ན་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་ཆུས་གདོང་བཀྲུས་ཏེ། དགོས་པ་ཡིད་ལ་བྱེད་པའི་བཟླས་པས་མི་སྨྲ་བར་ཉལ་ན་བཅོམ་ལྡན་འདས་རང་གི་གཟུགས་སུ་མཐོང་བར་འགྱུར་ཞིང་དགེ་བ་དང་མི་དགེ་བ་རྨི་ལམ་དུ་རྨིས་པར་འགྱུར་རོ། །ཞེས་གསུངས་པ་འདིས་ནི་དབང་གི་སྟ་གོན་ལ་སོགས་པའི་སྐབས་སུ་རྨི་ལམ་བརྟག་པའི་རིག་སྔགས་སོ། །ཡང་། ཨོཾ་བུདྡྷ་ཙུ་རུ་མཱ་ཙུ་རུ་ཀེ་སྭཱ་ཧཱ། སྐུ་གདུང་དང་བཅས་པའི་མཆོད་རྟེན་


JKT002_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་རྗེ་བཙུན་སངས་རྒྱས་ཀྱི་སྤྱན་སྔར་བསྙེན་པ་ཆོ་ག་ཁྲི་བཟླས་ལ། དེའི་འོག་ཏུ་ཅི་འབྱོར་པའི་མཆོད་པ་བྱས་ནས་ཉལ་བའི་དུས་སུ་བརྒྱ་རྩ་བརྒྱད་བཟླས་ཏེ། བདག་གང་ནས་སྐྱེས་པར་གྱུར། གང་དུ་སྐྱེ་བར་འགྱུར་ཞེས་ཡིད་ལ་བསམས་ཤིང་ཉལ་ན་འདས་མ་འོངས་པའི་སྐྱེ་བ་དམིགས་པར་འགྱུར་བར་ཐེ་ཚོམ་མེད་དོ། །གལ་ཏེ་ཟླ་བ་དྲུག་གི་ནང་རོལ་དུ་འཆི་བར་འགྱུར་བ་དེའི་ཚེ་རྨི་ལམ་དུ་བདག་གམ་གཞན་གྱི་མགོ་བོ་མི་མཐོང་བར་འགྱུར་རོ། །དེ་བཞིན་དུ་མངོན་པར་བསྔགས་པའི་མེ་ལོང་བལྟས་པ་ན་ཁྱེའུའམ་བུ་མོ་གང་གི་མགོ་བོ་མཐོང་བར་མ་གྱུར་པ་དེ་ཟླ་བ་དྲུག་གི་ནང་དུ་འཆི་བར་འགྱུར་རོ། །རྡོ་ལིག་བུ་མིག་དང་། ཤིང་ཨ་ག་སྟི་དཀར་པོའི་རྩ་བ་རེང་བུར་བྱས་ཏེ། བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་མིག་ལ་བྱུག་ན། གང་དག་ཟླ་བ་དྲུག་གི་ནང་དུ་འཆི་བར་འགྱུར་བའི་རྐང་གཉིས་པ་དང་། རྐང་བཞི་དེ་དག་ཐམས་ཅད་ཀྱི་མགོ་བོ་མེད་པ་མངོན་སུམ་དུ་མཐོང་བར་འགྱུར་རོ། །ཞེས་བྱ་བ་ནི་བུདྡྷ་ཙུ་རུ་མའི་རྨི་ལམ་བརྟག་པའི་ཆོ་གའོ། །ཡང་། ཨོཾ་ཛམྦྷེ་མོ་ཧེ་སྭཱ་ཧཱ། རྗེ་བཙུན་སྒྲོལ་མ་ལ་ཀ་ར་ཝཱི་རའི་མེ་ཏོག་གིས་མངོན་པར་མཆོད་དེ། སྔགས་ཀྱི་རྒྱལ་པོ་ཡི་གེ་འབུམ་བཟླས་ན་ཡིད་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་དོ། །ཞེས་དོན་ཐམས་ཅད་གྲུབ་པའི་ཆོ་གའོ། །འོག་མ་འདི་དག་སྒྲོལ་མ་རྣལ་འབྱོར་མའི་རྒྱུད་ལས་ཀྱང་འབྱུང་། ལེའུ་གསུམ་པར།


JKT002_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཀར་གྱི་སྒྲུབ་ཐབས་དང་། སྔགས་འདྲ་མིན་གསུམ། སྒྲོལ་མའི་སྔགས་འཇམ་དཀར་གཙོ་འཁོར་ལྔའི་སྒྲུབ་ཐབས་བཅས་བསྟན་པའི་འཕྲོར། ར་ཡི་འོ་མ་ཨ་རུ་ཚ་བ་གསུམ། །ས་ཐ་ཤུ་དག་སེ་གྲུ་སེན་དྷ་པ། #་།ལན་བདུན་སྔགས་པའི་མར་དང་ནི། །འཐུང་བས་དབྱངས་ཅན་འགྲུབ་པར་འགྱུར། །ར་ཡི་འོ་མ་བྲེ་བཞི་དང་། །སྨན་རྣམས་སྲང་གཅིག་ཙམ་གྱི་ཚད། །མར་བྲེ་གང་དང་མཁས་པ་ཡིས། །རིམ་གྱིས་མེ་ཆུ་ལ་བསྐོལ་བྱ། །ཟླ་གཅིག་ཙམ་ཞིག་རབ་སྦྱར་ན། །བླ་མེད་ཚིག་ནི་ཐོབ་འགྱུར་ཞིང་། །ཟླ་དྲུག་ཉེ་བར་ལོངས་སྤྱོད་པས། །ངག་གི་དབང་ཕྱུག་མངོན་སུམ་འགྱུར། །ཤུག་པ་ཤིང་མངར་སེན་དྷ་པ། །ཨ་རུ་བཅའ་སྒ་ལ་ལ་ཕུད། །རུ་རྟ་པི་པི་ཟི་ར་བཅས། །རྣམ་བཏགས་ངག་ནི་དག་པར་བྱེད། །ལྷ་ལ་མེ་ཏོག་དྲི་བཟང་སོགས། །ནངས་པར་ཡང་དག་མཆོད་ནས་ནི། །ལན་བདུན་སྔགས་བྱས་ཟོས་ན་ནི། །ཟླ་བ་དྲུག་གིས་ཐོས་འཛིན་བྱེད། །ཟླ་བ་གསུམ་གྱིས་ཚིག་བདག་འགྱུར། །ཟླ་བ་གཅིག་གིས་བློ་ལྡན་ཞིང་། །ཁུ་བྱུག་གཞོན་ནུའི་སྐད་བཞིན་དུ། །དབྱངས་སྙན་པ་ནི་སྐྱེ་བར་འགྱུར། །ཞེས་དང་། ཨོ་བཱག་དི་ནི་བཱ་ཙརྨ་ནི་ཡཙྪས་ར་སྭཱ་ཏཱི་མ་ཧཱ་ཤྲཱི་ཏེ་སྭཱ་ཧཱ། པདྨ་ལས་སྐྱེས་པའི་དཀར་མོ་ཆེན་མོའི་སྙིང་པོ་འདིས་ནི་གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ཞེས་གསུངས། ཡང་ལེའུ་དང་པོར། ཨོ་པི་ཤ་ཙི་པརྫུ་ཤ་བ་རི་སརྦ་


JKT002_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དྲ་བ་ནཱ་ཤ་ནི་སྭཱ་ཧཱ། རིག་པ་ཆེན་པོ་འདི་མ་བསྒྲུབས་སུ་ཟིན་ཀྱང་རྐང་གཉིས་པ་དང་རྐང་བཞི་པ་ཐམས་ཅད་ཀྱི་རྣམ་པར་འཚེ་བ་སེལ་བར་བྱེད་ཅིང་། ལས་ཐམས་ཅད་བྱེད་པར་འགྱུར་རོ། །སྦྱིན་སྲེག་གམ་བཟླས་པའམ་ཁྲུས་སམ་སྔགས་མདུད་མངོན་པར་བསྔགས་པའི་ཆུ་འཐུང་པའམ་བྱབས་པས་ནད་ཐམས་ཅད་སེལ་བར་བྱེད་དོ། །གྲོ་ག་ལ་གུར་གུམ་གྱིས་བྲིས་པའི་སྔགས་རྐེའམ་དཔུང་པ་ལ་བཏགས་ན་རྩོད་སྦྱོང་ལས་རྒྱལ་བ་ཐོབ་པར་འགྱུར་ཞིང་། རིམས་ཉིན་བཞི་པ་སོགས་མི་ཟད་པའི་ས་ལས་རྣམ་པར་གྲོལ་བར་འགྱུར་རོ། །སྲིན་པོ་ལ་སོགས་པའི་འཇིགས་པ་སེལ་བར་བྱེད་ཅིང་། འཐབ་པ་དང་འཁྲུགས་པ་དང་རྩོད་པ་དག་ལས་རྒྱལ་བ་སྒྲུབ་པར་བྱེད་དོ། །སྟག་དང་ཆུ་སྲིན་དང་ལྟོ་འཕྱེ་ཆེན་པོ་དང་རྐུན་པོ་ལ་སོགས་པས་མི་མཐོང་ཞིང་རྟག་ཏུ་བཟླས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ཞེས་སོ།། ༈ །།འཇམ་དཔལ་དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ཀྱི་ལེའུ་དང་པོ་ལས། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟེ་ཡེ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །མངོན་པར་བསྔགས་པའི་ཆུ་འཐུང་ན་འབྲུམ་བུ་འོང་བར་མི་འགྱུར་རོ། །ལུས་ལས་སྐྱེས་པའི་དུག་མི་ཟད་པ་དང་། སྤྲེའུ་དུག་དང་སྦྲུལ་དུག་ལ་སོགས་པའི་རྨ་ལ་ཡུང་བ་དང་། ཨ་རུ་ར་དང་། རུ་རྟ་ལ་སོགས་པ་ལ་ཡོངས་སུ་བཟླས་ཏེ་བསྐུས་ན་རང་


