cover

འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

གླེགས་བམ་བཅུ་དྲུག་པ། མ༽

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Nitartha International
Images scanned by BDRC
གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་བཀའ་འབུམ་འདི་ནི་ OCR བྱེད་སའི་གཞི་དེ་བོད་རྫོང་སར་བཀྲ་ཤིས་ལྷ་རྩེར་རྫོང་སར་བ་ཁྲ་འབུ་བློ་གྲོས་ཕུན་ཚོགས་མཆོག་གིས་དཔེ་གཟུགས་པོད་ཉེར་ལྔ་ཅན་ཞིག་པར་དུ་བསྐྲུན་གནང་བ་དེ་ཡིན་པས་ཁོང་གི་རྨད་དུ་བྱུང་བའི་མཛད་རྒྱས་ལ་ཡི་རུང་དང་བསྔགས་བརྗོད་ཞུ།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཀློང་ཆེན་སྙིང་གི་ཐིག་ལེ་ལས། རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ཕྲིན་ལས་སྙིང་པོར་དྲིལ་བ།


JKT016_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

མ ཧཱ རྦ ཙི ཏྟ ཏི ལ ཀཱ ཏྲ། བི དྷ ར ཙི ཏྟ སཱ དྷ ན མ ཧཱ ཤྲཱི ས མཱ ཛ སྱ ག ཌྷ པི ཎྜ བི ཧ ར ཏི སྨ།།
ཀློང་ཆེན་སྙིང་གི་ཐིག་ལེ་ལས། རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ཕྲིན་ལས་སྙིང་པོར་དྲིལ་བ་བཞུགས་སོ། །


JKT016_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཤྲཱི་ཧེ་རུ་ཀཱ་ཡ། འདིར་རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ཕྲིན་ལས་ཀྱི་སྙིང་པོ་མདོར་བསྡུས་ཏེ་ཉམས་སུ་བླང་བའི་ཚུལ་ལ། ཚོགས་བསག་མཚམས་གཅོད་མཆོད་པ་བརླབ། །ལྷ་བསྐྱེད་དབང་བསྐུར་ཡེ་ཤེས་དྲང་། །བཞུགས་གསོལ་ཕྱག་འཚལ་མཆོད་ཅིང་བསྟོད། །ཛཔྲ་བཟླས་ཚོགས་མཆོད་རྗེས་རིམ་མོ། །ཞེས་བཅུ་གསུམ་ལས་དང་པོ་ནི། བླ་མ་དཔལ་ཆེན་པོ་ཡེ་ཤེས་ཀེ འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ཧོརྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔


JKT016_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཆུ་བོ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང་༔ དག་པ་མཐའ་བཞིའི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལཿ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་བའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ་གྱི་རྗེས། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། གཉིས་པ་ནི། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དུང་ཁྲག་འཛིན་པའི་སྐུར་གྱུར་པར་མོས་ལ། ཧཱུཾ། བདག་ཉིད་ཞེ་སྡང་རྡོ་རྗེ་ཡི༔ སྤྱན་མིག་ཉི་ཟླར་འབར་ཞིང་སྲེག༔ ཐུགས་ལས་ཁྲོ་བོའི་ཚྭ་ཚྭ་འཕྲོ༔


JKT016_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་སྤྲུལ་པའི་མེ་ཡིས་འགེངསཿ ཕྱོགས་མཚམས་མཚོན་ཆ་འཆོལ་པས་གཏམས༔ བདག་མེད་སྟོང་པར་མཚམས་གཅད་དོ༔ ཨོ་སཱུརྱ་ཙནྡ་བཛྲ་ཀྲོ་དྷ་ཛྭ་ལ་རཾ་རཾ་ཙཀྲ་ཝརྟི་མ་ཧཱ་ཀྲོ་དྷ་སརྦ་དུཏྟཾ་ཨེ་ཧཱུྃ་ཕཊ༔ ཅེས་བརྗོད་ཅིང་ཁྲོ་ཚོགས་མེ་ཕུང་མཚོན་ཆ་འཆོལ་པའི་རྡོ་རྗེའི་སྲུང་འཁོར་གསལ་ཞིང་བརྟན་པར་བསམ། གསུམ་པ་ནི། ཧཱུྃ། དབྱིངས་ནས་ཡེ་ཤེས་འབྲུ་གསུམ་ཆར་དུ་བབས༔ མཆོད་རྫས་ཉེས་སྐྱོན་མ་དག་བསྲེགས་གཏོར་བཀྲུས། བྷཾ་ལས་རིན་ཆེན་ཨ་ལས་བྷནྡྷའི་ནང་༔ ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨོཾ་བཛྲ་ཨགྷཾ། པཱཏྱཾ། པུཝེ། དྷུ་པེ། དཱི་པཾ། གནྡྷེ། རཱུ་པ། ཤརྡ། གནྡྷེ། ར་ས། སྤངྒེ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཞོས་ཉེར་སྤྱོད་འདོད་ཡོན་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛཱ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ས་མནྟ་མཎྜལ་ཧཱུྃ་ཕཊ༔ ཅེས་ལན་གསུམ་གྱིས་སྨན་གཏོར་རཀྟ་བརླབ། བཞི་པ་ནི། དེ་བཞིན་ཉིད་འོད་གསལ་རང་བྱུང་རིག་པའི་ངང་ལས། ཀུན་སྣང་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རང་རྩལ། རྒྱུ་ཡི་ཏིང་འཛིན་ཧཱུྃ་མཐིང་ནག་གི་འོད་ཀྱིས་སྣོད་བཅུད་ཐམས་ཅད་སྟོང་པར་སྦྱངས་ནས་དེ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་ནམ་མཁར་རྒྱུའི་ཧེ་རུ་ཀ་མཐིང་ནག་རྡོ་རྗེ་དང་དུང་ཁྲག་འཛིན་པའི་ཐུགས་ཀ་ནས་ཡི་གེའི་འཕྲོ་འདུས་འབྱུང་རིམ་རི་རབ་གཞལ་ཡས་ཁང་དང་བཅས་པའི་དབུས་སུ་རྒྱུའི་ཧེ་རུ་ཀ་བབས་པ་དེ་ཉིད་ཡོངས་སུ་གྱུར་པ་ལས་འབྲས་བུའི་ཧེ་རུ་ཀར་བཞེངས་ཤིང་། འཁོར་


JKT016_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཚོམ་བུ་མངལ་འབྱིན་གྱི་ཚུལ་དུ་སྤྲོ་བའི་ཚུལ་རྣམས་དམིགས་འདོན་ཟུང་དུ་འཇུག་པས། ཧཱུྃ། རང་བྱུང་རིག་པ་བདག་མེད་དེ་བཞིན་ཉིད༔ རོལ་རྩལ་ཀུན་སྣང་སྙིང་རྗེ་ཆེན་པོའི་གདངས༔ རྒྱུ་ཡི་རིག་པ་ཧཱུཾ་གིས་སྣོད་བཅུད་སྦྱངས༔ དེ་ཉིད་གནས་གྱུར་རྡོ་རྗེ་རྩེ་ལྔ་པ༔ སྐད་ཅིག་ཡོངས་གྱུར་རྒྱུ་ཡི་ཧེ་རུ་ཀ༔ བརྗོད་མེད་ཀློང་ལྔ་ཡུམ་གྱི་མཁའ་ལ་ཤར༔ ཐུགས་ལས་ཨེ་ཡཾ་ར་སུཾ་ཀེ་རི་ཆད༔ ཨེ་ལས་ནམ་མཁའ་ཡཾ་ལས་གཡོ་བྱེད་རླུང་༔ ར་ལས་རཀྟ་ཧཱུྃ་ལས་ཞིང་ཆེན་གཞི༔ ཀཾ་ལས་རུས་པའི་རི་རབ་བང་རིམ་ཅན༔ རཾ་ལས་བསྐལ་མེ་རབ་འབར་རྔམས་བརྗིད་ཀློང་༔ ཧཱུྃ་ལས་གནམ་ལྕགས་རྡོ་རྗེ་བྲག་ཆེན་སྟེང་༔ ནམ་མཁའི་དབྱིངས་ནས་ཧཱུཾ་ཡིག་ལྔ་ལྡན་བབས༔ བྷཾ་རཏྣ་བྷཉྫཛྷཱ་ན་ཙ་ཀྲ་མཎྜ་ལ་ཧཱུཾ༔ ཧཱུཾ་ཡིག་གནས་གྱུར་སྤྲུལ་པའི་གཞལ་མེད་ཁང་༔ ཕྱི་ནི་རིན་ཆེན་ནང་ནི་ཐོད་པའི་མཁར༔ གྲུ་བཞི་སྒོ་བཞི་ཚད་དང་མཚན་ཉིད་ལྡན༔ གུ་ཎ་ཏཱ་ར་རྟ་བབས་བང་རིམ་བརྒྱད༔ ཆོས་འཁོར་རི་དྭགས་གདུགས་དང་ནོར་བུའི་ཏོག༔ ཕྱི་རོལ་རིན་ཆེན་རྩིགས་པའི་རྨིང་གི་གཞི༔ འདོད་སྣམ་དམར་པོར་ལྷ་མོ་བཅུ་དྲུག་འཁོད༔ ཕ་གུ་སེར་པོ་དྲ་བ་དྲ་ཕྱེད་མཛེས༔ ཤར་བུ་མདའ་ཡབ་ཁང་བརྩེགས་རྡོ་རྗེའི་ཏོག ནང་ནི་དུར་ཁྲོད་རོལ་པའི་གཞལ་མེད་ཁང་༔ ཕྱི་འཁོར་རོ་གླིང་བརྒྱད་དང་རྡོ་རྗེའི་གུརཿ བསྐལ་མེ་འུར་འུར་ཆེམ་ཆེམ་འབར་བའི་ཀློང་༔ འོག་


JKT016_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

མིན་གསང་ཆེན་རོལ་པའི་ཕོ་བྲང་ཆེ༔ རབ་འཇིགས་གནམ་ལྕགས་ཙཀྲ་རྩིབས་བརྒྱད་དབུས༔ བདེ་ཆེན་ཀུན་ཏུ་བཟང་མོའི་ཨེ་ཀློང་དུ༔ བྱོལ་སོང་གཙོ་རྣམས་དྲེགས་པ་ཆེ་དགུ་བརྫིས༔ མ་ཆགས་པདྨ་ཐབས་་ཤེས་ཉི་ཟླ་འབར༔ རུ་དྲ་ཀྲོ་ཏཱི་ཏི་ར་བཾ༔ པཾ་པདྨ་མ་དྷ་ལ༔ མ་སཱུརྱ་མ་དྷ་ལ༔ ཨ་ཙནྡྲ་མ་དྷ་ལ༔ ཧཱུྃ། རང་བྱུང་རྒྱུ་ཡི་ཧེ་རུ་ཀཿ ཡེ་ཤེས་དབྱིངས་ནས་གདན་ལ་བབས༔ མཉམ་སྦྱོར་བདེ་བ་ཆེན་པོའི་སྒྲས༔ འཕགས་པ་མཆོད་ཅིང་གཞན་དོན་བྱས༔ ཡོངས་གྱུར་འབྲས་བུའི་ཧེ་རུ་ཀ༔ ཆེ་མཆོག་བཛྲ་ཐོད་ཕྲེང་རྩལ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད༔ རྒྱལ་འགོང་བདུད་བཞིའི་དཔྱི་ནས་བརྫིས༔ གཡས་དཀར་དགོད་ཅིང་གཤེ་བའི་ཞལ༔ གཡོན་དམར་ཨོཾ་གཙིགས་འཇིགས་པར་སྟོན༔ དབུས་མཐིང་རྔམས་བརྗིད་ཁྲོ་བོའི་ཞལཿ སྐུ་མཆོག་རིགས་ལྔ་དབུ་ལ་རྫོགས༔ རྡོ་རྗེའི་བྱ་ཁྱུང་སྤྱི་བོར་ལྡིང་༔ སྤྱན་དགུ་ལྗགས་འདྲིལ་མཆེ་བ་གཙིགས༔ གཡས་ཀྱི་དང་པོ་རྡོ་རྗེ་དང་༔ བར་པ་ཁ་ཊཾ་ཐ་མ་མེ༔ གཡོན་གྱི་དང་པོ་བྷནྡྷ་དམར༔ བར་པ་ཐོང་གཤོལ་ཐ་མ་ན༔ ལྕགས་ཀྱི་སྡིག་པ་མགོ་དགུ་བསྣམས༔ དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས༔ གནམ་ཞལ་ཡུམ་མཆོག་ཀུན་བཟང་སྦྱོར༔ གཡས་པས་གཙོ་འཁྱུད་ཁ་ཊཾ་བསྣམས༔ གཡོན་པ་ཆགས་པའི་དུང་དམར་སྟོབ༔ སྐུ་མདོག་སྔོན་མོ་རྒྱན་


JKT016_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན༔ བསྐལ་པའི་མེ་ཕུང་འབར་བའི་ཀློང་༔ དགའ་བཞི་བདེ་བ་ཆེན་པོར་བཞུགས༔ དཔལ་ཆེན་ཡབ་ཡུམ་སྦྱོར་མཚམས་ནས༔ ཕྱོགས་བཞི་མཚམས་བཞིའི་རྩིབས་སྟེངས་སུ༔ མཐིང་ནག་ཧཱུྃ་གི་ཡི་གེ་སྤྲོས༔ ཁྲག་འཐུང་ཡབ་ཡུམ་སྲས་བཅས་བསྐྱེད༔ ཧཱུྃཧཱུྃཧཱུྃཧཱུྃཧཱུྃ༔ཧཱུྃཧཱུྃཧཱུྃ༔ ཧཱུྃ་ཆེན་སྔགས་ཀྱི་སྒྲ་བསྒྲགས་པས༔ ཁྲོ་རྒྱལ་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བསྐལ་པའི་མེ་ལྟར་འབར་ཀློང་ནས རང་བྱུང་ཡེ་ཤེས་ཁྲོ་ཚོགས་ཤརཿ ཤར་དུ་བཛྲ་ཧེ་རུ་མཐིང་༔ རྡོ་རྗེ་གཡས་ལ་དུང་ཁྲག་གཡོན༔ བཛྲ་ཀྲོ་ཏཱི་ཤྭ་རི་སྦྱོར༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་སེར༔ བེ་ཅོན་གཡས་ལ་སྡིགས་མཛུབ་གཡོན༔ བེ་ཏ་ཟ་བྱེད་ནག་མོ་ཡུམ༔ ནུབ་ཏུ་དབང་ཆེན་རྟ་མགྲིན་དམར༔ རལ་གྲི་གཡས་ལ་པདྨ་གཡོན༔ པདྨ་གཟི་ལྡན་ཁྲོ་རྒྱལ་ཡུམ༔ བྱང་དུ་རྡོ་རྗེ་གཞོན་ནུ་ལྗང་༔ ཕྱག་གཉིས་རྡོ་རྗེ་ཕུར་བུ་འདྲིལ༔ འཁོར་བ་རྒྱས་མཐིང་ནག་བྱ་ཁྱུང་ཞིང་དབྱུག་ཐོགས༔ ཡུམ་ཆེན་ཉིད་ཞི་བདེ་མཆོག་མ༔ མ་ལྔ་ལ་སོགས་འཁོར་དང་བཅས༔ ལྷོ་ནབ་རིག་འཛིན་རྡོ་རྗེ་དཀར༔ ཐོད་དབྱུག་གཡས་ལ་དྲིལ་བུ་གཡོན༔ བདེ་ཆེན་རྡོ་རྗེ་རྣལ་འབྱོར་ཡུམ༔ ནུབ་བྱང་དྲེགས་པ་ཀུན་འདུལ་མཐིང་༔ ཐོ་བ་གཡས་ལ་མདུང་ཐུང་གཡོན༔ ཁམས་གསུམ་སྲིད་པ་སྤྱི་འདུལ་ཡུམ༔ བྱང་ཤར་སྟོབས་ལྡན་


JKT016_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཆེ༔ ལྕགས་ཀྱུ་གཡས་ལ་སྦྲུལ་ཞགས་གཡོན༔ འབྱུང་བ་ལྔ་ཡི་བདག་མོ་ཡུམ༔ གཟུགས་ཁམས་མཁར་འདེགས་འདོད་ཁམས་གནོན༔ ཀུན་ཀྱང་རིགས་བཞིའི་འཁོར་དང་བཅས༔ ཞབས་ཀྱིས་ལྷ་ཆེན་ཕོ་མོ་བརྫིས༔ ཆོས་ཉིད་མི་འགྱུར་ཡུམ་རྣམས་མཐིང་༔ གྲི་གུག་ཐོད་འཛིན་ཡབ་ལ་འཁྱུད༔ ཕྱི་རོལ་སྒོ་བ་རིགས་བཞི་ནི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཚོམ་བུ་དགུ་ཡི་དཀྱིལ་འཁོར་ལ བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཀུན༔ ཉི་ལས་འོད་ཟེར་བཞིན་དུ་ཤར༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ༔ ཅེས་གསལ་གདབ། ལྔ་པ་ནི། ཧཱུྃ། རང་ལས་ཤར་བའི་དཔལ་ཆེན་ཚོགས༔ མཐུ་རྩལ་ཡོངས་སུ་རྫོགས་བྱའི་ཕྱིརཿ སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང་༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རོ༔ ཨོཾ་ཨཱཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཧྲཱི༔ དྲུག་པ་ནི། རང་གི་འདུན་པ་སེམས་པ་དང་༔ སྙིང་གའི་འོད་ཀྱི་རོལ་པ་ཆེན་པོས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་གང་བའི་དཀྱིལ་འཁོར་གྱི་འཁོར་ལོར་བཛྲ་ས་མཱ་ཛ༔ ཧཱུྃ། འོག་མིན་ཆོས་དབྱིངས་བདེ་ཆེན་ཞིང་ཁམས་ནས༔ ལྷུན་གྲུབ་རོལ་པ་ཡེ་ཤེས་ཀློང་དགུའི་གར༔ ཞི་ཁྲོ་རབ་འབྱམས་དཔལ་ཆེན་བཀའ་བརྒྱད་ལྷ༔ གདུག་པ་འདུལ་ཕྱིར་གནས་འདིར་གཤེགས་སུ་གསོལ༔ ཨེ་ཧེ་ཧི་ཛཧཱུྃ་བཾ་ཧོ༔ ས་མ་ཡ་ཧཱུྃ་ཧཱུྃ་ཛ༔


JKT016_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་ནི། ཧཱུྃ། མ་དག་སྣང་བ་དག་པ་རབ་འབྱམས་ཀྱི༔ རྟེན་དང་བརྟེན་པའི་འཁོར་ལོར་ཡོངས་ཤར་བ༔ ཏིང་འཛིན་སྤྲུལ་པའི་ཞིང་མཆོག་ཉམས་དགའ་བརཿ དམ་ཡེ་གཉིས་མེད་ངོ་བོར་བརྟན་པར་བཞུགས༔ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན༔ བརྒྱད་པ་ནི། ཧཱུྃ། རང་བྱུང་རང་ཤར་སྤྲུལ་པའི་དཀྱིལ་འཁོར་ལ༔ བཟང་ངན་གཉིས་འཛིན་ཀུན་རྟོག་རྣམ་དག་ཀྱང་༔ རང་རིག་ཆོས་སྐུར་མཇལ་བའི་བརྡ་ཕྱག་གར༔ སྤང་བླང་མེད་པའི་ངང་ནས་བཙལ་བར་བགྱི༔ ཨ་ཏི་པཱུ་ཧོ༔ ན་མ་ཡཱ་མི༔ དགུ་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ མ་ཧཱ་ཛ་ན་ཏེ་ཏེ་ཧཱུཾ༔ ཏེ་ན་ཏེ་ཏེ་ཧཱུྃ༔ ཨོཾ་ཤྲཱི་བཛྲ་ས་པ་རི་ཝཱ་ར་དྷ་པེ་ཧཱུྃ༔ པུཤྲཱི་ཧཱུྃ༔ ཨཱ་ལོ་ཀེ་ཧཱུྃ༔ གནྡྷེ་ཧོ༔ ནཻ་ཝི་དྱེ་ཨཱ ཤརྡ་ཧཱུྃ༔ སརྦ་པཱུ་ཛ་ས་མ་ཡ་ཧོ༔ ཧ་ལ་པཉྩཔཱུ་ཛ་ཧོ༔ ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨམྲྀ་ཏ་ཧཱུྃ་ཧྲཱིཋཱ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བཛྲ་ཨ་མྲྀ་ཏ་ཛ་གད་པཱུ་ཛ་ཧོ༔ ཛཧཱུྃ་བཾ་ཧོ༔ ཏ་ན་ག་ཎ་པཱུ་ཛ་ཧོ༔ བཅུ་པ་ནི། ཧཱུྃ། མི་སྡུག་སྲིན་པོའི་སྐུ་ནི་སྒེག་ཅིང་དཔའ༔ དྲག་ཤུལ་རྡོ་རྗེའི་གད་མོ་གཤེ་བའི་སྒྲ༔ མཆོག་ཏུ་ཞི་བའི་ཐུགས་ནི་སྙིང་རྗེ་རྔམས༔ གར་དགུས་ས་གསུམ་རྣམ་གནོན་ཁྱོད་ལ་བསྟོད༔


JKT016_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་གཅིག་ལ་ཡེ་ཤེས་ཀློང་དགུའི་རྩལ༔ གདུལ་བྱའི་ཁམས་ལ་རྗེས་ཆགས་ཁྲོ་བོའི་ཉམས༔ རོལ་པའི་ཆོ་འཕྲུལ་མི་བཟད་འབར་བའི་སྐུ༔ བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་ལྷ་ལ་བསྟོད༔ ཅེས་བསྟོད་ཅིང་བསྐྱེད་རིམ་གྱི་གསལ་སྣང་དང་ང་རྒྱལ་ལ་སེམས་རྩེ་གཅིག་ཏུ་གཟུང་ཞིང་དག་དྲན་ལ་བསླབ། བཅུ་གཅིག་པ་ལ་བསྙེན་སྒྲུབ་ལས་གསུམ་ལས། དང་པོ་ཞི་བར་བསྙེན་པ་ནི། བདག་ཉིད་ཆེ་མཆོག་ཡབ་ཡུམ་གྱི༔ ཐུགས་མཆོག་འོད་ཀྱི་དྲྭ་བའི་ཀློང་༔ གསལ་སྟོང་ཟུང་འཇུག་ཉི་ཟླའི་སྟེང་༔ ཀུན་བཟང་ཡབ་ཡུམ་ཞལ་སྦྱོར་ལ༔ རྡོ་རྗེ་སྐྱིལ་ཀྲུང་མཉམ་གཞག་ཅན༔ ཐུགས་ཀར་བདེ་གཤེགས་ཀུན་གྱི་སྲོག༔ ཡི་གེ་འབྲུ་གསུམ་བརྩེགས་མར་གསལ༔ དེ་ལས་འོད་འཕྲོས་སྣང་སྲིད་ཀུན༔ ཡེ་ཤེས་ལྔ་རུ་སངས་རྒྱས་གྱུར༔ འཁོར་འདས་རོ་གཅིག་ལྟ་བའི་ངང༔ ཨོ་ཨཱཧཱུྃ༔ ཞེས་ཡིད་བཟླས་སམ་ཤུབ་བུར་བཟླ། བསྙེན་པའི་ཚད་ནི་བྱེ་བ་གསུམ་མོ། །གཉིས་པ་ཁྲོ་བོར་སྒྲུབ་པ་ནི། ཡེ་ཤེས་རྒྱལ་པོ་སྟང་དཔྱལ་གྱི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ གསེར་གྱི་རྡོ་རྗེ་རྭ་དགུ་པའི༔ དབུས་རྭར་ཏིང་འཛིན་སེམས་དཔའ་ཧཱུྃ༔ རྭ་བརྒྱད་མདུན་ནས་རིམ་པ་བཞིན༔ ཐོག་མཐའ་གཉིས་དང་གྲོང་ཁྱེར་དྲུག ཀུན་ཀྱང་ཐུགས་ཀའི་ཧཱུྃ་ལ་བལཿ ཤིན་ཏུ་ཕྲ་ཞིང་འོད་ཟེར་འབར༔ ཨོཾ་གུ་རུ་ཤྲཱི་བཛྲ་ཡཀཱ་ཀྲོ་དྷ་ཙིཏྟ་ཧཱུྃ༔ ལྷ་ལ་གསལ་སྣང་ཐོན་པ་དང་༔ འཕྲོ་འདུའི་གཟེར་ལ་ལྡེ་ཁ་བསྒྱུར༔ རང་རང་སྔགས་ཀྱི་ཡིག་འབྲུ་ལསཿ སྔགས་ཕྲེང་ལུ་


JKT016_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རྒྱུད་དུ་ཐོན༔ ཡབ་ནས་ཡུམ་གྱི་ཞལ་དུ་ཞུགསཿ སྐུ་ཡི་དབྱིབས་བརྒྱུད་མཁའ་གསང་ནསཿ རྡོ་རྗེ་ནོར་བུའི་ལམ་ཞུགས་ཏེ༔ ཐུགས་སྲོག་ཧཱུྃ་ལ་ཐིམ་ཞིང་འཁོར༔ བདེ་བ་ཆེན་པོའི་འོད་ཟེར་གྱིས༔ རྒྱལ་བ་མཆོད་ཅིང་དངོས་གྲུབ་དབྱིག༔ ཐམས་ཅད་བསྡུས་ནས་རང་ལ་བསྟིམསཿ སླར་འཕྲོས་འགྲོ་བའི་ལས་ཉོན་སྦྱངས༔ ཞེས་པའི་དམིགས་པ་རྩེ་གཅིག་པ་དང་བཅས་རྩ་སྔགས་ཡི་གེ་བཅུ་གསུམ་པ་གཙོ་བོར་བཟླ་ཞིང་། སྐབས་སུ་ཟབ་མོ་ཐུགས་ཀྱི་སྒྲུབ་པའི་ཡང་སྙིང་ཧཱུྃ་ཧཱུྃ་ཧཱུྃ་ཞེས་པའང་བཟླ། སྤྱི་དྲིལ་བཟླ་བར་མོས་ན་དོ་ལིའི་ཛཔྲ་དགོངས་དང་། ལྷ་ཚོགས་ཀུན་ཀྱང་སྤྱི་དྲིལ་སྔགས༔ འུར་ཆེམ་འབྲུག་གི་སྒྲ་བཞིན་སྒྲོགས༔ ལྔ་ལྡན་འོད་ཀྱིས་སྟོང་གསུམ་གང་༔ འདོན་ཞི་ཞིང་ཚེ་དཔལ་རྒྱས༔ ཁམས་གསུམ་དབང་འདུས་དམིགས་བྱ་བསལ༔ རིག་འཛིན་བཞི་ཡི་གནས་ཐོབ་གྱུར༔ ཅེས་དམིགས་ལ། ཨོཾ་བཛྲ་ཙཎྚ་སརྦ་དུཥྚ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་བཟླ དེའང་། གཙོ་ལ་འབྲུ་འབུམ་ལས་རུང་སྟེ༔ གཞན་དུ་དེ་ཡི་བཞི་འགྱུར་ལ༔ སྤྱི་དྲིལ་བཅུ་ཆ་དག་ཏུའོ༔ ཞེས་གསུངས་སོ། །གསུམ་པ་བསྙེན་སྒྲུབ་སྔོན་དུ་ཐེམས་པས་ལས་སྦྱོར་གྱི་བཟླས་པ་བྱེད་པར་སྤྲོ་ན་གཞུང་དུ་ཤེས། གང་ལྟར་ཡང་བཟླས་པ་བསྡུ་བ་ན། དབྱངས་གསལ་རྟེན་སྙིང་ཡི་གེ་བརྒྱ་པས་སྔགས་ཀྱི་ལྷག །ཆད་ཁ་བསྐང་ཞིང་ནུས་པ་སྤེལ། སྟོང་ཚིགས་ཀྱི་མཆོད་བསྟོད་ཀྱང་བྱའོ། །བཅུ་གཉིས་པ་ནི། ཐུན་མཚམས་སུ་ཚོགས་མཆོད་མདོར་བསྡུས་བྱ་བར་སྤྲོ་ན་དམ་རྫས་སུ་འོས་པའི་ཐབས་ཤེས་བཟའ་བཏུང་གི་ཚོགས་བཤམས་


JKT016_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདུད་རྩིས་བསངས་ཤིང་བྱིན་གྱིས་བརླབ་པ་ནི། ཧཱུྃ། དཔལ་ཆེན་ཐུགས་ལས་རི་ཡཾ་ཁཾ༔ འཕྲོས་པས་ཚོགས་ཀྱི་དངོས་འཛིན་སྦྱངས༔ སྣང་སྲིད་བདེ་ཆེན་ཀ་པཱ་ལརཿ བཅུད་རྣམས་རིགས་ལྔའི་དམ་རྫས་གྱུར༔ ཨོཾ་ཨཱཧཱུྃ་ཧ་ཧོ་ཧི༔ སྤྱན་འདྲེན་ནི། ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་དང་༔ ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས༔ རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ནས༔ དཔལ་ཆེན་དཀྱིལ་འཁོར་ལྷ་ཚོགས་དང་༔ གནས་ཡུལ་དུར་ཁྲོད་བརྒྱད་རྣམས་ན༔ བཞུགས་པའི་དཔའ་བོ་མཁའ་འགྲོ་དང་༔ ཤུགས་འགྲོ་རྣལ་འབྱོར་ཞིང་སྐྱོང་རྣམསཿ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་དེ་བ་ཌཱ་ཀ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་མ་ཡ་ཛ༔ ཕུད་དང་པོ། ཧཱུྃ། སངས་རྒྱས་དམ་ཚིག་བླ་ན་མེད༔ ཕྱི་ནང་གསང་བ་རྨད་བྱུང་ཚོགས༔ དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལཿ ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་བཤགས་པ་དང་། ཐ་མ་བསྒྲལ་མཆོད་གཞུང་ལྟར་རམ་བསྡུ་ན། ཧཱུཾ། བདག་གི་ཚེ་རབས་ཐོག་མེད་ནས༔ གསང་སྔགས་ཐེག་ཆེན་སྒོར་ཞུགས་ཏེ༔ རྩ་བ་ཡན་ལག་དམ་ཉམས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ ཧེ་རུ་ཀའི་ཡིག་བརྒྱ་བཟླ། ཧཱུྃ། མ་རིག་ལས་ཉོན་གཟུང་འཛིན་གྱིས༔ བསྐྱེད་པའི་བདག་འཛིན་རུ་དྲ་ཀུན༔ གཟུགས་ལ་ཕོབ་ཅིག་ནི་ཏྲི་ཛ༔ རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊ༔ གཟུགས་ཕུང་


JKT016_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་འཁོར་ལོར་རོལཿ མཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བྷ་སུ་ཏ་ཀཾ་ནི་རི་ཏི་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྤྲོ་ན་སྐོང་བཤགས་རྡོ་རྗེའི་ཐོལ་གླུས་ཐུགས་དམ་བསྐང་། རྣལ་འབྱོར་པ་རྣམས་ཀྱིས་ཚོགས་ཀྱི་འདོད་ཡོན་ལོངས་སྤྱད་པའི་རྗེས་ལྷག་མ་བསྔོ་བ་ནི། ཞིང་ལྤགས་ཀྱི་སྟེང་དུ་གཞག །ཧེ་རུ་ཀའི་དམ་རྒྱས་ཁ་ཕྲུ་དབབ། ཨ་ཀཱ་རོས་བརླབ་ཅིང་བཤུག་གླུ་དང་བཅས་ལྷག་སྡུད་སྤྱན་དྲངས་ལ། ཧཱུྃ། རྣམ་དག་རང་བཞིན་ཞི་བ་ལསཿ བཅོམ་ལྡན་དཔལ་ཆེན་སྤྲུལ་པ་ནི༔ ཐབས་ཤེས་ཟླ་གསང་རོལ་པ་ལས༔ དཀྱིལ་འཁོར་མུ་རན་སྐྱོང་བ་རྣམས༔ ཕམ་ཕབས་ལོངས་ལ་བསྟན་པ་སྲུངས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ལྷག་མ་གཏོང་། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །བཅུ་གསུམ་པ་ལ། དངོས་གྲུབ་བླང་ཞིང་ནོངས་པ་བཤགས། །བསྡུ་ལྡང་བསྔོ་སྨོན་བཀྲ་ཤིས་སོ། །ཞེས་ལྔ་ལས། དང་པོ་ནི། མཆོད་ཅིང་བསྟོད་ལ། ཧཱུྃ། བྱིན་རླབས་ཀུན་གྱི་རྩ་བ་བླ་མ་ནི༔ དངོས་གྲུབ་སྩོལ་ཕྱིར་དཔལ་ཆེན་རོལ་པའི་ལྷ༔ རྣམ་ཐར་སྒོ་གསུམ་ཐུགས་ཀྱི་དཀྱིལ་འཁོར་ནསཿ རང་བཞིན་ཡོངས་གྲུབ་བྱང་ཆུབ་སེམས་ཀྱི་དངོས༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ ས་བཅུ་ལམ་ལྔ་དབང་བཅུ་ཕྱི་ནང་གཉིས༔ རིག་འཛིན་བཞི་དང་སྐུ་ལྔ་ཡེ་ཤེས་ལྔ༔ གྲུབ་ཆེན་


JKT016_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དང་ཕྲིན་ལས་རྣམ་པ་བཞི༔ འཁོར་བའི་རང་བཞིན་གློ་བུར་སྒྲིབ་པ་གཉིས༔ ཀུན་གཞིའི་ཁམས་ལ་བག་ལ་ཉལ་གྱི་ཚུལ༔ ཤིན་ཏུ་རྣམ་དག་རྣམ་ཀུན་མཆོག་ལྡན་གྱི༔ དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ༔ རྩ་སྔགས་མཐར། དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ གཉིས་པ་ནི། ཡི་གེ་བརྒྱ་པ་ལན་མང་དུ་བཟླས་པས་ནོངས་པ་བཤགས། གསུམ་པ་ནི། ཧཱུྃ། སྣོད་བཅུད་ལྷ་དང་གཞལ་ཡས་སུ༔ %ཤར་བ་དག་པའི་སྣོད་བཅུད་ཀྱང་༔ རྟེན་ཉིད་བརྟེན་པ་ལྷ་རྣམས་ཀྱང་༔ གཙོ་བོ་ལ་ཐིམ་དེ་ཡང་ཧཱུྃ༔ ཞབས་ཀྱུ་ནས་བཟུང་ནཱ་དའི་བར༔ རིམ་ཡལ་གདོད་མའི་གཤིས་སུ་ཨ ཞེས་མཉམ་པར་གཞག །སྤྱོད་ལམ་གྱི་རྣལ་འབྱོར་དུ་ལྡང་བ་ནི། སླར་ཡང་རིག་པ་བྱང་ཆུབ་སེམས༔ རྗེས་ཐོབ་གཉུག་མའི་ཧེ་རུ་ཀཿ ཕྱག་རྒྱ་གཅིག་པའི་གནས་གསུམ་དུ༔ ཡི་གེས་མཚན་པས་རྣམ་རྟོག་སྲུངས༔ བཛྲ་རཀྵ་ཧཱུྃ༔ ཞེས་རྡོ་རྗེའི་གོ་བགོ་ཞིང་། ཡི་གེ་བརྒྱ་པས་བརྟན་པར་བྱའོ། །བཞི་པ་ནི། ཧཱུྃ། །སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་ངང་༔ བསོད་ནམས་ཡེ་ཤེས་རིམ་གཉིས་རྣལ་འབྱོར་ཚོགསཿ མི་གནས་ཡེ་ཤེས་མྱ་ངན་འདས་པར་བསྔོ༔ ཀུན་ཀྱང་དཔལ་ཆེན་གོ་འཕང་ཐོབ་པར་ཤོག༔ ལན་གསུམ། ལྔ་པ་ནི། རང་གཞུང་ངམ་རིག་འཛིན་གྱི་ལས་བྱང་སོགས་ལས་འབྱུང་བའི་ཤིས་བརྗོད་གང་རུང་དང་བཅས་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། །ཞེས་པའང་རྒྱུན་གྱི་རྣལ་འབྱོར་དང་།


JKT016_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཆེན་སོགས་ཐུན་དྲུག་ཏུ་གཞུང་བསྲང་བའི་སྐབས་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། གཏེར་གཞུང་རྡོ་རྗེའི་གསུང་ཇི་ལྟ་བར་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་འཇིགས་མེད་གྲུབ་པའི་སྡེས་ཉུང་གསལ་སྙིང་པོར་དྲིལ་བའི་དགེ་བས་མཐའ་ཡས་པའི་འགྲོ་། ཀུན་དཔལ་ཧེ་རུ་ཀའི་གོ་འཕང་ལ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ།། །།

རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་རྒྱུན་ཁྱེར་ཕྱག་རྒྱ་གཅིག་པ།


JKT016_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་རྒྱུན་ཁྱེར་ཕྱག་རྒྱ་གཅིག་པ་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ཤྲཱི་ཡེ། རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་རྒྱུན་ཁྱེར་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ལ་གཉིས། དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ལ་གསུམ། སྦྱོར་བ་ཚོགས་བསག་པ། དངོས་གཞི་བསྐྱེད་བཟླས་ཀྱི་རྣལ་འབྱོར། རྗེས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པའོ། །དང་པོ་ནི། ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ ཞེས་སོགས་ལན་གསུམ་གྱིས་ཚོགས་བསགས་རྗེས་རང་ལ་བསྟིམ། གཉིས་པ་ལ་གཉིས། ལྷ་བསྐྱེད་པ་དང་། སྔགས་བཟླ་བའོ། །དང་པོ་ནི། ཧཱུྃ། རང་བྱུང་རིག་པ་དེ་བཞིན་ཉིད༔ རོལ་རྩལ་ཀུན་སྣང་སྙིང་རྗེའི་གདངས༔ རྒྱུ་ཡི་ཧཱུྃ་གིས་སྣོད་བཅུད་སྦྱངས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང་༔ ཕྱི་རོལ་རྡོ་རྗེའི་སྲུང་འཁོར་དང་༔ དྲག་པོའི་གཞལ་ཡས་མཚན་རྫོགས་དབུས༔ བྱོལ་སོང་དྲེགས་པ་པད་ཉིའི་གདན༔ དེ་སྟེང་ཧཱུྃ་བབས་ཡོངས་གྱུར་ལས༔ རྡོ་རྗེ་སྔོན་པོ་རྩེ་ལྔ་པ༔ དེ་ལས་སྐད་ཅིག་དྲན་རྫོགས་སུ༔ ཆེ་མཆོག་བཛྲ་ཐོད་ཕྲེང་རྩལ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད༔ རྒྱལ་འགོང་བདུད་བཞིའི་དཔྱི་ནས་བརྫིས༔ གཡས་དཀར་དགོད་ཅིང་གཤེ་བའི་ཞལ༔ གཡོན་དམར་ཨཾ་གཙིགས་འཇིགས་པར་སྟོན༔ དབུས་མཐིང་རྔམས་བརྗིད་ཁྲོ་བོའི་ཞལ༔ སྐུ་མཆོག་རིགས་ལྔ་དབུ་ལ་རྫོགས༔


JKT016_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་བྱ་ཁྱུང་སྤྱི་བོར་ལྡིང་༔ སྤྱན་དགུ་ལྗགས་འདྲིལ་མཆེ་བ་གཙིགས༔ གཡས་ཀྱི་དང་པོ་རྡོ་རྗེ་དང་༔ བར་པ་ཁ་ཊཾ་ཐ་མ་མེ༔ གཡོན་གྱི་དང་པོ་བྷནྡྷ་དམར༔ བར་པ་ཐོང་གཤོལ་ཐ་མ་ན། ལྕགས་ཀྱི་སྡིག་པ་མགོ་དགུ་བསྣམས༔ དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས༔ གནམ་ཞལ་ཡུམ་མཆོག་ཀུན་བཟང་སྦྱོར༔ གཡས་པ་གཙོ་འཁྱུད་ཁ་ཊཾ་བསྣམས༔ གཡོན་པ་ཆགས་པའི་དུང་དམར་སྟོབ༔ སྐུ་མདོག་སྔོན་མོ་རྒྱན་དང་ལྡན༔ བསྐལ་པའི་མེ་ཕུང་འབར་བའི་ཀློང་༔ དགའ་བཞི་བདེ་བ་ཆེན་པོར་བཞུགས༔ དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར༔ ཅེས་བརྗོད་ཅིང་བསམས་ལ་ལྟར་སྣང་སྒྱུ་མ་ལྟ་བུ་ལ་སེམས་ཡུན་རིང་དུ་གཟུང་། གཉིས་པ་ལ་གཉིས། བསྙེན་པ་དང་། སྒྲུབ་པའོ། །དང་པོ་ནི། བདག་ཉིད་ཆེ་མཆོག་ཡབ་ཡུམ་གྱི༔ ཐུགས་མཆོག་འོད་ཀྱི་དྲ་བའི་ཀློང་༔ གསལ་སྟོང་ཟུང་འཇུག་ཉི་ཟླའི་སྟེང་༔ ཀུན་བཟང་ཡབ་ཡུམ་ཞལ་སྦྱོར་ལ༔ རྡོ་རྗེ་སྐྱིལ་ཀྲུང་མཉམ་གཞག་ཅན༔ ཐུགས་ཀར་བདེ་གཤེགས་ཀུན་གྱི་སྲོག༔ ཡི་གེ་འབྲུ་གསུམ་བརྩེགས་མར་གསལ༔ དེ་ལས་འོད་འཕྲོས་སྣང་སྲིད་ཀུན༔ ཡེ་ཤེས་ལྔ་རུ་སངས་རྒྱས་གྱུར༔ འཁོར་འདས་རོ་གཅིག་ལྟ་བའི་ངང་༔ ཨོཾ་ཨཱཧཱུྃ༔ ཞེས་ཡིད་བཟླས་སམ་ཤུབ་བུར་བཟླ། གཉིས་པ་ནི། ཡེ་ཤེས་རྒྱལ་པོ་སྟང་དཔྱལ་གྱི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ གསེར་གྱི་རྡོ་རྗེ་རྭ་དགུ་པའི༔


JKT016_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་རྭར་ཏིང་འཛིན་སེམས་དཔའ་ཧཱུྃ༔ རྭ་བརྒྱད་མདུན་ནས་རིམ་པ་བཞིན༔ ཐོག་མཐའ་གཉིས་དང་གྲོང་ཁྱེར་དྲུག༔ ཀུན་ཀྱང་ཐུགས་ཀའི་ཧཱུྃ་ལ་བལྟ༔ ཤིན་ཏུ་ཕྲ་ཞིང་འོད་ཟེར་འབར༔ ཨོཾ་གུ་རུ་ཤྲཱི་བཛྲ་ཡཀཱ་ཀྲོ་དྷ་ཙིཏྟ་ཧཱུྃ༔ ལྷ་ལ་གསལ་སྣང་ཐོན་པ་དང་༔ འཕྲོ་འདུའི་གཟེར་ལ་ལྡེ་ཁ་བསྒྱུར༔ རང་རང་སྔགས་ཀྱི་ཡིག་འབྲུ་ལས༔ སྔགས་ཕྲེང་ལུ་གུ་རྒྱུད་དུ་ཐོན༔ ཡབ་ནས་ཡུམ་གྱི་ཞལ་དུ་ཞུགས༔ སྐུ་ཡི་དབྱིབས་བརྒྱུད་མཁའ་གསང་ནས༔ རྡོ་རྗེ་ནོར་བུའི་ལམ་ཞུགས་ཏེ༔ ཐུགས་སྲོག་ཧཱུྃ་ལ་ཐིམ་ཞིང་འཁོརཿ བདེ་བ་ཆེན་པོའི་འོད་ཟེར་གྱིས༔ རྒྱལ་བ་མཆོད་ཅིང་དངོས་གྲུབ་དབྱིག༔ ཐམས་ཅད་བསྡུས་ནས་རང་ལ་བསྟིམས༔ སླར་འཕྲོས་འགྲོ་བའི་ལས་ཉོན་སྦྱངས༔ ཞེས་དམིགས་ཤིང་བཟླ། སྤྲོ་ན་ཧཱུྃ་བཟླས་ཀྱང་བྱ། གསུམ་པ་ནི། རྟེན་དང་བརྟེན་པའི་སྣང་ཆ་ཀུན། །འོད་གསལ་གདོད་མའི་གཤིས་སུ་ཐིམ། །སླར་ཡང་ཟུང་འཇུག་སྒྱུ་མའི་སྐུའི། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན། །བཛྲ་རཀྵ་ཧཱུཾ། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྦྱོར་ལམ་ལ་འཇུག་གོ། །གཉིས་པ་ཞར་བྱུང་ལྷ་ཚོགས་ཡོངས་རྫོགས་ལུས་དཀྱིལ་ལྟར་བསྒོམ་པར་སྤྲོན། ཚོགས་བསག་ནས་བཟུང་སྟེ། དགའ་བཞི་བདེ་བ་ཆེན་པོར་བཞུགས༔ ཞེས་པའི་བར་གོང་ལྟར་ལ། དེ་ནས། དཔལ་ཆེན་


JKT016_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་སྦྱོར་མཚམས་ནས༔ མཐིང་ནག་ཧཱུྃ་གི་ཡི་གེ་སྤྲོསཿ རྡོ་རྗེའི་སྐུ་ཡི་གནས་རྣམས་སུ༔ ཁྲག་འཐུང་ཡབ་ཡུམ་སྲས་བཅས་བསྐྱེད༔ ཧཱུྃ༔ཧཱུྃཧཱུྃཧཱུྃཧཱུྃཧཱུྃཧཱུྃཧཱུྃ༔ ཧཱུྃ་ཆེན་སྔགས་ཀྱི་སྒྲ་བསྒྲགས་པས༔ ཁྲོ་རྒྱལ་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བསྐལ་པའི་མེ་ལྟར་འབར་ཀློང་ནས༔ རང་བྱུང་ཡེ་ཤེས་ཁྲོ་ཚོགས་ཤར༔ སྤྱི་བོར་འཇམ་དཔལ་གཤིན་རྗེ་སེརཿ བེ་ཅོན་གཡས་ལ་སྡིགས་མཛུབ་གཡོན༔ མགྲིན་པར་དབང་ཆེན་རྟ་མགྲིན་དམར༔ རལ་གྲི་གཡས་ལ་པདྨ་གཡོན༔ ཐུགས་ཀར་བཛྲ་ཧེ་རུ་མཐིང་༔ རྡོ་རྗེ་གཡས་ལ་དུང་ཁྲག་གཡོན༔ ལྟེ་བར་རྡོ་རྗེ་གཞོན་ནུ་ལྗང་༔ ཕྱག་གཉིས་རྡོ་རྗེ་ཕུར་བུ་འདྲིལ༔ གསང་བར་བླ་མེད་ཧེ་རུ་ཀ༔ མཐིང་ནག་བྱ་ཁྱུང་ཞིང་དབྱུག་ཐོགས༔ སྤྱི་གཙུག་རིག་འཛིན་རྡོ་རྗེ་དཀར༔ ཐོད་དབྱུག་གཡས་ལ་དྲིལ་བུ་གཡོན༔ བརླ་གཡས་དྲེགས་པ་ཀུན་འདུལ་མཐིང་༔ ཐོ་བ་གཡས་ལ་མདུང་ཐུང་གཡོན༔ བརླ་གཡོན་སྟོབས་ལྡན་ནག་པོ་ཆེ༔ ལྕགས་ཀྱུ་གཡས་ལ་སྦྲུལ་ཞགས་གཡོན༔ ཀུན་ཀྱང་རིགས་བཞིའི་འཁོར་དང་བཅས༔ ཞབས་ཀྱིས་ལྷ་ཆེན་ཕོ་མོ་བརྫིསཿ ཆོས་ཉིད་མི་འགྱུར་ཡུམ་རྣམས་མཐིང་༔ གྲི་གུག་ཐོད་འཛིན་ཡབ་ལ་འཁྱུད༔ ཡན་ལག་སྒོ་བ་རིགས་བཞི་ནི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཚོམ་བུ་དགུ་ཡི་གཙོ་མཆོག་ལས༔


JKT016_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཀུན༔ ཉི་ལས་འོད་ཟེར་བཞིན་དུ་ཤར༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ༔ དམ་ཚིག་ཡེ་ཤེས་དབྱེར་མེད་གྱུརཿ ཅེས་རྡོ་རྗེའི་ལུས་ལ་གདོད་ནས་གྲུབ་པའི་གཉུག་མའི་ལྷ་སྔགས་ཀྱི་རྐྱེན་གྱིས་སད་པས་གཙོ་བོ་རྣམས་ཞལ་ཕྱག་ཡོངས་རྫོགས་དང་འཁོར་རྣམས་མོས་བསྐྱེད་ཀྱི་ཚུལ་དུ་གསལ་གདབ། བསྙེན་སྒྲུབ་ཀྱི་བཟླས་པ་གོང་ལྟར་དང་། ཁྲོ་བོ་སྤྱི་སྔགས་བཟླ་བར་སྤྲོ་ན། སྐུའི་གནས་ཀྱི་ལྷ་སོ་སོར་སྔགས་ཕྲེང་དོ་ལིའི་དམིགས་པ་དང་། ལྷ་ཚོགས་ཀུན་ཀྱང་སྤྱི་དྲིལ་སྔགས༔ འུར་ཆེམ་འབྲུག་གི་སྒྲ་བཞིན་སྒྲོགས༔ ལྔ་ལྡན་འོད་ཀྱིས་སྟོང་གསུམ་གང་༔ ནད་གདོན་ཞི་ཞིང་ཚེ་དཔལ་རྒྱས༔ ཁམས་གསུམ་དབང་འདུས་དམིགས་བྱ་བསྒྲལ༔ རིག་འཛིན་བཞི་ཡི་གནས་ཐོབ་གྱུར༔ ཅེས་བརྗོད་ཅིང་དམིགས་ལ། ཨོཾ་བཛྲ་ཙཎྚ་སརྦ་དུཊྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་ཅི་ནུས་བཟླ། རྗེས་ཉེར་བསྡུ་སོགས་འདྲའོ། །དེའང་བསྙེན་སྒྲུབ་སྔོན་དུ་མ་སོང་བའི་ལས་དང་པོ་པའི་རྒྱུན་ཁྱེར་ལ་སྔ་མ་དང་། བསྙེན་སྒྲུབ་ཐེམས་ཤིང་རྩ་བའི་བསྐྱེད་རིམ་ལ་གསལ་བརྟན་ཅི་རིགས་པ་ཐོབ་པས་གཙོ་བོར་ལུས་དཀྱིལ་ལྟར་ཉམས་སུ་བླངས་ན་ལེགས་པར་འགྱུར་རོ། །ཞེས་པའང་གཏེར་གཞུང་རྩ་བའི་དགོངས་དོན་རྒྱུད་སྡེའི་རིང་ལུགས་དང་འབྲེལ་བར་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་ཀྱིས་བྲིས་པ་དགེ། །།སརྦ་མངྒ་ལཾ།

བདུད་རྩི་ཆིག་སྒྲུབ།


JKT016_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་བི་ཤྭ་བི་ཤུདྡྷེ་ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཕཊ་ཛ༔ བདག་གི་ཐུགས་ཀ་ནས་ཡེ་ཤེས་པ་ལོགས་སུ་བྱེ་སྟེ་མདུན་གྱི་རྟེན་དང་དབྱེར་མེད་དུ་བཞུགས་པ་ཡོངས་སུ་གྱུར་པ་ལས། སྟོང་པའི་ངང་ལས་རླུང་མེ་དང་། །ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་། །ཨཱ་ལས་ཡེ་ཤེས་ཀ་པཱ་ལ། །ཡངས་ཤིང་རྒྱ་ཆེའི་ནང་ཁོངས་སུ། །ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ། །རིགས་ལྔ་ཡབ་ཡུམ་འབྲུ་བཅུས་མཚན། །རླུང་གཡོས་མེ་སྦར་ཐོད་པ་དྲོས། །བསྐོལ་ཞིང་འོད་དུ་ཞུ་བ་ལས། །བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས། །ཕོ་བྲང་གཞལ་མེད་ཉམས་དགའ་བ༔ གྲུ་བཞི་སྒོ་བཞི་མཚན་ཉིད་ལྡན༔ བརྡ་དོན་རྟགས་གསུམ་ཡོངས་རྫོགས་པའི༔ ཕྱི་ནང་ཟང་ཐལ་ཆེན་པོའི་དབུས༔ སྣ་ཚོགས་པདྨ་ཉི་ཟླའི་སྟེང་༔ ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུ༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔ ཞེས་སོགས་ནས་བསྟོད་པའི་བར་ལས་གཞུང་ལྟར་སོང་རྗེས། གཟུངས་ཐག་ནས་བཟུང་ལ། རང་གི་ཐུགས་ནས་འོད་འཕྲོས་པས། །མདུན་བསྐྱེད་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །དེ་ལས་བདེ་སྟོང་རོལ་པ་ཡི། །འོད་ཟེར་དཔག་ཡས་མཁའ་ཁྱབ་འཕྲོས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །རྩ་བརྒྱུད་རིག་འཛིན་བླ་མའི་ཚོགས། །ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ། །གནས་གསུམ་དཔའ་བོ་རྣལ་འབྱོར་མའི། །སྐུ་


JKT016_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་ཡེ་ཤེས་དང་། །བརྟན་གཡོ་སྲིད་ཞིའི་དྭང་བཅུད་ཀུན། །བདེ་བ་ཆེན་པོའི་རྣམ་པར་བསྡུས། །ཞལ་ཞུགས་སྐུ་ཡི་དབྱིབས་བརྒྱུད་ནས། །ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ལས། །ཆར་ལྟར་བབས་ཏེ་བཅུད་ལ་ཐིམ། །མཐོང་ཚོར་མྱོང་རེག་གྲོལ་བ་ཡི། །ཡེ་ཤེས་བདུད་རྩི་ཆེན་པོར་གྱུར། །བསྙེན་སྒྲུབ་ཀྱི་སྔགས་མཐར། །ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཏྟཱ། ཞེས་དགུ་པའི་ཛཔྲ་བཏགས་ལ་བཟླས་མཐར་མཆོད་བསྟོད་བྱ། དྲག་སྔགས་ཀྱིས་བགེགས་བསལ། བྱིན་འབེབས་ཀྱིས་གཟི་བྱིན་སྦར། ཚོགས་ཀྱི་འཁོར་ལོས་དགྱེས་པ་བསྐྱེད་པ་སོགས་ནས་ནོངས་བཤགས་བར་དཀྱུས་ལྟར། མདུན་བསྐྱེད་ཀྱི་ལྷ་འོད་དུ་ཞུ་བ་ལས་མྱོང་གྲོལ་བདུད་རྩིའི་ཕུང་པོར་གྱུར་། །ཅེས་བརྗོད་ཅིང་བསམས་ལ་བརྟན་བཞུགས། བསྡུ་ལྡང་། བསྔོ་སྨོན། བཀྲ་ཤིས་བྱའོ།། །།

གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བརྒྱུད་འདེབས་བྱིན་རླབས་དཔལ་སྟེར་།


JKT016_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བརྒྱུད་འདེབས་བྱིན་རླབས་དཔལ་སྟེར་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་ར་ཝེ། འཆི་མེད་ཐོག་མའི་མགོན་པོ་འོད་མཐའ་ཡས། །སྙིང་རྗེའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས། །ཟུང་འཇུག་སྤྲུལ་པའི་རྣམ་རོལ་མཚོ་སྐྱེས་རྗེར། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །མཁའ་སྤྱོད་ཌཱ་ཀིའི་གཙོ་མོ་མཚོ་རྒྱལ་ཡུམ། །འཇམ་དཔལ་དབྱངས་དངོས་ཁྲི་སྲོང་ལྡེའུ་བཙན། །ཀུན་མཁྱེན་ཆོས་རྗེ་དྲི་མེད་འོད་ཟེར་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཇིགས་མེད་གླིང་། །ཕྱག་ན་པདྨོ་རྒྱལ་བའི་མྱུ་གུའི་ཞབས། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ༴ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ངེས་འབྱུང་བྱང་ཆུབ་སེམས་གཉིས་རབ་རྒྱས་ཤིང་། །སྨིན་གྲོལ་ཟབ་མོའི་ཐབས་མཁས་ལ་བརྟེན་ནས། །ཟུང་འཇུག་འཕགས་པའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་བསམ་ཡས་རྟ་མགྲིན་གླིང་དུ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་ཚོགས་ཀྱི་འཁོར་ལོའི་འདུ་བ་བརྒྱ་ཕྲག་ཐལ་བ་བགྱིས་པའི་ཚེ་རིག་པ་འཛིན་པ་འཇིགས་པ་མེད་པའི་སྡེས་གང་ཤར་གསོལ་བ་བཏབ་པ་སིདྡྷི་རསྟུ།།

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་སེམས་མ་བཞིའི་མངོན་རྟོགས།


JKT016_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་སེམས་མ་བཞིའི་མངོན་རྟོགས་ནི། ལས་གཞུང་གི། ཕྱོགས་བཞིར་པདྨ་འདབ་བཞིའི་གདན་སྟེང་དུ། །ཞེས་པའི་འཚམས། ཤར་དུ་རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀར། །ཕྱག་གཡས་མཆོག་སྦྱིན་ཨུཏྤལ་དཀར་པོ་དང་། །གཡོན་པས་མཉམ་གཞག་འཆི་མེད་ཚེ་བུམ་འཛིན། །ཞབས་གཉིས་སེམས་མའི་སྐྱིལ་མོ་ཀྲུང་གིས་བཞུགས། །ལྷོ་རུ་འོད་ཟེར་ཅན་མ་གསེར་གྱི་མདོག ཞབས་གཉིས་དོར་སྟབས་ཞི་ཁྲོའི་ཉམས་དང་ལྡན། །ཞལ་གཅིག་ཟུར་ཞལ་གྱེན་དུ་གཟིགས་པའི་ཚུལ། །ཕྱག་གཉིས་ནོར་བུ་ཉི་ཟླའི་ཞགས་པ་གདེངས། །ནུབ་ཏུ་ཀུ་རུ་ཀུལླེ་པད་རག་མདངས། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་བརྐྱང་བསྐུམ་བཞུགས། །རྩ་ཕྱག་པདྨ་དམར་པོའི་མདའ་གཞུ་བཀང་། །ལྷག་མ་རྣམ་གཉིས་ལྕགས་ཀྱུ་ཞགས་པ་གདེངས། །བྱང་དུ་ནོར་རྒྱན་ལྷ་མོ་སྐུ་མདོག་ལྗང་། །ཡིད་བཞིན་འདོད་པ་འཇོ་བའི་གཏེར་བུམ་སྟེང་། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་མཉམ་སྟབས་བཞེངས། །ཕྱག་གཡས་ནོར་བུ་གཡོན་པས་ནེའུ་ལེ་འཛིན། །ཀུན་ཀྱང་རང་རང་རྒྱན་དང་ཆ་ལུགས་རྫོགས། །སོགས་གཞུང་ལྟར་རོ།། །།

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་མྱང་གྲོལ་རིལ་བུ་སྒྲུབ་པའི་སྐབས་རྩ་བའི་དམིགས་བཟླས།


JKT016_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་མྱང་གྲོལ་རིལ་བུ་སྒྲུབ་པའི་སྐབས་རྩ་བའི་དམིགས་བཟླས་ནི། ཧཱུྃ་བི་ཤྭ་བི་ཤུདྡྷེ་ཨོཾ་མ་ཎི་པདྨེ་ཧཱུཾ་ཧཱུཾཕཊ་ཛ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་བྱེ༔ མདུན་གྱི་རྟེན་དང་དབྱེར་མེད་ངང་༔ བུམ་པ་ལྷ་ཡི་གཞལ་ཡས་ཁང་༔ རིལ་བུ་ལྷ་ཡི་ཕྱག་རྒྱུར་གསལ༔ འགྲོ་ཀུན་འཕགས་པའི་གོ་འཕང་ལ༔ འགོད་འདོད་བཅོས་མིན་བྱང་ཆུབ་སེམས༔ དཔའ་བར་འགྲོ་བའི་ཏིང་འཛིན་གྱིས༔ བདག་བསྐྱེད་ཐུགས་ལས་འོད་ཟེར་དཀར༔ བ་ཐག་འཛིངས་པ་ལྟ་བུར་འཕྲོས༔ མདུན་བསྐྱེད་ལྷ་ཚོགས་ཐུགས་ཀར་ཕོག༔ བྱང་ཆུབ་སེམས་ཀྱི་།ཐུགས་རྒྱུད་བསྐུལ༔ ཀུན་ཀྱང་ཡི་གེ་དྲུག་མའི་སྒྲ༔ བུང་པའི་ཚང་ལྟར་སྒྲོགས་པ་ལས༔ འོད་ཟེར་དྲྭ་བས་སྟོང་གསུམ་ཁེངས༔ སྲིད་རྩེ་མནར་མེད་ཡན་ཆད་ཀྱི༔ རང་རང་ལས་དང་སྡུག་བསྔལ་ཀུན༔ ཉི་མས་བ་མོ་བཞུ་བཞིན་སྦྱངས༔ སྣོད་བཅུད་འབྱུང་ལྔའི་དུག་གཞིལ་ཏེ༔ སྣོད་ཀྱི་འཇིག་རྟེན་གཞལ་མེད་ཁང་༔ བཅུད་ཀྱི་སེམས་ཅན་སྲིན་བུ་ཡན༔ འཕགས་པའི་སྐུ་རུ་ཀྲོང་གིས་གྱུར༔ སྒྲར་གྲགས་ཡི་གེ་དྲུག་མའི་གདངས༔ དྲན་རྟོག་འོད་གསལ་བྱང་ཆུབ་སེམས༔ འཁོར་འདས་མཉམ་པ་ཉིད་ཀྱི་ཀློང་༔ གསལ་སྒྲིབ་མེད་པའི་ངང་ནས་བཟླ༔ ཞེས་གསལ་བཏབ་ལ། གཟུངས་ཐག་ནས་བཟུང་སྟེ་


JKT016_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་བདུན་པ་ཁོ་ན་ཇི་ལྟར་ནུས་པ་དང་། ཐུན་གྱི་མཇུག་ཏུ་སེམས་མ་བཞིའི་སྔགས་ཀྱང་ཅུང་ཟད་རེ་བཟླའོ།། །།སརྦ་དཱ་མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་དང་འབྲེལ་བར་མྱོང་གྲོལ་རིལ་བུའི་དབང་བསྐུར་བར།


JKT016_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་དང་འབྲེལ་བར་མྱོང་གྲོལ་རིལ་བུའི་དབང་བསྐུར་བར་འདོད་ན། དབང་དངོས་གཞིའི་བུམ་དབང་རྫོགས་པའི་རྗེས་སུ། དེ་ལྟར་བུམ་དབང་གི་ཁྲུས་ཀྱིས་གདུལ་བྱ་སྐལ་ལྡན་རྣམས་ཀྱི་རྒྱུད་སྣོད་གསེར་གྱི་གཞོང་པ་ལྟ་བུར་ཡོངས་སུ་དག་པར་བྱས་པ་དེར། བཅུད་སེང་གེའི་འོ་མ་ལྟ་བུ་མྱོང་གྲོལ་བདུད་རྩིའི་དྭངས་མས་དབང་བསྐུར་བ་སྟེ། བུམ་པ་རང་བྱུང་གི་ཕོ་བྲང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གསལ་བ་ལ་བུམ་བཅུད་འཁོར་བ་དོང་སྤྲུགས་འཇིག་རྟེན་དབང་ཕྱུག་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་ཤར་བས་དབང་བསྐུར་བས་རྒྱུད་སྨིན་ཅིང་གྲོལ་བའི་མོས་པ་མཛོད། རིལ་བུམ་སྤྱི་བོར་བཞག་ལ། ཧཱུྃཕྱི་ནི་རང་བྱུང་བདེ་ཆེན་གཞལ་ཡས་ཁང་༔ ནང་ན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ སྒྲིབ་གསུམ་དག་ནས་སྐུ་གསུམ་མངོན་གྱུར་དབང་༔ དེང་འདིར་སྦྱིན་ནོ་འགྲོ་ཀུན་ཡོངས་སྒྲོལ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨ༔ ཞེས་དབང་བསྐུར། དེ་ནས། ཁྱེད་རང་རྣམས་ཀྱིས་རིལ་བུ་ཐུགས་རྗེ་ཆེན་པོར་གསལ་བ་དེ་ལྕེ་ཐོག་ཏུ་མྱོང་བས་ལུས་གཞལ་ཡས་ཁང་དུ་གསལ་བའི་སྙིང་པདྨ་འདབ་མ་དྲུག་པའི་ལྟེ་བར་ཟླ་བའི་སྟེང་དུ་མགྲིན་པའི་ལམ་ནས་བརྒྱུད་ཧྲིལ་གྱིས་བྱོན་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར་དུ་མི་འབྲལ་བར་བཞུགས་པའི་མོས་པ་མཛོད། ཨོཾ་མ་ཎི་


JKT016_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པདྨེ་ཧཱུཾ་ཧྲཱིཝསརྦ་སིདྡྷི་ཧཱུྃ་ཨ༔ ཞེས་བཟླ་བཞིན་དུ་བཀྱེས་པའི་རིལ་བུ་གསུམ་རེ་མིད་དུ་གཞུག་གོ། དེ་ལྟར་དབང་རྫོགས་པའི་རིལ་བུ་ལྟོར་སོང་ཕན་ཆད་མི་ཞེས་བྱ་བ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སུ་གནས་གྱུར་པ་ཡིན་པས་རྒྱལ་བུ་རྒྱལ་སར་ཕྱུངས་པ་དང་འདྲ་ཞིང་། བསླབ་པའི་དམ་ཚིག་ཀྱང་བདག་ལས་གཞན་གཅེས་འཛིན་གྱི་སེམས་བསྐྱེད་དང་ལྡན་པས་འགྲོ་བའི་དོན་ཅི་ནུས་ལ་འབད་པ་དང་། དུས་རྟག་ཏུ་ཐུགས་རྗེ་ཆེན་པོའི་བཟླས་སྒོམ་ལ་བརྩོན་པར་གྱིས་ཤིག །དེ་ལྟར་ཐོབ་པའི་ཕན་ཡོན་ཀྱང་། རྒྱུད་ལས། རིལ་བུ་སུ་ཡི་ལྟོར་སོང་ན༔ ཚེ་རབས་གང་དང་གར་སྐྱེས་ཀྱང་༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ རྫས་མཆོག་རེག་ཆོག་ངོ་མཚར་ཆེ༔ ཞེས་དང་། གཞན་ཡང་། བོད་ཁམས་ཀུན་ལ་ཁྱབ་པར་དགྲམ༔ དེ་ཡིས་ཐུགས་རྗེའི་བསྟན་པ་རྒྱས༔ སྙིགས་དུས་སེམས་ཅན་བདེ་ལ་བཀོད༔ ངན་སོང་འཁོར་བ་དོང་ནས་སྤྲུགས༔ ཐུགས་རྗེའི་ཕྲིན་ལས་ངོ་མཚར་ཆེ༔ ཞེས་གསུངས་པ་ལྟར་དད་པ་དང་ངེས་ཤེས་ཁྱད་པར་ཅན་སྐྱེད་འཚལ། དེ་ནས་སླར་ཡང་མདུན་བསྐྱེད་ཀྱི་ཞེས་སོགས་ལྷ་དབང་མན་གཞུང་ལྟར་རོ། །ཞེས་པའང་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་ཆོག་ལས་ཁོལ་དུ་ཕྱུང་བ་དགེ། །།

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་ལུང་གྲངས་གསོག་སྐབས།


JKT016_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་ལུང་གྲངས་གསོག་སྐབས། སྤྲོ་ན། ཧོ སྐྱབས་གནས་ཀུན་འདུས་སོགས་གསོལ་གདབ་དང་། ཧཱུྃ། ཉོན་ཅིག་ཚེ་འདས་སོགས་ལན་སྦྱིན། གང་ལྟར་ཡང་ཁྲུས་བུམ་ཐོགས་ཏེ། ཧཱུྃ། འདི་ནི་དབྱིངས་རིག་དབྱེར་མེད་པ། །སྐུ་གསུམ་རོལ་རྩལ་ཆུ་རྒྱུན་གྱིས། །ཚེ་འདས་གཟུང་འཛིན་འཁྲུལ་སྣང་གི། །མ་དག་སྒྲིབ་ཚོགས་དག་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཧཱུྃ་ཧཱུྃ་ཧྲཱི༔ བུདྡྷ་ཛྷཱ་ན་དྷ་རྨ་དྷ་ཏུ་ཨ༔ ཚེ་འདས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷ་ཡ་སྭཱ་ཧཱ། ཞེས་བཀྲུ། དུག་བྱ་བ་ནི། མ་རིག་རྩལ་སྣང་འོད་ལྔ་པོ། །བདག་གིར་བཟུང་བས་རབ་འཐས་པའི། །ཕྱི་ནང་འབྱུང་བ་ལྔ་ཕྲག་ཟུང་། །དུག་ལྔའི་སྐྱེད་བྱེད་བསྐྱེད་ཡུལ་གྱི། །ཕ་མ་ཇི་བཞིན་གྱུར་པའི་དུག །ལྷ་སྔགས་ཏིང་འཛིན་རོལ་རྩལ་གྱིས། །དུག་ཕྱུང་དུག་ལྔའི་སྒྲིབ་ཚོགས་ཀུན། །འབྱུང་བ་སོ་སོའི་དབྱིངས་སུ་དག །དུག་འཛིན་མཁའ་ལྟར་སྟོང་གྱུར་ཅིག །ཅེས་དང་། བཟླས་བྱེས་བྲབས་ལ། ཨོཾ་མ་ཎི་པདྨེ་ཧཱུཾ། ཚེ་འདས་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ་དུག་ལྔའི་ལས་བསགས་པ་ཐམས་ཅད་ཤཱནྟཾ་ཀུ་རུ་སྭཱ་ཧཱ། གཏོར་མ། ཨོཾ་ཨཱཧཱུྃ་གིས་བརླབས་ལ། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་


JKT016_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཕུན་ཚོགས་གཏེར། །ཚེ་འདས་ཉོན་དྲུག་ལས་བསགས་པའི། །ལན་ཆགས་ཤ་འཁོན་སྦྱང་ཕྱིར་བསྔོ། །ན་མསྶརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཞེས་བསྔོ། ཐུབ་དྲུག་གི་སྐུ་ཐོགས་ལ། །ཧཱུྃ། ཞེ་སྡང་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ་སོགས་རྒྱས་པར་སོ་སོར་བསྐུར། བསྡུ་ན། ཧཱུྃ། ཉོན་དྲུག་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །བཅོམ་ལྡན་ཐུབ་དྲུག་རང་རྟགས་ཕྱག་རྒྱ་འཛིན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །རྒྱལ་བ་རིགས་དྲུག་གསང་གསུམ་དབང་ཐོབ་ཤོག །ཨོཾ་མུ་ནེ་ཡེ་སྭཱ་ཧཱ། ཨོཾ་མུ་ནེ་ཧཱུྃ་སྭཱ་ཧཱ། ཨོཾ་མུ་ནེ་ཀྵ་སྭཱ་ཧཱ། ཨོཾ་མུ་ནེ་ཧཱུྃ་སྭཱ་ཧཱ། ཨོཾ་མུ་ནེ་པུཾ་སྭཱ་ཧཱ། ཨོཾ་མུ་ནེ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཨ་བྷི་ཥིཉྩམི། ཆོས་བཤད་པ་ནི། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྒོ་ལྔའི་རྣམ་ཤེས་ཡུལ་ལྔའི་རྗེས་འབྲང་བས། །ཚོགས་དྲུག་ཡུལ་ལ་ཆགས་སྡང་བྱས་འབྲས་ཀྱིས། །རིགས་དྲུག་གནས་སྐྱེས་སྡུག་བསྔལ་རྣམ་གསུམ་ལ། །རྟག་ཏུ་སྤྱོད་པ་བཟོད་དཀའི་གནས་ཡིན་ཀྱང་། །རང་གྲིབ་མཐོང་ཚེ་དེ་ཉིད་དགྲར་བཟུང་བ། །ཇི་བཞིན་རྟོགས་པས་ངར་འཛིན་སྤོང་མཛོད་ལ། །ཕྱག་ན་པདྨོའི་གོ་སར་སླེབས་པར་མཛོད། །ཅེས་གདམས། ཚོགས་གསག་པའི་སླད། ན་མོ། མཆོག་གསུམ་རྩ་གསུམ་ངོ་བོ་ཉིད། །སྡུག་བསྔལ་རང་གྲོལ་ལྷ་ཚོགས་ལ། །ཕྱག་འཚལ་སྐྱབས་


JKT016_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

མཆི་ཉེས་ཚོགས་བཤགས། །མཆོད་ཚོགས་ཀུན་འབུལ་ཆོས་འཁོར་བསྐོར། །དགེ་ལ་ཡི་རང་རྟག་བརྟན་བཞུགས། །བསོད་ནམས་འགྲོ་ལ་ཕན་ཕྱིར་བསྔོ། །ཞེས་རྒྱུད་སྦྱང་། ཡེ་ཤེས་པ་དབབ་པ་ནི། ཚེ་ལས་འདས་པ་སྐད་ཅིག་གིས། །འཕགས་པའི་སྐུར་གསལ་གནས་གསུམ་དུ། །ཡིག་འབྲུ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་ལྷ་ཡི་ཚོགས། །སྤྱན་དྲངས་བྱོན་ནས་ལྷར་གསལ་ཐིམ། །དབྱེར་མེད་དུ་མ་རོ་གཅིག་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨཱརྱ་ལོ་ཀེ་ཤྭ་ར་ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བརྗོད་ཅིང་། ཏིཥྛ་བཛྲས་བརྟན་པར་བྱ། དབང་བསྐུར་བ་ནི། བུམ་པ་ཐོགས་ལ། ཧཱུྃ། ཕྱི་ལྟར་བུམ་པ་སྣོད་བཅུད་ལྡན། །ནང་ལྟར་ཕྱག་ན་པདྨོ་ཡི། །ཐུགས་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས། །ཚེ་འདས་ལུས་ལ་དབང་བསྐུར་བས། །སྤྲུལ་པའི་སྐུ་རུ་སྨིན་པར་ཤོག །སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོ། སྔགས་བྱང་ཐོགས་ལ། ཨཱཿ ཕྱི་ལྟར་ས་ཆུ་མེ་རླུང་སྒྲ། །ནང་ལྟར་འགྲོ་བ་རིགས་དྲུག་སྐད། །གསང་བ་རྒྱལ་ཀུན་གསུང་དབང་དོན། །ཡི་གེ་བདུན་པར་འདུས་པའི་དབང་། །ཚེ་འདས་ངག་ལ་དབང་བསྐུར་བས། །ལོངས་སྤྱོད་རྫོགས་སྐུར་སྨིན་པར་ཤོག །སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། མཚན་མ་རྫས་ཀྱི་རྡོ་རྗེ་འདི། །རྒྱལ་ཀུན་ཐུགས་ཀྱི་མཚོན་བྱེད་དེ། །ཚེ་འདས་སེམས་ལ་


JKT016_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བས། །ཆོས་ཀྱི་སྐ་རུ་སྨིན་པར་ཤོག །སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བསྐུར། འདོད་ཡོན། ཨོཾ་ཨཱཿཧཱུྃ་གིས་བརླབས་པས། ཧཱུྃ། ཁ་ཟས་རོ་མཆོག་བརྒྱ་ལྡན་པའི། །བཟའ་བའི་ཟས་དང་བཏུང་བའི་སྐོམ། །མི་ཟད་གཏེར་དུ་བྱིན་བརླབས་ནས། །ཚེ་འདས་ཁྱོད་ལ་བསྔོས་པ་ཡིས། །དབང་པོ་དྲུག་དང་རབ་མཐུན་པའི། །སོ་སོའི་ལོངས་སྤྱོད་ཕུན་ཚོགས་གཏེར། །བསྔོས་པ་ཇི་བཞིན་ཐོབ་གྱུར་ནས། །འཕྲལ་དུ་དགའ་བདེའི་རོས་ཚིམ་ཞིང་། །མཐར་ཐུག་རྣམ་དག་སར་སྤྱོད་ཤོག །ཅེས་བསྔོའོ།། །།

ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་བརྒྱུད་འདེབས་བྱིན་རླབས་ཆར་འབེབས།


JKT016_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སཾ གུ བྱ གུ རོ སྨཱ དྷ ན ཏི ལ ཀ སྱ བི པ ཏྟེ ར དྷེ ཥ ཎཱ དྷི ཥྛ ན པན བེ ཤ ན བི ཧ ར ཏི སྨ།།
ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་བརྒྱུད་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ། །


JKT016_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ། །འཇམ་དཔལ་བཤེས་གཉེན་ཤྲཱི་སིཾ་ཧ་དང་། །ཛྙཱ་ན་སཱུ་ཏྲ་དྲི་མེད་བཤེས་གཉེན་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །མཚོ་སྐྱེས་རྡོ་རྗེ་རྗེ་འབངས་གྲོགས་གསུམ་དང་། །འོད་གསལ་སྙིང་པོའི་ཤིང་རྟ་ཀློང་ཆེན་པ། །དབྱེར་མེད་ཀུན་མཁྱེན་འཇིགས་བྲལ་གླིང་པ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་དངོས། །དྲན་པས་གདུང་སེལ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །དེ་ལྟར་སྙིང་ནས་གུས་པས་གསོལ་བཏབ་མཐུས། །སྲིད་ལས་ངེས་འབྱུང་བྱང་ཆུབ་སེམས་གཉིས་འབྱོངས། །


JKT016_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མས་རྗེས་བཟུང་གསང་ཆེན་གྱི། །སྨིན་གྲོལ་བདུད་རྩི་ཐོབ་པར་བྱིན་གྱིས་རློབས། །ཁྱད་པར་དབེན་ཞིང་ཉམས་དགའི་རི་སུལ་དུ། །ཡང་གསང་བླ་མའི་བསྙེན་སྒྲུབ་མཐར་ཕྱིན་པས། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཡེ་ཤེས་སྐུས། །མངོན་སུམ་རྗེས་སུ་འཛིན་པར་བྱིན་གྱིས་རློབས། །དོན་བརྒྱུད་དགོངས་པའི་རྩལ་ཆེན་སྙིང་ལ་ཞུགས། །ཅིར་སྣང་བླ་མར་ཤར་བའི་བསྐྱེད་རིམ་དང་། །ཐུགས་ཡིད་གཅིག་འདྲེས་ཟབ་མོའི་རྫོགས་རིམ་གྱིས། །ཆོས་ཀུན་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །སྣོད་བཅུད་ཐིག་ལེ་ཆེན་པོའི་དབྱིངས་སུ་ཐིམ། །སྣང་སྲིད་སྐུ་གསུམ་རིག་པའི་རོལ་པར་ཤར། །ནང་གསལ་ཁྱད་ཆོས་དྲུག་ལྡན་གདོད་མའི་ཀློང་། །མཐར་ཐུག་གྲུབ་མཐའ་


JKT016_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྙོགས་པར་བྱིན་གྱིས་རློབས། །དེ་ལས་སླར་ཡང་ལྷུན་གྲུབ་ཐུགས་རྗེའི་རྩལ། །ནམ་མཁའ་ཇི་སྲིད་བར་དུ་འཆར་བ་ཡིས། །ཀུན་བཟང་རིག་འཛིན་བླ་མའི་གོ་འཕང་ཆེར། །འགྲོ་ཀུན་ཕྱམས་གཅིག་གྲོལ་བར་བྱིན་གྱིས་རློབས། །ཞེས་པའང་གྲུབ་པའི་དཔྱིད་མཁྱེན་བརྩེའི་དབང་པོས་དཔལ་ལྡན་པདྨ་འོད་གླིང་དུ་གང་ཤར་གསོལ་བ་བཏབ་པའོ། །

ཀློང་ཆེན་སྙིང་གི་ཐིག་ལེ་ལས་ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་བཞུགས།


JKT016_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་བཞུགས༔ གུ་རུ་ཨ་གྲ་ཧི་ན་མ༔ ཡང་གསང་བླ་མའི་སྒྲུབ་པ་ནི༔ ཤིན་ཏུ་དབེན་ཞིང་ཡིད་མཐུན་སར༔ མཎྜལ་ཚོམ་བུ་ལྔ་པའི་སྟེང་༔ བྷནྡྷ་དུམ་བུ་གསུམ་པའི་ནང་༔ རིག་འཛིན་འདུས་པའི་སྲོག་འཁོར་དང་༔ སེལ་མེད་དམ་རྫས་ཨ་མྲྀ་ཏ༔ རིན་ཆེན་སྨན་དང་འབྲུ་སྣས་དགང་༔ སྟེང་ནས་དར་དམར་ལྡིང་གུར་དབུབ༔ མདུན་དུ་གཏོར་ཚོགས་སྤྱི་མཐུན་བཤམ༔ བདེ་བའི་སྟན་ལ་བག་ཕབ་སྟེ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ། ངོ་བོ་རང་བཞིན་ཐུགས་རྗེའི་རྩལ༔ སྐུ་གསུམ་ཆེན་པོར་ལྷུན་རྫོགས་པའི༔ རང་རིག་དོན་གྱི་བླ་མ་ལ༔ འཛིན་མེད་ངང་ནས་སྐྱབས་སུ་མཆི༔ ལན་གསུམ་གཉིས་པ་སེམས་བསྐྱེད་ནི༔ ཧོ༔ སངས་རྒྱས་མེད་ལ་སེམས་ཅན་མེདཿ ཡིན་པ་མེད་ལ་མིན་པ་མེད༔ སོ་མ་རང་གདངས་ལྷུག་པའི་གདངས༔ རང་གྲོལ་ཆེན་པོར་སེམས་བསྐྱེད་དོ༔ ལན་གསུམ་གསུམ་པ་མཚམས་གཅོད་ནི༔ ཧཱུྃ༔ གདོད་ནས་འཁོར་འདས་གཉིས་མེད་ལ༔ བགེགས་དང་བར་ཆད་མིང་ཡང་མེད༔ འོད་གསལ་སྒྱུ་འཕྲུལ་དྲ་བའི་ངང་༔ རྣམ་རྟོག་བག་ཆགས་མཚམས་གཅད་དོ༔


JKT016_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཛྙཱ་ན་བཛྲ་རཀྟ་ཧཱུྃ༔ བཞི་པ་བྱིན་དབབ་མཆོད་རློབ་ནི༔ ཧཱུྃ། སྟོང་ཉིད་དབྱིངས་ལས་ཐུགས་རྗེའི་རྩལ༔ མཁའ་ལ་འཇའ་ཚོན་ལྟ་བུ་ཤར༔ དཀྱིལ་འཁོར་མཆོད་པའི་རྫས་རྣམས་ཀུན༔ རང་གྲོལ་ཆེན་པོར་བྱིན་གྱིས་རློབས༔ ཛྷཱ་ན་བཛྲ་ས་མ་ཡ་ཕེ་ཕོ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་པས་མཆོད་རྫས་བརླབ༔ ལྔ་པ་དཀྱིལ་འཁོར་བསྐྱེད་པ་ནི༔ ཧཱུྃ། རིག་སྟོང་ཆོས་ཉིད་མངོན་སུམ་དབྱིངས༔ དྲན་རྫོགས་ཉམས་སྣང་གོང་འཕེལ་སྐུ༔ རིག་པ་ཚད་ཕེབས་དོན་གྱི་ལྷ༔ ཆོས་ཟད་མ་བཅོས་ཀློང་བི་མ་ལ༔ ཞེས་ཀྱང་སྒྱུར་ཆོག་པ་རྩ་བའི་མན་ངག༔ ཆེན་པ༔ ཞི་འཛུམ་པཎྜི་ཏ་ཡི་ཆས༔ སེམས་ཉིད་ངལ་བསོའི་ཕྱག་རྒྱ་ཅན༔ སྣང་ལ་རང་བཞིན་མེད་པའི་ངང་༔ སྐུ་གསུམ་ཞིང་ཁམས་ཐམས་ཅད་རྫོགས༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ དུས་གསུམ་བདེ་གཤེགས་རྩ་བ་གསུམ༔ རིག་འཛིན་མཁའ་འགྲོ་རྒྱ་མཚོ་བཅས༔ མ་ལུས་སྤྱན་དྲངས་དབྱེར་མེད་བསྟིམ༔ དྲུག་པ་སྤྱན་འདྲེན་བྱ་བ་ནི༔ ཧཱུྃ༔ རྣམ་རྟོག་བྲལ་བའི་ཕོ་བྲང་ནས༔ གདོད་མའི་མགོན་པོ་གཤེགས་སུ་གསོལ༔ ཕྱོགས་ལྷུང་མེད་པའི་ཕོ་བྲང་ནསཿ དུས་གསུམ་བདེ་གཤེགས་གཤེགས་སུ་གསོལ༔ འཇའ་ལུས་ཟང་ཐལ་ཕོ་བྲང་ནས༔ དཔལ་མགོན་བླ་མ་གཤེགས་སུ་གསོལ༔ རིག་པ་སྐུ་རུ་སྨིན་པ་དང་༔ འོད་ལུས་འགྲུབ་པར་བྱིན་གྱིས་རློབས༔ མ་ཧཱ་གུ་རུ་ཛྙཱ་ན་ས་མ་ཡ་


JKT016_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཛཛ༔ བདུན་པ་བརྡ་ཕྱག་འཚལ་བ་ནི༔ ཧོ༔ ལྷ་དང་རང་སེམས་དབྱེར་མེད་ངང་༔ དམ་ཡེའི་འཛིན་པ་དག་པའི་ཕྱིར༔ བསམ་བརྗོད་བྲལ་བའི་བླ་མ་ལ༔ སྤང་བླང་མེད་པར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ བརྒྱད་པ་མཆོད་པ་བྱ་བ་ནི༔ ཧཱུྃ། ཚོགས་དྲུག་ཡུལ་གྱི་རྩལ་སྣང་ཀུན༔ ཕྱི་ནང་གསང་བའི་མཆོད་སྤྲིན་དུ༔ ཕུལ་བས་ཞེན་འཛིན་རྣམ་རྟོག་ཀུན༔ འོད་གསལ་ཆེན་པོར་དག་པར་སྩོལ༔ ཨོཾ་བཛྲ་ཨརྒྱུ་ནས། རཱུ་པ་ཤསྡ་གནྡྷེ་རྭ་ས་སྨནེ་མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་སུ་ཁ་དྷ་རྨ་དྷཱ་ཏུ་པཱུ་ཛ་ཧོ༔ དགུ་པ་དོན་དམ་བསྟོད་པ་ནི༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་འོད་གསལ་ཆོས་སྐུའི་ངང་༔ རྣམ་མང་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་རྫོགས༔ སྐུ་གསུམ་འདུ་འབྲལ་མེད་པའི་བླ་མ་ལ༔ ཀུན་རྫོབ་སྒྱུ་མ་ཙམ་དུ་བསྟོད་པར་བགྱི༔ བཅུ་པ་ཛཔ་ཀྱི་དགོངས་པ་ནི༔ ཐུགས་ཀར་ཐིག་ལེ་འོད་ལྔའི་ཀློང་༔ ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟང་༔ མཐིང་གསལ་མཉམ་གཞག་ཕྱག་རྒྱ་ཅན༔ དེ་ཡི་ཙིཏྟའི་གུར་ཁང་དབུས་པདྨ་ཉི་ཟླའི་གདན་གྱི་སྟེང་༔ ཧཱུྃ་ཡིག་མཐིང་གའི་མཐའ་སྐོར་དུ༔ རིག་འཛིན་འདུས་པའི་སྲོག་སྔགས་ཀྱིས༔ བསྐོར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས༔ དུས་གསུམ་བདེ་གཤེགས་ཐམས་ཅད་དང་༔ ཁྱད་པར་འོད་གསལ་རྫོགས་ཆེན་གྱི༔ རིག་འཛིན་བརྒྱུད་པའི་ཐུགས་རྗེ་བསྐུལ༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ མཆོག་ཐུན་དངོས་གྲུབ་


JKT016_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་དམིགས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྃ༔ རྩ་སྔགས་ཡིག་འབྲུ་བཅུ་གཉིས་པ༔ འབྲུ་འབུམ་དག་ཏུ་བསྙེན་པར་བྱ༔ བསྙེན་སྒྲུབ་ལས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཤིང་ལྷར་གྱུར་བསྒྲུབ་པ། ཚུར་འདུས་ནས་བདག་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བྱང་ཞིང་དངོས་གྲུབ་ཐོབ་པ་སྒྲུབ་ཆེན། དགོངས་པ་མཉམ་པ་ཉིད་དུ་བཞག་པ་ལས་སྦྱོར་རོ། །མཆན། འོད་ཟེར་འཕྲོས་པས་བདེ་གཤེགས་མཆོད་པ་བསྙེན་པ། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཤིང་ལྷར་གྱུར་བསྒྲུབ་པ། ཚུར་འདུས་ནས་བདག་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བྱང་ཞིང་དངོས་གྲུབ་ཐོབ་པ་སྒྲུབ་ཆེན། དགོངས་པ་མཉམ་པ་ཉིད་དུ་བཞག་པ་ལས་སྦྱོར་རོ། །གསུམ་ཆིག་ཆོད་ཡིན༔ ཉམས་དངོས་རྨི་ལམ་མ་ངེས་པར༔ ཞལ་མཐོང་གསུང་ཐོས་རིག་རྩལ་འབར༔ གླེགས་བམ་ཆར་རྒྱུན་འབབ་པ་དང་༔ སེང་གེ་གླང་ཆེན་ཞོན་སོགས་རྨི༔ ཁྱད་པར་ཉམས་རྟོགས་རྩོལ་མེད་འཆར༔ མ་བསླབས་ཆོས་ཀྱི། གཏེར་མཛོད་རྡོལ༔ དེ་ཚེ་དངོས་གྲུབ་བླང་བར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ ཤིན་ཏུ་ཡང་ཟབ་དགོངས་པའི་གཏེརཿ ཡང་གསང་ཐིག་ལེའི་རྒྱ་རྟགས་ཅན༔ གདོད་མའི་མགོན་པོ་ཀློང་ཆེན་པསཿ དཔལ་གྱི་བསམ་ཡས་མཆིམས་ཕུ་རུ༔ ཁོ་བོའི་སྙིང་གི་དབུས་སུ་སྦསཿ ལོ་ལྔའི་བར་དུ་གསང་རྒྱ་བྱསཿ ད་ལྟ་དུས་ངན་སྙིགས་མའི་ཚེ༔ ཟབ་རྒྱ་སྤེལ་བའི་སྣོད་དཀོན་ཡང་༔ གདུག་པ་ཞེ་སྡང་སྦྲུལ་གྱི་ལོརཿ ལྭ་བ་དཀར་པོའི་ལྡིང་གུར་ནང་༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མསཿ འདི་ནས་ལོ་གསུམ་འདས་པ་ན་ཐུགས་ཀྱི་སྲས་མཆོག་གསུམ་ཡང་འབྱུང་༔ བཛྲའི་མིང་ཅན་སྙིང་སྟོབས་ཆེ༔ ཛཱ་ནའི་མིང་ཅན་གྲུབ་པའི་གཙོ༔ རིགས་ལྔའི་མིང་འཛིན་སྙན་ངག་མཁན༔ དེ་དག་རྣམས་ལ་ཆོས་སྒོ་


JKT016_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད༔ ཅེས་པའི་ལུང་བསྟན་ཇི་བཞིན་དུ༔ བརྒྱུད་འཛིན་སྙིང་གི་བུ་རྣམས་དང་༔ ཀོང་སྨྱོན་སྦས་པའི་རྣལ་འབྱོར་གྱིསཿ བསྐུལ་ངོར་ཟབ་དོན་བཀའ་རྒྱ་བཀྲོལཿ སྨན་བཙུན་ཚེ་རིང་མཆེད་ལྔ་དང་༔ གཟའ་རྒོད་སྲོག་གི་སྤུ་གྲི་ཡིསཿ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱ ལས་ཅན་རྣམས་ཀྱི་དཔལ་དུ་ཤོག༔

ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་རྗེས་ཆོག་ཚོགས་ཀྱི་མཆོད་པ་བསོད་ནམས་སྤྲིན་གྱི་རོལ་མོ།


JKT016_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་རྗེས་ཆོག་ཚོགས་ཀྱི་མཆོད་པ་བསོད་ནམས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་ར་བེ། །གདོད་ནས་རྣམ་གྲོལ་འོད་གསལ་གཉུག་མའི་དཔྱིད། །སྒྱུ་འཕྲུལ་དྲྭ་བའི་ལང་ཚོ་ལ་ཆགས་པའི། །རྣམ་པ་ཀུན་གྱི་མཆོག་ལྡན་མཚན་དཔེའི་ཞལ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྙིང་དབུས་རོལ། །གང་གི་གདན་གསུམ་རྡོ་རྗེའི་དཀྱིལ་འཁོར་ཆེར། །རྨད་བྱུང་ཚོགས་གཉིས་དགའ་སྟོན་སྤེལ་བའི་སླད། བསོད་ནམས་སྤྲིན་གྱི་འཛུམ་དཀར་ལས་འོངས་པའི། །དོན་བཟང་གཏམ་གྱི་རོལ་མོ་གསར་པ་སྤྲོ། །དེ་ལ་འདིར་སྙིགས་མའི་དུས་ཀྱི་ཐམས་ཅད་མཁྱེན་པ་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་རྗེས་ཆོག་ཚོགས་ཀྱི་འཁོར་ལོའི་ཡན་ལག་རྩ་བར་མ་གསལ་བ་དག་སྤྲོས་པ་ལ་དགའ་བས་བྱ་བར་འདོད་པའི་ཚེ། གཞུང་ནས་བཤད་པའི་ཡོ་བྱད་སྤྱི་དང་། བྱེ་བྲག་ཏུ་ཐབས་ཤེས་བཟའ་བཏུང་གི་འབྱོར་པ་གྱ་ནོམ་པ་བཅས་བཤམས་ནས་བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་སྔོན་དུ་འགྲོ་བས་སྐབས་སུ་བབ་པ་ན། བརྗོད་མེད་དོན་གྱི་བཤགས་པས་རྒྱུད་སྦྱངས་པའི་རྗེས། དང་པོ་བྱིན་གྱིས་བརླབ་པ་ནི། ཧྲཱི གཟུང་བ་རྣམ་དག་ཡེ་ཤེས་ཀ་པཱ་ལར། །འཛིན་པ་རང་གྲོལ་བླ་མེད་དམ་ཚིག་རྫས། །ཟུང་འཇུག་འོད་གསལ་དབུ་མར་


JKT016_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བ་ལས། །ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་དུ་གྱུར། །རཾ་ཡཾ་ཁཾ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱགཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃ༔ གཞི་དབྱིངས་ཀ་དག་དོན་གྱི་ཕོ་བྲང་ནས། །གཞི་སྣང་ལྷུན་གྲུབ་མཚན་དཔེར་ཤར་བའི་དཔྱིད། །རིག་འཛིན་བླ་མ་ཡི་དམ་ཌཱ་ཀིའི་ཚོགས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་ཛཛ༔ གསུམ་པ་ཚོགས་ཕུད་འབུལ་བ་ནི། ཧཱུྃ༔ ལྷུན་གྲུབ་རྡོ་རྗེ་ཕུང་པོའི་བྷནྡྷ་རུ། །ཕུང་ཁམས་སྐྱེ་མཆེད་རང་གསལ་གཏོར་མར་ཤར། །བླ་མ་སྤྲུལ་སྐུའི་ལྷ་ཚོགས་ཐུགས་དམ་བསྐང་། །གདན་གསུམ་ལྷ་སྐུར་སྨིན་པའི་དངོས་གྲུབ་སྩོལ། །འོད་གསལ་ཨ་བ་དྷཱ་ཏིའི་བྷནྡྷ་རུ། །ཟག་བཅས་འགྲོ་འོང་རླུང་ཁམས་གཏོར་མར་ཤར། །བླ་མ་ལོངས་སྤྱོད་རྫོགས་སྐུའི༴ སྲོག་རྩོལ་དབུ་མར་ཐིམ་པའི་དངོས༴ རྩ་གསུམ་འཁོར་ལོ་བཞི་ཡི་བྷནྡྷ་རུ། །ལུགས་འབྱུང་ཐིག་ལེ་རྣམ་བཞི་གཏོར་མར་ཤར། །བླ་མ་ཆོས་ཀྱི་སྐུ་ཡི༴ ལྷན་སྐྱེས་བདེ་བ་ཆེན་པོའི་དངོས༴ སྙིང་དབུས་མི་ཤིགས་ཕྱག་རྒྱའི་བྷནྡྷ་རུ། །དུག་གསུམ་རྟོག་ཚོགས་རང་གྲོལ་གཏོར་མར་ཤར། །བླ་མ་ངོ་བོ་ཉིད་སྐུའི་།ཀ་དག་ལྷུན་གྲུབ་དབྱེར་མེད་དངོས༴ ཐབས་ཤེས་ཟུང་འཇུག་རིན་ཆེན་བྷན་རུ། །གཙང་རྨེ་འཛིན་པ་བྲལ་བའི་ཚོགས་གཏོར་བཤམས། །བླ་མ་ཧེ་རུ་ཀ་དཔལ་ཐུགས་དམ་བསྐང་། །གཟུང་འཛིན་དབྱིངས་


JKT016_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྲོལ་བའི་དངོས་གྲུབ་སྩོལ། །གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བཞི་པ་བར་པ་བཤགས་པ་ནི། ཧྲཱི༔ ཡོངས་གྲུབ་རིག་པ་ཀུན་ཁྱབ་རྡོ་རྗེ་སེམས། །ཀུན་བརྟགས་འཁྲུལ་པར་འཁྱམས་པའི་གཞན་དབང་གིས། །སྡོམ་དང་དམ་ཚིག་འགལ་བའི་སྒྲིབ་པ་ཀུན། །ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི། །ཡི་གེ་བརྒྱ་པ་བརྗོད། ལྔ་པ་བསྒྲལ་ཞིང་བསྟབ་པ་ནི། ཧྲཱི ལུགས་འབྱུང་འཁོར་བར་འཁྲུལ་པའི་དགྲ་དང་བགེགས། །རང་གྲོལ་གཉུག་མ་དོན་གྱི་མཚོན་ཆས་བསྒྲལ། །ཕུང་ཁམས་སྐྱེ་མཆེད་ཟག་མེད་བདུད་རྩིའི་སྤྲིན། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་སྦྱོར། །རུ་དྲ་ཧ་ལ་པཉྩཔཱུ་ཛ་ཁཱ་ཧི། བར་འདིར་སྐོང་བཤགས་རྡོ་རྗེའི་ཐོལ་གླུས་ཐུགས་དམ་བསྐང་ཞིང་ཚོགས་ལ་རོལ་མཐར་ཚིམ་པ་དྲུག་ལྡན་གྱི་སྨོན་ལམ་གདབ། སྤྲོ་ན་བདག་ཉིད་འཇུག་པའི་ཆོ་གས་ལམ་དབང་ཡང་བླང་བར་བྱའོ། །དྲུག་པ་ལྷག་མ་བསྔོ་བ་ནི། ཨ་ཀཱ་རོས་བརླབ། ཕོ་ཕོ། གཅིག་དང་དུ་མ་ལས་འདས་ཡེ་ཤེས་གར། །དཀྱིལ་འཁོར་མུ་རན་སྐྱོང་བའི་ལྷག་སྡུད་ཚོགས། །འདིར་གཤེགས་དཔལ་གྱི་ཕམ་ཕབས་འདི་ལོངས་ལ། །བྱང་ཆུབ་སྒྲུབ་ལ་འཚེ་བའི་བར་ཆད་སྲུངས། །ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། བདུན་པ་ཐུགས་དམ་བསྐུལ་བ་ནི། གདུང་བའི་དབྱངས་དང་རོལ་མོར་བཅས། ཧཱུྃ༔ ཀ་དག་ནང་གསལ་ཁྱད་ཆོས་དྲུག་ལྡན་ལས། །ལྷུན་གྲུབ་ཕྲ་བའི་ཡེ་ཤེས་ཆེན་པོའི་རྩལ། །ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་གྱི་གར། །


JKT016_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས། །འོད་གསལ་རྡོ་རྗེ་སྙིང་པོའི་གསེང་ལམ་ནས། །སྣང་བཞི་མཐར་ཕྱིན་དྲི་མེད་བཤེས་གཉེན་ཞབས། །འཇའ་ལུས་འཕོ་ཆེན་རྡོ་རྗེའི་རོལ་མོ་ཅན། །ཀུན་མཁྱེན་བླ་མའི་ཐུགས་རྗེའི་དུས་ལ་བབ། །རྒྱལ་བསྟན་སྙིགས་མར་གྱུར་པའི་གཞན་དབང་གིས། །ཡིད་དཔྱོད་མཚན་མའི་གདུང་བས་ཉམ་ཐག་ཚེ། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །དགོངས་རྒྱུད་འཕོ་བ་ཐོབ་པའི་རྟེན་འབྲེལ་སྒྲིགས། །གཞི་གྲོལ་གཉུག་མའི་བདེན་དོན་རྟོགས་པའི་མཐུས། །བློས་བྱས་འཁྲུལ་པའི་སྣང་ཆ་སྤྲིན་བཞིན་དེངས། །མཉམ་པར་མ་བཞག་མེད་པའི་ཡེ་ཤེས་ཀློང་། །སྤོབས་པའི་གཏེར་མཛོད་གྲོལ་བའི་དབང་མཆོག་སྐུར། །མངོན་སུམ་ཆོས་ཉིད་མཐོང་ཞིང་གོམས་པ་ལས། །གོང་འཕེལ་དབྱིངས་ཀྱི་བཀོད་པ་ལྷུན་གྲུབ་སྦུབས། །སྐུ་དང་ཞིང་ཁམས་ཚད་ལ་ཕེབས་པ་དང་། །ཆོས་ཉིད་ཟད་སར་སྐྱེལ་བའི་ཕྲིན་ལས་མཛོད། །བརྒྱད་པ་ཆད་ཐོ་བྱ་བ་ནི། ཧཱུྃ༔ དུས་གསུམ་རྣམ་དག་བདེ་ཆེན་རྡོ་རྗེའི་དུས། །རྟོག་བྲལ་འོད་གསལ་དོན་གྱི་དཔལ་ཆེན་པོས། །དམ་ལ་བཞག་པའི་རིག་རྩལ་དྲེགས་ཚོགས་ཀུན། །མཆོད་གཏོར་བཞེས་ལ་མཚན་འཛིན་དགྲ་བགེགས་སྒྲོལ། །དེ་འོག་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡིས། །འོད་གསལ་སྙིང་པོའི་ལམ་མཆོག་སྟོན་པའི་ཚེ། །དབང་བསྐུར་དམ་མནོས་སྲུང་


JKT016_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཚོགས་རྣམས་ཀུན། །མཆོད་གཏོར་བཞེས་ལ་ཟབ་གསང་ཕྲིན་ལས་སྤེལ། །ཐ་མ་རིག་འཛིན་འཇིགས་བྲལ་གླིང་པ་ཡིས། །ཀློང་གསལ་དགོངས་པའི་གཏེར་རྒྱ་བཀྲོལ་བའི་དུས། །བསྟན་པ་སྐྱོང་བར་ཁས་བླངས་དམ་ཅན་ཀུན། །མཆོད་གཏོར་བཞེས་ལ་ཕན་བདེའི་དགའ་སྟོན་སྒྲུབས། །དགུ་པ་བརྟན་མ་བསྐྱང་བ་ནི། བཤལ་ཆུ་ཨོཾ་ཨཱཿཧཱུྃ་གིས་བརླབ། ཧྲཱི ལུགས་འབྱུང་རྟེན་འབྲེལ་བཅུ་གཉིས་སྣང་ཆ་ཀུན། །བདེ་སྟོང་དྷུ་ཏིར་ཐིམ་པའི་ཡེ་ཤེས་རྩལ། །བོད་སྐྱོང་བརྟན་མའི་ཚོགས་རྣམས་གཏོར་མ་ལོངས། །གངས་ཅན་སྐྱེ་འགྲོ་བདེ་བའི་ཕྲིན་ལས་མཛོད། །མ་མ་ཧཱུཾ་ཧཱུཾ་བ་ལིཾ་ཏ་ཁཱ་ཧི། བཅུ་པ་མནན་པ་བྱ་བ་ནི། ཧཱུྃ༔ རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་ཀློང་། །གཉིས་འཛིན་ལོག་འདྲེན་དམ་སྲི་འབྱུང་པོ་ཀུན། །མནན་ནོ་ཀ་དག་དོན་གྱི་རྒྱས་བཏབ་པས། །བྱང་ཆུབ་བར་དུ་ལྡང་བར་མ་གྱུར་ཅིག །སཾ་བྷ་ཡ་ནན། བཅུ་གཅིག་དངོས་གྲུབ་བླང་བ་ནི། མཆོད་ཅིང་བསྟོད་ལ། དྷཱི༔ གདོད་ནས་གྲོལ་བའི་རིག་པ་བྱང་ཆུབ་སེམས། །འགག་མེད་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་ཅན། །རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ཀུན། །བསྙེན་ཅིང་སྒྲུབ་པའི་དམ་ཚིག་ཐེམས་ལགས་ན། །དངོས་གྲུབ་སྩོལ་བའི་དུས་ལ་ད་བབ་པས། །གཉུག་མའི་ཕུང་ཁམས་སྐྱེ་མཆེད་ཆོས་རྣམས་ཀུན། །གསང་བ་གསུམ་གྱི་ཐིག་ལེར་མཉམ་སྦྱོར་བས། །སྐུ་བཞིའི་གོ་འཕང་ལྷུན་གྱིས་གྲུབ་


JKT016_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྩོལ། །རྩ་བསྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ བཅུ་གཉིས་ནོངས་པ་བཤགས་པ་ནི། ཧཱུྃ༔ རང་བཞིན་རྣམ་པར་དག་པའི་ཡེ་ཤེས་ལ། །བཤགས་དང་བཤགས་པར་བྱ་བ་ལས་འདས་ཕྱིར། །སྣང་ཚུལ་གློ་བུར་འཁྲུལ་པའི་དྲི་མ་ཀུན། །བདེན་མེད་སྒྱུ་མའི་དབྱིངས་སུ་དག་གྱུར་ཅིག །ཡི་གེ་བརྒྱ་པ་ལན་གསུམ་བརྗོད། བཅུ་གསུམ་རྟག་ཆད་མཐའ་བསལ་བ། ཧྲི༔ རྟག་ཏུ་འོད་གསལ་སེམས་ཉིད་ཐིག་ལེ་ཆེར། །བསྐྱེད་དང་རྫོགས་པའི་སྤྲོ་བསྡུ་མ་དམིགས་ཀྱང་། །བརྟན་གཡོ་སྣང་སྲིད་བླ་མའི་དཀྱིལ་འཁོར་ལྷ། །ཟུང་འཇུག་རིག་སྟོང་རྗེན་པའི་དབྱིངས་སུ་ཡལ། །ཨ་ཨ་ཨ༔ སླར་ཡང་སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན། །ལྷ་སྔགས་ཆོས་སྐུའི་ཕྱག་རྒྱར་རོ་གཅིག་པས། །གང་འདུལ་ཐབས་མཁས་འཇུག་པའི་ཕྲིན་ལས་ཀྱིས། །རྟག་ཏུ་འགྲོ་བའི་དོན་ལ་སྤྱོད་པར་བྱ། །བཛྲ་ཛྷཱ་ན་བྷཾ༔ བཅུ་བཞི་བསྔོ་སྨོན་བྱ་བ་ནི། ཧཱུྃ༔ རྟག་དང་ཆད་པའི་ཕ་མཐའ་ལས་བརྒལ་བའི། །རིམ་གཉིས་ཟུང་འཇུག་དགེ་ཚོགས་ཅི་མཆིས་པ། །འཁོར་གསུམ་ཡོངས་གྲོལ་དབྱིངས་སུ་བསྔོས་པའི་མཐུས། །ཀུན་ཀྱང་རྣམ་ཀུན་མཆོག་ལྡན་ཐོབ་པར་ཤོག ། བཅོ་ལྔ་ཤིས་པ་བརྗོད་པ་ནི། ཧྲཱི གདོད་མའི་མགོན་པོ་ཀུན་བཟང་འོད་མཐའ་ཡས། །སྒྱུ་འཕྲུལ་དྲྭ་བའི་བདག་ཉིད་རྡོ་རྗེ་སེམས། །དབྱེར་མེད་རིག་འཛིན་བླ་མའི་བྱིན་རླབས་ཀྱིས། །དགོངས་བརྒྱུད་འཕོ་བ་ཐོབ་


JKT016_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཀྲ་ཤིས་ཤོག །སྒྲིབ་གཉིས་གཟུང་འཛིན་འཆིང་བ་དབྱིངས་སུ་ཞི། །ཀ་དག་ལྷུན་གྲུབ་དབྱེར་མེད་རྟོགས་པ་རྒྱས། །རང་སྣང་དབང་འདུས་རླུང་སེམས་དབུ་མར་བསྒྲལ། །མཆོག་གི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག །གཞན་ཡང་ཤིས་བརྗོད་ཅི་རིགས་པས་མཐའ་རྒྱས་པར་བྱའོ། །བཅུ་དྲུག་ཕན་ཡོན་བསྟན་པ་ནི། རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་སོགས་སྨོས་ཀྱིས་མི་ལྡང་བ་ཡོད་དོ། །གཟོད་ནས་དྲི་མེད་ཟབ་གསལ་རྡོ་རྗེའི་དབྱིངས། །སྙིང་རྗེའི་འོད་ཟེར་སྟོང་དུ་འབར་བའི་དཔྱིད། །ཡོངས་རྫོགས་བསྟན་པའི་ཉི་མ་གསར་པ་ཞིག ། སྐལ་བཟང་གྲུབ་པའི་མཁའ་ལ་རྟག་ཏུ་ཤར། །མགོན་དེའི་སྒྲུབ་པའི་ཐབས་ཚུལ་ཉི་གཞོན་གྱིས། །དྭངས་པའི་བློ་གྲོས་ཨུཏྤལ་མིག་བྱེ་བས། །ཚོགས་མཆོད་བསོད་ནམས་སྦྲང་རྩིའི་སྤྲིན་གྱི་རྒྱུན། །དོན་གཉེར་རཡིག་གཉིས་པའི་གསོས་སུ་སྨིན། །དེ་ལས་བྱུང་བའི་དགེ་ཚོགས་ཇི་སྙེད་དེས། །འགྲོ་ཀུན་ནང་གི་དེ་ཉིད་ལ་བརྟེན་ནས། །ས་བཅུ་ལམ་ལྔའི་ཕ་མཐའ་ལས་བརྒལ་བའི། །གྲགས་པས་སྲིད་ཞིའི་ཁམས་ཀུན་མཛེས་གྱུར་ཅིག། །།ཅེས་བརྗོད་བྱ་རྗོད་བྱེད་གཉིས་ཀ་ཟབ་མོའི་ཕྱོགས་ནས་དྲངས་པའི་ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་ཚོགས་མཆོད་བསོད་ནམས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་འདི་ནི། དོན་གཉེར་ཅན་དག་གིས་ཡུན་རིང་དུ་གསོལ་བ་བཏབ་པའི་ངོར་ལམ་འདི་ལ་མི་ཕྱེད་པའི་དད་པ་བརྟན་པོས་སྨྲ་བའི་སྐལ་བཟང་ཅུང་ཟད་ཐོབ་པ་གཞོན་ནུ་འཇིགས་མེད་མཁྱེན་བརྩེའི་ཟློས་གར་གྱིས་རང་


JKT016_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བཅུ་བདུན་པར་དབེན་པའི་བྲག་སྐྱིབས་ཤིག་ཏུ་གང་ཤར་ཡུད་ཙམ་ལ་སྦྱར་བ་ལས་སླར་ཡང་གསལ་བར་བགྱིས་པའོ།། །།

འོད་གསལ་རྡོ་རྗེ་སྙིང་པོའི་རིག་འཛིན་བརྒྱུད་པའི་སྐོང་བཤགས་ཌཱ་ཀིའི་ཐོལ་གླུ།


JKT016_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

༈ འོད་གསལ་རྡོ་རྗེ་སྙིང་པོའི་རིག་འཛིན་བརྒྱུད་པའི་སྐོང་བཤགས་ཌཱ་ཀིའི་ཐོལ་གླུ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ༔ གཟོད་ནས་ཀ་དག་དྲི་མེད་ཆོས་ཀྱི་སྐུ། །འོད་གསལ་ལྷུན་གྲུབ་སྐུར་བཞེངས་ལོངས་སྤྱོད་རྫོགས། །ཟུང་འཇུག་སྤྲུལ་པའི་ཟེར་གྱིས་རིགས་ཅན་གསུམ། །ཕན་བདེའི་སྣང་བ་སྦྱིན་དེས་དགེ་ལེགས་སྩོལ། །དེ་ལ་འདིར་སྐབས་ཅི་རིགས་པར་འོད་གསལ་སྙིང་ཏིག་གི་རིག་འཛིན་བརྒྱུད་པ་རྣམས་ཀྱི་ཐུགས་དམ་བསྐང་བར་འདོད་པས། སྐོང་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། ཧཱུྃ༔ ཀུན་བརྟགས་གཞན་དབང་འཁྲུལ་བ་ལས་འདས་པའི། །ཀུན་ཏུ་རྟོག་བྲལ་ཡོངས་གྲུབ་གཉུག་མའི་དབྱིངས། །ཀུན་ནས་རྣམ་གྲོལ་ཡོན་ཏན་རྒྱ་མཚོའི་དཔྱིད། །ཀུན་བཟང་ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང་། །བདེ་བའི་བདག་ཉིད་སྣ་ཚོགས་གཟུགས་ཅན་དང་། །བདེ་མཆོག་འཁོར་ལོའི་དབང་ཕྱུག་ཟུང་འཇུག་པའི། །བདེ་ཆེན་ཁ་སྦྱོར་ཡན་ལག་བདུན་གྱི་དངོས། །བདེ་སྟོང་རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་། །དགའ་ལྡན་ལྷ་བརྒྱའི་ནོར་བུའི་ཅོད་པན་རྩེར། །དགའ་ཆེན་སྒྱུ་མའི་ཞབས་པད་ཉེར་བཀོད་པའི། །དགའ་བཞིའི་ཡེ་ཤེས་མཚན་དཔེར་ཤར་བའི་གཟུགས། །དགའ་རབ་དགྱེས་པ་རྡོ་རྗེའི༴ དཔལ་ལྡན་མཁས་པའི་ཚོགས་ཀྱིས་ཕྱག་བྱས་ཤིང་། །དཔལ་ལྡན་གྲུབ་རིགས་རྒྱ་མཚོའི་འཁོར་ལོས་སྒྱུར། །དཔལ་ལྡན་


JKT016_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །དཔལ་ལྡན་མལྗམི་ཏྲའི །རང་བཞིན་ཀ་དག་འོད་གསལ་ཆེན་པོའི་ངང་། །རང་གདངས་ལྷུན་གྲུབ་སྣང་བཞིའི་རྩལ་རྫོགས་པས། །རང་བྱུང་གདོད་མའི་གནས་ལུགས་ མངོན་གྱུར་པ། །རང་གྲོལ་ཤྲཱི་སིཾ་ཧའི༴ རྣམ་བཅས་བདེ་བ་ཆེན་པོའི་བརྟུལ་ཞུགས་ཀྱིས། །རྣམ་མེད་སྟོང་ཉིད་ཕྱག་རྒྱར་མཉམ་སྦྱོར་བས། །རྣམ་པ་ཀུན་གྱི་མཆོག་ལྡན་ཡེ་ཤེས་དབྱིངས། །རྣམ་གྲོལ་ཛྷཱ་ན་སཱུ་ཏྲའི༴ འཕོ་འགྱུར་གཉིས་སུ་སྣང་བའི་ཉེར་ལེན་ཀུན། །འཕོ་བྲལ་དབུ་མའི་སྲོག་ཏུ་ཡོངས་གྲུབ་པས། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་གོ་འཕང་ལས། །འཕོ་མེད་བི་མ་མི་ཏྲའི༴ འཆི་མེད་ཐོག་མའི་མགོན་པོའི་རྣམ་རོལ་ནི། །འཆི་མེད་རྟག་པ་དམ་པའི་གཟུགས་འཆང་བ། །འཆི་མེད་རིག་འཛིན་ཌཱ་ཀིའི་ཚོགས་ཀྱི་རྗེ། །འཆི་མེད་པདྨ་ཐོད་ཕྲེང་༴ གྲུབ་པའི་སློབ་དཔོན་ཆེན་པོས་རྗེས་བཟུང་ཞིང་། །གྲུབ་གཉིས་༦ ཡིད་བཞིན་གཏེར་ལ་དབང་འབྱོར་པས། །གྲུབ་མཆོག་བྱེ་བའི་གཙུག་ན་ངལ་འཚོ་བ། །གྲུབ་ཆེན་རྗེ་འབངས་ཉེར་ལྔའི༴ ཀུན་ཏུ་ཟབ་ཞི་སྤྲོས་བྲལ་ཆོས་ཉིད་དང་། །ཀུན་སྣང་སྙིང་རྗེ་ཆེན་པོ་ཟུང་འཇུག་པ། །ཀུན་གཟིགས་ཡེ་ཤེས་མེ་ལོང་འཆར་བའི་དངོས། ཀུན་མཁྱེན་དྲི་མེད་འོད་ཟེར །རིགས་གཅིག་ལྷན་སྐྱེས་བདེ་ཆེན་ཐིག་ལེ་ལས། །རིགས་རྣམས་སྣ་ཚོགས་སྤྲོ་དང་བསྡུ་བའི་གར། །རིགས་དང་དཀྱིལ་


JKT016_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྒྱ་མཚོའི་ཁྱབ་བདག་མཆོག །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། ཧྲི༔ ཐུགས་དམ་སྐོང་བའི་ཕྱི་ནང་མཆོད་པ་ནི། །ཚོགས་དྲུག་སྣང་བ་དབྱིངས་སུ་ཐིམ་པ་ལས། །གང་ཤར་འདོད་ཡོན་རྒྱན་གྱི་རོལ་མོའི་སྤྲིན། །མི་ཟད་ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང་། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། །བཀྲ་ཤིས་རྫས་རྟགས་རིན་ཆེན་རྣམ་བདུན་སོགས། །ལྷ་རྫས་ཕྱི་ཡི་མཆོད་པས༴ སྣང་སྟོང་སྒྱུ་མའི་གཟུགས་དང་ནཱ་དའི་སྒྲ། །བདེ་ཆེན་ཚུལ་ཁྲིམས་དྲི་དང་དགའ་བཞིའི་རོ། །རབ་འབར་གཏུམ་མོའི་རེག་བྱ་ཆོས་ཀྱི་དབྱིངས། །རང་བྱུང་ནང་གི་མཆོད་པས༴ ཁམས་ལྔ་དབུ་མར་སྦྱར་བའི་ཨ་མྲྀ་ཏ། །རླུང་བཅུ་དབྱིངས་སུ་བསྒྲལ་བའི་དམར་ཆེན་པོ། །ཟུང་འཇུག་བདེ་བ་ཆེན་པོའི་བ་ལི་ཏ། །ལྷན་སྐྱེས་གསང་བའི་མཆོད་པས༴ ཀ་དག་འོད་གསལ་དབྱིངས་ཀྱི་གནས་ལུགས་རྟོགས། །ལྷུན་གྲུབ་རིག་པ་ཆོས་ཟད་ཆེན་པོར་སྨིན། །འཁོར་འདས་གཞི་གྲོལ་གཞོན་ནུ་བུམ་སྐུའི་ངང་། །བླ་མེད་མཆོག་གི་མཆོད་པས༴ སོ་ཐར་བྱང་སེམས་རིག་འཛིན་སྡེ་སྣོད་ཀྱི། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་ཀུན། །རྩེ་གསུམ་ཀུན་འདུས་བླ་མའི་དཀྱིལ་འཁོར་ཆེར། །རང་གྲོལ་གཉུག་མའི་ངང་དུ་མཐོལ་ཞིང་བཤགས། །ཧྲཱི༔ དེ་ལྟར་བསྐངས་ཞིང་


JKT016_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་པའི་བྱིན་རླབས་ཀྱིས། །བདག་གཞན་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བརྒྱུད་གསུམ་རིག་འཛིན་ཌཱ་ཀིས་རྗེས་བཟུང་ནས། །དོན་གཉིས་བསམ་སྦྱོར་ཡིད་བཞིན་འགྲུབ་པར་ཤོག །གནས་ སྐབས་བརྒྱད་གཉིས་འཇིགས་པ་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་རྒྱས། །འཁོར་འདས་སྣང་སྲིད་དབང་དུ་འདུ་བ་དང་། །གཟུང་འཛིན་དགྲ་བགེགས་རྩད་ནས་ཆོད་པར་ཤོག །མཐར་ཐུག་ཅིར་སྣང་ལྷ་ཡི་ཕྱག་རྒྱར་དག །སྒྲ་གྲགས་བདེ་ཆེན་རྡོ་རྗེའི་དབྱངས་སུ་རྫོགས། །རྟོག་ཚོགས་འོད་གསལ་ཆོས་ཀྱི་སྐུར་སྨིན་ནས། །རང་བཞིན་གདོད་མའི་དབྱིངས་སུ་གྲོལ་བར་ཤོག །དེ་ལྟར་འོད་གསལ་སྙིང་ཏིག་གི་རིག་འཛིན་བླ་མ་བརྒྱུད་པའི་ཚོགས་ཀྱི་ཐུགས་དམ་བསྐང་བའི་རིམ་པ་མཁའ་སྤྱོད་ཌཱ་ཀིའི་ཐོལ་གླུ་ཞེས་བྱ་བ་འདིའང་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་འཇིགས་པ་མེད་པའི་སྡེས་ཕྱོགས་བྲལ་གྱི་རྒྱལ་ཁམས་ཉུལ་བའི་སྐབས། རྒྱལ་བ་གཉིས་པ་དྲི་མེད་འོད་ཟེར་གྱིས་སྡེ་གསུམ་རྫོགས་པ་ཆེན་པོའི་སེང་གེའི་སྒྲ་དབྱངས་ཀྱིས་བསིལ་ལྡན་ལྗོངས་ཀུན་ཁྱབ་པར་མཛད་པའི་གནས་གངས་རི་ཐོད་དཀར་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་དུ་རྣམ་འཕྱང་ལོའི་ས་ཟླ་ཕྱི་མའི་དམར་ཕྱོགས་ཌ་ཀི་འདུ་བའི་དུས་ཀྱི་མཆོད་པ་ཆེན་པོའི་ནུབ་མོར་སྣང་གསལ་ཞིག་གི་ངོགས་སུ་ཤར་མར་སྦྱར་བ་ཛ་ཡནྟུ། །སརྦ་དཱ་མངྒ་ལཾ།། །།

ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་བསྙེན་ཡིག་གྲུབ་གཉིས་ཤིང་རྟ།


JKT016_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་བསྙེན་ཡིག་གྲུབ་གཉིས་ཤིང་རྟ་ཞེས་བྱ་བ་བཞུགས་སོ།། །།


JKT016_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བི་མ་ལ་རསྨི་པཱ་དཱ་ཡ། དྲི་མེད་འོད་གསལ་རྡོ་རྗེའི་སྙིང་པོའི་དབྱིངས། །སྣང་བཞིའི་འཛུམ་ཟེར་གསར་པ་དང་སྦྱར་བས། །འཇའ་ལུས་འཕོ་བ་ཆེན་པོའི་གསེང་ལམ་མཆོག །དབྱེ་མཛད་རིག་འཛིན་བླ་མས་རྟག་ཏུ་སྐྱོངས། །དེ་ལ་འདིར་རིག་འཛིན་བླ་མའི་སྒྲུབ་པ་ཡང་གསང་ཐིག་ལེའི་རྒྱ་ཅན་གྱི་ལམ་ཟབ་མོ་ལ་བརྟེན་ནས་བྱིན་རླབས་དོན་གྱི་ཡེ་ཤེས་སྙིང་དབུས་སུ་ཞུགས་པས་ཚེ་གཅིག་གིས་འཇའ་ལུས་རྡོ་རྗེའི་གོ་འཕང་ཐོབ་པར་འདོད་པའི་གང་ཟག་གིས། ཤིན་ཏུ་དབེན་ཞིང་ཉམས་དགའ་ལ་ཡིད་དང་རྗེས་སུ་མཐུན་པའི་ནགས་ཁྲོད་དམ། གངས་ཁྲོད་དམ། རི་སུ་ལ་སོགས་གྲུབ་པའི་སྐྱེ་བོས་བསྟེན་པའི་སྨན་ལྗོངས་སུ་སྦྱོར་བ། དངོས་


JKT016_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གཞི། རྗེས་ཀྱི་རིམ་པ་གསུམ་གྱིས་ཉམས་སུ་བླང་བར་བྱ་བ་ལས། དང་པོ་ནི། དལ་འབྱོར་གྱི་རྟེན་འདི་ཉིད་རྙེད་དཀའ་ཞིང་ནམ་འཆི་བའི་ཆ་མེད་པ་དང་། ཤི་བའི་འོག་ཏུ་ལས་འབའ་ཞིག་གི་རྗེས་སུ་འབྲངས་ཏེ་ཁམས་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས། ད་རེས་སྡུག་བསྔལ་ཅན་གྱི་འཁོར་བ་འདི་ལས་བདག་གཞན་སེམས་ཅན་ཐམས་ཅད་ཐར་བ་ཞིག་ཅི་ནས་ཀྱང་བགྱིའོ་སྙམ་པའི་སྐྱེས་བུ་ཆེན་པོའི་བློས་སྐྱབས་སེམས་ནས་བླ་མའི་རྣལ་འབྱོར་གྱི་བར་སྔོན་འགྲོའི་རིམ་པ་རྣམས་སྔོན་དུ་སོང་བས་ལམ་འདིར་འཇུག་པའི་ཚེ། མར་ངོའི་ཚེས་བཅུ་སོགས་དམར་ཕྱོགས་ཀྱི་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཉིན། གནས་ཁང་


JKT016_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བྱི་དོར་བྱ་ཞིང་། རིག་འཛིན་བླ་མའི་དམ་ཚིག་གི་སྣང་བརྙན་བྲིས་འབུར་གང་རིགས་འབྱོར་ན་བཤམས་པའི་མདུན་དུ་སྟེགས་ཀྱི་ཁར་འོད་ལྔའི་ཐིག་ལེའི་དཀྱིལ་འཁོར་རྡུལ་ཚོན་ནམ་རས་བྲིས་སྐབས་དང་སྦྱར་བའི་དབུས་སུ་མཉྫིའི་སྟེང་བྷན་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པའི་ནང་རིག་འཛིན་གྱི་སྲོག་འཁོར་དཔལ་གྱི་གདུ་བུ་བྲིས་སྒྲུབ་ཚད་ལྡན་བགྱིས་པ་དང་། བརྒྱུད་པ་འདི་ཉིད་ལས་འོངས་པའི་སེལ་མེད་ཀྱི་བདུད་རྩི་ཆོས་སྨན། རིན་པོ་ཆེ་སྣ་ཚོགས། སྨན་སྣ་ཚོགས། འབྲུ་སྣ་ཚོགས་བཅས་ཀྱིས་གཏམས་པའི་ཁར་དར་དམར་གྱི་ལྡིང་གུར་དབུབ། དེའི་མདུན་དུ་བླ་གཏོར་དམར་པོ་པད་འདབ་བཞི་པ་རྒྱན་ལྡན། གཡས་གཡོན་དུ་སྨན་རཀ །མཐའ་སྐོར་དུ་ཉེར་སྤྱོད་དང་། ཚོགས་ཀྱི་འཁོར་ལོའི་ཡོ་བྱད་ཇི་ལྟར་རིགས་པ་བཤམས་པས་མཚོན་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚགས་སུ་ཚུད་པར་བྱའོ། །གཉིས་པ་དངོས་གཞི་ནི། དེ་ནས་སྲོད་ཐུན་གྱི་སྔ་ལོགས་སུ་སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་ནས་སྔོན་འགྲོའི་རིམ་པས་བློ་རྒྱུད་སྦྱངས་པའི་མཐར། རང་ཉིད་སྐད་ཅིག་གིས་དཔལ་རྟ་མཆོག་རོལ་པ་སོགས་ལས་ཀྱི་ཁྲོ་བོ་གཉུག་མའི་ཧེ་རུ་ཀ་གང་ཡང་རུང་བའི་ང་རྒྱལ་གྱིས་གཞི་བགེགས་ལ་གཏོར་མ་ཕྱིན་ཞིང་རྡོ་རྗེའི་སྲུང་བའི་འཁོར་ལོས་ཕྱོགས་མཚམས་


JKT016_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བཅིང་བ་དང་། རྒྱལ་ཆེན་བཞི་ལ་བར་ཆད་ཞི་བའི་ཕྲིན་ལས་བཅོལ་ནས་ཐོ་འཛུགས་པ་སོགས་བསྙེན་ཡིག་སྤྱི་འགྲོ་ལྟར་ཤེས་པར་བྱས་ནས། སྐབས་དོན་གྱི་ཁྱད་པར། མདུན་གྱི་ནམ་མཁར་སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་དབྱེར་མེད་པའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཞི་འཛུམ་མཚན་དཔེའི་གཟི་བྱིན་ཕུན་སུམ་ཚོགས་པར་གསལ་བཏབ་ལ། བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བའི་དམིགས་རྣམ་ཀུན་རྫོབ་ཙམ་དུ་བྱས་པའི་མཐར། སྐྱབས་ཡུལ་དང་རང་སེམས་དབྱེར་མེད་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཟུང་འཇུག་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་རང་ཆས་སུ་བཞུགས་པའི་དོན་ལ་དྲན་པ་ཉེ་བར་གཞག་པ་དོན་དམ་པའི་སྐྱབས་འགྲོ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་འདོད་ཀྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད། དོན་དམ་པར་ཅིར་ཡང་མ་གྲུབ་ཅིང་། ཀུན་རྫོབ་ཏུ་ཅིར་ཡང་འཆར་བའི་གནས་ལུགས་སྟོང་དང་རྟེན་འབྱུང་དབྱེར་མེད་པའི་ངང་དུ་མཉམ་པར་འཇོག་པ་དོན་དམ་གྱི་སེམས་བསྐྱེད། གཟོད་མ་ནས་གཟུང་འཛིན་གྱི་འཁྲུལ་པས་གོས་མ་མྱོང་བའི་འོད་གསལ་གཉུག་མའི་ངང་དུ་ཀུན་བརྟགས་གློ་བུར་གྱི་


JKT016_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་བགེགས་ཐམས་ཅད་རང་བཞིན་མེད་པའི་ལྟ་བས་རྒྱས་འདེབས་པ་ཁྱད་པར་གྱི་སྲུང་འཁོར། ཚོགས་དྲུག་གི་སྣང་བ་གང་ཤར་ཐམས་ཅད། ཤར་ཙམ་ནས་གཟུང་འཛིན་གྱི་མདུད་པ་རང་གྲོལ་དུ་ལྷཞིག་པས་ཅིར་སྣང་ཕྱི་ནང་གསང་བའི་མཆོད་སྤྲིན་དུ་ཤར་བ་དག་པ་རབ་འབྱམས་ཡེ་ཤེས་ཆེན་པོའི་བྱིན་འབེབས་པ་རྣམས་གཞུང་གི་ཚིག་དོན་དང་རྗེས་སུ་མཐུན་པར་ནན་ཏན་གྱིས་གསལ་བཏབ་རྗེས། བསྐྱེད་རིམ་དངོས་གཞིའི་ཆར། ཉམས་སུ་མྱོང་ཡང་བསམ་བརྗོད་ཀྱི་སྤྲོས་པ་ལས་འདས་པའི་རིག་སྟོང་རྗེན་པ་སྐད་ཅིག་མའི་རང་རྩལ་ལས་སྣང་བཞིའི་འཆར་ཚུལ་ཕ་མཐར་སོན་པའི་རྟེན་འབྱུང་གི་སྣང་ཆ་མ་འགགས་པ་རང་ཤར་བའི་ཚུལ་གྱིས་ཡོངས་གྲུབ་དག་མཉམ་ཆེན་པོའི་ལྷའི་གསལ་སྣང་ལ་སེམས་ཟིན་པ་ན། འོད་ཟེར་གྱི་འཕྲོ་འདུས་ཀུན་རྫོབ་ཙམ་དུ་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམས་ལ། དོན་དམ་པར་ལྷ་དང་རང་སེམས་དབྱེར་མེད་དུ་ཤེས་པའི་རབ་ལྟ་བས་མཇལ་བའི་ཕྱག་དང་། ཅིར་སྣང་ནམ་མཁའ་མཛོད་ཀྱི་མཆོད་པའི་སྤྲིན་ཆེན་པོར་སྤྲོ་བ་དང་། སྒྱུ་མ་དང་རྨི་ལམ་གྱི་ཚུལ་ལྟར་སྣང་ཡང་ཞེན་པ་མ་གྲུབ་པའི་སྒྱུ་མའི་གསང་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པས་བསྟོད་པ་རྣམས་ལས་གཞུང་ལས་འབྱུང་བ་ལྟར་དང་། བཟླས་དམིགས་དངོས་ནི། རང་གི་ལུས་ཀྱི་ནང་སྟོང་ཆེན་སྒྲིབ་


JKT016_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་དང་བྲལ་བ་ཕུ་མ་ཕུས་བཏབ་པ་ལྟ་བུའི་དབུས་ཀྱི་ཐུགས་ཀའི་ཐད་དྲང་དུ་འོད་ལྔའི་ཐིག་ལེ་ཟླུམ་འཁྱིལ་གྱི་དབུས་མཐིང་ག་ཁྱབ་པ་ཆེན་པོའི་ཀློང་ན་ཡེ་ཤེས་སེམས་དཔའ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་དབུས་ཙིཏྟ་མཆོང་གུར་ཕུབ་པ་ལྟ་བུའི་དབུས་སུ་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་སེམས་ཉིད་གཉུག་མའི་དབྱིངས་ཀྱི་ངོ་བོ་ཧཱུྃ་ཡིག་མཐིང་གསལ་གྱི་མཐར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཡི་གེའི་གཟུགས་སུ་ཤར་བའི་སྔགས་ཕྲེང་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་མཐིང་གསལ་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ་གཡས་སྐོར་དུ་གནས་པ་ལས་འོད་ཟེར་བུན་ལོང་གིས་འཕྲོས་པའི་རྩེ་ལས་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་དང་། ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོ་སྙིང་ཏིག་གི་བརྒྱུད་པའི་བླ་མ་རྣམས་ལ་ཐུགས་མཉེས་པའི་མཆོད་པ་ཕུལ་བར་བསམ་པ་བསྙེན་པ། འོད་ཟེར་མར་འཕྲོས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ་ཕྱི་སྣོད་འོག་མིན་གྱི་ཞིང་དང་། ནང་བཅུད་རིག་འཛིན་བླ་མའི་སྐུར་ལམ་ལམ་གསལ་འདེབས་པ་སྒྲུབ་པ། འོད་ཟེར་ཚུར་འདུས་བདག་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་ཐ་མལ་དུ་འཛིན་པའི་དྲི་མ་སྦྱངས་ཏེ། སྒོ་གསུམ་རྡོ་རྗེ་།


JKT016_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ངོ་བོར་བྱིན་གྱིས་བརླབས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལྷུན་གྱིས་གྲུབ་པར་བསམ་པ་སྒྲུབ་ཆེན། དེ་ལྟར་འོད་ཟེར་སྤྲོ་བསྡུས་མཚོན་པའི་འཁོར་གསུམ་གྱི་རྟོག་ཚོགས་ཐམས་ཅད་གཟོད་མ་ནས་རང་བཞིན་གྱིས་མ་གྲུབ་པའི་འོད་གསལ་རྫོགས་པ་ཆེན་པོ་ཀ་དག་གི་གནས་ལུགས་ལ་མཉམ་པར་འཇོག་པ་ལས་སྦྱོར་ཏེ། ཚུལ་དེ་ལྟ་བུའི་དམིགས་གནད་དང་མ་བྲལ་བའི་ཡི་ངང་ནས་བཟླས་པ་ཅི་ནུས་བྱས་རྗེས། མཆོད་བསྟོད་དངོས་གྲུབ་བླང་ཞིང་ཚོགས་ཀྱི་མཆོད་པའང་བྱས་ལ། སྣོད་བཅུད་ཐམས་ཅད་འོད་གསལ་དུ་སྦྱངས་པའི་ནང་གསལ་གྱི་རིག་པ་ཐིམ་ལ་མ་རྨུགས་པའི་ངང་དུ་ཁམས་གསོ། ཐོ་རངས་ལྡང་བའི་དུས་ལ་བབ་པ་ན་སྐད་ཅིག་གིས་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སྣང་སྟོང་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡང་ཞིང་ཐོར་ཐུན། སྔ་ཐུན། དགོངས་ཐུན། སྲོད་ཐུན་ཏེ་ཐུན་བཞིའི་རིམ་པས་འབུམ་ཕྲག་བཅུ་གཉིས་ཁ་སྐོང་དང་བཅས་པ་བཟླ་བ་ནི་གྲངས་ཀྱི་བསྙེན་པ་དང་། ཟླ་བ་དྲུག་ལ་སོགས་པར་བརྩོན་པ་དུས་ཀྱི་བསྙེན་པ་དང་། གཞུང་ནས་གསུངས་པའི་རྟགས་རྣམས་རྫོགས་པའི་བར་བསླབ་པ་མཚན་མའི་བསྙེན་པ་སྟེ། བརྩོན་འགྲུས་དང་དབང་པོའི་རིམ་པ་ལྟར་ཉམས་སུ་བླངས་པས་དོན་བརྒྱུད་ཀྱི་བྱིན་རླབས་སྙིང་དབུས་སུ་ཞུགས་པས་སྡེ་


JKT016_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྫོགས་པ་ཆེན་པོའི་ཚིག་དང་དོན་གྱི་ཆ་ལ་སྤོབས་པའི་གཏེར་ཆེན་པོ་གྲོལ་ཞིང་། རིང་པོར་མི་ཐོགས་པར་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་འགྱུར་བ་ནི་ངེས་པའོ། །དེ་ལྟར་ཉམས་སུ་བླང་བའི་ཐུན་མཚམས་སུ་སྔ་དགོངས་ཀྱི་ཟེར་།ཉིས་ལ་ལྷུན་གྲུབ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་ལ་གཟིར་ཞིང་། སྲོད་དང་ཐོ་རངས་སོགས་རླུང་རིག་དྭངས་པའི་སྐབས་གཏུམ་མོ་བསྒོམ་པ་དང་ཁྲེགས་ཆོད་ཀྱི་ལྟ་བ་བསྐྱངས་ཏེ། མདོར་ན་སྟན་ཐོག་གཅིག་ཏུ་དབང་བཞིའི་ལམ་རྫོགས་པར་ཉམས་སུ་བླང་བར་བྱའོ། །གསུམ་པ་རྗེས་ནི། སྒྲུབ་པ་ཐོན་པའི་ཚེ། ཡར་ངོའི་ཚེས་བཅུ་སོགས་དུས་ཚེས་ཤིས་པའི་སྔར་ཉིན་ནས་ཚོགས་ཀྱི་ཡོ་བྱད་དང་། དངོས་གྲུབ་ལེན་པའི་རྫས་སོགས་འདུ་བྱས་ལ། ཐོ་རངས་སྔ་བར་ལངས་ནས་ལས་གཞུང་བསྲངས་ཤིང་བཟླས་པ་འོས་མཚམས་ཀྱི་རྗེས་ཚོགས་ཀྱི་མཆོད་པ་བྱ་ཞིང་། སྐྱ་རེངས་ཤར་བའི་དུས་ལ་བབ་པ་ན་སྤྱི་བཤགས་ཡེ་ཤེས་སྐུ་མཆོག་གིས་དམ་ཚིག་ཉམས་ཆག་བཤགས། སྒྲུབ་པའི་རྫས་ལ་བྱིན་འབེབས་དང་། མཆོད་བསྟོད་སྔོན་དུ་འགྲོ་བས་དངོས་གྲུབ་བླང་ཞིང་། སྒྲུབ་རྫས་རྣམས་གནས་གསུམ་དུ་གཏུགས་ལ་མྱང་། བྷནྡྷ་སྲོག་འཁོར་དང་བཅས་པ་འབྲལ་མེད་དུ་འཆང་། ནོངས་བཤགས་ནས་བཟུང་སྟེ་ཤིས་པ་བརྗོད་པའི་བར་ཚོགས་མཆོད་ནས་


JKT016_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྟར་དང་། གཞན་ཡང་བཀྲ་ཤིས་རྒྱས་པར་བརྗོད་ཅིང་རྒྱལ་ཆེན་ལ་གཏང་རག་གི་མཆོད་བསྟོད་དང་གཤེགས་གསོལ་བྱ། དེ་ནས་རང་གི་ཆོས་དང་མཐུན་པའི་གྲོགས་དམ་ཚིག་ལྡན་པ་རེ་གཉིས་དང་རིམ་གྱིས་འཕྲད་པ་སོགས་གསང་བ་སྤྱིའི་ལུགས་བཞིན་ཤེས་པར་བྱའོ།། །གང་དུ་ཞུགས་པས་མཆོག་དང་ཐུན་མོང་གི། །གྲུབ་གཉིས་ནོར་བུའི་དོ་ཤལ་འཛིན་བཟོད་པ། །ཡང་གསང་བླ་མ་བསྙེན་ཅིང་སྒྲུབ་པའི་ཚུལ། །རིག་པ་འཛིན་པ་དགའ་བའི་ཤིང་རྟ་ཆེ། །ཉུང་གསལ་སྙིང་པོར་དྲིལ་ནས་བཀོད་པ་ཡི། །བསོད་ནམས་ཟླ་ཤེལ་བྱེ་བའི་སྙེམས་འཆང་བས། །སྲིད་ཞིའི་རྒུད་པའི་མུན་པ་ཀུན་བཅིལ་ནས། །འཇའ་ལུས་རྡོ་རྗེའི་ངལ་འཚོ་རྒྱས་གྱུར་ཅིག །ཅེས་པའང་དད་པ་དང་དམ་ཚིག་གིས་རྒྱུད་ཕྱུག་ཅིང་རྣམ་པར་དཔྱོད་པའི་བློ་གྲོས་ཅན་ཨ་བྷ་ཡ་ཤྲཱི་མཱི་གྱིས་ནན་ཏན་ཆེན་པོས་གསོལ་བ་བཏབ་པ་ལས། ཀུན་མཁྱེན་བླ་མ་དགྱེས་པའི་འབངས་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་འོག་མིན་བླ་མའི་གདན་ས་དཔལ་ལྡན་པདྨ་འོད་གླིང་དུ་སྣང་གསལ་ཞིག་གི་ངོགས་སུ་ཤར་མར་བྲིས་པ་དགེ་ལེགས་ཀྱི་སྣང་བ་མཆོག་ཏུ་འབར་བའི་རྒྱུར་གྱུར་ཅིག། །ཤུདྡྷཾ།། །།

ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་སྨིན་བྱེད་ཡེ་ཤེས་མཆོག་སྦྱིན།


JKT016_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་སྨིན་བྱེད་ཡེ་ཤེས་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ།། །།


JKT016_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་བེ། དྲི་མེད་ཀ་དག་ཆོས་ཀྱི་སྐུ། །མཁྱེན་བརྩེའི་འོད་ཟེར་ལོངས་སྤྱོད་རྫོགས། །གང་འདུལ་སྤྲུལ་པའི་རྣམ་རོལ་ཅན། །ཕྱག་འཚལ་རིག་འཛིན་བླ་མ་ལའོ། །གང་དེའི་རྡོ་རྗེའི་རྣལ་འབྱོར་དང་། །རྗེས་སུ་འབྲེལ་བའི་སྨིན་བྱེད་ཀྱི། །རྣམ་གྲོལ་ཡེ་ཤེས་མཆོག་སྦྱིན་པ། །སྐལ་བཟང་སློབ་མའི་དོན་དུ་དབྱེ། །དེ་ཡང་དབེན་ཞིང་ཉམས་དགའི་གནས། །བྱིན་རླབས་བཀྲ་ཤིས་འབྱུང་བའི་སར། །མཁའ་འགྲོ་འདུ་བའི་དུས་ཀྱི་ཚེ། །དཀྱིལ་འཁོར་དམར་ཟླུམ་བཀོད་ལེགས་སྟེང་། །ཕྱི་ནང་གསང་བའི་དབང་རྫས་དང་། །ཚོགས་ཀྱི་མཆོད་གཏོར་བཟང་དུ་བཤམ། །བསྙེན་ྋ །ས་རྟོགས་ལྡན་རྣལ་འབྱོར་པས། །བདག་མདུན་དབྱེར་མེད་བསྐྱེད་བཟླས་དང་། །རིག་པའི་མེ་ཏོག་དོར་བ་ཡིས། །ཡེ་ཤེས་དཀྱིལ་འཁོར་འཇུག་པའི་རྗེས། །དད་ལྡན་དམ་


JKT016_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་སྲུང་ནུས་པའི། །སློབ་མ་ཁྲུས་བྱས་གྲལ་ལ་འཁོད། །བགེགས་བྲལ་སྲུང་བའི་འཁོར་ལོ་བསྒོམ། །ལོ་རྒྱུས་མཚམས་སྦྱར་མཎྜལ་འབུལ། །དེ་ནས་གསོལ་བ་གདབ་པ་ནི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རྡོ་རྗེའི་སློབ་དཔོན་བདག་ལ་དགོངས། །རིག་འཛིན་བླ་མའི་དཀྱིལ་འཁོར་དུ། །འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ། །ལན་གསུམ་སྐྱབས་སེམས་སྡོམ་གསུམ་སྦྱིན། །ཡེ་ཤེས་དབབ་ཅིང་གཉིས་མེད་བསྟིམ། །དེ་ནས་བུམ་པ་སྤྱི་བོར་བསྐུར། ཀ་དག་གཞོན་ནུ་བུམ་སྐུའི་གྲོང་ཁྱེར་དུ། །ལྷུན་གྲུབ་སྣང་སྟོང་བླ་མའི་དཀྱིལ་འཁོར་ཤར། ཟུང་འཇུག་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །ཕུང་ཁམས་སྐྱེ་མཆེད་ལྷ་སྐུར་དག་པར་ཤོག །རྩ་སྔགས་དང་། ནཱིརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། རྗེས་འབྲེལ་བསྐྱེད་པའི་རིམ་པ་དང་།


JKT016_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སྟངས་རྣམ་པ་གསུམ་ལ་བསླབ། །བླ་མའི་སྣང་བརྙན་སྤྱི་བོར་གཞག །ཨོཾ། རིག་གདངས་ཆོས་ཉིད་མངོན་སུམ་གཞལ་ཡས་སུ། །ཉམས་སྣང་གོང་འཕེལ་འཇའ་ཟེར་ཐིག་ལེའི་ཀློང་། །རིག་པ་ཚད་ཕེབས་དོན་གྱི་བླ་མའི་སྐུས། །ཆོས་ཟད་བློ་འདས་ཆེན་པོར་དབང་བསྐུར་རོ། །བཛྲ་ཀཱ་ཡ་ཨ་བྷི་ཥིཉྩམི། མྱོང་གྲོལ་བདུད་རྩི་མགྲིན་པར་སྦྱིན། །ཧྲཱི༔ ཕྱི་སྣོད་རྩ་གསུམ་འཁོར་ལོའི་བྷནྡྷ་རུ། །ནང་བཅུད་བདེ་ཆེན་བྱང་སེམས་བདུད་རྩིར་བསྐྱིལ། །དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །སྲོལ་རྩོལ་དབུ་མའི་དབྱིངས་སུ་རྫོགས་པར་ཤོག །སཾ་བྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་གཟིགས་སྟངས་རྣམ་གསུམ་དང་། །རླུང་གི་གནད་ལ་བསླབས་པའི་རྗེས། །ཐུན་མོང་བཟླས་པའི་ལུང་སྦྱིན་ཞིང་། །ཁྱད་པར་རིག་འཛིན་སྲོག་འཁོར་ནི། །ཚར་གཅིག་བཀླགས་ལ་སྤྱི་བོར་གཞག ། སྲས་བཅས་རྒྱལ་བ་ཀུན་གྱི་རྡོ་རྗེའི་གསུང་། །ཡི་གེའི་འཁོར་ལོར་ཤར་བའི་དབང་བསྐུར་བས། །ལས་རླུང་ཡེ་ཤེས་ཁམས་སུ་རྣམ་དག་པའི། །ཆོས་ཀྱི་རྒྱལ་སྲིད་མཆོག་ལ་དབང་བསྒྱུར་ཤོག །བཛྲ་ཝཱ་ཀ་ཨ་བྷི་ཥིཉྩ་མི། ཤེས་རབ་གཟུངས་མ་བྱིན་བརླབས་སྦྱིན། ཧྲིཿ བཅུ་དྲུག་དགའ་བ་སྟེར་བའི་ཕོ་ཉ་མོ། །ཡིད་འོང་སྣ་ཚོགས་གཟུགས་ཅན་འདི་གཏད་ཅིང་། །ལྷན་སྐྱེས་ཐར་པ་བསྟེན་པའི་དབང་བསྐུར་བས། །རྟོག་ཚོགས་བདེ་སྟོང་ཆེན་པོར་སྨིན་པར་ཤོག །དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་


JKT016_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། རྡོར་སེམས་ཡབ་ཡུམ་ང་རྒྱལ་གྱིས། །སྙོམས་འཇུག་བདེ་ཆེན་ཡེ་ཤེས་བསྐྱེད། །རྗེས་འབྲེལ་བདེ་སྟོང་དོན་ངོ་སྤྲོད། །ཌ་མ་རུ་དང་ཁ་ཊཾ་སོགས། །བརྟུལ་ཞུགས་སྤྱོད་པའི་ཡོ་བྱད་སྦྱིན། །ཧཱུྃ། ཕྱི་དང་ནང་གི་གནས་ཡུལ་དུར་ཁྲོད་ཀུན། །རྡོ་རྗེའི་བརྟུལ་ཞུགས་གཅིག་གིས་བགྲོད་པའི་སླད། །དཔའ་བོ་ཌཱ་ཀིའི་ཕྱག་རྒྱས་དབང་བསྐུར་བས། །ཉེ་རྒྱུའི་སྤྱོད་པའི་འབྲས་བུ་མཐར་ཕྱིན་ཤོག །བཛྲ་ཙིཏྟ་ཨ་བྷི་ཥིཉྩམི། རྡོ་རྗེ་སེམས་དཔའི་མེ་ལོང་བསྟན། ཧྲཱི༔ གཞི་དབྱིངས་ཀ་དག་གཉུག་མའི་དྭངས་ཤེལ་ལས། །གཞི་སྣང་ལྷུན་གྲུབ་རིག་པའི་འཇའ་ཟེར་ཤར། །ཟུང་འཇུག་དཔེ་དོན་འབྲེལ་བའི་དབང་བསྐུར་བས། །སྐུ་དང་ཡེ་ཤེས་དབྱེར་མེད་མངོན་གྱུར་ཤོག །ཛཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་འབྲེལ་གཉིས་ཀས་མཉམ་གཞག་ངང་། །ཨ་ཞེས་དགོངས་པའི་དྲོད་གཏད་ཅིང་། །ཕཊ་ཀྱིས་རིག་རྩལ་གོང་དུ་སྤར། །ཟབ་མོའི་ལྟ་སྒོམ་སྤྱོད་འབྲས་དང་། །སྣང་བཞིའི་འཆར་ཚུལ་ངོ་སྤྲད་ཅིང་། །སྙིང་ཏིག་གླེགས་བམ་སྤྱི་བོར་གཞག །ཨོཾ་ཨཱཧཱུྃ། ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ། །འཇམ་དཔལ་བཤེས་གཉེན་ཤྲཱི་སིཾ་ཧ་དང་། །ཛྙཱ་ན་སཱུ་ཏྲ་འཆི་མེད་པདྨ་འབྱུང་། །འོད་གསལ་སྙིང་པོའི་ཤིང་རྟ་བི་མ་ལ། །དབྱེར་མེད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས། །དེང་འདིར་སྐལ་ལྡན་ཁྱོད་ལ་བྱིན་བརླབས་པས། །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་


JKT016_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོར་ཤར། །སྒྲར་གྲགས་མི་ཤིགས་རྡོ་རྗེའི་དབྱངས་སུ་སྨིན། །ཀ་དག་རིག་པ་གདོད་མའི་གནས་ལུགས་རྟོགས། །ལྷུན་གྲུབ་སྣང་བ་རྣམ་བཞིའི་རྩལ་རྫོགས་ནས། །ཚེ་གཅིག་འཇའ་ལུས་རྡོ་སྲོག་འགྲུབ་ཤོག །བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཨ་བྷི་ཥིཉྩམི། རྗེས་སུ་ཤིས་བརྗོད་མེ་ཏོག་འཐོར། །དམ་ཚིག་ཁས་བླང་གཏང་རག་དབུལ། །དགའ་སྟོན་ཚོགས་ཀྱི་འཁོར་ལོ་དང་། །རྡོ་རྗེའི་གླུ་དང་གར་ལ་རོལ། །དེ་ལྟར་རིགས་རྣམས་ཀུན་འདུས་པ། །ཡང་གསང་བླ་མའི་སྒྲུབ་པ་ནི། །འོད་གསལ་ཐིག་ལེའི་རྒྱ་ཅན་གྱི། །སྨིན་བྱེད་ཡེ་ཤེས་མཆོག་སྦྱིན་འདི། །གངས་རི་ཐོད་དཀར་ཨོ་རྒྱན་རྫོང་། །འོད་ཟེར་སྤྲིན་གྱི་སྐྱེད་ཚལ་དུ། །གཏད་མེད་ཀུན་ཏུ་རྒྱུ་བ་ཡི། །རྣལ་འབྱོར་འཇིགས་པ་མེད་པས་སྦྱར། །དགེ་བས་སྐལ་བཟང་སློབ་མ་རྣམས། །ཀུན་མཁྱེན་བླ་མའི་ཡེ་ཤེས་སྐུས། །མངོན་སུམ་ཉིད་དུ་རྗེས་བཟུང་ནས། །གདོད་མའི་གཞི་དབྱིངས་གྲོལ་གྱུར་ཅིག །ས་མ་ཡ༔ གུ་ཧྱ༔

ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་ལས། མྱོང་གྲོལ་རིལ་བུའི་སྒྲུབ་ཐབས།


JKT016_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་ལས། མྱོང་གྲོལ་རིལ་བུའི་སྒྲུབ་ཐབས་བཞུགས། །ན་མོ་བི་མ་ལ་རསྨི་པཱ་དཱ་ཡ། །གྲུབ་པའི་བདུད་རྩིས་སྐལ་བཟང་ལ། །གྲུབ་གཉིས་དགའ་སྟོན་མཆོག་སྦྱིན་པ། །གྲུབ་པའི་རིལ་བུའི་སྦྱོར་བ་ནི། །གྲུབ་རིགས་རྒྱ་མཚོའི་གསུང་བཞིན་སྤེལ། །དེ་ཡང་དབེན་ཞིང་ཉམས་དགའི་གནས། །བཀྲ་ཤིས་བྱིན་ཆགས་སྒྲུབ་ཁང་དུ། །ཡར་མར་མཁའ་འགྲོ་འདུ་བའི་དུས། །བཟང་དྲུག་འབྲས་གསུམ་གཙོར་གྱུར་པའི། །སྨན་སྣ་ཚོགས་པའི་ཕྱེ་མ་ལ། །ཨ་མྲྀ་ཏ་དང་སྐྱེ་བདུན་ཤ །ཕབས་གཏའི་ཚུལ་དུ་ལེགས་བཏབ་སྟེ། །གུམ་གུམ་ཆུ་


