cover

འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

གླེགས་བམ་ལྔ་པ། ཅ༽

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Nitartha international
Images scanned by BDRC
གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་བཀའ་འབུམ་འདི་ནི་ OCR བྱེད་སའི་གཞི་དེ་བོད་རྫོང་སར་བཀྲ་ཤིས་ལྷ་རྩེར་རྫོང་སར་བ་ཁྲ་འབུ་བློ་གྲོས་ཕུན་ཚོགས་མཆོག་གིས་དཔེ་གཟུགས་པོད་ཉེར་ལྔ་ཅན་ཞིག་པར་དུ་བསྐྲུན་གནང་བ་དེ་ཡིན་པས་ཁོང་གི་རྨད་དུ་བྱུང་བའི་མཛད་རྒྱས་ལ་ཡི་རུང་དང་བསྔགས་བརྗོད་ཞུ།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དྲིས་ལན་མདོར་བསྡུས་སྐོར།


JKT005_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་ལན་མདོར་བསྡུས་སྐོར་བཞུགས་སོ།།


JKT005_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བ་རྣམས་ཀྱི་ལན་མདོར་བསྡུས་བརྗོད་པ། མཁའ་སྤྱོད་མའི་བྱིན་རླབས་ཟེར་བའི་རྒྱུ་མཚན་ནི། བདེ་ཀྱེ་ལྟ་བུ་མ་རྒྱུད་ཀྱི་དབང་བསྐུར་ཚད་ལྡན་ཐོབ་པའི་གང་ཟག་ལ། ཡེ་ཤེས་སྐྱེ་བའི་སྣ་འདྲེན་དུ་དབང་བཞིའི་སྙིང་པོ་བྱིན་རླབས་ཀྱི་ཚུལ་དུ་བསྡུས་ཏེ་བསྐུར་བ་ལས། དབང་མ་ཐོབ་པའི་གང་ཟག་ལ་བྱིན་རླབས་བྱ་མི་རུང་བས་དེ་ལྟར་བཏགས། དོན་དུ་དབང་བྱིན་རླབས་གཉིས་ཀ་དབང་བཞི་ཙམ་དུ་གཞི་མཐུན་ཀྱང་། ཆོ་ག་རྒྱས་བསྡུས་སོགས་ཁྱད་པར་ཆེན་པོ་ཡོད་པ། ཐ་སྙད་དུ་མཁའ་སྤྱོད་མའི་བྱིན་རླབས་ཟེར་བ་མ་གཏོགས། དབང་ཟེར་སྲོལ་མེད།། ༈ །།མདུན་བསྐྱེད་ཀྱི་རྟེན་གཞིའི་དཀྱིལ་འཁོར་གྱི་གཙོ་བོ་སིནྡྷ་རའི་དཀྱིལ་འཁོར་ཡིན།། ༈ །།ལྷ་བསྐྱེད་སྐབས་སུ་སྐུ་


JKT005_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བུའི་དཀྱིལ་འཁོར་ནི་བརྡ་ཙམ་ཡིན་ཀྱང་དེའི་འོག་ཏུ་རྡོ་རྗེའི་ས་གཞི་དང་། ཕྱི་རོལ་དུ་རྡོ་རྗེའི་རྭ་གུར་ཡངས་ཤིང་རྒྱ་ཆེ་བར་བསྒོམས་པའི་དབུས་སུ་འབྱུང་བཞི་རི་རབ། ཐོད་པ་བདུད་རྩིས་གང་བ་དང་བཅས་པའི་སྟེང་། སིན་དཀྱིལ་ཉིད་ཆོས་འབྱུང་གི་གཞལ་ཡས་ཁང་གི་དབུས་སུ་སྔགས་རྣམས་ལྷར་བསྐྱེད་པ་ཡིན། ཚོམ་བུའི་དཀྱིལ་འཁོར་ལ་ལྷ་བསྐྱེད་རྒྱུ་མེད། འགའ་ཞིག་གིས་ཚོམ་བུའི་དཀྱིལ་འཁོར་ལ་མཁའ་སྤྱོད་མ་ཞལ་ཕྱག་ཡོངས་རྫོགས་བྲིས་པ་ནི་ནོར་བ་རེད།། ༈ །།མདུན་བསྐྱེད་ཡོད་སྐབས་གཏོར་མ་མདུན་བསྐྱེད་ཁོ་ན་ལ་ཕུལ་ཀྱང་འཐུས་ཡོད། ཚར་ལུགས་ཆོ་ག་ནག་འགྲོས་སུ་གཏོར་མགྲོན་སྤྱན་འདྲེན་གསུངས་པས། དེ་ལྟར་ན་གཏོར་མགྲོན་དང་མདུན་


JKT005_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་གཉིས་ཀ་ལ་ཕུལ་བའམ། གཏོར་མགྲོན་སྤྱན་དྲངས་པ་ཁོ་ན་ལ་ཕུལ་པའམ། ཡང་ན་གཏོར་མགྲོན་སྤྱན་དྲངས་པ་མདུན་བསྐྱེད་ལ་བསྟིམས་ནས་ཕུལ་ཀྱང་ཆོག། ༈ །།ལྷོ་སྒོའི་སྐབས་རྣམ་ཤེས་དང་བཅས་པའི་བྱང་བུ་བསྲེགས་ཐབས་མེད་པས། རྣམ་ཤེས་ནམ་མཁར་སྤུར་བའི་བྱང་བུ་ཕུང་པོའི་ཚུལ་དུ་བསྲེག །དེ་ནས་རྣམ་ཤེས་ནམ་མཁར་སྤར་བ་ལ་ལམ་སྦྱང་བསྟན་སོགས་བྱེད་པ་གསར་མ་ཕལ་ཆེར་གྱི་སྲོལ་ཡིན། གཞན་དུ་ལམ་སྦྱང་བསྟན་དང་རྣམ་ཤེས་སྤར་བ་སྔོན་དུ་བྱས་ནས། བྱང་བུ་བསྲེག་པའང་མང་ངོ་།། ༈ །།གྲུབ་པ་བཞི་ཞེས་པ་རྙིང་མའི་ཆོས་སྐད་ཡིན་ཏེ། །ཆོས་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པ། །ཆོས་ཅན་རང་བཞིན་གྱིས་གྲུབ་པ། །བྱིན་གྱིས་བརླབས་པས་གྲུབ་པ། མཐུས་གྲུབ་པ་བཞིའོ། །དེ་དང་གནས་རི་ལ་སྦྱར་ན། གནས་ཀྱི་ས་རྡོ་རི་བྲག་སོགས་ངོ་བོ་སྟོང་པ་ཉིད་ཆོས་ཀྱི་སྐུ་ལས་མ་གཡོས་པས་ཆོས་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པ། རྣམ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་རྗེ་ལས་གནས་ཀྱི་བཀོད་པ་རང་བྱོན་སོགས་གཟུགས་སྐུའི་ཚུལ་དུ་ཤར་བ་ཆོས་ཅན་རང་བཞིན་གྱིས་གྲུབ་པ། དེ་ལྟ་བུའི་གནས་དེ་ལ་གང་ཟག་ཁྱད་པར་ཅན་གྱིས་སྒྲུབ་པ་དང་། རབ་གནས་དང་། གནས་ཆེན་བྱིན་འབེབས་སོགས་མཛད་པས་སླར་ཡང་བྱིན་རླབས་ཅན་དུ་གྱུར་པ་བྱིན་གྱིས་བརླབས་པས་གྲུབ་པ། དེ་ལ་བརྟེན་


JKT005_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དད་པ་ཅན་གྱིས་ཕྱག་མཆོད་བསྐོར་བ་སོགས་བགྱིས་པས་རྒྱུད་བྱིན་གྱིས་བརླབ་ཅིང་དངོས་གྲུབ་སྩོལ་ནུས་པ་མཐུས་གྲུབ་པ་སྟེ། དེ་ལྟ་བུའི་གྲུབ་པ་བཞི་དང་ལྡན་པས་ཐམས་ཅད་ཀྱི་ཕྱག་དང་མཆོད་པའི་རྟེན་དུ་གྱུར་པ་ནི་གནས་ཀྱི་མཚན་ཉིད་ཡིན་ནོ།། ༈ །།མཐའ་དྲུག་ཚུལ་བཞི་ཞེས་པ་མདོ་རྒྱུད་ཐམས་ཅད་ཀྱི་བཤད་ཐབས་ཡིན་པས་རྒྱས་པར་སྤྲོས་ན་མཐའ་ཀླས་པ་ཞིག་ཡོད་ཀྱང་། མིང་ཙམ་གྱི་སྒོ་ནས་མདོར་བསྡུ་ན་མཐའ་དྲུག་ནི། མདོ་སྔགས་སྤྱི་དང་། ཁྱད་པར་མདོ་འཆད་པའི་སྐབས་སུ་ཉེ་བར་མཁོ་བ་སྟེ། འཇམ་མགོན་ས་པཎ་གྱིས། གཞུང་ལུགས་ཆེན་པོ་བཤད་པ་ལ་མཐའ་དྲུག་ཤེས་དགོས་ཏེ། དགོངས་པ་དང་དགོངས་པ་མ་ཡིན་པ། དྲང་བའི་དོན་དང་ངེས་པའི་དོན། སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པའོ། །ཞེས་གསུངས་པ་ལྟར། དགོངས་པ་ཅན་ནི་སངས་རྒྱས་ཀྱི་གསུང་རབ་གང་ཞིག ། དངོས་སུ་གསུངས་པ་དེ་ལྟར་མ་ཡིན་པར་དོན་གཞན་ལ་དགོངས་པ་བཙལ་ཏེ་བཤད་དགོས་པ། དགོངས་པ་ཅན་མ་ཡིན་པ་ནི། སངས་རྒྱས་ཀྱི་གསུང་རབ་གང་ཞིག །དགོངས་པ་གཞན་ནས་བཙལ་མི་དགོས་པར་གསུངས་པ་ཇི་ལྟ་བ་བཞིན་བཤད་ཆོག་པ། དྲང་བའི་དོན་ནི་གདུལ་བྱ་འགའ་ཞིག་རྗེས་སུ་གཟུང་བའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་བཏོན་ནས་རིམ་གྱིས་ཁ་དྲང་བའི་ཆེད་དུ་གསུངས་པ། ངེས་པའི་


JKT005_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནི། གདུལ་བྱ་དབང་པོ་རྣོན་པོ་རྣམས་ལ་ངེས་པའི་དོན་གཙོ་བོར་བཏོན་ནས་གསུངས་པས། ཚིག་དེ་ཉིད་ཀྱི་རྗེས་སུ་འབྲངས་པས་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ། སྒྲ་ཇི་བཞིན་པ་ནི། སྦྱིན་པ་བཏང་། བས་ལོངས་སྤྱོད་འབྱུང་བ་དང་། ཚུལ་ཁྲིམས་བསྲུངས་པས་མཐོ་རིས་ཐོབ་པ་སོགས་ཇི་སྐད་གསུངས་པ་ལྟར་བཤད་ཆོག་པ། སྒྲ་ཇི་བཞིན་མ་ཡིན་པ་ནི། མདོ་ལས། ཕ་དང་མ་ནི་གསད་བྱ་ཞིང་། ཞེས་པ་ལྟ་བུ་ལ་མཚོན་ན། ཕ་གཟུང་བ་དང་། མ་འཛིན་པ་ལ་དགོངས་པས་གཟུང་འཛིན་གྱི་རྟོག་པ་བཅོམ་པའི་དོན་ལ་འཇུག་པས་མཚོན་ཇི་སྐད་གསུངས་པ་བཞིན་ཐད་ཀར་བཤད་དུ་མི་བཏུབ་པ་རྣམས་སོ། །ཚུལ་བཞི་ནི། ཚིག་དོན་སྤྱི་དོན། སྦས་དོན། མཐར་ཐུག་གི་དོན་དང་བཞི་ཡིན། དེ་གཙོ་བོ་སྔགས་འཆད་པ་ལ་འཇུག་སྟེ། ཚིག་དོན་ནི། རྒྱུད་ཀྱི་ཚིག་རྣམས་ཀྱི་འབྲུ་དོན་མ་ནོར་བར་འཆད་པ་ལ་ཟེར། སྤྱི་དོན་ནི། སྔགས་བླ་མེད་ལ་མཚོན་ན། བསྐྱེད་རིམ། སྦས་དོན་རྫོགས་རིམ། མཐར་ཐུག་གི་དོན་ཟུང་འཇུག་སྐུ་དང་ཡེ་ཤེས་སོགས་ཀྱི་རྣམ་པར་བཞག་པ་རྣམས་ཡིན་ནོ།། ༈ །།ཚར་ལུགས་མཁའ་སྤྱོད་ཆོ་ག་ནག་འགྲོས་མའི་དུར་བདག་གཏོར་བསྔོས་སྐབས་ཛཧཱུྃ་བཾ་ཧོ༔གཉིས་གསུངས་པ་སྔ་མ་གཏོར་འགྲོན་སྤྱན་འདྲེན་པའི་སྔགས་དང་། ཕྱི་མ་མདུན་བསྐྱེད་ལ་བསྟིམ་པའི་སྔགས་རེད།། ༈ །།རྣལ་འབྱོར་མའི་


JKT005_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བདག་རྣམ་སྣང་ལ་ཧེ་རུ་ཀ་ཞེས་པའི་ཐ་སྙད་བཏགས་པས་རུས་པ་དང་རིན་པོ་ཆེའི་རྒྱན་གཉིས་ཀ་ཡོད། དེའང་རུས་པའི་རྒྱན་ལ་རིན་པོ་ཆེའི་ཕྲས་བཏབ་པ་ཡིན། །ཡུམ་དངོས་སུ་མ་གསུངས་པ་དང་། མེ་ཕུང་མི་དགོས།། ༈ །།རྫོགས་རིམ་སྐབས། དབུ་མའི་མས་སྣེའི་དགའ་འཁྱིལ་དམར་པོས་བདེ་བ་དང་། ཡས་སྣའི་དཀར་པོས་སྟོང་པ་བསྒྲུབ་པའི་དམིགས་པ་བྱེད་པ་ཁྲིད་ཡིག་ཆེན་མོ་སོགས་ཐམས་ཅད་ཀྱི་དགོངས་པ་ཡིན།། ༈ །།རླུང་ལུས་ལ་གནས་པས་བདེ་བ་སྒྲུབ་པའི་སྐབས། སྔར་རླུང་བྱང་བ་དང་། དམིགས་པ་གསལ་པོ་ཡོད་ན་རླུང་མ་བཟུང་ཡང་རུང་། དེ་མིན་བུམ་ཅན་དང་དམིགས་པ་སྦྲགས་ན་ལེགས།། ༈ །།གཉིས་བྲལ་འཆད་དུས་ཞལ་ཤེས་གསུམ་ཟེར་བ་འདི་ལ་འཆད་ཚུལ་མང་པོ་ཞིག་འདུག་ཀྱང་། དོན་དུ་གཉིས་བྲལ་ནི་རྩ་དབུ་མའི་མངོན་བརྗོད་ཡིན་པས། དབུ་མ་འཆད་དུས་ཞལ་ཤེས་གསུམ། ཞེས་བསྐྱེད་རིམ་ཕག་མོ་མཁའ་སྤྱོད་དང་། རྫོགས་རིམ་རྩ་དབུ་མ་ཟུང་འབྲེལ་དུ་འཆད་པའི་སྐབས་ཞལ་ཤེས་གསུམ་ཡོད་ཅེས་པའི་དོན་ལགས། གསུམ་པོ་དེ་གང་ཞེ་ན། ཡོངས་གྲགས་སུ་སྔོན་|འགྲོའི་སྐབས་བླ་མ་བསྐྱེད་པ་དང་བསྟིམ་པའི་ཞལ་ཤེས་གཉིས། དངོས་གཞིའི་སྐབས་བསམ་མི་ཁྱབ་ཐུན་མོང་མ་ཡིན་པའི་ཞལ་ཤེས་དང་གསུམ་ལ་མཛད། འགལ་ཞིག་གིས་ཞལ་ཤེས་ཐམས་ཅད་འདིར་བསྡུ་


JKT005_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབང་དུ་བྱས་ཏེ། སྔོན་འགྲོའི་སྐབས་བླ་མ་བསྐྱེད་བསྟིམ་གྱི་ཞལ་ཤེས་གཉིས་གཅིག་ཏུ་བརྩིས། དངོས་གཞིར་ལུས་དཀྱིལ་ཐུན་མོང་མ་ཡིན་པའི་ཞལ་ཤེས། མཇུག་ཏུ་བསམ་མི་ཁྱབ་ཐུན་མོང་མ་ཡིན་པའི་ཞལ་ཤེས་སོ་ཟེར་བའང་སྣང་། སྐྱེ་འགག་གནས་གསུམ་བྲལ་བ་སོགས་ཀྱི་དོན་ཞྭ་ལུ་མཆོག་སྤྲུལ་རིན་པོ་ཆེས་མཛད་པ་འདི་ཀས་འཐུས་པས་དཔེ་བཤུ་ཐུབ་ན་ལེགས།། ༈ །།ལུས་དཀྱིལ་ཡོད་སྐབས་གོ་ཆ་བཀོད་ལུགས་དམིགས་པ་གསལ་ཐེབས་ན་ཕྱི་ནང་གི་ལྷ་ཐམས་ཅད་ལ་ཡེ་ཤེས་པ་བསྟིམ་པ་ཡིན་པས་རྨོར་ཆེན་གསུང་ལྟར་ཕྱི་ནང་གི་རྣལ་འབྱོར་མ་ཐམས་ཅད་ཀྱི་གནས་སུ་བཀོད་ཐུབ་ན་ལེགས། དེ་ཙམ་གསལ་མ་ཐེབས་ན། ཕྱིའི་རྣལ་འབྱོར་མ་ལ་དངོས་སུ་གསལ་བཏབ་ནས་ལུས་དཀྱིལ་རྣམས་ལའང་གོ་ཆས་རྒྱས་བཏབ་ཡོད་སྙམ་པ་ཙམ་བྱས་ན་འཐུས་ཚུལ་གསུང་རྒྱུན་ལས་འབྱུང་།། ༈ །།བསམ་མི་ཁྱབ་ཐུན་མིན་སྐབས། ལུས་ཀྱི་ཤུལ་བུག་པ་ཧ་རེ་ཡོད་པ་ཞེས་པའི་དོན། རགས་ལུས་ཡོངས་རྫོགས་དྭང་མའི་ལུས་མཁའ་སྤྱོད་མ་ལ་ཐིམ་ཚར་བའི་རྗེས་ཤུལ་ན་རང་གི་གོས་བུག་པ་ཧ་རེ་ཡོད་པ་ཙམ་ལུས་པ་ལ་ཟེར་བ་ཡིན་གྱི། ལུས་ལ་བུག་པ་ཧ་རེ་ཡོད་ཟེར་བའི་དོན་ག་ལ་ཡིན།། ༈ །།དབུ་མ་ཁ་དབྱེའི་སྐབས། ཁྲིད་ཡིག་ཆེན་མོར་རྩ་གསུམ་གྱི་ནང་མེས་ཁེངས་གསུངས་པ་མེད། དོན་དུ་འབར་བའི་མེས་ལུས་ཀྱི་ནང་


JKT005_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཁེངས། ཁམས་སྙིགས་མ་རྣམས་བསྲེགས། དྭང་མ་རྣམས་དབུ་མར་འདུས་པ་བསྒོམ་དགོས་རྒྱུ་ཡིན། ལར་ཁྲིད་ཡིག་ཐམས་ཅད་གོ་བསྡུར་ན་བླ་མ་རྣམས་ཀྱི་དགོངས་ཕྱོགས་ལྟ་བུས་ཅུང་མི་འདྲ་བ་མང་བས། རང་ལུགས་མཁྱེན་བརྩེས་མཛད་པའི་ཁྲིད་ཡིག་ཆེན་མོ་མཁའ་སྤྱོད་བགྲོད་པའི་སྣེ་ལམ་ཁོ་ན་དང་། ངག་འདོན་གནས་གསར་བས་མཛད་པའི་སྒྲུབ་ཐབས་ནག་འགྲོས་ལྟར་གཙོ་བོར་བྱེད་དགོས་པ་ཐུགས་ངེས་ཞུ།། ༈ །།ནཱ་རོ་པའི་སློབ་མ་གཉིས་སྐྱེས་མཆོག་གཉིས་ཞེས་པའི་གཉིས་སྐྱེས་ནི་བྲམ་ཟེའི་མིང་ཡིན་པས། བྲམ་ཟེའི་རིགས་སུ་འཁྲུངས་པའི་སློབ་མ་མཆོག་མ་ན་ཀ་ཤཱི་དང་། རཏྣ་རཀཱིཏ་གཉིས་ལགས།། ༈ །།སེམས་བསྐྱེད་ཚད་མེད་རྒྱུ་འབྲས་བུ་སོང་བ་ནི། དང་པོ་སྨོན་འཇུག་གི་སེམས་བསྐྱེད་རྒྱུ་དང་། དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་འབྲས་བུའི་ཚུལ་དུ་བསྒོམ་པ་སྒྲུབ་ཐབས་ཕལ་ཆེར་ལྟར་དང་། དེ་གཉིས་ངོ་བོ་དབྱེར་མེད་ནི། སྨོན་འཇུག་གི་སེམས་བསྐྱེད་ལས་ཚད་མེད་བཞི་ལོགས་སུ་མ་བསྒོམས་ཀྱང་། སྨོན་འཇུག་གི་སེམས་བསྐྱེད་ལ་ཚད་མེད་བཞི་དོན་གྱིས་ཚང་བ་ལགས།། ༈ །།བདག་གི་གཞི་སྦྱངས་བསྒྱུར་སྐབས། བླ་མ་རང་ལ་བསྟིམས་པས་རང་གི་ལུས་འོད་ཀྱི་རང་བཞིན་ལྟ་བུར་གྱུར་པའི་སྙིང་གའི་ཐད་དུ་ཆོས་འབྱུང་སོགས་བསྒོམ། དེའི་འོད་ཀྱིས་ལུས་


JKT005_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་གོང་བུར་སྦྱངས། དེ་ལས་རྣལ་འབྱོར་མའི་སྐུར་བསྒྱུར་བ་ཡིན། རྡོར་སེམས་བསྒོམ་བཟླས་སྐབས་རང་ཐ་མལ་པའི་ལུས་རྟེན་འདི་གའི་སྤྱི་བོར་བླ་མ་རྡོ་རྗེ་སེམས་དཔའ་མཐོ་ཚད་དུ་བསྒོམ།། ༈ །།རྣལ་འབྱོར་མའི་ཚོགས་བརྒྱ་འབུལ་མཁན་མ་ཐོས། འབུལ་ན་ནི་ལོས་ཆོག །འབུལ་ལུགས་ཆོ་ག་ཚར་གཅིག་བདག་འཇུག་ཡན་གྲུབ་ནས། ཚོགས་བྱིན་རླབས་ནས་ལྷག་མའི་བར་གྲངས་གསོག །བརྒྱ་དུས་གཅིག་མ་ཚར་ན་གང་ཚར་གྱི་མཚམས་རྗེས་ཆོག་བྱ། སླར་ཆོ་ག་བསྐྱར་བས་འཐུས།། ༈ །།དབང་གི་ངོ་བོ་ནི། རྣལ་འབྱོར་བླ་མེད་ཀྱི་དབང་དུ་བྱས་ན། རང་རྒྱུད་ལ་སྐུ་བཞིའི་ས་བོན་ནུས་ལྡན་དུ་བྱེད་པའི་སྔགས་ཀྱི་ཆོ་གའི་ཁྱད་པར། ངེས་ཚིག་ནི། ཨ་བྷིཥིཉྩ་ཞེས་པའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བ་སྟེ་སྒོ་གསུམ་ཆ་མཉམ་དང་བཅས་པའི་དྲི་མ་གཏོར་བའམ། ཨ་བྷི་ཥེ་ཀ་ཏ་ཞེས་པའི་སྒྲ་ལས་དྲངས་ན་མངོན་པར་བླུགས་པའམ་འཇོག་པ་སྟེ། སྐུ་བཞིའི་ས་བོན་རྒྱུད་ལ་འཇོག་པ་དབྱེ། སྤྱིར། བུམ། གསང་། ཤེས་རབ་ཡེ་ཤེས། དབང་བཞི་པ་བཞིར་འདུ། གཞན་རྒྱུད་སྡེ་སོ་སོའི་དབང་གི་དབྱེ་བ་ཕྲ་མོ་བསམ་གྱིས་མི་ཁྱབ་པ་ལགས།། ༈ །།ཀྱེ་རྡོར་ལམ་དུས་རབ་ཐུན་བཞི་ནས། ཐ་མ་ཐུན་གཉིས་ཡན་ལེགས། དབང་གི་ཆུ་རྒྱུན་མི་འཆད་པའི་ཐབས་ཡིན། མངོན་རྟོག་གཞན་ཚར་གྲངས་འདོན་ན་སྤྱིར་ཕན་ཡོན་ཆེན་པོ་ཡོད་


JKT005_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞིར་བཅས་ལས། དབང་གི་ཆུ་རྒྱུན་ལ་ཕན་པའི་ཐ་སྙད་མེད།། ༈ །།དབང་དོན་གྱི་ཡེ་ཤེས་ཚད་ལྡན་ཞིག་རྒྱུད་ལ་སྐྱེས་ནས་མ་ཉམས་ན། རྗེས་སུ་དབང་གཞན་ཞུས་པས་སྔགས་སྡོམ་མམ། དབང་དོན་གྱི་ཡེ་ཤེས་ངོ་བོ་གསར་དུ་ཐོབ་རྒྱུ་མེད་རུང་། རྣམ་པ་སྔར་གྱི་སྔགས་སྡོམ་མམ་དབང་གི་ཡེ་ཤེས་དེ་ཇེ་བཟང་དུ་འགྲོ་བས། ཇི་ཙམ་བཟང་དུ་སོང་བ་དེ་ཙམ་གསར་ཐོབ་ཀྱི་ཆ་ཤས་ཡིན། འདི་ཙམ་ནི་ལམ་དུས་ཚར་རེ་ཙམ་ལ་ཡང་བརྩི་རྒྱུ་ཡོད།། ༈ །།འབྲས་བུ་དམན་པ་སྟེ་ཆུང་ངུ་ལ། འབྲས་བུ་མེད་ཅེས་དགག་སྒྲ་བཞག་པའི་དོན། ཉན་ཐོས་ཀྱི་ལམ་ལ་ཞུགས་ན་ཉན་ཐོས་དགྲ་བཅོམ། རང་རྒྱལ་གྱིས་རང་རྒྱལ་དགྲ་བཅོམ། བྱང་སེམས་རྐྱང་པས་ས་བཅུ་གཅིག་པ་ཙམ་ཐོབ་ཀྱང་། མཐར་ཐུག་གི་འབྲས་བུ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ནུས་པས་གནས་སྐབས་ཀྱི་འབྲས་བུ་ཆུང་ངུ་ལས་མེད། སྔགས་བླ་མེད་ཀྱིས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་ནུས་པས་འབྲས་བུ་ཆེ་ཞེས་པའི་དོན་ཡིན། འོ་ན་སངས་རྒྱས་ཀྱིས་གདུལ་བྱ་རྣམས་ལ་དང་པོ་ནས་སྔགས་བླ་མེད་མི་བསྟན་པ་ཅི་སྙམ་ན། ཇི་ལྟར་བྱིས་པ་གསོ་བ་དང་། །ཡི་གེའི་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཇི་ཙམ་བཟོད་པའི་ཆོས་བསྟན་ཏོ། །ཞེས་བྱིས་པ་ཁ་ཟས་ཆ་བསྐྱེད་དེ་གསོ་བ་དང་། ཡི་གེ་ཀ་ཁ་ནས་རིམ་པར་སློབ་དགོས་


JKT005_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར། སངས་རྒྱས་ཀྱིས་ཀྱང་གདུལ་བྱ་ལ་ཐུན་མོང་བ་རིམ་གྱིས་དྲང་བ་མ་གཏོགས་ཐབས་མེད་པས། ཐེག་པ་གསུམ་དང་། རྒྱུད་སྡེ་བཞི་སོགས་གསུངས་དགོས་པའི་རྒྱུ་མཚན་དེ་ལྟར་ལགས།། ༈ །།བར་སྲིད་དང་ཁམས་གོང་མ་རྟེན་འབྲེལ་གང་གི་སྐབས་ཡིན་པ། རྟེན་འབྲེལ་འབྱུང་ལྡོག་མཐར་ཆགས་དང་ཐོད་རྒལ་གང་ཡིན། ཤེས་བྱའི་གཞི་ལྔ་མཐའ་གསུམ་དུ་བསྡུ་སྐབས། འདུས་མ་བྱས་དང་ལྡན་མིན་འདུས་མ་བྱས་དང་ལྡན་མིན་འདུ་བྱེད་ཀྱི་དོག་གནས། ཀུན་གཞི་དང་ཉོན་ཡིད་ཀྱི་ཡུལ་དང་དབང་པོ་གང་ཡིན། སྤྱིར་དེ་གཉིས་དབང་སྐྱེས་ཀྱི་བློ་ཡིན་མིན། ཀུན་གཞིའི་འཁོར་གྱི་ཀུན་འགྲོ་ལྔའི་ངོས་འཛིན། ཉོན་ཡིད་དང་ཡིད་རྟོག་བཅས་སོགས་ཀྱི་ཁྱད་པར། ཡུལ་ཅན་ཡིན་ན་བློ་ཡིན་པས་ཨི་ཁྱབ། སྤྱིར་ཡུལ་ཅན་ལ་གང་ཟག་སོགས་དབྱེ་བ་དུ་ཡོད། ཡིད་ཀྱི་མངོན་སུམ་ངོས་འཛིན། དེའི་ཡུལ་ཆོས་ཁམས་ཡིན་མིན། ན་སུམ་རྫོགས་པའི་བློ་དེ་ཡིད་མངོན་ཡིན་མིན་དང་། སྟོང་ཉིད་ཆོས་ཁམས་བདུན་པོ་ལས་གང་ཡིན། རང་རིག་མངོན་སུམ་གྱི་ངོས་འཛིན། ཡིད་མངོན་དང་རང་རིག་མངོན་སུམ་རྣལ་འབྱོར་མངོན་སུམ་གསུམ་གྱི་ཁྱད་པར། དེ་གསུམ་ཀ་ཡིད་མངོན་དུ་འདུ་མིན། ཡིད་ངོར་དབྱིབས་དང་ཁ་དོག་ཡུལ་གྲུབ་སོགས་གསལ་པོར་སྣང་བ་ཕུང་ཁམས་གང་དུ་བསྡུ། དོན་སྤྱི། རིགས་སྤྱི། ཚོགས་སྤྱི།


JKT005_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་སྤྱི་རྣམས་ཀྱི་ཁྱད་པར་དོན་སྤྱི་དང་མེད་པ་གསལ་སྣང་གཉིས་ཀྱི་ངོས་འཛིན། འདི་ཡང་ཕུང་ཁམས་གང་གིས་བསྡུ། དོན་དམ་བློ་ཡིས་ཡུལ་ཡིན་ཚེ་བློ་གང་གི་ཡུལ་ཡིན། ཡུལ་བཞིའི་ནང་ནང་གང་ཡིན། དེ་འདྲའི་བློ་དེ་ཀུན་རྫོབ་ཡིན་མིན། ཡིན་ན་དོན་དམ་པ་བློ་ཀུན་རྫོབ་པའི་ཡུལ་དུ་གཉིས་སྣང་མ་ནུབ་པར་བྱར་རུང་མིན། གཏི་མུག་མེད་པའི་དགེ་རྩ་དང་མཚུངས་ལྡན་གྱི་འདོད་ཆགས་དེ་དགེ་མི་དགེ་གང་ཡིན་སོགས་འགྲེ། སྤྱིར་དགེ་སེམས་དང་མཚུངས་ལྡན་གྱི་མི་དགེ་བ་ཡོད་མེད། མི་དགེའི་སེམས་དང་མཚུངས་ལྡན་གྱི་དགེ་རྩ་ཡོད་མེད། ཚོར་འདུ་སོགས་བློ་ཡི་ཡུལ་ཡིན་ནམ། ཡུལ་ཅན་ཡིན་ནམ། གཉིས་ཀ་ཡིན་མིན་ལུས་ངག་གི་ངོས་འཛིན། སྤྱི་རྣམ་བྱང་ཕྱོགས་ཀྱི་ཆོས་ཐམས་ཅད་བྱང་ཕྱོགས་ལ་འདུ་མིན། འདུ་ཚེ་ཚད་མེད་བཞི་སོགས་རེ་རེ་ནས་གང་ལ་ལ་ཇི་ལྟར་བསྡུ་ཚུལ། རྒྱན་གྱི་ཟག་མེད་ཆོས་ལྔའི་སྐབས་སྤྱན་དང་གཟུངས་ཀྱི་སྒོ་དང་ཟག་མེད་ཀྱི་ཕུང་པོ་ལྔ་སོགས་མེད་པའི་རྒྱུ་མཚན། གཞན་འགྱུར་བཞིའི་ངོས་འཛིན་དང་ངེས་ཚིག །སེམས་བྱུང་ང་གཅིག་དགེ་མི་དགེ་ལུང་མ་བསྟན་གསུམ་དུ་བསྡུ་ཚུལ། ཆོས་དང་གང་ཟག་གཞི་མཐུན་ཡོད་མེད། ཡུལ་རྣམ་ཤེས་ཡུལ་ཤེར་ཕྱིན་སོགས། ཅན་གཉིས་ཀའི་གཞི་མཐུན་ཡོད་མེད། དབུ་མ་ཐལ་འགྱུར་བའི་ལུགས་ལ་ཀུན་བཏགས་མི་འདོད་པའི་རྒྱུ་མཚན། གལ་ཏེ་ཀུན་


JKT005_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་མེད་ཚེ་ལས་འབྲས་སོགས་ཡོད་མེད་ལ་དཔྱད། ཀུན་བཏགས་མེད་པ་དེ་ཡང་དོན་དམ་དུ་ཡིན་ནམ་ཐ་སྙད་ཡིན། དོན་དམ་དུ་ཡིན་ན་གཞན་དབང་དང་ཡང་མཚུངས་སོ། །མཛོད་དུ་སེམས་བྱུང་། ༥༡ ཚང་བར་མ་གསུངས་པའི་རྒྱུ་མཚན། སེམས་བྱུང་།༡ དུ་མ་འདུས་པ་ཨེ་ཡོད། ཡོད་ན། ༥༡ ཏུ་བཞག་པའི་རྒྱུ་མཚན། ཆུད་མི་ཟ་བའི་རྫས་ཕུང་པོ་གང་དུ་བསྡུ།། ༈ །།ཐུག་མེད་དང་ཐུག་པ་དང་བཅས་པའི་དྲི་བའང་ཡོད།། ༈ །།སྔགས་ཕྱོགས་ཀྱི་དོག་གཅོད་ས་བོན། ལྷན་སྐྱེས་འདྲེན་བྱེད་ཀྱི་ཐབས་ལ་ཚོགས་དྲུག་གི་སྦྱོར་བ་ལ་ཁྱད་པར་ཡོད་མེད། ཡོད་ན་དེའི་ཁྱད་པར། མེད་ན་ལུས་ཤེས་དམིགས་ཀྱིས་བསལ་བའི་དགོས་པ། བུམ་དབང་གི་ལྟ་བ་ངོ་བོ་ཉིད་གསུམ་གྱི་གོ་དོན། ལྟ་བ་དང་གྲུབ་མཐའི་ཁྱད། གྲུབ་མཐའ་དང་རིག་འཛིན་གྱི་ཁྱད། ཀུན་གཞི་རྒྱུ་རྒྱུད་ལས་འཕྲོས་པའི་ལྟ་བ་འཁོར་འདས་དབྱེར་མེད་དང་། གྲུབ་མཐའ་འཁོར་འདས་དབྱེར་མེད་ཀྱི་ཁྱད། གསང་དབང་དང་ཤེར་དབང་གི་འདའ་ཀ་མ་ལ་དབང་པོའི་སྒོ་ཡི་གེས་དགག་དགོས་མིན་དབང་བཞི་པ་དང་སྦྱར་ནས་སླད་དཔྱད། རྩ་ཡིག་དབྱིབས་སོགས་དང་། སྒྲ་དང་ནུས་པ་གང་དུ་འདོད་པ། འདི་སྐབས་ཀྱི་སྙིང་པོ་རླུང་དཀྱིལ་གྱི་ངོས་འཛིན། རྡོ་རྗེ་རྦ་རླབས་ལམ་གསུམ་གྱི་ངོས་འཛིན་ཞིབ་ཆ། ས་བོན་དང་བག་ཆགས་ཀྱི་ཁྱད་པར་རྩ་བའི་འགྲོས་


JKT005_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་དོན་དང་འགྲོས་བཞི་ཐིམ་ལུགས། ཟུང་འཇུག་གི་ངོ་བོ་ཉིད་སོགས་ལྟ་བ་དུག་མེད་བཞིའི་ངོ་བོ་ལ་ཁྱད་ཅི་ཡོད། གདན་གྱི་ཉི་ཟླ་དང་མངོན་བྱང་གི་ཉི་ཟླ་གཉིས་གཅིག་མིན། རླུང་དབུ་མར་ཐིམ་པ་དང་རེངས་པའི་ཁྱད་པར། ལྔ་པའི་ཁྲིད་ཡིག་ཏུ་གསང་དབང་གི་ས་བརྩི་ཚུལ་གཞན་དང་མ་འདྲ་བའི་གནད། མཁྱེན་བརྩེའི་ཁྲིད་ཡིག་ཏུ་སློབ་བཤད་པ་སྦྱང་གཞི་ཕྱེད་དང་ལྔ། ཚོགས་བཤད་པ་ཕྱེད་དང་བཞི་ཞེས་པའི་ངོས་འཛིན། ཀླུ་སྒྲུབ་དང་ཀུན་གཞིའི་སྐབས་བཞེད་ཚུལ་མ་མཐུན་པའི་འགལ་སྤྱོང་། སྲུབ་ཤིང་འཁོར་ལོའི་དོན།། ༈ །།རྒྱུད་བཅོ་བརྒྱད་སྐུ་གསུང་ཐུགས་སོགས་དཔུང་འཇོག་བྱེད། ཐབས་གྲོལ་ལམ་གྱི་དོག་གནས། ཐེག་པ་ལམ་ཞུགས་ཀྱི་བཤད་པའི་དོན་གནས་ཀློང་གསལ་རྒྱུད་ཚོལ། ཡོ་ག་སྡེ་གསུམ་གྱི་ལྟ་བའི་ཁྱད་པར། དབང་། བྱིན་རླབས། རྗེས་གནང་། རིག་གཏད། སྒོམ་ལུང་༧ བཅས་ཀྱི་ཁྱད་པར། སེམས་ཀློང་མན་ངག་སྡེ་གསུམ་གྱི་ལྟ་བའི་ཁྱད་པར། བསྙེན་སྒྲུབ་ལས་གསུམ་གྱི་ཆོ་གའི་ཁྱད་པར། སྒྲུབ་ཁོག་དང་དཀྱིལ་ཆོག་དང་བསྙེན་ཡིག་སོགས་ཀྱི་ཁྱད་པར།། ༈ །།གྲུབ་མཐའ་བཞིའི་འདོད་ཚུལ་རགས་པ་ཙམ་ཞིག་གཞན་གྱི་དྲིས་ལན་དུ་བརྗོད་པ་བཞུགས་སོ།། ༈ །།ན་མོ་གུ་ར་བེ། གྲུབ་མཐའ་བཞིའི་ནང་ཚན་བྱེ་སྨྲ་བས། མུ་སྟེགས་པས་འདོད་པའི་རྟག་གཅིག་རང་དབང་ཅན་གྱི་


JKT005_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གི་བདག་དེ་ཉིད་ཕུང་པོ་ལས་གཅིག་ཐ་དད་དུ་མ་གྲུབ་པ་སོགས་ཀྱི་རིགས་པས་ལེགས་པར་བཀག་ནས། རང་གི་འདོད་པ་བརྗོད་པ་ན། ཤེས་བྱ་ཐམས་ཅད་གཞི་ལྔར་འདུས་ཤིང་། དེ་ཡང་བདེན་གྲུབ་ཏུ་བཞེད། བཟུང་བ་རྡུལ་ཕྲན་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་དོན་དམ་དུ་ཡོད་པར་འདོད་པས་མཚོན། རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཅན་གྱི་ཕྱི་དོན་རགས་པ་རྣམས་ནི་བཏགས་ཡོད་ཀུན་རྫོབ་ཀྱི་བདེན་པ་དང་། དེའང་བསྡུ་ན་འདུས་བྱས་དང་། འདུས་མ་བྱས་གཉིས་སུ་འདུ་བ་ལས། སྔ་མ་མི་རྟག་པ་དང་། ཕྱི་མ་རྟག་པའི་རྫས་སུ་ཡོད་ལ། ཆོས་ཀྱི་བདག་གཟུགས་འཛིན་གཉིས་ཀ་གཏན་ནས་མ་སྤངས་པས་མཚོན་རྣམ་གཞག་ཤིན་ཏུ་རགས་པ་ཡིན་ལ། མདོ་སྡེ་པས། རིག་མིན་གྱི་གཟུགས་མ་གཏོགས་གཟུགས་སེམས་སེམས་བྱུང་གསུམ་ཡོད་པར་འདོད་ནའང་། རིག་མིན་གྱི་གཟུགས་གཞིག་ཅིང་གཞོམ་དུ་མི་རུང་བ་དང་། ལྡན་མིན་འདུ་བྱེད་གཟུགས་སེམས་སེམས་བྱུང་གསུམ་ལས་རྫས་གཞན་དུ་མེད་པ་དང་། འདུས་མ་བྱས་རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་ཕྱིར་རྫས་ཡོད་དུ་མི་འདོད་པས་ཆོས་ཁམས་ཕྱོགས་གཅིག་བདག་མེད་རྟོགས་པས་ཁྱད་པར་དུ་འཕགས་ལ། སེམས་ཙམ་པས། ཕྱི་གཟུང་པའི་ཡུལ་སྣ་ཚོགས་སུ་ཤར་བ་ནི་རྣམ་རིག་ཙམ་ལས་དོན་གཞན་མེད་པས་རྫུན་ལ། དེར་རྫུན་པས་དེར་འཛིན་བྱེད་ཀྱི་


JKT005_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའང་རྫུན་པར་གྲུབ་པའི་ཕྱིར་ཆོས་ཀྱི་བདག་རགས་པ་སྤོང་ཡང་། གཟུང་འཛིན་གཉིས་མེད་དུ་མྱོང་བའི་རང་རིག་རང་གསལ་གྱི་ཤེས་པ་ཡོངས་གྲུབ་དོན་དམ་པའི་བདེན་པ་ཉིད་ཡོད་པར་འདོད་པས་བྱེ་མདོ་སེམས་གསུམ་ལ་དངོས་པོར་སྨྲ་བའི་གྲུབ་མཐའ་ཞེས་འཇོག་སྟེ། ཆོས་ཉིད་ཀྱི་བདེན་པ་ཇི་བཞིན་མཐོང་བའི་སྐབས་མེད་པར་བཞེད། དབུ་མ་རང་རྒྱུད་པས་ཡོངས་གྲུབ་ཀྱང་ངོ་བོ་ཉིད་ཀྱིས་མེད་པར་འདོད་པས་བདག་གཉིས་ཀ་སྤང་ནའང་ཆད་མཐར་ལྷུང་ཉེ་ལ། ཐལ་འགྱུར་བས་ཡོད་མེད་ལ་སོགས་པའི་ཁས་ལེན་ཐམས་ཅད་དང་བྲལ་བས་ན་རྒྱུའི་ཐེག་པའི་ལྟ་བའི་མཐར་ཐུག་པར་ཡོངས་སུ་གྲགས་ཤིང་གྲུབ་པ་ཉིད་དོ། །དེས་ན་ཕྱི་རོལ་པ་ཐམས་ཅད་གང་ཟག་གི་བདག་ཡོད་པར་འདོད་པ་དང་། ནང་པའི་ཐེག་དམན་ཐམས་ཅད་གང་ཟག་གི་བདག་མེད་པ་དང་། ཐེག་པ་ཐམས་ཅད་ཆོས་ཀྱི་བདག་མེད་པ་དང་། དབུ་མ་ཐམས་ཅད་སྤྲོས་བྲལ་དུ་འདོད་པས་ཁྱབ་ཅིང་། སྤྱིར་གྲུབ་མཐའ་འོག་མ་འོག་མས་དོན་དམ་མཐར་ཐུག་ཏུ་འདོད་པ་གང་ཡིན་པ་དེ་གོང་མ་གོང་མའི་རིག་པས་བཅོམ་སྟེ། དེ་ལས་ཀྱང་ཕྲ་བའི་ཨུ དོན་དམ་གཞན་ཡོད་པར་འདོད་པས་ན། འོག་མའི་འདོད་ཚུལ་ལེགས་པར་ཤེས་པ་དེ། གོང་མའི་གྲུབ་མཐའ་ཇི་བཞིན་འཇོག་ཤེས་པའི་ལམ་སྟེགས་སུ་ཤིན་ཏུ་གལ་ཆེ་བས་ན། ཕྱི་རོལ་པ་ནས་བཟུང་།


JKT005_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་ཐལ་འགྱུར་བའི་བར་གྱི་གྲུབ་པའི་མཐའི་གནད་ཐམས་ཅད་ལེགས་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱས་ཏེ། མཐར་ཐུག་བསམ་བརྗོད་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཉིད་ལ་མཉམ་པར་འཇོག་པ་ནི་ཐོས་བསམ་སྒོམ་གསུམ་འགལ་མེད་དུ་རྟོགས་པའི་ལམ་ཁྱད་པར་ཅན་ལགས་སོ། །ཞེས་པའང་རྨོངས་པ་ཨ་བྷ་ཡས་བྲིས།། ༈ །།ཁྱབ་བདག་ཞྭ་ལུ་རིན་ཆེན་བློ་གསལ་ཞབས་ནས། ངལ་བསོའི་བླ་མའི་རྣལ་འབྱོར། བསྡུ་ན་ཀུན་འདུས་ནོར་བུ་ལུགས་ཆོག །སྒྲོལ་དཀར་བུམ་ཅན་སྦྱོང་བ་བཞི་ལྡན་མིན། རྒྱུད་སྡེ་འོག་མ་ལས་ཀྱང་སྤྱིར་རླུང་འཛིན་ཚུལ་མང་དུ་གསུང་། གཏུམ་མོའི་དམིགས་པ་ཐམས་ཅད་རླུང་དང་། བསྲེ། འཕོ་བ་དང་པོ་སྒྲ། དེ་ནས་རླུང་། གོམས་ནས་གཉིས་ཀ་དགོས། བདུད་རྩི་འབེབས་སྦྱང་གཤར་བགེགས་ཆེ། འོད་ཟེར་ལས་དང་པོ་ལ་བདེ། རྩ་བཀའ་བརྒྱུད་ལུགས་གེགས་ཆུང་། ས་ལུགས་ཝཱ འབྲིང་། དགེ་ལུགས་ཆེ། ཡོན་ཏན་སྐྱེ་གྱུར་བུལ་ཀྱང་དེ་དང་འདྲ། དང་པོ་བསྒོམ་ཚུལ། བར་པ་གནས་ཚུལ། ཕྱི་མ་ཆགས་ཚུལ་ཡིན། འོག་རླུང་དང་པོར་འཐེན་པ་གེགས་ཆེ། དང་པོར་སྟེང་རླུང་རྔུབ། དེ་ནས་འོག་རླུང་ཅུང་ཟད་འཐེན་པ་ཁ་སྦྱོར་གྱི་ཚུལ་ལོ།། ༈ །།སེམས་ཉིད་ངལ་གསོའི་ཁྲིད་ཀྱི་སྐབས། ཤིང་གཏན་ནི་ཨོག་མཁར། བསམ་གཏན་གྱི་རོལ་པའི་འདུག་སྟངས་ནི། གྲུབ་ན་རྣམ་སྣང་ཆོས་བདུན་


JKT005_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། འཕགས་ཡུལ་གྱི་གྲུབ་ཆེན་རྣམས་ཀྱི་བཞེད་པ་ཉིད་ཁོ་ན་ཡིན་མོད། མ་གྲུབ་ན་སེམས་དཔའི་སྐྱིལ་ཀྲུང་སོགས་རང་ཉིད་གང་བདེ་བས་རུང་། སྐྱབས་ཡུལ་གྱི་གདན་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིར་སྣ་ཚོགས་པདྨའི་ལྟེ་བ་དང་མཉམ་པའི་ཟླ་གདན། དེའི་དབུས་སུ་རྩ་བའི་བླ་མ། སེང་ཁྲིའི་མཐའ་སྐོར་དུ་དེ་ལས་ཅུང་དམའ་བའི་སེང་ཁྲིའི་སྟེང་བརྒྱུད་པའི་བླ་མ་རྣམས་བསྒོམས། དེའང་སྐུ་འོལ་སྤྱི་ཙམ་དེ་དང་དེའི་མངོན་རྟོགས་བཞིན་ལ། རྣམ་པ་མཚན་དཔེས་བརྒྱད་པ་ཁོ་ནར་བསྒོམས་པ་རྟེན་འབྲེལ་གྱི་གནད་དུ་ཆེ་གསུངས། སྐྱབས་གསོལ་གྱི་ཚིག །ས་ལུགས་ལྟར་ན། བླ་མ་དང་དཀོན་མཆོག ། སོགས་ཡིན་ཀྱང་། བུ་ལུགས་ལ། བླ་མ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག །སོགས་བརྗོད་གསུང་། ཕྱག་འཚལ་བའི་སྐབས། ལུས་གྲངས་མེད་པ་མགོ་གྲངས་མེད་པ་སོགས་སྤྱི་ལྟར་གསུམ། ཡན་ལག་བདུན་པའི་ཚིག་ཇི་སྙེད་སུ་དག་ཚང་མ་ཅིས་ཀྱང་དགོས། དེ་མིན་ཀྱང་། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སོགས་བསྡུས་པ་གཞན་བྱ་གསུང་། མཎྜལ་ཚོམ་བུ་བདུན་མ་སོགས་དང་། བདག་གཞན་ལུས་ངག་ཡིད་གསུམ། སོགས་ངེས་པར་སྦྱར་གསུངས། རྡོ་རྗེ་སེམས་དཔའི་ཐུགས་ཀའི་ཧཱུཾ་དེ། བླ་མ་རྡོར་སེམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སུ་བསྒོམས་ནས། སྔགས་ཕྲེང་གི་འོད་ཀྱིས་


JKT005_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བརྒྱུད་བསྐུལ་བར་བསྒོམ་གསུང་། བླ་མའི་རྣལ་འབྱོར་སྐབས། བླ་མ་སོགས་སོ་སོའི་མངོན་རྟོགས་སྐུར་གསལ། བླ་མ་ནམ་མཁའ་ལ་རང་མལ་དུ་བསྒོམ་པ་ཁྲོ་ཕུའི་ཁྲིད་ཕལ་ཆེར་ལས་འབྱུང་ཞིང་། གཅིག་ལ་གཅིག་བསྟིམ་སོགས་ཀྱང་མི་རུང་བ་མ་ཡིན་གསུང་། གཉུག་མ་ངོ་སྤྲོད་པའི་ཚིགས་སུ་བཅད་པ་ལྔ་ནི། བུ་སྟོན་ཁྱོད་གང་རྣམ་པར་རྟོགས། ཅེས་སོགས་བརྩམས་ཏེ་ཤོ་ཀ་ལྔའོ། །བླ་མ་ཐོ་བརྩེགས་སུ་བསྒོམས་པ་སོགས་གང་གི་སྐབས་ཀྱང་། གསོལ་འདེབས་གནས་སྦྱར་མ་དང་འབྲེལ་ན་སོ་སོའི་ཞིང་ཁམས་དང་བཞུགས་གནས་སོགས་ཀྱང་གསལ་ཐུབ་ན་ལེགས་པས། འདིར་ནམ་མཁའི་དབྱིངས་མཐོན་པོར་འོག་མིན་གྱི་ཞིང་ཁམས་བཀོད་པ་ཚད་མེད་པའི་དབུས་དྲུག་པ་རྡོ་རྗེ་འཆང་། དེའི་གཡས་འོག་ཏུ་པོ་ཏཱ་ལའི་རི་རྩེར་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་དུ་འཕགས་པ་སེམས་ཉིད་ངལ་བསོ། །གཡོན་འོག་ཏུ་ལྷ་གནས་སྤྲུལ་པའི་གཞལ་ཡས་ཁང་བྱང་སེམས་བློ་གྲོས་རིན་ཆེན། པོ་ཏཱ་ལའི་འོག་ཏུ་ཤར་སྒྱུ་འཕྲུལ་སྤྲུལ་པའི་གྲོང་ཁྱེར་དུ་ཏེ་ལོ་པ་སོགས་རིམ་པར་ཕན་ཚུན་རེས་མོས་སུ་གསལ་བཏབ། དེའང་འོལ་སྤྱི་ཙམ་དུ་ཞིང་སོ་སོ་ལ། རྣམ་པར་དག་པའི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པར་མོས། མཐར་རང་གི་སྤྱི་གཙུག་ཏུ་རྩ་བའི་བླ་མ་བཞུགས་གནས་བཅས་གསལ་གསུང་། འདི་སྐབས་སྐབས་ལས་དུས་


JKT005_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དཀྱུས་བཞིན་གྱིས་གསལ་གསུང་། དངོས་གཞིར་སྤྱིར་རྒྱུད་གསུམ་པའི་རྣལ་འབྱོར་གྱི་རྒྱུད་ཡན་ཆད་སྤྱི་ལ་ཁྱབ་པའི་ཆོས་སྐད་ཡིན་ཚུལ། དེ་ལ་སོ་སོའི་ཐ་སྙད་དང་དོན་གྱི་འཇོག་ཚུལ་ཅུང་ཟད་མི་འདྲ་བ་ཡོད་ཚུལ་སོགས་གསུང་ནས། དེ་ལྟ་བུའི་རྒྱུད་གསུམ་གྱིས་ཐོས་བསམ་གྱི་སྒྲོ་འདོགས་བཅད་ནས་ཉམས་སུ་བླངས་པའི་ཚུལ་ལ་བལྟ་སྒོམ་གཉིས་ལས། དང་པོ་ལ་ཡུལ་རང་བཞིན་ཉམས་དགའ་བར་བཞག་པ་དབུ་མ་སོགས་ཀྱི་ལྟ་ཁྲིད་དང་། ཡུལ་ཅན་གཉིས་མེད་ཀྱི་ཡེ་ཤེས་ལྟ་བར་བཞག་པ་འདི་པའི་ལུགས་གཉིས་ལས། ཕྱི་མ་ཁྲིད་གཞུང་ལྟར་ཉམས་སུ་བླངས་པས། ཉམས་མྱོང་ནང་ནས་ཤར་ཏེ་རྨི་ལམ་གྱི་སྣང་བ་གཉིད་སད་མ་ཐག་ཅི་ཡང་མེད་པ་རང་ཡལ་ལ་འགྲོ་བ་ལྟར། སྣང་བ་ཐམས་ཅད་བདེན་མེད་དུ་བུན་ལོང་གིས་ཤར་ནས་རང་གི་སེམས་ཀྱི་རྣམ་འཕྲུལ་ཐག་ཆོད་པ་སེམས་ཙམ་པའི་ལྟ་བ། དེ་ལྟར་མྱོང་མཁན་གྱི་ཤེས་པ་སྐྱེ་འགགས་གནས་གསུམ་གྱིས་སྟོང་པར་རྟོགས་པ་དབུ་མ་པའི་ལྟ་བ། དེའང་བླ་མའི་བྱིན་རླབས་ཀྱིས་རང་བཞིན་བརྗོད་བྲལ་དུ་ཉམས་སུ་མྱོང་བ་གསང་སྔགས་ཐུན་མོང་མ་ཡིན་པའི་ལྟ་བ་སྟེ། དེའི་རྒྱུན་བསྒོམ་པས་ཉམས་སུ་བླངས་པའི་སྐབས། དཔེ་དང་པོ་ནི་རལ་བསྐོར་མཁན་དང་། མདའ་མཁན་གྱི་གཏམ་རྒྱུད་གསུང་སྟེ། དེའང་ཁོང་གཉིས་ཁྱིམ་གཞིས་བུ་སྨད་བཅས་རྒྱལ་དུ་བཞག་ནས་སྒྱུ་རྩལ་


JKT005_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

འགྲན། མདའ་བརྒྱ་དང་བཅོ་ལྔ་གྲངས་ཚད་དུ་བཞག་པས། རལ་བསྐོར་མཁན་གྱིས་བསྒྲིམ་སྟེ་བསྐོར་བས། མདའ་བརྒྱ་དང་བཞི་འཕངས་ཀྱང་མ་ཕོག །དེ་མཚམས་མདའ་མཁན་གྱིས་བཞག་ནས་ནང་དུ་ཕྱིན། ཆུང་མར་ལོ་རྒྱུས་བསྙད་པས་ཐབས་ཡོད་ཟེར། སང་སྔར་གྱི་འཕྲོས་ནས་འཕངས་པའི་ཚེ། ཆུང་མས་ཆ་ལུགས་ཡ་མ་ཟུང་ཞིག་བསྒྲིགས་ནས་ཕྱིན་པས་རལ་མཁན་དེར་མིག་ཡེངས་པའི་བར་མདའ་སྙིང་གར་རྒྱབ་པས། བདག་ནི་མདའ་ཡིས་མ་བསད་དེ། །དྲན་དང་ཤེས་བཞིན་ཉམས་པས་བསད། །དྲན་དང་ཤེས་བཞིན་རྟག་ཏུ་སྲུང་། ཞེས་ཟེར་ནས་ཤི་སྐད། དཔེ་དེ་བཞིན་དྲན་པ་ཉམས་པས་ཆོས་ཀུན་འཇིག་ཟློཔར་འགྱུར་པས་དྲན་པ་ཧྲིལ་གྱིས་བསྒྲིམ་ལ་བསྒོམ། །བར་དུ་གླང་པོ་ཆེ་སེམས་ཅན་ཅང་ཤེས་པ་ཡིན་པས། ལེགས་པ་ཡུལ་ནས་ལམ་ལ་འགྲོ་བའི་སྐབས་ཅུང་ཟད་མ་བྱུང་བའི་ཚེ་ལྕགས་ཀྱུ་སོགས་ཀྱིས་བཏབ་པས་ལམ་དུ་ཆུད་འགྲོ། ལེགས་པར་འགྲོ་བའི་སྐབས་ད་དུང་བསྡུས་ནས་གང་མིན་དུ་འགྱུར་བ་བཞིན་དང་། ཐ་མ་གཟིངས་ཏེ་རྒྱ་མཚོ་ལས་ཉིན་ལམ་གཅིག་གཉིས་བར་ཕུག་རོན་སོགས་བཅའ་ག་ལེགས་པོ་མ་བྱས་ན་སླར་ལོག་འགྲོ། དེ་ནས་བཅའ་ཁ་མ་བྱས་ཀྱང་འདབ་ཆགས་ཉམ་ཆུང་བ་དང་། གཤོགས་རྩལ་ཟད་པས་ཕྱོགས་ཐམས་ཅད་ནས་བསྐོར་ནས་གྲུ་གཟིངས་ལ་བབས་པ་བཞིན་ཡེངས་དང་མ་ཡེངས་མེད་


JKT005_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཆོས་ཉིད་ཀློང་དུ་གྱུར་ན་རྣམ་རྟོག་རང་གྲོལ་ལ་འགྲོ་བའོ། །དེས་ན་དཔེ་དོན་འདི་རྣམས་ལ་ལེགས་པར་དཔྱད་ནས་ཉམས་སུ་བླང་བར་བྱའོ། ༈ །གཞི་ལམ་འབྲས་བུའི་དྲིས་ལན་གྱི་ས་བོན་ཤིན་ཏུ་བསྡུས་པ་དགེ །ལགས་རིན་པོ་ཆེར། རིང་མོའི་དུས་ནས་གཞི་ལམ་འབྲས་བུའི་དྲི་བ་རིན་པོ་ཆེའི་ཅོད་པན་སྤྱི་བོར་སྩལ་བས་སྐལ་པ་ཤིན་ཏུ་བཟང་ནའང་། གུས་པ་ཧ་ཅང་མི་མཁས་ཤིང་མ་སྦྱངས་པས་དྲི་བ་རང་གི་དངོས་བསྟན་ཙམ་གྱི་དོན་ཡང་མ་གོ་བར་ནོར་སྐྱོང་གི་མདུན་དུ་རྩྭ་བཞག་པ་ལྟར་གྱུར་ན་ལན་ལྡོན་པ་ལྟ་ཅི་སྨོས། འོན་ཀྱང་སྐྱེས་བུ་དམ་པའི་བསྒོ་བ་རྣར་གཟོན་བགྱིད་པའང་ཕོངས་ནས་གང་དྲན་ཨཱི འཛེམ་མེད་དུ་ས་བོན་ཙམ་ཞུ་ན། སྤྱིར་གཞི་ནི་སྦྲ་ནའི་སྒྲ་ལས་དྲངས་ན་གཞི་དང་། རྟེན་དང་། གནས་སོགས་ལ་འཇུག་པས་ལམ་འབྲས་ཀྱི་རྟེན་དུ་གྱུར་པ་ཞིག་ལ་ངོས་འཛིན་ཕྱིར། འདི་ར་ཟུང་འཇུག་འདུས་མ་བྱས་པའི་ཡེ་ཤེས་རྒྱུན་ཆགས་པ་ལ་བཞེད། ལམ་ནི། མཱ་ན་ཞེས་པའི་སྒྲ་ལས་དྲངས་ན་རྗེས་སུ་ཚོལ་བར་འཇུག་པས། འབྲས་བུ་རྗེས་སུ་ཚོལ་བས་ན་ལམ་དང་། དེ་ལའང་དམིགས་ཡུལ་གྱི་འབྲས་བུ་གསུམ་ལ་དེ་དང་རྗེས་སུ་མཐུན་པའི་ལམ་གསུམ་དུ་འགྱུར་བ་ལས། འདིར་རེ་ཞིག་རྫོགས་བྱང་ཆེན་པོའི་འབྲས་བུར་དམིགས་པ་ལ། ཐབས་ཤེས་རྒྱ་ཆེ་བ་དང་ཟབ་པ་དག་གིས་ཁྱད་པར་དུ་བྱས་པ་ལ་འདོད།


JKT005_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ནི། ཕཱ་ལ་ཞེས་པའི་སྒྲ་ལས་དྲངས་ན་རྫོགས་པ་སྟེ། ལམ་གྱི་བྱ་བ་ཡོངས་སུ་རྫོགས་པ་ལ་འཇུག་པས། འདིར་སྤངས་རྟོགས་ཕྲིན་ལས་མཐར་ཕྱིན་པའི་གོ་འཕང་ལ་འཇོག །དེ་ལྟར་སྤྱིར་ངེས་པས་སྐབས་དོན་བྱེ་བྲག་ཏུ། ༈ །།གཞིའི་སྐབས། གཤེགས་སྙིང་ལ་ཀུན་གཞིའི་སྒྲས་སྨོས་པ་ནི་རེ་ཞིག་དྲང་བའི་དབང་དུ་མཛད། བདེ་གཤེགས་སྙིང་པོ་ནི་ས་བོན་གྱི་ཆ་ནས་འཇོག །ཆོས་དབྱིངས་ཡེ་ཤེས་ནི་སྟོང་པའི་ལྡོག་པ་དང་། རང་རིག་གསལ་བའི་ལྡོག་ཆ་ནས་དབྱེ། །བདེན་གྲུབ་ནི་འགྱུར་བ་མེད་པའི་ཆ་ནས་བཏགས། མ་རིག་པ་གཞོམ་དུ་མེད་པའང་དྲི་མ་དང་ལྷན་ཅིག་མི་འདུ་བས་བརྗོད། ཟུང་འཇུག་འདུས་མ་བྱས་པ་ནི་ཁས་ལེན་པའི་གནས་ལུགས་ཀྱི་མཐར་ཐུག་ཏུ་འཇོག །ལུང་མ་བསྟན་ནི་རང་གི་ངོ་བོ་འདུས་མ་བྱས་པའི་ཕྱིར་ལས་མིན། དེ་མ་ཡིན་པས་དགེ་སྡིག་གང་དུའང་མི་འགྱུར་བའི་ཕྱིར་བཏགས། རང་བཞིན་གནས་རིགས་འདུས་མ་བྱས་པ་ནི་དངོས་དང་། འདུས་བྱས་ནི་རྒྱས་འགྱུར་ལ་དེར་བཏགས། དེ་ལྟར་ན་འཐད་མིན་དང་དྲང་ངེས་སོགས་ཅིར་འགྱུར་ཇི་སྐད་སྨོས་པ་རྣམས་ཀྱིས་དགོངས་མཆི། མདོ་སྔགས་སོ་སོར་དགོངས་གཞི་གཅིག་ཀྱང་འཆད་ཚུལ་མི་འདྲ་བ་བག་རེ་ཡོད་པ་གཞིར་བཅས། གནས་རིགས་ཟུང་འཇུག་འདུས་བྱས་དང་འདུས་མ་བྱས་གཉིས་སུ་མ་ངེས་གསུངས་པའང་མཁས་པའི་རྣམ་དཔྱོད་


JKT005_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཕྲུལ་ཆེན་པོར་གོ་སྟེ། ཇི་སྐད་དུ། འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ཀྱང་ཇི་ལྟར་གྲུབ། །ཅེས་པ་ལྟར་རང་བཞིན་གནས་རིགས་འདུས་བྱས་པ་ཡིན་ན། འདུས་མ་བྱས་ཀྱང་མ་ཡིན་ཏེ། འདུས་མ་བྱས་དང་འདུས་བྱས་ཕན་ཚུན་ལྟོས་གྲུབ་ཡིན་པའི་ཕྱིར། དེས་ན་བསམ་གྱིས་མི་ཁྱབ་པའོ། །འོ་ན་རང་ལུགས་འདུས་མ་བྱས་སུ་ཁས་བླངས་པ་ཉམས་པར་འགྱུར་རོ་སྙམ་ན། དེ་ནི་དཔྱད་པ་དང་། སྔ་མ་ནི་ཤིན་ཏུ་དཔྱད་པའི་གནས་སྐབས་ལ་ལྟོས་ཕྱིར་འགལ་བ་ཅུང་ཟད་ཙམ་ཡང་མེད་དོ། །དེས་ན་འཇམ་མགོན་བླ་མའི་ལེགས་བཤད་གནས་སྐབས་གསུམ་དུ་དབྱེ་བ་འདི་ནི་ཀུན་ལ་གཅེས་པའི་ལྡེའུ་མིག་གོ། ༈ །།ལམ་གྱི་སྐབས་མེད་དགག་ནན་འཛིན་ཀྱང་རེ་ཞིག་ལས་དང་པོ་པས་སྟོང་ཉིད་དོན་སྤྱིའི་རྣམ་པས་ཡིད་ལ་བྱེད་པའི་ཚེ་འགལ་བ་མེད། རིག་ཚོགས་ཀྱི་དགོངས་པ་ཕྱོགས་གཅིག་པའང་དེ་ཀ་ལས་མ་འདས། མ་ཡིན་དགག་ནི་མེད་དགག་གི་ཞེན་པ་སེལ་བའི་ཆེད་དུ་སྟེ། སྤྲོས་བྲལ་དང་རྟེན་འབྲེལ་ལའང་དེས་ཁྱབ། དམིགས་བསལ་བདེན་གྲུབ་ཏུ་སྒྲུབ་པ་སོགས་ནི་ཉམས་མྱོང་ཙམ་ལ་དགོངས་མཆི། ཟུང་འཇུག་ཅེས་པ་གཙོ་ཆེར་སྔགས་ཀྱི་ཆོས་སྐད་ཡིན། སྤྲོས་བྲལ་ནི་སྤྱིར་བཏང་། འཛིན་མེད་བརྗོད་པ་ལ་རབ་ཏུ་མི་གནས་པ། ཡིད་ལ་མི་བྱེད་པ་སོགས་ནི་སྤྲོས་བྲལ་དུ་ཞེན་པ་སྤོང་པའི་ཆེད་ལགས། འོན་


JKT005_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ནང་གསེས་སུ་དབྱེ་བ་མང་། མཐའ་བཞི་ལས་གྲོལ་དང་། སྤྲོས་བྲལ་ནི་ཚིག་རྒྱས་བསྡུས་ཙམ་དུ་བས་སོ། །དེས་ན་རང་ལུགས་ཕར་ཕྱིན་གྱི་སྐབས་སུ་མཐའ་བཞི་སོགས་སྤྲོས་པ་མཐའ་དག་ལས་འདས་པ་དང་། སྔགས་སུ་བརྗོད་བྲལ་ཟུང་འཇུག་འདུས་མ་བྱས་པའི་ཡེ་ཤེས་རྒྱུན་ཆགས་པར་བཞེད་ཀྱང་། བཤད་པ་དང་ཉམས་མྱོང་གི་ངོས་སྐལ་ལས་དོན་གཅིག་ཏུ་འབབས་པའི་འཐད་པ་རྒྱ་ཆེར་སྤྲོར་ཡོད། ཡུལ་སྤྲོས་བྲལ་དང་། ཡུལ་ཅན་ཡེ་ཤེས་གཉིས་ཇི་སྲིད་གཟུང་འཛིན་དུ་སྣང་བ་དེ་སྲིད་ཡེ་ཤེས་ལྟ་བ་མིན་པར་བཞེད་དེ། མིག་གིས་གཟུགས་ལ་ལྟ་བའི་ཚེ་གཟུགས་ཉིད་ལྟ་བར་འཇོག་གི་མིག་ལྟ་བར་མི་འཇོག་པ་བཞིན་ནོ་སྙམ་དུ་དགོངས། མཐར་ཐུག་ཡུལ་ཡུལ་ཅན་ནམ་ཤེས་བྱ་དང་ཤེས་པ་རོ་གཅིག་པའི་སྐབས་སུ་ནི་དེ་འདྲའི་རྣམ་བཞག་བྱར་མེད། འོན་ཀྱང་མངོན་པ་ལས་ཤེས་རབ་དང་ལྟ་བ་གཅིག་ཏུ་བཞེད་པ་ལྟར་། ན་སྔ་མ་ལའང་དཔྱད་བྱར་ཡོད་དེ་ཞིབ་ཏུ་དགོངས་འཚལ་ལོ།། ༈ །།འབྲས་བུའི་སྐབས་སུ། སྤྱིར་འཆད་ཚུལ་མང་བ་བཀའ་ཕེབས་ལྟར་ལགས་རུང་། རང་ལུགས་ཀུན་མཁྱེན་ཆེན་པོའི་སྡོམ་གསུམ་ཁ་སྐོང་དུ་ལེགས་པར་གཏན་ལ་ཕབས་པའི་དོན་འགྲེལ་པ་དག་གིས་བཀྲལ་བ་ལས་ལྷག་དོན་ཞུ་རྒྱུ་མ་མཆིས་མོད། དེ་ལའང་འགལ་སྤོང་སོགས་ཞིབ་ཆའི་མཐའ་དཔྱོད་དགོས་པ་མང་ནའང་རེ་ཞིག་མ་སྤྲོས་སོ། །ཞེས་


JKT005_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པའང་མང་དུ་ཐོས་ཀྱང་བསམ་སྒོམ་གྱིས་དབེན་པའི་ཀུན་རྨོངས་མཉྫུགྷོ་ཥས་རང་བློར་གང་དྲན་གྱི་ས་བོན་དཀྱུས་གཅིག་ཏུ་མགྱོགས་པར་བྲིས་ཏེ་ཕུལ་བ་དགེ། ༈ །།ཇི་ཕེབས་བཀའ་འདྲི་གནང་ལན་མདོ་ཙམ། ཕུན་སུམ་ཚོགས་ཞེས་པའི་གསུམ་ནི་མང་ཚིག་སྤྱི་སྒྲ་ཙམ་ལས་གྲངས་གནས་གསུམ་གྱི་ངེས་ཚིག་དང་སྦྱར་བ་སྔར་མ་མཐོང་། སེམས་ཅན་དང་། སྲོག་དང་། གང་ཟག་དང་། གསོ་བ་པོ། བྱེད་པ་པོ། ཤེས་པ་པོ། བདག །བདག་འཛིན་སོགས་དོན་གཅིག་ལ་སེམས་ཅན་རྣམས་ཀྱིས་བདག་ཏུ་འཛིན་པའི་འཛིན་སྟངས་ཀྱི་རྣམ་པ་ཐ་དད་པ་རེ་ཡོད་པའི་ཆ་ནས་དེ་དག་སྟོང་པར་གཏན་ལ་དབབ་པའི་ཆོས་ཀྱི་རྣམ་གྲངས་བསྐྱར་ནས་མདོ་སྡེ་རྣམས་སུ་གསུངས་པ་ལྟར་ལགས། ཨེ་མ་དངུལ་ཆུ་བས་ཀྱང་སོགས་གསུངས་པ་ཚིག་སྣ་བསྡུས་པའི་དབང་ལས། དངུལ་ཆུ་ཟ་བ་ལས་ཀྱང་འཚེར་གསུངས་པ་མིན་ནམ་སྙམ་པ་ལས་དེའི་རྒྱུ་མཚན་དམིགས་བསལ་མ་ཐོས། ཨརྒྱུ་མཆོད་ཡོན་ལ་འཇུག་ཅིང་། དེའང་ཆང་དང་འོ་མ་བསྲེས་པ་དེ་ཕྱི་གཙང་རིགས་ཀྱི་ལྷ་ལ་མཆོད་དུས་ཨགྷཾ་དཀར་པོ་ཟེར། ཆང་དང་རཀྟ་བསྲེས་པ་ཨཧཱུྃ་དམར་པོ་ཟེར་ཞིང་དྲེགས་བྱེད་ནག་ཕྱོགས་ལ་འགྲོ་བ་ལགས། དྲང་སྲོང་རི་ཊིའི་ལོ་རྒྱུས་ཀྱི་ལུག་ཐུག་པོ་ཟེར་བ་ཕོ་ལུག་འོག་ཡོད་ཐུག་རེ་ཟེར་བ་དེ་ཡིན་ལ། གཅན་ཅེས་པ་སྡེར་ཆགས་སམ་རྔོན་པ་དང་།


JKT005_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

གཟན་ཅེས་པ་ཤ་ཁྲག་གི་གཟན་ཚོལ་བ་ལ་འཇུག་པས་ཡིག་སྡེབ་ལ་གཅན་གཟན་བྲི་དགོས་པ་ལགས། ཅེ་སྤྱང་རྒྱ་གར་དུ་ཅུང་འདྲ་མིན་ཡོད་འདུག །བོད་དུ་སྤྱང་ཀི་དང་གཅན་གཟན་སྤྱི་ལ་འཇུག་པའི་སྐབས་ཀྱང་སྣང་། སྟོད་འགྲེལ་དྲུག་ཅུའི་ལོ་མིང་རྒྱུ་མཚན་གང་ལས་བཏགས་པའི་སྒྲ་བཤད་མ་མཐོང་ཡང་། ལོ་དེར་མིང་དེ་དང་མཐུན་པའི་འབྲས་བུ་འབྱིན་པ་ནི་བཤད་འདུག་པས་དེ་འདྲའི་དོན་སྦྱར་ཡིན་ནམ། སེ་ཞིག་སོགས་ནི་རྒྱ་ནག་སྐད་ཟུར་ཆག་པ་ཁོ་ན་ཡིན་ཏེ་ཟུར་བརྒྱུད་མིང་པཱ་ཀ་ལ་སྤར་ཁ་ཟེར་བ་བཞིན་ནོ། །གྲོ་ནི་དངོས། ཇུ་ཙེ་ཁྲེ་དང་ཙི་ཙི། དཀར་མོ་ནས་འབྲས་ལ་ཟེར་བ་ལགས། སྡིག་བཤགས་མནའ་བཤགས་འབུམ་ཆུང་སོགས་ཇི་གསུང་ལྟར་ཁོ་ན་ལགས་པས་མཁས་པ་ཚད་མ་རྣམས་ཀྱིས་བཀའ་འགྱུར་གྲལ་ནས་ཕུད་པའང་དེ་དོན་ལགས། རྡུལ་མུན་སྙིང་སྟོབས་གསུམ་ནི་རིམ་བཞིན་འདོད་ཆགས་གཏི་མུག་ཞེ་སྡང་གསུམ་ལ་ཟེར། འཁོར་ལོ་དྲུག་ནི་གཙུག་ཏོར། སྤྱི་མགྲིན། སྙིང་ལྟེ་གསང་གནས་བཅས། ཀུན་དགའི་རེ་མིག་ནང་། ཨ་ལཾ་བུ་ཀ་བོད་སྐད་བསྒྱུར་མ་བཏུབ་པ་ཡིན་འདུག །དོན་དྲག་ཤུལ་ལྟ་བུ་ཞིག་ལགས། གཞན་རྣམས་ལྟས་ཆེན་པོ། རྩ་བ་ནས་བཏོན་བྱེད། གཞོན་ནུ་ལྟ་བུ་ཟེར་བ་ལགས། །གནམ་དཀྱིལ་དགུ་ཚིགས་ཟེར་བ་འདི་ལ་ཕྱི་པའི་གཞུང་དུ་གཏན་ཚིག་དང་དེའི་ལྷ་བསྒྲུབ་རྒྱུ་སོགས་ཡོད་པར་
སྣང་། ནང་པའི་གཞུང་ཚད་ལྡན་རྣམས་སུ་མ་བཤད། སྐར་མདས་སེམས་ཅན་གསོད་པ་དེ་བཞིན། གློག་གམ་ཐོག་དང་། མཁའ་ལྡིང་གིས་གནོད་པ་བསྐྱལ་བ་དེ་རིགས་ཡུལ་དང་དུས་ཁ་ཅིག་ཏུ་འབྱུང་བར་སྣང་། མུ་ཐི་ལ་རིན་པོ་ཆེའི་རིགས་ཀྱི་བྱེ་བྲག་ཏུ་སྣང་ལགས།།

འཆི་མེད་འཕགས་མའི་སྙིང་ཏིག་གི་བསྙེན་སྒྲུབ་ལས་བརྩམས་པའི་དྲིས་ལན།


JKT005_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་འཕགས་མའི་སྙིང་ཏིག་གི་བསྙེན་སྒྲུབ་ལས་བརྩམས་པའི་དྲིས་ལན་ཅུང་ཟད་བཞུགས་སོ།། ཨོཾ་སྭ་སྟི་སིདྡྷཾ། འཆི་མེད་ཟླའཕགས་མའི་སྙིང་ཏིག་གི་བསྙེན་པའི་སྐབས། ལམ་མོས་སྒོམ་གཙོ་བོར་བཏོན་པའི་དབང་དུ་བྱས་ནས་བསྙེན་སྒྲུབ་ལས་གསུམ་དང་སྦྱར་བའི་བསྙེན་པ་དཀྱུས་མ་དང་། ངེས་རྫོགས་ཁྱད་པར་ཅན་གྱི་དབང་དུ་བྱས་ན། བསྙེན་སྒྲུབ་ཡན་ལག་བཞིའི་སྒྲོམ་ནས་འདོན་པ་སོགས་རྣམ་བཞག་མང་པོ་མཆིས་ཀྱང་། སྐབས་དོན་ལས་བྱང་རང་གིས་དངོས་བསྟན་ཙམ་གྱིས་བསྙེན་སྒྲུབ་ལས་གསུམ་ལ། དུས་གྲངས་རྟགས་གསུམ་ལས། དུས་དབང་པོ་རབ་ཀྱི་དབང་དུ་བྱས་ཏེ། བསྙེན་པ་ལ་བདུན་གསུམ། བསྒྲུབ་པ་ལ་བདུན་གཅིག་ལས་སྦྱོར་ལ་ཞག་གཅིག་བཅས། དངོས་གྲུབ་བླང་བ་དང་བཅས་ཟླ་བ་གཅིག་ཏུ་གསུངས། འབྲིང་ལ་དེ་སུམ་འགྱུར་དུ་བྱས་པས་ཟླ་བ་གསུམ། ཐ་མ་ཟླ་བ་དྲུག་ཤུགས་ཀྱིས་ཐོབ། གྲངས་བསྙེན་ཀྱང་རབ་འབྲིང་ཐ་མའི་དབང་པོའི་ངོ་སྐལ་དུ་བྱས་ན། དེ་དང་དེའི་དུས་ཀྱི་ཡུན་ཚད་ལ་ཇི་ཙམ་འགྲུབ་པ་


JKT005_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་མོད། སྤྱིར་བཏང་གྲངས་གཙོ་ཆེ་བའི་དབང་དུ་བྱས་ན། གཙོ་མོའི་ཡིག་བཅུ་འབྲུ་འབུམ། དྲིལ་སྒྲུབ་ཀྱི་བསྙེན་སྔགས་འབྲུ་བཅུ་དགུ་པ་འབུམ་ཕྲག་བདུན། ཡེ་ཤེས་སེམས་དཔའ་དང་། སྤྲུལ་པའི་སེམས་མའི་སྔགས་འབུམ་ཕྲག་བཞི་རེ། སྒྲོལ་མ་རིགས་བཞིའི་སྒྲུབ་སྔགས་འབུམ་ཕྲག་རེ་རེ། ལས་སྦྱོར་སྒོ་མ་བཞིའི་སྔགས་ཁྲི་ཕྲག་བཞི་རེ་ལས་ཉུང་མཐའ་བྱས་པ་བཟླས་ནས་གྲངས་བསྙེན་འབྲིང་པོ་དང་། དུས་བསྙེན་དབང་པོ་འབྲིང་གི་ཟླ་བ་གསུམ་དང་གཞི་མཐུན་པར་འགྱུར་བ་ཤིན་ཏུ་ལེགས། ལས་རུང་ཙམ་ལ་ནི་གཙོ་མོའི་ཡིག་བཅུ་འབུམ་ཕྲག་བཞི། དྲིལ་སྒྲུབ་འབུམ་ཕྲག །ཡེ་སེམས་དང་སྤྲུལ་པའི་སྔགས་ཁྲི་བཞི། སྒྲུབ་སྔགས་ཁྲི་རེ། ལས་སྦྱོར་ཉིན་གཅིག་ཅི་འགྲུབ་བྱས་པས་དབང་པོ་རབ་ཀྱི་དུས་བསྙེན་དང་གཞི་མཐུན། རྟག་བསྙེན་རབ་འབྲིང་ཐ་གསུམ་ནི་སྤྱི་ལྟར། དངོས་གྲུབ་ལེན་ལུགས་ནི། ཁྱད་པར་བ་ལ་སྒྲུབ་ཆེན་ཁོག་འབུབས་དང་སྦྱར་བའི་ཚུལ་ཡོད་ཀྱང་། དཀྱུས་ཙམ་ལ་ལས་སྦྱོར་གྱི་སྔགས་གྲངས་དེ་རིང་ཐེམས་པའི་ནངས་པར་སྔ་བར་མཆོད་གཏོར་སོགས་གསར་པ་བཤམས། དངོས་གྲུབ་ཀྱི་རྫས་འདུ་བྱ། བཟླས་པ་རྫོགས་ནས་སྟོང་ཚིག་གིས་མཆོད་བསྟོད་རྗེས། དངོས་གྲུབ་བསྐུལ་བའི་ཛཔྲ་དྲིལ་སྒྲུབ་མཐར། ཀཱ་ཡ་ཝཱ་ཙིཏྟ་སོགས་བཏགས་པ་ཅི་རིགས་པ་བཟླ། དེ་ནས་ཡེ་ཤེས་སྐུ་མཆོག་གི་བཤགས་པ་དང་།


JKT005_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་བྱིན་འབེབས་བཅས་སྔོན་དུ་འགྲོ་བས། མཆོད་བསྟོད་རྒྱས་པའི་མཐར། ཨོཾ་རྗེ་བཙུན་མ་འཕགས་མ་སོགས་ཀྱིས་དངོས་གྲུབ་གསོལ་ཏེ། དམིགས་པ་སྤྱི་ལྟར་དང་བཅས་བུམ་པ་མགོ་ཐོག་བཞག་ཅིང་བུམ་ཆུ་མྱང་། བདུད་རྩི་མགྲིན་པར་བཞག་ཅིང་རོལ། ཚེ་འབྲང་སྙིང་གར་བཞག །ཐོད་པའི་རྫས་མྱང་ཞིང་ལྷག་མ་ཡུན་དུ་བསྟེན་པ་སྤྱི་ལྟར། དེ་ནས་ཚོགས་མཆོད་རྒྱས་པས་མཚོན་ལས་མཇུག་བསྡུ་བ་ལགས།། ༈ །།དཀྱིལ་འཁོར་ཞི་དཀྱིལ་རྟ་བབ་རྣམ་བརྒྱད་པ་སྤྱི་འགྲེ། འདོད་སྣམ་དམར་པོ་མཆོད་ལྷ་བཅུ་དྲུག །རྡོ་རྗེའི་རྭ་བའི་ནང་དུ་འཇིག་རྟེན་པའི་ཁོར་ཡུག་ལ་དཔལ་མགོན་དོན་ལྔ་སོགས་དཀར་ཕྱོགས་སྐྱོང་བའི་ཚོགས་ཀྱིས་བསྐོར་བ་ཡིན་ཀྱང་། བྲིས་ཆའི་ཚེ་ཁོར་ཡུག་མ་གཏོགས་ལྷ་མཚན་བྲི་མི་དགོས།། ༈ །།ཡབ་གར་དབང་སྐུ་མདོག་གཞུང་དུ། རང་འོད་ཐབས་མཆོག་གར་གྱི་དབང་༔ ཞེས་རང་གི་འོད་ལས་སྐྱེས་པའི་ཐབས་ཀྱི་སྣང་ཆ་ལགས་པས་དཀར་པོ་ཡིན་པ་གཞིར་བཞག་ལ། ཡབ་ཡུམ་གོ་ལྡོག་ལྷན་སྐྱེས་འདི་རིགས་ཡུམ་ལས་ཡབ་ཆགས་ཉམས་ཆེ་བར་བཤད་པས་དམར་མདངས་ཆགས་པ་ཞིག་བསྒོམ་པ་དང་། བྲི་བའི་སྐབས་སུའང་འདི་ཁོ་ན་ལེགས་སྣང་།། ༈ །།རྣམ་རྒྱལ་མ་ལ་ཕྱག་གཡས་སྐྱབས་སྦྱིན་པུས་མོ་གཡས་པའི་སྟེང་དུ་བརྐྱངས་ཏེ་སྡིགས་མཛུབ་ཀྱིས་ལྕགས་ཀྱུ་འགུགས་ཐབས་སུ་བསྣམས་


JKT005_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པ། གཡོན་པས་ཐུགས་ཀའི་ཐད་དུ་མཆོག་སྦྱིན་གྱི་ཕྱག་རྒྱས་ཚེའི་བུམ་པ་བདུད་རྩིའི་རྒྱུན་འབེབས་བཞིན་པ་བསྣམས་པ། ཞབས་སེམས་མའི་སྐྱིལ་ཀྲུང་ཅན་དུ་བསྒོམ་པས་ཁྱབ། བྲིས་འབུར་ལྟ་བུར་མཛེས་པ་བཙལ་ན་ཐུགས་ཀར་མཆོག་སྦྱིན་གྱི་རྒྱས་མེ་ཏོག་ཨུཏྤལ་ལའི་ཡུ་བ་བཟུང་པའི་འདབ་མ་སྙན་གྱི་ཐད་ཀར་མཆོག་སྦྱིན་གྱི་རྒྱས་འཕྱར་སྟབས་སུ་མཛད་ཀྱང་རུང་ངོ་།། ༈ །།སྒོ་བཞིའི་སྒྲོལ་མ་ནི། ཞབས་གཡས་བསྐུམ་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས། ཕྱག་གཡས་པུས་མོ་གཡས་པའི་སྟེང་དུ་བརྐྱངས་ནས་སྐྱབས་སྦྱིན་སྡིགས་མཛུབ་དང་བཅས་པས་རང་རྟགས་ལྕགས་ཀྱུ་གདེངས་པ་སོགས་རྣམ་འགྱུར་ཅན། གཡོན་ཐུགས་ཀར་མཆོག་སྦྱིན་གྱི་རྒྱས་ཨུཏྤལ་ལ་འདབ་མ་སྙན་གྱི་ཐད་དུ་ཁ་བྱེ་བ་བསྣམས་པ་ཡིན། སྔགས་ཕྲེང་འཁོར་ལུགས། བསྙེན་པ་ལ་བཀོད་པ། ཉེ་བསྙེན་ལ་འཁོར་བ། སྒྲུབ་པ་ལ་དོ་ལི། སྒྲུབ་ཆེན་སྤྲོ་བསྡུ་གཙོ་བོར་གསུངས་མོད། དཀྱུས་ཙམ་ལ་བཀོད་པའི་དམིགས་པ་ཁོ་ནས་འཐུས། དེའི་ཚེ་ལྷ་མོའི་རིགས་དང་། མ་རྒྱུད་སྐོར་ཕལ་ཆེར་ལ་གཡོན་བསྐོར་དུ་བཀོད་པ་ཤས་ཆེ་མོད། འདིར་ནི་གསར་མའི་རྒྱུད་སྒྲུབ་ཐབས་རྣམས་ལས་ཀྱང་གཡས་བསྐོར་དུ་བཀོད་པ་ཤ་སྟག་བཤད་པས། རྩ་སྔགས། དྲིལ་སྒྲུབ། ཡེ་སེམས་དང་། སྤྲུལ་པའི་སྔགས་བཅས་གཡས་སྐོར་དུ་བཀོད་ཅིང་། དེ་ལ་སེམས་བཟུང་


JKT005_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཟིན་པ་ན་འོད་ཟེར་སྤྲོ་བསྡུ་དང་བཅས་བཟླས་པ་མཛད་པས་འཐུས། བཀོད་པའི་དམིགས་པ་ཤིན་ཏུ་གསལ་ན་འཁོར་བའི་དམིགས་པ་གསལ་བཏབ་ཀྱང་རུང་། དེ་ཡང་རྩ་སྔགས་བཟླ་སྐབས་དེ་རྐྱང་པ་དང་། དྲིལ་སྒྲུབ་སྐབས་དེའི་མཇུག་ཏུ་སྔགས་དེ་མཐུད་ནས་གསལ་བཏབ། ཡེ་ཤེས་སེམས་དཔའི་སྐབས་དེའི་དམིགས་པ་གཞག་ནས་ཐུགས་སྟོན། ཏཱ་ཧཱིར་བསྒྱུར་བའི་མཐར་རང་སྔགས་དགོད།། སྤྲུལ་པར་ཐུགས་ཀར་ཉི་ཟླའི་གའུའི་དབུས་སུ་ཧཱུཾ་མཐར་སྔགས་ཕྲེང་བཀོད་པ་ལགས། སྒྲུབ་པའི་སྔགས་སོགས་ལའང་རང་གི་ཐུགས་ཀར་པད་ཟླའི་སྟེང་དུ་ཐུགས་སྲོག །ཏྭཾ་ཧཱུཾ་ཧཱིཧཱུཾ། ཛཧཱུྃ་བཾ་ཧོ། བཅས་རང་མདོག་གི་མཐར་སྔགས་ཕྲེང་བཀོད་པ་སོགས་མཛད་པས་འཐུས།། ༈ །།བཟླ་ལུགས་བསྙེན་པའི་སྐབས་བསྙེན་དམིགས་རྐྱང་པ་མ་གཏོགས་སྒྲུབ་པ་མན་ཆད་མི་དགོས། སྔགས་ཀྱང་ཐོག་མར་ཡིག་བཅུ་ཁོ་ན་གཙོ་བོར་བཟླ། ཐུན་ཞབས་སུ་བསྙེན་སྔགས་གཞན་རྣམས་ཅུང་ཟད་རེ་བཟླས་པས་འཐུས། སྒྲུབ་པའི་སྐབས་བསྙེན་པའི་སྔགས་གཙོ་མོ། ཡེ་སེམས་སྤྲུལ་པའི་ལྷ་མོའི་བཟླས་པ་བཅས་ཅུང་ཟད་རེ་བྱས་ནས་ལྷ་སོ་སོར་སེམས་བཟུང་གསལ་སྣང་ཐོན་པ་ན་གཙོ་མོའི་ཐུགས་ཀའི་འོད་ཀྱིས་འཁོར་བསྐུལ་བའི་སྤྲོ་བསྡུའི་དམིགས་པ་དང་སྦྱར་ཏེ། ཐོག་མར་ཐུན་གྱི་དངོས་གཞིར་རྡོ་རྗེ་སྒྲོལ་མའི་སྔགས་ཁོ་ན་བསགས།


JKT005_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མཐར་གཞན་གསུམ་ཡང་ཅུང་ཟད་རེ་བཟླ། རྡོ་རྗེ་སྒྲོལ་མའི་སྔགས་རྫོགས་ནས། དེ་ཅུང་ཟད་དང་དངོས་གཞིར་རིན་ཆེན་སྒྲོལ་མའི་སྔགས་བཟླ་བ་སོགས་འདྲ། ལས་སྦྱོར་མི་དགོས། འདི་སྐབས་དྲིལ་སྒྲུབ་ཀྱི་སྔགས་མ་བཟླས་ཀྱང་རུང་། ལས་སྦྱོར་སྐབས་ཉིན་རེར་ཐུན་བཞི་རེ་བཅད། དུས་གནད་དང་མཐུན་པར། ཐོ་རེངས་ལ་མཚོན་ན་བསྙེན་སྒྲུབ་གཉིས་བཟླས་དམིགས་འཁྱུགས་ཙམ་རེ་བྱས་ནས། གཙོ་འཁོར་ལྔའི་འོད་ཀྱི་ལྕགས་ཀྱུས་སྒྲོལ་མའི་ཐུགས་རྒྱུད་བསྐུལ་ནས་ཞི་བའི་ལས་བསྒྲུབ་པའི་དམིགས་པ་དེའི་སྔགས་གཙོ་བོར་བཟླ། ཐུན་མཐར་གཞན་གསུམ་ཅུང་ཟད་རེ་བཟླས་པས་འཐུས་ཤིང་། ཉི་ཤར་དུ་ཞགས་པའི་སྒྲོལ་མའི་སྔགས་གཙོ་བོར་བྱེད་པ་སོགས་འགྲེ། ༈ །།རང་བཞིན་སྒྲུབ་མཆོད་སོགས་ཀྱི་སྐབས། སྤྱིར་བཏང་གི་སྒྲུབ་མཆོད་དཀྱུས་མ་ཡིན་ན། ཐུན་རེར་གཙོ་མོའི་ཡིག་བཅུ་སྟོང་ཕྲག་གཅིག་བཟླ་བའི་དབང་དུ་བྱས་ན། དྲིལ་སྒྲུབ། ཡེ་སེམས། སྤྲུལ་པའི་སྔགས་བཅས་སུམ་བརྒྱ། རིགས་བཞི་བརྒྱ་ཕྲག་ལས་བཞི་ཉེར་གཅིག་ཙམ་བཟླས་ན་འཚམས་པར་འོང་། ཚེ་སྒྲུབ་གཙོ་བོར་བཏོན་པ་ཡིན་ན་གཞན་གང་ལྟར་ལ་ཡིག་བཅུ་སུམ་བརྒྱ། ཚེ་སྒྲུབ་སྔགས་དམིགས་ཀྱིས་བསལ་བ་དྲིལ་སྒྲུབ་ཡིན་པས་སྟོང་ཕྲག་བཟླ། གཞན་འདྲ།། ༈ །།རྒྱུན་ཁྱེར་ཆགས་མེད་ལྟ་བུ་ལ་བསྙེན་པའི་སྔགས་ཁོ་ན་ལས་སྒྲུབ་པ་ལས་


JKT005_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་མ་བྱས་ཀྱང་རུང་། བསྙེན་སྔགས་ཀྱང་དྲིལ་སྒྲུབ་གཙོ་བོར་བྱེད་ན་ལེགས། སྤྲོ་ན་སྒྲུབ་པ་ལས་སྦྱོར་གྱི་ཟླས་དམིགས་འཁྱུགས་ཙམ་གྱིས་ཀྱང་འགལ་བ་མེད་པར་མ་ཟད་བསྙེན་སྒྲུབ་ལས་གསུམ་གྱི་གཞི་བསྙེན་སྔོན་དུ་སོང་བ་ཡིན་ན། ངེས་པར་སྒྲུབ་པ་དང་ལས་སྦྱོར་ཅུང་ཟད་རེ་བཏགས་ན་ལེགས་པ་ཡིན་ནོ།། ༈ །།སྒྲུབ་པའི་དངུལ་ཆུ་ནི། བཅུད་ལེན་གྱི་རྫས་གྲུབ་པ་སྟེ་སྟོན་ཟླ་ལྟར་དཀར་བ། ཉི་མ་ལྟ་བུའི་འོད་ཟེར་ཅན་གཡས་སྐོར་དུ་འཁྱིལ་ཞིང་གྲུབ་པའི་རྟགས་གཡུང་དྲུང་དང་། དགའ་འཁྱིལ་ལ་སོགས་པ་བཀྲ་ཤིས་པའི་རི་མོ་སྣ་ཚོགས་པ་བཀྲ་བ། ནུས་པ་གང་ལ་རེག་པ་ཙམ་གྱིས་གླང་པོ་ཆེའི་སྟོབས། འ། ཉི་ཟླའི་ཚེ། རྡོ་རྗེའི་ལུས། བཅུ་དྲུག་གི་ལང་ཚོ་ཅན་དུ་བསྒྱུར་ནུས་ཤིང་། ལྕགས་ལ་རེག་པ་ཙམ་གྱིས་གསེར་དུ་འགྱུར་བ་དང་། ཤིང་སྐམ་ལ་གཏོར་བ་ཙམ་གྱིས་ལོ་འབྲས་མེ་ཏོག་ཕུན་སུམ་ཚོགས་པ་སྐད་ཅིག་གིས་འབྱུང་བ་ཞིག་སྟེ། དེ་ལྟ་བུའི་རྣམ་པ་བདེ་བ་ཆེན་པོའི་གཟི་བྱིན་འབར་བར་བསྒོམ་པ་ལགས།། ༈ །།སྒྲུབ་གཏོར་ཆེན་མོ་ནི། འདིའི་སྒྲུབ་ཁོག་གཏེར་ཆེན་མཆོག་གླིང་པའི་ས་གཏེར་ལས་བྱོན་པའི་ཤོག་སེར་མ་ལས་རྒྱས་པར་བཤད་ཀྱང་། སྒྲུབ་ཆེན་དུས་ཡིན་ན་ལས་དཀྱུས་སུ་མི་དགོས་ཤིང་། དཔེའུ་རིས་ལྟ་བུ་ཞིབ་ཆ་ཞིག་བྱས་ན་མ་གཏོགས་བཅའ་བཟོ་དཀའ་བ་ཞིག་ལགས། དཀྱུས་སུ་དཀྱིལ་ཐང་
ཡོད་ན་དགྲམ་པའམ། མེད་ན་མཎྜལ་ཚོམ་བུ་ཙམ་དང་། གཙོ་བོར་ཐོད་པ་རིལ་བུ་བཅས་སྒྲུབ་རྟེན་ཁྱད་པར་བ་ལགས་པས། སྒྲུབ་གཏོར་ལོགས་སུ་མ་དགོས། མཆོད་གཏོར་ནི་རིན་ཆེན་འབར་བ་སྤྱི་འགྲེས་འཐུས། དེ་ལ་ཤེས་པ་བཞི་ལྡན་སོགས་ཀྱི་ཐ་སྙད་སྦྱར་ན་སྒྲུབ་གཏོར་དང་མཆོད་གཏོར་གཞི་མཐུན་པར་དབྱིབས་རིན་པོ་ཆེར་འབར་བ་ལྟར་ལགས། ཚེ་འབྲང་ནི། ཚེ་ཞེས་ནས་རྗེན་འཐག །གལ་ཞེས་ཆང་གིས་སྦྲུས་པའི་ཟན་བུམ་དབྱིབས་སྤྱི་འགྲེ་མཐའ་རིལ་བུས་བསྐོར་བ་ཁ་དོག་དམར་པོ་བྱས་པ་དེ་ག་ལགས། ཀཱ་ཡ་ཨཱ་ཡུདྷ་ཛ་ཏིཥྛན།།

བྱིན་རྟེན་རིགས་སྦྱོར་ཚུལ་སོགས་ལས་བརྩམས་པའི་བཀའ་འདྲི་ཕེབས་ལན་མདོར་བསྡུས་སུ་གསོལ་བ།


JKT005_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རྟེན་རིགས་སྦྱོར་ཚུལ་སོགས་ལས་བརྩམས་པའི་བཀའ་འདྲི་ཕེབས་ལན་མདོར་བསྡུས་སུ་གསོལ་བ་བཞུགས་སོ།། །།ཨོཾ་སྭ་སྟི་སིདྡྷི་རསྟུ། །སྲས་བཅས་རྒྱལ་བས་བྱིན་རླབས་པའི། །རྟེན་ཅིང་འབྲེལ་འབྱུང་ཡེ་ཤེས་ཀྱིས། །དཔལ་ལྡན་བླ་མ་ཞབས་བརྟན་ཅིང་། །ཕན་བདེའི་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ། །སྔ་མར་བྱིན་རྟེན་གཏའ་སྤེལ་རིགས་ཕྲན་བུ་འབུལ་ལམ་ཞུས་པར་རྨད་དུ་བྱུང་བའི་ཐུགས་དགྱེས་པ་ཆེན་པོ་དང་། ཐུགས་བསྐྱེད་མཐའ་ཡས་པས་སླར་ཡང་རྒྱ་ཆེར་སྤེལ་བཞེད་དང་རྗེས་སུ་འབྲེལ་བར་བཀའ་འདྲི་རིན་པོ་ཆེའི་ཅོད་པན་སྤྱི་བོར་སྩལ་བ་བྱང་ཆུབ་བར་དུ་གཞལ་བར་དཀའ་བའི་བཀའ་དྲིན་དང་གུས་སྤྲོ་ཚད་ལས་


JKT005_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པར་གྱུར་ལགས་ཤིང་ཞུ་ལན་གྱི་རིམ་པ་རྨོངས་བློར་གང་དྲན་མཚོན་ཙམ་གསོལ་བ་འདེབས་རྒྱུར། སྤྱིར་རིང་བསྲེལ་ཞེས་པ་དཀོན་ཞིང་རིན་ཐང་ཆེ་བ་དང་སྙིང་པོར་གྱུར་པ་ཞིག་ལ་འཇུག་ཅིང་། དེ་ལ་བྱང་ཆུབ་རྒྱན་འབུམ་གྱི་གཟུངས་ལས་བཞི་དང་། ཆོ་ག་ཞིབ་མོ་ལས་ལྔ་ཞེས་གསུངས་པའི་ཕྱི་མ་ལྟར་ན། ཆོས་ཀྱི་རིང་བསྲེལ་གཟུངས་སྔགས་དང་། ཆོས་སྐུའི་རིང་བསྲེལ་སཱཙྪ་ལ་ངོས་འཛིན་པར་སྣང་བ་ལ། གཟུངས་གཞུག་གི་སྐབས་དེ་ལྔ་ཀ་འབུལ་བ་ཐམས་ཅད་ཀྱི་ཕྱག་བཞེས་སུ་མཛད་པ་ལྟར་དང་། དེའི་ནང་ཚན་སཱཙྪམ་གཏོགས་པའི་རིང་བསྲེལ་གཞན་བཞི་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པར་རྟེན་འདུས་ཀྱི་མཚན་གསོལ་བ་ནི་ཡོངས་སུ་གྲགས། རིང་བསྲེལ་བཞི་སོ་སོའི་རིལ་བུ་མཛད་པ་སྔར་གྲགས་ཆེ་བ་མི་སྣང་རུང་། དོན་དུ་རྟེན་འདུས་རིལ་བུར་རིང་བསྲེལ་བཞི་ཀ་གཏོང་བར་ཐམས་ཅད་བཞེད་པ་མཐུན་པས། དེས་ན་སོ་སོའི་རིལ་བུ་མཛད་ན་འགལ་བ་མེད་ཅིང་རྣམ་པ་གསལ་བ་སོགས་དགོས་པ་དུ་མ་གཟིགས་ནས་ཁམས་ཕྱོགས་སུ་རྡོ་རྗེ་འཛིན་པ་འགའ་ཞིག་གི་ཕྱག་བཞེས་སུ་བསྟར་བ་ལྟར། འཇམ་མགོན་བླ་མ་ཐམས་ཅད་མཁྱེན་གཟིགས་བློ་གྲོས་མཐའ་ཡས་པའི་ཞལ་སྔ་ནས་ཀྱང་ཕྱག་བཞེས་ཐུགས་རྩོལ་དང་ཁུངས་དག་དངོས་གཙང་གིས་སྤེལ་ཞིང་དཀར་ཆག་རྒྱས་པས་གཏན་ལ་ཕབས་པའི་དགོངས་དོན་


JKT005_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བརྩམས་ཏེ་ལག་ལེན་དང་སྒྲུབ་ཚུལ་སོགས་ཀྱི་བཀའ་འདྲི་སྩལ་བའི་ཐོག་མར་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཕྱོགས་བསྡུས་སྐབས། རིང་བསྲེལ་རྣམས་ཅོང་ཞི་སོགས་དང་ལྷན་ཅིག་གཏུན་བུ་སོགས་སུ་ཞིབ་པར་བརྡུང་བ་ནི་སྔར་ནས་རྟེན་འདུས་རིལ་བུ་དང་། རིན་ཆེན་རིལ་བུ་སོགས་ཀྱི་སྐབས་ཐམས་ཅད་ཀྱི་ཕྱག་བཞེས་སུ་མཛད། དེ་ལ་ཉེས་པ་ཡོད་མེད་ཀྱི་དཔྱོད་མཁན་སུའང་མ་བྱུང་། རྣམ་པར་དཔྱད་ན་སྐུ་གདུང་དེ་ཉིད་ལྷ་མིའི་བསོད་ནམས་ཀྱི་ཞིང་དུ་རྒྱ་ཆེར་སྤེལ་བའི་ལྷག་བསམ་བཟང་པོ་ལས། དེ་བཞིན་གཤེགས་པ་སོགས་ཡུལ་དེ་ལ་མནར་སེམས་པས་མ་ཡིན་པའི་ཕྱིར་ཉེས་པ་མེད་པར་མ་ཟད། སྐུ་གདུང་ནི་རྒྱས་པར་འགྱུར་རོ་ཞེས་པའི་ལུང་གཙོ་བོར་དེ་བཞིན་གཤེགས་པའི་གདུང་འཁོར་ལོས་སྒྱུར་བའི་གདུང་ལ་ཇི་ལྟར་བྱ་བ་བཞིན་ཆས་སུ་གཞུག་ཅིང་ཞུགས་ལ་བཞེན་པར་རྗེས་སུ་གནང་བ་ལྟར། དེ་ལ་བརྟེན་ནས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་བྲེ་བོ་ཆེ་མང་པོས་ལྷ་མིའི་ཡུལ་ཐམས་ཅད་དུ་ཁྱབ་པར་འགྱུར་བ་ལ་དགོངས་ཤིང་། ཤུགས་བསྟན་འདི་ལྟ་བུའི་སྒོ་ནས་སླར་ཡང་སྤེལ་བ་དང་། དེ་རྣམས་རྟེན་གྱི་ནང་དུ་བཅུག་ནས་ལྷ་མིའི་བསོད་ནམས་ཀྱི་ཞིང་དུ་བསྒྲུབ་པ་ལའང་དགོངས་པར་མངོན་པས་སྟོན་པའི་བཀའ་རྗེས་སུ་བསྒྲུབས་པའི་ཕན་ཡོན་གྱིས་མཚོན་དགོས་པ་རྒྱ་ཆེར་མཆིས་པར་སེམས། གལ་སྲིད་ཅི་ནས་ཉེས་


JKT005_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ན་སྐུ་གདུང་ཞུགས་ལ་ཕུལ་བ་དང་གདུང་རུས་བཏུལ་བ་སོགས་ལའང་མཚུངས་པས་ཧ་ཅང་ཐལ་བར་འགྱུར་རམ་སྙམ་པ་ཤར། སྤེལ་གཞི་རིགས་མཐུན་བློ་གྲོས་ཀྱིས་དཔྱད་ནས་གཏོང་བ་མ་གཏོགས་དམིགས་བསལ་གྱི་ཁུངས་མི་སྣང་བས། གངས་ཏིག་ནི་བྱང་ཆུབ་སེམས་དཔའི་རིང་བསྲེལ་ཞེས་བཤད་པས་གཙོར་བྱས། དེ་སྟེང་ཅུ་གང་། ཅོང་ཞི། མཆོད་རྟེན་གྱི་སྐུ་དཀར་སོགས་དང་། བཟང་དྲུག་གཞན་འདྲའང་གཏོང་ན་འགལ་བ་མེད་མོད། ཧ་ཅང་མང་ན་མདོག་དཀར་པོ་འོང་དཀའ། དམ་རྩི་དབང་ལག་དབང་ལེན་མ་ཡིན་པའི་དཔུས་ལེགས་གྲས་བཅས་གལ་ཆེ་བར་སྣང་། རིལ་བུ་ཚར་ནས་སྒྲུབ་ཚུལ་ནི། སྤྱིར་བྱིན་རྟེན་འདི་རིགས་རྙིང་མའི་ཕྱོགས་ལའང་སྐྱེ་བདུན་རིལ་སྒྲུབ་དང་བདུད་རྩིའི་སྒྲུབ་ཆེན་སོགས་ཀྱི་སྐབས་མདུན་དཀྱིལ་ཁར་ལྡིང་ཁྲི་བྱས་ཏེ། དེའི་སྟེང་དུ་ཐོད་པའམ་རིན་པོ་ཆེ་སྟེགས་སྣོད་ཇི་ལྟར་འོས་པར་བཞུགས་སུ་གསོལ་ནས་བདག་མདུན་དབྱེར་མེད་དང་། ཛཔ་ཁང་ཕྱེ་བ་སོགས་ཀྱིས་ལྷ་དང་གཉིས་མེད་དུ་བསྒྲུབ། བྱིན་དབབ། བརྟན་བཞུགས་བྱ་བ་སོགས་ལས་རེ་རེ་ནས་སྒྲུབ་ཚུལ་དམིགས་བསལ་མེད། གསར་མའི་ཕྱོགས་ལ་མཚོན་ནའང་བདེ་ཀྱེ་གསང་གསུམ་ལྟ་བུའི་སྒྲུབ་མཆོད་སྐབས་མདུན་དཀྱིལ་གྱི་ཉེ་ལོགས་སུ་བཀུར་སྟི་དང་བཅས་བཞུགས་སུ་གསོལ། མདུན་བསྐྱེད་ཀྱི་ཡེ་ཤེས་པ་


JKT005_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ་པའི་ཚེ་རྫས་ལའང་བསྟིམ་པའི་དམིགས་པས་ཁྱབ་པར་བྱས། རྗེས་སུ་བརྟེན་བཞུགས་སྐབས་བསྟིམ་པའི་ཡེ་ཤེས་པ་བརྟན་པར་མོས་པ་ཙམ་གྱིས་ཀྱང་ཆོག་པར་མ་ཟད། བྱིན་རླབས་ཀྱི་རྒྱུན་སྤེལ་བ་སྟེ། དཔེར་ན་བུམ་ཆུ་ཞལ་གསོས་པ་ལྟ་བུ་ཡིན་པས་དམིགས་བསལ་གྱི་སྒྲུབ་པ་མ་བྱུང་ཡང་སྦྱོང་ཁྲུས་དང་བརྟན་བཞུགས་ཤིས་བརྗོད་སྤྱི་ཁྱབ་རེ་མཛད་ཀྱང་རུང་སྙམ། མི་མང་པོར་དབང་བསྐུར་བའི་ཚེ་བུམ་ཆུས་@འདང་མིན་བྱུང་ན། ཐོག་མར་ཆུ་རྐྱང་པ་ལ་བུམ་ཆུས་ཕར་ཅུང་ཟད་སབ། སླར་དེ་ཉིད་ཚུར་བུམ་པར་བླུགས་ཏེ་འགྲིམས་པ་ལས་དེ་ཙམ་ལ་སྒྲུབ་ཐེངས་སུས་ཀྱང་མི་མཛད་པ་དང་མཚུངས་པས་སོ། །འོན་ཀྱང་གོང་གསལ་གྱི་སྒྲུབ་པ་ལྟ་བུ་རེ་བྱུང་ཚེ་བྱིན་རླབས་ལྷག་པར་ཆེ། ཅི་ནས་ཀྱང་རིགས་སོ་སོར་རིགས་མཐུན་གྱི་སྒྲུབ་པ་མཛད་ན་རབ་གནས་ཀྱི་རྟེན་བསྐྱེད་སོགས་ཀྱི་རིགས་པས། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཐམས་ཅད་ཀྱི་མཆོག་དང་། ཡེ་ཤེས་ལྔའི་དྭངས་མ་ལས་བྱུང་བ་ཡིན་པར་གསུངས་པས་བདག་གི་རྣལ་འབྱོར་དང་བུམ་པ་སྒྲུབ་པ་སོགས་སྔོན་ལ་འགྲོ་བས་མདུན་རྟེན་ལ་སྦྱོང་ཁྲུས་སྤྱི་ལྟར་དང་། དེ་ནས་ཀྱེ་རྡོར་ལྟ་བུ་ལ་མཚོན་ན་རིལ་བུ་མི་བསྐྱོད་པ་ཀྱེ་རྡོར་བསྐྱེད་པ་ནས་བཟུང་རབ་གནས་བསྡུས་པའི་ཆོ་ག་ལྟར་སྦྱར་ཞིང་། སྔགས་བཟླ་བར་འདོད་ནའང་སྔགས་ཀྱི་མངའ་དབུལ་སྐབས་རྩ་སྔགས་སམ་སྙིང་པོ་ཇི་ལྟར་


JKT005_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་སུ་པྲ་ཏིཥྛ་དང་སྦྲེལ་ནས་བཟླས་ན་རུང་བར་སེམས་ཤིང་། དེས་མཚོན་རྒྱུད་སྡེ་འོག་མའི་དབང་དུ་བྱས་ནའང་མི་བསྐྱོད་པ་དེའི་ལུགས་སུ་བསྐྱེད་པ་སོགས་མཛད་ན་རུང་ངམ་སྙམ་པ་ཟབ་དབྱིངས་རིན་པོ་ཆེར་ཞིབ་དཔྱད་བཀའ་དྲིན་ཞུ། ༈ །གཉིས་པ་ཆོས་ཀྱི་རིང་བསྲེལ་ནི། ཤོག་སེར་དང་རྒྱ་དཔེ་བོད་དཔེ་ཕྱག་བྲིས་བྱིན་ཅན་སོགས་ཀྱི་ཚལ་པ་ཅོང་ཞི་དང་དྲི་བཟང་བཅས་ལྷན་ཅིག་འདུར་ན་ལས་སླ་བར་སྣང་། སྤེལ་གཞི་སྤར་ཁྲུས་དང་། གཞན་བཟང་དྲུག་སོགས་བཟང་སྨན་རིགས་དང་། ལྷག་པར་འདི་ཁ་དོག་སེར་པོར་མཛད་སྣང་བ། དེ་ལྟར་ན་ཁ་ཆེ་གུར་གུམ་དང་། བལ་པོ་གུར་གུམ་སོགས་མང་ན་བཟང་། སྤྱིར་སེར་པོར་བསྒྱུར་དོན་ནི་ཤོག་སེར་གྱི་མཚན་དོན་ལ་དགོངས་འདྲ། གསུང་གི་བྱིན་རྟེན་དུ་བྱེད་ཚེ་དམར་པོར་མཛད་ཀྱང་ལེགས། སྒྲུབ་ཚུལ་ནི་འོད་དཔག་མེད་ཀྱེ་རྡོ་རྗེར་བསྐྱེད་པ་མ་གཏོགས་གོང་ཞུས་ལྟར་སྦྱར་ན་རུང་སྙམ། ༈ །གསུམ་པ་སྐུ་གདུང་གི་རིང་བསྲེལ་ནི། འཕགས་པ་གསུམ་གྱི་གདུང་རུས་དང་སྐུ་ཤ་སོགས་ནས་བཟུང་བླ་མ་བརྒྱུད་པ་རིམ་བྱོན་གྱི་གདུང་རུས། སྐུ་ཤ །ཤངས་མཚལ། བྱང་སེམས་སོགས་གདུང་གི་ཆ་ཤས་གང་རྙེད་ཐམས་ཅད་སྐུ་ཤ་རིལ་བུའི་སྐབས་སུ་བཤད་པའི་སྨན་རྣམས་དང་ཕྱོགས་གཅིག་ཏུ་བརྡུངས་ནས་བཟང་སྨན་གྱི་ཕྱེ་མ་དང་བཅས་རིལ་བུར་དྲིལ་བ་


JKT005_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སྒྲུབ་ཚུལ་ཀྱང་རྣམ་སྣང་ཀྱེ་རྡོ་རྗེར་བསྐྱེད་པ་མ་གཏོགས་འདྲ། ༈ །བཞི་པ་སྐུ་བལ་གྱི་རིང་བསྲེལ་ནི། དབུ་སྐྲ་དང་ན་བཟའ་སོགས་འདི་རིགས་བྱུང་ན་ཅོང་ཞི་ལྟ་བུའི་སྨན་རྡོ་དང་མཉམ་དུ་ཞིབ་པར་འདུར།། གལ་སྲིད་དེ་ལྟ་བུའི་བརྡུང་ཐུབ་མིན་ཚེ་རྫ་བུམ་སོགས་ཀྱི་ནང་དུ་རྒྱ་ཤོག་གིས་ལེགས་པར་དྲིལ་ནས་བཅུག །འཇིམ་པས་ཁ་གཅོད་དམ་པར་བརྒྱབས་ལ་དུ་བ་མི་ཤོར་བར་ནུས་ལྡན་དུ་བསྲེགས་པས་ཀྱང་རུང་སྟེ། གདུང་ཐལ་སོགས་དང་ཚུལ་མཚུངས་པ་ཡིན་ལ། དུ་བ་མི་ཤོར་བར་བསྲེགས་པ་ནི་སྨན་གྱི་རིགས་ཕལ་ཆེར་ནུས་ལྡན་དུ་བསྲེག་དགོས་པ་རྣམས་དུ་བ་མི་ཤོར་བར་བྱ་ཞེས་གསུངས་པའི་རིགས་འགྲེ་སྦྱར་བར་མངོན། གང་ལྟར་ཡང་དེ་ལྟ་བུ་དང་བཟང་དྲུག་སོགས་སྨན་ཕྱེ་བུངས་བསྐྱེད་དགོས་ཚེ་རིང་བསྲེལ་བཞི་ཀ་འབྲུ་དཀར་གྱི་ཕྱེ་དང་སྦྱར་ནའང་འགལ་བ་མེད་དེ་རྟེན་འདུས་རིལ་བུར་གྲགས་པ་ཐམས་ཅད་རིང་བསྲེལ་བཞི་ཕྱོགས་བསྡུས་ཁོ་ན་ལས་མ་འདས་ཀྱང་། འབྲུ་དཀར་གང་རིགས་ཀྱི་ཟན་དང་སྦྱར་ནས་རིལ་བུར་དྲིལ་བ་ཐམས་ཅད་ཀྱིས་ཕྱག་ལེན་དུ་མཛད་པས་སོ། །དེའང་འབྲས་དཀར་གྱི་ཕྱེ་མ་རྣམ་དཔྱོད་ཆེའང་། རྩི་བསྐོན་པའི་ཚེ་ཧ་ཅང་ལེགས་པ་འབྱུང་དཀའ་ཞིང་། རིལ་བུ་སྙི་སྐྱོན་ཙམ་འདུག་པས་ནས་དཀར་བཟང་པོ་རྗེན་འཐག་ཤིན་ཏུ་ཞིབ་པར་བྱས་པ་ཁོ་ན་ལེགས། རིལ་བུ་བསྒྲིལ་ཚར་འཕྲལ་རིལ་


JKT005_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཅུང་ཟད་བྱས་ལ་གྲིབ་མར་སྐམ། སྐམ་ཐག་ཆོད་ནས་རླུང་མི་འཆོར་བའི་སྣོད་བཟང་པོར་ཚགས་བྱས་ཏེ་ལོ་རེའམ། མ་མཐའ་ཟླ་བ་ཆ་ཤས་བཞག་མཚམས། མཚལ་ལྟ་བུ་རྩི་ཚོན་གང་ཡིན་དེ་ཟར་མའི་ཁུ་བ་གར་སླ་རན་པོ་ཞིག་གིས་སྦྱངས། དེ་ལ་ཤེལ་ཀར་ལེགས་པ་ཅུང་ཟད་རེ་བཏབ་ནས་རྩི་གསོལ། དེ་མ་ཐག་ཤེད་ཆེ་བས་རིལ་ཆགས་འཐེམ་པར་བྱ། འོད་ལེགས་པར་ཆགས་ནས་རིལ་ཆགས་འཕྲོ་བཞག་ན་མ་གཏོགས་ཧ་ཅང་རིལ་ཆགས་བྱེད་ཆེ་ན་འོད་མེད་པའི་སྐྱ་ཁ་ལྟ་བུ་ཞིག་རེད་འགྲོ་སྣང་བ་སོགས་རྒྱུས་ཡོད་ཀྱི་སྙན་ཞུ་གླེན་གཏམ་ཁོ་ནར་གསོལ་པ་ལགས་ཤིང་། བསྒྲུབ་ཚུལ་ནི། སྐུ་བལ་གྱི་རིང་བསྲེལ་འདི་རིགས་སྐུའི་རྒྱན་ལྟ་བུ་ཡིན་པས་རིན་ཆེན་འབྱུང་ལྡན་ཀྱེ་རྡོ་རྗེར་བསྐྱེད་ན་འཐད་པར་སེམས། ཁ་དོག་དམར་པོ་མཛད་པ་ན་བཟའ་སོགས་ཕལ་ཆེར་དམར་ཤས་ཆེ་བས་རྒྱུའི་མཚོན་དོན་ལ་དགོངས་པ་འདྲ། རིགས་ཀྱི་དབང་དུ་བྱས་ན་སེར་པོར་མཛད་ཀྱང་ལེགས་སྙམ་ཞུ། གཞན་ཡང་རིགས་ལྔ་ཀའང་རྡོ་རྗེ་སེམས་དཔའི་རིགས་ཀྱིས་ཁྱབ་པས་སྙིང་པོ་ཀྱེ་རྡོ་རྗེ་ཁོ་ནར་བསྐྱེད་ཀྱང་འགལ་བ་མེད་པ་དང་། སོ་སོར་བསྐྱེད་ཚེ་སྔགས་བཟླ་བར་སྤྲོ་ན་ཡུམ་གྱི་མཁའ་འགྲོ་ལྔ་རིགས་སོ་སོའི་སྔགས་བཟླས་ཀྱང་རུང་ཞིང་། སྤྱིར་དེ་བ་པི་ཙུས་ཀྱང་འཐུས་པར་སེམས། རྒྱུད་སྡེ་འོག་མའི་དབང་དུ་བྱས་ན། ཨོ་བཛྲ་ཨཀྟ་ཧྥུ་ཧཱུྃ།


JKT005_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་བཻ་རོ་ཙ་ན་ཨོ་སོགས་མཚན་སྔགས་བཟླ་བས་མཚོན་བླ་མེད་གཞན་གསང་འདུས་སོགས་ལ་སྦྱར་ནའང་རིགས་འགྲེ། ༈ །ལྔ་པ་བདུད་རྩི་ལྔ་སྤྱིར་བསྡུས་པ་ཆོས་སྨན་དང་། བྱེ་བྲག་སོ་སོ་བཅས་ལེའུ་ཚན་བདུན་ལས། ཆོས་སྨན་ནི་བདུད་རྩི་ལྔའི་སྨན་སྣ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པའི་སྟེང་། བུངས་བསྐྱེད་པ་ལ་འབྲས་བུ་གསུམ་དང་། བཟང་པོ་དྲུག་གཙོར་གྱུར་བཟང་སྨན་ཅི་རིགས་དང་བཅས་ཏེ་ཕུར་མ་བྱ་བ་དང་། བདུད་རྩི་དྲུག་གི་རིལ་བུ་རྣམས་སོ་སོའི་སྐབས་སུ་བཤད་པའི་སྐྱོབས་ཀྱི་སྨན་འདི་རིགས་གསར་མའི་བདུད་རྩི་རིལ་བུའི་རྫས་དང་། རྙིང་མའི་ཆོས་སྨན་གྱི་རྫས་གཙོ་ཆེ་རིགས་ཕྱོགས་བསྡེབས་མཛད་པ་ཡིན་འདུག་པས་འདི་ཁོ་ན་ལྟར་ལ། བུངས་བསྐྱེད་དགོས་ཚེ་སྨན་འཛོམ་སླ་བའི་རིགས་མང་བཅུག་ན་ཆོག་པ་ལགས་ཤིང་། གསང་ཆབ་རིལ་བུ་སྤེལ་སྤྱད་ཀྱི་ལྕེ་སོག་དཀར་པོ་ནི་སྤོས་དཀར་ཡིན། ཤེལ་ག་བུར་ནི་ག་བུར་ལ་རིགས་གསུམ་སྟེ། མང་ག་བུར། སྟག་ཟིལ་ག་བུར། ཤེལ་ག་བུར་ཞེས་གྲགས་པའི་ཕྱི་མ་སྟེ། དེའང་མདོག་དཀར་ཞིང་འོད་དང་ལྡན་པ་འཁྱགས་པ་ལྟར་གྲུམ་འགྲོ་བ་ཞིག་ཡོད་པའི་ཚུལ་དཔལ་ལྡན་རྒྱུད་ལས། ཤེལ་ནི་དཀར་ལ་ཀྲོན་ཏེ་འཁྱགས་པ་འདྲ། །ཤིན་ཏུ་བསིལ་བས་རྒྱས་ཚད་རྐྱང་པ་འཇོམས། །ཞེས་པ་དེ་ལགས་རུང་། དེང་སང་དོན་ཁུངས་ཅུང་དཀའ་བས། ཡོངས་


JKT005_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ཀྱི་ག་བུར་འདི་ཕལ་ཆེར་མང་ག་བུར་ཡིན་འདུག་པ་འདི་ཁོ་ནས་ཆོག །དབུ་ཀླད་དང་གདུང་རུས་ཕྱོགས་བསྡུས་གཡུ་ཞུན་འཁྱིལ་པའི་སྐབས་ཤ་ཆེན་གྱི་སྐབས་སུ་བཤད་པའི་སྨན་ཞེས་པ་ནི་སྐུ་ཤ་རིལ་བུའི་སྐབས་སུ་གསུངས་པའི་སྐྱོབས་རྣམས་ལ་གསུངས་པ་སྟེ། སྤྱིར་སྐུ་ཤ་ཐམས་ཅད་ཤ་ཆེན་ཡིན་པ་གཞིར་བཅས་དང་། བྱེ་བྲག་ཀླད་པ་དང་རུས་པ་ནི་ཤའི་དྭང་མ་ཡིན་པས་དེ་རྣམས་ངོ་བོ་གཅིག་པས་སྐྱོབས་ཀྱི་རྫས་རྣམས་ཀྱང་མཚུངས་པ་ལགས། འདི་རྣམས་སྒྲུབ་ཚུལ་བདུད་རྩི་རིལ་བུ་ཁོ་ན་ལྟར་མཛད་པས་འཐུས་ཏེ། གསར་མའི་བདུད་རྩི་རིལ་བུ་དང་། རྙིང་མའི་ཆོས་སྨན་གཉིས་སྨན་གྱི་ངོས་འཛིན། ལྷ་བསྐྱེད་ཚུལ། བཟླ་བྱའི་སྔགས་སོགས་ཀྱིས་མཚོན་ཆོ་གའི་ཆིངས་ཐ་དད་ཀྱང་། དོན་གྱི་གཙོ་བོ་ཤ་ལྔ་བདུད་རྩི་ལྔ་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་བྱིན་གྱིས་བརླབས་པ་ལ་གནད་གཅིག་པའི་ཕྱིར་ཏེ། དེས་ན་སྒྱུ བདུད་རྩི་ཆིག་སྒྲུབ་ཀྱི་ཕྱག་བཞེས་མདོར་བསྡུས་ཀྱི་ཚེ། སྨན་ཕྱེ་རིལ་ཐམས་ཅད་སྣོད་སོ་སོར་བླུགས་ཏེ་བདུད་རྩིར་བྱིན་གྱིས་བརླབས་པ་ཆབ་ཅིག་ཏུ་མཛད་པས་འཐུས་ཤིང་། ཚོགས་སྒྲུབ་ཕྱག་ལེན་རྒྱས་པ་ལྟར་ན། ཁྲོལ་སྒྲུབ་ཀྱི་སྐབས་བདུད་རྩི་དྲུག་སོ་སོར་ཕྱོགས་མ་འཁྲུལ་བར་བཞག་སྟེ་བསྒྲུབ། དེའི་ཚེ་ཆོས་སྨན་གྱི་རྫས་ལོགས་སུ་སྦྱར་བ་ཡིན་ན་དབུས་སུ་བཞག་པས་རུང་། དེ་མིན་བདུད་རྩི་དྲུག་སོ་སོའི་ཁྲོལ་


JKT005_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཚར་ནས་ཕྱེ་མ་བྱས། དེ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པ་ཚོ་གཅིག་ལ་ཆོས་སྨན་གྱི་ཕབ་གཏའ་སྦྱར་ཏེ་ཕུར་མ་བྱ་བ་དང་། ཚོ་གཅིག་སོ་སོར་བྱས་པར་སོ་སོའི་ཕབ་གཏའ་སྦྱར་ཏེ་རིལ་བུ་དྲིལ་ནས་བསྒྲུབ་ནའང་ལེགས་པ་སོགས་རིག་པས་དཔྱད་དོ།། ༈ །།དྲུག་པ་སྐྱེ་བདུན་རིལ་བུའི་གཏའ་སྤེལ་གྱི་སྨན་བྱ་རྒོད་ཤ་ནི་མཁའ་སྤྱོད་གྲུབ་པའི་རྟེན་འབྲེལ་དུ་ཕྲན་བུ་རེ་ཙམ་བསྲེས་ན་ཆོག་པས། དུག་འདོན་དམིགས་བསལ་མ་བྱུང་རུང་འགལ་བ་མེད། བྱེད་པར་སྤྲོ་ན་བཅུད་ལེན་སོགས་ཀྱི་ཤ་སྦྱོར་སྐབས། བྱ་ཤའི་དུག་ནི་ཚག་ཤས་འདོན། ཞེས་པ་ལྟར་བྱ་རྒོད་ཀྱི་སྙིང་དང་། མིག་འཛོམས་ན་ལེགས་ཤིང་། དེ་ལྟར་མིན་ཀྱང་ཤ་སྣ་གང་འཛོམས་མ་རུལ་མ་སུམ་པ་ཤིན་ཏུ་གལ་ཆེ། གང་ལྟར་ཡང་ཕྲོམ་ཕྲུམ་དུ་བརྡུངས་ལ་སེམས་ཅན་ཚག་པོའི་རྐང་པའི་ཤ་ལྟ་བུའི་དུམ་བུ་གྲིས་གཤགས་པའི་ནང་དུ་བཅུག །སྲུབ་བཅོམས་ཏེ་མེར་ཅུང་ཟད་བསྲེག །སེར་ཆོམ་གྱིས་ཚིག་ནས་བཏོན། ཚག་ཤ་དོར། བྱ་ཤ་སྨན་དུ་སྦྱར་བའམ། ཡང་ན་བྱ་ཤ་གང་གཏོང་ཡང་དུག་འབྱིན་ཏིལ་དཀར་པོ། ངར་འདོགས་དབང་ལག །རྣོ་འདོན་རྒྱ་ཚྭ་དང་ལྕམ་པའི་འབྲས་བུ་བཅས་འདི་རིགས་ཕྲན་བུ་རེ་དང་མཉམ་དུ་འདུར་ནས་གཏོང་བ་སྟེ། འདི་གཉིས་ཕྱག་བཞེས་སྟབས་གང་བདེ་མཛད་ན་འཐུས། ༈ །བདུན་པ་རྟེན་འདུས་རིགས་ཐམས་ཅད་འབྲས་བུ་


JKT005_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་། བཟང་པོ་དྲུག་གཙོར་གྱུར་བཟང་སྨན་གང་རིགས་ཀྱི་ཕྱེ་མ་དང་སྦྱར་ན་རུང་མོད། གཙོ་བོར་འབྲས་གསུམ་བཟང་དྲུག་ཁོ་ནས་འཐུས་ཤིང་། བུངས་བསྐྱེད་པའི་སླད་ནས་དཀར་གྱི་རྗེན་ཕྱེ་ཇི་ལྟར་རིགས་པའི་ཟན་དང་བཅས་བསྒྲིལ་ན་རུང་། སྔ་ཕྱི་འདི་གཉིས་གསར་མའི་ཆོ་ག་ཇི་ལྟ་བུའི་སྒོ་ནས་བསྒྲུབ་ཅེས་བཀའ་ཕེབས་པ། སྐྱེ་བདུན་ནི་གསར་མ་ལ་བདེ་ཀྱེ་སོགས་ཀྱི་རྒྱུད་དང་མན་ངག་ལས་རྒྱ་ཆེར་གསུངས་ཤིང་། ངོར་ཆེན་རྡོ་རྗེ་འཆང་གི་གསུང་རབ་ལས་ཀྱང་རིལ་བུ་ལ་བརྟེན་ནས་མཁའ་སྤྱོད་སྒྲུབ་པའི་ཐབས་སོགས་གསུངས་པ་དགོངས་མངའ་ལྟར་ལགས་མོད། དེང་སང་ཕྱག་ལེན་དུ་འདེབས་མཁན་མེད་པ་དང་། སྤྱིར་ཡང་རྒྱུད་སྡེ་ནས་གསུངས་པའི་ལས་ཚོགས་འགངས་ཆེ་རིགས་འདི་དག་གྲུབ་པ་ལ་སྦྱོར་ལམ་དྲོད་དམ། ཚོགས་ལམ་ཆེན་པོའི་ཡེ་ཤེས་བརྙེས་པ་ཞིག་དགོས་པར་བཤད་པས་དཀའ་བར་སྣང་། དེས་ན་སྐབས་དོན་སྐྱེ་བདུན་རིལ་བུ་འདི་ནི་གཙོ་བོར་རྙིང་མའི་ཕྱོགས་ཀྱི་གཏེར་བྱོན་གྱི་དམ་རྫས་དང་། སྒྲུབ་ཐབས་ལ་བརྟེན་པ་ཁོ་ན་ལགས་ཤིང་། གཏེར་ཁ་སྔ་ཕྱིའི་གཞུང་ཐམས་ཅད་ལས། ཐུགས་རྗེ་ཆེན་པོའི་སྒྲུབ་ཆེན་གྱི་སྒོ་ནས་བསྒྲུབ་ཚུལ་འབའ་ཞིག་གསུངས་པས་ན། གསར་མའི་ཕྱོགས་ལ་ཐུགས་རྗེ་ཆེན་པོ་ཚེམཱུ་ལུགས་ཀྱི་མ་ཎི་རིལ་སྒྲུབ་བྱ་ཚུལ་སྔར་ཕུལ་བ་དེ་ཀའི་གཞུང་ལྟར་སྒྲུབ་ན་འབྲེལ་


JKT005_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཤིང་། སྤྱིར་ཡང་བྱིན་རྟེན་རིགས་ཕལ་ཆེར་མྱང་གྲོལ་ལ་དམིགས་པ་ཤས་ཆེ་བས་མ་ཎི་རིལ་སྒྲུབ་ཁོ་ནས་བསྒྲུབ་ཀྱང་ལེགས་པར་སེམས། རྡོར་སེམས་རིལ་བུ་སྒྲུབ་ཚུལ་སྨིན་གླིང་གཏེར་གསར་རྡོར་སེམས་གྱི་གཞུང་ལྟར་མཛད་པར་སྣང་བས། རྫས་ནི་གཞུང་དེ་ཉིད་ལས། དཔའ་བོ་ཤ་ལྔ་བདུད་རྩི་ལཿ མཆོག་གྲུབ་གདུང་དང་རིག་བསྲེལ་དང་༔ བདུད་རྩི་སྒྲུབ་རྫས་སྨན་ཕབ་རྣམས༔ རྩ་བའི་རྫས་ཀྱིས་སྟོབས་བསྐྱེད་ལ༔ བཟང་དྲུག་འབྲས་བུ་གསུམ་ལ་སོགསཿ བདུད་རྩི་མཆོག་རྒྱུད་བཞིན་སྦྱར་ནསཿ ཡུངས་ཀར་འབྲུ་དགུའི་ཚད་དུ་དྲིལ༔ མཚན་ལྡན་ཕོ་མོའི་ཐོད་པར་བྲུབ༔ ཞེས་གསུངས་པ་ལྟར་ལག་ལེན་དུ་བསྟར་བ་ནི། སྨིན་གླིང་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེའི་ཟིན་བྲིས་ལས། འབྲས་བཟང་པོ་ཆུ་ཁྲུས་བྱས་པའི་ཕྱེ་མ་བྲེ་གསུམ་གྱི་ཚེ་ན། ཨ་རུ་གསེར་མདོག་རྡོག་བཅུ་ལ། སྐྱུ་རུ་ར་སུམ་ཅུ། བ་རུ་ར་རྡོག་བཅུ། ཛཱ་ཏི། ལི་ཤི། སུག་སྨེལ། གུར་གུམ། ཅུ་གང་། ཀ་ཀོ་ལ་སྟེ་བཟང་པོ་དྲུག་སོ་སོ་ནས་ཞོ་དོ་རེ་ཙམ་དང་། ཙནྡན་དཀར་དམར། གིའུ་ཝཾ། ཁ་ཆེ་རྣམས་ཞོ་དོ་རེ་ཙམ། དེ་ཕྱིན་སྨན་གཞན་མང་པོ་བཏང་ཡང་རོ་ནུས་ལ་གནོད་པས་བདུད་རྩི་སྨན་གྱི་སྒྲུབ་པའི་ལག་ལེན་ཚད་ལྡན་གྱིས་སྦྱར་བའི་བདུད་རྩི་ཆོས་སྨན་ཕོན་ཆེ་བ་ཙམ་བཏབ་ཕྱིན་དེ་ལ་མ་འདུས་པ་མེད་ཅིང་། ཕབས་གཏའ་ནི་མཆོག་


JKT005_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གི་དངོས་གྲུབ་བརྙེས་པ་རིག་འཛིན་བླ་མའི་གདུང་རུས། རིང་བསྲེལ། རྣམ་སྣང་། མི་བསྐྱོད། དེ་བཞིན་གཤེགས་པའི་འཕེལ་གདུང་། སེལ་མེད་ཀྱི་གོང་མ་དག་གི་སྒྲུབ་རྫས་རིལ་བུ་རྣམས་སོ། །ཤ་ལྔ་བདུད་རྩི་ལྔ་ནི་བདུད་རྩི་ཆོས་སྨན་ལ་ཡོད་པ་དེས་འཐུས་པར་མཛད་པས་གསར་དུ་མི་དགོས། དེ་ལྟར་རྫས་དེ་རྣམས་ཞིབ་ཏུ་བསྣུར་ཞིང་འདྲེས་པར་སྦོལ་བའི་ཕྱེ་མ་ལས་ཟན་གཡོས་ཏེ། རིལ་བུ་ཡུངས་ཀར་འབྲུ་དགུ་གཅིག་ཏུ་དྲིལ་བ་ཙམ་གྱི་ཚད་དུ་དྲིལ་ལ། གྲིབ་སྐམ་བྱས་ནས་མཚལ་གྱིས་ཁ་དོག་དམར་པོར་བསྒྱུར། ཅེས་གསུངས་པ་ལྟར་ལགས་ཤིང་། འོན་ཀྱང་གོང་གི་སྦྱོར་ཚད་ནི་ཁ་དོག་དང་། དྲི་རོ་བཟང་པོ་འབྱུང་བའི་དབང་དུ་བཏང་ནས། དེ་ལྟར་གསུངས་པ་ཙམ་ལས་མཐའ་གཅིག་ཏུ་ངེས་པ་མེད་པས་གང་འབྱོར་གྱིས་ཆོག །གསར་མའི་ཕྱོགས་ནས་བསྒྲུབ་ན་གཏའ་སྤེལ་ཙམ་ལ་བདུད་རྩི་རིལ་བུ་ཁོ་ན་བཞིན་སྒྲུབ་པར་མཛད་ཀྱང་འཐུས་ཏེ་སྨན་གྱི་སྦྱོར་ལུགས་སོགས་ལ་བརྟགས་ཚེ་བདུད་རྩི་རིལ་བུ་དང་གནད་གཅིག་པའི་ཕྱིར་རོ། །འོན་ཀྱང་དམིགས་བསལ་རྡོར་སེམས་ཀྱི་སྒོ་ནས་བསྒྲུབ་པར་སྤྲོ་ན་སྲད་རྒྱུད་ལུགས་ཀྱི་གསང་འདུས་རྡོར་སེམས་རིལ་སྒྲུབ་འདི་དགེ་ལྡན་ཕྱོགས་ལ་ཡོངས་སུ་གྲགས་པ་ཞིག་ཡིན་པར་འདུག་པས་རྗེས་གནང་གི་རྒྱུན་གསན་ཚེ་འདི་ལྟར་བསྒྲུབ་ན་ལེགས། ཟིན་ཐོ་འདི་སྔ་མ་རྗེས་གནང་དང་


JKT005_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་སོགས་ཞུས་སྐབས་ཡིག་ཆ་འགའ་ཞིག་ལས་ཕྲན་གྱིས་ཟིན་བྲིས་སུ་བཏུས་པ་ལགས། འདི་མཁོ་ཆེ་སྟབས་བསྙེན་སྒྲུབ་ལས་གསུམ་རྒྱས་པ་ཞིག་བསྒྲིགས་ནས་སྒྲུབ་ཐབས་ཀུན་བཏུས་སུ་བཞག་རྩིས་ཀྱང་དེ་སྔ་མ་གྲུབ། ལུགས་འདིའི་རྗེས་གནང་སོགས་གསན་མེད་ཚེ་ཆོ་གའི་ཆིངས་འདི་ལྟར་ལ་ལྷ་སྔགས་རྡོར་སེམས་ཧེ་རུ་ཀར་མཛད་ཀྱང་རུང་སྙམ། རིལ་བུའི་ཁ་དོག་གོང་དུ་དམར་པོར་གསུངས་པ་ནི་སྐྱེ་བདུན་སོགས་ཀྱི་མྱང་གྲོལ་སྤྱི་འགྲེ་དང་མཐུན་པར་མཛད་པ་ཡིན་འདུག །དེང་སང་ཕལ་ཆེར་གྱིས་རྡོར་སེམས་རིལ་བུ་དཀར་པོར་མཛད་པ་ནི་ལྷའི་སྐུ་མདོག་དང་མཐུན་པར་སྦྱར་བ་ལགས། ༈ །བརྒྱད་པ་ཚེ་སྒྲུབ་གསང་འདུས་རིལ་བུའི་སྨན་གྱི་སྐབས་བྱང་སེམས་དཀར་དམར་དང་། ཨ་མྲི་ཏ་དང་བླ་མའི་དྲི་ཆུ་གསུངས་པ་བཀའ་གནང་བཞིན་བྱང་སེམས་དཀར་དམར་རིལ་བུ། བདུད་རྩི་ཆོས་སྨན། གསང་ཆབ་རིལ་བུ་རྣམས་བཏབ་ན་ངེས་པར་འཐུས། གཞན་འདིའི་སྐབས་ནས་བཤད་པའི་དངུལ་ཆུ་ནི་རབ་གྲང་འདུལ་ཆེན་མོ་དང་། འབྲིང་གྲང་འདུལ་འབྲིང་པོ། ཐ་མ་གྲང་འདུལ་བསྡུས་པ་དགོས་པས་གྲང་འདུལ་ཆེན་མོ་ནི་རིན་ཆེན་རིལ་བུའི་སྐབས་སུ་གཏོང་རྒྱུ་དེ་ག་དང་། འབྲིང་བསྡུས་གཉིས་ཟླ་ཤེལ་ཆེན་མོའི་སྐབས་སུ་གཏོང་རྒྱུ་དེ་ལགས་པས། འདི་རིགས་ཀྱི་ལག་ལེན་མཐོང་བརྒྱུད་དང་གསོ་དཔྱད་ཀྱི་གཞུང་ལ་གཟིགས་ན་


JKT005_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་ཡི་གེ་ཉུང་ངུས་མཚོན་པར་མི་ནུས་པས་སྨན་པ་མཁས་པ་འདྲ་ལ་སྦྱར་བཅུག་པའམ། སྦྱར་ཟིན་བསླང་རྒྱུ་འདྲ་མཛད་ན་ཆོག་སྙམ། གང་ལྟར་ཡང་རྟེན་འབྲེལ་གྱི་ཆེད་རྫས་འཛོམ་ཙམ་མ་གཏོགས་ཧ་ཅང་མང་པོ་ནི་མེད་ཀྱང་ཆོག །མུ་ཟི་སེར་པོ་དངུལ་ཆུ་བཙོ་བཀྲུ་ཚང་བའི་ཁོངས་སུ་སོང་བས་ཟུར་དུ་གཏོང་མི་དགོས། དངུལ་ཆུ་བཙོ་བཀྲུ་ཆེན་མོ་རྫས་འཛོམ་ཙམ་འདི་ལྟར་འབུལ་ལམ་ཞུས་ཡོད་པས་རིལ་བུ་བྲེ་རེ་ཙམ་ལ་འདིས་ཆོག །ད་བྱིད་ནི་གངས་སྦལ་གྱི་ཤ་ཡིན་ནའང་དངོས་ནི་ཤིན་ཏུ་རྙེད་པར་དཀའ། ཚབ་རུང་དུ་ལྷོ་མོན་ནས་འབྱུང་བའི་ནགས་སྦལ་གྱི་ཤའམ། སྤུ་ཀོང་རོང་ཆེན་རྣམས་སུ་གཙང་ཨ ཕག་མགོ་གཉིས་ཤ་ཐམས་ཅད་ཚིལ་ཁོ་ན་ཡིན་པ་ཞིག་འབྱུང་བས་དེས་འཐུས་པར་མཛད། གང་ལྟར་ཡང་དུག་འདོན་ནི་ཨ་རུ་གསེར་མདོག །གླ་རྩི་གོ་བོའི་ཤ་གསུམ་ཕབ་འདེབས་པ་ཙམ་དང་། ངར་གདགས་པ་ལ་ཐལ་དཀར་རྡོ་རྗེ། རྣོ་འདོན་པ་ལ་གཡེར་མ་ཚྭ་འདེབས་ཙམ་རེ་དང་ལྷན་ཅིག་ཏུ་ཞིབ་པར་བཏགས་པ་ལགས། དེ་མིན་སྨན་གཞན་རྣམས་ལ་དུག་འདོན་དགོས་པ་མི་སྣང་། བཅུད་ལེན་དངོས་ཀྱི་སྐབས་ཚུ དབང་ལག་སོགས་ལ་རྫ་ཆབ་གཙང་མས་བཀྲུ་ཞིང་འོ་མར་བཙོ་བ་སོགས་དུག་འདོན་དང་། བཅུད་འགུགས་ཀྱི་རྣམ་པ་མང་དུ་བཤད་མོད། འདིར་རྟེན་འབྲེལ་གྱི་རྫས་ཙམ་ལས་ཧ་ཅང་མང་པོའང་འབྱོར་དཀའ་


JKT005_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། བུངས་བསྐྱེད་དགོས་ན་འབྲུ་དཀར་གྱི་ཕྱེ་སོགས་དང་སྦྱར་ནས་རིལ་བུ་དྲིལ་སྲོལ་སྣང་བས་དུག་འདོན་བཅུད་འགུགས་སོགས་རེ་རེ་ནས་མ་གྲུབ་ཀྱང་འགལ་བ་མེད་འདྲ། སྒྲུབ་ཚུལ་གྲུབ་རྒྱལ་ལུགས་ལྟར་མཛད་ན་ཤིན་ཏུ་འཐུས་ཏེ། ལྷ་ངོ་བོ་གཅིག་ཅིང་སྔགས་ཀྱང་ཨོ་གུ་རུ་ཨཱ་ཡུསིདྡྷི་ཧཱུྃ་ཧྲཱིཿཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་བླ་མའི་མཚན་སྔགས་ཀྱིས་ཐོག་དྲངས་པ་ཙམ་མ་གཏོགས་སྔགས་ཀྱི་དངོས་གཞི་གཅིག་པའི་ཕྱིར་རོ། ༈ །དགུ་པ་བུམ་ཆུ་ཁྲུས་ཆབ་ཀུན་འདུས་ནི། བུམ་རྫས་དང་། གུར་གུམ་སོགས་ཀྱིས་ཕུར་མ་བཟོས་པས་འཐུས་ཤིང་། འགའ་ཞིག་གིས་ཁྲུས་ཆུའི་ཕུར་མའི་རིགས་ལ་ཨར་སྐྱའམ། ཨ་གར་འབའ་ཞིག་ཏུ་གྲགས་པ་དང་། གཡའ་ཚན་དཀར་པོ། མཁན་དཀར་སོགས་གྲིབ་སེལ་གྱི་རྫས་ཅི་རིགས་པ་བསྲེས་པའང་སྣང་མོད། མ་འབྱོར་ཀྱང་འགལ་བ་མེད། བསྒྲུབ་ཚུལ་ནི། སྡིག་སྒྲིབ་སྦྱོང་བ་ལ་གཙོ་བོར་རྡོར་སེམས་དང་། གྲིབ་སེལ་ལ་རྣམ་འཇོམས་དང་སྨེ་བརྩེགས་གང་རུང་གི་བདག་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས་རྫས་ལ་སྦྱོང་ཁྲུས་བྱ། དེ་ནས་བུམ་པ་སྒྲུབ་པ་སྤྱི་ལྟར་ལ་ནང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་སྟེང་དུ་ཞེས་པ་ཙམ་ཁ་བསྒྱུར་བགྱིས་པས་འཐུས་ཤིང་། མཇུག་ཏུ་མཆོད་ཡོན་ཕུལ་སྐབས་ཀུ་ཤའི་འཐོར་ཡབ་ལྟ་བུས་འཐོར་བ་དང་། བུམ་པའི་ལྷ་འོད་དུ་ཞུ་བ་ལས་བཅུད་ནུས་པ་དང་ལྡན་


JKT005_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

པར་མོས་པས་ཆོག །ཡང་འདི་རིགས་ལ་གཟུངས་སྒྲུབ་བྱ་ཚུལ་གྱི་ལག་ལེན་འདི་ལྟར་ཡང་ཡོད་དེ། རྫས་རྣམས་བུམ་པའམ་ཀ་ཊོར་ལྟ་བུའི་སྣོད་དུ་བླུགས་པ་མདུན་དུ་བཞག །བདག་བསྐྱེད་མདོར་བསྡུས་སྦྱོང་ཁྲུས་རྒྱས་བསྡུས་གང་རིགས་བྱ། རྫས་བསང་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་སོགས་ནས། ནང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བཞེས་པའི་བར་བུམ་བསྐྱེད་སྤྱི་ལྟར་ལ། དེའི་སྟེང་དུ་ཟླ་བ་ལ་གནས་པའི་སྔགས་ཀྱི་ཕྲེང་བ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བཅུད་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། ཡི་གེ་བརྒྱ་པའམ། རྣམ་འཇོམས་དང་སྨེ་བརྩེགས་ལྟ་བུའི་སྔགས་གསང་བར་བཟླ། ཐུན་འཁོར་དང་སྔགས་ཕྲེང་གདན་དང་བཅས་པ་འོད་དུ་ཞུ་ནས་རྫས་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ནུས་པ་ཐམས་ཅད་དང་ལྡན་པར་གྱུར། ཞེས་ཚུ་བརྗོད་ཅིང་བསམས་ལ་བདག་བསྐྱེད་ཀྱི་མཇུག་ནི་བྱ་བ་སྤྱི་ལྟར་བྱའོ། །བུམ་པ་མེད་ན་སྟོང་པའི་ངང་ལས་རྫས་ཀྱི་སྟེང་དུ་ཟླ་བ་ལ་གནས་པའི་སོགས་བརྗོད་པས་ཆོག །འདི་ལྟ་བུའི་ཚུལ་ནི་རྒྱ་གཞུང་རྣམས་


JKT005_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཟུར་གྱིས་གསལ། བཀའ་གདམས་པའི་མན་ངག་རྣམས་ལས་ཀྱང་མང་དུ་འབྱུང་། རབ་གནས་ཀྱི་འཐོར་ནས་བསྒྲུབ་ཚུལ་དང་། སྨན་བླའི་མདོ་ཆོག་གི་གཟུངས་ཆབ་བྱིན་རླབས་སོགས་དང་ཡང་སྒོ་མཐུན་པས་ཤིན་ཏུ་ལེགས་པ་ཡིན་ལ། དེང་སང་ཡོངས་སུ་གྲགས་པའི་སྔགས་བདུག་དང་། སྔགས་འདག་སྟེ་ས་སྔགས་སོགས་ཀྱང་འདི་ལྟར་བསྒྲུབ་ན་ལེགས། གོང་དུ་ཞུས་པའི་རིལ་བུའི་རིགས་གཞན་ཐམས་ཅད་ཀྱང་སོ་སོའི་སྒོ་ནས་བསྒྲུབ་པ་རྒྱས་པ་མ་བྱུང་ན་འདི་ཙམ་གྱི་དམིགས་པས་ཁྱབ་པར་བྱས་ཏེ་སྔགས་སོ་སོར་བཟླས་པས་བྱིན་གྱིས་བརླབས་ཀྱང་གཏའ་སྤེལ་གྱི་རིགས་ལ་དེ་གས་ཆོག་པར་སེམས་ཤིང་། གང་ལྟར་ཡང་ཐུན་དུ་བཅད་དེ་ཡུན་རིང་ཐུང་ཇི་ལྟར་རིགས་པས་བསྒྲུབ་པར་བྱའོ།། ༈ །།བཅུ་པ་མི་ཞུ་བའི་ཁམས་ཀྱི་རིན་པོ་ཆེའི་དུག་འདོན་བྱེད་ཚུལ་གསོ་དཔྱད་ཀྱི་གཞུང་རྣམས་ལས་འདྲ་མིན་ཅི་རིགས་འབྱུང་མོད། ཞྭ་ལུ་རྡོ་རྗེ་འཆང་གི་ཕྱག་ལེན་འདི་ལྟར་སོར་བཞག་མཛད་ན་འཐུས། ཀླུ་སྨན་གྱི་རིན་པོ་ཆེ་རྣམས་ཀྱང་དུག་འདོན་བྱེད་ན་འདི་ལྟར་ཁོ་ནས་ཆོག །བཞུ་བའི་ཁམས་ཀྱི་རིན་པོ་ཆེ་གསེར་དངུལ་ཟངས་སོགས་གཡའ་ཕྱི་དུག་འདོན་གསོ་དཔྱད་ཀྱི་གཞུང་རྣམས་ལས་རྒྱ་ཆེར་འབྱུང་མོད། བུམ་རྫས་སོགས་ཀྱི་སྐབས་རྟེན་འབྲེལ་ཙམ་དུ་སིང་པོ་ལྟ་བུར་བཏབ་ནས་གཡའ་ཡང་ཡང་བཅད། དེ་ནས་ཆུ་ཚན་དུ་བཏབ་


JKT005_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཀོལ་བའི་ཆུ་ཕྱིར་ཕོ། ཆུ་འཁྱགས་ཀྱིས་བཤལ། དེ་འདྲ་ལན་མང་དུ་བྱས་པས་འཐུས། ལར་བུམ་རྫས་སོགས་རྒྱུད་དང་རྒྱ་གཞུང་གི་དངོས་བསྟན་ལྟར་ན་ཁྲོལ་བུ་དེ་བུམ་པའི་ནང་དུ་བླུགས་པ་རྟེན་འབྲེལ་གྱི་མཚོན་དོན་ཙམ་མ་གཏོགས་དེའི་ཁུ་བ་ཁོང་དུ་བཏང་བའི་ནུས་པ་ལ་བརྟེན་ནས་ནད་གདོན་ལ་ཕན་པའི་བྱ་བ་བྱེད་པ་སྨན་སྦྱོར་སོགས་དང་མི་མཚུངས་པས་དུག་འདོན་བྱ་དགོས་ཚུལ་རྒྱུད་དང་རྒྱ་གཞུང་བོད་སྔ་རབས་པའི་ཡིག་ཆ་སོགས་ནས་ཟུར་ཙམ་ཡང་མ་གསུངས། ཕྱིས་སྔགས་ཀྱི་ཆོ་ག་འགངས་ཆེ་བ་ཐམས་ཅད་གྲོང་པའི་སྐྱེ་བོར་རྙེད་འཚོལ་ལ་བཙོང་པའི་སྲོལ་དོད་པས་བུམ་རྫས་སོགས་ཀྱང་མང་པོ་འ དགོས་སྐབས་ཁྲོལ་བུ་བྱེད་པ་སྟབས་མི་བདེ་ཞིང་འབྱོར་དཀའ་བ་ལ་དགོངས་ཏེ་རིལ་བུ་དང་ཕུར་མ་ཅི་རིགས་མཛད་པར་སྣང་མོད། བུམ་པ་རྣམས་སུ་རྟེན་འབྲེལ་མཚོན་བྱེད་ཅུང་ཟད་རེ་མ་གཏོགས་སྨན་གྱི་ནུས་པ་འབྱིན་པའི་མང་པོ་ནི་བཏབ་སྲོལ་མེད་པས། དུག་འདོན་སོགས་ཀྱང་རྟེན་འབྲེལ་མཚོན་བྱེད་ཙམ་གྱིས་ཆོག་པར་སེམས། དེས་མཚོན་ཀླུ་སྨན་དུ་འབྱུང་བའི་གསེར་དངུལ་དུང་དང་གཟི་སོགས་འགའ་རེ་ དཀོར་ཆ་དང་། ལ་ལར་དབང་པོའི་ནད་སེལ་བའི་སྨན་དུའང་བཤད་པས་དཀོར་ཆའི་རིགས་རྣམས་སྨན་གྱི་ནང་དུ་གཏོང་བ་ལ་དགོས་པ་ཆེར་མ་མཆིས་མོད། དཀོར་ཆ་སོགས་སོ་སོར་མི་འཛོམ་པའི་དབང་དུ་


JKT005_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་བླ་མ་ཁ་ཅིག་གིས་ཕྱོགས་བསྡུས་སུ་མཛད། འགའ་ཞིག་གིས་དེ་མི་འཐད་པར་གསུངས། ལ་ལས་དུང་སོགས་སྲོག་ཆགས་ལས་བྱུང་བའི་རིགས་ཀླུ་སྨན་དུ་གཏོང་ན་མི་ལེགས་པས་དུང་ཕོར་གྱི་ཚབ་ཏུ་སྔོ་ཅུ་གང་སོགས་བཏང་ཞེས་གསུངས་པས་མཚོན་བཞེད་པ་མང་པོ་ཟིང་ཟིང་པོར་གྱུར་པས་ལེགས་པར་དཔྱད་ན་དབྱིག་དུག་སོགས་ཡོད་པར་དོགས་པའི་རིགས་རྣམས་བཞག་ནས་ཀླུ་སྨན་ཡིན་ངེས་ཁོ་ན་བསྡུས་ན་དངོས་གཙང་བར་སེམས་པ་ལགས། ༈ །།བཅུ་གཅིག་པ་ཀླུའི་སྤང་སྐོང་ནས་བཤད་པའི་ཀླུ་སྨན་གྱི་དུག་འདོན་བྱ་ཚུལ་ཐད་སྤྱིར་གོང་དུ་ཟུར་ཙམ་ཞུས་པས་ཁྱབ་ཅིང་། ཞིབ་པར་ན་ཀླུ་སྨན་གྱི་རིགས་བསྡུ་ཚུལ་མི་འདྲ་བ་ཤིན་ཏུ་མང་བ་ཞིག་མཐོང་བའི་ནང་ནས་གཙོ་ཆེ་བ་ནི་སེང་གེ་སྒྲའི་གདོན་༡ཁྲོལ་ལས་བྱུང་བ་དང་། དཔལ་རྒ་ལོའི་ཀླུ་༢གཏོར་ལས་བྱུང་བ་གཉིས་ནི་འཕགས་ཡུལ་གྱི་མན་ངག་ཡིན་དགོས་མོད། འདི་ལའང་རྩ་བའི་ཡིག་ཆ་རྣམས་སུ་སྨན་མང་པོ་མེད་ཀྱང་། ཡིག་ཆ་ཕྱི་མ་རྣམས་སུ་ཇེ་རྒྱས་སུ་བཏང་བ་འདྲ་ཞིག་སྣང་། གཞན་རྙིང་མའི་ཕྱོགས་ལ་གྲགས་ཆེ་བ་བླ་མ་དགོངས་འདུས་ཀྱི་ཆར་༣ཆོག་ལས་འབྱུང་བ་དང་། རྒྱ་ནག་ལུགས་ཀླུའི་སྤང་སྐོང་ནས་འགྱུར་༤བ་སྟེ་འདི་བཞི་གཙོ་བོར་སྣང་བས་བཞི་ཀ་ཕྱོགས་གཅིག་ཏུ་བསྡེབས་ནའང་རུང་། སོ་སོར་བྱུང་ན་ཤིན་ཏུ་ལེགས། གང་ལྟར་ཡང་སྨན་གྱི་ངོས་འཛིན་དང་


JKT005_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དུག་འདོན་བྱ་ཚུལ་སོགས་ཡི་གེ་ཞིབ་ཆ་ཞིག་དགོས་འདུག་པས་སླར་ཁུངས་དཔྱད་དེ་འབུལ་ལམ་ཞུ་རྩིས་དང་། བུམ་རྫས་ཉེར་ལྔ་ལ་དུག་འདོན་ཙམ་ནི་གོང་དུ་ཞུས་པས་ཁྱབ། སྤྱིར་རྒྱུད་དང་མན་ངག་གསར་རྙིང་བཀའ་གཏེར་རྣམས་ལས་བུམ་རྫས་མི་གཅིག་པ་མང་དུ་གསུངས། དེའང་སྨན་ལྔ་སོགས་ངོས་འཛིན་མི་གཅིག་པ་ཤིན་ཏུ་མང་བས་སོ་སོའི་ལུགས་སྲོལ་མ་འདྲེས་པའི་ཡིག་ཆ་ཞལ་གསལ་ཞིག་བྱུང་ན་གལ་ཆེ་བར་སྣང་བས་སླར་འབུལ་རྩིས་ལགས་ཤིང་། འོན་ཀྱང་རང་ལུགས་རྗེ་བཙུན་རྩེ་མོའི་ཀྱེ་རྡོར་དབང་ཆུ། ཀུན་མཁྱེན་གྱི་རྣམ་བཤད། དཀོན་མཆོག་ལྷུན་གྲུབ་པའི་མཛེས་རྒྱན་བཅས་དགོངས་པ་ཕྱོགས་མཐུན། རིན་པོ་ཆེ་ལྔ་ལས། དབང་ཆུར་དུང་དང་། མཛེས་རྒྱན་ལས་དེའི་མལ་དུ་མུ་མེན་ཞེས་སྣང་བས། སྔ་མ་ནི་རྒྱུད་རྣམས་ལས་རིན་པོ་ཆེའི་ལྔའི་གྲས་སུ་པདྨ་རཱ་ག་ཞེས་གསུངས་པ་འབྱོར་དཀའ་བས་དེའི་ཚབ་དུང་གིས་རུང་བ་ཨ་བྷ་ཡས་བཤད་པའི་རྗེས་སུ་འབྲང་བར་སྣང་ལ། ཕྱི་མ་ནི་པདྨ་རཱ་གའི་མལ་དུ་དཀྱིལ་ཆོག་བཟང་པོ་ཡོངས་བཟུང་ལས་མུ་མེན་ཞེས་གསུངས་པའི་དགོངས་པར་སྣང་བས་གང་ཚུ་རུང་ཞིག་བཏང་བའམ། གཉིས་ཀ་བཏང་ཡང་མི་འགལ། སྨན་ལྔའི་ནང་ནས་རྒྱ་མཚོ་ལྦུ་བ་དེང་སང་ཡོངས་སུ་གྲགས་པའི་དཀར་སོབ་འདི་ནི་འབུ་ཁོག་ཞིག་ཏུ་སྣང་བས་བུམ་རྫས་དད་སླུ་སྨན་སོགས་ལ་བཏང་


JKT005_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་ལེགས། དངོས་ནི་ཕྱིའི་རྒྱ་མཚོའི་རླབས་བྲག་ལ་རྒྱབ་པའི་གཉེར་མ་ཆུ་དྲག་ཏུ་ཆགས་པ་ས་མིན་རྡོ་མིན་ལྟ་བུའི་ནག་ངམ་ཆུ་རིས་ཅན་ཞིག་ཡོད་སྐད་ཀྱང་འབྱོར་དཀའ། དེའི་ཚབ་ཏུ་འགའ་ཞིག་གིས་ཆུ་མགོ་རྣམས་ཀྱི་ཕུག་ཏུ་ཆགས་པའི་ཆུ་བལ་ལྗང་གུ་འདི་སྲོག་ཆགས་མང་དུ་ཡོད་པ་ཆུ་ནང་དུ་དལ་བུས་བསལ་ནས་སྲོག་ཆགས་མེད་ངེས་ཀྱི་གཙང་མ་དེ་གྲིབ་སྐམ་དུ་བྱས་ཏེ་གཏོང་བ་དང་། ལ་ལས་སྨན་པ་རྣམས་ལ་གྲགས་པའི་སྔོ་ཆུ་སྲིན་སྡེར་མོ་ཞེས་པ། ས་རོང་རྣམས་ཀྱི་བྲག་ལ་སྔོ་ཆུ་སྲིན་གྱི་སྦར་ཁྱིམ་ལྟ་བུ་ཚོམ་བུར་ཡོད་པ་དགུན་ཀའང་སྐམ་པོ་བྲག་ལ་འབྱར་བ་ཞིག་འོང་བས་དེ་གཏོང་བར་སྣང་། རྫས་གཞན་རྣམས་ཀྱི་ངོས་འཛིན་ནི་མཁྱེན་སླ། དུག་འདོན་ཀྱང་རིན་པོ་ཆེ་ལྔ་ལ་གོང་དུ་ཞུས་པ་ལྟར་དང་། སྨན་ལྔའི་སྦེ་ཏྲེས་ཀྱི་ཤུན་པ་དོར། ཀཎྜ་ཀ་རི་བར་ཤུན་ཁོ་ན་གཏོང་། ལན་ཚྭ་འདིས་རོ་བསྒྱུར་བས་མང་པོ་མི་གཏོང་བ་ལེགས། དེ་མིན་གང་འབྱོར་གྱིས་ཆོག །མུ་ཏིག་མང་པོ་མ་རྙེད་ན། མུ་ཏིག་དོན་ཤུལ་ཡོད་པའི་ཉ་ཕྱིས་ཀྱིས་ཁ་བསྐང་ན་རུང་། གཞན་མཁྱེན་སླའོ།། ༈ །།བཅུ་གཉིས་པ་རབ་གནས་སྐབས་ཀྱི་ཤུན་པ་ལྔའི་ཤིང་ལྔ་དངོས་ནི་རྒྱ་གར་དང་བལ་ཡུལ་སོགས་ལས་བོད་དུ་མི་འབྱུང་། ཚབ་རུང་འོ་མ་ཅན་གྱི་ཤིང་གང་རུང་ལྔས་མཛད་ཅེས་སྔ་རབས་པའི་ཡིག་ཆར་འབྱུང་། ཕྱིས་བླ་མ་རྣམས་ཀྱིས་ངོས་འཛིན་མི་འདྲ་བ་


JKT005_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་རིགས་པ་མཛད་མོད། དཔྱད་གཟོད་ཅིང་འབྱོར་སླ་བའི་དབང་དུ་བྱས་ན། ཁམ་བུ། བལ་བུ། འོམ་བུ། ཤུག་པ། ལྕང་མ་དཀར་པོ་སྟེ་རྒྱ་ལྕང་དུ་གྲགས་པ་རྣམས་དཔྱིད་ཀ་ཤིང་ལོ་དང་པོ་སྔོ་བའི་དུས་ཤུན་པ་བཤུས་ཏེ་ཕྱིའི་ཀོག་པ་དོར་བའི་བར་ཤུན་ཁོ་ན་གཏོང་བ་ལེགས།། ༈ །།བཅུ་གསུམ་པ། ནང་གི་མཆོད་རྫས་སྨན་ཕུད་ནི་ནང་མཆོད་ཀྱི་རྫས་དང་གཅིག་པ་ཡིན་པས་རྙིང་མ་ལྟར་ན་བདུད་རྩི་ཆོས་སྨན་དང་། གསར་མ་ལྟར་ན་བདུད་རྩི་རིལ་བུ་ཁོ་ན་བཏབ་པ་ལས་ལོགས་སུ་མེད། རཀྟ་བཅུད་བསྡུས་དཔལ་སྤུངས་ནས་དཀར་ཆག་ཏུ་བཀོད་པ་མ་གཏོགས་སྦྱར་རྒྱུ་བྱུང་མིན་མ་ངེས་རུང་། ཕྲན་རང་ནས་དཀར་ཆག་ནང་ལྟར་ལག་ལེན་ཚད་ལྡན་གྱིས་བསྡུས་ཤིང་། བླ་མ་དགོངས་འདུས་ཀྱི་སྒྲུབ་ཆེན་གྱིས་བསྒྲུབས་པའི་རྫས་ཕྲན་བུ་འདི་ལྟར་ཕུལ་ཡོད་པ་ཟུར་གསུམ་འདི་ཕབས་གཏའ་དང་། བསྙེན་སྒྲུབ་ཡུན་རིང་ལྟ་བུའི་སྐབས་རཀྟའི་ཐོད་པའི་སྙིང་པོར་གཞུག་རྒྱུ་ལགས་ཤིང་། ཕུར་མ་འདི་གྲོང་ཆོག་ལྟ་བུའི་འཕྲལ་མཁོར་བཏབ་རྒྱུ་ལགས། མང་དགོས་ན་གཞུང་གསལ་གྱི་རྫས་ཚང་མ་སྣ་འཛོམས་བྱུང་ན་ཤིན་ཏུ་ལེགས་པ་གཞིར་བཅས། དེ་མིན་བྲག་ཞུན། སིནྡྷ་ར། ཙན་དམར། གུར་གུམ། བཙག །རྒྱ་སྐྱེགས། འབྲི་མོག །སྐྱུ་རུ་ར། མེ་ཏོག་ཨུག་ཆོས་སོགས་འབྱོར་སླ་བས་བུངས་བསྐྱེད་ཅིང་། གཡག་རྒོད་


JKT005_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དར་མའི་ཁྲག་སོགས་དང་སྦྱར་ནས་སྤེལ་ཆོག །ཞར་བྱུང་གཏོར་མའི་སྤྱོད་སྨན་འདིའང་རྙིང་མའི་ཕྱོགས་ལ་ཤིན་ཏུ་གལ་ཆེ་ཞིང་། གསར་མ་ལའང་བླ་མེད་ཀྱི་གཏོར་མའི་རིགས་ལ་བསྲེས་ན་ལེགས་པས་གཞུང་མཐུན་དུ་སྦྱར་ཞིང་བླ་མ་དགོངས་འདུས་སོགས་ཀྱི་སྒྲུབ་ཆེན་སྐབས་བསྒྲུབས་པའི་ཚད་ལྡན་ཕྲན་བུ་ཕུལ་ཡོད། འདིའི་ཐེབས་ཀྱུ་འདི་ཕབས་གཏའ་དང་། རྟེན་གཏོར་ལྟ་བུའི་ནང་དུ་གཞུག་རྒྱུ་ལགས་ཤིང་། ཕྱེ་མ་འདི་འཕྲལ་གཏོར་དང་ཚོགས་མཆོད་སོགས་ལ་བསྲེ་རྒྱུ་སྟབས་བདེར་བགྱིས་པ་ལགས། མང་དགོས་ན་གཞུང་གསལ་གྱི་རྫས་ཚང་མའམ། བདུད་རྩི་ཆོས་སྨན་དང་རིལ་བུ། ཤིང་ཏོག ། སྨན་སྣ། འབྲུ་སྣ། ཚ་བ་གསུམ་སོགས་སྤྱོད་སྨན་ཅི་རིགས་ཀྱིས་བུངས་བསྐྱེད་ནས་དཀར་གསུམ་མངར་གསུམ་དང་སྦྱར་ན་ཆོག །འདི་གཉིས་བསྒྲུབ་ཚུལ་རཀྟ་ནི་གསར་མའི་དམག་ཟོར་མའི་སྐོང་བའི་སྐབས་བཤད་པ་ཙམ་ལས་ཆེར་མ་མཐོང་བས། ས་ཕུར་གྱི་བསྙེན་སྒྲུབ་གསལ་བྱེད་ལྟ་བུའི་གཞུང་བསྲང་ནས་བྱིན་གྱིས་བརླབས་ན་ལེགས་ཤིང་། དེའང་མདུན་བསྐྱེད་ཀྱི་གཏོར་མའི་གཡོན་དུ་ཐོད་སྣོད་ལྟ་བུར་བླུགས། རཀྟ་བྱིན་རླབས་དཀྱུས་ནས་འབྱུང་བ་ལྟར། སྐབས་དེར་སྔགས་མང་དུ་བཟླས་པས་བྱིན་གྱིས་བརླབ་ན་ཆོག །གཏོར་མའི་སྤྱོད་སྨན་ནི། ས་ཕུར་ལྟ་བུ་ལ་མཚོན་ན་གཏོར་མ་དང་ལྷན་ཅིག་


JKT005_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བཤམ་ནས་སྔགས་མང་དུ་བཟླས་པས་བྱིན་གྱིས་བརླབ་པའམ། ཡང་ན་གསར་མའི་གཏོར་མ་བྱིན་བརླབས་བླ་མེད་སྤྱི་ལྟར་དང་། སྔགས་མང་དུ་བརླབ་པས་ཀྱང་ཁྱབ། སྤྱིར་རཀྟ་ལ་རྙིང་མའི་ཕྱོགས་ལ་རྒྱུད་དང་མན་ངག་ལས་ཚོགས་སོགས་མང་དུ་འབྱུང་ཞིང་། བྱིན་རླབས་ཀྱི་སྐབས་ཀྱང་དམིགས་པ་རྒྱས་པར་ཡོད། ས་ཕུར་ལས་མདོར་བསྡུས་ཙམ་ཞིག་མ་གཏོགས་མི་སྣང་། གང་ལྟར་ཡང་དེ་སྒྱུ་ཀས་འཐུས་པ་ལགས།། ༈ །།བཅུ་བཞི་པ་དབང་སྡུད་འཁོར་ལོ་སོགས་ཀྱི་རྫས་པདྨ་རཀྟ་ནི་གསོ་དཔྱད་བཤད་པའི་རྒྱུད་ལས། བུད་མེད་བཅུ་གཉིས་ལོན་ནས་ལྔ་བཅུའི་བར། །དྭང་མ་ལས་བྱུང་ཟླ་རེར་བསགས་པའི་ཁྲག །རྩ་ཆེན་གཉིས་ནས་ནག་ཅིང་དྲི་བྲལ་བ། །རླུང་གིས་མངལ་གྱི་སྒོར་འབྱིན་ཞག་གསུམ་འཛག །ཅེས་གསུངས་པ་ལྟར། ཟླ་མཚན་འབྱུང་བའི་དུས་ལོ་བཅུ་གཉིས་ནས་ཡིན་ཅིང་། དེའང་རབ་ཐོག་མ་ཁོ་ནར་བབས་པ་དེ་རྙེད་ན་མཚོན་སྲུང་དང་། ནད་ངན་དམར་བཤལ་གྱི་སྨན་སོགས་ལ་འདི་ཁོ་ན་ཆིག་རྒྱུག་ཏུ་བསྔགས་པས་མཚོན་ནུས་པ་ཤིན་ཏུ་ཆེ་བར་གསུངས་ཀྱང་དེ་འདྲ་ནི་རྙེད་ དཀའ་བས། འབྲིང་ལོ་བཅུ་གཉིས་ཀྱི་སྐབས་རང་དུ་བབས་པ་དང་། ཐ་མའང་ལོ་གྲངས་བཅུ་དྲུག་ཕན་ཆོད་ཙམ་གྱི་སྐྱེས་པས་མ་གོས་པའི་བུད་མེད་ཀྱི་རཀྟས་འཐུས། སྐྱེས་པ་དང་འབྲེལ་ཚར་ན་ནི་མངལ་


JKT005_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་མ་གཏོགས་པདྨ་རཀྟའི་ཐ་སྙད་མེད་པས་མངལ་ཁྲག་དམིགས་བསལ་འདྲ་དགོས་པ་ཡིན་ན་མ་གཏོགས་པདྨ་རཀྟའི་ཚབ་ཏུ་བཏང་སྲོལ་མེད། གང་ལྟར་ཡང་པད་རཀ་འཁྲུལ་མེད་སིནྡྷ་ར་དང་ཙན་དམར་སྦྱར་ཞིང་རྒྱ་སྐྱེགས་ཀྱི་ཁ་བསྒྱུར་བ་ཕྲན་བུ་ཕུལ་བ་འདི་ལྟར་ལགས། བྱང་སེམས་དཀར་པོ་ནི་གྲོང་པའི་ཆོས་ཀྱིས་མ་གོས་པའི་སྐྱེས་པའི་བྱང་སེམས་ཙམ་ལས། ལོ་གྲངས་ཀྱི་ཐ་སྙད་མེད་རུང་སྤྱིར་ན་ཚོད་ཉུང་ན་ཁམས་ཀྱི་ནུས་པ་ཆེ་བས་རབ་ལོ་བཅུ་གཉིས་ལྟ་བུའི་སྐབས་དང་པོར་བྱུང་བའི་བྱང་སེམས་དང་། དེ་མིན་བཅུ་དྲུག་ཕན་ཆོད་ཙམ་གྱི་བྱང་སེམས་བྱུང་ན་ལེགས་ཤིང་། ལྷག་པར་ནད་གཞི་སོགས་ཀྱི་སྐྱོན་མེད་པ་ཞིག་ངེས་པར་དགོས་པ་ལགས།། ༈ །།བཅོ་ལྔ་པ། བ་དམར་ཟལ་ནི་བ་དམར་མོ་སྒལ་ཚིགས་ཀྱི་སྤུ་དཀར་པོ་ཡོད་པ་དེ་ག་དང་། འབྲིའང་ནག་པོ་སྒལ་ཚིགས་ཀྱི་སྤུ་དཀར་པོ་ཡོད་པ་ལ་ངོས་འཛིན་ཏེ། །མདོ་ཁམས་ཟལ་མོ་སྒང་ཞེས་པའང་ཡུལ་གྱི་གཞུང་ཐམས་ཅད་གངས་རི་རྒྱན་མ་ཆད་པ་དཀར་པོས་ཐིག་བཏབ་པ་བཞིན་ཡོད་པ་ལ་བརྟེན་ནས་དེ་ལྟར་ཐ་སྙད་བཏགས་པས་མཚོན་ན། །བ་དཀར་ཟལ་ཟེར་བ་ནི་གྲོང་པའི་ཐ་སྙད་ཙམ་ཡིན་ན་མ་གཏོགས་གསོ་དཔྱད་སོགས་ཀྱི་གཞུང་ལས་ཆེར་འབྱུང་བ་མ་མཐོང་། བ་བྱུང་དང་། བུམ་རྫས། ཀླུ་སྨན་སོགས་ཀྱི་སྐབས་


JKT005_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ནི་བ་དམར་ཟལ་བེའུ་དང་པོ་སྐྱེས་པའི་གསར་པ་ཁོ་ན་ལགས་ཤིང་། དེའང་མི་གཙང་བ་ཟོས་པའི་ལྟོ་བཤལ་སླད་ཞག་ཤས་རྩྭ་ཆུ་གཙང་མས་བསོས་ཤིང་། ཐོག་མར་ཉིན་གཅིག་གཉིས་སྔ་མའི་ཟས་རོ་ཡོད་སྟབས་ཆུ་དང་འོ་མ་སོགས་ལོགས་སུ་དོར། དེ་ཕན་རིམ་པར་བསགས་ན་ལེགས་པ་ལགས། ༈ །བཅུ་དྲུག་པ་རྟག་དུ་རིགས་གསུམ་ལས་འཇམ་དབྱངས་དང་སྤྱན་རས་གཟིགས་རྟག་དུ་ཕྲན་བུ་འདི་ལྟར་ལགས་ཤིང་། ཕྱག་རྡོར་རྟག་དུ་ཕྲན་རང་མ་གཏོགས་འདི་ཕྱོགས་སྨན་པ་རྣམས་ཀྱིས་ངོས་མ་ཟིན། ཕྲན་ཡང་རི་ཁར་མི་འགྲོ་བས་གསར་དུ་སྐབས་ཐོབ་མ་རྙེད། སྔ་མ་བཏུས་པའི་རྙིང་པ་འདི་ལྟར་ཕུལ། དེ་མིན་བདུད་རྩི་རིལ་བུར་འགྲོ་བའི་སྔོ་སྨན་རིགས་སྔ་མོ་ཤིང་སྟག་ལོ་སྐོར་ཞིག་སྐྱབས་མགོན་མཁན་ཆེན་རྡོ་རྗེ་འཆང་ནས་བཀའ་གནང་ལྟར་མང་ཙམ་རེ་ཕུལ་ཡོད་ནའང་ད་ཆ་དེར་ཡོད་མིན་མ་ངེས། ལར་ལོ་གྲངས་ཀྱང་མང་དུ་སོང་བས་ནུས་པ་ཆུང་བ་གཞིར་བཅས་རུང་། སྨན་སྦྱོར་དངོས་དང་ནི་མི་འདྲ་བས་ཡོད་ཚེ་བཏང་ན་འགལ་བ་རང་མེད་སྙམ། གང་ལྟར་ཡང་འདི་ལོ་དབྱར་ཐོག་ཕྲན་བུ་ཚགས་རྩོལ་བྱེད་རྒྱུ་བྱུང་ན་ལས་ཕྲན་ནས་སྨན་གྱི་ལག་ལེན་མི་བྱེད་སྟབས་སྔ་མ་ཚགས་བྱས་པ་ནི་མི་སྣང་། ལོ་རྗེས་མའི་ནང་འབུལ་ཨེ་ཐུབ་ཡིད་འཇོག་ཞུ་བ་ལགས། ༈ །བཅུ་བདུན་པ་ས་ཆུ་


JKT005_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བཅུད་ཀུན་འདུས་རིལ་བུ་ཕབས་གཏའ་དང་། ཕུར་མ་བཅས་ཕྲན་བུ་ཞིག་འདུག་པ་འདི་ལྟར་འབུལ་ལམ་ཞུས་ཡོད། རྗེས་སུ་མང་ཙམ་སྦྱར་རྒྱུ་བྱུང་ན་རིམ་པར་ཕུལ་ཆོག་པ་དང་། ཞར་བྱུང་བསང་མཆོད་འདི་གྲུབ་མཐའ་ཐམས་ཅད་ལ་དར་སྲོལ་ཆེ་ནའང་། ཁུངས་ནི་རྙིང་མའི་གཞུང་ཁོ་ན་ལ་བཅོལ་བར་སྣང་། དེས་ན་ཕྱོགས་དེའི་གཞུང་ཁུངས་ཐུབ་ལས་འབྱུང་བའི་རྫས་ཀྱི་རིགས་ཚང་ན་ཤིན་ཏུ་ལེགས་པར་སེམས། དེའང་མངའ་བདག་ཉང་གི་གཏེར་བྱོན་བསང་གི་ཡིག་ཆུང་ཞིག་ཡོད་པ་ལས་རྫས་སྣ་ཉུང་ཙམ་བཤད། སྤྱིར་བསང་རྫས་བརྒྱ་རྩ་ཞེས་གྲགས་ཆེན་འང་ངོས་འཛིན་དམིགས་བསལ་གྱི་ཡིག་ཆ་ཤིན་ཏུ་དཀོན་པར་སྣང་བས་ཁུངས་དཔྱད་པ་ན། རྒྱ་མ་མི་འགྱུར་ལས་འཕྲོ་གླིང་པ་ཞེས་འཁྲུལ་མེད་ཀྱི་གཏེར་སྟོན་ཚད་ལྡན་འབྲི་གུང་རིན་ཆེན་ཕུན་ཚོགས་སོགས་མཁས་གྲུབ་མང་པོའི་བླ་མར་གྱུར་ཅིང་། གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་སོགས་དང་དུས་མཚུངས་དང་། དེའི་གཏེར་བྱོན་གྱི་ཡིག་ཆ་འདི་ལེགས་པར་སྣང་བས་འདི་གའི་དགོངས་དོན་ལྟར་འབད་པ་ཆེན་པོས་བསྡུས་པའི་བསང་རྫས་བརྒྱ་རྩ་ཕྲན་བུ་འབུལ་ལམ་ཞུས་ཡོད་པ་མང་དགོས་ན་བསང་རྫས་གང་འབྱོར་གྱིས་བུངས་བསྐྱེད་པ་དང་། བྱིན་རླབས་བྱ་ཚུལ་ཀྱང་གཞུང་གསལ་ལྟར་ལགས། ༈ །བཅོ་བརྒྱད་པ་


JKT005_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་རིལ་བུ་ཚོགས་སྒྲུབ་ཅིག་བྱུང་ན་རང་ལུགས་ཀྱི་དམ་རྫས་གཙོ་བོ་བདུད་རྩི་རིལ་བུ་ཁོ་ན་ཡིན་པ་དང་། འགྲོ་དོན་ཀྱང་ཤིན་ཏུ་ཆེ་བ་བཅས་གང་ཅིས་ལེགས་ཤིང་གལ་གནད་ཆེ་བར་སྣང་བས་རིམ་གྱིས་ཐུགས་བསྐྱེད་མི་འདོར་བ་དང་། ཕབས་གཏའ་ནི་ས་ངོར་གྱི་ཕབས་གཏའ་རྙིང་པ་ཁུངས་བཙུན་རིགས་དང་། རྟེན་འདམ་དཔེ་བྲལ་མ། གཏེར་བྱོན་ངོ་མའི་ཆོས་སྨན་དང་། གུ་རུ་ཡབ་ཡུམ་ལྷགྱི་བྱང་སེམས། བདུད་རྩི་ལྔའི་རིལ་བུ། སྐྱེ་བདུན་སོགས་གཞན་འདྲེས་མེད་པ་ལས་རྟེན་འདུས་སོགས་ཡོད་ཚད་ཐམས་ཅད་བསྲེ་བའི་སྲོལ་མེད་འདྲ་བས་ཁུངས་དག་དངོས་གཙང་ཁོ་ན་ལེགས་ཤིང་། བཀའ་གནང་ལྟར་སྨན་མང་ཉུང་ཅི་རིགས་བཤད་པ་གཙོ་བོའི་བརྡ་རྣམས་མ་ཆད་པ་ཞིག་ངེས་པར་དགོས་པ་ལས། ཡན་ལག་གི་སྨན་གང་འབྱོར་ཙམ་གྱིས་ཆོག་པས་ཀུན་དགའ་བཀྲ་ཤིས་ཀྱི་གསུང་ལྟར་ཚང་མ་འཛོམ་དགོས་པའི་ངེས་པ་མེད་མོད། ཨེ་འཛོམ་གཟིགས་ནའང་སྣེ་ཚང་ཙམ་ནི་མི་རྙེད་པའི་འབྱོར་དཀའ་བ་དེ་རིགས་མི་སྣང་། འདི་ལའང་དཔེ་དག་མིན་ཅི་རིགས་འདུག་པས་ཕྲན་གྱི་དཔེ་ཅུང་ཟད་དག་པ་ཡིན་རྩིས། མཇུག་ཏུ་འཕྲོས་དོན་ཕྲན་བུ་ཡོད་པ་འདི་ལྟར་འབུལ་ལམ་ཞུས་ཡོད་པ། འདི་ནང་བདག་ཆེན་རྡོ་རྗེ་འཆང་གི་སྒྲུབ་ཡིག་ནས་འབྱུང་བའི་སྨན་འདི་ཙམ་ཞིག་འཛོམ་ན་གལ་ཆེ་ཞིང་། ཁྲོལ་


JKT005_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་སོགས་ཀྱི་སྐབས་རོའི་བྱེ་བྲག་ལས་བརྩམས་ཏེ་རིགས་སོ་སོར་ཕྱེ་ནས་ཕྱོགས་མ་འཁྲུལ་བར་བཞག་དགོས་པའི་ངོས་འཛིན་ཀྱང་མཆན་བུས་གསལ་བ་ཡོད། དུག་འདོན་ནི་སྨན་སྒྲུབ་སོགས་ཀྱི་སྐབས་སུ་མཛད་སྲོལ་མེད་དེ། དེའང་དུག་རིགས་དངོས་ནི་ཆོས་སྨན་དང་བདུད་རྩི་རིལ་བུ་རྣམས་ཀྱི་རྫས་ལ་མི་འགྲོ་བས་དེར་ཟད། གཞན་སྨན་གྱི་རིགས་ཕལ་ཆེར་ལ་དུག་མེད་ཅིང་། འགའ་ཞིག་ཤུན་བ་ཕྲལ་དགོས་པ་སོགས་ཡོད་རུང་། དེ་རིགས་ཀྱང་གསོ་དཔྱད་ཀྱི་སྐབས་འཇམ་ཞིང་འཇུ་སླ་བ་ལ་དགོངས་པ་ཙམ་མ་གཏོགས་ཉེས་པ་ཆེར་ཡོད་ཚུལ་མ་གསུངས་པའི་ཕྱིར། སྐབས་འདིར་ནི། སྨན་ལྟ་བུ་དུས་རྒྱུན་འཐུངས་རྒྱུ་མ་ཡིན་པས་འཇུ་དཀའ་སླ་སོགས་ཀྱི་དཔྱད་པ་མ་དགོས། འོན་ཀྱང་གསོ་དཔྱད་དང་སྒོ་བསྟུན་ནས་དམིགས་བསལ་གྱི་དུག་འདོན་འགའ་ཞིག་ཟུར་དུ་བྲིས་པ་ལྟར་ལགས་ཤིང་། དེ་ལྟར་བཀའ་འདྲི་རྒྱ་ཆེར་གནང་བའི་ལན་ཇི་བཞིན་པར་ཞུ་བ་རྔོ་མ་ཐོགས་པར། རྨོངས་བློས་གང་དྲན་མདོར་བསྡུས་ཙམ་ཞིག་སྤྱི་བརྟོལ་བསྐྱེད་དེ་གསོལ་བར་སྒྲིབ་བྲལ་ཡེ་ཤེས་ཀྱི་གཟིགས་པ་དམ་པས་ལེགས་པར་དཔྱད་དེ་འགལ་འཁྲུལ་རྣམས་དག་ཅིང་གཙང་བར་མཛད་པའི་བཀའ་དྲིན་སྩོལ་བར་ཅི་གནང་ཞེས་ཐལ་མོ་སྦྱར་ཏེ་གུས་པས་གསོལ་བ་འདེབས་པ་ལགས། །ལེགས་བྲིས་བདུད་རྩིས་མཚོན་མིན་པའི། །ས་གསུམ་


JKT005_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་སེལ་རྫོགས་ལྡན་སྤྲིན། །རྒྱས་པར་དཀྲིགས་པའི་དགེ་མཚན་གྱིས། །ཕན་བདེའི་འདོད་དགུ་འཇོ་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།ཤུ་བྷཾ།

ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་ལེགས་བཤད་ངོ་མཚར་ཆུ་གཏེར།

ཤོག་ལྷེབ་ ༦༩ ནས་ ༡༠༠ བར།


JKT005_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཡཱ ན སྱ བི ས སྣེ ད རོ ཙ ན སྱ ཀཱ ཐ སུ བྷྱཱ ཎི ཏ ཙི ཀྲོ ད ཀ ནི དྷི ནཱ མ བི ཧ ར ཏི སྨ།།
ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་ལེགས་བཤད་ངོ་མཚར་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། །


JKT005_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དདྷབས༽གསལ་བྱེད་བཞིར་ངེས་རྐང་པ་གཅིག་གཉིས་བཞིར། ཆོད་པའི་ཟུང་ལྡན་ཚིག་རྒྱན་ཀུ་མུ་དཱ། སྡེབ་ལེགས་སྦྱོར་བ་རྗེས་སུ་བསྔགས་པ་ཡི། བྱེ་བྲག་མཁའ་དང་དབྱིངས་ཀྱི་ཆུན་པར་བཅིངས། །
དཪྴནནོདྷཱུལིརྻཐཱཀིཡནྟཱཀྵིཔྲཱགྲཧརཾསྱཛྙཱནཏཏྭཤུདྡྷོབཻ།
ཇི་ལྟ་ཇི་སྙེད་གཟིགས་པའི་རྡུལ་བྲལ་སྤྱན། །ཡེ་ཤེས་མཆོག་གི་དག་པ་དེ་ཁོ་ན། །རྟོག་པའི་དྲྭ་བ་རྣམ་བསལ་ཞིང་། །འཇམ་དཔལ་ཡེ་ཤེས་སེམས་དཔའ་རྒྱལ།། སྨྲ་བསམ་བརྗོད་པ་ལས་འདས་ཞིང་། །ཡུམ་ཆེན་ཤེས་རབ་ཕ་རོ་ལ་ཕྱིན།།


JKT005_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ ཛ ཡེ ཀོ བ རྟུ ལཾ བྷ བ ནཱ , པཱུ ཛ གུ རུ མུ ཛྷ ན ཡོ བི དྷཱ ལཾ ཧྲི། །
གཞན་མིན་རྒྱལ་ཀུན་ངོ་བོར་གཅིག་བཟླུམས་པའོ། །རྣམ་འདྲེན་བླ་མའི་ཞབས་རྡུལ་སྤྱི་བོས་མཆོད། ཛམ་གླིང་མཁས་པའི་གཙུག་རྒྱན་མཆོག །འཇམ་དབྱངས་ས་སྐྱ་པཎྜིཏ། །ཀུན་བཟང་དགོངས་པའི་གསང་མཛོད་ལ། །དབང་བསྒྱུར་དྲི་མེད་འོད་ཟེར་རྒྱལ།།


JKT005_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་བསམ་གྱིས་མི་ཁྱབ་ཆོས་ཉིད་དང་། །རྗེས་སུ་མཐུན་པར་བསྟན་པའི་ལམ་གྱི་རིམ། །ཟབ་ཅིང་རྒྱ་ཆེའི་སྒོ་འཕར་བགྲང་ཡས་པ། །བརྗོད་ནུས་མིན་ཀྱང་མདོ་ཙམ་རྣམ་པར་དབྱེ། །དེ་ལ་གསུམ་སྟེ། སོར་བཞག་ལྷ་མིའི་ཐེག་པ་དང་། ལོག་རྟོག་མུ་སྟེགས་ཀྱི་ཐེག་པ། ཡང་དག་སངས་རྒྱས་ཀྱི་ཐེག་པའོ། །དང་པོ་ནི། འདི་ལྟར་རང་གཞན་གྱི་གྲུབ་པའི་མཐའ་གང་གིས་ཀྱང་བློ་མ་བསྒྱུར་བའི་འཇིག་རྟེན་པ་དག་གི་ཆོས་ལུགས་གཉིས་སུ་འདོད་དེ། དེ་ཡང་ངོ་ཚ་དང་། ཁྲེལ་ཡོད་ཀྱིས་ཀུན་ནས་བསླངས་ཏེ། ཇི་སྐད་དུ། དཔལ་ལྡན་ནཱ་གཱ་རྫུ་ནས། མི་དགེ་བཅུ་པོ་སྤངས་པའི་སྟེང་། །ཆང་མི་འཐུང་དང་འཚོ་བ་བཟང་། །རྣམ་པར་མི་འཚེ་གོས་སྦྱིན་དང་། །མཆོད་འོས་མཆོད་དང་བྱམས་པ་སྟེ། །མདོར་ན་ཆོས་ནི་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་མི་ཆོས་བཅུ་དྲུག་གིས་མཚོན་པའི་གཞུང་ལུགས་རྣམ་པར་དག་པ་ལ་སྤྱོད་པ་ནི་སྐྱེ་བོ་དམ་པའོ། །དེ་ལས་ལྡོག་སྟེ་ངོ་ཚ་དང་ཁྲེལ་མེད་ཀུན་སློང་ལས་སུ་མ་རུངས་པས་རང་གཞན་ཐམས་ཅད་ཡིད་དུ་མི་འོང་བའི་རྒྱུ་འབྲས་ལ་སྦྱོར་བར་བྱེད་པ་ནི་སྐྱེ་བོ་དམན་པ་སྟེ། དེས་ན་སྔ་མའི་དོན་ལ་ཀུན་གྱིས་བཤེས་པར་བྱ་བའི་ཚུལ་ནི། དབུ་མ་བཞི་བརྒྱ་པ་ལས། འཇིག་རྟེན་ཚུལ་ལུགས་གང་དང་གང་། །དེ་དང་དེ་ལ་ཆོས་རྗེས་འཇུག །དེ་ཡི་ཕྱིར་ན་ཆོས་ལས་ཀྱང་། །འཇིག་རྟེན་སྟོབས་


JKT005_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ལྟ་བུར་སྣང་། ཞེས་དང་། ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་འགྲོ་བ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེག་ན་ཐར་པའང་གམ་ན་ཡོད། ཅེས་སོ། །དེས་ན་འདི་ནི་ཡང་དག་གི་ལམ་ལ་ཞུགས་པ་དག་གིས་ཚར་བཅད་པའི་ཡུལ་ཀྱང་མ་ཡིན། བླང་བྱ་ཡང་མ་ཡིན་པས་སོར་བཞག་གི་ཐེག་པར་བརྗོད་དོ། །ཤེས་པར་འདོད་ན་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་བརྒྱ་པ་དང་། ཙན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས། སྐྱེ་བོ་གསོ་བའི་ཐིགས་པ། རྗེ་བཙུན་ས་སྐྱ་པཎྜི་ཏས་མཛད་པའི་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལ་སོགས་པ་ལས་རྟོགས་པར་བྱའོ། །གཉིས་པ་ལ་ཡང་གཉིས། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། འདི་ལྟར་གྲུབ་མཐའ་ལོག་པ་ལ་བློ་ཞུགས་ནས་བདག་ཏུ་འཛིན་པའི་ལྟ་བས་སྲིད་པའི་རྩ་བ་སླར་ཡང་སྐྱེད་པ་ཕྱི་རོལ་མུ་སྟེགས་པ་སྟེ། དེ་ལ་ཡང་རང་རང་གི་བློས་བཏགས་པའི་ནང་གསེས་དཔག་ཏུ་མེད་ཀྱང་། བསྡུ་ན་ལྔར་འདུ་སྟེ། གྲངས་ཅན་པ། དབང་ཕྱུག་པ། ཁྱབ་འཇུག་པ། རྒྱལ་བ་པ། ཕུར་བུ་པའོ། །དང་པོ་ནི། དྲང་སྲོང་སེར་སྐྱའི་རྗེས་སུ་འབྲངས་ནས་ཤེས་རིག་གི་སྐྱེས་བུ་མཚན་ཉིད་ལྔ་དང་ལྡན་པར་འདོད་དེ། དབུ་མ་འཇུག་པ་ལས། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་


JKT005_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མུ་སྟེགས་རྣམས་ཀྱིས་བཏགས། །ཞེས་སོ། །དེ་ལས་སྐྱེས་བུ་དེའི་ཤེས་པའི་ཤེས་བྱ་གཙོ་བོ་དང་། རང་བཞིན་དང་། རྣམ་འགྱུར་ལས་རྡུལ་མུན་སྙིང་སྟོབས་གསུམ་གྱི་བྱ་བའི་ཡོན་ཏན་མཉམ་པའི་ཚེ་གཙོ་བོ་ཞེས་བྱ་ལ། མི་མཉམ་པའི་ཚེ་འགྲོ་བར་བརྗོད་ཅིང་། །དེ་ཡང་ཆོས་དེ་གསུམ་དང་ལྡན་པ་སྟེ། དེ་ཡི་རྣམ་འགྱུར་ནི། སྐྱེས་བུ་ཡུལ་ལ་ཞེན་པར་བྱེད་པའི་རང་བཞིན་ལ་ཆེན་པོ་ཞེས་བྱའོ། །ཆེན་པོ་དེ་ལས་ཀྱང་ང་རྒྱལ་རྣམ་པ་གསུམ་འབྱུང་སྟེ། དང་པོ་རྣམ་འགྱུར་གྱི་ང་རྒྱལ་ལས་ཀྱང་གཟུགས་སོགས་ཡུལ་དེ་ཙམ་ལྔ་དང་། དེ་ཙམ་ལྔ་ལས་འབྱུང་བ་ལྔ་འབྱུང་བའོ། །སྙིང་སྟོབས་ཀྱི་ང་རྒྱལ་ལས་དབང་པོ་བཅུ་གཅིག་བློ འབྱུང་སྟེ། མགོ་དང་ལག་པ། རྐང་པ། བཤང་ལམ། ཆུ་སོ་སྟེ་ལས་ཀྱི་ལྔ་དང་། མིག །རྣ་བ། སྣ། ལྕེ། ལུས་ཏེ་བློ་ཡི་ལྔ། གཉིས་ཀའི་བདག་ཉིད་ཡིད་ཀྱི་དབང་པོའོ། །མུན་པ་ཅན་གྱི་ང་རྒྱལ་གྱིས་ནི་གོང་མ་གཉིས་ཀྱི་གྲོགས་བྱེད་པའོ། །དེ་ཡང་སྐྱེས་བུ་ནི་རང་བཞིན་དང་རྣམ་འགྱུར་གཉིས་ཀ་མ་ཡིན་ལ། གཞན་རྣམས་ནི་གཙོ་བོ་དང་། རང་བཞིན་དང་། རྣམ་འགྱུར་གསུམ་གྱིས་ཁྱབ་སྟེ། དང་པོ་ནི། མཉམ་པར་གནས་པ་གསུམ་མོ། །གཉིས་པ་ནི་ཆེན་པོ་དང་ང་རྒྱལ་དེ་ཙམ་ལྔའོ། །གསུམ་པ་ནི་དབང་པོ་བཅུ་གཅིག་དང་། འབྱུང་བ་ལྔའོ། །དེ་སྐད་དུ་ཡང་། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། དེ་


JKT005_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཚོགས་ནི་རྣམ་པ་བཅུ་དྲུག་འབྱུང་། དེ་ལྟར་བཅུ་དྲུག་བྱུང་བ་དེ་ལས་ཀྱང་། དེ་ཙམ་ལྔ་ལས་འབྱུང་བ་རྣམ་ལྔ་འབྱུང་། ཞེས་སོ། །དེ་དག་ཀྱང་ནམ་ཞིག་རྣམ་འགྱུར་ཡིན་པར་ཤེས་ནས་བསམ་གཏན་ལ་མཉམ་པར་གནས་པས། རིམ་གྱིས་ཕྱི་མ་རྣམས་ཀྱང་སྔ་མ་ལ་ཐིམ་སྟེ་བདག་སྐྱེས་བུ་འབའ་ཞིག་གསལ་བར་གནས་པ་ནི་ཐར་པ་ཡིན་པར་འདོད་ལ། དེས་ན་དེ་ཁོ་ན་ཉིད་གྲངས་ཉི་ཤུ་རྩ་ལྔར་སྨྲ་བས་གྲངས་ཅན་པ་ཞེས་བྱ་སྟེ། ཁྱབ་འཇུག་གི་ཞལ་སྔ་ནས། རལ་པའམ་བྱི་བོ་ཅོད་པན་གྱི། །ཆ་ལུགས་གང་གིས་གནས་ཀྱང་རུང་། །དེ་ཉིད་ཉི་ཤུ་ལྔ་ཤེས་ན། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། ཅེས་སོ། །འདི་ནི་མུ་སྟེགས་པའི་གཞུང་ལུགས་ཐམས་ཅད་ཀྱི་ཕྱི་མོ་ཡིན་ཏེ། འཇུག་པ་ལས། དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་མང་ལུགས་ནི་ཐ་དད་འགྱུར། །ཞེས་སོ། །གཉིས་པ་ནི་འགྲོ་བ་ཐམས་ཅད་དབང་ཕྱུག་གིས་བྱས་ཤིང་། དེ་མཉེས་ན་མཐོ་རིས་དང་། མ་མཉེས་ན་ངན་སོང་དུ་འགྲོ་བར་འདོད་དེ། ཇི་སྐད་དུ། སྐྱེ་བོ་ཤེས་པ་ཡོད་པ་མ་ཡིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བསྐུལ་ཡང་ན་མཐོ་རིས་དང་། །གཡང་ས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཞེས་སོ། །གསུམ་པ་ནི། སྣོད་བཅུད་ཀྱི་རྒྱུ་རྡུལ་ཕྲ་རབ་གཅིག་རྟག་པར་འདོད་ཅིང་། གཞན་དུ་ཚངས་


JKT005_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇིག་རྟེན་ཐམས་ཅད་སྤྲུལ་པ་དང་། དེའི་གདོང་པ་བཞི་ནས་ཐོག་མ་མེད་པའི་དུས་ནས་རྟག་པར་ཡོད་པའི་རིག་བྱེད་ཆེན་པོ་བཞི་ཕྱུང་བས་དེ་ཉིད་ཚད་མར་འདོད་དོ། །ཁ་ཅིག་ཐམས་ཅད་ཀྱི་བྱེད་པོ་དུས་ཡིན་པར་འདོད་དེ། འབྱུང་བ་རྣམས་ནི་དུས་ཀྱིས་འབྱིན། །དུས་ནི་སྐྱེ་དགུ་རྣམས་སྡུད་ཅིང་། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ནི་འདའ་བར་དཀའ་བ་ཡིན། །ཞེས་སོ། བཞི་པ་ནི། རྒྱལ་བྱེད་ལས། གཅེར་བུ་པ་ནི་དེ་བཞིན་བདུན། །དཀའ་ཐུབ་སྡོམ་པ་ཉོན་མོངས་དང་། །བཅིངས་པ་དང་ནི་གྲོལ་བ་དང་། །སྲོག་དང་སྲོག་མིན་རྣམ་གཉིས་སོ། །ཞེས་རྣམ་གྲངས་བདུན་པོ་ཉིད་འདོད་དེ། ཟས་གོས་འཁྲིག་པ་ལ་ཆགས་པ་ནི་འཁོར་བའི་རྒྱུའི་གཙོ་བོ་ཡིན་པས་སྤོང་བར་བྱེད་པས་མཚོན་དཀའ་ཐུབ་སྣ་ཚོགས་པ་དང་། དེ་བཞིན་དུ་མི་དགེ་བ་བཅུ་སྤང་བའི་སྡོམ་པ་དང་། ཉོན་མོངས་པ་ནི་དུག་གསུམ་ལ་སོགས་པར་འདོད་ཅིང་། ཐར་པ་ནི་སྲིད་པའི་རྩེ་མོ་ན་མདོག་དབྱིབས་ཅན་དང་། སྲོག་ཡོད་པ་ནི། འབྱུང་བ་བཞི་དང་། ཤིང་དང་། དབང་པོ་གཉིས་པ་ནས་ལྔ་པའི་བར་རོ། །ཤིང་ལ་སྲོག་ངེས་པར་ཡོད་དེ་དེ་བཅད་ན་འཁུམ་པའི་ཕྱིར་འཆི་བའོ་ཞེས་སྨྲ་བ་དང་། སྲོག་མེད་པ་ནི་སྒྲ་དང་། དྲི་དང་། རོ་དང་། འོད་ལ་སོགས་པའོ་ཞེས་འདོད་དེ། འདི་ལ་གཅེར་བུ་པ་དང་། དཀའ་ཐུབ་པ་དང་། །ཐལ་བ་པ་


JKT005_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྤྱོད་ལམ་གྱི་རྗེས་སུ་འགྲོ་བའི་མིང་ཐ་དད་པ་ཡོད་དོ། །ལྔ་པ་ནི། འབྱུང་བ་བཞི་དོན་སྡོམ་དུ་འདོད་པ་དང་། །ལུས་སེམས་རྫས་གཅིག་པ་དང་། ཚེ་སྔ་ཕྱི་མེད་པ་དང་། ལས་རྒྱུ་འབྲས་མེད་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་མེད་པ་དང་། མ་མཐོང་བའི་འགྲོ་བ་མེད་པ་དང་། རྗེས་དཔག་ཚད་མ་ཡིན་པ་བདུན་དུ་འདོད་ཅིང་། མདོར་ན་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་ལ་སྐུར་པ་འདེབས་ཤིང་། །ངོ་བོ་ཉིད་རྒྱུར་སྨྲ་བ་སྟེ། ཇི་སྐད་དུ། ཉི་ཤར་ཆུ་བོ་ཐུར་དུ་འབབས་པ་དང་། །སྲན་ཟླུམ་ཚེར་མ་གཟེང་རིང་རྣོ་བ་དང་། །རྨ་བྱའི་མདོངས་ལེགས་ལ་སོགས་ཆོས་རྣམས་ཀུན། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །ཞེས་སོ། །འདི་ལ་ཡང་ཚུ་རོལ་མཛེས་པ་དང་། །འཇིག་རྟེན་རྒྱང་འཕེན་པ་སོགས་མིང་གི་རྣམ་གྲངས་ཐ་དད་དོ། །དེ་དག་ཐམས་ཅད་ཀྱང་བསྡུ་ན་རྟག་ཆད་གཉིས་སུ་འདུ་སྟེ། སྔ་མ་བཞི་ནི་བདག་ཡོད་པས་རྟག་པ་དང་། ཕྱི་མ་གཅིག་ནི་བདག་མེད་པས་ཆད་པར་འདོད་དེ། དེས་ན་བདག་ཡོད་པར་ཐམས་ཅད་མཐུན་པ་ཡིན་ནོ། །གཞན་ཡང་མངོན་པ་ལས། ད་ལྟ་འཇིག་རྟེན་འདིར་ནི་སྡིག་པས་གོས། །སྐྱེ་དགུ་མ་རུངས་པ་ཡི་བསམ་པ་ཅན། །རྟོག་གེ་དྲུག་དང་རྗེས་སུ་སྒྲོགས་པ་དྲུག །སྙོམས་པར་འཇུག་པ་དྲུག་གིས་འཇིག་རྟེན་དཀྲུགས། །ཞེས་རྣམ་གྲངས་དྲུག་གསུམ་བཅོ་བརྒྱད་དུ་གསུངས་པས་མུ་


JKT005_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་པ་དག་གི་གྲུབ་མཐའི་དབྱེ་ཚུལ་བསམ་གྱིས་མི་ཁྱབ་མོད་ཀྱི། དེ་དག་ཕལ་ཆེར་ནི་སྔ་མ་དག་གི་ནང་དུ་འདུའོ། །གཉིས་པ་ནི། སྤྱིར་དེ་དག་གི་ལྟ་བ་ཐམས་ཅད་ཀྱང་འཇིག་པར་ལྟ་བའི་ནང་དུ་འདུས་ཤིང་། དེ་དག་ཀྱང་རྟག་ཆད་གཉིས་སུ་འདུ་བའི་ཕྱིར། དེ་ཉིད་འགོག་པ་ན་དམ་བཅའ་ཐམས་ཅད་དོན་གྱིས་ཞིག་སྟེ། དེས་ན་ཡུལ་དང་ཤེས་པ་ཐམས་ཅད་འགྱུར་ཞིང་རགས་ཕྲ་གང་དུའང་དཔྱད་མི་བཟོད་པའི་ཕྱིར་རྟག་པའི་གཞིར་མི་རུང་བ་དང་། ཡོད་པར་སྣང་བ་ཐམས་ཅད་ནི་རང་གི་རྒྱུ་རྐྱེན་ལ་ལྟོས་ཤིང་། ནམ་མཁའ་ལ་སོགས་པ་ནི་ཆད་པའི་རྒྱུར་ཡང་མ་གྲུབ་པས་ཆད་པ་མེད་དོ། །འོ་ན་བདག་རྟག་གོ་ཞེ་ན། དེ་ཉིད་ཕུང་པོ་དང་གཅིག་གམ་ཐ་དད། སྔ་མ་ལྟར་ན་ཕུང་པོ་སྐྱེ་འཇིག་བྱེད་པ་ལྟར་བདག་ཀྱང་སྐྱེ་འཇིག་བྱེད་པར་འགྱུར་ལ། ཕྱི་མ་ལྟར་ན་ཕུང་པོ་ལས་གཞན་པའི་བདག་མ་གྲུབ་ཅིང་། དེ་ཉིད་རགས་པ་རྡུལ་ཕྲན་ཆ་མེད་དང་། སྐད་ཅིག་ཆ་མེད་ཡིན་ཕྱིར་བདག་མ་གྲུབ་བོ། །མདོར་ན་གཟུགས་བདག་མ་ཡིན་ཏེ་དེ་བཞིན་དུ་མི་རྟག་པར་འགྱུར་དགོས་པའི་ཕྱིར་རོ། །བདག་ལ་གཟུགས་མི་གནས་ཏེ་མི་འདོད་བཞིན་དུ་འཇིག་པའི་ཕྱིར་རོ། །གཟུགས་ལ་བདག་ངོ་བོ་ཉིད་ཀྱིས་གནས་པ་ཡང་མི་རུང་སྟེ་བདག་གི་འདོད་པས་འཇུག་ལྡོག་མི་ནུས་པའི་ཕྱིར་རོ། །བདག་ལ་གཟུགས་ངོ་བོ་ཉིད་ཀྱིས་ཡོད་པ་ཡང་མ་ཡིན་ཏེ་བདག་


JKT005_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མེད་བཞིན་དུ་ཕྱི་ཡི་གཟུགས་ལ་སོགས་པ་མཐོང་ཆོས་སུ་གནས་པའི་ཕྱིར་རོ། །དེ་སྐད་དུ་ཡང་སློབ་དཔོན་ཀླུས། གཟུག་ནི་བདག་མ་ཡིན་ཞེས་གསུངས་ཏེ་བདག །གཟུགས་དང་ལྡན་མིན་གཟུགས་ལ་བདག་གནས་མིན། །བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ། །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་བགྱི། །ཞེས་སོ། །གཞན་ཡང་བྱེ་བྲག་ཏུ་དགག་པའི་ཚུལ་གྱི་ལུང་རིགས་རྒྱས་པ་ནི་གཞན་དུ་ཤེས་པར་བྱའོ། །འོ་ན་འདི་ཉིད་ཐེག་པར་བཞག་པ་དོན་མེད་དུ་འགྱུར་རམ་ཞེ་ན། མ་ཡིན་ཏེ། དེ་ཉིད་ཀྱི་སྒྲ་དོན་ནི་གོང་ནས་གོང་དུ་འདེགས་པ་ལ་འཇུག་པའི་ཕྱིར། །འདིར་སོར་བཞག་ལྷ་མིའི་ཐེག་པ་ལ་བརྟེན་ནས་ལོག་རྟོག་མུ་སྟེགས་ཀྱི་ཐེག་པ་དག་ཚར་བཅད་ནས། ཡང་དག་པའི་ཐེག་པ་ཉོན་མོངས་དང་བྲལ་བའི་ཐེམ་སྐས་ལ་འཛེགས་པ་སྟེ། དེ་སྐད་དུ། རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པས་ངས་འཇིག་ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་ཏོ། །ཞེས་བདེན་པར་སྨྲ་བས་གསུངས་པ་ལྟར། རང་བཞིན་ངན་པའི་ལམ་དེ་དག་ཤེས་པས་དེར་མི་འཇུག་པ་དང་། རང་གི་རྒྱུད་ལ་དེ་དག་གི་ལྟ་སྤྱོད་བག་ཉལ་ལམ་ལྷན་སྐྱེས་སུ་ཡོད་པ་ཐམས་ཅད་ཀྱང་བསལ་བའི་ཕྱིར་བརྗོད་པ་ལ་དགོས་འབྲེལ་ཁྱད་པར་ཅན་ཡོད་དེ། འཇིག་ཚོགས་ལ་ལྟ་བ་དེ་དག་གི་རྒྱུ་ཤེས་པར་བྱ། ལམ་ཤེས་པར་བྱ། འབྲས་