JKT002_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་གནས་པར་འགྱུར་རོ། །ནད་དང་རྣམ་པར་འཚེ་བ་ཐམས་ཅད་ལ་སྔགས་མདུད་བཅིངས་ན་ཞི་བར་བྱེད་དོ། །རྟག་ཏུ་བཟླས་ན་ཚེ་ཟད་པ་ཡང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །མར་དང་ཏིལ་གྱི་སྦྱིན་སྲེག་གིས་ཐམས་ཅད་ཞི་བར་བྱེད་དོ། །མངོན་པར་བསྔགས་པའི་སྨན་གྱི་བཏུང་བས་ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱེད་དོ། །ལན་བརྒྱ་བཀྲུས་པའི་མར་ལ་མངོན་པར་བསྔགས་པས་ན་བའི་ཡན་ལག་ལ་བསྐུས་ན་རང་བཞིན་དུ་གནས་པར་འགྱུར་རོ། །མགོའི་ནད་ལ་ཏིལ་མར་ལ་སྔགས་ཏེ་བསྐུས་ན་རང་བཞིན་དུ་གནས་པར་འགྱུར་རོ། །གདུག་པའི་རྨ་ལ་ཆུ་ལ་སྔགས་ནས་གཏོར་བས་སོས་པར་འགྱུར་རོ། །སྤྱི་ཧའི་ནད་ལ་བེ་དོང་ལ་སོགས་པའི་མཚོན་གྱིས་གཏུབས་པས་ཀྲྀ་ཧ་བཅད་པར་འགྱུར་རོ། །ནི་རྒུན་དྷི་དང་། ནིམ་པའི་རྩ་བ་རྨ་བྱའི་མཇུག་སྒྲོ་དང་བཅས་པ་གཅིག་ཏུ་སྦྱར་ལ། བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་བདུག་པས་བདུག་ན། རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་ལ་སོགས་པ་སེལ་བར་བྱེད་ཅིང་། འབྱུང་པོ་དང་། ཤ་ཟ་དང་། ཚངས་པ་དང་། སྲིན་པོ་ལ་སོགས་པ་སེལ་བར་འགྱུར་རོ། །བུད་མེད་བུ་ཤི་བ་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་བུམ་པས་ཁྲུས་བྱས་ན་བུ་གསོན་པོ་དང་ལྡན་པར་འགྱུར་རོ། །གྲོ་ག་ལ་བྲིས་པའི་སྔགས་རྐེད་པའམ་དཔུང་པ་ལ་བཏགས་


JKT002_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པས་མངལ་སྲུང་བར་འགྱུར་རོ། །སྔགས་རྗེས་སུ་དྲན་པས་གཡུལ་ངོགས་སུ་འཇུག་ན་རྒྱལ་བ་རྙེད་པར་འགྱུར་ཞིང་བྱབས་པས་ནད་ཐམས་ཅད་སེལ་བར་བྱེད་དོ། །ཞེས་སོ། ༈ །གཤིན་རྗེ་གཤེད་ཀྱི་རྒྱུད་རྟོགས་པ་གསུམ་པ་ལས། ཞི་བའི་ལས་ནི་ཟླ་བ་ཡིན། །རྒྱས་པ་དེ་བཞིན་མིག་ཏུ་བསྒྲགས། །དབྱེ་བ་ཡོན་ཏན་ཞེས་བྱ་སྟེ། །དགུག་པའི་ལས་ནི་དེ་བཞིན་མདའ། །བསྐྲད་དང་མནན་པ་དབང་པོ་ཡིན། །མནན་པ་རྗེས་སུ་འབྲང་བ་ཡིས། །བསད་པའི་ལས་ནི་རྒྱ་མཚོར་འདོད། །ལས་རྣམས་དེ་དག་རེ་རེ་ལའང་། །འཕགས་སོགས་མཆོད་སྦྱིན་དང་པོ་སྟེ། །ཉི་མ་གཉིས་པ་གཏོར་མ་སྦྱིན། །གསུམ་པ་བཟླས་པ་རྣམ་པར་འབད། །བཞི་པ་སྦྱིན་སྲེག་ཚང་བར་བྱ། །ལྔ་པ་ལས་ཀྱི་འཁོར་ལོ་བསྐོར། །དྲུག་པ་བསམ་གཏན་རྩེ་གཅིག་བྱ། །བདུན་པ་ལས་ཀྱི་ལྷག་ཆད་བསྐང་། གྲོགས་ཀྱི་ལས་ལ་ཁྱད་པར་དུ། །ལས་ཀྱི་གཙོར་ནི་གང་བསྒྲུབ་དེའི། །འཁོར་ལོ་བསྐོར་བ་ཉི་མ་བཞིས། །ལས་ཀྱི་བྱེ་བྲག་འདི་ཤེས་ན། །ཞི་བས་འཇིགས་པ་བརྒྱད་ལས་སྐྱོབ། །རྒྱས་པས་ཡོན་ཏན་དྲུག་དང་སྦྱོར། །དབང་གིས་མོས་པ་རྣམ་བཞིར་འགྱུར། །དབྱེ་བས་གསང་སྡེ་བརྒྱད་དང་འབྱེད། །མནན་པས་དབང་པོ་དྲུག་འཆིང་བྱེད། །གཞན་ནི་ཇི་ལྟར་དེ་བཞིན་ནོ། །སྔགས་དང་རྫས་དང་སྦྱོར་བ་ལ། །དཔྱད་ན་དངོས་གྲུབ་མ་འགྲུབ་སྟེ། །གལ་ཏེ་ཡིད་གཉིས་ཟ་


JKT002_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏམ། །བསམ་པ་འགྱུར་རམ་དད་པ་ཉམས། །དེ་ཚེ་དངོས་གྲུབ་སྟེར་བ་ཡང་། །ཕྱིར་ལྡོག་འགྱུར་བར་གདོན་མི་ཟ། །དད་པ་བརྟན་པོས་བསྒྲུབ་པ་ན། །ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་། དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བ་མི་སྲིད་ན། །འདོད་ཆགས་བྲལ་བས་བྱས་པ་ཡི། །གསང་སྔགས་སྦྱོར་བས་བསླུ་བ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །སོགས་སོ།། ༈ །།སྨན་བླའི་མཚན་དྲན་པ་དང་། གཟུངས་བཟླས་པས་ཚངས་སྤྱོད་མི་ཉམས་ཤིང་ནད་ཕོགས་ཀྱིས་དབང་པོ་ཉམས་པ་སོགས་སོས། ནད་ཐམས་ཅད་ཞི་ཞིང་བྱང་ཆུབ་བར་དུ་མི་འབྱུང་། འཇིགས་པ་ཐམས་ཅད་ལས་སྲུང་ཞིང་ཟས་གོས་སོགས་རྩོལ་མེད་དུ་རྙེད། བུད་མེད་ཀྱི་སྲིད་པ་ཐ་མར་བྱེད་ཅིང་ངན་སོང་ལས་ཐར་བ་སོགས་ཕན་ཡོན་དཔག་ཏུ་མེད། ཆོ་ག་མདོ་རང་རྐང་དང་། སྔགས་ཆོག་ཏུ་བཀྲལ་བ་གཉིས་ཡོད། སྔ་མ་ཡོངས་གྲགས་དང་། ཕྱི་མ་ངོར་ཆེན་རྡོ་རྗེ་འཆང་སོགས་བཞེད། བྱ་རྒྱུད་དང་མཐུན་པར་བཀྲལ་བའི་དབང་བཀའ་དང་། བདག་བསྐྱེད་གཙོ་འཁོར་གསུམ་པ་དང་། མདུན་བསྐྱེད་སྨན་བླ་མཆེད་བདུན་བྱས་པའི་རྗེས་གནང་བཅས་བོ་དྷི་སཏཱ་ནས་བརྒྱུད་པ་དང་། ཡང་ཇོ་བོ་ནས་བརྒྱུད་པའི་བདག་མདུན་གཉིས་ཀ་གཙོ་འཁོར་གསུམ་པར་བྱས་པ་ཞིག་ཀྱང་ཡོད་སྣང་། སྔ་