JKT016_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་རིལ་བུ་བྱ། །བྷནྡྷ་དུམ་བུ་གསུམ་པར་བླུག །དེ་སྟེང་རིག་འཛིན་སྲོག་འཁོར་དང་། །ཁ་ཆོད་འཁར་བའི་མཎྜ་ལར། །རྡོ་རྗེ་སེམས་དཔའི་མེ་ལོང་དགོད། །དར་དམར་ལྡིང་གུར་མཛེས་པར་དབུབ། །སྨན་རག་གཏོར་ཚོགས་མཆོད་པས་བསྐོར། །སྐྱབས་སེམས་སྔོན་དུ་འགྲོ་བ་ཡིས། །རང་ཉིད་གཉུག་མའི་ཧེ་རུ་ཀའི། །གསལ་སྣང་རྫོགས་པའི་ང་རྒྱལ་བཅས། །བགེགས་བསྐྲད་སྲུང་འཁོར་ནན་ཏན་བྱ། །མོས་གུས་གདུང་བའི་ཤུགས་བསྐྱེད་ལ། །སྤྲོས་རོལ་དང་བཅས་ཡེ་ཤེས་དབབ། །གནས་དང་མཆོད་རྫས་བྱིན་གྱིས་བརླབ། །དངོས་གཞིར་བདག་མདུན་དབྱེར་མེད་པའི། །བསྐྱེད་བཟླས་རྗེས་སུ་ཛཔྲ་ཁང་དབྱེ། །བདག་གི་ཐུགས་སྲོག་སྔགས་ཕྲེང་ལས། །འོད་ཟེར་དཔག་ཏུ་མེད་པ་འཕྲོས། །རྡོ་རྗེའི་གཟུངས་ཐག་ལ་བརྟེན་ནས། །བདེ་སྐྱོང་བུམ་པའི་ནང་དུ་སོང་། །རིག་འཛིན་བླ་མའི་ཐུགས་རྒྱུད་བསྐུལ། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །འཕགས་མཆོད་འགྲོ་ཀུན་སྨིན་གྲོལ་བཀོད། །རྩ་གསུམ་དཀྱིལ་འཁོར་རབ་འབྱམས་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །བརྟན་དང་གཡོ་བའི་དྭང་བཅུད་སོགས། །དངོས་གྲུབ་རྣམ་གཉིས་ཚུར་བསྡུས་ནས། །བླ་མའི་གནས་གསུམ་ཐིམ་པ་ཡིས། །མཆོག་ཏུ་མི་འགྱུར་བདེ་བས་མཉེས། །སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན། །དཔག་མེད་བབས་ནས་རིལ་བུར་ཐིམ། །དངོས་གྲུབ་ཀུན་གྱི་དབྱིག་ཏུ་བསམ། །དབྱངས་གསལ་རྟེན་སྙིང་དང་བཅས་པའི། །རྩ་


JKT016_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཆུ་བོའི་གཞུང་བཞིན་བཟླ། །སྐབས་སུ་དབྱངས་ཀྱི་རྟ་ལ་བསྐྱོན། །ཐུན་དྲུག་ཚོགས་ཀྱི་འཁོར་ལོས་མཆོད། །དེ་ལྟར་རྩེ་གཅིག་འབད་པ་ཡིས། །དངོས་ཉམས་རྨི་ལམ་མ་ངེས་པར། །རིག་འཛིན་བླ་མའི་ཞལ་མཐོང་ཞིང་། །ལུང་བསྟན་དབུགས་དབྱུང་ཐོབ་པ་དང་། །འོད་དང་སྒྲ་དང་དྲི་བཟང་འཐུལ། །བྷནྡ་འཕར་དང་རིལ་བུ་འཕེལ། །དེ་སོགས་འགྲུབ་པའི་རྟགས་མཐོང་ནས། །རིལ་བུ་རིགས་འདུས་བླ་མར་བསྐྱེད། །བདག་འཇུག་ཚུལ་གྱིས་དངོས་གྲུབ་བླང་། །གཞན་ལ་སྨིན་བྱེད་ཆོ་གས་སྦྱིན། །འདིས་ནི་ནད་གདོན་སྡིག་སྒྲིབ་ཞི། །ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས། །ཁྱད་པར་རིག་འཛིན་བརྒྱུད་པ་ཡིས། །བྱིན་བརླབས་ཉམས་རྟོགས་རྩོལ་མེད་འཆར། །ཕྱི་མ་མཁའ་སྤྱོད་རྡོ་རྗེའི་ཞིང་། །དཔའ་བོ་ཌཱ་ཀིའི་གཟུགས་སུ་འགྱུར། །དེ་ཕྱིར་མཆོག་ཏུ་གཅེས་པར་ཟུངས། །ས་མ་ཡ༔ ཞེས་པའང་གཏེར་གཞུང་རྩ་བའི་རྡོ་རྗེའི་ཚིག་གི་དགོངས་པ་ལས་ཀུན་མཁྱེན་བླ་མའི་བྱིན་རླབས་ལས་རང་ཤར་བའི་ཚུལ་གྱིས་རྣལ་འབྱོར་པ་ཨ་བྷ་ཡས་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་དུ་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཉིན་སྦྱར་བའོ།། །།

འོད་གསལ་རྡོ་རྗེ་སྙིང་པོའི་རིག་འཛིན་བརྒྱུད་པའི་ཕྱག་མཆོད་བྱིན་རླབས་བདུད་རྩིའི་ཆར་འབེབས།


JKT016_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་རྡོ་རྗེ་སྙིང་པོའི་རིག་འཛིན་བརྒྱུད་པའི་ཕྱག་མཆོད་བྱིན་རླབས་བདུད་རྩིའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།། །།


JKT016_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ། ཡིད་དང་ཆོས་སུ་འཛིན་པའི་སེམས། །ནང་གསལ་ཆེན་པོར་ཐིམ་པ་ལས། །རྣམ་གྲོལ་ཡོན་ཏན་རྒྱ་མཚོའི་བདག །ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ། །གདོད་ནས་ཡོངས་གྲུབ་གཉུག་མའི་སྐུ། །ཁ་སྦྱོར་ཡན་ལག་བདུན་གྱི་དངོས། །བདེ་སྟོང་མཚན་དཔེའི་རྣམ་རོལ་ཅན། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །གང་གི་རང་བཞིན་ནམ་མཁའ་ལྟར། །ཟབ་ཞི་སྤྲོས་པ་ལས་འདས་ཀྱང་། །སྙིང་རྗེས་གཟུགས་ཀྱི་སྐུར་བཞེངས་པ། །དགའ་རབ་རྡོ་རྗེ་ལ་ཕྱག་འཚལ། །འོད་གསལ་སྣང་བཞིའི་མཐར་སོན་པས། །སྙིང་པོའི་བསྟན་པའི་ཉི་མ་ཆེ། །གནས་ལྔ་རིག་པའི་པཎྜི་ཏ། །འཇམ་དཔལ་བཤེས་གཉེན་ལ་ཕྱག་འཚལ། །གཟུང་


JKT016_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དབུ་མར་ཐིམ་པའི་རྩལ། ཚོགས་བརྒྱད་དག་པའི་དུར་ཁྲོད་དུ། །རང་གྲོལ་བརྟུལ་ཞུགས་སྤྱོད་པ་མཛད། །་སིདྷ་ལ་ཕྱག་འཚལ། །ཤེས་བྱ་རབ་འབྱམས་ཀུན་མཁྱེན་ཅིང་། །ཟབ་མོའི་དོན་ལ་མཉམ་བཞག་པས། །སྡེ་གསུམ་ཀློང་དགུའི་དེ་ཉིད་གཟིགས། །ཛྙཱ་ན་སཱུ་ཏྲ་ལ་ཕྱག་འཚལ། །རགས་པའི་ཕུང་ཁམས་སྐྱེ་མཆེད་ཀུན། །ཆོས་ཉིད་དབྱིངས་སུ་ཟད་ནས་སླར། །འཕོ་ཆེན་རྡོ་རྗེའི་སྐུར་བཞེངས་པ། །བཱི་མ་མུ་ཏྲ་ལ་ཕྱག་འཚལ། །གདོད་མའི་མགོན་པོ་འོད་མཐའ་ཡས། །སིནྡྷའི་དྭང་མཚོར་མངོན་སྣང་བ། །དུས་གསུམ་རྒྱལ་བའི་ཕྲིན་ལས་པ། །པདྨ་ཐོད་ཕྲེང་ལ་ཕྱག་འཚལ། །གཟོད་ནས་རྣལ་གྲོལ་མཆོག་བརྙེས་ཀྱང་། །གང་འདུལ་


JKT016_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་འཕྲུལ་དྲྭ་བའི་གར། །གྲུབ་རིགས་རྒྱ་མཚོའི་སྤྱི་མེས་ཆེ། །རྗེ་འབངས་འདུས་པ་ལ་ཕྱག་འཚལ། །གནས་བརྟན་ལྡང་མ་ལྕེ་བཙུན་ཆེ། །པདྨ་ལས་འབྲེལ་རྩལ་ལ་སོགས། །བཀའ་གཏེར་སྙིང་ཏིག་བསྟན་པའི་བདག །རིག་འཛིན་བརྒྱུད་པ་ལ༴ ཕྱི་ནང་གྲུབ་མཐའ་རྒྱ་མཚོ་དང་། །ཟབ་མོའི་གནས་ལུགས་མངོན་གྱུར་པ། །ཡོངས་རྫོགས་བསྟན་པའི་ཤིང་རྟ་མཆོག །དྲི་མེད་འོད་ཟེར་ལ༴ ཆེས་ཆེར་སྙིགས་མའི་དུས་སུ་ཡང་། །འོད་གསལ་རྡོ་རྗེ་སྙིང་པོ་ཡི། །རིང་ལུགས་ཉིན་བཞིན་གསལ་མཛད་པ། །རྩ་བརྒྱུད་བླ་མཟ །གདོད་ནས་མངོན་པར་སངས་རྒྱས་ཀྱང་། །ཚུར་མཐོང་འགྲོ་བ་སྒྲོལ་བའི་སླད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །འཁོར་ལོའི་མགོན་པོ་ལ་ཕྱག་འཚལ། །ཁྱོད་ཀྱི་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་དཀྱིལ་འཁོར་ཆེན་པོ་སྟེ། །དེ་སླད་ཞི་ཁྲོ་རབ་འབྱམས་ཀྱི། །བདག་ཉིད་གཅིག་ཏུ་གྱུར་ལ་འདུད། །འདུག་དང་ལྡང་བའི་སྲོག་རྩོལ་རླུང་། །མི་ཤིགས་ནཱ་དར་དེངས་པ་ལས། །ལུང་རྟོགས་ཆོས་ཕུང་རྒྱ་མཚོའི་སྤྲིན། །བསམ་མི་ཁྱབ་པར་སྤྲོ་ལ་འདུད། །མཁྱེན་པས་ཤེས་བྱའི་མཐར་ཁྱབ་ཅིང་། །དམིགས་མེད་བརྩེ་བའི་གཞན་དབང་གི། །ནུས་པས་འགྲོ་ཀུན་སྒྲོལ་མཛད་པའི། །ཐུགས་རྗེ་བསམ་མི་ཁྱབ་ལ་འདུད། །གང་མཚན་ལན་ཅིག་


JKT016_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པས་ཀྱང་། །སྲིད་ཞིའི་འཇིགས་པ་ཀུན་འཕྲོག་ཅིང་། །ཕན་བདེའི་འདོད་རྒུ་སྦྱིན་མཛད་པའི། །ཡོན་ཏན་ལྷུན་གྱིས་གྲུབ་ལ་འདུད། །སེམས་ཅན་རྣམས་ཀྱི་ཁམས་དབང་དང་། །བསམ་པའི་ཁྱད་པར་ལེགས་གཟིགས་ནས། །ཇི་བཞིན་གཞན་གྱི་དོན་མཛད་པའི། །ཕྲིན་ལས་ཕ་མཐའ་ཡས་ལ་འདུད། །གཞན་ཡང་ཕྱོགས་བཅུ་དུས་བཞི་ཡི། །རྩ་བརྒྱུད་བླ་མ་རྒྱ་མཚོ་དང་། །ཡི་དམ་ཌཱ་ཀིའི་ཚོགས་བཅས་ལ། །གུས་པས་བཏུད་དེ་ཕྱག་འཚལ་ལོ། །དངོས་དང་ཡིད་ལས་བྱུང་བ་ཡི། །མཆོད་པའི་སྤྲིན་ཕུང་མཐའ་ཀླས་པས། །སྲིད་པ་མཐར་བྱས་དེ་སྲིད་དུ། །དཔལ་མགོན་བླ་མ་མཉེས་པར་བགྱི། །འཁོར་བ་ཐོག་མ་མེད་པ་ནས། །བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཀུན། །རང་བཞིན་མཚན་མ་མ་དམིགས་པའི། །འོད་གསལ་གཉུག་མའི་ངང་དུ་བཤགས། །འཕགས་དང་སོ་སོ་སྐྱེ་བོ་ཡི། །རྣམ་དཀར་དགེ་བ་ཇི་སྙེད་པར། །མི་ཕྱེད་མཆོག་ཏུ་དྭང་པའི་བློས། །དགའ་ཞིང་རྗེས་སུ་ཡི་རང་ངོ་། །འགྲོ་བའི་སྒྲོན་མེ་ཐམས་ཅད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ལུང་དང་རྟོགས་པར་འབྲེལ་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ཐོག་མར་སྐྱེ་བ་མ་མཆིས་ན། །མཐར་གྱིས་གང་དུ་འགག་པར་འགྱུར། །དེ་སླད་ཕྱོགས་བཅུའི་འདྲེན་པ་ཀུན། །རྟག་པ་རྒྱུན་དུ་


JKT016_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་གསོལ་འདེབས། །དེ་ལྟར་བསགས་ལས་བྱུང་བས་མཚོན། །བསོད་ནམས་ཇི་སྙེད་མཆིས་པ་ཀུན། །འཁོར་གསུམ་མཚན་མ་ལས་འདས་ངང་། །ཟག་མེད་ཆོས་དབྱིངས་ཆེན་པོར་བསྔོ། །བདག་གཞན་སྐྱེ་ཞིང་སྐྱེ་བ་ཀུན། །ཐེག་མཆོག་ལམ་བཟང་སྟོན་མཁས་པའི། །དཔལ་ལྡན་བླ་མའི་ཞབས་པདྨོ། །མཉེས་པ་གསུམ་གྱིས་བསྙེན་ནུས་ཤོག །དལ་འབྱོར་རྙེད་པར་དཀའ་བ་དང་། །མི་རྟག་འཆི་བ་རྗེས་དྲན་ཞིང་། །སྲིད་ལས་ངེས་པར་འབྱུང་བའི་བློས། །ལས་འབྲས་བླང་དོར་བརྩོན་པར་ཤོག །གསུམ་ལ་སྐྱབས་སུ་འགྲོ་བ་དང་། །སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་ནས། །སྒྲིབ་སྦྱོང་ཚོགས་གཉིས་རྫོགས་བྱེད་པའི། །ཟབ་མོའི་རྣལ་འབྱོར་མཐར་ཕྱིན་ཤོག །ཁྱད་པར་མོས་གུས་བླ་མའི་ལམ། །རྟག་ཏུ་རྩེ་གཅིག་བསྒོམ་པ་དང་། །ཁྱེད་ཤེས་དད་པས་གསོལ་བཏབ་མཐུས། །ཐུགས་རྒྱུད་བྱིན་རླབས་འཕོ་བར་ཤོག །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་བཞི། །དབང་བཞིའི་བདུད་རྩིས་རབ་སྨིན་ཅིང་། །སྡོམ་པ་གསུམ་གྱི་བསླབ་བྱ་ལས། །ནམ་ཡང་ཉམས་མེད་སྲུང་ནུས་ཤོག །སྣོད་བཅུད་དཀྱིལ་འཁོར་འཁོར་ལོར་དག །སྒྲར་གྲགས་རྡོ་རྗེའི་སྔགས་སུ་རྫོགས། །རྟོག་ཚོགས་བདེ་སྟོང་ཟུང་འཇུག་པའི། །ཡེ་ཤེས་ཆེན་པོར་སྨིན་པར་ཤོག །འཁོར་དང་མྱ་ངན་འདས་པ་ཡི། །


JKT016_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཤན་ཕྱི་ནང་ལེགས་ཕྱེ་ནས། །སྒོ་གསུམ་རྣལ་དབབ་སོར་གཞུག་པའི། །སྔོན་འགྲོའི་ཉམས་ལེན་མཐར་ཕྱིན་ཤོག །ཀ་དག་མངོན་སུམ་རིག་པའི་ངང་། །ལྷུན་གྲུབ་སྣང་བཞིའི་རྣལ་འབྱོར་གྱིས། །ཟུང་འཇུག་འཇའ་ལུས་རྡོ་རྗེའི་གྲོང་། །གདོད་མའི་བཙན་ས་ཟིན་པར་ཤོག །གཞན་ཡང་ཕྱི་ནང་མི་མཐུན་པའི། །འགལ་རྐྱེན་མཐའ་དག་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་སོགས། །ཆོས་མཐུན་བསམ་སྦྱོར་འགྲུབ་པར་ཤོག །བསྟན་འཛིན་མཆོག་རྣམས་ཞབས་བརྟན་ཅིང་། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས། །འགྲོ་རྣམས་གནས་སྐབས་མཐར་ཐུག་ཀུན། ཕན་བདེའི་དཔལ་གྱིས་འཚོ་བར་ཤོག །ཚེ་ཡི་མཐར་ཡང་རིག་འཛིན་དང་། །ཌཱ་ཀིའི་ཚོགས་ཀྱིས་མདུན་བདར་ནས། །དག་པའི་ཞིང་དུ་དབུགས་དབྱུང་ཞིང་། །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག མདོར་ན་ས་བཅུ་ལམ་ལྔ་ཀུན། །བླ་མའི་དྲིན་གྱིས་མྱུར་ཐོབ་ནས། །མི་གནས་མྱ་ངན་འདས་པའི་སར། །ཡིད་ཅན་རྒྱ་མཚོ་འགོད་པར་ཤོག །ཅེས་པའང་ཀུན་མཁྱེན་ངག་གི་དབང་པོས་བྱིན་གྱིས་བརླབས་པའི་གནས་བོད་ཀྱི་རི་བོ་རྩེ་ལྔའི་མགུལ་ལྷ་རིང་ཀློང་ཆེན་བྲག་ཏུ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་འཇིགས་པ་མེད་པའི་སྡེས་རང་ལོ་ཉེར་གཅིག་པའི་གུང་དུ་སོན་པ་རབ་ཡིད་ཀུན་ལྡན་ལོའི་ས་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་ཚོགས་ཀྱི་མཆོད་པ་བགྱིས་པའི་


JKT016_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས། འོད་གསལ་རྡོ་རྗེ་སྙིང་པོའི་རིག་འཛིན་བརྒྱུད་པར་བཅས་པ་དད་པའི་སྣང་ངོར་མངོན་སུམ་ལྟ་བུར་གསལ་བར་བཀོད་ནས་གང་ཤར་གསོལ་བ་བཏབ་པའི་དགེ་བས་མཐོང་ཐོས་དྲན་རེག་གི་འགྲོ་རྣམས་ཡེ་ཤེས་བླ་མའི་ས་མཆོག་ཚེ་འདི་ཉིད་ལ་མངོན་དུ་བརྙེས་པའི་རྒྱུར་གྱུར་ཅིག། །།

རིག་འཛིན་ཡུམ་བཀའི་བརྒྱུད་འདེབས་བདེ་ཆེན་ཆར་འབེབས།


JKT016_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཡུམ་བཀའི་བརྒྱུད་འདེབས་བདེ་ཆེན་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་ཀུན་ཏུ་བཟང་། །གཞི་སྣང་ཡེ་ཤེས་རོལ་པ་རྡོ་རྗེ་སེམས། །གཞི་གྲོལ་གདོད་མའི་ལམ་སྟོན་དགའ་རབ་རྗེར། །གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ། །འོད་གསལ་འཇམ་དཔལ་རྡོ་རྗེ་བཤེས་གཉེན་ཞབས། །འོད་གསལ་སྣང་བཞིའི་མཐར་སོན་ཤྲཱི་སིཾ་ཧ། །འོད་གསལ་དབྱིངས་ཀྱི་རྒྱན་གཟིགས་ཡེ་ཤེས་མདོར། །གསོལ་བ་འདེབས་སོ༴ འཆི་མེད་འཕོ་ཆེན་སྐུ་བརྙེས་བི་མ་ལ། །འཆི་མེད་གྲུབ་པའི་སློབ་དཔོན་ཐོད་ཕྲེང་རྩལ། །འཆི་མེད་གནས་ལུགས་མངོན་གྱུར་ཁྲི་སྲོང་རྗེར། །གསོལ་བ་འདེབས་སོ༴ བདེ་ཆེན་ཆོས་སྐུ་ཀུན་ཏུ་བཟང་མོ་དང་། །བདེ་སྟོང་ལོངས་སྐུ་རྡོ་རྗེ་བཙུན་མོའི་དངོས། །བདེ་མཆོག་རྒྱལ་ཀུན་སྐྱེད་ཡུམ་མཚོ་རྒྱལ་མར། །གསོལ་བ་འདེབས་སོ༴ རྡོ་རྗེ་ལུས་ཀྱི་གནས་ཡུལ་དུར་ཁྲོད་ན། །རྡོ་རྗེའི་ཞིང་སྔགས་ལྷན་ཅིག་སྐྱེས་པའི་གཟུགས། །རྡོ་རྗེ་གདན་གསུམ་ཚང་བའི་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ༴ རིགས་གཅིག་ཟུང་འཇུག་གཉུག་མའི་ཡེ་ཤེས་ནི། །རིགས་རྣམས་སྣ་ཚོགས་སྤྲོ་དང་བསྡུ་བའི་གར། །རིགས་ཀུན་ཁྱབ་བདག་འཇིགས་བྲལ་གླིང་པ་ལ། །གསོལ་བ་འདེབས་སོ༴ གསང་གསུམ་ཡེ་ཤེས་འཆང་བའི་


JKT016_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དུ། །ཁམས་གསུམ་གཙོ་བོས་ཕྱག་བྱས་གདོད་མའི་མགོན། །དུས་གསུམ་རིག་འཛིན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །དལ་འབྱོར་རྙེད་དཀའ་ནམ་འཆི་ངེས་མེད་དྲན། །ལས་འབྲས་བསླུ་མེད་སྤང་བླང་སྙིང་ལ་ཤར། །བཅོས་མིན་ངེས་འབྱུང་འབྱོང་བར་བྱིན་གྱིས་རློབས། །བྱང་ཆུབ་སེམས་གཉིས་བདུད་རྩིས་ཡིད་བརླན་ཅིང་། །བླ་མའི་མོས་གུས་དོན་གྱི་བརྒྱུད་པ་ཟིན། །སྨིན་བྱེད་དབང་ཐོབ་དམ་ཚིག་སྡོམ་པ་ལ། །སྲུང་སྡོམ་ཚུལ་བཞིན་ནུས་པར །ཅིར་སྣང་རྡོ་རྗེ་བཙུན་མོའི་ཞིང་དུ་དག །སྒྲ་གྲགས་རྡོ་རྗེ་ནཱ་དའི་དབྱངས་སུ་རྫོགས། །རྟོག་ཚོགས་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུའི། །ཡེ་ཤེས་ཆེན་པོར་སྨིན་པར །གནས་སྐབས་འདུ་བ་གསུམ་གྱི་རྟེན་འབྲེལ་འགྲིགས། །འབར་བ་གསུམ་དང་མཁྱེན་གཉིས་གཏེར་མཛོད་རྡོལ། །གྲུབ་ཆེན་བརྒྱད་དང་ཕྲིན་ལས་རྣམ་པ་བཞིའི། །དངོས་གྲུབ་བདེ་བླག་འགྲུབ་པར །མཐར་ཐུག་རྩ་རླུང་ཐིག་ལེ་དབུ་མར་ཐིམ། །ཀ་དག་གདོད་མའི་ཡེ་ཤེས་མངོན་དུ་གྱུར། །ལྷུན་གྲུབ་འོད་གསལ་རྡོ་རྗེའི་གསེང་ལམ་ནས། །ཟུང་འཇུག་གོ་འཕང་འགྲུབ་པར་བྱིན་གྱིས་རློབས།། །།ཞེས་པའང་བཀའ་དྲིན་མཚུངས་བྲལ་ཁྱབ་བདག་བླ་མ་མཆོག་སྤྲུལ་རིན་པོ་ཆེ་ཤེས་བྱ་མཐའ་


JKT016_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་གཟིགས་པའི་སྤྱན་རས་ཡངས་པ་གང་དེའི་བཀའ་སྩལ་མི་ལྡོག་ཙམ་དུ་རིག་འཛིན་གྱི་བཙུན་པ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་བྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།སརྦ་དཱ་མངྒ་ལཾ།། །།

ཡུམ་ཀ་མཁའ་འགྲོའི་ཚོགས་ཀྱི་མཆོད་པ་ཉེ་བར་བསྡུས་པ་གྲུབ་གཉིས་དཔལ་ཕྲེང་།


JKT016_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཀ་མཁའ་འགྲོའི་ཚོགས་ཀྱི་མཆོད་པ་ཉེ་བར་བསྡུས་པ་གྲུབ་གཉིས་དཔལ་ཕྲེང་ཞེས་བྱ་བ་བཞུགས་སོ། ན་མོ་གུ་རུ་བྷྱ༔ སྙིང་དབུས་མི་ཤིགས་ཐིག་ལེ་ཆེར། །བདེ་སྟོང་འཕོ་མེད་གྲུབ་པའི་སྲོག །རྣམ་ཀུན་མཆོག་ལྡན་ཌཱ་ཀི་ནཱིར། །དུས་གསུམ་དུས་མེད་ཆེན་པོར་འདུད། །འདིར་རྣལ་འབྱོར་པ་གང་ཞིག་གིས་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་གསང་ལམ་མཐར་ཐུག་པའི་ཐབས་མཁས་ལ་བརྟེན་ནས་ཚོགས་གཉིས་མྱུར་དུ་འདུམས་པར་འདོད་པས་ཉེ་བར་བརྩམ་པའི་ཡན་ལག་ཁྱད་པར་ཅན་ནི་ཚོགས་ཀྱི་འཁོར་ལོ་སྟེ། །དེའང་ཡེ་ཤེས་ཀྱི་ཊཱ་ཀི་བདེ་ཆེན་རྒྱལ་མོའི་དཀྱིལ་འཁོར་དུ་ཕྱི་ནང་གནས་ཡུལ་གྱི་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ་མཉེས་པར་བྱེད་པ་ལ་རྒྱས་པར་ནི་རང་ཉིད་ཀྱི་ལས་གཞུང་ལས་འབྱུང་བ་ལྟར་ལ། །སྤྲོས་པ་ཉེ་བར་བསྡུ་བའམ། གྲངས་གསོག་སོགས་ཀྱི་ཚེ་འཇུག་བདེ་བའི་དབང་དུ་བྱས་ན། ཐོག་མར་བྱིན་གྱིས་བརླབ་པ་ནི། ཧོ༔ བདེ་བ་ཆེན་པོའི་སྣོད་མཆོག་ཏུ༔ ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ནི༔ བླང་དོར་མེད་པའི་དམ་ཚིག་རྫ་ས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་གྱུརཿ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ། ཧཱུྃ། འོག་མིན་གནས་དང་མཁའ་སྤྱོད་ཞིང་༔ དཔའ་བོ་མཁའ་འགྲོ་འདུ་བའི་གནས༔ ཉི་ཤུ་རྩ་བཞི་སྤྲུལ་པའི་ཡུལ༔ ནང་ལྟར་རྡོ་རྗེ་ཕུང་པོའི་གྲོང་༔ སྤྱི་བོ་ཛ་ལནྡྷ་ར་སོགས༔ གདན་གསུམ་ཚང་བའི་དཀྱིལ་འཁོར་ན། །བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ དབུ་སྐྲའི་ཐོར་


JKT016_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་ལྡེམས་སེ་ལྡེམ༔ ལྕང་ལོའི་ཟར་བུ་ཏ་ལ་ལ༔ སྙན་ཆ་གདུ་བུ་ཀྱི་ལི་ལི༔ རུས་རྒྱན་གཡེར་ལ་ཁྲོ་ལོ་ལོ༔ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅས༔ རྡོ་རྗེའི་གླུ་དང་གར་ལ་རོལ༔ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལ༔ དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ ཕྱི་ནང་བར་ཆད་དབྱིངས་སུ་སྒྲོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད། དེ་ནས་ལྷག་མ་བསྔོ་བ་ནི། ཨ་ཀཱ་རོས་བརླབ་ཕེ་ཕེ༔ ལྷག་ལ་དབང་བའི་བཀའ་ཉན་ནི༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་༔ གིང་ཆེན་ཁྱོ་ཤུག་ལངྐ་འབུམ༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་དང་༔ མགྱོགས་མ་བཞི་དང་འབར་མ་བརྒྱད༔ མ་མོ་བདུན་དང་སྲིང་མོ་བཞི༔ ཤུགས་འགྲོ་གནས་ཉུལ་ཕྲ་མེན་རྣམས༔ ལྷག་ལ་གདུངས་ཤིང་ཚོགས་ཁང་འགྲིམ༔ ཕམ་ཕབས་བཟང་པོ་འདི་བཞེས་ལ༔ མི་མཐུན་རྐྱེན་ངན་བར་ཆད་སོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པས་ཕྱི་རོལ་དུ་དོར། ཡེ་ཤེས་མཁའ་འགྲོའི་གྲོང་ཁྱེར་དུ། །སོགས་ཀྱིས་སྨོན་ལམ་གདབ་པར་བྱའོ། །འདི་ཡང་ཀུན་མཁྱེན་བླ་མ་དང་། །དབྱེར་མེད་མཁའ་འགྲོའི་ཚོགས་རྗེ་ཡིས། །བྱིན་གྱིས་བརླབས་པའི་ཉེར་ལེན་ལས། །བྱུང་ཕྱིར་སྐལ་བཟང་རྣམས་ཀྱིས་ལོངས། །ཞེས་པའང་དཔལ་ས་ལ་སྤྱོད་པའི་འོག་མིན་བསྒྲགས་མདའ་མཚོ་རྒྱལ་བླ་མཚོར་ཡུམ་ཀ་མཁའ་འགྲོའི་དཀྱིལ་འཁོར་དུ་ཚོགས་ཀྱི་འཁོར་ལོ་སྟོང་ཕྲག་ཐལ་བ་བགྱིས་པའི་ཚེ་རིག་འཛིན་གྱི་བཙུན་པ་པདྨ་དགྱེས་པའི་


JKT016_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སྡེས་གནས་དེ་ཉིད་དུ་རྩ་བའི་གཞུང་ལས་བསྡུས་ཏེ་སྦྱར་བའི་དགེ་བས་འགྲོ་ཀུན་མཁའ་སྤྱོད་རྡོ་རྗེ་བཙུན་མོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།སརྦ་ཤུ་བྷཾ།། །།

ཡུམ་བཀའ་མཁའ་འགྲོའི་ལས་ཚོགས་བཞི་པ་དང་འབྲེལ་བའི་ཚེ་དབང་ཉེར་བསྡུས།


JKT016_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་བཀའ་མཁའ་འགྲོའི་ལས་ཚོགས་བཞི་པ་དང་འབྲེལ་བའི་ཚེ་དབང་ཉེར་བསྡུས་བཞུགས།།


JKT016_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨུཏྟཱི་ཥ་བི་ཛ་ཡཱ་ཡེ། ཡུམ་བཀའ་མཁའ་འགྲོའི་ལས་ཚོགས་བཞི་པ་གཙུག་ཏོར་རྣམ་རྒྱལ་མའི་སྒོ་ནས་ཚེ་དབང་བྱ་བར་འདོད་པས། དཀྱིལ་འཁོར་རས་བྲིས་དང་ཚོམ་བུ་སོགས་སྐབས་དང་སྦྱར་བའི་དབུས་སུ་ཚེ་བུམ། གཡས་གཡོན་དུ་ཚེ་ཆང་དང་ཚེ་རིལ། མདུན་དུ་སྨན་རཀ་གཏོར་ཚོགས་སོགས་བཤམ། ཡུམ་བཀའི་ལས་གཞུང་བསྲང་། བཟླས་པའི་སྐབས་སུ་བབ་པ་ན། ཧཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛས་ཛཔ་ཁང་ཕྱེས་ཏེ། །མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔ གཙུག་ཏོར་རྣམ་རྒྱལ་གསེར་མདོག་ཅན༔ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔ ཨུཏྤལ་ལ་གནས་ཚེ་བུམ་འཛིན༔ འོད་ཟེར་སྤྲོ་བསྡུས་འཁོར་འདས་ཀྱི༔ དྭངས་བཅུད་བདག་ལ་ཐིམ


JKT016_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ། །ཨོ་པདྨོ་ཡོ་གི་ནཱི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུར་དྭ་དེ་ཧཱུྃ་སྭཱ་ཧཱ༔ ཞེས་པ་ཅི་ནུས་དང་། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་ལྷ་ཚོགས་རྣམས་ལྷག་པར་གསལ་བའི་སྐུ་ལས་འཆི་མེད་ཚེའི་བདུད་རྩིའི་ཆུ་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམས་ལ་བཟླས་པ་ཅི་ནུས་བྱ། ལས་བུམ་བདུད་རྩི་འཁྱིལ་པས་བསྒྲུབ། མཐར་མཆོད་བསྟོད་ཡིག་བརྒྱ། ཨོཾ་ཨཱཧཱུྃ་མཆོད་ཡོན་ཕུལ་བས་ལྷ་ཚོགས་རྣམས་བདེ་སྟོང་ཆེན་པོའི་ངོ་བོར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱི་ཤིན་ཏུ་བསྟེན་མ། །ཞེས་ཅི་ནུས་བརྗོད་པས་གསོལ་བ་གདབ། ཚེ་


JKT016_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

འགུགས་བསྐུལ། ཚོགས་མཆོད་བྱ། སློབ་མ་ལ་ཁྲུས་བྱ། བགེགས་ཕྲལ། སྲུང་འཁོར་བསྒོམ། མཚམས་སྦྱོར་ཅི་རིགས་པའི་རྗེས། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་གསུང་གི་སྤྲུལ་པ་ཀུན་མཁྱེན་རྫོགས་ཆེན་པོ་རང་བྱུང་རྡོ་རྗེའམ༔ རིག་འཛིན་འཇིགས་མེད་གླིང་པ་ཉིད་ལ་གཡོ་རུ་སྒྲགས་ཀྱི་གྲོང་མོ་ཆེ་དང་ཉེ་བ་མཚོ་རྒྱལ་བླ་མཚོ་ནས་དཔལ་ལེན་པ་མེད་པའི་མཁའ་འགྲོའི་བརྡ་རིས་བབས་པ་ལས་བྱུང་བའི་ཆོས་སྡེ་མཁའ་འགྲོའི་ནང་སྒྲུབ་བདེ་ཆེན་སྙིང་པོའི་གཏེར་བུམ་གྱི་ལས་ཚོགས་བཞི་པ། རྗེ་བཙུན་སྒྲོལ་མ་གཙུག་ཏོར་རྣམ་རྒྱལ་མ་ལ་བརྟེན་ནས་ཚེ་དབང་བསྐུར་བ་ཡིན་པས་ཐོག་མར་མཎྜལ་ཕུལ་མཛོད། །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པའི་སླད་དུ་མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་སུམ་པར་དམིགས་ལ། དེ་དག་གི་ཡོན་ཏན་ལ་ཡིད་ཁྱེད་ཤེས་ཀྱི་དད་པ་དང་བཅས། །མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་དམིགས་ནས་སྐྱབས་སུ་འགྲོ་


JKT016_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། དེ་དང་རྗེས་སུ་འབྲེལ་བར་སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་བྱམས་པ་དང་། བྱས་པ་ཤེས་པའི་སྙིང་རྗེ་དང་། དྲིན་དུ་གཟོ་བའི་དགའ་བ་དང་། ཉེ་འཁོན་མེད་པའི་ཕན་སེམས་བཞིའི་ལྷག་བསམ་ལྡན་པས་སྨོན་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཆོས་དང་ཚོགས་ཀྱི་སོགས་ལན་གསུམ། ཡན་ལག་བདུན་པས་རྒྱུད་སྦྱང་བའི་ཕྱིར་ནམ་མཁའ་གང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་སྤྱན་སྔར་དད་པའི་སེམས་ཀྱིས་ཕྱག་འཚལ་བ་དང་། མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ་དང་། སྡིག་པའི་ལས་རྣམས་གནོང་འགྱོད་དྲག་པོས་བཤགས་པ་དང་། རང་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་བསྐྱེད་པ་དང་། རྒྱལ་དང་དེ་སྲས་སྤྲུལ་པའི་གཟུགས་བརྙན་དང་བཅས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། དགེ་བ་རྫོགས་བྱང་དུ་བསྔོ་བ་སོ་སོའི་དོན་ལ་ངེས་ཤེས་ཁྱད་པར་ཅན་ཡིད་ལ་བྱེད་པས་འདིའི་རྗེས་ཟློས་མཛད་པར་འཚལ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་སོགས་བརྗོད། དེ་ནས་དབང་གི་དོན་པོ་ཚེ་དང་ཡེ་ཤེས་དབབ་པའི་ཕྱིར་དམིགས་པ་འདི་བཞིན་དུ་མཛོད། ལས་བུམ་ཆུས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་སློབ་མ་རྣམས་ཀུན་གཞིའི་རྣམ་


JKT016_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་ཨ་དཀར་པོར་གསལ་བ་ཡོངས་སུ་གྱུར་པ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་འཕགས་མ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བདག་ཉིད་རྗེ་བཙུན་སྒྲོལ་མ་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞབས་ཕྱེད་སྐྱིལ་གྱིས་བཞུགས་པའི་ཕྱག་གཡས་མཆོག་སྦྱིན་དང་། གཡོན་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱས་མེ་ཏོག་ཨུཏྤ་ལ་འཛིན་པའི་སྟེང་ན་ཚེ་བུམ་བཅུད་ལྡན་གྱིས་བརྒྱན་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ །ཐུགས་ཀར་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང་དངོས་གྲུབ། སྣོད་བཅུད་བརྟན་གཡོ་ཀུན་གྱི་དྭངས་བཅུད་བཀྲག་མདངས་དང་བཅས་པ་བསྡུས་ནས་བསྒྲུབ་བྱ་རྣམས་ལ་ཐིམ་པས་འཆི་མེད་ཚེ་དང་རྡོ་རྗེ་ལྟ་བུའི་སྲོག་ཐོབ་པའི་མོས་པ་མཛོད། ཅེས་བརྗོད་ལ། ཚེ་འགུགས་ནི་མདའ་དར་གཡོབ་ཅིང་། ཧཱུྃ། ཡེ་ཤེས་དབྱིངས་ནས་ཚེ་འགུགས་མ༔ བདེ་གཤེགས་སངས་རྒྱས་མཁའ་འགྲོ་མ༔ དཀར་མོ་ཚེ་ཡི་བུམ་པ་འཛིན༔ ཆོས་ཀྱི་དབྱིངས་ནས་ཚེ་ཁུག་ཅིག༔ ཧཱུཾ། ནམ་མཁའི་དབྱིངས་ནས་ཚེ་འགུགས་མ༔ སངས་རྒྱས་མཁའ་འགྲོ་གཤིན་རྗེ་མོ༔ སྔོན་མོ་ཚེ་ཡི་བུམ་པ་འཛིན༔ ནམ་མཁའི་ཁམས་ནས་ཚེ་ཁུག་ཅིག༔ ཧཱུྃ། རླུང་གི་ཁམས་ནས་ཚེ་འགུགས་མ༔ རྡོ་རྗེ་མཁའ་


JKT016_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སྐྱོང་བྱེད་མ༔ མཐིང་ནག་ཚེ་ཡི་བུམ་པ་འཛིན༔ རླུང་གི་ཁམས་ནས་ཚེ་ཁུག་ཅིག༔ ཧཱུྃ། མེ་ཡི་ཁམས་ནས་ཚེ་འགུགས་མ༔ རིན་ཆེན་མཁའ་འགྲོ་སྲེག་བྱེད་མ༔ སེར་མོ་ཚེ་ཡི་བུམ་པ་འཛིན༔ མེ་ཡི་ཁམས་ནས་ཚེ་ཁུག་ཅིག༔ ཧཱུྃ། ཆུ་ཡི་ཁམས་ནས་ཚེ་འགུགས་མ༔ པདྨ་མཁའ་འགྲོ་རྨོངས་བྱེད་མ དམར་མོ་ཚེ་ཡི་བུམ་པ་འཛིན༔ ཆུ་ཡི་ཁམས་ནས་ཚེ་ཁུག་ཅིག༔ ཧཱུྃ། ས་ཡི་ཁམས་ནས་ཚེ་འགུགས་མ༔ ལས་ཀྱི་མཁའ་འགྲོ་ཙན་ཏི་ཀཿ ལྗང་གུ་ཚེ་ཡི་བུམ་པ་འཛིན༔ ས་ཡི་ཁམས་ནས་ཚེ་ཁུག་ཅིག༔ ཨོཾ་པདྨོ་ཡོ་གི་ནཱི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུརྡ་དེ་ཧཱུྃ་སྭཱ་ཧཱ༔ དེ་ནས་དབང་བསྐུར་བའི་སྔོན་དུ་རྗེ་བཙུན་མ་ལ་ཕྱག་འཚལ་བ་འདིའི་རྗེས་ཟློས་མཛོད། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཞེས་པའི་རྗེས་ཆུ་དབང་དངོས་དང་རྒྱས་གདབ་པ་ནི་བདུད་རྩི་བུམ་བཅུད་བཞིན་ནོ། །དེ་ནས་ཚོགས་ལ་རོལ་པ་སོགས་རྗེས་ཆོག་སྤྱི་ལྟར་བྱ། ཞེས་པའང་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་མཛད་པའི་མཚམས་སྦྱོར་ལས་མདོར་བསྡུས་སྙིང་པོར་དྲིལ་ཏེ་ནག་འགྲོས་བཀླགས་པས་གྲུབ་པར་བསྡེབས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

བདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་དང་འབྲེལ་བའི་ཚེ་སྒྲུབ་ཀྱི་གདམས་པ་སྙིང་པོར་དྲིལ་བ།


JKT016_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་དང་འབྲེལ་བའི་ཚེ་སྒྲུབ་ཀྱི་གདམས་པ་སྙིང་པོར་དྲིལ་བ་བཞུགས་སོ།། །།


JKT016_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨཱ་ཡུར་ཛྙཱ་ན་ནཱ་ཐཱ་ཡ། དེ་ལ་བདེ་བ་ཅན་དུ་འགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་དང་འབྲེལ་བར་རྡོ་རྗེའི་ཚེ་སྒྲུབ་པའི་ཐབས་ལ་གཉིས། རང་དོན་དུ་བསྙེན་པ་བྱ་བ་དང་། གཞན་དོན་དུ་ཚེའི་དབང་བསྐུར་བའོ། །དང་པོ་ནི། གནས་དབེན་པར་ཚེ་དཔག་མེད་ཀྱི་སྣང་བརྙན་བཀྲམ་པའི་མདུན་དུ་སྟེགས་བུའི་དབུས་སུ་ཚེ་རྫས་དང་རྒྱུན་འབབ་ཀྱི་ཆུ་གཙང་སྦྱར་བས་བཀང་བའི་རྣམ་བུམ། གཡས་སུ་ཚེ་རིལ། གཡོན་དུ་དཀར་མངར་སྦྱར་བའི་བདུད་རྩི། རྒྱབ་ཏུ་ཚེ་མདའ། མདུན་དུ་མཆོད་པ་སྣ་ལྔ་ཇི་ལྟར་རིགས་པ་བཤམ། དཀར་གཏོར། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨ་ཀཱ་རོས་བསྔོ། འཇིག་རྟེན་པ་ཡི་འབྱུང་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་བཅོལ་ནས་གཤེགས་སུ་གསོལ་བ་དང་ཆབས་གཅིག་རྟ་མགྲིན་གྱི་སྔགས་དང་། སུམྦྷས་བགེགས་བསྐྲད། མི་ཕྱེད་གཉུག་མའི་ཡེ་ཤེས་


JKT016_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །རང་རྩལ་འགག་མེད་རྡོ་རྗེའི་གུར། །འབར་བའི་མེ་འོད་རབ་འཕྲོ་བས། །ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་སྲུང་འཁོར་བསྒོམ། སངས་རྒྱས་ཆོས་དང་ཚོགས་སོགས་ཀྱི་སྐྱབས་སེམས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྤྲོ་ན་འཇུག་སྡོམ་བླང་བདག་བསྐྱེད་ནི། ཨོཾ་སྭ་བྷ་ཝཱ་སོགས། སྟོང་པའི་ངང་ལས་རི་བོ་ཏ་ལའི་ཞིང་། །འོད་སྣང་དཀྱིལ་འཁོར་ཆུ་སྐྱེས་ཟླ་གདན་སྟེང་། །ཧྲཱི༔ཡིག་ཡོངས་གྱུར་བདག་ཉིད་འཇིག་རྟེན་དབང་། །སྐུ་མདོག་དཀར་གསལ་སེམས་དཔའི་སྐྱིལ་ཀྲུང་བཞུགས། །གཡས་པ་མཆོག་སྦྱིན་གཡོན་པས་པད་དཀར་འཆང་། །དབུ་སྐྲ་ཐོར་ཚུགས་ཟུར་ཕུད་ནོར་བུས་སྤྲས། །རི་དྭགས་


JKT016_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲྀཥྛའི་ཤུན་པས་ནུ་མ་བཀབ། །ཀཱ་ཤིའི་ཤམ་ཐབས་སྟ་ཟུར་གཡོན་དུ་དཀྲིས། །ཞི་ཚུལ་དགུ་ལྡན་དར་དང་རིན་ཆེན་བརྒྱན། །བྱང་ཆུབ་སེམས་ཀྱི་འོད་ཟེར་ཀུན་ཏུ་འཕྲོ། །དམ་ཚིག་ཡེ་ཤེས་དབྱེར་མེད་ཐུགས་ཀ་རུ། །ཟླ་སྟེང་ཧྲིམཐར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་ཟེར་འཕྲོ་འདུས་དོན་གཉིས་ལྷུན་གྱིས་གྲུབ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཞེས་ཅི་ནུས་བཟླ། མདུན་བསྐྱེད་ལ། ཐོག་མར་མཆོད་རྫས་བསང་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་ལས་གྲུབ་པའི་མཆོད་སྤྲིན་འཕགས་པ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་དང་གཉིས་སུ་མེད་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མཛྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྟ་ཏེ་སཾམྱ་ཀཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲ་བཛྲ། མ་ཧཱ་བཛྲ། མ་ཧཱ་ཏེ་ཛ་བཛྲ། མ་ཧཱ་བིདྱ་བཛྲ། མ་ཧཱ་བོ་དྷི་ཙིཏྟ་བཛྲ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛེ་སྭཱ་ཧཱ། ཞེས་ལན་གསུམ། དེ་ནས་ཤུ་ནྱ་ཏཱས། གཟུང་འཛིན་ལྟར་སྣང་བའི་ཡུལ་ལྔ་ཡིད་ཤེས་དང་བཅས་པ་འཆི་སྲིད་ཆོས་སྐུ་དང་གཉིས་སུ་མེད་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བར་དོའི་སྲིད་པ་དང་ཡིད་ཤེས་བརྫུས་སྐྱེས་ཀྱི་གནས་ངན་ལེན་ཀུན་ནས་རྣམ་པར་དག་པ་བདེ་བ་ཅན་གྱི་ཞིང་ཁམས་བཀོད་པ་ཕུན་སུམ་ཚོགས་པས་ཡོངས་སུ་བརྒྱན་པའི་བླ་དཔག་


JKT016_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་བརྒྱད་སྟོང་པའི་གཞལ་མེད་ཁང་གིས་མཛེས་པའི་དབུས་སུ། རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁྲི་སྟེགས་རབ་ཏུ་མཐོ་བ་རྨ་བྱ་ཟློས་གར་རྩེན་པའི་དབུས་སུ་པཾ་ལས་པདྨ་དམར་པོ་འདབ་མ་སྟོང་དུ་བརྡལ་བ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧྲཱིདམར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ས་བོན་ལ་ཐིམ། །དེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྒྱལ་བའི་དབང་པོ་དེའི་མཚན་ཡོངས་སུ་བརྗོད་ཅིང་བསྔགས་པ་བརྗོད་པ་ལ་ཞུགས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྣང་མཐའ་ཡས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་ཅིང་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་བྱེ་བས་འཁྱུད་པའི་གཟི་བྱིན་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྟེང་དུ་འཆི་མེད་ཚེའི་བདུད་རྩིས་གང་བའི་པདྨ་རཱ་གའི་བུམ་པ་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པས་མཚན་པའི་ཕྱག་གཉིས་མཉམ་པར་བཞག་ཅིང་། དར་དམར་སེར་གྱི་ཤམ་ཐབས། སྔོན་པོའི་བླ་གོས། དམར་པོའི་སྣམ་སྦྱར་ཅན། དབུའི་གཙུག་ཏོར་བལྟར་མི་མངོན་པ་ལ་སོགས་པའི་མཚན་དཔེའི་རྒྱན་མ་ཚང་བ་མེད་པས་བརྒྱན་


JKT016_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེའི་གཡས་སུ་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། གཡོན་དུ་མཐུ་ཆེན་ཐོབ་གཉིས་གཙོ་བོ་ལ་ཞལ་ཕྱོགས་པས་འདུག་པ། །མཐའ་སྐོར་ཀུན་ཏུ་བྱང་ཆུབ་སེམས་དཔའ་དང་། ཉན་རང་དགྲ་བཅོམ་པའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། དེ་ལྟར་དུ་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་བདེ་བ་ཅན་གྱི་ཞིང་ཁམས་ནས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་དང་། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་གྱུར། ཅེས་སྙན་བརྣན་ལ། སྤྱན་དྲང་བ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཞེས་པས་སྤྱན་དྲང་། བཞུགས་གསོལ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་ཧཱུཾ་ཞེས་གདན་འབུལ། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་


JKT016_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཆོད་པའི་མཐར་མཆོད་པའི་སྤྲིན་གྱི་གཟུངས་རོལ་མོ་དང་བཅས་པའང་བྱ། བསྙེན་པ་ནི། མདུན་བསྐྱེད་མགོན་པོ་ཚེ་དཔག་ཏུ་མེད་པའི་ཐུགས་ཀར་པདྨ་འདབ་བཞིའི་དབུས་སུ་ཉི་སྟེང་ཧྲཱིདམར་པོ་ལས་འོད་ཟེར་ཀུན་ཏུ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉི་ཟླ་ལ་སོགས་པའི་ཚེ་དང་བསོད་ནམས་གཟི་བརྗིད་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་དང་བཅས་པའི་རྣམ་པར་བསྡུས། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་དུས་མ་ཡིན་པར་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་འཆི་མེད་ཚེའི་བཅུད་ལེན་དུ་གྱུར། ཅེས་བརྗོད་ཅིང་བསམས་ལ། གཙོ་བོར་ཐུགས་སྲོག་ཧྲཱིཝཁོ་ན་ཡིད་བཟླས་བྱ་ཞིང་རླུང་བུམ་པ་ཅན་ཁ་སྦྱར་དུ་གཟུང་། ཐུན་མཐར་ཧྲཱི༔ཡིག་ངག་བཟླས་དང་། ༀ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫུ་ན། སུ་བི་ནི་ཤཱི་ཏ་ཏེ་ཛོ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྟ་ཏེ་སཾ་མུཀཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎེ་པུཎེ། མ་ཧ་པུཎྱེ། ཨ་པ་རི་མི་ཏ་པུཎེ། ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐུ་ར་པ་རི་ཤུདྡྷེ། དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭཱ་བྷ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་ར་སྭཱ་ཧཱ། ཞེས་ཚེ་གཟུངས་ཅི་ནུས་བཟླ། བཟླས་པ་བརྒྱ་སྐོར་རེའི་མཚམས་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་སྨོན་ལམ་དང་བཅས་པ་


JKT016_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲེལ་ནས་བྱ། ཚེ་འགུགས་བྱེད་པར་སྤྲོ་ན། ཚེ་མདའ་གཡོབ་ཅིང་། ཧཱུྃ༔ ཆོས་སྐུ་མི་འགྱུར་རྡོ་རྗེའི་ཚེ་ཁུག་ཅིག །ལོངས་སྐུ་མི་འགག་པདྨའི་ཚེ་ཁུག་ཅིག །སྤྲུལ་སྐུ་མི་འགྱུར་གཡུང་དྲུང་ཚེ་ཁུག་ཅིག །ཕྱི་སྣོད་བརྟན་པ་འབྱུང་ལྔའི་ཚེ་བཅུད་ཁུག །ནང་བཅུད་གཡོ་བ་སྐྱེ་འགྲོའི་ཚེ་བཅུད་ཁུག །མདོར་ན་སྲིད་ཞིའི་བདེ་སྐྱིད་དཔལ་དང་གཡང་། །མ་ལུས་འདིར་སྡུས་འདིར་ཁུག་འདིར་ཚོགས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་ཅིག །ཚེ་གཟུངས་བརྗོད་ཅིང་རྒྱས་གདབ་པ་ནི། ཧཱུྃ༔ ལུས་ལ་རྡོ་རྗེས་རྒྱས་བཏབ་པས། །གཞོམ་གཞིག་བྲལ་བའི་དཔལ་ཐོབ་ཤོག །ངག་ལ་སྔགས་ཀྱིས་རྒྱས་བཏབ་པས། །རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་ཤོག །ཡིད་ལ་ཡེ་ཤེས་རྒྱས་བཏབ་པས། །མི་ཤེས་འཁྲུལ་རྟོག་མུན་སངས་ཤོག །སྲིད་པར་ཞི་བས་རྒྱས་བཏབ་པས། །སྡུག་བསྔལ་རྒྱུ་འབྲས་ཡོངས་དག་ཤོག ཅེས་བརྗོད། ཐུན་བསྡུ་བ་ནི། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་བའི་དྭངས་མ་སྙིང་གའི་ཧྲཱི༔ཡིག་ལ་ཐིམ་པས་རྡོ་རྗེའི་སྲོག་འགྲུབ་པར་གྱུར་པའི་མོས་པས་གནས་ལུགས་མ་བཅོས་པའི་ངང་དུ་གཞག །སླར་ཡང་མདུན་བསྐྱེད་སྔར་བཞིན་གསལ་བ་ལ་གཏང་རག་གི་སླད་དུ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་འབུལ། མ་རྙེད་ཡོངས་སུ་མ་ཚང་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པ་བརྗོད་པས་ནོངས་པ་བཤགས། ཨོ། འདིར་ནི་རྟེན་དང་སོགས་ཀྱིས་མདུན་བསྐྱེད་རྟེན་


JKT016_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟན་པར་བཞུགས་ཤིང་། སངས་རྒྱས་ཚེ་དཔག་ཏུ་མེད་པའི་སྤྱན་སྔར་འདི་ཉིད་བྱང་ཆུབ་སེམས་དཔའི་ཚུལ་གྱིས་ཞབས་འབྲིང་བྱེད་པར་བསམས་ལ་ཞིང་སྦྱོང་གི་དམིགས་པ་ཡི་དམ་བྱ། འཇམ་དཔལ་དཔའ་བོས་སོགས་བློ་ཀ་གཉིས་ཀྱིས་དགེ་རྩ་བསྔོ་ཞིང་། དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །འཆི་བདག་ལ་སོགས་བདུད་བཞི་རྣམ་བཅོམ་སྟེ། །སྐྱེ་རྒ་ན་འཆིའི་མཚོ་ཆེན་ལས་སྒྲོལ་བ། །མགོན་པོ་ཚེ་མཐའ་ཡས་པ་ཐོབ་པར་ཤོག །ཅེས་སྨོན་ལམ་གདབ། ཕུན་སུམ་ཚོགས་པ་སོགས་ཀྱི་བཀྲ་ཤིས་བརྗོད་དོ། །དེ་ལྟ་བུའི་རིམ་པས་ཐུགས་སྲོག་ཧཱུྃ༔ཁོ་ན་འབུམ་ཕྲག་བཞི་དང་། ཚེ་གཟུངས་འབུམ་ཕྲག་སོགས་བཟླ། མཐར་དངོས་གྲུབ་བླང་བའི་སླད་དུ་བདག་འཇུག་གི་དབང་ལེན་པ་དང་བཅས་པ་ནི་བསྙེན་པའོ། །གཉིས་པ་ནི། བདག་མདུན་བཟླས་པ་བཅས་གོང་ལྟར་ལ། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧཱུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་བདུད་རྩིའི་བཅུད་ཀྱིས་གང་བའི་དབུས་སུ་རིན་པོ་ཆེ་སྣ་བདུན་སོགས་ནས། ཡན་ལག་བདུན་པའི་བར་མདུན་བསྐྱེད་ལྟར། བདག་གི་ཐུགསཾ་ནས་འཕྲོས་པའི་འོད་ཟེར་གྱིས། །གཟུངས་ཐག་ལ་བརྟེན་བུམ་ལྷའི་ཐུགས་རྒྱུད་བསྐུལ། །སྐུ་ལས་འཆི་མེད་ཡེ་ཤེས་བདུད་རྩིའི་རྒྱུན། །བབས་པས་བུམ་པ་ཡོངས་སུ་གང་བར་གྱུར། ཅེས་བརྗོད་ལ། ཧྲཱིསྟོང་ཕྲག་སོགས་དང་། ཚེ་གཟུངས་ཅི་ནུས་བཟླ། ལས་བུམ་དུ་སྐད་ཅིག་གིས་རྟ་མགྲིན་


JKT016_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ནག་དབྱུག་ཏོ་དང་སྡིགས་མཛུབ་མཛད་པར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་དང་། ཨོ་ཧྲཱིཔདྨནྟ་ཀྲྀ་ཏ་ཧ་ཡ་ཤྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླས་མཐར་ཡན་ལག་བདུན་པ་སྨོན་ལམ་བཅས། ལས་བུམ་གྱི་ལྷ་འོད་དུ་ཞུ་བ་ལས་ཁྲོ་བོའི་རང་བཞིན་གྱི་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ཚེ་འགུགས་བསྐུལ། སྤྲོ་ན་བདག་འཇུག་བླང་། དེ་ནས་སློབ་མ་རྣམས་ཁྲུས་བྱ། སྔོན་གཏོར་གཏང་། སྲུང་འཁོར་བསྒོམ། ཆོས་བཤད་ཅི་རིགས་པ་ལས། དེ་ལ་འདིར་སྐབས་སུ་བབ་པ་ནི། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཡུམ་བཀའི་ནང་སྒྲུབ་བདེ་ཆེན་སྙིང་པོའི་གཏེར་བུམ་དང་རྗེས་སུ་འབྲེལ་བར་རིགས་བདག་སྣང་མཐའ་ཚེ་དཔག་མེད་ལ་བརྟེན་ནས་འཆི་མེད་ཚེའི་དབང་བསྐུར་ཟབ་མོ་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། རྒྱུད་སྦྱང་པའི་སླད་དུ། མདུན་


JKT016_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་སྣང་མཐའ་ཚེ་དཔག་མེད་སྐྱབས་གནས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས། །དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། །ལས་བུམ་གྱི་ཆུས་སྦྱང་། ཤུ་ནྱ་ཏཱས་སྦྱང་། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་འོག་མིན་བདེ་བ་ཅན་གྱི་ཞིང་ཁམས་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་དབུས་སུ་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་སྟེགས་རབ་ཏུ་མཐོ་བར། པཾ་ལས་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རིག་མདངས་ཡི་གེ་ཧྲཱི༔དམར་པོ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་རྫོགས་པའི་སངས་རྒྱས་འོད་སྣང་མཐའ་ཡས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་ཅིང་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་བྱེ་བས་འཁྱུད་པའི་གཟི་བྱིན་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྟེང་དུ་འཆི་མེད་ཚེའི་བདུད་རྩིས་གང་བའི་པདྨ་རཱ་


JKT016_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གའི་བུམ་པ་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པས་མཚན་པའི་ཕྱག་གཉིས་མཉམ་པར་བཞག་ཅིང་། དར་དམར་སེར་གྱི་ཤམ་ཐབས། སྔོན་པོའི་བླ་གོས། དམར་པོའི་སྣམ་སྦྱར་ཅན། དབུའི་གཙུག་ཏོར་བལྟར་མི་མངོན་པ་ལ་སོགས་པའི་མཚན་དཔེའི་རྒྱན་མ་ཚང་བ་མེད་པས་བརྒྱན་པའི་དཔྲལ་བས་ཨོ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་དབུས་སུ་ཟླ་བ་ལ་ཐུགས་སྲོག་ཧྲཱིཝཡིག་དམར་པོས་མཚན་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་སྣང་མཐའ་ཚེ་དཔག་མེད་འཁོར་དང་བཅས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་དང་། མ་ལུས་སེམས་ཅན་སོགས་ཀྱི་མཐར་གཟུངས་སྔགས་ལ། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པས་བྱིན་དབབ། ཏིཥྛ་བཛྲ་ཞེས་བརྗོད་ཅིང་རྡོ་རྗེ་སྤྱི་བོར་བཞག་པས་བརྟན་པར་བྱ། ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་། འཁོར་འདས་ཀྱི་བཅུད་དང་དྭངས་མ་ཐམས་ཅད་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་སྤྱན་དྲངས། རང་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་


JKT016_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ ཆོས་སྐུ་མི་འགྱུར་རྡོ་རྗེའི་ཚེ་ཁུག་ཅིག །ལོངས་སྐུ་མི་འགག་པདྨའི་ཚེ་ཁུག་ཅིག །སྤྲུལ་སྐུ་མི་འགྱུར་གཡུང་དྲུང་ཚེ་ཁུག་ཅིག །ཕྱི་སྣོད་བརྟན་པ་འབྱུང་ལྔའི་ཚེ་བཅུད་ཁུག །ནང་བཅུད་གཡོ་བ་སྐྱེ་འགྲོའི་ཚེ་བཅུད་ཁུག །མདོར་ན་སྲིད་ཞིའི་བདེ་སྐྱིད་དཔལ་དང་གཡང་། །མ་ལུས་འདིར་སྡུས་འདིར་ཁུག་འདིར་ཚོགས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་ཅིག །ཅེས་དང་ཚེ་གཟུངས་བཟླ་ཞིང་མདའ་དར་གཡབ། དེ་ལྟར་ཚེ་འགུགས་ཤིང་བཅུད་བསྡུ་བ་སྔོན་དུ་སོང་ནས་དངོས་གཞིའི་དབང་བསྐུར་བའི་སླད་དུ། རྣམ་པར་རྒྱལ་བའི་བུམ་པའི་དབུས་སུ་བཞུགས་པའི་སྣང་མཐའ་ཚེ་དཔག་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་ཞུགས། དེ་ཉིད་འཆི་མེད་ཚེའི་བདུད་རྩིར་གྱུར་པ་ཁོལ་ཞིང་ལུད་པ་བུམ་ཆུ་དང་དབྱེར་མེད་དུ་འདྲེས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་སྦྱངས། འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཧྲི༔ བཀྲ་ཤིས་རྣམ་


JKT016_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒྱལ་བའི་བུམ་པ་རུ། །བཅོམ་ལྡན་ཚེ་དཔག་མེད་མགོན་ལྷ་ཚོགས་བཞུགས། །དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཚེ་དང་ཡེ་ཤེས་དངོས་གྲུབ་ཐོབ་པར་ཤོག །ཧྲཱི་དང་ཚེ་གཟུངས་བརྗོད་ལ་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། དེ་ནས་ལག་གཡས་སུ་ཐབས་ཀྱི་རྫས་ཚེའི་རིལ་བུ་བྱིན་པ་ལ་བརྟེན་ནས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་པ་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། །ཧྲཱིཿ བདེ་མཆོག་འགྱུར་མེད་ཚེ་རིལ་ཐབས་ཀྱི་རྫས། །ཁྱོད་ལ་སྦྱིན་པས་འཁོར་འདས་སྣང་བའི་གཟུགས། །ཀུན་གྱི་བཅུད་བསྡུས་ཚེ་དཔལ་བསོད་ནམས་དབྱིག །ལོངས་སུ་སྤྱོད་པའི་མཐུ་ནུས་སྟོབས་ལྡན་ཤོག །གཟུངས་སྔགས་བརྗོད་ཅིང་རིལ་བུ་སྦྱིན། ལག་གཡོན་དུ་ཤེས་རབ་ཀྱི་རྫས་ཚེའི་བདུད་རྩི་བྱིན་པ་ལ་བརྟེན་ནས་ཤེས་རབ་སྟོང་པ་ཉིད་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧྲཱིཿ རྣམ་ཀུན་མཆོག་ལྡན་ཤེས་རབ་འོ་མའི་ཆབ། །ཁྱོད་ལ་སྦྱིན་པས་རྟེན་ཅིང་འབྲེལ་འབྱུང་དབྱིངས། །མི་འགྱུར་མི་ཤིགས་རྟག་བརྟན་གཞོམ་གཞིག་བྲལ། །གཟུང་འཛིན་མཚན་མའི་ཆོས་ཀྱིས་གཡོ་མེད་ཤོག །གཟུངས་སྔགས་བརྗོད་ཅིང་བདུད་རྩི་སྦྱིན། དེ་ནས་ཚེའི་དངོས་གྲུབ་ཐོབ་པ་དེ་ཉིད་བརྟན་ཅིང་ནུས་ལྡན་དུ་བྱ་བའི་ཕྱིར་རྒྱས་གདབ་པ་ནི། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་བའི་དྭངས་མ་སྙིང་གའི་ཧྲཱིཿལ་


JKT016_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པས་རྡོ་རྗེའི་སྲོག་འགྲུབ་པ་དང་ལྷན་ཅིག །ཚེ་མདའ་རིན་ཆེན་འབར་བ་སྤྱི་བོར་རྒྱ་གྲམ་དུ་བཀོད་པས་ལུས་ལ་རྡོ་རྗེའི་གོ་ཁྲབ་བཞུ་བླུགས་སུ་གྱུར་ཅིང་། སྒོ་གསུམ་རྡོ་རྗེ་གསུམ་དུ་རྒྱས་བཏབ་པའི་མོས་པ་མཛོད། ཧྲཱི༔ ལུས་ལ་རྡོ་རྗེའི་རྒྱས་བཏབ་པས། །གཞོམ་གཞིག་བྲལ་བའི་དཔལ་ཐོབ་ཤོག །ངག་ལ་སྔགས་ཀྱིས་རྒྱས་བཏབ་པས། །རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་ཤོག །ཡིད་ལ་ཡེ་ཤེས་རྒྱས་བཏབ་པས། །མི་ཤེས་འཁྲུལ་རྟོག་མུན་སངས་ཤོག །སྲིད་པར་ཞི་བས་རྒྱས་བཏབ་པས། །སྡུག་བསྔལ་རྒྱུ་འབྲས་ཡོངས་དག་ཤོག །ཅེས་དང་ཚེ་གཟུངས་བཟླ་ཞིང་ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་རེག །མེ་ཏོག་འཐོར། སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པ་སྔར་བཞིན་གསལ་བས་བཀྲ་ཤིས་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཅེས་དང་བཀྲ་ཤིས་ཀྱི་ཚིགས་བཅད་གང་རུང་བརྗོད། དེ་ད་དེ་དག་གི་གནས་སྐབས་སུ་ཐོབ་པའི་སྤྱི་དང་བྱེ་བྲག་གི་དམ་ཚིག་དང་སྡོམ་པ་ལ་སྲང་སྡོམ་ཚུལ་བཞིན་དུ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ་མཛོད། སླར་ཡང་ལུས་དང་ལོངས་སྤྱོད་བླ་མའི་ཕྱོགས་སུ་བསྔོ་བ་ནི་དམ་ཚིག་གི་ཐ་ཚིག་ཡིན་པས་


JKT016_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་རྗེས་ཟློས་མཛོད། །དེང་ནས་བརྩམས་ཏེ་བདག་བྲན་ཏུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་གཟུང་བ་དང་། །ཆ་ཤས་ཅིས་ཀྱང་སྤྱད་དུ་གསོལ། །དེ་རྣམས་ཀྱི་སྒོ་ནས་ཚེ་དབང་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་དགེ་རྩ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད། གྲངས་གསོག་བྱེད་ན་རྒྱས་པར་མཎྜལ། བྱིན་འབེབས་མདོར་བསྡུས། ཚེ་འགུགས། བུམ་པ། ཚེ་རིལ། བདུད་རྩི་རྣམས་བསྐྱར་བའི་མཐར་བཀྲ་ཤིས་བློ་ཀ་རེ་བརྗོད། བསྡུ་ན་རྒྱས་པ་བདུད་རྩི་སྦྱིན་པ་ཡིན་ཚར་གཅིག་གི་མཐར་བཀྲ་ཤིས་བརྗོད། སླར་ཡང་རྣམ་པར་རྒྱལ་བའི་བུམ་པའི་དབུས་སུ་བཞུགས་པའི་སོགས་མཚམས་སྦྱར་ལ་བུམ་པ། ཚེ་རིལ། ཚེ་ཆང་བཅས། མཐར་བཀྲ་ཤིས་བརྗོད། གྲངས་རྫོགས་པ་ན་རྒྱས་གདབ་མན་གོང་ལྟར་བྱའོ། །རྗེས་ཆོག་ནི། མདུན་བུམ་ཐུན་མོངས་སུ་གཏང་རག་གི་སླད་དུ་ཡན་ལག་བདུན་པ་ཕུལ། ནོངས་པ་བཤགས། མདུན་བསྐྱེད་བརྟན་བཞུགས་དང་། བཛྲ་མུས་བུམ་པའི་ཡེ་ཤེས་པ་གཤེགས་དམ་ཚིག་པ་རང་ལ་ཐིམ་པར་གྱུར་པའི་མོས་པ་བྱ། བསྔོ་སྨོན་བཀྲ་ཤིས་རྣམས་གོང་བསྙེན་པའི་སྐབས་ལྟར་བྱའོ། །ཞེས་པའང་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་མཛད་པའི་སྒྲུབ་ཐབས་ཀྱི་རྡོ་རྗེའི་གསུང་སྙིང་པོར་དྲིལ་ཞིང་གྲུབ་པའི་དབང་ཕྱུག་ཆེན་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་མཛད་པའི་དབང་ཆོག་ལས་འཆི་མེད་ཚེའི་དབང་བསྐུར་ཟུར་དུ་ཕྱུང་སྟེ་བཀླགས་པས་གྲུབ་པར་སྡེབ་པ་པོ་ནི་ཀུན་མཁྱེན་བླ་མ་དགྱེས་


JKT016_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབངས་ཨ་བྷ་ཡ་སྟེ། བཀྲ་ཤིས་པའི་རྟགས་མཚན་དགེ་བ་དང་བཅས་གྲུབ་པར་སྦྱར་བའི་ལེགས་བྱས་ཀྱིས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། འགྲོ་རྣམས་ཚེ་དང་ཡེ་ཤེས་ཀྱི་དགའ་སྟོན་ལ་འདོད་རྒུར་སྤྱོད་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ་བྷ་བ་ཏུ།། །།

བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་ཚོགས་མཆོད་ཕྲིན་ལས་མཆོག་སྦྱིན།


JKT016_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་ཚོགས་མཆོད་ཕྲིན་ལས་མཆོག་སྦྱིན་ཅེས་བྱ་བ་བཞུགས་སོ།། །།


JKT016_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་ཤྲཱི་ཧེ་རུ་ཀཱ་ཡ། །ཀུན་བརྟགས་འཁྲུལ་པའི་དྲྭ་བ་མ་ལུས་པ། །དག་པའི་གཞན་དབང་ཕྱག་རྒྱར་བསྡམས་པ་ལས། །ཡོངས་གྲུབ་ཡེ་ཤེས་ཆེན་པོར་འབར་བའི་གཟུགས། །དཔལ་ལྡན་སྔགས་ཀྱི་སྲུང་མས་དགེ་ལེགས་མཛོད། །གང་གི་ཚད་མེད་ཐུགས་དམ་ཨུཏྤལ་གསར། །དགྱེས་སྐོང་ཚོགས་མཆོད་ཉིན་མོར་བྱེད་པའི་དཔྱིད། །ཤར་བས་དོན་གཉིས་ཕྲིན་ལས་མཆོག་གི་བཅུད། །ཅི་དགར་སྦྱིན་པའི་ཚུལ་འདི་དང་དུ་ལོངས། །དེ་ལ་འདིར་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་བླ་རྫོགས་ཐུགས་གསུམ་མཐའ་དག་གི་བཀའ་སྲུང་ཐུན་མོང་མ་ཡིན་པ་དཔལ་ལྡན་མ་མགོན་ལྕམ་དྲལ་ལ་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས་པ་དང་། མཆོག་ཐུན་ཕྲིན་ལས་རླབས་པོ་ཆེ་བདེ་བླག་ཏུ་འགྲུབ་པར་འདོད་པས། དང་པོ་སྦྱོར་བ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་ཕྱི་ནང་བཤད་པའི་རྟེན་རྫས་སྤྱི་དང་། བྱེ་བྲག་


JKT016_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཚོགས་ཀྱི་འཁོར་ལོར་འདུ་བར་འོས་པའི་ཐབས་ཤེས་བཟའ་བཏུང་གི་མཆོད་པ་གྱ་ནོམ་པ་བཅས་བཤམས་པར། བདག་ཉིད་གཉུག་མའི་ཧེ་རུ་ཀར་གསལ་བའི་མདུན་དུ་ཆོས་སྐྱོང་ལྕམ་དྲལ་ལས་གཞུང་ལྟར་བསྐྱེད་ཅིང་སྤྱན་དྲང་པ་ནས་བཟུང་བཟླས་པའི་བར་ལེགས་པར་གྲུབ་རྗེས། གཉིས་པ་དངོས་གཞི་ལ། བརྗོད་མེད་དོན་གྱི་བཤགས་པས་རྒྱུད་སྦྱང་བ་སྔོན་དུ་འགྲོ་བས། དང་པོ་བྱིན་གྱིས་བརླབ་པ་ནི། ཧཱུཾ། བདག་ཉིད་དཔལ་ཆེན་ཐུགས་ལས་རཾ་ཡཾ་ཁཾ། །འཕྲོས་པས་ཚོགས་ཀྱི་དངོས་འཛིན་བསྲེགས་གཏོར་བཀྲུས། །སྣང་སྲིད་བདེ་ཆེན་རང་བྱུང་ཀ་པཱ་ལར། །བཅུད་རྣམས་རིགས་ལྔའི་དམ་ཚིག་བདུད་རྩིར་གྱུར། །རཾ་ཡཾ་ཁཾ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱ༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི། ཧཱུཾ་བྷོ༔ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །སྐྱེ་བའི་ཆོ་


JKT016_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་རྡོ་རྗེ་སྲིན་པོའི་ཚུལ། །ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཕོ་ཉ་མོ། །དབྱིངས་ཕྱུག་རྒྱལ་མོ་ཨེ་ཀ་ཛ་ཊི་སོགས། །ལྕམ་དྲལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །ལོངས་སྤྱོད་འདོད་ཡོན་མི་ཟད་མཆོད་པའི་སྤྲིན། །ཟག་མེད་བདུད་རྩིའི་དགའ་སྟོན་བཞེས་སླད་དུ། །ཐུགས་རྗེའི་ཐུགས་དམ་དབང་གིས་གནས་འདིར་གཤེགས། །སརྦ་དྷརྨ་པཱ་ལ་བཛྲ་ས་མ་ཡ་ཛ་ཛ༔ གསུམ་པ་ཚོགས་ཕུད་འབུལ་བ་ནི། ཧཱུཾ་བྷྱོ༔ ཕྱི་ལྟར་ཐབས་ཤེས་བཟའ་བཅའ་བཏུང་བའི་ཚོགས། །ནང་ལྟར་དབང་ཡུལ་དགྱེས་པ་སྐྱེད་པའི་རྫས། །གསང་བ་བདེ་སྟོང་ཟུང་འཇུག་མཆོད་སྤྲིན་གྱིས། །དཔལ་མགོན་ལྕམ་དྲལ་འཁོར་བཅས་མཉེས་གྱུར་ཅིག །སརྦ་བཛྲ་དྷརྨ་པཱ་ལ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བཞི་པ་བཤགས་པ་ནི། ཧཱུཾ་བྷོ གཟོད་ནས་རྣམ་གྲོལ་འོད་གསལ་གཉུག་མའི་གཤིས། །གློ་བུར་འཁྲུལ་པས་དཀྲིས་པའི་གཞན་དབང་གིས། །དམ་ཅན་སྲུང་མའི་ཐུགས་དང་འགལ་བ་ཀུན། །ལོངས་སྤྱོད་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །ཡི་གེ་བརྒྱ་པ་བརྗོད། ལྔ་པ་ཐུགས་དམ་བསྐང་བ་ནི། སྐོང་རྫས་རྣམས། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཧཱུཾ་ལས་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་


JKT016_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་རྒུ་ཚང་བ་བཟང་རྒུས་འབྱོར་པ་མཛེས་རྒུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ན་མ་སྶརྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ་དང་བཛྲ་སྤ་ར་ཎ་ཁཾ། ཞེས་པས་བྱིན་གྱིས་བརླབས་ཤིང་ཟད་མེད་དུ་སྤེལ་ནས། བྷྱོ༔ ཏིང་འཛིན་སྤྲུལ་པའི་གནས་མཆོག་འདིར༔ ཞེས་སོགས་གཞུང་ལྟར་དང་། སྤྲོ་ན་ཕུད་སྐོང་ཆེན་མོ་དང་མདོས་སྐོང་སྲིད་པ་གཞིར་བཞེངས་དང་། འཁྲུགས་སྐོང་རྒྱས་པ་རྣམས་ཀྱང་རིམ་པར་བཏང་བའི་རྗེས་བཤགས་པ་དམིགས་བསལ་བྱེད་པར་མོས་ན། ཨོཾ ༈ ཡེ་ཤེས་ལས་གྲུབ་མངོན་ཤེས་མཐུ་རྩལ་ཅན་སོགས་ཀུན་མཁྱེན་བླ་མའི་གསུང་ལས་འབྱུང་བ་ལྟར་བྱས་ལ། དེ་ཙམ་སྤྲོས་པས་མ་ལྕོགས་ན་ལས་གཞུང་གི་སྐོང་བ་ལ་སྐོང་བཤགས་གཉིས་ཀ་འདུས་པ་ཡིན་པས་ཆད་སྐྱོན་དུ་མི་འགྱུར་རོ། །དྲུག་པ་བསྒྲལ་ཞིང་བསྟབ་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སོགས་ནས། དམིགས་པའི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲཀ་རཀྵ་ཨེ་ཀ་ཛ་ཊི་མ་མ་བྷོ༔ མ་ཧཱ་ཀཱ་ལ་ཤཱ་ས་ན། ཏྲེ་བཛྲ་སཱ་དྷུ་ས་མ་ཡ་ཨ་ཡ་ཨ་དུ་རུ་ཙ་ཤ་ན་ཀིངྐ་ར་ནི་ཏྲི་བཛྲ་ཨངྐུ་ཤ་ཛ༔ ཛཧཱུྃ་བཾ་ཧོ༔ ཞེས་དགུག་གཞུག་བྱས་ལ། ཧཱུཾ་ཧཱུཾ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །བཀའ་སྡོད་རོལ་པའི་


JKT016_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཆེན་པོ་ནས། །ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ། །ལྕམ་དྲལ་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད། །ཅེས་བསྐུལ། ཧཱུཾ་ཧཱུཾ། སྣང་སྲིད་སྣོད་བཅུད་ཡེ་ནས་རྣམ་དག་ཀྱང་། །རང་རང་ལས་ལས་གཞན་དུ་སྣང་བའི་གཟུགས། །གཉིས་འཛིན་ལོག་འདྲེན་དགྲ་བགེགས་འབྱུང་པོའི་ཚོགས། །ཐམས་ཅད་རོ་མཉམ་མཚོན་ཆས་དབྱིངས་སུ་བསྒྲལ། །སརྦ་ཀྲྀ་ཏྲི་ཤ་ཧཱུཾ་མཱ་ར་ཡ་ཆད། ཅེས་བསྐུལ། མ་མ་ཏྲཀ་རཀྟ་ཨེ་ཀ་ཛ་ཊཱི་ཨི་དཾ་བ་ལིཾ་ཏ་པཱུ་ཛ་ཧོསྐཁ་རཾ་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་ཤཱ་ས་ན་ཏྲི་ལིང་ཀིངྐ་ར་ཨི་དཾ་བ་ལིཾ་ཏ་པཱུ་ཛ་ཧོམ་ཁ་རཾ་ཁཱ་ཧི། ཏྲི་བཛྲ་སཱ་དྷུ་ས་མ་ཡ་ཨི་དཾ་བ་ལིཾ་ཏ་པཱུ་ཛ་ཧོ༔ཁ་རཾ་ཁཱ་ཧི། ཨ་ཡ་མ་དུ་རུ་ཙ་ཤ་ན་ཀིངྐ་ར་ས་མ་ཡ་བ་ལི་ཏ་བྷུཉྫཧོ༔ ཞེས་ཟས་སྐལ་དུ་བསྔོས་ནས་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུཾ་བྷོ། སྣང་བ་ཡབ་ཀྱི་རང་བཞིན་རཱ་ཧུ་ལ༔ སྟོང་པ་ཡུམ་གྱི་ངོ་བོ་ཨེ་ཀ་ཛ༔ ཟུང་འཇུག་ཐུགས་རྗེ་བཛྲ་སཱ་དྷ་སོགས༔ སྙིང་ཐིག་གཉེན་པོའི་བཀའ་སྲུང་ཐམས་ཅད་ཀུན༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས༔ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་༔ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་༔ བྱད་ཕུར་རྗོད་


JKT016_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་ཐན་ལྟས་ངན་པ་ཀུན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ བདུན་པ་བསྟོད་པ་བྱ་བ་ནི། བྷོ། དཔལ་ལྡན་རང་བྱུང་རྒྱལ་མོ་ནི༔ སོགས་ལས་གཞུང་ལྟར་དང་། སྤྲོ་ན་བསྟོད་པ་རྒྱས་པ་གཞན་ཡང་བྱའོ། །བརྒྱད་པ་འདོད་པའི་དོན་ལ་ཕྲིན་ལས་གསོལ་བའི་ཐོག་མར་མངའ་གསོལ་བྱ་བར་སྤྲོ་ན། སྐྱེ་མེད་རྡོ་རྗེ་དབྱིངས་ཀྱི་ཡུམ་ཆེན་མོ། །སོགས་བསྟན་སྲུང་དམ་ཅན་རྒྱ་མཚོའི་རུ་མཚོན་མངའ་གསོལ་ལྟར་རམ། བསྡུ་ན། ཧཱུཾ་ཧཱུཾ། བདེ་སྟོང་ཟུང་འཇུག་རྣམ་ཀུན་མཆོག་ལྡན་ལས། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཅན། །ལྕམ་དྲལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །ལོངས་སྤྱོད་ཡོངས་རྫོགས་འཁོར་ལོར་མངའ་གསོལ་ལོ། །ཤིན་ཏུ་ཕྲ་བ་གཉུག་མའི་མཚན་དཔེ་ནི། །དྲག་ཤུལ་སྲིན་མོ་ཁྲོས་པའི་སྣང་ཚུལ་གྱིས། །སྡེར་བཅས་བདུད་སྡེའི་དཔུང་ཚོགས་ཕམ་བགྱིད་པའི། །ཁ་སྦྱོར་རྡོ་རྗེའི་སྐུ་རུ་མངའ་གསོལ་ལོ། །འཇུག་དང་ལྡང་བའི་སྲོག་རྩོལ་རྒྱུ་བ་ཀུན། །འོད་གསལ་དབུ་མའི་དབྱིངས་སུ་ཕྱག་བྱས་པས། །འཕོ་མེད་རྡོ་རྗེའི་སྔགས་རིག་གྲུབ་པ་པོ། །བདེ་ཆེན་ནཱ་དའི་གསུང་དུ་མངའ་གསོལ་ལོ། །སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆེན་པོ་དང་། །མི་ཕྱེད་མཉམ་པར་སྦྱོར་བའི་ཆོས་ཉིད་ནི། །འཕོ་ཆགས་སྤྲོས་པའི་ཕ་རོལ་ལས་བརྒལ་བ། །རང་བཞིན་མེད་པའི་ཐུགས་སུ་མངའ་གསོལ་ལོ། །རྩེ་གཅིག་སྒྲུབ་


JKT016_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚོགས་ལ་ཐུགས་བརྩེ་བས། །གྲུབ་གཉིས་འདོད་པ་ལྷུག་པར་འཇོ་བའི་དཔྱིད། །ཡོན་ཏན་ཡིད་བཞིན་ནོར་བུས་མཚོན་མིན་ཕྱིར། །སྙིང་རྗེས་ཡོངས་གང་ཆེན་པོར་མངའ་གསོལ་ལོ། །རྨད་བྱུང་། ཐབས་ལ་མཁས་པའི་འཇུག་པ་ནི། །ཞི་ཆགས་ཁྲོ་བོའི་རྣམ་འགྱུར་མཐའ་ཀླས་ཀྱིས། །ཐེག་མཆོག་སྙིང་པོའི་བསྟན་པ་བསྲུང་བ་ལ། །ཕྲིན་ལས་རྒྱུན་མི་ཆད་པར་མངའ་གསོལ་ལོ། །མདོར་ན་དུས་གསུམ་ཀུན་ཏུ་ཁྱོད་བསྟེན་ཅིང་། དུས་མེད་རིག་པའི་ངང་དུ་རོ་གཅིག་ན། །ཐུགས་རྗེའི་སྒྱུ་འཕྲུལ་འགོག་པ་མེད་པ་ཡིས། །བདག་གཞན་ཕན་བདེའི་དཔལ་གྱིས་སྐྱོང་བར་མཛོད། །ཅེས་པའི་རྗེས་སུ། ཀྱེ༈ ཐུབ་པའི་བསྟན་པ་རིན་ཆེན་འབར་བའི་སྣོད་སོགས་ཀྱིས་ཕྲིན་ལས་གཞོལ་བར་བྱ། དགུ་པ་ཚོགས་ལ་རོལ་པ་གཞུང་གཞན་ནས་འབྱུང་བ་ལྟར་བྱ་ཞིང་། བཅུ་པ་ལྷག་མ་བསྔོ་བ་ནི། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧཱུྃ༔ ལྷག་མའི་ལོངས་སྤྱོད་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པ་ནམ་མཁའི་ཁམས་གང་བར་གྱུར། ཅེས་པས་བརླབ། ལྷག་སྡུད་རྣམས། ཨེ་ཨཱ་ར་ཝི་ཧཱུྃ་ཧཱུྃ་ཛ༔ ཞེས་པས་སྤྱན་དྲང་། ཧཱུཾ་བྷོ། དཀྱིལ་འཁོར་ཆེན་པོའི་མུ་རན་སྐྱོང་བ་ཡི། །ཡེ་ཤེས་རོལ་པ་དཔལ་གྱི་ལྷག་སྡུད་ཚོགས། །འདོད་ཡོན་བདུད་རྩིའི་ཕམ་ཕབས་འདི་ལོངས་ལ། །བྱང་ཆུབ་སྒྲུབ་ལ་འཚེ་བའི་བར་ཆད་སྲུངས། །ཨུ་ཙྪི་བ་ལིཾ་ཏ་ཁཱ་ཧི། བཅུ་གཅིག་


JKT016_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཏོར་མ་བསྟབ་པ་ནི། འབུལ་གཏོར་རྣམས་ལ་དཔལ་འབར་བཙུགས། སྤོས་དང་རོལ་མོ་གསེར་སྐྱེམས་ཀྱིས་མཚོན་པར་སྒྲུབ་ཁང་གི་ཡང་ཐོག་གང་དུ་གཏང་བའི་སར་ཁྱེར་ལ་དམིགས་བྱ་དགུག་གཞུག་བྱས་ནས་ཟས་སྐལ་དུ་བསྔོས་ཏེ། བྷོ། སུམ་ཅུ་རྩ་གསུམ་ལྷ་ཡུལ་ནས་སོགས་གཞུང་ལྟར་བྱ། གལ་ཏེ་དྲག་པོའི་ཕྲིན་ལས་བསྒྲུབ་པ་ལ་དམིགས་ཀྱིས་བསལ་བའི་ཚེ་གཞུང་ནས་བཤད་པའི་དྲག་སྐུལ་སོགས་བྱ་སྟེ། དེ་ཡང་མན་ངག་གི་ཡི་གེ་ལ་བརྟེན་པ་གཅེས་སོ། །བཅུ་གཉིས་པ་ཆད་ཐོ་བསྒྲག་པ་ནི། །ཧཱུྃ་བྷོ། དུས་གསུམ་རྣམ་དག་བདེ་ཆེན་རྡོ་རྗེའི་དུས། །རྟོག་བྲལ་འོད་གསལ་དོན་གྱི་དཔལ་ཆེན་པོས། །དམ་ལ་བཞག་པའི་རིག་རྩལ་དྲེགས་ཚོགས་ཀུན། །མཆོད་གཏོར་བཞེས་ལ་མཚན་འཛིན་དགྲ་བགེགས་སྒྲོལ། །དེ་འོག་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡིས། །འོད་གསལ་སྙིང་པོའི་ལམ་མཆོག་བསྟན་པའི་ཚེ། །དབང་བསྐུར་དམ་མནོས་སྲུང་མའི་ཚོགས་རྣམས་ཀུན། །མཆོད་གཏོར་བཞེས་ལ་ཟབ་གསང་ཕྲིན་ལས་སྤེལ། །ཐ་མར་རིག་འཛིན་འཇིགས་བྲལ་གླིང་པ་ཡིས། །ཀློང་གསལ་དགོངས་པའི་གཏེར་རྒྱ་བཀྲོལ་བའི་དུས། །བསྟན་པ་སྐྱོང་བར་ཁས་བླངས་དམ་ཅན་ཀུན། །མཆོད་གཏོར་བཞེས་ལ་ཕན་བདེའི་དགའ་སྟོན་སྒྲུབས། །བཅུ་གསུམ་པ་བརྟན་མ་བསྐྱང་བ་ནི། ཧཱུྃ། འཕོ་མེད་འོད་གསལ་དབུ་མའི་གྲོང་ཁྱེར་རུ། །དུས་སྦྱོར་བཅུ་གཉིས་གནས་སུ་དག་པའི་གཟུགས། །བོད་སྐྱོང་བརྟན་


JKT016_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཚོགས་རྣམས་གཏོར་མ་བཞེས། །གངས་ཅན་སྐྱེ་འགྲོ་བདེ་བའི་ཕྲིན་ལས་མཛོད། །མ་མ་ཧྲི་ཧྲི་བ་ལིཾ་ཏ་ཁཱ་ཧི། བཅུ་བཞི་པ་མནན་པ་བྱ་བ་ནི། ཧཱུཾ། བྱང་ཆུབ་སྒྲུབ་ལ་འཚེ་བའི་དགྲ་བགེགས་ཀུན། །རྣམ་ཐར་གསུམ་ལྡན་དབྱིངས་སུ་རྒྱས་བཏབ་ཅིང་། །དབང་དང་དྲག་ཤུལ་རོལ་པའི་བྲོ་བརྡུངས་པས། །བྱང་ཆུབ་བར་དུ་ལྡང་བར་མ་གྱུར་ཅིག །ཧཱུཾ་བྷ་ཡ་ནན། གསུམ་པ་རྗེས་ཀྱི་རིམ་པ་ལ། དང་པོ་དངོས་གྲུབ་བསྐུལ་བ་ནི། ཧཱུྃ། དངོས་སུ་འབྱོར་པའི་མཆོད་པ་སྣ་ཚོགས་དང་། །ཡིད་སྤྲུལ་ཟག་མེད་ཀུན་ཏུ་བཟང་པོའི་སྤྲིན། །བདེ་སྟོང་ཟུང་འཇུག་ཆེན་པོར་མཉམ་སྦྱོར་བས། །ལྕམ་དྲལ་བཀའ་སྡོད་འཁོར་བཅས་མཉེས་གྱུར་ཅིག །ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨགྷཾ་སོགས་ཀྱིས་མཆོད། ཧཱུྃ། དྲག་ཤུལ་རྡོ་རྗེའི་ལང་ཚོར་འབར་བའི་སྐུ། །མི་ཤིགས་བརྗོད་བྲལ་ནཱ་དའི་རང་བཞིན་གསུང་། །འགྱུར་མེད་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་ལ་བསྟོད། །ཅེས་བསྟོད། ཧཱུྃ། ཡོངས་གྲུབ་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་ནས། །ཡིད་ཆེར་ཁྲོས་པའི་སྟངས་དཔྱལ་ལྕམ་དྲལ་གྱིས། །རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་དེང་འདིར་སྩོལ། །བྲི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ གཉིས་པ་ནོངས་པ་


JKT016_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་པ་ནི། ཧཱུྃ། རྟག་ཏུ་གཟུང་འཛིན་སྤྲོས་པ་ལས་འདས་ཕྱིར། །རང་བཞིན་དབྱིངས་ལ་ཉེས་པའི་སྐྱོན་བྲལ་ཡང་། །གློ་བུར་འཁྲུལ་པའི་མཚན་མས་བཅིངས་པའི་མཐུས། །ནོངས་པ་གང་། མཆིས་སྙིང་ནས་བཟོད་པར་གསོལ། །ཡི་གེ་བརྒྱ་པ་བརྗོད། གསུམ་པ་གཤེགས་སུ་གསོལ་བ་ནི། ཧཱུཾ། བསྐྱེད་ཅིང་སྤྱན་དྲངས་ཆོས་སྐྱོང་སྲུང་མའི་ཚོགས། །གནས་ཡུལ་ལྷན་སྐྱེས་གྲུབ་པའི་གྲོང་དུ་གཤེགས། །སྣང་ཆར་ཤར་བའི་ལྷ་སྐུའི་རོལ་པ་ཀུན། །སྐྱེ་མེད་བརྗོད་བྲལ་གཉུག་མའི་དབྱིངས་སུ་ཡལ། །བཞི་པ་བསྔོ་སྨོན་བྱ་བ་ནི། ཧཱུཾ། དགེ་བའི་རྩ་བ་འདིས་མཚོན་ལེགས་བྱས་ཀུན། །རྣམ་གྲོལ་ཆོས་ཀྱི་དབྱིངས་སུ་བསྔོས་པའི་མཐུས། །བདག་གཞན་འགྲོ་ཀུན་ཚོགས་གཉིས་མྱུར་རྫོགས་ནས། །མཆོག་ཐུན་ཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག །ལྔ་པ་ཤིས་པ་བརྗོད་པ་ནི། ཧཱུྃ། ཀུན་ཁྱབ་འགྱུར་མེད་དོན་དམ་༧བདེ་བ་ཆེ། །མཐའ་ཀླས་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ལས། །དོན་གཉིས་འདོད་རྒུ་ཡིད་བཞིན་སྩོལ་མཛད་པ། །རྩ་གསུམ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །ཅེས་སོགས་མཐའ་རྒྱས་སུ་བྱའོ། །དེ་ལྟར་བགྱིས་པའི་ཕན་ཡོན་ཀྱང་། ཇི་སྐད་དུ། དམ་ཚིག་ཉམས་པའི་སྐྱོན་སེལ་ཞིང་། །མི་མཐུན་ཕྱོགས་རྣམས་འཇོམས་བྱེད་ལ། །འདོད་པའི་དོན་རྣམས་སྒྲུབ་བྱེད་ཅིང་། །དགེ་བའི་ཚོགས་རྣམས་སྡུད་པ་གང་། །ཟོས་པས་དངོས་གྲུབ་འགྱུར་པ་ཉིད། །ལྷག་པའི་ལྷ་ཡང་ཚིམ་


JKT016_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །མྱུར་དུ་ལུང་བསྟན་ཐོབ་བྱེད་པ། །ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡི། །རིམ་འདིས་འདོད་པའི་འབྲས་བུ་འབྱིན། །ཅེས་པ་ལ་སོགས་པ་མཐའ་ཀླས་པ་བཤད་པའི་ཕྱིར། སྤྱིར་དུས་རྟག་ཏུ་དང་། ལྷག་པར་སོ་སོའི་རྒྱུ་|བའི་དུས་སོགས་སུ་འབད་པ་ཆེན་པོས་བརྩོན་པར་བྱ་བར་རིགས་སོ།། །།སླར་སྨྲས་པ། ཡིད་ཆོས་དབུ་མར་ཐིམ་པའི་ཡེ་ཤེས་ནི། །བདེ་སྟོང་གྲུབ་པ་ཐིག་ལེའི་ཞལ་སྐྱིན་ཅན། །ཧེ་རུ་ཀ་དཔལ་ལྕམ་དྲལ་རྒྱ་མཚོ་ཡི། །དགྱེས་སྐོང་ཕྲིན་ལས་མཆོག་སྦྱིན་དེང་འདིར་ཤར། །དེ་ལས་བྱུང་བའི་དགེ་བས་བདག་གཞན་འགྲོའི། །རླུང་སེམས་གདོད་མའི་དབྱིངས་སུ་ཉེར་བསྒྲལ་ནས། །རྣམ་གྲོལ་ཀ་དག་དོན་གྱི་གཞི་དབྱིངས་སུ། །ཕན་བདེའི་དགའ་སྟོན་གྲུབ་པའི་བཀྲ་ཤིས་ཤོག །དེ་ལྟར་བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་ཚོགས་ཀྱི་མཆོད་པ་ཕྲིན་ལས་མཆོག་སྦྱིན་ཅེས་བྱ་བ་འདིའང་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་སྲུང་བའི་དམ་ཅན་རྒྱ་མཚོ་སྤྲིན་བཞིན་དུ་གཏིབས་པའི་གནས། དབུར་སྟོད་ཞྭ་ལྷ་ཁང་དུ་རིག་འཛིན་གྱི་བཙུན་པ་པདྨ་དགྱེས་པའི་སྡེས་སྐད་ཅིག་ལ་ཤར་མར་སྤེལ་བ་སརྦ་སུ་ཛ་ག་ཏཱཾ།། །།


JKT016_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་བྱ་བ་ནི། ལས་གཞུང་གི་བསྟོད་པ་རྫོགས་ནས། མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཁྲག་ཡིག་གི་མཐར་སྔགས་ཀྱི་ཕྲེང་བ་མཐིང་ནག་གཡོན་སྐོར་དུ་འཁོར་བར་བདག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕོག་པས་ཐུགས་རྒྱུད་རབ་ཏུ་བསྐུལ་ནས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབས་པར་གྱུར། ཅེས་བརྗོད་ལ། ཧེ་རུ་ཀའི་ཡིག་༢༡བརྒྱ་དང་། གོང་གནོན་གྱི་༡༠༠བཟླས་པ་སྔོན་དུ་འགྲོ་བས། ཏྲག་རཀྵ་མུ་ཏྲ་མུ༔ རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ རག་མོ་ཏེ་ཀེ་ཙ་རཿ རུ་ལུ་རུ་ལུ་མ་ཧི་བྷོ༔ མ་ཧཱ་ཀཱ་ལ་ཤཱ་ས་ན་ཧཱུྃ༔ བཛྲ་སཱ་དྷུ་ཏཱི༔ ཞེས་ཅི་ནུས་༣༠༠བཟླས་མཐར། ཧཱུྃ། དངོས་སུ་འབྱོར་པའི་མཆོད་པ་སྣ་ཚོགས་དང་། །ཡིད་སྤྲུལ་ཟག་མེད་ཀུན་ཏུ་བཟང་པོའི་སྤྲིན། །བདེ་སྟོང་ཟུང་འཇུག་ཆེན་པོར་མཉམ་སྦྱོར་བས། །ལྕམ་དྲལ་བཀའ་སྡོད་འཁོར་བཅས་མཉེས་གྱུར་ཅིག །ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨབྷཾ་སོགས་ཀྱིས་མཆོད། ཧཱུྃ། དྲག་ཤུལ་རྡོ་རྗེའི་ལང་ཚོར་འབར་བའི་སྐུ། །མི་ཤིགས་བརྗོད་བྲལ་ནཱ་དའི་རང་བཞིན་གསུང་། །འགྱུར་མེད་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་ལ་བསྟོད། །ཅེས་པས་བསྟོད།། །།

བཀའ་སྲུང་སྨན་བཙུན་མཆེད་ལྔའི་ཕྲིན་ལས་དཔག་བསམ་ཡོངས་འདུ་དང་འབྲེལ་བའི་ཚོགས་མཆོད་ཕན་བདེའི་རྣ་ཆ།


JKT016_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྲུང་སྨན་བཙུན་མཆེད་ལྔའི་ཕྲིན་ལས་དཔག་བསམ་ཡོངས་འདུ་དང་འབྲེལ་བའི་ཚོགས་མཆོད་ཕན་བདེའི་རྣ་ཆ་ཞེས་བྱ་བ་བཞུགས་སོ།།


JKT016_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ཌཱ་ཀི་བདེ་ཆེན་རྒྱལ་མོ་ལ་ཕྱག་འཚལ་ལོ། །གཟོད་ནས་ཆོས་སྐུའི་དབྱིངས་ལས་མ་གཡོས་ཀྱང་། །འགག་མེད་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ནི། །གནས་ཡུལ་དུར་ཁྲོད་ཀུན་ཏུ་སྒྱུར་མཛད་མ། །སྨན་བཙུན་མཆེད་ལྔའི་དགྱེས་སྐོང་དེང་འདིར་སྤེལ། །འདི་ལ་གསུམ། སྦྱོར་བ་ནི། གནས་གཙང་མར་བྲིས་སྐུ་དང་། སྐུ་གཏོར་སོགས་གཞུང་ནས་ཇི་ལྟར་འབྱུང་བ་ལྟར་འདུ་བྱས་པའི་མཐར་སྨན་རག་གཏོར་མ་དང་། ཚོགས་ཀྱི་ཡོ་བྱད་མ་ཚང་བ་མེད་པར་བསག །ཡི་དམ་གང་རིགས་ཀྱི་ལས་གཞུང་བསྲང་བ་སྔོན་དུ་འགྲོ་བས་སྨན་བཙུན་མཆེད་ལྔའི་ཕྲིན་ལས་ནས་བཟླས་པ་ཡན་གྲུབ་པའི་རྗེས། དངོས་གཞི་ལ། བརྗོད་མེད་ཀྱི་བཤགས་པས་རྒྱུད་སྦྱངས་ཏེ། དང་པོ་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ། ཆོས་དབྱིངས་མཐའ་བྲལ་བདེ་སྐྱོང་སྣོད་མཆོག་ཏུ། །ཟག་མེད་དགའ་བཞི་དབུ་མར་སྦར་བའི་རྩལ། །བསམ་གྱིས་མི་


JKT016_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་མཆོད་པའི་སྤྲིན་གྱི་གཏེར། །མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱགཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃ། ཀ་དག་འགྱུར་མེད་ཡེ་ཤེས་ཌཱ་ཀིའི་ཞལ། །ལྷུན་གྲུབ་རང་རྩལ་ཐིག་ལེ་ཆེན་པོའི་གཟུགས། །སྣ་ཚོགས་སྤྲུལ་པའི་སྒྱུ་འཕྲུལ་དྲྭ་བ་ཅན། །སྨན་བཙུན་མཆེད་ལྔ་འཁོར་དང་བཅས་པ་ཀུན། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཐབས་ཤེས་དབྱེར་མེད་སྤྲུལ་པའི་དཀྱིལ་འཁོར་འདིར། །ཡུལ་དང་དབང་པོར་རོལ་པའི་མཆོད་སྤྲིན་ནི། །བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ལ་སྦྱར་བས། །ཐུགས་དམ་དགྱེས་པར་བསྐང་ཕྱིར་ད་ཚུར་བྱོན། །བཛྲ་ས་མ་ཡ་ཛ༔ གསུམ་པ་ཚོགས་ཕུད་འབུལ་བ་ནི། །ཧཱུཾ། ལུགས་འབྱུང་དྷཱ་


JKT016_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཏེར་གཡོ་པའི་གར་མཁན་མ། །ལུགས་ལྡོག་འོད་གསལ་ཐིག་ལེར་བསྡམས་པ་ལས། །ཚོགས་དྲུག་རང་གྲོལ་བླ་མེད་དམ་ཚིག་རྫས། །སྨན་བཙུན་མཆེད་ལྔ་འཁོར་དང་བཅས་ལ་འབུལ། །བཛྲ་པཉྩ་ཛྙཱ་ན་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། །བཞི་པ་བཤགས་པ་ནི། ཧཱུྃ། ཡོངས་གྲུབ་བློ་བྲལ་ཤེས་རབ་ཕ་རོལ་ཕྱིན། །ཀུན་བརྟགས་གློ་བུར་འཁྲུལ་པས་བཅིངས་པའི་མཐུས། །གཞན་དབང་སྣ་ཚོགས་རྟོག་པའི་རང་རྩལ་གྱིས། །ཐུགས་དང་འགལ་བའི་ཚོགས་ཀུན་བཤགས་པར་བགྱི། །ཡི་གེ་བརྒྱ་པ་བརྗོད། ལྔ་པ་བསྒྲལ་ཞིང་བསྟབ་པ་ནི། ཧཱུཾ། གཟུང་བའི་ཡུལ་ལ་བརྟེན་གྱུར་འཛིན་པའི་སེམས། །དབྱིངས་རིག་མཉམ་སྦྱོར་མཚོན་གྱིས་བསྒྲལ་ནས་ཀྱང་། །ཤ་ཁྲག་བདེ་སྟོང་ཟག་མེད་བདུད་རྩི་ཡིས། །སྨན་བཙུན་ཌཱ་ཀིའི་ཚོགས་རྣམས་མཉེས་གྱུར་ཅིག །པཉྩ་ཛྙཱ་ན་ཌཱ་ཀི་ནཱི་ནཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀི་ཡོ ནི་རི་ཏི་བ་ལིཾ་ཏ་ཁཱ་ཧི། དྲུག་པ་ཐུགས་དམ་བསྐང་བ་ནི། ཨཱཿ ཕྱི་ནང་གཞན་གསུམ་དབུ་མར་རོ་གཅིག་པས། །སྲིད་དང་ཞི་བའི་ཁམས་ཀུན་ཡོངས་ཁྱབ་པའི། །བཞེད་རྒུའི་རོལ་མོར་འཆར་བའི་འདོད་ཡོན་གཏེར། །ཐུགས་དམ་དགྱེས་པར་སྐོང་བའི་རྫས་སུ་ཤར། །ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཧཱུྃ། བདེ་ཆེན་ཆོས་སྐུའི་ཀློང་ཡངས་སོགས་ནས། མཐུ་རྩལ་ཅན་ལ་བདག་བསྟོད་དོ༔ བར་ལས་གཞུང་བཞིན། །


JKT016_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་ཚོགས་ལ་རོལ་ཞིང་སྨོན་ལམ་གདབ་པ་ནི་གཞན་ནས་འབྱུང་བ་ལྟར་བྱ། བརྒྱད་པ་ལྷག་མ་བསྔོ་བ་ནི། ཨ་ཀཱ་རོས་བརླབ། ཕོ་ཕེ། བློ་བྲལ་ཐིག་ལེ་ཆེན་པོའི་ཡེ་ཤེས་ནི། །སྣ་ཚོགས་རྟོག་པའི་རྗེས་མཐུན་རོལ་པ་ཅན། །མ་མོ་ཌཱ་ཀི་ཞིང་སྐྱོང་ཁྱོ་ཤུག་ཀུན། །ལྷག་གཏོར་འདི་བཞེས་དོན་གཉིས་ཕྲིན་ལས་སྒྲུབས། །ཨུཙིཏྟ་བ་ལིཾ་ཏ་ཁཱ་ཧི། བར་འདིར་སྤྲོ་ན་མངའ་གསོལ་གྱི་རྗེས། དགུ་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ། ཟུང་འཇུག་གཉུག་མའི་ཕོ་བྲང་ནས། །བདེ་སྟོང་དབྱེར་མེད་ཌཱ་ཀི་ནི། །གནས་ཡུལ་མཁའ་འགྲོའི་ཚོགས་ཀྱི་རྗེ། །ཚེ་རིང་མཆེད་ལྔ་འཁོར་བཅས་ཀྱིས། །མཆོད་གཏོར་རྒྱན་ལྡན་འདི་བཞེས་ལ། །རྒྱལ་དབང་པདྨ་ཐོད་ཕྲེང་དང་། །རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ། །སོགས་དང་སྤྲོ་ན། དེ་མཐར། ཀྱེ། ཐུབ་པའི་བསྟན་པ་རིན་ཆེན་འབར་བའི་སྣོད། །ཅེས་སོགས་ཀྱིས་ཕྲིན་ལས་གཞོལ། །བཅུ་པ་ཆད་ཐོ་བྱ་བ་ནི། ཧཱུྃ། །བདེ་ཆེན་ཐབས་མཆོག་དཔའ་བོ་རཱ་ཧུ་ལ། །རྡུལ་བྲལ་སྟོང་པའི་རང་གཟུགས་ཨེ་ཀ་ཛ། །ཟུང་འཇུག་སྒྱུ་མར་ཤར་བའི་རྡོ་རྗེ་ལེགས། །སྣ་ཚོགས་རིག་རྩལ་དྲེགས་པའི་ཚོགས་རྣམས་ཀུན། །གདོད་ནས་ཡོངས་གྲོལ་དོན་གྱི་དཔལ་ཆེན་པོས། །དབང་བསྐུར་དམ་བཞག་བྲན་དུ་ཁས་བླངས་བཞིན། །མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད། །བཅུ་གཅིག་བརྟན་མ་བསྐྱང་བ་ནི། ཧཱུྃ། འཕོ་མེད་


JKT016_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་དབུ་མའི་དཀྱིལ་འཁོར་དུ། །དུས་སྦྱོར་བཅུ་གཉིས་གནས་སུ་དག་པའི་གཟུགས། །བོད་སྐྱོང་བརྟན་མའི་ཚོགས་རྣམས་གཏོར་མ་བཞེས། །གངས་ཅན་བསྟན་དང་འགྲོ་ལ་ཕན་བདེ་སྤེལ། །མ་མ་ཧཱུཾ་ཧཱུཾ་བ་ལིཾ་ཏ་ཁཱ་ཧི། བཅུ་གཉིས་མནན་པ་བྱ་བ་ནི། ཧཱུཾ། བྱང་ཆུབ་སྒྲུབ་ལ་འཚེ་བའི་དགྲ་བགེགས་ཀུན། །རྣམ་ཐར་གསུམ་ལྡན་དབྱིངས་སུ་རྒྱས་བཏབ་ཅིང་། །དབང་དང་དྲག་ཤུལ་རོལ་པའི་བྲོ་བརྡུངས་པས། །བྱང་ཆུབ་བར་དུ་ལྡང་བར་མ་གྱུར་ཅིག །ཧཱུཾ་བྷ་ཡ་ནན། རྗེས་ཀྱི་རིམ་པ་ལ། དང་པོ་དངོས་གྲུབ་བླང་བ་ནི། ཧཱུྃ། དངོས་སུ་འབྱོར་པའི་མཆོད་པ་སྣ་ཚོགས་དང་། །ཡིད་སྤྲུལ་ཟག་མེད་ཀུན་ཏུ་བཟང་པོའི་སྤྲིན། །བདེ་སྟོང་ཟུང་འཇུག་ཆེན་པོར་མཉམ་སྦྱར་བས། །སྨན་བཙུན་ཌཱ་ཀིའི་ཚོགས་རྣམས་མཉེས་གྱུར་ཅིག །བཛྲ་པཉྩ་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་རཱུ་པ་སོགས་ཀྱིས་མཆོད། ཧཱུྃ། །རྗེས་ཆགས་དགའ་བཞིའི་ལང་ཚོར་འབར་བའི་སྐུ། །གྲགས་སྟོང་རྡོ་རྗེ་ནཱ་དའི་རང་བཞིན་གསུང་། །འགྱུར་མེད་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །མཁའ་འགྲོའི་ཚོགས་རྗེ་འཁོར་དང་བཅས་ལ་བསྟོད། །ཅེས་པས་བསྟོད། ཧཱུྃ། ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཕྱག་རྒྱ་ཅན། །སྨན་བཙུན་ཌཱ་ཀི་འཁོར་བཅས་དེང་འདིར་དགོངས། །འཆི་མེད་ཚེ་དང་འཛད་མེད་ནོར་ལ་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་མ་


JKT016_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྩོལ། །པཉྩ་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་སརྦ་སིདྡྷི་ཕ་ལ་ཧོ༔ གཉིས་པ་ནོངས་པ་བཤགས་པ་ནི། ཧཱུྃ། རྟག་ཏུ་གཟུང་འཛིན་སྤྲོས་པ་ལས་འདས་ཕྱིར། །རང་བཞིན་དབྱིངས་ལ་ཉེས་པའི་སྐྱོན་བྲལ་ཡང་། །གློ་བུར་འཁྲུལ་པའི་མཚན་མས་བཅིངས་པའི་མཐུས། །ནོངས་པ་གང་མཆིས་སྙིང་ནས་བཟོད་པར་གསོལ། །ཡི་གེ་བརྒྱ་པ་བརྗོད། །གསུམ་པ་གཤེགས་སུ་གསོལ་བ་ནི། ཧཱུཾ། བསྐྱེད་ཅིང་སྤྱན་དྲངས་ཡེ་ཤེས་མཁའ་འགྲོའི་ཚོགས། །གནས་ཡུལ་ལྷན་སྐྱེས་གྲུབ་པའི་གྲོང་དུ་གཤེགས། །སྣང་ཆར་ཤར་བའི་ལྷ་སྐུའི་རོལ་པ་ཀུན། །སྐྱེ་མེད་བརྗོད་བྲལ་གཉུག་མའི་དབྱིངས་སུ་ཡལ། །བཞི་པ་བསྔོ་སྨོན་བྱ་བ་ད ནི། ཧཱུཾ། དགེ་བའི་རྩ་བ་འདིས་མཚོན་ལེགས་བྱས་ཀུན། །རྣམ་གྲོལ་ཆོས་ཀྱི་དབྱིངས་སུ་བསྔོས་པའི་མཐུས། །བདག་གཞན་འགྲོ་ཀུན་ཚོགས་གཉིས་མྱུར་རྫོགས་ནས། །མཆོག་ཐུན་ཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག །ལྔ་པ་ཤིས་པ་བརྗོད་པ་ནི། ཧཱུྃ། ཀུན་ཁྱབ་འགྱུར་མེད་དོན་དམ་བདེ་བ་ཆེ། །མཐའ་ཀླས་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ལས། །དོན་གཉིས་འདོད་རྒུ་ཡིད་བཞིན་སྩོལ་མཛད་པ། །རྩ་གསུམ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་ཅི་རིགས་པས་མཐའ་བརྒྱན་པར་བྱའོ། །ངེས་དོན་ཤེས་རབ་ཕ་རོལ་ཕྱིན་མའི་དབྱིངས། །དྲང་དོན་འཇིག་རྟེན་སྐྱོང་བའི་རོལ་པ་ཅན། །གྲུབ་གཉིས་ལག་རྩེར་སྦྱིན་པའི་བདག་ཉིད་


JKT016_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི། །དགྱེས་སྐོང་མཆོད་སྤྲིན་གསར་པ་ཅི་ཡང་སྤྲོས། །འདི་ན་རབ་མཛེས་ཞི་བའི་ནགས་ཀླུང་དུ། །ཁུ་བྱུག་ལང་ཚོས་རྒྱགས་པའི་མགྲིན་གླུ་ཡིས། །མཚོན་མེད་ཕན་བདེའི་ལམ་བཟང་སྟེར་བྱེད་གང་། །དོན་གཉེར་དཔྱོད་ལྡན་ཚོགས་ཀྱི་རྣ་ཆར་འོས། །དེ་ལས་བྱུང་བའི་དགེ་བས་བདག་གཞན་འགྲོ། །གནས་སྐབས་རྣམ་བཞིའི་ཕྲིན་ལས་ལྷུན་གྲུབ་ཅིང་། །མཐར་ཐུག་ཁ་སྦྱོར་ཡན་ལག་བདུན་གྱི་གྲོང་། །རྣམ་ཀུན་མཆོག་ལྡན་རྩེ་དགས་རོལ་པར་ཤོག །ཅེས་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་བཀའ་སྲུང་སྨན་བཙུན་མཆེད་ལྔའི་དགྱེས་སྐོང་ཚོགས་ཀྱི་མཆོད་པ་ཕན་བདེའི་རྣ་ཆ་ཞེས་པ་འདིའང་དོན་གཉེར་དག་གིས་ཉེ་བར་བསྐུལ་པ་དང་། རང་ཉིད་ཀྱང་ཚུལ་འདིར་མི་ཕྱེད་པའི་འདུན་པ་ཐོབ་པས་རྐྱེན་བྱས་ཏེ། །ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་ལུགས་ལ་རྒྱུ་མཚན་ཤེས་ནས་དད་པ་བརྟན་པ་གཞོན་ནུ་འཇིགས་མེད་མཁྱེན་བརྩེའི་ཟློས་གར་གྱིས་རང་ལོ་བཅུ་བདུན་པར་གང་ཤར་མྱུར་དུ་སྦྱར་བའོ།། །།སརྦ་ཤུ་བྷ་སྦ་དྷརྦདུ་ཡེ་ཏ།།

རྩ་གསུམ་ཆོས་སྲུང་རྒྱ་མཚོའི་སྐོང་བཤགས་དང་གཏོར་བསྔོ་བཅས་ཉེ་བར་བསྡུས་པ་དངོས་གྲུབ་མཆོག་སྦྱིན།


JKT016_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ཆོས་སྲུང་རྒྱ་མཚོའི་སྐོང་བཤགས་དང་གཏོར་བསྔོ་བཅས་ཉེ་བར་བསྡུས་པ་དངོས་གྲུབ་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ༔ འདིར་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས་པ་དང་། །གཏོར་མ་འབུལ་བའི་རིམ་པ་བཅས་མདོར་བསྡུས་ཏེ་ཉམས་སུ་ལེན་པར་འདོད་པས། མཆོད་པའི་ཡོ་བྱད་ཅི་འབྱོར་པ་བཤམས་ཤིང་། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། བདག་ཉིད་དཔལ་ཆེན་ཐུགས་ནས་རཾ་ཡཾ་ཁཾ། །འཕྲོས་པས་མཆོད་རྫས་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །དམ་ཚིག་ཡེ་ཤེས་དབྱེར་མེད་བདུད་རྩིའི་སྤྲིན། །མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ། ལན་གསུམ། ཧཱུྃ་ཧྲཱི༔ ངོ་བོ་འོད་གསལ་ཆོས་སྐུའི་ཡེ་ཤེས་ལས། །རང་བཞིན་མ་འགགས་ཤར་བའི་རྩ་གསུམ་ལྷ། །ཐུགས་རྗེ་གང་འདུལ་སྤྲུལ་སྐུའི་རྣམ་རོལ་གྱིས། །བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་སྐུར་བཞེངས་ཤིག །ཧཱུྃ་བྷྱོ༔ གཞི་དབྱིངས་གདོད་ནས་རྣམ་གྲོལ་ཨེ་ཀ་ཛ༔ གཞི་སྣང་ཡེ་ཤེས་སྙིང་པོ་མ་ནིང་ནག །ཟུང་འཇུག་དབྱིངས་རིག་དབྱེར་མེད་ཐིག་ལེ་རྩལ། །རླུང་སེམས་དབུ་མར་ཐིམ་པའི་རཱ་ཧུ་ལ། །ཚོགས་བརྒྱད་རང་གྲོལ་དུར་ཁྲོད་ལྷ་མོ་དང་། །བདེ་སྟོང་སྒྱུ་འཕྲུལ་ཚེ་རིང་མཆེད་ལྔ་སོགས། །ཡེ་ཤེས་ལས་གྲུབ་ཆོས་སྲུང་རྒྱ་མཚོའི་ཚོགས། །རང་བཞིན་གནས་ནས་སྤྱན་འདྲེན་འདིར་


JKT016_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་ཤིག །ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་བཛྲ་ས་མ་ཡ་ཛ་ཛ༔ ལྷུན་གྲུབ་དུར་ཁྲོད་རོལ་པའི་གནས་འདིར་བཞུགས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །གཟུང་འཛིན་རྟོག་ཚོགས་དབྱིངས་སུ་ཐིམ་པ་ལས། །གང་ཤར་བདེ་སྟོང་རོལ་མོར་འཆར་བའི་དཔྱིད། །སྣོད་བཅུད་རྣམ་དག་རྡོ་རྗེའི་གྲོང་ཁྱེར་དུ། །ཕྱི་ནང་གསང་བའི་མཆོད་རྫས་སྤྲིན་ལྟར་གཏིབས། །སྨན་རག་ཕུད་ཀྱི་བཏུང་བ་མཚོ་ལྟར་བསྐྱིལ། །ཟག་མེད་བདུད་རྩིའི་གཏོར་མ་རི་ལྟར་སྤུངས། །མཐུན་རྫས་སྤྱན་གཟིགས་སྐར་ལྟར་བཀྲ་བ་འདིས། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཡི་དམ་ཞི་ཁྲོའི་ལྷ་ཚོགས༴ གནས་གསུམ་དཔའ་བོ་མཁའ་འགྲོའི༴ སྔགས་སྲུང་ཨེ་ཀ་ཛ་ཊིའི༴ དཔལ་མགོན་མ་ནིང་ནག་པོའི༴ སྐྱེས་མཆོག་བཛྲ་སཱདྷུའི༴ དྲང་སྲོང་ཁྱབ་འཇུག་ཆེན་པོའི༴ ནོར་སྐྱོང་དུར་ཁྲོད་བདག་མོའི༴ བཀྲ་ཤིས་ཚེ་རིང་མཆེད་ལྔའི༴ དཔལ་མགོན་བདུན་ཅུ་དྲེགས་པ་སྡེ་བརྒྱད་སོགས། །རྡོ་རྗེའི་ཆོས་སྲུང་ཡོངས་ཀྱི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ཞིང་ཉམས་ཆག་མཐོལ་བཤགས་ན། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་ནས་ཀྱང་། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པའི། །མཆོག་ཐུན་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །ཨོཾ་ཨཱཿཧཱུྃ་


JKT016_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དེ་བ་ཌཱ་ཀ་ཌཱ་ཀི་ནཱི་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་གྱི་ས་རྩ་གསུམ་ཆོས་སྲུང་སྤྱིར་འབུལ། སྤྲོ་ན་བྱེ་བྲག་སོ་སོར། མ་མ་ཏྲཀ་རཀཱ་ཨེ་ཀ་ཙ་ཊཱི་ཨི་དཾ་། །བ་ལིཾ་ཏ་པཱུ་ཛ་ཧོ༔ཁ་རཾ་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་ཤཱ་ས་ན་ཏྲི་ལིང་གིང་ཀ་ར་ཨི་དཾ་བ་ལིཾ་ཏ་པཱུ་ཛ་ཧོ༔ཁ་རཾ་ཁཱ་ཧི། དྲི་བཛྲ་སཱ་དྷུ་ས་མ་ཡ་ཨི་དཾ་བ་ལིཾ་ཏ་པཱུ་ཛ་ཧོ༔ཁ་རཾ་ཁཱ་ཧི། ཧྲི་ཤག་རུ་རག་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧེ་ཡོ་ག་ཤ་ལ་ཛཿཨི་དཾ་བ་ལིཾ་ཏ་པཱུ་ཛ་ཧོ༔ཁ་རཾ་ཁཱ་ཧི། ཧཱུཾ་ར་ལི་པྲ་མ་ཡ་ཨི་དཾ་བ་ལིཾ་ཏ་པཱུ་ཛ་ཧོ་ཁ་རཾ་ཁཱ་ཧི། བཾ་ཧ་རི་ནི་ས་བཛྲ་པྲ་མོ་ཧ་ཙིཏྟ་ཧཱུྃ་ཧཱུྃ་ཛཝཛཨི་དཾ་བ་ལིཾ་ཏ་པཱུ་ཛ་ཧོ༔ཁ་རཾ་ཁཱ་ཧི། ཨ་ཡ་མ་དུ་རུ་ཙ་ཤ་ན་གིངྐ་ར་ས་མ་ཡ་བ་ལིཾ་ཏ་བྷུཉྫཧོ༔ ཞེས་གསུམ་མམ་བདུན་གྱིས་དབུལ། ཧཱུྃ། དོན་དམ་སྤྲོས་བྲལ་ངང་ལས་མ་གཡོས་ཀྱང་། །ཀུན་རྫོབ་ཞི་ཆགས་ཁྲོ་བོའི་རྣམ་རོལ་ཅན། །རྩ་གསུམ་ཆོས་སྲུང་རྒྱ་མཚོ་འཁོར་བཅས་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད། །ཟག་མེད་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ། །གནས་སྐབས་ནད་གདོན་འཇིགས་བརྒྱད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་དབང་བཅུའི་ཡེ་ཤེས་སྤོར། །ཁམས་གསུམ་རླུང་སེམས་སྣང་བ་དབང་དུ་སྡུས། །གཟུང་འཛིན་དགྲ་བགེགས་དབུ་མའི་ཀློང་དུ་སྒྲོལ། །འོད་གསལ་རྡོ་རྗེ་སྙིང་པོའི་བཤད་སྒྲུབ་


JKT016_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་སྤེལ། །འགྲོ་ཀུན་ཕན་དང་བདེ་བའི་དཔལ་ལ་སྦྱོར། །མཐར་ཐུག་ཀ་དག་རིག་སྟོང་རྗེན་པའི་གཤིས། །ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་ལ་སྦྱོར་བས། །ཟུང་འཇུག་འཇའ་ལུས་རྡོ་རྗེའི་གྲོང་ཁྱེར་དུ། །ཁམས་གསུམ་འོད་སྐུར་གྲོལ་བའི་ཕྲིན་ལས་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཡི་གེ་བརྒྱ་པས་ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་བཛྲ་མུས་གཏོར་མགྲོན་རྣམས་གཤེགས། དགེ་བ་བསྔོ་ཞིང་སྨོན་ལམ་གདབ། ཤིས་པ་བརྗོད་པ་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ།། །།ཞེས་པའང་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་སྦྱར་བ་སརྦ་དཱ་མངྒ་ལཾ།། །།

དཔལ་སྔགས་ཀྱི་སྲུང་མའི་གཏོར་བསྔོ་ཉེར་བསྡུས།


JKT016_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྔགས་ཀྱི་སྲུང་མའི་གཏོར་བསྔོ་ཉེར་བསྡུས་བཞུགས་སོ།། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། དཔལ་སྔགས་ཀྱི་སྲུང་མའི་གཏོར་འབུལ་ཁྱེར་བདེ་ནི། ཇི་ལྟར་འབྱོར་བའི་གཏོར་མ་རཾ་ཡཾ་ཁཾ་གིས་བསང་སྦྱང་། ༀ་ཨཱཿཧཱུྃ་ཧོས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊི་སྣང་སྲིད་མ་མོ་བྱེ་བའི་ཚོགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛས་སྤྱན་དྲང་། རྟེན་ཡོད་ན། ཛཧཱུྃ་བཾ་ཧོས་བསྟིམ། ས་མ་ཡ་ཏིཥྛནྟུ། ཞེས་པས་བརྟན་པར་བཞུགས་སུ་གསོལ། ༀ་ཏྲཀ་རཀཱ་ས་པ་རི་ཝཱ་ར་ཨབྷཾ་ནས། ཤབྡའི་བར་དང་། ཨ་མྲྀ་ཏ་རཀྟ་པཉྩ་ཀཱ་མ་གུ་ཎ་པྲ་ཏི་ཙྪ་སྭཱ་ཧཱས་མཆོད། ཡེ་ཤེས་ཀྱི་མ་མོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། རྡོར་ཐལ་ཁ་གྱེན་དུ་ཕྱེ་ནས། ཨོ་རོ་རུ་ཨེ་ཀ་ཛ་ཊི་སྙིང་ཁ་རཀོ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ་ཛཛས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ། མ་མོ་སྔགས་ཀྱི་སྲུང་མ་འཁོར་དང་བཅས་པས་མཆོད་པ་དམ་པ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་


JKT016_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག ཅེས་ཕྲིན་ལས་གསོལ། བསྟོད་ཅིང་བསྐུལ་བ་ནི། བྷྱོ༔ ཀུན་བཟང་ཐུགས་ཀྱི་སྤྲུལ་པ་ཁྲག་འཐུང་ཡུམ། །ཡེ་ཤེས་མ་མོ་རྡོ་རྗེ་རལ་གཅིག་མ། །གསང་སྔགས་བཀའ་ཡི་སྲུང་མ་མཐུ་མོ་ཆེ། །སྡེ་ལྔ་འཁོར་ཚོགས་ཕོ་ཉར་བཅས་ལ་བསྟོད། །བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ན། །ཤིན་ཏུ་བཟོད་དཀའི་སྨུག་ནག་ཁྲོས་མ་ནི། །ནམ་མཁའི་ལུས་ཅན་ལྷོ་སྤྲིན་གོས་སུ་གྱོན། །ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན། །ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགེམས། །འཇིགས་བྱེད་ཆེན་པོ་རལ་པའི་ཐོར་ཚུགས་ཅན་། །དཔྲལ་ན་མིག་གཅིག་སྲིད་གསུམ་ཁུངས་ནས་འབྱིན། །ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ། །བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་གསོལ་ལ། །དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད། །མ་མོ་སྲོག་ལ་དགྱེས་ཕྱིར་འདི་གསོལ་ལ། །བདག་གིས་བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །དམ་ཚིག་དུས་ལ་བབ་པོ་ས་


JKT016_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡ། དེ་ནས་རྟེན་ཡོད་ན། ཨོ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱས་བརྟན་བཞུགས་དང་། མེད་ན། བཛྲ་མུས་གཤེགས་སུ་གསོལ་བར་བྱའོ། །ཞེས་པའང་རིག་འཛིན་གྱི་བཙུན་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་བཀྲ་ཤིས་ཟླ་གམ་དབང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།།

རབ་གནས་བཀྲ་ཤིས་འདོད་འཇོའི་སྙིང་པོ་ཉེ་བར་བསྡུས་པ།


JKT016_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་བཀྲ་ཤིས་འདོད་འཇོའི་སྙིང་པོ་ཉེ་བར་བསྡུས་པ་བཞུགས་སོ། །


JKT016_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་མདོར་བསྡུས་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། རྟེན་གྱི་མདུན་སོགས་གང་བདེར་ཡི་དམ་གང་ལ་བརྟེན་པའི་བཅས་བཤམ་རང་གཞུང་ལྟར་དང་། རྣམ་བུམ། ལས་བུམ་རྟེན་གྱི་མདུན་དུ་མཆོད་པའི་རྣམ་གྲངས་ཅི་འབྱོར། ཉེ་ལོགས་སུ་སྟེགས་ཀྱི་ཁར་མཉྫིའི་སྟེང་དུ་མཎྜལ་ཚོམ་བུ་སོ་བདུན་ནམ་བདུན་བཀོད་པ། དེའི་མདུན་དུ་ཙཱ་རུའི་ལྷ་བཤོས་དར་གདུགས་སེར་པོས་བརྒྱན་ཅིང་ཁ་ཟས་བཟང་རྒུས་བསྐོར་བ་དང་། མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། གཞན་ཡང་སྦྱོང་ཆས། གུལ་ཡུངས། ཁྲུས་ཆས། མིག་ཐུར། འཐོར་ནས། རྫས་བརྒྱད། ཚོགས་ཀྱི་མཆོད་པ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ལ། བསྒྲུབ་༡ཅིང་མཆོད་དང་བདག་འཇུག་༢བླང་། །བགེགས་༣དང་དྲི་སྦྱང་༤རྟེན་ལྷར་བསྐྱེད། །སྤྱན་༦དྲང་དགུག་གཞུག་༧ཕྱག་རྒྱས་


JKT016_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

༨གདབ། །དབང་བསྐུར་མཆོད་༡༠བསྟོད་སྤྱན་དབྱེ་༡༡ཞིང་། །ཞལ་བསྒྱུར་༡༢རབ་གནས་༡༣གསོལ་བ་གདབ་༡༤། །མཆོད་པའི་སྤྲིན་གྱི་མངའ་དབུལ་༡༥ལོ། །ཞེས་པ་ལྟར་བཅོ་ལྔ་ལས། དང་པོ་ནི། རིག་འཛིན་ཞི་དྲག་དང་། ཐུགས་རྗེ་ཆེན་པོ་སོགས་གང་རུང་གི་ལས་བྱང་གཞུང་བསྲངས་ནས་བཟླས་པ་བཅས་གྲུབ་རྗེས། ༈ རྣམ་བུམ་དུ་ལྷ་ཚོགས་རྣམས་སྐད་ཅིག་གིས་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམས་ལ་སོ་སོའི་རྩ་སྔགས་ཅི་ནུས་དང་། ཁྲུས་བུམ་དུ་ཁྲོ་བོ་བདུད་རྩི་འཁྱིལ་པ་གསལ་བར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨ་མི་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་སྭཱ་ཧཱ། ཞེས་དང་། ཡེ་དྷ་ཀླུ་དང་། ཁྲུས་ཀྱི་སྔགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པའང་ཅི་ནུས་བཟླས་མཐར་མཆོད་ཅིང་བསྟོད། ཡི་གེ་


JKT016_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་པ་བརྗོད། བུམ་ལྷ་འོད་དུ་ཞུ་བ་ལས་ཆུ་ནུས་པ་དང་ལྡན་པར་གྱུར། ཞེས་བརྗོད་ཅིང་བསམ་མོ། །གཉིས་པ་ནི། རིག་པའི་མེ་ཏོག་དོར་བས་བདག་འཇུག་བླང་། གསུམ་པ་ནི། རྟེན་གྱི་མདུན་དུ་སྦྱོང་ཆས་བཤམས་ལ། ཞི་བས་སྦྱོང་བ་གཏོར་མ་གསུམ་རེ་རེ་ནས་རྟེན་ལ་བསྐོར་ཚུལ་གྱིས། ཨོཾ་སརྦ་བིགྷཱན་ན་མས་སརྦ་ཏ་ཐཱ་ག་ཏེ་བྷོ་བི་ཤྭ་མུ་ཁེ་བྷསརྦ་ཐཱ་ཁཾ་ཨུངྒ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཉྩ་ཨི་དཾ་བ་ལིཾ་ཏ་སྭཱ་ཧཱ། ལན་གསུམ་གྱིས་བཟེད་ཞལ་དུ་དོར། ཕྱེད་མས་སྦྱོང་བ་རྫས་སྔར་ཞི་བ་ལྟར་ཏིང་ལོ་དང་ཆངས་བུས་བསྐོར་ཞིང་། སྔགས་དྲག་པོ། སུམྦྷ་གསུམ་གྱིས་བཟེད་ཞལ་དུ་དོར། དྲག་པོས་སྦྱོང་བ་ནི། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། རྡོ་རྗེ་སྲུང་བའི་འཁོར་ལོའི་དབུས་སུ་རང་ཉིད་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་འཇིགས་སུ་རུང་བའི་སྐུར་གྱུར་པར་བསམས་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རྡོ་རྗེ་འཛིན་པ་བདག་གིས་སེམས་རྣམ་པ་གཉིས་བསྐྱེད་ནས་གནས་སྐབས་སུ་འཇིག་རྟེན་གྱི་ཁམས་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པ་


JKT016_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མཐར་ཐུག་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བགྱི་བ་ལ་བར་དུ་གཅོད་ཅིང་གླགས་ལྟ་བའི་འབྱུང་པོ་གཏུམ་པོ་གཟུ་ལུམས་ཅན་གང་སུ་ཡང་རུང་བ་གཡོག་དང་འཁོར་དུ་བཅས་པ་ཐམས་ཅད་འདི་རུ་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་སངས་རྒྱས་རྣམས་ཀྱི་མངོན་སྤྱོད་ཀྱི་ཕྲིན་ལས་ཁྲོ་བོ་འཆོལ་པའི་ཚོགས་དང་། རྡོ་རྗེ་མེའི་མཚོན་ཆས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཧཱུྃ་བཞིའི་སྔགས་བཅས་ཡུངས་ཐུན་གྱིས་བྲབ།། གུ་གུལ་དང་བདུད་རྩི་ལྔས་བདུག །རོལ་མོའི་ཚོམ་རྔམས་དང་བཅས་ཕྱི་རོལ་དུ་བསྐྲད། བཞི་པ་ནི། ཁྲུས་ཀྱི་ཡོ་བྱད་འདུ་བྱས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བར་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་


JKT016_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཅེས་སྙན་གསན་དབབ། ལས་བུམ་གྱི་ཆུས་བཀྲུ་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས མ་ཡ་ཤྲཱི་ཡེ་ཧཱུྃ་ཞེས་དང་། སྤྲོ་ན་ཚིགས་བཅད་གཞན་ཡང་ཇི་ལྟར་རིགས་པས་ཁྲུས་གསོལ། ཁྲུས་རས་ཀྱིས་ཕྱི་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱཏྨཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཙནྡན་སོགས་དྲི་ལྔ་དུང་ཞལ་དུ་གནས་པས་ཉེ་རེག་དང་ཐུགས་ཀར་བྱུགས་ལ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། ན་བཟའ་དང་རྒྱན་འབུལ་ཞིང་། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཨོཾ་བཛྲ་ཝས་ཡ་པྲ་ཏིཙྪ་སྭཱ་ཧཱ། སྤོས་མར་གྱིས་བདུག །སྤྲོ་ན་


JKT016_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འབྲེལ་དུ་ཤིས་བརྗོད་གང་རུང་དབུལ་ལོ། །ལྔ་པ་ནི། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཆེན་པོའི་ངང་ལས་རབ་ཏུ་གནས་བྱའི་རྟེན་སྐུ་གཟུགས་དང་མཆོད་རྟེན་གཙུག་ལག་ཁང་དང་སྐྱེད་མོས་ཚལ་ལ་སོགས་པ་ཨོཾ་སཾ་ཨོཾ་ལས་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི། པཾ་རཾ་ཨ་ལས་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨོ་ཛི་ན་ཛིཀྲ །ལོ་དྭེ་ཥཱ་ར་ཏི། །རྣམ་སྣང་དཀར་པོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་འཁོར་ལོ་རྡོ་རྗེ་རིན་ཆེན། གཡོན་གསུམ་དྲིལ་བུ་པདྨ་རལ་གྲི་འཛིན་པ། སྤྱན་མ་དཀར་མོ་འཁོར་ལོ་དང་དྲིལ་བུ་འཛིན་པས་འཁྱུད་པའོ། །ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་དགོངས་འགྲེལ་དང་བཅས་པ་གླེགས་བམ་གྱི་རྣམ་པ་ཅན་རྣམས་ཧྲི་མཾ་ཧཱུྃ་ལས་རྨ་བྱའི་ཁྲི། པཾ་རཾ་ཨ་ལས་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨོ་ཨཱ་རོ་ལིཀྲ །རྀ་རཱ་ག་ར་ཏཱི། སྣང་བ་མཐའ་ཡས་དམར་པོ་དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་པདྨ་རྡོ་རྗེ་འཁོར་ལོ། གཡོན་གསུམ་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། གོས་དཀར་མོ་དམར་མོ་པདྨ་དང་དྲིལ་བུ་འཛིན་པས་འཁྱུད་པའོ། །རྟོགས་པའི་ཆོས་འབྲས་བུའི་ཡེ་ཤེས་ཐུགས་ཕྱག་མཚན་གྱི་བརྡ་དང་རྣམ་པར་གྲུབ་པ་ཧཱུཾ་གཾ་ཧཱུྃ་ལས་གླང་པོའི་ཁྲི། །


JKT016_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པཾ་རཾ་ཨ་ལས་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱུྃ་བཛྲ་དྷིཀྲ །མུ་དྷུ་ཏེ་ཤྭ་རཱི། མི་བསྐྱོད་པ་སྔོན་པོ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་འཁོར་ལོ་རིན་ཆེན། གཡོན་གསུམ་དྲིལ་བུ་པདྨ་རལ་གྲི། དབྱིངས་ཕྱུག་མ་སྔོན་མོ་རྡོར་དྲིལ་འཛིན་པས་འཁྱུད་པ། དེ་བཞིན་དུ་རིན་པོ་ཆེའི་རྒྱན་ཆ་སོགས་ལ་རིན་འབྱུང་དང་། གོ་ཆ་སོགས་ལ་དོན་གྲུབ་ཏུ་སྦྱར་བ་ཡོད་ཀྱང་སྐུ་གསུང་ཐུགས་རྟེན་ལ་འདིས་ཆོག་གོ། །དེ་ཐམས་ཅད་ཀྱང་ཞི་བའི་ཚུལ་དགུ་དང་རིན་པོ་ཆེའི་རྒྱན་ཆ་བཅུ་གསུམ་གྱིས་མཛེས་པ། མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་ཤིང་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་ཆེན་པོར་བཞུགས་པའོ། །དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། བདག་དང་རྟེན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་ཤིང་ལུས་པ་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་བཛྲ་ས་མཱ་ཛ༔ དྲུག་པ་ནི། རྡོ་རྗེ་བསྡུ་བའི་རྒྱ་དང་རྡོར་དྲིལ་སྤོས་བཅས། ན་མོ། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ཅིང་། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་


JKT016_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ན། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདིར་གཤེགས། །ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ནས། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུས། །མི་ཕམ་མགོན་ལ་རྒྱལ་ཚབ་དབང་བསྐུར་ནས། །གཟིགས་པ་རྣམ་ལྔས་འཛམ་གླིང་ཀུན་གཟིགས་ཤིང་། །གླང་ཆེན་ཐལ་ཀར་ལྟར་གཤེགས་ལྷུམས་ཞུགས་ལྟར། །རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། །དུས་འདིར་བདག་གིས་དད་པས་སྤྱན་འདྲེན་ན། །རྟེན་མཆོག་འདི་ལ་འབྱོན་པར་མཛད་དུ་གསོལ། །ན་མསྶརྦ་ཏ་ཐཱ་ག་ཏ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ༔ ཞེས་དང་། སྙན་བརྣན་པ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་ནྟཾ་གྱིས་གདན་དང་། ཨོ་བཛྲ་ཨནྡྷཾ་ནས། ཤཔྟ་པྲ་ཏིཙྪ་ཨཱཿཧཱུྃ་བར་གྱིས་ཉེར་སྤྱོད་འབུལ། །བདུན་པ་ནི། རང་རང་གི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་


JKT016_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཨངྐུ་ཤ་ཛ༔ ས་རྟེན་དམ་ཚིག་པའི་སྤྱི་བོར་དགུག །ཨོཾ་བཛྲ་པཱ་ཤ་ཧཱུཾ་གིས་རྟེན་ལ་གཞུག །ཨོཾ་བཛྲ་སྤོ་ཊ་ཐཾ་གྱིས་དབྱེར་མེད་དུ་བཅིང་། ཨོ་བཛྲ་ཨཱ་བེ་ཤ་ཧོས་དགྱེས་པ་བསྐྱེད་དོ། །བརྒྱད་པ་ནི། རང་རང་གི་ཕྱག་རྒྱ་རྟེན་གྱི་གནས་གསུམ་དུ་བཞག ་གནས་བྱའི་རྟེན་རྣམས་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཨཱས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པས་རྒྱས་བཏབ་པར་གྱུར། ཧཱུྃ། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སུ་རྒྱས་གདབ་བོ། །རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་གནས་གསུམ་དུ་གཏུགས་ཤིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཨོ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། དགུ་པ་ནི། སླར་ཡང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་ལྷ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ ཨོ་སརྦ་ཏ་ཐཱ་ག་ཏ་ཨརྒྱུ་ནས། ཤརྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས་ཀྱིས་བསྟོད། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་


JKT016_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར་། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་བརྗོད། ལྷ་མོ་རྣམས་ཀྱིས་གདུགས་དང་བ་དན་ལ་སོགས་པ་བསྒྲེང་ཤིང་མཆོད་རྫས་ཀྱི་ཆར་འབེབས། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པའི་ལས་མཛད་ནས་རྒྱལ་ཚབ་ཀྱི་ས་ལ་མངོན་པར་དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག ། མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེ་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །རྣམ་བུམ་བཟུང་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུའི་རྦ་རླབས་སྤྱི་བོར་བརྟན་པ་ལས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། རིགས་དབང་ཐམས་ཅད་ཀྱི་བདག་ཉིད་དབུ་རྒྱན་གཟུང་བའམ་ཕྱག་རྒྱ་བཅས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་


JKT016_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱརཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཱི་ཞེས་དབང་བསྐུར། ཨོ་ཊོ་ཞེས་རྡོ་རྗེ་བཀའ་ནན་གྱི་གོ་བགོ །ཨོཾ་བཛྲ་ཏུ་ཧོ༔ ཞེས་ཐལ་མོས་མཉེས་པར་བྱའོ། །བཅུ་པ་ནི། ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱ སོགས་མཆོད་པ་བྱིན་རླབས་ནས་བརྩམས་རྡོ་རྗེ་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་ལྟར་མཆོད་པ་དང་། དྲིལ་སྟབས་དང་བཅས། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །སོགས་བློ་ཀ་གཅིག་བརྗོད། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་བསྟོད། བཅུ་གཅིག་པ་ནི། དངུལ་སྣོད་དུ་མར་དཀང་། སྦྲང་རྩི། ཀ་ར། ནི་རྨ་ལ་ལ་སོགས་པ་མིག་སྨན་སྦྱར་བ་གསེར་གྱི་ཐུར་མས་བླངས་པའམ། མེད་ན་རྡོ་རྗེའི་རྗེས་སྤྱན་དབྱེ་ཚུལ་དང་བཅས། ཇི་ལྟར་མིག་མཁན་རྒྱལ་པོས་འཇིག་རྟེན་གྱི། །རབ་རིབ་གསེར་གྱི་ཐུར་མས་བསལ་བ་ལྟར། །སེམས་ཅན་རྣམས་ལ་གཟིགས་པ་ལྷུར་མཛད་ཕྱིར། །ཡེ་ཤེས་སྤྱན་མཆོག་སྲི་ཞུས་དབྱེ་བར་བྱ། །ཨོཾ་ཙཀླུ་ཙཀྵ་ས་མནྟ་ཙཀཱ་བི་ཤོ་དྷ་ནི་


JKT016_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ལན་གསུམ། བཅུ་གཉིས་པ་ནི། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ཐལ་མོས་རྟེན་དངོས་སམ་མེ་ལོང་དུ་གཟུགས་བརྙན་ཤར་བ་ལ་རེག་ཅིང་སེ་གོལ་གྱི་སྒྲས་མཚོན་པས་གནས་བྱའི་རྟེན་གང་ཡིན་གྱི་ལྷ་སོ་སོའི་སྔགས་སམ། སྤྱིར་བཏང་དུ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་དང་། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ལན་གསུམ་བརྗོད་ལ། རིགས་ཀྱིས་མཚོན་པའི་ལྷ་རྣམས་ཡོངས་སུ་གྱུར་པ་ལས་སྐུ་གསུང་ཐུགས་ཀྱི་རྟེན་སོ་སོའི་རྣམ་པར་གྱུར། ཅེས་བརྗོད། བཅུ་གསུམ་པ་ནི། རྟེན་ལ་གཟུངས་ཐག་བཏགས་པའི་སྣེ་མོ་སློབ་དཔོན་གྱིས་བཟུང་ལ། གནས་བྱའི་རྟེན་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་རྟེན་སོ་སོའི་རྣམ་པར་བྱོན་ནས་དེ་ལ་བཞུགས་པར་གྱུར། སྐུ་གཟུགས་ལ། སུ་པྲ་ཏིཥྛ་དང་། མཆོད་རྟེན་དང་གཙུག་ལག་ཁང་ལ། ཨོ་ཧཱུྃ་ཧྲཱིབྷཱུ་ཁཾ་བཛྲ་བྷ་ཝ་དྲི་ཌྷ་ཏིཥྛ་བྷཱུ་ཁཾ་སྭཱ་ཧཱ། གསུང་རྟེན་ལ་གཉིས་ཀ་དང་། ཐུན་མོང་དུ་རྟེན་འབྲེལ་སྙིང་པོ་ཅི་མང་བཟླ། ལས་བུམ་དུ་རྟེན་སྙིང་གི་སྔགས་བཟླས་པས་གཟུངས་བུམ་གྱི་བྱེད་ལས་ཀྱང་གྲུབ་པའི་ཕྱིར། དེ་ཉིད་ཀྱི་ཆུས་བྲན་པའི་མེ་ཏོག་ཡེ་དྷརྨའི་སྔགས་ཀྱིས་མངོན་པར་སྔགས་པ་འཐོར་ཞིང་། བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་རྣམས་དྲུག་པོ་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་གྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་


JKT016_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་གསུང་ཞིང་། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། ཡེ་དྷརྨཱཧེ་ཏུ་སོགས་བཟླ། བཅུ་བཞི་པ་ནི། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་སོགས་བློ་ཀ་གཉིས་པོས་མཆོད་དེ་རྟེན་གྱི་ཁྲིའམ། །དེ་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་ནས་བཟུང་སྟེ་ཐལ་མོ་སྦྱར་བས་བཏུད་ལ། ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གི་བསྐལ་པས་འཇིག་པར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་


JKT016_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། བཅོ་ལྔ་པ་ལ། སྤྱིར་མཆོད་པས་མངའ་དབུལ་བ་ནི། ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ཞེས་དང་མཎྜལ་བཏེགས་ལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཧཱུྃ་ཞེས་འབུལ། གཞན་ཡང་མཆོད་པའི་བྱེ་བྲག་དང་མཁོ་བའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་སྤྲིན་བཞིན་དུ་གཏིབས་པས་མངའ་དབུལ་བར་བསམས་ལ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་


JKT016_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཅེས་དང་། མཆོད་པའི་སྤྲིན་གྱི་སྔགས་བཟླ། ཡོ་བྱད་འཛོམས་ན་སྤྱི་བྱེ་བྲག་གི་མངའ་དབུལ་གཞུང་ལྟར་གྲུབ་ཀྱང་ལེགས། ཁྱད་པར་ཙཱ་རུའི་བཟའ་བས་མངའ་གསོལ་བ་ནི། ཞལ་ཟས་གཙང་མ་དེ་ཉིད་ཆུས་བྲན། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་པ་བཏེག་ལ། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་འབུལ། མཐའ་རྟེན་བཀྲ་ཤིས་ཀྱིས་མངའ་གསོལ་བ་ནི། ཡེ་དྷ་མཿ སོགས་དང་། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་འདབ་མ་རྒྱས་པའི་སྤྱན་མངའ་བ། །བཀྲ་ཤིས་དང་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །བཀྲ་ཤིས་གཉིས་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་


JKT016_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གཞི། །བཀྲ་ཤིས་གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་ཕྱོགས་ལས་གྲོལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་གྱུར་པའི། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང་། །བཟོད་པ་སྒོམ་ཞིང་བརྩོན་འགྲུས་རྩོམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་གྱུར་པའི། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྣམ་པར་སྣང་མཛད་རྒྱལ་བ་མི་བསྐྱོད་པ། །རིན་ཆེན་འབྱུང་ལྡན་སྣང་བ་མཐའ་ཡས་དང་། །དོན་ཡོད་གྲུབ་ཅེས་རིགས་ལྔའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག བདེ་ཆེན་རྣམ་དག་ཆོས་དབྱིངས་གང་ཆེན་མཚོ། །མཁའ་འགྲོ་རིགས་ལྔ་ཡེ་ཤེས་སྤྲིན་འཕྲོ་བ། །སྣང་སྲིད་རྣམ་དག་ལྷ་དང་


JKT016_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོའི་ཞིང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྙན་པར་སྦྱར་རོ། །གསུམ་པ་རྗེས་ལ། གཏོར་༡ཚོགས་གཏོང་ཞིང་སྲུང་མ་༢བསྒོ། །དཀྱིལ་འཁོར་རྗེས་༣ཆོག་ཡོན་ཀླུབདག་༤བསྒོ། །ཤིས་༥པར་བྱ་ཞིང་རྟེན་༦ལ་མཆོད། །ཡོངས་སུ་བསྔོ་བས་༧རྒྱས་གདབ་བོ། །ཞེས་པ་ལྟར་བདུན་ལས། དང་པོ་ནི། གྲུབ་ན་ཕྱི་རོལ་ཏུ་གཏོར་མ་ཆ་གསུམ་བཏང་། །གང་ལྟར་ཡང་ཆོས་སྲུང་གི་གཏོར་བསྔོ་སྐོང་བཤགས་རྒྱས་བསྡུས་གང་རིགས་དང་། ཚོགས་བྱིན་རླབས་ནས་བཟུང་བསྒྲལ་མཆོད་ཀྱི་རྗེས་སྐོང་བཤགས་རྡོ་རྗེའི་ཐོལ་གླུས་ཐུགས་དམ་བསྐང་ངོ་། །གཉིས་པ་ནི། གནས་དེའི་སྲུང་མ་དང་། སྒོས་སུ་གཉེར་གཏད་དམིགས་བསལ་ཡོད་ན་དེའི་གཏོར་མ་ཟུར་དུ་བཤམས་པ་ལ། སྤྱིར་བཏང་མ་མགོན་ལྕམ་དྲལ་ལ་མཚོན་ན། གཏོར་མ་གསར་དུ་བཤམ་པའམ་གསོ་བྲན་བྱས་ལ་བྱིན་གྱིས་བརླབ། བྷོ ཏིང་འཛིན་སྤྲུལ་པའི་སོགས་སྐོང་བ་དང་། བྷོ སུམ་ཅུ་རྩ་གསུམ་སོགས་ནས། ལྷུན་གྲུབ་མཛོད་པར་ཕྲིན་བཅོལ་སྔོན་དུ་འགྲོ་བས་རྡོ་རྗེ་བཀའ་ནན་གྱི་རྒྱ་བཅིངས་ཏེ། བཛྲ་རཀྟ་ཧཱུྃ་ཞེས་དང་། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ་ཅེས་པས་དམ་ལ་བཞག །རྡོ་རྗེའི་ཆོས་སྐྱོང་བ་མ་མགོན་ལྕམ་དྲལ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་རྟེན་འདི་རྣམས་ཀྱི་སྲུང་མ་དང་ཡོན་བདག་གྱིས་ལ་འདི་དག་དངོས་དང་དཀོར་ཆ་ལ་མི་སྲུན་པར་བགྱིད་པ་རྣམས་ལ་ཆད་པས་གཅོད་ཅིང་སྲུང་བ་དང་སྐྱོང་བའི་ཕྲིན་ལས་རྒྱུན་མི་འཆད་པར་མཛོད་ཅིག །ཅེས་གཉེར་གཏད་པར་