JKT005_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཤེས་པར་བྱ། ཤེས་ནས་ཀྱང་སྤང་བར་བྱ། ཞེས་བསྟན་པའི་ཕྱིར་རོ། །དེ་ལྟར་སོར་བཞག་དང་ལོག་རྟོག་གི་ཐེག་པ་གཉིས་ཀྱི་འདོད་ཚུལ་མདོ་ཙམ་ཞིག་གླེང་ནས། སྤྱི་དོན་གསུམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པའི་བརྗོད་བྱ་རྣམ་པར་དབྱེ་བ་ལ་གཉིས། སྔ་མ་ལས་ཁྱད་པར་དུ་འཕགས་ཚུལ་དང་། ཁྱད་པར་གྱིས་གཞུང་གི་མཚན་ཉིད་དངོས་དབྱེ་བའོ། །དང་པོ་ནི། སྤྱིར་ཕྱོགས་རེ་ཙམ་ནས་བརྗོད་ན་འཕགས་ཆོས་བསམ་གྱིས་མི་ཁྱབ་ཀྱང་། མདོར་བསྡུ་ན། གྲུབ་མཐས་བློ་བསྒྱུར་ཀྱང་ཡང་དག་པའི་བསླབ་པ་གསུམ་ལ་མི་སློབ་ཅིང་བདག་ལྟའི་རྒྱུ་འབྲས་སླར་ཡང་སྤེལ་བ་ནི་ཕྱི་རོལ་པ་དང་། གྲུབ་མཐས་བློ་བསྒྱུར་ནས་ཡང་དག་པའི་བསླབ་པ་གསུམ་ཚུལ་ཁྲིམ་ཏིང་འཛིན་ཤེས་རབ་བོ། །བདག་གིར་བྱེད་ཅིང་སྲིད་པའི་རྩ་བ་བདག་ལྟའི་རྒྱུ་འབྲས་དྲུང་ནས་འབྱིན་པ་ནི་ནང་པའོ། །གཉིས་པ་ལ་ཡང་གསུམ། ཐེག་པའི་སྒྲ་དོན་སྤྱིར་བསྟན་པ། ཆོས་འཁོར་གསུམ་གྱི་མཚན་ཉིད་བྱེ་བྲག་ཏུ་བཤད་པ། རིམ་པ་དགུའི་གྲུབ་མཐའ་ཐ་དད་དུ་དབྱེ་བའོ། །དང་པོ་ལ་ཡང་། ངོ་བོ། ངེས་ཚིག །དབྱེ་བའོ། དང་པོ་ནི། འདི་ལྟར་རིགས་ཅན་གསུམ་གྱི་སྐལ་བ་དང་འཚམས་པ་ཉིད་ཀྱིས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་ལ་རིམ་པར་སྦྱོར་བའི་ཁྱད་པར་གྱི་ཆོས་དང་ལྡན་པ་དེ་ཉིད་དོ། །གཉིས་པ་ནི། ཡཱ་ནའི་སྒྲ་ལས་དྲངས་ན་ཐེག་


JKT005_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། དེ་ཉིད་བཞོན་པ་དང་ཕྱོགས་སོགས་ལའང་འཇུག་པས་ན། དེ་ལ་བརྟེན་ནས་ཇི་སྲིད་གོང་ནས་གོང་དུ་རིམ་པར་བགྲོད་པའི་ཕྱིར་ཏེ། སྡུད་པ་ལས་ཀྱང་། དེ་གང་ཞོན་ནས་སེམས་ཅན་མྱ་ངན་འདས་ལ་ཟློ། །ཐེག་པ་འདི་ནི་མཁར་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཐེག་པའི་མཆོག །ཅེས་སོ། །གསུམ་པ་ནི། སྤྱིར་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་རྟོག་པའི་བྱེ་བྲག་དང་བློ་ཡི་འཇུག་ཚུལ་ཀྱང་བསམ་པར་མི་ནུས་པའི་ཕྱིར་ལམ་གྱི་བགྲོད་ཚུལ་དང་། ས་དང་ཏིང་ངེ་འཛིན་གྱི་འཇོག་ཚུལ་དཔག་ཏུ་མེད་དོ། །དེ་སྐད་དུ་ལངྐར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་གི་བར། ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་དང་། འཇམ་དཔལ་སྒྱུ་དྲྭ་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །ཞེས་སོ། །འོན་ཀྱང་འདིར་རེ་ཞིག་དབང་པོ་དམན་འབྲིང་མཆོག་ལ་སོགས་པའི་ངོ་སྐལ་དུ་གྲངས་ཀྱི་དབྱེ་བསྡུ་ཐ་དད་པ་ལྟར་ཅུང་ཟད་བརྗོད་ན་དྲུག་སྟེ། དང་པོ་ནི། དམ་ཆོས་པད་དཀར་ལས། དྲང་སྲོང་རྣམ་ཀྱིས་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ནི་ཐབས་ལ་མཁས་པ་སྟེ། ཐེག་པ་གཅིག་ལས་གཉིས་སུ་མ་མཆིས་སོ། །ཞེས་པ་ལྟར་ཐ་དད་དུ་དབྱེ་བའི་ཐེག་པ་མཐའ་དག་ཀྱང་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་ལ་འབྲས་བུ་གཅིག་ཏུ་


JKT005_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་སྟེ། འཇམ་དཔལ་སྒྱུ་དྲྭ་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། ཞེས་སོ། །གཉིས་པ་ནི། ཇི་སྐད་དུ། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་རྣམ་པ་གཉིས་སུ་བསྟན་ཏེ། དེ་ཡང་སྔ་མ་ནི་དབང་པོ་རྟུལ་པོ་དང་། ཕྱི་མ་ནི་དབང་པོ་རྣོན་པོའི་སྤྱོད་ཡུལ་ཙམ་སྟེ་ཁྱད་པར་གསུམ་ལ་སོགས་པས་དབྱེ་བ་བཞིན་ནོ། །གསུམ་པ་ནི། གང་ཟག་དམན་འབྲིང་མཆོག་གི་བློ་ངོར་ཉམས་སུ་ལེན་པའི་ཚུལ་གྱི་ཐེག་པ་སྟེ། དེ་སྟོན་པར་བྱེད་པ་ཡང་སྡེ་སྣོད་གསུམ་གྱིས་ཁྱབ་སྟེ། འདུལ་བས་ཉན་ཐོས། མདོ་སྡེས་རང་རྒྱལ། མངོན་པས་བྱང་སེམས་ཀྱི་གཞུང་སའི་གཙོ་བོ་སྟོན་པ་དང་། འདིའི་སྐབས་སུ་སྔགས་ཀྱི་ཚུལ་ནི། འགའ་ཞིག་གིས་མངོན་པ་དང་། གཞན་ཡང་མདོ་སྡེ་དང་། གསུམ་ཀས་བསྡུས་པར་འདོད་པ་སོགས་འཕགས་ཡུལ་གྱི་སློབ་དཔོན་རྣམས་ཀྱང་བཞེད་པ་ཐ་དད་ལ། དེ་སྐད་དུ་ཡང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོར་ཐེག་དབྱེར་མ་མཆིས་ཀྱང་། །ཁྱོད་ཀྱི་ཐེག་པ་གསུམ་པོ་ནི། །འགྲོ་བ་འདུལ་ཕྱིར་བསྟན་པ་ལགས། །ཞེས་སོ། །བཞི་པ་ནི། ལངྐར་གཤེགས་པ་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་ཉན་ཐོས་དག་དང་ནི། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་ཐ་དད་པར་བཤད་


JKT005_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཞེས་མངོན་མཐོ་ངེས་ལེགས་ཀྱི་ལམ་ཐེག་པར་བསྡུས་ནས་དབྱེ་བ་དང་། ལྔ་པ་ནི། སྔ་འགྱུར་གྱི་རྒྱུད་སྡེ་ལས། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་ཀུན་འབྱུང་འདྲེན་པའི་ཐེག་པ་ཉན་རང་བྱང་སེམས། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་བྱ་སྤྱོད་རྣལ་འབྱོར་གསུམ། དབང་བསྒྱུར་ཐབས་ཀྱི་ཐེག་པ་ནང་རྒྱུད་སྡེ་གསུམ་སྟེ་དབང་བསྐུར་གྱི་དབྱེ་བས་གནས་སྐབས་དང་མཐར་ཐུག་གི་དྲང་ངེས་སུ་བཞག་པས་ཤེས་ལ། འོ་ན་རྣམ་གྲངས་ལྔ་པོ་དེ་ལས་གཞན་དུ་དབྱེ་མི་རུང་བའི་ཆོས་ཅན་ནམ་ཞེ་ན། མ་ཡིན་ཏེ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག །ཐེག་པ་བཞི་ཡི་ངེས་འབྱུང་ལས། ཞེས་སྡེ་སྣོད་གསུམ་དང་རིག་པ་འཛིན་པ་སྟེ་བཞིར་དབྱེ་བའི་ཚུལ་བྱེ་བྲག་ཕྱེད་པར་བསྟན་ཅིང་། གཞན་དུ་ཡང་གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། ཐེག་པའི་རྣམ་པ་བཅུ་དྲུག་མགོན། །ཞེས་སོར་བཞག་ལྷ་མིའི་ཐེག་པ་གཉིས། །རྟག་ཆད་མུ་སྟེགས་ཀྱི་ཐེག་པ་གཉིས། །ཕྱོགས་རྟོགས་ཉན་ཐོས་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ། །ཇི་བཞིན་དུ་ཡང་དག་པར་མ་རྟོགས་པ་སེམས་ཙམ་པ་དང་། ཐལ་རང་གཉིས་ཏེ་གསུམ། འདུལ་བ། དགོངས་པ། གསང་བ། རང་བཞིན་གསང་བའི་དོན་རྒྱུད་སྡེ་བཞིའི་མ་དྲུག །འོད་གསལ་


JKT005_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྙིང་པོའི་ཐེག་པ་དང་བཅུ་དྲུག་ཏུའང་དབྱེ་སྟེ། རྡོར་སེམས་སྒྱུ་དྲྭ་ལས་ཀྱང་། མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་དང་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་ནའང་གོང་དུ་བསྟན་པ་ཐམས་ཅད་ཀྱི་ནང་དུ་དོན་གྱིས་འདུ་བས་ན་རྣམ་གྲངས་ཙམ་སྟེ། གཞན་དུ་ནི་སྔ་མ་ལས། ཡང་དག་རྟོག་པས་རབ་བརྟགས་ནས། །རང་བཞིན་མེད་པར་ཅི་ཡང་འགྲུབ། །ཞེས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཆེན་པོ་དེ་ཉིད་མངོན་དུ་བྱ་བའི་ཐབས་ཚུལ། ལམ་བགྲོད་དུ་ཡོད་པ་དང་། མེད་པ་དང་། གཅིག་ཅར་བ་དང་། རིམ་གྱིས་པ་དང་། ཐབས་མེད་པ་དང་། ཐབས་ཀྱིས་ཟིན་པ་སོགས་ཀྱི་ལམ་ཐམས་ཅད་ལ་རྟོག་པས་བརྟགས་ན་དབྱེ་བ་གཞན་ཡང་འགྲུབ་པའི་ཕྱིར་རོ། །འོ་ན་རྣམ་གྲངས་ཀྱི་འདོད་ཚུལ་དེ་ཐམས་ཅད་ཐ་དད་ཅིང་མི་མཚུངས་པས་ན་སྐྱོན་དུ་འགྱུར་བར་ཐལ་ཞེ་ན། མ་ཡིན་ཏེ། སྔར་སྨོས་པ་ལྟར་དེ་བཞིན་གཤེགས་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་ཁམས་དབང་བསམ་པའི་རིམ་པ་ཇི་བཞིན་དུ་མཁྱེན་པས། དེ་ཉིད་འདུལ་བའི་ཐབས་ཀྱང་དེ་སྙེད་དུ་སྟོན་པ་ནི་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་བླ་ན་མེད་པ་སྟེ། རྒྱུད་བླ་མ་ལས། སངས་རྒྱས་


JKT005_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་རྣམས། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་གི་བརྗོད་བྱའི་དོན་ནི་མ་རྟོགས་པ་དང་ལོག་རྟོག་དག་གི་འདོད་ཚུལ་སུན་འབྱིན་པ་དང་བཅས་པ་ནི་གོང་དུ་བསྟན་ཟིན་ལ། གཞན་དུ་ཡང་དག་པའི་ལམ་འཁོར་དང་བཅས་པ་ནི་འཆད་འགྱུར་ལས་ཤེས་སོ། །གཉིས་པ་ལ་ཡང་གསུམ་སྟེ། ངོ་བོ། ངེས་ཚིག །དབྱེ་བསྡུའོ། དང་པོ་ནི། ཉོན་མོངས་པ་སྤངས་པས་སྲིད་པ་ལས་ངེས་བར་འབྱིན་པ་དང་། རྣམ་པར་དག་པའི་ལམ་ཚུལ་བཞིན་དུ་རྟོགས་པས་ཐར་པའི་གོ་འཕང་ལ་སྦྱོར་བར་བྱེད་པའོ། །གཉིས་པ་ནི། བི་ཀོཊ་ཞེས་འབྲུའི་ཕུང་པོ་གཞལ་བའི་བྲེ་བོ་ཆེ་སོགས་ལ་འཇུག་པས་ན་སྡེ་སྣོད་དེ། །དུག་གསུམ་གྱི་གཉེན་པོ་མཐའ་དག་འདུས་པའི་ཕྱིར་རོ། །ཡང་ན་སུ་བྷ་ཥིཏ་ཞེས་ཕྱིན་ཅི་མ་ལོག་པས་ན་ལེགས་པར་གསུངས་པ་སྟེ་ཐོག་མཐའ་བར་གསུམ་དུ་དགེ་ཞིང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྦྱོར་བས་ན་དོན་བཟང་པོ། །དེ་ལ་ལོག་པར་རྟོག་པའི་དགག་སྒྲུབ་ཀྱི་ཡུལ་ལས་འདས་པའི་ཕྱིར་ཚིག་འབྲུ་བཟང་པོ། །དབང་པོའི་རིམ་པའི་འཇུག་སྒོ་དང་འདུལ་བའི་ཐབས་ཚུལ་མ་འདྲེས་པར་སྟོན་པས་དམན་འབྲིང་མཆོག་གི་རེ་བ་སྐོང་


JKT005_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐབས་ཚུལ་ཐམས་ཅད་ཚང་ལ་མ་ནོར་བར་སྟོན་པའི་ཕྱིར་ཡོངས་སུ་རྫོགས་པ། ཉོན་མོངས་པ་བག་ཉལ་ཐམས་ཅད་ཀྱི་གཉེན་པོ་འགྱུར་པའི་ཕྱིར་ནད་མེད་པ། མྱུར་བ་ཉིད་དུ་ཐར་པ་ལ་བཀྲི་ཞིང་། རྟག་ཏུ་འགྲོ་བ་འདུལ་བའི་ཕྱིར་སྟོན་པས་དུས་ཆད་པ་མེད་པ། ཕྱི་རོལ་གྱི་སྡེ་པས་བརྟགས་པའི་གཞུང་ལྟར་སྲིད་པའི་རྒྱུ་འབྲས་འཕེལ་བར་བྱེད་པ་ལས་ལྡོག་པས། ཞུགས་པ་ཙམ་ནས་ཐར་བ་དེའི་འབྲས་བུ་སྦྱིན་པའི་ཕྱིར་འདི་མཐོང་བ་ལ་དོན་ཡོད་པ། སྡུག་བསྔལ་གྱི་རྒྱ་མཚོ་ལས་ངེས་པར་འབྱུང་བའི་ཕྱིར་ཉེ་བར་གཏོད་པ། རྟོག་གེ་པ་རྣམས་ཀྱིས་བརྟག་ཏུ་མི་ནུས་ཤིང་། བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ཅན་གྱི་མཁས་པ་དག་གི་ངོ་སྐལ་དུ་གྱུར་པས་སོ་སོ་རང་གིས་རིག་པར་བྱ་བ་སྟེ། དེ་ལྟ་བུའི་ངེས་ཚིག་དང་ལྡན་པའོ། །གསུམ་པ་ནི། བརྒྱད་སྟོང་འགྲེལ་པར། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླིང་གཞི་དང་། །རྟོག་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པ་སྟེ། །གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་དབྱེ་བ་ཉིད། བསྡུ་ན་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དུ་འདུ་སྟེ། དེ་སྐད་དུ་ཡང་ལུང་ཕྲན་ཚེག་ལས། །མདོ་ཡི་སྡེ་དང་དབྱངས་སུ་བསྙད་པའི་སྡེ། །ལུང་བསྟན་ཚིགས་སུ་བཅད་པའི་སྡེ་དང་ནི། །ཆེད་དུ་བརྗོད་པ་ལྔ་ནི་མདོ་


JKT005_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྡེར་བསྡུས། །གླིང་གཞིའི་སྡེ་དང་རྟོག་པ་བརྗོད་པ་དང་། །ད་ལྟར་བྱུང་པའི་སྡེ་ཞེས་བྱ་བ་དང་། །སྐྱེས་པ་རབས་དང་བཞི་ནི་འདུལ་བར་བསྡུས། །ཤིན་ཏུ་རྒྱས་དང་རྨད་དུ་བྱུང་བ་དང་། །གཏན་ལ་དབབ་པ་གསུམ་ནི་མངོན་པར་བསྡུས། །ཞེས་སོ། །དེ་ལ་ཡང་བརྗོད་བྱའི་སྒོ་ནས་བསླབ་པ་གསུམ་དང་། རྗོད་བྱེད་ཀྱི་སྒོ་ནས་སྡེ་སྣོད་གསུམ་དུ་གནས་པ་སྟེ། དང་པོ་ནི། དབུ་མ་བཤེས་པའི་སྤྲིང་ཡིག་ལས། །ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་དང་། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བགྱི། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་གཅིག་ཀྱང་། །གསུམ་པོ་འདི་ནང་ཡང་དག་འདུ་བར་འགྱུར། ཞེས་འདུལ་བའི་སྡེ་སྣོད་ཀྱི་བརྗོད་བྱའི་གཙོ་བོ་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པ་སྟེ། ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་ལས། ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་སོ། །དེ་བཞིན་དུ་མདོ་སྡེའི་སྡེ་སྣོད་ཀྱིས་ལྷག་པ་སེམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་སྟེ། སྔ་མ་ལས། གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨྲ་ཕྱིར་མདོ་ཡིན་ནོ། །ཞེས་སོ། །མངོན་པའི་སྡེ་སྣོད་ཀྱིས་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་སྟེ། དེ་ཉིད་ལས། མངོན་དུའི་ཕྱིར་དང་ཡང་ཡང་དང་། །ཟིལ་གནོན་རྟོགས་ཕྱིར་མངོན་


JKT005_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས། །ཞེས་སོ། །གཉིས་པ་ནི། འདི་ལྟར་བདག་ཅག་གི་སྟོན་མཆོག་རྫོགས་པའི་སངས་རྒྱས་དོན་ཀུན་གྲུབ་པ་དེ་ཉིད་རྡོ་རྗེ་གདན་གྱི་སྤོ་ལ་བྱང་ཆུབ་ཀྱི་སྙིང་པོ་མངོན་དུ་མཛད་ནས་རིང་པོར་མ་ལོན་པ་ན། ཡུལ་ཝཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་འཁོར་ལྔ་སྡེ་བཟང་པོས་མཚོན་ཉན་ཐོས་ཀྱི་འདུས་པ་མཐའ་དག་ལ་བཀའ་དང་པོ་བདེན་པ་བཞིའི་ངེས་འབྱེད་འདུལ་བའི་སྡེ་སྣོད་དཔག་ཏུ་མེད་པ་བསྟན་པ་སྟེ། དེ་ཡང་ལུང་སྡེ་བཞི་ལ་སོགས་པ་རྣམས་སོ། །གནས་བྱ་རྒོད་ཕུང་པོའི་རི་ལ་ཚངས་པ་ལ་སོགས་ཏེ་ཐེག་པ་ཆེན་པོའི་རིགས་ཅན་ཤ་སྟག་ལ་བཀའ་བར་པ་རྣམ་ཐར་སྒོ་གསུམ་གྱི་དོན་སྟོན་པའི་མཚན་ཉིད་མེད་པའི་ཆོས་འཁོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་ཏེ་མདོ་སྡེའི་སྡེ་སྣོད་བསམ་གྱིས་གྱིས་ཁྱབ་པ་གསུངས། གནས་གཅིག་ཏུ་མ་ངེས་པར་འཁོར་གདུལ་བྱ་སྣ་ཚོགས་པའི་རིགས་ཅན་རྣམས་ལ། ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་གཏན་ལ་ཕབ་སྟེ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གཞལ་དུ་མེད་པ་བསྟན་པ་དེ་དག་ནང་གསེས་སུ་དབྱེ་ན་དགུ་སྟེ། དང་པོ་འདུལ་བ་ལ། འདུལ་བའི་འདུལ་བ་བཅས་དང་རང་བཞིན་གྱི་རྣམ་གཞག་རིགས་པ་གཏན་ལ་དབབ་པ། འདུལ་བའི་མདོ་སྡེ་ཏིང་འཛིན་དང་ཚངས་སྤྱོད་ཀྱི་རིམ་པ་དབང་དུ་བྱ་བའི་རྣལ་འབྱོར། འདུལ་བའི་


JKT005_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པ་དེ་རྣམས་ཀྱི་ངེས་པར་འབྱེད་པ་རྒྱས་པར་བསྟན་པ་རྣམས་སོ། །གཉིས་པ་མདོ་སྡེ་ལ། མདོ་སྡེའི་འདུལ་བ་བྱང་སེམས་ཀྱི་བསླབ་བྱའི་རྣམ་གཞག །མདོ་སྡེའི་མདོ་སྡེ་ཏིང་ངེ་འཛིན་སྒྲུབ་པ་ཟབ་ཅིང་རྒྱ་ཆེ་བ། མདོ་སྡེའི་མངོན་པས་ལམ་གཟུངས་དང་ཏིང་འཛིན་སོགས་ཀྱི་རྣམ་གཞག་ཕྲ་བར་སྟོན་པ་རྣམས་སོ། །གསུམ་པ་མངོན་པ་ལ། མངོན་པའི་འདུལ་བ་ཚེགས་ཆུང་ངུའི་ཐབས་ཀྱིས་བཟུང་བས་ཉོན་མོངས་པ་གདུལ་བའི་རིམ་པ། མངོན་པའི་མདོ་སྡེ་དེ་ཁོ་ན་ཉིད་ཟབ་མོའི་དོན་ལ་རྩེ་གཅིག་ཏུ་འཇུག་པའི་དོན་ལ་སྟོན་པ། མངོན་པའི་མངོན་པ་ཡོངས་གྲུབ་བདེ་གཤེགས་སྙིང་པོའི་གནས་ལུགས་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་སོགས་ཟབ་ཅིང་རྒྱ་ཆེ་བར་སྟོན་པ་གང་ཡིན་པའོ། །དེ་ཡང་མདོར་བསྡུ་ན་སྤང་བྱ་གསུམ། བསླབ་བྱ་གསུམ། ཤེས་པར་བྱ་བ་གསུམ་སྟེ། དང་པོ་ནི། ངལ་ཞིང་དུབ་པ་དང་། འདོད་པ་བསོད་ནམས་ཀྱི་མཐའ་གཉིས་པོ་སྤང་བའི་ཕྱིར་འདུལ་བའི་སྡེ་སྣོད་བཞག་ལ། དེ་བཞིན་དུ་རྩ་བའི་ཉོན་མོངས་དང་ཐེ་ཚོམ་གྱི་གཉེན་པོར་མངོན་པའི་སྡེ་སྣོད་དུ་བསྟན་ནོ། །གཉིས་པ། དབྱིག་གཉེན་གྱིས། མདོ་སྡེས་ནི་བསླབ་པ་གསུམ་ཀ་བཤད་དོ། །འདུལ་བས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པས་སེམས་བསྒྲུབ་པ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་མེད་པ་སོགས་རིམ་གྱིས་ཏིང་ངེ་འཛིན་


JKT005_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་ཡིན་ནོ། །ཆོས་མངོན་པས་ནི་ལྷག་པའི་ཤེས་རབ་བསྒྲུབ་པ་ཡིན་ཏེ། དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་རོ། །ཞེས་གསུངས་ཤིང་། གསུམ་པ་ཡང་། དེ་ཉིད་ཀྱིས། མདོ་སྡེས་ནི་ཆོས་དང་དོན་བཤད་དོ། །འདུལ་བས་ནི་ཆོས་དང་དོན་སྒྲུབ་པ་སྟེ། །ཉོན་མོངས་པ་འདུལ་བ་ལ་རབ་ཏུ་བརྩོན་པས་དེ་གཉིས་རྟོགས་པའི་ཕྱིར་རོ། །ཆོས་མངོན་པས་ནི་འབེལ་བའི་གཏམ་རྣམ་པར་དབབ་པ་ལ་མཁས་པ་ཞེས་བྱའོ། །ཞེས་གསུངས་པས་རྟོགས་པར་ནུས་སོ། །གསུམ་པ་བྱེ་བྲག་ཏུ་ཐེག་པའི་རྣམ་པར་དབྱེ་བ་ལ། སྔར་སྨོས་པ་ལྟར་སྤྱིར་གྲངས་ཀྱི་དབྱེ་བསྡུ་བསམ་གྱིས་མི་ཁྱབ་མོད་ཀྱི། འདིར་རེ་ཞིག་སྔ་འགྱུར་རྫོགས་པ་ཆེན་པོའི་དགོངས་པའི་རྗེས་སུ་འབྲངས་ཏེ་ཐེག་པ་རིམ་པ་དགུར་དབྱེ་བ་ཉིད་ཅུང་ཟད་གཏན་ལ་དབབ་ན་བཀོད་པ་ཆེན་པོ་ལས། ཆུང་ངུ་གསུམ་ལ་བསྟན་པ་ནི། མཚན་མར་འཛིན་ལ་ཉན་ཐོས་ཏེ། །འདུ་བྱེད་ཅན་ལ་རང་རྒྱལ་ཉིད། །རྟོག་འཇུག་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་གསུམ་ལ་བསྟན་པ་ནི། །སེམས་ཡས་པ་ལ་བསྐྱེད་རིམ་སྟེ། །སེམས་བཅུད་ཅན་ལ་རྫོགས་རིམ་ཉིད། །མཆོག་གསང་རང་ལ་རྫོགས་པ་ཆེ། །ཞེས་གསུངས་པ་ལྟར། དང་པོ་ཉན་ཐོས་ཀྱི་ཐེག་པ་ལ་།


JKT005_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུའོ། །དང་པོ་ལ་ཡང་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ་གཉིས་ལས། དང་པོ་ནི། ཆོས་ཐམས་ཅད་ཟག་བཅས་ཟག་མེད་གཉིས་ཀྱིས་ཁྱབ་པར་འདོད་དེ། འདི་ལྟར་ཕུང་པོ་ལྔས་བསྡུས་པའི་ཉེར་ལེན་ཐམས་ཅད་ནི་ཟག་བཅས་ཡིན་ཏེ་འཇིག་ཚོགས་ལ་ལྟ་བའི་ཚོགས་ཀྱང་དེ་ལས་བྱུང་བའི་ཕྱིར་རོ། །ལམ་བདེན་ནི་འདུས་བྱས་ཡིན་ཀྱང་ཟག་བཅས་མ་ཡིན་ཏེ། སྤང་བྱ་རྣམས་སྤོང་བར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལས། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་སོ། །གཞན་དུ་རེག་ཐོགས་མེད་པའི་ནམ་མཁའ་དང་། །ཉོན་མོངས་པ་སོ་སོར་གཉེན་པོས་བརྟགས་ཤིང་བྲལ་བའི་ཚེ་སླར་ཡང་མི་སྐྱེ་བས་ནི་སོ་སོར་བརྟགས་འགོག །འགོག་པའི་སྙོམས་འཇུག་ཏུ་འཇུག་པའི་ཚེ་མི་སྐྱེ་བའི་ཆོས་རང་བཞིན་དུ་བྲལ་བ་དེ་ལ་སོ་སོར་བརྟགས་མིན་འགོག་ཏུ་འདོད་པ་གསུམ་པོ་ཟག་མེད་དུ་འདོད་དོ། །དེ་ཡང་བྱེ་སྨྲ་རྣམས་ཤེས་བྱ་ཐམས་ཅད་གཞི་ལྔར་འདུས་པར་ཡང་བཞེད་དེ། །མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་མིག་ལ་སོགས་པ་དབང་པོ་ལྔ་དང་། དེའི་ཡུལ་གཟུགས་སོགས་དོན་ལྔ་སྟེ་བཅུ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་བཅུ་གཅིག་པོ་ལ་སྣང་


JKT005_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཟུགས་ཀྱི་གཞི་ཞེས་འདོད་པ་ནི་འབྲས་བུའི་གཟུགས་ཡིན་ལ། འབྱུང་བ་དག་ནི་ས་ཁམས་དང་། །ཆུ་དང་མེ་དང་རླུང་ཁམས་དང་། ཞེས་པ་བཞི་པོ་ནི་རྩོམ་གཞི་སྟེ་རྒྱུ་ཡི་གཟུགས་སུ་དབྱེ་བས་བཅོ་ལྔར་འགྱུར་ལ། དེ་ལ་ཡང་རྣམ་པར་རིག་བྱེད་ཀྱི་གཟུགས་ནི། ཕྱི་རོལ་གྱི་འབྱུང་བ་བཞི་དང་། ཁ་དོག་དྲི་རོ་རེག་བྱའི་རྡུལ་ཏེ་བརྒྱད་ལས་ནང་དུ་ལུས་ཀྱི་དབང་པོ་བརྒྱད་དང་། དེ་ཉིད་ཀྱི་རྡུལ་ཏེ་དགུ། མིག་ སོགས་དབང་པོ་སོ་སོའི་རྡུལ་དང་བཅུའོ། །རྣམ་པར་རིག་བྱེད་མ་ཡིན་པ་ལ་དབྱེ་ན། སྔ་མ་ལས། རྣམ་རིག་མིན་རྣམ་གསུམ་ཞེས་བརྗོད། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་དགེ་བ་རྒྱུན་ཆགས་སུ་འབྱུང་བ་སྡོམ་པ། །མི་དགེ་བ་རྒྱུན་ཆགས་སུ་འབྱུང་བ་སྡོམ་མིན། དེ་གཉིས་ཁས་བླངས་ཀྱང་དོན་ལ་གཡེལ་བ་བར་མའི་རིག་མིན་གྱི་གཟུགས་སོ། །མིག །རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་རྣམ་ཤེས་ཏེ་དྲུག་པོ་ཉིད་ཕུང་པོ་བཞི་པོ་སྐྱེས་པའི་ལུང་མ་བསྟན་གྱི་གནས་སྐབས་ཏེ། དེ་ལ་རྟེན་དང་བརྟེན་པ་དམིགས་ཡུལ་བཅས་འབྲེལ་བ་དེ་ལས་སྐྱེ་མཆེད་བསྐྱེད་དེ། །དེ་དག་གཙོ་བོ་སེམས་ཀྱི་གཞི་ཞེས་བྱའོ། །འདུ་བྱེད་ཀྱི་ཕུང་པོ་བཞི་བཅུ་རྩ་དགུའི་སྟེང་དུ་ཚོར་བ་འདུ་ཤེས་གཉིས་ཀྱང་བསྣན་པས་ལྔ་བཅུ་རྩ་གཅིག་འབྱུང་བ་གང་ཡིན་པ་ནི། འཁོར་སེམས་བྱུང་གི་གཞི་སྟེ། ཇི་སྐད་དུ། ཚོར་བ་འདུ་ཤེས་སེམས་པ་དང་། །འདུན་དང་


JKT005_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང་། །ཏིང་ངེ་འཛིན་སེམས་ཐམས་ཅད་པའོ། །ཞེས་སེམས་ཀྱི་ས་པ་བཅུ། །དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང་། །ཞེས་དགེ་བའི་ས་པ་བཅུ། །རྨོངས་དང་བག་མེད་ལེ་ལོ་དང་། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་། །ཞེས་ཉོན་མོངས་པའི་ས་པ་དྲུག ། མི་དགེ་ལ་ནི་ཁྲེལ་མེད་དང་། །ངོ་ཚ་མེད་པའོ། །ཞེས་མི་དགེ་བའི་ས་པ་གཉིས། ཁྲོ་དང་། ཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་འཚིག་པ་སེར་སྣ་དང་། །སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་ཞྭ མོངས་ཆུང་ངུའི་ས་པ་རྣམས། །ཞེས་ཉོན་མོངས་ཆུང་ངུའི་ས་པ་བཅུ་སྟེ་སུམ་ཅུ་རྩ་བརྒྱད་དང་། དེ་སྟེང་དབྱིག་བཤེས་ཀྱིས། རྟོག་དང་དཔྱོད་དང་འགྱོད་པ་དང་། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང་། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། ཅེས་ངེས་པ་མིན་པ་བརྒྱད་དེ་བཞི་བཅུ་རྩ་དྲུག་པོ་ནི་མཛོད་རྗེས་འབྲངས་དང་བཅས་པས་བཞེད་ལ། གཞན་དུ་དེ་སྟེང་། གཏི་མུག་མེད་པར་ལྟ་བ་ཤེས་བཞིན་མ་ཡིན་པ་རྣམ་གཡེང་བརྗེད་ངས་ཏེ་ལྔ་པོ་བསྣན་པ་སྟེ། འོན་ཀྱང་དབྱེ་བསྡུའི་ཁྱད་པར་ཙམ་མོ། །ཐོབ་དང་མ་ཐོབ་སྐལ་མཉམ་འདུ་ཤེས་མེད། འདུ་ཤེས་མེད་དང་འགོག་པའི། སྙོམས་འཇུག་རྣམ་


JKT005_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྲོག་དང་མཚན་ཉིད་བཞི། སྐྱེ་རྒ་ན་འཆི། །མིང་ཚིག་ཡི་གེ་རྣམ་པ་བཅུ་བཞིའོ། །ཞེས་པ་ནི་ལྡན་མིན་འདུ་བྱེད་བཞིའོ། །གོང་དུ་སྨོས་པའི་ཟག་མེད་འདོད་པ་ནམ་མཁའ་སོགས་གསུམ་པོ་ནི་འདུས་མ་བྱས་ཀྱི་གཞི་སྟེ་ལྔའོ། །དེ་ཡང་སོ་སོ་ནས་རྫས་སུ་གྲུབ་པར་འདོད་ཅིང་བདེན་གྲུབ་ཆ་རེ་ཡང་ཡོད་པར་འདོད་པ་དང་། རགས་པ་རྒྱུན་གྱི་དངོས་པོ་བདེན་མེད་དུ་འདོད་ལ། ཡུལ་དང་དབང་ཤེས་བདེན་པར་གྲུབ་པས་རྣམ་ཤེས་སྐྱེ་ཞིང་། གཟུགས་སོགས་མིག་གིས་དངོས་སུ་མཐོང་བར་འདོད་དེ་འདི་དག་ནི་བྱེ་བྲག་བཤད་མཛོད་ཆེན་མོའི་རྗེས་སུ་འབྲང་བ་སྟེ། དེ་ལ་ཡང་ནང་གསེས་བཟང་ངན་དབྱེ་རུ་ཅུང་ཟད་ཡོད་དོ། །འདི་ལྟར་འཇིག་ཚོགས་ལ་ལྟ་བའི་ཕྱི་རོལ་པ་རིམ་གྱིས་དྲང་པའི་སླད་དུ་ཡུལ་དང་དབང་ཤེས་སོགས་བདེན་གྲུབ་ཏུ་སྟོན་པ་ནི་གྲུབ་མཐའ་ཤིན་ཏུ་རགས་པའི་རྣམ་གཞག་དེ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་སོགས་ནི་འདུས་བྱས་སྐད་ཅིག་གིས་མི་རྟག་པ་དང་། གང་ཟག་གི་བདག་ཀྱང་བློས་བཏགས་ཙམ་ལས་རྫས་སུ་མི་འདོད་པས་ཕྱི་མ་འདི་སྔ་མ་ལས་བཟང་བར་འདོད་དོ། །གཞན་ཡང་གྲུབ་མཐའ་འདི་ཡི་བདེན་གཉིས་ཀྱི་འདོད་ཚུལ་ནི། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞལ། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་གཞན་ཡིན་ནོ། །ཞེས་གང་བཅོམ་དུ་རུང་བའི་མཚན་ཉིད་ཅན་རྫས་


JKT005_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་ལྟ་བུ་དང་། གཟུགས་སོགས་ཡན་ལག་གི་ཆོས་བློའི་ཤེས་རབ་ཀྱིས་སོ་སོར་ཕྱེ་ན། དེ་དེའི་བློ་མི་འཇུག་པ་བུམ་ཆུ་ལྟ་བུ་སྟེ། དེ་ཉིད་གློ་བུར་གྱི་ཐ་སྙད་དུ་གཉིས་ཀ་ཡོད་པར་ཁས་བླངས་ཀྱང་ཡོད་པའི་ཕྱིར་བདེན་པར་འགྱུར་བ་ལྟ་བུ་ནི་ཀུན་རྫོབ། བཅོམ་པ་དང་ཡན་ལག་ཐ་དད་དུ་དབྱེ་ཞིང་གཞིག་པ་དང་བསལ་བར་མི་ནུས་པ། ཕྲ་རབ་ཀྱི་རྡུལ་དང་། ཆ་མེད་ཀྱི་ཤེས་པ། ནམ་མཁའ་ལ་སོགས་པ་བཞིན་དུ་རང་དབང་དུ་སྐྱེད་པར་བྱེད་པ་ནི་དོན་དམ་བདེན་པའི་མཚན་ཉིད་དུ་གནས་པར་བཞེད་དོ། །གཉིས་པ་ནི། དེ་ཡང་བསྟན་བཅོས་ལ་གཙོ་བོར་བྱེད་པ་མི་རིགས་ཏེ། དེ་ལ་འཁྲུལ་པའང་ཡོད་ཅིང་། གསུང་པ་པོ་སངས་རྒྱས་ལ་གུས་པ་ལྷོད་པར་འགྱུར་བ་དང་། བསྟན་བཅོས་ཉིད་ཀྱང་མདོ་སྡེ་ལ་བརྟེན་པའི་ཕྱིར་དང་། འདུས་མ་བྱས་པའི་ཆོས་ཐམས་ཅད་རྫས་སུ་མེད་དེ་རྐྱེན་གྱིས་མ་བསྐྱེད་པའི་ཕྱིར་ཞེས་པ་མི་ལ་སོགས་པས་སྔ་མའི་ལོག་རྟོག་བཀག་ནས། རང་ལུགས་ཐེག་པ་ཆུང་ངུའི་མདོ་སྡེ་རྣམས་དང་བསྟུན་ཏེ། དེ་ཡང་ཕལ་ཆེར་བྱེ་སྨྲའི་ཕྱོགས་དང་མཐུན་ཏེ་རྫས་སུ་ཡོད་པར་འདོད་མོད་ཀྱི། འོན་ཀྱང་གཟུགས་དང་སེམས་དང་སེམས་བྱུང་གསུམ་རྫས་སུ་འདོད་ཀྱང་། མི་ལྡན་པའི་འདུ་བྱེད་དང་འདུས་མ་བྱས་ཀྱི་གཞི་ནི་རྫས་སུ་མི་འདོད་ལ། གཞན་ཡང་གཟུགས་རགས་རྒྱུན་ཡང་། ཤེས་པའི་རྒྱུན་བདེན་མེད་ཡིན།


JKT005_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རིག་མིན་གྱི་གཟུགས་དང་དུས་གསུམ་བཏགས་ཡོད་ཙམ་དུ་འདོད་ཅིང་། མིག་གིས་གཟུགས་སོགས་མི་མཐོང་ལ། མིག་ཤེས་ཀྱིས་གཟུགས་མཐོང་ཡང་མིག་ཤེས་ཉིད་ལ་གཟུགས་ཀྱི་རྣམ་པར་ཤར་བ་དེ་དང་འདྲ་བར་ཉམས་སུ་མྱོང་བ་ལ་མཐོང་ཞེས་འཇོག་པ་ལས་དངོས་སུ་མི་མཐོང་བ་མིན་པར་འདོད་པ་སོགས་ཀྱིས་ཁྱད་པར་དུ་ཕྱེ་བ་ཡིན་ནོ། །གཉིས་པ་ནི། དེ་ལྟར་འདོད་པ་གཉིས་ཀའི་ལམ་སྒོམ་པ་ནི་བདེན་བཞི་རྣམ་པ་བཅུ་དྲུག་ཏུ་ཕྱེ་བ་གང་ཡིན་པ་སྟེ། དེ་ཡང་བདེན་པ་བཞི་ནི། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་བདེན་ཏེ། དེ་ཡང་སྔ་མ་ལ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་སྡུག་བསྔལ། ཆོས་རྣམས་སྟོང་པ། མྱང་འདས་ཞི་བ་སྟེ་བཞིར་དབྱེ་ལ། དེ་བཞིན་དུ་གཉིས་པ་ལ་ཡང་། ཐམས་ཅད་ཀྱི་ས་བོན་ཡིན་ཕྱིར་རྒྱུ། དེ་ལས་འབྱུང་བའི་ཚུལ་གྱིས་འོང་བས་ཀུན་འབྱུང་། འབྲེལ་པའི་ཚུལ་གྱིས་རབ་ཏུ་སྐྱེ་བ། མངོན་པར་འགྲུབ་པའི་དོན་གྱིས་རྐྱེན། གསུམ་པ་ལ། ཕུང་པོ་ཞིག་པའི་ཕྱིར་འགོག་པ། དུག་གསུམ་ཞི་བའི་ཕྱིར་ཞི་བ། འཚེ་བ་མེད་པའི་ཕྱིར་གྱ་ནོམ་པ། སྐྱོན་ཐམས་ཅད་ལས་འདས་ཕྱིར་ངེས་འབྱུང་དང་། བཞི་པ་ལ་ཡང་། བགྲོད་བྱའི་ཕྱིར་ལམ། དེ་ཉིད་འཐད་པ་དང་ལྡན་ཕྱིར་རིགས་པ། ཡང་དག་པར་སྒྲུབ་པའི་ཕྱིར་སྒྲུབ་པ། ཤིན་ཏུ་ཡང་དག་པར་འདའ་བར་བྱེད་པའི་ཕྱིར་ངེས་པར་འབྱིན་


JKT005_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་བཅུ་དྲུག་པོ་དེ་ཉིད་བསྒོམ་ཞིང་། ཉོན་མོངས་པ་ཅན་དང་། །ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གཉིས་སྤང་བྱར་བསྟན་པ་སྟེ། མཛོད་ལས། བདེན་པ་དག་ནི་བཞིར་བཤད་དོ། །སྡུག་བསྔལ་དེ་བཞིན་ཀུན་འབྱུང་དང་། །འགོག་དང་ལམ་སྟེ་དེ་ལྟར་ན། །དེ་དག་ཇི་ལྟར་མངོན་རྟོགས་རིམ། །ཞེས་པ་ལ་སོགས་པས་སྟོན་པ་བཞིན་ནོ། །གསུམ་པ་ནི། རང་ཉིད་ཞི་བདེའི་བསམ་པས་སོ་ཐར་རིགས་བདུན་གང་རུང་བླངས་ཏེ། ཉེས་སྤྱོད་ཀྱི་ཚོགས་ཐམས་ཅད་སྤང་ཞིང་། དེ་དང་མཐུན་པའི་ཚུལ་ཁྲིམས་ལེགས་པར་སྤྱད་པས་ཏིང་ངེ་འཛིན་ལས་རུང་དུ་བསྒྲུབ་པ་སྟེ། དེ་ཡང་། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་ཚུལ་ཅན་ནོ། །བཞི་པ་ནི། ཚོགས་ལམ་ལ་སོགས་པའི་ཉན་ཐོས་རང་སའི་ལམ་ལྔ་འདོད་ཅིང་། རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་སྟེ་བཞི་པོ་ཉིད་ལ། ཞུགས་པ་དང་། གནས་པ་གཉིས་སུ་ཕྱེ་བས་གང་ཟག་ཟུང་བཞིའམ། ཡ་བརྒྱད་དུ་འདོད་ལ། དེ་ཡང་བདེན་བཞི་བཅུ་དྲུག་ཏུ་ཕྱེ་ནས་བསྒོམས་པའི་མཐུས་གང་ཟག་གི་བདག་མེད་མངོན་དུ་རྟོགས་ཤིང་། སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ཉོན་མོངས་པ་བག་ཆགས་དང་བཅས་པ་ཡོངས་སུ་བཅོམ་པས་དགྲ་བཅོམ་པ་ཐོབ་པར་བཞེད་


JKT005_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །གཉིས་པ་རང་རྒྱལ་གྱི་ཐེག་པ་ལ་ཡང་བཞི་སྟེ། །དང་པོ་ལྟ་བ་ནི། ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་རྟོགས་པར་ཁས་བླངས་ཀྱང་། གཟུང་བའི་ཡུལ་རྡུལ་ཕྲན་ཆ་མེད་དོན་དམ་དུ་འདོད་པ་གང་ཞིག་ལམ་འདིས་ཕྱི་རོལ་གྱི་དོན་ཀྱང་བདེན་མེད་དུ་རྟོགས་པས། །ལྟ་བ་སྔ་མའི་སྟེང་དུ་བདག་མེད་ཕྱེད་ཙམ་རྟོགས་པས་ཁྱད་པར་དུ་འཕགས་པ་སྟེ། འོན་ཀྱང་འཛིན་པ་སེམས་ཀྱི་རང་བཞིན་བདེན་མེད་དུ་མ་རྟོགས་པས་ན་བདག་མེད་ཕྱེད་དང་གཉིས་རྟོགས་སུ་བཞེད་པ་སྟེ། །རྒྱན་ལས། གཟུང་དོན་རྟོག་པ་སྤངས་ཕྱིར་དང་། །འཛིན་པ་མ་སྤངས་ཕྱིར་དུ་ན། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་སོ། །ལམ་སྒོམ་པ་ནི། བདེན་བཞི་རྣམ་པ་བཅུ་དྲུག་གི་སྟེང་དུ། །རྟེན་འབྲེལ་ཟབ་མོའི་ལམ་བསྣན་ནས་ཉམས་སུ་ལེན་པ་སྟེ། དེ་ཡང་འདི་ལྟར་འཁོར་བའི་འཁོར་ལོ་རྒྱུན་མི་ཆད་པར་འཁྱམས་པའི་རྩ་བ་ནི་རང་གིས་རང་ཉིད་མ་རིག་པའི་རྒྱུ་ཁོ་ན་ལས་བྱུང་སྟེ། དེ་ལ་བརྟེན་ནས་འདུ་བྱེད། འདུ་ཤེས། མིང་དང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་ཀུན་རིམ་པར་སྔ་མ་ལ་བརྟེན་ཏེ་ཕྱི་མ་བྱུང་ཞིང་། །ཕན་ཚུན་རྒྱུན་ཆགས་སུ་འབྲེལ་པར་གནས་པ་ཉིད་རྟེན་འབྲེལ་ལུགས་འབྱུང་ཞེས་བྱ་སྟེ། དེ་ཉིད་ཀྱི་རྩ་བ་མ་རིག་པ་ནི་གང་ཟག་གི་བདག་མེད་


JKT005_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པས་བཅོམ་པས་རིམ་པར་འབྲེལ་བ་ཅན་ཕྱི་མ་རྣམས་ཀྱང་འགགས་པ་ནི་ལུགས་ལྡོག་འཕགས་པའི་བདེན་པ་ཞེས་བྱའོ། །དེ་ལ་ཡང་ཕྱི་ནང་གི་རྟེན་ཅིང་འབྲེལ་འབྱུང་གཉིས་དང་། སྤྱོད་པ་འདི་། ཉན་ཐོས་དང་ཆ་འདྲ་སྟེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་པ་བསྲུངས་ཤིང་རང་ཉིད་གཅིག་པུ་བྱང་ཆུབ་ཀྱི་གོ་འཕང་དོན་དུ་གཉེར་བ་སྟེ། དེ་ཡང་བསེ་རུ་ལྟ་བུར་གཅིག་པུར་གནས་པ། ནེ་ཙོ་ལྟར་ཚོགས་ན་སྤྱོད་པ་གཉིས་སུ་ཡོད་དོ། །འབྲས་བུ་ནི་སྔ་མ་བསྐལ་ཆེན་བརྒྱ་དང་། ཕྱི་མ་ནི་མྱུར་ན་མི་ཚེ་གསུམ་གྱིས་ཀྱང་རང་རྒྱལ་དགྲ་བཅོམ་ཐོབ་པར་འདོད་དེ། མཛོད་ལས། མྱུར་བ་སྲིད་པ་གསུམ་གྱི་མཐར། །བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་སོ། །དེ་ཡང་སྦྱོར་ལམ་དྲོད་ནས་མི་སློབ་པའི་ལམ་གྱི་བར་སྟན་ཐོག་གཅིག་ཏུ་བསྒྲུབས་ཏེ་ནམ་ཞིག་རང་འབྲས་མངོན་དུ་བརྙེས་པའི་ཚེ་ཡང་ལུས་ཀྱི་རྣམ་རིག་ཙམ་གྱིས་ཆོས་སྟོན་པ་ལས་འགྲོ་དོན་གཞན་མི་འབྱུང་བར་བཞེད་དོ། །དེ་ལྟར་གཉིས་ཀ་ཡང་ཐེག་དམན་གྱི་སྡེ་སྣོད་གསུམ་ལ་བརྟེན་ནས་བསྒོམས་པས་དབང་པོ་རྣོ་རྟུལ་གྱི་ཁྱད་ཙམ་ལས་བྱུང་བའོ། །ཉན་རང་གཉིས་པོས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་མི་འདོད་ཅིང་། མི་མཇེད་ཀྱི་ཞིང་ལས་གཞན་པའི་སྟུག་པོ་བཀོད་པ་སོགས་ལོངས་སྐུའི་གནས། རྟེན་དང་བརྟེན་པར་བཅས་པ་ཁས་མི་ལེན་ལ། ཤཱཀྱ་ཐུབ་པའི་སྐུ་ནི་


JKT005_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དངོས། ཐུགས་ནི་ཆོས་ཀྱི་སྐུ་ཡིན་པ་དང་། སོ་སོ་སྐྱེ་བོ་རང་རྒྱུད་ཀྱི་འཆིང་བ་ཅན་ཞིག་ཚོགས་བསགས་ནས་འཇིག་རྟེན་འདིར་འཚང་རྒྱ་བ་ལས་གཞན་དུ་མ་ཡིན་པ་སོགས་འདོད་ཚུལ་མང་ལ་དེ་སྟོན་པར་བྱེད་པའི་བསྟན་བཅོས་ནི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ལ་སོགས་པ་རྣམས་སོ། །གསུམ་པ་བྱང་སེམས་ཀྱི་ཐེག་པ་ནི། སྔ་མ་ལས་ཁྱད་པར་འཕགས་ཚུལ་དང་། འདོད་པ་དངོས་བསྟན་པའོ། །དང་པོ་སྤྱིར་གཞན་དོན་ལ་དམིགས་པ། ཐབས་ཤེས་ཟུང་འབྲེལ་དུ་སྒྲུབ་པ། བདག་མེད་གཉིས་ཀྱིས་སྟོང་པར་རྟོགས་པའི་ཡེ་ཤེས་ལྡན་པ། བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པར་བྱང་ཆུབ་ཀྱི་སྤྱོད་པ་ལ་སྦྱོར་བའི་བརྩོན་འགྲུས་རྩོམ་པ་ཆེ་བའི་བཤད་པ། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པས་དོན་གཉིས་བདེ་བླག་ཏུ་སྒྲུབ་པའི་ཐབས་ལ་མཁས་པ། སྟོབས་དང་མི་འཇིགས་པ་དང་མ་འདྲེས་པའི་ཆོས་ལ་སོགས་པ་ཁྱད་པར་ཅན་གྱི་ཡོན་ཏན་ཡང་དག་པར་གྲུབ་པ། ཡང་དང་ཡང་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་མངོན་དུ་གཟིགས་པ་སོགས་མ་འགགས་པའི་མཛད་པ་མཐའ་ཀླས་པས་སངས་རྒྱས་ཀྱི་ཕྲིན་ལས་བདག་གིར་བཞེས་པ་སྟེ། ཆེན་པོ་བདུན་གྱིས་ཁྱད་པར་དུ་འཕགས་པའི་ཚུལ་ཀྱང་། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་ཉིད་དག་དང་། །ཡེ་ཤེས་བརྩོན་འགྲུས་

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


JKT005_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། ཅེས་སོ། །དེར་མ་ཟད་ཐེག་དམན་གྱི་རང་སའི་མྱང་འདས་ལས་རྟག་ཏུ་མི་གཡོ་བར་འདོད་པ་དག་ཀྱང་། ལམ་འདིར་ལྟོས་ན་གནས་སྐབས་ཀྱི་ཞི་བ་ཙམ་སྟེ། སྔར་ཚོགས་ཇི་ཙམ་བསགས་པ་དེ་ཙམ་གྱི་ཡུན་དུ་བློའི་འཇུག་པ་ཐེམ་མོད་ཀྱི། སླར་དེ་བཞིན་གཤེགས་པའི་གསུང་གི་འོད་ཟེར་གྱིས་བསྐུལ་ཏེ་དག་པའི་ཞིང་དུ་སྐྱེ་བ་ལེན་ནས་གདོད་ཐེག་པ་ཆེན་པོའི་ལམ་ལ་འཇུག་དགོས་པར་གསུངས་ཏེ། དེ་སྐད་དུ་ཡང་རྒྱལ་ཚབ་མ་ཕམ་པས། ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་མཛད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དག་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །ཞེས་སོ། །གཉིས་པ་ནི། འདི་ལྟར་ཐེག་པ་ཆེན་པོ་ལ་ཡང་གྲུབ་པའི་མཐའ་ཆེན་པོ་གཉིས་སུ་བྱུང་སྟེ། སེམས་ཙམ་དང་། དབུ་མ་པའོ། །དང་པོ་ནི། ཕྱི་རོལ་གྱི་དོན་ཡོད་པར་འདོད་པ་གང་ཞིག །རིག་པས་བརྟགས་ན་རྡུལ་ཕྲ་རབ་ཀྱི་བར་


JKT005_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཞིགས་ཀྱང་མི་སྣང་བའི་ཕྱིར་མི་འཐད་དོ། །འོ་ན་གཟུགས་སོགས་མངོན་སུམ་པར་སྣང་བའི་ཕྱིར་འགལ་ལོ་ཞེ་ན། མ་ཡིན་ཏེ་དེ་ཉིད་ནི་སེམས་ཉིད་འཁྲུལ་པའི་སྣང་བ་ལས་གྲུབ་པར་གསུངས་པའི་ཕྱིར་རོ། །གལ་ཏེ་འགའ་ཞིག་ཏུ་ཕྱི་དོན་ཡོད་པར་གསུངས་སྲིད་ནའང་། སྔར་སྨོས་པ་ལྟར་བདག་ཏུ་ལྟ་བ་ཅན་ཐབས་ཀྱིས་གཞུག་པའི་ཕྱིར་གཞུག་པ་ལྡེམ་དགོངས་ཙམ་མོ། །ཞེས་པ་ལ་སོགས་པས་སྔ་མའི་འདོད་པ་འགོག་ནས། རང་གི་དགོངས་པ་བཞག་པ་ནི། གནས་ལུགས་དོན་གྱི་ཀུན་གཞི་བདེ་གཤེགས་སྙིང་པོ་རང་བཞིན་འོད་གསལ་གྱི་བཞུགས་ཚུལ་སེམས་ཅན་གྱི་ཁམས་དང་དབྱེར་མེད་པ་ཉིད་ལ། བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཞེས་དགེ་མི་དགེ་གང་གི་ཕྱོགས་སུ་མ་ཆད་པས་ལུང་མ་བསྟན་གྱི་རང་བཞིན་དུ་གནས་པ་ཡུལ་ལ་མི་འཛིན་པའི་ངོ་བོ་རྟོག་མེད་ཀྱི་མཚན་ཉིད་ཅན་དང་། ཀུན་གཞིའི་རྣམ་ཤེས་ཏེ་སྒོ་ལྔའི་ཤེས་པ་མ་འགྱུར་པའི་རང་གསལ་ཅན་གང་ཡིན་པ་སྟེ། གནས་སྐབས་སུ་ཆུ་བོའི་རྒྱུན་ལྟར་འཁོར་མོར་གཡོ་ལ། རྡོ་རྗེ་ལྟ་བུའི་ཏིང་འཛིན་མངོན་དུ་བྱས་པའི་ཚེ་ན་མེ་ལོང་ཡེ་ཤེས་སུ་གནས་འགྱུར་བ་དང་། དེ་བཞིན་དུ་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་གཏན་ལ་དབབ་སྟེ། ཀུན་བརྟགས། གཞན་དབང་། ཡོངས་གྲུབ་བོ། །དང་པོ་ལ་ཡང་། མེད་སྣང་སྣ་ཚོགས་པར་སྒྲོ་བཏགས་པ་རྣམ་གྲངས་པའི་ཀུན་བརྟག །


JKT005_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་གཉིས་སྣང་ལྟ་བུ་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟག་གཉིས་སུ་དབྱེ། གཉིས་པ་ལ་ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་སོགས་མ་དག་པའི་གཞན་དབང་། སྒྲིབ་བྲལ་གྱི་ཆ་ལས་བཏགས་པའི་སྐུ་དང་ཡེ་ཤེས་སོགས་དག་པའི་གཞན་དབང་གཉིས། གསུམ་པ་ལ་ཡང་། གནས་ལུགས་ཀྱི་དོན་ཆོས་དབྱིངས་འོད་གསལ་གྱི་ངོ་བོ་འགྱུར་མེད་ཀྱི་ཡོངས་གྲུབ། ཉོན་མོངས་ཀྱི་འཆིང་བ་བྲལ་བའི་ཟག་མེད་ཀྱི་ལམ་མངོན་དུ་གྱུར་པ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཏུ་འདོད་དེ། དེ་ཡང་ཉོན་མོངས་པའི་གཞན་དབང་དང་། ཕྱི་རོལ་གྱི་ཡུལ་ལ་སོགས་པའི་སྒྲོ་བཏགས་པའི་ཀུན་བརྟགས་ཏེ། དོན་ལ་མེད་པས་ཀུན་རྫོབ་དང་། དེ་གཉིས་ཀྱང་སེམས་ཀྱི་སྣང་ཆ་ལས་ལོགས་སུ་མེད་པར་ཤེས་ཤིང་སེམས་ཉིད་དུ་རྟོགས་པས་ཡོངས་གྲུབ་ལས་བདེན་མེད་དུ་མི་འདོད་ལ། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་དོན་དམ་གྱི་བདེན་པར་བཞག་གོ །ནང་གསེས་ཀྱི་དབང་དུ་ནི་འདོད་ཚུལ་ཐ་དད་དུ་དབྱེ་སྟེ། རྣམ་བདེན་པ་དང་། རྣམ་རྫུན་པ་གཉིས་ལས། སྔ་མས་ནི། སྣ་ཚོགས་སུ་སྣང་བ་འདི་རྣམས་ཇི་བཞིན་དུ་སྣང་བ་ལྟར་སེམས་སུ་བདེན་པར་ཁས་ལེན་པ་དང་། ཕྱོགས་གཉིས་པས་སྣ་ཚོགས་སུ་སྣང་བ་འདི་རྣམས་བག་ཆགས་ཀྱིས་བསླད་དེ་མེད་བཞིན་དུ་ཤར་བ་སྐྲ་ཤད་འཛག་པར་མཐོང་བ་བཞིན་ཡིན་ཏེ་རྣམ་རྫུན་པའོ། །


JKT005_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འདོད། དེ་དག་ལ་ཡང་ནང་གསེས་སུ། སྔ་མར་གཟུང་འཛིན་གྲངས་མཉམ། སྒོ་ང་ཕྱེད་ཚལ། སྣ་ཚོགས་གཉིས་མེད་གསུམ་དང་། ཕྱི་མ་ལ་ཡང་དྲི་བཅས་དྲི་མེད་གཉིས་སུ་དབྱེ་བ་སོགས་ཡོད་དོ། །དེ་ལྟར་ཡང་བཀའ་ཐ་མའི་མདོ་སྡེ། ཕལ་ཆེན་དང་། དཀོན་བརྩེགས་སོགས་ལ་བརྟེན་ཏེ། ཨ་བི་ཏརྐ་ཛྷཱ་ན་ཏ་ལ་སོགས་པ་ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱ་བྱོན་ནས་རྣམ་རིག་སྨྲ་བ་འདི་དར་ཤིང་རྒྱས་པར་མཛད་ཀྱང་། ཕྱིས་ཀླུ་སྒྲུབ་བྱོན་ནས་བཟུང་། དེ་ཉིད་ནུབ་པ་ལྟར་གྱུར་ནས་ཐེག་ཆེན་དབུ་མ་འདི་ཉིད་དར་ཞིང་རྒྱས་པ་ཡིན་ནོ། །གཉིས་པ་ནི། གང་སེམས་ཙམ་པས་གསལ་རིག་ཙམ་གྱི་སེམས་དོན་དམ་གྱི་བདེན་པར་འདོད་པ་དེ་ཉིད། སྒྲོ་བཏགས་ཙམ་ལས་མཐར་ཐུག་ཡོད་པར་འདོད་ན་རྟག་པའི་མཐར་ལྷུང་བར་འགྱུར་རོ། །འོ་ན་རང་ལུགས་ལ་མེད་པར་འདོད་པ་དེས་ཆད་པའི་མཐར་ལྷུང་ངོ་ཞེ་ན། མ་ཡིན་ཏེ། དོན་དམ་པར་དགག་བྱ་མ་གྲུབ་པས་དེ་བཀག་པ་ཡང་མི་འདོད་པའི་ཕྱིར་རོ། །ཞེས་པ་ལ་སོགས་པས་སྔ་མའི་ལོག་རྟོག་དགག་པ་སྟེ། དེ་ཡང་རྣལ་འབྱོར་སྤྱོད་པའི་དབུ་མ་པས་ཀྱང་སེམས་བདེན་མེད་དུ་མི་འདོད་པ་སོགས་ཀྱིས་རང་རྒྱལ་དང་ཆ་མཚུངས་པ་ནས་བྱེ་མདོ་སེམས་གསུམ་དངོས་པོར་སྨྲ་བའི་གྲུབ་མཐར་བཞག་སྟེ་དོན་དམ་གྱི་བདེན་པ་ཇི་བཞིན་དུ་མ་མཐོང་བར་འདོད་དོ། །རང་ཉིད་ཀྱི་ལུགས་ལའང་


JKT005_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་མཐའ་གཉིས་སུ་ཡོད་ཅིང་། གཞན་ཡང་གནས་སྐབས་ཐོས་བསམ་སོགས་ཀྱིས་གཏན་ལ་དབབ་པའི་ཚེ་འདོད་པ་དང་། མཐར་ཐུག་ཉམས་སུ་བླང་བྱ་ནང་གི་རྣལ་འབྱོར་གཉིས་སུ་འདོད་པ་སོ་སོར་དབྱེ་བར་ཡང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སོགས་ཀྱིས་བཞེད་ལ། དེ་ཡང་དང་པོ་རང་སྟོང་བ་ནི། བདེན་པར་གྲུབ་པའི་ཆོས་རྡུལ་ཕྲན་ཙམ་ཡང་མེད་པར་འདོད་ཅིང་ནང་གསེས་ཀྱི་དབང་དུ་རང་རྒྱུད་པ་དང་། །ཐལ་འགྱུར་བ་གཉིས་སོ། །དང་པོ་ལ་ཡང་མདོ་སྡེ་སྤྱོད་པའི་དབུ་མ་པ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་གཉིས་སུ་དབྱེ་སྟེ། སྔ་མ་མདོ་སེམས། གཉིས་དང་ཁས་ལེན་ཕྱོགས་མཚུངས་པའི་ཕྱིར་དེ་སྐད་དུ་བརྗོད་ལ། ནང་གསེས་ཀྱི་ལྡོག་པ་ཤིན་ཏུ་ཕྲ་བར་ཡོད་དོ། །དེ་ཡང་གྲུབ་མཐའི་འདོད་ཚུལ་ནི། ཀུན་རྫོབ་བློ་འཁྲུལ་པའི་ངོར་ཆོས་ཐམས་ཅད་ཡོད་ལ། དོན་དམ་མ་འཁྲུལ་པའི་ངོ་བོར་མེད་པར་འདོད་ཅིང་། སྔ་མ་ལ་ཡང་སྣང་ལ་དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ་དང་། སྣང་ཡང་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ། ཕྱི་མ་ལ། སྐྱེ་བ་སོགས་འགོག་པ་ཙམ་ལས་སྐྱེ་མེད་ཀྱི་སྤྲོས་པ་ལས་མ་གྲོལ་བ་རྣམ་གྲངས་པའི་དོན་དམ་དང་། སྤྲོས་པའི་མཐའ་ཐམས་ཅད་ལས་གྲོལ་བ་རྣམ་གྲངས་མ་ཡིན་པའི་དོན་དམ་དུ་དབྱེ་ལ། དེ་ཡང་སྐྱེ་འགག་ལ་སོགས་མེད་པར་འདོད་པ་ལ་ཡང་རིགས་པའི་གཏན་ཚིགས་ཆེན་པོ་རྣམ་པ་


JKT005_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ལྔས་ཁོངས་སུ་ཆུད་པར་འདོད་དེ། རྒྱུ་ལ་སྤྱོད་པ་རྡོ་རྗེའི་གཟིགས་མ། འབྲས་བུ་ལ་སྤྱོད་པ་ཡོད་མེད་སྐྱེ་འགོག །རྒྱུ་འབྲས་གཉིས་ཀ་ལ་སྤྱོད་པ་མུ་བཞི་སྐྱེ་འགོག །ངོ་བོ་ལ་སྤྱོད་པ་མེད་དགག་གཏན་ཚིགས་སུ་བཀོད་པ་གཅིག་དང་དུ་བྲལ་ཏེ་བཞི་པོ་ནི་ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་བའི་རིགས་པ་ཡིན་ལ། མ་ཡིན་དགག་གཏན་ཚིགས་སུ་བཀོད་པའི་རྟེན་འབྲེལ་ཆེན་པོའི་རིགས་པ་ནི་ཡོད་མེད་གཉིས་ཀའི་སྤྲོས་པ་གཅོད་པ་སྟེ་ལྔའོ། །དང་པོ་ནི། ཆོས་ཐམས་ཅད་བདག་གམ། གཞན་ནམ། གཉིས་ཀའམ། རྒྱུ་མེད་པ་གང་ལས་ཀྱང་སྐྱེ་བ་མ་ཡིན་ཏེ། སྐྱེས་པ་གང་ཐམས་ཅད་ཀྱང་དངོས་པོས་སྟོང་པའི་ཕྱིར་རྨི་ལམ་བཞིན་ནོ། །ཞེས་འདོད་དོ། །དབུ་མ་འཇུག་པ་ལས། བདག་དང་གཞན་དང་གཉིས་ཀ་རྒྱུ་མེད་ལས། །སྐྱེ་བ་མེད་ཕྱིར་དངོས་རྣམས་རང་བཞིན་བྲལ། །ཞེས་སོ། །གཉིས་པ་ནི། དངོས་སྣང་སྣ་ཚོགས་པ་འདི་དག་ངོ་བོ་ཡོད་མེད་སྐྱེ་བ་དང་བྲལ་བའི་ཕྱིར་ཏེ། དེས་ན་ངོ་བོ་ཡོད་པས་ན་སྐྱེ་བ་མི་རིགས་ལ། དེ་ཉིད་འདོད་ན་མ་སྐྱེས་པའི་ཕྱིར་ཡོད་པ་མི་རིགས་ཏེ། སྟོང་ཉིད་བདུན་ཅུ་པ་ལས། ཡོད་པ་ཡོད་ཕྱིར་སྐྱེ་མེད་དེ། །མེད་པ་མེད་ཕྱིར་སྐྱེ་བ་མིན། །ཞེས་སོ། །གསུམ་པ་ནི། གཅིག་པུ་ལས་དུ་མ་དང་། དུ་མ་ལས་གཅིག་དང་། གཅིག་ལས་གཅིག་དང་། དུ་མ་ལས་དུ་མ་སྐྱེ་བས་སྟོང་སྟེ། བདེན་གཉིས་ལས།


JKT005_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མས་དངོས་པོ་གཅིག་མི་བྱེད། །གཅིག་གིས་དུ་མའི་དངོས་མི་བྱེད། །དུ་མས་དུ་མ་མི་བྱེད་ཅིང་། །གཅིག་གིས་གཅིག་བྱེད་པ་ཡང་མིན། ཞེས་སོ། །བཞི་པ་ནི། དོན་དུ་སྣང་བ་གང་ཞིག་དངོས་པོ་དང་དངོས་མེད་གང་དུའང་མ་གྲུབ་པར་ཐལ་ཏེ། གཅིག་དང་དུ་མ་བྲལ་བའི་ཕྱིར་ཆུ་ཟླ་བཞིན་ཏེ། དབུ་མ་རྒྱན་ལས། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་དུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་སོ། །ལྔ་པ་ནི། སྣང་ཙམ་གྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། དེས་ན་སྟོང་པ་ཉིད་ཡིན་པས་ཁྱབ་པའི་ཕྱིར་སྒྱུ་མ་བཞིན་ནོ། །དེ་སྐད་དུ་ཡང་། རྩ་བ་ལས། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །གང་དེ་སྟོང་པ་ཉིད་དུ་བཞེད། །ཅེས་སོ། །དེ་ཡང་འདིར་ནི་གཏན་ཚིགས་དེ་དག་བདེན་དངོས་བཏགས་པ་ཙམ་གྱི་མེད་དགག་ཁོ་ན་ཁས་ལེན་པར་འདོད་དོ། །དེ་ཡང་ཇི་ལྟར་སྣང་བ་འདི་དག་སྣང་ཙམ་ནས་ཐ་དད་རང་རང་གི་ངོ་བོས་སྟོང་པས་ངེས་པའི་དོན་དུ་རྣམ་དཔྱད་ཀྱི་མེད་དགག་གི་སྟོང་ཉིད་ཁོ་ན་ཁས་ལེན་པའོ། །གཉིས་པ་ནི། སངས་རྒྱས་གཉིས་པ་དཔལ་ལྡན་ནཱ་གཱརྫུ་ནའི་དབུ་མ་རྩ་བའི་དོན་གྱི་དགོངས་པ་ཕྱིན་ཅི་མ་ལོག་པར་བཀྲལ་བ། མཚན་ཉིད་ཐེག་པ་ཀུན་གྱི་བསྒྲུབ་བྱ་རྩེ་མོར་གྱུར་པ་སྟེ། དེ་ཡང་སྔ་མ་དེ་ཉིད་མཐར་


JKT005_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་གི་དབུ་མར་མི་འདོད་དེ། དོན་དམ་པར་མེད་པར་འདོད་པས་ཆད་པའི་མཐར་ལྷུང་ཞིང་། ཀུན་རྫོབ་ཡོད་པར་ཁས་བླངས་པས་རྟག་པའི་ལམ་ལས་མ་འདས་པའི་ཕྱིར་དང་། བློས་དཔྱད་པའི་རིག་ཤེས་ཀྱིས་སྤྲོས་པ་བཀག་པ་དེ་ཡང་སྤྲོས་བྲལ་མ་ཡིན་ཏེ། འཇམ་དཔལ་གྱིས། ཕུང་པོ་རྣམ་དཔྱད་སྟོང་ཉིད་ནི། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །ཅེས་གསུང་པའི་ཕྱིར་རོ། །ཞེས་པ་ལ་སོགས་པས་སྔ་མའི་འདོད་པ་བཀག་ནས་རང་ཉིད་ཀྱི་དགོངས་པ་འདི་ལྟར་འཇོག་སྟེ། དེ་ཡང་བདེན་པ་གཉིས་ནི་བློ་འཁྲུལ་མ་འཁྲུལ་པའི་ལྟོས་གྲུབ་སྟེ། ས་ཐོབ་པའི་མཉམ་བཞག །དེ་ཡི་ངོ་བོ་གཅིག་ཏུ་གནས་པའི་རྗེས་ཐོབ་ཀྱི་སྣང་བ་ལྷག་མཐོང་དང་། མི་སློབ་པ་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་སེམས་དང་སེམས་བྱུང་གི་སྤྲོས་པ་ཉེ་བར་ཞི་བ་ནི་དོན་དམ་པའི་བདེན་པ་སྟེ། ཟླ་བ་གྲགས་པས། གང་ཕྱིར་ཆོས་ཉིད་སྐྱེ་མེད་ཡིན་ཕྱིར་བློ་ཡང་སྐྱེ་བ་དང་བྲལ་ལ། །དེ་ཕྱིར་དེ་རྣམས་བརྟེན་ནས་དེ་ཡིས་དེ་ཉིད་རིག་པ་ལྟ་བུ་སྟེ། །གང་ཕྱིར་སེམས་ནི་ཡུལ་གྱི་རྣམ་པར་འབྱུང་བར་འགྱུར་བ་དེ་ཡིས་ཡུལ། །དེ་རབ་རིག་པ་དེ་བཞིན་ཐ་སྙད་དག་ལ་བརྟེན་ནས་རིག་པ་ཡིན། །ཞེས་སོ། །དེ་བཞིན་དུ་སོ་སྐྱེ་མ་རིག་པའི་བག་ཆགས་ཀྱིས་བཅིངས་པའི་བློ་ངོར་དོན་ལ་མེད་བཞིན་འཁྲུལ་པ་སྣ་ཚོགས་སུ་སྣང་བ་ནི་ཀུན་རྫོབ་བོ། །དེ་ཡང་གཉིད་དུ་སོང་བའི་རྨི་ལམ་


JKT005_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཀུན་རྫོབ་བློ་འཁྲུལ་པའི་ངོར་ཡོད་ལ། །དེ་ལས་སད་པའི་སྐབས་ལྟར་དོན་དམ་བློ་མ་འཁྲུལ་བར་མེད་པ་སྟེ། དེ་ཡི་དབྱེ་གཞི་ཡང་མཚན་ཉིད་མེད་པའི་སྟོང་པ་ཉིད་ཡིན་པའི་ཕྱིར་དོན་ལ་མ་གྲུབ་ཀྱང་འོན་ཏེ་འཇིག་རྟེན་པའི་བློ་ངོར་སྒྲོ་བཏགས་ནས་དེ་ལྟར་དུ་འཇོག་གི །བདེན་པར་ཞེན་པའི་གྲུབ་མཐའ་ལྟར་ནི་མ་ཡིན་ཏེ། འཇུག་པ་ལས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །ཞེས་སོ། སྤྲོས་པ་གཅོད་པའི་ཚུལ་ནི་གཏན་ཚིགས་ལྔར་འདོད་ཀྱང་། གཏན་ཚིགས་དེ་རྣམས་ཀྱིས་བསྒྲུབ་བྱ་སྒྱུ་མ་ཙམ་ཏེ་དོན་དམ་པར་དེ་ཡང་མ་གྲུབ་པའི་ཕྱིར་མ་ཡིན་དགག་ཁོ་ནར་འདོད་དོ། །དེ་ཡི་ཕྱིར་མཐར་ཐུག་ཡོད་མེད་ཡིན་མིན་ལ་སོགས་པའི་ཁས་བླང་ཐམས་ཅད་བྲལ་བར་རྟོགས་པར་འཇོག་ཅིང་། རང་ལས་སྤྲོས་པའི་གྲུབ་མཐའ་ཁས་མི་ལེན་ཏེ། །དཔལ་ལྡན་ནཱ་གཱ རྫུ་ནས། ཁས་བླངས་པ་ཡི་དངོས་པོ་ནི། །ཕྲ་བ་ཙམ་ཡང་ཡོད་མིན་ཏེ། །གདོད་ནས་སྐྱེ་བ་མེད་པའི་ཕྱིར། །མོ་གཤམ་གྱི་ནི་བུ་བཞིན་ནོ། །ཞེས་དང་། ང་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་སོ། །དེ་ཡང་བསྡུ་ན། གཞི་བདེན་གཉིས་ཟུང་འཇུག །ལམ་ཚོགས་གཉིས་ཟུང་འཇུག །འབྲས་བུ་སྐུ་གཉིས་ཟུང་འཇུག་ཏུ་འདུ་བར་བཞེད་དོ། །གཉིས་པ་ནི། སློབ་དཔོན་བྷ་བྱའི་དབུ་མ་


JKT005_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་སྒྲོན་མ་ལས། ཐལ་རང་གི་དབུ་མ་ནི་རགས་པ་ཕྱི་ཡི་དབུ་མ་སྟེ། ཐོས་པ་ལས་བྱུང་བའི་རིག་པ་སྨྲ་བས་ཕྱི་རོལ་པ་དང་རྩོད་པའི་དུས་དང་། བསྟན་བཅོས་ཆེན་མོ་བྱེད་པས་རིག་པ་ཆེན་པོའི་གཞི་ཚུགས་པར་བྱ་བ་དེ་ཡི་ཚེ་སྨྲ་བ་ཡིན་ལ། ཕྲ་བ་ནང་གི་དབུ་མ་ཉམས་སུ་ལེན་པའི་ཚེ་རྣལ་འབྱོར་སྤྱོད་པའི་དབུ་མ་ཉིད་བསྒོམ་པར་བྱའོ། །ཞེས་གསུངས་པ་ལྟར། དེ་ཡང་འདི་ཉིད་ཀྱིས་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་གཏན་ལ་དབབ་སྟེ། ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་མོ། །དེ་ལ་ཡང་གཉིས་གཉིས་སུ་ཕྱེ་བ་སྟེ། སྤྱིར་ཀུན་བརྟགས་ནི་མེད་སྣང་གློ་བུར་བར་སྒྲོ་བཏགས་པ་དང་། གཞན་དབང་ནི་ལས་དང་བག་ཆགས་སྣ་ཚོགས་ཀྱི་ཁུངས་སུ་འོས་པ་ཉིད་ཡིན་ཅིང་། དག་པ་ནི་སྒྲིབ་པ་བྲལ་སྟོབས་ཀྱིས་སྨིན་པའི་སྐུ་དང་ཡེ་ཤེས་སོགས་སུ་འདོད་ལ། འགྱུར་མེད་དོན་གྱི་ཀུན་གཞི་སྐྱོན་ཡོན་བསལ་བཞག་ལས་འདས་པའི་ཡོངས་གྲུབ་བདེ་གཤེགས་སྙིང་པོའི་གནས་ལུགས་ནི་འཁོར་ལོ་ཐ་མ་ངེས་པ་དོན་གྱི་མདོ་སྡེ་རྣམས་ལས་བསྟན་ཅིང་། དེ་བཞིན་དུ་རྒྱུད་བླ་མར། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང་། ཀླུ་སྒྲུབ་ཀྱིས། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་གནས་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་སོ། །


JKT005_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་བྱེད་ཀྱི་དྲི་མ་གློ་བུར་བ་དེ་མ་དག་པ་དང་དག་པ་དང་ཤིན་ཏུ་རྣམ་པར་དག་པའི་སྟོབས་ཀྱིས་སྐྱེ་འཕགས་རྫོགས་པའི་སངས་རྒྱས་གསུམ་དུ་བརྗོད་པ་སྟེ། རྒྱུད་བླ་མར། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་སོ། །དེ་བཞིན་དུ་བཟོད་མ་ནས་དག་པའི་འགྱུར་མེད་བདེ་གཤེགས་སྙིང་པོའི་གནས་ལུགས་དེ་ཉིད་ཚོགས་སྦྱོར་གཉིས་སུ་གཏན་ནས་མི་མཐོང་བ་དང་། མཐོང་སྒོམ་གཉིས་སུ་མཐོངས་ཀའི་ཉི་ཞུར་ཙམ་དང་། མི་སློབ་པའི་ལམ་མངོན་དུ་གྱུར་པའི་ཚེ་ན་ཇི་བཞིན་དུ་མཐོང་བར་བཞེད་དེ། གང་གི་འགྲེལ་པར། སྤྲིན་མཐོངས་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་རབ་ཏུ་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་རྣམ་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་ཀུན་གྱིས་མཐོང་། །ཞེས་སོ། །དེས་ན་དགོངས་གཞི་སེམས་ཅན་གྱི་ཁམས་ལ་ལྷུན་གྲུབ་ཏུ་བཞུགས་པའི་ཡེ་ཤེས་བསལ་རུང་གི་སྒྲིབ་པ་དང་བྲལ་བ་ལ་དགོངས་པ་སྟེ། ཀླུ་སྒྲུབ་ཀྱིས། ཆུ་ཤིང་སྙིང་པོ་མེད་དོ་ཞེས། །འཇིག་རྟེན་ཐམས་ཅད་དཔེར་བྱེད་ཀྱང་། །འདི་ཡི་འབྲས་བུ་སྙིང་པོ་ཉིད། །མངར་པོ་ཟ་བར་བྱེད་པ་ལྟར། །


JKT005_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་མེད་པ་འཁོར་བ་ལ། །ཉོན་མོངས་གཟེབ་དང་བྲལ་གྱུར་ན། །དེ་ཡི་འབྲས་བུ་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་བདུད་རྩིར་འགྱུར། ཞེས་གསུངས་པས་ནི་སྟོང་པ་ཉིད་ཁོ་ནར་འདོད་པའང་གནས་སྐབས་ཀྱི་ངེས་དོན་ཙམ་དུ་བསྟན་ཅིང་། དགོས་པ་ནི་སྐྱོན་ལྔ་སྤང་པའི་ཕྱིར་ཏེ། སེམས་ཞུམ་སེམས་ཅན་དམན་ལ་བརྙས། །ཆོས་དབྱིངས་མི་འཛིན་ཡང་དག་སྐུར། །གཉིས་སུ་འཛིན་པའི་སྐྱོན་གང་དག ། སྤང་བའི་ཕྱིར་ན་ལམ་འདི་བསྟན། ཞེས་སོ། །གཞན་དུ་ངོ་བོ་ཉིད་གསུམ་བསྟན་པས་སེམས་ཙམ་མོ་སྙམ་ན། སྤྱིར་རྣལ་འབྱོར་སྤྱོད་པའི་གཞུང་དུ་སྟོང་གཞི་གཞན་དབང་དགག་བྱ་ཀུན་བརྟགས་ཀྱིས་སྟོང་པའི་ཡོངས་གྲུབ་ཏུ་བཞེད་པ་དང་། རྒྱུད་བླ་མ་སོགས་ལས་ཆོས་ཉིད་ཡོངས་གྲུབ་དགག་བྱ་ཀུན་བརྟགས་ཀྱིས་སྟོང་པར་གསུངས་ཞིང་། དེར་མ་ཟད། བརྒྱད་སྟོང་བསྡུས་དོན་དུ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །བསྟན་པ་གསུམ་ལ་ཡང་དག་གནས། །བརྟགས་པ་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཁོ་ནའོ། །ཞེས་དང་། དེ་བཞིན་དུ་ཀླན་ཀ་གཞན་འགོད་པ་ལ་ཡང་རྣམ་དག་གི་ལུང་དང་རིགས་པས་སུན་དབྱུང་བར་བྱ་བའི་ཚུལ་མང་དུ་མཆིས་མོད་ཀྱི་འདིར་རེ་ཞིག་དབུ་མའི་ལམ་དུ་བཞག་གོ །མདོར་ན་ཀུན་བརྟགས་ལ་མཚན་ཉིད་ངོ་བོ་ཉིད་མེད། གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད། ཡོངས་གྲུབ་ལ་དོན་དམ་


JKT005_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་མེད་དུ་གསུངས་པས་སྔ་མ་གཉིས་ནི་བློ་བུར་གཟུགས་འཛིན་རང་གི་ངོ་བོས་སྟོང་ལ། ཕྱི་མའི་ངོ་བོ་ལ་ལྟོས་ན་དྲི་མ་སྐྱོན་གྱི་རྣམ་དབྱེ་བཅས་པས་སྟོང་ལ། གདོད་ནས་རང་ཆས་སུ་ཡོད་པས་སྣང་ཆ་སྐུ་དང་ཞིང་ཁམས་ཐམས་ཅད་འཆར་དུ་རུང་ཞིང་། སྟོང་ཆ་ཆོས་སྐུའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པས་ཡོན་ཏན་གྱིས་མི་སྟོང་སྟེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་ལྟ བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་སོ། །དེ་ལྟར་ཐེག་ཆེན་དབུ་མ་པའི་ལྟ་བའི་རིམ་པ་དེ་ཡང་། རང་རྒྱུད་པ་ནི་མཁན་པོ་ཞི་བ་འཚོ་དང་། སློབ་དཔོན་ལེགས་ལྡན་འབྱེད་སོགས་ཀྱིས་བཞེད་ལ། ཐལ་འགྱུར་བ་ནི་སློབ་དཔོན་ནཱ་གཱརྫུ་ནའི་དགོངས་པ་ཐུན་མོང་མ་ཡིན་པ་འཛིན་པ་སློབ་དཔོན་ཟླ་བ་གྲགས་པ་སོགས་ཀྱིས་བཀྲལ་ཞིང་། ཕྲ་བ་ནང་གི་དབུ་མ་འདི་ཉིད་སློབ་དཔོན་ཀླུའི་ཆོས་དབྱིངས་བསྟོད་པ་སོགས་དང་། །རྒྱལ་བ་བྱམས་པའི་ཆོས་ལྔ་དང་། འཕགས་པ་ཐོགས་མེད་ཀྱི་དགོངས་འགྲེལ་བཅས་སུ་བསྟན་པས་སློབ་དཔོན་རྣམ་གཉིས་ཀྱི་དགོངས་པ་མི་འགལ་བར་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བའི་ཞབས་སོགས་ཀྱིས་བཞེད་དེ། དེའི་མཛད་པའི་དབུ་མ་རྒྱན་ལས། བྱམས་པ་ཐོགས་མེད་ཀྱིས་བསྟན་ཅིང་། །ཀླུ་སྒྲུབ་ཀྱིས་ཀྱང་བཞེད་པ་ཡི། །


JKT005_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་ལུང་དང་ལྡན་གྱུར་པའི། །བདེན་པ་གཉིས་པོ་འདིར་བཤད་བྱ། །ཞེས་འབྱུང་ངོ་། །དེ་དག་ཀྱང་སྔ་མ་གཉིས་ནི་འཁོར་ལོ་བར་པའི་དངོས་བསྟན་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་དང་། ཕྱི་མ་ནི་འཁོར་ལོ་ཐ་མ་ངེས་པ་དོན་གྱི་མདོ་སྡེ། ལངྐར་གཤེགས་པ། དགོངས་པ་ངེས་འགྲེལ། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ། །མྱང་འདས། དཀོན་མཆོག་བརྩེགས་པ་སོགས་ཀྱི་དགོངས་པ་ལྟར་བཀྲལ་བར་རིག་པར་བྱའོ། །གཉིས་པ་བྱང་ཆུབ་སེམས་དཔའི་སྒོམ་པ་ལ་ཡང་གཉིས་ཏེ། ཐལ་རང་གཉིས་པོའི་བསམས་བྱུང་གིས་དཔྱད་ཅིང་བཙལ་བའི་ཚེ་ཅི་ཡང་མ་རྙེད་པ་དེ་ཉིད་ཀྱི་ངེས་པས་དྲངས་ནས་སྟོང་པ་ཉིད་བསྒོམ་པ་ནི། གང་ཡང་མ་མཐོང་བ་ལ་ཆོས་ཉིད་མཐོང་བ་དང་། ཅི་ཡང་མི་སྒོམ་པ་ལ་སྟོང་ཉིད་བསྒོམ་པར་བཞེད་དེ། ཐམས་ཅད་མཁྱེན་པ་པྲ་ཛྙཱ་རསྨིས། གང་ཤར་སེམས་དང་སེམས་ཉིད་རང་ལུས་ཀྱི། །ཕྱི་ནང་ཀུན་ལ་རྣམ་པར་འཚོལ་བ་ན། །བཙལ་བས་མ་རྙེད་ཡུལ་ཅན་ཤེས་རབ་སོགས། །གནས་སྐབས་ཤིན་ཏུ་ལྟ་བར་འདོད་ན་ཡང་། །བློས་བྱས་གཟུང་འཛིན་སྤྲོས་པ་ཀུན་བྲལ་བའི། །གཉུག་མའི་ཡེ་ཤེས་རང་ངོ་འཕྲོད་པ་ཡིས། །ཤེས་པ་གསལ་དྭངས་རྟོག་མེད་ཡེ་ཤེས་ནི། །སྒྲུབ་བརྒྱུད་ཀུན་གྱི་བསྟན་པའི་གཙོ་བོ་ཡིན། །ཞེས་སོ། །འཁོར་ལོ་ཐ་མའི་དགོངས་པ་འཛིན་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་པས་ནི།


JKT005_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ཕྱི་གཟུང་བའི་ཡུལ་ལ་རྣམ་པར་མི་རྟོག་ཅིང་། ནང་འཛིན་སེམས་གཞི་མེད་རྩ་བྲལ་ལ་སྒོམ་པས་ཉམས་སུ་མྱོང་བྱར་བཞག་ནས། གནས་ལུགས་ཇི་ལྟ་བ་བཞིན་དུ་མཐོང་བ་སོ་སོ་ཡང་དག་པར་རིག་པའི་ལྷག་མཐོང་དུ་འདོད་པ་གཉིས་སུ་ཡོད་དེ། དེ་ཡང་སྔ་མ་ཡོད་པ་མཚན་འཛིན་གྱི་སྒྲོ་འདོགས་སེལ་བའི་ཕྱིར་དང་། ཕྱི་མ་སྒོམ་པ་ཉམས་མྱོང་གིས་གཏན་ལ་འབེབས་སྐབས་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ཀྱི་ལྟ་བའི་ཉམས་ལེན་དང་མཐུན་པས་ཁྱད་པར་དུ་འཕགས་པར་བཞེད་པ་ཡོད་དོ། །འདི་གཉིས་ཐོས་བསམ་དང་སྒོམ་པའི་སྐབས་སུ་སོ་སོར་དབྱེ་བ་ལ་དགོངས་གཞི་དང་དགོས་པ་ཁྱད་པར་ཅན་ཡོད་ཕྱིར་ཕན་ཚུན་འགལ་བར་མི་འདུ་ལ། དེ་ཡང་ཇི་ལྟར་རྒྱུད་ལ་བསྟར་བའི་ཚུལ་ནི། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ། དད་པ་དང་མོས་གུས་ཀྱིས་དྲངས་པས་འགྲོ་ཁམས་བདེ་གཤེགས་སྙིང་པོའི་རང་བཞིན་གྱིས་ཁྱབ་པའི་ཕྱིར་ཐམས་ཅད་ཀྱང་མཐར་བླ་ན་མེད་པ་བྱང་ཆུབ་ཀྱི་འབྲས་བུར་སེམས་བསྐྱེད་ནས། དེ་ཉིད་ཀྱི་སྒྲིབ་བྱེད་ཉོན་མོངས་པའི་གཉེན་པོར་རྟོག་མེད་ཀྱི་ཏིང་འཛིན་ཁོ་ན་བསྒོམ་པ་ལ་རག་ལས་པས། བསལ་བཞག་བྲལ་བའི་མི་རྟོག་པ་ལ་མཉམ་པར་བཞག་པ་ནི། སེམས་དང་སེམས་བྱུང་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་གཟུང་འཛིན་གཉིས་བྲལ་གྱི་ཡེ་ཤེས་མངོན་སུམ་དུ་མཐོང་བས་ཞི་ལྷག་ཟུང་


JKT005_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གི་ངོ་བོ་ཡིན་ཏེ། རྩ་བ་ཤེས་རབ་ལས། གང་དུ་ཤེས་མིན་ཞི་བ་དང་། སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། རྣམ་རྟོག་མེད་དོན་ཐ་དད་མིན། །འདི་ནི་དེ་ཡི་མཚན་ཉིད་དོ། །ཞེས་དང་། མགོན་པོ་ཞི་བ་ལྷས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་དགྲ་རྣམས་འཇོམས་པར་ཤེས་བྱས་ཏེ། །ཞེས་སོ། །དེས་ན་འདི་ཞེས་མཚོན་དུ་མེད་ཅིང་བློ་ཡིས་གཞལ་བྱ་ལས་འདས་པ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བ་ནི་ཆོས་རབ་རྣམ་པར་འབྱེད་པའི་ཤེས་རབ་ཡང་དག་པ་སྟེ། གང་དག་རྟོག་ཅིང་དཔྱོད་པའི་ལུ་གུ་རྒྱུད་ལ་ལྷག་མཐོང་དུ་འདོད་པ་དག་གིས་འདི་ཉིད་ཀྱི་དོན་རིག་པ་མ་ཡིན་ནོ། །ཟློམདོར་ན་རྟག་ཏུ་རྟོག་པ་མེད་པའི་ཏིང་ངེ་འཛིན་བསྒོམ་ཞིང་། དེ་ལས་ལྡང་བའི་རྗེས་ཐོབ་ཏུ་དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྒྱུ་མ་ལྟ་བུའི་དགེ་བའི་རྩ་བ་བསྔོ་བ་དང་། ཀུན་རྫོབ་ཀྱི་བདེན་པས་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་ལྟ་བའི་ངང་ནས་བསོད་ནམས་ཀྱི་ཚོགས་འགགས་མེད་དུ་སྤྲོས་པ་ཡིན་ནོ། །གསུམ་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པ་ཡིན་ཏེ། དེ་ཡང་མདོ་སྡེ་རྒྱན་ལས། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། །ཡོན་ཏན་ཀུན་སྡུད་བརྩོན་འགྲུས་དང་། །དེ་བཞིན་བསམ་


JKT005_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟན་པ་རྣམས་ཀྱིས་ཡང་དག་སྦྱོར། །ཞེས་སྒྲུབ་ཚུལ་གྱི་མཚན་ཉིད་དེ་ལྡན་དང་ལྡན་པ་གང་ཞིག ། མི་མཐུན་པའི་ཕྱོགས་བྲལ་བ། །འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། །བྱེད་ལས་གཞན་གྱི་འདོད་པ་རྫོགས་བྱེད། །དེ་ལྟར་བྱས་ནས་ཆོས་བསྟན་པས་གདུལ་བྱའི་རྒྱུད་བྱང་ཆུབ་ཏུ་བཀྲི་བ་སྟེ་ཁྱད་པར་གྱི་ཆོས་ཡོན་ཏན་བཞི་དང་ལྡན་ཅིང་། ཆགས་པ་བདུན་སྤོང་བའོ། །དེ་ལ་ཡང་ནང་གསེས་སུ་དབྱེ་ན་སྦྱིན་པའི་སྦྱིན་པ་སོགས་སུམ་ཅུ་རྩ་དྲུག་དང་། རང་བཞིན་གྱི་སྒོ་ནས་ཆོས་ནོར་མི་འཇིགས་པའི་སྦྱིན་པ་སོགས་གསུམ་རེར་བསྟན་ལ། འདིར་སྤྱོད་ཡུལ་སྨོན་པ་ཚད་མེད་བཞི་དང་། འཇུག་པ་ཕ་རོལ་ཏུ་ཕྱིན་པ་བྱང་ཆུབ་སེམས་དཔའི་བསླབ་བྱ་ཐམས་ཅད་བསྡུ་ལ། གཞན་དུ་ཚུལ་ཁྲིམས་གསུམ་བྱེ་བྲག་ཏུ་བཤད་པ པའི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཕར་ཕྱིན་དྲུག་ཏུ་བསྟན་པ་སོགས་འདོད་ཅིང་། དེ་ཡང་སྦྱིན་དང་ཚུལ་ཁྲིམས་གཉིས་ནི་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ལ། གཞན་གསུམ་པོ་ནི་གཉིས་ཀར་འདོད་ཅིང་གཞན་ཡང་དབྱེའོ། །བཞི་པ་ནི། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་བསྒོམ་པ་གང་ཞིག་གིས་ལམ་བཞི་པོ་བགྲོད་ནས། ཕ་རོལ་ཕྱིན་པ་བཅུས་ས་བཅུ་རྫོགས་ཏེ་


JKT005_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

མི་སློབ་པའི་གོ་འཕང་བརྙེས་པར་འདོད་དོ། །དེ་ཡང་དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་པར་སྤོང་བ་བཞི། རྫུ་འཁྲུལ་གྱི་རྐང་པ་བཞི་རྣམས་ཀྱིས་ཚོགས་ལམ་ཆེན་པོར་གནས་སྐབས་ཀྱི་ཡོན་ཏན་ལྔ་དང་།། ཆོས་རྒྱུན་གྱི་ཏིང་འཛིན་ཐོབ། དེ་ནས་དད་པ་ལ་སོགས་པའི་དབང་པོ་ལྔ་མཐོང་བས་སྦྱོར་ལམ་དྲོད་དང་རྩེ་མོ། དེ་གཉིས་གོམས་པས་མི་མཐུན་པའི་ཕྱོགས་ཀྱིས་མི་བརྫི་བའི་སྟོབས་ལྔ་པོས་བཟོད་པ་དང་ཆོས་མཆོག་འཐོབ་ལ། དེ་བཞིན་དུ་དྲན་པ་དང་། ཆོས་རབ་རྣམ་པར་འབྱེད་པས་མཚོན་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས་མཐོང་ལམ་དུ་ས་དང་པོ་འཐོབ་ཅིང་། སླར་ཡང་དག་པའི་ལྟ་བ་ལ་སོགས་པའི་འཕགས་ལམ་ཡན་ལག་བརྒྱད་བསྒོམས་པས་ས་གཉིས་པ་ནས་བཅུ་པའི་བར་དུ་བགྲོད་ལ། དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྟེང་ཐབས་སྟོབས་སྨོན་ལམ་ཡེ་ཤེས་བཞི་པོ་བསྣན་པ་ཉིད་ས་དང་པོ་ནས་བཟུང་རིམ་པར་གཙོ་བོར་སྤྱོད་པ་ཡིན་ལ། །དེ་ལྟར་སློབ་པའི་ལམ་བཞི་པོ་སེམས་བསྐྱེད་ཀྱི་ཁྱད་པར་གྱིས་དབང་པོ་རྣོན་པོས་བསྐལ་པ་གྲངས་མེད་གསུམ་དང་། འབྲིང་གིས་བདུན། རྟུལ་པོས་ཀྱང་སུམ་ཅུ་རྩ་གསུམ་ན་མཐར་ཕྱིན་པར་རྫོགས་ཏེ། སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་བཅོམ་པའི་མི་སློབ་པའི་ལམ་ལ་སློབ་མི་དགོས་པར་ཕྱིན་ནས། སྐུ་གསུམ་དང་། ཡེ་ཤེས་ལྔ། དེ་དག་གི་ཡོན་ཏན་


JKT005_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད། ཟག་མེད་ཕུང་པོ་ལྔ་ལ་སོགས་པའི་ཚོགས་ཐམས་ཅད་ལྷུན་གྱིས་གྲུབ་པའི་བྱང་ཆུབ་ཀྱི་སྙིང་པོ་བླ་ན་མེད་པ་བརྙེས་པར་འདོད་དོ། །དེ་ལྟར་རྒྱུ་མཚན་ཉིད་ཐེག་པ་གསུམ་གྱི་རྣམ་གཞག་མཚོན་ཙམ་གཏན་ལ་ཕབ་ནས། ད་ནི་འབྲས་བུ་རྡོ་རྗེ་ཐེག་པའི་ངེས་པ་འབྱེད་པ་ལ་གསུམ་སྟེ། རྒྱུ་ལས་ཁྱད་པར་དུ་འཕགས་ཚུལ། རྒྱུད་གསུམ་གྱི་དབྱེ་བ་སྤྱིར་བསྟན་པ། རྒྱུད་སྡེ་དྲུག་གི་རིམ་པ་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ལ་ཡང་སྤྱིར་འཕགས་ཡུལ་གྱི་སློབ་དཔོན་རྣམས་ཀྱིས་ཁྱད་པར་དུ་འཕགས་པའི་ཆོས་བདུན་དང་བཅུ་གཅིག་ལ་སོགས་པར་སོ་སོར་བཞེད་མོད། །འོན་ཀྱང་དེ་དག་ཐམས་ཅད་ཀྱང་མདོར་བསྡུ་ན། །ཚུལ་གསུམ་སྒྲོན་མེ་ལས། །དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར། དེ་ཡང་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་དོན་གཅིག་ནའང་། ལམ་མཚན་བཅས་མཚན་མེད་ཀྱི་ཏིང་འཛིན་བསམ་གྱིས་མི་ཁྱབ་པ། གཞན་དོན་སྒྲུབ་པའི་ཁྱད་པར་ཅན་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ། ཟག་མེད་ཀྱི་ཚུལ་ཁྲིམས་ཀྱིས་རྒྱུད་སྡོམ་པར་བྱེད་པ་སོགས་ཐབས་ཁྱད་པར་ཅན་དུ་མས་འཕགས་པ་དང་། དེ་བཞིན་དུ་། །


JKT005_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཕར་ཕྱིན་གྱིས་མགོ་དང་རྐང་ལག་སོགས་ཀྱང་གྲངས་མཐས་མི་གཏུགས་པ་སྦྱིན་དགོས་པ་ཉིད། འདིར་དམིགས་པའི་ཁྱད་པར་ཙམ་གྱིས་འགྲུབ་ཕྱིར་དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་གང་ཟག་དག་|གིས་ཉོན་མོངས་པ་གང་ཤས་ཆེ་བ་དེ་ཉིད་ཀྱི་གཉེན་པོར་ལྷ་བསྒོམ་སྔགས་བཟླས་པ་དང་། ཁྱད་པར་དུ་མི་སྤང་མི་བསྒྱུར་བར་ཐབས་ཁྱད་པར་ཅན་གྱིས་ཟིན་པས་གྲོགས་སུ་འགྱུར་བ་སོགས་དང་། གཞན་ཡང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ནས་བསྒོམས་པས་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་མངོན་སུམ་མཐོང་བས་ཚེ་གཅིག་ལ་སོགས་པར་གྲོལ་བ་ཐོབ་པའི་ཕྱིར་ཟབ་པ། གཞི་ལམ་འབྲས་གསུམ་གྱི་གསང་བ་བླ་ན་མེད་པ་གཏན་ལ་ཕབ་ནས། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཆེན་པོ་དབྱིངས་ཀྱི་རང་བཞིན་མི་འགྱུར་བ་དང་། ལམ་བསྐྱེད་པ་དང་རྫོགས་པ། ཐུན་མོང་དང་མཆོག་གི་འབྲས་བུའི་ཚུལ་རྨད་དུ་བྱུང་བའི་གཏན་ཚིགས་བཅས་སྟོན་པས་རྒྱ་ཆེ་བས་ཁྱད་པར་དུ་འཕགས་པ་དང་། མཐར་ཐུག་ཀྱང་སྔགས་ཀྱི་མྱུར་ལམ་ལ་མ་བརྟེན་པར་ཕ་རོལ་ཏུ་ཕྱིན་པ་གཅིག་པུས་འཚང་མི་རྒྱ་བར་འདོད་པ་སོགས་དང་། མཚན་ཉིད་པས་སྐུ་སྒྱུ་མ་ཙམ་དང་། ངག་བྲག་ཆ་ཙམ་དང་། ཡིད་རང་བཞིན་མེད་པར་རྒྱས་འདེབས་པ་གང་ཞིག །འདིར་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་། སྒྲ་གྲག་སྔགས་ཀྱི་རང་གདངས། དྲན་རྟོག་བདེ་སྟོང་


JKT005_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཟུག་འཇུག་ཏུ་ཤར་བས་སྤང་བླང་མེད་པར་ལྷུན་གྱིས་གྲུབ་པས་ཁྱད་པར་དུ་འཕགས་པ་ཡིན་ལ། གཞན་དུ་བོད་ཡུལ་གྱི་མཁས་པ་འགའ་ཞིག་གིས་མདོ་སྔགས་གཉིས་ཐབས་ཀྱི་ཁྱད་པར་ཙམ་མ་གཏོགས་ཏིང་འཛིན་སྒོ་ནས་དབྱེ་བ་མེད་ཅེས་དང་། ཐབས་དེ་ཡང་གཟུགས་སྐུའི་རྣམ་པ་ལམ་དུ་བྱེད་པ་དང་། ཆོ་ག་ཡོད་མེད་ཀྱི་ཁྱད་པར་ཙམ་དུ་བཞེད་མོད། འདིར་སེམས་ཉིད་དོན་གྱི་བདེན་པ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པས་སྐུ་དང་ཡེ་ཤེས་ཐམས་ཅད་ཟུང་འཇུག་ཆེན་པོའི་རོལ་པར་གཏན་ལ་དབབ་པས་མཚན་ཉིད་དུ་ཀུན་རྫོབ་སྒྱུ་མ་ཙམ་དུ་རྒྱས་འདེབས་པ་ཉིད། འདིར་ལྷའི་མཚན་ཉིད་ལྟ་བ་དང་། བདེན་པ་གཉིས་ཀྱང་དབྱེར་མེད་པའི་ལྷག་པའི་ཆོས་སྐུ་ཆེན་པོར་ལྟ་བས་ཁྱད་པར་དུ་ཕྱེ་བ་ནི་གསང་སྔགས་སྔ་འགྱུར་གྱི་རང་སྐད་དོ། །སློབ་དཔོན་སངས་རྒྱས་གསང་བས། བླ་མེད་ཐེག་པའི་ནང་ན་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱུང་བས་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སྒྱུ་འཕྲུལ་གྱི་ལུང་དྲངས་ནས་གསུངས་པར་མ་ཟད། སློབ་དཔོན་ཌོམྦི་པ་དང་། ཨིནྡྲ་བྷུ་ཏི་སོགས་ཀྱིས་ཀྱང་དངོས་སུ་ཞལ་གྱིས་བཞེས་ལ། གཞན་དུ་འཁོར་འདས་དབྱེར་། །


JKT005_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་ལྟ་བའང་འདི་ཉིད་ཀྱི་དགོངས་པ་ལས་ལོགས་སུ་མ་མཆིས་ལ། །ཁྱད་པར་ཐོས་བསམ་ཙམ་གྱིས་དཔྱད་པའི་ལྟ་བ་དང་། སྔགས་སུ་དབང་གསུམ་པའི་ཡེ་ཤེས་ཀྱིས་བཙན་ཐབས་སུ་ངོ་སྤྲོད་པ་སོགས་ངོ་བོ་སྤྲོས་བྲལ་ལས་མ་འདས་ཀྱང་དགོངས་པའི་ལེན་ལུགས་ལ་ཁ་ཕྱིར་ལྟ་དང་ནང་ལྟའི་ཁྱད་པར་གནམ་ས་ལྟ་བུ་མཆིས་པའི་ཚུལ་ནི་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས། དབང་གི་ཡེ་ཤེས་ལམ་གྱི་ལྟ་བ་ནི། །ཉམས་མྱོང་སངས་རྒྱས་ས་དང་ངོ་བོ་གཅིག །རྟོགས་པའི་སེམས་ཉིད་ཟླ་བའི་དཔེ་ཡིས་བསྟན། །ཞེས་དང་། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས། ཐོས་བསམ་དུས་ཀྱི་ལྟ་བ་ནི། །དངོས་པོའི་གནས་ལུགས་མ་ཡིན་ཏེ། །དེ་ལ་གོམས་པས་དམིགས་པ་ཡི། །དུག་ཅན་ཡིན་པར་བཤད་ཕྱིར་རོ། །ཞེས་གསུངས་པ་བཞིན་ནོ། །དེས་ན་བདེ་མཆོག་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས་ཀྱང་། ཁྱད་པར་རྣམ་པ་བཅོ་ལྔ་གསུངས་པའི་ནང་ནས། །ལྟ་བ་སྤྱོད་པ་སེམས་བཟུང་དང་། ཞེས་བསྟན་ལ། གོང་དུ་ཚུལ་གསུམ་སྒྲོན་མེའི་ལུང་ལ་དཔྱད་པས་ཀྱང་ཕར་ཕྱིན་ལ་རྨོངས་པའི་སྒྲིབ་པ་ཕྱོགས་གཅིག་ཡོད་པར་གསུངས་པས་ཀྱང་གོ་ནུས་ཤིང་། འོན་ཀྱང་ཀུན་རྫོབ་ལམ་དུ་བྱེད་པ་དེ་ཉིད་སྒོམ་པ་ལས་ལྟ་བ་མ་ཡིན་ནོ་སྙམ་ན། སྒོམ་པ་ཡིན་ན་ལྟ་བ་ཡིན་པས་ཁྱབ་སྟེ། གང་རྟོགས་པ་དེ་ཉིད་ལྟར་ཉམས་སུ་ལེན་


JKT005_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་ཕྱིར་རོ། །གལ་ཏེ་མི་འདོད་ནས་སྤྲོས་བྲལ་གྱི་ལྟ་བ་ལས་ལོགས་སུ་སྒོམ་པ་ཞིག་ཚོལ་ན་དམིགས་པ་ཅན་གྱི་ལམ་ལས་མ་འདས་པའི་ཕྱིར་རོ། །དེས་ན་ལྟ་བ་དང་སྒོམ་པ་ནི་འགལ་དུ་མི་རུང་སྟེ་རྒྱུད་གསུམ་གྱི་རྣམ་བཞག་ཀྱང་འཇིག་པར་འགྱུར་ཏེ། ཅིའི་ཕྱིར་ན་རྟོགས་བྱའི་ལྟ་བ་གཞི་རྒྱུད་ཀྱི་གནས་ལུགས་ཀྱང་ཉམས་སུ་མྱོང་བར་མི་རུང་སྟེ་ཉམས་མྱོང་དེ་ཉིད་སྒོམ་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་ཡང་། ངོ་བོ། ངེས་ཚིག །དབྱེ་བ་སྟེ་གསུམ་མོ། །དང་པོ་ནི། སྤང་བླང་མེད་པར་ལྷུན་གྲུབ་ཀྱི་ལྟ་བས་ཉམས་སུ་བླངས་པ་གང་ཞིག་གོ། །གཉིས་པ་ནི། མན་ཡིད་དང་ཏྲ་ཡ་སྐྱོབ་པ་ལ་འཇུག་པས་ཡི་གེ་ཕྱིས་བསྣན་དབང་གིས་མནྟ་སྟེ། འདུས་པར། དབང་པོ་རྣམ་དང་ཡུལ་རྣམས་ཀྱིས། །རྐྱེན་ནི་གང་དང་གང་འབྱུང་ཡིད། །ཡིད་དེ་མན་ཅེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། ཞེས་དང་། ཐིག་ལེ་ཀུན་གསལ་ཆེན་པོར། །སྔགས་གསུམ་དག་གི་ངེས་ཚིག་ནི། །ཤེས་སྐྱོབ་ཕྱིར་ན་དེར་བརྗོད་པའོ། །ཞེས་ཡིད་ཤེས་བདེ་མྱུར་གྱིས་སྐྱོབ་པའི་ཕྱིར་རོ། །གཞན་ཡང་བི་ཀོ་ཊ་ཞེས་སྡེ་སྣོད་དེ། གོང་བུ་དང་བྲེ་བོ་ཆེ་སོགས་ལ་འཇུག་པའི་ཕྱིར། རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་འདི་ཉིད་དུ་ཐེག་པ་འོག་མའི་བརྗོད་བྱ་ཐམས་ཅད་ཀྱང་འདུས་པས་ཏེ། །རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་


JKT005_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐེག་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་རྒྱུད་ཀྱི་ངེས་ཚིག་ནི་འོག་ཏུ་འབྱུང་པས་ཤེས་སོ། །ལུས་འདུས། ཞེས་སོ། །གསུམ་པ་ལ་ཡང་གསུམ་སྟེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། །རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང་། །མི་འཕྲོག་པ་ཡིས་རབ་དབྱེ་བས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བར་བཤད། །དེ་བཞིན་མི་འཕྲོག་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་དོན་བསྡུས་པའོ། །ཞེས་གསུངས་པ་ལྟར། གཞི་ལམ་འབྲས་བུ་གསུམ་འབྲེལ་པར་རྒྱུན་ཆགས་སུ་གནས་པའི་ངེས་ཚིག་དང་ལྡན་པ་གང་ཞིག་སྟེ། དེ་ཡང་དང་པོ་གཞི་རྒྱུད་ནི། །བདེ་གཤེགས་སྙིང་པོ་ཟབ་གསལ་གཉིས་མེད། །སྣང་ཆས་གཟུགས་སྐུ་དང་། སྟོང་ཆས་ཆོས་སྐུའི་ཡོན་ཏན་འཆར་དུ་རུང་ཞིང་། རྒྱུད་སྡེ་དྲུག་གི་རང་རང་གི་འདོད་པའི་དོན་དམ་གྱི་ཐ་སྙད་འཇུག་པའི་གཞི་སྟེ། དེ་ཉིད་བླ་ན་མེད་པའི་རྒྱུད་སྡེ་རྣམས་སུ་སྙིང་དབུས་མི་ཤིགས་པའི་ཐིག་ལེ་འབྱུང་སེམས་ཀྱི་དྭངས་མ་དྲུག་གཉིས་གཉིས་རོ་གཅིག་ཏུ་འདྲེས་པས་སྒོ་གསུམ་མི་ཕྱེད་རྡོ་རྗེའི་རང་བཞིན་དུ་མི་གཡོ་བར་འདོད་དེ། །རྡོར་ཕྲེང་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །


JKT005_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། ཞེས་དང་། ཧེ་བཛྲ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ལུས་གནས་ལུས་ལས་སྐྱེས་པའོ། །ཞེས་དང་། །དུས་ཀྱི་འཁོར་ལོར། བུམ་པས་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བ། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་དེ་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་འབྲས་རྒྱུད་ཀྱི་ཉེར་ལེན་དུ་གནས་པའོ། །གཉིས་པ་ལམ་གྱི་རྒྱུད་ནི། དེ་ལ་བློ་བུར་གྱི་དྲི་མས་ནོངས་པ་བསལ་བར་བྱེད་པའི་ཐབས་ཁྱད་པར་ཅན་ཏེ། ངོ་བོའི་སྒོ་ནས་དབྱེ་ན། རྒྱུད་སྨིན་པར་བྱེད་པ་དབང་། གཞི་བསྐྱེད་པ་དང་རྫོགས་པ། གྲོགས་དམ་ཚིག་དང་སྡོམ་པ། ཕྲིན་ལས་མཆོག་དང་ཐུན་མོང་ངོ་། །དང་པོ་ནི་ཐུན་མོང་རིག་པའི་དབང་ལྔ་དང་། ཐུན་མོང་མ་ཡིན་པ་མཆོག་དབང་རྣམ་པ་གསུམ་ལ་སོགས་པ་སྦྱོར་དངོས་རྗེས་གསུམ་གྱི་ཡན་ལག་ཡོངས་སུ་རྫོགས་པའོ། །གཉིས་པ་ནི། བྱ་རྒྱུད་དེ་ཁོ་ན་ཉིད་བཞི་ལ་སོགས་པས་མཚོན། བླ་མེད་ཀྱི་རྒྱུད་ཀུན་བརྟགས་བསྐྱེད་རིམ་གྱི་རྣལ་འབྱོར་དངོས་ནི་ཡན་ལག་བདུན་ལྡན་དང་། དེ་འཐོབ་པར་བྱེད་པ་གཞན་དབང་ནི་བཏགས་པ་བའོ། །ངོ་བོ་ནི་འཆི་བར་སྐྱེ་གསུམ་སྦྱོང་པའི་ལམ་མོ། །དབྱེ་བ་ནི་ལས་དང་དཀྱིལ་འཁོར་རྒྱལ་མཆོག་སོགས་སུ་འདོད་


JKT005_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཡོངས་གྲུབ་རྫོགས་རིམ་རྣལ་འབྱོར་དངོས་ནི། སྒྱུ་མའི་སྐུ་དང་། ཟུང་འཇུག་གི་སྐུ་དང་། རྣམ་པར་བྱང་བའི་སྣང་གསུམ་སོགས་སོ། །བཏགས་པ་ནི་དེ་སྒྲུབ་བྱེད་རྩ་རླུང་ཕྲ་ཐིག་ཞུགས་གནས་ཐིམ་པར་བྱེད་པའི་ལམ་རྣམས་སོ། །ངོ་བོ་ནི་རླུང་ཡིད་སེམས་གསུམ་དབུ་མར་ཐིམ་པའི་བདེ་སྟོང་ངོ་། །གཞན་ཡང་མཚན་བཅས་ཀྱི་རྫོགས་རིམ་དངོས་ནི་སྣང་གསུམ་འོད་གསལ་དུ་གྱུར་པའོ། །བཏགས་པ་ནི་སྒྲ་དོན་མཚུངས་ལྡན་རྣམས་སོ། །མཚན་མེད་ཀྱི་རྫོགས་རིམ་དངོས་ནི་འཕགས་རྒྱུད་ཀྱི་ཡེ་ཤེས་ཡིན་ལ། བཏགས་པ་ནི་སློབ་པའི་གནས་སྐབས་གཞན་དུའང་ཡོད་དོ། །ཁྱབ་བྱེད་ནི། སྦྱོར་དྲུག །དགའ་བཞི། སྣང་ཟློ བཞི་སོགས་ཏེ་གང་རྫོགས་པའི་རིམ་པ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །ཁྱབ་བྱའི་རྫོགས་རིམ་ནི། དབེན་གསུམ། རིམ་ལྔ། ཕྱག་རྒྱ་བཞི། རྩ་ཐིག་རླུང་གསུམ་སོགས་ཏེ་དཔག་ཏུ་མེད་དོ། །གསུམ་པ་དམ་ཚིག་ནི། །ལས་དང་པོ་པ་དང་། ཅུང་ཟད་དང་། ཤིན་ཏུ་བརྟན་པ་ཐོབ་པའི་སྤྱོད་ཡུལ་སོ་སོར་དབྱེ་བ་དང་། གཞན་ཡང་རྒྱུད་སྡེ་ཐ་དད་པའི་རྩ་བ་དང་ཡན་ལག་གི་ལྟུང་བ་རྣམས་སོ། །སྡོམ་པ་ནི་སྔགས་ཀྱི་དབང་བསྐུར་བས་དེ་འཐོབ་པར་བྱེད་པའོ། །ཐོབ་པའི་དུས་ནི་སོ་སོའི་དངོས་གཞི་རྫོགས་པ་དང་། ངོ་བོ་ནི་བྱིན་གྱིས་བརླབས་པའི་སེམས་རྒྱུན་གྱི་ཁྱད་པར་ཉེས་པ་རྣམས་ལྡོག་པར་བྱེད་པའི་ཡོན་ཏན་གྱི་


JKT005_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་བརྟས་པའོ། །དབྱེ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཏེ་སྔགས་ཕྱི་ནང་གི་ཁྱད་པར་རོ། །ངེས་ཚིག་ནི་མཚན་རྟོག་དང་སྣང་ཞེན་བདེ་སྟོང་དུ་སྡོམ་པའོ། །གཏོང་དུས་ནི་སྤྱིར་རྩ་ལྟུང་དང་། ཁྱད་པར་ལམ་གང་ཡིན་པ་སྤངས་པའི་ཚེ་ནའོ། །བཞི་པ་ཕྲིན་ལས་ནི་མཆོག་སྟེ་མཚན་རྟོག་ཞི་བ་ལ་སོགས་པའི་ཁྱད་པར་ཅན་ནོ། །ཐུན་མོངས་ནི་གྲུབ་པ་བརྒྱད་ཆེ་ཆུང་ངོ་། །དེ་འགྲུབ་པར་བྱེད་པ་ནི། སྦྱིན་སྲེག་དང་གཏོར་མ་ལ་སོགས་པའི་ལས་ཀྱི་སྦྱོར་བའོ། །དེ་དག་གི་སྐབས་སུ་སྤྱོད་པ་ཡང་། ཨ་ཝ་དྷཱུ་ཏཱི་དང་། ཀུན་བཟང་དང་། ཕྱོགས་ལས་རྣམ་རྒྱལ་ལམ་སྤྲོས་བཅས་སྤྲོས་མེད། ཤིན་ཏུ་སྤྲོས་མེད་སོགས་ཏེ་རྣལ་འབྱོར་གྱི་བློ་ན་རིམ་པར་འཕར་བའི་སྟོབས་དང་སྦྱོར་བའོ། །གསུམ་པ་འབྲས་བུའི་རྒྱུད་ནི། ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། ཞེས་དངོས་ནི་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་དང་། བཏགས་པ་ནི་སློབ་པའི་ཟུང་འཇུག་གོ། །དེའི་ཡོན་ཏན་ཀྱང་ཕར་ཕྱིན་གྱི་ཕྱོགས་སུ་བཤད་པ་གང་ཡིན་པ་དང་། སྔགས་ཀྱི་ཁྱད་པར་སྐུ་གསུང་ཐུགས་རྫུ་འཕྲུལ་ཀུན་ཏུ་འགྲོ་བ་ལ་སོགས་པའི་དབང་ཕྱུག་བརྒྱད་དང་། དེ་བཞིན་དུ་རོ་མྱོང་བ་བརྒྱད་དང་། ཡོན་ཏན་བརྒྱད་དང་། ཁ་སྦྱོར་བདུན་ལ་སོགས་པའི་ཟབ་ཅིང་རྒྱ་ཆེ་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་བའོ། །གསུམ་པ་རྗོད་


JKT005_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྒྱུད་སྡེའི་རིམ་པ་བྱེ་བྲག་ཏུ་གཏན་ལ་ཕབ་པ་ལ་གཙོ་བོར་སྔ་འགྱུར་གྱི་བཞེད་པ་དང་། ཞར་ལ་ཕྱི་འགྱུར་གྱི་འདོད་ཚུལ་དགོད་པ་དང་གཉིས་ལས། དང་པོ་ལ་ཡང་དྲུག་སྟེ། དང་པོ་ཕྱི་པ་ཐབས་ཀྱི་རྒྱུད་གསུམ་ལས། ཀྲྀ་ཡ་ཏན་སྟེ་བྱ་བའི་རྒྱུད་ལ་ཡང་བཞི། དང་པོ་རྒྱུད་སྨིན་པར་བྱེད་པ་ནི། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་དང་ཅོད་པན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། ཞེས་གསུངས་པ་བཞིན། ཡོངས་སུ་གྲགས་པར་བུམ་ཆུ་དང་། རིགས་གང་ཡིན་ཀྱི་ཅོད་པན་གཉིས་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ཡིན་ལ། དེའི་ཡན་ལག་གམ་རྡོ་རྗེ་སློབ་མའི་དབང་ནི། བཟླས་ལུང་སྦྱིན་པ། བཀྲུ་བྱ་བསྲུང་གསུམ། བཀྲ་ཤིས་རྫས་བརྒྱད་སྦྱིན་པ་རྣམས་ཡིན་ལ། དེས་ན་སློབ་དཔོན་གྱི་དབང་གཙོ་བོར་བཞག་སྟེ་དེ་ཐོབ་པས་རིགས་གང་ཡིན་པའི་བྱ་བ་མཐའ་དག་ལ་དབང་བའི་ཕྱིར་རོ། །གཉིས་པ་ཉམས་སུ་ལེན་ཚུལ་ནི། དང་པོ་ནི་རྟོགས་བྱའི་ལྟ་བ། དོན་དམ་པར་མཐའ་བཞི་བྲལ་བའི་ཡེ་ཤེས་ལ་ངེས་པ་རྙེད་ཀྱང་། ཐབས་དངོས་གྲུབ་སྒྲུབ་པའི་ཕྱིར་ཀུན་རྫོབ་ཀྱང་མི་སྤོང་བར་རྣམ་པ་རེས་འཇོག་ཅན་དུ་འདོད་པའོ། །དེ་ཡང་བསྐྱེད་པ་ནི་བྱ་རྒྱུད་ཙམ་པོ་བ་ལ་བྲིས་སྐུ་མདུན་དུ་བཤམས་ནས་བདག་ཉིད་ལྷར་བསྐྱེད་པ་མེད་པས་ཡེ་ཤེས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་སྤྱན་དྲངས་པ་ཉིད་རྗེ་དང་། རང་ཉིད་བྲན་གྱི་ཚུལ་དུ་འདུ་


JKT005_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བཞག་སྟེ་དངོས་གྲུབ་ལེན་པའི་ཕྱིར་བསྙེན་པའོ། །ཁྱད་པར་ཅན་ལ་བདག་བསྐྱེད་ཡོད་དེ། དེ་ཁོ་ན་ཉིད་གསུམ་གྱིས་ཉམས་སུ་བླང་བ་ལ། བདག་གི་དེ་ཁོ་ན་ཉིད་ནི་དོན་དམ་བྱང་ཆུབ་སེམས་སྤྲོས་པ་དང་བྲལ་བ་བསྒོམ་པའོ། །ལྷའི་དེ་ཁོ་ན་ཉིད་ལ་དྲུག་ལས། བཤད་མ་ཐག་པ་ནི་སྟོང་པའི་ལྷ། ནམ་མཁར་ཟླ་དཀྱིལ་ལ་སྔགས་ཕྲེང་སྒོམ་པ་ཡི་གེའི་ལྷ། དེ་ལས་སྔགས་སྒྲ་སྒྲོག་པར་བསམ་པ་སྒྲའི་ལྷ། དེ་ལས་འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་སྤྱོད་ཅིང་། སླར་ཡང་ལྷ་གང་ཡིན་གྱི་གཟུགས་སུ་བསམ་པ་གཟུགས་ཀྱི་ལྷ། དེ་ལ་རིགས་ཀྱི་བདག་པོས་རྒྱས་འདེབས་པ་ཕྱག་རྒྱའི་ལྷ། གནས་སྐབས་ཀུན་ཏུ་ཏིང་འཛིན་ལ་འདུ་ཤེས་མ་ཡེངས་པ་མཚན་མའི་ལྷ་སྟེ་རྣལ་འབྱོར་དྲུག་གོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི། སྤྱི་ལ་སྔགས་སྒྲར་དམིགས་ནས་སྲོག་རྩོལ་བསྡོམས་ཏེ་བཟླ་བ་དང་། ཁྱད་པར་བ་ནི་ཡན་ལག་བཞི་དང་ལྡན་པ་སྟེ། །བདག་མདུན་ལྷར་བསམ་པ་གཞིའི་ཡན་ལག །ཟླ་དཀྱིལ་སྔགས་ཕྲེང་དང་བཅས་པ་སེམས་ཀྱི་ཡན་ལག །སྔགས་ལས་རང་སྒྲ་སྒྲོག་པར་བསྒོམ་པ་སྒྲའི་ཡན་ལག །སྲོག་རྩོལ་བསྡམས་ནས་མདུན་བསྐྱེད་ལ་དམིགས་ནས་ཚད་དུ་འཁྱོལ་བར་བཟླ་བ་ནི་བཟླས་པའི་ཡན་ལག་གོ། །རྫོགས་རིམ་ནི། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲར་གནས་རྣལ་འབྱོར་ཉེ་བར་དྲན། །སྒྲ་མཐས་ཐར་


JKT005_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེར་བར་བྱེད། ཅེས་དང་པོ་ནི་ཕྲིན་ལས་བཞི་འགྲུབ་པའི་སྦྱོར་བ་དང་། འོག་མ་གཉིས་ནི་ཞི་གནས་དང་། །ལྷག་མཐོང་སྐྱེ་བའི་ཐབས་ཏེ་གཟོད་ཐར་པའི་ཉེར་ལེན་དུ་འགྱུར་བ་སྟེ་དེ་ཁོ་ན་ཉིད་བཞིར་དབྱེ་སྐབས་སུ་འདི་ཉིད་བསམ་གཏན་གྱི་དེ་ཁོ་ན་ཉིད་དུ་འདོད་དོ། །གྲོགས་དམ་ཚིག་ནི་རྩ་ལྟུང་བཅུ་བཞི་སྟེ། གསང་བ་སྤྱི་རྒྱུད་ལས། དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། ཞེས་པ་ལ་སོགས་པ་བསྟན་པ་བཞིན། །དཀོན་མཆོག་དང་སྔགས་ལ་དད་པ། །ཐེག་ཆེན་ལ་མོས་ཤིང་བླ་མ་ལ་གུས་པ། ལྷ་རྣམས་ལ་མི་སྡང་ཞིང་དུས་མཚམས་སུ་མཆོད་པ། གཞན་གཞུང་མི་མཆོད་ཅིང་གློ་བུར་པའི་མགྲོན་མཆོད་པ། བྱམས་པ་མི་བཏང་ཞིང་བསོད་ནམས་ཀྱི་ཚོགས་ལ་འབད་པ། སྔགས་ལ་བརྩོན་ཅིང་དམ་ཚིག་གཞན་བསྲུང་བ། དམ་ཚིག་མེད་པ་ལ་སྔགས་རྒྱུད་མི་སྦྱིན་ཞིང་རྒྱུད་གསང་ནས་རང་གིས་རྟོགས་པར་བྱེད་པའོ། །སྤྱོད་པ་ནི། ཁྲུས་གསུམ་རུང་བ། གོས་གསུམ་བརྗེ་བ། དཀར་གསུམ་བཟའ་བ་སོགས་ཕྱིའི་བྱ་བ་གཙོ་བོར་གྱུར་པས་བྲམ་ཟེ་ལྟར་གནས་ཤིང་ཕན་ཚུན་ལྟ་བའི་བདེ་བ་ལམ་དུ་བྱེད་པའོ། །འབྲས་བུ་ནི། གནས་སྐབས་སུ་འདོད་པའི་ལྷ་དང་སྐལ་པ་མཉམ་པའི་རིག་འཛིན་འགྲུབ་ཅིང་། དེ་ནས་སྔགས་ཀྱི་སྤྱོད་པ་སྤྱད་པས་བསྐལ་ཆེན་བརྒྱད་


JKT005_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ལ་སྦྱོར་བ་སྟེ། གཞན་དུ་མི་ཚེ་བདུན་ནམ་བཅུ་དྲུག་ལ་སོགས་པ་ནི་རིག་འཛིན་གྲུབ་པས་རིང་པོར་འཚོ་བའི་དབང་དུ་བྱས་ནས་དེ་སྐད་དུ་བཞག་པའི་ཁྱད་པར་རོ། །འདིའི་ལམ་གྱི་ཁྱད་པར་ནི་སྤྱོད་པའི་སྒོ་བཞིར་ཡང་བསྡུ་སྟེ། འཇུག་པའི་ལས་ཀྱི་སྤྱོད་པ་དབང་། སྦྱོར་བའི་སྤྱོད་པ་ལྷ་བསྙེན་པ། སྒྲུབ་པའི་སྤྱོད་པ་རལ་གྲི་དང་མིག་སྨན་སོགས་རྫས་ཀྱི་སྦྱོར་བས་དངོས་ཀ གྲུབ་སྒྲུབ་པ། གྲུབ་པའི་སྤྱོད་པ་དངོས་གྲུབ་ཐོབ་ནས་རང་གཞན་གྱི་དོན་བྱེད་ནས་བྱང་ཆུབ་ཆེན་པོར་འགྱུར་བའི་བར་རོ། །དེ་སྐད་དུའང་ཆོས་ཀྱི་མེ་ལོང་ལས། །ལུས་ངག་ཡིད་གསུམ་རྣམ་དག་པས། །ཁྲུས་དང་གཙང་སྦྲ་བདེན་སྤྱོད་པ། །བཀུར་འོས་འདུན་པའི་ཚུལ་བཟུང་ནས། །རྣལ་འབྱོར་རྡོ་རྗེ་འཛིན་པའི་མ། །ཞེས་སོ། །དེ་ཡང་རྗོད་བྱེད་ཀྱི་རྒྱུད་སྡེ། གསང་བ་སྤྱི་རྒྱུད་དང་། །ལེགས་གྲུབ་དཔུང་བཟང་གིས་ཞུས་པ་སོགས་ཏེ། རིགས་ཀྱི་སྒོ་ནས་དབྱེ་ན། དེ་བཞིན་གཤེགས་པ། པདྨ། རྡོ་རྗེ། ནོར་བུ། རྒྱས་པ། འཇིག་རྟེན་པ་སྟེ་དྲུག་དང་ནང་གསེས་སུ་ཐ་དད་པ་གཞན་ཡང་ཡོད་དོ། །གཉིས་པ་ཨུ་པ་ཡ་ཏན་སྟེ་སྤྱོད་པའི་རྒྱུད་ལ། རྒྱུ་སྨིན་བྱེད་ནི། སྔ་མའི་འཕྲོར། རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། སྤྱོད་པའི་རྒྱུད་ལ་རབ་ཏུ་གྲགས། ཞེས་གསུངས་པ་ལྟར་དང་། གཞན་ཡང་། མེ་ལོང་། ཐུར་མ། ཆོས་འཆད་


JKT005_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྗེས་གནང་སོགས་ཀྱིས་སྨིན་པར་བྱ་བའོ། །ལམ་གྲོལ་བྱེད་ནི་ལྟ་རིམ་ལས། །གཉིས་ཀ་རྒྱུད་ཀྱི་འདོད་པ་ནི། །ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། ཞེས་པ་ལྟར་རྟོགས་བྱའི་ལྟ་བ་རྣལ་འབྱོར་གྱི་རྒྱུད་ལྟར་གཏན་ལ་ཕབ་ནས། བསྒོམ་བྱ་མཚན་བཅས་དང་མཚན་མེད་གཉིས་ལས། དང་པོ་ནི་ཡི་གེ་ཕྱག་རྒྱ་གཟུགས་ཀྱི་ལྷ་དང་གསུམ་དུ་བཤད་པ་ཡིན་ལ། དེ་ཡང་བདག་གནས་རྣལ་འབྱོར་སྲུང་བ་སྔོན་དུ་འགྲོ་བས་དོན་དམ་བྱང་ཆུབ་སེམས་ཀྱི་ངང་ལས་ཟླ་དཀྱིལ་དང་། དེ་སྟེང་སྔགས་ཕྲེང་དང་བཅས་པ་བསྒོམ་པ་ཡི་གེ་གཉིས་སུ་བཤད་ཅིང་། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ལྷར་བསྒོམས་ནས་བྱིན་གྱིས་བརླབ་པ་གཞི་དང་པོ། དེ་ནས་མདུན་བསྐྱེད་སྔགས་དཀྱིལ་དང་བཅས་པ་བསྒོམ་པ་གཞི་གཉིས་པའོ། །མཚན་མེད་ནི། དོན་དམ་སྟོང་པ་ཉིད་སྐྱེ་མེད་དུ་རྟོགས་པ། དེ་མི་རྟོག་པའི་ངོ་བོར་མངོན་དུ་གྱུར་པ། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་ཆེན་པོས་བཟུང་བ་སྟེ་འཇུག་གནས་ལྡང་གསུམ་གྱིས་ཁྱད་པར་དུ་བྱས་པ་ཉིད་བསྒོམས་པས་དངོས་གྲུབ་གཉིས་བསྒྲུབ་པ་དང་། དེ་བཞིན་དུ་མཚན་བཅས་ཀྱི་སྦྱོར་བ་ནི་སྔ་མ་དེ་ཉིད་ལ་དམིགས་ནས་བཟླས་བརྗོད་འབུམ་ཕྲག་བྱེད་པ་ཕྱི་དང་། རང་ཐུབ་པར་གསལ་བའི་ཐུགས་ཀར་རྣམ་སྣང་། དེའི་ཐུགས་ཀར་ཟླ་བ་སྔགས་ཕྲེང་བཅས་ལ་དམིགས་ནས། སྲོག་བསྡོམ་ཞིང་བཟླས་བརྗོད་རྩེ་


JKT005_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པས་ཞི་ལྷག་ཟུང་འབྲེལ་གྱི་ངོ་བོར་བསྒྲུབ་པ་ནི་ནང་གིའོ། །གྲོགས་དམ་ཚིག་ནི། མི་དགེ་བ་བཅུའི་སྟེང་། དམ་པའི་ཆོས་དང་། བྱང་ཆུབ་ཀྱི་སེམས་སྤོང་བ། སེར་སྣ་བྱེད་པ། སེམས་ཅན་ལ་འཚེ་བ་བཞི་སྟེ་བཅུ་བཞི་པོ་སྤང་བ་སྟེ། རྒྱུ་ཡི་བསླབ་བྱ་དང་མཚུངས་ཀྱང་སྨིན་གྲོལ་གྱི་ཐབས་ཀྱིས་ཟིན་པའི་སྡོམ་པ་ཡིན་པའི་ཕྱིར་ན་ཁྱད་པར་དུ་གྱུར་པའོ། །སྤྱོད་པ་ནི། ཀྲི་ཡ་ལྟར་གཙང་སྦྲ་ལ་གནས་པའི་སྒོ་ནས། ཡེ་ཤེས་ལྷ་དང་སྤུན་གྲོགས་ཀྱི་ཚུལ་དུ་དངོས་གྲུབ་ལེན་ཞིང་འཛུམ་ཞིང་དགོད་པའི་བདེ་བ་ལམ་དུ་བྱེད་པའོ། །གྲུབ་པའི་འབྲས་བུ་ནི་གནས་སྐབས་སུ་རྫས་དང་རླུང་གི་སྦྱོར་བས་རིག་འཛིན་གྱི་གོ་འཕང་བརྙེས་ནས། མཐར་ཐུག་རྟེན་དེ་ལ་བརྟེན་ནས་སྔགས་ཀྱི་སྤྱོད་པ་སྤྱོད་པས་མི་ཚེ་ལྔའམ། བསྐལ་པ་གསུམ་ན་ངེས་པར་རིགས་བཞི་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་པ་སྟེ། འདི་ལ་ལམ་གྱི་མངོན་པར་རྟོགས་པ་གསུམ་དུ་དབྱེ་ན། འཇུག་པའི་སྤྱོད་པ་ཕྱི་འཇུག་དབང་དང་། ནང་འཇུག་མཚན་བཅས་མཚན་མེད་གཉིས། སྦྱོར་བའི་སྤྱོད་པ་ཕྱི་ནང་གི་བཟླས་པ་དང་། གྲུབ་པའི་སྤྱོད་པ་ནི་གནས་སྐབས་དང་མཐར་ཐུག་གོ །རྗོད་བྱེད་ཀྱི་རྒྱུད་ནི་རྣམ་སྣང་མངོན་བྱང་དང་ལག་ན་རྡོ་རྗེ་དབང་བསྐུར་བ་སོགས་དང་། རིགས་ཀྱི་སྒོ་ནས་དེ་བཞིན་གཤེགས་པ་དང་པདྨ་དང་རྡོ་རྗེའི་རིགས་གསུམ་དུ་དབྱེའོ། །དེ་སྐད་དུ་ཆོས་ཀྱི་མེ་ལོང་


JKT005_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །བྱ་བ་དག་གི་ལས་སྤྱོད་ཅིང་། །རྣལ་འབྱོར་ཏིང་འཛིན་དང་ལྡན་པས། །མི་གཡོ་སེམས་དཔའ་མངོན་སུམ་དུ། །རིགས་ཀྱི་རྡོ་རྗེ་འཆང་གནས་པའོ། །ཞེས་སོ། །གསུམ་པ་ཡོ་ག་ཏན་སྟེ་རྣལ་འབྱོར་གྱི་རྒྱུད་དུ། གཞི་སྨིན་བྱེད་ནི། སྔ་མའི་འཕྲོར། ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་པའི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །ཞེས་པ་སྟེ། དེ་ཡང་ཆུ་དང་ཅོད་པན་རྡོར་དྲིལ་མིང་དབང་སྟེ་སློབ་མའི་དབང་ལྔའི་སྟེང་། ཕྱིར་མི་ལྡོག་པའི་དམ་ཚིག་གསུམ་བཟུང་བ་དང་། ཐུན་མོང་མ་ཡིན་པ་ཆོས་འཆད། རྗེས་གནང་། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་དེ་བཅུ་གཅིག་གོ །ལམ་གྲོལ་བྱེད་ནི། རྟོགས་བྱའི་ལྟ་བ་མཚན་རྟོག་གི་སྤྲོས་པ་ལས་གྲོལ་བའི་དོན་དམ་འོད་གསལ་སྟོང་པ་ཉིད་ཀྱི་རང་མདངས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་བལྟ་བ་སྟེ། དེ་ཡང་བསྒོམ་བྱའི་ཁྱད་པར་བསྙེན་སྒྲུབ་གཉིས་ཏེ། དང་པོ་ལ་ཡང་ཐབས་དང་ཤེས་རབ་བོ། །དང་པོ་སྐུ་ཕྱག་རྒྱ་ཆེན་པོ། ཐུགས་དམ་ཚིག་ཕྱག་རྒྱ། གསུང་ཆོས་ཀྱི་ཕྱག་རྒྱ། ཕྲིན་ལས་ལས་ཀྱི་ཕྱག་རྒྱ་བཞིས་སྒྲིབ་པ་བཞི་བཅོམ་ཞིང་། ཡེ་ཤེས་བཞི་མངོན་དུ་བྱེད་པའི་ཐབས་ཚུལ་དབང་རྣོན་ཏིང་འཛིན་གསུམ་གྱིས་ཉམས་སུ་བླངས་ཏེ། དང་པོ་སྦྱོར་བ་ཚོགས་བསག་པ། དཀྱིལ་འཁོར་རྒྱལ་མཆོག་དེ་ཉིད་བསྐྱེད་པ།


JKT005_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱལ་མཆོག་སྤྱན་དྲངས་རྒྱས་གདབ་ཕྲིན་ལས་བཅོལ་བའི་བར་རོ། །དབང་རྟུལ་དག་གི་རྣལ་འབྱོར་བཞི་སྟེ། བདག་ལྷར་བསྐྱེད་པ་རྣལ་འབྱོར། ཡེ་ཤེས་པ་དང་དབྱེར་མེད་པ་རྗེས་སུ་རྣལ་འབྱོར། ལྷ་དང་བརྟན་གཡོ་རོ་མཉམ་དུ་ལྟ་བ་ཐམས་ཅད་རྣལ་འབྱོར། དེ་ཐམས་ཅད་རྩེ་གཅིག་པའི་ཏིང་འཛིན་དུ་གྱུར་པ་ནི་ཤིན་ཏུ་རྣལ་འབྱོར་རོ། །གཉིས་པ་ནི། སེམས་ཀྱི་དེ་ཁོ་ན་ཉིད་སོ་སོར་རྟོག་པའི་ཡེ་ཤེས་ལ་དབང་འབྱོར་བ་སྟེ། དབང་རྣོན་སྟོབས་དང་། གཞན་ཐོས་བསམ་སོགས་ཀྱིས་བརྒྱུད་དེ་མངོན་དུ་བྱའོ། །སྒྲུབ་པ་ནི་ཕྱག་རྒྱ་དང་མངོན་ཤེས་འགྲུབ་ནས་ལྷ་གྲངས་དང་མཉམ་པའི་ཚོམ་བུས་རང་གི་ལྷ་དབང་དུ་བསྒྱུར་ནས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པ་དང་། དབང་པོ་རྣོ་རྟུལ་གྱི་རིམ་པས་རྡོར་བཟླས་ཏེ་རླུང་ལ་དམིགས་ནས་བདག་མདུན་རེས་མོས་སུ་བཟླ་བ་དམིགས་བཅས་དང་། བདག་དང་ལྷ་སྔགས་ཐམས་ཅད་སྟོང་པ་ཉིད་དུ་དག་པའི་ངང་ནས་ཡིད་བཟླས་བྱ་བ་ནི་དམིགས་མེད་དོན་གྱི་རྡོར་བཟླས་སོ། །དེ་བཞིན་ཚིག་བཟླས་ནི་རིགས་གང་ཡིན་པའི་ཕྱག་རྒྱ་དང་བཅས། ཤིས་པའི་གདངས་གྱིས་བཟླས་པ་སྟེ། སྔ་མས་ནི་འཇིག་རྟེན་ལས་འདས་པ་དང་། ཕྱི་མས་ནི་འཇིག་རྟེན་པའི་གྲུབ་པ་ཐོབ་བོ། །གྲོགས་དམ་ཚིག་ནི། རིགས་ལྔའི་སྡོམ་བཟུང་སྐབས་སུ་གསུངས་པའི་སྒྲུབ་ཕྱོགས་བཅུ་བཞི་དང་།


JKT005_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་གཞན་པའི་ལྡོག་ཕྱོགས་རྣམས་ནི་རྩ་ལྟུང་ཡིན་པར་སློབ་དཔོན་ཀུན་དགའ་སྙིང་པོ་སོགས་ཀྱིས་བཞེད་དོ། །སྤྱོད་པ་ནི། གཙང་སྦྲ་སོགས་ལུས་དང་། །བཟླས་པ་སོགས་ངག་གི་སྤྱོད་པ་སྔ་མ་གཉིས་དང་ཆ་འདྲ་ཡང་། འདིར་གྲོགས་ཙམ་ལས་གཙོ་བོར་ཡིད་ཀྱི་སྤྱོད་པ་ཏིང་ངེ་འཛིན་ཁོ་ན་ལ་དམིགས་ཤིང་། གཞན་ཡང་མཆོད་པ་དང་། སྦྱིན་སྲེག་སོགས་ལས་ཐོར་བུ་བ་ཡང་སྒྲུབ་ཅིང་། མཐར་ཐུག་མི་ཚེ་གསུམ་མམ་བཅུ་དྲུག་གིས་པད་ཟླ་ཕྱག་མཚན་ས་བོན་སྐུ་ཡོངས་སུ་རྫོགས་པ་དང་ཡེ་ཤེས་སེམས་དཔའ་སྟེ་རྣམ་པ་ལྔ་ལ་བྱང་ཆུབ་པའི་རྒྱུས་རིགས་ལྔ་སྟུག་པོ་བཀོད་པའི་སར་ཡེ་ཤེས་ལྔའི་ངོ་བོར་འཚང་རྒྱ་བར་འདོད་དོ། །རྗོད་བྱེད་ཀྱི་རྒྱུད་སྡེ་ནི། རྩ་རྒྱུད་དེ་ཉིད་འདུས་པ། བཤད་རྒྱུད་རྡོ་རྗེ་རྩེ་མོ། ཕྱི་མའི་རྒྱུད་གཙུག་དགུ་དང་། ཆ་མཐུན་གྱི་རྒྱུད་ངན་སོང་སྦྱོང་བ་སོགས་དང་། རིགས་ཀྱི་སྒོ་ནས་དེ་བཞིན་གཤེགས་པ། རྡོ་རྗེ། །ལས། པདྨ། རིན་ཆེན་ཏེ་ལྔ་རུ་ཡོད་དོ། །དེ་སྐད་དུའང་ཆོས་ཀྱི་མེ་ལོང་ལས། །སེམས་ཉིད་ཡུལ་ལ་རྩལ་རྫོགས་ཏེ། །ཡུལ་ཉིད་རིག་པར་མངོན་སྣང་བས། །དེ་ཉིད་དེར་ནི་མངོན་བྱང་ནས། །རྣལ་འབྱོར་སྟུག་པོ་བཀོད་པའི་ས། །ཞེས་སོ། །དེ་ལྟར་ཕྱི་པ་ཐབས་ཀྱི་རྒྱུད་གསུམ་པོ་བཤད་ནས། ཁྱད་པར་དུ་གྱུར་པ་ནང་རྒྱུད་སྡེ་གསུམ་ནི། སྔ་མ་ལས་འཕགས་ཚུལ་དང་། རང་རང་གི་བཞེད་པ་སོ་སོར་བརྗོད་པའོ། །


JKT005_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། འཇུག་སྒོ་དང་། ལམ་དང་། འབྲས་བུའི་ཁྱད་པར་གསུམ་སྟེ། དེ་ཡང་འཇུག་སྒོ་བུམ་དབང་སོགས་རིག་པའི་དབང་ལྔ་གཙོ་བོར་སྟོན་པ་ཕྱི་པ། གཞན་གསུམ་པོ་འདོད་པ་ནི་ནང་པ། ལམ་ཡང་བསྐྱེད་རྫོགས་རེས་འཇོག་ཅན་ཕྱི་པ། ཟུང་དུ་འཇུག་པ་ནང་པ། གྲོགས་དམ་ཚིག་བྱང་སེམས་དང་ཐུན་མོང་ཙམ་གྱུར་པ་ཕྱི་པ། ཐུན་མོང་མ་ཡིན་པའི་ཐབས་མཁས་ཀྱི་སྡོམ་པ་རླབས་པོ་ཆེ་ལྡན་པ་ནང་པ། སྤྱོད་པ་ཁྲུས་དང་གཙང་སྦྲ་སོགས་གཙོ་བོར་སྟོན་པ་ཕྱི་པ། རང་བཞིན་སྡོམ་པ་ཆེན་པོར་བླང་དོར་མེད་པར་ལྟ་བ་ནི་ནང་པ། འབྲས་བུ་ནི་བསྐལ་པ་གསུམ་མམ་བརྒྱད་ལ་སོགས་པར་གྲོལ་བའི་དུས་སུ་འདོད་པ་ཕྱི་པ། ཤིན་ཏུ་བརྩོན་པའམ། དབང་པོ་རྣོན་པོས་ཕྱི་དུས་ལ་མི་རེ་བར་གྲོལ་བ་ནང་པ་སྟེ། མདོར་ན་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་མཐོང་ལམ་གྱི་ཡེ་ཤེས་མངོན་དུ་སྐྱེ་བ་སོགས་ཐབས་ཁྱད་པར་བ་ལས་ལྷག་ཀྱང་ཁྱད་པར་དུ་གྱུར་པའི་ཚོགས་དང་ལྡན་པ་ནི་ནང་པ་སྟེ། ཁྱད་པར་གཞན་ཡང་མང་དུ་ཡོད་དོ། །འོ་ན་སྔགས་ཕྱི་རྒྱུད་གསུམ་པོ་བྱང་སེམས་ལས་མ་འཕགས་སོ་སྙམ་ན། མཚན་ཉིད་ཀྱིས་ནི་ཀུན་རྫོབ་ལམ་དུ་བྱེད་མི་ནུས་ལ། །སྔ་མ་གསུམ་གྱིས་ཀྱང་དེ་ཉིད་ལྷར་ལྟ་བ་སོགས་ཀྱིས་ཁྱད་པར་དུ་ཕྱེ་བ་ཡིན་ནོ། །གཉིས་པ་ལ་ཡང་གསུམ། དང་པོ་མ་ཧཱ་ཡོ་ག་སྟེ་རྣལ་འབྱོར་ཆེན་པོ་ལ་ཡང་མངོན་པར་


JKT005_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཆོས་ལྔ་སྟེ། དང་པོ་གཞི་ཤེས་པའི་མཚན་ཉིད་ལྟ་བ་ནི། རྒྱུད་ཀྱི་གནས་ལུགས་ཡོངས་གྲུབ་བདེ་གཤེགས་སྙིང་པོའི་ངོ་བོ་དེ་ཉིད་རྟོགས་པ་བཞི་དང་། དག་པ་གསུམ་དང་། མཉམ་པ་བཞི་དང་། བདག་ཉིད་ཆེན་པོའི་གཏན་ཚིགས་ཏེ་རྣམ་པ་བཞིས་གཏན་ལ་དབབ་པའི་ཚུལ་དཔལ་གསང་བ་སྙིང་པོ་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབ་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པ་བཞིན། འཁོར་འདས་དབྱེར་མེད་ཀྱི་ངོ་བོ་ཡུལ་ཡུལ་ཅན་ཐ་དད་དུ་མ་དམིགས་པར་ཤེས་པ་རྒྱུ་གཅིག་པར་རྟོགས་པ་སྟེ། དེ་ཡང་ཐུན་མོང་བས་ཀུན་རྫོབ་དོན་དམ་སོ་སོར་གྲུབ་ཀྱང་ངོ་བོ་ཐ་དད་མིན་པ་དང་། ཐུན་མིན་གྱིས་ཀུན་རྫོབ་ཏུ་སྣང་བའང་དོན་དམ་རང་གི་རྩལ་ལས་སྐྱེས་པས་དབྱེར་མེད་ཆེན་པོར་རྟོགས་པའོ། །དབྱེར་མེད་པའི་བདེན་པ་གཉིས་ཀྱང་རྒྱལ་བའི་གསང་གསུམ་གྱི་རོལ་པར་གཏན་ལ་དབབ་སྟེ། དེ་མཚོན་བྱེད་ཡི་གེའི་རྣམ་པར་གནས་པར་རྟོགས་པ་ཡིག་འབྲུའི་ཚུལ་གྱིས་སོ། །དེ་ལྟར་ཡེ་ནས་གནས་པ་དེ་ཉིད་རྟོགས་པ་གཉིས་ཀྱི་མཐུས་བྱིན་གྱིས་བརླབས་པས་མ་དག་དང་བྲལ་བའི་སྐུ་དང་ཡེ་ཤེས་ཀྱི་རོལ་པར་འཆར་བ་སྟེ་བྱིན་གྱིས་བརླབས་པས་རྟོགས་པའོ། །ཆོས་ཀུན་བསམ་བརྗོད་བྲལ་བའི་གཤིས་ལུགས་མངོན་སུམ་རྣམ་པ་བཞིས་


JKT005_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་སྟེ། དེ་ཡང་བསྡུ་ན། བླ་མའི་མན་ངག་དང་སོ་སོར་རྟོག་པའི་ཤེས་རབ་ལ་བརྟེན་ནས་ཁོང་དུ་ཆུད་པ་ནི་མངོན་སུམ་དུ་རྟོགས་པའོ། །གཉིས་པ་ནི། སྔ་མ་ལས། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། ཞེས་པས། སྣོད་དག་པ་འབྱུང་བ་ལྔ་ཡུམ་ལྔའི་རང་བཞིན་བཅུད་དག་པ་ཕུང་པོ་ལྔ་རིགས་ལྔ། རྒྱུད་དག་པ་ཚོགས་བརྒྱད་ཡེ་ཤེས་སུ་རྣམ་པར་དག་པར་རྟོགས་པ་གང་ཡིན་པའོ། །གསུམ་པ་ནི། དེ་ལས། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་ཀུན་རྫོབ་ཀྱི་སྣང་བ་སྒྱུ་མའི་ངང་དུ་མཉམ་པ། བདག་གཞན་སྐྱེ་མེད་དུ་རྟོགས་པས་དོན་དམ་མ་སྐྱེས་པའི་ངང་དུ་མཉམ་པ་གཉིས་ནི་ཐུན་མོང་ངོ་། །ཕུང་པོ་རིགས་ལྔ་དང་། ཚོགས་བརྒྱད་ཡེ་ཤེས་སུ་མཉམ་པ་ནི་ལྷག་པའི་མཉམ་པ་གཉིས་སོ། །བཞི་པ་ནི། དེ་ཉིད་ལས། རང་བྱུང་ཡེ་ཤེས་གནས་མེད་སྣང་། ཞེས་པས། སེམས་དང་ཡེ་ཤེས་ཀྱང་གཟོད་མ་ནས་གཟུང་འཛིན་གྱིས་སྟོང་པས། ཉོན་མོངས་པའི་ཆོས་ལ་མི་གནས་པར་འོད་གསལ་རང་བྱུང་གི་ཡེ་ཤེས་སུ་སྣང་བ་ཉིད། རྟེན་དང་གནས་མེད་པར་བདག་ཉིད་ཐོབ་བྱའི་འབྲས་བུས་དབེན་བཞིན་དུ། བྱིན་རླབས་ཀྱིས་ཡོངས་སུ་དག་པའི་སྐུ་དང་ཡེ་ཤེས་ཀྱི་བཀོད་པ་ཐམས་ཅད་ཀྱང་རང་སྣང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཚུལ་བཞིས་གཏན་ལ་དབབ་ཚུལ་སྔ་


JKT005_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱི་རྒྱུད་སྡེ་སྒྱུ་འཕྲུལ་དྲྭ་བའི་རྗེས་སུ་འབྲངས་པ་སྟེ། གཞན་དུ་ཡང་ཕྱི་འགྱུར་གྱི་རྒྱུད་གསང་བ་འདུས་པ་སོགས་ཟབ་མོའི་མདོ་རྒྱུད་ཐམས་ཅད་ལས་ཀྱང་དག་པ་རྣམ་པ་གསུམ་གྱི་གཏན་ཚིགས་གསལ་བར་བསྟན་ལ། དེ་ཡང་མདོར་བསྡུ་ན། ཕར་ཕྱིན་དུ་ཡུལ་སྣང་སྤྲོས་པའི་རང་བཞིན་སྤྲོས་བྲལ་དུ་བསྟན་པ་ཙམ་དེ་ཉིད། འདིར་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་བསྡམ་པས། བདེ་སྟོང་ཟུང་འཇུག་འཁོར་འདས་དབྱེར་མེད་དག་མཉམ་རྟོགས་པའི་འབྲས་བུ་རྣམ་པ་ཀུན་གྱི་མཆོག་ལྡན་མངོན་དུ་བྱེད་པའི་ལམ་ཡིན་པའི་ཕྱིར་ཁྱད་པར་འཕགས་ལ། གཞི་དུས་སུ་རྟོགས་བྱའི་ལྟ་བ་གཏན་ལ་ཕེབས་ནས་རེ་ཞིག་ཐ་མལ་གྱི་ཞེན་པ་མ་བཟློག་གི་བར་དུ་ལམ་དུ་བཞག་གི། དངོས་གནས་ལ་ལྟ་བའམ་ཐ་དད་དུ་མི་འཛིན་པ་ནི་གནད་དམ་པའོ། །གཉིས་པ་རྒྱུད་སྨིན་པར་བྱེད་པའི་དབང་གི་རིམ་པ་ནི། ཡེ་ཤེས་ཐིག་ལེ་ལས། རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། བཞི་པ་ཡང་ནི་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་སྤྱིར་བུམ་དབང་བདུན་དང་། དེའི་ཡན་ལག་བཞི་སྟེ་བཅུ་གཅིག །མཆོག་དབང་གོང་མ་གསུམ་དང་བཅུ་བཞིར་དབྱེ་བ་ནི་དངོས་གཞི་སྟེ་གཞན་དུ་སྦྱོར་དངོས་སོགས་ཀྱི་ཁྱད་པར་དབྱེ་བསྡུ་མང་དུ་ཡོད་ཅིང་། བྱེ་བྲག་ཏུ་སྔ་འགྱུར་གྱི་རྒྱུད་སྡེ་སྒྱུ་འཕྲུལ་དྲྭ་བ་ལྟར་


JKT005_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ན། གསང་སྙིང་ལས། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ནས། །ཕན་པའི་དབང་སྦྱིན་ནུས་པའི་དབང་། རིམ་པ་བཞིན་དུ་སྦྱིན་པར་བྱ། ཞེས་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ། བརྩོན་འགྲུས་ཅན་ལ་བདག་གཞན་ཕྱི་ནང་གི་དོན་སྒྲུབ་པ་ལ་ནང་ནུས་པ་འཇུག་པའི་དབང་ལྔ། བརྟུལ་ཞུགས་གསུམ་དང་ལྡན་པ་ལ་གསང་བ་ཟབ་མོའི་དབང་གསུམ་བསྐུར་བའོ། །གསུམ་པ་རྐྱེན་འཇུག་པའི་མཚན་ཉིད་བསྒོམ་བྱའི་ལམ་དངོས་ནི་བསྐྱེད་རྫོགས་གཉིས་ཏེ། དང་པོ་ནི་སྙིང་པོར། སྲིད་པ་རིམ་པར་སྨིན་ཚུལ་གྱིས། འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེས་པ་རིམ་གསུམ་གཉིས་མེད་དོན། །ཞེས་འཆི་བར་སྐྱེ་གསུམ་གྱི་སྲིད་པ་གཅིག་ཆར་སྦྱོང་བའི་ཕྱིར། སྟོང་པ་ཆེན་པོ། སྙིང་རྗེ་ཆེན་པོ། སྐྱེ་བའི་རིམ་པ་གསུམ་དང་རྗེས་སུ་མཐུན་པར་ཕྱག་གཅིག་པ། ཕྱག་རྒྱ་སྤྲོས་པ། ཚོམ་བུ་ཚོགས་སྒྲུབ་སྟེ་ལྔའོ། །དེ་ཡང་དང་པོ་ནི་འཆི་བ་འོད་གསལ་གྱི་རྗེས་མཐུན་དེ་བཞིན་ཉིད། གཉིས་པ་བར་དོའི་ཡིད་ལུས་སྦྱོང་བྱེད་ཀུན་སྣང་། གསུམ་པ་མའི་མངལ་དུ་འཇུག་པ་ངག་གི་སྲིད་པ་སྦྱོང་ཕྱིར་ཕྱག་རྒྱ་གཅིག་པ་སྟེ་ཡིག་འབྲུ། དེ་ཁུ་རྡུལ་གྱི་བར་ཞུགས་ནས་དབང་པོ་ཡུལ་ལ་སད་པའི་བར་གྱི་གནས་སྐབས་སྦྱོང་བྱེད་རགས་པའི་ལྷ་


JKT005_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་མངོན་བྱང་བཞི་དང་། རྡོ་རྗེ་གསུམ་སོགས་ཀྱིས་སྐྱེ་གནས་བཞིའི་རིགས་དང་ཚུལ་མཐུན་པས་སྦྱོང་བ། བཙས་ནས་ནར་སོན་པའི་བག་ཆགས་སྦྱོང་བྱེད་ཕྱག་རྒྱ་སྤྲོས་པ་སྟེ། དེ་ཡང་ལམ་རིམ་ལས། འཁོར་ལོ་ཚོམ་བུ་གྲངས་ཞལ་ཕྱག །ཞེས་བཞི་སྤྲོ་བ། ནར་སོན་ནས་རྒས་པའི་བར་གྱི་བག་ཆགས་སྦྱོང་བྱེད་ཚོམ་བུ་ཚོགས་སྒྲུབ་སྟེ་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིའི་གཞུང་བསྲང་བ་སོང་སྟེ། དང་པོ་ནི་སྟོན་པ། གནས། །འཁོར། དུས། ཡོ་བྱད་དེ་ལྔའོ། །གཉིས་པ་ནི། རིམ་གསུམ་ལས། ཡིད་འོང་གནས་སུ་འདུག་ནས་ནི། །བསྙེན་པ་རྣམ་གཉིས་མཐར་ཕྱིན་བྱ། །ཞེས་པ་ཡང་དོན་གྱི་རྣམ་གྲངས་གསུམ་དང་། ཡན་ལག་གི་རྣམ་གྲངས་གསུམ་སོགས་མཐའ་ཡས་པ་ནི་སྒྲུབ་པ་ཆེན་པོའི་གཞུང་རྣམས་སུ་ཤེས་པར་བྱའོ། །གཉིས་པ་ཕྲ་བ་རྫོགས་རིམ་གྱིས་སྦྱོང་བ་ནི། །ཉིན་པར་གཉུག་མ་མ་བཅོས་པར་འཇོག་པ་རིག་པ་སྤྱི་བླུག་དང་། །ཐོས་བསམ་གྱི་ལྟ་བའི་རྗེས་ལ་འཇོག་པ་གང་ཡང་རུང་བས་རྣམ་པར་མི་རྟོག་པ་ལ་བསླབས་ནས་གཉིད་སྟུག་འོད་གསལ་དང་སྦྲེལ་ནས་ཉིན་མཚན་ཁ་སྦྱོར་དུ་ཉམས་སུ་བླང་བའི་དང་པོ། འོད་གསལ་སྟོང་ཉིད་དུ་སེམས་འགགས་པ་དེའི་ཚེ་སྟོང་གཟུགས་སུ་འཆར་བ་དང་པོ། །མཚན་མེད་འོད་གསལ་གྱི་སྣང་བ་འཛིན་མེད་ཀྱིས་རྒྱས་འདེབས་པ་གཉིས་པ།


JKT005_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཆེན་པོའི་འཕེན་པས་ཏིང་ངེ་འཛིན་གྱི་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་ལྷ་སྐུ་ཕྱག་རྒྱ་གཅིག་པ་གང་ཤར་གྱི་སྣང་བ་རྒྱས་འདེབས་པ་གསུམ་པ། ལྷར་སྣང་དེ་ཆེས་ཆེར་འཕེལ་བས་སྣང་བ་ཐམས་ཅད་ཟུང་འཇུག་གི་ལྷ་སྐུ་དཀྱིལ་འཁོར་མ་འདྲེས་པ་ལ་གོམས་པ་འཇུག་པ་བཞི་པ། ཚོམ་བུ་གང་རུང་ལ་བརྟེན་ནས་སྤྲོས་བཅས་རིམ་པ་དང་པོ་དང་ཕྱོགས་མཚུངས། སྤྲོས་མེད་རྣལ་འབྱོར་ཕོ་མོ་གཙོ་བོ་ཡབ་ཡུམ་ལ་བརྟེན་པ། ཤིན་ཏུ་སྤྲོས་མེད་བདེ་སྟོང་ཁ་སྦྱོར་གྱི་སྙོམས་འཇུག་བསྒོམ་པ་ལྔ་པ་སྟེ། རྣམ་གྲངས་བསྐྱེད་རིམ་དང་རྗེས་སུ་མཐུན་པ་ཡིན་ལ། གཞན་ཡང་སྟེང་སྒོ་འཇུ་འདུལ་གྱི་མན་ངག་འཁོར་ལོ་བཞི་དང་མེ་རླུང་གི་དཀྱིལ་འཁོར་ཏེ་དྲུག་ལ་བརྟེན་ནས་འབར་འཛག་གི་དགའ་བ་ཉམས་སུ་མྱོང་བ་དང་། ཁྱད་པར་རྩ་རྒྱུད་ལེའུ་བཅུ་གསུམ་པའི་དགོངས་པ་ལྟར་གྱི་མན་ངག་བཞི་བསྒོམས་པས་འཁོར་ལོ་བཞིའི་ཉེ་བའི་དྭངས་མ་འོད་གསལ་ལ་ཐིམ་པས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་འཆར་བ་ནི་ཁྱད་པར་གྱི་ལམ་སྟེ་སྟེང་སྒོ་རྣམ་གྲོལ་གྱི་མན་ངག་ཏུ་བརྗོད་ལ། ཕྱག་རྒྱ་ལ་བརྟེན་ནས་ཁམས་དབབ་བཟུང་ལྡོག་ཁྱབ་ཀྱི་སྦྱོང་བས་དགའ་བཞི་ལུགས་འབྱུང་དང་ལྡོག་པས་བདེ་སྟོང་གི་ཡེ་ཤེས་སྐྱེ་བར་བྱེད་པ་ནི་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་གོ །འདི་ནི་སྔ་འགྱུར་གྱི་རྒྱུད་སྡེ་རྡོར་སེམས་སྒྱུ་དྲྭའི་དགོངས་པའི་རྗེས་


JKT005_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འབྲང་བ་ཡིན་ལ། བསྐྱེད་རིམ་བསྒོམ་པ་ལ་སྐྱོ་བའི་ཚེ་ཡེ་ཤེས་ལྷ་དང་ཉེ་བར་འགྱུར་བ་སོགས་ཀྱི་དགོས་ཆེད་དང་ལྡན་པའི་བཟླས་པ་བྱ་བ་སྟེ། ལམ་རིམ་ལས། སྐྱོན་བཅུ་སྤངས་ཏེ་རྣམ་གསུམ་གྱིས། །བཟླས་པ་ཚུལ་བཞིན་རྫོགས་པར་བྱ། །ཞེས་སྐྱོན་བཅུ་ནི་སྒྲ་ཆེ་བ་དང་། །ཆུང་བ། བུལ་བ་སོགས་བཅུར་གསུངས་པ་སྤངས་ཤིང་། གསལ་བ་གསུམ་དང་། ཕྲ་མོ་གསུམ་དང་། ཕྱི་ནང་གསང་གསུམ་སོགས་ཀྱི་བཟླ་ཚུལ་ལྡན་པས། དུས་གྲངས་མཚན་མའི་བསྙེན་པ་ཅི་རིགས་པར་བྱའོ། །བཞི་པ་གྲོགས་དམ་ཚིག་ནི། སྤྱིར་བླ་མེད་ཐུན་མོང་དུ་གྲགས་པའི་རྩ་ལྟུང་བཅུ་བཞི་ནི། སློབ་དཔོན་སྨད་དང་བདེ་གཤེགས་བཀའ་ལས་འདའ། །རྡོ་རྗེ་སྤུན་སྨད་སེམས་ཅན་རྣམས་ལ་འཚེ། །བྱུང་ཆུབ་སེམས་དོར་རང་གཞན་གྲུབ་མཐའ་སྨོད། །མ་སྨིན་གསང་བ་བསྒྲག་ཅིང་ཕུང་པོ་བརྙེས། །དག་པའི་ཆོས་ལ་སོམ་ཉི་གདུག་ལ་བྱམས། །མིང་སོང་བྲལ་ལ་དེར་གཞལ་དང་ལྡན་གྱི། །སེམས་སུན་འབྱིན་དང་དམ་སྤང་བུད་མེད་སྨོད། །དེ་དག་རྩ་བའི་ལྟུང་བ་བཅུ་བཞི་སྟེ། །ཞེས་དང་། དེ་ཡི་ཡན་ལག །མ་སྨིན་རིག་མ་བསྟེན་དང་ཚོགས་འཁོར་ཚེ། །རྣམ་པར་རྩོད་ཅིང་ཚུལ་མིན་བདུད་རྩི་ལེན། །གསང་སྔགས་སྣོད་དང་ལྡན་ལ་སྦྱིན་མི་བྱེད། །དམ་ཆོས་འདྲི་ལ་དེ་མིན་ཆོས་གཞན་སྟོན། །རྟོག་གེའི་ནང་དུ་ཞག་བདུན་བསྡད་པ་དང་། །


JKT005_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མི་ལྡན་རྡོ་རྗེ་འཛིན་པར་རློབས། །སྣོད་མིན་གསང་སྔགས་སྟོན་དེ་ཡན་ལག་བརྒྱད། །ཅེས་པ་རྣམས་དང་། ཁྱད་པར་རྒྱུད་སྡེ་སོ་སོ་ལས་བཤད་པ་ནི་གྲངས་ཀྱིས་མི་ལངས་ལ། དེ་བཞིན་དུ། གསང་བ་སྙིང་པོ་ལས། །བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་རྣམ་ལྔ་སྟེ། །ཞེས་སོགས་ཀྱིས་བསྟན་པ་ལྟར་རོ། །སྤྱོད་པ་ནི། ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། །བསྐྱེད་རྫོགས་ལ་མོས་སྒོམ་གྱིས་དོན་གྱི་རྣམ་པ་སྤྱི་ཙམ་དུ་ལམ་དུ་བྱེད་པ་དང་། ཁྱད་པར་ངེས་རྫོགས་ཏེ་ཏིང་འཛིན་གྱི་ཉམས་ལྔ་མཐར་མ་ཕྱིན་བར་དུ་བསླབ་ཅིང་། སྤྲོས་བཅས་ཚོགས་སྒྲུབ་དང་། དེ་བཞིན་སྤྲོས་མེད། །ཤིན་ཏུ་སྤྲོས་མེད་སོགས་ལ་བསླབ་པ་དང་། གཞན་ཡང་རྗེས་ཐོབ་ཀྱི་སྤྱོད་ལམ། གཏོར་མ། ཁ་ཟས། ཐུན་མཚམས། ཉལ་ལྡང་གི་རྣལ་འབྱོར་དང་། ཕྲིན་ལས་སྒྲུབ་པའི་ཕྱིར་གནས་སྐབས་ཀྱི་སྤྱོད་པ། རབ་གནས། སྦྱིན་སྲེག །ལས་ཚོགས་རབ་འབྱམས་བསྒྲུབ་པ་རྣམས་ཏེ། དེ་ཡང་ཐབས་ལམ་བརྟུལ་ཞུགས་དང་གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་གཉིས་སུ་འདུ་བར་བསྟན་ནོ། །ལྔ་པ་ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་པ་བཞི་ནི་བསྙེན་སྒྲུབ་ཡན་ལག་བཞིས་རྫོགས་པ་སྟེ། དེ་ཡང་བསྙེན་


JKT005_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྦྱོར་བའི་ལམ་དྲོད་སོགས་བཞི་རིམ་པར་སྦྱངས་ཏེ་རྣམ་སྨིན་རིག་འཛིན་ལ་སྦྱོར་བ་དང་། ཡེ་ཤེས་ཀྱི་ལུས་སུ་གྲུབ་པས་སྐྱེ་འཆི་མེད་པའི་སྐུ་ཐོབ་སྟེ་མངོན་ཤེས་ལྔ་དང་། ཆོ་འཕྲུལ་བཞི་མངོན་དུ་བྱས་ནས་ཕྱིར་མི་ལྡོག་ཅིང་སྤྲུལ་སྐུར་ཆོས་ཉན་པ། ཉེ་བསྙེན་མཐོང་བའི་ལམ་དུ་ཚེ་དབང་རིག་འཛིན་ལ་སྦྱོར་བ་དང་། མཉམ་བཞག་ལས་མ་གཡོས་བཞིན་དུ་ཆོ་འཕྲུལ་དུ་མ་བཀྱེ་ནས་ལོངས་སྐུ་ལས་ཆོས་ཉན་པ། སྒྲུབ་པས་སྒོམ་པའི་ལམ་དུ་ལྷག་མའི་ས་དགུ་རྫོགས་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བ་དང་། སངས་རྒྱས་དང་ཡོན་ཏན་ཕལ་ཆེར་མཉམ་པ་རྒྱལ་ཚབ་རྒྱུད་ཀྱི་སྟོན་པ་བྱེད་ཅིང་ཆོས་སྐུའི་ཞལ་མཇལ། བྱིན་རླབས་ཀྱི་ཆོས་ཉན། ཤེས་བྱའི་སྒྲིབ་པ་ཕྲ་མོ་སྦྱངས་ཤིང་སྒྲུབ་ཆེན་མཐར་ཕྱིན་པས་རྒྱུན་མཐའི་ལམ་དུ་ལྷུན་གྲུབ་རིག་འཛིན་ལ་སྦྱོར་ཞིང་། དེ་ནས་མཐར་ཐུག་འདོད་ཆགས་ཆེན་པོའི་དབང་གི་བྱེད་ལས་ལ་བརྟེན་ནས། ཁུ་རྡུལ་རླུང་གསུམ་འགགས་པས་འགྱུར་བ་དེ་མྱོང་བའི་རིག་ཤེས་ཀྱང་རྒྱུན་ཆད་དེ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་མི་སློབ་པའི་ཟུང་འཇུག་མངོན་དུ་བརྙེས་པའོ། །དེ་ཡང་གྲོལ་བ་ཐོབ་པའི་དུས་ནི། དབང་པོ་དང་སྐལ་པ་རབ་ཏུ་གྱུར་པ་དབང་དུས་ནས་གྲོལ་བ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལྟ་བུ་གཅིག་ཅར་བའི་རིགས་ཅན་དང་། གཞན་དུ་རིམ་གྱིས་འཇུག་པས་གྲོལ་བ་མྱུར་དུ་ཐོབ་སྟེ། སྙིང་པོ་ལས། ཤེས་འཇུག་


JKT005_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་འབྱོར་པའི་གཟུང་། །འབྲས་བུ་རྒྱུ་དང་སྨིན་བྱེད་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པའི་ལམ་གྱི་རིམ་པ་ནི་བཤད་མ་ཐག་པའོ། །རྗོད་བྱེད་ཀྱི་རྒྱུད་སྡེའི་གྲངས་ནི། སངས་རྒྱས་མཉམ་སྦྱོར་སོགས་སྐུའི་རྒྱུད་གསུམ། །ཟླ་གསང་ཐིག་ལེ་སོགས་གསུང་གི་རྒྱུད་གསུམ། །གསང་བ་འདུས་པ་སོགས་ཐུགས་ཀྱི་རྒྱུད་གསུམ། །དཔལ་མཆོག་དང་པོ་སོགས་ཡོན་ཏན་གྱི་རྒྱུད་གསུམ། ཀརྨ་མཱ་ལེ་སོགས་ཕྲིན་ལས་ཀྱི་རྒྱུད་གསུམ་སྟེ་བཅོ་ལྔ་དང་། དེ་ཐམས་ཅད་ཀྱི་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་དམ་ཚིག་བཀོད་པ། ཐབས་ཀྱི་ཞགས་པ་སྟེ་ཏན་སྡེ་བཅོ་བརྒྱད་དུ་གྲགས་པས་མཚོན་བསམ་གྱིས་མི་ཁྱབ་ལ། གཞན་ཡང་སྒྲུབ་སྡེ་ལྟར་ན་བཀའ་བརྒྱད་སྤྱི་དང་བྱེ་བྲག་གི་རྒྱུད་ལ་སོགས་པ་དཔག་ཏུ་མེད་དོ། །རིགས་ཀྱི་སྒོ་ནས་དབྱེ་ན་མི་བསྐྱོད། རྣམ་སྣང་། རིན་འབྱུང་། སྣང་མཐའ་དོན་གྲུབ་སྟེ་ལྔ་དང་། འཁོར་ལོས་སྒྱུར་བའམ། རྡོ་རྗེ་འཆང་གི་རིགས་ཏེ་དྲུག་ཏུ་འདོད་པ་དང་། གཞན་ཡང་དབྱེ་བསྡུ་སྣ་ཚོགས་པའོ། །གཉིས་པ་ཨ་ནུ་ཡོ་ག་སྟེ་རྗེས་སུ་རྣལ་འབྱོར་གྱི་ཐེག་པ་ལ་ཡང་ལྔ་སྟེ། དང་པོ་རྟོགས་བྱའི་ལྟ་བ་དཀྱིལ་འཁོར་རྣམ་པ་གསུམ་དུ་གནས་པ་སྟེ། དགོངས་འདུས་ལས། ཐམས་ཅད་བདག་ཉིད་དེར་གཅིག་པས། ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་གཉིས་མེད་


JKT005_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཞེས་སྲིད་ཞི་ཐམས་ཅད་སེམས་ཉིད་གཅིག་པུ་ལ་འདུ་ཞིང་། དེ་ཉིད་ཀྱང་སྤྲོས་པའི་མཐའ་ལས་འདས་པ་ནི་ཡུམ་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པ་དབྱིངས་ཀྱི་དཀྱིལ་འཁོར། དེ་ཉིད་ཀྱི་རང་རྩལ་འགག་མེད་ཀུན་ཁྱབ་ཆེན་པོར་ཤར་བ་ཡབ་ཀུན་ཏུ་བཟང་པོ་རང་བཞིན་ལྷུན་གྲུབ་ཡེ་ཤེས་ཀྱི་དཀྱིལ་འཁོར། །དེ་གཉིས་ཀྱང་ངོ་བོ་ཐ་དད་མེད་པར་ཟུང་འཇུག་ཏུ་གནས་པ་ནི་དབྱིངས་ཡེ་གཉིས་མེད་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་ཤེས་བྱའི་དོན་དེ་ཉིད་ཤེས་བྱེད་ཀྱི་རིག་པའི་གཏན་ཚིགས་ཀྱིས་བརྟགས་ནས་ཡེ་ཇི་བཞིན་པའི་དཀྱིལ་འཁོར་གསུམ་དུ་གཏན་ལ་དབབ་པའོ། །གཉིས་པ་རྒྱུད་སྨིན་པར་བྱེད་པ་ནི། ཀུན་འདུས་ལས། ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་པ་ལྟར་ཟབ་མོ་ལ་མོས་པའི་རིགས་ཅན་རྒྱུད་ཀྱི་དངོས་བསྟན་ཕྱི་ནང་སྒྲུབ་གསང་བཞིས་བསྡུས་པའི་དབང་མཆོག་སུམ་ཅུ་རྩ་དྲུག་དང་། རྒྱ་ཆེ་བའི་རིགས་ཅན་དག་ལ་མན་ངག་གི་རྗེས་འབྲངས་ཡན་ལག་གི་དཀྱིལ་འཁོར་ཡོངས་སུ་ཚང་བར་ཕྱེ་ནས་ཐེག་དགུ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་སྨིན་པར་བྱེད་པ་སྟེ། དེང་སང་ཕྱག་ལེན་ལ་གཉིས་ཀ་


JKT005_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་དྲིལ་ནས་བསྐུར་བར་མཛད་པ་ལའང་དགོངས་གཞི་དང་དགོས་པ་ཁྱད་པར་ཅན་ཡོད་དོ། །གསུམ་པ་ཉམས་སུ་ལེན་པ་ལ་གཉིས་ཏེ། དོན་བསྡུས་ལས། ངོ་བོ་ཐབས་དང་ཤེས་རབ་སྟེ། ཞེས་སོ། །དེ་ལ་དང་པོ་ཐབས་ངེས་པའི་ལམ་ནི་ཀུན་རྫོབ་བྱང་སེམས་ཀྱི་ཉམས་ལེན་ཏེ། དེ་ཡང་འཁོར་ལོ་བཞིའི་འབར་འཛག་གིས་བདེ་སྟོང་བསྐྱེད་པ་རིམ་གྱིས་པ་སྟེང་སྒོའི་ལམ་དང་། མཁའ་གསང་སྙོམས་འཇུག་ལ་བརྟེན་པ་གཅིག་ཅར་བ་འོག་སྒོའི་མན་ངག་སྟེ། གཉིས་ཀ་ཡང་མི་འགྱུར་བའི་བདེ་བ་སྒྲུབ་པའི་ཐབས་དམ་པའོ། །གཉིས་པ་ཤེས་རབ་རྣམ་པར་གྲོལ་བའི་ལམ་ནི་དོན་དམ་བྱང་སེམས་ཀྱི་ཉམས་ལེན་ཏེ། སྔ་མ་ལས། ཐོས་བསམ་སྒོམ་པའི་ཚུལ་འགྲོ་བའི། །དེར་ནི་འཇུག་པ་རྣམ་གསུམ་སྟེ། །རྟོག་དཔྱོད་དོན་དང་ཡི་གེ་ཡིད། །ཅེས་པ་ལྟར་གསུམ། དང་པོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་གཏན་ལ་དབབ་ཚུལ་ནི་ལྟ་བའི་སྐབས་སུ་བརྗོད་པ་ལྟར་ལ། གཉིས་པ་དོན་གྱི་རྗེས་སུ་འཇུག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར། བསྒོམ་བྱའི་ཆོས་ཉིད་ལ་སྒོམ་བྱེད་ཀྱི་བློ་འཇོག་སྟེ་རྟེན་མེད་མི་གཡོ་གསུམ་ལྡན་གྱིས་རྣམ་པར་མི་རྟོག་པའི་ངང་མདངས་བསྐྱངས་པས། ཡུལ་ཆོས་ཉིད་དང་། ཡུལ་ཅན་སྐུ་བཞིའི་ཡེ་ཤེས་དབྱེར་མེད་པའི་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྟོགས་པར་བྱ་བའི་ཐབས་གང་ཡིན་པའོ། །


JKT005_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཡི་གེའི་རྗེས་སུ་འཇུག་པ་ནི། ས་བོན་ཙམ་ཞིག་བརྗོད་པས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མ་འདྲེས་ཡོངས་རྫོགས་ཆེན་པོར་བསྒོམ་པ་ནི་བསྐྱོད་པའི་ལམ་ཐུན་མོངས་མ་ཡིན་པའོ། །འདི་དག་རྟོགས་བྱའི་གཞི་དང་རྟོགས་བྱེད་ཀྱི་ལམ་གཉིས་ཀ་རྣལ་འབྱོར་གསུམ་དུ་བསྡུས་ཏེ་འཆད་པ་ནི། དོན་བསྡུས་ལས། ཀུན་བཟང་ཐུགས་རྗེས་འགྲོ་དོན་དུ། །ཐེག་པ་གསུམ་སྣང་འདུལ་མཛད་པའི། །དོན་དམ་ངེས་པའི་ཐེག་པ་ལ། །གསང་སྒོ་མཚོན་པའི་མདོ་རྒྱུད་དོན། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །བྱ་བ་རྒྱུ་དང་བྱེད་པ་རྐྱེན། །བྱ་བྲལ་འབྲས་བུའི་རྣལ་འབྱོར་རོ། །ཇི་སྙེད་ཆོས་ཀྱི་རྩ་བར་བཤད། །ཅེས་སོ། །བཞི་པ་གྲོགས་དམ་ཚིག་ནི། །མདོ་དགོངས་འདུས་ལས་བསྟན་པ་ལྟར། གལ་མདོ་ངེས་པའི་དམ་ཚིག་བཞི། ཐུན་མོང་གི་ཉི་ཤུ་རྩ་བརྒྱད། ལྷག་པའི་དམ་ཚིག་བཞི། བརྟུལ་ཞུགས་ཉེར་གསུམ། སྒྲུབ་པའི་ཉི་ཤུ། སྤྱོད་ལམ་གྱི་བཞི། བདུད་ལྔ་སྤོང་བ། དགྲ་བཞི་གཞོམ་པ། ལྟ་བའི་དམ་ཚིག་སྟེ་དགུར་ཕྱེ་བ་རྣམས་ཡིན་ལ། བསྡུ་ན་དེ་ཉིད་ལས། སྐུ་དང་གསུང་ཐུགས་རྡོ་རྗེ་ཡིས། །བསྲུང་དང་སྤྱད་དང་ཡིད་འོང་དང་། །མི་ནོར་ཤེས་བྱ་སྒྲུབ་པ་མེད། །མེད་དང་ཕྱལ་བ་གཅིག་པུ་དང་། །ལྷུན་གྱིས་གྲུབ་དང་རྣམ་པ་བཅུ། །རྩ་བ་འདི་ལས་འབུམ་ཕྲག་འབྱུང་། །ཞེས་སོ། །སྤྱོད་པ་ནི་དེ་ཉིད་ལས།


JKT005_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་གནས་འཛིན་སྤྱོད་པའི་ས། །རྣམ་པ་བཅུ་ཕྲག་གཅིག་བརྗོད་དོ། །ཞེས་སོགས་ཀྱིས་བསྟན་པ་ལྟར་སྤྱིར་རྫོགས་རིམ་ཤེས་རབ་གཙོ་ཆེ་བར་སྤྱོད་ཅིང་། བྱེ་བྲག་ཏུ་ས་བཅུ། སྐབས་བཅུ། རྣལ་འབྱོར་གྱི་རིམ་པ་ཐ་དད་པ་སོགས་ཀྱིས་བསྟན་པ་ཉིད་ཕན་ཚུན་ལྟོས་གྲུབ་ཏུ་སྦྱར་ནས་མཐར་ལམ་གྱི་བར་དུ་རིམ་པར་སྤྱོད་པ་སྟེ་ཁྱད་རྒྱུ་སྐར་ཕྲེང་བ་སོགས་ལས་གསལ་ལོ། །པར་གྱི་གྲུབ་མཐའ་ཡིན་ལ། གཞན་དུ་སྔ་མའི་ཕྱོགས་དང་ཕལ་ཆེར་མཚུངས་པ་ཙམ་དུ་བཞེད་དོ། །ལྔ་པ་གྲུབ་པའི་འབྲས་བུ་ནི། བློ་སྟོབས་ཆེ་བ་རྣམས་ཀྱིས་ས་ལམ་གཅིག་ཆོད་དུ་བགྲོད་པས། རིམ་རྩོལ་ལས་འདས་ཀྱང་འབྲིང་ཐ་གཉིས་ཀྱིས་སྔར་སྨོས་པ་ལྟར་ས་བཅུ་རྣལ་འབྱོར་ལྔས་བསྡུས་པ་སྟེ། དང་པོ་འགྱུར་བ་མ་ངེས་པ་དང་། བརྟེན་པ་བཞི་ཡི་ས་གཉིས་ནི་ཚོགས་ལམ་འདུན་པ་སེམས་པའི་རྣལ་འབྱོར་གྱིས་བསྡུས་ཤིང་། མོས་སྤྱོད་ཀྱི་ལྷ་སྐུ་སྟེ་འདི་ཐུན་མོང་གི་སྤྱན་དང་མངོན་ཤེས་སོགས་འགྲུབ་ལ། གསུམ་པ་གལ་ཆེན་སྦྱོང་བ། བཞི་པ་བསླབ་པ་རྒྱུན་གྱི། ལྔ་པ་བསོད་ནམས་རྟེན་གྱིས་གསུམ་ནི་སྦྱོར་ལམ་རིག་ཆེན་འབྱེད་པའི་རྣལ་འབྱོར་ཏེ་རླུང་སེམས་ཀྱི་ལྷ་སྐུ་འགྲུབ་ཅིང་། དེར་ཚོགས་སྤྱོད་ཀྱི་ཉེ་རྒྱུའི་འགྱུར་བ་དེ་རགས་པ་བཅོམ་ནས་ཟག་པ་ཐམས་ཅད་ཟད་ནས། དེ་བརྟེན་པས་ཁྱད་པར་དུ་འགྲོ་བའི་ས་ནི་མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་


JKT005_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཏེ་བདེ་སྟོང་འོད་གསལ་གྱི་ལྷ་སྐུ་འགྲུབ་ཅིང་། དེ་ལའང་ལྡང་བའི་རྗེས་དམིགས་པ་འབྲས་བུ་སྐྱེ་བའི་ས་སྒོམ་ལམ་ལུང་ཆེན་འཐོབ་པའི་རྣལ་འབྱོར་ཏེ་སློབ་པའི་ཟུང་འཇུག་གི་ལྷ་སྐུ་རྒྱུན་མི་འཆད་པ་འགྲུབ་ཟླལ། དེ་ནས་གནས་པ་མི་འགྱུར་བ། གདལ་བ་ཆོས་ཉིད། རྫོགས་པ་སྤྱིར་ཆིབ་ཀྱིས་གསུམ་པོ་མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱིས་བསྡུས་པ་སྟེ། དེ་ཡི་མཐའ་མི་སློབ་པའི་རྒྱུན་མཐའི་བར་ཆད་མེད་པའི་ལམ་ལ་བརྟེན་ནས་འདོད་ཆགས་ཆེན་པོའི་ལམ་གྱི་འབྲས་བུ་དབང་ཐོབ་པས་འགྱུར་བདེ་མྱོང་བའི་བག་ཆགས་ཕྲ་བའང་བཅོམ་ནས་མི་སློབ་པའི་ཟུང་འཇུག་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་འབྲས་ཆོས་ཉེར་ལྔ་དང་ལྡན་པའི་བདག་ཉིད་གང་ཡིན་པ་མངོན་དུ་བརྙེས་པར་མཛད་དོ། །དེ་ལ་ཤེས་བྱེད་ཀྱི་རྒྱུད་སྡེ་ནི། མདོ་ལུང་གཉིས་ཏེ། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པ་སོགས་མདོ་དྲུག་དང་། ཐིག་ལེ་འདུས་པ་སོགས་རྩ་བའི་རྒྱུད་བཞི། སྐུའི་རྒྱུད་མེ་ལྟར་འབར་བས་མཚོན་མན་ངག་གི་རྒྱུད་སྡེ་དྲུག་ལ་སོགས་པ་རྣམས་སོ། །གསུམ་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་ཤིན་ཏུ་རྣལ་འབྱོར་གྱི་ཐེག་པ་ལ་ཡང་ལྔ་ལས། དང་པོ་རྟོགས་བྱའི་ལྟ་བ་ནི་ཀ་དག་གཞིའི་གནས་ལུགས་དང་། དེ་ལ་ལྷུན་གྲུབ་རིན་པོ་ཆེའི་ཡོན་ཏན་རྫོགས་ཚུལ་གཏན་ལ་ཕབ་སྟེ་སྟོན་པ་ནི་ཐུན་མོངས་མ་ཡིན་པའི་བཞེད་པ་ཡིན་པའི་ཕྱིར།


JKT005_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་སོ་སོའི་གཞིར་འདོད་པའི་རྣམ་གཞག་ཐམས་ཅད་བདུན་དུ་བསྡུས་ཏེ། དེའི་ནང་ནས་གཞན་སྐྱོན་དུ་བཞག་ནས། ཀ་དག་གི་ཡེ་གཞི་སྐྱོན་མེད་དུ་ཁས་བླངས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་། གི་མེ་ལོང་ལས། ཁམས་གསུམ་གྱི་སེམས་ཅན་འདི་དག་ནི། །དང་པོ་གཞི་ཅི་ཡང་མ་ཡིན་པ་ལས་འཁྲུལ་ལོ། །གཞི་དེ་ཡི་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་སེམས་ཅན་ལ་སྣང་ནུས་པའོ། །ཞེས་འཁོར་འདས་ཀྱི་འཇུག་ལྡོག་གི་འཆར་གཞི་ནི་མཚན་ཉིད་རྣམ་པ་གསུམ་དུ་གནས་པ་གང་ཞིག །གཞི་སྣང་ནི་ཡེ་ཤེས་ལྷུན་གྲུབ་ཆེན་པོའི་རོལ་པ་འཆར་ལུགས་བརྒྱད་དུ་ཤར་བ་ཉིད་རང་སྣང་རང་བཞིན་ཝཱ མེད་པར་ཤེས་པས་ཟག་མེད་ཀྱི་ཚོགས་གཉིས་རྒྱ་མཚོ་ལྟ་བུར་རྫོགས་ཏེ་ཁྱད་ཆོས་དྲུག་གི་བྱེ་བྲག་གིས་གྲོལ་བ་ནི་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་སྟེ། དེ་ལྟར་མ་རྟོགས་པས་སེམས་ཅན་ཐམས་ཅད་འཁྲུལ་། པའི་ཚུལ་ནི། ངོ་བོ་མ་རིག་པས་རྒྱུ་བྱས་ཏེ་བག་ཉལ་གྱི་རྟོག་པ་ཤིན་ཏུ་ཕྲ་བར་གནས་པ་ནི་བདག་ཉིད་གཅིག་པ་སྟེ་འཁྲུལ་པའི་རྩ་བ་ཡིན་ལ། དེ་ཉིད་ལས་རང་གསལ་གྱི་སྣང་བ་གཡོས་པ་ཉིད་རང་གིས་རང་ངོ་མ་ཤེས་པས་ལྷན་སྐྱེས་ཀྱི་མ་རིག་པ་དང་། གཞི་སྣང་གི་འཆར་ཚུལ་དེ་ལ་གཉིས་སྣང་གི་བློས་བཅིངས་ནས་མིང་དོན་བདག་ཏུ་རྟོག་པའི་ཆར་སོང་བ་ནི་ཀུན་ཏུ་རྟོག་པའི་མ་རིག་པ་ཞེས་བྱ་སྟེ། དེ་ལྟ་བུའི་རྒྱུ་དེ་


JKT005_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་རྩལ་སྣ་ཚོགས་ཀྱི་འཆར་གཞིར་གནས་པས་རྒྱུ་ཡི་རྐྱེན། དེ་ལ་དཔྱོད་བྱེད་ཀྱིས་འཛིན་པ་བདག་པོའི་རྐྱེན། དེ་ལ་ཡུལ་དང་ཡུལ་གྱི་སྣང་བ་སྣ་ཚོགས་སུ་ཕྱེ་བ་ནི་དམིགས་པའི་རྐྱེན། དེ་གསུམ་དུས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཏེ། དེ་ལྟར་རྒྱུ་གསུམ་གྱིས་འཁོར་བའི་ཐོག་མ་བཀོད་པ་ནི་མ་རིག་པའོ། །རྐྱེན་བཞི་ནི་འཁོར་བར་འདུ་བྱེད་པའོ། །དེ་ལས་རགས་པའི་ཤེས་པ་ཡུལ་གྱི་རྣམ་ཆར་དཔྱོད་པ་ནི་རྣམ་ཤེས་སོགས་ཏེ་རིམ་པར་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་འཁོར་ལོས་རྒྱུན་ཆད་མེད་པར་སྲིད་པར་འཁྱམས་པ་སྟེ། དེ་ཡང་རིགས་དྲུག་གི་འཁྲུལ་སྣང་ཐམས་ཅད་ཀྱང་དོན་ལ་ཡོད་མ་མྱོང་ཞིང་། རང་བཞིན་སྣ་ཚོགས་སུ་བཏགས་པ་སྟེ། དཔེར་ན་ཆུ་གཅིག་པུ་ཉིད་ལ་ཡང་། ལྷས་བདུད་རྩི། ཡི་དྭགས་ཀྱིས་རྣག་ཁྲག །དུད་འགྲོས་བཏུང་བ། དམྱལ་བས་མདག་མེ་འབར་བ་སོགས་སུ་མཐོང་བ་བཞིན་མེད་སྣང་གློ་བུར་དུ་འཁྲུལ་པ་ཁོ་ན་སྟེ་གཟུགས་བརྙན་བཞིན་ནོ། །དེས་ན་ངོ་བོ་ཀ་དག་གི་ལྡོག་པ་ནས་གཞལ་ན་གང་དུ་ཡང་མ་གྲུབ་ཅིང་མཚན་མའི་ཆོས་ལས་འདས་པས་རྟག་མཐའ་ལས་གྲོལ་ཞིང་། དེའི་རང་བཞིན་ནང་གསལ་ཕྲ་བའི་ཡེ་ཤེས་སུ་གནས་པའི་ཆ་ནས་ལྷུན་གྲུབ་ཏུ་བརྗོད་པའི་ཕྱིར་ཆད་མཐའ་མ་དམིགས། ཐུགས་རྗེ་འཁོར་འདས་གྱི་འཇུག་ལྡོག་གང་ཡང་འཆར་དུ་རུང་བས་གཉིས་ཀ་དང་གཉིས་མིན་


JKT005_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མུ་ལ་མ་ལྷུང་། དེ་ཉིད་ཀྱང་ཡེ་ནས་གནས་པ་ལས་གློ་བུར་གསར་བསྣན་གྱི་ཆོས་བཞག་ཏུ་མེད་ཅིང་། དགག་སྒྲུབ་ཀྱིས་མཐའ་བྲལ་དུ་བསྒྲུབས་པའི་རྗེས་དཔག་ཙམ་མ་ཡིན་པས་ཁྱད་པར་དུ་འཕགས་པ་སྟེ། འོན་ཀྱང་གཞི་ལ་ལྡོག་པ་གཉིས་སུ་ཕྱེ་བ་ནི་མི་འཐད་དོ་ཞེ་ན། མ་ཡིན་ཏེ། གཉིད་དུ་ཕྱོགས་པ་དང་། གཉིད་དུས་ཀྱི་ཤེས་པའི་རང་ངོ་ལ་རྨི་ལམ་མེད་ཀྱང་། སྣང་ངོ་ལ་ཡུལ་དང་ཁང་ཁྱིམ་སོགས་སྣ་ཚོགས་སུ་འཆར་བ་མི་འགལ་བ་བཞིན་ནོ། །གཞི་དེ་ཉིད་གཟོད་མ་ནས་གནས་ཤིང་དུས་གསུམ་གྱི་མཐའ་ལས་གྲོལ་བས་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དེ། རྒྱལ་བ་གཉིས་པ་མ་ཕམ་པས། །ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཅེས་སོགས་གསུངས་པ་བཞིན་ལ། མདོར་བསྡུ་ན་གཞི་ལ་འབྲས་བུ་དང་། སེམས་ཅན་གྱི་དུས་ན་སངས་རྒྱས་ཀྱི་ཡོན་ཏན་དངོས་ཡོད་པ་དང་། ཏིལ་ལ་ཏིལ་མར་གྱིས་ཁྱབ་པ་ཙམ་དུ་ཡང་ཁས་མི་ལེན་ཅིང་། རིག་པའི་གཞི་ལ་སྲིད་ཞི་གཉིས་ཀའི་འཆར་སྒོ་ཡོད་པས། འཁོར་འདས་འབྲེལ་ལ་མ་འབྲེལ་བའི་གནད་གསང་ཁྱད་པར་ཅན་གྱིས་སྟོན་པ་ཡིན་ལ། དེ་ཡང་རིག་པ་ལུས་དང་འོད་ལ་གནས་པའི་དུས་ནི་གཞི་སྣང་སྟེ། གྲོལ་གཞི་དང་། ནམ་ཞིག་མཐར་ཐུག་གི་ས་ཟིན་པ་དེའི་ཚེ་གྲོལ་སའི་ཀ་དག་གི་གཞི་དབྱིངས་དེ་


JKT005_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆད་ཕྱོགས་ལྷུང་མེད་པའི་ངོ་བོའི་བཞུགས་ཚུལ་ལ་མཉམ་ཡང་། སྔ་མ་ནི་རླུང་སེམས་ཀྱི་ཆ་དང་བཅས་པ་ཡིན་ལ། ཕྱི་མ་ནི་དེ་དག་རྣམ་པར་བྱང་བའི་ཕྱིར་ཁྱད་པར་དུ་དབྱེ་བས་སླད་ཀྱི་འཁྲུལ་གཞི་མི་བྱེད་པ་སོགས་ཟབ་ཅིང་རྒྱ་ཆེ་བའི་གནད་གསང་དཔག་ཏུ་མེད་པ་མཆིས་ལ། དེ་ཉིད་ལམ་གྱི་གནས་སྐབས་སུ་ཀ་དག་སོར་བཞག་གི་ཉམས་ལེན་དང་། ལྷུན་གྲུབ་རང་སྣང་སྦྱབས་འཇུག་གི་ཁྱད་པར་སོགས་ཀྱིས་ བརྩོན་པས། མཐར་ཐུག་ཀྱང་ཐོག་མའི་གཞི་ལ་ཁྱད་ཆོས་དྲུག་གིས་འཕགས་ཤིང་སྐུ་གསུམ་ལྷུན་གྲུབ་ཆེན་པོར་གྲོལ་བ་སྟེ་གཞི་ལམ་འབྲས་གསུམ་དབྱེར་མེད་ཆེན་པོར་བསྟན་པ་ནི་རྡོ་རྗེ་སྙིང་པོ་ཐུན་མོང་མ་ཡིན་པའི་གསང་བ་ཆེན་པོའི་མདོ་དོན་ནོ། །གཉིས་པ་རྒྱུ་སྨིན་བྱེད་ནི། དབང་གསུམ་པའི་དཔེའི་ཡེ་ཤེས་འགྱུར་བཅས་ཀྱི་བདེ་བ་ཙམ་ལ་ལྟོས་མི་དགོས་པར་ཐོག་མ་ནས་མངོན་སུམ་དོན་གྱི་དཀྱིལ་འཁོར་དུ་འཇུག་རུང་བའི་སྐལ་བ་ལྡན་པ་གང་ཞིག་ལ། རྫོགས་པ་ཆེན་པོ་རིག་པའི་རྩལ་དབང་བསྐུར་བ་སྟེ། སློབ་དཔོན་མཉྫུམི་ཏྲས། ཟབ་པ་དོན་གྱི་དབང་མཆོག་ནི། །རིག་པའི་རྩལ་དབང་ཐོབ་པ་སྟེ། །ཆོས་ཉིད་རྟོགས་པས་དབང་ཞེས་བྱ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་སོ། །ཁྱད་པར་མཐར་ཐུག་མན་ངག་གི་སྡེ་པ་ལྟར་ན། རྫོགས་པ་རང་བྱུང་ལས། སྤྲོས་བཅས་སྤྲོས་དང་སྤྲོས་པ་མེད། །ཤིན་


JKT005_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྤྲོས་མེད་རབ་སྤྲོས་མེད། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བར་ལྡན་པ་སྨིན་པར་བྱ། ཞེས་དང་པོས་སྒོ་གསུམ་ཆ་མཉམ་གྱི་དྲི་མ་སྦྱོང་། གཉིས་པས་རྡོ་རྗེ་གསུམ་རང་བྱུང་འོད་གསལ་གྱི་ནུས་པ་འཇུག །གསུམ་པས་སེམས་ཉིད་གཞི་མེད་རྩ་བྲལ་ཀ་དག་དང་། བཞི་པས་མངོན་སུམ་ལྷུན་གྲུབ་ཀྱིས་ལམ་ལ་དབང་བར་བྱེད་པ་སྟེ་ཐུན་མོང་དང་རྣམ་གྲངས་འདྲ་རུང་ཙམ་དུ་བྱུང་ཡང་། དོན་དབང་བཞི་པ་ཉིད་ལ་བཞིར་ཕྱེ་བ་སྟེ་སྨོས་མ་ཐག་པའོ། །གསུམ་པ་ཉམས་སུ་ལེན་པའི་ཚུལ་ནི། སྤྱི་དང་ཁྱད་པར་རོ། །དང་པོ་ནི། བཀོད་པ་ཆེན་པོ་ལས། །ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ། །ཞེས་གསུངས་པ་ལྟར་གོང་དུ་བཤད་པའི་ཀ་དག་གི་གནས་ལུགས་དེ་ཉིད་དབང་པོའི་རིམ་པས་གཞལ་ལུགས་གསུམ་དུ་བྱུང་སྟེ། དང་པོ་ནི། འདི་ལྟར་ཆོས་ཅན་ལ་ཇི་ལྟར་སྣང་བ་ཆོས་ཉིད་ཕྱག་རྒྱས་ཕར་རྒྱས་མི་འདེབས་པར། རང་བྱུང་བྱང་ཆུབ་སེམས་ཀྱི་དབྱིངས་སུ་རྫོགས་པས་རྩལ་ལམ་རོལ་པ་ཙམ་དུ་སྣང་རིག་ངོས་བཟུང་དང་ཕྲལ་ནས་སྐྱེལ་བ་སྟེ། ཀུན་བྱེད་ལས། ཨ་ནི་མ་སྐྱེས་ཆོས་ཉིད་རྣལ་དུ་བཞག །ཏི་ནི་མ་བཙལ་ལྷུན་གྱིས་གྲུབ་པར་གནས། །ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཟེར་སྨྲ་བྱེད་རྣམས། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་


JKT005_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡན། ཞེས་སོགས་གསུངས་པ་ལྟར་རྒྱུ་འབྲས་དག་མཉམ་འཁོར་འདས་དབྱེར་མེད་ཀྱི་དགོངས་པ་སྟེ། ནང་གསེས་སུ་དབྱེ་ན་བདུན་ལ་སོགས་པ་དཔག་ཏུ་མེད་དོ། །གཉིས་པ་ནི། ཆོས་ཅན་གྱི་སྣང་བ་ཇི་ལྟར་གཡོ་ཡང་ཆོས་ཉིད་ཀུན་ཏུ་བཟང་པོའི་ཀློང་དུ་རང་སྣང་གི་བཀོད་པའི་རྒྱན་ཙམ་ལས་བསལ་བཞག་དང་། ཤར་བྱ་ཤར་མཁན་མ་གྲུབ་པས་ན་སྔ་མ་ལྟར་རོལ་པའི་རྩལ་དུ་སྣང་བར་མི་བཞེད་དེ་ཡིན་མིན་ལྟོས་གྲུབ་ལས་འདས་པའི་ཡེ་གྲོལ་ཕྱོགས་ཡན་ཆེན་པོར་བཏན་ལ་ཕབ་པ་སྟེ། དབྱེ་ན་མཐའ་ཡས་ཀྱང་། བསྡུ་ན་བྱས་གྲོལ། བཞག་གྲོལ། ཅེར་གྲོལ་གསུམ་དུ་འདུས་པར་བཞེད་དོ། །གསུམ་པ་ནི། འོག་མ་གཉིས་ལས་ཁྱད་པར་དུ་གྱུར་པ་ཟབ་མོ་མན་ངག་གི་སྡེ་སྟེ། དེ་ཡང་སེམས་སྡེས་ཟབ་མོའི་ཕྱོགས་ཤས་ཆེ་བར་བསྒྲུབས་ཀྱང་། གསལ་བའི་རྩལ་ཆོས་ཉིད་དུ་མ་རྟོགས་པས་ཡིད་དཔྱོད་ཀྱི་མཐར་ལྷུང་ཉེ་ལ། ཀློང་སྡེས་ཟབ་གསལ་ཆ་མཉམ་དུ་བསྒྲུབས་ཀྱང་ཆོས་ཉིད་དུ་འཛིན་པའི་སེམས་ཀྱིས་རྟོག་དཔྱོད་གྱི་གོལ་སར་ཤོར་དུ་ཉེ་བའི་ཕྱིར། འདིར་ངོ་བོ་བརྗོད་བྲལ་ཀ་དག་གི་གཤིས་ལུགས་བློ་འདས་ཆེན་པོར་གཏན་ལ་དབབ་པས་རྟོག་དཔྱོད་ཀྱི་བྱ་མ་ཤོར། རང་བཞིན་ལྷུན་གྲུབ་ཀྱི་རྩལ་སྣང་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་སྡུད་པས་དོན་གྱིས་ཁྱད་པར་དུ་འཕགས་ཤིང་། གཟོད་ནས་གྲོལ་བའི་ཡེ་ཤེས་པ་


JKT005_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བྱ་དང་ལྟ་བྱེད་ཀྱི་འཆིང་གྲོལ་ལས་འདས་པར་རྟོགས་པས་བློས་བྱས་ཀྱི་འོལ་ཚོད་མ་དགོས་པར་དོན་གནད་ཐོག་ཏུ་ཕེབས་པ་སྟེ། གཞན་དུ་ལྟ་བར་རློམས་པའི་འཛིན་སྟངས་སྣ་ཚོགས་པས་ཟད་དང་མི་སྐྱེ་བ་ལས་ཕྱིར་ལྡོག་པའི་མཐུས་སྲིད་པའི་རྩ་བ་སླར་ཡང་བསྐྱེད་པ་ནི། ཐེག་པ་བརྒྱད་དང་། དེ་ཡི་ལྟ་བ་ཐམས་ཅད་བློ་ཡི་གྲུབ་མཐར་བཞག་སྟེ། ཇི་སྐད་དུ། ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། ཞེས་སོ། །གཉིས་པ་ནི། ཁྱད་པར་མན་ངག་གི་སྡེ་དེ་ལའང་ཕྱི་ནང་གསང་བ་ཡང་གསང་བཞིར་དབྱེ་བ་ལས། འདིར་འབྲས་བུའི་ཐུས་ཀ་ཡང་གསང་བླ་ན་མེད་པའི་དབང་དུ་བྱས་ཀཾ ན་གཉིས་ཏེ། དང་པོ་སོར་བཞག་ཀ་དག་གི་གནས་ལུགས་ཁྲེགས་ཆོད་ཀྱིས་གཏན་ལ་དབབ་ཚུལ་ནི། འདི་ལྟར་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བའི་ཆོས་ཉིད་ཟག་བཅས་ཀྱི་ཕུང་པོ་ལྔ་དང་ཚོགས་བརྒྱད་ལས་འདས་པའི་ཟག་བྲལ་གྱི་ཡེ་ཤེས་ཏེ། སེང་གེ་རྩལ་རྫོགས་ལས། སེམས་དང་ཡེ་ཤེས་བག་ཆགས་དངོས་མ་ཡིན། །ཡེ་ཤེས་བག་ཆགས་ཀུན་དང་བྲལ་གྱུར་ཀྱང་། །སེམས་ཀྱིས་སྣ་ཚོགས་བག་ཆགས་སྡུད་པར་བྱེད། །སེམས་དང་ཡེ་ཤེས་གཉིས་སུ་མ་ཕྱེད་ན། །སྣང་བ་ཡུལ་གྱི་རྩ་བ་མི་ཆོད་པས། །རྐྱེན་བྲལ་ཆོས་ཉིད་དག་ཀྱང་རྟོགས་པར་དཀའ། །ཞེས་སོགས་གསུངས་པ་ལྟར། རིན་པོ་ཆེ་


JKT005_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་པའི་རྒྱུད་ནས་དཔེ་ཆོས་ཀྱི་སྒོ་ནས་ཇི་ལྟར་བསྟན་པ་བཞིན་དུ་སེམས་དང་རིག་པའི་ལ་ཤན་དབྱེ་ནས་འདོམས་པ་ནི་ལམ་འདིའི་གནད་ཀྱི་མན་ངག་ཐུན་མོང་མ་ཡིན་པ་སྟེ། དེ་ཡང་རིག་པ་ནི་རྙོག་མ་དང་བྲལ་བའི་ཆུ་ལྟ་བུ་ཡིན་ལ། སེམས་ནི་དེའི་རྩལ་གློ་བུར་དུ་སྐྱེས་པའི་ལྦུ་བ་ལྟ་བུ་སྟེ། ཅིའི་ཕྱིར་ན་རིག་པ་ནི་རང་བཞིན་མེད་པ་ནམ་མཁའི་དཀྱིལ་ལྟར་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ཡིན་ལ། གཅིག་ཤོས་ནི་དམིགས་གཏད་དང་བཅས་པའི་རྣམ་པ་ཅན། བྱུང་ཚོར་སྣ་ཚོགས་པའི་རྟེན་གཞིར་གནས་པའི་ཕྱིར་ཁྱད་པར་ཤིན་ཏུ་ཆེ་བས། དེས་ན་མངོན་སུམ་རང་བྱུང་གི་ཡེ་ཤེས་དེ་ཉིད་ཅར་ཕོག་ཏུ་ངོ་འཕྲོད་པ་ནི་གྲོལ་ལུགས་ཆེན་པོ་ལྔའི་ངང་དུ་གནས་པ་སྟེ། མུ་ཏིག་ཕྲེང་བར། འགག་པ་མེད་པའི་རིག་པ་ལ། །འཁྲུལ་རྒྱུ་མེད་པས་ལྡོག་པ་མེད། །ཡེ་གྲོལ་ཡིན་པས་གཏན་ནས་འཕགས། །རང་གྲོལ་ཡིན་པས་ཡུལ་རྐྱེན་ཟད། །ཅེར་གྲོལ་ཡིན་པས་སྣང་བ་དག །མཐའ་གྲོལ་ཡིན་པས་མུ་བཞི་འགགས། །གཅིག་གྲོལ་ཡིན་པས་དུ་མ་སྟོང་། །ཞེས་སོ། །དེ་ལྟར་མངོན་སུམ་རང་བྱུང་གི་དོན་དེ་ཉིད་ཅོག་བཞག་བཞིའི་སྒོ་ནས་ཉམས་སུ་ལེན་པ་ནི་སྟོང་ངོས་ཀ་དག་གི་རིག་པས་འཛིན་བྱེད་ཀྱི་ཆོས་ཟད་པར་བྱེད་པའི་ཕྱིར་བསྒོམ་མེད་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་པའོ། །གཉིས་པ་ནི། ཁམས་གསུམ་ཕྱི་ནང་གི་འབྱུང་བ་ཐམས་ཅད་འོད་གསལ་