JKT002_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྐབས་གཟུངས་རིང་དང་། བར་པར་གཟུངས་འབྲིང་པོ། ཕྱི་མར་གཟུངས་ཐུང་གཙོ་བོར་བཟླ་བར་གསུང་སྣང་། འོན་ཀྱང་ཕྱི་མའི་རྒྱུན་ཤིན་ཏུ་དཀོན་པས་སླར་བཙལ་ལོ། ༈ །འཇམ་དབྱངས་སྨྲ་སེང་འདི་ཡིག་རྙིང་རྣམས་དང་། སྣར་ཐང་བརྒྱ་རྩའི་རྒྱ་གཞུང་བཅས་སུ་སེང་གེ་གདན་ཐབས་དང་། ཕྱག་གཡས་རལ་གྲི་ཕྱར་ཞིང་། གཡོན་ཨུཏྤལ་ཡུ་བ་ཐུགས་ཀར་བཟུང་བའི་མེ་ཏོག་སྙན་ཐད་ཁ་བྱེ་བར་གླེགས་བམ་མཚན་པ་ཁོ་ན་བཤད། དཔའ་བོ་བཅུ་གཉིས་ཀྱི་རྫས་གླ་བ་ཞེས་བཤད། ཕྱིས་ཀྱི་ཡིག་ཆར་ཕྱག་ཆོས་འཆད་སོགས་དང་། རྫས་ལ་ཨ་བ་བཤད་པ་རེ་ཡང་སྣང་། ཡིག་ཆ་ཕྱི་མར། ར་དཀར་གྱི་འོ་མ་དབྱངས་ཅན་མ་ཞུ་བ་དང་། བ་དམར་གྱི་འོ་མ་འཇམ་དབྱངས་ཞུ་བའི་བདུད་རྩིར་བསམས་ལ་སྦྲུས་ཞེས་སྣང་བས། སྤྲོ་ན་འོ་མའི་སྟེང་དུ་ལྷ་སོ་སོ་བུམ་བསྐྱེད་ལྟར་བསྐྱེད་ཅིང་བཟླས་མཐར་འོད་དུ་ཞུ་བའི་བདུད་རྩིར་བསམ་པ་ལེགས་སྙམ། སྦྲང་རྩི་དབང་སྡུད་ཀྱི་རྫས་ཡིན་པས་ཤེས་རབ་གཙོ་བོ་བྱེད་པ་ལ་མི་དགོས་ཞེས་ཁ་ཅིག་སྨྲ་ཡང་། ཤེས་རབ་དབང་དུ་བྱེད་པ་མཚོན་ཕྱིར་བསྲེ་བ་ལེགས་ཤིང་ཡིག་རྙིང་དུའང་འབྱུང་། སྣོད་ལས་མཐུན་གྱི་ཁ་དོག་ཅན་གྱི་དབུས་སུ་ཟངས་སམ། ཙནྡན་ནམ། ཤུག་པའི་རལ་གྲི་སོར་བཞི་པ་བསྒྲེང་པའི་ཕྱོགས་བཞིར་སྔགས་བཟླ་བཞིན་པས་རིལ་བུའི་ཡི་གེ་དབུ་ཕྱིར་བསྟན་བརྩེགས་ཞེས་བཤད་པ་དང་། ཡང་


JKT002_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བུའི་གྲངས་ཉིས་བརྒྱ་བཅུ་དྲུག་བྱ་བར་བཤད་པ་སྣང་བས་རྒྱུ་མཚན་བརྟག །གསན་ཡིག་ལ་ལར་འཇམ་དཔལ་ཡབ་ཡུམ་རྒྱལ་ཆེན་བཞིས་བསྐོར་བའི་རྗེས་གནང་ཞེས་སྣང་བ་དེ་འདྲ་བའི་རྒྱུན་ཀྱང་ཡོད་པར་མངོན། རྗེས་གནང་ཁ་ཅིག་ཏུ་ཚིག་འཇམ་དཀར་མ་ཏི་ལུགས་ལ་དཔེ་བླངས་པའང་སྣང་། མཇུག་ཏུ་བཟླས་ལུང་དང་། ཡིག་རྙིང་ལས་བཤད་པའི་རྗེས་སྡུད་ཀྱི་རྫོགས་རིམ་དམིགས་པར་འབོགས་པའི་ཚུལ་ཀྱང་སྣང་ངོ་། ༈ །ཀུ་རུ་ཀུལླེ་ཞེས་སྔ་མ་རྣམས་ཀྱིས་རིགས་བྱེད་མར་བསྒྱུར། ཡིད་བཟང་རྩེ་པས། ས་སྒྲོག་རིགས་སུ་བསྒྱུར་བར་སྣང་། ༈ །ཀུན་དོང་ཞེས་པ་སྒོག་སྐྱ། ༈ །ཀེའུ་ཞེས་པ་ལ་ལས་བཙོང་དང་། ཁ་ཅིག་རི་སྒོག་ལ་ངོས་འཛིན། ༈ །ཅུང་སེང་ཞེས། འཕྲོག་མ་ལ་ཅུང་སེང་སྦྱིན་པ་ཞེས་འབྱུང་བས་ཆང་བུའི་བརྡ་རྙིང་ཡིན། ༈ །ཁ་སཱརཱཎི་འགའ་ཞིག་གིས་མཁའ་སྤྱོད་དུ་བསྒྱུར། ཁྲོ་ལོས་རྒྱུ་མཚན་བཅས་མགྲོན་བུ་ཟད་པར་བསྒྱུར་རོ། ༈ །ལ་དུ་ནི། མྱ་ངན་འདས་ཆེན་ལས་འདི་ལྟར་གསུངས། མར་དང་། བག་ཕྱེ་དང་། སྦྲང་རྩི་དང་། །བཅའ་སྒ་དང་། པི་པི་ལིང་དང་། ན་ལེ་ཤམ་དང་། རྒུན་འབྲུ་དང་། བལ་པོའི་སེའུ་དང་། འུ་སུའི་འབྲས་བུ་ལ་སོགས་པ་རྣམས་བསྡུས་ན་ལ་དུ་ཞེས་བྱའོ། །ཞེས་གསུངས། ༈ །རབ་གནས་སྐབས། འདག་ཆལ་གྱི་རྫས། །སྲན་དཀར་ཕྱེ་མའམ། སུག་པ་དཀར་པོའི་ཕྱེ་མའམ།


JKT002_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་དཀར་རྡོ་རྗེའི་ཕྱེ་མ་ཞེས་གསུངས་པ་གང་རུང་གིས་ཆོག་པར་མངོན། ཤུན་ལྤགས་ལྔ་མ་འབྱོར་ན་སྐྱུ་རུ་རའི་ཕྱེ་མས་ཆོག་པར་བཤད། ༈ །གཎྜིའི་རྒྱུ། པ་ལ་ཤ །རྒྱ་སྐྱེགས་ཤིང་། ཨ་ཤཏྠ། པི་ལིང་ཤིང་། ཨ་ཤྭ་ཏ། རྒྱ་སྟར་ཤིང་། ཙུ་ཏ། ཨ་མ་ཤིང་། ༈ །རྡོ་རིང་དབོན་པོ་མཁས་བཙུན་ཀུན་དགའ་རྒྱལ་མཚན་ཡང་དགུང་ལོ་བཅུ་གཅིག་དུས་མནལ་ལམ་དུ་ཀུན་སྤངས་རིན་པོ་ཆེར་ཚེ་སྒྲུབ་ཞུས་ཟེར་བའི་བསྐུལ་མ་བྱུང་བ་ལྟར་ཞུས་པས། ཀུན་སྤངས་རྗེས་ཀུན་མཁྱེན་རོང་པོ་ནས་བརྒྱུད་པའི་ཚེ་སྒྲུབ་ཞག་བདུན་མ་འདི་ཆིག་བརྒྱུད་དུ་གནང་། སྐུ་ཚེ་རིང་པོར་ཡོང་བའི་ལུང་བསྟན་མཛད་པ་ལྟར་དགུང་ལོ་བརྒྱད་ཅུ་རྩ་གསུམ་དུ་བཞུགས་ཤིང་། མཐར་སྐུ་ལ་བསྙུན་པ་མེད་པར་གཤེགས་ཞེས་འབྱུང་། ༈ །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། དབང་ལག །ལག་པ་ཆད་པ་སོས། ཆུ་སྲིན་སྡེར་མོ། སོར་མོ། ནཱ་ག་གེ་སར། ་བྱང་ཆུབ་ཀྱི་སེམས་དྲན། ནཱ་ག་པུ། མེ་ཏོག་གི་ཚལ་དུ་འགྱུར། སྤོས་དཀར། དྲི་ང་བ་སྤང་ཞིང་བྱང་ཆུབ་ཀྱི་སེམས་དྲན། འབྲས་ཡོས། ནད་ཐམས་ཅད་འཚོ། ཐང་ཀ །རྡོ་རྒྱུས་བྱ་བལ་མ། སྤུ་ཤེལ་རྩེ། ག་བུར། ཚ་བའི་ནད་སོས། དར་ལེ་བརྒན། བྱུང་སེར་འཇིགས་པ་ཐམས་ཅད་སེལ། མཚལ་དཀར། ཁྲག་སྐམ་པ་པོས། དུང་། རུས་ཆག་སོས། རས་སྐུད་གསུམ། ཚེ་བསྲིང་། མངར་གསུམ་བཅས་ཞལ་ཟས་རོ་བརྒྱ་དང་ལྡན་པར་འགྱུར། རྒྱུས་པ་ཆད་པ་སོས། །སྦྱར་བ་ཀླུ་སྨན་