JKT016_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གསུམ་པ་ནི། ཚོགས་ཀྱི་ལྷག་མ། སྐུལ་བ། སྲུང་མའི་གཏོར་འབུལ། ཆད་ཐོ། བརྟན་མ། རྟ་བྲོ། གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས་དངོས་གྲུབ་བླང་བ། བཤགས་པ། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ། བདག་བསྐྱེད་ཉེར་བསྡུ་དང་། ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་སོ་སོའི་ལས་གཞུང་ལྟར་བྱའོ། །བཞི་པ་ནི། སློབ་དཔོན་གྱི་མདུན་དུ་བཀྲ་ཤིས་པའི་རྫས་རྣམས་འདུ་བྱ། དེ་དང་ཉེ་བར་སྟན་བཟང་པོ་མེ་ཏོག་གི་ཚོམ་བུ་ཅན་ལ་ཡོན་བདག་གོས་རྒྱན་བཟང་པོ་བྱས་ལ་འཁོད། ཉེ་ལོགས་སུ་རྟེན་ལ་འབུལ་རྒྱུའི་མཆོད་པ་སྣ་ལྔ་ཡང་བསྡོགས་དཔོན་སློབ་ཡོན་བདག་བཅས་པར་ཙཱ་རུའི་བཟའ་བའང་འགྲིམས་ཤིང་། བདེ་གཤེགས་གག་སྒྲིག་པ་བྱང་བར་འགྱུར། །ཞེས་དང་། བསམ་པ་ལྷུན་གྲུབ་སོགས་ཀྱི་གསོལ་འདེབས་སྨོན་ལམ་བྱ་ཞིང་ཚོགས་ཀྱི་བཟའ་བཏུང་དྲང་། དེ་ནས་སློབ་དཔོན་གྱིས། སྤྲོ་ན་སྟོངས་ཐུན་གྱིས་ཐོག་དྲངས། གང་ལྟར་ཡང་། ཁྱེད་ཀྱིས་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པར་རབ་གནས་པར། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པར་བྱོས། །ཞེས་གདམས་ཏེ། བཤམས་པའི་མཆོད་པ་བྱིན་གྱིས་བརླབས་ལ། སྦྱིན་བདག་གིས་རྟེན་གྱི་དྲུང་དུ་འབུལ། མེ་ཏོག་སྤྲིན་མཛེས་ལྡིང་ཁང་མཛེས་འབར་བ། །སྤོས་དང་སྨན་སྦྱར་བདུད་རྩིའི་སྤྲིན་ཕུང་དང་། །གཟི་ལྡན་སྒྲོན་མེ་ཞལ་ཟས་རོལ་མོའི་


JKT016_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན། །བསྟོད་དབྱངས་ཡན་ལག་རྒྱ་མཚོའི་སྤྲིན་གྱིས་མཆོད། །ཅེས་བརྗོད་ཅིང་རོལ་མོ་བྱ། །ལྔ་པ་ནི། ལས་སྔགས་དང་ལས་བུམ་གྱི་ཆུས་རྫས་དང་ཡོན་བདག་ལ་འཐོར་བས་བགེགས་བསྐྲད། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བཀྲ་ཤིས་པའི་རྫས་བརྒྱད་སོ་སོའི་བྱེད་ལས་གྲུབ་པའི་རྣམ་པ་དང་། ཡོན་བདག་ཀྱང་གནོད་སྦྱིན་གྱི་སྡེ་དཔོན་ཛམྦྷ་ལར་གྱུར་པར་བསམས་ལ་མེ་ཏོག་འཐོར་ཞིང་། དཔའ་བོ་ཆེན་པོ་གང་སྐྱེས་པར། །ཕུན་ཚོགས་འདོད་ཀུན་འབྱོར་གྱུར་ཅིག །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཏེ། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །སངས་རྒྱས་ཁྱོད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པ་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱོད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམ་པ་ཡིས། །ཁྱོད་ཀྱི་འདོད་དོན་གང་ཡིན་པའི། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །ཅེས་བརྗོད་ཅིང་མེ་ཏོག་གཏོར་ནས་བཀྲ་ཤིས་ཀྱི་རྫས་རེ་རེ་བཞིན་ཐོགས་ཏེ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་


JKT016_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རྟག་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་ཡི། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །དཱརླས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་བར་ཤོག །བིཝ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་གྲུབ་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པས། །བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་


JKT016_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །ཅེས་ལས་རྡོར་གྱིས་སོ་སོར་རྟེན་ལ་འབུལ་ཚུལ་དང་། སྦྱིན་བདག་འཁོར་བཅས་ལ་གཏད་ཅིང་མཐར་སྦྱིན་བདག་གི་མདུན་དུ་བཞག་གོ །དྲུག་པ་ནི། སླར་ཡང་སྤོས་དང་མར་མེ་སོགས་མཆོད་པའི་རྣམ་པ་དུ་མས་རྟེན་ལ་མཆོད་ཅིང་། མེ་ཏོག་དམ་པ་སོགས་ཚིགས་བཅད་དང་། མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བཟླ། བདུན་པ་ནི། སློབ་དཔོན་གྱིས་ཡོངས་སུ་བསྔོ་བའི་རྣམ་གཞག་རྒྱས་པར་བརྡ་སྤྲོད་པའམ། བསྡུ་ན། དེ་ལྟར་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། རབ་ཏུ་གནས་པས་མངའ་གསོལ་བས་མཚོན་བསོད་ནམས་ཀྱི་དངོས་པོ་ཐམས་ཅད་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བས་རྒྱས་འདེབས་པ་དང་། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱོར་བ་ལྷན་ཅིག་ཏུ་གནང་བར་ཞུ། ཞེས་དང་། འཇམ་དཔལ་དཔའ་བོས་སོགས་བློ་ཀ་གཉིས་ཀྱིས་བསྔོ་བ་དང་། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད་ཅེས་སོགས་ཀྱིས་མཚོན་སྨོན་ལམ་རྒྱས་བསྡུས་གང་རུང་གི་མཐར་ཤིས་བརྗོད་དང་བཅས་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྦྱར། སྦྱིན་བདག་རང་གནས་སུ་གཏང་། དཔོན་སློབ་རྣམས་ཀྱིས་ལས་གཞུང་གི་བསྔོ་སྨོན་ཤིས་བརྗོད་དང་། དཀྱིལ་འཁོར་གྱི་ཡོ་བྱད་བསྡུ་བ་སོགས་སྤྱི་ལྟར་བྱའོ། །དེ་ལས་ཀྱང་བསྡུས་པ་ལ་མོས་ན། བདག་བསྐྱེད་རྒྱས་བསྡུས་གང་རིགས་སྔོན་དུ་འགྲོ་བས་བུམ་པ་གཉིས་


JKT016_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ། བགེགས་སྦྱོང་བ་ནས་གསོལ་གདབ་ཀྱི་བར་གོང་ལྟར་ལ། མངའ་དབུལ་གོང་ལྟར་བྱ་བའམ། མ་གྲུབ་ན་མཆོད་བསྟོད་ཤིས་བརྗོད་དང་བཅས་མེ་ཏོག་འཐོར། དེ་ནས་བདག་བསྐྱེད་ཀྱི་རྗེས་ཆོག་ཚང་བར་བགྱིས་པས་དོན་གྲུབ་ཅིང་། གལ་ཏེ་བུམ་པ་མ་འབྱོར་ན། རྟེན་ལ་ཡུངས་ཀར་གཏོར་ཞིང་གུ་གུལ་བདུག །སུམྦྷས་བགེགས་བསལ། ཁྲུས་དང་དབང་བསྐུར་བའང་དམིགས་པ་ཙམ་གྱིས་བགྱིས་པས་ཀྱང་ཏིང་ངེ་འཛིན་བརྟན་པོ་ཡོད་ན་རུང་ངོ་།། ༈ །།ཡང་དཀྱིལ་འཁོར་གང་ལ་བརྟེན་པའི་མདུན་བསྐྱེད་ཀྱི་ཚུལ་དུ་རྟེན་བསྐྱེད་ན། ཤུ་ནྱ་ཏཱས་སྟོང་པར་སྦྱངས་པའི་རྗེས། རིག་འཛིན་ལ་མཚོན་ན། མདུན་རྟེན་མི་དམིགས་སྟོང་པའི་ངང་༔ ཕོ་བྲང་གཞལ་མེད་ཉམས་དགའ་བ༔ གྲུ་བཞི་སྒོ་བཞི་མཚན་ཉིད་ལྡན༔ བརྡ་དོན་རྟགས་གསུམ་ཡོངས་རྫོགས་པའི༔ ཕྱི་ནང་ཟང་ཐལ་ཆེན་པོའི་དབུས༔ སྣ་ཚོགས་པདྨ་ཉི་ཟླའི་སྟེང་༔ ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུ༔ དུས་གསུམ་སངས་རྒྱས་ཀུན་གྱི་དངོས༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔ ཞེས་པ་ནས། སྤྱན་འདྲེན་གནས་འདིར་ས་མཱ་ཛ༔ ཞེས་པའི་བར་རང་གཞུང་ལྟར་སྤྱན་འདྲེན་རང་གཞུང་ལྟར་རམ་གོང་དུ་སྨོས་པ་གང་རིགས་སྙན་བརྣན་པ། དགུག་གཞུག །རྒྱས་གདབ། དབང་བསྐུར་རྣམས་གོང་ལྟར། མཆོད་བསྟོད་རང་གཞུང་ལྟར་སྦྱར་བ་མ་གཏོགས་གཞན་འདྲ་ཞིང་། ཞལ་བསྒྱུར་སྐབས། བསྐྱེད་པའི་ལྷ་རྣམས་ཡོངས་སུ་གྱུར་པ་ལས་སོགས་བརྗོད། དེ་བཞིན་དུ་ཐུགས་རྗེ་ཆེན་པོ་ལ། མདུན་རྟེན་མི་དམིགས་སྟོང་པའི་ངང་ཉིད་ལས༔ རང་སྣང་


JKT016_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་རི་བོ་པོ་ཏ་ལ༔ བརྡ་རྟགས་མཚན་ཉིད་རྫོགས་པའི་དཀྱིལ་འཁོར་དབུས༔ སྣ་ཚོགས་པདྨ་སྟོང་ལྡན་ཉི་ཟླའི་སྟེང་༔ ཧྲི༔ཡིག་ཡོངས་གྱུར་འཕགས་མཆོག་སྙིང་རྗེའི་ལྷ༔ སོགས་གཞུང་ལྟར་སྦྲེལ་བས་མཚོན་ཏེ་ཤེས་པར་བྱ། གཞན་ཡང་སྐུ་གཟུགས་རང་རང་སོ་སོར་བསྐྱེད་ཡོད་ན་ཞལ་བསྒྱུར་མི་དགོས་པ་སོགས་ཀྱང་རྟོགས་པར་བྱ་ཞིང་། ཞིབ་བར་བཀྲ་ཤིས་འདོད་འཇོའི་གཞུང་དང་། རྣམ་བཤད་ཀྱི་ཚོགས་ལས་བློ་གྲོས་ཀྱི་མིག་བསྒྲུབ་པར་བྱ་སྟེ། འདིར་ཉེར་མཁོའི་ངག་འདོན་ཙམ་ཞིག་ཉུང་གསལ་སྙིང་པོར་དྲིལ་བ་ཡིན་ནོ། །ཞེས་པའང་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་འཇིགས་པ་མེད་པའི་སྡེས་བྲིས་པ་དགེ་ལེགས་མཆོག་ཏུ་རྒྱས་པར་གྱུར་ཅིག། །།སརྦ་མངྒ་ལཾ།།

བར་དོའི་ངོ་སྤྲོད་དང་འཕོ་བའི་མཚམས་སྦྱོར་བཅས་ཉུང་ངུར་བསྡུས་པ།


JKT016_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོའི་ངོ་སྤྲོད་དང་འཕོ་བའི་མཚམས་སྦྱོར་བཅས་ཉུང་ངུར་བསྡུས་པ་བཞུགས་སོ། །


JKT016_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱ༔ བར་དོའི་འགྲོ་བ་རྣམས་རྗེས་སུ་བཟུང་བའི་ཚེ་ངོ་སྤྲོད་ཀྱི་མཚམས་སྦྱོར་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་པ་ནི། འོ་ཚེ་ལས་འདས་པ་མིང་ནས་རན་པར་བོས་ལ། ཁྱོད་ཉིད་འཆི་བ་ཡིན་ནོ། །དེ་ཡང་སྤྱིར་འདིར་སྣང་ཞིང་སྲིད་པའི་ཕུན་ཚོགས་ཐམས་ཅད་མདང་སུམ་རྨི་ལམ་ལྟར་འདུས་བྱས་མི་རྟག་པའི་རང་མཚང་མཐའ་བཞིའི་བསྡུས་པ་ཅན་མ་གཏོགས་རྟག་བརྟན་གང་ཡང་མེད་ཅིང་ཁྱད་པར་དུ་སྐྱེས་བུའི་ཚེ་ནི་བར་སྣང་གི་གློག །རླུང་གསེབ་ཀྱི་མར་མེ། ཆུ་ནང་གི་སྤུ་བ་དང་འདྲ་སྟེ་ཡུན་ཐུང་ལ་སྙིང་པོ་མེད་པས། དེ་ལྟ་བུའི་མི་རྟག་པ་དེ་ད་ལྟ་ཁྱོད་ཀྱི་ཐོག་ཏུ་བབ་ནས་འཇིག་རྟེན་ཕ་རོལ་ཏུ་སོང་ཞིང་ཚེ་དུས་ལས་འདས་པ་ཡིན་ནའང་། ཁྱོད་ཉིད་གཅིག་པུ་ལ་བྱུང་བ་མ་ཡིན་


JKT016_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། སྐྱེ་འགྲོ་སེམས་ཅན་ཐམས་ཅད་ལན་གཅིག་སྐྱེས་ཚར་ནས་མཐར་འཆི་བ་ལས་མ་འདས་པས་ན་ཡིད་མི་བདེ་བ་དང་སྡུག་བསྔལ་བར་མ་བྱེད་པར་བློ་བླ་མ་དང་དཀོན་མཆོག་ལ་རྩེ་གཅིག་ཏུ་གཏོད། ཤུལ་དུ་ལུས་པའི་ཉེ་འབྲེལ་ནོར་རྫས་སོགས་གང་ལ་ཆགས་ཀྱང་། དེ་དག་ཁྱེད་རང་གི་རྗེས་སུ་མི་འབྲང་ཞིང་། ཕན་པ་ཅུང་ཟད་ཙམ་ཡང་མེད་པའི་ཁར། འཁོར་བ་དང་ངན་སོང་དུ་འཁྱམས་པའི་རྒྱུའི་གཙོ་བོ་བྱེད་པས་ཆགས་ཞེན་གདུང་སེམས་ཀྱི་འཁྲི་བ་རྦད་ཀྱིས་ཆོད་ལ་སྐབས་འདིར་ཤིན་ཏུ་གལ་ཆེ་བ་བར་དོའི་གདམ་ངག་ཅུང་ཟད་ཅིག་བསྟན་པ་ཡིན་པས་ཡིད་གཞན་དུ་མ་ཡེངས་པར་དྲན་པ་ཉེ་བར་བཞག་སྟེ་གསན་འཚལ། དེ་ལ་སྤྱིར་བར་དོ་ལ་


JKT016_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ན་དྲུག་སོགས་སུ་གསུངས་ཀྱང་འདིར་རེ་ཞིག་གསུམ་དུ་བསྡུ་ན། ཐོག་མར་ལུས་སེམས་དང་བྲལ་བའི་ཚེ་ན་འཆི་ཁའི་བར་དོ་ཞེས་བྱ་ཞིང་། དེའི་མཚན་ཉིད་ཀྱང་། ཡེ་ཤེས་རོལ་པའི་རྒྱུད་ལས། །དང་པོར་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་གྱུར་ཏེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་བཟུང་བ་འདི་ཉིད་ཀྱང་། །འོད་གསལ་བར་དུ་འཇུག་པར་འགྱུར། །ཞེས་གསུངས་པ་ལྟར། ཚེ་དང་། ལས་དང་། བསོད་ནམས་ཀྱི་འཕེན་པ་ཟད་ནས་འཆི་བའི་དུས་ལ་བབ་པ་ན། ས་ཆུ་ལ་ཐིམ་པས་ལུས་ཀྱི་སྟོབས་ཉམས། ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ། མེ་རླུང་ལ་ཐིམ་པས་དྲོད་སྡུད། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་དབུགས་ཆད། རྣམ་ཤེས་ནམ་མཁའ་ལ་ཐིམ་རླུང་སེམས་འགྲོ་འོང་འགགས་ནས་ནང་དབུགས་ཆད། ནམ་མཁའ་འོད་གསལ་ལ་ཐིམ་པས་ཡེ་ཤེས་བཞི་རིམ་གྱིས་འཆར་ཏེ། སྤྱི་བོའི་དཀར་ཆ་ཐུར་དུ་བབ་པས་ཕྱི་རྟགས་སུ་སྣང་བ་ཐམས་ཅད་དཀར་ལམ་པ་གཅིག་འབྱུང་། ནང་རྟགས་སུ་སྣང་བའི་ཡེ་ཤེས་གསལ་ལ་མི་རྟོག་པར་འཆར་བས་ཞེ་སྡང་གི་རྟོག་པ་སོ་གསུམ་འགགས། དམར་ཆ་གྱེན་དུ་ལྡོག་པས་ཕྱི་རྟགས་སུ་སྣང་བ་ཐམས་ཅད་དམར་ལམ་པ་དང་། ནང་རྟགས་སུ་མཆེད་པའི་ཡེ་ཤེས་བདེ་གསལ་གཉིས་སུ་མེད་པར་


JKT016_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། དེ་གཉིས་སྙིང་གར་འཕྲད་པས་རྣམ་ཤེས་དྲན་མེད་དུ་བརྒྱལ་ནས་ཕྱི་རྟགས་སུ་སྟོང་སང་ནག་ལམ་པ་དང་། ནང་རྟགས་སུ་ཐོབ་པའི་ཡེ་ཤེས་བདེ་གསལ་རྣམ་པར་མི་རྟོག་པའི་ངོ་བོར་འཆར་བས་རྟོག་པ་བདུན་པ་འགགས། དེ་ལྟར་རང་བཞིན་བརྒྱད་ཅུའི་རྟོག་པ་ཐམས་ཅད་དབྱིངས་སུ་ཐིམ་པའི་སྐད་ཅིག་དེ་ཉིད་ལ། ཉེ་བར་ཐོབ་པའི་ཀ་དག་རང་བྱུང་གི་ཡེ་ཤེས་ད་ལྟའི་ཤེས་པ་རྗེན་པ་སྐྱོན་ཡོན་བསལ་བཞག་གང་གིས་ཀྱང་མ་བསླད་པ། ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བ་འདི་ཀ་ལྷུག་པར་འཆར་བས། དེ་ཉིད་ངོ་ཤེས་ཤིང་རང་སར་བཞག་པ་ཙམ་གྱིས་ཆོས་ཀྱི་སྐུར་འཚང་རྒྱ་བར་འགྱུར་བ་ཡིན་ནོ། །གལ་ཏེ་དེར་མ་གྲོལ་ན། ཆོས་ཉིད་ཀྱི་བར་དོར་ལྷུན་གྲུབ་སྒོ་བརྒྱད་ཀྱི་ཐུགས་རྗེའི་འཆར་ཚུལ་མ་འགགས་པའི་རྩལ་ལས་ཞི་བ་དང་ཁྲོ་བོའི་སྒྱུ་འཕྲུལ་གྱི་རོལ་མོ་མཐའ་ཀླས་པའི་སྤྲིན་བཀོད་པའི་ཚེ་ནའང་། དེ་ཐམས་ཅད་རང་རིག་པའི་རྩལ་དུ་ངོ་ཤེས་པར་བྱས་ནས་མཉམ་པར་བཞག་པས་བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བར་འགྱུར་བ་ཡིན་ནོ། །དེར་ཡང་གཉིས་འཛིན་གྱི་དབང་གིས་བརྟན་པ་ཐོབ་པར་མ་གྱུར་ན། རྣམ་ཤེས་ཕུང་པོ་ལས་ཐོན་མ་ཐག་སྲིད་པ་བར་མ་དོའི་སྣང་བ་


JKT016_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བ་ཡིན་ཏེ། མཛོད་ལས། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུག་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་གསུངས་པ་ལྟར་གྱི་ལུས་རྟེན་ལ་རྟེན་འཆའ་བའི་ཚེ་ནའང་བར་དོའི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་སྤངས་ལ་ཡུལ་ཨཱསྟོང་པ་ཉིད་དང་ཡུལ་ཅན་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་རྣལ་འབྱོར་ལ་ནན་ཏན་དུ་བྱ་བ་དང་། རིགས་དྲུག་འཁོར་བའི་གནས་ན་སྡུག་བསྔལ་མ་གཏོགས་བདེ་བ་སྐད་ཅིག་ཙམ་ཡང་མེད་པས། ད་རེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་བ་ཞིག་ཅི་ནས་ཀྱང་བྱའོ་སྙམ་པའི་ངེས་འབྱུང་གི་བསམ་པས་རྒྱུད་བསྐུལ་ཏེ། འཁོར་བའི་གནས་ལ་མངོན་པར་སྐྱོ་བས་བླ་མ་དང་དཀོན་མཆོག་ལ་གསོལ་བ་ཕུར་ཚུགས་སུ་བཏབ་ནས། རང་བཞིན་སྤྲུལ་པའི་ཞིང་ཁམས་སྤྱི་དང་། ཁྱད་པར་དུ་ཐུགས་བསྐྱེད་དང་སྨོན་ལམ་ཚད་མེད་པས་མཚན་ཐོས་པ་ཙམ་གྱིས་ཀྱང་གནས་ངན་ལེན་གྱི་སྒྲིབ་པ་ཐམས་ཅད་སེལ་བར་མཛད་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་དང་། བདེ་བ་ཅན་གྱི་ཞིང་གི་བཀོད་པ་མངོན་སུམ་ལྟ་


JKT016_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ཡིད་ལ་བྱས་ཏེ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚུལ་གྱིས་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་སྲིད་པའི་མཚོ་ལས་སྒྲོལ་བའི་འདུན་པ་རྩེ་གཅིག་ཏུ་གཏད་པས་ཆོས་ཉིད་ཀྱི་བདེན་པ་དང་། བླ་མའི་བྱིན་རླབས་དང་། རང་ཉིད་ཀྱི་སྨོན་ལམ་གྱི་འཕེན་པས་སྐྱེ་སྲིད་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་དབྱུང་བར་འགྱུར་བ་ཡིན་ལ་བདག་གིས་ཀྱང་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་འམ། སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་སོགས་གང་ཡིན་གྱི་མཚན་སྦྱར་ལ། དཀྱིལ་འཁོར་དུ་སྡིག་པ་སྦྱོང་ཞིང་དབང་བསྐུར་བའི་ཆོ་ག་ཟབ་མོས་རྗེས་སུ་བཟུང་ནས་ཐར་པའི་ལམ་སྟོན་པའི་སྐབས་སུ་བབ་པ་ཡིན་པས་ཕུང་པོའམ་མིང་བྱང་འདི་ཉིད་ལ་རྣམ་ཤེས་ཀྱི་རྟེན་ཆོས་ལ། ལུས་ཀྱི་ཕྱག་དང་ངག་གི་གསོལ་འདེབས། ཡིད་ཀྱིས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དབྱེར་མེད་པ་ལ་ཁ་ཙམ་ཚིག་ཙམ་མ་ཡིན་པའི་མི་ཕྱེད་པའི་གདུང་ཤུགས་དྲག་པོས་རྩེ་གཅིག་ཏུ་ཐོབ་མཛོད། འཕོ་བའི་མཚམས་སྦྱོར་དང་འབྲེལ། བདག་གིས་ཀྱང་ཇི་སྐད་དུ། དཔལ་རྡོ་རྗེ་གདན་བཞི་ལས། ཉེས་པ་ཀུན་གྱིས་གོས་པ་ཡང་། །འཕོ་བའི་སྦྱོར་བ་སྦྱོར་བས་གྲོལ། །སྡིག་གིས་ཀུན་ནས་མི་གོས་ཏེ། །འཁོར་བའི་ཕ་རོལ་མཆོག་ཏུ་གྲོལ། །ཞེས་གསུངས་པ་ལྟར་མྱུར་ལམ་ཟབ་མོ་འཕོ་བའི་མཚམས་སྦྱོར་གྱི་སྒོ་ནས་རྗེས་


JKT016_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཛིན་ཅིང་ཐར་པའི་ལམ་སྟོན་པའི་སྐབས་སུ་བབ་པ་ཡིན་པས། ཐོག་མར་རྒྱུད་སྦྱོང་བའི་སླད་དུ་མདུན་གྱི་ནམ་མཁར་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་རྣམས་མངོན་སུམ་ལྟ་བུར་བཞུགས་ཡོད་སྙམ་པའི་མོས་པས་སྐྱབས་སེམས་སོགས་ཚིག་གི་རྗེས་སུ་དོན་དྲན་པས་ངེད་ཀྱི་རྗེས་ཟློས་རྩེ་གཅིག་ཏུ་བགྱིད་པའི་འདུན་པ་བསྐྱེད་མཛོད། ཅེས་བརྡ་སྦྱར་ལ། སྐྱབས་སེམས་སོགས་སྔོན་འགྲོ་རྒྱས་བསྡུས་ཇི་ལྟར་རིགས་པ་དང་། སངས་རྒྱས་ཀྱི་མཚན་བརྗོད་པ། གཟུངས་སྔགས་ཟབ་མོ་བཟླ་བ་སོགས་རྒྱས་བསྡུས་སྐབས་དང་བསྟུན་ལ་བྱ། དེ་ལྟར་སྔོན་འགྲོའི་རིམ་པས་རྒྱུད་སྦྱང་ནས། དངོས་གཞི་དམིགས་པ་ལ་ནི། དེ་ལྟར་ཐུན་མོང་པའི་ལམ་གྱི་རིམ་པས་རྒྱུད་སྦྱངས་པ་སྔོན་དུ་སོང་ནས། བཙན་ཐབས་འཕོ་བའི་གདམས་པ་དངོས་བསྟན་ཡིན་པས་སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་སྭ་བྷཱ་བ་སོགས། གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་གི་སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རོལ་པ་ལས། གཞི་ལུས་ཀྱི་བཀོད་པ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་ཅིག་ཕྱག་གཉིས་མ། རྣ་ལྟག་ན་ཕག་ཞལ་དུར་བ། གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ། མཆན་ཁུང་གཡོན་ན་ཧེ་རུ་ཀའི་ངོ་བོ་ཁ་ཊཾ་


JKT016_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ག་འཁྱུད་པ། ཐོད་པའི་དབུ་རྒྱན་དང་། དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང་། གཡོན་བརྐྱངས་པས་པདྨ་ཉི་མ་བ་རོའི་སྟེང་ན་གར་སྟབས་ཀྱི་ཚུལ་གྱིས་བཞུགས་པར་གསལ་བའི་སྐུའི་ནང་སྟོང་སང་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། དྭངས་གསལ་འོད་ཀྱི་རང་བཞིན་ཅན་ཡར་སྣ་སྤྱི་བོའི་ཚངས་བུག་ཏུ་ཟུག་ནས་རྒྱ་མཐོངས་ཁ་ཕྱེ་བ་ལྟར་ཧད་པོར་ཡོད་པ། མར་སྣ་ལྟེ་འོག་སོར་བཞིའི་གནས་སུ་ཁ་ཟླུམ་པ་སྙིང་གའི་ཐད་སྨྱུག་མ་ཚིགས་ཀྱིས་བཅད་པ་ལྟ་བུའི་སྟེང་དུ་རླུང་གི་དཀྱིལ་འཁོར་ལྗང་གུ་གཡོ་བ་དང་བཅས་པའི་སྟེང་དུ་སེམས་ཉིད་ཀྱི་ངོ་བོ་ཐིག་ལེ་རྒྱ་སྲན་ཙམ་དཀར་ལ་དམར་བའི་མདངས་ཆགས་པ་འཕར་ལ་ཁད་དུ་ཡོད་པ་གསལ་བཏབ། སྤྱི་བོའི་ཚངས་པའི་བུ་ག ། ཚངས་བུག་གི་ཡར་སྣའི་དབུ་མའི་ནང་དུ་པད་ཉི་ཟླ་བའི་གདན་ལ་ངོ་བོ་རང་གི་དྲིན་ཆེན་རྩ་བའི་བླ་མ་ལ། རྣམ་པ་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན་མཚན་དཔེའི་གཟི་བྱིན་འབར་བའི་འཁོར་དུ་རྩ་རྒྱུད་ཀྱི་བླ་མ་རྒྱལ་བ་སྲས་དང་བཅས་པ་སོགས་སྐྱབས་ཡུལ་མ་ཚང་བ་མེད་པས་མངོན་སུམ་ལྟ་བུར་ཁྱེད་རང་གི་ཐར་པའི་ལམ་སྟོན་ཆེན་པོར་བཞུགས་པའི་


JKT016_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པས། བདག་གི་རྩ་རྒྱུད་ཀྱི་བླ་མ་ལ་གསོལ་བ་བཏབ་ཅིང་། ཧིཀ་བརྗོད་པའི་ཚེ། ཁྱེད་རང་ནས་ཀྱང་སྤྱི་བོའི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོའི་གསོལ་བ་བཏབ་པས། སྙིང་གའི་རྣམ་ཤེས་ཀྱི་ཐིག་ལེ་དེ་ཉིད་སྐར་མདའ་འཕང་བ་བཞིན་དུ་དབུ་མའི་ལམ་བརྒྱུད་དེ་བླ་མའི་ཐུགས་ཀར་སིབ་ཀྱིས་ཐིམ། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་སྤྲོས་བྲལ་གྱི་ངང་དུ་བློ་ལྷོད་ཀྱིས་གློད་ལ་མཉམ་པར་འཇོག་མཛོད། ཅེས་བརྗོད་ལ། འཕོ་བ་གསོལ་འདེབས་དང་དམིགས་པའི་རྟེན་གམ་ཡིད་ཆེས་པའི་རྟགས་མ་བྱུང་གི་བར་བསྐྱལ་ལ་བྱ། མཐར་འཁོར་གསུམ་སྤྲོས་པ་དང་བྲལ་བའི་ངང་དེར་དར་གཅིག་མཉམ་པར་བཞག་ནས། དེ་ལས་ལྡང་བ་ན་སྙིང་རྗེ་ཆེན་པོའི་བསྔོ་སྨོན་གྱི་ས་མཚམས་སྦྱོར་རྒྱས་པ་བྱའོ། །ཞེས་པའང་རིག་འཛིན་གྱི་བཙུན་པ་འཇིགས་མེད་གྲུབ་པའི་སྡེས་སྦྱར་བའོ། །།རྟེན་བསངས་སྦྱངས། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་། །མིང་བྱང་ནི་ཡིག་ཡོངས་གྱུར་ཚེ་འདས་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་མ་ལུས་པ། །གསོན་པོའི་རྣམ་པ་མངོན་སུམ་ལྟ་བུར་གྱུར། །བླ་མ་དཀོན་མཆོག་ཐུགས་རྗེ་ཆེན་པོ་ཡི། །བདེན་པའི་སྟོབས་དང་ཏིང་ངེ་འཛིན་གྱི་མཐུས། །ཚེ་འདས་རྣམ་ཤེས་རིགས་དྲུག་བར་དོ་བཅས། །གང་ན་གནས་ཀྱང་རྟེན་འདིར་མཆིས་གྱུར་ཅིག །ཨོཾ་བཛྲ་ཨ་ཀཱརཱ་ཡ་ཛཧཱུྃ་བཾ་ཧོ༔ བླ་མ་མཆོག་གསུམ༔ བདེན་པའི༔ ཚེ་འདས་སྲོག་གཅོད་


JKT016_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་ལམ་གེགས་བྱེད་ཀུན། །གཏོར་མ་འདི་ལོངས་རང་རང་གནས་སུ་དེང་། །ཚེ་འདས་རྐང་འོག་རླུང་གི་དཀྱིལ་འཁོར་དང་། །ལྟེ་བར་གཏུམ་མོའི་ཡེ་ཤེས་མེ་ལྕེ་འབར། །སྙིང་གར་སྡིག་སྒྲིབ་ཀུན་འདུས་ངོ་བོ་པཾ། །རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་རླུང་གཡོས་མེ་སྦར་པོ་ཡིག་ཉིད། །སྣ་བུག་ནས་ཐོན་ཏིལ་ལ་ཐིམ་མ་ཐག །སྡིག་པ་རྭ་ཅན་རྣམ་པར་གྱུར་པ་གང་། །ཡེ་ཤེས་མེས་བསྲེག་ཆུ་ཡིས་སྦྱངས་པར་གྱུར། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས། །རིགས་སྔགས་ནུས་པའི་འོད་ཟེར་དཔག་མེད་འཕྲོས། །ཚེ་ལས་འདས་པས་འཁོར་བ་ཐོག་མེད་ནས། །བསགས་པའི་སྡིག་ལྟུང་བག་ཆགས་བཅས་པ་སྦྱངས། སྔགས་དང་བཅས་བྱེ་མས་བྲབ། དྷཱི༔ ཐུགས་རྗེ་ཆེན་པོའི་གསང་གསུམ་ལས་བྱུང་བའི། །ཕ་རོལ་ཕྱིན་དྲུག་ཡེ་ཤེས་ལྔ་ལྡན་ཆུས། །ཚེ་འདས་རིགས་ཀྱི་བུ་ལ་ཁྲུས་བགྱིས་པས། །སྡིག་སྒྲིབ་བག་ཆགས་བཅས་པ་དག་གྱུར་ཅིག །སྔགས་བརྗོད། དུས་གསུམ་རྒྱུ་དང་འབྲས་བུའི་ཚོགས་རྣམས་ཀུན། །བདག་ཏུ་ལྟ་བའི་ཉེར་ལེན་ལས་བྱུང་ཕྱིར། །བདག་མེད་གཟིགས་པའི་ཡེ་ཤེས་མངོན་གྱུར་པ། །དཀོན་མཆོག་གསུམ་གྱི་བདེན་པས་དུག་བཅོམ་མོ། །སྔགས། འབྱུང་བ་བཞི་དང་འབྱུང་བ་ལས་གྱུར་པའི། །


JKT016_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་འཁོར་བའི་རྟེན་ཅིང་འབྲེལ་འབྱུང་ཀུན། །རྣམ་པར་བྱང་བ་ཡུམ་བཞིའི་བདེན་པའི་མཐུས། །འབྱུང་བཞིའི་ཆོས་ཉིད་ངང་དུ་ཐིམ་གྱུར་ཅིག །སྔགས། ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་ཀུན། །མི་དམིགས་འོད་གསལ་ངང་ལས་སྐད་ཅིག་གིས། །ཟུང་འཇུག་ཐུགས་རྗེ་ཆེན་པོའི་གསང་གསུམ་དང་། །དབྱེར་མེད་ཡེ་ཤེས་སྐུ་རུ་ལམ་གྱིས་གསལ། །ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་ཀུན། །སྤྱན་རས་གཟིགས་དབང་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་གྱུར་ཅིག །ཨོཾ་ཨཱརཱ་བ་ལོ་ཀི་ཏེ་རཱུ་པ་ནས། སྤངྒེ་ཀ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཧཱུཾ། ཀྱེ་མ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །འཁོར་བའི་གནས་འདིར་མཐོ་དམན་གར་སྐྱེས་ཀྱང་། །སྡུག་བསྔལ་གསུམ་གྱི་རང་བཞིན་ཁོ་ན་ལས། །ནམ་ཡང་འདའ་བའི་གོ་སྐབས་མ་མཆིས་ཕྱིར། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་བསྐྱེད། །བླ་མ་དཀྱིལ་འཁོར་ལྷ་ལ་སྐྱབས་གསོལ་ནས། །འོག་མིན་བདེ་ཆེན་དག་པའི་ཞིང་ཁམས་སུ། །རྩེ་གཅིག་དད་པའི་ཤུགས་ཀྱིས་འགྲོ་བར་གྱིས། །ཚེ་འདས་རྣམ་ཤེས་སྒྲིབ་བྲལ་ཨ་དཀར་པོ། །སྤྱི་བོ་བདེ་ཆེན་ཚངས་པའི་སྒོ་ནས་ཐོན། །བླ་མ་བཅོམ་ལྡན་འོད་དཔག་མེད་མགོན་གྱི། །ཐུགས་ཀར་ཐིམ་ནས་


JKT016_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་སངས་རྒྱས་གྱུར། །ཨ་ཕཊ༔ བདག་མདུན་ཐུགས་ཀའི་ས་བོན་ལས་བྱུང་བའི། །འོད་གསལ་རྣམ་ཀུན་མཆོག་ལྡན་ཡེ་ཤེས་མེས། །གཟུང་འཛིན་མཚན་མའི་རྟོག་ཚོགས་ཀུན་བསྲེག་པས། །སྒྲིབ་གསུམ་ཆོས་ཀྱི་དབྱིངས་སུ་དག་གྱུར་ཅིག །སྔགས་བརྗོད། སླར་ཡང་བྱང་རོའི་སྟེང་དུ་ཟླ་དཀྱིལ་དབུས། །གཟུངས་སྔགས་ཕྲེང་བས་བསྐོར་ལས་འོད་ཟེར་འཕྲོས། །རྒྱལ་ཀུན་གསང་གསུམ་བྱིན་རླབས་སྤྱན་དྲངས་ཐིམ། །བདུད་རྩིའི་རྒྱུན་བབ་སྡིག་སྒྲིབ་བག་ཆགས་སྦྱངས། །སྔགས་བརྗོད། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། སོགས། རྒྱལ་བའི་དཀྱིལ་འཁོར་ཨབཟང་ཞིང་དགའ་བ་དེར། །སོགས་བརྗོད། དགེའོ།།

ཇོ་ལུགས་སྒྲོལ་དཀར་མཎྜལ་གཅིག་པའི་སྒྲུབ་སྐོར་ལས་ཚོགས་དང་བཅས་པ།


JKT016_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ རྨ ནི ཏི ཤུ ཀཱ ཏཱ རེ ཀ མ ཎ ལ སྱ སཱ དྷ ན སེ ན ས ཀ རྨ ག ཎཱ སྟི། །།
ཇོ་ལུགས་སྒྲོལ་དཀར་མཎྜལ་གཅིག་པའི་སྒྲུབ་སྐོར་ལས་ཚོགས་དང་བཅས་པ་བཞུགས་སོ། །


JKT016_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿ ཨརྨ་ཏཱ་རཱ་ཡེ། འདིར་ཇོ་བོ་ལས་བརྒྱུད་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་པ་བྱ་བར་འདོད་པས། གནས་དབེན་ཞིང་ཉམས་དགའ་ལ་གཞི་བདག་དང་འབྱུང་པོ་གདུག་པ་ཅན་གྱིས་དབང་དུ་མ་བྱས་པར་བྱི་དོར་ལེགས་པར་བྱ། དཀོན་མཆོག་གི་རྟེན་དགྲམ། ཚེ་སྒྲུབ་སྤྲོས་བཅས་དང་འབྲེལ་ན་སྟེགས་བུ་ཁེབས་ལྡན་པདྨ་འདབ་བརྒྱད་རེ་ཁཱ་ཅན་གྱི་དབུས་སུ་རྟེན་ཚེ་བུམ། གསུང་རྟེན་བདུད་རྩི། ཐུགས་རྟེན་ཚེ་རིལ་ཡང་བཤམ། རྒྱུན་བསྙེན་དང་སྒྲུབ་པ་ཇི་ལྟར་ཡང་དཀར་གསུམ་མངར་གསུམ་ཤིང་འབྲས་སོགས་ཀྱིས་བརྒྱན་པའི་དཀར་གཏོར་ཟླུམ་པོ་པད་འདབ་བཞི་པ་དང་། མཐར་ཉེར་སྤྱོད་ཀྱིས་བསྐོར། གྲུབ་ན་གཏོར་མ་ཆ་གསུམ་དང་། མ་བདེ་ན་གཞི་བདག་ལ་དཀར་གཏོར། འབྱུང་པོ་ལ་ཆང་བུ། རིལ་བུ། ཐེབ་ཀྱུ་སོགས་བཤམས་ལ་ཆུ་ཆང་གིས་བྲན། ཨ་ཀ་རོ་ལན་གསུམ་གྱིས་བརླབ། མཆོད་སྦྱིན་གཏོར་མ་འདི་


JKT016_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ། སོགས་ཀྱི་བསྔོས་ལ་ཕྱི་རོལ་དུ་དོར། ཨོཾ་བཛྲ་རཀྵ་ཧཱུྃ། མི་ཕྱེད་གཉུག་མའི་ཡེ་ཤེས་ཀྱི། །རང་རྩལ་འགག་མེད་རྡོ་རྗེའི་གུར། །འབར་བའི་མེ་འོད་རབ་འཕྲོ་བས། །ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་གྱུར། །ཅེས་རྡོ་རྗེ་རྭ་གུར་གྱིས་བསྲུང་འཁོར་བསྒོམ། དེ་ནས་བྱང་ཆུབ་སེམས་ཀྱི་སྔགས་པ་བརྗོད་པ་ནི། ངན་འགྲོའི་ལམ་ནི་ལྡོག་བགྱིད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ཅིང་ཚད་མེད་བཞིས་རྒྱུད་ལེགས་པར་སྦྱང་། སྐྱབས་འགྲོ་ནི། སྐྱོབ་པ་མཆོག་དང་བདེན་གཉིས་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་བྱང་ཆུབ་སེམས་དཔའི་ཚོགས། །འཕགས་མའི་སྐུ་གསུང་ཐུགས་ལས་གཞན་


JKT016_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པས། །སྐྱེས་བུ་ཆེན་པོའི་སེམས་ཀྱི་སྐྱབས་སུ་མཆི། །གསུམ། སེམས་བསྐྱེད་ནི། ཧོ༔ བདག་དང་མར་གྱུར་སེམས་ཅན་ཐམས་ཅད་ཀུན། །གནས་སྐབས་བདུད་བཞིའི་འཇིགས་པ་ལས་གྲོལ་| ཞིང་། །མཐར་ཐུག་བྱང་གྲོལ་མཆོག་ལ་འདོང་པའི་ཕྱིར། །སྨོན་དང་འཇུག་པའི་བྱང་ཆུབ་མཆོག་སེམས་བསྐྱེད། །གསུམ། ཡན་ལག་བདུན་པ་ནི། ཨཱཿ ཡན་ལག་ལྔས་བཏུད་ལུས་དང་ལོངས་སྤྱོད་འབུལ། །ཉེས་ལྟུང་མི་འཆབ་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་མྱ་ངན་མི་འདར་གསོལ། །དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །མཆོད་རྫས་བྱིན་བརླབས་ནི། ཧཱུྃ། མཆོད་པའི་དམ་རྫས་བརྟན་གཡོའི་དངོས་པོ་ཀུན། །ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ཡིས། །ནམ་མཁའ་མཛོད་ཀྱི་འཁོར་ལོར་བྱིན་གྱིས་རློབས། །མཆོད་པའི་ཕྱག་རྒྱ་ཆེན་པོར་ལྷུན་རྫོགས་ཤོག །རཱུ་པ། །ཤསྡ། གནྡྷེ། རྭ་ས། སྤནྣེ། དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཨཱཿཧཱུཾ། གསུམ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། སྤྲོ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝཱ་ཏེ། བཛྲ་སཱ་ར་པྲ་མཛྷ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྡ་ཏེ་སཾ་མྱཀཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲ་བཛྲ་མ་ཧཱ་བཛྲ། མ་ཧཱ་ཏེ་ཛོ་བཛྲ། མ་ཧཱ་བིདྱ་བཛྲ། མ་ཧཱ་བོ་དྷི་ཙིཏྟ་བཛྲ། མ་ཧཱ་བོ་དྷི་མཎྜོ་པ་སཾ་མ་ཎ་བཛེ། སརྦ་ཀརྨ་ཨ་བ་ར་ཎ་བི་ཤོ་དྷ་ནི་བཛེ་སྭཱ་ཧཱ། ཞེས་


JKT016_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་སྤྲིན་གྱིས་གཟུངས་ཀྱང་བརྗོད། དེ་ནས་མངོན་རྟོགས་བསྒོམ་པ་ནི། ཨ༔ ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་ཀྱང་། །འདི་ལྟར་མ་རྟོགས་སེམས་ཅན་སྙིང་རེ་རྗེ། །སྐྱེ་མེད་ངང་ལས་སྐྱེ་བའི་ཆོ་འཕྲུལ་ནི། །གཡུ་ལོ་བཀོད་པའི་ཞིང་ཁམས་ཉམས་དགའ་བ། །མནན་ན་ནེམ་ཞིང་བཏེག་ན་འཕར་བའི་གཞིར། །རིན་ཆེན་བཻཌཱུརྱ་ཡི་བྲག་རི་ལ། །དྲང་སྲོང་རིག་འཛིན་གྲུབ་པ་མཆོག་རྣམས་གནས། །འབྱུང་བ་ཡོངས་རྫོགས་དྭངས་པའི་མཚོ་རྫིང་ནི། །པུཎྜ་རཱི་ཀའི་ནེའུ་གསིང་དྲྭ་བས་མཛེས། །རིན་ཆེན་སྣ་ཚོགས་ལྗོན་ཤིང་ལྟ་ན་སྡུག །ཡལ་འདབ་རྣམས་ལ་གསེར་གཡུ་བྱེ་རུ་དང་། །པད་རཱག་ཨིནྡྲ་ནཱི་ལ་ལ་སོགས་པ། །དབང་གཞུ་ལྟ་བུར་བཀྲ་བའི་བྱ་ཚོགས་དང་། །འཕུར་ལྡིང་ཤིན་ཏུ་གཡོ་བའི་བྷ་མ་རཿ །སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་། །ཀུན་འབྱུང་སྡུག་བསྔལ་སྤོང་བའི་ཆོས་ཀྱི་སྒྲ། །ཐེག་པ་གསུམ་དང་རྒྱུད་སྡེའི་དབྱངས་སུ་སྒྲོགས། །གཟུགས་སྣང་ཐམས་ཅད་དག་པའི་སྣོད་དང་བཅུད། །ཚོར་བ་ཐམས་ཅད་བདེ་སྟོང་ཕྱག་རྒྱ་ཆེ། །འདུ་ཤེས་ཐམས་ཅད་ཕ་རོལ་ཕྱིན་པ་དྲུག །འདུ་བྱེད་ཐམས་ཅད་ས་བཅུའི་སྤངས་རྟོགས་ཏེ། །རྣམ་ཤེས་ལས་འདས་ཡེ་ཤེས་རོལ་པའི་གདངས། །དག་པ་རབ་འབྱམས་ཞིང་ཁམས་བཀོད་པའི་ཀློང་། །རང་བཞིན་ལྷུན་གྲུབ་སྤྲུལ་


JKT016_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞལ་མེད་ཁང་། །རྒྱ་ཁྱོན་བཀོད་པ་བློ་ལས་འདས་པའི་དབུས། །པད་ཟླའི་གདན་ལ་ཏཱཾ་ཡིག་ཡོངས་གྱུར་ལས། །རྗེ་བཙུན་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ནི། །ཟླ་བར་རྒྱབ་བརྟེན་རྡོ་རྗེའི་སྐྱིལ་མོ་ཀྲུང་། །ཕྱག་གཡས་མཆོག་སྦྱིན་མི་མཐུན་ཕྱོགས་ལས་སྒྲོལ། །གཡོན་པ་སྐྱབས་སྦྱིན་མཐེབ་མཛུབ་ལ་གནས་པའི། །ཨུཏྤལ་ཟེའུ་འབྲུས་དུས་གསུམ་སངས་རྒྱས་མཚོན། །རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་བརྒྱན། །ཚེ་དང་ཡེ་ཤེས་མཆོག་གི་དངོས་གྲུབ་སྟེར། །འགྲོ་ལ་ཐུགས་རྗེའི་གཟིགས་པ་མི་ཡོལ་བས། །ཕྱག་ཞབས་མཐིལ་སོགས་ཡེ་ཤེས་སྤྱན་བདུན་སྤྲས། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ནུའི་ངང་ཚུལ་ཅན། །གསལ་འཚེར་ལྷུན་སྡུག་གཟི་བྱིན་ལྡན་པ་སྟེ། །ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེས། །མཐའ་བསྐོར་སངས་རྒྱས་བྱང་སེམས་རིག་འཛིན་དང་། །གནས་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོས་བསྐོར། །ཀུན་ཀྱང་གདན་གསུམ་རྡོ་རྗེའི་བདག་ཉིད་ཅན། །ཡོངས་གྲུབ་དབང་བསྐུར་རྫོགས་པའི་སྲོག་ཞུས་བརྒྱན། །གནས་གསུམ་ཕྱག་མཚན་གསུམ་དང་ཡིག་འབྲུ་ལས། །འོད་འཕྲོས་རང་བཞིན་སྤྲོས་བྲལ་གདོད་མའི་དབྱིངས། །སྐུ་གསུམ་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས། །གཡུ་ལོ་བཀོད་སོགས་སྤྲུལ་པའི་ཞིང་ཁམས་ནས། །ཡེ་ཤེས་ལྷ་ཚོགས་


JKT016_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ས་མཱ་ཛ༔ སྤྱན་འདྲེན་ནི། ཧཱུྃ། མཁྱེན་པས་བྱང་ཆུབ་ཆོས་ཁམས་ཡོངས་གཟིགས་ཀྱང་། །བརྩེ་བས་ཞི་ལ་མི་གཞོལ་འཁོར་བ་སྒྲོལ། །ནུས་པས་བདུད་སྡེ་ཕྱེར་འཐག་བཅོམ་ལྡན་མ། །ཚེ་དབང་བདེ་སྦྱིན་ལྷ་མོ་གཤེགས་སུ་གསོལ། །ཨེ་ཧེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲི་བྱ་ཧོ༔ བཞུགས་གསོལ་བསྟོད་ཕྱག་ནི། ཨཱཿ བདེ་གཤེགས་སྙིང་པོའི་རང་བཞིན་ཡེ་ཤེས་སེམས། །གདོད་ནས་དམ་ཚིག་འཁོར་ལོ་རོ་གཅིག་ཀྱང་། །གློ་བུར་སྒྲིབ་གཉིས་སྤངས་པའི་བསྟན་ཞུགས་ལ། །མངོན་སུམ་ལྟ་བ་མཇལ་བའི་ཕྱག་གིས་བཏུད། །ན་མོ་ན་མ་ཧཱུྃ། མཆོད་པ་ནི། ཧཱུྃ། ཡུལ་དང་དབང་པོ་འབྲེལ་བའི་སྲེད་ལེན་གྱིས། །ཉེར་སྤྱོད་ལས་འདས་མཆོད་པའི་ཕྱག་རྒྱ་ཆེ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་བླ་ན་མེད། །ནམ་མཁའ་མཛོད་ཀྱིས་འཁོར་ལོས་མཉེས་གྱུར་ཅིག །བཛྲ་རཱུ་པ། ཤསྡ། གནྡྷེ། རྭ་ས། སྤངྒེ། དྷརྨ་དྷ་ཏུ་མ་ཧཱ་སརྦ་པཱུ་ཛ་ཨཱཿཧཱུྃ། བསྟོད་པ་ནི། །ཆུ་སྐྱེས་ཞལ་གྱི་གེ་སར་ལས། །འགྲོ་བ་སྒྲོལ་ཕྱིར་རྣམ་པར་འཕྲུལ། །ཕྲིན་ལས་མྱུར་ཞིང་བདུད་ལ་དཔའ། །བཞད་པ་རབ་བཞད་ཁྱོད་ལ་བསྟོད། །སྦྱིན་པའི་མཆོག་ལྡན་མི་འཇིགས་སྟེར། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང་། །བཟོད་པའི་དཀའ་ཐུབ་ཉམས་མི་མངའ། །ཤིན་ཏུ་སྦྱངས་པ་ཁྱོད་ལ་བསྟོད། །སུ་ཡི་ཁྱོད་ལ་


JKT016_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བཏབ་དོན། །ཡལ་བར་མི་འདོར་བརྩོན་འགྲུས་དང་། །དེ་བཞིན་གཤེགས་དགའི་བསམ་གཏན་དང་། །བྱང་གྲོལ་ཤེས་རབ་ལྷ་མོར་བསྟོད། །བདག་གི་ཚེ་རབས་ཐམས་ཅད་དུ། །ཁ་ན་མ་ཐོའི་ལས་བསགས་པ། །ལྷ་མོ་ཁྱོད་ལ་མཐོལ་ཟིན་གྱིས། །བདུད་བཞིའི་གཡུལ་ལས་རྒྱལ་བར་མཛོད། །བཟླས་དམིགས་ནི། ཐུགས་ཀར་ཟླ་གདན་ལ་གནས་པའི། །འོད་ཀྱི་རྣམ་པའི་འཁོར་ལོའི་དབུས། །ཏཱཾ་དང་མདུན་རྒྱབ་ཨོཾ་དང་ཧྭ། །རྩིབས་བརྒྱད་ཏཱ་རེ་ལ་སོགས་བརྒྱད། །རེག་ལ་མ་འབྱར་གཡོན་དུ་འཁོད། །འོད་ཟེར་འཕྲོས་པས་རྒྱལ་བ་མཆོད། །སེམས་ཅན་དོན་བྱས་འཁོར་འདས་ཀྱི། །དྭངས་བཅུད་བདག་ལ་ཐིམ་པ་ཡིས། །དུས་མིན་འཆི་བའི་འཇིགས་པ་བསལ། །མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཏྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྣང་བ་སྐུ་དང་ཞིང་ཁམས། གྲགས་པ་སྔགས་ཀྱི་རང་སྒྲ། དྲན་རྟོག་ཆོས་ཉིད་ཀྱི་དོན་ལས་མི་འདའ་བའི་ངང་ནས་བཟླས་དམིགས་བྱ་ཞིང་། ཐུན་བསྡུ་བ་ནི། ཚོགས་བསགས་པའི་ཕྱིར་མཆོད་པ་བརྗེ། མཎྜལ་རྒྱས་བསྡུས་ཅི་རིགས་པ་དང་། བསྟོད་བསྔགས་ནི། སངས་རྒྱས་ཐམས་ཅད་ཁྱོད་ལས་སྐྱེས། །དེ་ཕྱིར་རྒྱལ་བ་ཀུན་གྱི་ཡུམ། །ས་དང་ཕ་རོལ་ཕྱིན་བཅུའི་བདག །སྤྲོས་བྲལ་དབུ་མ་ཆེན་པོར་བསྟོད། །གཟུགས་སོགས་ཕུང་པོའི་ཉེར་ལེན་བདུད། །རང་


JKT016_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྣམ་དག་སྟོང་ཉིད་དབྱིངས། །ལྟོས་གྲུབ་མེད་པར་སྦྱོར་མཛད་པའི། །རྣམ་ཀུན་མཆོག་ལྡན་མ་ལ་བསྟོད། །ཀུན་བརྟགས་ལས་རླུང་བཞོན་པ་དང་། །ལྷན་ཅིག་སྐྱེས་པའི་ཉོན་མོངས་བདུད། །མཐོང་སྤང་བྱང་ཆུབ་ཡན་ལག་གི །ཡེ་ཤེས་མེ་ལྕེས་བསྲེགས་ལ་བསྟོད། །མ་རིག་ལས་ནི་རྣམ་ཤེས་སོགས། །རྟེན་འབྲེལ་ལུགས་འབྱུང་འཆི་བདག་བདུད། །སྒོམ་སྤངས་འཕགས་པའི་ལམ་བརྒྱད་ཀྱིས། །འཆི་མེད་ཞི་བར་སྦྱོར་ལ་བསྟོད། །ཡུལ་དང་ཡུལ་ཅན་འབྲེལ་པ་ལས། །སླུ་བྱེད་འདུ་བྱེད་ལྷ་བུའི་བདུད། །སློབ་པ་མིན་པའི་ཟུང་འཇུག་ཀློང་། །སྒྲོལ་མཛད་ཡིད་བཞིན་འཁོར་ལོར་བསྟོད། །ནོངས་བཤགས་ནི། མ་འབྱོར་པ་དང་ཉམས་པ་དང་། །སོགས་ཀྱི་མཐར་ཡིག་བརྒྱས་ནོངས་པ་བཤགས། རྗེ་བཙུན་བཅོམ་ལྡན་འདས་མ་སོགས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་ཀྱིས་བསྔོ་སྨོན་བྱ། ཐུན་མཚམས་ཐམས་ཅད་དུ་བྱང་ཆུབ་སེམས་ཀྱིས་ཟིན་པའི་བསྐྱེད་རྫོགས་བཟླས་པ་གསུམ་གྱི་ལམ་ཁྱེར་དང་མ་བྲལ་ན། བར་དོར་ཡང་སྒྲོལ་མའི་ཞལ་མཐོང་བ་ཡིན་ནོ། །ཆོས་མཛད་སཱ་རའི་ངོར་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ།། ༈ །།ཐུན་མཚམས་སུ་གཏོར་མ་འབུལ་ན། བཟླས་པའི་རྗེས་སུ་དབྱངས་གསལ་རྟེན་སྙིང་གིས་ལྷག་ཆད་ཁ་བསྐང་ཞིང་བྱིན་བརླབས་བརྟན་པར་བྱ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཕགས་མ་ཡིད་བཞིན་འཁོར་ལོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་


JKT016_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་ཤིང་བཞུགས་པར་གྱུར། མཎྜལ་རྒྱས་བསྡུས་གང་རིགས་འབུལ། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་འབྲུ་གསུམ་ཞུ་བ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་སྣ་ཚོགས་པའི་སྤྲིན་ཕུང་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུཾ། གསུམ། ཨོ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་གཙོ་མོ་དང་། ཨ་ཀཱ་རོ་ལན་གསུམ་གྱིས་འཁོར་རྣམས་ལ་དབུལ། ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝ་ར་ཨགྷཾ་སོགས་ནས། ཤཔྟ་པྲ་ཏིཙྪ་སྭཱ་ཧཱས་མཆོད། སངས་རྒྱས་ཐམས་ཅད་ཁྱོད་ལས་སྐྱེས། ཞེས་སོགས་དང་། གང་གི་ཐུགས་རྗེའི་འོད་དཀར་གྱིས། །མ་ལུས་འགྲོ་བའི་དོན་མཛད་ཅིང་། །མགོན་མེད་རྣམས་ཀྱི་མགོན་དང་སྐྱབས། །རྒྱལ་བ་སྲས་དང་བཅས་ལ་འདུད། །ཅེས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་བཛྲ་མུས་གཤེགས་སུ་གསོལ་བར་བྱའོ། །བསྙེན་པའི་ཚེ། །འདི་ཉིད་རྣལ་འབྱོར་བླ་མེད་སྒྲོལ་མ་མངོན་འབྱུང་སོགས་ནས་གསུང་པའི་ལྷ་ཡིན་ཀྱང་། ཀུན་སྤྱོད་རྒྱུད་སྡེ་འོག་མ་ལྟར་བྱེད་པ་བླ་མ་བརྒྱུད་པའི་ཕྱག་བཞེས་ཡིན་པས། གྲུབ་ན་ཁྲུས་དང་གཙང་སྦྲ་སོགས་ཀུན་སྤྱོད་རྒྱུད་སྡེ་འོག་མ་ལྟར་བྱེད། བསྙེན་ཚད་དུས་བསྙེན་ཟླ་བཅུ། གྲངས་བསྙེན་འབུམ་ཕྲག་བརྒྱའམ། ལས་རུང་ཙམ་ལ་འབུམ་ཕྲག་བཅུ་བཟླ། མཚན་མའི་བསྙེན་པ་དངོས་ཉམས་རྨི་ལམ་དུ་ཞལ་མཐོང་གསུང་ཐོས་ཕྱག་མཚན་རྙེད་


JKT016_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྨི་ལམ་དུ་ཉི་ཟླ་ཤར་བ། ཤིང་ཏོག་ཟོས་པ། འོ་མ་དང་བདུད་རྩི་བཏུང་བ་སོགས་དགེ་བའི་མཚན་མ་མཐོང་བའི་བར་བཟླ་བར་བྱའོ། །སྔགས་འཁོར་གསལ་འདེབས་ཚུལ་ནི། ཐུགས་ཀའི་ཐད་དུ་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་དབུས་སུ་ཧཱུྃ། དེའི་མཐའ་བསྐོར་དུ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཊྚི་ཀུ་རུ། དེའི་མདུན་དུ་ༀ། རྒྱབ་ཏུ་། རྩིབས་བརྒྱད་ལ་ཏཱ་རེ་ལ་སོགས་ཡིག་འབྲུ་བརྒྱད་ཁ་དོག་དཀར་གསལ་མི་གཡོ་བར་གནས་པར་གསལ་བཏབ་ནས་འོད་ཟེར་སྤྲོ་བསྡུ་སོགས་གཞུང་ལྟར་བྱའོ།། །།

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཀྱི་ཡན་ལག


JKT016_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཀྱི་ཡན་ལག་བཞུགས་སོ། །བླ་མ་དང་རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། རྗེ་བཙུན་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་ཀྱི་སྒོ་ནས་རང་གཞན་གྱི་དོན་བྱ་བའི་ཆོ་གའི་ཡན་ལག་ཉེར་མཁོ་མདོར་བསྡུས་པ་ལ་གསུམ་ལས། དང་པོ་ཚོགས་ཀྱི་མཆོད་པའི་ཆོ་ག་ནི། དཀར་གསུམ་མངར་གསུམ་ཤིང་ཏོག་ཁུར་བ་སོགས་གཙང་ཞིང་གྱ་ནོམ་པའི་བཟའ་བཏུང་བཤམ། བདག་བསྐྱེད་བཟླས་པ་དང་བཅས་པ་དང་། སྤྲོ་ན་མདུན་བསྐྱེད་ཀྱང་བྱ། ཚོགས་རྫས་ཆབ་ཀྱིས་བྲན། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཨོཾ། པོ་ཏ་ལ་ཡི་གནས་མཆོག་ནས། །རྗེ་བཙུན་ཡིད་བཞིན་འཁོར་ལོ་ལ། །སངས་རྒྱས་བྱང་སེམས་ཌཱ་ཀིས་བསྐོར། །ཚོགས་ཀྱི་མཆོད་པ་བཞེས་


JKT016_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གཤེགས། །བཛྲ་ས་མཱ་ཛ༔ ཚོགས་ཕུད་འབུལ། ཨོཾ་ཨཱཿཧཱུཾ། ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པས། །ཚོགས་མཆོད་ཡེཤེས་བདུད་རྩིའི་བཅུད། །འདོད་ཡོན་རྒྱ་མཚོའི་དམ་ཚིག་གིས། །འཕགས་མ་འཁོར་བཅས་མཉེས་གྱུར་ཅིག །ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ག་ན་པཱུ་ཛ་ཧོ༔ སྐོང་བཤགས་ནི། སླར་ཡང་ཚོགས་ཕུད་བྲན་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཨོ། ཆོས་ཀུན་འོད་གསལ་སྟོང་པ་ཉིད་ཀྱི་ངང་། །ཏིང་ངེ་འཛིན་གྱི་རོལ་མོ་ལས་བྱུང་བའི། །སྣོད་བཅུད་རྣམ་དག་བདེ་ཆེན་བཀོད་པའི་ཞིང་། །གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱའི་དབུས། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །གཟུགས་སྒྲ་དྲི་རོ་རེག་བྱའི་འདོད་ཡོན་མཆོག །རིན་ཆེན་རི་བོ་དཔག་བསམ་ལྗོན་པའི་ཤིང་། །འདོད་འཇོའི་བ་དང་མ་རྨོས་ལོ་ཏོག་ཚལ། །གཏེར་ཆེན་བུམ་བཟང་འཆི་མེད་བདུད་རྩིའི་མཚོ། །ཉི་ཟླའི་སྣང་བ་ནོར་བུའི་བྲག་སྐྱིབས་སོགས། །ལྷ་དང་མི་ལས་ཁྱད་པར་འཕགས་པ་ཡི། །བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་གྲུབ་པ། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་དང་། །ཚོགས་དང་གཏོར་མའི་ལོངས་སྤྱོད་རྨད་བྱུང་བས། །འཕགས་མ་ཡིད་བཞིན་འཁོར་ལོའི་ཐུགས་དམ་


JKT016_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་། །རིགས་བདག་འོད་སྣང་མཐའ་ཡས་ཐུགས་དམ༴ དུས་གསུམ་རྒྱལ་བ་སྲས་བཅས །ཡི་དམ་དཀྱིལ་འཁོར་ཡོངས་རྫོགས །གནས་གསུམ་དཔའ་བོ་མཁའ་འགྲོའི༴ ཆོས་སྲུང་ནོར་ལྷ་རྒྱ་མཚོའི༴ རང་བཞིན་བཅས་པའི་སྡིག་སྒྲིབ་ཉེས་ལྟུང་ཀུན། །གནོང་འགྱོད་དྲག་པོས་མཐོལ་བཤགས་བཟོད་པར་བཞེས། །གནས་སྐབས་མཐར་ཐུག་འགལ་རྐྱེན་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡེ་ཤེས་སྤོར། །ཁམས་གསུམ་སྣོད་བཅུད་སྣང་སེམས་དབང་དུ་བསྡུས། །གཉིས་འཛིན་དགྲ་བགེགས་ཆོས་ཉིད་ཀློང་དུ་སྒྲོལ། །མདོར་ན་ཡིད་ལ་སྨོན་པའི་དགེ་མཚན་ཀུན། །ཐོགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་དང་ཡི་གེ་བརྒྱ་པ་བརྗོད། ཚོགས་ཀྱི་ཞལ་ཟས་དངོས་གྲུབ་ཀྱི་བདུད་རྩིའི་ཚུལ་དུ་རོལ། ལྷག་མ། ཨོཾ་ཨཱཧཱུྃ་གིས་བརླབ། རྗེ་བཙུན་སྒྲོལ་མའི་བཀའ་འཁོར་ན། །གནས་པའི་མཁའ་འགྲོ་ཤུགས་འགྲོའི་ཚོགས། །ལོངས་སྤྱོད་བདུད་རྩིའི་ལྷག་མ་བཞེས། །འཁོར་སྲུངས་རྐྱེན་ཟློག་ཕྲིན་ལས་སྤེལ། །སརྦ་ཌཱ་ཀི་ནཱི་ཨུཙྪིཥ་བ་ལིནྟ་བྷ་སི་སྭཱ་ཧཱ། ཞེས་དབུལ། འཆི་མེད་འཕགས་མའི་ལྷ་ཚོགས་ལ། །ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་སྨོན་ལམ་གདབ། རྗེས་ཆོ་ག་མཆོད་བསྟོད་སྔོན་དུ་


JKT016_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བས། ཨོཾ། འཆི་མེད་འཕགས་མའི་ལྷ་ཚོགས་ཐུགས་རྗེའི་གཏེར། །བདག་གིས་རྩེ་གཅིག་བསྙེན་ཅིང་མཆོད་པའི་མཐུས། །ཕྲིན་ལས་བཞི་དང་དབང་བཅུའི་ཡོན་ཏན་དང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རྩ་སྔགས་མཐར། སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཞེས་དངོས་གྲུབ་གསོལ། ནོངས་པར་བཤགས། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་བཛྲ་མུས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། རང་དང་སྣང་བ་ཐམས་ཅད་འོད་གསལ་ངང་། །སླར་ཡང་ཡིད་བཞིན་འཁོར་ལོའི་སྐུར་གྱུར་པའི། །གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་མཚན། །སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར། །ཅེས་གསལ་བཏབ་ལ། དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །འཆི་བདག་ལ་སོགས་བདུད་བཞི་རྣམ་བཅོམ་སྟེ། །སྐྱེ་རྒ་ན་འཆིའི་མཚོ་ཆེན་ལས་བརྒལ་བ། །མགོན་པོ་ཚེ་མཐའ་ཡས པ་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་དང་བཀྲ་ཤིས་རྒྱས་པར་བྱའོ། །གཉིས་པ་མེ་མཆོད་ཀྱི་ཆོ་ག་ནི། ལས་བཞི་སོ་སོའམ་ཡོངས་སུ་རྫོགས་པའི་ཐབ་ལྷ་མཚན་དང་བཅས་པར་བུད་ཤིང་བརྩེགས། མཆོད་བསྲེགས་ཀྱི་རྫས་སོགས་ཕྱག་ལེན་ལྟར་འདུ་བྱ། བསང་ཆུ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་བྱིན་གྱིས་བརླབས་པ་གཏོར་བས་བསང་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་རྫས་དང་བསྲེག་རྫས་རྣམས་ཡེ་ཤེས་


JKT016_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདུད་རྩིའི་རང་བཞིན་སོ་སོའི་ལས་སྒྲུབ་པའི་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླབ། སྔགས་མཐར། ཨོཾ་བཛྲ་ཛྭ་ལ་རཾ་ཞེས་པས་མེ་སྦར། བསང་སྦྱང་། སྟོང་པའི་ངང་ལས་ཧཱུཾ་ཡིག་ཡོངས་གྱུར་པའི། །མཚན་ཉིད་ཡོངས་རྫོགས་ལས་ཀྱི་ཐབ་ཁུང་དབུས། །ཡེ་ཤེས་མེ་ཕུང་རབ་ཏུ་འབར་བའི་ཀློང་། །པད་ཟླའི་གདན་ལ་ཏཱཾ་ཡིག་ཡོངས་གྱུར་ལས། །ཞེས་སོགས་བསྟོད་པའི་བར་གཞུང་ལྟར་གཏོང་། འཕགས་མའི་ལྗགས་སྟེང་ཧཱུཾ་ཡིག་ལས། །བྱུང་བའི་འོད་ཀྱིས་སྦུ་གུ་ཡིས། །སྲེག་རྫས་བདུད་རྩིའི་རྒྱུན་དྲངས་པས། །ཟག་མེད་བདེ་བས་རབ་ཏུ་དགྱེས། །ཐུགས་ནས་ལས་མཐུན་འོད་ཟེར་འཕྲོས། །འདོད་རྒུའི་ཕྲིན་ལས་འགྲུབ་པར་གྱུར། །ཅེས་དམིགས་ལ། རྩ་སྔགས་ལ། ཨོཾ་ཨགྷ་ཡེ་སྭཱ་ཧཱ། ཞེས་དང་། སྐབས་སུ་འོག་ནས་འབྱུང་བའི་ལས་སྔགས་བཏགས་པས་མར་ཁུ། རྩ་སྔགས་ལ། ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ་དང་། ལས་སྔགས་བཏགས་པས་ཡམ་ཤིང་བཅས་ཅི་ནུས་སུ་འབུལ། ཁྱད་པར་གྱི་རྫས་ཞི་བ་ལ་ཏིལ་དང་། རྩ་སྔགས་མཐར་སྤེལ་ཚིག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱནྟཾ་ཀུ་རུ་ཨོ། ཞེས་སྦྱར། རྒྱས་པ་ལ་དུརྦ་དང་རིན་ཆེན་འབྲུ་སྨན་ཟས་མཆོག་སོགས་དང་། རྩ་སྔགས་མཐར་སྤེལ་ཚིག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་


JKT016_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པུཊྚི་ཀུ་རུ་ཨོཾ། དབང་ལ་ཆང་གིས་སྦགས་པའི་མེ་ཏོག་དམར་པོ་དང་། རྩ་སྔགས་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཁམས་གསུམ་སྣོད་བཅུད་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ། དྲག་པོ་ལ་ཡུངས་དཀར་དང་ལན་ཚྭ་བསྲེས་པ་དང་། རྩ་སྔགས་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་སྦྱར་བ་གཙོ་བོར་འབུལ། །རྫས་རྫོགས་པ་ན་མཆོད་བསྟོད་དངོས་གྲུབ་བླངས། ནོངས་པ་བཤགས། བཛྲ་མུས་ཐབ་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། ཉེར་བསྡུ་ནས་བཀྲ་ཤིས་པར་གོང་ལྟར་བྱའོ།། ༈ །།གསུམ་པ་གཞན་རྗེས་སུ་འཛིན་པའི་ཆོ་ག་ནི། སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་མཎྜལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་སྐུའམ་མེ་ཏོག་གི་ཚོམ་བུ་དགོད། དེའི་མདུན་དུ་རྣམ་བུམ་བཅུད་ལྡན། གཡས་སུ་འོ་མ་དང་མངར་གསུམ་སྦྱར་བའི་བདུད་རྩི། གཡོན་དུ་དཀར་མངར་དང་ཚེ་རྫས་སྦྱར་བའི་རིལ་བུ། དེའི་མདུན་དུ་མཆོད་གཏོར་སོགས་འདུ་བྱ། བདག་བསྐྱེད་བཟླས་པ་དང་བཅས་པའི་རྗེས། མདུན་རྟེན་བསངས་སྦྱང་། མདུན་རྟེན་སྟོང་ཉིད་སྐྱེ་བ་མེད་པའི་ངང་། །སྐྱེ་བའི་ཆོ་འཕྲུལ་སྒྱུ་མའི་རྣམ་རོལ་ནི། །གཡུ་ལོ་བཀོད་པའི་ཞིང་ཁམས་ཉམས་དགའ་བ། །ཞེས་སོགས་ནས་བསྟོད་པའི་བར་བྱ། གཏོར་མ་ཕུལ། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བར་མོས་ལ་བཟླས་པ་ཅི་རིགས་པ་དང་། ཐུགས་ཀའི་འོད་ཀྱིས་ཚེ་བཅུད་བསྡུས་ནས་ཚེ་རྫས་ལ་ཐིམ་པར་དམིགས། བུམ་


JKT016_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་། །ཧཱུཾ་ལས་རིན་ཆེན་བུམ་པ་མཚན་ཉིད་རྫོགས། །བདུད་རྩིའི་བཅུད་ཀྱིས་ཡོངས་སུ་གང་བའི་དབུས། །པད་དཀར་ཟླ་སྟེང་ཧཱུཾ་ཡིག་ཡོངས་གྱུར་ལས། །ཞེས་སོགས་ནས་བསྟོད་པའི་བར་བྱ། གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། །གཟུངས་ཐག་ལ་འཁྲིལ་བུམ་ལྷའི་ཐུགས་རྒྱུད་བསྐུལ། །སྐུ་ལས་འཆི་མེད་ཡེ་ཤེས་བདུད་རྩིའི་རྒྱུན། །བབས་པས་བུམ་པ་ཡོངས་སུ་གང་བར་གྱུར། །ཅེས་དམིགས་ལ་བཟླས་པ་ཅི་ནུས་མཐར་མཆོད་ཅིང་བསྟོད། ཡི་གེ་བརྒྱ་པ་བརྗོད། ཨོཾ་ཨཱཧཱུྃ་གིས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་དྲངས་པས་བུམ་པའི་ལྷ་འོད་དུ་ཞུ་བའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ། དེ་ནས་སློབ་མ་ཁྲུས་བྱས། སྔོན་གཏོར་གཏོང་། ཆོས་བཤད་ཅི་རིགས་པ་ལས་མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྟེར་བའི་ལྷག་པའི་ལྷ་ཁྱད་པར་ཅན་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་བསྐོར་ལ་བཀའ་གཏེར་དག་སྣང་གི་བབས་སོ་མང་དུ་བཞུགས་པ་ལས། འདིར་རིང་བརྒྱུད་བཀའ་མ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གདམས་པ་ལས་བྱུང་བ་གཞིར་བཟུང་སྟེ། ཉེ་བརྒྱུད་གཏེར་མ་རྩོད་བྲལ་དུས་བབས་ཀྱི་གཏེར་ཆེན་ཨོ་རྒྱན་རོག་རྗེ་གླིང་པས་འཕྱིང་དབང་བང་སོ་དམར་པོ་ནས་སྤྱན་དྲངས་པའི་འཕགས་


JKT016_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གདམས་བསྐོར་གྱི་བྱིན་རླབས་ཀྱི་བརྒྱུད་པའང་དོན་གྱིས་བཞུགས་ཤིང་། །ཤིན་ཏུ་ཉེ་བརྒྱུད་ཀུན་མཁྱེན་བླ་མ་ཉིད་ལ་འཕགས་མ་ཡིད་བཞིན་འཁོར་ལོས་མངོན་སུམ་དུ་བྱིན་གྱིས་བརླབས་པས་ཁྱད་པར་དུ་བྱས་པ་འདི་ཉིད་ཀྱི་སྒོ་ནས་སློབ་མ་རྗེས་སུ་བཟུང་བ་ལ་ཐོག་མར་མཎྜལ་ཕུལ་མཛོད། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བས་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སོགས་ལན་གསུམ། དངོས་གཞིར་སྐུའི་རྗེས་གནང་གི་སླད་དུ། ཁྱེད་རང་རྣམས་སྟོང་པའི་ངང་ལས་པད་ཟླའི་གདན་ལ་ཏྭཾ་དཀར་པོ་ལས་རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་དང་ལྡན་པ། གཡས་མཆོག་སྦྱིན་དང་། གཡོན་དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་མེ་ཏོག་ཨུཏྤལ་ལ་དཀར་པོ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་དུ་ༀ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། བསྒོམ་པ་དང་འདྲ་བའི་ཡེ་


JKT016_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སེམས་མའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པའི་མོས་པ་མཛོད། རྩ་སྔགས་མཐར། ཨཱ་བེ་ཤ་ཡ་བཏགས་པ་དང་། སྤོས་རོལ་དང་བཅས་བྱིན་དབབ། དེ་བརྟན་པར་བྱ་བའི་སླད་དུ་བུམ་པའི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། ཨོ། རྗེ་བཙུན་འཕགས་མ་སྒྲོལ་མ་ཡི། །སྐུ་ཡི་རང་བཞིན་བུམ་པའི་དབང་། །སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས། །རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག །རྩ་སྔགས་མཐར། ཀཱ་ཡ་ཨབྷི་ཥིཉྩ་ཨོ། དེས་སྐུའི་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །གསུང་གི་རྗེས་སུ་གནང་བ་ལ་བཟླས་ལུང་གི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཧཱུྃ། དེའི་མདུན་དུ་ༀ། རྒྱབ་ཏུ་ཧྭ། རྩིབས་བརྒྱད་ལ་ཡི་གེ་འབྲུ་བརྒྱད་གསལ་བཏབ་ནས་སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་ཀའི་འཁོར་ལོ་ལས་སྔགས་ཕྲེང་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་སྔགས་ཕྲེང་ལ་ཐིམ་པའི་མོས་པ་འདིའི་རྗེས་ཟློས་མཛོད། རྩ་སྔགས་ལན་གསུམ། དམ་བཅའ་བའི་སླད་དུ། འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་རྗེ་བཙུན་སྒྲོལ་མ་དཀར་མོ་ཡི་དམ་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་


JKT016_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཡི་དམ་གྱི་ལྷར་བཟུང་ཞིང་། བཟླས་བརྗོད་ལ་བརྩོན་པར་དམ་འཆའ་ལགས་སོ། །ལན་གསུམ། བྱིན་གྱིས་བརླབ་པའི་སླད་དུ། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་༧མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། སློབ་དཔོན་གྱི་དེ་ལྟར་ཕུལ་བའི་མེ་ཏོག་སྔགས་ཕྲེང་དུ་བསྒྱུར་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་གཏོར་བས་སྙིང་གར་ཐིམ་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ལན་གསུམ། དེ་བརྟན་པར་བྱ་བའི་སླད་དུ་འཆི་མེད་ཚེའི་བདུད་རྩི་བྱིན་པའི་མོས་པ་མཛོད། ཨཱཿ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི། །གསུང་གི་རང་བཞིན་བདུད་རྩིའི་རྒྱུན། །སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །རྡོ་རྗེའི་གསུང་དུ་འགྲུབ་པར་ཤོག །རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ དེས་གསུང་གི་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །ཐུགས་ཀྱི་རྗེས་གནང་གི་སླད་དུ། སློབ་དཔོན་གྱི་


JKT016_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཕྱག་མཚན་ཨུཏྤ་ལའི་རྣམ་པར་སྤྱན་དྲངས། མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ། དེའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྐུ་གཉིས་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། སྙིང་གར་ཐིམ་པའི་མོས་པ་དང་བཅས་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་མཛོད། དེ་བརྟན་པར་བྱ་བའི་སླད་དུ་ཚེའི་རིལ་བུ་བྱིན་པའི་མོས་པ་མཛོད། ཧཱུཾ། རྗེ་བཙུན་འཕགས་མ་སྒྲོལ་མ་ཡི། །ཐུགས་ཀྱི་རང་བཞིན་ཚེའི་རིལ་བུ། །སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །རྡོ་རྗེའི་ཐུགས་སུ་འགྲུབ་པར་ཤོག །རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །རྗེས་སུ་བཀྲ་ཤིས་བརྗོད། དམ་ཚིག་ཁས་བླངས་སོགས་སྤྱི་ལྟར་དང་། རྗེས་ཆོག་མཆོད་བསྟོད་དངོས་གྲུབ་བླངས་བ་སོགས་ཚོགས་མཆོད་ཀྱི་སྐབས་ལྟར་བྱའོ། །ཞེས་པའང་ཞབས་དྲུང་རིན་པོ་ཆེ་བསྟན་འཛིན་ལགས་ཀྱི་གསུང་གིས་བསྐུལ་བ་དང་། རྗེ་བཙུན་རིན་པོ་ཆེ་ཛྙཱ་ནའི་མཚན་ཅན་གྱི་ཞལ་སྔ་ནས་ཀྱང་ལེགས་སོ་དབུགས་དབྱུང་བས་འདྲི་བའི་སྤོབས་པ་སྐྱེས་ཏེ། སྔགས་བཙུན་ཤཱ་ས་ན་དྷ་ར་བཛྲ་གྱིས་ལྷ་དང་མཁའ་འགྲོ་འདུ་བའི་དབེན་རིའི་ངོགས་བསམ་གཏན་བསྒོམ་པའི་ཁང་བུར་ཐུན་མཚམས་འགའ་ཞིག་ཏུ་བྲིས་པའི་དགེ་བའི་བསྟན་འཛིན་གྱི་


JKT016_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་རྣམས་ཞབས་པད་བརྟན་ཅིང་། སེམས་ཅན་ཐམས་ཅད་ཚེ་མཐར་ཕྱིན་པའི་རྒྱུར་གྱུར་ཅིག །འདིའི་བརྒྱུད་པ་ནི། ཀུན་མཁྱེན་རིན་པོ་ཆེ་ནས། རྗེ་བཙུན་ཡེ་ཤེས་ཆོས་སྒྲོན། ངག་དབང་བསྟན་འཛིན་རྡོ་རྗེ། དགེ་སློང་བློ་བཟང་བསྟན་འཕེལ། བསྟན་འཛིན་རིན་པོ་ཆེ་མཁྱེན་རབ་མཐུ་སྟོབས། དེས་བདག་ལའོ། ༈ །ཚེ་དབང་གྲངས་གསོག་ན། རྒྱས་པ་ཚར་གཅིག་བཀྲ་ཤིས་ཡན་གྲུབ་པའི་མཐར། སླར་ཡང་བླ་མ་དང་བདུན་བསྐྱེད་རྗེ་བཙུན་སྒྲོལ་མ་དཀར་མོ་ཐ་མི་དད་པས་སྐུ་གསུང་ཐུགས་རྡོ་རྗེའི་འཆི་མེད་ཚེའི་དབང་དང་དངོས་གྲུབ་མ་ལུས་པ་སྩལ་བའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བྱིན་ལ། ཨོ། རྗེ་བཙུན་འཕགས་མ་སྒྲོལ་མ་ཡིས། །སྐུ་ཡི་རང་བཞིན་བུམ་པའི་དབང་། །སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས། །རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག །རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོ། བདུད་རྩི་སྦྱིན་ལ། ཨཱཿ རྗེ་བཙུན་འཕགས་མ་སྒྲོལ་མ་ཡིས། །གསུང་གི་རང་བཞིན་བདུད་རྩིའི་རྒྱུན། །སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །རྡོ་རྗེའི་གསུང་དུ་འགྲུབ་པར་ཤོག །རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱུ རིལ་བུ་སྦྱིན་ལ། ཧཱུྃ། རྗེ་བཙུན་འཕགས་མ་སྒྲོལ་མ་ཡི། །ཐུགས་ཀྱི་རང་བཞིན་ཚེའི་རིལ་བུ། །སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །རྡོ་རྗེའི་ཐུགས་སུ་འགྲུབ་པར་ཤོག །རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། ཤིས་བརྗོད་བློ་ཀ་གང་རུང་རེ་བྱ། གྲངས་རྫོགས་ནས་དམ་ཚིག་ཁས་བླང་མན་དཀྱུས་ལྟར་རོ། །

སྒྲོལ་མ་དཀར་མོ་ལ་བསྟེན་པའི་མཎྜལ་བཞི་པའི་ཆོ་ག་ཤིན་ཏུ་བསྡུས་པ།


JKT016_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྒྲོལ་མ་དཀར་མོ་ལ་བསྟེན་པའི་མཎྜལ་བཞི་པའི་ཆོ་ག་ཤིན་ཏུ་བསྡུས་པ་བཞུགས་སོ། །ཨོཾ་སྭསྟི། རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བརྟེན་ནས་མཎྜལ་བཞི་པའི་ཆོ་ག་བྱ་བར་འདོད་ན། གནས་དབེན་པར་དཀོན་མཆོག་གི་རྟེན་སྤྱི་དང་སྟེགས་བུའི་དབུས་སུ་རྗེ་བཙུན་མའི་སྣང་བརྙན་བྲིས་འབུར་སྐུ་མེད་ན་མེ་ཏོག་གི་ཚོམ་བུ་དགོད་ཅིང་། རྗེས་ཆོག་གི་སྐབས་སུ་གཤེགས་སུ་གསོལ་བས་ཀྱང་རུང་། གང་རིགས་བཞུགས་པའི་ཟུར་བཞིར་མཎྜལ་ཚོམ་བུ་བདུན་མ་བཞི་དང་། ལོགས་བཞིར་མཆོད་པ་སྣ་ལྔ་ཅི་འབྱོར་པས་བསྐོར། གཏོར་མ་འབུལ་ན་དཀར་ཟླུམ་རྒྱན་ལྡན་བཤམ། གཞན་ཡང་ཉེར་མཁོའི་ཡོ་བྱད་རྣམས་འདུ་བྱ། ཆོ་ག་དངོས་ལ་གཉིས། དཀོན་མཆོག་སྤྱི་དང་། རྗེ་བཙུན་མ་ལ་བརྟེན་ནས་ཚོགས་གསོག་པའོ། །དང་པོ་ནི། བྱང་ཆུབ་སེམས་ཀྱི་བསྔགས་པ་བརྗོད་ལྕི། པ་ནས། མཆོད་པའི་སྤྲིན་གྱི་གཟུངས་བཟླ་བ་ཡན་མཎྜལ་གཅིག་པ་ལྟར་ལ། ཡན་ལག་བདུན་པའི་རྗེས་སུ་སྤྲོ་ན་བྱང་སྡོམ་སྤྱི་ལྟར་བླང་། དེ་ནས་དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་སོགས་སྔོན་དུ་འགྲོ་བས། འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་སཱ་མ་ཛ ཞེས་སྤྱན་དྲངས་པས་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་རྣམས་མདུན་གྱི་ནམ་མཁར་མངོན་སུམ་དུ་བཞུགས་པར་གྱུར་པའི་མོས་པས། པདྨ་ཀ་མ་ལཱ་ཡེ་ཧཱུཾ་གྱིས་


JKT016_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གདན་འབུལ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བར་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཨཱཋཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཨོཾ་བཛྲ་ཝས་ཨཱ་ལཾ་ཀཱ་རཱ་ཡཱ་སྭཱ་ཧཱ། ཞེས་ཁྲུས་གསོལ་ན་བཟའ་དང་རྒྱན་དབུལ། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ཡན་ལག་བདུན་པ་དབུལ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཞེས་སོགས་བློ་ཀ་གསུམ་དང་། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། མཎྜལ་རྒྱས་པའམ། ས་གཞི་སྤོས་ཆུས་སོགས་ཀྱི་འབུལ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་བརྒྱ་རྩ་སོགས་ཇི་ལྟར་རིགས་པ་ཕུལ། སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐུགས་རྗེ་ཅན། །ཞེས་སོགས་


JKT016_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཅེས་པའི་བར་གྱིས་འདོད་པའི་དོན་ལ་གསོལ་བ་གདབ་བོ། །གཉིས་པ་ནི། མདུན་རྟེན་བསང་སྦྱང་། ཨཱཿ ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་ཀྱང་། །ཞེས་སོགས་ནས། ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེས། །ཞེས་པའི་བར་གཞུང་ལྟར་ལ། དེ་མཐར་པད་འདབ་ཉེར་གཅིག་རྒྱས་པའི་དབུས། །དྲན་པས་སྲིད་ཞིའི་འཇིགས་པ་ཀུན་སེལ་ཞིང་། །འདོད་རྒུའི་དངོས་གྲུབ་ཡིད་བཞིན་སྩོལ་མཛད་པའི། །རྗེ་བཙུན་སྒྲོལ་མ་ཉི་ཤུ་རྩ་གཅིག་ནི། །གང་འདུལ་མཚན་དང་སྐུ་ཡི་བཀོད་པ་དང་། །ཕྱག་མཚན་གསལ་རྫོགས་འོད་ཟེར་རབ་འཕྲོ་བ། །ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་འགྱུར་ཅན། །བདག་ལ་དགྱེས་ཤིང་བརྩེ་བས་རབ་བཞུགས་པའི། །མཐའ་སྐོར་སངས་རྒྱས་བྱང་སེམས་རིག་པ་འཛིན། །ཞེས་སོགས་ནས། ན་མོ་ན་མ་ཧཱུྃ། ཞེས་པའི་བར་གཞུང་ལྟར་དང་། ལྷ་དང་ལྷ་མིན་ཅོད་པན་སོགས་དང་། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །སོགས་ཀྱི་ཡན་ལག་བདུན་པ་དབུལ། ཁྲུས་གསོལ་རྒྱན་འབུལ་གོང་ལྟར་བྱ། མེ་ཏོག་དམ་པ་སོགས་བློ་ཀ་གསུམ་གྱི་མཐར་མཆོད་པའི་སྤྲིན་གྱི་གཟུངས་བརྗོད་པས་མཆོད། མཎྜལ་རྒྱས་བསྡུས་གང་རིགས་བརྒྱ་རྩ་སོགས་ཅི་ནུས་ཕུལ། ༀ། ཆུ་སྐྱེས་ཞལ་གྱི་གེ་སར་ལས། སོགས་ནས། བདུད་བཞིའི་གཡུལ་ལས་རྒྱལ་བར་མཛོད། །ཅེས་པའི་བར་གཞུང་ལྟར་བྱ། ཕན་ཡོན་དྲན་


JKT016_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་ནས་ཕྱག་དང་བཅས་པས། ཨོ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སོགས་ཀྱང་ཕྱག་འཚལ་ཉེར་གཅིག་ཚར་གཉིས་དང་། ལྷ་མོ་ལ་གུས་སོགས་ཕན་ཡོན་དྲན་པ་ཚར་གཅིག་བརྗོད། མདུན་བསྐྱེད་ཀྱི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ལ་ཏཱཾ་ཡིག་དཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་མཆོད། བདག་དང་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་མཐའ་དག་ཞི་བ་དང་། ཕན་པ་དང་བདེ་བའི་འདོད་རྒུ་མ་ལུས་པ་ཡིད་བཞིན་དུ་སྩལ་བར་གྱུར་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་སྟོང་རྩ་སོགས་ཅི་ནུས་བཟླས་མཐར་ཏཱ་རེ་ཞེས་མཚན་སྔགས་བརྒྱ་ཕྲག་གསུམ་གྱིས་བོས་ནས། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །སོགས་ནས། ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །ཅེས་པའི་བར་སྤྱི་ལྟར་ལ། བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབ་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །རབ་དཀར་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་མ། །ཡུམ་གྱུར་ཨུཏྤལ་བསྣམས་མའི་བཀྲ་ཤིས་ཤོག །ཅེས་འདོད་དོན་གསོལ་བ་མཎྜལ་དང་པོའོ། །དེ་བཞིན་མཎྜལ་གཉིས་པ་ལ། ལྷ་དང་ལྷ་མིན་སོགས་ཡན་ལག་བདུན་པ་ནས་འདོད་གསོལ་བར་གོང་ལྟར་ལ། ཕྱག་འཚལ་ཉེར་གཅིག་ཚར་གསུམ་དང་། མཎྜལ་གསུམ་པ་ལ་ཡང་དེ་བཞིན་གྱིས་ཕྱག་འཚལ་ཉེར་གཅིག་ཚར་བདུན་


JKT016_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་བ་ཁྱད་པར་རོ། །རྗེས་ནི། གཏོར་མ་འབུལ་བར་སྤྲོ་ན་འདས་གཏོར་གཞུང་ལྟར་དང་། འཇིག་རྟེན་པ་རྣམས་ལ་གཏོར་མ་ཟུར་དུ་བཤམ་པའམ། འདས་གཏོར་གྱི་ལྷག་མ་ཨོཾ་ཨཱཿཧཱུྃ་གིས་སླར་ཡང་བརླབ། ཨ་ཀཱ་རོས་བསྔོ། འཇིག་རྟེན་པ་ཡི་འབྱུང་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མ་འབྱོར་པ་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པ་བརྗོད་པས་ནོངས་པ་བཤགས། ཨོ། འདིར་ནི་སོགས་རྟེན་ལ་བརྟན་བཞུགས་དང་། བཛྲ་མུས་རྟེན་ལ་མ་བརྟེན་པའི་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར་པའི་མོས་པ་བྱ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། སོགས་བསྔོ་སྨོན་དང་། ཕུན་སུམ་ཚོགས་པ་སོགས་ཤིས་བརྗོད་རྒྱས་བསྡུས་གང་རིགས་བྱའོ། །དེ་ལྟར་བརྩོན་པས་འཇིགས་པ་ཐམས་ཅད་ཞི་བ་དང་། དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབ་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །ཞེས་པའང་ཚུལ་འདི་ལྟར་སྦྱར་བའི་ཕྱག་ལེན་གྱི་ཡི་གེ་མཐོང་བ་ལས་དོན་གྱི་སྙིང་པོ་ཤིན་ཏུ་བསྡུས་ཏེ། ཀུན་མཁྱེན་བླ་མ་དགྱེས་པའི་འབངས་ཨ་བྷ་ཡས་ཟིན་བྲིས་སུ་བཏབ་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ལས་ཚོགས་ཉེར་མཁོ།


JKT016_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ལས་ཚོགས་ཉེར་མཁོ་བཞུགས་སོ། །ཨོཾ་སྭ་སྟི། འདིར་རྗེ་བཙུན་སྒྲོལ་མ་དཀར་མོའི་རྣལ་འབྱོར་ལ་བརྩོན་པས་རང་གཞན་ལ་ཕན་གདགས་པའི་སླད་ལས་ཚོགས་ཉེར་མཁོ་བྱ་ཚུལ་ལ་གསུམ། བཅུད་ལེན་གྱི་ཚེ་རྫས། རིག་པའི་འཁོར་ལོ། ཁྲུས་ཀྱི་ཆོ་གའོ། །དང་པོ་ལ་གཉིས། སྦྱར་ཞིང་བསྒྲུབ་པ་དང་། ཇི་ལྟར་བསྟེན་ཚུལ་ལོ། །དང་པོ་ནི། སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པས་


JKT016_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་འཆི་བདག་བསླུ་བའི་རྟོགས་པ་ལས་བཅུད་ལེན་གྱི་རྣམ་གྲངས་མང་དུ་གསུང་པའི་ནང་ནས་སྦྱར་སླ་བ་ལ། འབྲས་བུ་གསུམ་ནི་སྤྱིར་བསྡུས་པའམ། སོ་སོར་བྷིངྒ་རཱ་ཛར་བཅས། །རྣལ་འབྱོར་པ་ཡི་རྟག་སྤྱད་ན། །ཕན་ཞིང་བདུད་རྩིར་འགྱུར་བ་སྟེ། །གཉེར་མ་སྐྲ་དཀར་རྣམས་དང་བྲལ། །རྡོ་རྗེའི་ལུས་ནི་གཟུངས་བཟང་ལྡན། །བསྐལ་པ་ཡི་ནི་གྲངས་སྙེད་དུ། །འཆི་བ་ངེས་པར་བཟློག་པ་ཡིན། །ཞེས་གསུངས་པ་ལྟར་འབྲས་བུ་གསུམ་ཀའམ། སོ་སོ་དང་བྷོདྨ་རཱ་ཛ་སྟེ་བུང་བའི་རྒྱལ་པོའམ་སྐྲ་ཚོས་སུ་གྲགས་པ་མོན་ཡུལ་ཕན་ཆད་དུ་སྐྱེ་ཞིང་ཕལ་སྐད་དུ་བྷོང་གར་འབོད་པ་སྐྲ་དཀར་པོ་ནག་པོར་བསྒྱུར་བའི་རྫས་ཁྱད་པར་ཅན་ཏེ། དེ་མ་རྙེད་ན་ཚབ་རུང་ར་མ་ཤག་གིས་བྱ་བར་གསུངས་པས། དེས་ན་ལག་ཏུ་ལེན་པའི་ཚེ་ཨ་རུ་གསེར་མདོག་ཞོ་བཅོ་ལྔ་ལ་མཚོན་ན། བ་རུ་ར་སྲང་གང་། སྐྱུ་རུ་ར་ཞོ་ལྔ། སྟོན་དུས་སུ་བསྐོས་པའི་ར་མོ་ཤག་གི་རྩ་བ་ཆུ་གྲང་གི་ཡང་ཡང་བཤལ། བྱུང་ན་ཁཎྜལེགས་པར་བསྡུས་པ་སྲང་གང་རྣམས་ནི་རྩ་བའི་སྨན་ཡིན་ལ། གཞན་ཡང་དཔལ་ལྡན་རྒྱུད་ནས་གསུངས་པའི་རྩི་བཞི། དྭངས་མ་ལྔ། སྤྱིར་བཏང་བཟང་པོ་དྲུག་བཅས་ཁ་ཚར་གྱི་ཚུལ་དུ་གདབ་སྟེ། དེ་ལ་དྭངས་མ་ལྔ་ནི། བྲག་ཞུན་སླད་མེད། ཅོང་ཞི་མཛོ་འོར་འདམ་བཏགས་སོ་མི་སེགས་པར་བྱས་པ། བུ་རམ། སྦྲང་རྩི། མར་དཀར་རོ། རྩི་བཞི་ནི། ཤུག་པའི་འབྲས་བུ། བ་ལུའི་མེ་ཏོག །མཚེ་ཤུག །འཁན་པ་དཀར་པོའོ། །བཟང་པོ་དྲུག་ནི། ཛཱ་ཏི། ཅུ་གང་། གུར་གུམ། ལི་ཤི། སུག་སྨེལ། ཀ་ཀོ་ལའོ། །དེ་རྣམས་ནད་ཁམས་དང་བསྟུན་པའི་གཏོང་ལུགས་བྱ་བའམ། སྤྱིར་བཏང་ཙམ་དུ་གཞན་རྣམས་ཞོ་གསུམ་རེ། བུ་རམ་སྦྲང་མར་དཀར་རྣམས་རོ་འགྱུར་བ་


JKT016_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་སྟེ། དེ་ལྟ་བུའི་སྨན་རྣམས་ཞིབ་བཏགས་དར་ཚག་ལ་དྲངས་བ། བར་སྦྲང་ཀ་རས་མགོ་བསྡུས་ཏེ་རིལ་བུ་སྲན་འཕོས་ཙམ་དྲིལ་བ་རིལ་ཆགས་འཐེམ་པར་བྱ། སྐམ་པ་དང་དཀར་དང་ཀ་ར་འམ་ཟར་མའི་ཁུ་བ་སྦྱར་བ་རྩི་དཀར་པོ་གསོལ། དེ་ནི་བཅུད་ལེན་གཙོ་བོར་བྱས་ཏེ་སྦྱར་བའི་ཚུལ་ཡིན་ལ། ཚེ་རྫས་དཀྱུས་མ་ལ་གོང་གི་སྨན་སྣ་རྣམས་ཇི་ཙམ་འབྱོར་པ་ལ། འབྲས་སམ་ནས་དཀར་གྱི་རྩམ་པས་བུངས་བསྐྱེད་དེ་སྦྱར་ནའང་རུང་ངོ་། །གང་ལྟར་ཡང་རང་གི་མདུན་དུ་སྟེགས་བུའི་ཁར་བུམ་པའི་ནང་དུ་བླུག །མདུན་དུ་གཏོར་མ་དང་། མཆོད་པ་བཤམ། མཚམས་དམ་པར་བཅད། བདག་བསྐྱེད་སྔོན་དུ་འགྲོ་བས་བུམ་པ་བསྒྲུབ་པའི་ཚུལ་ལྟར་རིལ་བུའི་སྟེང་དུ་སྒྲོལ་དཀར་བསྐྱེད་བསྟིམ་མཆོད་བསྟོད་བཅས་བྱས་ལ། བུམ་པའི་ལྷའི་ཐུགས་ཀར་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཧཱུྃ། དེའི་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་མ་མ་ཨ་ཡུར་པུཎྱ་ཛྙཱ་ན་པུཊྚི་ཀུ་རུ་ཞེས་པས་བསྐོར་བའི་མདུན་དུ་ཨོ། རྒྱབ་ཏུ་ཧཱ། རྩིབས་བརྒྱད་ལ་ཏཱ། རེ། ཏུཏ། ཏཱ། རེ། ཏུ། རེ། སྦྲ་ཞེས་པའི་ཡིག་འབྲུ་རེ་ཡོད་པ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང་བས་ཐུགས་བརྒྱུད་བསྐུལ། ཐུགས་ཀའི་འཁོར་ལོ་དང་སྐུའི་ཆ་ཐམས་ཅད་ལས་འཆི་མེད་བདུད་རྩིའི་རྒྱུན་བབས་པ་རིལ་བུ་ལ་ཐིམ་པས། ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྟེར་བའི་འཆི་མེད་བདུད་རྩིའི་བཅུད་ལེན་མཆོག་ཏུ་གྱུར་པར་


JKT016_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ལ་སྔགས་བཟླ། ཐུན་བསྡུ་བ་ན་དབྱངས་གསལ་རྟེན་སྙིང་དང་། མཆོད་བསྟོད་བྱ། བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་ཡིས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །དུས་མིན་འཆི་བའི་འཇིགས་པ་ཞི་བ་དང་། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩལ་དུ་གསོལ། །ཞེས་འདོད་པའི་དོན་ལ་གསོལ་བ་གདབ། ནོངས་པ་བཤགས། བདག་བསྐྱེད་ཀྱི་མཇུག་གི་བྱ་བ་རྣམས་དཀྱུས་ལྟར་བྱ། དེ་ལྟ་བུའི་རིམ་པས་ཐུན་བཞི་སོགས་སུ་བཅད་ལ། རྟགས་མཚན་དགེ་བ་མ་བྱུང་གི་བར་རམ། ཞག་བདུན་སོགས་སུ་ཐུན་སྔ་མ་རྣམས་ལ་མདུན་བསྐྱེད་སྔར་ཡོད་གསལ་གདབ་ཀྱི་ཚུལ་དུ་བསྒྲུབ། གྲོལ་རྒྱུའི་ཐུན་རྗེས་མ་བསྡུ་བ་ན། ནོངས་བཤགས་རྗེས། བུམ་ལྷ་འོད་དུ་ཞུ་བ་བཅུད་ལེན་གྱི་རིལ་བུ་ལ་ཐིམ་པས་མཐོང་ཐོས་དྲན་རེག་ཐམས་ཅད་ལ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོགས་པ་མེད་པར་སྟེར་བའི་སྨན་གྱི་རིལ་བུ་འོད་འབར་བའི་རྣམ་པར་གྱུར། ཅེས་དང་བརྟན་བཞུགས་བྱ། ཡེ་དྷ་རྨ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། སྨོན་ལམ་དང་བཀྲ་ཤིས་རྒྱས་པར་བྱའོ། །དེ་ཙམ་མི་ནུས་ན་བདག་བསྐྱེད་སྔོན་དུ་འགྲོ་བས། རིལ་བུའི་སྟེང་དུ་ཟླ་བ་ལ་ཧཱུཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། འཁོར་འདས་ཀྱི་དྭངས་བཅུད་མ་ལུས་པ་བསྡུས་ནས་སྔགས་ཕྲེང་ས་བོན་དང་བཅས་པ་ལ་ཐིམ། དེ་ལས་འཆི་མེད་བདུད་རྩིའི་རྒྱུན་སོགས་གོང་ལྟར་བརྗོད་ལ་སྔགས་བཟླ་ཐུན་


JKT016_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བ་ན། སྔགས་ཕྲེང་གདན་དང་བཅས་པ་རིལ་བུ་ལ་ཐིམ་པས་སོགས་གོང་ལྟར་མཐར་ཡེ་དྷརྨའི་སྔགས་ཀྱིས་བརྟན་པར་བྱ་ཞིང་། སྨོན་ལམ་དང་བཀྲ་ཤིས་བརྗོད་པས་ཀྱང་རུང་སྟེ། རྒྱ་གཞུང་ཁུངས་མ་ལུས་གྲུབ་པའི་རྫས་བྱིན་གྱིས་བརླབས་ཚུལ་འདི་ལྟར་མང་དུ་འབྱུང་བ་ལས། །གཉིས་པ་བསྟེན་ཚུལ་ནི། དེ་ལྟར་ལེགས་པར་བསྒྲུབས་པའི་རིལ་བུ་རླུང་མི་འཆོར་བའི་སྣོད་བཟང་པོར་བཅང་། བཅུད་ལེན་གཙོ་བོར་བྱེད་ན་ཡར་ངོའི་ཚེས་གཅིག་ལྟ་བུ་གཟའ་སྐར་བཟང་པོའི་སྔ་དྲོ་ནས་བརྩམས་དགོས་པའི་ཁ་ཟས་སྤངས་ལ་རིལ་བུ་བདུན་སོགས་ཆུ་བསྐོལ་གྱིས་ཕུལ་གཏང་། སྒོམ་བཟླས་དང་རླུང་སྦྱོར་སོགས་ལ་འབད་པས་གོང་དུ་གསུངས་པའི་ཕན་ཡོན་རྣམས་འབྱུང་བར་འགྱུར་ལ། དེ་ཙམ་མ་གྲུབ་ཀྱང་། ཐོ་རེངས་རླུང་རིགས་དྭངས་པའི་སྐབས་སུ་རིལ་བུ་རེ་རེ་སོགས་ཚེ་བསྙེན་བཟླ་བཞིན་དམ་རྫས་ཀྱི་ཚུལ་དུ་མྱང་པས་ཀྱང་ཚེ་གེགས་ཞི་བ་དང་། རིང་འཚོའི་དངོས་གྲུབ་ཐོབ་པ་སོགས་ཕན་ཡོན་དཔག་ཏུ་མེད་པ་ཡོད་དོ། །གཉིས་པ་འཁོར་ལོ་བྲིས་ཚུལ་ནི། རྒྱ་ཤོག་ལྟ་བུའི་གཞི་ལ་མཚལ་ལམ་རྒྱ་སྣག་གི་ཆོས་འཁོར་རྩིབས་བརྒྱད་མུ་ཁྱུད་ལྔ་དང་ལྡན་པའི་ལྟེ་བར་ཧཱུྃ། དེའི་མདུན་ནས་གཡས་བསྐོར་གྱིས་རང་གིས་འཆང་ན། མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཎྞཾ་ཀུ་རུ་ཞེས་པའམ། གཞན་ལ་སྟེར་ན་སྒྲུབ་བྱའི་མིང་སྤེལ། སྤྱིར་བཏང་དུ་མ་མའི་མལ་དུ་དྷ་ར་ཀ་སྱ། འཆང་བ་པོའི། ཞེས་བྲིས་ཀྱང་རུང་། དེའི་མདུན་དུ་ཨོ། རྒྱབ་ཏུ་ཧྭ། རྩིབས་བརྒྱད་ལ་ཏཱ་རེ་སོགས་ཡིག་འབྲུ་བརྒྱད། མུ་ཁྱུད་དང་པོ་ལ་ཨ་ལི་གཡོན་བསྐོར། གཉིས་པར་ཀཱ་ལི་གཡས་བསྐོར། གསུམ་པར་ཡེ་དྷརྨ་གཡས་བསྐོར། བཞི་པར་རྡོ་རྗེའི་ཕྲེང་བ། ལྔ་པར་འོད་ཟེར་པ་ཏྲ་རྩེ་མོ་གཡས་


JKT016_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཕྱོགས་པ་བྲི། ཚེ་རྫས་དང་དྲི་བཟང་གིས་བྱུག །མདུན་དུ་སྟེགས་བུའི་ཁར་བཞག །གཏོར་མ་དང་མཆོད་པ་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས། འཁོར་ལོ་མདུན་བསྐྱེད་ལྟར་གསལ་གདབ། དེའང་མུ་ཁྱུད་རྣམས་ཡོངས་སུ་གྱུར་པ་ལས་ནོར་བུ་ཆུ་ཤེལ་གྱི་གཞལ་མེད་ཁང་དང་། སྔགས་ཀྱི་ཡིག་འབྲུ་རྣམས་ཡོངས་སུ་གྱུར་པ་ལས་སྒྲོལ་མ་དཀར་མོ་བསྐྱེད་པའི་མདུན་དུ། མིང་སྤེལ་ཡོངས་སུ་གྱུར་པ་ལས་བསྒྲུབ་བྱ་དངོས་ཀྱི་རྣམ་པ་གུས་པའི་ཚུལ་དུ་འཁོད་པར་གསལ་བཏབ་ཅིང་མཆོད་བསྟོད་བཟླས་པ་བཅས་བྱ། མཐར་འཁོར་ལོ་བཀོད་པའི་དབྱངས་གསལ་རྟེན་སྙིང་མང་དུ་བཟླ། མཆོད་བསྟོད་དང་འདོད་དོན་གསོལ། ནོངས་པ་བཤགས། བསྐྱེད་པའི་གཞལ་ཡས་ཁང་ཡོངས་སུ་གྱུར་པ་ལས་འཁོར་ལོའི་མུ་ཁྱུད་དང་། ལྷ་མོ་ཡོངས་སུ་གྱུར་པ་ལས་སྔགས་ཀྱི་ཡིག་འབྲུ་འོད་འབར་བའི་རྣམ་པ་དང་བསྒྲུབ་བྱ་ཉིད་མིང་སྤེལ་གྱི་ཡི་གེར་གྱུར་པར་བསམས་ལ། འདིར་ནི་རྟེན་དང་སོགས་བརྟན་བཞུགས་ནན་ཏན་བྱ། དེ་ནས་བདག་བསྐྱེད་ཀྱི་མཇུག་གི་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་སོགས་བྱས་ལ། འཁོར་ལོ་ལྟེ་བ་མ་ཉམས་པར་བལྟབ། ཚོན་སྐུད་སྣ་ལྔས་བཅིངས་ལ་ན་བཟའ་དཀར་པོ་དང་བཅས་མགུལ་དུ་བཏགས་པས་ཚེ་གེགས་སྲུང་བ་དང་། ཚེ་བསོད་རྒྱས་པའི་མཆོག་ཏུ་འགྱུར་རོ།། ༈ །།གསུམ་པ་ཁྲུས་ཀྱི་ཆོ་ག་ནི། བདག་བསྐྱེད་སྔོན་དུ་འགྲོ་བས་བུམ་པ་སྤྱི་ལྟར་བསྒྲུབ་བྱ་མདུན་དུ་འཁོད་པ་ལ་སྦྱོང་ཆས་བཤམ། འོ་ཁྱེད་རང་རྣམས་ཀྱི་འགལ་རྐྱེན་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་བཀྲ་ཤིས་པའི་ལེགས་ཚོགས་


JKT016_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་རྒྱས་པར་བྱ་བའི་སླད་དུ་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ཁྲུས་ཀྱི་ཆོ་གས་རྗེས་སུ་འཛིན་པ་ལའང་བགེགས་ཞི་བའི་ཕྱིར་སྦྱོང་བ་བྱ་བ་དང་། བཀྲུ་བྱབས་སྲུང་གསུམ་བྱ་བ་དང་། བདེན་པའི་སྟོབས་བརྗོད་པ་དང་། ཤིས་པར་བྱ་བ་རྣམས་སུ་ཡོད་པ་ལས་ཐོག་མར་གདོན་བགེགས་ལ་གཏོར་མ་བྱིན་ནས་སྦྱོང་བ་བྱས་པའི་མོས་པ་མཛོད། གཏོར་མ་གསུམ་གཡས་སུ་བསྐོར་ཞིང་། ཨོཾ་སརྦ་བིགྷཱན་ན་མ་སརྦ་ཏ་ཐཱ་ག་ཏེ་བྷོ་བི་ཤྭ་མུ་སོགས་གསུམ་གྱིས་ཞི་བའི་སྦྱོང་བ། ཏིང་ལོ་ཆངས་བུ་གསུམ་གཡོན་དུ་བསྐོར་ཞིང་། སུམྦྷ་བརྗོད་པས་ཕྱེད་མའི་སྦྱོང་བ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༔ གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་ཁྲོ་མོ་རྣམས་ཀྱི༴ ཁྱད་པར་དུ་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་བརླབས་ཀྱིས་དེང་འདིར་བསྒྲུབ་བྱ་རྣམས་ལ་གནོད་ཅིང་འཚེ་བའི་གདོན་བགེགས་འབྱུང་པོའི་ཚོགས་ཐམས་ཅད་*གཏོར་མ་འདིས་ཚིམ་པར་བགྱིས་ལ། དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་མགོ་བོ་ཚལ་བ་བརྒྱས་


JKT016_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འགས་པར་འགྱུར་རོ། །ཞེས་བརྗོད་ཅིང་གཏོར་མ་ཕྱིར་དོར། སུམྦྷ་བརྗོད་ཅིང་གུ་གུལ་བདུག །ཡུངས་ཀྱིས་བྲབ་པ་ནི་དྲག་པོའི་སྦྱོང་བའོ། །གཉིས་པ་བཀྲུ་བྱབས་སྲུང་གསུམ་ལ། ཐོག་མར་བཀྲུ་བའི་སླད་དུ་སློབ་དཔོན་སྒྲོལ་མ་དཀར་མོར་གསལ་བའི་ཕྱག་ན་བུམ་པ་ཡེ་ཤེས་བདུད་རྩིས་གང་བ་ཐོགས་ཏེ་ཁྱེད་རང་རྣམས་ལ་ཁྲུས་བགྱིས་པ་ལ་བརྟེན་ནས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ། དེས་བསྐྱེད་པའི་ནད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་བྱང་ཞིང་དག་པའི་མོས་པ་མཛོད། ཅེས་དང་། ཇི་ལྟར་བལྟམས་པ་སོགས་མཐར། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོའི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་བིགྷཱན་བྷུ༴ སརྦ་ར་གེ༔ སརྦ་དུཥྛ་ན༔ སརྦ་གྲ་ཧེ༔ སརྦ་ཛཱ་རེ༔ སརྦ་བྱཱ་དྷི སརྦ་ཨུ་པ་དྲ་བྱེ༔ སརྦ་ཨ་ཀཱ་ལ་མྲྀ་ཏྱཱ༔ སརྦ་དུསྶ་ཕི༴ སརྦ་དུརྨི་ཏི༴ སརྦ་ཙིཏྟ་ཀུ་ལེ་བྷྱ༔ ཤཱནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བཀྲུ། སྤྲོ་ན། འདི་ནི་ཁྲུས་མཆོག་སོགས་དང་། འདི་ནི་སྦྱིན་པའི་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚིགས་བཅད་དང་སྤེལ། བྱབས་པའི་སླད་དུ། རྨ་བྱའི་མདོངས་ཀྱི་ཐིག་ལེའི་དབུས་སུ་ཟླ་བའི་གདན་ལ་ཏཱཾ་ཡིག་དཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་བཀྲུས་པས་མ་དག་པའི་ནད་གདོན་ཉེར་འཚེའི་ལྷག་མ་ཐམས་ཅད་རྒྱ་མཚོ་ཆེན་པོར་ཕྱིར་


JKT016_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དོར་བའི་མོས་པ་མཛོད། ཅེས་དང་། སྔགས་གོང་བཞིན་ལ་ཤཱནྟཾ་ཀུ་རུ་ཞེས་པའི་མལ་དུ། ཨ་པ་ན་ཡ་ཞེས་བཏགས་པས་བྱབས། བསྲུང་བར་བྱ་བའི་སླད་དུ། སློབ་དཔོན་གྱིས་ཕྱག་གི་རྡོ་རྗེ་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་རྒྱ་གྲམ་དུ་རེག་པ་ལ་བརྟེན་ནས་དེ་ལས་དེ་འདྲ་བའི་རྡོ་རྗེའི་རིགས་ཅན་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་ལུས་ལ་རྡོ་རྗེའི་གོ་ཁྲབ་བཞུ་བླུགས་སུ་གྱུར་བས་ཕྱིན་ཆད་ནད་གདོན་ཉེར་འཚེ་གང་ཡགིས་ཀྱང་མ་ཚུགས་པར་སྲུང་བ་བྱས་པའི་མོས་པ་མཛོད། སྔགས་གོང་ལྟར་ལ་རཀྵ་རཀྟ་བཏགས་པ་སྤྱི་བོ། མདུན་རྒྱབ། དཔུང་མགོ་གཉིས། པུས་མོ་གཉིས་རྣམས་སུ་རྡོ་རྗེ་རྒྱ་གྲམ་དུ་རེག །གསུམ་པ་བདེན་པའི་སྟོབས་བརྗོད་པ་ནི། སླར་ཡང་སློབ་དཔོན་གྱིས་ཕྱག་གི་རྡོ་རྗེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ཅིང་སྔགས་དང་བདེན་པའི་ཚིག་གིས་ཀྱང་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་དང་། རྩ་སྔགས་ལན་གསུམ་སོགས་ཀྱི་མཐར། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །རྗེ་བཙུན་ཡིད་བཞིན་འཁོར་ལོའི་ནུས་མཐུ་དང་། །འགྲོ་བ་འདི་ནི་བདག་གིས་བསྲུངས་ཟིན་གྱི། །འདི་ལ་སུས་ཀྱང་གནོད་པར་མ་བྱེད་ཅིག །ཅེས་བརྗོད་ལ། བཞི་པ་ཤིས་པར་བྱ་བའི་སླད་དུ། ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་མེ་ཏོག་གི་ཆར་འབེབས་ཤིང་བཀྲ་ཤིས་པའི་ཚིགས་སུ་བཅད་


JKT016_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཕུན་སུམ་ཚོགས་པ་མངའ་བའམ༴ ཆེ་བའི་ཆེ་མཆོག་ལྟ་བུ་མདོ་རྒྱུད་ལས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་ཤེས་བརྗོད་ཅིང་མེ་ཏོག་འཐོར་བས་བདེ་ལེགས་སུ་བྱའོ། །རྗེས་གནང་དང་ཁྲུས་ཆོག་སྦྲེལ་ན། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། མཐའ་རྟེན་དུ་ཁྱེད་རང་རྣམས་ཀྱི་ཞེས་སོགས་གོང་ལྟར་སྦྱོང་བ་ནས་བཀྲ་ཤིས་ཀྱི་བར་བྱ་བ་ཡིན་ནོ། །དེ་རྣམས་ནི་ཉེར་མཁོའི་ལས་ཚོགས་མདོ་ཙམ་སྟེ། གཞན་ཡང་ཕན་བྱའི་ལས་ཇི་སྙེད་ཅིག་འབྱུང་བ་ཇོ་བོ་ལུགས་ཀྱི་ཡིག་རྙིང་གསལ་བྱེད་དང་བཅས་པ་ལས་ཤེས་པར་བྱའོ། །ཞེས་པའང་དོན་གཉེར་ཅན་དག་ལ་སྨན་པའི་བསམ་པས་རིག་འཛིན་གྱི་བཙུན་པ་མཉྫགྷོ་ཥས་བྲིས་པའི་དགེ་བས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། འགྲོ་ཀུན་ཕན་བདེའི་འདོད་རྒུ་ལ་དུས་རྟག་ཏུ་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག། །།དགེའོ།།

བདུད་རྩི་སྨན་གྱི་སྒྲུབ་པ་མདོར་བསྡུས་བྱ་ཚུལ་འཆི་མེད་རྟག་པའི་བཅུད་ལེན།


JKT016_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྨན་གྱི་སྒྲུབ་པ་མདོར་བསྡུས་བྱ་ཚུལ་འཆི་མེད་རྟག་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།། །།


JKT016_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་སྣང་སྲིད་ཐམས་ཅད་ཀུན། །བདུད་རྩིའི་ངོ་བོར་རབ་བཏུད་ནས། །ཀུན་རྫོབ་འགྲོ་བ་དྲང་བའི་སླད། །འཆི་མེད་རྟག་པའི་བཅུད་ལེན་སྤེལ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལའང་གནས་གང་དུ་བྱ་བ། དུས་ནམ་གྱི་ཚེ་བྱ་བ། སྨན་བསག་ཅིང་སྦྱར་བ། ཡོ་བྱད་ཀྱི་བཤོམ་ཇི་ལྟར་འགོད་པའི་ཚུལ་ཏེ་བཞི་ལས། །དང་པོ་གསུམ་ནི་མན་ངག་གི་ཡི་གེ་དང་བརྒྱུད་ལྡན་དམ་པའི་ཕྱག་གཞེས་ལྟར་ཤེས་པར་བྱ་ལ། བཞི་པ་ནི། སྟེགས་བུའི་ཁར་དཀྱིལ་འཁོར་གྱི་དབུས་སུ་ལྡིང་ཁྲིའི་སྟེང་ཐོད་པ་མཚན་ལྡན་དཔྲལ་བ་རང་ལ་བསྟན་པའི་ནང་བདུད་རྩི་ཆོས་སྨན་གྱིས་གཏམས་པའམ། ཉུང་ངུ་ལས་མེད་ན་འབྲུས་བཀང་བའི་སྟེང་དུ་ཆོས་སྨན་ཐུམ་བུ་བྱས་ལ་གཞུག །དར་དམར་གྱི་ཁ་ཆོད་དང་ཚོན་སྣ་ལྔས་རྒྱ་གྲམ་དུ་བཅིངས་པར་གཟུངས་ཐག་བཏགས་ལ་དགོད། མཐར་ཕྱི་ནང་གི་མཆོད་པ་དང་ཚོགས་ཀྱི་ཡོ་བྱད་སོགས་ཉེར་མཁོ་ཐམས་ཅད་


JKT016_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱའོ། །གཉིས་པ་དངོས་གཞི་ལ། ཁྲོལ་སྒྲུབ་ཁ་འགེངས་པའི་ལུགས་དང་། ཕྱེ་མ་རྐྱང་པར་བཤད་པའི་ལུགས་གཉིས་ལས། འདིར་ཕྱི་མ་ལྟར་བཤད་པས། རང་གི་ལྷག་པའི་ལྷའི་ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བདག་དང་སྒྲུབ་རྫས་ཐ་མི་དད་པའི་བསྐྱེད་བཟླས་སྔོན་དུ་འགྲོ་བས། བདག་རང་བཞིན་གྱི་དཀྱིལ་འཁོར་ལ་གནས་པས་མདུན་གྱི་སྒྲུབ་རྫས་ལ་དམིགས་ཏེ། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཡཾ་རཾ་ཀཾ་ཡིག་ལས། །རླུང་མེ་ཐོད་པའི་སྐྱེད་པུ་གསུམ་གྱི་སྟེང་། །ཨོཾ་ལས་མཚན་ལྡན་པདྨ་བྷཉྫའི་སྣོད། །ཡངས་ཤིང་རྒྱ་ཆེ་དཔྲལ་བ་རང་ལ་བསྟོན། དེ་དབུས་འཁོར་ལོ་རྩིབས་བཞིའི་ལྟེ་བ་རུ། །བྱང་སེམས་སེང་གེའི་ཤ་དང་བཟང་པོ་དྲུག །དྲི་ཆེན་གླང་པོའི་ཤ་དང་ཛཱ་ཏི་ཤར། །ཤ་ཆེན་རྟ་མཆོག་ཤ་དང་ཀ་ཀོ་ལྷོ།


JKT016_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པད་རཀ་རྨ་བྱའི་ཤ་དང་ལི་ཤི་ནུབ། །དྲི་ཆུ་ཁྱུང་ཆེན་ཤ་དང་གུར་གུམ་བྱང་། །ཀུན་ཀྱང་ཁ་དོག་དྲི་རོ་ནུས་པར་ལྡན། །རང་གི་ཐུགས་ནས་སྔགས་ཀྱི་འོད་ཟེར་འཕྲོས། །རླུང་གཡོས་མེ་སྦར་ཐོད་པའི་རྫས་རྣམས་ཀུན། །འོད་ཞུ་ཡོངས་སུ་གྱུར་ལས་ཕྱག་མཚན་བཅུ། །སོ་སོའི་ལྟེ་བར་ཧཱུྃ་ཨོཾ་སྭཱ་ཨཱི་ཤཱཿ ཧཱུཾ་ལཾ་མཱི་ཛྭ་ཏྭཾ་གྱིས་མཚན་པ་ལས། །འོད་ཟེར་དཔག་ཡས་ནམ་མཁའི་གང་བར་འཕྲོས། །འཁོར་འདས་ཀུན་གྱི་བཅུད་རྣམས་བསྡུས་ཏེ་ཐིམ། །སྐད་ཅིག་ཉིད་ལ་རིགས་ལྔ་ཡབ་ཡུམ་བཅུ། །ཟུང་འཇུག་བདེ་སྟོང་སྐུ་རུ ལམ་གྱིས་གསལ། །ཅེས་བདུད་རྩིའི་རང་བཞིན་གྱི་དཀྱིལ་འཁོར་གསལ་བཏབ་ནས། བདུད་རྩིའི་སྟེང་གི་ཕྱོགས་བཞི་མཚམས་བརྒྱད་དུ། །རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ། །དབྱུག་སྔོན་མི་གཡོ་འདོད་རྒྱལ་གསུམ་རྒྱལ་དང་། །སྟེང་འོག་གཉིས་སུ་ཧཱུྃ་མཛད་སྟོབས་པོ་ཆེ། །རང་རྟགས་མཚོན་ཆ་ཐོགས་ནས་རྔམས་བརྗིད་འབར། །འགྲོ་འདུལ་དཀྱིལ་འཁོར་ཆེན་པོའི་རྣམ་པར་གསལ། །དེ་སྟེང་ཏ་ཀྲྀཏ་ཁྲོ་བོའི་དཀྱིལ་འཁོར་གྱི། །དབུས་དང་ཕྱོགས་བཞིར་རིགས་ཀྱི་ཧེ་རུ་ཀ ། ས་ནུ་རཀྟ་གུ་བྱ་བི་ཤུ་དང་། །ཡཀ་ཁྲོ་རྒྱལ་མཐིང་སྨུག་སེར་དམར་ལྗང་། །གནག་པའི་མདངས་ཆགས་རིགས་ཀྱི་ཕྱག་མཚན་དང་། །དུང་ཁྲག་ཐོགས་པའི་ཡུམ་དང་མཉམ་པར་སྦྱོར། །དེ་སྟེང་མཁའ་


JKT016_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་དཀྱིལ་འཁོར་གནམ་ཞལ་མའི། །ཞབས་བཞི་ཕྱོགས་བཞིའི་ཁྲོ་བོའི་དབུ་སྟེང་བརྐྱངས། །སྐུ་མདོག་སྔོ་སྐྱ་དབུ་དགུ་ཕྱག་བཅོ་བརྒྱད། །དང་པོའི་ཕྱག་གཉིས་རྡོ་རྗེ་དྲིལ་བུ་དང་། །ལྷག་མ་གཡས་བརྒྱད་གནས་ཀྱི་མ་མོ་བརྒྱད། །གཡོན་བརྒྱད་ཡུལ་གྱི་ཕྲ་མེན་བརྒྱད་པོ་བསྣམས། །གེལ་པའི་འདུག་སྟངས་ཚུལ་གྱིས་བཞུགས་པ་ཡི། །བྷ་གར་ས་ནུ་ཧེ་རུ་ཀའི་དཔྲལ་བ། །ཕྱེད་ནུབ་ཙམ་ཆུད་གནམ་ཞལ་ཡུམ་གྱི་སྟེང་། །རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་དཔལ་ཆེན་པོ། །ཆེ་མཆོག་སྨུག་ནག་དབུ་ནི་ཉི་ཤུ་གཅིག །བཞི་བཅུ་རྩ་གཉིས་ཕྱག་གི་དཀྱིལ་འཁོར་ན། །ཞི་བ་ཡབ་རྣམས་གཡས་ལ་*ཡུམ་རྣམས་གཡོན། །ཐུབ་པ་དྲུག་ནི་གཡས་གཡོན་གསུམ་གསུམ་བཞུགས། །ཞབས་བརྒྱད་རོལ་པས་ཡུམ་གྱི་དབུ་བརྒྱད་བརྫིས། །གསང་བའི་རྡོ་རྗེ་ཡུམ་ཞལ་དབུས་མ་ཡི། །ནང་དུ་བཅུག་པའི་ཆེ་མཆོག་དབུའི་ནང་དུ། །རིགས་ལྔ་ཡབ་ཡུམ་འཇའ་ཚོན་ལྟ་བུར་བཀྲ། །དབུ་གཙུག་རྟ་ཞལ་ངར་སྐད་ཕྱོགས་བཅུར་སྒྲོགས། །རྟ་མགྲིན་དབང་གི་དཀྱིལ་འཁོར་ཆེན་པོར་གསལ། །རང་སྲོག་སྔགས་ཀྱི་།འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་སྤྲོས་པས་མཆོད་པའི་རང་བཞིན་གྱིས། །བདུད་རྩིའི་སྟེང་གི་རིགས་ལྔ་ཡབ་ཡུམ་མཆོད། །ཐུགས་དམ་རྒྱུད་བསྐུལ་འོད་ཟེར་གོང་དུ་སྤྲོས། །འགྲོ་འདུལ་མཁའ་


JKT016_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཏ་ཀྲྀཏ་ཚེ་རྟའི་བར། །མས་རིམ་མཆོད་པས་དགྱེས་པ་བསྐྱེད་པའི་མཐར། །ཆེ་མཆོག་དབུ་ཡི་རིགས་ལྔ་ཡབ་ཡུམ་རྣམས། །མཆོད་ཅིང་ཚིམ་ནས་ཐུགས་ཀའི་འོད་ཟེར་གྱིས། །རྒྱལ་བ་སྲས་བཅས་བྱིན་རླབས་དངོས་གྲུབ་བསྡུས། །ལྔ་ལྡན་འོད་དང་བདུད་རྩིའི་རྣམ་པར་བཀྲག །དུང་ཁང་ནང་གི་རིགས་ལྔའི་ཚངས་བུག་ཞུགས། །ཆེ་མཆོག་སྐུར་བརྒྱུད་རྡོ་རྗེའི་ལམ་ནས་ཐོན། །ཡུམ་ཞལ་བབས་པ་མཁར་ཐོན་ས་ནུ་ཡི། །ཚངས་བུག་བབས་པས་བདུད་རྩིའི་ཟེག་མ་རྣམས། །རིགས་བཞིའི་ཁྲོ་བོ་ཀུན་གྱི་སྐུ་ལ་བབས། །ཁྲག་འཐུང་རིགས་ལྔའི་སྦྱོར་མཚམས་ནས་བརྒྱུད་དེ། །ཁྲོ་བཅུར་ཕོག་པའི་བདུད་རྩི་ཐོད་པའི་ནང་། །རིགས་ལྔ་ལས་བརྒྱུད་ཡབ་ཡུམ་སྦྱོར་མཚམས་ནས། །བབས་པས་བདུད་རྩིའི་རྒྱུན་དང་གཅིག་ཏུ་འདྲེས། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལས། །འོད་ཟེར་འཕྲོས་པས་སྣོད་བཅུད་ཡོན་ཏན་རྣམས། །མཁའ་ལས་ཆར་ཆེན་འབབས་པ་བཞིན་དུ་བཀུག །སྔར་བཞིན་ཡས་འབེབས་བདུད་རྩིའི་རྒྱུན་ཆེན་པོ། །ཆད་མེད་བབས་པས་བྱིན་གྱིས་བརླབས་པར་གྱུར། །ཅེས་བསམས་ཤིང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩཨ་མྲྀ་ཏ་ཧཱུྃ་ཧྲཱིཏྟཱ། ཞེས་པ་རྩེ་གཅིག་ཏུ་བཟླ། ཐུན་བསྡུ་བ་ན། རྟ་མགྲིན་དབང་གི་དཀྱིལ་འཁོར་ནས་བཟུང་སྟེ། །རིམ་བཞིན་འོད་ཞུ་བདུད་རྩིར་ཐིམ་


JKT016_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། །ཅེས་བསྡུས་ནས། དཀྱིལ་འཁོར་གྱི་ཉེར་བསྡུ་སོགས་རྗེས་ཆོག་རྣམས་དཀྱུས་ལྟར་བྱས་ལ། ཐུན་མཚམས་ཀྱི་ལྷར་ལའང་། དེ་ལྟ་བུའི་རིམ་པས་ཐུན་ཕྱི་མ་གསུམ་ལའང་ལས་བྱང་རྫོགས་པ་རེ་བྱ། དེ་ལྟ་བུ་ཞག་གཅིག་བགྱིས་པའི་ཉིན་གཉིས་པ་ལ། གཞན་གོང་ལྟར་ལ་ཐུན་རེར་ཆ་གཉིས་སུ་བགོས་པས་ཕྱེད་ཉིན་སྔ་མ་བཞིན་ལ་དཀྱིལ་འཁོར་དྲུག་འོད་ཞུ་བགྱིས་རྗེས། མདུན་དུ་ཐོད་པར་བདུད་རྩི་འཁྱིལ་པ་ཡིས། །ཕྱག་གཉིས་ཉི་ཟླའི་གའུ་ཁ་སྦྱོར་འཛིན། །འཁོར་འདས་བཅུད་བསྡུས་དེ་ཡི་ནང་དུ་བསྐྱིལ། །ཕྱིར་འཛག་བདུད་རྩིའི་རྒྱུན་དང་འདྲེས་པར་གྱུར། །ཅེས་གསལ་བཏབ་སྟེ། ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཧཱུྃ། ཞེས་བཟླས་ནས་བསྡུ་བ་ནི། བདུད་རྩི་འཁྱིལ་པ་ཚེ་བཅུད་དང་བཅས་པ། །འོད་དུ་ཞུ་ནས་བདུད་རྩིར་ཐིམ་པར་གྱུར། །ཅེས་བརྗོད། ཉིན་གསུམ་པར་གཞན་གོང་ལྟར་ལ། ཐུན་རེར་ཆ་གསུམ་དུ་བགོས་པའི་ཚེ། རང་སྲོག་སྔགས་ཀྱི་འོད་ཟེར་འཕྲོ་འདུ་ཡིས། །འཁོར་འདས་བཅུད་བསྡུས་བདུད་རྩིར་ཐིམ་པ་ལས། །དཀར་དམར་མདངས་ཆགས་འཆི་མེད་ཚེའི་བདུད་རྩི། །འཛད་མེད་རཱ་ས་ཡཱ་ན་ཆེན་པོར་གྱུར། །ཅེས་བརྗོད་ལ་གསལ་བཏབ་སྟེ། ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་པྲ་བེ་ཨཱ་བ་ཤེ་ཡིན་ནམ་སྙམ་སྟེ་འདི་ཁོ་ན་བཞིན་ཡོད་མན་ངག་ཞིག་གོ་ཤ་ཡ་ཕོ་ཕོ་ཧཱུཾ་ཧྲཱིཀྐཱ། ཞེས་བཟླའོ། །འདི་ནི་ཉི་མ་གསུམ་གྱི་དབང་དུ་བགྱིས་ཀྱི། གཞན་དུ་ཆ་བགོས་པའི་སྒྲུབ་ཚུལ་ཤེས་པས་བདུན་ཕྲག་གཅིག་དང་གསུམ་སོགས་ཇི་ལྟར་རིགས་པར་


JKT016_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་བྱའོ། །གསུམ་པ་རྗེས་ནི། སྒྲུབ་པ་ཐོན་ཁར་གོང་གི་དཀྱིལ་འཁོར་དྲུག་པོ་བསྐྱེད་ཚིག་གིས་གསལ་མཐར་བཟླས་པ་ཅུང་ཟད་ཅིག་བགྱིས་ནས། དཀྱིལ་འཁོར་ལྷ་ཚོགས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་འདུས་པའི་དངོས་གྲུབ་ཀུན་གྱི་དབྱིག །འཆི་མེད་བདུད་རྩི་འོད་ཀྱི་རྣམ་པར་ནི། །བདག་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། །ཨོཾ་ཨཱ་ཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མཉྫའི་བྱ་བ་ལོ་ཀི་ནི་ཧཱུཾ་ཧྲཱིཏྟཱ། ཞེས་ཅི་འགྲུབ་ཏུ་བཟླ། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ཨ་མྲྀ་ཏ་སིདྡྷི་ཧཱུྃ༔ ཞེས་སྨན་ཐོད་བླངས་ནས་དཀྲིས་པའི་སླད་བུ། བཛྲ་པྲ་བེ་ཤ་ཡ་ཕཊ་ཅེས་པས་རིམ་པར་དགྲོལ། ཁ་རླངས་སྨན་གྱི་དྭངས་མ་དཀར་དམར་མཐིང་གསུམ་གྱི་རྣམ་པས་བྱུང་བ་བདག་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་བྱིན་གྱིས་བརླབས་པར་གྱུར། ཨ་མྲྀ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད། ཐོད་པ་ཆང་གིས་བཀང་བར་བསྒྲུབས་མ་ཐག་པའི་བདུད་རྩིའི་ཕུར་མ་ནས་ཅུང་ཟད་བཏབ། གོང་གི་བདུད་རྩིའི་དཀྱིལ་འཁོར་བསྐྱེད་ཆོག་གི་གཤམ་དུ། རིགས་ལྔ་ཡུམ་ལྔར་གྱུར་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྒྱུན་བབས་པའི་སྟེང་དུ་རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་སྔགས་དང་བཅས་པས་བྱིན་གྱིས་བརླབས་ཏེ། རང་བྱུང་གདོད་ནས་དག་པའི་རྫས། །སོགས་ཀྱིས་མཚོན་ཏེ་རྩ་གསུམ་ལ་སྨན་མཆོད་རྒྱས་པར་འབུལ། རང་གི་ལྕེར་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བར་


JKT016_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཡིག་གིས་མཚན་པར་བསམས་ལ་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ནས་ལྕེ་ཐོག་ཏུ་གཞག །སྤྲོ་ན། ཧཱུྃ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །དམ་ཚིག་ཅན་གྱིས་ཧཱུྃ་བསྒོམས་ཏེ། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱངས་ན་དངོས་གྲུབ་མཆོག་ཐོབ་འགྱུར། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་སིདྡྷི་ཨོ། ཝཱ་ཀ་སིདྡྷི་ཨཱ ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད་ཅིང་མྱང་། རྩ་ཁམས་ཐམས་ཅད་བྱང་སེམས་ཀྱི་བདུད་རྩིས་གང་བས་རྒྱུད་ལ་སྐྱེས་པར་བསམས་ལ་མཉམ་པར་གཞག །སླར་ཡང་མཐེབ་སྲིན་གྱི་བདུད་རྩིས་གནས་གསུམ་ཙམ་མམ། རྣ་བ་སྙིང་ག་ལྕེ་སྟེང་དང་། །ཡན་ལག་ཀུན་ལ་ཐིག་ལེ་བྱ། །ཞེས་གསུངས་པ་ལྟར་བདུད་རྩིའི་ཐིག་ལེ་གདབ། བཅང་ཚུལ་སོགས་རྒྱུད་དང་གྲུབ་པའི་མན་ངག་གིས་རྒྱ་ཆེར་ཕྱེ་བ་ལྟར་ཤེས་པར་བྱའོ། །དེ་ལྟར་འབད་པས་ཡུལ་ཕྱོགས་བཀྲ་ཤིས་བྱིན་ཆེ་བ་དང་། རྣལ་འབྱོར་པ་ཉམས་རྟོགས་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པ་དང་། བདུད་རྩི་མཐོང་རེག་མྱོང་བ་ཐམས་ཅད་དངོས་གྲུབ་རྣམ་པ་གཉིས་ཐོབ་པ་སོགས་ཡོན་ཏན་མཐའ་ཀླས་པ་ཉིད་དོ། །འཆི་མེད་བདུད་རྩིའི་ཟིལ་དངར་གྱིས། །རྟག་པའི་ལང་ཚོ་རྒྱས་འདོད་པས། །རྡོ་རྗེའི་བཅུད་ལེན་འདི་བསྟོན་ན། །དངོས་གྲུབ་ཀུན་གྱི་དབྱིག་ཏུ་འགྱུར། །བདུད་རྩི་སྨན་གྱི་སྒྲུབ་པ་མདོར་བསྡུས་ཏེ་ལག་ཏུ་བླང་བའི་ཚུལ་ཉུང་གསལ་སྙིང་པོར་དྲིལ་བ་འདིའང་རིག་འཛིན་གཏེར་བདག་གླིང་པའི་གསུང་གི་རྗེས་སུ་འབྲངས་ཏེ་ཉེར་མཁོའི་ཡན་ལག་ཏུ་མཉྫགྷོ་ཥས་བྲིས་པ་སཏཱ་ད་སིདྡྷི་རསྟུ།། །།

རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ།


JKT016_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ་ཅེས་བྱ་བ་བཞུགས་སོ། །


JKT016_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཤྲཱི་གུ་ར་བེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཅན། །བརྟན་གཡོ་ཀུན་ལ་ཁྱབ་པའི་ཧེ་རུ་ཀ །དཔལ་ལྡན་རྡོ་རྗེ་སེམས་དཔས་དགེ་ལེགས་མཛོད། །དེ་ལ་འདིར་སུ་པྲ་ཏིཥྛའི་སྒྲ་ལས་དྲངས་ན་དེ་བཞིན་གཤེགས་པ་རྣམས་ཀྱི་ཚད་མེད་པའི་ཕྲིན་ལས་ཀྱིས་སྤྲུལ་པའི་གཟུགས་བརྙན་སྐུ་གསུང་ཐུགས་ཀྱི་རྟེན་དམ་ཚིག་པའི་རྣམ་ཆར་ཤར་པ་ལ། ཡེ་ཤེས་པ་ལེགས་པར་རབ་ཏུ་གནས་པའི་ཆོ་ག་ནི་རྡོ་རྗེ་འཆང་ཆེན་པོས་རྒྱུད་སྡེ་རྒྱ་མཚོ་ནས་ལན་གཅིག་མ་ཡིན་པར་བསྔགས་པའི་ཚུལ། དཔལ་གསང་བ་སྙིང་པོ་རྩ་བའི་རྒྱུད་ལས། ས་ལ་སོགས་ལས་ཕྱག་རྒྱ་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་པ་ལ་སོགས་པས་མཚོན་ཏེ་རྒྱ་ཆེར་གསུངས་པའི་དགོངས་དོན་དང་འབྲེལ་པར་


JKT016_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་སློབ་དཔོན་རྣམས་ཀྱིས་ལེགས་པར་བཀྲལ་བའི་ཚུལ་ལས་མདོར་བསྡུས་པ་ཙམ་ཇི་ལྟར་བྱ་བ་ལའང་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། མཚན་ཉིད་དང་ལྡན་པའི་རྟེན་གྱི་མདུན་སོགས་སྐབས་ཕྱེད་པར། གང་ལ་བརྟེན་པའི་དཀྱིལ་འཁོར་གྱི་ཡོ་བྱད་དང་། བུམ་པ་གཉིས། བྱེ་བྲག་ཏུ་རབ་གནས་ལ་དགོས་པའི་མངའ་དབུལ་གྱི་མཎྜལ། ཙཱ་རུའི་བཟའ་བ་མཆོད་པའི་བྱེ་བྲག་སོགས་འོག་ཏུ་ཉེ་བར་མཁོ་བ་རྣམས་མ་ཚང་མེད་པར་འདུ་བྱ་ཞིང་བཀོད་པས་མཛེས་པར་བཤམས་ནས། དཀྱིལ་འཁོར་གང་ལ་བརྟེན་པའི་ལས་གཞུང་བསྲངས་རྗེས་བཟླས་པའི་མཐར་རྣམ་བུམ་དུ་ལྷ་ཚོགས་རྣམས་ལྷག་པར་གསལ་བས་གཟུངས་ཐག་ལ་འཇུས་ཏེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང་བས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། འོད་ཟེར་


JKT016_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་བསྡུས་དོན་གཉིས་མཛད། སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། རྩ་སྔགས་ཀྱི་ཤམ་བུར་དབྱངས་གསལ་རྟེན་སྙིང་སུ་པྲ་ཏིཥྛ་རྣམས་སྦྲེལ་བ་ཅི་ནུས་བཟླ། དེ་བཞིན་དུ། །ལས་ཐམས་ཅད་ཀྱི་བུམ་པར་པད་ཉིའི་གདན་ལ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐད་ཅིག་གིས་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན་རྡུལ་ཕྲ་རབ་བབ་པས་བུམ་པ་གང་བར་བསམས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། དང་ཁྲུས་སྔགས། ཨ་བྷི་ཥེ་ཀའང་བཟླ། མཐར་མཆོད་ཅིང་བསྟོད་ལ། ཡི་གེ་བརྒྱ་པས་ནོངས་པ་བཤགས་ཨོཾ་ཨཱཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས་བུམ་པའི་ལྷ་འོད་དུ་ཞུ་བ་བུམ་ཆུ་དང་དབྱེར་མེད་རོ་གཅིག་ཏུ་གྱུར་པར་བསམ། རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་འཇུག་པའང་བྱའོ། །གཉིས་པ་རབ་གནས་དངོས་ཀྱི་ཆོ་ག་ལ་རྣམ་གྲངས་བཅུ་གཅིག་ལས། ཐོག་མར་བགེགས་སྦྱོང་བ་ནི། གཏོར་མ་གསུམ་རེ་རེ་ནས་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷཱན་ན་མསྶརྦ་ཏ་ཐཱ་ག་ཏེ་བྷོ་བི་ཤྭ་སོགས་ལན་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆང་བུས་བསྐོར་ཞིང་། སུམྦྷ་གསུམ་གྱིས་ཕྱེད་མ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོཉ་ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུཾ་མཛད་ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང་བའི་སྐུར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁྲོ་བོའི་སྤྲིན་རབ་འབྱམས་དཔག་ཏུ་མེད་པ་བཛྲ་ས་མ་ཛས་


JKT016_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲང་། ཨོཾ་བཛྲ་ཀྲོ་དྷ་ར་ཛ་ས་པ་རི་ཝཱ་ར་ཨརྒྱུ་སོགས་ནས། ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཧཱུྃ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་སའི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་སེམས་རྣམ་པ་གཉིས་བསྐྱེད་དེ། གནས་སྐབས་སུ་འཇིག་རྟེན་གྱི་ཁམས་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པ་དང་། མཐར་ཐུག་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་རབ་ཏུ་གནས་པར་བགྱི་བ་ལ་བར་དུ་གཅོད་ཅིང་། གླགས་བལྟ་བའི་གང་སུ་ཡང་རུང་བའི་འབྱུང་


JKT016_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གདུག་པ་ཅན་གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིང་། །གལ་ཏེ་མི་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཨོཾ་སུམྦྷ་སོགས་བརྗོད་ཅིང་། ཡུངས་དཀར་གྱིས་བྲབ། གུ་གུལ་གྱིས་བདུག །རོལ་མོའི་ཚམ་རྔམས་དང་བཅས་པས་ཕྱི་རོལ་དུ་བསྐྲད་པ་ནི་དྲག་པོས་སྦྱོང་བའོ། །གཉིས་པ་ཁྲུས་ཀྱི་བྱ་བ་ནི། ཐོག་མར་དཀྱིལ་འཁོར་སོགས་དང་རྟེན་རིང་བསྲེལ་ཅན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང་། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྲས་དང་སློབ་མར་བཅས་པ་རྣམས་ལ་བདག་ཅག་གིས་ཡོ་བྱད་དང་ལྡན་པའི་སྒོ་ནས་སྐུ་ཁྲུས་དམ་པ་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །


JKT016_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དང་། ཁྲུས་རས་ཀྱིས་ཕྱི་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱཋཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། ཁྲུས་ཆུ་དེ་ཉིད་སླར་ཡང་བུམ་པར་བླུགས་ལ། རྟེན་གསར་པ་རྣམས་དངོས་སམ་གཟུགས་བརྙན་ལ་ཁྲུས་གསོལ་ཞིང་། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། དེ་བཞིན་དུ། སྦྱིན་པའི་གནས་སུ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། སེར་སྣའི་གནས་སུ། ཁྲིམས་འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང་། ཤེས་འཆལ། རྣམས་སྦྱར་ལ་སོ་སོའི་མཐར་སྔགས་དང་བཅས་པས་ཁྲུས་གསོལ། དེ་དག་སྐུ་ལ་སོགས་ཀྱིས་སྐུ་ཕྱི་བ་རྣམས་བྱ། མཐར་དྲི་ལྔས་ཐུགས་ཀར་བྱུགས་ལ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་གྱུར་པའི། །དྲི་མཆོག་


JKT016_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོ་བཛྲ་གྷནྡྷེ་སྭཱ་ཧཱ། ན་བཟའ་འབུལ་ལ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་འབུལ་བར་བགྱི། །ཨོཾ་བཛྲ་ཝས་ཡེ་པྲ་ཏིཙྪ་སྭཱ་ཧཱ། སྤོས་མེར་བདུག་ཅིང་སྤྲོ་ན་རྗེས་འབྲེལ་དུ་ཤིས་བརྗོད་ཇི་ལྟར་རིགས་པའང་བྱའོ། །གསུམ་པ་བརྟེན་བསྐྱེད་པ་ནི། སྒྲུབ་དཀྱིལ་གང་ལ་བརྟེན་པའི་མདུན་བསྐྱེད་ལྟར་རམ། བྱེ་བྲག་ཏུ་བསྐྱེད་ན། ཨ་མྲྀ་ཏས་བསང་། སྭ་བྷ་དང་མཆོད་རྟེན་གཙུག་ལག་ཁང་ལ་སོགས་པ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་གཡས་འཁོར་ལོ་དང་གཡོན་དྲིལ་བུ་འཛིན་པ། སྤྱན་མ་དཀར་མོ་གཡས་འཁོར་ལོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། དེ་བཞིན་དུ། གླེགས་བམ་རྣམས་རྨ་བྱས་བཏེག་པའི་།རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ༀལས་པདྨ་ཨཱགིས་མཚན་པ་ལས་སྣང་བ་མཐའ་ཡས་དམར་པོ་གཡས་པདྨ་དང་གཡོན་དྲིལ་བུ་འཛིན་པ། གོས་དཀར་མོ་དམར་མོ།


JKT016_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཕྱག་མཚན་རྣམས་གླང་པོས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ། དབྱིངས་ཕྱུག་མ་སྔོན་མོ་གཡས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། གཞན་ཡང་རིན་པོ་ཆེའི་བྱེ་བྲག་དང་བང་མཛོད་སོགས་རིན་འབྱུང་། གོ་ཆ་རོལ་མོ་སྲུང་བའི་རིགས་སོགས་དོན་གྲུབ་ཏུ་བསྐྱེད་པར་བཤད་དོ། །གང་ལྟར་ཡང་མཐར། ཐམས་ཅད་ཀྱང་ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་འོད་ཟེར་མཐའ་ཡས་པར་སྤྲོ་བའི་བདག་ཉིད་ཅན་དུ་བཞུགས་པའོ། །དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཋདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ་རྣམས་ཀྱིས་མཚན་པར་བསམ་མོ། །བདག་དང་རྟེན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་ ཨོཾ་བཛྲ་ས་མཱ་ཛ༔ བཞི་པ་སྤྱན་དྲང་པ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་


JKT016_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ནས། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུས། །མི་ཕམ་མགོན་ལ་རྒྱལ་ཚབས་དབང་བསྐུར་ནས། །གཟིགས་པ་རྣམ་ལྔས་འཛམ་གླིང་ཀུན་གཟིགས་ཤིང་། །གླང་ཆེན་ཐལ་དཀར་སྟབས་གཤེགས་ལྷུམ་ཞུགས་ལྟར། །རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། །དུས་འདིར་བདག་གིས་དད་པས་སྤྱན་འདྲེན་ན། །རྟེན་མཆོག་འདི་ལ་འབྱོན་པར་མཛད་དུ་གསོལ། །ཞེས་པས་སྤྱན་དྲང་། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སྟམ་གྱིས་གདན་འབུལ། ཨོཾ་བཛྲ་པུཥྛ་སོགས་ནས། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ལྔ་པ་དགུག་གཞུག་བྱ་བ་ནི། ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྤོ་ཊ་ཐཾ། ཨོ་བཛྲ་ཨཱ་ཝེ་ཤ་ཡ་ཧོ༔ ཞེས་པས་དགུག་གཞུག་བཅིང་མཉེས་དགྱེས་པ་བསྐྱེད། དྲུག་པ་རྒྱས་གདབ་པ་ནི། ཨོ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ལ་


JKT016_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉ་ཧཾ། ཨཱདཔལ་ལྡན་སངས་རྒྱས་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང་། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་དབྱིག་ཏུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷ་ཝ་ཨཱ་ཏཱ་ཀོཉ་ཧཾ། ཧཱུྃ། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོཉ་ཧཾ། ཞེས་རྒྱས་གདབ་བོ། །བདུན་པ་དབང་བསྐུར་བ་ནི། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་སྲས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། ཨོཾ་བཛྲ་ཨརྒྱུ་སོགས་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལའང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའ་གང་བའི་དེ་


JKT016_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་རྣམས་ཀྱི་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་བརྗོད། ལྷ་མོ་རྣམས་ཀྱིས་གདུགས་དང་བ་དན་ལ་སོགས་པ་བསྒྲེང་ཞིང་རོལ་མོའི་སྒྲ་དང་བཅས་པས་མཆོད་རྫས་ཀྱི་ཆར་འབེབས། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པའི་ལས་མཛད་པར་བསམ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་དང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་ནས། དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རྣམ་སྣང་སོགས་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ། ཨོཾ་ཧཱུྃ་ཧཱུྃ་ཧྲཱིཝཨཱཿ པཉྩ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མུ། ཞེས་དབུ་རྒྱན་གྱིས་དབང་བསྐུར། ཨོ་ཧཱུཾ། ཞེས་གོ་བགོས། ཨོཾ་བཛྲ་ཏུ་ཧོ། ཞེས་རྡོ་རྗེ་ཐལ་མོས་མཉེས་པར་བྱའོ། །སྤྲོ་ན། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་


JKT016_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྱུ་སོགས་ནས། ཤཔྟ་པྲ་ཏིཙྪ་སྭཱ་ཧཱའི་བར་གྱིས་མཆོད། བརྒྱད་པ་སྤྱན་དབྱེ་བ་ནི། གསང་ཐུར་གྱིས་དབྱེ་བའི་ཚུལ་དང་བཅས། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་སྤྱན། །སེམས་ཅན་དོན་དུ་དབྱེ་བར་བྱ། ཨོཾ་ཙཀྵུཿཙཀྵུཿས་མནྟ་ཙཀླུའི་ཤོ་དྷ་ནི་སྭཱ་ཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཅིང་སེམས་ཅན་གྱི་དོན་ལ་གཟིགས་པ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །དགུ་པ་རྟེན་བསྒྱུར་བ་ནི། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ཐལ་མོས་རྟེན་གྱི་གཟུགས་བརྙན་མེ་ལོང་གི་ངོས་སུ་ཤར་བ་ལ་རེག་ཅིང་སེ་གོལ་གྱི་སྒྲས་མཚོན་པས། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ལན་གསུམ་བརྗོད་པས། བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་སྐུ་གསུང་ཐུགས་སོ་སོའི་སྣང་བརྙན་གསལ་ལ་མ་འདྲེས་པ་ཡོངས་སུ་རྫོགས་པའི་མཐུ་བྱིན་དང་ལྡན་པར་བསམ། བཅུ་པ་མངའ་དབུལ་བ་ལ་བཞི་ལས། དང་པོ་མཆོད་བསྟོད་ཀྱིས་སྤྱིར་མངའ་དབུལ་བ་ནི། མཆོད་པ་བསང་སྦྱང་བྱིན་རླབས་སྔོན་དུ་འགྲོ་བས། ཉེར་སྤྱོད། རིན་ཆེན་བདུན། འདོད་ཡོན་ལྔ། ལྷ་མོ་བཅུ་དྲུག་རྣམས་སྤྱི་ལྟར་འབུལ། དེ་ཙམ་མི་ནུས་ན། ཕྱོགས་བཅུ་རབ་འབྱམས་ནམ་མཁའི་ཁམས་གང་བའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་