JKT005_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ཆེན་པོའི་ཀློང་དུ་གྲོལ་བར་བྱེད་པ་རྨད་དུ་བྱུང་བའི་གསང་བ་ཐོད་རྒལ་གྱི་ལམ་ནི། བཅའ་བ་ཡུལ་དང་། འཁྲིད་པ་དབྱིངས། སྣང་བ་ཡུལ་གྱི་གནད་གསུམ་པོར་གསུམ་གསུམ་རེ་དབྱེ་བས་ཉམས་སུ་བླང་བ་ནི། རྡོ་རྗེ་ལུ་གུ་རྒྱུད་དེ་ལ་གོམས་པ་རིམ་ཀྱིས་བརྟས་པས་སྣང་བ་བཞིར་འབྱོངས་ཞིང་སྐུ་གསུམ་གྱི་རང་བཞིན་མཐོང་སྟེ་བྱ་རྩོལ་ལས་འདས་པའི་ཚུལ། རང་ཤར་ལས། ཆོས་ཉིད་མངོན་སུམ་། །སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་མཐའ་ལས་འདས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པ་དང་། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ཕེབ་སྣང་བ་ཡིས། །སྐུ་གསུམ་རྟོག་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆད། །ཅེས་སོ། །དེ་བཞིན་དུ་རྗེས་ལ་མཐའ་རྟེན་བཞིའི་མན་ངག་ཀྱང་། །མི་འགུལ་བ་གསུམ་གྱིས་གཞི་བཅའ་བ། །སྡོད་པ་གསུམ་གྱིས་ཚད་བཟུང་བ། །ཐོབ་པ་གསུམ་གྱིས་གཟེར་གདབ་པ། །གདེང་བཞིས་གྲོལ་ཚད་བསྟན་པ་ལ་སོགས་ཀྱིས་མཇུག་བསྡུ་བ་སྟེ། དེ་དག་ནི་མཆོག་ཏུ་ཟབ་པའི་སྙིང་ཏིག་འོད་གསལ་རྡོ་རྗེ་སྙིང་པོའི་མན་ངག་ཁྱད་པར་ཅན་ཡིན་པའི་ཕྱིར། ཉམས་སུ་ལེན་བྱ་ཀུན་གྱི་མཐར་ཐུག་བསྒོམ་ཡོད་ཀྱི་ཕྱོགས་ནས་ཁྱད་པར་དུ་འཕགས་པའོ། །མདོར་ན་རྫོགས་པ་ཆེན་པོའི་གནས་ལུགས་


JKT005_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྟ་བ་ནི་ཡོངས་གྲུབ་དག་མཉམ་ཆེན་པོ། །སྒོམ་པ་ཡིད་དཔྱོད་ཀྱི་བློ་ལས་འདས་པ། འབྲས་བུ་མཚན་རྟོག་ལ་མི་རེ་བར་རང་བཞིན་ངང་གིས་གྲོལ་བ་ཡིན་པའི་ཕྱིར། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས་ཀྱང་། རིག་པའི་ཆོས་ཐམས་ཅད་བདག་རྟོག་གི་བློ་དང་བྲལ་བར་ཤེས་པར་གྱིས་ཤིག །ཅེས་དང་། དེ་བཞིན་དུ་རྒྱུ་འབྲས་ལ་ཟློ་བའི་ཚིག་ཆེན་པོ་བརྒྱད་དང་། རྡོ་རྗེའི་གད་མོ་ཆེན་པོ་བཅུ་དྲུག་ལ་སོགས་པའི་ཨཱ སྒོ་ནས་སྟོན་པ་བཞིན་ནོ། །བཞི་པ་གྲོགས་དམ་ཚིག་ནི། བསྲུང་དུ་མེད་པ་གཅིག་ཅར་བའི་སྡོམ་པ་སྟེ། ཀུན་བྱེད་ལས། ཀྱི། ཀུན་བྱེད་ང་ཡི་དགོངས་པའི་དམ་ཚིག་ནི། །མ་ཡེངས་དྲན་པས་དངོས་པོ་ཡེ་ཤེས་སུ། །མ་བཅོས་སུས་ཀྱང་མ་བྱས་རང་བྱུང་སྟེ། །རིག་པས་དབང་བསྒྱུར་བསྲུང་དང་མི་བསྲུང་མེད། ཅེས་པ་ཉིད་ལའང་། མེད་པ། གཅིག་པུ། ཕྱལ་བ། ལྷུན་གྲུབ་ཀྱི་ཀུན་མཁྱེན་རིན་པོ་ཆེའི་གནས་ལུགས་མཛོད་ལས་གསལ། དམ་ཚིག་སོགས་སུ་ལྡོག་ཆོས་དབྱེ་བ་སྟེ། དེས་ན་ཕྱིར་སྔགས་དང་ཕྱག་རྒྱ་དམ་ཚིག་ཐམས་ཅད་རང་གྲོལ་གྱི་རིག་པ་བསམ་བརྗོད་ལས་འདས་པའི་ངང་དུ་རྫོགས་པའི་ཚུལ། དཔལ་ནཱ་རོ་པས་དེ་ཁོ་ན་ཉིད་སྒྲུབ་པའི་ཐབས་ལས། ཡི་གེ་མེད་པའི་སྙིང་པོའི་གསུང་། །དམ་པ་བྱང་ཆུབ་སེམས་ལ་གནས། །རྒྱལ་པོ་དམ་ཚིག་མ་བཅོས་པ། །བསྲུང་བ་མེད་པའི་ཚུལ་གྱིས་བསྲུང་། །འགྱུར་བ་མེད་པའི་


JKT005_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ལ། །འགྱུར་བ་མེད་པའི་དོན་གྱིས་འདེབས། །མཐའ་དབུས་མེད་པའི་དཀྱིལ་འཁོར་ལ། །ཡེ་ཤེས་འདུ་འཕྲོ་མེད་པར་གསལ། །བསམ་བྲལ་རང་བཞིན་རྒྱལ་བའི་ཐུགས། བྱང་ཆུབ་སེམས་ལས་འདའ་བ་མེད། །ཞེས་སོ། །དེར་མ་ཟད་རང་བཞིན་ཐེག་མཆོག་རྒྱལ་པོའི་དགོངས་པ་དྲན་ཆོག་རྒྱལ་པོ་རིག་པའི་ཆོས་ཉིད་གཅིག་པུའི་ངང་དུ་ཕ་རོལ་ཏུ་ཕྱིན་པའི་ཐབས་སྤྱོད་པ་དང་། ཤེས་རབ་ཏིང་འཛིན་གྱི་ཕྱོགས་ཐམས་ཅད་རྫོགས་པའི་ཚུལ། སྔ་མ་ལས། དེ་ཉིད་སྙིང་པོ་དོན་ལྡན་པ། །འདོད་པའི་ཚོགས་ལ་ཡིད་མི་འཇུག །དེ་བཞིན་ཕ་རོལ་ཕྱིན་པ་དྲུག །རང་བྱུང་རྫོགས་པའི་སེམས་ལ་གནས། །བསམ་བྲལ་མི་རྟོག་དགོངས་པ་ལ། །དེ་ཉིད་ཕ་རོལ་ཕྱིན་དྲུག་ལྡན། །མི་རྟོག་འཛིན་མེད་ཚུལ་ལ་གནས། །མ་ཡེངས་རིག་པ་རྒྱུན་མི་ཆད། །དམིགས་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་དང་། རང་གཞུང་གི་རྒྱུད་སྡེ་གསེར་ཞུན་དུ། བདེ་གཤེགས་མ་ལུས་ཡུམ་དུ་གྱུར་པ་རྒྱལ་བ་ཀུན་གྱི་ཡུམ་གཅིག་པུ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །ཞེས་གསུངས་ཞིང་། གཞན་ཡང་ཐུན་མོང་གི་མདོ་སྡེ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་སོགས་ལས་ཀྱང་གསལ་བར་འབྱུང་ངོ་། །གཞན་དུ་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་གི་ཉམས་སུ་ལེན་པའི་ཚེ་དགེ་སྦྱོར་སྲང་དུ་འཛུད་པའི་ཕྱིར་ཐུན་


JKT005_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་རྣལ་འབྱོར་དང་། ཉི་ཟླ་ཁ་སྦྱོར་ལས་ཐོས་བསམ་འཚོལ་བ་ལ་ཞུགས་པ་ཐེ་བྱ་ལྟ་བུ་ནི། བདེ་སྡུག་རོ་སྙོམས་ཆེན་པོར་ལོངས་སྤྱོད་པའི་རྣལ་འབྱོར་དབང་ཕྱུག་གི་བར་དུ་བོགས་སྤྱོད་པས་འདོན་ཚུལ་རྣམས་ནི་མན་ངག་གི་ཡི་གེ་ལས་ཤེས་ལ། །གཞན་ཡང་བྱེ་བྲག་གི་བསྲུང་བྱའི་ངེས་འབྱེད་ཐུན་མོང་བ་ནི། རྟོག་བྱེད་ལྟ་བའི་དམ་ཚིག །སྤྱོད་པ་རྒྱུན་གྱི་དམ་ཚིག །གལ་མདོ་ངེས་པའི་དམ་ཚིག་སོགས་དཔག་ཏུ་མེད་པ་དབྱེ་བ་ནི་རིག་པ་རང་ཤར་སོགས་ལས་བསྟན་ལ། ཁྱད་པར་གསང་བ་ཆེན་པོ་ཐོད་རྒལ་གྱི་དབྱིངས་རིག་མི་འགྱུར་བ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་གནད་ལ་གཟིར་བས་རྩོལ་སྒྲུབ་ཀྱི་སྤྱོད་པ་ཐམས་ཅད་དེ་ཁོ་ན་ཉིད་ལ་གནས་པའི་ཚུལ་ཀྱང་། སྒྲོན་མ་སྣང་བྱེད་ལས། ཡེ་ནས་དེ་ལྟར་ཤར་ནས་ཡོད། །སྐྱེས་བུའི་རྩོལ་བས་བྱུང་བ་མིན། །དཀྱིལ་འཁོར་དེ་ཡིན་ལྷ་དེ་རང་། །སྔགས་དང་ཕྱག་རྒྱ་མཆོད་པ་དེ། །བསྐྱེད་དང་རྫོགས་པའི་རིམ་པ་དེ། །སངས་རྒྱས་སེམས་ཅན་འཁོར་འདས་ཡིན། དབང་དང་སྡོམ་པ་དམ་ཚིག་ཡིན། །རང་གི་བླ་མ་ལྷ་ཡང་ངོ་། །ཞེས་སོ། །ལྔ་པ་གྲུབ་པའི་འབྲས་བུ་ནི། སྤྱི་དང་། ཁྱད་པར་རོ། །དང་པོ་གནས་ལུགས་ཡེ་གྲོལ་ལ་ཕར་ཕྱིན་གྱི་སྒོ་དང་བསྟུན་ནས་ས་ལམ་གྱི་འགྱུར་རིམ་པར་བརྩི་བའི་ཚུལ་ནི། རང་ཤར་ལས། ས་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ཏེ། བདེན་པ་མཐོང་བའི་གང་ཟག་གཅིག་


JKT005_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ས་རྣམས་རྫོགས་ནས་ཡོད་དོ། །དེའང་ངོ་སྤྲད་བསྟན་པའི་གང་ཟག་དེ་དང་པོ་བདེན་པ་མཐོང་བའི་དུས་ན་ས་དང་པོ་རབ་ཏུ་དགའ་བའོ། །ཞེས་པ་སོགས་ནས་བཅུ་དྲུག་པ་ཡེ་ཤེས་བླ་མའི་བར་དུ་རྒྱས་པར་བཤད་པ་དང་། དེ་བཞིན་དུ། ཀློང་གསལ་ལས། བདེན་པ་མཐོང་བའི་གང་ཟག་གིས། །དང་པོའི་ས་ནས་བཅུ་དྲུག་བར། །རིམ་པར་ཉམས་སུ་བླངས་པས་འབྱུང་། །གཞན་དང་སྒོ་བསྟུན་གནས་སྐབས་ཀྱི། །ཡོན་ཏན་འབྲས་བུ་ཐོབ་ཚུལ་ལོ། །ཞེས་སོ། །གཉིས་པ་ལམ་སྣང་ཆེན་པོ་ལྷུན་གྲུབ་ཀྱི་འཆར་སྒོ་སྣང་བ་རྣམ་པ་བཞི་ལ། མཆེད་པ་དང་ཉེ་བར་མཆེད་པ། འཐོབ་པ་དང་ཉེ་བར་ཐོབ་པ་བཞི་བཞིར་དབྱེ་བའི་བཅུ་དྲུག་པོ་དེ་ལ་གནས་སྐབས་ཀྱི་འབྲས་བུ་དང་། དེ་ཡང་ཁྲེགས་ཆོད་ཀྱི་ལུས་རྡུལ་ཕྲན་དུ་དེངས། སེམས་ཆོས་ཉིད་དུ་དེངས། ཐོད་རྒལ་གྱི་སྐུ་གསུམ་གྱི་རབ་རྩལ་རྫོགས་ཏེ་ལུས་འོད་གསལ་དུ་གྲོལ་བས་སྐྱེ་འཇུག་གཉིས་ལ་དབང་ཐོབ་ནས་འཇའ་ལུས་འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་རུ་བཞེངས་ནས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་རྟག་པ་རྒྱུན་གྱི་འཁོར་ལོར་མཛད་པ་རྒྱལ་དབང་པདྨ་ཀ་ར་དང་། པཎྜི་ཏ་བི་མ་ལ་མི་ཏྲ་ལྟ་བུའོ། །གང་དག་སྔགས་འོག་མར་རླུང་སེམས་ཀྱི་འདུ་བས་བསྐྱེད་པའི་བདེ་གསལ་མི་རྟོག་དང་། དེའི་རྟགས་ཤེས་ཉམས་བཅུ་ལ་སོགས་པ་ཐམས་ཅད་ཀྱང་འགྱུར་བ་


JKT005_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་བདག་ཉིད་བློ་དང་ལྷན་ཅིག་པའི་ཕྱིར་གོ་ལས་ཡང་མང་ཞིང་ཡིད་དཔྱོད་ཀྱི་མཐར་ལྷུང་ལ། རྒྱུ་དེས་ན་རགས་ལུས་དྭངས་སྐུར་གྱུར་ཙམ་གྱིས་མཁའ་སྤྱོད་ལ་གཤེགས་པར་གྲགས་པ་སོགས་དང་ཁྱད་པར་ཆེ་བར་ཡོད་པ་ཡང་ཤེས་དགོས་སོ། །རྟེན་དེ་ཉིད་ལ་རེ་ཞིག་གདུལ་བྱ་མེད་ན་ཕྱིར་གསལ་ཟུང་འཇུག་གི་སྐུ་བཞིའི་སྣང་བ་དེ་ཉིད་ཕྲ་བའི་ཡེ་ཤེས་གཏིང་གསལ་གཞོན་ནུ་བུམ་སྐུ་གཞི་ལས་ཁྱད་ཆོས་དྲུག་གིས་འཕགས་པའི་ཆོས་ཉིད་དུ་བཞུགས་ཏེ། དེ་ཡང་ངོ་བོ་ཀ་དག་གི་ཆ་ནས་ཆོས་སྐུ་སྤྲོས་པ་དང་བྲལ་ལ། རང་བཞིན་ལྷུན་གྲུབ་ཀྱི་ཆ་ནས་གཟུགས་སྐུ་གཉིས་ཀྱི་ཉེར་ལེན་དུ་གྱུར་པ་སྟེ། དེ་ཡི་རྩལ་ལས་ཡེ་ཤེས་ལྔ་དང་། ཇི་ལྟ་བ་དང་ཇི་སྙེད་མཁྱེན་པ་སོགས་ཀྱི་ཡོན་ཏན། ཡན་ལག་བཞི་དང་ལྡན་པའི་ཁ་སྦྱོར་གྱི་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་སྐུའི་ཡན་ལག་གཉིས་ལ་སོགས་པ་ཐམས་ཅད་ཀྱི་འཆར་གཞིར་གནས་པ་སྟེ་ཤེལ་འོད་ནང་དུ་ནུབ་པ་ལྟ་བུའོ། །དེ་ཡང་ཕྱིར་གསལ་དུ་བཞེངས་པའི་ཕྱེད་སྤྲུལ་དང་རང་སྣང་གི་ལོངས་སྐུ། མཆོག་དང་ཕལ་བའི་སྤྲུལ་པ་སོགས་ཀྱི་རྣམ་དབྱེ་རྒྱས་པ་ནི་གཞན་དུ་ཤེས་པར་བྱའོ། །དེ་དག་གི་རྒྱུད་སྡེའི་རྣམ་གྲངས་ནི། རིག་པའི་ཁུ་བྱུག་སོགས་བེ་རོའི་སྔ་འགྱུར་ལྔ་དང་། རྩེ་མོ་བྱུང་རྒྱལ་སོགས་གཡུ་སྒྲའི་ཕྱི་འགྱུར་བཅུ་གསུམ་སྟེ་བསྡོམས་པས་སེམས་སྨད་བཅོ་བརྒྱད་དུ་གྲགས་པ་དང་། དེ་སྟེང་བཻ་


JKT005_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རོའི་སྔ་འགྱུར་ཀུན་བྱེད་རྒྱལ་པོ། རྨད་བྱུང་རྒྱལ་པོ། མདོ་བཅུ་གསུམ་བཅས་སེམས་སྡེ་ཉེར་གཅིག་སོགས་མཐའ་ཡས་ལ། །དེ་བཞིན་དུ་ཀློང་སྡེའི་རྒྱུད། འཁོར་བ་དོང་སྤྲུགས། རིན་ཆེན་གསང་བ། བྱ་བྲལ་མེད་པ། ནམ་མཁའ་ཀློང་ཡངས་སོགས་དང་། མན་ངག་གི་སྡེ་ལ་སྒྲ་ཐལ་འགྱུར་གྱིས་མཚོན་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་སོགས་བསམ་གྱིས་མི་ཁྱབ་པ་དག་གོ། །དེ་ལ་ཐེག་པ་འོག་མ་དྲུག་གི་མདོ་རྒྱུད་ཀྱང་སྔ་འགྱུར་གྱི་ཚེ་ཆོས་མང་དུ་བྱོན་ལ། ཁྱད་པར་ནང་རྒྱུད་སྡེ་གསུམ་ནི་སློབ་དཔོན་སངས་རྒྱས་གཉིས་པ་དང་། བི་མ་བེ་རོ་སྐ་ཅོག་རྨ་གཉགས་སོགས་འཕགས་བོད་ཀྱི་ལོ་པཎ་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཀའ་དྲིན་དང་། འཇམ་དཔལ་གཞོན་ནུར་གྲགས་པ་མཐོན་མཐིང་གི་ཟུར་ཕུད་ལ་ཐོད་ཀྱི་གདེངས་ཀས་བསྒྲིབས་ཏེ་གངས་ཅན་གྱི་བདག་པོའི་སྒྱུ་འཕྲུལ་ལ་ཞུགས་པ་སྙིང་སྟོབས་ཀྱི་རྒྱལ་མཚན་གཡོ་བ་མེད་པའི་མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་བདག་པོའི་རྐྱེན་ལ་བརྟེན་ནས་ཡོངས་སུ་སྣང་བར་མཛད་པའི་ཚུལ་ལ་བསམས་ཀྱིན་ལག་པའི་ཆུ་སྐྱེས་སྤྱི་བོར་འཛུམ་པ་ལས་གཞན་དུ་མ་མཆིས་མོད་ཀྱི། འོན་ཀྱང་ཐུན་མོངས་མ་ཡིན་པའི་ཟབ་གསང་བླ་ན་མེད་པའི་རྡོ་རྗེའི་གནས་ལ་ལྟ་བའི་བློ་གྲོས་ཀྱི་འདྲེན་བྱེད་ལྗོངས་ཤིང་། ཡིད་སྲུབ་ཀྱི་མདེའུས་ཉོན་མོངས་པའི་མཆུ་སྒྲོས་


JKT005_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་ལས་གྱི་ན་བ་དག་གིས་སྒྲོ་སྐུར་སྣ་ཚོགས་པ་ནན་གྱིས་སྨྲ་བ་བྱུང་མོད་དེ། དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་དམ་པའི་ཆོས་ཀྱི་རིམ་པ་ཟབ་ཅིང་རྒྱ་ཆེ་བ་དག་ཇི་བཞིན་དུ་གཟིགས་པའི་སྤྱན་རས་ཡངས་པོར་གྱུར་ཅིང་། དོན་ལ་རྟོན་པའི་རིག་སྔགས་ཀྱི་མཐུ་བླ་ན་མེད་པར་གྲུབ་པ་དག་གིས་དེ་དག་སྙིང་རྗེའི་ཡུལ་དུ་གཟིགས་ཀྱང་། དེ་ལྟར་མ་ཡིན་པའི་བླུན་པོ་གྲགས་པའི་རྗེས་སུ་ཡིད་ཕྱོགས་པ་འགའ་ཞིག་ལོག་ལམ་ལ་གོམས་བ་འདེགས་སུ་བཅུག་པ་ནས་བཟོད་དུ་མེད་པའི་སྡུག་བསྔལ་ལ་སྤྱོད་པ་བཟློག་པའི་སླད་སྔོན་བྱོན་གྱི་མཁས་པ་དང་གྲུབ་པའི་ཐེམ་སྐས་ཆེན་པོ་ལ་འཛེགས་པ་དག་གིས་ཀྱང་ཚར་ཟློ བཅད་པའི་གཏམ་གྱི་སྐབས་ཡང་དག་པར་དབྱེ་བར་མཛད་པ་དག་ལས་རིག་པར་བྱ་ཞིང་། གཞན་དུ་ཁོ་བོས་ཀྱང་དེ་དག་གི་དོན་བསྡུས་པའི་ས་བོན་ལྟ་བུ་ལས་ཀྱང་གསལ་བས་འདིར་མ་བཀོད་དེ་ཡི་གེས་ཀྱང་འཇིགས་སོ། །དེ་ལྟར་རིམ་པ་དགུའི་ཐེག་པའི་རྣམ་གཞག་དེ་དག་ཀྱང་སྤང་བྱ་ཉོན་མོངས་པ་དང་། རྟོགས་བྱ་དོན་དམ་པའི་བདེན་པ་མངོན་དུ་བྱ་བའི་ཚུལ་ལ་འདུ་མོད། འོན་ཀྱང་འདོད་ཚུལ་ནི་ཐ་དད་པ་སྟེ། ཕྱོགས་སྔ་མ་ན་ཉན་ཐོས་ཀྱིས་སྤོང་པ། རང་རྒྱལ་གྱིས་འགེགས་པ། བྱང་ཆུབ་སེམས་དཔས་སྦྱོང་བ། ཕྱི་རྒྱུད་སྡེ་གསུམ་གྱིས་གནས་བསྒྱུར་བ། ནང་རྒྱུད་གཉིས་པོས་ཐབས་ཀྱིས་རོལ་པ། མཐར་ཐུག་གི་


JKT005_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་རྫོགས་པ་ཆེན་པོས་རང་གི་ཡེ་ཤེས་སུ་ལྷུན་གྲུབ་ཀྱིས་གྲུབ་པར་རྟོགས་པ་སྟེ། དེ་དག་ཐམས་ཅད་ཀྱང་མི་འཆིང་པའི་ཐབས་ཁོ་ན་ལས་གཞན་དུ་མ་གྱུར་ཀྱང་། འོན་ཏེ་དབང་པོའི་རིམ་པས་སྔ་མ་རྣམས་ལས་ཕྱི་མ་དག་གིས་ཟབ་མྱུར་དཀའ་བ་མེད་པ་སོགས་ཀྱི་ཕྱིར་རིམ་གྱིས་ཁྱད་པར་དུ་འཕགས་པ་འདི་ཁོ་ནས་ཀྱང་འགྲུབ་བོ། །ཕྱོགས་ཕྱི་མ་ལྟར་ན། ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་དང་། རང་རྒྱལ་གྱིས་དེའི་སྟེང་ཆོས་ཀྱི་བདག་མེད་ཕྱེད་ཙམ་རྟོགས་པ་དང་། འགའ་ཞིག་གིས་དེ་གཉིས་ཀྱིས་བདག་མེད་གཉིས་ཀ་ཕྱོགས་རེ་ཙམ་རྟོགས་པར་འདོད་ཅིང་། དེ་ལས་ཆེན་པོ་བདུན་གྱིས་འཕགས་པའི་བྱང་སེམས་ལ། ཆོས་ཐམས་ཅད་རྣམ་རིག་ཙམ་དུ་སྟོན་པ་སེམས་ཙམ་སྟེ། གསུམ་པོ་འདི་ནི་དངོས་སྨྲའི་ཕྱོགས་སུ་བསླན་ཏེ། དེ་ལས་ཁྱད་པར་དུ་གྱུར་པ་སྟོང་ཉིད་མེད་དགག་གཙོ་བོར་བཞེད་པ་རང་རྒྱུད་པ་དང་། དེའི་སྟོང་འཛིན་གྱིས་མ་བསལ་བ་ཙམ་དུ་ཁས་ལེན་ཐམས་ཅད་དང་བྲལ་བ་ཉིད་ལ་གཙོ་བོར་བྱེད་པ་ཐལ་འགྱུར་བ་སྟེ་རྒྱུའི་ཐེག་པ་གསུམ་དང་། དེ་ལས་ཀྱང་ཟབ་མྱུར་བདེ་བ་སོགས་དང་། ཁྱད་པར་དུ་ཐབས་ཀྱི་ཆ་ནས་བླ་ན་མེད་པ་དང་། བདེན་པ་དབྱེར་མེད་དུ་རྟོགས་པའི་ཤེས་རབ་ཀྱིས་ཀྱང་འཕགས་པ་གསང་སྔགས་ལ། བྱ་རྒྱུད་དུ་བདག་གི་དེ་ཁོ་ན་ཉིད་དང་། སྤྱོད་རྒྱུད་དུ་སྟོང་ཉིད་ཟུང་འཇུག་གི་བྱང་


JKT005_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། རྣལ་འབྱོར་གྱི་རྒྱུད་ཐོག་མཐའ་མེད་པ་གཞིའི་རྒྱུད་སོགས་སུ་འདོད་པ་ཡང་བདེན་གཉིས་རེས་འཇོག་ཙམ་དུ་སྟེ། དེ་ལས་ཁྱད་པར་དུ་ནང་རྒྱུད་སྡེ་གསུམ་གྱི་རྣལ་འབྱོར་ཆེན་པོར་རང་རིག་པ་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ། རྗེས་སུ་རྣལ་འབྱོར་དུ་དབྱིངས་ཡེ་གཉིས་མེད་སྲས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སོགས་སུ་འདོད་པ་གང་ཞིག་སྣང་ཕྱོགས་དང་སྟོང་ཕྱོགས་སོ་སོར་དབྱེ་ནས་སླར་ཟུང་དུ་འཇུག་པའི་ཁྱད་པར་ཙམ་གྱི་བྱེད་པ་བློ་དང་ལྷན་ཅིག་པས་ན་ཁོང་ལོང་བདུན་གྱིས་གཉིས་འཐུང་གི་སྐྱེ་མཆེད་དང་མར་གྱི་ཁ་དོག་ལ་བརྟགས་པའི་དཔེ་དང་བཅས་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས་བསྟན་པ་ལྟར་ཏེ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་འཁྲུལ་པར་བཤད། །ཅེས་གསུངས་པ་བཞིན། རྫོགས་པ་ཆེན་པོའི་རང་ངོས་ནས་གཞལ་ན་ཀ་དག་གི་གནས་ལུགས་ཕྱོགས་རེ་བ་ཙམ་བློ་དང་བཅས་པས་མཐོང་བ་ལ་མཆོག་ཏུ་འཛིན་པ་ཡིན་པའི་ཚུལ་ཞིབ་ཏུ་ཤེས་པར་འདོད་ན་ཀུན་མཁྱེན་རིན་པོ་ཆེའི་ཐེག་མཆོག་མཛོད་ལས་རྟོགས་པར་བྱའོ། །གསལ་བར་བསྟན་ལ། དེ་ལས་ཀྱང་སེམས་ཀློང་མན་། ངག་སྡེ་གསུམ་དང་། ཕྱི་མ་ལ་ཡང་ཡང་གསང་བླ་ན་མེད་པའི་སྐོར་ཁོ་ན་ཁྱད་པར་དུ་འཕགས་པར་འདོད་པ་སྟེ། ཅིའི་ཕྱིར་ན་སྔར་སྨོས་པ་ལྟར་ཡིད་དཔྱོད་ཀྱི་བློ་སྒོམ་ཉི་ཚེ་བ་ཙམ་ལ་ལྟོས་མི་འཆའ་བར་མངོན་


JKT005_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་རང་ཐོག་ཏུ་གཏན་ལ་དབབ་ཏུ་ཡོད་པའི་ཕྱིར་རོ། །འོན་ཀྱང་གོང་མའི་ལམ་གྱིས་འོག་མ་རིམ་པར་སུན་དབྱུང་བ་ལྟར་སྣང་བ་ནི། རང་རང་གི་བློ་ཁྱད་ཀྱིས་དོན་དམ་པའི་བདེན་པར་འདོད་པའི་ཕྱོགས་རེ་རིམ་གྱིས་རྫོགས་པས་འཕགས་ཆོས་ཀྱི་རང་རྟགས་ཙམ་ལས་ཆེད་དུ་དམིགས་པ་མ་ཡིན་ཏེ། འཕགས་པ་འཇམ་དཔལ་གྱིས། བྱ་བ་རྣམས་ལ་རྣལ་འབྱོར་རོ། །ལམ་ཆེན་དག་ཏུ་ཡོངས་འཛིན་པ། །རི་དྭགས་སྒྲིག་རྒྱུར་སྙེགས་པ་ལྟར། །རྟག་ཏུ་སྣང་ཡང་མི་ཟིན་ཏོ། །དེ་བས་དེ་དག་ཐམས་ཅད་ཀུན། །ཡང་དག་མིན་པའི་བློ་དང་བཅས། །གོང་མ་གོང་མའི་རྣལ་འབྱོར་བློ། །འོག་མ་འོག་མས་ཁྱད་པར་འཕགས། །འོག་མའི་བློ་ནི་གོང་མ་ཡིས། །ཤེས་རབ་ཀྱིས་ནི་སུན་འབྱིན་ནོ། །ཞེས་དང་། དབུ་མ་ལས་ཀྱང་། ཆོས་འདི་དེ་བཞིན་གཤེགས་པ་ཡིས། །རྩོད་པ་མཛད་ཕྱིར་གསུངས་མ་ལགས། །འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །འདི་ཡིས་ཕས་ཀྱི་རྒོལ་བ་སྲེག །ཅེས་དང་། སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མས་རིམ་གྱིས་གནོད། །ཞེས་སོ། །འོ་ན་རྫོགས་པ་ཆེན་པོ་ཁོ་ན་ལས། ཐེག་པ་གཞན་གྱི་ལྟ་བ་དང་སྒོམ་པ་དང་འབྲས་བུ་དཔག་ཏུ་མེད་པ་བསྟན་པ་དག་དོན་མེད་དུ་མི་འགྱུར་རམ་ཞེ་ན། མ་ཡིན་ཏེ། དེ་ཡང་སྡེ་སྣོད་བཞི་དང་། དེ་ལ་བརྟེན་པའི་སྡོམ་པ་གསུམ་དང་། ཕ་རོལ་ཏུ་


JKT005_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་དྲུག་དང་། སྨིན་གྲོལ་གྱི་ལམ་ཟབ་མོ་དཔག་ཏུ་མེད་པ་དེ་དག་ཐམས་ཅད་ཀྱང་ལམ་འདིར་བགྲོད་པའི་ངལ་སྟེགས་ཙམ་དང་། རིམ་གྱིས་དྲང་བའི་ཕྱིར་དུ་གསུངས་ཏེ། འཇམ་དཔལ་ཞལ་ལུང་ལས། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །དཔལ་ལྡན་ཀུན་གྱི་ངོ་བོ་རིམ་གཉིས་འདིས། །སྡུག་བསྔལ་དང་བཅས་བསྐལ་པ་གསུམ་དུ་ཡང་། །རང་རང་རྗེས་མཐུན་བྱང་ཆུབ་བླ་དང་བཅས། །ཐོབ་ནས་དེ་བདེ་ཅུང་ཙམ་རབ་ཚོགས་པ། །རྣལ་འབྱོར་རྣམས་ཀྱིས་ཅི་ཕྱིར་སྒོམ་མི་བྱེད། ཅེས་དང་། གྲུབ་ཆེན་ཨིནྡྲ་བྷཱུ་ཏིའི་དབང་གི་འཁོར་ལོའི་མན་ངག་ལས། རང་བཞིན་གྱིས་ན་འོད་གསལ་ཞིང་། །རྫོགས་པ་ཆེན་པོའི་མཐར་ཐུག་པ། །མན་ངག་ཀུན་གྱི་མཆོག་གི་མཆོག །དེ་སྒྲུབ་ཐབས་སུ་གསུངས་པར་ཟད། ཅེས་གསུངས་པ་བཞིན་ཏེ། གཞན་ཡང་ལུང་རིགས་ཀྱི་འཐད་པ་མང་དུ་ཡོད་མོད་ཀྱི་འདིར་དེ་ཙམ་མོ། །དེ་ཡང་སྤངས་པ་དང་རྟོགས་པའི་ཕྱོགས་གཉིས་ཀྱི་སྒོ་ནས་བརྗོད་པ་དེས་ན་ཐེག་པ་རིམ་པ་དགུའི་རྣམ་གཞག་ཐམས་ཅད་མདོར་བསྡུས་ཏེ་བསྟན་པ་ཡིན་པའི་ཕྱིར་ཟློས་པའི་སྐྱོན་དུ་མི་བཟུང་ངོ་། །དེ་ལྟར་གསང་སྔགས་སྔ་འགྱུར་གྱི་བཞེད་པའི་དགོངས་དོན་ཕྱོགས་ཙམ་ཞིག་སྨོས་ནས། ཞར་ལ་སྔགས་གསར་མའི་འདོད་ཚུལ་བླ་ན་མེད་པ་དག་ཀྱང་ས་བོན་ཙམ་ཞིག་བརྗོད་པར་བྱ་སྟེ།


JKT005_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་སྤྱིར་རྒྱུད་སྡེའི་གྲངས་ངེས་དབྱེ་བ་དང་། བྱེ་བྲག་ཏུ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དགོངས་པ་གཏན་ལ་དབབ་པའོ། །དང་པོ་ནི། གཉིས་སུ་མེད་པ་དུས་ཀྱི་འཁོར་ལོ་རྒྱུད་སྡེ་སྟོང་ཕྲག་བདུན་ཅུ་རྩ་བཞིར་གསུངས་པ་ནི་རྡོ་རྗེའི་ལུས་ལ་རྩ་དེ་སྙེད་ཡོད་པ་ལ་དགོངས་ཤིང་། །ཐབས་ཀྱི་རྒྱུད་གསང་བ་འདུས་པར་སྟོང་ཕྲག་སུམ་ཅུ་རྩ་བཞིར་བཞག་པའི་རྒྱུ་མཚན་ནི་ཀཱ་ལི་སུམ་ཅུ་རྩ་བཞིའི་མཐའ་བསྟན་པའོ། །ཤེས་རབ་ཀྱི་རྒྱུད་སྡེ་ཀྱེ་རྡོ་རྗེ་ལས་ནི་བཞིར་གསུངས་ཏེ། དེ་དག་ལས་ཕྱི་མ་འདི་ཉིད་ཀྱི་གྲངས་ངེས་བཞག་པའི་རྒྱུ་མཚན་ཅུང་ཟད་བརྗོད་ན་བཞི་སྟེ། དང་པོ་ནི་རྫོགས་ལྡན་ལ་སོགས་པའི་དུས་སུ་འདོད་ཁམས་ཀྱི་གང་ཟག་བཞི་རྗེས་སུ་བཟང་པའི་ཕྱིར་དུ་ངེས་ཏེ། སམྦུ་ཊི་ལས། དགོད་དང་ལྟ་དང་ལག་བཅངས་དང་། །གཉིས་གཉིས་འཁྲིལ་བའི་བྱེ་བྲག་གིས། །སྲིན་བུའི་ཚུལ་གྱིས་རྒྱུད་བཞི་ཡིན། །ཞེས་པ་ལྟར་བྱ་རྒྱུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྗེས་སུ་ཆགས་པས་ཐབས་དང་ཤེས་རབ་ཕན་ཚུན་ལྟ་བ། སྤྱོད་རྒྱུད་དུ་འཛུམ་པ། རྣལ་འབྱོར་གྱི་རྒྱུད་དུ་ཕྱག་རྒྱ་འབྲེལ་བ། བླ་མེད་དུ་ལྷན་ཅིག་ཏུ་འཁྱུད་པ་ཁོ་ནར་འབྱུང་ངོ་། །གཉིས་པ་དབང་པོ་རྣོ་རྟུལ་བཞིར་དགོངས་པའི་ཚུལ་ཀྱང་། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །རྣལ་འབྱོར་མཆོག་རྣམས་རྣལ་འབྱོར་རྒྱུད། །རྣལ་


JKT005_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཆེན་པོ་དེ་ལྟག་གོ །ཞེས་སོ། །གསུམ་པ་ཕྱིན་ཅི་ལོག་བཞི་རྗེས་སུ་བཟུང་པའི་ཕྱིར་གསུངས་ཏེ། གཏི་མུག་ཅན་ཚངས་པའི་རྗེས་སུ་འབྲང་བ་དང་གཙང་སྦྲ་ཆོས་སུ་སྨྲ་བ་དང་། ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲང་བ་འཚེ་བ་ཆོས་སུ་སྨྲ་བ། ང་རྒྱལ་ཅན་བརྒྱ་བྱིན་གྱི་རྗེས་སུ་འབྲང་བ་དང་། ཆགས་པ་ཅན་དབང་ཕྱུག་གི་རྗེས་སུ་འབྲངས་ནས་འདོད་ཆགས་ཆོས་སུ་སྨྲ་བ་སྟེ་བཞི་བོར་རིམ་པར། བྱ་བའི་རྒྱུད་ལ་སོགས་པ་བསྟན་པ་ཡིན་ནོ། །བཞི་པ་བྲམ་ཟེ་སོགས་མི་རིགས་བཞི་རྗེས་སུ་བཟུང་བའི་ཕྱིར་བསྟན་པར་ཡང་འདོད་དོ། །རྡོ་རྗེ་ས་འོག་ལས། བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང་། །དམངས་རིགས་རྗེས་སུ་གཟུང་བའི་ཕྱིར། །རྡོ་རྗེ་འཛིན་པ་ཉིད་ཀྱིས་ནི། །རྒྱུད་སྡེ་རྣམ་པ་བཞི་བཤད་དེ། །ཕྱི་མ་འདི་ལ་མཁས་པ་འགའ་ཞིག་གིས་གཞུར་བརྟགས་བྱས་ཀྱང་འོན་ཏེ་རྒྱུད་ལས་གསལ་བ་ནི་སྨོས་མ་ཐག་པའི་ལུང་|གིས་ཤེས་སོ། །གཞན་དུ་དུས་ཀྱི་འཁོར་ལོར་གནས་སྐབས་བཞིའི་གཉེན་པོར་གསུངས་པ་སོགས་ཀྱང་འདོད་དོ། །གཉིས་པ་ནི། རྣལ་འབྱོར་རྒྱུད་མན་གྱི་ཉམས་སུ་ལེན་ཚུལ་སྔར་བཤད་པ་དང་མི་མཐུན་པ་ཆེར་མེད་པས་དེར་རྟོགས་ཤིང་། བླ་མེད་ཀྱི་རྒྱུད་ལ་ཕ་རྒྱུད་དང་། མ་རྒྱུད་དང་། གཉིས་མེད་ཀྱི་རྒྱུད་སྡེ་གསུམ་དུ་དབྱེ་སྟེ། དང་པོ་ནི། གསང་བ་འདུས་པ་དང་། དམར་ནག་འཇིགས་གསུམ་སོགས་གཤེད་


JKT005_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་རྒྱ་མཚོ་ལྟ་བུ་རྣམས་སོ། །གཉིས་པ་ནི། དེ་ཡང་ཀྱེ་རྡོ་རྗེ་ཡན་ལག་དང་བཅས་པ། བདེ་མཆོག་འཁོར་ལོའི་སྐོར་ཐམས་ཅད་དོ། །གསུམ་པ་ནི་དཔལ་དུས་ཀྱི་འཁོར་ལོ་དང་། སྔ་འགྱུར་དུ་རྡོར་སེམས་སྒྱུ་དྲྭ་སོགས་སོ། །འོན་ཀྱང་ཕྱི་མ་འདི་ལ་བཞེད་ཚུལ་ཐ་དད་དེ། ས་སྐྱ་པ་ཡབ་སྲས་ཀྱིས་ཀྱེ་རྡོར་དང་། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱིས་དུས་འཁོར་ཁོ་ན་གཉིས་མེད་ཀྱི་རྒྱུད་དུ་འདོད་ལ། །རྗེ་ཙོང་ཁ་པས་བླ་མེད་ཀྱི་རྒྱུད་ཐམས་ཅད་གཉིས་མེད་དུ་བཞེད་པ་སོགས་མང་ངོ་། །དེ་ལ་ཉམས་སུ་ལེན་ཚུལ་གྱི་དགོངས་པ་ནི། བསྐྱེད་རྫོགས་གཉིས་ལས། དང་པོ་ནི་སྤྱིར་ཕ་རྒྱུད་རྡོ་རྗེ་གསུམ་དང་། མ་རྒྱུད་དུ་མངོན་བྱང་ལྔ་སོགས་ཀྱིས་བསྐྱེད་པ་གཙོ་བོར་གསུངས་ལ། ཁྱད་པར་ཐབས་ཀྱི་རྒྱུད་གསང་འདུས་སོགས་སུ་ཆོ་གའི་ཆིངས་ཡན་ལག་བཞིར་བཞག་སྟེ། དེ་ཉིད་ལས། བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་བར་སྒྲུབ་པ་གཉིས་པ་ཡིན། །སྒྲུབ་པ་ཡང་ནི་གསུམ་པ་སྟེ། །སྒྲུབ་པ་ཆེན་པོ་བཞི་པའོ། །ཞེས་སོ། །ཡེ་ཤེས་ཀྱི་སྐུ་བསྒོམ་པ་ནས་འོད་གསལ་དུ་སྡུད་པའི་བར་བསྙེན་པ། དེ་ལས་ལུས་དཀྱིལ་དུ་ལྡངས་པ་ཉེར་སྒྲུབ། སྒོ་གསུམ་བརླབས་ནས་རིགས་བདག་གི་རྒྱས་གདབ་པར་སྒྲུབ་པ། དཀྱིལ་འཁོར་རྒྱལ་མཆོག་མན་སྒྲུབ་ཆེན་གྱི་ཡན་ལག་ཏུ་འཇོག་སྟེ་བཞིའོ། །གཞན་ཡང་ཕ་རྒྱུད་གཤེད་སྐོར་ལས་ནི། རྒྱུ་རྡོ་


JKT005_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཛིན་པ་རྣལ་འབྱོར། འབྲས་བུ་རྡོ་རྗེ་འཛིན་པ་རྗེས་སུ་རྣལ་འབྱོར། དེ་ལས་སྤྲོས་པའི་དཀྱིལ་འཁོར་གྲུབ་པ་ནི་ཤིན་ཏུ་རྗེས་སུ་རྣལ་འབྱོར། དེ་ནས་ཉེར་བསྡུས་ཀྱི་བར་རྣལ་འབྱོར་ཆེན་པོར་བཤད་པ་སོགས་མཐའ་ཡས་སོ། །གཉིས་པ་མ་རྒྱུད་ལས་ཆོ་གའི་ཆིངས་ཡན་ལག་དྲུག་སྟེ། རྡོ་རྗེ་གུར་གྱི་ལུང་དོན་སློབ་དཔོན་མི་ཐུབ་ཟླ་བས་བཀྲལ་བ་ལས། རྡོ་རྗེ་རྗེས་ཆགས་བྱེད་པ་དང་། །སངས་རྒྱས་གཞལ་མེད་བྱེ་བྲག་བསྒོམ། །དབང་བསྐུར་བདུད་རྩི་མྱོང་བ་དང་། མཆོད་བསྟོད་ཡན་ལག་དྲུག་པའོ། །ཞེས་གསུངས་ཏེ། དེ་ཡང་སྔོན་འགྲོ་རྣམ་སྣང་། ལྷ་ཚོགས་རྗེས་ཆགས་ཀྱིས་བསྐྱེད་པ་རྡོར་སེམས། དབང་བསྐུར་མི་བསྐྱོད། བདུད་རྩི་མྱོང་བ་འོད་དཔག་མེད། མཆོད་པ་དོན་གྲུབ། བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་སྟེ་དེ་དག་དང་རྗེས་སུ་མཐུན་པའི་ཕྱིར་རོ། །གསུམ་པ་གཉིས་མེད་ཀྱི་རྒྱུད་སྡེ་དུས་ཀྱི་འཁོར་ལོ་ལས་ནི། རྒྱལ་མཆོག་དང་པོ་སྐུ་རྡོ་རྗེ་བསྙེན་པའི་ཡན་ལག་སྤྲུལ་སྐུ་སྒྲུབ་བྱེད་རྫོགས་རིམ་སོར་བསམ་གྱི་སྨིན་བྱེད་ལུས་ཀྱི་དྲི་མ་རགས་པ་སྦྱོང་བའི་ལམ། གསུང་རྡོ་རྗེ་ཉེར་སྒྲུབ་ཀྱི་ཡན་ལག་ལས་རྒྱལ་མཆོག་རྣམ་པ་ཉི་ཤུས་བྱང་ཆུབ་པ་ལོངས་སྐུ་སྒྲུབ་པའི་རྫོགས་རིམ་སྲོག་འཛིན་གྱི་སྨིན་བྱེད་ངག་གི་དྲི་མ་རགས་པ་སྦྱོང་བའི་ལམ། བསྐྱེད་རིམ་གྱི་རྣལ་འབྱོར་གསུམ་པ་ཐུགས་རྡོ་རྗེ་སྒྲུབ་པའི་ཡན་ལག་རྫོགས་པ་ཐིག་


JKT005_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ལེའི་རྣལ་འབྱོར་ཡིད་ཀྱི་དྲི་མ་རགས་པ་སྦྱོང་བའི་ལམ། ཡེ་ཤེས་རྡོ་རྗེ་སྒྲུབ་ཆེན་གྱི་ཡན་ལག་ཕྲ་མོའི་རྣལ་འབྱོར་མས་བརྟན་གྱི་མཐར་ཐུག་འགྱུར་བདེ་སྤངས་པའི་ལྷན་སྐྱེས་ཀྱི་སྨིན་བྱེད་དུ་འགྲོ་བས་བསྐྱེད་རིམ་དངོས་གཞི་ལ་བསྙེན་སྒྲུབ་ཡན་ལག་བཞིའི་རྣམ་པར་གཞག་པ་སྟེ། དེ་སྐད་དུ། བུམ་པའི་དབང་ངོ་། དབང་བདུན་ལམ་མཆོག་ས་བདུན་སྤངས་རྟོགས་སྒྲུབ། །སྔགས་ཀྱི་ཚོགས་ལམ་ཆུང་ངུ་རྟག་སྒོམ་ལམ། །རྫོགས་རིམ་སྨིན་བྱེད་སྒོ་གསུམ་ཡེ་ཤེས་སྦྱོང་། །བསྙེན་སྒྲུབ་བཞི་ལྡན་བསྐྱེད་རིམ་མཐར་ཕྱིན་ཤོག །ཅེས་སོ། །དེ་ལས་གཞན་དུ་སྐད་ཅིག་གིས་བྱང་ཆུབ་པ། རྣམ་པ་ལྔས་བྱང་ཆུབ་པ། རྣམ་པ་ཉི་ཤུས་བྱང་ཆུབ་པ། སྒྱུ་འཕྲུལ་དྲྭ་བས་བྱང་ཆུབ་པ་ཞེས་དང་། དབྱིབས་སྔགས་ཆོས་དང་རྣམ་པར་དག་པའི་རྣལ་འབྱོར་བཞི་ལ་སོགས་པ་རྣམས་གྲངས་ཀྱི་ཚུལ་དུ་འབྱུང་ངོ་། །གཞན་ཡང་ཐུན་མོང་བ་བཤད་རྒྱུད་རྡོར་ཕྲེང་སོགས་ནི། དཀྱིལ་འཁོར་གྱི་ལྷ་ཡབ་ཡུམ་ཞལ་སྦྱོར་དུ་བསྐྱེད་པ་སྦྱོར་བ། དེ་ལས་འཁོར་གྱི་ཚོམ་བུ་སྤྲོ་བ་དཀྱིལ་འཁོར་རྒྱལ་མཆོག །མཆོད་བསྟོད་ཕྲིན་ལས་སོགས་ལས་རྒྱལ་མཆོག་ཏུ་བཞག་སྟེ། རྡོ་རྗེ་གུར་ལས། དང་པོ་སྦྱོར་བའི་ཏིང་འཛིན་མཆོག །རྣལ་འབྱོར་པས་ནི་སྙོམས་འཇུག་བྱ། །དེ་ལས་དཀྱིལ་འཁོར་རྒྱལ་མཆོག་སྟེ། །དེ་ལས་ཡང་ནི་ལས་རྒྱལ་མཆོག །ཅེས་སོ། །གཉིས་པ་རྫོགས་རིམ་ལ།


JKT005_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཕ་རྒྱུད་གསང་འདུས་སོགས་སུ་རླུང་ལ་གནད་དུ་བསྣུན་པས་ངག་དབེན་སྲོག་རྩོལ་རྡོ་རྗེའི་བཟླས་པ། ལུས་ཐ་མལ་གྱི་ཞེན་པ་འགོག་ཕྱིར་ལྷའི་སྐུར་བསྒྲུབས་པས་ལུས་དབེན་སྐུ་རྡོ་རྗེ། རླུང་ལས་སུ་རུང་ནས་ཁམས་ཀྱི་ཞུ་བདེ་འཕོ་མེད་དུ་བཅིངས་པ་ལ་སོགས་པས་སྟོང་པ་གསུམ་གྱི་ཡེ་ཤེས་བསྐྱེད་པ་སེམས་དབེན་ཐུགས་རྡོ་རྗེ། དེ་ལྟ་བུའི་སྟོང་པ་གསུམ་འོད་གསལ་དང་བཅས་པ་ཡང་སླར་ལུགས་ལྡོག་ཏུ་ཤར་བས་རླུང་སེམས་ཟུང་འཇུག་གིས་རྡོ་རྗེ་སེམས་དཔའི་སྒྱུ་མའི་སྐུར་གྲུབ་པ་སྟེ་དབེན་པ་གསུམ་མམ། །གཞན་དུ་རིམ་པ་ལྔར་དབྱེ་བ་སོགས་དང་། དེ་བཞིན་དུ་གཤེད་སྐོར་གྱི་རྫོགས་རིམ་ཐ་དད་པ་རྣམས་སོ། །གཉིས་པ་མ་རྒྱུད་ལ། ཀྱེ་རྡོ་རྗེའི་ཉམས་སུ་ལེན་བྱ་ཐུན་མོང་མ་ཡིན་པ་ལམ་འབྲས་བུ་དང་བཅས་པ་ཞེས། སྣང་བ་གསུམ་དང་། རྒྱུད་གསུམ། རྟེན་འབྲེལ་ལྔ། མན་ངག་བདུན་སོགས་ཀྱིས་འཁྲིད་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་སྐོར་ཆེས་ཟབ་ཅིང་རྒྱ་ཆེ་བ་དང་། བདེ་མཆོག་ལ་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་བཀྲལ་པའི་སེམས་བརྟན་པར་བྱེད་པ་བདག་བྱིན་རློབ་པའི་རིམ་པ། རླུང་གི་སྦྱོར་བ་སྣ་ཚོགས་རྡོ་རྗེའི་རིམ་པ། ཕྱག་རྒྱ་བཞི་ལ་བསྟེན་པ་ནོར་བུ་འགེངས་པ། གཏུམ་མོའི་སྦྱོར་བ་ཛ་ལནྡྷ་ར་ཟུང་འཇུག་གི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྟེ་རིམ་པ་ལྔར་གྲགས་པ་དང་། གཞན་ཡང་ལུ་ནག་གི་རྫོགས་རིམ་སོགས་དང་།


JKT005_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་དབྱིབས་སྔགས་ཆོས་གསུམ་དང་། ཕྱག་རྒྱ་བཞི་ལ་སོགས་པ་མཐའ་ཡས་ཤིང་། དེ་དག་ཐམས་ཅད་ཀྱི་ཉམས་སུ་ལེན་བྱའི་སྐོར་བསྡུས་པ་ནཱ་རོ་དང་ནི་གུ་ཆོས་དྲུག་སོགས་སོ། །གསུམ་པ་གཉིས་སུ་མེད་པའི་རྒྱུད་སྡེ་དམ་པ་དང་པོའི་སངས་རྒྱས་ལས་ནི་སྦྱོར་བ་ཡན་ལག་དྲུག་ཏུ་གསུངས་ཏེ། རྩ་རྒྱུད་ལས། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་བསྒྲུབ་བྱ་ནི་དེ་བཞིན་གཤེགས་པའི་གསང་བ་གསུམ་ཡིན་ལ། སྒྲུབ་བྱེད་སོ་སོར་སྡུད་པ་དང་བསམ་གཏན་གཉིས་ཀྱིས་དབུ་མ་སྦྱང་ཞིང་རྡོ་རྗེའི་སྐུ་སྒྲུབ། སྲོག་རྩོལ་གྱིས་དེར་རོ་རྐྱང་གི་རླུང་འཛུད། འཛིན་པས་དེ་བརྟན་པར་བྱེད་པས་དེ་གཉིས་ཀྱིས་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པ་སྒྲུབ། རྗེས་དྲན་གྱིས་ཕྱག་རྒྱ་ལ་བརྟེན་ནས་བྱང་སེམས་བཞུ་བ་དེ་ཟག་ཐལ་གྱི་ངང་དུ་བཟུང་བས་འགྱུར་བ་མེད་པ་ཉིད་སྒྲུབ། དེ་ལ་ཁ་སྦྱོར་སྟོང་གཟུགས་ཀྱི་ཏིང་ངེ་འཛིན་དང་རོ་གཅིག་པས་བདེ་སྟོང་ཟུང་འཇུག་ཐུགས་རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་སྒྲུབ་པའོ། །དེ་དག་མདོར་བསྡུ་ན་ཕ་རྒྱུད་རྣམས་སུ་རླུང་ལྔ་དབྱིངས་སུ་འཆིང་བས་གསལ་སྟོང་གི་ཡེ་ཤེས་བསྐྱེད་པ་དང་། མ་རྒྱུད་རྣམས་སུ་ཁམས་བྱང་ཆུབ་ཀྱི་སེམས་ལ་གཙོ་བོར་རྩལ་འདོན་ཅིང་དངོས་ཡིད་ཀྱི་ཕྱག་རྒྱ་ལ་


JKT005_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་བདེ་སྟོང་དགའ་བཞིའི་ཡེ་ཤེས་བསྐྱེད་པ་དང་། གཉིས་མེད་ཀྱི་རྒྱུད་རྣམས་སུ་རྩ་ཁམས་རླུང་གསུམ་གྱི་ཞུ་བདེས་དྲངས་པའི་མི་རྟོག་པ་གཅིག་དང་དུ་བྲལ་བསམ་གྱིས་མི་ཁྱབ་པའི་འོད་གསལ་ཐིག་ལེ་ཆེན་པོ་ལ་གཙོ་བོར་བྱེད་པའོ། །དེ་ཡང་ཉམས་སུ་ལེན་པའི་ཚུལ་གྱི་གོ་རིམ་ནི། སློབ་དཔོན་འཕགས་པ་ཡབ་སྲས་དང་། རྡོ་རྗེ་དྲིལ་བུ་པ་སོགས་དང་། དཔལ་མར་མེ་མཛད་ལ་སོགས་པས་ནི་བསྐྱེད་རིམ་བརྟན་ནས་རྫོགས་རིམ་བསྒོམ་པར་བཞེད་ཅིང་། གྲུབ་ཆེན་ཌོམྦི་པས་ཀྱང་དེ་བཞིན་དུ་བཞེད་པར་གསུངས་ལ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བསྐྱེད་རིམ་ལ་རྫོགས་རིམ་གྱིས་རྒྱས་བཏབ་ནས་བསྒོམ་པ་དང་། པཎ་ཆེན་ག་ཡ་དྷ་ར་སོགས་ཀྱི་རྗེས་འཛིན་མར་འབྲོག་གི་བརྒྱུད་པ་འཛིན་པ་སྤྱི་ནི་སྟན་ཐོག་གཅིག་ཏུ་རིམ་པས་གཉིས་ཀ་བསྒོམ་པར་བཞེད་དོ། །དེ་ལྟར་གསང་སྔགས་ཕྱི་འགྱུར་གྱི་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་ཉམས་སུ་ལེན་ཚུལ་མིང་ཙམ་ཞིག་སྨོས་ཏེ། གཞན་དུ་རང་གི་རིང་ལུགས་ཐ་དད་པའི་ཡིག་ཆ་དང་། རྒྱུད་སྡེ་སྤྱིའི་རྣམ་པར་བཞག་པ་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་དང་། རྗེ་བཙུན་རིན་པོ་ཆེ་བསོད་ནམས་རྩེ་མོ་སོགས་ཀྱིས་མཛད་པ། སོགས་ལས་རྟོགས་པར་བྱ་བ་ལས་འདིར་སྨོས་ཀྱིས་མི་ལང་ངོ་། །དེ་ཡང་སྤྱིར་རྒྱ་གར་འཕགས་པའི་ཡུལ་དུ་གསར་རྙིང་ཐ་དད་ཀྱི་བཞེད་པ་མེད་ཀྱང་། གངས་ཅན་པ་རྣམས་ཀྱིས་འགྱུར་


JKT005_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ཕྱིའི་དབྱེ་བ་ལས་དེ་སྐད་དུ་སྒྲོ་བཏགས་པ་སྟེ། དེ་ཡང་པཎྜི་ཏ་སྨྲི་ཏི་ཛྙཱ་ན་བྱོན་པ་ཡན་ལ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་བསྒྱུར་བ་ཇི་སྙེད་པ་ཐམས་ཅད་ནི་རྙིང་མའམ་སྔ་འགྱུར་དང་། འཇམ་དཔལ་དབྱངས་རིན་ཆེན་བཟང་པོས་འགྱུར་མགོ་ཚུགས་ནས་བཟུང་། འཕགས་བོད་ཀྱི་ལོ་པཎ་སོ་སོའི་བཀའ་དྲིན་ལས་ཕེབས་པ་རྣམས་ནི་གསང་སྔགས་ཕྱི་འགྱུར་གསར་མ་ཞེས་གྲགས་ལ། འདི་གཉིས་ཀྱི་ཁྱད་པར་ནི་ཀུན་མཁྱེན་རོང་པ་པཎྜི་ཏ་ཆོས་ཀྱི་བཟང་པོ་སོགས་ཀྱིས་འཕགས་ཆོས་དྲུག་ལ་སོགས་པ་བཞག་པར་མཛད་པ་བཞིན་ནོ། །ཁྱད་པར་གསང་སྔགས་སྔ་འགྱུར་རང་གི་གྲུབ་པའི་མཐའ་ལ་མ་ཧཱ་ཡོ་ག་ཉིད་ལ་ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད་གསུམ་དུ་ཕྱེ་ནས་གསར་མའི་རྣལ་འབྱོར་ཆེན་པོ་དང་འདྲ་མཚུངས་སུ་བཞག་པ་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་གཉིས་ནི་དེ་དག་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་ཚུལ་གྱི་སྒྲུབ་བྱེད་ཀྱང་མང་དུ་མཆིས་མོད། འོན་ཀྱང་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཤིང་གཞུང་ལུགས་མཐའ་དག་གདམས་པར་འཆར་བ་ཞིག་ལ་ནི་དབྱེར་ཆེར་མེད་མོད་ཀྱི། གཞན་དུ་རང་རང་གི་འཕགས་ཆོས་བརྗོད་པ་ཙམ་ལ་ཡིད་དབྱུང་ནས་སྐུར་པ་འདེབས་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་བསམ་གྱིས་མི་ཁྱབ་ཅེས་དཔག་པར་དཀའ་བས་


JKT005_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་དྲན་པར་བྱས་ནས་འགལ་འདུའི་ཀུན་སློང་ཐམས་ཅད་དབུ་མའི་དབྱིངས་སུ་ཉེ་བར་ཞི་བ་ལ་མཁས་པར་བྱའོ། །དེ་ལྟར་རིམ་པ་དགུའི་ཐེག་པའི་མངོན་རྟོགས་ཡན་ལག་དང་བཅས་པ་མཚོན་ཙམ་ཞིག་སྨོས་ནས། ཞར་བྱུང་དུ་ཟབ་ཅིང་རྒྱ་ཆེ་བའི་བསྟན་པ་དེ་ཉིད་ཇི་ལྟར་སྟོན་ཅིང་བསྡུས་པའི་ཚུལ་དང་། གང་བཤད་པའི་བསྟན་པ་དེ་ཉིད་ཀྱི་གནས་ཚད་བརྗོད་པའོ། །དང་པོ་ཐེག་ཆེན་གྱི་ལུགས་ལྟར་ན། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། གང་གིས་དཔལ་ལྡན་སྟུག་པོ་བཀོད་པར་དོན་དམ་ཉིད་བརྙེས་ནས། །སླར་ཡང་དགའ་ལྡན་སྐྱེ་བོའི་དོན་དུ་དམ་པ་ཏོག་དཀར་གྱུར། །དེ་ནས་འདིར་ནི་འགྲོ་བའི་དོན་དུ་ཤཱཀྱའི་ཏོག་གྱུར་པ། །འཆི་བ་ལས་རྒྱལ་སྒྱུ་མ་མཐའ་ཡས་སྟོན་དེ་རྒྱལ་གྱུར་ཅིག །ཞེས་མཆོད་པར་བརྗོད་པའི་གཏམ་གྱིས་སྐབས་དབྱེ་བ་བཞིན། རྒྱལ་བ་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་དང་བཅས། །དེ་བཞིན་གཞན་ཡང་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་སོ། །སྐུ་བཞིའི་དབང་ཕྱུག་དེ་ཉིད་བསྐལ་པ་བསམ་གྱིས་མི་ཁྱབ་པའི་སྔོན་རོལ་ནས་འོག་མིན་གྱི་ཞིང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་གོ་འཕང་ཆེན་པོར་ལྷུན་གྱིས་གྲུབ་པར་གཤེགས་ཤིང་། སླར་ཡང་ལོངས་སྤྱོད་རྫོགས་པའི་རང་མདངས་རྣམ་པར་སྤྲུལ་པའི་མཆོག་གི་སྤྲུལ་པའི་སྐུ་མཛད་པ་བཅུ་གཉིས་ཀྱི་སྒྱུ་འཕྲུལ་མཐའ་ཀླས་པས་འགྲོ་


JKT005_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐམས་ཅད་འདུལ་བར་བཞེད་དེ། རྒྱན་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །སྐྱེ་བ་མངོན་པར་སྐྱེ་བ་དང་། །ཞེས་སོགས་མཛད་པ་བཅུ་གཉིས་ཀྱི་རྣམ་པར་བཞག་པ་བསྟན་པ་དང་། གཞན་དུ་ཡང་དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ལས། འདི་རྣམས་སྒྲོལ་བའི་སླད་དུ་རྒྱལ་བའི་བདག་པོ་ལས་ཀྱི་སར་ནི་རབ་ཞུགས་ཏེ། །མངལ་རྣམས་རབ་ཏུ་བཟུང་བར་མཛད་ཅིང་མཆོག་གི་ཐུགས་རྗེ་བྱང་ཆུབ་བསྐྱེད་པར་མཛད་ནས་ནི། །ཉོན་མོངས་དང་ནི་བདུད་རྣམས་བཅོམ་སྟེ་ས་ཡི་སྟེང་དུ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། །སྤྲུལ་པའི་སྒྱུ་མ་མཛད་ནས་སླར་ཡང་བཅོམ་ལྡན་འདས་ནི་དག་པའི་སྐུ་ཅན་དེ་ཉིད་ཁོ་ནའོ། །ཞེས་གསུངས་པ་ལྟར་ལས། འདིར་སྐབས་སུ་བབས་པ་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་ལས། མཚན་ཉིད་ཀྱི་ཐེག་པ་གསུམ་གྱི་རིམ་པ་གསུངས་པའི་ཚུལ་ནི་སྔར་བཤད་ཟིན་ལ། དེ་ཡང་གདུལ་བྱའི་བློ་ལ་ལྟོས་ནས་རིམ་གྱིས་འཇུག་པའི་སྐལ་བ་ཅན་དག་ཆོས་འཁོར་གསུམ་རིམ་པར་བཤད་པ་དང་། དུས་གཅིག་ཆར་དུ་འཇུག་པ་དག་ལ་སྐད་ཅིག་གིས་བསྟན་ཀྱང་མི་འགལ་ཏེ། ཇི་སྐད་དུ། ང་ཡིས་ཅི་ཡང་མ་གསུངས་པར། སེམས་ཅན་ཀུན་ལ་ཁྱབ་གདལ་སྣང་། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་


JKT005_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། །ཡིད་བཞིན་རེ་བ་རྣམ་སྐོང་བའི། །གསུང་གི་ཆེ་བ་དེ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །བཀའ་བསྡུས་པའི་ཚུལ་ལ་གཉིས་ལས། དང་པོ་ཐེག་པ་ཆུང་ངུའི་སྡེ་སྣོད་གསུམ་ནི་རིམ་པར། ཉེ་བར་འཁོར། ཀུན་དགའ་བོ། །འོད་སྲུང་ཆེན་པོ་གསུམ་གྱིས་དགྲ་བཅོམ་པ་ལྔ་བརྒྱ་དང་ལྷན་ཅིག་རྒྱལ་པོའི་ཁབ་ནྱ་གྲོ་དྷའི་ཕུག་ཏུ། སྟོན་པ་མྱ་ངན་ལས་འདས་ནས་རིང་པོར་མ་ལོན་པར་མ་སྐྱེས་དགྲས་ཡོ་བྱད་སྦྱར་ཏེ་དབྱར་གནས་ཀྱི་ཚེ་སོ་སོར་བསྡུས་པ་ནི་དང་པོའོ། །བསྡུ་བ་གཉིས་པ་ནི། ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུ་སྤེལ་བ་ཉིད། ཟློ གྲགས་པ་ལ་སོགས་པའི་དགྲ་བཅོམ་པ་བདུན་བརྒྱས་སུན་བྱུང་ཞིང་། སྡེ་སྣོད་གསུམ་རྫོགས་པར་བཏོན་ནོ། །བསྡུ་བ་གསུམ་པ་ནི། དགེ་སློང་ལྷ་ཆེན་པོ་སོགས་ཀྱིས་རུང་མིན་གྱི་གཞི་ལྔ་བསྒྲགས་ཤིང་སོ་སོར་ཐར་པའི་མདོ་བཀླག་ཚུལ་མ་མཐུན་པའི་དབང་གིས་སྡེ་པ་བཅོ་བརྒྱད་དུ་གྱེས་པའི་ཚེ། རྒྱལ་པོ་ཀ་ནི་ཥས་སྦྱིན་བདག་བྱས་ནས། དགྲ་བཅོམ་པ་ལྔ་བརྒྱ་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སྐྱེའི་བཙུན་པ་ཁྲི་དྲུག་སྟོང་རྣམས་ཀྱིས་བསྡུས་པར་འདོད་པ་དང་། གཞན་དུ་ཡང་བཞེད་ཚུལ་མི་འདྲ་བ་ཐ་དད་པ་ཡོད་ཀྱང་། མདོར་ན་འདུལ་བའི་སྡེ་སྣོད་ཡི་གེར་བཀོད་པ་དང་། སྡེ་པ་བཅོ་བརྒྱད་ཐམས་ཅད་སངས་རྒྱས་


JKT005_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཀར་བསྒྲུབས་པ་སོགས་མཛད་པ་ཡིན་ནོ། །གཉིས་པ་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ནི་རྟོག་གེ་འབར་བ་ལས། ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པོ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་། གསང་བའི་བདག་པོ་དང་། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །ཞེས་རྒྱལ་བོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་སམྦྷའི་རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་དང་ལྷན་ཅིག་ཏུ། བྱམས་པས་འདུལ་བ། འཇམ་དཔལ་གྱིས་མདོ་སྡེ། གསང་བདག་གིས་མངོན་པ་སོགས་བསྡུས་པར་འཆད་དོ། །ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་རྨད་དུ་བྱུང་བ་རྣམས་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང་། ཞེས་པ་ལྟར་ཐོག་མཐའ་མེད་པའི་དུས་ནས། རང་སྣང་ཤིན་ཏུ་རྣམ་པར་དག་པའི་རྡོ་རྗེའི་འོག་མིན་ཆེན་པོ་རྒྱུན་མཐའི་སེམས་དཔའ་རྣམས་ལ་སྣང་བ་དང་། དེ་བཞིན་དུ་ས་བཅུ་པ་ལ་སྣང་བའི་འོག་མིན་ཙམ་པོ་དང་། །ས་བརྒྱད་པ་ལ་སྣང་བའི་བཏགས་པའི་འོག་མིན། གཞན་ཡང་རང་བཞིན་སྤྲུལ་པའི་ཞིང་ཁམས་དང་། འགྲོ་འདུལ་སྤྲུལ་པའི་ཞིང་ཁམས་རྣམས་སུ་དུས་གསུམ་དུ་གཤེགས་པའི་རྒྱལ་བ་ཞི་ཁྲོའི་སྒྱུ་འཕྲུལ་མཐའ་


JKT005_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཀླས་པས་གསུངས་པ་ནི་དཔག་ཏུ་མེད་ཅིང་། དེ་ཉིད་འཇིག་རྟེན་གྱི་ཁམས་འདིའི་ཡང་རི་བྱ་རྐང་ཅན་དང་། བསིལ་བའི་ཚལ་དང་། ལངྐའི་གནས་ལ་སོགས་པར་སྟོན་པ་ཐུབ་པའི་དབང་པོ་དཀྱིལ་འཁོར་གྱི་བདག་པོའམ། ཆགས་བྲལ་གྱི་རྣམ་པས་ཀྱང་རྒྱུད་སྡེ་མང་དུ་གསུངས་ཞིང་། དེ་བཞིན་དུ་ཨོ་རྒྱན་གྱི་ཡུལ་དུ་ཨིནྡྲ་བྷཱུ་ཏིས་གསོལ་བ་བཏབ་པའི་ངོར། སྟོན་པ་འཁོར་དང་བཅས་པ་རྫུ་འཕྲུལ་གྱིས་གཤེགས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་ཏེ། རྒྱལ་པོ་ལ་དབང་བསྐུར་བས་དེ་ཉིད་དུ་ཟུང་འཇུག་གི་སྐུ་འགྲུབ་སྟེ། རྒྱུད་ཐམས་ཅད་གཏད་པར་བཞེད་པ་དང་། གཞན་ཡང་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་ཆོས་རྒྱལ་ཟླ་བ་བཟང་པོས་མཚོན་འདུས་པའི་འཁོར་ཐམས་ཅད་ལ་དམ་པ་དང་པོའི་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་རྒྱུད་སྡེ་མཐའ་དག་བསྟན་པར་བཞེད་ལ། དེ་བཞིན་དུ་ཆུ་བོ་ནེ་རཉྫུནའི་འགྲམ་དུ་དཀའ་ཐུབ་ཀྱི་ལུས་བཞག་སྟེ་ཡེ་ཤེས་ཀྱི་ལུས་འོག་མིན་གྱི་ཞིང་དུ་གཤེགས་ནས་མངོན་བྱང་ལྔ་ཡི་རོལ་པར་སངས་རྒྱས་ཏེ། རི་རབ་ཀྱི་རྩེ་རྡོ་རྗེ་ནོར་བུའི་ཁོང་སེང་དང་། རྒྱ་མཚོའི་འགྲམ་ལ་སོགས་པར་བྱོན་ནས་ཡོ་གའི་རྒྱུད་རྣམས་གསུང་། དེ་ནས་ཨོ་ཌི་ཡཱ་ན་དང་། ཟ་ཧོར་གྱི་ཡུལ་ལ་སོགས་པར་བྱོན་ནས་རྒྱུད་སྡེ་མཐའ་ཡས་པར་བསྟན་ཏེ། སླར་བཏགས་པའི་ལུས་ལ་ཞུགས་ནས་འཚང་རྒྱ་བའི་


JKT005_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བསྟན་པ་སོགས་བཞེད་ལ། དེ་ཡང་བྱ་སྤྱོད་རྣལ་འབྱོར་ལ་སོགས་པའི་རྒྱུད་སྡེ་ཐ་དད་པའི་གླེང་གཞི་ནས་སྨོས་པ་ལྟར་རོ། །དེ་ལྟར་བསྟན་པའི་རྒྱུད་སྡེ་ཐམས་ཅད་ཀྱི་སྡུད་པ་པོ་ནི་སྤྱིར་དཔལ་གསང་བ་འཛིན་པའི་བདག་པོ་ལག་ན་རྡོ་རྗེ་སྟེ། གཞན་དུ་དུས་འཁོར་ཟླ་བཟང་། བརྟག་གཉིས་རྡོ་རྗེ་སྙིང་པོ། །སྡོམ་འབྱུང་ཕྱག་རྡོར་སོགས་ཞུ་བ་པོ་དེ་ཉིད་ཀྱིས་བསྡུས་པ་དང་། ཁྱད་པར་ངེས་པའི་དོན་དུ། གསང་བ་གྲུབ་པ་ལས། རྒྱུད་འཆད་པ་དེ་ཐུགས་རྡོ་རྗེ། །འཆད་པ་པོ་དེ་སྡུད་པའང་དེ། །ཞེས་སོ། །དེ་ལས་མི་མཇེད་ཀྱི་ཁམས་འདི་དང་། བྱེ་བྲག་ཏུ་བོད་ཡུལ་གྱི་འགྲོ་བའི་བསོད་ནམས་ཀྱི་དཔྱིད་དུ་ཇི་ལྟར་ཐོབ་པའི་ཚུལ་ནི་གསང་སྔགས་གསར་རྙིང་གཉིས་ཏེ། དང་པོ་ནི། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་ཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོར་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། ཞེས་གསུངས་པ་ལྟར་ཕལ་ཆེར་གྱིས་མཚན་ཉིད་ཀྱི་ཐེག་པ་གསུམ་ནི་ཞལ་ནས་གསུངས་པའི་བཀའ་དངོས་དང་། འབྲས་བུའི་ཐེག་པ་ནི་རྗེས་སུ་གནང་


JKT005_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བཀའ་ཁོ་ནར་འདོད་ཀྱང་མ་ངེས་ཤིང་། དེས་ན་འགྲོ་བ་ཕལ་པའི་སྤྱོད་ཡུལ་དུ་དངོས་སུ་མ་གྲགས་པ་ཙམ་ལ་དགོངས་པར་མངོན་ཏེ། དེ་ཡང་སྔར་སྨོས་པ་ལྟར་ཨོ་རྒྱན་གྱི་ས་སྤྱོད་འབྱུང་པོའི་དབང་པོ་ཞེས་ཀྵབྱ་བ་དེས་རྒྱུད་སྡེ་རྣམས་གླེགས་བམ་དུ་བྱས་ཤིང་། སྐྱེ་བོ་རྣམས་ལ་བསྟན་པས་ཡུལ་དེའི་འགྲོ་བ་ཐམས་ཅད་ཟུང་འཇུག་གི་སྐུར་གཤེགས། དེ་ནས་ཡུལ་ཁམས་ཐམས་ཅད་རོལ་མཚོར་གྱུར་ནས་ཀླུས་ཁེངས་པ་ལ་གསང་བདག་གིས་རྒྱུད་སྡེ་རྣམས་སྩལ་ཏེ་སྨིན་གྲོལ་བྱིན་པས་དེ་དག་གིས་ཉམས་སུ་བླངས་པས་མིར་གྱུར་ཏེ་གྲུབ་པ་ཐོབ་ཅིང་། འབྱུང་འགྱུར་གྱི་བརྒྱུད་པ་དང་བཅས་པ་དཔའ་བོ་དང་ཌཱ་ཀིའི་རིགས་ཅན་དུ་གྱུར་པས་ཨོ་རྒྱན་མཁའ་འགྲོའི་གླིང་ཞེས་གྲགས་པ་ནས། ཕྱིས་གྲུབ་པའི་འཁོར་ལོས་སྒྱུར་བ་ཡོངས་ཀྱི་ཁྱུ་མཆོག་མདའ་བསྣུན་ཞབས་དང་། ནཱ་གཱ་རྫུ་ན། བི་རཱུ་པ། ཀུ་ཀུ་རི་པ། ལ་ལི་ཏ་བཛྲ། ལཱུ་ཧི་པ། སངས་རྒྱས་ཡེ་ཤེས་ཞབས་སོགས་ཀྱིས་རྫུ་འཕྲུལ་རྡོ་རྗེའི་བཀོད་པ་ལ་བརྟེན་ནས་སྤྱན་དྲངས་ཤིང་། གཞན་ཡང་ཤམྦྷ་ལ་སོགས་ཡུལ་ཆེན་དང་། ཡུལ་ཕྲན་གཞན་དག་ནས་ཀྱང་། ཙི་ལུ་པཎྜི་ཏ་ལ་སོགས་པས་བླངས་ནས་རིམ་པར་དར་རོ་ཞེས་གྲགས་སོ། །ཕྱི་རྒྱུད་སྡེ་གསུམ་ནི། སྒེག་རྡོར། ཤཱཀྱ་བཤེས་གཉེན། སངས་རྒྱས་གསང་བ། ཁྱད་པར་དུ་ཀུན་དགའ་རྒྱུད་སྡེ་བརྒྱ་རྩའི་འགྲེལ་པ་མཛད་པ་པོ། སྙིང་པོ་སོགས་ཀྱིས་


JKT005_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེར་སྤེལ་བར་མཛད་དོ། །གཉིས་པ་གསང་སྔགས་སྔ་འགྱུར་ལྟར་ན་རྒྱུད་སྡེ་དང་། སྒྲུབ་སྡེ་གཉིས་ལས། དང་པོ་ནི། སྔོན་འོག་མིན་དང་། དགའ་ལྡན། སུམ་ཅུ་རྩ་གསུམ་གྱི་གནས་ཏེ་ལྷ་གནས་གསུམ་དུ་གྲགས་པའི་གསང་བའི་ཐེག་པ་བླ་ན་མེད་པ་ཉིད། དམ་པའི་རིགས་ཅན་དྲ་མ་ལྔ་ཏིང་ངེ་འཛིན་ལས་བཞེངས་ཏེ་ལངྐའི་ཡུལ་གྱི་རི་མ་ལ་ཡའི་རྩེ་མོར་འདུས་ནས་གདུང་ཚིག་ཉི་ཤུ་རྩ་གསུམ་གྱིས་བསྐུལ་བས་གསང་བའི་བདག་པོ་དངོས་སུ་བྱོན་ནས་ཉེ་ལམ་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་བར་མཛད་པ་ཉིད། སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་ཡི་གེར་བསྡུས་ཏེ་རྒྱས་བཏབ་པར་མཛད། ས་ཧོ་རའི་རྒྱལ་པོ་ཛལ་རྨི་ལྟས་ཁྱད་པར་ཅན་བདུན་བྱུང་བ་དང་མཐུན་པར་མ་ཧཱ་ཡོ་གའི་གླེགས་བམ་རྣམས་དེ་ཉིད་ཀྱི་ཁང་སྟེང་དུ་བབས་པ་དང་ལྷན་ཅིག་ཏུ། ཨ་ནུ་ཡོ་ག་རྣམས་ལངྐའི་ཡུལ་དུ་གྲགས་པ་སིངྒ་ལའི་ནགས་ཚལ་དང་། གཞན་ཡང་ཀྲི་ཡའི་རྒྱུད་སྡེ་རྣམས་ཝཱ་རཱ་ཎ་སཱི། ཡོ་ག་རྣམས་མེ་རི་འབར་བའི་རྩེ་མོར་གླེགས་བམ་དང་བཅས་བབས་པ་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི། ཨོ་ཌི་བི་ཤའི་ཡུལ་དུ་ལྷའི་བུ་སེམས་ལྷག་ཅན་གྱི་ཟློས་གར་དགའ་རབ་རྡོ་རྗེ་ལ་དཔལ་རྡོ་རྗེ་སེམས་དཔའ་འམ། གསང་བ་འཛིན་པའི་བདག་པོས་བསྟན་ནས་དར་བར་བཞེད་དོ། །གཉིས་པ་སྒྲུབ་སྡེ་བཀའ་བརྒྱད་ནི། སྔོན་གྱི་ཚེ་དབྱིངས་རིག་དོན་


JKT005_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འོག་མིན་ཆེན་པོར་གཟུང་འཛིན་གཉིས་བྲལ་གྱི་ཡེ་ཤེས་ཀུན་བཟང་ཡབ་ཡུམ་དང་། ཆེ་མཆོག་ཧེ་རུ་ཀ་ལ་སོགས་པའི་ཞི་བ་དང་ཁྲོ་བོའི་སྒྱུ་འཕྲུལ་གྱི་རོལ་པས་ཆོས་ཉིད་ཀྱི་རང་སྒྲས་གསུངས་པ་ཉིད། རིག་པ་འཛིན་པ་ཡོངས་ཀྱི་ཁྱུ་མཆོག་རྡོ་རྗེ་ཆོས་སམ། རྡོ་རྗེ་ཐོད་པ་རྩལ་སོགས་སུ་གྲགས་པ་དཀྱིལ་འཁོར་གྱི་བདག་པོ་དང་གཉིས་སུ་མ་ཡིན་པ་གསང་འཛིན་གྱི་མངའ་བདག་དེ་ཉིད་ཀྱིས་བསྡུས་ཏེ་རིན་པོ་ཆེའི་གླེགས་བམ་དུ་བཀོད་པ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད་ཅིང་། དེས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་མཆོད་རྟེན་བདེ་བྱེད་བརྩེགས་པར། རིན་པོ་ཆེའི་སྒྲོམ་བུ་དགུ་རུ་རྒྱས་བཏབ་སྟེ་སྦས་པ་ཉིད། བི་མ་མི་ཏ། མཉྩ་ཤྲཱི་མི་ཏ། ན་ག་རྫ་ན། ཧཱུཾ་ཀ་ར། པྲ་བྷ་ཧ་སྟེ། དྲ་ན་སཾ་ཀྲྀ། རམ་བུ་ག་བྱ། བནི་གཅུ་སྟེ་རིག་པ་འཛིན་པ་བརྒྱད་ལ་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་བདག་ཉིད་སོ་སོར་གཏད་ནས བར་མཛད་པ་ཡིན་ལ། སྤྱི་རྒྱུད་བདེ་གཤེགས་འདུས་པ་ནི་སླར་དུས་གསུམ་མཁྱེན་པ་པདྨ་ཀ་རས་སྤྱན་དྲངས་པ་ཡིན་ནོ། །དེ་ལྟར་ཟབ་ཅིང་རྒྱ་ཆེ་བའི་གསང་ལམ་རྨད་དུ་བྱུང་བ་དེ་ཉིད་བོད་དུ་དར་བའི་ཚུལ་ནི། ཕྱི་རྒྱུད་སྡེ་གསུམ་ཀ་སློབ་དཔོན་བུདྡྷ་གུ་བྱའི་རིང་ལུགས་ལྟར་བཤད་སྒྲུབ་ཀྱི་རིམ་པ་རྒྱ་ཆེར་དར་ལ། རྣལ་འབྱོར་ནང་པ་གསུམ་ལས་མ་ཧཱ་ཡོ་གའི་ཐུན་མོང་མ་ཡིན་པ་སྒྱུ་འཕྲུལ་དྲྭ་བའི་སྐོར་ནི། སྔར་སྨོས་པ་ལྟར་ཆོས་


JKT005_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ལ་ལུང་བསྟན་རྡོ་རྗེ་ནས་སྲས་མོ་གོ་མ་དེ་ཝཱིའི་བར་ཟུང་འཇུག་གི་ཉེ་རྒྱུས་ཚོམ་བུ་དང་བཅས་རྡོ་རྗེ་འཆང་གི་ས་ལ་གཤེགས་ནས། དེ་ཉིད་ལ་སློབ་དཔོན་སངས་རྒྱས་གསང་བ་དང་། པཎྜི་ཏ་དྲི་མེད་བཤེས་གཉེན་གཉིས་ཀྱིས་གསན་པ་ལས། ལོ་ཙཱ་བེ་རོ་རྨ་གཉགས་གསུམ་གྱིས་ཞུས་ཏེ་རིམ་པར་གནུབས་དང་ཟུར་ལ་བབས། དེ་བཞིན་དུ་ལུང་ཨ་ནུ་ཡོ་གའི་སྐོར་ནི་གནུབས་ཆེན་བུདྡྷ་ཛྷཱ་ནས་རྒྱ་བལ་བྲུ་ཤའི་ཡུལ་གྱི་ལོ་པཎ་རྣམས་ལས་ནོས་ཏེ་དར། མན་ངག་རྫོགས་པ་ཆེན་པོ་ལ། སེམས་ཀློང་གཉིས་ནི་ལོ་ཙཱ་བེ་རོ་ཙ་ནས་ཤྲཱི་སེངྷ་ལ་གསན་པ་དང་། མན་ངག་གི་སྡེ་ནི་པཎ་ཆེན་དྲི་མེད་བཤེས་གཉེན་གྱིས། མངའ་བདག་དང་། ཉང་ལ་སོགས་པ་ལ་གནང་བ་སྟེ། །གཞན་དུ་སངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེས་རྒྱ་ཆེར་སྤེལ་བར་མཛད་དོ། །དེ་ལྟར་གྱི་བརྒྱུད་པ་ཐམས་ཅད་ཀྱང་། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་མ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་རྣམ་པ་གསུམ་གྱིས་བསྡུས་པའོ། །དེ་བཞིན་དུ་གཏེར་མའི་ཕྱོགས་ནི། ཆུ་ཀླུང་རོལ་པའི་མདོ་ལས། ང་ཡི་བསྟན་པའི་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦོས། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་དཀྲུགས་པར་འགྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཅེས་པ་ལ་སོགས་པ་ལྟར་མདོ་


JKT005_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དུ་མ་ནས་བསྟན་པ་བཞིན་ཨོ་རྒྱན་དུས་གསུམ་མཁྱེན་པ་ཉིད་ཀྱིས་དགོས་པ་ཁྱད་པར་ཅན་གྱི་སླད་དུ་ཕྱག་ལེན་གྱིས་གཏན་ལ་ཕབ་པ། ཕྱིས་རྗེ་འབངས་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྱུ་འཕྲུལ་མཐའ་ཀླས་པ་མངོན་དུ་སྣང་བར་མཛད་པ་སྟེ། བརྒྱུད་པ་གསུམ་གྱི་སྟེང་དུ། བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་དྲུག་ལྡན་གྱི་ངེས་པ་འབྱུང་བ་ཡིན་ནོ། །ཕྱི་འགྱུར་ནི། ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་བཟུང་། མར་འབྲོག་རྭ་འབྲོ་སོགས་ཀྱིས་འཕགས་བལ་གྱི་པཎ་གྲུབ་ཅི་རིགས་པ་ལས་སྨིན་གྲོལ་བཤད་སྲོལ་རྨད་དུ་བྱུང་བ་དག་བླངས་ཏེ་སྣང་བར་མཛད་པ་སྟེ་དེ་ཡང་ཕྱི་རྒྱུད་སྡེ་གསུམ་ནི་སློབ་དཔོན་ཨ་ནནྡ་གནྡྷ་སོགས་ལས་བརྒྱུད་པ་དང་། དེ་བཞིན་ཕ་རྒྱུད་འདུས་པ་ནི་སློབ་དཔོན་ཀླུ་སྒྲུབ་དང་། སངས་རྒྱས་ཡེ་ཤེས་ཞབས་སོགས་ནས་བརྒྱུད་དེ་གངས་ཅན་འདིར་སྔ་མ་ལ་བཀའ་བབས་བདུན་དང་། ཕྱི་མར་དྲུག་སོགས་སུ་གྱུར། མ་རྒྱུད་དགྱེས་རྡོར་གྱི་སྐོར་རྣམས་འཕགས་ཡུལ་དུ་རྡོ་རྗེ་སྙིང་པོ་སོགས་འགྲེལ་མཛད་བཅུ་གཉིས་སུ་གྲགས་ཀྱང་ཡོངས་སུ་རྫོགས་པར་དྲུག་ཏུ་ངེས་ལ། བོད་ཡུལ་འདིར་ཡང་མར་པ་དང་དཔྱལ་ལོ་སོགས་ལས་བྱུང་ཡང་ཚང་བར་མ་བཤད། མཐར་ཆགས་སུ་རྫོགས་པ་ནི་འབྲོག་མི་ལོ་ཙཱ་བ་སོགས་ལས་བརྒྱུད་དེ་རྗེ་བཙུན་ས་སྐྱ་པ་ལ་བཀའ་


JKT005_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བབས་གསུམ་དུ་གྲགས་པ་དང་། གཉིས་མེད་ཀྱི་རྒྱུད་སྡེ་དུས་ཀྱི་འཁོར་ལོ་ཞེས་རྒྱུད་སྡེ་གཞན་དང་བཤད་ཚུལ་མི་འདྲ་བ་ནི། གངས་ཅན་འདིར་འབྲོ་ལུགས། ཤོང་ལུགས། ཟ་ལུགས། ས་ལུགས་སོགས་བཀའ་བབས་ཉི་ཤུ་རྩ་ལྔ་བྱུང་བ་སྟེ་གཞན་ཡང་རྒྱུད་སྡེ་ཐ་དད་པའི་སྒྱུར་བྱེད་ཀྱི་ལོ་ཙཱ་བ་དང་། བཀའ་བབས་ཀྱི་ངེས་པ་སོགས་དཔག་ཏུ་མེད་དོ། །གཉིས་པ་བསྟན་པའི་གནས་ཚད་ནི་ཐུན་མོང་གི་ཐེག་པའི་འདོད་ཚུལ་ཐ་དད་པ་དང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་བཞེད་པའོ། །དང་པོ་ནི། འདི་ལྟར་མདོ་སྡེ་བསྐལ་པ་བཟང་པོ་ལས་ནི། དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱའི་བར་དུ་ནི་དམ་པའི་ཆོས་ཀྱི་གཟུགས་བརྙན་ནོ། །ཞེས་གནས་ཚད་དངོས་གཞི་ལྔ་བརྒྱར་བཤད་པ་དང་། འདུལ་བ་ཕྲན་ཚེགས་ལས། བཅོམ་ལྡན་འདས་ཀྱི་བསྟན་པ་ཡུན་ཇི་ཙམ་གནས་པར་འགྱུར། གནས་བརྟན་གྱིས་སྨྲས་པ། ལོ་སྟོང་ངོ་། །ཞེས་དང་། དེ་བཞིན་དུ་མ་གྷ་དྷ་བཟང་མོའི་རྟོགས་བརྗོད་དང་། རྒྱལ་པོ་ཀྲི་ཀཱིའི་རྨི་ལྟས་སོགས་ལས་ཀྱང་བསྟན་ནོ། །མྱ་ངན་ལས་འདས་པ་ཆེན་པོ་ལོ་ཆེན་རཏྣ་བྷ་དྲས་འགྱུར་བ་ལས་ལོ་སྟོང་དང་ཆིག་བརྒྱར་གསུངས་པ་གང་། ཏིང་ངེ་འཛིན་མཆོག་དམ་པའི་མདོ་ལས་ནི། ལོ་ཆིག་སྟོང་སུམ་བརྒྱར་ཤུགས་བསྟན་དུ་གསུངས་ཤིང་། སྙིང་རྗེ་པད་དཀར་གྱི་སྨོན་ལམ་ལྔ་


JKT005_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་པ་ལས་སྟོང་དང་ལྔ་བརྒྱར་གསུངས་པ་དང་། ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ལོ་ཉིས་སྟོང་དུ་གནས་པར་འགྱུར་རོ། །ཞེས་དང་། དགྲ་བཅོམ་པ་དགེ་འདུན་འཕེལ་གྱི་ལུང་བསྟན་ལས་ཀྱང་འདི་དང་མཐུན་པར་གསུངས་པ། ཀ་མ་ལ་ཤཱི་ལས་མཛད་པའི་རྡོ་རྗེ་གཅོད་པའི་ཊི་ཀ་དང་། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པའི་ཐུབ་པ་དགོངས་རྒྱན་ལས་ཕྱེད་དང་སུམ་སྟོང་དུ་གནས་པར་ཞལ་གྱིས་བཞེས་ལ། དོཀྵ་སེ་ནའི་འབུམ་ཊིཀ་གི་ལེའུ་སོ་གཅིག་པར་ལོ་ལྔ་སྟོང་དང་། འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་པ་བརྗོད་པ་ལས་ནི། ཡར་འཕེལ་གྱི་ཚེ་ལོ་བདུན་བརྒྱའི་བར་དུ་གནས་པ བར་དུ་གནས་པར་བཤད་དོ། །འོ་ན་དེ་དག་ཐམས་ཅད་མི་མཚུངས་པའི་ཕྱིར་ཀླན་ཀའི་གནས་སུ་འགྱུར་རམ་ཞེ་ན་མ་ཡིན་ཏེ། འདི་ལྟར་ལྔ་བརྒྱ་དང་སྟོང་དང་ཆིག་སྟོང་ཆིག་བརྒྱ་ཆིག་སྟོང་སུམ་བརྒྱ་རྣམས་གྲོལ་བ་ཐོབ་པ་ཤས་ཆེ་བའི་དབང་དང་། ཉིས་སྟོང་ཕྱེད་སུམ་སྟོང་སོགས་བར་པ་རྣམས་ནི་འབྲས་བུ་ལ་ཞུགས་པ། ལུང་དུ་བསླབ་པའི་དབང་དུ་མཛད། ཡར་འཕེལ་གྱི་བར་དུ་གནས་པར་འདོད་པ་ནི་ལུང་གི་ཆོས་ཚིགས་བཅད་བཞི་པ་ཙམ་གནས་པ་ལའང་དགོངས་པར་སྣང་སྟེ། འདིར་ནི་བྱམས་པ་ལུང་བསྟན་པའི་མདོར། ཤཱ་རིའི་བུ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་


JKT005_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་ལྔའི་བར་ལ་རྣམ་པ་ལྔ་པོ་འདི་ནུབ་པར་འགྱུར་རོ། །ལྔ་གང་ཞེ་ན། དང་པོ་འབྲས་བུ་ཐོབ་པ་རྣམས་ནུབ་པར་འགྱུར་བ་ཡིན་ནོ། །ཞེས་སོགས་དང་། སྔར་སྨོས་པའི་འབུམ་ཊི་ཀ་གནོད་འཇོམས་ལས་ཀྱང་། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་ལྔ་སྟོང་གི་བར་དུ་དམ་པའི་ཆོས་གནས་པར་འགྱུར་ཏེ། ཞེས་དང་། ཏིང་འཛིན་རྒྱལ་པོའི་མདོ་འགྲེལ་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ་ལས་ཀྱང་། །དེ་བཞིན་གཤེགས་པའི་དམ་པའི་ཆོས་ནི་ལོ་ལྔ་སྟོང་དུ་གནས་སོ། ༈ །ཞེས་སོགས་རྒྱ་ཆེར་བསྟན་པ་བཞིན་དོན་དུ་གནས་ཏེ། དེ་ཡང་འབྲས་བུའི་དུས་དང་། སྒྲུབ་པའི་དུས་དང་། ལུང་གི་དུས་དང་། རྟགས་ཙམ་འཛིན་པ་བཞི་ལས། སྔ་མ་གསུམ་ལ་ལྔ་བརྒྱ་ཕྲག་གསུམ་དང་། ཕྱི་མ་ལ་ལྔ་བརྒྱར་བཤད་པའི། དང་པོ་འབྲས་བུའི་དུས་ཀྱི་ལྔ་བརྒྱ་ཕྲག་རེར་རིམ་པར། དགྲ་བཅོམ་པ། ཕྱིར་མི་འོང་བ། རྒྱུན་དུ་ཞུགས་པ་ཤས་ཆེ་བའི་དབང་དང་། དེ་བཞིན་དུ་བར་པ་ལ་ཡང་གསུམ་སྟེ། ཤེས་རབ་དང་། ཏིང་འཛིན། ཚུལ་ཁྲིམས་གསུམ་གཙོ་བོར་སྤྱོད་ཅིང་། ཐ་མལ་ཡང་རིམ་པར། མངོན་པ་དང་། མདོ་སྡེ་དང་། འདུལ་བ་འཛིན་པ་མང་དུ་འབྱུང་བའི་ཕྱིར་རོ། །ཀུན་མཁྱེན་རིན་པོ་ཆེས་ནི་ལུང་སྔོན་ལ་འདྲེན་ཅིང་། ཚུལ་སེམས་ཤེས་རབ་གསུམ་གྱི་སྒྲུབ་པ་རྗེས་སུ་བཞག་པར་མཛད་པ་ལྟར་ལ།


JKT005_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་སངས་རྒྱས་འཁྲུངས་པའི་དུས་ཚིགས་སོགས་ཀྱི་རྣམ་པར་གཞག་པ་ལ་འཕགས་བལ་གྱི་མཁས་པ་རྣམས་ཀྱི་དགོངས་པ་ཐ་དད་པའི་ཕྱིར་དབྱེ་བ་མང་ངོ་། །གཉིས་པ་ནི། བདེ་མཆོག་དང་དུས་འཁོར་སོགས་ལས་དུས་བཞིའི་ཚད་ཀྱིས་དབྱེ་བར་མཛད་པ་ལྟར་ན། དེའི་ངོས་འཛིན་ནི། ལོངས་སྤྱོད་དང་། ཆོས་ཀྱི་དབང་དུ་བཏང་པ་གཉིས་ལས། དང་པོ་ནི་དྲན་པ་ཉེར་བཞག་ལས་གསུངས་པ་ལྟར། རྫོགས་ལྡན་གྱི་དུས་སུ་ཟས་ས་ཡི་བཅུད་ཀྱི་བདུད་རྩིས་འཚོ་ཞིང་། ལུས་བོང་གཞུ་འདོམ་ཉིས་བརྒྱ། ཚེ་ཚད་ལོ་སྟོང་ཕྲག་བཞི་བཅུའོ། །ཉིས་ལྡན་གྱི་དུས་སུ་བཅུད་དེ་དག་ནུབ་ནས། ལུས་བོང་གཞུ་འདོམ་བརྒྱ་ཕྲག་གཅིག་དང་། ཚེ་ཚད་ལོ་སྟོང་ཕྲག་ཉི་ཤུའོ། །རྩོད་ལྡན་གྱི་དུས་ནི་ནས་ཐུག་སོགས་བཟའ་ཞིང་། ལུས་བོང་གཞུ་འདོམ་བཞི། ཚེ་ཚད་རིང་མཐའ་ལོ་བརྒྱའོ། །གཉིས་པ་ནི་འདུལ་བ་གཞི་བམ་པོ་བརྒྱད་ཅུ་པ་དང་། གདགས་པ་སོགས་ལས་བསྟན་པ་ལྟར། མི་དགེ་བ་བཅུ་དང་མ་ལྡན་ཅིང་ཆོས་ཀྱི་རྩ་བ་བཞི་ཡོངས་སུ་རྫོགས་པར་ལྡན་པ་དང་། དེ་བཞིན་དུ་མ་རྨོས་པའི་ལོ་ཏོག་ལ་ལོངས་སྤྱོད་པའི་མཐུས་ཕོ་མོའི་མཚན་མ་བྱུང་ཞིང་དེའི་དབང་གིས་འདོད་ཆགས་སྤྱོད་པས་ཆོས་ཀྱི་རྩ་བ་གཅིག་ཉམས་ནས་གསུམ་དང་ལྡན་པ། དེ་ནས་སེམས་ཅན་གཞན་གྱིས་བདག་ཏུ་བཟུང་བའི་འབྲུ་ལེ་ལོ་ཅན་གཞན་གྱིས་མ་བྱིན་པར་


JKT005_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པས་ཆོས་ཀྱི་རྩ་བ་གཉིས་ཉམས་ནས་གཉིས་ལྡན་པ་དང་། དེ་ནས་དེའི་མཐུས་མང་པོས་བཀུར་བ་རྒྱལ་པོར་བསྐོས་པ་དང་རྩོད་ལྡན་གྱི་མགོ་ཟུག་ཅིང་། རྒྱལ་པོས་རྐུན་པོ་དག་ལ་ཆད་པ་བཅད་པའི་ཕྱིར་སྲོག་དང་བྲལ་བ་དང་། རྐུན་པོས་དེ་ལྟར་མ་བགྱིས་སོ་ཞེས་རྫུན་དུ་སྨྲ་བས་ཆོས་ཀྱི་རྩ་བ་བཞི་ཀ་ཉམས་པས་ཕན་ཚུན་རྩོད་པ་དང་ལྡན་པའི་དུས་འཆར་བ་ཡིན་ཏེ། དེ་དག་གི་ཚད་ནི་སྡོམ་འབྱུང་ལས། བསྐལ་པ་རྫོགས་ལྡན་ལོ་གྲངས་འབུམ་ཕྲག་བཅུ་བདུན་དང་སྟོང་ཕྲག་ཉེར་བརྒྱད། དེ་དང་སུམ་ལྡན་པར་བརྒྱད་སྟོང་། སུམ་ལྡན་དངོས་གཞི་ལ་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་དགུ་བཅུ་རྩ་དྲུག །དེ་དང་གཉིས་ལྡན་བར་དུ་སྟོང་ཕྲག་དྲུག །གཉིས་ལྡན་ལ་འབུམ་ཕྲག་བརྒྱད་དང་སྟོང་ཕྲག་དྲུག་ཅུ་རྩ་བཞི། དེ་དང་རྩོད་ལྡན་བར་སྟོང་ཕྲག་བཞི། རྩོད་ལྡན་ལ་འབུམ་ཕྲག་བཞི་དང་སྟོང་ཕྲག་སོ་གཉིས། དེ་དང་རྫོགས་ལྡན་གྱི་ཕྱི་མའི་བར་སྟོང་ཕྲག་བཞི་རུ་བསྟན་པ་དང་། ཁྱད་པར་དུ་དཔལ་དུས་ཀྱི་འཁོར་ལོའི་ཁམས་ལེ་ལས། སྟོང་པ་སྟོང་པ་མཁའ་ཀླུ་ལག་པ་ཐུབ་པ་རི་བོང་ཅན་ནི་རྫོགས་ལྡན་དུས་ཀྱི་ཚད་ཡིན་ནོ། །མཁའ་མཁའ་སྟོང་པ་རོ་དང་དགུ་དང་ཉིན་མོར་བྱེད་པ་སུམ་ལྡན་ལོ་ཡི་གྲངས་སུ་རབ་ཏུ་གྲགས། །སྟོང་པ་མཁའ་དང་རོ་དང་རིག་བྱེད་ལག་འགྲོ་ཞེས་བྱ་གཉིས་ལྡན་ལོ་ཡི་ཡང་དག་གོ །སྟོང་པ་ནམ་མཁའ་


JKT005_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དང་མིག་དང་ཡོན་ཏན་ཆུ་གཏེར་རྩོད་ལྡན་ལོ་ཡི་གྲངས་སུ་འགྱུར། །ཞེས་དུས་བཞི་སྤྱི་ཡི་ཚད་དེ། བར་གྱི་གྲངས་ངེས་མ་བཤད་པ་མ་གཏོགས་དུས་ཀྱི་དངོས་གཞིའི་ཚད་བཤད་མ་ཐག་པ་དང་གཅིག་གོ །དུས་བཞི་ཆུང་ངུའི་ཚད་ཤུགས་བསྟན་ནི། སྔ་དར་སྟོན་པས་རྩ་རྒྱུད་གསུངས་པ་ནས་རིགས་ལྡན་དྲག་པོའི་བར་ལོ་གྲངས་སུམ་སྟོང་ཉིས་བརྒྱ་དྲུག་སྟེ། དེ་ཡི་སྟེང་དྲག་པོ་འཁོར་ལོའི་ལོ་བརྒྱའི་སྟེང་ནས་གོ་བདུན་བསྣན་པས་ལོ་གྲངས་རགས་པ་སུམ་སྟོང་། སུམ་བརྒྱ། བཞི་འབྱུང་བ་ཉིད་ཀླུ་ཡིས་བགོས་ནོར། །བརྒྱད་བརྒྱ་ཉེར་དྲུག་རེ་འོང་བ་ནི་དུས་བཞིའི་ཚད་དུ་བསྟན་པ་དང་། དངོས་བསྟན་དྲག་པོ་འཁོར་ལོས་བསྟན་པའི་ཉམས་གསོ་མཛད་པའི་ཕྱི་དར་ལ་ལོ་གྲངས་ཆིག་སྟོང་བརྒྱད་བརྒྱ་འོང་བ་ཉིད་བསྣན་པས་ལྔ་སྟོང་ཆིག་བརྒྱ་འབྱུང་བ་ནི་དཔལ་དམ་པ་དང་པོའི་སངས་རྒྱས་ཀྱི་བསྟན་པའི་གནས་ཚད་དྲང་དོན་ཙམ་མོ། །སྔ་འགྱུར་རྫོགས་པ་ཆེན་པོའི་བཞེད་པ་ནི། རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་ཤར་བའི་བསྟན་པའི་བཙས་གསུམ་གང་དུ་བབས་པ་དེ་དང་དེར་སྙིང་པོའི་བསྟན་པ་འབྱུང་བས། ཞིང་འདིར་དར་ནུབ་བདུན་རྫོགས་ནས་ཚེ་ལོ་བཅུ་པའི་མཐར་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་གྲོང་ཁྱེར་དུ་འཕར་ནས་འཕེལ་འགྲིབ་ལན་བདུན་གྱི་མཐར་མི་མཇེད་འཇིག་པའི་དུས་སུ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས་གསུངས་པ་སོགས་


JKT005_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་སོ། །ངེས་པའི་དོན་དུ་ནི་སངས་རྒྱས་ཐམས་ཅད་ཆོས་ཀྱི་དབྱིངས་ན་མི་འགྱུར་བ་རྟག་པ་ཉིད་ཀྱི་ཕྱིར། དེའི་སྐུ་དང་ཡེ་ཤེས་ཀྱི་སྤྲུལ་པའི་སྒྱུ་འཕྲུལ་ཀྱང་ཚད་མེད་པ་བསྒྱུར་བས་ན་དེ་དག་གིས་བསྟན་པའི་དམ་པའི་ཆོས་ཀྱང་འཕོ་འགྱུར་བྲི་གང་མངའ་བ་མ་ཡིན་ཞིང་། ཁྱད་པར་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ནི། དཔའ་བོ་དང་། ཌཱ་ཀི་དང་། ལྷ་ཀླུ་དྲང་སྲོང་གྲུབ་པའི་རིགས་ཅན་དང་། རིག་པ་འཛིན་པའི་ཚོགས་ཀྱིས་བཟུང་ཞིང་གཞན་ལ་སྟོན་པར་བྱེད་པས་ཐོག་མཐའ་མེད་པར་འདོད་དོ། །དེ་སྐད་དུ། གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །མ་རིག་སྨིན་མཛད་འདུལ་བའི་ཕྱིར། །ཞེས་དང་། ཡིད་བཞིན་རྣམ་པར་བཀོད་པའི་རྒྱུད་ལས། །སེམས་ཅན་ཀུན་གྱི་ཚོགས་ཆེན་པོ། །ཇི་སྲིད་རྣམ་པར་གནས་དེ་སྲིད། །སངས་རྒྱས་སྤྲུལ་པ་རྒྱུན་མི་འཆད། །གྲོལ་བའི་ཆོས་ཀྱང་ནུབ་པ་མེད། །ཅེས་གསུང་པ་ལྟར་ཚུལ་རོལ་གྱི་སྣང་ངོར་ཆོས་ཀྱི་རྣམ་བཞག་དང་། བསླབ་པའི་སྤྱོད་ལམ་རེ་རེ་ཙམ་ནུབ་པ་ལྟར་སྣང་ཡང་། བྱིན་གྱིས་བརླབས་པ་དང་རྗེས་སུ་གནང་བ་སོགས་ཀྱི་སྒོ་ནས་སེམས་ཅན་ལ་ཕན་བདེ་སྒྲུབ་པའི་ཐབས་ཚུལ་ནུབ་པའི་སྐབས་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ཡང་དག་པའི་ལམ་གྱི་རིམ་པ་སྟོན་ཅིང་སྡུད་པ་དང་། དེ་ཉིད་གནས་པའི་ཚད་རྣམས་འཕྲོས་དོན་


JKT005_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཚུལ་དུ་མདོ་ཙམ་སྨོས་པ་སྟེ། གཞན་དུ་སྤྱི་དང་བྱེ་བྲག་གི་སྟོན་པ་བླ་ན་མེད་པ་ཇི་ལྟར་བྱོན་པའི་ཚུལ་དང་། དེས་བསྟན་པ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དེ་ཉིད་བསྟན་སྐྱོང་ཆེན་པོ་རྣམས་ཀྱིས་དགོངས་འགྲེལ་གྱིས་བཀྲལ་ཞིང་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པའི་ཚུལ་སོགས། གསར་རྙིང་སོ་སོའི་བཞེད་པ་བཞིན་སྤྱི་དང་བྱེ་བྲག་གི་གཏམ་གྱི་རོལ་མོ་ངོ་མཚར་རྣ་བའི་བཅུད་ལེན་དུ་སྒྲོན་པར་འོས་པ་ཇི་སྙེད་ ཅིག་མཆིས་མོད་ཀྱི། སྐབས་འདིར་ཡི་གེས་ཀྱང་འཇིགས་ཤིང་བློ་དམན་དག་གིས་མདོ་ཙམ་རྟོགས་པར་བྱ་བའི་སླད་དུ་སྨོས་པའི་ཕྱིར་དེ་ཙམ་གྱིས་ཉེ་བར་བསྡུས་སོ། །འདི་ནི་ཟླ་ཤེལ་གསར་པ་མ་ཡིན་ཕུལ་བྱུང་། ཟླགཏམ་གྱི་སྣང་བ་སྤྲོ། །གདུང་སེལ་ཀཏྤར་རྒྱུན་གྱི་རླབས་མིན་བློ་ལྡན་ཨུཏྤལ་འཇོ་སྒེག་གོ །རོ་བདའི་སྦྲང་རྩིའི་བཅུད་ལེན་ཅི་ཞིག་རྣམ་གྲོལ་ལང་ཚོ་རྒྱས་པའི་དཔྱིད། །རྨོངས་པའི་མཐུས་བསྒྲིབས་བདག་བློས་མ་༤ཡིན་སྔོན་བྱོན་མཆོག་གཟིགས་རྣམས་ཀྱིས་བཤད། །དེ་ལྟར་ཟབ་རྒྱས་ཐེག་པའི་ཆུ་གཏེར་ཆེ། །ཕན་བདེའི་རིན་ཆེན་རྡུལ་གྱིས་གཏམས་པའི་ཁམས། །ལེགས་བཤད་ནོར་བུའི་རྔ་ཡབ་འདིས་འཐོར་བས། །ཐར་པ་མཆོག་གི་མྱུ་གུ་འཕེལ་གྱུར་ཅིག །འདི་ནི་མཁས་ཕྱིར་མ་ཡིན་རྨོངས་ཕྱིར་མིན། །རང་དང་རྗེས་སུ་མཐུན་པ་གཞན་དག་ལ། །ཉུང་ངུའི་ཚིག་གིས་རྒྱ་ཆེའི་གཏམ་གྱི་མཆོག །གླེང་འདིར་དགྱེས་པའི་སྤྱན་རས་གཡོ་བར་མཛོད།། །།ཅེས་དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་ཟབ་རྒྱས་ཐེག་པའི་དགོངས་དོན་ཅུང་ཟད་གསལ་
པར་བྱེད་པའི་གཏམ་ལེགས་བཤད་ངོ་མཚར་ཆུ་གཏེར་ཞེས་བྱ་བ་འདི་ཡང་། སྐྱེས་ཐོབ་དང་སྦྱོར་བྱུང་གི་སྤོབས་པ་རྨད་དུ་བྱུང་བ་ལས་གཞན་དུ་གྱུར་ཅིང་། སྨྲ་བར་འོས་པའི་ཡན་ལག་གི་ཆ་ཤས་ཙམ་གྱིས་རེག་པ་མ་ཡིན་ཀྱང་། རིས་མེད་པའི་བསྟན་པ་ཀུན་ལ་མཆོག་ཏུ་གུས་པའི་ཨུཏྤལ་དཀར་པོ་སྙིང་དབུས་སུ་གྲོལ་བ་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅུ་དྲུག་པ་མྱོས་བྱེད་ཅན་གྱི་གནམ་ལོ་གསར་དུ་འཆར་བའི་དུས་ཚེས་དགེ་བར་སྦྱར་བ་ལ་ནོངས་པའི་ཆ་ཤས་མཆིས་ན་མི་འཆབ་པར་བཤགས་སོ།།

རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་རྣམ་པར་བཤད་པ་ཉུང་ངུའི་ངག


JKT005_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་རྣམ་པར་བཤད་པ་ཉུང་ངུའི་ངག་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་ཞེས་བྱ་བའི་དོན་རྣམ་པར་བཤད་པ་ལ་ལྔ། མཛད་པ་པོ། བསྟན་བཅོས་ཀྱི་མཚན། འགྱུར་གྱི་ཕྱག །གཞུང་དོན་དངོས། མཇུག་གི་དོན་བཤད་པའོ། །དང་པོ་ནི། འདིར་མཁས་པ་ཁ་ཅིག །སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པར་བཞེད། གཞན་དག་སྔོན་འཕགས་ཡུལ་དུ་པཎྜི་ཏ་ལྔ་བརྒྱས་འཇམ་དཔལ་ལ་བསྟོད་པ་མཛད་པར་བགྲོས་ཏེ། དེ་ལྟར་ཞུགས་པས་འཇམ་


JKT005_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དབྱངས་ཀྱི་བྱིན་རླབས་ཀྱིས་པཎྜི་ཏ་ཀུན་གྱིས་མཛད་པའི་བསྟོད་པ་ཐམས་ཅད་གཅིག་ཁོ་ནར་གྱུར་པས། འཇམ་དཔལ་གྱི་བྱིན་རླབས་ལས་བྱུང་བར་ཡིད་ཆེས་ཤིང་། བསྟོད་པའི་མཚན་ལའང་མཁན་པོའི་མཚན་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་པ་ཉིད་བཏགས་ཞེས་འདོད། གང་ལྟར་མཛད་པ་པོ་ནི་ཡིད་ཆེས་པའི་གནས་སོ། །གཉིས་པ་ནི། བསྟན་བཅོས་འདིའི་མཚན་ལ། རྒྱ་གར་འཕགས་པའི་ཡུལ་ན་ལེགས་པར་སྦྱར་བ་ལྷ་ཡི་སྐད་དུ། ཤྲཱི་ཛྙཱ་ན་གུ་ཎ་ཕ་ལ་ནཱ་མ་སཱུ་ཏི། ཞེས་འབྱུང་། དེ་ཉིད་བོད་སྐད་དུ། དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ། ཞེས་སོ། །གསུམ་པ་ནི། བཅོམ་ལྡན་འདས་དཔལ་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། ལོ་ཙཱ་བས་འགྱུར་མཛད་པའི་སྔ་ལོགས་སུ་དགོས་པ་ཁྱད་པར་ཅན་གྱི་སླད་དུ་ཕྱག་མཛད་པའོ། །བཞི་པ་ལ་གཉིས། བསྟོད་པ་དངོས་དང་། ཕན་ཡོན་ནོ། །དང་པོ་ལ་གསུམ། ཐུགས། གསུང་། སྐུ་ལ་བསྟོད་པའོ། །དང་པོ་ལ་གཉིས། མཁྱེན་པའི་སྒོ་ནས་བསྟོད་པ་དང་། བརྩེ་བའི་སྒོ་ནས་བསྟོད་པའོ། །དང་པོ་ནི། རྒྱལ་ཀུན་ཡབ་གྱུར་འཇམ་དཔལ་གཞོན་ནུ་གང་གི་མཁྱེན་པའི་བློ་གྲོས་ནི། སྤང་བྱ་འདོད་ཆགས་ལ་སོགས་ཀྱི་རྩ་བ་ཉོན་མོངས་པ་དང་། གཉིས་སྣང་འཁྲུལ་པའི་རྩ་བ་ཤེས་བྱའི་སྒྲིབ་པ་གཉིས་ཀྱི་མུན་པ་མཐའ་དག་


JKT005_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ནས་བཅོམ་པའོ། །ཚུལ་ཇི་ལྟར་ན་དེ་ཡང་ཡོད་དེ། དཔེར་ན་རྡུལ་དང་སྤྲིན་སོགས་ཀྱི་སྒྲིབ་བྱེད་དང་བྲལ་བའི་ཉི་མ་ལྟར་ཉིད་ཀྱི་མཁྱེན་པ་དེའང་ཆོས་ཀུན་གཟིགས་པ་ལ་སྒྲིབ་བྱེད་འཁྲུལ་པའི་དྲི་མ་དེ་དག་ཤིན་ཏུ་རྣམ་པར་དག་ཅིང་ཤེས་བྱ་མཐའ་དག་ལ་འཇུག་པའི་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་གསལ་བས་སོ། །ཡེ་ཤེས་དེས་ཡུལ་ཇི་ལྟར་གཟིགས་པའི་ཚུལ་ཡང་ཡོད་དེ། གཟུགས་ནས་རྣམ་མཁྱེན་བར་གྱི་ཀུན་བྱང་གིས་བསྡུས་པའི་ཆོས་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱི་ངོ་བོ་དང་ཁྱད་པར་གྱི་དོན་ཕྲ་ཞིང་ཕྲ་བ་ཀུན་ཀྱང་ཇི་ལྟ་བ་བཞིན་སྒྲིབ་མེད་མངོན་སུམ་དུ་གཟིགས་པ་དེའི་ཕྱིར་རོ། །ཉིད་ཀྱི་ཐུགས་ཀར་རྒྱལ་སྲས་རྣམས་ཀྱི་ཟབ་རྒྱས་ལམ་རིམ་ཐམས་ཅད་རྫོགས་པར་སྟོན་པའི་ཤེར་ཕྱིན་གྱི་གླེགས་བམ་འཛིན་པའི་རྒྱུ་མཚན་ཡང་ཡོད་དེ། གོང་དུ་བཤད་པ་ལྟར་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་གཟིགས་པའི་མཁྱེན་པ་དེ་ལྟ་བུ་མངའོ་ཞེས་མཚོན་པར་བྱ་བའི་ཆེད་དུའོ། །གཉིས་པ་ནི། གཏན་པ་དེ་དང་བྲལ་བའི་སེམས་ཅན་གང་དག་སྲིད་པའི་རྩེ་ནས་མནར་མེད་བར་གྱི་འཁོར་བའི་བཙོན་རར་ཆུད་ཅིང་། དེའི་ནང་དུའང་བདག་དང་བདག་གིར་འཛིན་པའི་མ་རིག་པའི་མུན་ནག་སྟུག་པོར་སྒོ་གསུམ་ཀུན་ནས་འཐུམས་ལ། དེ་ལ་བརྟེན་ནས་སྡུག་བསྔལ་གསུམ་གྱིས་གཟིར་བའི་འགྲོ་བ་མ་ལུས་པའི་ཚོགས་ཀུན་ལ་ཤིན་ཏུ་བརྩེ་བའི་སྙིང་རྗེ་


JKT005_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་ཕྱིར། དཔེ་ཇི་ལྟར་ན་དེ་ཡང་ཡོད་དེ། འདི་ན་བུ་གཅིག་ཁོ་ན་ལས་མེད་པའི་མ་དེས་རང་གི་བུ་ལ་སྙིང་བརྩེ་བ་དེ་ལྟར་འཇམ་པའི་དབྱངས་ཉིད་ཀྱིས་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པ་ལས་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་བརྩེ་བ་དང་ལྡན་པའི་ཕྱིར། གཉིས་པ་ནི། ཇི་སྐད་བཤད་པའི་བརྩེ་བ་ཆེན་པོ་དེས་ཀུན་ནས་དྲངས་ཏེ་ཉིད་ཀྱིས་ཇི་ལྟར་གཟིགས་ཤིང་བརྙེས་པའི་གོ་འཕང་མཆོག་ལ་འགྲོ་བ་ཐམས་ཅད་འགོད་པའི་ཆེད་དུ། བླང་དོར་གྱི་གནས་ཀུན་གསལ་བར་སྟོན་པའི་གསུང་གཅིག་ཉིད་ལའང་ཡན་ལག་དྲུག་ཅུ་ཚང་བའི་དབྱངས་དང་ལྡན་པའི་གསུང་ངོ་། །དེའི་བྱེད་ལས་ཇི་ལྟ་བུ་ཞེ་ན། ཡོད་དེ། དཔེར་ན་ནམ་མཁའི་དབྱིངས་སུ་འབྲུག་གི་རང་སྒྲ་ཤིན་ཏུ་ཆེ་བར་སྒྲོག་ཅིང་སྒྲ་དེས་སེམས་ཅན་གཞན་གཉིད་ལས་སད་པར་བྱེད་པ་ལྟར། སྔར་སྨོས་པའི་ཁྱད་པར་དེ་ལྡན་གྱི་གསུང་གིས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གདུལ་བྱའི་རྣ་བར་ལེགས་པར་ཆེས་ཆེར་སྒྲོག་པར་མཛད་པས། འགྲོ་ཀུན་ཉོན་མོངས་པའི་གཉིད་མཐུག་པོ་ལས་སློང་ཞིང་། འཁོར་བར་འཕེན་པ་དང་། འགྲུབ་པ་དང་། འཆིང་བར་བྱེད་པའི་ཟག་བཅས་ཀྱི་ལས་ཀྱི་ལྕགས་སྒྲོག་དམ་པོ་འགྲོལ་བར་མཛད་ཅིང་། ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་ལ་དབུགས་འབྱིན་པར་མཛད་པའི་ཕྱིར། ཉིད་ཀྱི་གཡས་ན་སངས་


JKT005_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ངོ་བོ་ཤེས་རབ་ཀྱི་རལ་གྲི་བསྣམས་པའི་མཚོན་དོན་ཡང་ཡོད་དེ། གོང་དུ་བཤད་པ་ལྟར་གྱི་མཁྱེན་བརྩེ་དེ་ལ་བརྟེན་ནས་གསུང་གི་ཕྲིན་ལས་དེས་སེམས་ཅན་ཐམས་ཅད་ཀྱི་གནས་ལུགས་མཐོང་བར་བྱེད་པ་ལ་སྒྲིབ་པའི་ང་དང་ང་ཡིར་འཛིན་པའི་མ་རིག་པའི་མུན་པ་ཀུན་སེལ་བར་བྱེད་ཅིང་། མ་རིག་པ་དེས་བསྐྱེད་པའི་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་གྱི་མྱུ་གུ་ཇི་སྙེད་ཡོད་པ་གཅོད་པར་མཛད་པ་ལ་ཐོགས་པ་མེད་པའི་བྱེད་ལས་དང་ལྡན་པའི་ཡེ་ཤེས་ཀྱི་རལ་གྲི་བསྣམས་པ་མཚོན་པའི་ཕྱིར། གསུམ་པ་ནི། ངེས་དོན་དུ་འཇམ་དཔལ་ཁྱོད་ནི་གདོད་ནུས་ཏེ་བསྐལ་པ་གྲངས་མེད་པ་མང་པོའི་སྔོན་རོལ་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ཅིང་རབ་དགའ་ལ་སོགས་པའི་ས་བཅུའི་མཐར་སོན་ནས་སྤངས་རྟོགས་ཀྱི་ཡོན་ཏན་མཐའ་དག་གི་ལུས་ཡོངས་སུ་རྫོགས་པའི་སངས་རྒྱས་དངོས་ཡིན་ཀྱང་། དྲང་དོན་དུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་དྲུང་དུ་རྒྱལ་སྲས་སེམས་དཔའ་ཀུན་གྱི་ཐུ་བོ་སྟེ་གཙོ་བོར་གྱུར་པའི་སྐུའི་རྣམ་པས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་ཚུལ་དུ་བཞུགས་སོ། །གླུ དེ་ཡང་སྔགས་ཕྱོགས་ལྟར་ན་འཇམ་དཔལ་སངས་རྒྱས་ཡིན་པར་ཐེ་ཚོམ་མེད་མོད། མདོ་ལས་ཀྱང་། འཇམ་དཔལ་ཞིང་བཀོད་ཀྱི་མདོ་ལས་སྟོབས་བཅུ་རྫོགས་པ་དང་། དཔའ་བར་འགྲོ་བ་དང་། སོར་མོའི་


JKT005_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བའི་མདོ་གཉིས་ལས་ཀྱང་སངས་རྒྱས་སུ་གསལ་བར་བཤད་པའི་ཕྱིར་རོ། །སྐུ་དེའང་བཅུ་ཕྲུག་དང་བཅུ་གཉིས་ཞེས་མཚན་དཔེ་བརྒྱ་དང་བཅུ་གཉིས་ཀྱི་རྒྱན་གྱིས་མཛེས་པར་སྤྲས་པ་སྟེ། དེ་ལྟར་ན་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པའི་ཡོན་ཏན་ཡོངས་སུ་རྫོགས་ཤིང་ལུས་ཅན་སྤྱི་དང་ཁྱད་པར་དུའང་བདག་གི་བློའི་མུན་པ་ཐམས་ཅད་སེལ་བ་འཇམ་པའི་དབྱངས་ཁྱོད་ལ་སྒོ་གསུམ་གུས་པ་ཆེན་པོས་འདུད་པར་བགྱིའོ། །གཉིས་པ་ལ་གཉིས། དུས་དང་། རྒྱུན་གྱི་ཕན་ཡོན་ནོ། །དང་པོ་ནི། བསྟོད་པའི་རྒྱལ་པོ་འདི་དུས་སུ་སྒྲོག་པའི་ཕན་ཡོན་ཇི་ལྟར་འབྱུང་བའི་ཚུལ་ཡོད་དེ། དད་བརྩོན་དང་ལྡན་པ་གང་དག་གིས་བསྟོད་པ་འདི་ཉིད་གཞན་ཕྱིར་རྫོགས་བྱང་དོན་དུ་གཉེར་བ་ལ་གཡོ་དང་སྒྱུ་མེད་པའི་ལྷག་པའི་བསམ་པ་རྣམ་པར་དག་པས། གཅིག་དང་། བདུན་དང་། ཉི་ཤུ་རྩ་གཅིག་དང་། བརྒྱ་དང་སྟོང་ལ་སོགས་པ་དག་ལོའམ་ཟླ་བ་ལ་སོགས་བའི་བར་དུ་ཉིན་རེ་བཞིན་དུ་སྒྲོགས་པ་དེ་ལ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་སྒྲིབ་པ་དག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འགྱུར་ཏེ། འདི་ལྟར་ལན་རེ་སྒྲོགས་པས་ཡོན་ཏན་སྐྱེ་བའི་གེགས་སུ་གྱུར་པའི་སྒྲིབ་པ་དག་སྟེ་དྲན་པ་ཉེ་བར་བཞག་པ་བཞི་ལ་འཇུག་པ་དང་། ལན་བདུན་གྱིས་ཡོན་ཏན་སྐྱེ་བའི་ཉེར་ལེན་ཐོས་པའི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་འཛིན་ནུས་པ་དང་། ཉེར་གཅིག་


JKT005_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཡོན་ཏན་གྱི་སྣོད་སྤོབས་པ་སྟེ་བློ་གྲོས་ཐོགས་པ་མེད་པ་སྐྱེ་བས་ཡང་དག་སྤོང་བཞིའི་བརྩོན་འགྲུས་རྩོམ་པ་དང་། བརྒྱ་ཕྲག་གི་ཡོན་ཏན་མཐར་ཕྱིན་པར་བྱེད་པ་ཐོས་པ་དང་སྤོབས་པ་སྐྱེས་པ་དེ་དག་ནམ་ཡང་མི་བརྗེད་ཅིང་མི་འགྱུར་བའི་གཟུངས་ཐོབ་པས་རྫུ་འཕྲུལ་རྐང་བཞིའི་ཏིང་འཛིན་སྐྱེ་བ་དང་། སྟོང་གིས་ཡོན་ཏན་གྱི་བྱེད་ལས་ཕྱིར་རྒོལ་བ་ཐམས་ཅད་འཇོམས་ནུས་པའི་ཤེས་རབ་ཀྱི་དབང་པོ་དང་། སོགས་ཁོང་གིས་བསྡུས་པ་སྟོང་ཕྲག་ལས་ལྷག་པ་སོགས་གདོན་པར་ནུས་ན་ཤེས་རབ་ཀྱི་དབང་པོ་དེ་ལ་སླར་ཚུར་རྒོལ་བ་དང་། རྐྱེན་གང་གིས་ཀྱང་འཕྲོག་མི་ནུས་པའི་སྟོབས་དང་། དེས་མཚོན་ཏེ་དད་པ་ལ་སོགས་པའི་དབང་སྟོབས་གཞན་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་ལམ་ཡན་ལག་བརྒྱད་ལ་སོགས་པ་སློབ་པ་དང་། མི་སློབ་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། དེར་མ་ཟད་རྒྱུན་དུ་བསྟོད་པའི་ཕན་ཡོན་ཇི་ལྟར་འབྱུང་བའི་ཚུལ་ཀྱང་ཡོད་དེ། དད་དང་། བརྩོན་འགྲུས་དང་། བྱང་ཆུབ་སེམས་གཉིས་ཀྱིས་རྒྱུད་སྦྱངས་པ་གང་ཞིག་གིས་ཇི་སྲིད་འཚོ་བའི་བར་ཉིན་རེ་བཞིན་དུ་ལན་གསུམ་དུ་བསྟོད་པ་པོ་དེ་ལ་ནི་གོང་དུ་ཇི་སྐད་བཤད་པའི་ཡོན་ཏན་དེ་དག་དང་ལྡན་པས། དོན་དམ་སེམས་བསྐྱེད་ལ་བརྟེན། ཤེས་རབ་སྟོང་ཉིད་བསྒོམས་པས་ཉེར་ལེན་གྱི་


JKT005_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དང་། ཐབས་སྙིང་རྗེ་ཆེན་པོས་ལྷན་ཅིག་བྱེད་རྐྱེན་བྱས་ནས་ལམ་ལྔ་འགྲུབ། ཀུན་རྫོབ་སེམས་བསྐྱེད་ལ་བརྟེན། ཐབས་སྙིང་རྗེས་ཉེར་ལེན་གྱི་རྒྱུ་དང་། ཤེས་རབ་སྟོང་ཉིད་བསྒོམས་པས་ལྷན་ཅིག་བྱེད་རྐྱེན་བྱས་ཏེ་ས་བཅུ་ཐོབ། དེ་ལྟར་ལམ་དང་ས་རིམ་གྱིས་བགྲོད་དེ་གོང་ནས་གོང་དུ་སྤངས་རྟོགས་ཀྱི་ཡོན་ཏན་ཆེས་ཆེར་འཕར་ནས། མྱུར་དུ་ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་ནས། ལམ་མཐར་ཐུག་རང་དོན་ཆོས་སྐུ་མངོན་དུ་འགྱུར། ས་མཐར་ཐུག་གཞན་དོན་གཟུགས་སྐུ་རྣམ་པ་གཉིས་ཀྱིས་འགྲོ་བ་མ་ལུས་པ་སྲིད་འགྲོའི་སྡུག་བསྔལ་ཉམས་པ་རྒྱུ་དང་བཅས་པ་ལས་སྒྲོལ་བའི་ཕྲིན་ལས་ནམ་མཁའ་ཇི་སྲིད་བར་རྒྱུན་མི་འཆད་པའི་དེད་དཔོན་ཆེན་པོར་འགྱུར་བའི་ཕྱིར་རོ། །ལྔ་པ་མཇུག་གི་དོན་ལ་གསུམ། མཛད་བྱང་། བསྒྱུར་བྱང་། ཞར་བྱུང་ལོ་རྒྱུས་ཀྱི་སྒོ་ནས་སྤྲོ་བ་བསྐྱེད་པའོ། །དང་པོ་ནི། ཚོ དཔལ་ཡེ་ཤེས་ཡོན་ཏན་སོགས་དང་། གཉིས་པ་ནི། སྒྱུར་བྱེད་དམ་པ་སོགས་དང་། གསུམ་པ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་སོགས་ཏེ་གོ་སླའོ། །དེ་ལྟར་ན་ཕན་ཡོན་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པ་ད་ལྟའི་བར་དུ་མཐོང་བའི་ཆོས་ལ་འབྱུང་བའི་བསྟོད་པའི་རྒྱལ་པོ་འདི། ཐོག་མར་བརྒྱུད་ལྡན་གྱི་བླ་མ་ལས་རིག་པ་གཏད་པའི་གདམས་ངག་ནོས་ནས་དད་བརྩོན་རྩེ་གཅིག་པས་ཉམས་སུ་ལེན་པ་ལ་
འབད་པར་བྱའོ། །ཞེས་པའང་མཉྫུགྷོ་ཥས་རང་གཞན་གྱི་བརྗེད་བྱང་ཙམ་དུ་བྲིས་པ་སརྦ་ས་ཏཱ་ཧི་ཏོ་བྷ་བ་ཏུ།།

རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་འཆི་བ་སླུའི་མན་ངག་ཕྱི་ནང་འཆི་ལྟས་བཤད་པ་དང་བཅས་པ།


JKT005_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་འཆི་བ་སླུའི་མན་ངག་ཕྱི་ནང་འཆི་ལྟས་བཤད་པ་དང་བཅས་པ་བཞུགས་སོ། །རྒྱ་གར་སྐད་དུ། ཚྭ་ཏུ་པཉྩ་ནོ་པ་དེ་ཤ །བོད་སྐད་དུ། འཆི་བ་བསླུ་བའི་མན་ངག །བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཐོག་མར་ཤིས་པ་བརྗོད་པའི་དགོས་པ་ནི། རང་གི་དད་པའི་ལྷ་ལ་ཤིས་པར་བརྗོད་པའི་ཚུལ་གྱིས་བསྔགས་པས་ཚོགས་བསགས་པ་དང་། བཀྲ་ཤིས་པ་དང་། བདག་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་སྟོན་པའོ། །བཅོམ་ལྡན་དཔལ་ལྡན་སྟུག་པོ་བཀོད་པ་ཉིད་དུ་དོན་དམ་སྣ་ཚོགས་གཉིས་མེད་ཤེས་པ་ཆོས་སྐུ་ཐུགས་སོ་སོར་རང་གིས་རིག་པས་ལོངས་སྐུ་ཆུད་ཅིང་། །དེ་ལས་དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ནི་དམ་པ་ཏོག་དཀར་གྱུར། །དེ་ནས་སླར་ཡང་འདིར་ནི་འགྲོ་བའི་དོན་དུ་ཤཱཀྱའི་ཏོག་སྟེ་མཆོག་གི་སྤྲུལ་སྐུར་གྱུར་པ་གང་། །འཆི་བདག་ལས་རྒྱལ་སྒྱུ་མ་ཀུན་སྟོན་དེ་ནི་རྒྱལ་གྱུར་ཅིག ༡ །དེ་གང་ཞིག་ལུས་འགྱུར་པའི་རྒ་དང་སྲོག་འགྱུར་བའི་འཆི་བ་མེད་པས་རྡོ་རྗེའི་སྐུ་དང་ཐུགས་བརྙེས་པས། །ལུས་ཅན་གཞན་ཐམས་ཅད་ཀྱང་རྒ་ཤི་མེད་པར་མཛད་པ་ལ། །རྒ་ཤི་མེད་པ་ཐོབ་པའི་ཕྱིར། །རྫོགས་སངས་རྒྱས་ལ་གུས་པར་འདུད། ༢ །བརྩམས་པ་མཐར་ཕྱིན་པའི་ཕྱིར་དམ་བཅའ་བ། གཞུང་རྒྱ་ཆེར་བཟུང་མི་ནུས་


JKT005_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློ་དམན་རྣམས་ཀྱིས་ཚིག་རྟོགས་དཀའ་ཞིང་། །སེམས་མཉམ་པར་མ་བཞག་པའི་གཡོ་བའི་སེམས་ལ་དོན་དཀའ་བ་ཡི། །བརྗོད་བྱའི་དངོས་པོ་འཆི་བདག་བསླུ་བ་དང་བསླུ་བྱའི་འཆི་ལྟས་བཅས། །བསྟན་བཅོས་དང་འབྲེལ་བཤད་པར་བྱ། ༣ །འཆི་བ་བསླུ་བྱའི་རྟེན་གྱི་གང་ཟག་ངོས་བཟུང་བ་འཆི་བདག་རྣམ་ཀུན་བསླུ་བ་ནི། །ཟག་པ་མཐའ་དག་གྲོལ་བ་ཉིད་ལ་རིགས་པ་ཡིན། །མ་གྲོལ་བ་ནི་ཐམས་ཅད་ཀྱི། །ཅུང་ཟད་དུས་སུ་བསྲིངས་པ་ཡིན། ༤ །འཆི་བ་བསླུ་བའི་ཐབས་ཀྱི་མཚན་ཉིད་བསྟན་པ་ཚེ་དང་དབང་པོ་རྣམས་དང་སེམས། །འགག་པ་འཆི་བའི་མཚན་ཉིད་ཡིན། །ཐབས་ཀྱིས་ཡུན་རིང་འཚོ་བ་ནི། །འཆི་བ་བསླུ་བ་ཞེས་བཤད་དོ། ༥ །། བསླུས་པའི་དགོས་པ་བསྟན་པ། ཕྱི་ཆོས་ལྟར་སྤྱོད་ཅིང་ནང་དབང་པོ་ཐུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ་བའི་བར། །དེ་སྲིད་བསོད་ནམས་དང་ཡེ་ཤེས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ་བས། །འཁོར་བར་སྲོག་ལས་གཅེས་པ་ནི། །གང་ཡང་ཡོད་པར་མ་མཐོང་སྟེ། །དེ་བས་མྱུར་དུ་ནོར་བུ་དང་སྨན་སྔགས་སོགས་ཐབས་མང་པོས། །འཆི་བ་བསླུ་བ་ཀུན་ཏུ་སྤྱད། ༦ །ཐབས་དེས་ངེས་པར་བསླུ་བར་བསྟན་པ་གང་ཕྱིར་རིགས་པར་ཐབས་སྦྱར་བ། །དཀའ་བ་ཅུང་ཟད་ཡོད་མ་ཡིན་ཏེ། །ནོར་བུ་སྔགས་དང་སྨན་རྣམས་ཀྱི། །མཐུ་ནི་བསམ་ལས་འདས། འཇིག་རྟེན་པ་དང་རྣལ་འབྱོར་ཐམས་ཅད་འདོད་པ་ཡིན། ༧ །ཐབས་དེའང་མྱུར་དུ་བརྩམ་དགོས་པར་བསྟན་


JKT005_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཆི་བའི་མཚན་ཉིད་ལས་རིང་ནས་བརྟགས་ཏེ། །ཤེས་པར་བྱས་ནས་ཕྱི་ནང་གི་རིགས་པ་གཙོ། །གཞན་དུ་དཔེར་ན་སྤྱི་བོར་ཐོག་ནི་བབས་པ་ལ། །རབ་ཏུ་མཁས་ཀྱང་ཅི་བྱར་ཡོད། ༨ །དེ་ཡན་གྱིས་སྤྱིར་བསྟན་པ་ཐལ། ད་འདི་ནས་མར་ལ་ཐོག་མར་འཆི་བའི་ལྟས་སྟོན་པ་ལ། ཐོག་མར་སྡོམ་ནི་ཕྱི་དང་ནང་གི་དབྱེ་བ་ཡི། །འཆི་བའི་མཚན་ཉིད་རྣམ་པ་གཉིས། །གང་གིས་འཆི་བར་འགྱུར་བ་ནི། །ཤེས་འགྱུར་བརྩོན་པས་དེ་ཤེས་བྱ། ༩ །དེ་ནས་གང་ལ་བརྟག་པའི་ཡུལ་བསྟན་པ་གལ་ཏེ་འགའ་ཞིག་འཆི་བ་ཡིས། །མཚན་ཉིད་ཤེས་པར་འདོད་གྱུར་ན། །དེར་ནི་བདེར་གནས་ལུས་ལས་ནི། །ཤེས་བྱ་གཞན་དུ་ཁམས་མི་བདེ་ན་ཡིད་གཉིས་འགྱུར། །ལུས་ཁམས་ཨོཾམི་སྙོམས་པ་དང་སེམས་འདོད་ཆགས་དང་། །མིག་རབ་རིབ་ལ་སོགས་དབང་པོ་སྐྱོན་ཅན་དབང་གྱུར་དང་། །མི་མ་ཡིན་སོགས་ལ་འཇིགས་དང་ཉེ་དུ་ཤི་བ་སོགས་མྱ་ངན་སོག་པའི་རྒྱུས། །གང་ཕྱིར་གཞན་ལོག་པའི་ཀུན་རྫོབ་དུ་སོ་སོར་སྣང་བའི་ཕྱིར། ༡༠ །འཆི་ལྟས་ཀྱི་རྒྱུ་བསྟན་པ། ནང་ལྷ་དང་ཕྱི་འབྱུང་བ་དང་དེ་གཉིས་ག་ནི། །འཁྲུགས་པར་འཆི་བའི་མཚན་ཉིད་གསུམ། །འཐོབ་ལ་འཆི་ལྟས་འབྱུང་གྱུར་པའི། །དབྱེ་བ་དེ་བས་ཤེས་པར་བྱ། །ཕྱི་གནོད་སྦྱིན་སོགས་དང་ནང་རང་གི་ཡི་དམ་སོགས་དབྱེ་བ་ཡིས། །ལྷ་འཁྲུགས་པ་ནི་གཉིས་སུ་འདོད། །འདིར་བླ་མའི་གསུང་གིས། ཕྱིའི་ལྷ་འཁྲུགས་པ་ནི་ཚངས་པ་སོགས་འཁྲུགས་པའོ། །ནང་ནི་རང་གི་ལུས་ལ་རྩ་ཁམས་ཀྱི་ཚུལ་དུ་གྲུབ་པའི་དཔའ་


JKT005_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དང་རྣལ་འབྱོར་མ་སོགས་འཁྲུགས་པའོ། །ཡང་ན་ཡེ་ཤེས་དབབས་པས་བསྟིམས་པའི་ལྷ་འཁྲུགས་པ་སྟེ། དེ་གཉིས་གཞི་མཐུན་པའང་ཕྱི་ཡུལ་ཉེར་བཞི་ན་བཞུགས་པ་དང་། ནང་རྩ་གནས་ཉེར་བཞི་ན་བཞུགས་པ་འཁྲུགས་པ་ལྟ་བུའོ། །ཞེས་གསུངས། དེ་བཞིན་འབྱུང་བ་འཁྲུགས་པ་ནི། །ཕྱི་ས་གཡོས་སོགས་དང་ནང་རླུང་མཁྲིས་སོགས་རྣམ་པ་གཉིས་སུ་བརྟག་པར་བྱ། །ལྷ་རྣམས་ཀུན་འཁྲུགས་ལས་འཆི་བ། །ལྷ་ལས་གྱུར་པ་ཡིན་པར་བཤད། །ལྷ་འཁྲུགས་པའི་ལྟས་ལ་མུ་གེ་སོགས། །གློ་བུར་དུ་ཐོག་བབས་ལ་སོགས་མཚན་ཉིད་ཡིན། །ཕྱི་ནང་གི་འབྱུང་བ་འཁྲུགས་པས་འཆི་བ་ནི། །འབྱུང་བ་ལས་གྱུར་ཅེས་བྱར་བཤད། །འབྱུང་བ་འཁྲུགས་པས་ནང་མཁྲིས་སོགས་དང་། །ཕྱི་མེ་དང་ཆུ་སོགས་འཚེ་བ་ཡིན། །གཉི་ག་འཁྲུགས་པས་འཆི་བ་དང་། །གཉི་ག་ལས་གྱུར་པ་ཞེས་བཤད། །གཉིས་ཀ་འཁྲུགས་པས་ཐོག་བབས་སོགས། །མཁྲིས་པ་བད་ཀན་སོགས་གནོད་པའོ། ༡༡ །ཇི་ལྟར་འབྱུང་བའི་དུས་ཀྱི་ངེས་པ་བཤད་པ་འཆི་ལྟས་རྣམས་ནི་མཐའ་ཡས་ཕྱིར། །དེ་ཐམས་ཅད་གཅིག་ཅར་འབྱུང་བར་མི་འདོད་ལ། །ཀུན་ལའང་རེ་རེ་རིམ་གྱིས་མ་ཡིན་གྱི། །འོན་ཀྱང་ངེས་པར་ངོས་ཟིན་པ་གཅིག་སོགས་གྲངས་འགའ་ཚང་བའི་སྟོབས་ཀྱིས་སོ། ༡༢ །མ་ངེས་པ་དང་ངེས་པའི་རིམ་པ་དབྱེ་བ་གང་དུ་མཚན་ཉིད་མཐོང་གྱུར་ཀྱང་། །ལ་ལར་འཆི་བར་མི་འགྱུར་སྣང་། །འཁྲུལ་མེད་དེར་ནི་ཆོས་ལ་སོགས། །གནོད་པའི་བར་གཅོད་ཡིན་པར་བརྟག །


JKT005_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་མཚན་ཉིད་མ་མཐོང་བར། །ལ་ལར་འཆི་བ་སྣང་གྱུར་པ། །དེར་ནི་ངེས་མེད་པར་ངེས་ཀྱི། །མཚན་ཉིད་མེད་པ་ཉིད་མ་ཡིན། ༡༣ །འབད་པས་བརྟགས་ཏེ་རིང་ནས་ངེས་པ་རྙེད་དགོས་པའི་ཚུལ་འཆི་བ་ཐག་རིང་ནས་ངེས་བྱེད། །གྲགས་པ་ཆེན་པོ་ཉིད་དུ་འགྱུར། །ཅི་གནས་པར་ནི་ཡོངས་གཏོང་དང་། །གསོ་བའི་ཐབས་ལའང་འཇུག་པར་བྱེད། །རྟག་ཏུ་མཉམ་པར་བཞག་གྱུར་པས། །དེ་གཏོད་རྩེ་གཅིག་ཡིད་དུ་བྱ། ༡༤ །དེ་ལྟར་སྤྱིར་བསྟན་ནས་བྱེ་བྲག་ཕྱིའི་ལྟས་རྟོགས་པའི་དུས་ཀྱི་ངེས་པ་དང་པོ་རེ་ཞིག་ཕྱི་ཡི་ནི། །མཚན་ཉིད་ཉེ་བར་བརྟག་པར་བྱ། །མཚན་ཉིད་ཀྱིས་ནི་ཡོངས་ངེས་པའི། །དུས་ནི་རྣམ་པ་གཉིས་སུ་འདོད། །དེ་ཡང་ངེས་དང་མ་ངེས་པ། །ཞེས་བྱ་འབད་དེ་ཤེས་པར་བྱ། །འཕོ་བ་དང་ནི་བཅོ་ལྔ་སོགས། །ནངས་པར་ལ་སོགས་སྐད་ཅིག་བདག །དུས་ནི་ངེས་པར་ཞེས་བཤད་དེ། །གོ་ལྡོག་པ་ལས་མ་ངེས་པའོ། །འགྲམ་པའི་མཚམས་ནི་རབ་གཡོ་ན། །འཆི་བ་རབ་ཏུ་སྟོན་པ་ཡིན། །རླུང་དང་གྲང་སོགས་འཕྲད་པ་ལས། །མཚན་ཉིད་འདི་བྱུང་ཡང་དེ་ལས་གཞན་དུ་སྟེ་ནད་ཀྱི་དབང་དུ་བརྟག ༡༥ །འདི་ནས་གྲིབ་མའི་ཚད་ལས་བརྟག་པ་སྟོན་དབྱར་ཟླ་འབྲིང་པོ་ཀརྐའི་ཁྱིམ། །དགུན་ཟླ་འབྲིང་པོ་ཆུ་སྲིན་འདོད། །ཀརྐ་ཊ་དང་ཆུ་སྲིན་ལའང་། །འཆི་བའི་མཚན་ཉིད་ཇི་ལྟར་འབྱུང་བ་ནི། །དབྱར་ཟླ་འབྲིང་པོ་འཕོ་བའི་མཚམས་ཞག །ཉི་མ་ཕྱེད་ལ་། །


JKT005_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པའི་ཚད། །བྱང་དུ་བལྟས་ཏེ་གནས་པ་ཡི། །གྲིབ་མ་རང་གི་རང་བཞིན་དུ་རྫོགས་པ་ཡིན། །དགུན་ཟླ་འབྲིང་པོ་འཕོ་བའི་ཞག །དེ་ཉིད་རྐང་ཚད་བདུན་དུ་འགྱུར། །ཇི་ལྟར་བརྟག་ན་སྤྲིན་མེད་ནམ་མཁའ་ཉིན་ཕྱེད་ན། །གྲིབ་མ་དག་ནི་བརྟག་པར་བྱ། །གོང་གི་ཟླ་བ་རེ་རེ་རྐང་རེ་འཕེལ། །ཟླ་བ་རེ་བཞིན་རྐང་རེ་འགྲིབ། །འདི་ལས་གཞན་དུ་འཕེལ་འགྲིལ་འགྱུར་ན་ནི། །འཆི་བའི་དོགས་པ་རབ་ཏུ་བསྐྱེད། །དབྱར་ཟླ་འབྲིང་ནས་ཆུ་སྲིན་བར། །རྐང་པ་རེ་རེ་འཕེལ་བ་ཡིན། །ཆུ་སྲིན་ནས་ནི་རྐང་པའི་བར། །རྐང་པ་རེ་རེ་འགྲིབ་པར་འགྱུར། །དབྱར་ཟླ་འབྲིང་ནས་རིམ་གྱིས་འཕེལ། །དེ་བཞིན་དགུན་ཟླ་འབྲིང་རིམ་འགྲིབ། །མཐོང་ནས་ནི། །ཟླ་བ་གཅིག་ན་འཆི་བར་ངེས། །འགྲིབ་པའི་དུས་སུ་འཕེལ་བ་དང་། །གལ་ཏེ་འཕེལ་བའི་དུས་སུ་འགྲིབ། །འཕེལ་འགྲིབ་ཀྱི་དུས་དེ་ཉིད་ནས་བརྩམས་ནས་ནི། ཟླ་བ་གཅིག་གི་ནང་ན་འཆི་བར་ངེས། །འཕེལ་བའི་དུས་སུ་རབ་འཕེལ་ཏེ་ཚད་ལས་ཐལ་ན། །སྣ་ཚོགས་ནད་ཀྱིས་གཙེས་པར་འགྱུར། །འགྲིབ་པའི་དུས་སུ་རབ་སྟེ་ཚད་ལས་འགྲིབ་ན། །འཆི་བ་ཉིད་དུ་ཐེ་ཚོམ་མེད། དབྱར་ཟླ་འབྲིང་ནས་ནི་དེ་གཉིས་ཀའི་ཉི་མ་ལྡོག་པའི་དགུན་ཟླ་འབྲིང་གི་བར། །དང་པོ་ཀརྐཊ་དབྱར་ཟླ་འབྲིང་ཆུ་སྲིན་དེ་དང་དགུན་ཟླ་འབྲིང་པོའི་ཉའི། ཉི་མ་འཕོ་པའི་དྲུག་དྲུག་གང་ཡིན་འདར། །དུས་དང་དུས་མིན་ངེས་པར་བརྟག །


JKT005_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་ཟླ་འབྲིང་སོགས་ཉིན་ཞག་ལ་བརྟག་པ་བཞིན་དུ་དུས། །དབྱར་ཟླ་ཐ་ཆུང་ཚད་ལས་མ་གྱུར་སོགས་ལ་ཟླ་བ་དྲུག་ཏུ་བཟང་ངན་འགྱུར་བ་ཡང་ཡང་བརྟག །མ་གི་འཕོ་བའི་ཉི་མ་བཟུང་བས་མིན་གསུངས། དགུན་ཟླ་འབྲིང་པོའི་ཞག་ནས་བཟུང་པའི་ལྷག་མའང་། །དགུན་ཟླ་ཐ་ཆུང་ལ་སོགས་པའི་ལྷག་མ་ནི་ཟླ་བ་དྲུག་གི་བཟང་ངན་བཅུ་གཉིས་སུ་འགྱུར་བ་ཡང་འཕོ་བ་བརྟག་གོ ༡༦ །རྐང་མཐིལ་དག་༡འདི་ནས་ལུས་ཀྱི་འགྱུ་བ་ལ་བརྟག་པ་འབྱུང་བ་འཁྲུགས་པའི་འཆི་ལྟས་སྟོན། །༢ ཏུ་བུག་པ་ཕུག་པ་སྙམ་དང་གཡོས་སྙམ་འབྱུང་བ་སྟེ། །གང་ཚེ་སོ་སོར་ཟླ་བ་ཕུག་སྙམ་གནས་གང་དུ་ཞུགས་པ་ལ་སོ་སོར་ཅི་རིགས་པ་དཔྱད། འདི་དག་ནི་བདུད་སྤྲུལ་པའི་འཁོར་ལོ་ཞུགས་པར་འགྱུར། །ཉིན་ཞག་གསུམ་གྱི་འོག་ཏུ་ནི། །འཆི་བར་ཉིད་དུ་འགྱུར་བ་ཡིན། །རྐང་པ་དག་གི་མཐིལ་དུ་ཕུག་ནས། །རྒྱུན་མ་ཆད་པར་གལ་ཏེ་མིག་ཀྱང་ཕུག་སྙམ་ན། །དེ་ཚེ་ཟླ་བ་གསུམ་གྱིས་ནི། །རྗེས་ལ་གཤིན་རྗེའི་ཁྱིམ་དུ་འགྲོ་སྟེ་འཆི། །གལ་ཏེ་རྐང་མཐིལ་ལ གཉིས་ཕུག་ནས། །རྒྱུན་མ་ཆད་པར་སྣ་རྩེའི་བར་དུ་ཕུག་སྙམ་ན། །དེ་ཚེ་ངེས་པར་ཞག་གསུམ་ནས། །གཅིག་ཏུ་འཆི་བར་འགྱུར་བ་ཡིན། །བཤང་དང་ལྟེ་བར་ཞུགས། གཅི་བའི་དུས་དག་ཏུ། །དུས་མཚུངས་སྦྲིད་པ་འབྱུང་གྱུར་ན། །དུས་ནི་དེ་ཉིད་ནས་བཟུང་སྟེ། །དེ་ནི་ལོ་གཅིག་དག་ན་འཆི། །ལྟག་ཁུང་དག་བདུད་ཁུང་མགྲིན་པར་ཞུགས། ཏུ་ཕུག་སྙམ་ན། །ལོ་ལྔ་ནས་ནི་འཆི་བར་འགྱུར། མིག་གིས་ལྕེ་རྩེ་སྔར་མཐོང་བ་ལ་ཕྱིས་མ་


JKT005_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ན། །ཞག་གསུམ་ན་ནི་འཆི་བར་འགྱུར། །སྣ་རྩེ་རྒྱུན་དུ་སེན་མོས་འབིགས་སྙམ་ན། །ཟླ་བ་བཞི་ན་འཆི་བར་འགྱུར། །མཛོད་སྤུའི་སྨིན་མཚམས་ཀྱི་གནས་སུ་ཕུག་སྙམ་ན། །ངེས་པར་འཕྲལ་དུ་འཆི་བར་འགྱུར། །གང་ཚེ་རྩིབས་ལོགས་གཡས་དང་གཡོན་པར་ནི། །དུས་མཚུངས་པར་སེན་མོ་བཙུགས་པ་བཞིན་ནི་ཟུག་འགྱུར་བ། །དེ་ཚེ་ཟླ་བ་གཅིག་ན་འཆི། །དེ་བས་བསོད་ནམས་དག་ནི་བསག །ཕོ་མོའི་མཚན་ཉིད་རྡོ་རྗེ་པདྨ་གཉི་ག་སྦྱོར་བ་ན། །སྦྱོར་བའི་དེ་མ་ཐག་ལ་བར་དང་ཐ་མར་སྦྲིད་པ་དང་། །མཉམ་པར་ཕོ་མོ་གཉིས་ཀ་ལ་འབྱུང་འགྱུར་དེ་ཡི་ཚེ། །ཟླ་བ་ལྔ་ན་རླུང་འཁྲུགས་མ་རྙོགས། འཆི་བར་འགྱུར། ལག་པ་རྐང་པ་སྙིང་གར་ཞུགས་པས་ཉིད་དག་གི། །མཐེའུ་བཞི་པོ་དག་གི་ཚིགས་རྣམས་ནི། །བཞི་པོ་དུས་གཅིག་སེན་མོ་བཙུགས་པ་བཞིན་ཟུག་སྙམ་ན། །དེ་ནི་ཟླ་བ་གཅིག་ན་འཆི། །གང་ཚེ་སྙིང་ག་ལྐོག་མ་ཡི། །སོ་སོར་སེན་མོ་བཙུགས་པ་བཞིན་བར་དང་དུས་མཚུངས་པར་བ ཟུག་འགྱུར། །གལ་ཏེ་ཆོས་ལ་མི་བརྟེན་བསླུར་མི་བཏུབ་པས། ན། །ཟླ་བ་ཕྱེད་དང་གཉིས་ན་འཆི། །གལ་ཏེ་སྤྱི་བོ་རྐང་པ་ལག་པའི་མཐིལ་གསུམ་དུས་ཡང་དང་ཡང་དུ། །དུས་མཚུངས་པར་སེན་མོ་བཙུགས་པ་བཞིན་ནི་ཟུག་པ་ན། །གལ་ཏེ་ཚངས་པ་ལ་རྗེས་སུ་འཇུག་པ་བརྒྱ་བྱིན་མཚུངས་པ་ཡང་། །ཞག་གསུམ་ན་ནི་འཆི་བར་འགྱུར། །གང་གི་མིག་ནི་གཡོན་པ་ཡི། །གཟུགས་བརྙན་ནི་མེ་ལོང་ལ་མ་མཐོང་། །གལ་ཏེ་བསླུ་བ་འཆོས་པར་


JKT005_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་ན། །ཞག་བདུན་ན་ནི་ངེས་པར་འཆི་འཆོས་ན་འཚོ་སྲིད། །འཁྲིག་སྤྱོད་ཚེ་ན་དྲིལ་བུ་དངོས་པོ་མེད་པ་ལ་ཡི། །སྒྲ་ནི་རྣ་བ་དག་གིས་ཐོས་ན། །གལ་ཏེ་ཚངས་བ་ཚེ་རིང་བ་དང་མཉམ་པའང་། །དེ་ཚེ་ཟླ་བ་གསུམ་གྱིས་འཆི། །ཡར་ངོ་ཡི་ནི་ཚེས་གཅིག་ལ། །གལ་ཏེ་ཁུ་བ་བཏོན་ནས་བལྟས་པས་ནག་པོར་མཐོང་། །དེ་ཚེ་ཟླ་བ་དྲུག་ན་འཆི། དམར་པོ་ནད་ཀྱིས་འདེབས་པར་སྟོན། །སྣ་རྩེ་དང་སྤྱི་བོར་ཞུགས་པའི་ནི་སྨིན་མའི་བར། །སྤྱི་བོའི་རྩེ་མོ་སོ་སོར་སེན་མོ་བཙུགས་པ་བཞིན་ནི། །ཟུག་འགྱུར་གལ་ཏེ་ཟློག་མི་བྱེད། །དེ་ཚེ་འཕྲལ་དུ་འཆི་བར་འགྱུར། །རྐང་པའི་མཐེའུ་ལྟེ་བར་ཞུགས་ནས་བརྩམས་ཏེ། །ལྟེ་བ་ཡི་ནི་མཐར་ཐུག་པར། །ཟུག་ཅིང་ཚ་བར་རྒྱུན་མི་འཆད་པར་བཅས་གྱུར་ཏེ། །ཟླ་བ་དྲུག་ན་ངེས་པར་འཆི། །རྐང་པའི་མཐེ་བོ་ནས་རྒྱུན་མི་ཆད་པར་སྙིང་ག །ལྐོག་མའམ་ཡང་ན་མགོ་ཡི་མཐར་ཟུག་ན། །རིམ་པ་བཞིན་དུ་ཟླ་བ་གསུམ་དང་ཟླ་ཕྱེད་གསུམ་དང་། །ཉིན་ཞག་གཅིག་གིས་འཆི་བར་འགྱུར། །སྣ་བདེ་ཆེན་ཞུགས། རྩེའམ་མན་པའི་ཀ་བཅད་པའི་ཤ་ནི་སྔར་བས་འཇམ་ཀྱིས་ལྷོད་གྱུར་ན། །ཞག་བདུན་ན་ནི་འཆི་བར་འགྱུར། །མཁུར་ཚོས་མཚན་གྲངས་ཀྱི་ཕྱེ་བ་ཤ་ནི་ཆད་གྱུར་ན། །ཟླ་བ་ལྔ་ན་འཆི་བར་འགྱུར། །མིག་དང་སྣ་གོང་དག་གི་བར་ཉམས་པར། །མགུལ་པ་མཐོང་བར་མ་གྱུར་ན་ལག་གིས་རེག་པས། །ཞག་ལྔ་ནས་ནི་འཆི་འགྱུར་བས། །ཆོས་ཀྱི་རྒྱགས་ནི་བསྐུར་བར་བྱ། །


JKT005_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གཉིས་མིག་འབྲས་ལ་དྲི་མ་ཁད་ཀྱིས་ཆགས་ན། །གལ་ཏེ་འཕྲལ་དུ་འབྱུང་གྱུར་ན། །སླར་འཆོས་པར་ནི་བསླུ་བར་མི་བྱེད་ན། །ཟླ་བ་དྲུག་གི་བར་དུ་འཆི། །གློ་བུར་དུ་ནི་ཡེ་ནས་དྲངས་པོ་ལ་སྣ་ཡོ་ཞིང་། །རྣ་བ་རང་གི་གནས་ནས་ལྕོགས་ཕྱིས་སོང་བ་བསྐྱོད། །མིག་ཀྱང་གློ་བུར་དུ་ཟླུམ་པོར་གྱུར་ན་ནི། །ཞག་བདུན་ནས་ནི་འཆི་བར་སྟོན། །གློ་བུར་དུ་ནི་སྤྱི་བོའི་འཁོར་ལོར་ཞུགས་པས་སྙིང་ག་ཞོམ་གྱིས་སོང་བས་དམའ། །དེ་ཚེ་ཟླ་བ་ཕྱེད་ན་འཆི། །མགྲིན་པའི་ངོས་གཉིས་རྩ་དག་འཕར་བ་ནི། །ཆད་པ་འཕར་བ་དག་ཀྱང་ཟླ་ཕྱེད་ནའོ། །གལ་ཏེ་ལྕེ་ཡི་དབུས་ན་ནི། །སྔར་མེད་པའི་རི་མོ་ནག་པོ་གློ་བུར་དུ་བྱུང་ན། །སོ་དག་དམ་དུ་ཉེས་པ་མེད་པར་གློ་བུར་དུ་འཐམས་པ་ནི། །དེ་ཚེ་ཉིན་ཞག་གཉིས་ནས་འཆི། །རྣ་བའི་འཁོར་ན་རྒྱབ་ཀྱི་ཀུང་ཀུང་གི་ནི། །རྩ་ནི་འཕར་བ་ཆད་པ་སྣང་གྱུར་ན། །ཉིན་ཞག་དེ་འམ་ཡང་ན་ནི། །ལྷ་འཁྲུགས་པའི་རྟགས་ཞག་ལྔ་ན་ནི་འཆི་བར་སྤྱི་བོར་ཞུགས་པའོ། འགྱུར། །སེན་མོའི་ཁ་དོག་སྔར་དམར་པོ་དག །འཕྲལ་དུ་མེད་པར་གྱུར་ན་ནི། །གལ་ཏེ་སྔགས་སོགས་སྨན་ནོར་བུ་ཏིང་ངེ་འཛིན་དེས་མ་བསླུས་ལ་མ་སྤྱད་ན། །དེ་ཚེ་ཟླ་བ་དྲུག་ན་འཆི། །གློ་བུར་དུ་ནི་སྦོམ་འགྱུར་སྔར་སྦེག་པ་ལ། དང་། །སྔར་ཚོ་བ་ལ་རྣོག་ཅིང་སྔར་ཞི་བ་ལ་ཁྲོ་དང་གལ་ཕྱེད་འཇིགས་པས་འཁྲུགས། །གལ་ཏེ་བསླུ་ཐབས་ཀྱི་ཆོས་ནི་མ་བསྟེན་གང་། །དེ་ནི་ལོ་གཅིག་དག་ན་འཆི། ༡༧ །མིག་སོགས་ཤེས་པའི་འགྱུར་བ་


JKT005_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟག་པ་ཕྱིའི་དབང་པོ་རྣམས་ནི་རང་གི་ཡུལ། །ཇི་ལྟ་བ་བཞིན་འཛིན་པར་མི་བྱེད་པར་ལོག་པར་འཛིན་པ་དང་། །ཚིག་ནི་ཡང་ཡང་འཁྲུལ་པར་སྨྲ་བ་དང་། །བློ་ནི་ཡང་དང་ཡང་དུ་འཁྲུལ། །ཡུལ་གཞན་ན་ཡོད་པ་ལ་གཞན་ལ་ཡོད་པ་སྙམ་དུ་འཁྲུལ་པ། མིག་ལས་རྟག་ཏུ་འཛག་པ་སྐྲ་ཤད་དང་བལ་གྱི་འཁོར་དང་ཁབ་ལ་སོགས་པ་བཞིན་དུ་དང་། །གཟུགས་མཐོང་ན་ཡང་འཁྲུལ་པ་ལ་ལ་ཆེ་བར་མཐོང་བ་དང་། །ཐག་རིང་པོ་ནས་མཐོང་བ་ཆེ་བ་ལ་ཆུང་བ། མེ་ལོང་ངམ་ནི་ཡང་ན་ཆུ། །རང་གི་གྲིབ་མ་མ་མཐོང་དང་། །མཚན་མོའི་དུས་སུ་དངོས་པོ་ལ་གཞའ་འཆར་དུ་མི་སྲིད་པ་ཡིན་པ་ལ་གཞའ་དང་ནི། །ཉིན་པར་སྐར་མའི་ཚོགས་མཐོང་དང་། །ཉིན་པར་སྤྲིན་མེད་པར་ནི་ལྷོ་ཕྱོགས་ན། །གནས་པའི་གློག་འགྱུ་བ་མི་སྲིད་པ་ཡིན་པ་ལ་དེ་མཐོང་བ་དང་། །ཉིན་པར་གྱི་དུས་སུ་གྲིབ་མའི་རྒྱུ་ཚེགས་ལམ་དང་ནི། །དེ་བཞིན་ཉིན་པར་སྐར་མ་ལྷུང་བ་མཐོང་བ་དང་། །ངང་པ་བྱ་རོག་རྨ་བྱ་དངོས་པོ་ལ་བྱ་ཁྱུ་འདྲེས་མི་སྲིད་པས་ནི། །གཅིག་ཏུ་འདྲེས་པར་མཐོང་བ་དང་། །ཟླ་བ་གཉིས་དང་ཉི་མ་གཉིས་དངོས་པོ་ལ་མི་སྲིད་པ་གཉིས། །དེ་བཞིན་རང་གི་མགོ་བོར་ལག་པས་མྱང་བ་ན་མེད་པར་དྲོད་ཚ་བ་འབར། །ཤིང་གི་རྩེ་དང་རི་བོའི་རྩེ་ལ་དངོས་པོ་ལ་མི་སྲིད་པ་ལ་ནི་དྲི་ཟའི་གྲོང་ཁྱེར་མཐོང་བ། གྲོག་པོས་སུལ་དང་ཚྭ་སྒོ་ཅན་ལན་བུན་དང་ཆར་བབས་ཉི་མ་ཤར་བས་རླངས་བ་འོང་བ་ཡིན་པ་ལ་དེ་མ་ཡིན་པར་དང་། །ཡི་དྭགས་ཤ་ཟ་འཇིགས་རུང་བའི། །གཞན་དག་ཀྱང་ནི་མཐོང་འགྱུར་དང་། །


JKT005_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་འདར་བར་འགྱུར་བ་དང་། །ཡང་དང་ཡང་དུ་ཉམས་པ་མེད་པར་བརྒྱལ་བ་དང་། །སྐྱུགས་པ་བཤང་དང་གཅི་བ་ནི། །གསེར་རམ་ཡང་ན་དངུལ་གྱི་མདོག་ཏུ་མཐོང་། །དེ་ཡིས་རེ་རེ་རངས་པ་མཐོང་མི་དགོས། མཐོང་གྱུར་ནའང་། །ཟླ་བ་གཅིག་གིས་འཆི་བར་འགྱུར། །རྩེ་སྒྲོག་ལྐོག་མ་མཆུ་དང་རྐན་སོའི་སྒྲོག་དང་ལྕེ། །དངོས་པོ་མེད་པ་ལ་ཆོད་དང་བླ་ག་དང་དེ་བཞིན་ལུས། །མཐོང་ན་དེ་བཞིན་ཟླ་དྲུག་གི། །ནང་དུ་ངེས་པར་འཆི་བར་འགྱུར། །གྲེ་བ་ཁམས་བདེ་བཞིན་མཆུ་དང་བད་ཀན་ལྕེ། །རྒྱུན་དུ་སོ་སོར་སྐམ་ན་ནི། །དེ་ནི་ཟླ་དྲུག་ནང་དུ་ནི། །ངེས་པར་འཆི་བ་སྟོན་པ་ཡིན། །མཚན་མོའི་དུས་སུ་སྐར་མའི་ཚོགས་ཀུན་དང་དྲང་སྲོང་སྨིན་ཟློདྲུག་བདུན། །ཕྱོགས་སུ་ཤར་བའི་ཕྱོགས་སུ་མཚན་མོ་མ་མཐོང་ངམ། །ལུས་ནི་གློ་བུར་དུ་དྲོད་འབར་གྱུར་ན། །ཞག་བདུན་ན་ནི་འཆི་བར་འགྱུར། །སྒྲིབ་མེད་ཐོ་རངས་ཀྱི་སྐར་ཆེན་ན་ནི་སྣར་མ་བི་རྫི་དང་། །གཟའ་བདུན་ཟེར་བ་བསྟན་དང་དེ་བཞིན་ཁྲུམས་ཀྱི་དབུས་ན་སྐར་མ་བཟང་པོ་གཅིག་ཡོད་པས་གྲིབ་པའི་བུ་ཚིགས་ལམ། །མཚན་མོ་གློ་བུར་དུ་མ་མཐོང་། །ཟླ་བ་དྲུག་ན་འཆི་བར་འགྱུར། །ཟླ་བ་ངོ་བོ་ར་རི་མེད་པ་དངོས་པོ་ལ་ཡོད་པ་དང་། །ཉི་མ་འོད་དང་བྲལ་བ་དང་། །མེ་ནི་སྣ་ཚོགས་འོད་བཅས་རྒྱ་ནག་པོའི་མེའི་མི་ཡིན། དེ་མི་གཟི་བརྗིད་དང་བཅས་ཏེ་བལྟར་མི་ཚུགས་པ་འང་། །ཟླ་བ་ཡང་ནི་འོད་ཟེར་གཟི་བརྗིད་དང་བཅས་པ། །མཚན་མོ་ཉིན་མོར་མཐོང་བ་ཉི་མ་ཉིན་པར་


JKT005_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མོར་མཐོང་བ། །དེ་བཞིན་རང་མིག་འབར་བ་ལ་ཉམས་སྣ་ལ་དྲོད་དང་། །སྐར་མ་ནི་རི་རབ་དག་གི་ཚད་དུ་མཐོང་། །རྒྱ་མཚོ་ནི་ཆུ་བོ་ལྟ་བུ་དང་། །ལྟེ་བའི་སྐྱིགས་བུ་དང་བཤང་སྒོ་ལས། །སྦྲིད་པ་བཞིན་དེ་གཉིས་དུས་གཅིག་ཏུ་འབྱུང་བ་མདོག་ཁ་དོག་དམར་པོ་པདྨ་དང་། །དཔྲལ་དུ་ལྐོག་མར་འབྲུམ་པ་དམར་པོ་ཕྲོམ་མེ་བ་ཆགས་པ་བདུན་དང་། །ལུས་ལ་ཁ་དོག་དཀར་དམར་སྣ་ཚོགས་འབྱུང་བ་དང་། །སྙིང་ག་ནས་དབུགས་སྨེ་འབྱིན་པ་དང་དུས་། གཅིག་ཏུ་མཆི་མར་བཅས། །ཡང་ན་རྐན་ནི་འགུལ་བ་དང་། །ཟླ་བའི་འོད་ཟེར་མེ་ལྟར་ཚ་བར་འཚེར་བ་དང་། །ཉི་ཟེར་དང་མོའི་འོད་ཁ་བ་ལྟ་བུར་བསིལ་བར་ཚོར་བ་དང་། །ཟླ་བ་དང་ཉི་མའི་ངོས་ལ་བུ་ག་མཐོང་བ་དང་། །ས་དང་གནམ་གྱི་ངོས་ལ་བུ་ག་མཐོང་བ་དང་། །གང་ཞིག་ཀ་བདག་ཉིད་རང་དང་གཞན་གྱིས་མཐོང་ན་དངོས་པོར་ཡོད་པ་ཡིན་པ་ལ་ཁ་ཁོ་ནས་མཐོང་། །དེ་ནི་ཟླ་ཕྱེད་ནས་ནི་མཐོང་། །བདེ་ཆེན་དུ་ཞུགས་པའི་རྟགས་ཁུ་བ་དང་ནི་གཤང་གཅི་རྣམས། །དུས་ནི་མཚུངས་པར་འབབ་གྱུར་ན། །ལོ་གཅིག་ནས་འཆི་དེ་ལ་ནི། །སྨན་པའི་ཐབས་ཀྱིས་གསོ་བར་བྱ། །རང་གི་དྲི་ཆུ་ལ་པི་པི་ལིང་ཉི་ཤུ་རྩ་གཅིག་བཏགས་པར་བཏབ་ལ་བསྒྲུངས་ཏེ་ཁུ་བ་ཚ་མོ་བཏུང་སྙིགས་མ་དཔོའོ། །གང་གི་ལུས་ཀྱི་ཕྱེད་དག་ནི། །གྲང་ཞིང་དེ་བཞིན་ཕྱེད་དྲོ་ན། །སྤྱི་བོ་ཟླ་བ་དང་ཉི་མའི་རླུང་འཁྲུགས་པ་རླུང་ཚ་གྲང་ལྡོག་པས་འདི་འབྱུང་བ་འཁྲུགས་པའོ། །ཞག་བདུན་ནས་ནི་འཆི་འགྱུར་གྱི། །འཇིག་རྟེན་ཕ་རོལ་རྣམ་བསམ་བྱ། །མེ་


JKT005_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གི་རང་བཞིན་ཚ་བ་ཡིན་པ་ལ་ཧ་ཞེས་བྱ་བ་གྲང་བ་ཚོར། །ས་ཆུའི་རང་བཞིན་གྲང་བ་ཡིན་པ་ལ་ཕུ་ནི་མེ་དང་འདྲ་གྱུར་ན། །བདུད་སྤྱི་བོར་ཞུགས་པས་སེམས་ཀྱི་རྒྱལ་པོ་དེ་ལྟེ་བར་སོང་བས་ལྟེ་བ་ནས་སྤྱི་བོར་སོང་སྟེ་ས་ཆུའི་རླུང་དང་མེ་ཆུའི་རླུང་བཞི་འཁྲུགས་པས་འཕོས་པར་འགྱུར། །གང་གིས་ཉམས་སུ་མྱོང་བ་དེ། །ཞག་བདུན་ནས་ནི་གཤིན་རྗེ་མཐོང་། །འདིས་ལུས་ཀྱི་འགྱུར་བ་བརྟག་པ་སྟེ་སྙིང་གར་ཞུགས་པའོ། །སྲིན་ལག་གི་ནི་རྩ་བ་རུ། །དུག་ཞུགས་པས་གློ་བུར་དུ་རི་མོ་ནག་པོ་མཐོང་གྱུར་ན། །ཞག་ནི་བཅོ་བརྒྱད་འོག་ཏུ་ནི། །སྔོན་གྱི་ལས་ཀྱིས་ངེས་པར་འཆི་བར་འགྱུར། །གང་གི་མགོ་བོར་རྩངས་པ་ནི། །ཁ་དོག་གསུམ་པ་མི་འདྲ་བ་གང་རུང་འཛེགས་ནས་སུ། །མྱུར་དུ་སྐྱུགས་སྐྱུག་འགྲིབ་པར་བྱེད་པ་རང་སྣང་བ་དང་། །ཟླ་བ་ལྔ་ནས་ངེས་པར་འཆི། །ལུས་པོའམ་ལག་པ་གཉིས་ཀྱིས་མཉེས་པ་ཡི། །ལུས་ཀྱིས་སྒྲ་ནི་མི་ཐོས་ཤིང་། །ཡན་ལག་ཐམས་ཅད་དགྲར་འགྱུར་བ། །ཞག་བཅུ་ན་ནི་འཆི་བར་འགྱུར། །གང་གི་བྱིན་པ་ཕལ་ཆེར་སྣོལ་མར་བསྐྱོད་པ་ཡིན་པ་ལ་ལག་པ་ནི། །གཅིག་ཅར་བསྐྱོད་ཅིང་འགྲོ་བ་དང་། །ཚངས་པའི་སྐུད་པ་དཔྲལ་བའི་རི་མོ་མེད་འགྱུར་ན། །དེ་ནི་ལོ་གཅིག་དག་ནས་འཆི། །འདམ་མམ་བརྡལ་བའི་ས་རྡུལ་ཕྱོགས་སུ་ནི། །རྗེས་གསལ་བ་ཡིན་པ་ལ་རྐང་པ་མདུན་ནམ་བྲང་ཡང་རྒྱབ་རྟིང་པ་ན། །རྐང་རྗེས་གང་རུང་དུམ་བུ་མ་ཚང་བ། །ཟླ་བ་བཞི་ན་འཆི་བར་འགྱུར། །སྐྱེས་བུ་གནག་དང་དམར་སེར་གྱི། །


JKT005_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ཅན་གློ་བུར་དག་ཏུ་རང་གཅིག་བུས་མཐོང་། །གལ་ཏེ་རླུང་མཁྲིས་ལ་སོགས་པས་འཁྲུལ་གྱུར་མ་ཡིན་ན། །ལོ་གསུམ་འདས་ནས་འཆི་བར་འགྱུར། །སྙིང་ག་རྐང་པའི་མཐིལ་སྐམ་དཀའ་བ་ཡིན་པ་ལ་དེ་གཉིས་བཀྲུས་མ་ཐག །སྐམ་ན་ཟླ་བ་གཉིས་ན་འཆི། བཞིན་མི་སྡུག་པར་སྣང་བ་དང་དྲི་ང་བ་བཞིན་དྲི་མ་འབྱུང་། །བྱུང་ན་ཉིན་གསུམ་དག་ན་འཆི། །ཉི་མ་ཚ་བར་གནས་པའི་དུས་སུ་ཆུ་ཡིས་ནི། །ཀ་ཡི་ནང་གི་བཀང་ནས་ཀྱང་། །ཉིན་རེ་ཉི་མ་ལ་ཕུ་ནི་འདེབས་པ་ན། །རིམ་གྱིས་དེ་དབུས་གནས་པ་ཡི། །དབང་པོའི་གཞུ་ནི་འཇའ་ཚོན་སྣ་ཚོགས་མཐོང་། །སྐྱེས་བུ་རྟག་ཏུ་ཚེ་རིང་བའི་རྟགས་ཡིན་ཞིང་། །ཟླ་དྲུག་ཚེ་ཡོད་དེ་མི་མཐོང་། །ལས་མེད་ན། །དེ་ལྟར་མཚན་མ་སྣ་ཚོགས་ཉིད། །མདུན་གྱི་ནམ་མཁའི་དབུས་སུ་ནི། །མུ་ཏིག་ཕྲེང་བ་ཆད་ནས་ཕྲེང་བ་འཐོར་བ་འདྲའི། །མུ་ཏིག་རྡོག་མས་བཀྲམ་པ་བརྒྱན་བ་ནི། །ཉི་མ་གསལ་བའི་ཚེ་མཐོང་བ་ཡིན་པ་ལ་དེ་མ་མཐོང་ན་ཟླ་བ་དྲུག་ན་འཆི་བ་ནི་མཐོང་། །མཐོན་མཐིང་གའི་ནོར་བུའི་མདོག་འདྲ་བ། །སྐྲ་ཤད་འཛིངས་པ་ལྟ་བུ་ནི། །སྔར་མཐོང་བར་གྱུར་པའི་ཕྱོགས་ནས་ནི། །ཕྱོགས་གཞན་དུ་ནི་འགྲོ་བ་དེ་མ་མཐོང་ན་ཟླ་བ་དྲུག་ནས་འཆི་བ་དང་། །ཀླུ་ནི་དུ་མ་ཏེ་ཐང་ཀ་ལ་སྦྲུལ་གྱི་ཕུང་པོ་འཁྲིལ་པ་བཅོར་བ་དང་། །རྟག་ཏུ་མེད་བཞིན་དུ་མཐོང་བར་འགྱུར་བ་ཡིན། །དེ་མ་མཐོང་ན་ཟླ་དྲུག་གིས། །འཆི་བ་རུ་ནི་ངེས་པར་བསྔགས། །སྔ་དྲོའམ་སྲིད་དམ་ཡང་ན་ཕྱི་དྲོའམ་ཐོ་


JKT005_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རངས། །ཉི་ཟེར་རམ་ཟླ་ཟེར་དག་ལ་ཡུན་རིང་དུ། །དཔུང་པ་ལག་པ་བརྐྱངས་པའི་གྲིབ་མ་ལ། །སྙིང་གར་སེམས་ཟིན་པར་བལྟས་ཏེ་རིམ་གྱིས་མཁའ་ལ་བལྟ་ཞིང་བལྟས་པས། །དེ་ཡང་གྲིབ་མ་མི་གཟུགས་ནི། །གྲིབ་མ་སྐྱ་བོ་མཐོང་གྱུར་ན། །གྲིབ་མ་དེ་ཡི་མགོ་བོ་མ་མཐོང་ན། །ལོ་གཅིག་གི་ནི་ནང་དུ་རང་འཆི། །ལག་པ་གཡོན་པ་མ་མཐོང་ན། །བུ་དང་ཆུང་མ་བརླག་པར་འཆི་བར་འགྱུར། །ལག་གཡས་མ་མཐོང་བ་ཡིས་ཀྱང་། །ཕ་དང་སྤུན་ཟླ་སོགས་ཆེན་འཆི། །ལག་གཉིས་པུས་མོའི་སྟེང་བཞག་པ། །བྱས་ནས་སྤྱི་བོར་ཐལ་སྦྱར་བ། །དེ་གཉིས་དབུས་ན་ཆུ་ཤིང་གི། །འབྲས་བུ་ལྟ་བུའི་གྲིབ་མ་མཐོང་། །གང་ཚེ་དེ་ལས་འདབ་མ་གཅིག །ཡོངས་སུ་ཁ་བྱེ་སྣང་གྱུར་པའི། །ངེས་པར་ཆོས་ནི་དེ་ཉིད་ཀྱི། །འདི་ནས་ལུས་ཀྱི་འགྱུར་བའི་བྱེ་བྲག་ཕལ་ཆེར་ནང་གི་ལྷ་འཁྲུགས་པའི་འཆི་རྟགས་སྟོན། ཟླ་བ་དྲུག་ནས་འཆི་བར་འགྱུར། ༡༨ །རླུང་ནི་གཡས་པའི་ཉི་མའི་ལམ་འགྲོ་ལས། །རྣ་ཀ་བ་ཁ་མགོ་དང་མིག་ག་ལ་ནི། །སྒྲ་ཀ་དང་དུ་དཔའ་བོ་དཔའ་མོ་གཡོས་པར་བྱེད་པའི་ཁ་བ་དེ་བཞིན་འོད་ག། །གསུམ་པོ་འདི་དག་བརྟག་པར་བྱ། །རྣ་བ་གཉིས་ཤིན་ཏུ་དམ་པོར་དགབ་ལ། །དེ་ན་གནས་པའི་དཔའ་བོ་དང་དཔའ་མོ་འགྲོ་བར་བྱེད་པའི་ཟབ་ཅིང་རྟིང་ན་འུར་འུར་སྒྲ་བསྒྲགས་པ་གསུམ་བཞི་ཚུན་ཆད་མ་ཐོས་པས་འཆི་ལྟས་སུ་མི་འགྲོ་གསུངས། །ཉིན་ཞག་ལྔའམ་གཅུའམ་ནི། །བཅོ་ལྔ་ཉིན་ཞག་ཉི་ཤུའམ། །ཉི་ཤུ་རྩ་ལྔ་ཉིད་ཀྱིས་ནི། །


JKT005_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གྲངས་དེ་ཡི་བར་དུ་ཐོས་པར་མ་གྱུར་ན་སྟེ་རྟིང་དུ་འགྲོ། །མདའ་ལྔ་དང་རྒྱ་མཚོ་བཞི་ཡོན་ཏན་གསུམ་མིག་གཉིས། གདུང་སྐེམས་བརྗེད་མྱོས་མདའ་ལྔ་ཡིན་པར་ཤེས་པར་བྱ་ཟེར་མདའ་ལྔ་གཞུ་གཅིག་རྟེན་གྱི་གྲོགས་ཟེར་བས། ཟླ་གཅིག་ལོས་གོ་རིམ་བཞིན་དུ་འཆི། །འདི་རྣམས་ཀྱི་ཡང་ལྔ་བཅུ་བཅོ་ལྔ་ཉི་ཤུ་རྩ་ལྔའམ་བར་རྣམས་སུ། །ཉིན་ཞག་བཅུ་དྲུག་ཚན་བཞི་དོར་བར་བྱ། །ལོ་ཉིན་གྱི་ནི་ལྔ་ཆ་རེས་ཡི། །གོ་རིམ་འཆི་རྟགས་བཞིན་དུ་བསྐྱེད་པས་སོ། །དེའི་གོ་པ་ནི་ཞག་དྲུག་མ་ཐོས་ན་ལོ་ལྔ་ལོ་གཅིག་གི་ལྔ་ཆ་ཟླ་བ་གཉིས་དང་ཞག་བཅུ་གཉིས་ཀྱིས་མ་ཚང་བ་ན་འཆི། ཞག་བདུན་དུ་མ་ཐོས་ན་ལོ་ལྔ་ལོ་གཅིག་ལྔ་ཆ་གཉིས་ཀྱིས་མ་ཚང་བ་ན་འཆི་བ་དེ་ལྟར་བྱས་པས་ཐ་མ་ཞག་ཉི་ཤུ་རྩ་དགུ་མ་ཐོས་ན་དེ་ཉིད་ཀྱི་ཉིན་པར་འཆིའོ། །སྤྱི་བོའི་སྟེང་ནས་བྱུང་བ་ཡི། །རླངས་པ་དུ་བའི་ཕྲེང་བ་ཛ་ལནྡྷ་རའི་དཔའ་བོ་དང་དཔའ་མོ་གཡོས་པར་བྱེད་པའི་འབྱུང་བ་ཡིན་པ་ལ་དེ་རྣམས་འཁྲུགས་པས་ཞག་བདུན་ནི། །གང་གིས་མཐོང་བར་མ་གྱུར་ཏེ། །ལོ་གསུམ་ནས་ནི་འཆི་བར་འགྱུར། །མཁའ་འགྲོ་མའི་འོད་མེད་པའི་རྟགས་རང་གི་མིག་གི་ཕྱོགས་བཞིར་ནི། །སོར་མོས་བསྣན་ན་བྱི་ལ་ཡི། །མིག་དང་འདྲ་བའི་སྣང་བ་ནི། །ཡུད་ཙམ་ཀྱིས་རིམ་པས་མཐོང་བར་འགྱུར། །མ་བཙིང་བར་ཡང་དེ་དག་འཁྲུངས་པས་དེ་མཐོང་ན། །ཞག་བརྒྱད་ནས་ནི་འཆི་བར་འགྱུར། །འདི་དག་དེ་ལྟར་ཡང་ཡིན་པར་སྤྱིར་ནི་ཤེས་བྱས་ཏེ། །ཁྱད་པར་དུ་འདི་ཡང་བརྗོད་པར་བྱ། །མིག་གཡོན་པ་ཟླ་བའི་འོག་དང་དེ་བཞིན་དུ་བཙིར་བས་


JKT005_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་། རྣ་བ་དངོས་སུ་བརྩིར་བས་རྣ་བ་དངོས་སུ་སྣ་དངོས་སུ་བཙིར་བས་སྣ་དངོས་སུ་མ་མཐོང་མ་མཐོང་བ་རྣ་བ་སྣ་དང་ཉེ་བར་ནི། །བྱི་ལའི་མིག་དང་འདྲ་བའི་སྣང་བ་མེ་མཐོང་མདོར་བསྡུ་ན། །ཟླ་བ་དྲུག་དང་གསུམ་དང་གཉིས་དང་གཅིག་ཟླ་བས་འཆི། །ཉི་མའང་མི་གསལ་བ་གལ་ཏེ་ཟླ་བ་ཡིས། །རིམ་འགྱུར་དེ་ཚེ་ཕྱོགས་ཀྱི་ཟླ་བ་དང་འདྲ་བ་སྔ་མ་བཞིན། །ཕྱོགས་ཉིན་ཞག་བཅུ་མདའ་ལྔ་ཡོན་ཏན་གསུམ་མིག་གི་གཉིས་ནི། །དུས་ཀྱི་ཉིན་ཞག་བཅུའི་མཚམས་རྣམས་སུ་འཆི་བར་འགྱུར། །རང་གི་ལུས་སེམས་གཉིས་ཀའི་རང་བཞིན་འདི་ནས་ལུས་སེམས་གཉིས་ཀའི་འགྱུར་བ་སྟེ་ལྷ་དང་འབྱུང་བ་གཉིས་ཀའི་འཆི་ལྟས་སྟོན་ནམ་སྤྱོད་པ་འགྱུར་བ་ལས། །ཟླ་བ་དྲུག་ན་འཆི་བར་འགྱུར། །སྣ་ཡི་རྩེ་མོ་སྔར་མཐོང་བ་ལ་མ་མཐོང་ན། །ཟླ་བ་ལྔ་ན་འཆི་བར་འགྱུར། །རྣ་བ་གཉིས་ནི་ཉེས་པ་མེད་པ་གློ་བུར་དུ་འོན་གྱུར་ན། །ཟླ་བ་བཞི་ནི་འདས་ནས་འཆི། །དབང་པོ་དེར་གནས་པ་ལ་གལ་མེད་དུ་ལིང་ལིང་འགྱེལ་ན། །ཟླ་བ་གསུམ་ན་འཆི་བར་འགྱུར། །མུན་པ་ལ་མིག་བསྒྲིལ་ནས་བལྟས་པས་སྨིན་མཚམས་བར་དུ་སྣང་བ་གཅིག་མཐོང་། །འོང་བ་ཡིན་ལ་དེ་ཟླ་བ་གཉིས་ན་གཤིན་རྗེ་མཐོང་། །མཆིན་པའི་ཀློག་པ་འབྲས་བུ་ཇེ་ཆུང་ལ་ཟད་གྱུར་ན། །ཟླ་བ་གཅིག་ཟད་ནས་འཆི་བར་འགྱུར། །གཞན་གྱི་མིག་ལ་བལྟས་པས་རང་གི་གཟུགས་བརྙན་ནི། །མ་མཐོང་ཟླ་བ་ཕྱེད་ནས་འཆི། །ལྕེ་ནི་ན་ཚ་མེད་པར་བསྐྱོད་པར་མི་ནུས་ན། །ཞག་བཅུ་ནས་ནི་འཆི་བར་འགྱུར། །ལྟོ་བ་དམའ་


JKT005_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ལ་མཐོན་པོར་སོང་ན་ལྡོག་འགྱུར་ཞག་ལྔ་ནས། །འཆི་བདག་དང་ནི་འཕྲད་པར་འགྱུར། །རྩིབས་ལོགས་གཉིས་ནས་ཐག་པས་དྲོངས་སྙམ་ན། །ཞག་གསུམ་ནས་ནི་འཆི་བར་འགྱུར། །ལུས་ཀུན་གལ་མེད་དུ་རེངས་པར་གྱུར་ན་ནི། །ཞག་གཅིག་ནས་ནི་འཆི་བར་འགྱུར། །དཔྲལ་བར་གནས་པའི་རི་མོ་རེ་ཁཱ་གསུམ། །མེད་གྱུར་ཞག་ནི་གསུམ་ནས་འཆི། །ཁམས་བདེ་བར་གནས་པར་ལྕེའུ་ཆུང་ནི། །རེག་པས་མི་ཚོར་བར་ཟླ སྐམ་པ་ནི། །ཉིན་ཞག་ལྔ་ཡི་བར་འགྱུར་ཏེ། །ཉིན་ཞག་ལྔ་བཅུ་དག་ནས་འཆི། །རོ་སྐྱུར་བ་ལ་སོགས་པ་དང་། །ཁ་དོག་ལས་ནི་སྔོ་ལ་དྲུག་སོགས། །ཁུ་བ་དང་གཅིན་ནི་ཁ་དོག་དང་རོ་ད་ལྟར་འགྱུར་བ་ལས། །ཟླ་བ་དྲུག་ནས་འཆི་བར་འགྱུར། །དུས་གཅིག་ཅར་དུ་བུ་ག་ལས་རྒྱུན་ནི་ཁ་ལྔ་པའམ་གྱེས། །གཡོན་ནས་ཀྱི་ལི་ལི་འཁོར་ཞིང་དྲི་ང་བར། །གང་གི་གཅིན་ནི་འབྱུང་འགྱུར་བ། །དེ་ནི་ཟླ་བ་དྲུག་ནས་འཆི། །ཟླ་བ་ཡར་ངོའི་ཚེས་གཅིག་གམ་མར་ངོ་ལ། །གལ་ཏེ་ཁུ་བ་ནག་པོར་གྱུར། །འོན་ཏེ་སླར་གསོར་མ་བྱས་ན། །ཟླ་བ་དྲུག་ན་འཆི་བར་འགྱུར། །གསོ་བཞིན་དུ་བྱུང་ན་ནག་པོའི་ཆ་མར་ངོ་ནི་ཡོངས་གང་དེ། །དཀར་པོ་ཡར་ངོའི་ཆ་ནས་བླངས་ནས་སུ། །སྣ་ཁུང་གཡོན་ནས་རླུང་རྒྱུའི་ཚེ། །རང་གི་ཐིག་ལེ་སྣ་ཁུང་གཡོན་དུ་བཅུག་ལ་རང་དང་ན་ཟླ་གཅིག་གི་སྣ་གཡས་ཀྱི་རླུང་གིས་ཕུལ་ནས་སྣ་སྨན་གྱི་ཚུལ་དུ་བཅུག་ན་སོས་པར་འགྱུར་རོ། །བཅུག་ནས་སླར་ཀྱིས་བཤད། །ཉི་མ་ལྷོ་ནས་


JKT005_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བས་གྲིབ་མ་ལྷོར་འགྲོ་བ་མི་སྲིད་པ་ཡིན་པ་ལ་གྲིབ་མ་ལྷོ་ཕྱོགས་འགྲོ་བ་ནི། །གལ་ཏེ་བདག་ཉིད་ཀྱིས་མཐོང་ན། །བདག་ཉིད་དེ་ཉིད་འཆིའོ་ཞེས། །དེ་ལྟར་མི་རྟག་པ་ཉིད་མཐོང་། ༡༩ །རྨི་ལམ་གྱི་འགྱུར་པ་ལ་བརྟག་པ་ཕྱི་དང་ནང་གི་ལྷ་འཁྲུགས་པའི་འཆི་ལྟས་དོན་མེད་པ་དང་མི་བདེན་པར་བསླུ་བ་དང་། །ལོག་པ་ལ་སོགས་པར་བརྫུན་བཤད་པས། །རྨི་ལམ་ཐམས་ཅད་བདེན་མིན་ཡང་། །བདེན་པ་གཏན་མེད་ཅེས་དེ་ལ་མ་དད་རིགས་མ་ཡིན། །རྨི་ལམ་བརྟག་ཐབས་ལྷས་བསྟན་པ་དང་། །ཡང་ན་རྨི་ལམ་བདེན་པར་ཡིད་ཆེས་པར་མཐོང་བའི་མིས། །རྨི་ལམ་ལ་ཡིད་མ་ཆེས་ཡུལ་ངེས་ན་མི་རྟོག་པར་བྱས་ནས་སུ། །འཆི་བའི་མཚན་མ་བརྟག་པར་བྱ། །རྒྱ་སྐྱེགས་ཀྱི་ཤིང་དང་ཀོ་བི་དར་ལི་ཤི་དང་། །ཀ་ར་ཝི་ར་ཤིང་གི་མེ་ཏོག་དམར་ཕྲོམ་མེ་བ་རྒྱས་པ་ལ། །རྨི་ལམ་མཐར་ནི་གང་ཞིག་སྟེ་རྨི་ལམ་གཞན་གྱིས་བར་མཆོད་པར་འཛེགས། །དེ་ནི་ཟླ་བ་དྲུག་ནས་འཆི། །མི་ནི་གང་ཞིག་རྨི་ལམ་བ མཐར། །ལྷ་ཁང་གི་ནི་མཆོད་སྡོང་ངམ། །བྱེ་མའི་ཐལ་ཕུང་ལ་འཛེགས་དང་། །དེ་ནི་སྔ་མ་བཞིན་དུ་འཆི། །བོང་བུ་ལ་ནི་ཞོན་ནས་སུ། །ལྷོ་ཕྱོགས་སུ་ནི་རབ་སོང་ནས། །སླར་ཡང་ལྡོག་པར་མ་གྱུར་པ། །དེ་ཡི་སྲོག་ཀྱང་དེ་བཞིན་ནོ། །གང་ཡང་སྤྲེའུ་ཞོན་ནས་ནི། །ལྷོ་ཡི་ཕྱོགས་སུ་འགྲོ་བྱེད་ཅིང་། །དེར་གནས་བཞིན་དུ་སད་ན་ནི། །དེ་ནི་སྔ་མ་བཞིན་དུ་འཆི། །ཤིང་རིང་དང་མཆོད་རྟེན་གྱི་སྲོག་ཤིང་ངམ། །


JKT005_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གྲོག་མཁར་ཕྱགས་དར་ཁྲོད་ཀྱི་ཕུང་པོ་ལ། །མི་ནི་གང་ཞིག་འཛེགས་འགྱུར་བ། །དེ་ནི་ཟླ་དྲུག་ལས་མི་འཚོ། །བུ་མོ་ནག་མོ་རབ་ཁྲོས་ནས། །གང་གིས་ཞགས་པས་བཅིངས་པས་འཆིང་བ་ནི། །དེ་ནི་དུས་མཚན་ཡིན་ཞེས་བྱ། །བླ་མ་ན་རེ། འཆི་བའི་དུས་ལ་བབ་པའི་མཚན་མ་ཡིན་གསུང་སྐད་འོ་ཡུག་པ་གཤིན་རྗེ་དུས་མཚན་ནག་མོ་ཡིན་གསུང་སྐད། ཞག་བདུན་ནས་ནི་འཆི་བ་ཡིན། །བུད་མེད་གང་ཞིག་གོས་ནག་ཅིང་། །མདོག་གནག་ལ་མི་ནི་འདོད་པ་སྤྱོད་པ། །ཀ་ར་ཝི་རའི་ཕྲེང་བ་དམར་པོ་རྨིས། །དེ་ནི་གཤིན་རྗེའི་གནས་སུ་འགྲོ། །རྨི་ལམ་དུ་ནི་མུན་པའམ། །གཡང་སའམ་དེ་བཞིན་བཙོན་རར་འཇུག །རྨི་ལམ་དུ་ནི་ཤིང་ལས་ལྷུང་། །དེ་ནི་འཆི་བདག་གམ་ན་གནས། །གཉིད་ལོག་པའི་རྨི་ལམ་དུ་ལུས་དང་མགོ་བོ་ལ། །ལྗོན་ཤིང་རྩྭའམ་ཤིང་དག་ནི། །འབྲས་བུ་མེད་པ་བཙུགས་པ་གང་གིས་འབྲས་བུ་ཅན་མཐོང་ན་བཟང་། །ཟླ་བ་དྲུག་ལས་མི་འཚོའོ། །མི་ནི་གང་ཞིག་སྤྲེའུ་ཡི། །བཞོན་པ་ལ་ཞོན་ཤར་ཕྱོགས་འགྲོ། །སད་པར་འགྱུར་ན་དེ་ཡི་ནི། །མཚན་མོ་ཐ་མ་ཡིན་ཞེས་བྱ། །ཁྱི་ཁྭ་སྤྱང་རྒོད་ཅེ་སྤྱང་དང་། །སྲིན་པོ་ཡི་དྭགས་ཤ་ཟ་ཡིས། ཟོས་དང་བོང་བུ་ཕག་རྔ་མོང་། །མ་ཧེ་ཞོན་ཏེ་ཁྱེར་བ་ནི། །དེ་ནི་ངེས་པར་ལོ་གཅིག་ནས། །འཆི་བ་རུ་ནི་བཅོས་ཐབས་ཇི་ལྟར་ཞེ་ན། སྟོན་པ་ཡིན། རྨི་ལམ་ཞར་ལ་གསོ་ཐབས་བསྟན་པ། འཆི་ལྟས་མཚན་མ་མཐོང་ན་ནི། །སྒྱུ་མ་ལྟ་བུའི་བཅོས་


JKT005_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་བློས་ནི་བྱ། །མི་ནི་ལྕགས་ཀྱི་དབྱིག་པ་སོགས། །གནག་ཅིང་གོས་ནི་ནག་པོ་གྱོན། །གཉིད་ལོག་པ་ཡི་མདུན་ན་འདུག་པ་མཐོང་བ་རྨིས་ན། །ཟླ་བ་གསུམ་ན་འཆི་བར་འགྱུར། །བདག་ཉིད་ཀྱི་ལུས་ནི་དྲི་མར་གྱིས་བསྐུས་ཤིང་། །ཕྲེང་བ་དམར་པོས་རྣམ་པར་བརྒྱན། །ཏིལ་མར་གྱིས་ལུས་ལ་བསྐུས་པ་ཤིན་ཏུ་སྐྲག །སྐྲ་བྲེགས་གོས་ནི་དམར་པོ་གྱོན། །བོང་བུ་ཞོན་ཏེ་མགྱོགས་པར་ནི། །ལྷོ་ཡི་ཕྱོགས་སུ་འགྲོ་འགྱུར་བར། །བདག་ཉིད་འདི་འདྲར་རྨི་ལམ་ནི། །མཐོང་ན་ཟླ་བ་དྲུག་ནས་འཆི། །དྲི་དང་ཕྲེང་བ་དམར་པོའམ། །ཡང་ན་གོས་ནི་དམར་པོའམ། །གང་གི་རྨི་ལམ་དག་ཏུ་རྙེད། །དེ་ནི་ཟླ་བ་བརྒྱད་ན་འཆི། ༢༠ །ཕྱི་རོལ་གྱི་ནི་འཆི་གདམས་པ་སྟོན་བ་ཡི། །ལྟས་མཚན་མ་གྲངས་ལས་འདས་པ་མང་པོ་ཡོད་པས་ནི། །ལོ་ནི་བརྒྱར་ཡང་ཁ་ཅིག་གིས། །སྨྲ་བར་ཡང་ནི་སུ་ཡིས་ནུས་ཏེ་མི་ནུས་སོ། ༢༡ །འཆི་བར་སྟོན་པར་བྱེད་པ་ཡི། །༧ ཕྱི་ཡི་རྟགས་གོང་དུ་ཇི་ལྟར་བཤད། །འདི་དག་ཤེས་བྱས་རྟགས་སོ་སོའི་སྒོ་ནས་རྒྱུ་སོ་སོར་ལྷ་འཁྲུགས་ན་འབྱུང་བ་གཉིས་ཀར་ནོར་བུ་སྔགས་སོགས་ཀྱིས། །བསླུ་བའི་འབད་པ་མྱུར་དུ་བྱ། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་སྦྱར་བའི་འཆི་བ་བསླུ་བ་བསྟན་པ་ལས་ལེའུ་དང་པོའོ།། ༡ །།ད་ནི་ནང་གི་རླུང་དང་ཤེས་པ་གཅིག་པས་འཆི་བ་ཡི། །མཚན་ཉིད་གསལ་བར་བརྗོད་པར་བྱ། ༢ །ནང་གི་འཆི་རྟགས་བསྟན་པའི་དགོས་པ་སྟོན་པ། དེ་ནི་


JKT005_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་འབྱུང་བ་ལས་ཤེས་པར་བྱ། །རླུང་གི་ལམ་ནི་ཁ་དང་སྣ་སྤྱོད་ཡུལ། །ཇི་སྲིད་ནང་རླུང་སྒོ་ནས་འཆི་ལྟས་གི་མཚན་ཉིད་ནི། །ལེགས་པར་དུས་ངེས་པར་གཏན་ལ་ཕབ་པ་མ་བྱས་པར། །ཕྱི་ཡི་འཆི་ལྟས་ཀྱི་མཚན་ཉིད་ཙམ་གྱིས་ནི། །འཆི་བའི་དུས་ངེས་པར་ལེགས་པར་མི་རྙེད་པས། །འཆི་བའི་ངེས་པ་ཉིད་དག་ནི། །ངེས་པར་བྱས་ནས་འཆི་བའི་ལྟས་ཡོངས་སུ་གསལ་བ་ཡིན། ༣ །ཕྱིའི་རྟགས་དོན་མེད་དམ་སྙམ་ན་ཕྱི་རོལ་གྱི་ལྟས་གཅིག་པུའི་བློ་ནི་ཕྱིན་ཅི་ལོག །ནད་དང་ཡིད་མི་བདེ་བ་སྐྱོ་བ་རྩོད་པ་ལ་སོགས་པའི་དོགས་པ་བསྐྱེད། །འཆི་བའི་རྒྱུ་ལ་བརྟག་པའི་དགོས་པ་ཡོད། ༤ །བརྟག་པའི་དུས་གང་ལ་བརྟག་པ་སྤྱིར་བསྟན་པ་དགུན་ཟླ་འབྲིང་པོ་ཉི་མ་བྱང་འགྲོད་འཕོ་བ་ཟླ་བ་བཅུ་གཉིས་དབྱར་དང་དགུན་གྱི་འཕོ་པ་ཡི། །ཟླ་བ་ཉ་སོགས་ཉ་འམ་སྟོང་ངམ་ཚེས་གཅིག་ལ་སོགས་པ་ལ་མདོར་ན་ཉི་ཁྱིམ་འཕོ་བ་གང་ཡིན་པའི་ཉིན་ཞག་ཐམས་ཅད་ལ། །འཆི་བའི་ལྟས་མཚན་ཉིད་སྤྱི་ཡི་ནི། །ཀུན་རྟོགས་པས་ཐམས་ཅད་ཀྱི་བརྟག་ཏུ་བཏུབ་པས་རོ་ཧི་ཏའི་དུས་ནངས་པར་ཐོག་མར་རྟགས་ཀྱི་དུས་ངེས་པ་ནི་བརྟག་པར་བྱ། །མི་ནི་རྟོག་བྱེད་པའི་ཉིན་ཞག་ནི། །གང་ལ་ངེས་པར་རྟོག་པར་བྱེད། །རྟོགས་པའི་དུས་སུ་འཆི་ལྟས་རྫོགས་པའི་ཉིན་ཞག་དེ་ནས་བརྩམས་ནས་ནི། །འཆི་བའི་ལོའམ་ཟླ་བ་ལམ་ཞག་ལ་སོགས་པའི་དུས་འདས་པ་ན་འཆི་བར་འགྱུར། །རང་བཞིན་ཐ་མལ་ལྷ་ལ་སོགས་པ་མ་འཁྲུགས་པ་སྟེ་རྒྱུ་མེད་ཀ་ཙ་ན་བཞིར་བདུད་མ་ཞུགས་པར་འཆི་ལྟས་མི་འབྱུང་། དྲི་ཆུ་རུང་བ་དང་ལྡན་པའི། །


JKT005_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཆགས་ཀུན་ལ་རྟག་ཏུ་ནི། །སྣ་ཁུང་གཡས་དང་གཡོན་པ་ལ། །སོ་སོར་བརྟེན་པའི་རླུང་རྒྱུ་བ། །ཉི་མ་གཡས་རླུང་ཟླ་བ་གཡོན་རླུང་ཞེས་བྱ་བ། །རླུང་ནི་ཐུན་ཕྱེད་ཐུན་ཆེན་སོ་དྲུག་འཕོ་བ་བཅུ་གཉིས་དག་ཏུ་རྒྱུ། །དེ་ལས་འཕོ་བ་རེ་རེ་ལས་མང་པའམ་ཉུང་བར་ནད་དང་ནོར་གོད་སོགས་ཟློག་པས་འཆི་བ་སོགས། །མཁས་པ་རྣམས་ཀྱིས་བརྟག་པར་བྱ། །ཡར་ངོའི་ཚེས་གཅིག་ནས་ནི་བརྩམས་ནས་ནི། །ཟླ་བར་རྟོགས་པ་དཀར་པོར་ཉ་ལ་འཕོ་བ་གཅིག་དེ་ནས་ཉི་མ་གཅིག་རྒྱུ། །དེ་ལྟར་རླུང་ནི་ཉི་ཟླ་བ་ཞེས་སྣང་། མས་སྣ་དྲངས་ནས་ཞག་གསུམ་རྒྱུ་བ་ཡིན་ཏེ། །དེ་ནས་ཞག་གསུམ་ཉི་མ་སྣ་དྲངས་ནས་རྒྱུ་བ་ཡིན། །དེ་ལྟར་སླར་ཡང་ཟླ་བས་ཉིན་ཞག་གསུམ་སྟེ། །དེ་ནས་ཡང་ཉི་མར་ཞག་གསུམ་མོ། །ཡར་ངོའི་ཟླ་བ་ཉ་ཡི་བར། །གོ་རིམ་འདི་ནི་ངེས་པ་ཡིན། །དེ་བཞིན་མར་ངོ་ཚེས་བཅུ་དྲུག་ནས་བརྩམས་ཏེ། །ཉི་མའི་རླུང་གིས་སྣ་དྲངས་ནས་རླུང་ནི་རྒྱུ་བ་ཡིན། །ནག་པོའི་ཕྱོགས་ཀྱི་གཅིག་ཤོས་ཀྱི་ནི། གནམ་སྟོང་བཅོ་ལྔའི་བར། །ཉི་མ་གསུམ་གསུམ་སྔ་མ་བཞིན། །ནངས་པར་དུས་སུ་བརྟག་པ་སྟོན་པ་གོ་རིམ་འདི་ལས་ཡར་ངོ་ལ་ཉི་མས་མར་ངོ་ལ་ཟླ་བས་སྣ་དྲངས་ནས་རྒྱུ་བས་ལྡོག་པར་བལྟ། །ཟླ་བ་ཕྱེད་དང་གཉིས་སུ་རྒྱུ་བ་ཡིན་པར་ངེས། །ལྟས་རྫོགས་པའི་དུས་ནས་བབྱུང་པའི་ཟླ་བ་དྲུག་ནས་འཆི་འགྱུར་ལ། །དེ་ཕྱིར་ཆོས་ནི་དྲན་པར་བྱ། །ཟླ་བ་གཅིག་གིས་གོ་ལྡོག་པ་རྒྱུ་ན། །གཉེན་དང་བཤེས་ནི་རྒུད་པར་འཆི་བར་འགྱུར། །ཟླ་ཕྱེད་ཕྱིན་ཅི་ལོག་གོ་


JKT005_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་གྱུར་པས། །ནད་ནི་མི་བཟད་འབྱུང་བར་འགྱུར། །ཉིན་གཅིག་ཉིན་གསུམ་བཞི་དང་ལྔ། །ཞག་དྲུག་གོ་རིམ་ལྡོག་པ་རུ། །རླུང་ནི་གལ་ཏེ་རྒྱུ་འགྱུར་ན། །དེ་ཚེ་ཡུལ་འབྱུང་བ་འཚེ་བ་སོགས་སྡུག་བསྔལ་རྩོད་དང་སྐྱོ་སོགས་འབྱུང་། །གོང་དུ་བཤད་པའི་གནས་ལུགས་རང་བཞིན་ཡོངས་སུ་སྤངས་ནས་ནི། །ལམ་སྣ་གཉིས་ཁ་དང་གསུམ་ན་རྟོགས་པར་རླུང་རྒྱུ་ན། སླར་གསོ་བ་ནི་ནུས་མ་ཡིན། །ཉི་མའི་རླུང་ཟླ་བའི་རླུང་དེ་གཉིས་མཉམ་པར་རྒྱུ་ནས་ཡེ་ཤེས་རླུང་། ཉི་མ་ཕྱེད་ནི་འདས་ནས་འཆི། །རླུང་ནི་འཕོ་བ་མེད་པ་དབྱར་འབྲིང་ལ་ལྷོར་ལྡོག་པས་ལྷོར་བགྲོད། རུ། །ལམ་ནི་སྣ་བུག་གཉིས་པོ་དག་ལས་ཀྱང་། །ཞག་བཅུའི་བར་དུ་རྒྱུ་འགྱུར་ན། །ནམ་ཞིག་གཅིག་ཏུ་འཕོ་བའི་ཚེ་ན་དེ་འཆིའོ། །ཉིན་ཞག་མཉམ་འདྲ་སྐད་ཅིག་འཐོབ། །གང་གི་མིག་ནི་འགུལ་གྱུར་པ། །དེ་ཡི་སྲོག་ནི་ཉིན་ཞག་ནི། །གཅིག་ན་འཇིག་པར་གདོན་མི་ཟ། །རླུང་སངས་རྒྱས་ཀྱི་ལོ་བསྟན་ཀ་བརྒྱ་ཕྲག་བཅོ་བརྒྱད་རྫོགས་པར་རྒྱུ་བ་ཡིན་པ་ལ་ཐུན་ཕྱེད་ཀྱི་ནི་བར་དག་ཏུ། །ཕན་ཚུན་དུ་ནི་ལམ་ཡང་ཡང་མང་ཞིང་། །རླུང་རྒྱུ་དེ་ནས་བདག་ལ་མཆོད་པ་དག །རྙེད་པ་དང་བཀུར་སྟི་ཐོབ་པ་ཉིད་དུ་ཤེས་པར་བྱ། །རླུང་གང་གིས་བརྒྱ་ཕྲག་བཅོ་བརྒྱད་མཚོན་པ་འཕོ་བ་ལྔ་པོ་ནི། །བཟླས་པར་ཁ་གཅིག་པུ་རུ་རྒྱུ་གྱུར་པ། །རླུང་དེ་ལས་ནི་ནོར་བརླག་པའི། །མི་དགའ་པའམ་ནངས་པར་གྱི་དུས་སུ་བཏག་པ་འཇིགས་ཚོགས་འབྱུང་། །སྣ་ཡི་ཁུང་བུ་གཡོན་པའི་རླུང་། །འཕོ་བ་