JKT002_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཆོག་ཏུ་གསུངས་ཤིང་། སོ་སོའི་ཕན་ཡོན་དང་བཅས་ཏེ་བསྟན་པའི་མཐར། དེ་དག་ཀུན་ཀྱང་རིན་པོ་ཆེའི་བུམ་པའམ་ཁམ་ཕོར་ལྟ་བུ་མཆུ་ལྔ་པར་བླུགས་ནས་སྦས་ན་གང་ཉམས་པ་དེ་སོས་པར་འགྱུར་རོ། །ཞེས་གསུངས། ཡང་དེ་ཉིད་ལས་ཀླུའི་བྱད་འགྲོལ་ཚུལ་འདི་ལྟར་གསུངས་ཏེ། རྟག་ཏུ་སྐོམ་ཆས་གཏོར་མས་མཆོད། །ཞི་བས་དུག་དབྱུང་བྱེད་ཀྱང་དགྲོལ། །རྩ་བའི་དཀྱིལ་འཁོར་ཕྱོགས་བཞི་རུ། །ནཱ་གའི་གཟུགས་བྲིས་དུག་ཅན་བཞག །ཚོན་སྐུད་སྦྲུལ་བསྒོམ་བཅིངས་པ་དེ། །སྤུ་གྲི་འབར་བས་གཏུབས་ཤིང་དབྱེ། །རི་རབ་ཆེན་པོའི་ཕྱོགས་བཞི་ན། །དུག་བཞི་ལས་སྐྱེས་རིགས་བཞིའི་ཀླུ། །ས་ཆུ་མེ་རླུང་དུག་བཞིའི་བདག །བཅིངས་པ་གྲོལ་ཕྱིར་དུག་དབྱུང་ཕྱིར། །དགུ་ཐུབ་སྒྲོ་ལ་ཁྱུང་བསམ་ཕྱིར། །དུག་བྱབས་སྔགས། ཨོཾ་ཉི་མ་ས་ལ་ནཾ། གླུ་ནི་ཞི་རྩི་ཏ་གླུ་ལོ་ནཾ། ཙི་ཏྲ་མུ་ཏྲ་ཟློག་བྱེར། ཙི་ཏྲ་ཀླུ་ལི་ནཾ། ཡ་ཁྲ་ནཱ་ག་ཟློག །ནཱ་ག་ཤིག །ནཱ་ག་མགོ་ལ་ཧཱུྃ། །ཧ་ས་པ་ཁྲེ། རང་རང་གནས་སུ་བཏང་། །བདེན་པ་བདར་ཞིང་ཏིང་འཛིན་གསལ། །ཞེས་སོ། ༈ །རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས། བུམ་པར་ནོར་བུ་རིན་ཆེན་གཞུང་། །མཛེས་པའི་དར་སྣ་འབྲུ་ཡི་མཛོད། །གང་གི་རྟེན་ལ་སྦས་གྱུར་ན། །གནོད་པ་རགས་པ་ཞི་བར་འགྱུར། །ཞེས་དང་། བཙན་དུག་གུ་གུལ་གླ་རྩི་དང་། །ཤུ་དག་ཤིང་ཀུན་མུ་ཟི་དྲུག །གསང་སྔགས་བཏབ་སྟེ་ལུས་ལ་བྱུགས། །གུ་གུལ་ཉ་མཁྲིས་གླ་རྩི་དང་། །


JKT002_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སྒོག་པ་ཤུ་དག་དྲི་ཆེན་རྣམས། །བདུག་པ་བྱའམ་ཡང་ན་བཀྲུ། །གསེར་གཡུ་བྱི་རུ་མིག་མ་དང་། །བཙན་དུག་རྨ་བྱའི་མཁྲིས་པ་དག །བཅངས་ན་གྲུབ་པའི་མཆོག་ཏུ་འགྱུར། །ཞེས་སོ། ༈ །གསང་བ་དངོས་བསྟན་ལས། བསྐྱེད་པའི་རིམ་ལ་དམིགས་ཐོབ་ནས། །སྙིང་གར་ཡེ་ཤེས་སེམས་དཔའ་བསམ། །དེ་ཡི་རང་བཞིན་སྙིང་ནང་དུ། །པདྨ་འདབ་བཞི་ཐིག་ལེས་བརྒྱན། །ཉི་ཟླའི་བར་དུ་རྒྱ་སྲན་ཚད། །དེ་ཡི་ནང་དུ་གནས་པའི་སྲོག །ཨ་ཤད་དམར་མོའི་རྩེ་ལྟར་བསྒོམ། །དེ་ལ་དམིགས་པ་བརྟན་པ་དང་། །ཅི་ཡང་བསམ་པར་མི་བྱ་སྟེ། །བསམ་གྱིས་མི་ཁྱབ་དེ་བསམ་ན། །དེ་ལས་ཡེ་ཤེས་སྐྱེ་བར་འགྱུར། །གསལ་ཞིང་མི་རྟོག་རིག་པའི་སྐུ། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །ཞེས་སོ། ༈ །རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲན་ཅིང་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་ཤེས་པས། །དཀྱིལ་འཁོར་འབྲི་བའི་ལས་བྱའོ། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །ཐེག་པ་ཆེ་ལ་རྟག་དགའ་བ། །དེ་ནི་སློབ་དཔོན་ཡིན་པར་གསུངས། །ཞེས་དང་། དགེ་དང་སྡོམ་ལ་དགའ་བ་དང་། །རྟག་ཏུ་བླ་མ་ལ་གུས་དང་། །རྒྱུན་དུ་ལྷ་རྣམས་མཆོད་བྱེད་པའི། །ཡོན་ཏན་ལྡན་ན་སློབ་མ་ཡིན། །ཅེས་དང་། སློབ་དཔོན་ཅི་འདྲ་བལྟ་ཞེ་ན། །བླ་མ་སངས་རྒྱས་


JKT002_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ནི་ཡེ་ཤེས་རྒྱ་མཚོ་ཆེ། །ཡིད་བཞིན་ནོར་བུ་རིན་ཆེན་བཞིན། །སློབ་དཔོན་གྱི་ནི་ཡོན་ཏན་བཟུང་། །སྐྱོན་རྣམས་ནམ་ཡང་མ་ཡིན་ནོ། །ཡོན་ཏན་བཟུང་བས་དངོས་གྲུབ་ཅིང་། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཡི་གྲིབ་མའང་མི་འགོམ་སྟེ། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། །ཞེས་དང་། དེ་ཕྱིར་ཀུན་གྱིས་རབ་བསྒྲིམ་སྟེ། །བསམ་ཡས་འབྲས་བུ་སྨིན་བྱེད་པའི། །སངས་རྒྱས་འབྲས་བུ་འདོད་བྱེད་པའི། །སེམས་ཅན་དད་དང་ལྡན་པས་མཆོད། །ཅེས་སོ། །ཡང་། གཡས་པས་སྲུང་སྐུད་བཅིངས་ནས་སུ། །ལག་མཐིལ་སོ་ཤིང་ཀུ་ཤ་སྦྱིན། །དང་། དེ་ལ་འདི་ནི་སྐྱབས་སུ་འགྲོ་བ་ཡིན་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །འགྲོ་བའི་དགེ་ལ་ཡི་རང་སྟེ། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཞེས་དང་། དང་པོ་ས་གཞི་ཡོངས་སུ་བཟུང་། །གཉིས་པ་ལ་ནི་གནས་པ་སྟེ། །ནུབ་གསུམ་པ་ལ་འཇུག་པ་ཡིན། །ཞེས་དང་། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་སྙིང་པོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བྱ། །དང་། ཐུར་མ་ལ་སོགས་མེད་ན་ཡང་། །ཕྱག་རྒྱའི་གཟུགས་རྣམས་བསྟན་པར་བྱ། །ཞེས་ཐུར་མ་མེ་ལོང་འཁོར་


JKT002_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སོགས་དབང་རྫས་དམིགས་བསལ་མ་རྙེད་ན་ཕྱག་རྒྱས་ཆོག་པར་བཤད། དེ་ནས་བླ་མས་ཡོན་བླངས་ཏེ། །ས་དང་ཡིད་འོང་ཆུང་མ་དང་། །རིན་ཆེན་གསེར་དང་ནོར་བུ་འབར། །མུ་ཏིག་བྱི་རུ་ལ་སོགས་དང་། །ལུས་ཀྱང་དབུལ་དུ་གཞུག་པར་བྱ། །བླ་མ་ལ་ནི་གུས་པ་ཡི། །སློབ་མས་དེ་བཞིན་ཁོ་ནར་བྱ། །བླ་མ་མགུ་བས་དངོས་གྲུབ་སྟེར། །གཞན་དུ་མིན་ཞེས་ཐུབ་པས་གསུངས། །དང་། དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན། །སློབ་དཔོན་ཉིད་ཀྱིས་བསྡུ་བར་བྱ། །སློབ་མས་ཅུང་ཟད་མི་སྤྱད་དོ། །དེ་ནི་དམ་ཚིག་ཉམས་པར་འགྱུར། །སློབ་དཔོན་གྱིས་ཀྱང་ཅི་རིགས་པར། །བདག་ཉིད་འདོད་པས་སྤྱད་པར་བྱ། །ཞེས་དང་། གང་ཞིག་བཅིངས་པ་ཙམ་གྱིས་ནི། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །འདི་ན་ལུས་ནི་བྱིན་རླབས་ཏེ། །རང་གི་གཟུགས་སུ་རྣམ་བསྒོམ་ན། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དང་། ༀ་བཛྲ་གནྡྷེ་ར་ཎི་ཏ། ནས། བཛྲ་དྷརྨ་ཧྲི་ད་ཡ། སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ། ལག་གཡས་རྡོ་རྗེ་གསོར་བྱ་ཞིང་། །སྣ་ཚོགས་ཁུགས་སུ་འགྱུར་བ་ཡི། །རྡོ་རྗེའི་གླུ་ཡིས་བསྟོད་པར་བྱ། །དང་། མི་ཐོད་ལས་བྱས་ཅང་ཏེའུ་ལ། །སྤྲེའུའི་པགས་པས་གཡོགས་ནས་ནི། །ངོས་གཉིས་ལ་ནི་པདྨ་བྲི། །བུད་མེད་ཁྲག་གིས་འཛག་པར་བྱ། །དེ་ཡི་དཀྱིལ་དུ་ཕྲོ་བྲིས་ཏེ། །མི་ཡི་སྐྲ་ཡིས་བཏགས་ནས་ནི། །