JKT016_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཟས་རོལ་མོ་སོགས། །ཀུན་བཟང་རྣམ་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ན་ས་མ་ཡེ་ཧཱུྃ། དེ་བཞིན་ཏུ་ཤསྔའི་བར་སྦྱར་བས་ཉེར་སྤྱོད། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོ་སཔ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཧཱུཾ། གིས་རིན་ཆེན་བདུན། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ། གིས་འདོད་ཡོན་ལྔ་རྣམས་ཀྱིས་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། མཉམ་ཉིད་མི་གཡོ་སོགས་སངས་རྒྱས་སྤྱི་ཡི་བསྟོད་པའམ། བསྡུ་ན། ཆོས་སྐུ་ནམ་མཁའ་སོགས་དང་། བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། གཉིས་པ་བྱེ་བྲག་ཏུ་ཉེ་བར་མཁོ་བས་མངའ་དབུལ་བ་ནི། མཎྜལ་གྱི་བཀོད་པ་འབུལ་ཞིང་། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་ཨཱཧཱུཾ། དྲིའི་བྱུགས་པ་ཕུལ་ལ། སྟོང་གསུམ་ཀུན་


JKT016_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་བཛྲ་གྷནྡྷེ་སྭཱ་ཧཱ། ན་བཟའ་ཕུལ་ལ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྡུ་ཡེ་སྭཱ་ཧཱ། རྒྱན་སྣ་ཚོགས་ཕུལ་ལ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་མཆོག་ཐོབ་པར་ཤོག །ཨོཾ་བཛྲ་བི་ཤྭ་རཏྣ་ཨཱ་ལཾ་ཀ་ར་ཡེ་སྭཱ་ཧཱ། གསུམ་པ་ཙཱ་རུའི་བཟའ་བ་ཞལ་ཟས་ཀྱི་མངའ་དབུལ་ནི། ལྷ་བཤོས་གཙང་མ་ཉིད་ཆབ་ཀྱིས་བྲན་ལ། ན་མསྶརྦ་ཏ་ཐཱ་ག་ཏ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས་པས། རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷ་རྫས་ཀྱི་ཞལ་ཟས་འདོད་ཡོན་གྱི་དངོས་པོ་ཟད་མི་ཤེས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་


JKT016_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པར་ཤོག །ཅེས་པས་འབུལ། བཞི་པ་སྔགས་ཀྱིས་མངའ་འབུལ་བ་ནི། རྟེན་རྣམས་ལ་གཟུངས་ཐག་སེར་པོ་བཏགས་པའི་སྣེ་མོ་ནས་སློབ་དཔོན་གྱིས་བཟུང་ཞིང་། གནས་བྱའི་རྟེན་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྟེན་སོ་སོའི་རྣམ་པར་བྱོན་ནས་དེ་ལ་བཞུགས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། བདག་བསྐྱེད་ཀྱི་སྙིང་པོའི་མཐར། སུ་པྲ་ཏིཥྛ། ཨོཾ་ཧཱུཾ་ཧྲཱིབྷཱུ་ཁཾ་བཛྲ་བྷ་ཝ་དྲི་ཌྷ་ཏིཥྛ་བྷཱུ་ཁཾ་སྭཱ་ཧཱ། དང་། རྟེན་འབྲེལ་སྙིང་པོ་རྣམས་ཅི་ནུས་བཟླ། རྗེས་འབྲེལ་དུ། ཡེ་དྷམ་སོགས་དང་། ཕུན་སུམ་ཚོགས་པ་མངའ་བ་ལ་སོགས་པའི་ཤིས་པ་རྒྱ་ཆེར་བརྗོད་པས་མངའ་གསོལ་ཞིང་མེ་ཏོག་གི་ཆར་ཕབ། བཅུ་གཅིག་པ་གསོལ་བ་གདབ་པ་ནི། ཡི་གེ་བརྒྱ་པ་ལན་གསུམ་སྔོན་དུ་འགྲོ་བས། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སོགས་ཤོ་ལོ་ཀ་གཉིས་ཀྱིས་མཆོད། དེ་དག་བསྔགས་སོགས་ཀྱིས་བསྟོད། རྟེན་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་ནས་བཟུང་། ཐལ་མོ་སྦྱར་བས་བཏུད་དེ། ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གི་བསྐལ་པས་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་


JKT016_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་པ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ལན་གསུམ་གྱིས་གསོལ་བ་གདབ། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་ལ། སླར་ཡང་མཆོད་བསྟོད་ཀྱང་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་དྲུག་ལས། དང་པོ་གཏོར་མ་བཏང་བ་ནི། ནང་དུ་རྡོ་རྗེའི་ཆོས་སྲུང་རྣམས་དང་། ཕྱི་རོལ་དུ་ཕྱོགས་སྐྱོང་འབྱུང་པོ་རྣམས་ལ་གཏོར་མའི་ཆོ་ག་ཇི་ལྟར་རིགས་པས་འབུལ་ལོ། །གཉིས་པ་སྲུང་མ་བསྒོ་བ་ནི། གནས་དང་རྟེན་གང་ལ་གཉེར་གཏད་པར་འདོད་པ་དེ་ཉིད་ཀྱི་གཏོར་མ་ཟུར་དུ་བཤམས་ནས་ཕུལ། རྡོ་རྗེ་བཀའ་ནན་གྱི་རྒྱ་བཅིངས་ཏེ། ཨོཾ་བཛྲ་རཀྵ་ཧཱུྃ། ཞེས་དང་། རྡོ་རྗེ་རྩེ་ལྔ་པའི་རྒྱ་སྤྱི་བོར་རེག་པར་མོས་ལ། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་དམ་ལ་བཞག །རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་ཁྱེད་རྣམས་ཀྱིས། གནས་དང་རྟེན་འདི་རྣམས་སྲུང་ཞིང་སྐྱོང་བ་དང་། མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་


JKT016_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པར་འབྱུང་བའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། གསུམ་པ་དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་ནི་ལས་གཞུང་ལྟར་བྱའོ། །བཞི་པ་ཡོན་བདག་བསྒོ་པ་ནི། བཀྲ་ཤིས་པའི་རྫས་དང་མཆོད་པའི་ཡོ་བྱད་རྣམས་འདུ་བྱས་ནས་ཡོན་བདག་ཉེ་ལོགས་སུ་སྟན་བཟང་པོ་ལ་འཁོད་པར། བདེར་གཤེགས་ལྷག་མ་འདི་དག་ནི། །གསོལ་ཞིག་སྡིག་པ་བྱང་བར་འགྱུར། །ཞེས་བརྗོད་ཅིང་དཔོན་སློབ་ཐམས་ཅད་ལ་ཙཱ་རུའི་བཟའ་བ་འགྲིམ། སློབ་དཔོན་གྱིས་སྤྲོ་ན་སྤྱི་དང་བྱེ་བྲག་གི་ལུང་གིས་རྒྱབ་སྐྱོར་ཏེ་སྐབས་སུ་བབ་པའི་བཤད་པས་མཚམས་སྦྱར་བའམ། གང་ལྟར་ཡང་། ཁྱོད་ཀྱིས་ང་ལ་གང་གསོལ་པའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་ཇི་བཞིན་དུ། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པར་བྱོས། །ཁྱོད་ཀྱིས་ང་ལ་གང་གསོལ་བ་བཏབ་པའི་རབ་ཏུ་གནས་པ་དེ་ལེགས་པར་ཚར་བར་བྱས་ཀྱི། ཁྱོད་ཀྱིས་འདི་རྣམས་ལ་ཞག་བདུན་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པ་རྒྱུན་མི་འཆད་པར་གྱིས་ཤིག །ཅེས་གདམས་པ་དང་དེས་ཀྱང་མཆོད་པའི་བྱེ་བྲག་རྣམས་ལག་གིས་བསྟར་ཏེ་རྟེན་གྱི་དྲུང་དུ་བཀོད་པས་མཛེས་པར་བཤམས་ལ། དཔོན་སློབ་རྣམས་མགྲིན་གཅིག་པར་བསངས་སྦྱང་བྱིན་རླབས་སྔོན་དུ་འགྲོ་བས། རབ་འབྱམས་རྒྱ་མཚོ་སོགས་ཚིགས་བཅད་སྔགས་དང་བཅས་པ་ཇི་ལྟར་རིགས་པས་དབུལ། ལྔ་པ་ཤིས་པར་བྱ་བ་ནི། བགེགས་བསལ་བའི་སླད་དུ་སྦྱོང་བ་


JKT016_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྔར་བཞིན་ལ། བདེན་བརྗོད་སྐབས། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཞེས་པའི་མཚམས། དེང་འདིར་རབ་ཏུ་གནས་པར་བྱས་པའི་རྟེན་རྣམས་དང་། སྦྱིན་པའི་བདག་པོ་འཁོར་དང་བཅས་པ་ལ་བཀྲ་ཤིས་པ་དང་། མཐུན་རྐྱེན་བསོད་ནམས་ཀྱི་ལེགས་ཚོགས་སྤེལ་བ་ལ་བར་དུ་གཅོད་ཅིང་གླགས་ལྟ་བའི་སོགས་སྔོན་དུ་འགྲོ་བས། རྫས་དང་སྦྱིན་བདག་རྣམས། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་སྦྱིན་པའི་བདག་པོ་སྐད་ཅིག་གིས་གནོད་སྦྱིན་བྱེ་བའི་སྡེ་དཔོན་ཆེན་པོ་ཛམྦྷ་ལའི་སྐར་གྱུར་པའི་མདུན་དུ། ཨོཾ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་སོ་མེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཋམངྒ་ལཾ་དྲ་བྱ་ཧཱུྃ། ཞེས་པས་བྱིན་བརླབས་ལ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། །ཞེས་སོགས་ཀྱིས་རྫས་རྣམས་རེ་རེ་བཞིན་དུ་ཡོན་བདག་ལ་གཏད་ཅིང་། དེས་ཀྱང་རྟེན་ལ་འབུལ་བའི་ཚུལ་བྱ། སླར་ཡང་མདུན་གྱི་ནམ་མཁར་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་ཤིས་པ་བརྗོད་པའི་ཚངས་དབྱངས་དི་རི་རི་སྒྲོག་ཏོག་མན་དུ་རའི་ཆར་ཆེན་པོ་ཕབས་པས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་དུ་ཁྱབ་པར་བྱས་པའི་མོས་པ་མཛོད། ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱིས་ཤིས་བརྗོད་དང་དགའ་སྟོན་རྒྱ་ཆེར་བྱ། དྲུག་


JKT016_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགེ་བ་བསྔོ་བ་ནི། དེ་ལྟར་བསྒྲུབས་པའི་ལེགས་བྱས་ཀྱིས་མཚོན་ཏེ་དུས་གསུམ་བསགས་པའི་དགེ་བའི་རྩ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆེད་དུ་བཟང་པོ་བཞི་ལྡན་གྱི་ཡོངས་སུ་བསྔོ་བས་རྒྱས་གདབ་པ་དང་། སྨོན་ལམ་གྱི་མཐུན་འགྱུར་ཀྱང་ཇི་ལྟར་རིགས་པར་རྒྱས་པར་བྱའོ། །གལ་ཏེ་དེ་ལས་བསྡུས་པར་འདོད་ན། བདག་བསྐྱེད་སྔོན་དུ་འགྲོ་བས་ལས་བུམ་བསྒྲུབ། སྦྱོང་བ་ནས་བརྩམས་ཏེ་རྟེན་བསྒྱུར་བའི་བར་སྔར་བཞིན་ལ། མཆོད་བསྟོད་དང་སྔགས་ཀྱིས་མངའ་དབུལ་གསོལ་གདབ་བཅས་ཀྱི་མཐར་བདག་བསྐྱེད་ཀྱི་རྗེས་ཆོག་རྣམས་བྱ། ཤིན་ཏུ་བསྡུས་པ་ནི། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་དུ་གསལ་ཞིང་བདེན་སྟོབས་བརྗོད་པས་བགེགས་སྦྱང་། གྲུབ་ན་རྟེན་རྙིང་པ་ལ་ལྷ་ཁྲུས་གསོལ་བའི་བུམ་པའི་ཆུས་ཁྲུས་ཀྱི་བྱ་བ་མདོར་བསྡུས་བྱ། རྟེན་བསྐྱེད་ནས་དབང་བསྐུར་ཡན་སྔར་ལྟར་ལ། དེ་ནས་སྤྱན་དབྱེ་ཞལ་བསྒྱུར། མཆོད་བསྟོད། གསོལ་གདབ་བཅས་ཀྱི་མཐར་བཀྲ་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་བས་གྲུབ་པ་ཡིན་ནོ། །དམ་ཚིག་གཟུགས་བརྙན་སྤྲུལ་པའི་དཀྱིལ་འཁོར་དུ། །ཡེ་ཤེས་ལྷག་པར་གནས་པའི་ཆོ་ག་ནི། །སྙིང་པོར་དྲིལ་ཏེ་ལེགས་པར་སྦྱར་བའི་དགེས། །འགྲོ་ཀུན་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་པའང་མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེའི་སློབ་དཔོན་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་གཞུང་རྒྱ་ཆེན་པོ་ལས། གནས་སྐབས་འགའ་ཞིག་ཏུ་མདོར་བསྡུས་པའི་ཚུལ་གྱི་ཆོ་གའི་ཡན་ལག་མཉམས་པར་བསྒྲུབ་པར་འདོད་པ་རྣམས་ལ་སྨན་པའི་བསམ་པ་ཉེ་བར་བསྐྱེད་ནས་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་མཉྫ་གྷོ་ཥས་ལེགས་པར་སྦྱར་བའི་དགེ་བས་འཇིག་རྟེན་གསུམ་ན་དགེ་ལེགས་ཀྱི་སྣང་བས་དུས་རྟག་ཏུ་ཁྱབ་པའི་


JKT016_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།། །།

སངས་རྒྱས་སྤྱིའི་བསྟོད་པ།


JKT016_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་ཉིད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྐྲུན་ཏུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་དཔག་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་ཡོངས་རྫོགས་པའི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་


JKT016_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དཔལ་ཡང་དག་ཧེ་རུ་ཀ་གལྤོའི་རྒྱུད་སོགས་ལས་གསུངས་པའི་སངས་རྒྱས་སྤྱིའི་བསྟོད་པའོ།། །།མངྒ་ལཾ།། །།

བཀྲ་ཤིས་རྫས་བརྒྱད་དང་སྣ་བདུན་འབུལ་ཚུལ།


JKT016_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བས། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབ་པ་དེ་བཞིན་དུ། དེང་འདིར་ཡང་རབ་ཏུ་གནས་པར་བྱས་པའི་རྟེན་རྣམས་དང་བདག་དང་སྦྱིན་པའི་བདག་པོས་གཙོ་བྱས་སེམས་ཅན་ཐམས་ཅད་མེ་ལོང་གི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །དེ་བཞིན་དུ། གླང་པོ་ཆེས་སྲུང་གིས་སྨན་གི་ཝཾ་ཕུལ་བས༔ གི་ཝཾ་དུག་གསུམ་འཇོམ་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག ། ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བས༴ ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་ནད་ཀུན་ཞི་གྱུར་ཅིག །བྲམ་ཟེ་ཀུཎྜ་ལཱིས་རྩ་དུདྨ་ཕུལ་བས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན༴ དྭརས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་


JKT016_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག །ཤིང་གི་ལྷ་མོ་འོད་འཆང་མས་ཤིང་ཏོག་བིལྦ་ཕུལ་བས༔ བིཝ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་བས༴ དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག །སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བས༔ །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་། སྲིད་བརྟན་གྱུར་ཅིག །གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་བས༴ ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །ཅེས་རྫས་བརྒྱད་དང་། སྐབས་འགའ་ཞིག་ཏུ་རྒྱས་པ་ལ་མོས་ན། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་


JKT016_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །རིན་ཆེན་ངོ་བོ་ལྷ་རྫས་ཌཱུརྱར། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུགས་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་པ། །བློན་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །ཕྱི་རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཞིང་སླར་ཡང་ལྡོག་བྱེད་ཅིང་། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ། །དཔའ་བརྟན་འབྱོར་


JKT016_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །།

སོ་ཐར་འདུལ་སྡོམ་བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་པུཎྜ་རི་ཀའི་དོ་ཤལ།


JKT016_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཐར་འདུལ་སྡོམ་བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་པུཎྜ་རི་ཀའི་དོ་ཤལ་ཅེས་བྱ་བ་བཞུགས་སོ།། །།


JKT016_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གང་མཚན་བདུད་རྩིའི་ཆུ་གཏེར་ལ་རེག་པས། །ཕུན་ཚོགས་དགེ་ལེགས་ཨུཏྤལ་གསར་པའི་འཛུམ། །ཐར་པའི་ཕྱོགས་སུ་གྲོལ་བའི་དཔལ་སྦྱིན་པ། །སྟོན་མཆོག་ཉི་མའི་གཉེན་ལ་གསོལ་བ་འདེབས། །རྣམ་པར་གྲོལ་བའི་ཤེས་རབ་ཕུང་པོ་ཡིས། །ཟག་མེད་ཡུལ་ལ་འདུས་སྟེ་རེག་པའི་སྤྱན། །སྒྲིབ་པ་མེད་པས་བསྔགས་པའི་མེ་ཏོག་གིས། །མཛེས་བྱས་ཤཱ་རིའི་བུ་ལ༴ ཤཱཀྱའི་རིགས་འཁྲུངས་རྒྱལ་སྲས་སྒྲ་གཅན་འཛིན། །བྲམ་ཟེའི་བཙུན་པ་རཱ་ཧུ་ལ་གུལྟ། །ཀུན་མཁྱེན་གཉིས་པ་ནཱ་ག་རྫུ་ན་སྟེ། །འཕགས་མཆོག་དམ་པ་གསུམ་ལ༴ མཁས་པའི་གཙུག་ནོར་གུ་ཎ་པ་ཏེ་དང་། །རིག་གྲོལ་མཐར་སོན་ཆོས་ཀྱི་ཕྲེང་བའི་མཚན། །བརྟན་མཁས་ཡོན་ཏན་ཡོངས་རྫོགས་ཞི་


JKT016_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞབས། །འགྲོ་བའི་འདྲེན་པ་གསུམ་ལ༴ བསིལ་ལྗོངས་བཀའ་དྲིན་ཟླ་བྲལ་ཤཱཀྱ་ཤྲཱི༔ གང་དེས་རྗེས་བཟུང་མཁན་ཆེན་རྡོ་རྗེ་དཔལ། །བློ་ལྡན་དགྱེས་པའི་དཔྱིད་གྱུར་འོད་ཟེར་མཚན། །གངས་ཅན་སྣང་བྱེད་གསུམ་ལ༴ ཚུལ་གནས་ཐོས་བསམ་སྒོམ་མདུན་པུཎེ་བྷཱི །རྣམ་ཐར་རྨད་བྱུང་བཀྲ་ཤིས་ཚུལ་ཁྲིམས་དང་། །ཐམས་ཅད་གཟིགས་པ་ཡེ་ཤེས་རྒྱལ་མཚན་ཏེ། །མཚུངས་མེད་དམ་པ་གསུམ་ལ༴ ཀུན་མཁྱེན་གཉིས་པ་རྗེ་བཙུན་ཨེ་ཝཾ་པ། །ཡོངས་ཀྱི་བཤེས་གཉེན་དཔལ་ལྡན་རྡོ་རྗེ་དང་། །ལུང་རྟོགས་ཡོན་ཏན་དབང་འབྱོར་དཀོན་མཆོག་འཕེལ། །རྒྱལ་བའི་རྒྱལ་ཚབ་གསུམ་ལ༴ སྡེ་སྣོད་རྒྱ་མཚོའི་མཐར་སོན་ལྷ་ཡི་མཚན། །ཆོས་ཀྱི་རྒྱལ་པོ་སངས་རྒྱས་སེང་


JKT016_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གེ་དང་། །བརྟན་པའི་འཁོར་ལོ་ནམ་མཁའ་དཔལ་བཟང་སྟེ། །མཁས་བཙུན་དམ་པ་གསུམ་ལ༴ མཁྱེན་བརྩེའི་བདག་ཉིད་བསོད་ནམས་ལྷུན་གྲུབ་དང་། །རྒྱལ་བ་དགྱེས་པའི་བཤེས་གཉེན་དཔལ་གྲུབ་པ། །དམ་པའི་རིགས་འཁྲུངས་ཤེས་རབ་འབྱུང་གནས་སྟེ། །བསྟན་པའི་སྒྲོན་མེ་གསུམ་ལ༴ དྲི་མེད་བསླབ་པས་རྒྱུད་སྡོམ་ཡེ་ཤེས་བཟང་། །བྱམས་དང་བརྩེ་བའི་བདག་ཉིད་ཚུལ་ཁྲིམས་དཔལ། །ཕན་བདེའི་མཆོག་སྦྱིན་པུཎྱེ་བྷ་དྲཱ་སྟེ། །ཟླ་བྲལ་བཤེས་གཉེན་གསུམ༴ ངག་གི་དབང་ཕྱུག་ཆོས་སྐྱོང་བཟང་པོ་དང་། །སྨྲ་བའི་ཉི་མ་ཀུན་དགའ་བསོད་ནམས་ཞབས། །ཐམས་ཅད་མཁྱེན་པ་བསོད་ནམས་དཔལ་འབྱོར་ཏེ། །འདྲེན་མཆོག་མཚུངས་མེད་གསུམ་ལ༴ བྱམས་པའི་ཐུགས་རྗེས་འཇམ་དཔལ་གཞོན་ནུ་ཉིད། །རིག་གྲོལ་ངུར་སྨྲིག་འཛིན་པའི་སྐུར་བསྟན་པ། །མཁས་བཙུན་བཟང་པོའི་དཔལ་མངའ་ཆོས་ཀྱི་རྗེ། །བཀའ་དྲིན་འགྲན་ཟླ་མེད་དེར་གསོལ་བ་འདེབས། །དེ་ལྟར་ལེགས་གསུང་འདུལ་བའི་སྡེ་སྣོད་ཀྱི། །མཁན་རྒྱུད་དམ་པ་རྣམས་ལ་གསོལ་བཏབ་མཐུས། །བདག་གཞན་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །རྙེད་དཀའི་དལ་འབྱོར་རྟེན་བཟང་ཐོབ་པར་ཤོག །དེར་ཡང་བཅོས་མིན་ངེས་འབྱུང་དྲག་པོ་དང་། །དྭངས་འདོད་ཡིད་ཆེས་དད་པས་རྒྱུད་བསྐུལ་ཏེ། །བརྟན་མཁས་མཚན་ཉིད་རྫོགས་པའི་བཤེས་གཉེན་གྱི། །


JKT016_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་རྡུལ་གཙུག་གི་པདྨོས་བསྙེན་པར་ཤོག །འགལ་རྐྱེན་ངེས་པ་ལྔ་བྲལ་མཐུན་པའི་རྐྱེན། །མཐའ་དག་ཚང་ཤིང་བསླབ་ཚིགས་སྔ་མ་གཉིས། །རིམ་པ་ནོད་ནས་མངོན་གྱུར་རྣམ་པ་བཅུས། །བག་མེད་འགོག་པའི་བདུད་རྩི་བཏུང་བར་ཤོག །ཕམ་ལྷག་སྤང་དང་ལྟུང་བྱེད་སོར་བཤགས་དང་། །ཉེས་བྱས་ཕྱོགས་མཐུན་བཅས་པ་ཀུན་སྤངས་ཤིང་། །བསླབ་ཚུལ་ཆོས་རྣམ་དག་པར་བྱེད་པ་ཡིས། །གཞི་གསུམ་ཆོ་གའི་དཔལ་ལ་སྤྱོད་པར་ཤོག །གོས་དང་སྨན་དང་གནས་མལ་ལ་སོགས་པ། །བདེ་བར་གནས་པའི་རྐྱེན་རྣམས་ཕུན་ཚོགས་ཤིང་། །གསོལ་དང་གསོལ་བ་གཉིས་དང་གཞི་ཡི་ལས། །བརྒྱ་རྩ་གཅིག་པའི་ཚུལ་ལ་མཁས་པར་ཤོག །ལྟུང་དང་རྩོད་པའི་མུན་སྟག་ཕྲ་མོ་ཡང་། །ཕྱིར་བཅོས་བདུན་གྱི་ཟླ་ཤེལ་གིས་རེག་པས། །ཡོངས་སུ་སྦྱངས་ཏེ་འགྱོད་པ་མེད་པ་ཡི། །ཚུལ་ཁྲིམས་ཕུང་པོ་ཕ་མཐར་ཕྱིན་ལ པར་ཤོག །དེ་མཐུས་ལུས་སེམས་ཤིན་སྦྱངས་ཏིང་འཛིན་དང་། །རྣམ་པར་མི་རྟོག་ཤེས་རབ་ལ་བརྟེན་ནས། །ཟད་དང་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱི། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སོ་ཐར་འདུལ་སྡོམ་གྱི་བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་ཉུང་ངུར་བསྡུས་པ་འདིའང་བོད་ཆེན་པོའི་ལྗོངས་ཀྱི་ཐིག་ལེ་སྐྱེ་རྒུ་དོན་གྲུབ་གླིང་གི་ཆོས་གྲྭ་ནས་རིགས་པར་སྨྲ་བའི་བཤེས་གཉེན་དམ་


JKT016_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཉྫཤི་མ་ཏིས་ཡུན་རིང་དུ་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་འཇིགས་མེད་མཁྱེན་བརྩེའི་ཟློས་གར་དཔལ་བཟང་པོའམ་གཙུག་ལག་སྨྲ་བའི་ཉི་མ་ཞེས་ཀྱང་བགྱི་བའི་རྒྱལ་ཁམས་ཀྱི་དཱ་རི་དྲས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ལྡན་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བའི་ཡི་གེ་པ་ནི་ཉེ་བར་གནས་པ་ཚུལ་ཁྲིམས་རྒྱ་མཚོས་བགྱིས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བནྟུ། །

སྡོམ་གསུམ་བརྒྱུད་འདེབས་སྐལ་ལྡན་སྙིང་གི་བདུད་རྩིའི་ཞལ་སྐོང་།


JKT016_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྡོམ་གསུམ་བརྒྱུད་འདེབས་སྐལ་ལྡན་སྙིང་གི་བདུད་རྩིའི་ཞལ་སྐོང་བཞུགས་སོ། །ཨོཾ་སྭ་སྟི། །རྡོ་རྗེ་འཆང་དབང་ཀུན་དགའ་བཟང་པོའི་གསུང་རབ་ལ་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱི་ཞལ་སྐོང་གནང་བ། །སྡོམ་པ་གསུམ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ཞལ་སྐོང་ལ། དང་པོ་སོ་ཐར་སྡོམ་རྒྱུན་གྱི་གསོལ་འདེབས། སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་དང་། །ཞེས་པའི་མཚམས། །བསོད་ནམས་ལྷུན་གྲུབ་ཤེས་རབ་འབྱུང་གནས་ཞབས། །ཡེ་ཤེས་བཟང་པོ་ཚུལ་ཁྲིམས་དཔལ་བཟང་པོ། །བསོད་ནམས་བཟང་པོ་ངག་དབང་ཆོས་སྐྱོང་བཟང་། །ཀུན་དགའ་བསོད་ནམས་བསོད་ནམས་དཔལ་འབྱོར་དང་། །བརྟན་མཁས་ཡོན་ཏན་ཡོངས་རྫོགས་ཐུགས་རྗེའི་གཏེར། །འཇམ་དཔལ་བཟང་པོ་རྣམས་ལ་གསོལ་བ་འདེབས། །ཞེས་སམ། འཇམ་མགོན་ས་སྐྱ་པཎྜི་ཏའི་སྡོམ་རྒྱུན་གྱིས་དཔལ་ས་སྐྱའི་ཐུབ་བསྟན་ལྷ་ཁང་ཆེན་མོའི་


JKT016_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་རབས་བརྒྱུད་པ་ལྟར་ན། །འབྱུང་གནས་སྦས་པ་པཎ་ཆེན་ཤཱཀྱ་ཤྲཱི། །ཞེས་པའི་མཚམས། འཇམ་མགོན་ས་པཎ་འོད་ཟེར་རྒྱལ་མཚན་དང་། །མཉམ་མེད་གྲགས་རྒྱལ་མཁས་གྲུབ་གཟུངས་ཀྱི་དཔལ། །དགེ་ལེགས་བཟང་པོ་ཆོས་རྗེ་ཨཱ་ནནྡ། །བྱམས་པ་ཆོས་རིན་བརྩོན་འགྲུས་རྒྱ་མཚོའི་ཞབས། །ཆོས་རྒྱལ་དཔལ་འབྱོར་ནམ་མཁའ་རྒྱལ་མཚན་པ། །ནམ་མཁའ་དབང་ཕྱུག་སངས་རྒྱས་འོད་ཟེར་དང་། །ཀླུ་སྒྲུབ་རྒྱ་མཚོ་འཇམ་དབྱངས་དགའ་བའི་བཤེས། །གྲགས་པ་རྣམ་རྒྱལ་བསོད་ནམས་བཀྲ་ཤིས་ཞབས། །དབང་ཕྱུག་ཕུན་ཚོགས་བརྩོན་འགྲུས་ཡེ་ཤེས་མཚན། །སྦྱིན་པ་བཀྲ་ཤིས་ནམ་མཁའ་འཆི་མེད་དང་། །བརྟན་མཁས་ཡོན་ཏན་ཡོངས་རྫོགས་ཐུགས་རྗེའི་གཏེར། །ཀུན་དགའ་བསྟན་འཛིན་རྣམས་ལ་གསོལ་བ་འདེབས། །ཞེས་སྦྱར། དབུ་མ་ལུགས་ཀྱི་བྱང་སྡོམ་བརྒྱུད་པའི་གསོལ་འདེབས། །སོ ངག་དབང་ཆོས་གྲགས་མཁན་ཆེན་བསོད་བཀྲ་པ། །ཞེས་པའི་མཚམས། །སངས་རྒྱས་རྒྱ་མཚོ་སངས་རྒྱས་ཕུན་ཚོགས་དང་། །བཀྲ་ཤིས་བཟང་པོ་ཚུལ་ཁྲིམས་རིན་ཆེན་དཔལ། །དགེ་ལེགས་ལྷུན་གྲུབ་ཕྲིན་ལས་ཡོན་ཏན་ཞབས། །སེམས་དཔའ་ཆེན་པོ་བསྟན་འཛིན་སྙན་གྲགས་ཏེ། །བྱང་སེམས་སྡོམ་པའི་བརྒྱུད་པར་གསོལ་བ་འདེབས། །ཡང་ན། ངག་དབང་ཆོས་གྲགས་སྤྱན་སྔ་ཀུན་དགའི་མཚན། །


JKT016_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་བསོད་ནམས་མཁན་ཆེན་བློ་གྲོས་བརྟན། །ཕྱོགས་ལས་རྣམ་རྒྱལ་ཀུན་དགའ་ལྷུན་གྲུབ་དཔལ། །ལེགས་པའི་འབྱུང་གནས་ཀུན་དགའ་བློ་གྲོས་ཞབས། །བསྟན་པའི་ཉི་མ་རྡོ་རྗེ་རིན་ཆེན་སྟེ། །བྱང་སེམས་སྡོམ་པའི་བརྒྱུད་པར་གསོལ་བ་འདེབས། ཞེས་སྦྱར། སྔགས་སྡོམ་བརྒྱུད་པའི་གསོལ་འདེབས། དཔལ་ལྡན་དོན་གྲུབ་དཔལ་མཆོག་རྒྱལ་མཚན་དང་། །ཞེས་པའི་མཚམས། སངས་རྒྱས་ཕུན་ཚོགས་བསོད་ནམས་དཔལ་ལྡན་ཞབས། །དཔལ་ལྡན་ཆོས་སྐྱོང་ཆོས་སྐྱོང་བཟང་པོ་དང་། །ནམ་མཁའ་འཆི་མེད་རིགས་ཀུན་ཁྱབ་བདག་ཆེ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་སོ། །ཡང་ན། །ལྷ་མཆོག་སེང་གེ་དཀོན་མཆོག་ལྷུན་གྲུབ་དང་། །ཞེས་པའི་མཚམས། །ཀུན་དགའ་རིན་ཆེན་བསོད་ནམས་དབང་པོའི་ཞབས། །ཀུན་དགའ་བསོད་ནམས་ཀུན་དགའ་བཀྲ་ཤིས་དཔལ། །བསོད་ནམས་རིན་ཆེན་ཀུན་དགའ་བློ་གྲོས་དང་། །ནམ་མཁའ་འཆི་མེད་རིགས་ཀུན་ཁྱབ་བདག་ཆེ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་སོ། །ཞེས་གང་མོས་སྦྱར་ལ། །དེ་ལྟར་དཔལ་ལྡན་བླ་མའི་སོགས་དང་སྤེལ་ལོ། །ཞེས་པའང་རྗེ་བཙུན་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། མངྒ་ལཾ། །

འཇམ་དཔལ་ཆོས་དབྱིངས་གསུང་དབང་གི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་བྱིན་རླབས་བདུད་རྩིའི་སྣང་སྟེར།


JKT016_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

༈ འཇམ་དཔལ་ཆོས་དབྱིངས་གསུང་དབང་གི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་བྱིན་རླབས་བདུད་རྩིའི་སྣང་སྟེར་ཞེས་བྱ་བ་བཞུགས་སོ། ༈ །རྣམ་འདྲེན་སྟོབས་བཅུའི་མངའ་བདག་ཤཱཀྱའི་ཏོག །རྒྱལ་ཀུན་གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །གང་དེས་རྗེས་བཟུང་ཛྷཱ་ན་བཛྲ་དང་། །འཇམ་དཔལ་གྲགས་པ་རྣམས་ལ་གསོལ་བ་འདེབས། །དཔལ་སྤུས་བཟང་པོ་ཡེ་ཤེས་རྡོ་རྗེ་དང་། །ཤེས་རབ་འབྱུང་གནས་བཞད་པ་རྡོ་རྗེ་ཞབས། །པདྨ་ཀ་ར་དད་བྱེད་གོ་ཆ་དང་། །ལོ་ཆེན་རིན་བཟང་རྣམས་ལ༴ ལེགས་པའི་ཤེས་རབ་རྔོག་སྟོན་གེ་སར་པ། །དར་མ་གྲགས་དང་ཁྲི་སྟོན་ཀུན་དགའ་འོད། །མཁན་ཆེན་ཆོས་རིན་ཆོས་སྐུ་འོད་ཟེར་དང་། །ཡོན་ཏན་རྒྱ་མཚོ་རྣམས་ལ །རྩོད་དུས་ཀུན་མཁྱེན་གཉིས་པ་རིན་ཆེན་གྲུབ། །རིན་ཆེན་རྣམ་རྒྱལ་གྲགས་པ་རྒྱལ་མཚན་དང་། །ཡེ་ཤེས་རྒྱ་མཚོ་ཀུན་དགའ་རྣམ་རྒྱལ་ཞབས། །བློ་གྲོས་ཐོགས་མེད་རྣམས་ལ༴ མ་ཎི་བཛྲ་དབང་ཕྱུག་རྒྱལ་མཚན་དཔལ། །བསོད་ནམས་མཆོག་ལྡན་ཀུན་དགའ་དབང་པོ་དང་། །མང་ཐོས་རྒྱ་མཚོ་བློ་གྲོས་དབང་ཕྱུག་ཞབས། །ཀུན་དགའི་མཚན་ཅན་རྣམས་ལ༴ བསོད་ནམས་དོན་ལྡན་ཕུན་ཚོགས་རྣམ་པར་རྒྱལ། །དཀོན་མཆོག་སྦྱིན་པ་ཕུན་ཚོགས་ཆོས་འཕེལ་དང་། །ལམ་འདིའི་བཀའ་དྲིན་དངོས་སུ་འདོམས་མཁས་པའི། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །


JKT016_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་གསོལ་བ་བཏབ་མཐུས་བྱང་ཆུབ་བར། །དལ་འབྱོར་རྟེན་ཐོབ་ཐེག་མཆོག་བཤེས་དང་མཇལ། །ཚུལ་གནས་ཐོས་བསམ་སྒོམ་པའི་མཐར་སོན་ནས། །བཤད་སྒྲུབ་བསྟན་པ་འཛིན་པར་བྱིན་གྱིས་རློབས། །ཁྱད་པར་དེ་ཉིད་བཅུ་ལྡན་སློབ་དཔོན་ལས། །ཆོས་དབྱིངས་གསུང་གི་དབང་ཕྱུག་དཀྱིལ་འཁོར་ཆེར། །རིགས་བཞི་འཁོར་ལོས་སྒྱུར་བ་དང་བཅས་པའི། །སྨིན་བྱེད་བདུད་རྩི་ནོད་པར༴ དབང་དུས་ཐོབ་པའི་བསླབ་ལས་མི་འདའ་བཞིན། །དབེན་པའི་གནས་སུ་འཇམ་དཔལ་གཞོན་ནུ་ཡི། །ཏིང་འཛིན་གསུམ་དང་ཆོ་འཕྲུལ་རྣམ་པ་བཞིའི། །ཟབ་མོའི་ལམ་བཟང་བསྒོམ་པར །དེ་མཐུས་གནས་སྐབས་དངོས་གྲུབ་ཡེ་ཤེས་དང་། །མཐར་ཐུག་ཕྱག་རྒྱའི་ཡེ་ཤེས་ལ་བརྟེན་ནས། །མངོན་པར་བྱང་ཆུབ་རྣམ་ལྔའི་ཉེར་ལེན་གྱིས། །སྐུ་བཞིའི་འབྲས་བུ་འགྲུབ་པར་བྱིན་གྱིས་རློབས། །གཞན་ཡང་རིས་མེད་ཐུབ་བསྟན་དར་ཞིང་རྒྱས། །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །འགྲོ་རྣམས་དུས་ཀྱི་རྒུད་པ་ཀུན་ཞི་ནས། །ཕན་བདེའི་དགེ་མཚན་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་པའི་ངོ་བོ་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོའི་ཞལ་སྔ་ནས་བཀའ་སྩལ་རིན་ཆེན་ཕྲེང་བ་ལྷ་རྫས་ཀྱི་མེ་ཏོག་དང་བཅས་སྤྱི་བོར་ཕེབས་པ་གུས་པས་


JKT016_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དེ། རྗེ་བཙུན་བླ་མ་དེ་ཉིད་སོགས་ཡོངས་འཛིན་མཁས་གྲུབ་དུ་མས་རྗེས་སུ་བཟུང་བའི་ཤར་མདོ་ཁམས་ཀྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔལ་ཞ་ལུ་རི་ཕྲུག་བྱང་ཆུབ་ལྗོན་། །པའི་དགའ་བའི་ཚལ་ཆེན་པོར་གང་ཤར་གསོལ་བ་བཏབ་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།

གསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་རྣམ་དག་མར་གྲགས་པའི་ཞལ་སྐོང་།


JKT016_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་རྣམ་དག་མར་གྲགས་པའི་ཞལ་སྐོང་བཞུགས་སོ། ཨོཾ་སྭ་སྟི། །གསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་ཀྱི་ཞལ་སྐོང་ནི། །མཚུངས་མེད་ཉིན་བྱེད་དབང་པོར་གསོལ་བ་འདེབས། །ཞེས་པའི་མཚམས། །བྱམས་པ་ནམ་མཁའ་བསམ་འགྲུབ་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །རྨད་བྱུང་བློ་གྲོས་ནམ་མཁའི་ཁྱོན་ཡངས་པར། །ཐུགས་རྗེའི་ཆུ་འཛིན་དཔལ་གྱིས་ཆེར་གཏམས་ཤིང་། །བསམ་ཡས་ཕྲིན་ལས་བཟང་པོའི་ཆར་རྒྱུན་གྱིས། །ཐར་པའི་འབྲས་སྟེར་མཁས་གྲུབ་ལ་ཕྱག་འཚལ། །མཁན་༦ ཆེན་དཔལ་ལྡན་ཆོས་སྐྱོང་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། །གསང་བ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་། །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་བླ་མ་མཆོག །དཔལ་ལྡན་ཆོས་སྐྱོང་གྲགས་ལ་གསོལ་བ་འདེབས། །དུས་གསུམ་སངས་རྒྱས་ཀུན་བདག་རྡོ་རྗེ་འཆང་། མཁས་གྲུབ་སངས་རྒྱས་དང་དཔལ་བཟང་ལ་བསྟོད་པ་བྱམས་པ་བསོད་ནམས་བཟང་པོས་མཛད་པ། །གསང་གསུམ་ཡོན་ཏན་མཛོད་


JKT016_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་འཁོར་ལོའི་མགོན། །ཟག་མེད་དགའ་བཞིའི་དཔལ་མངའ་ཧེ་རུ་ཀ །དབྱེར་མེད་འདྲེན་པ་བཟང་པོར་གསོལ་བ་འདེབས། །འཇམ་མགོན་བསོད་ནམས་ལྷུན་གྲུབ་ལ་བསྟོད་ལ་བྱམས་པ་བསོད་ནམས་བཟང་པོས་མཛད་པ། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་འཛིན་མ་ལ། །རབ་འཁྲུངས་བསོད་ནམས་ཡེ་ཤེས་ཡོངས་འདུའི་ལྗོན། །ལུང་རྟོགས་བྱེ་བའི་ཡོན་ཏན་ལྷུན་གྱིས་གྲུབ། །ཕྲིན་ལས་དཔལ་འབྱོར་བཟང་པོའི་ཞབས་ལ་འདུད། །རིན་ཆེན་མི་འགྱུར་རྒྱལ་མཚན་ལ་བསྟོད་པ་བྱམས་པ་བསོད་ནམས་བཟང་པོས་མཛད་པ། །ཚོགས་གཉིས་རིན་ཆེན་མཛེས་པའི་གསེར་གྱི་ཁྲིར། །སྲིད་ཞིའི་སྐྱབས་གཅིག་མི་འགྱུར་རྒྱལ་བའི་སྲས། །བསྟན་འགྲོ་ལྷར་བཅས་གདུལ་བྱའི་གཙུག་གི་ནོར། །ཕྲིན་ལས་དགེ་མཚན་འབུམ་ལྡན་ཞབས་ལ་འདུད། །སྲིད་ཞིའི་དགེ་ལེགས་ཀུན་གྱི་སྒོ་གཅིག་པུ། །བདེ་གཤེགས་བསྟན་པ་རིན་ཆེན་སྤེལ་བ་ལ། །བསམ་བཞིན་བྱོན་པའི་རྗེ་བཙུན་ཨེ་ཝཾ་པ། །སངས་རྒྱས་ཡེ་ཤེས་ཞབས། །འཇམ་མགོན་སངས་རྒྱས་ཡེ་ཤེས་པ་བསྟོད་པ་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་མཛད་པ། ལ་གསོལ་བ་འདེབས། །འཇམ་དབྱངས་དཀོན་མཆོག་གྲགས་པ་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །དཀོན་མཆོག་ཐུགས་རྗེའི་འོད་ཟེར་སྙིགས་དུས་ཀྱི། །འགྲོ་བའི་གདུང་སེལ་དགེ་ལེགས་པདྨོའི་ཚལ། །རྒྱས་མཛད་འཇམ་མགོན་བསྟན་པའི་ཉི་མ་མཆོག །ཆོས་ཀྱི་གྲགས་པར་གྱུར་ལ་གསོལ་བ་


JKT016_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། ངག་དབང་ཆོས་སྐྱོང་བཟང་པོ་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །ངག་གི་དབང་ཕྱུག་དམ་པའི་ཆོ་རིགས་ལས། །ལེགས་འཁྲུངས་ཆོས་ཚུལ་རྒྱ་མཚོའི་མངའ་བདག་མཆོག །བསྟན་དང་བསྟན་འཛིན་སྐྱོང་བའི་དེད་དཔོན་ཆེ། །བསྐལ་བཟང་སྐྱེ་དགུའི་མགོན་པོར་གསོལ་བ་འདེབས། །མཁྱེན་རབ་དཀྱིལ་འཁོར་། མཁས་གྲུབ་སངས་རྒྱས་གྲགས་པ་ལ་བསྟོད་པ་རྗེ་རང་ཉིད་ཀྱི་མཛད་པ། འོད་སྟོང་ཚ་ཟེར་གྱི། །ནུས་པས་སངས་རྒྱས་ཀུན་གྱི་བསྟན་པ་མཆོག །གསལ་མཛད་གདུལ་བྱའི་དགའ་སྟོན་བཟང་པོའི་རྒྱུན། །སྤེལ་མཁས་ས་གསུམ་གྲགས་པ་ཁྱོད་ཕྱག་འཚལ། །བྱམས་པ་ཕུན་ཚོགས་དོན་གྲུབ་ལ་བསྟོད་པ་ཁང་གསར་པ་ངག་དབང་བསོད་ནམས་བསྟན་འཛིན་གྱིས་མཛད་པ། །ཀུན་མཁྱེན་དགའ་བའི་ཐུགས་བསྐྱེད་ཕུན་སུམ་ཚོགས། །དོན་ལྡན་མཛད་པས་ཅི་བསམ་ལྷུན་གྱིས་གྲུབ། །དྲི་མེད་བསྟན་པའི་སྲོལ་འཛིན་ཆོས་ཀྱི་རྗེར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁས་གྲུབ་ཀུན་དགའ་བསོད་ནམས་ལ་བསྟོད་པ་ས་སྐྱ་པ་ངག་དབང་དཔལ་ལྡན་ཆོས་སྐྱོང་གིས་མཛད་པ། །ཀུན་མཁྱེན་ཨེ་ཝཾ་པ་ཡི་བསྟན་པ་ལ། །དགའ་ཆེན་དྲི་མ་མེད་པའི་མཛད་ཕྲིན་གྱིས། །བསོད་ནམས་འགྲོ་ལ་སྤེལ་མཁས་དྲིན་ཅན་རྗེ། །ངོར་ཆེན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བྱམས་པ་ནམ་མཁའ་འཆི་མེད་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །དམིགས་མེད་བྱམས་དང་སྙིང་རྗེ་ཆེར་ལྡན་པས། །


JKT016_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་དང་མཉམ་མ་གྱུར་འགྲོ་ཀུན་ལ། །སྐྱེ་འཆི་འགགས་མེད་སྨོན་ལམ་ཤུགས་བདོ་བ། །འཁོར་བ་ཇི་སྲིད་བཙན་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་མཁས་གྲུབ་ངག་དབང་དམ་ཆོས་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། རིགས་བརྒྱའི་འཁོར་ལོས་སྒྱུར། །ཁྱབ་བདག་རྡོ་རྗེ་སེམས་དཔའི་རྣམ་རོལ་གྱིས། །རྒྱལ་བ་ཀུན་གྱི་གསང་གསུམ་འཁོར་ལོའི་མཛོད། །འཛིན་མཁས་དམ་ཆོས་རྒྱལ་མཚན་ཞབས་ལ་འདུད། །སྟོབས་མཁན་ཆེན་བསོད་ནམས་དཔལ་འབྱོར་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། བཅུའི་དབང་ཕྱུག་ཟས་གཙང་སྲས་པོ་ཡི། །ལུང་དང་རྟོགས་པའི་དམ་ཆོས་བདུད་རྩིའི་རྒྱུན། །སྐལ་ལྡན་འགྲོ་བའི་བསོད་ནམས་ཞིང་མཆོག་ཏུ། །སྤེལ་མཁས་དཔལ་འབྱོར་བཟང་པོར་གསོལ་བ་འདེབས། །རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལ་བསྟོད་པ་ས་སྐྱ་པ་ཁྲི་ཆེན་པདྨ་བདུད་འདུལ་དབང་ཕྱུག་གིས་མཛད་པ། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་བྱམས་པའི་དཔལ། །གསང་ཆེན་གདམས་པའི་ཆུ་གཏེར་ཀུན་དགའི་དཔལ། །བསྟན་འཛིན་ཡོངས་ལ་འཇོ་མཁས་ཆོས་ཀྱི་དཔལ། །དཔལ་ལྡན་བླ་མའི་ཞབས་ཟུང་རྟག་བརྟན་ཤོག །ངག་དབང་ལྷ་རིགས་སྒྱུ་འཕྲུལ་རོལ་པའི་རྩེར། །བློ་གྲོས་མུན་སེལ་འགྲོ་བའི་མགོན་དུ་འཁྲུངས། །ཀུན་དགའི་རིང་ལུགས་ཆོས་བཞིན་སྐྱོང་བ་པོ། །བཟང་པོའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །ངག་དབང་བློ་གྲོས་བཟང་པོ་ལ་བསྟོད་པ་རྗེ་རང་ཉིད་


JKT016_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཛད་པ། །འཇམ་མགོན་དཔལ་ལྡན་དོན་གྲུབ་ལ་བསྟོད་པ་རྗེ་རང་ཉིད་ཀྱིས་མཛད་པ། །བསྐལ་བཟང་རྣམ་འདྲེན་བཞི་པའི་ལུང་རྟོགས་བསྟན། །ཡོངས་འཛིན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་ཏེ། །འཇམ་དཔལ་ངུར་སྨྲིག་རྣམ་རོལ་དགེ་བའི་བཤེས། །དྲི་མེད་ལེགས་པའི་བློ་གྲོས་ཞབས་ལ་འདུད། །མཁྱེན་རབ་།བྱམས་པ་དཔལ་ལྡན་བཟང་པོ་ལ་བསྟོད་པ་འཇམ་མགོན་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ། ངག་གི་དབང་ཕྱུག་འཇམ་པའིདབྱངས། །བྱམས་མགོན་བརྩེ་བའི་བདག་ཉིད་སྤྱན་རས་གཟིགས། །མཐུ་སྟོབས་ནུས་པ་རྨད་བྱུང་གསང་བའི་བདག །དཔལ་ལྡན་འདྲེན་པ་བཟང་པོར་གསོལ་བ་འདེབས། །ཕན་བདེ་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་ལ་བསྟོད་པ་འཇམ་མགོན་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ། ཀུན་གྱི་འབྱུང་གནས་རྒྱལ་བའི་བསྟན། །འཛིན་མཁས་རྣལ་འབྱོར་དབང་ཕྱུག་ཆོས་ཀྱི་རྗེ། །འཇམ་དཔལ་རྡོ་རྗེ་ཁྱབ་བདག་འཁོར་ལོའི་མགོན། །ཕྲིན་ལས་བཟང་པོ་བསྐལ་བརྒྱར་ཞབས་བརྟན་གསོལ། །ངག་དབང་བློ་གྲོས་བསྟན་འཛིན་ལ་བསྟོད་པ་འཇམ་མགོན་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ། །གསུང་ངག་རིན་ཆེན་གཏེར་ལ་དབང་འབྱོར་ཞིང་། །བློ་གྲོས་གཙུག་གི་ནོར་བུའི་གཟི་འོད་ཀྱིས། །བསྟན་དང་འགྲོ་བའི་ཕན་བདེའི་དཔལ་འཛིན་པ། །དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཁྱོད་ཕྱག་འཚལ། །རྡོ་རྗེ་ཀུན་དགའ་བསྟན་པའི་བློ་གྲོས་ལ་བསྟོད་པ། འཆང་དངོས་


JKT016_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་བཟང་པོ་ཡི། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་མཁས་པ། །བློ་གྲོས་མཚུངས་མེད་མཁྱེན་བརྩེ་ནུས་པའི་གཏེར། །ཁྱབ་བདག་དཔལ་ལྡན་བླ་མ་ཞབས་བརྟན་གསོལ། །བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ལ་བསྟོད་པ། །བྱམས་པའི་དཔལ་མངའ་དམིགས་མེད་ཐུགས་རྗེའི་གཏེར། །མཁས་ཀུན་དགའ་བའི་མཁྱེན་རབ་ཕ་མཐའ་ཡས། །ཡོངས་རྫོགས་བསྟན་པའི་རྒྱལ་མཚན་འཛིན་མཛད་པ། །རིགས་བརྒྱའི་ཁྱབ་བདག་ཆེན་པོར་ཞབས་བརྟན་གསོལ། །ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་རྟ་ལྗང་གིས། །རྣམ་དཔྱོད་བརྩོན་པའི་མཁའ་ལ་ལེགས་དྲངས་ནས། །ཕན་བདེའི་པད་ཚལ་མ་ལུས་རྒྱས་མཛད་པས་བཟང་པོ་འཇམ་དབྱངས་བླ་མར་འདུད། །བསྐྱེད་པ་ཕྱི་དབྱིབས་སོགས་སྦྲེལ་ལོ། །དེ་ལྟར་ངོར་ཆེན་རྡོ་རྗེ་འཆང་གིས་གནང་བའི་གསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་རྣམ་དག་མར་གྲགས་པའི་ཞལ་སྐོང་དཔལ་ཨེ་ཝཾ་པའི་མཁན་རབས་ལྟར་མཛད་པའི་འཕྲོ་མཐུད་འདི་ཡང་། གོང་མ་རྣམས་མཛད་པ་པོ་སོ་སོ་ནས་བརྒྱུད་པའི་ལུང་རྒྱུན་འབད་པས་བཙལ་ཞིང་། མཇུག་གི་བླ་མ་གཉིས་ཀྱི་ཞབས་བརྟན་གསར་རྩོམ་བཅས་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཕྱོགས་གཅིག་ཏུ་དག་པར་བསྒྲིགས་པའི་དགེ་བས་བདག་གཞན་གྱི་རྒྱུད་ལ་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཡེ་ཤེས་གཟིགས་པའི་བྱིན་བརླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ། །

ངོར་ཆེན་གྱིས་མཛད་པའི་རྣམ་དག་མའི་ཁ་སྐོང་།


JKT016_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

༈ ངོར་ཆེན་གྱིས་མཛད་པའི་རྣམ་དག་མའི་ཁ་སྐོང་ནི། །རྣམ་དག་དཀྱིལ་འཁོར་བཞི་སོགས་ནས་བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་དང་། །བུདྡྷ་ཤྲཱི་ངོར་ཆེན་རྡོ་རྗེ་འཆང་། །སེམས་དཔའ་ཆེན་པོ་རྣམས་ལ་གསོལ་བ་འདེབས། །རྒྱལ་ཚབ་ཀུན་དབང་ཀུན་མཁྱེན་ཡོངས་འཛིན་རྗེ། ས་སྐྱ་ལོ་ཙཱ་དཀོན་མཆོག་ལྷུན་གྲུབ་དང་། །སངས་རྒྱས་སེང་གེ་པཎ་ཆེན་ནམ་མཁའི་མཚན། །དཔལ་ལྡན་དོན་གྲུབ་རྣམས་ལ༴ དཔལ་མཆོག་རྒྱལ་མཚན་སངས་རྒྱས་ཕུན་ཚོགས་དང་། །བསོད་ནམས་དཔལ་ལྡན་དཔལ་ལྡན་ཆོས་སྐྱོང་ཞབས། །ཆོས་སྐྱོང་བཟང་པོ་ནམ་མཁའ་འཆི་མེད་དང་། །རྩ་བའི་བླ་མ་རྣམས་ལ༴ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །མ་དག་སྣང་བ་ངེས་འབྱུང་བདུད་རྩི་ཡིས། །བྱང་ཆུབ་སེམས་གཉིས་པད་དཀར་བཞད་པའི་རྩེར། །སྐུ་དང་ཡེ་ཤེས་འབྲས་བུས་མཛེས་པར་ཤོག །སྨིན་བྱེད་དབང་ཐོབ་དམ་ཚིག་སྡོམ་པ་གནས། །འཁོར་འདས་དབྱེར་མེད་ཟབ་གསང་སྙིང་ལ་ཤར། །བསྐྱེད་དང་རྫོགས་པའི་ལམ་བཟང་ལ་བརྟེན་ནས། །སྐུ་བཞིའི་འབྲས་བུ་མྱུར་དུ་འགྲུབ་པར་ཤོག །འཇམ་དབྱངས་མཁྱེན་བརྩེས་སོ། །།ལམ་ཟབ་ཕྱི་མའི་བརྒྱུད་འདེབས་ཀྱི་ཁ་སྐོང་ནི། ༈ །མཁས་པའི་དབང་ཕྱུག་དཀོན་མཆོག་ལྷུན་གྲུབ་ལ། །གསོལ་བ༴ ཞེས་པ་ཡན་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱི་ཞལ་སྐོང་གནང་བ་ལྟར་ལ། དེ་ནས། །བསྟན་པའི་སྲོག་ཤིང་སྔགས་འཆང་ཨཱ་ནནྡ། །བསྟན་འགྲོའི་གཙུག་


JKT016_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་བསོད་ནམས་དབང་པོའི་ཞབས། །བསྟན་པའི་ཉི་མ་ཀུན་དགའ་བསོད་ནམས་ལ། །གསོལ་བ༴ འཇམ་པའི་རྡོ་རྗེ་ཀུན་དགའ་བཀྲ་ཤིས་དང་། །འཇམ་མགོན་བླ་མ་བསོད་ནམས་རིན་ཆེན་ཞབས། །འཇམ་དཔལ་དབྱངས་དངོས་ཀུན་དགའ་བློ་གྲོས་ལ། །གསོལ་བ༴ ས་གསུམ་འདྲེན་མཆོག་ནམ་མཁའ་འཆི་མེད་དང་། །མཆོག་གསུམ་འདུས་ཞལ་ཀུན་དགའ་བསྟན་འཛིན་ཞབས། །སྐྱབས་གསུམ་ངོ་བོ་འཇམ་དཔལ་བཟང་པོ་ལ། །གསོལ་བ༴ དཔལ་ལྡན་མཁས་གྲུབ་རྒྱ་མཚོའི་ཐུགས་ཀྱི་སྲས། །དཔལ་ལྡན་ཁྱབ་བདག་མཁྱེན་བརྩེའི་དབང་པོ་སོགས། །དཔལ་ལྡན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །གསོལ་བ༴ ཡང་ན། །མཁས་པའི་བརྒྱུད་འཛིན་ཤེས་རབ་འབྱུང་གནས་ལ། །གསོལ་བ༴ ཞེས་པའི་མཚམས། །འཇམ་མགོན་བླ་མ་དཔལ་མཆོག་རྒྱལ་མཚན་དང་། །འཇམ་དཔལ་དབྱངས་དངོས་སངས་རྒྱས་ཕུན་ཚོགས་ཞབས། །འཇམ་པའི་རྡོ་རྗེ་བསོད་ནམས་དཔལ་ལྡན་ལ། །གསོལ་བ༴ རྡོ་རྗེ་འཆང་དངོས་དཔལ་ལྡན་ཆོས་སྐྱོང་དང་། །རྡོ་རྗེ་ཐེག་པའི་ལམ་སྟོན་ཆོས་སྐྱོང་བཟང་། །རྡོ་རྗེ་འཛིན་དབང་ནམ་མཁའ་འཆི་མེད་ལ། །གསོལ་བ༴ རྣམ་འདྲེན་མཚུངས་མེད་ཀུན་དགའ་བསྟན་འཛིན་དང་། །རྣམ་མང་རིགས་བརྒྱའི་ཁྱབ་བདག་འཇམ་དཔལ་བཟང་། །རྣམ་གྲོལ་ལམ་སྟོན་རྩ་བའི་བླ་མ་ལ། །གསོལ་བ་༴


JKT016_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འདིའང་བླ་མ་དམ་པ་ཝཱ་གི་ཤྭ་ར་ཀི་རྟིས་གསུངས་ངོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་འཕེལ། །།འགྲོ་བའི་བླ་མའི་ཁ་སྐོང་ནི། །རྒྱལ་བས་ལུང་བསྟན་ཀུན་མཁྱེན་ཨེ་ཝཾ་པ། །དེ་སྲས་ཐུ་བོ་དཀོན་མཆོག་རྒྱལ་མཚན་དཔལ། །སྨྲ་བའི་ཉི་མ་བསོད་ནམས་སེངྒེ་སྟེ། རིག་གྲོལ་མཐར་ཕྱིན་གསུམ་ལ༴ འཇམ་པའི་དབྱངས་དངོས་སངས་རྒྱས་རིན་ཆེན་དང་། །སེམས་དཔའ་ཆེན་པོ་ནམ་མཁའ་དབང་ཕྱུག་ཞབས། །ལུང་རིགས་མངའ་བདག་ཀུན་དགའ་ལེགས་གྲུབ་སྟེ། །བསྟན་པའི་གསལ་བྱེད་གསུམ་ལ༴ རིགས་པར་སྨྲ་བ་ཀུན་དགའ་ཆོས་གྲགས་དང་། །གྲུབ་པའི་དབང་ཕྱུག་ཀུན་དགའ་རྣམ་པར་རྒྱལ། །མཁྱེན་རབ་མཐར་ཕྱིན་བསྟན་འཛིན་བཟང་པོ་སྟེ། །རྣམ་འདྲེན་དམ་པ་གསུམ་ལ༴ མཁས་ཤིང་གྲུབ་བརྙེས་ངག་དབང་ལྷུན་གྲུབ་དང་། །ཀུན་གཟིགས་ཆོས་ཀྱི་ཉི་མ་རྨོར་ཆེན་རྗེ། །གདམས་པ་རྒྱ་མཚོའི་འབྱུང་གནས་གནས་གསར་པ། །མཚུངས་མེད་བླ་མ་གསུམ་ལ༴ སྙིགས་དུས་བསྟན་པའི་སྲོག་ཤིང་ཀུན་བློའི་ཞབས། །རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ་དང་། །འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན་ཏེ། །སྐྱེ་དགུའི་འདྲེན་མཆོག་གསུམ་ལ༴ བྱམས་པའི་ཐུགས་རྗེས་སྲས་བཅས་རྒྱལ་བ་ཀུན། །ལྷར་བཅས་དགའ་བའི་བསྟན་འཛིན་མཆོག་གི་སྐུར། །ཡོངས་ཤར་སྐྱབས་གནས་རྒྱ་མཚོའི་བདག་ཉིད་ཆེ། །མཁན་ཆེན་


JKT016_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པར༴ ཅེས་པའང་ཤཱཀྱའི་དགེ་སློང་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་དཔལ་ལྷུན་གྲུབ་སྟེང་གི་བླ་བྲང་ཕན་བདེ་ཀུན་ཁྱབ་གླིང་དུ་བྲིས་པ་ཤུ་བྷཾ། ༈ །སྨྱུང་ཆོག་ནས། ཤེས་རབ་འབྱུང་གནས་མཁས་བཙུན་ཀུན་དགའ་ལེགས། །ཞེས་པའི་མཚམས་སུ། །ཁ་སྐོང་ནི། །སངས་རྒྱས་ཕུན་ཚོགས་བསོད་ནམས་དཔལ་ལྡན་དང་། །ནམ་མཁའ་བསམ་འགྲུབ་ཀུན་དགའ་བློ་གྲོས་ཞབས། །ནམ་མཁའ་འཆི་མེད་རྣམས་ལ༴ སྐྱབས་གནས་ཀུན་འདུས་ཕྱག་ན་པདྨོ་དང་། །དབྱེར་མེད་རྣལ་འབྱོར་འཇམ་དཔལ་བཟང་པོའི་ཞབས། འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ༔ ཞེས་པའང་མཉྫ་གྷོ་ཥས་བྲིས་པའོ། །།དཔལ་ཨེ་ཝཾ་པའི་གདན་རབས་གཙོ་བོར་གྱུར་པའི་གསུང་ངག་རིན་པོ་ཆེའི་བླ་མ་བརྒྱུད་པ་ལ་ཕྱག་འཚལ་བྱིན་རླབས་སྣང་བ་བཞུགས་སོ། །རྡོ་རྗེ་འཆང་དང་བདག་མེད་མ། །བིརླ་པ་དང་ནག་པོ་པ། །ཌ་མ་རུ་བ་གཉིས་སྤངས་ཞབས། །ག་ཡ་དྷ་ར་ལ་ཕྱག་འཚལ། །ཤཱཀྱ་ཡེ་ཤེས་སོ་སྟོན་དང་། །ཞང་སྟོན་ཆོས་རྗེ་ས་ཆེན་ཞབས། །བསོད་ནམས་རྩེ་མོ་གྲགས་པའི་མཚན། །ས་སྐྱ་པཎ་ཆེན་ལ་ཕྱག་འཚལ། །ཆོས་རྒྱལ་འཕགས་པ་ཞང་སྟོན་རྗེ། །བྲག་ཕུག་པ་དང་བསོད་ནམས་མཚན། །དཔལ་ལྡན་ཚུལ་ཁྲིམས་བུདྡྷ་ཤྲཱི། །ཀུན་དགའ་བཟང་པོ་ལ་ཕྱག་འཚལ། །དཀོན་མཆོག་རྒྱལ་མཚན་ཤེས་རབ་མཚན། །ཀུན་དགའ་དབང་ཕྱུག་དཔལ་


JKT016_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞབས། །བསོད་ནམས་སེངྒེ་དཀོན་མཆོག་འཕེལ། །སངས་རྒྱས་རིན་ཆེན་ལ་ཕྱག་འཚལ། །བསོད་ནམས་ལྷུན་གྲུབ་ལྷ་མཆོག་སེང་། །དཀོན་མཆོག་ལྷུན་གྲུབ་སངས་རྒྱས་སེང་། །ཤེས་རབ་རྒྱལ་མཚན་དཀོན་མཆོག་དཔལ། །ནམ་མཁའ་དཔལ་བཟང་ལ་ཕྱག་འཚལ། །ཀུན་དགའ་བཀྲ་ཤིས་བསོད་ནམས་ལྷུན། །དཔལ་ལྡན་དོན་གྲུབ་ནམ་མཁའི་མཚན། །ཤེར་འབྱུང་ནམ་མཁའ་རིན་ཆེན་དང་། །ངག་དབང་བསོད་ནམས་ལ་ཕྱག་འཚལ། །བསོད་ནམས་རྒྱ་མཚོ་དཔལ་མཆོག་མཚན། །ནམ་མཁའ་དཔལ་བཟང་ལྷུན་གྲུབ་དཔལ། །སངས་རྒྱས་ཕུན་ཚོགས་སངས་རྒྱས་བསྟན། །ཤེས་བྱ་བཟང་པོ་ལ་ཕྱག་འཚལ། །ཚུལ་ཁྲིམས་དཔལ་བཟང་བསོད་ནམས་དཔལ། །བསོད་ནམས་བཟང་པོ་བཀྲ་ཤིས་ལྷུན། །འཇམ་མགོན་ཚུལ་ཁྲིམས་ལྷུན་འགྲུབ་དང་། །ནམ་མཁའ་བསམ་འགྲུབ་ལ་ཕྱག་འཚལ། །དཔལ་ལྡན་ཆོས་སྐྱོང་སངས་རྒྱས་དཔལ། །བསོད་ནམས་ལྷུན་གྲུབ་མི་འགྱུར་རྒྱལ། །སངས་རྒྱས་ཡེ་ཤེས་དཀོན་མཆོག་གྲགས། །ཆོས་སྐྱོང་བཟང་པོ་ལ་ཕྱག་འཚལ། །སངས་རྒྱས་གྲགས་པ་ཕུན་ཚོགས་དོན། །ཀུན་འ་བསོད་ནམས་ཡེ་ཤེས་དབང་། །རྟགས་ཅན་འདི་རྣམས་ཁྲི་རབས་དངོས་མིན་ཀྱང་ཨེ་ཝཾ་པའི་བསྟན་པ་ལ་བཀའ་དྲིན་ཆེ་བ་དང་དབང་ལུང་མན་ངག་ཕལ་ཆེར་གྱི་བརྒྱུད་པ་ལ་བཞུགས་པ་སོགས་ཀྱིས་སྔོན་ནས་གྲགས་ཆེ་བའི་དབང་གིས་བྲིས་པའོ། །ནམ་


JKT016_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འཆི་མེད་ངག་དབང་ཞབས། །བསོད་ནམས་དཔལ་འབྱོར་ལ་ཕྱག་འཚལ། །ཀུན་དགའ་བསྟན་འཛིན་བློ་གྲོས་བཟང་། །དཔལ་ལྡན་དོན་གྲུབ་དཔལ་ལྡན་བཟང་། །འཇམ་དཔལ་བཟང་པོ་བློ་གྲོས་བརྟན། །བརྟན་པའི་བློ་གྲོས་ལ་ཕྱག་འཚལ། །ཀུན་དགའ་བསྟན་པའི་རྒྱལ་མཚན་སོགས། །གསུང་ངག་ཚོགས་སློབ་སྨྲ་བ་ཡི། །རྩ་བརྒྱུད་བླ་མ་ཐམས་ཅད་དང་། །འབྱོན་འགྱུར་བཅས་ལ་ཕྱག་འཚལ་ལོ། །དེ་ལྟར་ཕྱག་འཚལ་གསོལ་བཏབ་མཐུས། །ངེས་འབྱུང་སྙིང་རྗེ་བྱང་སེམས་འབྱོངས། །དབང་ཐོབ་དམ་ཚིག་རྣམ་པར་དག །ལམ་བཞིའི་འབྲས་བུ་མྱུར་འགྲུབ་ཤོག །ཅེས་རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རྡོ་རྗེ་འཛིན་དབང་ཀུན་། དགའ་དཔལ་ལྡན་པས་མཛད་པ་ལ། །སླད་ནས་ཞུས་དག་དང་མཇུག་གི་སྨོན་ལམ་ཤུ་ལོ་ཀ་བཅས་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བགྱིས་པ་སྟེ། །དགེ་བས་བདག་གཞན་རྣམས་ཀྱི་རྒྱུད་ལ་རྩ་བརྒྱུད་བླ་མའི་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་འི པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །།དཔལ་གསང་བ་སྙིང་པོའི་བཤད་རྒྱུན་གྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །གདོད་མའི་མགོན་པོ་གསང་བདག་རིགས་ཅན་ལྔ། །ལུང་བསྟན་རྡོ་རྗེ་ཀུ་ཀུ་རཱ་ཛ་དང་། །ཨིནྡྲ་བྷུ་ཏི་སིདྷ་ཨུ་པའི་ཞབས། །གོ་མ་དེ་བཱི་རྣམས་ལ་གསོལ་བ་འདེབས། །སྒེག་པའི་རྡོ་རྗེ་སངས་རྒྱས་གསང་བ་དང་། །བི་མ་མི་ཏྲ་ལོ་ཆེན་རྨ་གཉགས་ཟུང་། རིན་ཆེན་གཞོན་ནུ་གྱེ་རེ་མཆོག་སྐྱོང་དང་། །


JKT016_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཡོན་ཏན་རྣམས་ལ་གསོལ༴ གནུབས་ཆེན་ཡབ་སྲས་ཡེ་ཤེས་རྒྱ་མཚོ་དང་། །ཤེར་མཆོག་ཡེ་འབྱུང་བདེར་གཤེགས་ཟུར་པོ་ཆེ། །ཤེས་རབ་གྲགས་པ་ཐུགས་སྲས་རྣམ་བཞི་དང་། །ཤཱཀྱ་སེང་གེ་རྣམས་ལ༴ ཆོས་ཀྱི་སེང་གེ་གཙང་ནག་འོད་འབར་བ། །མེས་སྟོན་མགོན་པོ་ཤེས་རབ་ཚུལ་ཁྲིམས་དང་། །རྟ་ནག་བདུད་འདུལ་མདའ་སྟོན་ཤཱཀྱ་འཕེལ། །བྱམས་པ་སེང་གེ་རྣམས་ལ །བསམ་འགྲུབ་རྡོ་རྗེ་སྒྲོལ་ཆེན་སངས་རིན་ཞབས། །ཐམས་ཅད་མཁྱེན་པ་འགོས་ལོ་གཞོན་ནུ་དཔལ། །ཡེ་ཤེས་དཔལ་བཟང་རིན་ཆེན་ཕུན་ཚོགས་དང་། །ཉི་ཟླ་སངས་རྒྱས་རྣམས་ལ །འཁོན་སྟོན་ཚེ་དབང་དཔལ་འབྱོར་ལྷུན་གྲུབ་དང་། །བཀྲ་ཤིས་ཀུན་དགའ་གསང་བདག་ཕྲིན་ལས་ཞབས། །སྔ་འགྱུར་བསྟན་པའི་ཉི་མ་གཏེར་བདག་གླིང་། །དྷརྨ་ཤྲཱི་རྣམས་ལ༴ ཆོས་ཀྱི་གྲགས་པ་མདོ་རྒྱུད་རྒྱ་མཚོའི་སྡེ། །ཆོས་ཀྱི་རྡོ་རྗེ་ཕྲིན་ལས་རྣམ་པར་རྒྱལ། །ངེས་དོན་བསྟན་འཕེལ་ཀུན་མཁྱེན་བླ་མ་མཆོག །མཐུ་སྟོབས་རྣམ་རྒྱལ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བརྒྱུད་པ་གསུམ་ལྡན་རིག་འཛིན་རྒྱ་མཚོ་ཡི། །ཐུགས་རྗེའི་བདུད་རྩིས་རྟག་ཏུ་དགེ་བྱས་པས། །ཟབ་དོན་རྟོགས་པའི་བློ་གྲོས་རྒྱས་པར་ཤོག །མཚན་ཙམ་གྱིས་ཀྱང་རྒྱུད་དོན་ཡོངས་རྫོགས་ཤིང་། །དོན་སྤྱིའི་ཐོས་བསམ་སྒྲོ་


JKT016_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་ལེགས་ཆོད་ནས། །རྡོ་རྗེའི་ཚིག་ཀུན་གསལ་བར་མཐོང་བ་ཡི། །སྐལ་བཟང་སྲིད་ན་མཚུངས་པ་མེད་གྱུར་ཅིག །གཞི་ལམ་འབྲས་བུའི་ངེས་གསང་ཁོང་དུ་ཆུད། །རྒྱུད་ཀྱི་དངོས་པོ་རྣམ་བཅུར་དབང་འབྱོར་ཞིང་། །རྩེ་གཅིག་བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་གྱིས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །དེ་མཐུས་སྐུ་གསུམ་སྟོན་པའི་ཐུགས་ཀྱི་བཅུད། །གྲུབ་པའི་དབང་ཕྱུག་བྱེ་བ་གཤེགས་པའི་ཤུལ། །དཔལ་ལྡན་སྙིང་པོའི་བཤད་སྒྲུབ་སེང་གེའི་སྒྲས། །ཕྱོགས་དུས་ཀུན་ཏུ་ཡོངས་སུ་ཁྱབ་གྱུར་ཅིག །ཆོས་དབྱིངས་བཟོད་ནས་ཞི་བའི་ཡེ་ཤེས་དང་། །ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པ་ཡིས། །ཇི་ལྟར་གསོལ་བ་བཏབ་པའི་དགེ་མཚན་གྱིས། །སྲིད་ཞིའི་ཕུན་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པའང་བདེར་གཤེགས་ཟུར་པོ་ཆེས་བྱིན་གྱིས་བརླབས་པའི་གནས་དཔལ་འུག་པ་ལུང་གི་ཉེ་འདབས་སུ་བརྒྱུད་གསུམ་སྨྲ་བ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་གུས་པས་གསོལ་བ་བཏབ་པ་ཇི་ལྟར་སྨོན་པའི་གནས་ཀུན་སིདྡྷི་རསྟུ། །

དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་དང་བཅས་པའི་བཤད་བཀའི་བརྒྱུད་འདེབས་ཕྲིན་ལས་ཀུན་ཁྱབ།


JKT016_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་དང་བཅས་པའི་བཤད་བཀའི་བརྒྱུད་འདེབས་ཕྲིན་ལས་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། །དཔལ་ལྡན་དུས་འཁོར་ཟླ་བཟང་ལྷ་དབང་ཞབས། །གཟི་བརྗིད་ཟླས་བྱིན་ལྷ་དབང་སྣ་ཚོགས་གཟུགས། །ལྷ་ཡི་དབང་ལྡན་རིགས་ལྡན་འཇམ་དཔལ་གྲགས། །པདྨ་དཀར་པོ་རྣམས་ལ་གསོལ་བ་འདེབས། །འཇམ་དབྱངས་སྤྲུལ་པས་རྗེས་


JKT016_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ཙི་ལུ་པ། །པིཎྜོ་པ་དང་དུས་ཞབས་རྣམ་པ་གཉིས། །འཇམ་དཔལ་གྲགས་པ་ས་མནྟ་བྷི། །ལོ་ཆེན་ཆོས་རབ་རྣམས་ལ༴ ཡེ་ཤེས་སེང་གེ་འབུམ་སེང་སྒ་ལོ་ཆེ། །ཤེས་རབ་སེང་གེ་རྡོ་རྗེ་རྒྱལ་མཚན་དཔལ། །རྩོད་དུས་ཀུན་མཁྱེན་གཉིས་པ་རིན་ཆེན་གྲུབ། །ཆོས་ཀྱི་དཔལ་བ་རྣམས་ལ༴ རིན་ཆེན་དཔལ་དང་མཁས་གྲུབ་ཙནྡྲ་ཤཱི། །ཚུལ་ཁྲིམས་རྒྱལ་མཚན་མཁྱེན་རབ་ཆོས་ཀྱི་རྗེ། །རིན་ཆེན་རྒྱལ་པོ་དོན་གྲུབ་རྒྱལ་མཚན་དང་། །བཀྲ་ཤིས་རྒྱལ་མཚན་རྣམས་ལ༴ དཀོན་མཆོག་རྒྱལ་མཚན་བསོད་ནམས་མཆོག་གྲུབ་དཔལ། །རིན་ཆེན་ཆོས་ལེགས་བསོད་ནམས་རྒྱ་མཚོའི་སྡེ། །འཇམ་དཔལ་མཁྱེན་རབ་རིན་ཆེན་བསྟན་དར་དང་། །བསྟན་འཛིན་ཕྲིན་ལས་རྣམས་ལ༴ རྡོ་རྗེ་འཛིན་དབང་ཡེ་ཤེས་དཔལ་འབྱོར་དང་། །ཁྱབ་བདག་དང་པོའི་མགོན་པོ་བློ་གསལ་ཞབས། །ལམ་འདིའི་བཀའ་དྲིན་དངོས་སུ་འདོམས་མཁས་པའི། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཕྱི་རོལ་འཇིག་རྟེན་ཁམས་ཀྱི་མཚན་ཉིད་དང་། །ནང་ལྟར་རྡོ་རྗེའི་ལུས་ཀྱི་ངེས་གསང་རྟོགས། །གཞན་དུ་སྨིན་གྲོལ་ཟབ་མོའི་ཐབས་མཁས་ལ། །བརྟེན་ནས་དངོས་གྲུབ་རྣམ་གཉིས་མྱུར་ཐོབ་ཤོག །མཐའ་ཡས་རྒྱུད་སྡེ་ཀུན་གྱི་རྡོ་རྗེའི་ཚིག །ཡོངས་སུ་འབྱེད་ལ་མཚུངས་པ་གཞན་མེད་པའི། །དཔལ་ལྡན་དུས་འཁོར་བཤད་སྒྲུབ་སྣང་བ་ཡིས། །འཇིག་


JKT016_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གསུམ་ན་རྟག་ཏུ་ཁྱབ་གྱུར་ཅིག །ཅེས་པའང་མ་ཧཱ་བྷོ་ཊའི་ལྗོངས་ཀྱི་ཐིག་ལེ་དཔལ་ལྡན་ཤམ་བྷ་ལ་གཉིས་པ་ཐུབ་བསྟན་ཆོས་ཀྱི་འཁོར་ལོའི་གླིང་ཆེན་པོར། །ཁྱབ་བདག་འཇམ་པའི་རྡོ་རྗེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་དང་། །རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རྣམ་འདྲེན་བླ་མ་ཀུན་དགའ་དཔལ་ལྡན་སོགས་དམ་པའི་སྐྱེས་བུ་རྣམས་ལ་ཤྲཱི་ཀཱ་ལ་ཙཀྲའི་རྒྱུད་འགྲེལ་ཆེན་དང་བཅས་པའི་བཤད་ལུང་རྫོགས་པར་ཕུལ་བའི་སྐབས། །སྲས་བཅས་རྒྱལ་བའི་ཡེ་ཤེས་ཀྱི་སྐུ་གཅིག་པུ་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་ལས་ཚུལ་འདིའི་བཀའ་དྲིན་ཐོབ་པ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པའི་ལེགས་བྱས་ཀྱི་སྣང་བས་དཔལ་དམ་པ་དང་པོའི་སངས་རྒྱས་ཀྱི་བཤད་སྲོལ་པདྨ་དཀར་པོའི་དགའ་བའི་ཚལ་ཕྱོགས་དང་དུས་དང་། གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།

རྡོ་རྗེ་ཕྲེང་བའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་དད་པའི་ཆར་འབེབས།


JKT016_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕྲེང་བའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་དད་པའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་སཾ་ཧཱ་ཡ། །སྐུ་གསུམ་ལྷུན་གྲུབ་རྒྱལ་བ་རྡོ་རྗེ་འཆང་། །གནས་གསུམ་ཡེ་ཤེས་གར་མཛད་མཁའ་འགྲོ་མ། །གསང་གསུམ་མཁས་གྲུབ་སློབ་དཔོན་ཨ་བྷ་ཡ། །མཆོག་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས། །ཟག་མེད་རྡོ་རྗེའི་སྐུ་བརྙེས་དཔེ་མེད་མཚོ། །དཔག་མེད་རྫུ་འཕྲུལ་མངའ་བ་བིཀ་དེ། །གྲངས་མེད་འགྲོ་ལ་ཕན་མཛད་ཤཱཀྱ་ཤྲཱི། །རྩོད་མེད་གྲུབ་ཆེན་གསུམ་ལ༴ རབ་འབྱམས་ཤེས་བྱ་ཀུན་མཁྱེན་བྷཱུ་མི་ཤྲཱི །རབ་མཆོག་མཁས་བཙུན་དྲི་མེད་དཔལ་བཟང་པོ། །རབ་གསལ་


JKT016_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་མངའ་མང་མཁར་ལོ་ཆེན་བྱང་ཆུབ་སེང་གེ་པ། །རབ་དཀར་ནུས་ལྡན་གསུམ་ལ༴ ཆོས་ཉིད་མཐའ་བྲལ་གཟིགས་པའི་སྐྱི་སྟོན་གྲགས་པ་རྒྱལ་མཚན་པ། །ཆོས་རྒྱལ་འགྲོ་བའི་བླ་མ་ཀུན་མཁྱེན་དོལ་བུ་པ། །ཤེས་རབ་རྒྱལ་མཚན། །ཆོས་བརྒྱད་སྤངས་པ་པཎ་ཆེན་མ་ཏི་དྷུ་ཛའི་ཞབས། །ཆོས་ཀྱི་འབྱུང་གནས་གསུམ་ལ་གསོལ་བ་འདེབས། །རྡོ་རྗེ་འཛིན་པའི་གཙུག་རྒྱན་ས་བཟང་པ། གཞོན་ནུ་བློ་གྲོས། །རྡོ་རྗེ་ཐེག་པའི་གནད་རིག་ཨེ་ཝཾ་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། །རྡོ་རྗེའི་ལུས་ཉིད་མཁར་གཤེགས་བློ་གྲོས་རིན་ཆེན་པ། །རྡོ་རྗེ་འཆང་དངོས་གསུམ་ལ༴ འཇམ་དཔལ་མི་ཡི་གཟུགས་འཛིན་མུས་ཆེན་རྗེ། །འཇམ་པའི་རྡོ་རྗེས་རྗེས་བཟུང་ལྷ་ཡི་མཚན། འཇམ་མགོན་གཉིས་པ་དཀོན་མཆོག་ལྷུན་གྲུབ་པ། །འཇམ་དབྱངས་རྣམ་འཕྲུལ་གསུམ་ལ༔ སངས་རྒྱས་རིན་ཆེན་འཁོར་ལོའི་མགོན་པོ་བུདྨ་སིདྷའི་ཞབས། །འཁོར་ལོ་བཞི་ལྡན་ཤེས་རབ་རྒྱལ་མཚན་དང་། །འཁོར་ལོའི་དབང་ཕྱུག་ནམ་མཁའ་དཔལ་བཟང་པོ། །འཁོར་ལོའི་དབང་བསྒྱུར་གསུམ་ལ༴ དེ་ལྟར་རྩ་བརྒྱུད་བླ་མའི་ཚོགས་རྣམས་དང་། །དབྱེར་མེད་རྡོ་རྗེ་ཕྲེང་བའི་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་པས་གསོལ་འདེབས་ཀྱིས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་ཕྲེང་བའི་ལམ་སྟོན་པའི། །སྐྱོན་མེད་འདྲེན་པ་མཆོག་གིས་རྗེས་བཟུང་ནས། །སྒོ་གསུམ་རླུང་ལ་


JKT016_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞི་ལེགས་བསྐུར་ཏེ། །སྤྱི་དང་ཁྱད་པར་དམ་ཚིག་དག་པར་ཤོག །བསྐྱེད་རིམ་བསྒོམས་པས་ཐ་མལ་རྣམ་རྟོག་དང་། རྫོགས་རིམ་ཟབ་མོས་གྱ་ནོམས་ལྷར་ཞེན་སྤངས། །ཕྱི་དང་ནང་གི་ས་ལམ་ཀུན་བགྲོད་དེ། །སྐུ་གཉིས་ཟུང་འཇུག་མྱུར་དུ་ཐོབ་པར་ཤོག །རྡོ་རྗེ་ཕྲེང་བའི་བླ་མ་བརྒྱུད་པའི་གསོལ་འདེབས་དད་པའི་ཆར་འབེབས་ཞེས་བྱ་བ་འདི་ནི། མི་ཉག་བླ་མ་བསོད་ནམས་ཀྱིས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། ཆོས་འདི་ལ་ངེས་པ་ཅུང་ཟད་ཡོད་པའི་བྲང་ཏི་པའི་བཙུན་པ་ག་ག་ན་ཤྲཱི་བྷ་དྲས། ས་སྐྱོང་ཞེས་པ་མེ་བྱ་ལོ་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅུ་གཅིག་ལ་ཤྲཱི་ཨེ་ཝཾ་དྷརྨ་མོཉཥ་གྲའི་གནས་སུ་སུག་བྲིས་སུ་བགྱིས་པའོ། །བརྒྱུད་པའི་ཁ་སྐོང་ནི། མཁྱེན་པའི་གཏེར་ཆེན་རྩེ་གདོང་ཁྲི་ཆེན་བསོད་ནམས་གྲུབ་པ་དང་། །མཁྱེན་རབ་ཕུལ་བྱུང་བསྟན་འཛིན་བཟང་པོའི་ཞབས། །མཁྱེན་གཉིས་རྒྱ་མཚོའི་མཐར་སོན་ངག་གི་དབང་། །མཁྱེན་པའི་མངའ་བདག་གསུམ་ལ༴ ཟབ་ཅིང་རྒྱ་ཆེའི་ལམ་སྟོན་རྨོར་ཆེན་རྗེ། །ཟབ་གསང་རྒྱུད་སྡེའི་གན་མཛོད་ཡར་ཀླུངས་པ། །ཟབ་དོན་སྨྲ་མཁས་སངས་རྒྱས་ཡེ་ཤེས་ཏེ། །ཟབ་མོའི་སྲོལ་འཛིན་གསུམ་ལ །མཁས་ཤིང་གྲུབ་བརྙེས་ནམ་མཁའ་བསམ་འགྲུབ་དང་། །མཁས་ཚུལ་གསུམ་ལྡན་བསྟན་འཛིན་ཕུན་ཚོགས་ཞབས། །མཁས་མང་འདུས་པའི་རྒྱན་གྱུར་རཏྣའི་མཚན། །མཁས་གྲུབ་དམ་པ་གསུམ་ལ༔ རྣམ་གྲོལ་མཆོག་བརྙེས་འཕགས་པ་ཀུན་བཟང་དང་། །རྣམ་ཐར་རྨད་བྱུང་པུཎྱེ་ཛྙཱ་


JKT016_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ནའི་ཞབས། །རྣམ་དག་ལམ་སྟོན་ཀུན་དགའ་ཡེ་ཤེས་ཏེ། །རྣམ་འདྲེན་དམ་པ་གསུམ་ལ་གསོལ་བ་འདེབས། །དེ་ལྟར་རྩ་བརྒྱུད་བླ་མ་སོགས་སྦྲེལ་ལོ། །ཞེས་པའང་རྗེ་བླ་མ་དམ་པ་ཀརྨ་པྲ་བརྙའི་གསུང་གིས་བསྐུལ་ནས་གཞོན་ནུ་མཁྱེན་བརྩེའི་དབང་པོས་ཨེ་ཝཾ་ཐར་པ་རྩེར་བྲིས་པའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །།

དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་སྨིན་བྱེད་ཟབ་མོའི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་འབེབས།


JKT016_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་སྨིན་བྱེད་ཟབ་མོའི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ། །ཧེ་རུ་ཀ་དཔལ་གསང་བདག་ས་ར་ཧ། །ཀླུ་སྒྲུབ་རི་ཁྲོད་མགོན་པོ་ལཱུ་ཧི་པ། །དྷ་རི་ཀ་དང་བར་མའི་སློབ་དཔོན་དང་། །གྲུབ་ཆེན་ཏེ་ལོ་པ་ལ་གསོལ་བ་འདེབས། །ནཱ་རོ་ཏ་པ་ཕམ་མཐིང་སྐུ་མཆེད་དང་། །བློ་གྲོས་གྲགས་པ་དཔལ་ལྡན་བརྩེ་བ་ཆེ། །རྗེ་བཙུན་སྐུ་མཆེད་ས་སྐྱ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་རྣམས་ལ །དཀོན་མཆོག་བསོད་ནམས་དཔལ་དང་བློ་གྲོས་བརྟན། །དཔལ་ལྡན་ཚུལ་ཁྲིམས་ཡེ་ཤེས་རྒྱལ་མཚན་དང་། །ངོར་ཆེན་རྡོ་རྗེ་འཆང་དབང་མུས་ཆེན་རྗེ། །སངས་རྒྱས་རིན་ཆེན་རྣམས་ལ་གསོལ༴ སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་པོ། །དཔལ་ལྡན་དོན་གྲུབ་ནམ་མཁའ་སངས་རྒྱས་ཞབས། །དམ་ཆོས་བསམ་འགྲུབ་སངས་རྒྱས་ཕུན་ཚོགས་དང་། །བཀྲ་ཤིས་ལྷུན་གྲུབ་རྣམས་ལ་གསོལ༴ སངས་རྒྱས་དཔལ་བཟང་སངས་རྒྱས་ཡེ་ཤེས་དང་། །ཀུན་དགའ་བློ་གྲོས་བསོད་ནམས་དཔལ་བཟང་པོ། །ཆོས་ཉིད་ཡེ་ཤེས་བསོད་


JKT016_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་དབང་ཕྱུག་ཞབས། །ཀུན་དགའ་རྒྱལ་མཚན་རྣམས་ལ༴ རྡོ་རྗེ་འཆང་དངོས་ཀུན་དགའ་བསྟན་འཛིན་དང་། །འཁོར་ལོ་སྡོམ་པ་རྩ་བའི་བླ་མ་སོགས། །དངོས་བརྒྱུད་དཔལ་ལྡན་བླ་མའི་ཚོགས་རྣམས་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །སྐུ་གསུམ་ལམ་ཁྱེར་བསྐྱེད་པའི་རིམ་པ་དང་། །བསྡུ་བ་གསུམ་ལྡན་རྫོགས་རིམ་བསྒོམས་པའི་མཐུས། །སྒོ་གསུམ་སྒྲིབ་བྱང་ཁྱབ་བདག་ཧེ་རུ་ཀའི། །གསང་གསུམ་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་སྨིན་བྱེད་ཟབ་མོའི་བླ་མ་བརྒྱུད་པའི་གསོལ་འདེབས་འདིའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་པའི་བླ་མ་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ།


JKT016_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་པའི་བླ་མ་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བཞུགས་སོ། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །གང་གིས་སྐྱེ་དང་འཇིགས་པ་དག །རིང་དུ་ཡོངས་སུ་སྤོངས་གྱུར་པ། །སེམས་ཅན་ཀུན་ལ་ཐམས་ཅད་དུ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །རྒྱུད་རྣམས་ཀུན་གྱི་དོན་འཛིན་ཅིང་། །སེམས་ཅན་ཀུན་ལ་ཕན་བརྩོན་པའི། །ཀུན་མཆོག་རྡོ་རྗེ་འཆང་དབང་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྫོགས་སངས་རྒྱས་ལས་མངོན་སུམ་དུ། །ཁྱོད་ཀྱིས་ཆོས་རྣམས་ཐུགས་ཆུད་ཅིང་། །


JKT016_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་འཛིན་སྤྱོད་པ་མཛད་པ་ལ། །རྟག་ཏུ༴ ཐུབ་པས་ཐུབ་པར་ལུང་བསྟན་ཅིང་། །ཆོས་རྣམས་དོན་སྟོན་ཀླུ་སྒྲུབ་མཆོག །བདེ་བ་ཅན་དུ་གཤེགས་པ་ལ། །རྟག་ཏུ༴ ཉིད་ཀྱི་དེ་ཉིད་མཆོག་བརྙེས་ནས། །དམན་མོས་སེམས་ཅན་དོན་གྱི་ཕྱིར། །རྔོན་པའི་ཆ་ལུགས་འཛིན་པ་ལ། །རྟག་ཏུ༴ ཡི་གེའི་སྦྱོར་བ་སྤངས་ནས་སུ། །བརྩོན་པས་ཉ་རྒྱུ་གསོལ་མཛད་དེ། །བརྩེ་བས་གཞན་དོན་མཛད་པ་ལ། །རྟག་ཏུ༴ རྒྱལ་པོའི་བྱ་བ་རབ་སྤངས་ནས། །སྤྲུལ་འཚོང་རྗེས་སུ་བསྒྲུབ་མཛད་དེ། །གཉྩའི་གྲོང་དུ་གྲུབ་པ་ལ། །རྟག་ཏུ༴ ཡེ་ཤེས་མཁའ་འགྲོས་རྗེས་གནང་ཞིང་། །གཞན་དོན་སྤྱོད་པ་མངོན་སུམ་མཛད། རྡོ་རྗེ་དྲིལ་བུ་འཛིན་པ་ལ། །རྟག་ཏུ༴ དམ་པའི་དེ་ཉིད་དོན་རྟོགས་ཏེ། །བརྩེ་བས་རུ་སྦལ་ཞབས་ལྡན་པ། །སེམས་ཅན་སྨིན་པར་མཛད་པ་ལ། །རྟག་ཏུ༴ ཁྱོད་ནི་བརྩེ་བས་གྲུབ་བརྙེས་ཏེ། །འབར་བས་འབར་བའི་སྤྱོད་པ་འཛིན། །ཀུན་ལ་ཕན་པར་མཛད་པ་ལ། །རྟག་ཏུ་།ནུས་པ་ལ་ནི་མངའ་བརྙེས་ཤིང་། །སྤྱོད་པ་ཀུན་གྱི་རྨད་བྱུང་བས། །འཇིག་རྟེན་འདྲེན་པ་མཛད་པ་ལ། །རྟག་ཏུ༴ རྣལ་འབྱོར་དབང་ཕྱུག་གུ་ཧྱ་པ། །བརྩེ་བས་ལོག་འདྲེན་རྣལ་འབྱོར་མ། །བཏུལ་ནས་འགྲོ་བ་སྐྱོང་བ་ལ། །རྟག་ཏུ༴ མི་མཐུན་ཕྱོགས་རྣམས་རབ་སྤངས་ཏེ། །དཀར་པོ་རྣམ་པར་འཕེལ་མཛད་པ། །རྣམ་པར་རྒྱལ་


JKT016_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞབས་པད་ལ། །རྟག་ཏུ༴ གྲུབ་ནས་གྲུབ་པའི་ལམ་སྟོན་ཅིང་། །གྲོལ་ནས་རྣམ་པར་ཕན་མཛད་པ། །བར་མའི་སློབ་དཔོན་དམ་པ་ལ། །རྟག་ཏུ༴ ཏིལ་བརྡུངས་པས་ནི་རབ་གྲུབ་པ། །སྐལ་ལྡན་ གཞན་ལ་བརྩེ་བ་ཅན། །མུ་སྟེགས་རྣམ་པར་སུན་འབྱིན་ལ། །རྟག་ཏུ༴ བྲམ་ཟེ་ལས་ནི་རབ་བྱུང་ཞིང་། །གནས་ལྔ་ལ་ནི་རབ་སྦྱངས་པས། །དཀའ་བས་དམ་པ་བསྟེན་པ་ལ། །རྟག་ཏུ༴ ཤེས་བྱ་ལ་ནི་རབ་སྦྱངས་ཤིང་། །ནུས་པ་ཀུན་ལ་ཐོགས་མེད་ལྡན། །ཕ་ན་ཕིང་གུར་གྲགས་པ་ལ། །རྟག་ཏུ༴ སྐད་གཉིས་སྨྲ་བའི་མཆོག་གྱུར་ཅིང་། །ཤེས་རབ་ལྡན་པས་ཕན་མཛད་པ། །བརྩེགས་པའི་མཐའ་དང་ལྡན་པ་ལ། །རྟག་ཏུ༴ བརྩོན་པས་དཀའ་བ་ཆེར་མཛད་དེ། །རྒྱུད་ཀུན་འཛིན་མཛད་སྐད་གཉིས་སྨྲ། །རྗེ་བཙུན་བློ་གྲོས་གྲགས་པ་ལ། །རྟག་ཏུ༴ འཇམ་པའི་དབྱངས་ཀྱིས་མངོན་སུམ་དུ། །ཁྱོད་ལ་བྱིན་གྱིས་བརླབས་པ་ཡིས། །ཤེས་བྱ་ཀུན་ལ་ཐོགས་མེད་ལྡན། །རྒྱུད་རྣམས་ཀུན་གྱི་བདག་པོར་གྱུར། །ཀུན་དགའ་སྙིང་པོར་གྲགས་པ་ཡི། །དཔལ་ལྡན་ས་སྐྱར་བཞུགས་གྱུར་ཅིང་། །བདེ་བ་ཅན་དུ་གཤེགས་པ་ལ། །རྟག་ཏུ༴ གང་གི་སྲས་ཀྱི་ཐུ་བོ་པ། །འཇམ་པའི་དབྱངས་ཀྱིས་བྱིན་བརླབས་པས། །གནས་ལྔ་ལ་ནི་རབ་མཁས་ཤིང་། །བསོད་ནམས་ཡེ་ཤེས་རྩེར་གྱུར་པ། །ཉིད་ཀྱིས་གཞན་དོན་རྫོགས་མཛད་


JKT016_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འཇིག་རྟེན་རྣམས་ནི་གཞུག་པའི་ཕྱིར། །བདེ་བ་ཅན་དུ་མངོན་སུམ་གཤེགས། །རྟག་ཏུ༴ ཁྱོད་ཀྱི་ཐུགས་ནི་འཇམ་དབྱངས་ལྟར། །ཤེས་བྱ་ཀུན་ལ་མ་རྨོངས་ཤིང་། །འཇིག་རྟེན་ཀུན་ལ་རྩ་ལག་ལྟར། །དགོངས་པ་ཁྱོད་ཀྱིས་གྲགས་པ་ཡི། །རྒྱལ་མཚན་དྲི་མ་མེད་པ་ཐོབ། །ངོ་མཚར་དུ་མའི་སྤྱོད་པ་འཛིན། །ཀུན་ནས་ཡོན་ཏན་ལྡན་ཁྱོད་ལ། །རྟག་ཏུ༴ བརྩེ་བས་སེམས་ཅན་ཐམས་ཅད་ལ། །དཔལ་འབྱོར་ཆེན་པོའི་འོད་ཟེར་གྱིས། །རྟག་ཏུ་སྐྱོང་བར་མཛད་ཁྱོད་ལ། །རྟག་ཏུ༴ འཇམ་པའི་དབྱངས་ཉིད་ངུར་སྨྲིག་གི །ཆོས་གོས་འཛིན་པར་ལེགས་སྤྲུལ་པའི། །ས་སྐྱ་པཎ་ཆེན་ཞབས་པད་ལ། །རྟག་ཏུ༴ འཁོར་ལོས་སྒྱུར་བའི་དཔལ་འབྱོར་དང་། །མཁས་ཤིང་གྲུབ་པའི་བློ་གྲོས་ཅན། །ཆོས་ཀྱི་རྒྱལ་པོ་འཕགས་པ་ལ། །རྟག་ཏུ༴ སྦྱངས་པའི་ཡོན་ཏན་ལྷུར་མཛད་པས། །རིམ་པ་གཉིས་ལ་ཐུགས་བརྟན་པ། །ཞང་སྟོན་དཀོན་མཆོག་དཔལ་བ་ལ། །རྟག་ཏུ༴ བླ་མའི་ཞབས་ཏོག་དཀའ་བ་སྤྱད། །རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་འཛིན། །གྲུབ་ཆེན་བསོད་ནམས་དཔལ་བ་ལ། །རྟག་ཏུ༴ འཇམ་པའི་དབྱངས་ཀྱིས་རྗེས་བཟུང་སྟེ། །འཆད་རྩོད་རྩོམ་པའི་ཁྲིར་འཁོད་པའི། །འགྲོ་མགོན་བསོད་ནམས་རྒྱལ་མཚན་ལ། །རྟག་ཏུ༴ སྙན་བརྒྱུད་གདམས་པའི་དཔལ་ལྡན་ཞིང་། །རྣམ་དག་ཚུལ་ཁྲིམས་གོས་བཟང་ཅན། །རྒྱལ་


JKT016_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་རྡོ་རྗེ་འཛིན་པ་ལ། །རྟག་ཏུ༴ གཉིས་མེད་ཡེ་ཤེས་ལེགས་གཟིགས་ཤིང་། །གཞན་ཕན་ལྷག་བསམ་ཆེར་བསྐྱེད་པའི། །ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ལ། །རྟག་ཏུ༴ ཨེ་ཝཾ་རྡོ་རྗེའི་གནས་མཆོག་ཏུ། །ཟུང་འཇུག་ཆོས་ཀྱི་སྐུ་བརྙེས་པ། །ཀུན་བཟང་རྡོ་རྗེ་འཆང་ཆེན་ལ། །རྟག་ཏུ༴ གཅིག་ཏུ་སྒྲུབ་ལ་བརྩོན་མཛད་ཅིང་། །རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་པའི། །མུས་ཆེན་འཁོར་ལོ་སྡོམ་པ་ལ། །རྟག་ཏུ༴ བསོད་ནམས་གངས་རིའི་སྤོར་གནས་ཤིང་། །ལུང་དང་རིག་པའི་མཆེ་སྡེར་ཅན། །ཀུན་མཁྱེན་སྨྲ་བའི་སེང་གེ་ལ། །རྟག་ཏུ་།རིག་པའི་གནས་ཀུན་རབ་སྦྱངས་ཏེ། །གྲུབ་པའི་ས་བརྙེས་ཆོས་ཀྱི་རྗེ། །གྲགས་པའི་རྒྱལ་མཚན་འཛིན་པ་ལ། །རྟག་ཏུ༴ དཀོན་མཆོག་གསུམ་དང་དབྱེར་མེད་ཅིང་། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །ངེས་དོན་གདམས་པ་འཕེལ་མཛད་ལ། །རྟག་ཏུ༴ མཁྱེན་པས་ཤེས་བྱའི་དེ་ཉིད་གཟིགས། །བརྩེ་བས་ནུས་པ་རྨད་བྱུང་བ། །རྗེ་བཙུན་ལེགས་པའི་འབྱུང་གནས་ལ། །རྟག་ཏུ༴ སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དམ་ཆོས་རིན་ཆེན་ཀུན་གྱི་གཏེར། །དགེ་འདུན་འདུས་པའི་གཙུག་རྒྱན་ལ། །རྟག་ཏུ༴ རིག་པའི་གནས་ལྔ་ལ་སྦྱངས་ཤིང་། །གྲུབ་པའི་བྱིན་བརླབས་བཀའ་བབ་པ། །འཇམ་དབྱངས་ཀུན་དགའ་བསོད་ནམས་ལ། །རྟག་ཏུ་ཕྱགཟ །ཤེས་བྱ་ཐམས་ཅད་མངོན་སུམ་དུ། །


JKT016_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ནས་གཞན་ལ་འདོམས་མཁས་པ། །རྗེ་བཙུན་དཀོན་མགོན་ལྷུན་གྲུབ་ལ། །རྟག་ཏུ༴ ཕྱི་ནང་རིག་གཞུང་རྒྱ་མཚོ་གཟིགས། །གྲུབ་པའི་གོ་འཕང་མཆོག་བརྙེས་པ། །པཎ་ཆེན་ནམ་མཁའ་དཔལ་བཟང་ལ། །རྟག་ཏུ༴ འཇམ་དཔལ་གཞོན་ནུར་གྱུར་པ་ཉིད། །ངུར་སྨྲིག་འཛིན་པའི་རྣམ་རོལ་ཅན། །ཀུན་དགའ་བསོད་ནམས་ལྷུན་གྲུབ་ལ། །རྟག་ཏུ༴ གསན་བསམ་བསྒོམ་པའི་མཐར་སོན་ནས། །འཆད་རྩོད་རྩོམ་པས་གཞན་དོན་མཛད། །མཁས་གྲུབ་དཔལ་མཆོག་རྒྱལ་མཚན་ལ། །རྟག་ཏུ༴ བླ་མ་རྣམས་དང་ལྷག་པའི་ལྷས། །རྗེས་བཟུང་ཕྲིན་ལས་མཐའ་ཡས་པ། །འཇམ་མགོན་སངས་རྒྱས་ཕུན་ཚོགས་ལ། །རྟག་ཏུ༴ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས། །གྲུབ་པ་གཉིས་ཀྱི་མཐར་ཕྱིན་པ། །མཚུངས་མེད་བསོད་ནམས་དཔལ་ལྡན་ལ། །རྟག་ཏུ༴ རྨད་བྱུང་དམ་པའི་རིགས་འཁྲུངས་ཤིང་། །མཁྱེན་བརྩེ་ནུས་པའི་མཛོད་དུ་གྱུར། །འདྲེན་མཆོག་ནམ་མཁའ་བསམ་གྲུབ་ལ། །རྟག་ཏུ༴ སྲས་བཅས་རྒྱས་པའི་ཡེ་ཤེས་སྐུ། །སྙིགས་དུས་བསྟན་པའི་ཉི་མ་མཆོག །ས་ཆེན་ཀུན་དགའ་བློ་གྲོས་ལ། །རྟག་ཏུ༴ མཁས་ཤིང་གྲུབ་པའི་གཙུག་རྒྱན་ཆེ། །ཡོངས་རྫོགས་བསྟན་པ་རྒྱ་མཚོའི་བདག །རྗེ་བཙུན་ནམ་མཁའ་འཆི་མེད་ལ། །རྟག་ཏུ༴ རྣལ་འབྱོར་དབང་ཕྱུག་བརྩེ་བ་ཆེའི། །ཟབ་གསང་སྙན་བརྒྱུད་


JKT016_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་བདག །མཁན་ཆེན་འཇམ་དཔལ་བཟང་པོ་ལ། །རྟག་ཏུ༴ རིགས་དང་དཀྱིལ་འཁོར་རྒྱ་མཚོའི་དངོས། །དྲན་པས་སྲིད་ཞིའི་གདུང་སེལ་བ། །དཔལ་ལྡན་རྩ་བའི་བླ་མ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །དངོས་ཀུན་ཁྱབ་བདག་བདེ་བའི་མཆོག །གསང་གསུམ་འཁོར་ལོའི་ཧེ་རུ་ཀ །ཤེས་རབ་སྒྱུ་མའི་བཙུན་མོ་དང་། །རོལ་མཛད་བདེ་བ་ཆེན་པོར་འདུད། །ཟུང་འཇུག་དེ་ཉིད་མ་ཐོབ་བར། །རྗེ་བཙུན་བླ་མས་རྗེས་བཟུང་སྟེ། །མངལ་སྒོང་རྫུས་སྐྱེས་དཀྱིལ་འཁོར་དུ། །སྨིན་བྱ་དབང་བཞིས་སྨིན་པར་ཤོག །ཟབ་མོའི་ལམ་གྱི་རྩ་བ་མཆོག ། ཐུན་མོང་ཐུན་མོང་མ་ཡིན་པའི། །འཁོར་ལོ་སྡོམ་པའི་དམ་ཚིག་རྣམས། །མ་ཉམས་ཚུལ་བཞིན་སྲུང་པར་ཤོག །མ་དག་སྐྱེ་གནས་བཞི་སྦྱངས་པའི། །གསལ་དག་བསྐྱེད་རིམ་ལེགས་བསྒོམས་ཏེ། །སྣང་བ་ལྷ་རུ་འཆར་བ་དང་། །ཞི་སོགས་ཕྲིན་ལས་དབང་སྒྱུར་ཤོག །བརྒྱུད་རིམ་གནས་ལུགས་ཤེས་བྱས་ནས། །སྔགས་རིམ་གཏུམ་མོའི་རྣལ་འབྱོར་གྱིས། །ཡེ་ཤེས་དགའ་བཞིའི་རིམ་པ་བསྐྱེད། །གསང་བའི་རིམ་པ་འགྲུབ་པར་ཤོག །དེ་ལྟར་རིམ་གཉིས་ལ་བརྩོན་པས། །དྲོད་ཐོབ་སྤྱོད་པས་མཚམས་སྦྱར་ཏེ། །རབ་དགའ་ལ་སོགས་ས་བགྲོད་ནས། །རྩེ་གཅིག་ཕྱག་ཆེན་འགྲུབ་པར་ཤོག །ཁྱད་པར་སྐྱེ་བ་འདི་ཉིད་ལ། །མཚན་འཛིན་ཀུན་རྟོག་རབ་སྤངས་ནས། །ཌེཾ་གི་དྷ་རི་ཀ་པ་


JKT016_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །གསང་ཆེན་སྤྱོད་པ་མཐར་ཕྱིན་ཤོག །འཁོར་ལོ་སྡོམ་པའི་རྣལ་འབྱོར་དང་། །ནམ་ཡང་མི་འབྲལ་གནས་གསུམ་གྱི། །མཁའ་འགྲོའི་ཚོགས་དང་ལྷན་ཅིག་གནས། །རིག་འཛིན་དབང་པོ་ཉིད་གྱུར་ཅིག །བླ་མ་རྣམས་ཀྱི་བྱིན་རླབས་དང་། །ཡི་དམ་མཁའ་འགྲོའི་ནུས་མཐུ་ཡིས། །བདག་དང་མཁའ་མཉམ་སེམས་ཅན་ཀུན། །ཟུང་འཇུག་རྡོ་རྗེའི་ས་ཐོབ་ཤོག །ཅེས་པའང་རྗེ་བཙུན་ས་སྐྱ་པཎྜི་ཏས་མཛད་པའི་འཁོར་ལོ་བདེ་མཆོག་གི་བླ་བརྒྱུད་གསོལ་འདེབས་ཀྱི་བརྒྱུད་པ་ཕྱི་མ་རྣམས་རིམ་པར་བསྣན་པ་འཇམ་མགོན་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་ནཱ་རོ་མཁའ་སྤྱོད་ཀྱི་དཀྱིལ་ཆོག་ལས་བྱུང་བ་ལྟར། དཀོན་མཆོག་ལྷུན་གྲུབ་མན་ཆད་ཀྱི་ཁ་སྐོང་རྣམས་ངོར་ཨེ་ཝཾ་པ་ཆེན་པོ་ནས་བརྒྱུད་པའི་རྣལ་འབྱོར་མའི་བྱིན་རླབས་ཀྱི་བརྒྱུད་རིམ་དང་མཐུན་པར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པའོ། །སརྦ་མངྒ་ལཾ་བྷ་བ་ཏུ།། །།

ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་འདེབས་ཉུང་ངུ་།


JKT016_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་འདེབས་ཉུང་ངུ་བཞུགས་སོ། །རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ནཱ་རོ་ཏ་པ་ཕམ་མཐིང་པ། །ཤེས་རབ་བརྩེགས་དང་མལ་གྱོ་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་རྣམས་ལ་གསོལ་བ་འདེབས། །ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་དང་། །ཡེ་ཤེས་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །ཀུན་དགའ་བཟང་པོ་དཀོན་མཆོག་རྒྱལ་མཚན་ཞབས། །གཞན་ཡང་


JKT016_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མའི་ཐུགས་ཀྱི་སྲས། །སེང་གེ་རྒྱལ་མཚན་རྒྱལ་བ་མཆོག་དབྱངས་དང་། །ནམ་མཁའ་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །བརྒྱུད་སྲོལ་ཀུན་འདུས་བདག་ཆེན་རྡོ་རྗེ་འཆང་། །ཀུན་སྤངས་ཆོས་རྗེ་ཚར་ཆེན་མཁྱེན་བརྩེའི་དབང་། །བསླབ་གསུམ་རྒྱལ་མཚན་དབང་ཕྱུག་རབ་བརྟན་དཔལ། །བསོད་ནམས་མཆོག་ལྡན་རྣམས་ལ་གསོལ་བ་འདེབས། །བསོད་ནམས་མཆོག་གྲུབ་མཁྱེན་རབ་ བྱམས་པའི་དཔལ། །རྨོར་ཆེན་རྗེ་དང་ཁྱབ་བདག་གནས་གསར་བ། །ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་དང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །བསྐྱེད་རིམ་ཟབ་མོ་མཁའ་སྤྱོད་རྣལ་འབྱོར་དང་། །རྫོགས་རིམ་དབུ་མའི་རྣལ་འབྱོར་བསྒོམས་པའི་མཐུས། །བདེ་ཆེན་ལྷན་སྐྱེས་ཡེ་ཤེས་སྐྱེ་བ་དང་། །མཁའ་སྤྱོད་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་གསོལ་འདེབས་ལ་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་ཚུལ་དུ་ཁ་སྐོང་ནས་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག ། །བློ་སྦྱོང་ཞེན་པ་བཞི་བྲལ་གྱི་བརྒྱུད་འདེབས་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ཞལ་སྐོང་ནི། འདྲེན་མཆོག་བླ་མ་གསུམ་ལ་གསོལ་བ་འདེབས། །ཞེས་པའི་མཚམས། རྒྱལ་བས་ལུང་བསྟན་ཀུན་མཁྱེན་ཨེ་ཝཾ་པ། །དེ་སྲས་ཐུ་བོ་དཀོན་མཆོག་རྒྱལ་མཚན་དཔལ། །སྨྲ་བའི་ཉི་མ་བསོད་ནམས་སེང་གེ་སྟེ། །རིག་གྲོལ་མཐར་


JKT016_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་གསུམ་ལ་གསོལ་བ་འདེབས། །འཇམ་པའི་དབྱངས་དངོས་སངས་རྒྱས་རིན་ཆེན་དང་། །སེམས་དཔའ་ཆེན་པོ་ནམ་མཁའ་དབང་ཕྱུག་ཞབས། །ལུང་རིག་མངའ་བདག་ཀུན་དགའ་ལེགས་གྲུབ་སྟེ། །བསྟན་པའི་གསལ་བྱེད་གསུམ་ལ་གསོལ་བ་འདེབས། །རིག་པར་སྨྲ་བ་ཀུན་དགའ་ཆོས་གྲགས་དང་། །གྲུབ་པའི་དབང་ཕྱུག་ཀུན་དགའ་རྣམ་པར་རྒྱལ། །མཁྱེན་རབ་མཐའ་ཕྱིན་བསྟན་འཛིན་བཟང་པོ་སྟེ། །རྣམ་འདྲེན་དམ་པ་གསུམ་ལ་གསོལ་བ་འདེབས། །མཁས་ཤིང་གྲུབ་བརྙེས་ངག་དབང་ལྷུན་གྲུབ་དང་། །ཀུན་གཟིགས་ཆོས་ཀྱི་ཉི་མ་རྨོར་ཆེན་རྗེ། །གདམས་པ་རྒྱ་མཚོའི་འབྱུང་གནས་གནས་གསར་བ། །མཚུངས་མེད་བླ་མ་གསུམ་ལ་གསོལ་བ་འདེབས། །སྙིགས་དུས་བསྟན་པའི་སྲོག་ཤིང་ཀུན་བློའི་ཞབས། །རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ་དང་། །འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན་ཏེ། །སྐྱེ་དགུའི་འདྲེན་མཆོག་གསུམ་ལ་གསོལ་བ་འདེབས། །བྱམས་པའི་ཐུགས་རྗེས་སྲས་བཅས་རྒྱལ་བ་ཀུན། །ལྷར་བཅས་དགའ་བའི་བསྟན་འཛིན་མཆོག་གི་སྐུར། །ཡོངས་ཤར་སྐྱབས་གནས་རྒྱ་མཚོའི་བདག་ཉིད་ཆེ། །མཁན་ཆེན་ཐམས་ཅད་མཁྱེན་པར་གསོལ་བ་འདེབས། །དཔལ་ལྡན་བླ་མའི་ཚོགས་ལ་སོགས་སྦྲེལ་མཐར། །དེ་ལྟར་བསྒོམས་པས་བློ་སེམས་ཆོས་འགྲོ་ཞིང་། །ཆོས་ཀུན་ལམ་འགྲོ་ལམ་གྱི་འཁྲུལ་པ་


JKT016_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །སོ་སོར་བསལ་ནས་འཁྲུལ་སྣང་སངས་རྒྱས་ཀྱི། །ཡེ་ཤེས་ཆེན་པོར་འཆར་བར་བྱིན་གྱིས་རློབས། །ཞེས་མངའ་རིས་རབ་འབྱམས་པ་ཚུལ་ཁྲིམས་འོད་ཟེར་གྱིས་མཛད་པའི་འབྲས་བུའི་ཞལ་སྐོང་འདི་ཡང་སྦྲེལ་ན་ལེགས་སོ། །ཞེས་པའང་ཤཱཀྱའི་དགེ་སྦྱོང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔལ་ལྷུན་གྲུབ་སྟེང་གི་བླ་བྲང་ཕན་བདེ་ཀུན་ཁྱབ་གླིང་དུ་བྲིས་པ་དགེ། ༈ །ཚེ་དཔག་ལྷ་དགུའི་བརྒྱུད་འདེབས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་སངས་རྒྱས་ཕུན་ཚོགས་ཀྱི་ཞལ་སྐོང་དང་བཅས་པའི་འཕྲོ་མཐུད་ནི། ནམ་མཁའ་སངས་རྒྱས་ནམ་མཁའ་དཔལ་བཟང་ཞབས། །ཞེས་པའི་མཚམས། སངས་རྒྱས་ཕུན་ཚོགས་རྣམས་ལ་གསོལ་བ་འདེབས། །བསྟན་འཛིན་ལྷུན་གྲུབ་དཔལ་ལྡན་ཆོས་སྐྱོང་དང་། །རིན་ཆེན་མཆོག་གྲུབ་ནམ་མཁའ་འཆི་མེད་དཔལ། །ཚེ་མཐའ་ཡས་དངོས་ཀུན་དགའ་བསྟན་འཛིན་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །བདག་གི་ལུས་ལ་སོགས་སྦྲེལ་ལོ། ༈ །མི་འཁྲུགས་ལྷ་དགུའི་བརྒྱུད་འདེབས་ཀྱི་ཞལ་སྐོང་ནི། །བྱིན་རླབས་ཀུན་འདུས་ནམ་མཁའ་དཔལ་བཟང་པ། །ཞེས་པའི་མཚམས། །ཐུགས་རྗེའི་གཏེར་ཆེན་རཏྣ་རྦ་སིདྡྷ། །ཕུལ་བྱུང་རྣམ་འཕྲུལ་ཤར་ཆེན་ཤེས་རབ་འབྱུང་། །འདྲེན་པ་མཉམ་མེད་ཡེ་ཤེས་བཟང་པོའི་ཞབས། །འཇམ་པའི་དབྱངས་དངོས་སངས་རྒྱས་ཕུན་ཚོགས་དང་། །རྡོ་རྗེ་འཛིན་དབང་བསོད་ནམས་དཔལ་ལྡན་པ། །བསྟན་འགྲོའི་གཙུག་རྒྱན་ནམ་


JKT016_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་བསམ་གྲུབ་ཆེ། །ངག་གི་དབང་པོ་ཀུན་དགའ་བློ་གྲོས་ཞབས། །མཁས་ཤིང་གྲུབ་བརྙེས་ནམ་མཁའ་འཆི་མེད་དཔལ། །སྐྱབས་ཀུན་འདུས་ཞལ་ཀུན་དགའ་བསྟན་འཛིན་དང་། །ཟབ་མོའི་ལམ་སྟོན་རྩ་བའི་བླ་མ་སོགས། །དངོས་བརྒྱུད་བླ་མའི་ཚོགས་དང་སོགས་སྤྲེལ་ལོ། །ཞེས་པའང་དགེ་སློང་དམ་ཆོས་བཟང་པོ་དང་། བློ་གསལ་ཚེ་དབང་ཆོས་འཕེལ་གྱིས་བསྐུལ་ངོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ༈ །རྣམ་རྒྱལ་ལྷ་དགུའི་བརྒྱུད་འདེབས་མུས་ཆེན་སངས་རྒྱས་རིན་ཆེན་གྱིས་མཛད་པར་འཇམ་མགོན་སངས་རྒྱས་ཕུན་ཚོགས་པས་ཞལ་སྐོང་གནང་བའི་འཕྲོ་མཐུད་ནི། །ཡོངས་འཛིན་དམ་པ་ཀུན་དགའ་དཔལ་འབྱོར་ཞབས། །ཞེས་པའི་མཚམས། །སངས་རྒྱས་ཕུན་ཚོགས་རྣམས་ལ་གསོལ་བ་འདེབས། །མཚུངས་མེད་ཆོས་རྗེ་བསྟན་འཛིན་ལྷུན་གྲུབ་དང་། །འཇམ་མགོན་བླ་མ་དཔལ་ལྡན་ཆོས་སྐྱོང་ཞབས། །ངག་གི་དབང་ཕྱུག་ཆོས་སྐྱོང་བཟང་པོ་དཔལ། །ནམ་མཁའ་འཆི་མེད་རྣམས་ལ་གསོལ་བ་འདེབས། །བྱམས་པའི་ཐུགས་མངའ་བྱང་ཆུབ་སེམས་གཉིས་འབྱོངས། །འཆི་མེད་གྲུབ་པ་ཀུན་དགའ་བསྟན་འཛིན་དང་། །ཚུལ་འདིའི་བཀའ་དྲིན་དངོས་སུ་འདོམས་མཁས་པའི། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཧཱུྃ་ཡིག་ལས་བྱུང་སོགས་སྦྲེལ་ལོ། ༈ །སྒྲོལ་དཀར་བརྒྱུད་འདེབས་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་ཀྱིས་མཛད་པའི་ཞལ་སྐོང་ནི། །སེམས་དཔའ་ཆེན་པོ་དཔལ་མཆོག་རྒྱལ་མཚན་དང་།


JKT016_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་མཚམས། འཇམ་མགོན་བླ་མ་སངས་རྒྱས་ཕུན་ཚོགས་ཞབས། །རྣམ་འདྲེན་མཚུངས་མེད་བསྟན་འཛིན་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །མཁས་ཤིང་གྲུབ་བརྙེས་ནམ་མཁའ་བསམ་འགྲུབ་དཔལ། །འཇམ་པའི་དབྱངས་དངོས་ཀུན་དགའ་བློ་གྲོས་ཞབས། །ཐམས་ཅད་མཁྱེན་པ་ནམ་མཁའ་འཆི་མེད་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །བྱམས་པའི་ཐུགས་རྗེས་འགྲོ་རྣམས་བུ་བཞིན་སྐྱོང་། །མཁས་ཀུན་དགའ་མཛད་བསྟན་འཛིན་རྒྱ་མཚོའི་དཔལ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །དེ་ལྟར་རྩ་བརྒྱུད་བླ་མའི་སོགས་སྦྲེལ་ལོ། ༈ །རྡོ་རྗེ་རྣམ་པར་འཇོམས་པའི་བརྒྱུད་འདེབས་ཀྱི་ཞལ་སྐོང་ནི། །བརྩེ་ཆེན་སངས་རྒྱས་ཕུན་ཚོགས་ལ་གསོལ་བ་འདེབས། །ཞེས་པའི་མཚམས། བསྟན་འཛིན་རྒྱ་མཚོའི་དབུས་ན་མངོན་མཐོ་ཞིང་། །གཞན་དོན་ཕྲིན་ལས་ལྷུན་གྲུབ་སྨྲ་བའི་དབང་། །མཐའ་ཀླས་བསྟན་དང་འགྲོ་བའི་སྐྱབས་གཅིག་པུ། །མཚུངས་མེད་དཔལ་ལྡན་ཆོས་སྐྱོང་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་ཆོས་བཞིན་འདོམ་མཁས་པས། ལུང་རྟོགས་བསྟན་པ་སྐྱོང་མཛད་དཔལ་བཟང་པོ། །དམ་པའི་རིགས་འཁྲུངས་མཁྱེན་བརྩེ་ནུས་པའི་གཏེར། །ངག་དབང་བསོད་ནམས་བསྟན་འཛིན་ལ་གསོལ་བ་འདེབས། །མཁས་ཀུན་དགའ་སྐྱེད་མཁྱེན་


JKT016_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་དང་། །དམིགས་མེད་ཐུགས་རྗེའི་གཏེར་ཆེན་ཆོས་ཀྱི་རྗེ། །ཚུལ་གནས་གསན་བསམ་མཐར་སོན་ཐེག་མཆོག་གི། །བཤེས་གཉེན་ངག་དབང་བརྟན་པ་ལ་གསོལ་བ་འདེབས། །ངག་ལ་དབང་འབྱོར་ཕྱི་ནང་རིག་གཞུང་གི །ལེགས་བཤད་རྒྱ་མཚོ་སྨྲ་ལ་ཟླ་མེད་པ། །མཁས་བཙུན་གྲུབ་པའི་དཔལ་མངའ་རྡོ་རྗེ་འཛིན། །འཇམ་མགོན་ངག་དབང་ལེགས་གྲུབ་ལ་གསོལ་བ་འདེབས། །དུས་གསུམ་སངས་རྒྱས་ཀུན་གྱི་སོགས་སྦྲེལ་ལོ། ༈ །ཀུན་རིག་གི་བརྒྱུད་འདེབས་ས་ལོ་ཆེན་པོའི་གསུང་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱི་ཞལ་སྐོང་དང་བཅས་པའི་འཕྲོ་མཐུད་ནི། །གང་དེས་རྗེས་བཟུང་སངས་རྒྱས་ཕུན་ཚོགས་ཏེ། །ཞེས་པའི་མཚམས། བསྟན་པའི་ཉི་མ་གསུམ་ལ་གསོལ་བ་འདེབས། །མཁས་པའི་གཙུག་རྒྱན་ཚུལ་ཁྲིམས་དཔལ་བཟང་དང་། །གྲུབ་པའི་དབང་ཕྱུག་བྱམས་པ་བསོད་ནམས་བཟང་། །མཁྱེན་བརྩེའི་གཏེར་ཆེན་ནམ་མཁའ་བསམ་འགྲུབ་སྟེ། །མཚུངས་མེད་བཤེས་གཉེན་གསུམ་ལ་གསོལ་བ་འདེབས། །ངག་གི་དབང་པོ་ཀུན་དགའ་བློ་གྲོས་དང་། །ཐམས་ཅད་མཁྱེན་པ་ནམ་མཁའ་འཆི་མེད་ཞབས། །རིགས་ཀུན་ཁྱབ་བདག་འཇམ་དཔལ་བཟང་པོ་སོགས། །རྩ་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབས། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་སོགས་སྤྲེལ་ལོ།། ༈ །འཇིགས་བྱེད་གཏོར་ཆོག་ཕྲིན་ལས་ཆར་འབེབས་


JKT016_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕུད་མཆོད་བླ་བརྒྱུད་ཞལ་སྐོང་དང་བཅས་པའི་འཕྲོ་མཐུད་ནི། །འཇམ་མགོན་སངས་རྒྱས་ཕུན་ཚོགས་དང་། །ཞེས་པའི་མཚམས། གྲུབ་མཆོག་བསྟན་འཛིན་ལྷུན་གྲུབ་ཞབས། །བྱམས་མགོན་དཔལ་ལྡན་ཆོས་སྐྱོང་དང་། །རྣམ་འདྲེན་རིན་ཆེན་མཆོག་གྲུབ་ཞབས། །དཔལ་ལྡན་རིན་ཆེན་ཆོས་མཛོད་དང་། །བྱམས་པ་ནམ་མཁའ་འཆི་མེད་དཔལ། །ཁྱབ་བདག་ཀུན་དགའ་བསྟན་འཛིན་སོགས། །རྩ་བརྒྱུད་བླ་མའི་སོགས་སྦྲེལ། ༈ །གསུང་ངག་རིན་པོ་ཆེ་དང་། །རྒྱུད་གསུམ་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ཞལ་སྐོང་ནི་ལོགས་སུ་བྲིས་པ་ལྟར་ཤེས་པར་བྱ་ཞིང་། ལམ་ཟབ་ཕྱི་མའི་བརྒྱུད་འདེབས་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་སངས་རྒྱས་ཕུན་ཚོགས་ཀྱི་ཞལ་སྐོང་དང་བཅས་པའི་འཕྲོ་མཐུད་ནི། །མཁས་པའི་བརྒྱུད་འཛིན་ཤེས་རབ་འབྱུང་གནས་ལ། །གསོལ་བ༴ ཞེས་པའི་མཚམས། འཇམ་མགོན་བླ་མ་དཔལ་མཆོག་རྒྱལ་མཚན་དང་། །འཇམ་པའི་དབྱངས་དངོས་སངས་རྒྱས་ཕུན་ཚོགས་ཞབས། །འཇམ་དཔལ་རྡོ་རྗེ་བསོད་ནམས་དཔལ་ལྡན་ལ། །གསོལ་བ༴ རྡོ་རྗེ་འཆང་དངོས་དཔལ་ལྡན་ཆོས་སྐྱོང་དང་། །རྡོ་རྗེ་ཐེག་པའི་ལམ་སྟོན་ཆོས་སྐྱོང་བཟང་། །རྡོ་རྗེ་འཛིན་དབང་ནམ་མཁའ་འཆི་མེད་ལ། གསོལ་བ༴ རྣམ་འདྲེན་མཚུངས་མེད་ཀུན་དགའ་བསྟན་འཛིན་དང་། །རྣམ་མང་རིགས་བརྒྱའི་ཁྱབ་བདག་འཇམ་དཔལ་བཟང་། །རྣམ་གྲོལ་ལམ་སྟོན་རྩ་བའི་བླ་མ་ལ། །གསོལ་བ༴


JKT016_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན། །མཁས་པའི་དབང་ཕྱུག་དཀོན་མཆོག་ལྷུན་གྲུབ་ལ། །གསོལ་བ༴ ཞེས་པའི་མཚམས། བསྟན་པའི་སྲོག་ཤིང་སྔགས་འཆང་ཨཱ་ནན། །བསྟན་འགྲོའི་གཙུག་རྒྱན་བསོད་ནམས་དབང་པོའི་ཞབས། །བསྟན་པའི་ཉི་མ་ཀུན་དགའ་བསོད་ནམས་ལ། །གསོལ་བ༴ འཇམ་པའི་རྡོ་རྗེ་ཀུན་དགའ་བཀྲ་ཤིས་དང་། །འཇམ་དཔལ་གཞོན་ནུ་བསོད་ནམས་རིན་ཆེན་ཞབས། །འཇམ་པའི་དབྱངས་དངོས་ཀུན་དགའ་བློ་གྲོས་ལ། །གསོལ་བ༴ ས་གསུམ་འདྲེན་མཆོག་ནམ་མཁའ་འཆི་མེད་དང་། །མཆོག་གསུམ་འདུས་ཞལ་ཀུན་དགའ་བསྟན་འཛིན་ཞབས། །སྐྱབས་གསུམ་ངོ་བོ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་སོ། ༈ །མཚུངས་མེད་དཀོན་མཆོག་དཔལ་ལྡན་པས་མཛད་པའི་ལམ་ཟབ་བླ་མ་མཆོད་པའི་ཕྱག་འཚལ་གྱི་ཞལ་སྐོང་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱིས་གནང་བའི་འཕྲོ་མཐུད་ནི། འཇམ་དཔལ་གཞོན་ནུ་ངུར་སྨྲིག་རྣམ་རོལ་གྱིས། །རྒྱལ་བ་གཉིས་པའི་ཕྲིན་ལས་སྤེལ་བའི་མགོན། །མཁས་ཤིང་གྲུབ་བརྙེས་སངས་རྒྱས་ཕུན་ཚོགས་ལ། །གུས་པས་ཕྱག་འཚལ་བརྩེ་བས་བྱིན་གྱིས་རློབས། །ཟབ་རྒྱས་སྡེ་སྣོད་རྒྱ་མཚོའི་སྙིང་པོའི་དོན། །ཇི་བཞིན་རྟོགས་ནས་གཞན་ལ་འདོམས་མཁས་པ། །རྡོ་རྗེ་འཛིན་དབང་བསོད་ནམས་དཔལ་ལྡན་ལ། །གུས་པས༔ རྒྱལ་ཀུན་ཡེ་ཤེས་མེ་


JKT016_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་འཆང་བའི་དངོས། །འོད་གསལ་འཆི་མེད་རིགས་སུ་རྣམ་འཕྲུལ་པ། །རིག་འཛིན་བརྙེས་པ་ཀུན་དགའ་བཀྲ་ཤིས་ལ། །གུས་པས༴ སྙན་བརྒྱུད་ཚད་མ་བཞི་ལྡན་གདམས་པའི་བཅུད། །དྲི་མེད་མཁྱེན་པའི་དཔལ་དུ་ལེགས་བཟུ་།ངག་གི་དབང་པོ་བསོད་ནམས་རིན་ཆེན་ལ། །གུས་པས༴ ཐུབ་བསྟན་མདོ་སྔགས་སྤྱི་དང་ས་སྐྱ་པའི། །ཟབ་ཆོས་རྒྱ་མཚོ་འཛིན་ཅིང་སྤེལ་བའི་ཚུལ། །ས་གསུམ་མཚུངས་མེད་ཀུན་དགའ་བློ་གྲོས་ལ། །གུས་པས༴ ཚུལ་གནས་གསན་བསམ་བསྒོམ་པའི་མཐར་སོན་ནས། །འཆད་རྩོད་རྩོམ་པས་སྐལ་ལྡན་རྗེས་སུ་འཛིན། །མཁྱེན་བརྩེའི་ནུས་གཏེར་ནམ་མཁའ་འཆི་མེད་ལ། །གུས་པས༴ ཕྱོགས་བཅུ་དུས་གསུམ་རྣམ་འདྲེན་སྲས་བཅས་ཀྱི། །རིག་དང་བརྩེ་བའི་ཡེ་ཤེས་གཅིག་བསྡུས་པ། །རྡོ་རྗེ་འཆང་དངོས་ཀུན་དགའ་བསྟན་འཛིན་ལ། །གུས་པས་ཕྱག་འཚལ་བརྩེ་བས་བྱིན་གྱིས་རློབས། །ཞེས་སོ། ༈ །ནཱ་རོ་མཁའ་སྤྱོད་མའི་བརྒྱུད་འདེབས་བསྡུས་པ་ངོར་ཆེན་རྡོ་རྗེ་འཆང་གི་གསུང་བཀྲ་ཤིས་ལྷུན་གྲུབ་ཀྱི་ཞལ་སྐོང་དང་བཅས་པའི་འཕྲོ་མཐུད་ནི། །དམ་ཆོས་བསམ་གྲུབ་སངས་རྒྱས་ཕུན་ཚོགས་དང་། །ཞེས་པའི་མཚམས། བསྟན་འཛིན་ལྷུན་གྲུབ་དཔལ་ལྡན་ཆོས་སྐྱོང་ཞབས། །རིན་ཆེན་མཆོག་གྲུབ་ནམ་མཁའ་འཆི་མེད་དཔལ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །བསྐྱེད་


JKT016_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ཟབ་མོ་སོགས་སྦྲེལ། ༈ །ཕྱག་རྡོར་འབྱུང་འདུལ་གྱི་བརྒྱུད་འདེབས་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་ཞལ་སྐོང་ནི། ལྷ་མཆོག་སེང་གེ་བུདྨ་སིང་ཧ་དང་། །ཞེས་པའི་མཚམས། བྲང་ཏི་པ་དང་ནམ་མཁའ་སངས་རྒྱས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ནམ་མཁའ་དཔལ་བཟང་སངས་རྒྱས་ཕུན་ཚོགས་དང་། །བསྟན་འཛིན་ལྷུན་གྲུབ་དཔལ་ལྡན་ཆོས་སྐྱོང་ཞབས། །རིན་ཆེན་མཆོག་གྲུབ་ནམ་མཁའ་འཆི་མེད་དཔལ། །གསོལ་བ་འདེབས་སོ༴ རྡོ་རྗེ་འཛིན་དངོས་འཇམ་དཔལ་བཟང་པོ་སོགས། །རིམ་བཞིན་བརྒྱུད་དང་དངོས་སུ་གདམས་པ་ཡིས། །བདག་རྒྱུད་ཚིམ་མཛད་བླ་མའི་ཚོགས་རྣམས་ལ། །གསོལ་བ༴ རྩ་བརྒྱུད་བླ་མའི་སོགས་སྦྲེལ། ༈ །བསྟན་སྲུང་མ་ཧཱ་ཀཱ་ལའི་ཆོས་སྐོར་གྱི་བརྒྱུད་འདེབས་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་ཞལ་སྐོང་དང་བཅས་པའི་འཕྲོ་མཐུད་ནི་མཁས་གྲུབ་འཁོར་སྒྱུར་སངས་རྒྱས་ཕུན་ཚོགས་ཏེ། །ཞེས་པའི་མཚམས། མཁས་མཆོག་བླ་མ་གསུམ་ལ་གསོལ་བ་འདེབས། །མཁྱེན་གཉིས་མཐར་སོན་བསྟན་འཛིན་ལྷུན་གྲུབ་དང་། །མཁྱེན་བརྩེ་ནུས་གཏེར་དཔལ་ལྡན་ཆོས་སྐྱོང་ཞབས། །མཁྱེན་རབ་དབང་ཕྱུག་རིན་ཆེན་མཆོག་གྲུབ་སྟེ། །མཁྱེན་པའི་གཏེར་ཆེན་གསུམ་ལ་གསོལ་བ་འདེབས། །དཔལ་ལྡན་སྐུ་གསུམ་མངོན་གྱུར་ནམ་མཁའི་མཚན། །དཔལ་ལྡན་སྲིད་ཞིའི་སྐྱབས་གཅིག་ཀུན་དགའི་


JKT016_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས། །དཔལ་ལྡན་རིགས་ཀུན་ཁྱབ་བདག་འཁོར་ལོའི་མགོན། །དཔལ་ལྡན་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །རྣམ་མཁྱེན་འགྲོ་བའི་འདྲེན་པ་སོགས་སྦྲེལ། །འདི་ལ་རྗེས་གནང་དང་མན་ངག་གི་བརྒྱུད་སྲོལ་མང་ཡང་། འདིར་ལྷ་བརྒྱད་ངོར་ལུགས་ཀྱི་རྗེས་གནང་གི་བརྒྱུད་རིམ་ལྟར་བྲིས་པའོ། །དེ་ལྟར་དཔལ་ཨེ་ཝཾ་པའི་ཆོས་སྤྱོད་དང་ཆོ་ག་ཉེར་མཁོ་འགའ་ཞིག་གི་བརྒྱུད་འདེབས་ཀྱི་ཞལ་སྐོང་འདི་ཡང་། །ཐར་རྩེ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་དང་། རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་གཙོ་བོར་གྱུར་པའི་ཡོངས་འཛིན་དམ་པ་རྣམས་ལས་ཆོས་སྐོར་འདི་རྣམས་ཀྱི་བཀའ་དྲིན་མང་དུ་ཐོས་པའི་རྒྱལ་ཁམས་ཀྱི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། སྔ་ཕྱི་ཅི་རིགས་པར་བྲིས་པ་རྣམས་སླར་ཡང་ཕྱོགས་གཅིག་ཏུ་སྡེབས་པ་སྟེ། དགེ་བས་བདག་གཞན་གྱི་རྒྱུད་ལ་རྩ་བརྒྱུད་བླ་མ་དམ་པ་རྣམས་ཀྱི་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ། ༈ །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་འཆི་མེད་དཔལ་སྟེར་གྱི་བརྒྱུད་འདེབས་ཁ་སྐོང་ནི། ཀུན་སྤངས་ཆོས་རྗེ་འཆི་མེད་རིག་འཛིན་བརྙེས། །ཀུན་དགའ་གྲོལ་མཆོག་ཡོངས་རྫོགས་བསྟན་པའི་བདག །ཉི་ཟླ་བཟང་པོ་ལུང་རིགས་རྒྱ་མཚོའི་དཔལ། དབང་ཕྱུག་དཔལ་བཟང་སྡེ་སྣོད་མཁྱེན་པའི་གཏེར། །ངག་དབང་ཆོས་གྲགས་གངས་ཅན་མཁས་པའི་རྗེར། །གསོལ་བ་འདེབས་སོ༴ བྱིན་གྱིས་རློབས་ཤིགས༴ སྤྱན་སྔ་ཆེན་


JKT016_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཕྲིན་ལས་ཕ་མཐའ་ཡས། །ཀུན་དགའ་བསོད་ནམས་ཤེས་བྱ་ཐམས་ཅད་མཁྱེན། །བསོད་ནམས་དབང་ཕྱུག་འཇམ་མགོན་སྤྲུལ་པའི་གར། །ཀུན་དགའ་བཀྲ་ཤིས་འཛམ་གླིང་བསྟན་འགྲོའི་མགོན། །བསོད་ནམས་རིན་ཆེན་མཁྱེན་བརྩེ་ནུས་པའི་གཏེར། །གསོལ་བ༴ བྱིན་གྱིས༴ ཀུན་དགའ་བློ་གྲོས་ཆོས་ཀྱི་འཁོར་ལོས་བསྒྱུར། །ནམ་མཁའ་འཆི་མེད་མཁས་ཤིང་གྲུབ་པའི་དཔལ། །ཀུན་དགའི་མཚན་ཅན་འཆི་མེད་ཡེ་ཤེས་བརྙེས། །རྩ་བའི་བླ་མ་རིགས་ཀུན་ཁྱབ་བདག་སོགས། །གདམས་པའི་བཀའ་བབས་རྩ་བརྒྱུད་བླ་མ་ལ། །གསོལ་བ༴ ཞེས་པའང་རྗེ་གྲུབ་ཆེན་རང་གི་གསུང་རྡོ་རྗེའི་ཚིག་རྐང་དང་འགྲོས་མཐུན་པར་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ། ༈ །བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོའི་རྗེས་གནང་གི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་མཚོ་བྱུང་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །སྒྲ་དབྱངས་ལྷ་མོ་གསུང་གི་དབང་ཕྱུག་མ། །གང་དེས་རྗེས་བཟུང་བྲམ་ཟེ་ཕུར་བུའི་ཞབས། །གཏུམ་པོའི་སྡེ་དང་མཆོད་སྡོང་སེང་གེ་དང་། །ཉི་མ་སེང་གེ་རྣམས་ལ་གསོལ་བ་འདེབས། །དཔེ་མེད་མཚོ་དང་རྒྱ་མཚོ་ཆེན་པོའི་ཞབས། །སུམ་པ་ལོ་ཙཱ་སྨྲ་དབང་གཟད་རིང་པ། །བོ་དོང་རིན་རྩེ་ཐང་ཆེན་བློ་གྲོས་དཔལ། །ཆོས་དཔལ་རྒྱལ་མཚན་རྣམས་ལ །དབྱངས་ཅན་གྲུབ་པ་ཀུན་


JKT016_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ཆོས་ཀྱི་རྗེ། །ཁྱབ་བརྡལ་ལྷུན་གྲུབ་སངས་རྒྱས་དཔོན་པོ་དང་། །སེམས་དཔའ་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས། །སངས་རྒྱས་རྒྱལ་མཚན་རྣམས་ལ༴ རྫ་ཡིག་ཚུལ་རྒྱལ་བསོད་ནམས་རྣམ་པར་རྒྱལ། །ཨོ་རྒྱན་བསྟན་འཛིན་པདྨ་དབང་ཆེན་དང་། །རིན་ཆེན་དར་རྒྱས་ཕྲིན་ལས་ལྷུན་གྱིས་གྲུབ། །འགྱུར་མེད་རྡོ་རྗེ་རྣམས་ལ༴ རིན་ཆེན་རྣམ་རྒྱལ་ཐེག་མཆོག་བསྟན་འཛིན་དང་། །ཀུན་བཟང་རྣམ་རྒྱལ་བསྟན་འཛིན་ཆོས་ཀྱི་རྒྱལ། །འཇམ་དཔལ་རབ་ཏུ་དགྱེས་པའི་བློ་གྲོས་ཅན། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་བླ་མ་རྣམས་དང་ལྷག་པའི་ལྷར། །གུས་པས་གསོལ་བ་བཏབ་མཐུས་བདག་གཞན་འགྲོ། །བྱང་ཆུབ་བར་དུ་དལ་འབྱོར་རྟེན་ཐོབ་ནས། །ཐེག་མཆོག་བཤེས་དང་མཇལ་པར་བྱིན་གྱིས་རློབས། །ཁྱད་པར་སྒྲ་དབྱངས་ལྷ་མོའི་གདམས་ཟབ་ཀྱིས། །རྒྱུད་སྨིན་རྩེ་གཅིག་ཉམས་སུ་བླངས་པ་ལས། །འཕགས་མ་དགྱེས་པའི་འཛུམ་ཞལ་མཐོང་བ་དང་། །གསུང་གི་དབུགས་དབྱུང་ཐོབ་པར་བྱིན་གྱིས་རློབས། །དེ་མཐུས་སྲིད་ཞིའི་ཉམས་འགྱུར་ཇི་སྙེད་གཟུགས། །སྒོ་གསུམ་ནོར་བུའི་མེ་ལོང་ལ་འཆར་བས། །ལྷར་བཅས་ཡིད་ཀྱི་བརྟན་པ་འཕྲོག་བཟོད་པའི། །བཟོ་ཡི་རིག་པ་འཛིན་པར༴ གང་གི་དོན་དང་གང་ཞིག་གསོ་བ་ཡི། །གནས་ལུགས་


JKT016_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ནས་སྨན་དཔྱད་ཟས་སྤྱོད་ཀྱིས། །ཇི་ལྟར་གསོ་བའི་ཚུལ་ལ་མ་རྨོངས་པའི། །ཚེ་ཡི་རིག་པ་འཛིན་པར །མིང་དང་ཚིག་གི་རང་བཞིན་རྐྱེན་བདུན་དང་། །རྣམ་འགྱུར་གཉིས་ཀྱི་སྦྱོར་བས་བསྒྲུབས་པ་ལས། །ཚིག་དོན་རྣམ་པར་འབྱེད་ལ་ཟླ་མེད་པའི། །བརྡ་སྤྲོད་རིག་པ་འཛིན་པར །གནས་གསུམ་གཞལ་བྱའི་དོན་རྣམས་མ་ལུས་ཀུན། །མངོན་རྗེས་ཚད་མས་གཏན་ལ་འབེབས་མཁས་ཤིང་། །སྒྲུབ་དང་སུན་འབྱིན་སྤོབས་པ་མི་ཟད་པའི། །རྟོག་གེའི་རིག་པ་འཛིན་པར །རང་གཞན་གྲུབ་མཐའི་རྣམ་དབྱེ་ལེགས་རྟོགས་ནས། །ཟབ་མོ་དབུ་མར་སྨྲ་བའི་བསྐལ་བཟང་གིས། །མདོ་རྒྱུད་རྒྱ་མཚོའི་ངེས་གསང་འབྱེད་མཁས་པའི། །ནང་དོན་རིག་པ་འཛིན་པར་གསོལ༴ གཞན་ཡང་ཚིག་རྒྱན་སྡེབ་ལེགས་སྦྱོར་བ་དང་། །མངོན་བརྗོད་སྐར་རྩིས་ཟློས་པའི་གར་ལ་སོགས། །རྒྱལ་སྲས་རྣམས་ཀྱིས་བསླབ་པར་བྱ་བའི་གཞུང་། །མཐའ་ཡས་རིག་པ་འཛིན་པར༴ མདོར་ན་ཚུལ་གནས་ཐོས་བསམ་བསྒོམ་པ་དང་། །གཞུང་མང་འཛིན་དང་འཆད་རྩོད་རྩོམ་པ་ལ། །བློ་གྲོས་བདུད་རྩིའི་སྣང་བ་དར་བབས་པས། །ཕན་བདེའི་པདྨོ་རྒྱས་པར་བྱིན་གྱིས་རློབས། ༡༤ ༈ །ཁྱབ་བདག་གཤིན་རྗེའི་གཤེད་དང་བེ་ཏཱ་ལི། །རོལ་བའི་རྡོ་རྗེ་ཨ་མོ་གྷ་བཛྲ། །ཡེ་འབྱུང་སྦས་པ་པདྨ་


JKT016_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་དང་། །བལ་པོ་བྷ་རོ་རྣམས་ལ་གསོལ་བ་འདེབས། །རྗེ་བཙུན་རྭ་ཆེན་སྲས་མཆོག་ཆོས་རབ་དཔལ། །ཡེ་ཤེས་སེང་གེ་འབུམ་སེང་དྷ་རྨའི་མཚན། །དཀོན་མཆོག་སེང་གེ་ཤེས་རབ་རྒྱལ་མཚན་དང་། །དབང་ཕྱུག་རྒྱལ་མཚན །རྒྱ་སྟོན་ཡབ་སྲས་ཀུན་དགའ་ཆོས་རིན་ཆེ། །བརྩོན་འགྲུས་རྒྱ་མཚོ་ཆོས་སྐྱོང་རྒྱལ་མཚན་དཔལ། །ཡོན་ཏན་རྒྱ་མཚོ་ཚར་ཆེན་རྡོ་རྗེ་འཆང་། །མཁྱེན་བརྩེའི་དབང་ཕྱུག༴ བསླབ་གསུམ་རྒྱལ་མཚན་བསོད་ནམས་ཆོས་འཕེལ་དང་། །ངག་དབང་ཆོས་གྲགས་ངག་དབང་རྣམ་པར་རྒྱལ། །བཟང་པོ་རྒྱལ་མཚན་རྨོར་ཆེན་ཆོས་ཀྱི་རྗེ། །ལེགས་པའི་འབྱུང་གནས །བསོད་ནམས་དཔལ་བཟང་ཆོས་ཉིད་ཡེ་ཤེས་དང་། །བསྟན་པའི་ཉི་མ་ཀུན་དགའ་རིན་ཆེན་ཞབས། །སྨོན་ལམ་གྲགས་པ་འཇམ་དབྱངས་ཆོས་ཀྱི་རྗེ། །རྩ་བའི་བླ་མ་རྣམས་ལ༴ རྣལ་འབྱོར་བཞི་ལྡན་བསྐྱེད་རིམ་ཟབ་མོ་དང་། །དབང་བཞིའི་དོན་ལྡན་རྫོགས་རིམ་བསྒོམས་པའི་མཐུས། །ལས་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ་པ་དང་། །སྐུ་བཞིའི་དབང་ཕྱུག་ཐོབ་པར་བྱིན་གྱིས་རློབས། ༈ །དྲིལ་བུ་རིམ་ལྔའི་བརྒྱུད་འདེབས། །རྡོར་འཆང་ཕག་མོ་དྲིལ་བུ་རུ་སྦལ་ཞབས། །འབར་འཛིན་སྤྱོད་འཆང་གུབྱ་རྣམ་པར་རྒྱལ། །ཏེ་ནཱ་ཕམ་ཐིང་མལ་ལོ་གོང་མ་བཞི། །བོ་དོང་ཁྲོ་ཕུ་ཡང་རྩེ་གཉན་མཁར་བ། །


JKT016_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་ལྷས་ཤར་ཆེན་ངོར་ཆེན་པཎྜི་ཏ། །ཀུན་དགའ་མཆོག་གྲུབ་གྲོལ་མཆོག་ལྷ་དབང་གྲགས། །ཀུན་སྙིང་ཕྲིན་ལས་རིན་ཆེན་རྒྱ་མཚོ་དཔལ། །མཐའ་ཡས་ཀུན་བཟང་ཚེ་དབང་ནོར་བུའི་སྡེ། །ངག་དབང་རྣམ་རྒྱལ་ཀུན་བཟང་མཐུ་སྟོབས་ཞབས། །ཉི་མ་ཆོས་འཕེལ་བློ་གསལ་བསྟན་སྐྱོང་དང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །བྱིན་རླབས་སྒོ་ཕྱེ་རིམ་ལྔ་ལམ་གྱི་ཁྲིད། །བདག་བྱིན་རླབས་སོགས་ཕྲ་ཐིག་གནད་སྦྱོར་གྱིས། །ཡུལ་སེམས་བདེ་བ་ཆེན་པོར་ལེགས་སྦྱངས་ནས། །བསམ་མི་ཁྱབ་གནས་འགྲུབ་པར་བྱིན་གྱིས་རློབས། ༈ བ་རི་བའི་ཆོས་སྐོར་གྱི་བརྒྱུད་འདེབས་ཁ་སྐོང་ནི། །སྒྲུབ་པའི་བརྒྱུད་འཛིན་ཚོགས་སྒོམ་ཀུན་དགའ་དཔལ། །ཉམས་རྟོགས་མངའ་བདག་བསོད་ནམས་བརྟན་པ་དང་། །མཁས་ཤིང་གྲུབ་བརྙེས་བླ་མ་བསོད་ནམས་སྐྱབས། །གཟུངས་ཀྱི་དཔལ་བ་རྣམས་ལ་ཕྱག་འཚལ་ལོ། །མཚུངས་མེད་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་ཞབས། །མཁས་བཙུན་ཆེན་པོ་ཡེ་ཤེས་རྒྱལ་མཚན་དཔལ། །རྒྱལ་བས་ལུང་བསྟན་ངོར་ཆེན་རྡོ་རྗེ་འཆང་། །རྒྱལ་ཚབ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྲིན་ལས་རྨད་བྱུང་ཡོངས་འཛིན་དཀོན་མཆོག་འཕེལ། །སྨྲ་བའི་སེང་གེ་དཀོན་མཆོག་ལྷུན་གྲུབ་ཞབས། །རྡོ་རྗེ་འཛིན་པ་དཀོན་མཆོག་དཔལ་ལྡན་དང་། །ཀུན་དགའ་