JKT005_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ནི་ཞག་གཅིག་དང་བརྒྱ་ཕྲག་བཅོ་བརྒྱད་བཅུ་གསུམ་ནི། །གང་ཟག་འདས་པར་རླུང་རྒྱུར་གང་གི་རྒྱུ་བར་གྱུར་པ། །དེ་ལ་ནད་སོགས་སྐྱེ་བར་འགྱུར། །སྣ་ཁུང་གཉིས་ཁའི་ཡོངས་སྤངས་ཏེ། །རླུང་རྒྱུ་བ་གང་ཚེ་ཁར་ནི་རྒྱུ་འགྱུར་ན། །གལ་ཏེ་རྡོ་རྗེ་འདྲ་ནའང་འདི། །ཉིན་ཞག་འཕོ་བའི་དུས་སུ་བརྟག་བསྟོན་དེ་ལ་འཚོ་མ་ཡིན། ཉི་ཁྱིམ་ཞེས་བྱ་བ་གླེན་གཏམ་དུ་ཁོ་པའི་གནས་འཆས་པ་སྟེ། དེའི་འཕོ་བ་ཡིན་ལ། ཁྱིམ་གཅིག་ནས་སྐར་མ་རྐང་པ་དགུ་དགུའོ། །དེ་གཅིག་ནས་གཅིག་ཏུ་འཕོ་བ་སྟེ་ཟླ་བ་དང་རྒྱུ་སྐར་བུལ། ཉི་མ་མགྱོགས་པས་ཁོ་བའི་འོད་ཀྱིས་རྐང་པ་དགུ་མནན་པའོ། །ལྡོག་པ་ནི་དགུན་ཟླ་འབྲིང་པོ་ལྷོ་ནས་བྱང་དུ་ལྡོག་པས་བྱང་བགྲོད། །དབྱར་ཟླ་བ་འབྲིང་པོ་ལ་ལྷོར་ལྡོག་པས་ལྷོ་བགྲོད། དགུན་ཉི་མ་ལྷོ་ནས་བྱང་དུ་ཁྱིམ་འཕོ་བ་ན་ཉི་ཁྱིམ་འཕོ་བ་སྟེ་དེའང་ནམ་མཁའ་ལ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཡོད་པ་ལས། སྐར་མ་ནི་རྐང་པ་དགུ་དགུ་ལ་ཉི་ཁྱིམ་རེ་ཡིན་ལ། དེ་གཅིག་ནས་གཅིག་ཏུ་འཕོ་བ་ལ་འཕོ་བ་ཞེས་བྱ་སྟེ། དེ་ལ་འཕོ་བའི་དུས་དང་ནངས་པར་གྱི་དུས་སུ་ཐམས་ཅད་ཀྱིས་བརྟག་ཏུ་བཏུབ་སྟེ་ཐམས་ཅད་ཀྱི་རླུང་གི་གནས་ལུགས་གཅིག་པས་བརྟག་ཏུ་བཏུབ་བ་ཡང་སྤྱིའི་དུས་ཤེས་བྱ། དགུན་ཟླ་ར་བའི་འཕོ་བ་ཡིས། །དུས་ནས་བརྩམས་ཏེ་རླུང་དག་ནི། །གཡས་པ་ཉི་མའི་ལམ་ནས་ཞག་ལྔ་རྒྱུན་མ་ཆད་པར་རྒྱུ་འགྱུར་ན། །ལོ་ནི་བཅོ་བརྒྱད་ལྟས་རྫོགས་པ་གྲངས་པའི་རྗེས་ཉིད་ནས་འཆི། །གཞན་ཡང་དེས་འགྲེའོ། །སྟོན་ཟླ་འབྲིང་པོའི་འཕོ་བ་ཡི། །དུས་ནས་བརྩམས་ཏེ་རླུང་དག་ནི། །ཞག་ལྔའི་བར་དུ་རྒྱུ་འགྱུར་ན། །ལོ་ནི་བཅོ་ལྔ་ཉིད་ནས་འཆི། །དབྱར་ཟླ་ཐ་


JKT005_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ཉི་ཁྱིམ་འཕོ་བའི་དུས་སུ་ཡང་དེ་བཞིན་དུ་ཞག་ལྔ་རྒྱུ་ན། །ལོ་ནི་བཅུ་གཉིས་ཉིད་ནས་འཆི། །དབྱར་ཟླར་བའང་འཕོ་བའི་དུས་སུ་ཞག་ལྔ་རྒྱུན་དེ་བཞིན་འགྱུར། །ལོ་དགུ་ཉིད་ནས་འཆི་བར་འགྱུར། །དཔྱིད་ཟླ་འབྲིང་པོའི་ཉི་ཁྱིམ་འཕོ་བ་ཡི། །དུས་ནས་བརྩམས་ཏེ་གལ་ཏེ་ནི། །ཞག་ལྔའི་བར་དུ་རྒྱུ་གྱུར་ན། །དེ་ཚེ་ལོ་དྲུག་ཉིད་ནས་འཆི། །དགུན་ཟླ་འབྲིང་པོ་འཕོ་བ་ཡི། །རླུང་ནི་ཞག་ལྔ་རྒྱུ་འགྱུར་ན། །ལོ་གསུམ་འདས་ནས་འཆི་བར་ནི། །དེ་ལྟར་དུས་ལ་མཁས་པས་སངས་རྒྱས་ཀྱིས་དུས་འཁོར་ལས་བཤད། ཟླ་བ་དྲུག་གི་མ་བཤད་པ་ནི་འདི་ལྟར་བསྒོས་པས་ཤེས་གསུང་། དེས་ན་སྟོན་ཟླ་བ་ཆུང་འཕོ་བའི་དུས་སུ་ཞག་ལྔ་རེ་ཉི་མའི་ལོ་ནས་རྒྱུ་ན་ལོ་བཅུ་དགུ་དང་ཟླ་བ་དྲུག་ན་འཆི། སྟོན་ཟླར་བའི་འཕོ་བའི་དུས་ན་ཉི་མའི་ལམ་ནས་ཞག་ལྔ་རྒྱུ་ན། ལོ་བཅུ་གསུམ་དང་ཟླ་བ་དྲུག་ན་འཆི། དབྱར་ཟླ་འབྲིང་པོ་འཕོ་བའི་དུས་ན་ཞག་ལྔར་རྒྱུ་ན་ལོ་བཅུ་དང་ཟླ་བ་དྲུག་ན་འཆི། དཔྱིད་ཟླ་བར་བའི་འཕོ་བའི་དུས་ཞག་ལྔར་རྒྱུ་ན་ལོ་བདུན་ཟླ་བ་དྲུག་ན་འཆི། དགུན་ཐ་ཆུང་གི་འཕོ་བའི་དུས་ན་ཉི་མའི་ལམ་ནས་ཞག་ལྔར་རླུང་རྒྱུ་ན་ལོ་བཅུ་ཟླ་བ་དྲུག་ན་འཆི། །ཟླ་བ་བཅུ་གཉིས་ཀྱི་འཆི་བའི་ཉི་མ་ཐམས་ཅད་དུ་ནི་རྒྱུ་ཞག་གཉིས་རྒྱུ་གསུམ། །རྗེས་འཇུག་གོང་མའི་མགོ་འདྲེན་བཞི་ཡི་བར་དུ་རླུང་རྒྱུ་ན། མས་ཡར་གྱི་གོ་རིམ་དག་ནི་ཇི་བཞིན་དུ། །ལོ་ལྔ་ཡི་ཆ་ཡིས་མ་བརྟགས་དེ་དེས་བྱ། །དེའི་གོ་བས་ཞག་བཞི་དགུ་ན་སྔར་གྱི་འཆི་དུས་ལས་ལོ་ལྔ་ཆ་གཅིག་གིས་ཚེ་བསྲིང་། དེ་བཞིན་ཏུ་ཞག་གསུམ་དུ་རྒྱུ་ན་ལྔ་ཆ་གཉིས་བསྲིང་། གཉིས་སུ་རྒྱུ་ན་ལྔ་ཆ་གསུམ་


JKT005_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བསྲིང་། ཞག་གཅིག་རྒྱུ་ན་འཆི་རྟགས་ཡིན་ནོ། འདིའི་ཞར་ལ་ཞག་དྲུག་བདུན་མན་ཆད་ལ་འགྲེའོ། དྲུག་རྒྱུ་ན་ལོ་བཅོ་བརྒྱད་དུ་ལོ་གཅིག་གིས་མ་ཚང་བ་ན་འཆི། བདུན་ལྔ་ཆ་གཉིས་དེ་བཞིན་དུ་ཞག་དགུ་རྒྱུ་ན་ལོ་བཅུ་བདུན་ན་འཆི། དེ་བཞིན་དུ་འགྲེས་པས་བཅོ་ལྔ་རྒྱུ་ན་བཅུ་དྲུག་སྟེ་ཞག་ལྔ་པོ་རང་ལ་བརྟགས་བྱུང་ནས་འཕྲོ་བཅད་པས་སྲིད་དེ་ཐམས་ཅད་ལ་འགྲེའོ། །དཔེར་ན་དགུན་ཟླ་ར་བ་ཟླ་བ་རུ་ནི་དེ་བཞིན་དུ་གཡོན་པས་ཞག་ལྔ་སོགས། རླུང་རྒྱུ་བ་ལྟ་བུའི་སྟེ་རྟགས་མཚན་མེད་ན་ནི་འཆི་མ་གཏོགས། །ཚོམ་པོ་ཆེ་ཆུང་ནད་དང་མུ་གེའི་དགོན་པ་དང་། །མྱ་ངན་བརྒྱལ་སོགས་ཚོམ་བུ་མེ་ཆུ་སོགས་འཚེ་བ་འབྱུང་། །འཕོ་བའམ་ནང་གི་དུས་དེ་ལྟར་ཐམས་ཅད་ཀྱི་རྟགས་བཏུབ་པ་སྤྱི་ཡི་དུས་ནི་ལེགས་རྟོགས་པས། །གསལ་བ་འདི་ནི་བསྟན་པ་ཡི། ནངས་པར་གྱི་དུས་སུ་བརྟག་པ་དང་འཕོ་བའི་དུས་སུ་བརྟག་པ་རང་ལས་གཞན་གྱིས་བརྟག་ཏུ་མི་བཏུབ་པར་ཁྱད་པར་གྱི་དུས་ཡང་འདི་བཞིན་པས་རྣོ་བ་ཡིན་གསུང་། །ཁྱད་པར་དུ་ནི་བརྟག་པའི་ཕྱིར། །རྒྱས་པའི་རླུང་རྒྱུ་བ་གཞན་དག་བསྟན་པར་རྒྱས་པའི་དུས་སྟོན་བྱ། །རང་སྐྱེས་པ་དེའི་ཟླ་བ་དང་ཚེས་དང་སྐར་མ་དང་གཟའ་ལ་སོགས་པ་སོང་བ་མཉམ་པོ་བདུན་དུ་ཉི་མ་ནི། །གལ་ཏེ་སྐྱེས་པའི་ཐད་ཀའི་ཟླ་བ་ལ་བདུན་འཛོམ་པའི་སྐྱེ་བའི་སྐར་ཟླ་བ། །དུས་ནི་བདུན་རྒྱས་པ་སྟེ་དངོས་སུ་ལུས་རྒྱས་པའི་དུས་ཡིན་པས་རྒྱས་པར་ཞེས་བྱ་སྟེ། །དུས་དེར་འཆི་བའི་ངེས་པ་བྱེད་པ་ཡིན། །བརྟན་པ་གཅིག་དང་མི་མཉམ་པ་བདུན་འཆད་ནི་ཁྱིམ་འཁོར་ལོ་སྟེ་ཉི་མ་གང་ལས་སྐྱེས་པས་སྟེ་ཁྱིམ་གྱི་ཟླ་བ་སྟེ་དབྱར་འབྲིང་ཀར་ཀ་ལྟ་བུ། དེ་དང་གཞན་དེའི་ཐད་ཀའི་


JKT005_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ཆུ་སྲིན་ལྟ་བུ་ལ་བདུན་གང་ཡིན་པ་དེ་ཡང་བརྟགས་དེ་གཉིས། །མཉམ་པོ་བདུན་ཞེས་བྱ་བར་བཤད། །སོང་ཚོད་དེར་ནི་ཉི་མ་ལ་སོགས་པ་མཉམ་པོ་བདུན་སོང་བའི། །ཉི་ཁྱིམ་ན་དེ་རང་སྐྱེས་པའི་ཟླ་བ་དང་དེའི་ཐད་ཀའི་ཟླ་བ་འཆད་ཉིད་དུ་ཟླ་བ་ནི། །སྐྱེས་འཆི་བའི་རྟགས་དུས་ངེས་པར་སྟོན་པའི་སྐར་མར་ལ་སོ་སོའི་སོང་འགྱུར་བ་དེའང་། །རྒྱས་པའི་དུས་ཚིགས་རྐང་པ་གཉིས་པོ་སྟོན་ཞེས་བྱ་བ་སྟེ། །དེར་ནི་རྒྱས་པ་རང་གི་དུས་དང་དེའི་ཐད་ཀའི་དགྲ་ལ་བརྟགས་ཏེ་འཆི་ལྟས་བརྟག་པར་བྱ། །ལུང་གི་སྟེ་ཤེས་པའི་རྟགས་ཡིན་པས་རླུང་ནི་ནང་དུ་རྟགས་པ་གང་། །གཡས་པ་ཉི་མའི་ལམ་ནས་རྒྱུ་བའི་དུས་ནི་ཐམས་ཅད་དུ་འཆི་བལྟས་བརྟག་པའི་དུས་ཡིན་པར་ཤེས་པར་བྱའོ། །ཅིག་ཤོས་གཡོན་པ་ཟླ་བའི་རླུང་རྒྱུ་བའི་དུས་འདིར་ནི་འཆི་བལྟས་བརྟག་པའི་དུས་མིན་པར། །མཁས་པས་ཉི་མའི་ལམ་དུ་འཆི་བའི་དུས་ནི་བརྟན་པར་བྱ། །རླུང་ནི་སྐད་ཅིག་བྱ་བ་ལ་སོགས་པ་སྟེ་ཉི་མ་ཕྱེད་དུ་བར་སོགས་བ་རྫོགས་ནས་དུས་གང་ལ། །བགྲོད་པ་གཞན་དུ་གཡོན་དུ་འཇུག་འགྱུར་ན། །དུས་འདིར་སྐད་ཅིག་རྫོགས་པ་སྟེ་ལོ་གཉིས་ལ་སོགས་པར་ཚང་བར་འགྱུར་ན། །འཆིར་འགྱུར་འདི་ལ་ཐེ་ཚོམ་མེད། །གལ་ཏེ་རླུང་ནི་ཉི་མར་མའི་ལམ་ནས་རྒྱུ་བ་རྟོགས། །དེའི་ལམ་ཁོ་ན་ནས་རྒྱས་པའི་དུས་སུ་ཉིན་ཕྱེད་ས་ན་ས་གཡོན་དུ་འཕོས་པས་རྒྱུ། །དེ་ཚེ་འཆི་བལྟས་རྫོགས་ནས་བརྩིས་པའི་ལོ་ནི་བཞི་ནས་ནི། །འཆི་བ་ཉིད་དུ་ཤེས་པར་བྱ། གཞན་ཡང་དེས་འགྲེ། །ཉིན་ཞག་ཅིག་དུ་ནི་ཉིན་མཚན་དང་། །ཉིན་ཞག་གཉིས་དང་


JKT005_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་བཞིར། །གལ་ཏེ་རྒྱུ་ན་ཉི་ཁྱིམ་བཅུ་གཉིས་ཡོད་པས་བཅུ་གཉིས་མཚོན་ཉི་མ་ཕྱོགས། །གསེར་གྱི་རི་བདུན་དངུལ་གྱི་རི་བོ་དང་བརྒྱད་མཚོན་རི་བོ་ལོ་དྲུག་བཞི་རིག་བྱེད་འཆི། །ཞག་ལྔ་དེ་བཞིན་ཞག་བཅུ་དང་། །ཉིན་ཞག་བཅོ་ལྔའི་བར་དུ་ནི། །གལ་ཏེ་རྒྱུ་ན་གོ་རིམ་བཞིན། །ལོ་གསུམ་གཉིས་དང་གཅིག་གིས་འཆི། །དེ་བཞིན་ཉི་ཤུ་ཉི་ཤུ་ལྔ། །གལ་ཏེ་རླུང་ནི་གཡས་ནས་རྒྱུ་གྱུར་ན། །གོ་རིམ་བཞིན་དུ་ཟླ་དྲུག་དང་། །ཟླ་བ་གསུམ་གྱིས་འཆི་བར་འགྱུར། །གལ་ཏེ་ཉི་ཤུ་དྲུག་བདུན་བརྒྱད། །ཉིན་ཞག་ཉི་ཤུ་རྩ་དགུ་རུ། །ཟླ་བ་གཉིས་གཅིག་ཟླ་ཕྱེད་དང་། །ཞག་བཅུས་རིམ་གྱིས་འཆི་བར་འགྱུར། །གལ་ཏེ་ཉིན་ཞག་སུམ་ཅུ་དང་། །སུམ་ཅུ་གཅིག་དང་སུམ་ཅུ་གཉིས་སུ་རླུང་རྒྱུ་ན། །དེ་ཚེ་གོ་རིམ་ཇི་བཞིན་དུ། །ཉིན་ཞག་ལྔ་གསུམ་གཉིས་ནས་འཆི། །ཉིན་ཞག་སུམ་ཅུ་རྩ་གསུམ་བར། །གལ་ཏེ་ཉི་མརའི་ལམ་ནས་རླུང་རྒྱུ་ན། །ཉིན་ཞག་དེ་ཉིད་ལ་འཆི་བར། །ཁྱབ་འཇུག་ཡིན་ཡང་ཐེ་ཚོམ་མེད། །རེ་མིག་ཞེ་ལྔ་པ་ལ་བརྟག་པ་ཉིན་ཞག་ལྔ་ནས་ཉི་ཤུ་ལྔར། །བར་བར་གྱི་ནི་ཞག་བཞི་ཚན་བཞིས་ཉིན་ཞག་ལ། །གྲངས་བཞི་ཚན་བཞི་ལ་ནི་བཅུ་དྲུག་མ་བཅད་པར། །དོར་བ་དེ་བཞག་པ་རྣམས་བརྗོད་པར་བཤད་པར་བྱ། །ཞག་གསུམ་རྒྱུ་ན་ལོ་གསུམ་ལ་འཆི་བ་ནས། །ཞག་ཟེར་ཏེ་འདུམས་ཆུང་ལས་ལོའི་ལྔ་ཆ་ཡིས་དེར་འདོར་དང་འདྲ་སྟེ་བར་དུ་གོང་སར་ཟླ་བ་གཉིས་ཞག་བཅུ་གཉིས་ཉི་ཤུ་རྩ་བཞིར་དོར་བས་སོ། །བླ་མ་ལོ་ཙཱ་


JKT005_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བ་ན་རེ། མི་རིགས་པ་སྟེ་དྲུག་ན་འཆི་དགུའི་བར་ན་ནི་འདུ་མས་ཆུང་བཅུ་པ་ལ་འདུ་ལས་ཆེ་སྐད། དེས་ན་སྔར་དང་འདྲ་བར་བྱའོ་གསུང་ངོ་། །བླ་མ་ན་རོ་ཆོས་ཉིད་ཀྱིས་དེ་ཙུག་འོང་བའི་གཞུང་དག་གཟིགས་པ་ཡང་སྲིད་མཉམ་གསུངས། །ཉིན་བདུན་རྒྱུ་བས་ལོ་གསུམ་ནས། །ཞག་ཉི་ཤུ་རྩ་བཞི་བཞི་བཅུ་རྩ་བརྒྱད་ན་སྔར་བཤད་ཉིས་འགྱུར་གྱིས་མ་ཚང་བ་ན་འཆིའོ། །དེས་མ་ཚང་བ་ན་འཆི་དབྲི་བས་སོ། །གལ་ཏེ་ཞག་བརྒྱད་པར་དུ་རྒྱུ་ན། །ཟླ་བ་གཉིས་དང་ཞག་ཉི་ཤུ་རྩ་བཞི་ལ་སུམ་འགྱུར་ཞག་ནི་བཅུ་གཉིས་ཀྱིས་མ་ཚང་བ་ན་འཆི། དབྲི །ཞག་དགུ་རྒྱུ་ན་ཟླ་བ་གསུམ་དང་ཞག་དྲུག་མཚང་བ་ན་འཆི། ལོ་གསུམ་ལས། །ཉིན་ཞག་དགུ་བཅུ་རྩ་དྲུག་དོར། །གཡས་པ་རླུང་ནི་ཉི་མའི་ལམ་དུ་སྤྱོད་ཡུལ་དུ། །གལ་ཏེ་ཞག་ནི་བཅུ་གཅིག་རྒྱུ། །ལོ་གཉིས་སུ་ཉིན་ཞག་ཉི་ཤུ་བཞིས། །མ་ཚང་བ་ན་འཆི་བར་འགྱུར། །ཞག་ནི་བཅུ་གཉིས་རྒྱུ་ན་ལོ་གཉིས་ལས། །སྔ་མ་ཉི་ཤུ་རྩ་བཞི་ཉིས་འགྱུར་ལྔ་བཅུ་རྩ་བརྒྱད་གྱིས་ཆུང་བས། །མ་ལོངས་པ་ན་འཆི། །ཞག་ནི་བཅུ་གསུམ་རྒྱུ་ན་ལོ་གཉིས་ལས། །ཟླ་བ་གཉིས་དང་ཞག་ནི་བཅུ་གཉིས་ཀྱིས་མ་ལོན་པས་འཆི། དབྲི། །ཞག་ནི་བཅུ་གཉིས་རྒྱུ་ན་ལོ་གཉིས་ལས། །ཟླ་བ་གསུམ་དང་ཞག་ནི་དྲུག་གིས་མ་ཚང་བ་ནས་དབྲིས། །ཉིན་ཞག་བཅུ་དྲུག་ཉི་མའི་ལམ་ནས་ནི་རྒྱུ་ནི། །ལོ་གཅིག་ཏུ་ཞག་ནི་བཅུ་གཉིས་ཏེ་ཞག་བཅུ་གཉིས་ཀྱིས་མ་ཚང་བ་ན་འཆི། དབྲི། །རླུང་ནི་ཉི་མའི་ལམ་ནས་རྒྱུ་བའི་དུས་སྤྱོད་ཡུལ་དུ། །ཉིན་ཞག་བཅུ་བདུན་དུ་གྱུར་ན། །ལོ་


JKT005_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ཞག་ནི་ཉི་ཤུ་བཞིས། །མ་ཚང་བ་ན་འཆི་བར་འགྱུར། །ཞག་བཅོ་བརྒྱད་དུ་རྒྱུ་ན། །ཀྱིས་ལོ་གཅིག་ན། །ཟླ་བ་བཞི་ཞག་དྲུག་མ་ཚང་བ་དོར་བས་སོ། །བཅུ་དགུ་རྒྱུ་ན་ལོ་གཅིག་ལས། །ཞག་བཞི་བཅུ་རྩ་བརྒྱད་མ་ཚང་བ་ན་འཆི། ཕྲི་བས་སོ། །ཉི་ཤུ་གཅིག་ཏུ་རྒྱུ་ན་ནི་ཟླ་དྲུག་ལས། །ཞག་དྲུག་མ་ཚང་བ་ཡིས་སོ། །ཉི་ཤུ་རྩ་གཉིས་རྒྱུ་ན་ཟླ་དྲུག་ལས། །ཞག་བཅུ་གཉིས་ཀྱིས་མ་ཚང་བ་ན་འཆི། ནི་དོར་བས་སོ། །ཉིན་ཞག་ཉི་ཤུ་རྩ་གསུམ་རྒྱུ། །ཟླ་བ་དྲུག་ལས་ཞག་བཅོ་བརྒྱད་ཀྱིས་མ་ཚང་བ་ན་འཆི། རྣམ་པར་དོར་བས་སོ། །ཞག་ནི་ཉི་ཤུ་རྩ་བཞི་རྒྱུ། །ཟླ་བ་དྲུག་ལས་ཉིན་ཞག་ཉི་ཤུ་རྩ་བཞིས་སོ། །ཉིན་ཞག་སུམ་ཅུ་གསུམ་དེ་བཞིན། །འཆི་བའི་ལྟས་ཀྱི་མཚན་ཉིད་འབྱུང་བ་ཡིན། །རླུང་འབྱུང་དབང་ལས་འཆི་ལྟས་ཤེས་བྱ་བ། །དེ་ཡན་ཆད་ནི་ཡོད་མ་ཡིན། །ཉིན་ཕྱེད་མ་རང་སུམ་ཅུ་རྩ་དགུ་ན་རྒྱུ་ན་དེ་ཉིན་ཞག་དེ་ཉིད་ལ་འཆི་བ་ཡིན་པས་དེ་ཕན་ཆད་ལྟས་འོང་བ་མེད་པའོ། ༦ །འདི་ན་མངལ་འཁོར་ལོ་བྲི་ཐབས་སྟོན་སྐུ་འདས་གསུང་སྐད། བླ་མ་གོང་མའི་བཞུགས་སྡུད་དང་གཉིས་ཀ་ཡིན་གསུངས། །འདིར་བཤད་པ། དང་པོ་ཉི་མ་ཕྱེད་བྱས་ཉི་མ་རངས་པ་ཡང་ནི་ཉིན་མཚན་ཞག་གཅིག་དག་གི་བར་དུ་རྒྱུ། །དེ་ལས་དེའི་གཡོན་དུ་ཞག་གཉིས་དང་ནི་ཞག་གསུམ་རྒྱུ་ན་བྲི་དེའི་གཡོན་དུ་འོན་ཏེ་ཞག་བཞི་རྒྱུ་ན་བྲི་ཁྱབ་པའི་བར་དུ་ནི། །གཡས་ཉི་མ་ལ་རྒྱུ་ན་ནི་གཡོན་པ་མིན་ཟླ་བའི་ལམ་ནས་མི་རྒྱུ་ལ་རླུང་ནི་གཡས་པའི་སྦུགས་དེ་ལ་བརྟེན་ཏེ་གང་


JKT005_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གི་ནི་གོང་མའི་ཐད་ཀར་རིམ་པས་བྲི། རྒྱུ་གྱུར་པ། །དེ་ལས་གནས་དང་བཅུ་བཞི་ཉི་མ་༡༢ཕྱོགས་བཅུ་ཡོད་པས། དང་ཁྱིམ་བཅུ་གཉིས་ཡོད་པས་བཀྲ་ཤིས་རྫས་བརྒྱད་དངོས་པོ་དྲུག་དང་དངོས་བཞི་ནི་ནི་འདི་ཤེས་བྱ། །མདུན་གྱི་ཕྱི་རོལ་གྱི་རེའུ་མིག་ནས་རིམ་པས་བྲི། ལྔ་ལས་ཉི་ཤུ་རྩ་ལྔ་ནི་གོམས་པས་ནས་ནི་ཉིན་ཞག་ལྔས་ནི་འཛེགས་པར་འགྱུར་ལས་ཇི་བཞིན་འཕེལ། །དེ་ལ་ལྔ་ཚན་རེ་ལ་རེ་རེ་བསྐྱེད་པས་རྟོག་པ་ལྔ་པའི་བཅུ་དེ་ཚེ་ལ་ནི་སུམ་དུ་འགྱུར་བྱས་པ་བྱས་པའི་སུམ་ཅུ་དང་སུམ་ཅུ་རྩ་གསུམ་དུ་རླུང་རྒྱུ་ན་བྲི། དེ་ལ་ལོ་གསུམ་པ་གསུམ་དབུས་སུ་བྲིའོ། །ལྔ་ལས་བཅུ་བཞི་ལས་བཅོ་ལྔ་བཅོ་ལྔ་ལ་ཉི་ཤུ་རྩ་ལྔའོ། །གསུམ་གྱིས་ལྷག་མ་ཁོ་ནའི་བར། །རླུང་ཉི་མའི་ལམ་ནས་རྒྱུ་ན་རྒྱས་པའི་དུས་སུ་དེ་ལ་ལོ་ནི་གསུམ། མིག །གཉིས་མཚོན་ཟླ་དང་ཟླ་བ་དྲུག་གསུམ་ཟུང་དངོས་ཟླ་བར་དང་ཟླ་གཅིག་མཚོན་པ་རུ། །ཞག་ལྷག་མ་ཞག་བཅོ་ལྔ་ཚེས་དང་། ཕྱོགས་མདའ་ཞག་བཅོ་ལྔ་ཡོན་ཏན་གསུམ་ཟུང་དང་ཞག་གཉིས་ཞག་གཅིག་མཚོན་དེ་ནམ་མཁའ་ཟླ་བ་གཅིག་ལས་མེད་པས་ཟླ་བར་འཚོ་བ་ཡིན། །དེ་རེ་རེ་ལས་མི་འཚོ་འཆིའོ། ༧ །འཁོར་ལོ་རིམ་གསུམ་བྲིས་ནས་ནི། །རེ་མིག་སུམ་ཅུ་རྩ་གསུམ་བཅས། །ཚེ་དང་ཞེས་བྱ་སྲོག་གི་རླུང་རྒྱུ་ན་བྱ་བ་དག་དང་། །ཉིན་ཞག་འདི་ཙམ་ཞིག་རྒྱུ་ན་བྱ་བ་དང་མཚན་མ་ལོ་འདི་ན་འཆི་ཟླ་བ་དང་ཞག་འདི་ན་འཆི་བྱ་བའི་མཚན་མ་བྲི། དེ་ལྟར་ཤེས་པར་གྱིས་ལ་བསླུ་བ་ལས་འདོད་གཅིག་པར་བསྟན། རིམ་བཞིན་བྲི། ༨ །དོན་བསྡུས་ཏེ་བཤད་པ། དེ་ལྟར་བདག་གི་ནང་གི་འཆི་


JKT005_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཚན་མ་ནི། །མིང་གཞན་འཆི་ལྟས་ཞེས་བྱ་འདི་ནི་བཤད་པ་ཡིན། །འཆི་ལྟས་དེ་རྣམས་ཤེས་པར་བྱས་ལ་ནམ་མཐོང་བའི་མོད་ལ་མྱུར་དུ་ནི། །བསམ་གཏན་སོགས་ཀྱི་འཆི་བ་བསླུ་ཉིད་འབད་དེ་བྱ། །ཞེས་གདམས་སོ། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་སྦྱར་བའི་འཆི་བ་བསླུ་བ་བསྟན་པ་ལས་ལེའུ་གཉིས་པའོ།། ༡ །།མདོར་བསྟན་པ། ཇི་སྐད་བཤད་པའི་ཕྱི་དང་ནང་གི་བདག་ཉིད་ཅན། །འཆི་ལྟས་ཚོགས་ནི་ཤེས་བྱས་ལ། །དེ་བཞིན་དུ་ཕྱི་དང་ནང་གི་བདག་ཉིད་ལའང་། །བསླུ་བའི་བསྡུས་པ་ཤེས་པར་བྱ། །སཱ་ཙྪ་གདབ་པ་སོགས་ལུས་དང་མདོ་འདོན་སོགས་ངག་གི་ལས་ཀྱི་ཕྱིར། །ལྷ་བསྒོམ་པ་སོགས་བསམ་གཏན་ལས་ཀྱི་ནང་གིས་ཡིན། །ཡང་ནོར་བུ་དང་སྔགས་སྨན་ཕྱི་ཡི་སྟེ། །ཞི་ལྷག་སོགས་རྣལ་འབྱོར་ནུས་པས་ནང་ཡིན་ནོ། ༢ །སྤྱིར་འཆི་བ་བསླུ་བའི་བྱ་བ་དང་། བསླུ་བ་དངོས་ལས། དེ་ཐམས་ཅད་ཀྱི་རྩ་བ་དད་པ་ཡིན་པར་གདམས་པ། འཆི་བདག་བསླུ་བ་འབད་པ་ནི། །དད་པ་ཡིས་ནི་བྱེད་པར་ནུས། །དེ་བས་དད་པ་བརྟན་པར་བྱ། །གཞན་དུ་ངལ་བ་དོན་མེད་འགྱུར། །དད་དང་བྲལ་བ་ལ་རང་གི་ལྷ་ཡིས་ཀྱང་། ལུས་ཀྱི་སྡུག་བསྔལ་སྣ་ཚོགས་པའི་དཀའ་ཐུབ་དང་། །ནོར་གྱི་ཕུང་པོ་སྣ་ཚོགས་བཏང་བ་རྣམས་ཀྱིས་ཀྱང་། །དད་པ་བརྟན་པོ་མེད་ན་འདོད་པའི་དངོས་གྲུབ་ཀྱི་ཆོས་ནི་ཕྲ་མོ་ཐོབ་མི་འགྱུར། །དད་པ་མཆོག་ཏུ་ལྡན་ན་ཕྲ་བའི་ཆོས། །དཀའ་ཐུབ་སྦྱིན་སྲེག་ཡེ་ཤེས་ལ་སོགས་ཕྲ་


JKT005_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ཀྱང་། དད་པ་ལ་བརྟེན་མཐོ་རིས་ཐར་པ་ཐོབ་པ་ཡིན། །འགྲོ་བ་བདེ་འགྲོའི་ཡོན་ཏན་འདི་ཀུན་དད་པ་ལས་བྱུང་བ་ཡིན། །གལ་ཏེ་ནོར་མང་བ་དང་སྲོག་སྟེ་ཚེ་རིང་བ་ཐམས་ཅད་ཀྱང་། །དེ་བཞིན་དད་པ་མེད་ལས་ཐོབ་པ་མིན། །དེ་བས་འབྲས་བུ་ཅུང་ཟད་ཀྱང་། །དད་པ་མེད་ན་ཐོབ་མི་འགྱུར། །དེ་བས་ན་འཆི་བདག་བསླུ་བར་འདོད་པ་ཡིས། །དང་པོར་དད་པ་མཆོག་གཞོལ་བྱ། ༣ །དད་པ་ལྡན་པས་རྟག་ཏུ་གཞི་དགེ་བ་བཅུ་ལ་གནས་དགོས་པར་སྟོན་པ། རྣམ་པར་དཀར་བའི་ཆོས་ཀྱིས་འཆི་ལས་སྐྱོབ་བྱེད་ཅིང་། །དེ་ཀ་འཆི་བ་བསླུ་བ་ཡིན་པར་བཤད། །དེ་བས་ཆོས་མིན་དགའ་ཞིང་བག་མེད་པས། །སྐད་ཅིག་ཀྱང་ནི་གནས་མི་བྱ། །ལྷ་ཚངས་པ་ཡང་ནི་ཆོས་དང་ལྡན་པ་མིན་པར། །འཆི་བདག་བསླུ་བར་དབང་མ་ཡིན། །གདུལ་བྱ་མི་བསླུ་བས་དམ་པ་རྣམས་ཀྱི་ཆོས་ཡིན་བདེན་པ་སྟེ། །དེ་སྦྱིན་དང་དཀའ་ཐུབ་སྟེ་ཚུལ་ཁྲིམས་དང་བཟོད་པ་ལ་དགའ་བའོ། །དེའི་མཚོན་ཕྱིན་དྲུག་བསྟན། ༤ །སྙིང་རྗེ་ལ་གནས་ན་བསླུ་བར་དབང་ལས་སྙིང་རྗེར་གནས་དགོས་པའི་གདམས་པ། །གང་ལ་མཆོག་ཏུ་བརྩེ་ཡོད་དེ། །བརྩེ་བ་མེད་པའི་ཆོས་གཞན་མང་པོས་ཅི་ཞིག་བྱ། །གང་ཞིག་རྟག་ཏུ་སེམས་ཅན་ལ། །སྙིང་རྗེས་སྙིང་ནི་འཛག་འགྱུར་བ། །ཡེ་ཤེས་ཀྱང་དེ་ཡིན་ལ་ཐར་པ་དེ་ཡིན་གྱི། །བརྩེ་བ་མེད་པའི་ཆོས་གཞན་མང་པོས་ཅི་ཞིག་བྱ། །གཞན་ལ་མི་འཚེ་ཆོས་ཀྱི་མཆོག་ཡིན་པར། །སངས་རྒྱས་པའི་གྲུབ་པའི་མཐའ་ནི་ཀུན་ལས་འདོད། །


JKT005_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་དེ་ཉིད་ལ་བསླབ་ན། །འཆི་བདག་ཐག་ནི་བསྲིངས་བ་ཡིན། །སྲོག་ལ་འཚེ་བ་སྤངས་པས་འཆི་བ་བསླུ་བར་གདམས་པ། བྱ་དང་ཉ་དང་རི་དྭགས་སྦྲུལ། །རྐུན་མ་སོགས་མདོར་ན་བསད་པར་འོས་པའི་ཕྱོགས་གཏོགས་|རྣམས། །སྲོག་བསྐྱབས་པ་ཡིས་འཕྲལ་དུ་ནི། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །རྐུན་མ་ཉ་དང་རི་དྭགས་སྦྲུལ། །བྱ་སོགས་སེམས་ཅན་ཀུན་རང་སྲོག་གཅེས་པས་སྲོག་ནི་འདོད་པ་རྣམས། །འདི་དག་བསད་ན་མཐོང་བའི་ཆོས་ལ་འཕྲལ་དུ་ནི། །ཚེ་རིང་བར་འགྱུར་བའི་ལས་བསགས་པ་ཡང་ལས་དེ་འཕྲལ་དུ་ཟད་ནས་ཚེ་ཐུང་འགྱུར། ༦ །སྡོམ་པའི་ཚུལ་ཁྲིམས་འཆི་བ་བསླུ་བའི་རྒྱུར་བསྟན་པ། མི་དགེ་བཅུ་ནི་སྤངས་པ་དང་། །དེ་བཞིན་གསུམ་ལ་སྐྱབས་འགྲོ་དང་། །བསླབ་པ་ལྔ་དང་བརྒྱད་བསྲུངས་ན། །འཆི་བདག་ཐག་ནི་བསྲིངས་བར་འགྱུར། །བཙོན་རར་བཅུག་ན་ནད་ཆེན་བརྡུངས། །དེ་བཞིན་འཇིགས་པས་ཉེན་པ་རྣམས། །བསྐྱབས་བྱས་ན་ནི་ངེས་པ་རུ། །ཚེ་རིང་འཆི་བདག་སླུ་བྱེད་འགྱུར། །ཟང་ཟིང་གི་སྦྱིན་པས་བསླུ་བ། ༧ །དང་པོ་བཟང་པོ་ལ་ཕྱིས་ངན་པར་གྱུར་པ་དམན་༡དང་མགོན་༢མེད་མཛེ་ཅན་སོགས་ངོ་ཚར་༣རྒྱལ་པོ་སོགས་རིགས་བཟང་བ་བཅས། །ཐོས་དང་ཚུལ་ཁྲིམས་ལྡན་ལ་ཡུལ་འདི་བཞི་བཅུ་འགྱུར་གྱིས་རིམ་པར་འཕགས་སོ། །གུས་པར་ནི། །འདོད་པའི་དོན་ནི་རབ་སྟེར་བས། །ཚེ་ནི་ངེས་པར་འཕེལ་ངེས་འགྱུར། །ཕ་དང་མ་དང་བླ་མ་ན་སོ་རྒན། །ཡོན་ཏན་ཤེས་པས་རྒན་


JKT005_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་གུས་ཤིང་། །སྤོས་དང་མེ་ཏོག་སོགས་ཀྱིས་མཆོད་དང་བཀུར་སྟི་བྱིན་ནས་ཀྱང་། །འཆི་བ་དག་ནི་ཉེར་མི་འགྱུར། །རང་གི་འདོད་ལྷ་ཡི་དམ་དེ་ལ་གུས། །དཀའ་ཐུབ་ཅན་ལ་གུས་པ་ཡི། །རྟག་ཏུ་ནངས་པར་ལྷ་ལ་ཕྱག །བྱས་པས་ཚེ་ནི་འཕེལ་བར་འགྱུར། །མཆོད་རྟེན་གསོ་དང་འཇིག་པ་ལས། །སོ་ཕག་ལ་སོགས་ཀྱིས་བཅོས་ན། །ཚེ་ཐུང་ཚེ་ནི་རིང་འགྱུར་ལ། །དགེ་སློང་བསོད་སྙོམས་པ་དང་མཚུངས། །དགེ་སློང་བསོད་སྙོམས་པ་ཞེས་བྱ་བ་བསོད་སྙོམས་ཀྱིས་འཚོ་བ་ཞིག་ཡོད་པ། དེ་ཞག་བདུན་ནས་འཆི་བར་མུ་སྟེགས་ཀྱི་མངོན་ཤེས་ཀྱིས་བལྟས་པས་མཐོང་བ་ལ། དེ་ནས་དགེ་སློང་དེས་ནང་གཅིག་བསོད་སྙོམས་བླངས་པས་འབྲས་ཐུག་ལྷུང་བཟེད་གང་རྙེད་དེ། མཆོད་རྟེན་ཞིག་གི་རྩར་ཟ་རུ་ཕྱིན་པས། དེ་གས་བ་མཐོང་ནས་ད་ནངས་ངས་མ་ཐོས་ཀྱང་ཅང་མི་ཉེས། འདི་གསོ་དགོས་སྙམ་ནས་འབྲས་ཐུག་དང་ས་ཞག་བསྲེས་ནས་བྱུགས་པས་ཞག་བདུན་ན་འཆི་བའང་བསླུས་སོ། །ལྷ་ཁང་སྐུ་གཟུགས་མཆོད་རྟེན་སོགས། །བྱེད་དང་ཀུན་དགའ་ར་བ་འཛུགས། །མཆོད་རྟེན་ཚེས་བརྒྱད་མཆོད་སོགས་ཀྱིས། །རྟག་ཏུ་ཚེ་ནི་འཕེལ་བར་འགྱུར། །བདག་བསོད་སྙོམས་བྱེད་པས་བདག་ལ་གཞན་དད་ཅིང་འདུན་པ་སློང་བ་ལ་རྙེད་པས། །རྫས་ཀྱིས་དགེ་འདུན་མཆོད་པ་དང་སྟོན་མོ་གསོལ། །ཚེ་ཚད་ཞག་བདུན་པའང་ཚེ་རིང་ཚེ་ཐོབ་པར་འགྱུར་ཏེ། །ཆོས་རྒྱལ་མྱ་ངན་མེད་དང་མཚུངས། །གངྒཱའི་འགྲམ་ངོགས་སོགས་སུ་བྱེ་མའི་མཆོད་རྟེན་བྱེད་པ་དང་། །དེ་བཞིན་སཱ་ཙྪ་འདེབས་བ་


JKT005_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལ་སོགས་ཕྱག་བྱས་པས་ནི། ཚེ་ནི་ངེས་པར་འཕེལ་བར་འགྱུར། ༨ །བསླུ་བའི་ཐབས་ཀྱི་བྱེ་བྲག་ཏུ་བསྟན་པ་ལས། ནང་གི་ལྷ་འཁྲུགས་པའི་གཉེན་པོ་ངག་གི་ལས་ཀྱིས་བསླུ་བ། འདུས་པ་ཆེན་པོའི་མདོ་ཏོག་གི་གཟུངས་དང་ནི། །ལྕང་ལོ་ཅན་དུ་བཞུགས་པའི་མདོ་ཨ་ཏ་ན་ནི་ཀ་ཡའི་མདོ། །མདོ་སྡེ་ཕྲ་མོར་བཅས་དང་སྤྲིན་ཆེན་པོ་དང་། །སངས་རྒྱས་ཀྱིས་གསུངས་པ་སོགས་ཤིན་ཏུ་བཀྲ་ཤིས་ཚིགས་བཅད་རྣམས། །གུས་པས་དགེ་སློང་འདོན་འཇུག་པའམ། །རང་ཉིད་ཀྱིས་ནི་རབ་སྟོན་ན། །དེ་བཞིན་ཚེ་རིང་ཐོབ་འགྱུར་ཞིང་། །འཆི་བདག་བསླུ་བར་འགྱུར་བ་ཡིན། །སྤྱིར་ཤེར་ཕྱིན་སོགས་ཐེག་པ་ཆེན་པོ་སྟོན་བྱེད་དང་། །བྱེ་བྲག་སྡོང་པོ་རྒྱན་སོགས་སོགས་ཁོངས་ནས་ས་བཅུ་པ། ཟླ་བ་སྒྲོན་མ། ལངྐར་གཤེགས་པ། ཤེར་ཕྱིན་བཅས་མདོ་སྡེ་རྣམས། །རྟག་ཏུ་རྩེ་གཅིག་པས་བཀླགས་ན། །འཆི་བདག་བསླུ་བར་འགྱུར་བ་ཡིན། །དབང་ཐོབ་དམ་ཚིག་དང་ལྡན་པས་མཆོད་གཏོར་བཤམས་ནས། སངས་རྒྱས་ཀྱིས་གསུངས་རྣལ་འབྱོར་གྱི། །རྒྱུད་སཾ་གྲ་ཧ་སོགས་མ་ལུས་བཀླག་པའམ། །མཆོད་གཏོར་བཅས་བསྲུང་བ་ལྔ་ཡི་ཆོ་གས་ཀྱང་། །འཆི་བདག་བསླུ་བར་འགྱུར་བ་ཡིན། །གཙུག་ཏོར་བཙུགས་པའི་དེ་བཞིན་གཤེགས་པའི་དབུ་སྒྲ་དང་རིང་བསྲེལ་སོགས་བཅུག་པའི་མཆོད་རྟེན་སོགས། །བཟླས་པ་དང་བཅས་བསྐོར་བ་དག་ནི་བྱས་པ་དང་། །གཟུངས་ནི་བཟླས་པར་བྱས་པས་ཀྱང་། །འཆི་བདག་གིས་ནི་བརྩོན་པ་འཇོམས། །མཆོད་གཏོར་དེ་ཡི་ཆོ་ག་སྔོན་


JKT005_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བས། །གཟའ་གཟུངས་སོགས་མ་མོ་བཀླགས་པ་དང་། །གཞན་གཟུངས་སྔགས་སྟོང་དུ་ཟློས་པ་དང་། །དཀོན་མཆོག་སྒྲོན་མ་བཟླས་པ་དང་། །གཟུངས་ཀྱི་ཚོགས་ལས་གསུངས་པ་ཡི། །གཟུངས་ཟློས་པ་ལ་བརྩོན་པས་ནི། །མཁས་པ་རྣམས་ནི་འཆི་བ་དང་། །ཉེ་བའང་རིང་དུ་གནས་པར་བྱེད། །དཀྱིལ་འཁོར་བྲི་དང་སྦྱིན་སྲེག་དང་། །ཕྱག་རྒྱ་འཆིང་བར་བྱེད་པ་དང་། །གཏོར་མ་དང་ནི་ཚོགས་འཁོར་ལོ། །རབ་སྦྱིན་འཆི་བདག་བསླུ་བ་ཡིན། །ཕྱོགས་བཅུ་འཕགས་པའི་དགེ་འདུན་ལ། །མཆོད་སྟོན་མལ་སྟན་སོགས་སྦྱིན་དང་། །ཆོས་གོས་ཙམ་ཞིག་འཆང་བ་ལའང་། །སྦྱིན་པ་འཆི་བདག་སླུ་བྱེད་འགྱུར། །དེ་ལ་ལུས་དང་ངག་གི་བསླུ་བ་ལ་སོགས་པའི་བྱ་བ་བརྩམ་སྐབས་སུ་བབ་པའི་བསླུ་བ་སྟོན། །ཆོས་དང་བསོད་ནམས་མཚན་ཉིད་འགྱུར། །བསོད་ནམས་ཀྱིས་ནི་ཚེ་འཕེལ་ཞིང་། །དེ་འཕེལ་འཆི་བ་བསླུ་བ་ཡིན། །དེ་ལྟར་ཆོས་ནི་ཅུང་ཟད་ཅིག །བསྟན་གྱིས་དེ་ཡི་རྒྱས་པ་ནི། །རང་ཉིད་ཀྱིས་ནི་རྗེས་དཔག་པའམ། །འཆི་བདག་བསླུ་མཁས་དེ་ལ་བསླབ། །དེ་ལྟར་ཆོས་ལ་བརྩོན་བྱས་ནས། ༩ །སངས་རྒྱས་སམ་དྲང་སྲོང་གྲུབ་པའི་སྔགས་དང་སྨན་ནོར་བུ་སོགས་དང་རྩི་བཅུད་ལེན་ནི། །འཕྲལ་དུ་ཡིད་ཆེས་བྱེད་པ་ཡིན། །འཆི་བདག་བྱེ་བྲག་ཏུ་བསྟན་པ་ལས་ཕྱིའི་ལྷ་འཁྲུགས་པ་དང་ཕྱིའི་འབྱུང་བ་འཁྲུགས་པ་རྣམ་པར་བསལ་བར་བྱ། །ནོར་བུ་སྔགས་དང་སྨན་


JKT005_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་དང་། །བཅུད་ལེན་སྟོབས་ཀྱི་བདག་ཉིད་ནི། །འཆི་བདག་ཕ་རོལ་གནོན་མཐོང་སྟེ། །ཚེའི་རིག་འཛིན་གྲུབ་པ་ཇི་བཞིན་ནོ། །རིན་ཆེན་བརྟག་པའི་བསྟན་བཅོས་གང་། །ནོར་བུ་རིན་པོ་ཆེ་རྟོགས་ལ་མཁས་པ་རྡོ་རྗེ་འཆང་དང་། བླ་མ་བ་རི་བ་དང་འཕྲད་པ་ཨ་རའི་ལོ་རྒྱུས། བལ་པོའི་རྒྱལ་པོའི་ནོར་བུ་རིན་པོ་ཆེ་རྣ་རུ་ཆེས་དཔག་ཚད་གཅིག་ཚུན་ཆད་དུ་རིམ་ཐུབ་མ་དུག་སྦྲུལ་གྱིས་རེག་ནས་ཞག་བདུན་ཚུན་ཆད་དུ་རེག་པས་འཚོའོ། །ཚེ་ཡི་ནོར་བུ་ནོར་བུ་བསྟན་པའི་བསྟན་བཅོས་ལྷར་མཆོད་པ་དང་བསྟེན་པར་བྱས་ནའོ། །འཆང་བའང་རུང་། །དེ་བཞིན་སྣ་ཚོགས་ནོར་བུ་འཆང་། །ཨིནྡྲ་ནཱི་ལ་རིན་ཆེན་སོགས། །ནོར་བུ་ཆེན་པོ་གཞན་དག་ཀྱང་། །འཆང་བར་བྱེད་པས་འཆི་བ་ཀུན། །བཟློག་པར་འགྱུར་བ་ཐེ་ཚོམ་མེད། །གང་ཕྱིར་ནོར་བུའི་མཐུ་ལ་ནི། །སོམ་ཉི་བྱ་བར་རིགས་མིན་ཏེ། །ནོར་བུ་བསམ་གྱིས་མི་ཁྱབ་པའི། །མཐུ་དང་ལྡན་པར་ཐམས་ཅད་འདོད། ༡༠ །ཕྱི་དང་ནང་གི་ལྷ་འཁྲུགས་པ་སྔགས་ཀྱིས་བསླུ་བ་བསྟན། དབེན་པའི་གནས་སུ་རབ་གནས་བྱས་ཏེ་ཡི་དམ་ལྷ་རང་དུ་མོས་པ་བྱས་ལ་རས་བྲིས་ལུགས་མ་སོགས། །མདུན་དུ་མཆོད་པ་བྱས་ནས་ནི། །སྔགས་རྣམས་ཏེ་བསྒོམ་མི་དགོས། སྔགས་ཀྱིས་བསླུ་བ་འོག་ནས་སྟོན་པ་ཀུན་ལའང་དེ་ལྟར་བྱའོ་གསུངས། བཟླས་པ་ཙམ་གྱིས་ཀྱང་། །འཆི་བ་བསླུ་བ་འབྱུང་བར་འགྱུར། །༡དང་པོ་ཡི་གེ་ཨ་འཇིག་རྟེན་དབང་ཕྱུག་གི་སྔགས་ཀྱིས་བསླུ་བ་སྟོན། བརྗོད་ལ། །དེ་ནས་རོ་ལིག་ཅེས་གསལ་བ། །རིག་འཛིན་སྡེ་སྣོད་


JKT005_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་གང་ཡང་རུང་བ་གཅིག་རབ་གནས་བྱས་པ་གཞུག་ལ་དེའི་མདུན་དུ་མཎྜལ་དང་མཆོད་པ་བྱས་ལ་འཕགས་པ་ཡིན་པའི་དད་པས་སྔགས་བཟླས་པ་ཙམ་གྱིས་ཆོག་ཏེ། འདི་ནི་ཁམས་གསུམ་རྒྱལ་ཞེས་བྱ། །སྔགས་འདི་འཇིག་རྟེན་དབང་ཕྱུག་ལ། །དད་པས་དེ་མདུན་ངེས་པར་ནི། །ཡི་གེ་གྲངས་ཀྱི་འབུམ་བཟླས་ནི། །འཆི་བ་བསླུ་བ་ཐོབ་པར་འགྱུར། །དང་༢པོ་རྣམ་པར་སྣང་མཛད་བརྗོད། །དེ་འོག་ཏཱ་རེ་ལན་གཉིས་བརྗོད། །ཏུཏྟཱ་རེ་ཏུཏྟཱ་རེ་གཉིས་ཏུ་རེ་ཏུ་རེ་གཉིས། །སྭཱ་ཧཱའི་མཐའ་ཅན་འཆི་བ་བསླུ། །སྒྲོལ་མ་འབྱུང་བའི་རྒྱུད་ལས་གསུངས། །སྔགས་ནི་ཡི་གེ་གྲངས་ཀྱི་འབུམ་པ་རུ། །སྔར་བཞིན་སྒྲོལ་མའི་སྤྱན་སྔར་བཟླས་ནས་ནི། །ཞོ་དང་སྦྲང་རྩི་ལ་དུརླ་སྔར་བསྐུས་ལ་བསྲེག །དུརླུའི་མྱུ་གུ་ཤར་དང་ནི། །བྱང་དུ་རྩེ་བསྟན་ཏེ་སྐྱེས་བ་ཤིས་པ་ཡིན་པས་དེའི་རྩེ་མོ་ཞོ་དང་སྦྲང་རྩིས་བསྐུས་ཤིང་སྒྲོལ་མའི་ཐང་ཀའི་མདུན་དུ་མཎྜལ་བྱས་པ་དེའི་སྟེང་དུ་ཞི་བ་དང་རྒྱས་པའི་མེ་ཐབས་ལ་རྩིགས་སྒྲོལ་མ་མཉེས་པར་བྱ་བའི་བསམ་པས་སྔགས་ཟློས་ཤིང་བསྲེགས་ང་བསྲེགས་པས་ཆོག །སྦྱིན་སྲེག་བྱ། །སྔོན་གྱི་ལས་མཐུ་ལས་བྱུང་བའི། །འཆི་བ་ངེས་པར་བཟློག་པར་འགྱུར། །སློབ་༣དཔོན་ལ་ནི་ཡོན་ཕུལ་ནས། །ཨོ་ཐོག་དེ་ནས་རུ་རུ་སྟེ། །དེ་ནས་སྦུའི་ཚིག་བརྗོད་ལ། །ཛཱ་ལ་ཏིཥྛ་སིདྡྷ་དང་། །ལོ་ཙ་ན་ཞེས་བྱ་ཚིག་གསུམ། །སརྦ་ཐ་སྭཱ་ད་ནི་སྭཱ། །ཧ་སྔགས་ཨ་ཤོ་ཀ་འདབ་མ། །གཙང་མ་ཙནྡན་ཆུ་ཡིས་ནི། །


JKT005_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་མམ་བྱེ་བ་བྲིས་པས་ཀྱང་བསླུ། །རང་ཁྲུས་ཀྱིས་དག་ཅིང་དད་པའི་ཆོ་ག་ཡིས། །ཆུ་མེད་ཁ་འོ་མས་སྔགས་བྲིས་ཀ་པ་བཀྲུས་པས་ཀྱང་ཆོག་པའམ། །ཡང་ན་དྭརླ་ལ་སོགས་སྦྱིན་སྲེག་བྱས། །འཆི་བ་བསླུ་བ་མ་ལུས་པ། །ངེས་པར་ཁོ་ནར་བྱེད་པ་ཡིན། །གཞན་ཡང་ནད་ཀྱི་ཚོགས་ནི་མ་ལུས་པ། །ཞི་བར་བྱེད་པ་འབྱུང་བར་འགྱུར། །སྙིང་པོ་ཡི་གེ་བརྒྱ་པས་བསླུ་བ་སྟོན་དཀྱིལ་༤འཁོར་ཆེན་པོའི་ཆོ་ག་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་རྒྱུད་ལས་བཤད། །འཕགས་པ་ཡི་གེ་བརྒྱ་ཞེས་བྱ། །བལ་པོའི་རྒྱལ་པོ་ཡི་གེ་བརྒྱ་པ་རྒྱ་གར་དུ་སྐྱེས་པ་དང་པུ་ན་བའི་ལོ་རྒྱུས་སྔགས་ཀྱི་མཐུ་ནི་བསམ་མི་ཁྱབ། །མཐུ་ཡི་རྣམ་པ་དུ་མ་མཐོང་། །ཤཱཀ་ཐུབ་སྐུ་རབ་གནས་བྱས་པ་གཅིག་གི་མདུན་དུ་ཕྱག་བཙལ་བ་ནས་བསྔོ་བའི་བར་དུ་བྱས་ནས། དེ་ནས་རྒྱ་གར་བའི་ཕྱག་རེ་བཅས་པས་བཟང་སྤྱོད་ཡི་དམ་དང་བཅས་པའི། །ཆོ་ག་ཡིས་ནི་འབུམ་བཟླས་ན། །ཐར་པ་ངེས་པར་སྐྱེད་བྱེད་ན། །འཆི་བ་བསླུ་བར་སྨོས་ཅི་དགོས། །ན་མ་སྟེ་ཡ་དི་ཀ་ནཾ། །དེ་ནས་ཏ་ཐཱ་ག་ཏ་ནཾ། །སརྦ་ད་ཏྲ་པྲ་ཏེ་ཏཱ་དེ། །བབ་ཏི་དྷརྨ་ཏ་ཡི་ཚིག །བ་ལི་ནཱི་ཨོ་ཚིག་གི་མཐར། །དེ་ནས་ཨ་ས་མ་ས་མ། །ས་མན་ཏོ་མན་ཏ་ཏཱ། །བ་བཱ་ཏི་འོག་ཤ་ས་ན། །ཧ་ར་ཧ་ར་སྨ་ར་སྨ་ར། །ར་ན་བི་ག་ཏ་ད་ག །དེ་ནས་བུདྡྷ་དྷརྨ་ཏེ། །ས་ར་གཉིས་ས་མ་པ་ལ། །ས་ར་གཉིས་དང་ཏྲ་ས་གཉིས། །ག་ག་ན་མ་ཧ་པ་ས། །ཧ་ས་གཉིས་དང་ཏྲ་ས་གཉིས། །ག་ག་ན་མ་ཧ་པ་ར། །ལཀྵ་ནེ་དེ་བཞིན་ཛྭ་ལ། །


JKT005_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ལ་ན་ས་ག་རེའི་མཐར། །སྭཱ་ཧཱའི་ཚིག་ནི་སྦྱར་བར་བྱ། །གསང་སྔགས་ཡི་གེ་བརྒྱར་གྱུར་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོ་ཡིན་པར་རབ་ཏུ་བཤད། །འཕགས་༥པ་སོ་སོར་འབྲང་མའི་སྔགས། །འབུམ་ཕྲག་གཅིག་ནི་ལེགས་བཟླས་ལ། །འདི་ཐམས་ཅད་ལ་མེ་སོགས་དགོས། གོང་ལྟར་བྱས་པས་ཆོག །ཐམས་ཅད་འདྲ། དཱརླའི་སྦྱིན་སྲེག་བཅུ་ཆས་ནི། །འཆི་བདག་ངེས་པར་བསླུ་བ་ཡིན། །ཨོ་སྒྲས་བི་མ་ལེ་ཛ་ལ། །བ་རེ་ཨ་མྲྀཏེ་ཧཱུཾ་ཧཱུཾ། །ཕྲཊ་གཉིས་དེ་ནས་སྭཱ་ཧཱ་ཡི། །ཚིག་གི་མཐའ་རུ་བརྗོད་པར་བྱ། །རྣམ་པར་སྣང་མཛད་ར་བ་གཉིས། །སཾ་བ་ར་གཉིས་བརྗོད་བྱས་ལ། །ཨིན་ཌི་ཡ་བ་ལ་ཡི་སྒྲ། །བི་ཤོ་ད་ནི་ཞེས་བརྗོད་དོ། །ཧཱུཾ་ཧཱུཾ་རུ་རུ་ཙེ་ལ་དང་། །སྭཱ་ཧཱའི་མཐའ་འདིས་འཆི་བདག་བསླུ། །འཕགས་པ་སོ་སོར་འབྲང་མ་ཡི། །སྙིང་པོ་དངོས་གྲུབ་ཀུན་གསོལ་ཡིན། །འཇིག་རྟེན་དབང་ཕྱུག་གི་སྔགས་ཡི་གེ་བཅུ་པས་བསླུ་བའོ། །འཇིག་རྟེན་༦དབང་ཕྱུག་སྤྱན་སྔ་རུ། །སྤྱན་རས་གཟིགས་གང་ཡང་རུང་བའི་སྐུ་སྟེ་གོང་དང་འདྲའོ། །འཆི་བ་ལས་རྒྱལ་ཞེས་བྱ་ཡི། །གསང་སྔགས་མཆོད་པ་སྔོན་དུ་སོང་བས་སྤྱན་རས་གཟིགས་ལ་དད་པ་ཡི་གེ་བཅུ་པ་ནི། །འབུམ་ཕྲག་བཅུ་བཟླས་དེ་འོག་ཏུ། །མེ་ཏོག་དཀར་པོ་མར་བཏགས་པའི། །སྦྱིན་སྲེག་གྲངས་ནི་འབུམ་བྱའོ། །སྔགས་མཐུ་དང་འགོ་ངེས་པར་ནི། །འཆི་བདག་བསླུ་བར་འབྱུང་བར་འགྱུར། །ཐོག་མར་ཨོ་སྟེ་དེ་ནས་ཨཱ། །


JKT005_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འོག་ཨུ་ཨུ་ཞེས་བྱ་བ། །ཨོཾ་སྲིད་ཏུ་ཛ་ཡ་དེ་ནས། །ཨོ་སྟེ་སྔགས་འདི་ཡི་གེ་བཅུ། །བསྐལ་པ་སོགས་སུ་འཚོ་བའི་ཕྱིར། །དེ་བཞིན་གཤེགས་པས་གང་གསུངས་པ། །དེ་ཡིས་ཚེ་ནི་བསྲིང་བར་འགྱུར། །ཚེ་བསྲིང་འཆི་བ་བསླུ་བ་ཡིན། །སྔགས་༧སྤྱིའི་བསླུ་བ་བསྟན་སྔགས་གང་གི་མཐའ་ན་ཧཱུཾ་ངམ་སྭཱ་ཧཱའམ་ཨོ་ཡོད་པའི་སྔགས་ཞི་པའི་ལས་བྱེད་པ། །དེ་ཡིས་ཚེ་ནི་འཕེལ་བར་འགྱུར། །ཚེ་ནི་འཕེལ་བར་གྱུར་པ་ན། །དེས་ནི་འཆི་བ་བསླུ་བར་འགྱུར། །གསང་སྔགས་ཀྱི་ནི་མཐུ་ལ་བསླུ་བའི་སྦྱོར་བ་ཡང་། །ཐེ་ཚེམ་བྱ་བར་རིགས་མ་ཡིན། །གང་ཕྱིར་སྔགས་ཀྱི་མཐུ་དག་ནི། །བསམ་མི་ཁྱབ་པ་ཀུན་ལ་འདོད། །འཇིག་རྟེན་ན་ནི་དངོས་གཞན་གང་། །སྔགས་ཀྱིས་མི་འགྲུབ་དེ་ཡོད་མིན། །ཡང་དག་དད་དང་མངོན་བརྩོན་ལས། །སྔགས་རྣམས་ཡིད་བཞིན་ནོར་བུར་མཚུངས། ༡༡ །སྨན་གྱིས་བསླུ་བ་སྟོན། ནང་གི་འབྱུང་བ་འཁྲུགས་པའི་གཉེན་པོ་རྟོག་པ་ལས་ཆོ་|ག་ཞིབ་མོ་ལས་བཤད་ཆོ་གའམ། །ཅི་འདོད་པའི་སྔོན་གྱི་དྲང་སྲོང་གིས་བྱས་པ་སྦྱོར་བ་ཡིས། །བཀྲེས་ཤས་ཆེ་བའི་གང་གི་གཉེན་པོ་གང་ཡིན་པ་གདག་ཤས་ཆེ་བ་སྟེ་སྐམ་ཆེ་བའི་ས་ཕྱོགས་སུ། །སླེ་ཏྲེས་༡རབ་ཏུ་སྤྱད་པར་བྱ། །སྤྱིར་རྫས་སོ་སོར་ནད་སོ་སོ་ལ་ཕན་པ་ནི་སྨན་ཡིན། རྫས་གཅིག་གིས་ནད་ཐམས་ཅད་ལ་ཕན་པ་ནི་རྩི་ཡིན། །རྫས་འཚོགས་པས་ནད་ཐམས་ཅད་ལ་ཕན་པ་བཅུད་ལེན་ཡིན། གཅིག་པུའམ་ཡང་ན་གཞན་པ་ཡི། །འབྲས་བུ་གསུམ་སྨན་དང་ལྷན་ཅིག་རྟག་ཏུ་སྤྱད། །དེ་


JKT005_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལུས་ནི་བརྟན་གྱུར་ན། །གཤིན་རྗེའི་སྒོ་ནི་མཐོང་མི་འགྱུར། །གྲུབ་པའི་ར་མོ་ཤག། སྨན་ནི་གཞན་༢དག་ཀྱང་། །ངེས་པར་བསྟེན་པར་གྱུར་པ་ཡིས། །ཚེ་འཕེལ་ནད་དང་རྒས་པ་ནི། །ཟག་པས་འཆི་བ་མི་མཐོང་ངོ་། །དངུལ་༣དང་གསེར་སོགས་དང་ལྡན་པའི། །དངུལ་ཆུ་ཆོ་ག་བཞིན་ཁྲོས་ནས། །བཅུད་ཀྱི་ལེན་གྱིས་རང་བཞིན་ཅན། །འཆི་བ་བསླུ་བ་འབྱུང་བ་ཡིན། །ཆོས་གཅིག་ཟླ་བའི་སྦྱོར་སོགས་པར། །རང་གི་ཁམས་ནི་མཐོན་པ་དུས་སུ་རང་ཤེས་རབ་དང་ལྡན་སྐྱེས་བུ་ན་སོ་མཉམ་པའི་སྣ་ཁུང་གཡས་པས་བདག་གི་གཡོན་པར་བཅུག་པས་སྨིན་པར་གྱི་ཐིག་ལེ་ལ་ཐིག་པས་ལུས་གསོ། དང་། སྣ་སྨན་བཏང་བའི་ཆོ་ག་ཡིས། །འཆི་བ་བསླུ་བ་འབྱུང་བར་འགྱུར། །ཁ་སྦྱར་ལས་སོགས་རྒྱུད་ལས་གསུངས། །རང་གི་ཁམས་དེ་ཉིད་མི་འཆི་ལྔ་དང་ལྡན་པ་ཁམས་ཐོན་པའི་ཚོད་དུ་བསྲོས་ནས་ནི། མན་ངག་གོང་མ་བཞིན་དུ་བརྟེན་པ་ཡིས། །འཆི་བ་བསླུ་བ་འབྱུང་བར་འགྱུར། །སྟེང་དང་འོག་དང་ཁ་སྦྱར་སྦྱོར་བ་ནི། །གང་ཞིག་ཕན་པའི་རྣལ་འབྱོར་དག་ཏུ་བྱེད། །དེ་ལ་གཤིན་རྗེའི་རྒྱལ་པོ་རྟག་ཏུ་ནི། །ཁྲོས་པར་གྱུར་ཡང་ཅི་ཡང་བྱེད་མི་ནུས། །ལ་ལར་ཐབས་ཀྱིས་འཆི་བ་ཡང་། །སླར་འཆི་བར་ནི་འགྱུར་བ་མཐོང་། །ཁྲག་འཛག་པའི་དུས་ལྡན་བུ་མོ་མི་དང་ནི། །ཕན་ཚུན་བསྲུངས་ལས་བྱུང་བ་ཡི། །ཁྲག་དང་ལུས་ཟུང་བསྲེས་པ་ནི། །ཁམས་ནི་ཤིན་ཏུ་གྲང་སྟེ་དང་པོ་འཐོན་


JKT005_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚད་ཙམ་དུ་དྲོད་ཕབ་ལ་མིན་པས། །གང་ཞིག་འཕྲལ་དུ་འཆི་ཉིད་ལ། །ཐིག་པ་གཉིས་ནི་གཅིག་པར་བྱ། །མར་བསྐུ་བ་ཡི་སྦུ་གུ་ལས། །དེ་ནས་བུད་པས་ཞུགས་པར་བྱ། །བདག་ཉིད་སྣ་ཁུང་ལས་བྱུང་བའི། །སྣ་ཁུང་རིམ་གྱིས་བསྲེས་འགྱུར་བ། །སླར་ཡང་འཚོ་བར་འགྱུར་མཐོང་སྟེ། །འདིས་ན་དགག་པར་བསྔགས་པ་ཡིན། །ནུས་མཐུ་མངོན་དུ་མཐོང་བས་ན། །སྦྱོར་བ་འདི་ནི་མང་པོར་སཾ་བུཊི་ལ་སོགས་པར་བསྔགས། །ཨ་རུ་ར་བ་རུ་ར་སྒྱུ་རུ་ར་འབྲས་བུ་༦གསུམ་ནི་སྤྱི་བསྡུས་པ་དང་འབྲིང་གིར་ཙའམ། ཡང་ན་གང་རུང་དང་སོ་སོར་འབྲིང་གི་ར་ཙ་ར་བཅས་དེའི་ཁུ་བ་བཙིར་ཞིང་མཉེས་བསྲེས་ནས་སྤྱད་ཟེར། །རྣལ་འབྱོར་པ་ཡིས་བརྟག་དཔྱད་ན། །ཕན་ཞིང་བདུད་རྩིར་འགྱུར་བ་སྟེ། །གཉེར་མ་སྐྲ་དཀར་རྣམས་དང་བྲལ། །རྡོ་རྗེའི་ལུས་ནི་གཟུགས་བཟང་ལྡན། །བསྐལ་པའམ་ནི་གྲངས་སྙེད་དུ། །འཆི་བ་ངེས་པར་བཟློག་པ་ཡིན། །དྲི་༧ཆུ་པི་པི་ལིང་ཉི་ཤུ་རྩ་གཅིག་ཞིབ་པར་བྱས་ལ་ཆུ་ལ་བཏབ་སྟེ། སྟེང་བ་ཚྭ་དང་། སྙིགས་མ་དབོ། དྭངས་མ་ལ་བྱིན་རླབས་བྱས་ལ་བྱ། ཡང་ན་ཁ་དཀྲོགས་ལ་ལྦུ་བ་དེ་རྣམས་བ་ཚྭ་ཡིན་པས་དབོ་སྟེ་བ་ཚྭ་དབྱེ་གསུངས། རྣམ་པ་མ་ཞིག་ནི། །ལུང་ལས་གསུངས་པས་འགྲུབ་པས་འདི། །བཟའ་དང་བསྐུ་བས་འཕྲལ་དུ་ནི། །འཆི་བ་བཟློག་པར་འགྱུར་བ་ཡིན། །དྲི་ཆུ་འདི་དང་སྦྲང་རྩི་མར་ལྡན་པར། །རྟག་ཏུ་གོམས་པར་བྱས་ནས་ནི། །དུས་དང་དུས་མིན་ལས་བྱུང་བའི། །འཆི་བ་ཟློག་པར་བྱེད་པ་


JKT005_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །སྨན་གྱིས་བསླུ་བ་བསྡུ་པར་ཅན་སྨན་རྣམས་ཀྱི་ནི་མཐུ་ལ་ཡང་། སོམ་ཉི་བྱ་བར་རིགས་མིན་ཏེ། །གང་ཕྱིར་སྨན་གྱི་ནུས་པ་ནི། །བསམ་མི་ཁྱབ་པར་ཀུན་ཏུ་སྣང་། ༡༢ །དེ་ལྟར་ཕྱི་ཡི་བྱ་བས་གུས་བྱས་ལ། །ཇི་བཞིན་སྟོབས་ཀྱིས་འདིར་ནི་འཆི་བ་བསླུ། །འཆི་བ་སྟོབས་ལྡན་འཇིགས་པ་ཆེ་དགོས་ལ། །དེ་ལྟར་དེ་ཡི་ནང་གི་བྱ་བ་ཡིན། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་སྦྱར་བའི་འཆི་བ་བསླུ་བ་བསྟན་པ་ལས་ལེའུ་གསུམ་པའོ།། ༢ །།ནང་གི་འཆི་བ་བསླུ་བའི་བཤད་པར་དམ་བཅའ་བ་བསྟན། ད་ནི་འཆི་བ་བསླུ་བ་ཡི། །མཁས་པ་གཉིས་ལས་ནང་གི་བདག་ཉིད་ཅན། །གང་གིས་བརྩོན་པས་འཆི་བ་ནང་། །ངེས་པར་བསླུ་བ་བཤད་པར་བྱ། ༢ །རྒྱལ་པོ་རྐུན་པོ་བདུད་ཆེན་པོ། །སྟག་ལ་སོགས་པའི་འཇིགས་དང་བྲལ། །འདུ་འཛི་དང་བྲལ་རི་བོ་སོགས། ཡིད་འོང་བ་ལ་གནས་པར་བྱ། །ཚད་ཙམ་ཟ་ཞིང་སྨྲ་ཉུང་ལ། །ཤིན་ཏུ་འཆག་པར་གང་བར་ཕྱམ་ཕྱམ་མི་འགྲོ་དཀའ་མ་ཡིན། །གཉིད་ཆུང་བར་བྱ་འཆི་བསླུའི་བསམ་གཏན་ལ་མང་གནས། །འཆི་བསླུའི་སྔགས་ཀྱི་བཟླས་པ་ལ་རབ་བརྩོན། །རང་ཉིད་འདོད་ལྷ་མཆོད་སོགས་དང་། །དམ་ཆོས་བཀླག་པའི་བྱ་བ་དང་། །གཏོར་མ་སྦྱིན་སོགས་བྱམས་པ་ཡི། །སེམས་ལ་སོགས་སྙིང་རྗེའི་སེམས་པ་དུས་གསུམ་བརྩོན། ༣ །བསོད་ནམས་ཀྱི་ལས་དང་ལྡན་པས་བསོད་ནམས་ཀྱི་ལས་ལ་འབད་ཅིང་གདམས་པ་སོགས་རིམ་པར་བསོད་ནམས་ཀྱིས་འདོད་ཡང་


JKT005_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དག་འགྲུབ། །དེ་བས་བསོད་ནམས་ལ་བརྩོན་བྱ། །དད་པས་ཐམས་ཅད་ཡང་དག་འགྲུབ། །དེ་ཕྱིར་དད་པ་རྣམས་འཕེལ་བྱ། །བརྩོན་འགྲུས་ཀྱིས་ནི་བརྩམས་པ་འགྲུབ། །དེ་བས་བརྩོན་ལ་སྔོན་འགྲོ་བྱ། །བསམ་གཏན་གྱིས་འདོད་འབྲས་བརྟན་པས། །བསམ་གཏན་ལ་སེམས་གཅིག་ཏུ་འབད། །འདུ་འཛི་སྤངས་པས་ཉམས་ལེན་འགྱུར། །དེ་བས་འདུ་འཛི་རྣམ་སྤང་བྱ། །ཡང་དག་ཤེས་ལྡན་ཐམས་ཅད་འགྲུབ། །དེ་བས་ཤེས་དང་ཀུན་ལྡན་བྱ། །འཆི་བ་ལས་ནི་སྡུག་བསྔལ་མཐོང་། །འཚོ་བ་ལས་ནི་ཆོས་འབྱུར་མཐོང་། །སོམ་ཉི་མ་ལུས་དང་བྲལ་བས། །འཆི་བ་བསླུ་བ་ཀུན་ཏུ་སྤྱད། ༤ །དེ་ལས་དང་པོ་བསམ་གཏན་བཅས། ཇི་ལྟར་བྱ་ན་གནས་དབེན་པར་གོང་དུ་བཤད་པ་ལྟ་བུར་ལུས་ངག་གི་སྡོམ་པ་ནས་ཤེས་རབ་དང་ལྡན་པའི་བར་དུ་དེ་ལ་གནས་པར་བྱ། བདག་ཉིད་ཁྲོ་བོ་གཤེད་དགྲའི་ང་རྒྱལ་བདག་གི་སྙིང་གར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་འོད་སྤྲོས་ལ་བགེགས་དགྲ་དང་བླ་མ་དང་བུདྡྷ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས། དེ་ལ་ཕྱག་མཆོད་སྡིགས་པ་བཤགས་པ་རྗེས་སུ་ཡི་རངས་པ་སྐྱབས་འགྲོ་སེམས་བསྐྱེད་ལམ་བསྟན་བསྔོ་བའི་བར་དུ་བདུན་རྣམ་དག་བྱ། དེ་ནས་གདན་བཞི་པའི་སྟོང་པར་སྦྱོང་པའི་ལེའུར་གསུངས་པ་བཞིན་སྟོང་པར་བསྒོམ། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་ལས་འོད་ཟེར་ཕར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་པས་རྡོ་རྗེ་ཧཱུྃ་གིས་མཚན་པ་སྟེ་སྐུ་ཕྲ་མོ་ཕར་འཕྲོས་ཚུར་འདུས་པས་བགེགས་དགྲ་བསྐྱེད་དེ། ཕྱག་གཡས་རྡོ་རྗེ་གཡོན་སྡིགས་མཛུབ་སྐུ་མདོག་མཐིང་ག་བསྐྱེད་དོ། །


JKT005_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་མར་གྱི་བསྐྱེད་རིམ་འདི་ཐམས་ཅད་ཆོ་ག་འདི་ཁོ་ན་ལྟར་བསྐྱེད་དོ། །བཅས། །བགེགས་དགྲའི་གསང་སྔགས་འབུམ་ཉིན་ནི། །ལེགས་བཟླས་སྦྱིན་སྲེག་ཁྲི་བྱས་པས། །བགེགས་ནི་ཐམས་ཅད་བཟློག་པར་བྱ། །ན་མ་ས་མན་ཏ་ཀ་ཡ། །དེ་ནས་བག་ནི་ཙི་ཏའི་ཚིག །བཛྲ་ན་མ་ན་མོ་བཛྲ། །ཀྲོ་ཏ་ཡ་ཞེས་ཚིག་བརྗོད་ལ། །མ་ཧཱ་ད་ཁྱོད་གྷ་ཏའི་ཚིག །བྷི་ར་བ་ཡ་མ་སི་བརྗོད། །མུ་ས་ལ་པ་ར་ཤུ་པ། །གྲི་ཧི་ཧ་ཧ་སྟ་ཡ་ཡིན། །ཨོཾ་ཨ་མྲྀ་ཏེ་ཀུན་ཏ་ལི། །ཁ་ཁ་ཁཱ་ཧི་ཁཱ་ཧིའི་ཚིག །ཏིཥྛ་ཏིཥྛ་ཚིག་དེ་ནས། །བནྡ་གཉིས་དང་ཧ་ན་གཉིས། །ད་ཧ་གཉིས་དང་གརྫ་གཉིས། །དེ་ནས་བི་སྦོ་ཏ་ཡ་གཉིས། །བྷི་ར་པ་ཡ་ཨ་སི་བརྗོད། །སརྦ་བཛྲའི་ཚིག་དང་ནི། །བི་བྷ་བི་ན་ཡ་ཀ་བརྗོད། །མ་ཧཱ་ག་ཎ་པ་ཏའི་ཚིག །ཛི་བི་ཏན་ཀ་ར་ཡ། །ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཡི། །སྔགས་འདི་བགེགས་རྣམས་ཟློག་བྱེད་ཡིན། །ཡང་ན་འདི་ཡི་སྙིང་པོ་ཡིས། །བགེགས་རྣམས་ཐམས་ཅད་བཟློག་པར་བྱ། །སྔོན་བཞིན་སྔགས་དང་སྦྱིན་སྲེག་གིས། །འདི་ཡི་མཐུ་ཡང་དེ་འདྲ་ཡིན། །ཨོཾ་སྔར་ཧུ་ལུ་ཧུ་ལུ་དང་། །དེ་འོག་ཏིཥྛ་ཏིཥྛའི་ཚིག །ཧ་ན་གཉིས་དང་ད་ཧ་གཉིས། །གརྫ་གརྫ་དེ་འོག་ཏུ། །བི་སྤོ་ཏ་ཡ་ལན་གཉིས་བརྗོད། །སརྦ་རྨི་བི་ན་ཡ་ཀ་ཎ། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་མ་མ་རཀྵ་ཀུ་རུ་སྭཱ་ཧཱ། རྡོ་རྗེ་བགེགས་དགྲའི་བསམ་གཏན་གྱིས་བསླུ་བའོ། །དེ་ལྟར་རང་འདོད་ལྷའི་བསམ་


JKT005_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱིས་བསླུ་བ་བསྟན། བདུད་དང་བགེགས་དང་ནི། །མ་ལུས་རྣམ་བསལ་འཁྲུགས་མེད་པས། །འདོད་ལྷའི་བསམ་གཏན་གྱིས་བསླུ་བའི་ལྷ་ཇི་ལྟར་མངོན་འདོད་རྣལ་འབྱོར་ནི། །གཅིག་གཅིག་ཉིན་མཚན་བསྒོམ་པར་བྱ། ༥ །རིགས་ལྔའི་བདེ་བར་གཤེགས་པས་བསླུ་བར་བསྟན་དེ་ལ་རྣམ་སྣང་གིས་སྟུག་པོ་བཀོད་པའི་གནས་བཞུགས་ཏེ། །ཞི་བ་སངས་རྒྱས་མཛད་པ་མཛད། །པདྨ་ཟླ་བའི་གདན་སྟེངས་སུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་ནི། །བྱང་ཆུབ་མཆོག་གི་ཕྱག་རྒྱུར་ཅན། །འོད་ཟེར་དཀར་པོའི་ཚོགས་འཕྲོ་བ། །རྣམ་སྣང་དཀར་པོར་བསྒོམས་ནས་ནི། །འཁོར་བ་སྲིད་དུ་འཆི་འོས་མིན། །བཞི་པོ་ལ་བསྒྲེ་མི་བསྐྱོད་ལ་སོགས་དེ་བཞིན་གཤེགས། །ཟློརང་མདོག་ཕྱག་རྒྱ་ཆ་ལུགས་ལྡན། །ང་རྒྱལ་བརྟན་པོ་བསྒོམས་ནས་ནི། །རྡོ་རྗེའི་ལུས་སུ་ངེས་པར་འབྱུང་། ༦ །འཇིག་རྟེན་དབང་ཕྱུག་གིས་བསླུ་བ་བསྟན། སྙིང་ག་ཁ་སྦྱར་ནང་ན་བཞུགས། །འཇིག་རྟེན་དབང་ཕྱུག་མི་འཇིགས་པ། །ཞི་ཞིང་ཟླ་བ་དང་འདྲ་ལ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དེའི་དབུ་ལ་འོད་དཔག་མེད་ནི་སྐུ་མདོག་དམར། །རྫོགས་སངས་རྒྱས་མཚན་རལ་པ་འཆང་། །རྡོ་རྗེ་སྐྱིལ་ཀྲུང་བཅས་པ་ཡི། །ཞབས་ཀྱི་པདྨ་གཉིས་ཀྱི་སྟེང་། །ཕྱག་གཉིས་དག་ནི་མ་འཆོལ་བར། །ཏིང་འཛིན་ཕྱག་རྒྱ་ལེགས་གནས་པ། །སེམས་ཅན་ཀུན་དོན་རྫོགས་མཛད་པའི། །འོད་དཔག་མེད་ཀྱི་སྐུ་ལ་ཐུགས་རྗེའི་རྒྱུན་འཛག་


JKT005_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇིག་རྟེན་དབང་ཕྱུག་ལ་ཐིམ། དེའི་བྱང་སེམས་ནང་དུ་འདུས་པས་འོད་དཔག་མེད་ལ་ཐིམ། དེ་ལས་འཛག་པ་དེ་བཞིན་དུ་བྱས་མཐའ་ཡང་ཨ་ལ་ཐིམ་པར་བསམ་གསུངས། བསམས་ལ་དེ་ཡི་ཐུགས་ཀར་ནི། །འཇིག་རྟེན་དབང་ཕྱུག་གཞན་དེ་བཞིན། །སླར་ཡང་དེ་ཡི་ཐུགས་ཀ་རུ། །དེ་བཞིན་རྩེ་གཅིག་ཡིད་ཀྱིས་ནི། །ཇི་སྲིད་གྲངས་ནི་བྱེ་བར་འགྱུར། །དེ་སྲིད་བསམ་གཏན་འདི་དྲན་བྱ། །དེ་ནས་ཕྲ་ཞིང་རབ་ཕྲའི་མཐར། །འཇིག་རྟེན་དབང་ཕྱུག་ལ་གཏད་སེམས། །རྣལ་འབྱོར་དབང་ཕྱུག་གིས་བསམ་ན། །འཆི་བདག་རང་ཉིད་འཆི་བར་འགྱུར། །ཕུང་པོ་ལས་བསྐྱོད་ནས་གཞན་ཡང་། །རང་ཉིད་འཇིགས་པར་འགྱུར་བ་ཡིན། ༦ །པདྨ་དཀར་པོའི་དབུས་བླ་མ་དག་གི་སྤྱན་སྔར་ཡན་ལག་བདུན་གྱི་ཚོགས་བསགས་སྟོང་པ་དེ་ཏཱ་ལས་ཨུཏྤ་ལ་ཧཱུཾ་གིས་མཚན་དེ་གྱུར་པ་ལས། གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེངས་སུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་ནི། །གཡས་མཆོག་སྦྱིན་པ་དང་གཡོན་ཨུཏྤལ་བསྣམས། །སྐུ་མདོག་སྟོན་ཀའི་ཟླ་བའི་མདངས་འདྲ་བའི། །ཟླ་བ་རྒྱབ་ཡོལ་ལ་ནི་རྒྱབ་བརྟེན་པ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་པས། སངས་རྒྱས་ཀུན་དེ་ཡི་སྲས། །འདུལ་བ་ཇི་ལྟར་འདོད་བཞིན་སྐུ་མདོག་འཆང་བའི་ཡུམ། །འཕགས་མ་སྒྲོལ་མ་རང་རང་གི་སྒོ་དེའི་སྙིང་གར་བསྒོམ་པ་ཡིན། །ཟླ་བའི་སྟེང་


JKT005_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་འཁོར་ལོ་འོད་ཟེར་དཀར་པོ་རྩིབས་བརྒྱད་ལྟེ་བར་མུ་ཁྱུད་ལྡན་པ། །རྩིབས་བརྒྱད་ལ་ནི་ཡི་གེ་ནི། །བརྒྱད་ཀྱིས་ཡོངས་སུ་བསྐོར་བ་ལ། །ལྟེ་བར་ཨོ་སྟེ་ཡི་གེ་ཡི། ཨོ་རྒེ་རཀྵ་ཧ་དབུས་གནས་བསྒྲུབ་བྱའི་མིང་དང་ལྡན། །མུ་ཁྱུད་ལ་ཨཱ་ལི། ཟླ་དྲུག་བརྟན་ཞིང་ངེས་པས་ནི། །རྩེ་གཅིག་པ་ཡི་སེམས་ཀྱིས་བསྒོམས་པས་སྐྱོ་ན། །ཡི་གེ་བཅུ་པའི་སྔགས་འདི་ནི། །སྐྱོ་བར་མ་གྱུར་སེམས་ཀྱིས་བཟླ། །དང་པོ་ཨོ་ནི་བཞག་ནས་སུ། །དེ་འོག་ཏཱ་རེ་རབ་ཏུ་སྦྱར། །དེ་འོག་ཏུཏྟཱ་རེ་ཏུ་རེ། །སྭཱ་ཧཱའི་མཐའ་ཅན་ཞེས་པ་ལ་སོགས་པའི་ལས་ཀུན་བྱེད། །ཚངས་དབང་པོ་བརྒྱ་བྱིན་པ་ཁྱབ་འཇུག་ཉི་མ་དང་ཟླ་བ་དང་། །དྲག་པོ་བཅུ་གཅིག་ཕྱོགས་སྐྱོང་བཅུ་འདོད་པའི་ཁམས་ཀྱི་ལྷས་ཀྱང་། །སྤུ་རྩེ་ཙམ་ཡང་མ་ཉམས་པར། །འཆི་བདག་ལྟ་བུ་འཆི་ལས་རྒྱལ། །གཞན་ཡང་སྐྲ་དཀར་གཉེར་མ་སྐལ་ངན་བསོད་ནམས་ཆུང་བ་དང་། །ནད་དང་དབུལ་བ་ཀུན་ཟད་བྱེད། །རྡོ་རྗེ་གདན་པས་ཡི་དམ་བྱས་པས་བསོད་ནམས་ཆེས་ནས་གཡེངས་པར་འགྲོ་ནས་བཤོལ་བ་ལྟ་བུ། །སེང་གེ་ལ་སོགས་སྟག་མེ་ཆུ་འཇིགས་ཆེན་བརྒྱད། །སྡུག་བསྔལ་ཚོགས་ནི་འཇིགས་པར་བྱེད། །མ་བསླངས་པར་ནི་ཟས་སྐོམ་སོགས། །ཁང་བཟང་གོས་ལ་སོགས་པ་རྙེད། །རལ་གྲི་མིག་སྨན་རྐང་དབྱུག་པའི་རྐང་མ་ཕྱོགས། །བུམ་པ་བཟང་སོགས་དངོས་གྲུབ་རྣམས། །སྙན་ངག་སྒྲ་མཁས་ཉིད་ཀྱི་བློ། །ཤེས་རབ་གཅིག་པུ་དྲི་མ་མེད། །འདོད་པའི་དངོས་གྲུབ་


JKT005_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ཀྱང་། །འཁོར་ལོ་འདི་ལས་འབྱུང་བར་འགྱུར། ༩ །ལྷ་མོ་གཞན་གྱིས་འཆི་བ་བསླུ་བ་བསྟན་སྤྱན་དང་སྐུལ་བྱེད་མ་མ་ཀཱི། །ལྷ་མོ་དཀར་མོ་ཆེན་མོ་ནི། །ཆོ་ག་གོང་དང་འདྲ། །རང་མདོག་ཆ་ལུགས་ཕྱག་རྒྱ་ཡིས། །བསྒོམས་ན་འཆི་བས་མི་ཚུགས་སོ། ༨ །རང་གི་ལྷག་པའི་ལྷས་འཆི་བ་བསླུ་བ་བསྟན། རང་ཉིད་འདོད་ལྷའི་རྣལ་འབྱོར་ཉིད། །ང་རྒྱལ་བརྟན་པ་དང་ལྡན་པ། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །འདོད་པའི་དོན་ནི་རབ་སྒྲུབ་བྱེད། །བསླུ་བ་ལ་ཁྱད་པར་དུ་ཁ་དོག་གམ་འོད་ཟེར་དུང་དང་ཀུན་ཟླ་བ་འདྲ། །བསྡུ་བའི་རིམ་གྱིས་ཡང་དག་གནས། །རྒྱུན་མི་འཆད་པར་བསླབ་ན་དེས། །འཆི་བ་བསླུ་བ་འགྱུར་བ་ཡིན། ༩ །འཁོར་ལོ་བདེ་མཆོག་ལས་གསུངས་པའི་རྣལ་འབྱོར་གྱིས་བསླུ་བ་བསྟན། འཁོར་ལོ་བདེ་མཆོག་རྒྱུད་ལས་གསུངས། །ཧེ་རུ་ཀ་ཡི་རྣམ་པར་བསྒོམ། །བྱས་ནས་དེ་ཡོངས་གྱུར་པ་ལས། །ཀ་པཱ་ལ་སྐམ་པོའི་རྣམ་པར་བསྒོམ། །ཡང་ན་ཧེ་རུ་ཀ་ལས་ཀེང་རུས་ཀྱི་ཁྲོ་བོ་གསུངས་ཀརྐ་ལིའི་གཟུགས་བསམ་པའམ། །ཡང་ན་ཧེ་རུ་ཀ་ལས་ཁ་ཊཾ་གར་ནི་རྣམ་པར་བསྒོམ། །གསད་པར་འོས་པ་མ་ཡིན་ཕྱིར། །དེ་ཡན་ཆད་བསྐྱེད་རིམ་བསམ་གཏན་གྱིས་བསླུ་བའོ། །བསམ་གཏན་ལས་ཀྱི་བསླུ་བ་ནང་གི་ལྷ་འཁྲུགས་པ་བསླུ་བ་ཡིན་གསུངས། འཆི་བ་འབྱུང་བར་མི་འགྱུར་རོ། །སྤྱི་བོ་རུ་ནི་ཟླ་བའི་གཟུགས། །བདུད་ཟླ་བ་དེ་ལ་བདུད་རྩི་བྱང་སེམས་བདག་ཉིད་ཨོ་དང་བཅས་པ་བསམ་དེ་ལས་འཛག་པ། རྩི་ཐིག་པ་འཛག་


JKT005_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །བ་སྤུ་བུ་ག་ཀུན་ནས་ནི། །ཚངས་པའི་གནས་ནས་ཞུགས་སོ་ཡན་ལག་ཐམས་ཅད་ཚིམ་པར་བྱེད། །འདུ་འཛི་ཐམས་ཅད་རྣམ་སྤངས་པས། །རྣལ་འབྱོར་པ་ཡིས་ཟླ་དྲུག་བསྒོམ། །ནད་ཀུན་ལས་ནི་རྣམ་རྒྱལ་ནས། །འཆི་བདག་ལྟ་བུ་འཆི་ལས་རྒྱལ། ༡༠ །རྣལ་འབྱོར་ལས་རྫོགས་པའི་རིམ་པས་བསླུ་བ་སྟོན། མགོ་བོར་པདྨའི་འདབ་མ་སྟོང་། །དཀར་པོ་ཁ་ནི་ཐུར་དུ་བལྟས། །ཟླ་བའི་རིམ་བསམ་སྐལ་སོགས་པར། །འཆི་བར་འཇིགས་པར་བྱེད་པ་ཡིན། །ཟླ་བ་བཞིན་བདུད་རྩིའི་བདག་ཉིད་ཨོཾ་དང་བཅས་པ་ལས་བྱང་སེམས་བབས་པས་བུ་ག་ནས་ཞུགས་ལུས་ཐམས་ཅད་གསོ་བའོ། །བྱང་ཆུབ་སེམས་ནག་པོའི་བསླུ་བ་བསྟན། དེ་ཉིད་ནག་པོའི་གཟུགས་ཉིད་ལ། །ནག་པོའི་གཟུགས་ཀྱི་འོད་རྣམས་ཀྱིས། །ཀུན་ཏུ་ཁྱབ་པར་བསམས་ནས་ནི། །སྐུ་དཀར་ལ་སོགས་འཇིགས་པར་བྱེད། །ལྕེ་ནི་སྤྱི་བོར་ཞུགས་པའི་གཉེན་པའོ། །བུ་ཆུང་ལྟོ་ན་དེའི་བཅུད་འཛག་གིས་འཚོ་བ་ལ་ཁ་ཟས་དང་འབྲེལ་བ་ལ་མན་ངག་འདི་བྱས་པ་ལ་བྱ་ནས་བདུད་རྩི་འབབས་པས་འཚོ། རྐན་ལ་སྦྱར་བྱ་ཞིང་། །སོ་ནི་སོ་ལ་མ་རེག་པར། །རྒྱུ་ཡི་ནུས་པ་བསམ་མི་ཁྱབ། །དད་པར་བྱས་ལ་འདི་བསམ་བྱ། །ལྐོག་མའི་བུ་གའི་སྟེང་དུ་སྦྱར། །ལྕེའུ་ཆུང་ཐུར་དུ་བལྟས་པ་ནི། །ལྕེ་ཡི་རྩེ་མོར་ཀུན་རེག་པ། །བདུད་རྩི་རོ་ནི་མྱོང་བར་བྱེད། །དེས་ནི་འཕྲལ་དུ་འཆི་བ་སེལ། །སྐྲ་དཀར་ལ་སོགས་པ་ཡང་འཇིག །དེ་བྱས་ན་ནི་རྒུད་པ་དང་། །འཇིགས་པ་ཀུན་


JKT005_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བསྲུང་འགྱུར་བ། ༡༡ །རླུང་ལ་བརྟེན་པའི་མན་ངག་ལ་གཉིས་ལས། དང་པོ་བགྲང་བས་བསླུ་བ། དབུགས་དབྱུང་རྔུབ་པ་དྲན་པ་ཡང་། །རྣམ་པར་གཞན་པ་བརྩམ་པར་བྱ་སྟེ། དེའི་ཕན་ཡོན་གྲངས་འཕེལ་དེ་ལས་ངེས་པ་ནི། །རྒ་དང་འཆི་བ་མེད་པར་འགྲོ། །རླུང་གི་རང་བཞིན་བསྟན་པ་སེམས་ཅན་རྣམས་ཀྱིས་ཉིན་མཚན་དུ། །དབུགས་ནི་ཉི་ཁྲི་ཆིག་སྟོང་དང་། །དྲུག་བརྒྱ་དག་གིས་ལྷག་པ་རུ། །གྲངས་ནི་རྒྱུད་དང་མན་ངག་ལས་ཡོངས་སུ་བསྒྲགས་པ་ཡིན། །གང་ཕྱིར་བདུད་རྩི་རླུང་རང་བཞིན་གྱི་སྔགས་ཡིན་ཏེ། །བདུད་རྩི་དེ་བགྲང་བས་གསོན་པའི་ཐབས་ཡིན་ཏེ། །རླུང་བགྲང་བར་བསླབས་པས་ནང་དུ་གནས། དེས་བྱང་ཆུབ་སེམས་གསོ། དེ་ལ་སེམས་གནས་པས་གསོ་བའི་ཐབས་མཆོག་གོ །དེ་ཡིས་འཆི་བས་མི་ཚུགས་སོ། །ཇི་ལྟར་ན་ནང་དུ་འཇུག་པའི་རླུང་གི་ཁོ་ན་རེ་རེ་ནས་བགྲང་བྱ་ཞིང་། །དེ་ལྟར་བསགས་པས་དུས་ཀྱི་བཟླས་པ་རིམ་གྱིས་འབུམ་སོགས་གྲངས་ཀྱིས་ནི། །རྩེ་གཅིག་སེམས་ཀྱིས་ཆོ་ག་བཞིན། །སྒྲ་མེད་པ་ཡིས་བཟླས་པར་བཤད། །སྒྲ་མེད་བཟླས་པ་འབུམ་དུ་ནི། །ཆོ་ག་བཞིན་དུ་རྫོགས་གྱུར་ན། །མི་ནི་ཚེ་ཉམས་གྱུར་པ་ཡང་། །ལོ་ལྔའི་བར་དུ་འཚོ་བར་ངེས། །ཉིས་འབུམ་བཟླས་ན་ལོ་བཅུ་སྟེ་དེ་ལ་སོགས་ཟློས་པ་ཉིད། །རིམ་གྱིས་ཚེ་འཕེལ་བ་ནི་བསྒྲེ་བར་བྱ། །ཐབས་ལ་མཁས་པར་གྱུར་པ་དང་། །རླུང་གི་བཟླས་ལ་བརྩོན་པར་བྱ། །རྒྱུན་གྱི་བཟླ་ཚུལ་བསྟན་པ་ནངས་པར་ལངས་ནས་


JKT005_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་གཅིག །རྟག་ཏུ་ལེགས་པར་བགྲངས་ནས་ནི། །ནད་ཀུན་ལས་ནི་རྣམ་གྲོལ་ཞིང་། །ཉི་ཟླ་གཉིས་ཀྱི་བར་དུ་འཚོ། །རླུང་བགྲང་བའི་བསླབ་ལ་མི་གནས་མི་དགའ་ཞིང་། །ཡུད་ཙམ་ཡང་ནི་གཉིད་མ་ལོག །འབད་དེ་གཉིད་ལས་རྒྱལ་བྱས་ལ་བསླབ། །བཟའ་དང་བཏུང་ཡང་ཁ་ཟས་སོགས། །རླུང་ལུགས་སུ་འབྱུང་དང་དེས་ཚེ་འཕེལ་བའི་རྒྱུ་བྱས་པས། །རླུང་རྒྱུ་བ་ལ་བརྩོན་པར་བྱ། །ལུགས་མཐུན་ལ་འབད་རྣལ་འབྱོར་པས། །ངེས་པར་འཆི་བ་ལས་རྒྱལ་འགྱུར། །རྨོངས་པ་བཟའ་བཏུང་ལོངས་སྤྱོད་ལ་གཅིག་གཞོལ་ཏེ་ཐལ་དྲག་པས། །ལུགས་མི་མཐུན་པས་འཆི་བར་འགྱུར། །རང་གི་ངོ་བོ་ལུགས་མཐུན་འགྱུར། །དེ་ལས་བཟློག་པས་ལུགས་མི་མཐུན། །རླུང་ནང་དུ་འཆིང་བ་ལ་གེགས་བྱུང་ན་སེང་གེ་རྣམ་རོལ་ཕྱག་རྒྱ་ནི། །བཅིངས་པ་ཡི་ནི་རླུང་དག་གཉིད། ༡༢ །བུམ་པ་ཅན་གྱིས་འཆི་བ་བསླུ་བ་བསྟན་པ་ཡང་ན་རང་བཞིན་དུ་བསླབ་པས་དགག་པར་སྦྱོར་བས་རྒྱལ། །དགག་པ་འཆི་བ་སླུ་བྱེད་ཡིན། །རྐང་མཐིལ་གྱི་ནི་མཐར་ཐུག་པར། །རླུང་གིས་རིམ་གྱིས་དགང་བར་བྱ། །དགག་པ་ཀུམ་པ་ཀ་ཞེས་བྱ། །དེ་ཤེས་རིམ་པ་བརྗོད་བྱ་སྟེ། །སྟེང་གི་དགག་པའི་སྦྱོར་བས་ནི། །དགག་པར་བྱེད་པ་འཆི་བ་ལས་རྒྱལ་རླུང་བཙན་ཐབས་སུ་བཀག་པས་ལུས་ཀུན་ཁྱབ། དེས་བྱང་སེམས་ཞུ་ལྟེ་བར་བབས་པས་ཁམས་གསོ། བར་འགྱུར་ཏེ། དེ་ལ་ཆུང་དང་འབྲིང་སོགས་དབྱེ་བ་ཡིས། །སྟེང་དགག་རྣམ་པ་གསུམ་དུ་


JKT005_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འདོད། །སྟེང་དགག་ཞེས་ནི་བྱ་བ་འདི། །འོག་ནས་བཤད་པས་དོན་སྟོན་བྱེད། །ཆུང་བ་ཚད་ནི་སུམ་ཅུ་དྲུག །འབྲིང་ནི་དེ་བཞིན་ཉིས་འགྱུར་ཡིན། ཆེན་པོ་སུམ་འགྱུར་ཡིན་ཅེས་བྱ། །དགག་པ་དེས་ནི་རྒྱལ་བར་འགྱུར། དགག་པ་ཡི་ནི་ཚད་བྱས་ལ། །ཕྱི་ནང་རང་གི་པུས་ལྷ་ངར། །འདིར་ནི་ལག་པ་ཉུག་བྱས་ལ། །དེ་ནས་སེ་གོལ་དྲུག་གདབ་བོ། །འདི་ནི་མཁས་པས་ཡོངས་འཆད་པའི། །དུས་ཀྱི་ཚད་ནི་ཡིན་པར་བཤད། །ཇི་སྲིད་སུམ་ཅུ་དྲུག་ཚད་འགྱུར། །དེ་སྲིད་དགག་པའི་བྱ་བ་ཡིན། །སྟེང་དགག་དང་ནི་དམན་པ་སྟེ། །དེ་ནས་བར་མ་ཉིས་འགྱུར་ཉིད། །སྟེང་དགག་ཆེན་པོ་སུམ་འགྱུར་ཏེ། །བརྒྱ་རྩ་བརྒྱད་ནི་ཚད་ཡིན་ནོ། །འཆི་བ་སླུ་བར་འདོད་པ་ཡིས། །འབད་པས་དེ་ཉིད་ལས་རྒྱལ་བྱ། །སྟེང་དགག་ཆེན་པོའི་མཚན་ཉིད་ནི། །ཇི་སྲིད་དགག་པ་རབ་འཇིགས་པའོ། །རྒྱུན་དུ་དགག་པར་གྱུར་པ་ཡང་། །དེ་ཚེ་ལེགས་པར་གནས་པ་ཡིན། །ཉི་མ་དེ་ལས་འཆི་སོགས་ཉིད། །དགག་པ་ལ་ནི་གང་གནས་པ། །དེ་ཚེ་བསྐལ་པ་སྟོང་དུ་ཡང་། །འཆི་བདག་ཉེ་བར་མི་འགྱུར་རོ། ༡༣ །རྩྭ་ལ་བརྟེན་ནས་འཆི་བ་བསླུ་བ་ཕྱི་རོལ་པའི་སྔགས་རྒྱུད་ལའང་གྲགས་པ་བསྟན། ནམ་མཁའི་བ་ནི་བཞོ་བ་ལས། །བདུད་རྩི་གཤེར་བ་དག་གི་ཚོགས། །བུམ་པ་མཚན་པས་ཆུ་ཞེས་བྱའི། སྙིང་པདྨ་འདབ་བརྒྱད་ཀྱི་ནང་ནས་འབྱུང་བ་རླུང་གི་དཀྱིལ་འཁོར་ལས་


JKT005_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འོད་ཟེར་འཕྲོས། །སྣ་རྩེར་འབྱུང་བའི་རླུང་གིས་ནི། །སྤྱི་བོའི་རླངས་པ་ལ་ཡང་བརྟག་པར་བྱ། །སྙིང་ག་པདྨར་བྱང་སེམས་བདུད་རྩིའི་རྒྱུན་ཐིམ་པ་ཡིས། །སེམས་ཀྱི་བུང་བའི་ཕྲུ་གུ་གསོ། །ནམ་མཁའ་བཞོ་བའི་བསམ་གཏན་དག །འདི་ནི་རྟག་ཏུ་སྤྱད་པར་བྱ། །དེས་ནམ་མཁའ་ལྟ་བུར་འཆི་བདག་གིས། །མཐོང་བས་མཐོང་བ་མ་ཡིན་ནོ། །ཞེས་ཕན་ཡོན་ནོ། ༡༤ །མཐར་ཐུག་བསམ་གྱིས་མི་ཁྱབ་པའི་རིམ་པ་ལ་བརྟེན་ནས་འཆི་བ་བསླུ་བ་བསྟན་པ་ཡང་ན་བེམ་པོའི་རླུང་ནི་དགག་པ་སོགས་ཉི་ཚེའི་ཐབས་ཡོངས་སྤངས་ལ། །དེ་བཞིན་ཉིད་ལ་རྟག་ཏུ་སྤྱད། །དེས་དེ་བཞིན་ཉིད་ཀྱིས་འཆི་བདག་བདུད། །དགྲ་ལས་གཞན་ལ་རྒྱལ་བྱེད་ཉིད། །གཞན་ཡང་ཉེས་པ་མ་ལུས་རབ་ཏུ་ཞི། །ཡོན་ཏན་མ་ལུས་འབྱུང་བར་འགྱུར། །སྐྱེས་བུ་དེ་ཉིད་ཀྱིས་རྒྱལ་ཞིང་། །མངོན་པར་འདོད་པ་རྣམས་ཀྱང་འགྲུབ། །ཅུང་ཟད་རྒྱས་པར་བསྟན། དེ་གང་ཞེ་ན་བཤད་པ། དེ་བཞིན་ཉིད་ཀྱི་ངོ་བོ་ནི་སྟོང་ཉིད་བཤད། །དེ་ཡང་རྣམ་པ་ཀུན་མཆོག་བདག་ཉིད་ཅན། །དེ་ཁོ་ན་ཡི་རྟག་བསླབ་པ། །འཆི་བ་བསླུ་བར་འགྱུར་བ་ཡིན། །ཤིན་ཏུ་རྒྱས་པར་བཤད་པ་དེ་ཡང་ཆོས་དང་ལོངས་སྤྱོད་སྐུ་སོགས་དང་། སྦྱིན་དང་ཚུལ་ཁྲིམས་སོགས་དབྱེར་མེད། །དམིགས་པ་ཀུན་གྱི་སྦྱོར་བ་ནི། །དམིགས་པ་ཐམས་ཅད་རྣམ་པར་སྤངས། །རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྟོང་པ་རྒྱལ་བ་རྣམས་ཀྱིས་གསུངས། །བསམ་བྱ་བསམ་པར་མི་བྱ་ཞིང་། །བསམ་པ་


JKT005_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པའང་མི་བསམ་མོ། །བློའི་ཡུལ་དུ་བྱར་མེད་པས་བསམ་དང་བསམ་མིན་མ་བསམ་ན། །དེ་ནས་སྟོང་ཉིད་ཐོབ་པར་འགྱུར། །དེ་ཁོ་ན་བཤད་པ་མཁས་པ་དངོས་པོ་སེམས་ཙམ་མི་བསམ་ཞིང་། །དངོས་པོ་མེད་ལའང་སྟོང་ཉིད་མི་བསམ་ལ། །དངོས་དང་དངོས་མེད་རྣམ་སྤངས་པས། །སྒོམ་པ་དེ་ཉིད་བསྒོམ་དང་བྲལ། །འོན་ཀྱང་རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་ཉིད་འཛིན་པ་རྣམ་སྤངས་པའི། །སོ་སོར་རང་རིག་པའི་སྟོང་པ་ཉིད་ནི་རྟག་བསྒོམ་ན། །འཆི་བདག་གིས་ནི་མཐོང་མི་འགྱུར། །རྒྱུ་མཚན་ཀུན་རྟོག་ཙམ་ལས་བྱང་བ་ཡི། །འཆི་བ་དེ་ཡང་མཐོང་མི་འགྱུར། །དེར་མ་ཟད་གཞན་ཡང་བདུད་ནི་མང་པོ་དང་། །འཁོར་བ་ཡང་ནི་མི་མཐོང་ངོ་། །དེ་ཡང་འཆི་བ་ཞེས་བྱའི་རྣམ་རྟོག་འདི། །དངོས་པོ་ཀུན་ལ་ཡོད་མིན་ཏེ། །སོ་སོ་སྐྱེ་བོའི་རྣམ་འཕྲུལ་གྱིས། །རྣམ་པར་རྟོག་པ་བཅོམ་པ་ཡིན། །རྣམ་རྟོག་སྡུག་བསྔལ་ཐམས་ཅད་དེ། །རྣམ་པར་རྟོག་པ་བདུད་ཅེས་བཤད། །དེ་བས་རྣམ་པར་རྟོག་གཞོམ་སྟེ། །རྣམ་པར་མི་རྟོག་ཉིད་དུ་བྱ། །ཞེས་གསུངས་སོ། ༡༤ །དེ་ཐམས་ཅད་བསམ་གཏན་གྱིས་གཏན་ལ་དབབ་པ་སྟོན་གུས་པ་ལ་སོགས་ཁྱད་པར་གྱི། །རྒྱུན་དུ་གོམས་པ་གང་གང་ཡིན། །དེ་དང་དེ་ནི་གསལ་འགྱུར་ཏེ། །འདོད་དང་མྱ་ངན་བློ་དང་མཚུངས། ༡༦ །ནད་ཏན་དུ་གཏན་ལ་དབབ་པར་སྟོན་པ་བསྟན་བཅོས་གཞུང་རྣམས་ནི་རྙེད་སླ་ཡི། །དེ་ཡི་སྦྱོར་བ་མན་ངག་


JKT005_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པར་དཀའ། སྦྱོར་བ་ཤེས་པའི་བླ་མ་དང་འཕྲད་ན་འཇིག་རྟེན་ལས། །སྦྱོར་པ་སྟེ་མན་ངག་རྙེད་པ་དཀའ་མ་ཡིན། ༡༧ །སྦྱོར་བ་རྣམས་ལ་ཆུང་སྣོད་ཀྱི་མཚན་ཉིད་བསྟན་པའི་ཚུལ་གྱིས་གདམས་པ་སྟོན་པ་མཁས་ཤིང་དད། །བཟོད་དང་བརྩོན་འགྲུས་ལ་རབ་གནས། །སྒྲུབ་ལ་བརྩོན་པའི་ཤེས་རབ་ཅན། །འཆི་བ་བསླུ་བའི་སྣོད་ཡིན་ནོ། ༡༨ །བླ་མ་གདམས་ངག་ཅན་དང་སློབ་མ་སྣོད་ལྡན་འཛོམ་ན་ངེས་པར་འཆི་བ་བསླུ་ནུས་པར་སྟོན་པ་ལ། ཟས་ཀྱི་དཔེའི་སྒོ་ནས་འཆི་བ་བསླུ་ནུས་པར་སྟོན་པ་དལ་༡དང་སྨིན་དང་བཏུང་སོགས་ཀྱི། །འཕོ་བའི་མེ་ནི་འབར་འགྱུར་ལ། །མེ་ནི་རབ་ཏུ་འབར་བས་ཟས། །ཡོངས་ཞུ་བར་ཡང་ནུས་པ་ཡིན། །ཡོངས་སུ་ཞུ་བས་ལུས་རྒྱས་ཤིང་། །རྒྱས་པས་སྟོབས་ནི་རྣམ་པར་འཕེལ། །སྟོབས་ལས་ཚེ་ནི་འཕེལ་འགྱུར་ཞིང་། །དེ་འཕེལ་བ་ལས་རིང་དུ་འཚོ། །ཀུན་གྱིས་མངོན་སུམ་ཉིད་དུ་འགྲུབ། །འདི་ལ་སོམ་ཉི་ཇི་ལྟར་ཡོད། །དེ་བཞིན་མན་ངག་གིས་བསྐལ་སོགས། །འཚོ་བར་ཡང་ནི་ཐེ་ཚོམ་མེད། །མར་མེའི་དཔེའི་སྒོ་ནས་འཆི་བ་བསླུ་ནུས་པར་སྟོན་པ་མར་དང་སྙིང་པོ་ཟད་སོགས་ཀྱིས། །མར་མེ་ལ་སོགས་འཇིགས་ཕྱོགས་ལ། །སླར་ཡང་འབྲུ་མར་ལ་སོགས་ལས། །བསྐལ་པའི་བར་དུ་གནས་པ་ཡིན། །དེ་བཞིན་དུ་ནི་ལུས་འདི་ཡང་། །རྒས་སོགས་ཀྱིས་ནི་འཆི་བཞིན་པ། །གྲུབ་པའི་མན་ངག་ལེགས་རྙེད་ན། །བསྐལ་པའི་མཐར་ཡང་ཅིས་མི་གནས། །ཁང་རུལ་གྱི་དཔེའི་སྒོ་


JKT005_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཆི་བ་བསླུ་ནུས་པར་སྟོན་པ་དཔེར་ན་ཁང་པ་རྙིང་པ་དག །བཅོས་པ་ཡིས་ནི་ཡུན་རིང་གནས། །དེ་བཞིན་སྙིང་པོའི་ལུས་དག་ཀྱང་། །བཅོས་པས་གནས་པར་ཅིས་མི་འགྱུར། །འབད་པས་དཀའ་བ་ཅི་ཡང་མེད། །དེ་བས་བཅོས་ལ་རྩོལ་བ་དོར་མི་བྱ། །རྩོལ་བས་གྲུབ་པའི་དཔེ་རྟག་༤ཏུ་འབབ་ན་ཆུ་རྒྱུན་འཇམ་པོས་ཀྱང་། །དུས་སུ་རྡོ་ལེབ་དག་ཀྱང་འབིགས་པར་འགྱུར། །བརྩུབས་ཤིང་ལས་ནི་མེ་ནི་འབྱུང་འགྱུར་ཞིང་། །བརྐོས་པར་གྱུར་ན་ས་ལས་ཆུ་འབྱུང་འགྱུར། །མིས་ནི་རྩོལ་བ་བྱས་ན་མི་འགྲུབ་མེད། །འབད་པས་རིངས་པར་བརྩམས་ཀུན་འབྲས་བཅས་འགྱུར། ༡༩ །དེ་ལྟར་འབད་ན་ངེས་པར་བསླུ་ནུས་ཀྱང་ཉམས་སུ་མ་བླངས་པའི་ཉེས་པ་བསྟན་པ། འདི་ན་འཆི་བ་བསླུ་བ་རྣམས། །ཤིན་ཏུ་མང་པོ་ཤེས་ནས་ཀྱང་། །ཉམས་མ་བླངས་ན་མལ་དུ་ནི། །བཤང་བས་གོས་ཏེ་ཁྱོད་འཆི་འགྱུར། །གང་ཞིག་སྦྱོར་བ་ལ་མཁས་ཤིང་། །བསྟན་བཅོས་ལ་བྱང་མཁས་པ་རྣམས། །ཉམས་མ་བླངས་པའི་ཉེས་པ་ཡིས། །སོ་ནི་སྟོན་ཅིང་འཆི་བ་ཡིན། །རྣལ་འབྱོར་གྱི་ནི་བསྟན་བཅོས་དང་། །སྦྱོར་བ་དུ་མ་ཤེས་ན་ཡང་། །དེང་ངམ་སང་ནི་བྱའོ་ཞེས། །དེ་ལྟར་སེམས་ནི་འཆི་བར་འགྱུར། །འདི་བྱ་ནངས་པར་སླར་ཡང་འདི་བྱ་དེ་ནས་གཞན་ཡང་འདི་བྱ་ཞེས། །སྲིད་པ་གཡོ་བའི་རང་བཞིན་མ་ཤེས་དོན་མེད་ཡིད་རྟོན་འཚོལ་བར་བྱེད། །སྐྱེས་བུ་འཆི་བདག་ཁར་


JKT005_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆུ་སྲིན་ཁ་རུ་གྲུ་ནི་ཞུགས་པ་ལྟར་པ་ལྟར། །བྱ་བ་མཐར་མ་ཕྱིན་པར་ཡུལ་གྱི་ཆུ་ཡི་རྦ་ཀློང་དག་ཏུ་ལྷུང་། ༢༡ །མདོར་བསྡུ་བ་ལས། བཤད་ཟིན་དྲན་པས་མཚམས་སྦྱར་ཏེ་འབད་པར་གདམས་པ་དེ་ལྟར་འཆི་བ་བསླུ་བའི་ཐབས་ནི་བཤད་པ་ཡིན། །རང་སངས་རྒྱས་པ་དང་གཞན་མུ་སྟེགས་བྱེད་ཀྱི་ལྷ་དང་དྲང་སྲོང་གིས་བྱས་པའི་གཞུང་ལས་གྲུབ་པ་ཡི། །བསམ་གཏན་ལས་ནི་རབ་བསྒྲུབ་བྱ། །བརྩེ་མེད་འཆི་བའི་འཇིགས་པ་ལས། །ཐར་པའི་ཐབས་ནི་འབད་དེ་བྱ། །གང་ཕྱིར་འདི་ན་ཡིད་འོངས་པ། །སྲོག་ལས་གཞན་པ་ཡོད་མ་ཡིན། ༢༡ །འབད་བྱའི་གཞུང་འདི་རང་བཟོ་མ་ཡིན་པར་རྒྱུད་གང་ལས་བསྡུས་པ་བསྟན་པ་རྡོ་རྗེ་མཁའ་འགྲོ་གདན་བཞི་དང་། །སངས་རྒྱས་བླ་གབ་ལ་སོགས་བྱ། །དུས་ཀྱི་ཕྱི་མ་དུ་ཕྲེང་བ། །དུས་ཀྱི་ལྔ་བཅུ་པ་དང་ནི། །ནཱ་གརྫུ་ནའི་འཚོ་བ་ལྔ་བཅུ་པ་ལ་སོགས། །གཞན་ཡང་སྨན་དཔྱད་སྦྱོར་ཕྲེང་སོགས། །བསྟན་བཅོས་འབད་དེ་བརྟགས་ནས་ནི། །འཆི་བདག་རྣམ་པར་བསླུ་བ་འདི། །འགྲོ་ལ་རྗེས་སུ་བརྩེ་བས་བཤད། ༢༢ །ཡོངས་སུ་བསྔོ་བས་མཚམས་སྦྱར་བ་ནམ་མཁའ་ཡོངས་སུ་དག་པ་ལ་སྟོན་ཀའི་ཟླ་བ་ཤར་བ་དང་འདྲ་བར། །བསམ་སྦྱོར་དག་ཅིང་ནམ་མཁའ་ལས་ཀྱང་མི་ཤོང་བའི། བསོད་ནམས་ཀྱི་དངོས་པོ་ལས་ཐོབ་པའི་དགེ་བ་འདི་ལས་བསོད་ནམས་གང་ཐོབ་པ། །དེས་ནི་འགྲོ་བ་འཆི་བདག་ལས་ཐར་ཤོག ༢༣ །ཞར་བྱུང་གཞུང་གི་ཚད་བསྡུས་ཏེ་བསྟན་པ་ཉོན་མོངས་ཡི་གེ་པ་རྣམས་
ནི། །བརྩི་བ་ཡི་ནི་ངལ་ཞལ་བཤུས་པའོ། ༈ །འཆི་བསླུའི་མཆན་འདི་སྔ་གྱི་མཆན་རྙིང་ཞིག་རྗེ་མཁྱེན་བརྩེའི་ཕྱག་བྲིས་ཀྱི་ཞལ་སྐོང་མཛད་པ་འདི་གལ་གནད་ཆེ་བར་བསམ་ནས་སྤར་དུ་བཀོད་རུང་། །སྤར་གཞི་འབྲི་བ་པོས་བྲི་ནོར་དང་། མ་དཔེ་མཆན་མ་དག་ཤིང་བརྡ་རྙིང་སོགས་དཔྱད་བྱར་མང་བས་ཕྱིན་ཆད་རྒྱུད་དོན་ལ་མཁས་པ་རྣམས་ཀྱིས་ལེགས་པར་གཟིགས་ཤིང་དཔྱད་གསུམ་གྱིས་དག་པར་བགྱིད་ཀླུ འཚལ་ལོ། །གྱུར་ན། །གཞུང་འདིའི་ཚད་དུ་གྱུར་པ་ནི། །སུམ་བརྒྱ་དྲུག་ཅུ་ཐམ་པའོ། །བརྒྱད་ཅུར་བཅས་པ་ཡིན། །ཞེས་པའང་གདའ། །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་འཆི་བ་བསླུ་བ་བསྟན་པ་ལས་ལེའུ་བཞི་པའོ།། །།ངག་གི་དབང་ཕྱུག་གྲགས་པས་མཛད་པའི་འཆི་བ་བསླུ་བ་ཞེས་བྱ་བ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ། །མཆན་རྙིང་བཏབ་པ་པོ་གང་ཡིན་མ་ངེས་པ་ཞིག་གི་ཁ་སབ་ཏུ་རྗེ་བླ་མས་ཕྱག་མཚན་བཏབ་པ་ལས་ཞལ་བཤུས་བའོ།།

རྒྱུད་སྡེ་བཞིའི་རྣམ་པར་བཞག་པ་ལས་བརྩམས་ཏེ་དཔལ་གསང་བ་འདུས་པའི་ལམ་གྱི་རིམ་པའི་དོན་བསྡུས་པ།


JKT005_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་བཞིའི་རྣམ་པར་བཞག་པ་ལས་བརྩམས་ཏེ་དཔལ་གསང་བ་འདུས་པའི་ལམ་གྱི་རིམ་པའི་དོན་བསྡུས་པ་བཞུགས་སོ། །བླ་མ་དང་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་བ་རྣམས་ཀྱི་བསླབ་པའི་གཞི་སྟོན་པར་བྱེད་པའི་སྡེ་སྣོད་ཆོས་ཅན། ཁྱོད་ལ་དབྱེ་ན་རྣམ་པ་བཞི་ཡོད་དེ། བྱ་བ་དང་། །


JKT005_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་སྡེ་རྣམས་སུ་ཡོད་པའི་ཕྱིར། །དང་པོ་གྲུབ་སྟེ། འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པའི་ཐབས་སྟོང་པ་དང་ལྷའི་རྣལ་འབྱོར་མངོན་དུ་བྱེད་པ་ལ་ཁྲུས་སོགས་ཕྱིའི་བྱ་བ་མང་པོ་ལ་བལྟོས་པའི་གདུལ་བྱ་ལ་དེའི་ཐབས་སྟོན་པ་བྱ་བའི་རྒྱུད་ཀྱི་མཚན་ཉིད། མཚན་གཞི་ནི་དཔུང་བཟང་གིས་ཞུས་པ་ལ་སོགས་པའོ། །གཉིས་པ་གྲུབ་སྟེ། ཕྱིའི་བྱ་བ་ཧ་ཅང་མང་པོ་ལ་མི་བལྟོས་པར་ཕྱིའི་བྱ་བ་དང་། ནང་གི་རྣལ་འབྱོར་ཆ་མཉམ་དུ་སྤྱོད་པའི་གདུལ་བྱ་ལ་དེའི་ཐབས་སྟོན་པ་སྤྱོད་རྒྱུད་ཀྱི་མཚན་ཉིད། མཚན་གཞི་ནི་རྣམ་སྣང་མངོན་བྱང་ལ་སོགས་པའོ། །གསུམ་པ་གྲུབ་སྟེ། ཕྱིའི་བྱ་བ་ལའང་ཅུང་ཟད་བལྟོས་ཤིང་། ནང་གི་རྣལ་འབྱོར་གཙོ་བོར་བྱེད་པའི་གདུལ་བྱ་ལ་དེའི་ཐབས་སྟོན་པ་རྣལ་འབྱོར་གྱི་རྒྱུད་ཀྱི་མཚན་ཉིད། མཚན་གཞི་ནི་དེ་ཁོ་ན་ཉིད་འདུས་པ་ལ་སོགས་པའོ། །བཞི་པ་གྲུབ་སྟེ། ཕྱིའི་བྱ་བ་ལ་ཅུང་ཟད་ཀྱང་བལྟོས་པ་མེད་པར་ནང་གི་རྣལ་འབྱོར་དེ་ལས་བླ་ནའམ་གོང་ན་རྣལ་འབྱོར་གཞན་མེད་པའི་རྣལ་འབྱོར་གཙོ་བོར་བྱེད་པའི་གདུལ་བྱ་ལ་དེའི་ཐབས་སྟོན་པ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཀྱི་མཚན་ཉིད། མཚན་གཞི་ནི་དཔལ་གསང་བ་འདུས་པ་ལ་སོགས་པའོ། །དེ་དག་གི་ལམ་རྣམས་ཀྱང་གང་དུ་འདུ་བའི་ཚུལ་བཞག་ཏུ་ཡོད་དེ། རྒྱུད་སྡེ་འོག་མ་


JKT005_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཆོས་ཅན། ཁྱོད་ལམ་བསྒོམ་པའི་སྣོད་དུ་རུང་བར་བྱ་བ་དང་། སྣོད་དུ་གྱུར་ནས་དམ་ཚིག་དང་སྡོམ་པ་དག་པར་བྱ་བ་དང་། དམ་ཚིག་ལ་གནས་ནས་སྔོན་དུ་བསྙེན་པ་ཇི་ལྟར་བྱ་བ་དང་། བསྙེན་པ་ལས་སུ་རུང་ནས་དངོས་གྲུབ་ཇི་ལྟར་བསྒྲུབ་པ་སྟེ་ཆིངས་བཞི་བཞིར་འདུ་བའི་ཕྱིར། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཆོས་ཅན། ཁྱོད་རྒྱུད་མ་སྨིན་པར་སྨིན་པར་བྱེད་པ་དབང་། སྨིན་པ་མི་ཉམས་པར་སྲུང་བ་དམ་ཚིག་དང་སྡོམ་པ། ཉམས་སུ་བླང་བྱའི་ངོ་བོ་བསྐྱེད་རྫོགས། ལམ་གྱི་ཉེ་རྒྱུ་སྤྱོད་པ་དང་བཞིར་འདུ་པའི་ཕྱིར། རྒྱུད་སྡེ་འོག་མ་ལ་བསྐྱེད་རྫོགས་མཚན་ཉིད་པ་མེད་དེ། སྦྱང་གཞི་སྐྱེ་ཤི་བར་དོ་གསུམ་དང་མཐུན་པའི་ལྷ་བསྐྱེད་པ་དང་། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་ལས་བྱུང་བའི་བདེ་སྟོང་གི་སྦྱོར་བ་མེད་པའི་ཕྱིར། དེ་ལྟ་བུའི་སྔགས་ཀྱི་ཐེག་པ་ཆོས་ཅན། ཁྱོད་ལ་ཐབས་ཀྱི་ཐེག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཕར་ཕྱིན་གྱི་ཐེག་པ་ལས་ཐབས་དུ་མས་ཁྱད་པར་དུ་འཕགས་པའི་ཕྱིར། འབྲས་བུའི་ཐེག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འབྲས་བུའི་གནས་སྐབས་དང་མཐུན་པར་ད་ལྟ་ཉིད་ནས་བསྒོམ་པས་ལམ་བགྲོད་པའི་ཕྱིར། རྡོ་རྗེ་ཐེག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐབས་ཤེས་དབྱེར་མེད་པར་སྦྱོར་བའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལ་གནས་པས་ལམ་བགྲོད་པར་བྱེད་པའི་


JKT005_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཁྱད་པར་དུ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཆོས་ཅན། ཁྱོད་ལ་ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། ཐབས་ལྷན་ཅིག་སྐྱེས་པའི་བདེ་ཆེན་དང་། ཤེས་རབ་སྟོང་ཉིད་རྟོགས་པའི་བློ་ཡི་དབང་དུ་བྱས་ནས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྩལ་དུ་བཏོན་ནས་འཆད་པའི་ཕྱིར། དེ་ལའང་དབྱེ་ན་ཕ་རྒྱུད་དང་། མ་རྒྱུད་གཉིས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ། བདེ་སྟོང་གི་ཡེ་ཤེས་རྩལ་དུ་བཏོན་ནས་འཆད་པར་མ་ཟད། སྟོང་པ་བཞིའི་བཞོན་པའི་རླུང་སྒྱུ་མའི་སྐུ་བསྒྲུབ་ཚུལ་ཀྱང་རྩལ་དུ་བཏོན་ནས་འཆད་པའི་རྒྱུད་དངོས་སམ། དེའི་སྡེར་གཏོགས་པ་ལ་སྔ་མའི་མཚན་ཉིད་མཚན་གཞི་འདུས་པའི་རྒྱུད་ལྟ་བུ་དང་། དོན་དམ་པར་བདེན་པར་རོ་གཅིག་ཏུ་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་རྩལ་དུ་བཏོན་ནས་འཆད་པའི་རྒྱུད་དངོས་སམ། དེའི་སྡེར་གཏོགས་པའང་ཕྱི་མའི་མཚན་ཉིད། མཚན་གཞི་ནི་བདེ་མཆོག་འཁོར་ལོ་ལྟ་བུ་ལ་འཇོག་པའི་ཕྱིར། དེ་ལྟ་བུའི་ཐབས་ཀྱི་རྒྱུད་དེ་ཆོས་ཅན། ཁྱོད་ལ་དབྱེ་ན་རྣམ་པ་གསུམ་དུ་ཡོད་དེ། འདོད་ཆགས་ཅན་གཙོ་བོར་འདུལ་བ་དཔལ་གསང་བ་འདུས་པ། ཞེ་སྡང་ཅན་གཙོ་བོར་འདུལ་བ་གཤིན་རྗེ་གཤེད་སྐོར། གཏི་མུག་ཅན་གཙོ་བོར་འདུལ་བ་རྣམ་སྣང་སྒྱུ་དྲྭ་སོགས་སུ་ཡོད་པའི་ཕྱིར། དེ་ལས་འདིར་རེ་ཞིག་སྔ་མའི་སྐབས་ལས་འཕྲོས་པའི་གཏམ་ཅུང་ཟད་


JKT005_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་ན། རྒྱུད་ཀྱི་ཆེ་བ། སྒྲ་བཤད་པ། དབྱེ་བ་བཤད་པ། རྩ་རྒྱུད་ཀྱི་དོན་བཤད་རྒྱུད་ཀྱིས་མཐའ་དྲུག་ཚུལ་བཞིའི་སྒོ་ནས་གཏན་ལ་དབབ་པ། རྒྱུད་ཀྱི་བརྗོད་བྱ་ལམ་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པ་དང་ལྔ་ལས། དང་པོ་ནི། དཔལ་གསང་བ་འདུས་པའི་རྒྱུད་ཆོས་ཅན། ཁྱོད་རྒྱུད་སྡེ་གཞན་ལས་ཁྱད་པར་དུ་མས་འཕགས་ཏེ། གཤིན་རྗེ་གཤེད་ཀྱི་རྒྱུད་ལས། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དེ་ཆོས་ཅན། ཅིའི་ཕྱིར་གསང་བ་འདུས་པ་ཞེས་པའི་རྒྱུ་མཚན་ཡོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གསུམ་འདིར་འདུས་པས་ན་དེ་སྐད་དུ་བཏགས་ཏེ། མཚན་བརྗོད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཐམས་ཅད་འདིར་འདུས་པས་ན་གསང་བ་འདུས་པ་ཞེས་བརྗོད་དོ། །ཞེས་འབྱུང་བའི་ཕྱིར། གསུམ་པ་ནི། དེ་ཆོས་ཅན། ཁྱོད་ལ་དབྱེ་ན་རྣམ་པ་གསུམ་དུ་ཡོད་དེ། རྩ་བའི་རྒྱུད་ལེའུ་བཅོ་བརྒྱད་པ་དང་། བཤད་པའི་རྒྱུད་དྲུག་དང་། ཆ་མཐུན་གྱི་རྒྱུད་དམར་ནག་འཇིགས་གསུམ་རྣམས་སུ་ཡོད་བའི་ཕྱིར། བཞི་པ་ནི། དེ་ཆོས་ཅན། རྩ་བའི་རྒྱུད་དེ་ཉིད་བཤད་རྒྱུད་ཀྱིས་ཇི་ལྟར་འཆད་པའི་ཚུལ་ཡོད་དེ། བརྗོད་བྱ་ཚུལ་བཞིར་གནས་པ་གང་ཞིག །ཆེད་དུ་བྱ་བ་རྣམ་པ་ལྔ་ལ་གདུལ་བྱ་ལ་


JKT005_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དྲུག་གི་སྒོ་ནས་འཆད་པའི་ཕྱིར། ཚུལ་བཞི་ཡང་བཞག་ཏུ་ཡོད་དེ། སྤྱི་དོན། ཚིག་དོན། སྦས་དོན། མཐར་ཐུག་གི་དོན་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ལམ་ཐུན་མོང་བ་ནས་བསྐྱེད་རིམ་མཐར་ཕྱིན་པའི་བར་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། འབྲུ་རེ་གཉེར་དེའི་སྒོ་ནས་སྟོན་པ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། གཞི་ལམ་ཐམས་ཅད་དུ་ཉོན་མོངས་པ་འདོད་ཆགས་ལ་བརྟེན་ནས་ཁམས་དཀར་དམར་གྱི་འདུ་འཕྲོད་ཀྱིས་ལུས་ཀྱི་རྩ་སྣང་ཐམས་ཅད་གང་བ་ལྟ་བུ་འདོད་ཆགས་ཆོས་སྦས་དང་། གཞི་ལམ་ཐམས་ཅད་ཀྱི་སྣང་མཆེད་ཐོབ་གསུམ་ལ་སྣང་བ་སེམས་སྦས་དང་། རླུང་ལུས་བཞིན་། ལག་གི་རྣམ་པ་ཅན་གྱི་ཡིད་ལུས་ནི་སྒྱུ་ལུས་ཏེ། དེ་ལ་དབྱེ་ན། ལམ་ཞུགས་པའི་གང་ཟག་གི་རྒྱུད་ཀྱི་རྨི་ལམ་གྱི་དུས་དང་བར་དོའི་ལུས་ལྟ་བུ་གཞི་དུས་ཀྱི་སྒྱུ་ལུས། བསྐྱེད་རིམ་དང་རྫོགས་རིམ་པའི་རྒྱུད་ཀྱི་རྨི་ལམ་གྱི་ལུས་དང་བར་དོའི་ལུས་དང་ཕྲ་བའི་སྤྲུལ་སྐུ་དང་། ལོངས་སྐུ་ལྟ་བུ་ལམ་གྱི་སྒྱུ་ལུས། ཕྲ་བའི་སྤྲུལ་སྐུ་དང་ལོངས་སྐུ་ལྟ་བུ་འབྲས་དུས་ཀྱི་སྒྱུ་ལུས་གསུམ་ནི་ཀུན་རྫོབ་སྒྱུ་སྦས་རྣམས་སུ་ཡོད་པའི་ཕྱིར། བཞི་པ་གྲུབ་སྟེ། འོད་གསལ་དང་ཟུང་འཇུག་གཉིས་ཡིན་པའི་ཕྱིར། སྔ་མ་ཡོད་དེ། ཡུལ་དེ་བཞིན་ཉིད་མངོན་དུ་གྱུར་པའི་འོད་གསལ་ཁམས་བདེ་གཤེགས་སྙིང་པོ་ལྟ་བུ་དང་། ཡུལ་ཅན་ཤེས་པར་གྱུར་པའི་


JKT005_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་རྟགས་ཅན་གྱི་ཡེ་ཤེས་བརྒྱད་པ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ལྟ་བུ་གཉིས་སམ། རྫོགས་རིམ་པ་སོ་སྐྱེའི་རྒྱུད་ཀྱི་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ལྷན་སྐྱེས་ཡེ་ཤེས་ལྟ་བུ་དཔེ་དང་། །སྔགས་བླ་མེད་ཀྱི་འཕགས་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་རྟོགས་པའི་ཡེ་ཤེས་བདེ་ཆེན་གྱི་ཡེ་ཤེས་ལྟ་བུ་དོན་གྱི་འོད་གསལ་གཉིས། ཕྱི་མ་ལའང་རིམ་པ་བཞི་པ་དོན་གྱི་འོད་གསལ། རིམ་པ་ལྔ་པ་སློབ་པའི་ཟུང་འཇུག་རྒྱུད་ཀྱི་དོན་གྱི་འོད་གསལ། མི་སློབ་པའི་ཟུང་འཇུག་གི་དོན་གྱི་འོད་གསལ་དང་གསུམ། གཉིས་པ་ཡོད་དེ། སློབ་པའི་ཟུང་འཇུག་པའི་རྒྱུད་ཀྱི་རྫོགས་རིམ་སློབ་པའི་ཟུང་འཇུག་དང་། འདུས་བྱས་སུ་གྱུར་པའི་སངས་རྒྱས་ཀྱི་སྐུ་མི་སློབ་པའི་ཟུང་འཇུག་གཉིས་སུ་ཡོད་པའི་ཕྱིར། གང་ཟག་ལྔའང་བཞག་ཏུ་ཡོད་དེ། རིན་པོ་ཆེ་དང་། པདྨ་དང་། པད་དཀར་དང་། ཙནྡན་དང་། ཨུཏྤལ་ལྟ་བུའི་གང་ཟག་ལྔ་ཡོད་ཅིང་། སྔ་མ་སློབ་བཤད་དང་། ཕྱི་མ་བཞི་ཚོགས་བཤད་ཀྱི་སྣོད་ཡིན་པའི་ཕྱིར་མཐའ་དྲུག་ཀྱང་བཞག་ཏུ་ཡོད་དེ། ངེས་དོན་དང་དྲང་དོན་གཉིས། སྒྲ་བཞིན་མ་ཡིན་པ་དང་། ཇི་བཞིན་མ་ཡིན་པ་གཉིས། དགོངས་པ་ཅན་དང་དགོངས་པ་ཅན་མ་ཡིན་པ་རྣམས་ལས། ངེས་དོན་སྒྲ་ཇི་བཞིན་དགོངས་མིན་ཏེ་གསུམ་པོ་སློབ་མ་དང་། ལྷག་མ་ཚོགས་པ་ལ་བཤད་པར་བྱ་བ་ཡིན་པའི་ཕྱིར་རོ། །ལྔ་པ་ནི། དེ་ཆོས་ཅན།


JKT005_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་བརྗོད་བྱ་ལམ་རྒྱུད་ན་ཇི་ལྟར་སྐྱེ་བའི་རིམ་པ་བཞག་ཏུ་ཡོད་དེ། སངས་རྒྱས་ཀྱིས་ན་བཞུགས་ཚུལ་ཕུན་སུམ་ཚོགས་པ་ལྔ་སྟེ། སྐུ་ཕུན་སུམ་ཚོགས་པ་མཚན་དཔེས་སྤྲས་པའི་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པ། ཡོན་ཏན་ཕུན་སུམ་ཚོགས་པ་སྤངས་རྟོགས་མཐར་ཕྱིན་པའི་གོ་འཕང་བརྙེས་པ། འཁོར་ཕུན་སུམ་ཚོགས་པ་རང་རྒྱུད་ཀྱིས་བསྡུས་པ། གནས་ཕུན་སུམ་ཚོགས་པ་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་། རིགས་འདྲ་ཕུན་སུམ་ཚོགས་པ་སྐུ་དང་ཐུགས་གཉིས་ཀྱི་རིགས་འདྲ་རྒྱུན་མི་འཆད་པ་རྣམས་སུ་ཡོད་པའི་ཕྱིར། ཕུན་སུམ་ཚོགས་པ་ལྔ་པོ་དེའི་སྔོན་དུ་རིམ་པ་ལྔ་པ་སློབ་པའི་ཟུང་འཇུག་འགྲོ་དགོས་ཏེ། རིམ་པ་ལྔ་པ་སློབ་པའི་དབང་ཕྱུག་གི་གནས་སྐབས་སུ་ཕུན་སུམ་ཚོགས་པ་ལྔ་པོ་དེའི་རིགས་འདྲ་མཚན་ཉིད་པ་ཡོད་པའི་ཕྱིར། རིམ་པ་ལྔ་པ་སློབ་པའི་ཟུང་འཇུག་གི་སྔོན་དུ་རིམ་པ་བཞི་པ་དོན་གྱི་བ ༣ འོད་གསལ་འགྲོ་དགོས་ཏེ། དོན་གྱི་འོད་གསལ་སྐད་ཅིག་མ་ཐ་མས་ཉེར་ལེན་བྱས། དེའི་བཞོན་པར་གྱུར་པའི་རླུང་གིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་རིམ་པ་ལྔ་པ་སློབ་པའི་ཟུང་འཇུག་གི་རྒྱུད་ཀྱི་དོན་གྱི་འོད་གསལ་འབྱུང་བའི་ཕྱིར། རིམ་པ་བཞི་པ་དོན་གྱི་འོད་གསལ་གྱི་སྔོན་དུ་རིམ་པ་གསུམ་པ་མ་དག་པའི་སྒྱུ་ལུས་འགྲོ་དགོས་ཏེ། མ་དག་པའི་སྒྱུ་ལུས་དེ་རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་


JKT005_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་འོད་གསལ་དུ་བཅུག་པ་ལ་བརྟེན་ནས་རིམ་པ་བཞི་པ་དོན་གྱི་འོད་གསལ་འབྱུང་བའི་ཕྱིར། དེའི་སྔོན་དུ་རིམ་པ་གཉིས་པའི་སེམས་དབེན་འགྲོ་དགོས་ཏེ། སེམས་དབེན་གྱི་གནས་སྐབས་སུ་གཞི་དུས་ཀྱི་འཆི་རིམ་དང་མཐུན་པར་རླུང་རྣམས་དབུ་མར་ཞུགས་གནས་ཐིམ་གསུམ་ཁྱད་པར་བ་བྱས་པ་ལ་བརྟེན་ནས་མ་དག་པའི་སྒྱུ་ལུས་སྔར་གྱི་ཕུང་པོ་རྙིང་པ་ལས་ལོགས་སུ་འབྱེད་ཐུབ་པ་གཅིག་འབྱུང་བའི་ཕྱིར། དེའི་སྔོན་དུ་རིམ་པ་དང་པོ་ངག་དབེན་འགྲོ་དགོས་ཏེ། ངག་དབེན་གྱི་སྐབས་སུ་ལུས་ཀྱི་རྩ་མདུད་ཐམས་ཅད་གྲོལ་ནས་སེམས་དབེན་ཐོབ་པ་དེ་འབྱུང་བའི་ཕྱིར། དེའི་སྔོན་དུ་རྫོགས་རིམ་ལུས་དབེན་འགྲོ་དགོས་ཏེ། ལུས་དབེན་གྱི་སྐབས་སུ་རྡོ་རྗེ་ནོར་བུའི་རྩ་མདུད་ལྷག་མ་མ་ལུས་པ་གྲོལ། རྩ་མདུད་གཞན་རྣམས་ཤིག་སྟེ་སོང་བ་ལ་བརྟེན་ནས་ངག་དབེན་ཐོབ་པ་དེ་འབྱུང་བའི་ཕྱིར། དེའི་སྔོན་དུ་མི་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་འགྲོ་དགོས་ཏེ། བསྐྱེད་རིམ་མཐར་མ་ཕྱིན་པར་རྫོགས་རིམ་གྱི་རྟོགས་པ་མི་སྐྱེ་བའི་ཕྱིར་དེའི་སྔོན་དུ་སྔགས་བླ་མེད་ཀྱི་དབང་འགྲོ་དགོས་ཏེ། དབང་མ་ཐོབ་ན་བསྐྱེད་རིམ་བསྒོམ་པ་ལ་མི་དབང་བའི་ཕྱིར། དེའི་སྔོན་དུ་སྔགས་ཀྱི་སྡོམ་པ་འགྲོ་དགོས་ཏེ། སྡོམ་པ་མ་ཐོབ་ན་དབང་བསྐུར་ཀྱང་སྐུར་བ་པོ་ལ་ཉེས་དམིགས་འབྱུང་ཞིང་བསྐུར་བའི་དབང་གིས་གོ་མི་ཆོད་པའི་ཕྱིར། དེའི་


JKT005_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་བྱང་སེམས་ཀྱི་སྡོམ་པ་དང་། སྟོང་ཉིད་ལྟ་བ་གཉིས་ཚོགས་འགྲོ་དགོས་ཏེ། དེ་མ་ཐོབ་ན་བླ་མེད་ལྟ་ཞོག །རྒྱུད་སྡེ་འོག་མ་གསུམ་ལའང་འཇུག་ཏུ་མི་རུང་བའི་ཕྱིར། དེའི་སྔོན་དུ་སྐྱེས་བུ་ཆེན་པོའི་བློ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འགྲོ་དགོས་ཏེ། དེ་མ་ཐོབ་ན་རྡོ་རྗེ་ཐེག་པ་ལྟ་ཞོག །ཕར་ཕྱིན་ཐེག་པར་ཡང་འཇུག་ཏུ་མི་རུང་བའི་ཕྱིར། དེའི་སྔོན་དུ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་བསམ་པ་སྔོན་དུ་འགྲོ་དགོས་ཏེ། འབྲིང་དང་ཐུན་མོང་བའི་ལམ་པས་འཁོར་བ་མཐའ་དག་ལ་ངེས་འབྱུང་བཅོས་མིན་དུ་མ་སྐྱེས་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མི་སྐྱེ་བའི་ཕྱིར། དེའི་སྔོན་དུ་ཆུང་ངུ་དང་ཐུན་མོང་བའི་བསམ་པ་འགྲོ་དགོས་ཏེ། ཆུང་ངུ་དང་ཐུན་མོང་བའི་བསམ་པ་ངན་སོང་གསུམ་ལ་ངེས་འབྱུང་བཅོས་མིན་མ་སྐྱེས་པར་འབྲིང་དང་ཐུན་མོང་བའི་བསམ་པ་མི་སྐྱེ་བའི་ཕྱིར། དེ་རྣམས་སྔ་མ་སྔ་མ་ལ་བལྟོས་ནས་ཕྱི་མ་ཕྱི་མ་རྣམས་སྐྱེ་བ་དགེ་བའི་བཤེས་གཉེན་ལ་བསྟེན་ཚུལ་ཚུལ་བཞིན་དུ་བྱེད་པ་ལ་རགས་ལས་པ་ཡིན་ཏེ། བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར་རོ། །མདོར་ན་རིམ་པ་ལྔའི་གོ་རིམ་ནི། ལུས་ངག་གི་དབེན་པ་གཉིས་སྔོན་དུ་འགྲོ་བས་སེམས་དབེན་གྱི་མཐའ་དག་མ་དག་པའི་སྒྱུ་ལུས་འགྲུབ་ཅིང་། སྒྱུ་ལུས་དེ་དོན་གྱི་འོད་གསལ་དུ་དག་ནས། དེ་ལས་ལྡང་བ་ན་སློབ་པའི་ཟུང་འཇུག་གི་སྐུར་


JKT005_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པར་འགྱུར་ལ། རྟེན་དེ་ལ་སྤྱོད་པ་གསུམ་གང་རུང་གོམས་པར་བྱས་ནས་མི་སློབ་པའི་ཟུང་འཇུག་འགྲུབ་པ་དང་འཚང་རྒྱ་བ་དུས་མཉམ་མོ། །དེ་ཉིད་ལས་ལམ་གྱི་རྣམ་པར་བཞག་ཚུལ་ཡོད་དེ། དོད་ཐུབ་དང་ངོ་བོའི་སྒོ་ནས་སྦྱོར་ཚུལ་ལོ། །དང་པོ་ཡོད་དེ། སྤྱོད་བསྡུས་སོགས་ཀྱི་དགོངས་པ་ལྟར། ཚོགས་ཞིང་ནས་བསྐྱེད་རིམ་མཐར་ཕྱིན་པའི་བར་རྣམས་ཚོགས་སྦྱོར་གཉིས་དང་མ་དག་ས་བདུན་ལ་སྦྱོར་ཞིང་། བསྐྱེད་རིམ་མཐར་ཕྱིན་པ་ས་བརྒྱད་པའི་སྟོད་དང་། ངག་དབེན་བརྒྱད་པའི་སྨད་དང་དགུ་པའི་སྟོད། སེམས་དབེན་པ་དགུ་པའི་སྨད་དང་བཅུ་པ། སྒྱུ་ལུས་བཅུ་གཅིག་པ། འོད་གསལ་བཅུ་གཉིས་པར་འདོག་ཅིང་། དེ་ཉིད་མོས་སྤྱོད་ནས་བགྲངས་པའི་བཅུ་གསུམ་པ་དང་། ཟུང་འཇུག་ནི་བཅུ་བཞི་པར་འཇོག་པ་དང་། མངོན་བརྗོད་བླ་མའི་དགོངས་པ་ལྟར། སྒྱུ་ལུས། འོད་གསལ། སློབ་པའི་ཟུང་འཇུག་གསུམ་ཀ་ས་བཅུ་པ་དང་། མི་སློབ་པའི་ཟུང་འཇུག་བཅུ་གཅིག་ཀུན་ཏུ་འོད་ལ་འཇོག་པར་བཤད་པ་སོགས་ཅུང་ཟད་མི་འདྲ་བ་ཡོད་པའི་ཕྱིར། ཕྱི་མ་གྲུབ་སྟེ། ལམ་ཐུན་མོང་བ་ནས་བཟུང་སྟེ་བསྒོམས་སྟོབས་ཀྱི་རླུང་དྷུ་ཏིར་བཙུད་པ་ཐིམ་པས་སྟོང་པ་དངོས་སུ་འདྲེན་མི་ནུས་པ་དེ་སྲིད་དུ་ཚོགས་ལམ་དང་། དེ་ནུས་པ་ནས་བདེ་བས་དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་པའི་སྒྱུ་ལུས་ཚུན་ཆད་སྦྱོར་ལམ་
དང་། དོན་གྱི་འོད་གསལ་ནས་ཟུང་འཇུག་མ་ཐོབ་བར་མཐོང་ལམ་ས་རབ་ཏུ་དགའ་བ་དང་། སློབ་པའི་ཟུང་འཇུག་ནས་མི་སློབ་པའི་ཟུང་འཇུག་མ་ཐོབ་བར་སྒོམ་ལམ་ས་དགུ་པ་དང་། མི་སློབ་པའི་ཟུང་འཇུག་སངས་རྒྱས་ཀྱི་སར་སྦྱོར་བའི་ཕྱིར་རོ། །དེ་ལྟ་བུའི་བླ་ན་མེད་པའི་རྒྱུད་ཆོས་ཅན། ཁྱོད་ཉམས་སུ་བླངས་པས་ཚེ་གཅིག་གིས་སངས་རྒྱས་པར་འགྱུར་བའི་རྒྱུ་མཚན་ཡོད་དེ། རིམ་པ་གསུམ་པའི་སྒྱུ་ལུས་དེས་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་གསོག་པའི་དོད་ཐུབ་ཏུ་འགྱུར་བ་དང་། ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཙམ་ཉིད་ནས་ཉོན་སྒྲིབ་དངོས་སུ་སྤོང་ནུས་ཤིང་། ཤེས་སྒྲིབ་ཀྱང་མྱུར་དུ་སྤོང་ནུས་པའི་ཕྱིར། ཕར་ཕྱིན་གྱི་ཐེག་པའི་ས་བཅུ་པ་དེས་སྔར་སྟོང་ཉིད་མངོན་སུམ་དུ་རྟོགས་ཀྱང་། ལྷན་སྐྱེས་ཀྱི་བདེ་བས་སྔར་སྟོང་ཉིད་མངོན་སུམ་དུ་མ་རྟོགས་པས། ས་བཅུའི་མཐར་རིམ་པ་བཞི་པའི་དོན་གྱི་འོད་གསལ་ནས་ཞུགས་ཏེ་འཚང་རྒྱ་བར་བཤད། ཅེས་པའང་ཉེར་མཁོའི་ལེའུ་ཚན་ནོ།།

རྣམ་འགྲེལ་བཅུ་གཅིག་གི་ངོས་འཛིན་ནོར་བུའི་གཎྜི།

ཤོག་ལྷེབ་ ༢༨༢ ནས་ ༣༠༠ བར།


JKT005_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འགྲེལ་བཅུ་གཅིག་གི་ངོས་འཛིན་ནོར་བུའི་གཎྜི་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། ལམ་འབྲས་བུ་དང་བཅས་པའི་རྩ་བ་རྡོ་རྗེའི་ཚིག་རྐང་གི་རྣམ་འགྲེལ་བཅུ་གཅིག་ཅེས་པ་ནི། རྗེ་བཙུན་གྱི་དཀར་ཆག་ལས། དེ་ལ་རྡོ་རྗེའི་ཚིག་རྐང་ལ་རྣམ་འགྲེལ་རྗེ་བླ་མས་མཛད་པ་བཅུ་གཅིག་ཙམ་སྣང་བ་ལས།


JKT005_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ཉིད་གྲངས་འདྲེན་ཚུལ་མི་འདྲ་བ་མང་ཡང་། འདིར་འཁྲུལ་མེད་ཀྱི་ངོས་འཛིན་ནི། ༡ཨ་སེང་ཟླ་རྒྱལ་༢ལྡན་བུ་༣དང་། །ཡུམ་༤དོན་ཀློག་སྐྱ་སྒ་༦ཐེང་ཞུ༧། །སྲས་༨དོན་ཇོ་མོ་༩ཟངས་༡༠རི་ཕུག །གཉགས་༡༡མ་དང་ནི་བཅུ་གཅིག་གོ །ཞེས་པ་ལྟར་ཏེ། དེ་ལ་དང་པོ་ནི། ཁམས་པ་བྱང་ཆུབ་སེམས་དཔའ་སྐྱུ་རུ་ཨ་སྐྱབས་ཀྱི་སྲས་སྐྱུ་ར་ཨ་སེང་གི་ངོར་མཛད་པ་སྟེ། གཞུང་ཚད་རྐང་པར་བཅད་པའི་བློ་ཀ་ཉི་ཤུ་ཡོད། ༈ །གཉིས་པ་ནི། མངའ་རིས་པ་བྱང་སེམས་ཟླ་བ་རྒྱལ་མཚན་གྱི་ངོར་མཛད་པ་སྟེ། འདིའི་ནང་དུ་དབང་གསུམ་པ་དང་བཞི་པའི་འདའ་ཁ་མ་གཉིས་ཀྱི་ཁྱད་པར་འཆི་ཁར་ཁམས་ལྟེ་བར་འདུས་པ་དང་། གསང་གནས་སུ་འདུས་པ་ལ་བཤད། ལམ་དུས་ཀྱི་དབང་གི་ཐད་དུ་ཆོས་དབྱིངས་ཡེ་ཤེས་མི་བསྐྱོད་པ་ལ་སྦྱར་བ་སོགས་ཡོད། གཞུང་ཚད་ཕྲེང་བདུན་རེར་བྱས་པའི་ཤོག་བུ་༢༠ཙམ་མོ། ༈ །གསུམ་པ་ནི། ཇོ་གདན་ལྡན་བུའི་ངོར་མཛད་པ་སྟེ། འདི་རྒྱ་གར་སིནྡྷཱའི་ཡུལ་གྱི་དགེ་སློང་པཎྜིཏ་ལ་ན་ལ་རྩེར་གདམས་ངག་གནང་བའི་ཚེ་ཇོ་གདན་ལྡན་བུས་ཀྱང་ཉན་པས། དེའི་ཚེ་ལེགས་སྦྱར་གྱི་སྐད་དུ་གསུངས་པ། སླར་བོད་སྐད་དུ་བསྒྱུར་བ་ཡིན་པས་མགོ་བོར་སྐད་གཉིས་ཤན་སྦྱར་ནས་ཡོད། གདན་སོགས་ཀྱི་ཐད་དུ། གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། ཕྱག་རྒྱའི་ཆོས་འབྱུང་དུ། །


JKT005_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དགུ་གཞལ་ཡས་ཁང་དང་བཅས་པ་བསྐྱེད། མཆོད། དེ་ལ་སློབ་མས་མེ་ཏོག་དོར། གར་ཕོག་གི་མིང་བཏགས། ཡེ་ཤེས་དབབ། དེ་ནས་སྙོམས་འཇུག་བྱས་ཏེ་དབང་བསྐུར་བར་བཤད་པ་སོགས་སྣང་། འདི་ལ་ཆེ་ཆུང་གཉིས་ཡོད་པའི་ཆུང་བ་ལ་གཞུང་གི་ཚད་བརྒྱ་ཉི་ཤུ་ཙམ་མོ། ༈ །བཞི་པ་ནི། ས་ཆེན་རང་གི་ཡུམ་གྱི་དོན་དུ་མཛད་པ་སྟེ། འདིར་སྣང་བ་བསྒྱུར་བའི་འདའ་ཁ་མ་ནི། སྤྱོད་ལམ་ཐམས་ཅད་དུ་ཡི་དམ་གྱི་ལྷ་ཡིན་དུ་བསམས་ཏེ། ཞལ་ཕྱག་ལ་སོགས་པ་དྲན་མི་དགོས་སོ་གསུངས། གཞུང་ཚད་ནི་བརྒྱ་ཕྲག་ཙམ་མོ། ༈ །ལྔ་པ་ནི། གཙང་པ་ཀློག་སྐྱའི་ངོར་མཛད་པ་སྟེ། ཡུམ་དོན་མ་དང་ཞུ་དག་ཕེར་བ་ཙམ་ཡོད་ཀྱང་མཆན་བུ་འགའ་ཞིག་བསྣན་པས་ཁྱད་པར་དུ་བྱས་པ་སྟེ། གཞུང་ཚད་ཀྱང་སྔ་མ་ལས་༡༢༠མང་ངོ་། ༈ །འདིའི་མཆན་དུ་ལུས་དཀྱིལ་གྱི་གཙོ་བོ་རྣམས་བཞུགས། འཁོར་རྣམས་བཞེངས་ལ་གཙོ་བོ་རྣམས་བཞེངས་ཀྱང་བཏུབ་གསུངས། འདི་དང་སྔ་མ་གཉིས་ཀར་ལྷ་ཐམས་ཅད་ལ་རིན་ཆེན་དང་རུས་པའི་རྒྱན་བཤད། ༈ །དྲུག་པ་ནི། ཁམས་པ་སྒ་ཐེང་གི་ངོར་མཛད་པ་སྟེ། འདིའི་དམ་ཚིག་གི་སྐབས་སུ་བདུད་རྩི་རིལ་བུའི་སྒྲུབ་ཐབས་བསྟན། ལམ་དབང་གི་གསུང་སྒྲོས་རྒྱས། གཞུང་བརྒྱ་ལྷག་ཙམ་མོ། ༈ །བདུན་པ་ནི། ཞུ་བྱས་དངོས་གྲུབ་ཅེས་འགྲོ་མགོན་ཞང་རིན་པོ་ཆེའི་བླ་མ་དེའི་ངོར་མཛད་


JKT005_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། འདིའི་མཇུག་ཏུ། འདི་བྲིས་དགེ་བས་སེམས་ཅན་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ། །དཔལ་ལྡན་ས་བཅུའི་རྩེ་མོ་ནི། །རྡོ་རྗེ་འཆང་དབང་འགྲུབ་པར་ཤོག །ཅེས་སློབ་དཔོན་རིན་པོ་ཆེའི་སྦྱར་བྱང་འབྱུང་བ་ནི། རྗེ་བཙུན་སྐུ་མཆེད་ཀྱིས་ནང་མཆོད་ཅིག་མཛད་པའི་ཚེ། ཞུ་བྱས་རྡོ་རྗེ་གདན་ནས་ཉི་མ་ཟེར་ཙམ་ལ་རྫུ་འཕྲུལ་གྱིས་ཕེབས་པའི་ཚེ། སྐུ་མཆེད་གཉིས་ཀྱིས་ངག་ནས་བླངས་ཏེ་བྲིས་པས་འབྲི་བ་པོའི་མཚན་བཏགས་པའོ། །གཞུང་ཚང་ཉུང་། །།བརྒྱད་པ་ནི། རང་གི་སྲས་ཀྱི་དོན་དུ་ཡི་གེ་དུམ་བུ་དུམ་བུར་མཛད་པ་ཉིད། གཉན་ཕུལ་བྱུང་བ་གཙུག་ཏོར་རྒྱལ་པོས་ཕྱོགས་གཅིག་ཏུ་བསྒྲིགས་པ་སྟེ། འདིར་རྩ་བ་མཐར་ཆགས་སུ་བསྟན་ན་ཆོས་བཅོ་བརྒྱད། དེ་ལས་དབྱེ་ན་འཁོར་འདས་ཐུན་མོང་བ་ལ་ལྔ་བཅུ་རྩ་ལྔ། འཁོར་ལོ་འཆམ་པ་ལ་བཅུ་གཉིས། བསྐོར་བ་ལ་ཉི་ཤུ་རྩ་ལྔ་སྟེ་བསྡོམས་པས་བརྒྱ་དང་བཅུ་རུ་བསྡུས། ཉམས་སུ་བླང་བའི་མཐའ་ནི་སྦྱང་བ་དུས་ཀྱི་གནས་ལུགས་ཉི་ཤུ་ལ་སོགས་པ་དང་། །ཞེས་ལུས་སྦྱོང་རྒྱས་པ་ལུས་སྦྱོང་ཉི་ཤུ་པ་ལ་གསུངས་པ་སོགས་སྣང་། ༈ །དགུ་པ་ནི། གཡའ་ལུང་ཇོ་མོ་ཞིག་གིས་ལམ་འབྲས་བསྒོམ་པས་ཁྱིའི་ཉམས་བྱུང་ནས་འའུ་འའུ་ཟེར་བས་དེ་སྐད་དུ་གྲགས་པ་དེའི་ངོར་མཛད་པས་འའུ་མར་གྲགས་པ་སྟེ། མ་ཆུང་མ་དང་གཅིག་པར་ཡང་བཞེད། འདིའི་


JKT005_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཀྱི་སྣང་བའི་ཐད་དུ་ཉམས་དགུར་བསྟན། གསང་དབང་གི་སྔོན་འགྲོ་སྦྱོང་བ་གསུམ་གྱི་ཐད་དུ། དང་པོ་ལག་པ་བཀྲུ་སྟེ་ཞེས་སོགས་ལུས་སྦྱོང་ཉི་ཤུ་ཚང་བར་བསྟན་པ་སོགས་ཡོད། གཞུང་ཚད་བདུན་ཅུ་ཙམ་མོ། ༈ །བཅུ་པ་ནི། ངམ་ཤོད་ཀྱི་སྔགས་པ་བརྗེ་གཤིན་རྗེ་གྲགས་ཏེ་འགའ་ཞིག་གིས་འདའ་འཕྱར་ཡིན་པར་བཤད་པ་དེའི་ངོར་མཛད་པ་སྟེ། ཀུན་གཞི་རྒྱུ་རྒྱུད་དུ་རྩ་ཡིག་རགས་པ་རྡོ་རྗེ་དང་པདྨར་བཤད། བར་དོར་འོད་སྔོན་པོ་ལ་སེམས་ཟིན་ན་དམྱལ་བ། དཀར་པོ་ལ་ཟིན་ན་བྱོལ་སོང་ཞེས་བཤད། གྲིབ་མ་ཁྲུས་ཀྱིས་སེལ་བར། བྱང་ཆུབ་དང་ལམ་ལས་རྡོ་རྗེ་གྲི་གུག་དང་འདི་ལ་དགོངས་ནས་འབྱུང་བཞིའི་རླུང་ཉིས་བརྒྱ་ཉེར་ལྔ་པ་རེ་ལ་ལྷ་མོའི་མིང་གིས་བཏགས་པ། ཞེས་བཤད། ཧ་རིམ་ལ་སོགས་པར་ཞེས་པ་ཐུན་མོང་མ་ཡིན་པའི་གསང་བ་ལས། ཕྲ་ཞིང་ཡང་ལ་ཞེས་སོགས་དྲངས། འདིར་གཞན་ཡང་ཐུན་མོང་མིན་པའི་ལུང་འདྲེན་འགའ་རེ་འབྱུང་། གཞུང་ཚད་ནི་གོ་ལྔ་ཙམ་མོ། ༈ །བཅུ་གཅིག་པ་ནི། དགེ་བཤེས་གཉན་གཉགས་དབང་རྒྱལ་གྱི་ངོར་མཛད་པ་སྟེ། འདི་ལ། ལམ་སོགས་ཉི་ཤུའི་བུམ་པའི་དབང་གི་ལམ་དུ། ལམ་དབྱིབས་༡དང་། བུམ་དབང་གི་འཕོ་བ་༢དང་། གསང་དབང་གི་ལམ་དུ་ཐིག་ལེའི་རྣལ་འབྱོར་༣དང་། ཤེས་རབ་ཡེ་ཤེས་ཀྱི་ལམ་དུ་ཕྱག་རྒྱའི་མཚན་ཉིད་༤དང་། དབང་བཞི་པའི་


JKT005_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་༥དང་། ལམ་གྱི་དབང་བཞི་རྒྱས་བསྡུས་བླང་བ་༦དང་། གདམས་ངག་དྲུག་གི་སྐྱོན་མེད་གསུམ་ལ་མ་སྐྱེས་པ་བསྐྱེད་པའི་ཐབས་༧དང་། ཐུན་མོང་གི་སྲུང་བ་བཅུ་བཞིའི་འཛག་སྲུང་༨དང་། །སྒྲིབ་པ་སྲུང་བའི་སྐབས་ཀྱི་སྐྱོན་མེད་མ་སྐྱེས་པ་བསྐྱེད་པའི་༩ཐབས་དང་། རླུང་རང་གནས་སུ་ཟིན་པའི་ཐད་ཀྱི་གཞུང་ཇི་ལྟར་འགྲོ་བ་སྟེ་ཞལ་ཤེས་བཅུ་དང་ལྡན་ཅིང་རྣམ་འགྲེལ་ཐམས་ཅད་ལས་ཁྱད་པར་འཕགས་སོ། ཀ༽ །ཀློག་སྐྱ་མར། ཀུན་གཞི་རྒྱུ་རྒྱུད་རྟེན་དང་བརྟེན་ཚུལ་དུ། ཏིལ་དང་། ཏིལ་མར་རམ། འོ་མ་དང་མར་རམ། ཆུ་དང་འཁྱག་པའམ། མེ་ཏོག་དང་དྲིའི་ཚུལ་ཞེས་བཤད། བུམ་དབང་གི་འདའ་ཀ་མའི་མཚམས་སྦྱོར་དུ་གྲུབ་མཐའ་སྙོགས་ན་ཚེ་བསྐལ་པའི་བར་དུ་ཐུབ་པས་འདའ་ཁ་མི་དགོས་ཞེས་བཤད། མཇུག་ཏུ། བླ་མ་དམ་པའི་གསུང་ངག་བདུད་རྩིའི་བཅུད། །འཐུང་ན་སྲིད་པའི་སྡུག་བསྔལ་འཁྱག་ཞི་བྱེད་པའི། །དཔེ་མཁྱུད་སྤངས་པར་དྷརྨ་ཀཱིརྟི་ཡིས། །ལར་བཟང་པོའི་མཐའ་ཅན་དང་། ལ་ལར་གྲགས་པ་བཟང་པོ་ཞེས་འབྱུང་ཡང་དོན་དུ་ཞུས་ཚུལ་ལས་སྦྱར་བྱང་མ་ཡིན་ཅིང་གློག་སྐྱ་བའི་མཚན་ཡིན་ནམ་སྙམ་ལགས། །ཐོབ་དང་བྲིས་པ་གུས་པར་སྤྱི་བོས་བླངས། །ཞེས་འབྱུང་།། ༈ །།སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་གཅིག་ཏུ་འདུས་པ་གོང་ན་མེད་པའི་རྒྱུད་ཕྱི་མ་དང་བཅས་པ་འདི་ལ་ཐོག་མར་འཕགས་པ་ཀླུས་བསྐྱེད་རིམ་ཡན་


JKT005_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་དང་། རྫོགས་རིམ་རིམ་པ་ལྔས་འཆིང་བའི་སྲོལ་ཆེན་པོ་ཕྱེ་བར་མཛད། དེ་རྗེས་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་ལས་དབང་མནོས་ཤིང་། །ཞལ་གྱི་ལུང་ཐོབ་ནས་ཡོངས་སུ་རྫོགས་པའི་ལམ་སྲོལ་དར་བར་མཛད་པ་ལས། འདིར་རེ་ཞིག་དེའི་བསྐྱེད་རིམ་གྱི་རྣམ་གཞག་གི་ས་བཅད་རགས་པ་ཞིག་འཆད་ན། བླ་མ་ཆེན་པོ་ཇི་ལྟར་བྱོན་པའི་ལོ་རྒྱུས་དང་། དེས་བཀྲལ་བའི་ལམ་སྤྱིའི་རྣམ་གཞག་མདོར་བསྡུས་པ། དེ་ལས་བསྐྱེད་རིམ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྒྱ་གར་ཤར་ལྷོའི་ཡུལ་སིནྡྷ་ར་ཞེས་བྱ་བར་རྒྱལ་པོ་གྷ་ས་རོ་པྲ་བྷ་ཝ་ཞེས་བྱ་བའི་སྲས་སུ་འཁྲུངས་སོ། །དེ་ལས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཐོབ་པས་ཀྱང་མ་ཚིམས་པར་བརྩོན་པ་ས་བྷ་ག་ཝཱ་ན་མཉྫུ་ཤྲཱི་བཛྲ་གྱིས་རྗེས་སུ་བཟུང་སྟེ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། ལམ་གྱི་སྔོན་དུ་འགྲོ་བ། བསྒོམ་པར་བྱ་བའི་ལམ་དངོས། རྟོགས་པའི་རིམ་པ་བཞག་པའི་གང་ཟག །ལམ་སྒྲུབ་པའི་འབྲས་བུའོ། །དང་པོ་ལ་བཞི། དཀྱིལ་འཁོར། སློབ་དཔོན། དབང་། དམ་ཚིག་དང་སྡོམ་པའོ། །དང་པོ་ལ། རི་མོ། ལུས། བྱང་སེམས། བྷ་གའི་དཀྱིལ་འཁོར་རོ། །དང་པོ་ལ། མར་མེ་མཛད་དང་སྨན་ཞབས་ཀྱིས་རྡུལ་ཚོན་ཁོ་ན་དང་། ངག་དབང་གྲགས་པས་རྡུལ་ཚོན།


JKT005_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རས་རིས། ཡིད་ཀྱི་དཀྱིལ་འཁོར་གསུམ་གསུངས། རྡུལ་ཚོན་ལའང་། ལས་དང་པོ་པས་ཆོ་ག་ཇི་བཞིན་དུ་འབྲི་བ་དང་། ཡེ་ཤེས་ལ་ཅུང་ཟད་དབང་བས་ཁྱེའུ་དང་བུ་མོ་གཙང་མར་པྲ་ཕབ་སྟེ་བྲི་བ་དང་། ཡེ་ཤེས་ལ་དབང་བས་ཏིང་ངེ་འཛིན་འབའ་ཞིག་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་རྫོགས་པར་སྤྲུལ་ཏེ་གསུམ་ཆར་ལ་ཡང་ཆོ་ག་ལྷག་མ་རྣམས་ནི་འདྲ་བ་ཉིད་དོ། །ཕྱི་མ་གསུམ་ནི། རྒྱུའི་སློབ་དཔོན་གྱི་། ལུས་ཀྱི་དཀྱིལ་འཁོར་དང་རྒྱུ་དང་རྐྱེན་གྱི་སློབ་དཔོན་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་དང་། ལྷན་ཅིག་བྱེད་པའི་སློབ་དཔོན་གྱི་བྷ་གའི་དཀྱིལ་འཁོར་ལ་འཆད་དོ། །གཉིས་པ་སློབ་དཔོན་ལ། རྒྱུའི། རྐྱེན་གྱི། ལྷན་ཅིག་བྱེད་པའི་སློབ་དཔོན་ནོ། །དང་པོ་ནི། བུམ་དབང་བསྐུར་བ། གཉིས་པ་ནི། གསང་དབང་བསྐུར་བའི་བླ་མའི་ཕྱག་རྒྱ། གསུམ་པ་ནི། ཤེར་དབང་ནོད་པའི་སློབ་མའི་ཕྱག་རྒྱའོ། །གསུམ་པ་དབང་ལ། བུམ་གསང་ཤེས་རབ་ཡེ་ཤེས་ཏེ་གསུམ་མོ། །དེ་རེ་རེ་ལ་ཡང་། སློབ་དཔོན་དང་། ཡོན་དང་། སྡོམ་པ་དང་། དཀྱིལ་འཁོར་དང་། ཆོ་ག་དང་། ངོ་བོ་དང་། དག་བྱ་དང་། སྐལ་པ་གང་དང་མཉམ་པ་དང་། གདམས་ངག་དང་། རྟོག་པ་དང་། ངེས་ཚིག་སྟེ་བཅུ་གཅིག་གི་སྒོ་ནས་སྨན་ཞབས་ཀྱི་སྦྱོར་བ་བདུན་པ་ལས་གསུངས་ཏེ། དབང་བཞི་པ་བཞི་བརྒྱ་ལྔ་བཅུ་པ་སོགས་ལས་མིང་ཙམ་ཡང་


JKT005_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱུང་ཞིང་། དབང་གི་རབ་བྱེད་ལས་ཤེས་རབ་ཡེ་ཤེས་ཀྱི་ཡེ་ཤེས་བདུན་ཡན་ལག་བདུན་ལྡན་དུ་ངོ་སྤྲོད་པའི་སྒོ་ནས་བསྐུར་ཚུལ་གསུངས་སོ། །སྦྱོར་བདུན་ལས་ནི། རང་བཞིན་གནང་ཕྱིར་སློབ་དཔོན་ཟླ མེད། །ཅེས་སོགས་དགག་ཕྱོགས་འབའ་ཞིག་གིས་བསྟན་ཀྱང་། ཤེས་རབ་ཀྱི་ཡེ་ཤེས་ལས་ལོགས་སུ་དེ་དག་མེད་ཅེས་པའི་དོན་ཡིན་གྱི། དབང་བཞི་པ་མཚན་ཉིད་པ་དང་། དེ་ཙམ་གྱིས་བསྐུར་ཚུལ་དག་མི་བཞེད་པ་ནི་མིན་ཏེ། འདུས་པར། །བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་ལ་ནི་གསང་བའི་དབང་། །གསུམ་པ་ཤེས་རབ་ཡེ་ཤེས་དབང་། །དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་གསུངས་པས་སོ། །འདི་ལ་གསུམ་སྟེ། དབང་བཞི་པ་མཚན་ཉིད་པ། མཚོན་བྱེད་དཔེའི་དབང་བཞི་པ། དེ་ཚིག་གི་སྒོ་ནས་ཇི་ལྟར་བསྐུར་བའི་ཚུལ་ལོ། །དང་པོ་ནི། སངས་རྒྱས་ཀྱི་སའི་སྐུ་གསུམ་ཡན་ལག་བདུན་དང་ལྡན་པའོ། །གཉིས་པ་ནི། དབང་བཞི་པའི་ཡེ་ཤེས་གཅིག་ཉིད་ལ་སྔར་གྱི་སློབ་དཔོན་ལ་སོགས་པའི་དོན་བཅུ་གཅིག་རང་བཞིན་ལྷུན་གྲུབ་ཀྱིས་ཚང་བའོ། །གསུམ་པ་ནི། དེ་ལྟར་དང་། ཡང་དང་། དེ་བཞིན་ཞེས་པའི་ཚིག་གསུམ་གྱིས་དབང་གསུམ་པའི་ཡེ་ཤེས་ལ་ཡན་ལག་བདུན་ལྡན་ཚང་བར་ངོ་སྤྲོད་པའོ། །གསུམ་པ་དམ་ཚིག་དང་སྡོམ་པ་ལ་གཉིས། ཐུན་མོང་དང་། ཐུན་མིན་ནོ། །དང་པོ་ནི། སྟ་གོན་


JKT005_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཇུག་པའི་སྐབས་སུ་སོ་བྱང་དང་། རིགས་ལྔའི་དབང་གི་སྐབས་སུ་ཐོབ་པའི་རིགས་ལྔའི་སྡོམ་པ་སྟེ། སློབ་དཔོན་དང་སློབ་མ་གཉིས་ཀའི་ཐུན་མོང་པའོ། །གཉིས་པ་ལ་གསུམ་སྟེ། སྤང་པའི་དམ་ཚིག་སྡོམ་པ་དང་། བཟའ་དང་བསྲུང་བའི་དམ་ཚིག་དང་། རྣལ་འབྱོར་སྙིང་པོའི་སྡོམ་བའོ། །དང་པོ་ནི། བུམ་དབང་གི་སྐབས་སུ་ཐོབ་བའི་རྩ་བ་༡༤དང་ཡན་རལག་གི་དམ་ཚིག་གོ། །གཉིས་པ་ནི། །གསང་དབང་གི་སྐབས་སུ་ཐོབ་པ་སྟེ། ཤ་ལྔ་བདུད་རྩི་ལྔ་བཟའ་བ་དང་། བསྲུང་བ་སྲོག་གཅོད་སོགས་བཞིའོ། །གསུམ་པ་ནི། ཤེར་དབང་གི་སྐབས་སུ་ཐོབ་སྟེ། ཕྱི་རོལ་གྱི་དཀྱིལ་འཁོར་བྲི་བ་ལ་སོགས་པ་བཀག་ནས་ཕྱག་རྒྱ་སྤྱན་མ་ལ་སོགས་པ་དང་། སྒྲུབ་པོ་རིགས་ལྔར་ཤེས་པར་བྱས་ནས་དག་མ་དག་གི་འདུ་ཤེས་འགོག་པའོ། །གཉིས་པ་བསྒོམ་བྱ་ལམ་གྱི་ངོ་བོ་ནི་བསྐྱེད་རྫོགས་གཉིས་ཏེ། འདི་ལ་དབྱེ་གཞི། དབྱེ་ངོ་། གྲངས་ངེས། བསྒོམ་པའི་གོ་རིམ་སྟེ་བཞི་ལས། དང་པོ་ནི། ཡིད་མཚན་རྟོག་ལས་སྐྱོབ་པའི་ཐབས་ཁྱད་པར་ཅན་དུ་གྱུར་པའི་སྔགས་ཀྱི་སྤྱོད་པའོ། །གཉིས་པ་ནི། འདུས་པའི་རྒྱུད་ཕྱི་མར། །སངས་རྒྱས་རྣམས་ཀྱིས་དེར་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པའི་རིམ་པ་ཉིད་དང་ནི། །དེ་བཞིན་རྫོགས་པའི་རིམ་ཉིད་དོ། །ཞེས་པ་ལས། དང་པོ་ནི་འོག་ཏུ་འཆད་ལ། གཉིས་པ་


JKT005_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སྙིང་གར་མི་ཤིགས་པའི་ཐིག་ལེ་བསྒོམས་པ་དགའ་བའི་རང་བཞིན། གསང་གནས་སུ་གསང་བའི་ཐིག་ལེ་བསྒོམས་པ་དགའ་བ་བར་མའི་རང་བཞིན། ལུས་ཀྱི་གནས་བཞིར་སྤྲུལ་པའི་ཐིག་ལེ་བསྒོམས་པ་དགའ་བྲལ་གྱི་རང་བཞིན། དགའ་བ་གསུམ་ཆར་རོ་གཅིག་པ་མི་ཤིགས་པའི་ཐིག་ལེ། དེ་ཉིད་བསྒོམས་པ་ལྷན་སྐྱེས་ཀྱི་རང་བཞིན་ཏེ་གཙོ་བོར་ཐིག་ལེའི་རྣལ་འབྱོར་བཞི་གསུངས་ལ། དེ་ཡང་། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་པའི་ཚུལ་གྱིས་ལས་རྒྱ་ལ་བརྟེན་ནས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དཔེའི་ཚུལ་གྱིས་མངོན་སུམ་དུ་རྟོགས་ནས་རིག་པ་བཏུལ་ཞུགས་ཀྱི་སྤྱོད་པ་ཟླ་བ་དྲུག་གམ་བཅོ་བརྒྱད་ཀྱི་བར་དུ་སྤྱོད་པས་ཚེ་འདིར་རྡོ་རྗེ་འཆང་སྒྲུབ་པའོ། །དེ་ལྟར་བསྐྱེད་རྫོགས་གཉིས་པོ་དེ་ཡང་། འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ཡིན་པ་ལྟར། ཟབ་གསལ་གཉིས་མེད་ཚུལ་གྱིས་བསྒོམ་དགོས་ལ། བསྐྱེད་རིམ་ཟབ་གསལ་གཉིས་མེད་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཟབ་མོ་སྟོང་པ་ཉིད་བསྒོམས་ནས། དེ་ལས་ལངས་ཏེ་སེམས་གསལ་བ་དང་། དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བརྟག་པ་ན། ཟབ་མོ་སྟོང་པ་ཉིད་དང་གསལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་དབྱེར་མེད་པའོ། །རྫོགས་རིམ་ཟབ་གསལ་


JKT005_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ནི་ཕྱག་རྒྱ་ལ་བརྟེན་ནས་དཔེའི་ཚུལ་གྱིས་རྟོགས་པའོ། །གསུམ་པ་ནི། སྤང་བྱ༢། བསྒྲུབ་བྱ༢། བསྐྱེད་བྱ༢། རང་གི་ངོ་བོ་རྟེན་དང་བརྟེན་པ་ཡིན་པས་རིམ་གཉིས་སུ་གྲངས་ངེས་པ་སྟེ། དང་པོ་ནི། ཐ་མལ་རྣམ་རྟོག་དང་། ལྷར་ཞེན་པའི་རྣམ་པར་རྟོག་པ་གཉིས་སྤོང་བར་བྱེད་པ་སྟེ། ཀུན་བཟང་ལས། ཐ་མལ་རྣམ་རྟོག་སོགས་དང་། ཞལ་ལུང་གི་འགྲེལ་པར། དེ་ལྟར་བསྐྱེད་པའི་རིམ་པའི་གཞི་རྣམ་པར་བཀོད་ནས། ད་ནི་རྫོགས་པའི་རིམ་པས་དེ་སྦྱོང་བའི་ཐབས་གསུངས་པ། ཞེས་སོ། །གཉིས་པ་ནི། བསྒྲུབ་བྱ་ཐུན་མོང་གི་དངོས་གྲུབ་ཀྱི་ཕྱིར་ཏེ། འདུས་པར། ཐ་མལ་པ་ནི་རྡོ་རྗེ་བཞི། །ཡེ་ཤེས་རྡོ་རྗེ་མཆོག་རྣམས་སོ། །ཞེས་སོ། །གསུམ་པ་བསྐྱེད་པར་བྱ་བ་སྔགས་དང་། ཡེ་ཤེས་ཀྱི་སྐུ་གཉིས་སུ་ངེས་པས་ཏེ། ཞལ་ལུང་གི་འགྲེལ་པར། དང་པོའི་རིམ་པ་ནི་བསྐྱེད་པའི་རིམ་པ་ཡན་ལག་དང་བཅས་པ་རྟོགས་པས་རང་གི་རྒྱུད་ཀྱི་ལས་ཀྱི་དྲི་མ་རྣམ་པར་དག་པར་བྱ་སྟེ། ཡེ་ཤེས་སྒྱུ་མ་ཞེས་པ་ནི་ཡེ་ཤེས་ཅུང་ཟད་དག་པའི་སྐུ་སྟེ། ཞེས་སོ། །བཞི་པ་རྫོགས་པའི་རིམ་པས་ཟབ་གསལ་གཉིས་མེད་དཔེའི་ཚུལ་གྱིས་བསྒྲུབ་པར་བསྐྱེད་རིམ་ངེས་པར་རྟེན་དུ་དགོས་ཏེ། ཞལ་ལུང་ལས་གསུངས་པའི་ཕྱིར་རོ། །བཞི་པ་གོ་རིམ་ནི། ལུགས་འདིར་བསྐྱེད་རིམ་རྟེན་ཙམ་དུ་བྱས་ནས་རྫོགས་རིམ་གཙོ་བོར་བསྒོམ་པ་དང་།


JKT005_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་རིམ་པ་ཉིད་ཀྱིས་ཡང་དག་པའི་ཡེ་ཤེས་ལ་དབང་བའི་བར་བགྲོད་པར་བྱེད་པའི་ལུགས་གཉིས་སོ། །གསུམ་པ་རྟོག་པའི་རིམ་པས་བཞག་པའི་གང་ཟག་བཞི་སྟེ། ལས་དང་པོ་པ་ནི་དབང་བསྐུར་དང་བསྐྱེད་རིམ་གྱི་གདམས་ངག་ཚུལ་བཞིན་དུ་ཐོབ་ནས་རགས་པ་དང་ཕྲ་བའི་ལྷའི་རྣལ་འབྱོར་ཐམས་ཅད་རིམ་པ་བཞིན་དུ་བསྒོམ་དགོས་པའོ། །ཡེ་ཤེས་ལ་ཅུང་ཟད་དབང་བ་ནི། རགས་པ་ལྷའི་རྣལ་འབྱོར་ཡུད་ཙམ་གྱིས་བསྒོམ་ནུས་ཤིང་། ཕྲ་བ་སའི་སྙིང་པོ་ལ་སོགས་པ་རིམ་བཞིན་དུ་བསྒོམ་ནུས་པ་སྟེ། འདི་ལ་ལྷའི་བསྐྱེད་ཆོག་ཕྲི་ནས་ཕྲ་བའི་ལྷ་སྔ་མ་བཞིན་དུ་བསྒོམ་དགོས་པའོ། །ཡེ་ཤེས་ལ་དབང་བ་ནི། ཟླརགས་ཕྲའི་ལྷའི་རྣལ་འབྱོར་གཉིས་ཀ་ཡུད་ཙམ་གྱིས་བསྒོམ་པར་ནུས་པ་སྟེ། འདི་ལ་ཕྲ་བའི་ལྷའི་བསྐྱེད་ཆོག་རྣམས་ཀྱང་ཕྲི་ནས་ཕྲ་རགས་ཀྱི་ལྷའི་རྣལ་འབྱོར་ཐམས་ཅད་སེ་གོལ་གཏོགས་པ་ཙམ་ལ་གཅིག་ཅར་དུ་བསྒོམ་པའོ། །ཡང་དག་པའི་ཡེ་ཤེས་ལ་དབང་བ་ནི། རྡུལ་ཕྲན་གཅིག་གི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་དོགས་པ་མེད་པར་བསྒོམ་ནུས་པའོ། །བཞི་པ་ལམ་གྱིས་སྒྲུབ་པའི་འབྲས་བུ་ལ། ཐུན་མོང་དང་། མཆོག་གོ །དང་པོ་ནི། རིག་འཛིན། མངོན་ཤེས། མི་སྣང་བ་རྒྱ་མཚོ་བཅག་པ། མངགས་གཞུག །སྔགས་ཀྱི་ཁྱད་པར། མིག་སྨན། ལས་བཞིའི་རབ་ཏུ་དབྱེ་བ་སྟེ་བརྒྱད་དོ། །གཉིས་པ་ནི།


JKT005_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པའི་ཡེ་ཤེས་ལ་དབང་ཐོབ་པ། ས་དང་པོ་ཐོབ་པའི་ལམ་ནས་བརྩམས་ཏེ། གསང་གསུམ་གཅིག་ཏུ་འདུས་པའི་རྡོ་རྗེ་འཛིན་པའི་སའི་བར་ཏེ། འབྲས་བུ་མཐར་ཐུག་པ་ནི། ཞལ་ལུང་ལས། རྣམ་པར་རྟོག་པ་ཀུན་བྲལ་བས། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །བརྟགས་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བ། །ཡང་དག་གསལ་བ་ཉིད་ཅེས་བྱ། །ཞེས་སོ། །གསུམ་པ་བསྐྱེད་རིམ་བྱེ་བྲག་ཏུ་བཤད་པ་ལ་གསུམ། གང་གིས་སྒོམ་པའི་གང་ཟག །གང་དུ་བསྒོམ་པའི་གནས། །གང་བསྒོམ་པའི་རྣལ་འབྱོར་རོ། །དང་པོ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། སྦྱིན་སོགས་ཡོན་ཏན་གྱིས་བརྒྱན་པ། ཟབ་མོ་སྔགས་ཀྱི་ཚུལ་ལ་ལྷག་པར་མོས་པ། འདིའི་དབང་བསྐུར་ཞིང་རྗེས་སུ་གནང་བ་ཐོབ་པ་སྟེ་ཁྱད་པར་བཞི་ལྡན་དུ་གསུངས་སོ། །གཉིས་པ་ནི། ཀུན་བཟང་བསྡུས་པར། ལ་ལར་དྲི་མེད་ཆུ་ནི་ཕུན་ཚོགས་ཤིང་། །ཤིང་མཆོག་མཛེས་པ་རྣམ་པར་བརྒྱན་པ་ཡི། །རི་བོའི་ཕྱོགས་གཅིག་ཏུ་ནི་བཅོམ་ལྡན་འདས། །འཇམ་པའི་དབྱངས་ཞེས་བྱ་བ་རབ་བསྒྲུབ་བྱ། །ཞེས་སོ། །གསུམ་པ་ལ་གསུམ་སྟེ། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་གོ། །དང་པོ་ལ་གསུམ།


JKT005_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་འགྲོ་བ་དང་། དངོས་གཞི་དང་། རྗེས་སུ་ཆགས་པའི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། ལས་ཐམས་ཅད་སངས་རྒྱས་ཀྱི་རྒྱུར་འགྱུར་བའི་ཕྱིར་ཚངས་གནས་བཞི་བསྒོམ་པ། ལས་ཀྱི་སྒྲིབ་པ་། ཊྛ བཟློག་པའི་ཕྱིར་བསོད་ནམས་ཀྱི་ཚོགས་བསགས་པ། དངོས་འཛིན་བཟློག་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དང་པོ་ནི། ཞལ་ལུང་ལས། དེ་ནས་སེམས་ཅན་ཐམས་ཅད་ཀུན། །ཚངས་སྤྱོད་ཆེན་པོ་བཞི་དམིགས་ཏེ། །ཞེས་སོ། །གཉིས་པ་ལ་བཞི་སྟེ། ཚོགས་ཀྱི་ཞིང་དམིགས་པ། ཕྱག་འཚལ་ཞིང་མཆོད་པ། རྒྱུན་བཤགས་བྱ་བ། དེ་དག་གི་དགོས་པ་བཤད་པའོ། །ཕྱི་མ་ནི། ཞལ་ལུང་གི་འགྲེལ་པར། མཚམས་མེད་ལ་སོགས་པའི་ལས་ཀྱི་སྒྲིབ་པ་བསགས་པ་བཟློག་པའི་ཆེད་དུ་ཡིན་པར་གསུངས་པས། སེར་སྣའི་ལས་ཀྱི་སྒྲིབ་པའི་གཉེན་པོར་མཆོད་པ་ལ་སོགས་པ་སྦྱར་རོ། །གསུམ་པ་ལ་གཉིས་ཏེ། གཞན་གྱི་ལོག་རྟོག་དགག་པ་དང་། རང་ལུགས་འཐད་ཕྱོགས་བཤད་པའོ། །དང་པོ་ལ་གཉིས་ཏེ། སྣང་བ་མི་གསལ་བའི་ཕྱོགས་དགག་པ་དང་། བདེན་པ་མི་གསལ་བའི་ཕྱོགས་དགག་པའོ། །དང་པོ་ནི། བོད་སྔ་མ་ཁ་ཅིག་ན་རེ། ཡེ་ཤེས་ཚོགས་བསགས་ཀྱི་སྟོང་ཉིད་བསྒོམ་པའི་དོན། སྣང་བའི་སྟེང་དུ་བདེན་པ་བསལ་བ་ལས་བདེན་མེད་སྒྱུ་མ་ལྟ་བུ་དེ་ཡང་བསལ་བའི་སྟོང་ཉིད་བཙན་ཐབས་སུ་སྒོམ་མི་རུང་སྟེ།།


JKT005_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་སྣང་བའི་འཇིག་རྒྱུར་ཐལ་བའི་ཕྱིར། །ཞེས་འདོད། དེ་ནི་ལུང་རིགས་མྱོང་བ་ཁས་བླངས་ཐམས་ཅད་དང་འགལ་བའི་ཕྱིར་མི་འཐད་དོ། །གཉིས་པ་ནི། འཕགས་ཡུལ་དུ་ཤཱནྟི་པ་སེམས་ཙམ་པ། སོགས། ཀུན་བརྟག་གིས་སྟོང་པའི་ཡོངས་གྲུབ་ཡོད་པ་དང་བདེན་པ་དེ་ལ་ང་རྒྱལ་འཇོག་ཞེས་འཆད་ལ། འདི་མི་འཐད་པར་དབུ་མ་པ། ངག་དབང་གྲགས་པ་སོགས་ཀྱིས་སྐྱོན་མང་དུ་བརྗོད་དོ། །ཡང་གངས་རིའི་ཁྲོད་འདིར་གཞན་སྟོང་གི་མིང་བཏགས་ནས་དབུ་སེམས་གང་ཡང་མ་ཡིན་པའི་ཐེག་ཆེན་དུ་ཞལ་གྱིས་བཞེས་པ་དག །ཡེ་ཤེས་ཀྱི་ཚོགས་བསགས་པའི་དོན་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རྒྱུ རང་གསལ་བདེན་པར་གྲུབ་པ་ནི་སྟོང་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་ཡིན་ལ། དེ་ལ་ང་རྒྱལ་འཇོག །འོག་ཏུ་ལྷར་བསྐྱེད་པ་ཡང་དེ་ཉིད་བསྐྱེད་པ་ཡིན་ནོ། །ཞེས་སོགས་འདོད། དེ་དགག་པ་ལ་ཡུལ་བདེན་གྲུབ་ཡུལ་ཅན་ངར་འཛིན་འཇོག་པ་ཡེ་ཤེས་ཀྱི་ཚོགས་བསགས་ཡིན་ན་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་ཐལ་བ། གྲུབ་མཐའ་བཞིའི་རྣམ་གཞག་མི་རུང་བ་སྟེ་ཁྱོད་ཀྱི་འདོད་པ་དེ་སེམས་ཙམ་དང་མཚུངས་པའི་ཕྱིར་དང་། སྡོམ་རྣམ་གཉིས་དང་ཤཱནྟི་པ་སོགས་དབུ་མ་ཆེན་པོའི་གཞུང་དང་དེ་སྨྲ་བའི་གང་ཟག་ཡིན་ན་འཕགས་ཡུལ་དུ་སེམས་ཙམ་འཛིན་པའི་པཎྜི་ཏ་མེད་པར་འགྱུར་བ་དང་། ཀླུ་སྒྲུབ་ཀྱིས་


JKT005_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རིག་ཚོགས་ཀྱིས་རང་སྟོང་དང་། བསྟོད་ཚོགས་ཀྱིས་གཞན་སྟོང་འགྲེལ་ན་མཐར་ཐུག་གི་ལྟ་བ་ངོས་བཟུང་དུ་མི་རུང་བར་འགྱུར་ཏེ། དེ་གཉིས་གང་དབུ་མ་མཐར་ཐུག་ཡིན། དང་པོ་ཡིན་ན་གཞན་གྱི་འདོད་པ་གྲུབ། རང་ལ་ཁས་བླངས་དང་འགལ། གཉིས་པ་ལྟར་ན་འོག་མས་གོང་མ་སུན་ཕྱུང་བར་ཐལ། གཉིས་ཀ་ཡིན་ན། གཉིས་མེད་ཀྱི་རྣམ་ཤེས་ཆོས་ཅན། ཁྱོད་རང་གི་ངོ་བོས་མི་སྟོང་པར་ཐལ། །ཁྱོད་རང་གི་ངོ་བོས་སྟོང་པ་དེ་དབུ་མ་མཐར་ཐུག་ཡིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། ཁྱོད་རང་གི་ངོ་བོས་མི་སྟོང་པར་ཐལ། ཁྱོད་རང་གི་ངོ་བོས་མི་སྟོང་པ་དེ་དབུ་མའི་ལྟ་བ་མཐར་ཐུག་ཡིན་པའི་ཕྱིར། ཞེས་སོ། །ཡང་དངོས་པོ་རང་བཞིན་གྱིས་གྲུབ་པར་ཁས་བླངས་ན་དབུ་མའི་ལྟ་བའི་དོན་དང་ཐ་སྙད་གཉིས་ཀ་མི་གནས་པའི་ཕྱིར་དང་། ༤ ཁྱོད་འདོད་པའི་བདེ་གཤེགས་སྙིང་པོ་དང་། ཆོས་དབྱིངས་ལ་འཁོར་འདས་ལ བྱ་བྱེད་མི་རུང་བར་ཐལ་ཏེ། བདེན་པར་གྲུབ་པའི་ཕྱིར་དང་། ཡུལ་ཆོས་དབྱིངས་བདེན་པར་གྲུབ་ཀྱང་ཡུལ་ཅན་བདེན་ཞེན་ཞེན་ཡུལ་བདེན་པ་རིག་པས་དཔྱད་པའི་ཚེ་རྙེད་པས་ཡུལ་ཅན་བདེན་པ་རང་ལྡོག་ཏུ་འགྲོ་བ་ལ་བྱེད་དམ། ཞེན་ཡུལ་བདེན་པ་མ་བཀག་པར་ཡུལ་ཅན་བདེན་ཞེན་རང་དགར་བཀག་པ་ལ་བྱེད། དང་པོ་ལྟར་ན་དངོས་སུ་འགལ་ཏེ་ཞེན་ཡུལ་བདེན་པས་རིག་པས་དཔྱད་པའི་ཚེ་རྙེད་པར་ཁས་


JKT005_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པའི་ཕྱིར། ཕྱི་མ་ལྟར་ན་རྒྱ་ནག་ཧྭ་ཤང་གི་ལྟ་བར་འགྱུར་ཏེ། ཡུལ་ལ་དཔྱད་པ་མ་བྱས་པར་ཡུལ་ཅན་རྟོག་པས་རང་དགར་བཀག་པའི་ཕྱིར། ༧ ཡེ་ཤེས་ཚོགས་བསགས་ནས་དེ་ལས་ལངས་པའི་ཚེ་སྟོང་ཉིད་ལས་ལངས་ཞེས་པ་དང་ཁྱོད་འགལ་ཏེ། བདེན་གྲུབ་ཀྱི་ངང་ལས་ལངས་ཞེས་བརྗོད་དགོས་པའི་ཕྱིར། སྔ་མ་བསོད་ནམས་དང་། འདི་ཡེ་ཤེས་ཀྱི་ཚོགས་བྱས་ཏེ་ཚོགས་གཉིས་ཟུང་འཇུག་ལས་གཟུགས་སྐུར་ལངས་པ་མི་རུང་། ཡུལ་བདེན་གྲུབ་ལ་ཡུལ་ཅན་ངར་འཛིན་སྒོམ་པ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར། དེ་ལ་སོགས་ཏེ་གནོད་བྱེད་མཐའ་ཀླས་སོ། །གཉིས་པ་རང་ལུགས་འཐད་པའི་ཕྱོགས་བཞག་པ་ལ། བསྒོམ་བྱའི་བྱང་ཆུབ་ཀྱི་སེམས་ངོས་བཟུང་བ། དེ་ཇི་ལྟར་བསྒོམ་པའི་ཚུལ། ང་རྒྱལ་འཇོག་པའི་དོན། དེ་ལྟར་བསྒོམ་པའི་དགོས་པའོ། །དང་པོ་ནི། ཨོཾ་ནི་སྟོང་ཉིད་ཁས་བླངས་པ། ཤུན་ཏཱ་ནི་སྟོང་པ་ཉིད་དེ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ངོ་བོ་དང་། རྒྱུ་དང་། འབྲས་བུ་སྟོང་པའི་རྣམ་ཐར་སྒོ་གསུམ་དུ་བཤད་ལ། ཀླུ་སྒྲུབ་ཀྱིས། ཕྱི་རོལ་པས་བཏགས་པའི་བདག་ཉན་ཐོས་སྡེ་གཉིས་ཀྱིས་བཏགས་པའི་ཕུང་པོ་ལ་སོགས་པའི་གཟུང་འཛིན་དང་། རྣམ་རིག་པས་བཏགས་པའི་གཉིས་མེད་ཀྱི་ཡེ་ཤེས་ཀྱིས་སྟོང་པ་ཉིད་དུ་བཤད་དོ། །འོ་ན་རི་བོང་གི་རྭ་ལྟར་ཅིའང་མེད་པའི་སྟོང་ཉིད་ཡིན་ནམ་


JKT005_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་མོ། །དེ་དགག་པའི་ཛཱན་ཡེ་ཤེས་ཏེ། གསལ་བ་ཙམ་མི་དགག་པའོ། །དེ་ན་སྟོང་པའི་ཚེ་ན་ཡང་ཚོལ་མཁན་གྱི་གསལ་བ་མི་འགག་པས། གསལ་བ་མི་འགག་པ་དང་། གསལ་བ་མ་རྙེད་པ་གཅིག་ཏུ་འཁྲུལ་པར་མི་བྱའོ། །དེ་ཉིད་བཛྲ་ནི་རྡོ་རྗེ་སྟེ། ཕར་མཚན་རྟོགས་འཇོམས་ཤིང་། ཚུར་གང་གིས་ཀྱང་མི་ཤིགས་པའོ། །སྭ་བྷཱ་ཝ་རང་བཞིན་ཏེ། གསལ་བ་དང་སྟོང་པ་ཟུང་དུ་འཇུག་པའི་རང་བཞིན་ཅེས་པའི་དོན་ཏོ། །ཨཱཏྨ་ཀོཉཧཾ། བདག་ཉིད་ངའོ་ཞེས་པ་སྟེ་འོག་ཏུ་བཤད་པར་བྱའོ། །གཉིས་པ་ནི། རྗེས་ཆེན་གྱིས། གང་ཟག་དམན་པ་དབུ་མའི་ལྟ་བ་ལ་བློ་མ་སྦྱངས་པ་རྣམས་ཀྱིས། ཐོག་མར་སྣང་བ་ཐམས་ཅད་སེམས་སུ་བསྡུས་ནས་སེམས་ཉིད་གཅིག་དང་དུ་བྲལ་བ་ལ་སོགས་པའི་རིགས་པས་རིམ་གྱིས་དཔྱད་ནས་མ་རྙེད་པ་རིམ་གྱིས་སྟོང་ཉིད་བསྒོམ་པ་སྟེ། ཞལ་ལུང་ལས། སེམས་ཙམ་ལ་ནི་རྟ་བྱས་ཏེ། །ཕྱི་རོལ་རང་བཞིན་སྟོང་པར་བྱ། །སེམས་ཙམ་དེ་ཡང་སྟོང་བྱས་ནས། །ཞེས་སོ། །བློ་བྱང་པ་མཆོག་གིས་བཙན་ཐབས་སུ་སྟོང་ཉིད་བསྒོམ་པ་ནི། སྔགས་བརྗོད་པ་ཙམ་གྱིས་སྣང་བ་ཐམས་ཅད་སེམས་སུ་བསྡུས་ནས་སེམས་དེ་ཡང་མི་དམིགས་པར་བསམས་ཏེ་བློ་སྦྱངས་པས་དེ་ཙམ་གྱིས་རང་བཞིན་སྟོང་པ་ཉིད་ལ་ངེས་ཤེས་འདྲེན་ནུས་པའི་ཕྱིར་རོ། །གསུམ་པ་ལ་གསུམ། སྤང་བྱའི་ང་རྒྱལ། གཉེན་པོའི་ང་རྒྱལ།

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


JKT005_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་བབ་པའི་དོན་ལ་སྦྱར་བའོ། །དང་པོ་ནི། ཉེར་ལེན་གྱི་ཕུང་པོ་རྫས་ཡོད་ལ་དམིགས་པའི་བློ་སྔོན་དུ་སོང་ནས་ངའོ་སྙམ་དུ་སེམས་ཁེངས་པའི་རྣམ་པ་ཅན་ཏེ། རྩ་ཉོན་དྲུག་གི་ནང་ཚན་དུ་གྱུར་པའོ། །གཉིས་པ་ལ་གཉིས། ཕར་ཕྱིན་དང་། རྡོ་རྗེ་ཐེག་པའི་གཞུང་ནས་བཤད་པའོ། །དང་པོ་ནི། སྤྱོད་འཇུག་ལས། ཕྲག་དོག་འགྲན་དང་ང་རྒྱལ་བསྒོམ། །ཞེས་པ་སྟེ། རང་ལས་མཆོག་ལ་ཕྲག་དོག་སྐྱེས་པའི་ཚེ་ཡུལ་རང་ཉིད་དུ་བཞག །རང་ཉིད་ཡུལ་མཆོག་དེར་བསྒོམས་ཏེ། རང་ཉིད་དམན་པ་ལ་ང་རྒྱལ་བསྒོམ་པའོ། །གཉིས་པར། སེམས་བསྐྱེད་ཀྱི། ལྟ་བའི། བསྐྱེད་རིམ་གྱི། རྫོགས་རིམ་གྱི་ང་རྒྱལ་དང་བཞི་ལས། དང་པོ་ནི། ཞལ་ལུང་འགྲེལ་པས། ཐབས་དང་ཤེས་རབ་ཀྱི་སྒོ་མཉམ་པར་སྦྱར་བས་བདག་གི་ལུས་ངག་ཡིད་གསུམ་ཡེ་ཤེས་སུ་རབ་ཏུ་བསྡུས་ནས། དེ་ལྟ་བུའི་བློ་གྲོས་པ་ངའོ་སྙམ་པའི་གཟི་བྱིན་བསྐྱེད་པའོ། །ཞེས་སོ། །གཉིས་པ་ནི། ཡེ་ཤེས་ཀྱི་ཚོགས་བསགས་ཀྱི་ང་རྒྱལ་ལྟ་བུའོ། །གསུམ་པ་ནི། རང་ཉིད་བསྐྱེད་པའི་རིམ་པ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་བསྒོམས་ནས། ང་དང་ལྷ་དེ་གཉིས་ཐ་མི་དད་པའི་ང་རྒྱལ་བསྐྱེད་པར་བྱ་སྟེ། གུར་ལས། སངས་རྒྱས་སོགས་སོ། །བཞི་པ་ནི། རྫོགས་རིམ་བསྒོམས་པ་ལས་བྱུང་བའི་ཡེ་ཤེས་སྐྱེས་པའི་ཚེ། ཡེ་ཤེས་དེ་ཉིད་ང་ཡིན་པས། དེས་


JKT005_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཐམས་ཅད་ཁྱབ་པར་བསྒོམས་པ་སྟེ། ཀྱེ་རྡོར་ལས། ང་ལས་འགྲོ་བ་སོགས་སོ། །འོ་ན་དེ་ངར་འཐད་དམ་སྙམ་ན། ངའི་ངོས་འཛིན་ཉན་ཐོས་གནས་མ་བུས་བརྗོད་དུ་མེད་པའི་གང་ཟག་རྫས་ཡོད་དང་། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ནས་སེམས་ཙམ་པའི་བར་གྱིས་ཕུང་པོ་རྫས་ཡོད་ལ་བཏགས་པའི་གང་ཟག་བཏགས་ཡོད་དང་། དབུ་མ་རང་རྒྱུད་པས་ཕུང་པོ་བཏགས་ཡོད་ལ་བཏགས་པའི་གང་ཟག་བཏགས་ཡོད་དང་། ཐལ་འགྱུར་བས་ཕུང་པོ་ལ་དམིགས་པའི་བློ་སྔོན་དུ་སོང་ནས་གཞི་མེད་ལ་ངའོ་སྙམ་དུ་འཛིན་པའི་ཡུལ་ལ་འདོད་པ་ཡོད་ཀྱང་། རྡོ་རྗེ་ཐེག་པ་འདིར་སེམས་གསལ་སྟོང་ཉིད་ང་ཡིན་ཏེ། འོ་ན་ངར་འཛིན་ལ་འཁྲུལ་པར་འགྱུར་རོ་སྙམ་ན། ངར་བདེན་པར་འཛིན་བློའི་བློ་འཁྲུལ་པ་ཡིན་གྱི། ངའོ་སྙམ་པའི་བློ་ཙམ་ནི་འཁྲུལ་པར་མི་འདོད་དོ། །གསུམ་པ་ནི། སེམས་ཀྱི་རང་བཞིན་ཐ་སྙད་དུ་གསལ་བ་ཙམ་མི་འགལ་ཀྱང་དེའི་རང་བཞིན་བཙལ་ན་མི་རྙེད་པའི་སྟོང་ཉིད་དང་། ང་དབྱེར་མེད་པའི་དོན་ལ་མཉམ་པར་བཞག་པ་སྐབས་འདིའི་ང་རྒྱལ་འཇོག་པའི་དོན་ཡིན་གྱི། ཡུལ་གཞན་ལ་ཡུལ་ཅན་གྱི་བློས་ང་རྒྱལ་འཇོག་པ་ནི་སྐབས་འདིའི་ང་རྒྱལ་གྱི་དོན་མ་ཡིན་ནོ། །བཞི་པ་དེ་ལྟར་སྒོམ་པའི་དགོས་པ་ནི། ས་ཆེན་གྱིས། སྔ་མ་བསོད་ནམས་ཀྱི་ཚོགས་དང་། ཚོགས་གཉིས་ཟུང་འཇུག་ཏུ་འགྱུར་བ་དང་། ཕྱི་མ་རྟེན་ངའོ་དང་བརྟེན་


JKT005_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གཟུགས་ཀྱི་སྐུ་བསྒོམ་པ་དང་། སྐུ་གཉིས་ཟུང་འཇུག་ཏུ་འགྱུར་བ་དང་། རྡོ་སོགས་རགས་པ་མ་བསལ་ན། མྱུ་གུ་སྐྱེ་བའི་སྐབས་མེད་པ་བཞིན་སྣང་བ་མ་བསལ་ན་ལྷ་བསྐྱེད་པའི་སྐབས་མེད་པས་ལྷ་བསྐྱེད་པའི་དགོས་པ་དང་རྣམ་པ་གསུངས་སོ། །གཉིས་པ་དངོས་གཞི་ལ་གསུམ། ཆད་མཐའ་དགག་པའི་ཕྱིར་བསལ་བའི་ངོ་བོར་ལངས་པ། དེས་རྣལ་འབྱོར་ཇི་ལྟར་སྒོམ་པའི་ཚུལ། རྣལ་འབྱོར་དེས་སྦྱང་གཞི་སྦྱོང་བའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ཡི་གེ་གསུམ་ལངས་པ་ཡོད་པའི་ལུགས་དང་། དེ་མེད་པའི་ལུགས་དང་། ཁ་སྐོང་དགོས་མིན་དཔྱད་པའོ། །དང་པོ་ནི། ཀུན་བཟང་རྒྱས་པ་ལས་གསུངས། གཉིས་པ་ཀུན་བཟང་བསྡུས་པ་སོགས་ལས་ཡི་གེ་གསུམ་ལངས་པ་མི་སྣང་སྟེ། གཞུང་དེ་ལས། དེ་འོག་ཧཱུྃ་གི་རྡོ་རྗེར་བྱས་པའི་སར། །ཞེས་སོ། །གསུམ་པ་ནི། ཕྱི་མར་སྔ་མས་ཁ་བསྐང་དགོས་སོ་སྙམ་ན་ཁ་བསྐངས་པ་མཆོག་ཡིན་གྱི། མ་བསྐངས་ཀྱང་ཆད་སྐྱོན་དུ་མི་འགྱུར་རོ། །དེ་ཡང་འགྲོ་བ་མཐའ་དག་གི་སྦྱང་གཞིའི་ངོ་བོར་བསྒོམ་པ་དང་། ཆད་མཐའ་དགག་པ་དང་། འཇུག་པ་ཉིད་སེམས་བསྐྱེད་དུ་བྱ་ཚུལ་འདི་གསུམ་གང་ལའང་ལེགས་པར་གནས་པར་ཤེས་པར་བྱའོ། །གཉིས་པ་རྣལ་འབྱོར་དེས་ཇི་ལྟར་བསྒོམ་པའི་ཚུལ་ལ་གཉིས་ཏེ། སྣོད་སྦྱང་ཕྱིར་རྟེན་དང་།


JKT005_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་སྦྱང་ཕྱིར་བརྟེན་པ་བསྒོམ་པའོ། །དང་པོ་ལ་གསུམ་སྟེ། གཞིའི། རྒྱུའི། གནས་ཐབས་ཀྱི་ཡན་ལག་གོ །དང་པོ་ནི། འདུས་པའི་ཕྱི་མར། ཆོས་འབྱུང་ཇི་ལྟར་བསྒོམ་པ་དང་། སོགས་ཀྱི་ལན་རྒྱས་པར་བཤད་པ་ལྟར་ཏེ། འདི་ལ་རྩིབས་བཅུ་པའི་སྲུང་འཁོར་མི་བསྒོམ་པ་དང་། བསྒོམ་པའི་ལུགས། སྒོམ་ཚུལ་རྒྱས་པར་བཤད་པ། ཆོས་འབྱུང་ཉིད་ཇི་ལྟར་བསྒོམ་པའི་ཚུལ་དང་བཞི་ལས། དང་པོ་ནི། ཀུན་བཟང་བསྡུས་པ་རྩ་འགྲེལ་སོགས་དང་། གཉིས་པ་ནི། ཀུན་བཟང་རྒྱས་པ་སོགས་ལས་གསུངས་ལ། གསུམ་པ་ནི། སྲུང་འཁོར་དེ་ཉིད་ཆོས་འབྱུང་གི་གཞིར་བསྒོམ་པ། བཞི་པ་ནི། ཀུན་བཟང་བསྡུས་པར། རྡོ་རྗེར་བྱས་པའི་སར་ཀུན་ཏུ་བཟང་པོ་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞུ་བ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་སུ་བསྒོམ་པར་གསུངས། དབྱིབས་ནི་ཕྱོགས་གང་ནས་བལྟས་ཀྱང་གྲུ་གསུམ་གྱེན་དཀར་གནས་པའོ། །ཁ་དོག་ནི་དཀར་པོའོ། །གཉིས་པ་རྒྱུའི་ཡན་ལག་ནི། ཆོས་འབྱུང་གི་དབུས་སུ་ཨོཾ་ལས་བྱུང་བའི་ཟླ་དཀྱིལ་སྟེང་ཁཾ་ལྗང་གུ་ལས་སྣ་ཚོགས་རྡོ་རྗེ། དེ་སྟེང་དུ་ཧཱུཾ་ལས་འཁོར་ལོ་དཀར་པོ་ཧཱུྃ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་ཡུམ་དང་བཅས་པ་བསྐྱེད་པར་བཤད་དོ། །གསུམ་པ་གནས་ཐབས་ཀྱི་ཡན་ལག་ནི། རྗེ་བླ་མས། འོག་གཞི་ལོགས་དང་སྟེང་ཐོག་དང་། །སྒོ་དང་རྟ་བབས་ལྔ་ཡིས་བསྡུསཾ། །