JKT002_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་རིལ་གྱི་ནི་རྐང་རུས་ཀྱིས། །ཕྲོ་ཧཱུྃ་མིང་ནས་བརྗོད་ཅིང་བརྡུང་། །དང་། སྦྱིན་སྲེག་དེ་ཉིད་ལ་གནས་པའི། །མེ་ནི་ལྷ་ཡི་ཞལ་ཡིན་པས། །སྣ་ཚོགས་ལས་ཀུན་འགྲུབ་བྱེད་པའི། །སྦྱིན་སྲེག་ལས་ནི་རབ་ཏུ་བཤད། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་པར་གྱུར་ནས་དངོས་གྲུབ་སྟེར། །གསང་སྔགས་ལྷག་ཆད་གང་ཡིན་པ། །ཐམས་ཅད་སྦྱིན་སྲེག་དག་གིས་སྐོང་། །དེ་ཕྱིར་སྐུ་གསུམ་མཁས་མཆོག་གིས། །སྦྱིན་སྲེག་རབ་ཏུ་བསྔགས་པར་མཛད། །ཅེས་དང་། ཀུ་ཤའི་རྩེ་མོས་གནོན་པ་ཡིས། །ཐབ་ཁུང་ཁོར་ཡུག་བསྐོར་བར་བྱ། །མེ་ནི་འབར་བར་ཤེས་པ་དང་། གཡས་པས་མི་འཇིགས་མཐེབ་བསྐྱོད་ཅིང་། །གསང་སྔགས་འདི་ཡིས་ཆོ་ག་བཞིན། །མེ་ཡི་ལྷ་ནི་སྤྱན་དྲང་ངོ་། །ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །བསྲེག་བླུགས་ཞལ་ཟས་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨག་ཡེ། དཱི་པྱ་དཱི་པ། ཨཱ་བེ་ཤ་མ་ཧཱ་ཤྲཱི་ཡེ། ཧ་བྱ་ཀ་བྱ། བཱ་ཧཱ་ནཱ་ཡ་སྭཱ་ཧཱ། སོགས་གསུངས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མེ་ལྷ་གཉིས་ཀ་སྤྱན་དྲངས་རྗེས་བསྐྱེད་པར་གསུངས་སོ། ༈ ། གཤིན་རྗེ་དགྲ་ནག་གི་རྒྱུད་ཀྱི་ལེའུ་བདུན་པ་ལས། ཤེས་རབ་བསྐྱེད་པར་བྱ་བའི་ཕྱིར། །ཞལ་གསུམ་ཕྱག་དྲུག་དམར་བ་ལ། །ཞི་བ་ཕྱག་ན་པདྨ་བསྣམས། །དབྱངས་ཅན་བརྟུལ་ཞུགས་ཅན་གྱིས་བསྒོམ། །


JKT002_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་ནས་བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་གཤིན་རྗེའི་གཤེད་རྡོ་རྗེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་དབྱངས་ཅན་མའི་སྔགས་གསུངས་པ། ཨོ་པི་ཙུ་པི་ཙུ་པྲཛྙཱ་ཝངྷ་ནི། ཛཱ་ལ་ཛཱ་ལ་མེ་དྷ་ཝཌྷ་ནི། དྷི་རི་དྷི་རི་བུདྷ་ཝཛྷ་ནི་སྭཱ་ཧཱ། ཚེས་ཀྱི་དང་པོ་ནས་བཟུང་སྟེ། །ཀུན་ཏུ་ཟླ་བ་ཉ་ཡི་བར། །སྦྱར་བའི་སྐད་ནི་སྨྲ་བར་བྱ། །ཇི་སྲིད་ཟླ་བའི་རྗེས་འཇུག་པས། །རྟག་ཏུ་ཚིགས་བཅད་བརྒྱ་ཟིན་འདིས། །ངག་གི་དབང་ཕྱུག་འགྲུབ་པར་འགྱུར། །ཁམས་གསུམ་མ་ལུས་པ་དག་ནི། །མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་སོ། །གཤེད་དམར་གྱི་རྒྱུད་ཀྱི་རིམ་པར་ཕྱེ་བ་གསུམ་པ་ལས་ཀྱང་ལྷའི་རྣལ་འབྱོར་མ་བསྟན་པ་མ་གཏོགས་སྔགས་ཀྱི་སྦྱོར་བ་འདི་ཁོ་ན་བཞིན་གསུངས་སོ། ༈ །གཤེད་དམར་རྒྱུད་བུ་འགྱུར་ལས། སྐྱ་རུ་རའི་ཕྱེ་མ་དང་། འོ་མ་ལ་སོགས་པ་བཟའ་བར་བྱ་སྟེ། ལོའི་སྦྱོར་བས་ཚེ་བརྒྱའོ། །དང་། སྐྱུ་རུ་ར་དང་། ཨ་རུ་ར་དང་། བུང་བའི་རྒྱལ་པོ་དང་། པི་པི་ལིང་དང་། ན་ལེ་ཤམ་དང་། ལྕགས་ཀྱི་ཕྱེ་མ་རྣམས་སྦྲང་རྩི་དང་། ཤ་ཁ་ར་དག་གིས་ཨུ་དུམྦུ་རའི་འབྲས་བུའི་ཚད་ཀྱི་རིལ་བུར་བྱའོ། །དེ་ནས་རིལ་བུ་བཟའ་བར་བྱ་སྟེ། ཟླ་བས་ཚེ་ལོ་སུམ་ཅུར་འགྱུར་རོ། །དང་། ཐམས་ཅད་དུ་ཕ་མ་ཉིད་ལྷའི་རྣམ་པས་བཟའ་བར་བྱའོ། །སྔགས་ཀྱིས་མཉེས་ཤིང་བྱིན་གྱིས་བརླབ་པར་བྱའོ། །


JKT002_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འབྲས་བུ་གསུམ་གྱི་ཕྱེ་མ་དང་། མར་དང་སྦྲང་རྩི་རྣམས་བཏུང་བར་བྱ་སྟེ་ནད་ཐམས་ཅད་འཇོམས་སོ། ༈ །རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། གང་ཞིག་ནོར་རྫས་འདོད་པ་ཡིས། །གནོད་གནས་འདི་འདྲ་བསྒོམ་བགྱིས་ན། །དེ་ཡིས་ས་ཆེན་ནོར་རྫས་ཀྱིས། །རིང་པོར་མི་ཐོགས་གང་བར་འགྱུར། །ཞེས་དང་། ལག་ན་རྡོ་རྗེ་བདུད་རྩི་ཡིས། །ཆུ་ཡང་རྟག་ཏུ་དབུལ་བར་བྱ། །དང་། གཟུགས་འོད་ཟེར་ཅན། བརྙན་མང་པོ་འཕྲོ་བ་ཡིས། །སྡང་བའི་སེམས་ཅན་བཅིངས་པ་དང་། །མིག་དང་ཁ་ནི་འདྲུབ་པར་བྱེད། །དང་། དཀྱིལ་འཁོར་དམར་པོ་རི་ཁྲོད་མ་ཆེར་འབར་བས། །ཁྲོ་བོའི་སྤྲིན་འཕྲོ་སྡུད་མཛད་ཅིང་། །གདོན་གང་སྐྱེ་རྒྱའི་ནང་གནས་པ། །དེ་དག་ཁྲོ་བོའི་མེས་ཀྱང་བསྲེག །ཕྱིར་ཡང་བསྲེགས་ནས་སངས་རྒྱས་ཀྱི། །ཁ་དོག་བདུད་རྩི་ཆར་འབེབས་མཛད། །དེ་འདྲ་རྣལ་འབྱོར་གྱིས་བསྒོམ་ན། །མི་ངས་ཐམས་ཅད་ཞི་བར་མཛད། །དང་། ཛཙཡི་ཡེ་ཤེས་ལས་བསྒྲུབས་པ། །རིག་སྔགས་མཚན་ནི་དུག་སེལ་མ། །སོགས་ནས། ཕྱག་བཟང་བུམ་པ་ཟླ་འདྲ་བའི། །ཁ་ནི་ཛ་ཡིས་རྣམ་བརྒྱན་པས། །དུག་གིས་ཕོག་པ་རྣམས་ལ་ལྕག །རྟག་ཏུ་སྐུ་གསུམ་དུག་སེལ་མ། །དུག་གིས་ཕོག་པ་རྣམས་ལ་བསྒོམ། །དེ་ལྟར་བསྒོམ་པར་བྱས་པ་ཡིས། །རིང་པོར་མི་ཐོགས་བྱང་ཆུབ་ཐོབ། །དང་། ས་ཡི་ཡེ་ཤེས་ལས་བསྒྲུབས་པ། །སྟོང་ཆེན་རབ་ཏུ་འཇོམས་མཛད་