JKT016_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་རྣམས་ལ་ཕྱག་འཚལ་ལོ། །ཤར་ཆེན་མཁས་གྲུབ་ཤེས་རབ་འབྱུང་གནས་ཆེ། །རིག་གྲོལ་གཉིས་ལྡན་བསོད་ནམས་རྒྱ་མཚོའི་ཞབས། །རྣམ་འདྲེན་དམ་པ་ལྷུན་གྲུབ་དཔལ་ལྡན་དང་། །ཀུན་དགའ་བཀྲ་ཤིས་རྣམས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་བསོད་ནམས་རིན་ཆེན་ཞབས། །བསྟན་པའི་ཉི་མ་ཀུན་དགའ་བློ་གྲོས་དཔལ། །མཁས་བཙུན་གྲུབ་བརྙེས་ནམ་མཁའ་འཆི་ཨཱི མེད་དང་། །དཔལ་ལྡན་ཕྲིན་ལས་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་གཅིག་བསྡུས་ནས། །གདུལ་བྱའི་སྣང་ངོར་བཤེས་གཉེན་མཆོག་གི་ཚུལ། །ལྷག་པའི་ལྷ་དང་དབྱེར་མེད་བཀའ་དྲིན་ཅན། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་སོརྟག་ཏུ༴ དེ་ལ་བ་རི་བའི་ཆོས་སྐོར་ཞེས་བྱ་བ་ནི། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། རྗེ་བ་རི་སྙིང་རྗེ་ཆེན་པོ་དང་ལྡན་པས་ཆོས་བསམ་གྱིས་མི་ཁྱབ་ཀྱང་གཙོ་ཆེར་གསུངས་པ་ནི། །དོན་ཡོད་ཞགས་པ་ཡན་ལག་བཅས། རྣམ་རྒྱལ་ཡན་ལག་བཅས་པ་དང་། །སྒྲུབ་ཐབས་བསྡུས་པ་་རྗེ་གདན་པའི་ཆོས་དྲུག་དང་། །དང་པོའི་ལས་པའི་བྱ་སློབ་དཔོན་བསོད་ནམས་རྩེ་མོས་མཛད་པ་དང་། རྗེ་བཙུན་གྲགས་པའི་ཆོས་སྤྱོད་རིན་ཆེན་ཕྲེང་བ་སོགས་ཀྱང་གཙོ་བོར་གཞུང་འདི་ལ་བརྟེན་ནས་མཛད། མཚན་བར་བཅས། །ལྷ་དགུ་ཚེ་དཔག་མེད། མཆན་ལ་སོགས་བསམ་མི་ཁྱབ། །


JKT016_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བ་རི་རིན་ཆེན་གྲགས་པ་ཡིས། །བོད་ལ་ཕན་པའི་དོན་དུ་བསྒྱུར། །ཞེས་པ་རྣམས་སོ། །དེ་ལས་འདིར་ཚོགས་སྒོམ་རིན་པོ་ཆེ་ནས་བཟུང་བརྒྱུད་པའི་ཞལ་སྐོང་རྣམས་སྒྲུབ་ཐབས་བསྡུས་པའམ། དེང་སང་སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང་གི་བརྒྱུད་པ་དང་མཐུན་པར་སྦྱར་བ་སྟེ། ཆོས་སྐོར་གཞན་རྣམས་ཀྱི་རྒྱུན་ཡང་བར་མ་ཆད་བར་བཞུགས་པས་སྦྱོར་བར་སྤྲོ་ན་སོ་སོའི་བརྒྱུད་ཡིག་ལྟར་ཁ་བསྐོང་བར་བྱའོ། །ཞེས་པའང་མཉྫགྷོ་ཥས་སོ། །

གསོལ་འདེབས་ལེའུ་བདུན་མའི་བརྒྱུད་འདེབས་ལེ་ཚན་རྣམས་ཀྱི་ཁ་སྐོང་།


JKT016_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསོལ་འདེབས་ལེའུ་བདུན་མའི་བརྒྱུད་འདེབས་ལེ་ཚན་རྣམས་ཀྱི་ཁ་སྐོང་བཞུགས། །གསོལ་འདེབས་ལེའུ་བདུན་མའི་བརྒྱུད་འདེབས་རྒྱས་པ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་ཁ་སྐོང་རྒྱལ་དབང་ལྔ་པ་རིན་པོ་ཆེས་མཛད་པའི་ཞལ་སྐོང་ནི། །ཟིལ་གནོན་དྲག་རྩལ་རྡོ་རྗེ་ལ་གསོལ་བ་འདེབས། །ཞེས་པའི་མཚམས། །བཤད་སྒྲུབ་འབྱུང་གནས་ཨེ་ཝཾ་ཆོས་གྲྭ་རུ། །ཚུལ་གནས་གསན་བསམ་སྒོམ་པའི་ཕ་མཐར་སོན། །བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་། །ཡོངས་རྫོགས་ཐུབ་བསྟན་གསལ་མཛད་རིག་འཛིན་རྗེ། །ཀུན་བཟང་པདྨ་ཕྲིན་ལས་ལ་གསོལ་བ་འདེབས། །སྨོན་དགའ་བསམ་གཏན་འཕེལ་བའི་གླིང་མཆོག་ཏུ། །རབ་འབྱམ་མདོ་སྔགས་སྨྲ་བའི་སེང་གེ་ཆེ། །ཟབ་གསང་སྙན་བརྒྱུད་རྒྱ་མཚོའི་མཛོད་གཅིག་པུ། །སྙིགས་དུས་བརྟན་པའི་སྲོག་ཤིང་རྨོར་ཆེན་རྗེ། །ངག་དབང་ཀུན་དགའ་ལྷུན་གྲུབ་ལ༴ བཀྲ་ཤིས་དགེ་མཚན་འབྱུང་བའི་ཆོས་ཀྱི་སྡེར། །པདྨས་


JKT016_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་བཟུང་ཚར་ཆེན་རྡོ་རྗེ་འཆང་། །བསམ་བཞིན་བསྟན་འགྲོའི་མགོན་དུ་ལེགས་བྱོན་པ། །ངག་གི་དབང་ཕྱུག་ཁྱབ་བདག་གནས་གསར་པ། །ཀུན་དགའ་ལེགས་པའི་འབྱུང་གནས་ལ༴ རུ་མཚམས་ཁ་རག་གྲུབ་པའི་སྨན་ལྗོངས་སུ། །རིས་མེད་དམ་པ་དུ་མས་རྗེས་བཟུང་ཞིང་། །བསླབ་གསུམ་རྣམ་དག་རིམ་གཉིས་ཏིང་འཛིན་བརྟན། །བཤད་དང་སྒྲུབ་པའི་དཔལ་མངའ་ཆོས་ཀྱི་རྗེ། །མཚུངས་མེད་བློ་གསལ་ཕུན་ཚོགས་ལ །མཁས་པའི་འབྱུང་གནས་དཔལ་ལྡན་ན་ལནྡྲར། །ཕྱི་ནང་ཤེས་བྱ་ཀུན་གཟིགས་པཎྜིཏ། །མང་ཐོས་འདུལ་བ་འཛིན་པ་རྒྱལ་བའི་སྲས། །མཚོ་སྐྱེས་བླ་མས་རྗེས་བཟུང་རིག་པ་འཛིན། །ངག་དབང་བསྟན་འཛིན་ཕྲིན་ལས་ལ༴ རོང་སྟོན་ཆེན་པོས་བྱིན་རླབས་ཆོས་གྱི་གྲར། །ཟབ་རྒྱས་གདམས་པ་དུ་མའི་གཏེར་མཛོད་ཆེ། །འཆད་རྩོད་རྩོམ་ལ་མཚུངས་མེད་སྨྲ་བའི་དབང་། །བརྟན་མཁས་ཡོན་ཏན་ཡོངས་རྫོགས་དགེ་བའི་བཤེས། །བྱམས་པ་ཕྲིན་ལས་ཡོན་ཏན་ལ༴ དམ་པས་བྱིན་བརླབས་གཟིམ་འོག་བླ་བྲང་དུ། །འོད་གསལ་ལྷ་རིགས་མཆོག་གི་སྤྲུལ་པའི་སྐུ། །བསླབ་གསུམ་རྣམ་དག་ཤེས་བྱ་ཐམས་ཅད་མཁྱེན། །བཤད་སྒྲུབ་ཕྲིན་ལས་དབང་འབྱོར་རྡོ་རྗེ་འཛིན། །ངག་དབང་བསྟན་འཛིན་སྙན་གྲགས་ལཌ །སྤྱི་གཙུག་ཉི་ཟླ་པདྨའི་གདན་


JKT016_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ། །སོགས་སྦྲེལ་ལོ། །བརྒྱུད་འདེབས་བསྡུས་པའི་ཁ་སྐོང་ལྔ་པ་རིན་པོ་ཆེས་མཛད་པའི་ཞལ་སྐོང་ནི། །མཚུངས་མེད་བླ་མ་རྣམས་གཉིས་ལ་གསོལ་བ་འདེབས། ཞེས་པའི་མཚམས། ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་གྲྭ་རུ། །རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་དང་། །རྨོར་ཞེས་ངེས་གསང་གྲུབ་པའི་བསྟི་གནས་སུ། །འཇམ་པའི་དབྱངས་དངོས་ཀུན་དགའ་ལྷུན་གྲུབ་སྟེ། །མཁས་གྲུབ་ཆེན་པོ་རྣམ་གཉིས་ལ་གསོལ་བ་འདེབས། །དམ་པས་བྱིན་བརླབས་བཀྲ་ཤིས་ཆོས་ཀྱི་སྡེར། །བསྟན་པའི་ཉི་མ་གནས་གསར་རྡོ་རྗེ་འཆང་། གང་དེས་རྗེས་བཟུང་མཚུངས་མེད་ཆོས་ཀྱི་རྗེ། །མཁས་བཙུན་ཆེན་པོ་བློ་གསལ་ཕུན་ཚོགས་ཏེ། །རྣམ་འདྲེན་དམ་པ་རྣམ་གཉིས་ལ་གསོལ་བ་འདེབས། །དཔལ་ལྡན་རྒྱུན་གྱི་དབང་པོའི་ཆོས་གྲྭ་རུ། །པདྨས་རྗེས་བཟུང་བསྟན་འཛིན་ཕྲིན་ལས་དང་། །མགོན་དེས་བྱིན་བརླབས་གྲུབ་པའི་གཞལ་ཡས་སུ། །ངག་གི་དབང་ཕྱུག་ཕྲིན་ལས་ཡོན་ཏན་ཏེ། །འཇམ་མགོན་བླ་མ་རྣམ་གཉིས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་གཟིགས་ཆོས་ཀྱི་ཕོ་བྲང་དུ། །མཆོག་གི་སྤྲུལ་སྐུ་བསྟན་འཛིན་སྙན་གྲགས་དང་། །སྤྱི་གཙུག་ཆུ་སྐྱེས་བཞད་པའི་ཟུར་ཕུད་རྩེར། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་སྟེ། །བཀའ་དྲིན་མཚུངས་མེད་རྣམ་གཉིས་ལ་གསོལ་བ་འདེབས། །


JKT016_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་སྟོད་རུ་ལག་སོགས་སྦྲེལ་ལོ། །རིག་འཛིན་གཏེར་བདག་གླིང་པས་མཛད་པའི་བརྒྱུད་འདེབས་ཀྱི་ཁ་སྐོང་ནི་ཆོས་རྒྱལ་གཏེར་བདག་གླིང་པ་ལ་གསོལ་བ་འདེབས། །ཞེས་པའི་མཚམས། རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ལ་གསོལ་བ༴ ཀླུ འགྱུར་མེད་པདྨ་བསྟན་འཛིན་ལ༴ རིག་འཛིན་ཕྲིན་ལས་རྣམ་རྒྱལ༴ རྗེ་བཙུན་ཕྲིན་ལས་མཚན་ཅན་ལ༴ དྲིན་ཆེན་རྩ་བའི་བླ་མ༴ ཡི་དམ་སྒྲུབ་ཆེན་བཀའ་བརྒྱད་ལ་གསོལ་བ་འདེབས། །སོགས་སྦྲེལ་ལོ། །ཞེས་པའི་ཁ་སྐོང་ལེ་ཚན་རྣམས་ཀྱང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་འགྲོ་ཀུན་འཆི་མེད་མཚོ་སྐྱེས་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། ༈ །བྱང་གཏེར་ཡང་ཏིག་གཅེས་པའི་སྒྲོན་མའི་ཁྲིད་ཀྱི་བརྒྱུད་འདེབས་ཁ་སྐོང་ནི། །གཏེར་སྟོན་ཡབ་སྲས་ཀྱི་རྗེས། །ལུང་ཟིན་བཤད་སྒྲུབ་ཆོས་ཀྱི་ཕོ་བྲང་ནས། །རིག་འཛིན་སངས་རྒྱས་བྱམས་བཟང་ལ་གསོལ་བ་འདེབས། །དཔལ་ལྡན་བརྒྱ་མཁར་གསང་སྔགས་གླིང་མཆོག་ཏུ། །སེ་སྟོན་ཉི་མ་བཟང་པོ་ལ་གསོལ་བ་འདེབས། །གོང་མའི་གདན་ས་ཆོས་ཀྱི་ཕོ་བྲང་དུ། །སེ་སྟོན་མགོན་པོ་བཟང་པོ་ལ་གསོལ་བ་འདེབས། །མཁས་ཤིང་གྲུབ་པའི་གནས་མཆོག་དེ་ཉིད་དུ། །སེ་སྟོན་རིན་ཆེན་རྒྱལ་མཚན་ལ་གསོལ་བ་འདེབས། །ས་དམ་ཞེས་བྱའི་དབེན་པའི་རི་ཁྲོད་དུ། །སྤྱན་ཚབ་མགོན་པོ་ཟླ་བ་ལ་གསོལ་བ་འདེབས། །ནུབ་དགོན་ཞེས་བྱ་ཆོས་ཀྱི་ཕོ་བྲང་དུ། །


JKT016_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་ཆོས་ཀྱི་རྒྱལ་མཚན་ལ་གསོལ་བ་འདེབས། །གང་དེའི་གདན་ས་གྲུབ་པའི་བསྟི་གནས་སུ། །ཐུགས་སྲས་བློ་གྲོས་རྒྱལ་མཚན་ལ་གསོལ་བ་འདེབས། །ངམ་རིངས་དགའ་ལྡན་བྱམས་པའི་འདུན་ས་རུ། །མཁན་ཆེན་བྱམས་པ་བཟང་པོ་ལ་གསོལ་བ་འདེབས། །ཕྱོགས་མེད་རི་ཁྲོད་དབེན་པའི་སྨན་ལྗོངས་སུ། །གྲུབ་ཆེན་ཀུན་བཟང་ཉི་མ་ལ་གསོལ་བ་འདེབས། །སྲིད་གསུམ་རྣམ་པར་རྒྱལ་བའི་ཆོས་གྲྭ་རུ། །རིག་འཛིན་འབྲུག་སྒྲ་བཟང་པོ་ལ་གསོལ་བ་འདེབས། །གྲ་ནང་དར་རྒྱས་ཆོས་ཀྱི་གླིང་མཆོག་ཏུ། །གསང་བདག་ཕྲིན་ལས་ལྷུན་གྲུབ་ལ་གསོལ་བ་འདེབས། །གུང་ཐང་བདེ་བའི་རྡོ་རྗེའི་གཞལ་ཡས་སུ། །ཟུར་ཆེན་ཆོས་དབྱིངས་རང་གྲོལ་ལ་གསོལ་བ་འདེབས། །ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་གྲྭ་རུ། །རིག་འཛིན་པདྨ་ཕྲིན་ལས་ལ་གསོལ་བ་འདེབས། །ཁམས་ལུང་ལ་སོགས་གྲུབ་པའི་གནས་མཆོག་ཏུ། །གཉགས་སྟོན་པདྨ་དབང་རྒྱལ་ལ་གསོལ་བ་འདེབས། །ཐུབ་བསྟན་ཨེ་ཝཾ་ཆོས་ཀྱི་ཕོ་བྲང་དུ། །རིག་འཛིན་རྡོ་རྗེ་ཐོགས་མེད་ལ་གསོལ་བ་འདེབས། །ཨོ་རྒྱན་འགྲོ་འདྲེན་གླིང་གི་གནས་མཆོག་ཏུ། །གྲུབ་ཆེན་པདྨ་བཤེས་གཉེན་ལ་གསོལ་བ་འདེབས། །ཕུ་ཆུང་ཞེས་བྱ་གྲུབ་པའི་གནས་མཆོག་ཏུ། །ཨོ་རྒྱན་བསྟན་འཛིན་ཕུན་ཚོགས་ལ་གསོལ་བ་


JKT016_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །མྱང་སྟོད་ཡང་ཟབ་བླ་མའི་གདན་ས་རུ། །ཀུན་བཟང་གསང་སྔགས་བསྟན་འཛིན་ལ་གསོལ་བ་འདེབས། །སྤྱི་གཙུག་ཉི་ཟླ་སོགས། ༈ །སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོ་ཉེ་བརྒྱུད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་འཆི་མེད་གྲུབ་པ་ཞེས་བྱ་བ་བཞུགས་སོ། །སྣང་མཐའ་ཚེ་དཔག་མེད་མགོན་སྤྱན་རས་གཟིགས། །པདྨ་འབྱུང་གནས་བརྒྱུད་སྲོལ་ཀུན་འདུས་པ། །ཆོས་ཀྱི་གྲགས་པ་དཀོན་མཆོག་ལྷུན་གྲུབ་དང་། །དཀོན་མཆོག་ཕྲིན་ལས་བཟང་པོར་གསོལ་བ་འདེབས། །དོན་གྲུབ་ཆོས་རྒྱལ་དཀོན་མཆོག་བསྟན་འཛིན་དང་། །ཆོས་ཀྱི་རྒྱལ་མཚན་ཆོས་ཀྱི་ཉི་མའི་ཞབས། །པདྨའི་རྒྱལ་མཚན་འཆི་མེད་གྲུབ་པའི་དཔལ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དངོས་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་ལ། །གུས་པས་གསོལ་བཏབ་བསྒོམ་བཟླས་རྣལ་འབྱོར་མཐུས། །དུས་མིན་འཆི་དང་བར་ཆད་ཀུན་ཞི་ཞིང་། །དབང་བཅུའི་ཡེ་ཤེས་བརྙེས་པར་བྱིན་གྱིས་རློབས། །ཞེས་མགོན་པོ་འབྲི་གུང་པ་རིག་འཛིན་ཆོས་ཀྱི་གྲགས་བའི་དག་སྣང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོའི་བརྒྱུད་འདེབས་འདིའང་། །དཔལ་སྟག་ལུང་ཐང་པ་རིན་པོ་ཆེ་ངག་དབང་བསྟན་པའི་ཉི་མ་ལས་ཆོས་ཚུལ་འདི་ཉིད་ཀྱི་བཀའ་དྲིན་ཐོབ་པའི་སྐབས་སུ་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་ར་སྟུ།

ཚེ་རྟ་ཟུང་འབྲེལ་གྱི་བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་འཆི་མེད་རྡོ་རྗེའི་གླུ་དབྱངས།


JKT016_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཚེ་རྟ་ཟུང་འབྲེལ་གྱི་བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་འཆི་མེད་རྡོ་རྗེའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་ར་བེ། །འཆི་མེད་ཐོག་མའི་མགོན་པོ་སྣང་མཐའ་ཡས། །འཆི་མེད་ཡེ་ཤེས་སྦྱིན་མཛད་ཚེ་དཔག་མེད། །འཆི་མེད་རྡོ་རྗེའི་སྐུར་བཞེངས་རྟ་མཆོག་དཔལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །འཆི་མེད་རིག་འཛིན་མཆོག་བརྙེས་པདྨ་འབྱུང་། །འཆི་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་པ། །འཆི་མེད་གཉུག་མའི་གར་མཁན་ཀུན་སྤངས་རྗེར། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །འཆི་མེད་གནས་ལུགས་མངོན་གྱུར་གྲོལ་མཆོག་ཞབས། །འཆི་མེད་བདུད་རྩིས་རབ་དགྱེས་ཉི་ཟླའི་མཚན། །འཆི་མེད་མཆོག་སྦྱིན་དབང་ཕྱུག་དཔལ་བཟང་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །འཆི་མེད་བརྙེས་པ་ངག་དབང་ཆོས་གྲགས་དང་། །འཆི་མེད་རྒྱལ་བའི་སྲས་པོ་ཨཱ་ནནྡ། །འཆི་མེད་མགོན་པོ་ཀུན་དགའ་བསོད་ནམས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །འཆི་མེད་འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་། །འཆི་མེད་དགའ་སྟོན་སྤེལ་མཁས་མངྒ་ལ། །འཆི་མེད་རིགས་ཀྱི་ཐིག་ལེ་པུཎེའི་མཚན། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །འཆི་མེད་གྲུབ་པ་ཀུན་དགའ་བློ་གྲོས་དང་། །འཆི་མེད་རྒྱལ་སར་འཛེགས་མཁས་ནམ་མཁའི་མཚན། །འཆི་མེད་རིགས་


JKT016_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཁྱབ་བདག་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །འཆི་མེད་གདམས་པའི་སྨིན་གྲོལ་ཟབ་མོ་ཡིས། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་སྩོལ་བ། །འཆི་མེད་རིག་འཛིན་རྩ་རྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྐྱབས་སུ་འགྲོ་དང་བྱང་ཆུབ་སེམས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་པས། །སྐུ་གཉིས་ངལ་འཚོ་ཅིར་ཡང་རྒྱས་པར་ཤོག །ཁྱད་པར་སྣང་སྲིད་བདེ་ཆེན་ཞིང་ཁམས་སུ། །ཡོངས་ཤར་རང་ཉིད་ཚེ་དཔག་མེད་མགོན་སྐུར། །གསལ་བའི་སྤྱི་བོར་རྩ་བརྒྱུད་བླ་མར་བཅས། །སྣང་སྟོང་ཟུང་འཇུག་ཆེན་པོར་འཆར་གྱུར་ཅིག་།སླར་ཡང་གུས་པས་གསོལ་བ་བཏབ་པའི་མཐུས། །ཐུགས་སྲོག་ཉིན་མོར་བྱེད་པའི་འཛུམ་དཀར་གྱིས། །སྲིད་དང་ཞི་བའི་ཚེ་བཅུད་ཨུཏྤ་ལ། །དབང་དུ་བགྱིད་པའི་དགེ་མཚན་གྲུབ་པར་ཤོག །དེ་ལས་བདུད་རྩི་གངྒཱའི་ཀླུངས་རྒྱུན་ལྟར། །བབས་པས་བདག་གཞན་ཕུང་ཁམས་ཀུན་ཁྱབ་ནས། །ནད་གདོན་སྡིག་སྒྲིབ་དུས་མིན་འཆི་བ་ཀུན། །སྦྱངས་ཏེ་འཆི་མེད་རིག་འཛིན་གྲུབ་གྱུར་ཅིག །རྩ་བརྒྱུད་བླ་མ་རིམ་གྱིས་འོད་ཞུ་ནས། །རང་ལ་ཐིམ་པས་བྱིན་རླབས་ཟླ་ཤེལ་གསར། །འདུ་འབྲལ་མེད་པར་སྙིང་དབུས་ཞུགས་པ་ལས། །


JKT016_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་སྣང་བས་རྟག་ཏུ་མཛེས་པར་ཤོག །ཞེས་ཚེ་རྟ་ཟུང་འབྲེལ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་འཆི་མེད་རྡོ་རྗེའི་གླུ་དབྱངས་ཞེས་བྱ་བ་འདིའང་སྐལ་བཟང་མཁྱེན་བརྩེའི་དབང་པོས་ཨེ་ཝཾ་ཐར་པ་རྩེར་མཛེས་བྱེད་སྣོན་ཟླའི་དཀར་ཕྱོགས་ཀྱི་བཟང་པོ་གཉིས་པ་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་འཆར་བའི་དུས་ཚེས་དགེ་བར་གསོལ་བ་བཏབ་པ་སིདྡྷི་རསྟུ།། ཤུ་བྷཾ། དགེའོ།། དགེའོ།། དགེའོ།། ཕྱོགས་བཅུའི་དགེ་འདུན་མི་ཕྱེད་ཅིང་། །དབྱེན་བརླུམས་སྤྲུལ་པའི་མཆོད་རྟེན་ཆེ། །

ཡིག་རིགས་ཉེར་མཁོའི་ཕྱི་མོ་དཔྱོད་ལྡན་མིག་གི་བདུད་རྩི་ཨུཏྤལ་གསར་པའི་ཆུན་པོ།


JKT016_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཝ རྞ ནཾ ཀུ ལོ པེ མཱ ཏཱ མཱ ན མཾ ཙ ཀྐཱ ར མྲ ཏོ ཏྠ ལ ནཱ བ སྱ དཱ མ བི ཧ ར ཏི སྨ།།
ཡིག་རིགས་ཉེར་མཁོའི་ཕྱི་མོ་དཔྱོད་ལྡན་མིག་གི་བདུད་རྩི་ཨུཏྤལ་གསར་པའི་ཆུན་པོ་ཞེས་བྱ་བ་བཞུགས་སོ། །


JKT016_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྡེབ་སྦྱོར་མཉམ་པའི་ཕྲིཏྟ་ཡི་གེ་བཅོ་བརྒྱད་པ་བསྟན་འཛིན་གྱི་སྡེ་ཚན་ལས་༣༧༡༥༧གྱི་མཚམས་ནས་ཟིན་པ་མེ་ཏོག་གཡོ་བའི་འཁྲི་ཤིང་གི་པྲསཱུ་རས་བཅིངས་པ་ཛ་ཡནྟུ།
བྱ ནོ དྷ ནྣཾ དྷུ ས ར བ ཙ པ དཾ ནཱ སྣ བ ཎྞ པྲ པ ཉྩོ།
མཐའ་ཀླས་ཆོས་ཁམས་རྒྱ་མཚོའི་རྗོད་བྱེད་མིང་ཚིག་ཡི་གེའི་སྤྲོས་པ་ཀུན། །
སྙན་ཚིག་གངྒའི་ཆུ་ཀླུ་དབུས། །རྟག་བཞུགས་དཔལ་ལྡན་དཱནཱི་པ།།
འཇིག་རྟེན་ཀུན་གྱི་མིག་གཅིག་པུ། །ལོ་ཙཱ་ཆེན་པོ་ཐོན་མི་རྗེ།།


JKT016_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་ལྷ །ཛྷ ན སྱ སྐ ནྣཱ བུ དྷ པ ར ག ཏོ བྷོ ག པུ ཙྩེ རྐོ བ ཏྲཻ།
ཇི་བཞིན་རྟོགས་པའི་ཕ་རོལ་སོན་ནས་ཡེ་ཤེས་ཕུང་པོར་ལྷུན་རྫོགས་པའི།
རྣམ་པར་སྣང་མཛད་ཀུན་དགའ་བོའི། །སྤྲུལ་པའི་ཟློས་ཤར་བེ་རོའི་ཞབས།།
རྒྱལ་བས་ལུང་བསྟན་དངོས་གྲུབ་བརྙེས། །སྐད་གཉིས་སྨྲ་བའི་རིན་ཆེན་བཟང་།།


JKT016_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ ཏྦྷུ ཏྱ ག མྱི ཙ བུ བྷ སུ ར ལཱ ནི ཆ ཙི ནཱ ད སཱ ནྟྭོ༔ པྲ ནི ཙ ཀྲེ སུ བ ཙ ན ཀུ རུ ཤེ ཡ སེ བཱ ཙ བ ཛྲཻཿ
རྨད་བྱུང་ལུང་དང་རྟོགས་པའི་བཅུད་ལེན་བརྗོད་བྲལ་ནཱ་དའི་དབྱངས་སྙན་པོས། །རྟག་པ་རྒྱུན་གྱི་འཁོར་ལོར་འདོམས་མཛད་གསུང་གི་རྡོ་རྗེས་དགེ་ལེགས་མཛོད།


JKT016_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་ཙམ་གྱིས་ཀུན་ཏུ་རྨོངས་པའི་མུན། །ཕྲ་མོར་བགྱིད་ལ་ཉིན་མོའི་འཇོ་སྒེག་གིས། །མཚོན་མིན་དབྱངས་བདུན་རྫོགས་པའི་ཏམྦུ་ར། །སྒྲོགས་མཛད་མཚོ་བྱུང་ལྷ་མོ་དེས་སྐྱོངས་ཤིག །འདི་ན་གང་ཞིག་ཐམས་ཅད་མཁྱེན་པའི་གྲོང་། །བགྲོད་ལ་རེངས་པའི་སྐལ་བཟང་མཆོག་རྣམས་ཀྱིས། །མང་དུ་ཐོས་པའི་རྐང་སྟེགས་མཐོར་བསྒྲུབས་ཏེ། །ཤེས་བྱ་རྒྱ་མཚོའི་ཕ་རོལ་གཤེགས་པར་འོས། །ཁྱད་པར་ངག་ཚིག་དྲི་མེད་སྦྱོར་བ་ཡིས། །རྣམ་དཔྱོད་ལང་ཚོ་རྒྱས་པའི་དཔལ་མཐོང་ནས། །དེ་དེའི་ཕྱི་མོ་ཡི་གེའི་འདུ་འགོད་ལ། །ཐོག་མ་ཉིད་དུ་བློ་ཡི་བཟོ་བོས་འཆེལ། །སྣ་ཚོགས་ལས་ཀྱི་ཕྱག་རྒྱས་བཏབ་པ་ཡི། །བརྟན་དང་གཡོ་བའི་སྣང་ཚུལ་ཇི་སྙེད་དང་། །རྗེས་སུ་མཐུན་པའི་ཁམས་ཀྱི་གདངས་སྙན་པོ། །རི་མོར་འཕོས་པའི་ཉམས་འགྱུར་ཟད་མི་ཤེས། །དེ་ལྟ་ནའང་རེ་ཞིག་འཕགས་བོད་ཀྱི། །ལྗོངས་སུ་ཉེ་བར་གྲགས་པ་ལས་བརྩམས་ཏེ། །གཟུར་གནས་མིག་གི་བདུད་རྩི་འདིའོ་ཞེས། །བསྟན་ཕྱིར་སྤྲོ་བའི་གོ་སྐབས་ལྷོད་མ་གྱུར། །ཅི་སླད་ཟླ་ཐིགས་ལྷུང་བའི་ཕྱེ་མ་ཡི། །རྨད་བྱུང་མཚར་སྡུག་རྫོགས་པའི་ཀུ་མུཏ་ལྟར། །བློ་ལྡན་མོས་པའི་རྗེས་སུ་ཉེར་ཆགས་པའི། །ཡི་རངས་འཛུམ་དཀར་གསར་པ་ཁོང་ནས་དགོད། །དེ་ཚེ་ཡོངས་འཛིན་འཇམ་དཔལ་གཞོན་ནུ་ཡི། །ཞབས་སེན་སྤྲིན་གྱི་བ་གམ་གྱིས་གསོས་པའི། །སྤོབས་པ་


JKT016_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་དག་པའི་མདོངས་མཐའ་མོ། །ཤེས་བྱའི་ཚུལ་ལ་བག་ཡངས་དཀྱུ་བཞིན་དུ། །ཉུང་ངུའི་ཚིག་སྦྱོར་མེ་ཏོག་སྔོན་འགྲོ་བས། །ཚོགས་གསུམ་ལང་ཚོས་སྒེག་པའི་སོར་མོ་ཡིས། །ཟློས་གར་ཅིར་ཡང་རྩེན་པའི་ངང་ཚུལ་ལ། །དཔྱོད་ལྡན་ཡི་ག་འགུགས་པའི་ཆོ་ག་རྫོགས། །འཕགས་བོད་མཁས་པའི་མགྲིན་པར་ཉེར་བཟུང་བའི། །ལེགས་བཤད་སྦྲང་རྩིའི་ཟེགས་མ་བཏུང་བ་དང་། །ངོ་མཚར་ཡི་གེའི་པདྨོ་འབྱེད་འདོད་ན། །གང་གི་དཔྱིད་དཔལ་དར་འདིར་ཡིད་རྟོན་ཅིག ༈ །སྒོ་མང་སྒྲིག་འདྲའི་སྒོ་བསྒྲིག་ཞེས་བྱའམ། །ཚག་རྣམས་བསྒྲིགས་འདྲའི་ཚགས་བསྒྲིགས་ཞེས་སུ་གྲགས། །ནང་དཀར་སྒོ་ང་ལྟ་བུ་ཡོད་པ་དང་། །མགོ་གཤམ་ཟླུམ་པོར་ཡོད་པས་ཟླུམ་རིས་ཞེས། །ནང་དཀར་གྲུ་བཞི་དཀར་ནག་སྙོམས་པ་དང་། །བསྟན་བཅོས་པུསྟ་ཀར་འབེབས་དཔེ་རིས་བརྗོད། །འཕྲིན་དང་ལན་གཉིས་བསྐྱེལ་བའི་འཕྲིན་ཡིག་གམ། དལ་མེད་མྱུར་དུ་འབྲི་བའི་རྒྱུག་ཡིག་གོ །བསིལ་ལྡན་ལྗོངས་འདིར་ཡི་གེའི་རྣམ་འགྱུར་མང་མཆིས་ཀྱང་། །ཡོངས་སུ་གྲགས་པ་རྩ་བའི་ཡི་གེ་འདི་རྣམས་ནི། །འཛམ་གླིང་ཡིག་རིགས་དྲུག་ཅུ་རྩ་བཞི་མཚོན་བྱེད་དུ། །འདི་ན་རྣམ་གྲངས་ལྷག་པོར་སྤྲོས་ཏེ་བཀོད་པའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། ༈ །རྒྱ་གར་སྐད་དུ། པ་ཎ་ཝརྞཱ། བོད་སྐད་དུ། པ་ཎའི་ཡི་གེ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །


JKT016_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་པར་བྱ་བ་གང་ཡིན་དང་། །དཔལ་དུ་གྱུར་པ་གང་ཡིན་དང་། །ཕུན་སུམ་ཚོགས་པ་གང་ཡིན་པ། །འཇིག་རྟེན་གསུམ་གྱི་མགོན་པོའོ། །འཆི་མེད་ཚོགས་ཀྱི་དཔལ་གྱུར་གང་། །མི་རྣམས་ཀྱི་ཡང་དཔལ་དུ་གྱུར། །ཀུན་ཏུ་གཡོ་ཞིང་སྐྱོད་བྱེད་པའི། །ཁྱབ་མཇུག་ལྷ་དེ་རྒྱལ་གྱུར་ཅིག །དཔའ་བོ་རྣལ་འབྱོར་ཆེན་པོ་སྟེ། །ལྟོ་བ་རྒྱས་པའི་བྷ་རོ་ཌ། །རྫུ་འཕྲུལ་ཤུགས་ཀྱི་སྟོབས་པོ་ཆེ། །ཕུན་སུམ་ཚོགས་གང་རྒྱལ་གྱུར་ཅིག །འདི་ལྟ་བུ་འབྲི་བ་དང་ཀློག་པར་བྱས་ན་འཇིག་རྟེན་ན་བསོད་ནམས་ཆེན་པོ་འཐོབ་པར་འགྱུར་ཅེའོ། །སཾ་སྐྲྀ་ཏའི་སྐད་ནེ་པཱ་ལའི་ཡི་གེ་ལས་ལོ་ཙཱ་བ་མཉྫ་གྷོ་ཥས་དོན་དང་མཐུན་པར་བསྒྱུར་བ་དགེ སཱ་དྷུ་པཱ་བྱ་ཧོ།། །།གུ་རུ་རྨུ་ཁཱ་ག་མ་ནཱ་མ་སཱ་ར་སཱ་ཏཱི་བྱཱ་ཀ་ར་ཎ་སྱ་ད་ཤ་དུ་པ་སྤ་ར་ཎ་སྱ་བནྟཱ་སྟི། མཚོ་ལྡན་མའི་བརྡ་སྤྲོད་པའི་སྐབས་ལས་ཉེ་བར་འཕྲོས་པའི་ཟིན་བྲིས་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། མཉྫ་གྷོ་ཥ་པྲ་མོ་དཾ་དྷི། །རླུ་པཱ་བི་བནྡྷ་ཀཎྚ་ཡོ༔ ཛ་ཡཱ་དྷཱི་ཛ་ཧ་སཾ་ཤདྡེ༔ སྟུ་ཀླུ་ཤྲཱི་ཙ་རུ་པཱ་ཧི་ཏེ །ཙྪན་བཱ་ཀཱ་ནཱ་མ་པྲ་སྡུ་རེ། འཇམ་དབྱངས་རབ་ཏུ་དགྱེས་


JKT016_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློ་གྲོས་ཀྱི། །ལང་ཚོ་རྣམ་པར་དར་བའི་རྣ་ལུང་དུ། །མཚོ་སྐྱེས་རྒྱལ་བ་བཞད་པའི་སྒྲ་དབྱངས་ཀྱིས། །བསྔགས་པའི་མེ་ཏོག་དགོད་དེས་སྐྱོང་གྱུར་ཅིག །གང་གི་ཞལ་ལུང་ཉིན་མོའི་རྡུལ། །བཏུང་བས་མྱོས་པའི་ཨུཏྤལ་ལས། །ལེགས་པར་བཤད་པའི་སྦྲང་རྩིའི་བཅུད། །ཅུང་ཟད་སྦྱིན་ལ་སྤྲོ་བ་སྐྱེས། །ཞེས་ཤིས་པར་བརྗོད་པ་དང་། བརྩམ་པར་དམ་བཅའ་བའི་ཚིག་གིས་ལམ་ཡངས་པར་བྱས་ནས། གང་ལས་སུ་བྱ་བ་ནི། སྤྱིར་ཀུན་མཁྱེན་ཐོབ་པའི་ལམ་གྱི་ཉེ་རྒྱུ་ཤེས་བྱ་རིག་པའི་གནས་ལྔ་ཡན་ལག་དང་བཅས་པ་ལས། མཆོག་ཏུ་གཅེས་པའི་ཡ་གྱལ་ནི་ཚིག་ལ་འཁྲུལ་པའི་རྒྱུན་མཐའ་དག་བཅད་ནས་ཡང་དག་པའི་ངག་སྦྱིན་པར་བྱེད་པ་བརྡ་སྤྲོད་ཀྱི་བསྟན་བཅོས་ཉིད་དུ་གྲུབ་སྟེ། འཕགས་པ་དྲིན་ལན་བསབས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་སྒྲ་རིག་པའི་བསྟན་བཅོས་ལ་སློབ་པར་བྱེད་ཅེ་ན། སྒྲའི་ཚིག་ཡང་དག་པར་བརྒྱན་པ་དང་། ཡོངས་སུ་མ་གྲགས་པའི་དོན་གསལ་བར་སྟོན་མི་ནུས་པར་དོན་ཐམས་ཅད་ཤེས་ཤིང་ཁོང་དུ་ཆུད་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་སྒྲ་རིག་པའི་ངན་པར་ལྟ་བ་རྣམས་བཟློག་ཅིང་། སེམས་ཅན་འདུལ་བའི་ཐབས་ལ་མཁས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སྒྲ་རིག་པའི་བསྟན་བཅོས་ལ་སློབ་པར་བྱེད་དོ། །ཞེས་གསུངས་པའི་ཚུལ་ལ་དགོངས་ནས། རྒྱ་གར་


JKT016_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ཡུལ་དུ་ལེགས་པར་སྦྱར་བའི་གཞུང་དང་འགྲེལ་བ་ཇི་སྙེད་ཅིག་བྱུང་ཞིང་། དེའི་ནང་ནས་ཕལ་ཆེར་ཞིག་རྣམ་དཔྱོད་ཀྱི་སྤོབས་པ་མཆོག་ཏུ་མཐོ་བའི་འཇིག་རྟེན་མིག་གཅིག་ཤོང་དཔང་ཡབ་སྲས་དང་། ཀུན་མཁྱེན་མ་ཧཱ་པཎྜི་ཏ་ཆོས་ཀྱི་འབྱུང་གནས་བརྒྱུད་པ་དང་བཅས་པའི་བཀའ་དྲིན་ལས་གངས་རིའི་ཁྲོད་དུ་འང་སྣང་བའི་མཐུས། མཁས་པ་ལ་མཛེས་ཤིང་རྨོངས་པའི་མིག་བྱེ་བར་གྱུར་ཅིང་། བྱེ་བྲག་ཏུ་སྐབས་སུ་བབས་པའི་བརྗོད་བྱ་ཚིག་ཉུང་ལ་དོན་རྒྱས་ཤིང་། སྡེ་ཚན་མ་འཛིངས་པས་རྟོགས་པར་སླ་བ་སོགས་ངོ་མཚར་གྱི་ཡོན་ཏན་དུ་མས་ཁྱད་པར་དུ་བྱས་པའི་དབྱངས་ཅན་བྱཱ་ཀ་རཎ་ཞེས་པ་འདི་ཉིད་བྲམ་ཟེའི་སློབ་དཔོན་ཨ་ནུ་བྷ་ཏི་སྭ་རཱུ་པ་ལ་འཕགས་མ་སྒྲ་དབྱངས་ལྷ་མོ་ཉིད་ཀྱིས་དངོས་སུ་སྩལ་བ་ནས་བཟུང་འཆད་ཉན་གྱི་རྒྱུན་ནུབ་པ་མེད་པར་གནས་པ་ལས། བོད་ཡུལ་དུ་གཞུང་རྩ་བ་དང་། དེའི་རབ་བྱེད་གསལ་ལྡན་འདར་ལོ་དང་། ཕྱིས་སུ་ཐམས་ཅད་མཁྱེན་པ་དྷརྨ་ཀ་རས་བསྒྱུར་བ་དང་། ཇོ་ནང་སྒྲོལ་བའི་མགོན་པོས་མཛད་པའི་འགྲེལ་ཆེན་མཆོག་ཏུ་གསལ་བ་དང་། སླར་ཡང་ཀཿཐོག་པཎྜི་ཏས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པ་རྣམས་མཐོང་བ་ལས། དེ་དག་ཏུ་མི་གསལ་ཞིང་བློ་གྲོས་གསར་བུའི་ཚོགས་ལ་ཉེ་བར་མཁོ་བའི་ཟིན་ཐུན་རགས་པ་ཞིག་འབྲི་བ་ལ་གསུམ་སྟེ། ཀླད་དང་། གཞུང་དང་།


JKT016_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་གི་སྐབས་ལས་འཕྲོས་པའོ། །དང་པོ་ནི། འདི་ལྟར་མདོ་དངོས་དང་ཁྱད་པར་མ་མཆིས་པའི་གཞུང་། སློབ་དཔོན་ཆེན་པོ་རྗེས་འབྱོར་རང་བཞིན་གྱིས་མཛད་པའི་རབ་བྱེད་ཀྱི་ཐོག་མར་མཆོད་པར་བརྗོད་པ་དང་། བརྩམ་པར་དམ་བཅའ་བ་སོགས་ཤ་ལོ་ཀ་གཉིས་གཉིས་འབྱུང་བའི་མིང་ཚིག་གི་སྒྲུབ་ཚུལ་དོན་དང་བཅས་པ་ཅུང་ཟད་ཞིག་བཀྲལ་ན། ཉེ་བསྒྱུར་པྲ་སྔོན་མའི་ཎ་མ་རབ་ཏུ་འདུད་པ་དང་སྒྲ་ལའོ། །ཞེས་པའི་བྱིངས་བཞག །བྱིངས་མཐའི་ཨ་རྗེས་འབྲེལ་ཡིན་པས་ཕྱིས། བསྡུ་བ་ལ་ཀྱཔྲའོ། །ཞེས་པས་མི་ཟད་པར་གྱུར་པའི་བསྡུ་བ་ཉིད་ཀྱི་ཕྱིར་ཀྱཕྲ་རྐྱེན། ཀྲ་ཡོན་ཏན་འགོག་པའི་དོན་དང་། པ་ཐུང་ངུའི་པིཏྲ་ལ་ཏུ་ཀྲའི་དོན་ཡིན་པས་ཕྱིས་ནས་སྲོག་གི་ཨ་དྲངས་པས། པྲ་ཎམྱ། གྲུབ་པ། བཏུད་ནས། ཨ་ཏ་རྟག་ཏུ་འགྲོ་བ་ལའོ། །ཨུཎྜ་ལས་བྱོ་མན་ལ་སོགས་པ་རྣམས་སོས་མ་ནི་ན་རྐྱེན། བྱིངས་མཐའི་ཨ་རྗེས་འབྲེལ། རྐྱེན་གྱི་ན་དབྱངས་དོན། ཨི་བརྗོད་དོན་རྣམས་ཕྱིས། ཚིག་ཕྲད་ཀྱིས་ཨུ་པ་དྷཱ་རིང་བས། ཨཱཏྨ་ན། གྲུབ་པ། བདག །དེ་ལས་མིང་གི་ཁྱད་པར་བསྒྲུབ་པའི་ཕྱིར། རང་དོན་ལའང་ངོས། དེ་ཕན་གྱི་རྐྱེན་ཨཎ། ཎིཏྲ་དང་པོའི་དབྱངས་ཀྱི་འཕེལ་པའོ། །ལ་ལར་གཉིས་ཀ་དག་གོས། དབྱངས་ཐོག་མ་འཕེལ་ཟིན་པ་ཉིད་ཀྱི་ཕྱིར་གཉིས་པའང་འཕེལ། རྔ་དེ་ཡི་དོན་ཕྱིས་ནས་དྲངས་པས། ཨཱཏྨ་ནྲ།


JKT016_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད། དེའི་སྔོན་དུ་ཉེ་ཚིག་པར་མ་ལ་འབྲེལ་བའི་དོན་གྱི་དྲུག་པ་བྱིན་ནས་ངག་བཀོད་པས། ཡ་སྱ་པ་ར་མ་སཱུཏྠཱ་ན་ཏ་སྨིན། གང་གི་མཆོག་གི་བདག་ཉིད་དེ་ལ། ཞེས་གྲུབ་པ། སླར་ཨམ་ལ་སོགས་པ་དེའི་སྐྱེས་བུ་འོས། རྣམ་དབྱེ་ཕྲད་དང་བཅས་པ་བསྡུས་པའི་མཐར་གཉིས་པའི་ཨམ་བྱིན་པས། པ་ར་མཱཏྠཱ་ནཾ། མཆོག་གི་བདག་ཉིད་ལ། བ་ལ་དབུགས་རྒྱུ་པ་ལའོ། །ལས་ལ་ཨཎ་འོས། ཨཎ་རྐྱེན། ཎྜིཏ་དང་པོའི་དབྱངས་ཀྱི་འཕེལ་བ་འོས། ཨུ་པ་དྷཱ་རིང་། དེའི་དོན་ཕྱིས་ནས། དྲངས་པས། པཱ་ལ། གྲུབ་པ་བྱིས་པ། རྙེ་དྲ་སེམས་པར་བྱེད་པ་ལའོ། །ང་རྗེས་འབྲེལ། ཀྭི་པྲ་འོས། ཀྭི་པྲ་རྐྱེན། མཚམས་སྦྱོར་གྱི་ཡི་གེ་རྣམས་ཀྱི་ཨཱ་འོས་ཨེ་ཨཱ། གྲ་ཧ་རྣམས་ཀྱི་ཀྲིཏ་ལ་འོས། སཾ་པྲ་ས་ར་ཎ་ས་ཡཱ་ཨཱི། ཀྭི་པྲ་ཡང་ངོས་རྐྱེན་འཁོར་བཅས་ཕྱིས་པས། དྷི། གྲུབ་པ་བློ། བྲི་དྷུ་འཕེལ་བ་ལའོ། །ཀྟི་འོས་སྟི། །ཀྲ་ཡོན་ཏན་འགོག་པའི་དོན་ཏེ་ཕྱིས། ཏ་ཐ་དག་གི་དྷ་འོས་རྐྱེན་གྱི་ཏྲ་དྷ། ཛྷ་བྷ་ལ་ཛ་བ་རྣམས་སོས་བྱིངས་ཀྱི་བྷདྲ། དྲངས་པས། བྲིདྡྷི། འཕེལ་བ། ཎི་དྷུ་ཡང་དག་པར་སྒྲུབ་པ་ལའོ། །སྔར་བཞིན་ལྟེ་རྐྱེན་དང་། དང་པོའི་བྱཱའི་སྣའོས་ཨུ་པ་དྷཱའི་ཌ་ས་དུ་བསྒྱུར། མཐར་བཞི་པའི་དེ་བྱིན་ནས་བསྒྲུབས་པས། སིདྡྷ་ཡེ། གྲུབ་པའི་ཆེད་དུ། སྲི་འགྲོ་བ་ལའོ། །བྷཉྫ་རྐྱེན། བྱིངས་ཀྱི་རི་ཨཱ་རུ་དུ་འཕེལ་བས།


JKT016_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

སཱར། གྲུབ་པ། མཚོ། དེ་འདི་ལ་ཡོད་པའམ། ལྡན་པའི་དོན་ལ། བ་ཏུ་ཨིན་དག་གོས། བ་ཏུ་རྐྱེན། བར་དུ་ས་ཀྲ་ཨཱ་ག་མ་བྱིན། རྐྱེན་གྱི་ཨུ་དང་། བར་རྐྱེན་གྱི་ཨཀྲ་རྗེས་འབྲེལ་ཕྱིས། ཥ་ཊ་ཨུཏུ་ རི་ཏ་ལས་སོས་བུད་མེད་ཀྱི་རྐྱེན་ཨཱིཔ། པྲ་རྗེས་འབྲེལ་ཕྱིས་ནས་དྲངས་པས། སྭ་ར་སྭ་ཏཱི། མཚོ་ལྡན་མ། མཱི་ཛུ་དག་བྱེད་ལའོ། །ཨུ་རྗེས་འབྲེལ། ཨུཏྲ་ལས་ཨི་ཎི་པིདྷི་སོགས་ཀྱིས་ཀུ་རྐྱེན། ཀླཕྱིས། སྲོག་གི་ཨུ་དྲངས། མཐར་གཉིས་པའི་ཨ་མ་བྱིན་པས། མྲ་ཛུ། འཇུག་པ་བདེ་བའམ་འཚམས་པར། ཊུ་ཀྲྀཏྲ་བྱེད་པ་ལའོ། །ཌཱ་དང་ཧྥ་རྗེས་འབྲེལ་ཕྱིས། ཏི་སོགས་ཀྱི་ད་ལྟར་བའི་ཨཱཏྨ་ནའི་སྐྱེས་བུ་ཐ་མའི་གཅིག་ཚིག་ཨེ་དང་། ཏ་ན་སོགས་ལ་ཨུརྱ་འོས་པར་རྐྱེན་ཨུཔ། པྲ་རྗེས་འབྲེལ། ང་འགྲོ་བ་ལ་ཨཏྲ་ཨུ་འོས་རི་ཨུར། རིམ་པར་དྲངས་པས། ཀུཊྚེ། གྲུབ་པ། མཛད་པ། ཊུ་ཀྲིཉ་བྱེད་པ་ལའོ། །སློབ་དཔོན་སུ་བྷཱུ་ཏི་ཙནུས། ཀྲི་ཡཱ་བྱ་བ་སྟེ། དངོས་པོ་དང་བྱ་བ་ལ་ཏུ་མནའོ། །ཞེས་པའི་ཚིག་ཕྲད་ལས་ཀྲི་ཧྲ་ལ་ཤ་རྐྱེན་ནོ། །ཞེས་པ་ལྟར། ཤ་རྐྱེན། ཤ་ལ་བྱིངས་ཐམས་ཅད་པ་བཞིན་རྗེས་སུ་འཇུག་པས། དངོས་པོ་དང་ལས་ལ་བར་རྐྱེན་ཡཀྲ་སྦྱར། ཤ་ཕྱིས། སྲོག་གི་ཨ་ལ་དྲངས། ཚིག་ཕྲད་ལས་རི་རི་བྱས། མཐར་བུད་མེད་ཀྱི་ཨཱཔ་སྦྱར་བས། ཀྲི་ཡཱ། གྲུབ་སྟེ། མཛོད་ལས། རྩོམ་པ་མཐར་བྱེད་སློབ་པ་


JKT016_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མཆོད་པ་དང་ནི་ཡང་དག་དཔྱོད། །ཐབས་དང་ལས་དང་བྱ་བ་དང་། །གསོ་དཔྱད་དགུ་ལ་ཀྲི་ཡཱའོ། །ཞེས་དོན་དུ་མ་ཅན་གྱི་སྡེ་ཚན་དུ་བཀླགས་པས་སྐབས་འདིར་པྲ་སྔོན་མའི་ཀྲི་ཡཱ་ནི་རབ་ཏུ་བྱེད་པའོ། །དེ་ལས་གཉིས་པའི་ཨམ་སྦྱར་བས། པྲ་ཀྲི་ཡཾ། ཉེར་བསྒྱུར་ཨ་ཏི་དང་བི་སྔོན། སྦི་ཧྥ་འགེབས་པ་ལའོ། །རྦ་རྗེས་འབྲེལ། དབྱངས་ལ་ཨ་འོས་ཨ་རྐྱེན། ཡོན་ཏན་ནོས་རི་ཨར་དུ་བསྒྱུར་ནས་དྲངས་མཐར་སི་བྱིན་མ་ནིང་ལྟར་བསྒྲུབས་པས། ཨ་ཏི་བིསྟ་རཾ། ཤིན་ཏུ་རྒྱ་ཆེ་བ་ལ་འཇུག་གོ །དེའི་སྔོན་དུ། ནཉྩའོ། །ཞེས་པས་ནཧྲ་སྦྱར། ཧྥ་རྗེས་འབྲེལ་ཕྱིས། ན་ཁ་ལ་སོགས་པ་རྣམས་ཀྱི་ན་མི་དབྱི་བ་ཚིག་ཕྲད་དུ་བྱས་པས། ནཱ་ཏི་བིསྟ་རཾ། ཤིན་ཏུ་རྒྱས་མིན་ནོ། །དེ་ལྟར་གྲུབ་པ་རྣམས་རྐང་པའི་གོང་འོག་དག་མཚམས་སྦྱོར་གྱིས་སྦྲེལ་བས། པྲ་ཎ་མྱ་བ་ར་མཱཏྨ་ནི་བཱ་ལདྡྷི་བྲིདྡྷི་སིདྡྷ་ཡེ། །སཱ་ར་པྲ་ཏཱི་ཚྭ་ཛུ་ཀུརྗེ་པྲ་ཀྲི་ཡཱ་ནཱ་ཏི་བི་སྟ་རཾ། །ཞེས་གྲུབ་པ་བོད་སྐད་དུ་བསྒྱུར་ན། མཆོག་གི་བདག་ཉིད་ལ་བཏུད་དེ། །བྱིས་བློ་འཕེལ་བ་བསྒྲུབ་པའི་ཕྱིར། །མཚོ་ལྡན་མས་མཛད་རབ་བྱེད་ནི། །ཤིན་ཏུ་རྒྱས་མིན་འཚམས་པར་བྱ། །ཞེས་འབྱུང་བའི་དོན་ལ་གཉིས་ཏེ། ཚིག་རྐང་དང་པོས་ཕྱག་འཚལ་བ་དང་། ལྷག་མ་གསུམ་གྱིས་བརྩམ་པར་དམ་བཅའ་བ་བསྟན་པའོ། །དང་པོ་ལའང་བཞི་སྟེ། ཡུལ་གང་ལ། བྱེད་


JKT016_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གང་གིས། དགོས་པ་ཅིའི་ཕྱིར། ཚུལ་ཇི་ལྟར་ཕྱག་འཚལ་བའོ། །དང་པོ་ནི། འདི་ལྟར་གཞི་དུས་སུ་བདེན་པ་གཉིས་ཟུང་དུ་འཇུག་པའི་རང་བཞིན་ལ་བརྟེན་ནས་ལམ་གྱི་སྐབས་སུ་སྟོང་པ་ཉིད་དང་སྙིང་རྗེ་ཕྱོགས་སུ་མ་ལྷུང་བའི་འཕེན་པས་འབྲས་བུའི་དུས་ན་སྲིད་པ་དང་ཞི་བ་གཉིས་ཀའི་མཐར་མ་ལྷུངས་པ་མི་གནས་པའི་མྱ་ངན་ལས་འདས་པ་མཆོག་གི་གོ་འཕང་མངོན་སུམ་དུ་བརྙེས་པ་ལའོ། །གཉིས་པ་ནི། །ཚངས་པའི་སྲས་མོ་ཉིད་ཀྱིས་རྗེས་སུ་བཟུང་ནས་གཞུང་ཉེ་བར་གདམས་པའི་སློབ་དཔོན་ཆེན་པོ་ཨ་ནུ་བྷཱུ་ཏིས་སོ། །གསུམ་པ་ནི། གནས་སྐབས་སུ་གཞུང་བརྩམ་པ་དང་། མཐར་གྱིས་འཆད་ཉན་དུ་འཇུག་པ་རྣམས་ལ་བར་ཆད་མེད་ཅིང་བཀྲ་ཤིས་པ་སོགས་དགོས་པ་ཁྱད་པར་ཅན་བསྒྲུབ་པ་དང་། སྤྱོད་པ་ཡ་རབ་ཀྱི་རྗེས་སུ་འཇུག་པའི་སླད་དོ། །བཞི་པ་ནི། རྐྱེན་གཞན་གྱིས་འཕྲོག་པར་མི་ནུས་པའི་རབ་ཏུ་དྭང་བའི་བློ་གྲོས་ལས་ཡུལ་མཆོག་གི་མཐུས་བསྐུལ་ཏེ་གུས་པ་ཆེན་པོ་སྔོན་དུ་འགྲོ་བའི་ཡན་ལག་མ་ལྔ་ས་ལ་གཏུགས་པས་ཞབས་ལ་ཕྱག་བྱེད་པའོ། །ནས་ཞེས་པ་ནི་ལྷག་མ་འདྲེན་པའི་ཚིག་སྟེ། ཕྱག་འཚལ་ནས་བཤད་པར་བྱའོ། །ཞེས་སྦྲེལ་ལོ། །གཉིས་པ་ལ་གསུམ་སྟེ། དོན་གང་གི་ཆེད་དུ་བརྩམས་པ་དང་། གཞུང་གང་ལས་བརྩམས་པ་དང་། ཚུལ་ཇི་ལྟར་བརྩམས་པའོ། །དང་པོ་ནི། ཚིག་དང་དོན་དུ་བཅས་


JKT016_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་རྣམ་པར་དབྱེ་བ་ལ་རྨོངས་པའི་བྱིས་པ་སོ་སོ་སྐྱེ་བོ་དང་པོའི་ལས་ཅན་རྣམས་ཀྱི་བློ་གྲོས་ཡང་དག་པར་འཕེལ་བར་བསྒྲུབ་པའི་ཕྱིར་རོ། །གཉིས་པ་ནི། སྔོན་ཚེ་རི་རབ་ཀྱི་ལྷོ་ཕྱོགས་སུ་རྒྱ་མཚོ་ཆེན་པོ་བདུད་རྩིའི་རང་བཞིན་དུ་གནས་པ་ལས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་གཅིག་ཏུ་བསྡུས་པའི་སྙན་འཇེབས་ཀྱི་རོལ་མོ་ལ་ཚངས་པ་མི་འཆི་བ་ལོ་སྟོང་གི་བར་དུ་ཆགས་པའི་མཐུས་ཡིད་དུ་འོང་བའི་ལྷ་མོ་ཞིག་བྱུང་བ་ལ་མཚོ་བྱུང་མ་དང་། ཚངས་པའི་སྲས་མོ་དང་། སྒྲ་དབྱངས་ལྷ་མོ་དང་། མཚོ་ལྡན་མ་སོགས་མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་ཅིང་། དོན་དུ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྣམ་པ་ཐམས་ཅད་པའི་རང་བཞིན་སྙིང་རྗེ་ཆེན་པོའི་གཟུགས་སྐུར་བཞེངས་པའི་ཕྱིར་རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་མ་ཞེས་སུའང་གྲགས་ལ། ཐུན་མོང་དུ་བྲམ་ཟེའི་གཞུང་ལས་བྱེད་པ་པོ་ཉེར་བཞི་ཡོད་པ་ལས་སྨྲ་བ་ངག་གི་བྱེད་པོ་དབྱངས་ཅན་མ་ཞེས་འདོད་པ་དེས་མཛད་པའི་ལེགས་པར་སྦྱར་བའི་གཞུང་གི་རབ་ཏུ་བྱེད་པའོ། །གསུམ་པ་ནི། ལེགས་པར་སྦྱར་བའི་སྒྲུབ་ཚུལ་རྣམས་ཤིན་ཏུ་རྒྱས་པར་འཆད་ན་བློ་གྲོས་དམན་པ་རྣམས་ཀྱིས་རྟོགས་པར་དཀའ་ཞིང་། ཧ་ཅང་བསྡུས་དྲགས་ནའང་དེ་བས་མི་རྟོགས་པའི་ཕྱིར་ཕྱོགས་གཉིས་ཀར་མ་ལྷུངས་བར་འཇུག་པ་བདེ་ཞིང་རྒྱས་བསྡུས་འཚམས་པར་བཤད་པར་བྱའོ་ཞེས་དམ་བཅའ་


JKT016_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །འདིས་དགོས་སོགས་ཆོས་བཞིའང་ལེགས་པར་བསྟན་ནོ། །གཉིས་པ་ནི། ཨི་དི་མཆོག་གི་དབང་ཕྱུག་ལའོ། །ཨི་ནི་ནུ་མ་སྦྱིན་དགོས་པའི་དོན་ཏེ་ཕྱིས། ཨུཎ་ལས། བ་སི། བ་ཛེ། བྲི་དྷི། ཨིན་རྣམས་ལས་རཀྲ་འོས། རཀྲ་དང་། ཨི་དིཏཱའི་ནུམ་འོས་བྱིངས་ཀྱི་དབྱངས་མཐར་ནུམ་བྱིན། ཀྲ་དང་ཨུམ་ཕྱིས་ནས་དྲངས་པས། ཨིནྡ། གྲུབ་པ། དབང་པོ། ཉེར་བསྒྱུར་ཨཱད་སྔོན། རྔུདཱཉྩ་སྦྱིན་པ་ལའོ། །ནདྲ་ཀི་དག་གོས་ཀི་རྐྱེན། ཀྲ་ཀི་ཏུའི་དོན་དང་། ཨཔྲ་མེད་པ་ལ་ཨཱ་ཏཱའི་འོས་བྱིངས་ཀྱི་ཨཱ་དབྱི་ནས་དྲངས་པའི་མཐར་བྱེད་པའི་དོན་ལ་གསུམ་པའི་ཊཱ་སྦྱར་བས། ཨཱ་དི་ནཱ། གྲུབ་པ། སོགས་ཀྱིས། ཉེར་བསྒྱུར་ཨ་བི་ཀྱང་སྟེ་སྡུད་པའི་དོན། ཡཏྲ་ལ་འབྲེལ་བའི་དོན་གྱི་དྲུག་པའི་ངས་བྱིན། ཡསྱ། གང་གི། ཨ་མ་ནད་བྱེད་པ་ལའོ། །མནྟ་བཞིན་དུ་ཏན་རྐྱེན། ན་དབྱི་ཞིང་མཐར་སི་བྱིན་ནས་མ་ནིང་ལྟར་བསྒྲུབས་པས། ཨནྟཾ། མཐའ། ཡཱ་ཐོབ་པ་ལའོ། །ཤདྷུ་ལ་སོགས་པ་ཉིད་ཀྱི་ཕྱིར་ཀུ་རྐྱེན། ཚིག་ཕྲད་ལས་གཉིས་བརྗོད་པའི་སྔ་མ་ཐུང་། ཀིཏུ་ལོ་མཐའི་དབྱངས་ཕྱིས་ནས་དྲངས་པའི་མཐར་སི་དང་། སྔོན་དུ་ན་ཧྲའི་ན་མི་དབྱི་བར་སྦྱར་བས། ན་ཡ་ཡཿ མ་དཔོགས་པའམ་མ་ཐོབ་པ། ཤ་བ་འགྲོ་བ་ལའོ། །ཤ་བི་ཀ་མི་དག་ལས་དན་འོས། དན་སྦྱར། ཤསྡ། སྒྲ། བྲིཉྩ་སྒྲིབ་པ་ལའོ། །གྷཉྫ་རྐྱེན། རཾ་ཨཱར།


JKT016_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་དྷཉ་འཛིན་པ་ལའོ། །ནད་ཀི་དག་གོས། ཀི་རྐྱེན། ཨཱཏྲ་ལ་ཨཔྲ་མེད་པ་ལ་འོས་ཨ་དབྱི་ནས་དྲངས་མཐར་སི། པཱར་དྷི༔ ཆུ་གཏེར། པྲ་ཀྲི་ཡཾ། རབ་བྱེད། ཏད་ལ་ངས་བྱིན། ཏསྱ། དེ་ཡི། །ཀྲྀ་ཏི་མཆོད་པ་ལའོ། །ཨུཎ་ལས། ཀྲྀ་ཏི་ལས་སུ་ཀྲའང་འོས། ནཀྲ་རྐྱེན་དང་། བར་དུ་སུཀྲ་ཨཱ་ག་མ་བྱིན། ཨུཀ་དང་། ཀྲ་དག་ཕྱིས་ནས་སྦྱར་བས། ཀྲྀཏྟཱ། ཟད་པར་རམ་མཐའ་དག་གམ། མ་ལུས་པའོ། །མཐར་ངས་བྱིན་པས། ཀྲྀཏྟཱ་སྱ། མཐའ་དག་གི །ཀྟ་མཱུ་བཟོད་པ་ལའོ། །ཨཙུ་རྐྱེན་དང་། མཐར་སི། ཀ་མ བཟོད་པ། བཛྲ་སྨྲ་བ་ལའོ། །ཨུཎ་ལས་སི། ཏ་ནི། ག་མི་སོགས་ཀྱིས་ཏུན་རྐྱེན། །བ་སིའི་ཎིཏྲ་ཡང་ནའོ་ཞེས་པ་རྗེས་སུ་འཇུག་པས་ཎིད་བཞིན་དུ་འཕེལ་བས་ཨུ་པ་དྷ་རིང་། མཐར་ཨམ་བྱིས་པས། བཱཏྟཾ། བརྗོད་པ། ཚིགས་བསྐྱོད་པ་ལའོ། །དབྱངས་ལ་ཨའོ། །ཞེས་པས་རྐྱེན་ཨ། མཐར་སི། ནརཿ མི། ཀིམ་ལ། ཨིདམ་ཀིམ་དག་ལས་ཐ་མུའོས། རྣམ་པ་བརྗོད་པ་ལ་ཐ་མུ་རྐྱེན་དང་། ཀིམ་ཀ་རུ་བསྒྱུར། མའི་ཨུ་རྗེས་འབྲེལ་ཕྱིས་པས། ཀཐཾ། ཇི་ལྟར། དེ་དག་གོང་འོག་མཚམས་སྦྱོར་གྱིས་སྦྲེལ་བས། ཨིནྡྲ་དཱི་ནཱ་བི་ཡ་སཱུ་རྟེན་ཡ་ཡུཤསྡེ་པཱ་རདྷི༔ པྲ་ཀྲི་ཡཾ་ཏ་སྱ་ཀྲིཏྟཱ་སྱ་ཀྵ་མོ་བཱཧཱུཾ་ན་རཀ་ཐཾ། ཞེས་གྲུབ་པ་བསྒྱུར་བས། གང་ཞིག་སྒྲ་ཡི་ཆུ་གཏེར་མཐའ། །དབང་པོ་སོགས་ཀྱིས་མ་དཔོག་པ། །


JKT016_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་བྱ་བ་མཐའ་དག་ནི། །མི་ཡི་བརྗོད་པར་ཇི་ལྟར་བཟོད། །ཞེས་འབྱུང་བའི་དོན། སྤྱིར་སྒྲ་ལ་ལུང་དུ་སྟོན་པ་དང་། མི་སྟོན་པ་གཉིས་ལས་འདིར་སྔ་མ། དེ་ལའང་དཔལ་ལྡན་དཎྜིས། ངག་གི་རང་བཞིན་དེ་དག་ཀྱང་། །ལེགས་སྦྱར་དེ་བཞིན་རང་བཞིན་དང་། །ཟུར་ཆག་འདྲེས་མ་ཞེས་བྱ་སྟེ། །རྣམ་པ་བཞི་རུ་མཁས་པས་གསུངས། །ཞེས་པ་ལྟར་སྐད་རིགས་ཆེན་པོ་རྣམ་པ་བཞིར་གནས་པ་ལས་ལེགས་པར་སྦྱར་བ་ལྷའི་སྐད་དེ། དེ་ཉིད་ཀྱི་གཞུང་ལུགས་ནི་རྒྱ་མཚོ་ལྟ་བུ་ཉིད་ཀྱི་ཕྱིར་ཕ་མཐར་བརྒལ་བའི་རྣམ་དཔྱོད་ཀྱི་མཐུ་གྲུབ་པ་ཡང་ཤིན་ཏུ་དཀའ་བ་ཉིད་དེ། ལྷ་ཡི་དབང་པོ་བརྒྱ་བྱིན་ལྟ་བུས་ཀྱང་། །སྒྲ་ཡི་རིག་པ་མཐའ་ཡས་པ། །ཡོངས་སུ་རྫོགས་པ་རྒྱ་མཚོ་ཙམ། །དབང་པོས་ཤེས་པ་བུམ་པ་གང་། །ཕུར་བུས་ཤེས་པ་རྩ་རྩེའི་ཆུ། ཞེས་ཆེད་དུ་བརྗོད་པས་ཇི་བཞིན་དུ་མ་དཔོགས་པར་བསྟན་ན། དེ་དག་ལས་བློ་གྲོས་ཆེས་དམན་པའི་མི་ཡི་འགྲོ་བ་དག་གིས་ཇི་ལྟར་བརྗོད་པར་མི་བཟོད་དོ། །འོ་ན་ཁྱོད་ཀྱིས་སྨྲ་བའང་མི་རིགས་སོ་སྙམ་ན། དེ་ལྟ་ནའང་ལྷའི་དབང་པོས་ཀྱང་དྲང་སྲོང་ཕུར་བུ་ལ། འོན་ཀྱང་རང་གིས་ཇི་ལྟར་ཤེས་པ་བཞིན་རྗེས་སུ་སྟོན་ཅིག་པར་གདམས་པ་བཞིན། འདིར་ཡང་རང་དང་སྐལ་བ་མཚུངས་པ་གཞན་དག་ལ་ཕན་གདགས་པ་དང་། འདི་ཙམ་གྱིས་ཀྱང་ཚིག་དང་དོན་དུ་བཅས་པ་ཕལ་ཆེར་ཞིག་ལ་


JKT016_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པ་མེད་པའི་གནས་ཐོབ་པར་འགྱུར་པའི་ཕྱིར་ཉེ་བར་བརྩམས་པ་ལ་ནོངས་པ་ཡོད་པ་མ་ཡིན་ནོ། །ཞེས་པ་སྟེ། འདིར་སྤྱིར་སྒྲའི་རིག་པ་ཚུལ་མཐའ་ཀླས་པར་བསྟན་ལ། རྣམ་པ་གཅིག་ཏུ་ན་གང་རྩོམ་པ་པོ་ལ་སྙེམས་པའི་བློ་མེད་པས་ན་དམ་པའི་རིགས་སུའང་མཚོན་པ་ཡིན་ནོ། །དེ་ལྟ་བུའི་ཤ་ལོ་ཀ་སྔ་ཕྱི་གཉིས་པོའང་སྡེབ་སྦྱོར་མི་མཉམ་པའི་བྲིཏྟ་ལས་ཁ་སྒོ་ཕན་པའི་པྲ་སྟ་རས་བཅིངས་པར་སྣང་ངོ་། །གཉིས་པ་གཞུང་གི་དོན་ལ། ཡི་གེའི་སྔ་ཕྱིའི་རྣམ་འགྱུར་གཙོ་བོར་སྟོན་པ་མཚམས་སྦྱོར། །མིང་ལས་ཚིག་ཏུ་སྒྲུབ་པ་མིང་ལེ་ཡན་ལག་དང་བཅས་པ། བྱིངས་ལས་ཚིག་ཏུ་སྒྲུབ་པ་ཀུན་བཤད། བྱིངས་ལས་མིང་དུ་སྒྲུབ་པ་ཀྲྀཏྲ་རྐྱེན་ཏེ་བཞི་ལས། དང་པོ་ལའང་སྐབས་ལྔའི། དང་པོ་ཡི་གེ་སོ་སོའི་བརྡ་ཁྱད་འཆད་པའི་སྐབས་སུ། ལྷག་མ་འཇིག་རྟེན་ལས་གྲུབ་བོ། །ཞེས་གཞན་དུ་ཞལ་འཕངས་པའི་དོན་ཅུང་ཟད་དབྱེ་ན་གཉིས་ཏེ། དབྱངས་དང་གསལ་བྱེད་དོ། །དང་པོ་ནི། ཨ་ཨི་ཨུ་རྀ་བཞི་ལ་ཐུང་ངུ་དང་། རིང་པོ་དང་། ཤིན་ཏུ་རིང་པོས་ཕྱེ་བས་བཅུ་གཉིས། དེ་རེ་རེ་ལའང་འདོན་ལུགས། ཨུ་དཱཏྟ། ཨ་ནུ་དཱཏྟ། སྭ་རི་ཏ་གསུམ་ཡོད་པས་སོ་དྲུག །དེ་ལ་སྣ་ལྡན་དང་། རྗེས་སུ་སྣ་ལྡན་གཉིས་སུ་ཕྱེ་བས་དོན་གཉིས། མཚམས་སྦྱོར་གྱི་ཡི་གེ་བཞི་ལ་ཐུང་ངུ་དང་། ལི་ལ་རིང་པོ་མེད་པས། དེ་ལྟར་སོ་སོར་གཉིས་རེ་ཕྱེ་བས་


JKT016_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ། དེ་ལ་བཏོན་ཚུལ་གསུམ་གྱི་དབྱེ་བས་སུམ་ཅུ། དེ་ལ་སྣ་ལྡན་དང་། རྗེས་སུ་སྣ་ལྡན་གཉིས་ཀྱི་དབྱེ་བས་དྲུག་ཅུ་སྟེ། སྔ་ཕྱི་བསྡམས་པས་དབྱངས་ཡིག་བརྒྱ་དང་སོ་གཉིས་སོ། །གཉིས་པ་ལ། གསལ་བྱེད་དངོས་པོ་གསུམ་དང་། དེ་སྟེང་རྗེས་སུ་ང་རོ། རྣམ་བཅད། ལྕེ་རྩ་ཅན། མཆུ་ཅན་ཏེ་ཙམ་པོ་བཞི་བཅས་རྐྱང་པ་སོ་བདུན། དེ་ལ་སོ་སོར་དབྱངས་བརྒྱ་དང་སོ་གཉིས་པོ་སྦྱར་བས་བཞི་སྟོང་སུམ་བརྒྱ་ང་དྲུག་སྟེ། བསྡམས་པས་བཞི་སྟོང་སུམ་བརྒྱ་གྱ་གསུམ་མོ། །དེ་ལྟར་ན་དབྱངས་གསལ་གཉིས་ཀ་བསྲེས་པས་ཡི་གེའི་གྲངས་བཞི་སྟོང་ལྔ་བརྒྱ་ཉེར་ལྔར་འགྱུར་ལ། དེ་རྣམས་ཀྱང་གནས་དང་། བྱེད་པ་དང་། རྩོལ་བ་ལ་བརྟེན་ནས་སྐྱེ་བའི་ཚུལ་རྒྱས་པར་འཆད་དུ་ཡོད་མོད་ཀྱང་འདིར་རེ་ཞིག་དེ་ཙམ་མོ། །ཡང་བསྡུ་བའི་སྐབས། འགྲེལ་པར། ཧ་བ་བོར་བའི་གསལ་བྱེད་ལ་ཁ་ས་སོ་སོར་བསྡུ་བ་ཞེས་སྣང་བ་ནི་ཡིག་ནོར་ཡིན་པར་མངོན་ཏེ། འོག་ཏུ་བ་ས་རྣམས་ཀྱི་ར་ས་ལའོ། །ཞེས་འབྱུང་བ་ལྟར། གསལ་བྱེད་སོ་གསུམ་ལ་ཧ་བ་སྟེ། ཧ་ཡ་བ་གསུམ་གྱི་ལྷག་མ་ར་ནས་ས་ཡི་བར་སུམ་ཅུ་ལ་ར་ས་སོ་སོར་བསྡུ་བ་ཞེས་བཏགས་པ་སྣང་བའི་ཕྱིར་རོ། །གཞན་ཡང་འདི་སྐབས་པཱ་ཎི་པར་བསྡུ་བ་ཞེ་གཅིག་དང་། ཙནྡྲ་པར་ཞེ་གཉིས་སུ་གསུངས་པ་རྣམས་ཀྱང་ཞར་ལ་རྟོགས་ན་ལེགས་མོད་ཀྱི། རྗེ་བླ་མས་མཛད་པའི་མཚོ་ལྡན་མའི་ཡི་གེ་བསྡུ་


JKT016_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྣམ་བཤད་ཨུཏྤལ་ཆུན་པོར་གསལ་བར་བསྟན་པའི་ཕྱིར་བསྐྱར་ནས་མ་བྲིས་སོ། །ཨིཏྲ་ནི་བྱ་བའི་ཆེད་དུའོ། །ཞེས་པ་ནི། ཨིཎྜ་འགྲོ་བ་ལའོ། །ཀྭིཔྲ་རྐྱེན། ཐུང་ངུའི་པིཏྲ་ལ་ཀྲྀཏུ་ལས་ཏུཀྲ་འོས་ཏུཀྲ །ཀ་ཡོན་ཏན་འགོག་པའི་དོན། ཨུ་བརྗོད་དོན་ཕྱིས། རྐྱེན་འཁོར་བཅས་ཀྱང་དབྱེ་བས། ཨིཏྲ། གྲུབ་པ་འགྲོ་བ་ལ་འཇུག་གོ །ཨཱ་ག་མ་ནི། ཉེར་བསྒྱུར་ཨཱད་སྔོན། གལླི་འགྲོ་བ་ལའོ། །ལ་རྗེས་འབྲེལ། རྐྱེན་ཨ་ཙ། ཙ་དབྱངས་དོན་ཕྱིས་ནས་སྦྱར་བས། ཨཱ་ག་མ། གྲུབ་པ་ལུང་ངམ་གློ་བུར་ལ་འཇུག་སྟེ། འདིར་བྱིངས་རྐྱེན་གཉིས་ཀྱི་བར་དུ་སྦྱིན་བྱ་ཡིན་པས་ན་དེ་སྐད་དོ། །གཉིས་པ་དབྱངས་ཀྱི་མཚམས་སྦྱོར་སྐབས། འགྲེལ་པར་བྱུང་བའི་དཔེར་བརྗོད་རྣམས་ཀྱི་སྒྲུབ་ཚུལ་མདོ་ཙམ་འགོད་ན། ཊུ་དྷཞྭ་འཛིན་པ་དང་གསོ་བ་དག་ལའོ། །ནདྲ་ཀི་དག་གོས་ཀི་རྐྱེན། གཉིས་བརྗོད་པའི་སྔ་མ་ཐུང་ཨཔྲ་མེད་པ་ལས་ཨཱ་ཏའི་འོས་བྱིངས་ཀྱི་ཨ་ཕྱིས་ནས་དྲངས་པས། ད་དྷི། གྲུབ་པ་ཞོ། ཨཱད་སྔོན། ཎཱི་ཧྥ་ཐོབ་པ་ལའོ། །བྱེད་པ་པོ་ལ་ཨཱཔྲ་དང་། སྨོན་པ་དང་བསྐུལ་བ་དག་ལ་འོས། པཉྩ་མཱིའི་པ་རསྨེའི་སྐྱེས་བུ་དབུས་མའི་གཅིག་ཚིག་ཧི་སྦྱར། ཡོན་ཏན་ནོས་ཨི་ཨེ། ཨེ་ཨཡ྄། བར་རྐྱེན་ལ་དྲང་། ཨཏྲ་ལ་འོས་ཧི་འཇིག་པས། ཨཱ་ན་ཡ། ལོངས་ཤིག །ཀེ་དང་གེ་རེ་སྒྲ་ལའོ། །ཨུཎ་ལས། འདི་རྣམས་ལ་རན་


JKT016_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་དང་ཚིག་ཕྲད་ཀྱི་མཐའོ། །ཞེས་པས་རྐྱེན་རན་དང་། ཨེ་ཨོ་རུ་བསྒྱུར་བས་སམ། ཡང་ན་གུད་སྒྲ་ལ་རཀྲ་དང་། ཚིག་ཕྲད་ལས་འཕེལ་བས། གོར། དཀར་པོ། དེ་ལ་ནཱ་ད་སོགས་ལས་སོ་ཞེས་པས་བུད་མེད་ཀྱི་ཨཱིཔ་སྦྱར་བས། གོ་རཱི། དཀར་མོ། ཨེ་ཏཏུ་ལ་འདུན་པའི་དོན་གྱི་ཏུ་བྱིན། ཨེ་ཏཏ་ཨ་རུ་བསྒྱུར་བས། ཨ་ཏྲ། འདིར། མ་ན་ཤེས་པ་ལའོ། །ཨུཎ་ལས། ན་མི། མ་ནི། ཛན་རྣམས་ཀྱི་ནཱ་ཀི་དྷ་ཏའང་ངོས། ཨུ་རྐྱེན་དང་། བྱིངས་ཀྱི་ན་དྨ་རུ་བསྒྱུར་ནས་དྲངས་པས། མ་དྷུ། གྲུབ་པ། སྦྲང་རྩི་དང་། ཆང་དང་། དཔྱིད་དུས་ལ་འཇུག་གོ །པི་ཏྲ་དང་། གངྒཱ་སོགས་ཀྱི་སྒྲུབ་ཚུལ་ནི་འོག་ཏུ་རྟགས་མཐའི་སྐབས་སུ་འབྱུང་བས་བསྐྱར་ནས་མ་བྲིས་སོ། །རྀ་འགྲོ་བ་ལ། ཨུཎ་ལས། ཨུ་ཏི། ཀུ་ཏི། གཱ། ཨཏྟི་རྣམས་ལས་ཐན་འོས་ཐན། ཨན། དོན་དང་། ནོར་སོགས་ལའོ། །ཨ་ནུ་སྔོན་མའི་བན་འཆིང་བ་ལ། ཨཙཱ་རྐྱེན། ཨ་ནུ་བན། གྲུབ་སྟེ། མཛོད་ལས། ཨ་ནུ་བན་སྐྱོན་སྐྱེ་དང་། །རང་བཞིན་སེམས་ཀྱི་དབྱི་བྱ་དང་། །གཙོ་བོའི་རྗེས་འབྲངས་བྱིས་པ་དང་། །སྔར་སྦྱར་རྗེས་སུ་འཇུག་པ་ལ། །ཞེས་བཤད་དོ། །ཎྜིཏྲ་ཐོབ་པ་ལ། ཡུཊ་འོས་ཡུཊ་རྐྱེན། ཡུ་བུ་དག་གི་ཨ་ན་ཨ་ཀ་འོས། ཡུ་ཨ་ན་རུ་བསྒྱུར། བྱིངས་ཀྱི་ཡོན་ཏན་ཨི་ཨེ། དང་པོའི་ཋའི་སྣ་འོས་ཎ་ན། ནེ། ཨ་ཀ །དྲངས་མཐར་མ་ནིང་


JKT016_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གི་སི་བྱིན་པས། ན་ཡ་ནཾ། འདྲེན་བྱེད་དེ་མིག་གོ །འོན་ཀྱང་འདི་ཁོ་ན་ལུས། དཔེར་བརྗོད་གཞན་དུ་ཏཏྲ་ལ་ཛས་སྦྱར་བས། ཏེ། ཞེས་གྲུབ་པ་དེ་རྣམས་ལ་འཇུག་པ་ཉིད་སྦྱར་བ་ལགས་སོ། །བྷ་ཡོད་པ་ལའོ། །བྱེད་པ་པོ་ལ་ཨཔྲ་དང་། ད་ལྟར་བའི་ཏིཔྲ། སྔ་མའི་པྲ་ཡིག་ནི་བི་ཀ་ར་ཎའི་རྣམ་དབྱེ་ཤེས་པའི་དོན་དང་། ཕྱི་མ་ཡོན་ཏན་བྱེད་པའི་དོན་ཏེ་ཕྱིས། བྱིངས་ཀྱི་ཡོན་ཏན་ཨུ་ཨོ། བྷོ། ཨ་ཏི། དྲངས་པས། བྷ་བ་ཏི། གྱུར་ཏོ། །འདི་ལའང་དཔེར་བརྗོད་གཞན་དུ། གོ་ཞེས་དོན་དགུ་ལ་འཇུག་ཀྱང་ཡོངས་སུ་གྲགས་པ་གླང་ལ་འཇུག་པ་ཉིད་སྦྱར་རོ། །གོ་སྔོན། ཡཱ་ཐོབ་པ་ལ་རྟི་རྐྱེན། བྱིངས་ཀྱི་ཨཱཏྲ་ཨུ་རུ་བསྒྱུར་བས། ཡཱ་ཏི། བགྲོད་པ་ལ་འཇུག་གོ །དེ་ལས་དམིགས་བསལ་ལམ་གྱི་ཚད་བརྗོད་པ་ཁོ་ན་ལ་ཚིག་ཕྲད་ཀྱིས་ཉ་ཚིག་དང་མཚམས་སྦྱར་བས། ག་བྱཱ་ཏི བ་ལང་བགྲོད་དེ་རྒྱངས་གྲགས་གཉིས་སོ། །དེ་སྐད་དུའང་སྒྲའི་རྒྱ་མཚོར། གྲུ་བཞི་ཡིས་ནི་གཞུ་འདོམ་སྟེ། གཞུ་འདོམ་སྟོང་ཕྲག་གཉིས་དག་གིས། །བ་ལང་བགྲོད་ཅེས་སྐྱེས་པར་བཤད། །ཅེས་འབྱུང་ངོ་། །གཞན་དུ་ལམ་གྱི་ཚད་བརྗོད་པ་མ་ཡིན་ན་མི་འགྱུར་ཏེ། གོ་སྔོན། ཡུ་སྲེ་བ་ལ། རྟེན་སྦྱར་ནས་བྱིངས་རིང་བས། གོ་ཡུ་ཧེ བ་ལང་འདྲེས་པའོ། །ཎཱིརྦ་ཐོབ་པ་ལའོ། །ཏྲི་རུ་རྔ་དག་གོས་བུཎཱ། ཙྪིཏཱའི་འཕེལ། བུའི་ཨ་ཀ། །ནཻ།


JKT016_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀ །མཚམས་སྦྱར། དྲངས་པས། ནཱ་ཡ་ཀཿ འདྲེན་བྱེད་དོ། །འདི་ལའང་སྐབས་གཞན་དུ་རེ་ཞེས་ནོར་རྫས་སྤྱི་དང་གསེར་ལ་འཇུག་པ་ཉིད་སྦྱར་རོ། །ཏདྲ་ལ་དང་པོའི་ཨོ་བྱིན་པས། ཏཽ། དེ་དག ། ཨི་དམ་ཡ་བདུན་པའི་དོན་དུ་དེ་ཕན་གྱི་རྣམ་དབྱེ་ཧ་བྱིན། ཨི་དམ་ཨ་རུ་བསྒྱུར་བས། ཨི་ཧ། འདིར། ཨཱད་སྔོན། གམི་འགྲོ་བ་ལཀྟ། ཉ་མའི་ཡི་གེ་དབྱིབས། ཨཱ་ག་ཏཿ ཀུན་ཏུ་འགྲོ་བ། ཏད་ལ་ཆེད་དུ་བྱ་བའི་དོན་གྱི་དེ་བྱིན། ཏམྨེ། དེའི་ཆེད་དུ། ཨཱས་ཉེ་བར་སྡོད་པ་ལའོ། །ཡུཊ་རྐྱེན། ཨཱ་ས་ནཾ། གདན། པཊ་འགྲོ་བ་ལའོ། །ཨུཎ་ལས་པ་ཊི་ཨ་སི་སོགས་ཀྱིས་ཨུ་རྐྱེན། བོད་པ་གསལ་བྱེད་ཀྱི་སྒྲ་ཧེ་སྔོན་དང་། མཐར་བོད་སི་སྦྱར་ནས་གུ་རུ་ལྟར་བསྒྲུབས་པས། ཧེ་པ་ཊོ། ཀྱེ་དྲུང་པོ། དེ་བཞིན་དུས་ཁི་ལའང་ཧེ་དང་བོད་སི་སྦྱར་བས། ཧེ་ས་ཁེ། ཀྱེ་གྲོགས་པོ། ཤུདྡྷ་གཙང་བ་ལ། ཀྟ་རྐྱེན་དང་། ཏ་ཐ་དག་གི་དྷ་སོགས་ཀྱིས་རྐྱེན་གྱི་ཏ་དྷ། ཛ་བྷ་ལ་ཛ་བ་སོགས་ཀྱིས་བྱིངས་ཀྱི་དྷད་རུ་བསྒྱུར་བའི་མཐར་སི། ཤུདྡྷ། དག་པ། ཨ་སྨད་ལ་སི་སྦྱར་བས། ཨ་ཧ། བདག །ཤཏྲ་ཅེས་པ་ཁས་ལེན་པའི་དོན་ཏེ། དེ་འཛིན་པའི་ཕྱིར་ཌཱདྷརྱ་འཛིན་པ་ལ། པྲཛྙཱ་ཤདྨ་ཞེས་པའི་ཚིག་ཕྲད་ལས་སམ། འདི་ཉིད་དུ། ཥིཏྲ་དང་བྷིཏ་རྣམས་ཀྱི་ཨདྲ་འོས་ཨདྲ་རྐྱེན། དྲ་ཡོན་ཏན་འགོག་པའི་དོན་དང་། ཨཔྲ་མེད་པ་ལ་བྱིངས་


JKT016_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཨཱ་དབྱི་ནས་དྲངས་མཐར་བུད་མེད་ཉིད་ཀྱི་ཕྱིར་ཨཱཔ་སྦྱར་བས། ཤདྡྷ། དད་པའམ། མོས་པའོ། །བྷ་འབར་བ་ལ། ཨུཎ་ལས། དཱ་བྷ་དག་ལས་ནུ་འོས་ནུ་རྐྱེན། བྷ་ནུ། ཉི་མ། ཉེར་བསྒྱུར་ཨུད་སྔོན་མའི་ཨ་ཡ་འགྲོ་བ་ལ་ཨཛྲ་རྐྱེན་དུ་སྦྱར་མཐར་སི། ཨུད་ཡཾ། ཤར་བ། ཡུད་དང་ཨསྨད་དག་ལ་དྲུག་པའི་གཅིག་ཚིག་སྦྱར་བས། ཏ་བ། ཁྱོད་ཀྱི། མ་མ། བདག་གི ལོ་ཙཱ་ལྟ་བ་ལ། འདི་ལྟ་བར་བྱེད་པའི་ཕྱིར་དྷཉ་རྐྱེན་དང་། བྷིཏ་ཉིད་ཀྱི་ཕྱིར་ཙཀ་རུ་བསྒྱུར་པ་སོགས་ཀྱིས། ལོ་ཀ །འཇིག་རྟེན་ཞེས་གྲུབ་པར་འདོད་འཇོ་ལས་བཤད་དོ། །ཨཱི་ཤ་དབང་ཕྱུག་ཉིད་ལ་ཨུཎ་སོགས་ཀྱི་བ་རཚྭ་རྐྱེན་དུ་སྦྱར་བས། ཨཱི་ཤྭ་ར། དབང་ཕྱུག །ཨུཎྜི་སླས་པ་ལ་ཀུན་རྐྱེན། ཀ་ཡོན་ཏན་འགོག་པའི་དོན་དང་། སྒྲ་དབྱངས་དོན། ཀིཏྲ་ཉིད་ཀྱི་ཕྱིར་བྱིངས་ཀྱི་ཉམའི་ཡི་གེ་ཕྱིས་ནས་དྲངས་མཐར་སི། ཨུད་ཀཾ །ཆུ་བོ། གུ་ཎ་བོད་པ་ལ། ཙུ་ར་སོགས་ལས་ཉི་དང་། ནཱ་མིན་ཨུ་པ་དྷ་ལས་ཀ་སྦྱར་ཞིང་། ཨིཊ་མེད་པ་ལ་ཉི་དབྱེ་བ་སོགས་ཀྱིས། གུ་ཎ། གྲུབ་སྟེ། མཛོད་ལས། གུརཿ གཞུ་རྒྱུད་ཡོན་ཏན་བརྟེན། །སྙིང་སྟོབས་དཀར་པོ་འདུམས་སོགས་ལ། ཞེས་བཤད་དོ། །རི་དྷུ་འཕེལ་བ་ལ། ཀྟི་རྐྱེན་དང་། ཏ་ཐ་དག་གི་དྷ་སོགས་ཀྱིས་བསྒྲུབས་མཐར་ས་སྦྱར་བས། རིདྡྷི༔ འབྱོར་པའོ། །རྀ་འགྲོ་བ་ལ་ལྟ་རྐྱེན་དང་། རི་ཎཾ་བུ་


JKT016_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་ལེན་པ་ལའོས་ཚིག་ཕྲད་ཀྱིས་ཏན་རུ་བསྒྱུར། ཥ་ར་རཾ་སོགས་ཀྱིས་ན་ཎ། མཐར་སི། རི་ཎི། གྲུབ་སྟེ། གསེར་ཅན་གྱིས། རི་ཎི་བུ་ལོན་བགྲོད་དཀའ་ཆུ། །ཞེས་རྣམ་པར་ཕྱེའོ། །གཞན་དུ་རི་ཆུ་། འགྲོ་བ་ལ་ཀ་རྐྱེན་དུ་བྱས་པས་གྲུབ་པར་ཡང་བལྟའོ། །བྱེདྲ་འགྲོ་བ་ལ་ལྟ་རྐྱེན་དང་། མཚམས་སྦྱོར་གྱི་ཡི་གེ་རྣམས་ཀྱིས་ཨཱ་འོས་ཨེ་ཨཱ་དང་། སཾ་པྲ་ས་ར་ཎ་ས་ཡ་ཨཱི་རུ་བསྒྱུར་བས། ཤཱིཏཿ བསིལ་བའོ། །ཉེར་བསྒྱུར་དུས་སྔོན་མའི་ཁ་ན་བརྐོ་བ་ལ་ཌ་རྐྱེན་དང་། ཊིཏ་ལ་བྱིངས་ཀྱི་ཨན་ཕྱིས་ནས་དྲངས་པས། དུ་བ། སྡུག་བསྔལ་ལོ། །ལ་ལ་ཡི་གེ་བརྗོད་པའི་དོན་དུ་ཀཱ་ར་སྦྱར་མཐར་སི། ལི་ཀཱ་རཿ ལི་ཡིག་གོ །ཧུ་སྦྱིན་པ་ལ། ཀྲྀ་བུཎྜ་དག་གོས་ཏྲ་རྐྱེན། བྱིངས་ཀྱི་ཡོན་ཏན། ཧོ་ཏྲ། སྦྱིན་སྲེག །ཨེ་ཏད་བུད་མེད་ཀྱི་རྟགས་མཐར་བསྒྲུབས་པར་སི་སྦྱར་བས། ཨི་ཥ། འདི། ཨཱི་ཤྭ་ར་ལ། དངོས་པོ་ལ་ཏ་ཏཱ་ཡརྔ་རྣམས་སོས་ཡཏྲ་དང་། ཋིཏའི་འཕེལ་བ་སོགས་ཀྱི་མཐར་སི། ཨེ་ཤཱཎཾ། དབང་ཕྱུག་ཉིད། ཨུནི་སླས་པ་ལ། ཨུཎ་སོགས་ཀྱི་ཡུཛྲ་རྐྱེན། ཛྲ་དབྱངས་དོན་དང་། ཚིག་ཕྲད་ལས་བྱིངས་ཀྱི་ན་དབྱི་ཞིང་། ཡུ་ཨ་ན་རུ་བསྒྱུར་ནས་དྲངས་པ་སོགས་ཀྱི་མཐར་སི། ཨོ་ད་ནཾ། ཟན་ནོ། །ཨོན་ཏྟཾ་གྱི་སྒྲ་ནི་བྱེ་བྲག་ཏུ་བཤད་པ་མ་མཐོང་ངོ་། །ནུ་ཡ་མ་སྐྱུགས་པ་ལ། ཤི་བ་ལ་སོགས་པ་རྣམས་སོས་ཀུན་དང་། ཚིག་ཕྲད་


JKT016_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱིངས་ཀྱི་དང་པོ་ཨ་ཏ་ཨི་རུ་བསྒྱུར་བས། བིམཱ། ཞེས་གྲུབ་སྟེ། བི་ཤྭ་ལས། བི་ལྤ་གཟུགས་ཅན་འབྲས་བུ་དང་། །དཀྱིལ་འཁོར་དང་ནི་གཟུགས་བརྙན་ལ། །ཞེས་བཤད་དོ། །ཨུ་ཥ་སྲེག་པ་ལ་ཨུ་ཎི་ཀུ་ཊི་དག་ལས་ཐན་འོས་ཐན་བྱིན་དང་། སྣུའི་ཤུ་སོགས་ཀྱིས་ཐ་ཐ། བྱིངས་ལ་ཡོན་ཏན་དང་བཅས་པས། ཨོ། མཆུའོ། །སྤུ་ལ་ཡོངས་སུ་འཕེལ་བ་ལ། ཙུ་ར་ལ་སོགས་པ་ཉིད་ཀྱི་ཕྱིར་ཉི་དང་། ཀ་རྐྱེན་དུ་སྦྱར་ནས། ཨིཊ་མེད་པ་ལ་ཉི་དབྱི་བས། སྦྲ་ལ། སྦོམ་པོ། ཨ་བ་སྐྱོང་བ་ལ། སི་ཏ་ནི་སོགས་ཀྱིས་ཏུན་རྐྱེན་དང་། ཛཱར་ཏུར་སོགས་ཀྱིས་བ་ཨུཎྜརུ་བསྒྱུར་ཞིང་མཚམས་སྦྱར་བ་སོགས་ཀྱིས། ཨོ་ཏུ། བྱི་ལའོ། །གསུམ་པ་རང་བཞིན་དུ་གནས་པའི་མཚམས་སྦྱོར་གྱི་སྐབས་སུ། ཨ་དས་ལ་རྣམ་དབྱེ་དང་པོའི་མང་ཚིག་ཛས་བྱིན་པས། ཨ་མཱི། འདི་རྣམས། ཨ་དི་ཏི་ནི་མི་གཅོད་མ་སྟེ་དྲང་སྲོང་འོད་སྲུངས་ཀྱི་ཆུང་མར་གྲགས་ལ། དེ་ལས་བྱུང་བའི་དོན་ལཙྪ་སྦྱར་མཐར་སི། ཨཱ་དི་ཏཿ མི་གཅོད་སྐྱེས་ཏེ་ཉི་མའི་མིང་གི་བྱེ་བྲག་གོ །ཨ་ཤ་ཟ་བ་ལ། ཤི་བ་ལ་སོགས་པ་རྣམས་སོས་ཀུན་རྐྱེན། ཨ་ཤུ། རྟ། ཨ་ག་གྱ་གྱུར་འགྲོ་བ་ལ། ཡུ་བ་ཧི་ཨ་གི་ལས་ནི་ཐ་རྐྱེན་དང་། མཐར་རྣམ་དབྱེ་དང་པོའི་གཉིས་ཚིག་བྱིན་པས། ཨགི། མེ་དག །པ་ཊུ་ལའང་དང་པོའི་གཉིས་ཚིག་སྦྱར་བས། པ་ཊུ། དྲུང་པོ་དག །


JKT016_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཚད་ལ་ཨུཏྲ་ལས། མཱ་ལཱ་ཨི་ལ་ལ་སོགས་ཀྱིས་ཨ་ལ་རྩྭ་རྐྱེན་དུ་སྦྱར་མཐར་བུད་མེད་ཀྱི་ཨཱ་པ་དང་། ཛས་བྱིན་ནས་གདྨ་ལྟར་བསྒྲུབས་པས། མ་ལེ། ཕྲེང་བ་རྣམས། མ་ཎ་སྒྲ་ལ་ཨི་རྐྱེན་དུ་བྱས་པའི་མཐར་དང་པོའི་གཉིས་ཚིག་སྦྱར་བས། མ་ཎི། ནོར་བུ་དག །ཨིཎྜ་འགྲོ་བ་ལ། ཤི་བ་ལ་སོགས་པ་རྣམས་སོས་ཀྭན་རྐྱེན། ཨི་བ། བཞིན་ཏེ་གྲངས་མེད་པའི་བྱེ་བྲག་གོ །རོད་སཱིའི་སྒྲ་ནི། འདོད་པ་འཇོ་བར། ས་དང་མཁའ་དག་རོད་སཱི་དག་ཅེས་པས་ས་ལའང་རོད་སཱི་སྟེ་ནམ་མཁའ་ལའང་རོད་སཱའོ། །ཞེས་དོན་དུ་མ་ཅན་གྱི་སྡེ་ཚན་དུ་བཀླགས་པའི་ཕྱིར་སྒྲུབ་ཚུལ་རྣམ་པར་བཤད་པ་མི་སྣང་ངོ་། །དམ་དང་། ཛམ་དག་ནི་མི་ཟད་པའི་སྒྲ་ཆུང་མ་ལ་བརྗོད་པ་སྟེ། དེ་བ་ཏིའི་སྒྲ་དང་སྦྱར་བ་ནི། གཅིག་གཅིག་ཏུ་སྦྱོར་བའི་དང་གི་དོན་གྱི་བསྡུ་བའོ། །མཐར་དང་པོའི་གཉིས་ཚིག་བྱིན་པས། དམྤཏཱི། ཁྱོ་ཤུགས་དག །ཛམྦ་ཏཱི། བཟའ་མི་དག །མཱད་ཚད་ལ། ཙྪ། ཤ་སི། སུ་རྣམས་ལ་ཡ་འོས་ཡ་རྐྱེན་དང་། བུད་མེད་ཉིད་ཀྱི་ཕྱིར་ཨཱཔྲ་སྦྱར་བས། མཱ་ཡཱ། སྒྱུ་མ། ཨཱ་པྲི་ཁྱབ་པ་ལ་ཀྭིཔྲ་དང་། དྲྀ་ཥོ་དར་ལ་སོགས་པ་ཉིད་ཀྱི་ཕྱིར་དྲ་ཕྱིས་པས། ཨཱ། གྲུབ་སྟེ། དྲན་པ་དང་ངག་སྦྱོར་གྱི་དོན་ནོ། །བོད་པའམ་དྲན་པའི་དོན་གྱི་ཨེ་སྔོན་མའི་རྔུབ་མ་ཡིད་ལ་འཆར་བ་ལ། པིཙཱ་རྐྱེན་དུ་སྦྱར་ནས་ཕྱིས་པས། ཨེ་ཝཾ། གྲུབ་སྟེ་སྣ་ཚོགས་གསལ་


JKT016_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས། །ཨེ་ཝཾ་འདི་ལྟར་རྣམ་པ་དཔེ། །བདག་གིར་བྱེད་དང་ངེས་གཟུང་ལ། །ཞེས་བཤད་དོ། །མ་ན་ཤེས་པ་ལ། བར་རྐྱེན་ཡཀྲ་དང་ད་ལྟར་བའི་ཨཱཏྨ་ནེའི་སེ་སྦྱར་བས། མརྒྱ་སེ། ཤེས་སོ། །ཡུད་ལ་རྣམ་དབྱེའི་གཉིས་ཚིག་བྱིན་ཟིན་པའི་ལུས་འགྱུར། ནོ། ཁྱོད་དག ལྕུ་འགྲོ་བ་ལས་ལྡོག་པ་ལའོ། །ཏ་བྱ་ཨ་ནཱི་ཡ་དག་གོས་ཏ་བྱ་རྐྱེན། དང་པོའི་ཋའི་སྣ། མཐར་སི། སྦྲ་ཏ་ཏྱཾ། གནས་པར་བྱ། །ཎ་ཧ་འཆིང་བ་ལཌ་རྐྱེན་སྦྱར་བས་དགག་ཚིག་གི་ན་འགྲུབ། དེའི་ན་ཡིག་ཕྱིས་པས་ཨ་འགྲུབ་བོ། །ཨ་པ་སྔོན་མའི་ཨིཎྜ་འགྲོ་བ། བྱེད་པ་པོའི་ཨཔྲ་དང་། པཉྩ་མཱིའི་ཧི། ཨདྲ་སོགས་ལས་ཨཔྲ་འཇིག །སྦྱར་བས། ཨ་སེ་ཧི། མ་འགྲོ་ཤིག །ཨིདྲ་ཀློག་པ་ལ་ཚིག་ཕྲད་ཀྱིས་ཀྭིཔ་བྱིན་ནས་ཕྱིས་པས། ཨི། དྲི་ཤིར་བལྟ་བ་ལའོ། །དྲི་ཤ་ལ་སོགས་པ་བྱ་ལ་སོགས་པའོས། དྲི་ཤའི་པ་བྱ། བྱེད་པ་པོ་ལ་ཨཔྲ་འོ དང་། ཧི་འཇིག་པ་སོགས་ཀྱིས། པ་བྱ། ལྟོས་ཤིག །ཨུད་སྒྲ་ལ། ཀྭིཔ་ཕྱིས་པས། ཨུ། ཨདྲ་སྔོན། སྦྲའི་ཏིཥྛ། བྱེད་པ་པོ་ལ་ཨ་པྲ་དང་། ལྔ་པའི་ཧི། ཨཏྲ་ལས་ཧི་འཇིག །ཨུཏྟི། ལོངས་ཤིག ། དེ་ལ་འདིར་མཚམས་མི་སྦྱོར་བ་ནི། དྲན་པའི་དོན་དང་ངག་སྦྱོར་གྱི་ཨཱ། ཅུང་ཟད་དང་དངོས་མེད་བརྗོད་པའི་ཨ། སྐྱོ་བ་དང་ཁྲོས་ཚིག་གི་ཨི། ཡང་དག་པར་རྟོགས་པ་དང་ཁྲོས་ཚིག་གི་ཨུ་རྣམས་ཏེ། གཞན་


JKT016_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཨ་ཁྱབ་འཇུག །ཨི་བདུད། ཨུ་དབང་ཕྱུག་རྣམས་ལ་འཇུག་པའི་ཚེ་ན་མི་ཟད་པ་ཡང་མ་ཡིན་པས་མཚམས་སྦྱོར་བ་མི་འགོགས་ཏེ། མངོན་བརྗོད་སྣ་ཚོགས་གསལ་བ་ལས། ཨ་ནི་དངོས་མེད་ཆུང་ངུའི་དོན། །ཁྱབ་པ་ལ་ཁྱབ་འཇུག་འདི་མི་ཟད་མིན། །ཨི་ནི་སྐྱོ་དང་ཁྲོ་བའི་ཚིག །འདོད་བདུད་པའི་ལྷར་ནི་མི་ཟད་མིན། །ཨུ་ནི་ཀུན་ཏུ་བོད་ཁྲོས་ཚིག །ཞི་བ་དབང་ཕྱུག བརྗོད་པར་མི་ཟད་མིན། །རབ་གཟུང་ཨཱ་ནི་དྲན་དང་སྨྲ། །ཞེས་གསུངས་ཤིང་། རབ་གཟུང་ནི་པྲ་གྲི་གྱ་སྟེ་མཚམས་མི་སྦྱོར་བའི་དོན་ནོ། །གཞན་ཡང་ཨ་ཏ་རྟག་ཏུ་འགྲོ་བ་ལ། ཊཱཔྲ་རྐྱེན། ཌིཏྲ་ལ་འོས་མཐའི་ཨ་ཏ་དབྱི་ནས་སྦྱར་བས། ཨཱད། གྲུབ་སྟེ། བི་ཤྭ་ལས། ཨཱད་ནི་མཚམས་དང་མངོན་པར་ཁྱབ། །བྱ་བའི་སྦྱོར་པ་ཅུང་ཟད་དོན། །ཞེས་པ་རྣམས་ལ་འཇུག་པ་འདི་ཡང་མཚམས་མི་སྦྱོར་བ་མ་ཡིན་ནོ། །བུདྷི་ར། རྟོགས་པ་ལའོ། །ཀྟ་རྐྱེན། ཏ་ཐ་དག་གི་དྷ་སོགས་ཀྱིས་བསྒྲུབ། བོད་པའི་གསལ་བྱེད་ཧེ་སྔོན་དང་། སི་ཕྱིས་པས། ཧེ་བུདྡྷ། ཀྱེ་སངས་རྒྱས། ཨཱད་སྔོན་མའི་ཨིཎྜ་འགྲོ་བ་ལ། ཨཔྲ་དང་། ཧི། ཨདྲ་སོགས་ལས་བར་རྐྱེན་འཇིག །སྦྱར་བས། ཨེ་ཧི། ཚུར་བྱོན། ཅེས་པའོ། །བཞི་པ་གསལ་བྱེད་ཀྱི་མཚམས་སྦྱོར་སྐབས། བ་ཛྲ་སྨྲ་བ་ལའོ། །ཀྭིཔྲ། པཙྪ་སོགས་ཀྱི་རིང་པོ་འོས་ཨུ་པ་དྷ་རིང་། ཙཀྲ །རྐྱེན་ཕྱིས་པས། བཱཀ །ངག །ཡདྲ་ལ་རྣམ་


JKT016_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྗོད་པའི་ཐཱ་བྱིན་པས། ཡ་ཐཱ། གང་ལྟར་རམ་ཇི་ལྟར། མཱད་ཚད་ལའོ། །ཨུཎ་སོགས་ཀྱི་ཋན་རྐྱེན་སྦྱར་མཐར་སི། མཱ་ཏྲ། ཙམ་པོ་བ་སོགས་དོན་མང་པོ་ལ་འཇུག་གོ །མ་ལ་འཛིན་པར་བྱེད་པ་ལ་ཨ་ཙ་རྐྱེན། མ་ལ། འདིས་འཛིན་པར་བྱེད་པས་ན་དྲི་མའོ། ཤུ་ར་བཱི་ར་རྣམ་པར་གནོན་པ་ལའོ། །ཙུ་ར་སོགས་ཀྱི་ཉི་དང་། ནཱ་མིན་ཨུ་པ་དྷུ་ལས་ཀ། ཨིཊ་མེད་པ་ལ་ཉི་ཡལ་བས། ཤཱ་རཿ དཔའ་བོ། ཡང་ན་ཤྭ་ལ་འཚེ་བ་ལ་སྔར་བཞིན་ཀ་རྐྱེན་དང་། ཀ་པི་རི་ཀ་སོགས་ཀྱིས་ལདྲ་རུ་བསྒྱུར་བས་ཀྱང་འགྲུབ་པར་བཞེད་དོ། །ཧུ་སྦྱིན་པ་ལའོ། །ཨརྟི་ཧུ་སྲི་བ་སོགས་ཀྱིས་ཨ་སི་རྐྱེན་དང་། ཡོན་ཏན་བྱས་ནས་དྲངས་བས། ཧ་བིས། སྔགས་ཀྱི་དག་བྱེད་དེ་བསྲེག་བླུག་གོ། །ཙར་གཡོ་བ་ལའོ། །བར་རྐྱེན་ཨཔྲ་བི་ཀ་ར་ཎ་དང་། ད་ལྟར་བའི་ཏིལ། ཙར་ཏི། སྤྱོད་པར་བྱེད། ཙིནྡྲ་གསོག་པ་ལ། ཙི་མི་དི་དག་ལ་ཏྲཀ་འོས་ཏྲཀ་རྐྱེན། ཙི་ཏྲ། རི་མོ་དང་། ངོ་མཚར་བ་སོགས་ལ་འཇུག་གོ། །ཤ་སུ་འཚེ་བ་ལའོ། །ཨུཎ་ལས་མང་པོ་ཉིད་ལ་སྤྱིར་བཏང་བའི་ཕྱིར་ན། ཤཧཱུཾ། མཚོན་ཆ་སྟེ། སྒྲུབ་ཚུལ་གཞན་ཡང་ཡོད་དོ། །བི་ཤ་འཇུག་པ་ལ། ནང་ཀི་དག་གོས། ནདྲ། བིམཿ ཁྱབ་པ། པྲཙྪ་ཤེས་པར་འདོད་པ་ལ་ནདྲ། པཙྪའི་ན་ལ་ཤ་འོས། ཙྪ་ཤ །དྲངས་པས། པ དྲི་བའོ། །ཥ་ཊ་ཙ་ཏུར་དག་ལ་


JKT016_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་འོས། ལོགས་སུ་བཀར་བའི་དོན་ལ་ཐ་རྐྱེན་དང་། མཐར་སི། ཤཥྛ དྲུག་པོ། ཊཱི་ཀྲྀ་འགྲོ་བའི་དོན་ལའོ། །རྀ་རྗེས་འབྲེལ། བྱེད་པ་པོ་ལ་ཨཔྲ་དང་། ད་ལྟར་བའི་ཏིཔ་སྦྱར་བས། ཊཱི་ཀ་ཏི། འགྲེལ་པར་བྱེད། ལུཏྤ་གཅོད་པས། ཀྲི་སོགས་ཀྱི་ནཱ་བི་ཀར་དང་། ད་ལྟར་བའི་ཏིཔྲ། པཱུ་ལ་སོགས་པའི་ཐུང་ངུ་འོས་བྱིངས་ཐུང་བས། ལུ་ནཱ་ཏི། གཅོད་པར་བྱེད། ལི་ཁ་འབྲི་བ་ལའོ། །ཏུ་ད་སོགས་ལ་ཨ་བི་ཀ་ར་དང་། ཏིཔ་སྦྱར། ལི་ཁ་ཏི། འབྲི་བར་བྱེད། ཡུ་སྤེལ་བ་ལའོ། །ཨུ་ཎ་སོགས་ཀྱི་ཀཱན་རྐྱེན། ཡུ་བ། ལང་ཚོ། ཨིཎྜ་བཱི་བཱ་འགྲོ་བ་ལའོ། །གྲོ་བ་བཱ་ཛི་སོགས་ཀྱིས་ཨུཎྜ་རྐྱེན། ཨཱཏྲའི་ཎལ་མ་ཡིན་པ་ལ་ཡུ་ཀྲ་འོས། ཡུཀ་ཨཱ་ག་མ་བྱིན། ཨུཀ་ཕྱིས་ནས་དྲངས་པས། བཱ་ཡུ༔ རླུང་། ལྗིད་རྣམ་པར་གྲོལ་བ་ལའོ། །ཏུད་སོགས་ལ་ཨ་དང་། ད་ལྟར་བའི་ཏིས། ཥདྲའི་སཱིད་བསྒྱུར་ནས་དྲངས་པས། སཱི་དནྟི། རྡུལ་བར་བྱེད། ཊ་ཀི་འཆིང་བ་ལ། ཉི་དང་། ཚིག་ཕྲད་ལས་ཀི་རྐྱེན་དང་། ནུམ་མེད། ཉི་དབྱིབས། ཊཀྐི། འདོད་པ། པྲ་སྔོན་མའི་ཨལྕགསལ་བ་ལ། ཀྲིཏྲ་རྐྱེན། བརྩེགས་པའི་དང་པོ་ཕྱིས། སི་སྦྱར་བ་སོགས་ཀྱིས་བསྒྲུབས་པས། པྲ་ཏྱད། ཕྱི་མ། སུ་སྔོན་མའི་ག་ཎ་གྲངས་འདྲེན་པ་ལ། བར་རྐྱེན་ཉི་དང་། ཀཱི་པྲ། དེ་དག་ཕྱིས་པས། སུ་ག་ཎ། ཚོགས་བཟང་། ཚོ་གཅོད་པ་ལ།


JKT016_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཎ་སོགས་ཀྱི་སྐྲུན། མཚམས་སྦྱོར་གྱི་ཡི་གེའི་ཨཱ། ཨིཔྲ་མན་ཏྲན་སོགས་ཀྱིས་ཐུང་བས། ཚཏྲ། དེ་ལ་དབྱངས་ལས་ཕ་རོལ་ཚ་ཡིག་གཉིས་སུ་བརྗོད་པ་སོགས་ཀྱིས། ཙྪ་ཏྭཾ། གྲུབ་པ་གྲིབ་བསིལ་ཅན་ཏེ་གདུགས་སོ། །ཡང་། ཙྪད་སྒྲིབ་པ་ལ། ཉི་དང་། ན་དག་བྱིན། ཋིཏའི་འཕེལ། སླར་ཨི་པྲ་མན་ཏན་སོགས་ཀྱིས་ཐུང་། ཉི་བྱིས་ནས་དྲངས་པས། ཙྪཏྟཱ། སྒྲིབ་བྱེད་དེ་གདུགས་སོ། །ཧྲཱིཙྪ་ངོ་ཚ་ཤེས་དང་། མྨེཙྪ་མི་གསལ་བར་བརྗོད་པ་དག་ལ། ཨཙུ་རྐྱེན། བརྩེགས་པའི་དང་པོ་དབྱིབས། ཧྲི་ཚ། རྨེ་ཚ། ཞེས་པ། གཞུང་འདིས་ཚ་གཉིས་སུ་བརྗོད་པ་སོགས་ཀྱིས་བསྒྲུབས་པས། ཧྲཱིཙྪ ངོ་ཚ་ཤེས། མྨེཙྪ དགའ་བ་འཇོམས་ཏེ་ཀླ་ཀློའོ། །ཧ་སེ་དགོད་པ་ལ། ཨཔྲ་དང་། ཏིཔྲ། ཧ་ས་ཏི། དགོད་པར་བྱེད། དྲྀ་ཐཱའི་སྒྲ་ནི་བི་ཤྭ་ལས། བྲི་ཐཱ་ནད་ཀྱིས་བོར་བ་དང་། །རྒྱུ་མཚན་མེད་དང་སྒྲུབ་བྱེད་མེད། །མོ་གཤམ་དག་ལའང་བལྟ་བར་བྱ། །ཞེས་མི་ཟད་པ་དོན་དུ་མ་ཅན་གྱི་སྡེ་ཚན་དུ་བཀླགས་པའི་ཕྱིར་སྒྲུབ་ཚུལ་བྱེ་བྲག་པ་མ་བཤད་དོ། །ཡ་ཛ་ལྷ་མཆོད་པ་ལའོ། །ཡ་ཛི་ལས་ཏེ་ཤ་རང་ངོ་ཞེས་པས། རྐྱེན་ཨ་ཀུན་དང་། ཛ་ཤ་རུ་བསྒྱུར་བས་སམ། ཡང་ན། ཡ་ཐོབ་པ་ལ་ཌ་རྐྱེན་དང་། ཤྲཱི་སུ་བསྔགས་པ་ལ་ཀྭིཔྲ་སྦྱར་ནས་སྣ་ལྡན་དབྱི་བས། ཡ་ཤས། བསྔགས་པ་ཐོབ་པ་སྟེ་སྙན་གྲགས་སོ། །དེ་ལ་རྣམ་


JKT016_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་དང་པོའི་མང་ཚིག་ཛས་བྱིན། ཛས་ཤི་རུ་བསྒྱུར་བ་སོགས་མ་ནིང་གི་རྟགས་མཐའ་ལྟར་བསྒྲུབས་པས། ཡ་ཤནྟི། གྲགས་པ་རྣམས། པི་དྲ་བཏུང་བ་ལའོ། །ཨ་སུན་འོས་ཨ་སུན་རྐྱེན་བྱིན། ཡོན་ཏན་བྱས་ནས་དྲངས་མཐར་སྔ་མ་བཞིན་དུ་ཛས། པ་ཡཱནྟི། ཆུའམ། འོ་མ་རྣམས་སོ། །ཀ་མུ་འདོད་པ་ལ། ཧ་མི་མཱ་ནི་ཀ་མི་སོགས་ཀྱིས་ས་རྐྱེན། མ་ང་རོ། ཀཾ་སཿ གྲུབ་པ་ལྕགས་སྣོད་སྤྱི་དང་། བྱེ་བྲག་ཏུ་མཁར་སྣོད་ལ་འཇུག་གོ །ཐཾ་སུ་བསྔགས་པ་ལ་ཨ་མྲ། ཤྲཱི་སཿ བསྔགས་པའོ། །ཌཱ་ཀྲྀཏུ་བྱེད་པ་ལ། ཏ་ན་སོགས་ལས་ཨུཔྲ་བི་ཀ་ར་ཎ་དང་། ད་ལྟར་བའི་པར་སྨེའི་སིཔྲ། ཀྲྀ་རད་ངོས་ཀྱི་ཡོན་ཏན་གཏྲ། པི་ཏ་ལ་བར་རྐྱེན་གྱི་ཡོན་ཏན་ཨུ་ཨོ། ཀུ་ཨི་ལ་ལས་བྱས་པའི་སའི་ཥ་ཁོས་ས་ཊཾ། ཀ་རོ་ཏི། བྱེད་དོ། །དེ་བཞིན་དུ་ཏ་ནུ་རྒྱས་པས་ཨུ་པྲ་དང་། སི་པྲ་སྦྱར་བས། ཏ་རོ་ཏི། རྒྱས་པར་བྱེད། སཾ་སྔོན། ཛཱ་། ཁོང་དུ་ཆུད་པ་ལའོ། །ཀཱི་སོགས་ལས་ནཱ་བི་དང་། ད་ལྟར་བའི་ཏིཔ། ཛཱ་ཛ་ན་དག་གི་ཛཱ་འོས་ཛྷཱ་ཛཱ། སི་ཛཱ་ནཏི། ལེགས་པར་ཤེས་པར་བྱེད། སོ་སྔོན་མའི་ཡ་མ་ཉེ་བར་འགོག་པ་ལ་ལྟ་སྦྱར་མཐར་ཨཱཔ། སཾ་ཡནྟུ། ཡང་དག་སྡོམ། སམ་སྔོན། བས་ངེས་པར་གནས་པ་ལའོ། །ཨུཎ་ལས་མ་དི་ཨ་སི་བ་སི་དག་ལས་ས་ས་རནའོས། ས་ངན། ས་ལ་ལིདྲ་ཨ་ཏད་ལ་སའི་འོས། སཏྲ། དྲངས་པས། སཾ་བཏྠ་ར།


JKT016_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ལོའོ། །ལུའུ་གཅོད་པ་ལ། ནཱ་དང་། སིཔྲ། བྱིངས་ཐུང་བས། ལུ་ནཱ་སི། གཅོད་པར་བྱེད། ཥཱཉྩ་མངོན་པར་འཁྲུད་པ་ལ་མན་རྐྱེན་དང་། ཡོན་ཏན། བུད་མེད་ལ་ཨཱཔ། སོ་མཱ། ཟླ་བ། སཾ་སྔོན་མའི་རྔུ་དྷུཉ་འཛིན་པ་དང་གསོ་བ་དག་ལའོ། །ལྟ་རྐྱེན་དུ་བྱས་ནས་དྷུའི་ཧི་རུ་བསྒྱུར་བའམ། ཡང་ན་ཧི་འགྲོ་བ་ལ་རྐྱེན་དེ་ཉིད་སྦྱར་མཐར་ཨཱཔ། སཾ་ཧི་ཏཱ། ཡང་དག་ཕན། རུ་སྒྲ་ལ་ཨུཎ་སོགས་ཀྱི་ཨི་རྐྱེན། ཡོན་ཏན་བྱས་ནས་དྲངས་པས། ར་བི ཉི་མ། ཧ་ན་འཚེ་བ་ལ། ས་རྐྱེན། ན་རྗེས་སུ་ང་རོ་བྱས་པས། ཧཾ་སཿ གྲུབ་པ། ངང་པ། ཉི་མ། ཁྱབ་འཇུག་སོགས་དོན་དུ་མ་ཅན་ནོ། །ལྔ་པ་རྣམ་པར་བཅད་བྱའི་མཚམས་སྦྱོར་གྱི་སྐབས་སུ། ཤཱིད་ཉལ་བ་ལའོ། །བྱེད་པ་པོ་ལ་ཨཔྲ། ད་ལྟར་བའི་ཨཱཏྨ་ནེའི་ཏེ། ཤཱི་ལ་འོས། ཡོན་ཏན་བྱས་བས། ཤེ་ཏེ། ཉལ་བར་བྱེད། ཥ་ཎ་ཡང་དག་པར་གུས་པ་ལའོ། །ཉམ་མཐའ་ལས་ཌ་དང་། ཥ་ས་རུ་མི་འགྱུར་བས། ཥམཿ ཚལ་ལོ། །སཱདྷ་ཡང་དག་པར་སྒྲུབ་པ་ལ། ཨུཎྜ་རྐྱེན། སཱ་དྷུ༔ ལེགས་པ། པ་ཋ་གསལ་བར་བརྗོད་པ། བྱེད་པ་པོ་ལ་ཨཔྲ་དང་། ད་ལྟར་པའི་ཏིཔ། པ་ཋ་ཏི། ཀློག་པར་བྱེད། བ་ཙ་སྨྲ་བ་ལོ། ལས་ལ་ཨཎྜ། མཐར་སི། པཱ་གྲུབ་པ། སྨྲ་བའོ། །དེ་ཉིད་མིང་བརྗོད་པ་ལ་པ་ཏིའི་སྒྲ་དང་སྦྱར་བའི་ཚེ། ཚིག་ཕྲད་ལས།


JKT016_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཅད་ས་རུ་བྱས་ནས་དྲངས་པས། བཱ་ཙ་སྤ་ཏི སྨྲ་བའི་བདག་པོ་སྟེ་གཟའ་ཕུར་བུའི་མིང་བོ། །གཞན་དུ་ཙནྡྲ་པ་སོགས་སུ། སཱ་རཀ་ར་ལ་སོགས་པ་རྣམས་སོ། །ཞེས་པའི་ཚིག་ཕྲད་ལས་མིང་སྔ་ཕྱིའི་བར་དུ་སུ་ཊ་ཨ་ག་མ་སྟེར་ནས་དྲངས་པས་སྒྲུབ་པར་བྱེད་མོད་ཀྱི། འོན་ཀྱང་འདི་ཉིད་ཀྱི་དགོངས་པ་ནི་སྔ་མ་ལྟར་རོ། །བན་སྒྲ་ལ་ཨ་ཙ་རྐྱེན། བ་ན ནགས། དེ་ལ་པ་ཏིའི་སྒྲ་སྦྱར་བས། བ་༢ན་སྦ་ཏི། ནགས་ཀྱི་བདག་པོའོ། །ཁྲི་ཧིར་སྒྲ་ལའོ། །ཁྲི་ཊི་སྲི་ཧི་མ་ཧི་ལས་ཤཏྲི་འོས། ཤཏྲ་རྐྱེན། ཤ་ལ་སྤྱིར་བྱིངས་ཐམས་ཅད་པ་བཞིན་དུ་འགྱུར་ཡང་། འདིར་ཚིག་ཕྲད་ལས་ཨཔྲ་མེད་པས། ཤ་ཕྱིས། སྲོག་གི་ཨ་དྲངས། རི་རྗེས་འབྲེལ་ཕྱིས་པས། པྲ་ཧ་ཏུ་གྲུབ། དེ་ཉིད་མིང་ལ་བཏིའི་སྒྲ་དང་སྦྱོར་བའི་ཚེ་ཚིག་ཕྲད་ལས་ཏྲ་ས་རུ་བསྒྱུར་ནས་དྲངས་པས། བྲི་ཧ་སྨྲ་ཏི ལྷ་བདག་གམ་རིག་བྱེད་བདག་པོ་སྟེ་ཕུར་བུའི་མིང་ངོ་། །འདི་ལའང་ཙནྡྲ་པར། བྲི་ཧ་ཏྲའི་ཏཱ་དབྱི་ནས། སུཊ་ཨཱ་ག་མ་སྦྱིན་པས་སྒྲུབ་པར་མཛད་སྣང་ངོ་། །པྲི་སྐྱོང་བ་དང་རྫོགས་པ་ལ་ཨཎཱ། པཱ་རཿ མཆོག །དེ་ཉིད་ཀཱ་རའི་སྒྲ་དང་སྡུད་པའི་ཚེ་རྣམ་བཅད་ལྕེ་རྩ་ཅན་དུ་མི་བསྒྱུར་བ་སྲ་བྱས་ནས་དྲངས་པས། པ་རསྐརཿ མ་མཆོག་གི་བྱེད་པོ། ཏཏྭ་ལ། ཏྲ་ས་རུ་བསྒྱུར་ནས་དྲངས་པས། ཏསྐ་རཿ དེ་བྱེད་པ་སྟེ་ཆོམ་པོའི་མིང་ངོ་། །བྷཱ་འབར་བ་ལ་ཀྭི་པ་སྦྱར། །


JKT016_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱཿ འོད། དེ་ཉིད་ཀྱི་རྣམ་བཅད་ས་རུ་བསྒྱུར་ནས་ཀ་ར་ལ་དྲངས་པས། བྷ་སྐ་རཿ འོད་བྱེད་དེ་ཉི་མའོ། །ཡང་ན་བྷ་སྲི་འབར་བ་ལ་རྐྱེན་དེ་ཉིད་སྦྱར་ནས། སི་ཕྱིས་པས། བྷ་ས། གྲུབ་པ་ལས་ཀྱང་རུང་ངོ་། །ཀྲྀཏྲ་འཕྲོག་པ་ལ། ཨི་ཏི་རྐྱེན་དུ་བྱས་ནས་དྲངས་པས། ཧ་རི་ཏྲ། དེ་ཉིད་ཙ་དེ་ཚིམ་པ་ལ། ཨིནྡྲ་བཞིན་དུ་རཀྲ་རྐྱེན་དང་། ཨི་དི་ཏའི་ནུ་མ་སྦྱར་བའི་ཙནྡའི་སྒྲ་དང་ལྷན་ཅིག་ཏུ་སྡུད་པའི་ཚེ་ཚིག་ཕྲད་ལས་ཏྭ་ས་དང་། སྲ་ཤྭ་རུ་བསྒྱུར་ནས་དྲངས་པས། ཧ་རིཉྩནྡ འཕྲོག་བྱེད་ཟླ་བ་སྟེ་དྲང་སྲོང་ཞིག་གི་མིང་ངོ་། །འདིར་སྒྲ་མེད་ཀྱི་ཡི་གེ་ལས། ཙ་ཚ་དང་། ཊ་ཋ་དག་ལ་འགྱུར་ཚུལ་བྱེ་བྲག་ཏུ་མ་བསྟན་ཀྱང་། རྒྱུད་ཉུང་གི་མདོར། རྣམ་པར་བཅད་བྱ་ཙའམ་ཚ་ལ་ཤའོ། །ཊའམ་ཇ་ལ་ཋའོ། །ཞེས་བཤད་དོ། །ཧུ་སྦྱིན་པ་ལ། ཤྭ་ན་ལ་སོགས་པ་རྣམས་སོས་ཀ་ནི་ན་རྐྱེན་དང་། ཀིཏྲལ་བྱིངས་ཀྱི་དབྱངས་ཕྱིས་ནས་དྲངས་པའི་གོང་དུ་དགག་སྒྲ་སྦྱར་བས། ཨ་ཧ་ན། འདིས་སླར་འོང་བ་མི་འདོད་པས་ན། འདོར་མེད་དེ་ཉིན་མོའོ། །རྭ་ལེན་པ་ལ། ཨུཎ་ལས། རྭ། ཤ་དེ་དག་ལས་ཀྱིས་འོས་ཀྱིས་རྐྱེན། རྭ་ཏྲི གྲུབ་སྟེ། འདི་ལ་བྱ་བ་མི་བྱེད་པའི་གནས་ལེན་པར་བྱེད་པས་ན་མཚན་མོའོ། །རུ་སྒྲ་ལའོ། །པཱཟླ་ལ་སོགས་པ་རྣམས་སོས་པ་རྐྱེན་དང་། ཚིག་ཕྲད་ལས་རིང་བས། རཱུ་པ། འདིས་སྒྲ་སྒྲོགས་པར་བྱེད་པས་


JKT016_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཟུགས་སོ། །ཙུ་ར་སོགས་ཀྱི་ག་ཎ་གྲངས་འདྲེན་པ་ལ་ཉི་དང་། ཨ་ཙ་རྐྱེན། ཨིཊ་མེད་པ་ལ་ཉི་ཕྱིས་ནས་སྦྱར་བས། གཎཿ གྲུབ་པར་འདོད་འཇོ་ལས་བཤད་ཅིང་། རྣམ་བཤད་བདུད་རྩིར། ག་ཎ་འདུས་པ་ལ་གྷརྦ་སྦྱར་ཞིང་། གཉིས་ཀ་ལའང་བྱིངས་ཨཏྲ་མཐའ་ཅན་ཡིན་པས་ཨ་ཏྲ་ཕྱིས་པའི་མཐའ་ཅན་བཞིན་དུ་འགྱུར་བའི་ཕྱིར་འཕེལ་བ་མེད་པར་བཞེད་དོ། །ར་སུ་རྩེ་བ་ལ་ཀླན་རྐྱེན་དང་། ཉམའི་ཡི་གེ་དབྱི། མཐར་སི། ར་ཐཾ། འདིས་རྩེ་བར་བྱེད་པའི་ཕྱིར་ཤིང་རྟའོ། །ཏཱཾ་རྐྱལ་བ་དང་སྒྲོལ་བ་དག་ལའོ། །དབྱངས་ལ་ཨ་རྐྱེན་དང་། ཡོན་ཏན་བྱས་ནས་དྲངས་པས། ཏ་ར། སྒྲོལ་བའོ། །དཔེར་བརྗོད་འདི་རབ་བྱེད་དུ་མི་འབྱུང་ཡང་། འགྲེལ་པ་སློབ་ཕན་སོགས་སུ་བཀོད་པ་ལྟར། པཱ་ཎི་བར། རཱུ་པ་རཱ་ཏྲི་ར་ཐམ་རྣམས་ལ་རུ་ཉིད་དུ་བརྗོད་པར་བྱའོ། །ཞེས་དང་། དཔེར་བརྗོད་དུ། ཀྲི་ཏྣ་མ་ཧོར་ཐཾ་ཏར་སཱ་མ་ག་ཡ་ཏི། ཉིན་མོ་ཤིང་རྟ་སྒྲོལ་གྱིས་སྙན་ཚིག་མ་ལུས་པ་གླུ་དབྱངས་སུ་ལེན་པར་བྱེད། ཅེས་འབྱུང་བའི་ཕྱིར། ར་ཐཾ་ཏ་རའི་སྒྲ་ནི་ཤིང་རྟ་སྒྲོལ་དུ་བསྒྱུར་དགོས་པར་སྣང་ངོ་། །བསླུ་འགྲོ་བ་ལ། ཀྟ་རྐྱེན། ཉམའི་ཡི་གེ་དབྱི་བས། ག་ཏཿ འགྲོ། ཡཱ་ཐོབ་པར་བྱེད་པ་ལ་ཨཔྲ་དང་། ཏིཔྲ། ཡདྲ་སོགས་ལས་ཨཔྲ་འཇིག །ཡཱ་ཏི། ཐོབ་བོ། །མན་ཤེས་པ་ལ་ཨ་སུན། མ་ནས། ཡིད། ཊཱདྷིཧྥ་འཛིན་པ་ལ།


JKT016_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

མན་རྐྱེན། མཐར་ཛས། དྷརྨ ཆོས་རྣམས། ཧི་འགྲོ་བ་ལ་ཨུན་སོགས་ཀྱི་ཏུན་རྐྱེན། ཧེ་ཏུ། རྒྱུ། བྷ་འབར་བ་ལ། ཌོ་སུའི་རྐྱེན་སྦྱར་བས། བྷོས། གྲུབ་པ། བོད་པའི་དོན་གྱི་མི་ཟད་པའོ། །བྷ་ཛ་བསྟེན་པ་ལ་གྷ་རྐྱེན། བྷིཏྲ་ཉིད་ཀྱི་ཕྱིར་ཕྲོག །དྲངས་པས། བྷ་ག །གྲུབ་པ་སྐལ་བ་སོགས་ལ་འཇུག །དེ་ལ་ལྡན་སྐྱེ་ནག་ཏུ་བྱིན། ཨུ་ཕྱིས་པས། བྷ་ག་བཏྲ། མཐར་བོད་སི་བྱིན་ནས་ཕྱིས། ཚིག་ཕྲད་ལས་ཏས་དང་། ཨ་བའི་སྒྲ་ཨོ་ཉིད་དུ་བསྒྱུར་བས། བྷ་གོས། གྲུབ་པ་སྐལ་ལྡན་ཏེ། བོད་པའི་དོན་ལའང་བལྟ་བར་བྱའོ། །ཎ་མ་རབ་ཏུ་འདུད་པ་ལ་ཨ་སུན་རྐྱེན། ན་མས། ཕྱག་འཚལ་ལོ། །དེ་ཉིད་ཡུཊྚདྲ་ལ་བཞི་པའི་གཅིག་ཚིག་བྱིན་ཟིན་པའི་ལུས་འགྱུར་ཏེ་ལ་དྲངས་པས་ན་མ་སྟེ། ཁྱེད་ལ་ཕྱག་འཚལ་ལོ། །ཧ་ན་འཚེ་བ་ལ་ཌ་རྐྱེན། ཌཏྲ་ལ་ཨན་ཕྱིས། ནྱད་ལ་སོགས་པ་ཉིད་ཀྱི་ཕྱིར་ཧྲ་གྷ་རུ་བསྒྱུར་ནས་དྲངས་པའི་སྔོན་དུ་དགག་སྒྲ་སྦྱར་བས། ཨ་གྷ། འདིས་བསོད་ནམས་ཅན་འཇོམས་པར་མི་ནུས་པས་ན་སྡིག་པའོ། །དེ་ལ་ལྡན་རྐྱེན་བ་ཏུ་དང་། བོད་སི། ཏྲ་ས་རུ་བསྒྱུར་བ་སོགས་བྷ་གོས་ལྟར་བསྒྲུབས་པས། ཨ་གྷོ་ས། སྡིག་ལྡན་ཏེ། བོད་པའི་དོན་ཀྱང་ངོ་། །ཡཱ་ཐོབ་པ་ལ། ཨཔྲ་དང་། ཧི། ཨདྲ་སོགས་ལས་ཨཔྲ་འཇིག །ཡཱ་ཧི། དེངས་ཤིག །ཡ་ཛ་ལྷ་མཆོད་པ་ལ་ཨཔྲ་དང་། ད་ལྟར་བའི་ཏེ།


JKT016_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཛ་ཏེ། ལྷ་མཆོད་དོ། །ཨུ་ཥ་སྲེག་པ་ལ། ཚིག་ཕྲད་པས་ཨ་སུན། ཨུཥས། བུདྡྷ་ཁོང་དུ་ཆུད་པ་ལ་ལྟ། ཏ་ཐ་དག་གི་དྷ་སོགས་ཀྱིས་བསྒྲུབས་ཏེ་སྦྱར་བས། ཨུཥ་དྷ། སྔ་དྲོ་སད་དེ་མེའི་མིང་ངོ་། །འདི་ལ་མཛོད་འགྲེལ་དུ་བུདྡྷ་ཞེས་བཀླགས་ཤིང་། བྱིངས་སྔ་མ་ལ། ནཱ་མིན་ཨུ་པ་དྷཱ་ལས་ཀ་རྐྱེན་དུ་བྱས་པར་བཤད་དོ། །ཧཱུྃ་བརྗོད་པ་ལ་ཀྭིཔྲ། ཛཱ་ཏའི་ཨཱིར། རྐྱེན་ཕྱིས་པས། གཱིར། ཚིག །དེ་པ་ཏིའི་སྒྲ་དང་སྦྱོར་བས། གྷིརྦ་ཏི༔ ཞེས་སམ། ཧཱུྃ་ཧྥ་ཏི༔ དབྱངས་བདག་སྟེ། གཟའ་ཕུར་བུའི་མིང་ངོ་། །དྷ་ཧྥི་འཚེ་པ་ལ་ཀྭིཔྲ། པྲ་དབྱིབས། དྷར། ཤིང་རྟ་སོགས་ཀྱི་མདུན་གྱི་ཆ་དང་། གླང་སོགས་ལ་འཇུག་གོ །པྲ་དང་ཨཱད་སྔོན་མའི་ཏི་རྒྱལ་བ་དང་སྒྲོལ་པ་ལ། བི་ཛྲ་རྐྱེན། བྱིངས་ཀྱི་ཡོན་ཏན། རྐྱེན་དབྱེ་བས། པྲ་ཏམ། དང་པོའི་དུས་ཏེ་ཐོ་རངས་སོ། །ཨན་སྔོན་མའི་ཧཱུྃ་ལ་བིཛྲ་སྦྱར་བས། ཨནྟར། ནང་སྟེ་སྒྲུབ་ཚུལ་གཞན་ཡང་ཡོད་ལ། འདི་གཉིས་ནི་གྲངས་མེད་པའོ། །སུ་ནར་ནི་མི་ཟད་པའི་སྡེ་ཚན་དུ་བཀླགས་ཀྱང་སྒྲུབ་ཚུལ་བྱེ་བྲག་པ་མ་མཐོང་ངོ་། །ར་མུ་རྩེ་བ་ལ། ཨ་པྲ་དང་། ད་ལྟར་བའི་ཏིཔ། ར་མ་ཏི། རྩེ་བར་བྱེད། ཤུལྕི་མངོན་པར་འཁྲུད་པ་ལ་རྟིན་རྐྱེན་དང་། པྲ་དབྱིབས། ཤཀྟི། ཉ་ཕྱིས། ཙནྡྲ་པར། རཱུ་པ་ལ་བརྡུང་བ་དང་བསྟོད་པ་དག་ལ་འོས། ཡཔྲ་རྐྱེན་དུ་སྦྱར་བས། རཱུ་པྱ། བསྔགས་


JKT016_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས་ཏེ་དངུལ་ལོ། །ཨཱ་དྲ་སྔོན། དྷ་འབར་བ་ལ་ཨཔྲ་དང་། ཏིཔ། ཨད་སོགས་ལས་ཨཔྲ་འཇིག །ཨཱ་བྷཱུ་ཏི། སིམ་པར་བྱེད་དོ། །ཞེས་པའོ། །དེ་ལྟར་མཚམས་སྦྱོར་རྣམ་པ་ལྔའི་སྐབས་སུ་འགྲེལ་པ་སློབ་ཕན་ལས་འབྱུང་བའི་དཔེར་བརྗོད་རྣམས་ཀྱི་སྒྲུབ་ཚུལ་ས་བོན་ཙམ་ཞིག་བཀོད་པ་སྟེ། དེར་མ་སྨོས་པའི་ལྷག་མ་ཆ་ཤས་ཤིག་རྒྱ་འགྲེལ་དུ་འབྱུང་ཡང་གོ་སླ་བར་སེམས་ཏེ་མ་བརྗོད་ལ། འདིའི་གཤམ་དུ་རབ་བྱེད་ལས་འཕྲོས་དོན་གྱི་ཚིགས་བཅད་འགའ་ཞིག་འབྱུང་བའི་དོན་ཅུང་ཟད་བཤད་ན། དེ་འདི་ཤིང་རྟ་བཅུ་པའི་བུ་དགའ་བྱེད། །དེ་འདི་རྒྱལ་པོ་གཡུལ་ངོར་བརྟན་པའོ། །དེ་འདི་གཏོང་བ་ཆེན་པོ་རྣམ་ཅན། །དེ་འདི་འཇིགས་སྡེ་སྙིང་སྟོབས་ཆེན་པོ་ལ། །ཞེས་པའི་རྒྱ་དཔེར། སདང་། ཨེ་ཥའི་སྒྲ་ལ། སྔ་མའི་རྣམ་བཅད་ཕྱིས་ནས་མཚམས་སྦྱར་བས། སེ་ཥ གྲུབ་པ། དེ་འདི་སྟེ། སྤྱིར་བཏང་རྣམ་བཅད་ཕྱིས་ནས་མཚམས་མི་སྦྱོར་བ་ཡིན་ཀྱང་། དམིགས་བསལ་སྡེབ་སྦྱོར་དང་། རྐང་པ་ཁ་སྐོང་བ་སོགས་ཀྱི་དོན་ལ་ལྟོས་ནས་མཚམས་སྦྱར་བའི་དཔེར་བརྗོད་དོ། །གང་ཞིག་འཇིག་རྟེན་པ་ལས་འདིར་བཤད་པ། རིག་བྱེད་ལས་ནི་དེ་བཞིན་མང་པོ་འབྱུང་། །དེ་འདིར་ས་ཀུན་བྱིན་དང་བུར་ཤིང་མར། །ཞེས་པ་ལ་སོགས་རྣམས་ཀྱི་གནོད་མེད་ཉིད། །ཅེས་བྱ་བ་ནི་གང་ཞིག་འཇིག་རྟེན་པའི་ཉེ་བར་སྤྱོད་


JKT016_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་ལེགས་པར་བཤད་པ་དང་། ངེས་ཚིག་གིས་བསྒྲུབས་པ་དང་། དེ་བཞིན་དུ་རིག་བྱེད་ལས་དམིགས་བསལ་དང་། གསང་ཚིག་གིས་སྒྲུབ་པ་སོགས་ལ། རྣམ་བཅད་ཕྱིས་། ནས་མཚམས་སྦྱར་བས་མཚོན་གཞན་ཡང་མང་དུ་འབྱུང་སྟེ། དཔེར་ན། ཏདྲལ་སི་བྱིན་པའི་སདང་། ཨིདམ་ལ་ཤས་བྱིན་པའི་ཨི་ཚྭ་དག་རྣམ་བཅད་ཕྱིས་ནས་སྦྱར་བས། སེ་ནཱཾ། ཞེས་གྲུབ་པ། དེ་འདི་རྣམས་ལ། བྷཱུ་ཡོད་པ་ལ། ཨཱུརྨི་ར་ཤཱི་བྷ་རྨི་རྣམས་སོ་ཞེས་པས། མི་རྐྱེན་དུ་སྦྱར་མཐར་སི། བྷ་མི༔ ས་གཞི། ཊཱ་དཱཉྩ་སྦྱིན་པ་ལའོ། །ཨཱ་རུ་སྔོན། ལྐོག་གྱུར་གྱི་ཨཱཏྨ་ནའི་ཨེ། གཉིས་ཀྱང་ངོས། བྱིངས་གཉིས་བརྗོད། ཐུང་ངུ་འོས་སྔ་མ་ཐུང་། ཨཔ་མེད། ཨརྱའི་འོས། དཱའི་ཨ་དབྱི་ནས་དྲངས་པོས། ཨཱ་ད་དེ། ཀུན་བྱིན་ནོ། །སྔ་མའི་རྣམ་བཅད་ཕྱིས་ནས་སྦྱར་བས། བྷ་མྱུ་དདེ། ཞེས་གྲུབ་བོ། །ཡང་། སདང་། ཨུཏྟཾ་དག་སྦྱར་བས། སོ་ཊཾ། གྲུབ་སྟེ། དེ་བུར་ཤིང་མར། ཞེས་པ་ལ་སོགས་པའི་སྒྲུབ་ཚུལ་རྣམས་ནི་བརྡ་སྤྲོད་པའི་གཞུང་སྤྱི་དང་མཐུན་ཡང་ཉེས་པ་མེད་ངེས་ཉིད་དེ། ལེགས་པའི་ཡན་ལག་གོ །ལ་ལར་འཇུག་དང་ལ་ལར་མི་འཇུག་དང་། །ལ་ལར་གདམ་ག་ལ་ལར་གཞན་དུ་འགྱུར། །ཆོ་ག་རྣམ་མང་བྱ་བ་ཤེས་པས་ནི། །རྣམ་པ་བཞི་དང་མང་པོར་བརྗོད་པར་འགྱུར། །ཞེས་སྨོས་པ་ནི། །


JKT016_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་སྐབས་ལ་ལར་མདོའི་སྤྱིར་བཏང་དང་། དམིགས་བསལ་གྱི་ཚིག་ཟིན་ཉེ་བར་འཇུག་པས་དེ་ལྟར་དུ་བསྒྲུབ་པ་དང་། གཞན་དུ། མདོའི་སྤྱིར་བཏང་དང་། དམིགས་བསལ་དང་། ཤུགས་བསྟན་གསུམ་ཀ་སྤངས་པས་མདོའི་དོན་མི་འཇུག་པ་དང་། ལ་ལར་མདོ་ལས་རྗེས་སུ་བསྟན་པའི་དོན་ཉིད་དང་། དེ་ལས་གཞན་པས་བསྒྲུབ་པ་འདམ་ཀ་བྱེད་པ་དང་། ལ་ལར་མདོའི་ཚིག་དོན་གྱིས་ཟིན་མ་ཟིན་ཇི་ལྟར་རུང་། རྒྱུ་མཚན་བཤད་དུ་མེད་པར་བྱེད་པ་སོགས་གཞན་དུ་བསྒྱུར་བའི་ཚིག་སྟེ་རྣམ་པ་བཞི་དང་། གཞན་ཡང་། ཆོ་གའི་བྱ་བ་མི་འདྲ་བའི་སྒྲུབ་ཚུལ་མང་པོ་ཡོད་པ་དག་ཀྱང་མི་འགོག་སྟེ། བརྗོད་པར་འགྱུར་བ་ཡིན་མོད་ཀྱི། སྨོས་མ་ཐག་པའི་སྒྲུབ་ཚུལ་དེ་དག་ཏུ་དོན་གྱིས་འདུས་པར་ཟད་དོ། །ཡི་གེ་གློ་བུར་ཡི་གེ་བསྣོལ་བ་དང་། །གཞན་གཉིས་ཡི་གེ་རྣམ་འགྱུར་ཉམས་པ་དག །བྱིངས་ལས་དེ་དོན་ཕུལ་བྱུང་སྦྱོར་བ་སྟེ། །ངེས་པར་བཤད་པའི་ཆོ་ག་ལྔ་རུ་འདོད། །ཅེས་བྱ་བ་ནི། འདི་ལྟར་བྱིངས་རྐྱེན་ནམ། མིང་སྔ་ཕྱིའི་བར་སོགས་སུ་འཇུག་པའི་ཡི་གེ་གློ་བུར་བ་སྟེ། ཨཱ་ག་མར་གྲགས་པ་རྣམས་དང་། སྔ་མའི་ཡི་གེ་ཕྱི་མ་དང་། ཕྱི་མ་སྔ་མར་གོ་ལྡོག་པ་སྟེ། ཡི་གེ་བསྣོལ་བ་དང་། གཞན་ཡང་། ཡི་གེའི་གཟུགས་གཞན་དུ་གྱུར་པས། རྣམ་པར་འགྱུར་བ་དང་། མིང་གི་ཐ་མ་ཕྱིས་ནས་བསྡུས་པ་སོགས་ཡི་གེ་


JKT016_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་རྣམས་དང་། བྱིངས་དེའི་སྔ་མའི་དོན་གང་ཡིན་པ་དེ་ལས། ཆེས་ཕུལ་དུ་བྱུང་བར་འགྲོ་བའི་རྐྱེན་གྱི་སྦྱོར་བ་སྟེ། ངེས་ཚིག་གི་སྒོ་ནས་རྣམ་པར་བཤད་པའི་ཆོ་ག་ལྔ་པོ་རྣམས་སུ་འདོད་དོ། །དེ་བཤད་པ། ཡི་གེ་གློ་བུར་ག་བེནྡྲ་སོགས་ལ། །ཡི་གེ་གོ་ལྡོག་པ་ནི་སིདྷའོ། །རྣམ་པར་འགྱུར་བ་ཌོ་ཌ་ཤ་སོགས་ལ། །ཡི་གེ་ཉམས་པ་བྲྀ་ཥོ་ད་ར་ལའོ། །ཡི་གེ་རྣམ་པར་འགྱུར་དང་ཉམས་དག་གིས། །བྱིངས་ལས་ཨཱ ཕུལ་དུ་བྱུང་བ་འདྲེན་པ་ཡི། །སྦྱོར་བ་མཁས་པ་རྣམས་ཀྱི་མ་སྤུ་ར། །བླ་མ་ར་སོགས་རྣམས་སུ་དེ་བརྗོད་དོ། །ཞེས་སྨོས་ཏེ། དེ་ལ་དང་པོ་ཡི་གེ་གློ་བུར་བའི་དཔེར་བརྗོད་ནི། གོ་སྔོན་མའི་ཨ་ཤུ་ཁྱབ་པ་ལས་རྐྱེན་དུ་སྦྱར་བས། གོ །ཨཀྟ། ཞེས་གྲུབ་པར། གོ་ལ་སོགས་པའི་ཨཀྟ་ལ་སོགས་པ་ལ་ཨ་ཡིག་ཨཱ་ག་མ་བརྗོད་པར་བྱའོ་ཞེས་པས། མིང་སྔ་ཕྱིའི་བར་དུ་ཨ་ཡིག་ཨཱ་ག་མ་བྱིན་ནས་དྲངས་པས། ག་བཱ་ཀཱ། བ་ལང་གི་མིག་སྟེ་སྐར་ཁུང་ངོ་། །དེ་བཞིན་དུ་གོ་སྔོན་མའི་ཨིནྡྲལ་བར་དུ་ཨ་སྦྱར་བས། ག་བེནྡ། བ་ལང་དབང་པོ་སྟེ་ཁྱུ་མཆོག་གོ །དེ་ལ་སོགས་པ་རབ་བྱེད་ལས་དབྱངས་ཀྱི་མཚམས་སྦྱོར་སྐབས་འགའ་ཞིག་དཔེར་བརྗོད་པ་རྣམས་དང་། གཞན་ཡང་མང་དུ་བལྟ་བར་བྱའོ། །གཉིས་པ་ཡི་གེ་གོ་ལྡོག་པའི་དཔེར་བརྗོད་ནི། ཧིདྡྷི་འཚེ་བ་ལའོ། །ཡི་གེ་བསྒྱུར་བ་ལ་ཡང་ངོས་ཨ་རྐྱེན་དང་། གོང་འོག་བསྒྱུར་བས།


JKT016_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སིདྷཿ ཆེས་འཚེ་སྟེ་སེང་གེའོ། །གསུམ་པ་ཡི་གེ་རྣམ་པར་འགྱུར་བའི་དཔེར་བརྗོད་ནི། ཥ་ད་ཤ་ཙ། དྲུག་དང་བཅུ་རྣམས་ཞེས་པ་བསྡུས། ཥཊའི་ཌ་ཨུ་དང་། ད་ཤནའི། དྲའི་ཌ། མཐར་ཛས་འཇིག །ན་དབྱི། དྷ་མ་ཡིན་པ་ལ་མིང་གིན་དབྱི་བས། ཁོ་ཌ་ཤ། བཅུ་དྲུག་གོ །བཞི་པ་ཡི་གེ་ཉམས་པའི་དཔེར་བརྗོད་ནི། སྲི་ཞུ་དང་བྲི་ཏུ་བཀྲུ་བ་ལའོ། །ཨུཎ་ལས། སྲི་ཊི་བྲི་ཊི་སོགས་ཀྱིས་ཤ་ཏྲ་རྐྱེན། མང་པོ་ཉིད་ལ་སྤྱིར་བཏང་བས་ཨཔྲ་མེད། དྲངས་པས། དྲྀ་ཥཊ། རི་དྭགས་ཀྱི་བྱེ་བྲག་གོ །ཨུད་སྔོན། རྀ་འགྲོ་བ་ལ་དབྱངས་ལས་ཨ་རྐྱེན། ཨུ་ད་ར། ལྟོ་བའོ། །དེ་ལ་ངག་བཀོད་པས། སྲི་ཥ་དུ་ད་ར་མ་སྱ། འདིའི་ལྟོ་བ་བཀྲ་བ་ཞེས་པ་བསྡུས། ཚིག་ཕྲད་ལས། སྲི་ཥ་ཏའི་ཏྲ་ཕྱིས་ནས་དྲངས་པས། སྲི་ཥོ་ད་ར། ལྟོ་བ་བཀྲ་བའོ། །ཛཱི་བ་ན་སྐྱ་མཱུ་ཏོ་ཏེ་ན། འདིས་ཆུ་བཅིངས་པ། ཞེས་པ་བསྡུས། ཛཱི་བ་ནའི་བ་ན་དག་ཕྱིས་པས། ཛཱི་མཱུ་ཏཿ གྲུབ་པ་སྤྲིན་ནོ། ཤཱ་བཱ་ནཾ་ཤ་ཡ་ནཾ། རོ་རྣམས་ཀྱི་གནས་པ་ཞེས་པ་བསྡུས། ཤ་བའི་གླུ་དང་། ཤ་ཡ་ནའི་ཤཱ་ན་རུ་བསྒྱུར་བས། བླ་ཤཱ་ན། དུར་ཁྲོད་དོ། །དེས་མཚོན་ཏེ་གཞན་ཡང་མང་དུ་འགྱུར་རོ། །ལྔ་པ་ཡི་གེ་ཉམས་པའི་ཕུལ་བྱུང་གི་དཔེར་བརྗོད་ནི། འདི་ལྟར་ཡི་གེ་རྣམས་པར་འགྱུར་བ་དང་། ཉམས་པ་དག་གིས་བྱིངས་ཀྱི་དོན་སྔ་མ་དེ་ལས་ཆེས་ཕུལ་དུ་བྱུང་