JKT005_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པའི་དོན་ལྟར་རྒྱས་པར་ཤེས་པར་བྱའོ། །གཉིས་པ་བརྟེན་པ་བསྐྱེད་པ་ནི། བསྐྱེད་ཆོག་སྤྱིའི་རྣམ་པར་བཞག་པ་དང་། སྐབས་ཀྱི་དོན་ལ་བཞག་པའོ། །དང་པོ་ལ་གསུམ། བསྙེན་སྒྲུབ་ཡན་ལག་བཞི་ངོས་བཟུང་བ། དེ་ཉིད་འབྲས་བུ་བཞིར་བཞག་ཚུལ། ཆུང་ངུ་ལ་སོགས་པའི་ཁྱད་པར་དཔྱད་པའོ། །དང་པོ་ནི། རྩ་རྒྱུད་༡༢ལས། བསྙེན་པའི་དམ་ཚིག་སྦྱོར་བ་དང་། །སོགས་ནས། འགྲུབ་འགྱུར། །ཞེས་པས། ཚིགས་བཅད་དང་པོས་ཡན་ལག་བཞིའི་ཐ་སྙད་དང་། དེ་ནས་རྐང་པ་གཉིས་ཀྱིས་ཐུན་མོང་གི་ལས་སྒྲུབ་པ་དང་། ཚིགས་བཅད་ཕྱེད་དང་གསུམ་གྱིས་ཡན་ལག་རྒྱས་པར་བསྟན་ཏོ། །འདི་རྣལ་འབྱོར་དབང་ཕྱུག་གི་མན་ངག་གིས་འགྲེལ་ཚུལ་དང་། འཕགས་པ་ཡབ་སྲས་དང་། ལུགས་འདིའི་འགྲེལ་ཚུལ་གསུམ། དང་པོ་ནི། བརྟག་གཉིས་དང་། འདུས་པའི་རྒྱུད་ཕྱི་མར། དང་པོ་སྟོང་ཉིད་བྱང་ཆུབ་སེམས། །སོགས་གསུངས་པ་དོན་གཅིག་ཏུ་མཛད་དོ། །བསྐྱེད་ཆོག་གང་གིས་བསྐྱེད་ཀྱང་དམ་ཚིག་པ་བསྐྱེད་པ་ནི། བསྙེན་པའི་སྐྱེ་མཆེད་དམ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནི་ཉེར་སྒྲུབ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་ནི་སྒྲུབ་སྔགས་ཀྱི་བདག་པོ་སྙིང་གའི་ས་བོན་ལ་བཞེད་དོ། །པའི་དབང་བསྐུར་བ་ནས་རིགས་ཀྱི་བདག་པོས་རྒྱས་གདབ་པའམ། ཡང་ན་དབུ་རྒྱན་རང་ཆས་ཅན་དུ་བསམ་པ་ནི་སྒྲུབ་


JKT005_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡན་ལག་སྟེ། ཡིག་འབྲུའི་སྐད་དོད་ཨཀྟར་འགྱུར་མེད་དེ་གང་གིས་རྒྱས་གདབ་པ། དེའི་རིགས་ལས་འགྱུར་བ་མེད་པས་ན་རིགས་བདག་སྟོན་ནོ། །གཉིས་པ་ནི། ཟླ་བ་གྲགས་པའི་བཞེད་པར། ཡེ་ཤེས་ཀྱིས་བསྐྱེད་པ་ནས་ལྷག་མོས་འོད་གསལ་དུ་བསྡུ་བའི་བར་ནི་བསྙེན་པ། དེ་བཞིན་ཉིད་ལས་བྱང་ཆུབ་པ་ནས་ལུས་དཀྱིལ་བཀོད་པས་སྤྲུལ་སྐུ་རྡོར་སེམས་སུ་གྱུར་པའི་བར་ནི་ཉེར་སྒྲུབ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་སེམས་དཔའ་སུམ་བརྩེགས་བསྒོམས་པ་ནི་སྒྲུབ་པའི། རྗེས་ཆགས་ཀྱི་རྣལ་འབྱོར་ནས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་དབུ་རྒྱན་རང་ཆས་སུ་བསྒོམ་པའི་བར་ནི་སྒྲུབ་པ་ཆེན་པོའི་ཡན་ལག་ཏུ་བཞེད་དོ། །གསུམ་པ་ནི། ཙི་ལུ་པ་དང་ཐ་ག་ནའི་རྩ་རྒྱུད་ཀྱི་འགྲེལ་པ་གཉིས་དང་། སྒྲུབ་ཐབས་ཀྱི་གཞུང་ཐམས་ཅད་ཀྱི་དགོངས་པ་ཞུ་བ་གླུས་བསྐུལ་ལས། འབྲས་བུ་རྡོ་རྗེ་འཛིན་པ་ཡབ་ཡུམ་དང་། གསར་དུ་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་དེ་ཕྱིར་སྤྲོས་ཏེ་རང་གནས་སུ་བཀོད་པ། ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་རྣམས་ནི་བསྙེན་པའི། དེ་གསུམ་ཆར་ལ་མིག་ལ་སོགས་པས་སྙིང་སོགས་དྲུག་བསྐྱེད་པ་ནི་ཉེར་སྒྲུབ་ཀྱི་ཡན་ལག །སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནི་སྒྲུབ་པའི་ཡན་ལག །དབང་བསྐུར་ནས་རིགས་ཀྱི་བདག་པོས་རྒྱས་གདབ་པ་ནི་སྒྲུབ་ཆེན་གྱི་ཡན་ལག་ཏུ་བཞེད་དོ། །རྒྱུད་ཕྱི་མ་ལས། དང་


JKT005_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྟོང་ཉིད་སོགས་གསུངས་པ་ནི། དཀྱིལ་འཁོར་རྒྱལ་མཆོག་གི་ཁྱད་ཆོས་སུ་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཡབ་ཀྱི་ཞལ་དུ་ཞུགས་ནས་ཟླ་བ་ཞུ་བའི་གཟུགས་སུ་གྱུར་པ་རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་བབ་པ་དང་པོ། དེ་ཉིད་ལས་གཙོ་བོར་ས་བོན་དུ་གྱུར་པ་གཉིས་པ། དེ་ཉིད་ལས་དཀྱིལ་འཁོར་གྱི་ལྷར་གྱུར་པ་གསུམ་པ། དེ་ཉིད་ལས་རང་སྔགས་ཀྱིས་ཕྱིར་ཕྱུངས་ནས་རང་རང་གི་གནས་སུ་འཁོད་པ་བཞི་པར་བཤད་དེ། རྒྱུ་རྡོར་འཛིན་དང་། འབྲས་བུ་རྡོར་འཛིན་ལ་ཆོ་ག་བཞི་སྦྱར་ཚུལ་ནི་འོག་ཏུ་འཆད་དོ། །གཉིས་པ་ནི། བསྙེན་པ་ལ་རྒྱུ་མཐུན་གྱི་འབྲས་བུ་ཞེས་བྱ་སྟེ། བཤེས་གཉེན་དམ་པ་རྒྱུའི་རྡོ་རྗེ་འཆང་དང་འདྲ་བའི་འབྲས་བུ་རྡོ་རྗེ་འཛིན་པའི་སྐུ་ཡིན་པའི་ཕྱིར་ཉེ་བར་སྒྲུབ་པའི་ཡན་ལག་ཅན། ཁྱོད་ལ་རྣམ་སྨིན་གྱི་འབྲས་བུར་བཞག་པ་ལ་རྒྱུ་མཚན་ཡོད་དེ། ཁྱོད་རྒྱུ་མཐུན་གྱི་འབྲས་བུ་གྲུབ་པའི་ཚེ་ཐམས་ཅད་མཁྱེན་པ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་ཕྱིར། སྒྲུབ་པའི༔ ཁྱོད་ལ་སྐྱེས་བུ་བྱེད་པའི་འབྲས༔ སྐུ་གསུམ་གྱི་ངོ་བོ་ལ་ཐུགས་གསུང་སྐུའི་རྡོ་རྗེ་ནི་སྐྱེས་བུ་ཡིན་ལ། དེས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར། སྒྲུབ་ཆེན་གྱི་ཡན་ལག༴ ཁྱོད་ལ་དྲི་མ་མེད་པའམ། དབང་གི་འབྲས་བུ༔ ཁྱོད་ཇི་ལྟར་དབང་བསྐུར་ནས་དྲི་མ་དག་པར་བྱས་པའི་ཆ་ནས་དྲི་མ་མེད་པའི་འབྲས་བུ་དང་། ཁམས་གསུམ་


JKT005_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་ཆ་ནས་དབང་གི་འབྲས་བུ་དང་། དབང་བྱེད་པ་དང་། བདག་པོ་དོན་གཅིག་པས་བདག་པོའི་འབྲས་བུར་ཡང་འཇོག་པའི་ཕྱིར་རོ། །འདི་ལ་ཙི་ལུ་པས། །མྱ་ངན་ལས་འདས་པའི། ཐམས་ཅད་མཁྱེན་པའི། སྐུ་གསུམ་ཐོབ་པའི། ཆོས་ཀྱི་དབང་ཕྱུག་གི་ཡན་ལག་བཞིར་བཞག་སྟེ། དེ་ཡང་མི་གནས་པའི་མྱང་འདས་ཐོབ་ནས་ཐམས་ཅད་མཁྱེན་པར་འབད་མེད་དུ་འགྱུར་ལ། དེ་ནས་སྐུ་གསུམ་གྱི་སེམས་ཅན་གྱི་དོན་བྱེད་ཅིང་། དེས་ཁམས་གསུམ་ཆོས་ཀྱི་དབང་ཕྱུག་ཏུ་འགྱུར་ཞེས་གོ་རིམ་དང་སྒྲ་དོན་གཉིས་ཀ་ལེགས་པར་གྲུབ་བོ། །གསུམ་པ་ནི། འོ་ན་བཞི་པོ་དེས་རྗེ་བཙུན་ཡབ་བསྐྱེད་པ་ལས་འབྲས་བུ་ཆུང་ངུ་། ཡུམ་བསྐྱེད་པར་འབྲིང་པོ། འཁོར་བསྐྱེད་པར་ཆེན་པོར་འཇོག་པ་ནི། དང་པོས་ཐ་མལ་ཀྱི་རྣམ་རྟོག་སྤོང་བའི་མཐུ་ཆུང་བ་སོགས་ཀྱི་རིམ་པས་སོ། །གཉིས་པ་སྐབས་ཀྱི་དོན་ལ་སྦྱར་བ་ལ་གཉིས་ཏེ། ཡན་ལག་དང་འབྲས་བུ་ཆུང་ངུ་བཞིས་རྗེ་བཙུན་ཡབ་དང་། དེ་འབྲིང་བཞིས་ཡུམ་བསྐྱེད་པའོ། །དང་པོ་ལ་བཞི་ལས། དང་པོ་བསྙེན་པའི་ཡན་ལག་དང་། རྒྱུ་མཐུན་པའི་འབྲས་བུ་ཆུང་ངུ་ལའང་གཉིས། བཤེས་གཉེན་དམ་པ་རྒྱུའི་རྡོ་རྗེ་འཆང་བསྐྱེད་པ་དང་། དེའི་རྒྱུ་མཐུན་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པའོ། །དང་པོ་ལ་གསུམ་སྟེ། མངོན་བྱང་ལྔའི་ཆོ་ག །དེས་ཆགས་པ་ཅན་གྱི་


JKT005_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་འདུལ་ཚུལ། འགྲོ་བར་དབང་བསྐུར་ཚུལ་ལོ། །དང་པོ་ལའང་གཉིས་ཏེ། ཉམས་ལེན་གྱི་རིམ་པ་དང་། དེ་ཉིད་རྒྱུད་ཀྱི་ལུང་དང་སྦྱར་བའོ། །དང་པོ་ནི། ཟླ་ཉི་ཕྱག་མཚན་ས་བོན་སྐུ་ཡོངས་རྫོགས་ལ་བྱང་ཆུབ་པ་ཡེ་ཤེས་ལྔ་ཡི་ངོ་བོའོ། །གཉིས་པ་ནི། རྩ་རྒྱུད་ཀྱི་ཟིལ་གནོན་རྡོ་རྗེ་དང་། དམ་ཚིག་འབྱུང་བ་རྡོ་རྗེ་གཉིས་ཀྱིས་འདིས་སྟོན་པར་བཞེད་དོ། །གཉིས་པ་རྗེས་ཆགས་ཀྱིས་སེམས་ཅན་འདུལ་ཚུལ་ལའང་སྔར་བཞིན་གཉིས་ཏེ། དང་པོ་ནི། འདོད་ཆགས་ཆེན་པོའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ་རྗེ་བཙུན་ཡབ་ཀྱི་ལུས་ལ་ཞུགས་པས་སྤྱན་སོགས་ལྷ་མོ་དགུར་གྱུར་ཏེ་ཕྱིར་ཕྱུང་སྟེ་རིགས་ལྔའི་ནང་དུ་ཞུགས་པའོ། །གཉིས་པ་ནི། ༡རྩ་རྒྱུད་ལས་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བས་སྟོན་པར་བཞེད་དོ། །གསུམ་པ་དབང་བསྐུར་བ་ལ་གཉིས་ཏེ། དང་པོ་ཉམས་ལེན་ལའང་དྲུག ། དབང་བསྐུར་བའི་དགོས་པ་ནི། འདོད་ཆགས་ཆེན་པོས་འདུལ་བའི་སེམས་ཅན་རྣམས་གསང་བ་འདུས་པའི་སྣོད་རུང་དུ་བྱ་བའི་ཕྱིར་རོ། །གང་དུ་དབང་བསྐུར་བའི་དཀྱིལ་འཁོར་ནི། ཡུམ་གྱི་པདྨར་དཀྱིལ་འཁོར་བསྐྱེད་པ་ལའོ། །དེར་འགྲོ་བ་གཞུག་ཚུལ་ནི། འགྲོ་བ་ཐམས་ཅད་དཀྱིལ་འཁོར་དེར་གཞུག་པའོ། །ཞུགས་པ་ལ་དབང་བསྐུར་ཚུལ་ནི། ས་བོན་འོད་ཀྱིས་བདེ་གཤེགས་ཐམས་ཅད་ཡབ་ཀྱི་ཞལ་དུ་


JKT005_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། བྱང་ཆུབ་སེམས་ཞུ་བ་རྡོ་རྗེའི་ལམ་ནས་བྱུང་བས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བའོ། །དེ་ལྟར་གྱུར་ནས་ཕྱིར་སྤྲོ་བ་ནི། ཀུན་བཟང་རྒྱས་པར། དབང་བསྐུར་བའི་རྗེས་ལ་སེམས་ཅན་ཐམས་ཅད་བདེ་བ་ཐོབ་ནས་ཞུ་བར་གྱུར་ནས། རྡོ་རྗེ་སེམས་དཔའ། རྣམ་པར་སྣང་མཛད་ཀྱི་བར་དུ་ཟླ་བའི་གདན་ཉེར་གཅིག་ལ་ཟླ་བའི་ཆ་ཉི་ཤུ་རྩ་གཅིག་ཏུ་གྱུར་ཏེ། དེ་ཡང་ས་བོན་ཉེར་གཅིག་ཏུ་གྱུར་ཏོ། །ཞེས་སོགས་གསུངས་སོ། །དེ་ཉིད་ཀྱི་དོགས་པ་འགོད་པ་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། རྩ་རྒྱུད་ལས་ཟིལ་གནོན་རྡོ་རྗེའི་སྐབས་སུ། དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་ན་གནས་པའི་སེམས་ཅན་སོགས་ནས། ཡིད་བདེ་བ་ཐོབ་པར་གྱུར་ཏོ། །ཞེས་པས་བསྟན་པར་བཞེད་དོ། །གཉིས་པ་དེའི་རྒྱུ་མཐུན་འབྲས་བུ་རྡོར་འཛིན་བསྐྱེད་པར། རྒྱུ་རྡོ་རྗེ་འཆང་ཞུ་བ། དེ་ལས་གླུས་བསྐུལ་བ། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པའོ། །དང་པོ་ནི། བར་སྲིད་མཚོན་བྱེད་ཡི་གེ་འབྲུ་གསུམ་ཧོ་གཉིས་ཀྱི་བར་དུ་ཆུད་པས་ཞུགས་པས་རྐྱེན་བྱས་ཏེ་ཞུ་བའོ། །གཉིས་པ་ནི། དེ་ལ་མཱ་ཀི་སོགས་ལྷ་མོ་བཞིས་ཚིགས་བཅད་རྒྱུད་ཕྱི་མ་ནས་འབྱུང་བ་ལྟར་གྱིས་བསྐུལ་བའོ། །གསུམ་པ་ནི། ཀུན་བཟང་རྒྱས་པར། དེ་ལྟར་བསྐུལ་བས་སྒྱུ་མ་ལྟ་བུའི་ཐིག་ལེ་དེ་མཾ་ཡིག་གུར་གུམ་གྱི་མདོག་ལྟ་བུར་གྱུར། དེ་ལས་རལ་གྲི་


JKT005_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་གུའི་ཡུ་བ་ལ་མཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་འཇམ་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་གི་གཟུགས་སུ་གྱུར་ཏེ། མཾ་ཡིག་ལ་བསྡུས་ནས་དེ་ཡོངས་སུ་གྱུར་པ་ལས། དཀྱིལ་འཁོར་གྱི་གཙོ་བོ་རང་འོད་ཀྱི་རིག་མས་འཁྱུད་པ་བསྐྱེད་པར་བཤད་དོ། །གཉིས་པ་ཉེར་སྒྲུབ་ཀྱི་ཡན་ལག་དང་། རྣམ་སྨིན་གྱི་འབྲས་བུ་ཆུང་ངུ་ནི་མིག་སོགས་སྐྱེ་མཆེད་དྲུག་ཏུ་ས་སྙིང་སོགས་སེམས་དཔའ་དྲུག་རྡོ་རྗེའི་ཆོ་ག་གསུམ་གྱིས་བསྐྱེད་པའོ། །གསུམ་པ་སྒྲུབ་པའི་ཡན་ལག་དང་། སྐྱེས་བུས་བྱེད་པའི་འབྲས་བུ་ཆུང་ངུ་ནི། སྔགས་ཀྱི་བདག་པོ་རྡོ་རྗེ་གསུམ་གྱིས་གནས་གསུམ་བྱིན་གྱིས་བརླབས་པའོ། །བཞི་པ་སྒྲུབ་ཆེན་དང་། དྲི་མེད་ཀྱི་འབྲས་བུ་ཆུང་ངུ་ནི། རང་གི་སྙིང་གར་རྡོ་རྗེ་གསུམ་གྱིས་ཡེ་ཤེས་སེམས་དཔའ་བསྐྱེད་པའི་ཐུགས་འོད་ཀྱིས་བདེ་གཤེགས་རྣམས་བསྐུལ་བས། ཐུགས་ལས་འོད་ཟེར་འཕྲོས་པའི་རིག་མ་རྣམས་ཀྱིས་བུམ་ཆུས་སྤྱི་བོ་ནས་དབང་བསྐུར་བའོ། །གཉིས་པ་ཡན་ལག་དང་འབྲས་བུ་འབྲིང་བཞིས་རྗེ་བཙུན་ཡུམ་བསྐྱེད་པ་ལ་གཉིས། མཐའ་དཔྱད་དང་། ཉམས་ལེན་གྱི་རིམ་པའི་ལུགས་འདིས་རྒྱུ་འབྲས་ཀྱི་རྡོར་འཛིན་དང་། འགྲོ་བར་དབང་བསྐུར་བའི་སྐབས་སུ་སེམས་ཅན་རྣམས་ལྷར་བསྐྱེད་པ་ཡང་ཆོ་ག་བཞིས་བསྐྱེད་པར་བཞེད་དེ། རྒྱུ་རྡོར་འཛིན་ལ་ཟླ་བ་གཉིས་ཟླ་བ་གཅིག་ཏུ་གྱུར་


JKT005_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཆོས་དང་པོའོ། །དེ་ཉིད་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པར་གྱུར་པ་ནི་གཉིས་པ། དེ་ལས་སྐུ་རྫོགས་པ་ནི་ཆོ་ག་གསུམ་པ། དེ་ཉིད་གཞན་དུ་མི་གཡོ་བར་རང་གནས་སུ་བཞག་པ་ནི་བཞི་པ། དེའི་རྒྱུ་མཐུན་སྐུ་ལས་ཐིག་ལེ་ཞུ་བ་དང་པོ། བར་མ་གཉིས་ནི་སྔར་དང་འདྲ། སྔགས་ཀྱི་ཚོགས་ཆོས་ཀྱི་དབྱིབས་ཀྱི་ཡེ་ཤེས་སུ་བྱིན་གྱིས་བརླབས་པ་ནི་བཞི་པའོ། །འགྲོ་བས་དབང་བསྐུར་ལ་སྔ་མ་གསུམ་ནི་འདྲ། ཕྱིར་སྤྲོས་ཏེ་རང་གནས་སུ་གཤེགས་པ་ནི་བཞི་པའོ། །དང་། སྒྲུབ་ཐབས་ལས་བཤད་པའི་བརྒལ་ལན་ཏེ་འདིར་མ་བྲིས་ལ། གཉིས་པ་ནི། ཇི་སྐད་བཤད་པའི་བསྙེན་པའི་ཡན་ལག་དང་། རྒྱུ་མཐུན་པའི་འབྲས་བུ་བར་མ་བྱས་ན་ཉེ་བར་སྒྲུབ་པ་རྣམ་པར་སྨིན་པའི་འབྲས་བུ་བར་མ་ལ་ནི་ཁྱད་པར་མི་སྣང་ལ། །སྒྲུབ་པའི་ཡན་ལག་དང་སྐྱེས་བུས་བྱེད་པའི་འབྲས་བུ་འབྲིང་པོ་ནི་སྔ་མ་བཞིན་དང་། སྒྲུབ་ཆེན་དང་དྲི་མེད་ཀྱི་འབྲས་བུའང་སྔར་བཞིན་ནོ། །གསུམ་པ་རྗེས་ཆགས་ཀྱི་རྣལ་འབྱོར་ནི། རྗེ་བཙུན་ཡུམ་གྱི་གནས་ལྔར་རིགས་ལྔའི་ས་བོན་གྱིས་གཏམས་ནས་མཁའ་གསང་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས་ཡབ་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཡུམ་ལ་རེག་པས་གཉིས་སུ་མེད་པའི་རྗེས་ཆགས་སུ་བསམ་མོ། །གསུམ་པ་རྣལ་འབྱོར་དེས་སྦྱང་གཞི་སྦྱོང་བའི་ཚུལ་ལ་གསུམ། སྦྱང་གཞི། སྦྱོང་བྱེད། ཇི་ལྟར་སྦྱང་བའོ། །དང་པོ་ནི་འཁྲུལ་ངོར་མ་དག་པར་སྣང་བའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དོ། །གཉིས་པ་ནི་རྟེན་དང་


JKT005_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོའོ། །གསུམ་པ་ནི་བསོད་ནམས་ཀྱི་ཚོགས་བསགས་པས་རང་རྒྱུད་ཀྱི་ལས་ཀྱི་སྒྲིབ་པ་བཟློག་པ་དང་། ཡེ་ཤེས་ཀྱི་ཚོགས་བསགས་པས་དངོས་འཛིན་བཟློག་པ་དང་། དངོས་གཞིར་སེམས་གསལ་བ་ཙམ་དུ་ལངས་པས་ཆད་མཐའ་སྦྱོང་བ་དང་། བརྟེན་པས་ཕྱི་སྣོད་ཀྱི་འཇིག་རྟེན་གླིང་བཞི་རི་རབ་ཁང་ཁྱིམ་ལ་སོགས་པ་དང་། རྟེན་གྱི་སྐྱེ་གནས་བཞིས་བསྡུས་པའི་ནང་བཅུད་ཀྱི་སེམས་ཅན་སྦྱོང་པའོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ལ་གཉིས་ཏེ། ཡན་ལག་བཞིས་བསྐྱེད་པ་དང་། མཆོད་བསྟོད་བདུད་རྩི་མྱོང་བའོ། །དང་པོ་ལ་བཞི་ལས། དང་པོ་བསྙེན་པའི་ཡན་ལག་རྒྱུ་མཐུན་གྱི་འབྲས་བུ་ཆེན་པོ་ལའང་བདུན། བསྐྱེད་ཆོག་གི་ངེས་པ། འབྱིན་སྔགས་ཀྱི་ངེས་པ། མཛད་པའི་ངེས་པ། ཞལ་ཕྱག་གི་ངེས་པ། ལྷའི་གྲངས་ཀྱི་ངེས་པ། གཙོ་བོ་གོ་འཕོ་བའི་དཀྱིལ་འཁོར་གྱི་གྲངས་ཀྱི་ངེས་པ། ཡེ་ཤེས་པ་གཞུག་པའི་ངེས་པའོ། །དང་པོ་ནི། རྡོ་རྗེ་ཆོ་ག་བཞི་པ་སྟེ། མངལ་དུ་ཐིག་ལེ་ཞུ་བ་ནི་བྱང་ཆུབ་སེམས་ཀྱི་ཆོ་ག །དེ་ས་བོན་དུ་གྱུར་པ་ནི་ས་བོན་དུ་བསྡུ་བའི་ཆོ་ག །དེ་ལས་ལྷའི་སྐུ་ཡོངས་སུ་རྫོགས་པ་ནི་གཟུགས་བརྙན་རྫོགས་པའི་ཆོ་གའོ། །གཉིས་པ་ནི། དེ་ཉིད་འབྱིན་སྔགས་ཀྱིས་ཕྱུང་སྟེ་བསྡུས་ནས་རང་གནས་སུ་བཞག་པ་སྟེ་ཡིག་འབྲུ་དགོད་པའི་ཆོ་གའོ། །གསུམ་པ་ནི།


JKT005_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་སྔགས་ཀྱིས་མི་བསྐྱོད་པ་བསམ་གྱིས་མི་ཁྱབ་པ་སྤྲོས། ཞེ་སྡང་གཙོ་བོར་གྱུར་པའི་སེམས་ཅན་གྱི་དོན་བྱས་ཏེ། ཞེ་སྡང་ཆེན་པོ་བསྐྱེད་པའི་རྣམ་ཤེས་ཀྱི་ཕུང་པོ་དང་། ཤིན་ཏུ་རྣམ་དག་ཆོས་དབྱིངས་ཀྱི་རང་བཞིན་ནི་ལུས་ལ་ཐིམ་པར་བསམ་མོ། །ཞེས་སོགས་རིགས་ལྔ་ཀར་འགྲེས་སོ། །བཞི་པ་ནི། སྒྲུབ་ཐབས་ནས་འབྱུང་བ་ལྟར་རོ། །ལྔ་པ་ནི། ལྷ་བཅུ་དགུར་གྲངས་ངེས་པ་ནི་འཁོར་བའི་འདྲ་འབག་གི་སྒོ་པའི་འདྲ་འབག་གི་སྒོ་ནས་བཅུ་དགུར་གྲངས་ངེས་པ་དང་། གྲངས་གཞན་དུ་རྟོག་པ་མི་འཐད་པའི་ཚུལ་ཡོད་ཀྱང་ཞིབ་པར་མ་སྤྲོས་སོ། །དྲུག་པ་ནི། སྙིམ་པའི་མེ་ཏོག་ལས། འདི་ནས་བཤད་པའི་རླུང་དུ་འབྲིང་དང་ཆེན་པོའི་ཡན་ལག་གི་རིམ་པས་རྒྱུད་སྡེ་གཞན་ལས་བཤད་པའི་ལྷ་གང་ཡིན་པ་དེའི་ཞལ་ཕྱག་གི་དང་། ས་བོན་དང་། རིགས་བདག་ངེས་པར་བྱས་ནས་བསྒྲུབ་པའི་ཚུལ་དང་། དཀྱིལ་འཁོར་འདི་ཉིད་ལ་བཀོད་པའི་ལྷ་གཙོ་བོ་གོ་འཕོ་བའི་ཚུལ་གཉིས་གསུངས་སོ། །བདུན་པ་ནི། དཀྱིལ་འཁོར་འཁོར་ལོ་དགུག་པ་དང་། མཆོད་པ་དང་། བསྟིམ་པ་དང་། བཅིངས་པ་དང་། མཉེས་པར་བསྟབ་བར་བཤད་དོ། །གཉིས་པ་ཉེར་སྒྲུབ་ཀྱི་ཡན་ལག་དང་། རྣམ་སྨིན་གྱི་འབྲས་བུ་ཆེན་པོ་ནི། མིག་ལ་སོགས་པར་སེམས་དཔའ་དྲུག་བཀོད་པ་སྔར་བཞིན་ནོ། །གསུམ་


JKT005_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྒྲུབ་པའི་ཡན་ལག་དང་། སྐྱེས་བུས་བྱེད་པའི་འབྲས་བུ་ཆེན་པོ་ནི་གནས་གསུམ་བྱིན་གྱིས་བརླབ་པ་སྔ་མ་བཞིན་ནོ། །བཞི་པ་སྒྲུབ་ཆེན་དང་། དབང་འབྲས་ཆེན་པོ་དང་དབང་བསྐུར་ནས་རིགས་བདག་གིས་རྒྱས་གདབ་པ་སྔར་བཞིན་ནོ། །གཉིས་པ་མཆོད་པ་ནི། སྤྱན་ལ་སོགས་པའི་ལྷ་མོ་བཅུ་སྤྲོས་ནས་མཆོད་པ་དང་། བསྟོད་པ་ནི། དེ་ཉིད་ལྔ་པ་དང་། བདུད་རྩི་མྱོང་བ་ནི། ཀུན་བཟང་རྒྱས་པར། སྔགས་ཀྱི་ཆོ་གས་བདུད་རྩི་བསྒྲུབས་ཏེ། ཡི་གེ་ཧཱུྃ་གིས་ལྷ་རྣམས་ཀྱི་ལྕེ་བྱིན་གྱིས་བརླབས་ཏེ་བདུད་རྩི་མྱང་བར་བྱའོ། །ཞེས་སོ། །གསུམ་པ་ལས་རྒྱལ་མཆོག་ལ་བཞི་སྟེ། ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་དང་། བཟླས་པའི་རྣལ་འབྱོར་དང་། ཚིམས་པའི་ཆོ་གའོ། །དང་པོ་ནི། འོད་ཟེར་སྤྲོ་བསྡུའི་ཚྭ་ཡིག་དེ་ཉིད་ཐིག་ལེར་བསྒོམ་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཾ་ཡིག་ལས་འོད་ཟེར་འཕྲོས་པས་རྟེན་དང་བརྟེན་པར་བཅས་པ་ལ་ཐིམ་སྟེ་སླར་བསྡུ་བའི་ཚུལ་དུ་ཡང་ཡང་བྱའོ། །གཉིས་པ་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་ཞུགས་ནས་ཡུམ་གྱི་པདྨར་ལྷུང་བས་རྗེ་བཙུན་རྡོ་རྗེ་སེམས་དཔར་བསྐྱེད་ནས་དེའི་ཐུགས་ཀ་ནས་རྡོ་རྗེ་རྩེ་ལྔ་པ་སྔར་བཞིན་སྤྲོ་བསྡུ་བྱའོ། །གསུམ་པ་ནི། གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེ་འབྲུ་གསུམ་གྱིས་


JKT005_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ་ལས་སྤྲོ་བསྡུ་བྱ་ཞིང་། ཨོཾ་ཨཱམཱི་ཧཱུྃ། ཞེས་ཅི་ནུས་སུ་བཟླ་བའོ། །བཞི་པ་ནི། འོད་ཟེར་སྤྲོ་བསྡུས་འཇིག་རྟེན་ཐམས་ཅད་ཀྱི་བདུད་རྩི་བཀུག་སྟེ་ལུས་ལ་བཅུག་པ་དང་། སྤྱི་བོའི་རིགས་ལྔའི་བདུད་རྩིས་ལུས་ཚིམ་པར་བསམ་པའོ། །དེ་ལྟར་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་གཙོ་བོར་གྱུར་པའི་ལྷ་བཅུ་དགུའི་དཀྱིལ་འཁོར་གྱི་བསྐྱེད་པའི་རིམ་པ་ཅུང་ཟད་བཤད་ཟིན་ཏེ། དེ་ཡང་། སངས་རྒྱས་ཀུན་གྱི་གསང་ཆེན་ཀུན་གྱི་ཀུན་འདུས་རྒྱུད་ཆེན་ཕྱི་མའི་རྒྱུད་དང་བཅས། །འཇམ་དཔལ་ཞལ་གྱི་བདུད་རྩི་གསན་པའི་སྙིམ་པས་ལེགས་གསོལ་ཤིང་རྟ་ཆེན་པོ་དེས། །ལེགས་པར་བཀྲལ་བའི་གཞུང་བཟང་རྣམས་དང་དེ་ཡི་རྗེས་འབྲངས་གྲུབ་པའི་སར་གནས་པ། །མར་མེ་མཛད་བཟང་སྨན་ཞབས་རིན་ཆེན་རྡོ་རྗེ་བསོད་སྙོམས་ཨ་དྭེ་ཥ་ཡི་གཞུང་། །རྒྱལ་བས་བྱིན་དང་ཐ་ག་ན་དང་ཙི་ལུ་རིན་ཆེན་འབྱུང་གནས་ཞི་བ་ཡི། །རྒྱུད་འགྲེལ་འགྲེལ་པའི་རྣམ་འགྲེལ་དེ་དག་ཡུན་རིང་འབད་པའི་བློ་ཡིས་ཚུལ་བཞིན་དུ། །ཞིབ་མོར་དཔྱད་པའི་བློ་གྲོས་སྤྱི་གཙུག་དམ་པའི་མན་ངག་ནོར་བུས་ལེགས་སྤྲས་པའི། །གཙུག་རྒྱན་འོད་ཀྱི་གསུང་རབས་བང་མཛོད་གསལ་བར་བྱེད་པའི་བསྟན་བཅོས་ཆེན་པོ་འདི། །ཞེས་གསུངས་སོ། །འདི་ནི་སརྦ་ཛྙཱ་པུཎྱ་སིཾ་ཧའི་གསུང་ལས་བཏུས་པ་སྟེ། རྒྱས་པར་དེས་མཛད་པའི་སྒྲུབ་ཐབས་རྣམ་བཤད་དང་བཅས་པ་


JKT005_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྟོགས་པར་བྱོས་ཤིག །ཤུ་བྷཾ།། ༈ །།སྐུ་ཚེ་འདིར་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་བརྙེས་པའི་སློབ་དཔོན་བུདྡྷ་ཛྷཱ་ནའི་ཞབས་ལ། རྗེ་བཙུན་འཇམ་དཔལ་རྡོ་རྗེ་སྤྲུལ་པའི་དགེ་སློང་དུ་རོལ་པས་མངོན་སུམ་དུ་རྗེས་སུ་བཟུང་ནས་གསུངས་པའི་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་བྱ་བའི་ཞལ་གྱི་ལུང་ལས་ཕྱུང་བའི་རྡོ་རྗེའི་ཚིག་གི་དུམ་བུ་འགའ་ཞིག་བྲི་བར་བྱའོ། །དེ་ནས་ཡོན་ཏན་ཀུན་འབྱུང་ཨོ་རྒྱན་ཡུལ་དུ་བགྲོད། །འཇོ་སྒེག་རྡོ་རྗེ་ཞེས་རབ་མཚན་གསོལ་རབ་ཏུ་གྲགས། །སོགས་ནས། ལྷོ་ཕྱོགས་ནམ་མཁའི་ཤིང་ལྡན་ཀངྐ་ན་རུ་བགྲོད། །གྲུབ་པའི་དབང་ཕྱུག་པཱ་ལི་པཱ་དར་རབ་གྲགས་པ། །རྫུ་འཕྲུལ་ལྡན་པའི་སློབ་མའི་ཚོགས་དང་རབ་ཏུ་བཅས། །དེ་ཀུན་ཡོ་བྱད་གོས་ཟས་ནོར་རྒྱུན་གྱིས་སྦྱོར་བ། །བླ་མ་དམ་པ་དེ་དྲུང་ལོ་དགུར་རབ་ཏུ་བཏུད། །འདུས་པའི་རྒྱུད་ཆེན་འགྲེལ་བཅས་བཅོ་བརྒྱད་རབ་ཏུ་མཉན། །བདག་གིས་མ་རྟོགས་བླ་མ་ཆེན་པོས་དེ་བཞིན་གསུངས། །འདི་མ་རྟོགས་པར་གཞན་ནི་དོན་མེད་པར་བསམ་ནས། །གླེགས་བམ་མགུལ་བཏགས་བྱང་ཕྱོགས་ཡུལ་དུ་རབ་བགྲོད་དེ། །རྡོ་རྗེ་གདན་དུ་ཀུ་བ་རྩ་ཞེས་བྱ་བའི་ཚལ། །སྟག་དང་དྲེད་སོགས་མང་ཞིང་ཤིན་ཏུ་འཇིགས་པའི་སར། །ཟླ་བ་དྲུག་གནས་པ་ཡིས་ཆོས་རྣམས་དེ་ཉིད་རྟོགས། །སྤྲུལ་པའི་དགེ་སློང་བླ་མ་གཉིས་དང་བཅས་པ་ཕྲད། །


JKT005_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་དང་ལག་གཉིས་ཡོལ་དང་ཚེས་བརྒྱད་རྒྱལ་ལ་བབས། །སྟོན་ཟླ་ར་བའི་ཐོ་རངས་སྐྱ་རེངས་ཤར་དུས་སུ། །འཇམ་དཔལ་དབྱངས་ཀྱིས་དཀྱིལ་འཁོར་འཁོར་ལོར་སྤྲུལ་པ་ལས། །བདག་གིས་དོན་འདི་བླང་ཕྱིར་གསོལ་བ་རབ་ཏུ་བཏབ། །ཁྱོད་ནི་སེམས་ཅན་ཀུན་གྱི་ཡབ་སྟེ་ཡུམ་ཡང་ཡིན། །སོགས་ནས། རྗེ་བཙུན་བདག་ལ་ཕན་ཕྱིར་སྦས་པ་ཤོད། །ཅེས་ལ་སོགས་ཟློཀ་བདུན་གྱིས་གསོལ་བ་བཏབ་པས། དེ་ནས་འཇམ་དབྱངས་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིས། །བདག་ལ་འཛུམ་པའི་བཞིན་བཅས་ལེགས་ཞེས་ལན་གསུམ་གསུངས། །རོལ་པའི་གར་དང་ཆོས་ཀུན་དེ་བཞིན་ཉིད། །སྒྲ་བརྙན་ལྟ་བུ་རྡོ་རྗེའི་གླུ་ཡིས་བདག་ལ་བསྟན། །ཨ་བི་ཡཾ་རཾ་བཾ་ལཾ་ཧཱུྃ་ཨ་ལ་ལ་ཧོ། །རྗེ་བཙུན་ཐུགས་རྗེ་ཅན་རྣམས་ཀྱིས། །འདི་རྟོགས་པ་ཡི་བདེ་གཤེགས་ཀྱིས། །ཕུན་སུམ་ཚོགས་པ་འཐོབ་འགྱུར་བའི། །འདས་དང་ད་ལྟར་མ་བྱོན་པའི། །རྡོ་རྗེ་འཛིན་པས་སྣོད་འགའ་ལ། །གསུངས་ཤིང་གསུང་དང་གསུང་འགྱུར་བ། །ཡང་དག་དོན་རབ་རབ་རྟོགས་ཕྱིར། །ང་ཡིས་ཁྱོད་ལ་བསྟན་པར་བྱ། །ཡིད་གཅིག་བསྡུས་ལ་མཉན་པར་གྱིས། །ཆོས་རྣམས་གཟུགས་ལ་སོགས་པ་རྣམས། །ཀུན་མཁྱེན་པར་གྱི་རང་བཞིན་ནི། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་ཡེ་ཤེས་དེ། །དེ་ནི་དངོས་མེད་སྒོམ་དངོས་མེད། །དངོས་


JKT005_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐམས་ཅད་དང་བྲལ་བའི། །ཁམས་དང་སྐྱེ་མཆེད་ཀྱིས་མ་ཟིན། །རང་བཞིན་གྱི་ནི་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །མེད་ནས་ཆོས་རྣམས་མཚན་ཉིད་སྤངས། །ཆོས་དང་ཆོས་ཉིད་ཀྱང་མེད་དེ། །དངོས་པོ་མེད་པས་མཁའ་དང་མཚུངས། །ཚིག་དང་ཡི་གེ་ཀུན་ལས་གྲོལ། །དེ་ནི་དུས་དང་ཕྱོགས་རྣམས་དང་། །ཆོས་རྣམས་ཀུན་གྱི་ངོ་བོར་སོང་། །ལུས་མ་ཡིན་ཏེ་ངག་དང་ནི། །ཡིད་ཀྱང་མ་ཡིན་འདོད་ཁམས་དང་། །གཟུགས་དང་གཟུགས་མེད་ཁམས་མ་ཡིན། །འབྱུང་ཆེན་བཞི་ཡང་མ་ཡིན་ཏེ། །དེ་བས་དེ་ནི་གང་ན་ཡང་། །མི་གནས་པས་ན་མཉམ་པ་ཉིད། །དེ་འདྲ་རྡོ་རྗེ་འཆང་ཆེན་པོ། །ཆོས་རྣམས་ཀུན་གྱི་ཆོས་ཉིད་མཆོག །ཐབས་ཀྱིས་བསྒྲུབ་པར་བྱ་བའི་དངོས། །བརྟག་པ་ཀུན་ལས་རབ་དབེན་པ། །ཕུན་སུམ་ཚོགས་རྒྱུད་དཔག་དཀའ་བ། །ཕྱག་རྒྱ་ཆེན་པོ་རབ་སྣང་བའི། །ཟེར་གྱིས་རང་བཞིན་སྨིན་བྱེད་པའི། །དེ་བཞིན་གཉིས་མེད་རང་བཞིན་མཆོག །རྡོ་རྗེ་འཛིན་པ་ཆེན་པོས་ཀྱང་། །བརྗོད་དུ་མེད་པའི་སྐུ་ཆེན་པོ། །དེ་ཉིད་རྒྱལ་སྲས་ཞིང་བཅས་དང་། །སྲིད་གསུམ་རྒྱུ་དང་མི་རྒྱུར་བཅས། །ཐམས་ཅད་ཀུན་གྱི་བདག་ཉིད་དེ། །དངོས་ཀུན་གཙོ་བོ་རང་སེམས་ཀྱི། །ངོ་བོ་ཉིད་དེ་དེ་རྟོགས་ན། །སངས་རྒྱས་བྱང་ཆུབ་དེ་ཉིད་དོ། །འཇིག་རྟེན་གསུམ་ཡང་དེ་ཉིད་དོ། །འབྱུང་ཆེན་


JKT005_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་དེ་ཉིད་དོ། །ཅི་ཡི་ཕྱིར་ན་ཆོས་ཐམས་ཅད། །སེམས་ལ་གནས་ཏེ་དེ་ཉིད་ཀྱང་། །ནམ་མཁའ་ལ་གནས་ནམ་མཁའ་ནི། །གང་དུ་མི་གནས་འོད་གསལ་བ། །གཟོད་ནས་རྣམ་དག་སྟོང་པའོ། །སངས་རྒྱས་མྱ་ངན་འདས་པའི་ཁམས། །སྐྱེ་མེད་རྡོ་རྗེ་མངོན་བྱང་ཆུབ། །བདེར་གཤེགས་ཀུན་གྱི་སྙིང་པོ་མཆོག །གཉིས་མེད་རྟོག་བྲལ་དོན་ཆེན་ཏེ། །རིམ་པ་གཉིས་པར་རབ་ཏུ་བཤད། །དེ་འདྲའི་དོན་དེས་དངོས་པོ་ཀུན། །རྣམ་པར་ཁྱབ་སྟེ་རྣམ་གནས་ཀྱང་། །ཐོག་མེད་དུས་ནས་དེ་ལས་ཀྱང་། །རྣམ་རྟོག་ཆེན་པོའི་བྱུང་ཚུལ་ཏེ། །དེ་ལས་ཡང་ནི་འབྱུང་བ་ཆེ། །རླུང་གི་དཀྱིལ་འཁོར་ཉིད་བྱུང་སྟེ། །དེ་ལས ཀྱང་ནི་མེ་ཡི་ཁམས། །ཆེན་པོ་བྱུང་ནས་ཁྱབ་མཛད་དེ། །དེ་ལས་ཆུ་ཁམས་ཆེན་པོ་ཡང་། །བྱུང་སྟེ་ཁྱབ་མཛད་དེ་ལས་ཀྱང་། །ས་བྱུང་བཞི་བསྡུས་ངོ་བོ་ལས། །རི་སོགས་སེམས་ཅན་ཐམས་ཅད་ཀྱང་། །སྣ་ཚོགས་ཕྲ་བ་སྦོམ་པོ་དང་། །སྐྱེས་པ་བུད་མེད་མ་ནིང་དང་། །གཞོན་ནུ་དང་ནི་རྒན་པོ་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །གདོན་དང་སྐར་མ་གཤིན་རྗེ་དང་། །ཆུ་བདག་བརྒྱ་བྱིན་དམྱལ་བ་དང་། །ཡི་དྭགས་དུད་འགྲོ་དང་དེ་ཀུན། །སྤངས་དང་ཤེས་རབ་ཙམ་བརྟེན་པའི། །འགྲོ་བ་ཀུན་ལ་རྒྱས་པར་གནས། །དེ་བས་དེ་ནི་གོང་མ་ཡི། །གཉིས་མེད་རྟོག་བྲལ་རབ་བསྒྲིབས་ཏེ། །མ་རྟོགས་པས་ན་འགྲོ་བ་


JKT005_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །འཁོར་བར་རབ་ཏུ་འཁོར་བར་འགྱུར། །དེ་ནི་འཁོར་བའི་སྡུག་བསྔལ་ཆེ། །དུག་ཆུ་ལྟ་བུར་འཁྲུལ་པ་ཡིས། །རྣམ་བསྒྲུབས་ཐག་པའི་སྦྲུལ་ལྟ་བུར། །སྣང་ཞིང་མེད་པ་ཉིད་དུ་འདོད། །དེ་བས་གཉིས་མེད་དོན་ཆེན་པོ། །རང་རིག་དཀྱིལ་འཁོར་ཆེན་པོ་མཆོག །རྒྱུན་དང་རྣམ་གྲངས་ཀྱིས་གནས་པས། །དེ་ཡི་ངོ་བོ་རྟོགས་པར་བྱ། །གང་ཞིག་དེ་རྟོགས་རབ་འདུན་པ། །སེམས་ཀྱི་སྨོན་ལམ་ཡང་དག་ཅན། །སྔོན་དུ་བསོད་ནམས་མཐུ་བསྐྱེད་དང་། །སྐྱེས་བུ་ཡང་དག་བཞི་ལ་བརྟེན། །སྤྲོ་དང་གུས་དང་བསྙེན་བཀུར་དང་། །འདུན་པར་ལྡན་ཞིང་སྒོམ་པ་དང་། །བརྟན་པོ་སོམ་ཉི་རྣམ་སྤངས་པ། །རྗེས་མཐུན་གཏོང་ཕོད་དེས་ཤེས་འགྱུར། །དེ་ཡིས་རྗེ་བཙུན་ཡང་དག་པ། །མཆོག་གི་གདམས་ངག་རྒྱུད་ལ་ལྡན། །ཐེག་ཆེན་ལམ་གྱི་སྤྱོད་པ་དང་། །སྒོམ་པ་ལ་ནི་ལྷུར་ལེན་དང་། །དེ་ཉིད་བཅུ་ལ་སོགས་པ་ཡི། །གསང་བ་རབ་གསང་ཤིན་ཏུ་གསང་། །ཤེས་ཤིང་དེ་ཡི་དོན་གབ་པར། །སྟོན་བྱེད་བླ་མ་མཉེས་པར་བྱ། །ཡུལ་དང་མཁའ་དབྱིངས་ཁྱིམ་དང་རྟ། །གླང་པོ་ཆེ་སོགས་མལ་སྟན་དང་། །ཆུང་མ་སྡུག་དང་ཡིད་འོང་བུ། །བུ་ཚ་སྲིང་མོ་ཚ་མོ་སོགས། །གཞན་ཡང་གསེར་དང་དངུལ་གྱི་རྫས། །ཟངས་ལྕགས་སོགས་ལས་བྱས་པ་ཡིས། །མཛེས་པའི་རྫས་དང་མུ་ཏིག་གི །ཕྲེང་དང་པདྨ་རཱ་ག་དང་། །པུ་ཤེལ་


JKT005_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཨིནྡྲ་ནཱི་ལ་དང་། །མ་རྒད་གཡུ་སོགས་མཆོད་པའི་ཚོགས། །ཞིང་འདི་མཁས་པས་རབ་བཀང་སྟེ། །དེ་འདྲའི་རྗེ་བཙུན་དབང་པོ་མཆོད། །གསལ་ཞིང་རབ་དགའ་མཁའ་མཉམ་པ། །གཞན་དུ་རིག་པར་མི་འགྱུར་བས། །བུད་མེད་སྒྱུ་མའི་ཕྱག་རྒྱ་ནི། །སྒྱུ་མ་ཀུན་ལས་ཁྱད་པར་འཕགས། །སྒྱུ་མ་དེ་ཡང་འཇིག་རྟེན་འདིར། །སྤྱན་ལ་སོགས་པ་རྣམ་དག་པར། །རིགས་ནི་རྣམ་པ་བཞིར་འགྱུར་ཏེ། །མིང་དང་མཚན་ཉིད་བཤད་པར་བྱ། །ཀ་མ་ལཱི་དང་ཤངྒཱི་ནི། །ཙི་ཏྲ་ནཱི་དང་ཧསྟི་ནི། །ཞེས་སོགས་ཕྱག་རྒྱའི་མཚན་ཉིད་རྒྱས་པར་དང་། གོང་གསུངས་བུ་མོ་བཙལ་ནས་ཀྱང་། །བླ་མ་ལ་ནི་དབུལ་བར་བྱ། །དེ་ནས་བླ་མ་དེ་མཉེས་ནས། །དེ་དང་སྙོམས་པར་ཞུགས་པ་ཡིས། །བདེ་གཤེགས་ཞུ་གྱུར་བཅུ་དྲུག་ཆ། །གྱུར་པ་བླ་མའི་ཁ་རུ་ལྷུང་། །ཞེས་དང་། དེ་ནས་དེ་ལ་རང་བྱུང་གི །ཆོས་སྐུ་རབ་དག་མཁའ་མཉམ་པ། །ལྷག་པའི་ལྷ་ཞེས་བྱ་བ་ནི། །རྟོགས་བྱའི་ཕྱིར་དུ་བུ་མོ་བྱིན། །ཞེས་སོགས་དབང་བར་པ་གཉིས་དང་། ཁྱད་པར་དབང་བཞི་པའི་དོན་ཤིན་ཏུ་རྒྱས་པར་བསྟན་ཏེ། དེ་ཡང་། ནམ་མཁའི་ཁམས་དང་རྡོ་རྗེ་སྦྱོར་བ་ལས་ནི་ཡང་དག་སྤྱན་ཅན་བདེ་ཆེན་འབྱུང་བར་འགྱུར། །གང་གང་ཡང་དག་དགའ་བྱེད་ཆགས་བྲལ་དགའ་གཉིས་བར་དུ་བདེན་གཉིས་མཐོང་བྱས་བརྟན་པར་གྱིས། །པདྨའི་མཁའ་ལ་རྡོ་རྗེ་ནོར་བུ་པད་སྙིང་


JKT005_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་འབྱོར་དང་རྡོ་རྗེ་སྐྱིལ་ཀྲུང་སེམས། །ནོར་བུའི་བར་དུ་མཐོང་བྱས་གང་དེ་བདེ་བ་འབྱུང་བ་ངེས་པ་དེ་ཉིད་ཡེ་ཤེས་ཏེ། །འདི་ནི་རྫོགས་པའི་རིམ་པ་ཡིན་པར་བླ་མ་མཆོག་རྣམས་ཀུན་གྱིས་ཡང་དག་བཤད། །འདོད་ཆགས་བྲལ་བར་མ་དམིགས་ཡེ་ཤེས་ལྷ་ནི་སྐད་ཅིག་དེ་རུ་བསམས། །ཆུ་ཚོད་བརྒྱད་དམ་ཉིན་གཅིག་དང་ནི་ཟླ་བ་གཅིག་ཏུ་འམ། །ལོ་གཅིག་བསྐལ་པའམ་བསྐལ་པ་སྟོང་དུ་ཡེ་ཤེས་དེ་མྱོང་བྱ། །པདྨ་ལ་གནས་བདུད་རྩིའི་ཁུ་བ་བློ་གྲོས་ཅན་གྱིས་ཁ་ཡིས་བླངས་ནས་བཏུང་བྱའོ། །དེ་འདྲའི་དངོས་པོ་ཐམས་ཅད་ཀྱི། །མཐའ་ཡི་དེ་ཉིད་ཟབ་གསལ་བ། །ཐོག་མེད་དུས་ནས་སོ་སོ་ཡི། །སྐྱེ་བོ་ང་དང་ངར་འཛིན་པས། །མ་བརྟགས་པར་ནི་བདག་ཏུ་བཟུང་། །དུས་ལས་བྱུང་དང་འདོད་རྒྱལ་དང་། །གནམ་གྱིས་བསྐོས་དང་གྱི་ན་དང་། །འཛིན་པ་པོས་ནི་སྤྲུལ་པ་དང་། །ཁམས་ཀུན་ལས་ནི་ངེས་འབྱུང་དང་། །དབང་ཕྱུག་དང་ནི་འབྱིན་པའོ། །དུས་དང་གཙོ་བོ་བྱེད་པ་དང་། །བྱེད་པ་པོ་ནི་མ་ཡིན་དང་། །རྣལ་འབྱོར་དང་ནི་ཚད་མ་དང་། །དག་པ་དང་ནི་མ་དག་པ། །ནང་ནས་བརྗོད་དུ་མེད་པའི་བདག ། སྐྱེས་བུ་དང་ནི་ཁྱབ་བདག་དང་། །སྲོག་དང་གང་ཟག་རྣམ་ཤེས་དང་། །ཀུན་གཞི་དང་ནི་ཤེས་པ་པོ། །མཐོང་བ་པོ་དང་གཟུང་འཛིན་དང་། །ཤེས་པ་དང་ནི་ཤེས་བྱ་དང་། །ཤེད་ལས་སྐྱེས་དང་ཤེད་བུ་དང་། །


JKT005_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་དང་གསོ་བ་ལ་སོགས་པ། །མུ་སྟེགས་རྣམས་ཀྱིས་རྣམ་པར་རྟོགས། །ནམ་མཁའ་དང་ནི་འགོག་པ་གཉིས། །ཤིན་ཏུ་འདུས་མ་བྱས་པ་སྟེ། །ཤིན་ཏུ་བརྟན་བྱས་འདུས་བྱས་ཀུན། །སྐད་ཅིག་མ་སྟེ་བདག་པོ་མེད། །ཕྲ་རབ་རྡུལ་ལས་གྲུབ་པ་ནི། །བློ་ཡི་རྣམ་པ་མེད་པ་རུ། །ཁ་ཆེ་བྱེ་བྲག་སྨྲ་བས་རྟོགས། །རང་གི་རིག་པ་སྐྱེ་བྱེད་པ། །བལྟ་བྱ་སྤྱོད་ཡུལ་རྣམ་པར་ནི། །འདུས་མ་བྱས་པ་གསུམ་པོ་དང་། །མོ་གཤམ་བུ་བཞིན་མེད་པ་དང་། །འདུ་བྱེད་ཐམས་ཅད་བེམ་རིག་དང་། །དུས་གསུམ་རྒྱུ་བ་མ་ཡིན་དང་། །དམན་མིན་ཐོགས་མེད་གཟུགས་སུ་ནི། །མདོ་སྡེ་པ་ཡིས་རབ་ཏུ་རྟོགས། །ཡན་ལག་ཅན་ཡང་དོན་དམ་མིན། །རྡུལ་ཕྲན་དག་ཀྱང་དེ་བཞིན་ནོ། །སོ་སོར་སྣང་བ་མི་དམིགས་པ། །རྨི་ལམ་ལྟ་བུར་མི་སྣང་སྟེ། །གཟུང་འཛིན་སྤངས་པའི་ཡེ་ཤེས་ཏེ། །དོན་དམ་ཤེལ་ལྟར་དག་པ་རུ། །རྣལ་འབྱོར་སྤྱོད་པས་རབ་ཏུ་ཡིན་ཏེ་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །ནམ་མཁའི་ཆུ་སྐྱེས་བཞིན་དུ་ནི། །གཉིས་མེད་གཉིས་སུ་མེད་མིན་ཞི། །ཤིན་ཏུ་དྲི་མེད་ནམ་མཁའ་ལྟར། །བློ་ལྡན་དབུ་མ་པ་ཡིས་རྟོགས། །དེ་ལ་རྟོགས་ཏེ་མཐའ་ཡས་པ། །དོན་དེ་ཁོ་ན་ལ་གནས་ནས། །ཐ་དད་སོ་སོར་རྟོགས་པའོ། །དེ་བས་དེ་དག་ཐམས་ཅད་ཀྱང་། །ཡང་དག་མིན་


JKT005_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

པས་བླ་དང་བཅས། །འོག་མ་འོག་མའི་རྣལ་འབྱོར་བློ། །གོང་མ་གོང་མས་ཁྱད་པར་འཕགས། །འོག་མའི་བློ་ནི་གོང་མ་ཡི། །ཤེས་རབ་ཀྱིས་ནི་སུན་འབྱིན་ནོ། །དེ་བས་གོང་མའི་རིམ་པ་ཡིས། །ལྷན་ཅིག་པ་ཡི་སློབ་དཔོན་གྱིས། །བྱིན་གྱིས་བརླབ་པ་ཡང་དག་བྱ། །གསལ་ཞིང་རབ་དྭངས་ནམ་མཁའ་འདྲ། །རང་བྱུང་ལྷག་པའི་ལྷ་ཆེན་པོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས། །བླ་མའི་ཁ་ལས་རྟོགས་པར་བྱ། །དེ་ལྟར་དམ་ཚིག་སྡོམ་ལྡན་པའི། །སྣོད་དུ་རྩེ་གཅིག་ཆུ་འདྲ་ལས། །ཡེ་ཤེས་གཟུགས་བརྙན་ལྟ་བུ་རུ། །རྣལ་འབྱོར་པ་ཡིས་རབ་ཏུ་བརྟགས། །དེ་ཐོབ་ཕྱིན་ཆད་རྣལ་འབྱོར་པས། །འཁོར་བ་ཉིད་ན་གནས་པའི་ཚེ། །དེ་ཡི་ཉེས་བས་མི་གོས་སོ། །ཇི་ལྟར་སྔགས་དང་སྨན་ལྡན་པས། །སྦྲུལ་དག་གསོད་པར་བྱེད་པ་བཞིན། །དེ་འདྲའི་རྣལ་འབྱོར་དབང་ཕྱུག་ཆེ། །ཡེ་ཤེས་སྨན་གྱིས་རྒྱས་བཏབ་པས། །ཉོན་མོངས་ཀྱིས་ནི་ཅི་བྱར་ཡོད། །གང་ཞིག་ལག་ན་གདུགས་ཐོགས་ལ། །དེ་ལ་ཆར་པས་ཅི་བྱར་ཡོད། །དེ་བཞིན་གཉིས་མེད་ཡེ་ཤེས་ཀྱི། །གདུགས་ཐོགས་ལ་ནི་རྟོག་པ་ཡི། །ཆར་པ་རབ་ཏུ་འབབ་གྱུར་ཡང་། །དེ་ལ་དེ་ཡིས་ཇི་ལྟར་གནོད། །དེ་འདྲའི་རབ་མཆོག་ཡེ་ཤེས་ནི། །སོ་སོ་སྐྱེ་བོས་ག་ལ་ཤེས། །ཉན་ཐོས་རྣམས་ཀྱིས་མི་ཤེས་སོ། །རང་སངས་རྒྱས་ཀྱིས་ཀྱང་མི་ཤེས། །རྣལ་འབྱོར་སྤྱོད་དང་དབུ་


JKT005_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མ་པ། །བྱང་ཆུབ་སེམས་དཔས་མི་ཤེས་སོ། །བླ་བཅས་སངས་རྒྱས་ཀུན་གྱིས་ཀྱང་། །འདི་ནི་ཅུང་ཟད་མི་ཤེས་སོ། །འདི་ཡི་དོན་ཤེས་མ་འོངས་པའི། །རྡོ་རྗེ་འཛིན་པ་མཉེས་བྱས་ནས། །རང་གི་བསོད་། ནམས་ཆེན་སྟོབས་ཀྱིས། །ཡི་གེ་མེད་པར་རྣམ་པར་འཕོ། །དེ་ལ་དཀྱིལ་འཁོར་སྦྱིན་སྲེག་དང་། །གཏོར་མ་བཟླས་པ་བགྲང་ཕྲེང་དང་། །སྐྱིལ་མོ་ཀྲུང་དང་སྟང་སྟབས་སོགས། །སྤྲོས་བྲལ་རྣམ་པར་གླུ་བ་སྟེ། །བྱ་བ་མ་ཡིན་དགག་པ་མིན། །ལྷག་པའི་ལྷ་ཡིས་སྤྲུལ་ཕྱིར་རོ། །བྱ་བ་རྣམས་ལ་རྣལ་འབྱོར་པ། །ལམ་ཆེན་དག་ཏུ་ཡོངས་འཛིན་པ། །རི་དྭགས་སྨིག་རྒྱུ་སྙེག་པ་ལྟར། །རྟག་ཏུ་སྣང་ཡང་མ་ཟིན་ནོ། །བྱ་བའི་ནད་ཆེན་གྱིས་ཟིན་ལ། །ཡེ་ཤེས་གཡོ་མེད་སྨན་ཆེན་གྱིས། །གསོ་བྱེད་སྐྱེས་བུ་དམ་པའོ། །དེ་བས་ལུས་ངག་ཡིད་གསུམ་གྱི། །སྡོམ་པ་མཆོག་ལ་གནས་བྱས་ནས། །ངའོ་སྙམ་པའི་གཟི་བསྐྱེད་ལ། །རིམ་པ་གཉིས་པ་དེ་ཉིད་སྒྲུབ། །དགོན་པའམ་ཡང་ན་གྲོང་གི་མཐར། །གང་རུང་ཅི་རུང་དེ་ལྟ་བུར། །བྱ་བར་འོས་པའི་ལས་ཀུན་ཡང་། །བྱས་ནས་བདེ་བའི་སྟན་ལ་འདུག །དེ་ནས་སེམས་ཅན་ཐམས་ཅད་ཀུན། །ཚངས་སྤྱོད་ཆེན་པོས་བཞིས་དམིགས་ཏེ། །དེ་ལ་སོགས་པ་རང་རྒྱུད་ཀྱི། །ལས་ཀྱི་སྒྲིབ་པ་དག་བྱས་ནས། །སེམས་ཙམ་ལ་ནི་བལྟ་བྱས་ཏེ། །ཕྱི་རོལ་རང་བཞིན་སྟོང་པར་བྱ། །སེམས་ཙམ་དེ་ཡང་


JKT005_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་བྱས་ནས། །རང་རིག་ཙམ་དུ་གནས་པར་བྱ། །རང་རིག་དེ་ཡང་ཟླ་བ་སོགས། །གདན་དུ་བརྟགས་ནས་ཡི་གེའོ། །སྨྱུ་གུས་བསྣུན་བྱས་མཚན་མར་གྱུར། །དེ་ནས་རང་ཉིད་ལྷར་བསྐྱེད་ལ། །ལྷ་ཡི་ང་རྒྱལ་དང་ལྡན་པར། །ཕྱག་རྒྱ་བཞིས་ནི་རྒྱས་བཏབ་སྟེ། །དཀྱིལ་འཁོར་འཁོར་ལོ་སྤྲུལ་པར་བྱ། །དེ་མཉེས་དེ་ལ་གོམས་བསླབས་པས། །ཕྱི་རོལ་ལུས་ནི་ལྡོག་བྱེད་དེ། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མཆོག །མཐའ་ཡི་དེ་ཉིད་བསྒོམ་པར་བྱ། །རང་སྙིང་དམ་ཚིག་ཕྱག་རྒྱ་ཡིས། །ཐུགས་ཀར་མཚན་མ་ལ་གནས་པ། །དེ་བཞིན་གཤེགས་ཀུན་ཡེ་ཤེས་མཆོག །རིམ་པ་དང་པོ་པ་རྣམས་ལ། །ཡི་གེ་གཟུགས་སུ་རབ་སྣང་བ། །གཞོམ་དུ་མེད་པ་རང་ལྷ་ཡི། །ས་བོན་འོད་ཟེར་ལྔ་འབར་བ། །དེ་ཡི་ཁ་དོག་རྣམ་ལྔ་ཡིས། །འོད་ཟེར་སྟོང་གི་སྒོ་ཡི་ནི། །གཡས་ནས་རྣམ་པར་སྤྲོ་བར་བྱ། །དེ་ཡི་རྩ་ལ་དཀྱིལ་འཁོར་གྱི། །འཁོར་ལོ་ལྡན་པའི་བདེ་གཤེགས་རྣམས། །ཕྱོགས་བཅུའི་འཇིག་རྟེན་བཀང་བྱས་ནས། །དབུགས་ཀྱི་ཀུན་རྟོག་ལས་བྱུང་བའི། །སེམས་ཅན་ཐམས་ཅད་སངས་རྒྱས་སྐུ། །བསྐྱེད་ནས་ཟླ་བ་ཞུ་བྱས་ཏེ། །ཐིམ་ནས་རྣམ་པར་དག་བྱས་ནས། །དེ་རྣམས་ཡེ་ཤེས་ངོ་བོ་རུ། །གཡོན་པའི་ཧ་སར་ཞུགས་པར་བྱ། །དེ་ཡི་མཚན་མ་དབུས་གནས་པ། །ས་བོན་ལ་ནི་གཞུག་བྱས་པར། །དེ་ཉིད་སངས་རྒྱས་


JKT005_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི། །ཡོན་ཏན་ཀུན་བསྐྱེད་རིན་པོ་ཆེ། །དངོས་པོ་ཀུན་ལ་ཁྱབ་པའི་བདག །མི་ཤིགས་པ་ཡི་ཐིག་ལེ་ཆེ། །འོད་ཟེར་ལྔ་དང་རབ་ལྡན་པ། །ཙི་ན་ཀ་ཡ་འབྲུ་ཙམ་དུ། །རང་གི་སེམས་སུ་ཆོས་ཐམས་ཅད། །བསྡུས་ནས་རྣམ་པར་བསམ་པར་བྱ། །དེ་ཡི་འོད་ཟེར་རིམ་པ་ཡིས། །རང་གི་གནས་ནི་ཁྱབ་བར་བྱ། །དེ་ལས་ཕྱིར་བྱུང་དམ་ཚིག་རྒྱ། །ནང་གསལ་དེ་ཡིས་ཕྱི་ཡི་ལུས། །གསལ་བྱས་དཀྱིལ་འཁོར་གསལ་བྱས་ནས། །དེ་ཡི་གནས་ཀྱང་གསལ་བར་བྱ། །དེ་ལས་ཕྱིར་བྱུང་བདག་ཉིད་ནང་། །བྱང་ཆུབ་སེམས་གཟུགས་བཅུ་དྲུག་པོ། །མཐེ་བོའི་རྩ་བར་ཡི་གེ་ཨ། །རྗེ་ངར་གཉིས་ལ་དེ་བཞིན་ཨཱ། །བརླ་གཉིས་ལ་ནི་ཨི་ཡི་གཟུགས། །གསང་བ་ལ་ནི་ཨཱི་ཡི་གཟུགས། །ལྟེ་བའི་རྩ་རུ་ཨུ་གཟུགས་ནས། །དེ་བཞིན་གསུས་པར་ཨུ་ཡི་གཟུགས། །ནུ་མ་གཉིས་སུ་ར་གཟུགས་ནས། །དེ་བཞིན་ལག་པར་རཱི་གཟུགས་ཏེ། །མགྲིན་པ་ལ་ནི་ལི་ཡི་གཟུགས། །དེ་བཞིན་མ་མཆུར་ཡི་གེ་ལཱི། །འགྲམ་པ་གཉིས་སུ་ཨེ་གཟུགས་སོ། །དེ་ཡི་མིག་གཉིས་ཡང་ནི་ཨེ། །རྣ་བའི་རྩ་བར་ཨོ་ཡི་གཟུགས། །སྤྱི་བོར་ཨོ་གཟུགས་ཡང་དག་གནས། །ཨོཾ་ཨའི་གཟུགས་སུ་ཚིགས་ཀུན་ལ། །བཅུ་དྲུག་དུས་སུ་རྫོགས་འགྱུར་བ། །གོང་མའི་འོད་ཀྱིས་རྣམས་བཀུག་སྟེ། །ཐིག་ལེ་རུ་ནི་བཞུགས་པར་བྱ། །དེ་རུ་སེམས་ནི་ཅུང་ཟད་ཙམ། །གཟུང་བས་


JKT005_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་འཁོར་ལོ་ཆེ། །རྟེན་དང་བཅས་པ་མོས་པས་བསྒོམས། །དེ་དབུས་བདག་པོ་ཐུགས་ཀ་རུ། །གོང་མའི་རིམ་པས་མི་ཤིགས་པའི། །ཐིག་ལེ་ཆེན་པོ་སྒོམ་བྱས་ནས། །ཡུངས་ཀར་ཚད་ཙམ་དེ་། ལས་སྤྲོ། །རང་གི་གནས་དང་ཕྱག་རྒྱ་ཡི། །ནང་གསལ་དཀྱིལ་འཁོར་གསལ་བྱས་ནས། །དེ་ཡི་གནས་དང་བདག་པོ་ཡི། །ནང་གསལ་ཕྱི་ལུས་གསལ་བྱས་ནས། །དཀྱིལ་འཁོར་རྟེན་བཅས་གསལ་བར་བྱ། །བྱས་ཏེ། །ཕྱི་ཡི་ལུས་ནི་གསལ་བར་བྱ། །དེ་ཡི་དཀྱིལ་འཁོར་འཁོར་ལོ་དང་། །རྟེན་དང་བཅས་པ་གསལ་བྱས་ནས། །ཕྱོགས་བཅུའི་འཇིག་རྟེན་བཞུགས་པ་ཡི། །བདེ་གཤེགས་ཀུན་གྱི་སྤྱན་སྔར་གཤེགས། །བདུད་རྩི་ཞུ་ནས་ཞལ་ཞུགས་ཏེ། །ཐིག་ལེར་བདུད་རྩི་བླངས་བྱས་ནས། །རྡོ་རྗེའི་ལམ་དུ་བྱུང་ནས་སུ། །འོ་མའི་རྒྱུན་ལྟར་འོང་བྱས་ནས། །ཐབས་ཀྱི་ཡེ་ཤེས་གཡས་ཞུགས་ཏེ། །དེ་བཞིན་གཞན་ནི་གཡོན་དུ་ཞུགས། །དེ་ནས་ཡེ་ཤེས་ཐིག་ལེ་ལ། །སྣང་བའི་ཐིགས་པས་ཐིམ་པར་འགྱུར། །དེ་ནི་འཛག་པའི་ངང་ཚུལ་ཅན། །འོད་ཟེར་ལྔ་འབར་དཀར་འཚེར་བ། །ཅུང་ཟད་དམར་བའི་ནང་དུ་སེམས། །མི་གཡོ་ཞིང་ནི་གཟུང་བར་བྱ། །དེ་ལ་གོང་མའི་རིམ་པ་ལྟར། །སྤྲོ་བ་དང་ནི་བསྡུ་བ་དང་། །གཟུང་བ་ཡང་དག་བྱས་གྱུར་པས། །འགོག་པའི་རྡོ་རྗེ་


JKT005_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་དུ། །ནམ་ཞིག་དེ་ལ་རེག་གྱུར་པས། །སངས་རྒྱས་ཀུན་གྱིས་མཆོག་འཛིན་པ། །ཡིད་བཞིན་དཔལ་དང་འདྲ་བ་ཡི། །རྟགས་རྣམས་ཡང་དག་སྐྱེ་བར་འགྱུར། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །ལྷ་རྣམས་ཡེ་ཤེས་མེ་ཡིས་སུ། །ཐོག་མར་སྙིང་གར་སྡུད་བྱེད་པའི། །ཆོ་ག་འདི་ནི་དང་པོར་བཤད། །དེ་ལ་བསྒྲུབ་པས་བྱིན་བརླབས་པས། །སྣ་ཡི་རྩེ་མོར་འགྲོ་བས་ན། །མི་ཤིགས་ཐིག་ལེའི་རྗེས་ཐོགས་ལ། །གསང་བའི་ཐིག་ལེ་བསྒོམ་པར་བཤད། །གོང་མའི་ཡེ་ཤེས་ཐིག་ལེ་ལས། །འོད་ཟེར་ལྕགས་ཀྱུ་འདྲ་བ་རྣམས། །ཕྱོགས་བཅུར་སྤྲོས་པས་བདེ་གཤེགས་རྣམས། །དཀྱིལ་འཁོར་འཁོར་ལོ་དང་བཅས་ཀུན། །ཟློབཀུག་ནས་ཡེ་ཤེས་ངོ་བོ་རུ། །རང་གི་སྙིང་གར་རབ་ཏུ་བཙུད། །དེ་རྣམས་ཞུ་ནས་ཐིག་ལེ་ལ། །ཞུགས་པས་རྡུལ་དང་མུན་པ་དང་། །སྙིང་སྟོབས་ཚུལ་དུ་ཐིག་ལེ་ཡང་། །སྙིང་གི་པདྨ་ལ་བབས་ནས། །རང་གི་རྡོ་རྗེ་ནོར་བུ་ཡི། །དཀྱིལ་དུ་རྣམ་པར་གནས་པ་ལས། །འབྱུང་བ་ལྔ་ཡི་གཟུགས་ཅན་མཆོག །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །འོད་ཟེར་ལྔ་འབར་རང་ལྷ་ཡི། །མཚན་མ་ཕྲ་མོ་རྣམ་བསམས་ནས། །དེ་ཡི་བུམ་པར་རྟེན་གྱི་ཚད། །ཡུངས་ཀར་ཙམ་དབུས་འཁོར་ལོ་ཆེ། །ཐིག་ལེར་བཅས་པ་མོས་པར་བསྒོམ། །གལ་ཏེ་དེ་ལ་རང་གི་སེམས། །བྱིང་བར་སོང་ངམ་སྐྱེ་བ་ན། །རྡོ་རྗེ་ལས་ནི་ཕྱིར་བྱུང་སྟེ། །སྣ་རྩེར་


JKT005_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གནས་བྱས་ནས། །དགའ་བྲལ་དགའ་བས་བརྟག་པར་བྱ། །འདི་ཡི་ཐིག་ལེ་རྣལ་འབྱོར་ལས། །གོང་གི་རིམ་པས་འོད་ཟེར་ལྔ། །སྟེང་གི་སྒོ་ལས་བྱུང་བ་དང་། །སླར་ཡང་བདུད་རྩི་འགུགས་པ་དང་། །དེ་བཞིན་གཞི་ལ་གཞུག་པ་དང་། །དབུས་དགག་སྟོང་པའི་ཡན་ལག་གོ། །དེ་ནས་གསང་བའི་ཐིག་ལེ་ཆེ། །རབ་ཏུ་ཕྲ་བ་གོང་མ་བཞིན། །རང་སེམས་དལ་བུ་དལ་བུས་གཟུང་། །དངོས་པོ་མེད་པའི་གནས་སུ་འགྱུར། །དེ་ཡང་བཟུང་བ་གོམས་པ་ཡིས། །ཕྱིན་ཅི་ལོག་ནི་རྣམ་པར་ལྡོག །སྨིག་རྒྱུ་ལྟ་བུ་སྣང་བ་ནི། །རྟགས་ནི་དང་པོར་ཤེས་པར་བྱ། །དེ་བཞིན་དུ་ནི་ཆུ་ལོག་པས། །དུ་བ་། ལྟ་བུར་འབྱུང་བ་ནི། །གཉིས་པ་ཡིན་པར་ཤེས་པར་བྱ། །མེ་ནི་རྣམ་པར་ལོག་གྱུར་པས། །མཁའ་སྣང་འདྲ་བ་གསུམ་པའོ། །རླུང་ནི་དེ་བཞིན་ལོག་པས་ན། །མར་མེ་ལྟ་བུར་རབ་སྣང་བས། །རྟགས་ནི་བཞི་པ་ཤེས་པར་བྱ། །དེ་བཞིན་ཕྱིན་ལོག་རྣམ་པར་ཤེས། །ལོག་པས་ཟབ་གསལ་གཉིས་མེད་ཀྱི། །དོན་དྲན་སྤྲིན་མེད་ནམ་མཁའ་ལྟར། །གསལ་བ་རྟགས་ནི་ལྔ་པའོ། །མཚན་མ་ལྔ་པོ་དེ་ཡིས་ནི། །མི་གནས་མྱ་ངན་འདས་ཐོབ་བས། །རྣལ་འབྱོར་པས་ནི་འདི་ལ་འབད། །གཟུང་བ་ཡི་ནི་ཡན་ལག་གོ། །དེ་ལྟར་དེ་ལ་མཚན་མ་ལྔ། །མཐོང་བྱས་དོན་དེས་ཁྱབ་བྱའི་ཕྱིར། །རྡོ་རྗེ་ཡི་ནི་ལམ་ནས་སུ། །


JKT005_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །སྤྲོས་པ་དེ་ལས་མངོན་མཐོང་བའི། །སོ་སོར་སྣང་བ་བསྐྱེད་པར་བྱ། །སངས་རྒྱས་རྗེས་སུ་དྲན་པ་དང་། །ཆོས་ནི་ཡང་དག་རྗེས་དྲན་དང་། །རྡོ་རྗེ་རྗེས་སུ་དྲན་པ་དང་། །རིགས་ནི་ཡང་དག་རྗེས་དྲན་དང་། །ཁྲོ་བོ་རྗེས་སུ་དྲན་པ་ནི། །སྣང་མཛད་དང་ནི་ཚེ་དཔག་མེད། །མི་བསྐྱོད་རིན་ཆེན་འབྱུང་ལྡན་སོགས། །གཤིན་རྗེ་གཤེད་སོགས་ཁྲོ་བོ་ཡི། །དཀྱིལ་འཁོར་སྐུ་སོགས་ཇི་སྙེད་ཨཱཔོ། །སྤྲོ་བསྡུ་ལས་ནི་གསལ་བར་བྱ། །དེ་བཞིན་དམ་ཚིག་རྗེས་དྲན་ནི། །རྗེས་སུ་ཆགས་དང་ཆོ་ག་བཞི། །དང་པོ་སྤྲོ་བསྡུ་ལས་གསལ་བྱ། །དཀྱིལ་འཁོར་རྗེས་སུ་དྲན་པ་ནི། །ཆོ་ག་གཉིས་པ་ལ་སོགས་པའི། །དཀྱིལ་འཁོར་སྤྲོ་བསྡུ་ལས་གསལ་བྱ། །སྐུ་ནི་རྗེས་སུ་དྲན་པ་དང་། །གསུང་དང་ཐུགས་ནི་རྗེས་དྲན་དང་། །སེམས་ཅན་རྗེས་སུ་དྲན་པ་ནི། །སྐུ་དང་གསུང་ཐུགས་བསྒོམས་པ་ཡི། །རྡོ་རྗེ་གསུམ་ནི་སྤོ་བསྡུ་ལས། །རྣམ་པར་སྨིན་ཅིང་དྲན་པའོ། །དེ་བཞིན་སྔགས་ནི་ཐམས་ཅད་ཀྱི། །སྤྱི་གཟུགས་རྗེས་སུ་དྲན་པ་ནི། །ཡེ་ཤེས་ལྔ་ཡིས་རྡོ་རྗེ་སེམས། །བསྐྱེད་པ་དང་ནི་རང་གི་ལྷ། །ལོངས་སྤྱོད་བཞི་ལྡན་སྤོ་བསྡུ་ལས། །རྗེས་སུ་གསལ་བ་རྙེད་པའོ། །དམ་ཚིག་རྗེས་སུ་དྲན་པ་ནི། །བདུད་རྩི་མྱང་བ་ལ་སོགས་པ། །སྤྲོ་བསྡུ་ལས་ནི་གསལ་བྱེད་པའོ། །ཤེས་རབ་ཕ་རོལ་ཕྱིན་པ་དང་། །མ་སྐྱེས་རྗེས་སུ་དྲན་པ་ནི། །


JKT005_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པའི་དཀྱིལ་འཁོར་དེ་དག་ཀྱང་། །ཅི་ཡང་ཡོད་པ་མ་ཡིན་ཏེ། །དེ་ནི་གཉིས་མེད་ངོ་བོ་རུ། །སྤྲོ་བསྡུ་ལས་ནི་དྲན་པའོ། །ཞེ་སྡང་རིགས་ལ་སོགས་པ་ཡི། །མཆོད་པ་རྗེས་དྲན་སྦྱོར་བ་ནི། །རང་གི་རིགས་ཀྱི་བུ་མོ་མཆོག །བར་མའི་ལོངས་སྤྱོད་བཞི་དག་པ། །རྗེས་སུ་ཆགས་པས་མཉེས་བྱ་བ། །སྤྲོ་བསྡུ་ལས་ནི་གསལ་བྱེད་པའོ། །རྗེས་སུ་དྲན་པའི་ཡན་ལག་གོ། །དེ་ལྟར་ཡན་ལག་གསུམ་གྱིས་ནི། །གསང་བའི་ཐིག་ལེ་བསྒོམ་བྱས་ནས། །ནོར་བུ་ལས་ནི་བྱུང་ནས་ཀྱང་། །ཁམས་གསུམ་ཁྱབ་པར་བྱེད་པས་ནི། །སྤྲུལ་པའི་ཐིག་ལེ་བསྒོམ་པར་བཤད། །རང་གི་སྤྱི་བོའི་དབུས་སུ་ནི། །སྐུ་ཡི་རྡོ་རྗེའི་ཐུགས་ཀ་རུ། །མཚན་མ་ལ་གནས་རླུང་དཀྱིལ་འཁོར། །དུད་ཀ་འདྲ་བར་ཟླ་བ་ལ། །ཨོཾ་དཀར་འོང་བའི་མཚན་ཉིད་བསམ། །དེ་བཞིན་མགྲིན་པའི་དབུས་སུ་ཡང་། །གསུང་གི་རྡོ་རྗེ་ཐུགས་ཀ་ཡི། །མཚན་པའི་དབུས་སུ་ཆུ་དཀྱིལ་འཁོར། །དཀར་པོ་དབུས་སུ་ཟླ་བ་ལ། །ཨཱདམར་གནས་པའི་རང་བཞིན་བསྒོམ། །ཐུགས་ཀར་ཐུགས་ཀྱི་རྡོ་རྗེ་ཡི། །ཐུགས་ཀར་མཚན་མ་ལ་གནས་པའི། །མེ་ཡི་དཀྱིལ་འཁོར་དམར་པོ་ལ། །ཟླ་གནས་དབུས་སུ་ཧཱུྃ་ནག་པོ། །འགྲོ་བའི་རང་བཞིན་བསམས་ནས་ཀྱང་། །ནུ་མ་གཉིས་ཀྱི་བར་དུ་ཡང་། །དམ་ཚིག་ཕྱག་རྒྱའི་ཐུགས་ཀ་རུ། །མཚན་མ་ལ་གནས་དབང་ཆེན་ནི། །དཀྱིལ་འཁོར་


JKT005_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་ཟླ་བ་ལ། །རང་གི་ལྷ་ཡི་ས་བོན་ཆེ། །འབྱུང་དང་འཇུག་དང་གནས་པ་ལ། །རྣམ་པར་གྲོལ་བའི་ས་བོན་བསམ། །དེ་ལྟར་ཕྱག་རྒྱ་བཞི་ཆེན་དང་། །བདག་ཉིད་འབྲེལ་པར་བྱས་ནས་སུ། །རིམ་པ་འདི་ཡིས་མི་ཤིགས་པའི། །རྡོ་རྗེ་བཟླས་པའི་ངོ་བོ་བྱ། །གཡས་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་ཆེན་པོ་སྟེ། །ཁ་དོག་དུད་ཀ་རྒྱུ་བ་ལས། །འབྱུང་བ་ཧཱུྃ་གི་ངོ་བོ་ཡིས། །སྣང་སྲིད་ཆོས་ཀུན་ཁྱབ་བྱས་ནས། །ཆོས་ཀུན་དག་བྱས་བདུད་རྩིར་གྱུར། །ཨོཾ་གྱི་ངོ་བོས་འོང་བྱས་ནས། །རང་གི་རྒྱུད་ཀྱི་བག་ཆགས་ནི། །བཀྲུས་ནས་དག་བྱས་དེ་ལ་ཞུགས། །ཨཱ་ལི་ངོ་བོས་དག་བྱས་ནས། །དེ་ལ་ལྷ་ཡི་དེ་བཞིན་ཉིད། །གཟུང་བ་དལ་བུས་དལ་བུས་བྱས། །དངོས་པོ་མེད་པའི་གནས་སུ་འགྱུར། །གཡོན་པ་ནས་ནི་འབྱུང་བའི་ཁམས། །ཆུ་ཡི་དཀྱིལ་འཁོར་ཆེན་པོ་སྟེ། །ཁ་དོག་དཀར་པོ་རབ་གནས་པ། །དེ་ལས་བྱུང་བའི་ཧཱུྃ་དང་ནི། །ཨོཾ་གྱི་རང་བཞིན་འདུ་བ་དང་། །ཨཱཡི་རང་བཞིན་གནས་པ་དང་། །དེ་ཉིད་བཟུང་བས་སྔ་མ་བཞིན། །གཉིས་ཀ་ལས་ནི་དྲག་ཏུ་འབྱུང་། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་པོའི་ངོ་བོ་ལ། །ཧཱུྃ་གིས་སྤྲོས་དང་ཨོ་གྱིས་བསྡུས། །ཨཱཡིས་གནས་པ་དེ་ཉིད་གཟུང་། །སྔ་མ་བཞིན་དུ་ཤེས་བར་བྱ། །དེ་བཞིན་གཉིས་ལས་དལ་བུས་འབྱུང་། །དབང་ཆེན་གྱི་ནི་དཀྱིལ་འཁོར་རྒྱུ། །


JKT005_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་གསེར་ལྟར་རབ་སྣང་བ། །དེ་ལ་ཧཱུྃ་གིས་འབྱུང་བ་དང་། །ཨོྃ་གྱིས་སྡུད་དང་ཨཱཡིས་གནས། །དེ་ལ་དེ་ཉིད་རབ་བཟུང་བས། །འཇུག་དང་གནས་དང་ལྡང་བ་ལས། །གྲོལ་བའི་ཡེ་ཤེས་རྙེད་འགྱུར་བ། །སོམ་ཉི་ཡིད་གཉིས་མ་བྱེད་ཅིག །ཕྱག་རྒྱ་བཞི་འབྲེལ་བཟླས་པ་ནི། །ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྟེ། །དེ་ནི་དགུ་བརྒྱ་རྣམ་པ་བསྒྲེས། །ཞག་གཅིག་ཏུ་ནི་ཉི་ཤུ་བཞིས། །ཁྲི་ཕྲག་གཉིས་དང་གཅིག་སྟོང་དང་། །བརྒྱ་ཕྲག་དྲུག་ཏུ་དུས་ཐམས་ཅད། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །ཉིན་མཚན་བཟླས་བརྗོད་གྲངས་བྱེད་དོ། །འདི་ཡི་རྣམ་པས་ཆོས་ཐམས་ཅད། །སྒྱུ་མ་དང་ནི་སྨིག་རྒྱུ་དང་། །བྲག་ཅ་འགལ་མེའི་འཁོར་ལོ་དང་། །འཁྲུལ་པ་དྲི་ཟའི་གྲོང་ཁྱེར་དང་། །ཆུ་བུར་དང་ནི་མིག་འཕྲུལ་དང་། །གཟུགས་བརྙན་ཆུ་ཟླ་ལ་སོགས་པར། །ཐམས་ཅད་ཤེས་ཤིང་ས་བཅུ་པའི། །དབང་ཕྱུག་རྣམས་དང་སྐལ་མཉམ་སྟེ། །རང་བཞིན་བཟླས་པ་འདི་ལ་ནི། །རྣལ་འབྱོར་པས་ནི་རབ་ཏུ་འབར། །འདི་ནི་ཐོག་མ་མེད་དུས་ནས། །རང་བཞིན་ཡང་དག་རྟག་ཟློ་ཡང་། །བླ་མ་ཡང་དག་མ་བསྟེན་པར། །དོན་འདི་རྟོགས་པར་མི་འགྱུར་རོ། །དེ་ནི་ཡང་དག་ཤེས་ནས་ནི། །བསྒོམ་པའི་བར་ཆད་ཕྱི་རོལ་གྱི། །བཟླས་པ་ཡོངས་སུ་སྤང་བར་བྱ། །བཟླས་པའི་ངོ་བོ་ཆེན་པོ་མཆོག །རྡོ་རྗེ་འཆང་བ་བརྗོད་མེད་སྐུ། །བསམ་བརྗོད་


JKT005_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལས་རབ་འདས་པས། །ངག་གིས་ཇི་ལྟར་བཟླས་པ་བྱེད། །དེ་བས་གླང་ཆེན་རྙེད་གྱུར་པ། །རྗེས་ཀྱིས་དེ་ལ་ཅི་ཞིག་བྱ། །དོན་དེ་ལ་གནས་རྣལ་འབྱོར་ཆེ། །ཕྱི་རོལ་ཡང་ནི་རྟེན་མི་འགལ། །གླང་པོ་ཆེ་ཡི་སྟོབས་ཀྱིས་ནི། །བུད་ཤིང་འབྱུང་བ་ལྟ་བུའོ། །དེ་བས་རྡོ་རྗེའི་བཟླས་པ་མཆོག །འབད་པས་བདེ་གཤེགས་ཐམས་ཅད་ཀྱི། །བྱིན་རླབས་ཉིད་ནི་འོང་བས་ན། །ཕྱག་རྒྱ་ཆེན་པོ་འགྲུབ་པ་ཡི། །མཚན་མ་ཡང་དང་ཡང་འབྱུང་འགྱུར། །དེ་འབྱུང་ཆོ་ག་ལ་གནས་པས། །སྐད་ཅིག་གིས་ནི་ཀུན་མཁྱེན་ཆེ། །རྒྱུད་ལས་རབ་ཏུ་འཕོ་བར་ནི། །ཐེ་ཚོམ་མེད་པར་ངེས་པས་ན། །ཆོ་ག་འདི་ལ་རབ་ཏུ་འབད། །དེ་ལྟར་དགའ་གསུམ་བྱེ་བྲག་གི །ཐིག་ལེ་རྣམ་གསུམ་བསྒོམ་པ་ཡི། །ཆོ་ག་ཡང་དག་བསྟན་པའོ། །ད་ནི་གཉིས་མེད་ཡེ་ཤེས་ཉིད། །ཀུན་རྫོབ་གཟུགས་ལ་བརྟེན་ནས་ཀྱང་། །མི་གཡོ་ལ་སོགས་གཡོ་དང་བཅས། །ཚང་སོགས་ལྷ་དང་ལྷ་མིན་སོགས། །ཐམས་ཅད་རབ་ཏུ་མི་སྣང་ཡང་། །ཐིག་ལེ་འགོག་པར་མི་འགྱུར་ཏེ། །རྒྱུ་དང་མི་རྒྱུར་བཅས་པ་ཀུན། །སླར་ཡང་དེ་ལས་འབྱུང་བར་བྱེད། །དེ་ལས་སྐྱེ་བོ་རྣམས་ཀྱིས་ནི། །ཡང་དག་མ་རྟོགས་པ་ཡི་ཕྱིར། །ཚངས་པའི་སྒོ་ང་ལས་སྐྱེས་པར། །འཁྲུལ་པས་ཆོས་རྣམས་ཀྱིས་མི་བསྒུལ། །གང་གིས་ཀྱང་ནི་མི་ཤིགས་པ། །ཇི་སྲིད་འདི་ནི་ལུས་གནས་པས། །ལས་དང་ལས་མིན་རབ་


JKT005_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། །བརྟན་པོ་འཇིགས་པ་རབ་སྤངས་པའི། །མི་ཤིགས་ཐིག་ལེ་བསྒོམ་པར་བཤད། །ཚངས་པའི་སྤྱོད་པ་བཞི་པོ་དང་། །ཕྱི་རོལ་སྟོང་བཅས་ལ་སོགས་པ། །རང་གི་ལྷ་རུ་བསྐྱེད་ནས་ཀྱང་། །། ཕྱག་རྒྱ་བཞིས་ནི་རྒྱས་བཏབ་པ། །སྔ་མ་བཞིན་དུ་ཤེས་བྱས་ནས། །རིམ་པ་འདི་ཡི་ཐིག་ལེ་ལ། །རང་གི་སེམས་ནི་ཡང་དག་བཟུང་། །རང་གི་ཡེ་ཤེས་སེམས་དཔའ་ཡི། །མཚན་མའི་དབུས་གནས་ས་བོན་ལས། །འོད་ཟེར་ལྔ་འཕྲོས་དེ་ཡི་རྩེ། །དཀྱིལ་འཁོར་འཁོར་ལོ་དཔག་མེད་སྤྲུལ། །དེ་ཡིས་ཁམས་ཀུན་ཁྱབ་བྱས་ནས། །དབུགས་ཀྱི་རྟ་ཞོན་ཀུན་རྟོག་རྣམས། །རྣམ་པར་བསལ་ཏེ་དེ་དག་ཀྱང་། །དཀྱིལ་། འཁོར་འཁོར་ལོ་རབ་བྱས་ཏེ། །གཉིས་པའི་དཀྱིལ་འཁོར་བསྡུ་བྱས་ནས། །ཡེ་ཤེས་ངོ་བོ་སྣ་བུག་གཡོན། །ཞུགས་བྱས་མཚན་མའི་དབུས་གནས་བྱ། །ས་བོན་ལ་ནི་ཐིམ་པས་ཀྱང་། །དེ་ནི་ཕྱོགས་དུས་གནས་པ་ཡི། །སངས་རྒྱས་ཡོན་ཏན་ཅི་གསུངས་པ། །ཡང་དག་སྐྱེད་བྱེད་མི་ཤིགས་པའི། །ཐིག་ལེ་འོད་ཟེར་ལྔ་འབར་བ། །རྣམ་པར་གསལ་བྱས་དེ་ལས་ཀྱང་། །འོད་ཟེར་འབྱུང་བས་རབ་གནས་ཀྱང་། །ཡེ་ཤེས་སེམས་དཔའི་ནང་གསལ་ཏེ། །དེ་ཡི་ཕྱི་ཡི་དཀྱིལ་འཁོར་དང་། །ནང་ནི་གསལ་བྱ་དེ་ལས་བྱུང་། །མཐེ་བོའི་རྩ་དང་རྗེ་ངར་དང་། །བརླ་གཉིས་དང་ནི་གསང་བའི་གནས། །ལྟེ་བ་དང་ནི་གསུས་པ་དང་། །


JKT005_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་མ་གཉིས་དང་ལག་རྩེ་དང་། །མགྲིན་པ་དང་ནི་མཆུ་གཉིས་དང་། །འགྲམ་པ་གཉིས་དང་མིག་གཉིས་དང་། །རྣ་བའི་རྩ་དང་སྤྱི་བོ་དང་། །ཚིགས་ཀུན་ཐིག་ལེ་ཨཱསོགས་ཀྱི། །གཟུགས་སུ་གནས་པ་བསྒྲུབ་བྱས་ནས། །མི་ཤིགས་ཐིག་ལེ་ཐིམ་པར་བྱ། །དེར་ནི་རང་གི་སེམས་ཅུང་ཟད། །གཟུང་བས་རྟེན་དང་རྟེན་ཅན་གྱི། །འཁོར་ལོ་མོས་བྱས་དེ་དབུས་སུ། །མི་ཤིགས་ཐིག་ལེ་ཡེ་ཤེས་པ། །སྣང་བའི་ལྷ ངོ་བོ་བསྒོམ་པར་བྱ། །དེ་ཡི་འོད་ཀྱིས་ངང་གནས་སོགས། །གསལ་བྱས་ཡེ་ཤེས་ཐིག་ལེ་ཡི། །ནང་གསལ་བཞག་པའི་འོད་ཟེར་གྱིས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །སྤྱན་སྔར་བདུད་རྩི་ཞུ་བྱས་ནས། །ཞལ་དུ་ཞུགས་ནས་སྙིང་ག་ཡི། །མི་ཤིགས་ཐིག་ལེར་རབ་སོང་སྟེ། །ཀྵ་གཟུགས་བདུད་རྩིར་རབ་བླངས་ནས། །རྡོ་རྗེའི་ལམ་ནས་ཕྱུང་ནས་སུ། །འོ་མའི་རྒྱུན་ལྟར་ཕྱོགས་བཅུ་ནས། །འོངས་པ་ཡིས་ནི་སེམས་ཅན་དང་། །སངས་རྒྱས་རྣམས་དང་མི་རྒྱུར་བཅས། །ཡང་དག་བསྡུས་ནས་གུར་སོགས་ཞུགས། །དེ་བཞིན་ཆོས་དབྱིངས་ཕྱག་རྒྱ་དང་། །རྟེན་གྱི་འཁོར་ལོ་ཞུགས་བྱས་ནས། །དེ་དག་ཡང་ནི་རང་བསྡུས་ཏེ། །དཀྱིལ་འཁོར་དུ་ནི་རབ་བསྡུས་ནས། །དེ་ཡང་བདག་ལ་བསྡུ་བྱས་ཏེ། །བདག་ཉིད་ཀྱང་ནི་མི་སྣང་བར། །ཡེ་ཤེས་སེམས་དཔའི་གནས་ལ་དམིགས། །དེ་ཡང་འཁོར་ལོ་འཁོར་


JKT005_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཡང་། །ཡེ་ཤེས་སེམས་དཔར་ཞུགས་པར་བྱ། །ཡེ་ཤེས་སེམས་དཔའ་མི་སྣང་ནས། །མཚན་མ་འབའ་ཞིག་ལ་དམིགས་བྱ། །མཚན་མ་དེ་ཡང་བསྡུ་བྱས་ནས། །མི་ཤིགས་ཐིག་ལེར་སེམས་བཟུང་སྟེ། །དེ་ལས་ཡང་ནི་ནང་གི་ཚོགས། །ཀུན་བསྡུས་རང་སྣང་ཐིག་ལེ་ཆེ། །འབའ་ཞིག་ལ་སེམས་ཡང་དག་བཟུང་། །ཅི་ལྟར་ནུས་བཞིན་བསྒོམ་པས་དེར། །སེམས་ནི་ཡང་དང་ཡང་དུ་ཞུགས། །ཡང་ནི་དེ་ལས་ཕྱིར་བྱུང་སྟེ། །དེ་ཡི་གནས་དང་རང་གི་ལུས། །དམིགས་ནས་དཀྱིལ་འཁོར་འཁོར་ལོ་དང་། །རྟེན་དང་ཁམས་གསུམ་སྣང་བར་བྱ། །དེ་ནས་ཡང་ནི་གོང་མ་ལྟར། །རིམ་པར་བཅུ་གནས་ཐིམ་བྱས་ལ། །སེམས་ནི་ཐིག་ལེར་བཞག་པར་བྱ། །རང་གི་དབང་པོ་དེར་བཟུང་ནས། །ས་ཡི་དཀྱིལ་འཁོར་ཆུ་ལ་ཞུགས། །ཆུ་དེ་མེ་ལ་དེ་བཞིན་ཞུགས། །མེ་ཡང་རླུང་ལ་རབ་ཏུ་ཞུགས། །རླུང་ཡང་སེམས་ལ་ཞུགས་པར་གྱུར། །སེམས་ནི་གཉིས་མེད་ཡེ་ཤེས་སུ། །ཅུང་ཟད་ཞུགས་པས་རྟགས་གནས་པ། །སྨིག་རྒྱུ་འདྲ་དང་དུ་བ་དང་། །མར་མེ་མཁའ་སྣང་རབ་འདྲ་བ། །སྤྲིན་མེད་ནམ་མཁའ་ལྟར་སྣང་བའི། །མཚན་མ་ལྔ་པོ་འབྱུང་བར་འགྱུར། །རྡོ་རྗེ་སེམས་དཔའ་ཞུགས་ཕྱིར་རོ། །ཐིག་ལེ་ལ་ནི་སེམས་བཟུང་སྟེ། །གླལ་ཞིང་རྒོད་དང་འདར་ལ་སོགས། །རྣལ་འབྱོར་དེ་ལ་གང་ཚེ་འབྱུང་། །ཐིག་ལེ་ཡང་དག་སྤྲོ་


JKT005_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། །གོང་མའི་རིམ་པས་ཀུན་ཁྱབ་བྱ། །འདི་ནི་ཡང་དག་གོམས་བྱས་པས། །མི་གནས་མྱ་ངན་འདས་པ་ཆེ། །ཐབས་ཀུན་གྱི་ནི་བསྒྲུབ་བྱ་མཆོག །རྡོ་རྗེ་འཆང་བ་ཆེན་པོ་ཐོབ། །འདི་ནི་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་འབའ་ཞིག་དབང་བྱས་ནས། །རིམ་པ་གཉིས་པ་བསྒོམ་པའི་ཐབས། །མི་ཤིགས་ཐིག་ལེ་བསྒོམ་པའོ། །དེ་ལྟར་ཆོས་ཀུན་དེ་བཞིན་ཉིད། །དཔག་མེད་དམ་པའི་ཕུན་སུམ་ཚོགས། །དེ་དམིགས་ཡང་དག་སྐྱེས་གྱུར་པ། །བསྒོམ་པའི་ཆོ་ག་རྣམ་བཤད་ནས། །རྣམ་གྲངས་དག་ཀྱང་ཡོངས་སུ་བསྟན། །དེ་བཞིན་ཉིད་དང་ཡང་དག་མཐའ། །བསམ་གྱིས་མི་ཁྱབ་པ་ཡི་དབྱིངས། །ཆོས་ཉིད་དང་ནི་ཆོས་སྐྱོན་མེད། །སྟོང་པ་ཉིད་དང་མཚན་མ་མེད། །སྨོན་པ་མེད་པ་ཉིད་དང་ཡང་། །ཉོན་མོངས་ཁུར་ཆེན་འདོར་བྱེད་པ། །སྐྱེ་བ་མེད་དང་འོད་གསལ་བ། །མངོན་པར་བྱང་ནི་ཆུབ་པ་དང་། །གཞན་གྱི་སེམས་ཤེས་བྱེད་པ་དང་། །ལྷ་ཡི་རྣ་བ་སྟེར་བ་དང་། །དེ་བཞིན་ལྷ་ཡི་མིག་སྟེར་དང་། །རྫུ་འཕྲུལ་དཔག་མེད་སྤྲུལ་ཆེན་དང་། །དངོས་པོ་མཐར་ནི་ཕྱིན་པ་དང་། །དོན་དམ་པ་ཡི་བདེན་པ་དང་། །རྫོགས་པ་ཡི་ནི་རིམ་པ་དང་། །ཡོངས་སུ་དག་པའི་སྐུ་གཙང་དང་། །ཀུན་གྱིས་བསྟེན་བྱ་ཉིད་དག་དང་། །མཁའ་ལྟར་རྣམ་པར་དག་པ་དང་། །གློ་བུར་དྲི་མས་མི་གོས་དང་། །གདོད་ནས་འོད་གསལ་བ་ཉིད་


JKT005_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གང་གིས་ཀྱང་ནི་མི་ཤིགས་དང་། །དངོས་པོ་མེད་པ་ཉིད་དང་ནི། །རྒྱུ་སོགས་བཅུ་གཉིས་འབྱུང་བྱེད་དང་། །དཔལ་ཆེན་ཡེ་ཤེས་ཡོངས་དག་དང་། །ཐིག་ལེ་ཆེན་པོ་ཡང་དག་དང་། །སངས་རྒྱས་ཀུན་གྱི་གསང་ཆེན་དང་། ནམ་མཁའ་ནམ་མཁའི་སྤྱོད་ཡུལ་དང་། །བསྒོམ་པ་མེད་པ་ཉིད་དང་ནི། །རྗེ་བཙུན་མན་ངག་ཆེན་པོ་དང་། །སྣ་ནས་རྣ་བར་འཕོ་བྱེད་དང་། །ཉན་ཐོས་ཀྱིས་ནི་ཤེས་མིན་དང་། །རང་སངས་རྒྱས་སོགས་མི་ཤེས་དང་། །ཡི་གེ་མེད་པ་ཉིད་དང་ནི། །ཚིག་དང་བྲལ་དང་བརྗོད་མེད་སོགས། །དེ་ལ་མདོ་དང་རྒྱུད་རྣམས་ལས། །དེ་འདྲ་རྣམ་པ་མཐའ་ཡས་པ། །གསུངས་ཤིང་ཡང་དག་གསུང་འགྱུར་བ། །དེར་ནི་དེ་བཞིན་ཉིད་འདི་ལས། །གཞན་ནི་ཅིར་ཡང་མ་གསུངས་སོ། །དེ་བས་དད་པ་སྔོན་འགྲོ་བའི། །སེམས་ཀྱིས་ཆོས་ཀུན་དེ་བཞིན་ཉིད། །ཟབ་གསལ་གཉིས་མེད་དོན་ཆེན་པོ། །རིམ་པ་གཉིས་པ་དེ་ཁོ་ན། །བླ་མའི་གསུང་ནི་ཡང་དག་གཟུང་། །དེ་བཟུང་གོང་མའི་རིམ་པ་ཡིས། །རྟག་ཏུ་གོམས་བྱེད་སྐྱེས་བུ་གང་། །དེ་ལ་བརྟེན་པའི་རྟགས་སྐྱེས་ནས། །ས་ནས་སར་ནི་འཕར་བ་ལྟར། །དེ་ཡི་རྣམ་པ་གོང་དུ་འཕེལ། །རིག་འཛིན་ལ་སོགས་སྤྲུལ་པ་ཡིས། །གཞན་ནི་དོན་དེ་ལ་སྦྱོར་བྱེད། །དེ་ཡིས་བརྟན་འགྱུར་རྣལ་འབྱོར་པ། །སྒྲུབ་པའི་བདག་ཉིད་ཅན་དུ་འགྱུར། །བདག་ཉིད་ཅན་དེས་བསྒྲུབ་


JKT005_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆོག །ཇི་སྐད་གསུངས་པ་བརྩམ་པར་བྱ། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །མི་མོ་མི་འམ་ཅི་མོའམ། །མཁའ་འགྲོ་མ་ལ་སོགས་པ་རྣམས། །རང་གི་ནུས་པས་བརྩམ་པར་བྱ། །སྨྱོན་པའི་བརྟུལ་ཞུགས་ལ་སོགས་པས། །ཟླ་དྲུག་སོགས་པར་རབ་ཏུ་འབད། །དེ་ཡིས་རྗེ་བཙུན་ཡིད་མེད་པ། །དཔལ་ལྡན་སངས་རྒྱས་ཀུན་ངོ་བོ། །རྡོ་རྗེ་འཛིན་པ་ཐམས་ཅད་གནས། །ཆོས་ཀུན་དེ་བཞིན་ཉིད་ཟབ་པ། །སངས་རྒྱས་རྣམས་ཀྱི་བསྒྲུབ་བྱ་མཆོག །གོང་མའི་རིམ་པ་རྣལ་འབྱོར་པས། །འབད་པ་ཆེ་ཐང་རབ་བྱས་པས། །དེ་ལྟར་དེ་རུ་མཚན་ཉིད་ཀྱི། །ཚུལ་དུ་ཅུང་ཟད་རབ་གནས་པའི། །དགའ་དང་དགའ་བ་བར་མ་དང་། །དགའ་དང་བྲལ་བའི་དུས་སུ་ཡང་། །ཇི་བཞིན་གནས་པའི་དགའ་བ་གསུམ། །ཇི་སྐད་གསུངས་པ་ཐོབ་པར་འགྱུར། །དེ་ནས་མཐའ་མེད་འཁོར་བའི་བར། །རྟག་པ་དང་ནི་མི་གདུང་དང་། །བསིལ་བ་དང་ནི་གཅིག་པ་དང་། །བདེ་བ་དང་ནི་དྲི་མེད་དང་། །དགའ་བ་དང་ནི་ཡིད་དགའ་བ། །འདི་ནི་བདེ་ཆེན་རོ་མྱང་བརྒྱད། །བདག་པོ་རྡོ་རྗེ་འཆང་བ་མཆོག །རྫོགས་པའི་རིམ་པའི་རྣལ་འབྱོར་པས། །བྱས་པ་བྱེད་པ་བྱས། །དབང་ཕྱུག་ཆེན་པོ་ཁུར་ཆེན་པོར། །ཚེར་མ་དཀྲུགས་པ་ཐམས་ཅད་མཁྱེན། །སྐྱེས་བུ་དཔའ་བོ་ཅང་ཤེས་པ། །གླང་པོ་ཆེན་པོ་དུལ་བ་པོ། །འཁོར་བའི་མཐའ་ནི་ཕ་རོལ་སོན། །དོན་དམ་


JKT005_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་ཀུན་རྫོབ་ཀྱི། །བདེན་པ་གཉིས་མེད་རྣལ་འབྱོར་ཆེ། །ཐ་བ་སྤངས་པའམ་ལམ་ཀུན་རྫོགས། །ཡོན་ཏན་འབྱུང་གནས་ཀུན་ཏུ་བཟང་། །ཐམས་ཅད་འདུས་པའི་དེ་ཁོ་ན། །སྐུ་སོགས་ཁམས་ཀུན་འགེངས་པའོ། །གོང་ན་མེད་པ་ཡང་དག་གནས། །དེ་ལྟར་དེ་སོགས་རབ་གྲགས་པ། །མིང་ནི་རྣམ་པ་མཐའ་ཡས་པ། །གཉིས་མེད་ཡེ་ཤེས་མཚོན་པ་སྟེ། །མདོ་དང་རྒྱུད་རྣམས་ཐམས་ཅད་དུ། །བློ་ལྡན་རྣམས་ཀྱིས་རྟོགས་པར་བྱ། །ས་བཅུ་དང་ནི་རབ་ལྡན་པའི། །གོང་མའི་ལྷ་མོ་རྡོ་རྗེ་འཛིན། །དགེ་བ་བཅུ་གསུམ་ལ་གནས་པ། །སྐད་ཅིག་གིས་ནི་ཡང་དག་ཏུ། །སྒྲིབ་བྲལ་དེ་ཡིས་རྟོགས་པར་བྱེད། །ཕྲེང་བ་ཧ་ར་ནུ་འབུར་སོགས། །མདོག་དང་ཀུ་ཙ་ལ་སོགས་པ། །པདྨ་བཏགས་པའི་དགའ་ཤེས་པ། །དང་པོ་རབ་ཏུ་ཤེས་པར་བྱ། །ཥཛ་ཝ་རཱི་ནི་ཥཱ་ན་སོགས། །གླུ་དབྱངས་བསྟོད་དང་སིང་སྒྲ་ཡི། །སྙན་པའི་དབྱངས་ཀྱིས་དགའ་འགྱུར་བས། །གཉིས་པ་རུ་ནི་ཤེས་པར་བྱ། །ཙནྡན་ལ་སོགས་སྣ་ཚོགས་དྲིས། །ལུས་བྱུག་ལྷན་ཅིག་རྩེན་བྱེད་ཚེ། །དགའ་བ་ཡང་དག་ཐོབ་བྱེད་པ། །གསུམ་པ་རུ་ནི་ཤེས་པར་བྱ། མ་མཆུའི་སྦྲང་རྩིས་གཞིབ་བྱས་པས། །མགོར་གནས་བྱང་ཆུབ་སེམས་འགྱུ་བས། །རོ་འཐུང་དགའ་བས་བདག་མཉེས་པས། །བཞི་པར་རབ་ཏུ་ཤེས་པར་བྱ། །ལུས་ལ་བྱུག་ཅིང་སྣ་ཚོགས་ཀྱི། །སྤྱོད་པས་རྩེན་ཚེ་རེག་


JKT005_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཡིས། །ཡང་དག་དགའ་བར་བྱེད་པས་ན། །ལྔ་པ་རུ་ནི་ཤེས་པར་བྱ། །དེ་ཡིས་ཡེ་ཤེས་རྣམ་པ་གསུམ། །རིག་པར་བྱེད་ཅིང་རང་གི་ཡིད། །ཡང་དག་དགའ་བར་རབ་བྱེད་པ། །དྲུག་པར་ཤེས་བྱ་རྣལ་འབྱོར་པས། །དེ་ཡི་ལུས་ནི་བདག་གི་ནི། །རྟེན་དུ་གནས་པ་སྲ་བ་ཡིས། །ཡང་དག་དགའ་བར་བྱེད་པས་ན། །བདུན་པ་རུ་ནི་ཤེས་པར་བྱ། །དེ་ཡི་པདྨའི་ཟིལ་སོགས་དང་། །བྱང་སེམས་རླན་གྱིས་རང་གི་སེམས། །རབ་ཏུ་དགའ་བར་བྱེད་པས་ན། །བརྒྱད་པར་རབ་ཏུ་ཤེས་པར་བྱ། །གསང་གནས་དྲོད་སོགས་ཚ་བ་ཡིས། །བདག་གི་ཡིད་ནི་ཡང་དག་པར། །དགའ་བ་བྱེད་པའི་མཆོག་ཡིན་པས། །དགུ་པ་རུ་ནི་ཤེས་པར་བྱ། །དེ་ནས་བསྐྱོད་པས་ཡེ་ཤེས་མེས། །ཕུང་པོ་ཁམས་སོགས་སྲེག་བྱེད་པས། །ཡིད་ནི་ཡང་དག་དགའ་འགྱུར་བས། །བཅུ་པར་རབ་ཏུ་ཤེས་པར་བྱ། །བཅུ་པོ་དེ་ཡིས་དང་པོ་དང་། །ཕྱིས་ཀྱི་འབྲས་བུ་མཆོག་འགྱུར་བ། །གང་དུ་གསུངས་པ་རབ་ཐོབ་སྟེ། །དེ་བས་དེ་འདྲའི་དོན་ཆེན་ལ། །ཡང་དག་འཇུག་པར་མི་ནུས་པའི། །གདུལ་བྱ་རྣམས་ལ་བདེ་གཤེགས་ཀྱིས། །རབ་ཏུ་དགའ་སོགས་མཚན་ཉིད་དུ། །བསྟན་ནས་དེ་ཡི་དོན་ཞུགས་པས། །དེ་ཡིས་རྟོགས་ཀྱང་བླ་དང་བཅས། །དེ་ཉིད་དང་པོའི་རྣལ་འབྱོར་ལ། །རྟེན་དང་རྟེན་ཅན་དཀྱིལ་འཁོར་གྱི། །འཁོར་ལོ་རབ་ཏུ་བརྟན་བྱས་ནས། །དེ་ཞུགས་


JKT005_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བརྟན་བྱས་པས། །རྟོགས་ཀྱང་དོན་འདི་མ་ཤེས་ན། །ཡང་དག་སངས་རྒྱས་མ་ཡིན་ནོ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུར་རབ་ཏུ་ཆེ་བའི་ལྷ། །ལྷག་པའི་ལྷ་ཞེས་བྱ་བ་ནི། །བཅུ་གསུམ་པ་ཞེས་བྱ་བར་བཤད། །དེ་ལྟར་རིམ་པ་གཉིས་པ་ཡི། །དེ་བཞིན་ཉིད་ནི་ཐབས་བཅས་པའི། །བདུད་རྩི་མཆོག་འདི་རྣལ་འབྱོར་གང་། །འཐུང་བར་བྱེད་པ་སངས་རྒྱས་ཀྱི། །དེ་ཡི་སྲས་སུ་ངེས་པ་སྟེ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲོགས། རིག་པ་འཛིན་པའི་དཔོན་པོ་སྟེ། །མཁའ་འགྲོ་མ་ཡི་ཁྱོ་རུ་འགྱུར། །ཉན་ཐོས་རང་འདྲེན་རྣམས་ཀྱི་ནི། །འདྲེན་པར་བྱེད་པའི་གཙོ་བོ་སྟེ། །སེམས་ཅན་ཕལ་པའི་རྗེ་བཙུན་ནོ། །དེ་ལ་ཕྱོགས་བཅུ་ཁམས་བཞུགས་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རིག་པའི་ལྷ་དང་ཁྲོ་བོ་སོགས། །མེ་ཏོག་ལ་སོགས་མཆོད་པ་བཅས། །ཞག་གཅིག་སྐྱ་རེངས་དང་པོ་དང་། །ཕྱེད་ནི་དྲོས་པའི་དུས་ཉིད་དང་། །ཆལ་ཆིལ་མཚམས་སུ་ནམ་མཁའ་ལས། །མཆོད་པ་བྱས་ནས་སྔགས་བརྗོད་ཅིང་། །རང་གི་ཞིང་དུ་འགྲོ་བར་འགྱུར། །དེ་བས་དག་པའི་ལྷ་རྣམས་ཀྱང་། །དེ་བཞིན་དུ་ནི་མཆོད་བྱེད་ན། །མ་དག་པ་ཡི་ལྷ་རྣམས་ནི། །དེ་ལ་ཅི་ཡི་ཕྱིར་མི་མཆོད། །སེམས་ཅན་ཕལ་པ་གཞན་གྱིས་ནི། །མེ་ཏོག་སྙིམ་པ་བཀང་ནས་ནི། །མགྲིན་པ་དམའ་བས་ཞབས་འདུད་ཅིང་། །རྟག་ཏུ་བཀུར་


JKT005_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤིན་ཏུ་འོས། །དེ་ནི་སྐྱེས་བུ་རྐང་གཉིས་གཙོ། །ཀུན་མཁྱེན་རྣམས་ཀྱིས་བཞག་པ་སྟེ། །ཕྱིར་ལོག་ཁུར་ཆེན་པོར་བྱེད་པས། །མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །སྒྲུབ་པ་པོ་དེ་གླང་དང་འདྲ། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་ཀུན་སྤོང་། །ཅིག་ཤོས་ལུས་ལ་ང་གནས་ཕྱིར། །མཆོད་ཅིང་བརྗོད་པས་ལུས་རྣམས་ཀྱི། །སྒྲིབ་པ་དེ་ཡིས་དག་བྱེད་དོ། །རིམ་པ་གཉིས་འདིར་སྒྲུབ་པ་པོ། །རྩེ་གཅིག་པ་ཡིས་རྣམ་པར་གཟུང་། །དེ་བཟུང་ཚེ་འདི་ཉིད་ལ་ཡང་། །བརྟུལ་ཞུགས་ཆོ་ག་ཉིད་ཀྱིས་ནི། །ལྷ་མོས་རྐྱེན་ནི་རབ་བྱས་ཏེ། །ཕྱག་རྒྱ་ཆེན་པོ་རང་རྒྱུད་ལ། །འཕོ་བར་ཐེ་ཚོམ་མི་བྱའོ། །ད་ནི་རང་ཉིད་བྱིན་བརླབས་པའི། །རིམ་པ་འདི་ནི་རྣལ་འབྱོར་པ། །བྱ་བས་བསྐལ་པ་འགའ་ཞིག་ལ། །ཡང་དག་ཏུ་ནི་བཤད་པར་བྱ། །གང་ཞིག་བླ་མ་མཉེས་བྱས་ནས། །དེས་གནང་དམ་སྡོམ་བཅས་པ་རུ། །བུམ་པ་ལ་སོགས་རབ་ཐོབ་སྟེ། །བླ་མའི་ཞལ་ལས་རྙེད་པ་ཡི། །དེ་བཞིན་ཉིད་ནི་རབ་ཐོབ་ཅིང་། །གསང་དང་མཆོག་ཏུ་གསང་རིགས་པས། །ཇི་སྐད་བཤད་པའི་བྱ་བ་ཡིས། །ཡང་དག་བསྒོམ་ནི་མི་ནུས་པས། །ཇི་བཞིན་པ་ཡི་དེ་ཁོ་ན། །རིམ་པ་འདི་ཡིས་བསྒོམ་པར་བྱ། །གང་ཞིག་དུས་ནི་ཕྱི་ཞིག་ལ། །འཆི་བའི་མཚན་མ་བདག་གིས་མཐོང་། །འཆི་བར་གྱུར་པའི་དུས་


JKT005_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན། །ནད་ཀྱིས་ཡང་དག་མ་རྙིང་པར། །འཕོ་བའི་སྦྱོར་བ་ཡང་དག་བྱ། །དཔྲལ་བ་དང་ནི་ལྟེ་བ་དང་། །སྤྱི་གཙུག་དང་ནི་མིག་དང་ནི། །རྣ་བ་དང་ནི་སྣ་དག་དང་། །ཆུ་ཡི་གནས་དང་ཆུ་མིན་གནས། །ཁ་ཡི་གནས་དང་ཡེ་ཤེས་ཀྱི། །འགྲོ་འོང་གིས་ནི་རྟགས་ཤེས་བྱ། དཔྲལ་བ་གཟུགས་ཀྱི་ཁམས་ཀྱི་ནི། །རྟགས་སྐྱེས་པ་རུ་ཤེས་པར་བྱ། །ལྟེ་བར་འདོད་ཁམས་ལྷ་རྣམས་ཀྱིས། །རྟགས་བྱུང་དེ་གླུ རུ་སྐྱེ་བར་ངེས། །སྤྱི་གཙུག་གཟུགས་མེད་ཁམས་རྣམས་ཀྱི། །རྟགས་བྱུང་དེ་རུ་སྐྱེ་བར་འགྱུར། །རྣ་གཉིས་ཡེ་ཤེས་འཕོ་བ་ན། །གནོད་སྦྱིན་གནས་སུ་སྐྱེ་བར་འགྱུར། །སྣ་གཉིས་རིག་པ་འཛིན་པ་ཡི། །གནས་སུ་ངེས་པར་འགྲོ་བའོ། །མིག་གཉིས་ཀྱི་རྣམས་རྒྱལ་པོར་འགྱུར། །རྟགས་ནི་ཡང་དག་སྐྱེ་བར་འགྱུར། །ཁ་རུ་ཡེ་ཤེས་འཕོ་བ་ན། །ཡི་དྭགས་རྟགས་སུ་ཤེས་པར་བྱ། །ཆུ་གནས་དུད་འགྲོ་རྣམས་ཀྱི་ནི། །རྟགས་སུ་ཡང་དག་རབ་ཤེས་བྱ། །ཆུ་མིན་བུ་གར་ཡེ་ཤེས་འགྲོ། །དམྱལ་བའི་རྟགས་སུ་ཤེས་པར་བྱ། །དེ་ལྟར་ཡེ་ཤེས་འཕོ་བ་ཡི། །རྣམ་པའི་ཆ་ནི་ཤེས་བྱས་ནས། །སྒྲོགས་པ་ལྔ་ཡི་ཡི་གེ་ཡིས། །སྟེང་གི་སྒོ་བདུན་དགག་པར་བྱ། །ཆུ་ཡིས་སྒོ་རུ་སུཾ་གིས་དགག །ཆུ་མིན་ཀྵ་གིས་དགག་པར་བྱ། །དེ་ལྟར་སྒོ་དགུ་བཀག་ནས་ཀྱང་། །རིམ་པ་འདི་ཡིས་རང་སེམས་ཀྱི། །གནས་ནི་རབ་ཏུ་བཙལ་བྱས་པས། །


JKT005_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཉིད་དུ་ནི་ངེས་པར་འགྲོ། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་སུ། །རྣལ་འབྱོར་རྒྱུད་ཀྱིས་དཔྱད་པ་ལྟར། །རྣམ་པར་བསྒོམས་བྱས་ཡེ་ཤེས་སོ། །གོང་ན་མེད་པ་རྟོགས་པར་འགྱུར། །བདག་ཉིད་ཇི་སྐད་གསུངས་པ་བཞིན། །ལྷ་ཡི་ལུག་སུ་གྱུར་བྱས་པ། །ཆོས་ཀྱི་དབྱིངས་དང་རྣམ་ཤེས་དང་། །བདག་ཉིས་སངས་རྒྱས་སྐུར་བྱས་པའི། །གནས་ནི་རིན་ཆེན་སྣ་ཚོགས་པའི། །ཁ་དོག་སྣ་ལྔས་རབ་བརྒྱན་པའི། །རྡོ་རྗེ་རྩེ་མོ་དགུ་པ་མཆོག །བདག་གི་སྤྱི་བོའི་སྟེང་དུ་ནི། །བསམས་ནས་དེ་རུ་རང་གི་སེམས། །རྡོ་རྗེ་དཀར་པོ་བཅུ་ཚལ་ཙམ། །རྩེ་ལྔ་བསམས་ནས་བརྟག་པར་བྱ། །ཡར་གྱི་རྩེ་ལྔ་ཐབས་ལྔ་སྟེ། །དེ་བཞིན་མར་བལྟས་ཤེས་རབ་ལྔ། །དབུས་ཀྱི་བུམ་པ་རི་བོང་ཅན། །བསམས་ནས་དེ་རུ་ཡེ་ཤེས་ཆེ། །སེར་པོ་བྱང་ཆུབ་སེམས་འདྲ་བ། །འཛག་པའི་ངང་ཚུལ་དང་འདྲ་བ། །ཐིག་ལེ་ཙ་ན་ཀ་ཡི་འབྲུ། །ལྔ་འབྱོར་ཚད་དུ་བསྒོམ་པར་བྱ། །དེ་ནས་ཆོས་རྣམས་ཐམས་ཅད་ཀུན། །མེད་པར་བསམས་ནས་བདག་དམིགས་ཏེ། །བདག་ཀྱང་བདག་ལ་ཐིམ་བྱས་ནས། །སེམས་ཙམ་དེ་ཡང་མདའ་བཞིན་དུ། །སྤྱི་བོར་རྡོ་རྗེ་འོག་ཆ་ཡི། །སྦུ་གུར་ཞུགས་ནས་ཐིག་ལེར་ཐིམ། །དེ་ནི་དེ་བཞིན་གཤེགས་པ་རྣམས། །ལྷ་མོ་རྣམས་ཀྱི་རང་བཞིན་གྱི། །གནས་སུ་ཤེས་པར་རབ་ཏུ་བྱ། །དེ་ནི་གདོད་ནས་གྲུབ་པའི་གཟུགས། །དེ་རུ་ཤེས་པ་རབ་


JKT005_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ། །སེམས་དེ་ཡང་དང་ཡང་དུ་གཟུང་། །དེ་ལས་སེམས་དེ་ཡར་བ་ལྟར། །རྡོ་རྗེ་རྩེ་དགུ་སྟེང་ཆ་ཡི། །སྦུ་གུར་བྱུང་ནས་སྣ་ཚོགས་ཀྱི། །པདྨར་ཟླ་བ་གནས་པ་ལ། །རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ། །མཚན་དང་དཔེ་བྱད་ཀུན་བརྒྱན་ལ། །རྒྱན་ཀུན་བརྒྱན་པའི་ན་བཟའ་དང་། །བྲལ་ནས་ཤིན་ཏུ་གསལ་དམིགས་ཏེ། །དེ་གཉིས་མེད་པའི་སྦྱོར་བ་ཡིས། །བྱིན་རླབས་ལས་བྱུང་འཁོར་ལོ་ཆེ། །རྣམ་པར་འཕྲོ་ཞིང་འདུ་བར་བསམ། །དེ་ལྟར་རྣམ་པར་བསྒོམ་པ་མཆོག །ཡང་དང་ཡང་དུ་ཅི་ནུས་བསྒོམ། །བསམ་པ་དེ་ཡི་རྐྱེན་གྱིས་ནི། །བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། །གསལ་ཞིང་རབ་དག་མཁའ་འདྲ་རྟོགས། །དེ་ནས་རྫུ་འཕྲུལ་ཤུགས་ལྡན་པ། །ལོ་ལྔ་ལོན་པའི་བྱིས་པའི་གཟུགས། །འགྲུབ་ཚེ་དཔེ་མེད་བདེ་རྫོགས་རྟོགས། །དེ་ལས་སྐྱེ་གནས་གཞན་དུ་ནི། །འཕེལ་བར་བྱེད་ཚེ་སྤྲུལ་པའི་གཟུགས། །ཡང་དག་ཏུ་ནི་རྟོགས་པར་འགྱུར། །དེ་ལྟ་བས་ན་སེམས་ཅན་གྱི། །བསམ་པ་གང་དང་གང་དག་གི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དང་དེ་ནི་མདོ་བཞིན་དུ། །སྣ་ཚོགས་ནོར་བུ་ལྟ་བུར་འགྱུར། །ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ཤི་དང་བརྒྱལ་དང་གཉིད་ལོག་དང་། །གླལ་དང་འཁྲིག་དུས་སྐད་ཅིག་ཙམ། །མྱོང་བར་འགྱུར་བས་རབ་བསྒོམས་ན། །ལུས་ཅན་རྣམས་ཀྱི་ཡིད་ནི་སྦྱོང་། །


JKT005_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །འདི་ནི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པ་གཞན་ལས་མཆོད་པ་ལེན། །དེ་ཡིས་དེ་མཉེས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་སོགས་དང་། ཁྱོད་ཀྱང་ཟས་ཀྱི་སྤྱོད་པ་དང་། །ང་ལ་ཅུང་ཟད་འཁྲུལ་རྟོག་པས། །ཁྱོད་ཀྱི་ཚེ་འདི་ཉིད་ལ་ནི། །གཟུགས་བཅས་ཕུང་པོ་རང་ལུས་ནི། །གནས་ནི་ཡང་དག་མི་འགྱུར་ཏེ། །རྣམ་པར་ཤེས་པ་མི་ཤིགས་པ། །ཕྱག་རྒྱ་ཆེན་པོ་རབ་ཏུ་འགྲུབ། །དེ་བས་ཁྱོད་ཀྱི་ཡང་དག་བློས། །སངས་རྒྱས་ཀུན་གྱི་འདུས་པའི་རྒྱུད། །གསང་ཆེན་གསང་ལས་ཆེས་གསང་བ། །གོང་ན་མེད་པའི་ལུང་ཆེན་པོ། །འདི་ཡི་རིམ་པ་དང་པོ་ཡིས། །སྒྲུབ་པའི་ཐབས་དང་སྦྱིན་སྲེག་དང་། །གཏོར་མ་སྣ་ཚོགས་འཁོར་ལོ་དང་། །བསྡུས་པ་དང་ནི་རྣམ་བཤད་དང་། །དཀྱིལ་འཁོར་ཆོ་ག་ལ་སོགས་པ། །མི་ཤེས་མུན་བསྒྲིབ་སེམས་ཅན་གྱི། །ཐུར་མ་ལྟ་བུ་བརྩམས་པར་གྱིས། །ཞེས་སོགས་རྗེས་སུ་གདམས་ཏེ། དེ་ལྟར་རོལ་པའི་གར་བཅས་སྒྲ་བརྙན་ལྟ་བུ་རྡོ་རྗེའི་གླུ། །འཁོར་ལོར་བཅས་པ་དེ་ཉིད་གླུ་བླངས་བདག་ལ་བསྟོད་ཅིང་དེར། །ནམ་མཁའི་ཁམས་སུ་སྤྲིན་རྣམས་མེད་པ་ལྟ་བུར་ཐིམ་པར་གྱུར། །དགེ་སློང་བླ་མ་གཉིས་བཅས་དེ་ཡང་དེ་བཞིན་མི་སྣང་གྱུར། །རྡོ་རྗེ་གདན་གྱི་རྒྱབ་ནས་རྒྱང་གྲགས་ལྔ་བཅུ་སོར་བའི་སར། །པདྨ་ཏ་ཡི་ཕུག་ལ་བརྟེན་ཏེ་སེམས་ཅན་


JKT005_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བྱའི་ཕྱིར། །འདི་བསྡུས་རབ་བྱེད་ཐམས་ཅད་བརྩམས་དང་སྟོན་སོགས་བྱས། །ཞེས་སོགས་རྒྱས་བར་བསྟན་ཅིང་། མཐར། དལ་འབྱོར་ལུས་འདི་ཤིན་ཏུ་གཡོ་སླ་བས། །ཇི་ལྟར་རླུང་གིས་མར་མེ་གསོད་པ་ལྟར། །སྐད་ཅིག་ཙམ་དུ་མི་སྡོད་དུས་འདའ་བྱེད། །དེ་བས་འདི་ནི་ཆུད་གསོན་མི་བྱ་སྟེ། །དངོས་ཀུན་དེ་ཉིད་མཆོག་ཆེན་རབ་བསྒོམ་བྱ། །ཞེས་དང་། དེ་ལྟར་རབ་ཏུ་ཤེས་པར་བྱས་ནས་སུ། །རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །དཔལ་ལྡན་ཀུན་གྱི་ངོ་བོ་རིམ་གཉིས་འདིས། །སྡུག་བསྔལ་ལམ་བཅས་བསྐལ་པ་གསུམ་དུ་ཡང་། །རང་གི་རྗེས་མཐུན་བྱང་ཆུབ་བླ་དང་བཅས། །ཐོབ་ནས་དེ་བདེ་ཅུང་ཙམ་རབ་ཚོགས་པ། །རྣལ་འབྱོར་དེ་ཡིས་ཅི་ཕྱིར་དེ་མི་སྒོམ། །ཞེས་དང་། འདི་ནི་རང་བཞིན་འགྲུབ་པའི་མན་ངག་ལས། །བརྒྱུད་པའི་བླ་མ་ཡང་དག་རབ་བརྟེན་དང་། །རང་གི་བསོད་ནམས་ཚོགས་ནི་སྔོན་བསྐྱེད་པས། །རྟོགས་པར་རབ་ཏུ་འགྱུར་བ་མ་རྟོགས་པར། །བསོད་ནམས་ཆུང་བས་བསྐལ་པ་དཔག་མེད་པར། །འདི་ནི་མི་རྟོགས་འདི་དོན་མ་རྟོགས་ན། །རྣལ་འབྱོར་ཆེ་ཞེས་དེ་ལ་མི་བྱའོ། །ཞེས་སོགས་དང་། ཐེ་ཚོམ་སོམ་ཉི་མེད་པར་དད་པ་ཡིས། །འདི་དོན་གྲུབ་པས་ཡང་དག་བླངས་བྱས་ནས། །ཤེས་རབ་ཀྱིས་ནི་ཡང་དང་ཡང་དུ་རུང་། །དཔྱད་པས་བདག་


JKT005_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཉིས་མེད་ཡེ་ཤེས་ཆེ། །ཆུ་གཙང་ནང་དུ་ཟླ་བའི་དཀྱིལ་འཁོར་ལྟར། །འབྱུང་འགྱུར་འདི་ལ་ཐེ་ཚོམ་མ་བྱེད་ཅིག །ཅེས་གསུངས་སོ། །འདི་ཉིད་རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་རྒྱ་དང་ལོ་ཙཱ་བ་མངའ་བདག་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་བ་སྣང་ངོ་། ༈ །ཡང་དེས་མཛད་པའི་༤ ༧གྲོལ་ནས་བའི་། ༢བར་ཐིག་ལེ་ཞེས་བྱ་བར། དངོས་པོ་ཐམས་ཅད་འདི་ལྟ་སྟེ། །དམྱལ་བའི་གནས་དང་ཡི་དྭགས་དང་། །དེ་བཞིན་བྱོལ་སོང་གླིང་བཞི་དང་། །སོགས་ནས། །སྒོམ་པའི་ལམ་དང་བར་མི་ཆོད། །རྣམ་གྲོལ་ཆེན་པོའི་ལམ་རྣམས་སོ། །དེ་དག་ཀུན་གྱི་རང་བཞིན་ནི། །ནམ་མཁའི་དབྱིངས་ལྟར་རྣམ་དག་པའི། སྤྲོས་པ་རྣམ་པ་ཀུན་བྲལ་བ། །ཟབ་གསལ་གཉིས་མེད་ཡེ་ཤེས་སོ། །ཐམས་ཅད་རྣམ་རྟོག་དང་བྲལ་བས། །འཁོར་བ་ཞེས་བྱ་ཡོད་མ་ཡིན། །འོན་ཀྱང་ཐག་པའི་སྦྲུལ་ལྟ་བུར། །སྣང་ཞིང་མེད་པ་ཉིད་དུ་འདོད། །རབ་རིབ་སྤངས་པས་ཐག་པ་ལས། །གཞན་ནི་ཅུང་ཟད་རྙེད་མི་འགྱུར། །དེ་བཞིན་སྤྲོས་སྤངས་དཀྱིལ་འཁོར་ལ། །འཁོར་བ་ཅུང་ཟད་རྙེད་མི་འགྱུར། །དེས་ན་ཟབ་གསལ་དཀྱིལ་འཁོར་བས། །ང་ནི་རྟག་ཏུ་མྱ་ངན་འདས། །དེ་དོན་སྐྱེ་བོས་མ་ཤེས་པས། །སྲིད་པའི་སྡུག་བསྔལ་གྱིས་གཟིར་རོ། །དེས་ན་ཟབ་གསལ་བྱང་ཆུབ་ནི། །གཉིས་མེད་རྟོགས་པས་དེ་གྲོལ་ལོ། །ཟབ་མོ་ཁོ་ནས་རྟོགས་པ་མིན། །


JKT005_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་དག་ཀྱང་དེ་བཞིན་ནོ། །དེ་བཞིན་ཐལ་བྱུང་ཟབ་མོ་ནི། །གྲོལ་འདོད་དེ་ལ་ང་མི་དད། །དེ་བས་གཉིས་མེད་རང་བཞིན་དུ། །རྟོགས་པས་ཚེ་འདིར་འབྲས་ཐོབ་ངེས། །རྣམ་པར་རྟོག་པ་ཀུན་བྲལ་བས། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །རྟོག་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱངས་པས། །ཡང་དག་ངལ་བ་ཞེས་བྱའོ། །དེ་གཉིས་མེད་པའི་རང་བཞིན་མཆོག །དངོས་པོ་ཀུན་ལ་ཁྱབ་པའི་བདག །འཁོར་བས་རབ་ཏུ་མ་ཟིན་པ། །ཆོས་ཀྱི་དབྱིངས་ཞེས་བཤད་པའོ། །དེ་འདྲ་རབ་མཆོག་ཡེ་ཤེས་ནི། །མངོན་སུམ་ཚོགས་པས་མི་ཤེས་སོ། །དེ་བཞིན་དཔྱོད་མཁན་གྱིས་མི་ཤེས། །མི་ཤེས་འཁྲུལ་པས་རབ་གཡོགས་པ། །ཉན་ཐོས་ཀྱིས་ཀྱང་མི་ཤེས་སོ། །སྤྱོད་ཡུལ་བག་ཉལ་ཤེས་པ་ཡིས། །རང་སངས་རྒྱས་ཀྱིས་ཀྱང་མི་ཤེས། །དུས་གསུམ་དུ་ནི་བྱོལ་སོང་དང་། །ཡི་དྭགས་དམྱལ་བ་ལྷ་རྣམས་ཀྱི། །སོ་སོ་སྐྱེ་བོས་ག་ལ་ཤེས། །སངས་རྒྱས་ཀུན་གྱི་གསང་ཆེན་འདི། །ནམ་མཁའ་ནམ་མཁའི་སྤྱོད་ཡུལ་ལོ། །འདི་ཡི་དོན་ཤེས་བརྒྱུད་པ་ཡི། །བླ་མ་དམ་པ་རྟག་བཀུར་བས། །ཨུ་དུམྦྷ་ར་བརྒྱ་ལམ་ན། །བསོད་ནམས་ཅན་གྱིས་སྐད་ཅིག་ཤེས། །འདི་ཡི་དོན་ཤེས་རྣལ་འབྱོར་


JKT005_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པས། །བྱ་བའི་ལས་ནི་དཀྱིལ་འཁོར་དང་། །བྱ་བའི་ལས་ནི་གཏོར་མ་དང་། །བྱ་བའི་ལས་ནི་སྦྱིན་སྲེག་དང་། །བྱ་བའི་ལས་ནི་བགྲང་ཕྲེང་དང་། །བྱ་བའི་སྐྱིལ་མོ་ཀྲུང་ལ་སོགས། །ངལ་བ་བྱེད་པས་ཅི་ཞིག་བྱ། །དང་པོ་པ་རྣམས་འདྲིད་ཕྱིར་རོ། །ཅི་ཕྱིར་རྟོགས་པས་སངས་རྒྱས་མིན། །རང་བཞིན་རྣམ་དག་ལས་བྱུང་ཕྱིར། །རྟོག་བཅས་ཆོ་ག་དེ་དག་ཀུན། །ངལ་བ་ལ་སོགས་སྤང་བར་བྱ། །རང་བཞིན་ལས་ནི་བྱེད་པའང་ཡོད། །རང་བཞིན་ཡོངས་སུ་ཤེས་པ་ལས། །བྱེད་པ་མེད་ཅིང་བྱ་བའང་མེད། །དཔེར་ན་མི་གང་ཆུ་ཀླུང་གི། །ཕ་རོལ་དུ་ནི་འགྲོ་བ་དག །རྩྭ་དང་ཤིང་སོགས་བསྡུ་བྱས་ནས། །དེ་ལས་བརྒལ་བའི་རྫིང་བྱས་ཏེ། །འཇུག་ཏུ་རབ་ཏུ་བརྒལ་བྱས་ནས། །བོར་བས་བདེ་བར་འགྲོ་བ་ལྟར། །དེ་བཞིན་འཁོར་བའི་ཕ་རོལ་གྱི། །དངོས་པོ་དེ་ཉིད་རྟོགས་བྱས་ནས། །རྟོག་བཅས་ཆོས་རྣམས་ཡོངས་། སྤངས་ཏེ། །བྱང་ཆུབ་བདེ་བ་ཐོབ་པའོ། །དེ་ཕྱིར་རྣམ་རྟོག་རྣམས་སྤངས་ལ། །ཟབ་གསལ་གཉིས་མེད་ཆོས་སྤེལ་ཏེ། །དེ་བཞིན་གཤེགས་པས་གསུངས་ལམ་ལ། །སྔགས་རིག་རྣམ་རྟོག་མ་བྱེད་ཅིག ། རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །འཁོར་བར་ལྟུང་བར་བྱེད་པ་ཡིན། །ནམ་མཁའ་ལྟ་བུ་དྲི་མེད་པའི། །ཟབ་གསལ་གཉིས་མེད་ཏིང་འཛིན་མནོས། །ཞེས་དང་། ཐོག་མ་མཐའ་མ་མེད་པའི་མཆོག །ཡོད་པ་


JKT005_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་མེད་པ་མེད། །དབང་པོ་དང་བཅས་དབང་པོ་མེད། །འབྱུང་བའི་དངོས་པོ་འབྱུང་བ་མེད། །གཟུགས་དང་བཅས་ཤིང་གཟུགས་མེད་པས། །སྦྱོར་བའི་ལམ་གྱིས་མཐོང་བའོ། །ཕྱི་ཡི་གཟུགས་ཕུང་ཚོར་བ་སོགས། །ཀུན་རྫོབ་འབྱུང་བ་བཞི་པོ་དང་། །གཡོ་དང་བཅས་པའི་ཆོས་རྣམས་ཀུན། །དེ་གཅིག་པོས་ནི་ཁྱབ་པ་སྟེ། །ཐམས་ཅད་སེམས་ཙམ་ཁོ་ནའོ། །ཅི་ཕྱིར་སེམས་ཅན་ཐམས་ཅད་ཀུན། །རྣམ་ཤེས་ཕུང་པོ་ཁོ་ནའོ། །བླུན་པོ་རྨོངས་པ་རྣམས་ཀྱིས་ནི། །དེ་དོན་ཅུང་ཟད་ཤེས་མི་འགྱུར། །སེམས་དང་སེམས་བྱུང་ཡེ་ཤེས་དང་། །ཤེས་པ་རྣམ་ཤེས་གཅིག་པའོ། །གང་ཚེ་ལུས་ཀྱི་རྐྱེན་ཉིད་འགྱུར། །ཆོས་ཀུན་ངོ་བོ་གཅིག་ཏུ་འགྱུར། །དངོས་པོ་ཀུན་ཀྱང་དེ་ཚེ་འགྱུར། །ཅི་ཡི་ཕྱིར་ན་ཆོས་རྣམས་ཀུན། །ཆུ་རྒྱུན་བཞིན་དུ་རྒྱ་མཚོ་ལས། །ཐར་པ་ཉག་ཅིག་ཁོ་ན་སྟེ། །མང་པོ་ཉིད་དུ་མི་སྣང་ངོ་། །དེ་ནི་ནང་གི་སྦྱོར་བ་ནི། །བླ་མ་དམ་པའི་ཞལ་ནས་ནི། །ཐོབ་ཀྱི་དེ་ལ་ཐེ་ཚོམ་མེད། །དེ་ནི་ཟབ་གསལ་གཉིས་སྦྱོར་བས། །སྦྱོར་བ་ཞེས་སུ་བཤད་པའོ། །རྩེ་གཅིག་པས་ནི་ཏིང་ངེ་འཛིན། །མཉེས་བྱེད་ཚིམ་པར་བྱེད་པ་སྟེ། །གཏོར་མ་ཞེས་ནི་རབ་ཏུ་བྱ། །སྡིག་པ་ཞི་ཕྱིར་ཞི་བའོ། །བསོད་ནམས་རྒྱས་ཕྱིར་རྒྱས་པའོ། །ཆགས་པ་ཆེན་པོས་དབང་དུ་འདོད། །ཐམས་ཅད་གསོད་ཕྱིར་མངོན་སྤྱོད་དོ། །ཉན་ཐོས་


JKT005_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཆོས་རྣམས་ནི། །རིང་དུ་ཞི་བྱེད་བསྐྲད་པའོ། །སྔགས་པ་གང་གནས་རྣལ་འབྱོར་པས། །རྟོགས་པར་ནུས་པས་བསྲུང་པའོ། །དེ་ཤེས་ཆོས་རྣམས་ངོ་བོ་ཀུན། །གཅིག་མིན་གཉིས་རྟོགས་མིག་རྣོན་ནོ། །རྣམ་པར་རྟོག་པ་མ་ལུས་རྣམས། །ཡེ་ཤེས་ངོ་བོར་དེ་འགྱུར་བས། །དུག་གཞོམ་པ་ཡི་ཆོ་གའོ། །ཕུང་པོ་ལ་སོགས་བླུན་པོའི་རྫས། །ཡེ་ཤེས་མེས་བསྲེག་སྦྱིན་སྲེག་གོ། །ཟབ་པ་དང་ནི་གསལ་བ་ཡི། །ཆོས་ཀུན་མཉམ་པས་ཐིག་གདབ་བོ། །གསལ་བའི་འཇའ་ཚོན་ལྟ་བུའི་སྐུས། །ཉི་ཤུ་རྩ་གཅིག་ཆོས་ཀུན་ལ། །རང་བཞིན་གྱིས་བཟུང་མཚོན་བཏབ་བོ། །དེ་ཡི་ངོ་བོ་ཀུན་གནས་པ། །སློབ་དཔོན་སློབ་མ་ཀུན་ཞུགས་པའོ། །མིང་ཙམ་གྱིས་ནི་ལོག་འབྱུང་ཡང་། །རང་རིག་བདེ་བས་རྟོགས་པས་ན། །དབང་བསྐུར་ཞེས་ནི་བཤད་པ་ཡིན། །དེ་ལ་སོགས་པ་མཐའ་ཡས་ཀྱིས། །ཆོས་ཀུན་མིང་ཅན་དེ་ཉིད་མཆོག ། ཡན་ལག་ཐམས་ཅད་རབ་འདས་ཤིང་། །རྟོག་དང་རྟོག་པ་མེད་ལས་གྲོལ། །གུག་སྐྱེད་ཚེགས་དྲག་ལས་འདས་པ། །འདི་ནི་དཀྱིལ་འཁོར་མཆོག་ཅེས་བྱ། །ཆོས་རྣམས་ཐམས་ཅད་རྟོགས་པར་སྣང་། །ནམ་མཁའ་རྣམ་དག་འདྲ་བ་ཡིན། །དཀྱིལ་འཁོར་འདི་ནི་བསྟན་པ་ཡིན། །འདོད་ཆགས་མི་ཆགས་འདོད་ཆགས་མཉམ། །ཆུ་ཡི་པདྨ་དམར་པོ་འདྲ། །རང་སེམས་འདོད་ཆགས་ཤིན་ཏུ་ཆགས། །འདི་ནི་དཀྱིལ་


JKT005_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མཆོག་ཡིན་ནོ། །གཟུགས་དང་གཟུགས་མེད་དྲི་མེད་པའི། །གང་ཁམས་ཀུན་འཇུག་གྱུར་པ་ཡི། །སེམས་ནི་ཆུ་དང་སྐུལ་བྱེད་པའི། །དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱའོ། །དེ་འདྲའི་རང་རིག་དཀྱིལ་འཁོར་ལས། །རྟོག་ལས་རླུང་བྱུང་མེ་དང་ནི། །ཆུ་དང་ས་སྟེ་དེ་དག་ལས། །ཕྱི་རོལ་ཕུང་སོགས་རབ་གྲུབ་པས། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །མཆོག་གི་དཀྱིལ་འཁོར་འདི་བསྒོམ་བྱ། །གླུ སྐད་ཅིག་ཙམ་དུ་དད་པ་ཡང་། །མྱུར་དུ་རྡོ་རྗེ་སེམས་དཔར་འགྱུར། །དེ་ཡི་ཐེག་པ་བསམ་ཡས་ཀྱི། །ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་བསྲུང་། །དཀྱིལ་འཁོར་ཀུན་ཏུ་ཞུགས་པའོ། །དེ་ཕྱིར་འདི་ཡི་བསོད་ནམས་ཚོགས། །ནམ་མཁའ་སྣོད་བྱས་ཤོང་མི་འགྱུར། །ཅི་ཕྱིར་ཤཱཀྱ་ཐུབ་པ་ཡིས། །གྲངས་མེད་བར་དུ་ཚོགས་བསགས་ཀྱང་། །འདི་དོན་མ་རྟོགས་ནེརཉྫུར། །ཅི་ཡང་མ་ཡིན་ཏིང་འཛིན་གནས། །དེ་ཚེ་བདེ་གཤེགས་ཀུན་གྱིས་ཀྱང་། །ཐལ་བྱུང་བློ་ཅན་དེ་བཟློག་སྟེ། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་རབ་བསྟན་ཏེ། །ནམ་ཕྱེད་དུས་སུ་རྒྱལ་བ་ལྟར། །དེ་ཉིད་བསྒོམས་པས་ཐོ་རངས་སུ། །སྐད་ཅིག་གིས་ནི་ཡང་དག་རྟོགས། །བྱང་ཆུབ་སྙིང་པོར་བཞུགས་བྱས་ནས། །དཔུང་ཆེན་བདུད་རྣམས་རབ་བཅོས་སྟེ། །སེམས་ཅན་གཟུང་བར་བྱ་བའི་ཕྱིར། ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཡང་། །


JKT005_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དེ་ཡིས་ཇི་ལྟར་གནོད། །དེ་འདྲའི་རབ་མཆོག་ཡེ་ཤེས་ནི། །སོ་སོ་སྐྱེ་བོས་ག་ལ་ཤེས། །ཉན་ཐོས་རྣམས་ཀྱིས་མི་ཤེས་སོ། །རང་སངས་རྒྱས་ཀྱིས་ཀྱང་མི་ཤེས། །རྣལ་འབྱོར་སྤྱོད་དང་དབུ་མ་པ། །བྱང་ཆུབ་སེམས་དཔས་མི་ཤེས་སོ། །བླ་བཅས་སངས་རྒྱས་ཀུན་གྱིས་ཀྱང་། །འདི་ནི་ཅུང་ཟད་མི་ཤེས་སོ། །འདི་ཡི་དོན་ཤེས་མ་འོངས་པའི། །རྡོ་རྗེ་འཛིན་པ་མཉེས་བྱས་ནས། །རང་གི་བསོད་ནམས་སྟོབས་ཆེན་གྱིས། །ཡི་གེ་མེད་པ་རྣམ་པར་འཕོ། །དེ་ལ་དཀྱིལ་འཁོར་སྦྱིན་སྲེག་དང་། །གཏོར་མ་བཟླས་པ་བགྲང་ཕྲེང་དང་། །སྐྱིལ་མོ་ཀྲུང་དང་སྟང་སྟབས་སོགས། །སྤྲོས་བྲལ་རྣམ་པར་བསླུ་བ་སྟེ། །བྱ་བ་མ་ཡིན་དགག་པ་མིན། །ལྷག་པའི་ལྷ་ཡིས་སྤྲུལ་ཕྱིར་རོ། །བྱ་བ་རྣམས་ལ་རྣལ་འབྱོར་པ། །ལམ་ཆེན་དག་ཏུ་ཡོངས་འཛིན་པ། །རི་དྭགས་སྨིག་རྒྱུར་བསྙེགས་པ་ལྟར། །རྟག་ཏུ་སྣང་ཡང་མི་ཟིན་ནོ། །བྱ་བའི་ནད་ཆེན་གྱིས་ཟིན་ལ། །ཡེ་ཤེས་གཡོ་མེད་སྨན་ཆེན་གྱིས། །གསོ་བྱེད་སྐྱེས་བུ་དམ་པའོ། །དེ་བས་ལུས་ངག་ཡིད་གསུམ་གྱི། །སྡོམ་པ་མཆོག་ལ་གནས་བྱས་ནས། །ངའོ་སྙམ་གཉིས་པ་དེ་ཉིད་བསྒྲུབ། །ཅེས་སོགས་ནས་བསྐྱེད་རིམ་སྔོན་དུ་འགྲོ་བས་ཐིག་ལེའི་རྣལ་འབྱོར་དང་། གཟུང་བ་དང་། རྗེས་དྲན་སོགས་རྫོགས་པའི་རྣལ་འབྱོར་མང་དུ་བསྟན་ཏེ། དེ་ཡང་སྙིང་གི་སྣེའི་རྩེ་མོར་


JKT005_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤིགས་པའི་ཐིག་ལེ་བསྒོམ་པ་དང་། དབུགས་དགག་པ་དང་། གཟུང་བ་དང་། རྗེས་དྲན་གྱི་ཡན་ལག་གསུམ་གྱིས་གསང་བའི་ཐིག་ལེ་དང་། རྡོ་རྗེའི་བཟླས་པས་སྤྲུལ་པའི་ཐིག་ལེ་བསྒོམ་པ་རྣམས་བསྟན་ཏོ། །དེ་ལ་ཧཱུཾ་གིས་འབྱུང་བ་དང་། །ཨོྃ་གྱིས་སྡུད་དང་ཨཱཡིས་གནས། །དེ་ལ་དེ་ཉིད་རབ་བཟུང་བས། །གྲོལ་བའི་ཡེ་ཤེས་རྙེད་འགྱུར་བས། །སོམ་ཉི་ཡིད་གཉིས་མ་བྱེད་ཅིག ཕྱག་རྒྱ་བཞི་འབྲེལ་བཟླས་པ་ནི། །ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྟེ། །དེ་ནི་དགུ་བརྒྱ་རྣམ་པ་བསྒྲེས། །ཞག་གཅིག་ཏུ་ནི་ཉི་ཤུ་བཞིས། །ཁྲི་ཕྲག་གཉིས་དང་གཅིག་སྟོང་དང་། །བརྒྱ་ཕྲག་དྲུག་ཏུ་དུས་ཐམས་ཅད། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །ཉིན་མཚན་བཟླས་བརྗོད་གྲངས་བྱེད་དོ། །ཞེས་དང་། དེ་ནི་ཡང་དག་ཤེས་ནས་ནི། །སྒོམ་པའི་བར་ཆད་ཕྱི་རོལ་གྱི། །བཟླས་པ་ཡོངས་སུ་སྤང་བར་བྱ། །བཟླས་པའི་ངོ་བོ་ག ཆེན་པོ་མཆོག །རྡོ་རྗེ་འཆང་བ་བརྗོད་མེད་སྐུ། །བསམ་བརྗོད་ཡུལ་ལས་རབ་འདས་པས། །ངག་གིས་ཇི་ལྟར་བཟླས་པར་བྱེད། །དེ་བས་གླང་ཆེན་རྙེད་གྱུར་པ། །རྗེས་ཀྱིས་དེ་ལ་ཅི་ཞིག་བྱ། །ཞེས་དང་། དེ་བས་རྡོ་རྗེའི་བཟླས་པ་མཆོག །འབད་པས་བདེ་གཤེགས་ཐམས་ཅད་ཀྱི། །བྱིན་རླབས་ཉིད་ནི་འདོད་པས་ན། །ཕྱག་རྒྱ་ཆེན་པོ་འགྲུབ་པ་ཡི། །མཚན་མ་ཡང་དང་ཡང་འབྱུང་འགྱུར། །ཞེས་སོགས་ནས། །


JKT005_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དགའ་གསུམ་བྱེ་བྲག་གི །ཐིག་ལེ་རྣམ་གསུམ་བསྒོམ་པ་ཡི། །ཆོ་ག་ཡང་དག་བསྟན་པའོ། །ཞེས་པ་དང་། དེ་ལྟར་ཆོས་ཀུན་དེ་བཞིན་ཉིད། །དཔག་མེད་དམ་པའི་ཕུན་སུམ་ཚོགས། །དེ་དམིགས་ཡང་དག་སྐྱེ་འགྱུར་བ། །བསྒོམ་པའི་ཆོ་ག་རྣམ་བཤད་ནས། །རྣམ་གྲངས་དག་ཀྱང་ཡོངས་སུ་བསྟན། །དེ་བཞིན་ཉིད་དང་ཡང་དག་མཐའ། །བསམ་གྱིས་མི་ཁྱབ་པ་ཡི་དབྱིངས། །ཆོས་ཉིད་དང་ནི་ཆོས་སྐྱོན་མེད། །སྟོང་པ་ཉིད་དང་མཚན་མ་མེད། །སྨོན་པ་མེད་པ་ཉིད་དང་ཡང་། །ཉོན་མོངས་ཁུར་ཆེན་འདོར་བྱེད་པ། །མངོན་པར་བྱང་ནི་ཆུབ་པ་དང་། །གཞན་གྱི་སེམས་ཤེས་བྱེད་པ་དང་། །ལྷ་ཡི་རྣ་བ་སྟེར་བ་དང་། །དེ་བཞིན་ལྷ་ཡི་མིག་སྟེར་དང་། །རྫུ་འཕྲུལ་དཔག་མེད་སྤྲུལ་ཆེན་དང་། །དངོས་པོ་མཐར་ནི་ཕྱིན་པ་དང་། །རྫོགས་པ་ཡི་ནི་རིམ་པ་དང་། །ཡོངས་སུ་དག་པའི་སྐུ་གཙང་དང་། །ཀུན་གྱིས་བསྟེན་བྱ་ཉིད་དག་དང་། །མཁར་ལྟར་རྣམ་པར་དག་པ་དང་། །གློ་བུར་དྲི་མས་མི་གོས་དང་། །གདོད་ནས་འོད་གསལ་བ་ཉིད་དང་། །གང་གིས་ཀྱང་ནི་མི་ཤིགས་དང་། །དངོས་པོ་མེད་པ་ཉིད་དང་ནི། །རྒྱུ་སོགས་བཅུ་གཉིས་འབྱུང་བྱེད་དང་། །དཔལ་ཆེན་ཡེ་ཤེས་ཡོངས་དག་དང་། །ཐིག་ལེ་ཆེན་པོ་ཡོངས་དག་དང་། །སངས་རྒྱས་ཀུན་གྱི་གསང་ཆེན་དང་། །ནམ་མཁའ་ནམ་མཁའི་སྤྱོད་ཡུལ་དང་། །བསྒོམ་པ་མེད་པ་


JKT005_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་ནི། །རྗེ་བཙུན་མན་ངག་ཆེན་པོ་དང་། །རྣ་ནས་རྣ་བར་འཕོ་བྱེད་དང་། །ཉན་ཐོས་ཀྱིས་ནི་མི་ཤེས་དང་། །རང་སངས་རྒྱས་སོགས་མི་ཤེས་དང་། །ཡི་གེ་མེད་པ་ཉིད་དང་ནི། །ཚིག་དང་བྲལ་དང་བརྗོད་མེད་སོགས། །དེ་ལ་མདོ་དང་རྒྱུད་རྣམས་ལས། །གསུངས་ཤིང་ཡང་དག་གསུང་འགྱུར་བ། །དེར་ནི་དེ་བཞིན་ཉིད་འདི་ལས། །གཞན་ནི་ཅི་ཡང་མ་གསུངས་སོ། །དེ་བས་དད་པ་སྔོན་འགྲོ་བའི། །སེམས་ཀྱི་ཆོས་ཀུན་དེ་བཞིན་ཉིད། །ཟབ་གསལ་གཉིས་མེད་དོན་ཆེན་པོ། །རིམ་པ་གཉིས་པའི་དེ་ཁོ་ན། །བླ་མའི་གསུང་ནི་ཡང་དག་བཟུང་། །ཞེས་སོགས་དང་། དེ་ནས་མཐའ་མེད་འཁོར་བའི་– བར། །རྟག་པ་དང་ནི་མི་གདུང་དང་། །བསིལ་བ་དང་ནི་གཅིག་པ་དང་། །བདེ་བ་དང་ནི་དྲི་མེད་དང་། །དགའ་བ་དང་ནི་ཡིད་དགའ་བ། །འདི་ནི་བདེ་ཆེན་རོ་མྱོང་བརྒྱུད། །ཅེས་དང་། ༈ །ཇི་སྐད་༦ བཤད་པའི་བྱ་བ་ཡིས། །ཡང་དག་སྒོམ་ནི་མི་ནུས་པས། །ཇི་བཞིན་པ་ཡི་དེ་ཁོ་ན། །རིམ་པ་འདི་ཡིས་བསྒོམ་པར་བྱ། །གང་ཞིག་དུས་ནི་ཕྱི་ཞིག་ལ། །འཆི་བའི་མཚན་མ་བདག་གིས་མཐོང་། །འཆི་བར་གྱུར་པའི་དུས་བྱུང་ན། །ནད་ཀྱིས་ཡང་དག་མ་རྙོགས་པར། །འཕོ་བའི་སྦྱོར་བ་ཡང་དག་བྱ། །ཞེས་སོགས་འཕོ་བའི་རྣལ་འབྱོར་རྒྱས་པར་བསྟན་པ་དང་། ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ཤི་དང་


JKT005_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱལ་དང་གཉིད་ལོག་དང་། །གླལ་དང་འཁྲིག་དུས་སྐད་ཅིག་ཙམ། །མྱོང་བར་གྱུར་པས་རབ་བསྒོམས་ན། །ལུས་ཅན་རྣམས་ཀྱི་ཡིད་ནི་སྦྱོང་། །ཞེས་སོགས་ཀྱི་འགྲེལ་པར། དུས་ཐམས་ཅད་དུ་དེ་བཞིན་ཉིད་གནས་པའི་ཕྱིར་ན་དེ་བཞིན་ཉིད་དོ། །དངོས་པོ་ཐམས་ཅད་ཡང་དག་པའི་མཐར་གྱུར་པའི་ཕྱིར་ཡང་དག་མཐའོ། །ཡོན་ཏན་བསམ་གྱིས་མི་ཁྱབ་པའི་རྒྱུ་བས་ན་བསམ་གྱིས་མི་ཁྱབ་པའི་དབྱིངས་སོ། །ཆོས་ཐམས་ཅད་ལས་མི་འགྱུར་བས་ན་ཆོས་ཉིད་དོ། །གཉིས་པོའི་བདག་དང་བྲལ་བའི་ངོ་བོས་ན་ཆོས་སྐྱོན་མེད་པའོ། །བརྟག་པ་ཐམས་ཅད་ཀྱིས་མ་ཟིན་པས་ན་སྟོང་པ་ཉིད་དོ། །གཞན་གྱིས་བརྟགས་པའི་རྒྱུ་མེད་པས་ན་མཚན་མ་མེད་པའོ། །ཡེ་ཤེས་ལས་མ་གཏོགས་པ་མེད་པས་ན་སྨོན་པ་མེད་པའོ། །ཞེས་སོགས་ནས། ཤེས་བྱའི་ངོ་བོ་ཉིད་མེད་ཅིང་བཏགས་པས་སྐྱེ་བ་མེད་པའོ། །རང་བཞིན་གྱིས་དག་པས་ན་འོད་གསལ་བའོ། །ཡེ་ཤེས་ལྔའི་རང་བཞིན་ཡིན་པས་ན་མངོན་པར་བྱང་ཆུབ་སེམས་སོ། །ཕྱིན་ཅི་ལོག་གི་དངོས་པོ་ཐམས་ཅད་ཟད་པས་ན་དངོས་པོ་མཐར་ཕྱིན་པའོ། །ཡེ་ཤེས་དམ་པའི་ཡུལ་དུ་གྱུར་པས་ན་དོན་དམ་པའི་བདེན་པའོ། །བློས་བཞག་པ་མ་ཡིན་པས་ན་རྫོགས་པའི་རིམ་པའོ། །བརྟགས་པ་ཐམས་ཅད་ཀྱང་ཐིམ་པས་ན་ཡོངས་སུ་དག་པའི་སྐུ་གཙང་ངོ་། །གང་གིས་རེག་པ་དེ་ལ་དོན་ཆེན་པོ་མི་འབྱུང་


JKT005_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ཡིན་པས་ན་ཀུན་གྱིས་བསྟེན་བྱའོ། །གློ་བུར་གྱི་དྲི་མས་མ་གོས་པས་ན་ནམ་མཁའ་ལྟར་དག་པའོ། །གཉེན་པོ་ཡེ་ཤེས་ཀྱིས་སྦྱངས་པ་མ་ཡིན་པས་ན་གདོད་ནས་འོད་གསལ་བའོ། །ཡང་དག་པའི་ཚད་མས་འཚེ་བ་མེད་པས་ན་གང་གིས་ཀྱང་མི་ཤིགས་པའོ། །བརྡ་ལ་སོགས་པའི་ཀུན་བརྟགས་དང་བྲལ་བས་ན་དངོས་པོ་མེད་པའོ། །བདག་པོའི་སྒོ་ནས་ཀྱང་སངས་རྒྱས་ཐམས་ཅད་སྐྱོན་མེད་པའི་ཡེ་ཤེས་ཀྱི་རང་བཞིན་པས་ན། དཔལ་ཡེ་ཤེས་ཡོངས་སུ་དག་གོ །ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ཡོངས་སུ་དག་པའི་ཐིག་ལེར་སངས་རྒྱས་ཐམས་ཅད་ཁ་སྦྱར་གྱི་དབུས་ན་གནས་པས་ཐིག་ལེ་བརྟན་པོ་ཡང་དག་གོ །ཁྱབ་བདག་ཏུ་གནས་ཤིང་སངས་རྒྱས་ཐམས་ཅད་ཀྱིས་མ་འཁྱུད་ཀྱང་ཕལ་ཆེས་པའི་སྤྱོད་ཡུལ་དུ་མ་གྱུར་པས་ན་གསང་ཆེན་ནོ། །སོགས་དང་། གལ་ཏེ་ཡི་གེ་ལ་སོགས་པའི་ངོ་བོ་ཡོད་ན་ད་ལྟར་ཀུན་གྱིས་ཤེས་པ་ཞིག་ན། འདི་ནི་ཡི་གེ་ལ་སོགས་པ་དང་བྲལ་བའི་མན་ངག་ཆེན་པོ་བས་ན་ཇི་ལྟར་ཤེས་ཏེ་མ་ནོར་བའི་ལམ་དུ་བརྟན་པོ་མེད་ན་མི་འབྱུང་སྟེ། རང་གིས་རང་གི་ཡེ་ཤེས་མཐོང་བའི་ཕྱིར་རོ། །ཞེས་དང་། རྟག་པ་དང་ནི་མི་གདུང་དང་། །སོགས་ཀྱི་འགྲེལ་པར། དེ་ཡང་འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་པས་ན་རྟག་པའོ། །གཟུང་བ་ལ་སོགས་པའི་རྟོག་པས་མ་གོས་པའི་ཕྱིར་ན་མི་གདུང་བའོ། །


JKT005_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱའི་སྒྲིབ་པ་ལ་སོགས་པའི་ཚ་བ་མེད་པས་ན་བསིལ་བའོ། །དོན་དམ་པ་དང་ཀུན་རྫོབ་སེམས་ཅན་དང་སངས་རྒྱས་ཀུན་གྱི་ངོ་བོར་གྱུར་པས་ན་གཅིག་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་གཅིག་ཏུ་གྱུར་པའི་བདེ་བ་དང་ལྡན་པས་ན་བདེ་བའོ། །ཕྱིན་ཅི་ལོག་གི་འཁྲུལ་རྟོག་དང་བྲལ་བས་ན་དྲི་མ་མེད་པའོ། །ཟབ་གསལ་ནི་བྱང་ཆུབ་ལས་མི་ལྡོག་ཅིང་དོན་མཛད་པས་ན་དགའ་བའོ། །ཡེ་ཤེས་གཉིས་ཀྱིས་ཆོས་ཉིད་དང་སེམས་ཅན་སེམས་མཉམ་པར་བཞག་པས་ན་ཡིད་དྭངས་པའོ། །དེ་ལྟར་བདེ་བ་ཆེན་པོའི་རོ་མྱོང་བའི་མཚན་ཉིད་བརྒྱད་དེ། ཞེས་སོགས་དང་། ད་ནི་རང་ཉིད་བྱིན་རླབས་པའི། །སོགས་ཀྱི་ཟློ འགྲེལ་པར། དེ་ལྟར་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའི་རིམ་པ་བསྟན་ནས། ད་ནི་བར་མ་དོར་མྱ་ངན་ལས་འདས་པའི་རིམ་པ་གསུངས་པ་ཞེས་དང་། གང་གི་ཚེ་དཔྲལ་བར་རྣལ་འབྱོར་པའི་ཡེ་ཤེས་འཕོ་བ་དེའི་ཚེ་གཟུགས་ཀྱི་ཁམས་ཀྱི་ལྷར་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །དེ་བཞིན་དུ་ལྟེ་བར་ཡེ་ཤེས་འཕོ་བ་ན་འདོད་པའི་ཁམས་ཀྱི་ལྷ་རྣམས་སུ་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །སྤྱི་གཙུག་ཏུ་ཡེ་ཤེས་འཕོ་བ་ན་གཟུགས་མེད་ཀྱི་ལྷ་རྣམས་སུ་སྐྱེ་བའི་རྟགས༴ དེ་བཞིན་དུ་སྣ་གཉིས་སུ་ཡེ་ཤེས་འཕོ་བ་ན་རི་རབ་ཀྱི་རྩེ་མོར་རྣམ་སྲས་ལ་སོགས་པའི་གནོད་སྦྱིན་གྱི་གནས་སུ་སྐྱེ་བའི་རྟགས་སུ རྣ་བ་གཉིས་སུ་ཡེ་


JKT005_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་འཕོ་བ་ན་རིག་པ་འཛིན་པ་དང་མིག་སྨན་ལ་སོགས་པ་བརྒྱད་གྲུབ་པའི་གནས་སུ་འགྲོ་བའི་རྟགས༴ མིག་གཉིས་སུ་ཡེ་ཤེས་འཕོ་བ་ན་མི་རྣམས་ཀྱི་རྒྱལ་པོར་འགྱུར་བའི་རྟགས༴ ཁ་རུ་ཡེ་ཤེས་འཕོ་བ་ན་ཡི་དྭགས་སུ་སྐྱེ་བའི་རྟགས= དེ་བཞིན་དུ་ཆུ་གནས་ནི་ཕོ་མཚན་ཏེ་དེར་ཡེ་ཤེས་འཕོ་བ་ན་དུད་འགྲོར་སྐྱེ་བའི་རྟགས༔ ཆུ་མིན་ནི་བཤང་པའི་ལམ་སྟེ་དེར་ཡེ་ཤེས་འཕོ་བ་ན་ཡང་སོས་ལ་སོགས་པ་དམྱལ་བའི་གནས་སུ་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །དེ་ལྟར་ཡེ་ཤེས་འཕོ་བའི་རྣམ་པའི་ཆས་གར་སྐྱེ་བར་ཤེས་པར་བྱས་ནས་ཡང་དག་པའི་གནས་མ་ཡིན་པའི་ཕྱིར་དགག་པའི་སྦྱོར་བ་གསུངས་པ། ཞེས་སོགས་དང་། དེ་ཡང་དཔྲལ་བ་ལ་སོགས་པའི་དྲུག་ནི་སྒོ་བཟང་པོའོ། །ཆུའི་གནས་ལ་སོགས་པ་གསུམ་ནི་སྒོ་ངན་པའོ། །དེ་ལྟར་སྒོ་བཟང་ངན་གཉིས་སུ་རང་གི་ཡེ་ཤེས་འཕོ་བ་དང་སོང་བས་གར་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །ཞེས་དང་། རང་གི་སེམས་ཞེས་པ་ནི་རང་གི་སེམས་དགེ་བ་དང་མི་དགེ་བའི་འབྲས་བུར་ལྟོས་པ་མེད་པའི་སེམས་ཏེ། །དེ་ཁ་ཏོན་ལ་སོགས་པ་བརྒྱད་ཀྱི་ཚུལ་དུ་འགྲོ་བའི་གནས་རིམ་པ་འདིས་བཙལ་ཏེ། བསོད་ནམས་སྡིག་པའི་ང་རྒྱལ་མེད་པས་དབྱིངས་ཉིད་དུ་ངེས་པར་འགྲོ། ཞེས་སོ། །ཇི་སྐད་དུ། གང་ལ་བསོད་ནམས་སྡིག་མེད་པར། །དེ་ལ་བྱང་ཆུབ་རབ་ཏུ་གསུངས། །


JKT005_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་དང་། བསམ་པ་དེ་ཡི་རྐྱེན་གྱིས་ནི། །བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། །གསལ་ཞིང་རབ་དག་མཁའ་འདྲ་རྟོགས། ༈ །དེ་ནས་རྫུ་འཕྲུལ་ཤུགས་ལྡན་པ། །ལོ་ལྔ་ལོན་པ་བྱིས་པའི་གཟུགས། །འགྲུབ་ཚེ་དཔེ་མེད་བདེ་རྫོགས་རྟོགས། ༈ །དེ་ལས་སྐྱེ་གནས་གཞན་དུ་ནི། །འཕེལ་བར་བྱེད་ཚེ་སྤྲུལ་པའི་གཟུགས། །ཡང་དག་ཏུ་ནི་རྟོགས་པར་འགྱུར། ༈ །དེ་ལྟ་བས་ན་སེམས་ཅན་གྱི། །བསམ་པ་གང་དང་གང་དག་གིས། །མི་རྣམས་ཡིད་ནི་ཡང་དག་སྦྱོང་། །དེ་དང་དེར་ནི་མདོ་བཞིན་དུ། །སྣ་ཚོགས་ནོར་བུ་ལྟ་བུར་འགྱུར། ༈ །ཆོས་སྐུ་རབ་དག །སོགས་ནས། ཡིད་ནི་སྦྱོང་། ༈ །ཆོ་ག་འདི་ཡིས་སེམས་ཅན་གང་། །མཚམས་མེད་བྱེད་ཅིང་རྨོངས་པ་ཡིས། །སྐྱེ་བོ་བྲམ་ཟེ་གསོད་པ་ཡང་། །དེ་ཡིས་མི་འགྲུབ་ཅུང་ཟད་མེད། །དེ་བས་བཀའ་ལུང་རབ་ཐོབ་ནས། །དམ་སྡོམ་རྣམ་པར་བསྲུངས་བྱས་ཏེ། །སྐུ་གསུམ་འགྲུབ་པར་ཐེ་ཚོམ་མེད། །གལ་ཏེ་སྐུ་གསུམ་མ་འགྲུབ་ན། །རིག་པ་འཛིན་པའི་གཙོར་འགྱུར་ཏེ། །རིམ་གྱིས་ཕྱག་རྒྱ་ཆེན་པོར་འགྱུར། །ཞེས་པའི་འགྲེལ་པར། བསམ་པ་དེའི་ཞེས་པ་ནི་ཐབས་ཀྱི་ཁྱད་པར་གྱིས་སྒོམ་པ་དེའིའོ། །རྐྱེན་གྱིས་ཞེས་པ་ནི་བར་མ་ཆོད་ཀྱང་དེ་མ་ཐག་ཅེས་པའོ། །བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། ཞེས་པ་ནི་ཁྱད་པར་བྱེད་པ་གནས་པ་ལས་གཡོས་པའི་ཚེ་


JKT005_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ན། རྣམ་པར་རྟོག་པ་ཐམས་ཅད་དང་། །བྲལ་བའི་བདེ་བའི་རོ་མྱོང་བས། །དེ་ཡི་དུས་སུ་ཆོས་ཀྱི་སྐུ། །གསལ་ཞིང་རབ་དག་མཁའ་འདྲ་རྟོགས། །ཞེས་སོ། །སེམས་ཀྱི་རང་བཞིན་མ་ཤེས་པའི་ལས་སུ་སྨྲ་བས་དེ་ལ་ཤི་བའི་སྲིད་པ་ཞེས་འདོགས་པར་བྱེད་དོ། །དེ་ཕྱིན་ཆད་ཉི་མ་བདུན་ལ་སོགས་པའི་དུས་སུ་ལས་སུ་སྨྲ་བས་བར་མ་དོར་འདོགས་པར་བྱེད་པ་ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན་པ་བྱིས་པ་ལོ་ལྔ་ལོན་པ་ཙམ་དུ་གནས་ཤིང་རྡོ་རྗེས་ཀྱང་མི་ལྡོག་བའི་དྲི་ཟའི་ཟས་ལ་ལོངས་སྤྱོད་པ་དེ་འགྲུབ་པའི་ཚེ་ན་གོས་ཀྱི་རྐྱེན་གྱིས་དཔེ་མེད་བདེ་རྫོགས་རྟོགས་ཞེས་ཏེ་ལོངས་སྤྱོད་པའི་སྐུ་མངོན་དུ་བྱེད་དོ། །དེ་ལས་ལས་སུ་སྨྲ་བ་རྣམས་ཀྱིས་སྐྱེ་གནས་གཞན་དུ་འཕེན་པར་བྱེད་ཚེ་ཞེས་པ་ནི་སྲིད་པ་གཉིས་ཀྱིས་བསྡུས་པའི་ཆོས་འགྲུབ་པའི་ཚེ་ན། སྤྲུལ་པའི་གཟུགས། ཡང་དག་ཏུ་ནི་རྟོགས་པར་འགྱུར། །ཞེས་སོ། །དེ་མི་འགལ་བའི་དཔེ་གསུངས་པ། ཞེས་སོགས་དང་། གལ་ཏེ་རྟོག་པའི་རླབས་ཉུང་བར་མ་ནུས་པས་གོང་མ་ལྟར་སྐུ་གསུམ་མ་འགྲུབ་ན་རིག་པ་འཛིན་པའི་གཙོ་བོར་འགྱུར་ཏེ། དེ་ཡང་བསྐལ་པ་གསུམ་ལ་སོགས་པའི་བར་དུ་གནས་པས་ན་ཕྱག་རྒྱ་ཆེན་པོ་འགྲུབ་སྟེ། གོང་མའི་རིམ་པའི་ཕྱག་རྒྱ་ཆེན་པོ་འགྲུབ་སྟེ་དང་པོ་སྦྱོར་བ་ནི་མ་ཡིན་ནོ། །ཞེས་དང་། འདིའི་དོན་ལྡན་ཞེས་པ་ནི་བཟློག་པའོ། །འགའ་ཞིག་ལ་ཞེས་པ་ནི་


JKT005_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་དུ་རུང་བའི་གང་ཟག་མང་བ་མ་ཡིན་པས་སོ། །འཇམ་དབྱངས་ནི་དེའི་ལུས་ལ་གནས་སོ། །ཁྱོད་ཅིའི་ཕྱིར་དུ་གནས་ཤེ་ན། སྒྲུབ་པོ་གཞན་ལས་མཆོད་པ་ལེན། །ཞེས་སོ། །ཅིའི་ཕྱིར་མཆོད་པ་ལེན་ཞེ་ན། དེ་ཡིས་དེ་མཉེས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་ཕན་ཡོན་ནོ། །ཞེས་སོགས་དང་། རང་གི་རྗེས་སུ་སྤྱོད་པའི་སློབ་མ་རྣམས་ཀྱི་ནང་ན་རྒྱལ་ཚབ་ཀྱི་ས་ཐོབ་པའི་གང་ཟག་བཅོ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ནས་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་བཞི་ཡོད་དེ། མར་མེ་མཛད་བཟང་པོ་དང་། རབ་ཏུ་ཞི་བའི་བཤེས་གཉེན་དང་། སྒྲ་གཅན་འཛིན་བཟང་པོ་དང་། རྡོ་རྗེ་བདེ་བ་ཆེན་པོའོ། །ཞེས་དང་། ད་ནི་དེ་ཁོ་ན་ཉིད་ལ་བློ་བརྟན་པོར་བྱ་བ་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པའོ། །དེ་ལྟར་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་ཤིང་གོམས་པ་ལས་བྱུང་བའི་ལམ་འདི་སྲིད་པའི་སྡུག་བསྔལ་གྱི་གཉེན་པོ་ཡིན་ཞིང་། ལམ་གཞན་ལས་ཁྱད་པར་དུ་འཕགས་པ་སྟེ་སྲས་དང་བཅས་པའི་བདེ་བར་གཤེགས་པ་རྣམས་ཀྱི་ལམ་ཡིན་པར་ཤེས་པར་བྱས་ནས་སུ། ཞེས་སོ། །རྫོགས་པ་ཆེན་པོ་ནི་རིམ་པ་གཉིས་པའི་རིམ་པ་གཉིས་པའོ། །དེའི་ཡེ་ཤེས་ནི་མེ་ལོང་ལྟ་བུ་ལྔའིའོ། །སྤྱི་གཟུགས་ཞེས་པ་ནི་དེ་རྣམས་ཤིན་ཏུ་རྣམ་པར་དག་པའི་ཡོངས་སུ་དག་པ་སྟེ། དེ་བས་ན་ཡོངས་སུ་དག་པའི་སྐུ་ཞེས་བྱ་


JKT005_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཇི་བཞིན་པའི་ཡོངས་སུ་དག་པའི་སྐུ་ཡིན་པས་ན་དེ་སྐད་དེ། དེ་ཉིད་ལ་རྡོ་རྗེ་འཆང་ཆེན་པོའོ། །དཔལ་ལྡན་ཀུན་ཞེས་པ་ནི་རང་གི་ཤེས་རབ་དང་ལྡན་པས་སངས་རྒྱས་ཐམས་ཅད་ལ་བྱའོ། །དེ་ཉིད་དེ་ཐམས་ཅད་ཀྱི་དོན་དམ་པ་ཀུན་རྫོབ་ཀྱི་ངོ་བོའོ། །དེ་ཉིད་ལ་ཐིམ་པ་གཉིས་འདི། ཞེས་ཏེ་རྫོགས་པའི་རིམ་པ་དེ་ཁོ་ན་ཞེས་སོ། །ལམ་རིང་བ་རྣམས་ཀྱིས་ཐབས་ཆེ་བ་འདི་བསྒོམ་པར་གསུངས་པ། སྡུག་བསྔལ་ཞེས་པ་ལ་སོགས་པའོ། །སྡུག་བསྔལ་ཞེས་པ་ནི་མགོ་སྦྱིན་པ་ལ་སོགས་པའི་སྒོ་ནས་ལམ་རྣམས་ལ་ཡང་བསྐལ་པ་གསུམ་དུ་ཡང་གསུངས་ཏེ། དད་པས་སྤྱོད་པ་དང་། དང་པོ་ནས་ས་བདུན་པ་དང་། བརྒྱད་པ་ནས་བཅུ་པའི་བར་དུ་གྲངས་མེད་པའི་བསྐལ་པ་རང་གི་རྗེས་སུ་མཐུན་པའི་བྱང་ཆུབ་ཐོབ་ཀྱང་དེའི་གོང་ན་བླ་ན་མེད་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཡོད་པས་བླ་དང་བཅས་ཞེས་སོ། །དེའི་བདེ་བ་ནི་བདེ་བ་ཆེན་པོའི་སྦྱོར་བ་ལ་ལྟོས་ན་ཅུང་ཟད་ཙམ་སྟེ་དེ་ལ་རབ་ཏུ་ཆགས་པའི་རྣལ་འབྱོར་པ་དེ་ཡིས་འདི་ལྟ་བུ་དཔལ་དང་ལྡན་པ་ཀུན་ནས་བཀྲ་ཤིས་པ་འདི། ཚེ་གཅིག་གིས་འགྲུབ་པའི་ལམ་འདི་ཅིའི་ཕྱིར་མི་བསྒོམ་སྟེ་བསྒོམ་པར་བྱ་བ་ཁོ་ནའོ། །ཞེས་དང་། ཡང་རྡོ་རྗེའི་བཟླས་པའི་སྐབས་སུ། གཡས་པ་ནས་ནི་འབྱུང་བའི་ཁམས། །གྲོལ་ཐིག་ཏུ། སྐུ་རྡོ་རྗེ་དང་མུན་པ། རླུང་གི་དཀྱིལ་འཁོར་ཆེན་པོ་སྟེ། །ཁ་དོག་དུད་ཀ་


JKT005_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བ་ལས། །འབྱུང་བ་ཧཱུྃ་གི་ངོ་བོ་ཡིས། །སྣང་སྲིད་ཆོས་ཀུན་ཁྱབ་བྱས་ནས། །ཆོས་ཀུན་དག་བྱས་བདུད་རྩིར་གྱུར། །ཨོཾ་གྱི་ངོ་བོར་འོངས་བྱས་ནས། །རང་གི་རྒྱུད་ཀྱི་བག་ཆགས་ནི། །བཀྲུས་ནས་དག་བྱས་དེ་ལ་ཞུགས། ཨཱཡི་ངོ་བོས་དག་བྱས་ནས། །དེ་ལ་དེ་ལྟའི་དེ་བཞིན་ཉིད། །གཟུང་བ་དལ་བུ་དལ་བུས་བྱ། །དངོས་པོ་མེད་པའི་གནས་སུ་འགྱུར། །གཡོན་པ་ནས་ནི་འབྱུང་བའི་ཁམས། །གསུང་རྡོ་རྗེ་དང་རྡུལ། ཆུ་ཡི་དཀྱིལ་འཁོར་ཆེན་པོ་སྟེ། །ཁ་དོག་དཀར་པོ་རབ་གནས་པ། །དེ་ལས་བྱུང་བའི་ཧཱུྃ་དང་ནི། །ཨོཾ་གྱི་རང་བཞིན་བསྡུ་བ་དང་། །ཨཱཡི་རང་བཞིན་གནས་པ་དང་། །དེ་ཉིད་གཟུང་བ་སྔ་མ་བཞིན། །གཉིས་ཀ་ལས་ནི་དྲག་ཏུ་འབྱུང་། །ཐུགས་རྡོ་རྗེ། སྙིང་སྟོབས། མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་པོའི་ངོ་བོ་ལ། །ཧཱུྃ་གིས་སྤྲོས་དང་ཨོཾ་གྱིས་བསྡུས། །ཨཱཡིས་གནས་པ་དེ་ཉིད་གཟུང་། །སྔ་མ་བཞིན་དུ་ཤེས་པར་བྱ། །དེ་བཞིན་གཉིས་ལས་དལ་བུ་འབྱུང་ལྷ་ཐམས་ཅད་ཀྱི་ངོ་བོ་དགའ་བ་བར་མའི་ཡེ་ཤེས། །དབང་ཆེན་གྱི་ནི་དཀྱིལ་འཁོར་དུ། །ཁ་དོག་གསེར་ལྟར་རབ་སྣང་བ། །དེ་ལ་ཧཱུྃ་གིས་འབྱུང་བ་དང་། །ཨོཾ་གྱིས་སྡུད་དང་ཨཱཋཡིས་གནས། །དེ་ལ་དེ་ཉིད་རབ་བཟུང་བས། འཇུག་དང་གནས་དང་ལྡང་བ་ལས། །གྲོལ་བའི་ཡེ་ཤེས་རྙེད་འགྱུར་བ། །སོམ་ཉི་ཡིད་གཉིས་མ་བྱེད་ཅིག །ཅེས་དང་། ཕྱག་རྒྱ་བཞི་


JKT005_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ། །ཞེས་པ་ལ་སོགས་པའི་ཊི་ཀར། །ཕྱག་རྒྱ་བཞི་པ་ནི་རླུང་རྟེན་དང་བཅས་པ་ལས་ཀྱི་ཕྱག་རྒྱའོ། ཆུ་རྟེན་དང་བཅས་པ་ཆོས་ཀྱི་ཕྱག་རྒྱའོ། །མེ་རྟེན་དང་བཅས་པ་ཕྱག་རྒྱ་ཆེན་པོའོ། །ས་རྟེན་དང་བཅས་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་དང་འབྲེལ་བའི་བཟླས་པའི་གྲངས་ནི་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྟེ་ཞེས་པ་ནི་ཕྱག་རྒྱ་རེ་རེ་གཡས་པ་ལ་སོགས་པའི་རིམ་པ་ནས་ཉིས་བརྒྱ་ཉི་ཤུ་རྩ་ལྔ་འགྱུར་ཏེ། དེ་ནི་དགུ་བརྒྱར་རྣམ་པར་བསྒྲེས། །ཞེས་བུག་པ་གཅིག་ཏུ་ཕྱག་རྒྱ་བཞི་ལ་དགུ་བརྒྱར་རྣམ་པར་བསྒྲེས་པ་སྟེ་བཞིས་བསྒྲེས་པའོ། །ཞག་གཅིག་ཏུ་ཞེས་པ་ནི་ཉིན་ཞག་གཅིག་གོ །ཉི་ཤུ་བཞིས་ཞེས་པ་ནི་གཡས་དང་གཡོན་དུ་འགྲོ་བ་ཉི་ཤུ་བཞིས་ཞག་གཅིག་སྟེ། ཤུགས་ལས་དགང་བ་དང་། དྲག་ཤུལ་གྱིས་བསྒྲུབ་པ་སྤངས་ནས་ཡི་གེའི་ཚིག་མཚུངས་པར་ཁྲི་ཕྲག་གཉིས་དང་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་དྲུག་ཏུ་འདུས་པ་ཐམས་ཅད་ཀྱི་བཟླས་བརྗོད་ཀྱི་གྲངས་བྱེད་དོ། །ཞེས་དང་། འདི་ནི་བདེ་ཆེན་རོ་མྱོང་བརྒྱད། །བདག་པོ་རྡོ་རྗེ་འཆང་བ་མཆོག །སོགས་ཀྱི་འགྲེལ་པར། དེའི་རྣམ་གྲངས་བདག་པོ་ཞེས་པ་ལ་སོགས་པའོ། །ཐམས་ཅད་ཀྱི་གཙོ་བོར་གྱུར་པས་ན་བདག་པོའོ། །གཉིས་སུ་མེད་པའི་མི་ཤིགས་པ་དཀའ་བར་འཛིན་པས་ན་རྡོ་རྗེ་འཆང་ངོ་། །མཆོག་ཅེས་པ་ནི་མི་བསྐྱེད་པ་མ་ཡིན་པའོ། །རིམ་པ་གཉིས་པའི་རིམ་པ་གཉིས་


JKT005_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་ནི་རྫོགས་པའི་རྫོགས་པའོ། །ལས་ཐམས་ཅད་རྫོགས་པར་བྱས་པས་ན་བྱ་བ་བྱས་པའོ། །ལམ་ལ་གནས་པར་གྱུར་པ་མ་ཡིན་པས་ན་བྱེད་པ་བྱས་པའོ། །ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་དབང་ཕྱུག་ཆེན་པོའོ། །ལྟ་བའི་ཁུར་ལ་སོགས་པ་བཞི་དང་བྲལ་བས་ན་ཁུར་ཆེན་པོར་པའོ། །ཕྱིན་ཅི་ལོག་གི་འདོད་ཆགས་ལ་སོགས་པའི་ཟུག་རྔུ་བསལ་བས་ན་ཆེར་མ་དཀྲུགས་པའོ། །གཟུགས་ནས་ཀུན་མཁྱེན་བར་ཟབ་པ་དང་རྒྱ་ཆེ་བར་ཤེས་པས་ན་ཐམས་ཅད་མཁྱེན་པའོ། །ཇི་བཞིན་པ་ལས་འབྱུང་ཞིང་འགྲན་ཟླ་མེད་པས་ན་སྐྱེས་བུ་དཔའ་བོའོ། །ཐམས་ཅད་ཀྱི་ཁྱུ་མཆོག་ལྟ་བུར་གྱུར་པས་ན་གླང་པོ་ཆེའོ། །ཇི་བཞིན་པའི་ཀླུང་དུ་གནས་པས་ན་དུལ་བའོ། །འཁོར་བའི་ཆོས་ཐམས་ཅད་ལ་འཁྲུལ་པ་ཙམ་དུ་མེད་པར་ཤེས་པས་ན་འཁོར་བའི་མཐའི་ཕ་རོལ་སོན་ནོ། །ཡེ་ཤེས་དམ་པ་དེའི་ཡུལ་དུ་གྱུར་པས་ན་དོན་དམ་པའོ། །སྣང་བ་མི་འགོགས་པས་ན་བསྒྲིབ་པའི་ཕྱིར་ཀུན་རྫོབ་བོ། །དེ་གཉིས་ཀྱང་ཟུང་དུ་འཇུག་པས་ན་བདེན་པ་གཉིས་མེད་རྣལ་འབྱོར་ཆེའོ། །ཕྱིན་ཅི་ལོག་གི་ཤེས་པ་སྐྱེ་བའི་གནས་མེད་པས་དེ་དང་བྲལ་བས་ན་ཐབས་སྤངས་པའོ། །ཉན་ཐོས་ལ་སོགས་པའི་ལམ་ཡང་རང་རིག་གི་རྗེས་ལས་གྲུབ་པས་ན་ཀུན་རྫོགས་པའོ། །སྟོབས་སོགས་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ནི་ཡོན་ཏན་འབྱུང་གནས་སོ། །


JKT005_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་གསུམ་སྐྱོན་མེད་པས་ཀུན་ལ་ཁྱབ་པས་ན་ཀུན་ཏུ་བཟང་པོའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ལས་མི་འགྱུར་བས་ན་ཐམས་ཅད་འདུས་པའི་དེ་ཁོ་ནའོ། །མཚན་མ་མེད་པ་ལས་བྱུང་ཞིང་དེ་ལས་སོ་སོའི་རྩལ་ཡོད་པས་ན་སྐུ་སོགས་ཁམས་ཀུན་འགེངས་པའོ། །སངས་རྒྱས་ཐམས་ཅད་ཀྱི་བླ་མར་གྱུར་པས་ན་གོང་ན་མེད་པའོ། །ཡང་དག་པ་ཐམས་ཅད་ཀྱི་གནས་པས་ན་ཡང་དག་གནས་ཏེ་ཆོས་ཀྱི་དབྱིངས་ཞེས་པའི་ཐ་ཚིག་གོ །ཞེས་འབྱུང་ངོ་། །ཡང་འཕོ་བའི་སྐབས། དེ་ལྟར་ཡེ་ཤེས་འཕོ་བ་ཡི། །རྣམ་པའི་ཆ་ནི་ཤེས་བྱས་ནས། །སྒྲོག་པ་ལྔ་ཡི་ཡི་གེ་ཡིས། །སྟེང་གི་སྒོ་བདུན་དགག་པར་བྱ། །ཆུ་ཡི་སྒོ་ནི་སུ་གྱིས་། དགག །ཆུ་མིན་སྒོ་ནི་ཧཱུཾ་གྱིས་དགག །ཅེས་པའི་ཐད་དུ། །སྒྲོག་པ་ལྔ་ཡི་ཡི་གེ་ཡིས། །ཞེས་པ་ནི་ཧཱུཾ་སྟེ་སངས་རྒྱས་ལྔ་སྒྲོག་པའི་ཕྱིར་རོ། །ཞེས་འབྱུང་། ཡང་ཧཱུྃ་ཕུང་པོ་ལྔའི་ངོ་བོ་ཡིན་པར་སངས་རྒྱས་ལྔའི་ཚིགས་སུ་བཅད་པ་འདི་ལ་དཔྱད་པར་བྱའོ། །ཇི་སྐད་དུ། ཟླ་ཚེས་ཐིག་ལེ་རྣམ་གྲགས་པ། །རྣམ་སྣང་མཛད་ཀྱི་ངོ་བོའོ། །མགོ་བོ་ཨེ་དབྱིབས་ཐུར་དུ་གནས། །མི་བསྐྱོད་པ་ཡི་ངོ་བོའོ། །དྲིལ་བུ་ལྟ་བུའི་ལུས་ཉིད་ནི། །རིན་ཆེན་ཏོག་གི་ངོ་བོའོ། །དེ་ཡི་ཕྱིར་ན་དབྱུག་པ་ནི། །ཚེ་དཔག་མེད་ཀྱི་ངོ་བོའོ། །རིང་པོ་ཨཱུ་ནི་ཕྱིར་ཕྱོགས་འགྱུར། །དོན་ཡོད་གྲུབ་པའི་ངོ་བོའོ། །ཞེས་འབྱུང་བས་དེ་རྣམས་ཕུང་པོ་ལྔ་རྣམ་པར་དག་


JKT005_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ཞེས་འབྱུང་ངོ་། ༈ །ཀུན་ཏུ་བཟང་པོའི་སྒྲུབ་པའི་ཐབས་ཀྱི་འགྲེལ་པ་ཤྲཱི་ཕ་ལ་བཛྲ་གྱིས་མཛད་༡༤༠པ་རིན་ཆེན་ནས་བཟང་པོས་འགྱུར་༡༨༧བར་པ་ལས། དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་ཅན་ནོ། །དེ་གང་ལ་མངའ་བ་ནི་དཔལ་ལྡན་ནོ། །ཡང་ན་དཔལ་ནི་རྣམ་པ་གཉིས་ཏེ་ལྷན་ཅིག་སྐྱེས་པ་དང་སྟོབས་ཀྱིས་སྐྱེས་པའོ། །དེ་ལ་ལྷན་ཅིག་སྐྱེས་པ་ནི་གང་རང་བཞིན་གྱིས་འོད་གསལ་བའི་སེམས་སོ། །སྟོབས་ཀྱིས་སྐྱེས་པ་ནི་བསྒོམས་པའི་སྟོབས་ཀྱིས་ཀུན་ཏུ་བཟང་པོ་མངོན་དུ་བྱས་པའོ། །ཞེས་དང་། འོད་གསལ་བའི་དགའ་བ་ཆེན་པོས་སྒྲ་ལས་བྱུང་བའི་སངས་རྒྱས་ཀྱི་ཚོགས་དང་སེམས་ཅན་གྱི་ཚོགས་མ་ལུས་པའི་དགོས་པ་མཛད་པས་འཇམ་ཞིང་ཀུན་ཏུ་བཟང་པོའི་མཚན་ཉིད་ཀྱི་དཔལ་མངའ་བ་དེ་ནི་འཇམ་པའི་དཔལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའོ། །ཞེས་དང་། ཨོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཨོ་ཞེས་བྱ་བ་ནི་ངེས་པའོ། །ཤུ་ནྱ་ཏཱ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཉེ་བར་མཚོན་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་དག་རྣལ་འབྱོར་པས་རིམ་པ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ཡང་སྔགས་ཨོཾ་གྱི་གཟུགས་ནི་དཀར་པོ། ཨཱ་ཡི་གཟུགས་ནི་དམར་པོ། ཧཱུྃ་གི་གཟུགས་ནི་ནག་པོའོ། །བཛྲ་ཅིའི་ཕྱིར་སྨོས་ཤེ་ན།


JKT005_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལྟར་ཉོན་མོངས་པ་ཅན་གྱི་རི་བོ་རྣམ་པར་འཇིག་པ་སྟོང་པ་ཉིད་དང་། །མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་བཞིན་ཅན་གྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ས་བོན་ནོ། །ཛྙཱ་ན་སྭ་བྷཱ་བ་སྟེ། བདག་ནི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ངོ་བོ་ཉིད་དུ་གདོད་མ་ཉིད་ནས་མི་འགྱུར། ཞེས་དང་། འདི་དག་གིས་ནི་སེམས་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་སྟོན་ཏེ། ཞེས་དང་། ཐ་མལ་པའི་རྣམ་པར་རྟོག་པ་བདག་དང་བདག་གིར་རྟོག་པའི་རྒྱུན་འཇུག་པ་ལ་ཞེན་ཞིང་དེ་མ་རྟོགས་པ་སྲིད་པ་སྟེ། འཁོར་བའི་སྡུག་བསྔལ་གཞན་དག་ཅི་ཡང་ཡོད་པ་མ་ཡིན་ནོ། །དེས་ན་དེ་རྣམ་པར་འགགས་ཤིང་མེད་པར་གྱུར་པ་ལས་སེམས་ནི་ཀུན་ཏུ་བཟང་པོ་ལ་སོགས་པའི་ངོ་བོ་ཉིད་ཡིན་པས་སེམས་འདི་རྣལ་འབྱོར་པས་རང་རིག་པའི་མངོན་སུམ་གྱིས་མངོན་སུམ་དུ་ཉམས་སུ་མྱོང་བ་ཡིན་ཏེ། གསང་སྔགས་སྒྲ་རྣམས་མང་དུ་ནི། །སྤྲོས་ཏེ་སྨྲས་པས་ཅི་ཞིག་བྱ། །ཁྱད་པར་དུ་ནི་སེམས་བསྒྲུབས་ཏེ། །སེམས་ལས་རྫོགས་པའི་བྱང་ཆུབ་འབྱུང་། །ཞེས་བཤད་པ་ཡིན་ནོ། །ཇི་ལྟར་ཞེ་ན། དེའི་ཕྱིར་ཟབ་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་གྱི་རྣམ་པར་བྱ་བ་དོན་དམ་པའི་ཐབས་དང་ཤེས་རབ་བསྒོམ་པའི་སེམས་གང་ཡིན་པ་དེ་ནི་ཐ་མལ་པའི་ཀུན་ཏུ་རྟོག་པ་དེ་སྣང་ཞིང་སོ་


JKT005_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སོར་འབྱུང་བར་མི་འགྱུར་རོ། །དེ་ཡང་ཚད་མ་རྣམ་འགྲེལ་ལས། །སེམས་དེ་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །དང་པོར་ནུས་མེད་དེ་ལ་ཡང་། །ཕྱིས་ནུས་དེ་ཡི་རང་བཞིན་མིན། །རླན་ཅན་པ་ཡི་མེ་བཞིན་ནོ། །རབ་ཏུ་འཕེལ་བར་ནུས་མ་ཡིན། །འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལས་ཕྱིར་ལོག་གི། །འབད་དུ་ཟིན་ཀྱང་གནོད་མེད་དེ། །བློ་ནི་དེ་ཡི་ཕྱོགས་འཛིན་ཕྱིར། །ཞེས་བཤད་པ་ཡིན་ནོ། །དེ་ཡང་ཀུན་ཏུ་བཟང་པོ་ལ་སོགས་པ་འབྲས་བུའི་ངོ་བོ་ཉིད་ནི་ཡང་དག་རིག་པ་ལས་ཐ་དད་པ་གཞན་དག་ཡོད་པ་མ་ཡིན་ནོ། །ཞེས་དང་། ༈ ཡང་སྒྲུབ་ཐབས་དེ་ཉིད་ཀྱི་འགྲེལ་པ་སློབ་དཔོན་མཁས་པ་ཆེན་པོ་ཐ་ག་ནས་མཛད་པ་པཎྜི་ཏ་ཤཱནྡྷ་༡༨༧ཀ་ར་ཝརྨ་དང་། ནས། ལོ་ཙཱ་བ་རཏྣ་༢༡བྷ་དྲས་བསྒྱུར་བ་ལས། དེའི་དགོས་པ་ཡང་འདི་ཡིན་ཏེ། བསོད་ནམས་མངོན་པར་འཕེལ་བ་དང་། བགེགས་ཀྱི་བར་ཆད་ཞི་བ་དང་། འཆད་པ་པོ་དང་། ཉན་པ་པོ་དག་གིས་བཤད་པ་དང་། ཐོས་པ་ཕུན་སུམ་ཚོགས་པར་འགྱུར་བའོ། །ཕྱག་འཚལ་བ་དེ་ཡང་ཡོན་ཏན་དམ་པ་གསལ་བར་བརྗོད་པའི་སྒོ་ནས་ལུས་དང་ངག་དང་ཡིད་ཀྱི་ཕྱག་བྱ་བའི་ཚུལ་ཡིན་པར་བལྟའོ། །ཞེས་དང་། ཐ་མལ་གྱི་རྣམ་པར་རྟོག་པ་ནི་བདག་དང་བདག་གིར་རྣམ་པར་རྟོག་པའོ། །དེའི་རྒྱུན་ནི་རྒྱུན་གྱིས་འབྱུང་བའོ། །དེ་ལས་གཞན་


JKT005_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྲིད་པའི་སྡུག་བསྔལ་ཅི་ཡང་ཡོད་པ་མ་ཡིན་གྱི། དེ་ཉིད་སྲིད་པའི་སྡུག་བསྔལ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་དང་ཞེས་བྱ་བ་སྲིད་པའི་སྡུག་བསྔལ་དེ་དང་རྣམ་པར་འགལ་བར་འགྱུར་བ་སྟེ། གཉེན་པོར་གྱུར་པ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་སེམས་དེ་ལ་མངོན་སུམ་གྱིས་གསལ་བར་རྟོགས་པ་རྣལ་འབྱོར་པར་འགྱུར་རོ། །དེ་ཇི་ལྟར་གསལ་བར་རྟོགས་པར་འགྱུར་ཞེ་ན། ཟབ་ཅིང་རྒྱ་ཆེ་བའི་ཞེས་པ་ལ་སོགས་པ་སྨོས་ཏེ། ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་ན་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཅན་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུའི་སེམས་གང་ཡིན་པ་དེར་ནི་སྲིད་པའི་སྡུག་བསྔལ་གྱི་རང་བཞིན་ཀུན་ཏུ་རྟོག་པ་རྣམས་སྣང་བར་མི་འགྱུར་ཞིང་སོ་སོར་སྣང་བར་མི་འགྱུར་ལ། དེ་བས་ན་སྲིད་པའི་སྡུག་བསྔལ་གྱི་བདག་ཉིད་མ་ལུས་པའི་མི་མཐུན་པའི་ཕྱོགས་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཅན་སེམས་དེ་ཡིན་པར་གསལ་བར་རྟོགས་པར་འགྱུར་བས་སྡུག་བསྔལ་དེ་ཡང་ཕྱི་རོལ་དུ་སྣང་བ་ཙམ་འབའ་ཞིག་མ་ཡིན་ནོ། །དེ་ཅིས་ན། ཡོད་པ་མེད་པ་སྔར་ནི་བསྒྲུབས་པ་ཡིན། །ཞེས་བྱ་བ་སྨོས་ཏེ། སེམས་ཙམ་ལས་ཐ་དད་པའི་ཕྱི་རོལ་གཞན་འགའ་ཡང་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པའི་རྣམ་པ་དང་བྲལ་བས། །ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་དང་། དཔལ་ཡང་


JKT005_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ་ཀུན་ཏུ་བཟང་པོ་ཡང་ཡིན་པས་དཔལ་ཀུན་ཏུ་བཟང་པོ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའོ། །དེ་ཡང་རང་གི་ངོ་བོ་ཉིད་དེ་བཅོམ་ལྡན་འདས་ནི་ཆོས་མ་ལུས་པའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཡིན་པས་ཆོས་ཐམས་ཅད་རང་གི་ངོ་བོ་ཉིད་ཡིན་ནོ། །ཞེས་སོ། །སློབ་དཔོན་འཕགས་པས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀྱི་བདག་ཉིད་ཀྱང་མིན་པ། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ན། །ཞེས་སོ། །སྟོང་ངོ་ཞེས་སུ་མི་བརྗོད་ལ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །ཞེས་སོ། ༈ །༧ དེས་མཛད་པའི་ཡན་ལག་བཞིའི་སྒྲུབ་༩༦ཐབས་ནས་ཀུན་ཏུ་བཟང་༤༠བར་པོ་ལས། སྟོང་པར་རང་བཞིན་མེད་ཕྱིར་རྒྱུ་འབྲས་ཕྱིར་ནི་རང་བཞིན་མཚན་མ་མེད། །རྗེས་སུ་དཔག་པ་བསལ་བས་མ་ལུས་གཞི་ཡི་སྨོན་པ་མེད་པའོ། །ཞེས་དང་། བདག་གིར་འཛིན་པའི་རྟོག་པའི་རྒྱུན་གྱི་ངོ་བོས་འཁོར་བ་འདི་དག་སྟེ། །དག་པ་ཡང་ནི་དེ་ལས་ལྡོག་པའི་ངོ་བོ་ཙམ་ལ་རྣམ་པར་ཤེས་པར་བྱ། །ཆོས་ཉིད་ཀྱིས་ནི་སྲིད་དང་ཞི་བའི་ངོ་བོ་འདིར་ནི་དབྱེ་བ་འགའ་ཡང་མེད། །ཅིའི་ཕྱིར་འཛིན་པ་ལ་སོགས་རྣམ་པར་བྲལ་བ་རྟག་ཏུ་ཀུན་ལ་བསྒྲུབ་པའི་ཕྱིར། །ཐམས་ཅད་འགའ་ཡང་མེད་དེ་སོ་སོར་སྣང་བའི་རང་བཞིན་རྟོགས་པ་ལས། །


JKT005_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་གཞན་དུ་གྱུར་པའི་ང་ཞེས་འགའ་ཡང་མེད་དེ་དེ་ཕྱིར་བདག་ཀྱང་དེ། །གང་གི་ངོ་བོ་གང་ཡིན་དེ་ཡིས་དེ་ཉིད་རྟོགས་པའི་གཞི་སྟེ་ཅི་ཕྱིར་དངོས། །དེ་བས་ཐམས་ཅད་དབྱེར་མེད་ཤེས་ཏེ་དངོས་པོ་ཐམས་ཅད་དབྱེར་མེད་པ་ཉིད་ཡིན། །ཞེས་དང་། བཟའ་བའི་དུས་ན་སྙིང་ཁ་རུ་ནི་གཞི་ཡི་ས་བོན་རྣམས་ནི་དམིགས་ནས་སུ། །བྱང་ཆུབ་སེམས་དང་ལྡན་པའི་རང་བཞིན་ཀུན་ཏུ་འོད་ཟེར་འབར་བར་བསམ་པར་བྱ། །ཐམས་ཅད་མཉམ་ཉིད་དག་པའི་བཟའ་བ་དེ་ཉིད་གསུམ་གྱི་སྔགས་ནི་བཏབ་བྱས་ཏེ། །དེས་ནི་སྐུ་ཡི་རྡོ་རྗེ་ལ་སོགས་ལྷ་རྣམས་རབ་ཏུ་ཚིམ་པར་བྱ། །ཞེས་དང་། ཐོ་རངས་ལངས་པའི་དུས་ན་ལྷ་མོ་རྣམས་ཀྱི་དབྱངས་ཀྱིས་བསྐུལ་ནས་དཔལ་ལྡན་པར། །བྱས་ནས་ལངས་ཏེ་ཐུབ་པའི་བཟླས་པ་ལ་སོགས་གོང་མའི་ཆོ་ག་ཉིད་ཀྱིས་བྱ། །ཞེས་དང་། སྒྱུ་མ་རྣམ་པར་རྟོག་པར་གྱུར་ལས་གཞན་འགའ་བའང་སྲིད་པའི་སྡུག་བསྔལ་ཡོད་པ་མེད། །དེ་དང་མི་མཐུན་པ་ནི་དེ་དག་སེམས་དཔའ་མངོན་སུམ་དུ་ནི་བྱང་ཆུབ་ཤེས་པར་བྱ། །ཞེས་དང་། དེ་ལྟར་ཤེས་ནས་སྙིང་རྗེར་ལྡན་པས་རྫོགས་ཆེན་ཡེ་ཤེས་རབ་ཏུ་འགྲུབ་པའི་སེམས། །དཔལ་ལྡན་ཀུན་ཏུ་བཟང་པོ་གཞི་ཡི་དངོས་པོ་གང་གིས་བསྒོམ་པར་མི་བྱའོ། །ཞེས་སོ། ༈ །སྒྲུབ་ཐབས་ཀུན་བཟང་ལས། ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ། །རང་བཞིན་རྒྱུ་དང་བྲལ་


JKT005_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བས་མཚན་མ་མེད། །རྟོག་པ་རྣམས་དང་བྲལ་ཕྱིར་དངོས་པོ་ནི། །མ་ལུས་མཚན་མ་ལས་ནི་ངེས་པར་གྲོལ། །ཞེས་དང་། ཐ་མལ་རྣམ་རྟོག་རྒྱུན་ལས་ཞེན་པ་ཡི། །སྲིད་པའི་སྡུག་བསྔལ་གཞན་ཅིའང་ཡོད་མ་ཡིན། །དེ་དང་རྣམ་པར་འགལ་བར་གྱུར་པའི་སེམས། །འདི་ནི་མངོན་སུམ་དུ་ནི་རྟོགས་པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་བདག་ཉིད་ཅན། །གང་ཡིན་དེར་ནི་ཀུན་རྟོག་སྣང་མི་འགྱུར། །རིག་པ་ལས་ནི་གཞན་དུ་གྱུར་པ་དག །ཡོད་པ་མིན་པར་སྔར་ནི་བསྒྲུབས་པས་ན། །གང་ཞིག་གང་དང་མི་མཐུན་པ་དག་ཏུ། །ལན་གཅིག་གྱུར་པའང་དེ་བགྲོད་རྒྱས་གྱུར་པ། མཐོང་བའི་བསླབ་པ་རྣམ་པར་གཡེལ་བ་ཡིས། །རང་གི་མི་མཐུན་ཤིན་ཏུ་འགགས་པར་བྱེད། །སྦྱིན་པ་ལ་སོགས་བདག་མེད་ལྡན་པས་ཀྱང་། །ཐ་མལ་པ་ཡི་རང་གི་ངོ་བོ་ལས། །རྣམ་པར་རྟོག་པར་མི་འགྱུར་གང་ཕྱིར་འདིར། །ཡོད་ཀྱང་དེ་ནི་མི་མཐུན་འགྱུར་མ་ཡིན། །དེ་ལྟར་རྟོགས་ནས་སྙིང་རྗེར་ལྡན་པ་དང་། །ཡེ་ཤེས་བསམ་ཡས་སྐད་ཅིག་གིས་བསྒྲུབ་པ། །དཔལ་ལྡན་ཀུན་ཏུ་བཟང་པོ་རང་གི་ནི། །ངོ་བོ་སུ་ཞིག་ངེས་པར་སྒོམ་མི་བྱེད། །ཅེས་སོ། ༈ །ཡང་དེས་མཛད་པའི་བདག་སྒྲུབ་པ་ལ་འཇུག་པར། རྣམ་པར་རྟོག་པ་ཙམ་དང་སོ་སོར་འབྲེལ་བ་དེའི་རང་བཞིན་མ་ལུས་པ་འདི་ནི་གཅིག་ཏུ་སྡུག་བསྔལ་དཔག་ཏུ་མེད་པའི་མཚན་ཉིད་ཡིན་ལ། སྐད་ཅིག་མ་