JKT002_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ལྷ་མོ་ནད་ཀུན་འཕྲོག་མ་སྟེ། །སྡང་བའི་སེམས་ཅན་འཇོམས་མཛད་མ། །སོགས་ཕྱག་སྟོང་དབུ་སྟོང་དང་། ཕྱག་བརྒྱད། དབུ་བཞིའི་བསྒོམ་ཚུལ་དང་། དེ་ཡི་ལས་ཀྱིས་བསྐུལ་བ་ཡི། །གསང་སྔགས་དཔའ་བོས་གདོན་བར་བྱ། །རྣལ་འབྱོར་དབང་ཕྱུག་ལས་འདོད་པས། །འདི་བྱས་པས་ནི་སྲུང་བར་འགྱུར། །དང་། ངྷ་ཞེས་བྱ་བ་བསྐྱེད་པ་ཡི། །བསྡིགས་པའི་མཛུབ་མོའི་ཕྱག་རྒྱ་ཅན། །དྲག་མོ་ཆེན་མོ་ཞལ་བཞི་པ། །སྤྱན་གསུམ་ཕྱག་བརྒྱད་རྣམས་ཀྱིས་བརྒྱན། །རལ་གྲི་གཏུན་ཤིང་འཁོར་ལོ་མདའ། །མདུང་རྩེ་གསུམ་པ་རྡོ་རྗེ་གཞུ། །ཆོམ་རྐུན་མཛུབ་མོས་བསྡིགས་པ་སྟེ། །རྡོ་རྗེ་རོ་ལངས་འབྱུང་བ་དག །མཐོང་བས་དཔུང་རྣམས་བཅོམ་གཏོང་བས། །ལྷ་མོ་རྟག་ཏུ་བསྒོམས་ན་ནི། །རིང་པོར་མི་ཐོགས་བྱང་ཆུབ་ཐོབ། །འཇིག་རྟེན་གསུམ་རྣམ་པར་འཇོམས་པ་ལ་མཁས་པ་མཆོག་གི་རྡོ་རྗེ་རྩེ་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དང་། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས། བརྒྱ་བྱིན་མངོན་པར་མཐོ་བའི་སྟོབས་ལྷ་མ་ཡིན་རྣམ་པར་འཇོམས་པས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་གཟུངས་ཆེན་པོ་འདི་གསུངས་སོ། །ཨོཾ་བྷ་ག་ཝ་ཏཱི་དྷཱ་ཛཱ་གྲ་ཀེ་ཡཱུ་རེ་པ་ར་སེ་ནྱ། བི་དྷཱ་ན་ན་ཀཱ་སྭཱ་སེ་ནྱ་པ་རི་ལ་ནི། ཨུ་ལ་ཀཱ་མུ་ཁི་


JKT002_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཁ་ཁཱ་ཧི་ཁཱ་ཧི། པ་ར་སེ་ནྱ་མ་ཨ་ནནྟ་བྷུ་ཛེ། ཨ་ནན་མུ་ཁེ། པྲ་ཧ་ར་པྲ་ཧ་ར་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་རིག་སྔགས་ཆེ་གསུངས་པས། །སངས་རྒྱས་ཞིང་རྣམས་གཡོས་པར་འགྱུར། །བྱང་ཆུབ་སེམས་དཔའ་རབ་གཡོས་ཤིང་། །བདུད་ཀྱི་སྡེ་རྣམས་ཚིག་པར་གྱུར། །གནོད་སྦྱིན་སྲིན་པོ་གོས་བྲལ་ནས། །འཇིགས་ཤིང་སྐྲག་པར་གྱུར་པ་ཡིས། །གཙོ་བོ་རྡོ་རྗེ་རྣམ་སྣང་དྲན། །དང་། །ཁུ་ཚུར་གཉིས་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ལས་རིན་པོ་ཆེའི་ཚུལ་དུ་བཀུག་ལ་མཐེ་བོང་བརྐྱང་པའི་སྟེང་དུ་མཛུབ་མོ་གཉིས་གདུ་བུའི་ཚུལ་དུ་བྱས་པ་ནི་སངས་རྒྱས་འཁོར་ལོ་ཅན་གྱི་ཕྱག་རྒྱ་གཡུལ་ལས་སྒྲོལ་བར་བྱེད་པའོ། །གསུངས་ཏེ་ཏིང་འཛིན་སྔགས་རྒྱས་བསྟན་ལ། ལས་ཀྱི་ཚོགས་ནི་དམིགས་བསལ་མེད་དོ། །པྲ་ཡི་ཡེ་ཤེས་ལས་བསྒྲུབ་པ། །སྟོབས་ཆེན་ཕ་རོལ་གནོན་མཛད་མ། །སྤྱན་གསུམ་ཕྱག་བརྒྱད་གཡས་པ་ན། །རལ་གྲི་འཁོར་ལོ་མདུང་རྩེ་གསུམ། །མདའ་ཡིས་རྣམ་བརྒྱན་ཕྱག་གཡོན་ན། །རྡོ་རྗེ་ཞགས་པ་དགྲ་སྟ་གཞུ། །བསྣམས་པས་སྡང་བའི་བགེགས་ལྷུང་མཛད། །བུ་མི་འཚོ་དང་མོ་གཤམ་དག །གསང་པའི་དཀྱིལ་འཁོར་བཅུག་ནས་སུ། །ལྷ་རྣམས་ཀུན་གྱིས་བུམ་པ་འཛིན། །སློབ་དཔོན་གྱིས་ནི་དབང་བསྐུར་ཞིང་། །དེ་ཡི་མངལ་དུ་བྱིས་པ་ནི། །འཇམ་པའི་གཟུགས་ཅན་འཇུག་པར་བསམ། །ཞགས་པའི་ཕྱག་རྒྱས་མཚན་ངན་ནས། །


JKT002_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་གཟུགས་ཅན་འབྱུང་བ་དག །དྲན་པ་ཡིས་ནི་བྲལ་ནས་ཀྱང་། །མངལ་ནི་བསོད་ནམས་དག་གིས་སྤེལ། །མངལ་ཐམས་ཅད་རྣམ་པར་བལྟ་བ་སོ་སོར་འབྲང་མའི་ཡེ་ཤེས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དང་། ཨོཾ་མ་ཎི་དྷ་རི་བཛྲ་ཎི་མ་ཧཱ་པྲ་ཏི་ས་རི་སྭཱ་ཧཱ། ཞེས་བསྟན། ཨོཾ་མ་ཧཱ་ས་ཧ་སྲ་པྲ་མརྙ་མཛྷ་ནཱ་བ་ར་སིདྡྷི་ད་མཱི་གེ་མ་ཎི་བཛྲ་ཎི་ཧཱུྃ་ཕཊ་སྭཱ་ཧཱ། སོགས་སྟོང་ཆེན་རབ་འབྱམས་ཀྱི་སྙིང་པོ་གསུངས། བ་ཡི་ཡེ་ཤེས་རོལ་པས་བསྐྲུན། །ལྷ་མོ་ནོར་གྱི་བློ་གྲོས་མ། །གཟི་ཆེན་གསེར་གྱི་མདོག་ཅན་ལ། །ཕྱག་དྲུག་ལང་ཚོ་དར་ལ་བབས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །འཇོ་སྒེག་ཐབས་བཅས་འབར་བ་སྟེ། །དེ་ཡི་ཕྱག་གཡས་མཆོག་སྦྱིན་མཛད། །གཉིས་པས་འབྲུ་ཡི་སྙེ་མ་དང་། །གསུམ་པ་ཡིས་ནི་མདའ་ཡང་གསོར། །ཕྱག་གཡོན་ཡིད་བཞིན་ནོར་བུ་དང་། །རིན་ཆེན་ཆར་འབེབས་གཞུ་ཡང་འཛིན། །གྲོགས་མོའི་སྐྱེ་བོས་ཡོངས་བསྐོར་ཅིང་། །མངགས་གཞུག་གནོད་སྦྱིན་མེ་ཡི་གཟུགས། །རིན་ཆེན་ཆར་པ་འབེབས་པ་དང་། །ནོར་ཀུན་གྱི་ནི་ཆར་པ་ཡང་། །འབེབས་པར་བྱེད་པ་བསམ་པར་བྱ། །ནོར་གྱི་བློ་གྲོས་ཆེན་མོ་འདི། །དེ་ལྟར་སྔགས་པས་བསྒོམ་ན་དེས། །དཔག་ཚད་བདུན་ནི་རྒྱས་པར་ཡང་། །ནོར་གྱི་ཆར་གྱིས་ཁྱབ་པར་མཛད། །བྱང་ཆུབ་ཤིང་མཆོག་དམ་པ་ན། །དེ་ལྟར་རྣལ་འབྱོར་བདག་ཉིད་བསྒོམ། །