JKT016_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་ཅན་དུ་འདྲེན་པར་བྱེད་པའི་སྦྱོར་བ་ནི་སྔོན་བྱོན་གྱི་མཁས་པ་རྣམས་ཀྱིས་འདི་ལྟར་རྗོད་པར་བྱེད་དེ། མཧཱ་མཆོད་པ་ལ་གྷ་རྐྱེན་དང་། ནཱ་ད་སོགས་ལས་ཨིཔ་སྦྱར་བས། མཧྲཱི། འབྱུང་པོ་རྣམས་ཀྱིས་མཆོད་པར་བྱེད་པའི་ཕྱིར་ས་གཞིའོ། །དེ་ལ་ཚིག་གྲོགས་བཀོད་པས། མ་ཧཱུྃ་ཨ་ཏི་ཤ་ཡེ་ན་རོ་ཏེ། ས་ལ་ཕུལ་བྱུང་དུ་སྒྲོགས་པར་བྱེད་དོ། །ཞེས་པའི་དོན་ལ། མ་ཧིའི་མ་ཡུ་དང་། དུ་སྒྲ་ལ་དབྱངས་ལས་ཨ་རྐྱེན་དུ་བྱས་ནས་དྲངས་པའི་ར་བའི་ར་རུ་བསྒྱུར་བས། མ་ཡུ་རགྲུབ་པ། སར་སྒྲོགས་ཏེ་རྨ་བྱའོ། །བྷ་མུ་གཡོ་བ་ལ། ཤཏྲ་རྐྱེན། བྷ་མ་ཏྲ། གྲུབ་པ་འཁོར་བའོ། །དེ་ལ་ངག་བཀོད་པས། ཨན་རྭ་ལྟེ་བྷ་མཏྠ་ཧཱ་ར་རོ་ཏི། བར་སྣང་དུ་འཁོར་ཞིང་སྒྲ་ཆེན་པོ་འབྱིན་པར་བྱེད་དོ། །ཞེས་པའི་དོན་ལ། བླ་མ་ཉའི་ཏ་པིས་ནས་རི་སྒྲ་ལཌ་རྐྱེན་དུ་བྱས་པའི་ར་དང་སྦྱར་བས། བླ་མར༔ འཁོར་ཞིང་སྒྲ་འབྱིན་ཏེ་སྦྱར་བའོ། །དེ་ལྟ་བུའི་སྒྲུབ་པ་དག་ནི་ངེས་ཚིག་གི་དབང་དུ་བྱས་ནས་བརྗོད་པ་སྟེ། གཞན་དུ་ན་མ་ཡི་འགྲོ་བ་ལ་ཨུར་ཙ་སྦྱར་བས། མ་ཡུ་རཿ དང་། བྷ་མུ་གཡོ་བ་ལ། བཱ་ར་བ་བཞིན་དུ་ཨ་རན་རྐྱེན་དུ་བྱས་པས། བྷ་མ་རཿ ཞེས་གྲུབ་པར་བཞེད་དོ། །དེ་ལྟར་གཞུང་གི་ཚིག་ཟིན་གྱི་འབྲུ་དོན་ཙམ་ཞིག་འཆད་པར་བྱས་པ་སྟེ། འདིའི་ཕྱོགས་རྒྱས་པར་ཁོངས་སུ་ཆུད་པར་འདོད་ན། ཀུན་མཁྱེན་དྷ་ཀ་རའི་ཞབས་ཀྱི་འགྲེལ་


JKT016_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དང་། གསར་འགྱུར་པཱ་ཎི་པའི་རིག་བྱེད་སྒྲ་སྒྲུབ་སོགས་ལས་རྟོགས་པར་བྱའོ། །ས་བཅད་གཉིས་པ་མིང་ལེ་ཡན་ལག་དང་བཅས་པའི་སྐབས་སུ་ཉེ་བར་མཁོ་བའི་འཕྲོས་དོན་ཅུང་ཟད་འཆད་པ་ལ་གཉིས་ཏེ། སྤྱི་དོན་བསྡུས་ཏེ་བསྟན་པ་དང་། གཞུང་དོན་བྱེ་བྲག་ཏུ་འཆད་པའོ། །དང་པོ་ནི། ཨ་མཱ་ར་ཀོ་ཥ་ལས། བསྟན་བཅོས་ལ་ནི་རྗོད་བྱེད་སྒྲ། །ཏིད་དང་སུ་པའི་མཐའ་ཅན་ཚིག །ཞེས་གསུངས་པ་ལྟར་མིང་དང་བྱིངས་ལས་ཚིག་ཏུ་བསྒྲུབ་པའི་རྣམ་དབྱེ་ལ་སི་སོགས་དང་ཏི་སོགས་གཉིས་སུ་ཡོད་པ་ལས་འདིར་སྔ་མ་སྟེ། དེ་ཡང་གང་ལ་སྦྱོར་བའི་ཡུལ། །གང་སྦྱར་བའི་རྣམ་དབྱེ། ཇི་ལྟར་སྦྱོར་བའི་སྒྲུབ་ཚུལ་ཏེ་གསུམ་ལས། དང་པོ་ནི། འདི་ལྟར་སི་ལ་སོགས་ས་རྣམས་ནི་བྱིངས་དངོས་ཀྱི་མཐར་མི་འཇུག་སྟེ། བར་དུ་ཡུཊ་དང་། ཀྭི་པ་དང་། ཏ་བྱ་ལ་སོགས་པ་རྣམས་ཀྱིས་ཆོད་པའི་ཕྱིར་རོ། །ཏི་སོགས་ཀྱི་མཐར་ཡང་མ་ཡིན་ཏེ། སྦྱོར་བ་གཞན་རྣམས་ཀྱིས་ཚིག་ཏུ་བརྗོད་ཟིན་པའི་ཕྱིར་རོ། །དེས་ན་བྱིངས་ལས་ཀྲྀཏ་རྐྱེན་གྱིས་བཅོས་ཟིན་པའི་མིང་ངམ་རྟོགས་མཐའ་དང་། བུད་མེད་ཀྱི་རྐྱེན་དང་། །དེ་ཕན་གྱི་རྐྱེན་མཐའ་རྣམས་ལ་འཇུག་སྟེ། དང་པོ་ནི། དེ་བུ་རྩེ་བ་ལའོ། །ཞེས་པ་ནི་བྱིངས་ཏེ། དེ་ཉིད་མིང་དུ་བསྒྲུབ་པའི་ཕྱིར། ཀྲྀཏྲ་ལས། མདྲ་རྣམས་ཀྱི་ཨ་འོས་རྐྱེན་ཨ་བྱིན། ཨུ་པ་དྷཱ་ཡང་བའི་ཡོན་ཏན་ཨི་ཨེ།


JKT016_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པས། དེ་བ། རྩེ་བྱེད་དེ་ལྷའོ། །དེ་ཉིད་ཚིག་ཏུ་བསྒྲུབ་པའི་ཕྱིར། རྟགས་ཀྱི་དོན་ལ་དང་པོ་འོས། རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། སིའི་ཨི་ཡིག་བརྗོད་དོན་དབྱི། ས་ར་དག་གི་རྣམ་བཅད་དོས་ས་རྣམ་བཅད་དུ་བྱས་པས། དེ་ཞེས་གྲུབ་པ་ལྟ་བུའོ། །གཉིས་པ་ནི། དེ་ཉིད་བུད་མེད་ཀྱི་དངོས་པོར་བསྒྲུབ་པའི་ཕྱིར། ནཱ་ང་སོགས་ལས་སོས་བུད་མེད་ཀྱི་རྐྱེན་ཨཱིཔ། བསྡུ་བ་ལ་རྐྱེན་དག་གོས་སྔར་བྱིན་པའི་རྣམ་དབྱེ་སི་འཇིག །ཨི་ཨའི་དབྱིའོས། མིང་མཐའི་ཨ་ཏྲ་ཕྱིས་ནས་དྲངས་པའི་མཐར་སི་བྱིན། བུད་མེད་ལ། ཧ་ས་ཨཱིཔྲ་ལ་སིའི་དབྱིའོས། སི་ཕྱིས་པས། དེ་བཱི། ལྷ་མོ། ཞེས་གྲུབ་པ་ལྟ་བུའོ། །གསུམ་པ་ནི། སྔར་བསྒྲུབས་པའི་དེ་བ་ལ་མིང་གི་ཁྱད་པར་གཞན་བསྒྲུབ་པའི་ཕྱིར་དེ་ཕན་གྱི་རྐྱེན་སྦྱིན་པ་སྟེ། དེ་ཡང་། དེ་བ་སྱ་པུ་ཏྲ༔ ལྷའི་སྲས་ཞེས་པའི་དོན་ལ། བུ་རྒྱུད་ལ་ཨཎའོས། ཨརྔ་བྱིན། བསྡུ་བ་ལ་རྐྱེན་དག་གོས་རྣམ་དབྱེ་ཚིག་གྲོགས་དང་བཅས་པ་འཇིག །ཎྜིཏ་དང་པོའི་དབྱངས་ཀྱིས་འཕེལ་བ་འོས་ཨི་ཨེ། །རྔ་དེ་ཡི་དོན་ཕྱིས་ནས་དྲངས་པའི་མཐར་སི་བྱིན་པས། དེ་བ ལྷ་སྲས་སམ། ལྷ་ལས་བྱུང་བ། ཞེས་གྲུབ་པ་ལྟ་བུའོ། །དེ་ལྟར་གྱི་རྟགས་མཐའ་དེ་ལ་དབྱེ་ན་སློབ་དཔོན་ཆེན་པོ་སུ་བྷཱུ་ཏི་ཙནྡྲས། དེ་ལ་འདི་ལྟར་རྟགས་ནི་རྣམ་པ་དྲུག་སྟེ། དག་པ་དང་། འདྲེས་པ་དང་། གཏིབས་པ་དང་།


JKT016_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་བསྒྲུབས་པ་དང་། ཀུན་ཏུ་འཇུག་པ་དང་། མི་གསལ་པ་རྣམས་སོ། །དེ་ལ་གཅིག་གིས་འདུ་བྱེད་པའི་རྒྱུ་ནི། དག་པ་སྟེ། ཁ་ཊཱ། བྲྀཀྵ༔ ཀུཎཾ། མོ་དང་། ཕོ་དང་། མ་ནིང་ངོ་། །གཉིས་ཀྱི་འདུ་བྱེད་ཉེ་བར་འཛིན་པ་ནི། འདྲེས་པ་སྟེ། མ་རཱི་ཙི ཨུ་རྨི༔ ཨཙྪི ཚནྡི ཀཥཱ་ཡཾ། ཀ་པཱ་ཊི། གསུམ་གྱི་འདུ་བྱེད་ཉེ་བར་སྦྱོར་བ་ནི་གཏིབས་པ་སྟེ། ཏ་ཊི། ཏ་ཊ༔ ཏ་ཊཾ། ཤྲིངྑ་ལཱ༔ ཤྲིངྑ་ལཱ༔ ཤྲིངྑ་ལཾ༔ ཁྱད་པར་གྱི་སྒྲའི་འདུ་བྱེད་ཉེ་བར་འཛིན་པས་བྱེ་བྲག་འབྱེད་པའི་གཟུགས་ནི་ཉེ་བར་འཛིན་པ་སྟེ། ཤུལླཱ། དུཀྵ ཤུཀཾ། པ་ཊི། པ་ཊུ། བྱེ་བྲག་འབྱེད་པ་ཉིད་ལའང་ངེས་པར་འདུ་བྱེད་པར་འོས་པ་ནི་ཀུན་ཏུ་འཇུག་པ་སྟེ། པྲ་ཀྲྀ་ཏི བི་ཥ་ཡ༔ པྲ་དྷ་ནཾ། བྷནྡྲ། དཱ་རཿ ཀ་ལ་ཏྲ། རྟགས་ཀྱི་མཚན་མས་སྒྲ་འདུ་བྱེད་པར་མི་འོས་པ་ནི་མི་གསལ་བ་སྟེ། པཉྩ། ཥ་ཊ། ཀ་ཏི། ཨུཙྪེ ཡུ་ཡཾ། བ་ཡཾ། ཞེས་བཤད་དོ། །ཅེས་གསུངས་པའི་དང་པོ་ནི། ཕོ་མོ་མ་ནིང་གང་རུང་གཅིག་གི་རྟགས་སུ་གྲུབ་པས་རྟགས་གཞན་མི་འཇུག་པ་རྣམས་ཏེ། དེ་ཡང་སྐྱེས་པའི་རྟགས་མཐའ་ཁོ་ན་ལས་རྣམ་པ་ཀུན་ཏུ་མི་འཇུག་པ་བྲྀཀྵ་ལྟ་བུ་ལ་མ་ནིང་ངམ་བུད་མེད་ཀྱི་རྟགས་མཐའ་སོགས་སུ་བྱས་ན། བུད་མེད་ལ་སྣམ་སྦྱར་གྱིས་བཀབ་པ་ལྟར་མཁས་པས་མཐོང་ན་ཡ་མཚན་པའི་གནས་སུ་འགྱུར་བའི་རིགས་ཏེ། ཕན་


JKT016_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་འཆོལ་བར་སྦྱར་དུ་མི་རུང་བ་རྣམས་སོ། །དེ་ལྟ་བུའང་མཛོད་ལས། སྐྱེས་བུ་ཉིད་ལ་ལྷ་ལྷ་མིན། །རྣམ་གྲངས་དབྱེ་བ་རྗེས་འབྲངས་བཅས། །ཞེས་སོགས་ཀྱིས་སྐྱེས་པའི་རྟགས་དང་། མོ་ལ་ཨཱིཏྲ་ཨཱུཏྲ་རྫོགས་ཨ་ཚྭ་གཅིག །སྐྱེ་གནས་ལྡན་པའི་སྲོག་ཆགས་མིང་། །ཞེས་སོགས་བུད་མེད་དང་། གཉིས་དམན་ལ་གཞན་ཁཾ་དང་ནགས། །ལོ་མ་བུ་ག་ཁ་བ་ཆུ། །ཞེས་སོགས་ཀྱིས་མ་ནིང་གི་རྟགས་རྣམས་བསྟན་པར་མཛད་དོ། །གཉིས་པ་ནི། གང་ཞིག་སྒྲའི་གཟུགས་གཅིག་ལའང་སྐྱེས་པ་དང་མ་ནིང་ལ་སོགས་པའི་རྟགས་གཉིས་རེ་འཇུག་པ་ཅན་ལ་བྱ་སྟེ། སཱ་མར། སྐྱེས་བུ་མ་ནིང་ངག་ལ་ལྷག་མ་ནི། །ཨདྷ་པིཅུ་ཀཀ་ཎ་ཀཿ མོ་ད་ཀ་དང་དཎྜ་ཀ ཊངྐ༔ ཞེས་སོགས་དབྱིབས་ཀྱི་ཁྱད་པར་གྱིས་མཚོན་ཏེ་བསྟན་པ་རྣམས་སོ། །གསུམ་པ་ནི། སྒྲ་རེ་རེ་ལའང་རྟགས་གསུམ་ཀ་འཇུག་པ་ཅན་རྣམས་ཏེ། དེ་ཉིད་ལས། གསུམ་རྣམས། པ་ཊི་སུ་ཁྲི་བ་ཏྲི་དང་། །པ་ཊཱི་ཀུ་ལ་བ་དང་དཱ་ཌི་མ ཞེས་པ་ལ་སོགས་པས་སྨོས་སོ། །བཞི་པ་ནི། བཤད་མ་ཐག་པ་དེ་རྣམས་ཀྱང་ཕལ་ཆེར་ཡིན་མོད་ཀྱི། དེར་མ་བརྗོད་པ་གཞན་ཡང་རིགས་མཐུན་བསྡུ་བ་ཤེས་པར་བྱ་སྟེ། སྤྱིར་ཁྱད་པར་གྱི་སྒྲས་ཁྱད་གཞིའི་བྱེ་བྲག་ཉེ་བར་འབྱེད་པའི་ཕྱིར། རྟོགས་བརྗོད་བྱའམ་ཚིག་གྲོགས་དང་བསྟུན་དགོས་པས་གཞུང་རྣམས་སུ་བརྗོད་བྱའི་རྟགས་ཞེས་


JKT016_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ལ། དེ་ཉིད་རྟགས་གསུམ་པར་ཀྱང་འཇུག་མོད་ཀྱང་། བྱེ་བྲག་ཏུ་དབྱེ་བ་འདིའི་ལུགས་སུ་ན། སྔ་མ་ནི་བརྗོད་བྱ་གཞན་ལ་མ་ལྟོས་པར་རང་ཉིད་ཀྱིས་ཇི་ལྟར་འདོད་པའི་རྟགས་སུ་འགྱུར་ལ། འདི་ནི། ཤུཀྵ པ་ཊ ལྟ་བུ་བརྗོད་བྱའི་དོན་གང་ཡིན་གྱི་རྟགས་དང་བསྟུན་དགོས་པའི་ཁྱད་པར་རོ། །ལྔ་པ་ནི། བྱེ་བྲག་འབྱེད་པའི་བརྗོད་བྱའི་དོན་དེ་རྣམས་ལ་རྟགས་ཀྱི་གཟུགས་ཀྱིས་དོན་ངེས་པར་སོ་སོར་འདུ་བྱེད་འོས་པ་ལ་བྱའོ། །དྲུག་པ་ནི། རྟགས་གསུམ་ཀ་ལ་གཟུགས་མཚུངས་པ་སྟེ། ཏི་སོགས་ཀྱི་བྱ་བའི་མཐའ་ཅན་རྣམས་ནི་ཀུན་བཤད་ཀྱི་རྟགས་ཏེ་དབྱེ་བ་མེད་ལ། གཞན་ཡང་མི་ཟད་པ་དང་། གྲངས་པཉྩན་ཥ་ཊ་སོགས་དང་། རྐྱེན་ཀ་ཏི་པ་ལ་སོགས་པའི་མཐའ་ཅན་དང་། ཡུཋདྲ་ཨ་སྨད་སོགས་ཀྱང་རྟགས་ཀྱི་གཟུགས་དབྱེ་རྒྱུ་མེད་པས་རྟགས་ཀྱི་མཚན་མས་སྒྲ་འདུ་བྱེད་མི་འོས་པ་རྣམས་སོ། །དེ་ལྟར་དབྱེ་བ་རྣམས་ཀྱང་བསྡུ་ན་བཞི་སྟེ། སྒྲ་གང་ཞིག་ཕོ་མོ་མ་ནིང་གི་རྟགས་རེ་རེ་ཅན་དང་། རྟགས་གཉིས་རེ་འཇུག་པ་དང་། གསུམ་པ་ཅན་དང་། རྟགས་ཀྱི་དབྱེ་བ་མེད་པ་སྟེ་བཞིར་འདུས་ཤིང་། དེ་ཡང་ཉེ་བར་བསྒྲུབས་པ་དང་ཀུན་ཏུ་འཇུག་པ་གཉིས་ནི་རྟགས་གསུམ་པོ་ཅན་གྱི་བྱེ་བྲག་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱི་དབྱེ་བ་ནི་ཤིན་ཏུ་རྟོགས་པར་བྱ་བའི་འོས་སུ་ཆེ་ནའང་། འདིར་ཉུང་ངུའི་ངག་གིས་འདོམས་སླ་


JKT016_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ཡིན་པས་ན། མིང་དང་རྟགས་རྗེས་སུ་བསྟན་པའི་ལེགས་བཤད་འཆི་བ་མེད་པའི་མཛོད་ཀྱི་སྐབས་ཐ་མ་དང་། དེ་ཡི་འགྲེལ་བ་སློབ་དཔོན་རབ་འབྱོར་ཟླ་བས་མཛད་པ་དང་། ཀུན་མཁྱེན་དྷརྨ་ཀ་རས་འགྲེལ་པ་ཚིག་ཟླ་སོགས་ལས་བཏུས་ཏེ་མཛོད་ཀྱི་ལྷན་ཐབས་སུ་ཞིབ་པར་བཀྲལ་བ་རྣམས་དང་། གསར་འགྱུར་མཆོག་སྲེད་ཀྱིས་བྱས་པའི་རྟགས་བསྡུ་བ་རྩ་འགྲེལ་དང་། གཞན་ཡང་མངོན་བརྗོད་བི་ཤྭ་པྲ་ཀ་ཤ་དང་། སུཔའི་མཐའ་རིན་ཆེན་འབྱུང་ལྡན་སོགས་ལས་རྟོགས་པར་བྱ་ཞིང་། འདིར་གཞུང་ལས་བསྟན་པའི་རྟགས་ཀྱི་མཐའ་ལ་ཕོ་རྟགས་དང་། མོ་རྟགས་དང་། མ་ནིང་གི་རྟགས་མཐའ་གསུམ་དང་། ག དེ་རེ་རེ་ལའང་དབྱངས་མཐའ་དང་། གསལ་བྱེད་མཐའ་གཉིས་རེ་ཕྱེ་བས་དྲུག །སརྦ་སོགས་རྟགས་གསུམ། མི་གསལ་བའི་རྟགས་ཡུཊྚད་ཨསྨད་དང་། མི་ཟད་པའི་ཚོགས་རྣམས་ཡོད་ལ། བུད་མེད་ཀྱི་རྐྱེན་གྱིས་ནི་བུད་མེད་ཀྱི་རྟགས་མཐའ་ཁོ་ནར་གྲུབ། དེ་ཕན་ལས་ནི། རྟགས་གསུམ་ཀ་དང་། འདྲེས་པ་དང་། མི་གསལ་བ་སོགས་ཀྱི་རིགས་པ་འབྱུང་ངོ་། །གཉིས་པ་ནི། སི་ལ་སོགས་པ་ནས་སུཔའི་མཐར་ཐུག་པའི་བར་ཉེར་གཅིག་པོ་སྟེ་སྡེ་ཚན་བདུན་དུ་གནས་པ་རྣམས་ཡིན་ནོ། །གསུམ་པ་ནི། རྣམ་དབྱེ་དང་པོ་སི་ཨོ་ཛས་གསུམ་ལ། དོན་ཙམ་བརྗོད་པ་རྟགས་ཀྱི་དོན་ཞེས་བྱ་ཞིང་། དེའང་རིམ་པ་བཞིན་


JKT016_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཅིག་ཚིག་དང་། གཉིས་ཚིག་དང་། མང་ཚིག་རྣམས་སུ་བརྗོད་ལ། འདིའི་གཅིག་ཚིག་ལ་བོད་སྐད་དུ་མིང་དང་ཁྱད་པར་མི་འབྱུང་ཡང་། ལེགས་སྦྱར་ལ་ཁྱད་འཇུག་སྟེ། དཔེར་ན། དེ་བ། གངྒཱ། ཀུ་ལ་གསུམ་ལ་སི་བྱིན་ནས། སྐྱེས་པ་དང་། བུད་མེ ་་དང་། མ་ནིང་གི་ཆོ་གས་བསྒྲུབས་པས། དེ་བ གངྒཱ། ཀུལཾ། ཞེས་གཟུགས་ཀྱི་ཁྱད་པར་འབྱུང་བ་དང་། གཞན་ཡང་བཱ་ཊ་ལ་སྐྱེས་པ་དང་། བུད་མེད་དང་། མ་ནིང་གི་རྟགས་སུ་བསྒྲུབས་པས། བཱ་ཊ༔ ལམ། པཱ་ཊི། ཐང་གིས་བསྐོར་བའི་ས་ཆ་དང་། བཱ་ཊཾ། ཟ་བ་སོགས་ལ་འཇུག་པར་འགྱུར་བས་ན། དོན་གྱི་ཁྱད་པར་ཀྱང་འབྱུང་བ་ཡིན་ཏེ། གསེར་ཅན་གྱིས། བཱ་ཊ༔ ལམ་དང་སྤྱོད་ཚུལ་དང་། །བཱ་ཊཾ་ཟར་ཀྱི་སྣམ་བུ་དང་། །ཟས་དང་ཟས་ཀྱི་དབྱེ་བ་དང་། །པཱ་ཊི་སྣེའུ་ལོ་ཁང་པ་ཡི། །ཚལ་དང་ཉེ་འཁོར་རྣམས་ལའོ། །ཞེས་བཤད་པ་ལྟ་བུ་དང་། ཀ་ཞེས་པའི་སྒྲ་གཅིག་པུ་ཡང་སྐྱེས་པའི་རྟགས་སུ་བྱས་པའི་ཚེ་ཚངས་པ་རླུང་ཉི་མ་སོགས་ལ་འཇུག་ཅིང་། མ་ནིང་གི་རྟགས་སུ་བྱས་ཚེ། སྤྱི་བོ་ཆུ་བདེ་བ་སོགས་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །གཉིས་པ། ཨམ་ཨོ་ཤས་གསུམ་ནི། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་སྟེ། རིམ་པར་བོད་སྐད་དུ་དཔེར་བརྗོད་ན། ཟླུམ་པོར་བཞོག གཉིས་སུ་བྱེད། དུ་མར་བཀྲམས་ལྟ་བུ་བརྗོད་པའི་ཚེ་སྦྱར་རོ། །


JKT016_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ། ཊཱ་བྷོ་བྷི་ས་ནཱི། རྣམ་དབྱེ་གསུམ་པ་བྱེད་པ་པོ་སྟེ། བོད་སྐད་དུ། སྟ་རེས་ཤིང་གཅོད། ལག་པ་དག་གིས་བསྣུན། འདབ་ཆགས་རྣམས་ཀྱིས་ཐོས་ལྟ་བུ་ལ་སྦྱར་རོ། །བཞི་པ། ངེ་ཧཱུཾ་བྱུས་ནི། རྣམ་དབྱེ་བཞི་པ་ཆེད་དུ་བྱ་བ་སྟེ། བྲམ་ཟེའི་ཆེད་དུ་ཟས་སྦྱིན། རྐང་པ་དག་གི་ཆེད་དུ་ལྷམ་སྟེར། ཤིང་རྣམས་ཀྱི་སླད་དུ་ཆུ་འདྲེན་ལྟ་བུའི་དོན་དང་འབྲེལ་བའོ། །ལྔ་པ། ང་སིདྡྷཾ་བྷུ་ས་ནི། རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཏེ། སློབ་དཔོན་ལས་རིག་པ་ལེན། ཉི་ཟླ་དག་ལས་འོད་བྱུང་། ལྗོན་ཤིང་རྣམས་ལས་འབྲས་བུ་འབྱུང་ལྟ་བུའི་ཚེ་བརྗོད་པར་བྱའོ། །དྲུག་པངས་ཨོས་ཨཱ་མ་ནི། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་སྟེ། བདག་གི་བླ་མ། ཉི་ཟླ་དག་གི་འོད། མཁས་པ་རྣམས་ཀྱི་ལེགས་བཤད་ལྟ་བུ་ཡན་ལག་དང་ཡན་ལག་གི་འབྲེལ་བ་བརྗོད་པའི་ཚེ་སྦྱར་རོ། །བདུན་པ། དི་ཨོ་སྲ་སུ་པྲ་ནི། རྣམ་དབྱེ་བདུན་པ་གནས་གཞི་སྟེ། ཤིང་ལ་ཁུ་བྱུག་གནས། ལག་པ་དག་ན་གདུ་བུ་ཡོད། ནགས་ཚལ་རྣམས་སུ་མེ་ཏོག་རྒྱས་ལྟ་བུ་གང་ལ་བརྟེན་པ་དེ་བརྗོད་པའི་ཚེ་སྦྱར་བའོ། །གཞན་ཡང་བོད་པའི་དོན་ལ་རྣམ་དབྱེ་དང་པོ་གསུམ་འཇུག་ཅིང་། དེའི་ཚེ་ན་བོད་པ་གསལ་བྱེད་ཀྱི་སྒྲ་ཧེ་དང་། བྷོ་དང་། བྷོས་སོགས་སྔོན་དུ་སྦྱར་བར་བྱ་སྟེ། ཧེ་དེ་བ། ཀྱེ་ལྷ་ལྟ་བུའོ། །དེ་ལྟར་རྟགས་མཐའ་གང་ལ་སི་སོགས་སྦྱོར་བའི་ཚེ། སྤྱིར་བཏང་སོ་སོའི་འཇུག་ཚུལ་


JKT016_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཙམ་ཞིག་ནི་ཐོག་མ་ནས་མི་ཤེས་ཀ་མེད་ཡིན་པས་བྲིས་ཀྱི། དམིགས་བསལ་གྱི་འཇུག་ཚུལ་རྒྱས་པ་ནི་འོག་ཏུ་བྱེད་པ་ཅན་གྱི་ལེའུར་འབྱུང་ལ། འདི་ཡང་ལེགས་སྦྱར་གྱི་སྐད་དུ་དཔེར་བརྗོད་ན་མཁས་པ་ལ་མཛེས་ཀྱང་། བློ་གྲོས་གསར་བུ་དག་རེ་ཞིག་ངལ་བ་བསྟེན་པའི་རྒྱུར་མཐོང་ནས་བོད་སྐད་དུ་སྦྱར་བ་ཡིན་ནོ། །གཉིས་པ་གཞུང་གི་དོན་ནི། མིང་ལེ་དངོས་ལ་སྐྱེས་པའི་རྟགས་དབྱངས་མཐའ་ཅན་ནས་བཟུང་སྟེ། མི་ཟད་པའི་བར་གྱི་སྐབས་བདུན་དང་། དེའི་ཡན་ལག་མིང་ལས་བུད་མེད་ཀྱི་རྟགས་སུ་སྒྲུབ་པ་བུད་མེད་ཀྱི་རྐྱེན་དང་། རྣམ་དབྱེ་སོ་སོའི་འཇུག་ཚུལ་བྱེད་པ་ཅན་དང་། མིང་ལས་མིང་དུ་བསྒྲུབ་པ་ཚིག་སྡུད་དང་། མིང་གི་ཁྱད་པར་བསྒྲུབས་པ་དེ་ཕན་གྱི་རྐྱེན་མཐའ་རྣམས་སོ། །དེ་ལས་དང་པོ་སྐྱེས་པའི་རྟགས་དབྱངས་མཐའ་ཅན་གྱི་སྐབས་སུ། གཞུང་གི་དོན་ནི་འགྲེལ་པ་རྣམས་སུ་ཞིབ་པར་འབྱུང་བས་མ་སྨོས་ལ། འདིར་སྐབས་སུ་བབས་པ་རྣམས་དབྱེའི་ཚོགས་གང་ལ་སྦྱོར་བའི་ཡུལ་མིང་ངམ་རྟགས་མཐའ་རྣམས་བྱིངས་ལས་སྒྲུབ་ཚུལ་ཅུང་ཟད་འཆད་ན། ཐོག་མར་སྐྱེས་པའི་རྟགས་ཨ་ཐུང་མཐའ་ཅན་ལས། དེ་བའི་སྒྲ་ནི་གོང་དུ་བསྒྲུབས་ཟིན་པ་ལྟར་ཡིན་ལ། གཞན་ཡང་འགྲེལ་པ་སློབ་པ་ན་དུ། གྷཊ་བྱེད་པ། མ་ཐ་ངེས་པར་གནས་པ། ཀ་ཊ་འགྲོ་བ། པ་ཊ་འགྲོ་བ་རྣམས་ལ་ཨ་ཙ་རྐྱེན་དུ་སྦྱར་བས།


JKT016_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གྷཊ བུམ་པ། མ་དགོན་པ་སྟེ་དབེན་གནས། ཀཊཿ རྩྭའི་ལྔས་མ་བྱས་པའི་གདན། པཊཿ འཁོར་བྱེད་དེ་ནྱ་གྲོ་དྷའི་ཤིང་སོགས་ལ་འཇུག་པ་དང་། གྲ་སུ་རྦ་བ་ལ། ཨུཎ་ལས། གྲ་སའི་ཨུཏ་འོས་བཀྲ་རྐྱེན་དང་། སའི་ཨཱཏྲ་དུ་བསྒྱུར། ཏྲ་རྗེས་འབྲེལ་ཕྱིས་ནས་དྲངས་པས། གྲྭ་མཿ གྲོང་ཁྱེར། དེའི་སྔོན་དུ་སཾ་སྦྱར་བས། སཾ་གྲྭ་མཿ གཡུལ། སཾ་སྔོན་མའི་ཧ་ན་འཚེ་བ་ལ་ཌ་རྐྱེན་དང་། ནྱད་ལ་སོགས་པ་ཉིད་ཀྱི་ཕྱིར་ཧ་གྷ་རུ་བསྒྱུར་བས། སཾ་གྷ༔ འདུས་པ་སྟེ། དེ་སོགས་སུ་པ་མཐའ་རིན་འབྱུང་ནས་ཁ་བསྐངས་ཏེ་འགའ་ཞིག་བཀོད་པ་རྣམས་ཀྱི་སྒྲུབ་ཚུལ་ཀྱང་སོ་སོར་སྨྲ་བར་ནུས་མོད་ཀྱི། རེ་ཞིག་ཡི་གེའི་ངལ་བས་འཇིགས་པས་འདོད་འཇོ་སོགས་ལས་རྟོགས་པར་བྱ་བའི་དབང་དུ་བགྱིས་ཏེ་མ་བཀོད་དོ། །སརྦ་ནཱ་མ་ནི་མིང་ཐམས་ཅད་པ་སྟེ་རྟགས་གསུམ་ཀ་ལ་ཚིག་གྲོགས་དང་བསྟུན་ཏེ་སྦྱོར་བར་བྱ་བ་ཡིན་ཅིང་། དེ་ཡང་རྣམ་པ་ཀུན་ཏུ་ཉེ་བར་མཁོ་བའི་ཕྱིར་སྒྲུབ་ཚུལ་ཀྱང་རགས་པ་ཞིག་འཆད་ན། སྲི་འགྲོ་བ་དང་། བི་ཤ་རབ་ཏུ་འཇུག་པ་དག་ལ། ཤི་བ་སོགས་ལས་ཀཱན་རྐྱེན་དང་། སྔ་མ་ཚིག་ཕྲད་ལས་ཡོན་ཏན་བྱས་ནས་དྲངས་པས། སརྦ༔ ཐམས་ཅད༔ བི་ཤྭ སྣ་ཚོགས་སམ་མང་པོ། ཨུ་བྷ་རྫོགས་པ་ལ་ནཱ་མི་ཨུ་པ་དྷཱ་ལས་ཀ་དང་། ཏ་ན་ཡ་བཞིན་དུ་ཨུཎ་སོགས་ཀྱི་ཀ་ཡན་དག་རྐྱེན་དུ་སྦྱར་བས།


JKT016_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་བྷོ། གཉིས་དག་སྟེ་རྟག་ཏུ་གཉིས་ཚིག་ཁོ་ནའི་མཐའ་ཅན་ནོ། །ཨུ་བྷ་ཡཿ གཉིས་ཀ་སྟེ། རྟག་ཏུ་གཅིག་ཚིག་དང་མང་ཚིག་གི་མཐའ་ཅན་དུ་བལྟ་བར་བྱའོ། །ཨ་ན་སྲོག་རྒྱུ་བ་ལ། བྷ་བྱ་བཞིན་དུ་ཡཏ་རྐྱེན། ཨརྒྱ། གཞན། དེ་ལ་གཉིས་སུ་ངེས་པར་འཛིན་པ་ལས་ལས་ཁྱད་པར་དུ་འཕགས་པ་བརྗོད་པར་འདོད་པས། དེ་ཕན་ལས། ཏ་ར་ཏ་མ་ཨཱི་ཡ་སུ་ཨིཥྛ་རྣམས་སོས་ཏ་ར་དང་། ཏ་མ་དག་བྱིན་པས། ཨ་ནྱ་ཏ་རཿ ཨ་ནྱ་ཏ་མཿ ཞེས་གྲུབ་པ། གཉིས་ཀ་གཞན་ཤོས་ལ་འཇུག་གོ །ཨིཎྜ་འགྲོ་བ་ལ། བི་རྩྭ་རྐྱེན་དུ་བྱས་པ་ལ། སྔ་མ་བཞིན་དུ་ཏ་ར་དང་། ཏ་མ་དག་བྱིན་པས། ཨི་ཏ་རཿ ཨི་ཏ་མ གཅིག་ཤོས་སོ། །གཞན་དུ་ཨེ་ཀ་ལ་རྐྱེན་དེ་དག་སྦྱར་ནས། ཚིག་ཕྲད་ལས་ཨེ་ཀ་ཨི་རུ་ལོག་པས་ཀྱང་གྲུབ་པར་བཤད་དོ། །ཌ་ཏར་དང་། ཌ་ཏ་མ་ནི་དེ་ཕན་གྱི་རྐྱེན་ཏེ། རབ་བྱེད་ལས། གཉིས་སམ། མང་པོ་རྣམས་ལས་ཀྱང་གཅིག་ངེས་པར་དགར་བ་ལ་ཀཱི་མ་སོགས་རྣམས་ལས་ཌ་ཏ་ར་དང་། ཌ་ཏྲ་མ་དག་བརྗོད་པར་བྱའོ། །ཞེས་དང་། ཌ་ཏ་ར་དང་། ཌ་ཏ་མ་དག་རྐྱེན་ཏེ་དེའི་མཐར་ཅན་ཉིད་ནི་སྒྲ་རུ་ཤེས་པར་བྱའོ། །ཞེས་གསུངས་པས་མིང་གང་ལ་རྐྱེན་འདི་དག་བྱིན་པའི་མཐའ་ནི་རྟགས་གསུམ་པ་ཤེས་པར་བྱའོ། །དེས་ན་ཀི་མ་ལ་རྐྱེན་དེ་གཉིས་བྱིན་ནས། ཌ་འགྲོ་བ་ཉིད་ཀྱི་ཕྱིར་མཐའི་ཊི་ཕྱིས་ནས་


JKT016_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པས། ཀ་ཏ་རཿ ཀ་ཏ་མཿ ཞེས་གྲུབ་པ། སུ་ཞིག་གམ། ཇི་ཙམ་མོ། ཥ་མ་དང་བླ་མ་རྣམ་པར་འཁྲུགས་པ་ལ་ཨཙཱ་རྐྱེན། དང་པོའི་འི་སྣ། ས་མཿ ཐམས་ཅད་དོ། །གཞན་དུ་ཥ་མ་ན་ཉམས་པ་ལ་ཨ་ཙཱ་སྦྱར་བས་ཀྱང་སྒྲའི་གཟུགས་འདྲ་རུང་ཙམ་དུ་གྲུབ་མོད་ཀྱི། དེ་ནི་མཉམ་པ་ལ་འཇུག་པས་སརྦའི་ནང་ཚན་དུ་མི་འདྲེན་ནོ། །ཎི་ཧྥ་འཆིང་བ་ལའོ། །རྒྱུད་ཉུང་གི་ཨུཎ་སོགས་སུ། གྷརྨ། སཱི་མ། གཽ། ཨ་དྷ་མ་རྣམས་སོས་མཀ་རྐྱེན་དང་། ཚིག་ཕྲད་ལས་བྱིངས་རིང་པས། སཱི་མཚམས་སོ། །ཎཱིཧྥ་ཐོབ་པ། ཨནྟི། ཧུ། སུ་སོགས་ཀྱིས་མན་རྐྱེན་དང་བྱིངས་ཀྱི་ཡོན་ཏན། ནེ་མ༔ དུས་སམ། ཕྱེད་དམ། ལུགས་ཀ་རྣམས་ལ་འཇུག་ཅིང་། རབ་བྱེད་ལས། ནེའི་སྒྲ་ནི་དུམ་བུ་བརྗོད་པ་ལའོ། །ཞེས་དང་། ཛས་ལ་སྐྱེས་པའི་རྟགས་ཨ་ཐུང་མཐའ་དང་། སརྦ་སོགས་ཀྱི་སྒྲུབ་ཚུལ་གཉིས་འདི་གཉིས་འདི་གར་བཤད་དོ། །ཨིཎ་འགྲོ་བ་ལ། ཨུཎ་ལས། ཨིཊ། བྷི། ཀཱ པཱ། ཤ་ལི། མ་རྩ་རྣམས་ལས་ཀན་འོས། ཀཱན་དང་། ཚིག་ཕྲད་ལས་བྱིངས་ཀྱི་ཡོན་ཏན་དུ་བྱས་པས། ཨེ་ཀཿ གཅིག །པུཎྜ་དང་། སརྦ་དང་། མནྡྲ་གང་བྱེད་པ་ལ། འདིས་རྫོགས་པར་བྱེད་པའི་ཕྱིར་ཨཙཱ་རྐྱེན་དུ་སྦྱར་བས། པུཥྚ མདུན་ནམ། ཤར་རོ། །བྲི་སྦྱོང་བ་དང་རྫོགས་པར་བྱེད་པ་ལ། དབྱངས་ལས་ཨ་རྐྱེན། ཡོན་ཏན་བྱས་


JKT016_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དྲངས་པས། པ་རཿ ཕ་རོལ་ལམ། གཞན། ཉེར་བསྒྱུར་ཨ་པ་སྔོན་མའི་རི་འགྲོ་བ་ལ་ཌ་རྐྱེན་དུ་བྱས་པས། ཨ་པ་རཿ ནུབ་ཕྱོགས་སམ་ཕྱི་མའོ། །དཀྱུ་འཕེལ་བ་ལ། བྱེ། ཧྲིའུ་སོགས་ཀྱིས་ཨིན་རྐྱེན་དུ་བྱས་ནས་དྲངས། ཥར་རི་སོགས་ཀྱིས་ནཎ། དཀྵི་ཎ༔ ལྷོའམ། གཡས་ཕྱོགས་སོ། །དེ་ཉིད་བུད་མེད་ཀྱི་རྟགས་སུ་བྱས་པས། དཀྵི་ཎཱ། སྦྱིན་པའོ། །འདི་ལ་ཙནྡྲ་པའི་ཨུཎ་སོགས་སུ་ཨི་ནན་རྐྱེན་དུ་མཛད་པར་སྣང་ངོ་། །ཉེར་བསྒྱུར་ཨུད་སྔོན། བཱི་རྐྱལ་པ་དང་སྒྲོལ་བ་ལ་དབྱངས་ལས་ཨ་རྐྱེན། ཨུཏྟ་རཿ བྱང་ངམ། གཡོན་ཕྱོགས་སོ། །སྔར་བསྒྲུབས་པའི་པརའི་གོང་དུ་དགག་ཚིག་གི་ནརྦ་སྦྱར་བས། ཨ་པརཿ ཕ་རོལ་མིན་པ་སྟེ་ཚུ་རོལ་ལོ། །ཨ་དྷ་མདོའི་བྱིངས་ལ། བྷཱུ་མི་པ་ཁྲི་སོགས་ཀྱིས་ཨརན་རྐྱེན་དུ་སྦྱར་བས། ཨ་དྷ་རཿ འོག་གམ། དམའ་བའམ། མཆུ་རྣམས་ལ་འཇུག་སྟེ། སྟོབས་ཀྱི་དབང་ཕྱུག་གིས། མ་མཆུ་ཨ་དྷ་རཿསྟེ་ཕོ། །འོག་དང་དམན་པ་དག་ལ་གསུམ། །ཞེས་བཤད་དོ། །འདི་ལ་སྒྲུབ་ཚུལ་དང་དབྱིབས་ཀྱི་ཁྱད་པར་གཞན་ཡང་འབྱུང་ངོ་། །པྲ་ན་སྒྲ་ལ་ཌ་རྐྱེན་དུ་སྦྱར་་ནས། མཐའི་ཨན་ཕྱིས་ཏེ་དྲངས་པས། སྭ གྲུབ་སྟེ། མཛོད་ལས། སྲགཉེན་སྭ་བདག་བདག་གི་བར། །གསུམ་མོ་མོ་མིན་སྲཞེས་བཤད། །འདི་ཉིད་ཀྱི་རབ་བྱེད་ལས་ནི། སྲའི་སྒྲ་ནི་ཉེ་དུ་དང་ནོར་བརྗོད་


JKT016_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སནྡྲ་ལ་སོགས་པ་ཉིད་དོ། །ཞེས་བཤད་དོ། །ཨན་སྔོན་མའི་རི་འགྲོ་བ་ལ་ཌ་རྐྱེན། ཨན་རཿ ཞེས་གྲུབ་པ་དོན་དུ་མ་ལ་འཇུག་པ་ལས། འདིར་ནི་རབ་བྱེད་དུ། ཨན་རའི་སྒྲ་ནི་གཞན་དང་། ཕྱི་རོལ་དང་། སྦྱོར་བ་ཉེ་བ་དང་། བགོ་བ་སྟེ་གོས་རྣམས་ལས་ནྡྲ་ལ་སོགས་པ་ཉིད་དོ། །ཞེས་གསུངས་པའི་གོས་ནི་སྨད་གཡོགས་ཏེ། གཞན་དག་རྟོགས་པར་སླའོ། །དེ་ལྟར་པུ་ཏྲཱ་ནས་བརྩམས་ཏེ་འདི་ཉིད་ཀྱི་བར་ལ་པུཏྤ་སོགས་དགུ་ཞེས་རྗོད་པར་བྱེད་དོ། །རྱ་ཛ་འདོར་བ་དང་། ཏ་ནུ་རྒྱས་པ་དང་། ཡ་མུ་ཉེ་བར་འགོགས་པ་རྣམས་ལ། ཡ་མི་ཏ་ནི་དག་ལས་ཌདིཀྲ་འོས། ཌ་དིཀྲ་རྐྱེན། ཌིཏ་ལ་བྱིངས་ཀྱི་ཊི་དབྱི། ཨིཀྲ་རྗེས་འབྲེལ་ཕྱིས་ནས་དྲངས་པས། ཏྱད། དང་། ཏད། དག་ནི། དེ། ཡདྲ་ནི་གང་ཞེས་པ་ལ་འཇུག་གོ །ཏད་ལ་བོད་པའམ་དྲན་པའི་དོན་གྱི་ཨེ་སྔོན་དུ་སྦྱར་བས། ཨེ་ཏད། འདིའོ། གཞན་ཡང་། དྲན་པའི་དོན་གྱི་ཨི་སྔོན་མའི་ད་མུ་ཉེ་བར་ཞི་བ་ལ་ཀྭིཔ་དང་། ཨད་ཟ་བ་ལ་ཨ་སུན་སྦྱར་བས། ཨི་དམ་དང་། ཨ་དས་དག་གྲུབ་པར་བྱེད་མོད་ཀྱི་གཞུང་ཆེན་པོ་རྣམས་སུ་མ་མཐོང་བས་རེ་ཞིག་བརྟག་པར་བྱའོ། །ཨུ་བྷ་རྫོགས་པའི་བྱིངས་ལ། ཨུཎ་ལས་བི་ལ་སོགས་པ་རྣམས་སོ་ཞེས་པས་ཀྭིན་དང་། ཚིག་ཕྲད་ལས་ཨུ་བྷ་དུ་རུ་བསྒྱུར་ནས་དྲངས་པས། དཱི། གཉིས་སོ། །དེ་ལྟར་ཁྱད་ནས་དཱིའི་བར་ལ་ཁྱད་སོགས་བརྒྱད་


JKT016_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྗོད་དོ། །ཀེ་དང་གེ་རེ་སྒྲ་ལ། ཌི་མུ་རྐྱེན། ཌི་ཏཱ་ལ་ཏཱི་དབྱི་ཞིང་། རྐྱེན་གྱི་ཨུ་རྗེས་འབྲེལ་ཕྱིས་པས། ཀི་མ། ཅི། ཨུ་ཏཱི། འཚེ་བ་དང་། ཨ་སུན་འཕེན་བདག་ལ། ཀ་ལཱ་པའི་ཨུཎྜ་མདོར། ཡུ་ཌི་ཨ་སི་དག་ལས་མ་དི་ཀྲའོས། མ་དིཀྲ །མཐའི་ཨིཀྲ་རྗེས་འབྲེལ་ཕྱིས་ནས་སྦྱར་བས། ཡུgདྲ། ཁྱོད། ཨསྨད། བདག །དྷ་འབར་བ་ལ། ཌ་ཏ་བ་ཏུའི་རྐྱེན་སྦྱར། ཌིཏྲ་ལ་བྱིངས་ཀྱི་ཨཱཏུ་ཕྱིས་ནས་དྲང་། ཏུའི་ཨུ་ཡིག་རྗེས་འབྲེལ་ཕྱིས་པས། བྷ་བཏྲ། གྲུབ་པ། དངོས་སམ། ཁྱེད་དོ། །དེ་ལྟར་གྱི་སརྦ་སོགས་འདི་རྣམས་ལ་རྟགས་གསུམ་དང་འབྲེལ་བའི་རྣམ་དབྱེ་སྦྱིན་ཚུལ་གཞུང་རྩ་འགྲེལ་རྣམས་སུ་རགས་པ་ཞིག་ལས་མི་འབྱུང་བས། ཅུང་ཟད་རྒྱས་པར་འཆད་དུ་འོས་མོད་ཀྱང་རྗེ་བླ་མས་མཛད་པའི་ལེགས་བཤད་གསེར་གྱི་སྙེ་མ་ལས་ཞིབ་ཏུ་གསལ་བའི་ཕྱིར་བསྐྱར་ནས་མ་བྲིས་པས་དེར་རྟོགས་པར་བྱའོ། །ཨ་ཡིག་མཐའ་ཅན་གྱི་བྱེ་བྲག་མཱ་སའི་སྒྲ་ནི། མཱ་སཱི་ཡོངས་སུ་འཇལ་བ་ལ། ལས་ལ་གྷ་ཧྲ་སྦྱར་བས། མཱ་སཿ ཟླ་བ་སྟེ་དཀར་ནག་གི་ཕྱོགས་གཉིས་འཇལ་བར་བྱེད་པའི་ཕྱིར་རོ། །ཨཱ་མཐའ་ཅན་སོ་མ་པཱ་ལ་སོགས་པའི་ཚོགས་ནི། སོ་མ་སྔོན་མའི་བཱ་བཏུང་བ་ལ་ཀྭི་པ་ཕྱིས་པས། སོ་མ་པཱ། ཟླ་བ་འཐུང་བ། ཀཱི་ལ་འཆིང་བ་ལ། མང་པོ་ཉིད་ཀྱི་ཕྱིར་ཀུ་ཎི་བི་དག་ལས་ཀྭ་ལན་རྐྱེན་དུ་བྱས་པས། ཀཱི་ལཱ་ལ། ཁྲག་


JKT016_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གམ་ཆུ། ཤ་མུ་ཉེ་བར་ཞི་བ་ལ་ཨུཏྲ་སོགས་ཀྱི་ཁ་རྐྱེན་དུ་སྦྱར་བའི་ཤམ་ཁ་སྔོན། ངྷ་སྒྲ་དང་མེ་ཀུན་ཏུ་སྦྱོར་བ་ལ་ཀྭིཔྲ་ཕྱིས་པས། ཤཾ་ཁ་དྷཱ དུང་འབུད་པ། ཧ་ཞེས་པ་ནི་སྨད་པའི་སྒྲ་སྟེ། དེ་སྤངས་པས་ཨོ་འཀྲ་གཏོང་བ་ལ་བི་ཙཱ་སྦྱར་བས། ཧཱ་ཧཱ༔ སྒྲ་ངན་སྤངས་ཏེ་ལྷའི་གླུ་མཁན་གྱི་མིང་ངོ་། །སུ་སྔོན་མའི་གནྡྲ་སློང་བ་ལ་ཨཙཱ་རྐྱེན་དུ་སྦྱར་བས། སུ་གནྡྷ། དྲི་བཟང་། ཀླུ་ཆུ་འཚེ་བ་ལ། ཀཱི་ར་ཨུ་ཤཱི་ར་སོགས་ཚེ་ཀྱིས་ཨཱི་ར་རྐྱེན་དང་། ཚིག་ཕྲད་ལས་བྱིངས་མཐའི་ཨཏྲ་ཕྱིས་ནས་དྲངས་པས། ཀ་ར། འོ་མའོ། །དེ་རྣམས་ལ་བཱ་སྦྱར་བ་ནི་བཏུང་བའི་དོན་ཏེ། སྒྲུབ་ཚུལ་སྔ་མ་བཞིན་ནོ། །ཨི་ཡིག་མཐའ་ཅན་དང་ཧ་རིའི་སྒྲ་ནི། ཧྲན་འཕྲོག་པ་ལ། ཨུཎ་ལས་བྱ་བའི་དོན་གྱི་ཨི་རྐྱེན་དང་། ཡོན་ཏན་བྱས་ནས་དྲངས་པས། ཧ་རི༔ ཞེས་གྲུབ་སྟེ། ཇི་སྐད་དུ། ཧ་རི༔ གཤིན་རྗེ་དང་དབང་པོ། །ཟླ་ཉི་ཁྱབ་འཇུག་སེང་གེའོ། །ཞེས་བཤད་དོ། །གཞན་ཡང་པ་ཧ་ཐོབ་པ་ལ་ནི་རྐྱེན། བ་དྷི༔ བསྲེག་བྱ་ཐོབ་པའི་ཕྱིར་མེའོ། །མན་ཤེས་པ་ལ་མནའི་ཨུཏུ་འང་ངོས་ཀི་རྐྱེན། བྱིངས་ཀྱི་ཨཏཱ་ཨུ་རུ་བསྒྱུར་བས་མུ་ནི༔ ཐུབ་པ་སོགས་སོ། །ཨུ་ཡིག་མཐའ་ཅན་གུ་རུའི་སྒྲ་ནི། གྲྭ་གསལ་བར་བྱེད་པ་ལ། ཀྲྀ་གྲྭ་དག་ལས་ཀུའང་ངོས། ཀུ་རྐྱེན་དང་། རྀ་ཨུར་དུ་བསྒྱུར་ནས་དྲངས་པས། གུ་རུ༔ གྲུབ་སྟེ། བི་ཤྭ་ལས་གུ་རུ༔ བླ་མ་སློབ་དཔོན་


JKT016_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །དབང་བསྐུར་པོ་དང་ལྷའི་སློབ་དཔོན། །ཆེན་པོ་ལྕི་བ་རྒས་དཀའ་ལ། །ཞེས་དང་། གཞན་དུ། གུ་རུཕ་དང་གཙོ་བོ་ལྷ་མ་ཡིན། །མདུན་ན་འདོན་དང་གོང་མར་དབང་བསྐུར་བའོ། །ཞེས་འབྱུང་ངོ་། །དེ་བཞིན་དུ་ཨ་མ་འགྲོ་བ་ལ། ནྱདྷུ་ལ་སོགས་པ་ཉིད་ཀྱི་ཕྱིར་ཀུ་རྐྱེན་དང་། བར་དུ་ཤུཀཨཱ་ག་མ་རྐྱེན། ཀུ་ཀྲ་རྗེས་འབྲེལ་ཕྱིས་པས། ཨོཾ་ཤུ ཕྱོགས་ཀྱི་མཐར་འགྲོ་བར་བྱེད་པས་ན་འོད་ཟེར་རོ། །སི་སྒྲ་ལ། བྷི་ཧཱུྃ་ཧཱུྃ་སོགས་ཀྱིས་ཨུ་རྐྱེན། ས་རུ༔ གསེར་རོ། །ཨི་ཏུ་འདོད་པ་ལ། ཨི་ཎི་བྷི་དི་སོགས་ཀྱི་ཀུ་རྐྱེན། ཨི་ཥ འདོད་པ་བཞིན་དུ་འགྲོ་བར་བྱེད་པས་ན་མདའོ། །ཙ་ར་འགྲོ་བའི་དོན་ལ་ཨུཏྲ་རྐྱེན། ཙཱ་རུ། མཛེས་པ། བྱིངས་དེ་ཉིད་ལས་ཨུ་རྐྱེན་དུ་བྱས་པས། ཙ་རཿ བསྲེག་རྫས་ཀྱི་སྣོད་དོ། །དེ་སོགས་འབྲེལ་པ་སློབ་ཕན་དུ་སུཔ་མཐའ་རིན་འབྱུང་ནས་ཁ་བསྐངས་ཏེ་བཀོད་པ་རྣམས་ནི། ཕལ་ཆེར་ཞིག་ཀྭ་ཙན་གྱི་ཨུཏྲ་སོགས་སུའང་སྒྲུབ་ཚུལ་གསལ་བར་སྣང་ཞིང་། དེར་མ་འཐུས་པ་དག་མཛོད་འགྲེལ་ཀཱ་མ་དྷེ་ནུར་བལྟ་བར་བྱ་བ་ལས། འདིར་ཡི་གེའི་འཇིགས་པས་བྲི་བར་མ་ནུས་ཤིང་། འོག་མ་རྣམས་ལའང་དེ་བཞིན་དུ་རྟོགས་པར་བྱའོ། །ཨི་མཐའ་ཅན་གྱི་བྱེ་བྲག་ལས། ས་ཁིའི་སྒྲ་ནི། ཁྱུ་གཏམ་པ་ལ་ས་ཁི་ལ་སོགས་པ་རྣམས་སོས་ཌི་རྐྱེན། ཌིཏཱ་ལ་མཐའི་དབྱངས་དང་། ཚིག་ཕྲད་ལས་


JKT016_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཡའང་དབྱི་ནས་དྲངས་པའི་སྔོན་དུ། མཚུངས་པའི་དོན་གྱིས་མཱ་ནའི་སྒྲ་ས་རུ་བསྒྱུར་ནས་བཞག་པས། ས་ཁི གཏམ་མཚུངས་པ་སྟེ་གྲོགས་པོའོ། །པཱ་སྲུང་བ་ལ། བ་ཏི་ལས་ཌ་ཏི་འོས་ཌ་ཏི་རྐྱེན་དུ་སྦྱར་བས། པ་ཏིཿ བདག་པོ། པྲ་སྔོན་མའི་ཛ་ན་སྐྱེ་བ་ལ། ཉེར་བསྐྱར་ལས་མིང་ལ་འོས་ཊ་རྐྱེན། ཟིཏ་ལ་ཨན་ཕྱིས་ནས་དྲངས་པས། པྲ་ཛ། སྐྱེ་དགུ། ཏྲེང་སློང་བ་ལ། ས་ཁྲི་ལ་སོགས་པ་ཉིད་ཀྱི་ཕྱིར་ཌི་རྐྱེན་དང་། །ཌི་ཏྲ་ལ་ཊི་དབྱི་ནས་དྲངས་པས། ཏྲི། གསུམ་མོ། །ཨཱི་ཡིག་མཐའ་ཅན་སུ་ཤྲཱི་ལ་སོགས་པ་ནི་སུ་སྔོན། ཤིའུ་བསྟེན་པ་ལ་ཀྭི་པྲ། པཙྪལ་སོགས་པ་ཉིད་ཀྱི་ཕྱིར་བྱིངས་རིང་། རྐྱེན་འཁོར་བཅས་ཕྱིས་པས། སུ་ཤྲཱི༔ དཔལ་བཟང་། དེ་བཞིན་སྔར་བསྒྲུབས་པའི་དྷི་ལ་ཉེར་བསྒྱུར་དུ་སྦྱར་བས། སུ་དྷཱི༔ བློ་བཟང་སོགས་སོ། ཨུ་ཡིག་མཐའ་ཅན་སྭ་ཡཾ་བྷུ་སོགས་ནི། སྭ་ཡཾ་སྔོན་མའི་བྷ་ཡོད་པ་ལ་ཀྭིཔྲ་ཕྱིས་པས། སྭ་ཡཾ་བྷཱ༔ རང་བྱུང་སྟེ་ཚངས་པའོ། །ཎིཧྥ་འཆིང་པ་ལ། ཀྲྀ། གྲོ། ཧཱུྃ། སྭ་བི་སོགས་ཀྱི་ནན་རྐྱེན་དང་། མཐར་ཨཱཔ་སྦྱར་བའི་སེ་ནཱ་སྔོན། ཎཱིཧཱུྃ་ཐོབ་པ་ལ་ཀྭི་པ་དང་། ཎཱའི་ཀྲྀདུ་བསྒྱུར་བས། སེ་ནཱ་ནཱི༔ དམག་དཔོན། བྲྀཏུ་བཀྲུ་བ་ལ་ཨཙུ་རྐྱེན་དང་། མཐར་ཨཱཔ། བར་ཆར་བྱུང་སྟེ་སྤེལ་བའོ། གྲངས་མེད་པའི་བུ་ནར་སྔོན་མའི་བྷུ་ལ་ཀྭིཔ། པུ་ན༔ སླར་བྱུང་སྟེ་སོ་ལ་སོགས་པའོ། །ཁ་ལ་ནི་འབྲུ་


JKT016_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པའི་གནས་ཏེ་གཡུལ་ཁ་དང་། སྙིགས་མ་སོགས་ལ་འཇུག་པས། དེ་དག་པར་བྱེད་པའི་ཕྱིར་པཱུ་ཞྭ་དག་བྱེད་ལ་ཀྭིཔ་དང་། པཱུ་སོགས་རྣམས་ཀྱིས་ཐུང་བ་ལ། པཙྪ་སོགས་ཀྱིས་སླར་རིང་བས། ཁ་ལ་པཱུ༔ གྲོང་ཁྱེར་གྱི་ཕྱག་དར་མཁན་པོའི་མིང་ངོ་། །དེ་བཞིན་དུ། པདྨ་པཱནི་ཚངས་པའི་ཆོས་དག་པར་བྱེད་པའི་ཕྱིར་འཐབ་མོ་ངན་པའོ། །ཧཱུ་ནི་གླུ་དབྱངས་ཀྱི་ཁྱད་པར་ཏེ། དེ་འགྲན་པར་བྱེད་པའི་ཕྱིར་ཧྲེཧྥ་འགྲན་པ་ལ་ཀྭིཔ་དང་། མཚམས་སྦྱོར་གྱི་ཡི་གེའི་ཨ་ཨཱ། སཾ་པྲ་ས་ར་ཎ་ས་ཨུ་རུ་བསྒྱུར་བས། ཧུ་ཧཱུ དབྱངས་འདེབས་ཏེ་དྲི་ཟའི་གླུ་མཁན་གྱི་མིང་ཡིན་ལ། གཞན་དུ་ཨུ་ཧུ་ཞེས་བྲིས་པ་ནི་ཡིག་ནོར་རོ། །ནག་ཞེས་འབོད་པའི་ཕྱིར། རྡེའུ་འགྲན་པ་ལ་སྔར་བཞིན་ཀྭིཔ་སྦྱར་བས། ནག་ཧུ ཆང་རྩི་སྟེ་ཕབ་བོ། །ལུཉྩ་གཅོད་པ་ལ་ཀྭིཔ་དང་། བུ་སོགས་ཀྱིས་ཐུང་བ་ལ། པྲཙྪ་སོགས་ཀྱིས་རིང་བས། རཿ གཅོད་པའོ། །རཾ་ཡིག་མཐའ་ཅན་པི་ཏྲ་ལ་སོགས་པ་ནི། པཱ་སྲུང་བ་ལ་པི་ཏྲ་ལ་སོགས་པ་རྣམས་སོས་ཀྲྀན་རྐྱེན་དང་། ཚིག་ཕྲད་ལས་ཨཱ་ཨི། པི་ཏྲ། ཕའོ། །ཎཱིཧྥ་ཐོབ་པ། རིན་རྐྱེན་དང་། ཌིཏྲ་ཉིད་ཀྱི་ཕྱིར་ཊི་དབྱི་ནས་དྲངས་པས། ཀྲྀ་མིའོ། །རཱཡཱ་ནི་ཆུང་མ་སྟེ། དེ་འཇལ་བར་བྱེད་པའི་ཕྱིར་མཱད་ཚད་ལ་ཏྲན་རྐྱེན་དང་། ཛཱ་ཡཱའི་ཛཱ་རུ་བསྒྱུར་བས། ཛཱ་མཱ་ཏྭཾ། མག་པའོ། །ཀླུ་བྷིའུ་འཛིན་པ་ལ་ཏྲིན་དང་། ཤྲཱིཉྩའི་


JKT016_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་རུ་བསྒྱུར་བས། དྷ་ཏྲ། ལྟོ་མཚུངས་ཏེ་སྤུན་ཟླའོ། །ཌཱ་ཀྲ་ཉ་བྱེད་པ་ལ་སྲིད་རྐྱེན། ཡོན་ཏན་བྱས་པས། ཀཛྲ་བྱེད་པོ། ནརྦ་སྔོན་མའི་པཱ་བཏང་བ་ལ་ཧྲན་རྐྱེན་དང་། ཚིག་ཕྲད་ལས་ཨཱ་དབྱི་བས། ན་སྟི། ཚ་བོ། ཧུ་སྦྱིན་པ་ལ་ཀྲྀན་རྐྱེན། ཧོ་ཏྭཾ། སྦྱིན་སྲེག་མཁན། ཤ་སུ་འཚེ་བ་ལ་ཏྲིན་དང་། ཕྲ་ཡིག་སྭཱ་རུ་བསྒྱུར་ཞིང་། རྐྱེན་གྱི་ཏྲ་དབྱི་ནས་རི་དྲངས་པས། སྲ་སྲི། སྲིང་མོ། ཤུ་ཐོས་པ་ལ། ཚིགས་ན། ཤོ་ཏྭཾ། ཐོས་པ་ཅན། གེ་སྒྲ་ལ་ཏྲི་ན་དང་། མཚམས་སྦྱོར་གྱི་ཡི་གེའི་ཨཱ། གྲྭ་ཏྭཾ། སྨྲ་བ་ཅན། ཎཱིའུ་ཐོབ་པ་ལ་ཏྲིན་དང་། བར་དུ་ཏུཀ་ཨཱ་ག་མ་བྱིན་པས། ནེཎྜི། འདྲེན་པའམ་ཁྱབ་པ་དང་། །ཀླུ་ད་མདོའི་བྱིངས་ལ་ཏྲིན་དང་། དྲ་ཏུ། ཀཱ་ཏྟཾ། སྒོ་སྲུང་། པཱུཧུ་དག་བྱེད་ལ་ཏྲིན། པོ་ཏྲི། བྱིས་པའོ། །ཤཱ་སུ་འཚེ་བ་ལ་ཏྲིན་སྦྱར་བས། ཤཧཱུཾ། སྟོན་པ། པྲ་སྔོན། པྲ་ཤཱ་སྟི། སྟོན་པའོ། །ཨུ་ཡིག་མཐའ་ཅན་གྱི་བྱེ་བྲག་ཀྲོའི་སྒྲ་ནི། ཀྲུ་ཤ་ཁྲོ་བ་ལ་ཏུན་རྐྱེན་དང་བྱིངས་ཀྱི་ཡོན་ཏན་བྱས་ནས་དྲངས་པས། ཀྲོཥྛ། ཅེ་སྤྱང་ངོ་། །ཨི་ཡིག་མཐའ་རིའི་སྒྲ་ནི། རྭ་དང་ལཱ་ལེན་པ་ལ། རཱ་ཏི་ལས་ཌ་འོས་ཌ་རྐྱེན། ཌིཏྲ་ལ་ཊི་དབྱི་ནས་དྲང་། རེ། ཞེས་གྲུབ་པ་ནོར་རྫས་སྤྱི་དང་གསེར་ལ་འཇུག་ཅིང་། དེ་ཉིད་ཉེར་བསྒྱུར་སུ་དང་སྦྱར་བས། སུ་རཾ། གསེར་བཟང་པོ། ཨོ་ཡིག་མཐའ་ཅན་གོ་ཡི་སྒྲ་ནི། གཙླི་འགྲོ་བ་ལ། ག་མི་ལས་ཊོ་


JKT016_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

འོས་ཌ་རྐྱེན་དུ་སྦྱར་བས། གོ གྲུབ་སྟེ། མཐོ་རིས་ཕྱུགས་ངག་རྡོ་རྗེ་ཕྱོགས། །མིག་འོད་ས་གཞི་བུ་རྣམས་ལ། །གོན་ཕོ་མོ་མཚོན་སྦྱར་ལྟོས། །ཞེས་བཤད་དོ། །དྷཱུཏ་འབར་བ་ལག་མི་བཞིན་དུ་ཌ་རྐྱེན་དུ་སྦྱར་བས། བྱོ། གྲུབ་པ་ནམ་མཁའ་སྟེ་མོ་རྟགས་སུ་བརྗོད་ལ། དེ་ཉིད་ཉེར་བསྒྱུར་སུ་དང་སྦྱར་བ་ན། སུ་བྱོ། མཁའ་བཟང་ཞེས་གྲུབ་པ་ནི། སྐྱེས་པའི་རྟགས་སོ། །འདིར་དཔེ་ལ་ལར་སུ་ཏོ་ཞེས་བྲིས་པ་ནི་ཡིག་ནོར་རོ། །ཨོ་ཡིག་མཐའ་ཅན། བློ་ཡི་སྒྲ་ནི། གླེ་དགའ་བ་ཉམས་པ། གླུ ནུ་དི་ལས་ཌ་འོས་ཌ་རྐྱེན། གློ། འདི་གཟུགས་བརྙན་གྱིས་ནོག་པར་བྱས་པའི་ཕྱིར་དྲི་མ་ཅན་ཏེ་ཟླ་བའི་མིང་ངོ་། ༈ །གཉིས་པ་བུད་མེད་ཀྱི་རྟགས་ངལ་ལ་མཐའ་ཅན་གྱི་སྐབས་སུ། ཨཱ་ཡིག་མཐའ་ཅན་གང་ལ་སོགས་པ་ནས་བརྩམས་ཏེ། ཨོ་ཡིག་མཐའ་ཅན་ནོ་ཡི་མཐར་ཐུག་པའི་བར་གྱི་སྒྲུབ་ཚུལ་རྣམས་རགས་རིམ་ཙམ་ཞིག་འབྲི་ན། གཙླི་འགྲོ་བ། ག་མི་ལས་གན་འོས་གན། ན་རྗེས་འབྲེལ་ཕྱིས་ནས་དྲངས་པའི་མཐར། བུད་མེད་ལ་ཨཱཔ་བྱིན་པས། གངྒཱ། ཞེས་གྲུབ་བོ། །ཨའི་སྒྲ་ལ་ཨ་ཙཱ་རྐྱེན་དང་། ཨིདི་ཏཱའི་ནུ་མ་སྦྱར་བའམ། ཨ་མ་ནང་བྱེད་པ་རུ་ཀྲན་རྐྱེན་དུ་བྱས་པའི་མཐར་ཨཱ་པ་སྦྱར་བས། ཨམ། མ། ཞེས་གྲུབ་པར་བྱེད་མོད་ཀྱི་དཔྱད་པར་བྱ་བའི་གནས་སུ་སྣང་ངོ་། །མེ་དྷི་ཡིད་གཞུང་བ་ལ་ཨདྲ་


JKT016_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་དང་། བུད་མེད་ཀྱི་ཨཱཔྲ་མ་དྷཱ། གཟུངས་སམ་བློ་གྲོས། ཧི་ལ་སྒེག་འཆོས་བྱེད་པ་ལ་ཨཙཱ་རྐྱེན་དུ་སྦྱར་བ་སོགས་ཀྱིས། ཧ་ལཱ། རོལ་མ། དུ་ལ་འདེགས་པ་ལ་ཨཙཱ་རྐྱེན་དང་། ཚུར་ལ་སོགས་པ་ཉིད་ཀྱི་ཕྱིར་ཉི་དབྱིབས་མཐར་ཨཱཔ། ངོ་མཱ། ཁྱོགས། ཛ་ན་སྐྱེ་བ་ལ། ཛ་ལ་ལ་སོགས་པ་རྣམས་སོས་ཡ་རྐྱེན་དང་། ཚིག་ཕྲད་ལས་ཛནའི་ཛཱ་རུ་བསྒྱུར་མཐར་ཨཱཔ། ཛཱཡཱ། ཆུང་མ་སོགས་སོ། །ཛཱི་ལང་ཚོ་དུ་འོས་ཨདྲ་རྐྱེན་དང་། མཐར་ཨཱཔྲ། ཛ་རཱ། རྒན་མོ། བུདྡྷིར་རྟོགས་པ་ལ། ཀྟིའོས་བུད་མེད་ཀྱི་སྟི་དང་། ཏ་ཐ་དག་གི་དྷ་སོགས་ཀྱིས་བསྒྲུབས་པས། བུདྡྷི། །བློ། གཞན་ཡང་། མ་ན་ཤེས་པ། བྷ་ཡོད་པ། ཛཱིཉྩ་འཛིན་པ། གཙླི་འགྲོ་བ། ཤ་ཀྵེ་དུས་པ། བྷུཉྩ་བསྟོད་པ་རྣམས་ལ་རྐྱེན་སྔ་མ་དང་། ཀིཏ་ལ་ཉམའི་ཡི་གེ་དག་དབྱི་ཞིང་། དང་པོའི་ཋའི་སྣ་སོགས་ཀྱིས་བསྒྲུབས་པས་མ་ཏི། བློ་གྲོས། བྷཾ་ཏི། འབྱོར་པ། བྷཾཏི། འཛིན་པ། ག་ཏི། འགྲོ་བའམ་རྟོག་པ། ཤཀྟི། ནུས་པ། སཱུ་ཏི། བསྟོད་པ། རུ་ཙི་འབར་བ་ལ་ཨིགྲ་མཐའ་ཉ་ལས་ཀི་རྐྱེན། རུ་ཙི། མཛེས་པ་སོགས་སོ། བྷོཊ་བཏུང་བ་ལ། དྷེ་ནུ་ལ་སོགས་པ་རྣམས་སོས་ནུ་རྐྱེན་དང་། ཚིག་ཕྲད་ལས་མཚམས་སྦྱོར་གྱི་ཡི་གེས་ཨཱ་རུ་མི་འགྱུར་བས། དྷེ་ནུ། བ་གྲུས་མ། ཎ་ད་མི་གསལ་པའི་སྒྲ་ལ་ཨཙཱ་རྐྱེན།


JKT016_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་བྱཱའི་སྣ། ན་ད་སོགས་ལས་སོས་བུད་མེད་ཀྱི་རྐྱེན་ཨཱིཔྲ་སྦྱར་བས། ན་རཱི། ཆུ་ཀླུང་། གཞན་ཡང་། སྤྲོ་སྒྲ་ལ་ཨ་སུན་རྐྱེན། སྭ་རས། དབྱངས། དེ་ལ་ལྡན་རྐྱེན་བ་ཏུ་དང་། ཥཊ་ཨུཏུ་རཾཏྲ་སོས་བུད་མེད་ཀྱི་རྐྱེན་ཨིཔ་སྦྱར་བས། སྭ་ར་སྭ་ཏཱི། དབྱངས་ཅན་མ། སྲི་འགྲོ་བ་ལ་རྐྱེན་དེ་ཉིད་དང་། ཡོད་པའི་དོན་ལ་བ་ཏུ་སྦྱར་བ་སོགས་ཀྱིས། ས་ར་སྭ་ཏཱི། མཚོ་ལྡན་མ། པྲཧྨ་ན་ལ། བུ་རྒྱུད་ལ་ཨརྔ་འོས་ཨརྔ་དང་། ནང་ཨིཎྜ་ལས་ཨཱཔ་འོས་ཨཱཔ་སྦྱར་བས། བཱ་ཧྥ་ཏཱཾ། ཚངས་བྱུང་མ་སོགས་སོ། །ལཀྟ་བལྟ་བ་དང་མཚོན་པ་ལ། ལཀེ་ལས་ཨཱི་སྟེ་མཱ་ཊའང་ངོ་ཞེས་པས་ཨཱི་རྐྱེན་དང་། བར་དུ་མཏྲ་ཨཱ་ག་མ་སྦྱར་ནས་ཨུཊ་ཕྱིས་ཏེ་རིམ་པར་དྲངས་པས། ལཀྵ། དཔལ་མོ། སྐྱེ་སྒྲ་དང་ཚོགས་པ་ལ། མྱུ་ཡ་ཏི་ལས་བུད་མེད་ཉིང་ལ་ཊ་ཊ་འོས་ཊ་ཊ་རྐྱེན། ཊི་ཏ་ཉིད་ཀྱི་ཕྱིར་བྱིངས་ཀྱི་ཨེ་དང་། ཊ་དེའི་དོན་དག་ཕྱིས་ནས་དྲངས་མཐར། ཥཊ་ཨུཏ་རིཏྲ་ལས་སོས་བུད་མེད་ཀྱི་ཨཱིཔྲ་སྦྱར་བས། སྟི། བུད་མེད། བྷ་མུ་གཡོ་བ་ལ། བྷུ་མི་ལས་ཀླུ་འོས་ཌུ་རྐྱེན་དང་། ཊིཏཱལ་བྱིངས་ཀྱི་ཨ་མ་ཕྱིས་ནས་དྲངས་པས། །སྨིན་མའོ། །ཨ་པ་སྐྱོང་བ་དང་། ཏྲེ་རྐྱལ་པ། ཏནྡྲ་མདོའི་བྱིངས་རྣམས་ལ། ཨ་བཱི་ལ་སོགས་པ་རྣམས་སོ། །ཞེས། ཏནྡྲི་ལས་ཨཱིཔྲ་འོས་ཨཱི་རྐྱེན། ཨ་བཱི། རྡུལ་ལྡན་མ། ཏ་རཱི། རྒྱ་མཚོ། ཏནྟི། བརྒྱལ་


JKT016_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །བ་དྷ་འཆིང་བ་ལ། ཙ་མི་ཏ་ནི་བ་དྷི་རྣམས་ལས་སྤུ་འོས་ཨུ་རྐྱེན། བདྷ། མནའ་མ། མཱད་ཚད་ཡ། པི་ཏྲ་ལ་སོགས་པ་རྣམས་སོས་ཧྲན་རྐྱེན། མཱ་ཏྲ། མ། ཤ་སུ་རྗེས་སུ་སྟོན་པ་ལའང་རྐྱེན་དེ་ཉིད་དང་། ཚིག་ཕྲད་ལས་ཤ་ཡིག་སྭ་རུ་བསྒྱུར་ནས་རྐྱེན་གྱི་ཏྲ་དབྱི་བས། སྲ་སྲི། སྲིང་མོ། ཆུ་དུད་པ་ལ། གླུ་ནུ་དེ་དག་ལས་ཌ་འོས་ཌ་རྐྱེན་དང་། ཌི་ཏྲ་ཉིད་ཀྱི་ཕྱིར་བྱིངས་ཀྱི་ཨུ་དབྱི་བས། ནོ། གྲུའོ།། །།གསུམ་པ་མ་ནིང་གི་རྟགས་དབྱིངས་མཐའ་ཅན་གྱི་སྐབས་སུ། ཨ་ཡིག་གི་མཐའ་ཅན་ཀུ་ལ་སོགས་པ་ནས་བརྩམས་ཏེ། ཨུ་ཡིག་མཐའ་ཅན་ཁ་ལ་པཱུའི་མཐར་ཐུག་པའི་བར་གྱི་སྒྲུབ་ཚུལ་འགའ་ཞིག་འབྲི་ན། ཧུ་ལ་སོགས་པ་ལ་ནཱ་མིན་ཨུ་པ་དྷུ་ལས་ཀ་རྐྱེན། ཀུ་ལ། རིགས། མཱུ་ལ་རབ་ཏུ་གནས་པ། ཕ་ལ་རྫོགས་པ་དག་ལ་ཨཙཱ་རྐྱེན། མཱུ་ལ། རྩ་བ། ཕ་ལ། འབྲས་བུ། པཉྩི་འོག་ཏུ་ལྟུང་བ་ལ། ཨུཎ་སོགས་ཀྱི་ཋཛྲ་རྐྱེན། བཏྠ། ལོ་མ། བུཥ་རྒྱས་པ་ལ་བ་རྐྱེན། བུཝ། མེ་ཏོག །ཀུ་ཌི་སྲེག་པ་ལ་ཨ་ཙཱ་རྐྱེན་དང་། ཨི་དི་ཏཱའི་ནུ་མ། ཀུཎྜ། ཐབ་ཀ། ཨ་སུ་འཕེན་པ་དང་། སཉྫ་ཆགས་པ་དག་ལ། སཉྫའི་ཨ་སི་དག་ལས་སྤྲིན་འོས་ཀློན་རྐྱེན་དང་། ཕྱི་མར་ཀིཏྲ་ལ་ཉམའི་ཡི་གེ་དབྱི་སོགས་ཀྱིས། ཨསྦི། རུས་པ། སཀྲི། བརླའོ། །གཞན་དུ་སྐྱེ་གནས་མཚུངས་པ་ཉིད་ཀྱི་བྱིངས་ཡིག་ཤ་རུ་བཀླགས་པ་ལྟར་ན་


JKT016_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཤཉྫིའོ། །ཨ་ཤུ་ཁྱབ་པ་ལ། ཨ་ཤི་ལས་སརྦ་འོས་སིཉྩ། ཁས་ལ་ཛྷས་སོགས་ཀྱི་ཤཀྲ་དང་། ཀུ་ཨི་ལ་སོགས་ཀྱིས་རྐྱེན་གྱིས་ཌཱ་རུ་བསྒྱུར་བས། ཨཱཀྵ། མིག །བྲིའྲ་སྒྲིབ་པ་ལ། ཐཾ། བ་སི་སོགས་ཀྱིས་ཨི་ཏའི་འཕེལ་ནས ཎྜི་ཏའི་འཕེལ་ནས་དྲངས་པས། བཱ་རི། ཆུའོ། གྲྭ་མ་སྔོན་མའི་ཎཱིཧྥ་ཐོབ་པ་ལ་ཀྭི་པ་དང་། ཚིག་ཕྲད་ལས་ཎ་ན་རུ་མི་འགྱུར་བས། གྲྭ་མ་ཎཱི། གྲོང་དབོན། རེ་དང་ནོ་དག་ལ་ཤིན་ཏུ་དང་འདས་པའི་དོན་གྱིས་ཨ་ཏི་སྦྱར་བས། ཨ་ཏིར། ཤིན་ཏུ་ནོར་ཅན། ཨ་ཏི་ནོ། ཆུ་ལས་གྲུས་བརྒལ་ཟིན་པ། གཡུལ་ཁ་དང་། སྙིགས་མ་སོགས་ལ་འཇུག་པའི་ཁ་ལ་སྔོན། དེ་དག་པར་བྱེད་པའི་ཕྱིར་པུའུ་དག་བྱེད་ལ་ཀྭི་བ་དང་། པཱུ་ལ་སོགས་པ་རྣམས་ཀྱི་ཐུང་ངུ་འོས་ཐུང་བ་རིགས་ཀྱང་པཙྪི་སོགས་ཀྱིས་རིང་བས། ཁ་ལ་པཱུ། ཕྱག་དར་མཁན་པོའོ།། ༈ །བཞི་པ་སྐྱེས་པའི་རྟགས་གསལ་བྱེད་ཀྱི་མཐའ་ཅན་ལ། ཧྲ་ཡིག་མཐའ་ཅན་ཨ་ན་ཊུ་ཏྲ་ནས་བརྩམས་ཏེ། སྲ་མཐའ་ཅན་ཨུ་ཤ་ནས་ཀྱི་མཐར་ཐུག་པའི་བར་གྱི་སྒྲུབ་ཚུལ་རགས་རིམ་ནི། ཨ་ན་སྲོག་བྱེད་པ་ལ། ཨ་ནི་ཏི་ལས་ཨ་སུན་སྦྱར་བས། ཨ་ནས། གྲུབ་པ་འཚོ་ཆས་འདྲེན་པའི་ཤིང་རྟ་ཆུང་ངུའི་མིང་ངོ་། །བ་ཧ་ཐོང་བར་ཀཱི་པྲ་དང་། སཾ་བྲས་ར་ཎས་པ་ཨུ། ཚིག་ཕྲད་ལས་ཨ་ན་སའི་སཊ་རུ་བསྒྱུར་ནས་དྲངས་པས། ཨ་ན་ཊུ་ཧྲ། འདིས་ཤིང་རྟ་


JKT016_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པར་བྱེད་པའི་ཕྱིར་གླང་ངོ་། །བ་ས་ཀུན་ནས་གཡོགས་པ། སཟུ་འོག་ཏུ་ལྟུང་པ། །དྷཱཏྨ་འགྲོ་བ། བླུནུ་ཀུན་ཏུ་ཉམས་པ་རྣམས་ལ་ཀྭིཔྲ་སྦྱར། ཕྱི་མའི་ཤུས། བས། འགེབས་པ། སྲི་ས། ཛྷ་ས། བྷཾས། གསུམ་ཀ་དོན་མཚུངས་པར། རྩོམ་པའམ་ཉམས་པ་ལ་འཇུག་གོ །གོ་སྔོན་མའི་དུ་ཧྭ་རབ་ཏུ་འཇོ་བ་ལ་ཀྭིཔྲ། གོ་དུ་ཧྲ། བ་ལང་འཇོ་བ། མདྷུ་སྔོན་མའི་ལི་ཧ་རོ་མྱོང་བ་ལའང་རྐྱེན་དེ་ཉིད་སྦྱར་བས། མ་དྷུ་ལིཏྲ། སྦྲང་རྩི་མྱོང་བ་སྟེ་སྦྲང་བུའོ། །མི་ཏྲ་སྔོན་མའི་དྲུ་ཧ་འཚེ་བ་ལ་ཤེ་བ། མི་ཏྲ་དྷཧཱ། བཤེས་འཇོམས། བྷིརྦ་འཛིན་པ་ལ་གྷརྦ་སྦྱར་བའི་བྷར་སྔོན། པ་ཧ་ཐོབ་པ་ལ། བྷ་ཛ་རྣམས་ཀྱིའི་རྔ་འོས་བི་རྔ་དང་། ཎིཏྲའི་འཕེལ་ཞིབ་ཎ་ཕྱིས། བིའོ་ཞེས་པས་བི་དབྱི། བྷ་ར་བཱ་ཧྲ། ཁུར་ཐོབ་སྟེ་བོང་བུའོ། །བཱ་རི་སྔོན་མའི་བ་ཧ་ལ་པིཊ། བཱ་རི་བཱཧཱ། ཆུ་ཁུར་ཏེ་སྤྲིན་ནོ། །ཏུ་ར་སྔོན་མའི་ཥ་ཧ་བཟོད་པ་ལ། ས་ཧི་ལས་ཎི་འོས་ཎཱི་རྐྱེན། གཞན་རྣམས་ཀྱིའང་ངོས་ཚིག་སྔ་མ་རིང་ཞིང་། སྡེབ་སྦྱོར་ལ་མང་པོར་རོ་ཞེས་པས་ཥས་རུ་བསྒྱུར་ཅིང་རྐྱེན་དབྱི་བ་ཉིད་ཀྱིས། ཏུ་རྭ་ས་ཧྲ། གཞན་གྱི་ཁེངས་པའི་སྙེམས་པ་ཟིལ་གྱིས་གཞོན་ནུས་པའི་ཕྱིར་གཞན་སྙེམས་བཟོད་དེ་བརྒྱ་བྱིན་གྱི་མིང་ངོ་། །ཙ་ཏེ་སློང་བ་ལ། ཨུ་ཎ་སོགས་རྣམས་མང་པོར་རོ། །ཞེས་པས། རྐྱེན་ཨུ་ར་ཙཱ། ཙཱ་དབྱངས་དོན། ཨ་བརྗོད་དོན་ཕྱིས་ནས་སྦྱར་


JKT016_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བས། ཙ་ཏུ་ར། བཞི། རཱ་ཛི་འབར་བ་ལ། ཨུཎ་ལས་དྲྀཏི། ཏཏྟི། རཱ་ཛི་སོགས་ཀྱིས་ཀ་ནིན་རྐྱེན། རཱ་ཛ་ན། རྒྱལ་པོའོ། །ཨཱ་ཏཱན་ནི་སྔར་བསྒྲུབས་ཟིན་པ་ལྟར་རོ། །ཊུ་ཨོ་ཤཱི་འཕེལ་བ་ལའོ། །ཊུ་དང་ཨོ་རྗེས་འབྲེལ། ཤུན་ལ་སོགས་པ་རྣམས་སོས་ཀ་ནིན་རྐྱེན། ཤཱན། ཁྱི། ཡུ་སྦྲེལ་བ་ལ། ཀྭ་ནི་ན་སྦྱར་བས། ཡུ་བ་ན། ལང་ཚོ། མ་ཧ་མཆོད་པ་ལ། ཤུན་ལ་སོགས་པས་ཀ་ནིན་རྐྱེན་དང་། མ་ཧིའི་མ་གྷ་པྲ་རུ་བསྒྱུར་བས། མ་གྷ་བ་ན། ལྷ་རྣམས་ཀྱིས་མཆོད་པར་བྱེད་པའི་ཕྱིར་མཆོད་བྱེད་དེ་བརྒྱ་བྱིན་མིང་ངོ་། །པ་ཐེ་འགྲོ་བ་ལ། པ་ཐི་མ་ཐི་དག་ལས་ཨིན་རྐྱེན། པ་ཐིན། ལམ། དམུ་ཉེ་བར་ཞི་བ་ལ་ཉམ་མཐའ་ལས་ཌ། དཎཱ། དབྱུག་པའོ། །དེ་ལ་ཡོད་པའི་དོན་གྱི་ཨིན་བྱིན་པས། དཎྜི་ན། དབྱུག་པ་ཅན། པྲ་ཧེ་འཕེལ་བ་ལ། མན་ལས་ཨུ་པ་དྷ་རི་རིར་འོས་མ་ནིན་རྐྱེན་དང་། རྀ་ར། པཧྨན། ཚངས་པ། དེ་འཇོམས་པའི་ཕྱིར། ཧ་ན་འཚེ་བ་ལ་ཀྭིཔྲ་སྦྱར་ཞིང་། རྟགས་མཐའི་ན་ཡིག་དབྱི་ནས་སྦྲེལ་བས། པྲཧྨ་ཧ་ན། ཚངས་འཇོམས་ཏེ་བདུད་ཀྱི་མིང་ངོ་། །པུ་ཥ་རྒྱས་པ་ལ། ཤཱ་ན་སོགས་ཀྱིས་ཀ་ནིན་རྐྱེན་དང་ཚིག་ཕྲད་ལས་བྱིངས་རིང་བས། པུཎན། ཉི་མའོ། །རྀ་འགྲོ་བ་འཁྱོ་མན་ལ་སོགས་པ་རྣམས་སོས་མ་ནིན་རྐྱེན་དང་། ཚིག་ཕྲད་ལས་མཐའི་གོང་དུ་ཡཀྲ་ཨཱ་ག་མ་སྦྱར་བས། ཨརླ་མན། གྲུབ་


JKT016_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པ། བསྙེན་བྱེད་དེ་ཉི་མའི་མིང་ངོ་། །པ་ཙི་རྒྱས་པ་ལ་ཙུ་ང་སོགས་ལས་ཉི་དང་། ཨི་དིཏཱའི་ནུ་མ་སྦྱར། ཀ་ནིན་རྐྱེན། ཉི་དབྱི་བས། པཉྩན། ལྔའོ། །ས་པི་མདོའི་བྱིངས་དང་། ཨ་ཤུ་ཁྱབ་པ་ལ་སྔ་མ་བཞིན་ཀ་ནིན་རྐྱེན་དང་། བར་དུ་ཏུ་ཊ་ཨཱ་ག་མ་བྱིན། ཨུཊ་ཕྱིས་ནས་དྲངས་པས། སཏྟནཾ། བདུན། ཨཊྚན། བརྒྱད་དོ། །ན་དུད་པ་ལ་རྐྱེན་སྔ་མ་དང་། ནོ་ཏལི་ཨེང་འང་ངོས་ཡོན་ཏན་བྱས་ནས་དྲངས་པས། ན་བན། དགུའོ། །དནི་གཅོད་པ་ལ། རྐྱེན་དེ་ཉིད་དང་། བརྩེགས་པའི་དང་པོ་དབྱི་བས། ད་ཤན། བཅུ་རྣམས་སྲུབ་པར་བཤད་དོ། །ཏ་དྲ་ལ་དངོས་པོའི་ཏྲ་སྦྱར་བའི། ཏ་ཏཱ། སྔོན། བུདྡྷ་ཁོང་དུ་ཆུད་པ་ལ་ཀྭིཔྲ། ཏ་ཏཱ་བུདྡྷ། དེ་ཁོ་ན་ཉིད་རྟོགས་པ། སཾ་སྔོན་མའི་རཱ་ཛི་འབར་བ་ལ། ཀྭི་པ། ས་མཱ་ཛ། ཡང་དག་པའི་རྒྱལ་པོ་སྟེ་འཁོར་ལོས་བསྒྱུར་བའོ། །ཨགི་སྔོན་མའི་མན་བསྲུབས་པ་ལ་ཀྭིཔ་དང་། བརྩེགས་པའི་དང་པོ་ཉ་མའི་ཡི་གེ་དབྱི་བས། ཨགི་མཐ། མེ་བསྲུབས། པྲ་ཏི་སྔོན་མའི་ཨཉྩའགྲོ་བ་དང་མཆོད་པར་བྱེད་པ་ལ། ཀྭ་ན་རྐྱེན་དང་། རྐྱེན་འཁོར་བཅས་ཕྱིས། ཉ་མའི་ཡི་གེ་ཡང་དབྱི་བས། པྲ་ཏྱ་ཙཱ། ཕྱི་མའི་ཕྱོགས་ཏེ་ནུབ་བོ། །གཞན་ཡང་བྱིངས་འདི་ཡི་སྔོན་དུ། ཉེར་བསྒྱུར་པྲ་དང་། ཨ་པ་དང་། ཨ་པ་དང་། ཨུ་དྲ་རྣམས་བཞག །ཨུ་ཏ་ལས་ཨུ་ཏ་ལ་ཨཱི་ཏ་འོས་ཨཉྩའི་ཨ་ཨཱི་རུ་


JKT016_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བའི་མཐར། ཨཉྫ་མུ་ཛ་ལས་སོས་ཀཱི་ན་རྐྱེན་དང་། རྐྱེན་འཁོར་བཅས་ཕྱིས། ཨཉྩ་ལས་སོས་བུད་མེད་ཀྱི་དཱི་ཎ་བྱིན་པས། པྲ་ཙཱི། དང་པོའི་ཕྱོགས་ཏེ་ཤར། ཨ་པཱ་ཙཱ། གུང་གི་ཕྱོགས་ཏེ་། ལྷོ། ཨཱ་བ་ཙཱ། འོག་ཕྱོགས། ཨུ་དཱི་ཙཱ། སྟེང་གི་ཕྱོགས་རྣམས་གྲུབ་པར་འདོད་འཇོ་སོགས་ལས་བཤད་དེ་འཕྲོས་དོན་ནོ། །འཁྱོགས་འགྲོའམ་གསེག་འགྲོས་སོགས་མི་ཟད་པ་དོན་དུ་མ་ཅན་གྱི་ཏི་རས་སྔོན་མའ་ཨམྦུའགྲོ་བ་ལ་ཀྭིན། ཀཱིཏྲ་ལ་ཧ་ལའི་ཨི་དཏྲ་ཏ་མ་ཡིན་པའི་མཐའ་ཉེ་འོས། རྦ་ཕྱིས། རྐྱེན་འཁོར་བཅས་ཀྱང་དབྱི། ཏི་རས་སའི་ཏི་རི་ཨཏྲའོས་ཏིར་སྲ་ཏི་རི་རུ་བསྒྱུར་ནས་དྲངས་པས། ཏིརྨ་ཙཱ། དུད་འགྲོ་སོགས་ལ་འཇུག་གོ །དེ་བཞིན་དུ་ཨལྕུལ་ཀཱིན་ཕྱིས་པའི་ཨ་ཙའི་སྔོན་དུ་ཉེ་ཚིག་ཨུད་དང་། སམ་དང་། ས་ཧ་རྣམས་སྦྱར། སམྲའི་ས་མི་འོས་སམ་ས་མི་དང་། ས་ཧའི་ས་དྷི་འོས་ས་ཧ་ས་ངྷི་རུ་བསྒྱུར་དངས་པས། ཨུད་ཙཱ། བྱང་། ས་མྱ་ཙཱ། ཡང་དག་པར་འགྲོ་བ། ས་དྨ་ཙཱ། ཡང་དག་པར་འགྲོགས་པ་རྣམས་གྲུབ་པར་བཞེད་དོ། །མེད་སྲོག་གཏོང་བ་ལ། སྲིད་ལས་ཨུ་ཏི་འོས་ཨུ་ཏི་རྐྱེན། ཨི་རྗེས་འབྲེལ་ཕྱིས་ནས་དྲངས་པས། མ་རུཏུ། རླུང་། མ་ཧ་མཆོད་པ་ལ། བྲྀ་ཏི། པྲ་ཏི། མ་ཧི་རྣམས་ལས་ཤ་ཏྲི་འོས་ཤ་ཏྲི་བྱིན། ཤ་འགྲོ་བ་ཕྱིས། མང་པོ་རྣམས་ལ་སྤྱིར་བཏང་བས་ཨཔྲ་མི་འཇུག་པའི་ཕྱིར།


JKT016_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ནས་རི་རྗེས་འབྲེལ་དབྱི་བས། མ་ཧ་ཏུ། གྲུབ་པ་ཆེན་པོ་སྟེ། གཞན་དུ་ཨུ་རྗེས་འབྲེལ་ཅན་དུ་བཀླགས་པ་ལྟར་ན། བྱིངས་སྔ་མ་ལ། རྐྱེན་ཨ་ཏུ་བྱིན་པས་བསྒྲུབས་པར་མཛད་དོ། །དེ་བཞིན་དུ་བྷ་བ་ཏའི་སྒྲ་ཡང་སྔར་བསྒྲུབས་པ་ལྟར་དང་། གཞན་ཡང་བྷ་ཡོད་པ་ལ། ཨ་ཏུ་རྐྱེན་དང་། ཡོན་ཏན་བྱས་ནས་དྲངས་པས་གྲུབ་པར་བཞེད་པའང་སྣང་ངོ་། །མགྷནི་མཆོད་སྦྱིན་ནོ། །ཞེས་བྱིངས་ཀྱི་ཚོགས་སུ་གང་བའི་ཟླ་བས་བཀླགས་ཏེ། དེ་དང་ལྡན་པ་ལ་མ་ཏུའི་དོན་ལས་བ་ཏུ་བྱིན་ནས། ཨུ་རྗེས་འབྲེལ་ཕྱིས་པས། མ་གྷ་བཏྲ། མཆོད་སྦྱིན་དང་ལྡན་པ་སྟེ་བརྒྱ་བྱིན་གྱི་མིང་ངོ་། །བི་ཤ་འཇུག་པ་ལ་ཀྭིཔྲ་ཕྱིས་པས། བི་ཤ། །དམངས་རིགས་སོ། །ཥ་ཧ་བཟོད་པ་ལ་ཌ་ཌའི་རྐྱེན་སྦྱར་ནས། ཚིག་ཕྲད་ལས་བྱིངས་ཕྱིས་པས། ཥ་ཌ། དྲུག་གོ །དམུ་ཉེ་བར་ཞི་བ་ལ། དམི་ལ་ཌོ་སྭ་རོས་ཌོས་རྐྱེན། ཊིཏྲ་ལ་ཨ་མ་ཕྱིས་ནས་སྦྱར་བས། དོས། གྲུབ། དེ་ལ་སྐྱེ་གནས་མཚུངས་པ་ཉིད་ཀྱི་ཕྱིར་སྲཥ་རུ་བསྒྱུར་བས། དོལ། དཔུང་པ་སོགས་ལ་འཇུག་ཅིང་། གཞན་དུ་དོས་ལ་ཨཱཔ་སྐྱར་ཞིང་། ཀུ་ཨི་ལ་སོགས་ཀྱིས་སྲཥ་རུ་བསྒྱུར་བས། དོཥཱ་ཞེས་པའི་སྒྲའི་གཟུགས་ཀྱང་ཡོད་དེ། ནོར་ལས་རྒྱལ་གྱིས། དོ༔དང་དོ་ཌ་སྤྱོད་བྱེད་དཔུང་། །ལག་པ་ཧ་སྟཀཱ་རའོ། །ཞེས་སོ། །ས་མཱ་ན་སྔོན་མའི། ཛུཊི་མཛའ་བ་དང་སྟེན་པ་ལ།


JKT016_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཀྭིཔ་སྦྱར། ས་མཱ་ནའི་ས་རུ་བསྒྱུར་བས། ས་ཚུལ། གྲོགས་པོ། ཨཱད་སྔོན་མའི་ཤིཥ་འཁྱུད་པ་ལ་ཀྭིས། ཨཱ་ཤིཥ། སྨོན་པ། པཱུརྦ་དག་བྱེད་ལ་ཀིན་དང་། བར་དུ་མུ་མ་དང་། སུམ་ཨཱ་ག་བྱིན། །ཨུ་མ་དག་རྗེས་འབྲེལ་ཏེ་དབྱི། པཱུ་སོགས་ཀྱིས་ཐུང་ཞིང་། རྐྱེན་འཁོར་བཅས་ཀྱང་དབྱི་བས། བུས། སྐྱེས་བུ། བི་ད་ཤེས་པ་ལ། བི་དི་ལས་བ་སུ་འོས་རྐྱེན་བ་སུ། བི་དྭས། མཁས་པ། ཏསྦི་སྔོན་མའི་བས་ངེས་པར་གནས་པ་ལ་བིཙཱ། ཏསྦི་བསྲ། སུ་སྔོན་མའི་པ་ཙ་སྨྲ་བ་ལ་ཨ་སུན། སུ་བཙས། ངག་བཟང་། ཙནྡྲ་སྔོན་མའི་མཱད་ཚད་ལ། ཙནྡྲ་ལས་མཱད་ལས་རིཏའོས་ཨ་སི་རྐྱེན་དང་ཨཙཱ་དར་ཀཱིཏཱ་ལའང་ཨ་དབྱི་ནས་དྲངས་པས། ཙནྡྲ་མ་ས། སིམ་བྱེད་དེ་ཟླ་བའོ། །བ་ཤ་མཛེས་པར་ཀ་ན་སུ་རྐྱེན་དང་། ཀྲིཏྲ་ལ་སཾ་པྲ་ས་ར་ཎས་བ་ཨུ། ཨུ་ཤ་ནས། འོད་ཅན་ཏེ་པ་སངས་ཀྱི་མིང་ངོ་། །པུ་རུ་སྔོན་མའི་དང་གཅོད་པ་ལ། ཨ་སུན་སྦྱར་བས། པུ་རུ་དོ་ཤས། གང་བ་ཟ་སྟེ་ངང་པ་སྤྱིའི་མིང་ངོ་། །ནཉྩ་སྔོན་མའི། ཨཱི་ཧ་བྱེད་པ་ལ། ཨ་ནེ་ཧས། ཨངྒ་རས། ཨཔྤ་རས་རྣམས་སོ། །ཨ་སི་རྐྱེན་དང་དབྱངས་ལན་ཉྫའི་ཡི་གེ་བཟློག་ཅིང་། ཚིག་ལས་ཡོན་ཏན་བྱས་པས། ཨ་ནེ་ཧས། དུས་སོ། ༈ །ལྔ་པ་བུད་མེད་ཀྱི་རྟགས་གསལ་བྱེད་མཐའ་ཅན། ཨུ་པཱ་ན་ཧྲ་སོགས་ཀྱི་སྒྲུབ་ཚུལ་ནི། ཨུ་པ་སྔོན་མའི་ཎ་ཧ་འཆིང་བ་ལ།


JKT016_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཀྭིཔྲ་རྐྱེན་དང་། ན་ཧི་བྲཊིས་ཁི་སོགས་ཀྱིས་ཚིག་སྔ་མ་རིང་བས། ཨུ་པཱ་ནཧཱ། མཆིལ་ལྷམ་མོ། དི་བུ་རྩེ་བ་ལ་དིའི་ལས་ཌི་པའོས་ཌིཔྲ་རྐྱེན། ཊིཏྲ་ལ་མཐའི་དབྱངས་སོགས་ཕྱིས་ནས་དྲངས་པས། དིབ། རོལ་པ་སྟེ་མཐོ་རིས་ཀྱི་མིང་ངོ་། །གྲྭ་སྒྲ་ལ། སམྦདྲ་ལ་སོགས་པ་རྣམས་སོ། །ཀྭིཔྲ་དང་། རྀ་ཏའི་ཨིར་དུ་བསྒྱུར་བས། གིཏྲ། ཚིག །ཕྲོ་སྐྱོང་བ་ལ་ཀཱི་པ་ཕྱིས། མཆུ་བྱུང་ལས་རི་ཨུད་དུ་བསྒྱུར་བས། པུར། གྲོང་ཁྱེར། སམ་སྔོན་མའི། ཨིནྡྲི་འབར་བ་ལ་ཀྭི་པ་དང་། ཀཱིཏཱ་ལ་མཐའ་ཉེའི་ཉམའི་ཡི་གེ་དབྱི་བས། ས་མིདྷ། ངེས་བརྗོད་ཀྱི་རིག་བྱེད་དང་ཡམ་ཤིང་ལ་འཇུག་གོ །སུ་དྷི་མདོའི་བྱིངས་ལ་རྐྱེན་སྔ་མ་དང་། བྲི་ཁོ་དར་ལ་སོགས་པ་ཉིད་ཀྱི་ཕྱིར་ཨུ་པ་དྷཱའི་ས་ཕྱིས། རླུང་ལ་འཇུག་པའི་ཀ་སྔོན་དུ་བཞག་པས། ཀ་ཀུབྷ། རླུང་བསྐྱོད་དེ་ཕྱོགས་སྤྱིའི་མིང་ངོ་། །ཏཱ་ཙ་གཡོགས་པར་བྱེད་པ་དང་། རོ་ཙ་བསྟོད་བདག་ལ་ཀྭི་པྲ་ཕྱིས་པས། ཏཱ་ཙཱ། ཤིང་སོགས་ཀྱི་ཤུན་པ། རི་ཙཱ། ངེས་བརྗོད་ཀྱི་རིག་བྱེད་དོ། །ཨཱ་པྲི་ཁྱབ་པ་ལ། ཨུཎ་ལ་སོགས་པ་མང་པོར་རོས་ཨུཏྲ་སོགས་ཀྱི་ཀྭི་པ་དང་། ཚིག་ཕྲད་ལས་བྱིངས་ཐུང་བས། ཨཔ། ཆུའོ། །དི་ཤ་ཤིན་ཏུ་འདོར་བ་ལ། དི་ཤ་ལ་སོགས་པ་རྣམས་སོ་ཞེས་པའི་ཚིག་ཕྲད་ལས་ཀྭིན་རྐྱེན། དི་ཤ། ཕྱོགས་སོ། །ཏཱི་ཥ་འབར་བ་ལ་ཀི་པྲ། ཏཱིཥ། སྣང་བའོ། ༈ །དྲུག་པ་མ་ནིང་


JKT016_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྟགས་གསལ་བྱེད་མཐའ་ཅན། བཱ་ར་ལ་སོགས་པའི་སྦྲའི་སྒྲུབ་ཚུལ་ནི། བྲྀཏ་སྒྲིབ་པ། བྷ་ཛ་རྣམས་ཀྱི་བིཛྲའོས་བིརྔ་རྐྱེན་དང་། ཊཱི་ཧྭའི་འཕེལ་རྐྱེན་དབྱེ་བས། བཱར། ཆུ། བར་སྒྲིབ་པ། ཤྲཱིའུ་འཚེ་བ། ཊུ་ཀྲྀཏྲ་བྱེད་པ། ཙར་གཡོ་བ་རྣམས་ལ་མན་རྐྱེན། ཡོན་ཏན་བྱས་ནས་དྲངས་པས། ཙརྨ་ན། པགས་པ། བརྨ་ན། གོ་ཆ། ཤརྨ་ན། སྐྱིད་པ། ཀརྨ་ན། ལས་རྣམས་གྲུབ་པ། །ག་འགྲོ་བ་ལ་ཀྭིཔྲ་རྐྱེན་དང་། ཀཱིཏྲ་ལ་ཉམའི་ཡི་གེ་དབྱི་ཞིང་། ཚིག་ཕྲད་ལས་གཉིས་བརྗོད་པའི་སྔ་མ་ཛ། ཐུང་ངུའི་པིཏ་ལ་ཏུཀ་སྦྱར་ཞིང་། རྐྱེན་དབྱེ་བས། ཛགཏྲ། འགྲོ་བ། དྲི་ཤིར་བལྟ་བ་ལ། ཨུཎྜ་སོགས་ལས། ཤ་ར་དྲ་དར་དྲ་ཚིགས་ཤན་རྣམས་སོས་མི་ཏི་སྦྱར། ཚིག་ཕྲད་ལས་རྐྱེན་གྱི་ཨེ་ཨ་དང་། ཏད་རུ་བསྒྱུར་བས། དྲི་ཤདྲ། རྡོ་བ། བཱིད་བཏུང་བ། ཏི་ཛ་རྣོ་བ། ཧུ་སྦྱིན་པ། རྣམས་ལ་ཨུཏྲ་སོགས་ཀྱི་ཨ་སུཊ་རྐྱེན་དང་། ཡོན་ཏན་བྱས་ནས་དྲངས་པས། པ་ཡས། འོ་མ། ཏེ་ཛས། གཟི་བརྗིད། ཧ་བས། བསྲེག་རྫས་རྣམས་གྲུབ་བོ། ༈ །བདུན་པ་རྟགས་གསུམ་ཀ་ལ་གཟུགས་ཀྱི་རྣམ་པ་ཐ་དད་དུ་མེད་པའི་ཡུད་དང་། ཨསྨིད་དག་གི་སྒྲུབ་ཚུལ་ནི་གོང་དུ་བསྟན་ཟིན་ལ། འདིར་ཉིས་འགྱུར་གྱི་སྐབས་སུ་ཚིགས་བཅད་ལ་ཇི་ལྟར་སྦྱོར་ཚུལ་རབ་བྱེད་ལས་འབྱུང་བ་དག་ཅུང་ཟད་བཀྲལ་ན། དྲུག་པ་དང་བཞི་


JKT016_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཅིག་ཚིག་གི་དཔེར་བརྗོད་ལ། ནོར་ལ་འཇུག་པའི་སྭའི་སྒྲ་ལ། དབང་ཕྱུག་ལས་སྭཱ་མིན་འོས་ཡོད་པའི་དོན་ལ་ཨཱ་མི་ནི་ཙ་སྦྱར་ནས་ཨིཙ་རྗེས་འབྲེལ་ཕྱིས་ཤིང་། སི་བྱིན་ཏེ་རཱ་ཛན་ལྟར་བསྒྲུབས་པས། སྭཱ་མཱི། རྗེའོ། ཡུད་ལ་དྲུག་པའི་གཅིག་ཚིག་བྱིན་པའི་ལུས་འགྱུར། ཏེ། ཁྱེད་ཀྱི། ས། དེ། སམ་དང་ཨཱདྲ་སྔོན་མའི་ཡ་ཕྱིན་པར་བྱེད་པ་ལ་ལྟ། ས་མཱ་ཡཱ་ཏ། ཡང་དག་འོང་། སཱ་མཱི། རྗེ། ཨསྨདྲ་ལ་དྲུག་པའི་གཅིག་ཚིག་བྱིན་པའི་ལུས་འགྱུར། མེ། བདག་གི། སཾ་པྲ་ཏཾ། ད་ལྟ་སྟེ། འོན་ཀྱང་མི་ཟད་པའི་སྡེ་ཚན་དུ་བཀླགས་པ་ཉིད་ཀྱི་ཕྱིར་སྒྲུབ་ཚུལ་བྱེ་བྲག་ཏུ་མ་མཐོང་ངོ་། །ག༔་འགྲོ་བ་ལཀྟ། ཉམའི་དབྱི་པས། ག་གཤེགས་སོ། །ན་མསཿ ཕྱག་འཚལ་བའམ། འདུད་པ། བྷ་ག་ལ་ཡོད་པའི་དོན་གྱི་བ་ཏུ་བྱིན། མཐར་སི། བྷ་ག་བན། བཅོམ་ལྡན། བ་ཧུ་ལ། བ་ཧུ་ལ་དབྱི་ཞིང་བ་ཧུའི་བྷཱའང་ངོ་། །ཞེས་པས་ཨཱི་ཡ་སུ་རྐྱེན་དང་། བ་ཧུ་བྷུ་རུ་བསྒྱུར་ནས། རྐྱེན་གྱི་ཨཱི་དབྱི་བས། བྷུ་ཡས། ཕལ་ཆེར་རམ། ལན་མང་ངམ། ཡང་ཡང་གི་དོན་ལ་འཇུག་གོ །ཌུ་དཱཉ྄་སྦྱིན་པ་ལ། པཉྩ་མཱིའི་ཧི། ༀདྲ་སོགས་ལས་ཨཔ་འཇིག །ཧུ་ལ་སོགས་པ་ལས་གཉིས་ཀྱང་ངོས། །བྱིངས་གཉིས་བརྗོད། ཐུང་ངུ་འོས་སྔ་མ་ཐུང་། དཱ་རྣམས་ཀྱི་ཧི་ལ་འོས། སྔ་མའི་ད་འཇིག་ཅིང་། ཕྱི་མའི་དྭ་དེ་རུ་བསྒྱུར་བས་དེ་ཧི།


JKT016_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ཅིག །ཡུད་ལ་བཞི་པའི་གཅིག་ཚིག་བྱིན་ཟིན་པའི་ལུས་འགྱུར། མེ། བདག་ལ། མུ་ཙྪི་གྲོལ་བ་ལ། བྲྀཏཱི་བདི་སོགས་ཀྱིས་མ་རྐྱེན་བྱས་པའམ། ཡང་ན་ཙུར་སོགས་ཀྱི་མོཀྵ་གནས་པ་ལ་ཉི་དང་། ཨ་ཙཱ་རྐྱེན། ཉི་ཕྱིས་པ་སོགས་ཀྱིས། མོཀྵ། གྲུབ་པ། ཐར་པ། ཙུར་སོགས་ཀྱི་བྱ་ཡ་ཟད་པ་ལ་ཨཙཱ་དང་། དགག་ཚིག་གི་ནཉྩ་སྔོན་དུ་སྦྱར་ཞིང་སི་བྱིན་པས། ཨ་བྱ་ཡཾ། མི་ཟད། དེ་ལྟར་གྲུབ་པ་དག་མཚམས་སྦྱོར་གྱིས་སྦྲེལ་བས། སྭཱ་མཱི་ཏེ་ས་ས་མཱ་ཡཱ་ཏཿ སཱ་མཱི་མེ་སཾ་པྲ་ཏཾ་ག་ཏཿ ན་མ་སྟེ་བྷ་ག་བན་ཡོ། དེ་ཧི་མེ་མོཀྵ་མ་བྱ་ཡཾ། ཁྱོད་ཀྱི་རྗེ་དེ་ལེགས་པར་འོང་། །བདག་གི་རྗེ་བོད་ལྟ་གཤེགས། །བཅོམ་ལྡན་ཁྱོད་ལ་ཡང་ཡང་འདུད། །བདག་ལ་མི་ཟད་ཐར་པ་སྩོལ། །ཞེས་པའོ། །དྲུག་པ་དང་བཞི་པའི་གཉིས་ཚིག་གི་དཔེར་བརྗོད་ལ། སྭཱ་མཱི། རྫི་བོ། ཡུཥྛདལ་དྲུག་པའི་གཉིས་ཚིག་བྱིན་པའི་ལུས་འགྱུར། བཱན། ཁྱེད་དག་གི། ས། ཧེ། ཧ་སེ་དགོད་པ་ལ་རྐྱེན་གྷཉྫ་དང་། ཎིཏའི་འཕེལ། ཧུ་ལ་སོགས་པས་བྱིངས་གཉིས་བརྗོད། ཛྷ་བྷ་རྣམས་ཀྱིས་ཛ་བ་ཙ་བ་རྣམས་སོས་ཧ་སྔ་མ་ཛ་རུ་བསྒྱུར་ཞིང་ཐུང་*བས། ཛ་ཧས། བཞད་གད། ཏུད་སོགས་ཀྱི་ཨུཙྪིརིམ་པ་ལས་འདས་པ་ལ་ཨེཙུ་རྐྱེན་དུ་སྦྱར་བས། ཨུཙྪ། གྲུབ་པའང་མཐོན་པོ་ལ་འཇུག་མོད། འོན་ཀྱང་། ཨུཙྪིས་ནི་མི་ཟད་པའི་སྒྲ་ཆེན་པོའམ། མཐོན་


JKT016_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བརྗོད་པ་ཅན་ཏེ་རྣམ་པར་བཤད་པ་མ་མཐོང་ངོ་། །དྲི་ཤིར་བལྟ་བ་ལ། དུས་སྔ་མ་ལཀ་འོས་རྐྱེན་ཁཱ། དྲྀཏྟཱ། བལྟས་ནས་ཞེས་གྲུབ་སྟེ་གྲངས་མེད་པའི་བྱེ་བྲག་གོ །ཨསྨད་ལ་དྲུག་པའི་གཉིས་ཚིག་བྱིན་པའི་གཟུགས་ཀྱི་ཁྱད་པར། ནོ། བདག་དག་གི། ཊུ་དཱརྦ་སྦྱིན་པ་ལ་ཡུཊ། དཱན། སྦྱིན་པ། ཊུ་ཡཱ་ཙི་སློང་བ་ལའང་རྐྱེན་སྔ་མ་སྦྱར་མཐར་ཨམ། ཡཱ་ཙན། སློང་བ་ལ། རཱ་ཛན་ལ་སི། རཱ་ཛཱ། རྒྱལ་པོ། ཡུད་ལ་བཞི་པའི་གཉིས་ཚིག་བྱིན་པའི་ལུས་བསྒྱུར། པཱན། ཁྱེད་དག་གི་ཆེད་དུ། དཱ་ཤི་དང་དྭ་སྲི་སྦྱིན་པ་ལ། བཞི་རྣམས་ལ་ཡཀྲ་འོས་ཡཀྲ་དང་། ད་ལྟར་བའི་ཏེ་སྦྱར་བས། དྭསྱ་ཏེ། བྱིན་ནོ། །དཱ་ན་ལ་སི། དཱ་ནཾ། སྦྱིན་པ། ཛཱ་ཤེས་པ་ལ། ཡུ་ཊ་རྐྱེན། ཛྷ་ན། ཡེ་ཤེས། མ་དྷུ་སྔོན་མའི་ཁྱུ་དཱ་འཚེ་བ་ལའང་རྐྱེན་དེ་ཉིད་དང་། དང་པོའི་རྣའི་སྣ། མབྷ་སྡུད་ན༔ འདིས་ལྷ་མ་ཡིན་སྦྲང་རྩི་ཞེས་པ་འཇོམས་པར་བྱས་པའི་ཕྱིར་སྦྲང་རྩི་འཇོམས་ཏེ་ལྷ་ཁྱབ་འཇུག་གི་མིང་ངོ་། ་རྣམས་ཀྱི་རྐང་པ་སྔ་ཕྱི་དག་མཚམས་སྦྱོར་གྱིས་སྦྲེལ་བས། ཨཱ་མཱི་བཱ་ནཱུ་ཛ་ཧཱ་སོཙྪེ་དིཥི་ནོ་དཱ་ན་ཡཱ་ཙ་ནཾ། རཱ་ཛཱ་བཱ་དཱ་སྱ་ཏེ་དཱ་ནཾ་ཛྷཱ་ནཾ་ནོ་མ་དྷུ་སཱུ་ད་ན༔ ཅེས་འབྱུང་བ། བཞད་གད་མཐོ་དེ་ཁྱེད་དག་གི་རྗེ་བོ། ངེད་དག་སྦྱིན་པ་སློང་ལ་བལྟས་ནས་སོ་་། ཁྱེད་དག་ལ་ནི་རྒྱལ་པོའི་སྦྱིན་པ་བྱིན། །ངེད་ལ་སྦྲང་རྩི་འཇོམས་པས་ཡེ་ཤེས་སོ། །ཞེས་པའོ། །


JKT016_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་གཉིས་ཚིག་དང་དྲུག་པའི་མང་ཚིག་གི་དཔེར་བརྗོད། དེ་བ༔ ལྷ། ཡུན་ལ་གཉིས་པའི་གཉིས་ཚིག་བྱིན་པའི་ལུས་འགྱུར། བཱ་མ། ཁྱེད་དག་ལ། ཨ་བ་དང་རཀྟ་སྐྱོང་བ་ལ་བྱེད་པོ་ལ་ཨ་པྲ་དང་། སྨོན་པའི་པ་ར་སྨེའི་སྐྱེས་བུ་དབུས་མའི་གཅིག་ཚིག་ཧེ་བྱིན། ཏུ་ཧི་དག་གི་ཏཱ་ཏར་ཤེས་བརྗོད་ལ་ཡང་ན་བརྗོད་པར་བྱའོས། ཧིཏྲ་ཏ་དྲ་དུ་བསྒྱུར། ང་ཡོན་ཏན་འགོག་པའི་དོན་དང་། ཨ་བརྗོད་དོན་ཕྱིས་པས། ཨ་བ་ཏཱཏུ། སྲུངས་ཤིག །བི་ཤ་འཇུག་པ་ལ། ཨིཥྛ་རྩྭ་སྣ་འོས། ཀླུ་རྐྱེན། བི ཁྱབ་འཇུག །ཀྲྀ་ཚུལ་ལ། ཨུཎ་ལས་ཀྲྀཏྲ་སོགས་རྣམས་ལ་བུན་འོས་བུན་རྐྱེན། མཐར་ང་སི་བྱིན་པས།། ན་རཀཱཏྲ། དམྱལ་བ་ལས་ཞེས་གྲུབ་བོ། །ཨསྨད་ལ་གཉིས་པའི་གཉིས་ཚིག་བྱིན་པའི་ལུས་འགྱུར། ནོ། བདག་དག་ལ། ཛ་ན་སྐྱེ་བ་ལ་ཨ་ཙཱ་སྦྱར་བ་སྔོན། ཙུ་ར་སོགས་ཀྱི་ཨཏུ་འཚེ་བ་ལ། ཉི་དང་། །ཡུ་ཊ། ཨིཊ་མེད་པ་ལ་ཉི་དབྱི་ཞིང་དྲངས་པས། ཛ་ནཱ་རྡ་ན༔ སྐྱེ་འཇོམས་ཏེ། རྒྱ་མཚོའི་ནང་དུ་གནས་པའི་ལྷ་མ་ཡིན་ཛ་ན་ཞེས་པ་རྣམས་འདིས་འཇོམས་པར་བྱས་པའི་ཕྱིར་ཁྱབ་འཇུག་གི་མིང་ངོ་། །སྭཱ་མཱི། རྗེ་བོ། ཡུཥྛད་ལ་དྲུག་པའི་མང་ཚིག་བྱིན་པའི་ལུས་འགྱུར། བས། ཁྱེད་རྣམས་ཀྱི། བ་ལ་སྟོབས་བྱེད་པ་ལ། ཨཙཱ་རྐྱེན་དང་། ལྡན་རྐྱེན་པ་ཏ་བྱིན་མཐར་སི་སྦྱར་ཏེ་མ་ཧ་ཏྲ་ལྟར་བསྒྲུབས་པས། བ་ལ་བཱ་ན།


JKT016_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ལྡན། རཱ་ཛཱ་སྒྲུབ་ཚུལ་ནི་གོང་དུ་བསྟན་ཟིན་པ་ལྟར་རམ། གཞན་ཡང་གཞུང་འདིར། ར་ཛ་ན་སོགས་ལས་ཨན་འོས། རཱ་དྲི་འབར་བ་ལ་ཨན་རྐྱེན་དུ་བྱས་ནས་ས་ཕྱིན་པས་ཀྱང་འགྲུབ་བོ། །སྭཱ་མཱི། རྗེ་བོ། ཨ་སྨད་ལ་དྲུག་པའི་མང་ཚིག་བྱིན་པའི་ལུས་འགྱུར། ནོ། ངེད་རྣམས་ཀྱི། ཨདས་ལ་སི་བྱིན་པས། ཨ་སོ། འདི། ཛནཱ་རྡ་མཿ སྐྱེ་འཇོམས་སོ། །དེ་ལྟར་གྲུབ་པའི་རྐང་པ་ཀོང་འོག་དག་མཚམས་སྦྱར་བས། དེ་པོ་བཱ་མ་ཏཱ་དྲི་རྣར་ཀཱཏྟཱ་ཛ་ནཱ་རྡ་ན༔ སཱ་མཱི་བོ་བ་ལ་བཱན་རཱ་ཛཱ་སྭཱ་མཱི་ནོཉ་སོཛ་ནཱ་རྡ་ན༔ ཅེས་འབྱུང་བ། ཁྱབ་འཇུག་ལྷ་ཡིས་ཁྱེད་དག་དང་། །སྐྱེ་འཇོམས་ཀྱིས་བདག་དམྱལ་ལས་སྲུངས། །སྟོབས་ལྡན་རྒྱལ་པོ་ཁྱེད་རྣམས་རྗེ། །སྐྱེ་འཇོམས་འདི་ནི་བདག་ཅག་རྗེ། །ཞེས་པའོ། །རྣམ་དབྱེ་བཞི་པ་དང་གཉིས་པའི་གཅིག་ཚིག་གི་དཔེར་བརྗོད་ལ། ན་མསྲ། འདུད་དོ། །ཡུལླད་ལ་བཞི་པའི་མང་ཚིག་བྱིན་པའི་ལུས་འགྱུར། བས། ཁྱེད་རྣམས་ལ། བྲཧྨ་ན་ལ་མ་ནིང་གི་སི་བྱིན་ནས། སི་དང་རྟགས་མཐའི་ན་ཡིག་དབྱི་བས། བྲཧྨ། ཚངས་པ་བི་སྔོན་མའི་ཛཱ་ཤེས་པ་ལ་ཌ་རྐྱེན་དང་། བཞི་བའི་བྱུས་བྱིན་པ། བི་ཛཱི་རྣམ་མཁྱེན་རྣམས་ཀྱི་ཆེད་དུ། ཛྷཱ་ན། ཡེ་ཤེས། ཡུཊྚདྲ་ལ་བཞི་པའི་མང་ཚིག་བྱིན་པའི་ལུས་འགྱུར། ནོ། བདག་རྣམས་ལ། རྔུ་དཱཉྩ་སྦྱིན་པ་ལ། བཞི་པོ་རྣམས་ལ་ཡཀྲ་འོས་ཡཀ་


JKT016_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྨོན་པའི་བདག་དོན་གྱི་ཏཱམ་སྦྱར། དྭ་སོགས་ཀྱི་ཨཱི་འོས་བྱིངས་ཀྱི་ཨཱ་ཨཱི། དཱི་ཡཏྭཾ། སྩོལ་ཅིག །དྷ་ན་གསོབ་དང་ལེགས་པ་དག་ལ་ཨ་ཙཱ། མཐར་སི། དྷ་ནཾ། ནོར། ཨཱང་སྔོན་མའི་ན་དི་དགའ་བ་ལ་ཨི་དི་ཏའི་ནུ་མ་དང་མདྲ་སོགས་ལས་ཨ་རྐྱེན་དུ་སྦྱར་བའི་ཨཱ་ནནྡ་ལས་ཧིའི་ས་རུ་བསྒྱུར་ནས་གོང་དུ་བཞག །མཐང་ཤས། །སཱ་ན་ནཱན། དགའ་བཅས། ཡུད་ལ་གཉིས་པའི་མང་ཚིག་བྱིན་པའི་ལུས་འགྱུར། བས། ཁྱེད་རྣམས་ལ། པྲ་སྔོན། དྲི་ཤའི་པ་ཤུ་ལ། ཨཔ་དང་། ད་ལྟར་བའི་བར་སྨེའི་མས་སྦྱར། མ་བདག་ལ་ཨའོས་བྱིངས་མཐའི་ཨ་ཨཱ། པྲ་པ་ཤུ་མཿ བལྟ་བར་བགྱིའོ། །ཡང་བྱིངས་དེ་ཉིད་ལ་ཨཔྲ་དང་། སྨོན་པ་དང་བསྐུལ་བའི་དོན་གྱི་ཨཏཱ་ནེའི་ཨནྡྷཾ། པ་ཤཱ་ནཾ། ལྟོས་ཤིག །ཨསྨད་ལ་གཉིས་པའི་མང་ཚིག་བྱིན་པའི་ལུས་འགྱུར། ནས། བདག་རྣམས་ལ། ཉེར་བསྒྱུར་སུ་དང་། དུར་སྔོན་མའི་ཁ་ན་བརྐོ་བ་ལ་ཌ་རྐྱེན། དེ་ལ་ལྡན་རྐྱེན་ཨིན་དང་། མཐར་ཤས། སུ་དུསྶཊིན༔ ཤིན་ཏུ་སྡུག་བསྔལ་ལྡན་པའོ། །དེ་ལྟར་གྲུབ་པའི་རྐང་པ་གོང་འོག་དག་རྒྱུན་གཅིག་ཏུ་སྤེལ་བས། ན་མོ་བོ་བྲཧྨ་བིདྡྷེ་བྷོ་ཛྷཱ་ན་ནོ་དཱི་ཡ་ཏཏཾ་དྷནཾ་སྭཱ་ནཎ་ན༔ཕྲ་པ་ཤུ་མཔ་ཤ་ནཱུ་ནསུ་དུཁི་མཿ ཅེས་འབྱུང་བ། རྣམ་མཁྱེན་ཚངས་པ་ཁྱེད་རྣམས་ལ་འདུད་དོ། །བདག་ཅག་རྣམས་ལ་ཡེ་ཤེས་ནོར་སྩོལ་ཅིག །དགའ་བཅས་


JKT016_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རྣམས་ལ་ནི་བལྟ་བར་བགྱི། །ཤིན་ཏུ་སྡུག་ལྡན་བདག་ཅག་རྣམས་ལ་ལྟོས། །ཞེས་པའོ། །རྣམ་དབྱེ་གཉིས་པའི་གཅིག་ཚིག་གི་དཔེར་བརྗོད། པ་ཤ་ལ། བྱེད་པ་པོ་ལ་ཨ་པ་དང་། ད་ལྟར་བའི་བདག་དོན་གྱི་མིཔ། བམ་དག་ལ་ཨཱ་འོས་བྱིངས་མཐའ་རིང་བས། བ་བྱ་མི། བལྟའོ། །ཡུཊྚདྲ་ལ་གཉིས་ཚིག་བྱིན་པའི་ལུས་འགྱུར། ཏཱ། ཁྱོད་ལ། མ་དྲི་དགའ་བར་མད་སོགས་ལ་ཨ་རྐྱེན། མད། ཁེངས་པ། ཡྻ ཉེར་བསྒྱུར་ཨཱདྲ་སྔོན་མའི་ལི་ཧ་རོ་མྱང་བ་ལ་ལྟ་རྐྱེན་དང་། ཧའི་ལྷ་འོས་བྱིངས་མཐའི་ཧ་བྷ། ཏ་ཐ་དག་གི་དྷའོས་རྐྱེན་གྱི་ཏཱདྷ། བྷ་རྣམས་ཀྱིས་དྷ་བྷ། ཧྥུ་ལིས་ཆ་ལ་དབྱི་ཞིང་རིང་པོ་འོས་བྱིངས་མཐའི་ཞྭ་དབྱི་ཟླནས་ཨུ་པ་དྷ་རིང་ཞིང་མཐར་སི། ཨཱ་ལི་བྷཾ། གཡས་བརྐྱངས། པ་བྱལ་ཨཔྲ་དང་། ཧི། ཨཏྲ་སོགས་ལས་འཇིག་པས། བཤ། ལྟོས་ཤིག །ཨསྨད་ལ་གཉིས་པའི་གཅིག་ཚིག་བྱིན་པའི་ལུས་འགྱུར། མཱ། བདག་ལ། མད། ཁེངས་པའམ་རྒྱགས་པ། བྷི་དིར་རྣམ་པར་འཇོམས་པ་ལ་ཨུཎྜལ་སོགས་པ་ལས་མང་པོ་དངོས་བུན་རྐྱེན། མཐར་སི། བྷེད་ཀཾ། འཇོམས་པའོ། །དེ་ལྟར་གྲུབ་པ་ཉིད་སྦྲེལ་བས། པ་ཤུ་མི་ཏཱ་མ་དྷཱ་པཱི་བྷཾ། པ་ཤུ་མཱ་མ་དེ་བྷེད་ཀ །ཞེས་འབྱུང་བ། རྒྱགས་པས་གཡས་བརྐྱངས་ཁྱོད་ལ་བལྟ། །ཁེངས་པས་འཇོམས་པ་བདག་ལ་ལྟོས། །ཞེས་པའོ། །རྐང་པ་སོ་སོའི་ཐོག་མ་ལ་ཏེ་མེ་སོགས་སུ་


JKT016_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྒྱུར་བའི་དཔེར་བརྗོད་དུ། ཏ་པ། ཁྱོད་ཀྱི། ཡདྲ་ལ་ཛས། ཡེ། གང་རྣམས། ཤདྲི་རྣམ་པར་རྒྱུ་བ་ལ། ཛ་ཏུ་ལ་སོགས་པ་རྣམས་སོས་རུ་རྐྱེན་དང་། ཚིག་ཕྲད་ལས་ཤདྲ་འདྲ་ཏ་རུ་བསྒྱུར་བས། ཤ་ཏུ། དགྲ་བོ། དེ་ལ་ཛས། ཤ་ཏྲ་པཿ དགྲ་བོ་རྣམས། རཱ་ཛ་ན། རྒྱལ་པོ། མ་མ། བདག་གི། ཏདྲ་ལ་ཛས། སྦྱར་བའི་ཏེ་དང་། ཉེར་བསྒྱུར་ཨ་བི་མཚམས་སྦྱར་བས། ཏེའུ་བ། དེ་རྣམས་ཀྱང་། ཨ་ཏི་སྔོན་མའི་ཤདྲི་ལ་སྔར་བཞིན་བསྒྲུབས་པས། ཨ་ཏི་ཤ་ཏྲ་བ༔ ཤིན་ཏུ་དགྲ་རྣམས་སོ། །ཏ་པ་སྔར་བཞིན། ཉི་མི་དྭ་སྣུམ་པར་བྱེད་པ་ལ། རྒྱུད་ཉུང་གི་ཨུཎ་ལས། ཅི་མི་དེ་དག་ལས་ཏུཀྲ་འོས་ཏུཀྲ་དང་། ཚིག་ཕྲད་ལས་བྱིངས་ཀྱི་ད་དབྱི་བས། མི་ཏཱ། དེ་ལ་མ་ནིང་གི་ཛས་བྱིན་ནས་ཤི་རུ་བསྒྱུར་བ་སོགས་ཀྱིས་བསྒྲུབས་པས། མི་ཏཱ་ཎི། གྲོགས་རྣམས་སོ། །འདི་ལ་ཙནྡྲ་པའི་ཨུཎ་སོགས་སུ་བྱིངས་ཀྱི་དྲ་མི་དབྱི་བར་ཏ་རུ་བསྒྱུར་བས། མིཏྟཱ། ཞེས་པའི་གཟུགས་སུ་བསྒྲུབས་པར་སྣང་ངོ་། །ཡདྲ་ལ་ཛས་བྱིན་ནས་མ་ནིང་ལྟར་བསྒྲུབས་པས། ཡཱ་ནི། གང་རྣམས། ཨས་ཡོད་པ་ལ། ཨས་དང་། ཆོ་ག་འབྱུང་བའི་ཡུས། ཨདྲ་སོགས་ལས་ཨཔྲ་འཇིག་ནས་ཨས་དག་གི་ཨའི་འོས། བྱིངས་ཀྱི་ཐོག་མའི་ཨ་ཕྱིས་ནས་དྲངས་པས། མྱུས། གྱུར། མ་མ་དང་། མི་ཏཱ་ཎི་སྔར་བཞིན་ཏད་ལ་མ་ནིང་གི་ཛས་སྦྱར་བས། །


JKT016_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱ་ནི། དེ་དང་ཨ་སི་མཚམས་སྦྱོར་བས། ཎཱ་ནྱ་སི། དེ་རྣམས་ཀྱང་། ཞེས་པའོ། །དེ་ལྟར་གྲུབ་པའི་རྐང་པ་སྔ་ཕྱི་དག་མཚམས་སྦྱོར་གྱིས་སྦྲེལ་བས། ཏ་པ་ཡེ་ཤ་ཏྲ་བོ་རཱ་ཛ་ན། །མ་མ་ཏེཉ་པྱ་ཏི་ཤ་ཏྲ་བཏ་པ་མི་ཏཱ་ཎི་ཡཱ་ནི་སྟུ། །མ་མ་མི་ཏཱ་ཎི་ཏཱ་ནྱ་སི། །ཞེས་འབྱུང་བ། རྒྱལ་པོ་ཁྱོད་ཀྱི་དགྲ་གང་རྣམས། །བདག་གི་ཡང་ནི་ཤིན་ཏུ་དགྲ། །ཁྱོད་ཀྱི་གྲོགས་པོར་གྱུར་གང་རྣམས། །དེ་རྣམས་བདག་གི་གྲོགས་ཀྱང་ངོ་། །ཞེས་པའོ། །དེ་བཞིན་དུ་དྲུག་པའི་མང་ཚིག་ལ། རུ་དིར་མཆི་མ་འཛག་པ་ལའོ། །ཨུཎ་ལས། ཏཉྩི། པཉྩི། ཀྱི། ཀླུ་དི། རུ་དི་སོགས་ཀྱིས་རཀྲ་རྐྱེན། རུ་དྲ༔ དྲག་པོ། བི་ཤུ། སྣ་ཚོགས། ཨཱི་ཤུར། དབང་ཕྱུག །དེ་ལཿ ལྷ། ཡུ་ཀ །ཁྱེད་རྣམས་ཀྱི། ཀུ་ལ། རིགས། དེ་བ་ལ་དངོས་པོའི་ཏི་དང་། བུད་མེད་ཀྱི་ཨཱཔ་སྦྱར། དེ་བཏཱ། ལྷ་ཉིད། ས། དེ། ཨེ་བ། ནི་གྲངས་མེད་པའི་སྒྲ་སྟེ་ངེས་གཟུང་གི་དོན། བྷ་ག་བཱན། བཅོམ་ལྡན། ནཱ་ཐི་ཉེ་བར་གདུང་བ་དང་དབང་ཕྱུག་དང་སྨོན་པ་རྣམས་ལ། དངོས་པོ་ལས་གྷརྦ་བྱིན་པས། ནཱ་ཐ། མགོན་པོ། ཨསྨཱ་ཀཾ །བདག་རྣམས་ཀྱི། པཱ་བཏུང་བ་ལ། ཨུཎ་ལས། བཱི་བཱ་ཏའི་ལས་པ་འོས་བ་རྐྱེན། སྡིག་པ་ཅན་འཐུང་བར་བྱེད་པས་ན། པཱ་པཾ། ངན་འཐུང་སྟེ་སྡིག་པའི་མིང་ངོ་། །ཎ་ཤ་མི་མཐོང་བ་ལ་བུ་ཏྲ། ནཱ་ཤ་ཀཿ ཉམས་པར་བྱེད་པའོ། །


JKT016_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་སྦྲེལ་བས། རུ་དྲོ་བི་ཤྭ་ཤྭ་རོ་དེ་བོ། །ཡུཥྛད་ཀཾ་ཀུ་ལ་དེ་བ་ཏཱ། །ས་ཨི་བ་བྷ་ག་བཱན་ཐ ཨསྨཱ་ཀེ་པཱ་པཾ་ན་ཤ་ཀཿ ཅེས་འབྱུང་བ། དྲག་པོ་སྣ་ཚོགས་དབང་ཕྱུག་ལྷ། །ཁྱེད་ཅག་རྣམས་ཀྱི་རིགས་ཀྱི་ལྷ། །མགོན་པོ་བཅོམ་ལྡན་དེ་བཞིན་ཉིད། །བདག་ཅག་རྣམས་ཀྱི་སྡིག་ཉམས་བྱེད། །ཅེས་པའོ། །རྐང་པའི་ཐོག་མ་ཡིན་ཀྱང་བོད་ཚིག་གི་རྗེས་སུ་ཡིན་ན་བས་སོགས་སུ་མི་འགྱུར་བའི་དཔེར་བརྗོད་པ། དེ་བ། ལྷ། ཨ་ན། ངེད་རྣམས་ལ། བཱ་སྲུང་བ་ལ། ཨཔྲ་དང་། ཧི། ཨདྲ་སོགས་ལས་ཨཔ་འཇིག །པཱ་ཧི། སྲུངས་ཤིག །མི། ཧ་རི་མ་བོད་སི་ཕྱིས་པས། ཚྭ་ཧ་རེ། ཀྱེ་མི་ཡི་སེང་གེ། བིཥྛལ་བོད་སི་ཕྱིས། བི། ཀྱེ་ཁྱབ་འཇུག །ཨ་སྨན། བདག་རྣམས་ལ། ཨ་བ་དང་རཀྟ་སྐྱོང་བ། ཨ་པྲ་དང་། ཧི། ཨཏྲ་ལས་འཇིག །རཀྵ། སྲུངས་ཤིག །སརྦ་ལ། དུས་ལ་དྭ་རྐྱེན། སརྦ་དཱ། ཐམས་ཅད་དུ་ཞེས་པའོ། །དེ་དག་སྦྲེལ་བས། དེ་བཱསྨན་ཏི་ཚྭ་ཧ་རེ། །བིདྡྷོཉ་སྨན་རཀྵ་སརྦ་དཱ། །ཞེས་འབྱུང་བ། ཀྱེ་ལྷ་བདག་སྐྱོངས་མིའི་སེང་གེ །རྟག་པར་བདག་སྲུང་ཁྱབ་འཇུག་ཀྱེ། །ཞེས་པའོ། །གཞན་དུ་རྐང་པའི་དང་པོ་མ་ཡིན་ན་བསྒྱུར་བའི་དཔེར་བརྗོད་ལ། བཱ་སྲུང་བ་ལ། ཨ་པྲ་དང་། སྨོན་པའི་པར་སྨིའི་ཨནྟ། པཱ་ནྟཱ། སྲུངས་ཤིག །ཡུཊྚད་ལ་བཞི་བའི་མང་ཚིག་བྱིན་པའི་ལུས་


JKT016_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། བོ། ཁྱོད་རྣམས་ཀྱི་ཆེད་དུ། སྲི་ཚུལ་ལ། དབྱངས་ལས་ཨ། ན་རཿ མི། སིདྷ་ལ་ངས། སིདྷ་སྱ། སེང་གེ་ཡི། ཁ་ན་བ་རྐོ་བ་ལ་ཌ་རྐྱེན། ནརྦ་སྔོན། ན་ཁ་སོགས་ནཧྲའི་ན་མི་དབྱི་བ་ཚིག་ཕྲད་དུ་བྱས་པས། ན་ཁ། སེ་ན་མོ། ལ་སི་འགྲོ་བ་ལ་མུ་མ་དང་། ཨ་ཙཱ་སྦྱར་བའི་ལངྒ་འགྲོ་བ་དང་། ལཱ་ཏི་འཛིན་པར་བྱེད་པ་དག་བསྡུས་ནས། སྲོ་ཁོ་དར་ལ་སོགས་པས་ལངྒལ་ལངྒལ་དུ་བསྒྱུར་བས། ལཱངྒ་ལ། སྲ་ལ་འགྲོ་ཞིང་འཛིན་པར་བྱེད་པས་ན་ཐོང་གཤོལ་ལོ། །ཀུ་ཊ་གྱ་གྱུ་ཉིད་ལ། ཨུཏྲ་སོགས་ཀྱི་ཨི་རྐྱེན་དང་། མཐར་ཛས། ཀོ་ཊ་པཿ རྩེ་མོ་རྣམས། ཏུ་སྦྱིན་པ་ལ། ཨུཏྲ་ལས་ཧིརའང་ངོ་ཞེས་པས། ཨ་ནྱ་ཙཱ་རྐྱེན་དང་། ཧུ་ཏིར་དུ་བསྒྱུར་བས། ཧི་ར་ཎྱ། དབྱིག་གམ་གསེར། དེ་ལ་ཡོད་པའི་དོན་ལ་ཨ་སྦྱར་བས། ཧི་ར་ཎྱ གསེར་ཅན་ནོ། །ཀ་ཤི་མདོའི་བྱིངས་ལ། ཨི་རྐྱེན། ཀ་ཤི། ལྕག ཅན་གྱིས་འདྲོངས་བར་འོས་པའི་མིའི་མིང་སྟེ། དེ་སྐྱོབ་པའི་ཕྱེད་བཱ་སྲུང་བ་ལ་ཀྭིཔ་དང་། དྲུག་པའི་ཨོསྲ་སྦྱར་ནས་སོ་མ་པཱ་ལྟར་བསྒྲུབས་པས། ཀ་ཤི་བོ༔ འདྲོབས་སྐྱོད་དག་གི །པ་ཙཱ་འཆད་པར། བ་ཙི་ལས་སུ་ཊའང་ངོས་ཨ་སུན་རྐྱེན་དང་། བར་དུ་སུ་ཊ་ཨུ་ག་མ་བྱིན། ཨུཊ་ཕྱིས་ནས་དྲངས་པས། བཀས། བྲང་། ཀྟི་ཌ་འཚེ་བ་ལཊྚན་རྐྱེན། ཀྵེ་ཏྲ། ཕུག་པའམ་དྲལ་བ། ཨ་དྷི་སྔོན་མའི་སྲི་ཛ་རྣམ་པར་


JKT016_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བ་ལ་ཀཱི་པྲ་དང་། བཻ་ཌོདར་ལ་སོགས་པ་ཉིད་ཀྱི་ཕྱིར་དྷི་དབྱི་ཞིང་། ནུདྷུ་ལ་སོགས་པས་ཛ྄ཀ་རུ་བསྒྱུར་བས། ཨ་སྲི་ཀྲ །ལྷག་འདོར་ཏེ་ཁྲག་གོ །ཀར་སྨད་པའི་སྒྲ་ལ་ཀྭིཔྲ་དང་། དྭ་མུ་ཉེ་བར་ཞི་བས་ཨཙཱ་རྐྱེན་དུ་བྱས་པ་དག་སྦྱར་བས། ཀརྡ་མ། འདམ་རྫབ་སྟེ། བྱིངས་རབ་ཏུ་གསལ་བའི་ཊཱི་ཀ་ལས་ཀྱང་། སྒྲ་ངན་པར་བྱེད་ཅིང་འདུལ་བའི་ཕྱིར་ཀརྡ་མའོ། །ཞེས་བཤད་དོ། །རྀ་འགྲོ་བ་ལ། མང་པོ་ཉིད་ལ་སྦྱིར་བཏང་བའི་ཕྱིར་ཨུ་ནན་རྐྱེན་དང་། ཡོན་ཏན་བྱས་ནས་དྲངས་པས། ཨ་རུ་ཎ། དམར་སྐྱའམ། དམར་མོག་སྟེ་དོན་ལ་དམར་ཁ་མི་གསལ་བའི་མིང་ངོ་། །མཐར་ཛས་སྦྱར། ཨ་རུ་ཎཱ་དམར་པོ། དེ་ལྟར་གྲུབ་པའི་རྐང་པ་གོང་འོག་དག་མཚམས་སྦྱར་བས། བཱནྟ་པོ་ནར་སིདྷ་སྤྱན་ཁ་ལཱངྒ་ལ་ཀོ་ཊ་ཡ༔ ཧི་ར་ཎྱ་ཀ་ཤི་པོ་རྦཀྵཀེ་ཏུ་སྲིཀྐ་རྡ་མཱ་རུ་ཎཿ ཅེས་འབྱུང་བ་བསྒྱུར་བས། འགྲོ་བས་སྐྱོང་གསེར་ཅན་ལྟོ་བའི་ངོས། །སེན་མོའི་གཤོལ་རྩེས་དྲལ་བ་ཡིས། །ཁྲག་གི་འདམ་རྫབ་དམར་པོ་ཅན། །མི་ཡི་སེང་གེས་ཁྱོད་ལ་སྲུངས། །ཞེས་པ་སྟེ། ཁྱབ་འཇུག་གི་འཇུག་ཕོ་བཅུ་པའི་ནང་ཚན་གྱི་གཏམ་རྒྱུད་དང་སྦྱར་བའི་ཤིས་བརྗོད་དོ། །གཞན་ཡང་། ཙ། བཱ། ཧཱ། ཨ་ཧ། ཨེ་བ། ལྔ་པོ་དང་སྦྱོར་བའི་ཚེ་རིང་ཏེ་མེ་སོགས་སུ་མི་འགྱུར་བའི་དཔེར་བརྗོད་ལ། ཏ་བ། ཁྱོད་ཀྱི། ཙ། དང་། མ་མ།


JKT016_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི། མི་ཏྲ་ལ་རང་དོན་ལས་ཨ་ཎ་དང་། བུད་མེད་ཀྱི་ཨཱི་པ། མེ་ཏཱི། མཛའ་བཤེས། ཙནྡ། ཟླ་བ། ལི་ཁ་འབྲི་བ་ལ་ཨི་ལས་ཨ་ཙ་རྐྱེན། ལེ་ཁ། རི་མོ། ཨི་བ། བཞིན། དྲྀ་དྷུ་འཕེལ་བ་ལ་ཨཔྲ་དང་། ད་ལྟར་བའི་ཏེ། བནྡྷ་ཏེ། འཕེལ་ལོ། །དེ་ལྟར་གྲུབ་བདག་སྦྲེལ་བས། ཏ་བ་ཙམ་མ་ཙ་མེ་ཏི། །ཙནྡྲ་ལེ་ཁེ་བ་བནྡྷ་ཏེ། །ཞེས་པ། ཁྱོད་དང་བདག་གི་མཛའ་བཤེས་ནི། །ཟླ་བའི་རི་མོ་བཞིན་དུ་འཕེལ། །ཞེས་པའོ། ༈ །བརྒྱད་པ་རྟགས་གསུམ་དབྱེ་བ་མེད་པར་འཇུག་པས་ཕ་རོལ་གྱི་རྣམ་དབྱེ་ཐམས་ཅད་འཇིག་ཅིང་རང་ཉིད་ཀྱི་གཟུགས་གཞན་དུ་མི་འགྱུར་བ་མི་ཟད་པའི་སྡེ་ཚན་བཤད་པའི་སྐབས་སུ། ཙ་སོགས་རང་བཞིན་གྱིས་མི་ཟད་པ་དང་། ཏ་ཏྲ་སོགས་རྣམ་དབྱེའི་དོན་གྱིས་བཅོས་པའི་མི་ཟད་པ་གཉིས་ལས། དང་པོའི་སྐབས། ཙ་དི་ཚིམ་པ་ལ་ཌ་རྐྱེན་དང་། ཌི་ཏྲ་ལ་ཨདྲ་ཕྱིས་ནས་དྲངས་པས། གྲུབ་སྟེ། ཨ་མཱ་ར་ཀོ་ཥལས། ཙ་ནི་ཞར་བྱུང་ཀུན་སྡུད་དང་། །གཅིག་གཅིག་སྦྱོར་དང་ཀུན་བསྡུ་བ། །ཞེས་སོ། །བ་འགྲོ་བ་སོགས་ལ་ཀྭིཔྲ་སྦྱར་བས། བཱ། གྲུབ་པ། འདམ་ཁ་དང་། དཔེ་དང་། རྣམ་རྟོག་དང་། རྐང་བ་ཁ་སྐོང་བ་དང་། ཁོ་ནའི་དོན་དང་། ཀུན་ལས་བཏུས་པ་རྣམས་ལ་འཇུག་གོ །ཨོ་ཧཱ་ཀྲ་གཏོང་བ་ལ་ཀྭིཔྲ་སྦྱར་བས། ཧཱ། གྲུབ་སྟེ། བི་ཤྭ་ལས། ཧཱ་ནི་སེམས་དང་སྐྱོ་བ་དྲན། །ང་རྒྱལ་


JKT016_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སྨོད་དང་མནར་བ་ལ། །ཞེས་བཤད་དོ། །བྱིངས་དེ་ཉིད་ལ་ཌ་རྐྱེན་དང་། དགག་སྒྲ་སྔོན་དུ་སྦྱར་བས། ཨ་ཧ་མྱ་ངན་ལས་སྐྱེས་དང་། །ངན་དང་དུག་དང་སྙིང་རྗེའི་དོན། །ཞེས་སོ། །ཨིཎྜ་འགྲོ་བ་ལ་མང་པོ་ཉིད་ཀྱི་ཕྱིར་བ་རྐྱེན་དུ་བྱས་པས། ཨ་བ། གྲུབ་པ་ངེས་གཟུང་གི་དོན་ཏོ། །གཞན་ཡང་འདི་རིགས་ལས་ཕལ་ཆེར་ཞིག་ལ་སྒྲུབ་ཚུལ་གསལ་བར་མཆིས་ཀྱང་ཡི་གེས་འཇིགས་ནས་མ་བྲིས་ལ། གཉིས་པ་བཅོས་པའི་ནི་པཱཏ་ཏད་སོགས་ནི། ཏད་དང་། ཡདྲ། ཀི་མ་རྣམས་ལ། ཀཱ་ལ་པར། བདུན་པ་ལ་ཏྲ་འོས། རྣམ་དབྱེ་བདུན་པའི་དོན་དུ་དེ་ཕན་གྱི་ཏྲ་སྦྱར་ཞིང་། ཁྱད་སོགས་ཀྱི་ཆོ་གས་བསྒྲུབས་པ་དང་། ཀིམ་ཀ་རུ་བསྒྱུར་བས། ཏཏྲ། དེ་ལ། ཡཏྲ། གར་ལ། ཀུ་ཏྲ། ཅི་ལ་སྟེ། འདིར་དཔེ་ལ་ལར། ཏ་ཏ་དང་། ཡཏྲ་སོགས་བྲིས་པ་ནི་ཡིག་ནོར་རོ། །དེ་བཞིན་དུ་ཀི་མ་ལ་བདུན་པའི་དོན་དུ་ཧ་དང་། ཨཏུ་དག་བྱིན། སཱ་མར་ཀི་མ་ཀུ་དང་། ཕྱི་མ་ལ་ཀཱ་རུ་བསྒྱུར་བས། ཀུ་ཧ། དང་། ཀཱཏྲ། ཅི་ལའོ། །ཀཱི་མ་སརྦ་ཡདྲ་ཨི་ཀ་ཨ་རྒྱ་རྣམས་ཉིད་ལས་དུས་ལ་དྭའོ། །ཞེས་པས་དེ་རྣམས་ལས་དཱ་བྱིན་པས། ཀ་ར། ནམ་གྱི་ཚེ། སརྦ་དཱ། ཐམས་ཅད་ཀྱི་དུས་ལ། ཏ་དཱ། དེའི་ཚེ། ཡ་དཱ། གང་གི་ཚེ། ཨེ་ཀ་ར། དུས་གཅིག་གི་ཚེ། ཨ་ནྱདཱ། དུས་གཞན་གྱི་ཚེ། ཞེས་པ་རྣམས་གྲུབ་བོ། །རྣམ་པ་བརྗོད་པ་ལ་ཐཱའོ།