JKT005_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནས་གཅིག་ཏུ་བརྒྱུད་པའི་བདག་ཉིད་ཅན་གྱི་སྲིད་པ་ཉམས་སུ་མྱོང་བ་དེ་རྣམ་པར་ལྡོག་པ་ཙམ་ནི་མྱ་ངན་ལས་འདས་པ་ཡིན་པས་དེ་བསྒྲུབ་པའི་ཕྱིར་རབ་ཏུ་འབད་པར་བྱ་སྟེ། རྣམ་རྟོག་ལས་གཞན་འཁོར་བ་ཞེས། །བྱ་བ་འགའ་ཡང་ཡོད་མིན་ཏེ། །དེ་ཕྱིར་རྣམ་རྟོག་བྲལ་གྱུར་པས། །རྟག་ཏུ་ཁྱོད་ནི་མྱ་ངན་འདས། །ཞེས་གང་གསུངས་པ་བཞིན་ནོ། །ཞེས་དང་། གང་གི་ཕྱིར་སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་འཛིན་པ་ལ་སོགས་པའི་རྣམ་པ་དང་བྲལ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ལ། དེ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བས་འོད་གསལ་བ་ཉིད་ཡིན་པའི་ཕྱིར་དང་། ཡེ་ཤེས་གཞན་བསྐྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་ནོ། །མི་དམིགས་པའི་སྙིང་རྗེ་ལ་སོགས་པའི་བདག་ཉིད་ཀྱིས་རྒྱུད་གཞན་ཐ་དད་པ་འཛིན་པ་མེད་པའི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཤེས་བྱ་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པའི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་སོ། །འགྲོ་བ་མ་ལུས་པ་ལ་ཕན་པའི་རྒྱུ་ཡིན་པ་ཉིད་ཀྱིས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་ནོ། །ཞེས་དང་། རྒྱ་ཆེ་བ་ལ་དམིགས་པ་ཉིད་ཀྱི་ཕྱིར་རང་གི་བདག་ཉིད་ཀྱི་གཟུགས་ལ་སོགས་པ་ཡང་ཐ་མལ་པའི་གཟུགས་ལ་ཞེན་པའི་གཉེན་པོ་ཉིད་ཡིན་པས་བརྒྱུད་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཇོག་པའི་རྒྱུ་


JKT005_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། རྫོགས་པའི་སངས་རྒྱས་ཀྱི་ངོ་བོའི་ང་རྒྱལ་གྱི་རྗེས་སུ་མཐུན་པའི་གཟུགས་ལ་སོགས་པ་ལོངས་སྤྱོད་པའི་ཕྱིར་རོ། །ཞེས་སོ། ༈ །དེས་མཛད་པའི་སྟངས་སྟབས་ཀྱི་བཀོད་པ་ལས། གཡས་པའི་བྱིན་པ་དང་ནི་བརླ་དབུས་སུ། །རྐང་པ་གཡོན་པ་རྣམ་པར་བཞག་ནས་ཀྱང་། །དེ་ཡི་སྟེང་དུ་གཡོན་པ་བཞག་པ་ནི། །རྡོ་རྗེའི་སྐྱིལ་མོ་ཀྲུང་ཞེས་བྱ་བར་བཤད། །གཡས་པའི་བྱིན་པས་བྱིན་པ་གཡོན་མནན་ལ། །པུས་མོ་གཉིས་ཀ་ཕབ་པར་བྱས་ནས་ནི། །ལུས་ནི་རབ་ཏུ་ཞི་བའི་ཚུལ་དང་ལྡན། །པདྨའི་འདུག་སྟངས་ཡིན་པར་མཁས་བས་བཤད། །རྐང་པ་གཡོན་པའི་བརླ་ཡི་སྟེང་དུ་ནི། །རྐང་པ་གཡས་པ་ཅུང་ཟད་ཙམ་སྦྱར་ལ། །གཡོན་པ་དེ་ཡི་འོག་ཏུ་བཞག་པ་ནི། །སེམས་མའི་སྐྱིལ་མོ་ཀྲུང་ཞེས་རྣམ་པར་གྲགས། །རྐང་པ་གཡོན་པ་ཡིས་ནི་སྐྱིལ་མོ་ཀྲུང་། །ཕྱེད་དུ་བཅས་ལ་དེ་དང་ཉེ་བར་ཡང་། །རྐང་པ་གཡས་པ་དྲང་པོར་བཞག་པ་ནི། །དེ་ནི་དཔའ་བོའི་འདུག་སྟངས་ཡིན་པར་འདོད། །རྐང་པ་གཉིས་ཀ་སྟན་གྱི་སྟེང་དུ་ནི། །དྲང་པོ་ཉིད་དུ་ཐུར་དུ་བརྐྱངས་བྱས་ལ། །དེ་ཉིད་བརྟན་པོར་རབ་ཏུ་འཇོག་པ་ནི། །བཟང་པོའི་འདུག་སྟངས་ཡིན་པར་རབ་ཏུ་གྲགས། །རྐང་པ་གཉིས་ཀ་མཐོ་གང་ཙམ་གྱིས་ནི། །བར་དུ་ཆོད་པར་སྟན་ལ་བཞག་ནས་ཀྱང་། །ཙོག་ཙོག་པོར་ནི་འདུག་པ་གང་ཡིན་པ། །དེ་ཉིད་ཙོག་པུའི་འདུག་སྟངས་ཉིད་དུ་


JKT005_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །རྐང་པ་གཡས་པ་ཉིད་ནི་སེམས་དཔའ་ཡི། །སྐྱིལ་ཀྲུང་ཕྱེད་པ་བརྟན་པར་རབ་བྱས་ལ། །གཡོན་པ་སྒེག་དང་བཅས་པས་བརྐྱངས་པ་ནི། །རོལ་པའི་འདུག་སྟངས་ཞེས་སུ་གྲགས་པ་ཡིན། །ཞེས་སོ། ༈ །དཱི་པཾ་ཀཱ་རས་མཛད་པའི་བྲི་གུཧྱ་ས་མཱ་ཛ་མཎྜལ་བིདྷ་ལས། ཉེས་བྱས་དུས་གསུམ་བྱས་པ་རྣམས། །རང་གི་ལོག་རྟོག་ཙམ་ལས་བྱུང་། །རྨི་ལམ་རྨི་ལམ་སོགས་བཞིན་དུ། །ལན་གསུམ་དུ་ནི་འཆགས་པར་བགྱིད། །ཅེས་དང་། མིང་གི་ཡི་གེ་དང་བོ་ནི། །ཀླད་ཀོར་བཅས་པར་སྔགས་རྣམས་བཏུ། །ཞེས་དང་། མགྲིན་པ་གོས་མཆོག་གིས་དཀྲིས་ལ། །ཨ་མྲ་སོགས་འདབ་ཀྱིས་ཁ་དགབ། །དཀྱིལ་འཁོར་བ་ཡི་བུམ་པ་ནི། །དེ་ཡི་སྔགས་ཀྱིས་ལྷག་གནས་བྱ། །འབྲུ་སྨན་རིན་ཆེན་ལྔ་རྣམས་དང་། །དྲི་བཟང་ཆུ་དང་འཁོར་ལོའི་ཚོགས། །མེ་ཏོག་ཕྲེང་བཏགས་རྡོ་རྗེ་ནི། །སྟེང་བཞག་འཁོར་ལོ་གཙོ་རྒྱལ་ལ། །མཆོད་ཡོན་ཕུལ་ཏེ་ཡང་དག་མཆོད། །མེ་ཏོག་དཀར་པོ་གཞུག་པར་བྱ། །ཞེས་དང་། དེ་སྟེང་དགང་གཟར་རྒྱར་སོར་བཞི། །ཟབས་སུ་སོར་གཉིས་ནང་རྡོ་རྗེ། །སོར་བཞིའི་མཐར་ནི་རྡོ་རྗེ་སྟེ། །བར་དུ་པདྨའི་འདབ་མའི་དབྱིབས། །བླུགས་གཟར་པདྨའི་དབྱིབས་སོར་གཉིས། །ཟབས་སུ་སོར་གཉིས་ནང་རྡོ་རྗེ། །ཞེས་དང་། རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །དེ་


JKT005_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །ཞེས་དང་། བླ་མ་དམ་པའི་གཞུང་བཟུང་བ། །དད་པ་ཡིས་ནི་གསལ་བར་བྱས། །དད་སོགས་ནོར་ནི་བསྟེན་བྱ་ཡིན། །བསྟེན་འོས་སྐལ་ལྡན་སྨད་བྱ་མིན། །བདག་ལས་དམན་པའམ་མཚུངས་དོན་ཡོད། །སེམས་ཅན་དམ་པས་ལེགས་བཤད་ནི། །བྱིས་པ་ལས་ཀྱང་བླང་བྱ་ཡིན། །ཞེས་གསུངས་སོ། །འདི་མར་མེ་མཛད་བཟང་པོས་མཛད་ཅིང་རིན་བཟང་གིས་འགྱུར་བའོ། ༈ །མཛེས་པའི་མེ་ཏོག་ཅེས་བྱ་བ་རིམ་པ་༨༧གཉིས་ནས། པའི་དེ་ཁོ་ན་ཉིད་སྒོམ་པ་ཞལ་གྱི་ལུང་གི་འགྲེལ་༡ ༣༤ བར། པ་བུདྡྷ་ཛྙཱ་ན་ཉིད་ཀྱི་དངོས་སློབ་མ་ཧཱ་ཨཱ་ཙརླ་བི་ཏ་པཱ་དས་འདི་ཀ་མ་ལ་གུརྒྱ་དང་ལྷ་ཛྷཱ་ན་དྷཱ་ཛའི་འགྱུར། མཛད་པར། འཇམ་དབྱངས་ཞེས་པ་ནི་འཇམ་ཞིང་མཉེན་པའི་དབྱངས་ཀྱིས་འགྲོ་བ་རྣམས་ཚིམ་པར་བྱེད་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཆེན་པོ་རྣམ་པར་དག་པའི་ཕྱིར་རོ། །ཞེས་དང་། དེ་ལ་ཨ་ཞེས་པ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཏེ། མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་གསུངས་པ་ལ་དཔྱད་ན། ཐམས་ཅད་འབྱུང་བའི་སྒོ་སྟེ། དེ་ཡང་ཟབ་གསལ་གཉིས་སུ་མེད་པའི་རང་བཞིན་ནམ་མཁའི་དཀྱིལ་འཁོར་ལྟ་བུ་བརྟགས་པ་ཐམས་ཅད་ཀྱིས་མ་སྐྱེས་པ་དང་པོ་ནས་ལྷུན་གྱིས་གྲུབ་པ་ཉིད་དུ་ཤེས་པར་བྱའོ། །ཞེས་དང་། ཨ་ལ་ལ་ཧོ། དེ་ལ་ཨ་ཞེས་


JKT005_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མ་སྐྱེས་པའི་ཕྱག་རྒྱ་སྟེ་བདག་དང་གཞན་དབུགས་འབྱིན་པར་བྱེད་པའོ། །ཞེས་དང་། དེ་ཡང་དུས་དང་པོ་རྐྱེན་ཁྱད་པར་ཅན་ལས་སྐྱེས་པའི་མདོག་གིས་བརྒྱན་ཅིང་། ཁྱད་པར་གྱི་གཉིས་སུ་མེད་པ་འབྱུང་བ་དེ་མི་བསླུ་ཞིང་། མཚན་དང་དཔེ་བྱད་དུ་ལྡན་པར་རང་འོད་ཀྱི་རིག་མས་འཁྱུད་པ་ཡོངས་སུ་དག་པ་ལ་སྣང་བ་ནི་ལ་དང་པོའོ། །གཅིག་པ་དང་དུ་མའི་རང་བཞིན་དང་བྲལ་བ་ཐབས་ཀྱི་ཆའི་བུམ་པ་ན་གནས་པའི་བདེ་བ་ཆེན་པོ་མི་བསླུ་བ་སྟེ་ནམ་མཁའི་དཀྱིལ་ལྟར་རྣམ་པར་དག་པ་གཉིས་སུ་མེད་པའི་གཟུགས་ཐོག་མ་ནས་ཞི་བར་ལྡན་པ་ནི་ལ་གཉིས་པའོ། །དེའང་ཐིག་ལེ་འགགས་པའི་ངོ་བོ་གཞན་ཡིད་དགའ་བར་བྱེད་པའི་མཚན་ཉིད་ཀྱིས་མི་བསླུ་བ་རིགས་གཅིག་ལ་སོགས་པས་གདུལ་བྱའི་རྒྱུད་ལ་སྣང་བར་འགྱུར་བས་དེའི་རྒྱུད་ཡོངས་སུ་དག་པར་བྱེད་ཅིང་། སྤྱི་དང་སོ་སོའི་ལས་ཀྱི་མཐའ་མེད་པའི་བར་དུ་གནས་པ་ནི་ལ་གསུམ་པའོ། །དེའང་རྒྱུན་མི་ཆད་ཅིང་མི་འགོག་པར་སྲིད་པ་ཇི་སྲིད་ཡོད་པ་དེ་སྲིད་བར་དུ་རོ་མྱང་བའི་མཚན་ཉིད་བརྒྱད་དང་ལྡན་པར་བཞུགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགྱེས་པ་ཐམས་ཅད་ཀྱི་ཕུལ་དུ་བྱུང་བས་ཧོ་ཞེས་བྱའོ། །ཞེས་དང་། མཚན་ཉིད་འཛིན་པའི་ཕྱིར་ན་ཆོས་ཏེ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་རྣམས་སོ། །ཞེས་དང་། རང་བཞིན་ནི་


JKT005_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རང་བཞིན་ཏེ། འོད་གསལ་བ་ནི་དེའི་རང་བཞིན་མ་སྐྱེས་པས་སྣང་བར་བྱེད་པའི་ཕྱིར་རོ། །མ་སྐྱེས་པའི་རང་བཞིན་ལ་རྫས་སུ་རྟོག་པ་ནི་འགལ་བའི་ཕྱིར་རོ། །གདོད་མ་ནས་དག་པ་ཞེས་པ་ནི། དེ་ཉིད་གདོད་མ་ནས་དག་པ་སྟེ། ཡེ་ཤེས་སྒྱུ་མ་ཁོ་ན་སྟེ། དེ་ལྟ་བུ་ནི་བྱེད་པ་མ་ཡིན་པས་ན་དེ་སྐད་ཅེས་དཔེར་ན་ནམ་མཁའ་བཞིན་ནོ། །ཞེས་དང་། རྡོ་རྗེ་འཆང་ཞེས་པ་ནི་དང་པོའི་མགོན་པོ་སྟེ་མི་ཤིགས་པའི་དོན་དང་ལྡན་པའི་ཕྱིར་རོ། །ཞེས་དང་། ཞལ་ཕྱག་ལ་སོགས་པ་དང་ལྡན་པ་ནི་ཕྱག་རྒྱ་ཆེན་པོའོ། །ཞེས་དང་། སྟོང་པ་ཉིད་དེའི་ངོ་བོ་བསྟན་པ། །འོད་གསལ་བ་ཞེས་ཏེ་དྲི་མ་དང་རྣམ་པར་བྲལ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་དེའི་རང་བཞིན་དུ་གསལ་བའི་ཕྱིར་རོ། །དྲི་མ་དང་ཇི་ལྟར་བྲལ་ཞེ་ན། གཟོད་ནས་རྣམ་པར་དག་ཅེས་ཏེ། བཅོས་མ་མ་ཡིན་པས་ནི་དང་པོ་ནས་ཏེ། བྱེད་པས་ནི་མ་ཡིན་ནོ། །ཞེས་དང་། བསྐྱེད་པའི་རིམ་པ་ནི་སྣོད་བཅུད་རགས་པར་འཁྲུལ་པ་བཟློག་པའི་ཕྱིར་རོ། །བློས་རྣམ་པར་བཞག་པའི་རྣལ་འབྱོར་པ་སྟེ་དང་པོའོ། །དེ་ཡང་འཁོར་བའི་ས་ལ་སོགས་པ་དང་ནམ་མཁའ་དང་རྩྭ་དང་ཤིང་གེལ་པ་ལྷའི་ཁང་པ་ལ་སོགས་པ་རྟེན་གྱི་དཀྱིལ་འཁོར་གྱིས་སྦྱོང་བར་བྱེད་ཅིང་། དེ་ན་གནས་པའི་སེམས་ཅན་སྐྱེ་གནས་བཞིས་བསྡུས་པ་ཐམས་ཅད་རྟེན་རྐྱེན་གྱི་འཁོར་ལོས་སྦྱོང་བར་བྱེད་དོ། །


JKT005_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རྫོགས་རིམ་ནི་དོན་ལ་མི་བསླུ་བའི་དེ་ཁོ་ན་ཉིད་དང་མི་གཉིས་པར་བསྒོམས་པས་མལ་ལས་ལྡོག་ཅིང་བརྟན་པ་རྙེད་དོ། །སོགས་དང་། ད་ནི་གཉིས་སུ་མེད་པའི་ཡེ་ཤེས་ལས་འཁོར་བ་ཇི་ལྟར་འབྱུང་བ་བསྟན་པ་དེ་འདྲའི་ཞེས་པ་ལ་སོགས་པའོ། །དེ་ཡང་གཉིས་སུ་མེད་པ་དེ་ལྟ་བུས་དངོས་པོ་ཀུན་ལ་རྣམ་པར་ཁྱབ་སྟེ་གནས་ཀྱང་དེ་མི་གསལ་བའི་རྒྱུ་ནི། ཐོག་མེད་དུས་ནས། ཞེས་ཏེ། སྲིད་པ་གང་ལ་དང་པོ་མེད་པ་དེ་ནི་ཐོག་མ་མེད་པའོ། །དེའི་དུས་ན་ནམ་མཁའ་ལས་སྤྲིན་འབྱུང་བ་བཞིན་དུ་རྣམ་རྟོག་ཆེན་པོ་ཞེས་ཏེ། སེམས་ཙམ་རྟོགས་པ་དང་འབྲེལ་པ་ལྟ་བུའི་ཚུལ་དུ་བྱུང་སྟེ། ཞེས་སོ། །དེ་ཡང་ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། བྲག་ཅ་དང་། མགལ་མེའི་འཁོར་ལོ་དང་། འཁྲུལ་པ་དང་། རྨི་ལམ་དང་། བྲི་ཟའི་གྲོང་ཁྱེར་དང་། ཆུའི་ཆུ་བུར་དང་། གློག་གི་རྣམ་པ་དང་། སྤྲུལ་པ་དང་། བརྒྱ་བྱིན་གྱི་གཞུ་དང་། སྤྲིན་གྱི་རྣམ་པ་སྟེ། དཔེ་བཅུ་གཉིས་ཀྱིས་དོན་དུ་རྟོགས་པར་འགྱུར་རོ། །ཞེས་དང་། ད་ནི་དེ་ལྟ་བུའི་དོན་ལ་གྲུབ་པའི་མཐའ་འཛིན་པའི་འཕགས་པ་དང་འཕགས་པ་མ་ཡིན་པ་རྣམས་ཀྱིས་འཁྲུལ་པར་བསྟན་པ་སྟེ། དེ་འདྲའི་ཞེས་པ་ལ་སོགས་པའོ། །དེ་འདྲའི་དངོས་པོ་ཐམས་ཅད་ཀྱི་མཐའི་དེ་བཞིན་ཉིད་ཟབ་མོ་དང་། ཡང་དག་པར་བསལ་བ་གཉིས་སུ་མེད་པ་ལས་ཐོག་མ་དང་ཐ་མ་མེད་


JKT005_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་ན་སོ་སོ་སྐྱེ་བོའི་གྲུབ་པའི་མཐའ་འཛིན་པ་རྣམས་ཀྱིས་ང་དང་ང་ཡིར་འཛིན་པས་ཡང་དག་པའི་ཚད་མས་མ་བརྟགས་པར་ནི་བདག་ཏུ་བཟུང་ཞེས་ཏེ། ཡིད་མི་ཆེས་པའི་ལུང་༡དང་། རྗེས་སུ་དཔག་པར་༣སྣང་བ་དང་། ལོག་པར་༣འཛིན་པའི་ཏིང་ངེ་འཛིན་གྱིས་སོ། །དེ་ཡང་དུས་ལས་བྱུང་བྱ་བ་ལ་སོགས་པ་བཞི་ནི་གྲངས་ཅན་པས་བརྟགས་པའོ། །འཛིན་པ་པོས་སྤྲུལ་པ་ལ་སོགས་པ་བརྒྱད་ནི་བྱེ་བྲག་པས་བརྟགས རྣལ་འབྱོར་ལ་སོགས་པ་བཞི་ནི་སེར་སྐྱ་པས་བརྟགས༴ ནང་གནས་ལ་སོགས་པ་ལྔ་ནི་ནམ་མཁའི་གོས་ཅན་པས༴ རྣམ་ཤེས་ལ་སོགས་པ་གསུམ་ནི་རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བས༴ མཐོང་བ་ལ་སོགས་པ་ལྔ་ནི་ཙ་རཀ་པས༴ ཤེད་ལས་སྐྱེས་པ་དང་ཤེད་བུ་ནི་རྒྱལ་པོ་ལ་སོགས་པས་བརྟགས་པའོ། །སྲོག་དང་གསོབ་ལ་སོགས་པ་ནི་གོས་དམར་བས་བརྟགས་པ་སྟེ། མུ་སྟེགས་ཀྱི་ལྟ་བ་པ་རྣམས་ཀྱི་གཙོ་བོ་རྣམས་ཀྱིས་དེ་ལྟར་རྣམ་པ་གསུམ་གྱིས་རྣམ་པར་རྟོག་ཅེས་པའོ། །རང་གི་སྡེ་པ་ལས་ཀྱང་ནམ་མཁའ་ནི་ཐོག་པར་བྱེད་པའི་རེག་བྱ་མེད་པའི་སྣང་བའོ། །འགོག་པ་གཉིས་ནི་སོ་སོར་བརྟགས་པའི་སྐྱེ་བ་འགོག་པར་བྱེད་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ལས་མེད་པས་མི་སྐྱེ་བ་སྟེ། དེ་གསུམ་ནི་རྒྱུ་རྐྱེན་གྱིས་ཤིན་ཏུ་འདུས་མ་བྱས་པ་སྟེ། དེ་ནི་ཤིན་ཏུ་བརྟན་བྱས་ཞེས་ཏེ་གཞན་གྱིས་


JKT005_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་དུ་མེད་པའི་ཕྱིར་རོ། །འདུས་བྱས་ཀུན་ཞེས་པ་ནི། ལྷག་མས་བསྡུས་པའི་ཕུང་པོ་ལྔ་སྟེ། དེ་ཡང་སྐད་ཅིག་མ་ཡིན་ཞིང་གོང་གི་བདག་པོ་ཐམས་ཅད་མེད་ཅིང་གཟུགས་ལ་སོགས་པ་ཕྲ་རབ་ཆ་ཤས་དང་བྲལ་བར་སྣང་བ་དང་མུན་པའི་གོ་སྐབས་མི་འབྱེད་ཅིང་རྫས་ཀྱི་སྐབས་འབྱེད་པ་འདུ་ཞིང་སྐྱེ་འགག་བྱེད་པ་ཤེས་པ་རེ་རེ་ལ་དམིགས་པ་ལས་གྲུབ་པ་དེ་ཡང་བློའི་རྣམ་པ་ལས་ལོགས་ཤིག་གྲུབ་པ་ཡིན་པར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བས་རྟོག་ཅེས་ཏེ། ཡུལ་ཁ་ཆེ་མུ་སྟེགས་བྱེ་བྲག་པ་ལྟར་སྨྲ་བ་སྟེ་དགེ་འདུན་བཟང་པོ་ལ་སོགས་པས་སོ། །རང་གི་རིག་པ་སྐྱེད་བྱེད་པ། །ཞེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ། །ཞེས་སོ། །དེ་ཡང་གང་ཞེ་ན། བལྟ་བྱ་སྤྱོད་ཡུལ་རྣམ་པ་བཞི། །ཞེས་ཏེ། གཟུགས་ལ་སོགས་པ་ནི་རྣམ་པ་སྟེ། །དེ་ཡང་རྡུལ་ཕྲ་རབ་གཅིག་ནས་གཅིག་ཏུ་འགྱུར་བ་ལ་སོགས་པ་སྣང་བར་རྟོག་གོ །དེ་དག་ལས་ཀྱང་འདུས་མ་བྱས་གསུམ་ནི་རྟག་པ་ཙམ་སྟེ། དོན་གཞན་དུ་འགྱུར་བ་མེད་པས་ན། མོ་གཤམ་བུ་བཞིན་མེད་པ་དང་། །ཞེས་ཏེ་མིང་ཙམ་ཅན་ཞེས་པའི་ཐ་ཚིག་གོ །འདུ་བྱེད་ཐམས་ཅད་ནི་བེམ་པོ་དང་མི་རྟག་པའི་ངོ་བོའི་བརྟགས་པ་མ་ཡིན་པས་ན་དུས་གསུམ་དུ་རྒྱུ་བ་མ་ཡིན་པ་དང་། དམན་མིན་རྡུལ་ཕྲ་རབ་སྟེ་གྲུབ་པའི་གཞི་ཡིན་པའི་ཕྱིར་རོ། །དེ་ཉིད་ཐོགས་པ་དང་བྲལ་ཡང་


JKT005_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་ལས་ཀྱིས་འདུས་པའི་གཟུགས་ཡིན་པར་ཉན་ཐོས་མདོ་སྡེ་པས་རྟོག་གོ། །ཡང་དག་ཅན་ཡང་དོན་དམ་མིན། །ཞེས་པ་ནི་མུ་སྟེགས་ཀྱིས་བརྟགས་པ་རྣམས་སོ། །རྡུལ་ཕྲན་དག་ཀྱང་དེ་བཞིན་ནོ། །ཞེས་པ་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བས་བརྟགས་པའོ། །སོ་སོར་སྣང་བའི་གཟུགས་ཕྲ་རབ་སོ་སོར་སྣང་བ་མི་དམིགས་པ་དང་འདུས་པ་མི་དམིགས་པ་སྟེ། ཉན་ཐོས་མདོ་སྡེ་པས་བརྟགས་པའོ། །དེ་ཐམས་ཅད་རྨི་ལམ་ལྟ་བུར་མི་སྣང་བ་སྟེ། འོ་ན་གང་སྣང་ཞེ་ན། གཟུང་འཛིན་སྤངས་པའི་རྣམ་ཤེས་ཆེ། །ཞེས་སོ། །ཇི་ལྟར་སྣང་ཞེ་ན། དོན་དམ་ཤེལ་ལྟར་དག་པ་རུ། །ཞེས་ཏེ། གཉིས་པོས་སྟོང་པའི་རྣམ་པར་ཤེས་པ་ཤེལ་ལྟར་དག་པ་ལྟ་བུ་དོན་དམ་པར་རྫས་ཉིད་དུ་སེམས་པ་ཉིད་རྣལ་འབྱོར་སྤྱོད་པས་རབ་ཏུ་རྟོག་གོ། །ཞེས་སོ། །སོ་སོར་སྣང་བའི་གཞུང་ཐམས་ཅད། །ཅེས་པ་ནི་བརྡ་དང་གཟུང་འཛིན་དང་དངོས་པོའི་ཀུན་ཏུ་བརྟགས་པའོ། །དེ་དག་ཀྱང་དོན་དམ་པ་མིན་ཏེ། ཅིའི་ཕྱིར་ཞེ་ན། གཅིག་དང་དུ་མའི་རང་བཞིན་དང་བྲལ་པའི་ཕྱིར་དཔེར་ན་ནམ་མཁའི་ཆུ་སྐྱེས་བཞིན་དུ་གཞུང་དེ་ཐམས་ཅད་སྤངས་པ་སྟེ། གཉིས་མེད་དོན་དམ་པའི་བདེན་པའོ། །གཉིས་སུ་མེད་མིན་ཞེས་ཏེ་ཀུན་རྫོབ་ཀྱི་བདེན་པའོ། །དེ་ཉིད་སྤྲོས་པ་མེད་པས་ན་ཞི་བའོ། །དེའང་མཐའ་གསུམ་གྱིས་མ་རིག་པའི་རྣམ་པར་ཤེས་པ་ཀུན་རྫོབ་སྒྱུ་མ་ལྟ་བུའི་


JKT005_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཙམ་དུ་དག་པ་དང་། མ་དག་པར་སྣང་བ་དོན་དམ་པར་ན་ཤིན་ཏུ་དྲི་མེད་ནམ་མཁའ་ལྟར་སྣང་བ་བློ་གྲོས་དང་ལྡན་པ་དབུ་མ་པས་རྟོགས་སོ། །དེ་དག་གི་རྟོག་པ་དང་བཅས་པའི་གཙོ་བོ་སྟེ། དེ་དག་ལ་སོགས་པ་མཐའ་ཡས་པ་ཞེས་པས་ནི་ལྟ་བ་ལྔ་བརྒྱ་བདུན་ཅུ་པ་རྣམས་བསྡུ་བར་བྱའོ། །དེ་ཀུན་ཀྱང་གཉིས་སུ་མེད་པའི་དོན་དེ་ཁོ་ན་ལ་གནས་ནས་བློ་ཐ་དད་པར་སོ་སོར་བརྟག་པའོ། །དེ་ལྟར་སྒྱུ བརྟགས་ཀྱང་དེ་ཐམས་ཅད་ཡང་དག་པར་བརྟགས་པ་མིན་པར་བླ་ན་མེད་པའི་སངས་རྒྱས་མ་ཐོབ་པས་བླ་དང་བཅས། ཞེས་སོ། །ཅིའི་ཕྱིར་ཞེ་ན། འོག་མ་འོག་མའི་རྣལ་འབྱོར་བློ་ལས་གོང་མ་གོང་མས་ཁྱད་པར་དུ་འཕགས་སོ། །དེ་མུ་སྟེགས་པ་ལས་བྱེ་བྲག་ཏུ་སྨྲ་བས་ཏེ་མི་རྟག་པའོ། །དེ་ལས་མདོ་སྡེ་པ་སྟེ་རྟག་པའོ། །དེ་ལས་རྣལ་འབྱོར་སྤྱོད་པ་སྟེ་སེམས་ཙམ་གྱིས་སོ། །དེ་ལས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་སྟེ་ཀུན་རྫོབ་ཙམ་ཉིད་ཀྱིས་སོ། །དེ་ལས་བླ་ན་མེད་པའི་གཞུང་པ་སྟེ་ཡེ་ཤེས་ཁོ་ནས་སོ། །དེ་བས་ན། འོག་མའི་བློ་ནི་གོང་མ་ཡི། །ཤེས་རབ་ཀྱིས་ནི་སུན་འབྱིན་ནོ། །ཞེས་པ་ཡང་དེ་ཁོ་ནས་བསལ་ལོ། །ཞེས་དང་། འདི་ཡི་དོན་ཤེས་པ་ནི་མ་འོངས་པའི་དུས་ན་རྡོ་རྗེ་འཛིན་པ་ནི་བླ་མ་སྟེ་རྡོ་རྗེ་འཛིན་པ་དེའི་ལུས་ལ་གནས་པའི་ཕྱིར་རོ། །དེ་རྗེས་སུ་མཐུན་པའི་ཡོན་གྱིས་མཉེས་པར་བྱས་ཏེ་ཤེས་པར་བྱའོ། །ཞེས་


JKT005_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེའི་ཡང་སྔོན་དུ་སོང་བའི་རྒྱུ་ནི་རང་གི་ཚེ་རབས་སྔོན་དུ་བསོད་ནམས་ཆེན་པོ་བསགས་པའི་སྟོབས་ཀྱིས་ཕྱི་རོལ་གྱི་ཡི་གེ་ལ་སོགས་པ་ལ་བརྟེན་པ་མེད་པར་སློབ་མའི་རྒྱུད་དུ་རྣམ་པར་འཕོའོ། །ཞེས་སོ། །གཉིས་སུ་མེད་པའི་རྣམ་པ་ལ་དང་པོའི་ལས་ལ་སོགས་པའི་མཐའ་གཉིས་དགག་པར་གསུངས་པ། དེ་ལ་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་ནི་རི་མོའི་དཀྱིལ་འཁོར་རོ། །སྦྱིན་སྲེག་ནི་ཐབ་ལ་སོགས་པ་དང་ལྡན་པའོ། །གཏོར་མ་ནི་འབྱུང་པོ་ལ་སོགས་པའིའོ། །བཟླས་པ་ནི་ཕྲེང་བའི་སྔགས་ལ་སོགས་པ་བཟླས་པའོ། །བགྲང་ཕྲེང་ནི་ལས་ཀྱི་བྱེ་བྲག་གི་གྲངས་དང་ཁ་དོག་ལ་སོགས་པའོ། །སྐྱིལ་མོ་ཀྲུང་ནི་རྡོ་རྗེའི་སྐྱིལ་མོ་ཀྲུང་ལ་སོགས་པའོ། །སྟངས་སྟབས་ནི་གཡས་བརྐྱང་པ་ལ་སོགས་པ་སོ་སོའི་ཚུལ་སྤྱོད་པའི་ཁྱད་པར་རོ། །སོགས་ཀྱིས་བསྡུས་པ་ཚོགས་ཀྱི་འཁོར་ལོ་དང་། ཕྱིའི་མཆོད་པ་ལ་སོགས་པའོ། །དེ་རྣམས་ལ་ཞེས་པ་ནི་སྤྲོས་བྲལ་རྣམ་པར་བསླུ་བ་སྟེ་སྤྲོས་པར་སྣང་བའི་ཕྱིར་རོ། །དེའི་བྱ་བ་མ་ཡིན་ཞེས་ཏེ་གཅིག་ཏུ་སྤྱོད་པའི་ཚུལ་གྱིས་སོ། །དགག་པ་མ་ཡིན་ཞེས་ཏེ། དེ་ལ་གནས་པ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་མི་དགག་སྟེ། ལྷག་པའི་ལྷ་ནི་མཚན་མ་མེད་པའི་ལྷ་སྟེ། དེ་ལས་ཐམས་ཅད་འབྱུང་བའི་ཕྱིར་ན་སྤྲུལ་ཕྱིར་རོ། །ཞེས་སོ། །ཡང་རྩ་བར། ད་ནི་གཉིས་མེད་ཡེ་ཤེས་ཉིད། །


JKT005_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་གཟུགས་ལ་བརྟེན་ནས་ཀྱང་། །མི་གཡོ་ལ་སོགས་གཡོ་དང་བཅས། །ཚངས་སོགས་ལྷ་དང་ལྷ་མིན་སོགས། །ཐམས་ཅད་རབ་ཏུ་མི་སྣང་ཡང་། །ཐིག་ལེ་འགོག་པར་མི་འགྱུར་ཏེ། །རྒྱུ་དང་མི་རྒྱུར་བཅས་པ་ཀུན། །སླར་ཡང་དེ་ལས་འབྱུང་བར་བྱེད། །དེ་ལས་སྐྱེ་བོ་རྣམས་ཀྱིས་ནི། །ཡང་དག་མ་རྟོགས་པ་ཡི་ཕྱིར། །ཚངས་པའི་སྒོ་ང་ལས་སྐྱེས་པར། །འཁྲུལ་བས་ཆོས་རྣམས་ཀྱིས་མི་བསྒུལ། །གང་གིས་ཀྱང་ནི་མི་ཤིགས་པ། །ཇི་སྲིད་འདི་ནི་ལུས་གནས་པས། །ལས་དང་ལས་ནི་རབ་བྱེད་པ། །བརྟན་པོ་འཇིག་པ་རབ་སྤངས་པའི། །མི་ཤིགས་ཐིག་ལེ་བསྒོམ་པར་བཤད། །ཅེས་པའི་འགྲེལ་པར། ཙྪཱ གཉིས་མེད་ཡེ་ཤེས་ཞེས་པ་ནི། ཟབ་མོ་དང་གསལ་བ་གཉིས་སུ་མེད་པའི་ཡེ་ཤེས་ནམ་མཁའ་ལྟར་དག་པ་གང་ཡིན་པའོ། །དེ་ཀུན་རྫོབ་ཀྱི་གཟུགས་སུ་ཇི་ལྟར་གནས་ཤེ་ན། ཐིག་ལེ་ཁ་དོག་ལྔ་པ་ཙ་ན་ཀའི་འབྲུ་ཙམ་དུ་རྣམ་པར་གནས་ཏེ། དེ་ལ་བརྟེན་ནས་ཞེས་པ་ནི་དེ་ལ་རླུང་ལ་སོགས་པའི་དཀྱིལ་འཁོར་བྱུང་ནས་མི་གཡོ་བ་ལ་སོགས་པ་ཞེས་པ་ནི་སྣོད་ཀྱི་འཇིག་རྟེན་ལྕགས་རི་དང་། ལྷའི་ཁང་པ་ལ་སོགས་བ་ཡང་། དེ་ལས་འབྱུང་བར་བྱེད་ཅེས་པར་སྦྱར་རོ། །དེ་བཞིན་དུ་གཡོ་བ་དང་བཅས་ཞེས་ཏེ། བཅུད་ཀྱི་སེམས་ཅན་ཚངས་པ་ལ་སོགས་པའི་ལྷ་དང་ལྷ་མིན་དང་སོགས་ཀྱི་སྒྲས་བསྡུས་པ་མི་དང་བྱོལ་སོང་དང་


JKT005_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དྭགས་དང་དམྱལ་བ་ལ་སོགས་པའི་ཡང་དེ་ལས་འབྱུང་བར་བྱེད་ཅེས་སྦྱར་རོ། །གང་གི་དུས་སུ་འབྱུང་བར་བྱེད་ཅེ་ན། ཐམས་ཅད་རབ་ཏུ་མི་སྣང་ཡང་། །ཞེས་ཏེ། ལས་སུ་སྨྲ་བའི་གཞུང་གིས་གནས་པའི་བསྐལ་པ་ཟད་ནས་མེ་ལ་སོགས་པ་ཉི་ཤུའི་བར་དུ་རྣམ་པར་གཞིག་སྟེ་སྟོང་པར་འགྱུར་བའི་དུས་སུ་ཡང་། །ཐིག་ལེ་འགོག་པར་མི་འགྱུར་ཏེ། །ཞེས་པ་ནི་ཡེ་ཤེས་རྡོ་རྗེའི་རང་བཞིན་ཡིན་པས་ན་མེ་ལ་སོགས་པ་ གང་གིས་ཀྱང་གཞིག་ཏུ་མེད་པའི་ཕྱིར་དེ་ཁོ་ནར་སྣང་བའོ། །དེ་ནས་ཆགས་པར་འགྱུར་བའི་དུས་སུ་གོང་མ་ལྟར། རྒྱུ་དང་མི་རྒྱུར་བཅས་པ་ཀུན། །སླར་ཡང་དེ་ལས་འབྱུང་བར་བྱེད། །ཅེས་པའོ། །དེ་ལ་ཕྱི་རོལ་པ་རྣམས་ཀྱིས་འཁྲུལ་པར་གསུངས་པ། དེ་ལས་ཞེས་པ་ལ་སོགས་པའོ། །སྐྱེ་བོ་རྣམས་ཞེས་པ་ནི་ཁ་ན་མ་ཐོ་བ་ལས་རིང་དུ་སོང་བའི་ཆོས་མ་ཐོབ་པ་གྲུབ་པའི་མཐའ་འཛིན་པའོ། །དེས་ཡང་དག་པའི་དོན་མ་རྟོགས་པའི་ཕྱིར་མི་ཤིགས་པའི་ཐིག་ལེར་མ་ཤེས་ཏེ་ཚངས་པའི་སྒོ་ང་ཞེས་འཁྲུལ་ཏེ། སེམས་ཅན་གྱི་ལས་ཀྱིས་ཚངས་པ་མི་སྣང་ཡང་དེའི་སྒོ་ང་ལུས་པས་དེ་ལས་ཐམས་ཅད་སྐྱེས་པའོ་ཞེས་འདོགས་ཤིང་ཚངས་པ་ལ་མེས་པོ་ཞེས་སྨྲ་སྟེ། རང་གིས་ཀྱང་དེ་བཞིན་དུ་འཁྲུལ་ཏེ་དེ་ཁོ་ན་ཡིན་ནོ་སྙམ་དུ་རློམས་སོ། །དེ་བས་ན་དེ་ལས་སྟོང་པ་ཉིད་དུ་ཁས་བླངས་པའི་སྐྱེ་བོ་རྣམས་ཀྱིས་དུས་ལས་བྱུང་བ་སོགས་ལ་སྒྲོ་


JKT005_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་ཤིང་དེའི་ལམ་ལ་འཇུག་པར་བྱེད་དོ། དེ་ལྟར་ན་ཡང་དེའི་རང་བཞིན་ནི་ཆོས་ཀུན་གྱིས་མི་བསྐུལ་ཏེ། མེ་ལ་སོགས་པའི་འབྱུང་བ་གང་གིས་ཀྱང་མི་ཤིགས་པ་སྟེ། མི་ཤིགས་པའི་ཐིག་ལེ་སྟེ། ཇི་སྲིད་འདི་ནི་ལུས་གནས་པས། །ཞེས་པས་ནི་བཅུད་ཀྱི་སེམས་ཅན་རྣམས་ཀྱི་སྙིང་གི་པདྨ་ཁ་སྦྱར་གྱི་དབུས་ན་ཐིག་ལེའི་རྣམ་པར་གནས་པའོ། །ཇི་སྲིད་རང་བཞིན་དག་པའི་མན་ངག་ཐོབ་ནས་དེའི་དོན་ལ་མི་འཛིན་པ་དེ་སྲིད་དུ། ལས་དང་ལས་མིན་རབ་བྱེད་པས། །ཞེས་ཏེ། སྲོག་གཅོད་པ་སྤངས་བ་ལ་སོགས་པའི་ལས་དང་། སྲོག་གཅོད་པ་ལ་སོགས་པ་མ་ཡིན་པའི་ལས་རབ་ཏུ་བྱེད་དེ། ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་མ་ཤེས་པས་ལས་སུ་སྨྲ་བ་སྟེ། དེས་མཐོ་རིས་དང་དམྱལ་བ་ལ་སོགས་པར་འགྲོ་བར་འགྱུར་རོ། །དེའི་རང་བཞིན་ཡོངས་སུ་ཤེས་པའི་ལས་ཀྱིས་འཁོར་བར་འཁོར་བ་མི་ནུས་ཏེ། ལས་དེ་ཉིད་དེར་ཐིམ་པའི་ཕྱིར་རོ། །དེ་བས་ན་བརྟན་པོ་ཞེས་ཏེ། ཅིའི་ཕྱིར་ཞེ་ན། འཇིག་པ་རྣམས་སྤངས་པ། ཞེས་པ་ནི། མི་རྟག་པ་ལ་སོགས་པའི་བསྐལ་པ་རྣམ་པར་སྤངས་པའོ། །དེའི་ཕྱིར་དེ་ལྟ་བུའི་མི་ཤིགས་པའི་ཐིག་ལེ་བསྒོམ་པར་བཤད་པ་ཁས་འཆེས་སོ། །ཞེས་དང་། དབུགས་ཀྱི་རྟ་ཞོན་ཀུན་རྟོག་རྣམས། །ཞེས་ཏེ་རླུང་དང་ལྷན་ཅིག་ཏུ་བྱུང་བའི་ཀུན་ཏུ་རྟོག་པ་གློ་བུར་བ་ནི་གཟུང་བ་དང་འཛིན་པའི་རྟོག་པ་སྟེ།


JKT005_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་བྱུང་བ་དང་བཅས་པའོ། །ཞེས་དང་། རྩ་བར། འདི་ནི་ཡང་དག་གོམས་བྱས་པས། །མི་གནས་མྱ་ངན་འདས་པ་ཆེ། །ཐབས་ཀུན་གྱིས་ནི་བསྒྲུབ་བྱ་མཆོག །རྡོ་རྗེ་འཆང་བ་ཆེན་པོ་ཐོབ། །འདི་ནི་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་འབའ་ཞིག་དབང་བྱས་ནས། །རིམ་པ་གཉིས་པ་སྒོམ་པའི་ཐབས། །མི་ཤིགས་ཐིག་ལེ་བསྒོམ་པའོ། །ཞེས་གསུངས་སོ། །ཡང་། དེ་བཞིན་ཉིད་དང་ཡང་དག་མཐའ། །བྱང་ཆུབ་སེམས་ཞལ་ལུང་ལས། གཟུགས་བཅུ་དྲུག་གོ། །མཐེ་བོའི་རྩ་བར་ཡི་གེ་ཨ། །རྗེ་ངར་ལ་ནི་ཡི་གེ་དེ་བཞིན་ཨཱ། བརླ་གཉིས་ལ་ནི་ཨི་ཡི་གཟུགས། །གསང་བ་ལ་ནི་ཨཱི་ཡི་གཟུགས། །ལྟེ་བའི་རྩ་རུ་ཨུ་གཟུགས་ནས། །དེ་བཞིན་གསུས་པར་ཨུ་ཡི་གཟུགས། །ནུ་མ་གཉིས་སུ་རི་གཟུགས་ནས། དེ་བཞིན་ལག་པར་རཱི་གཟུགས་ནས། །མགྲིན་པ་ལ་ནི་ལི་ཡི་གཟུགས། །དེ་བཞིན་མ་མཆུར་ལཱ་ཡི་གཟུགས། །འགྲམ་པ་གཉིས་སུ་ཨེ་གཟུགས་སོ། །དེ་གཉིས་མིག་གཉིས་ཡང་ནི་ཨེ། །རྣ་བའི་རྩ་བར་ཨོ་ཡི་གཟུགས། །སྤྱི་བོར་ཨོ་གཟུགས་ཡང་དག་གནས། །ཨཾ་ཨའི་གཟུགས་སུ་ཚིགས་ཀུན་ལ། །བཅུ་དྲུག་དུས་སུ་རྫོགས་པར་འགྱུར། །ཞེས་དང་། དཔལ་༤ ༣ཧེ་རུ་ཀའི་སྒྲུབ་ཐབས་ཀྱི་འགྲེལ་པར། ཧེ་རུ་ཀ་ལ་ཡང་ངེས་ཚིག་གི་ཚུལ་གྱིས་ནི་ཧེ་ཞེས་བྱ་བའི་ཚུལ་གྱིས་ན་རྒྱུ་ཡིན་ལ། དེ་དང་བྲལ་བ་རྣམ་པར་ཐར་པ་མཚན་


JKT005_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད་པའི་སྒོའོ། །རུ་ནི་རུ་ཏི་ར་སྟེ་སྨོན་པ་མེད་པའོ། །ཀ་ནི་ཀ་ར་སྟེ་བྱེད་པ་དང་བྲལ་བས་སྟོང་པ་ཉིད་དོ། །དེ་ལྟར་རྣམ་པར་ཐར་པའི་སྒོ་གསུམ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རྡོ་རྗེ་ཁྲོ་བོ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས། ཡང་། གནས་དགུ་ནི། ཞི་གནས་དུར་ཁྲོད་ཤིང་གཅིག་དང་། །ལམ་མདོ་བྲག་ཕུག་ཆུ་འགྲམ་དང་། །རི་རྩེ་ཁང་སྟོང་མ་མོའི་གནས། །འདི་ནི་དུར་ཁྲོད་གནས་དགུ་ཡིན། །ཞེས་སྤྱོད་པ་བྱེད་པའི་གནས་སུ་གསུངས་སོ། །གྲོལ་ཐིག་ལས། འབྱུང་བ་ཧཱུྃ་གི་ངོ་བོ་ཡིས། །སངས་རྒྱས་ལ་སོགས་སྤྲོ་བར་བྱེད། །དེ་ཡི་དུས་སུ་གནས་པ་ཡི། །ཆོས་ཀུན་འགྲུབ་པར་བྱེད་པའོ། །འཇུག་པ་ཨོཾ་གྱི་ངོ་བོ་ཡིས། །སངས་རྒྱས་ལ་སོགས་སྡུད་པར་བྱེད། །དེ་ཡི་དུས་སུ་གཡོ་བ་ཡི། །ཆོས་ཀུན་འགྲུབ་པར་བྱེད་པའོ། །གནས་པ་ཨཱཡི་ངོ་བོ་ཡིས། །སངས་རྒྱས་ལ་སོགས་བཟུང་བ་ཡིས། །དེ་བཞིན་གཡོ་གནས་ཆོས་རྣམས་ཀུན། །གཉིས་མེད་ཡེ་ཤེས་འཇུག་པའོ། །ཞེས་སྣང་། ཡང་། ཕྱག་རྒྱ་བཞི་འབྲེལ་རེ་རེ་ནས། །ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྟེ། །དེ་བཞིས་བསྒྲེས་པས་དགུ་བརྒྱའོ། །དེ་ནི་འཕོ་བ་ཉི་ཤུ་བཞིས། །བརྩིས་པས་ཁྲི་ཕྲག་གཉིས་དང་ནི། །ཆིག་སྟོང་དང་ནི་དྲུག་བརྒྱའོ། །ཞེས་སོ། །བདག་སྒྲུབ་པ་ལ་འཇུག་པར། འགྲོ་བ་གང་ཞིག་རྨོངས་པའི་རྒྱུ་ཡིས་གནས་མ་ཡིན་ལ་སྐྲག་འགྱུར་


JKT005_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བ། །ཡུན་རིང་དུས་སུ་བསོད་ནམས་ཕུང་པོ་ཆེན་པོ་མིན་པ་འབྱུང་འགྱུར་རྒྱུས། །རིགས་མེད་བཤེས་མེད་བློ་མ་སྦྱངས་ཤིང་སྔ་མར་དགེ་བ་མ་བསྐྱེད་པས། །ཆོས་འདི་དག་ལ་སྐྲག་པར་འགྱུར་བ་དོན་ཆེན་འདི་ཀྵ ལས་ཉམས་པར་འགྱུར། །ཞེས་བཤད། དེ་ཡང་འཇམ་དཔལ་ཞལ་ལུང་ནི། ཐོག་མར་བུདྡྷ་ཛྷཱ་ན་རང་གིས་གདམས་པ་བཙལ་ནས་མཐར་འཇམ་དཔལ་དབྱངས་མཇལ་བའི་བར་དང་། དེ་ལ་གསོལ་བ་བཏབ་ཚུལ་བཅས་ཀྱི་སྐབས་དབྱེ་ནས། དངོས་གཞི་ལ། ཉན་པར་གདམས་ནས་ཐོག་མར་གཉིས་སུ་མེད་པའི་ཡེ་ཤེས་བསྟན་པ་ནི། ཆོས་རྣམས་སོགས་སོ། །གཉིས་སུ་མེད་པའི་ཡེ་ཤེས་ལས་འཁོར་བ་ཇི་ལྟར་འབྱུང་བའི་ཚུལ་བསྟན་པ་ནི། དེ་འདྲའི་དོན་དེས་དངོས་པོ་ཀུན། །སོགས་ནས། དེ་ཡི་ངོ་བོ་རྟོགས་པར་བྱ། །བར་རོ། །དེ་རྟོགས་པར་བྱེད་པའི་ལམ་ལ་འཇུག་པའི་སྐྱེས་བུ་གསུངས་པ། གང་ཞིག་དེ་རྟོགས་རབ་འདུན་པ། །སོགས་སོ། །རྗེས་མཐུན་གཏོང་ཕོད་དེས་ཤེས་འགྱུར། །ཞེས་སོ། །དེས་མཉེས་པར་བྱ་བའི་བླ་མ་ཇི་ལྟ་བུ་ཡིན་ཞེ་ན། དེ་ཡིས་རྗེ་བཙུན་ཡང་དག་པ། །སོགས་ནས། དེ་འདྲའི་བླ་མ་མཉེས་པར་བྱ། །བར་རོ། །ཇི་ལྟར་མཉེས་པར་བྱེད་ཚུལ་ནི། ཡུལ་དང་མཁར་དང་ཁྱིམ་དང་རྟ། །སོགས་ནས། དེ་འདྲའི་རྗེ་བཙུན་དབང་པོ་མཆོད། །ཅེས་པའི་བར་རོ། །ཁྱད་པར་མཉེས་པར་བྱེད་པ་བླ་མ་


JKT005_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་མཚན་ཉིད་གསུངས་པ། གསལ་ཞིང་རབ་དག་སོགས་དང་། ལྷག་པར་ཕྱག་རྒྱའི་མཚན་ཉིད་བསྟན་པ་དངོས་ནི། སྒྱུ་མ་དེ་ཡང་འཇིག་རྟེན་འདིར། །སོགས་ནས། ལྷག་པའི་ལྷ་ཞེས་བྱ་བ་བསྒྲུབ། །ཅེས་པའི་བར་རོ། །དེ་དང་ལྡན་པ་ལ་གསང་དབང་བསྐུར་ཚུལ་བསྟན་པ་ནི། དེ་ཡང་ཐུན་མོང་དང་བཅས་པ། །སོགས་ནས། བཅུ་གཉིས་དོན་དུ་རྟོགས་པར་འགྱུར། །བར་རོ། །དེ་ནས་ཞིང་དག་པར་བྱས་པའི་སློབ་མ་ལ་ཆོས་སྐུ་རྟོགས་པར་བྱ་བའི་ཕྱིར་ཤེར་དབང་བསྐུར་བར་གསུངས་པ། དེ་ལས་དེ་ལ་རང་བྱུང་གི །སོགས་ནས། ལྷ་མོ་དེ་ལ་འཁྱུད་པར་བྱ། །བར་རོ། །དེ་ནས་བླ་མས་དེ་ལ་དེ་ཁོ་ན་ཉིད་བཞི་པ་བསྟན་པ་ནི། རྡོ་རྗེ་པདྨར་རེག་པ་ནི། །སོགས་ནས། སྒྲུབ་པ་ཆེན་པོ་དེ་ཉིད་དོ། །ཞེས་སོ། །དེ་ནས་བླ་མ་དེའི་ངོ་བོ་བཤད་པས་སྦྱིན་པར་གསུངས་པ། ནམ་མཁའི་ཁམས་དང་རྡོ་རྗེ་སྦྱོར། །སོགས་ནས། བླངས་ནས་བཏུང་བྱའོ། །བར་རོ། །ད་ནི་དེ་ལྟ་བུའི་དོན་ལ་གྲུབ་པའི་མཐའ་འཛིན་པའི་འཕགས་པ་དང་འཕགས་པ་མ་ཡིན་པ་རྣམས་ཀྱིས་འཁྲུལ་པར་བསྟན་པ་ནི། དེ་འདྲའི་དངོས་པོ་ཐམས་ཅད་ཀྱིས། །སོགས་ནས། གསོ་བྱེད་སྐྱེས་བུ་དམ་པའོ། །ཞེས་པའི་བར། ད་ནི་བདག་ཉིད་ཆེན་པོ་རྣམས་ཀྱིས་དེ་རིག་པར་བྱས་ནས་གོམས་པར་བྱ་བ་གསུངས་པ། དེ་བས་ལུས་ངག་ཡིད་གསུམ་གྱི། །


JKT005_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས། ཕྱི་རོལ་ལུས་ནི་སྡོམ་བྱེད་དོ། །ཞེས་པས་བསྐྱེད་པའི་རིམ་པས་གཞི་རྣམ་པར་བཀོད་ནས། རྫོགས་པའི་རིམ་པ་དེ་སྦྱོང་བའི་ཐབས་གསུངས་པ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མཆོག །ཅེས་སོགས་ནས། ཆོ་ག་འདི་ནི་དང་པོར་བཤད། །ཅེས་པའི་བར་གྱིས་དགའ་བའི་ཡེ་ཤེས་ཀྱི་རང་བཞིན་མི་ཤིགས་པའི་ཐིག་ལེ་བསྒོམ་པ་དང་། དགའ་བ་བར་མའི་ཡེ་ཤེས་ཀྱི་རང་བཞིན་གསང་བའི་ཐིག་ལེ་བསྒོམ་པའི་ཆོ་ག་གསུངས་པ། དེ་ལ་བསྒྲུབས་པས་བྱིན་བརླབས་པས། །སོགས་ནས། རྗེས་སུ་དྲན་པའི་ཡན་ལག་གོ །ཞེས་པའི་བར་དུ་དབུགས་དགག་པ། གཏོང་བ། གཟུང་བ། རྗེས་དྲན་གྱི་ཡན་ལག་གསུམ་པ་བསྟན། དེ་ནས་དགའ་བྲལ་གྱི་ཡེ་ཤེས་ཀྱི་རང་བཞིན་དབང་གི་མཐར་ཐུགས་རྗེ་རྒྱས་པའི་ཡན་ལག་ཏུ་གནས་པས་སྤྲུལ་པའི་ཐིག་ལེ་བསྒོམ་པར་གསུངས་པ། དེ་ལྟར་ཡན་ལག་གསུམ་གྱིས་ནི། །ཞེས་སོགས་ནས། ཆོ་ག་འདི་ལ་རབ་ཏུ་འབད། །བར་རོ། །དེ་དག་གི་དོན་བསྡུ་བ། དེ་ལྟར་དགའ་གསུམ་བྱེ་བྲག་གིས། །སོགས་ནས། ཆོ་ག་ཡན་ལག་བསྟན་པའོ། །ཞེས་སོ། །དེ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་མི་ཤིགས་པའི་ཐིག་ལེ་དེ་ཁོ་ན་ཉིད་བསྒོམ་པའི་ཆོས་གསུངས་པ། ད་ནི་གཉིས་མེད་ཡེ་ཤེས་ཉིད། །སོགས་ནས། སྒྲུབ་པའི་བདག་ཉིད་ཅན་དུ་འགྱུར། །བར་རོ། །ད་ནི་གཉིས་

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


JKT005_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་ཡེ་ཤེས་དེ་ལྟར་གོམས་པར་བྱས་པ་དེ་མངོན་དུ་བྱ་བའི་ཐབས་གསུངས་པ། བདག་ཉིད་ཅན་དེས་སྒྲུབ་པའི་མཆོག །སོགས་ནས། ཟླ་དྲུག་སོགས་པར་རབ་ཏུ་འབད། །བར་རོ། །དེས་མངོན་དུ་བྱས་པའི་འབྲས་བུའི་མཚན་ཉིད་ནི། དེ་ཡིས་རྗེ་བཙུན་ཡིད་མེད་པ། །སོགས་ནས། བློ་ལྡན་རྣམས་ཀྱིས་རྟོགས་པར་བྱ། །ཞེས་པའི་བར་གྱིས་ངོ་བོ་མཚན་ཉིད་དང་བཅས་པ་རྒྱ་ཆེར་བསྟན་ཏོ། །དེའི་ཉེ་བར་ལེན་པའི་རྒྱུ་ས་བཅུ་དང་ལྡན་པ་ལྷ་མོས་གསུངས་པའི་ཚུལ། ས་བཅུ་དང་ནི་རབ་ལྡན་པའི། །སོགས་ནས། གང་དུ་གསུངས་པ་རབ་ཐོས་ཏེ། །བར་རོ། །ད་ནི་དེ་ལ་འཇུག་པར་མི་ནུས་པ་རྣམས་ལ་གཞན་དུ་བསྟན་པར་གསུངས་པ། དེ་བས་དེ་འདྲའི་དོན་ཆེན་ལ། །སོགས་ནས། བཅུ་གསུམ་ས་ཞེས་བྱ་བར་བཤད། །བར་རོ། །ད་ནི་རིམ་པ་གཉིས་པའི་དེ་ཁོ་ན་ལ་གནས་པ་ལ་བསྔགས་པ་གསུངས་པ། དེ་ལྟར་རིམ་པ་གཉིས་པ་ཡིས། །སོགས་ནས། འཕོ་བར་ཐེ་ཚོམ་མི་བྱའོ། །ཞེས་པའི་བར་རོ། །དེ་ལྟར་ཕྱོགས་ཆོས་ལ་མྱ་ངན་ལས་འདས་པའི་རིམ་པ་བསྟན་ནས། ད་ནི་བར་མ་དོར་མྱ་ངན་ལས་འདའ་བའི་རིམ་པ་གསུངས་པ། ད་ནི་རང་ཉིད་བྱིན་རླབས་སོགས་ནས། དངོས་གྲུབ་དེ་ནི་བསྒོམ་པར་བཤད། །ཅེས་པའི་བར་གྱིས་འཆི་བར་སྐྱེ་གནས་གསུམ་གྱིས་སྐུ་གསུམ་འགྲུབ་པའི་ལམ་འཁོར་བཅས་བསྟན་ནས།


JKT005_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དོན་གྱི་མཇུག་བསྡུ་བའི་ཕྱིར། གང་ཞིག་འདི་ནི་མ་རྟོགས་པར། །སོགས་ནས། ཨ་ལ་ལ་ཧོ། ཞེས་པའི་བར་གྱིས་གསང་བར་གདམས་པ་སོགས་བསྟན། དེ་ནས་བློས་སྤྲུལ་པའི་དཀྱིལ་འཁོར་བསྡུ་བ་གསུངས་པ། དེ་ལྟར་རོལ་པའི་སོགས་ནས། མི་སྣང་གྱུར། །བར། དེ་ལྟར་རང་གིས་ཤེས་ནས་སྐལ་ལྡན་གྱི་དོན་ཇི་ལྟར་བྱས་པའི་ལོ་རྒྱུས་གསུངས་པ། རྡོ་རྗེ་གདན་གྱི་རྒྱབ་ནས་སོགས་ནས། སྐལ་ལྡན་འགས་དོན་བྱས། །བར་རོ། །ད་ནི་དེ་ལྟ་བུས་དད་པར་བྱས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་འབྲས་བུ་དང་བཅས་པ་གསུངས་པ། དེ་བས་དེ་ལྟར་སོགས་ནས། འདོད་པས་ཡང་དག་ལོངས། །བར་རོ། །སྣོད་དུ་རུང་བའི་སེམས་ཅན་མང་བ་མ་ཡིན་པ་ལ་གསང་བ་བླ་མའི་ཞལ་ནས་རྙེད་པར་བྱ་བ་གསུངས་པ། འདི་ནི་རྣལ་འབྱོར་སྤྱོད་པས་སོགས་ནས། ཡང་དག་ཞལ་རྙེད་བྱས། །བར་རོ། །དེ་ལས་གཞན་གྱི་སོམ་ཉི་བཟློག་པའི་ཕྱིར། དེ་བས་རྣལ་འབྱོར་སོགས་ནས། ཐེ་ཚོམ་མ་བྱེད་ཅིག །བར་རོ། །རྒྱུ་གཉིས་དང་མི་ལྡན་པ་རྣམས་དོན་ཁྱད་པར་ཅན་དང་བྲལ་བར་གསུངས་པ། འདི་ནི་རང་བཞིན་གྲུབ་པའི་སོགས་ནས། ཞེས་བྱ་དེ་ལ་བྱའོ། །བར། ད་ནི་དེ་ཁོ་ན་ལ་བློ་བརྟན་པོར་བྱ་བར་གསུངས་པ། དེ་ལྟར་རབ་ཏུ་ཤེས་པར་བྱས་ནས་སུ། །སོགས་ནས། ཅི་ཕྱིར་དེ་མི་སྒོམ། །ཞེས་པའི་བར་རོ། །ད་ནི་


JKT005_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དེ་ཉིད་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་གྱིས་བསྒོམ་པར་གསུངས་པ། དད་དང་བརྩོན་འགྲུས་སོགས་ནས། བྱ་བ་ཁོ་ནའོ། །བར། ད་ནི་འདི་བྱས་པ་ལས་བྱུང་བའི་དགེ་རྩ་བསྔོ་བ་གསུངས་པ། དེ་ལྟར་ཞལ་གྱི་ལུང་བསྡུས་པ་ལས། སོགས་ནས། སྲིད་ལས་སྒྲོལ་བར་ཤོག །ཅེས་པའི་བར་རོ། །དེ་ཡང་ཐོག་མར་མཆོད་པར་བརྗོད་པ་ནི། དཔལ་ལྡན་བདེ་རྫོགས་ཟབ་གསལ་གཉིས་མེད་འོད་ཟེར་ལྡན། །སོགས་ནས། དེ་ལ་བྱ་བྱེད་གསུམ་མཉམ་པ་ཡིས་རྟག་ཏུ་འདུད། །ཅེས་པའི་བར་གྱིས། དེ་ནས་བརྗོད་འབྲེལ་དགོས་པ་ཉིང་དགོས་ཀྱིས་བརྩམ་པར་དམ་བཅའ་བ་ནི། ཆོས་རྣམས་ཀུན་གྱི་སྙིང་། པོ་དངོས་པོའི་དེ་བཞིན་ཉིད། །སོགས་ནས། འཇམ་དབྱངས་བླ་མའི་ལུང་གིས་རྟོགས་ཕྱིར་བཤད་པར་བྱ། །བར་རོ། །ད་ནི་འགྲོ་བ་རྣམས་དད་པར་བྱ་བའི་ཕྱིར་རྗེ་བཙུན་ཉིད་ཀྱིས་མཉེས་པའི་ལོ་རྒྱུས་གསུངས་པ། དབུས་ཀྱི་ཡུལ་ཆེན་ཁ་བིར་གྲོང་ཁྱེར་རྡོ་འཇོག་ཏུ། །སོགས་ནས། སྔར་ལྟར་རོ། །ཡུལ་དབུས་ནཱ་ལེནྡྲ། དེ་ལས་ཡུལ་ཕྲན་ཁ་བིར་གྱི་བྱེ་བྲག་གྲོང་ཁྱེར་རྡོ་འཇོག་ཏུ། ༈ །དངོས་པོར་འཛིན་པ་བཟློག་པའི་རྣལ་འབྱོར་པས་སྲུང་བའི་འཁོར་ལོ་ལ་སོགས་པས་ཕྱི་རོལ་གྱི་ཡུལ་སྦྱངས་ཏེ། དེ་ལ་གནས་པའི་སེམས་ཅན་ནི་སྐྱེ་གནས་བཞིས་བསྡུས་པ་སྟེ། ཏིང་ངེ་འཛིན་ལྷག་མས་གོ་རིམ་བཞིན་དུ་དྲོད་གཤེར་ལས་སྐྱེས་པ་དང་།


JKT005_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུས་ཏེ་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པ་སྦྱོང་བ་སྟེ། འདི་ནི་འོག་ནས་འཆད་དོ། །གཤམ་དུ། བླུགས་དང་གཏོར་དང་དག་པ་བྱས་པས་སློབ་དཔོན་ཆེར་འགྱུར་ཏེ། །ཐམས་ཅད་ཀུན་གྱི་རྗེས་འཛིན་གཞན་རྣམས་རྒྱུད་ཀུན་ལ་སྦྱོར་བའི། །དང་པོའི་རིམ་པ་རབ་རྟོགས་དྲི་མ་རྣམས་ནི་དག་བྱས་ཏེ། །ཡེ་ཤེས་སྒྱུ་མའི་སྣོད་དུ་རུང་བར་རྣལ་འབྱོར་དེ་འགྱུར་ཤོག ༡ །སྙིང་རྗེ་ལྡན་པའི་བླ་མའི་ཞབས་ལ་གུས་པ་རབ་ལྡན་པས། །རི་བོང་འཛིན་པའི་གཟུགས་ཀྱིས་རང་རྒྱུད་རབ་ཏུ་སྨིན་བྱས་ཏེ། །ཞིང་དག་བྱས་པས་ཆོས་ཀུན་སྒྱུ་སོགས་དོན་དུ་རབ་རྟོགས་ནས། །བྱམས་པ་ལ་སོགས་བཞིན་དུ་སེམས་ཅན་ཀུན་གྱིས་འགྲོ་བར་ཤོག ༢ །ལྷན་ཅིག་བྱེད་པས་བྱིན་རླབས་རྗེ་བཙུན་ཐུགས་རྗེ་ཆེན་པོ་ཡིས། །དགའ་བ་རྙེད་པས་ཆོས་ཀུན་དག་པའི་ངོ་བོ་ཆེན་པོ་མཆོག །ཇི་བཞིན་གནས་པའི་དོན་ལ་མི་བསླུ་བཅུ་དྲུག་ཐིག་ལེའི་ཆ། །ངལ་གསོ་ལས་ཐོབ་མན་ངག་ཆེན་པོ་རབ་ཏུ་རྙེད་པར་ཤོག ༣ །དེ་རྙེད་དེ་ལ་སེམས་ནི་ཡང་དག་རབ་ཏུ་མགུ་གྱུར་ནས། །མགྲིན་པ་དམའ་བས་བརྟགས་ནས་རང་རིག་ཆོས་ཀྱི་སྐུ་ནི་ཡང་དག་ཐོབ། །སྐུ་དང་གསུང་དང་ཐུགས་དང་དཔག་མེད་སྤྲུལ་པའི་གཟུགས་ཀྱིས་ནི། །ཁམས་གསུམ་བཀང་ནས་སེམས་ཅན་ཐམས་ཅད་སྲིད་ལས་གྲོལ་བར་ཤོག །ཅེས་དབང་བཞིའི་ལམ་དང་སྦྱར་ཏེ་ཊི་


JKT005_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཡང་གསལ་བར་བཤད་དོ། ༈ །མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ་དཔལ་མགོན་ནཱ་གཱ་རྫུ་ནའི་ཞབས་སེན་གྱི་པདྨོ་སྤྱི་བོའི་ནོར་བུས་རེག་པའི་བསྟི་སྟངས་ཀྱིས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཤཱི་གུ་ཧྱ་ས་མཱ་ཛའི་སྦས་དོན་གྱི་བདུད་རྩིའི་ཆུ་གཏེར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་མནྡཱ་རས་བསྲུབས་པ་ལས་སྐྱེས་པའི་ནང་གི་དེ་ཁོ་ན་ཉིད་ཉེ་བར་བསྡུས་པ་ཟླ་ཤེལ་གསར་པའི་དོགས་པ་ལྟ་བུ་ཞིག་ཤར་བར་གྱུར་ཏེ་སྨོས་མ་ཐག་པའི་མཐུ་ལས་སོ། །དེའི་ཕྱིར་ན་ཤིན་ཏུ་དམན་པའི་སར་གནས་པའི་བློ་གྲོས་ཀྱི་ཀུ་མུ་དཱ་ཡང་གུས་པ་དང་བཅས་པས་ཅུང་ཟད་ཅིག་དགོད་པའི་ཚེ་ན་རྡོ་རྗེའི་ཚིག་གི་དུམ་བུ་འགའ་ཞིག་བསྡུས་ཏེ་བུང་བ་གཞོན་ནུའི་མགྲིན་པའི་རྒྱུད་མང་བཞིན་ལེན་པར་བྱའོ་ཞེས་དམ་བཅས་པ་སྟེ་སྐལ་བ་བཟང་པོར་འདོད་པ་རྣམས་ཀྱིས་རྣ་བ་ལྷོགས་ཤིག །ཅེས་གདམས་སོ། །དེ་ཡང་སྒྲུབ་པའི་ཐབས་མདོར་བྱས་པ་ལས། །རྣམ་རྟོག་བག་ཆགས་ཉེས་པ་ཡིས། །འགྲོ་བ་གསུམ་པོ་རྣམ་རྨོངས་ལ། །བློ་དང་ལྡན་པས་ལེགས་བལྟས་ཏེ། །རྣལ་འབྱོར་རྒྱུད་ཀྱིས་སྦྱང་བར་བྱ། ༈ །ཞེས་དང་། དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །རི་བོ་དབེན་པ་དག་ཏུ་ནི། །དངོས་གྲུབ་ཐམས་ཅད་


JKT005_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་བསྒྲུབ། །འཇམ་པའི་སྟན་ལ་འདུག་ནས་ནི། །སེམས་དཔའི་སྐྱིལ་ཀྲུང་ལེགས་གནས་ནས། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས། །གནས་སྲུང་བ་ནི་བསམ་པར་བྱ། །ཞེས་དང་། རྣམ་པར་སྣང་མཛད་ངོ་བོ་ནི། །ཁ་དོག་དཀར་པོ་ཡི་གེ་ཨོ། །གཟུགས་ཕུང་ངོ་བོ་ཉིད་ཀྱིས་ནི། །སྔགས་ཤེས་པས་ནི་སྤྱི་བོར་དགོད། །ཨཱནི་མགོན་པོ་འོད་དཔག་མེད། །འདུ་ཤེས་ཕུང་པོའི་ངོ་བོ་ཉིད། །མདོག་དམར་ཁ་ལ་བསམས་ནས་ནི། །ངག་གི་དབང་ཕྱུག་ཉིད་འཐོབ་འགྱུར། །མི་བསྐྱོད་པ་ཡི་ཡི་གེ་ཧཱུཾ། །རབ་ཏུ་བཟང་པོ་མཐིས་ཤུན་མདོག །རྣམ་ཤེས་ཕུང་པོའི་ངོ་བོ་ཉིད། །སྔགས་པས་སྙིང་གར་རྣམ་པར་དགོད། །རིན་ཆེན་མགོན་པོའི་ཡི་གེ་སྭཱ། །ཚོར་བའི་ཕུང་པོའི་ངོ་བོ་ཉིད། །ཚོར་བ་དག་གི་རྒྱུ་རྐྱེན་ནི། །ཁ་དོག་སེར་པོ་ལྟེ་བར་དགོད། །རྐང་པ་གཉིས་ལ་ཡི་གེ་ཧཱ། །འདུ་བྱེད་ཕུང་པོའི་ངོ་བོ་ཉིད། །ལས་ཀྱི་མགོན་པོ་དེ་ཉིད་ནི། །སྔགས་པས་ཁ་དོག་ལྗང་གུར་དགོད། །ཅེས་དང་། དེ་ལྟར་བདག་ཉིད་བྱིན་གྱིས་བརླབ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པའི། །མཚན་མ་དྲུག་ད དཔའ་བསྒོམ་པར་བྱ། །སྙིང་གའི་དབུས་སུ་ཕྲ་མོ་ཡི། །ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམ། །ཏིང་འཛིན་སེམས་དཔའ་ཞེས་བྱ་བའི། །ཡི་གེ་ཧཱུཾ་ནི་དེ་རུ་དགོད། །ཅེས་དང་། ཧཱུྃ་གིས་ལེགས་པར་སྦྱངས་


JKT005_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ། །ཡི་གེ་ཨཱཡིས་རྟོགས་བྱས་ཏེ། །ཨོཾ་གྱིས་མནན་ནས་སྦར་བར་བྱ། །འདི་ནི་ཁ་ཟས་སྦྱང་བྱ་བའོ། །ཞེས་སོ། ༈ །ཡང་དེས་མཛད་པའི་བསྐྱེད་རིམ་མདོ་བསྲེར། ཤིན་ཏུ་སྟོང་པ་ཟབ་ཅིང་ཕྲ་བས་ན། །རྟོག་གེའི་ཡུལ་མིན་འཁྲུལ་པས་ཤེས་མི་ནུས། །ཞེས་སོ། ༈ །དབང་བཞིའི་རབ་ཏུ་བྱེད་པར། དངོས་ཀུན་རྣམ་དག་འོད་གསལ་རང་བཞིན་བདེ་བ་ཆེན་པོའི་སྐུ། །འགྲོ་བ་འདི་ཀུན་ཐུགས་རྗེས་ཁྱབ་མཛད་ཅིར་ཡང་སྣང་བའི་སྐུ། །མ་ལུས་ཡུལ་དུ་གྱུར་པ་ཁམས་གསུམ་རོ་མཉམ་གཉིས་སུ་མེད། །ཟུང་འཇུག་གཟོད་ནས་དབྱེར་མེད་རྡོ་རྗེ་འཆང་བ་དེ་ལ་འདུད། །ཅེས་དང་། གཟུགས་བརྙན་ལུས་། དང་བྱང་ཆུབ་སེམས། །མཚན་མ་དབྱིབས་དང་སྦས་པ་ཡུམ། །ཞལ་གྱི་བུམ་པས་དབང་བསྐུར་ཏེ། །ཕྱི་ཡི་བཞི་པ་གྲངས་ཀྱི་གཞི། །སྦས་པའི་བཞི་པ་དག་འཕྲལ་གཞི། །བདེ་ཆེན་བཞི་པ་འབྲས་བུའི་གཞི། །ཞེས་དང་། ང་ནི་ཡེ་ནས་རྡོ་རྗེ་འཆང་། །གནས་སྐབས་གློ་བུར་གྱིས་བསྒྲིབས་ཤིང་། །རང་གི་མཚན་ཉིད་ངོ་མ་ཤེས། །དམ་པའི་དྲིན་གྱིས་དེ་མཐོང་ནས། །རང་གི་ལུས་ལ་དེ་ཉིད་གནས། །ཆུ་ཁམས་གསེར་དང་ནམ་མཁའ་འདྲ། །དེ་ལྟར་མོས་ལྡན་བློ་བཟང་ལ། །སྤྲོ་བ་བསྐྱེད་པ་བུམ་པའི་ཞལ། །དང་པོ་ལུས་འདི་གྲུབ་པ་ནི། །ཆོ་ག་གསུམ་དང་བྱང་ཆུབ་ལྔའོ། །ཕ་མའི་ས་བོན་བར་དོའི་སེམས། །ལས་ཀྱི་རླུང་


JKT005_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞོན་ནས་ནི། །མ་རིག་པ་ཡིས་ལེན་པར་བྱེད། །ཆགས་དང་ཕྲག་དོག་དབང་གིས་ཞུགས། །མེར་མེར་ལྟར་ལྟར་ཡི་གེ་ལྔ། །གོར་གོར་མཁྲང་གྱུར་མཚན་མ་ལྔ། །ཡན་ལག་རྫོགས་པ་རིགས་ལྔའི་སྐུ། །སྔོན་དུ་ཤི་བ་ཆོས་སྐུ་སྟེ། །བར་དོ་ལོངས་སྤྱོད་རྫོགས་པའོ། །ས་བོན་གསུམ་འདྲེས་ཟླ་བ་ཡིན། །གནས་སྐབས་གཉིས་ནི་ཡི་གེ་སྟེ། །གནས་སྐབས་གཉིས་ནི་མཚན་མ་ཡིན། །གཅིག་ནི་སྤྲུལ་པའི་སྐུ་རྫོགས་པའོ། །ཞེས་སོགས་རྒྱས་པར་གསུངས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དབུགས་གཏོང་རྔུབས་པ་མ་ཡིན་ཏེ། །སྤྱན་ཕྱེ་བཙུམས་པ་མ་ཡིན་ནོ། །དགྱེ་བ་མ་ཡིན་སྒྱུ་ཟློབ་མིན། །གསུང་བ་མ་ཡིན་མི་གསུང་མིན། །ཕྱིར་ནི་ལུས་ལ་མི་སྤྱོད་ཅིང་། །ནང་དུ་སེམས་ལ་མི་རྟོག་གོ །སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བའི་འཆིང་བས་བཅིང་བར་འགྱུར། །སེམས་གང་།གིས་ནི་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་སྐྱེ་བར་འགྱུར། །བྱ་བ་ཐམས་ཅད་བློས་བཏང་ལ། །གང་ལྟར་གནས་པའི་དོན་ལ་བཞག །མ་བཅོས་པ་ཉིད་མ་ནོར་བ། །བདེ་བ་ཆེན་པོ་རང་སོ་ཉིད། །དོན་དུ་སྣང་བ་རང་བཞིན་མེད། །དངོས་པོར་གསལ་བ་རྟོག་པ་མེད། །ཆུ་དང་རྙོག་མ་དེ་བཞིན་ནོ། །བྱིངས་ཤིང་ལྕི་བ་གཟེངས་བསྟོད་ཅིང་། །འཐོར་ཞིང་འཕྱར་བ་རང་སོར་བཞག །ཅུང་ཟད་ཅུང་ཟད་


JKT005_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་བྱས་པས། །གོང་ནས་གོང་དུ་ཁྱད་པར་འགྲོ། །མཐར་ནི་མི་རྟོག་ཏིང་འཛིན་དག །ལྷུན་གྱིས་གྲུབ་པ་འཐོབ་པར་འགྱུར། །བླ་མ་ཉིད་ཀྱང་མཉམ་བཞག་ལ། །སློབ་མ་བྱིན་གྱིས་བརླབ་པར་བྱ། །ཐུན་གྱི་ངེས་པ་ཡོད་མིན་ཏེ། །ཇི་ཙམ་གནས་ཀྱི་བར་དུ་བཞག །འདོད་པའི་ལོངས་སྤྱོད་ཀུན་བསྟེན་ཅིང་། །ལུས་ཀྱི་འབྱུང་བ་རོ་ཡང་མཉམ། །བཞི་པའི་དབང་བསྐུར་ཆོ་གའོ། །ཨེ་ཝཾ་མཱ་ཡཱའི་ཡི་གེ་བཞིས། །དོན་བཞི་དང་ནི་སྦྱར་བར་བྱ། །རྒྱུད་རྣམས་ཀུན་གྱི་དོན་བསྡུས་པའོ། །ཨེ་ནི་འཇུག་པ་ཝཾ་ནི་གནས། །མཱ་ནི་སྲུང་བ་ཡཱ་ནི་གྲོགས། །ཨེ་ནི་ལས་དང་ཝཾ་ནི་ཆོས། །མཱ་ནི་མུ་དྲ་ཡཱ་དམ་ཚིག །ཨེ་ནི་སྣང་བ་སྟོང་པ་སྟེ། །ཝཾ་ནི་མཆེད་པ་ཤིན་ཏུ་སྟོང་། །མ་ནི་ཉེར་ཐོབ་ཆེན་པོ་སྟོང་། །ཡཱ་ནི་རོ་མཉམ་ཐམས་ཅད་སྟོང་། །ཨེ་ནི་མ་ཐོབ་ཐོབ་བར་བྱེད། །ཝཾ་ནི་ཐོབ་པ་བརྟན་པར་བྱེད། །མཱ་ནི་གོང་ནས་གོང་དུ་འགྲོ། །ཡཱ་ནི་ཚེ་འདིར་རྫོགས་སངས་རྒྱས། །ཞེས་སོགས་མང་པོ་དང་། །རྟེན་ཅན་ལས་ལ་བརྟེན་པ་སྟེ། །ལས་ནི་ལུས་ངག་ཡིད་ཀྱི་ལས། །དེ་ལ་རྒྱས་འདེབས་ཕྱག་རྒྱ་ཡིན། །དགའ་བྲལ་ལ་ནི་བཞི་པར་བརྗོད། །སེམས་ལ་དམིགས་པ་ཇི་བཞིན་དུ། །སྒོམ་པ་སེམས་ལ་དམིགས་པ་སྟེ། །རྟེན་ཅན་ཞེས་ནི་བརྗོད་པ་ཡིན། །རྟེན་མེད་རང་ལུས་ཐབས་ལྡན་ནམ། །འཁོར་ལོ་བཞི་དང་འཁོར་ལོ་གཉིས། །རྡོ་རྗེ་སེམས་


JKT005_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་དབབ་ཐབས་སམ། །རྣམ་པར་ཤེས་པ་ཐོད་སྦྱོར་རམ། །ཡི་གེ་ཧཱུཾ་གི་དབབ་ཐབས་སམ། །གཏུམ་པོའམ་མཁའ་འགྲོའི་བྱིན་རླབས་སམ། །བླ་མ་དུས་ཐབས་བསྟེན་པས་སོ། །ཉམས་སུ་མྱོང་བ་བཞི་པ་སྟེ། །རྣམ་ཤེས་རླུང་དང་རོ་གཅིག་པའོ། །ངོ་བོ་ཉིད་ནི་རྡོ་རྗེ་འཆང་། །ཡན་ལག་བདུན་དང་ལྡན་པ་སྟེ། །ཞེས་སོགས་དང་། །ཆུ་ནང་གི་ནི་ཟླ་བའི་གཟུགས། །བདེན་པ་མ་ཡིན་བརྫུན་པ་མིན། །དེ་བཞིན་དཀྱིལ་འཁོར་འཁོར་ལོ་ཡང་། །རང་བཞིན་མེད་ལུགས་དེ་ལྟར་སྣང་། །ཞེས་དང་། དངོས་དོན་རང་གི་མཚན་ཉིད་ལས། །གུད་ན་ཡོད་པ་མ་ཡིན་ཏེ། །ལྷ་སོགས་ཡེ་ཤེས་སྣང་བ་ལས། །གཞན་དུ་ཙྩོ དམིགས་པ་སྨོས་ཅི་དགོས། །ཞེས་དང་། བདེ་ཆེན་བདེ་བ་ཆེན་པོའི་སྐུ། །རང་སྣང་རིག་མས་ཉེར་བརྒྱན་པ། །འོག་མིན་གནས་སུ་དུས་རྟག་ཏུ། །མཚན་དང་དཔེ་བྱད་འབར་བར་བཞུགས། །གང་དང་གང་གིས་འདུལ་ཕྱུར་པ། །དེ་དེ་བཞིན་དུ་སོ་སོར་སྣང་། །མོས་བའི་དབང་གིས་ཐ་དད་པ། །སེམས་ཅན་རྣམས་ནི་འདུལ་བར་མཛད། །རྒྱུད་གཞན་དག་ལས་བཤད་པ་ནི། །སྤང་བྱ་གསུམ་དང་མ་རིག་པ སྦྱོང་བྱེད་སྨིན་བྱེད་དབང་བཞིའོ། །གྲོལ་བྱེད་རྒྱུད་དང་སྔགས་དང་ཆོས། །གསང་བའི་རིམ་པས་བཞི་པར་འདོད། །འདི་ཉིད་ཡི་གེ་སྤྱི་སྲས་དང་། །མཐར་ཐུག་ཡིན་པས་བཞི་པར་འདོད། །མཁའ་འདྲ་ཆོས་


JKT005_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྟོང་པ་ལས། །རྟོག་མེད་ཡེ་ཤེས་འཇའ་འདྲ་བ། །རླུང་དང་ཡེ་ཤེས་ཏིང་འཛིན་གྱིས། །འབད་པ་བྲལ་བར་ལྷུན་གྱིས་གྲུབ། །ཅེས་སོ། །འདི་ཞི་བའི་སྙིང་པོ་དང་འགོས་ལྷས་བཙས་ཀྱིས་བསྒྱུར་བར་བཤད་སྣང་མོད། ཅུང་ཟད་དཔྱད་བྱར་སེམས་སོ། ༈ །དེས་མཛད་པའི་རྫོགས་རིམ་རིམ་པ་ལྔའི་ངག་དབེན་དང་པོ་རྡོ་རྗེའི་བཟླས་པའི་རིམ་པར། བསྐྱེད་པའི་རིམ་པར་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་མིང་ཅན། །རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །སྔགས་ཀྱི་དམིགས་པ་རྟོགས་ནས་ནི། །རྡོ་རྗེའི་བཟླས་པ་རྣམས་ལ་སློབ། །རྡོ་རྗེ་བཟླས་ནས་རྣལ་འབྱོར་པ། །སེམས་ལ་དམིགས་པ་འཐོབ་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཡང་དག་མཐས་ནི་རྣམ་པར་སྦྱང་། །ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཟུང་འཇུག་ཏིང་འཛིན་ལ་གནས་ནས། །ཕྱིར་ཞིང་གང་ཡང་མི་སློབ་བོ། །འདི་ནི་རྫོགས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཆེན་པོའང་དེ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་


JKT005_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགྱུར། །འདས་པ་དང་ནི་མ་འོངས་པ། །ད་ལྟར་བྱུང་བའི་སྲིད་གསུམ་ནི། །འོད་གསལ་བས་ནི་རྣམ་དག་པས། །སྐད་ཅིག་དེ་ལ་མ་ལུས་མཐོང་། །དཔལ་ལྡན་འདུས་པའི་རྒྱུད་དུ་ནི། །དེ་ཉིད་དེ་དག་རྒྱས་།། བཏབ་པས། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་ཁ་ལས་རྟོགས་པར་བྱ། །ཞེས་དང་། རྩ་བའི་རྒྱུད་ལས་ལུང་དྲངས་པ། སྣ་ཡི་རྩེ་མོར་ཡུངས་ཀར་བསམས། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །གསང་བའི་སྔགས་ཀྱིས་བརྟག་པ་ཡི། །ཡེ་ཤེས་མཆོག་གི་གནས་བསྒོམ་མོ། །རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །སོགས་རླུང་བཅུའི་དེ་ཁོ་ན་ཉིད་རྒྱས་པར་བསྟན་མཐར་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པར། ཨོཾ་ཨཱཿཧཱུྃ། དོན་རྟོགས་པ་ཡི་བཟླས་པ་ནི། །ངོ་བོ་ཉིད་མེད་བཟང་པོ་ལས། །དུས་གསུམ་སངས་རྒྱས་ཀྱིས་བརྟགས་པ། །རྡོ་རྗེའི་བཟླས་པར་དེ་བཤད་དོ། །སློང་མོ་ཟ་ཞིང་མི་བཟླ་སྟེ། །མ་སློང་པ་ལའང་ཆགས་མི་བྱ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་སོགས་དང་། དགོངས་པ་ལུང་བསྟན་པའི་རྒྱུད་ལས་དྲངས་པ། མི་རྟོག་དོན་གྱི་དེ་ཉིད་ནི། །རབ་ཏུ་ཕྱེ་ནས་བཤད་པར་བྱ། །བརྗོད་པ་དམིགས་པར་བཅས་པ་དང་། །བརྡར་གྱུར་པ་དང་དོན་དམ་མོ། །ཚིག་གི་བརྗོད་པ་


JKT005_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་སྟེ། །དམིགས་པར་བཅས་པ་སངས་རྒྱས་ཉིད། །སྔགས་ཀྱི་དེ་ཉིད་བརྡ་རུ་བཤད། །དོན་དམ་དེ་བཞིན་ཉིད་ཡིན་ནོ། །དང་པོ་གཅིག་ནི་དགུ་དབུས་ན། །སོགས་ཀྱིས་སྔགས་སུ་བསྟན། འོག་དང་སྟེང་དུ་བཅས་པ་ནི། །ཤེས་ནས་བློ་ཡིས་ངེས་པར་སྦྱར། །བརྗོད་པ་ཡི་ནི་སྔགས་འདི་དག །དངོས་མེད་ངོ་བོ་ལས་བྱུང་བའོ། །དེ་ནི་ཡོངས་སུ་གྱུར་པའི་གཟུགས། །ལྷ་རུ་ཉེ་བར་མཚོན་པ་གང་། །དེ་ནི་ཉེ་བར་དམིགས་པའོ། །བརྡ་ནི་དེ་ཉིད་གསུམ་གནས་པ། །རང་བཞིན་བཟླས་པའི་མཚན་ཉིད་དོ། །ཨེ་ཡིག་བཤད་པའི་ཡེ་ཤེས་ནི། །སངས་རྒྱས་ཀུན་གྱི་སྙིང་པོར་གྱུར། །ཨོཾ་གྱིས་སེམས་ཅན་ཡང་དག་སྡུད། །སངས་རྒྱས་སྐུ་ནི་རབ་ཏུ་བརྟག །ཧཱུྃ་གིས་སེམས་ཅན་ཡང་དག་སྤྲོས། །སངས་རྒྱས་ཐུགས་སུ་རབ་ཏུ་བརྟག །ཨཱཎཡིས་གནས་པར་གྱུར་པའོ། །སངས་རྒྱས་གསུང་དུ་རབ་ཏུ་བརྟག །འཇུག་པ་ཉིད་དང་གནས་པ་དང་། །ལྡང་བ་ཡི་ནི་རིམ་པས་ཀྱང་། །ཤེས་རབ་ཐབས་ཀྱི་གཞིར་གནས་ཏེ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བསྡུས་པ་ནི། །སྦྱོར་བཞི་བསྡུས་པ་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་དབྱུ་གུ། བཞིའི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །


JKT005_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། འདུས་རྒྱུད་ཕྱི་ན་འབྲངས་པ་དག །རིག་པའི་ཆོ་ག་འདི་ཡིས་ནི། །ཐུན་མཚམས་བཞི་ནི་རབ་སྦྱོར་བས། །གྲངས་འབུམ་གྱི་ནི་མཚན་ཉིད་ཅན། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་དང་། བསྒོམ་པ་ཡི་ནི་བར་ཆད་ཅན། །རྣལ་འབྱོར་ཕྱི་རོལ་བཟླས་པ་སྤངས། །སྔགས་དོན་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་བདག་ཉིད་ཇི་ལྟར་བཟླ། །ཞེས་དང་། གསུང་གི་རྡོ་རྗེ་སྒྲུབ་པ་སྟེ། །འདིས་ནི་སྔགས་ཀྱི་དེ་ཉིད་གསལ། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །འཇུག་གནས་ལྡང་གསུམ། སེམས་ཙམ་ལ་ནི་ངེས་པར་སྦྱར། །ཞེས་དང་། རི་དབང་རྩེ་ནས་འགའ་ཞིག་ལྟུང་གྱུར་ན། །ལྟུང་བར་མི་འགྱུར་བསམས་ཀྱང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་དང་། ཁྲི་ཕྲག་གཉིས་དང་ཆིག་སྟོང་དང་། །དེ་བཞིན་དུ་ནི་བརྒྱ་ཕྲག་དྲུག །རྣལ་འབྱོར་དབང་པོ་ཉིན་མཚན་གྱིས། །བཟླས་བརྗོད་ཀྱི་ནི་གྲངས་བྱེད་དོ། །ཞེས་སོ། ༈ །རིམ་པ་གཉིས་པའི་དགོངས་པ་བླ་མེད་ཀྱི་རིམ་པར། ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །ཕྱག་འཚལ་ཕྱག་འཚལ་ཕྱག་འཚལ་འདུད། །ཇི་ལྟར་བསྟོད་ཅིང་ཕྱག་འཚལ་བ། །གང་ལ་བསྟོད་ཅིང་གང་གིས་བསྟོད། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང་རིག་ཡེ་ཤེས་ནི། །ལེགས་


JKT005_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་གང་ཡིན་འདི་ཕྱག་ཡིན། །འོན་ཀྱང་ཀུན་མཁྱེན་མ་ཐོབ་བར། །དེ་ནི་ཉེ་བར་དམིགས་མི་འགྱུར། །མུན་ནག་རབ་རིབ་ཀྱིས་ཁེབས་པ། །དྲིན་གྱིས་སྣང་བ་འཐོབ་པར་འགྱུར། །སྟོང་ཉིད་། ཤིན་ཏུ་སྟོང་པ་དང་། །གསུམ་པ་ཆེན་པོ་སྟོང་པ་དང་། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ། །ཤེས་རབ་ཐབས་སུ་སྦྱོར་བ་ལས། །རྫོགས་པ་ཉེ་བར་འཐོབ་པར་འགྱུར། །ཐམས་ཅད་སྟོང་པ་འོད་གསལ་བ། །རྒྱུ་ཡི་རིམ་པ་རྣམ་དག་པ། །རྣམ་ཤེས་གསུམ་པོ་སྦྱོར་བ་དང་། །སྟོང་པ་གསུམ་ནི་མཉམ་སྦྱོར་བས། །བླ་མེད་གོ་འཕང་འཐོབ་པར་འགྱུར། །ཞེས་སོགས་ཀྱིས་སྣང་མཆེད་། ཐོབ་པའི་ཡེ་ཤེས་ཀྱི་མཚན་ཉིད་གསལ་བར་བསྟན་ནས། སྣང་དང་སྣང་བ་མཆེད་པ་དང་། །དེ་བཞིན་སྣང་བ་ཉེར་ཐོབ་པའི། །སེམས་ནི་རྣམ་པ་གསུམ་བཤད་ནས། །དེ་ཡི་སྒྲུབ་པ་བརྗོད་པར་བྱ། །རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །གང་ཚེ་སྣང་བ་ལྡན་གྱུར་ཅིང་། །རླུང་གི་བཞོན་པ་ཉིད་གྱུར་པ། །དེ་ཚེ་རང་བཞིན་དེ་དག་ཀུན། །མ་ལུས་ལུས་པ་མེད་པར་འབྱུང་། །རླུང་ནི་གང་དང་གང་གནས་པ། །རང་བཞིན་དེ་དང་དེ་འབྱུང་འགྱུར། །ཇི་སྲིད་རླུང་ནི་མི་རྒྱུ་དང་། །སྣང་བ་མི་གཡོ་བར་གྱུར་


JKT005_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ། །སྣང་བ་གཉིས་ཀྱི་རྒྱུར་གྱུར་པ། །བདག་གི་དངོས་པོ་རྣམ་པར་བརྟག །ཇི་ལྟར་སྣང་བ་ཐོབ་པ་ལྟར། །གཉིས་ཀའི་ཡན་ལག་ཉིད་དུ་འགྱུར། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །འདོད་ཆགས་ཉིད་དང་ཆགས་བྲལ་དག །དེ་ཡི་བར་ཏེ་གསུམ་པོ་ནི། །དབང་པོ་གཉིས་ནི་མཉམ་སྦྱོར་བའི། །རྡོ་རྗེ་པདྨ་འདུས་ལས་སོ། །ཞེས་སོགས་དང་། གང་ཞིག་ཆུ་སྐྱེས་རྡོ་རྗེ་སྦྱོར། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། །ལན་གཅིག་ཙམ་ཞིག་མྱང་ནས་ཀྱང་། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཡེ་ཤེས་འཇུག་པའི་ངོ་བོ་ཡི། །དབྱེ་བ་ཇི་བཞིན་ཤེས་བྱ་ལ། །རང་གི་དེ་ཉིད་སླར་ཡང་ནི། །རྟག་ཏུ་རྣལ་འབྱོར་པས་མཚོན་བྱ། །ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང་། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བར་ནི་ཞུགས་པར་འགྱུར། །དེ་འདྲའི་རང་བཞིན་མ་ཤེས་པས། །མི་ཤེས་མུན་པས་ཁེབས་པ་ནི། །དགེ་དང་མི་དགེའི་ལས་བྱས་ནས། །འགྲོ་བ་ལྔར་ནི་འཁོར་བར་འགྱུར། །ཞེས་སོགས་དང་། ད་ནི་ཡོངས་རྫོགས་རྣལ་འབྱོར་གྱི། །གསལ་བ་རུ་ནི་


JKT005_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་བྱ་སྟེ། །སྟོང་པ་གསུམ་གྱི་རྣམ་དག་གང་། །འོད་གསལ་བར་ནི་འདིར་བཤད་དོ། །ཐམས་ཅད་སྟོང་པར་དེ་བརྗོད་དོ། །ཡེ་ཤེས་གསུམ་ནི་རྣམ་དག་པ། །ཡེ་ཤེས་དག་ནས་དེ་ཉིད་རྟོགས། །ཐམས་ཅད་མཁྱེན་པ་བླ་ན་མེད། །འགྱུར་བ་མེད་ཅིང་སྣང་བ་མེད། །གཉིས་མེད་མཆོག་ཏུ་ཞི་བ་ནི། །ཡོད་དང་དེ་བཞིན་མེད་པ་དང་། །དེ་ནི་ཚིག་གི་སྤྱོད་ཡུལ་མིན། །དེ་ནས་འོད་གསལ་དག་པ་ལ། ཡེ་ཤེས་གསུམ་ནི་འབྱུང་འགྱུར་ཏེ། །སུམ་ཅུ་རྩ་གཉིས་མཚན་འབར་ཞིང་། །དཔེ་བྱད་བཟང་པོ་བརྒྱད་ཅུར་གྱུར། །རྣམ་པ་ཀུན་ཏུ་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པ་དེ་ནས་འགྱུར། །ཞེས་སོགས་ལུང་དང་བཅས་ཏེ་རྒྱ་ཆེར་གསུངས་མཐར། གཟོད་ནས་དག་པའི་རང་བཞིན་ཅན། །ངོ་བོ་ཉིད་ཀྱིས་དེ་གྲུབ་ན། །བསླབ་པའི་སྦྱོར་བས་ཅི་ཞིག་བྱ། །རྟོག་ལས་དེ་བཞིན་ཉིད་མི་སྐྱེ། །གང་ཞིག་དེ་ལྟར་འདིར་རྟོགས་ན། །ཡེ་ཤེས་རིམ་པ་སྤངས་པ་ཉིད། །དེ་ཡི་དབྱེ་བ་མི་ཤེས་པས། །སླར་ཡང་སློབ་པར་འགྱུར་བ་ཡིན། །ཞེས་སོགས་ཀྱིས་རང་བཞིན་བརྒྱད་ཅུ་འགགས་པའི་སྣང་གསུམ་གྱི་ཡེ་ཤེས་སྔོན་དུ་འགྲོ་བས་མཐར་གྱིས་ཐམས་ཅད་སྟོང་བ་དོན་གྱི་འོད་གསལ་གྲུབ་ཅིང་། དེ་ཡང་ཕྱག་རྒྱ་ལས་དྲངས་པ་ཉིད་ལན་གཅིག་ཉམས་སུ་མྱོང་ནས་ཕྱིས་རང་གིས་བསྟེན་གོམས་བྱ་བར་བཤད་དོ། །གསུམ་པ་ཀུན་རྫོབ་སྒྱུ་མ་བདག་བྱིན་


JKT005_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་པའི་རིམ་པ་ལས་བདག་བྱིན་བརླབས་པའི་རིམ་པ་ཞེས། །ཀུན་རྫོབ་བདེན་པ་བསྟེན་པ་སྟེ། །དེ་ནི་བླ་མའི་དྲིན་དག་གིས། །འཐོབ་པར་འགྱུར་གྱི་གཞན་དུ་མིན། །བདག་ལ་བྱིན་གྱིས་བརླབས་པའི་རིམ། །གང་གིས་རྙེད་པར་མ་གྱུར་པས། མདོ་སྡེ་རྒྱུད་དང་རྟོག་པ་ལ། དེ་ཡི་ངལ་བ་དོན་མེད་འགྱུར། །བདག་ལ་བྱིན་རླབས་རིམ་ཐོབ་པའི། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐེ་ཚོམ་མེད་པར་འཐོབ་པར་འགྱུར། །བདག་བྱིན་བརླབས་པའི་ཏིང་འཛིན་དང་། །དེ་བཞིན་འོད་གསལ་བ་ཡི་གནས། །རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །བདེན་པ་གཉིས་སུ་བསྟན་པ་ཡིན། །བདག་བྱིན་བརླབས་པའི་རིམ་གྱིས་ནི། །འོད་གསལ་བ་ནི་འཐོབ་པར་འགྱུར། །དེ་བས་རྡོ་རྗེ་སློབ་དཔོན་གྱིས། །དང་པོར་བདག་བྱིན་བརླབས་པ་བསྟན། །འགྲོ་ཀུན་རང་དབང་མེད་པ་དེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བར་འཆིང་བས་བཅིང་བར་འགྱུར། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །སོགས་ནས། དེ་ཉིད་རླུང་དང་ཡང་འོད་གསལ་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང་། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །


JKT005_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདིར་བཤད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང་། །སོགས་ནས། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བའོ། །དངོས་དང་དངོས་མིན་ལས་གྲོལ་བ། །རྡོ་རྗེ་སེམས་དཔའ་ལོགས་བྲིས་ལ། །མེ་ལོང་དྲི་མ་མེད་པ་ལ། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་བལྟ་བས་མི་ངོམ་པ། །སློབ་མ་བཟང་པོ་དེ་ལ་བསྟན། །བདག་བྱིན་བརླབས་ཞེས་དེ་བཤད་དོ། །སྒྱུ་མར་བསྟན་པའི་མཚན་ཉིད་ཀྱིས། །དེ་ཉིད་ཉེ་བར་མཚོན་པ་སྟེ། །ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་གྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །སོགས་དང་། རྡོ་རྗེ་ཐེག་པ་དེ་ཉིད་དུ། །འདིར་ནི་མང་དུ་བཤད་ཅི་དགོས། །རྣལ་འབྱོར་པ་ཡིས་གང་གང་དམིགས། །དེ་དེ་སྒྱུ་མ་ལྟ་བུར་བརྟག །མེ་ལོང་ནང་གི་གཟུགས་བརྙན་དང་། །རྨི་ལམ་སྒྱུ་མ་ཆུ་བུར་དང་། །མིག་འཕྲུལ་མཚུངས་པ་གང་གིས་མཐོང་། །འདི་ནི་གཙོ་བོ་ཡིན་པར་བཤད། །ཅེས་སོགས་དང་། །ལས་དང་ཉོན་མོངས་ལས་ཅན་ལུས། །བྱེད་པ་པོ་དང་འབྲས་བུ་ཉིད། །སྨིག་རྒྱུ་རྨི་ལམ་ལྟ་བུ་དང་། །དྲི་ཟའི་གྲོང་ཁྱེར་


JKT005_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང་མཚུངས། །འདི་འདྲའི་ཏིང་འཛིན་མི་ཤེས་པས། །དངོས་པོ་ལ་ནི་ཉེར་དམིགས་ཏེ། །འདོད་ཆགས་སྣ་ཚོགས་སྐྱེས་པ་རྣམས། །དེ་དག་སྒྱུ་མའི་སྨན་གྱིས་གསོ། །ཞེས་དང་། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ༴ དེ༔ ཡེ་ཤེས་མཆོག་ནི་འཐོབ་པར་འགྱུར། །བླ་མེད་བྱེད་པ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་མཆོད་བྱས་ན། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་གང་ཞིག་ཡོད། །དེ་ཉིད་མི་ཟད་འདོད་པ་ཡིས། །ཤིན་ཏུ་ཁྱད་པར་ཅན་ཉིད་དེ། །དེ་དང་དེ་ནི་བླ་མར་སྦྱིན། །སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོའི་འཇིགས་ལས་ཕ་རོལ་བསྒྲལ། །ཅེས་སོ། ༈ །བཞི་པ་དོན་དམ་འོད་གསལ་མངོན་པར་བྱང་ཆུབ་པའི་རིམ་པར། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་བདག་ཉིད་ཆེ་བའི་ལྷ། །མན་ངག་རྣམས་ནི་རབ་སྟེར་བས། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་དང་། །ཐོག་མར་བྱུང་དང་ཐ་མར་འབྱུང་པའམ། །དབུས་མིན་འབྱུང་བའམ་དབུས་སུ་འབྱུང་བའམ། །མཐའ་མིན་འབྱུང་བའམ་མཐར་ནི་འབྱུང་བ་རྣམས། །དེ་དག་ཐམས་ཅད་སྟོང་པར་དམ་པས་གསུངས། །གང་དུ་འགྲོ་བ་དང་ནི་འོང་མེད་ཅིང་། །ཟད་དང་འཕེལ་མེད་དངོས་དང་དངོས་མེད་མིན། །ངོ་མཚར་གཟུགས་ཅན་ཡིན་


JKT005_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ངོ་མཚར་མིན། །གནས་པར་འགྱུར་མིན་མྱུར་དུ་འགྲོ་བ་མིན། །གང་ཞིག་ཡོད་དང་མེད་པའི་ཐ་སྙད་རྣམས་དང་བྲལ། །བསོད་ནམས་གཟུགས་སུ་མ་ཡིན་སྡིག་པའི་གཟུགས་མ་ཡིན། །སྡིག་གི་བདག་མིན་མཆོག་གྱུར་པ། །དེ་དག་ཐམས་ཅད་སྟོང་པར་སངས་རྒྱས་རྣམས་ཀྱིས་གསུངས། །སོགས་དང་། མན་ངག་ཐོབ་པའི་སློབ་མ་ཡིས། །དེ་ནས་རྣལ་འབྱོར་རྣམ་གཉིས་བསླབ། །རིལ་པོར་འཛིན་པའི་རིམ་པ་དང་། །དེ་བཞིན་རྗེས་སུ་གཞིག་པའོ། །མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་པའི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །རྒྱུ་དང་མི་རྒྱུའི་དངོས་པོ་ཀུན། །དང་པོ་འོད་གསལ་བྱ་བ་སྟེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱེད། །རྗེས་སུ་བཞག་པའི་རིམ་པ་ཡིན། །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ཏུ་ཐིམ་གྱུར་པ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱེད། །འགྲོ་དང་འདུག་དང་ཉལ་དང་ཟ། །མིག་བཙུམ་འབྱེད་དང་རྒོད་པ་ན། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །དེ་ཉིད་རིག་པ་རྟག་ཏུ་གནས། །གཟུགས་བཅས་འོད་ཟེར་དེ་དང་དེ། །རྣམ་ཤེས་རླུང་དང་ལྡན་པ་ཡི། །བདག་བྱིན་བརླབས་པའི་རིམ་གྱིས་ཀྱང་། །སེམས་ཅན་དོན་དུ་ལན་འགའ་འབྱུང་། །ཇི་ལྟར་དྭངས་པའི་


JKT005_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་པ་ལས། །སྒྱུ་འཕྲུལ་དྲྭ་བ་འབྱུང་བར་འགྱུར། །རིགས་ལྔའི་སངས་རྒྱས་ལ་ལྟོས་པའི། །ཕྱག་རྒྱ་ཆེན་པོར་བརྟག་པ་ནི། །འོད་ཟེར་ལྔ་ཡི་འབྱུང་བ་དག །ནམ་མཁའི་འཇའ་ཚོན་དག་དང་མཚུངས། ༈ །ལྔ་པ་བདེན་གཉིས་དབྱེར་མེད་ཟུང་དུ་འཇུག་པའི་རིམ་པར། །འཁོར་བ་སྒྱུ་མ། དང་ནི་མྱ་ངན་འོད་གསལ་འདས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཀུན་ནས་ཉོན་མོངས་རྣམ་པར་བྱང་། །དོན་དམ་ཉིད་དུ་ཤེས་ནས་ནི། །གང་གིས་གཅིག་ཏུ་ཤེས་གྱུར་པ། །དེ་ཡིས་ཟུང་དུ་འཇུག་པ་ཤེས། །སོགས་ནས། །རིལ་པོར་འཛིན་དང་རྗེས་གཞིག་དང་། །འཇུག་དང་དེ་བཞིན་གནས་པ་དང་། །དེ་ནས་གང་དུ་ལྡང་གྱུར་པ། །མཉམ་གྱུར་ཟུང་དུ་འཇུག་པའོ། །ཀུན་རྫོབ་དང་ནི་དོན་དམ་དག ། སོ་སོའི་ཆར་ནི་ཤེས་གྱུར་པ། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་སོགས་དང་། །དྲན་དང་མི་དྲན་ལས་གྲོལ་ཞིང་། །རྟག་ཏུ་འབྱུང་བའི་མཚན་ཉིད་ཅན། །རྣལ་འབྱོར་པ་ནི་འདོད་བཞིན་སྤྱོད། །ཟུང་འཇུག་རིམ་པ་ལ་གནས་པའོ། །ཞེས་དང་། བསྐྱེད་པའི་རིམ་པ་འདི་གཅིག་ཡིན། །གཞན་ཡང་རྫོགས་པའི་རིམ་པ་དག །གཉིས་པོ་གང་དུ་གཅིག་གྱུར་པ། །དེ་ནི་ཟུང་དུ་
འཇུག་པར་བཤད། །སོགས་ཀྱི་མཐར། དེ་ལྟར་གང་གནས་རྣལ་འབྱོར་པ། །ཟུང་འཇུག་རིམ་པ་གནས་པ་སྟེ། །དེ་ནི་ཀུན་མཁྱེན་དེ་ཉིད་མཐོང་། །སྣ་ཚོགས་འཛིན་ཅེས་བརྗོད་པ་ཡིན། །སྒྱུ་འཕྲུལ་དྲྭ་བ་མངོན་སངས་རྒྱས། །འཁོར་བའི་རྒྱ་མཚོའི་ཕ་རོལ་སོན། །བྱ་བ་བྱས་པའི་རྣལ་འབྱོར་ཆེ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །དེ་ཉིད་གཉིས་མེད་ཡེ་ཤེས་ཏེ། །མི་གནས་མྱ་ངན་འདས་པ་ཡིན། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །དེ་བཞིན་ཀུན་གྱི་དབང་ཕྱུག་ཡིན། །རྡོ་རྗེ་ལྟ་བའི་ཏིང་འཛིན་ཡང་། །རྫོགས་པའི་རིམ་གནས་དེ་ཉིད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །གཉིས་སུ་མེད་པར་དེ་བཤད་དོ། །སོགས་རྒྱས་པར་བསྟན་ཏོ། །ཤིན་ཏུ་སྦས་པའི་བདུད་རྩི་ནི། །རིམ་པ་ལྔ་པའི་ཐིགས་པ་ཞིག །བཏུང་ལས་བསོད་ནམས་གང་ཐོབ་དེས། །བླ་མེད་གྲུབ་པའི་སྲོག་འཛིན་ཤོག །སརྦ་ག་ཏི་སཾ་ཡ་ཐཱ་ཝཛྷནྟུ།།

སློབ་དཔོན་ཨཱརྱ་དེ་ཝས་མཛད་པའི་རིམ་ལྔའི་དོན་གསལ་བར་བྱེད་པའི་བསྟན་བཅོས་སྤྱོད་བསྡུས་སྒྲོན་མར།


JKT005_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཨཱརྱ་དེ་ཝས་མཛད་པའི་རིམ་ལྔའི་དོན་གསལ་བར་བྱེད་པའི་བསྟན་བཅོས་སྤྱོད་བསྡུས་སྒྲོན་མར། དངོས་མེད་རྣམ་དག་ནམ་མཁའ་མཉམ་ལ་ཕྱག་འཚལ་ལོ། །མ་ལུས་ཚིག་མེད་ཡི་གེ་བྲལ་ལ་ཕྱག་འཚལ་ལོ། །འདས་དང་མ་བྱོན་ཀུན་ཏུ་སོན་ལ་ཕྱག་འཚལ་ལོ། །ཀུན་ཏུ་མ་ལུས་ཐམས་ཅད་སྟོང་ལ་ཕྱག་འཚལ་ལོ། །ཞེས་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དང་། ཕྱག་རྒྱའི་དེ་ཁོ་


JKT005_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉིད་དང་། བདག་གི་དེ་ཁོ་ན་ཉིད་དང་། ཆོས་ཀྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དེ། གོ་རིམ་རྣམ་པ་ལྔ་གསལ་བར་བྱ་བའི་ཕྱིར། ཞེས་དང་། རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་དྲངས་པ། ཕྱག་ན་རྡོ་རྗེས་གསོལ་བ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་གནས་དོན་དམ་པའི་བདེན་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ། ཆོས་ཐམས་ཅད་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་དང་། འགྲོ་བ་རྒྱུ་བ་དང་མི་རྒྱུ་བ་རྣམས་ཏེ། དེ་ཡང་དོན་དམ་པའི་བདེན་པ་ལ་གནས་མེད་པའི་ཚུལ་གྱིས་དོན་དམ་པའི་བདེན་པ་ནི་བདག་མེད་པ། ཟིལ་གྱིས་མི་ནོན་པ། ཐམས་ཅད་སྟོང་པ་སྟེ། འཕེལ་བ་མེད་པ། འགྲིབ་པ་མེད་པ། རྣམ་པར་དག་པ། ནམ་མཁའ་དང་མཉམ་པ་དྲི་མ་མེད་པའི་ངོ་བོ་ཉིད། ཡི་གེ་མེད་པ། ཚིག་མེད་པ། ལུས་དང་ངག་དང་ཡིད་དང་བྲལ་བ། ཡོད་པ་མ་ཡིན། མེད་པ་མ་ཡིན། རྒྱ་བ་མ་ཡིན། མི་རྒྱུ་བ་མ་ཡིན། ཐག་རིང་བ་མ་ཡིན། ཐག་ཉེ་བ་མ་ཡིན། སྟོང་པ་མ་ཡིན། མི་སྟོང་པ་མ་ཡིན། དབུ་མ་ཡང་མ་ཡིན་པ་འདི་ནི་དོན་དམ་པའི་བདེན་པའོ། །དེ་བས་ནི་ཆེས་མཆོག་ཏུ་ཟབ་པ་དང་། འཇུག་པར་དཀའ་བ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའོ། །རྒྱུ་རྐྱེན་གྱིས་འབྱུང་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་ནི་ཇི་སྲིད་དུ་རྨི་ལམ་དང་། མིག་འཕྲུལ་


JKT005_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཟུགས་བརྙན་ལྟར་སྣང་བ་ལྡན་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། རང་གི་མཚན་ཉིད་ཚངས་པའི་གནས་པ་བཞིའི་རྒྱུར་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་གཉིས་ཟུང་དུ་འབྲེལ་བར་འཇུག་པའི་རིམ་པ་འདི་ནི་ཡང་དག་པའི་ཚུལ་གྱི་བདག་ཉིད་ཀྱི་ཏིང་ངེ་འཛིན་ཏེ། དམིགས་པ་ཐམས་ཅད་ཉེ་བར་ཞི་བ་གང་ཡིན་པའི་དེ་ཁོ་ན་ཉིད་ཅེས་བྱའོ། །ཞེས་དང་། ལང་གཤེགས་ལས་དྲངས་པ། བཅོམ་ལྡན་འདས་རང་གི་སེམས་སྣང་བའི་རྒྱུད་གཅིག་ཅར་རམ། རིམ་གྱིས་འཇུག་པས་སམ། ཇི་ལྟར་རྣམ་པར་དག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་འཇུག་པས་རྣམ་པར་དག་སྟེ་གཅིག་ཅར་ནི་མ་ཡིན་ནོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་ཤིང་ཨ་མྲའི་འབྲས་བུ་རིམ་གྱིས་སྨིན་པར་འགྱུར་གྱི་གཅིག་ཅར་ནི་མ་ཡིན་ནོ། །ཞེས་སོགས་འཕང་སློབ་པའི་དཔེ་དང་བཅས་པས་རྒྱས་པར་བཤད་མཐར། ཡང་ཚུལ་འདི་ཉིད་ཀྱིས་རྡོ་རྗེའི་ཐེག་པ་ལ་གནས་པའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སློབ་པར་འདོད་པས་ཀྱང་རིམ་པ་འདི་ཉིད་ལ་བསླབ་པར་བྱའོ། །དེའི་རིམ་པའང་འདི་ཡིན་ཏེ། ཐོག་མ་ཉིད་དུ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་བོ། །གང་གི་ཚེ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལོབས་པར་གྱུར་པ་དེའི་ཚེ་ཐེག་པ་སར་པ་དྲན་པ་གཅིག་པའི་


JKT005_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ལ་སློབ་བོ། །གང་གིས་ཐེག་པ་གསར་པ་དྲན་པ་གཅིག་བའི་ཏིང་ངེ་འཛིན་ལ་ལོབས་པ་དེའི་ཚེ་རྟོག་པའི་རྣལ་འབྱོར་ལ་སློབ་བོ། །གང་གི་ཚེ་རྟོག་པའི་རྣལ་འབྱོར་ལ་ལོབས་པ་དེའི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་འགྱུར་རོ། །གང་གི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་དེའི་ཚེ་རིགས་བརྒྱའི་དབྱེ་བ་ལ་འཇུག་གོ །གང་གི་ཚེ་རིགས་བརྒྱའི་དབྱེ་བ་ལ་མཁས་པས་ལུས་རྣམ་པར་དབེན་པ་ཤེས་པ་དེའི་ཚེ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། །ལུས་རྣམ་པར་དབེན་པ་ལ་གནས་ནས་ཨཱ་ལི་ཀཱ་ལིའི་སྒོ་ནས་ངག་རྣམ་པར་དབེན་པ་ལ་འཇུག་གོ །གང་གི་རྡོ་རྗེའི་བཟླས་པའི་རིམ་གྱིས་སྲོག་དང་རྩོལ་བ་ཤེས་པ་དེའི་ཚེ་གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་འགྱུར་རོ། །ངག་རྣམ་པར་དབེན་པ་ལ་གནས་ནས་རང་བཞིན་གྱིས་སྣང་བའི་རིམ་གྱིས་སེམས་རྣམ་པར་དབེན་པ་ལ་འཇུག་གོ །གང་གི་ཚེ་རང་བཞིན་གྱིས་སྣང་བ་ལ་རླུང་གི་བཞོན་པའི་རབ་ཏུ་དབྱེ་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལོབས་པ་དེའི་ཚེ་སེམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་འགྱུར་རོ། །སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ལ་གནས་ནས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་གོ །གང་གི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེའི་ཚེ་སངས་རྒྱས་ཀྱི་


JKT005_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བ་ཐོབ་བོ། །གང་གི་ཚེ་དབང་བསྐུར་བ་ཐོབ་པ་དེའི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས་སྟོང་པ་ཆེན་པོ་བཅོ་བརྒྱད་ཀྱི་རིམ་གྱིས་དོན་དམ་པའི་བདེན་པ་ལ་འཇུག་གོ །གང་གི་ཚེ་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱིས་ཡང་དག་པའི་མཐའ་ལ་འཇུག་པ་དེའི་ཚེ་ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །གང་གི་ཚེ་ཡེ་ཤེས་ཀྱིས་རིམ་གྱིས་ལྡང་བའི་ཕྱིར་རང་བཞིན་གྱིས་འོད་གསལ་བའི་བདེན་པ་གཉིས་ལ་གཉིས་སུ་མེད་པའི་རྣམ་པས་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་རྫོགས་པའི་ཏིང་ངེ་འཛིན་ལ་ལོབས་པར་འགྱུར་བ་ཡིན་ནོ། །གང་གི་ཚེ་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པས་ནི་ཕྱིས་ཆོས་གང་ཡང་མི་སློབ་བོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བསླབས་པའི་ཕྱིར་ཏེ་ཇི་ལྟར་འཕང་གི་སློབ་དཔོན་ནི་སྒྲས་མཚོན་པ་ལ་འཕོག་པར་བྱེད་པར་གནས་པས་ཕྱིས་གང་དུ་ཡང་མི་སློབ་བོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བསླབས་པའི་ཕྱིར་སྔོན་གྱི་འཕེན་ཤུགས་ཀྱི་སྟོབས་ཀྱིས་མངོན་དུ་འགྱུར་རོ། །དེ་བཞིན་དུ་རྫོགས་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པ་ནི་ཕྱིས་གང་ལ་ཡང་སློབ་པར་མི་འགྱུར་ཏེ། སྔོན་ཤིན་ཏུ་ལེགས་པར་བསླབས་པའི་ཕྱིར་དེ་ཡིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དག་ནི་


JKT005_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པ་ཉིད་དུ་མངོན་སུམ་དུ་འགྱུར་རོ། །དེ་བཞིན་དུ་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་སློབ་པར་བྱེད་པས་ཀྱང་རིམ་གྱིས་འཇུག་པས་བསླབ་པར་བྱའི། གཅིག་ཅར་ནི་མ་ཡིན་ནོ། །དེ་བས་ན་ལུས་རྣམ་པར་དབེན་པ་མེད་པར་ངག་རྣམ་པར་དབེན་པ་ཤེས་པར་མི་ནུས་སོ། །ངག་རྣམ་པར་དབེན་པ་དང་བྲལ་བས་ནི་སེམས་རྣམ་པར་དབེན་པ་རྟོགས་མི་ནུས་སོ། །སེམས་ཀྱི་རང་བཞིན་སྣང་བའི་ཏིང་ངེ་འཛིན་མེད་པར་ཀུན་རྫོབ་ཀྱི་བདེན་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །ཀུན་རྫོབ་ཀྱི་བདེན་པ་རྟོགས་པ་དང་བྲལ་བས་ནི་དོན་དམ་པའི་བདེན་པ་མངོན་སུམ་དུ་བྱ་མི་ནུས་སོ། །དོན་དམ་པའི་བདེན་པ་རྟོགས་པ་མེད་པར་ནི་ཟུང་དུ་འཇུག་པའི་རིམ་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དོན་གྱི་དབང་གིས་འདི་གཟིགས་ནས་རིམ་གྱིས་འཇུག་པར་བསླབ་པར་བྱའི། གཅིག་ཅར་ནི་མ་ཡིན་ནོ། །རིམ་གྱིས་འཇུག་པས་རྫོགས་པའི་རིམ་པ་ལ་བསླབས་པས་གཅིག་ཅར་རང་གི་རྒྱུད་རྣམ་པར་དག་པར་འགྱུར་ཏེ། ཞེས་སོགས་ལུང་དང་བཅས་པར་གསུངས་སོ། །ལེའུ་གཉིས་པ་ལུས་རྣམ་པར་དབེན་པར། ཟླ་གསང་ཐིག་ལེར། རིགས་ནི་རྣམ་པ་བརྒྱར་བསྟན་ཏེ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །ལུས་དང་ངག་ཡིད་སྦྱོར་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡི། །ཞེས་པའི་དོན་རྒྱས་པར་བཤད་དེ། དེ་ཡང་ཕུང་


JKT005_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

༥ པོ། ཁམས༤། དབང་༥པོ། ཡུལ་རྣམས་རིགས་ལྔས་བྱིན་གྱིས་བརླབས་༩༥པས་དང་། ཐུན་མོང་དུ་ཡེ་ཤེས་ལྔས་བྱིན་གྱིས་བརླབས་༡༠༠པའི་ཚུལ་གྱིས་ཕྱེ་ཚུལ་རྒྱས་པར་བསྟན་མཐར། ཕུང་པོ་ཁམས་དང་དེ་བཞིན་སྐྱེ་མཆེད་རྣམས། །ལྔ་པོ་དབྱེ་བ་ལྔ་རུ་བྱས་པ་ལ། །དེ་བཞིན་གཤེགས་པས་སོ་སོར་བྱིན་བརླབས་ན། །འཁོར་བའི་ལས་རྣམས་དག་ནི་ངག་ལས་འབྱུང་། །དེ་བཞིན་དབང་པོ་ཕྱི་རོལ་ཡུལ་བཅས་ལྔ། །རེ་རེ་ཞིང་ཡང་བདེ་གཤེགས་ལྔ་རྣམས་ཀྱིས། །དེ་ལ་རང་རང་རྟག་ཏུ་བྱིན་རློབ་ཅིང་། །ཡེ་ཤེས་ལྔ་དང་གསུམ་དུའང་ཡང་དག་གནས། །ཞེས་གསུངས་པའི་ཕྱིར་རོ། །ཞེས་དང་། དེ་ཉིད་མདོར་བསྡུ་ན་ལུས་ཀྱི་དཀྱིལ་འཁོར་ནི་འབྱུང་བ་ལྔ་ལས་གྲུབ་པ་སྟེ་དེ་ཉིད་རིགས་ལྔས་བྱིན་གྱིས་བརླབས་ཚུལ་དང་། རིན་འབྱུང་སྐུ་རྡོ་རྗེ། དོན་གྲུབ་གསུང་རྡོ་རྗེ། མི་བསྐྱོད་པ་ནི་དྲུག་པ་དེ་བཞིན་གཤེགས་པར་བསྡུ་བས་གསུམ་དུ་འདུ་ཚུལ་དང་། དེ་ཡང་། སྐུ་རྡོ་རྗེ་གྱུར་ནས་རྐན་དང་མཆུ་སྦྱོར་བ་དང་། ལྕེའི་ཚོགས་རྣམ་པར་གྱུར་པ་ལས་གསུང་རྡོ་རྗེ་ལ་འཇུག་པར་འགྱུར་རོ། །ཐུགས་རྡོ་རྗེ་ནི་དེ་ལ་སྐུལ་བར་བྱེད་པ་ཡིན་ཏེ། དེ་ལྟར་གསུམ་ཚོགས་པ་ལས་ཡིད་དགའ་ཞིང་ཚིམ་པར་བྱེད་པའི་དངོས་གྲུབ་རྫོགས་པར་བྱེད་པའི་དོན་ཏོ། །དེ་ལྟར་ལུས་དང་ངག་དང་ཡིད་ལ་སོགས་པའི་བསྒོམ་པའི་མཚན་ཉིད་བརྟགས་ནས་ད་ནི་རྡོ་རྗེ་


JKT005_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མི་ཕྱེད་པའི་མཚན་ཉིད་བཞག་པར་བྱ་སྟེ། གསང་བ་འདུས་པ་ལས། ཁྱེད་ཀྱི་སེམས་ལུས་ལྟ་བུ་དང་། ལུས་སེམས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག །ཅེས་གསུངས་པས་བདག་ནི་རང་བཞིན་གྱིས་བདག་པོའོ་ཞེས་བདག་ཉིད་བརྟན་པ་བསྐྱེད་ལ་རྡོ་རྗེ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོར་ལྷག་པར་མོས་པར་བྱས་པ་ནི་བྱིན་གྱིས་བརླབས་པ་ཞེས་བཤད་དོ། །ཞེས་གསུངས་ཤིང་། མཐར་ཐུག་རྡོ་རྗེ་མི་ཕྱེད་པའི་རིགས་གཅིག་ཏུ་བསྡུ་བར་བསྟན་ཏོ། །ལེའུ་གསུམ་པ་ངག་རྣམ་པར་དབེན་པར། དེ་ལ་ངག་རྣམ་པར་དབེན་པ་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ཡང་རླུང་གི་དེ་ཁོ་ན་ཉིད་དང་བྲལ་བས་དེ་ཤེས་པར་མི་འགྱུར་རོ། །རླུང་གི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་སྲོག་དང་རྩོལ་བའོ། །དེ་བས་ན་རླུང་གི་དེ་ཁོ་ན་ཉིད་བསྟན་པའི་ཚིག་དཔལ་གསང་བ་འདུས་པ་ལས། རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །དེ་ཉིད་སྦྱོར་བས་རྟག་ཏུ་བསྒོམ། །ཞེས་གསུངས་ཏེ། རྡོ་རྗེའི་ཚིག་འདི་ངེས་པ་དྲངས་པའི་དོན་གྱིས་དབྱེ་བས་ལྷའི་རྣལ་འབྱོར་རྣམ་པ་གཉིས་ལ་ཡང་སྦྱར་ཏེ། དེ་ལ་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པས་ནི་སྣའི་རྩེ་མོར་ཡུངས་ཀར་གྱི་འབྲུ་ཚད་ཙམ་གྱི་རང་ལྷའི་མཚན་མ་རང་སེམས་བརྟན་པར་བྱ་བའི་ཕྱིར་བསྒོམ་པར་བྱའོ། །ཞེས་བསྟན་པ་


JKT005_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཕྲ་མོའི་རྣལ་འབྱོར་བཤད་པ་ཡིན་ནོ། །འདི་ཉིད་རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཕྲ་མོའི་རྣལ་འབྱོར་བཤད་པ་ནི་ཨཱ་ལི་ཀཱ་ལི་རྣམས་ཀྱིས་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ཚུལ་གྱི་ཡི་གེ་གསུམ་བསྐྱེད་ལ། ཡི་གེ་གསུམ་ཡང་འཇུག་པ་དང་གནས་པ་དང་ལྡང་བར་ངེས་པར་སྦྱར་ལ་དཀྱིལ་འཁོར་བཞིའི་རིམ་གྱིས་སྲོག་དང་རྩོལ་བའི་བདག་ཉིད་ཅན་གྱི་རྡོ་རྗེའི་བཟླས་པ་བྱའོ། །ཞེས་སོགས་དང་། དགོངས་པ་ལུང་སྟོན་པའི་རྒྱུད་ལས་དྲངས་པ། སྲོག་དང་ཐུར་སེལ་གྱེན་རྒྱུ་དང་། །ཁྱབ་དང་མཉམ་གནས་ཞེས་བཤད་དང་། །ཀླུ་དང་རུས་སྦལ་གཙང་པ་དང་། །ལྷས་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་དང་། རླུང་བཅུ་པོ་འདི་དག་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་གི་ཚུལ་ལས་ནི་སྒྲ་ཇི་བཞིན་མ་ཡིན་པར་གསུངས་ཏེ། ཀོ་ཊ་ཁྱ། ཀོ་ཊ་བ། ཀོ་ཊ། ཀོ་ཊ་བཉྩ་ཤ །ཀོ་ཊཱི་ར་བ། ཀོ་ལ་ཁྱ། ཀོ་ལ་བཱ། ཀོ་ལ། ཀོ་ལ་བཉྩ། ཀོ་ལ་ཏ་ཐཱ། མིང་འདི་དག་ནི་རྡོ་རྗེའི་སྒོ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་སྒྲ་ཇི་བཞིན་པའི་དོན་གྱིས་རླུང་བཅུར་གསུངས་ཏེ། སྲོག་དང་། ཐུར་དུ་སེལ་བ་དང་། མེ་དང་མཉམ་དུ་གནས་པ་དང་། གྱེན་དུ་རྒྱུ་བ་དང་། ཁྱབ་བྱེད་དང་། རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་


JKT005_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒྱུ་བ་ཞེས་བྱའོ། །རྡོ་རྗེའི་སློབ་མས་གསོལ་བ། སྲོག་ཅེས་བྱ་བ་ལ་སོགས་པའི་རླུང་བཅུ་པོ་ལུས་འདི་ལ་གང་ཞིག་རབ་ཏུ་གནས་ནས་ཅི་ཞིག་བགྱིད་པ་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། །རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རླུང་ལྔ་ནི་ལུས་ཀྱི་ཆ་ལ་གནས་ནས་ལུས་ཀྱི་བྱ་བ་རྣམས་བྱེད་དོ། །རླུང་ལྔ་ནི་མིག་ལ་སོགས་པའི་སྐྱེ་མཆེད་ལ་གནས་ནས་དབང་པོ་རྣམས་ཀྱི་བྱ་བ་རྣམས་བྱེད་དོ། །དེ་ལ་སྲོག་ཅེས་བྱ་བའི་རླུང་སྙིང་གར་གནས་པ་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པའོ། །ཐུར་དུ་སེལ་བ་འདོམས་ན་གནས་པ་ནི་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་ནོ། །གྱེད་དུ་རྒྱུ་བ་ལྐོག་མ་ལ་གནས་བ་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའོ། །མེ་དང་མཉམ་དུ་གནས་པ་ལྟེ་བར་གནས་པ་ནི་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའོ། །ཁྱབ་བྱེད་ཚིགས་ཐམས་ཅད་ལ་གནས་པ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དོ། །རྒྱུ་བའི་རླུང་ནི་གཟུགས་སོ། །རྣམ་པར་རྒྱུ་བ་ནི་སྒྲའོ། །ཡང་དག་པར་རྒྱུ་བ་ནི་དྲིའོ། །རབ་ཏུ་རྒྱུ་བ་ནི་རོའོ། །ངེས་པར་རྒྱུ་བ་ནི་རེག་བྱའོ། །ཡང་རླུང་བཅུ་པོ་འདི་དག་ནི་དབུགས་དབྱུང་བ་དང་རྔུབས་པར་འགྱུར་བ་དང་། དེ་རྣམས་ཀྱང་རླུང་ལ་སོགས་པའི་དཀྱིལ་འཁོར་བཞིའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་ལྷ་མོ་བཞིའི་བདག་ཉིད་ཅན་དུ་འགྱུར་བ་དང་།


JKT005_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་རྣམས་འབྱུང་བ་རྣམ་པ་ལྔར་འགྱུར་བ་དང་། ཡང་དེ་རྣམས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྣམ་པ་ལྔར་འགྱུར་བ་དང་། ཡང་དེ་རྣམས་ལས་གོས་དཀར་མོ་ལ་སོགས་པ་འོད་ཟེར་རྣམ་པ་ལྔའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་ཡི་གེ་གསུམ་གྱི་གཞིར་གྱུར་ནས་འཇུག་པ་དང་། གནས་པ་དང་། ལྡང་བའི་རིམ་གྱིས་རྡོ་རྗེའི་བཟླས་པ་བྱེད་པར་འགྱུར་བ་དང་། ཡང་རླུང་དེ་རྣམས་ཨའི་གཞིར་གྱུར་ནས་ཚིག་མ་ལུས་པ་སྨྲ་བར་བྱེད་པ་དང་། ཡང་དེ་རྣམས་མི་ཤིགས་པ་ཐོབ་ནས་དངོས་པོ་མེད་པར་འགྱུར་རོ། །རྡོ་རྗེ་སློབ་མས་གསོལ་པ། ཇི་ལྟར་ན་རླུང་བཅུ་པོ་འདི་དག་གཅིག་དང་དུ་མའི་དངོས་པོ་རང་གི་ལུས་ལ་ཉིན་དང་མཚན་དུ་སྤྲོ་བ་སྡུད་པར་བགྱིད། བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །དཔལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྩ་བའི་རྒྱུད་བླ་མ་ལས་ཇི་ལྟར་རླུང་གི་དེ་ཁོ་ན་ཉིད་དགོངས་པར་བཤད་ཀྱིས་གསལ་བར་མ་གསུངས་ལ། དེ་བཤད་པའི་རྒྱུད་ལས་སྒྲ་ཇི་བཞིན་པར་གསུངས་པ་དེ་ལ་འཇུག་པར་བྱའོ། །ཊཱི་ཀར། སངས་རྒྱས་ལྔ་ཡི་རིག་གནས་པ། །སྣ་རྩེའི་བུ་ག་ལས་བྱུང་ཞིང་། །རླུང་ལྔ་སྟེང་དུ་ཡང་དག་རྒྱུ། །ལུས་ལ་རྟག་ཏུ་སྤྱོད་པར་འགྱུར། །


JKT005_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་སྣ་ནི་སྤྱོད་པ་ནི། །སྒོ་དེ་ལས་ནི་རྣམ་པར་འབྱུང་། །གཡོན་དང་འདིའི་དོན་ནི་འདི་ཡིན་ཏེ། པདྨ་དང་རྡོ་རྗེའི་སྣ་ལས་འོད་ཟེར་རྣམས་བྱུང་ནས་སྟེང་དུ་སོང་སྟེ། ཀུན་རྫོབ་ཀྱི་སྣ་སྒོ་ལས་གཡས་པ་དང་གཡོན་པ་དང་གཉིས་ཀ་དང་དལ་གྱིས་རྒྱུ་བའི་རིམ་གྱིས་འབྱུང་ངོ་། །ཞེས་སོགས་སོ། །གཡས་དང་གཉིས་ཀ་དང་། །དལ་བར་རྒྱུ་དང་རྣམ་པ་བཞི། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་བའི་མཆོག་འདི་ནི། །པདྨ་མགོན་པོ་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་འབྱུང་བ་དག །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བའོ། །གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོ་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་སྟེ། །སྐད་ཅིག་ཆུ་ཡི་དཀྱིལ་འཁོར་ཏེ། །རྡོ་རྗེ་མགོན་པོ་རྒྱུ་བའོ། །ཁམས་གསུམ་ཡང་དག་འབྱུང་བ་ནི། །རྟེན་དང་བརྟེན་པར་བཟུང་བ་ནི། །རྣམ་སྣང་ཊཱི་ཀར། མཛད་ཆེན་སྐུ་ཡིན་ནོ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། །དཀྱིལ་འཁོར་བཞི་པོ་འདི་དག་ནི། །མཉམ་པར་བཞག་པས་རྟག་ཏུ་ཟློས། །སྔགས་བཟླས་པ་ཡི་གྲངས་ཀྱིས་ནི། །ཉིན་དང་མཚན་དུ་རྟག་པར་ཟློས། །ཁྱབ་བྱེད་ཀྱིས་ནི་ཁམས་ཀྱི་དཀྱིལ་འཁོར་བཞི་ཆར་ལ་ཁྱབ་པའི་རླུང་སྟེ་མི་འབྱུང་ཞིང་ཁྱབ་པའི་


JKT005_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ཅན་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ་ནམ་མཁའ་དང་མཉམ་པའི་ངོ་བོ་ཉིད་དོ། །ཞེས་སོ། །ཞེས་བཅོམ་ལྡན་འདས་ཀྱིས་དཔལ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་རྣལ་འབྱོར་གྱི་རྒྱུད་ཆེན་པོ་ལས་གསུངས་སོ། །ཞེས་སོགས་དང་དེའི་དོན་རྒྱས་པར་བཤད་དོ། །སྔགས་ཀྱི་དེ་ཁོ་ན་ཉིད་བཤད་པར། །དེ་ལ་སྤྲུལ་པ་ལ་སོགས་པའི་སྔགས་རྣམས་ནི་ཨཱ་ལི་ཀཱ་ལི་ལས་ཡང་དག་པར་བྱུང་བ་རྣམས་སོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་མི་ཤིགས་པ་ལས་བྱུང་བའི་ཡི་གེ་གསུམ་སྟེ། གང་གི་ཕྱིར་སྔགས་ཐམས་ཅད་ནི་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ངོ་བོ་ཉིད་ཀྱི་མན་ངག་ཇི་ལྟར་ཐོས་པས་ཡི་གེ་གསུམ་ལ་རབ་ཏུ་འཇུག་གོ། །དེ་བས་ན་ཡི་གེ་གསུམ་ནི་སྔགས་ཐམས་ཅད་ཀྱི་བདག་པོའོ། །དེ་ཡང་རེ་རེ་ཞིང་མི་ཤིགས་པ་དང་ལྷན་ཅིག་ཡི་གེ་གསུམ་ལས་འབྱུང་བ་ཡིན་ནོ། །ད་ནི་ཡི་གེ་གསུམ་གྱི་བྱ་བ་བསྟན་པར་བྱ་སྟེ། དེ་དང་པོར་གསུམ་ཡང་དག་པར་སྦྱོར་བ་ལས་ལྷའི་སྐུ་འབྱུང་བར་འགྱུར་རོ། །དེ་ཉིད་འཇུག་པ་དང་། གནས་པ་དང་། ལྡང་བའི་རིམ་གྱིས་ལུས་ཉིན་མཚན་དུ་འཛིན་པར་བྱེད་དོ། །དེ་ཉིད་ཨཱ་ལི་ཀཱ་ལི་རྣམས་དང་ལྷན་ཅིག་དབང་པོ་གཉིས་མཉམ་པར་སྦྱོར་བའི་དུས་སུ་ཁ་ཐུར་དུ་བལྟས་པར་གྱུར་པས་གསང་བའི་སྣ་ཡི་བུ་ག་ནས་ས་བོན་གྱི་གཟུགས་ཀྱིས་བྱུང་ནས་སེམས་ཅན་གྱི་ཁམས་སྐྱེད་པར་བྱེད་དོ། །དེ་ཉིད་སྲོག་དང་རྩོལ་བ་ཡང་ལྷན་


JKT005_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྟེང་དུ་སོང་ནས་དབང་པོའི་སྒོ་རྣམས་སད་པར་བྱེད་ཅིང་ཀུན་རྫོབ་ཀྱི་སྣའི་གཡོན་དང་གཡས་ལ་སོགས་པའི་རིམ་པས་བྱུང་ནས་ལྷུན་གྱིས་གྲུབ་པས་རྡོ་རྗེའི་བཟླས་པ་བྱ་སྟེ། སྔོན་གྱི་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བར་བྱེད་དོ། །དེ་ཉིད་ཉིན་མོ་དང་མཚན་མོའི་རིམ་གྱིས་བཟླས་པའི་གྲངས་ཉེ་བར་བཟུང་ནས་ཆུ་ལ་སོགས་པའི་དཀྱིལ་འཁོར་བྱུང་སྟེ། དཀར་པོ་ལ་སོགས་པའི་གནས་ནས་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་དོ། །དེ་ཉིད་ཡི་གེའི་གཟུགས་སུ་ཡོངས་སུ་བརྟག་ལ། ལྕེ་རྩེ་ཤིན་ཏུ་མི་བསྐྱོད་ཅིང་། །ཞེས་བྱ་བ་ལ་སོགས་པའི་ངག་གི་བཟླས་བརྗོད་ཀྱི་མཚན་ཉིད་ཀྱི་བཟླས་བརྗོད་བྱས་ནས་ཕྱིའི་ཁ་དོག་ལ་སོགས་པའི་བྱ་བ་ལ་བརྟེན་ཏེ་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་དོ། །ཡི་གེ་གསུམ་པོ་དེ་ཉིད་སྦྱང་བར་བྱ་བ་དང་། རྟོགས་པར་བྱ་བ་དང་། འབར་བར་བྱ་བའི་རིམ་གྱིས་ཁ་ཟས་རྣམས་སྦྱངས་ཏེ་སྐྱོན་མེད་པར་བྱེད་དོ། །དེ་ལྟར་ལུས་ལ་གནས་པའི་སྐབས་ཐམས་ཅད་དུ་བྱ་སྟེ་མཐར་མི་ཤིགས་པར་ཞུགས་ནས། ཡང་ཐ་མལ་པའི་ལུས་ལ་བརྟེན་ཏེ། དེ་བཞིན་དུ་ཐམས་ཅད་བྱེད་དོ། །ཞེས་དང་། གང་གི་ཕྱིར་ཨ་དང་ཡང་དག་པར་ལྡན་པར་མ་གྱུར་པའི་ཀ་ལ་སོགས་པའི་ཡི་གེ་ནི་ཡོད་པ་མ་ཡིན་ཏེ། མཐའ་ཅན་ཡིན་པའི་ཕྱིར་ཚིག་ཏུ་མི་འགྱུར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པ་ལས། །


JKT005_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནི་ཡིག་འབྲུ་སོགས༴ བྱེད། །ཅེས་གསུངས་ཏེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་བསམ་གཏན་མ་ལུས་པ་སྒོའི་ས་བོན་གྱི་ཚིག །ཨ་ནི་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་གསུངས་པ་དང་། ལྷན་ཅིག་སྐྱེས་པའི་ཡི་གེ་ཡིན་པ་ཡང་གསུངས་ཏེ། རྡོ་རྗེ་དཀྱིལ་འཁོར་རྒྱན་ཞེས་བྱ་བའི་རྒྱུད་ལས། །ཨ་ནི་གསལ་བར་བསྟན་པའི་ཕྱིར། །སྙིང་གི་དབུས་ན་མི་ཤིགས་པ། །འབར་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་དམ་པའོ། །ཞེས་གསུངས་སོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཨའི་རིགས་སུ་གྱུར་པ་དང་། ཨ་རྒྱུར་གྱུར་པ་དང་། ཨ་ལས་ངེས་པར་འབྱུང་བ་སྟེ། བརྗོད་བཞིན་པ་ན་འགགས་པའི་རང་གི་ངོ་བོ་ཉིད་ངག་གི་རྣམ་པར་རྟོག་པའི་མཚན་ཉིད་ཅན་ཡང་དག་པ་ཇི་ལྟ་བ་ཉིད་ཤེས་ན་སྒྲ་དང་སྒྲ་མ་ཡིན་པ་ལ་ལྟོས་པ་མེད་པར་སེམས་ཅན་གྱི་བསམ་པའི་དབྱེ་བས་གདུལ་བྱའི་སྐྱེ་བོ་རྣམས་ལ་ཆོས་བསྟན་པར་མཛད་པ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ལངྐར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ལ་རྟོན་པར་བྱའི། ཡི་གེ་ལ་རྟོན་པར་མི་བྱའོ། །བློ་གྲོས་ཆེན་པོ་ཡི་གེའི་ཕྱིར་འབྲང་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཀྱང་དོན་དམ་པ་ལས་ཉམས་པར་བྱེད་ཅིང་གཞན་ཡང་ཁོང་དུ་ཆུད་པར་མི་


JKT005_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །ཞེས་སོགས་རྒྱས་པར་དྲངས་སོ། །མིའམ་ཅིའི་རྒྱལ་པོས་ཞུས་པའི་མདོ་ལས་དྲངས་པ། གང་བཟོད་པ་ཐོབ་པ་དེས་ནི་ཐམས་ཅད་བཟོད་དོ། །དེས་སྟོང་པ་ཡང་བཟོད་དོ། །གང་ཟག་ཏུ་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་ལུས་སྟོང་པ་གཞན་མ་ཡིན་ཏེ། གང་ཟག་ཉིད་སྟོང་པའོ། །དེས་མཚན་མར་ཡང་བཟོད་དོ། །མཚན་མ་མེད་པ་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མའི་ངོ་བོ་ཉིད་མཚན་མ་མེད་པའོ། །དེས་སྨོན་པར་ཡང་བཟོད་དོ། །སྨོན་པ་མེད་པར་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། སྨོན་ལམ་གྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་སྨོན་པ་མེད་པའོ། །དེས་སེམས་ཅན་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་བཟོད་དོ། །དེས་སེམས་ཅན་ཐམས་ཅད་འཆི་འཕོ་དང་སྐྱེ་བར་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། འཆི་འཕོ་དང་སྐྱེ་བ་ནི་སྒྱུ་མའི་ངོ་བོ་ཉིད་དོ། །རིགས་ཀྱི་བུ་དེ་ལྟར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ནི་འགལ་བ་མེད་པ་སྟེ། ཆོས་ཐམས་ཅད་ལ་འགལ་བ་མེད་པ་ཡིན་ནོ། །ཞེས་སོགས་དྲངས་སོ། །ཡང་གོང་གི་ལུས་དབེན་སྐབས། དབང་པོའི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བ་རྒྱུ་བ་དང་། །རྟག་པའི་དུས་སུ་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་བཤད། །རླུང་དང་གཅིན་དང་ཕྱི་ས་དང་། །དེ་བཞིན་དུ་ནི་ཁུ་བ་རྣམས། །འོག་འདྲེན་འདི་ནི་ཐུར་སེལ་བ། །རྟག་ཏུ་རྣལ་


JKT005_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པས་ཤེས་བྱ། །མྱང་དང་ཟ་དང་བལྡག་པ་དང་། །ཀུན་ཏུ་འཐུང་དང་འཇིབ་པར་ནི། །གང་ཞིག་རྟག་ཏུ་མཉམ་གནས་པ། །མཉམ་དུ་གནས་ཞེས་བྱ་བ་ཡིན། །གྱེན་དུ་འགྲོ་ཞིང་སྡུད་པ་དང་། །བཟའ་དང་མྱང་སོགས་ཟ་བ་ནི། །ཤེས་དང་ལྷན་ཅིག་འབྱོར་བ་དག །གྱེན་རྒྱུའི་ལས་སུ་ཤེས་པར་བྱ། །ཁྱབ་པ་འཛིན་པ་ཉིད་དང་ནི། །འགྲོ་དང་དེ་བཞིན་ལྡོག་པ་དང་། །ཚིགས་རྣམས་ཀུན་ལ་ཁྱབ་པས་ན། །ཁྱབ་བྱེད་ཅེས་ནི་བྱ་བར་བཤད། །ཅེས་གསུངས་སོ། ༈ །ལེའུ་བཞི་པ་སེམས་དབེན་སྐབས། དེ་བཞིན་གཤེགས་པ་རྣམས་ཀྱི་མན་ངག་ཡང་དག་པ་འགྲོ་བ་ལ་ཁ་ཕྱིར་བལྟས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། ཤིན་ཏུ་ཟབ་པ། མཆོག་ཏུ་བཟུང་དཀའ་བ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡོངས་སུ་དྲིས་པའི་སེམས་གང་ཡིན་པ་དེའི་ངོ་བོ་ཉིད་ནི་རྩ་བ་མེད་པ། གནས་མེད་པ། གཞི་མེད་པ། མཚན་མ་མེད་པ། དབྱིབས་མེད་པ། ཁ་དོག་མེད་པ། དབང་པོ་ལས་འདས་པ། རྟོག་གེ་བ་རྣམས་ཀྱི་ཡུལ་མ་ཡིན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་རྒྱུད་ཐམས་ཅད་ལས་བསྟན་པའི་ཚིག་ལས་གསུངས་སོ། །དེ་ལྟ་བས་ན་རྡོ་རྗེ་ཐེག་པ་ལ་གནས་ནས་སངས་རྒྱས་ཉིད་ཐོབ་པར་འདོད་པས་དགེ་བའི་བཤེས་གཉེན་མཉེས་པར་བྱས་ནས་རང་གི་སེམས་ཀྱི་ངོ་བོ་ཉིད་བཙལ་བར་བྱའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་བསྡུས་


JKT005_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་ལས། རིགས་ཀྱི་བུ་མཉམ་པར་བཞག་པས་རང་གི་སེམས་སོ་སོར་རྟོག་ཅིག །ཅེས་གསུངས་པ་དང་། དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། བྱང་ཆུབ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །ཞེས་གསུངས་པ་དང་། ཞེས་སོགས་འཐད་པའི་ལུང་རྒྱས་པར་དྲངས་སོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ནས་དྲངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་ཤེས་པ་ནི་འོད་གསལ་བ་ལས་བྱུང་བའོ། །དེ་ཉིད་ནི་སེམས་དང་ཡིད་ཅེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བདག་ཉིད་ཅན་གྱི་ཆོས་ཐམས་ཅད་ནི་དེའི་རྩ་བ་ཅན་ཡིན་ནོ། །དེ་ལས་བདག་དང་གཞན་དུ་རྟོག་པ་རྣམ་པ་གཉིས་འབྱུང་བར་འགྱུར་རོ། །རྣམ་པར་ཤེས་པ་དེ་རླུང་ལ་ཞོན་ཏེ་བྱུང་། རླུང་ལས་ནི་མེའོ། །མེ་ལས་ནི་ཆུའོ། །ཆུ་ལས་ནི་སའོ། །དེ་རྣམས་ལས་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་དྲུག་དང་། དབང་པོ་ལྔ་རྣམས་ཏེ། དེ་དག་ཐམས་ཅད་ནི་རླུང་དང་རྣམ་པར་ཤེས་པ་ཡང་དག་པར་འདྲའོ། །དེ་ནས་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་སྣང་བ་རབ་ཏུ་སྤྱོད་པ་ཡོངས་སུ་གསལ་བར་ཉམས་སུ་མྱོང་བར་འགྱུར་ཞིང་སྣང་བའི་རྒྱུས་རང་བཞིན་རྣམས་འབྱུང་བར་འགྱུར་རོ། །མདོར་བསྟན་པའི་ཚིག་དེ་རྣམས་རྒྱས་བར་བཤད་པའི་བསྡུས་པ་བསྟན་པར་བྱ་སྟེ། དེ་ལ་


JKT005_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཁོ་ནར་རྣམ་པར་ཤེས་པ་གསུམ་གྱི་རྣམ་གྲངས་གཞན་དག་བཤད་པར་བྱའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཤེས་རབ་དང་ཐབས་ཤེས་བྱ་བའི་མིང་གསལ་བའི་དགོངས་པས་བཤད་པ་འདིས་མ་ནིང་གི་ཚིག་ཉེ་བར་མཚོན་པ་ཡིན་ལ། ཉེ་བར་ཐོབ་པའི་ཡེ་ཤེས་ནི་གསལ་བ་མ་ཡིན་ནོ། །དེ་བས་ན་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་དང་། ཀུན་ཏུ་བརྟག་པ་དང་། གཞན་དབང་དང་། ཡོངས་སུ་གྲུབ་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅེས་བྱ་བ་དང་། ངོ་བོ་ཉིད་གསུམ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་ཐེག་པ་ཆེན་པོ་དང་ཐུན་མོང་དུ་གྱུར་པའོ། །རྡོ་རྗེ་ཐེག་པ་འདིར་རྣམ་གྲངས་གསུངས་པ། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་དང་། སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། སེམས་དང་སེམས་ལས་བྱུང་བ་དང་། མ་རིག་པ་དང་། འདོད་ཆགས་དང་། འདོད་ཆགས་བྲལ་བ་དང་། འདོད་ཆགས་བར་མ་ཞེས་བྱའོ། །དེ་ལྟར་སེམས་ཀྱི་རྣམ་གྲངས་བསྟན་ནས། ད་ནི་སོ་སོ་རང་རིག་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དག་གི་སྒོ་ལ་བརྟེན་ནས་བསྟན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སེམས་ནི་དབྱིབས་དང་ཁ་དོག་དང་བྲལ་བ་ནམ་མཁའི་མཚན་ཉིད་ཅན་ནོ། །ཞེས་གསུངས་པ་དང་། ཡང་བཅོམ་ལྡན་འདས་ཀྱིས་སྣང་བའི་མཚན་ཉིད་ཅན་དང་།


JKT005_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་མྱོང་བའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱའོ་ཞེས་ལུང་ལས་བསྟན་ཏོ། །དེ་བས་ན་དེའི་མན་ངག་ལ་འཇུག་པར་བྱ་སྟེ། འདི་ལྟ་སྟེ། དང་པོ་ཀུན་ཏུ་སྣང་བ་དང་། ཕྱི་ནས་རང་བཞིན་ནོ། །དེ་ལ་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་ཞེས་བྱ་སྟེ་སྣང་བ་གསུམ་མོ། །དེ་ལ་སྣང་བའི་མཚན་ཉིད་གང་ཞེ་ན། རྣམ་པ་མེད་པའི་རང་བཞིན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་གྱི་དུས་སུ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་སྣང་བར་བྱེད་པས་ཁྱབ་པར་བྱེད་པ་བཞིན་ཏུ་རང་བཞིན་གྱིས་གསལ་བའི་རྣམ་པས་དངོས་པོ་མ་ལུས་པ་ཐམས་ཅད་ལ་དམིགས་པས་ན་སྣང་བ་སྟེ། འདི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་སྣང་བ་སྟོང་པ་དང་པོ་སྟེ། ཨོ་ཞེས་བྱ་བ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་བས་དེ་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སོ་ཞེས་དམིགས་པར་བྱེད་ཅིང་། པདྨའམ། བུད་མེད་ཀྱི་གཟུགས་སམ། གཡོན་པའི་མིང་ངམ། མཚན་མོའི་མིང་དང་། འཇམ་པའི་དངོས་པོར་སེམས་ཀྱི་ཀུན་རྫོབ་ཀྱི་གཟུགས་གསལ་བའོ། །སྣང་བ་མཆེད་པའི་མཚན་ཉིད་གང་ཞེ་ན། དེ་ཡང་གཟུང་བ་དང་འཛིན་པ་བྲལ་བའི་རྣམ་པ་མེད་པའི་རང་བཞིན་ཅན་


JKT005_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་ཀའི་དུས་སུ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་བཞིན་དུ་ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་དུ་དངོས་པོ་མ་ལུས་པར་དམིགས་པ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་གཉིས་པ་སྟེ། རིམ་པ་གཉིས་པ་ཤིན་ཏུ་སྟོང་པའི་མཚན་ཉིད་ཨཱཋཞེས་བྱ་བའི་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་པས་ཉི་མའི་དཀྱིལ་འཁོར་ལ་བརྟེན་ནས་དམིགས་པར་བྱེད་ཅིང་། རྡོ་རྗེ་རྩེ་ལྔ་པའམ། རིན་པོ་ཆེའམ། ཉིན་མོའམ། སྐྱེས་པའི་གཟུགས་སམ། གཡས་པ་ཞེས་བྱའམ། རྩུབ་པའི་རྣམ་པ་ནི་སེམས་ལས་བྱུང་བའི་ཀུན་རྫོབ་ཀྱི་གཟུགས་སོ། །སྣང་བ་ཐོབ་པ་གང་ཞེ་ན། དེ་བཞིན་དུ་ནམ་མཁའི་མཚན་ཉིད་དངོས་པོ་མེད་པའི་གཟུགས་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་མཚམས་ཀྱི་སྨག་ལ་བབས་པའི་ངོ་བོར་ཁྱབ་པ་ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་མི་རྒྱུ་བས་རྒྱུ་བ་མེད་པ་སྟེ། སེམས་མེད་པ་མི་གཡོ་བ་དག་གིས་ས་བོན་ལ་བརྟེན་པའི་སྒོ་ཡོངས་སུ་གྲུབ་པ་ཞེས་བྱ་བ་འདི་ནི་སྣང་བ་ཐོབ་པ་མ་རིག་པའི་མཚན་ཉིད་ཅན་སྟོང་པ་ཆེན་པོ་སྟེ་རྣམ་པར་ཤེས་པ་གསུམ་དུ་བཤད་དོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་མན་ངག་སྟོང་པ་གསུམ་གྱི་མཚན་ཉིད་བསྟན་ནས། ད་ནི་ཡེ་


JKT005_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རེ་རེ་འབྱུང་བ་ལ་རང་བཞིན་འབྱུང་བ་རྣམ་པར་བཞག་པར་བྱ་སྟེ། དེ་ལ་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་ནི་འདོད་ཆགས་དང་བྲལ་བར་དང་། འདོད་ཆགས་དང་བྲལ་བ་བར་མ་དང་། ཤིན་ཏུ་འདོད་ཆགས་དང་བྲལ་བ་དང་། གང་ཡིད་ཀྱིས་འགྲོ་བ་དང་འོང་བ་དག་དང་། མྱ་ངན་དང་། མྱ་ངན་བར་མ་དང་། ཤིན་ཏུ་མྱ་ངན་དུ་གྱུར་པ་དང་། ཞི་བ་དང་། རྣམ་པར་རྟོག་པ་དང་། འཇིགས་པ་དང་། འཇིགས་པ་བར་མ་དང་། ཤིན་ཏུ་འཇིགས་པ་དང་། སྲེད་པ་དང་། སྲིད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེ་བར་ལེན་པ་དང་། མི་དགེ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་པོ་དང་། རིག་པ་དང་། འཛིན་པའི་གཞི་དང་། སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་དང་། སྙིང་རྗེ་དང་། བརྩེ་བ་དང་། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེ་བ་དང་། དོགས་པ་དང་བཅས་པ་དང་། སྡུད་པ་དང་། ཕྲག་དོག་སྟེ་མཚན་ཉིད་སུམ་ཅུ་རྩ་གསུམ་མོ། །ཐབས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཆགས་པ་དང་། །ཀུན་ཏུ་ཆགས་པ་དང་། དགའ་བ་དང་། དགའ་བ་བར་མ་དང་། ཤིན་ཏུ་དགའ་བ་དང་། རངས་པ་དང་། རབ་ཏུ་མགུ་བ་དང་། ངོ་མཚར་བ་དང་། རྒོད་པ་དང་། ཚིམ་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིབས་པ་དང་། བརྟན་པ་དང་། བརྩོན་


JKT005_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཁེངས་པ་དང་། བྱ་བ་དང་། དབྲོག་པ་དང་། སྟོབས་དང་། སྤྲོ་བ་དང་། དཀའ་བ་ལ་སྦྱོར་བ་དང་། །དཀའ་བ་ལ་སྦྱོར་བ་བར་མ་དང་། ཤིན་ཏུ་དཀའ་བ་ལ་སྦྱོར་བ་དང་། དྲག་པ་དང་། རྣམ་པར་སྒེག་པ་དང་། འགྲོས་དང་། དགེ་བ་དང་། ཚིག་གསལ་བ་དང་། བདེན་པ་དང་། མི་བདེན་པ་དང་། ངེས་པ་དང་། ཉེ་བར་མི་ལེན་པ་དང་། སྦྱིན་པ་པོ་དང་། བསྐུལ་བ་དང་། དཔའ་བ་དང་། ངོ་ཚ་མེད་པ་དང་། སྒྱུ་ཟིན་པ་དང་། གདུག་པ་དང་། མི་བསྲུན་པ་དང་། གྱ་གྱུ་ཆེ་བ་སྟེ་མཚན་ཉིད་བཞི་བཅུ་ཐམ་བའོ། །སྣང་བ་ཐོབ་པའི་ཡེ་ཤེས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། ཆགས་པ་བར་མ་དང་། བརྗེད་ངས་པ་དང་། འཁྲུལ་པ་དང་། མི་སྨྲ་བ་དང་། སྐྱོ་བ་དང་། ལེ་ལོ་དང་། ཐེ་ཚོམ་དང་བཅས་པ་སྟེ། འདིའི་རང་བཞིན་གྱི་མཚན་ཉིད་ནི་བདུན་པོ་འདི་དག་གོ། །རང་བཞིན་རྣམ་པ་བརྒྱད་ཅུ་པོ་དེ་དག་གི་མཚན་ཉིད་ནི་མངོན་སུམ་དུ་ཕྱེ་བར་གྱུར་ན་བརྒྱ་དྲུག་ཅུ་སྟེ། ཉིན་དང་མཚན་དུ་སྒོ་ང་ལས་སྐྱེས་པ་ལ་སོགས་པ་རྣམས་ཀྱང་ཉིན་དང་མཚན་དུ་སྤྱོད་དེ། ཕོ་དང་མོའི་སྐྱེ་གནས་ཀྱི་དབྱེ་བས་ཕྱེ་བའི་ཕྱིར་ནི་མ་ཡིན་ནོ། །ཞེས་དང་། རྣམ་པར་ཤེས་པ་གསུམ་ནི་རྩ་བ་མེད་པ། གནས་མེད་པ། གཞི་མེད་པ། མཚན་ཉིད་མེད་པ། ཁ་དོག་དང་དབྱིབས་མེད་པ། དབང་པོ་ལས་འདས་པ་ཡིན་


JKT005_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནི་བདེན་ཏེ། དེ་ལྟ་མོད་ཀྱི་སྣང་བ་དང་བཅས་པ་ཡིན་ལ། དེས་ན་རླུང་གི་ཁམས་དང་ལྷན་ཅིག་མེལ་ཚེ་དེ་གང་གི་ཕྱིར་རླུང་གི་ཁམས་ནི་གཟུགས་མེད་ཀྱང་གཡོ་ཞིང་བསྐྱོད་པ་ལ་སོགས་པའི་བྱ་བ་སྟོན་པས་རྗེས་སུ་དཔག་པར་ཤེས་པར་བྱའོ། །ཞེས་སོགས་འཐད་པའི་ལུང་བཅས་རྒྱས་པར་བཤད་མཐར། དེ་ལྟར་བཤད་པའི་རྒྱུད་ལ་བརྟེན་ནས་རང་གི་རང་བཞིན་སྣང་བའི་རྗེས་སུ་འབྲངས་ནས་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་རྟོགས་པར་ལས་སུ་སྨྲ་བའི་སེམས་ཅན་རྣམས་འཁོར་བ་ཐོག་མ་མེད་པ་ནས་རང་གི་སེམས་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དང་ཉོན་མོངས་པའི་འཆིང་བས་དར་གྱི་སྲིན་བུ་བཞིན་དུ་རང་ཉིད་ཀྱིས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་མངོན་པར་འདུ་བྱས་ནས། སྐྱེ་བ་གཅིག་ནས་གཅིག་ཏུ་ཉེ་བར་བསགས་པའི་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་ན་ཡང་དོན་དམ་པའི་བདེན་པའི་དཀྱིལ་འཁོར་ལ་འཇུག་པའི་རིམ་གྱིས་ཕུང་པོ་ཡོངས་སུ་སྤངས་ཏེ། རླུང་གི་ཁམས་བླངས་ནས་ཚོར་བ་དང་ལྡན་ཞིང་སྲེད་པས་རྗེས་སུ་བཅིངས་ལ། ཆོས་ཀྱི་དབྱིངས་རྒྱུ་མཐུན་པ་ལས་བྱུང་བའི་དྲན་པས་ཡོངས་སུ་བཟུང་བ། དགེ་བ་དང་མི་དགེ་བའི་རྣམ་པའི་ཡིད་དང་ལྡན་པ། བྱིས་པ་ལོ་ལྔ་པ་དང་མཉམ་པ་ཐམས་ཅད་མཐོང་བ། དབང་པོ་ཐམས་ཅད་ཚང་བ། དྲིའི་ཟས་ལ་སྤྱོད་པ། རྡོ་རྗེ་


JKT005_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་ཀྱང་མི་བཟློག་ལ། མཚན་ཉིད་ཐམས་ཅད་དང་ལྡན་པ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། ཉི་མ་བདུན་གྱིས་འོང་བའི་བར་ལ་གནས་ནས་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དགེ་བ་དང་མི་དགེ་བས་བསྐུལ་བར་གྱུར་པས་རྒྱུ་དང་རྐྱེན་ཐོབ་ནས་འགྲོ་བ་ལྔ་རྣམས་སུ་ཟོ་ཆུན་གྱི་འཁྲུལ་འཁོར་གྱི་ཚུལ་གྱིས་ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བ་ལེན་པར་བྱེད་ཅིང་། འཁོར་བའི་སྡུག་བསྔལ་རྗེས་སུ་མྱོང་བར་འགྱུར་རོ། །ཞེས་དང་། ལེའུ་ལྔ་པ་ལས་ཀྱི་མཐའ་རྣམ་པར་འབྱེད་པའི་བསྡུས་པའི་ཐེ་ཚོམ་གཅོད་པ་ལས། ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས་ལུང་དྲངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགེ་སློང་དེ་ལྟར་ཆོས་ཐམས་ཅད་ནི་འོད་གསལ་བ་ཡིན་ནའང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ཡང་དག་པ་མ་ཡིན་པའི་ཆོས་རྣམས་ལ་བརྟགས། ཕྱིན་ཅི་ལོག་ལ་བརྟགས། གསོ་བ་དང་། གསོག་ལྟ་བུའི་ཆོས་རྣམས་ལ་བརྟགས་པས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་རོ། །དགེ་སློང་དེ་ལྟར་སེམས་ཀུན་ནས་ཉོན་མོངས་པས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་རོ། །སེམས་རྣམ་པར་དག་པས་སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་རོ། །ཞེས་དང་། དགོངས་པ་བླ་ན་མེད་པ་ལས། ཇི་ལྟར་


JKT005_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ནི་སྣ་ཚོགས་སོགས༔ ཡང་དེ་ལྟར་ན་རིག་པ་འདིས་ལུང་དང་རིགས་པ་དག་གིས་དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྦ་ཀློང་དུ་། ལྟུང་བར་གྱུར་ཅིང་། སྐྱབས་མེད་པ་དཔུང་གཉེན་མེད་པ་རྣམས་ལ་གཟིགས་ནས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་ཉོན་མོངས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པས་ཉོན་མོངས་པ་རྣམ་པར་དག་པར་མཛད་ཅིང་། ཀུན་རྫོབ་ཀྱི་བདེན་པ་ཡང་དོན་དམ་པའི་བདེན་པས་རྣམ་པར་སྦྱངས་ནས་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ལ་ཡང་དག་པར་འཇོག་པར་མཛད་པ་ཡིན་ནོ། །ཞེས་སོ། །ལེའུ་དྲུག་པ་ཀུན་རྫོབ་ཀྱི་བདེན་པས་བསྡུས་པའི་ཐེ་ཚོམ་གཅོད་པར། ལུས་རྣམ་པར་དབེན་པ་ནི་ལྷའི་གཟུགས་མེད་དེ། ལུས་ནི་རྡུལ་ཕྲ་རབ་བསགས་པ་ཙམ་ཡིན་པའི་ཕྱིར་རོ། །ངག་རྣམ་པར་དབེན་པའི་མཐར་ཐུག་པ་ཡང་འཇུག་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེའི་བཟླས་པ་ཙམ་ཡོངས་སུ་ཤེས་པ་སྟེ། དེ་ལ་ཡང་ལྷའི་རྣམ་པ་མེད་དེ། སྒྲ་རྣམས་ནི་བྲག་ཅ་ལྟ་བུ་ཡིན་པའི་ཕྱིར་རོ། །སེམས་རྣམ་པར་དབེན་པའི་མཐར་ཐུག་པ་ཡང་རང་བཞིན་གྱིས་སྣང་བ་ཙམ་ཡོངས་སུ་ཤེས་པར་ཟད་པས། དེར་ཡང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལྷའི་སྐུའི་ངོ་བོ་རྙེད་པར་མི་འགྱུར་ཏེ། སེམས་ནི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །ཞེས་སོགས་


JKT005_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དྲིས་པའི་ལན། རང་གི་སེམས་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པར་ཞེས་བྱ་བ། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་མེད་པ། ཡེ་ཤེས་ཙམ་དུ་ཡོངས་སུ་སྣང་བ་ཙམ་གྱིས་མཚན་ཐམས་ཅད་དང་ལྡན་པའི་ལྷའི་སྐུར་བཟུང་བ་དེ་ཡང་སྒྱུ་མ་དང་། རྨི་ལམ་ལ་སོགས་པའི་དཔེ་རྣམ་པ་བཅུ་གཉིས་ཀྱིས་མཚོན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ཡིད་ཀྱི་རང་བཞིན་ཅན་གྱི་སྐུ་ཡིན་ནོ། །ཞེས་སོགས་དང་། བདག་ལ་བྱིན་གྱིས་བརླབས་པ་ཞེས་བྱ་བ་འདི་ལྟར་རྩིག་པའི་རས་རིས་མེ་ལོང་གི་ནང་དུ་ཉེ་བར་སྣང་བ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྐུའི་ངོ་བོ་ཉིད་ཀྱིས་བདག་ཉིད་སྤྲུལ་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྐུ་བལྟ་བས་ཆོག་མི་ཤེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་ལུས་ལ་བརྒྱན་པ་སྟེ། མདོར་ན་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱིས་བརྒྱན་པ་ཞེས་པའི་བར་དུའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་མངོན་པར་བྱང་ཆུབ་པའི་རྒྱུད་ལས། འཇའ་ཚོན་ལྟ་བུའི་ལུས་དག་ནི། །དེ་ཉིད་བསྒོམས་པས་འཐོབ་པར་འགྱུར། ཞེས་གསུངས་སོ། །འདིའི་དོན་ནི་འདི་ཡིན་ཏེ། འཇའ་ཚོན་ཞེས་བྱ་བ་ནི་ལྷའི་དབང་པོའི་གཞུའོ། །དེ་ཡང་གང་ཞེ་ན། དངོས་སུ་འོད་ཟེར་ལྔས་ཉེ་བར་མཚོན་པ་སྟེ། ཇི་ལྟར་འཇའ་ཚོན་ནམ་མཁའི་དཀྱིལ་ན་ཁ་དོག་ལྔའི་དབྱེ་བ་ཡོངས་སུ་གསལ་བ་ཡིན་ཏེ། ལུས་ཀྱང་


JKT005_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་འདྲ་བར་ཉེ་བར་མཚོན་པའི་ཕྱིར། འཇའ་ཚོན་ལྟ་བུའི་ལུས་ངག་ནི། །ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྒོམས་པས་འཐོབ་པར་འགྱུར། །ཞེས་བྱ་བ་ནི་བླ་མ་ལས་མན་ངག་ཡང་དག་པར་ཐོབ་ནས་དེ་ཁོ་ན་ཉིད་བསྒོམས་ཤིང་དོན་དམ་པའི་བདེན་པ་ལ་དམིགས་པས་འཐོབ་པའི་དོན་ཏོ། །ཞེས་གསུངས་སོ། །ལེའུ་བདུན་པ་དོན་དམ་པའི་བདེན་པས་བསྡུས་པའི་ཐེ་ཚོམ་གཅོད་པར། དེ་ལ་མངོན་པར་བྱང་ཆུབ་པའི་རིམ་པ་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ་ཕྱི་དང་ནང་གིའོ། །དེ་ལ་དང་པོར་ཕྱིའི་བསྟན་པར་བྱ་སྟེ། ཐོ་རངས་ཀྱི་ཐུན་མཚམས་སུ་མ་རིག་པའི་སྣང་བ་འདས་ནས་ཇི་སྲིད་ཉི་མ་གསལ་བར་མ་གྱུར་པ་སྟེ། འདི་ལ་ནི་འོད་གསལ་དྲི་མ་མེད་པའི་རྣམ་པ་གསལ་ཞིང་ལུས་དང་ངག་དང་ཡིད་དང་བྲལ་བ་ཐམས་ཅད་སྟོང་པའི་མཚན་ཉིད་ཅན་ནོ། །ཉི་མ་ཤར་བ་ནི་སྣང་བ་མཆེད་པའོ། །ཉི་མ་ནུབ་པའི་ཐུན་མཚམས་སུ་མ་རིག་པའོ། །ཟླ་བ་ཤར་བའི་ཚེ་ནི་སྣང་བའོ། །དེ་ལྟར་སྟོང་པ་ཉིད་རྣམ་པ་བཞི་ཕྱི་རོལ་ལ་ངེས་པར་བསྟན་པར་བཤད་ནས། ད་ནི་ནང་གི་མངོན་པར་བྱང་ཆུབ་པ་སོ་སོ་རང་གིས་རིག་པའི་མཚན་ཉིད་ཅན་རིམ་། པ་འདིས་བསྟན་པར་བྱ་སྟེ། དང་པོར་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ་། །གཉིས་པ་ནི། སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་


JKT005_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའོ། །བཞི་པ་ནི་སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ། ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན་དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་བའོ། །དེ་ལྟར་ཐམས་ཅད་སྟོང་པ་ཉིད་མངོན་སུམ་དུ་བྱས་ནས་རིམ་པ་འདིས་བསམ་གཏན་མཉམ་པ་ཉིད་ལ་དམིགས་པར་བྱེད་དོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ཆུ་བོའམ་ལྟེང་ཀའི་ཆུ་ནི་དྲི་མེད་དག་པ་གོང་བུ་གནས་པ་ལྟར། །དེ་བཞིན་དེ་ལ་རིམ་གྱིས་རྗེས་སུ་གཞིག་པར་བྱེད་པའི་རྣལ་འབྱོར་པས་ནི་རྟག་ཏུ་བསམ། །མེ་ལོང་ལ་ནི་རླུང་དག་རིམ་གྱིས་ཟད་པར་བྱེད་པ་བཞིན་དུ་བལྟ་བྱ་སྟེ། །རིལ་པོར་འཛིན་ལའང་བྱ་བའི་རིམ་པ་འདི་ཡིས་དེ་ཉིད་ཡང་དག་བརྟག །ད་ནི་མིང་ལ་མངོན་པར་ཞེན་པ་རྣམས་ཀྱི་འཁྲུལ་པ་བསལ་བའི་ཕྱིར་དོན་དམ་པའི་བདེན་པའི་མིང་གི་རྣམ་གྲངས་འགའ་ཞིག་ལ་འཇུག་པར་བྱ་སྟེ། དེ་ལ་དང་པོར་ནི་འོད་གསལ་བ་དང་། ཐམས་ཅད་སྟོང་པ་དང་། སངས་རྒྱས་ཡེ་ཤེས་དང་། རྡོ་རྗེའི་ཡེ་ཤེས་དང་། བླ་ན་མེད་པའི་ཡེ་ཤེས་དང་། དྲི་མ་མེད་པ་དང་། སོགས་ནས། ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པ་ཞེས་བྱའོ། །ཞེས་སོགས་ཤིན་ཏུ་རྒྱས་པར་བསྟན་ཏོ། །ལེའུ་བརྒྱད་པ་མི་གནས་པའི་མྱ་ངན་ལས་འདས་པའི་ཁམས་བསྡུས་པའི་ཐེ་ཚོམ་གཅོད་པར།


JKT005_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐེག་པ་འདི་ལ་བསྐྱེད་པའི་རིམ་པ་ལ་བསླབས་ནས་ས་བརྒྱད་པ་ཐོབ་སྟེ། ཡང་ནས་ཡང་དུ་བདེ་འགྲོར་སྐྱེ་ཞིང་ཇི་སྲིད་རྫོགས་པའི་རིམ་པ་མ་ཐོབ་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱའོ། །སྐུ་དང་གསུང་དང་ཐུགས་མངོན་པར་རྟོགས་ནས་ས་བཅུ་ཐོབ་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སོ་སོར་ཐོབ་ཅིང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡང་དག་པར་རྟོགས་ནས་སྣང་བ་རྣམ་པར་དག་པ་སོ་སོར་ཐོབ་ཅིང་། སྣང་བ་མེད་པ་ལས་ལངས་ནས་ཟུང་དུ་འཇུག་པར་གནས་པའི་རིམ་གྱིས་སངས་རྒྱས་ཀྱི་བྱ་བ་མངོན་སུམ་དུ་བྱས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ནས་གནས་པར་འགྱུར་རོ། །ཞེས་སོགས་ལུང་དང་བཅས་པ་དྲངས་མཐར། གང་རིགས་པ་འདིས་མངོན་པར་བྱང་ཆུབ་པའི་རིམ་པ་འདིས་འོད་གསལ་བ་ཡང་དག་པར་ཐོབ་པར་གྱུར་པ་དེའི་ལུས་དང་ངག་དང་སེམས་དྲི་མ་མེད་པའི་ངོ་བོ་ཉིད་ཐམས་ཅད་སྟོང་པ་ཉིད་ཡིན་པས། རྣམ་པར་ཤེས་པ་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་ནི་སེམས་པ་མེད་ཅིང་སྨྲ་བ་མེད་པ་གང་ཡིན་པ་འདི་ནི་མྱ་ངན་ལས་འདས་པའི་ཁམས་ཏེ། གཟུགས་མེད་པ་དང་། རེག་པར་དཀའ་བ་དང་། ལས་དང་སྐྱེ་བ་ལས་རྣམ་པར་གྲོལ་བ་དང་། ཉི་མ་དང་། ཟླ་བ་དང་། མེ་དང་། ནོར་བུའི་འོད་ཀྱིས་ངོ་བོ་ཉིད་བཞིན་དུ་གསལ་བའོ། །དེ་


JKT005_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་མུན་པའི་སྣང་བ་སྟེ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པར་འགྱུར་རོ། །སྣང་བ་ཉེ་བར་ཐོབ་པ་ལས་གསལ་བའི་ཉི་མའི་འོད་ཀྱིས་སྣང་བའི་ཚ་བའི་ངོ་བོ་སྣང་བ་མཆེད་པ་འབྱུང་བར་འགྱུར་རོ། །དེ་ལས་ནི་གསལ་བ་ཟླ་བའི་འོད་ཟེར་བསིལ་བའི་ངོ་བོ་ཉིད་ཀྱིས་སྣང་བས་ཁྱབ་པ་ཤེས་རབ་ཀྱི་ཡེ་ཤེས་འབྱུང་བར་འགྱུར་རོ། །དཔལ་མཆོག་དང་པོ་ལས་ཀྱང་། ནམ་མཁའ་ལས་ནི་ནམ་མཁའ་འབྱུང་། །ཐམས་ཅད་སྟོང་པ་ནམ་མཁའ་ཆེ། །ཞེས་གསུངས་སོ། །དེ་བས་ན་སྟོང་པ་ཉིད་གཞི་གཅིག་ཏུ་གྱུར་པའི་སྣང་བའི་ཚོགས་ནམ་མཁའ་སྣང་བྱེད་ལྟ་བུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། ཁམས་ཕྲ་བ་དང་ལྷན་ཅིག་ཏུ་གྲིབ་མ་དང་འདྲ་བར་གཅད་དུ་མེད་པ་དང་གཞིག་ཏུ་མེད་པའི་རྡོ་རྗེའི་སྐུའི་ངོ་བོ་ཉིད་འཕོ་བ་མེད་ཅིང་། ཟག་པ་མེད་པས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བ་འདོད་པ་ཙམ་གྱིས་དབང་དུ་གྱུར་པ་ཐོབ་པ་ཆུ་ལ་ཉ་ལྟ་བུའམ། མྱུར་བར་གཉིད་ལོག་ཅིང་སད་པ་བཞིན་དུ་མཆོག་ཏུ་དགའ་བའི་ལུས་ཀྱིས་ངོ་བོ་ཉིད་ཀྱི་གཟུགས་འབྱུང་བར་འགྱུར་བའི་གཟུགས་ཀྱི་བདག་ཉིད་ཅན་གྱི་མིང་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ། །འཁོར་བའི་འཆིང་བ་ལས་ངེས་པར་གྲོལ་བས་ན་ཐར་པ་ཞེས་བྱའོ། །སོགས་དང་། རྩ་རྒྱུད་ལུང་ལས། ཨེ་མའོ་རྡོ་རྗེ་ཨེ་རྡོ་རྗེ། །ཨེ་མའོ་རྡོ་རྗེ་ཆོས་བསྟན་པ། །


JKT005_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་ལུས་ངག་སེམས་མེད་པ། །དེ་ནི་གཟུགས་སུ་རྣམ་པར་བསྒོམ། །ཞེས་དང་། རྗེ་བཙུན་གྱིས། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ལས་ནི་འཇའ་ཚོན་ལྟར། །ཁྱེད་ཀྱི་སྐུ་ནི་སྟོན་པར་མཛད། །སོགས་དང་། ཟུང་དུ་འཇུག་པའི་སྐུ་ཡོངས་སུ་རྫོགས་པ་འདི་མིང་གི་རྣམ་གྲངས་འགའ་ཞིག་ལ་འཇུག་པར་བྱ་སྟེ། རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་དང་། བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་དང་། རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་དང་། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་དང་། འཇིག་རྟེན་གསུམ་གྱི་བདག་ཉིད་ཅན་དང་། དུས་གསུམ་གྱི་བདག་ཉིད་ཅན་དང་། ཐེག་པ་གསུམ་གྱི་བདག་ཉིད་ཅན་དང་། དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཅན་དང་། སོགས་ནས། འཁོར་བའི་ཕ་རོལ་གྱི་མཐའ་ལ་གནས་པ་དང་། ཡེ་ཤེས་ཀྱི་སྐུ་དང་། རང་བྱུང་ཞེས་བཤད་དོ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་ཁྱད་པར་འདི་ཉིད་བཅོམ་ལྡན་འདས་ཀྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། གང་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་དག་ཐོབ་པའི་སྐྱེས་བུ་དམ་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་མཆིས་པ་ལགས་སོ། །རང་དབང་གི་ཡེ་ཤེས་ལ་དབང་བགྱིད་པ་ལགས་སོ། །ཞེས་སོགས་རྒྱས་པར་དྲངས་སོ། །ལེའུ་དགུ་པ་སྤྱོད་པ་མངོན་པར་བྱང་ཆུབ་པའི་


JKT005_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པ་དང་བཅས་པ་བསྡུས་པའི་ཐེ་ཚོམ་གཅོད་པར། སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །ཁྱད་པར་གྱི་རྒྱུ་ཐོབ་ཅིང་བརྩོན་འགྲུས་འབར་བ་རྣམས་དང་། ལུས་དང་སྲོག་ལ་ལྟོས་པ་མེད་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་རང་གི་གཟུགས་སུ་འཛིན་པ་ཡོངས་སུ་ལོག་ནས། ཡོན་ཏན་གྱི་དབང་ཕྱུག་བརྒྱད་ཀྱི་འབྲས་བུ་ཡོངས་སུ་རྫོགས་པར་བྱེད་པར་འདོད་པ་རྣམས་ཀྱི་ཐེ་ཚོམ་མེད་པར་བྱ་བའི་ཕྱིར་ཡོངས་སུ་འདྲི་བ་ལེགས་སོ་ལེགས་སོ། །དངོས་པོར་འཛིན་པ་རྣམས་བསལ་ནས་ཐར་པ་འདོད་པ་རྣམས་ཀྱི་སྒོམ་པ་རྣམ་པར་དག་པ་དང་། སྤྱོད་པ་རྣམ་པར་དག་པ་ཁྱེད་ལ་རིམ་བཞིན་དུ་བཤད་ཀྱིས་ཉོན་ཅིག ། འདི་ལ་བདེན་པ་གཉིས་གཉིས་སུ་མེད་པས་རྒྱུ་དང་འབྲས་བུ་དག་ཀྱང་གཉིས་སུ་མེད་པ་ཡིན་ལ། །རྒྱུ་དང་འབྲས་བུ་གཉིས་སུ་མེད་པས་ཐོབ་པ་དང་ཐོབ་པར་བྱ་བ་དག་ཀྱང་གཉིས་སུ་མེད་པ་ཡིན་ལ། ཐོབ་པ་དང་ཐོབ་པར་བྱ་བ་གཉིས་སུ་མེད་པས་སྒོམ་པ་དང་བསྒོམ་པར་བྱ་བ་དག་ཀྱང་གཉིས་སུ་མེད་པ་སྟེ། གཉིས་སུ་མེད་པ་ལ་ནི་སྒྲུབ་པ་པོ་དང་། སྒྲུབ་པ་དང་། བསྒྲུབ་པར་བྱ་བ་དམིགས་པར་མི་འགྱུར་རོ། །ཞེས་དང་། འདིར་སྒྲུབ་པ་པོ་ནི་ཀུན་རྫོབ་ཀྱི་བདེན་པ་རྟོགས་པའོ། །སྒྲུབ་པ་ནི་དོན་དམ་པའི་བདེན་པའོ། །བསྒྲུབ་པར་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་བས་ན་རྒྱུ་དང་འབྲས་བུ་གཉིས་སུ་དབྱེ་


JKT005_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པར་ཡོངས་སུ་ཤེས་པ་ནི་འདིར་སྒོམ་པ་ཉིད་དུ་བཤད་དོ། །ཞེས་སོགས་དང་། སྤྱོད་པ་རྣམ་པར་དག་པ་བཤད་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་གྱུར་ནས་མཉམ་པར་བཞག་པ་དང་མ་བཞག་པའི་གནས་སྐབས་གཉིས་སུ་མེད་པར་འགྱུར་ལ། དེ་གཉིས་སུ་མེད་ན་སུ་ཞིག་སྤྱོད་པ་རྣམ་པར་སྤྱོད་དེ། ཇི་ལྟར་བྱེད་པ་པོ་མེད་པར་གྱུར་པས་བྱ་བ་རྣམས་ཀྱང་མེད་པར་འགྱུར་བ་འཇིག་རྟེན་ན་ངེས་པ་ཡིན་ནོ། །ཡང་བརྟུལ་ཞུགས་ཀྱི་སྤྱོད་པ་མེད་པར་ཐོག་མ་མེད་པའི་ཉོན་མོངས་བག་ཆགས་ཟད་པར་མི་ནུས་སོ། །ཞེས་ལུང་ལས་བཤད་པ་དང་འཇིག་རྟེན་དུ་གྲགས་སོ། །ཞེས་སོགས་དང་། དེ་ལ་ཐོག་མ་ཁོ་ནར་བཅོམ་ལྡན་འདས་སྤྱོད་པ་མཛད་པའི་སྤྱོད་པ་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་གླིང་ལ་སོགས་པ་ལ་གཟིགས་པར་མཛད་དེ། དགའ་ལྡན་གྱི་གནས་ནས་བབ་པར་མཛད་ནས་རྒྱུད་ལ་སོགས་པའི་ཚུལ་རྣམ་པ་བཞིར་བསྟན་ཏེ། འདོད་ཆགས་དང་བྲལ་བའི་གཟུགས་སུ་མངོན་པར་སྤྲུལ་ནས་དམན་པ་ལ་མོས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྟོགས་པར་མཛད་ཅིང་འདོད་ཆགས་དང་བྲལ་བའི་སྤྱོད་པ་བསྟན་པ་དང་། ཡང་རྒྱ་ཆེན་པོ་ལ་མངོན་པར་ཞེན་པ་རྣམས་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་སོགས་པ་ཆོས་བདག་མེད་པར་རྟོགས་པར་མཛད་ཅིང་། ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟོན་པར་


JKT005_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་དང་། ཡང་འཁོར་ལོས་སྒྱུར་བའི་གཟུགས་སུ་མངོན་པར་སྤྲུལ་ནས། ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ་འདོད་ཆགས་ཀྱིས་བདེན་པ་གཉིས་རྟོགས་པར་བྱ་བའི་ཕྱིར་འདོད་ཆགས་ཀྱི་ཆོས་བསྟན་པར་མཛད་པ་ཡིན་ནོ། །སོགས་དང་། ཉོན་མོངས་པ་རྣམས་ནི་ཉན་ཐོས་ལ་སོགས་པ་དམིགས་པར་ལྟ་བ་རྣམས་ཀྱི་ཉོན་མོངས་པ་རྣམས་ཀྱི་རྐྱེན་དུ་འགྱུར་ཏེ། ཉོན་མོངས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར་རོ། །ངོ་བོ་ཉིད་ཡོངས་སུ་ཤེས་ན་ནི་བྱང་ཆུབ་ཀྱི་སྐུར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་གསུངས་ཏེ། ཇི་སྐད་དུ། དཔལ་མཆོག་དང་པོ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འཛིན་པས་དུག་ཏུ་འགྱུར་བ་ཡིན། །དུག་ཉིད་ཉེ་བར་ཞི་གྱུར་ན། །དུག་ནི་དུག་མེད་བྱས་པ་ཡིན། །བདུད་རྩི་རིམ་གྱིས་བསྟེན་ན་ནི། །བདུད་རྩི་ཉིད་དུ་འགྱུར་བའང་ཡིན། །ཞེས་གསུངས་པ་དང་། སོགས་ལུང་མང་དུ་དྲངས་མཐར། དེ་ལ་འདོད་ཆགས་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་ཞེས་བྱའོ། །དེ་ལ་སྤྲོས་པ་དང་བཅས་པའི་སྤྱོད་པ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པས་དབུགས་དབྱུང་བ་དང་། རྡོ་རྗེ་འཆང་གིས་དབུགས་


JKT005_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུང་བ་དང་། ཇི་སྐད་དུ་བསྟན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚོགས་སྤྱོད་དེ་ཤིན་ཏུ་འདྲེས་པ་ཆོས་སྐུ་དང་བཅས་པ་འདོད་པའི་ཡོན་ཏན་མ་སྤངས་པར་རྡོ་རྗེ་འཆང་གྲུབ་པ་ཨིནྡྲ་བྷཱུ་ཏི་ལྟ་བུ། ཨ་རལླི་རྒྱས་པ་དེ་ནི་སྤྲོས་པ་དང་། བཅས་པའོ། །དེ་ལ་སྤྲོས་པ་མེད་པ་གང་ཡིན་ཞེ་ན། རྟག་ཏུ་ཁྱབ་པ་ལས་དགོས་པའི་དབང་དུ་འགའ་ཞིག་ཉེ་རྒྱུའི་སྤྱོད་པ་སྟེ་རིག་མ་ལ་བརྟེན་པ་དྲིལ་བུ་པ་ལྟ་བུ། ལ་རོལ་པ་དེ་མི་སྤྲོས་པ་མེད་པའོ། །ཤིན་ཏུ་སྤྲོས་པ་མེད་པ་གཉིས་སྤང་མ་བྷུ་སུ་ཀུའི་སྤྱོད་པ་སྟེ་ཨ་བ་བྷཱུ་ཏི་དང་ལྭ་བ་པ་ལྟ་བུའོ། །གང་ཡིན་ཞེ་ན། འདུ་འཛི་ཐམས་ཅད་རྣམ་པར་སྤངས་ནས། བསམ་གཏན་གྱི་ཟས་དང་། །གནས་དབེན་པ་འབའ་ཞིག་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་པར་འཇུག་པ་གོམས་པ་དེ་ནི་ཤིན་ཏུ་སྤྲོས་པ་མེད་པ་སྟེ། དཔེར་ན་ཤིང་ཚིག་པས་ཀྱང་ཐལ་བར་འགྱུར་རོ། །ཏཱ་ལའི་ལོ་མ་ཚིག་པས་ཀྱང་ཐལ་བར་འགྱུར་རོ། །རས་བལ་གྱི་ལོ་མ་ཚིག་པས་ཀྱང་ཐལ་བར་འགྱུར་ཏེ་ཐམས་ཅད་ཀྱང་ཐལ་བར་འགྱུར་རོ། །དེ་བཞིན་དུ་སྤྱོད་པ་གསུམ་ཆར་གྱིས་ཀྱང་རྡོ་རྗེ་འཛིན་པའི་གོ་འཕང་མངོན་པར་འདོད་པ་ཉིད་སྐྱེ་བར་འགྱུར་རོ། །ཞེས་སོགས་ནས། སྤྲོས་བཅས་ཀྱི་སྤྱོད་པ་སངས་རྒྱས་མཉམ་སྦྱོར་གྱི་རྗེས་སུ་འབྲངས་ཏེ་རྒྱས་པར་བཤད་དོ། །ལེའུ་བཅུ་པ་སྤྲོས་པ་མེད་པའི་སྤྱོད་པ་བསྡུས་པའི་ཐེ་ཚོམ་བཅོད་པར། དེ་ལྟར་ན་འདོད་པ་ན་སྤྱོད་པ་དྲུག་སྟེ། གཉིས་གཉིས་འཁྱུད་པ་


JKT005_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལག་པ་བཅངས་པ་དང་། བལྟས་དང་རྒོད་པའི་བདེ་བས་མཆོག་ཏུ་དགའ་བའི་བདེ་བ་སྐད་ཅིག་སྐད་ཅིག་ལ་ཉམས་སུ་མྱོང་བར་བྱེད་དོ། །རྫོགས་པའི་གནས་ནའང་འཁོར་བདག་ལས་རྟག་ཏུ་དགའ་བའི་གཟུགས་ཅན་དུ་འགྱུར་རོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ལས། དབང་པོ་གཉིས་ནི་མཉམ་སྦྱར་ཏེ། །རྩོལ་བའི་ཆོ་གའི་འོག་ཏུ་ནི། །དགའ་བའི་སེམས་ཀྱིས་ཐུགས་འགྲུབ་པ། །བདེ་བ་ཆེན་པོ་ཞེས་བྱའོ། །ཞེས་སོགས་གསུངས་སོ། །ལེའུ་བཅུ་གཅིག་པ་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་བསྡུས་པའི་ཐེ་ཚོམ་གཅོད་པར། དེ་ལ་དང་པོ་ཁོ་ནར་སྒྲུབ་པ་པོས་འཁོར་བ་ཐོག་མ་མེད་པ་ཅན་གྱི་སྡུག་བསྔལ་དྲན་པར་བྱས་ཏེ། མྱ་ངན་ལས་འདས་པའི་བདེ་བ་འདོད་པས་འདུ་འཛི་ཐམས་ཅད་ཡོངས་སུ་སྤང་བར་བྱ་ཞིང་། ཐ་ན་རྒྱལ་སྲིད་ཀྱི་དབང་ཕྱུག་ལའང་སྡུག་བསྔལ་གྱི་འདུ་ཤེས་བསྒོམ་པར་བྱའོ། །གཉིས་པ་ཏིལ་འབྲུ་ཙམ་ལའང་དངོས་པོར་འཛིན་པའི་བློ་སྤང་བར་བྱའོ། །གསུམ་པ་དོན་དམ་པའི་བདེན་པ་ལ་དད་པས་ལུས་དང་སྲོག་ལའང་ལྟོས་པ་མེད་པར་བྱའོ། །ཞེས་སོགས་དང་། དེ་བས་ན་ཕྱི་རོལ་གྱི་བུད་མེད་རྣམ་པར་སྤངས་ནས་སྙིང་གར་གནས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་ཏུ་ཤིན་ཏུ་མྱུར་བར་རྡོ་རྗེ་འཆང་གི་གོ་འཕང་རྫོགས་པར་བྱའོ། །ཞེས་སྤྲོས་པས་


JKT005_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཏེ། གཅིག་པུ་ཁོ་ནར་ལོགས་ནས་བཤད་པའི་རིམ་པ་བཞིན་དུ་བསམ་པར་བྱའོ། །ཞེས་སོགས་དང་། ཕུང་པོ་སོགས་ནི་ཁམས་ཕྲ་བ་ལ་གཞུག་གོ །ཁམས་ཕྲ་བ་ནི་ཡང་སེམས་ལ་གཞུག་གོ། །སེམས་ནི་ཡང་མ་རིག་པ་ལ་གཞུག་སྟེ། དེ་ལྟར་སྦྱར་ནས་གཉིད་ལོག་པར་བྱེད་དོ། །དེ་ལ་དུས་འདིར་ནི་སེམས་ཅན་མ་རིག་པ་ལ་རབ་ཏུ་ཞུགས་པའི་སྐད་ཅིག་ལ་དྲན་པ་བརྗེད་པའོ། །ཕྱིས་ནི་བརྗོད་པའང་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་འོད་གསལ་པའོ། །ཡང་གྲོལ་བ་ན་རླུང་གི་རང་བཞིན་རྙེད་དེ། །གང་གི་ཚེ་རྨི་ལམ་གཞན་དག་འབྱུང་བ་ནི་ཇི་སྲིད་དུ་རྣམ་པར་ཤེས་པ་མི་གཡོ་བ་དེ་སྲིད་དུ་གཉིད་ལོག་ནས་འོད་གསལ་ལ་བལྟ་སྟེ། དེ་ནི་སོ་སོ་རང་གིས་རིག་པ་ལུས་དང་ངག་དང་སེམས་བྲལ་བའི་དོན་དམ་པའི་བདེན་པ་ནི་ནང་གི་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །རིམ་པ་འདིས་ལུས་ཀྱི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པའི་ཚོགས་རྣམས་སད་པར་བྱ་ཞིང་། དེ་བཞིན་ཉིད་ལ་གཞུག་པར་བྱས་ནས་སྐལ་པ་བཟང་པོའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པའི་སྤྱོད་པ་ལྟོས་པ་མེད་པར་ཤིན་ཏུ་མྱུར་བར་འདིར་རང་གི་གཟུགས་ཡོངས་སུ་བརྗེད་པར་འགྱུར་རོ། །ཞེས་སོགས་ལུང་དང་བཅས་པ་དང་། ཡུལ་ལ་ཞེན་པ་དང་རོལ་པ་ཐམས་ཅད་སྤངས་ཏེ། རིམ་པ་འདིས་བྷུ་སུ་ཀུ་


JKT005_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱི་སྤྱོད་པ་ལ་སྤྱད་དེ། བྷུ་ཞེས་བྱ་བ་ནི་ཟས་ལ་སྤྱོད་པ་སྟེ་དེ་ཙམ་ཞིག་རྗེས་སུ་དྲན་པ་དང་འདུ་འཛི་སྤོང་བར་བྱེད་ཅིང་། དཀའ་ཐུབ་དང་བརྟུལ་ཞུགས་སོ་ཞེས་གང་ལའང་བསམ་པར་མི་བྱའོ། །སུ་ཞེས་བྱ་བ་ནི་གཉིད་ལོག་པ་སྟེ་རྣམ་པར་ཤེས་པ་འདི་དག་མ་རིག་པས་ཉེ་བར་མཚོན་པས་མངོན་སུམ་དུ་བྱེད་དོ། །མ་རིག་པ་ལྕགས་ཀྱུ་དེ་ཉིད་ཀྱིས་རྣམ་པར་ཤེས་པ་ལའང་འགྲེ་བར་མི་བྱེད་དེ། འོད་གསལ་བ་ཉིད་མངོན་པར་འདུ་བྱེད་ཅིང་དྲི་མ་མེད་པའི་ངོ་བོ་ཉིད་དོ། །ཀུ་ཞེས་བྱ་བ་བཤང་སར་འགྲོ་བ་སྟེ། བཤང་བ་གཅི་བ་འདོར་བའི་ཕྱིར་དེ་ཙམ་ཞིག་རྗེས་སུ་དྲན་པར་བྱེད་ཅིང་འདུ་འཛི་སྤོང་བར་བྱེད་ལ། ལུས་དང་ཚོར་བ་དབང་པོའི་ཡུལ་དང་ངོ་བོ་ཉིད་སེམས་པར་མི་བྱེད་དོ། །ཞེས་སོགས་ལུང་དང་བཅས་པ་དང་། དེ་ལྟར་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉིད་དབྱེ་བས་ན་ཚོད་དང་རྗེས་སུ་མཐུན་པས་སྤྱོད་པ་རྣམ་གསུམ་ཟླ་བ་ཕྱེད་དམ། ཟླ་བ་དྲུག་བཟླས་པར་འགྱུར་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་མཚན་མ་ཉེ་བར་འབྱུང་བར་འགྱུར་ཏེ། དེ་ལ་མཚན་མ་འདི་དག་ཡིན་ནོ། །གཟུགས་ཕྲ་བ་དང་། རེག་པ་ཡང་བ་དང་། ཁྱབ་པ་དང་། ཡང་དག་པར་ཐོབ་པ་ཉིད་དང་། རབ་ཏུ་སྣང་བ་ཉིད་དང་། བརྟན་པ་དང་། དབང་དུ་གྱུར་པ་དང་། འདོད་དགུར་བསྒྱུར་བ་ཞེས་བྱའོ། །ཞེས་སོགས་དང་། རྡོ་རྗེ་སློབ་མས་


JKT005_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ། གལ་ཏེ་སྒྲུབ་པ་པོ་བདེན་པ་མཐོང་ཡང་སྔོན་གྱི་བག་ཆགས་ལ་གོམས་པའི་སྟོབས་ཀྱིས་ཞིང་དང་། ལས་དང་། ཚོང་དང་བསྙེན་བཀུར་ལ་སོགས་པས་གཡེངས་ནས་སྤྱོད་པ་རྣམ་པ་གསུམ་སྤྱོད་པར་མི་བྱེད་པ་དང་། སྒྲུབ་པ་པོ་གཞན་དག་འབྱོར་པ་མ་ཚང་བས་རྒྱུད་ལས་ཇི་སྐད་གསུངས་པའི་ཆོ་ག་རྫོགས་པར་བྱེད་མི་ནུས་པའི་ཕྱིར། མི་སྤྱོད་པ་དེ་དག་ནི་འཆི་བའི་དུས་བྱས་ན་ཡང་སྲིད་པ་གཞན་དུ་འགྲོ་བར་འགྱུར་རམ། ཡང་ན་རྡོ་རྗེ་འཆང་བ་ཉིད་འཐོབ་པར་འགྱུར། ཞེས་སོགས་དང་། དེ་བས་ན་དེ་ཁོ་ན་ཉིད་ཤེས་པའི་རྐྱེན་མ་ཚང་བས་ཇི་སྐད་དུ་བཤད་པའི་སྤྱོད་པ་གལ་ཏེ་མ་སྤྱད་དུ་ཟིན་ཀྱང་། ལྟ་བ་ངན་རྟག་ཆད་འཆི་འཕོ་སོགས། པ་ཐམས་ཅད་རྣམ་པར་སྤངས་ནས་འཆི་བར་འགྱུར་བ་དོན་དམ་པའི་བདེན་པ་ཡིན་ལ། སྐྱེ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་ཡང་དག་པར་མངོན་པར་རྟོགས་ནས་བརྒྱ་ལམ་ན་འོད་གསལ་བར་ཞུགས་ནས། ཐ་མལ་གྱི་ཕུང་པོ་བོར་ནས་བདག་ལ་བྱིན་གྱིས་བརླབས་པའི་རིམ་གྱིས་ལྡང་བར་བྱའོ་ཞེས་པ་བརྟན་པའི་སེམས་བསྐྱེད་དེ། དེ་ཡིད་ལ་བྱེད་པས་གནས་པར་བྱེད་ན། དེ་སྐྱེ་བ་གཞན་དུ་ཡིད་ལ་བྱེད་པ་དེ་འདོར་བར་མི་འགྱུར་ཏེ། དེ་བས་ན་ཐམས་ཅད་མཁྱེན་པར་འགྱུར་རོ། །དེ་བས་ན། བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་ནི་དེ་ཡི་རང་བཞིན་འགྱུར། །


JKT005_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་གསུངས་སོ། །དེ་བས་ན་འདི་ཐམས་ཅད་ནི་ཁྱད་པར་ཅན་ཡོངས་སུ་བསྒྱུར་བས་ཡོངས་སུ་འགྱུར་བཞིན་པས། ཁྱད་པར་ཅན་གྱི་འབྲས་བུ་འབྱུང་བར་འགྱུར་རོ། །འདིར་བཤད་པ། གང་ཞིག་སྐྱེ་བ་ཀུན་རྫོབ་བདེན་ཞེས་བྱ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །རིམ་གཉིས་དེ་དག་བླ་མའི་དྲིན་གྱིས་ནི། །རྙེད་པ་འདི་ནི་མ་འོངས་སངས་རྒྱས་ཡིན། །བདེན་གཉིས་དེ་ལ་ཟུང་དུ་འཇུག་པ་ནི། །མི་འཆད་བཞིན་དུ་དེ་དག་ཁྱད་པར་མེད། །མིང་གཉིས་ཐ་མ་གཅིག་པུ་ཁོ་ནར་ནི། །ཤེས་པ་དེ་འདིར་བཅིངས་ནས་གྲོལ་བ་ཡིན། །ཞེས་སོགས་གསུངས་སོ། །འདིར་སྨྲས་པ། དབེན་གསུམ་(བདུད་རྩིས་བརླན་པའི་འཁྲི་ཤིང་ལས། །ཀུན་རྫོབ་སྒྱུ་༦མའི་ཡལ་འདབ་རབ་རྒྱས་ཤིང་། །དོན་དམ་འོད་གསལ་༧མེ་ཏོག་མཛེས་འབར་བར། །སྤྱོད་པ་༡༠གསུམ་གྱི་ཟུང་༡༠འཇུག་འབྲས་བུར་ཤོག །ཅེས་པའང་སྨྲས་སོ། ༈ །སློབ་དཔོན་དེ་ཉིད་ཀྱིས་མཛད་པའི་སེམས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་རབ་ཏུ་བྱེད་པར། ལས་དྲག་གིས་ནི་འགྲོ་བ་རྣམས། །གང་དང་གང་དུ་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །སེམས་ཙམ་རྣམ་པར་དག་བྱའི་ཕྱིར། །འབྲས་བུ་རྣམ་པར་དག་པར་འགྱུར། །འདི་དག་ཤིན་ཏུ་རྒྱས་པར་ནི། །ཐེག་པ་ཆེན་པོར་


JKT005_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བསྟན། །ཆོས་དང་གང་ཟག་དབྱེར་མེད་པ། །ཡེ་ཤེས་ཙམ་དུ་ཐུབ་པས་གསུངས། །དེ་ལྟར་ན་ཡང་འདི་ལྟར་འབྱུང་། །རིགས་པ་དང་ཡང་རབ་ཏུ་མཐུན། །དངོས་འཛིན་གདོན་གྱིས་ཟིན་པ་ཡི། །ཞེན་བ་རབ་ཏུ་བསལ་བྱའི་ཕྱིར། །ལུང་ལས་ཀྱང་ནི་གསལ་པོ་རུ། །རྒྱལ་བ་སྙིང་རྗེའི་བདག་ཉིད་གསུངས། །ཆོས་རྣམས་སྔོན་དུ་འགྲོ་བའི་ཡིད། །ཡིད་གཙོ་ཡིད་ནི་མགྱོགས་པ་སྟེ། །ཡིད་གཉིས་ཀྱི་ནི་འབད་པ་ཡང་། །སྨྲ་བའམ་ནི་བྱེད་པའོ། །ཞེས་དང་། བསམ་པ་བཟང་པོས་མཆིལ་ལྷམ་གཉིས། །ཐུབ་པའི་དབུ་ལ་བཞག་པ་དང་། །དེ་ཉིད་གཞན་གྱིས་བསལ་བ་ཡིས། །གཉིས་ཀས་རྒྱལ་སྲིད་ཐོབ་པར་འགྱུར། །དེ་ཕྱིར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ལུང་ལས་འདི་ལྟར་གསུངས་པའི་ཕྱིར། །སེམས་དགེ་བ་ལ་ཉེས་པ་མེད། །རང་ལྷར་སྦྱོར་བའི་བདག་ཉིད་ཀྱིས། །འགྲོ་བའི་དོན་ནི་སཾ བྱེད་བརྩོན་པས། །རྣལ་འབྱོར་འདོད་ཡུལ་ལོངས་སྤྱོད་ཀྱང་། གྲོལ་འགྱུར་དགོས་པར་མི་འགྱུར་རོ། །དང་། བྱིས་པ་རྣམས་ནི་གཟུགས་ལ་ཆགས། །འབྲིང་པོ་རྣམས་ནི་ཆགས་བྲལ་འགྱུར། །གཟུགས་སོགས་ངོ་བོ་ཉིད་ཤེས་ན། །བློ་མཆོག་རྣམས་ནི་གྲོལ་བར་འགྱུར། །དམ་ཚིག་ཐམས་ཅད་རྣམ་བསམས་ལ། །ལྷ་ལ་མཆོད་པའི་ཆོ་ག་ཡིས། །ཐེ་ཚོམ་མེད་པར་བཟང་པོར་བལྟ། །སྔགས་ཀྱིས་བསྐུལ་ལ་


JKT005_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་བྱ། །ཡི་གེ་གསུམ་གྱི་སྦྱོར་བ་ཡིས། །སྤྱོད་དང་དེ་རྟོགས་དེ་བཞིན་སྦར། །སྲིན་ལག་མཐེ་བོང་རྩེ་མོ་ཡིས། །དེ་བཞིན་གཤེགས་རྣམས་ཚིམ་པར་བྱ། །བྱིས་པ་རྣམས་ལ་འདི་བདེན་པ། །དེ་ནི་རྣལ་འབྱོར་པ་ལ་བརྫུན། །ད་ཙམ་ཞིག་ཏུ་ལོངས་སྤྱོད་པ། །བཅིངས་པ་མེད་ཅིང་གྲོལ་བ་མེད། །འཁོར་བ་མྱ་ངན་འདས་པ་ཞེས། །དེ་ཉིད་མ་མཐོང་བ་ཡི་སེམས། །འཁོར་མེད་མྱ་ངན་འདས་མེད་ཅེས། །དེ་ཉིད་མཐོང་བ་རྣམས་ཀྱི་སེམས། །རྣམ་པར་རྟོག་པའི་གདོན་ཆེན་པོ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྣམ་པར་མི་རྟོག་བདག་ཉིད་ཆེས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །དང་། དཔེར་ན་ཤེལ་སྒོང་དག་པ་ནི། །ཁ་དོག་གཞན་གྱིས་སྒྱུར་བར་བྱེད། །དེ་བཞིན་རིན་ཆེན་སེམས་འདི་ཡང་། །རྟོག་པའི་ཚོན་གྱིས་བསྒྱུར་བ་ཉིད། །ཐ་མལ་རྟོག་པའི་ཚོན་གྱིས་ནི། །རིན་ཆེན་སེམས་ནི་དབེན་གྱུར་ན། །ཐོག་མ་དག་ནས་མ་སྐྱེས་པ། །གཉུག་མའི་རང་བཞིན་དེ་ཉིད་གང་། །ཞེས་དང་། འཁོར་ལོ་དཔག་ཚད་བཅུ་གཉིས་པ། །ལྕགས་བྱས་མགོ་ལ་འཁོར་བ་ཡང་། །བྱང་ཆུབ་སེམས་ནི་བསྐྱེད་མ་ཐག །མེད་པར་གྱུར་ཅེས་ཐོས་པ་ཡིན། །སོགས་དང་། ཇི་ལྟར་དུག་གིས་ཟིན་པ་འགལ། །དུག་ཉིད་ཀྱིས་ནི་དུག་མེད་བྱེད། །རྣ་བའི་ཆུ་ལ་ཆུ་ཉིད་དང་། །ཚེར་མ་ཟུག་ལ་ཚེར་མ་ལྟར། །དེ་བཞིན་ཆགས་ལ་ཆགས་


JKT005_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས། །མཁས་པ་རྣམས་ཀྱིས་འཛིན་པར་བྱེད། །ཅེས་དང་། དངུལ་ཆུས་རེག་པའི་ཟངས་ལ་ནི། །ཇི་ལྟར་སྐྱོན་མེད་གསེར་དུ་འགྱུར། །དེ་བཞིན་ཡང་དག་ཡེ་ཤེས་ནི། །སྦྱངས་པས་ཉོན་མོངས་བཟང་པོར་བྱེད། །ཐེག་པ་དམན་ལ་ཞོན་པ་རྣམས། །སྐད་ཅིག་སྐད་ཅིག་འཆིང་བར་བྱེད། །གཡུལ་ལས་རྒྱལ་བར་བྱེད་པའི་སེམས། །རིང་པ་ཉིད་དུ་རྣམ་པར་གནས། །ཐེག་པ་ཆེ་ལ་ཞོན་ནས་ནི། །སྙིང་རྗེའི་གོ་ཆ་བགོ་བྱས་ནས། །ཤེས་རབ་རྒྱུད་བཅས་མདའ་དང་གཞུས། །འགྲོ་བ་བཟུང་བའི་བསམ་པ་ཡིས། །སེམས་དཔའ་ཆེ་དང་ཐབས་ཆེ་བ། །བརྟན་པའི་བློ་ནི་གཉིད་སངས་ནས། །བརྒལ་དཀའི་གཡུལ་ལས་རྒྱལ་བྱས་ཏེ། །གཞན་དག་ཀྱང་ནི་སྒྲོལ་བར་བྱེད། །ཅེས་དང་། འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ལོག་ལྟ་ཐེ་ཚོམ་རྣམས། །སྡིག་པའི་རྩ་བར་རབ་ཏུ་གྲགས། །འདི་དག་སྦྱང་བྱ་ཁྲུས་ཀྱིས་མིན། །ཧཾ ཞེས་དང་། བདག་དང་བདག་གིར་འཛིན་པ་ལས། །སྲོག་ཆགས་རྣམས་ནི་བྱུང་བ་ཡིན། །དེ་ཡང་རྩ་བ་མ་རིག་ལས། །མ་རིག་དེ་ཡང་འཁྲུལ་པར་འདོད། །ཅེས་དང་། དཀྱིལ་འཁོར་དུ་ནི་མ་ཞུགས་པ། །སྒྲིབ་པ་ཀུན་དང་ལྡན་པས་ཀྱང་། །རང་གི་ལྷ་སྦྱོར་བདག་ཉིད་ཀྱིས། །བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར། །འདིས་ནི་སངས་རྒྱས་ཐམས་ཅད་དང་། །དབང་པོ་དག་ནི་ཐམས་ཅད་ཉིད། །ཚེ་འདི་ཉིད་