JKT002_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་གྱི་རྒྱུན་གྱི་ཆར་རབ་ཏུ་འབེབས་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དང་། ཨོཾ་བ་སུ་དྷཱ་རི་མ་ཧཱ་བ་སུ་དྷཱ་ར་དྲིཏྟ་ནི་པཱ་ཏ་ནི་བ་སུ་སྭཱ་ཧཱ། དང་། བཅོམ་ལྡན་ནོར་རྒྱུན་ཞེས་བྱ་བའི། །མཚན་ནི་མི་མཆོག་སྒྲོགས་བགྱིད་ན། །དེ་ལ་ནོར་གྱི་ཆར་འབབ་ཅིང་། །ནོར་ཆེན་དང་ནི་ལྡན་པར་བགྱི། །གསུངས། ཨོ་པི་ཤཱ་ཙི་པ་ཎ་ཤ་བ་རི། སརྦ་མཱ་རི་པྲ་ཤ་མ་ནི་ཧཱུཾ་ཕཊ། དང་། ནམ་མཁར་ཀུན་ནས་རིག་སྔགས་ཀྱི། །རྒྱལ་མོས་ལེགས་པར་བཀང་ནས་སུ། །བདུད་རྩིའི་ཆར་འབེབས་བསམ་ན་ནི། །མོད་ལ་གནོད་པ་ཞི་བར་འགྱུར། །ཞེས་གསུངས་སོ། །བདེ་བ་ལས་འཁྲུངས་རྡོ་རྗེ་འཆང་བ་ཡི། །དངོས་པོ་དངོས་མེད་འབྱུང་གནས་ཆེན་པོར་མཁྱེན། །དང་པོ་གང་དུ་རྣམ་པར་སྣང་མཛད་ནི། །དག་ཅིང་དྲི་མེད་བློས་ནི་ཨོ་དུ་སྤྲུལ། །གཟུགས་མང་ཚུལ་གྱིས་ཕྲེང་བས་བསྐོར་བ་ཡི། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །ཡང་ཐོག་མར། དེ་ལ་རེ་ཞིག་དང་པོ་དངོས་གྲུབ་ནི་སློབ་དཔོན་ཆོས་ཀྱི་རྗེས་སུ་འབྲང་བ་ཡིན་པས། སློབ་དཔོན་མེད་པར་གྱུར་ན་ནི། །དངོས་གྲུབ་ཐོབ་པར་མི་འགྱུར་བས། །སློབ་དཔོན་མཚན་ཉིད་བཤད་པར་བྱ། །ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག །བརྟན་ཞིང་སོགས་སོ། ༈ །སྤྲིན་ཆེན་ལས་ཀླུ་ལ་བདེ་བ་སྦྱིན་པའི་གཟུངས་ནི། ཏདྱ་ཐཱ། དྷཱ་ར་ཎི་དྷཱ་ར་ཎི། ཨུཏྟཱ་ར་ཎི། སཾ་པྲ་ཏིཥྛ་ཏེ། བི་ཛ་ཡ་ཝ་ཎ། སཏྱ་པྲ་ཏི་ཛཱ་ས་ར་ཧ། །


JKT002_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཛྙཱ་ན་བ་ཏི། ཨུད་དེ་པཱ་ད་ནི་བི་ནཱ་མ་ནི། ཨ་བྷི་ཥེ་ཙ་ནི། ཨ་བྷི་བྱ་ཧཱ་ར། ཤུ་བྷ་བ་ཏི། ཨ་ཛི་མ་ཏུ། ཨེ་ཧི་ཀུ་མ་བ་ལ་ནཱི། བ་ཧ་ཧཱ་ར་ཀླུ་ཤ་ན། དྷུ་ན་པཱ་པཾ། ཤོ་བྷ་ཡ་མན་ཎ། ནི་ར་ཏི་ཀ །དྷརྨ་ཏ་ཤུདྡྷ། ལོ་ཀ་བི་ཏི་མི་ར་ར་ཙ་ས། དུཁ་ཤ་མ་ན་སརྦ་བུདྡྷ་ཨ་ཝ་ལོ་ཀ་ན་ཨ་དྷིཊྛི་ཏེ། པྲཛྙཱ་ཛྷཱ་ན་བི་སྭཱ་ཧཱ། འདིས་ཀླུ་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུན་གཅོད། བདེ་བ་སྦྱིན། ཆར་འབེབས། ལོ་ཏོག་སྐྱེད་པ་སོགས་ཡོན་ཏན་རྒྱ་ཆེར་བསྔགས་སོ། ༈ །གཟའ་ཡུམ་གྱི་གཟུངས་ལ། ལག་ན་རྡོ་རྗེ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་སྔགས་ཀྱི་ཚིག་འདི་དག་སྟོན་ཟླ་ཐ་ཆུང་སྨིན་དྲུག་ཟླ་བའི་ཡར་ངོའི་ཚེས་བདུན་ནས་བརྩམས་ཏེ། གསོ་སྦྱོང་བླངས་ནས་ཚེས་བཅུའི་བར་དུ་ཉིན་གཅིག་བཞིན་མཆོད་ཅིང་བརྗོད་པར་བྱས་ནས་ཉ་ལ་ཉིན་ཐོག་ཐག་བཀླག་ན་དེ་ལ་ལོ་དགུ་བཅུ་རྩ་དགུའི་བར་དུ་འཆི་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །སྐར་མདའ་ལྷུང་བ་དང་། གཟའ་དང་རྒྱུ་སྐར་གྱིས་གདུངས་པའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །ཞེས་སོགས་གསུངས། ༈ །ཡོན་ཏན་བསྔགས་པ་དཔག་ཏུ་མེད་པའི་གཟུངས་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ་སམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོཏྟཱ་ཝེ། ཨ་མི་ཏ་སཾ་བྷ་ཝེ། ཨ་མི་ཏ་བིཀྲ་སྟེ།


JKT002_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མི་ཏ་ག་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀླུ་ཤཀ་ཡཾ་ཀ་རི་སྭཱ་ཧཱ། འདི་ལན་གཅིག་བརྗོད་པས་བསྐལ་པ་འབུམ་གྱི་སྡིག་སྒྲིབ་བྱང་བ་སོགས་དང་། ལན་སུམ་འབུམ་བཟླས་བརྗོད་བྱས་ན་དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་བར་འགྱུར་རོ། །གསུངས། སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས་ལ། བཅོམ་ལྡན་འདས། + སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨ་མི་ཏེ། ++ ཀཱནྟ་ཀ་རེ། ཨ་མི་ཏ་ག་ག་ན། +++ སཱ་ཧཱ། ཡང་གཅིག་ལ། བི་ཀྭན་ཡན་འདྲ་བ་ལ། གཱ་མི་ནི། ག་ག་ན་སོགས་གསུངས་སོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས། ཏདྱ་ཐཱ། ཨོཾ་ཛ་ཡ་ཛ་ཡ་སོགས། རྒྱལ་མཚན་རྩེ་མོའམ། མགུལ་དུ་བཏགས་ན་མིའི་རྒྱལ་པོ་དང་སྐྱེས་བུ་དཔའ་བོ་ཐམས་ཅད་སྲུང་བར་བྱེད་དོ་ཞེས་གསུངས། ༈ །མིག་ནད་རྣམ་པར་སྦྱོང་བའི་རིག་སྔགས། ཏདྱ་ཐཱ། ཧི་ལི་མི་ལི། ཀི་ལི་མི་ལི། ཧི་ལི་ཏེ་མི་ལི། ཧུ་ཡཱ་ཧུ་ཡཱ་ཧུ་ཡཱ་མ་ནི། ཧུ་ལུ་ཧུ་ལུ་ཧུ་ལུ། ཧུ་དུ་ཧུ་དུ་ཧུ་དུ། ཙཀྵར་མེ་བི་ཤོདྷ་ཡ་སྭཱ་ཧཱ། ༈ །དཔའ་བོ་གཅིག་གྲུབ་ལས། ཨོ་པདྨེ་པདྨ་ཨཀྟི་པདྨ་སུ་བྷ་གེ་ཕུ པདྨེ་པདྨ། ཨཀྵེ་པདྨ། སུ་བྷ་གེ་ཕུ་སྭཱ་ཧཱ། འདིས་བྱབས་པས་མིག་རེངས་པ་སོས། ༈ །མིག་ནད་ཞི་བའི་གཟུངས། ཏདྱ་ཐཱ། རུ་


JKT002_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དྷི་རེ་ཕུ རུ་དྷི་ར་ཨཀྱི་ཕུ༔ རུ་དྷི་ར་པོ་ག་ལེ་ཕུ བ་ཏེ་ཕུ བ་ཏི་ལེ་ཕུ ཧནྟེ་ཕུ༔ ཚྭ་ས་དུནྡྷ་བྷི་ཕུ༔ པདྨ་ཨཀྵེ་ཡཿ པདྨ་དཎཱ་ཧི་ར་ཎཱི་ཡེ་ཕུ་སྭཱ་ཧཱ། འདི་སྲད་བུ་དཀར་པོར་ལན་བདུན་བཟླས་ཏེ་མདུད་པ་བོར་བ་གདགས། ཚུལ་བདུན་བཟླས་ཏེ་བྱབས། ༈ །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨི་ལི་མི་ཏི་མི་ལི། ཧ་ནེ་སུ་ཧ་ནེ། རྒེ་མོ་ཞིག་ཛ་ར་བན་མི། ཨེ་ཀ་རི་ཀཾ། ཏྲི་རི་ཀཾ། ཙ་ཏུརྦད་ཀཾ། ནིརྱ་ཛཱ་རཾ་སྭཱ་ཧཱ། འདི་མགུལ་དུ་བཏགས་ན་རིམས་ནད་མེད་པར་བྱེད། ༈ །ནམ་སྙིང་མཚན་བརྒྱའི་གཟུངས། ཨོཾ་སྭ་སྟི་ཀ་མ་ལཱཀྵི་བི་པུ་ལ་སཾ་བྷ་ཝ། དྷརྨ་དྷཱ་ཏུ་གོ་ཙ་ར་སྭཱ་ཧཱ། ཕྱག་རྡོར་མཚན་བརྒྱ། ཨོཾ་བཛྲ་ཙཎྜ་སརྦ་དུཥཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ༈ །སྒྲིབ་སེལ་མཚན་བརྒྱར། ཨོཾ་ཨ་མྲྀ་ཏ་བིནྡྷ་ཛ་བ་མ་ཧཱ་སུ་ཁ་སྭཱ་ཧཱ། འདི་གང་གི་རྣ་ལམ་དུ་གྲགས་པས་སྒྲིབ་པ་ཐམས་ཅད་སེལ་བར་གསུངས། སྐུ་གདུང་དང་བཅས་པའི་མཆོད་རྟེན་ལ་ཚེས་བརྒྱད་བཅོ་ལྔ་གང་རིགས་སྨྱུང་བར་གནས་པས། སྤོས་སོགས་ཀྱིས་མཆོད་ཅིང་བསྐོར་བ་དང་བཅས་བཟླས་ན་དམ་པ་ཅི་འདོད་ཐོབ་ཅིང་སྡིག་པ་དང་སྡུག་བསྔལ་འཇིགས་པ་ཐམས་ཅད་ལས་ཐར་བར་གསུངས།