JKT016_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས། ཏད་ཡདྲ་དག་ལ་ཐཱ་བྱིན་པས། ཏ་ཐཱ། དེ་ཡི་རྣམ་པའམ། དེ་ལྟ་བུ། ཡ་ཐཱ། གང་ལྟ་བུ། ཞེས་པའོ། །ཀིམ་ཨིད་མ་དག་ལ་ཐ་མུའོ། །ཞེས་པས་དེ་གཉིས་ལ་ཐ་མུ་བྱིན་ནས་ཀི་མ་ཀ་དང་། ཨི་དམ་ཨིཏ་དག་ཏུ་བསྒྱུར་བས། ཀ་ཐཾ། ཅི་ལྟ་བུ། ཨི་ཏཱཾ། དེ་ལྟ་བུའོ། །ལྔ་པ་ལ་ཏས་འང་ངོ་ཞེས་པས། རྣམ་དབྱེ་ལྔ་པའི་དོན་ལ་ཏདྲ་སོགས་ལས་ཏས་སྦྱར་བས། ཏ་ཏཿ དེ་ལས། ཡ་ཀཿ གང་ལས། ཀུ་ཊཿ ཅི་ལས། སརྦ་ཏཿ ཐམས་ཅད་ལས། ཞེས་གྲུབ་བོ། །ཨེ་ཏད་དང་། ཨི་དམ་ལ་རྐྱེན་དེ་ཉིད་སྦྱར་ནས། ཨེ་ཏད་ཨ་དང་། ཨི་དམ་ཨི་ཏ་དྲག་ཏུ་བསྒྱུར་བས། ཨ་མཿ དང་། ཨི་ཏཿ གྲུབ་པ་འདི་ལས་སོ། །པཱུཟླ་དང་། ཨ་དྷར་དག་ལ་ས5སོགས་ཀྱི་ཚིག་ཕྲད་ལས། ཨསྟཏྲ་རྐྱེན་དུ་སྦྱར་ཞིང་། པཱུ་ཟླ་པུརྦ་དང་། ཨ་དྷར་ཨ་དྷཱ་རུ་བསྒྱུར་བས། པུ་ར་སཱུཏྲ། སྔོན་དུས་སུ། ཨདྷཱ་སཱུཏྲ། འོག་ཏུ། པ་ར་ལ། སདྱལ་སོགས་པའི་ཚིག་ཕྲད་ལས་ཨེ་ན་སྦྱར་བས། པ་རེ་ཎ། ཕ་རོལ་ཏུ། ཞེས་པའོ། །དེ་སོགས་ཀྱིས་མཚོན་ཏེ་འགའ་ཞིག་འབྱུང་བ་རྒྱས་པར་མདོ་ཉིད་དུ་ཤེས་པར་བྱའོ། །པྲ་ལ་སོགས་པ་ནི་ཉེར་བསྒྱུར་རོ། །ཞེས་པ་ནི་བྷ་ཥ་ལས། པྲ་དང་པར་ཨ་པ་སཾ་དང་ཨ་ནུ་ཨ་བ་ནི་ར། །དུར་བི་ཨ་དྷི་ཨ་དྷི་སུ་ཨུང་ཨ་ཏི་ནི་པྲ་ཏི། །པ་རི་ཨ་པི་ཨུ་པ་ཨཱད་ཞེས་ཉི་ཤུ་པོ་འདི་རྣམས། །གྲོགས་ལ་ཉེ་བར་སྒྱུར་


JKT016_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱེད་མཁས་པ་རྣམས་ཀྱིས་བཤད། །ཅེས་གསུངས་པ་དག་སྤྱིར་མི་ཟད་པ་དང་ནི་པཱ་ཏའི་སྡེ་ཚན་དུ་གཏོགས་མོད་ཀྱང་། དམིགས་ཀྱིས་ཨུ་པས་རྒ་སྟེ་ཉེར་བསྒྱུར་ཞེས་བཏགས་པའི་དགོས་པ་ནི། །ཇི་སྐད་དུ། གང་གཱའི་ཆུ་ནི་རབ་མངར་བ། །རྒྱ་མཚོར་སླེབས་ན་པ་ཚྭར་འགྱུར། །དེ་བཞིན་སྒྲ་ཡི་ཁམས་རྣམས་ཀྱང་། །ཉེར་བསྒྱུར་དབང་གིས་གཞན་དུ་འགྱུར། །ཞེས་པ་ལྟར་འདི་རྣམས་བྱིངས་སམ་མིང་གང་ལ་སྦྱར་ཡང་རུང་སྟེ། རང་གི་དོན་གཞན་དུ་སྒྱུར་བར་བྱེད་པའི་ཕྱིར། དཔེར་ན། གྲཧ་ཉེ་བར་ལེན་པ་ལ། བྱིངས་ལས་དང་པོར་རོ། །ཞེས་པས། སཾ་དང་དྲ་ལ་སོགས་པ་སྔོན་དུ་སྦྱར་ནས། གྷརྦ་སོགས་ཀྱི་རྐྱེན་གྱིས་བསྒྲུབས་པས། སཾ་གྲྭ་ཁ་ཚུར། པྲ་གྲྭ་ཐོགས་པ། ཨ་པ་གྲྭ་ཁྲོས་ཚིག ནི་གྲ་ཚར་གཅོད་པ། སཾ་གྲ་བསྡུ་བ། པ་རི་གྲ་ཆུང་མ་སོགས་སུ་འཇུག་འགྲོ་བས་མཚོན་པ་དང་། གཞན་ཡང་རང་གི་ངོ་བོ་ཉིད་ཀྱང་དོན་དུ་མ་ཅན་ཡིན་པས་དེའི་ཁྱད་པར་ཀྱང་སྟོན་པར་འགྱུར་ཏེ། རྣམ་པ་དང་། བྲལ་བ་དང་། ལོག་པའི་དོན་གྱི་བི་སྔོན་དུ་བཞག་པས། བི་ཛ་ཡ༔ རྣམ་རྒྱལ། བི་ནཱ་ཡ༔ རྣམ་འདུལ། བི་མ་ལཿ དྲི་མེད། བི་ན་ཡ་ཀཿ ལོག་འདྲེན་དུ་འཇུག་པ་ལྟ་བུའོ། །འདི་དག་བྱིངས་ལས་སྒྲུབ་པའི་ཚུལ་ནི། ཨཱདྲ་དང་། དུར་སོགས་རེ་གཉིས་ཞིག་ལས་མ་མཐོང་


JKT016_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། ཞྭ་ལུ་ལོ་ཆེན་པས་མཛད་པའི་ཉེར་བསྒྱུར་ཉི་ཤུའི་འགྲེལ་པ་ཞེས་པ་ཞིག་འདུག་པ་ལས་ཀྱང་། བྱིངས་དང་མིང་ལ་སོགས་པ་ཇི་ལྟར་སྦྱར་བའི་དཔེར་བརྗོད་ལས་སྒྲུབ་ཚུལ་སོགས་མི་སྣང་ངོ་། །ཀྟ་ལ་སོགས་པའི་མཐའ་ཅན་ཡང་ངོ་། །ཞེས་པའི་སོགས་ཁོངས་ནས། ཀྲྀཏྲའི་རྐྱེན་ལས་ཀྱང་དང་། ཏུ་མ་དང་། ཎ་མྲ་དང་། ཙ་རྣམས་སྦྱར་བ་ཡང་འདྲེན་པར་མཛད་དེ། དེ་ཡང་དཔེར་བརྗོད་དུ། ཌཱ་ཀྲྀཧུ་བྱེད་པ། གཙླི་འགྲོ་བ། ཎ་མ་འདུད་པ། མན་ཤེས་པ། བྷཉྫ་བསྟོད་པ། ཌཱ་དཱཉ་སྦྱིན་པ། དྲི་ཤིར་བལྟ་བ་རྣམས་ལ། དུས་སྔ་མ་ལ་ཤྰའོ། །ཞེས་པས་འདས་པའི་ཡུལ་ལ་རྐྱེན་ལྟ་བྱིན། གམ་སོགས་ལ་ཧ་མའི་ཡི་གེ་དབྱི། ཏ་ལ་དཱིའི་དཏ་འོས། དཱ་དཏ་དུ་བསྐྱར་ནས་དྲངས་པས། ཀྲྀཏཱ། བྱས་ནས། ག་ཏཱ། སོང་ནས། ནཏཱ། བཏུད་ནས། མ་ཏཱ། ཤེས་ནས། སྐུ་ཏཱ། བསྟོད་ནས། དཏྟཱ། བྱིན་ནས། དྲི། བལྟས་ལས་རྣམས་གྲུབ་བོ། །པྲ་སྔོན་མའི་ཎ་མ་འདུད་པ་དང་། བི་སྔོན་མའི་ཨ་ཧཱཀྲ་གཏོང་བ་དག་ལ། བསྡུ་བ་ལ་ཀྱ་པྲ་འོས། ཀྱ་པྲ་རྐྱེན། པྲ་ཎ་མྱ། བཏུད་ནས། པི་ཧཱ་ཡ། འདོར་ནས། ཊུ་ཀྲྀཧུ་བྱེད་པ་དང་། ཧྲུའྲ་འཕྲོག་པ་དག་ལ། འབྱུང་འགྱུར་དང་དེའི་དོན་ལ་ཏུམ་འོས། ཏུ་མ་བྱིན་པས། ཀཚུ། བྱ་བའི་ཕྱིར་དུ། ཧཚུ། འཕྲོག་པའི་ཕྱིར་དུ། ཧཱུྃཧྲ་དང་ཌཱ་ཀྲྀཏྲ་ལ། ཡང་ཡང་ལ་ཎ་མ་སྟེ་


JKT016_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱང་པོས་ཎ་མ་རྐྱེན་དང་། ཚར་གཉིས་སུ་བརྗོད་པས། ཧཱ་རཾ་ཧཱ་རཾ། འཕྲོག་འཕྲོག་ནས། ཀཱ་རཾ་ཀཱ་རཾ། བྱས་བྱས་ནས། ནཱི་ལ་སྔོན་མར་ཀྲྀ་ཏུ་སྦྱོར་བ་ལ། མ་བྱུང་བ་དེ་བྱུང་བ་ཁྲི་བྷ་ཨ་སྟི་སྦྱོར་བ་ལ་ཙཱིའོ་ཞེས་པས། ཙཱ་རྐྱེན། ཙཱི་ལ་རིང་པོ་དང་ཨའི་ཨིའང་ངོས། མིང་མཐའི་ཨ་ཨི། རྐྱེན་དབྱིབས། ནཱི་ལཱི་ཀྲྀཏུ། སྔོན་པོ་མིན་པར་སྔོན་པོར་བྱས། ཞེས་པ་ལྟ་བུ་རྣམས་སོ། །དེ་ལྟར་སྐབས་བརྒྱད་ཀྱིས་མིང་ལ་སི་སོགས་སྦྱོར་བའི་ཚུལ་ལེགས་པར་བསྟན་ནས། དགུ་པ་དེའི་ཡན་ལག་ཏུ་གྱུར་བ་ལ། མིང་ལས་བུད་མེད་ཀྱི་རྟགས་སུ་བསྒྲུབ་པའི་རྐྱེན་མཐའ་བཤད་པ་སྟེ། དེ་ཡང་གཞུང་འདིར་ཨཏ་མཐའ་ལས་ཨཔྲ་སོགས་ལྔ་དང་། ཙནྡྲ་པ་སོགས་སུ། དྭིཔྲ། ཌཱཔ། དཱིཥ། ཨུད། ཙཔ། ཏི་སྟེ་དྲུག་ཙམ་འབྱུང་ཞིང་། གང་ལ་སྟེར་བའི་ཡུལ་ནི། བྱིངས་ལས་ཨ་ཚྭ་ལ་སོགས་པ་རྣམས་ཀྱིས་མིང་དུ་བསྒྲུབས་པས་སྐྱེས་པ་དང་མ་ནིང་གི་རྟགས་སུ་གྲུབ་ཟིན་པ་དང་། མིང་ལས་མིང་གི་ཁྱད་པར་གྲུབ་པ་དེ་ཕན་གྱི་རྐྱེན་མཐའ་དག་ལ་འཇུག་སྟེ། དང་པོ་ནི། ཊཱི་རྐྱལ་བ་དང་སྒྲོལ་བ་ལ། གྷཉྫ་རྐྱེན་དུ་སྦྱར་བས། ཏཱ་ར། སྒྲོལ་བ། དེ་ལ་བུད་མེད་ཀྱི་དངོས་པོར་བསྒྲུབ་པའི་ཕྱིར། ཨཏྲ་མཐའ་ལས་ཨཱཔ་སྦྱར་བས། ཏཱ་རྭ། སྒྲོལ་མ་གྲུབ་པ་ལྟ་བུའོ། །གཉིས་པ་ནི། ཛ་ན་ལ། དངོས་པོ་ལ་ཏ་ཏཱ་ཡ་ཏྲ་འོས་ཏ་རྐྱེན་དང་། དེ་ཉིད་


JKT016_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་བུད་མེད་དུ་བརྗོད་པ་ཉིད་ཀྱི་ཕྱིར་ཨཔྲ་སྦྱར་བས། ཛ་ན་ཏཱ། སྐྱེས་བུའི་དངོས་པོའོ། །ལྟ་བུའོ། །གཞན་དུ་ཀྲྀཏྲ་རྐྱེན་ཏི་སོགས་ཀྱིས་ནི་མོ་རྟགས་སུ་གྲུབ་ཟིན་པ་ཉིད་ཀྱི་ཕྱིར་གསར་དུ་སྦྱིན་མི་དགོས་ཤིང་། བིདྱ་ཏ་དང་། མཱ་ཏྲ་སོགས་རང་བཞིན་གྱིས་མོ་རྟགས་སོགས་སུ་གྲུབ་པ་རྣམས་ཀྱང་དེ་བཞིན་དུ་བལྟ་བར་བྱ་ལ། ཀྱ་པྲ་ལྟ་བུ་ནི་མོ་རྟགས་སུ་སྒྲུབ་པའི་རྐྱེན་དུ་ངེས་ནའང་བུད་མེད་ལ་ཨཏྲ་མཐའ་ཅན་མི་སྲིད་པས་སླརཾ་ཨཱཔ་སྟེར་དགོས་པ་སོགས་ཀྱི་རྣམ་དབྱེ་ཡང་ཤེས་པར་བྱ་སྟེ་འདིར་མཚོན་ཙམ་མོ། །ན་རོ་ཨཎཱ་ལས་ཨཱིཔའོ། །ཞེས་པའི་སྐབས་སུ་ན་མཐའ་ནི། དཎྜལ་ལྡན་རྐྱེན་ཨིན་བྱིན་པའི་དཎིན་ལྟ་བུ་དེ་ཕན་ལས་གྲུབ་པ་དང་། རཱ་ཛི་ལ་ཨན་སྦྱར་བའི་རཱ་ཛ་ན་སོགས་ཨུཎ་ལས་གྲུབ་པ་རྣམས་སོ། །རི་མཐའ་ནི། རྔུ་ཀྲྀཧུ་བྱེད་པ་ལ། ཀྲྀ་བུརྔ་དག་གོས། ཏྲི་སྦྱར་བའི། ཀཚྭ་ལྟ་བུ་ཀྲྀཏ་དང་། ཤཱ་སུ་རྗེས་སུ་སྟོན་པ་ལ་དྲིན་སྦྱར་བའི་ཤཱསྟྲཱི་ལྟ་བུ་ཨུཎ་སོགས་ལས་གྲུབ་པ་རྣམས་སོ། །ཨ་ཏྲ་མཐའ་ནི། ཨུ་པ་གོལ། བུ་རྒྱུད་ལ་ཨརྔ་འོས་ཨརྔ་སྦྱར་ནས་དྲངས་པས། ཨོ་བ་ག་པ། ལྟ་བུ་དེ་ཕན་ལས་གྲུབ་པ། ཤུབྷ་སྔོན་མའི་རུཀྲྀཉ་བྱེད་པ་ལ། ལས་ལ་ཨཎཱ་སྦྱར་བས། ཤུབྷ་ཀཱ་ར། ལྟ་བུ་ཀྲྀཏྲ་ལས་གྲུབ་པ་རྣམས་སོ། །ཥ་ཊ་ཨུཏྲ་རྀཏ་ལས་སོ། །ཞེས་པ་ལ། ཥ་རྗེས་འབྲེལ་ནི། བར་ངེས་པར་སྒྲིབ་པ། ཥ་ཀ་ཨུ་ཨུ་ཀཎའོ། །


JKT016_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས་ཥཱ་ཀ་རྐྱེན་དུ་སྦྱར་བས། བ་རཱ་ཀ །གྲུབ་པ་ལྟ་བུ་དང་། ཊ་རྗེས་འབྲེལ་ནི། ཀུ་སྔོན་མའི་དུས་ལ་བཙ་ཕྱིས་པའི་ཀུ་རུ་སྔོན། ཙར་གཡོ་བ་ལ། ཨ་ཊ་དག་གོས། ཊ་རྐྱེན་དུ་སྦྱར་བས། ཀུ་རུ་ཙ་ར། སྒྲ་ངན་སྤྱོད་པ། ལྟ་བུའོ། །ཨུཏུ་རྗེས་འབྲེལ་ནི། གོལ། ཡོད་པའི་དོན་ལ་མ་ཏུ་འོས་མ་ཏུ་བྱིན་པས། གོ་མཏྲ། མཐོ་རིས་ལྡན་པ། བྷ་ག་ལ། པ་ཏུ་ཨིན་དག་གོས་བ་ཏུ་བྱིན་པས། བྷ་ག་བཏྲ། བཅོམ་ལྡན་ལྟ་བུ་རྣམས་སོ། །རྀཏྲ་རྗེས་འབྲེལ་ནི། བྷ་ཡོད་པ་ལ། པ་ཁ་གསལ་བར་བརྗོད་པ། ཌུ་པ་ཙ་ཥ་འཚེད་པ་རྣམས་ལ། ཤ་ཏྲ་དང་ཤཱ་ན་དག་བྱ་བ་ལ་ཏིཔ་དང་དེ་བཞིན་ནོ། །ཞེས་པར་ཤ་ཀྲྀ་དང་། ཤ་ལ་བྱིངས་ཐམས་ཅད་པ་བཞིན་དུ་འཇུག་པས་བྱེད་པོ་པོ་ལ་ཨཔྲ་བི་ཀ་ར་ཎ་སྦྱིན། ཏྲའི་རི་ནི་ནུ་མ་སྦྱིན་དགོས་པའི་དོན་ཏེ་དབྱི། ཤ་ཕྱིས་སྲོག་གི་ཨ་དྲང་། ཨཔྲ་ཡ་དག་གི་ཨ་ལས་རྟག་ཏུ་འོ་ཞེས་པས་ནུམ་ཨཱ་ག་མ་སྟེར་བ་སོགས་ཀྱིས། བྷ་བན། འབྱུང་བ། པ་ཋན། ཀློག་པ། པ་ཙན། འཚེད་པ། གྲུབ་པ་ལྟ་བུ་རྣམས་སོ། །བཅུ་པ་སྔར་བཤད་པའི་རྣམ་དབྱེ་དེ་རྣམས་ཀྱི་འཇུག་ཡུལ་སྟོན་པ་བྱེད་པ་ཅན་གྱི་ལེའུ་ལ་གཉིས་ཏེ། རྣམ་དབྱེ་བདུན་པོའི་འཇུག་ཡུལ་དཔེར་བརྗོད་དང་བཅས་ཏེ་རིམ་པར་བཤད་པ་དང་། འཕྲོས་དོན་གྱི་ཁྱད་པར་འགའ་ཞིག་མ་ངེས་པར་བཤད་པའོ། །དང་པོ་ལའང་བདུན་ཏེ།


JKT016_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཙམ་སྟེ་དངོས་པོའམ་རྫས་གཙོ་བོར་སྟོན་པ་བྱེད་པ་པོ་དང་། དངོས་དོན་དེའི་ཁྱད་པར་དང་འབྲེལ་བའི་ལྡོག་པ་ཉིད་ཐུན་མོང་མ་ཡིན་པའི་བརྗོད་བྱར་བྱེད་པ། ལས་དང་། བྱེད་པ་དང་། ཆེད་དུ་བྱ་བ་དང་།། གང་ལས་འོངས་པ་དང་། འབྲེལ་པ་དང་། གནས་གཞི་རྣམས་ཏེ། དེ་དག་སོ་སོའི་དཔེར་བརྗོད་རྒྱ་འགྲེལ་དུ་བཀོད་པ་རྣམས་ཀྱི་སྒྲུབ་ཚུལ་འགའ་ཞིག་འཆད་ན། དང་པོ་ལ། ར་བི་ལ་སི། ར་བི ཉི་མ། ཨི་བ། བཞིན། རཱ་ཛི་འབར་བ་ལ་ཨཔྲ་དང་། ད་ལྟར་བའི་ཏེ། རཱ་ཛ་ཏེ། གསལ་ལོ། །རཱ་ཛ་ན་ལ་སི། རཱ་ཛཱ། རྒྱལ་པོ། རུ་ཥ་ཁྲོ་བ་ལ་ཨཙུ་རྐྱེན་དང་། མཐར་ང་སི། རོ་ཏུ། ཁྲོས་ནས། ཀུ་མཱ་ར་བརྩེ་བ་ལ་ཀ་རྐྱེན་དང་། བུད་མེད་ལས་ཨཱིཔྲ། ཀུ་མ་རཱི། གཞོན་ནུ་མ། རུ་སྒྲ་ལ། ཕུལ་དུ་བྱུང་བ་ལ་ཡང་དང་། ད་ལྟར་བའི་ཏེ། གཉིས་ཀྱང་ངོས་བྱིངས་གཉིས་སུ་བརྗོད། ཡང་ལ་འོས་སྔ་མར་ཡོན་ཏན་དང་། ཡ་ལ་འོས་ཕྱི་མ་རིང་བས། རོ་རཱུ་ལ་ཏེ། སྒྲ་སྒྲོགས་པར་བྱེད། བྷུ་ཛ་ཟ་བ་དང་སྐྱོང་བ་དག་ལ། སྔ་མ་བཞིན་དུ་ཡང་དང་། ཏེ། གཉིས་ཀྱང་ངོས་བྱིངས་གཉིས། སྔ་མའི་ཧས་དང་པོ་ལྷག་གོས་ཛ་ཕྱིས། ཛྷ་བྷ་ལ་ཛ་བ་སོགས་ཀྱིས་བྷུ་བུ། སྔ་མ་ལ་ཡོན་ཏན་དང་། ཕྱི་མ་རིང་བས། བོ་བྷ་ཛ་ཏེ། ལོངས་སྤྱོད་པར་བྱེད་དོ། །བྷ་ཡོད་པ་ལ་ཀྲིཔ་སྦྱར་མཐར། གཉིས་པའི་ཨ་མ་བྱིན་པས། བྷུ་པཾ།


JKT016_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལཱ། བྷཱ་སྔོན་མའི་པཱ་སྐྱོང་བ་ལ་ཨ་ཛྲ། སི། བྷ་པཱ་ལཿ ས་སྐྱོང་། ཉེར་བསྒྱུར་པྲ་དང་། ཨུང་སྔོན་མའི་གཙླི་འགྲོ་བ་ལ་ཌ་རྐྱེན། པྲ་ག །སྔོན་དུས། ཨས་ཡོད་པ་ལ། ཨཔྲ་དང་། དེ་རིང་མ་ཡིན་པའི་འདས་པོ་ལ་དཔྲ་སོགས་ཀྱི་ཏཱ་མ་སྦྱར། ཨདྲ་སོགས་ལས་ཨཔྲ་འཇིག་བས། ཨ་ཙཱ། བྱུང་ངོ་། །འདི་ལ་དཔེ་ལ་ལར། པྲ་སྔོན་མའི་བྷུ་ལ་ལྟ་སྐྱར་བའི། །པྲ་བྷ་ཏ། ཞེས་བཀོད་འདུག་པ་ལ་ནི། སྔོན་བྱུང་རྐྱང་བ་ལས་དུས་ཀྱི་སྒྲ་མེད་དོ། །ར་མུ་རྩེ་བ་ལ་གྷཞུ་སྦྱར་བས། རཱ་མ། དགའ་བྱེད། ལཀྵ་བལྟ་བ་དང་མཚོན་པ་དག་ལ། བྱོ་མན་ལ་སོགས་པ་རྣམས་སོས་མན་རྐྱེན་དང་། མཐར་ཡོད་པའི་དོན་ལ་ཨ་དང་། དང་པོའི་ཨོ་བྱིན་པས། ལཀྵ་ཎོ། མཚན་ལྡན་དག །དེ་ལྟར་གྲུབ་པའི་རྐང་པ་གོང་འོག་དག་མཚམས་སྦྱོར་བ་སོགས་ཀྱིས་སྦྲེལ་བས། ར་བ་རིབ་རཱ་ཛ་ཏེ་རཱ་ཛཱ། །རོ་ཥཱཏུ་མཱ་རི་རོ་རཱུ་ཡ་ཏེ། །བོ་བྷཱ་ཚུ་ཏ་བྷུ་ཁཾ་བྷ་པཱ་ལ། །ལཱ་ཀཱ་ཙཱ་རཱ་མ་ལཀྵ་ཎོ། །ཞེས་འབྱུང་བ། རྒྱལ་པོ་ཉི་མ་བཞིན་དུ་གསལ། །གཞོན་ནུ་མ་ནི་ཁྲོས་ནས་ངུ་། །ས་སྐྱོང་ས་ལ་ཡང་ཡང་སྤྱོད། །དགའ་བྱེད་མཚན་ལྡན་སྔོན་དུས་བྱུང་། །ཞེས་པའོ། །ཀུ་མཱ་ར་ལ་ཛས་བྱིན་པས། ཀུ་མཱ་རཿ གཞོན་ནུ་རྣམས། སྭ་སྔོན་མའི་ཨཱིར་འགྲོ་བ་ལ་སྟེ་འགུལ་བ་ཡང་ངོ་ཞེས་པར་ཨཙཱ་རྐྱེན་དང་། སཱ་ལ་ཨཱི་ར་ཨཱི་རིན་དག་ལ་འོས། ཨ་ཨཱི་གཅིག་ཨཻ་རུ་གྱུར་


JKT016_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐར་ཨམ། སྦེ་མེ། རང་དབང་ལ། ཤིད་ཉལ་བ་ལ། ཨཔྲ་དང་། ད་ལྟར་བའི་ཨན། ཨཔྲ་འཇིག །ཤིང་གི་ཨན་ལ་རུ་ཊ་འོས་དང་དུ་རུ ཊ་ཨཱ་ག་བྱིན་ནས་ཡུཊ་ཕྱིས། ཨཱཏའི་ཨཏྲ་མ་ཡིན་པའི་ཨ་ཏའོས་ཨཏྟེ་ཨ་ཧེ་རུ་བསྒྱུར། ཤིང་ལ་ངོས་ཡོན་ཏན་བྱས་ནས་དྲངས་པས། ཤེར་ཏེ། ཉལ་ལོ། །རུ་སྒྲ་ལ། ཡང་རྐྱེན་དང་། ད་ལྟར་བའི་ཨནེ། གཉིས་བརྗོད་པ་སོགས་ཀྱིས་བསྒྲུབས་པས། རོ་རུ་ཡནྡྷེ། ཤིན་ཏུ་སྒྲོགས་པར་ཕྱེད། ཙ་ནི་རྐང་པ་ཁ་སྐོང་བའི་དོན། ཚྭ་ཚུལ་ལ། ཨུཏྲ་སོགས་ཀྱི་བུན་རྐྱེན་དང་། གཞན་རྣམས་ཀྱིའང་ངོ་ཞེས་པས་ཨུ་པ་དྷ་རིང་པའམ། ཡང་ན་རང་དོན་ལ་ཨཎཱ་སྦྱར་བས་ཀྱང་རུང་སྟེ་མཐར་ཛས། ནཱ་ར་ཀཱ༔ དམྱལ་བ་པ་རྣམས། ཁྲི་རྗོད་པར་བྱེད་པ་ལ། ཕུལ་དུ་བྱུང་བ་སོགས་ཀྱི་དོན་ལ་ཡདྲ་དང་། ད་ལྟར་བའི་ཨནྟེ། རི་ཏྲའི་རིའོས། བྱིངས་ཀྱི་རཱི་རི། གཉིས་བརྗོད། ཀུ་ཧ་དག་གི་ཙུ་འོས་སྔ་མའི་གྲཛྲ། ཡདྲ་ལ་འོས་སྔ་མ་ཡོན་ཏན་དང་། ཡ་ལ་འོས་ཕྱི་མ་རིང་བས། ཛེ་གཱི་ཡནྟེ། གླུ་ལེན་པར་བྱེད་དོ། །ཙ་ནི་སྡུད་པའི་དོན་ནོ། །གེ་སྒྲ་ལ། བྱེད་པ་པོ་ལ་སྟི་དང་། མཚམས་སྦྱོར་གྱི་ཡི་གེའི་ཨི་ཨཱ། སྦྲ་རྣམས་ཀྱི་ཨི་འོས་ཨཱ་ཨི། གཱི་ཏི། གླུ། ཛ་ཤེས་པ་ལ། ཨཱཏྲ་ཀྱི་ཌའོ། །ཞེས་པས་ཌ་རྐྱེན་དང་། མཐར་ཛས། ཛྷ ཤེས་པ་རྣམས། མིང་སྲོག་འདོར་བ་ལ། ཡང་དང་། ད་ལྟར་བའི་ཨནྟེ།


JKT016_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རི་རི་དང་། གཉིས་བརྗོད་པའི་སྔ་མ་ལ་ཡོན་ཏན། ཕྱི་མ་ལ་རིང་བ་སོགས་ཀྱིས། མ་ཚྭ་ཡནྟེ། འཆི་བར་འགྱུར་རོ། །རུ་ཛི་ར་འདོར་བ་ལ་ནཱ་མིན་ཨུ་པ་དྷ་ལས་ཀྲ་རྐྱེན། རུ་ཛ། ནད། དགག་སྒྲ་སྔོན་མའི་ཛི་རྒྱལ་བ་ལ། ཀྟ་དང་། ཛས། ཨ་ཛི་ཀཱ། མི་རྒྱལ་བ་སྟེ་ཕམ་པ་རྣམས་སོ། །དེ་ལྟར་གྲུབ་པ་སྦྲེལ་བས། ཀུ་མཱ་ར༠ཤེར་ཏེ་སྦེརཾ། རོ་རུ་ཡནྟེ་ཙ་ན་རཀཿ ཛེ་གཱི་ཡནེ་ཙ་ཧྲཱི་ཏི་མེ་མཱི་ཡནྟེ་རུ་ཛཱ་ཛི་ཏཱ ཞེས་འབྱུང་བ། གཞོན་ནུ་རྣམས་ནི་ངང་དབང་ཉལ། །དམྱལ་བ་པ་རྣམས་ཡང་ཡང་དུ། །གླུ་ཤེས་རྣམས་ནི་གླུ་ཡང་ལེན། །ནད་ཀྱིས་ཕམ་རྣམས་འཆི་བར་འགྱུར། །ཞེས་པའོ། །ཀུན་ཏུ་བོད་པ་ལའང་། རྣམ་དབྱེ་དང་པོ་འཇུག་པའི་དཔེར་བརྗོད་དུ། ཚྭ། བདག་ལ། སམ་དང་། ཨུད་སྔོན་མའི་དྡྷིཤྲ་འཛིན་པ་ལ། ཨ་སྲ་དང་། ཧི། ཨཤྭ་ལས་ཧི་འཇིག །ས་མུདྡྷ་ར། རྗེས་སུ་ཟུངས་ཤིག །གོ་སྔོན་མའི་བི་དྲི་རྙེད་པ་ལ། དྲི་ཤ་སོགས་ལས་ཤའོས་ཤ་རྐྱེན་དང་། སུ་ཧྲ་སོགས་ལ་ནུ་མ་ཨཱ་གམ་སྦྱར། ཤ་ཕྱིས། སྲོག་གི་ཨ་དྲང་། མཐར་བོད་སི་བྱིན་ནས་ཕྱིས་པས། གོ་ཟིན། ཀྱེ་བ་གླང་རྫི་སྟེ། ཁྱབ་འཇུག་གི་མིང་ངོ་། །པྲ་སྔོན་མའི་ཥ་དྲི་རྣམ་པར་གྲོལ་བ་ལ། ཏུ་ད་སོགས་ལས་ཨ་དང་། སྨོན་པའི་ཧི། །ཥ་དྲའི་སཱིད་དུ་བསྒྱུར་ཞིང་། ཨ་ཏྲ་ལས་ཧཾ་འཇིག་པས། པྲ་སཱི་ད། བཀའ་དྲིན་མཛོད་ཅིག །པ་ར་མ། མཆོག །


JKT016_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་ཤྭ་ར་ལ་བོད་སི་ཕྱིས་པ། ཨཱི་ཤཱར། ཀྱེ་དབང་ཕྱུག །ཀུ་མཱ་ར་ལ་བོད་པའི་དོན་གྱི་ཨོ། ཀུ་མཱ་རོ། ཀྱེ་གཞོན་ནུ་དག །སཱི་རཾ། རང་དབང་དུ། ཨཱད་སྔོན་མའི་ཨས་ཉེ་བར་སྡོད་པ་ལ། ཨཔྲ་དང་། སྨོན་པའི་ཨཱ་ཐཱམ་ཨཱ་སཱ་ཐཱ། སྡོད་ཅིག །ཀླུ་མཱུ་ཎ་བཟོད་པ་ལ། ཨཔྲ་དང་། པཉྩ་མཱིའི་དྷི་སྦྱར་བས། ཀ་མ་ཏྭཾ། བཟོད་པར་མཛོད་ཅིག །ཏ་པ་ཀུན་ཏུ་གདུང་བ་ལ་ཨ་སུན་རྐྱེན་དང་། ཡོད་པའི་དོན་ལ་བིན་སྦྱར་མཐར་ཛས། བོད་པ་གསལ་བྱེད་ཀྱི་སྒྲ་བྷོས་སྔོན། བྷོ་སྟ་པ་སྲིན༔ ཀྱེ་དཀའ་ཐུབ་ཅན་རྣམས་སོ། །དེ་ལྟར་གྲུབ་བདག་སྦྲེལ་བས། ཚྭ་ས་མུདྡྷ་ར་གོ་བིན། །པྲ་སཱི་དཔར་མེ་ཤྭ་ར། །ཀུ་མཱ་རོ་སྦེ་རཾ་མཱ་ས་ནཱཾ། །ཀཱ་མ་དྷཾ་བྷོ་སྟ་ལ་སྦི་རཿ ཅེས་འབྱུང་བ། བདག་གྲོགས་མཛོད་ཅིག་གོ་བིནྡ༔ མཆོག་གི་དབང་ཕྱུག་བཀའ་དྲིན་མཛོད། །གཞོན་ནུ་རྣམས་ནི་རང་དབང་སྡོད། །དཀའ་ཐུབ་ཅན་གྱིས་བཟོད་པར་མཛོད། །ཅེས་པའོ། །བྷོས། བྷ་གོ་སྲ། ཨ་གོ་ས་རྣམས་བོད་པའི་དོན་ལ་ཚིག་ཕྲད་དུ་སྦྱར་བའི་དཔེར་བརྗོད་ལ། ཀ་མུཥ། བཟོད་པ་ལ་ཨཔྲ་དང་། པཉྩམཱིའི་སྭ། ཀླུ་མ་སྭ། བཟོད་པར་མཛོད་ཅིག །ཉེར་བསྒྱུར་དུར་དང་ཨཱང་སྔོན་མའི་རཱ་དྷ་ཡང་དག་པར་སྒྲུབ་པ་ལ། རི་དང་ཧ་ས་ལ་ཧྥཎ་འོས། གླུཎྜ་རྐྱེན། བོད་པའི་དོན་གྱི་བྷོས་ཚིག་ཕྲད་དུ་བྱས་ནས་སྔོན་དུ་སྦྱར་བས། བྷོ་དུ་རཱ་རཱ་སཱདྨ། ཀྱེ་སྒྲུབ་དཀའ། ཏུ་བྱཱ་མྲ་


JKT016_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྔོན་དུ་བོད་པའི་དོན་གྱི་བྷ་གོས་སྦྱར་བས། བྷ་གོ་སྐུ་ཧཱུཾ། ཀྱི་ཁྱོད་ལ། ན་མས། ཕྱག་འཚལ་ལོ། །དྷརྦ་བསྟོད་པ་ལ། ད་ལྟར་བའི་བདག་དོན་གྱི་ཏེ་དང་། བར་རྐྱེན་ཨཔ། ཨདྲ་སོགས་ལས་ཨང་འཇིག་པས། དང་པོའི་ཋའི་སྣ། སྟུ་ཏེ། བསྟོད་དོ། ཨདྷི་སྔོན་མའི་ཨིང་ཀློག་པ་ལ་ཨཔྲ་དང་། སྨོན་པའི་སྭ། ཨདྲ་སོགས་ལས་ཨཔྲ་འཇིག །ཀུ་ཨི་ལ་སོགས་ཀྱིས་སྲཊ། ཨདྷིཥྛ། སློབ་པར་མཛོད་ཅིག །པྲ་སྔོན་མའི་ཛྷཱ་ཁོང་དུ་ཆུད་པ་ལ་ཀྭིཔ་དང་། པྲ་ཛྭ་ལ་སོགས་པ་རྣམས་སོས་པྲ་རིང་། བོད་པའི་དོན་གྱི་བྷོས་དང་། མ་ཧ་ཏྲ་མ་ཧཱ་རུ་བསྒྱུར་བ་སྔོན་དུ་བཞག་པས། བྷོམ་ཧཱ་པཱཛཱ། ཀྱེ་ཤེས་རབ་ཆེན་པོ། ཧ་ན་འཚེ་བ་ལ། བྱིངས་ལས་བྱེད་དུ་འཇུག་པ་ལ་འོས་པར་རྐྱེན་ཉི་དང་། ཧ་ནའི་གྷཏྲ་འོས། ཧན་གྷཏུ་དུ་བསྒྱུར། ནྟིཏ་དང་པོའི་དབྱངས་ཀྱིས་འཕེལ་བས། གྷ་ཏི། དེ་ལ་བྱེད་པ་པོ་ལ་ཨཔྲ་དང་། སྨོན་པའི་ཧི་སྦྱར། ཡོན་ཏན་བྱས་ནས་དྲངས་ཤིང་། ཨཏྲ་སོགས་ལ་འཇིག་པས། བྷཏྲ་ཡ། ཆོམས་ཤིག །ས་སྔོན་མའི་གྷསླ་ཟ་བ་ལ། གྷས་སོགས་ལ་ཀླར་འོས། ཀླ་ར་རྐྱེན། མཐར་ཨཔྲ། སྔོན་དུ་བོད་པའི་དོན་གྱི་ཨ་གྷོས་ཚིག་ཕྲད་དུ་བྱས་པས། ཨ་གྷོ་སྭ་གྷ་སྨྲ་རཾ། ཀྱེ་རང་ཉིད་ཀྱི་ཟ་བ་ལ། ཞེས་པའོ། །འདིར་ཚིག་ཕྲད་ཏུ་བྱས་པའི་དོན་ནི། བྷོས། དྷ་གོས། ཨ་གྷོས་རྣམས་ཀྱི་སྲ་དབྱི་བ་ལ་དེའི་ཐ་སྙད་


JKT016_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པར་སྣང་ངོ་། །དེ་ལྟར་གྲུབ་པ་དག་སྦྲེལ་བས། ཀླུ་མ་སྭ་བྷོ་དུ་རུ་སཱདྨ། །བྷ་གོ་སཱུ་ཧཱུཾ་ན་མཿསྟུ་ཏེ། །ཨདྷིཥ་བྷོ་མ་ཧཱ་པྲཛྙཱ། །གྷ་ཏ་ཡཱ་གྷོ་སྭ་གྷ་སྨརཾ། །ཞེས་འབྱུང་བ། བཟོད་པར་མཛོད་ཅིག་སྒྲུབ་དཀའ་ཀྱེ། །ཁྱེད་ལ་ཕྱག་འཚལ་བསྟོད་དོ་ཀྱེ། །སློབ་པར་མཛོད་ཅིག་ཤེས་ཆེན་ཀྱེ། །ཆོམས་ཤིག་རང་ཉིད་ཟ་བ་ཀྱེ། །ཞེས་པའོ། །གཉིས་པ་ལས་ཀྱི་རྣམ་དབྱེ་འཇུག་ཚུལ་གྱི་དཔེར་བརྗོད་པ་ལ། མ་བྱུང་བ་འབྱུང་བར་བྱེད་པ་ནི་སྐྱེད་པའི་ལས་དང་། གྲུབ་པ་ཉིད་འཐོབ་པར་བྱ་བ་ནི་འོང་བའི་ལས་དང་། གང་ཡོན་ཏན་གཞན་བསྒྲུབ་པའམ་དྲི་མ་སེལ་བར་བྱེད་པ་ནི་འདུ་བྱ་བའི་ལས་དང་། སྔ་མའི་གནས་སྐབས་བཏང་ནས་ཕྱི་མའི་འབྲས་བུ་ཉེ་བར་ལེན་པ་ནི་རྣམ་པར་འགྱུར་པའི་ལས་ཏེ་བཞི་ལས། དང་པོ་སྦྱོར་ཚུལ་ནི། ཀ་ཊ་ལ་སྐྱེད་པའི་ལས་དོན་ལ་གཉིས་པའི་ཨཔྲ། ཀ་ཊཾ། རྩྭ་ལྷས་ལ། འུ་ཀྲྀཧུ་བྱེད་པ་ལ། ཏན་སོགས་ལས་ཨུཔྲ་དང་། ད་ལྟར་བའི་ཏེ། ཀཱི་རབ་འོས་ཀྱི་ཡོན་ཏན་ཀརྔ། པིཏྲ་ལ་བར་རྐྱེན་གྱི་ཡོན་ཏན་ཨུ་ཨོ་རུ་བསྒྱུར་བས། ཀ་རོ་ཏི། བྱེད་དོ། །བྱིངས་སྔ་མ་ལ། ཨུཎ་ལས་ཀ་རོ་ཏི་སོགས་ལ་ཨུཏྲ་རྐྱེན་དང་། འཕེལ་ནས་དྲངས་པས། ཀཱ་རུ། བཟོ་བོ། དེ་ལ་མིང་ལས་ཀ་སྦྱར་བས། ཀཱ་རུ་ཀཿ ཀཱ་རུ་བའོ། །རཱུ་པ་ལ་སྐྱེད་པའི་ལས་དོན་ལ་ཨ་རུ། རཱུ་པཾ། གཟུགས་ལ། པ་ཤུ་ལ། ཨཔྲ་དང་། ཏིཔྲ། པ་བྱཱཏི། །


JKT016_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བར་བྱེད་དོ། །ཙཀྵིང་གསལ་བར་བརྗོད་པ། ཨུཎ་ལས། ཙཀྲི་ལས་ཤཏུའོ། །ཞེས་པས་ཨུ་སི་རྐྱེན། ཙཀྱུས། དེ་ལ་ཡོད་པའི་དོན་ལ་ཨ་དང་། མཐར་སི། ཙཀླུ་ཥ མིག་དང་ལྡན་པ། གཉིས་པ་དང་གསུམ་པ་སྦྱོར་ཚུལ་ནི། རཱ་ཛ་ན་ལ། དེ་ལས་བྱུང་བའི་དོན་ལ་རྒྱུ་རྐྱེན་དང་། རྟགས་མཐའི་ན་ཡིག་ཕྱིས་ནས་དྲངས་པའི་མཐར་ཐོབ་བྱའི་ལས་དོན་ལ་ཨམ། རཱཛྲ། རྒྱལ་སྲིད་ལ། པྲ་སྔོན་མའི་ཨཱ་པྲི་ཁྱབ་པ་ལ་སུ་སོགས་ལས་ནུ་དང་། ཏིཔྲ། ནུ་ཨུ་པྲའི་འོས་ཡོན་ཏན་བྱས་པས། པྲ་སྣོ་ཏི། ཐོབ་བོ། དྷརྨ་ལ་དེ་ཕན་གྱི་རྐྱེན་ཨིཥྛ་སྦྱར་བས། དྷརྨི ཆོས་བཞིན་སྤྱོད་པ། བཞི་པ་སྦྱོང་ཚུལ་ནི། སོ་མ་ལ་རྣམ་པར་འགྱུར་བའི་ལས་དོན་ལས་ཨམ་སྦྱར་བས། སོ་མཾ། ཟླ་བ། ཥཱཉྩ་མངོན་པར་འཁྲུད་པ་ལ། སུ་སོགས་ལས་ནུ་དང་། ཏིཔ། བར་རྐྱེན་ལ་ཡོན་ཏན་བྱས་པས། སུ་ནོ་ཏེ། འཁྲུད་པར་བྱེད་དོ། །སོམ་པཱ་ལ་ཤས་སྦྱར་བས། སོ་མ་པཱ ཟླ་བ་འཐུང་བ་རྣམས། དེ་ལྟར་གྲུབ་པའི་རྐང་པ་སྔ་ཕྱི་དག་མཚམས་སྦྱར་བས། ཀ་ཊ་ཀ་རོ་ཏི་ཀཱ་རུ་གོ །རཱུ་པཾ་པ་བྱ་ཏི་ཙཀཱཥ རཱ་ཛཱི་པྲསྣོ་ཏ་དྷ སོ་མཾ་སུ་ནོ་ཏི་སོ་མ་པཱ༔ ཅེས་འབྱུང་བ། རྩ་ལྷས་བྱེད་དོ་ཀཱ་རུ་བ། །མིག་དང་ལྡན་པ་གཟུགས་ལ་བལྟ། །ཆོས་བཞིན་སྤྱོད་པས་རྒྱལ་སྲིད་ཐོབ། །ཟླ་བ་འཐུང་བ་ཟླ་བ་སྦྱོར། །ཞེས་པའོ། །བར་འདིར་ཨ་བྷི་དང་


JKT016_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཏས་ལ་སོགས་པ་དང་འབྲེལ་བའི་མིང་གཞན་ལ་གཉིས་པ་འཇུག་སོགས་ཀྱི་དཔེར་བརྗོད་ཚིག་ལྷུག་པར་བཀོད་པ་འགའ་ཞིག་འདུག་ཀྱང་གོ་བདེ་བར་སེམས་ཏེ་མ་བརྗོད་དོ། །གསུམ་པ་བྱེད་པ་པོ་ལ་འཇུག་ཚུལ་གྱི་དཔེར་བརྗོད་ལ། བྷི་དིས་རྣམ་པར་འཇོམས་པ་ལ་ལྟ་སྦྱར། དེ་ལ་ཧའི་ནཏེ་དའི་འང་ངོ་། །ཞེས་པས་བྱིངས་ཀྱི་དྲ་དང་། རྐྱེན་གྱི་དྲ་གཉིས་ཀ་ན་རུ་བསྒྱུར་ནས་དྲངས་མཐར་སི། བྷིནྡྷ ཕུགས་སོ། །ཧཱུྃཧྲ་འཚེ་བ་ལ་དབྱངས་ལས་ཨ་རྐྱེན་དང་། དེ་དང་བྱེད་པའི་དོན་གྱི་གསུམ་པ་སྦྱར་བས། ཤ་རི་ཎ། མདའ་ཡིས། ར་མ་ལ་བྱེད་པ་པོའི་དོན་གྱི་གསུམ་པ་སྦྱར་བས། རྭ་མེ་ཎ། དག་འབྱེད་ཀྱིས། རུ་སྒྲ་ལ། རུ་ལས་ཡུརྱ་འོས། ཡུཏྲ་རྐྱེན་དང་། ཡུ་ཨན། རྭ་པ་ཎ འབོད་སྒྲོགས། ལོ་ཀ །འཇིག་རྟེན། རྭ་བ་ཎཿ ངུར་བར་བྱེད་པ། ཀྲྀཧྥ་འཚེ་བ་ལ་དབྱངས་ལས་ཨ་རྐྱེན། ཀ་པཿ ལག་པ། ཨ་ག་གྱ་གྱུར་འགྲོ་བ་ལ་ཨིནྡྲི་བཞིན་དུ་རཀྲ་རྐྱེན་དང་། མཐར་གསུམ་པའི་ཊ། ཨ་གྲེ་ཎ། རྩེ་མོ་ཡིས། ཉེར་བསྒྱུར་བ་སྔོན་མའི་དྲི་རྣམས་པ་འཇོམས་པ་ལ་ཀྟ། རྀ་ཏའི་ཨིར་འོས། རཾ་ཨིར། ཨི་ཨུ་དག་གི་ར་བ་ལ་ཧ་ས་ལ་འོས་བྱིངས་རིང་། ར་ལས་སོས་རྐྱེན་གྱི་ཏུན་རུ་བསྒྱུར་ནས་དྲངས་མཐར་སི། བི་དཱི དྲལ་བ། ཨ་པི། ཀྱང་། ན་ར་ལ་མཚུངས་པའི་དོན་གྱི་མི་ཟད་པའི་བཱ་སྔོན་དུ་སྦྱར་བས།


JKT016_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བཱ་ན་ར། མི་དང་མཚུངས་པ་སྟེ་སྤྲེའུ། དེ་ལ་བྷིས། བཱ་ན་རཿ སྤྲེལ་རྣམས་ཀྱིས། ཡུ་དྷ་འཁྲུགས་པ་ལ་དཔྲ་སོགས་ལས་ཡ་བི་ཀ་ར་ཎ་དང་། ད་ལྟར་བའི་ཏེ། ཡུ་དྨ་ཧེ། འཐབ་པར་བྱེད། པུ་ནར། སླར་ཡང་ངོ་། །དེ་ལྟར་གྲུབ་པ་དག་མཚམས་སྦྱར་བ་སོགས་ཀྱིས་རྐང་པ་སྔ་ཕྱི་སྦྲེལ་བས། བྷི་ནཤ་རི་ཎ་རྭ་མེ་ཎ། །རཱ་པ་ཎོ་ལོ་ཀ་རཱ་བ་ཏུ ཀཱ་རཱ་གྲེ་ཎ་བ་དཱིཙྪེཅུ་པི་། །པཱ་ན་རེ་རྱདྨ་ཏེ་པཱུ་ན། ཅེས་འབྱུང་བ། འཇིག་རྟེན་དུར་འཇུག་འབོད་སྒྲོགས་ནི། །དགའ་བྱེད་ཀྱིས་ནི་མདའ་ཡིས་ཕུག །སྤྲེའུ་རྣམས་ཀྱིས་ལག་པའི་རྩེས། །དྲལ་ཀྱང་སླར་ཡང་འཐབ་པར་བྱེད། །ཅེས་པའོ། བཞི་པ་ཆེད་དུ་བྱ་བ་དང་། ལྔ་པ་འབྱུང་ཁུངས་རྣམས་ཀྱི་དཔེར་བརྗོད་ནི་རྟོགས་སླ་བའི་ཕྱིར་མ་བཀྲལ་ཞིང་། དྲུག་པ་འབྲེལ་བའི་འཇུག་ཚུལ་གྱི་དཔེར་བརྗོད་ལ། རཱ་ཛ་ན་ལ་ངས་སྦྱར་བས། རཱཛྷ༔ རྒྱལ་པོའི། ས། དེ། པྲི་སྐྱོང་བ་དང་རྫོགས་པར་བྱེད་པ་དག་ལ། པུཾ་ལས་ཀུ་ཥ་ནའོ་ཞེས་པས་ཀུ་ཥན་རྐྱེན། ཀྲ་ཀིཏྲའི་དོན་དང་། ནུ་དབྱངས་དོན་ཕྱིས་ནས་དྲངས་མཐར་སི། པུ་རུ་ཥ སྐྱེས་བུ། ཛཱ་ཁོང་དུ་ཆུད་པ་ལ། དབྱངས་ལ་ཡ་འོས་ཡ་རྐྱེན་དང་། ཨཱཏྲ་ལས་ཨཱི་ཏའང་ངོས་བྱིངས་ཀྱི་ཨཱ་ཨཱི། ཡོན་ཏན་གྱིས་ཨཱི་ཨེ་མཐར་སི། ཛཱི་ཡཾ། ཤེས་བྱ། པི་ཏྲ་ལ་དྲུག་པའི་ཨོས། པི་ཏྲཿ ཕ་མཚུན་དག་གི ཨེ་ཏད། འདི། པྲ་སྔོན་མའི་པཱུ་ཛ་མཆོད་


JKT016_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། ཡུ་ཊ། སི། པྲ་པཱུ་ཛ་ནཾ། མཆོད་པ། གུ་རུ་ལ་དྲུག་པའི་ཨཱ་མ། པུ་རཱུ་ཎཱ། བླ་མ་རྣམས་ཀྱི། པ་ཙ་སྨྲ་བ་ལ་ཡུཊ་མཐར་ས་སྦྱར། པ་ཙ་ནི། གསུང་། པ་ཐིན་ལ་སི། བནྡྷ ལ་མ། ཀཔྲ་བསྔགས་པ་ལ་ཨུཎ་སོགས་ཀྱི་ཨི་རྐྱེན་དང་། མཐར་ཨཱ་མ། ཀ་པཱི་ནཱི། མཁས་པའམ། སྙན་ངག་མཁན་རྣམས་ཀྱི། རས་རོ་མྱོང་བ་ལ། ཙུ་ར་སོགས་ཀྱི་ཨཏྲ་མཐའ་ལས་གྷརྦ་སྦྱར་ཞིང་། ཨཏུ་གྱིས་པའི་ མཐའ་ཅན་བཞིན་དུ་འཕེལ་བ་མེད་པས། རས། གྲུབ་སྟེ། ཉམས་སྤྱི་ལ་འཇུག་པར་འགྲེལ་པ་ཀཱ་མ་དྷེ་ནུར་བཤད་ཅིང་། དེ་ལ་ལྡན་རྐྱེན་བ་ཏུ་སྦྱར་བས། རས་བཏྲ། ཉམས་དང་ལྡན་པ། བ་ཙ་སྨྲ་བ་ལ། །པ་ཙ་སོགས་ལ་ཨཔ་འོས་ཨཔྲ་རྐྱེན་དང་། སི་ཕྱིས་པས། བ་ཙས། ངག །དེ་ལྟར་གྲུབ་པ་རྣམས་སྦྱར་བས། རཱ་ཛྷས་པུ་རུ་ཁོ་ཚེ་ཡཾ། །པི་ཁྲོ་རེ་ཏདྨ་པཱུ་ཛ་ནཾ། །གུ་རུ་ཎཱ་པ་ཙ་ནཾ་བཏྲཿ ཀ་རཱི་ནཱ་ར་ས་པ་རྭ་ཙ ཅེས་འབྱུང་བ། རྒྱལ་པོའི་སྐྱེས་བུ་དེ་ཤེས་བྱ། །ཕ་མ་ཚུན་རྣམས་ཀྱི་འདི་ལྟར་མཆོད། །བླ་མ་རྣམས་ཀྱི་གསུང་ལམ་སྟེ། །མཁས་པ་རྣམས་ཀྱི་ཚིག་ཉམས་ལྡན། །ཞེས་པའོ། །བདུན་པ་གནས་གཞི་འཇུག་ཚུལ་གྱི་དཔེར་བརྗོད་ལ། གཞི་དང་། འབྱུང་བ་གཉིས་ལས། དང་པོ་ལའང་། ཆོས་གང་ལ་ཆོས་ཅན་གང་ཞིག་ལྷན་ཅིག་ཏུ་གནས་པ་ཉེ་བར་འདུས་པ་དང་། ཆོས་གང་ལ་ཆོས་ཅན་གང་ཉེ་བར་ཕྱོགས་ཏེ་


JKT016_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ལ་ཉེ་བ་དང་། ཆོས་གང་ལ་ཆོས་ཅན་གང་གིས་ཁྱབ་པར་གནས་པ་མངོན་པར་ཁྱབ་པ་དང་། ཡུལ་ཅན་ཤེས་པས་རྟོགས་ཚུལ་གྱིས་ཁྱབ་པ་ཡུལ་ཅན་དང་། གནས་སྐབས་གང་ལ་འཇིག་རྟེན་དང་མཐུན་པར་སྤྱོད་པ་ལུགས་སྲོལ་དང་། ཆོས་གང་ལ་བདྷ་ཐབས་ཀྱིས་མཚོན་ནས་སྟོན་པ་ལ་ཉེ་བར་སྟོན་པ་སྟེ་དྲུག་ལས། དང་པོའི་དཔེར་བརྗོད་ནི། ཀ་ཊ་ལ་བི། ཀ་ཊེ། རྩ་ལྷས་ལ། ཀུ་མཱ་རཿ གཞོན་ནུ། ཨ་སོ། འདི། ཤེ་ཏེ། ཉལ་ལོ། །ཞེས་པ་རྣམས་ཀྱི་སྒྲུབ་ཚུལ་ནི་སྔར་སྨོས་ཟིན་པ་ལྟར་རོ། །གཉིས་པའི་དཔེར་བརྗོད་ལ། གོལ་ཛས། ག་པཿ པ་རྣམས། པ་ཊ་ལའི། པཱ་ཊེ། འཁོར་བྱེད་དེ་ནྱ་གྲོ་དྷ་ཡི་ཤིང་ལ། ཤེར་ཏེ་ལ་ཉེར་བསྒྱུར་སུ་སྔོན་དུ་སྦྱར་བས། སུ་ཤིར་ཏེ། ལེགས་པར་ཉལ་ལོ། །གསུམ་པའི་དཔེར་བརྗོད་ནི། ཏི་ལ་སྣུམ་པ་ལ། ནཱ་མིན་ཨུ་པ་དྷ་ལས་ཀ་རྐྱེན་དང་། མཐར་གནས་གཞིའི་སུཔྲ། ཏི་ལེལུ། ཏཱི་ལ་རྣམས་ལ། བི་ད་ཡོད་པ་ཉིད་ལ། དིཔ་སོགས་ལ་ཡ་བི་ཀ་ར་ཎ་དང་། །ད་ལྟར་བའི་ཏེ། བིརྱ་ཏེ། ཡོད་དོ། ཏིལ་ལས་བྱུང་བའི་དོན་ལ་ཨཎྜ། སི། ཏི་ལཾ། ཏིལ་ལས་བྱུང་བ་སྟེ་ཏིལ་མར་རོ། །བཞི་པའི་དཔེར་བརྗོད། ཧཱུྃ་རྦ་འཕྲོག་པ་ལ་ཀྭིཔྲ་རྐྱེན་དང་། ཐུང་ངུའི་བིཏྲ་ལ་ཏུཀྲ་སྦྱར་ཞིང་། ཨུཀ་ཕྱིས་ནས། ཚིག་ཕྲད་ལས་ཏྲད་དུ་བསྒྱུར་མཐར་ང་། ཧྲི་དི། སྙིང་ལ།


JKT016_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པྲཧྨ། ཚངས་པ། སྲིད་སྲོག་གཏོང་བ་ལ་ཀྲ་དང་། སྔོན་དུ་དག་གི་ཚིག་གི་ནཉྩ་སྦྱར་བས། ཨ་མྲྀ་ཏཾ། བདུད་རྩི། བར་འདོད་པ་ལའོ་ཞེས་ཙུ་ར་སོགས་ཀྱི་ལྷག་མ་ཨཏྲ་མཐའ་ལས་ཨ་ཙཱ་སྦྱར་བའི་མཐར་སི། བ་རོ། མཆོག །དེ་ལྟར་གྲུབ་པའི་རྐང་པ་སྔ་ཕྱི་དག་རྒྱུན་གཅིག་ཏུ་སྦྲེལ་བས། ཀ་ཊེ་ཤེཏ་ཀུ་མཱ་རོཉསོ། །ག་བཟཔཊེ་སུ་ཤེར་ཏེ། །ཏི་ལེ་ཞུ་བི་དྱ་ཏེ་ཏེ་ལཾ། །ཏྲ་དི་པཧྥ་མྲྀ་ཏཾ་བ་རཾ། །ཞེས་འབྱུང་བ། རྩྭ་ལྷས་ལ་ཉལ་གཞོན་ནུ་འདི། །པ་རྣམས་པ་ཊ་ལ་ལེགས་ཉལ། །ཏིལ་རྣམས་ལ་ནི་ཏིལ་མར་ཡོད། །སྙིང་ལ་ཚངས་པའི་བདུད་རྩི་མཆོག །ཅེས་པའོ། །ལྔ་པའི་དཔེར་བརྗོད་ནི། ཡུ་དྷ་འཁྲུགས་པ་ལ་ལྟ་དང་། ཏ་ཐ་དག་གི་དྷ། ཛ་བྷ་ལ་ཛ་བ་སོགས་ཀྱིས་བྱིངས་ཀྱི་དྨདྲ། དྲངས་མཐའ་ང་། ཡུནྟེ། གཡུལ་དུ། སམ་སྔོན་མའི་ཎ་ཧ་འཆིང་བའི་དིཔ་སོགས་ལ་ཡ་དང་། ད་ལྟར་བའི་ཏེ། སནྡྲ་བྱ་ཏེ། གྱོན་པར་བྱེད། ཊྛདྷུན་འཛིན་པ་ལ། སུ་པཱུ། དྷཱཉྩ། གྲོ་དྷེ་ལས་ཀྲན་འོས་ཀྲན་རྐྱེན་དང་། དཱ་སོགས་ཀྱི་ཨ་འོས་ཨཱ་ཨཱི། དྷཱི་རཿ བརྟན་པ། དྲུག་པའི་དཔེར་བརྗོད་ནི། ཨ་གི་འགྲོ་བ་ལ། ཨུཎ་སོགས་ཀྱི་ཨུ་ལི་རྐྱེན་དང་། ཨི་དི་ཏུའི་ནུ་མ། ཨངྒ་ལི། སོར་མོ། ཨ་གྲལ་ང་། ཨགྲེ་རྩེ་མོ། ཀྲྀཧྥ་འཚེ་བ་ལ་ཨ་ཙ་རྐྱེན་དང་། ལྡན་རྐྱེན་ཨིན། ཀ་རིན། སྣ་ཞགས་དང་ལྡན་པ་སྟེ་གླང་པོ་ཆེའི་མིང་ངོ་། །དེ་ལ་ཨཱམ། ཀ་རི་ཎི། གླང་


JKT016_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་རྣམས་ཀྱི། ཤ་ཏི། བརྒྱ་ཕྲག་སྟེ། དེ་ལྟར་གྲུབ་བདག་སྦྲེལ་བས། ཡུདྡེ་སན་ཧྥ་ཏེ་དྷི་རཿ ཨདྷུ་མྱ་གྲེ་ཀ་རི་ཎཾ་ཤཱ་ཧཾ། །ཞེས་འབྱུང་བ། བརྟན་པས་གཡུལ་དུ་གོ་གྱོན་བྱེད། །སོར་མོའི་རྩེ་ལ་གླང་ཆེན་བརྒྱ། །ཞེས་པའོ། །གཉིས་པ་འབྱུང་བ་ལ་བདུན་པ་སྦྱར་བའི་དཔེར་བརྗོད་ནི། བྲི་ཁུ་བཀྲུ་བ་ལ། ཤ་ཏྲ་རྐྱེན་དང་། ཡོན་ཏན་བྱས་ནས་དྲངས་མཐར་ང་། བར་ཏི། ཆར་འབེབས་པ་ལ། དེ་བ། ལྷ། ཙུར་རྐུ་བ་ལ་ཉི་དང་། ཨ་ཙཱ་རྐྱེན་དང་། ཉཎི་ཏའི་འཕེལ། ཨི་ཊ་མེད་པ་ལ་ཉི་དབྱི་བ། རྩོར། རྐུན་མ། ཨཱ་ཡཱ་ཏཿ འོངས་སོ། །པ་ཏཱི་འགྲོ་བ་ལ་ཤ་ཏྲ་རྐྱེན་དང་། མཐར་ང་། པ་ཏ་ཏི། ཤར་བ་ན། ༀ་ཤུ། འོད། མཱ་ལ་ལ་ལྡན་རྐྱེན་ཨིན་དང་། མཐར་ང་། མཱ་ལཱི་ནི། ཕྲེང་བ་ཅན་ལ། པཏྲི་འགྲོ་བ་ལ་ཨིཊ་སྔོན་མའི་རཀྟ་སྦྱར་བའི་མཐར་སི། པ་ཏི་ཏཿ རྡོལ་ལོ། །ར་ཏཱི་དགའ་བ་ལ། ཨུཏྲ་སོགས་ཀྱི་ཨེཧྥ་རྐྱེན་དང་། དགག་སྒྲ་སྔོན་དུ་སྦྱར་བས། ཨ་རཱ་ཏི འདིས་དགའ་བར་མི་བྱེད་པས་ན་དགྲའོ། །པ་ས་ངེས་པར་གནས་པ་ལ། ཨུཎ་སོགས་ཀྱི་ཨན་ཙཱ། རྐྱེན་དུ་སྦྱར་མཐར་ང་། པ་སནྟེ། དཔྱིད་དུས་སུ། ཀུ་ཀ་ཟ་བ་ལ། སྦི་ར་ལ་སོགས་པས་ཚིག་ཕྲད་ལས་ཀི་རཚྭ་རྐྱེན་དང་། བྱིངས་ཀྱི་ཡོན་ཏན། ཀ་པི་རི་ཀ་སོགས་ཀྱིས་རྐྱེན་གྱི་རལ་རུ་བསྒྱུར་མཐར་ཨཱཔ། ཀོ་ཀཱི་ལཱ། ཁུ་བྱུག་མོ། སྤྲོ་སྒྲ་ལ་ཨ་རྐྱེན།


JKT016_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྦ་རཾ། སྒྲ། ཀེ་རོ་ཏི། བྱེད་དོ། །ཞེས་པའོ། །གཉིས་པ་དམིགས་བསལ་ཁྱད་པར་ཅན་ཀྱི་འཇུག་ཡུལ་བྱེ་བྲག་ཏུ་བཤད་པ་ལ། རྣམ་དབྱེ་གཉིས་པ་ནས་བདུན་པའི་བར་གྱི་འཇུག་ཡུལ་དང་། འཕྲོས་དོན་ཐོར་བུ་གཞན་བསྟན་པའོ། །དང་པོ་ནི། མི་བྱེད་པ་དང་། ལྷན་ཅིག་པ་དང་། ཕྱག་འཚལ་བ་དང་། བོར་བ་དང་། ལོགས་སུ་བཀར་བ་དང་། རྗེ་བོ་རྣམས་རྗེས་འབྲངས་དང་བཅས་པ་ལ་རིམ་པ་སྦྱར་བའི་ཚུལ་ལོ། །གཉིས་པ་ནི། སྟ་ལ་སོགས་པ་མ་ཡིན་པའི་ཀྲྀ་ཏའི་མཐའ་ཅན་གྱི་སྒྲ་རབ་ཏུ་སྦྱོང་བའི་བྱེད་པོ་དང་བྱ་བ་ལ་དྲུག་པ་འགྱུར་ཚུལ། དྲན་པའི་ལས་ལའང་དེ་ཉིད་སྦྱར་ཚུལ། དེ་བཞིན་དུ་འཇིག་པ་སྐྱེ་བའི་རྒྱུ་ལ་ལྔ་པ། རྒྱུའི་སྒྲ་རབ་ཏུ་སྦྱོར་བ་ལ་དྲུག་པ། འདི་ལྟར་མཚོན་པ་དང་། ཡན་ལག་ཉམས་པའི་རྣམ་པར་འགྱུར་བ་ལ་གསུམ་པ། རྒྱུ་གང་གིས་དངོས་པོ་བསྐྱེད་ཟིན་པའི་རྒྱུ་ལ་ལྔ་པ། དེའི་ཆེད་དུ་བྱ་བ་དང་། ཁྲོ་འཁྲུགས་བརྗོད་པ་ལའང་བཞི་པ། ཀྲྀཏྲའི་རྐྱེན་ཀྱཕྲ་མཐའ་ཅན་ལ་ལྔ་པ། དགོས་དོན་སྒྲུབ་པའི་ལས་སྦྱོར་བ་དང་། ཡུལ་ལའང་བདུན་པ། མ་གུས་པའི་དོན་ལ་དྲུག་པའམ་བདུན་པ། ཏི་སོགས་གཞན་གྱིས་བརྗོད་ཟིན་པའི་ཚེ་མིང་ལ་དང་པོ། རིག་བྱེད་ལས་བྱུང་བའི་སྡེབ་སྦྱོར་ལ་ནི་སི་སོགས་འཆོལ་བར་འཇུག་ཚུལ་ཏེ་བཅོ་ལྔ་ལས། གཞན་རྣམས་ཀྱི་དཔེར་བརྗོད་ནི་གོ་སླ་བས་མ་བཀྲལ་ལ། དགུ་


JKT016_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་སུ་ཚིགས་བཅད་གཅིག་འབྱུང་བ། སཾ་སྔོན་མའི་ཡ་མུ་ཉེ་བར་འགོགས་པ་ལ་ཨ་ཙཱ་རྐྱེན། མཐར་ཆེད་དུ་བྱ་བ་ལ་དེ། སཾ་ཡ་མཱ་ཡ། སྡོམ་བརྩོན་ཆེད་དུ། ཐུ་ཉན་པ་ལ་ལྟ་སྦྱར་མཐར་ཨམ། ཐུཏཾ། ཐོས་པ་ལ། ཌཱདྷཱཉྩ་འཛིན་པ་ལ། བྱེད་པ་པོ་ལ་ཨཔ་དང་། ད་ལྟར་བའི་ཏེ། ཨདྲ་སོགས་ལ་ཨཔྲ་འཇིག །ཧུ་ལ་སོགས་པ་ལས་གཉིས་བརྗོད་པའི་སྔ་མ་ཐུང་ཞིང་། ཛྷ་དྷ་ལ་ཛ་བ་སོགས་ཀྱིས་དྷདྲ་དང་། རིཏྲ་ཛྷས་ལ་སྔོན་མའི་དྷའོ་ཞེས་པས་དྲདྨ། དྭ་ལ་སོགས་པའི་འོས་ཕྱི་མའི་ཨཱ་ཕྱིས་ནས། ཁས་ལ་ཛྷ་ས་སོགས་ཀྱིས་སྦྱར་བས། དྷཏྟེ། འཛིན་པར་བྱེད། ནར་ལ་ཨོ། ན་རོ། མི་དག །དྷརྨ་ལ་ངེ་། དྷརྨ་ཡ། ཆོས་ཀྱི་ཆེད་དུ། །སཾ་ཡ་མ་ལ་ཨམ། སཾ་ཡ་མཾ། སྡོམ་བརྩོན་ལ། དྷརྨ་ལ་ཨམ། དྷམཾ། ཆོས་ལ། མཀ་ལ་དེ། མོཀྵ་ལ། ཐར་པའི་ཆེད་དུ། མེ་དྷཱ་ལ་ཨཱམ་སྦྱར་བས། མེདྷཱ་ནཾ། ཡིད་གཞུང་རྣམས་ཀྱི། དྷ་ན་ལ་ཨམ། དྷ་ནཾ། ནོར་ལ། དཱ་ན་ལ་ངེ་། དཱ་ནཱ་ལ། སྦྱིན་པའི་ཆེད་དུ། བྷུ་ཛ་ཟ་བ་ལ་སྟི་དང་། ང་། བྷུཀྟ་ཡེ། བཟའ་བའི་ཆེད་དུ། དེ་ལྟར་གྲུབ་པ་དག་སྦྲེལ། ས་ཡ་མཱ་ཡ་ཤྲི་ཏ་དྷཏྟེ། །ན་རོ་དྷརྨ་ལ་སཾ་ཡ་མཾ། དྷརྨ་མོཀཱཡ་ལ་མེ་དྷ་ནཾ། །དྷ་ནཾ་དཱན་བྷུལྟ་ཡེ། །ཞེས་འབྱུང་བ། སྡོམ་བརྩོན་ཆེད་དུ་ཐོས་པ་འཛིན། །མི་དག་སྡོམ་བརྩོན་ཆོས་ཀྱི་ཆེད། །ཡིད་གཞུང་ཐར་པའི་ཆེད་དུ་ཆོས། །སྦྱིན་པའི་


JKT016_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་བཟའ་ཕྱིར་ནོར། །ཞེས་པའོ། །ཡང་བཅུ་གཉིས་པའི་སྐབས་སུ་ཙ་རྨན་ལ་ང་། ཙརྨཎི། པགས་པ་ལ། དཱི་པ་ནི་པགས་པ་སྟེ། འདི་ལ་དེ་ལྡན་པའི་ཕྱིར་ཨིན་རྐྱེན་དང་། མཐར་ཨམ། དཱི་པཾ་ནཾ། ་གཟིག་ལ། ཧ་ན་འཚེ་བ་ལ་ཨཔྲ་དང་། ཏི། ཨདྲ་སོགས་ལས་ཨཔྲ་ཡ་ལ། ཧན། གསོད་པར་བྱེད་དོ། །དམུ་ཉེ་བར་ཞི་བ་ལལྟ་སྦྱར་མཐར་ཨོས། དན་ཡོ༔ སོ་དག་ལ། ཧནི། གསོད་དོ། །ཁ་ཛི་བསྒྲོད་པ་ཉམས་པ་ལ། ཨུཎ་སོགས་ལས་ཨཱ་ར་རྐྱེན་དང་། ཨིདིཏྲའི་ནུ་མ། ཚིག་ཕྲད་ལས་ཨུ་པ་དྷཱའི་ཁ་ཀུ་དང་། རྐྱེན་གྱི་ཨཱ་ཐུང་ཞིང་མཐར་ཨམ། ཀུཉྫརཾ། འགྲམ་ལེགས་ཏེ་གླང་ཆེན་ལ། བ་ལ་སྟོབས་བྱེད་པ་ལ་གྷཉ་སྦྱར་མཐར་སུཔ། བཱ་ལེ་ཞུ། རྔ་མ་རྣམས་ལ། ཙ་མུ་ཟ་བ་ལ། ཨ་མཱར་བཞིན་དུ་ཨ་ནན་རྐྱེན་དང་ཨམ། ཙ་མ་དཾ། གཡག་ལ། ཧནི། བསོད་དོ། །ཁོ་མཐའི་ལས་ལ། བྱོ་མ་ན་ལ་སོགས་པ་རྣམས་སོས་མན་དང་། མཚམས་སྦྱོར་གྱི་ཡི་གེའི་ཨཱ༔ སཱ་མནྟ། དེ་ལ་མ་ནིང་གི་ངེ་བྱིན་པས། སཱ་སྣེ། མཚམས་སུ། པུཥ་སྔོན་མའི་ཀ་ལ་ཆ་ཤས་ལས་ཨུཎ་སོགས་ཀྱི་བུན་དང་། ཨཱཔ། པུཥ་ལ་ཀཱ། ཕུར་བུ། ཧ་ན་འཚེ་བ་ལ། ད་ལྟར་བའི་ཏས་དང་། དབྱི་ཕན་ཏན་ཨ་ནུ་དཱཏྟ་རྣམས་ཀྱི་འོས་ན་ཕྱིས་པས། ཧ་ཏཿ འཇོམས་པར་བྱེད་དོ། །དེ་ལྟར་གྲུབ་པ་དག་སྦྲེལ་བས། ཙརྨ་ཎི་རི་བིནཾ་ཧནྟི། །དནཱ་ཡོནྟནྟི་


JKT016_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཀུཉྫརཾ། །ཀེ་ཤེ་ཥཱ་ཙ་མ་རཾ་ཧནྟི། །སཱི་སྣེ་པྲཎྜ་ལ་ཀ་ཧ་ཏཿ ཅེས་འབྱུང་བ། པགས་པ་ལ་ནི་གཟིགས་སོད་དོ། །མཆེ་བ་དག་ལ་གླང་ཆེན་གསོད། །རྔ་མ་རྣམས་ལ་གཡག་གསོད་དོ། །མཚམས་སུ་པུཥ་ལ་ཀ་འཇོམས། །ཞེས་པའོ། །བཅུ་བཞི་པའི་སྐབས་སུ། བ་ཧ་ཐོབ་པ་ལ་ཤདྷུ་ལ་སོགས་པ་ཉིད་ཀྱི་ཕྱིར་ཀུ་རྐྱེན་དང་། སུཔ། བ་ཧུ་ཝཱུ མང་པོ་རྣམས་སུ། སཱ་དྷུ་ལ་སུཔ། སཱ་དྷུ་ཝཱུ ལེགས་པ་རྣམས་སུ། བད་སྨྲ་བ་ལ་ཤ་ཏྲ་རྐྱེན། མང་པོ་ལ་སྤྱིར་བཏང་བས་ཨཔྲ་མི་འཇུག །དེ་ལ་སུཔ། བ་དཏྠ། སྨྲ་བ་རྣམས་སུ། ཨ་བི། ཀྱང་། སྭ་ཡ་མ། རང་ཉིད། རྀ་འགྲོ་བ་ལ་རི་དང་། ཧ་ས་ལ་ཧྥ་རྔ་རྐྱེན། ཨཱརྱ། འཕགས་པའམ་མཁས་པ། ཡཱ་ཐོབ་པ་ལ། ཨཔྲ་དང་། ཏིཔ། ཨདྲ་སོགས་ལ་མ་པྲ་འཇིག །ཡཱ་ཏི། འགྲོ་བར་བྱེད་དོ། །སཱ་བྷུ། ལེགས་པ། ཚྭ་ཛུ་དག་བྱེད་ལ། དངོས་པོ་ལ་གྷརྦ་དང་། བྷིཏཱ་ལ་ཛུག །མཐར་ཌཱ། མནེ་ཎ། ལམ་མོ། །དེ་ལས་གཞན་པའི་དཔེར་བརྗོད་རྣམས་ནི་རྟོགས་པར་སླ་བར་སེམས་ཏེ། ཡི་གེའི་འཇིགས་པར་མ་སྤྲོས་སོ། །བཅུ་གཅིག་པ་དོན་དང་ལྡན་པའི་རྣམ་དབྱེས་ཁྱད་པར་དུ་བྱས་པའི་ཚིག་རྣམས་ཀྱི་བསྡུ་བ་བརྗོད་པའི་སྐབས་སུ་སྤྱི་དོན་ཅུང་ཟད་འཆད་ན། འདི་ལྟར་མིང་སྔ་ཕྱི་དག་སྦྱོར་བའི་བར་དུ་རྣམ་པར་དབྱེ་བས་མ་སྦྲེལ་བ་ནི་བསྡུ་བ་ལས་གྱུར་པ་སྟེ། དེ་ལ་གསུམ། ངོ་


JKT016_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ནི། མིང་ལ་སི་སོགས་སྦྱར་བ་གཉིས་སམ་མང་པོའང་རུང་སྟེ། དོན་ཕྱོགས་གཅིག་ཏུ་སྦྱར་བའི་ཕྱིར་ཚིག་དེ་རྣམས་ཀྱི་རྣམ་དབྱེ་དང་། ཕྲད་ལ་སོགས་པ་ཡན་ལག་དང་བཅས་པ་བསྡུས་པ་ལས། བསྡུ་གཞིའི་ཚིག་གི་ཕྲེང་བ་མང་པོ་རྣམས་ཀྱང་བསྡུ་བར་བྱས་པ་དེ་ལ་དོན་ལེགས་པར་ཚང་བ་ཉིད་དོ། །དགོས་པ་ནི། དོན་གཅིག་པ་དང་། རྣམ་དབྱེ་གཅིག་པ་དང་། དབྱངས་གཅིག་པ་གསུམ་དུ་བཤད་དེ། དང་པོ་ནི། དོན་མང་པོ་རྣམས་དོན་གཅིག་ཏུ་སྦྱོར་བ་དང་། གཉིས་པ་ནི། རྣམ་དབྱེ་མང་པོ་རྣམས་རྣམ་དབྱེ་གཅིག་ཏུ་སྦྱོར་བ་དང་། གསུམ་པ་ནི། དབྱངས་ཏེ་བརྗོད་པ་དུ་མ་རྣམས་བརྗོད་པ་གཅིག་ཏུ་སྦྱར་བས། སྔར་ཚིག་མང་བ་དང་། བརྗོད་མི་བདེ་བ་རྣམས་ཚིག་ཉུང་ཞིང་བརྗོད་པ་དེ་ལ་ཚིག་གི་ཟོར་ཡང་བར་འགྱུར་བའི་ཕྱིར་རོ། །དབྱེ་ན། མི་ཟད་པ་དང་དེའི་སྐྱེས་བུ། །ཟླས་དབྱེ་བ་གཉིས་འབྲུ་མང་དང་། །ལས་འཛིན་པ་ཞེས་རྣམ་པ་དྲུག་ཅེས་པ་ལྟར་གྱི། དང་པོ་མི་ཟད་པར་གྱུར་པའི་བསྡུ་པའམ། གཞུང་གཞན་དུ་གྲངས་མེད་པ་ཞེས་ཀྱང་གྲགས་པའི་བསྡུ་བ་ནི། ཉེར་བསྒྱུར་སོགས་མི་ཟད་པའི་སྒྲ་སྔོན་དུ་སྦྱོར་བས་ཚིག་སྔ་མ་གཙོ་བོར་གྱུར་པའི་ཕྱིར་ཕྱི་མ་ལ་རང་ཤུགས་ཀྱིས་ཚིག་སྡུད་དུ་གྲུབ་པའོ། །གཉིས་པ་དེའི་སྐྱེས་བུའམ་དང་པོ་ལ་སོགས་པའི་བསྡུ་བ་ནི། རྣམ་དབྱེའི་མཐའ་ཅན་གྱི་ཚིག་སྔ་མང་ཡོད་པ་ལ་ཕ་རོལ་གྱི་རྣམ་དབྱེ་


JKT016_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་པ་སོགས་ཀྱི་ཚིག་ཕྱི་མའི་བརྗོད་བྱ་གཙོ་བོར་གྱུར་པ་སྟེ། དེ་ལ་དབྱེ་ན་རྣམ་དབྱེ་དང་པོ་ནས་བདུན་པའི་བར་དང་། ཧྲའི་བསྡུ་བ་སྟེ་བརྒྱད་དུ་བསྒྲུབས་ཀྱང་། གཞུང་འདིར་དང་པོ་གསུམ་བསྡུས་པ་ནི་ཟླས་དབྱེར་བསྡུ་བར་གཏོགས་པའི་ཕྱིར་དམིགས་བསལ་གཉིས་པའི་ཨམ་ནས་བདུན་པའི་བར་ལ་མཛད་དེ། དེ་ཡང་གཉིས་པ་བསྡུས་པ་ནི། གྲངས་ལ་ཐོབ་པ། ཞེས་པ་བསྡུས་པས། གྲངས་ཐོབ། ལྟ་བུའོ། །གསུམ་པ་བསྡུས་པ་ནི། སྨྲ་བས་མཁས་པ་ལ། སྨྲ་མཁས་ལྟ་བུའོ། །བཞི་པ་བསྡུས་པ་ནི། མཆོད་སྡོང་གི་ཆེད་དུ་ཤིང་བཙུགས་པ་ལ། མཆོད་སྡོང་ཤིང་། ལྟ་བུའོ། །ལྔ་པ་བསྡུས་པ་ནི། སེང་གེ་ལས་འཇིགས་པ་ལ། སེང་གེའི་འཇིགས་པ་ལྟ་བུའོ། །དྲུག་པ་བསྡུས་པ་ནི། བྲམ་ཟེའི་སློང་མོ་བ་ལ། བྲམ་ཟེ་སློང་མོ། ལྟ་བུའོ། །བདུན་པར་སྡུས་པ་ནི། མེ་ལ་གནས་པ་ལ། མེ་གནས་ལྟ་བུའོ། །ནཧྲའི་བསྡུ་བ་ལའང་། བནྡྷ་མཱ་ནས། དེ་དང་མཚུངས་དང་དངོས་མེད་དང་། །དེ་ལས་གཞན་དང་དེ་ལས་ཆུང་། །མི་བསྔགས་པ་དང་འགལ་བ་སྟེ། །ནརྦའི་དོན་དྲུག་རབ་ཏུ་བཤད། །ཅེས་འབྱུང་བ་དཔེ ར་བརྗོད་ན། ཨ་རཱ་ཛཱ། རྒྱལ་པོ་དང་འདྲ་བ། ཨ་བྷ་ཡཿ འཇིགས་པ་མེད། ཨ་སཾ་ཡོ་གཏྲ། ཡང་དག་པར་སྦྱོར་བ་ལས་གཞན། ཨ་ལ་པ་ཏཱ་ཡཱ་གཱ༔ ཐུག་པ་ལ་ལན་ཚྭ་ཉུང་བ། ཨ་བུ་ཏཿ མི་ལེགས་


JKT016_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བུ། ཨ་ཤུ་ཀཿ དཀར་པོ་དང་འགལ་བ། ཞེས་པ་ལྟ་བུའོ། །གསུམ་པ་ཟླས་དབྱེའམ་དང་གི་དོན་གྱི་བསྡུ་བ་ནི། མིང་ཕན་ཚུན་བྱ་བ་གཅིག་ལ་འཇུག་ཅིང་མི་འགལ་བ་ལྟ་བུ་སོ་སོར་བརྗོད་པའི་བར་དུ་གནས་པའི་དང་གི་དོན་གྱི་ཙ་ཡིག་བསྡུས་པ་སྟེ། དེ་ལ་དབྱེ་ན་བཞི་ལས། དང་པོ་ཀུན་ལས་བཏུས་པ་ནི། བྱ་བ་རེ་རེ་དང་སོ་སོར་འབྲེལ་བའི་དང་གི་དོན་ནོ། །གཉིས་པ་འབྲེལ་བ་ཅན་ནི། བྱ་བ་གཅིག་གི་ཤུགས་ལ་གཅིག་ཀྱང་གྲུབ་པར་སྟོན་པ་སྟེ། འདི་གཉིས་ནི་ཕྱོགས་གཅིག་ཏུ་ཡོད་སྲིད་ཀྱང་སྦྱོར་བས་བྱ་བ་དེ་གཅིག་ཏུ་བསྒྲུབ་པར་མི་ནུས་པ་ན་སྦྱོར་བ་དང་བྲལ་བ་ཞེས་བྱ་བ་སྟེ་བྱ་བྱེད་པ་སྡོངས་པས་ཟླས་དབྱེའི་བསྡུ་བ་མི་འཇུག་པའི་ཡུལ་ལོ། །གསུམ་པ་གཅིག་གཅིག་སྦྱོར་བ་ནི། ཡན་ལག་རྣམས་གཙོ་བོར་བྱས་པ་སྟེ། སྟོབས་ཆེ་ཆུང་མེད་པའི་མིང་ཐ་དད་པ་གཅིག་ཏུ་སྦྱོར་བའི་དོན་གྱི་ཚྭ་ཕྱིས་པའོ། །བཞི་པ་ཀུན་ཏུ་སྡུད་པ་ནི། ཚོགས་པ་གཙོ་བོར་བྱས་པ་སྟེ་རིགས་མཐུན་པ་དག་བསྡུས་པའོ། །བཞི་པ་བ་གཉིས་པའམ་གྲངས་སྔ་མ་ཅན་གྱི་བསྡུ་བ་ནི། མིང་གང་ལའང་གྲངས་སྒྲ་དང་འབྲེལ་བ་ལ་གྲངས་སྒྲ་དེ་ཐོག་མར་འཇོག་ཅིང་རྣམ་དབྱེ་ཕྲད་སོགས་དབྱེ་བ་སྟེ། དབྱེ་ན་གཉིས་ལས། གཅིག་དང་འདྲ་བའི་དངོས་པོ་ནི། གསུམ་རྣམས་ཀྱི་རྩ་བ། ཞེས་པ་བསྡུས་པས། གསུམ་རྩ། ལྟ་བུའོ། །དུ་མ་དང་འདྲ་བའི་དངོས་པོ་ནི།


JKT016_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་ཕྱོགས་ཞེས་པ་ལ། ཕྱོགས་བཅུ། ལྟ་བུའོ། །ལྔ་པ་འབྲུ་མང་པོའི་ཚིག་གཞན་དོན་ཅན་གྱི་བསྡུ་བ་ནི། བརྗོད་བྱ་གང་ལའང་རང་ཉིད་ཀྱི་དངོས་དོན་གཙོ་བོར་མི་སྟོན་པར། དེ་དང་འབྲེལ་བའི་གཞན་དོན་གཙོ་བོར་སྟོན་པས་བརྒྱུད་ནས་གོ་བར་བྱེད་པའི་ངག་སྟེ། དེ་ལ་དབྱེ་ན་བདུན་ལས། དང་པོ་ཚིག་གཉིས་པ་ནི། གང་གི་སྐྱེས་བུ་གོས་དཀར་པོ་ཅན་དེ། ཞེས་པ་བསྡུས་པས། གོས་དཀར་ཅན་གྱི་སྐྱེས་བུ། ལྟ་བུའོ། །གཉིས་པ་ཚིག་མང་པོ་ནི། གང་གི་གསེར་འོད་རྣམས་ཀྱི་མཆོད་པར་གྱུར་པ་དེ། ཞེས་པར། གསེར་འོད་མཆོད་པར། ལྟ་བུ་ཚིག་ཚོགས་མང་པོ་བསྡུས་པའོ། །གསུམ་པ་གྲངས་ཀྱི་ཚིག་ཕྱི་མ་ཅན་ནི། གང་གི་ཉི་བའི་བཅུ་རྣམས་ཡོད་པ་དེ། ཞེས་པར། ཉེ་བའི་བཅུ་རྣམས། ལྟ་བུའོ། །བཞི་པ་གཉིས་ཀ་གྲངས་ཀྱི་ཚིག་ཅན་ནི། གཉིས་དང་གསུམ་རྣམས་ཞེས་པར། གཉིས་གསུམ། ལྟ་བུའོ། །ལྔ་པ་ལྷན་ཅིག་པའི་ཚིག་སྔ་མ་ཅན་ནི། པུ་ཏྲེ་ཎ་ས་ཧ་བཏྟ་ཏེ། བུ་དང་བཅས་པས་འཇུག་པ། ཞེས་པར། ས་པུ་ཏྲཿ བུ་བཅས། ལྟ་བུའོ། །དྲུག་པ་ཕན་ཚུན་དུ་བྱ་བ་བྱེད་པའི་མཚན་ཉིད་ཅན་ནི། གང་དབྱུག་པ་དང་དབྱུག་པ་འཐབ་པ་ཅན་དེ། ཞེས་པར། དབྱུག་པས་འཐབ་པ། ལྟ་བུའོ། །བདུན་པ་ཕྱོགས་གཞན་འཛིན་པའི་མཚན་ཉིད་ཅན་ནི། ཤར་གྱི་ཕྱོགས་དང་ལྷོ་ཕྱོགས་ཀྱི་བར་ན་གནས་པ་དེ། ཞེས་


JKT016_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྡུས་པས། ཤར་ལྷོ་སྟེ། མེ་མཚམས་བརྗོད་པ་ལྟ་བུའོ། །བདུན་པ་ལས་འཛིན་པའམ་ཁྱད་པར་ཅན་གྱི་བསྡུ་བ་ནི། ཚིག་སྔ་ཕྱི་གཉིས་མཉམ་པ་ཞེས་གཞི་མཐུན་ཅིང་དངོས་དོན་གཅིག་ལ་ཁྱབ་མཉམ་དུ་འཇུག་པ་སྟེ། དེ་ལ་དབྱེ་ན་དྲུག་ལས། དང་པོ་ཁྱད་པར་ཅན་གྱི་ཚིག་སྔ་མ་ཅན་ནི། ཁྱད་གཞིའི་ཚིག་དང་པོར་སྦྱར་ཏེ། ཁྱད་ཆོས་ཕྱིས་སུ་སྟོན་པ་སྟེ། དཔེར་ན། ཨུཏྤལ་ཡང་དེ་ཡིན་ལ། སྔོན་པོའང་དེ་ཡིན་པ་བསྡུས་པས། ཨུཏྤལ་སྔོན་པོ། ལྟ་བུའོ། །གཉིས་པ་ཁྱད་པར་ཅན་གྱི་ཚིག་ཕྱི་མ་ཅན་ནི། ཁྱད་ཆོས་སྔོན་དུ་སྦྱར་ཏེ་ཁྱད་གཞི་ཕྱི་ནས་འབྱུང་བའི་ཕྱིར། སྔ་མ་ལས་གོ་བཟློག་པའོ། །གསུམ་པ་དཔེའི་ཚིག་སྔ་མ་ཅན་ནི། དཔེ་སྔོན་དུ་ཡོད་པ་ལ། །དཔེ་ཅན་ཕྱིས་ནས་འབྱུང་བ་ངག་བསྡུས་པ་སྟེ། དུང་ལྟར་དཀར་བའི་མདོག་དང་ལྡན་པ་ལ། དུང་དཀར་མདོག །ལྟ་བུའོ། །བཞི་པ་དཔེའི་ཚིག་ཕྱི་མ་ཅན་ནི་སྔ་མ་ལས་བཟློག་པ་སྟེ། མི་འདི་ནི་སེང་གེ་དང་འདྲའོ། །ཞེས་པ་ལ། མིའི་སེང་གེ་ལྟ་བུའོ། །ལྔ་པ་སྲིད་པའི་ཚིག་སྔ་མ་ཅན་ནི། ཚིག་སྔ་མ་སྲིད་པ་སྦྱོར་བའི་ཚིག་སྡུད་དེ། དངོས་པོ་འདི་ནི་བུ་ལྟ་བུར་འཛིན་པ། ཞེས་པ་ལ་བུར་འཛིན་པ་ལྟ་བུའོ། །དྲུག་པ་ངེས་གཟུང་གི་ཚིག་སྔ་མ་ཅན་ནི། ཇི་ལྟར་ཡོན་ཏན་ཉིད་ནི་བློ་ཡིན་པ་ལ། ཡོན་ཏན་བློ་ཞེས་པ་དང་། ཡོན་ཏན་ཉིད་ནི་ནོར་ཡིན་པ་ལ། ཡོན་ཏན་ནོར། ལྟ་བུའོ། །


JKT016_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྣམས་ཀྱི་དཔེར་བརྗོད་ཀྱང་ལེགས་སྦྱར་གྱི་སྐད་དུ་སྦྱར་ན་མཁས་པ་ལ་མཛེས་ཀྱང་། བློ་གྲོས་གསར་བུ་དག་གིས་རྟོགས་པར་སླ་བའི་ཕྱིར་བོད་སྐད་དུ་བརྗོད་པའོ། །བཅུ་གཉིས་པ་གཙོ་བོར་མིང་གི་སོགས་ཀྱི་མཐའ་ཅན་ལས་ངང་དང་འབྲེལ་བའི་མིང་གཞན་སྒྲུབ་པར་བྱེད་པ་དེ་ཕན་གྱི་རྐྱེན་མཐའ་བཤད་པ་ལ། བུ་རྒྱུད་ལ་སོགས་པའི་རྐྱེན་དང་། གྲངས་ཀྱི་རྐྱེན་དང་། ཚིག་ཕྲད་ཀྱི་སྒྲུབ་ཚུལ་ཏེ་གསུམ་ལ་ནང་གསེས་ཀྱི་དབྱེ་བ་མང་ཞིག་འབྱུང་བ་བཅས། གཞུང་དོན་ཙམ་ནི་འགྲེལ་པ་རྣམས་སུ་རྟོགས་པར་སླ་བས་མ་སྨོས་ལ། གཞན་དུ་འཕྲོས་དོན་རྒྱས་པར་ནི་བརྡ་སྤྲོད་པ་ཙནྡྲ་བའི་སྐབས་གཉིས་པའི་རྐང་པ་བཞི་པ་ནས། སྐབས་བཞི་པའི་རྐང་པ་མ་རྫོགས་པའི་བར་གྱིས་ཤིན་ཏུ་རྒྱས་པར་བསྟན་པས། གཞུང་དེའི་འགྲེལ་བ་ལེགས་བཤད་རིན་ཆེན་འདྲེན་པའི་ཤིང་རྟ་སོགས་ལས་ཤེས་པར་བྱ་བ་ལས། འདིར་ཉུང་ངུའི་ངག་གིས་འདོམས་སླ་བ་མ་ཡིན་ནོ། །སྤྱི་དོན་གསུམ་པ་ཨཱ་ཀཱུ་ཏ་བི་བྷཏྟི་སྟེ་ཀུན་བཤད་ཀྱི་རྣམ་པར་དབྱེ་བ་ཞེས་གཅིག་གཉིས་མང་པོ་སོགས་གྲངས་དང་། བྱ་བྱེད་ལས་གསུམ་སོགས་དོན་དང་དུས་ཀྱི་འཇུག་པ་དུ་མ་ལ་བརྟེན་ནས་བྱིངས་ལས་ཚིག་ཏུ་སྒྲུབ་པའི་རྐྱེན་གྱི་སྡེ་ཚན་འཆད་པའི་སྐབས་སུ། སྤྱི་དོན་ཅུང་ཟད་དབྱེ་ན་གསུམ། གང་ལ་བྱ་བའི་ཡུལ། གང་སྦྱར་བའི་རྣམ་དབྱེ། ཇི་ལྟར་སྦྱར་བའི་ཚུལ་ལོ། །


JKT016_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། བྱིངས་ལས་སོ། །ཞེས་པས་སྤྱིར་བཏང་བ་སྟེ། དེ་ལ་དབྱེ་ན། མཛོད་འགྲེལ་འདོད་པ་འཇོ་བར། སྒེག་པ་གསལ་བ་ལས་བྱིངས་རྣམ་པ་དྲུག་ཏུ་བཤད་དེ། །ཡོངས་སུ་བཀླགས་པ་རྣམས་དང་། ཡོངས་སུ་མ་བཀླགས་པ་རྣམས་དང་། ཡོངས་སུ་བཀླགས་ཤིང་མ་བཀླགས་པ་རྣམས་དང་། རྐྱེན་གྱི་བྱིངས་རྣམས་དང་། མིང་གི་བྱིངས་རྣམས་དང་། རྐྱེན་དང་མིང་མི་བྱིངས་རྣམས་ཀྱང་ངོ་། །ཞེས་པའོ། །དེ་ལ་ཡོངས་སུ་བཀླགས་པ་ནི་བྷ་ལ་སོགས་པ་རྣམས་སོ། །ཡོངས་སུ་མ་བཀླགས་པ་ནི་ཨཱནྡོལ་ཡ་ཏི་ལ་སོགས་པ་རྣམས་ཏེ། ཞེས་དང་། གང་ཞིག་མདོ་རྣམས་ཉིད་དུ་བཀླགས་པའི་བྷ་ལ་སོགས་པ་མ་ཡིན་པ་ཟླུ། དེ་རྣམས་ནི་ཡོངས་སུ་བཀླགས་ཤིང་མ་བཀླགས་པ་སྟེ། སྐུ་ལ་སོགས་པ་རྣམས་སོ། །རྐྱེན་གྱི་བྱིངས་རྣམས་ནི་མན་ལ་སོགས་པའི་མཐའ་རྣམས་སོ། །ཀཎྜ་ལ་སོགས་པ་ནི་མིང་གི་བྱིངས་རྣམས་སོ། །ཞེས་བཤད་པའི་སྡེ་ཚན་དྲུག་ཀའི་ཕ་རོལ་དུ་ཏི་སོགས་སྦྱར་བར་བྱ་བ་ཡིན་མོད། འོན་ཀྱང་གྷ་ལ་སོགས་པའོ། །ཞེས་པས་གཙོ་བོར་བྱིངས་ཀྱི་གླེགས་བམ་ལས་འབྱུང་བ་ཡོངས་སུ་བཀླགས་པའི་བྱིངས་རྣམས་ལས་སྒྲུབ་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། རྐྱེན་དངོས་དང་། བར་རྐྱེན་ནོ། །དང་པོ་ལའོང་རྣམ་པ་གཉིས་ཏེ། བྱིངས་ཐམས་ཅད་པ་དང་བྱིངས་ཕྱེད་པའོ། །དང་པོ་ལའང་བརྟུ་མཱན་སྟེ་ད་ལྟར་བ་དང་། སལྟ་མཱི་སྟེ་བདུན་


JKT016_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། པཉྩམཱི་སྟེ་ལྔ་པ་དང་། རྒྱལྟ་ནི་སྟེ་ཁར་སང་ཞེས་པར། པཱ་ཎི་ལ་སོགས་གཞུང་གཞན་དུ་ཀླུས་བཀོད་པའི་བརྡ་ཁྱད་དུ་གྲགས་པ་རིམ་པར། ལཊ། ལི་ཊ། ལོ་ཊ། ལང་། ཞེས་པའི་སྒྲས་སྨོས་པ་སྟེ། བཞི་ལས། དང་པོ་ནི། བྱ་བ་གང་ཞིག་ལ་འཇུག་ནས་མ་རྫོགས་པ་ཉེ་བར་མཚོན་པའི་དུས་ནི་ད་ལྟར་བ་སྟེ། དེ་ལ་ཏིཔྲ་སོགས་ཕྲག་བཅོ་བརྒྱད་པོ་རྣམས་འགྱུར་རོ། །གཉིས་པ་ནི། གཞུང་འདིར་འཇུག་ཚུལ་མདོ་ཙམ་ལས་མ་བསྟན་ཀྱང་། པཱ་ཎི་པ་སོགས་གཞན་ལས་བཤད་པ་ལྟར་ཅུང་ཟད་དབྱེ་ན། བྷཥ་ལས། སྒྲུབ་པ་དང་། ངེས་པར་འབོད་པ་དང་། ཀུན་ཏུ་འབོད་པ་དང་། ལྷག་པར་འདོད་པ་དང་། ཡང་དག་པར་དྲི་བ་དང་། དོན་དུ་གཉེར་བ་རྣམས་ལ་ལིངྒའོ། །ཞེས་འབྱུང་བ་ལྟར། སྒྲུབ་པ་ནི་བྱ་བ་ལ་སྦྱོར་བར་རྩོམ་པ། ངེས་པར་འབོད་པ་ནི་བྱ་བ་ལ་ངེས་པར་སྦྱོར་བ། ཀུན་ཏུ་འབོད་པ་ནི་འདོད་པ་བཞིན་དུ་སྤྱོད་དུ་འཇུག་པ། ལྷག་པར་འདོད་པ་ནི་གསོལ་བ་འདེབས་པ། ཡང་དག་པར་དྲི་བ་ནི་གྲོས་འགྲོ་བ། དོན་དུ་གཉེར་བ་ནི་སློང་བ་སྟེ་དྲུག་དང་། ཡང་ཙནྡྲ་བར། འོས་པ་དང་ནུས་པ་ལའོ། །ཞེས་པ་བྱ་བ་གང་ཞིག་བགྱིད་པར་འོས་སོ་དང་། བགྱིད་པར་ནུས་སོ་བརྗོད་པ་ལྟ་བུ་ལའང་འགྱུར་བར་བཤད་པས་དེ་གཉིས་གཅིག་ཏུ་བསྡོམས་པའི་བདུན་པོ་ནི་སཔྟ་མིའི་འཇུག་ཡུལ་ཏེ། དེ་ལ་ཡཏྲ་སོགས་


JKT016_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་བཅོ་བརྒྱད་པོ་རྣམས་འགྱུར་རོ། །གསུམ་པ་ནི། ཙནྡྲ་པར། སྤྲིངས་བསྐུལ། རྗེས་གནང་། དུས་བབས་རྣམས་ལ་པཉྩ་མི་འགྱུར་བར་བཤད་དེ། དེ་ལ་སྤྲིངས་བསྐུལ་ནི་ལས་ལ་བསྐུལ་བ། རྗེས་གནང་་ནི་འདོད་པ་བཞིན་དུ་སྤྱོད་པར་རྗེས་སུ་གནང་བ། དུས་ལ་བབ་པ་ནི་བྱ་བ་བྱེད་པའི་སྐབས་སུ་བབ་པ་སྟེ་གསུམ་དང་། ཀ་ལཱ་པར། ནུས་པ་ལའང་པཉྩ་མཱི་འཇུག་པར་བཤད་པ་དང་གཞུང་འདི་ཉིད་དང་པཱ་ཎི་པ་ སོགས་སུ། སྨོན་ཚིག་ལའང་འཇུག་པར་བཤད་པས། དོན་ཚན་ལྔ་པོ་དེ་དག་ལ་ཏུཔ་སོགས་ཕྲག་བཅོ་བརྒྱད་པོ་རྣམས་འགྱུར་ལ། དེར་མ་ཟད། ཙནྡྲ་བར། ལོཊའོ། །ཞེས་མདོ་སྔ་མར་ཁ་འཕངས་པ་དང་། སྔར་སྨོས་པའི་སལྟ་མིའི་འཇུག་ཡུལ་སྒྲུབ་པ་སོགས་དོན་ཚན་དྲུག་པའང་འདི་ཉིད་འགྱུར་བར་བཤད་དོ། །བཞི་པ་ནི། དེ་རིང་མ་ཡིན་པ་ཞེས་པ་འདས་ནས་ཡུན་རིང་པོར་མ་ལོན་པ་ཁར་སང་ཙམ་གྱི་དོན་བརྗོད་པ་ལ་དིཔྲ་སོགས་ཕྲག་བཅོ་བརྒྱད་པོ་རྣམས་འགྱུར་རོ། །དེ་ལྟར་བཞི་པོ་ལ་བྱིངས་ཐམས་ཅད་པ་ཞེས་བརྗོད་པའི་རྒྱུ་མཚན་ནི་བར་དུ་ཨཔྲ་སོགས་བི་ཀ་ར་ཎའི་བྱ་བ་རྣམས་འཇུག་པའི་ཕྱིར་དེ་སྐད་དོ། །གཉིས་པ་ལའང་པ་རོཉཀྟ་སྟེ་ལྐོག་གྱུར་དང་། ཨཱ་ཤཱི་ཥ་སྟེ་སྨོན་པ་དང་། ཤཱ་སྟན་སྟེ་སང་ཉིན་དང་། བྷ་བིཉྩནྟི་སྟེ་འབྱུང་འགྱུར་དང་། ཀྲི་ཡཱ་ཏི་བཏྟི་སྟེ་བྱ་བ་ཤོར་བ་དང་། ཨརྱ་ཏནི་སྟེ་དེ་རིང་རྣམས་ལ་གཞུང་གཞན་


JKT016_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དུ། ལིཊ། སྨོན་པའི་ལིདྲ། ལུཊ། ༸ཊ། ལཾཔྲ། ལུང་རྣམས་སུ་བརྗོད་པ་སྟེ་དྲུག་གི དང་པོ་ནི། བསྒྲུབ་བྱའི་ཡུལ་ལྐོག་ཏུ་གྱུར་པ་ཞེས་མངོན་སུམ་དུ་ཤེས་པའམ་མཐོང་བའི་ཡུལ་མ་ཡིན་པར་དོན་གྱི་དེ་རིང་མ་ཡིན་པའི་བྱུང་བ་བརྗོད་པ་ལ་ཎ་པ་སོགས་ཕྲག་བཅོ་བརྒྱད་པོ་རྣམས་འགྱུར་རོ། །གཉིས་པ་ནི། འབྱུང་བར་འགྱུར་བའི་དོན་ལ་སྨོན་ལམ་འདེབས་པའི་ཆེད་དུ་ཡཱཏ་སོགས་ཕྲག་བཅོ་བརྒྱད་པོ་རྣམས་འགྱུར་རོ། །གསུམ་པ་ནི། དེ་རིང་མ་ཡིན་པའི་བྱུང་བ་སྟེ་ནངས་པར་ཕན་ཆད་ཀྱི་བྱུང་བའི་དོན་ལ། ཏ་སོགས་ཕྲག་བཅོ་བརྒྱད་པོ་རྣམས་འགྱུར་རོ། །བཞི་པ་ནི། འབྱུང་བར་འགྱུར་བའི་དོན་ཐམས་ཅད་དང་། དྲན་པ་བརྗོད་པ་སྟེ་མ་འོངས་པའི་དུས་ཀྱི་དྲན་པ་མངོན་དུ་བྱ་བའི་དོན་ལྟ་བུ་ལ། སྱཱཏི་སོགས་ཕྲག་བཅོ་བརྒྱད་པོ་རྣམས་འགྱུར་རོ། །ལྔ་པ་ནི། གང་བསྒྲུབ་བྱ་དེ་བསྒྲུབ་ཏུ་མི་འོས་པ་ཞིག་གམ་གལ་སྲིད་བསྒྲུབ་ཏུ་རུང་ཡང་ད་ལྟ་མི་འགྲུབ་པ་ཞིག་ལ། སྱ་དིཔྲ་སོགས་ཕྲག་བཅོ་བརྒྱད་པོ་རྣམས་འགྱུར་རོ། །དྲུག་པ་ནི། བྱ་བའི་དོན་གྱི་བྱུང་བ་ལ་སི་དང་བཅས་པའི་དིཔྲ་སོགས་ཕྲག་བཅོ་བརྒྱད་པོ་རྣམས་འགྱུར་ཏེ། དྲུག་པོ་འདི་ལ་བྱིངས་ཕྱེད་པ་ཞེས་བརྗོད་པའི་རྒྱུ་མཚན་ནི། བར་རྐྱེན་ཨཔའི་ཀ་ར་ཎ་སོགས་ཀྱི་བྱ་བ་མི་འཇུག་པས་སོ། །དེ་ལྟ་བུའི་སྡེ་ཚན་བཅུ་པོ་རེ་རེ་ལའང་རྐྱེན་བཅོ་བརྒྱད་ཕྲག་རེ་ཡོད་པའི། དང་


JKT016_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དགུ་ལ་པར་སྨེ་པ་ད་སྟེ་གཞན་དོན་གྱི་ཚིག་ཅན་ཞེས་བྱ་ཞིང་། ཕྱི་མ་དགུ་ལ་ཨཱཏྨ་ནེ་པ་ད་སྟེ་བདག་དོན་གྱི་ཚིག་ཅན་ཞེས་བཏགས་ཏེ་དེ་ལྟར་བཏགས་པའི་དགོས་པའང་། གཙོ་བོར་བྱེད་པ་གཞན་ལ་མ་ལྟོས་པར་བདག་ཉིད་ཀྱི་བྱ་བ་ལ་འཇུག་པར་ཤས་ཆེ་བས་ན་བདག་དོན་དང་། བྱེད་པ་གཞན་ལས་འཇུག་པ་ཤས་ཆེ་བས་ན་གཞན་དོན་གྱི་ཚིག་ཅན་ཞེས་བྱ་སྟེ། རབ་བྱེད་ལས། གལ་ཏེ་འབྲས་བུ་བདག་ལ་འོང་ན་བདག་དོན་གྱི་ཚིག་ཅན་དང་། གལ་ཏེ་འབྲས་བུ་གཞན་ལ་འོང་ན་གཞན་དོན་གྱི་ཚིག་ཅན་རབ་ཏུ་སྦྱར་ཏེ། ཞེས་གསུངས་སོ། །དེ་ལྟ་བུའི་བདག་གཞན་གྱི་ཚིག་དགུ་པོ་དག་ལའང་གསུམ་ཚན་གསུམ་དུ་ཕྱེ་པའི། ཐོག་མ་གསུམ་ནི་སྐྱེས་བུ་དང་པོ་སྟེ། ཚིག་ཙམ་གྱི་དོན་ལས་བདག་གཞན་གྱི་བྱེ་བྲག་དངོས་སུ་མེད་ལ། པར་པ་ནི་སྐྱེས་བུ་དབུས་མ་གསུམ་སྟེ་ཆོག་གྲོགས་ཀྱིས་བྱ་བྱེད་ནུས་པ་དང་སྦྱར་ན། ཡུད་དང་། བྷ་བན་ལྟ་བུ་ཁྱོད་ཀྱི་སྒྲ་དང་། ཕྱི་མ་ནི་སྐྱེས་བུ་ཐ་མ་གསུམ་སྟེ་མ་སྨད་དང་། ཨཱཏྨན་ལྟ་བུ་བདག་གི་སྒྲ་སྦྱོར་བར་བྱ་ཞིང་། དེ་རྣམས་ལའང་སོ་སོའི་དང་པོ་སོགས་ལ་གཅིག་ཚིག་སོགས་སུ་བརྗོད་དེ། གཞན་དོན་པ་ཏིཔ། ཏས། ཨནྟི་རྣམས་སྐྱེས་བུ་དང་པོའི་གཅིག་ཚིག་དང་། གཉིས་ཚིག་དང་། མང་ཚིག་ཏུ་འགྱུར་བ་བཞིན་རིགས་འགྲེ་བར་བྱའོ། །དེ་ལྟར་ཏིཔྲ་སོགས་ཀྱི་རྣམ་པར་དབྱེ་བ་འཇུག་ཚུལ་དང་བཅས་ཏེ་


JKT016_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་སླ་བའི་ཕྱིར་ཕྱོགས་གཅིག་ཏུ་མདོ་ཅེས་བརྗོད་པ་སྟེ། གཞན་དུ་སོ་སོའི་དཔེར་བརྗོད་དང་བཅས་པ་ཞིག་བྱུང་ན་རྣམ་པར་གསལ་ཞིང་ལེགས་པར་སྣང་ན་འང་རེ་ཞིག་ཡི་གེའི་འཇིགས་པས་མ་སྤྲོས་ཏེ་བརྡ་སྤྲོད་པ་ཙནྜ་པའི་འགྲེལ་པ་སོགས་ལས་བླང་བར་བྱའོ། །གཉིས་པ་ནི། སྔར་སྨོས་པའི་བྱིངས་ཐམས་ཅད་པ་བཞི་པོ་ཕ་རོལ་ལ། བྱེད་པ་པོ་ལ་ཨཔ། དིཔ་སོགས་ལ་ཡ། སུ་སོགས་ལ་ནུ། རུ་དྷ་སོགས་ལ་ནམ། ཏན་སོགས་ལ་ཨུཔ། ཏུད་སོགས་ལ་ཨ། ཀྲྀ་སོགས་ལ་ན་སྟེ་བདུན་པོ་དག་བར་རྐྱེན་དུ་འཇུག་ཅིང་། དེ་ལ་ཙནྡྲ་པར། བྱེད་པ་པོ་ལ་ཤཔའོ། །དིཔ་སོགས་རྣམས་ལ་བྱནའོ། །ཏུ་དྲ་ལ་སོགས་པ་རྣམས་ལ་ཤའོ། །རུ་དྷ་སོགས་ལ་བྷ་མའོ། ཏན་སོགས་ལ་ཨུའོ། །སུ་སོགས་རྣམས་ལ་ཧྥུའོ། །ཝཱ་རོ། །ཀྲྀ་ལ་སོགས་པ་རྣམས་ལས་སོ། །ཞེས་དང་། ཀ་ལཱ་པར། བྱེད་པ་པོ་ལ་ཨན་ཏེ་བི་ཀི་ར་ཎའོ། །དིཔྲ་སོགས་ལས་ཡ་ནའོ། །སུ་སོགས་ལ་ནུའོ། །རུ་དྷ་སོགས་ཀྱི་དབྱངས་ལས་ཕ་རོལ་དུ་ན་སྒྲའོ། །ཏན་སོགས་ལས་ཨུའོ། །ཀཱི་སོགས་ལས་ནའོ། །ཞེས་གསུངས་ཤིང་། ཏུད་སོགས་ལ་ཨ་ཧྲའི་འཇུག་པ་ཤུགས་བསྟན་ལས་མདོ་ཟུར་དུ་མ་མཛད་དོ། །འདི་རྣམས་ལ་བི་ཀ་ར་ཎ་ཞེས་བརྗོད་པའི་རྒྱུ་མཚན་ནི། སྔ་ཕྱིའི་བྱིངས་རྐྱེན་དག་རྣམ་པར་སྦྱོར་བའི་ལས་བྱེད་པས་ན་དེ་སྐད་དོ། །གཞན་ཡང་དངོས་


JKT016_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་ལས་ལ་ཡ་ག་དང་། ཁྱད་པར་དུ་ཕྱེད་པའི་དོན་སོགས་ལ་བྱིངས་ལས་བྱིངས་སུ་བསྒྲུབ་པ་དང་། མིང་ལས་སླར་ཡང་བྱིངས་སུ་བསྒྲུབ་པའི་རྐྱེན། ཕུལ་དུ་བྱུང་བ་དང་ཡང་ཡང་གི་དོན་ལ་ཡང་། ཉེ་བར་འཇལ་བ་དང་ཀུན་ཏུ་སྤྱོད་པ་ལ་ཡ། བདག་ཉིད་འདོད་པ་ལས། གུ་པཱུ་སོགས་ལ་ཨཱ་ཡ། བྱེད་པ་པོ་ལ་ཉིཊིཏྲ། ཙུ་ར་སོགས་ལ་ཉི་སྟེ་དྲུག་ཙམ་འབྱུང་ཞིང་། གཞན་དུ་པཱ་ཎི་པ་དང་། ཙནྡྲ་པ་སོགས་སུ་སན་ལ་སོགས་པ་བཅུ་གཉིས་སུ་བཤད་དེ། སན། ཀཱ་མྱ་ཙཱ། ཀྱ་ཙཱ། ཝིཙཱ། ཀྱང་། ཀྱལ ཡཀྲ ཡདྲ། ཎིཙཱ། ཨཱ་ཡ། ཨཱི་ཡང་། ཎི་ནི་བ་རྣམས་སོ། །འདི་རྣམས་ཀྱང་བྱིངས་སམ་མིང་གི་མཐར་ཕྱིན་པའི་ཕ་རོལ་དུ་སླར་ཏི་ལ་སོགས་པ་རྣམས་འཇུག་པའི་ཕྱིར་བར་རྐྱེན་དུ་གཏོགས་སོ། །གསུམ་པ་ཇི་ལྟར་སྦྱོར་ཚུལ་ནི། སྤྱིར་བཏང་བྱིངས་གང་ལའང་ཨ་ནུ་དཱཏྟ་སྟེ་དབྱངས་སྐད་གསང་དམའ་བར་བརྗོད་པ་རྣམས་དང་། ཐིར་ཅུང་ཟད་དགོད་པ་ལྟ་བུའི་དྲ་འགྲོ་བ་རྣམས་ལ་སྔར་སྨོས་པའི་ཏི་སོགས་ཀྱི་རྣམ་དབྱེ་ལས་བདག་དོན་གྱི་ཚིག་ཅན་རྣམས་དང་། ས་རིཏ་ཀེ་སྒྲ་གདངས་འབྲིང་པོར་འདོན་པ་དང་། བེརྦ་ཐགས་འཐགས་པ་དང་། བྱེཧྥ་སྒྲིབ་པ་ལྟ་བུའུ་འགྲོ་བ་ཅན་ལ་བདག་དོན་དང་གཞན་དོན་གཉིས་ཀ །དེ་གཉིས་ཀྱི་མཚན་ཉིད་དག་ལས་གཞན་པ་རྣམས་ལ་གཞན་དོན་གྱི་ཚིག་རྣམས་འཇུག་པར་གསུངས་ཤིང་།


JKT016_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བསལ་བྱིངས་ཀྱི་ཚོགས་སུ་ཇི་ལྟར་བཀླགས་བཞིན་དུ་རྗེས་སུ་བལྟ་བར་བྱ་ལ། སྦྱར་ཚུལ་དངོས་ནི་གཞུང་འགྲེལ་དག་ཏུ་ཞིབ་པར་འབྱུང་བའི་ཕྱིར་རྣམ་དབྱེའི་གཟུགས་སོགས་བསྐྱར་ནས་མ་བྲིས་ཤིང་། འདིར་ལས་དང་པོ་པ་དག་ལ་ཕན་པའི་ཕྱིར་རྗེས་འབྲེལ་དབྱི་ཚུལ་སོགས་ཉེར་མཁོའི་བྱ་བ་འགའ་ཞིག་ཕྱོགས་གཅིག་ཏུ་འཆད་ན། འདི་ལྟར་བྱིངས་གང་ལ་རྗེས་སུ་འབྲེལ་བའི་ཡི་གེ་ནི། དབྱངས་ལས་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་ལྀ་ཨེ་ཨོ་སྟེ་བཅུ་དང་། གསལ་བྱེད་ཀྲ་དྲ་ཧྥ་ཊ་ཏྲ་པྲ་མ་ཌ་རྣམས་དང་། གསལ་བྱེད་ལ་དབྱངས་ཞུགས་པ། ཉི་ཊུ་ཊུ་རྣམས་སོ། །གསལ་བྱེད་དབྱངས་དང་འབྲེལ་བ་ཅན། ཨཊ། ཨུཥ་ཨིར་ལ་སོགས་པ་རྣམས་ཏེ། དེ་ཡང་ཨ་ཏ་རྟག་ཏུ་འགྲོ་བ་ལྟ་བུའི་ཨ་ཐུང་མཐའ་ཅན། ཊུ་ཨོ་ཕུ་རྫ་ལྟ་བུའི་ཨཱ་མཐའ། ཀུ་ཐི་དང་ལུ་ཐི་ལྟ་བུའི་ཨི་མཐར། ཎི་དྷུ་འགྲོ་བ་ལྟ་བུའི་ཨུ་མཐའ། ཎི་དྷ་བསྟན་བཅོམ་ལྟ་བུའི་ཨུ་མཐའ་ཁཱ་དྲི་ཟ་བ་ལྟ་བུའི་རོ་མཐའ། ཨཱ་མྲྀ་ཁྱབ་པ་ལྟ་བུའི་ལཾ་མཐའ། ཀ་ཊེ་ཆ་ར་དང་སྒྲིབ་པ་ལྟ་བུའི་ཨེ་མཐའ། ཊུ་མ་རྫོ་དག་པ་ལྟ་བུའི་ཨོ་མཐའ་རྣམས་དང་། དེ་བཞིན་དུ། ཨོ་ཧཱུྃ ཀྲ་གཏོང་བ། སྨདི་ཅུང་ཟད་དགོད་པ། ཊུ་ཀྲྀཧུ་བྱེད་པ། བྷེ་ཊ་བཏུང་བ། དཱ་ཎ་སྦྱིན་པ། དྭཔ་གཅོད་པ། ཀྲིཎྜ་འཚེ་བ་ལྟ་བུའི་གསལ་བྱེད་རྗེས་འབྲེལ་དངོས་སུ་ཡོད་པ་རྣམས་དང་། གྷ་ཊ་སོགས་ཀྱི་བྱིངས་


JKT016_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བཅུ་དང་། གྷ་ཊ་སོགས་སུ་བསྡུས་པའི་ཛ་ནཱི་སོགས་ལ་དངོས་སུ་མ་ཡིག་རྗེས་འབྲེལ་མེད་ཀྱང་སྔོན་གྱི་སློབ་དཔོན་རྣམས་ཀྱིས་མ་འགྲོ་བ་ཅན་དུ་བརྡ་ཁྱད་མཛད་པ་དང་། གྷ་ཊ་སོགས་ཀྱི་ཐོག་མའི་བཅུའམ་བཅུ་གཉིས་པ་ཌ་འགྲོ་བ་ཅན་དུ་བཏགས་པ་སོགས་དང་། ཉི་མི་དྭ་སྣུམ་པ། ཊུ་ཀླུ་སྒྲ། ཊུ་ལ་བྷཥ་ཐོབ་པ་ལྟ་བུའི་གསལ་བྱེད་ལས་དབྱངས་ཞུགས་པའི་རྗེས་འབྲེལ་དང་། དེ་བཞིན་དུ། ཊུ་བ་ཙཊ་འཚེད་བ། ཀ་མཱུ་ཥ་བཟོད་པ། ཙཱ་ཏིར་འཁྲུད་པ་ལྟ་བུ་གསལ་བྱེད་དབྱངས་དང་འབྲེལ་བ་ཅན་ཏེ། དེ་ལྟ་བུའི་རྗེས་འབྲེལ་རྣམས་ནི། བྱིངས་གང་ལ་ཕ་རོལ་དུ་རྐྱེན་སྦྱར་བའི་ཐོག་མ་ཉིད་དུ་དབྱེ་བར་བྱ་ཞིང་། དེ་ཡང་ཀ་ཙན་སོགས་སུ་དགོས་པ་བརྗོད་པ་དང་བཅས་ཏེ། དཔེར་ན་ཤུ་ཨོ་ཕུརྩྭ་ལྟ་བུའི་ཨཱ་ཡིག་ནི། ཀ་ལཱ་པར། ཨཱཏུ་རྗེས་སུ་འབྲེལ་བས་ཀྱང་ངོ་། སོགས་ཀྱི་དོན་དང་། ཙནྡྲ་བར། ཨཱ་དིཏཱ་ལས་སོ་ལྟ་བུས་དབྱི་མོད། འོན་ཀྱང་དབྱངས་ཅན་མའི་གཞུང་འདིར་ནི་བརྗོད་པ་ཉུང་བའི་དབང་དུ་བྱས་ཏེ་དེ་འདྲའི་དམིགས་བསལ་ཆེར་མི་།འོན་ཀྱང་ཅུང་ཟད་རྟོགས་པར་འདོད་ན་ཁོ་བོ་ཅག་གིས་ལོགས་སུ་ཟིན་བྲིས་བྱས་པ་ལས་རྟོགས་པར་བྱའོ། འབྱུང་ཡང་། སྤྱིར་བཏང་དུ། ཀ་ལཱ་པར། གང་རྗེས་སུ་འབྲེལ་བ་མི་སྦྱོར་རོ། །ཞེས་པས་དབྱི་བ་ལྟར། འདིར་ཡང་། གང་ཨི་ཏའི་མིང་ཅན་དེའི་དབྱིའོ། །ཞེས་པས་ཀྱང་རུང་བ་ཉིད་དེ་བྱ་བ་རྟོགས་བྱེད་ཀྱི་དོན་ཙམ་ཡིན་


JKT016_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །ཡང་བྷ་ཡོད་པ་ལྟ་བུའི་ཨུ་ཡིག་གིས་མཚོན་ནཱ་མིན་མཐའི་བྱིངས་ཡི་གེ་གཅིག་པ་རྣམས་ཀྱི་དབྱངས་ནི་རང་གི་ཆ་ཤས་ལས། རྗེས་འབྲེལ་ལམ་མཚན་མ་མ་ཡིན་པའི་ཕྱིར་རྣམ་པ་ཀུན་ཏུ་དབྱིར་མི་རུང་ངོ་། །བྱེ་བྲག་ཏུ་དང་པོ་ཨཔྲ་བི་ཀ་ར་ཎ་བྷུ་ལ་སོགས་པ་ལ་ནང་གསེས་སུ། ཏུ་ཏ་སོགས། པྲི་ཏ་སོགས། གྷ་ཊ་སོགས་ཥ་རྗེས་འབྲེལ། མ་རྗེས་འབྲེལ། གཅིག་ཉིད་ཀྱི་མ་རྗེས་འབྲེལ། ཛཱ་ལ་སོགས། ཡ་ཛ་སོགས་ཏེ་སྡེ་ཚན་བདུན་དུ་ཡོད་ཅིང་། དེ་ལས་ཙི་ཏཱི་སེམས་པ། ཙུ་ཏེར་ཀུན་ཏུ་འཁྲུད་པ། བྷཾ་ཛ་འགྲོ་བ་ལྟ་བུའི་ཨུ་པ་དྷཱ་ནཱ་མཱི་ཡང་པའི་རིགས་ལས། ཨཔྲ་བི་ཀར་ཎ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་ཏེ། ཨི་ཨེ། ཨུ་ཨོ། རཾ་ཨར་རྣམས་སུ་བསྒྱུར་བ་སོགས་ཀྱིས་བསྒྲུབས་པས། ཙེ་ཏ་ཏི། ཙེ་ཏ་ཏེ། དྷ་རྫ་ཏི། ལྟ་བུའོ། །ཡང་ལུཉྩ་སེལ་བ་དང་། ཨཉྩ་འགྲོ་བ་ལྟ་བུ་ནི་མཐའི་གསལ་བྱེད་སྲོག་མེད་བརྩེགས་པས་ཨུ་པ་དྷ་ལྕི་བར་གྱུར་པའི་ཕྱིར་ཡོན་ཏན་དུ་མི་འགྱུར་ཞིང་། དེ་བཞིན་དུ་ཨི་ཏི་མཆོག་གི་དབང་ཕྱུག་ལྟ་བུའང་བྱིངས་རང་ངོས་ནས་ཨུ་པ་དྷཱ་ཡང་པ་ཡིན་ཀྱང་། ཨི་དཏའི་མུམ་སྦྱར་བས་ལྕི་བར་གྱུར་པའི་ཕྱིར་ཡོན་ཏན་མ་ཡིན་ནོ། །ཀུ་ཐི་དང་། ལུ་ཐི་དང་། མུ་ཐི་འཚེ་བ་ལྟ་བུའི་ཨི་ཐུང་རྗེས་སུ་འབྲེལ་བ་རྣམས་ལ། ཨིད་ཏིའི་མུམའོ། །ཞེས་པས་མཐའི་གོང་དུ་མུ་དྲ་ཨཱ་ག་མ་སྦྱིན་ཞིང་། ཨུ་མ་རྗེས་འབྲེལ་


JKT016_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་པས་ཀུན། ལུན། མུན། ལྟ་བུའོ། །འོན་ཀྱང་ལཱིཙྪི་མཚོན་བྱེད་དང་། པཱཙྪི་འདོད་པ་ལྟ་བུ་ནི་ཨི་ཐུང་རྗེས་སུ་འབྲེལ་བ་ཡིན་ཀྱང་མཐའི་གསལ་བྱེད་བརྩེགས་པའི་ཕྱིར་གོང་དུ་མུ་མ་མི་འགྱུར་རོ། །ཏི་དྷ་འགྲོ་བ་དང་། ཎ་ཌེ་མི་གསལ་བའི་སྒྲ་ལྟ་བུའི་ཐོག་མའི་ཌ་དང་། རྔ་ནི། དང་པོའི་ཋའི་སྣའོ། །ཞེས་པས་ས་དང་། ན་རུ་འགྱུར་ཏེ། སེ་དྷ་ཏི། ན་དཏི། ལྟ་བུའོ། །དེའི་ཚེ་ཙ་རབ་ཏུ་དྭང་བ་ལྟ་བུའི་ཊཱ་ཡིག་ཀྱང་བརྩེགས་པའི་དང་པོ་ཥ་ས་རུ་བསྒྱུར་བས་རྒྱུ་མཚན་མེད་ན་རྒྱུ་མཚན་ཅན་ཡང་མེད་པའི་ཕྱིར་ཏ་རུ་ལོག་པས། སྟོ་ཙཏེ། ལྟ་བུའོ། །ཡང་ཉེར་བསྒྱུར་སྔོན་དུ་འཕྲད་པ་སོགས་ཀྱིས་དམིགས་བསལ་མ་གཏོགས་སླར་ས་དང་ན་དག་ཥ་དང་ཎ་རུ་ལོག་སྟེ། དཔེར་ན། ཎི་དྷུ་དང་། ཎ་ཌལ་བི་དང་། པ་དག་སྔོན་དུ་སྦྱར་ནས། ཀུ་ཨི་ལ་སོགས་ཀྱིས་ས་ཥ་དང་། ཥ་ར་རི་སོགས་ཀྱིས་ན་ཎ་རུ་བསྒྱུར་བས། བི་ཥེ་དྷ། པ་ཎདྲ། གྲུབ་པ་ལྟ་བུའོ། བྱེ་བྲག་ཏུ། ཊཱི་བུ་སེལ་བ་དང་། བྱཱཀྐ་འགྲོ་བའི་དོན་དག་གི་ཥ་ནིས་རུ་མི་འགྱུར་ཞིང་། དེ་བཞིན་དུ་ཥ་ཎ་ཡང་དག་པར་གུས་པ་ལའང་མི་འགྱུར་བར་འདོད་དོ། །ཧཱུཙྪ། གྱ་གྱུར། མུ། བསྒྲེང་བ། ཊཱི་བུ་སེལ་བ། ཏུའི་དང་། ཐུནྡྲི་འཚེ་བའི་དོན་ལྟ་བུ་ནཱ་མིན་གྱི་ཕ་རོལ་རུབ་སྲོག་མེད་ཅན་བྱུང་ན། ཀུ་ར་དང་ཚུར་གཅོད་པ་སོགས་དམིགས་བསལ་འགའ་ཞིག་མ་གཏོགས། ཨི་ཨུ་དག་


JKT016_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གི་རབ་ལ་ཧས་ལ་འོས་ཨུ་པ་དྷཱ་རི་འབར་འགྱུར་ཏེ། ཧུཙྪཏི། སོགས་དང་། ཊྛི་བ་སྟེ། སོགས་སོ། །གུ་པཱུ་སྲུང་བ། ཏ་པ་དང་དྷཱ་པ་ཀུན་ཏུ་གདུང་བ། འོག་ཏུ་འབྱུང་བའི་བི་ཙུ་འགྲོ་བ། པ་ཎ་དང་པ་ན་ཐ་སྙད་དང་བསྟོད་པ་རྣམས་ལ། ཨཱ་ཡ྄འོ། །ཞེས་པས་རང་དོན་ལ་བར་རྐྱེན་ཨཱ་ཡ་འགྱུར་ཞིང་། དེ་ལ་ཨཔྲ་དང་། ཏིཔྲ་སྦྱར་བ་སོགོས་ཀྱིས། གོ་པཱ་ཡ་ཏེ། ཏ་པ་ཡ་ཏི། ལྟ་བུའོ། །གླེ་དགའ་བ་ཟད། སླེ་གུས་ཉམས་པ་ལྟ་བུ་མཚམས་སྦྱོར་གྱི་མཐར་བྱིངས་ཡི་གེ་གཅིག་པ་རྣམས་ནི། མཚམས་སྦྱོར་ཀྱི་ཡི་གེའི་ཨཱའོ་ཞེས་པས་ཨེ་དང་ཨོ་སོགས་ཨཱ་རུ་འགྱུར་ཞིང་། དེ་ལ་ཨཱ་ཏ་ལས་ཡུཀྲ་འོས་ཡུཀ་ཨཱ་ག་མའང་སྦྱིན་ཏེ། གླ་ཡ་ཏི། སླུ་ཡ་ཏི། སོགས་སོ། །བྲི་ཤིདྲ་བལྟ་བ་སོགས་བཅུ་གཅིག་པོས་ནི་པ་བྱ་སོགས་སུ་བསྒྱུར་བ་འགྱུར་ཏེ། དྲི་ཤ་ལ་སོགས་པའི་བ་བྱའོ། །ཞེས་པས། དྲི་ཤིར་བལྟ་བ་ལའོའི་ཨིར་རྗེས་འབྲེལ་ཕྱིས་ནས་པ་ཤ་རུ་བསྒྱུར་རོ། །དེ་བཞིན་དུ་རི་ཐོབ་པར་བྱེད་པ་རི་ཙུའོ། །སྲི་འགྲོ་བ་དྷ་བྲའོ། །ཤབྦཾ་འཇིགས་པ་ཤི་ཡའོ། །ཥ་དེ་རྒྱས་པ་ས་དྲ་དུ་བསྒྱུར་བ་སང་སཱི་དའོ། །བཱ་བཏང་བ་བཱི་བའོ། །གྷ་དྲི་ཉེ་བར་ལེན་པ་ཛིགྒའོ། །དྨ་སྒྲ་དང་མེ་ཀུན་ཏུ་སྦྱོར་བ་དྷ་མའོ། །ཥྛ་འགྲོ་བ་ལས་ལྡོག་པ་སྦྲ་རུ་བསྒྱུར་བ་སླར་ཏིཥྛའོ། །མཱ་གོམས་པར་བྱེད་པ་མནའོ། །ད་རྔ་སྦྱིན་པ་ཡཙྪའོ། །དེ་ལྟར་གྲུབ་ཟིན་


JKT016_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཨཔྲ་དང་། ཏིཔྲ་སོགས་སྦྱར་བས། པ་ཤ་ཏི། རི་ཙྪཏཿ ལྟ་བུའོ། །གམི་འགྲོ་བ། ཨི་ཏུ་འདོད་པ། ཡ་མུ་འགོག་པ་རྣམས་ནི། གམ་རྣམས་ཀྱི་ཚའོ། །ཞེས་པས་མཐའི་གསལ་བྱེད་སྲོག་མེད་ཚ་རུ་ཀླུ འགྱུར་ཞིང་། དེ་ལ་དབྱངས་ལས་ཕ་རོལ་ཚྭ་ཡིག་གཉིས་སུ་བརྗོད་པ་སོགས་ཀྱིས། གཙྪཏི། ཨིཙྪ་དཿ ཡཙྪནྟི། སོགས་སོ། །ཐུ་ཉན་པ་ནི། ཤུའི་ཤིའང་ངོས། བྲུ་ཤྲི་རུ་བསྒྱུར་ཞིང་། དེ་ལ་སུ་སོགས་ཀྱི་ནུ་བི་ཀ་ར་ཌ་འགྱུར་བས། ཀྲྀ་ཎོ་ཏེ། ལྟ་བུའོ། །རཉྫཚོས། དན་གཅོད། ཥཉྫ་ཆགས། ཋཉྫ་འཁྱུད་པ་རྣམས་ལ། ཨཔྲ་ལརཉྫདན་སཉྫཉྫརྣམས་ཀྱིའོ། །ཞེས་པས་ཉ་ཡིག་དབྱི་བར་འགྱུར་ཏེ། ར་ཛ་ཏི། ད་ཤ་ཏི། སོགས་སོ། །གུ་པ་སྤེད་པ་དང་སྨོད་པ། མཱ་ན་མཆོད་པ། བ་དྷ་འཆིང་པ། གོང་དུ་འབྱུང་བའི་ཀི་ཏ་ངེས་པར་གནས་པ། ཏི་ཛ་རྣོ་བ་དང་བཟོད་པ། འོག་ཏུ་འབྱུང་བའི་དཱ་ན་ཀུན་ནས་འགེམས་པ། ཤཱ་ན་རྣོ་བ་སྟེ་བྱིངས་བདུན་པོ་དེ་རྣམས་ལ། གུཔ་རྣམས་ལས་སོ། །ཞེས་པས་རང་དོན་ལས་རྐྱེན་དུ་འགྱུར་ཞིང་། དེའི་ཚེ། གལ་ཏེ་སའི་གཉིས་ཀྱང་ངོས་བྱིངས་གཉིས། སྔ་མའི་ཧ་ས་དང་པོ་ལྷག་གོས། སྔོན་མའི་གསལ་བྱེད་སྲོག་མེད་ཕྱིས། ཀུ་ཧ་དག་གི་ཙུ་འོས་ཛུག། །མཐར་ཨ་པྲ་དང་། ཏིཔ། ཛུ་གུཔྤ་ཏི། བྱེ་བྲག་ཏུ་མཱ་ན་ལ། ས་ལ་ཨཱ་ཨིའོས་སྔ་མའི་ཨཱ་ཨི། མཱ་ན་ལ་སོགས་པ་རྣམས་ཀྱིས་


JKT016_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྔ་མའི་རིང་པོ་བརྗོད་པ་བྱ་འོས་ཨི་རིང་བས། མཱི་མཱི་ས་ཏི། བ་དྷ་ལའང་དེ་ལྟར་དང་། ཁས་ལ་ཛྷས་སོགས་ཀྱིས་དྷཏཱ། བཱི་བཏྲ་ཏི། ཀི་ཏྲ་ལ་སྔ་མར་ཀུ་ཧ་དག་གི་ཙུའོ། །ཙི་ཀིཏྠེ་ཏི། ཏི་ཛ་ལ། ཕྱི་མའི་ཛ་ནི་ཁས་ལ་ཛྷ་ས་སོགས་ཀྱིས་རྩྭ་དང་། ཙུའི་ཀུ་འོས་ཙཱ་ཀརུ་བསྒྱུར་ནས་དྲངས་པ་སོགས་ཀྱིས། ཏི་ཏི་ཀཱ་ཏི། དན་ཤན་དག་ལའང་ཨཱ་ཨི་རུ་བསྒྱུར་བ་སོགས་མཱ་ན་ལྟར་གྱིས། དཱི་དཱ་ས་ཉི། ཤཱི་ཤཾ་ས་ཏི། སོགས་སོ། །ཀྲི་པཱུ་ནུས་པ་ལ། ཀྲྀ་པའི་རའི་ལའོ། །ཞེས་པས་རལ་རུ་འགྱུར་ཏེ། ཀཝ་ཏི། ཀལྤ་སོགས་སོ། །གྷ་ཊ་བྱེད་པ་ནས་བརྩམས་ཏེ། ཕ་ཎ་འགྲོ་བའི་བར་གྱི་བྱིངས་རྣམས་ལ། བྱེད་པ་ལ་ཉི་ཌིཏུའོ། །ཞེས་པས་མིང་ལས་བྱེད་པའི་དོན་ལ་ཉི་རྐྱེན་དུ་འགྱུར་ཏེ། དེ་ཡང་གྷ་ཊ་ལ་ཉི། ཎིཏཱ་ལ་འཕེལ་ཞིང་དྲངས་པས། གྷ་ཏི། དེ་བྱིངས་སོ། །ཞེས་པས་སླར་ཚིག་ཏུ་བསྒྲུབ་དགོས་པའི་ཕྱིར། ཨཔྲ་དང་། ཏིཔ། མིཏྲ་རྣམས་ཀྱི་ཐུང་ངུའོ། །ཞེས་པས་གྷ་ཊ་སོགས་མ་འགྲོ་བར་བཏགས་པ་རྣམས་ཀྱིས་ཌིཏཱའི་འཕེལ་བ་ཐུང་ཞིང་དྲངས་པས། གྷ་ཊ་ཡ་ཏི། བུམ་པ་བྱེད་དོ། །དེ་བཞིན་དུ། བྱ་ཐ་ཡ་ཏི། པྲ་ཐ་ཡ་ཏི། སོགས་སོ། །དེ་ལྟར་དམིགས་བསལ་གྱི་བྱ་བ་རྣམས་འཆད་ནས། སྤྱིར་བཏང་དུ་བར་རྐྱེན་ཨཔྲ་བ་རོལ་ལ་ཏིཔ་སོགས་འཇུག་པའི་ཚེ། རྣམ་དབྱེ་དབྱངས་ཐོག་མ་ཅན་རྣམས་ལ། ཨཏྲའི་ཨ་ཨེ་


JKT016_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འོས་བྱིངས་མཐའི་ཨ་པའི་ཨ་དབྱི་ཞིང་མཚམས་སྦྱར། གསལ་བྱེད་མ་བ་དང་པོ་ཅན་ལ། མ་པ་དག་ལ་ཨཱ་འོས་བྱིངས་མཐའ་རིང་། ཆོ་ག་འབྱུང་བའི་ཡཱཏཱ་སོགས་ཀྱི་ཡཱ་ནི། ཡཱའོ་ཞེས་པས་ཡཱ་ཨཱི་རུ་བསྒྱུར། །གུསའི་ཨིཊ་འོས་ཡུ་སའི་སྔོན་དུ་ཨིཊ། ཡ་མ་ཨི་ཡ་མ་འོས་ཡཱ་མ་ཨི་ཡ་མ། སྨོན་པའི་ཏུ་ཡང་ན་ཏཱ་ཏད་དུ་བསྒྱུར། ཨཏྲ་ལས་སོས་ཧི་འཇིག་པའམ། ཡང་ནཱ་ཏཱ་ཏང་དུ་བསྒྱུར་ཞིང་། ང་དང་ཨ་དབྱི། དིཔ་སོགས་ལ་ཨཊ་འོས་བྱིངས་ཀྱི་ཐོག་མར་ཨཊ་སྦྱར། དིཔ་སིཔ་མིཔ་རྣམས་ཀྱི་པ་རྗེས་འབྲེལ་དང་ཨི་བརྗོད་དོན་ཏེ་དབྱི། བྱིངས་དབྱངས་ཐོག་མ་ཅན་ཨེ་དྷ་འཕེལ་བ་ལྟ་བུ་ལ། དབྱངས་དང་པོ་ལས་སོ་ཞེས་པས་ཨཊ་གཅིག་དང་། དིཔྲ་སོགས་ཀྱི་ཨཊ་སྟེ་ཚར་གཉིས་སུ་སྦྱར་ཞིང་རིམ་པར་མཚམས་སྦྱར། བདག་དོན་གྱི་ཚིག་ལས་ད་ལྟར་བའི་ཨཱ་ཏེ་དང་། ཨ་ཐེ་དག་ལ། ཨཱཏྲ་ཨཱ་ཐའི་ཨཱིའོ། །ཞེས་པས་ཨཔྲ་བི་ཀར་ཁ་འཇུག་པའི་ཡུལ་ལ་ཨཱ་ཨཱི་རུ་བསྒྱུར་ནས་མཚམས་སྦྱར་བ་སོགས་ཀྱིས་བསྒྲུབ་པར་བྱའོ། །གཉིས་པ་ཨཔྲ་བི་ཀར་ཎ་འཇིག་པའི་སྡེ་ཚན་ཨ་ད་སོགས་པ། ནང་གསེས་སུ་བྷ་སོགས། ཏུད་སོགས། ཛ་ཀླུ་སོགས། ཛུ་ཧོ་ཏི་སོགས་ཏེ་སྡེ་ཚན་བཞིར་གནས་པ་ལས། སྤྱིར་བཏང་དུ། ཨདྲ་སོགས་ལས་ཨཔྲ་འཇིག་གོས་ཨཔའི་འཇིག ཁས་ལ་ཛྷས་སོགས་ཀྱིས་སྦྱར་བས། ཨཏི། ཨཏྟ སོགས་སོ། །ཛྙ་ས་


JKT016_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧིའི་དྷིའོ། །ཞེས་པས་ཨཔ་འཇིག་པའི་བྱིངས་ཛྷ་སའི་མཐའ་ལ། པཉྩམཱིའི་ཉི་དྷི་རུ་བསྒྱུར་བའམ། ཡང་ན་ཏུ་ཏུ་དྲ་དུ་བསྒྱུར། དིཔ་སིཔ་དག་ལ་བྱིངས་མཐར་ཨཊ་ཨཱ་གམ་སྟེར། བྱེ་བྲག་ཏུ་བ་ཤ་མཛེས་པ་ལ་སཾ་པྲ་ས་ར་ཎས་རྣམ་དབྱེ་ལྡིཏྲ་ཕ་རོལ་ལ་བ་ཨུ་རུ་བསྒྱུར་བས། ཨུ ལྟ་བུའོ། ཧ་ན་འཚེ་བ་ལ། དབྱི་བ་ནི། ཏན་ཨ་ནུ་དཏྟ་རྣམས་ཀྱི་འོས། རྣམ་དབྱེ་དིད་ཕ་རོལ་ལ་ཉ་མའི་ཡི་གེ་དབྱི་བས། ཧ་ཏཿ སོགས་སོ། །དེ་བཞིན་དུ་འདི་ལ་བྱེད་དུ་འཇུག་པ་ལས་ཉི་རྐྱེན་དུ་འགྱུར་ཞིང་། དེའི་ཚེ་ཧ་ནའི་གྷཏྲ་འོས་ཏན་གྷཏྲ་དུ་བསྒྱུར་བ་སོགས་ཀྱིས། གྷ་ཏ་ཡ་ཏི། སོགས་གྲུབ་བོ། །དྷུ་མངོན་པར་འགྲོ་བ་དང་། ཡུ་སྲེ་བ་སོགས་ཀྱི་ཨུ་ནི། ཨུའི་ཨོའོ། །ཞེས་པས་ཡོན་ཏན་ཅན་གྱི་རྐྱེན་ཕ་རོལ་ལ་ཨོ་རུ་འགྱུར་ཏེ། དྲོ་ཏི། ཡོ་ཏི། སོགས་སོ། །ཡང་། ཡུ་ནུ་རུ་སྐུ་རྣམས་ལས་ཨཱིའོ། །ཞེས་པས། རྐྱེན་ཡོན་ཏན་ཅན་རྣམས་ལ་བྱིངས་དེ་བཞི་པོ་ལས་བར་དུ་ཨཱི་ཨཱ་ག་མ་ཡང་ན་འགྱུར་ཏེ། དེའི་ཚེ། ཡ་བཱི་ཏི། ན་བཱི་ཏི། སོགས་སུ་གྲུབ་བོ། །ཡོན་ཏན་མེད་པའི་རྐྱེན་དབྱངས་ཐོག་མ་ཅན་རྣམས་ལ་བྱིངས་ཀྱི་ནུའོ་ཞེས་པས་ཨུ་ཨུ་པྲ་རུ་བསྒྱུར་ནས་དྲངས་ཏེ། བྱ་བནྟི། ཡ་བནྟི། ལྟ་བུའོ། །ཨི་ཀྲ་དྲན་པ་དང་། ཨིང་ཚིག་ཀློག་པའི་བྱིངས་གཉིས་པོའི་སྔོན་དུ་རྣམ་པ་ཀུན་ཏུ་ཉེར་བསྒྱུར་ཨ་དྷི་ཉིད་སྦྱོར་ཏེ། ཨ་དྷེ། ཨ་དྷི། སོགས་སོ། །


JKT016_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བཱི་རབ་ཏུ་སྐྱེ་བའང་རྣམ་དབྱེ་དབྱངས་དང་པོ་ཅན་ཡོན་ཏན་མེད་པ་རྣམས་ལ་ཨཱི་ཨ་ཡ་རུ་བསྒྱུར་ནས་དྲང་ངོ་། །ཐཱ་འཚེད་པ་སོགས་ལ། རཾ་ཨཱཏཱ་དག་གི་ཉི་ལ་སུ་ཀྲ་འོས། བུཀ་སྔོན་མའི་ཉི་དང་། ཨ་པ། ད་ལྟར་བའི་ཏིཔ་སྦྱར་བས། གྲྭ་བ་ཡ་ཏྲི། སོགས་ཀྱི་གཟུགས་ཀྱང་ཡོད་དོ། །ཨས་ཡོད་པའི་བྱིངས་ནི་རྐྱེན་ཡོན་ཏན་མེད་པ་ཕ་རོལ་ལ། ནས་ཨས་དག་གི་ཨའི་འོས་དབྱི་བར་འགྱུར་ཏེ། སཿ སནྟི། སོགས་སོ། །དམིགས་བསལ་དི་སིཔ་དག་ལ། ཨསྟི་ལས་ཨཱིཊ་འོས། ཨས་ལ་ཨཱིཊ་འགྱུར་ཏེ། ཨཱ་སཱི་ཏ། ཨཱ་སཱི། ཞེས་གྲུབ་བོ། །མི་ཛུ་དག་པ་ལ། པི་ཏ་ལའང་ཚིགས་འཕེལ་བའོ། །ཞེས་པས་རྣམ་དབྱེ་ཡོན་ཏན་ཅན་ཕ་རོལ་ལ་འཕེལ་བར་འགྱུར་ཏེ། མཱནྟཱི། སོགས་སོ། །དེ་མ་ཟད་འང་སྒྲས་ཡོན་ཏན་མེད་པ་ལའང་ཡང་ན་འཕེལ་བར་འགྱུར་བས། མཱ༔ ཡང་ན་མྲྀ སོགས་སོ། །རུ་དིར། ཉི་ཁ་ལ། ཤྭ་ས། པྲ་སྔོན་མའི་ཨན། ཛཀ་རྣམས་ནི་རུད་སོགས་ལྔ་སྟེ། དེ་ལ། རུད་སོགས་ལས་བཞི་པོ་རྣམས་ཀྱིས་ཧ་དང་བས་དང་པོའིའོ། །ཞེས་པས་བྱིངས་ཐམས་ཅད་པ་བཞི་ལས། ཧ་དང་བ་ས་སོ་སོར་བསྡུ་བའི་ཡི་གེ་དང་པོ་ཅན་རྣམས་ལ་ཨིཊ་ཨཱ་ག་མ་ཡང་ན་འགྱུར་ཏེ། རོ་དི་ཏི། རུ་དི་ཏཿ སོགས་སོ། །ཛཀྵ། ཛཱ་ཤྲཱི། ད་རི་དྭ། ཤཱ་སུ། དཱི་དྷིད། བེ་བཱིད། ཙ་ཀཱ་སྲི་སྟེ་བདུན་པོ་ལ། ཛཱ་ཀྵ་སོགས་ལས་ཨནྟིའི་ཨཏྲ་


JKT016_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཨནའི་ཨུསའོ། །ཞེས་པས། ད་ལྟར་བའི་ཨནྡྷིའི་ཨ་ཏེ་དང་། དིཔ་སོགས་ཀྱི་ཨན་ནི་ཨུས་སུ་འགྱུར་ཏེ། ཛཀཱ་ཏེ། ཨ་ཛ་ཀཿ སོགས་སོ། །ཛགྲི་གཉིད་སད་པ་དང་། ད་རི་དྲུ་དབུལ་བ་གཉིས་ཀྱི་རི་དང་ཨ་གཉིས་ནི་རང་རང་གི་ཆ་ཤས་ལས། མཚན་མ་མ་ཡིན་པའི་ཕྱིར་དབྱི་བར་མི་འགྱུར་ཡང་། དམིགས་བསལ་དུ། ད་རི་དྭ་སོགས་ཀྱི་རི་ཏ་ལ་ཨཾཏྲ་དང་དབྱངས་ལ་དབྱི་བའང་ངོ་། །ཞེས་པས། རྣམ་དབྱེ་རིཏྲ་ཕ་རོལ་ལ་དེ་རིངྒཱའི་ཨཱ་ཡི་དང་། དབྱངས་ལ་དབྱི་བར་འགྱུར་ཏེ། ད་རི་དྲི་ཏཿ ད་རི་དྲནྟི། སོགས་སོ། །ཤཱ་སུ་རྗེས་སུ་སྟོན་པ་ལ། ཤཱསའི་ཨིའོ། །ཞེས་པ་རྣམ་དབྱེ་གསལ་བྱེད་ཐོག་མ་ཅན་ཡོན་ཏན་མེད་པ་རྣམས་ལ་ཤཱསའི་ཨཱ་ཨི་རུ་བསྒྱུར་ཏེ། ཤི ལྟ་བུའོ། །ཨཱི་ཌ་བསྟོད་པ་དང་། ཨཱི་ཤ་དབང་ཕྱུག་དག་ལ། ཨཱི་ཌ་དང་ཨཱི་ཤ་དག་ལས་སོ། །ཞེས་པས། རྐྱེན་ས་ཡིག་དང་པོ་ཅན་དང་། དྷི་དག་ལ་ཨིཊ་ཨཱ་ག་མ་འགྱུར་ཏེ། ཨཱི་ཌི་ཎི། ཨཱི་ཌི་དྷེ། ལྟ་བུའོ། །ཙ་ཀློད་གསལ་བར་བརྗོད་པ་ལ། རྣམ་དབྱེ་གསལ་བྱེད་ཐོག་མ་ཅན་རྣམས་ལ། དང་པོའི་ས་ཀ་དག་གི་འང་ངོ་། །ཞེས་པས་བརྩེགས་པའི་དང་པོ་ཀ་དབྱི་བས། ཙཥྛ། སོགས་སོ། །ཤིད་ཉལ་བ་ལ་ནི། ཤུད་ལ་འོས་རྣམ་པ་ཀུན་ཏུ་ཡོན་ཏན་དུ་འགྱུར་ལ། བྱེ་བྲག་ཏུ་ད་ལྟར་བའི་ཨནེ་ཕ་རོལ་ལ། ཤིང་གི་ཨན་ལ་རུཊ་འོས་བར་དུ་རུ་ཊ་ཨཱ་ག་


JKT016_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་། ཨཱཏའི་ཨནྟའི་ཨཏྲ་མ་ཡིན་པའི་ཨཏཱ་འོས་ཨན་ཨ་ཏི་རུ་བསྒྱུར་བས། ཤེར་ཏེ། ཞེས་གྲུབ་བོ། །ཨིདྲ་ཚིག་ཀློག་པ་ལས། སུག་སྔོན་མའི་ཉེ་བར་རྐྱེན་དུ་འགྱུར་ཞིང་། དེའི་ཚེ་ཨིདྲ་ལ་སོགས་པ་རྣམས་ཀྱི་འོས་ཨི་ཨཱ་རུ་བསྒྱུར་བ་ཨ་དྨ་བ་ཏེ། སོགས་སོ། །དི་དྷིད་དང་། བེ་བཱི་དྲ་དག་གི་དྲལ་མི་རྗེས་འབྲེལ་མ་ཡིན་པས་མི་དབྱི་སྟེ། དེ་དྷི་ཏ། བེ་བ་ཏ་སོགས་སོ། །ལི་ཧ་རོ་མྱོང་བ་ལ། ཏ་ཐ་དག་གི་ཨཱ དྷ་འོས་རྐྱེན་གྱི་ཏ་དྷཱ། ཧའི་ཌྷའོ་ཞེས་པས་བྱིངས་མཐའི་ཧྲ་ཟླ། རྒྱུ་རྣམས་ཀྱིས་རྐྱེན་གྱི་བྷ་བྷ། ཌྷ་ཡིས་ཞྭ་ལ་དབྱི་ཞིང་རིང་པོའང་ངོས་བྱིངས་ཀྱི་ལྷ་དབྱི་ཞིང་ཨུ་པ་དྷཱ་རིང་བས། ལཱི་བྷི། ལི་ཆ་སོགས་སོ། །བྲུཉ་གསལ་བར་བརྗོད་པ་ལ། རྣམ་དབྱེ་ཡོན་ཏན་ཅན་ལ། ཨཔྲ་སོགས་ལ་པི་ཏསྒྲ་ལ་ཨཱའོ། །ཞེས་པས་བར་དུ་ཨཱི་ཨཱ་ག་མ་འགྱུར་ཞིང་། ཡོན་ཏན་བྱས་ནས་དྲངས་པས། བྲ་བཱི་ཏི། སོགས་སོ། །ཡང་ད་ལྟར་བའི་ཏིཔ། ཏསྲ། ཨནྟི། སིཔ། ཐསྲ་ལྔ་པོ། པཱའི་ལྔ་རྣམས་ལ་ཨཱ་ཧའང་ངོ་། །ཞེས་པས། རིམ་པར་ལྐོག་འགྱུར་ཎཔ། ཨཏུས། ཨུས། ཐ། ཨ་ཐུས་ལྔ་རྣམས་སུ་བསྒྱུར་ཞིང་། དེའི་ཚེ་པཱའི་ཨཱ་ཧ་རུ་བསྒྱུར། བྱེ་བྲག་ཏུ། ཐལ་ཏའོ། །ཞེས་པས་ཐ་ལ་ཧྲའི་ཏ་ཡིག་ཏུ་བསྒྱུར་ནས་དྲངས་པས། ཨཱ་ཧ། ཨཱ་ཧ་ཧུ ཨཱ་ཧུ ཨཱཏྠ ཨཱ་ཧ་ཐུ༔ ཞེས་གྲུབ་བོ། །གཞན་དུ་རྣམ་དབྱེ་དབྱངས་དང་པོ་ཅན་རྣམས་