JKT005_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འང་འདི་རིག །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཇི་ལྟར་འཇིག་རྟེན་ཕལ་པ་ལས། །རྣལ་འབྱོར་པ་ཡི་ཏིང་འཛིན་རྒྱལ། །གོང་མ་གོང་མའི་བློ་ཁྱད་ཀྱིས། །རྣལ་འབྱོར་པ་ཡང་རྒྱལ་བར་འགྱུར། །ཞེས་དང་། གང་ཞིག་བསྐལ་པ་གྲངས་མེད་ནི། །མང་པོས་མི་འཐོབ་པར་འདོད་པའི། །སངས་རྒྱས་ཚེ་འདི་ཉིད་ཀྱིས་ནི། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །དང་། ས་བོན་སྐྱེས་བུ་ལྡན་པ་ལས། །མེ་ཏོག་འབྲས་བུ་ལྡན་པ་ཡི། །འཁྲི་ཤིང་ཀུན་ཏུ་འབྱུང་བ་ལྟར། །དེ་བཞིན་ཚོགས་གཉིས་དང་ལྡན་པའི། །སྐད་ཅིག་གིས་ནི་མངོན་བྱང་ཆུབ། །དང་། ཁྲུས་དང་བཀུ་མཉེ་གོས་ལ་སོགས། །བཟའ་དང་བཏུང་སོགས་འབད་པ་ཉིད། །རང་འདོད་ལྷ་ཡི་བདག་ཉིད་དུ། །བསམས་ལ་ཆོ་གས་མཆོད་པར་བྱ། །གླུ་དང་བརྡུང་བ་དེ་བཞིན་གར། །ཐམས་ཅད་བརྟུལ་ཞུགས་ཅན་གྱིས་སྤྱད། །འདིར་ནི་དངོས་པོ་ཐམས་ཅད་ལ། །ལྷག་པར་ཆགས་པར་མི་བྱའོ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བ་བཟུང་། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཞེས་སོགས་དང་། རབ་ཏུ་གསལ་བའི་འབྱུང་བ་རྣམས། །ས་དང་ཆུ་དང་མེ་དང་རླུང་། །སྔགས་ཀྱི་སྦྱོར་བ་ནུས་པ་ཡི། །གཞན་ཉིད་དུ་ནི་འབྱུང་བར་བྱེད། །བརྗོད་པ་ཐམས་ཅད་ཡོངས་སྤངས་ལ། །སྔགས་ཀྱི་བརྗོད་


JKT005_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་སྤྱོད། །བདེ་བའི་དངོས་གྲུབ་སྦྱིན་པ་ཡིས། །སྔགས་ཀྱི་ནུས་པ་འདི་ལ་ལྟོས། །ཞེས་སོགས་དང་། སློབ་དཔོན་ལྷ་ཡི་མཆོག་ཡིན་ཏེ། །འབད་པས་མཆོད་པར་བྱ་བ་ཉིད། །དེ་ཉིད་རྡོ་རྗེ་འཛིན་རྒྱལ་པོ། །མངོན་སུམ་གཟུགས་ཀྱི་རྣམ་པར་གནས། །ཤེས་རབ་མིག་དང་བྲལ་གྱུར་ན། །དད་པའི་བདག་ཉིད་ཅན་རྨོངས་འགྱུར། །དེ་འདྲའི་ལུང་རྟོགས་བདག་ཉིད་ཅན། །ཤེས་རབ་ཉེ་བར་བསྐྱེད་པར་བྱ། །དད་ལྡན་མང་ཐོས་ཤེས་རབ་ལྡན། །རང་བཞིན་སྙིང་རྗེའི་བདག་ཉིད་ཅན། །འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར། །དེ་ཡིས་བདེ་བའི་ཐབས་ཤེས་བྱ། །ཞེས་སོགས་ཚིག་དོན་ཕུན་སུམ་ཚོགས་པའི་སྒོ་ནས་སེམས་ཇི་ལྟར་སྦྱོང་བའི་ཚུལ་དང་དགོས་པ་སོགས་བསྟན་ཏོ། ༈ །ཡང་དེས་མཛད་པའི་བདག་བྱིན་གྱིས་བརླབས་པའི་རིམ་པ་རྣམ་པར་དབྱེ་བར། ཀུན་རྫོབ་བདེན་པར་གང་གསུངས་པའི། །སངས་རྒྱས་རྣམས་ཀྱི་སྐུ་མཚན་ཉིད། །དེ་འདིར་སྒྱུ་མར་བསྟན་པ་སྟེ། །བདག་བྱིན་བརླབས་པ་ཞེས་བརྗོད་དོ། །ཞེས་དང་། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་བརླབས་ལས་ཕྱིར་ཕྱོགས་པས། །དེ་ཡིས་བདེན་པ་མཐོང་མི་ནུས། །གཞུ་ཡི་རྣམ་པའི་ཡིད་རང་བཞིན། །རྣམ་ཤེས་རླུང་དང་ཡང་དག་ལྡན། །སྒྱུ་མའི་དཔེ་ལ་རྨོངས་པས་ནི། །རང་གི་ཡེ་ཤེས་དེ་མི་མཐོང་། །


JKT005_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་བ་བྱེ་བ་མཐའ་ཡས་པར། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང་། །བླ་མའི་ལུང་དང་བྲལ་བ་ཡིས། །བདག་བྱིན་བརླབས་པ་རྙེད་མི་འགྱུར། །དེ་བས་ང་རྒྱལ་ཡོངས་སྤངས་ནས། །སངས་རྒྱས་འབྲས་བུ་འདོད་པ་ཡིས། །རྡོ་རྗེ་ཐེག་ལ་ཞོན་པ་ཡི། །བླ་མ་བསྒྲིམས་ཏེ་མཉེས་པར་བྱ། །ཞེས་དང་། ས་ལ་སོགས་པ་རྣམ་བཞི་དང་། །དེ་བཞིན་དུ་ནི་སྟོང་པ་བཞི། །གནས་ནི་རྣམ་པ་བརྒྱད་པོ་དང་། །སྐྱེ་དང་འཇུག་པའི་རྒྱུར་ཤེས་བྱ། །འོད་གསལ་ལས་ནི་སྟོང་ཆེན་ཏེ། །དེ་ལ་ཐབས་ནི་ཡང་དག་འབྱུང་། །དེ་ལུས་སྐྱེས་པ་ཤེས་རབ་སྟེ། །དེ་ལས་རླུང་ནི་འབྱུང་བར་འགྱུར། །རླུང་ལས་མེ་ནི་ཡང་དག་སྐྱེས། །མེ་ལས་ཆུ་ནི་འབྱུང་བར་འགྱུར། །ཆུ་ལས་སྐྱེས་པ་ས་ཡིན་ཏེ། །དེ་རྣམས་ལས་ནི་སེམས་ཅན་འབྱུང་། །ས་ནི་ཆུ་ལ་ཐིམ་འགྱུར་ཏེ། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་ཕྲ་བའི་ཁམས་སུ་ཞུགས། །རླུང་ཡང་སེམས་ལ་ཐིམ་འགྱུར་ཏེ། །སེམས་ནི་སེམས་ལས་བྱུང་ལ་འགྱུར། །སེམས་བྱུང་མ་རིག་པར་ཞུགས་ནས། །དེ་ཡང་འོད་གསལ་བར་སོང་ནས། །སྲིད་པ་གསུམ་པོ་འགག་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཇི་སྲིད་བདག་ཉིད་མ་མཐོང་བ། །དེ་སྲིད་ཐོག་མའི་དུས་ཅན་གྱི། །སྲིད་པའི་འཁོར་ལོར་འཇུག་པར་འགྱུར། །རང་རིག་སྒྱུ་མ་ལྟ་བུ་སྟེ། །རྟོག་གེ་པ་ཡི་ཡུལ་མིན་ཅིང་། །རང་གི་ལུས་ལ་གནས་


JKT005_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱི། །བསོད་ནམས་དམན་པས་རྙེད་མི་འགྱུར། །རང་ལུས་འགྱུར་བ་མེད་པ་དེ། །མཆོག་གཅིག་གིས་ནི་ཤེས་བྱས་ཏེ། །དེ་ནི་དཔེ་ཡིས་ཉེར་མཚོན་ནས། །བླ་མའི་ཞལ་གྱི་དྲིན་ལས་སོ། །ས་དང་དེ་བཞིན་ཆུ་ལ་སོགས། །གཏེར་དང་ནོར་བུ་སྦས་པ་ལྟར། །དེ་བཞིན་ལུས་ལ་ཀུན་མཁྱེན་པའང་། །རྨོངས་དང་ལྡན་པས་མཐོང་མི་འགྱུར། །སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང་ཁྱེར་དང་ནི་བརྒྱ་བྱིན་གཞུ། །མེ་ལོང་གི་ནི་གཟུགས་བརྙན་དང་། །ཆུ་ཟླ་དང་ནི་བྲག་ཅ་དང་། །རྨི་ལམ་མིག་ཡོར་སྤྲིན་དང་གློག །ཆུ་ཡི་ཆུ་བུར་ཞེས་བྱ་བ། །སྒྱུ་མའི་དཔེ་ནི་བཅུ་དང་གཉིས། །རྣམ་པ་དུ་མར་ཡོངས་མཚོན་པ། །དེ་འདི་ཤིན་ཏུ་གསལ་བའི་གཟུགས། །ལྟ་བའི་གཟུགས་ལ་དམིགས་པར་བྱེད། །སྒྱུ་མ་གསུམ་དུ་བསྟན་པ་ཡིས། །ནན་ཏན་དུ་ནི་རབ་ཏུ་བསྒྲགས། །མེ་ལོང་གི་ནི་གཟུགས་བརྙན་དང་། །འཇའ་ཚོན་དང་ནི་དེ་ལས་གཞན། །གསུམ་པ་ཆུ་ཟླ་ལྟ་བུ་ཡིས། །དེ་ཡི་སྐུ་ནི་བསྒོམ་པར་བྱ། །ཞེས་དང་། འདོད་ཡོན་ལྔ་ཡི་བདེ་བ་ཡིས། །བྱིས་པ་རྣམས་ནི་འཆིང་བརྗོད་དེ། །ཆོས་དེ་ཉིད་ཀྱིས་རྣལ་འབྱོར་པ། །སངས་རྒྱས་ཉིད་ཀྱང་འགྲུབ་པར་འགྱུར། །ཞེས་དང་། གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་སྡུག་པ་རྣམས། །བདེ་ཆེན་གོ་འཕང་གནས་ནས་ཀྱང་། །རྣལ་འབྱོར་པ་ཡིས་རྟག་ཏུ་མྱོང་། །ཞེས་དང་། ཕྱག་རྒྱ་


JKT005_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང་ལྡན་པའམ། །ཡང་ན་ཕྱག་རྒྱ་བཞི་དང་ལྡན། །བཙུན་མོའི་འཁོར་ན་བཞུགས་པས་ཀྱང་། །བདག་བྱིན་བརླབས་པ་རྗེས་དྲན་བྱ། །ཞེས་སོགས་དང་། ཇི་ལྟར་མེ་ལོང་དྲི་མ་མེད་པ་ལ། །ཡན་ལག་ཀུན་དང་ལྡན་གཟུགས་སྣང་བ་ལྟར། །དཔེ་བྱད་བརྒྱད་ཅུ་མཚན་བཟང་སུམ་ཅུ་གཉིས། །དེ་བཞིན་རྟག་ཏུ་རྡོ་རྗེ་འཛིན་ལུས་ཉིད། །མཁའ་དབྱིངས་དབང་པོའི་མཚོན་ཆ་ཁ་དོག་སྣང་བ་ལྟར། །དེ་བཞིན་རྡོ་རྗེ་འཛིན་པའང་ཁ་དོག་དཀར་པོ་ལ་སོགས་པས། །དགེ་སོགས་ལས་རྣམས་ཇི་བཞིན་དེ་བཞིན་དུ་ནི་འཇིག་རྟེན་ལ། །ཡན་ལག་མ་ཉམས་ཕུན་སུམ་ཚོགས་པའི་གཟུགས་ནི་སྟོན་པར་མཛད། །ཅེས་དང་། རང་དངོས་སྣ་ཚོགས་གཟུགས་ཅན་ཟག་མེད་གང་། །འཇིག་རྟེན་ཀུན་ཁྱབ་སྒྱུ་མའི་རང་བཞིན་ཉིད། །རྣམ་པ་སྣ་ཚོགས་འགྲོ་བའི་སྡེར་གནས་པའི། །སེམས་མགོན་རྡོ་རྗེ་དེ་ཡང་དེ་བཞིན་ནོ། །གཟུགས་ལ་སོགས་པ་རྣམ་པ་ལྔ་དང་གང་ཡང་སྐྱེ་མཆེད་རྣམས་དེ་ནས། །བཅོ་བརྒྱད་ཅེས་བྱར་གསུངས་དང་ཁམས་ནི་རྣམ་པ་ལྔ་དང་ཡང་། །ཡེ་ཤེས་ལྔ་པོ་དང་ནི་ཡུལ་དེ་འགྲོ་བ་མ་ལུས་ཀུན། །སྒྱུ་མ་ལས་བྱུང་དེ་འདིར་རྡོ་རྗེ་འཛིན་དེ་གཞན་མ་ཡིན། །རི་རྣམས་དང་ནི་རྒྱ་མཚོ་ཆེན་པོ་བརྒྱད་གང་ཡིན། །གླིང་རྣམས་དང་ནི་དམྱལ་བ་ལ་སོགས་དབྱེ་བ་རྣམས། །རྒྱུ་བ་དང་ནི་མི་རྒྱུ་བ་ཉིད་གང་ཡིན་པ། །དེ་དེའི་རང་


JKT005_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྡོ་རྗེ་འཛིན་དེ་གཞན་མི་བལྟ། །ཞེས་སོགས་རྒྱ་ཆེར་གསུངས་སོ། ༈ །ཡང་དེས་མཛད་པའི་མངོན་པར་བྱང་ཆུབ་པའི་རིམ་པར། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས། །མངོན་པར་བྱང་ཆུབ་མཚན་ཉིད་ནི། །སྙིང་པོ་ལས་ཀྱང་སྙིང་པོར་གསུངས། །མངོན་པར་བྱང་ཆུབ་རྣམ་གཉིས་ཏེ། །ཕྱི་དང་ནང་གི་ཞེས་སུ་བཤད། །ཕྱི་ནི་མདོ་སྡེ་རྣལ་འབྱོར་རྒྱུད། །ཅེས་སོགས་དང་། ནང་ནི་གསང་སྔགས་ཚུལ་ཆེན་ཏེ། །སོགས་དང་། ཡང་ན་ནང་གི་ཕྱི་ཉིད་ནི། །ཕྱག་རྒྱ་མོ་ལ་རབ་བརྟེན་ཏེ། །སྣང་གསུམ་རིམ་མྱོང་ལས་འདས་པའོ། །ཐམས་ཅད་སྟོང་པའི་འོད་གསལ་བ། །དེ་ནི་ནང་གི་ཕྱི་ཞེས་བཤད། །ནང་གི་ནང་ནི་ཕྱག་རྒྱ་བྲལ། །དང་པོ་སྨིག་རྒྱུ་འོད་ལྔའི་ཚུལ། །བདེ་བ་རྟོག་བྲལ་ཉམས་མྱོང་གསུམ། །གསུམ་པོ་ལས་འདས་གསུམ་པོ་ཉིད། །ཐམས་ཅད་སྟོང་པའི་རང་བཞིན་དག །བླ་མའི་མན་ངག་ལས་རྙེད་པའོ། །དེ་བཞིན་རྗེས་འཇུག་རྣལ་འབྱོར་པའི། །ཉམས་སུ་བླངས་པའི་བསམ་གཏན་ནི། །སྟོང་པ་གསུམ་གྱི་རྣམ་གཞག་དང་། །འོད་གསལ་ཐམས་ཅད་སྟོང་པ་སྟེ། །རྒྱུ་བ་དང་ནི་མི་རྒྱུ་བ། །ལུང་དང་རིག་པའི་གཏན་ཚིག་གིས། །གཞིག་སྟེ་འོད་གསལ་བར་བྱས་ནས། །ཕྱིས་ནས་རང་ཉིད་དེ་བཞིན་བྱེད། །རྗེས་གཞིག་རིམ་གྱིས་ཐུན་མོང་ངོ་། །སོགས་དབྱེ་བ་རྒྱས་པ་དང་། ཐམས་ཅད་སྟོང་པ་འོད་


JKT005_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ། །སྤྲོས་པ་ཀུན་བྲལ་གང་ཡང་ཡིན། །ཆད་པར་ལྟ་བ་ག་ལ་ཡིན། །དེ་ཡི་མཚན་ཉིད་ཡོད་མེད་དང་། །སྣང་དང་མི་སྣང་རྟག་ཆད་སོགས། །སོ་སོ་མ་ནིང་ཁ་དོག་དབྱིབས། །བསྐྱེད་དང་སྔགས་དང་སེམས་ལ་དམིགས། །བདེན་གཉིས་འཁོར་འདས་ལ་སོགས་དང་། །བསོད་ནམས་གཟུགས་མིན་སྡིག་གཟུགས་མིན། །སྐུ་དང་ཡོན་ཏན་གང་ཡང་མིན། །བརྗོད་པའི་ཐ་སྙད་ཀུན་དང་བྲལ། །ཨེ་མའོ་ཀུན་ཏུ་བཟང་པོ་ཡི། །རྡོ་རྗེ་སྐུ་དང་གསུང་ཐུགས་སོགས། །སྐྱེ་བ་མེད་པའི་ཚུལ་གྱིས་ནི། །སྐྱེ་བ་དག་ཏུ་རབ་ཏུ་བསྒྲགས། །སྐྱེས་པ་ཉིད་ནས་སྐྱེ་བ་ཉིད། །སྐྱེས་དང་མ་སྐྱེས་གཉིས་སུ་མེད། །སོགས་དང་། །མ་སྐྱེས་པ་ཡི་ཆོས་རྣམས་ལ། །ངོ་བོ་མེད་དེ་བསྒོམ་པའང་མེད། །ནམ་མཁའི་ཚུལ་དུ་སྦྱོར་བ་ཡིས། །དངོས་པོ་ཀུན་ཏུ་རབ་གྲགས་པའོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་རྟོག་པའང་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །མངོན་པར་བྱང་ཆུབ་མངོན་སངས་རྒྱས། །བདག་གི་དེ་ཉིད་ཆོས་ཀྱི་དབྱིངས། །དེ་བཞིན་ཉིད་ལ་སོགས་པའི་ཚིག །ཐམས་ཅད་དེ་ཡི་རྣམ་གྲངས་སོ། །སུས་ཀྱང་མ་བྱས་མ་བཅོས་པ། །མ་བསླད་མི་འགྱུར་དེ་བཞིན་གཤེགས། །བྱང་ཆུབ་ནམ་མཁའི་མཚན་ཉིད་པས། །མངོན་པར་བྱང་ཆུབ་ཅེས་བརྗོད་དོ། །དེ་ཉིད་རྟོགས་ཏེ་མཐོང་སྒོམ་


JKT005_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །གཞན་གྱི་དོན་དུ་ལན་འགའ་ཞིག །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །བདག་བྱིན་བརླབས་པའི་རིམ་གྱིས་ནི། །རྩོལ་བས་སྐུར་བཞེངས་དོན་མཛད་དོ། །ད་དུང་བདེན་གཉིས་ཕྲ་མོར་སྣང་། །དེ་ནས་ཟུང་འཇུག་ཡེ་ཤེས་སྐྱེད། །ཆོས་རྣམས་གང་ལའང་མི་བཟོད་དང་། །འཇིགས་སྐྲག་ཉམ་པའི་རྟོག་པ་མེད། །གཉིས་པ་ཐམས་ཅད་རྣམ་སྤངས་པའི། །དབྱེར་མེད་ཟུང་དུ་འཇུག་པ་ཉིད། །དེ་ལྟར་རྟོགས་པས་ཐམས་ཅད་དེ། །སྤྱོད་པའང་དེ་བཞིན་གཉིས་མེད་པའོ། །སྔགས་པས་སེང་གེ་བཞིན་དུ་སྤྱོད། །ཟུང་འཇུག་ཏིང་ངེ་འཛིན་བསླབས་པས། །མི་སློབ་ཟུང་འཇུག་ཆོས་སྐུ་ཐོབ། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །མི་རྟོག་སྨོན་ལམ་དབང་གིས་ནི། །གཟུགས་སྐུ་ལ་སོགས་ཡོན་ཏན་རྣམས། །གདུལ་བྱ་དག་པའི་ངོ་ལ་སྣང་། །མ་འོངས་ཕྱི་མའི་དུས་སུ་ནི། །ལུང་ཟབ་མན་ངག་མི་བརྟེན་པར། །འཐད་སྒྲུབ་རིགས་པ་གཙོར་བྱེད་པས། །རང་རང་གྲུབ་མཐའ་དམ་པར་འཛིན། །སྦས་དོན་ཙམ་གྱིས་ཆོག་བྱེད་ཅིང་། །མཐར་ཐུག་ལྟ་བ་ཟབ་མོ་ལ། །མི་མོས་སླར་ཡང་སུན་འབྱིན་བྱེད། །དེས་ནི་བདག་གཞན་དོན་བརླག་འགྱུར། །སོགས་དཔེ་དང་བཅས་པ་རྒྱས་པ་དང་། གསང་སྔགས་མཐར་ཐུག་ལྟ་དུས་སུ། །ཡིད་དང་དབང་པོ་མངོན་སུམ་དང་། །རྗེས་སུ་དཔག་པ་མི་ཚད་དེ། །ལུང་ཟབ་མན་ངག་ཚད་མར་བྱ། །གང་ཞིག་ང་རྒྱལ་


JKT005_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྦགས་ཤིང་། །དེ་ཉིད་ཆོས་ལ་བརྙས་བྱས་ཏེ། །ཡང་དག་རིག་པ་སུན་འབྱིན་པ། །མནར་མེད་སེམས་ཅན་དམྱལ་བར་ལྟུང་། །སོགས་དང་། ཐ་སྙད་ཚིག་གི་ང་རྒྱལ་གྱིས། །བླ་མ་མི་བསྟེན་བསྙེན་བཀུར་མེད། །དམན་པའི་ལྟ་བ་ལ་མོས་ཏེ། །སྦས་གསུམ་ལྟ་ཞེན་མི་གཏོང་ཞིང་། །མཐར་ཐུག་དོན་ལ་མི་མོས་ཏེ། །རིག་པ་གཙོར་བྱེད་ཤེས་རབ་ཀྱིས། །མཐར་ཐུག་ཟབ་མོ་སུན་འབྱིན་བྱེད། །དེ་ལ་དེ་ཉིད་བསྟན་མི་བྱ། །གང་ཞིག་བླ་མ་བསྙེན་བཀུར་ཞིང་། །ཐམས་ཅད་སྟོང་པས་མི་སྐྲག་བཟོད། །མཐར་ཐུག་དོན་ལ་མི་མོས་པ། །དེ་ལ་བླ་མའི་དྲིན་སྦྱིན་བྱ། །ཞེས་སོ། ༈ །སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་འདུས་པའི་སྒྲུབ་པའི་ཐབས་རྣམ་པར་བཞག་པའི་རིམ་པར། །འདིར་གསོལ་པ། གླིང་གསུམ་གྱི་མི་རྣམས་ཀྱང་སོ་སོར་གནས་པ་མ་ལགས་སམ། ཅིའི་སླད་དུ་སྐྱེ་བ་གཅིག་གིས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དགའ་ལྡན་གྱི་གནས་མཆོག་ནས་དེར་འཇུག་བར་མི་མཛད་པར་འདིར་ངེས་པ་ཁོ་ནར་འཛམ་བུའི་གླིང་དུ་འཇུག་ཅིང་། མི་རྣམས་ལ་ཆོས་སྟོན་པའི་རྒྱུ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། །རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་རྣམས་ཀྱི་མི་རྣམས་ལོངས་སྤྱོད་ཆེན་པོ་དང་ལྡན་ཏེ། དེ་ལྟ་


JKT005_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱི་བླུན་ཞིང་རྨོངས་པས་མི་སྤྱོད་ཅིང་མི་འབྱེད་དོ། །འཛམ་བུའི་གླིང་འདི་ནི་ལས་ཀྱི་ས་པ་ཡིན་ཏེ། དེ་ན་ལེགས་པར་སྤྱོད་པ་དང་ཉེས་པར་སྤྱད་པས་མཆོག་དང་འབྲིང་དང་ཐ་མའི་སེམས་ཅན་རྣམས་སུ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པས་འདིར་སྣང་བར་འགྱུར་རོ། །འདི་ལྟ་སྟེ། འཛམ་བུ་གླིང་པའི་མི་རྣམས་གཡོ་དང་། སྒྱུ་དང་། དྲེགས་པ་དང་། ཕྲག་དོག་དང་གདུག་པའི་བསམ་པས་རིམས་ནད་ལ་སོགས་པས་ཡོངས་སུ་གཟིར་བར་འགྱུར་རོ། །འོན་ཀྱང་མགོ་སྨོས་པས་གོ་བ་དང་། དབང་པོ་རྣོ་ཞིང་སྒྲིན་པ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་རྣམས་འཛམ་བུའི་གླིང་གི་སྐྱེ་བོའི་གནས་ཀྱི་དབུས་སུ་འཁྲུངས་ཤིང་ཆོས་སྟོན་པར་འགྱུར་རོ། །དེའི་ཕྱིར་གསུངས་པ། མི་རུ་འཁྲུངས་པ་ངེས་ཚུལ་དང་པོ་སྟེ། །རབ་ཏུ་བྱུང་བ་ཚུལ་ནི་གཉིས་པའོ། །འདུལ་བ་བསྲུངས་པ་ཚུལ་ཆེན་གསུམ་པ་སྟེ། །ཏིང་འཛིན་མཉེས་པ་ཚུལ་མཆོག་བཞི་པ་ཡིན། །ཞེས་དང་། དབང་པོ་གཉིས་མཉམ་པར་སྦྱོར་བ་མཐོང་བས་འདོད་པ་ཉེ་བར་ལེན་པའི་ཕྱིར་སྲིད་པ་བར་མ་སྤངས་ཏེ་རྟ་ཞོན་པ་བཞིན་རྣམ་པར་ཤེས་པའི་བདག་པོ་ཐུགས་རྡོ་རྗེ་རླུང་གི་གཞོན་པ་ལ་ཡང་དག་པར་ཞོན་ནས་ཤིན་ཏུ་མྱུར་བར་སོང་ཞིང་སྐད་ཅིག་ཐང་གཅིག་ཡུད་ཙམ་གྱིས་ཡེ་ཤེས་སེམས་དཔའ་ལྟར་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ཏེ། ཡེ་ཤེས་ཀྱིས་ཐོབ་ནས་ཐབས་ཀྱི་ཡེ་ཤེས་དང་


JKT005_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་གཉིས་སུ་མེད་པར་གྱུར་ནས་ཤིན་ཏུ་དགའ་བར་ཆུད་པའི་སྙིང་པོ་ཅན་ཡིན་ཏེ། རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་གསུངས་པའི་རིགས་པ་དང་། ཤེས་རབ་ཀྱི་མདོ་ལས་གཉིས་ཀ་མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡང་དག་པར་བསྐུལ་ཏེ། གཉིས་ཀའང་མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱའོ། །ཨཱ་ལི་དང་ཀཱ་ལི་རྣམས་གཅིག་ཏུ་གྱུར་ནས་ཁམས་ཕྲ་བ་ལ་ཞུགས་པའི་ཤེས་རབ་དང་། ཡེ་ཤེས་ཀྱི་འོད་ཟེར་ཤར་བས་གཉི་ག་ཡང་ཞུ་བར་གྱུར་ཏེ། ཁུ་བ་དང་ཁྲག་ཡང་དག་པར་འདྲེས་ནས་སྐྱེ་གནས་ཀྱི་དབུས་སུ་ཐིག་ལེའི་གཟུགས་སུ་བབས་སོ། །ཞེས་གསུངས་སོ། །ཞེས་དང་། དེའི་འོག་ཏུ་རིམ་གྱིས་འཕེལ་ཏེ། དང་པོར་མེར་མི། མེར་པོའི་རྣམ་པའོ། །མེར་རི། མེར་པོ་ལས་ལྟར་ལྟར་པོར་འགྱུར། ལྟར་འོད། ལྟར་པོ་ལས་གོར་གོར་པོའོ། །གོར་གོར་པོ་ལས་མཁྲང་དོན། འགྱུར། མཁྲང་འགྱུར་ལ་ཡང་རླུང་གིས་བསྐུལ་ཏེ། དེས་རྐང་ལག་རྣམ། འགྱུས་ཏེ་གནས་སྐབས་ལྔ་གསལ་བར་འགྱུར་རོ། །དེའི་འོག་ཏུ་སྐྲ་དང་། །ཁ་སྤུ་དང་། སེན་མོ་ལ་སོགས་པ་དང་། དབང་པོ་རྣམས་དང་གཟུགས་དང་མཚན་མ་རྣམས་རིམ་གྱིས་སྐྱེའོ། །དེ་ཡང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ལས་ས་བོན་གྱི་གནས་སྐབས་ནས་


JKT005_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ་གནས་སྐབས་ལྔ་ངེས་པར་སྐྱེའོ། །སོགས་དང་། དེ་ལྟར་མེར་མེར་པོ་ལ་སོགས་པས་ས་བོན་དང་མྱུ་གུ་བཞིན་ཡོངས་སུ་སྨིན་པ་ཐོབ་སྟེ། མངལ་གྱི་སྣོད་དུ་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་རྒྱུ་བ་གང་དག་གིས་མངལ་གྱི་སྣོད་ཡོངས་སུ་བསྒྱུར་ནས་མའི་རུམ་ནས་ཆོས་ཀྱི་འབྱུང་གནས་ཀྱི་སྒོར་མངོན་པར་ཕྱོགས་ཤིང་གནས་པར་འགྱུར་རོ། །དེ་ཡང་ཕོ་ཡིན་ན་མའི་མངལ་རུམ་གྱི་གཡས་སུ་བརྟེན་ཅིང་རྒྱབ་ཏུ་མངོན་པར་བལྟས་ཏེ་ཙོག་ཙོག་པོར་གནས་སོ། །གལ་ཏེ་མོ་ཡིན་ན་དེའི་ཕྱིར་མངལ་གྱི་གཡོན་དུ་བརྟེན་ཏེ་ལྟེ་བར་མངོན་པར་བལྟས་ཏེ་གནས་སོ། །དེའི་འོག་ཏུ་ཟླ་བ་བཅུའི་ཐ་མར་རྩ་བའི་རྒྱུད་ལས་གསུངས་པའི་དམ་ཚིག་འབྱུང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་ཡང་དག་པར་བསྟན་པའི་རིམ་པས་མའི་མངལ་ནས་ཐོན་པར་གྱུར་ཏེ། །དེའི་ཕྱིར་དྲི་ཟ་ཉེ་བར་འཁོར་སེམས་ཅན་གྱི་ཤའི་མིག་གི་ཡུལ་དུ་གྱུར་ཏོ། །ཞེས་དང་ས་ལྟར་མི་གཡོ་བའི་ཏིང་ངེ་འཛིན་དེ་ཉིད་ནི་སྙིང་པོ་སྟེ། ནང་གི་བདག་ཉིད་གང་ལ་ཡོད་པ་དེ་ནི་སའི་སྙིང་པོའོ། །ཡེ་ཤེས་ལྔ་ཡི་རང་བཞིན་གྱི་རྡོ་རྗེ་འཆང་བར་མཛད་པས་ན་ཕྱག་ན་རྡོ་རྗེའོ། །ནམ་མཁའ་ནི་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་ཏེ་དེ་ཉིད་སྙིང་པོ་སྟེ་ནམ་མཁའི་སྙིང་པོའོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཇིག་རྟེན་རྣམས་དབང་དུ་བྱེད་པས་ན་འཇིག་རྟེན་དབང་ཕྱུག་གོ །འོད་གསལ་ཞིང་ཡིད་དུ་


JKT005_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བའི་ཏིང་ངེ་འཛིན་གྱིས་བསྐུལ་བའི་དཔལ་ཡོད་པས་ན་འཇམ་དཔལ་ལོ། །སྒྲིབ་པ་ཐམས་ཅད་དང་ཉོན་མོངས་པ་རྣམས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མནན་པས་ན་སྒྲིབ་པ་ཐམས་ཅད་སེལ་བའོ། །ཀུན་ནས་མཛེས་པས་ན་ཀུན་ཏུ་བཟང་པོའོ། །བྱམས་པའི་ཡོན་ཏན་གང་ལ་ཡོད་པས་ན་བྱམས་པའོ། །ཞེས་དང་། དེ་ལ་གཟུགས་ཀྱི་ཕུང་པོ་འོད་གསལ་དུ་ཞུགས་པའི་མཚན་མ་མཁས་པས་ཤེས་པར་བྱ་སྟེ། ཡན་ལག་ཐམས་ཅད་ཕྲ་བ་དང་། ལུས་ཀྱི་ཉམ་ཆུང་ཞིང་ལྷོད་པར་འགྱུར་རོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པ་ན་རབ་རིབ་ཏུ་འགྱུར་རོ། །སའི་ཁམས་འགགས་པ་ན་ལུས་བསྐམ་པར་འགྱུར་རོ། །མིག་གི་དབང་པོ་འགགས་པ་ན་མིག་འགྱུར་ཞིང་ཟུམ་པར་འགྱུར་རོ། །གཟུགས་ཀྱི་ཡུལ་འགགས་པ་ན་རང་གི་ལུས་ཀྱི་མདངས་མེད་ཅིང་ཉམས་ཟད་པ་ཉིད་དུ་འགྱུར་རོ། །དེ་ལྟར་འཁོར་བ་ཐོག་མ་མེད་པ་ནས་རྐང་མེད་དང་། རྐང་གཉིས་དང་། རྐང་བཞི་དང་། རྐང་མང་ལ་སོགས་པའི་སེམས་ཅན་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་སྐུའི་དཀྱིལ་འཁོར་ལ་གནས་ཏེ། དོན་དམ་པའི་དཀྱིལ་འཁོར་དུ་སྐད་ཅིག་པའི་རིམ་གྱིས་འཇུག་གོ །གང་དག་ཆ་ཤས་ལ་གནས་པ་དེ་དག་ནི་འདིར་རྣམ་པར་བཞག་པ་མེད་མོད་ཀྱི། འོན་ཀྱང་རིམ་གྱིས་དོན་དམ་པའི་བདེན་པར་རབ་ཏུ་འཇུག་གོ །དེ་བཞིན་དུ་གཉེས་པ་རིན་


JKT005_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་རིགས་ཀྱི་ལྷ་རྣམས་དོན་དམ་པའི་བདེན་པར་འཇུག་པ་དེའི་ཚེ་མཚན་མ་མཁས་པས་ཤེས་པར་བྱ་སྟེ། ཚོར་བའི་ཕུང་པོ་ཐིམ་པ་ན་རླུང་དང་མཁྲིས་པ་བད་ཀན་ལ་སོགས་པ་ལུས་ཚོར་བ་ཉམས་སུ་མྱོང་བར་མི་འགྱུར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐིམ་པ་ན་ཡིད་ཀྱི་ཚོར་བ་རྣམ་པ་གསུམ་དྲན་པར་མི་འགྱུར་རོ། །ཆུའི་ཁམས་བསྐམ་པ་ན་རང་གི་ལུས་ལ་ཁ་ཆུ་དང་ཁྲག་དང་ཁུ་བ་ལ་སོགས་པ་བསྐམ་པར་འགྱུར་རོ། །རྣ་བའི་དབང་པོ་ཐིམ་པ་ན་ཕྱི་དང་ནང་དུ་བཅས་པའི་སྒྲ་ཐོས་པར་མི་འགྱུར་རོ། །སྒྲའི་ཡུལ་ཐིམ་པ་ན་རང་གི་ལུས་ཀྱི་སྒྲ་ཐོས་པར་མི་འགྱུར་རོ། །གཉིས་པ་རིན་པོ་ཆེའི་རིགས་ཀྱི་ལྷ་རྗེས་སུ་གཞུག་གོ །གསུམ་པ་པདྨའི་རིགས་ཀྱི་ལྷ་རྣམས་འཇུག་པའི་དུས་སུ་མཚན་མ་མཁས་པས་ཤེས་པར་བྱ་སྟེ། འདུ་ཤེས་ཀྱི་ཕུང་པོ་ཐིམ་པ་ན་རྐང་གཉིས་ལ་སོགས་པའི་སེམས་ཅན་རྣམས་དྲན་པར་མི་འགྱུར་རོ། །སོ་སོར་རྟོག་པའི་ཡེ་ཤེས་ཐིམ་པ་ན་ཕ་དང་། མ་དང་། བུ་དང་། གཉེན་ལ་སོགས་པའི་འགྲོ་བ་ཐམས་ཅད་ཀྱི་མིང་མི་དྲན་ནོ། །མེའི་ཁམས་ཐིམ་པ་ན་བཟའ་བ་ཐམས་ཅད་མི་འཇུའོ། །སྣའི་དབང་པོ་ཐིམ་པ་ན་སྟེང་གི་རླུང་བརྩེགས་ཤིང་འགྲོ་བར་འགྱུར་རོ། །དྲིའི་ཡུལ་ཐིམ་པ་ན་རང་གི་ལུས་ལ་དྲིའི་ཡུལ་བྲོ་བར་མི་འགྱུར་རོ། །གསུམ་པ་པདྨའི་རིགས་ཀྱི་ལྷ་རྣམས་རྗེས་སུ་གཞུག་པའོ། །བཞི་པ་ལས་ཀྱི་རིགས་ཀྱི་ལྷ་རྣམས་


JKT005_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡང་དག་པའི་མཐར་འཇུག་པའི་མཚན་མ་མཁས་པས་ཤེས་པར་བྱ་སྟེ། དེ་ལ་འདུ་བྱེད་ཀྱི་ཕུང་པོ་ཐིམ་པ་ན་ལུས་ཀྱི་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུར་རོ། །བྱ་བ་གྲུབ་པའི་ཡེ་ཤེས་ཐིམ་པ་ན་འཇིག་རྟེན་པའི་བྱ་བ་དང་དགོས་པ་ཐམས་ཅད་དྲན་པར་མི་འགྱུར་རོ། །རླུང་གི་ཁམས་ཐིམ་པ་ན་སྲོག་ལ་སོགས་པའི་རླུང་བཅུ་རང་གི་གནས་ནས་འཕོ་བའོ། །ལྕེའི་དབང་པོ་ཐིམ་པ་ན་ལྕེ་སྦོམ་པ་དང་། ཐུང་བ་དང་། རྩ་བ་སྔོན་པོར་འགྱུར་རོ། །རོའི་ཡུལ་ཐིམ་པ་ན་རོ་དྲུག་ཉམས་སུ་མི་མྱོང་ངོ་། །བཞི་པ་ལས་ཀྱི་རིགས་ཀྱི་ལྷ་རྣམས་རྗེས་སུ་གཞུག་པའོ། །ལྷག་མ་རང་བཞིན་གྱི་སྣང་བ་འཇམ་དཔལ་གྱི་ཡེ་ཤེས་། རིམ་པ་གཉིས་པ་བྱ་སྟེ། དེ་ཡང་སྲོག་དང་རྩོལ་བ་དང་བཅས་པ་རྡོ་རྗེ་བཟླས་པའི་རིམ་པས་གནས་ཏེ། རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་རིམ་པས་མི་ཤིགས་པ་མངོན་དུ་བྱ་སྟེ། འཛིན་པ་ཉེ་བར་བསྡུས་པ་དེའི་ཚེ། ཨོ་ཤུན་ཏཱ་ནས། ཀོཉཧཾ། ཞེས་བྱ་བའི་སྔགས་ཀྱི་དོན་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཞེས་གསུངས་སོ། ༈ །སློབ་དཔོན་ནཱ་ག་བོ་དྷིས་མཛད་པའི་དཀྱིལ་ཆོག་ཉི་ཤུ་པར། དང་པོར་ས་ནི་སྦྱོང་བ་༡དང་། །དེ་ནས་ས་ཡོངས་འཛིན་པ་དང་། །ཕྱི་ནས་བགེགས་ནི་ཉེར་ཞི་དང་། །ཐོད་ལེ་དཀར་པོས་ཐིག་གདབ་དང་། །དེ་ནས་ས་ལྷ་སོགས་ལྷག་པར༦། །གནས་དང་དེ་ནས་གསོལ་གདབ་དང་། །


JKT005_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནས་སློབ་མ་ལྷར་གནས་དང་། །ནམ་མཁའི་ཐིག་ནི་གདབ་པ་དང་། །ཚོན་སྣ་ལྔ་ཡི་ཆོ་ག་དང་། །ཚོན་རྩི་རྣམས་ནི་དགྱེ་བ་དང་། །ལྷ་རྣམས་སྤྱན་དྲངས་ཉིད་དང་ནི། །དེ་ནས་སློབ་མ་གཞུག་པ་དང་། །ཁྲུས་ཀྱི་དཀྱིལ་འཁོར་ཆོ་ག་དང་། །དེ་ནས་སངས་རྒྱས་དབང་བསྐུར་དང་། །དེ་ནས་ཕྱག་མཚན་དབང་བསྐུར་དང་། །བླ་མ་ལྷ་དང་ཡོན་གཉིས་དང་། །རྗེས་སུ་གནང་བ་སྦྱིན་པ་དང་། །དེ་ནས་གཤེགས་གསོལ་ཆོ་ག་དང་། །དཀྱིལ་འཁོར་ལས་ཆེད་ཕུར་པ་དང་། །སྐུད་པ་ཉིད་ཀྱང་བསྡུ་བ་སྟེ། །རབ་བཤད་ཆོ་ག་ཉི་ཤུ་ཡིས། །ཇི་ལྟ་ཇི་ལྟར་རྒྱས་ཤེས་པའི། །རྡོ་རྗེ་སློབ་དཔོན་མཁས་པ་ཡིས། །རྡུལ་ཚོན་དཀྱིལ་འཁོར་བྲི་། བར་བྱ། །ཞེས་སོ། །ཡང་། རིན་ཆེན་ས་བོན་དེ་བཞིན་དང་། །མེ་ཏོག་ཚོན་དང་དེ་བཞིན་དུ། །བྱེ་མ་གསོ་དང་ཕྱེ་མ་སྟེ། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་བདེན། །ཅེས་དང་། དེ་བཞིན་གཤེགས་པས་རྡོ་རྗེ་ཡི། །ཐེག་པར་སློབ་དཔོན་རྣམ་གཉིས་གསུངས། །གཅིག་ནི་གསང་སྔགས་གཙོར་བྱེད་འགྱུར། །གཅིག་ནི་བསམ་གཏན་ལ་གཞོལ་བ། །གསང་སྔགས་སྒྲ་གནས་རྣལ་འབྱོར་བ། །ལྷ་ལ་དམིགས་པ་ལྷུར་ལེན་པས། །དེ་ལ་མཚན་མ་རྙེད་གྱུར་ཏེ། །རྡུལ་ཚོན་དཀྱིལ་འཁོར་བྲི་བར་བྱ། །གསང་སྔགས་ཚུལ་གནས་རྣལ་འབྱོར་པ། །གཉིས་མེད་ཡེ་ཤེས་སྦྱོར་ལྡན་པས། །སྒྱུ་མ་ལྟ་བུའི་ཚུལ་གྱིས་ནི། །འཁོར་ལོ་སྒྱུ་མ་


JKT005_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བྲི་བར་བྱ། །ཞེས་དང་། ༈ །ཡང་དེས་མཛད་པའི་ལས་ཀྱི་མཐའ་རྣམ་པར་འབྱེད་པར། ཡེ་ཤེས་གསུམ་ལས་རྣམ་བྱུང་བ། །ཁམས་བཞི་དང་ནི་དབང་པོ་དྲུག །ཕུང་པོ་ལྔ་དང་སྒོ་དགུ་དང་། །། འགྲོ་བ་གསུམ་པོ་ཕལ་ཆེར་ནི། །སྐྱེ་གནས་རྣམ་པ་བཞི་ཡིན་ཏེ། །སྒོང་སྐྱེས་དང་ནི་མངལ་སྐྱེས་དང་། །དྲོད་གཤེར་སྐྱེས་ནི་གསུམ་པ་ཡིན། །བཞི་པ་ཡང་ནི་རྫུས་སྐྱེས་སོ། །ཞེས་དང་། དང་པོ་མ་རིག་ཤེས་པར་བྱ། །གཉིས་པ་དེ་བཞིན་སེམས་ལས་བྱུང་། །གསུམ་པ་སེམས་ཞེས་བྱ་འདི་རྣམས། །སྟོང་ཉིད་གསུམ་དུ་བརྗོད་པ་ཡིན། །སོགས་དང་། སྟོང་ཉིད་གསུམ་ལུས་བྱུང་བའི་རླུང་། །དེ་ཉིད་དང་ནི་ཀུན་ཏུ་གནས། །དེ་ཡི་བཞོན་པ་ཉིད་འགྱུར་ཏེ། །བདག་ཉིད་ཀྱང་ནི་སྟོང་པའི་ཕྱིར། །རྣམ་ཤེས་ལས་ནི་རླུང་འབྱུང་སྟེ། །དེ་ལས་མེ་ནི་ཡང་དག་འབྱུང་། །དེ་ལས་ཆུ་ནི་འབྱུང་བར་འགྱུར། །དེ་ལས་ཡང་ནི་ས་འབྱུང་ངོ་། །དེ་ལས་ཡང་ནི་ཕུང་པོ་འབྱུང་། །དེ་ལས་ཡང་ནི་སྐྱེ་མཆེད་འབྱུང་། །དེ་ལས་ཡེ་ཤེས་རང་བཞིན་རྣམས། །བརྒྱ་དང་དྲུག་ཅུ་བཅས་དང་སླར། །སྐད་ཅིག་འདོད་ཆགས་བྲལ་དང་འཇིགས། །སོགས་དང་། སྔོན་ནི་ཇི་ལྟར་འོངས་པ་བཞིན། །རིམ་པ་འདི་ཡིས་ཐིམ་འགྱུར་ཏེ། །དང་པོ་ས་ནི་ཆུ་ལ་འཇུག །ཆུ་ནི་མེ་ལ་ཐིམ་འགྱུར་ཞིང་། །མེ་ནི་རླུང་ལ་ཐིམ་པར་འགྱུར། །རླུང་ནི་རྣམ་པར་ཤེས་ལ་འཇུག །རྣམ་ཤེས་


JKT005_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པར་གཤེགས་ནས་སུ། །འོད་གསལ་བར་ནི་དེ་ལ་ཞུགས། །དེ་ལས་དྲི་ཟ་ཉིད་གྱུར་ནས། །ལས་ཀྱིས་བསྐུལ་ལས་སྐྱེ་བར་འགྱུར། །ཞེས་དང་། ༈ །ཡང་དེས་མཛད་པའི་རིམ་པའི་ཁོངས་སུ་བསྡུ་པས་སྨིན་སོགས་ལ། །དབྱེ་བ་སུམ་ཅུ་དྲུག་བདག་ཉིད། །ཇི་སྐད་གསུངས་པ་དེ་བཞིན་འདིར། །རིམ་རྣམས་དབྱེ་བསལ་འདིར་བརྗོད་བྱ། །ཞེས་སོགས་ཀྱིས་བསྐྱེད་རིམ་དང་། རྡོར་བཟླས། སེམས་དམིགས་བདག་བྱིན་རླབས། མངོན་པར་བྱང་ཆུབ། ཟུང་དུ་འཇུག་པ་རྣམས་ལ་སོ་སོའི་རིམ་པ་ལྔ་རེ་སྟེ་སུམ་ཅུར་ཕྱེ་བར་སྣང་ངོ་། ༈ །སློབ་དཔོན་ཀླུས་མཛད་པའི་སྒྲུབ་ཐབས་མདོ་བསྲེར་ལུང་དྲངས་པ། ནམ་མཁའི་དཀྱིལ་འཁོར་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པ་ནི། །འོད་ཟེར་སྤྲིན་གྱི་ཚོགས་ཆེན་པོ། །སངས་རྒྱས་འབར་བའི་འོད་དང་ལྡན། །འོད་ཟེར་སྣ་ལྔས་ཀུན་ཏུ་ཁྱབ། །ཀུན་ནས་ཡོངས་སུ་ཟླུམ་པོ་དེ། །འདོད་པའི་ཡོན་ཏན་ལྔ་ཡིས་བརྒྱན། །མཆོད་པ་རྣམ་པ་ལྔས་བརྒྱན་པ། །མདོར་ན་དེ་ལྟར་བསྒོམས་ནས་སུ། །གཟུགས་ནི་དབུས་སུ་བསྒོམ་པར་བྱ། །ཞེས་དང་། ཡི་དམ་བཅས་པ་རྫོགས་ནས་ཀྱང་། །སྔགས་ཀྱི་གནས་ནི་བསྲུང་བར་བྱ། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །གནས་ནས་སངས་རྒྱས་བྱིན་གྱིས་རློབས། །ཞེས་དང་། ད་ནི་མདོར་


JKT005_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་ནས་བཤད་པར་བྱ་སྟེ། དེ་ལ་ཐོག་མར་གནས་ངེས་པ་དང་། སྙིང་རྗེ་ཆེན་པོ་ལ་དམིགས་པ་དང་། སྲུང་བའི་འཁོར་ལོ་བསྒོམ་པ་དང་། སྟོང་དེ་ཏིང་། པ་ཉིད་ལ་དམིགས་པ་དང་། སའི་ཆ་བསྐྱེད་པ་དང་། འཁོར་སྣོད། གཞལ་ཡས་ཁང་དང་། དཀྱིལ་འཁོར་བཅུད། དགོད་པ་དང་། དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པ་དང་། ལྡང་བ་དང་། ཉི་མའི་དཀྱིལ་འཁོར་ལ་དམིགས་པ་དང་། མཐར་ཟླ་བའི་དཀྱིལ། འབྱུང་རིམ་དང་། རྡོ་རྗེ་འཆང་ཆེན་པོ་བསྐྱེད་པ་དང་། སྔགས་ཀྱི་བྱིན་གྱིས་བརླབས་པས་ཕུང་པོ་ལ་སོགས་པ་དགང་བ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་ལྡན་པའི་འདུས་བྱས་པ་དང་། རྡོ་རྗེ་དང་པདྨ་འདུས་བྱས་པ་དང་། རྗེས་སུ་ཆགས་པའི་རྡོ་རྗེ་བྱིན་གྱིས་བརླབས་པ་དང་། དཀྱིལ་འཁོར་འབྱུང་བ་དང་། ཕྲ་མོའི་སྦྱོར་བ་དང་། རྡོ་རྗེའི་བཟླས་པ་དང་། ངག་གི་བཟླས་པ་དང་། དོན་དམ་པ་ལ་ཞུགས་པ་དང་། རབ་ཏུ་བསྐུལ་ནས་བསླང་བ་དང་། བསྟོད་པ་བྱ་བ་དང་། ཉེ་བར་བསྡུ་བ་དང་། ལས་ཀྱི་རབ་ཏུ་དབྱེ་བ་རྣམས་སུ་ཤེས་པར་བྱའོ། །ཞེས་སོ། ༈ །དེས་མཛད་པའི་དཀྱིལ་འཁོར་གྱི་ཆོ་གར། སྔོན་དུ་བསྙེན་པ་བྱས་ནས་སུ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ། །གང་ཞིག་ཡིད་འོང་གནས་སུ་ནི། །དྲི་བཟང་ཙནྡན་སོགས་ཀྱིས་བྱུགས། །དྲི་ཞིམ་མེ་ཏོག་མཆོག་བཀྲམ་ནས། །ཤར་ཕྱོགས་སུ་ནི་ཁ་བལྟས་ལ། །སེམས་དཔའི་


JKT005_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་མོ་ཀྲུང་གནས་ཏེ། །འཁོར་བའི་འདམ་དུ་བྱིང་བ་ཡི། །འགྲོ་ལ་ཕན་དང་བསྐྱབ་པའི་ཕྱིར། །སྙིང་རྗེ་ཆེན་པོས་དམིགས་པར་བྱ། །བཀའ་ཡི་འཁོར་ལོ་སྔོན་འགྲོ་བའི། །བསྙེན་དང་ཉེར་སྒྲུབ་སྒྲུབ་པ་དང་། །སྒྲུབ་ཆེན་ལ་ནི་མཁས་པ་ཡིས། །སྦྱོར་བ་གསུམ་གྱི་མཐར་ཐུག་པར། །རྡོ་རྗེའི་བཟླས་དང་རྗེས་མཐུན་པར། །ངག་གི་བཟླས་པའི་ཚུལ་ཉིད་ཀྱིས། །དཀྱིལ་འཁོར་གཙོ་བོའི་འབུམ་དུ་བཟླས། །དེ་བཞིན་@གཞན་པའི་ཁྲི་རུ་བཟླས། །མཚན་མ་ངེས་པར་ཐོབ་པའམ། །ཡང་ན་བསྙེན་པའི་སྦྱོར་གོམས་པས། །དཀྱིལ་འཁོར་ཡོངས་སུ་བྲི་བར་བྱ། དེ་ལ་དཀྱིལ་འཁོར་ཆོ་ག་ནི། །ཡན་ལག་རྣམ་ཕྱེད་ཉི་ཤུ་སྟེ། །ས་གཞི་སྦྱོང་དང་བྱིན་རླབས་པ། །ཡོངས་སུ་བཟུང་དང་སྲུང་བ་དང་། །ས་ཡི་ལྷ་དང་དཀྱིལ་འཁོར་དང་། །བུམ་པ་རྣམས་དང་སློབ་མ་དག །སྟ་གོན་དུ་ནི་གནས་པ་དང་། །ཐིག་གདབ་པ་ཡི་ཆོ་ག་དང་། །དེ་བཞིན་རྡུལ་ཚོན་དབྱེ་བ་དང་། །དཀྱིལ་འཁོར་བྱིན་གྱིས་བརླབས་པ་དང་། །དེ་ལ་མཆོད་པའི་བྱེ་བྲག་དང་། །སློབ་དཔོན་བདག་ཉིད་འཇུག་པ་དང་། །དེ་བཞིན་སློབ་མ་གཞུག་པ་དང་། །བུམ་པའི་དབང་དང་གསང་དབང་དང་། །ཤེས་རབ་ཡེ་ཤེས་དབང་དང་ནི། །དེ་བཞིན་དུ་ནི་བཞི་པ་དང་། །རབ་གནས་དང་ནི་སྦྱིན་སྲེག་སྟེ། །དཀྱིལ་འཁོར་གྱི་ནི་ཡན་ལག་མཆོག །འདི་དག་ཆོ་ག་ཉི་ཤུའོ། །ཞེས་དང་། བདེ་བ་


JKT005_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་གཞལ་ཡས་ཁང་ཡིན་པས་ན་གཞལ་ཡས་ཁང་ངོ་། །དཀྱིལ་ནི་སྙིང་པོའི་དོན་ཏོ། །འཁོར་ནི་རྫོགས་པའི་དོན་ཏོ། །དེ་ནི་དཀྱིལ་འཁོར་རོ། །དེ་དག་ཀུན་ཀྱང་ཚིག་གི་དོན་དང་རྒྱ་ཆེར་སྦྱར་རོ། །ཞེས་དང་། ༈ །ཡང་སྒྲུབ་ཐབས་མདོར་བྱས་སུ། ལྷ་ནི་སུམ་ཅུ་གཉིས་རང་བཞིན། །དཀྱིལ་འཁོར་ཐམས་ཅད་བསྐྱེད་ནས་ནི། །འཁོར་ལོའི་དབུས་སུ་གནས་གྱུར་ན། །དེར་ནི་ཕྲ་མོའི་རྣལ་འབྱོར་བརྩམས། །སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །གསང་བའི་སྔགས་ཀྱི་བརྟག་པ་ཡི། །ཡེ་ཤེས་མཆོག་གི་གནས་བསྒོམ་མོ། །རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །བརྟན་པར་མ་གྱུར་དེ་མི་སྤྲོ། །སངས་རྒྱས་འབར་བའི་འོད་མཉམ་པ། །རབ་མཆོག་སྤྲིན་ནི་སྤྲོ་བར་བྱ། །སློང་མོ་ཟ་ཞིང་མི་བཟླ་སྟེ། །མ་བསླངས་པ་ལའང་ཆགས་མི་བྱ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །བརྗོད་ནས་རྡོ་རྗེ་སྤྲོ་བ་ནི། རྫོགས་ནས་རབ་ཏུ་བསྡུ་བར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དོན་དམ་པ་ཡི་བཟླས་པར་བཤད། །ཕྲ་མོའི་རྣལ་འབྱོར་བཟླས་པ་ཡང་། །ཅི་འདོད་པར་ནི་རྣམ་གཉིས་བྱ། །སླར་ཡང་སྔགས་པས་བདག་


JKT005_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི། །དེ་བཞིན་ཉིད་ལ་གཞུག་པར་བྱ། །སོགས་གསུངས་སོ། ༈ །སློབ་དཔོན་ཀླུའི་བློས། དེ་ལ་སྐྱེ་གནས་ནི་རྣམ་པ་བཞི་སྟེ། སྒོ་ང་ལས་སྐྱེས་པ་དང་། མངལ་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། བརྫུས་ཏེ་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པ་གང་ཞེ་ན། སེམས་ཅན་གང་དག་སྒོ་ང་ལས་སྐྱེ་བར་འགྱུར་རོ། །དེ་དག་ཀྱང་གང་ཞེ་ན། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། ཤ་རི་ཀ་ལ་སོགས་པའོ། །མངལ་ནས་སྐྱེས་པ་གང་ཞེ་ན། སེམས་ཅན་མངལ་ནས་སྐྱེ་བ་སྟེ། དེ་དག་ཀྱང་གང་ཞེ་ན། གླང་པོ་དང་། རྟ་དང་། བ་ལང་དང་། མ་ཧེ་དང་། བོང་བུ་དང་། ཕག་དང་། མི་ལ་སོགས་པའོ། །དྲོད་གཤེར་ལས་སྐྱེས་པ་གང་ཞེ་ན། སེམས་ཅན་གང་དག་འབྱུང་བའི་དྲོད་ལས་སྐྱེས་པ་སྟེ། དེ་དག་ཀྱང་གང་ཞེ་ན། སྲིན་བུ་དང་། ཕྱེ་མ་ལེབ་དང་། མཆུ་སྦྲང་ལ་སོགས་པའོ། །བརྫུས་ཏེ་སྐྱེས་པ་གང་ཞེ་ན། སེམས་ཅན་གང་དག་དབང་པོ་མ་ཚང་བ་མེད་ཅིང་མ་རྫོགས་པ་མེད་པ་ཡན་ལག་དང་ཉིད་ལག་ཐམས་ཅད་དང་ལྡན་པ་གཅིག་ཅར་སྐྱེས་པ་སྟེ། དེ་དག་ཀྱང་གང་ཞེ་ན། ལྷ་དང་། དམྱལ་བ་དང་། སྲིད་པ་བར་མ་དང་། བསྐལ་པ་དང་པོའི་མི་ལ་སོགས་པའོ། །འདིར་གསོལ་བ་སོགས་སྔར་དྲངས་པ་ལྟར་རོ། །དེའི་འོག་ཏུ་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་།


JKT005_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ཆེན་པོའི་རིམ་པས་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དུ་བསྐྱེད་དེ། ཞེས་དང་། གནས་ནི་བསྒོམ་པ་སྔོན་འགྲོ་བས། །རྡོ་རྗེ་གསུམ་བསྐྱེད་བསྒོམ་པར་བྱ། ༈ །གསང་བ་འདུས་པའི་རོ་སྲེག་གི་ཆོ་ག་འཕགས་ལྷས་མཛད་པར། ཆོས་སྐུ་མཁའ་དང་འདྲ་བ་ལས། །ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲིན་ལྟ་བུ་ནི་འབྱུང་གྱུར་ཅིག །དེ་ལས་སྤྲུལ་སྐུ་ཆར་ལྟ་བུས། །སྲིད་པའི་རྒྱ་མཚོར་སྤྲུལ་གྱུར་ནས། །སེམས་ཅན་ཐམས་ཅད་སྒྲོལ་བར་ཤོག །ཅེས་དང་། ༈ །འདུས་པའི་རྫོགས་རིམ་མཐར་ཕྱིན་པ་དེ་ཉིད་ཀྱིས་མཛད་པར། །སྟོབས་དབྱེར་མེད། དང་མི་འཇིགས་ལ་སོགས་པའི། །ཆེ་བའི་ཡོན་ཏན་རྣམ་བརྒྱན་པ། །བདེན་གཉིས་སྦྱོར་བའི་ཟུང་འཇུག་སྐུ། །བདེ་བ་ཆེན་པོ་དེས་ཐོབ་འགྱུར། །ཞེས་དང་། ཆོས་སྐུ་སྟོང་རྣམ་ཀུན། པ་མཁའ་འདྲ་ལས། །རྟོག་མེད་ཡེ་ཤེས་འཇའ་ལྟ་བུ། །ཚོགས་དང་སྨོན་ལམ་སྟོབས་དག་གིས། །འབད་པ་མེད་པར་ལྷུན་གྱིས་གྲུབ། །ཅེས་དང་། ཟུང་དུ་འཇུག་སླར་ཡང་རྡོ་རྗེ་ལྟ་བུ། པའི་ཏིང་འཛིན་གྱིས། །ཉོན་སྒྲིབ་ལ་སོགས་རྣམ་སྤངས་ཤིང་། །ཕུན་སུམ་ཚོགས་པ་ཐོབ་འགྱུར་ཏེ། །འདོད་པ་ཙམ་གྱིས་འགྲོ་འོང་སྟོན། །འཇའ་ཚོན་འདྲ་བའི་ལོངས་སྐུ་ལས། །འབད་པ་མེད་པ་སྤྲུལ་པའི་སྐུ། །མཐའ་ཡས་རྡུལ་ཕྲན་ཇི་བཞིན་དུ། །སེམས་ཅན་དོན་ཀུན་མྱུར་བར་མཛད། །ཅེས་དང་། གང་དང་


JKT005_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཁྱབ། གང་གིས་འདུལ་གྱུར་པ། །དེ་དེ་བཞིན་དུ་སོ་སོར་སྣང་། །མོས་པའི་དབང་གིས་ཐ་དད་པར། །སེམས་ཅན་རྣམས་ནི་འདུལ་བར་འགྱུར། །དང་། ལྷུན་གྲུབ་བདེ་བ་ཆེན་པོའི་སྐུ། །རང་སྣང་རིག་མས་ཉེར་བརྒྱན་པ། འོག་མིན་གནས་སུ་དུས་རྟག་ཏུ། །མཚན་དང་དཔེ་བྱད་བརྒྱན་པས་བཞུགས། །ཞེས་དང་། ཡིད་བཞིན་ནོར་ལྟར་བསམ་ཙམ་གྱིས། །འབད་མེད་བདག་དང་གཞན་གྱི་དོན། །ཆེ་བའི་ཡོན་ཏན་རྣམ་བརྒྱན་སྐུ། །བདེ་བ་ཆེ་ལས་འབྱུང་བར་འགྱུར། །ཞེས་གསུངས་སོ། ༈ །ཡང་སློབ་དཔོན་ཀླུ་བྱང་གིས། དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུན་གྱི་སྟོབས་ལས་ཁད་ཀྱིས་རླུང་རྣམས་གཡོས་ཏེ། རླུང་དེ་རྣམས་འཕེལ་བར་གྱུར་པ་ནི། རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་དྲུག་གོ །རྒྱར་གྲངས་མེད་པའི་རླུང་གི་དཀྱིལ་འཁོར་དེ་ནམ་མཁའི་སྟེང་དུ་ཆགས་པར་གྱུར་ནས། རླུང་གི་དཀྱིལ་འཁོར་དེ་ལས་བྱུང་བའི་ཤིང་རྟའི་འཕང་ལོ་ཙམ་གྱི་ཆར་རྒྱུན་བབས་པར་གྱུར་ཏེ། དེ་ལས་ཆུའི་དཀྱིལ་འཁོར་དུ་གྱུར་ཏེ། དེའི་ཚད་ནི་རྔམས་སུ་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུའོ། །དེ་ཡང་སླར་ཆུ་ལས་རླུང་གིས་བསྲུབས་པས་གསེར་གྱི་རང་བཞིན་གྱི་ས་གཞི་ཆུའི་སྟེང་དུ་ཆགས་ཏེ། དེའི་ཚད་ནི་འབུམ་ཕྲག་གསུམ་དང་སྟོང་ཕྲག་ཉི་ཤུའོ། །མེའི་དཀྱིལ་འཁོར་ཡང་དེ་དག་གི་ནང་ཉིད་དུ་གནས་སོ། །དེ་ལྟར་ཡང་དག་


JKT005_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྒྲུབ་ཅིང་བསྐྱེད་ཅིང་རྣལ་འབྱོར་པས་ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་པ་ལ་སོགས་པས་དཀྱིལ་འཁོར་བཞིའི་རིམ་པས་སའི་ཆ་བསྐྱེད་། པར་བྱའོ། །དེ་ལྟར་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ཡང་དག་པར་འབྱུང་བའི་རླུང་རྣམས་ཀྱིས་ཡང་དག་པར་བསྲུབས་པས་གསེར་ལ་སོགས་པའི་ཚོགས་ཀྱིས་བྱས་པའི་རི་རབ་ལ་སོགས་པའི་རི་དང་། ལྷའི་གཞལ་མེད་ཁང་དང་། གླིང་ལྕགས་རིས་བསྐོར་བ་ཚུན་ཆད་དུ་ཤིང་དང་། ལྗོན་པ་དང་། ལྕགས་མ་ལ་སོགས་པ་འབྱུང་བར་འགྱུར་རོ། །སྲིད་པའི་རིམ་པ་དེ་ལྟར་སྒོམ་པར་བྱེད་པ་རྣམས་ཀྱིས་དེར་ནི་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་སྟོང་པ་ཉིད་དམིགས་པ་སྔོན་དུ་སོང་བས་དཀྱིལ་འཁོར་བཞིའི་རིམ་པས་སའི་ཆ་བསྐྱེད་ལ། དེའི་སྟེང་དུ་གཞལ་ཡས་ཁང་བསྐྱེད་པར་བྱའོ། །ཞེས་བསྟན་པར་འགྱུར་རོ། །དེ་ནས་རྣམ་པར་ཤེས་པའི་བདག་པོ་རྡོ་རྗེ་འཆང་ཆེན་པོ་སེམས་ཅན་སྐྱེད་པར་མཛད་པ་པོས་སྣོད་ཀྱི་འཇིག་རྟེན་བསྐྱེད་པའི་འོག་ཏུ་སེམས་ཅན་གྱི་ཁམས་ངེས་པར་སྤྲུལ་པར་མཛད་དེ། གནས༔ རྡོ་རྗེ༔ ཞེས་གསུངས་པའི་ཕྱིར་རོ། །དེར་སྐྱེ་གནས་བཞི་པོ་འདི་ལྟ་སྟེ། སོགས་སྔར་དྲངས་པ་ལྟར་རོ། ༈ །སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་གསང་བ་འདུས་པའི་མངོན་རྟོགས་རྒྱན་གྱི་འགྲེལ་པར། དབང་བཞི་


JKT005_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྐྱེད་རྫོགས་ཀྱི་ཁྱད་ཆོས་ངོ་བོ་ངེས་ཚིག་དབྱེ་བ་གཞན་སེལ་སོགས་ཤིན་ཏུ་རྒྱས་པར་བསྟན་འདུག་ཅིང་། རྡོ་རྗེའི་བཟླས་དང་སེམས་ལ་དམིགས། །སྒྱུ་མ་འོད་གསལ་ཟུང་དུ་འཇུག །ཅེས་དང་། རང་བཞིན་འཁྲུལ་པ་ལམ་དག་དང་། །འབྲས་བུའི་རྣམ་པ་བཅུ་གཉིས་སོ། །ཞེས་སྣང་གསུམ་བཅུ་གཉིས་སུ་བསྟན། ཅེས་དང་། ཤེས་དང་ཤེས་པར་བྱ་བ་ཡི། །འོད་གསལ་བར་ནི་འདིར་བཤད་དོ། །ཞེས་པ་ཤེས་བྱ་འོད་གསལ་ནི་དབྱིངས་སོ། །ཤེས་པ་འོད་གསལ་ནི་ཡེ་ཤེས་སོ། །དེའང་གཉིས་ཏེ། རང་བཞིན་འོད་གསལ་གློ་བུར་གྱི། །དྲི་མ་དང་བྲལ་རྣམ་གཉིས་ནི། །ཞེས་སོགས་བཤད། འདི་རྣམ་པ་གསལ་པོ་ཞིག་འདུག་ཀྱང་འགྱུར་བྱང་མེད་དོ། ༈ །རྡོ་རྗེ་འཆང་ཆེན་༣༦༦པོའི་ནས་ལམ་གྱི་རིམ་པའི་མན་ངག་བདུད་རྩི་གསང་བ་ཞེས་བྱ་བ་སློབ་དཔོན་སྒྲ་དབྱངས་བཅུ་གཅིག་པས་མཛད་པ་ལོ་ཆེན་གྱིས་འགྱུར་བ་ལས། དེ་ལ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ལུས་སུ་གྱུར་ནས། རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་ཀྱི་ལུས་ཐོབ་པར་འགྱུར་བ་ལ་ལམ་རྣམ་པ་གསུམ་སྟེ། སེམས་དང་པོ་བསྐྱེད་པའི་ལམ་གྱི་རིམ་པ་དང་། ཐེག་པ་ལ་གསར་དུ་ཞུགས་པའི་ལམ་གྱི་རིམ་པ་དང་། རྣལ་འབྱོར་བའི་ལམ་གྱི་རིམ་པའོ། །སེམས་དང་པོ་བསྐྱེད་པའི་ལམ་གྱི་རིམ་པ་ལ་དྲུག་སྟེ། དགེ་བའི་བཤེས་གཉེན་དམ་པ་མཉེས་པར་བྱ་བ་དང་།


JKT005_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ནོད་པ་དང་། དམ་པའི་ཆོས་ཉན་པ་དང་། གྲོགས་མཐུན་པ་དང་། མཆོད་པའི་མངོན་སྤྱོད་དང་། མཐུན་པའི་གནས་སོ། །ཐེག་པ་གསར་དུ་ཞུགས་པ་རྣམས་ཀྱི་ལམ་གྱི་རིམ་པ་རྣམ་པ་བཞི་སྟེ། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་དང་། བཀའི་འཁོར་ལོའི་ཏིང་ངེ་འཛིན་དང་། སྲུང་བའི་འཁོར་ལོའི་ཏིང་ངེ་འཛིན་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནོ། །རྣལ་འབྱོར་གྱི་ལམ་གྱི་རིམ་པ་ལ་རྣམ་པ་གཉིས་ཏེ། ཐུན་མོང་གི་ལམ་དང་། མཆོག་གི་ལམ་མོ། །ཐུན་མོང་གི་ལམ་ནི་རྡོ་རྗེ་རྣམ་པ་བཞིའོ། །མཆོག་གི་ལམ་ནི་ཡན་ལག་དྲུག་གོ། །དེ་སྐད་དུ་རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །སྒྲུབ་ཐབས་རྣམ་པ་གཉིས་སུ་འགྱུར། །ཐུན་མོང་རྡོ་རྗེ་རྣམ་བཞི་སྟེ། །མཆོག་ནི་ཡན་ལག་དྲུག་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་རྣམ་པ་བཞི་གང་ཞེ་ན། རྒྱུད་དེ་ཉིད་ལས། དང་པོར་སྟོང་ཉིད་བྱང་ཆུབ་ཆེ། །གཉིས་པ་ས་བོན་འབྱུང་བའོ། །གསུམ་པ་གཟུགས་རྣམས་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །རྡོ་རྗེ་རྣམ་བཞི་དེ་དག་ན། །ཐུན་མོང་སྒྲུབ་པའི་ཐབས་ཡིན་ནོ། །ཞེས་གསུངས་པ་སྟེ། དེ་དག་གིས་བསྙེན་པ་དང་། ཉེ་བར་སྒྲུབ་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་བཞི་གོ་རིམ་བཞིན་དུ་གསུངས་པ་ཡིན་ནོ། །དེ་ཇི་ལྟར་གསུངས་ཤེ་ན། འདི་ལྟར་


JKT005_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ཆ་བསྐྱེད་ནས་དོན་དམ་པའི་དཀྱིལ་འཁོར་བསྒོམ་པའི་བར་ནི་བྱང་ཆུབ་ལ་དམིགས་ཤིང་སྒྲུབ་བ་ལ་བསྙེན་པ་ཞེས་བྱ་ལ། ཉེ་བར་སྒྲུབ་པ་ལ་སོགས་པ་གསུམ་གྱི་སྔོན་དུ་དོན་དམ་པའི་དཀྱིལ་འཁོར་བསྒོམས་པ་ཡིན་པས་ན། དང་པོ་སྟོང་པའི་བྱང་ཆུབ་སྟེ། །ཞེས་ཀྱང་གསུངས་སོ། །ལྡང་བར་བྱ་བ་ནས་རྡོ་རྗེ་འཆང་ཆེན་པོའི་དམ་ཚིག་སེམས་དཔའ་བསྐྱེད་པའི་ཕྱིར་ཉེ་བར་སྒྲུབ་པ་ཞེས་བྱ་ལ། བསྙེན་པའི་འོག་ཏུ་ཡིག་འབྲུ་གསུམ་གྱི་རྒྱུ་ལས་ལྷའི་སྐུ་བྱུང་བ་ཡིན་པས་ན། གཉིས་པ་ས་བོན་བྱུང་བའོ། །ཞེས་ཀྱང་གསུངས་སོ། །རྡོ་རྗེ་འཆང་ཆེན་པོ་ཉིད་སྐུ་དེ་ལ་རྣམ་པར་སྣང་མཛད་སྤྱི་བོར་དགོད་པ་ནས་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པའི་བར་ནི་བདག་གི་དོན་སྒྲུབ་པ་ཡིན་པའི་ཕྱིར་སྒྲུབ་པ་ཞེས་བྱ་ལ། ཉེ་བར་སྒྲུབ་པའི་འོག་ཏུ་རྡོ་རྗེ་འཆང་གི་སྐུ་བསྒོམ་པར་བྱ་བའི་ལྷའི་སྐུ་རྫོགས་པ་ཡིན་པས་ན། གསུམ་པ་གཟུགས་རྣམས་རྫོགས་པ་སྟེ། །ཞེས་ཀྱང་གསུངས་སོ། །དང་པོ་སྦྱོར་བ་ནས་ལས་རྒྱལ་མཆོག་གི་མཐར་ཐུག་པའི་བར་ནི་གཞན་གྱི་དོན་ཆེན་པོ་བསྒྲུབ་པའི་ཕྱིར་སྒྲུབ་པ་ཆེན་པོ་ཞེས་བྱ་ལ། སྒྲུབ་པའི་འོག་ཏུ་སྔགས་ཀྱི་དཀྱིལ་འཁོར་དུ་དབྱུང་བ་ཡིན་པས་ན། བཞི་པ་ནི་ཡི་གེ་དགོད་པའོ། །ཞེས་ཀྱང་གསུངས་པ་ཡིན་ནོ། །ཡན་ལག་དྲུག་གང་ཡིན་ཞེ་ན། ཡང་རྒྱུད་དེ་ཉིད་ལས། སོ་སོར་སྡུད་དང་བསམ་གཏན་དང་། །


JKT005_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དྲན་དང་ཏིང་འཛིན་རྣམས། །སྦྱོར་བའི་ཡན་ལག་དྲུག་ཅེས་བྱ། །ཞེས་ཀྱང་གསུངས་པ་ཡིན་ནོ། །དེ་དག་ཀྱང་རྒྱུད་དེ་ཉིད་ལས་བཤད་པ་ནི། དབང་པོ་རྣམ་པ་བཅུ་རྣམས་ཀྱི༴ ནས། ཏིང་ངེ་འཛིན་ཞེས་བརྟགས་པ་ཡིན། །ཞེས་གསུངས་བ་སྟེ། དེ་དག་གིས་ལུས་རྣམ་པར་དབེན་པ་དང་། ངག་རྣམ་པར་དབེན་པ་དང་། སེམས་རྣམ་པར་དབེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་དང་། ཟུང་འཇུག་དང་། ལྷུན་གྱིས་གྲུབ་པའི་ལམ་རྣམས་གསུངས་པ་ཡིན་ནོ། །ཞེས་སོགས་དོན་རྒྱས་པར་བཀྲལ་ཞིང་། དེ་ཡང་ངག་དབེན་སྐབས། འཚོ་བར་བྱེད་པའི་ཕྱིར་དེ་ཉིད་ལ་སྲོག་ཅེས་བྱ་ལ། ལྷུན་གྱིས་གྲུབ་པའི་ཚུལ་གྱིས་ཉིན་དང་མཚན་དུ་སྤྲོ་ཞིང་སྡུད་པས་ན་རྩོལ་བ་ཞེས་བྱ་བར་ཡང་བཤད་པ་སྟེ། དེ་ལྟ་བུའི་རྡོ་རྗེའི་བཟླས་པ་བྱེད་པར་བརྟག་ཅིང་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གྱེན་དུ་རྒྱུ་བའི་རླུང་ལྐོག་མ་གོས་དཀར་མོའི་རང་བཞིན་གྱི་མེའི་དཀྱིལ་འཁོར་ལ་གནས་ཤིང་ཀུན་རྫོབ་ཀྱི་སྣ་སྒོ་གཡས་ནས་རྒྱུ་བ་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་བདག་ཉིད་འོད་ཟེར་དམར་པོའི་ངོ་བོ་ཉིད་དེ། ལས་ཀྱི་རླུང་རྣམས་དབང་པོའི་སྒོར་སྤྲོ་བ་དང་། བཟའ་བ་ལ་སོགས་པ་ལྕེའི་རྣམ་པར་ཤེས་པས་ཉམས་སུ་མྱོང་བར་བྱེད་དོ། །མེ་དང་མཉམ་དུ་གནས་པ་ལྟེ་བ་ན་སྒྲོལ་མའི་རང་བཞིན་གྱི་རླུང་གི་དཀྱིལ་འཁོར་ལ་གནས་


JKT005_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྣ་སྒོ་གཡོན་ནས་རྒྱུ་བ་ནི་དོན་ཡོད་གྲུབ་པའི་བདག་ཉིད་འོད་ཟེར་ནག་པོའི་ངོ་བོ་སྟེ། ལས་ནི་བཟའ་བ་ལ་སོགས་པ་དུས་མཉམ་དུ་འཇུ་བར་བྱེད་དོ། །ཐུར་དུ་སེལ་བ་གསང་བ་སྤྱན་མའི་རང་བཞིན་གྱི་སའི་དཀྱིལ་འཁོར་ལ་གནས་ཤིང་སྣ་སྒོ་གཉིས་ཀ་ནས་རྒྱུ་བ་རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་འོད་ཟེར་སེར་པོའི་ངོ་བོ་སྟེ། རླུང་དང་གཤང་གཅི་ལ་སོགས་པ་ཐུར་དུ་སེལ་བའི་ལས་བྱེད་དོ། །སྲོག་སྙིང་ག་ན་མཱ་མ་ཀཱིའི་རང་བཞིན་གྱིས་ཆུའི་དཀྱིལ་འཁོར་ལ་གནས་ཤིང་དལ་ཞིང་རྒྱུ་བ་བུལ་བ་ནི་མི་བསྐྱོད་པའི་བདག་ཉིད་འོད་ཟེར་དཀར་པོའི་ངོ་བོ་ཉིད་དག་པ་སྟེ། རླུང་རྣམས་དབང་པོའི་སྒོར་སྤྲོ་བ་དང་ནང་དུ་སྡུད་པའི་ལས་བྱེད་དོ། །ཁྱབ་བྱེད་ཚིགས་ལ་གནས་པ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀུན་ལ་ཁྱབ་པའི་འོད་ཟེར་ཅན་ནམ་མཁའི་ངོ་བོ་ཉིད་དེ། གང་དང་གང་བྱུང་བ་དེ་དང་དེའི་དཀྱིལ་གྱི འཁོར་གྱི་ཚུལ་དུ་འབྱུང་ནས་འཆི་བའི་ཚེ་གཙོ་བོའི་ཚུལ་གྱིས་འབྱུང་བ་སྟེ། ལུས་ཀྱི་འགྲེང་གུག་དང་བསྐྱོད་པ་ལ་སོགས་པའི་བྱ་བ་བྱེད་དོ། །རླུང་དེ་དག་གིས་ཐུན་མོང་གི་ལས་ནི་རྣམ་པར་ཤེས་པའི་བཞོན་པ་བྱེད་དོ། །རྒྱུ་བ་ལ་སོགས་པའི་ཡན་ལག་གི་རླུང་ལྔ་ནི་མིག་ལ་སོགས་པའི་དབང་པོ་ལྔ་གོ་རིམ་བཞིན་དུ་གནས་ནས་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡུལ་གྱི་བྱ་བ་བྱེད་དོ། །ཞེས་དང་། སྔགས་ཟློས་པའི་


JKT005_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ནི་ཉིན་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཟློས་སོ། །དེ་ལ་ཐུན་བྱེད་པ་ཉི་ཤུ་རྩ་བཞིའོ། །ཐུན་ཆེན་པོ་བཅུ་གཉིས་སོ། །དབྱུག་སྐོར་དྲུག་གོ །ཞེས་དང་། ཨཱ་ལི་དང་ཀཱ་ལི་ལས་བྱུང་བའི་སྤྲུལ་སྐུ་ལ་སོགས་པའི་སྔགས་ཐམས་ཅད་ནི་ཨོ་ཨཱཧཱུྃ་གསུམ་རིགས་ལྔའི་འགྲེལ་པར་རྣལ་འབྱོར་པའི་ཡིད་འཕྲོག་པར། རི་རཱི་ལི་ལཱི་སྤངས་པའི་ཨཱ་ལི་ནི་བུད་མེད་ཀྱི་མིང་ངོ་། །ང་ཉ་ཎ་ན་མ་སྤངས་པའི་ཀཱ་ལི་ནི་སྐྱེས་པའི་མིང་ངོ་། །ཨཱ་ལི་ཀཱ་ལི་དག་སྤངས་པ་གང་ཡིན་པ་དེ་ནི་མ་ནིང་ངོ་། །ཞེས་གསུངས། ཡང་། སྲོག་ནི་འཚོ་བའོ། །རྩོམ་པར་བྱེད་ཅིང་རིང་དུ་སྤྲོ་བར་བྱེད་པ་གང་ཡིན་པ་དེ་ནི་སྲོག་གི་རྩོལ་བའི་རླུང་ཞེས་བྱ་བར་བཤད་དོ། །ཞེས་སོ། །ཡིན་ཏེ། སྔགས་ཐམས་ཅད་བུད་མེད་དང་སྐྱེས་པ་དང་མ་། ནིང་གི་ཚུལ་གྱིས་ཡི་གེ་གསུམ་པོ་དེར་འདུ་བའི་ཕྱིར་རོ། །ཞེས་དང་། སེམས་དབེན་སྐབས། སེམས་དབེན་པར་ཤེས་ན་སངས་རྒྱས་ཀྱི་ཡེ་ཤེས་རིན་པོ་ཆེ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་སེམས་རིན་པོ་ཆེ་ཞེས་བྱའོ། །དེ་ཡང་འདའ་ཀ་ཡེ་ཤེས་ཀྱི་མདོ་ལས། སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་གསུངས་པ་ཡིན་ནོ། །སེམས་དེའི་ངོ་བོ་ཇི་ལྟ་བུ་ཞེ་ན། དེ་ནི་རང་རིག་པ་ཙམ་མཚན་མ་ཐམས་ཅད་དང་བྲལ་བ་དམིགས་སུ་མེད་པའོ། །དེ་ཡང་དཀོན་མཆོག་བརྩེགས་པ་ཆེན་པོའི་མདོ་ལས། འོད་སྲུངས་སེམས་ནི་བཙལ་ན་མི་རྙེད་པ་དེ་མི་དམིགས་སོ། །གང་མི་དམིགས་པ་དེ་འདས་པ་མ་ཡིན།


JKT005_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་སེམས་དེ་ཡང་དབྱེ་ན་གསུམ་དུ་འགྱུར་ཏེ། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པའམ། སེམས་དང་སེམས་ལས་བྱུང་བའི་མ་མ་རིག་པའམ། སྟོང་པ་དང་། ཤིན་ཏུ་སྟོང་པ་ཆེན་པོའམ། འདོད་ཆགས་དང་འདོད་ཆགས་བར་མ་དང་འདོད་ཆགས་དང་བྲལ་བ་ཞེས་བྱའོ། །ཞེས་སོགས་མཚན་ཉིད་རྒྱས་པར་གསུངས་མཐར། དེ་ལྟ་མོད་ཀྱི་དེ་གསུམ་ཆར་ཡང་ལུས་དང་ངག་དང་སེམས་མེད་པ་མཚན་མའི་དངོས་པོ་ཐམས་ཅད་དང་བྲལ་བ་ཉིད་དུ་རིག་པར་བྱའོ། །ཞེས་སོགས་དང་། དེ་ཡང་དང་པོར་རྡོ་རྗེ་དང་པདྨའི་སྦྱོར་བ་མེད་པར་རྣམ་པར་ཤེས་པ་གསུམ་མངོན་དུ་བྱ་བར་མི་ནུས་ཏེ། དེ་སྐད་དུ་རྣལ་འབྱོར་ཆེན་པོའི་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། སྔགས་དང་ཕྱག་རྒྱས་སྔོན་དུ་འདུས་བྱས་པའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་མེད་པར་རྣམ་པར་ཤེས་པ་གསུམ་ཉེ་བར་བརྟག་པར་མི་ནུས་སོ། །ཞེས་གསུངས་སོ། །ཞེས་དང་། ཀུན་རྫོབ་ཀྱི་བདེན་པའི་སྐབས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། སེམས་དང་སེམས་ལས་བྱུང་བའི་རྣལ་འབྱོར་པ་ཆེན་པོ་ནི་བདེ་བའི་ཏིང་ངེ་འཛིན་ཏོ། །དེ་ནི་སྒྱུ་མའི་དཔེས་ཉེ་བར་མཚོན་པ་སྟེ། དེ་བས་ན་སངས་རྒྱས་ཀྱི་ཞིང་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་


JKT005_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྒྱུ་མ་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། རྨི་ལམ་དང་། བྲག་ཅ་དང་། དྲི་ཟའི་གྲོང་ཁྱེར་དང་། མིག་འཕྲུལ་དང་། དབང་པོའི་གཞུ་དང་། གློག་དང་། ཆུའི་ཆུ་བུར་དང་། །མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཉེ་བར་མཚོན་པ་ཡིན་ནོ། །ཞེས་གསུངས་པ་དང་། ཞེས་དང་། བདག་འབའ་ཞིག་ལ་དེ་ལྟར་བསྒོམ་པར་མ་ཟད་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པར་བྱའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་མན་ངག་གསང་བ་ཡིན་པ་དང་། ཤེས་རབ་ཅན་ང་རྒྱལ་གཅག་པར་བྱ་བའི་ཕྱིར་ཡན་ལག་ལྔ་མཐར་སྦས་ཏེ་བཞག་པ་ཡིན་ནོ། །དེ་ལྟར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པས་འོད་གསལ་བ་བསྒོམས་ནས་དེ་འོད་གསལ་ཕལ་གྱི་ཡེ་ཤེས་སྐྱེ་བར་འགྱུར་བས་ན་དེ་ལས་སྐྱེས་ཞེས་གསུངས་པ་ཡིན་ནོ། །ཞེས་དང་། དོན་གྱི་བདེན་པའི་སྐབས། དོན་དམ་གྱི་བདེན་པ་ལ་གཉིས་ཏེ། ཕྱིའི་མངོན་པར་བྱང་ཆུབ་པ་དང་། ནང་གི་མངོན་པར་བྱང་ཆུབ་པའོ། །ཕྱིའི་མངོན་བར་བྱང་ཆུབ་པ་ལ་བཞི་སྟེ། ཇི་སྲིད་ཐོ་རངས་ཀྱི་ཐུན་མཚམས་ནས་ཉི་མ་མ་ཤར་བའི་བར་དེ་སྲིད་དུ་ནི་ལུས་དང་ངག་དང་ཡིད་དང་བྲལ་བ་ཐམས་ཅད་སྟོང་པའི་མཚན་ཉིད་དོ། །གང་གི་ཚེ་ཉི་མ་ཤར་ནས་ཉི་མ་ཡོད་པ་དེའི་ཚེ་ནི་སྣང་བ་མཆེད་པ་


JKT005_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་སྟོང་པའོ། །ཇི་སྲིད་ཉི་མ་ནུབ་ནས་ཟླ་བ་མ་ཤར་བར་དེ་སྲིད་ནི་མ་རིག་པ་སྟོང་པ་ཆེན་པོའོ། །ཇི་སྲིད་ཟླ་བ་ཤར་ནས་ཐོ་རངས་ཀྱི་ཐུན་མཚམས་དེ་སྲིད་དུ་ནི་སྣང་བ་ཐོབ་པ་སྟོང་པའི་མཚན་ཉིད་དོ། །ནང་གི་མངོན་པར་བྱང་ཆུབ་པ་ལ་རྣམ་པ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །ཐུན་མོང་གི་སེམས་ཅན་ཐམས་ཅད་ཀྱི་སྙིང་གི་དཀྱིལ་འཁོར་ན་མི་ཤིགས་པའི་ཐིག་ལེ་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་འོད་གསལ་བ་མི་གཡོ་བ་ཆོས་ཐམས་ཅད་ཀྱི་རྒྱུར་འགྱུར་བ་རང་བཞིན་གྱིས་གྲུབ་ནས་གནས་སོ། །དེ་ཡང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དེ་བཞིན་གཤེགས་པའི་སྐུ་ཡེ་ཤེས་དང་ལྡན་པ། སྤྱན་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་ཇི་ལྟ་བ་བཞིན་དུ་མི་གཡོ་བར་བཞུགས་སོ། །ཞེས་གསུངས་པ་དང་། ལངྐར་གཤེགས་པའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོ་དེ་རང་བཞིན་གྱིས་འོད་གསལ་བ་རྣམ་ཡང་དག་པ་ཐོབ་ནས་རྣམ་པར་དག་པའི་མཚན་ཉིད་ཅན་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་སོ། །ཞེས་གསུངས་པ་དང་། གསེར་འོད་དམ་པའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་མཚན་མ་ཐམས་ཅད་རྣམ་པར་དག་པ་སྟེ། དཔེར་ན་གསེར་གྱི་རང་བཞིན་ཡེ་ནས་དག་


JKT005_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཆུའི་རང་བཞིན་ཡེ་ནས་དག་པ་དང་། ནམ་མཁའི་རང་བཞིན་ཡེ་ནས་དག་པ་མེད་པ་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཡེ་ནས་དག་པའང་མེད་པ་མ་ཡིན་ནོ། །ཞེས་གསུངས་སོ། །ཐུན་མོང་མ་ཡིན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་མན་ངག་ཐེག་པ་ཆེན་པོའི་ཡུལ་མ་ཡིན་པ་གསང་བའི་གསང་བ་ཆེན་པོ་ཡིན་པ་དེའི་ཕྱིར་ཡན་ལག་ལྔ་དང་། དྲུག་པ་གཉིས་སུ་དཀྲུགས་ཏེ་གསུངས་པ་ཡིན་ནོ། །ཞེས་དང་། གསང་བ་དེ་ཡང་རིལ་པོར་འཛིན་པ་དང་། རྗེས་སུ་གཞིག་བའི་བསམ་གཏན་གཉིས་ཀྱིས་མངོན་དུ་བསྟན་ཏེ། དེ་ལ་རིལ་པོར་འཛིན་པའི་བསམ་གཏན་བརྟན་པའི་ཕྱིར་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་ཞེས་གསུངས་ཏེ། ཞེས་སོགས་ཕྱག་རྒྱ་ལ་སྙོམས་པར་ཞུགས་པའི་འདོད་ཆགས་ཆེན་པོའི་མེས་ཕུང་ཁམས་སྐྱེ་མཆེད་དེ་བཞིན་གཤེགས་པའི་ངོ་བོར་གྱུར་པ་འོད་དུ་ཞུ་ནས་སྙིང་གི་ཐིག་ ལེར་ཐིམ་པའི་སེམས་འཛིན་ཅིང་། དེ་ཉིད་ཀྱང་བདེ་བ་ཆེན་པོའི་བསམ་གཏན་གྱི་ངང་དུ་གཞུག་པས། ཡང་དག་པའི་མཐའ་ལ་འཇུག་པར་བྱ་བའི་ཚུལ་དང་། རྗེས་གཞིག་གི་སྐབས་སུ། བྱང་ཆུབ་ཀྱི་སེམས་མི་ཤིགས་པའི་ཐིག་ལེ་ལས་སྣང་བ་ཐོབ་པ་དང་། སྣང་བ་མཆེད་པ་དང་། སྣང་བའི་རིམ་པས་འོད་ཟེར་ལྔ་འབྱུང་བས་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ལ་ཁྱབ་པས་དང་པོར་འོད་གསལ་བར་བྱས་ཏེ་མི་


JKT005_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཤིགས་པ་ལ་བསྡུ་བ་ཡིན་པས་དངོས་པོ་ཐམས་ཅད་མདོར་བསྡུས་ནས་སོ། །ཞེས་དང་། དེ་ལྟར་རྣམ་པར་ཤེས་པ་གསུམ་རྣམ་པར་དག་པ་སྟེ། སྟོང་པ་གཞི་གཅིག་ཏུ་གྱུར་པ་ནི་འོད་གསལ་ཆེན་པོ་དང་། དོན་དམ་ཆེན་པོ་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། བྱང་ཆུབ་སེམས་དཔའ་བདེ་བ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མྱ་ངན་ལས་འདས་པ་དང་། སངས་རྒྱས་དང་། །ལས་དང་སྐྱེ་བ་ལས་རྣམ་པར་གྲོལ་བ་དང་། ཐམས་ཅད་སྟོང་པ་དང་། མངོན་པར་བྱང་ཆུབ་པ་དང་། ཡང་དག་པའི་མཐའ་ཞེས་བྱའོ། །ཞེས་དང་། ཟུང་འཇུག་གི་སྐབས། དེ་ལྟར་སྟོང་པ་བཞི་གཅིག་ཏུ་གྱུར་པ་ལ་ནི་ནམ་མཁའི་ལྷ་ཚོགས་སྣང་བ་ལྟ་བུས་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ཏེ། མངོན་དུ་གྱུར་པ་དེ་ནི་ཟུང་འཇུག་གི་ཏིང་ངེ་འཛིན་གནས་པ་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་པ་དང་། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། སྦྱང་བ་བྱས་པ་དང་། རྫོགས་པར་སངས་རྒྱས་པ་དང་། གཉིས་སུ་མེད་པའི་ཡེ་ཤེས་དང་། དེ་ཁོ་ན་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། མི་གནས་པའི་མྱ་ངན་ལས་འདས་པ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་ཞེས་བྱའོ། །སློབ་བཞིན་པ་ནི། རྣལ་འབྱོར་པའི་ཏིང་ངེ་འཛིན་དེ་ལྟ་བུ་


JKT005_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པས་ཀྱང་འདོད་ཆགས་དང་བཅས་པའི་ལམ་གྱི་སྤྱོད་པ་སོགས་གང་ཡང་རུང་བས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དོན་སྤྱད་པར་བྱའོ། །ཇི་སྲིད་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཟུང་འཇུག་གི་ཏིང་ངེ་འཛིན་མངོན་སུམ་དུ་མ་གྱུར་པ་དེ་སྲིད་དུ་ནི་བསླབ་པར་བྱ་བའི་ལམ་ཡིན་པར་ཤེས་པར་བྱའོ། །ཞེས་དང་། ལྷུན་གྱིས་གྲུབ་པའི་སྐབས། དབུས་ནི་ཆོས་ཀྱི་སྐུ་ལ་བྱ་སྟེ་མཐའ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཆོས་ཀྱི་སྐུ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་ནས་རིང་པོར་མི་ཐོགས་པར་ཐོབ་པར་འགྱུར་རོ། །ཞེས་དང་། སྐད་ཅིག་མ་དང་པོ་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་ནས། སྐད་ཅིག་མ་གཉིས་པ་ལ་བྱང་ཆུབ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེ་སྟེ། སྐད་ཅིག་མ་གསུམ་པ་ལ་ཆོས་ཀྱི་སྐུའི་མིང་འཐོབ་པར་འགྱུར་བ་ཡིན་པར་མངོན་ནོ། །བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་ཁམས་ཕྲ་བ་དང་དབྱེར་མི་ཕྱེད་པའི་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་སྐྱེའོ། །དེ་ཡང་སངས་རྒྱས་པའི་མདོ་ལས། བྱང་ཆུབ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཐམས་ཅད་མཁྱེན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ལ་སོགས་པ་ཡིན་ནོ། །ཞེས་སོགས་གསུངས་པ་ཡིན་ནོ། །ཞེས་སོགས་དང་། ཆོས་ཀྱི་སྐུ་ནི་རྣམ་པར་རྟོག་པ་མི་མངའ་མོད་ཀྱི་སྔོན་གྱི་སྨོན་ལམ་མངའ་བརྙེས་


JKT005_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དང་། སྔོན་རྡོ་རྗེ་འཆང་ཆེན་པོའི་གཟུགས་སུ་རྣམ་པར་བསྒོམ་པའི་དབང་གིས་སྐད་ཅིག་ཙམ་གྱིས་ཆུ་ཀླུང་དྭངས་པ་ལས་ཉ་ལྡང་པའམ། གཉིད་ལོག་པ་ལས་མྱུར་དུ་སད་པ་ལྟར་རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་ཀྱི་སྐུ་ཆུ་ཟླ་ལྟ་བུ་དབང་ཕྱུག་བརྒྱད་དང་ལྡན་པའི་མཚན་དང་དཔེ་བྱད་གསལ་བར་རྫོགས་པར་སྟོན་པར་མཛད་པས་ན་ཡུད་ཀྱིས་ཡེ་ཤེས་རྫོགས་པར་བྱེད་པ་ཞེས་གདགས་སོ། །ངོ་བོ་ཉིད་ལ་འགྱུར་བ་མེད་པས་ན་ཏིང་ངེ་འཛིན་ཞེས་ཀྱང་བཏགས་པ་ཡིན་ནོ། །རྡོ་རྗེ་འཆང་ཆེན་པོ་སྐུ་བལྟ་བས་ཆོག་མི་ཤེས་པ་དེ་ལས་ཀྱང་འགྲོ་བ་ཇི་ལྟར་སྣང་བ་དེ་ལྟར་སྣང་བའི་སྐུར་སྟོན་པར་མཛད་དོ། །ཞེས་དང་། རྒྱ་ཆེ་རོལ་པར། རྣམ་པར་དག་པའི་འོད་གསལ་ཆེ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །རབ་ཏུ་དགའ་བའི་རྡོ་རྗེའི་སྐུ། །ཐོབ་ནས་སྐྱ་རེངས་ཤར་བའི་ཚེ། །ཆུ་ཟླ་དང་ནི་སྨིག་རྒྱུ་སོགས། །སྒྱུ་མའི་ཡོན་ཏན་རྣམས་ཀྱིས་བརྒྱན། །བྱང་ཆུབ་སྙིང་པོར་བཞུགས་ནས་ནི། །བདུད་ཀྱི་དཔུང་རྣམས་ཕམ་པར་མཛད། །ཤཱཀྱའི་མགོན་པོས་ཡང་དག་པའི། །ཡེ་ཤེས་བླ་མེད་ལེགས་ཐོབ་ནས། །འགྲོ་བ་གསུམ་ལ་ཕན་པའི་ཕྱིར། །དེ་ཉིད་འདིར་ནི་སྟོན་པར་མཛད། །ཅེས་གསུངས་པ་དང་། གསེར་འོད་དམ་པའི་མདོ་ལས། འདི་ལྟ་སྟེ། དཔེར་ན་ནམ་མཁའ་སྟོང་པ་ལ་བརྟེན་ཏེ་གློག་སྣང་ངོ་། །གློག་ལ་བརྟེན་ཏེ་འོད་སྣང་ངོ་། །དེ་བཞིན་


JKT005_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆོས་ཀྱི་སྐུ་ལ་བརྟེན་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པར་མཛད་དོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་པའི་ཕྱིར་སྤྲུལ་པའི་སྐུ་སྟོན་པར་མཛད་དོ། །ཞེས་སོ། ༈ །དེ་ཡང་དང་པོ་སོ་སོར་སྡུད་པ་ནི་ལུས་རྣམ་པར་དབེན་པའི་གཞི་ཡིན་ཏེ། འདོད་པ་སོ་སོར་སྡུད་པས་ན། །སོ་སོར་སྡུད་པ་ཞེས་བྱའོ། །ཞེས་འདོད་པ་ནི་གཟུགས་ལ་སོགས་པ་སྟེ། དེ་དབང་པོ་རྣམས་ཀྱིས་སོ་སོར་ལེན་ཅིང་སྡུད་པས་སོ་སོར་སྡུད་པས་ན་སོ་སོར་སྡུད་པ་སྟེ་ཡན་ལག་དང་པོའོ། །བསམ་གཏན་ནི་ལུས་དབེན་དངོས་ཏེ། དེ་ཡང་ལུས་ཐ་མལ་པ་ལས་དབེན་པའི་ཕྱིར་ཕུང་ཁམས་སྐྱེ་མཆེད་ལྷའི་ངོ་བོར་བརྟག་པ་ནི་བསམ་གཏན་ཏེ། འདོད་པ་ལྔ་ནི་མདོར་བསྡུ་ན། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིས། །བརྟགས་པས་བསམ་གཏན་ཞེས་བཤད་དེ། །རྟོག་དཔྱོད་དགའ་བདེ་བཞིས་བསྡུས་པའོ། །ཞེས་སོ། །ལུས་རྣལ་འབྱོར་པ་ལས་དབེན་པ་ནི་སེམས་རྩེ་གཅིག་ཏུ་གྱུར་པ་སྟེ། ཤེས་དང་ཤེས་བྱའི་གཟུང་འཛིན་ཟད་པའི་རང་སེམས་སོ། །སྲོག་རྩོལ་ནི་ངག་དབེན་ཏེ། དེ་ཡང་འཚོ་བ་དང་འཛིན་པར་བྱེད་པའི་ཕྱིར་སྲོག་རྩོལ་ནི་རླུང་སྟེ་དེ་ལམ དུ་བྱེད་པའི་ཕྱིར་རོ། །དེ་ཡང་ཐ་མལ་པ་ལས་དབེན་པའི་ཕྱིར་རླུང་བཅུའི་རིམ་པ་གནས་ཚུལ་རྟོགས་པར་བྱས་ནས། འཇུག་གནས་ལྡང་གསུམ་ཡི་གེ་གསུམ་ལ་སྦྱར་ཏེ། ཞག་རེར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་


JKT005_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་བྱ་བ་དང་། རྣལ་འབྱོར་པ་ལས་དབེན་པའི་ཕྱིར་ཡི་གེ་གསུམ་འཇུག་གནས་ལྡང་གསུམ་དང་། དེ་སྲོག་དང་། དེ་སྙིང་གའི་མི་ཤིགས་པའི་ཐིག་ལེར་རིམ་པ་བཞིན་དུ་གཞུག་པའོ། །འཛིན་པ་ནི་སེམས་དབེན་ཏེ། དེ་ཡང་སེམས་དབེན་པ་རྟོགས་པར་མ་གྱུར་ན་སྣང་གསུམ་གྱི་རང་བཞིན་ལ་གཟུང་འཛིན་དུ་རྟོག་པས་འཁོར་བའི་རྒྱ་མཚོ་མཐའ་མེད་དུ་འཁྱམས་པར་འགྱུར་རོ། །དེས་ན་ཐ་མལ་པ་ལས་དབེན་པའི་ཕྱིར་སྣང་གསུམ་གྱི་ངོ་བོ་སྟོང་པར་རྟོགས་པ་དང་། རྣལ་འབྱོར་པ་ལས་དབེན་པའི་ཕྱིར་ཕྱག་རྒྱས་དྲངས་པའི་སྣང་གསུམ་གྱི་བདེ་བ་ཐམས་ཅད་འོད་གསལ་དུ་བཅུག་པ་སྟེ། དེ་ཡང་བདེ་བ་དེར་སེམས་གཟུང་བར་བྱ་བ་ཡིན་པས་ན་བཟུང་བའོ། །སྒྱུ་ལུས་ནི་གཞུང་དུ་སྦས་ཏེ། རྗེས་དྲན་ལས་ཕྱེ་བའོ། །དེ་ཡང་རླུང་སེམས་ཙམ་ལས་གྲུབ་པའི་འོད་ཟེར་ལྔ་པ་ཅན་གྱི་སྒྱུ་ཐོབ་མཆེད་སྣང་བའི་རིམ་པས། མའི་སྐུར་ལྡང་བ་སྟེ། འོད་གསལ་གྱི་སྒྲུབ་གཞིའོ། །རྗེས་དྲན་ནི་འོད་གསལ་ཏེ། དེ་ཡང་ཕྱི་ལྟར་ཉིན་མོ་འཆར་བའི་ཚུལ་སོགས་ཀྱིས་མཚོན་པ་དང་། ནང་ལྟར་ཐུན་མོང་དུ་འོད་གསལ་བདེ་གཤེགས་སྙིང་པོའི་གནས་ལུགས་མཐོང་བ་དང་། ཁྱད་པར་ཕྱག་རྒྱར་སྙོམས་འཇུག་གིས་ཕུང་ཁམས་སྐྱེ་མཆེད་ཡོངས་གྲུབ་ཀྱི་ལྷ་སྐུ་འདོད་ཆགས་ཀྱི་མེས་བཞུ་ནས་སྙིང་གི་ཐིག་ལེར་བསྟིམ་ཞིང་དེ་ཉིད་འོད་གསལ་དུ་བཅུག་པ་རིལ་འཛིན་


JKT005_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྙིང་གི་ཐིག་ལེའི་དཀྱིལ་འཁོར་ཐོབ་མཆེད་སྣང་བའི་ཚུལ་དུ་སྤྲོས་ནས་བརྟན་གཡོ་ཐམས་ཅད་འོད་གསལ་དུ་བཅུག་པ་རྗེས་གཞིག་གི་སྒོ་ནས་བསྒྲུབས་པ་སྟེ། འདི་ཉིད་དོན་དམ་པའི་རྗེས་སུ་དྲན་པའོ། །ཟུང་འཇུག་ཀྱང་དེ་ཉིད་ལས་ཕྱེ་བ་སྟེ། འོད་གསལ་བ་ལ་སྒྱུ་མའི་ལུས་འཇུག་ལྡོག་ཏུ་ལྡང་བ་སྟེ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་ཀྱང་བྱའོ། །ཏིང་ངེ་འཛིན་ནི་ལྷུན་གྱིས་གྲུབ་པ་སྟེ་ཟུང་འཇུག་གིས་མཐར་ཐུག་གི་སྒྲིབ་གཉིས་སྤངས་ཏེ་ཆོས་ཀྱི་སྐུ་མངོན་དུ་གྱུར་པ་ལས་སྐུ་དང་ཡེ་ཤེས་ཕྲིན་ལས་དང་བཅས་པ་ལྷུན་གྱིས་གྲུབ་པའི་ཕྱིར་དང་། ངོ་བོ་ཉིད་དེ་ལས་འགྱུར་བ་མེད་པས་ན་ཏིང་ངེ་འཛིན་གྱི་སྒྲས་སྨོས་སོ། །དེ་དག་ཀྱང་གཞུང་གི་དོན་བསྡུས་པའོ། །གཞུང་འདི་དྷརྨ་ཤྲཱི་བྷ་དྲ་༢༧༨བར་དང་། རཏྣ་བྷ་དྲའི་འགྱུར་བ་སྟེ་ཤིན་ཏུ་ལེགས་པ་ཞིག་ཡོད་དོ། ༈ །གསང་བ་འདུས་པའི་རབ་གནས་ཀྱི་ཆོ་ག་ནག་པོ་པས་མཛད་པར། ངེས་ཚིག་ནི། པྲ་ཀ་ན་ཧེ་ན་ཏིཥྛ་ཞེས་པ་སྟེ་མཆོག་ཏུ་གྱུར་པ་དང་། ཡུན་རིང་བས་རབ་གནས་ཞེས་བྱ་སྟེ། དེ་ལ་མཆོག་ཏུ་གྱུར་པ་ནི་ཡེ་ཤེས་སེམས་དཔའི་བདག་ཉིད་དུ་བསྒྲུབ་པར་བྱ་ལ། ཡུན་རིང་བ་ནི་འཁོར་བ་ཇི་སྲིད་དུ་གཞུག་པ་ལ་བྱའོ། །རྣམ་པར་དབྱེ་བ་ལ་གཉིས་ཏེ། གཞི་རྣམ་པར་དབྱེ་བ་དང་། སྒྲུབ་ཐབས་རྣམ་པར་དབྱེ་བའོ། །གཞི་རྣམ་པར་དབྱེ་བ་ནི་གཙུག་ལག་ཁང་དང་། མཆོད་


JKT005_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་། ལྷའི་སྐུ་དང་། རས་བྲིས་ལ་སོགས་པ་དང་། རྟ་བབས་དང་། རྡོ་རིང་དང་། ཤིང་ལྗོན་པ་དང་། ཁྲོན་པ་དང་ཆུ་མིག་ལ་སོགས་པ་སྐུའི་བདག་ཉིད་དུ་བྱ་བའི་གཞིའོ། །བགྲང་ཕྲེང་དང་འཇིག་རྟེན་པའི་བསྟན་བཅོས་དང་། འཇིག་རྟེན་ལས་འདས་པའི་གླེགས་བམ་ལ་སོགས་པ་ནི་གསུང་གི་བདག་ཉིད་དུ་བྱ་བའི་གཞིའོ། །རྡོ་རྗེ་དང་འཁོར་ལོ་ལ་སོགས་པ་ལྷའི་མཚན་མ་ཐམས་ཅད་ནི་ཐུགས་ཀྱི་བདག་ཉིད་དུ་བྱ་བའི་གཞིའོ། །སྒྲུབ་པའི་ཐབས་རྣམ་པར་དབྱེ་བ་ནི། གཙུག་ལག་ཁང་ལ་སོགས་པ་སྐུའི་རང་བཞིན་ཏེ་སྟོང་པ་ཉིད་དུ་བསྒོམས་ལ། དེ་ལས་ཧཱུཾ། ཧཱུཾ་ལས་འཁོར་ལོ། དེ་ལས་སྐུ་རྣམ་པར་སྣང་མཛད་དུ་བསྒྲུབས་ལ་རབ་ཏུ་གནས་པར་བྱའོ། །བགྲང་ཕྲེང་དང་གླེགས་བམ་ལ་སོགས་པ་གསུང་གི་གཞི་ནི་སྟོང་པ་ཉིད་ལས་གསུང་རྡོ་རྗེ་ཆོས་སུ་བསྒྲུབས་ལ་རབ་ཏུ་གནས་པར་བྱའོ། །རྡོ་རྗེ་ལ་སོགས་པ་ཐུགས་ཀྱི་གཞི་ནི་ཐུགས་མི་བསྐྱོད་པར་བསྒྲུབས་ལ་རབ་ཏུ་གནས་པར་བྱའོ། །ཆོ་གའི་རིམ་པ་རྒྱས་པ་དང་བསྡུས་པའོ། །ཞེས་དང་། རིགས་དང་མི་ལྡན་སྐྱེས་བུ་ལ། །མི་རྣམས་ཀུན་གྱིས་མཆོད་མི་བྱེད། །དེ་བཞིན་རབ་གནས་མ་བྱས་པའི། །སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ཕྱག་འཚལ་མཆོད་པ་འབྲས་བུ་མེད། །སྔགས་དང་བྲལ་བའི་ཐལ་བ་ལ། །སྦྱིན་སྲེག་བྱས་པ་ཇི་བཞིན་ནོ། །དེ་བས་སྐུ་གསུང་ཐུགས་ཀྱི་རྟེན། །
བཞེངས་ནས་རིང་པོར་བཞག་མི་བྱ། །དཔལ་དང་འབྱོར་པ་ཉམས་འགྱུར་བས། །དེ་བས་མྱུར་དུ་རབ་གནས་བྱ། །ཞེས་སོ། ༈ །ཟ་ཧོར་གྱི་མཁན་པོ་ཤཱན་དེ་ཝས་མཛད་པའི་གཏོར་ཆོག་ལས། བགེགས་རྣམས་མ་ལུས་བསྲུང་བ་དང་། །ཞི་བ་ལ་སོགས་ལས་རྣམས་དང་། །གྲུབ་ཆེན་བརྒྱད་དང་དངོས་གྲུབ་མཆོག །བསྒྲུབ་ཕྱིར་གཏོར་མའི་ཆོ་ག་བཤད། །ཅེས་སོ། ༈ །སྦྱིན་སྲེག་གི་ཆོ་ག་ལས། །སྡིག་པ་ཐམས་ཅད་བསྲེག་ཕྱིར་དང་། །སྔགས་རྣམས་གཟི་བྱིན་བསྐྱེད་པ་དང་། །ལྷ་རྣམས་ཚིམས་པར་བྱ་བ་ལ། །རྫོགས་སངས་རྒྱས་ཀྱིས་སྦྱིན་སྲེག་བསྔགས། །གང་ཕྱིར་ལྷ་རྣམས་ཚིམ་གྱུར་པས། །བཟླས་བརྗོད་བས་ཀྱང་སྦྱིན་སྲེག་ཤིས། །བཟླས་པའི་ལས་རྣམས་ཐམས་ཅད་ལ། །སྦྱིན་སྲེག་རྒྱས་པས་མཆོག་ཏུ་འགྱུར། །ཞེས་སོ།།

འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་རྡོ་རྗེའི་ཚིག་གི་དུམ་བུ་ཞིག་དོན་ཅུང་ཟད་རྒྱས་པར་བཀྲལ་བ་གྲུབ་པའི་ཞལ་ལུང་།


JKT005_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་རྡོ་རྗེའི་ཚིག་གི་དུམ་བུ་ཞིག་དོན་ཅུང་ཟད་རྒྱས་པར་བཀྲལ་བ་གྲུབ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ༔ ཤིན་ཏུ་ཕྲ་བའི་རྩ་རྣམས་དྷུ་ཏིར་དག །ཀོ་ཊ་ཁུ་སོགས་འགྲོ་ལྡོག་དབུ་མར་རྫོགས། །ཆར་ཡང་ཛ་ལནྡྷ་རར་སྨིན་པ་ཡི། །ཧེ་རུ་ཀ་དཔལ་ཁྱབ་བདག་བླ་མས་སྐྱོངས། །དེ་ལ་གཉིས་སུ་མེད་པའི་རྒྱུད་སྡེ་ཆེན་པོ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་རྒུའི་


JKT005_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་པའི་དོན་ཅུང་ཟད་བཀྲལ་ན་བཞི་སྟེ། གཞི་སྨིན་བྱེད་དབང་དང་སྦྱར་བ། ལམ་གྲོལ་བྱེད་བསྐྱེད་རྫོགས་དང་སྦྱར་བ། འབྲས་བུ་སྐུ་བཞི་ཟུང་འཇུག་དང་སྦྱར་བ། འཕྲོས་དོན་གྱི་ཁྱད་པར་གཞན་དང་སྦྱར་བའོ། །དང་པོ་ལ་གསུམ། གང་དུ་དབང་བསྐུར་བའི་རྟེན། ཇི་ལྟར་དབང་བསྐུར་བའི་ངོ་བོ་དང་། དབང་སོ་སོའི་རང་འབྲས་དང་སྦྱར་བའོ། །དང་པོ་ནི། འཇིག་རྟེན་གསུམ་ན། ཞེས་སྨོས་ཏེ། དེ་ཡང་སྤྱིར་འཇིག་རྟེན་གསུམ་ལ་འཇུག་ཚུལ་མང་ཡང་། འདིར་ཕྱི་ལྟར་ན་འདོད་གཟུགས་གཟུགས་མེད་ཁམས་གསུམ་སྟེ། དེ་ཉིད་ཁྱད་པར་ནང་ལྟར་དུ་སྦྱར་ན། ལུས་ངག་ཡིད་གསུམ་སྟེ། སོ་སོའི་མཚུངས་ཆོས་ཇི་ལྟར་སྦྱོར་སྙམ་ན། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་གཉིས་སུ་མེད་པ་ཕྲ་བ་གཉུག་མའི་ལུས་དང་། དེ་ལས་གཞན་དུ་གྱུར་པ་རགས་པའི་ལུས་སྟེ་འདོད་ཁམས་སྣང་བའི་གྲོང་ཁྱེར་བུམ་དབང་བསྐུར་བའི་རྟེན། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་གཉུག་མའི་ངག་དང་། རག་པ་འགྲོ་འོང་རླུང་གི་རྒྱུ་བ་གཟུགས་ཁམས་ཕྱེད་སྣང་གི་གྲོང་ཁྱེར་གསང་དབང་བསྐུར་བའི་རྟེན། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དང་གཉིས་སུ་མེད་འོད་གསལ་གྱི་སེམས་དང་། ཐ་མལ་རྣམ་པར་རྟོག་པ་ས་བོན་དང་བཅས་གཟུགས་མེད་ཁམས་མི་སྣང་བའི་གྲོང་


JKT005_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ཤེར་དབང་དང་བཞི་པའི་རྟེན་དུ་གྱུར་པ་དང་། གཞན་ཡང་འདོད་ཁམས་འཁྱུད་པ་དང་། གཟུགས་ཁམས་ལག་བཅངས་དང་། གཟུགས་མེད་ཁམས་དགོད་པ། ཁམས་གོང་མ་བལྟ་བའི་བདེ་བ་བཞི་ལམ་དུ་བྱས་ནས་དབང་བཞི་བསྐུར་དགོས་པ་སོགས་སོ་སོའི་མཚན་ཉིད་རྒྱས་པར་བཤད་དུ་ཡོད་ཀྱང་འདིར་དེ་ཙམ་དུ་བསྡུས་ནས་གཉིས་པ་ནི། གཞོན་ལུས་གཅིག་ཞེས་པ་ནས། སྡུག་གུ་ཞེས་པའི་བར་གྱིས་བསྟན་ཏེ། འདི་ལ་བཞི། དང་པོ་བུམ་དབང་ལ་གཞོན་ནུ་ཞེས་སྨོས་པ་ནི། དབང་ཐམས་ཅད་ཀྱི་ཐོག་མ་ཡིན་པའི་ཕྱིར་དང་། འདི་སྔོན་དུ་མ་སོང་བར་འོག་མ་རྣམས་མི་འབྱུང་བའི་མཚོན་དཔེར་བྱས་བ་སྟེ། སྤྱི རྒྱུད་གཞན་ལས་ཀྱང་དང་པོའི་དབང་ཞེས་སྨོས་པའི་ཕྱིར་དང་། དཔལ་ལྡན་དུས་ཀྱི་འཁོར་ལོ་ལས་ཀྱང་དམིགས་ཀྱི་གསལ་བར་གསུངས་སོ། །དེས་རང་འབྲས་ནི་ལུས་གཅིག་པུ་དག་པར་བྱེད་པའི་ཕྱིར་ན་དེ་སྐད་དུ་བརྗོད་པའོ། །གཉིས་པ་གསང་བའི་དབང་ལ་གནས་བརྟན་ཞེས་བརྗོད་པ་ནི། ཀྱེ་ཊ་སྦྲ་ན་ཞེས་པའི་སྒྲ་ལས་དྲངས་ལ། །གནས་ནི་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་གྱི་ཁྱད་པར་སྤྱི་བོ་ཛ་ལནྡྷཱར་ལ་སོགས་པ་སྟེ། དེར་བྱེད་པ་བསྡམས་པའི་ཐབས་མཁས་ཀྱིས་རླུང་ཡིད་སེམས་གསུམ་བསྟན་པར་བྱེད་པ་ནི་བདག་བྱིན་གྱིས་བརླབས་པའི་རིམ་པའོ། །དེ་ནི་གང་ལས་འབྱུང་ན་གསང་དབང་གི་རྗེས་སུ་སྐྱེས་བའི་ཕྱིར་རོ། །


JKT005_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་པོ་ནི་བུམ་དབང་གཞོན་ནུ་ལྟ་བུ་ལས་གོང་དུ་གྱུར་པའི་སླད་དོ། །སྐྱེ་རྒུའི་བདག་ཞེས་སྨོས་པ་ནི། སྐྱེ་བ་ཡོད་དོ་ཅོག་སྟེ་སྒོ་གསུམ་འཕེལ་བྱེད་ཀྱི་རྩ་བ་རླུང་ཁོ་ན་ལས་གྲུབ་པའི་ཕྱིར། འདིས་དེ་འཆིང་བར་བྱེད་པས་ན་བདག་པོའོ། །གསུམ་པ་ཤེར་དབང་ལ། སུམ་ཅུ་རྩ་གཉིས་ནི། དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་དང་། ལྷན་གཅིག་སྐྱེས་ཀྱི་དགའ་བ་བཞི་ལའང་། དགའ་བའི་དགའ་བའི་དགའ་བ་སོགས་བཞི་བཞིར་ཕྱེ་བའི་བཅུ་དྲུག་ཉིད། ཐབས་དང་། ཤེས་རབ་ཀྱི་དབྱེ་བས་སོ་གཉིས་ཏེ། དེ་ཉིད་ཤེར་དབང་གིས་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་རྐྱེན་གྱིས་གནས་བཞིར་དྭངས་པའི་མཚན་མ་ལས་བྱུང་བ་དང་། ནང་འཛིན་པར་བྱེད་པ་ནི་དབང་འདི་འཛིན་པའི་སྔགས་རིག་གྲུབ་པ་ལ་འོས་པའི་ཕྱིར་རོ། །དབང་བཞི་པ་ནི། སྡུག་གུ་ཞེས་པ་སྟེ། སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་མཛའ་བས་སྙིང་ལ་འི དམ་དུ་འཁྱུད་པའི་སྤྲོས་བྲལ་གྱི་ཡེ་ཤེས་མངོན་སུམ་པ་ནི་གསུམ་པའི་དུས་དང་བཞི་པའི་ཐབས་དང་། བདག་ཉིད་ཀྱི་བསོད་ནམས་ལས་འབྱུང་བའི་ཕྱིར་རོ། །འདིར་སྡུག་གུ་ཞེས་སྨོས་པའི་ཞར་ལ་ཐབས་ཀྱང་འདྲེན་པ་སྟེ་གཞན་དུ་ཡ་བྲལ་གྱི་ལམ་ནི་རྡོ་རྗེ་ཐེག་པ་ལྟ་ཅི་སྨོས། ཕ་རོལ་ཏུ་ཕྱིན་པ་ལའང་མ་གསུངས་ཏེ། སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་། །ཞེས་སྨོས་པའི་ཕྱིར་རོ། །


JKT005_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། འཇིག་རྟེན་གསུམ་ན་མཛེས། །ཞེས་སྨོས་ཏེ། སྔར་བཤད་པ་ལྟར་རགས་པ་འཁྲུལ་པའི་ལུས་ངག་ཡིད་གསུམ་དྲི་མ་དང་བཅས་པ་སྦྱངས་ནས། ཕྲ་བ་གཞོན་ནུའི་ལུས་ངག་ཡིད་གསུམ་མངོན་དུ་བྱེད་པས་རྡོ་རྗེ་གསུམ་གྱི་རང་བཞིན་གྲུབ་པའི་ལང་ཚོ་གསར་པས་མཛེས་པའོ། །དབང་དང་སྦྱར་བ་བསྟན་ཟིན་ཏོ། །གཉིས་པ་ལ་གཉིས། རིམ་པ་དང་པོ་དང་སྦྱར་བ། རྫོགས་པའི་རིམ་པ་དང་སྦྱར་བའོ། །དང་པོ་ནི། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཅེས་པས་བསྟན་ཏེ། འདི་ལ་གཉིས། རགས་པ་བསྐྱེད་རིམ་དང་སྦྱར་བ་དང་། ཕྲ་བ་སེམས་འཛིན་གྱི་རིམ་པ་གཞན་དང་སྦྱར་བའོ། །དང་པོ་ལ། སྤྱིར་ཕ་རྒྱུད་ལྟར་རྡོ་རྗེའི་ཆོ་ག་གསུམ་དང་། མ་རྒྱུད་ལྟར་མངོན་བྱང་ལྔ་སྟེ། །དང་པོ་ནི། སངས་རྒྱས་ཐམས་ཅད་ཀྱི་མཚན་དཔེ་སྒྲུབ་པར་བྱེད་པའི་གཞི་ལས། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྙིང་སྟོབས་ཀྱི་འཇིག་རྟེན་ལམ་དུ་ཁྱེར་ན་འདོད་ཁམས་ཀྱི་བག་ཆགས་སྦྱང་བར་བྱེད་པ་ཕྱག་རྒྱའི་ཆོ་ག །གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་རྡུལ་གྱི་འཇིག་རྟེན་ལམ་དུ་བྱས་ནས་གཟུགས་ཁམས་ཀྱི་བག་ཆགས་སྦྱོང་བར་བྱེད་པ་ཡིག་འབྲུའི་ཆོ་ག །ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་མུན་པའི་འཇིག་རྟེན་ལམ་དུ་བྱས་ནས་གཟུགས་མེད་ཁམས་ཀྱི་བག་ཆགས་སྦྱོང་བར་བྱེད་པ་ཕྱག་མཚན་གྱི་ཆོ་གའོ། །གཉིས་པ་ནི། ཧེ་བཛྲ་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །


JKT005_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་སོར་རྟོག་སྟེ། །རྫོགས་པར་བྱ་བ་ནན་ཏན་དང་། །ཐམས་ཅད་གཅིག་གྱུར་ཆོས་དབྱིངས་དངོས། །ཞེས་གསུངས་པའི་ཟླ་ཉི་ཕྱག་མཚན་ས་བོན་སྐུ་ཡོངས་རྫོགས་ལ་སེམས་བཟུང་བའི་དབང་དུ་བྱས་ཏེ། ཟླ་བ་ནི་སྙིང་སྟོབས། ཉི་མ་ནི་རྡུལ། གཞན་རྣམས་མུན་པ་ལ་སྦྱོར་རོ། །ཁྱད་པར་གྱི་ལམ་ཁྱེར་ནི། ཕྱི་ནང་སྣོད་བཅུད་བརྟན་གཡོ་དང་བཅས་པའི་གཟུགས་སུ་སྣང་བ་ཐམས་ཅད་གདན་གསུམ་སྒྱུ་འཕྲུལ་དྲྭ་བའི་ལྷ་སྐུ་ཉག་གཅིག་ཏུ་དག་པ་དང་། ཁམས་མངོན་པར་འདུ་བྱས་པ་དང་། མ་བྱས་པ་ལས་བྱུང་པའི་སྒྲ་སྐད་ཐམས་ཅད་སྐྱེ་མེད་གཉུག་མ་ནཱ་དའི་རང་མདངས་གཞོམ་གཞིག་དང་བྲལ་བའི་སྔགས་སུ་རྫོགས་པ། རྟོག་པ་དང་དཔྱོད་པ་ནི་ས་བོན་མཚུངས་པར་ལྡན་པ་སེམས་དང་སེམས་བྱུང་གི་ཆོས་ཁམས་ཐམས་ཅད་ཉག་གཅིག་སྐྱེས་པ་འོད་གསལ་བའི་དབྱིངས་སུ་སྨིན་ཏེ། རྡུལ་མུན་སྙིང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་ཐམས་ཅད་དུ་འཆར། ཡང་དག་གཉུག་མའི་རྡོ་རྗེ་གསུམ་མངོན་དུ་བྱེད་པའོ། །གཉིས་པ་ནི། གཞོན་ལུས་གཅིག་ཅེས་པ། དེ་ལྟར་སྤྱིར་བསྐྱེད་རིམ་གྱི་རྣམ་གྲངས་ལ་མཐའ་ཀླས་མོད་ཀྱང་། རྫོགས་རིམ་གྱི་རྟེན་དུ་ངེས་པར་གཅེས་པ་ནི་ཕྲ་ཐིག་གི་རྣལ་འབྱོར་ཏེ། དེ་ཉིད་རྫོགས་རིམ་གཉིས་པའི་འཇུག་སྒོར་གྱུར་པས་གཞོན་ནུ་དང་། སྤྱི་བོའམ། སྙིང་གའམ།


JKT005_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་རྩེ་སོགས་གང་ཡང་རུང་བར་ཕྲ་བའི་ཐིག་ལེ་གཉུག་མའི་ལུས་གཅིག་པུ་དེ་ལ་ཡིད་འཛིན་ཅིང་སྡུད་བར་བྱེད་པའི་དོན་ཏེ། །གཉིས་པ་ལ་གསུམ། གསང་དབང་གི་ལམ་བདག་བྱིན་གྱིས་བརླབས་པ་དང་། ཤེར་དབང་གི་ལམ་ཕྱག་རྒྱ་བརྟེན་པ་དང་། དབང་བཞི་པའི་ལམ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་ངེས་པར་བྱ་བ་དང་སྦྱར་བའོ། །དང་པོ་ནི། གནས་བརྟན་རྒན་པོ་སྐྱེ་རྒུའི་བདག །ཅེས་པ་སྟེ། འདིར་གནས་ནི་ཡང་དག་པའི་ཐར་པ་སྟེར་བར་བྱེད་པའི་ལམ་ཨ་ཝ་དྷུ་ཏིའོ། །དེར་སྦྱོར་བ་བཞི་དང་ལྡན་པའི་གནད་ཀྱིས་སྲོག་རྩོལ་གྱི་རླུང་ཁ་སྦྱོར་དུ་བརྟན་པར་བྱས་པས། སྔར་བསྐྱེད་རིམ་གྱི་སེམས་འཛིན་སྣ་ཚོགས་པས་དུབ་པའི་རླུང་སེམས་གཞོན་ནུ་ལྟ་བུ་ཉིད། འོད་གསལ་བའི་དབྱིངས་སུ་འདྲེས་ཏེ་གཟུང་འཛིན་གྱི་འཇུག་ལྡང་དང་བྲལ་བའི་ཕྱིར་རྒན་པོ། དེ་ཉིད་སྣང་ཤེས་ཀྱི་ཉམས་དང་། ཕྱི་ནང་གི་དྲོད་ཕལ་ཆེར་སྐྱེ་བའི་བདག་པོར་གྱུར་པ་སྟེ། དེ་སྐད་དུ་ཡང་། སྦྱོར་བ་རྣམ་བདུན་གཙོ་བོ་བུམ་པ་ཅན། །སངས་རྒྱས་ལམ་ནི་ཁ་སྦྱོར་དག་ལ་གནས། །འདི་ནི་འཆི་བ་མེད་པའི་བཅུད་ལེན་ཏེ། །འདི་ནི་རྒས་པ་མེད་པའི་སྨན་གྱི་མཆོག །མཐུ་སྟོབས་དུ་མ་སྒྲུབ་པར་བྱེད་པའང་འདི། །རིམ་གཉིས་རྟེན་འབྲེལ་བརྟན་པར་བྱེད་པའང་འདི། །ཞེས་སོ། །གཉིས་པ་ནི། སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་པ་སྟེ། དེ་ནས་དངོས་


JKT005_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སམ་ཡིད་ཀྱི་རིག་མ་ལ་འདུ་ཤེས་གསུམ་ལྡན་གྱི་སྙོམས་པར་ཞུགས་ཏེ་བསྲུབས་དང་བསྲུབས་པའི་སྦྱོར་བས་བདེ་ཆེན་འཁོར་ལོའི་ཟླ་བ་ཞུ་བ་གནས་བཞིར་སོན་པ་ཉིད་དབབ་བཟློག་དགྲམ་བསྐྱིལ་གྱི་གནད་ལ་བརྟེན་ནས། ལུས་ཐམས་ཅད་རྩ་ཡིས་ཁྱབ་ཀྱང་། རྩ་ཐམས་ཅད་ཀྱི་གཙོ་མོ་སུམ་ཅུ་རྩ་གཉིས་ཡིན་ལ། དེ་ཀུན་ཁམས་བྱང་ཆུབ་སེམས་ཀྱིས་ཁྱབ། དེར་བདེ་བས་ཁྱབ། བདེ་བ་དེས་དྲངས་པའི་སྟོང་ཉིད་ཀྱིས་རྒྱས་ཐེབས་པས་འོད་གསལ་གཟུང་འཛིན་དང་བྲལ་བའི་མཚན་མ་འཆང་བར་བྱེད་པས་ན་དཔེ་ཡི་ཡེ་ཤེས་མངོན་དུ་གྱུར་པའོ། །གསུམ་པ་ནི། སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་པ་སྟེ། དེ་ལྟ་བུའི་ཞུ་བདེའི་སྡུག་གུས་ཕུང་ཁམས་སྐྱེ་མཆེད་གྱི་སྣང་ཆ་ཐམས་ཅད་དམ་དུ་འཁྱུད་པ་ལས་གཟུང་བ་འཛིན་པ་ཐམས་ཅད་ལས་འདས་པ། རྡུལ་དང་། ཤེས་བྱ་དང་། སྤྲོས་པའི་མཚན་མ་ལས་རིང་དུ་བརྡལ་བའི་དོན་གྱི་ཡེ་ཤེས་འགྱུར་བ་མེད་པའི་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུར་མཐོང་བ་སྟེ། དེ་ཉིད་ཁུ་རྡུལ་རླུང་གི་འཇིག་རྟེན་གསུམ་རྣམ་པར་དག་པའི་སྐུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ངོ་བོ་ཉིད་དུ་གྱུར་པས། སྲིད་པ་དང་ཞི་བའི་ཕ་མཐར་མི་གནས་པའི་མྱ་ངན་ལས་འདས་པའི་སར་མཛེས་པའོ། །ལམ་དང་སྦྱར་བ་བསྟན་ཟིན་ཏོ། །གསུམ་པ་ལ་བཞི་སྟེ། དེ་ལྟར་གཞི་མ་ནོར་བའི་


JKT005_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཐོང་བ་དང་། ལམ་བསྒོམས་པས་གློ་བུར་བསལ་རུང་གི་སྒྲིབ་པ་ཐམས་ཅད་སྦྱངས་ཏེ། རང་གི་ངོ་བོའི་བཞུགས་ཚུལ་ཇི་ལྟ་བ་མངོན་དུ་གྱུར་པ་ནི་སྐུ་གསུམ་དབྱེར་མེད་པའི་བདག་ཉིད་ཆེན་པོ་སྟེ། དེ་ལ་དབྱེ་ན་བཞི་ལས། དང་པོ་ནི། ཆོས་ཀྱི་སྐུ་ནི། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཅེས་པ་སྟེ། འབར་གཡོ་བརྟན་པའི་འཇིག་རྟེན་གསུམ་གྱི་དབུས་ན་གནས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་སྒྲིབ་གཉིས་ཀྱི་བགྲེས་རྒུད་སྤངས་པས་དག་པ་གཉིས་ལྡན་གྱི་གཞོན་ནུར་གྱུར་པའི་ཡེ་ཤེས་ཀྱི་ལུས་བྲལ་སྨིན་གྱི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་གཅིག་པུར་གྱུར་པ་ནི་ཤིན་ཏུ་ཞི་བ་ཆོས་ཀྱི་སྐུའོ། །གཉིས་པ་ལོངས་སྤྱོད་རྫོགས་སྐུ་ནི། གནས་བརྟན་རྒན་པོ་སྐྱེ་རྒུའི་བདག །ཅེས་པ་སྟེ། འདི་ལ་གཉིས། དང་པོ་ངེས་པ་ལྔ་དང་སྦྱར་ན། གནས་ཞེས་པས་གནས་ངེས་པ་འོག་མིན་སྟུག་པོ་བཀོད་པར། བརྟན་པ་ཞེས་དུས་ངེས་པ་འཕོ་འགྱུར་དང་བྲལ་བའི་རྟག་པ་རྒྱུན་གྱི་འཁོར་ལོ། རྒན་པོ་ཞེས་པ་སྟོན་པ་ངེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་ཅིང་། ས་ལམ་མཐའ་དག་གི་རྩེ་མོར་གཤེགས་པས་སློབ་པའི་ལམ་ཀུན་ལས་རྒན་པོར་གྱུར་པ། སྐྱེ་རྒུ་ཞེས་པས་འཁོར་ངེས་པ་སངས་རྒྱས་ཀྱི་གསུང་ལས་སྐྱེས་པའི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡོད་དོ་ཅོག །བདག་ཅེས་པས་ཆོས་ཕུན་སུམ་ཚོགས་པ་ཐེག་


JKT005_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་དང་། གྲུབ་མཐའ་ཐམས་ཅད་དང་། ལམ་ཐམས་ཅད་ཀྱི་རྩ་བར་གྱུར་པའི་བདག་ཉིད་བླ་མེད་རྡོ་རྗེའི་རྒྱུད་སྡེ་འབའ་ཞིག་བསྟན་པར་མཛད་པ་ནི་ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ། །གཉིས་པ་ཁ་སྦྱོར་ཡན་ལག་བདུན་ལྡན་དང་སྦྱར་ན། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་དང་འགོག་པ་མེད། །ཡན་ལག་བདུན་བཤད་དོན་དང་ལྡན་པ་བསྒྲུབ་བྱ་འདིར། །བདག་འདོད་ཚད་མས་ཡོངས་བསྒོས་བློ་ཆེན་གྱིས་ཀྱང་བསྔགས། །ཞེས་པ་སྟེ། གནས་ཞེས་པ་སྦྲ་ནའི་སྒྲ་ལས་དྲངས་ན་འཕོ་བ་མེད་པ་སྟེ། དུས་རྟག་ཏུ་ཡོན་ཏན་ཡོངས་སུ་གང་བ་ལོངས་སྤྱོད་པར་གཡོ་བ་མེད་པ་དང་། བརྟན་པ་ནི་ཤེས་རབ་གྱི་དགའ་མས་རྟག་ཏུ་འཁྱུད་པའི་རོས་སིམ་པས་གཟུང་འཛིན་གྱི་འཆིང་བ་ཕྲ་མོར་བགྱིད་པའི་ཕྱིར་ཁ་སྦྱོར། རྒན་པོ་ནི། དགའ་བ་གསུམ་ལས་གོང་དུ་གྱུར་པའི་བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་དང་། གཟུང་འཛིན་གྱི་སྤྲོས་པ་ཉེ་བར་ཞི་ནས་ཟུང་འཇུག་ཆེན་པོའི་ངང་དུ་སྡུད་པའི་རང་བཞིན་མེད་པའོ། །སྐྱེ་བ་ནི། སེམས་ཅན་ལ་དམིགས་པ་མེད་པའི་ཟག་བྲལ་གྱི་སྙིང་རྗེ་ཆེན་པོ་སྐྱེ་བས་རྒྱུད་ཡོངས་སུ་གང་བའོ། །རྒུ་ཞེས་པ་ནི། པྲ་ཞེས་པའི་སྒྲ་ལས་དྲངས་ན་མང་ཚིག་སྟེ། འགྲོ་བ་ཀུན་གྱི་ཁམས་དབང་བསམ་པ་དང་འཚམས་


JKT005_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུལ་བྱེད་ཀྱི་ཐབས་མཁས་མཐའ་ཀླས་པ་རྒྱུན་མི་ཆད་པར་སྟོན་པའོ། །བདག་པོ་ནི། ཡེ་ཤེས་དེ་ཉིད་མཉམ་པ་ཉིད་སོགས་ཐམས་ཅད་འཆར་བའི་གཞིར་གྱུར་པས་གཞན་གྱི་དོན་ལ་འགོགས་པ་མེད་པའོ། །གསུམ་པ་སྤྲུལ་སྐུ་ནི། སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་པ་སྟེ། སྔར་སྨོས་པའི་འོག་མིན་དུ་ཆེན་པོར་བཞུགས་པའི་ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཉིད་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ། མཛད་པ་བཅུ་གཉིས་ཀྱི་རྣམ་རོལ་དུ་སྟོན་པ་མཆོག་གི་སྤྲུལ་པའི་སྐུ། ཐུན་མོང་བ་ལྟར་ན་དེ་བཞིན་གཤེགས་པ་ལ་ཕྱག་བྱས་པ་སོགས་དང་། ཁྱད་པར་གྱི་དབང་དུ་ན་བཅུ་དྲུག་དགའ་བའི་ཡེ་ཤེས་ཐབས་དང་ཤེས་རབ་ཀྱི་རོལ་མོར་སྨིན་པ་ལས་བྱུང་བའི་མཚན་སུམ་ཅུ་རྩ་གཉིས་དང་། ཞར་ལ་དེའི་ཟླས་དྲངས་པའི་དཔེ་བྱད་བརྒྱད་ཅུ་སོགས་བྲལ་སྨིན་གྱི་ཡོན་ཏན་མུ་མཐའ་མེད་པ་འཆང་བའི་བདག་ཉིད་དོ། །བཞི་པ་ངོ་བོ་ཉིད་སྐུ་ནི། སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་སྡུག་གུས་དམ་དུ་འཁྱུད་པའི་རྣམ་ཀུན་མཆོག་ལྡན་ཉམ་པ་དང་བྲལ་བའི་ཡེ་ཤེས། སྐུ་གསུམ་གྱི་འཆར་གཞིར་གྱུར་པ་དེ་ནི། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་ཉི་ཤུའི་བྱང་ཆུབ་པའི་དཀྱིལ་འཁོར་གྱི་དབུས་ན་ཡེ་ཤེས་དང་། ཡོན་ཏན་དང་། མཛད་པ་དང་། ཕྲིན་ལས་ཀྱི་རྣམ་རོལ་དུ་མ་དང་བཅས་


JKT005_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། མཐའ་ཀླས་པའི་རྒྱལ་བ་ཀུན་གྱི་ཕྱི་མོ་གཅིག་པུར་མཛེས་པར་བཞུགས་པའོ། །འབྲས་བུ་དང་སྦྱར་བ་ཡང་བསྟན་ཟིན་ཏོ། །བཞི་པ་ལ་གཉིས། ཐུན་མོང་གི་ཐེག་པའི་ལམ་དང་སྦྱར་བ་དང་། ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པ་དང་སྦྱར་བའོ། །དང་པོ་ནི། ཐེག་པ་དམན་པ་དང་། ཆེན་པོ་ལ་སྦྱར་བའོ། །དང་པོ་ནི། འཇིག་རྟེན་ཞེས་སོགས་ནས། སྐྱེ་རྒུའི་བདག་ཅེས་པའི་བར་ཏེ། འདི་ལྟར་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་སྡུག་བསྔལ་གྱི་བདེན་པའི་རང་གཟུགས་འབའ་ཞིག་ཏུ་མཐོང་ནས། དེས་དྲངས་པའི་ལམ་བདེན་གྱི་འཇུག་སྒོ་ངེས་པར་འབྱུང་བའི་བློ་གཞོན་ནུ་དང་། དེ་ནར་སོན་ནས་ལམ་ལ་ཚུལ་བཞིན་དུ་སློབ་པས་ཀུན་འབྱུང་གི་ས་བོན་བཅོམ་སྟེ་རྒྱུན་དུ་ཞུགས་པ་སོགས་སློབ་ལམ་གསུམ་གྱི་གནས་སུ་བརྟན་པ་ཐོབ་སྟེ། མཐར་ཉོན་མོངས་པའི་གཡུལ་གྱིས་བརྫི་བར་མི་ནུས་པའི་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ་འགོགས་བདེན་མངོན་དུ་གྱུར་པ་ནི་རྒན་པོའོ། །གཉིས་པ་ནི། སྐྱེ་རྒུའི་བདག་ཅེས་པ་ནས། འཇིག་རྟེན་གསུམ་ན་མཛེས་ཞེས་པའི་བར་ཏེ། སྐྱེ་བ་ནི། ཛ་ནའི་སྒྲ་ལས་དྲངས་ན་ཉོན་མོངས་པའི་ཡིད་ལངས་པས་སྡུག་བསྔལ་གྱི་རྒྱ་མཚོར་འཕེན་པར་བྱེད་པའི་འཁོར་བ་ཐམས་ཅད་དོ། །དེ་ལ་དམིགས་པའི་བློས་དྲངས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་བདག་གིར་བཟུང་བ་ནི་ཐེག་ཆེན་གྱི་


JKT005_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མཐའ་དག་གི་རྩ་བ་སྟེ། རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དེ་ལ་སེམས་བསྐྱེད་པ་ནི་ཚོགས་ལམ་ཆུང་ངུའི་མགོ་བརྩམ་སྟེ། དེ་ནས། སྒོམ་ལམ་མཐར་ཐུག་པའི་བར་དུ་དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། ཚོགས་ལམ་ཆེ་འབྲིང་ཆུང་གསུམ་གྱིས་བསྡུས་པ་དང་། དབང་པོ་ལྔ་དང་སྟོབས་ལྔས་བསྡུས་པའི་སྦྱོར་ལམ་དང་། མཐོང་ལམ་ཡན་ལག་བདུན་དང་། སྒོམ་པའི་འཕགས་ལམ་ཡན་ལག་བརྒྱད་དེ་སུམ་ཅུ་སོ་བདུན་ལས། དབང་པོ་ལྔ་དང་སྟོབས་ལྔ་པོ་བློ་རྩལ་རྫོགས་ཆེ་ཆུང་ལས་ངོ་བོ་གཅིག་ཏུ་བྱས་པས་སོ་གཉིས་པོའི་མཚན་མ་རིམ་པ་བཞིན་དུ་འཆར་བའི་མཐར། སྲིད་པ་དང་ཞི་བ་གཉིས་ཀ་ལ་མི་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྡུག་གུ་ལས་བྱུང་བའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་མི་སློབ་པའི་གོ་འཕང་འཇིག་རྟེན་གསུམ་གྱི་རྩེ་མོར་མཛེས་པ་ཉིད་ཐོབ་པའོ། །གཉིས་པ་ནི། འཇིག་རྟེན་གསུམ་ན། ཞེས་པས་ལུས་ངག་ཡིད་གསུམ་དང་གཞོན་ལུས་གཅིག་ཅེས་པས་དེ་ཐམས་ཅད་ཀྱི་འཆར་གཞི་གཉུག་མའི་སེམས་ངོས་བཟུང་སྟེ། དེར། གནས་བརྟན་རྒན་པོ་ཞེས་སློབ་དཔོན་མཚན་ཉིད་དང་ལྡན་པས། སྐྱེ་རྒུའི་བདག་ཅེས་པས་ལམ་ཐམས་ཅད་དང་། འབྲས་བུ་ཐམས་ཅད་སྐྱེ་རྒུའི་


JKT005_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཞིང་ས་ལྟ་བུར་གྱུར་པ་སྨིན་པར་བྱེད་པ་ཡན་ལག་དང་བཅས་པ་བླངས་ཏེ། སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སངས་རྒྱས་ཀྱི་ང་རྒྱལ་རྣལ་འབྱོར་དུ་བྱ་བ་སྐྱེ་བ་ཀུན་རྫོབ་ཀྱི་བདེན་པ་ལམ་དུ་བྱེད་པ་ལུས་རིམ་སྐྱེས་དང་མཐུན་པའི་བསྐྱེད་རིམ་དང་། སྡུག་གུ་ཞེས་པས། དངོས་ཡིད་ཀྱི་ཕྱག་རྒྱ་སྡུག་གུ་བསྟེན་པ་ལས་སུ་རུང་བའི་དཔེ་དང་། ཡེ་ཤེས་རྣམ་ཀུན་མཆོག་ལྡན་རྡོ་རྗེ་བཙུན་མོའི་ཐར་པ་བསྟེན་པའི་དོན་གྱི་ཡེ་ཤེས་འཆི་བ་དོན་དམ་གྱི་བདེན་པ་ལམ་དུ་བྱས་ཏེ་ལུས་རིམ་རྫོགས་དང་མཐུན་པའི་རྫོགས་རིམ་དང་། འཇིག་རྟེན་གསུམ་ན་མཛེས། །ཞེས་པས། ཐ་མལ་པའི་སྒོ་གསུམ་གནས་གྱུར་ཏེ་རྡོ་རྗེ་གསུམ་གྱིས་མཛེས་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཐོབ་པ་སྟེ། མདོར་ན་བློ་ཀ་གཅིག་པུས་ཀྱང་སྔགས་ཀྱི་ལམ་དང་འབྲས་བུ་འཁོར་དང་བཅས་པ་ཚང་བར་བསྟན་ཟིན་ཏོ། །སླར་སྨྲས་པ། གྲུབ་པའི་ངག་གི་བདུད་རྩིས་བརླན་ཆགས་པའི། །ལེགས་བཤད་པ་ཀུ་ལ་ཡི་མེ་ཏོག་གསར། །བཞད་པ་འདི་ཡང་གཞན་དྲིང་ཉི་ཟླ་ལས། །ལྟོས་མིན་འཇམ་མགོན་དགའ་མའི་དཔྱིད་ལས་བྱུང་། །དེ་ཕྱིར་དེ་ལས་བྱུང་བའི་དགེ་ཚོགས་རྒྱུན། །ཡང་དག་ཐར་པའི་རྩེ་མོར་འདྲེས་པའི་མོད། །སྲིད་དང་ཞི་བའི་ཕ་མཐའ་ཡས་འདས་པའི། །སྒྱུ་འཕྲུལ་དྲྭ་བའི་གོ་འཕང་བརྙེས་གྱུར་ཅིག །ཅེས་


JKT005_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

པའང་ལམ་འདི་ལ་སྔོན་དགེའི་བག་ཆགས་ཅུང་ཟད་སད་པའི་རྣལ་འབྱོར་གཞོན་ནུ་གཙུག་ལག་སྨྲ་བའི་ཉི་མ་ཞེས་བྱ་བ་ལ། དོན་གཉེར་ཅན་དག་གིས་དྲིས་ཤིང་བསྐུལ་བའི་ངོར། ཤིན་ཏུ་ཉུང་ངུའི་ཚིག་གིས་ཆོས་འཁོར་དཔལ་གྱི་བསམ་ཡས་སུ་ཤར་མར་བྲིས་པ་སྟེ། སླར་ཡང་ཆོས་ཀྱི་བློ་གྲོས་ཅན་བྱུང་ན་ལུང་རིགས་མན་ངག་གསུམ་གྱི་དཔྱད་པས་དྲངས་ཏེ་བཤད་པར་བྱ་བར་དམ་བཅའོ། །ཤུ་བྷཾ།། ༈ །།ན་མའི་ཀ་ལ་ཙཀྲ་ཡ། དེའི་བསྐྱེད་རྫོགས་ཀྱི་ལམ་གྱི་རིམ་པར་ཕྱེ་བ་ལ། ཐོག་མར་ལམ་ཐུན་མོང་བས་བློ་སྦྱང་། བློ་སྦྱངས་ནས་རྒྱུད་སྣོད་རུང་དུ་བྱེད་པའི་དབང་དང་དམ་ཚིག་གི་སྐོར་བཤད། རྒྱུད་སྣོད་རུང་དུ་བྱས་ནས་སྨིན་པ་དང་གྲོལ་བར་བྱེད་པའི་བསྐྱེད་རྫོགས་གཉིས་བཤད་པའོ། །དང་པོ་ནི། དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པར་འདོད་པའི་གང་ཟག་དེས་བསྟེན་བྱ་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བརྟེན་པ་ལ་བློ་སྦྱང་དགོས་ཏེ། མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་དགེ་བའི་བཤེས་གཉེན་ལ་རག་ལས་པའི་ཕྱིར་རོ། །དེ་རྗེས་དལ་འབྱོར་རྙེད་དཀའ་བ་དང་དོན་ཆེ་བའི་ཚུལ་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་འདོད་ཀྱི་བློ་མཚན་ཉིད་པ་རྒྱུད་ལ་མི་སྐྱེ་བའི་ཕྱིར་རོ། །དེ་རྗེས་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་དེ་ཡང་འཆི་བ་


JKT005_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཕྲུགས་སུ་བསམ་པའི་སྒོ་ནས་ཡུན་རིང་དུ་མི་གནས་པའི་ཚུལ་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་ཚེ་འདིའི་འཁྲི་བ་མི་ཆོད་པས་ཆོས་བྱེད་འདོད་ཀྱི་བློ་མཚན་ཉིད་པ་མི་སྐྱེ་བའི་ཕྱིར། དེ་རྗེས་ངན་སོང་གི་སྡུག་བསྔལ་དང་། དེ་ལས་སྐྱོབ་པར་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཤེས་པའི་སྒོ་ནས་སྐྱབས་འགྲོ་མཚན་ཉིད་པ་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་དཀོན་མཆོག་གསུམ་ལ་དམིགས་པའི་དད་པ་ཁ་ཞེ་མེད་པ་དང་སྐྱབས་གནས་ལ་བློ་ལིང་བསྒྱུར་གྱི་སྐྱབས་འགྲོ་མཚན་ཉིད་པ་མི་སྐྱེ་བའི་ཕྱིར། དེ་རྗེས་དགེ་མི་དགེའི་ལས་ལམ་དང་། དེ་དག་གི་འབྲས་བུ་བདེ་སྡུག་གཉིས། རྗེས་སུ་འགྲོ་ལྡོག ། འཁྲུལ་མ་འཁྲུལ་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་སྡོམ་པ་གསུམ་གྱི་སྲུང་སྡོམ་རྩིང་པོར་སོང་ནས་ཕྱི་མ་ངན་འགྲོར་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་རྗེས་ཀུན་ནས་ཉོན་མོངས་རྒྱུ་འབྲས་དང་། རྣམ་བྱང་རྒྱུ་འབྲས་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་འཁོར་བ་ལས་བཟློག་འདོད་དང་། ཐར་པ་ཐོབ་འདོད་གོ་བ་ཙམ་པོར་སོང་ནས་ཐར་པ་དོན་གཉེར་གྱི་བློ་མཚན་ཉིད་པ་རྒྱུད་ལ་མི་སྐྱེ་བའི་ཕྱིར་རོ། །དེ་རྗེས་རྒྱུ་འབྲས་མན་ངག་བདུན་མ་སོགས་ཀྱི་སྒོ་ནས་སྨོན་སེམས་ལ་བློ་སྦྱང་དགོས་ཏེ། དེ་ལྟར་མ་སྦྱངས་ན་བྱམས་སྙིང་རྗེའི་རྩ་བ་ཅན་གྱི་སྨོན་སེམས་མཚན་ཉིད་ཚང་བ་རྒྱུད་ལ་མི་སྐྱེ་བས་


JKT005_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་པ་མིང་ཙམ་པར་འགྱུར་བའི་ཕྱིར་རོ། །དེ་རྗེས་རྒྱལ་སྲས་སྤྱིའི་སྤྱོད་པ་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་བསླབ་དགོས་ཏེ། བསམ་པ་དེ་གྲོགས་སུ་ཡོད་ན་འཇུག་སྡོམ་མཚན་ཉིད་ཚང་བ་རྒྱུད་ལ་སྐྱེ་ལ། དེ་མེད་ན་མི་སྐྱེ་བའི་ཕྱིར། དེ་རྗེས་ཞི་ལྷག་འདྲེན་པར་བྱེད་པའི་ཐབས་སེམས་གནས་དགུ་སོགས་དང་། ཞི་ལྷག་རང་གི་ངོ་བོ། ཞི་ལྷག་གི་མི་མཐུན་ཕྱོགས་བྱིང་རྒོད་གཅོད་ཚུལ་སོགས་ལ་གོ་བ་རྣམ་དག་ཆགས་པ་དགོས་ཏེ། དེ་མེད་ན་ཞི་ལྷག་གི་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་མཚན་ཉིད་ཚང་བ་རྒྱུད་ལ་མི་སྐྱེ་བའི་ཕྱིར་རོ། ༈ །གཉིས་པ་ནི། སྐབས་འདིར་རྒྱུད་སྣོད་རུང་དུ་བྱེད་པའི་དབང་དེ་ལ་གསུམ་དུ་ཡོད་དེ། བསྐྱེད་རིམ་སྒོམ་པའི་སྣོད་རུང་དུ་བྱེད་པའི་དབང་དེ་ལ་དབང་བདུན་དང་། རྫོགས་རིམ་སྒོམ་པའི་རྒྱུད་སྣོད་རུང་དུ་བྱེད་པའི་དབང་གོང་མ་བཞི་དང་། རྒྱུད་འཆད་པ་སོགས་ལ་དབང་བའི་རྒྱུད་སྣོད་རུང་དུ་བྱེད་པའི་གོང་ཆེན་གྱི་དབང་བཞི་དང་གསུམ་ཡོད་པའི་ཕྱིར། དེ་ཡང་དབང་མདོར་བསྟན་ལས། དབང་ནི་བདུན་པོ་འདི་རྣམས་ཏེ། །དཀྱིལ་འཁོར་བཞེངས་ལ་སྦྱིན་པར་བྱ། །ཞེས་དང་པོ་བདུན་ནི་དམིགས་གསལ་ཀུན་སྤངས་པའི་སློབ་མ་རེ་རེ་ཙམ་མ་གཏོགས་རྡུལ་ཚོན་ཁོ་ནར་བསྐུར་བར་གསུངས་སོ། །དེ་ལྟར་དབང་ཐོབ་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་དཔང་པོར་བྱས་ཏེ་ཁས་བླངས་པའི་


JKT005_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་བརྟུལ་ཞུགས་ཉེར་ལྔ་དང་། སྡོམ་པའི་མི་མཐུན་ཕྱོགས་རྩ་ལྟུང་བཅུ་བཞི་ལ་སོགས་པ་སྲོག་དང་བསྡོས་ནས་བསྲུང་དགོས་ཏེ། དེ་རྣམས་མ་བསྲུངས་པར་བསྐྱེད་རྫོགས་ལམ་ཇི་ལྟར་བསྒོམས་ཀྱང་དོན་མི་འགྲུབ་པའི་ཕྱིར་རོ། ༈ །གསུམ་པ་ལ་གཉིས་ཏེ། དང་པོ་ལ་རྒྱུད་སྨིན་པར་བྱེད་པ་བསྐྱེད་རིམ་བཤད་པ་ལ་གསུམ། རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་ཚང་བར་བསྒོམ་མི་དགོས་པའི་ལོག་རྟོག་དགག ། བསྐྱེད་རིམ་ཇི་ཙམ་སྒོམ་པར་བཤད། བསྐྱེད་རིམ་སྒོམ་ཚུལ་བཤད་པའོ། །དང་པོ་ནི། སྔ་ཕྱིའི་མཁས་པ་མང་པོས་རྫོགས་རིམ་གྱི་སྔོན་འགྲོའི་བསྐྱེད་རིམ་ལ་ནི། དུས་འཁོར་དཔའ་གཅིག་དང་། ལྷན་སྐྱེས་ཙམ་བསྒོམས་པས་ཆོག་གི། བསྐྱེད་རིམ་ཚང་བར་བསྒོམ་མི་དགོས་ཏེ། དེ་འཇིག་རྟེན་པའི་དངོས་གྲུབ་ཀྱི་ཆེད་དུ་ཡིན་པའི་ཕྱིར་རོ། །ཞེས་བཤད་པ་ནི་མི་འཐད་དེ་འགལ་བ་རྣམ་པ་བཞི་ཡོད་པའི་ཕྱིར་དང་། ཁྱད་པར་མཆོག་དངོས་ཐོབ་པའི་རྒྱུར་སྟོང་གཟུགས་ཕྱག་ཆེན་རང་རྒྱུད་ལ་བསྐྱེད་དགོས་པར་ཤེས་པའི་ཆེད་དུ་ཡེ་ཤེས་ལེའུ་བསྟན། ཕྱག་རྒྱ་ཆེན་པོ་ཐོབ་པ་ལ་དེའི་སྔོན་དུ་རྒྱུད་སྨིན་བྱེད་བསྐྱེད་རིམ་དགོས་པས་དེ་ཤེས་པའི་ཕྱིར་སྒྲུབ་ལེ་བསྟན། བསྐྱེད་རིམ་སྒོམ་པ་ལ་དེའི་སྣོད་རུང་དུ་བྱེད་པའི་དབང་བསྐུར་འགྲོ་དགོས་པས། དེ་ཤེས་པའི་ཕྱིར་དུ་དབང་ལེ་བསྟན། དེ་ལའང་དེའི་སྔོན་དུ་དབང་བསྐུར་བ་པོ་དང་རྒྱུད་


JKT005_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པ་པོ་དང་ཉན་པ་པོའི་རྩ་རླུང་ཐིག་ལེ་དང་ཕུང་ཁམས་སྐྱེ་མཆེད་ཤེས་དགོས་པས་དེ་ཤེས་པའི་ཆེད་དུ་ནང་ལེ་བསྟན། དེ་ཡང་སྔོན་དུ་སྦྱང་གཞི་སྣོད་ཀྱི་ཆགས་ཚུལ་སོགས་ཤེས་དགོས་པས། དེ་ཤེས་པའི་ཆེད་དུ་ཁམས་ལེ་བསྟན་པའི་གོ་རིམ་དང་འགལ་བའི་ཕྱིར་རོ། །གཉིས་པ་ནི། རབ་ཏུ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གསུམ་ཡོངས་རྫོགས་སམ། འཁོར་ལོ་གསུམ་ལ་བཀོད་པའི་པདྨའི་གདན་ཅན་གྱི་ལྷ་བརྒྱ་ང་དྲུག་གམ། ཐུགས་དཀྱིལ་ཡོངས་རྫོགས་ཙམ་བསྒོམ་པ་ནི་མཆོག་ཏུ་འགྱུར་ལ། དེ་ལ་སྦྱང་གཞི་སྲིད་པ་སྐྱེ་འཆི་སྦྱོང་བའི་ལམ་ཚང་བའི་ཕྱིར་དང་། དེར་མ་ཟད་སྒྲུབ་པོའི་ཕུང་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་སྦྱོང་བའི་ལམ་གྱི་གནད་ཚང་བའི་ཕྱིར་རོ། །དེ་ཙམ་མ་གྲུབ་ནའང་ལྷ་བཅུ་གསུམ་མའམ། དགུའམ། ལྔ་ཡན་ཆད་ངེས་པར་བསྒོམ་དགོས་ཏེ། དེ་ཙམ་བསྒོམས་པས་ཕུང་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་སྦྱོང་བའི་ལམ་མ་ཚང་ཡང་། སྲིད་པ་སྐྱེ་འཆི་སྦྱོང་བའི་ལམ་གནད་ཚང་བའི་ཕྱིར་རོ། །གསུམ་པ་ལ། སྔོན་དུ་འགྲོ་བའི་རིམ་པ་དང་། བསྐྱེད་རིམ་དངོས་གཉིས། དང་པོ་ལའང་། བདུད་རྩི་བྱིན་གྱིས་བརླབས་པ། རྡོར་དྲིལ་བྱིན་རླབས། མཆོད་པ་བྱིན་རླབས། རྡོར་སེམས་སྒོམ་བཟླས་སོ། །དང་པོ་ལའང་། བསང་། སྦྱང་། བསྐྱེད་ཅིང་བྱིན་གྱིས་བརླབས་པས་རྫས་


JKT005_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་རྣམས་བསང་སྦྱང་གི་དོན་དུ་བྱའོ། །གཉིས་པ་དང་། གསུམ་པ་ལའང་བསང་སྦྱང་བསྐྱེད་ཅིང་བྱིན་གྱིས་བརླབས་པ་བཞིའོ། །བཞི་པ་བསྐྱེད་ཅིང་ཡི་གེ་བཀོད་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་དབང་བསྐུར་ཞིང་གསོལ་བ་བཏབ་ལ་སྔགས་བཟླ་བ་རྣམས་སོ། །གཉིས་པ་ལ། སྔོན་འགྲོ་སྲུང་འཁོར་བསྒོམ་པ་དང་། དངོས་༤གཞི་སྒྲུབ་ཐབས་༢བཤད་པ་གཉིས། དང་པོ་ལ། སྔོན་འགྲོ་ཚོགས་གཉིས་བསགས་པ། དངོས་གཞི་སྲུང་འཁོར་བསྒོམ་པ། མཇུག་ཏུ་གཏོར་མ་ཕུལ་ཏེ་གཤེགས་སུ་གསོལ་བའོ། །དང་པོ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་གཉིས། དང་པོ་ལ་ཚོགས་ཞིང་སྤྱན་དྲངས་ནས། ཕྱག་འཚལ་བ། མཆོད། བཤགས་པ། ཡི་རང་བ། བསྐུལ་བ། མྱ་ངན་ལས་མི་འདའ་བ། སྐྱབས་གསུམ་ལ་བསྟེན་པ། རང་གི་ལུས་དབུལ་བ། རང་གི་དགེ་རྩ་སེམས་ཅན་གཞན་ལ་སྦྱིན་པ། ཐེག་ཆེན་སྨོན་སེམས་བསྐྱེད་པའི་སྒོ་ནས་བདག་དང་བདག་གིར་འཛིན་པ་སྤངས་པ་བསྟན་ལ། ཚིགས་བཅད་ལྷག་མ་རྣམས་ཀྱིས་ལམ་ལ་བསླབ་པ་བསྟན་ཏོ། །གཉིས་པ་ནི། དངོས་པོ་མེད་པ་སོགས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་བསྟན་ཏོ། །གཉིས་པ་ལ། བདག་སྲུང་བ་དང་། གནས་སྲུང་བའི་དོན་དུ་སྲུང་འཁོར་བསྒོམ་པའོ། །དང་པོ་ལ་ལྷ་རྫོགས་པའི་དོན་དུ་སྐུ་གསུང་ཐུགས་ཡེ་ཤེས་


JKT005_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བ། རིགས་དྲུག་དགོད་པ། སྐུ་གསུང་ཐུགས་ཡེ་ཤེས་རྣམ་པར་དག་པར་བྱ་བ། ཡན་ལག་དྲུག་དགོད་པ། རྡོ་རྗེ་ཐམས་ཅད་ཀྱིས་བདུད་བཞི་གཞོམ་པ་དང་ལྔའོ། །གཉིས་པ་ལ། རྟེན་བསྐྱེད་པ། བརྟེན་པ་ལྷ་བསྐྱེད་པ། བདུད་བགེགས་ཚར་གཅོད་པའི་སྔགས་བཟླ་བའོ། །གསུམ་པ་ནི། རྡོ་རྗེ་བཞི་དང་ལྡན་པའི་དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་འཇིགས་བྱེད་འཁོར་དང་བཅས་པ་རྣམས་ལ་ཟློ གཏོར་མ་ཕུལ་ནས། གསང་གནས་ལ་སོགས་པའི་རྩ་འཁོར་དྲུག་ཏུ་གཤེགས་གསོལ་བྱ་བའོ། །གཉིས་པ་སྒྲུབ་ཐབས་དངོས་གཞི་བཤད་པ་ལ། ལས་བསགས་པའི་རྗེས་སུ་འཆི་བ་འོད་གསལ་མྱོང་བ་དང་ཆོས་མཐུན་པར་སྔོན་འགྲོ་ཚོགས་བསགས་པའི་རིམ་པ་བསྟན་པ། ཤི་ནས་བར་དོ་འགྲུབ་སྟེ་སྲིད་པ་གཞན་དུ་སྐྱེ་བ་བླངས་པ་དང་ཆོས་མཐུན་པར་རྣལ་འབྱོར་བཞི་བཤད་པ་དང་གཉིས། དང་པོ་ལའང་། སྦྱང་གཞི་བཤད་པ། སྦྱང་གཞི་སྦྱོང་བྱེད་སྦྱར་ནས་བཤད་པ། སྒྲུབ་ཐབས་ཀྱི་ཚིག་དོན་བཤད་པ་དང་གསུམ་མོ། །དང་པོ། ལུགས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེས་སྐྱེ་བ་འདིར་འབྱུང་བས་ཁམས་འཚོ་བ་དང་། འབྱུང་བ་རིམ་པར་ཐིམ་ནས་འཆི་བའི་འོད་གསལ་འཆར་བ་གསུམ་མོ། །གཉིས་པ་ནི། རང་ཉིད་སྐད་ཅིག་སོགས་དང་། རང་གི་ལུས་ཆུའི་ཁམས་ཀྱི་སོགས་དང་། དངོས་མེད་སོགས་ཀྱིས་སྦྱོང་བར་བྱེད་དོ། །


JKT005_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་བསགས་པ་གཉིས་ལས། དང་པོ་ནི་སྲུང་འཁོར་གྱི་སྐབས་སུ་བཤད་ཟིན་ལ། གཉིས་པ་ནི། དངོས་པོ་མེད་སོགས་ཀྱིས་སྟོན་པ་ཡིན་ནོ། །གཉིས་པ་ལ། མངལ་དུ་སྐྱེ་སྲིད་བླངས་པ་དང་ཆོས་མཐུན་པར་རྣལ་འབྱོར་དང་པོ་གཉིས་བསྒོམ་ཚུལ་བཤད་པ། ཕྱི་རོལ་དུ་བཙས་ཏེ་དབང་པོ་ཡུལ་ལ་འཇུག་པ་དང་ཆོས་མཐུན་པར་ལས་རྒྱལ་མཆོག་བསྒོམ་ཚུལ་བཤད་པ། ལོ་བཅུ་དྲུག་གི་མཐར་བདེ་བ་རྫོགས་པར་མྱོང་བ་དང་ཆོས་མཐུན་པར་ཕྲ་ཐིག་གི་རྣལ་འབྱོར་བསྒོམ་ཚུལ་བཤད་པའོ། །དང་པོ་ལ་རྟེན་གཞལ་ཡས་ཁང་བསྐྱེད་པ། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་སྦྱང་གཞི་བཤད་པ། དེ་དང་ཆོས་མཐུན་སྦྱར་བ། སྒྲུབ་ཐབས་ཀྱི་ཚིག་དོན་དངོས་བཤད་པའོ། །དང་པོ་ནི། ཁམས་དྲུག་པ་ཡེ་ཤེས་ཀྱི་ཁམས་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པར་གནས་པའི་སྐབས་དེར། སྣོད་སྔ་མས་སྟོང་པའི་སྐབས་སུ། ཕན་ཚུན་འདབ་མ་འབྱར་བ་སིལ་བུར་གནས་པའི་ཚུལ་གྱིས་སྟོང་པ་སྟེ་དབང་ཤེས་ཀྱི་ཡུལ་དུ་མ་གྱུར་པའི་རྡུལ་ཕྲན་རྣམས་གནས་སོ། །དེ་ཡང་སྒྲའི་ཡོན་ཏན་གཅིག་དང་ལྡན་པའི་ནམ་མཁའ། དེ་སྟེང་རེག་དང་ལྡན་པའི་རླུང་གི །དེ་སྟེང་གཟུགས་དང་ལྡན་པའི་མེའི། དེ་སྟེང་རོའི་ཡོན་ཏན་དང་ལྡན་པའི་ཆུའི། དེ་སྟེང་དྲི་ཡི་ཡོན་ཏན་ཏེ་ལྔ་དང་ལྡན་པའི་རྡུལ་ཕྲན་


JKT005_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སོ། །དེས་བརྩམས་པའི་རླུང་མེ་ཆུ་སའི་དཀྱིལ་འཁོར་དང་རི་རབ། དེའི་ཕྱི་རོལ་ན་ལོངས་སྤྱོད་ས་པའི་གླིང་དྲུག་དང་། དེ་བཞིན་ཕྱི་ན་གླིང་བདུན་པ་འཛམ་གླིང་ཆེན་པོ་ཡོད་དོ། །གཉིས་པ་ལ། ཕྱི་སྣོད་ཀྱི་འཇིག་རྟེན་དང་ཆོས་མཐུན་སྦྱར་བ། མའི་མངལ་དང་ཆོས་མཐུན་སྦྱར་བ། སྒྲུབ་པ་པོ་རང་གི་ལུས་དང་ཆོས་མཐུན་སྦྱར་བའོ། །དེ་ལས་བར་མ་ཅུང་ཟད་གོ་དཀའ་བས། ནམ་མཁའི་ཁམས་བསྒོམ་པ་མའི་གསང་གནས། རླུང་མེ་ཆུ་སའི་དཀྱིལ་འཁོར་ནི་མའི་དཔྲལ་མགྲིན་སྙིང་ག་ལྟེ་བའི་རྩ་འཁོར། རི་རབ་ནི་ལྟེ་བ་ནས་གསང་གནས་ཀྱི་བར། པདྨ་གསང་གནས་ཀྱི་ནང་གི་རྩ་འདབ་བརྒྱད། དེ་སྟེང་རྡོ་རྗེའི་གུར་ནི་མའི་པདྨར་པའི་རྡོ་རྗེ་ཞུགས་པ། གཞལ་ཡས་ཁང་མའི་མངལ། ཟླ་ཉི་སོགས་གདན་ནི་མའི་པདྨའི་ནང་གི་རྩ་རོ་རྐྱང་དབུ་མ་དང་ཆོས་མཐུན་ཅིང་དེ་དག་སྦྱོང་བར་བྱེད་དོ། །གསུམ་པ་ལ། འབྱུང་བཞི་གདན་དང་བཅས་པ་བསྒོམ་པ་དང་། གཞལ་ཡས་ཁང་བསྒོམ་ཚུལ་གཉིས་སོ། །གཉིས་པ་ལ། དང་པོ་སྦྱོར་བ་བསྒོམ་ཚུལ་དང་། དཀྱིལ་འཁོར་རྒྱལ་མཆོག་གཉིས། དང་པོ་ལ། སྦྱང་གཞི་ཆོས་མཐུན། ཚིག་དོན་གསུམ། དང་པོ་ནི། ལུགས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ལས་བཟང་པོ་བསགས་པའི་མཐར་འཆི་བ་ཉམས་སུ་མྱོང་ནས་བར་དོ་གྲུབ་སྟེ། མའི་མངལ་དུ་ཁྱད་པར་སོ་གཉིས་དང་ལྡན་པའི་


JKT005_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཕའི་ཁམས་དཀར་པོ་དང་། ཁྱད་པར་བརྒྱད་ཅུ་དང་ལྡན་པའི་མའི་ཁམས་དམར་པོ་གཉིས་ཀྱི་དབུས་སུ་སྐྱེ་བ་ལེན་ལ། མངལ་གྱིས་ཟླ་བ་དང་པོ་ལ་བདེ་བས་བརྒྱལ་ཞིང་ཡུལ་ལ་མ་དམིགས་པའི་ཕྱིར་མ་རིག་པ་དང་། ཟླ་བ་གཉིས་པ་ལ་རང་གི་ཕུང་པོ་རྣམས་གོང་ནས་གོང་དུ་འཕེལ་བས་འདུ་བྱེད་དང་། ཟླ་བ་གསུམ་པ་ལ་རྣམ་ཤེས་རགས་པ་ཡུལ་ལ་གཡོ་བར་བྱེད་པའི་ཕྱིར་རྣམ་ཤེས་ཀྱི་ཟླ་བར་བཞག་གོ །གཉིས་པ་ནི། ཁམས་དཀར་པོ་དབྱངས་ཡིག་༣༢དང་ལྡན་པའི་ཟླ་དཀྱིལ། དམར་པོ་གསལ་བྱེད་བརྒྱད་ཅུ་དང་ལྡན་པའི་ཉི་དཀྱིལ། དྲི་ཟའི་རྣམ་ཤེས་ཧཱུཾ་ཡིག །དེའི་བཞོན་པ་སྲོག་རླུང་ལ་ཧི་ཡིག་ནག་པོ། མངོན་བྱང་དང་པོ་བཞིའི་སྐབས་སུ་སེམས་བདེ་བའི་ངོ་བོར་སྐྱེ་བས་ཟླ་བ་དང་པོ། མངོན་བྱང་ལྔ་པའི་སྐབས་ཧཱུྃ་ཡིག་དུས་འཁོར་བསྐྱེད་པའི་མཐུ་ནུས་ཅན་དུ་གྱུར་པས་ཟླ་བ་གཉིས་པ། མངོན་བྱང་ལྔ་ལས་རྣམ་ཤེས་རྣམ་དག་མི་བསྐྱོད་དུས་འཁོར་གྱི་ངོ་བོར་བསྐྱེད་པ་ནི་ཟླ་བ་གསུམ་པའི་བག་ཆགས་རྣམས་སྦྱོང་བར་བྱེད་པའོ། །གཉིས་པ་ལ། ལྷ་སྤྲོ་བའི་ཚུལ་སྤྱིར་བསྟན་པ། སོ་སོར་བཤད་པ། སྙིང་རྗེས་སེམས་ཅན་ལ་དབང་བསྐུར་བ། ང་རྒྱལ་འཛིན་པའོ། །གཉིས་པ་ལའང་། ཐུགས་དཀྱིལ་གྱི། གསུང་དཀྱིལ་གྱི། སྐུ་དཀྱིལ་གྱི། ལྷ་གཞན་རྣམས་སྤྲོ་བ་དང་བཞིའོ། །དང་པོ་ལའང་། གཤེགས་པ་གཤེགས་མ། ཁྲོ་བོ་ཁྲོ་མོ་


JKT005_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་སྤྲོ་བ་དང་། སེམས་དཔའ་སེམས་མ་སྤྲོ་བ་གཉིས། དང་པོ་ལའང་སྦྱང་གཞི་ནི་ཟླ་བ་བཞི། མིང་གཟུགས་ཀྱི་ཟླ་བར་ཁམས་རགས་པ་དང་། དྭངས་མ། ལས་དབང་དང་། ལས་དབང་གི་བྱ་བ་ལྔ་འགྲུབ་པ་སྟེ། དེ་དང་ཆོས་མཐུན། གཤེགས་པ་དྲུག་སྤྲོ་བ་ནི་ཕུང་པོ་༦དྲུག །གཤེགས་མ་དྲུག་སྤྲོ་བ་ནི་ཁམས་༧དྲུག །བུམ་པ་རྣམས་ལུས་ཟུང་གི་དྭངས་མ། ཁྲོ་བོ་ཁྲོ་མོ་ལས་དབང་དེའི་བྱ་བ་ལྔ་རྣམས་སྦྱོང་བར་བྱེད་པའོ། །ཚིག་གི་དོན་ཐུགས་དཀྱིལ་ལ་ལྷ་སོ་དྲུག་བསྒོམ་པའོ། །གཉིས་པ་ནི། སྦྱང་གཞི་ཟླ་བ་ལྔ་པ་སྐྱེ་མཆེད་དྲུག་གི་ཟླ་བར་མིག་སོགས་སྐྱེ་མཆེད་དྲུག་དང་། དྲུག་པ་རེག་པའི་ཟླ་བར་གཟུགས་སོགས་ཡུལ་དྲུག་འགྲུབ་ཅིང་། དེའི་ཚེ་དབང་པོས་ཡུལ་ཅུང་ཟད་འཛིན་པས་དེ་སྐད་དོ། །དེ་དང་ཆོས་མཐུན་པར་སེམས་དཔའ་སེམས་མ་རྣམས་སྤྲོ་བའོ། །གཉིས་པ་ནི། མངལ་གྱི་ཟླ་བ་བདུན་པ་ཚོར་བའི་ཟླ་བར། ལྟེ་བར་ཐུགས་ཀྱི་རྩ་འདབ་བཞི། དེའི་ཕྱི་རོལ་དུ་གསུང་གི་རྩ་འདབ་བརྒྱད། དེའི་ཕྱི་རོལ་དུ་སྐུའི་རྩ་འདབ་བཅུ་དྲུག་ཡོད་པའི་དེའི་གཞི་ནི་སྟོང་པའི་རྩ་ཡིན་ལ། རྩ་འདབ་བཅུ་གཉིས་ལ་ལྔ་ལྔར་གྱེས་པའི་རྩ་འདབ་དྲུག་ཅུ་དང་། སྟོང་པའི་རྩ་འདབ་བཞི་རེ་སྟེ། རེ་བཞི་སྐུ་གསུང་ཐུགས་ཐུན་མོང་བའི་རྩ་ཞེས་བྱ་ལ། དེ་དག་གི་རྩ་སྣེ་ཚིགས་ཆེན་བཅུ་གཉིས་དང་། མགྲིན་པ་ཡུད་ཙམ་


JKT005_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་འབབ་པའི་རྩར་སྤྲོ་ཞིང་འབྲེལ་བར་གནས་སོ། །དེ་དང་ཆོས་མཐུན་གཙོ་མོ་བརྒྱད་བསྒོམས་པས་ཕྱི་རོལ་ཐུན་ཚོད། ནང་དུ་གསུང་གི་རྩ་འདབ་བརྒྱད་སྦྱོང་བ་དང་། འདབ་མའི་ལྷ་མོ་དྲུག་ཅུ་རེ་བཞི་བསྒོམས་པས། ཕྱི་རོལ་ཏུ་ཆུ་ཚོད་དྲུག་ཅུ་རེ་བཞི་དང་ཐུན་མཚམས་བཞི་སྟེ་རེ་བཞི། ནང་ལ་ལྟེ་བའི་རྩ་འདབ་རེ་བཞི་དང་ཆོས་མཐུན་ཞིང་སྦྱོང་བའོ། །གསུམ་པ་ནི། ཕྱི་ལོ་གཅིག་ལ་དུས་དྲུག་དང་ཟླ་བ་བཅུ་གཉིས། ནང་དུ་མངལ་གྱི་ཟླ་བ་བརྒྱད་པ་སྲེད་པའི་ཟླ་བར་ལྟེ་བའི་རྩ་འདབ་དྲུག་ཅུ་ལས་རྩ་ལྔ་ལྔར་གྱེས་པའི་རྩ་སྣེ་རྣམས་ཚིགས་ཆེན་བཅུ་གཉིས་སུ་སོང་ནས། དེ་རྣམས་སུ་རྩ་འདབ་སུམ་ཅུ་པའི་རྩ་འཁོར་བཅུ་གཉིས་ཆགས་པ་དང་ཆོས་མཐུན་པའི་དེ་སྦྱོང་བྱེད་ཚེས་ལྷ་རྣམས་སྤྲོ་བར་བྱེད་པ་ཡིན་ཏེ། དེ་ཡང་ནག་པ་དང་ས་ག །སྨོན་དང་ཆུ་སྨད། གྲོ་བཞིན་དང་ཁྲུམས་སྟོད། ཐ་སྐར་དང་སྨིན་དྲུག །མགོ་དང་རྒྱལ། མཆུ་དང་དབོའི་ཟླ་བའི་ཚེས་ལྷ་སུམ་ཅུ་པ་ཚན་པ་གཉིས་གཉིས་ནི། ཕྱི་ལ་སོགས་པའི་དུས་ཚིགས་དྲུག་པོ་རེ་རེ་ལ་ཚེས་ཞག་སུམ་ཅུ་པ་གཉིས་རེ་ཡོད་པ་དང་། ནང་དུ་དཔུང་པ་གཡོན་གཡས། མཁྲིག་མའི་ཚིགས་གཡོན་གཡས། དེ་བཞིན་དཔྱི། པུས་མོ། ལོང་བུ། ཕྲག་པའི་ཚིགས་གཡོན་གཡས་དྲུག་པོ་རེ་རེ་ལ་རྩ་འདབ་སུམ་ཅུ་གཉིས་གཉིས་ཡོད་པའི་ཕྱིར་རོ། །མངལ་གྱི་ཟླ་བ་བརྒྱད་པ་དང་དགུ་པ་ལེན་པའི་


JKT005_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བར། གཙུག་ཏོར། གཤང་ལམ། ལག་མཐིལ། རྐང་མཐིལ་རྣམས་སུ་རྩ་འདབ་བཞི་པ་རེ་ཆགས་པ་དང་ཆོས་མཐུན་ཅིང་དེ་སྦྱོང་བྱེད་ཁྲོ་མོ་བཞི་སྤྲོ་བར་བྱེད་དོ། །རྩ་འདབ་དྲུག་ཏུ་ལས་དབང་དྲུག་གིས་རང་རང་གི་བྱ་བ་བྱེད་པའི་ནུས་མཐུ་ཅན་དུ་གྱུར་པ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད་པའི་ཁྲོ་བོ་དྲུག་སྤྲོ་བར་བྱེད་དོ། །བཞི་པ་མངལ་གྱི་ཟླ་བ་བཅུ་པ་སྲིད་པའི་ཟླ་བར། ལག་སོར་དང་རྐང་སོར་བཅུ་བཅུ་གྲུབ་པ་དང་ཆོས་མཐུན་ཅིང་སྦྱོང་བྱེད་ཀླུ་བཅུ་དང་། རབ་གཏུམ་མ་བཅུ་སྤྲོ་བར་བྱེད་དོ། །གསུམ་པ་ལ་ཆོས་མཐུན་དམིགས་བསལ་དང་སྦྱར་དུ་མེད་ཀྱང་། འབྲས་བུ་དང་རྣམ་པ་མཐུན་པར་བསྒོམས་པ་ཡིན་ནོ། །བཞི་པ་ནི། ཕུང་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་ངའོ་ཞེས་ང་རྒྱལ་འཛིན་པའོ། །གཉིས་པ་ལས་རྒྱལ་མཆོག་བསྒོམ་ཚུལ་ལ་གསུམ། སྦྱང་གཞི། ཆོས་མཐུན། ཚིག་དོན་བཤད་པའོ། །དང་པོ་ནི། གཉིས་པའི་ཤུགས་ལ་རྟོགས་པས། གཉིས་པ་ནི། རང་གི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ཡི་གེ་དགོད་པ། མངལ་གྱི་སེམས་ཅན་དེ་སྐུ་གསུང་ཐུགས་རྩ་གསུམ་རླུང་གིས་གང་བ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། གནས་གཉིས་སུ་ཧོ་ཡིག་གཉིས་བསྒོམ་པ་ནི། དེ་བདེ་བས་བརྒྱལ་བ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། ལྷ་མོ་བཞི་


JKT005_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་དང་སྤྱི་བསྐུལ་གཅིག་བཅས་ལྔ་ནི་ཁམས་ལྔའི་ངོ་བོར་གྱུར་པའི་རླུང་གིས་ཕྱི་རོལ་ཏུ་བསྐུལ་བ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། གཙོ་བོ་དང་ནུས་མ་བཅུ་བསྐྱེད་པ་ནི། བྱིས་པ་ཕྲུ་མའི་ཆོས་འཛིན་པ་ཕྱི་རོལ་ཏུ་བཙས་པ་དང་༔ ལྷ་རྣམས་སྤྲོ་བ་ནི། དེའི་སྣ་བུག་ནས་རླུང་བཅུ་སྤྲོ་བ༔ རང་གི་སྙིང་ག་ནས་རྡོ་རྗེ་ཤུགས་སྤྲོས་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནི། སེམས་ཅན་དེའི་སྣ་བུག་ནས་ཡེ་ཤེས་ཀྱི་རླུང་རྒྱུས་ཏེ་དབང་པོ་ཡུལ་ལ་སད་པར་བྱེད་པ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། རྡོ་རྗེ་ཤུགས་སྙིང་གར་སྡུད་པ་ནི་ཡེ་ཤེས་ཀྱི་རླུང་ནང་དུ་འཇུག་པ༔ ཁྲོ་བོ་ལྔས་དགུག་གཞུག་སོགས་བྱེད་པ་ནི། དབང་པོ་ཡུལ་ལ་ལོངས་སྤྱོད༔ དབང་བདུན་བསྐུར་བ་ནི། མ་ཡིས་འཁྲུད་པ་དང་།རིགས་བདག་གིས་རྒྱས་འདེབས་པ་དང་ཕ་ཡི་རིགས་འཛིན་པ རྒྱས་གདབ་བཞི་བྱེད་པས་ལུས་ངག་ཡིད་གསུམ་ཡེ་ཤེས་ཀྱི་བག་ཆགས་རྒྱས་པ་དང་ཆོས་མཐུན་ཅིང་སྦྱོང་བར་བྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནི། ལུས་ངག་ཡིད་གསུམ་རང་རང་གི་བྱ་བ་རྣམས་རྫོགས་པར་བྱེད་པའི་བྱ་བ་རྣམས་མཐུ་ཅན་དུ་གྱུར་པ༔ གསུམ་པ་ནི། ཞུ་བ་གླུས་བསྐུལ་བའི་ངོར་བཞེངས་པ། དེའི་མངལ་ནས་ལྷ་རྣམས་སྤྲོ་བ། དམ་ཚིག་པ་དང་ཡེ་ཤེས་པ་རོ་མཉམ་དུ་བྱ་བ། དབང་བསྐུར་ཞིང་རྒྱས་གདབ་པ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ། རྟེན་དང་


JKT005_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའི་རྣམ་དག་བསྒོམ་པའོ། །གསུམ་པ་ཕྲ་ཐིག་གི་རྣལ་འབྱོར་བསྒོམ་པ་ལ་གསུམ། སྦྱང་གཞི། ཆོས་མཐུན། ཚིག་དོན་ནོ། །དང་པོ་ནི། གཞི་ལ་བུད་མེད་ཀྱིས་ལོ་བཅུ་གཉིས་དང་། སྐྱེས་པས་ལོ་བཅུ་དྲུག་མ་ལོན་པར་འཛག་བདེ་མི་མྱོང་བས། སྐྱེས་པས་ལོ་བཅུ་དྲུག་ལོན་ནས་རང་གི་ཆུང་མའི་ལག་པ་འཛིན་པ་དང་། འཁྱུད་པ་དང་། དབང་པོ་གཉིས་སྦྱར་ནས་གསང་གནས་སུ་གཏུམ་མོ་༧ ཕལ་པ་འབར་ཏེ་སྤྱི་བོ་ནས་མགྲིན་པ་དང་། དེ་ནས་སྙིང་ག་དང་། དེ་ནས་ལྟེ་བ་དང་། དེ་ནས་ནོར་བུའི་རྩེར་སླེབ་པ་ན། གཞི་དུས་ཀྱི་དགའ་བཞི་རིམ་བཞིན་ཉམས་སུ་མྱོང་ནས། དེའི་རྗེས་སུ་བྱང་སེམས་ཕྱི་རོལ་ཏུ་འཛག་པའི་བདེ་བ་ལ་དམིགས་པར་བྱེད་དོ། །གཉིས་པ་ནི། རང་དང་ཤེས་རབ་སོགས་ཀྱིས་གཞི་དུས་ཀྱི་དགའ་བཞི་དང་ཆོས༔ སླར་ཡང་ཐིག་ལེ༴ སོགས་ཀྱིས་འཛག་བདེ་ལ་དམིགས་པ་དང་ཆོས༴ གསུམ་པ་ནི། འདིའི་སྐབས་སྔོན་གྱི་ལས་ཀྱིས་འཕངས་ཤིང་ནུ་མ་སྐྲ་དང་ལྡན་པ་ལས། བློས་བཏགས་ནས་བསྐྱེད་པ་ཡེ་ཤེས། དངོས་གནས་ལ་ལྷར་གྲུབ་པ་ཕྱག་རྒྱ་ཆེན་པོ་གསུམ་དུ་ཡོད་པ་ལས་སྔ་མ་གཉིས་གང་ཡང་རུང་བ་སྟེ། དེ་ལ་སྙོམས་པར་འཇུག་པས་ཡས་བབས་ཀྱི་དགའ་བ་བཞིར་ཐིག་ལེའི་རྣལ་འབྱོར་ཞེས་འཆད་པ་ལ་རྒྱུ་མཚན་ཡོད་དེ། ཐིག་ལེ་སྤྱི་བོ་ནས་ནོར་བུའི་རྩེར་བབས་པ་ལས་བྱུང་བའི་


JKT005_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟོང་དབྱེར་མེད་ཀྱི་རྣལ་འབྱོར་ཡིན་པས་དེ་ལྟར་བཤད་པའི་ཕྱིར། མས་བརྟན་གྱི་དགའ་བ་བཞི་ལ་ཕྲ་མོའི་རྣལ་འབྱོར་ཞེས་འཆད་པ་ལ་རྒྱུ་མཚན་ཡོད་དེ། ཡས་བབས་ཀྱི་དགའ་བ་བཞི་ལས་ཕྲ་ཞིང་རྟོགས་དཀའ་བའི་བདེ་སྟོང་གི་ཡེ་ཤེས་ཡིན་པའི་ཕྱིར་རོ། །དེ་ཡང་དཀྱིལ་འཁོར་རྒྱལ་མཆོག་གི་སྔོན་དུ་ཤུནྱ་ཏའི་སྔགས་དོན་བསྒོམ་དགོས་ཆོས་སྐུར་ང་རྒྱལ་འཇོག་ལ། དེ་ལ་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཞི་ལ་སེམས་ཅན་འཆི་ཚེ་གཉིས་སྣང་རགས་པ་ལ་ཐིམ་ནས་འཆི་བ་འོད་གསལ་སྐད་ཅིག་མ་གཅིག་ལ་མྱོང་བ་དང་ཆོས་མཐུན། འབྲས་བུ་རྣམ་མཁྱེན་སྐད་ཅིག་དང་པོ་ཐོབ་པའི་ཚེ་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་དང་རྣམ་པ་མཐུན་པས་དེ་ལྟར་བཞག་པའི་ཕྱིར། དཀྱིལ་འཁོར་རྒྱལ་མཆོག་གི་སྦྱང་གཞི་མངལ་སྐྱེས་ཀྱི་གནས་སྐབས་ལ་རྣམ་པ་ལྔས་བྱང་ཆུབ་པར་འཇོག་པ་ལ༴ མེར་མེར་པོ་ལ་སོགས་པ་མངལ་གྱི་གནས་སྐབས་ལྔའམ། ཕུང་པོ་ཁམས་སྐྱེ་མཆེད་དབང་པོ་བྱ་བ་དང་བཅས་པ་རྫོགས་པའི་སྒོས་ཆོས་དེ་ལྟར་བཞག་པའི་ཕྱིར། སྦྱོང་བྱེད་དཀྱིལ་འཁོར་རྒྱལ་མཆོག་ལའང་མངོན་བྱང་ལྔས་མངོན་པར་བྱང་ཆུབ་པར་འཇོག་པའི= དེའི་གཙོ་བོ་ཡབ་ཡུམ་མངོན་བྱང་ལྔ་ལས་བྱང་ཆུབ་ཅིང་། འཁོར་རྣམས་ཀྱང་དེའི་མངལ་ནས་སྤྲོ་བ་དེ་ལྟར་བཞག་པའི་


JKT005_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང་། འབྲས་བུའི་སྐབས་ཀྱི་ཡེ་ཤེས་ལྔ་མངོན་པར་བྱང་ཆུབ་པ་དང་རྣམ་པ་མཐུན་པར་བསྒོམས་པས་དེ་ལྟར་བཞག་པའི་ཕྱིར། ལས་རྒྱལ་མཆོག་གི་སྦྱང་གཞི་ཕྱི་རོལ་དུ་བཙས་པའི་གནས་སྐབས་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པར་འཇོག་པའི༴ བཙས་ནས་དབང་པོ་ཡུལ་ལ་མ་སད་པའི་གནས་སྐབས་སྣ་བུག་ནས་ཁམས་ལྔའི་རླུང་བཅུ་སྤྲོ་བ་དང་། དབང་པོ་ཡུལ་ལ་སད་པའི་གནས་སྐབས་ནས་ཁམས་ལྔའི་རླུང་བཅུ་སྤྲོ་བའི་གནས་སྐབས་ཉི་ཤུར་རྫོགས་པས་དེ་ལྟར་བཞག་པའི་ཕྱིར། སྦྱོང་བྱེད་ལས་རྒྱལ་མཆོག་ལའང་རྣམ་པ་ཉི་ཤུས་བྱང་ཆུབ་པར་བཞག་པའི༴ བསྐུལ་བ་ལྔ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ། རྡོ་རྗེ་འཆང་གི་ངོ་བོར་བཞེངས་པ་ལྔ། དགུག་གཞུག་བཅིངས་མཉེས་རོ་མཉམ་དུ་གྱུར་པ་ལྔ། དབང་བསྐུར་དང་རྒྱས་གདབ་བཞི་སྟེ། ཉི་ཤུའི་སྒོ་ནས་བྱང་ཆུབ་པས་དེ་ལྟར་བཞག་པའི་ཕྱིར། ཡང་ལས་རྒྱལ་མཆོག་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པར་བཞག་པའི་རྒྱུ་མཚན། ལས་རྒྱལ་མཆོག་གི་ལྷ་དམ་ཚིག་པ་ཐམས་ཅད་ཁམས་ལྔར་འདུས་ལ། དེ་རེ་རེ་ལའང་ཐབས་ཤེས་གཉིས་གཉིས་ཀྱི་དབྱེ་བས་བཅུ། སྤྱན་དྲངས་པའི་ལྷ་ཐམས་ཅད་ཀྱང་ཁམས་ལྔར་འདུས་ཤིང་། དེ་རེ་རེར་ཡང་ཐབས་ཤེས་ཀྱི་དབྱེ་བས་བཅུ་སྟེ། དེ་ལྟ་བུའི་རྣམ་པ་ཉི་ཤུས་བྱང་ཆུབ་པ་དེ་ལྟར་བཞག་པའི་ཕྱིར། ཕྲ་ཐིག་གི་རྣལ་འབྱོར་གྱིས་སྦྱང་གཞི་ལོ་


JKT005_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་ལོན་ནས་ཡེ་ཤེས་ཀྱི་ཁམས་རྫོགས་པའི་གནས་སྐབས་ལས་བྱུང་བ་སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་པ་ཞེས༴ དེའི་སྐབས་སུ་རང་གི་ཆུང་མ་དང་མཉམ་པར་སྦྱོར་བའི་སྒོ་ནས་བུ་མོ་ལ་སོགས་པ་སྤྲོ་བའི་རྒྱུ་མཚན་ཡོད་དེ། སྦྱོར་བ་བྱེ་བྲག་གི་རྣལ་འབྱོར་ལའང་སྒྱུ་འཕྲུལ་དྲྭ་བས༴ ཕྲ་ཐིག་གི་རྣལ་འབྱོར་གྱིས་ཟིན་པའི་སྒོ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་གསལ་སྣང་དང་ང་རྒྱལ་འདོན་པ་དང་། བཟླས་པ། མཆོད་བསྟོད། ཞི་རྒྱས་ཀྱི་ལས་རབ་འབྱམས་བསྒྲུབ་པའི་སྒོ་ནས་དེ་ལྟར་བཞག་པའི་ཕྱིར་རོ། །གསུམ་པ་མཐར་བཟླས་པ་སོགས་བྱེད་ཚུལ་ལ་བཞི་སྟེ། བཟླས་པ་བྱེད་ཚུལ་དངོས་དང་། མཆོད་བསྟོད་བདུད་རྩི་མྱོང་བ། གཤེགས་སུ་གསོལ་བ། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པའི་ཚུལ་དང་བཞི། དང་པོ་ནི། དེ་ལྟ་བུའི་ཏིང་འཛིན་བསྒོམས་པས་སྐྱོ་ན་ཕྲེང་བ་བྱིན་གྱིས་བརླབས་ནས་བཟླས་པ་བྱའོ། །ཕྲེང་བའི་རྒྱུ་ཞི་རྒྱས་ལ་ཤེལ། བསད་བསྐྲད་ལ་མིའི་སོ་དང་རྟ་ཡི་སོ། དབང་དགུག་ལ་བོ་དྷི་ཙིཏྟ་དང་ཙནྡན་དམར་པོ། རྨོངས་རེངས་ལ་ལུང་ཐང་དང་རུ་རཀྟ་སོགས་བསྔགས་སོ། །གྲངས་ནི་བརྒྱ་བརྒྱད་མདོ་འཛིན་བཞི་དང་བཅས་པའོ། །བཟླས་པ་དབང་བསྐུར་བདག་འཇུག་སོགས་ལེན་རུང་ཙམ་ལ། གཙོ་བོ་ལ་འབུམ་ཕྲག་གཅིག །འཁོར་རྣམས་ལ་ཁྲི་སྟེ། དེ་ཡང་གསུང་དཀྱིལ་དང་སྐུ་དཀྱིལ་མི་དགོས་སོ། །


JKT005_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་ན་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་གྱི་ལྷ་ཐུགས་དཀྱིལ་དུ་ངེས་པའི་ཕྱིར་རོ། །གཉིས་པ་ནི། དུས་ཞབས་པས་མཆོད་པ་བཅུ་ཙམ་དང་། སཱ་དྷུ་པུ་ཏྲས་ལྷ་མོ་བཅུ་བཞི། ཨ་བྷཱ་ཡས་ཆུ་བཞི་ཉེར་སྤྱོད་དང་བཅས་པས་མཆོད་པར་བཞེད་དེ་རང་ལུགས་ཕྱི་མ་ལྟར་རོ། །བསྟོད་པ་ནི། མཆོག་སྦྱིན་རྡོ་རྗེ་སོགས། འགྲེལ་ཆེན་ལས། འདུད་ཉི་ཤུའོ། །གསུམ་པ་ནི། གཙོ་བོ་ཡབ་ཡུམ་མ་གཏོགས་པ་བདེ་ཆེན་འཁོར་ལོའི་ལྷ་རྣམས་གཤེགས་སུ་གསོལ་བ་སོགས་དང་། བཞི་པ་ཁ་ཟས་དང་། གཉིད་ཀྱི་རྣལ་འབྱོར་སོགས་རྒྱུད་འགྲེལ་ལས་བྱུང་བ་བཞིན་བསྟེན་པར་བྱའོ། །དེ་ཡན་ཆད་ཀྱིས་སྒྲུབ་ཐབས་པད་-དཀར་ཞལ་ལུང་གི་ཊཱི་ཀ་ཚིག་དོན་རབ་གསལ་ལྟར་བཤད་ཟིན་ཏོ། །གཉིས་པ་རྫོགས་རིམ་བཤད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ། སྡིག་སྒྲིབ་དག་པར་བྱེད་པ་རྡོར་སེམས་སྒོམ་བཟླས་དང་། ཚོགས་གསོག་ཅིང་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གཉིས་དང་། ཁྱད་པར་ལྟོས་མེད་དྲུག་ཅེས་ལུས་ངག་ཡིད་གསུམ་གྱི་བྱ་བ་སྤྲོས་པ་མང་པོ་མེད་པ་སྟེ་དེ་དག་འདོར་བ་དང་། འཕོ་བའི་བདེ་བ་ལ་ལྟོས་པ་མེད་པ་དང་། ལུས་དང་དབང་པོ་ལ་ལྷག་པར་ཆགས་པའི་གཞི་ལུས་དང་དབང་པོ་ལ་ལྟོས་པ་མེད་པ་སྟེ་དྲུག་གོ །དེ་དག་ནི་བསྐྱེད་རིམ་གྱིའང་སྔོན་དུ་འགྲོ་དགོས་སོ། །


JKT005_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། སྔར་སྨོས་པའི་བསྐྱེད་རིམ་གོམས་ནས། གང་ལ་གནད་དུ་བསྣུན་པའི་གཞི་རྡོ་རྗེ་ལུས་ཀྱི་རྣམ་གཞག །དེ་ལ་གནད་དུ་བསྣུན་ནས་སྒོམ་པའི་རྫོགས་རིམ་ཡན་ལག་དྲུག་ཐུན་མོང་བའི་རྣམ་བཤད། །ཡན་ལག་དྲུག་སོ་སོར་ཉམས་སུ་ལེན་ཚུལ་བཤད་པའོ། །དང་པོ་ལའང་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་རྣམས་ནང་ལེ་ལྟར་བཤད་དོ། །གཉིས་པ་ནི། སྤྱིར་འདིའི་ཐ་སྙད་ཙམ་གསང་འདུས། །ཀྱེ་རྡོར། བདེ་མཆོག་སོགས་ཕལ་ཆེར་ལས་འབྱུང་ཡང་། འདིར་རྫོགས་རིམ་ཉིད་ལ་དྲུག་ཏུ་ཕྱེ་བ་ཡིན་ལ། དྲུག་པོ་དེ་ཡང་བསྙེན་སྒྲུབ་ཡན་ལག་བཞི་དང་། རྡོ་རྗེའི་རྣལ་འབྱོར་བཞི་དང་། དགེ་བ་གསུམ་སོགས་ཀྱི་ཆིངས་ཀྱིས་བསྡུས་ཏེ་འཆད་ལ། དེ་ཡང་སོར་སྡུད་ཀྱིས་སྟོང་གཟུགས་གསར་དུ་མཐོང་བ་བསྒྲུབ། བསམ་གཏན་གྱིས་དེ་བརྟན་པར་བྱེད། དེའི་རྗེས་སུ་སྲོག་འཛིན་གཉིས་ཀྱིས་རླུང་སེམས་དབང་དུ་བྱས། དེ་ལས་རྗེས་དྲན་གྱི་སྐུར་ལངས། དེས་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཏིང་ངེ་འཛིན་གྱི་ཡན་ལག་བསྐྱེད་པ་མཐར་ཕྱིན་པ་ལས་དང་པོའི་སངས་རྒྱས་མངོན་དུ་བྱེད་པར་དགོངས་པ་མཐུན་ནོ། །གསུམ་པ་ནི། དུས་ཞབས་སྙན་བརྒྱུད་ལས་སོ་སོར་དྲུག་ཚན་རེ་རེས་ཉམས་སུ་ལེན་ཚུལ་ཇི་ལྟར་གསུངས་པ་བཞིན་རྟོགས་པར་བྱའོ། །དེ་ལྟར་བསྒོམས་པའི་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ནི་


JKT005_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་དུ་ཤེས་པར་བྱའོ། །འདི་ཡང་རྣལ་འབྱོར་ཡན་ལག་དྲུག་གི་ཁྲིད་ཡིག་གཙང་ཤབ་སྟོད་རི་བོ་བདེ་ཆེན། སྐལ་བཟང་ལམ་གྱི་འཇུག་ངོགས་ལྟར་བཤད་པའོ། །ཤུབྷཾ།། ༈ །།མཆོད་པའི་སྐབས། ཤ་ལྔ་དང་བདུད་རྩི་ལྔ་ལ་སྒྲོན་མ་ལྔ་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། དངོས་གྲུབ་གསལ་བར་བྱེད་པ་དང་། མྱུར་དུ་འགུགས་པར་བྱེད་པའི་ཕྱིར། རྡོར་སེམས་སྔགས་དོན། ཨོ་ནི་སྐུ་གསུམ་མམ་རྡོ་རྗེ་གསུམ། བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། ཞེས་པ། རྡོ་རྗེ་སེམས་དཔའི་དམ་ཚིག་བཞིན་དུ་རྗེས་སུ་སྐྱོངས། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། ཞེས་པ། རྡོ་རྗེ་སེམས་དཔའ་ཉེ་བར་མནོས། དྲི་དྷོ་མེ་བྷ་ཝ་སོགས་བཞིས། འི་རང་བཞིན་དུ་མཛོད། བདག་ལ་མཛེས་པའི་རང་བཞིན༴ བདག་ལ་ཆགས་པའི་རང་བཞིན༴ བདག་ལ་དགའ་བའི་རང་བཞིན༔ སརྦ་སིདྡྷི་སོགས་ཚན་གཉིས་ཀྱིས། དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། ལས་ཐམས་ཅད་བདག་ལ་སྩོལ། ཙིཏྟཾ་ཤྲཱི་ཡ་ཀུ་རུ། བདག་གི་ནི་དཔལ་དུ་མཛོད། ཧཱུཾ་དང་ཧ་བཞིས་ཡེ་ཤེས་ལྔ་དང་། ཧོས་རང་རྒྱུད་དབྱེར་མི་ཕྱེད་པར་བསྟན། བྷ་ག་ཝཱན༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བོད་པའོ། །མ་མེ་མུཉྩ༔ བདག་མ་འདོར་ཅེས་བསྐུལ་བའོ། །གང་གིས་ན། བཛྲ་བྷ་ཝ= རྡོ་རྗེའི་རང་བཞིན་དམ་ཚིག་ཆེན་པོ་སེམས་དཔས་སོ། །


JKT005_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཨས་ནི་ལྷ་དང་རང་དང་སྤང་བྱ་གསུམ་རང་བཞིན་མེད་པར་བསྟན། ཧཱུཾ་གིས་སྤང་བྱ་འཇོམས་པ། ཕཊ་ཀྱིས་དགེས་པར་བསྟན་ཏོ། ༈ །ཚོགས་བསགས་ཕྱག་འཚལ་གྱི་སྐབས། ཕྱག་འཚལ་ལོ་ཞེས་དྲངས། གང་ལ་ན། ཉིན་ཞག་གཅིག་ལ་རྒྱུ་བའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་ཆ་ནས་དུས། ལྟེ་བའི་འཕོ་ཆེན་བཅུ་གཉིས་ཀྱི་རླུང་གི་འཁོར་ལོ་འགགས་པའི་ཆ་ནས་འཁོར་ལོ་སྟེ། དེ་ལྟ་བུའི་དུས་གྱི་འཁོར་ལོ་ལའོ། །དེ་ཆོས་ཅན། ཡོན་ཏན་གྱི་ཁྱད་པར་གསུམ་དང་ལྡན་ཏེ། སྟོང་ཉིད་སྙིང་རྗེ་དབྱེར་མི་ཕྱེད་པ་དང་། སྲིད་གསུམ་སྐྱེ་འཇིག་མེད་པ་དང་། ཤེས་དང་ཤེས་བྱ་གཅིག་པའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །དང་པོ་དང་ལྡན་ཏེ། རྣམ་མེད་ཀྱི་ཡུལ་སྟོང་ཉིད་སྙིང་རྗེ་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་གྱི་ཡེ་ཤེས་གཉིས་དབྱེར་མེད་པ་ལ་འཁོར་བ་མ་སྟོང་གི་བར་དུ་མཉམ་པར་བཞག་པའི་ཡོན་ཏན་དང་ལྡན་པའི་ཕྱིར། གཉིས་པ་དང་ལྡན་ཏེ། སྲིད་པ་འཁོར་བར་ལས་ཉོན་གྱིས་སྐྱེ་བའི་སྲིད་མཐའ་དང་། འཇིག་པ་དེ་ཟད་པ་ཙམ་གྱིས་ཞི་མཐའ་སྤངས་པའི་ཡོན་ཏན་དང་ལྡན་པའི་ཕྱིར། གསུམ་དང་ལྡན་ཏེ། ཤེས་པ་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་དང་། ཤེས་བྱ་རྣམ་བཅས་ཀྱི་སྟོང་གཟུགས་གཉིས་སྐུ་དང་ཐུགས་རྡོ་རྗེ་གཅིག་ཏུ་སྦྱོར་བའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། ༈ །དེ་བཞིན་གཤེགས་པའི་རྣམ་


JKT005_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དབང་ལྡན་ཕྱི་ལ་སྦྱར་ན། ཨ། སྲོག་མེད་ཡུ་རུ་ལུ་ཝུ་ལྔས་ཁམས་ལྔ། མས་རི་རབ། ཀླས་འདོད་ལྷ་དང་གཟུགས་ཁམས། ཧས་གཟུགས་མེད་ཁམས་མཚོན། རྣམ་བཅད་དང་ཐིག་ལེ་གཉིས་ཉི་ཟླའོ། །ནང་ལུས་ལ་སྦྱར་ན། ཨ་ཡ་ར་ཝ་ལ་ལྔས་མའི་གཙུག་ཏོར་དཔྲལ་མགྲིན་སྙིང་ལྕེའི་རྩ་འཁོར་རྣམས་མཚོན། མ་ཡིག་གིས་ལྟེ་བ་ནས་གསང་གནས་བར། ཀྵས་གསང་གནས་ནང་གི་རྩ་འདབ་བརྒྱད། ཧ་རྣམ་བཅད་ཐིག་ལེ་གསུམ་གྱིས་གསང་གནས་ནང་གི་དབུ་རྐྱང་རོ་གསུམ་མཚོན། གཞན་ལ་སྦྱར་ན་གསུམ་གྱི། དང་པོ་བསྐྱེད་རིམ་ལ་སྦྱར་བ་ནི་སྒྲུབ་ཐབས་དངོས་ལས་བཤད་ལ། གཉིས་པ་རྫོགས་རིམ་ལ་སྦྱར་ན། ཨ་ནས་ཀྵ་ཡིག་གི་བར་ནི་སྔ་མའི་ལུས་ལ་སྦྱར་བ་བཞིན་དུ་སྒྲུབ་པོ་རང་གི་གཙུག་ཏོར་ནས་གསང་གནས་ཀྱི་བར་གྱི་རྩ་འཁོར་རྣམས་མཚོན། ཧ་ཡིག་གིས་རང་སེམས། སེམས་དེས་རྩ་འཁོར་གསུམ་གནད་དུ་བསྣུན་པས་ཁམས་དཀར་དམར་གྱི་འཕྲོ་འདུ་འབྱུང་བ་ནི། རྣམ་བཅད་དང་ཐིག་ལེས་མཚོན། ནཱ་དས་ནི་སེམས་བདེ་ཆེན་གྱི་ངོ་བོར་སྐྱེ་བར་མཚོན། གསུམ་པ་འབྲས་བུ་ལ་སྦྱར་ན། ཀྵས་སྟོང་གཟུགས། ཧས་མཆོག་ཏུ་མི་འགྱུར་བའི་བདེ་ཆེན། ཨས་རྣམ་མེད་སྟོང་ཉིད། དེ་འདྲའི་སྟོང་གཟུགས་དང་མཆོག་ཏུ་མི་འགྱུར་བའི་བདེ་སྟོང་དབྱེར་མེད་ཉིད་སྐུ་དང་ཐུགས་སུ་ངོ་བོ་གཅིག་ཏུ་སྦྱང་ནས་ཁམས་ལྔ་


JKT005_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་བྲལ་དུ་བྱས་པ་ནི་ཡི་གེ་ཁ་ཕྲལ་གྱིས་མཚོན་པའོ། ༈ །དུར་ཁྲོད་ལས་༡༦སྐུ་རུ་དབྱེ་བ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའམ། སྐུ་གསུམ་ངོ་བོ་ཉིད་དང་བཞིར་ནང་གསེས་ཀྱི་ལྡོག་པའི་སྒོ་ནས་དབྱེ་ན་བཅུ་དྲུག་ཏུ་འགྱུར་རོ། ༈ །དུར་ཁྲོད་ཀྱི་སྲོག་ཆགས་ལས། བྷེ་ཏུན་ནི་བྱའི་རིགས་སེར་པོ། ཏི་ཀ་ནི། བྷཀླུ་ཀ་དང་མིང་གི་རྣམ་གྲངས་ཏེ་དོམ་མོ། །རྒྱུད་ལས་སྡེབ་སྦྱོར་གྱི་དབང་གིས་གུར་བ་ད་ན་ཞེས་འབྱུང་བཤང་གདོང་ངམ་ཏེའུ་ལོ་པ། ཕ་ཝཾ། བཤང་གདོང་ནི་བོད་དུ་གྲགས་པའི་བྱ་མ་བྱེའུ་དང་། མིག་སྔོན་ནི། གཤོག་པ་ཅན་གྱི་འདྲེ་བྱ་མ་ཡིན། མཁའ་ལྡིང་ཨ་ནཱི་ལ་ནི་ཁ་དོག་ལྔ་པའི་མཁའ་ལྡིང་དང་། སེང་གེ་རྐང་པ་བརྒྱད་པ་ནི་གཤོག་པ་བཞི་དང་རྐང་ལག་རྣམས་ཡོད་པའི་སེང་གེའི་དབང་པོའོ། །ཞེས་བཤད་དོ། ༈ །མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ་ལ་བཞི། མཚན་བསྟན་པ། མཆོད་པར་བརྗོད་པ། གཞུང་གི་དོན། མཇུག་གི་དོན་ནོ། །གཞུང་གི་དོན་ལ་གསུམ། མཁྱེན་པར་གསོལ་བ། སྨོན་ལམ་དངོས། བདེན་པའི་སྟོབས་བརྗོད་པའོ། །དང་པོ་ནི། མཐའ་ཡས་སོགས་སོ། །གཉིས་པ་སྨོན་ལམ་དངོས་ལ་གཉིས། རང་བཞིན་རྗེས་སུ་དྲན་པ་དང་། ཐུགས་དམ་གནད་ནས་བསྐུལ་བའོ། །དང་པོ་ནི། འོག་མིན་སོགས། གཉིས་པ་ལ་གཉིས། རྒྱུད་ཀྱི་རྡོ་རྗེའི་གནས་དང་སྦྱར་བ་དང་། སྔོན་རབས་ཀྱི་