JKT002_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྙིང་། ཨོཾ་སུམྦྷ་ནི་སུམྦྷ། ཧ་ར་ཙ་ར། མ་ཧཱ་པཱ་ཤ་མ་རུ་ཏཱ། ཨ་མོ་གྷ་བཛྲ་ས་ཏྭ་སྭཱ་ཧཱ། ༈ །བདུད་རྩི་འབྱུང་བ་ལ། ཨོཾ་ཨ་མྲྀ་ཏེ་ཧཱུཾ། དང་། ན་མསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་གསུངས། ༈ །ཁ་འབར་མའི་གཟུངས་ལས། ན་མ་སྶརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་སོགས་གསུངས། ༈ །འཇུར་གེགས་ཀྱི་གཟུངས་ལས། ༀ་ཛྭ་ལ་མི་དཾ་སོགས་གསུངས། ༈ །ཡེ་ཤེས་སྐར་མདའི་གཟུངས་ལས། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ས་མནྟ་སྤ་ར་ཎ་ར་སྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། ཞེས་པའི་ཆུ་སྦྱིན་གསུངས། ༈ །ཕྱག་རྡོར་བར་ཆད་སེལ་བའི་གཟུངས་ནི། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཨ་པྲ་ཏི་ཧ་ཏ་ཕ་ལ་ཧཱུྃ་ཕཊ། སརྦ་བིགྷཾ་ཨན་རཱ་ཡ་བི་ནཱ་ཤ་ཀ་ར་མཱ་ར་ཡ་ཧཱུཾ་ཕཊ། བརྒྱ་རྩ་བརྒྱད་བཟླས་ན་གཤིས་ངན་དུ་འཆི་བ་བཅུ་གསུམ་གྱིས་མི་ཚུགས། འཛིན་འཆང་བཟླས་པས་བགེགས་ཐམས་ཅད་ཀྱིས་གླགས་མི་རྙེད་པ་དང་། སྒྲིབ་པ་ཐམས་ཅད་བྱང་བ་སོགས་མཐའ་ཡས་པར་གསུངས་སོ།། ༈ །།ཀུན་མཁྱེན་ཆོས་འབྱུང་དང་ཀུན་ཁྱབ་དཔོན་སློབ་བཀའ་འགྲོས་ནས་བཀོད་པའི་གྲུབ་བརྒྱའི་བཀོད་ཡིག་ཉུང་ངུ་ཞིག་ཡོད་པས། རྗེས་གནང་གི་སྐབས་ཀྱང་མངོན་རྟོགས་དེ་ལྟར་ཡོད། ཏཱ་རའི་གྲུབ་བརྒྱའི་བཀོད་ཡིག་ཀྱང་ཡོད་


JKT002_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

པས་སླར་བཙལ་གསུངས། ༈ །ཇོ་ལུགས་གསང་འདུས་འཇམ་རྡོར་སྤར་མ་ལ་ཡི་གེ་མ་དག་པ་རེ་ཟུང་ཡོད། རྣམ་སྣང་གི་སྔགས་ཆད་པས། ཨོ་ཨཱཛི་ན་ཛིཀྲ་ཧཱུྃ་ཧཱུྃ། ཞེས་སྦྱར་དགོས་སོ། །དཀྱིལ་འཁོར་གྱི་གཙོ་བོ་མི་བསྐྱོད་པ་དང་འཇམ་དཔལ་དབྱེར་མེད་ཡིན་ཅིང་། སྔགས་ཀྱང་། མ་བཛྲ་ཟེར་བ་འདི་ཡོད་པ་ཡིན་གསུངས་སོ། །དེ་ཡང་། ཛི་ན་ཛིཀྲ་འབྱིན་སྔགས། ཤྲཱི་ས་བོན། དེ་དག་འབྲུ་གསུམ་དང་སྤེལ་བའོ། །རྡོ་རྗེ་སློབ་དཔོན་གྱི་དབང་གི་སྐབས་སུ་བརྟན་བྱེད་ཆུ་དབང་ཞིག་བསྐུར་གསུངས་པ་དེ་ནི་ངེས་པར་དགོས། རིག་དབང་ལྷག་མ་རྣམས་བསྐུར་གསུངས་པ་ན་བོད་སྔ་མའི་རྗེས་སུ་འབྲངས་ནས་སོར་བཞག་མཛད་པ་མ་གཏོགས་རང་བཞེད་དང་རྒྱ་གར་པའི་ལུགས་མིན་ཏེ། རྒྱ་གར་པའི་ལུགས་ལ་སློབ་དཔོན་བྱེད་མི་ནུས་པ་རྣམས་རིག་དབང་ལྔ་སློབ་མའི་དོན་ཁོ་ནར་ཞུ་མཁན་ཡོད་པས། དེས་སློབ་དཔོན་གྱི་རིག་དབང་གི་གོ་མི་ཆོད་པས། དབང་ཐོག་མར་ཞུ་དུས་ནས་རིག་དབང་ལྔ་ཡོངས་རྫོགས་རྡོ་རྗེ་སློབ་དཔོན་དུ་བསྒྲུབས་པའི་ཆེད་དུ་ཞུ་བ་ཞིག་དགོས་པས། མར་མེ་མཛད་བཟང་པོས་བཞི་བརྒྱ་ལྔ་བཅུ་པ་ལས། རྡོ་རྗེ་སློབ་དཔོན་གྱི་དབང་གི་སྐབས་སུ། སྔར་བཞིན་རིག་དབང་ལྔ་བསྐུར་ཟེར་བའང་དེ་ལ་དགོངས།


JKT002_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བོད་འདིར་ནི་དབང་བཞི་ཡོངས་རྫོགས་སྟན་ཐོག་གཅིག་ཏུ་བསྐུར་བའི་ཕྱིར་དེ་འདྲའི་ཐ་སྙད་མེད་དོ། ༈ །བོད་ཡིག་སྲོང་བཙན་གྱི་དུས་ཐོན་མིས་ཐོག་མར་མཛད། དེ་ནས་མིའི་ཨག་ཚོམ་གྱི་དུས་གཙང་པ་དགེ་བསྙེན་དཀོན་མཆོག་འབངས་ཞེས་བྱ་བ་དང་། ཁྲི་སྲོང་གི་དུས་བྷེ་ཤོ་ཁྲམ་ཟེར་བ་སོགས་དང་། ཁྲི་རལ་གྱི་དུས་གྲ་ཤོད་རྣམ་གཉིས་ཞེས་སོགས་བྱུང་། ཕྱི་དར་གྱི་དུས་ལོ་ཆེན་ཤཱཀྱ་རྡོ་རྗེ་བྱ་བ་དང་། ལྷག་པར་མཁས་པ་ཀ་ཁྱུང་གཉིས། དེ་ལས་ཀྱང་ཁྱུང་པོ་ཕུལ་དུ་བྱུང་བས་བོད་ཀྱི་ཡིག་དཔོན་བྱས་པར་གྲགས། སློབ་མའང་བུ་ཆེན་བཅུ་གཉིས་སོགས་བྱུང་བ་ལས། མཁས་པ་རོང་པོ་ཉིད་མཆོག་ཏུ་གྱུར་པའོ། །ཞེས་སྐད་དོ།། ༈ །།རྣལ་འབྱོར་མའི་བསྐྱེད་རྫོགས་དང་གསང་འདུས་རིམ་ལྔ་དོད་ཐུབ་སྦྱར་ན། འགྲོ་བ་དག་པའི་རྣལ་འབྱོར་དང་། ཁྱད་པར་ལུས་དཀྱིལ་ཐུན་མོང་མ་ཡིན་པའི་གསལ་སྣང་གྲུབ་པ་ལ་བརྟེན་ནས་རླུང་སེམས་འཇུག་པ་གཅིག་པས་སྣང་བ་ལྷ་སྐུར་རང་ཤར་བ་ལུས་དབེན། རྫོགས་རིམ་རྩ་དབུ་མ་ཁ་དབྱེ་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་སྒྲུབ་ནུས་པ་ངག་དབེན། རླུང་ལུས་ལ་ཞུགས་པས་སྟོང་གཞིའི་འོད་གསལ་འདྲེན་པ་སེམས་དབེན། སེམས་ལ་ཞུགས་པའི་སྟོང་ཉིད་ལས་ལྷ་སྐུ་འཇའ་ཚོན་ལྟ་བུར་ལྡང་བས་སྒྱུ་ལུས།