JKT005_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་དང་སྦྱར་བའོ། །དང་པོ་ནི། ཨེ་མ་སོགས་སོ། །གཉིས་པ་ནི། ཨོ་ཌི་བི་ཤ་སོགས་སོ། །གསུམ་པ་བདེན་པའི་སྟོབས་བརྗོད་པ་ནི། རྩ་བརྒྱུད་བླ་མ་སོགས་སོ། །བཞི་པ་མཇུག་གི་དོན་ནི། །ཞེས་སོགས་སོ།། ༈ །དུས་འཁོར་ཞེས་པའི་སྒྲ་དོན། ཕྱི་རོལ་ཏུ་ཉིན་མོ་དང་མཚན་མོའི་ཆ་ནི་དུས། དེ་ལ་ཁྱིམ་གྱི་འཕོ་བ་བཅུ་གཉིས། འཕོ་བ་རེ་རེ་ལ་ཉིན་ཞག་སུམ་ཅུ། ཉིན་ཞག་རེ་རེ་ལ་དབུགས་ཉི་ཁྲི་ཟློ ཆིག་སྟོང་དྲུག་བརྒྱའི་ཡུན་སོ་སོར་ཕྱེ་བ་ནི་འཁོར་ལོ་ཞེས་བྱ་ཞིང་། དེ་བཞིན་དུ་ནང་ལ་ཡང་ཉིན་ཞག་རེ་རེ་ལ་དབུགས༢༡༦༠༠། འབྱུང་འཇུག་བྱེད་པའི་འཕོ་ཆེན་བཅུ་གཉིས་ཀྱི་རྒྱུ་བ་ནི་འཁོར་ལོ་ཞེས་བྱ་ལ། ཕྱི་ནང་ནི་དུས་ཀྱི་འཁོར་ལོ་དེ་གཉིས་པོ་སྦྱོང་བྱེད་ཀྱིས་སྦྱངས་པས་སྦྱངས་འབྲས་དབུགས་ཀྱི་རྒྱུ་བ་མ་ལུས་པ་འགོག་པའི་སྲོག་ཆེན་པོ་ནི་དུས་དང་། ས་བཅུ་གཉིས་པོ་རེ་རེ་ལ་ཡང་རླུང་སྟོང་བརྒྱད་བརྒྱ་རེའི་རྒྱུ་བ་འགགས་པའི་སྒོ་ནས་གཞི་དུས་ཀྱི་འཕོ་ཆེན་བཅུ་གཉིས་ཀྱི་འཁོར་ལོ་མ་ལུས་པ་འགགས་པའི་ལྡོག་པ་ལ་འདིར་འབྲས་བུ་དུས་ཀྱི་འཁོར་ལོ་ཞེས་བརྗོད་དེ། རྩ་རྒྱུད་ལས། དུས་ཆེན་པོ་ནི་སྲོག་ཆེན་པོ། །འདས་པའི་དབུགས་བགྲོད་ཟད་པ་ལས། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །བརྒྱ་ཕྲག་དྲུག་གི་དབུགས་རྣམས་ཏེ། །སྲིད་པ་གསུམ་དུ་དབུགས་འཁོར་ལོ། །འདི་ནི་དུས་ཀྱི་འཁོར་ལོར་བཤད། །ཅེས་


JKT005_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་རོ། །དེས་ན་ངོ་བོ་གཅིག་ཉིད་ལ་དབུགས་༢༡༦༠༠འགགས་པའི་ལྡོག་པས་དུས་དང་། འཕོ་བ་བཅུ་གཉིས་འགགས་པའི་ལྡོག་པས་འཁོར་ལོར་བཞག་པ་ཡིན་ཅིང་། སངས་རྒྱས་ནི་མི་འགྱུར་བའི་བདེ་བ་༢༡༦༠༠རྫོགས་པར་ཐོབ་པའི་ལྡོག་པ་ནས་འཇོག་པ་ཡིན་ནོ། །དེ་ཡང་དགའ་བ་བཅུ་དྲུག་རྫོགས་པའི་ལྡོག་པ་ནས་དེ་ཉིད་བཅུ་དྲུག་གི་བདག་ཉིད་ཅན་གྱི་སངས་རྒྱས་ཞེས་བྱ་ལ། འཕོ་བ་བཅུ་། གཉིས་འགགས་པས་བདེན་དོན་བཅུ་གཉིས་དང་ལྡན་པའི་དུས་ཀྱི་འཁོར་ལོ་ཞེས་བྱའོ། །སྟོང་དང་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པ་ཡི། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཧཱུཾ།། ༈ །།འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། སྟོང་པ་ཆེན་པོ་ཡི་གེ་ཁུ་བ་འཛག་ཨ་ཨི་རི་ཨུ་ལ། ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་པའི་ངོ་བོ་རྣམས་ཀ་ཙ་ཊ་པ་ཏ་ས། །ཅེས་པའི་དོན། དང་པོ་ནི། དབུས་སུ་ཡེ་ཤེས་ཀྱི་ཕུང་པོ། ༔ ཡེ་ཤེས་ཀྱི་ཁམས། ནམ་མཁའི་ཁམས། ཡིད། རྣ་བ། སྒྲ། ཆོས་ཁམས། མཆོག་གི་དབང་པོ། བྷ་ག །ཆུ་འཛག་པ། སྒྲིབ་པ་མེད་པ་ཉིད་སོ་སོ་རང་གི་ཡུལ་འཛིན་པ་རྣམ་པ་སྤངས་པ་གཅིག་ཏུ་འདྲེས་པར་གྱུར་པའི་སྟོང་པའི་ཡི་གེ་དང་པོ། ཨ་རྣལ་འབྱོར་པས་རང་གི་རིག་པར་བྱ་བས་ཐམས་ཅད་མེད་པ་མ་ཡིན་པའི་མཚན་ཉིད་དེ་ཉིད་གཞོམ་དུ་མེད་པ་ལས་ཡི་གེའི་གཟུགས་


JKT005_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་བརྗོད་དུ་མེད་པ་གྲི་གུག་གི་རྣམ་པའོ། །དབུས་མ་གཞོམ་དུ་མེད་པའི་མཚན་མ་དེ་ལས། ཤར་དུ་འདུ་བྱེད་ཀྱི་ཕུང་པོ། རླུང་ཁམས། སྣ། རེག་བྱ། ངག་གི་དབང་པོ། བཤང་བ་འཛག་པ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པར་གྱུར་པའི་སྟོང་པའི་ཡི་གེ་གཉིས་པ་ཨི་བརྗོད་དུ་མེད་པ་དབྱུག་པའི་རྣམ་པའོ། །གཡས་སུ་ཚོར་ཕུང་། མེ་ཁམས། མིག །རོ། ལག་པ། འགྲོ་བ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་སྟོང་པའི་ཡི་གེ་གསུམ་པ་བརྗོད་དུ་མེད་པ་ཚེགས་དྲག་གི་རྣམ་པའོ། །གཡོན་དུ་འདུ་ཤེས་ཀྱི་ཕུང་པོ་ཆུ་ཁམས། ལྕེ། གཟུགས། རྐང་པ། ལེན་པ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པའི་ཡི་གེ་བཞི་པ་ཨུ་བརྗོད་དུ་མེད་པ་ཐིག་ལེའི་རྣམ་པ། རྒྱབ་ཏུ་གཟུགས་ཕུང་། ས་ཁམས། ལུས་དབང་། དྲི། གཅི་བ་འཛག་པ། སྨྲ་བ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པ་སྟོང་པའི་ཡི་གེ་ལྔ་པ་ལཾ་བརྗོད་དུ་མེད་པ་ཐོང་གཤོལ་གྱི་རྣམ་པ་སྟེ། ཝཾ་ཡིག་སྟོང་པ་ཆེན་པོ་དམིགས་པ་མེད་པ་སྙིང་རྗེའི་བདག་ཉིད་ཅན། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་རྣ རིག་བྱེད་དོ། །དེའི་རྟེན་དུ་གྱུར་པ། རྣམ་ཤེས་ཀྱི་ཕུང་པོ། ནམ་མཁའི་ཁམས། རྣ་བ། ཆོས་ཁམས། ཁུ་བ་འཛག་པ། སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད་དབུས་ཀྱི་མཚན་མའི་སྟེང་དུ་


JKT005_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་དང་པོ། ཤར་གྱི་ཤར་དུ་འདུ་བྱེད་ཀྱི་ཕུང་པོ། རླུང་ཁམས་སྣ། རེག་བྱ། ངག །བཤང་བ་འཛག་པ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་ཉིད་ཙ་སྡེའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཡི་གེ་ཙ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་གཉིས་པ། གཡས་ཀྱི་གཡས་སུ་ཚོར་ཕུང་། མེ་ཁམས། མིག །རོ། ལག་པའི་དབང་པོ། འགྲོ་བ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད་ཊའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཡི་གེ་ཊ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་གསུམ་པ། གཡོན་གྱི་གཡོན་དུ་འདུ་ཤེས་ཀྱི་ཕུང་པོ། ཆུ་ཁམས། ལྕེ། གཟུགས། རྐང་པའི་དབང་པོ། ལེན་པ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད་པའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཡི་གེ་པ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་བཞི་པ། ནུབ་ཀྱི་ནུབ་ཏུ་གཟུགས་ཕུང་། ས་ཁམས། ལུས། དྲི། གཅི་བ་འཛག་པ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཏའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་ཏ་བརྗོད་དུ་མེད་པ་ཐིག་ལེ་སྟོང་པ་ལྔ་པ། དབུས་ཀྱི་འོག་ཏུ་ཡེ་ཤེས་ཀྱི་ཕུང་པོ། ཡེ་ཤེས་ཀྱི་ཁམས། ཡིད། སྒྲ། མཆོག་གི་དབང་པོ། ཆུ་འཛག་པ་སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་སའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་
ས་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་དྲུག་པའོ། །དེ་དག་ཆོས་ཀྱི་འབྱུང་གནས་ཨའི་རྣམ་པ་དམིགས་པ་དང་བཅས་པའི་ཤེས་རབ་མ་པྲ་ཕབ་པའི་རང་བཞིན་ཅན་རིག་བྱའོ། །ཡུལ་ལ་གཏོད་པའི་བློ་ནི་རིག་བྱེད་ཡིན་ལ། གཏོད་ཡུལ་སྣང་ཙམ་པ་དེ་ནི་ཡུལ་ལོ། །དེ་གཉིས་སྦྱར་བ་ནི་སྣང་ཙམ་ཉམས་སུ་མྱོང་ན་ཡུལ་ཡུལ་ཅན་གཉིས་སུ་སྣང་བ་འཇིག་སྟེ་སྣང་ཙམ་རང་བཞིན་མ་གྲུབ་པའི་གནད་ཀྱིས་སོ། །

དཔལ་དུས་ཀྱི་འཁོར་ལོའི་བསྟོད་པ་ཚིགས་སུ་བཅད་པ་གཅིག་གི་འགྲེལ་པ།


JKT005_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་བསྟོད་པ་ཚིགས་སུ་བཅད་པ་གཅིག་གི་འགྲེལ་པ་བཞུགས་སོ། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། མདོར་བསྡུས་དང་པོར་མཆོག་གི་འདོད་པའི་ལྷ་ལ་ཕྱག་འཚལ་བ། སྟོང་ཉིད་སྙིང་རྗེ་སོགས་ཀྱི་དོན་འཆད་པ་ལ། རྒྱལ་པོ་པད་དཀར་གྱིས་འགྲེལ་ཆེན་བརྩམས་པའི་ཐོག་མར་འདོད་པའི་ལྷ་ལ་ཕྱག་འཚལ་བའི་ཚུལ་ཡོད་དེ། ལུས་ཀྱི་ལག་པའི་ཐལ་མོ་སྤྱི་བོར་བཞག །པུས་མོའི་ལྷ་ང་ས་ལ་བཙུགས། ངག་གིས་བསྟོད་ཚིག་བརྗོད། ཡིད་ཀྱིས་དེའི་དོན་བསྒོམས་ཤིང་ཡེ་ཤེས་ཀྱི་དོན་རྟོགས་པའི་ཚུལ་གྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དཔལ་རང་གི་བདག་ཉིད་དུ་ལྡན་པ། ཕུང་སོགས་ཀྱི་འཁོར་ལོ་ཐམས་ཅད་དུས་མི་འགྱུར་བའི་བདེ་བས་སྒྲིབ་བྲལ་དུ་བྱས་པའི་དུས་འཁོར་ལ་ཕྱག་འཚལ་བ་ཡིན་པའི་ཕྱིར། ཕྱག་འཚལ་ཚུལ་དེ་ལ་ངེས་དོན་དུ་བཤད་ན། གཡས་གཡོན་དཀྱིལ་འཁོར་བཅུའི་རླུང་རྣམས་དབུ་མར་བཅིངས་པ་ནི་ལག་པ་ཐལ་མོ་སྦྱར་བའི་ངེས་དོན་དང་།


JKT005_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་རླུང་ཕྱིར་འཕོ་བ་བཀག་པ་ནི་བསྟོད་ཚིག་གི་ངེས་དོན་དང་། དེ་ལས་རྡོ་རྗེ་ནོར་བུ་དང་གསང་བའི་པདྨོར་བྱང་སེམས་བཟུང་བ་ནི་པུས་མོའི་ལྷ་ང་ས་ལ་བཙུགས་པའི་ངེས་དོན་དང་། དེ་ལྟར་བཟུང་བ་ལས་བྱང་སེམས་གྱེན་དུ་དྲངས་པ་ནི་དོན་བསྒོམ་པའི་ངེས་དོན་དང་། དེ་ལས་རླུང་བཅུ་སྤྱི་བོར་བཅིངས་པ་ནི་ཐལ་མོ་བཅུ་སྤྱི་བོར་བཅིངས་པའི་ངེས་དོན། དེ་ལས་དྲི་མ་མེད་པའི་དེ་ཉིད་ཐོབ་པ་ནི་ཡེ་ཤེས་ཀྱི་དོན་རྟོགས་པའི་ངེས་དོན་ཡིན་ཏེ། དབང་མདོར་བསྟན་ལས། སོར་མོ་རྣམས་ནི་ཕན་ཚུན་དུ། །དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར། །སྤྱི་བོར་ལག་པའི་མཐིལ་སྦྱར་དག །རྩེ་གཅིག་དེ་ནི་གྲི་གུག་གོ ། ཞེས་དང་། མཚན་བརྗོད་ལས། ཐལ་མོ་སྦྱར་བར་བྱས་ནས་ནི། །ཞེས་སོགས་གསུངས་པའི་ཕྱིར། ངག་དོན་ནི། རྒྱལ་པོ་པདྨ་དཀར་པོས་འགྲེལ་ཆེན་བརྩམས་པའི་ཐོག་མར་མཆོད་བརྗོད་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། བདུད་དང་བགེགས་ཐམས་ཅད་ཉམས་པར་བྱེད་པ་དང་། དམ་པའི་ལམ་རྣམ་པར་ངེས་པར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར། བསྟོད་ཕྱག་མཛད་པས་དམ་པའི་ལམ་རྣམ་པར་ངེས་པའི་ཚུལ་ཡོད་དེ། དེ་ལྟར་མཛད་པས་འབྲས་དུས་ཀྱི་ཡོན་ཏན་རྣམས་རྒྱས་པར་བརྗོད་པའི་སྒོ་ནས་དེ་དང་རྗེས་སུ་མཐུན་པའི་ལམ་དུས་ཀྱི་ཆོས་རྣམས་ངེས་པར་འགྱུར་བའི་ཕྱིར། འོ་ན་དུས་ཀྱི་འཁོར་ལོ་དེ་


JKT005_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་ཆོས་ཇི་ལྟ་བུ་དང་ལྡན་ཞེ་ན། ཁྱད་ཆོས་གསུམ་དང་ལྡན་པ་ལས། དང་པོ་སྟོན་པ་ལ། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཞེས་པ་འདི་བྱུང་། འདིའི་དོན་ནི། འབྲས་བུའི་དུས་ཀྱི་འཁོར་ལོ་ཆོས་ཅན། །ཁྱད་པར་དང་པོ་དང་ལྡན་པ་ཡིན་ཏེ། སྟོང་པ་ཉིད་དང་སྙིང་རྗེ་མི་འགྱུར་བའི་བདེ་བ་ཆེན་པོ་ངོ་བོ་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་དུ་གྱུར་པའི་ཁྱད་པར་དང་ལྡན་པའི་ཕྱིར། འདིར་བསྟན་སྟོང་ཉིད་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཆོས་ཅན་སྟོང་གཟུགས་དང་ཆོས་ཉིད་དེ་བཞིན་ཉིད་གཉིས་སུ་ཡོད་ལ། སྙིང་རྗེ་དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་ཡོད་པའི་ཕྱི་མ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེའང་སྙིང་རྗེའི་སྐད་དོད་ཀ་རུ་ཎ་ལ་ངེས་ཚིག་གིས་བཤད་ན། ཀ་ལ་ཐིག་ལེ་བྱིན་པས་ཀཾ །བདེ་བ་དང་། རུ་ཎ་འགོག་པ་ལ་འཇུག་པས་བདེ་འགོག་སྟེ། ཐུན་མོང་བའི་སྙིང་རྗེ་ལ་སྦྱར་ན། དེ་རང་རྒྱུད་ལ་སྐྱེས་པ་ན་སེམས་ཅན་གཞན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་རང་རྒྱུད་ཀྱི་ཞི་བདེ་འགོག་པའི་རྣམ་པ་ཅན་དུ་བྱེད་ལ། ཐུན་མོང་མ་ཡིན་པ་ལ་སྦྱར་ན་འགྱུར་བ་དེ་བཀག་པའི་མི་འགྱུར་བའི་བདེ་བ་ཆེན་པོའོ། །ཡང་ན་སློབ་དཔོན་མཚོ་སྐྱེས་ཀྱིས་རུ་ཎ་བསྡུས་པར་འཇུག་པར་བཤད་པ་ལྟར་ན། དགའ་བ་དང་པོ་གསུམ་གྱི་བདེ་བ་རྣམས་རིམ་གྱིས་


JKT005_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་ལྷན་སྐྱེས་ཀྱི་བདེ་ཆེན་ཏེ་སྔ་མ་དང་ངོ་བོ་གཅིག་གོ །ཁྱད་པར་གཉིས་པ་སྟོན་པ་ལ། སྲིད་གསུམ་སྐྱེ་དང་འཇིག་པ་མེད། །ཅེས་བྱུང་། དོན་ནི་ཕྱིས་ཀྱི་མཁས་པ་དག་དོན་དམ་སྲིད་ཞིའི་མཐའ་ལ་མི་གནས་པར་བཤད་པ་ནི་མི་ལེགས་ཏེ། དེ་དུས་འཁོར་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་དུ་མི་རུང་བའི་ཕྱིར། རང་ལུགས་ནི། བཤད་སྦྱར་སྙིང་པོ་སྣང་བ་ལས། དུས་འཁོར་ཆོས་ཅན། ཁྱད་པར་གཉིས་པ་དང་ལྡན་ཏེ། སྲིད་པ་ཁམས་གསུམ་དུ་ཉིང་མཚམས་སྦྱོར་བའི་སྐྱེ་བ་དང་། ལས་ཉོན་གཉིས་འཇིག་པ་སྟེ་ཟད་པ་ཙམ་ནི་ཞི་བ་ཕྱོགས་གཅིག་པའི་མཐའ་མེད་པའི་ཁྱད་པར་དང་ལྡན་པའི་ཕྱིར། དེར་ཐལ། ཐུགས་མི་འགྱུར་བའི་བདེ་ཆེན་ལ་རྟག་ཏུ་གནས་པས་སྲིད་མཐའ་དང་། སྐུ་སྟོང་གཟུགས་ཡབ་ཡུམ་གྱི་རྣམ་པ་ཅན་གྱིས་ནམ་མཁའ་ཇི་སྲིད་བར་དུ་འགྲོ་བའི་དོན་མཛད་པ་ཞི་མཐའ་སྤངས་པའི་ཕྱིར་ཏེ། དབང་མདོར་བསྟན་ལས། མྱ་ངན་འདས་པ་བྲལ་བ་གཟུགས། །འཁོར་བ་ལས་འདས་མི་འགྱུར་བ། །རྟག་དང་ཆད་ལས་ངེས་པར་གྲོལ། །དེ་དག་སྦྱོར་བ་གཉིས་མེད་མཆོག །ཅེས་གསུངས་པའི་ཕྱིར། ཁ་ཅིག་བཞིན་ལག་གི་རྣམ་པ་ཅན་གྱི་སྐྱེས་བུ་སྐྱེ་བ་བླངས་པ་སྲིད་པ་ཡིན་པས་སྟོང་གཟུགས་དེ་ཡང་སྲིད་མཐར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དེ་ཐུགས་མི་འགྱུར་བའི་བདེ་བས་ཟིན་པའི་ཕྱིར། དེ་ལ་རྟག་ཏུ་གནས་
ཀྱང་ཞི་མཐར་མི་འགྱུར་ཏེ། དེ་རང་དང་ངོ་བོ་གཅིག་ཏུ་གྱུར་པའི་སྟོང་གཟུགས་ཀྱིས་ཟིན་པའི་ཕྱིར། དབང་མདོར་བསྟན་ལས། གཟུགས་ནི་སྲིད་པར་མི་འགྲོ་སྟེ། །འགྱུར་མེད་མྱ་ངན་འདས་མི་འགྲོ། །ཕན་ཚུན་འཁྱུད་པའི་ཞི་བ་ནི། །མ་ནིང་གི་ནི་གོ་འཕང་མཆོག །ཅེས་གསུངས་པའི་ཕྱིར། ཁྱད་པར་གསུམ་པ་སྟོན་པ་ལ། ཤེས་དང་ཤེས་བྱ་གཅིག་པའི་སྐུ། །ཞེས་བྱུང་། དོན་ནི། དུས་འཁོར་ཆོས་ཅན། ཁྱད་པར་གསུམ་པ་དང་ལྡན་ཏེ། ཤེས་པ་མི་འགྱུར་བའི་བདེ་བ་དང་། ཤེས་བྱ་སྟོང་གཟུགས་རྡོ་རྗེ་འཛིན་པའི་རྣམ་པ་ཅན་གྱི་སྐུ་གཉིས་དབྱེར་མི་ཕྱེད་པའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་དེ་རྒྱས་པར་སྟོན་པ་ལ་ཚིགས་བཅད་ཕྱི་མ་རྣམས་བྱུང་སྟེ། འདིར་མ་སྤྲོས་སོ། །ཤུབྷཾ།།

དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་པ་ཨེ་ཝཾ་གྱི་སྒྲ་སྒྲུབ་ཚུལ་མཚོན་དོན་དང་བཅས་པ་ཅུང་ཟད་བཤད་པ།


JKT005_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་པ་ཨེ་ཝཾ་གྱི་སྒྲ་སྒྲུབ་ཚུལ་མཚོན་དོན་དང་བཅས་པ་ཅུང་ཟད་བཤད་པ་བཞུགས་སོ། །ཨོ་སྭ་སྟི། དེའང་རྒྱུད་དོན་ཐམས་ཅད་མདོར་བསྡུ་ན་ཨེ་ཝཾ་གཉིས་སུ་འདུ་སྟེ། དཔལ་གསང་བ་འདུས་པའི་བཤད་རྒྱུད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་གྲངས་སྙེད་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་ཡང་དག་བསྟན། །ཡི་གེ་ཨེ་ནི་མར་གྱུར་ལ། །ཝ་ནི་ཕ་ཞེས་བྱ་བར་བཤད། །ཐིག་ལེ་དེ་གཉིས་སྦྱོར་བས་ཏེ། །དེ་ནི་ཤིན་ཏུ་རྨད་བྱུང་བའོ། །ཞེས་གསུངས་པ་ལྟར། དེའི་སྒྲ་སྒྲུབ་ཐུན་མོང་གི་དབང་དུ་བྱས་པ་ནི་རྟེན་འབྲེལ་སྙིང་པོའི་སྒྲ་སྒྲུབ་སྐབས་སྨོས་ཟིན་ནའང་ངེས་ཚིག་དང་དག་སྦྱོར་བཤད་དུ་མེད་པའི་ཕྱིར། འདིར་སྐབས་སུ་བབ་པ། དཔལ་དུས་ཀྱི་འཁོར་ལོ་ལས། གཟུགས་སྒྲུབ་དང་།


JKT005_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅུང་ཟད་འཆད་ན། རྩ་རྒྱུད་ལས། ཐིག་ལེ་ཟླ་བ་ཁུ་བ་སྐྱ། །རྣམ་པར་བཅད་བྱ་རྡུལ་ཉི་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །ཞེས་པས། ཨ ཨ་མུ། ཞེས་བཞག །ཨ་ཏྲ་ལས་ཨ་ཏྲ་ལ་ཨུའོ་ཞེས་པས་རྣམ་བཅད་ཨུ་རུ་བསྒྱུར། ཨུ་བའོ་ཞེས་པས་ཨུ་ཝ་རུ་བསྒྱུར། དབྱངས་མེད་པ་ཕ་རོལ་ཏུ་ཡང་དག་པར་སྦྱར་རོ། །ཞེས་པས་བླ་སྲོག་མེད་ཨ་ལ་དྲངས། མ་རྗེས་སུ་ང་རོ། སྔོན་མའི་ཨ་ལ། རྟེན་དང་འབྱུང་བ་དག་ལའོ། །ཞེས་པས་རྣམ་དབྱེ་བདུན་པའི་རི་བྱིན་ནས་མཚམས་སྦྱར་བས། ཨེ་ཝཾ། ཞེས་གྲུབ་སྟེ། འདིར་ཨ་ཨུ་ཨོའོ་ཞེས་མི་ཟེར་བ་ནི་དོན་དམ་གྱི་བདེན་པ་མཚོན་པས་ན་འགྱུར་བ་མེད་དེ། འགྲེལ་ཆེན་ལས། དོན་དམ་པའི་བདེན་པ་ལ་ཡོན་ཏན་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་སྒྲུབ་པའི་མཚན་དོན་ཕྱི་ནང་གཞན་གསུམ་དང་སྦྱར་ན། ཐིག་ལེ་ནི་ཕྱི་རོལ་ཏུ་ཟླ་བ། ནང་དུ་ཁམས་དཀར་པོ་སྟེ་ཁུ་བ། གཞན་དུ་སྐུ་རྡོ་རྗེ་དང་། རྣམ་བཅད་ཕྱི་རོལ་ཏུ་པདྨ། ནང་དུ་རྡུལ་ཏེ་ཁྲག །གཞན་


JKT005_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསུང་རྡོ་རྗེ། ཨ་ཡིག་ཕྱི་རོལ་ཏུ་སྒྲ་གཅན། ནང་དུ་བར་དོའི་རྣམ་པར་ཤེས་པ། གཞན་དུ་ཐུགས་རྡོ་རྗེ། ཨེ་ནི་དེ་ཐམས་ཅད་ཀྱི་རྟེན་མཚོན་པ་དང་། ཡང་ཐབས་ཤེས་ཟུང་འཇུག་གི་ཚུལ་དུ་སྦྱར་ན། །ཨེ་ཡིག་གིས་ཕྱི་རོལ་དུ་ནམ་མཁའ་དང་། ནང་དུ་མའི་པདྨ་དང་། གཞན་བསྐྱེད་རིམ་ལྟར་ན་རྟེན་དང་། རྫོགས་རིམ་ལྟར་ན་ཕྱག་རྒྱ་ཆེན་པོ་མཚོན་ལ། ཝཾ་ཡིག་གིས་ཕྱི་རོལ་ཏུ་ཉི་ཟླ་སྒྲ་གཅན། ནང་དུ་ཕ་མའི་ཁུ་ཁྲག་གི་ཐིག་ལེ། གཞན་དུ་བསྐྱེད་རིམ་ལྟར་ན་བརྟེན་པ་དང་། རྫོགས་རིམ་ལྟར་ན་མི་འགྱུར་བའི་བདེ་བ་ཆེན་པོ་མཚོན་པར་བྱེད་དོ། །གཞན་ཡང་གཞི་ལམ་འབྲས་གསུམ་དང་སྦྱར་ན། དག་བྱ་སད་རྨི་གཉིད་དང་སྙོམས་འཇུག་གི་གནས་སྐབས་བསྐྱེད་པའི་ཐིག་ལེ་བཞི། དག་བྱེད་རྣམ་པར་དག་པ་དང་། ཆོས་དང་། སྔགས་དང་། དབྱིབས་ཀྱི་རྣལ་འབྱོར་བཞི། དག་པ་སྐད་ཅིག་གཅིག་དང་། རྣམ་པ་ལྔ་དང་། རྣམ་པ་ཉི་ཤུ་དང་། སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་པ་བཞི། དག་འབྲས་རྣམ་ཐར་བཞི། རྟོགས་པའི་མཁྱེན་པ་བཞི་དང་། དག་པའི་མཚན་ཉིད། སྟོང་མཚན། སྨོན་པ་མེད་པ། འོད་གསལ་བའི་རྣམ་ཐར་བཞི་དང་། དག་པའི་ངོ་བོ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་རྣམས་མཚོན་པའི་ཚུལ་ཤིན་ཏུ་རྒྱས་པར་བཤད་དུ་ཡོད་དོ། །མངྒ་ལཾ་བྷཱུ་ཡཱ་ཏྲ།

འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་རྡོ་རྗེའི་ཚིག་གི་དུམ་བུ་མཐར་ཐུག་རྫོགས་པ་ཆེན་པོ་ལྟར་བཀྲལ་བ་ཚིག་དོན་སྙིང་པོ།


JKT005_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་རྡོ་རྗེའི་ཚིག་གི་དུམ་བུ་མཐར་ཐུག་རྫོགས་པ་ཆེན་པོ་ལྟར་བཀྲལ་བ་ཚིག་དོན་སྙིང་པོ་ཞེས་བྱ་བ་བཞུགས་སོ།།


JKT005_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷི། གདོད་ནས་རྣམ་གྲོལ་ཀ་དག་འཇམ་པའི་དབྱངས། །ལྷུན་གྲུབ་རིག་པ་འདུས་མ་བྱས་པའི་དཔལ། །ཟུང་འཇུག་དང་པོའི་སངས་རྒྱས་མཉྫུཤི། །འོད་གསལ་རྫོགས་པ་ཆེན་པོར་ཕྱག་བགྱིའོ། །དེ་ལ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་རིགས་དྲུག་པའི་བདག་ཉིད་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད་སྐུ་གསུང་ཐུགས་མི་ཟད་པ་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་དམ་པར་བཞུགས་ཏེ། ཉིད་ལས་མི་གཞན་པའི་རྒྱལ་ཚབ་རིགས་ལྔའི་སྐྱེས་བུ་མངོན་པར་སྣང་བར་མཛད་དེ། ཐོག་མ་དང་ཐ་མ་མེད་པའི་དུས་སུ་རྡོ་རྗེའི་སྔགས་རྒྱུད་མཐའ་ཡས་པ་ཞིག་གསུངས་པ་ཐམས་ཅད་ཀྱི་མཐར་ཐུག་པ་ནི་འོད་གསལ་


JKT005_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་ཡིན་ལ། དེ་ཉིད་སྟོན་པར་བྱེད་པའི་རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་ནི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་སྟེ། ཇི་སྐད་དུ། ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པ་ནི་དོན་ཆེ་བ། །དག་པར་བྱེད་ཅིང་སྡིག་སེལ་བ། །ཞེས་མཐར་ཐུག་རྡོ་རྗེ་འཛིན་པའི་ཡེ་ཤེས་གཞོན་ནུ་བུམ་པ་སྐུ་ཡི་ལུས་ཅན་ཟབ་གསལ་གཉིས་སུ་མེད་པ་ཁྱད་ཆོས་དྲུག་དང་ལྡན་པ་ནི། མཉྫུཞེས་པའི་སྒྲ་ལས་དྲངས་ན་འཇམ་པ་སྟེ། སྒྲིབ་གཉིས་ཀྱི་རྩུབ་རེག་དང་བྲལ་བའི་གཞི་དབྱིངས་སྟོང་པ་ཉིད་ཤིན་ཏུ་ཞི་བ་ཆོས་ཀྱི་སྐུ་དང་། ཤྲཱི་ཞེས་པའི་སྒྲ་ལས་དྲངས་ན་གཞི་སྣང་རིག་པ་ལོངས་སྤྱོད་རྫོགས་སྐུའི་དཔལ་ཕུན་སུམ་ཚོགས་པ་སྟེ། དེ་འདྲ་བའི་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་ནི། མཐར་ཐུག་དོན་གྱི་


JKT005_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་འབྲས་བུའི་རྫོགས་པ་ཆེན་པོ་ཡིན་ལ། དེ་ཐོབ་པར་བྱེད་པའི་ལམ་དང་། གང་ལས་འབྱུང་བའི་གཞི་དང་། ལམ་རྐྱེན་ཡི་གེའི་རྒྱུད་རྣམས་ལའང་འཇམ་དཔལ་རྫོགས་པ་ཆེན་པོ་ཞེས་མིང་གིས་བཏགས་པ་སྟེ། དེ་ལྟ་བུའི་དོན་བརྗོད་ཅིང་མཚོན་པས་ནི་མཐར་ཐུག་སྐུ་གཉིས་ཀྱི་གོ་འཕང་ལ་སྦྱོར་བས་དོན་ཆེ་བ་དང་། ཤེས་བྱའི་སྒྲིབ་པ་མ་ལུས་པ་སེལ་བས་དག་པར་བྱེད་པ་དང་། ཉོན་མོངས་པའི་སྒྲིབ་པ་རྒྱུ་འབྲས་དང་བཅས་པ་སྤངས་པས་སྡིག་པ་སེལ་བ་ཞེས་བསྔགས་པར་མཛད་པ་ཡིན་ནོ། །ཚུལ་དེ་ལྟ་བས་ན་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་དབུ་ཞབས་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ལྟར་འགྲེལ་དུ་ཡོད་མོད། འདིར་རེ་ཞིག་གྲུབ་པའི་སློབ་དཔོན་ཤིང་རྟ་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱི་མན་ངག་གི་རྗེས་སུ་འབྲངས་ཏེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་སོགས་ཚིག་རྐང་ལྔས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་གསང་བ་མཐའ་དག་བསྡུས་པའི་ཚུལ་ས་བོན་ཙམ་འཆད་པ་ལ་གསུམ། གང་རྟོགས་པར་བྱ་བ་གཞི་ལམ་རྒྱུའི་རྒྱུད། གང་གིས་རྟོགས་པར་བྱེད་པ་ཐབས་སམ་ལམ་གྱི་རྒྱུད། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དོ། །དང་པོ་ནི། ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་པས་བསྟན་ཏེ། ཀློང་གསལ་ལས། ཆོས་རྣམས་མ་ལུས་ཐམས་ཅད་ཀྱི། །རྩ་


JKT005_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐིག་ལེ་གཅིག་ལས་གྱེས། །ཞེས་གསུངས་པ་ལྟར། གཞི་ཀ་དག་དང་ལྷུན་གྲུབ་ཟུང་དུ་འཇུག་པ་ཡིན་ཏེ། དེ་ལ་གཞི་དབྱིངས་རྣམ་པར་གྲོལ་བ་ཀ་དག་འདུས་མ་བྱས་པའི་གནས་ལུགས་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ་ལས། གཞི་སྣང་ལྷུན་གྲུབ་ཀྱི་འཆར་ཚུལ་མ་འགགས་པ་ཅིར་ཡང་བྱུང་ཞིང་། དེ་ལྟར་བྱུང་བའི་དུས་ཉིད་ནས་ཀྱང་ངོ་བོ་ཀ་དག་ལས་མ་གཡོས་པའི་ཟུང་འཇུག་ཤིན་ཏུ་རྣམ་པར་དག་པའི་རང་བྱུང་གི་ཡེ་ཤེས་ཐིག་ལེ་གཅིག་ཏུ་རྫོགས་པ་ནི་གཞི་རྫོགས་པ་ཆེན་པོའམ་ངོ་བོའི་གཞི་ཞེས་བྱ་བ་ཡིན་ཏེ། དེ་ལྟར་མ་རྟོགས་པས་གཉིས་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཞིང་། ཡུལ་དང་། དོན་དང་། སེམས་སུ་བརྟགས་པའི་བག་ཆགས་སྣ་ཚོགས་པ་ནི། སྦྱང་བྱ་འཁོར་བའི་གཞིར་བཞག་པ་ཡིན་ནོ། །གཉིས་པ་ལམ་གྱི་རྒྱུད་ལ་གཉིས། ལམ་གྱི་ངོ་བོ་རྣམ་པར་བཞག་པ་དང་། དེ་ལས་སྣང་བ་ཆེན་པོའི་ཡེ་ཤེས་ཇི་ལྟར་འཆར་བའི་ཚུལ་ལོ། །དང་པོ་ནི། ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པས་བསྟན་ཏེ། རྒྱུད་ལས། སོར་བཞག་ཁྲེགས་ཆོད་ཏིང་འཛིན་གྱིས། །གཟུང་འཛིན་འཁྲུལ་པ་ཟད་པར་བྱེད། །ལྷུན་གྲུབ་རིག་པའི་རྩལ་སྦྱངས་པས། །སྐུ་དང་ཡེ་ཤེས་ཐོད་རྒལ་རྒྱས། །ཞེས་གསུངས་པ་ལྟར་ལམ་ཁྲེགས་ཆོད་དང་ཐོད་རྒལ་གཉིས་སུ་འདུ་བ་ལས། དང་པོ་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། །ཤེས་


JKT005_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་ཐད་ཀར་གཅོད་ལ་འདུས། །ཞེས་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའམ། དེ་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱང་བྱར་སྟོན་པ་མཚན་གཞན་རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་དགོངས་དོན་མཐར་ཐུག་པ་ནི། སྟོང་གསལ་རང་རིག་འདུས་མ་བྱས་པའི་ཡེ་ཤེས་སྐད་ཅིག་མ་རྗེན་པར་ངོ་འཕྲོད་ནས་སོར་བཞག་ཏུ་སྐྱོང་བ་ཁོ་ན་ཡིན་ལ། ཕྱི་མ་ནི། དེ་ལྟ་བུའི་རྟོགས་པའི་བོགས་འབྱིན་པ་དང་། འཇའ་ལུས་རྡོ་རྗེའི་གོ་འཕང་མངོན་དུ་བྱ་བའི་སླད་དུ། སྒོ་ཡུལ་རླུང་རིག་གི་གནད་གཅུན་པས་ཡེ་ཤེས་ཀྱི་རིག་གདངས་དབང་པོའི་མངོན་སུམ་དུ་ཤར་བ་ལ་བརྟེན་ནས་ས་དང་ལམ་ཐམས་ཅད་ཐོད་རྒལ་དུ་བགྲོད་པར་བྱེད་པ་སྟེ། དེ་འདྲ་བའི་ལམ་གཉིས་པོ་ཟུང་འཇུག་ཏུ་ཉམས་སུ་བླངས་པས་ཏིང་ངེ་འཛིན་གྱི་མེ་བོ་ཆེས་སྒྲིབ་གཉིས་བག་ཆགས་དང་བཅས་པའི་བུད་ཤིང་བསྲེགས་ནས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་རྒྱས་པར་འགྱུར་བ་ཡིན་ནོ། །གཉིས་པ་ནི། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་པས་བསྟན་ཏེ། སྒྲ་ཐལ་འགྱུར་ལས། དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིགས་ལས་འདས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པ་


JKT005_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བར་དོར་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོག་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆོད། །ཅེས་གསུངས་པ་ལྟར། ཐོག་མར་དབྱིངས་ཀྱི་འོད་མཐིང་ག་ཁྱབ་པ་ཆེན་པོ་མེ་ལོང་དྭངས་པ་ལྟ་བུ་ལ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་ལྡིང་བ་ལྟར་རིག་གདངས་དབང་པོའི་མངོན་སུམ་དུ་མཐོང་བ་ཆོས་ཉིད་མངོན་སུམ། དེ་ལྟ་བུའི་དབྱིངས་རིག་སྨིན་མཚམས་ནས་བྲལ་ཏེ་འོད་ལྔ་རྩིབས་ཤར་དང་། གྱེན་འགྲེང་དང་། ཟླུམ་འཕྲིག་དང་། མཆོད་རྟེན་ལྟ་བུ་དང་། པདྨ་སྟོང་ལྡན་དང་། མཁར་ཐབས་དང་། མདའ་དང་མདུང་རྩེ་ལྟ་བུ་དང་། དྲ་བ་དྲྭ་ཕྱེད་དང་། མིག་མང་རིས་ལ་སོགས་པ་ཅིར་ཡང་འཆར་ལ། ཐིག་ལེ་སྟོང་པའི་སྒྲོན་མའང་སྲན་མ་ཙམ་ནས་བསེ་ཕུང་ཙམ་གྱི་བར་དུ་རྣམ་པར་སྣང་ཞིང་འཕེལ་བ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་རིམ་གྱིས་ཇེ་བརྟན་དུ་སོང་བས་ལས་ཀྱི་རླུང་ཟད་པར་བྱེད་པ་ཉམས་སྣང་གོང་འཕེལ། རིག་པའི་ཡོན་ཏན་འཕེལ་བའི་ཆ་སྟོབས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་འོད་དུ་གསལ་ཞིང་། ཡེ་ཤེས་ལྔའི་ཆོས་ཉིད་ལ་རང་བྱན་ཚུད་པས་ཐིག་ལེ་ལྔ་ཚོམས་སུ་ཤར་བའི་དབུས་ན་སྤྲུལ་སྐུའི་ཡེ་ཤེས་ཚད་ལ་ཕེབས་པས་གཙུག་ཏོར་དང་བཅས་པའི་དབུ་ཕྱེད་པ་ནས་སྐུ་རྐྱང་པའི་བར་དང་།


JKT005_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུའི་ཡེ་ཤེས་ཚད་ལ་ཕེབས་པས་རིགས་ལྔའི་སངས་རྒྱས་རྐྱང་པ་ནས་ཡབ་ཡུམ་ཞལ་སྦྱོར་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་བར་དང་། ཆོས་སྐུའི་ཡེ་ཤེས་ཚད་ལ་ཕེབས་པས་གཙོ་འཁོར་གྱི་ཚོམ་བུ་ཐ་དད་པའི་དཀྱིལ་འཁོར་མུ་ཁྱུད་ཀྱི་ར་བ་དང་བཅས་པ་མཆོག་ཏུ་གསལ་བས་འདུས་བྱས་ཀྱི་སྣང་བ་རང་སར་འགགས། རི་བྲག་ལ་ཟང་ཐལ་དུ་འགྲོ། གཟུང་འཛིན་ཐད་ཀར་ཞིག །ཅིར་སྣང་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རྣམ་རོལ་འབའ་ཞིག་ཏུ་སྣང་བའི་དག་པ་རབ་འབྱམས་ཆེན་པོར་ལོངས་སྤྱོད་པ་རིག་པ་ཚད་ཕེབས། དེ་ལྟ་བུའི་གནད་ལ་བརྟེན་ནས་རླུང་གི་གཡོ་བ་ཡེ་ཤེས་སུ་འཕེལ། ཆོས་ཉིད་དུ་དག་པའི་མཐུ་ལས། ཕྱི་གཟུང་བའི་ཡུལ། ནང་འཛིན་པའི་སེམས། གསང་བ་འོད་གསལ་གྱི་སྣང་བ་ཐམས་ཅད་ཀྱང་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་ཐིམ་པས། དཔེ་ཤེལ་འོད་ནང་དུ་ནུབ་པ་ལྟར་ནང་གསལ་ཐིམ་ལ་མ་རྨུགས་པའི་ངང་དུ་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ཐམས་ཅད་ལམ་མེ་བར་རྫོགས་པ་ནི་ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་ཚིག་རྐང་གསུམ་གྱིས་རྫོགས་པ་ཆེན་པོ་མན་ངག་སྡེའི་ལམ་གྱི་དངོས་གཞི་མཐའ་དག་རྫོགས་པར་བསྟན་ནས། ལམ་གྱི་གཞི་སྨིན་བྱེད་ཀྱི་དབང་། དེའི་གྲོགས་དམ་ཚིག་དང་སྡོམ་པ། བོགས་འབྱིན་པའི་སྤྱོད་པ་སོགས་ཞར་ལས་མཚོན་པ་ཡིན་ཏེ་རྒྱ་ཆེར་སྤྲོས་པས་


JKT005_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་གོ །གསུམ་པ་ནི། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཞེས་པས་བསྟན་ཏེ། ཇི་སྐད་དུ། སེམས་ཅན་དོན་ཕྱིར་རང་བྱུང་བ། །སངས་རྒྱས་སྐུ་དང་ཡེ་ཤེས་དང་། །སངས་རྒྱས་ཕྲིན་ལས་བསམ་ཡས་ཏེ། །འགྲོ་བའི་ཁམས་ལ་རྟག་ཏུ་སྣང་། །ཞེས་གསུངས་པ་ལྟར། རྒྱུའི་དུས་ནས་སྙིང་རྗེ་ཆེན་པོས་ཡིད་རང་དབང་མེད་པར་བསྐྱོད་དེ། མཐའ་ཡས་པའི་སེམས་ཅན་གྱི་དོན་འབའ་ཞིག་ཏུ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་དོན་དུ་གཉེར་བའི་མཐུ་ལས། འབྲས་བུའི་དུས་སུ་འགྲོ་བའི་བླ་མ་དག་པ་གཉིས་ལྡན་དཔལ་ཀུན་ཏུ་འཆང་བ་ཆེན་པོའི་གོ་འཕང་ཐོབ་པར་གྱུར་པ་ཡིན་ཏེ། དེའང་མར་མེའི་སྙིང་པོ་ལ་མུན་པ་མི་གནས་པ་བཞིན་དུ་སྤང་བྱ་སྒྲིབ་གཉིས་མཐའ་དག་ཤིན་ཏུ་ཞི་བ་ཆོས་ཀྱི་སྐུས་མཚོན་པའི་རྟེན་སྐུ་ལྔ། ཤེས་བྱ་མ་འདྲེས་པར་འཆར་བ་མེ་ལོང་ལྟ་བུ་ལ་སོགས་པ་བརྟེན་པ་ཡེ་ཤེས་ལྔ། ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནས་བཟུང་གནས་རིགས་དྲུག་གི་གདུལ་བྱ་ཕྲ་མོ་ཡན་ཆད་ཀྱི་མངོན་མཐོ་དང་། ངེས་ལེགས་དང་། རྣམ་པར་གྲོལ་བའི་ལམ་དང་འབྲས་བུ་མཐའ་དག་གསལ་བར་མཛད་པས་ན། འཁོར་འདས་ཐམས་ཅད་ཀྱི་སྒྲོན་མེ་གཅིག་པུར་གྱུར་པའི་མཛད་པ་ཕྲིན་ལས་རྟག་པ་དང་། ཁྱབ་པ་དང་། ལྷུན་གྱིས་གྲུབ་པའི་ཚུལ་གྱིས་རྩོལ་མེད་དུ་འབྱུང་བ་ནི་མཐར་ཐུག་འབྲས་བུའི་རྣམ་པར་བཞག་པའོ། །


JKT005_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་ཚིག་རྐང་དང་པོས་གཞི་ཀ་དག་དང་། ལྷུན་གྲུབ་དང་། ཟུང་འཇུག །ཚིག་རྐང་གཉིས་པས་ལམ་ཁྲེགས་ཆོད་དང་། ཐོད་རྒལ། གསུམ་པ་དང་བཞི་པས་ལམ་གྱུར་གྱི་འབྲས་བུ་སྣང་བ་བཞི་འཆར་ལྔ་པས་མཐར་ཐུག་གི་འབྲས་བུ་སྐུ་དང་ཡེ་ཤེས་ཕྲིན་ལས་དང་བཅས་པ་རྫོགས་པ་ཆེན་པོ་མན་ངག་སྡེའི་ཡ་གྱལ་འོད་གསལ་སྙིང་ཏིག་གི་དགོངས་པ་ཇི་ལྟ་བ་བཞིན་བསྟན་པ་ཡིན་པས་རྒྱས་པར་བཤད་། ན། བཤད་བྱ་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྡོ་རྗེའི་ཚིག་གི་དུམ་བུ་རྐང་པ་ལྔ་རྩ་བར་བཟུང་སྟེ། འཆད་བྱེད་སྒྲ་ཐལ་འགྱུར་ཆེན་པོ་རྩ་བའི་རྒྱུད་སོགས་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་གྱིས་འཆད་ཅིང་། ཇི་ལྟར་འཆད་པའི་ཚུལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་གསུང་རབ་ཐེག་མཆོག་རིན་པོ་ཆེའི་མཛོད་དང་། དེའི་གནད་ཉེ་བར་བསྡུས་པ་ཚིག་དོན་རིན་པོ་ཆེའི་མཛོད་སོགས་ལས་ཇི་སྐད་གསུངས་པ་བཞིན་ལེགས་པར་བཤད་པའི་སྣང་བས་རང་དང་གཞན་གྱི་རྒྱུད་ལ་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་པདྨ་མཆོག་ཏུ་རྒྱས་པའི་ཐབས་ལ་བརྩོན་པར་བྱའོ། །དབྱིངས་རིག་ཟུང་འཇུག་གཞི་ཡི་མཉྫུཤཱི། །ཁྲེགས་ཆོད་ཐོད་རྒལ་ལམ་གྱིས་སྐྱེད་བསྲིངས་པས། །སྐུ་དང་ཡེ་ཤེས་ཕྲིན་ལས་རྨད་བྱུང་བའི། །འབྲས་བུས་ས་གསུམ་རྟག་ཏུ་སྣང་གྱུར་ཅིག །ཅེས་པའང་དགེ་སློང་སྡེ་སྣོད་འཛིན་པ་རཏྣ་བི་ཛ་ཡས་དྲིས་ཤིང་བསྐུལ་བ་ལ་


JKT005_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས། གྲུབ་པའི་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱི་དགོངས་པའི་རྗེས་སུ་འབྲངས་ཏེ་རིག་འཛིན་གྱི་བཙུན་པ་མཉྫུགྷོ་ཥས་སྨྲས་རིམ་བཞིན་དུ་སྐུལ་བ་པོ་ཉིད་ཀྱིས་ཡི་གེར་བྲིས་པ་དགེ་ལེགས་སུ་གྱུར་ཅིག །འདི་ཉིད་སློབ་དཔོན་མཉྫུ་ཤྲཱི་མི་ཏྲའི་བྱིན་རླབས་ལས་རང་ཤར་བ་ལྟར་ཡི་གེར་བཀོད་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཉེར་ལེན་ལས། རིགས་གསུམ་སྙིང་ཏིག་གི་ཤོག་སེར་ཀྱང་རྩོལ་མེད་དུ་འབེབས་གྲུབ་པའི་བདག་པོའི་རྐྱེན་དུ་གྱུར་པས་ན། འཇམ་དཔལ་རྫོགས་པ་ཆེན་པོའི་ཆ་ལག་ཏུ་བཞག་པར་བྱ་བ་ཡིན་ནོ། །སརྦ་དཱ་མངྒ་ལཾ་ཤྲཱི་ཡོ་བྷ་བ་ཏུ།། །།

དཔལ་ཡང་དག་པའི་གྲོལ་བའི་ལམ་ཡེ་ཤེས་ཐིག་ལེའི་མན་ངག


JKT005_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡང་དག་པའི་གྲོལ་བའི་ལམ་ཡེ་ཤེས་ཐིག་ལེའི་མན་ངག་བཞུགས་སོ།།


JKT005_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། གྲུབ་པའི་སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་ཀཱ་རས་མཛད་པའི་དཔལ་ཡང་དག་ཡེ་ཤེས་ཐིག་ལེའི་མན་ངག་གྲོལ་ལམ་མཐར་ཐུག་པ་འདི་འཆད་པ་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས། མཚན་བསྟན་པ་དང་། མཆོད་པར་བརྗོད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། ཛཱ་ན་བིནྡྷཱ་ཨུ་པ་དེ་ཤ །བོད་སྐད་དུ། ཡེ་ཤེས་ཐིག་ལེའི་མན་ངག །གཉིས་པ་ནི། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གཉིས་པ་གཞུང་གི་དོན་ལ་གཉིས། བཤད་བྱ་རྩ་བའི་མདོ་དང་། འཆད་བྱེད་དོན་གྱི་མན་ངག་གོ། །དང་པོ་ནི། ཡང་དག་གྲུབ་པ་གཅིག་པུ་ནི། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་


JKT005_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །གཉིས་པ་འཆད་བྱེད་དོན་གྱི་མན་ངག་བསྟན་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། དོན་དམ་ཡེ་ཤེས་ཐིག་ལེ་ཆེ། །མངོན་སུམ་གཏན་ལ་འབེབས་པའི་ལུང་། །མན་ངག་ངེས་པའི་སྙིང་པོ་ནི། །ལྟ་སྒོམ་སྤྱོད་འབྲས་ཚུལ་དུ་དབྱེ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི། དེ་ཁོ་ན་ཉིད་ལྟ་བ། ཉམས་སུ་མྱོང་བ་སྒོམ་པ། མཚམས་སྦྱར་བ་སྤྱོད་པ། མཐར་ཕྱིན་པ་འབྲས་བུའི་ཚུལ་ལོ། །དང་པོ་ནི། ཡང་དག་གནས་ལུགས་གདོད་མ་ནས། །རང་བཞིན་གྲུབ་པ་གཅིག་པུའི་གཤིས། །ཀུན་ཡིན་གང་ཡང་མ་ཡིན་པ། །རིག་པ་ཁྱབ་བརྡལ་ངོ་བོ་ཉིད། །སངས་རྒྱས་སེམས་ཅན་


JKT005_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ཀྱི་སྲོག །རང་སྣང་རྣམ་དག་བདེ་ཆེན་པོ། །མ་ལུས་ཀུན་འདུས་དགོངས་གཞིར་གནས། གང་ཡང་མ་འགགས་ཅིར་ཡང་འཆར། །རང་བྱུང་ཡེ་ཤེས་ངོ་བོར་ཐིམ། །མཐའ་རྣམས་ཐམས་ཅད་མ་སྤངས་བྲལ། །ལྷུན་གྲུབ་ཡེ་ཤེས་རང་གནས་པ། །སངས་རྒྱས་ཀུན་གྱི་དེ་ཉིད་དོ། །གཉིས་པ་ནི། དེ་ལྟར་མཐོང་བའི་རྣལ་འབྱོར་པས། །སེམས་ནི་མ་བཅོས་རང་གར་བཞག །དབང་པོ་མ་བཀག་རང་གསལ་བཞག །གཟུགས་སྒྲ་དྲི་རོ་ལ་སོགས་པ། །གང་མཐོང་གང་སྣང་དེ་ཉིད་ཀྱི། །ངང་ལ་མཉམ་པར་ལྷན་ནེར་བཞག །གང་ཡང་མི་འགེགས་མི་འཛིན་ཅིང་། །མཉམ་ཉིད་རིག་པའི་གདེངས་ལ་བཞག །དེ་ལ་རྟོག་ཅིང་གོམས་པ་ཡིས། །མེ་ཡི་ཕུང་པོ་འབར་བ་ལ། །ཡམ་ཤིང་སྐམ་པོ་བསྣན་པ་བཞིན། །དངོས་པོ་གང་དང་གང་སྣང་ཡང་། །དེ་ཉིད་ཡེ་ཤེས་རྐྱེན་དུ་འགྱུར། །འཇུར་བུས་མི་བསྒོམ་གང་བདེར་བཞག ། དེ་ཡང་སེམས་ལ་དབང་ཐོབ་ནས། །ཕྱོགས་གཅིག་ཁོ་ནར་མི་བསྒོམ་སྟེ། །ཏིང་འཛིན་འབུམ་ཕྲག་དུ་མ་ལ། །རྣལ་འབྱོར་རིག་པའི་རྩལ་ཆེན་སྦྱངས། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་ཆེ། །རིག་པ་མཐའ་དབུས་མེད་པ་ཡི། །བདེ་ཆེན་སྤྱི་བླུགས་ཉིད་དུ་འཆར། །ནམ་མཁའི་མཐོངས་སུ་མདུང་བསྐོར་བཞིན། །རིག་བ་རང་ལ་རང་དབང་བསྒྱུར། །དེ་ལྟར་གདེངས་ཆེན་བསྒོམ་པའི་མཆོག །གསུམ་པ་ནི། དེ་


JKT005_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྟོགས་པའི་རྣལ་འབྱོར་པས། །སྤྱོད་པ་བླང་དོར་མེད་པར་སྤྱད། །སྤངས་ནི་ཅིར་ཡང་མ་སྤངས་ལ། །ཆེད་དུ་གང་ཡང་བསྒྲུབ་པ་མེད། །སྤྱོད་པ་མ་འགགས་བླང་དོར་བྲལ། །མ་སྐྱེས་པ་ནི་ཆོས་ཀྱི་སྐུ། །འགགས་མེད་ཤར་བ་ལོངས་སྤྱོད་རྫོགས། །གཉིས་སུ་འཛིན་བྲལ་སྤྲུལ་པའི་ཚུལ། །སྐུ་གསུམ་རྫོགས་པའི་བརྟུལ་ཞུགས་གྲུབ། །བཞི་པ་ནི། མ་བསྒྲུབ་བདག་ཉིད་འབྲས་བུར་རྫོགས། །མ་བླངས་དངོས་གྲུབ་རང་ལ་ཤར། །མ་བགྲོད་ས་ལམ་ལྷུན་གྱིས་བགྲོད། །མ་བཙལ་ཆོས་སྐུའི་ནམ་མཁའ་ལ། །གཟུགས་སྐུ་ཡེ་ཤེས་ཤུགས་ཀྱིས་འགྲོ། །སྒྱུ་མ་ལྟ་བུར་གཞན་དོན་སྣང་། །བདེ་མཆོག་བདེ་བའི་གནས་ཐོབ་པའོ། །གསུམ་པ་དོན་བསྡུ་བ་ནི། མདོར་ན་དེ་ཉིད་མཐོང་ཞིང་གོམས། །གདེངས་སུ་སྤྱོད་ནས་འབྲས་ཐོབ་པའི། །ཚུལ་རྣམས་རང་རིག་གཅིག་པུ་ཡི། །ངང་ལས་མ་གཡོས་སྡོམ་པའི་མཆོག །གསུམ་པ་མཇུག་གི་དོན་ལ་གཉིས། །བརྩམས་པ་མཐར་ཕྱིན་པའི་བྱ་བ་དང་། འགྱུར་བྱང་གིས་མཇུག་བསྡུ་བའོ། །དང་པོ་ནི། འདི་བགྱིས་དགེ་བས་འགྲོ་བ་ཀུན། །ཡང་དག་ཡེ་ཤེས་མངོན་གྱུར་ཤོག །གཉིས་པ་ནི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་ཀཱ་རས་མཛད་པ་རྫོགས་སོ། །པཎྜིཏ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་གནུབས་ནམ་མཁའི་སྙིང་པོས་གསེར་བྲག་བྱ་སྐྱིབས་ཅན་དུ་བསྒྱུར་ནས་མངའ་བདག་བཙད་པོ་ལ་
གཏད་པས་ཡང་དག་པའི་ཡེ་ཤེས་ཀྱི་དགོངས་པ་ལས་མི་གཡོ་བའི་ས་བརྙེས་པ་ཡིན་ནོ། །མངྒ་ལཾ།།

རྒྱན་གྱི་འཆད་ཐབས་ཉུང་གསལ་གཞན་ཕན་ཉེར་མཁོ།


JKT005_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱི་འཆད་ཐབས་ཉུང་གསལ་གཞན་ཕན་ཉེར་མཁོ་བཞུགས། །ཨོཾ་སྭ་སྟི་སིདྡྷི། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པ་རྒྱན་གྱི་དོན་བསྡུས་ཏེ་འཆད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་རྒྱ་གར་ན་སྐད་རིགས་བཞི་ཡོད་པའི་ལེགས་སྦྱར་ལྷའི་སྐད་དུ། བསྟན་བཅོས་འདིའི་མཚན་ལ། ཨ་བྷི་ས་མ་ཡ་ཨ་ལངྐཱ་ར་ནཱ་མ་པྲཛྙཱ་པཱ་ར་མི་ཏ་ཨུ་པ་དེ་ཤ་ཤཱས། ཞེས་བརྗོད་ཅིང་བོད་ཀྱི་སྐད་དུ་བསྒྱུར་ན་འབྲས་བུ་ཤེར་ཕྱིན་དང་ལམ་ཤེར་ཕྱིན་བརྗོད་བྱར་བྱེད་པའི་གཞུང་སྟོང་ཕྲག་བརྒྱ་པ་སོགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་བྱེད་ཀྱི་ཐབས་མན་ངག་དང་བསྟན་བཅོས་ཀྱི་གཞི་མཐུན་ཡིན་པས་གི་བསྟན་བཅོས་ཏེ་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པ་ཡིན་ཅིང་། མཁྱེན་གསུམ་གྱི་རྣམ་པ་ཀུན་མངོན་དུ་ཕྱོགས་པར་མ་ནོར་བར་རྟོགས་པའི་ལམ་མཐའ་དག་གསལ་བྱེད་ཀྱི་རྒྱན་ཅེས་བྱ་བ་ནི་མཚན་སྒྲོག་པའོ། །གཉིས་པ་འགྱུར་ཕྱག་ནི། མ་རིག་པའི་གཉིད་ལས་སངས་ཤིང་ཤེས་བྱ་ལ་བློ་པདྨའི་འདབ་མ་ལྟར་རྒྱས་པའི་སངས་རྒྱས་དང་། ཀུན་རྫོབ་ཏུ་སེམས་ཅན་གྱི་དོན་དུ་བླ་མེད་བྱང་ཆུབ་དོན་དུ་གཉེར་བ་ལ་སེམས་མི་མཐུན་ཕྱོགས་ཀྱིས་མི་བརྫི་བའི་དཔའ་བོ་ཐམས་ཅད་དང་ཡང་ན་བྱང་ཆུབ་ནི་དེ་ཁོ་ན་ཉིད་ཡིན་ལ་དེ་དང་མཐུན་པར་སེམས་ཉིད་ཆོས་ཉིད་ལ་ཞུགས་པའི་དཔའ་བོ་ཐམས་ཅད་ལ་ཕྱག་འཚལ་ལོ། །གསུམ་པ་གཞུང་དོན་ལ་མཆོད་པར་བརྗོད་པ། བསྟན་


JKT005_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་བརྩམས་པའི་དགོས་པ། བརྩམ་པའི་བསྟན་བཅོས་ཀྱི་ལུས་སོ། ༈ །དང་པོ་ནི། སྲིད་པ་ཐ་མའི་ཚེ་ཡང་དག་པའི་གདམས་ངག་གཞན་ལས་ཉན་ཅིང་ཚུལ་དེ་གཞན་ལའང་ངག་གིས་ཐོས་པར་བྱ་དགོས་པས་ཉན་ཐོས་སྲིད་པ་ཐ་མའི་ཚེ་གཞན་ལ་མ་ལྟོས་པར་རང་གི་བྱང་ཆུབ་མངོན་དུ་བྱ་ནུས་པའི་རང་བྱུང་རང་རྒྱལ་སོགས་ཞི་བ་ཐར་པ་འཚོལ་བ་རྣམས་ཕུང་སོགས་ཀྱི་གཞི་ཀུན་གང་ཟག་གི་བདག་མེད་དུ་ཤེས་པ་ཉིད་ཀྱིས་ཉོན་མོངས་པ་དང་སྡུག་བསྔལ་ཀུན་ཉེ་བར་ཞི་བའི་ལྷག་བཅས་ལྷག་མེད་ཀྱི་མྱ་ངན་ལས་འདས་པར་ཁྲིད་པར་མཛད་པ་གང་ཡིན་པ་དང་། །བྱང་ཆུབ་སེམས་དཔའ་འགྲོ་བ་ལ་ཕན་པར་བྱེད་པ་རྣམས་ཐེག་པ་གསུམ་གྱི་ལམ་བདེན་མེད་དུ་ཤེས་པའི་ལམ་ཤེས་པ་ཉིད་ཀྱིས་འཇིག་རྟེན་ཏེ་འགྲོ་བ་མཐའ་དག་གི་དོན་སྒྲུབ་པར་མཛད་པ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་སྐྱེ་བ་མེད་པ་ཐུགས་སུ་ཆུད་པའི་རྣམ་མཁྱེན་གང་དང་ཡང་དག་པར་ལྡན་པས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བརྗོད་བྱའི་རྣམ་པ་ཀུན་དང་ལྡན་པའི་རྗོད་བྱེད་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་སོགས་སྣ་ཚོགས་པ་འདི་གསུངས་པ། །དེས་ན་ཉན་ཐོས་འཕགས་པ་དང་། རང་རྒྱལ་འཕགས་པ་དང་། བྱང་ཆུབ་སེམས་དཔའི་འཕགས་པའི་ཚོགས་དང་བཅས་པ་དང་། སངས་རྒྱས་འཕགས་པ་རྣམས་ཀྱི་ཡང་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ཕྱག་འཚལ་ལོ། །འདིར་ཡུམ་མཁྱེན་པ་གསུམ་གྱིས་གང་ཟག་གི་བདག་མེད་གཟུང་འཛིན་གཉིས་སྟོང་ལམ་གསུམ་བདེན་མེད་རྣམ་པ་ཐམས་ཅད་བདེན་མེད་སོགས་རྟོགས་པའི་ངོ་བོའི་ཡོན་ཏན། ཉེར་ཞིང་འཁྲིད་པ་གཞན་


JKT005_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྒྲུབ་པ་ཆོས་འཁོར་བསྐོར་བ་སོགས་ནུས་པའི་ཡོན་ཏན་དང་ལྡན་པའི་སྒོ་ནས་བསྟོད་པའོ། །འདིར་གདུལ་བྱ་དབང་རྣོན་གྱིས་དབུ་མའི་ལྟ་བ་རྟོགས་པའི་སྒོ་ནས་ཡོན་ཏན་གཉིས་པོ་དེ་མི་འགལ་བར་ཚད་མའི་སྟོབས་ཀྱིས་ངེས་པ་རྙེད་ལ། དབང་བརྟུལ་གྱིས་ཚིག་ཙམ་གྱི་སྒོ་ནས་དད་པ་སྐྱེ་ལ་དེ་ལས་རྒྱན་ལ་ཐོས་སོགས་ཀྱིས་ཞུགས་ནས་རྣམ་མཁྱེན་ཐོབ་པར་འགྱུར་རོ། །གཉིས་པ་ལ་དགོས་སོགས་བཞི་ལས་བརྗོད་བྱ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་སོགས་པ་མངོན་རྟོགས་བརྒྱད་སྟོན་པས་ཚུ ཤེར་ཕྱིན་གྱི་མདོ་འདི་ལས་བཤད་པ་གང་ཡིན་པའོ། །ཉིང་དགོས་ནི་མུ་སྟེགས་དང་ཉན་རང་སོགས་གཞན་གྱིས་ཐོས་སོགས་ཀྱིས་མྱོང་བ་མ་ཡིན་པའི་རྣམ་མཁྱེན་ཏེའོ། །སུས་མྱོང་ན་སེམས་བསྐྱེད་དང་གདམས་ངག་སོགས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་སྦྱིན་སོགས་ཀྱི་སྤྱོད་པ་བཅུ་ཡི་བདག་ཉིད་ཅན་ཀྱི་ཐེག་ཆེན་གྱི་ལམ་འབྲས་ཡུམ་གྱི་མདོ་ཡི་དོན་མ་ལུས་པ་ཉམས་སུ་མྱོང་བ་ཤིན་ཏུ་གསལ་བའི་ཤེས་རབ་ཀྱིས་ངེས་པར་བྱས་པ་མི་བརྗེད་པའི་དྲན་པ་ལ་བཞག་ནས་མོས་སྤྱོད་པ་རྣམས་སུ་ཡང་ཡང་སྒོམ་པའི་བྱང་ཆུབ་སེམས་དཔའ་བློ་དང་ལྡན་པས་ས་དང་པོ་རབ་ཏུ་དགའ་བ་ལ་སོགས་པ་རྟོགས་པའི་རིམ་གྱིས་སངས་རྒྱས་ཀྱི་སར་མངོན་སུམ་དུ་ཉིང་དགོས་རྣམ་མཁྱེན་དེ་མཐོང་བར་འགྱུར་བའི་ཕྱིར་དུ་ཤེར་ཕྱིན་གྱི་མདོའི་དོན་དཀའ་ཚེགས་མེད་པར། །བདེ་བླག་ཏུ་ནི་མྱུར་དུ་འགྱུར་བ་ཞེས་བྱ་བ་ནི་བསྟན་བཅོས་མངོན་རྟོགས་རྒྱན་རྩོམ་པའི་དགོས་པ་ཡིན་ནོ། །འབྲེལ་པ་ནི་བསྟན་བཅོས་བརྗོད་བྱ་དང་འབྲེལ། དགོས་པ་བསྟན་བཅོས་དང་འབྲེལ། གནས་སྐབས་ཉིང་དགོས་མོས་སྤྱོད་དང་ས་བཅུ་སོགས་དགོས་པ་དང་


JKT005_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ། མཐར་ཐུག་གི་ཉིང་དགོས་རྣམ་མཁྱེན་དེ་གནས་སྐབས་ཀྱི་ཉིང་དགོས་དང་འབྲེལ་བ་དེ་རྣམས་འབྲེལ་པ་ཡིན་ནོ། །གསུམ་པ་བརྩམས་པའི་བསྟན་བཅོས་ཀྱི་ལུས་དངོས་ལ་གཉིས། མཁྱེན་གསུམ་མདོར་བསྟན་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ལུས་མདོར་བསྟན་པ་དང་། ལུས་རྒྱས་པར་བཤད་པའོ། །དང་པོ་ནི། ཤེས་རབ་སོགས། གཉིས་པ་ལུས་རྒྱས་པར་བཤད་པ་ནི། སེམས་བསྐྱེད་པ་ནི་སོགས། གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ། རྣམ་མཁྱེན་ནས། ཆོས་སྐུའི་ཡན་ལག་རྒྱས་པར་བཤད་ཀྱི་བརྒྱད། དེ་རེ་རེ་ལའང་གཉིས། མཚོན་བྱེད་ཀྱི་རྒྱས་པར་བཤད་པ་དང་། སྐབས་བསྡུ་བའོ། །དེ་རྣམས་ནི་རིམ་པར། སེམས་བསྐྱེད་པ་ནི་སོགས་ནས། བརྒྱད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ་བསྡུས་དོན་དུ་ཞིབ་པར་གསལ་ལོ། །གཉིས་པ་སྐབས་དྲུག་ཏུ་ཕྱེ་བ་ནི་ཉམས་སུ་བླང་བར་བྱ་བའི་མཁྱེན་པ་གསུམ་ནི། མཚན་ཉིད་ཀྱི་སྐབས་དང་རྣམ་རྫོགས་སྦྱོར་བ་ནི་མཁྱེན་གསུམ། དེ་ཡི་ཉམས་སུ་ལེན་བྱེད་ཀྱི་སྦྱོར་བའི་སྐབས་དང་། རྩེ་སྦྱོར་ནི་སྦྱོར་བ་དེ་རབ་ཏུ་གྱུར་པའི་སྐབས་དང་མཐར་གྱིས་པ་ནི་སྦྱོར་བ་དེ་ཡི་གོ་རིམ་གྱི་སྐབས་དང་། སྐད་ཅིག་སྦྱོར་བ་ནི་སྦྱོར་བ་དེ་མཐར་ཐུག་པའི་སྐབས་དང་། ཆོས་སྐུ་ནི་སྦྱོར་བ་དེ་ཡི་རྣམ་སྨིན་གྱི་སྐབས་དང་ནི་སྟེ་མཚན་ཉིད་སྐབས་སྦྱོར་བའི་སྐབས་རབ་ཀྱི་སྐབས་ཞེས་སོགས་དོན་བསྡུས་པའི་ཚུལ་གཞན་ཏེ་སྐབས་རྣམ་པ་དྲུག་ཏུ་བཤད་དོ། །གསུམ་པ་སྐབས་གསུམ་དུ་ཕྱེ་བ་ནི་འཇུག་པའི་ཡུལ་མཁྱེན་པ་ནི་རྣམ་པ་གསུམ་པོ་རྒྱུའི་སྐབས་དང་ཉམས་ལེན་གྱི་སྦྱོར་བ་རྣམ་པ་བཞི་ཡི་བདག་ཉིད་ནི་སྦྱོར་བའི་སྐབས་དང་། ཆོས་སྐུ་ཕྲིན་ལས་དང་བཅས་པ་ནི་འབྲས་བུའི་སྐབས་དང་ནི། །ཞེས་དེ་


JKT005_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དོན་བསྡུས་ཚུལ་གཞན་ཏེ་སྐབས་རྣམ་པ་གསུམ་དུ་བཤད་དོ། །བཤད་ཚུལ་གསུམ་པོ་དེ་ལ་སྐབས་ཀྱི་གྲངས་བློ་ལ་འཆར་ཚུལ་མང་ཉུང་ཡོད་ཀྱང་། དོན་ནི་སྔར་རྒྱས་པར་བཤད་པ་གཞན་དུ་ཤེས་པར་བྱ་དགོས་སོ། །བཞི་པ་མཇུག་གི་དོན་གཉིས་མཛད་པ་པོ་གང་ཡིན་པ་དང་། ལོ་པཎ་གང་གིས་བསྒྱུར་བའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ། འགྲོ་བ་མགོན་མེད་པ་རྣམས་སྐྱོབ་བའི་རྗེ་བོ་སྒོ་གསུམ་མི་མཐུན་ཕྱོགས་ལས་བསྡམས་པའི་བཙུན་པ་སློབ་པ་དང་མི་སློབ་པའི་གནས་སྐབས་ཐམས་ཅད་དུ་བྱམས་པའི་མཚན་མི་འདོར་བས་བྱམས་པ་ལེགས་པའི་ལམ་དོན་དུ་གཉེར་བ་རྣམས་ཀྱི་མགོན་པོས་ཐུགས་རྗེ་གཞན་དབང་དུ་གྱུར་པའི་སྒོ་ནས་གདུལ་བྱ་རྣམས་ཀྱི་ཤེར་ཕྱིན་གྱི་མདོའི་དོན་རྟོགས་ཕྱིར་མཛད་པ་མ་ཚང་བ་མེད་པར་རྫོགས་སོ། །གཉིས་པ་གང་གིས་བསྒྱུར་བའི་འགྱུར་བྱང་ནི་རྒྱ་གར་གྱི་མཁན་པོ་བིདྱ་ཀཱ་ར་པྲ་བྷ་སྟེ་རིག་བྱེད་འོད་ཟེར་རམ་རིག་པའི་འབྱུང་གནས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་སཾ་སྐྲྀ་ཏ་ལམ་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་པ་ལས། སླད་ཀྱི་པཎྜིཏ་གོ་མཱི་འཆི་མེད་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་ལེགས་པར་གཏན་ལ་ཕབ་པའོ། །འདིས་ཀྱང་བསྟན་འགྲོ་ལ་མྱུར་དུ་ཕན་ཐོགས་པར་གྱུར་ཅིག །མངྒ་ལཾ།། །།སྨྲས་པ། མཚན་ཉིད་ལྡན་པའི་བཤེས་གཉེན་ལ་བརྟེན་ནས། །མདོ་དང་རྒྱན་ལ་ཐོས་སོགས་ཀྱིས་ཞུགས་ཏེ། །ངེས་འབྱུང་བྱང་སེམས་ཡང་དག་ལྟར་སྦྱོར་བ། །ཐོག་མར་མཁྱེན་གསུམ་ཉམས་ལེན་བསྡུས་
དོན་ཡིན། །ཡུལ་ལྔ་ལམ་མཁས་བསམ་པའི་གོ་གྱོན་ནས། །འཇུག་པའི་སེམས་བསྐྱེད་སྦྱོར་བའི་ཕྱིན་དྲུག་བརྩོན། །གྲངས་མེད་གསུམ་གྱི་ཚོགས་ཀྱི་མགོ་བཅོམ་པ། །བཞི་པའི་ཐར་ཆ་མཚན་ཉིད་ཚང་བའོ། །དེ་ནས་བསྒོམ་བྱའི་རྣམ་ཀུན་བརྒྱ་དོན་གསུམ། །རྣམ་ཐར་བསྡུས་འདི་ཚང་ལ་མ་ནོར་བའི། །ལམ་དུ་མཚན་ཉིད་བཞི་ཡི་གཏན་ཕབ་ནས། །རྣམ་ཀུན་རང་བཞིན་མེད་པར་མཉམ་བཞག་བསྒོམ། །ཞི་ལྷག་ཟུང་འབྲེལ་སྒོམ་པ་རབ་རྩེར་སོན། །བརྒྱ་དང་དོན་གསུམ་དམིགས་བཅས་ཀུན་རྫོབ་ཏུ། །གོ་རིམ་མ་འཆོལ་མཐར་གྱིས་འབད་པ་བསྒོམ། །གོམས་པའི་རྩོལ་མེད་སྐད་ཅིག་གཅིག་ལ་རྫོགས། །སྦྱོར་བཞིའི་དོན་བསྡུས་སྐུ་བཞི་ཕྲིན་ལས་བཅས། །མངོན་དུ་བྱེད་པ་འབྲས་བུའི་བསྡུས་དོན་ཡིན།།

བློ་གྲོས་གསར་བུ་ལ་ཕན་པའི་རྣམ་གྲངས་ཉུང་ངུ་།


JKT005_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་གསར་བུ་ལ་ཕན་པའི་རྣམ་གྲངས་ཉུང་དུ་བཞུགས། །ན་མོ་བུདྡྷ་ཡ། ཕྱི་ནང་གི་ཁྱད་པར་ནི། འདུས་བྱས་མི་རྟག །ཟག་བཅས་སྡུག་བསྔལ། མྱང་འདས་ཞི་བར་ཁས་མི་ལེན་པ་ཕྱི་པ། ལེན་པ་ནང་པའོ། །དེ་ལས་ཀྱང་གཙོ་བོར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནང་པ། མི་འགྲོ་བ་ཕྱི་པའོ། །ནང་པའི་གྲུབ་མཐའ་སྨྲ་བ་ལ་ཐེག་དམན་དང་། ཐེག་ཆེན་གཉིས་ཏེ། དེ་ཡང་ཕྱི་དོན་བདེན་གྲུབ་ཏུ་འདོད་པ་ཐེག་དམན། མི་འདོད་པ་ཐེག་ཆེན་ནོ། །ཐེག་དམན་ལའང་བྱེ་མདོ་གཉིས་ལས། དོན་ཤེས་ཐུག་ཕྲད་ཅེར་མཐོང་དུ་འཛིན་པར་འདོད་པ་བྱེ་སྨྲ། དོན་ཤེས་པའི་ལྐོག་གྱུར་དུ་འདོད་པ་མདོ་སྡེ་པའོ། །ཐེག་ཆེན་ལའང་དབུ་སེམས་གཉིས་ལས། སེམས་བདེན་པར་རྟོགས་


JKT005_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

པ་སེམས་ཙམ་དང་། སེམས་ཀྱང་བདེན་མེད་དུ་རྟོགས་པ་དབུ་མ་པའོ། །སེམས་ཙམ་ལའང་རྣམ་བདེན་རྫུན་གཉིས་ལས། སྣང་བ་སེམས་ཡིན་པ་གང་ཞིག །རྣམ་པ་ཙམ་དུ་བདེན་པར་འདོད་པ་རྣམ་བདེན་དང་། རྣམ་པ་དེ་ཡང་རྫུན་པར་འདོད་པ་རྣམ་རྫུན་པའོ། །དབུ་མ་ལའང་ཐལ་རང་གཉིས་ལས། རང་རྒྱུད་ཀྱི་གཏན་ཚིགས་འགོད་ཅིང་སྟོང་ཉིད་སོགས་སུ་ཁས་ལེན་པ་རང་རྒྱུད་པ་དང་། ཁས་ལེན་གྱི་སྤྲོས་པ་ཉེ་བར་ཞི་བ་ཐལ་འགྱུར་བའོ། །མདོ་སྔགས་ཀྱི་ཁྱད་པར་ནི། མ་རྨོངས་པ་དང་། ཐབས་མང་བ་དང་། དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་དབང་དུ་བྱས་པ་སྟེ་ཁྱད་ཆོས་བཞིས་སྔགས་ཀྱི་ཐེག་པ་ཁྱད་པར་འཕགས་སོ། །སྔགས་ལའང་རྒྱུད་སྡེ་བཞི་ལས། བདག་ཐ་མལ་པའི་མདུན་དུ་ལྷ་བསྐྱེད་ནས་རྗེ་དཔོན་ལྟ་བུའི་ཚུལ་གྱིས་དངོས་གྲུབ་དོན་དུ་གཉེར་བ་བྱ་རྒྱུད། བདག་མདུན་གཉིས་ཀ་ལྷར་བལྟས་ནས་གྲོགས་པོ་ལྟ་བུའི་ཚུལ་གྱིས་དངོས་གྲུབ་ལེན་པ་སྤྱོད་རྒྱུད། བདག་དམ་ཚིག་པར་ལྷ་ཡེ་ཤེས་པ་བཅུག་ནས་ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ་ཐུན་མཚམས་སུ་ཕྱག་རྒྱ་དཀྲོལ་བས་ཡེ་ཤེས་པ་གཤེགས་ཏེ་རང་ཐ་མལ་པར་གནས་པ་རྣལ་འབྱོར། ཐུན་དང་ཐུན་མཚམས་ཐམས་ཅད་དུ་དམ་ཡེ་དབྱེར་མེད་པའི་ལྷ་དང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཁྱད་པར་བྱས་པ་ནི་བླ་མེད་དོ། །སྔགས་ལམ་གྱི་ངོ་བོ་སྨིན་བྱེད་ནི་ཡེ་ཤེས་སྐྱེ་


JKT005_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྣོད་དང་། གྲོལ་བྱེད་ནི་ཡེ་ཤེས་དངོས་སུ་བསྐྱེད་པའི་ཐབས་ཏེ་དེའང་གཙོ་བོའི་སྒོ་ནས་སོ། །གྲོལ་བྱེད་བསྐྱེད་རིམ་ལ། དྲོད་གཤེར་སྐྱེས་སྦྱོང་བ་མངོན་བྱང་ལྔ་བསྐྱེད། སྒོང་སྐྱེས་སྦྱོང་བ་ས་བོན་ཐིག་ལེ་ལས་བསྐྱེད་པ། མངལ་སྐྱེས་སྦྱོང་པ་མངལ་འབྱིན། རྫུས་སྐྱེས་སྦྱོང་བ་སྐད་ཅིག་དྲན་རྫོགས་ཏེ་བཞི་ལས། དེ་རེ་རེས་ཀྱང་ཤུགས་ཀྱིས་ཐམས་ཅད་སྦྱོང་ངོ་། །རྫོགས་རིམ་ལ། དབང་བར་བ་གཉིས་ཀྱི་ལམ་མཚན་བཅས་དང་། ཕྱི་མའི་ལམ་མཚན་མེད་དེ། འོན་ཀྱང་སོ་སོ་ལའང་མཚན་བཅས་དང་མཚན་མེད་རགས་ཕྲའི་དབང་གིས་དབྱེ་བ་མཐའ་ཡས་སོ། །རྟོགས་པའི་འོད་གསལ་མཐར་ཐུག་པ་ནི་སངས་རྒྱས་ཆོས་ཀྱི་སྐུ་སྟེ། དེ་ལ་ལྟོས་ན་སློབ་པའི་འོད་གསལ་ཐམས་ཅད་ཉམས་ཀྱི་འོད་གསལ་ལོ། །སློབ་པ་ལའང་ཉིན་པར་ཉམས་དང་། མཚན་མོ་རྟོགས་པ། ཉིན་པར་འོད་གསལ་གྱི་ཚོགས་དྲུག་གི་སྣང་བ་མ་ནུབ་པ་ཉམས། ནུབ་པ་རྟོགས་པ། མཚན་མོ་སྣང་གསུམ་རྫོགས་པར་མ་ཐིམ་པ་ཉམས། ཐིམ་པ་རྟོགས་པ་སོགས་ནང་གསེས་ཀྱི་དབྱེ་བ་མང་ངོ་། །གཞི་ལམ་འབྲས་བུའི་ཕྱག་ཆེན་ནི། སེམས་མ་བཅོས་པའི་གནས་ལུགས་གཞི། དེ་རང་ངོ་འཕྲོད་པ་ལམ། མངོན་དུ་གྱུར་པ་འབྲས་བུའོ། །ཆེན་པོ་གསུམ་ནི། སྣང་བ་གཙོར་བཏོན་རྫོགས་ཆེན། སྟོང་པ་གཙོར་བཏོན་དབུ་མ། ཟུང་འཇུག་གཙོར་བཏོན་


JKT005_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཆེན་ནོ། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བཞི་ནི། སེམས་སྟོང་གསལ་དུ་གནས་པ་རྩེ་གཅིག །རང་ངོ་ཇི་བཞིན་མཐོང་བ་སྤྲོས་བྲལ། སྣང་སེམས་ཟུང་དུ་ཆུད་པ་རོ་གཅིག །མཚན་མ་ཐམས་ཅད་ཟད་པ་བསྒོམ་མེད་དོ། །དེས་ལམ་ལ་སྦྱོར་ལུགས་རེ་ཞིག་རྩེ་གཅིག་ཚོགས་སྦྱོར། སྤྲོས་བྲལ་མཐོང་ལམ། རོ་གཅིག་མ་དག་ས་བདུན། སྒོམ་མེད་དག་ས་ལ་སྦྱོར་བར་སྣང་ངོ་། །སྡོམ་པ་གསུམ་ནི། གཞན་གནོད་གཞིར་བཅས་སྤང་བ་སོ་ཐར། གཞན་ཕན་ཅི་ནུས་བསྒྲུབ་པ་བྱང་སེམས། གཉིས་ཀ་ལྷ་དང་ཡེ་ཤེས་ཀྱི་རྩིས་ཟིན་པ་གསང་སྔགས་བླ་མེད་ཀྱི་སྡོམ་པའོ། །ཕ་རོལ་ཏུ་ཕྱིན་པ་ལས་གོ་ཆས་སྒྲུབ་པའི་སྐབས་སུ་དྲུག་ཀ་རེ་རེར་བསྡུས་ཏེ་ཉམས་སུ་ལེན་པའི་ཚུལ་ཡོད་པ་ལྟར། སྔགས་སུ་ཡི་དམ་ལྷའི་སྒོམ་བཟླས་བསྡུས་པ་རེ་རེའང་ལམ་ལྔ་དང་སྦྱར་ཏེ་བསྒོམ་པའི་ཚུལ། དང་པོ་སྐྱབས་སེམས་དང་ཚོགས་ཞིང་ལ་ཡན་ལག་བདུན་པས་ཚོགས་བསགས་པ་ཚོགས་ལམ་དང་། སྦྱོར་ལམ། སྭ་བྷཱ་ཝ་སོགས་ཀྱིས་སྔགས་ཀྱིས་གཟུང་འཛིན་ལྟར་སྣང་བ་ཐམས་ཅད་སྦྱངས་བའི་སྟོང་ཉིད་ནི་མཐོང་ལམ། དེ་ལས་གཟུགས་ཀྱི་སྐུར་བལྟ་བ་ནི་སྒོམ་ལམ་ས་བརྒྱད། གནས་གསུམ་བྱིན་རླབས་དང་ཡེ་ཤེས་པ་གཞུག་པ་ནི་དག་པ་ས་གསུམ། དབང་བསྐུར་ནས་རིགས་བདག་གིས་རྒྱས་འདེབས་པ་ནི་སངས་རྒྱས་པ། བཟླས་པ་ཆོས་འཁོར་བསྐོར་བ།
མཐར་འོད་གསལ་དུ་བསྡུ་བ་ནི་མྱ་ངན་ལས་འདས་པ། དེ་ལས་ཟུང་འཇུག་གི་སྐུར་ལྡང་ནས་སྤྱོད་ལམ་ལ་འཇུག་པ་ནི་མཛད་པ་རྒྱུན་མི་འཆད་པ་མཚོན་པ་ཡིན་ནོ། །དེ་ལྟར་འབྲས་བུའི་རྣམ་པ་ལམ་དུ་བྱས་པས་འབྲས་བུ་ཉིད་མྱུར་དུ་འགྲུབ་པ་ནི་སྔགས་ཀྱི་ཁྱད་ཆོས་བླ་ན་མེད་པའོ།།

ཐེག་པ་ཆེ་ཆུང་གི་ལམ་རིམ་མདོར་བསྡུས།


JKT005_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེ་ཆུང་གི་ལམ་རིམ་མདོར་བསྡུས་བཞུགས་སོ། །ན་མོ་གུ་རུ་ཝེ། འཇམ་དབྱངས་ས་སྐྱ་པཎྜི་ཏས་ཐུབ་པ་དགོངས་གསལ་ལས། སྤྱོད་པ་བསྟན་པའི་གཞི་མ་འདུལ་བ་དང་། སྒོམ་པ་དང་བཤད་པ་བསྟན་པའི་སྙིང་པོ་མདོ་མངོན། གསང་སྔགས་བསྟན་པའི་ཉིང་ཁུ་རྒྱུད་སྡེ་དང་མཐུན་པ་གཅིག་དགོས་པར་གསུངས། དེ་ལས་ད་ལམ་སྐབས་སུ་བབས་པ་ཐེག་པ་ཆེ་ཆུང་གི་ལམ་སྤྱིའི་མངོན་རྟོགས་མདོ་ཙམ་འཆད་ན། བྱེ་སྨྲ་བ་དང་མདོ་སྡེ་པ་རྣམས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་བཤད་པ་ལྟར་འཇུག་ཅིང་། རང་སངས་རྒྱས་རྣམས་དེ་སྟེང་རྟེན་འབྲེལ་འབྱུང་ལྡོག་གཙོ་བོར་བྱེད། འོན་ཀྱང་བྱེ་སྨྲ་བས་སྙིང་རྗེ་ཆེན་པོ་གཙོ་བོར་མི་བྱེད་ལ། མདོ་སྡེ་པས་བྱེད་པ་དང་། རང་རྒྱལ་རྣམས་གཟུང་མེད་རྟོགས་པ་ལམ་བྱེད་ནི་ཁྱད་པར་རོ། །ཐེག་ཆེན་དབུ་མ་རང་རྒྱུད་པ་རྣམས། རྟོག་གེ་འབར་བ་ལས། བྱང་ཆུབ་སེམས་ནི་མི་གཏོང་དང་། །ཐུབ་པའི་བརྟུལ་ཞུགས་ཡང་དག་བསྟེན། །དེ་ཉིད་ཤེས་པས་


JKT005_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཚོལ་བ་ནི། །དོན་ཀུན་སྒྲུབ་བྱེད་སྤྱོད་པ་ཡིན། །ཅེས་སྤྱོད་པའི་རིམ་པ་གསུམ་དང་། ཐལ་འགྱུར་པ་རྣམས། ཟླ་བས་འཇུག་པ་ལས་བཤད་པ་ལྟར་ས་བཅུའི་ཉམས་ལེན་གྱིས་འཇུག་པར་བཤད་པ་དང་། གཞུང་ཕྱི་མའི་དབུ་མས་སློབ་དཔོན་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཅེས་བདེན་གཉིས་སུ་བསྡུས་ནས། དེ་ཉམས་སུ་ལེན་པ་པོའི་གང་ཟག་ཀྱང་དབང་པོ་རྣོ་བརྟུལ་གྱི་རིམ་པ་ལྟར་ཉམས་སུ་ལེན་པར་བཞེད་དེ། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ལ། །ཕྱིས་ནས་རྣམ་པར་དབེན་པ་ཉིད། །ཅེས་གསུངས་པ་ལྟར་རོ། །སློབ་དཔོན་ཨཱརྱ་དེ་བས། བསོད་ནམས་མ་ཡིན་དང་པོར་བཟློག །ཅེས་སོགས་རིམ་པ་གསུམ་དུ་བཞེད། སློབ་དཔོན་དཔའ་བོས། མན་ངག་པདྨ་སྤུངས་པར། རབ་ཀྱི། བདེ་འགྲོའི། ཞི་བའི། ངེས་འབྱུང་མཆོག་གི་སྤྱོད་པ་སྟེ་བཞིའི་རིམ་པས་འཇུག་པར་བཤད་དོ། །སེམས་ཙམ་པ་རྣམས་ནི། ཐེག་བསྡུས་ལས་བཤད་པ་ལྟར་བཅུའོ། །དེ་ལྟར་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀྲལ་བའི་ལམ་སྲོལ་ཆེན་པོ་ནི་དགུ་ཡིན་ལ། གཞན་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བར། གང་ཞིག་བདག་དང་གཞན་རྣམས་ནི། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བར་བྱང་ཆུབ་སེམས། །རི་དབང་རྒྱལ་


JKT005_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྟར་བརྟན་དང་། ཕྱོགས་མཐའ་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་ཆོས་གསུམ་གྱིས་བསྡུས་པ་དང་། མགོན་པོ་བྱམས་པས་ཤེར་ཕྱིན་གྱིས་དེའི་དོན་ཐམས་ཅད་མངོན་པར་རྟོགས་པ་བརྒྱད་དང་། ཟབ་མོའི་མདོའི་དོན་ཐམས་ཅད་རྡོ་རྗེའི་མན་ངག་བདུན་དུ་བསྡུས་པ་སོགས་མཐའ་ཀླས་ཤིང་། དེའི་ནང་ནས་རྗེ་བཙུན་ས་སྐྱ་པཎྜི་ཏས་སྤྱོད་པའི་ཆ་ཐམས་ཅད་ཤིན་ཏུ་རྒྱས་པའི་མདོ་དང་། ལྟ་བའི་ཆ་ཟབ་མོ། ཤེས་རབ་ཕ་རོལ་ཏུ་ཕྱིན་པའི་མདོའི་རྗེས་སུ་འབྲངས་ཏེ་མདོ་སྡེ་རྒྱན་གྱི་ལམ་རིམ་དང་མཐུན་པར་གཏན་ལ་ཕབ་པ་ནི་ཐུབ་པར་གོངས་གསལ་ལམ། རྒྱལ་སྲས་ལམ་བཟང་ངམ། ཚོགས་ཆོས་ཆེན་མོ་ཞེས། གྲགས་པ་དེ་ཉིད་ཡིན་ལ། གཞན་ཡང་། རྒྱ་གར་དུ་ཇོ་བོའི་ལམ་སྒྲོན། འཇིགས་མེད་འབྱུང་གནས་ཀྱི་ཐུབ་པ་དགོངས་རྒྱན་སོགས་མང་པོ་དང་། བོད་དུ་གྲོ་ལུང་པའི་བསྟན་རིམ། ཕྲ་བའི་རྒྱལ་སྲས་འཇུག་ངོགས། །དྭགས་པོའི་ཐར་རྒྱན། ཕག་གྲུའི་ལམ་རིམ། ཙོང་ཁ་པའི་ལམ་རིམ་ཆེ་ཆུང་སོགས་ཤིན་ཏུ་མང་། དེའང་ཐོག་མར་སེམས་བསྐྱེད་ནས་བརྩམས་ཏེ་རིམ་ཅན་གྱིས་བསླབ་པ་སྤྱོད་འཇུག་ལྟ་བུ་དང་། ཐོག་མར་དེ་ཁོ་ན་ཉིད་ལ་བསླབ་སྟེ། གཟོད་སེམས་བསྐྱེད་སོགས་བརྩམས་པ་ཐེག་བསྡུས་ཏེ། འདིའི་སྔ་མ་ནི་དབང་པོ་རྟུལ་པོ་ལ་དགོངས་ཤིང་། ཕྱི་མ་ནི་དབང་པོ་རྣོན་པོ་དག་འོག་ནས་འབྱུང་བའི་ལམ་ཐམས་ཅད་ཐར་པ་ཆ་མཐུན་དུ་བསྒྱུར་བའི་


JKT005_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སླད་དུ་གདམས་པ་སྟེ། དེས་ན་གང་ཟག་གི་ཁྱད་པར་དང་བསྟུན་པའོ། །གཞུང་འདིར། ཐོག་མ་ཁོ་ནར་སྐལ་བ་དང་ལྡན་པའི་རིགས་དང་། དེ་ནས་རྒྱུ་སྙིང་རྗེས་ཀུན་ནས་བསླབས་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་ཆོས་ལ་མོས་པ་དང་། དེ་ནས་སྤྱོད་པ་ལ་འཇུག་པའི་གཞི་སེམས་བསྐྱེད། སྤྱོད་པའི་དངོས་གཞི་ཕར་ཕྱིན་དྲུག་སྟེ། དེ་དག་ནི་མོས་པས་སྤྱོད་པའི་ས་བཞིའོ། །དེ་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པ་ཞེས་བྱ་སྟེ་ས་དང་པོ་ཐོབ་པ། དེ་ནས་སེམས་ཅན་ཡོངས་སུ་སྨིན་པ་ཞེས་ས་བདུན་པ་མན། དེ་ནས་ཞིང་སྦྱོང་བ་དང་། མི་གནས་པའི་མྱ་ངན་ལས་འདས་པ་ཞེས་ཕྱིར་མི་ལྡོག་པའི་ས་གསུམ་སྟེ། དེ་དག་ནི་ལམ་མོ། །དེ་ནས་བྱང་ཆུབ་སྟེ་མངོན་པར་བྱང་ཆུབ་པ་དང་། མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོར་སྟོན་པ་སྟེ་སེམས་ཅན་གྱི་དོན་སྟོན་པ་ནི་འབྲས་བུའོ། །དེའི་སྔ་མ་བརྒྱད་ནི་འདིས་འདོང་བས་ན་ཐེག་པ་དང་། ཕྱི་མ་གསུམ་ནི་འདིར་འདོང་བས་ན་ཐེག་པ་ཞེས་བྱ་སྟེ་དངོས་པོ་བཅུའོ། །བཅུ་པ་དེ་འདིར་བདུན་དུ་བསྡུས་ཏེ། དེ་ཡང་གཞི་རྟེན་གྱི་གང་ཟག་རིགས་དང་༡། ལམ་ཉམས་སུ་ལེན་པ་ལ་སྐྱབས་སེམས་དང་༢། བྱང་ཆུབ་སེམས་དཔའི་༣སྤྱོད་པ་རང་དང་གཞན་སྨིན་བྱེད་༤ རྒྱས་པར་བཤད། ཆོས་སྤྱོད་ལ་བཞི། ས་ལ་གནས་པའི་ཆོས་ས་ལམ་གཉིས། འབྲས་བུའི་ཆོས་གཅིག་སྟེ་བདུན་ནོ། །ལམ་


JKT005_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་བླངས་པའི་དྲོད་རྟགས་ལ་གནས་སྐབས་ཀྱི་འབྲས་བུས་ལམ་༦གྱི་ཡོན་ཏན་དང་། མཐར་ཐུག་གི་འབྲས་༧བུ་སྐུ་གསུམ་ཕྲིན་ལས་དང་བཅས་པ་བསྟན་ནོ། །དེ་ཡང་སྐྱོན་མེད་པ་ལ་འཇུག་པ་དང་། ཞིང་ཡོངས་སུ་སྦྱོང་བ་གཉིས་སུ་མཛད། མི་གནས་མྱ་ངན་ལས་འདས་པ་དང་། བྱང་ཆུབ་མཆོག་ལམ་སྟོན་པ་གཉིས་གཅིག་ཏུ་མཛད་དེ། འོན་ཀྱང་སེམས་ཅན་སྨིན་པའང་སྐྱོན་མེད་དག་པ་དང་། ཞིང་ཡོངས་སུ་དག་པའི་ཁོངས་སུ་འདུས་མོད། འདིར་གཙོ་བོར་བྱས་པ་ནི་བསྡུ་བའི་དངོས་པོ་བཞི་ལ་གཙོ་བོར་སྦྱར་བ་ཡིན་ལ། མི་གནས་པའི་མྱང་འདས་མཐར་ཐུག་གི་འབྲས་བུར་བསྡུས་པ་ནི། དག་པ་གསུམ་གནས་སྐབས་ཀྱི་འབྲས་བུ་མཐར་ཐུག་ཡིན་པ་ལ་དགོངས་སོ། །དེའི་གཞུང་དོན་ཞིབ་ཏུ་དཔྱད་ན། ཀླད་དང་། གཞུང་དང་། མཇུག་གི་དོན་ཏོ། །དང་པོ་ལ། ཐ་སྙད་རྟོགས་པའི་ཕྱིར་མཚན་དོན་བཤད་པ། བར་ཆད་ཞི་བའི་ཕྱིར་མཆོད་པར་བརྗོད་པ། རྩོམ་པ་མཐར་ཕྱིན་པའི་ཕྱིར་དུ་བཤད་པར་དམ་བཅའ་བ་གསུམ་མོ། །གཉིས་པ་ལ། བསྡུས་དོན་ལུས་རྣམ་པར་བཞག་པ་དང་། ཚིག་དོན་ཡན་ལག་རྒྱས་པར་བཤད་པ་གཉིས། དང་པོ་ནི། བློ་དང་ལྡན་པས་སོགས་ཏེ། དེ་ལ་རྩ་ཚིག་གི་ཁུངས་དགོད་པ་དང་། མངོན་པར་རྟོགས་པའི་འབྲེལ་བསྒྲིགས་པའོ། །གཉིས་པ་ལ། ཐོག་མར་བསྐལ་བ་དང་། གཞི་ལམ་


JKT005_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་གསུམ། དེའི་གཉིས་པ་ལ་ལམ་གྱི་སྔོན་འགྲོ་དང་། དངོས་གཞི་གཉིས། དང་པོ་ལའང་། སྐྱབས་སུ་འགྲོ་བ་དང་། སྐྱབས། སེམས་གཉིས། གསུམ་པ། གཉིས་པ་ལ། རང་སྨིན་པར་བྱེད། པ་དང་། །དང་པོ་ནི། བཞི་པ། གཞན་སྨིན་པར་དེ་ལྟར་བྱེད་པ་གཉིས། གསུམ་པ་འབྲས་བུ་ལ་གནས་དེ་དག་གིས། སྐབས་དང་མཐར་སྐྱོན་མེད་པ་ལ། ཐུག་གཉིས། མཇུག་གི་དོན་ལ། བསྟན་བཅོས་ཇི་ལྟར་བརྩམས་ཚུལ། དེ་ལ་ནན་ཏན་བྱ་བར་གདམས་པ། ཉེས་པ་བཟོད་པར་གསོལ་བ་བསྟན་པ། བརྩམས་བརྩམས་པའི་ཀུན་སློང་ལ་སྐྱོན་མེད་པར་བསྟན་པ། པའི་དགེ་བ་ཀུན་མཁྱེན་དུ་བསྔོ་བའོ། །བཞི་པ་ལའང་། བསྟན་པ་ལ་སྐྱོན་ཞུགས་ཚུལ། དེ་བཅོས་པར་དཀའ་བ། གཞན་ཕན་གྱི་བློས་ལེགས་པར་བཅོས་ཚུལ་ཏེ་གསུམ་མོ། །འདིའི་འཆད་ཐབས་རྒྱས་པར་བྱེད་ན། སྤྱིའི་དོན་གྱིས་ཁོག་ཕུབ་པ་དང་། གཞུང་དོན་གྱི་སྒོ་ནས་ཞིབ་ཏུ་བསྟན་པ་གཉིས། དང་པོ་ལའང་སྟོན་པ་སངས་རྒྱས་ཇི་ལྟར་བྱོན་ཚུལ། དེས་གསུངས་པའི་ཆོས་ཀྱི་རབ་དབྱེ། ཆོས་ཉམས་སུ་ལེན་པའི་ལམ་གྱི་རིམ་པ་ཇི་ལྟར་འཇུག་པའི་ཚུལ་དང་གསུམ་མོ། །ཕྱི་མ་ལ་སློབ་དཔོན་བསོད་ནམས་རྩེ་མོས་བརྒྱད་དུ་གསུངས་ཀྱང་། འདིར་བསྟན་པ་སྤྱིའི་དད་པ་སྔོན་དུ་འགྲོ་ཞེས་བྱ། དབང་དུ་བྱས་པའི་འཇུག་རིམ་དང་། བྱེ་བྲག་ཏུ་ཐེག་ཆེན་གྱི་ལམ་ལ་འཇུག་ཚུལ་གཉིས། ཕྱི་མ་ལ་སེམས་ཙམ་པ་


JKT005_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དབུ་མ་པའི་བཞེད་པ་གཉིས་སོ། །ཕྱི་མ་ལའང་དབྱེ་བ་རྒྱས་པར་བརྗོད་པའི་མཐར། །ཚུལ་གནས་སོགས། འདིར་ས་སྐྱ་པ་རྣམས་ཀྱི་བཞེད་པ་སྤྱི་རྣམ་ལྟར་ཡོད། ༢༨ ཐེག་པ་ཆེན་པོའི་ལམ་གྱི་ངོ་བོ་ངོས་བཟུང་བ། དེ་ལ་མཐུན་མོང་བ་རྣམས་ལས་ཇི་ལྟར་འཕགས་ཚུལ། ཁྱད་པར་འཕགས་པ་དེའི་དབྱེ་བ། གཞུང་འདི་ཉིད་ཀྱི་དགོངས་དོན་བྱེ་བྲག་ཏུ་བཤད་པའོ། །ཕྱི་མ་ལ་གང་གཏན་ལ་དབབ་བྱའི་གཞི་བཅུ་ངོས་བཟུང་། དེ་ལ་སློབ་པའི་གོ་རིམ་མངོན་པར་རྟོགས་པ་ཇི་ལྟར་རྒྱུད་ལ་སྐྱེ་བའི་ཚུལ་བསྟན་པའོ། །སྤྱི་དོན་གཉིས་པ་ལ། བརྩམས་པ་ལ་འཇུག་པ་ཀླད། བརྩམ་པར་བྱ་བ་གཞུང་། བརྩམས་པ་མཐར་ཕྱིན་པ་འབྲས་བུའི་དོན་ཏེ་གསུམ་སྔར་བཞིན་ནོ། །དེས་མདོ་ལམ་གྱི་མངོན་རྟོགས་རྣམས་སོང་ནས། སྔགས་ཀྱི་མངོན་རྟོགས་ནི། བྱ་བའི་རྒྱུད་ལ་སྤྱོད་པ་གསུམ། སྤྱོད་པའི་རྒྱུད་ལ་རྒྱུ་ལམ་འབྲས་གསུམ། རྣལ་འབྱོར་གྱི་རྒྱུད་ལ་རྒྱུད་གསུམ། བླ་མེད་ཀྱི་རྒྱུད་ལ་སྤྱིར་གྲུབ་པའི་སློབ་དཔོན་ཆེན་པོས་བཀྲལ་བའི་ཚུལ་དང་། ཁྱད་པར་སློབ་དཔོན་རྣལ་འབྱོར་དབང་ཕྱུག་གིས་བཀྲལ་བའི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་ལྟར་ཤེས་པར་བྱ་སྟེ། མདོར་ན་ཐུབ་པ་དགོངས་གསལ་དང་། མངོན་རྟོགས་རིན་པོ་ཆེའི་ལྗོན་ཤིང་འདི་གཉིས་མཐའ་ཆོད་པ་ཞིག་བྱང་ན་མདོ་སྔགས་ཀྱི་ལམ་ལུས་ཡོངས་སུ་རྫོགས་པ་
ཡིན་པས་ཅི་ནས་ཀྱང་ནན་ཏན་དུ་གྱིས་ཤིག །ཅེས་པའང་བརྗེད་བྱང་མདོ་ཙམ་མོ། ༈ །ལྗོན་ཤིང་དུ་བྱེ་སྨྲ་རང་ལུགས་པའི་བཟོད་ཤེས་སྦྱོར་ཚུལ་གཅིག་དགོས་རྒྱུ་ལ། མངོན་པ་གོང་མའི་འགྲེས་ཤོར་བ་གཅིག་བྱུང་། དེ་ཡི་གེ་ཆད་པ་ཕྱིས་འཛུད་མ་ཤེས་པ་ཡིན་ཅེས་གསུངས། ཆོས་རྗེ་སྒོ་རུང་པའི་ཕྱག་དཔེའི་ཁྲོད་ནས་ས་པཎ་གྱི་ཕྱག་བྲིས་ངོ་མ་འདིའི་ཐད་ནས་འཛད་རྒྱུ་གློ་བོ་མཁན་ཆེན་པས་རྙེད་ནས་ས་སྐྱ་ལོ་ཙཱ་བར་འབུལ་ཚུལ་ཡོད། ༈ །དཔེའི་ཡེ་ཤེས་སྐྱེས་པས་ངན་སོང་དུ་མི་འགྲོ་བས་ཁྱབ་རྒྱལ་ཚབ་པས། སྟེ། སྐུ་གསུམ་གྱི་ལྷན་སྐྱེས་ཡེ་ཤེས་ཀྱི་ཕན་ཡོན་སྟོན་པའི་སྐབས་སུ་གསལ། ས་པཎ་གྱིས་དེ་ཕར་ཕྱིན་ཐེག་པའི་སྦྱོར་ལམ་དུ་བཤད་པས་ཀྱང་གྲུབ་སྟེ། དེ་གྲུབ་ནས་ངན་སོང་དུ་ཇི་ལྟར་སྐྱེ་ཡང་དེ་ཁོ་ན་ཉིད་ཀྱི་དོན་གཟུགས་བརྙན་ཤར་བའི་ཚུལ་གྱིས་མཚོན་དུ་ཡོད་པའི་ཕྱིར་རོ། །གཞན་ཡང་། བཟོད་ཐོབ་ངན་སོང་གི་ཡང་མི་འགྱུར། །ཞེས་པས་ཀྱང་གྲུབ་བོ།།

བསླབ་བཏུས་ལེ་འགྲེལ།


JKT005_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་བཏུས་ལེ་འགྲེལ་བཞུགས་སོ། །ན་མོནྱ་ཙཆ་ཤཱན་དེ་བཱ་ཡ། དེས་མཛད་པའི་བསླབ་པ་ཀུན་ལས་བཏུས་ལ། ཀླད་དང་། གཞུང་དང་། མཇུག་གི་དོན་གསུམ། དང་པོ་གོ་སླ། གཉིས་པ་ལ། བསླབ་པ་མདོར་བསྡུས་ཏེ་བསྟན། དེ་རྒྱས་པར་བཤད། བཤད་པའི་མཇུག་བསྡུ་བའོ། །གཉིས་པ་ལ་ལེའུ་བཅུ་དྲུག་ཡོད་པའི་དོན་རྣམས་གཏོང་། སྲུང་། དག །


JKT005_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་གྱི་ཆོས་བཞི་གསུམ་བཅུ་གཉིས་ཀྱིས་བསྡུས་ཤིང་ཕར་ཕྱིན་དྲུག་དང་སྦྱར་ནས་བསྟན་ཏེ། ལེའུ་དང་པོ་སྦྱིན་པའི་བར་གྱིས་གཏོང་བ་གསུམ། གཉིས་པ་ནས་དྲུག་པའི་བར་གྱི་ལྔས་སྲུང་བ། བདུན་པ་ནས་ལོངས་སྤྱོད་དང་བསོད་ནམས་སྲུང་བ་རྣམས་བསྟན་ཏོ། །དག་པ་ལ་གསུམ་གྱི། དང་པོ་ལུས་དག་པ་ལ་གཉིས་ལས། ལེའུ་བརྒྱད་པས་སྡིག་པ་སྦྱོང་བ་དང་། དགུ་པ་ནས་བཅུ་བཞི་པའི་བར་དྲུག་གིས་ཉོན་མོངས་པ་སྦྱོང་བ་བསྟན། ལོངས་སྤྱོད་དང་བསོད་ནམས་དག་པ་གཉིས་བཅོ་ལྔ་པས་བསྟན། སྤེལ་བ་ལ། ལུས་དང་ལོངས་སྤྱོད་སྤེལ་བ་ནི། ལེའུ་བཅུ་དྲུག་པའི་བམ་པོ་གཉིས་པ་ཞེས་པས་བསྟན། དེ་འི། ནས་རྒྱ་ཆེར་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་ནོ། །ཞེས་པའི་བར་གྱིས་བསོད་ནམས་སྤེལ་བར་བསྟན་ནོ། །དེ་ལས་ལེའུ་དང་པོ་གོ་སླ། གཉིས་པ་ནས་དྲུག་པའི་བར་གྱིས་ལུས་སྲུང་བ་ལ། དངོས་དང་། དེའི་ཐབས་གསུམ་བསྟན་པའོ། །དང་པོ་ལ་གཉིས་ཏེ། རབ་བྱུང་དང་། ཁྱིམ་པའི་བསླབ་བྱའོ། །དེའི་དང་པོ་ལྔ་སྟེ། ཆོས་འཛིན་པ། བདུད་སྤོང་བ། མི་དགེ་བའི་བཤེས་གཉེན་སྤོང་བ། བྱང་སེམས་འདོར་བ་སྤོང་བ། འཁྲུལ་པའི་ཉེས་པ་སྤང་བའོ། །ཁྱིམ་པའི་བསླབ་བྱ་ལ་གཉིས་ཏེ། གནོད་པ་དངོས་དང་། དེ་སྤོང་བའི་ཐབས་སོ། །དང་པོ་ལ་བཞི་སྟེ། མི་ཁོམས་པའི་གནོད་པ། མི་དགེ་བ་བཅུའི་


JKT005_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ། བྱང་སེམས་ལ་ལོག་སྒྲུབ། ཆོས་སྤོང་བའི་གནོད་པའོ། །གཉིས་པ་སྤོང་བའི་ཐབས་ལེའུ་ལྔ་པས་བསྟན། ལེའུ་དྲུག་པ་ལུས་སྲུང་བའི་ཐབས་ལ། དྲན་ཤེས་ཀྱིས། གཞན་ལ་མ་དད་པ་སྤང་བས་སྨན་སོགས་བསྟེན་པས་སྲུང་བའོ། །དག་པ་གསུམ་གྱི་ལུས་དག་པའི་སྡིག་པ་སྦྱོང་བ་ལེའུ་བརྒྱད་པས་བསྟན། ཉོན་མོངས་སྦྱོང་བ་དགུ་པ་ནས་བཅུ་པའི་བར་གྱིས། བཟོད་བརྩོན་གཉིས་ལ་ལེའུ་རེ་རེ། བསམ་གཏན་དང་ཤེས་རབ་གཉིས་ལ་གཉིས་རེས་བསྟན། བཟོད་བརྩོན་གོ་སླ། བསམ་གཏན་ལ་ཕྱིའི་རྣམ་གཡེང་སྤོང་བ། སྤངས་ནས་ཏིང་འཛིན་བསྒོམ་པའོ། །དང་པོ་ནི། དགོན་པར་གནས་པའི་ལེའུས་བསྟན། །གཉིས་པ་ལ་གཉིས། ཞི་གནས་དང་ལྷག་མཐོང་བསྒོམ་པའོ། །དང་པོ་ལ་བཞི། རྣམ་གཡེང་གི་གཉེན་པོར་སྐྱེ་རྒ་ན་འཆི། འདོད་ཆགས་ལ་མི་སྡུག་པ། ཞེ་སྡང་ལ་བྱམས་པ། གཏི་མུག་ལ་རྟེན་འབྲེལ་བསྒོམ་པ་རྣམས་ལེའུ་བཅུ་གཉིས་པས་བསྟན། གཉིས་པ་ལྷག་མཐོང་ནི་ཤེས་རབ་སྟེ། དེ་ལ་གང་ཟག་གི་བདག་མེད་བསྒོམ་པ་བཅུ་གསུམ་པ་དང་། ཆོས་ཀྱི་བདག་མེད་བསྒོམ་པ་བཅུ་བཞི་པས་བསྟན་ཏེ། དེ་ལྟར་ཕར་ཕྱིན་དྲུག་གི་ཉམས་ལེན་ཆོས་བཅུ་གཉིས་ཀྱི་སྒོ་ནས་བསྟན་པའི་ཕྱིར་སྤྱོད་འཇུག་དང་ཤིན་ཏུ་མཐུན་ཅིང་རྟོགས་སླ་བ་ཡོད་དོ། །ཤུ་བྷཾ།།

སྒོམ་རིམ་བར་པའི་ས་བཅད།


JKT005_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་རིམ་བར་པའི་ས་བཅད་བཞུགས་སོ། །ན་མཀ་མ་ལ་ཤཱི་ལཱ་ཡ། སློབ་དཔོན་དེ་ཉིད་ཀྱིས་མཛད་པའི་སྒོམ་རིམ་ལ། ལོ་ཙཱ་བས་བསྟོད་པའི་མཚན་དོན་དང་ཕྱག་མཆོད་བཤད་པ། རྩོམ་པ་པོས་བཀོད་པའི་གཞུང་དོན་དངོས། བསྟན་བཅོས་བརྩམས་ཟིན་པའི་མཇུག་གི་དོན་ཏོ། །གཉིས་པ་ལ་བཞི། གང་གིས་བསྒོམ་པའི་རིམ་པ། འབྲས་བུ་ཐམས་ཅད་མཁྱེན་པ་རྒྱུ་རྐྱེན་ལ་རགས་ལས་པར་བསྟན་པ། དེའི་རྒྱུ་རྐྱེན་ལ་སློབ་ཚུལ་བཤད་པ། དེ་དག་གི་དོན་མདོར་བསྡུས་ཏེ་བསྟན་པའོ། །གཉིས་པ་ལ་གསུམ། རྒྱུ་མེད་པ། རྒྱུ་ལ་མ་ལྟོས་པ། ལྟོས་པ། རྒྱུ་ནོར་བ་དང་རྒྱུ་རྐྱེན་མ་ཚང་བ་ལས་མི་འབྱུང་བར་བསྟན་པའོ། །གསུམ་པ་ལ། བཀའ་བཞིན་དུ་བསྟན་པ་ལ་ཉེས་སྐྱོན་མེད་པར་བསྟན་པ། རྒྱུ་གསུམ་གྱིས་འདུ་ཚུལ་ལུང་བཅོམ་ལྡན་འདས། གིས་བསྟན་པ། ལུང་དོན་རྒྱས་པར་བཤད་པའོ། །གསུམ་པ་ལ་གསུམ། སྙིང་རྗེ་བསྒོམ་པ། བྱང་སེམས་བསྒོམ་པ། ཐབས་ཀྱིས་མཐར་ཕྱིན་པར་བྱ་བའོ། །གཉིས་པ་ལ་གསུམ། དོན་དམ་བྱང་སེམས་ལ་འབད་པར་གདམས། དེའི་ངོ་བོ་བསྟན། དེ་འགྲུབ་པའི་རྒྱུ་བཤད་པའོ། །དེ་ལ་གསུམ། ཏིང་ངེ་འཛིན་ཐམས་ཅད་ཞི་ལྷག་ཏུ་འདུ་བས་དེ་གཉིས་ཟུང་འབྲེལ་དུ་བསྒོམ་དགོས་པར་བསྟན་པ། ཞི་གནས་བསྒོམ་པའི་རིམ་པ་དངོས། ལྷག་མཐོང་བསྒོམ་པའི་རིམ་པ་བསྟན་པའོ། །དང་པོ་ལ་གཉིས། ཞི་གནས་དང་། ལྷག་མཐོང་གི་ཚོགས་དང་


JKT005_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་དངོས་སོ། །དེ་ལ་གསུམ། སྦྱོར་བའི་བྱ་བ། དངོས་གཞི་དམིགས་པ་ལ་གནས་པ། དམིགས་པ་ལ་སོ་སོར་རྟོག་ཚུལ། རྗེས་བྱིངས་རྒོད་སེལ་ཚུལ་ལོ། །གཉིས་པ་ལ་གཉིས། ཞི་གནས་ཀྱི་ངོ་བོ་དང་། དེའི་དམིགས་པ་བསྟན་པའོ། །དེ་ལ་གསུམ། སྡེ་སྣོད་ཀྱི་དོན་ལ། ཕུང་ཁམས་སྐྱེ་མཆེད་ལ། སངས་རྒྱས་ཀྱི་སྐུ་གཟུགས་ལ་དམིགས་པའོ། །གཉིས་པ་ལྷག་མཐོང་བསྒོམ་ཚུལ། བསྒོམས་པའི་འཐད་པ་དང་། བསྒོམ་རིམ་དངོས་སོ། །དེ་ལ་གཉིས། གང་ཟག་དང་། ཆོས་ཀྱི་བདག་མེད་བསྒོམ་ཚུལ་ལོ། །དེ་ལ་གསུམ། སོ་སོར་རྟོག་པའི་ཤེས་རབ་ལ་བརྟེན་ནས་མི་གནས་པའི་བསམ་གཏན་བསྒོམ་པ། རྣམ་གཡེང་སེལ་བའི་སྒོ་ནས་མི་གཡོ་བའི་ལྷག་མཐོང་བསྒྲུབ་པ། རྗེས་བསམ་པ་དེ་ནས། ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ། ཤེས་རབ་ཀྱིས་སོ་སོར་བརྟགས་ནས་བསྒོམ་པ། ཡིད་ལ་མི་བྱེད་པ་ཙམ་|འི གྱི་བསྒོམ་པ་དགག་པ། གང་ཞིག །སོར་རྟོག་ལས་བྱུང་བའི་མི་རྟོག་པའི་མེས་རྟོག་པའི་བུད་ཤིང་བསྲེགས་པར་བསྟན་པའོ། །གང་གི་ཚེ། དང་པོ་ལ་གསུམ། སེམས་སུ་ཤེས་པས་ཕྱི་དོན་དགག་པ། ཆོས་བདག་མེད་པ། སྒྱུ་མ་བཞིན་དུ་སྣ་ཚོགས་སྣང་བས་སེམས་སུ་བདེན་པར་དགག་པ། བཙལ་ན་མི་རྙེད་པས་སྒྱུ་མ་ཙམ་དུའང་མི་དམིགས་པར་བསྟན་དཔེ་དེ་ལྟར། པའོ། །གསུམ་པ་ཐབས་ཀྱིས་མཐར་ཕྱིན་པར་བྱ་བ་ལ།
ཐབས་དང་མ་བྲལ་བའི་ཕར་ཕྱིན་དྲུག་གི་སྤྱོད་པ་ཉམས་སུ་བླངས་ཚུལ་གཞན་ཡང་གོམ་པས་ཐབས་ཤེས་ཟུང་འབྲེལ་དུ་འགྲོ་ཚུལ། གོམས་པའི་འབྲས་བུ་འགྲུབ་ཚུལ་ལོ། །དེ་ལ་བཞི། མོས་སྤྱོད་དུ་ཇི་ལྟར་འབྱུང་བའི་ཕན་ཡོན། དེ་ལྟར། ས་དང་པོ། དཔེ་དེ་ལྟར། སྒོམ་ལམ། དཔེ་ཇི་ལྟར། སངས་རྒྱས་ཀྱི་སར་ཇི་ལྟར་འབྱུང་བའི་ཕན་ཡོན་ནོ། །བཞི་པ་མདོར་བསྡུས་ཏེ་བསྟན་པ་ནི། དེ་བས་ན་བཅོམ་ལྡན་འདས་ཀྱིས། སོགས་སོ། །གསུམ་པ་མཇུག་གི་དོན་ལ། ལམ་ངན་པ་ཕྲག་དོག་མེད་པའི་བློ་གཟུ་བོས་འདོར་བར་རིག་པ། དབུ་མའི་ལམ་བཤད་པའི་དགེ་བ་འགྲོ་བ་ལ་བསྔོ་བའོ། །ཤུ་བྷཾ།།

ཐུབ་པ་དགོངས་གསལ་གྱི་མདོ་རྣམ་པར་བཤད་པ།


JKT005_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པ་དགོངས་གསལ་གྱི་མདོ་རྣམ་པར་བཤད་པ། རིགས་ཀྱི་སྐབས་སུ། ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་ཤིང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་དག་ལས་ཤེས། །མི་རྩུབ་བརླང་བ་མ་ཡིན་ལ། །གཡོ་དང་སྒྱུ་ནི་རྣམ་སྤངས་ཤིང་། །སེམས་ཅན་ཀུན་ལ་རབ་དྭངས་པ། །དེ་ནི་བྱང་ཆུབ་སེམས་དཔའ་ཡིན། །ཅེས་སོ། ༈ །ཆོས་ལ་མོས་པའི་སྐབས། མྱང་འདས་ལས། དཀོན་མཆོག་གསུམ་ལ་སྐྱབས་ཚོལ་ན། །འཇིགས་པ་མེད་པའི་གནས་ཐོབ་འགྱུར། །ཞེས་དང་། རྒྱས་པར་འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་དང་། གསུམ་ལ་


JKT005_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་འགྲོ་བའི་མདོ་སོགས་ལས་ཤེས་སོ། །སྐྱེས་བུ་དམ་པ་བསྟེན་པ་ནི། ཡེ་ཤེས་བསྟན་པ་ཐེག་པ་ཆེན་པོའི་མདོ་སོགས་ལས་དང་། སྡོང་པོ་བཀོད་པ། སངས་རྒྱས་ཕལ་པོ་ཆེ་སོགས་ལས་ཤེས་པར་བྱའོ། །སེམས་བསྐྱེད་ནི། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཇི་སྙེད་པ་དེ་སྙེད་དུ་བྱང་ཆུབ་སེམས་ལ་ཡོན་ཏན་དང་ལེགས་པ་ཡོད་པར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་དཀྱིལ་འཁོར་རབ་ཏུ་འབྱུང་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱང་འདི་ལས་འབྱུང་ངོ་། །ཞེས་སོགས་མདོ་སྡེ་ལས་རྒྱ་ཆེར་འབྱུང་ལ། རྩ་ལྟུང་ནི་ནམ་མཁའི་སྙིང་པོའི་མདོ་དང་། བསླབ་བཏུས་སུ་བལྟའོ། ༈ །སྤྱོད་པ་ལས། དང་པོ་རང་སྨིན་བྱེད་ནི། དགོངས་འགྲེལ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་དུ་མཆིས་ལགས། སྤྱན་རས་གཟིགས་དབང་ཕྱུག་དྲུག་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་བོ། །ཞེས་དང་། དང་པོ་གསུམ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པར་རིག་པར་བྱའོ། །བསམ་གཏན་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ནོ། །ཤེས་རབ་ནི་ལྷག་པའི་


JKT005_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་བསླབ་པ་ཡིན་ནོ། །བརྩོན་འགྲུས་ནི་ཀུན་ཏུ་འགྲོ་བ་འདི་ལས། ཡིན་པར་སྨྲའོ། །ཞེས་སོགས་ཤིན་ཏུ་རྒྱས་པར་བཤད་དོ། །དེ་ལས་སྦྱིན་པ་ནི་ཉེ་བར་འཁོར་གྱིས་ཞུས་པའི་ལེའུ་དང་། བསོད་ནམས་ཐམས་ཅད་ཡང་དག་པར་སྡུད་པ་སོགས་ལས་རྒྱ་ཆེར་ཤེས་པར་བྱའོ། །བསམ་གཏན་རྣམ་པ་གསུམ་ནི་རྣམ་པར་མི་རྟོག་ཅིང་། ཞི་ལ་རབ་ཏུ་ཞི་བས་ཉོན་མོངས་པ་དང་སྡུག་བསྔལ་བའི་གཉེན་པོར་བདེ་བར་གནས་པའི་བསམ་གཏན་དང་། ཡོན་ཏན་མངོན་པར་བསྒྲུབ་པའི་བསམ་གཏན་དང་། སེམས་ཅན་གྱི་དོན་མངོན་པར་སྒྲུབ་པའི་བསམ་གཏན་ནོ། །ཤེས་རབ་རྣམ་པ་གསུམ་ནི། ཀུན་རྫོབ་བདེན་པ་ལ་དམིགས་པ་དང་། དོན་དམ་བདེན་པ་ལ་དམིགས་པ་དང་། སེམས་ཅན་གྱི་དོན་ལ་དམིགས་པའོ། །ཞེས་སོ། །ཚུལ་ཁྲིམས་ངོ་བོ་དང་ཕན་ཡོན། ནི་བསོད་ནམས་ཐམས་ཅད་བསྡུས་པའི་མདོ་དང་། ཕན་ཡོན་ནི་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་དང་། ཉམས་པའི་ཉེས་དམིགས་ལས་མི་དགེ་བ་བཅུའི་ཉེས་པ་ནི་དྲན་པ་ཉེར་བཞག་ཏུ་བལྟའོ། །བཟོད་པ་ནི་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ། ཡབ་སྲས་མཇལ་པའི་མདོ། འཕགས་པ་བཀའ་དྲིན་ཆེན་པོའི་མདོ་སོགས་ལས་ཤེས་སོ། །བརྩོན་འགྲུས་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཡོངས་གཅོད་དང་ཕལ་པོ་ཆེར་རྣམ་བཅད་ཀྱི་སྒོ་ནས་བསྟན་པ་ལྟར་རོ། །བསམ་གཏན་གྱི་ཕར་ཕྱིན་ནི། གང་པོས་ཞུས་པ་ལས་དབེན་པའི་ཡོན་ཏན་དང་། ཆོས་ཡང་དག་པར་སྡུད་པའི་


JKT005_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས་བྱམས་སྙིང་རྗེ་བསྒོམས་པ་དང་། སྡོང་པོ་བཀོད་པ་ལས་བདག་གཞན་བརྗེ་བའི་ཚུལ་རྒྱལ་བུ་བི་ཛ་ཡའི་གཏམ་རྒྱུད་དང་སྦྱར་བ་དང་། དེ་སོ་སྐྱེའི་དུས་སུའང་བསྒོམས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོར་སེང་གེའི་རྒྱལ་པོ་ཡན་ལག་མ་སྨད་པ་ཞེས་པའི་གཏམ་རྒྱུད་དང་སྦྱར་བ་དང་། ཞི་ལྷག་བསྒོམ་ཚུལ་དགོངས་འགྲེལ་ལས་རྒྱ་ཆེར་བསྟན་པ་རྣམས་སོ། །ཤེར་ཕྱིན་ལ། ལྟ་བས་སྤྲོས་པ་བཅད་པ། བསྒོམས་པས་ཉམས་སུ་བླངས་པ་གཉིས། སྔ་མ་ནི། འཇམ་དཔལ་རྣམ་པར་རོལ་པའི་མདོར། ཕྱི་རོལ་གྱི་ཡུལ་ཐམས་ཅད་སེམས་ཀྱིས་རྟོག་པའི་བག་ཆགས་བརྟས་པས་སྣང་བར་བསྟན་ཅིང་། དེ་སྲ་ཞིང་འཐས་པར་སྣང་དུ་རུང་བ་དང་། གྲོང་ཁྱེར་ཝཱ་ར་ཎ་སཱིར། བྲམ་ཟེ་མོ་གཅིག་གིས་རང་ལུས་སྟག་ཏུ་བསྒོམས་པས་གྲོང་ཁྱེར་པ་ཐམས་ཅད་ཀྱིས་དངོས་སུ་མཐོང་ནས་བྲོས་ཚུལ་བྱུང་ཞིང་། དེ་ཡང་བག་ཆགས་བརྟན་མི་བརྟན་པའོ། །དེ་ཡང་མདོ་དེར། ལྷའི་བུ། ཕྱི་རོལ་གྱི་ཡུལ་འདི་ཐམས་ཅད་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ། སེམས་ཀྱི་རྟོག་པའི་བག་ཆགས་བརྟན་པས་སྣང་བ་ཡིན་ནོ། །ཞེས་དང་། བྱམས་པས་ཞུས་པར། བྱམས་པས་གསོལ་པ། ཕྱིའི་ཡུལ་འདི་ཇི་ལྟར་བལྟ་བར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་རྟག་པ། མ་ངེས་པ། སྒྱུ་མ་ལྟ་བུ་ཡིན་ནོ། །ཞེས་གསུངས། བདེན་གཉིས་ཀྱི་ཁྱད་པར་ཚངས་


JKT005_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་སོགས་ལས་རྒྱ་ཆེར་བསྟན་ལ། བློ་གྲོས་མི་ཟད་པས་ཞུས་པར། ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཇི་ཙམ་དུ་འཇིག་རྟེན་གྱི་ཐ་སྙད་དུ་ཡི་གེ་དང་སྒྲ་དང་བཅས་བསྟན་པའོ། །དོན་དམ་པའི་བདེན་པ་གང་ཞེ་ན། གང་སེམས་ཀྱི་དཔྱོད་པའང་མེད་ན། ཡི་གེའི་རྣམ་པ་ལྟ་ཅི་སྨོས། །ཞེས་གསུངས། བསྒོམས་པས་ཉམས་སུ་བླང་བ་ནི། ཏིང་འཛིན་རྒྱལ་པོའི་མདོའི་དོན་ཀ་མ་ལ་ཤཱི་ལས་བསྒོམ་རིམ་བར་པར་དྲངས་པ་འདིར་སྦྱར་རོ། །གཞན་སྨིན་པར་བྱེད་པ་ནི། བློ་གྲོས་མི་ཟད་པ་བསྟན་པ་ལས། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་པོ་བཞི་མི་ཟད་ཨ པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་དང་། དོན་སྤྱོད་པ་དང་། དོན་མཐུན་པའོ། །དེ་ལ་སྦྱིན་པ་ནི། གང་ཟང་ཟིང་སྦྱིན་པ་དང་། ཆོས་སྦྱིན་པའོ། །སྙན་པར་སྨྲ་བ་ནི། གང་སློང་བ་དང་ཆོས་ཉན་པ་རྣམས་ལ་ཚིག་འཇམ་རན་པར་སྨྲ་བའོ། །དེ་ལ་དོན་སྤྱོད་པ་ནི། གང་བདག་དང་གཞན་དག་གི་དོན་དུ་བསམས་བཞིན་ཡོངས་སུ་རྫོགས་པར་བྱེད་པའོ། །དེ་ལ་དོན་མཐུན་པ་ནི། གང་ཐེག་པ་གང་ལ་བདག་ཡོན་ཏན་དུ་འདུ་ཤེས་པའི་ཐེག་པ་དེ་ཉིད་ལ་ཆོས་དང་ཟང་ཟིང་ལེན་པ་རྣམས་རབ་ཏུ་འགོད་པའོ། །ཞེས་སོགས་རྒྱ་ཆེར་བསྟན། ༈ །ལམ་བཞི་ལ་བྱང་ཕྱོགས་སོ་བདུན་སྦྱར་བ་ནི།


JKT005_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་མི་ཟད་པའི་མདོ་ལས་ཤིན་ཏུ་གསལ་ལོ། །དེའི་ནང་དབང་པོ་ལྔ་ནི་དད་སོགས་ཏེ། སྟོབས་ལྔ་དེའི་བཟློག་ཕྱོགས་ཀྱིས་མི་བརྫི་བའོ། ༈ །སའི་ཡོན་ཏན་མདོ་སྡེ་ས་བཅུ་པ་ལས་བཤད་པའི་དོན་འཇུག་པ་རང་འགྲེལ་དང་སྦྱར་རོ། ༈ །སྐུ་གསུམ་དང་ཡེ་ཤེས་བཞི་ནི། སྐུ་གསུམ་བསྟན་པའི་མདོ་ལས། རིགས་ཀྱི་བུ་ཀུན་གཞིའི་རྣམ་པར་ཤེས་པ་གནས་སུ་དག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཆོས་སྐུའོ། །ཉོན་མོངས་པའི་ཡིད་གནས་སུ་དག་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཡིད་ཀྱི་རྣམ་པར་ཤེས་པ་གནས་སུ་དག་པ་ནི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཏེ་ལོངས་སྤྱོད་རྫོགས་པའི་སྐུའོ། །སྒོ་ལྔའི་རྣམ་པར་ཤེས་པ་གནས་སུ་དག་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་སྤྲུལ་པའི་སྐུའོ། །ཞེས་སོགས་དང་། དེ་གསུམ་ནམ་མཁའ། སྤྲིན། ཆར་བ་ལྟ་བུའི་དཔེས་བསྟན་པ་དང་། རང་བཞིན་རྒྱས་པ་འཕགས་པ་གསེར་འོད་དམ་པར་བལྟའོ། །མདོར་ན་དེ་དག་ཞིབ་ཏུ། ཀླུ་སྒྲུབ་ཀྱི་མདོ་ཀུན་བཏུས། ཞི་བ་ལྷའི་བསླབ་བཏུས། ཇོ་བོ་རྗེའི་མདོ་ཀུན་ལས་བཏུས་པ་ཆེ་ཆུང་གཉིས། མེ་ཉག་པྲ་ཛྙཱ་ཛྭ་ལའི་སྤྱོད་འཇུག་གི་མདོ་སྦྱོར་སོགས་ལས་རྒྱ་ཆེར་ཤེས་པར་བྱ་བ་སྟེ་འདིར་མ་སྨོས་པའོ། ༈ །དགོངས་འགྲེལ་ལས། ཞི་གནས་ནི་ལུས་སེམས་ཤིན་ཏུ་སྦྱངས་པ་དང་། ལྷག་མཐོང་གི་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ། དེས་དེ་མ་གྲུབ་ཀྱི་བར་


JKT005_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྦྱོང་བ་ནི། དེ་དང་དེ་དངོས་མ་ཡིན་ཏེ། རྗེས་སུ་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བཤད་ལ། ༈ །དགོངས་འགྲེལ་ལས། ཞི་གནས་ནི་སངས་རྒྱས་ཀྱི་སྐུ་གཟུགས་ལ་སྒྲུབ་པར་བཤད་ཅིང་། ལྷག་མཐོང་ནི་དང་པོ་ཕྱི་དོན་རྡུལ་ཕྲ་རབ་ཏུ་བཤིག་ཀྱང་མི་རྙེད་པས་སེམས་ཙམ་དུ་བསྒྲུབས། སེམས་ཀྱང་དུས་གསུམ་གྱི་རིག་པས་བརྟག་ན་སྐྱེ་འགག་མི་རྙེད་པས་སྐུ་གསུམ་ཙམ་དུ་བསྒྲུབས། དེའང་ཡང་དག་པར་ན་མ་དམིགས་པའི་ཕྱིར་སྤྲོས་བྲལ་དུ་བསྒྲུབས་ནས་མཉམ་པར་བཞག །གལ་ཏེ་རྣམ་རྟོག་འཕྲོ་ན། སླར་སྔར་གྱི་རིག་པ་དྲན་པར་བྱས་ཏེ་དེའི་ངང་ལ་བཞག །བྱིངས་རྒོད་བྱུང་ན་བསལ་ཅེས་གསུངས།། ༈ །།རྒྱལ་སྲས་ལམ་བཟང་གི་གཏམ་རྒྱུད་གསལ་བྱེད་བཞུགས་སོ། །ན་མོ་མཉྫུགྷོ་ཥ་བྷ་མི་པཎྜི་ཏུ་ཡ། རྒྱལ་སྲས་ལམ་བཟང་ལས་གསུངས་པའི་གཏམ་རྒྱུད་རྣམས་ཀྱི་དོན་ངག་ཉུང་ངུར་བསྡུས་ཏེ་བཤད་ན། རྒྱལ་པོ་གསལ་རྒྱལ་གྱི་བྱ་བ་ཞེས་པ། སོར་ཕྲེང་ཅན་གྱི་མདོར། དེས་བྱ་བ་ལྔ་བརྒྱ་བོས་ཏེ། ད་ཕྱིན་ཆད་གསོད་པའི་ལས་འདི་ཐོངས་ཤིག །ཞིང་དང་འབྲུ་དང་ནོར་སོགས་ཀྱིས་ཚིམ་པར་བྱའོ། །ཞེས་བཀའ་སྩལ་ཀྱང་། དེ་རྣམས་ཀྱི་བུ་དང་ཚ་བོ་ལ་སོགས་ལ་བྱ་གསོད་པའི་ལས་སྒྲུབས་ཤིག་ཅེས་བཟློག་མ་ནུས་པར། སངས་རྒྱས་ཐུགས་རྗེ་དང་ལྡན་པས་བྱ་བ་རྒན་པོ་ཞིག་ཏུ་སྤྲུལ་ནས་འདུལ་དགོས་བྱུང་


JKT005_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟ་བུའོ། ༈ །རྒྱ་ནག་གི་བྱིས་པ་ཅེས་བྱ་བ་ནི། རྒྱ་ནག་ཏུ་བྱིས་པ་གཅིག་ལྷ་ཁང་དུ་ཁྲིད་ནས། ཁྱོད་རང་གི་ལྷ་གང་ཡིན་ངོས་ཟུང་ཞིག་སྨྲས་པ་ན། མིག་ཀྱང་བལྟར་མ་འདོད། དེར་ཕ་མས་ཐུགས་རྗེ་ཆེན་པོའི་སྐུ་གཅིག་ཕུ་བའི་ནང་དུ་བཅུག་ནས། ཁྱོད་རང་གི་ལྷ་ཕྲུ་བ་ན་ཡོད་ཀྱི་ལོངས་ཤོག་བྱས་པས། མིག་དང་སྣ་གོས་ཀྱིས་གཡོགས་ཏེ། ཁྱེད་རང་གི་ལྷ་དེ་ན་འདུག་གོ་ཟེར་ནས་ཕྱིར་ཕྱོགས་འགྲོ་བ་དེ་འདྲའི་རིགས་ཅན་ལ་ཟེར་རོ། ༈ །སྔོན་རྒྱལ་པོ་འཇིགས་སྡེས་བྱང་ཆུབ་ཀྱི་སེམས་གཏོང་བ་ནི། ཤཱ་རིའི་བུ་རྒྱལ་པོ་པི་ན་སེར་གྱུར་པ་ལས། བྲམ་ཟེ་དྲག་པོའི་མིག་གིས་ལག་པ་བསླངས་པ་ན། ལག་པ་གཡས་པ་བཅད་དེ་གཡོན་པས་བྱིན་པས། བྲམ་ཟེ་མ་མགུ་བར་ཡིད་སྐྱོ་བ་སྐྱེས་པ་ལྟ་བུ་ལ་ཟེར་ཞིང་འདི་གཅིག་ལས་འཕྲོས་པའི་མདོར་འབྱུང་ངོ་། ༈ །ཕྱོགས་གླང་གིས་མུ་སྟེགས་གྲངས་ཅན་གྱི་སྟོན་པ་མདོག་ནག་ཅན་ལུང་རིགས་ཀྱིས་བཏུལ་བའི་ཚེ། ཁོའི་རིག་སྔགས་ཀྱི་མཐུས་ཁ་ནས་མེ་སྦར་ཏེ་སློབ་དཔོན་གྱི་ཡོ་བྱད་ཕལ་ཆེར་བསྲེགས་པ་ན་བྱང་ཆུབ་ཀྱི་སེམས་འདོར་བར་བརྩམས་པའི་ཚེ་མགོན་པོ་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་སྟེ་བཟློག་པ་མཛད། ༈ །འཁོར་ལོས་བསྒྱུར་བའི་རྒྱལ་པོ་གྲགས་པ་མཐའ་ཡས་དང་། ང་ལས་ནུའི་ལོ་རྒྱུས་ནི། གཉིས་ཀས་བསོད་ནམས་ཀྱི་སྟོབས་ཀྱིས་གླིང་བཞི་དང་སུམ་ཅུ་རྩ་གསུམ་གྱི་


JKT005_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་དང་བཅས་པ་ལ་དབང་ཐོབ་ཀྱང་། ད་དུང་ཆོག་མ་ཤེས་པར་བརྒྱ་བྱིན་གྱི་དཔལ་ལ་འཁུ་བས་སླར་ས་ལ་ལྟུང་ངོ་། །ཞེས་པ་ཅུང་ཟད་འདྲ་མིན་ཙམ་ལས། སྔ་མ་ཡབ་སྲས་མཇལ་བའི་མདོ་དང་། ཕྱི་མ་འདུལ་བ་ལུང་གཞི་ལས་འབྱུང་། ༈ །ཐམས་ཅད་སྒྲོལ་གྱིས་བུ་དང་བུ་མོ་བྲམ་ཟེའི་གཡོག་ཏུ་བྱིན་པ་༩དང་། ཤི་བིའི་རྒྱལ་པོས་༢མིག་༢བྱིན་པ་དང་། རི་བོང་༦གིས་བརྒྱ་བྱིན་གྱིས་སྤྲུལ་པའི་བྲམ་ཟེ་འཁྱམས་པ་ལ་ལུས་བྱིན་པ་དང་། རྒྱལ་པོ་ཟླ་འོད་ཀྱིས་(ཟང་ཟིང་ཕོངས་མེད་དུ་གཏོང་བའི་མཐར་དབུ་སྦྱིན་པར་གཏོང་བ་སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛད་པའི་ཚུལ་དང་། གསེར་༤ ༣མདོག་དང་། དཔལ་བསྒྱུར་སོགས་མཚན་གྱི་རྣམ་གྲངས་དྲུག་དང་ལྡན་པ་དེས་བརྒྱ་བྱིན་གྱིས་སྤྲུལ་པའི་བྲམ་ཟེ་ལུས་ཕྱེད་དུ་སོང་བ་ལ་རང་གི་ལྟེ་བ་ཡན་ཆད་བཅད་ནས་གཏོང་བ་ལྟ་བུ་སྟེ། སྔ་མ་གསུམ་སྐྱེས་རབས་སོ་བཞི་པ་དང་། ཕྱི་མ་མཛངས་བླུན་དང་། དཔལ་གྱི་སྡེའི་རྟོགས་པ་བརྗོད་པ་ལས་ཤེས་ལ། འཁྲི་ཤིང་དུའང་བཀོད་དོ། ༈ །མི་དགེ་བ་བཅུ་སྤྱད་པས་དམྱལ་བར་སྐྱེ་བ་ནི་དྲན་པ་ཉེར་བཞག་སོགས་ལས་ཤིན་ཏུ་གསལ་ལོ། ༈ །ཀླུའི་རྒྱལ་པོ་ཨེ་ལའི་འདབ་མའི་ལོ་རྒྱུས་ནི། འདུལ་བ་ལུང་ལས། སངས་རྒྱས་འོད་སྲུང་གི་དུས། དགེ་སློང་སྡེ་སྣོད་གསུམ་པ་ཞིག་དབེན་པར་གནས་ཤིང་། ཤིང་ཨེ་ལའི་དྲུང་དུ་འཆག་


JKT005_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། དཔྲལ་བར་དེའི་འདབ་མ་ཞིག་ཕོག་པས་ཁྲོས་ཏེ། དེ་བཅད་ནས། སྲོག་ཀྱང་མེད་ལ་འཚོ་བ་ཡང་མེད་པ་འདི་ལ་བཅོམ་ལྡན་འདས་ཀྱིས་ཉེས་པ་ཅི་ཞིག་གཟིགས་ནས་བསླབ་པ་གཞི་བཅས། ཞེས་སྨྲས་པ་ཙམ་གྱི་རྣམ་སྨིན་གྱིས། སྦྲུལ་གྱི་ལུས་མགོ་བདུན་པ། མགོ་བོ་རེར་ཨེ་ལའི་སྡོང་པོ་རེ་སྐྱེས་པ། འཇིགས་སུ་རུང་ཞིང་སྡུག་བསྔལ་བ་ཞིག་ཏུ་སྐྱེས་པ། འཁོར་རྣམས་ཀྱིས་བཅོམ་ལྡན་འདས་ལ་ལོ་རྒྱུས་ཞུས་པས། བདག་ཉིད་ཆེན་པོ་འོད་སྲུངས་ཀྱི། །བསླབ་མཚམས་དག་ལས་འདས་པ་ཡི། །ཨེ་ལའི་འདབ་དེ་ཀླུ་ཡི་ནི། །སྐྱེ་གནས་དག་ལས་མ་ཐར་རོ། །ཞེས་གསུངས་པ་ལྟ་བུའོ། ༈ །ལྷའི་བུ་ཡན་ལག་ཉམས་པའི་ལོ་རྒྱུས་ནི། འདུལ་བ་ལུང་རྣམ་འབྱེད་ལས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། བྲམ་ཟེ་དབུལ་པོ་ཞིག་ལ། ཁྱོད་ཀྱིས་གསོ་སྦྱོང་ཡན་ལག་བརྒྱད་པ་ལེན་ན་ཟས་བསོད་པ་སྦྱིན་པར་དམ་བཅས་པས། དེས་ཀྱང་བླངས། ཉི་མ་ནུབ་པ་དང་བྲམ་ཟེའི་ཁྱིམ་གཞན་ཞིག་ཏུ་ཕྱིན་པས། དེར་རྐྱེན་དབང་གིས་ཟན་ཟ་དགོས་པ་བྱུང་བས་གསོ་སྦྱོང་རལ་ལོ། །གལ་ཏེ་དེ་གསོ་སྦྱོང་དང་ལྡན་བཞིན་དུ་ཚེ་འཕོས་ན་སུམ་ཅུ་རྩ་གསུམ་དུ་སྐྱེ་བ་ཞིག་ཀྱང་། དེ་རལ་པས་རྒྱལ་ཆེན་རིས་བཞིའི་ལྷའི་ནང་དུ་སྐྱེས་ཏེ་ལྗོན་པ་ལ་གནས་པ་སོགས་ལོ་རྒྱུས་རྒྱས་པར་གསུངས་སོ། ༈ །ལེགས་པར་ཕ་རོལ་ཏུ་ཕྱིན་པའི་རབས་


JKT005_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བདག་ཅག་གི་སྟོན་པ་འདིའི་སྔོན་རབས་ཏེ། དེས་གསེར་གླིང་དུ་ཚོང་པ་མང་པོ་དང་ལྷན་ཅིག་རྒྱ་མཚོར་ཞུགས་པས་དུས་མིན་གྱི་རླུང་ལངས་པས་འཇིགས་པ་ན། བདག་གི་ཤེད་བྱེ་ཚུན་ཆད་དུ་སྲོག་གཅོད་སྤངས་པའི་བདེན་པས་གྲུ་འདི་རྒྱ་མཚོའི་ཀློང་ནས་ལྡོག་པར་གྱུར་ཅིག་ཅེས་བདེན་ཚིག་བརྗོད་པས་འདོད་པའི་གནས་སུ་དབུགས་འབྱིན་པ་སྟེ། སྐྱེས་རབས་སོ་བཞི་པར་གསལ་ལོ། ༈ །བྲམ་ཟེའི་ཁྱེའུ་སྐར་མ་ནི། གསང་ཆེན་ཐབས་ལ་མཁས་པའི་མདོར། དེས་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱད་མཐར་བྲམ་ཟེའི་བུ་མོ་ཞིག་ལྷག་པར་ཆགས་ཏེ་སྲོག་འདོར་བར་བརྩམས་པ་ན་སྙིང་རྗེ་ཆེན་པོས་བུ་མོ་དེའི་ཁྱིམ་ཐབས་ལོ་བཅུ་གཉིས་སུ་བྱས། སླར་རབ་ཏུ་བྱུང་སྟེ་ཚངས་སྤྱོད་ལ་གནས་པས་ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གསུངས་སོ། ༈ །དེད་དཔོན་སྙིང་རྗེ་ཆེན་པོ་ནི། བདག་ཅག་གི་སྟོན་པའི་སྔོན་རབས་ཏེ། དེས་ཚོང་པ་ལྔ་བརྒྱ་པོ་དང་ལྷན་དུ་རྒྱ་མཚོར་ཞུགས་པ་ན། མི་ནག་པོ་མདུང་ཐུང་ཐོགས་པ་ཞིག་བྱུང་སྟེ། ཐམས་ཅད་གསོད་པར་བརྩམས་པ་ན། ཁོ་དམྱལ་བར་སྐྱེ་བ་མ་བཟོད་ནས་དེ་ཉིད་དུ་བསད་པས་བསྐལ་པ་མང་པོའི་ཚོགས་འདུམ་པར་བཤད་དོ། ༈ །བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ནི། རྒྱལ་པོའི་ཕོ་བྲང་རིན་ཆེན་ལྔ་ལྡན་དུ་སེམས་ཅན་མང་པོ་ཐར་ལམ་ལ་བཀོད་པས།


JKT005_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དཔལ་སྦྱིན་ཕྲག་དོག་སྐྱེས་ཏེ་ལུས་དུམ་བུར་བཅད་ཀྱང་དེའི་ཐུགས་རྗེའི་སྟོབས་ཀྱིས་རྒྱལ་པོ་དེ་ལ་སོགས་པ་དུ་མ་ཞིག་རྣམ་གྲོལ་ལ་བཀོད་པའི་ཚུལ་མདོ་ཏིང་འཛིན་རྒྱལ་པོར་བཤད། ༈ །བརྒྱ་བྱིན་མིག་མཛེས་ནི། བདག་ཅག་གི་སྟོན་པའི་སྔོན་རབས་དེ་སུམ་ཅུ་རྩ་གསུམ་དུ་སྐྱེ་བ་བཞེས་ཀྱང་། འཛམ་བུའི་གླིང་པའི་མི་རྣམས་ལ་ནད་ཀྱི་བསྐལ་པ་ཆེན་པོ་བྱུང་སྟེ། རང་ཉིད་རི་དྭགས་དེས་བ་ཟེར་བ་ཞིག་ཏུ་སྤྲུལ་ཏེ་ལུས་སྦྱིན་པར་མཛད་པས་ཤ་དེ་ཟོས་པའི་མོད་ཐམས་ཅད་ནད་ལས་གྲོལ་བར་མཛད་དོ། ༈ །ལེ་ལོའི་རྒྱལ་སྲིད་སོགས་ཉམས་པའི་ལོ་རྒྱུས་ནི། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས་སི་ཏཱ་འཕྲོག་པའི་གཏམ་རྒྱུད་ལྟ་བུའོ། ༈ །རྒྱལ་པོ་བྱམས་པའི་སྟོབས་ནི། བདག་ཅག་གི་སྟོན་པའི་སྔོན་རབས་ཏེ། དེས་ཉམ་ཐག་པའི་གནོད་སྦྱིན་ལྔ་ལ་ཤིན་ཏུ་བྱམས་པའི་སྟོབས་ཀྱིས་དྲངས་ཏེ་རང་གི་ཤ་ཁྲག་དྲོན་མོ་བཏང་ནས། བསོད་ནམས་འདི་ཡིས་སོགས་སྨོན་ལམ་བཏབ་པའི་ལོ་རྒྱུས་སྐྱེས་རབས་སོ་བཞི་པར་འབྱུང་ངོ་། ༈ །གངྒཱ་དང་ཡ་མུ་ནི་འདུས་པར་མ་སྨད་ཤི་བ་ཚངས་པའི་འཇིག་རྟེན་དུ་སྐྱེས་པའི་ལོ་རྒྱུས་ནི། བུད་མེད་དབུལ་མོ་ཞིག་ལ་བུ་མོ་ཞིག་བཙས་པ། དེ་ཁྱིམ་བདག་གིས་མཐོང་ནས་བསྐྲད་པས་ཡུལ་གཞན་དུ་འགྲོ་བའི་ལམ་བར་གངྒཱས་ཆོད་ཀྱང་། དེ་པང་དུ་ཐོག་སྟེ་བརྒལ་བ་ན་ཚེའི་དུས་བྱས། བུ་མོ་


JKT005_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱམས་པའི་བསོད་ནམས་ཀྱིས་ལྷར་སྐྱེས་ཞེས་མྱང་འདས་ལས་གསུངས། དེར་ཆུ་ཀླུང་དེའི་འགྲམ་ན་ཡོད་པའི་མུ་སྟེགས་ཀྱི་དྲངས་སྲོང་ཞིག་གིས་མངོན་ཤེས་ཀྱིས་རིག་སྟེ། ཆུའི་ཡོན་ཏན་ཡིན་པར་བསམ་ནས་ལྕེབ་བོ། །རྒྱུ་དེས་མུ་སྟེགས་པའི་བརྟུལ་ཞུགས་འཛིན་པ་འགའ་ཞིག་ཚུལ་དེ་ལྟ་བུ་ལ་སྤྱོད་དོ། །ཞེས་གྲགས། ༈ །དེད་དཔོན་མཛའ་བོའི་བུ་མོ་ནི། དང་པོ་མ་ལ་བྱམས་པར་བྱས། ཕྱིས་རྒྱ་མཚོར་འགྲོ་བ་ལ་མས་བཤོལ་ཀྱང་མ་ཉན་པར་མགོ་ལ་འགོམས་ཏེ་སོང་བས་ན་རྒྱ་མཚོའི་དབུས་སུ་གཟིངས་ནུབ། གྲོགས་ཐམས་ཅད་ཤི། ཁོ་རང་ཟངས་ཀྱི་རིལ་བ་ཞིག་ལ་འཇུས་པས་གླིང་བར་དུ་ཐོན། སྔར་མ་ལ་བསྙེན་བཀུར་བའི་སྟོབས་ཀྱིས་བདེ་བ་དུ་མ་ཉམས་སུ་མྱོང་། དེ་ནས་ལྷོ་ཕྱོགས་སུ་ཕྱིན་པས་དམྱལ་བ་ཉི་ཚེ་བའི་གནས་སུ་སླེབས་ཏེ། རལ་གྲིའི་འཁོར་ལོ་མགོ་ལ་བསྐོར་བས། མ་ལ་འགོམས་པའི་རྣམ་སྨིན་དུ་རིག་སྟེ། ཁམས་གསུམ་གྱི་སྡུག་བསྔལ་ཐམས་ཅད་ལེན་པའི་སེམས་བསྐྱེད་མ་ཐག་འཁོར་ལོ་དེ་ནམ་མཁར་འཕགས་སོ། ༈ །དམྱལ་བར་མེའི་ཤིང་རྟ་འདྲེན་པའི་རྣམ་ཐར་ནི། སྟོན་པ་འདི་ཉིད་སོ་སྐྱེའི་འཆིང་བ་ཀུན་ལྡན་གྱི་ཚེ་སེམས་ཅན་དམྱལ་བའི་གནས་སུ་ཤིང་རྟ་འདྲེན་པའི་གྱད་དུ་གྱུར། དེས་རང་གི་གྲོགས་ལ་སྙིང་རྗེ་སྐྱེས་ནས། འདིའི་སྡུག་བསྔལ་བདག་གིས་ཁུར་ན་ཅི་མ་རུངས། ཞེས་སྨྲས་
པས། དམྱལ་སྲུང་ཁྲོས་ཏེ་ཐོ་ལུམ་མེ་འབར་བས་མགོ་བོར་བསྣུན་ཏེ་བསད། བསོད་ནམས་དེས་སུམ་ཅུ་རྩ་གསུམ་དུ་སྐྱེས་སོ། །ཞེས་སྙིང་རྗེ་པད་དཀར་ལས་རྒྱས་པར་གསུངས་པ་ལྟ་བུའོ། །དེ་རྣམས་ཀྱིས་རྒྱལ་སྲས་ལམ་བཟང་ལས་བྱུང་བའི་གཏམ་རྒྱུད་དངོས་བསྟན་རྣམས་ཅུང་ཟད་བཀྲལ་བ་སྟེ། གཞན་ཡང་སྐྱེས་པ་རབས་ཀྱི་རྒྱུད་སོགས་ལས་རྒྱ་ཆེར་ཤེས་པར་བྱའོ། །ཞེས་པའང་རང་གི་བརྗེད་བྱང་དུ་ཟིན་བྲིས་སུ་བཏབ་པ་མཐའ་ཡས་པའི་འགྲོ་བ་ཀུན་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བར་གྱུར་ཅིག །ཤུ་བྷཾ།།

བདེ་གཤེགས་སྙིང་པོའི་དོན་གསལ་བར་བྱེད་པ།


JKT005_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་སྙིང་པོའི་དོན་གསལ་བར་བྱེད་པ་བཞུགས་སོ། །ན་མོ་མུ་ནཱིནྡཱ་ཡ། བདེ་གཤེགས་སྙིང་པོའི་གནས་ལུགས་མདོ་ལས་གསུངས་ཚུལ་དང་། དགོངས་འགྲེལ་གྱིས་བཀྲལ་ཚུལ་དང་། སྙིང་པོར་གྱུར་པའི་དོན་གཏན་ལ་དབབ་པ་དང་། གཞན་དུ་གསུངས་པའི་དགོངས་པ་བཤད་ཅིང་ཐེ་ཚོམ་བསལ་བའོ། །དང་པོ་ནི། ཉན་ཐོས་ཀྱི་ཐེག་པར་ཡིད་རང་བཞིན་གྱིས་རྣམ་པར་དག་པ་ཉིད་དགོངས་བཞིར་བྱས་ནས། དེ་ལ་བདེ་གཤེགས་སྙིང་པོའི་སྒྲས་བསྟན་པར་མ་མཛད་ཀྱང་དེའི་དོན་དུ་གསུངས། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས། རྟོགས་པའི་དགོས་པ་ལ་ལྟོས་ནས་རྣམ་གྲངས་གཞན་གྱིས་བཤད་པ་དང་། རང་གི་མིང་ནས་སྨོས་པའི་ཚུལ་གྱིས་སྒྲ་ཇི་བཞིན་པ་བསྟན་པར་མཛད་པ་གཉིས་ལས། དང་


JKT005_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། སེམས་ཙམ་སྟོན་པའི་མདོ་རྒྱུད་འགའ་ཞིག་ལས། མཚན་དཔེ་གསལ་རྫོགས་ཀྱི་ཚུལ་གྱིས་འགྲོ་རྒྱུད་ལ་ཡོད་པར་བཤད་པ་སོགས་འདུས་བྱས་དང་ཚུལ་མཐུན་པར་བསྟན་ཅིང་། མདོར་ན་དེ་བཞིན་གཤེགས་པའི་སྙིང་པོ་སྤྱི་ཙམ་གྱི་ལྡོག་པ་ལ་རང་བཞིན་གནས་རིགས་སོགས་ཆོས་ཉིད་བྱེ་བྲག་པའི་མིང་གིས་བཏགས་པ་དེ་དང་དེར་ཁས་བླང་དུ་མི་བཏུབ་པ་སྟེ། ཅིའི་ཕྱིར་ན་གཤེགས་སྙིང་དེ་གཞི་ལམ་འབྲས་གསུམ་དེ་ཆོས་ཀྱི་བྱེ་བྲག་ཐམས་ཅད་ཀྱི་རང་བཞིན་ཡིན་ཕྱིར། ཆོས་ཕྱོགས་རེའི་ཆོས་ཉིད་དུ་མ་དམིགས་པའི་ཕྱིར་རོ། །གཉིས་པ་ནི། མདོ་རྣམས་ལས་རྣམ་པར་ཐར་པའི་སྒོ་གསུམ་སོགས་དང་། རྒྱུད་སྡེ་ལས་རང་བཞིན་ལྷན་སྐྱེས་དང་། འཁོར་འདས་དབྱེར་མེད་དང་། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཟུང་འཇུག་དང་། བི་རུ་པས་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་སོགས་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་དང་། འཁོར་ལོ་སྡོམ་པ་ལས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་། གཤེད་དམར་གྱི་མན་ངག་ཏུ་ཤིན་ཏུ་སྤྲོས་མེད་སོགས་གསུངས་པ་རྣམས་ཏེ། འདི་དག་གིས་མིང་གིས་བཏགས་པ་ལྟར་གནས་ལུགས་རང་ངོས་ནས་གྲུབ་པ་མེད་ཀྱང་ཐ་སྙད་དུ་དེ་ལྟར་ཁས་བླང་དུ་བཏུབ་པར་གསལ་ལོ། །གཉིས་པ་ནི། ཐེག་


JKT005_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པས་སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མི་འདོད་པས་འདིའི་དོན་ཇི་ལྟར་བཀྲལ། ཐེག་ཆེན་དབུ་སེམས་གཉིས་ཀྱི། སེམས་ཙམ་པས། སེམས་རང་བཞིན་གྱིས་འོད་གསལ་བ། ངོ་བོ་རང་རིག་གིས་བསྡུས་པ། དངོས་པོར་གྲུབ་པ་ཉིད་ལ་དེ་བཞིན་གཤེགས་པའི་སྙིང་པོར་འཆད་ཅིང་། དེ་ལ་སངས་རྒྱས་སོགས་འབྲས་བུའི་མིང་གིས་བཏགས་པ་རྣམས་སྒྲ་ཇི་བཞིན་མ་ཡིན་པར་དྲང་པའི་དོན་དུ་འདོད་དེ། ཕྱོགས་གླང་གིས། སོ་སོ་སྐྱེ་བོའི་ཤེས་པ་གང་། །རང་བཞིན་གྱིས་ནི་རྣམ་བྱང་ལ། །དེ་ལ་སངས་རྒྱས་སྨྲ་བརྗོད་དེ། །བྱང་སེམས་ས་ལ་སངས་རྒྱས་བཞིན། །ཅེས་གསུངས་པའི་ཕྱིར་རོ། །དབུ་མ་པའི་ལུགས་ནི། ངེས་དོན་སྟོན་པའི་མདོ་དང་བསྟན་བཅོས་ཀུན་ནས་བདེ་གཤེགས་སྙིང་པོ་ངོ་བོ་ཟུང་འཇུག་གི་ཚུལ་གྱིས་གསུངས་པ་ཁོ་ནར་འཆད་དོ། །འོ་ན་དབུ་མའི་ལུགས་ལ། སེམས་ཅན་དང་སངས་རྒྱས་ཀྱི་ཆོས་དབྱིངས་གཉིས་དབྱེར་མེད་པ་དང་། སེམས་ཀྱི་སྟོང་ཆ་དང་། གསལ་རིག་ཙམ་དང་། ཀུན་གཞིའི་རྣམ་ཤེས་ལ་བཤད་པ་དང་། ཆོས་སྐུ་ལ་བཤད་པ་སོགས་དུ་མ་ཡོད་དོ་སྙམ་ན། དང་པོ་ནི་ཟུང་འཇུག་ལས་མ་འདས། སྟོང་ཆ་རྐྱང་པ་དང་། གསལ་རིག་རྐྱང་པར་བཤད་པ་དབུ་མའི་གཞུང་ན་མེད། ཀུན་རྣམ་ལ་བཤད་པ་ནི་སྒྲ་ཇི་བཞིན་མ་ཡིན་པར་སྔར་བཤད་པས་ཁྱབ། ཆོས་སྐུ་ལ་སྙིང་པོར་གསུངས་ཀྱང་།


JKT005_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྙིང་པོ་ཆོས་སྐུར་གསུངས་པ་མི་འགྲུབ་བོ། །རང་ལུགས་གསལ་བ་དང་། སྟོང་པ་དང་། ཆོས་སྐུ་དང་གསུམ་གྱི་སྒོ་ནས་བཤད་པ་བཞིར་སྨོས་པ་ནི། དེ་དང་དེའི་མིང་ནས་སྨོས་པའི་ཚུལ་གྱིས་གཙོ་བོར་གསུངས་པ་ལ་དགོངས་སོ། །གསུམ་པ་ལ། རྗེ་བཙུན་སྐུ་མཆེད་ཀྱི་དགོངས་པ་ལྟར་སྤྱིར་བསྟན་པ་དང་། སྡོམ་གསུམ་དང་སྦྱར་ཏེ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ལ། སྙིང་པོའི་ངོ་བོ་ངོས་བཟུང་། དེས་ཀུན་ལ་ཁྱབ་པར་བསྟན་པའོ། །དང་པོ་ནི། རྩ་རྒྱུད་ལས། ཡེ་ཤེས་ཆེན་པོ་ཞེས་སྨོས་པ། ཡེ་ཤེས་ནི་གསལ་བ། ཆེན་པོ་ནི་སྟོང་པ། དེ་གཉིས་གཞི་མཐུན་པའི་ཕྱིར་ཟུང་འཇུག །དེའི་མཚན་ཉིད་ཀྱང་སྒྲོ་སྐུར་གྱི་རྟོག་པ་གཉིས་ཀ་སྤང་བའི་དོན་དུ་རྣམ་པར་བཤད་ལ། སྤྱིར་སྙིང་པོ་ཞེས་པའི་སྒྲ་སཱ་ར་དང་། གནྡྷ་ཞེས་པ་འདྲ་བའམ། སྐྱེ་གནས་སོགས་ལ་འཇུག་པས། འགྱུར་བ་མེད་པ་དང་། འཁོར་འདས་ཀུན་གྱི་འབྱུང་གནས་སུ་གྱུར་པ་སོགས། མདོར་ན་སེམས་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་འདི་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་དེ། དེ་བཞིན་གཤེགས་པ་རྣམས་སྐྱེ་བའི་གནས་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྐྱེ་བ་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་དང་། དེ་བཞིན་གཤེགས་པ་ལ་རང་བཞིན་དབྱེར་མེད་པ་གཤེགས་སྙིང་དང་། རྒྱུ་ལ་སྙིང་


JKT005_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བསྟན་པ་སྟེ། གསུམ་པོ་འདི་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི། ཞེས་སོགས་གསུངས་པའི་དོན་ཀྱང་ངོ་། །གཉིས་པ་ལ། སྤྱིར་ཁྱབ་ཚུལ་དང་། རྒྱུ་ལམ་འབྲས་གསུམ་གྱི་བདེ་གཤེགས་སྙིང་པོ་སོ་སོས་ཐམས་ཅད་ལ་ཁྱབ་པའི་དགོངས་པ་བཤད་པའོ། །དང་པོ་ལ། དེ་ལས་བྱུང་བའི་ཚུལ་གྱིས་དང་། དེའི་བདག་ཉིད་ཡིན་པའི་ཚུལ་གྱིས་སོ། །དང་པོ་ནི། རང་གི་ངོ་བོས་གྲུབ་ལུགས་ཀྱི་དབང་དུ་བྱས་ན་གང་དུའང་མ་གྲུབ་ལ། སྣང་ལུགས་ཀྱི་དབང་དུ་བྱས་ན་ཆོས་ཅན་སྣ་ཚོགས་ཐམས་ཅད་དུ་སྣང་བ་སྟེ། གཞི་ལམ་འབྲས་གསུམ་གྱི་སྣང་བ་གང་འཆར་ཀྱང་། རང་གི་ངོ་བོ་སྤྲོས་པ་དང་བྲལ་བཞིན་དུ་དེ་དག་ཏུ་འཆར་བའོ། །གཉིས་པ་ནི། སྣང་བ་སྣ་ཚོགས་སུ་སྣང་ཡང་རང་གི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་ལོགས་སུ་མ་གྲུབ་པས་གུད་ན་མེད་ཅེས་སྨོས་པའོ། །གསུམ་པ་ནི། རང་བཞིན་སྤྲོས་པ་དང་བྲལ་ཞིང་ཟུང་དུ་འཇུག་པ་འདི་ལས་མ་བྱུང་ཞིང་། འདིའི་ཁོངས་སུ་མ་འདུས་པའི་གཞི་ལམ་འབྲས་གསུམ་གང་ཡང་མེད་པས་འབྲས་བུ་སྟོན་པའི་སྐབས་སུ་བཅོམ་ལྡན་འདས་ཐམས་ཅད་ལ་བཞུགས་པར་བཤད་པ་སོགས་ཀྱང་རང་བཞིན་ལ་འདོད་དགོས་ཀྱི། ཆོས་ཅན་སོ་སོ་དང་འབྲེལ་བའི་ཆོས་ཉིད་འདིས་ཀུན་ལ་ཁྱབ་པ་མི་སྲིད་དེ། གནད་འདི་གོ་ན་འབྲས་བུ་དང་ལམ་གྱིས་ཀྱང་རྒྱུ་མཚོན་ནུས་པ་དང་། སེམས་ཅན་གྱི་སེམས་


JKT005_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འབྲས་བུ་དང་ལམ་ལ་ཁྱབ་པ་དང་། ལམ་གྱི་ཆོས་ཉིད་ཀྱིས་ཀྱང་འབྲས་བུ་དང་རྒྱུ་ལ་ཁྱབ་པའི་ཐ་སྙད་ཤིན་ཏུ་ཡང་རིགས་སོ། །གཉིས་པ་ལ་མདོར་བསྟན་པ་དང་། དེ་ཉིད་རྗེ་བཙུན་གོང་མ་གསུམ་གྱི་གསུང་དང་། བདག་ཉིད་ཆེན་པོ་ཁུ་དབོན་གྱི་གསུང་སྒྲོས་དང་སྦྱར་ཏེ་རྒྱས་པར་བཤད་པའོ། །དང་པོ་ནི། རིག་པས་ཀྱང་ནི་འདི་གྲུབ་བོ་ཞེས་པ་ཡན་ཆད་ཀྱིས་གཞན་གྱི་འདོད་ཚུལ་བཀག །ཆོས་༧ འཕགས་པའི་ལེའུར་ལྟོས། ཞེས་པ་ཡན་ཆད་ཀྱིས་སྤྲོས་བྲལ་བདེ་གཤེགས་སྙིང་པོར་འཆད་པའི་རང་གི་ལུང་ཁུངས་དང་བཅས་པ་སྨོས། ཤེས་པར་གྱིས་ཡན་ཆད་ཀྱིས་གནས་ལུགས་སྤྲོས་བྲལ་སྙིང་པོར་བཤད་པ་དེ་ལ་དོགས་པ་སྤོང་བའོ། །དེས་ན་རྗེ་བཙུན་སྐུ་མཆེད་ཀྱིས། རྩ་རྒྱུད་ལས། ཡང་ན་དེ་ཉིད་ཐམས་ཅད་བདག །ཅེས་སོགས་ཀྱི་ཐད། གྲུབ་ལུགས་ཀྱི་དབང་དུ་བྱས་ན་རང་གི་ངོ་བོས་གང་དུའང་མ་གྲུབ་པ་དེས་གྲོལ་བ་ཡིན་ལ། སྣང་ལུགས་ཀྱི་དབང་དུ་བྱས་ན་ཐམས་ཅད་དུ་སྣང་བ་དངོས་པོ་ཀུན་གྱི་གནས་ལུགས་སུ་གྲུབ་པ་འདི་ལ་འགལ་བ་མེད་དོ། །ཞེས་པའང་གཞུང་དོན་ཕྱི་མ་གཉིས་ལ་སྦྱར་ན་འགྲིག་སྟེ། བདེ་གཤེགས་སྙིང་པོ་རང་གི་ངོ་བོ་གང་དུའང་མ་གྲུབ་ཀྱང་མདོ་སྡེ་འགའ་ཞིག་ལས་ཡོད་པར་གསུངས་པ་ནི་སྣང་ལུགས་ཀྱི་དབང་དུ་བྱས་ན་སྙིང་པོ་སྣ་ཚོགས་སུ་སྣང་བ་ལ་དགོངས་ཤིང་། དགོས་པ་སྐྱོན་ལྔ་སྤོང་


JKT005_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ཡིན་ལ། དངོས་ལ་གནོད་བྱེད་ངོ་བོས་གྲུབ་པ་དེ་འདྲའི་སངས་རྒྱས་ཀྱི་ཁམས་ཡོད་ན་སོགས་སྦྱར་རོ། །ཡང་འཕགས་པའི་བཞེད་པ་ལྟར་ན། རྒྱུད་བླའི་ས་བཅད་དང་མཐུན་པར། དོན་ཕྱི་མ་གཉིས་ཀྱིས། ངེས་དོན་གྱི་དབང་དུ་བྱས་ན་བདེ་གཤེགས་སྙིང་པོ་རང་བཞིན་སྤྲོས་བྲལ་ཡིན་ལ། འོ་ན་མདོ་དང་རྒྱུད་བླ་སོགས་ལས་བཤད་ཚུལ་དང་འགལ་ལོ་སྙམ་ན། ངེས་དོན་གྱི་དབང་དུ་བྱས་ན་དེ་ནི་དྲང་དོན་དགོངས་པ་ཅན་དུ་ཤེས་པར་བྱ་ཞེས་སྦྲེལ་ལོ། །དེས་ན་བདེ་གཤེགས་སྙིང་པོ་ཆོས་ཅན། ངོ་བོ་སྤྲོས་བྲལ་ཡིན་པར་ཐལ། དེ་ལས་འཁོར་འདས་ཐམས་ཅད་འབྱུང་དུ་རུང་བའི་ཕྱིར། དེ་ལྟ་བུ་དེ་དྲང་དོན་ནམ་ཀུན་རྫོབ་ཏུ་ཡོད་པར་ཁས་འདི་དང་མཐུན་པར་ཀུན་མཁྱེན་གྱི་སྡོམ་གསུམ་ཁ་བསྐང་དུ་བྲིས་ཡོད། འཁྲུལ་སྤོངས་སུ་མི་སྣང་། ལེན་པ་ལ་འགལ་བ་མེད་དོ། །གཉིས་པ་ནི། ས་ཆེན་གྱི་སཾ་བྷུ་ཊའི་རྣམ་བཤད་ཐོར་གང་ཚེ་སེམས་ཀྱི་ངོ་བོ་ནི། བུ་ལས། བདེ་གཤེགས་སྙིང་པོ་དེ་རང་གི་ངོ་བོས་མ་གྲུབ་བཞིན་དུ་སྣང་། ཐམས་ཅད་དེ་ལས་བྱུང་བའི་ཚུལ་གྱིས་ཁྱབ་པར་གསུངས་པ་དང་། རྗེ་བཙུན་མཆེད་གྱིས་མཛད་པའི་གནད་ཀྱི་གསལ། །སྔོ་སོགས་ཁ་དོག་མི་དམིགས་ཤིང་། །བྱེད་དང་། དག་ལྡན་སོགས་ཀྱང་ཚུལ་དེ་བཞིན་དུ་བཤད་ལ། དེ་དང་མཐུན་པར་ཆོས་རྗེས་ཀྱང་སྡོམ་གསུམ་དང་། ཞུ་ཕྲིན་སོགས་ལས་རྒྱ་ཆེར་བཤད་པ་དང་། འཕགས་པས་ཀྱང་ལྗོན་


JKT005_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ལས། སེམས་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་དེ་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་གསུངས་ཏེ། རྒྱན་ལས། དེ་བཞིན་ཉིད་ནི་སོགས་དྲངས་ཏེ། ཞེས་གསུངས་པས་སོ། །ཞེས་བཤད་པ་ཡང་སྔར་དང་མཐུན་མོད། འོན་ཀྱང་རྒྱུད་བླ་རང་རྐང་འཆད་པའི་ཚེ། སེམས་ཙམ་ལྟར་ན། དཔེ་དགུས་བསྟན་པ་ལྟར་ཡོན་ཏན་དབྱེར་མེད་ཀྱི་ཚུལ་གྱིས་འགྲོ་རྒྱུད་ལ་མེད་ཀྱང་། དེ་ལྟ་བུ་ཡོད་པར་བཤད་པ་ནི་ས་བོན་ནམ་ཆ་འཛིན་ལ་དགོངས་ཞེས་བཤད་དོ། །དབུ་མ་པ་ལྟར། རྗེ་བཙུན་སྐུ་མཆེད་ཀྱིས། དཔེ་དགུས་བསྟན་པ་ལྟར་མེད་དེ། དེ་དག་གི་སྐབས་སུ་རྟེན་དང་བརྟེན་པ་དོན་གཞན་ཚུལ་གྱིས་བཤད་ལ། དེ་བཞིན་གཤེགས་པའི་སྙིང་པོ་ནི། འཁོར་བ་སྤངས་ནས་གཞན་དུ་ན། །མྱ་ངན་འདས་ཞེས་པ་ལྟར་ཀུན་རྫོབ་ཀྱི་ཆོས་གང་ཡང་གཞན་དུ་མ་གྲུབ་པའི་ཕྱིར་རོ། །འཕགས་པ་ལྟར་ན། དཔེ་དགུས་བསྟན་པའི་སྙིང་པོ་དཔེས་བསྟན་པའི་ཆ་ནས་འགྲོ་ལྔའི་རྒྱུད་ལ་ཡོད་ཀྱང་དེ་ཉིད་དྲང་དོན་གྱི་དབང་དུ་བྱས་པ་ཡིན། ངེས་དོན་གྱི་དབང་དུ་མེད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་པའི་ཕྱིར། ཞེས་བཞེད། བཞི་པ་ནི། མྱང་འདས་འདས་མ་འོངས་པའི་སངས་རྒྱས་ཀྱི་རང་བཞིན་ཡིན་པར་བཤད་པ་ནི། རང་བཞིན་ཅེས་པའི་སྐད་དོད་ཏཎཱ་ཡ་སྟེ་རང་བཞིན་ཉེ་རྒྱུ་དང་། བྱུང་ཟིན་ཏེ་འབྲས་བུ་གཉིས་ཀ་ལ་འཇུག་པས།


JKT005_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སོགས་སངས་རྒྱས་ཀྱི་རང་བཞིན་ཡོད་པར་གསུངས་པ་ནི་འབྲས་བུ་འཇུག་པའི་དབང་དུ་བྱས་སོ། །དེ་ནས་རྗེ་བཙུན་གྱིས། རང་བཞིན་རྒྱུ་ལ། སོགས་ཀྱིས་དོན་ལེགས་པར་བསམ་ན་གནད་ཐམས་ཅད་རང་གྲོལ་དུ་འགྱུར་རོ། །ཞེས་པའང་བརྗེད་བྱང་དུ་བཏབ་པའོ། །མྱང་འདས་ལས། ཤེས་རབ་ཅན་རྣམས་ཀྱིས་ནི་ངའི་ལུས་ལ་ཆོས་ཀྱི་སྐུའི་ས་བོན་ཡོད་སྙམ་དུ་ཤེས་པ་ཐམས་ཅད་འཛིན་པར་མི་བྱེད་དོ། །བདག་མེད་པར་བསྟན་ན་ནི་བྱིས་པ་རྣམས་བདག་མེད་དོ་སྙམ་དུ་འཛིན་ནོ། །ཤེས་རབ་ཅན་གྱིས་ནི་ཐ་སྙད་དུ་ཡོད་དོ་སྙམ་དུ་ཤེས་ཏེ་ཐེ་ཚོམ་མེད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་སྟོང་པ་ཉིད་ཡིན་ནོ་ཞེས་བསྟན་ན་ནི། བྱིས་པ་རྣམས་ཆད་པ་འཇིགས་སུ་རུང་བ་ཡོན་པོ་སྒོམ་པར་བྱེད་དོ། །ཤེས་རབ་ཅན་རྣམས་ཀྱིས་ནི་རྟག་པ་དང་བརྟན་པ་དང་ཐེར་ཟུག་པ་དེ་སྒྱུ་མ་ཙམ་དུ་ཡོད་པར་ཤེས་སོ། །ཞེས་གསུངས།། ༈ །།རྣམ་འགྲེལ་ལེའུ་གཉིས་པར། རྒྱུ་སྤངས་ཡོན་ཏན་སོགས་ཀྱི་དོན་བདེ་གཤེགས་ཞེས་པ་འཆད་པ་སྟེ། དེ་ཡང་བདག་བདེ་ལ་གོམས་པས་བདག་དང་བདག་གིར་ཆགས་པའི་རྒྱུ་སྔ་མ་ངང་གིས་འགོག་ཅིང་། ཕྱི་མ་མི་སྐྱེ་བའི་མཚན་ཉིད་ཅན་གྱི་ཁྱད་པར་ནི་སྤངས་བའོ། །ཡོན་ཏན་གསུམ་ནི་ཁྱབ་པ་གསུམ་མོ། །དེ་ནི་བདེ་བར་གཤེགས་པ་ཉིད་ཡིན་ནོ། །དེ་ཡང་སུ་ག་ཏའི་སྒྲ་ལས་དྲངས་ན་ལེགས་པར་གཤེགས་པ་སོགས་དོན་དུ་མ་


JKT005_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཀྱང་། འདིར་བསྔགས་པ་ཉིད་དང་། སླར་མི་ལྡོག་པ་ཉིད་དང་། མ་ལུས་པ་ཉིད་དེ་དོན་གསུམ་གྱི་དབང་དུ་བྱས་ཏེ་འཆད་ན། དང་པོ་ནི། བདག་མེད་མཐོང་བའི་ཕྱིར་བསྔགས་པ་མ་ཡིན་པ་སྡུག་བསྔལ་གྱི་རྟེན་དུ་འགྱུར་བ་མ་ཡིན་ཏེ། དེ་ནི་བསྔགས་པར་འོས་པའི་སར་གཤེགས་པ་ཡིན་ལ། གང་གི་རྒྱུ་ཡང་སྡུག་བསྔལ་གྱི་རྩ་བ་བདག་ཏུ་ལྟ་བ་མེད་པར་མཐོང་བའམ། སྦྱོར་བ་ལས་ཡིན་ནོ། །གཉིས་པ་ནི། སྐྱེ་དང་སྐྱོན་ནི་ཀུན་འབྱུང་དག །སླར་ཡང་ལྡོག་ཅེས་བཤད་པ་ཡིན། །བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །དེ་བདེན་ཐ་དད་བདག་ཉིད་བདེན་པ་ཉིད་དུ་བལྟ་བས་སྒྲོ་བརྟགས་པ་བདེན་པ་མ་ཡིན་པའི་རྣམ་པར་བཟློག་པར་འཛིན་པ་ཅན་ཡིན་པའི་ཕྱིར་རོ། །ཀྱིས། །ཞེས་དང་། གསུམ་པ་ནི། ལུས་ངག་སེམས་ཀྱི་གནས་ངན་ལེན། །ཉོན་མོངས་མེད་དང་ནད་མེད་དང་། །ལམ་བཤད་མི་གསལ་ཉིད་ལུས་ཡིན། །གོམས་ཕྱིར་མ་ལུས་སྤངས་བ་ཉིད། །ཅེས་བཤད་དོ། །འདི་ཡུལ་སུན་ཕྱུང་སོགས་ཀྱི་དོན། བདག་ཏུ་ཆགས་པ་འདིའི་ཡུལ་བདག་གང་ཡིན་པ་དེ་ཡུལ་མེད་པ་ཉིད་དུ་སུན་ཕྱུང་མེད་པར་ནི་དེ་སྤངས་པར་ནི་ནུས་པ་ཡིན། དེའི་ཡུལ་ཆགས་ཅན་གྱི་སྐྱེ་བ་སྤངས་པར་ནུས་པ་མ་ཡིན་ཏེ། དེ་ཡོད་པ་ཙམ་དུ་བལྟ་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། །ཞེས་བཤད། ༈ །ཡུལ་ཅན་ཡིན་ཡང་ཕྲ་


JKT005_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། །འགའ་ཞིག་ལ་ཡང་ཐོགས་མེད་དེ། །ཆུ་བཞིན་གསེར་ལ་དངུལ་ཆུ་བཞིན། །མ་མཐོང་ཕྱིར་ན་མེད་པ་མིན། །ཅེས་སོ། །རྟོག་པའི་དྲྭ་བ་རྣམ་བསལ་ཞིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ།། ༈ །།སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཅེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །ཞེས་སོ། །ལེའུ་གཉིས་པར། ཚད་མ་བསླུ་མེད་ཅན་ཞེས་པ། །དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ་སྒྲ་ལས་བྱུང་བ་ཡང་། །མངོན་པར་འདོད་པ་སྟོན་ཕྱིར་རོ། །ཞེས་བཤད། འགྲེལ་བར། སླུ་བར་ བྱེད་པ་ན་བསླུ་བའོ། །ཤེས་པ་ནང་ན་ཡོད་པ་དེ་ནི་བསླུ་བ་ཅན་ནོ། །བསླུ་བ་ཡོད་པ་མ་ཡིན་པ་ཅན་ནི་བསླུ་བ་མེད་པ་ཅན་ཏེ། གང་ལ་བསླུ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །མི་བསླུ་བ་དེ་ཡང་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་གྱི་རང་གི་ནུས་པ་གྲུབ་པས། ཇི་ལྟར་འདོད་པའི་དོན་དེ་ལྟ་བུའི་ངོ་བོ་མི་བསླུ་བ་ནི་ཡུལ་གྱི་ཆོས་དང་། དེའི་དེ་ལྟར་བུར་གྱུར་པ་རྟོགས་པ་ན་ཤེས་པ་མི་བསླུ་བ་ནི་ཡུལ་ཅན་གྱི་ཆོས་


JKT005_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །གང་ལ་ཡོད་པ་དེ་ནི་བསླུ་བ་མེད་པ་ཅན་གྱི་ཤེས་པའོ། །ཞེས་བཤད་དོ།། ༈ །།འདུལ་བ་ཚིག་ལེའུར་བྱས་པ་ལས། དེ་ནས་རབ་གུས་བསྐྱེད་པ་ཡིས། །བླ་མ་ལ་ནི་ཕྱག་བྱ་སྟེ། །ཞེས་དང་། བསམ་གཏན་ཀློག་པའི་ལས་དག་གིས། །ལུས་ལ་སྙིང་པོ་བླང་བར་བྱ། །ངུར་སྨྲིག་གྱོན་ཙམ་གྱིས་ཆོག་པའི། །བསོད་ནམས་ནམ་ཡང་མི་བྱའོ། །ཞེས་དང་། སྡོམ་པ་ལྔ་པོ་གཅོད་པ་དང་། །དགེ་འདུན་ལྷག་མས་དེ་ལྡང་དང་། །དེ་བཞིན་གང་ཟག་ལྷག་མ་ཅན། །ལྟུང་བ་རྣམ་པ་གསུམ་དུ་གྲགས། །དང་པོར་ཕས་ཕམ་གསུངས་པ་ནི། །བཞི་ཡིན་ཤིན་ཏུ་ལྕི་བའི་ཕྱིར། །འདི་དག་མང་དུ་བྱུང་ནས་ནི། །དགེ་སློང་རྣམ་པར་ཉམས་པ་ཡིན། །ཅེས་དང་། སྒྲ་དབྱངས་ཆུང་ངུའི་སྟོན་པ་ཡི། །ཡོན་ཏན་བརྗོད་བྱ་དམ་ཆོས་ཀྱིས། །དབྱངས་ནི་མངོན་པར་མི་ཤེས་ན། །དབེན་པར་སློབ་པ་བཀག་པ་མེད། །སྟོན་པའི་དམ་ཆོས་མཛེས་ཕྱིར་ཏེ། །ཉོན་མོངས་བཅས་པའི་སེམས་ཀྱིས་མིན། །ཅེས་དང་། བསླབ་པ་རྗེས་བསྲུང་བརྩེ་ལྡན་གྱིས། །ཤིག་རྣམས་དལ་གྱིས་བཟུང་ནས་ནི། །བསྡུས་ནས་རྩིག་པ་ལ་སོགས་པའི། །བུ་གར་སྙིང་རྗེ་ཅན་གྱིས་གཞུག །ཅེས་དང་། ཁྲིམས་ལྡན་ནད་གཡོག་བྱེད་པ་དང་། །ཆོས་དང་ཟང་ཟིང་སེར་སྣ་མེད། །དུས་སུ་འདོམས་པའི་བླ་མ་ནི། །བླ་མའི་ཡོན་ཏན་ཡང་དག་ལྡན། །གནས་པའི་ཚུལ་ལྡན་


JKT005_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཅན། །དུལ་ཞིང་བཟོད་དང་ལྡན་པ་དང་། །བླ་མ་ལ་ནི་རྟག་ཏུ་གུས། །ཞེས་དང་། དགེ་སློང་མདོ་སོགས་མཁས་པ་ལས། །ལམ་བྱེད་འོངས་བ་ཐོས་པ་ན། །ཇི་སྲིད་དཔག་ཚད་ཕྱེད་དང་གསུམ། །བ་དན་བསྒྲེངས་སོགས་སྔོན་འགྲོ་བས། །གཎྜི་བརྡུངས་ཏེ་དགེ་འདུན་གྱིས། །རང་གི་ནུས་པས་བསུ་བར་བྱ། །འོངས་ནས་དགའ་བས་རྙེད་པ་ཡང་། །དེར་དབུལ་ཚོགས་ཀྱིས་ཀྱང་ནི་ཐོང་། །གནས་ཁང་འདུག་སྟན་མལ་སྟན་རྣམས། །དེ་དག་གུས་པས་རྟག་ཏུ་དབུལ། །ཞེས་དང་། སྐུ་གཟུགས་མཆོད་རྟེན་བདེ་གཤེགས་ཀྱི། །བཀའ་ཡང་མངོན་པར་བྲི་བ་སྟེ། །རྙིང་ངམ་བརླག་ན་དགེ་སློང་གིས། །སླར་ནི་གསོ་བར་འོས་པ་ཡིན། །ཅེས་དང་། མཆོད་རྟེན་སྐུ་གཟུགས་གྲིབ་མ་དང་། །མཎྜལ་ཡང་ནི་འགོམ་མི་བྱ། །དགོས་པ་ཆེད་དུ་བདེ་གཤེགས་ཀྱི། །ཚིགས་བཅད་སྔོན་དུ་བྱས་ཏེ་འགོམ། །ཞེས་དང་། དེ་རྗེས་མི་རྟག་རྣམ་པའི་ཚུལ། །སྟོན་བྱེད་ཆོས་ཉན་སྦྱིན་བྱ་སྟེ། །འདི་དག་སྐྱོ་བ་བསྐྱེད་པ་དང་། །མྱ་ངན་དག་ཀྱང་བསལ་ཕྱིར་རོ། །གང་ཕྱིར་འདུས་བྱས་ཐམས་ཅད་ནི། །རྐྱེན་གྱིས་གཞན་དུ་འགྱུར་བ་སྟེ། །རྩྭ་རྩེ་རླུང་གིས་བསྐྱོད་པ་ཡི། །ཟིལ་པ་བཞིན་དུ་མི་རྟག་གོ །ཞེས་དང་། ཁང་བཟང་དག་གི་ངོས་དག་ཏུ། །ཐུབ་པའི་སྔོན་གྱི་སྐྱེས་རབས་བྲི། །དཔེར་ན་ཐམས་ཅད་སྒྲོལ་དང་ནི། །ཟླ་འོད་བཟོད་པར་སྨྲ་


JKT005_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས། །གཙུག་ལག་ཁང་སོགས་འདུལ་བ་ལ། །འཇིག་རྟེན་མངོན་པར་དད་འཕེལ་ཕྱིར། །རི་མོའི་ཆོ་ག་བརྗོད་པ་འདི། །ཐུགས་རྗེ་ཅན་གྱིས་ལེགས་པར་གནང་། །ཅེས་དང་། བདེ་གཤེགས་སྲས་ཀྱི་ལྷུན་པོའི་ཚད། །སྐུ་གཟུགས་མཆོད་རྟེན་བྱ་བར་འོས། །ཟུར་བཞི་ལོགས་མཉམ་མཛེས་བྱས་ནས། །བང་རིམ་ལ་སོགས་གཞན་རིམ་བཞིན། །དེ་ཡང་གཉིས་གསུམ་བཞི་དང་ལྔ། །འབྲས་བུའི་རིམ་པ་༧ གདུགས་ཀྱི་ཚད། །མཆོད་རྟེན་བྱེད་པོ་ཡོན་ཏན་ཅན། །སོ་སོའི་སྐྱེ་བོ་རྣམས་ལ་འོས། །འདི་ཡི་མཐར་ནི་སྟོན་པ་ཡི། །གདུགས་ཀྱི་ཚད་ལ་ངེས་པ་མེད། །བརྒྱ་ལྷག་རི་བ་བྱེ་བ་རྙེད། །མཆོད་རྟེན་ཡང་ནི་བྱ་བར་འོས། །དམན་པ་བསེ་རུའི་སྤྱོད་པ་ལ། །གདུགས་ནི་རིམ་པ་བཅུ་གསུམ་སྟེ། །དེ་ལ་ཆར་ཁེབས་མེད་པ་དག །བྱའོ་ཞེས་ནི་ཐོས་པ་ཡིན། །ལོགས་དག་ཏུ་ནི་སློབ་མ་ཟུང་། །སྟོན་པའི་མཆོད་རྟེན་དབུས་སུ་སྟེ། །ལྷག་མ་རྣམས་ནི་གྲལ་རིམ་བཞིན། །ཅེས་སོ། འདུལ་བའི་བསྟོད་པའི་ས་བཅད་ལ། ཀླད་དང་། གཞུང་དང་། མཇུག་གི་དོན་ནོ། །དང་པོ་ལ་མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ། ཁེངས་པ་བསྐྱུང་བ། གཉིས་པ་ལ། ཡོན་ཏན་ཀུན་གྱི་རྟེན་དུ་གྱུར་པས་བསྟོད་པ། བསྲུང་བ་ཉིད་ཀྱིས་བསྟོད་པ། ཇི་ལྟར་ཆུ་ལོན། བྱང་ཆུབ་གསུམ་གྱི་ཚོགས་ཉིད་སངས་རྒྱས་ཀྱི་ཕྱིར་བསྟོད་པ།


JKT005_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་རྒྱུ་ཉིད་ཇི་སྲིད་གྱིས་བསྟོད་པ། དཀོན་པར་བྱེད་པའི་སྒོ་ནས་བསྟོད་སངས་རྒྱས་མི་བཞུགས་པ། དཔེའི་སྒོ་ནས་བསྟོད་པ། འཇོག་བྲལ། སྟོན་པ་དང་འདྲ་བ་ཉིད་ཀྱིས་བསྟོད་པ། རྒྱལ་བ། དེ་བཞིན་གཤེགས་པ་བས་ཀྱང་བླ་མ་ཡིན་པའི་ཕྱིར་འདི་ལ་ཕྱག་བྱ་བ་ཉིད་དུ་བསྟན་པ། གང་ལ། མཆོད་པའི་རྒྱུ་ཉིད་ཀྱིས་གུས་པ་བསྐྱེད་པའི་ཆེད་གང་ཞིག་དུ་བསྟོད་པ། ཁྱད་པར་གསོད་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལས་འདས་པའི་ཉེས་བ་བརྗོད་པ། འདི་ན། ད་ནི་སོ་སོར་ཐར་པའི་རྣམ་པར་བཤད་པ་ཉིད་ཀྱིས་འདུལ་བ་སོ་སོར་ཐར་པ། བསྟོད་པ་སྟེ་བཅུའོ། །འདིའི་སྐབས་ཀྱི་བཅས་པའི་ཁ་ན་མ་ཐོ་བ་སྨྱུག་མའི་ཚལ་ལྟ་བུ་དེ་ལས་འདས་ཤིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཨ་མའི་ཚལ་ལྟ་བུ་དེ་ཉམས་པ་ན་རྒྱལ་པོ་ཁྲོས་པ་ལ་སོགས་པ་ལྟ་བུའི་རྒྱལ་བའི་བཀའ་ཁྱད་དུ་བསད་ཅིང་། བསླབ་པ་དྲལ་བ་དེས། དེ་ལས་རྒྱལ་པོའི་ཆད་པའི་སྡུག་བསྔལ་གྱི་གཞན་དབང་ལྟ་བུ་གནོད་པའི་སྡུག་བསྔལ་དུ་མ་ཉམས་སུ་མྱོང་བས་ན། བཅས་པ་ཕྲ་མོ་ཡང་བག་ཡངས་སུ་མི་བྱའོ། ༈ །གང་གིས་ཉིད་ཀྱི་དབུ་ཡང་རིན་ཆེན་འོད་འཕྲོ་ལྟ་བུ་དང་། །རབ་རྒྱས་པདྨ་གསེར་མདོག་དང་འདྲའི་བཙུན་མོ་རྣམས་ཀྱང་བྱིན། །མ་ལུས་དོན་གཉེར་རབ་དགར་མཛད་ནས་བྱང་ཆུབ་མཆོག་བརྙེས་པ། །ཆོས་འདུལ་ཞི་བའི་དོན་དུ་སྟོན་མཛད་དེ་ལ་ཕྱག་འཚལ་ལོ། །གང་ཐོབ་ངན་
འགྲོའི་འཇིགས་པ་རྣམས་ལས་ངེས་པར་སྒྲོལ་འགྱུར་ཞིང་། །སྲིད་པའི་འཆིང་བ་མཐའ་དག་བཅད་ནས་མྱ་ངན་འདས་གྱུར་པ། །འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པ་ཀུན་ནས་སྒྲོལ་བ་ཡིས། །གཟིངས་གྱུར་གཅིག་པུ་བདེ་གཤེགས་རྣམས་ཀྱི་བསྟན་བཅོས་དེ་ལ་འདུད། །གང་ཡང་ཡོན་ཏན་ཀུན་ལྡན་ཡོན་གནས་དམ་པར་གང་གྱུར་པ། ཅུང་ཟད་ཕུལ་ཡང་འབྲས་བུ་རྒྱ་ཆེན་ཤིན་ཏུ་འཕེལ་འགྱུར་བ། །བདག་ཉིད་ཀུན་གྱིས་ཕྱག་འོས་བདེ་བཤེགས་སྲས་ལ་རབ་ཏུ་བསྔགས། །གང་ཟག་བརྒྱད་མཆོག་ལེགས་སྤྱོད་ཀྱིས་བརྒྱན་འཕགས་ཚོགས་རྣམས་ལའང་འདུད། །ཅེས་གསུངས།།

གྲུབ་པའི་མཐའ་རྣམ་པར་དཔྱད་པའི་སྙིང་པོ།


JKT005_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་མཐའ་རྣམ་པར་དཔྱད་པའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རེ་ཞིག་གྲུབ་པའི་མཐའ་ནི་རྣམ་པ་གཉིས་ཏེ། གཞན་སྡེ་དང་། རང་སྡེའོ། །དང་པོ་ལ། སྤྱིར་ལོག་རྟོག་གི་འདོད་པ་བསམ་གྱིས་མི་ཁྱབ་ཀྱང་། མཆོག་ཏུ་གྱུར་པ་བྲམ་ཟེ་མཆོག་གི་རྒྱུད་དག །བདག་རྟག་པ། ཁྱབ་པ། ལུས་མེད་པ། གཅིག་པུ་ཞིག་ཡོད་པར་འདོད་དོ། །དེ་ནི་མི་འཐད་དེ། བདག་དེ་ཕུང་པོ་ཉིད་དམ། དེ་ལས་རྫས་གཞན་པ་གང་། དང་པོ་ནི་མི་འཐད་དེ། བདག་རྟག་ལ་ཕུང་པོ་མི་རྟག་པའི་ཕྱིར། ཕྱི་མ་མི་འཐད་དེ། ཕུང་པོ་ལྔ་བསལ་བའི་འོག་ཏུ་བདག་ཅེས་རྫས་གཞན་པ་སྟོན་རྒྱུ་ཡོད་དགོས་པའི་ཕྱིར།


JKT005_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་སུས་ཀྱང་མངོན་དུ་མ་གྱུར་པ་ཞིག་ཡོད་དོ་ཞེ་ན། རི་རྭ་དང་མོ་གཤམ་གྱི་བུ་ཡང་ཡོད་པར་ཁས་ལོངས་ཤིག །དེ་བས་ན་བདག་དེ་ཕུང་པོ་དང་དེ་ལས་རྫས་གཞན་པར་མ་དམིགས་ན། དེ་མ་ཡིན་པའི་ཕུང་པོ་གསུམ་པར་ཁས་བླང་དུ་མི་རུང་བས་མེད་པར་གྲུབ་བོ། །ཡང་། རྟེན་དང་བརྟེན་པར་ཡོད་དོ་ཞེ་ན། དེ་འདྲ་བའི་ཆོས་མ་དམིགས་པའི་ཕྱིར། བདག་གིས་ཕུང་པོ་ལ་ཁྱབ་བོ་ཞེ་ན། བདག་ནི་གཅིག་ལ་ཕུང་པོ་ནི་དུ་མ་ཡིན་པས་རྫས་འགལ་བའི་ཕྱིར། བདག་ཕུང་པོ་དང་ལྡན་པར་ཡང་མེད་དེ། དེ་གཉིས་འབྲེལ་པ་མ་གྲུབ་པའི་ཕྱིར། བདག་གཅིག་པུ་མ་ཡིན་ཏེ། དེས་ཁྱབ་ཀྱི་དངོས་པོ་རྣམས་ཐ་དད་པའི་ཕྱིར། འདོད་ན། གང་ཟག་གཅིག་བཅིངས་པས་ཐམས་ཅད་བཅིངས་པར་འགྱུར་རོ། །བདག་རང་དབང་ཅན་མ་ཡིན་ཏེ། བདེ་སྡུག་སོགས་མི་འདོད་བཞིན་དུ་འབྱུང་བའི་ཕྱིར། ལུས་མེད་པ་ཡང་མི་འཐད་དེ། ལུས་ལས་གཞན་དུ་ཡོད་པ་ནི་བཟློག་ཟིན། ལུས་ཉིད་དེར་འདོད་ན་ནི་ལུས་མེད་པའི་དམ་བཅའ་ཉམས་ལ། ཕུང་པོ་གསུམ་པ་ནི་མ་གྲུབ་པའི་ཕྱིར། དེ་བས་ན་བརྟགས་པ་འདི་ནི་ཐག་པ་ལ་སྦྲུལ་དུ་ནན་གྱིས་བསྒྲུབས་པ་དང་མཚུངས་སོ། །གཉིས་པ་ལ། ཉན་ཐོས་དག །ཕྱི་དོན་རྡུལ་ཕྲ་རབ་དང་། དེའང་བར་དང་བཅས་པ་དང་། བར་མེད་པ་དང་། བར་མེད་པ་ལ་མ་འབྱར་བར་ཡོད་པར་འདོད་དོ། །དེ་མི་


JKT005_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་དེ། འདི་ལྟར་ཐག་པ་ལ་སྦྲུལ་དུ་འཛིན་པ་ནི་འཁྲུལ་ཏེ། ཐག་པ་ཉིད་དོ། །དེའང་འཁྲུལ་ཏེ། ཐག་པ་མ་ཡིན་ཏེ་ཉིས་སྒྲིལ་དང་། དེའང་མ་ཡིན་ཏེ་རྩྭ་འདུས་པ་དང་། རྩྭ་ཡང་མེད་དེ་རྡུལ་ཕྲ་རབ་ཚོགས་པའོ། །རྡུལ་ཕྲ་རབ་ཡོད་དམ་ཞེ་ན། མེད་དེ་ཕྱོགས་ཆ་དབྱེ་བ་མེད་པའི་ཕྱིར། ཕྱོགས་ཆ་ཐ་དད་པས་དེ་མེད་པའི་རྡུལ་ཕྲ་རབ་གཅིག་པ་ཉིད་མི་འགྲུབ་བོ། །གལ་ཏེ་འདི་ལ་དབྱེར་མེད་དོ་ཞེ་ན། །། དབུས་རྡུལ་གཅིག་ལ་ཕྱོགས་རྡུལ་དྲུག་གིས་བསྐོར་བའི་ཚེ་ན། ནུབ་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ་དང་ལྡན་པའི་ཆ་དེ་ཉིད་ཀྱིས་བྱང་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ་རྣམས་དང་ལྡན་པ་ཡིན་ནམ། མ་ཡིན། དང་པོ་ལྟར་ན་ཕྱོགས་རྡུལ་དྲུག་པོ་དབུས་ན་གནས་པའི་རྡུལ་ཕྲ་རབ་ཁོ་ནའི་བདག་ཉིད་ཡིན་པས་དེས་བརྩམས་པའི་དངོས་པོ་ཐམས་ཅད་ཀྱང་རྡུལ་ཕྲ་རབ་ཏུ་འགྱུར་རོ། །ཕྱི་མ་ལྟར་ན། ཆ་ཤས་མེད་པའི་དམ་? བཅའ་ཉམས་སོ། །དེ་བས་ན་རྡུལ་ཕྲ་རབ་གཅིག་མ་གྲུབ་པས་དུ་མ་མེད། དེ་མེད་པས་བར་མེད་དང་། རེག་ལ་མ་འབྱར་བ་སོགས་བློས་བརྟགས་པ་ཁོ་ནར་ཟད་དོ། །ཁ་ཅིག་དངོས་པོ་རྣམས་ཕྲེང་བ་དང་སྐུད་པ་ལྟར་ཡན་ལག་ཅན་དུ་ཡོད་པར་འདོད་དོ། །དེ་ནི་མི་འཐད་དེ། ཡན་ལག་དང་ཡན་ལག་ཅན་གཉིས་གཅིག་གམ་ཐ་དད། དང་པོ་མི་འཐད་དེ། གང་གི་ཐོག་མའི་ཆ་དམར་པོ་ལ་སོགས་པ་ཡིན་པ་དེ་ཉིད་


JKT005_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དབུས་མའི་ཆ་དང་། ཐོག་མའི་ཆ་གཅིག་ཤོས་ཀྱང་དམར་པོ་ལ་སོགས་པ་ཡིན་པར་ཐལ་བར་འགྱུར་ཏེ་གཅིག་པའི་ཕྱིར། ཕྱི་མ་མི་འཐད་དེ། ཡན་ལག་རྣམས་ལས་གཞན་པའི་ཡན་ལག་ཅན་འགའ་ཡང་མ་དམིགས་ཏེ། སྐུད་པ་ཉིས་སྒྲིལ་དང་སྤུ་རེ་རེ་ལས་གཞན་པའི་ཡན་ལག་ཅན་ཉིད་སུས་མཐོང་། དེ་ལ་སེམས་ཙམ་པ་དག །བདག་དང་རྡུལ་སོགས་མེད་ཀྱང་། སེམས་དང་ཡེ་ཤེས་སྐད་ཅིག་མ་རྒྱུན་ཆགས་སུ་འབྱུང་བ་ཡོད་དོ། །ཞེའོ། །དེ་མི་འཐད་དེ། སྐད་ཅིག་མ་མ་གྲུབ་པའི་ཕྱིར། དེའང་འདས་པའི་སྐད་ཅིག་མ་ཞིག་ལ། མ་འོངས་པ་མ་གྲུབ་པས་མེད་ཅིང་། དེ་གཉིས་མེད་པས་འབྲས་བུའི་སྐྱེ་བ་ད་ལྟར་བའི་སྐད་ཅིག་མ་ག་ལ་ཡོད། ཡང་སེམས་དེ་རྒྱུ་འབྲས་དུས་ཐ་དད་པ་ལས་སྐྱེས་སམ། དུས་མཉམ་ལས་སྐྱེ། དང་པོ་ལྟར་ན་དུས་གཞན་གྱིས་བར་དུ་ཆོད་པ་ལས་སྐྱེའམ། མ་ཆོད་པར་སྐྱེ། དང་པོ་མི་འཐད་དེ། འདས་པ་ཁོ་ན་ལས་སྐྱེད་གོས་པས། དེ་ཞིག་པའི་དངོས་མེད་ཡིན་པའི་ཕྱིར། ཕྱི་མ་མི་འཐད་དེ། དུས་ཐམས་ཅད་སྐད་གཅིག་མ་གཅིག་གི་ནང་དུ་ཞུགས་པར་འགྱུར་བས། བསྐལ་པའང་སྐད་ཅིག་མ་ཙམ་ཉིད་དུ་ཐལ་པ་དང་། སྐད་ཅིག་མའང་དུས་ཀྱི་ཆ་ཤས་ཡོད་པར་འགྱུར་རོ། །གཉིས་པ་ལྟར་ནའང་མི་འཐད་དེ། རྒྱུ་དེས་འབྲས་བུ་ལ་ཅི་ཞིག་ཕན། གཡས་གཡོན་ལྟ་བུ་དུས་མཉམ་པ་རྣམས་ལ་རྒྱུ་འབྲས་ཀྱི་


JKT005_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་མ་དམིགས་པའི་ཕྱིར་རོ། །ཡང་སེམས་དེ་ཡོད་པ་ལས་སྐྱེ་ན་བུམ་པ་ལས་ཀྱང་བུམ་པ་སྐྱེ་བར་འགྱུར་ལ། མེད་པ་ལས་སྐྱེ་ན་རི་རྭའང་སྐྱེ་བར་ཐལ་ལོ། །རྒྱུ་མེད་པ་ལས་སྐྱེ་ན་བེམས་པོ་ལས་ཀྱང་སེམས་འབྱུང་བར་ཐལ་ལོ། །རྒྱུ་གཅིག་ལས་གཅིག་སྐྱེ་ན། འབྲས་བུ་དག་ནི་རྒྱུ་རྐྱེན་དུ་མ་ལ་རག་ལས་པར་མཐོང་སྟེ། རྫ་བུམ་བཞིན་ནོ། །གཅིག་ལས་དུ་མའོ་ཞེ་ན། རྒྱུ་འབྲས་མི་མཐུན་ཏེ། རྒྱུ་ལ་ལྟོས་ན་འབྲས་བུ་མང་ལ། འབྲས་བུ་ལ་ལྟོས་ན་རྒྱུ་ཉུང་བའི་ཕྱིར། དུ་མ་ལས་གཅིག་ཅེ་ནའང་སྔ་མའི་ཉེས་པ་གོ་ལྡོག་པར་འགྱུར་རོ། །དུ་མ་ལས་དུ་མའོ་ཞེ་ན། གཅིག་གིས་གཅིག་བསྐྱེད་མི་ནུས་ན། དུ་མ་ནི་གཅིག་འདུས་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ཁྱེད་འདོད་པའི་སེམས་དེ་རྒྱུ་གང་ལས་ཀྱང་མི་སྐྱེ། ཚུལ་ཇི་ལྟར་ཡང་མི་སྐྱེ་བ་ཁོ་ནའོ། །གཞན་ཡང་ངེས་པར་ཡོད་ན་རང་གི་ངོ་བོ་གཅིག་ཏུ་ཡོད་དམ། དུ་མར་ཡོད། དང་པོ་ལྟར་ན་དུ་མར་དམིགས་པའི་མཐུ་མེད་པར་འགྱུར་ལ། ཕྱི་མ་ལྟར་ན་རྫས་རྡུལ་ཕྲ་རབ་དང་། སྐད་ཅིག་མ་དུ་མ་གང་རུང་ཡིན་དགོས་ཏེ། དེ་ནི་བསྟན་ཟིན་ཏོ། །རྣམ་རྫུན་པ་དག །སེམས་རྣམ་པ་མེད་པ་ཙམ་རིག་པས་བེམས་པོ་ལས་ལོག་པ་དཔྱད་དུ་མེད་པ་བརྗོད་དུ་མེད་པ་ཞིག་ཡོད་ལོ། དེ་མི་འཐད་དེ། གཟུགས་ཅན་དུ་ཡོད་ན་བསྟན་དུ་ཡོད་དགོས་ལ། གཟུགས་མེད་དུ་ཡོད་ན་གང་


JKT005_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དམིགས་པར་འགྱུར། དེ་བཞིན་དུ་ཡེ་ཤེས་རྒྱུན་དུ་འབྱུང་བའང་དཔྱད་པར་བྱ་སྟེ། རྣམ་བདེན་ལྟར། དམིགས་པ་རྣམ་པར་དག་པ་དང་ལྡན་པའི་ཡེ་ཤེས་ཡོད་པ་མི་འཐད་དེ། ནོར་པ་ཐམས་ཅད་སྤངས་པ་དང་མཚན་མར་སྐྱེ་བ་འགལ་ལོ། །རྣམ་རྫུན་ལྟར་ན། འདས་དང་ད་ལྟ་བ་མེད་པའི་མ་འོངས་པ་མ་གྲུབ་པས། གང་གནས་འགྱུར་བའི་སེམས་ཉིད་མེད་ན། དེ་གནས་གྱུར་པའི་ཡེ་ཤེས་ཇི་ལྟར་ཡོད། འོ་ན་ཡེ་ཤེས་མེད་ན་སེམས་ཅན་གྱི་དོན་ཇི་ལྟར་འབྱུང་ཞེ་ན། མར་མེ་ཟད་པ་བཞིན་སེམས་སེམས་བྱུང་གི་འཇུག་པ་རྒྱུན་ཆད་པ་སྟེ། དེའང་གཟོད་མ་ནས་ཞི་བ་ཉིད་ཀྱིས་ཆད་པར་མི་འགྱུར་ལ། གཞན་དོན་ནི་སྨོན་ལམ་གྱི་མཐུ་ཁོ་ནས་སོ། །ཞེས་པའང་མཉྫུགྷོ་ཥས་སོ།། །།