JKT016_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱིངས་ཀྱི་ནུའི་འོས་ཨུ་པྲ་རུ་བསྒྱུར་ནས་དྲངས་པས། བྲུབ་ཏེ། སོགས་སོ། །ཧུ་སྦྱིན་པ་ནས་ཨོ་ཧཱད་འགྲོ་བའི་བར་གྱི་མཐར་ཐུགས་པ་ནི་ཧུ་ལ་སོགས་པ་སྟེ། དེ་ཡང་སྤྱིར་བཏང་དུ། བྱིངས་ཐམས་ཅད་པའི་རྐྱེན་གྱི་ཕ་རོལ་ལ། ཧུ་ལ་སོགས་པ་ལ་གཉིས་ཀྱང་ངོས་བྱིངས་ཐམས་ཅད་ཚར་གཉིས་སུ་བརྗོད་དགོས་པའི་སྔ་མ་དེ་ལ་གཞུང་གཞན་དུ་ཨ་བྱུས་ཞེས་བཏགས་ལ། དེར་བྷ་ས་བརྒྱད་བཀག་པ་དང་ཏུ་ར་མགྱོགས་པ་ལྟ་བུ་བྱིངས་ཡི་གེ་གཉིས་པ་ཅན་རྣམས་ལ། སྔ་མའི་ཧ་ས་དང་པོ་ལྷག་གོས་དབྱངས་དང་བཅས་པའི་དང་པོ་བྷ་དང་ཏུ་ལྟ་བུ་ལྷག་མར་བྱས་ནས། དབྱངས་མེད་གཉིས་པ་སྲ་དང་རུ་སོགས་དབྱི་བར་འགྱུར་ཞིང་། ཀུ་ཧ་དག་གི་ཙུ་འོས་ཀ་སྡེ་བྱུང་ན་རིམ་པར་ཙ་སྡེ་དང་། ཧ་བྱུང་ན་ཛྷ་རུ་བསྒྱུར། ཛྷ་བྷ་རྣམས་ཀྱི་ཛ་བ་ཙ་པ་རྣམས་སོས། གྷ་ཛྷ་ཌྷ་བྷ་རྣམས་རིམ་པར་ཛ་ཌ་དག་པ་རྣམས་སུ་འགྱུར་རོ། །ཐུང་ངུའོ། །ཞེས་ཨོ་ཧཱ་ཀྲ་གཏོང་བ་ལྟ་བུའི་དབྱངས་རིང་པོ་རྣམས་ཐུང་ངུར་བྱའོ། །ཕྱི་མ་ལ་ཨ་བྱཱ་སྟ་ཞེས་བརྗོད་ཅིང་། དེ་ལ་ཨི་ཨུ་རི་རྣམས་ནི། ཡོན་ཏན་ཅན་གྱི་རྣམ་དབྱེ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་ཞིང་། དབྱངས་རྣམས་ལ་དྲང་། ཡོན་ཏན་མེད་པའི་དབྱངས་ཐོག་མ་ཅན་གྱི་རྐྱེན་རྣམས་ལ་མཚམས་སྦྱར་བར་བྱའོ། །ད་ལྟར་བའི་ཨནྟི་ནི། གཉིས་ལས་སོ། །ཞེས་པས་གཉིས་བརྗོད་པའི་ཕ་རོལ་ལ་ཨ་ཏིར་བསྒྱུར།


JKT016_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་ཡིག་མཐའ་ཅན་གྱི་བྱིངས་རྣམས་ལ། ཨུའི་བ་མ་དག་ལ་ཡང་ན་དབྱིའོ། །ཞེས་པས། ད་ལྟར་བའི་བས་མས་དག་ལ་བྱིངས་མཐའི་ཨུ་ཡང་ན་དབྱི་བས། ཛུ་ཧཱུ ཛུ་ཏཿ སོགས་སོ། །ཧིའི་དྷིའོ། །ཞེས་། པས་ནུ་ལ་པཉྩམཱིའི་ཧི་དྷི་རུ་བསྒྱུར། ཨནུའི་ཨུས་སོས་དེ་རིང་མ་ཡིན་པའི་ཨ་ན་ཨུས་སུ་བསྒྱུར་ཞིང་ཡོན་ཏན་བྱས་ནས་དྲང་། བྱེ་བྲག་ཏུ། ཧྲི་ངོ་ཚ་བ་ལྟ་བུ་གསལ་བྱེད་སྲོག་མེད་བརྩེགས་པ་ཅན་རྣམས་ནི། ཨ་བྱཱ་སལ། སྔ་མའི་ཧ་ས་དང་པོ་ལྷག་གོས། ཧ་དབྱངས་དང་བཅས་པ་ལྷག་མར་བྱ་ཞིང་དང་བྱི་ནས། ཧྲ་ཛྷ་དང་ཛྷ་ཛ་རུ་བསྒྱུར་ཏེ་ཐུང་བ་སོགས་ཀྱིས། ཛི་ཧྲི་ཏི། སོགས་སོ། །པྲི་སྐྱོང་བ་ལ། རི་གྲོགས་དག་གི་ཨིདྲའོས་ཨ་ཧྥུ་སའི་རི་ཨིང་དུ་བསྒྱུར་ཞིང་། སྔ་མའི་ཧ་ས་སོགས་ཀྱིས་ར་དབྱི། བི་པནྟི། པི་ཝཱི་རཿ པི་པ་ཏི། སོགས་སོ། །ཧྥེ་འགྱུར་བྱེད་པ་ལའང་། རི་ཨའོ་ཞེས་པས། སྔ་མའི་རི་ཨ་དང་། ཛྷ་བྷ་སོགས་ཀྱིས་གྲུག་དང་། ཀུཧ་དག་གི་ཙུ་འོས་ག་ཛ་རུ་བསྒྱུར་བས། ཛགྷ་ཏི། ཛ་གྷོ་ཧ ཛགཱི་ཏི། སོགས་སོ། །རི་འགྲོ་བ་ལ། རི་སྲི་དག་གི་ཨིར་འོས། སྔ་མའི་རི་ཨིར་དུ་བསྒྱུར་ནས་ར་ཕྱིས། ཨི་ཨི་ཡརུ་བསྒྱུར་ནས་ཕྱི་མའི་རི་དང་མཚམས་སྦྱར་བ་སོགས་ཀྱིས། ཨི་ཡ་ནྟི། ཨི་ལིཾ་ཏཿ སོགས་སུ་གྲུབ་བོ། །གཞན་ཡང་རི་ཨཱཏྲ་ལས་ཉེ་ལ་བུ་ཀྲའོ། །ཞེས་པས་པུཀ་སྔོན་མའི་ཀི་བར་རྐྱེན་དུ་སྦྱར་ནས་རི་ཨཱང་


JKT016_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཕེལ་བ་སོགས་ཀྱིས། ཨཱརྱ་ལ་ཏི། སོགས་པའི་གཟུགས་ཀྱང་ངོ་། །ཎི་ཛིར་གཙང་པ། བི་ཛི་ར་ཐ་དད་པ། པིཤྲཱི་ཁྱབ་པ་རྣམས་ལ། ནི་ཛི་རྣམས་ཀྱི་ཡོན་ཏན་ནོ། །ཞེས་པས་ཨ་བྷ་སའི་ཡོན་ཏན་རྟག་ཏུ་འགྱུར་ཏེ། ནེ་ནི་ལཱི། ནེ་ནིཀྟ སོགས་སོ། །ཌཱ་དཱཉ་སྦྱིན་པ་དང་། ཊུ་དྷཉྫ་འཛིན་བདག་གི་ཨ་བྱཱ་སྟའི་ཨཱ་ནི། རྣམ་དབྱེ་ཡོན་ཏན་མེད་པ་ཕ་རོལ་ལ། དྭ་ལ་སོགས་པའི་འོས་དབྱི་བར་འགྱུར་ཏེ། དཏཿ དད་ཏི། སོགས་སོ། །སྨོན་པའི་ཧི་ལ། དྭ་རྣམས་ཀྱི་ཧི་ལ་འོས་ཨ་བྷུསྲ་དབྱི་ཞིང་། ཨ་བྱཱ་སྟའི་ཨཱ་ཨེ་རུ་བསྒྱུར་བས། དེ་ཧི། དྷེ་ཧི། ཞེས་གྲུབ་བོ། །ཌཱ་དྷཱའུ་ལ་རིཏ་ཛྷས་ལ་སྔོན་མའི་དྷའོ། །ཞེས་པས་རྣམ་དབྱེ་ཡོན་ཏན་མེད་པ་ཛྷ་སའི་ཡི་གེ་ཐོག་མ་ཅན་རྣམས་ལ་ཨ་བྷ་སའི་ད་དྷ་རུ་བསྒྱུར་ཏེ། དྷཏྟ ལྟ་བུའོ། །ཌཱ་བྷིརྦ་འཛིན་པ། མཱ་དྲ་ཚད། ཨོ་ཧང་འགྲོ་བ་རྣམས་ལ། ཧཱུཾ་ཧྥ་རྣམས་ཀྱི་འཇིག་པ་ལའོ། །ཞེས་པས་ཨ་བྷསའི་ཨ་ཨི་དང་། བྱེ་བྲག་ཏུ། གཉིས་ལས་དེ་དག་དབྱི་བ་རྗེས་སུ་འཇུག་གོ །ཨཱི་ཡིག་ཀྱང་ངོ་། །ཞེས་པས། ཡོན་ཏན་མེད་པའི་རྐྱེན་དབྱངས་ཐོག་མ་ཅན་རྣམས་ལ་བྱིངས་མཐའི་ཨཱ་དབྱི་ཞིང་གསལ་བྱེད་ཐོག་མ་ཅན་ལ་ཨཱ་ཨཱི་རུ་བསྒྱུར་བས། བི་བྷཱི་ཏེ། བི་བྷཱུ་ཏེ། མི་མཱི་ཏེ། མི་མཱ་ཏེ། ཨནྟེ་ཨ་ཏེར་བསྒྱུར། མི་མ་ཏེ། སོགས་སོ། །ཧི་ལ་ཨི་ཨཱི་ཡང་ནའོ། །ཞེས་པས་ཧི་ཕ་རོལ་ལ་


JKT016_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བྱིངས་མཐའི་ཨཱ་ཨི་རུ་ཡང་ན་བསྒྱུར་ཏེ། མི་མཱི་ཧི། ཡང་ན། མི་མཱ་ཧི། ཨུས་ལ་ཨཱའི་དབྱི་འོས། རྐྱེན་ཨུས་ཕ་རོལ་ལ་ཕྱི་མའི་ཨཱ་དབྱིའོ། །གསུམ་པ་ཡ་བི་ཀ་ར་ཎདི་པ་སོགས་ལ་ནང་གསེས་སུ། རཱདྷ་སོགས།། ལུ་ཧ་སོགས། ཤམ་སོགས། སུ་ཥ་སོགས། སཱུ་སོགས་ཨོཏ་རྗེས་འབྲེལ་ཏེ་སྡེ་ཚན་ལྔ་ལས། སྤྱིར་བཏང་དུ། དིཔྲ་སོགས་ལ་ཡའོ། །ཞེས་པས་བྱིངས་ཐམས་ཅད་པ་བཞི་པོ་ཕ་རོལ་ལ་ཨཔྲ་བི་ཀ་ར་ཙའི་ཡུལ་ལ་དམིགས་བསལ་ཡ་པི་སྦྱིན་ཏེ། དེའི་ཚེ་དབུ་དང་ཎི་བུ་སོགས་ལ། ཨི་ཨུ་དག་གི་ར་བ་སོགས་ཀྱིས་ཨུ་པ་དྷཱ་རིང་། རྣམ་དབྱེ་དབྱངས་ཕ་རོལ་ལ་ཡའི་དབྱངས་དབྱི་ཞིང་དྲང་། ཆོ་ག་ལ་ཡུ་ཨཱ་དང་། ཡུས་ལ་ཨིཊ། ཡམ་ཨི་ཡམ་དུ་བསྒྱུར་བ་སོགས་བྱ། དམིགས་བསལ་ཤོ །ཚོ། ཁོ། དོ་རྣམས་ལ། ཡ་ལ་ཨོའི་འོ། །ཞེས་པས་མཐའི་ཨོ་དབྱི་ནས་དྲངས་ཏེ། བྱ་ཏི། ཚཡཏི། སོགས་སོ། །ཤ་མུ་དང་ད་སུ་ཉེ་བར་ཞི་བ་སོགས་བརྒྱད་པོ་རྣམས་ཀྱིས། ཤམ་རྣམས་ཀྱི་རིང་པོའོས་ཨུ་པ་དྷ་རིང་སྟེ། ཤཱ་མྱ་ཏི། དཱམྱ་ཏི། སོགས་སོ། །ཛ་ནཱི་འབྱུང་བའི་དངོས་པོ་ནི། ཛ་ན་ཛཱ་དག་གི་ཛཱ་འོས་ཛན་ཛཱ་རུ་བསྒྱུར་བ་ལ། ཛཱ་ཡ་ཏི། སོགས་སོ། །བཞི་པ་ནུའི་ཀ་ར་ཎ་སུ་ལ་སོགས་པའི་སྐབས། བྱིངས་ཀྱི་མདོར། ཥཱཉྩ་ཨ་བྷིཥ་པ་ནི། གཙོར་བའམ། གྲུབ་པའམ། ཆར་སྦྱོར་བའམ། འཁྱུད་པ་རྣམས་ལ་འཇུག་པར་བཤད་ཅིང་། །


JKT016_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སོགས་ལ་ཨཔྲ་པིའི་དམིགས་བསལ་དུ། སུ་སོགས་ལས་ནུའོ། །ཞེས་པས་བྱིངས་ཐམས་ཅད་པ་ཕ་རོལ་ལ་ནུ་བི་ཀ་ར་ཎ་འགྱུར་ཞིང་། དེའི་ཚེ་རྣམ་དབྱེ་ཡོན་ཏན་ཅན་རྣམས་ལ། ནུ་ཨུ་པའིའོ། །ཞེས་པས། ནུའི་ཨུ་ཨོ་རུ་བསྒྱུར་བས་སུ་ནོ་ཏི། སོགས་སོ། །ཡོན་ཏན་མེད་པའི་རྣམ་དབྱེ་དབྱངས་སྔ་མ་ཅན་རྣམས་ལ་མཚམས་སྦྱར། བསྲ་མས་ངག་ལ་ཡང་ན་དབྱི་བས། སུ་ནཱ༔ སོགས། སྨོན་པའི་ཉི་མ། ཨུ་ལས་ཧིའི་ཡང་ནའོ། །ཞེས་པས། བར་རྐྱེན་ན་ལ་གསལ་བྱེད་མ་བརྩེགས་པ་སུ་མུ་ལྟ་བུ་ལ་དབྱི་ཞིང་། གསལ་བྱེད་བརྩེགས་པ་ཨཱ་སྣུ་ལྟ་བུ་ལ་མི་དབྱེ་བས། སུ་ནུ། ཨཱ་མཱུ་ཧི། ལྟ་བུའོ། །པྲ་སོགས་ལས་ཀྱང་སུ་ན་མ་རྣམས་ཀྱིས་དེ་དང་དེ་བཞིན་ནོ། ཞེས་པས་པྲ་སོགས་ཉེར་སྦྱར་སྔོན་དུ་སྦྱར་བ་ལས་སའི་ཥ་དང་། བར་རྐྱེན་ཡང་ཎ་རུ་འགྱུར་ཏེ། བི་སྔོན་མའི་ཥཉ་ལ། ཏིཔ་སྦྱར། ཀུ་ཨི་ལ་སོགས་ཀྱིས་ས་ཥ་དང་། ཥ་ར་རི་སོགས་ཀྱི་ས་ན་ཎ་རུ་བསྒྱུར་བས། བིཥཱ་ཎོ་ཏི། ལྟ་བུའོ། །ལྔ་པ་ན་པྲ་བི་ཀ་ར་ཎ་རུ་དྷ་ལ་སོགས་པ་ལ། རུ་དྷ་སོགས་ལ་ན་མའོ། །ཞེས་པས་བར་རྐྱེན་ན་མ་བི་ཀ་ར་ཎ་འགྱུར་ཏེ། དེ་ལ་དབྱིངས་མཐའི་གསལ་བྱེད་སྲོག་མེད་ཀྱི་གོང་དུ་སྦྱིན། ཛྷ་བྷའི་མཐའི་བྱིངས་རྣམས་ལ། རྐྱེན་ཏིཔ་དང་། ཐས་སོགས་ཏ་ཐ་སྔོན་མ་ཅན་དག་ནི། ཏ་ཐ་དག་གི་དྷའོ། །ཞེས་པས། ཏ་ཐ་དྷ་རུ་བསྒྱུར་ཏེ།


JKT016_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཎ་དྷི། ལྟ་བུའོ། །རྐྱེན་ཡོན་ཏན་མེད་པ་ཕ་རོལ་ལ། ནས་ཨས་དག་གི་ཨའིའོ། ཞེས་པས་ནུའི་ཨ་དབྱི་ཞིང་། ན་རྗེས་སུ་ང་རོར་འགྱུར་བས། རུ་དྷི༔ སོགས་སོ། །དེ་རིང་མ་ཡིན་པའི་དཔྲ་སིཔྲ་དག་ནི། ཧ་ས་ལ་དི་སི་དག་གིའོ། །ཞེས་པས་བྱིངས་མཐའི་གསལ་བྱེད་སྲོག་མེད་དང་འཕྲད་ན་དབྱི། རྫོགས་པ་ལ་ཡང་ནའོས། རྒྱུད་དང་དྲ་ཏྲ་རུ་བསྒྱུར། དའི་སའོ། །ཞེས་སིཔྲ་ཕྱིས་པའི་ཡུལ་ལ་ཡང་ན་དྷད་རུ་བསྒྱུར་བ་ས་ཡིག་ཏུ་བསྒྱུར་ནས་རྣམ་བཅད་བྱས་པས། ཨ་རུ་ཎཿ ཡང་ན། ཨ་རུ་ཎཏུ། ཞེས་གྲུབ་པོ། བྷཉྫ། ཧིན། ཨུནི། ཨནྡྲ་རྣམས་ཀྱི་རྒྱ་དང་། ནནི། ན་མའིའོ། །ཞེས་པས་དབྱི་སྟེ། བྷ་ནནྟི། ལྟ་བུའོ། །དྲུག་པ་ཨུ་བི་ཀ་ར་ཎ་ཏ་ན་ལ་སོགས་པ་ལ། ཏན་སོགས་ལ་ཨུཔྲའོ། །ཞེས་པས་བར་དུ་ཨུཔྲ་འི་ཀ་ར་ཎ་སྦྱིན་ཞིང་། དེའི་པྲ་ཡིག་ནི་བི་ཏའི་ཡོན་ཏན་བྱ་བའི་དོན་ཡིན་པའི་ཕྱིར་བྱིངས་ལ་ཡོན་ཏན་དུ་འགྱུར་ཞིང་། དེར་མ་ཟད་རྣམ་དབྱེ་ཡོན་ཏན་ཅན་རྣམས་ལ་བར་རྐྱེན་ལའང་ཡོན་ཏན་དུ་འགྱུར་པས། ཏ་ནོ་ཏི། ཨཎོ་ཏི། སོགས་སོ། །མ་བ་དག་ལ་ཨུ་ཡང་ན་དབྱི་ཞིང་། བྱེ་བྲག་ཏུ་ཏུ་ཀྲྀཧྲ་བྱེད་པ་ལ། པི་ཏ་ཉིད་ཀྱི་ཕྱིར་རོ་ཨར་དུ་བསྒྱུར་ནས་མཚམས་སྦྱར་བ་ལ། ང་འགྲོ་བ་ལས་ཨཏ་ཨུའོ། །ཞེས་པས་རྣམ་དབྱེ་རིཏ་འགྲོ་བ་ཕ་རོལ་ལ། ཀ་ཀུ་རུ་བསྒྱུར་ནས་དྲངས་པས། ཀུ་རུ་ཏཿ སོགས་སོ། །ཆོ་གའི་


JKT016_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཡཱཏ་སོགས་ཡ་ཡིག་ཐོག་མ་ཅན་ཀྱི་རྐྱེན་རྣམས་ལ། ཀྲྀཧ་ལས་ལ་ལའོ། །ཞེས་པས་རྐྱེན་གྱི་ཨུ་ཡིག་དབྱི་བར་འགྱུར་ཏེ། ཀུནྡྷཱཏ། སོགས་སོ། །བདུན་པ་ཨ་བི་ཀ་ར་ཎ་ཡོན་ཏན་མེད་པ་ཏུད་ལ་སོགས་པ་ལ་ནང་གསེས་སུ། མུ་ཙ་སོགས། ཏྲི་མྲ་སོགས། གུ་ཊ་སོགས་ཏེ་སྡེ་ཚན་གསུམ་དུ་གནས་པ་ལ། ཏུ་དྲ་སོགས་ལ་ཨའོ། །ཞེས་པས་བར་རྐྱེན་ཨ་བི་སྦྱིན་ཞིང་། དེའི་ཡོན་ཏན་དུ་མི་འགྱུར་བ་མ་གཏོགས། ཕལ་ཆེར་ཨཔྲ་བི་ཀ་ར་ཎ་དང་བྱ་བ་མཚུངས་ཤིང་། དམིགས་བསལ་མུ་་གྲོལ་བ་ནས། བི་ཤ་འཇུག་པའི་བར་གྱི་བྱིངས་བརྒྱད་པོ་ལ། མུ་ཙཱ་སོགས་ལ་ཆུ་མ་འོས། མཐའི་གོང་དུ་མུ་མ་ཨཱ་ག་མ་སྦྱར་ཏེ། མུཉྩཏི། སོགས་སོ། །བྷསྔ་འཚེད། ཊུ་མསྔོ་དག་བྱེད། ཨོལ་སྡི་སྐྱེངས་པ་རྣམས་ལ། གཞན་དུ་སའི་ཛའོ། །ཞེས་པས་བརྩེགས་པའི་དང་པོས་ཛྲ་རུ་བསྒྱུར་བས། བྷུ་ཛ་ཏི། སོགས་སོ། །ཨོཾ་རྣམ་པར་གཡེང་བ་དང་། གྲྭ་རྗོད་པར་བྱེད་པ་ལ། ཛཱ་ཏཱའི་ཨི་ར་འོ་སྲ་ཨི་རུ་དུ་བསྒྱུར་ནས་དྲངས་པས། གིར་ཏི། སོགས་སོ། །བརྒྱད་པ་ནཱ་བི་ཀ་ར་ཎ་ཀྲྀ་སོགས་ལ། ནང་གསེས་སུ་སཱུ་སོགས་དང་། ལུ་སོགས་ཏེ་སྡེ་ཚན་གཉིས་སུ་ཡོད་ཅིང་། དེ་ཡང་ཀཱི་སོགས་ལ་ནཱའོ། །ཞེས་པས་ནཱ་བི་ཀ་ར་ཎ་སྦྱིན་ཞིང་། དེའི་ཚེ་རྣམ་དབྱེ་གསལ་བྱེད་ཐོག་མ་ཅན་ཡོན་ཏན་མེད་པ་རྣམས་ལ། ཧ་ས་ལ་ཨཱིའོ། །ཞེས་པས་ནའི་


JKT016_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཨི་རུ་བསྒྱུར། ནཱའི་ཨཏྲ་ལིའོ། །ཞེས་པས་ཡོན་ཏན་མེད་པའི་རྣམ་དབྱེ་དབྱངས་ཐོག་མ་ཅན་རྣམས་ལ་ནཱའི་ཨ་དབྱི་ནས་དྲངས། དམིགས་བསལ། པཱུཉ། ལཱུཉ། སྟྲིཉ། ཀྲྀཉ། བཱིནྡྲ་དྷུཉྩ་རྣམས་ལ། །པཱུ་ལ་སོགས་པའི་ཐུང་ངུའོ། །ཞེས་པས་ནཱ་བི་ཕ་རོལ་ལ་ཐུང་ངུར་འགྱུར་ཏེ། པུ་ན་ཏི། ལུ་ནཱ་ཧི། སོགས་སོ། གྲཧ་ཉེ་བར་ལེན་པ་ལ། གྲ་ཧ་རྣམས་ཀྱི་ཀཱིཏཱ་ལའང་ངོ་། །ཞེས་པས་རྣམ་དབྱེ་ཡོན་ཏན་མེད་པ་ཕ་རོལ་ལས་པ་སར་ཎ་སར་རི་དུ་འགྱུར་ཏེ། གྲྭ་དྷཱ་ཏཿ སོགས་སོ། །ཧ་ས་ལས་ཧི་ལ་ཨཱ་མའོ། །ཞེས་པས་བྱིངས་ཧ་སའི་མཐའ་ཅན་ལས་ཧི་ཕ་རོལ་ལ་ནཱ་ཨཱ་ན་རུ་བསྒྱུར་བས། གྲོ་ཧཱ་ཎ། ཞེས་གྲུབ་བོ། །སྤྱིར་ཨི་པྲ་ས་ར་ཎ་ཞེས་པ་ནི། རྐྱེན་ཡོན་ཏན་མེད་པ་ཕ་རོལ་ལས་འགྱུར་ཏེ། དེ་ཡང་ར་ཡིག་གིས་རི་དང་། ཡ་ཡིག་གིས་ཨི་དང་། བ་ཡིག་གིས་ཨུ་རྣམས་སུ། ཐུང་དུ་ཡིན་ན་ཐུང་ངུ་དང་། རིང་པོ་ཡིན་ན་རིང་པོར་བསྒྱུར་ལ། བྱེའུ་ལྟ་བུ་མཚམས་སྦྱོར་གྱི་ཡི་གེ་རྣམས་ཀྱིས་ནི་ཐོག་མར་ཨེ་ཡཱ་རུ་བསྒྱུར་ཞིང་། དེ་ནས་ཡཱ་ཨཱི་རུ་བསྒྱུར་བ་སོགས་བྱའོ། །ཛཱ་ཁོང་དུ་ཆུད་པ་ནི། ཛ་ན་ཛཱ་དག་གི་ཛཱའོས། ཛཱ་རུ་བསྒྱུར་བས། ཛཱ་ན་ཏི། སོགས་སོ། །དགུ་པ་རང་དོན་ལས་ཉི་ཡི་མཐའ་ཅན་ཙུར་ལ་སོགས་པར། ཙུར་སོགས་ལས་ཉིའོ། །ཞེས་པས་བར་དུ་ཉི་བྱིན་ནས་དྲངས་པས། ཙོ་རི། དེ་བྱིངས་སོ། །ཞེས་པས་སླར་ཚིག་ཏུ་


JKT016_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་ཕྱིར། བྱེད་པ་པོ་ལ་ཨཔྲ་དང་། ཏིཔ་སྦྱར། བར་རྐྱེན་ལ་ཡོན་ཏན་བྱས་ནས་དྲངས་པས། ཙོ་ར་ཡ་ཏི། སོགས་སོ། །དེ་རིང་མ་ཡིན་པའི་དཔྲ་སོགས་ཕ་རོལ་ལ། ཉི་ལ་ཨང་སྟེ་གཉིས་ཀྱང་ངོ་། །ཞེས་པས་ཉི་དང་བཅས་པའི་ཨང་བར་རྐྱེན་དུ་འཇུག་ཅིང་། དེ་ལ་གཉིས་བརྗོད་པའི་སྔ་མའི་གསལ་བྱེད་ལྷག་མར་བྱས། ཉི་ལའོ། །ཞེས་པས་ཉི་འཇིག །ཐུང་ངུའི་རིང་པོའོས་ཨ་བྱུས་རིང་བ་སོགས་ཀྱིས། ཨ་ཙུ་ཙུར་ཏ། ཨ་ཙུ་ཙུ་ར་ཏྭཾ། སོགས་སོ། །དེ་བཞིན་དུ་ཉི་མཐའ་ལ་བདག་དོན་རྣམས་ཀྱང་འཇུག་པར་བཤད་པས། ཙོ་ར་ཡ་ཏེ། ཙོ་ར་ཡཱ་ཏེ། སོགས་ཀྱང་དཔེར་བརྗོད་པར་བྱའོ། །དེ་ལྟར་སྤྱིར་བཏང་དང་དམིགས་བསལ་གྱི་སྦྱོར་ཚུལ་རགས་པ་འདི་ཙམ་ཞིག་ནི་ཐོག་མ་ནས་མི་ཤེས་ཀ་མེད་དུ་སྣང་བའི་ཕྱིར། བློ་གྲོས་གསར་བུ་རྣམས་འཇུག་པ་བདེ་བའི་ཕྱིར། བྱིངས་ཀྱི་ཚོགས་དང་མཐུན་པར་ཕྱོགས་གཅིག་ཏུ་ཅུང་ཟད་པ་སྡེབས་པ་ཡིན་པས་ཟློས་སྐྱོན་དུ་བཟུང་བར་མི་བྱ་ཞིང་། དེའི་མཐའ་དཔྱོད་རྒྱས་པར་ནི་བྱིངས་ཀྱི་འགྲེལ་པ་དང་། ཏི་སོགས་ཀྱི་བྱ་བས་མཚོན་གཞུང་ཆེན་པོ་རྣམས་སུ་བློ་གྲོས་ཀྱི་མིག་བསྒྲུབ་པར་བྱའོ། །སྤྱིར་ཀུན་བཤད་ཀྱི་གཞུང་འདིར་རབ་ཏུ་བྱེད་པ་བཅུ་འབྱུང་བ་ལས། དང་པོ་ནི་བྱེད་པ་པོའི་རབ་ཏུ་བྱེད་པ་སྟེ་སྔར་སྨོས་པའི་བྱིངས་ཐམས་ཅད་པ་བཞི་པོར་བར་རྐྱེན་བདུན་པོ་རྣམས་


JKT016_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བའི་འཇུག་ཚུལ་དག་བསྟན་ཏོ། །གཉིས་པ་ནི་དངོས་པོ་དང་ལས་ཀྱི་རབ་ཏུ་བྱེད་པ་སྟེ། འདིར་བྱིངས་ལས་བཅས་ལས་མེད་སོགས་ཀྱི་འཕྲོས་དོན་རྒྱ་དཔེར་འབྱུང་བ་དག་སྒྲུབ་ཚུལ་ཅུང་ཟད་འཆད་ན། །དང་པོ་ལས་མེད་པའི་བྱིངས་ཀྱི་ལུང་ལ། ཨ་ལ་སྡེ་སྐྱིངས་པ་ལའོ། །ཨོ་ཁྱད་དོན་དང་། ཨི་བརྗོད་དོན་དབྱི། ཨ་ཏྲ་སོགས་ལས་ཨ་ཙཱ་རྐྱེན། གཞན་དུ་སའི་ཛའོས་ས་ཛ་རུ་བསྒྱུར་མཐར་ཨཱཔ། ལཛྫ། ངོ་ཚ་བ། ཨས་ཡོད་པ་ལ་ཤཏྲ་རྐྱེན་དང་། བྱེད་པ་པོ་ལ་ཨཔ། ཨདྲ་སོགས་ལ་ཨཔ་འཇིག །ཤ་ཕྱིས་སྲོག་གི་ཨ་དྲང་། རི་རྗེས་འབྲེལ་ཕྱིས། ནས་ཨཔྲ་དག་གི་ཨ་དབྱིའོས། བྱིངས་ཀྱི་ཨ་དབྱི། མཐར་དངོས་པོའི་ཏ་དང་། བུད་མེད་ཀྱི་ཨཱ་པ་བྱིན་པས། སཏྟ། ཡོད་པའི་དངོས་པོ། ཥྛ་འགྲོ་བ་ལས་ལྡོག་པ་ལ་ཀི་རྐྱེན། སྦྲ་རྣམས་ཀྱི་ཨཱི་འོས་ཨཱ་ཨི། སྦི་ཏི། གནས་པ། ཛཱ་གྲི་གཉིད་སད་པ་ལ། ཡུ་ཊ་རྐྱེན། ཛཱ་ག་ར་ཎཾ། མེལ་ཚེ། བྲི་དྷ་འཕེལ་བ་ལ་སྟི་དང་། ཏ་ཐ་དག་གི་དྷ་སོགས་ཀྱིས་བསྒྲུབས་པས། བྲིདྡྷ། འཕེལ་བ། ཀྱི་འཛད་པ་དང་། ཉི་བྷི་འཇིགས་པ་དག་ལ། དབྱངས་ལ་ཨའོས་ཨ་རྐྱེན་དང་། ཡོན་ཏན་བྱས་ནས་དྲངས་པས། ཀཱ་ཡ། ཟད་པ། བྷ་ཡ། འཇིགས་པ། ཛཱི་བ་སྲོག་འཚོ་བ་ལ། ཨིཊ་སྔོན་མའི་ལྟ་བྱིན་པས། ཛཱི་བི་ཏ། འཚོ་བ། ཚྭ་དྲ་སྲོག་གཏོང་བ་ལ། ཡུ་ཊ་རྐྱེན་དང་། མཐར་སི།


JKT016_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མ་ར་ཎཾ། འཆི་བ། ཤཱིདྲ་ཉལ་བ་ལའང་ཡུཊ་བྱིན་པས། ཤ་ཡ་ན། ཉལ་བ། ཀྭི་དྲི་རྩེད་འགྲོས་ལ་ནཱ་མིན་ཨུ་པ་དྷ་ལས་ཀ་རྐྱེན་དང་། མཐར་ཨཱ་པྲ། ཀྲྀ་ཊཱ། རྩེ་བ། རུ་ཙ་འབར་བ་ལ་ཀི་རྐྱེན། རུ་ཙ། འོད། དཱི་པ་འབར་བ་ལསྟི། དཱིཏྟེ གསལ་བ། ཨརྦ་ལསི། ཨཐཾ། དོན། ཊུ་དྷཉ་འཛིན་པ་ལ། ཏུན་རྐྱེན། དྷ་ཏུ། བྱིངས་སམ་ཁམས། ག་ཎ་ལསི། གཎཾ། ཚོགས། ཏདྲ་ལ་ཨམ། ཏམ། དེ་ལ། དགག་སྒྲ་སྔོན་མའི་ཀརྨ་ན་ལ་ཚིག་སྡུད་ཀྱི་རྐྱེན་ཀ་བྱིན་བས། རྟགས་མཐའི་ན་ཡིག་ཕྱིས་ནས་མཐར་ས་སྦྱར་བས། ཨ་ཀརྨ་ཀཾ། །ལས་མེད་པ། བྷཱུརྦ་གསལ་བར་བརྗོད་པ། ཨཔྲ་དང་། ད་ལྟར་བའི་ཨནྟི། ཨད་སོགས་ལས་ཨཔ་འཇིག །བྲུའི་ཨཧྭ་དང་། ཨནྟིའི་ཨུས་སུ་བསྒྱུར་ནས་དྲངས་པས། ཨ་ནཱུ སྨྲས་སོ། །དེ་ལྟར་གྲུབ་པའི་རྐང་བ་གོང་འོག་དག་མཚམས་སྦྱར་བ་སོགས་ཀྱིས་སྦྲེལ་བ་ལ། ལ་ཛྫཱ་སཏྟ་སཱིཏི་ཛཱ་ག་ཎི་བྲིདྷི་ཀྵ་ཡ་བྷ་ཡ་ཛིའི་ཏ་མ་ར་ཎཾ། ཤ་ཡ་ན་ཀྲྀ་ཌཱ་རུ་ཙི་དཱི་བྷུ་ནི་དྷ་ཏུ་ག་ཎཾ་ཏ་མ་ཀརྨ་ཀ་མཱ་ཧུ ཅེས་འབྱུང་བ་བསྒྱུར་བས། ངོ་ཚ་ཡོད་དང་གནས་མལ་ཚེ། །འཕེལ་ཟད་འཇིགས་དང་འཚོ་དང་འཆི། །ཉལ་བ་རྩེད་མོ་འོད་གསལ་དོན། །བྱིངས་ཚོགས་དེ་རྣམས་ལས་མེད་བཤད། །ཅེས་པའི་དོན་ནི། འདི་ལྟར་ཤིང་ལ་ཉལ་བ་ལྟ་བུའི་རྣམ་དབྱེ་བདུན་པ་དང་། དམངས་རིགས་ཀྱིས་ཉལ་བ་ལྟ་བུ་


JKT016_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དབྱེ་གསུམ་པ་སོགས་དང་བཅས་པའི་ཉེ་བའི་ཚིག་གྲོགས་ལ་མ་ལྟོས་པས། བྱིངས་དོན་རྐྱང་པས་ཉལ་བ། ཡོད་པ་སོགས་ཤེས་བྱ་ལ་ཡོད་ཙམ་པའི་དངོས་པོ་ཞིག་ལས། གཞན་པའི་བྱ་བྱེད་ཀྱི་ལྡོག་པ་མི་སྟོན་པས་ན་ལས་མེད་པ་ཞེས་བརྗོད་དེ། དཔེར་ན། བྷ་ཡོད་པ་ལ་བར་རྐྱེན་ཡཀྲ་དང་། ད་ལྟར་བའི་ཏེ་སྦྱར་བ་སོགས་ཀྱིས། བྷ་ཡ་ཏེ་བྷ་བཏཱ། ཁྱོད་ཀྱིས་འབྱུང་བ་ལྟ་བུ། ཉེ་ཚིག་བྷ་བ་ཏྲ་ལ་ལས་ཀྱི་རྣམ་དབྱེ་མི་འཇུག་པས་ན་གསུམ་པའི་་སྦྱར་བའོ། ཨེདྷ་འཕེལ་བ་ལ་ཡཀྲ་དང་། ཏེ། ཨེ་དྨ་ཏེ་དྷ་རྨི་ཀེ ཆོས་དང་ལྡན་པ་འཕེལ་ལོ། །དྷ་རྨི་ཀ་ལ་གཉིས་པ་མི་ཐོབ་པས་གསུམ་པའི་བྷིས་བྱིན་ནས་ཨིས་སུ་བསྒྱུར་བའོ། །ཤིང་ཉལ་བ་ལ་ཡཀྲ་དང་། ཏེ་ཤ་ཕ་ཏེ་ཤུདྲེ་ཌ། དམངས་རིགས་ཀྱིས་ཉལ་ལོ། །ཤདྲ་ལ་ལས་མི་འཐོབ་པས་བྱེད་པ་པོའི་ཆེད་དུ་ཊ་བྱིན་པ་ལྟ་བུའོ། །དེ་ཡང་དམིགས་བསལ་བྱིངས་ཀྱི་ནང་ཚན། ཧྲཱི་ངོ་ཚ་བ། བྷ་ཡོད་པ། བྷཱུ་འགྲོ་བ་ལས་ལྡོག་པ། ཛཱ་གྲི་གཉིད་སད་པ། ཨེ་དྷ་འཕེལ་བ། ཀྱི་འཛད་པ། ཉི་བྷི་འཇིགས་པ། ཛཱི་བ་སྲོག་འཚོ་བ། སྲིང་སྲོག་གཏོང་བ། ཤིང་ཉལ་བ། དི་བུ་རྩེ་པ། བྷ་འབར་བ་ལྟ་བུས་མཚོན་དོན་ཚན་དེ་དག་ལ་དངོས་དང་བརྒྱུད་ནས་འཇུག་པའི་བྱིངས་ཐམས་ཅད་ལས་མེད་པའི་ཕྱོགས་སུ་བསྡུ་ལ། གཞན་ཡང་དེ་འདྲའི་རིགས་སུ་ཉེ་བར་མཚོན་པ་རྣམས་ཀྱང་བློ་གྲོས་ཀྱི་མཐུས་


JKT016_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་སྟེ་ཤེས་པར་བྱ་ཞིང་། ཡང་རབ་བྱེད་ལས། ལས་མེད་པ་ལའང་ལ་ལར་ལས་དང་བཅས་པ་ཉིད་དང་རྗེས་སུ་མཐུན་པར་ཉེར་བསྒྱུར་གྱི་སྟོབས་ལས་བྱིངས་དོན་གཞན་དུ་དྲངས་པར་བྱེད་དོ། །ཞེས་པའི་དོན། སྔར་སྨོས་པའི་ལས་མེད་པའི་བྱིངས་དེ་རྣམས་ཀྱང་། སྐབས་ལ་ལར་དྲ་ལ་སོགས་པའི་ཉེར་བསྒྱུར་སྔོན་དུ་སྦྱར་བའི་སྟོབས་ཀྱིས་བྱིངས་ལས་བྱིངས་དོན་གཞན་དུ་དྲངས་པས་ལས་དང་བཅས་པ་ཉིད་དང་རྗེས་སུ་མཐུན་པར་འཇུག་སྟེ། དཔེར་ན་ཧྲཞུ་འཕྲོག་པ་ལ། བི་དང་། སོ་དང་། ཨཱང་དང་། པྲ་ཏི་རྣམས་སྔོན་དུ་སྦྱར་ནས། གྷརྦ་རྐྱེན་དུ་བྱས་པས། བི་ཧཱ་ར། གནས་པ། ཨ་ཧཱ་ར། ཟས། སཾ་ཧཱ་ར། བ་སྡུབ། པྲ་ཏི་ཧཱ་ར། སྲུང་བ་པོ་ལྟ་བུ་སྟེ། ཧྲཅུའི་བྱིངས་རང་ངོས་ནས་ལས་མེད་ཡིན་ཀྱང་། བི་སོགས་སྔོན་དུ་སྦྱོར་བའི་སྟོབས་ཀྱིས་ལས་དང་བཅས་པར་གྱུར་པ་ལྟ་བུ་དང་། ཉེར་བསྒྱུར་ཨ་ནུ་སྔོན་མའི་བྷཱ་ཡོད་པ་ལ། ཡཀྲ་དང་། ཏེ་སྦྱར་བས། ཨ་ནུ་བྷཱ་ཡ་ཏེ། ཞེས་གྲུབ་པ། བྷཱའི་བྱིངས་རང་ངོས་ནས་ལས་མེད་ཡིན་ནའང་། ཉེར་བསྒྱུར་དང་། བར་རྐྱེན་དང་རྐྱེན་དངོས་རྣམས་ཀྱི་ནུས་པས་རྣམས་ཀུན་ཏུ་ལས་དང་བཅས་པར་བཤད་པའི་ཕྱིར། ཉམས་སུ་མྱོང་བའི་ཡུལ་སུ་ཁ་ལ་སི་བྱིན་ནས་མ་ནིང་གི་རྟགས་མཐར་བསྒྲུབས་པ་དང་། གཉིས་པ་ལས་དང་བཅས་པའི་བྱིངས་ཀྱི་ལུང་རྒྱ་དཔེར། གཙླི་འགྲོ་བ་


JKT016_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྟི་དང་། ཉ་མའི་ཡི་གེ་དབྱི་བས། ག་ཏི། རྟོགས་པ། ཛྷཱ་ན་ལ་སི། ཛྷཱ་ན། ཤེས་པ། པྲི་སྐྱོང་བ་དང་རྫོགས་པ་ལ། ཨུཎ་སོགས་ལས་ཨིཏྲ། པཱ་རི། མཐོང་བ། དྷཱ་ན་སྒྲ། ཧིདྨ་འཚེ། བྷུ་ཛ་ཟ་བ་རྣམས་ལ་ཨ་ཙཱ་རྐྱེན། དྷཱ་ནཾ། ཐོས་པ། ཧི་སཾ། འཚེ་བ། བྷུ་ཛ། ཟ་བ། མི་ཤྲཱི་འགྲོགས་པ་ལ་ཨ་རུ་ཎ་བཞིན་དུ་ཨུ་ནན་རྐྱེན་དང་། མཐར་སི། མིཐུནཾ། འཁྲིག་པ། རྔུ་ཀྲྀཏྲ་བྱེད་པ་ལ་སྟི། ཀྲྀ་ཏི། བྱེད་པ། ཌཱ་ཀཱིཧྥ་རྫས་ཁ་ཚོང་བ་ལ་དབྱངས་ལས་ཨ་རྐྱེན། ཀྲ་ཡ། འཚོང་པ། གྲ་ཧ་ཉེ་བར་ལེན་པ་ལ་ཀ་རྐྱེན་དང་། སཾ་པྲ་ས་ར་ཎ་ས་ར་རཾ། གཾ་ཧ། འཛིན་པ། སྟེ་ན་བརྐུ་བ་ལ་ཡ་རྐྱེན་དང་། ཚིག་ཕྲད་ལས་ན་དབྱིབས་སྟེ་ཡ། རྐུ་བ། དཱ་ན། སྦྱིན་པ། པཱུ་ཛཱ། མཆོད་པ། ཀ་མུ་འདོད་པ་ལ་གྷརྦ། མཐར་སི། ཀཱ་མཾ། སྤྲོ་ཤ་རེག་པ་ལ་ཀ་རྐྱེན་དང་། སྤྲོ་ཤཾ། རེས་པ། །ནུ་དུད་པ་ལ་ཀཱི། ནུ་ཏི། དུད་པ། རྫུ་བསྟོད་པ་ལའང་རྐྱེན་དེ་ཉིད་སྦྱར་བས། སྟུ་ཏི། བསྟོད་པ། ཉྫའཁྱུད་པ་ལ་ཀ་རྐྱེན་དང་། ཀཱིཏཱ་ལཉྩ་མའི་ཡི་གེ་དབྱི་བས། ཥཱ་ཛ། ཆགས་པ། ཀྵམུ་བཟོད་པ་དང་། པུ་ཥ་རྒྱས་པ་ལ་རྟི་རྐྱེན། སྔ་མ་ལ་ཤ་མ་སོགས་རྣམས་ཀྱི་རིང་པོ་དང་། ཕྱི་མར་ཏཊ་རུ་བསྒྱུར་བ་སོགས་ཀྱིས། ཀྵནྟི། བཟོད་པ། པུཥཱི། གསོ་བ། སྒྱེར་སེམས་པར་བྱེད་པ་ལ་གྷཉྩ། དྷུ་བ། སེམས་པ། ཡ་མུ་ཉེ་བར་འགོག་པ་


JKT016_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཨཙཱ། ཡ་མ། འགོག་པ། ཨཱ་དི་ལ་ཚིག་སྡུད་ཀྱི་རྐྱེན་ཀ་དང་། མཐར་ཨམ། ཨཱ་དི་ཀཾ སོགས་སོ། །བ་ད་སྨྲ་བ་ལ་ཨ་ཙཱ་དང་། མཐར་ངསི། བ་དཱཏྲ། བརྗོད་པ། ཀརྨ་ཀ་ལ་ས་ཧ་ས་རུ་བསྒྱུར་བ་གོང་དུ་བཞག་མཐར་སི། ས་ཀརྨ་ཀཿ ལས་དང་བཅས་པ། ཚེ་ཡ ཤེས་བྱ། བ་ཛྲ་འཆད་པ་ལ། ཨཔ་དང་། ཏིཔ། ཨདྲ་སོགས་ལས་ཨཔྲ་འཇིག་པས། བཀྟི། སྨྲ་བ། སྲིད་སྲོག་གཏོང་བ་ལ་གྷའུ། མཱ་ར། གསོད་པ། ཨཱདི། སོགས། ཀརྨ ལས། ཡཏ་ལསི། ཡ གང་། དེ་དག་སོགས་སྦྲེལ་ཏེ་སྦྱར་བས། གཏི་ཛྙཱ་ན་པཱ་རི་དྷཱ་ནི་ཧཾ་ས་བྷོ་ཛ་མི་ཐུ་ནཾ། །ཀྲྀ་ཏི་ཀྲ་ཡ་སྲི་ཧ་སྟེ་ཡ་དཱ་ན་པཱུ་ཛཱ་ཀཱ་མཾ་སྤྱི་ཀཾ །ནུ་ཏི་སཱུ་ཏི་ཥ་ཛི་ཁཱནྟི་པུཊྚི་དྷུ་བ་ཡ་མཱ་དི་ཀཾ །བ་དཱཏྨ་ཀོརྨ་ཀ་ཛྷེ་ཡོ་བསྟི་མཱ་རཱ་དི་ཀརྨ་ཡ༔ ཅེས་གྲུབ་པ་བསྒྱུར་བས། རྟོག་པ་ཤེས་པ་མཐོང་ཐོས་འཚེ། །བཟའ་བ་དང་ནི་འཁྲིག་པ་དང་། །བྱེད་པ་འཚོང་བ་འཛིན་དང་བརྐུ། །སྦྱིན་པ་མཆོད་པ་འདོད་དང་རེག །གསོ་བ་སེམས་པ་འགྲོ་འགོགས་སོགས། །སྨྲ་བ་གསོད་པ་སོགས་ལས་གང་། །བརྗོད་པ་ལས་དང་བཅས་ཤེས་བྱ། །ཞེས་འབྱུང་བའི་དོན། འདི་ལྟར་བྱིངས་གང་ཞིག་རྟོག་པ་དང་། ཤེས་པ་དང་། མཐོང་བ་དང་། ཐོས་པ་ལ་སོགས་པའི་བྱ་བ་དང་ལྡན་ཅིང་། བྱ་བ་དེ་ཡི་ཡུལ་ལ་རྣམ་དབྱེ་གཉིས་པ་ལས་ཀྱི་རྣམ་དབྱེ་འཇུག་དགོས་པའི་ཕྱིར་བྱེད་པ་དང་


JKT016_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་སྟེ། དཔེར་ན། ཀླུ་ཀྲྀཏ་བྱེད་པར་ལཀྲ་དང་། ཏེ་སྦྱར་བས། ཀྲྀ་ཡཏེ། བྱེད་དོ། །ཞེས་གྲུབ་པ། བྱེད་པའི་བྱིངས་དང་ངོས་ནས་ལས་དང་བཅས་པ་ཡིན་པར་མ་ཟད། བདག་དོན་གྱི་ཚིག་ཏེ་དང་། ཡཀྲ་རྐྱེན་གྱིས་ཀྱང་ལས་བསྟན་པའི་ཕྱིར། ལས་དངོས་ཀ་ཊ་ལ་རྣམ་དབྱེ་དང་པོ་དང་། བྱེད་པ་པོའི་དོན་ཅན་མེད་པས་ཀཱ་རུ་ཀ་ལ་གསུམ་པའི་ཊ་སྦྱར་བས། ཀཊཀྲི་ཡ་ཏེ་ཀཱ་རུ་ཀེ་ཎ། །བཟོ་བོས་རེ་ལྡེ་བྱེད་དོ། །ཞེས་པ་ལྟ་བུ་དང་། རཱུ་པ་དྲི་ཧྥ་ཏེ་ཙཀླུ་སཱ། མིག་གིས་གཟུགས་ལ་ལྟ་བར་བྱེད་དོ། །ཞེས་པ། དྲི་ཤ་ལ་ཡཀྲ་དང་ཏེ་སྦྱར་བས་བྱིངས་རང་ངོས་དང་རྐྱེན་གྱི་ནུས་པས་ཀྱང་ལས་དང་བཅས་པར་གྱུར་པའི་ཕྱིར། ལས་དངོས་རཱུ་པ་ལ་གཉིས་པའི་ཡུལ་ལ་དང་པོ་དང་། བྱེད་པ་པོའི་དོན་སྟོན་པ་ཅན་མེད་པས་ཙཀྵ་ས་ལ་ཊཱ་སྦྱར་དགོས་པས་མཚོན་རྟོགས་པར་སླ་ཤིང་། དེ་ཡང་བྱིངས་ལས་དམིགས་བསལ་སྐུ་ཧ་རྣམ་པར་རྟོག་པ། མན་ཤེས་ལ། ལཀྵ་བལྟ་བ། ཐུཉ་ན་པ། ཧ་ན་འཚེ་བ། ཨ་ར་ཟབ། ཡུ་ཛིར་སྦྱོར་བ་ཡ་བྷ་འཁྲིག་པ། རྔུ་ཀྲིའྲ་བྱེད་པ། འུ་ཀྲིཏྲ་རྫས་འཚོང་བ། དྷིརྦ་འཛིན་པ། ཙུ་རུ་རྐུ་བ། ཌཱ་དཱན་སྦྱིན་པ། ལགེ་ཆགས་པ། ཀ་མུ་ཥ་བཟོད་པ། དྷ་ན་གསོ་བ། ཙིཏཱི་སེམས་པ། ག་མྱི་འགྲོ་བ། ལ་མུ་འགོག་པ། བ་ཙ་སྨྲ་བ། མྱིང་སྲོག་གཏོང་བ་ལྟ་བུས་མཚོན་དོན་ཚན་ཉེར་གཅིག་པོ་དེ་རྣམས་ཀྱི་དོན་དངོས་


JKT016_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྒྱུད་ནས་སྟོན་པ་དང་། སོགས་ཁོང་ནས་གཅོད་པ་དང་། ཕུག་པ་དང་། བཅིང་བ་དང་། འཇོམས་པ་སོགས་མདོར་ན་ལས་དང་བཅས་པའི་བྱིངས་ཀྱི་ཚོགས་ཐམས་ཅད་ལ་རྗེས་སུ་མཚོན་པར་བྱ་ཞིང་། གཞན་ཡང་། གང་ཞིག་ལས་ནི་རང་ཉིད་ཀྱིས། །རབ་ཏུ་སྒྲུབ་པ་བྱ་བ་ཅན། །རང་གི་ཡོན་ཏན་གྱིས་བདེ་བླག །བྱེད་གང་ལས་ཀྱི་བྱེད་པོར་ཤེས། །ཞེས་གསུངས་པ་ལྟར་ལས་དང་བཅས་པ་ཉིད་ལའང་། ལས་དངོས་རྐྱང་དང་། བྱེད་པོར་བཅས་པའི་ལས་ཏེ་རྣམ་པ་གཉིས་སུའང་དབྱེ་བར་བྱར་ཡོད་དེ། དང་པོ་ནི་སྨོས་མ་ཐག་པ་རྣམས་དང་། གཉིས་པ་ནི། དྲུ་ཡ་ཏེ་སྨིཾ་ཏཾ་སྭ་ཡ་མེ་བ། མར་རང་ཉིད་འཇུ་བར་བྱེད། ཅེས་དཔེར་བརྗོད་པའི་དོན། འདི་ལྟར་མར་བཞུ་བའི་ཚེ་ན་མེ་ལ་འཇོག་པ་སོགས་སྐྱེས་བུའི་རྩོལ་བ་ཅུང་ཟད་ལའང་ལྟོས་མོད་ཀྱི། གཙོ་བོར་རང་ཉིད་ཀྱི་ཡོན་ཏན་སྙི་བ་སོགས་ཀྱིས་འབད་པ་མི་དགོས་པར་ཞུ་བར་བྱེད་པས་ན། མར་རང་ཉིད་འཇུ་བར་བྱ་བའི་ལས་ཀྱང་ཡིན་ལ། བཞུ་བར་བྱེད་པའི་བྱེད་པ་པོའི་དོན་ཡང་ལེགས་པར་ཚང་པ་ལྟ་བུའོ། །གསུམ་པ་དངོས་པོའི་དོན་གྱི་ལུང་རྒྱ་དཔེར། སཏ་ལ་སི་བྱིན་པའི་སན་དང་། མཱད་ཚད་ལ་ཟན་བྱིན་བདག་སྦྱར་བས། སནཱ་ཏྭཾ། ཡོད་ཙམ། བྷཱ་ཡོད་པ་ལ་གྷཉ། བྷཱ་བ་དངོས་སོ། ལ་གི་འགྲོ་བའི་དོན་ལ་ཨཙཱ་རྐྱེན་དང་། ཨི་དིཏྲའི་མུ་ལ་སྦྱར་བའི་མཐར་སི། ལིངྒཾ།


JKT016_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་སམ་མཚན་མ། ཨས་ཡོད་པ། ཆོ་ག་འབྱུང་བའི་ཡཱཏྲ་དང་། ཨདྲ་སོགས་ལས་ཨ་པྲ་འཇིག །ནས་ཨས་དག་གི་ཨ་དབྱེ་བས། སྱཱཏ། འགྱུར་རོ། །སྤྲོ་ཤ་རེག་པ་ལ་ལྟ་དང་དགག་སྒྲ་སྔོན། མཐར་། ཨམ། ཨ་མྲིཏྟཾ། མ་རིག་པ་ལ། ཡཏྲ་ནི་གང་དང་། ཙ་ནི་རྐང་པ་ཁ་སྐོང་བའི་དོན་ཏེ་སྦྱར་བས། ཡཙྪ། རྔུ་ཀྲྀཏྲ་ལ་བུཊ། མཐར་རྟིས། ཀཱ་ར་ཀེ བྱེད་པ་ཅན་རྣམས་ཀྱིས། དྷ་ཏུ། བྱིངས། ཨཐཱཿ ཚུདོན། ཀེ་པྲ་འཁྱུད་པ་ལ། པྲྀ་ཥ་ལ་ལ་སོགས་པ་རྣམས་མོས་ཨ་ལ་རྐྱེན་དུ་སྦྱར་མཐར་སི། ཀེ་བ་ལཾ། འབའ་ཞིག་སྟེ་མཐའ་དག་གམ། ངེས་གཟུང་གི་དོན་ནོ། །ཤུདྷ་གཙང་བ་ལ་ལྟ་དང་། སི། ཤུདྡྷ་དག་པ། བྷ་བ། དངོས་སོ༔ ཨིཎྜ་འགྲོ་བ་ལསྟི། ཨི་ཏི། ཞེས་ཉེར་བསྒྱུར་ཨ་དྷི་སྔོན་མའི་ཨིདྲ་ཀློག་པ་ལ། ཡཀྲ་དང་། ཏེ་སྦྱར། མངོན་པའི་དོན་གྱིས་ཨ་བྷི་ཐོག་མར་སྦྱར་བས། ཨ་བྱཱ་དྷི་ཡ་ཏེ། མངོན་པར་བརྗོད་དོ། །དེ་ལྟར་གྲུབ་པའི་རྐང་པ་གོང་འོག་དང་སྦྲེལ་བས། སན་ཏྲ་བྷ་བ་ལིངྒ་སྙད་སྤྱི་དཾ་ཡཙྩ་ཀཱ་རཱ་ཀེ དྷ་ཏཱ་ཆ་ཀེ་བ་ལཾ་ཤུདྡྷོ་བྷ་བ་ཨི་ཏྱ་བྷ་དྷི་ལ་ཏེ། ཞེས་འབྱུང་བ་བསྒྱུར་བས། བྱེད་པ་ཅན་གྱིས་མ་རེག་གང་། །ཡོད་ཅེས་དངོས་པོའི་རྟགས་སུ་འགྱུར། །བྱིངས་དོན་དག་པ་འབའ་ཞིག་ནི། །དངོས་པོ་ཞེས་སུ་མངོན་པར་བརྗོད། །ཞེས་པའི་དོན་ལ་གཉིས་ཏེ། དེ་ཡང་རྐྱེན་གྱིས་བཅོས་ཟིན་པའི་དངོས་


JKT016_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྟགས་དང་། རང་བཞིན་གྱི་དངོས་པོའི་རྟགས་སུ་རྣམ་པར་བཤད་པའོ། །དང་པོ་ནི། འདི་ལྟར་རྣམ་དབྱེ་དྲུག་པ་འབྲེལ་སྒྲོ་བར་བའི་ལྷག་མ་དོན་དང་། ལས་དང་། བྱེད་པ་པོ་དང་། ཆེད་དུ་བྱ་བ་དང་། གནས་གཞི་སྟེ་བྱེད་ཅན་དྲུག་པོ་གང་ཡང་མ་སྦྱར་བས་དེ་དག་གི་དོན་ཅན་མ་ཡིན་པ་སྟེ། དཔེར་ན། ཤིང་ཉལ་བ་ལ་ཡཀྲ་དང་། ཏེ་སྦྱར་བས། ཤེ་ཡ་ཏེ། སོགས་སུ་གྲུབ་ཟིན་ཀྱང་། ཉལ་བ་ཞེས་ཤེས་བྱ་ལ་ཡོད་ངེས་པའི་དངོས་པོ་ཙམ་ཞིག་ལས། གཞན་པའི་གང་ལ་ཉལ་བར་བྱ་བ་དང་། གང་གིས་ཀྱང་ཉལ་བར་བྱེད་པ་སོགས་བྱ་བྱེད་ཀྱི་ལྡོག་ཆ་གང་ཡང་མི་སྟོན་པ་ནི་སྐབས་འདིར་དངོས་པོའི་རྟགས་ཞེས་བྱ་ལ། དེ་ལ་རྐྱེན་གྱི་དབང་དུ་བྱས་ན་བདག་དོན་གྱི་ཚིག་ཏེ་སོགས་དང་། དེ་ཡང་ལས་མེད་པ་ལ་སྦྱར་ན་དངོས་པོ་ཁོ་ན་དང་། གཞན་བྱིངས་ལས་བཅས་རྣམས་ལ་སྦྱར་ན་དངོས་པོ་དང་ལས་ཏེ་བྱ་བའི་དོན་ཅན་དུ་འགྱུར། ཞེས་པའོ། །གཉིས་པ་ནི། ཡང་བྱིངས་གང་ཞིག་བྷ་ཡོད་པ་ལྟ་བུ་ལ་རྐྱེན་གང་ཡང་མ་སྦྱར་བའི་སྐབས་སུ། ཡོད་པ་ཞེས་བྱིངས་རང་གི་དོན་ཁོ་ན་ཉིད་ལས་གཞན་པའི་བྱ་བྱེད་ལས་གསུམ་གྱི་ལྡོག་ཆ་དངོས་སུ་མི་སྟོན་ཅིང་། གང་ལ་བྱ་བ་འབྱུང་བའི་གཞི་ཙམ་དུ་གནས་པ་ལ་ཡང་དངོས་པོ་ཞེས་སུ་མངོན་པར་བརྗོད་དེ། ཀ་ལཱ་པར། བྱ་བ་རྟོགས་བྱེད་ནི་བྱིངས་སོ། །ཞེས་པ་ལྟར་རོ། །


JKT016_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱེད་པ་གསུམ་པས་ལྐོག་གྱུར། བཞི་པས་སྨོན་པ། ལྔ་པས་ནང་པར། དྲུག་པས་འབྱུང་འགྱུར། བདུན་པས་བྱ་བ་ཤོར་བ། བརྒྱད་པས་བྱུང་བ་རྣམས་དང་། དགུ་བས་དེ་རྣམས་ལ་དངོས་པོ་ལས་རྐྱེན་ཇི་ལྟར་སྦྱོར་ཚུལ་གྱི་ཁྱད་པར་རྣམས་སྟོན་ལ། བཅུ་པས་ཕུལ་དུ་བྱུང་བ་ལ་ཡང་སོགས་བར་རྐྱེན་རྣམས་འཇུག་པའི་ཚུལ་དང་། བྱིངས་བསྒྱུར་བའི་སྒྲུབ་ཚུལ་གྱི་ཁྱད་པར་དང་། བྱིངས་དང་ཉེར་བསྒྱུར་སྦྱོར་བའི་འཇུག་པ་སོགས་ཐུན་མོང་དུ་མཁོ་བ་སྣ་ཚོགས་པ་སྟེ་སྡེ་ཚན་གསུམ་དུ་གནས་པ་ལས། དེ་རྣམས་ཀྱི་གཞུང་དོན་ཙམ་ནི་འགྲེལ་པ་རྣམས་སུ་སྨོས་ཟིན་པའི་ཕྱིར་དང་། མཐའ་དཔྱོད་རྒྱས་པར་ནི་འདིར་ཉུང་ངུའི་ངག་གིས་འདོམས་སླ་བ་མ་ཡིན་ཅིང་། འཕྲོས་དོན་ཐོར་བུ་རེ་གཉིས་མཆིས་སྲིད་ཀྱང་རེ་ཞིག་ཡི་གེའི་འཇིགས་པས་མ་བྲིས་སོ། །ཡང་བྱིངས་ལ་ཀུན་བཤད་སོགས་ཀྱི་རྐྱེན་སྦྱོར་བའི་ཚེ་བར་རྐྱེན་ཨིཊ་འཇུག་མིན་གྱི་དམིགས་བསལ་བརྡ་སྤྲོད་པ་ཀ་ལཱ་པ་ལྟར་ཅུང་ཟད་འབྲི་ན། སྤྱིར་བཏང་དུ་བྱིངས་ཐམས་ཅད་པ་མ་ཡིན་པའི་བྱིངས་ཕྱེད་དྲུག་གི་རྐྱེན་ལས་ཡ་ཡིག་མ་གཏོགས་པའི་གསལ་བྱེད་ཐོག་མ་ཅན་རྣམས་ལ་ཨིཊ་སྦྱིན་པར་འགྱུར་གྱི། དབྱངས་དང་པོ་ཅན་ལ་མི་འཇུག བྱེ་བྲག་ཏུ། དྷུའྲ་བསྟོད་པ་དང་། ཀྲ་མུ་རྐང་པར་སྐྱོད་པ་དག་ལ་པར་སྨེ་བཱ་ད་རྣམས་ལ་འཇུག་ཅིང་། ཨཱཏྨ་ནི་ལ་མི་འཇུག །དེ་བཞིན་དུ་ཨདྲ་


JKT016_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་ནང་ཚན། རུ་དིར་སོགས་ལྔ་པོ་རྣམས་ལ་ཡ་ཡིག་མ་གཏོགས་པའི་བྱིངས་ཐམས་ཅད་པའི་རྐྱེན་གསལ་བྱེད་ཐོག་མ་ཅན་རྣམས་ལ་འཇུག །ཨཱི་ཤ་དབང་ཕྱུག །ཨཱི་ཌ་བསྟོད་པ། ཛ་ན་སྐྱེ་བ་རྣམས་ལ་བྱིངས་ཐམས་ཅད་པའི་རྐྱེན་ལས་ས་དང་དྷ་ཡིག་དང་པོ་ཅན་རྣམས་ལ་འཇུག གཙླི་འགྲོ་བ་ལའང་བྱིངས་ཐམས་ཅད་པ་མིན་པའི་རྐྱེན་ས་ཡིག་དང་པོ་ཅན་རྣམས་ལ་ཨིཊ་འགྱུར། ཧ་ན་འཚེ་བ། རཾ་འགྲོ་བ་ལྟ་བུའི་ཐུང་མཐའ་ཅན་གྱི་བྱིངས་རྣམས་ལ་སྱའི་རྐྱེན་ཕ་རོལ་ལ་ཨིཊ་འགྱུར། ཨཱཉྩགསལ་བ་ལ་ཨ་བྱ་ཏ་ནཱིའི་བར་རྐྱེན་སི་ཕ་རོལ་ལ་ཨིཊ་འགྱུར། བྷུཉྫ་བསྟོད། ཞུ་སྐྱེ། དྷཱཧྲ་གཡོ་བ་རྣམས་ལའང་སི་དང་བཅས་པའི་བར་སྣེ་རྣམས་ལ་འཇུག །ཡ་མུ་འགོག་པ། ར་མུ་རྩེ། ཎ་མ་འདུད་པ་རྣམས་དང་། ཨུ་རིང་མཐའ་ཅན་གྱི་བྱིངས་རྣམས་ལས་དང་བཅས་པའི་བར་སྨེ་ཕ་རོལ་ལཾ་འགྱུར། སྨྲེང་འཛུམ་པ། པཱང་དག་བྱེད། རི་འགྲོ་བ། ཨཉྫགསལ་བ། ཨ་ཤ་ཁྱབ་པ། ཁྲི་གཡེང་བ། གྲི་བརྗོད་པ། དྲོདྲ་མ་གུས་པ། $དྲ་འཇིགས་པ། པྲཙཱ་ཤེས་པར་འདོད་པ་རྣམས་ལ་བདག་ཉིད་འདོད་པའི་རྐྱེན་ཕ་རོལ་ཏུ་བྱུང་ཚེ་ཨིཊ་འགྱུར། གྲ་ཧ་ཉེ་བར་ལེན་པ་ལ་པ་རོཉཞྭ་མ་གཏོགས་པའི་བྱིངས་བྱེད་གཞན་དྲ་པོ་སྦྱོར་བའི་ཚེ་ཨིཊ་རིང་པོར་འགྱུར་ཏེ། དེ་དག་ནི་ཨིཊ་འགྱུར་ཚུལ་གྱི་དམིགས་བསལ་ལོ། །བྱིངས་རང་ངོས་ནས་


JKT016_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་ཊ་མི་འཇུག་པ་ནི། ཐོག་མར་དབྱངས་མཐའ་ཅན་ལས། འུ་དརྦ་ལྟ་བུ་ཨཱཏ་མཐའ་ཅན་སྤྱི་དང་། ཊུ་ཨོ་ཤི་འགྲོ་བ། ཤིནྱ་བསྟེན་པ། ཊཱིང་ནམ་མཁར་འགྲོ་བ། ཤིང་ཉལ་བའི་བྱིངས་རྣམས་མ་ཡིན་པའི་ཨི་མཐའ་ཅན་རྣམས་དང་། ཡུ་སྤེལ། རུ་སྒྲ། ཆུ་བསྟོད་པ། ཀླུ་འཛག་པ། ཊུ་ཀླུ་སྒྲ། ཟླ་རྣམ་པ་རྣམས་མ་གཏོགས་པའི་ཨུ་ཡིག་མཐའ་ཅན་སྲིང་ཡང་དག་པར་གུས་པ་དང་། ཧྲེན་ཞུ་བའམ་འདོམ་པ་མ་གཏོགས་པའི་རི་མཐའ་སྟེ། འདི་རྣམས་ལ་ཨིཊ་མི་འཇུག་ཅིང་། དེ་བཞིན་དུ་གསལ་བྱེད་མཐའ་ཅན་ལ། ཤཀྲ་རྣམ་པར་བཤད་པ་དང་། ཤ་གློ་ནུས་པ་སྟེ་ཀ་མཐའ་གཉིས། ཌུ་པ་ཙཥ་འཚེད་པ། པཛྲ་སྨྲ་བ། ཙ་འཛག་པ། རི་ཙིར་སྤོང་བ། མུཙྪི་གྲོལ་བ་སྟེ་ཚིགས་མཐའ་ལྔ། པྲཙྪ་ཤེས་པར་འདོད་པ་སྟེ་ཚ་མཐའ་གཅིག །ཡུ་ཛིར་སྦྱོར། རུ་ཛོ་འཇོམས། རུཉྫཚོས། བྷུ་ཛ་ཟ། བྷ་ཛ་བསྟེན། བྷཉྫཉིད། ཥཉྫཆགས། ཏཱ་ཛཱ་འདོར། བྷ་སྒྲ་འཚེད། ཡ་ཛ་ལྷ་མཆོད་པ། ཌཱ་མ་ྗདག་བྱེད། པྲ་ཛ་གཏོང་། ནི་ཛི་རུ་དག །བི་ཛི་ར་ཐ་དང་པ། ཋཉྫཡོངས་སུ་འཁྱུད་པ་སྟེ་ཛ་མཐའ་བཅོ་ལྔ། ཨད་ཟ། ཏུད་གཟིར། རྒྱུད་དེང་། ཀླུ་དིར་ཕྲ་མོར་བྱེད། སྐྱིད་ལུས་ཀྱི་རྣམ་འགྱུར། བིད་ཡོད། བི་དྲི་ཐོབ། བིད་རྣམ་པར་དཔྱོད། ཙྪི་དེར་གཉིས་སུ་བྱེད། བྷི་དཱིར་འཇོམས། ཧ་ད་གཤང་བ་འདོར། ཤདྲི་འཇོམས། པདྲི་འཇིག །པ་ད་


JKT016_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ། སྐནི་ཪ་སྐེམས། ཁི་དྲི་སྐྱོང་བ་སྟེ་ད་མཐའ་བཅུ་དྲུག །རྱ་བྷ་ཡང་པར་སྒྲུབ་པ། རུ་དྷི་རཱ་འགོག །ཀྲུ་དྷ་ཁྱོ། ཀླུ་དྷ་བཀྲེས། བན་འཆིང་། ཤུདྷ་གཙང་། ཎི་དྷུ་ཡང་དག་པར་གྲུབ། བུདྡྷ་ཁོང་དུ་ཆུད། ཡུ་དྷ་གཡུལ། བྱ་དྷ་བསྣུན། སཱདྷ་ཡང་དག་པར་སྒྲུབ་པ་སྟེ་དྷ་མཐའ་བཅུ་གཅིག །ཉན་འཚེ་བ། མན་ཤེས་པ་སྟེ་ན་མཐའ་གཉིས། ཨཱམྲྀ་ཁྱབ་པ། ཏ་པ་གདུད་པ། ཏི་བློ་ཟག་པ། ཉི་ཥཱ་བ་ཉལ། ཊུ་བ་པས་བོན་འདེབས། ཤབ་སྨོད། ཚུ་པ་རེག །ཀྱི་པ་གཏོང་། ལིབ་ཉེ་བར་བྱུག །ལུ་བློ་གཅོད། གྲོགས་བློ་འགྲོ་བ་སྟེ་པ་མཐའ་བཅུ་གཅིག །ཡ་བྷ་འགྲིག །ར་བྷ་རྩོམ། ཏུ་ལ་བྷཥ་ཐོབ་པ་སྟེ་བྷ་མཐའ་གསུམ། ཡ་མུ་འགོག །ར་སུ་རྩེ། ཎ་མ་འདུད། གཙླི་འགྲོ་བ་སྟེ་མ་མཐའ་བཞི། རི་ཤ་དང་། རུ་ཤ་འཚེ། གྲུ་ཤ་འབོད། བི་ཤ་འཇུག །ལི་ཤ་ཆུང་། དི་ཤ་ཕྱིར་གཏོང་། དྲི་ཤིར་བལྟ། སྤྱི་ཤ་རེག །མི་ཤ་ཀུན་ནས་བཟོད། དན་གཅོད་པ་སྟེ་ཤ་མཐའ་བཅུ། ཏི་ཥ་གསལ། པུ་ཥ་རྒྱས། ཀྲྀཥ་བཀོ། ཤྲཱི་ཥ་འཁྱུད། དྭི་ཥ་མི་མཛའ་བ། བིཊྚཾ་ཕྲ་མོར་བྱེད། བིཤྲཱི་ཁྱབ། ཤིཀྵི་འཇིགས། ཤུ་ཥ་སྐེམས། ཏུ་ཥ་དགའ། དུ་ཥ་རྣམ་འགྱུར་ཏེ་ཥ་མཐའ་བཅུ་གཅིག །བས་གནས་པ། གྷ་སླ་ཟ་བ་སྟེས་མཐའ་གཉིས། ད་ཧ་ཐལ་བར་བྱེད། དི་ཧ་ཉེ་བར་གསོག དུ་ཧ་རབ་ཏུ་འཇོ། རུ་ཧ་རབ་ཏུ་སྐྱེ། ལི་ཧ་རོ་མྱོང་།


JKT016_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཧ་འཁྲུད། ཎ་ཧ་འཆིང་། པ་ཧ་ཐོབ་པ་སྟེ་ཧ་མཐའ་བརྒྱད་པོ་སྟེ་དེ་རྣམས་ལ་རྣམ་པ་ཀུན་ཏུ་ཨིཊ་མི་འཇུག་ཅིང་། དེ་ལས་གཞན་པའི་ཀྲ་ཚྭ་ཚྭ་ཛ་དྲ་དྨ་ན་པྲ་བྷ་མ་ཤ་ཥ་ས་ཧྲའི་མཐའ་ཅན་རྣམས་ལ་ཨིཊུ་འཇུག་པར་བཤད་པ་དང་། གཞན་ཡང་། གྲ་ཧ་ཉེ་བར་ལེན་པ་དང་། ཀུ་ཧུ་ཀུན་ནས་སྒྲིབ་པ་དག་ལ། བདག་གི་འདོད་པའི་ས་ཕ་རོལ་ལ་ཨིཊ་མི་འགྱུར་བ་དང་། དེ་བཞིན་དུ་ཨུ་ཡིག་རིང་ཐུང་གི་མཐའ་ལ་ཚུ འངས་ཕ་རོལ་ལ་ཨིཊ་མི་འགྱུར་ཞིང་། ཨི་ཡིག་རིང་ཐུང་གི་མཐའ་དང་། རི་དྨ་འཕེལ། བྷསྔ་འཆོད་པ། དནྟུ་ཚུལ་འཆོས། ཀྲྀཏ་བསྟེན། ཡུ་སྤེལ། ཨུཎྞའུ་འགེབས། ཊུ་བྷརྦ་འཛིན། ཛཱ་ཤེས། ཥ་ཆུ་སྦྱིན། ཏ་ནུ་རྒྱས། པ་འགྲོ། ད་ར་དྭ་དབུལ་བ་རྣམས་ལས་ས་ཕ་རོལ་ལ་ཨིཊ་ཡང་ན་འཇུག །ཡང་ན་མི་འགྱུར་བའི་ཕྱིར་གདམ་ང་ཅན་དུ་བཤད་དོ། །བྷུ་ཡོད་པ་ལ་བར་དུ་སི་བྱིན་པ་བྱིངས་ཐམས་ཅད་མ་ཡིན་པའི་ཕ་རོལ་ལ་འཇིག་པར་གྱུར་ཚེ་ནི་ཨིཊ་མི་འགྱུར། སྲི་འགྲོ། ཌཱ་བྷིརྦ་འཛིན། བྲིང་གུས། བྲིའྲ་སྒྲིབ། ཧུ་བསྟོད། དྲུ་འགྲོ། ཤུ་རྟོགས། སྲུ་འགྲོ་བ་རྣམས་ལ་པ་རོ་ཀླུའི་རྐྱེན་ཕ་རོལ་ལ་ཨིཊ་མི་འགྱུར་བར་བཤད་དོ། །སྤྱི་དོན་བཞི་པ་བྱིངས་ལས་མིང་དུ་བསྒྲུབ་པ་ཀྲྀ་ཏ་ད་བྱེད་པ་པོའི་རྐྱེན་རྣམས་འཆད་པ་སྟེ། དེ་ཡང་འདི་ལྟར་ཏྲེ་ལ་སོགས་པ་རྣམས་གཙོ་བོར་བྱེད་པ་པོའི་རྐྱེན་རྣམས་འཆད་པ་སྟེ། དེ་ཡང་འདི་ལྟར་


JKT016_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ་ལ་སོགས་པ་རྣམས་གཙོ་བོར་བྱེད་པ་པོའི་དོན་ལ་འཇུག་མོད་ཀྱི། འོན་ཀྱང་ཏ་བྱ་སོགས་བྱ་བའི་རྐྱེན་ཡང་དུ་མ་ཞིག་ཡོད་པའི་ཕྱིར། ཙནྡྲ་པར། སྤྱིར་བཏང་བའི་མདོ། མང་པོའོ། །ཞེས་གསུངས་པ་ལྟར། གཞུང་ལས་འཆད་འགྱུར་གྱི་འཇུག་ཡུལ་དངོས་བསྟན་དེར་འཇུག་པར་མ་ཟད། སྐབས་ལ་ལར་བྱ་བྱེད་གོ་ལྡོག་ཏུ་འཇུག་པ་སོགས་དོན་གཞན་ལ་འཇུག་པ་དང་། ལ་ལར་བཤད་པའི་ཡུལ་དེར་མི་འཇུག་པ་དང་། ལ་ལར་འདེམ་ཀ་ཅན་དུ་འཇུག་པ་སོགས་རྣམ་པ་མང་པོའི་དོན་ཡིན་པས་ན། མདོའི་ཚིག་འབྲུ་རེ་རེ་ལ་དོན་དུ་གཉེར་ནས་མཐའ་གཅིག་ཏུ་ངེས་གཟུང་བྱར་མེད་དོ། །དེ་ལ་སྤྱིར་བཏང་ཤེས་དགོས་པ་ཡང་། རྐྱེན་གང་ཞིག་ཎིཏུ་རྗེས་སུ་འབྲེལ་པ་ཅན་རྣམས་ལ་ནི། རྫི་ཞྭ་དང་པོའི་དབྱངས་ཀྱི་འཕེལ་བའོ། །ཞེས་པས་གནས་མཐུན་པ་རྣམས་སུ་འཕེལ་བར་འགྱུར་ཏེ། དེ་ཡང་། ཨ་ཡིག་གིས་ཨཱ་དང་། ཨི་ཡིག་རིང་ཐུང་གིས་ཨེ་དང་། ཨུ་ཡིག་རིང་ཐུང་ཨོ། རི་ཡིག་རིང་ཐུང་གིས་ཨཱར་དུ་འགྱུར་རོ། །དེ་ལས་གཞན་པ་ཡུཊ་སོགས་ཕལ་ཆེར་ཞིག་ལ། ཡོན་ཏན་ནོ། །ཞེས་པས་ཕན་ཚུན་མཚུངས་པ་ཉིད་ལས་ཡོན་ཏན་དུ་བསྒྱུར་ཏེ། ཨི་ཨེ། ཨུ་ཨོ། རྀ་ཨར་རྣམས་སུའོ། །རྐྱེན་གང་ཞིག་ཀྲ་ང་འགྲོ་བ་ཅན་རྣམས་ལ་ནི་ཡོན་ཏན་དང་འཕེལ་བ་སོགས་སུ་མི་འགྱུར་བ་དང་། ཡ་ཛ་སོགས་ཀྱིས་སཾ་གྲས་རཎ་བྱ་དགོས་པ་དང་། །


JKT016_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཉམའི་ཡི་གེ་དབྱི་བས་འགྱུར་བ་སོགས་ཀྱི་དོན་ནི། །ཌ་རྗེས་སུ་འབྲེལ་བ་ལ། ཌི་ཏ་ལ་ཊི་དབྱིའོ། །ཞེས་པས་མཐའི་དབྱངས་གསལ་དག་དབྱི་བ་དང་། བི་རྗེས་སུ་འབྲེལ་བ་ནི། བིའོ་ཞེས་པས་རྐྱེན་དབྱི་བར་འགྱུར་བ་དང་། པྲ་རྗེས་སུ་འབྲེལ་པ་ཅན་རྣམས་ལ་ནི། ཐུང་ངུའི་པིཏྲ་ལ་ཀྲིཏཱ་ལས་ཏུ་ཀྲའོ། །ཞེས་པས་བྱིངས་དབྱངས་མཐའ་ཅན་ཐུང་ངུ་རྣམས་ལ་ཏུ་ཀྲ་ཨཱ་ག་མ་འགྱུར། ཤ་འགྲོ་བ་ཅན་ཤ་ཏྲ་སོགས་པ་ནི། བྱིངས་ཐམས་ཅད་པ་བཞིན་དུ་རྗེས་སུ་འཇུག་པས། དམིགས་བསལ་མ་གཏོགས་བྱེད་པ་པོ་ལ་ཨཔྲ་སོགས་དང་། དངོས་པོ་རང་ལས་ཡཀྲའི་བར་རྐྱེན་འཇུག་པ་སོགས་སོ།། །གྷ་རྗེས་སུ་འབྲེལ་པ། གྷའུ་དང་། ཧྥརྔ་སོགས་ལས་ནི། གྷི་ཏྲ་ལ་ཙ་ཛ་དག་གི་ཀུ་འོས་བྱིངས་མཐའི་རྩྭ་ཛྲ་དག་ཀ་དང་ག་རུ་འགྱུར་བ་སོགས་ནི་སྐབས་ཐམས་ཅད་དུ་ཤེས་པར་བྱ་ཞིང་། དམིགས་གསལ་སོ་སོའི་ཐད་དུའང་འཆད་པར་འགྱུར་བའི་ཕྱིར་བསྐྱར་ནས་མ་བྲིས་ལ། སྦྱོར་ཡང་། ལྷག་མ་འཇིག་རྟེན་ལས་གྲུབ་པོ། །ཞེས་པ་རྗེས་སུ་འཇུག་པས་ཡོངས་གྲགས་ཕལ་ཆེར་གཞུང་ཉུང་བའི་དབང་དུ་བྱས་ཏེ་ཤུགས་བསྟན་དུ་མཛད་པའི་ཕྱིར། བུད་མེད་ཀྱི་རྟགས་སུ་བསྒྲུབ་པ་དང་། དེ་ཕན་གྱི་རྐྱེན་མཐའ་སོགས་ཀྱང་ས་བོན་ཙམ་ལས་མེད་ཅིང་། དེ་བཞིན་དུ་ཀྲྀཏུའི་རྐྱེན་རྣམས་ཀྱང་རགས་པ་ཤིག་ལས་མི་སྣང་བས་ན། ཐོག་མར་གཞུང་ཉུང་ངུ་འདིས་


JKT016_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་ཀྱི་སྒོ་འཕར་ཕྱེ་སྟེ་རིམ་གྱིས་བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་པཱ་ཎི་ནི་དང་། ཙནྡྲ་པ་དང་། རྒྱུད་ཐུང་གི་མདོ་སོགས་ལས་རྒྱས་པར་རྟོགས་པའི་འོས་ཡིན་ལ། ལྷག་པར་གཞུང་གི་ཡན་ལག་ཏུ་གྱུར་པ་དང་། བྱིངས་དང་། སི་སོགས་དང་། ཏི་སོགས་དང་། ཨུཎ་སོགས་ཀྱི་མཐའ་དཔྱོད་རྣམས་ནི། འཕགས་པའི་ཡུལ་དུ་སྒྲ་མདོ་སོ་སོར་མ་འདྲེས་པར་ཡོད་ནའང་། གངས་ཅན་གྱི་ལྗོངས་འདིར་མཚོ་ལྡན་མའི་བརྡ་སྤྲོད་པའི་གཞུང་ལ་རྩ་འགྲེལ་གཉིས་ཙམ་ལས་མ་འགྱུར་བའི་སྟོབས་ཀྱིས། ཀ་ལཱ་པའི་བྱིངས་མདོ་རྩ་འགྲེལ་དང་། ཙནྡྲ་པའི་སུཔ་མཐའ་དང་། ཀ་ཙཱ་ན་གང་རིགས་ཀྱི་ཨུཎ་སོགས་རྣམས་ཀྱང་ཞར་བྱུང་དུ་ཁོང་དུ་ཆུད་པར་བྱ་བ་ཤིན་ཏུ་གཅེས་པ་ཉིད་དོ། །གསུམ་པ་མཇུག་གི་དོན་ལ། རྒྱ་འགྲེལ་གྱི་གཤམ་དུ་སྦྱར་བྱང་གིས་མཇུག་བསྡུ་བ་དང་། ཤིས་པ་བརྗོད་པས་མཐའ་བརྒྱན་པའི་བློ་ཀ་གཉིས་འབྱུང་བའི་མིང་ཚིག་གི་སྒྲུབ་ཚུལ་དོན་དང་བཅས་པ་ཅུང་ཟད་བཤད་ན། དང་པོ་ནི། སྲ་སྔོན་མའི་རཱུ་པ་གཟུགས་ཀྱི་བྱ་བ་ལ། ཉི་དང་ཀ་རྐྱེན། ཨིཊ་མ་ཡིན་པ་ལའོས་ཉི་དབྱི་བའམ། ཡང་ན། རུ་པ་རྣམ་པར་རྨོངས་པ་ལ་ཨཙཱ་རྐྱེན་དུ་སྦྱར་ནས། གཞན་རྣམས་ཀྱིའང་ངོ་ཞེས་པས་ཨུ་རིང་བས། སྭ་རཱུ་པ། ཁྲུལ་སྟེ། བི་ཤྭ་ལས། རཱུ་པཾ་རྣམ་པར་མཛེས་རང་བཞིན། །ཚིགས་སུ་བཅད་དང་ནཱ་ར་ཀ །གར་མཁན་


JKT016_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་རི་དྭགས་མདུད། །སྤྱོད་དང་ཕྱུགས་དང་སྨྲ་བ་ལ། །ཞེས་དོན་མང་པོ་ཅན་གྱི་སྡེ་ཚན་དུ་བཀླགས་པ་ལས། སྐབས་འདིར་སྲ་སྔོན་མའི་རཱུ་པ་ནི་རང་བཞིན་ནོ། །ཨན། མཐའ། ཉེར་བསྒྱུར་ཨ་ནུ་སྔོན་མའི་བྷ་ཡོད་པ་ལ་ཀི་སྦྱར་བས། ཨ་ནུ་བྷ་ཏི། རྗེས་སུ་འབྱོར་པའོ། །ཨཱ་དི་ལ་སི། ཨཱ་དི ཐོག་མ། ཤསྔ་སྒྲ་ལ་སི། ཤཔཿ སྒྲ། བྷ་ཡོད་པ་ལ། བྱུང་བ་ལ་སི་འོས་བར་རྐྱེན་སི་དང་། དེ་རིང་མ་ཡིན་པའི་གཞན་དོན་གྱི་སྐྱེས་བུ་དང་པོའི་གཅིག་ཚིག་དིཔྲ་བྱིན། དིཔ་སོགས་ལ་ཨ་ཊའོས། ཨཊ་སྔོན། ཊུ་རྗེས་འབྲེལ་ཕྱིས། དྭ་སོགས་ཀྱི་པོ་ལའོས་སི་འཇིག །དཱི་པའི་པ་རྗེས་འབྲེལ་དང་། ཨི་ཡིག་བརྗོད་དོན་དབྱི་བས། ཨ་བྷ་དྲ། བྱུང་བ། ཡད་ལ་བདུན་པའི་དོན་དུ་ཏུ་བྱིན་པས། ཡཏྲ། གང་དུ། རྀ་འགྲོ་བ་ལ་ཐན་སྦྱར་བའི་ཨརྦ་དང་། ཥ་ཧ་བཟོད་པ་ལ་ཨ་ཙཱ་སྦྱར་བའི་ས་ཧ་དག་ལ་རྣམ་དབྱེ་དང་ཉེ་ཚིག་བཅས་པ་སྦྱར་བས། ཡ་སྱརྦ་ཙ་ས་ཧ་སཿ གང་གི་དོན་བཅས་བདེ། ཞེས་པ་ལ། དང་གི་དོན་གྱི་ཙ་ཡིག་བསྡུས་ཤིང་ཕྲད་རྣམས་ཀྱང་དབྱི་བས། ས་ཧ་ལ་སོགས་པའི་ས་ལ་སོགས་པའོ། །ཞེས་པས་ས་ཧའི་ས་རུ་བསྒྱུར་ནས་གོང་དུ་བཞག །ཊ་ཨ་ཌ་ཀ་རྣམས་སོ། །ཞེས་པས་མཐར་ཚིག་སྡུད་ཀྱི་རྐྱེན་ཀ་དང་སི་བྱིན་པས། སཱརྦ་ཀཿ དོན་བཅས། མཱང་ཚད་ལ་ཕི་ཙ་ཕྱིས་པའི་དགག་ཚིག་གི་མཱ་སྔོན། འུ་ཀྲིཉྩ་བྱེད་


JKT016_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། ངང་ཚུལ་གྱི་དོན་ལ་ཎི་ནི་རྐྱེན་དང་། ཚིག་ཕྲད་ལས་འཕེལ་བ་མི་འཇུག་པའི་ཕྱིར་དྲངས་པས། མཱ་ག་རིན། དེ་ལ། པཱ་ར་སྐ་ར་ལ་སོགས་པ་མིང་ལ་འོས་དགག་ཚིག་གི་མཐར་སུཊ་ཨཱ་གམ་སྦྱར་ནས་ཐུང་ཞིང་། མཐར་སི་དང་། ས་མཱ་ནའི་ས་རུ་བསྒྱུར་བ་སྔོན་དུ་བཞག་པས། ས་མསྐ་རཱི། ཞེས་གྲུབ་སྟེ། འདི་ལྟར་དགེ་བ་དང་མི་དགེ་བའི་ལས་འཆིང་པའི་བདག་ཉིད་ཅན་རྣམས་མ་བྱེད་ཅིག་ཅེས། མི་བྱེད་པའི་ངང་ཚུལ་དང་བཅས་པ་དང་ལྡན་པའི་ཕྱིར། བྲམ་ཟེའི་དགེ་སློང་ཚངས་སྤྱོད་ཀྱི་བརྟུལ་ཞུགས་ལ་གནས་པ་རྣམས་ཀྱི་མིང་སྟེ། རྒྱུ་མཚན་དེས་ན་དབྱུ་གུ་ཅན་ཞེས་པ་ནི་དོན་འགྱུར་ཡིན་ནོ། །ཤུ་བྷ་འབར་བ་ལ་ཀ་རྐྱེན་དང་། མཐར་ཤས། ཤུབྷཾ། དགེ་བར། རྔུ་ཀྲྀཞུ་བྱེད་པ། ལྐོག་གྱུར་གྱི་ཨཏྨ་ནེའི་སྐྱེས་བུ་དང་པོའི་གཅིག་ཚིག་ཨེ་དང་། བྱིངས་གཉིས་བརྗོད་པའི་སྔ་མའི་རི་ཨ། ཀུ་ཧ་དག་གི་ཙུའོས་ཀ་ཙ། ཕྱི་མའི་སྲོག་གི་རི་ཕྲལ་ནས་རྐྱེན་དང་མཚམས་སྦྱར་བས། ཙཀྲེ། བྱས་སོ། །པྲ་ཀྲི་ཡཱ། རབ་བྱེད་དེ་སྔར་བསྒྲུབས་ཟིན་པ་ལྟར་རོ། །ཙ་ཏུ་ནི་བི་ཤྭ་ལས། ཙ་ནི་རྒྱུ་མཚན་ངེས་གཟུང་དང་། །རྐང་པ་ཁ་སྐོང་ཕྱོགས་ཕྱི་མ། །ཀུན་ལས་བཏུས་དང་ཞར་བྱུང་སྡུད། །ཅེས་དང་། ཏུ་ནི་རྐང་པ་ཁ་སྐོང་དང་། །དབྱེ་བ་དམིགས་འཛིན་ཀུན་ལས་བཏུས། །ཞེས་བཤད་པ་ལས། སྐབས་འདིར། ཙ་ནི་ཞིང་ཞེས་སྡུད་


JKT016_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིག་དང་། ཏུ་ནི་རྐང་པ་ཁ་སྐོང་བའོ། །རུ་ཙཱ་འབར་བ་ལ། ཨི་ཊ་དང་བཅས་ལྟའི་ཡང་ནའོ། །ཞེས་པས་ཨིཊ་སྔོན་མའི་ལྟོ་སྦྱར། བར་རྐྱེན་ལས་ཡོན་ཏན་དང་། མཐའ་ཤས་སྦྱར་བས། རོ་ཙི་ཧཱུཾ། གསལ་བར། དེ་ལྟར་གྲུབ་པའི་རྐང་པ་གོང་འོག་དག་མཚམས་སྦྱོར་གྱིས་སྦྲེལ་བས། སྦ་རཱུ་པཱ་དྷོཉན་བྷཏཱ་དི༔ ཤཔྟའུ་བྷ་དུ་ཏྲ་སྲརྦ་ཀ༔ ཁ་སྒོ་ཕན་པ། ས་མ་སྐ་རཱི་ཐུ་བྷི་ཙ་ཀྲེ །ཁྲ་ཀྲི་ཡཾ་ཙ་ཏུ་རོ་ཙི་ཏཾ། །ཞེས་འབྱུང་བ་བསྒྱུར་བས། ཐོག་མ་རྗེས་འབྱོར་མཐའ་རང་བཞིན། །དབྱུ་གུ་ཅན་གྱིས་དོན་བཅས་སྒྲ། །གང་དུ་འབྱུང་བའི་རབ་བྱེད་ནི། །གསལ་ཞིང་དགེ་བར་བཤད་བྱས་སོ། །ཞེས་འབྱུང་བའི་དོན། ཕྱེད་དང་བཅས་པའི་རྐང་པ་སྔ་མ་གཉིས་ཀྱིས་སྦྱར་བ་པོ་སློབ་དཔོན་རང་གི་མཚན་ཉིད་སྨོས་པ་དང་། ལྷག་མས་ཇི་ལྟར་སྦྱར་བའི་ཚུལ་དངོས་སྟོན་པའོ། །དང་པོ་ནི། འདི་ལྟར་མིང་གི་ཐོག་མར་ཨནུ་བྷཱུ་ཏི་སྟེ་རྗེས་སུ་འབྱོར་བ་དང་། མཐར་སྭ་རཱུ་པ་ཞེས་རང་བཞིན་གྱི་སྒྲ་དང་ལྡན་པའི་བྲམ་ཟེའི་རིགས་ལས་སོན་པའི་སློབ་དཔོན་ཏེ། དེ་ཡང་འདོད་པ་འཇོ་བར། ན་གསན་གནས་པ་ལ་ཚེའི་སུ་མ་ཆ་ཟད་པར་བྱས་ནས། ཆོས་གོས་ངུར་སྨྲིག་དང་དབྱུ་གུ་བཟུང་ནས་སློང་མོའི་ཟས་ཟ་ཞིང་། འབྱུང་པོ་ཀུན་ལ་སྙོམས་པའི་བསམ་པ་ཅན་གཞན་ཀློག་ཏུ་འཇུག་བ་ནི་བྷིཀྵ་སྟེ་སློང་མོ་པའོ། །དེ་ཡང་རྩེ་མོར་སྤྱོད་པ་དང་། ཆུ་མང་པོ་བ་


JKT016_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བདག་ཅན་དང་། མཆོག་གི་བདག་ཅན་ཏེ་རྣམ་པ་བཞིའོ། །ཞེས་གསུངས་པའི་ནང་ཚན་ཕྱི་མ་པར་འ་མ་ཧཾ་ས་སྟེ་མཆོག་གི་བདག་ཅན་གྱི་ཕྱོགས་སུ་གཏོགས་ལ། དེའི་བརྟུལ་ཞུགས་ཀྱི་མཚན་མར་སྒྲ་མཚམས་དང་མཉམ་པའི་པཱ་ལ་ཤའི་དབྱུག་པ་འཆང་བ་སྟེ། ཚུལ་དེ་ལྟ་བུའི་མིང་དང་རྟགས་ཀྱིས་ཁྱད་པར་དུ་བྱས་པས་སོ། །གཉིས་པ་ནི། རེ་ཞིག་འཇིག་རྟེན་ན་གྲགས་པ་བརྟན་པ་ཙམ་དུ་མ་ཟད། ལུང་དང་རིགས་པ་དུ་མས་ཀྱང་གྲུབ་པའི་ཕྱིར་དོན་དང་བཅས་པའི་སྒྲའི་བསྟན་བཅོས་རྒྱ་མཚོ་ལྟ་བུ་ལས། གང་དུ་ཉེ་བར་འབྱུང་བའི་དབྱངས་ཅན་མའི་བརྡ་སྤྲོད་པའི་གཞུང་ཉིད། རབ་ཏུ་བྱེད་པ་སྟེ་སྒྲའི་སྒྲུབ་ཚུལ་གྱི་ཆོ་ག་དུ་མའི་སྒོ་ནས་བརྗོད་པ་གསལ་ཞིང་། བརྗོད་དོན་བདེ་བླག་ཏུ་རྟོགས་པའི་ཕྱིར་ན་ཐོག་མཐའ་བར་གསུམ་དུ་དགེ་བར་བརྩམས་ཟིན་ཏོ། །ཞེས་པའོ། །གཉིས་པ་ཤིས་པ་བརྗོད་པས་མཐའ་བརྒྱན་པ་ལ། རྒྱ་དཔེར། ཨ་པ་དང་རཀྟ་སྲུང་བའི་སྔ་མ་ལ་སྨོན་པའི་ཏུཔ་དང་། བར་རྐྱེན་ཨཔྲ་སྦྱར། ཏུཏཱ་ཏད་དུ་བསྒྱུར་བས། ཨ་བཏཱཏཱ། སྲུང་བར་མཛོད། ཡུ་དྲལ་བྱ་ས་བྱིན་པ་བས་སུ་བསྒྱུར་བས། བས། ཁྲོད། ཧ་ཡ་འགྲོ་བ་ལ། འདིས་འགྲོ་བར་བྱེད་དོ་ཞེས་པར་ཨཙཱ་རྐྱེན་དུ་སྦྱར་བས། ཉ་ཡ། འགྲོ་བྱེད་དེ་རྟེ། གྲོགས་སྒྲ་ལ། ཨུཎ་ལས། ཤི་བ་ལ་སོགས་པ་རྣམས་སོས་ཀུན་རྐྱེན་དང་། ཚིག་ཕྲད་ལས་


JKT016_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

རྀ་རཱི་རུ་བསྒྱུར་མཐར་སི། ཤྲཱི་རཿ མགྲིན་པའོ། །ཀ་མུ་འདོད་པ་ལ། ཨུ་རྔ་ལས། ཤི་བ་དང་ཀ་མི་ལས་ཀ་ལ་འོས། ཀ་ལ་རྐྱེན་དུ་བྱས་པས་སམ། ཡང་ན་ཆུའི་དོན་གྱི་ཀམ་སྔོན་མའི་ཨ་ལམ་རྒྱན་བྱེད་པ་ལ་ཨཙཱ་སྦྱར་བས། ཀ་མ་ལ། འདོད་བྱེད་དམ། ཆུ་རྒྱན་ཏེ་པདྨའོ། །ཨུད་སྔོན་མོའི་ཀན་འཚེ་བ་ལ་སྒྱུ་རྐྱེན་དུ་སྦར་བས། ཨཱ་ཀར། འབྱུང་ཁུངས་སོ། །ཨཱི་ཤ་དབང་ཕྱུག་ཉིད་ལ་བར་རྩྭ་རྐྱེན་དུ་སྦྱར་མཐར་། །སི། ཨཱི་ཤཱརཿ དབང་ཕྱུག །སུ་ར་དབང་ཕྱུག་ཉིད་དང་འབར་བ་དག་ལ། ཨར་ས་སོགས་ལས་ཨ་ཙཱ་རྐྱེན་དུ་སྦྱར་བས། སུར། གྲུབ་སྟེ། འདི་རྣམས་ཀྱི་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་བཅུད་ཡོད་པའི་ཕྱིར་བཅུད་ལྡན་ཏེ་ལྷའོ། །དེ་སྐད་དུའང་། བཅུད་ནི་བླངས་ཕྱིར་ལྷ་རྣམས་ལ། །བཅུད་ལྡན་ཞེས་ནི་མངོན་པར་ཐོས། ཞེས་སོ། །ཨ་སུ་འཕེན་པ་ལ། ཨ་སི་ལས་ཨུར་ཧྲའོ། །ཞེས་པས་ཨུཎ་སོགས་ཀྱི་ཨུ་ར་ཙཱ་རྐྱེན་དུ་སྦྱར་བས། ཨ་སུ་ར། ལྷ་མིན་ནོ། །གཞན་དུ་ན་སྔར་བསྒྲུབས་པའི་སུ་ར་ལ་ན་ཉའི་དགག་སྒྲ་སྦྱར་བས་ཀྱང་སྟེ། འདི་རྣམས་ལ་སུར་མེད་པའི་ཕྱིར། ཨསུར་སྟེ་བཅུད་མེད་དོ། །ཞེས་འབྱུང་བས་སོ། །ཏྲི་ཚུལ་ལ། དབྱངས་ལས་ཨ་རྐྱེན། ན་ར། མི། ཨཱད་སྔོན་མའི་ཐི་རྣམ་པར་གཡེང་བ་ལ་གྷརྦ་རྐྱེན་དུ་སྦྱར་བས། ཨཱ་ཀཱ་ར། རྣམ་པ། མདྷུ་སྔོན་མའི་བཱ་བཏུང་བ་ལ། ཀྭིཔྲ་སྦྱར་བས། མ་དྷུ་


JKT016_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པཱ། སྦྲང་རྩི་འཐུང་བ་སྟེ་བུང་བའོ། །ཡང་བྱིངས་དེ་ཉིད་ལས་ཀྟི་རྐྱེན་དང་། སྦྲ་རྣམས་ཀྱི་ཨཱིའོས། བྱིངས་ཀྱི་ཨཱ་ཨཱི་རུ་བསྒྱུར་བས། བཱི་ཏི། འཐུང་བ། པ་ཙི་རྒྱས་པ་ལ་གྷརྦ་རྐྱེན་དང་། ཨི་དི་ཏའི་མུ་མ་སྦྱར། བྷིའུ་ལ་ཙཀ །པདྨ། འདམ་རྫབ་སྟེ། དེ་ལ་ཛ་ན་སྐྱེ་བ་ལ། མིང་ལའང་ཌ་འོས་ཌ་རྐྱེན་དུ་བྱས། སྔ་མ་དང་སྦྱར་མཐར་སི་བྱིན་པས། པདྨ་ཛའདམ་སྐྱེས་ཏེ། པདྨའི་མིང་གི་བྱེ་བྲག་གོ ། ཞབས་ཞེས་པའི་སྒྲ་ནི་དོན་ཐབས་ཀྱིས་བསྣན་པ་ཉིད་དེ། དེ་ལྟར་གྲུབ་པའི་རྐང་པ་སྔ་ཕྱི་དག་སྦྲེལ་བས། ཨ་བ་ཏཱ་དྲོ་ཧ་ཡ་གྲི་བ ཀ་མ་ལཱ་ཀ་ར་ཨཱི་ཤྭ་རཿ ཕན་པའོ། །སུ་རཱ་སུ་རན་རཱ་ཀཱར། མདྷུ་པཱི་པཱིཏ་པདྨ་ལཿ ཞེས་འབྱུང་བ་བོད་སྐད་ལ་རྐང་པ་གང་འོག་བརྗེས་ནས་བསྒྱུར་ན་དོན་རྟོགས་བདེ་བའི་ཕྱིར། ལྷ་དང་ལྷ་མིན་མིའི་རྣམ་པ། །བུང་བས་འཐུང་བའི་ཆུ་སྐྱེས་ཞབས། །པདྨའི་འབྱུང་གནས་དབང་ཕྱུག་ནི། །རྟ་མགྲིན་ཁྱོད་ཀྱིས་སྲུང་བར་མཛོད། །ཅེས་པ་སྟེ། དེ་ཡང་གང་གིས་བསྙེན་པར་བྱེད་པ་ལྷ་དང་། ལྷ་མིན་དང་། མི་སྟེ་མཐོ་རིས་གསུམ་གྱི་འགྲོ་བའི་རྣམ་པ་ནི་བུང་བ། གང་ལ་བསྙེན་པར་བྱ་བའི་ཡུལ་ཡི་དམ་གྱི་ལྷ་ཉིད་ཀྱི་ཞབས་དག་ནི་ཆུ་སྐྱེས། དེ་ལ་གུས་པའི་སྤྱི་བོས་ཉེ་བར་བསྙེན་ནས་འདོད་པའི་དངོས་གྲུབ་ལེན་པར་བྱེད་པ་ནི་བུང་པས་སྦྲང་རྩི་འཐུང་བ། ཆོས་དེ་རྣམས་གང་ལ་གནས་པའི་ཡུལ་ཆོས་ཅན་དེ་


JKT016_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དབང་ཕྱུག་ལ་སོགས་པའི་ཡོན་ཏན་གྱི་བདུད་རྩི་དུ་མས་གཏམས་ཤིང་། གཏིང་མེད་པ་དང་། དཔག་པར་དཀའ་བ་དང་། མི་ཟད་པ་སོགས་ཀྱིས་ཀྱང་པདྨའི་འབྱུང་གནས་ཏེ་རྒྱ་མཚོ་ཆེན་པོའི་གཟུགས་སུ་འགོད་ནས། དེ་ལྟ་བུའི་ལྷག་པའི་ལྷ་རྟ་མགྲིན་ཁྱོད་ཀྱིས་བདག་གཞན་ཐམས་ཅད་དུས་གསུམ་སྲུང་ནས་གེགས་མེད་པར་མཛོད་ཅིག །ཅེས་གཟུགས་ཅན་གྱི་ཤིས་བརྗོད་དུ་བྱས་པ་སྟེ། དེ་ལྟར་ཡང་། །དཔལ་ལྡན་དཎྜིས། སོར་མོ་ལ་སོགས་འདབ་སོགས་དང་། །རྐང་པས་པདྨ་ཉིད་བྱས་ནས། །དེ་འོས་གནས་སུ་རྣམ་བཀོད་པ། །འདི་ནི་མཐའ་དག་གཟུགས་ཅན་ནོ། །ཞེས་དང་མངོན་པར་འདོད་པའི་དངོས་པོ་ལ། །བསྔགས་པ་ཤིས་བརྗོད་ཅེས་བྱ་དཔེར། །ཅེས་གསུངས་པ་དག་གི་མཚན་ཉིད་ལེགས་པར་ཚང་བ་ཉིད་དོ། །འདིར་ཧ་ཡགི་བ་ཞེས་པ་ནི། མུ་སྟེགས་པ་དག་ལྷ་འཇུག་སེལ་གྱི་ཁྱད་པར་རོ་ཞེས་ཟེར་ཀྱང་། ནང་པ་དག་ཁྲོ་རྒྱལ་རྟ་མགྲིན་ལ་བཞེད་པ་ཉིད་དོན་དུ་གནས་སོ། །ཞེས་རྗེ་བཙུན་དམ་པས་གསུངས་སོ། །སླར་སྨྲས་པ། འདི་ན་སྔོན་ཆད་གྲགས་པ་གསལ་མིན་གསར་དུ་བཤད་པའི་ནུས་དབེན་ལ། །ཚིག་དང་དོན་ལའང་ནོངས་པར་གྱུར་ཕྱིར་མཁས་རྣམས་དགྱེས་པའི་ཡུལ་མིན་ཀྱང་། །བླ་མའི་ཞལ་ལུང་བདུད་རྩིའི་སྤུན་ཟླ་ཤིན་ཏུ་བརྩོན་པས་ཉེར་བཟུང་གང་། །རང་དང་རང་འདྲའི་བློ་དམན་དོན་དུ་ཕྱོགས་


JKT016_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བརྗོད་ལ་འབད་པར་བྱས། །དེ་ལས་བྱུང་བའི་དགེ་ཚོགས་ཀེ་ཏ་ཀས། །རྣམ་དཔྱོད་ཆུ་མཚོའི་རྙོགས་མ་བགྲུངས་བྱས་ཏེ། །ཤེས་བྱའི་གཟུགས་བརྙན་བརྒྱ་ཕྲག་འཛིན་པའི་མོད། །ཐམས་ཅད་མཁྱེན་པའི་ཨུཏྤལ་བཞད་གྱུར་ཅིག །དེ་ལྟར་མཚོ་ལྡན་མའི་བརྡ་སྤྲོད་པའི་སྐབས་ལས་ཉེ་བར་འཕྲོས་པའི་ཟིན་ཐུན་ཉུང་ངུ་འདི་ནི། རིགས་བརྒྱའི་ཁྱབ་བདག་ཐམས་ཅད་མཁྱེན་པ་ཟེ་ཆེན་མ་ཧཱ་པཎྜི་ཏ་ཆེན་པོའི་ཞབས་པད་དུ་ལམ་འདིར་བསླབ་སྦྱོང་བགྱིས་སྐབས། ཁྱོད་ཀྱིས་བློ་གྲོས་གསར་བུའི་ཚོགས་ལ་ཕན་པའི་ཕྱིར་འདི་ལྟ་བུ་ཞིག་ཅིས་ཀྱང་སྦྱོར་བར་འོས་སོ་ཞེས་བཀའི་གནང་བ་ལན་གཅིག་མ་ཡིན་པར་སྤྱི་བོར་སྩལ་བ་ལ་བརྟེན་ནས། གཙོ་བོར་འཇམ་མགོན་བླ་མ་དམ་པ་ཉིད་ཀྱི་ཞལ་ལུང་ཁོ་ན་རྩ་བར་བཟུང་སྟེ། གཞན་ཡང་ཀ་ཙཱན་གྱི་འགྲེལ་པ་དང་། བྱིངས་ཀྱི་ཚོགས་རྩ་འགྲེལ་དང་། ཀ་ཙཱན་གྱི་ཨུཎ་སོགས་དང་། མཛོད་ཀྱི་ཊཱི་ཀ་ཀཱ་མ་དྷེ་ནུ་སོགས་ལ་བརྟེན་ནས། དམ་པ་གང་གི་བཀའ་འབངས་ཡོངས་ཀྱི་ཐ་ཤལ་དུ་གྱུར་པ་ཚངས་སྲས་དགྱེས་པའི་བློ་ལྡན་ནམ། མིང་གཞན་གཙུག་ལག་སྨྲ་བའི་ཉི་མ་ཞེས་ཀྱང་བོད་པས་ཐོག་མར་འོག་མིན་བླ་མའི་གདན་ས་བྱང་ཆུབ་ཤིང་གི་ནགས་ཁྲོད་པདྨ་འོད་གླིང་དུ་ཅུང་ཟད་བྲིས་ཤིང་། སླད་ནས་གཡས་རུ་གཙང་གི་ནོར་འཛིན་གྱི་ཐིག་ལེ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་


JKT016_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལྡན་གྱི་རི་ཁྲོད་དུ་སྦྱར་ཏེ་ཕུལ་བ་འདི་ལ་ནོངས་པའི་ཆ་ཤས་མཐའ་དག་ཡེ་ཤེས་གཟིགས་པ་དམ་པའི་སྤྱན་ལམ་དུ་བཤགས་ཤིང་། དགེ་བས་མཐའ་ཡས་པའི་འགྲོ་བ་ཐམས་ཅད་རིག་པ་མཆོག་ལ་རབ་ཏུ་དད་པའི་མཐུ་ལས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་སྣང་བ་ལ་རེག་པའི་རྒྱུར་གྱུར་ཅིག། །སརྦ་དཱ་ཀ་ལྱཱ་ཎ་བྷ་བནྟུ།།

རྒྱན་གྱི་བསྟན་བཅོས་མེ་ལོང་གི་གཞུང་དང་མཐུན་པར་དཔེར་བརྗོད་པ་དཎྜིའི་རྒྱུད་མང་།


JKT016_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱི་བསྟན་བཅོས་མེ་ལོང་གི་གཞུང་དང་མཐུན་པར་དཔེར་བརྗོད་པ་དཎྜིའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ།།


JKT016_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པའི་ཐུགས་ནི་ཤིན་ཏུ་སྒེག་ཀྱང་མེ་ཏོག་མདའ་ཅན་མཛེས་པ་ཟུམ། །ཀུན་དགའི་གསུང་གིས་རྣམ་གྲོལ་སྟོན་ཀྱང་ཕྱིར་རྒོལ་སྤོབས་པའི་རྒྱུ་བ་འཆིང་། །མཚན་དཔེའི་མཛེས་སྐུ་གཅིག་པུ་ཉིད་མོད་དུ་མའི་གར་དུ་རྣམ་རོལ་པས། །ཡོངས་རྫོགས་བསྟན་པའི་ངོ་མཚར་འཛིན་བཟོད་ཁྱབ་བདག་བླ་མས་ཤིས་པ་སྩོལ། །ངེས་གསང་སྡེ་སྣོད་རྒྱ་མཚོའི་གཞུང་ལུགས་ལ། །རྣལ་དུ་འབྱོར་པའི་མཁྱེན་རབ་སྣང་བ་ནི། །འཇམ་དཔལ་གཞོན་ནུས་བྱིན་གྱུར་ངག་གི་དབང་། །ཕྱོགས་ལས་རྣམ་རྒྱལ་བཟང་པོའི་ཞབས་ཀྱིས་སྐྱོངས། །ཟད་མེད་མཐའ་ཀླས་ཆོས་ཕུང་རྒྱ་མཚོའི་ཁམས། །དབྱངས་བདུན་རྫོགས་པའི་རྒྱུད་མང་གླུར་ལེན་པ། །རྒྱལ་བ་ཀུན་ཡུམ་ཚངས་པའི་སྲས་མོ་ཡིས། །


JKT016_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དང་ཡིད་ལ་སྤོབས་པའི་མཆོག་སྦྱིན་མཛོད། །དེ་ཡི་བྱིན་རླབས་ཉིན་མོའི་རྡུལ། །བཏུང་ལས་རྣམ་དཔྱོད་མཚར་སྡུག་ནི། །པདྨོ་བཞིན་དུ་རབ་རྒྱས་པ། །དབྱུག་པ་ཅན་ཞེས་བྱ་བ་བྱུང་། །གང་གིས་བརྩམས་པའི་ཚིག་རྒྱན་གྱི། །བསྟན་བཅོས་ནོར་བུའི་མེ་ལོང་ངོགས། །སྙན་ངག་གཟུགས་བརྒྱ་འཆར་བ་ཡིས། །འདི་ན་ཡིད་ཀྱི་ངལ་འཚོར་གྱུར། །དེ་སླད་དེ་དང་རྗེས་མཐུན་པའི། །དཔེར་བརྗོད་དཎྜིའི་རྒྱུད་མང་ནི། །དོན་མཐུན་ཕྱོགས་ཀྱི་བུ་མོ་ཡི། །རྣ་བའི་བཅུད་དུ་བསྒྲེང་ལ་ཕྱོགས། །འདིར་འཕགས་པའི་ཡུལ་གྱི་སློབ་དཔོན་ཆེན་པོ་དབྱངས་ཅན་མགྲིན་པར་ཆགས་པ་དཔལ་ལྡན་པཱ་ལ་ཤའི་དབྱུག་པ་འཆང་བའི་ཞབས་ཀྱི་རྗེས་སུ་འབྲང་བའི་ཚིག་རྒྱན་གྱི་དཔེར་


JKT016_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ཅུང་ཟད་ཅིག་སྤྲོ་ན་གསུམ་སྟེ། ལེའུ་དང་པོ་ལས་བྱུང་བ་ཐུན་མོང་མ་ཡིན་པའི་རྒྱན་དང་། ལེའུ་བར་པར་ཐུན་མོང་པ་དོན་གྱི་རྒྱན་སོ་ལྔ་དང་། ལེའུ་ཐ་མར་སྒྲ་དང་གབ་ཚིག་གི་རྒྱན་སྐྱོན་བཅུ་སྤང་བ་དང་བཅས་པ་རྣམས་སོ། །དང་པོ་ལའང་ཤར་ལྷོའི་ལམ་སྲོལ་གྱི་ཡོན་ཏན་བཅུ་ལས། དང་པོ་སྦྱར་བའི་ཡོན་ཏན་ལ། ལ་ཡིག་ལ་བསྐོར་བའི་རྗེས་ཁྲིད་ཀྱི་བློས་གོ་ཌཱ་བས་འདོད་པ། ལ་ལ་ཙམ་མིན་ལུས་ཅན་ཀུན། །ལམ་བདེན་ལུང་གིས་ལས་ཉོན་ལས། །ལེགས་སྲུང་ལམ་དང་ལམ་མིན་གྱི། །གདུང་བ་ལས་ཟློག་རྗེ་བླ་མ། །སྦྱོར་བ་ལྕི་བ་བེ་དནྟའི་འདོད་པ། གང་གིས་བསྐལ་མང་རྒྱ་མཚོ་རུ། །ཤས་ཆེར་གོམས་པའི་ཚོགས་གཉིས་ཀྱིས། །རབ་བསྐྲུན་མཚན་དཔེའི་ཕུང་པོ་ནི། །ངོ་མཚར་སྣང་བ་གསར་པས་སྒེག །གཉིས་པ་རབ་ཏུ་དྭངས་པའི་ཡོན་ཏན་ལ། བེ་དནྟའི་འདོད་པ། ཐོས་པ་ཙམ་གྱིས་རྣ་བ་ལ། །ཀུན་དགའི་དགའ་སྟོན་དར་བབས་པ། །ཁྱོད་གསུང་ས་གསུམ་འགྲོ་བ་ཡི། །ངལ་འཚོའི་སླད་དུ་ཡུན་རིང་རྒྱུ། །གོ་ཌ་བའི་འདོད་པ། ཚིག་གི་གཏེར་གྱུར་དོན་ལྡན་རོས། །འཁྱུད་པས་དཀར་མིན་ལས་བཅད་ནས། །དཔལ་དང་བདུད་རྩིའི་མཆོག་སྦྱིན་པ། །དམ་པའི་དབྱངས་ཀྱིས་ཕྱོགས་ཀུན་གཏམས། །གསུམ་པ་མཉམ་ཉིད་ཀྱི་ཡོན་ཏན་ལ། བེ་དནྟུའི་འདོད་པ། གཟོད་མ་ཉིད་ནས་རྣམ་དག་པའི། །འོད་གསལ་ལྷན་


JKT016_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྐྱེས་པའི་དབྱིངས། །སྒྲིབ་བྲལ་འབྲས་བུའི་ཁུར་ལྕི་བས། །ཀུན་དཀྲིས་རྒྱུར་བཅས་དྲུང་ནས་འབྱིན། །གོ་ཌ་བའི་འདོད་པ། ཤིན་ཏུ་བརྩེ་བས་བརླན་པ་ཡི། །སྙིང་རྗེ་ཆེན་པོའི་ཟུར་མིག་གིས། །ཉེར་འཁྱུད་འགྲོ་ཀུན་ཐར་པའི་གྲོང་། འཁྲིད་པའི་གར་མཁན་ཁྱོད་དུ་བས། །བཞི་པ་སྙན་པའི་ཡོན་ཏན་ལ། བེ་དནྟུའི་འདོད་པ་ཚིག་མཚུངས་ཉེ་བའི་ཉམས། མ་སྨད་སྤོབས་པའི་དཔྱིད་དཔལ་ནི། །སྒྲ་དབྱངས་རྒྱ་མཚོའི་རྒྱུད་མང་ལ། །སྦྱར་བས་བློ་གྲོས་མཆོག་སྩོལ་ཕྱིར། །ཡང་ཡང་གྲགས་དཀར་ཡི་གེ་དགོད། །རྐང་པ་ལ་བསྐོར་བའི་རྗེས་ཁྲིད། རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བའི། །རྒྱལ་བ་སྲས་བཅས་ལེགས་གསུང་དོན། །རྒྱས་པར་འཆད་པས་སྲིད་དང་ཞིའི། །རྒྱན་དུ་གྱུར་པའི་ངོ་མཚར་བཟུང་། །ཚིག་ལ་བསྐོར་བའི་རྗེས་ཁྲིད། ལུང་རིག་གིས་རེག་ཏམ་རས། །རྩོད་ངག་རྩེར་འཛེགས་རྩེ་དགའ་ཡིས། །སྒྲིན་པོའི་བློ་ཡང་སྒྲིབ་པའི་སྒྲས། །ཕྱི་རྒོལ་ཕྱོགས་རྣམས་ཕྱི་ཕྱིར་ཁྲོས། །ཡི་གེ་རིང་པོར་བསྐོར་བའི་རྗེས་ཁྲིད། ཡིད་འཕྲོག་དོན་བཟང་མཁུར་ཚོས་སུ། །ཚིག་སྙན་ལི་ཁྲིའི་ཐིག་ལེ་ཡིས། །ཡོངས་སུ་བགོས་པའི་གཞུང་མང་པོ། །བརྩམས་པས་གཟུར་གནས་མཛའ་བོ་བཀུག །ཤར་པ་ཁོ་ནས་འདོད་པ། སྦྲང་རྩིའི་ཐིག་སྦྲེང་སྦྲང་རྩིའི་བུས། །སྦྲེལ་བའི་བནྡྷའི་འཁྲིལ་ཤིང་བཞིན། །ཡོན་ཏན་རྒྱ་


JKT016_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

མཚོས་རབ་མཛེས་ཁྱོད། །བསྟོད་དོ་རྣམ་དཔྱོད་མཆོག་སྦྱིན་མཛོད། སྤང་བྱ་དོན་གྱི་གྲོང་པའི་ཚིག །ལང་ཚོ་རབ་རྒྱས་དགའ་མ་གང་། །མཐོང་བ་ཙམ་གྱིས་བཟོད་དཀའ་བའི། །འདོད་ཆགས་ཚེར་མས་གཟིར་བདག་ལ། །འཁྲིག་པའི་དགའ་སྟོན་མི་སྤྲོ་འམ། །སྤོང་བྱེད་ཀྱི་ཉམས་ཇི་ལྟར་སྦྱིན་པ། གཏུམ་མོ་ཁྱོད་མིག་ཟུར་མདའ་ཡིས། །བཏབ་པས་ཡུན་རིང་མྱོས་བྱས་བདག །ངལ་གསོའི་མལ་དུ་བསླང་བའི་སླད། །ཀུན་དགའི་དུས་སྟོན་སྤྲོ་བར་འོས། །སྒྲའི་གྲོང་པ་ཚིག་གི་མཚམས་སྦྱོར་གྱིས་ཞུགས་པ། ངོ་མཚར་དམ་པའི་སྐྱེས་བུའི་རྟགས། །སྦོམ་པོར་གྱུར་པའི་གཞོན་ནུ་འདི། །ཤིན་ཏུ་ཡིད་འོང་བུ་མོ་མཚན། །བཟང་པོས་སྒེག་པའི་མཛའ་བོར་འོས། །ངག་ཚིག་གི་དོན་ལ་ཞུགས་པའི་གྲོང་པ། །ཨུཏྤལ་ཐིགས་པ་འཛག་པ་བཞིན། །རབ་མཛེས་མཚན་མ་དང་ལྡན་འགྲམ། །མེ་ཏོག་ཁ་འབྱེད་གསར་པ་ཡང་། །རྣ་རྒྱན་གྱི་ནི་ཟོལ་གྱིས་འོང་། །དམིགས་བསལ་སྐྱོན་མེད། རྨད་བྱུང་འཁོར་ལོའི་མཚན་མ་ཡིས། །སྒེག་པའི་འཇམ་མགོན་ཞབས་ཀྱི་རྡུལ། །རྡོ་རྗེའི་རི་ཁཱ་ལ་འགོངས་པ། །འཇམ་མཉེན་པདྨའི་སྟན་ལ་བཀོད། །ལྔ་པ་ཤིན་ཏུ་གཞོན་པའི་ཡོན་ཏན་ལ། བེ་དནྟའི་འདོད་པ། དབྱངས་ཀྱི་ཡན་ལག་རྒྱ་མཚོ་ཡིས། །འཁྱུད་པའི་ནོར་བུའི་རྒྱུད་མང་པོ། །སྙན་པར་བསྒྲེངས་པའི་ཚངས་སྲས་མ། །ཡིད་འོང་པདྨའི་ཚལ་དུ་སྒེག །


JKT016_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཌ་བའི་འདོད་པ། གྲུ་འཛིན་རིར་དགྱེས་ཚེམས་དཀར་གྱི། །པུཎྜ་རཱི་ཀ་དར་བབས་པར། །མཁྱེན་གཏེར་འབྲས་ཁྱོད་འཁྲུངས་པའི་སྒྲས། །འགྲོ་མང་འཁྲུལ་པའི་གཉིད་ལས་བསྒྲལ། །དྲུག་པ་དོན་གསལ་གྱི་ཡོན་ཏན་ལ། ཤར་ལྷོ་དོན་མཐུན། །ངག་དབང་ལྷ་མོའི་ཞབས་པདྨོ། །ལྷར་བཅས་ཆེ་རྒུའི་ཟུར་ཕུད་ཀྱི། ཅོད་པན་རིན་ཆེན་འོད་འབར་བས། །རེག་པས་དམར་བའི་འཛུམ་ཟེར་འཕྲོ། །གཉིས་ཀས་སྐབས་འགར་འདོད་པ། རྒྱལ་ཡུམ་སཱ་ར་པྲ་ཏི་ཡི། །ཞབས་སེན་འཆར་ཀའི་འོད་རིས་ཅན། །ཕྱོགས་ཀྱི་བུ་མོའི་དད་གསུམ་གྱི། ཐོར་ཚུགས་ངལ་འཚོའི་སླད་དུ་རྒྱུ། །བདུན་པ་རྒྱ་ཆེ་བའི་ཡོན་ཏན་ལ། བེ་དནྟུའི་འདོད་པ། ཁྱོད་ཞབས་ཡིད་ཀྱི་ཆོ་ག་རུ། །ལན་གཅིག་ཙམ་ཞིག་བཀོད་པས་ཀྱང་། །སླན་ཆད་སྨྲ་མཁས་བྱེ་བ་ཡིས། །ཆོས་མཐུན་རྒོལ་བའི་སྤོབས་པ་ཟད། །གོ་ཌཱ་པའི་འདོད་པ། ཨུཏྤལ་སྙེམས་དུད་པའི་མཚོར། །དལ་གྱིས་ཞུགས་པའི་སྒྲ་དབྱངས་ལྷ། །འཇམ་མཉེན་ཀཱ་ཤིའི་རེག་བྱ་དང་། །བེཟླུར་རྒྱན་མང་གཡོ་བས་མཛེས། །བརྒྱད་པ་བརྗིད་པའི་ཡོན་ཏན་ལ། གོ་ཌ་བའི་འདོད་པ། ཡེ་ཤེས་རྨད་བྱུང་སྣང་བ་གསར། །སྙིང་རྗེ་ཆུ་སྐྱེས་དགོད་པ་དང་། །མཛའ་བ་རབ་རྒྱས་གྲགས་པ་མཆོག །མཐའ་ཀླས་གདུལ་བྱའི་རྣ་བར་བཀོད། །བེ་དནྟའི་འདོད་པ། ཁྱོད་ཞལ་ཟླ་བ་གསར་པ་ལ། །


JKT016_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་མིག་རི་དྭགས་གཞོན་ནུ་ཡི། །འཇོ་སྒེག་ལྡན་པ་དེ་ཁོ་ན། །ཀུན་གྱི་ཡི་གར་གཅིག་ཏུ་འབབས། །དགུ་པ་མཛེས་པའི་ཡོན་ཏན་ལ། བེ་དནྟའི་འདོད་པ་གཏམ་ལ་སྦྱར་བ། གང་ཞབས་བསོད་ནམས་བྱེ་བ་ཡིས། བསྐྲུན་པའི་རྡུལ་ཕྲེང་གིས་བཏབ་ཕྱིར། །ལྷོ་ཕྱོགས་རིག་འཛིན་དགའ་ཚལ་ཞེས། །བརྗོད་འདི་དོན་གྱི་སྙིང་པོས་ལྕི། །བསྔགས་པ་ལ་སྦྱར་བ། གནག་ཅིང་སྣུམ་པའི་དཔལ་ལྡན་པ། །དཀྱུས་རིང་སྤྱན་གྱི་ཟུར་མདའ་ཡིས། །ཡིད་བཞིན་འདོད་འཇོའི་རྣ་རྒྱན་ལས། །རིང་དུ་འགོངས་སོ་འཕགས་མ་ཀྱེ། །གོ་ཌ་བའི་འདོད་པ་གཏམ་ལ་སྦྱར་བ། ཁྱོད་ཀྱི་རྨད་བྱུང་མཚན་དཔེའི་གཟིས། །མཚར་སྡུག་སྒྲུབ་པའི་པདྨོའི་རྫིང་། །རྡུལ་བྲལ་འོག་མིན་ཞིང་མཆོག་གི། །ངོ་མཚར་ལས་ཀྱང་ཆེས་ཆེར་བརྒལ། །བསྔགས་པར་སྦྱར་བ། མཉེན་ལྕུག་སོར་རྩེས་བསྣུན་པ་ཡི། །དབྱངས་བདུན་རྫོགས་པའི་རྒྱུད་མང་སྒྲ། །ཚངས་ཆེན་ཡིད་ཀྱིས་བཀོད་པ་ཡི། །ཕ་མཐའ་ནམ་ཡང་རྫོགས་མ་གྱུར། །བཅུ་པ་ཏིང་ངེ་འཛིན་གྱི་ཡོན་ཏན་ལ། སྤྱིར་བསྟན་པ། སྟེང་འཐུང་དཀར་པོས་ཉིན་མོའི་ཟེར། །བསྟེན་པས་མཆུ་སྒྲོས་ཟུམ་པ་དང་། །རབ་དྭངས་རྫིང་བུར་ཉེར་འཁྱུད་པའི། །ཡིད་བཟང་གཞོན་ནུའི་འཛུམ་བག་བྱེ། །བྱེ་བྲག་ཆོས་གཅིག་བཀོད་པ། ཟླ་ཤེལ་བསིལ་བས་སྐྱུགས་པ་ཡི། །སིམ་འོད་བཏུང་བའི་ཀུ་མུ་དཱས། །སྦྲང་རྩིའི་ཐིགས་པ་


JKT016_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱུགས་པ་ནི། །སྤྲིན་གྱི་གྲུ་ཆར་སྐྱུགས་པ་བཞིན། །ཆོས་དུ་མ་བཀོད་པ། ཟེའུ་འབྲུའི་སོ་ཕྲེང་རབ་དགོད་པའི། །འབྲས་བུའི་ཁུར་ལྡན་འདམ་སྐྱེས་ཀྱི། །ཟིལ་མངར་ལེན་པའི་བུང་བའི་ཚོགས། །མྱོས་པའི་གླུ་དབྱངས་དར་དིར་སྒྲོགས། །འདིར་སྨྲས་པ། དངོས་དང་བཟློག་པའི་ལམ་སྲོལ་གཉིས་ཀྱི་བཞེད་གཞུང་སྣང་བའི་མུ་ཁྱུད་ཀྱིས། །ཡུན་རིང་དུས་ནས་ཅུང་ཟད་བཤེས་ལས་དཔེར་བརྗོད་ཨུཏྤལ་སར་པའི་འཛུམ། །ཅི་དགར་བྱེ་པའི་ངང་ཚུལ་འདི་ཡང་འཕགས་ཡུལ་མཁས་པའི་ལེགས་བཤད་ཀྱི། །རྗེས་སུ་འབྲངས་ཏེ་སྨྲས་པར་རློམ་ཕྱིར་བླུན་པོའི་ཡི་གེར་ཇི་ལྟར་འབབ། །དེ་ལས་བྱུང་བའི་དགེ་བ་ནི། ག་བུར་དོག་པ་ལ་འགོངས་པས། །འཁྲུལ་པའི་ཚ་གདུང་ཀུན་བསལ་ཏེ། །ཚིག་གི་ངལ་འཚོ་བསྟེན་པར་ཤོག །ཅེས་རྒྱན་གྱི་བསྟན་བཅོས་མེ་ལོང་གི་གཞུང་དང་མཐུན་པར་དཔེར་བརྗོད་པ་དཎྜིའི་རྒྱུད་མང་ལས། ལམ་རྣམ་པར་བྱེ་བའི་སྐབས་ཏེ་དང་པོའོ།། །།བྱམས་པའི་བདུད་རྩིས་གཞར་ཡང་བཏང་མིན་སྙིང་རྗེ་ཆེན་པོའི་བརླན་ཆགས་པས། །ཆོས་འདུལ་ཁྲིམས་ཀྱི་གེ་སར་སྡུག་ལྡན་ཀུན་དགའི་མེ་ཏོག་འཛུམ་བཅས་འབར། །ཟུང་འཇུག་གྲུབ་པའི་སྙེ་མ་གཡུར་ཟ་ཡོངས་རྫོགས་བསྟན་འཛིན་འཆི་མེད་ཚལ། །གཅིག་ཏུ་མཛེས་བྱེད་གྲགས་པ་དོན་ལྡན་དཔག་བསམ་དབང་པོས་དགེ་ལེགས་མཛོད། །སླར་ཡང་དོན་རྒྱན་ལས་


JKT016_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་པའི། །དཔེར་བརྗོད་པུཎྜ་རཱི་ཀའི་ཕྲེང་། །རང་གཞན་མགྲིན་པའི་རྒྱན་གྱུར་སླད། །རྣམ་དཔྱོད་སོར་མོས་བསྟར་ལ་ཕྱོགས། །གཉིས་པ་ལེའུ་བར་པ་དོན་གྱི་རྒྱན་གྱི་ཡོངས་སུ་བཅད་པ་ལས་བྱུང་བའི་ཐུན་མོང་གི་རྒྱན་ལ་སུམ་ཅུ་རྩ་ལྔ་ལས། དང་པོ་རང་བཞིན་བརྗོད་པའི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་དངོས་པོའི་གནས་ཚུལ་དེ་ཉིད་ཇི་ལྟ་བ་སྒྲོ་སྐུར་དང་བྲལ་བར་སྟོན་པའི་ངག་སྟེ། དབྱེ་ན་བཞི་ལས། དང་པོ་རིགས་ཀྱི་རང་བཞིན་བརྗོད་པ་ནི། མཐའ་ཀླས་ཚོགས་གཉིས་རབ་རྫོགས་ཤིང་། །ཡེ་ཤེས་དམ་པའི་ཕ་རོལ་སོན། །ཐབས་མཁས་ཕྲིན་ལས་རྨད་བྱུང་འདིས་སངས་རྒྱས་ཐམས་ཅད་ཀྱི་མཉམ་པའི་ཡོན་ཏན་གསུམ་བརྗོད་བྱར་བྱས་ནས་བསྔགས་པའོ། བ། །རྫོགས་སངས་རྒྱས་རྣམས་བསྔགས་འོས་ལྡན། །བྱ་བ་བརྗོད་པ། མཁྱེན་པས་ཤེས་བྱའི་མཐར་འགྲོ་ཞིང་། །བརྩེ་བས་ཁམས་གསུམ་ཡིད་ཅན་བཟུང་། །ནུས་པས་སྡེར་བཅས་བདུད་སྡེའི་དཔུང་། །ཕམ་མཛད་སྟོན་མཆོག་ཉི་མའི་གཉེན། །ཡོན་ཏན་བརྗོད་པ། །གང་གི་རྣམ་པར་ཐར་པ་ཡིས། །ཡིད་རབ་དྭངས་པའི་སྐལ་བཟང་ཀུན། །དད་པའི་སྤུ་ལང་གཡོ་དང་བཅས། །གུས་སྤྲོའི་བསྟོད་བསྔགས་བགྱིད་ལ་ཕྱོགས། རྫས་བརྗོད་པ། རབ་དཀར་མཚན་དཔེའི་མཚར་སྡུག་ཅན། །རྒྱལ་ཡུམ་རྡོ་རྗེ་དབྱངས་ལྷ་མོ། །བེཟླུར་རྒྱུད་མང་བརྡུང་བཞིན་དུ། །ལྷོ་ཕྱོགས་འོ་མཚོར་འཁྲུངས་


JKT016_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར། །གཉིས་པ་དཔེ་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་བརྗོད་པར་འདོད་པའི་དཔེ་ཅན་དེ་དང་ཚུལ་རྗེས་སུ་མཐུན་པའི་དཔེ་ཇི་ལྟར་འོས་པ་དག་བཀོད་པས་གསལ་བར་བྱས་པའི་ངག་སྟེ། དབྱེ་ན་སུམ་ཅུ་རྩ་གཉིས་ལས། དང་པོ་ཆོས་དཔེ་ནི། གནོད་གནས་དབང་པོ་ཁྱོད་ཉིད་ཀྱི། །རྨད་བྱུང་གཟུགས་སྐུའི་དཀྱིལ་འཁོར་ནི། །གསེར་གྱི་ས་འཛིན་ཉི་འོད་དང་། །འགྲོགས་པ་ཇི་བཞིན་ཀུན་ཏུ་བརྗིད། །དངོས་པོའི་དཔེ། སྒྲ་དབྱངས་ལྷ་མོའི་འཛུམ་ཞལ་མཆོག །རྙོག་བྲལ་སྟོན་ཟླ་ལྟ་བུ་སྟེ། །མཆུ་སྒྲོས་ཡིད་ཙམ་བྱེ་བ་ཡང་། །བིམྲའི་ནགས་ཚལ་རྗེས་སུ་སྙེགས། །བཟློག་པའི་དཔེ། སེང་གེའི་གདོང་ཅན་མཚན་དཔེ་ལྟར། །ཆུ་སྐྱེས་སྔོན་པོ་ཉེ་བར་རྒྱས། །གང་གི་སོར་མོའི་དོག་པ་དང་། །རྗེས་མཐུན་བུང་བའི་རྩེ་དགའ་གཡོ། །ཕན་ཚུན་དཔེ། ཚངས་པའི་སྲས་མོའི་རྒྱུད་མང་བཞིན། །འཇམ་མགོན་བླ་མའི་ལེགས་བཤད་སྙན། །སྒྲ་དབྱངས་ལྷ་མོའི་ཕང་འགྲོ་ཡང་། །གང་གི་གསུང་གསང་དཔེ་ཟླར་འོས། །ངེས་པའི་དཔེ། རྣམ་མང་འདོད་འཇོའི་ཚིག་རྒྱན་གཞུང་། །ནོར་བུའི་ཆུ་གཏེར་ཆེན་པོ་ཡི། །རྗེས་སུ་འགྲོ་མོད་དེ་ལས་གཞན། །དཔེར་འོས་སྲིད་པའི་ཁོངས་འདིར་མེད། །ངེས་མེད་དཔེ། རབ་དམར་རིག་བྱེད་དགའ་མའི་ཞལ། །རེ་ཞིག་བན་ཛཱི་བ་ཀར། །རིགས་མཐུན་གཞན་ཡང་དེ་འདྲ་བའི། །


JKT016_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་འགའ་སྲིད་ནའང་མཚུངས་པར་རྟོགས། །བསྡུས་པའི་དཔེ། མཁས་ཁྱོད་གཙུག་ལག་རྒྱ་མཚོའི་གཞུང་། །གཟིགས་པ་ཁོ་ནས་ངག་དབང་ལྷའི། །རྗེས་སུ་རྐང་པ་འཇོག་མིན་ཏེ། །གྲུབ་པའི་ཡོན་ཏན་འདིས་ཀྱང་ངོ་། །ཕུལ་བྱུང་དཔེ། གང་སྐུ་བསིལ་ལྡན་ལྗོངས་སུ་སྟེ། །ཡེ་ཤེས་མེ་ལོང་གྲུབ་པའི་ཞིང་། །གཞན་དུ་བསྔགས་འོས་སྤངས་རྟོགས་ལ། །ཁྱད་པར་འདི་ཞེས་དམིགས་སུ་མེད། །རབ་རྟོག་དཔེ། ངག་དབང་ལྷ་མོའི་འཛུམ་ཞལ་མདངས། །ང་ལ་ཡོད་ཅེས་ཟླ་ཤེལ་གསར། །སྙེམས་པར་མ་བྱེད་ཀུ་མུ་དཱའི། །དགའ་ཚལ་ལ་ཡང་དེ་ཡོད་ཕྱིར། །རྨད་བྱུང་དཔེ། སྤྲིན་བྲལ་རི་བོང་འཛིན་པ་ལ། །མཚན་དཔེའི་མཚར་སྡུག་རབ་རྫོགས་ཤིང་། །མཉན་འོས་ལེགས་བཤད་སྙལ་མཁས་ན། །མིག་མི་འཛུམ་པའི་སྤུན་ཟླར་འོས། །རྨོངས་པའི་དཔེ། རྗེ་བཙུན་བླ་མའི་གཞན་ཕན་གྱི། །ཕྲིན་ལས་སྙིང་རྗེའི་ལྷ་རུ་འཁྲུལ། །སླར་ཡང་འཕགས་པའི་ལེགས་མཛད་ནི། །རྣམ་འདྲེན་གང་གི་སྤྱོད་པར་རྟོགས། །ཐེ་ཚོམ་དཔེ། ཅི་འདི་ས་ཡི་གདུ་བུའི་ཁྲོད། །རཡིག་གཉིས་པ་གཡོ་བ་འམ། །ཚངས་པའི་སྲས་མོའི་འཛུམ་ཞལ་ལ། །སྤྱན་ཟུང་རྣམ་པར་འཕྲུལ་པ་གང་། །གཏན་ཕེབས་དཔེ། འོན་ཀྱང་འཁོར་འདས་ལམ་གྱི་ཆོས། །རྒྱན་གསུམ་ངག་གིས་དྲངས་པའི་ཕྱིར། །སྟེང་འཐུང་དཀར་པོ་ཉིད་མིན་ཏེ། །དེས་ནི་སྙན་པར་སྨྲ་


JKT016_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་སམ། །སྦྱར་བའི་དཔེ། རབ་དཀར་མགྲིན་པའི་དབྱངས་སྙན་ལྡན། །ཡིད་འོང་པདྨའི་རྫིང་བུ་རུ། །དལ་གྱིས་རྩེ་བའི་མཚོ་བྱུང་མ། །རཱ་ཛ་ཧཾ་ས། དང་བའི་རྒྱལ་པོ། ཉིད་དང་མཚུངས། །མཉམ་ཉིད་དཔེ། ཏམྦུ་ར་ཡི་ཆུང་མ་འདི། །པདྨ་ཅན་བཞིན་ཁྱབ་འཇུག་ཆུང་མ་དཔལ་མོ། ཡིད་འོང་ཞིང་། །ལུས་ཅན་སླུ་བར་བྱེད་མ་ལགས། །དེ་སླད་དོན་འབྲས་བྲལ་མ་ཡིན། །འདི་ཡང་། རྣལ་འབྱོར་མ་འདི་ལག་བརྐྱངས་བཞིན། །བྱ་བ་བྲལ་ཞིང་ནོར་མེད་པའི། །ལམ་ལ་ཞུགས་པ་ཕན་བདེའི་ཆོས། །ཕྲ་མོ་ཙམ་ཡང་འཛིན་མ་ལགས། །འདིར་རྣལ་འབྱོར་མ་ཞིག་དང་སྤྲང་པོ་ཞིག་སྦྱར་བ་སྟེ། དེ་ཡང་དང་པོ་ལྟར་ན་བྱ་བ་བྲལ་བ་གཉིས་ཀའི་ཆོས་ཐུན་མོང་དང་། དམིགས་བསལ་ཐར་ལམ་ནོར་བ་མེད་པ་ལ་ཞུགས་པས་གནས་སྐབས་ཕན་པ་དང་མཐར་ཐུག་བདེ་བའི་ཆོས་ཕྲ་ཞིང་ཕྲ་མོ་ཙམ་ཡང་འཛིན་པར་ནུས་མ་ལགས་སོ། །ཞེས་པ་དང་། ཕྱི་མ་ལྟར་ན་ནོར་མེད་པའི་དབུལ་པོའི་ལམ་དུ་ཞུགས་པས་འདི་དང་། ཕྱི་མའི་ཕན་བདེའི་ཆོས་ཕྲ་མོ་ཙམ་ཞིག་ཀྱང་འཛིན་པར་ནུས་པ་མ་ལགས་སོ། །ཞེས་གཅོད་མཚམས་ཐ་དད་པ་གཉིས་ཀྱིས་སྟོན་པའོ། །སྨད་པའི་དཔེ། ཟླ་ཤེལ་བསིལ་ཡང་ར་རིས་འཁྱུད། །ཉིན་བྱེད་གསལ་མོད་གདུང་བའི་ཕྱིར། །ཚུལ་དེས་མགོན་པོ་ཁྱོད་ཉིད་ཀྱི། །མཁྱེན་རབ་སྣང་བར་གཞལ་ནུས་མིན། །བསྔགས་དཔེ། ཡོངས་འདུ་ས་བརྟོལ་འདོད་དགུའི་དཔྱིད། །རྒྱ་མཚོ་རིན་ཆེན་དུ་མའི་མཛོད། །དེ་དག་ཉིད་དང་དམ་པ་གང་། །


JKT016_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཀླས་ཡོན་ཏན་ཕུང་པོ་མཉམ། །བརྗོད་འདོད་དཔེ། བདུད་རྩིའི་སྙིང་པོས་ལྕི་བ་འམ། །རྣོགས་པའི་མཚན་མས་བསླད་ཀྱང་རུང་། །དབྱངས་ཅན་ཁྱོད་ཞལ་ཟླ་ཤེལ་དང་། །མཚུངས་ཞེས་བརྗོད་འདོད་ཡིད་ལ་བརྣགས། །འགལ་བའི་དཔེ། འཇམ་དཔལ་མགོན་དང་འཕགས་མཆོག་ཀླུ། །འཁོན་རིགས་པཎ་ཆེན་ཀུན་དགའི་མཚན། །གཅིག་ཀྱང་རྣམ་པ་ཙམ་ཉིད་དུ། །ཕན་ཚུན་འགལ་བ་ཉིད་དུ་དྲན། །དགག་པའི་དཔེ། དུག་ཅན་བསྟི་གནས་ལས་འཐོན་ཅིང་། །རྣམ་པར་དཔྱོད་པའི་མཐུས་དབེན་ཕྱིར། །མན་ར་ཡིས་ཁྱོད་ཞབས་ལ། །ཅུང་ཟད་ཙམ་ཡང་འགྲན་ནུས་མིན། །མཛེས་པའི་དཔེ། འཕགས་མཆོག་སྤྱན་སྟོང་འཇོ་སྒེག་དང་། །གང་ཉིད་འདྲེན་བྱེད་ཟུང་ལྡན་ཡང་། །མཐའ་ཀླས་འགྲོ་ལ་དུས་གསུམ་དུ། །གཟིགས་པའི་ཚུལ་ལ་མཚུངས་པ་ཉིད། །དེ་ཉིད་བརྗོད་དཔེ། འདི་ནི་ག་པུར་འཛིན་པའི་གཟུགས། །མ་ཡིན་ཕྱག་ན་པདྨོ་སྟེ། །རི་དྭགས་གཞོན་ནུའི་རི་མོ་ཡིས། །འཁྱུད་མིན་མཚན་དཔེའི་མཚར་སྡུག་གོ །ཐུན་མོང་མིན་པའི་དཔེ། །ཉིད་བྱེད་བྱེ་བའི་གཟི་བྱིན་ལས། །རིང་འདས་འཆི་མེད་མགོན་ཁྱོད་ཀྱི། །དཔེ་ཟླར་འོས་པ་རང་ཉིད་ལས། །གཞན་དུ་སྲིད་འདིར་རྙེད་མ་ལགས། །བྱུང་མིན་དཔེ། པུཎྜ་རི་ཀའི་སྙིང་པོ་ཀུན། །བྱེད་པོས་གཅིག་ཏུ་བསྡུས་པ་ལྟར། །ཡིད་འཕྲོག་མཚར་སྡུག་རྫོགས་པའི་


JKT016_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱིད། །མི་ཟད་ཚིག་གཏེར་སྒྲ་དབྱངས་ལྷ། །སྲིད་མིན་དཔེ། ཉིན་བྱེད་ལས་བྱུང་བསིལ་བ་དང་། །ག་བུར་ཐིགས་པས་ཚ་གདུང་བཞིན། །རྣམ་འདྲེན་གང་གི་མཛད་བཟང་ལ། །ཚུལ་མིན་འབྱུང་བ་ཅང་སྲིད་དམ། །མང་བའི་དཔེ། མཚམས་སྤྲིན་གུར་གུམ་དགའ་ཚལ་དང་། །སིནྡྲ་ཝཱ་རའི་ཕུང་པོ་ལྟར། །དམར་སེར་མཚན་དཔེའི་ལང་ཚོ་ཅན། །བློ་གྲོས་མཆོག་སྦྱིན་འཇམ་པའི་དཔལ། །རྣམ་འགྱུར་དཔེ། །མཁས་དབང་གང་གི་ལེགས་བཤད་གཏམ། །དབྱངས་ཀྱི་རྒྱལ་མོའི་རྒྱུད་མང་དང་། །ཡེ་ཤེས་མེ་ལོང་འཆར་བ་ཡི། །གསུང་གི་གསང་བ་ལས་བླངས་བཞིན། །ཕྲེང་བའི་དཔེ། ཟླ་བའི་ཟེར་བཞིན་དེ་ཡིས་ཀྱང་། །ཆུ་གཏེར་རྒྱས་བཞིན་དེའི་མཐུ་ཡིས། །རིན་ཆེན་རླབས་མང་འཕེན་པ་བཞིན། །འཇམ་མགོན་བླ་མས་ཐུབ་བསྟན་སྤེལ། །ངག་དོན་ལས་བཞིན་སྒྲ་གཅིག་པའི་དཔེ། གང་ཐུགས་ཟབ་གསལ་གཉིས་མེད་ཀློང་། །མཁྱེན་གཉིས་སྤོབས་པའི་གཏེར་གྲོལ་བ། །རྡུལ་བྲལ་སྟོན་གནམ་དག་པའི་འགྲམ། །ཉི་གཞོན་འཆར་ཀས་མཚོན་བཞིན་མཛེས། །བཞིན་སྒྲ་དུ་མ་ཅན། རྟ་ལྗང་ཅན་བཞིན་ཁྱོད་ཞལ་ལས། །འཛུམ་ཟེར་ཇི་བཞིན་སྡེ་སྣོད་བཅུད། །རབ་མཛེས་པདྨོ་ཇི་བཞིན་དུ། །བདག་གིས་འཐུང་ཞིང་འཐུང་ཞིང་སྙེགས། །ཟླ་བོ་དངོས་པོའི་དཔེ། ཕྱོགས་འདིར་མཁས་མཆོག་མང་བྱོན་ཀྱང་། །ད་ལྟ་གང་དང་


JKT016_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པ་སུ། །མཁའ་ལ་རྒྱུ་སྐར་གྲངས་མང་ཡང་། །མུན་སེལ་ཉི་མ་ལས་གཞན་དབེན། །མཚུངས་སྦྱོར་དཔེ། རྡོ་རྗེ་འཆང་ཆེན་འོག་མིན་གནས། །མགོན་ཁྱོད་ཨེ་ཝཾ་འདུས་གྲར་བཞུགས། །དེས་ནི་རྒྱུན་མཐའི་བྱང་སེམས་དང་། ཁྱོད་ཀྱིས་སྐལ་བཟང་སློབ་ཚོགས་སྐྱོང་། །རྒྱུ་ཡི་དཔེ། གང་སྐུ་མཛེས་པས་ཟླ་གཞོན་དང་། །གསུང་གསང་སྙན་པས་དྲི་ཟའི་གླུ། །ཐུགས་ནི་ཟབ་ཅིང་རྒྱ་ཆེ་བས། །འཆི་མེད་ལམ་གྱི་ཕང་པར་འཛེགས། །དཔེའི་སྐྱོན་སེལ་ལས་རྟགས་ཐ་དད་ཀྱང་སྐྱོན་མེད་པ། སྨྲ་མཁས་ཁྱོད་ཀྱི་ཚིག་སྦྱོར་ནི། །ཚངས་པའི་སྲས་མོའི་ངག་ལྟར་སྙན། །མཚོ་བྱུང་སྒེག་མོའི་བློ་མཆོག་ཀྱང་། །འཇམ་དཔལ་གཞོན་ནུའི་རྗེས་སུ་བྱེད། །ཚིག་ཐ་དད་ཀྱང་སྐྱོན་མེད་པ། གང་གི་ཕྲིན་ལས་གཅིག་པུ་ཡིས། །རྒྱལ་ཀུན་ཐུགས་རྗེའི་ནུས་པ་འཇུག །མཐའ་ཀླས་སྤོབས་པའི་རོལ་སྒེག་ཀྱང་། །སྤྲིན་བྲལ་ནམ་མཁའི་ཐོག་ལེར་མཚུངས། །དཔེ་དོན་མཆོག་དམན་གྱུར་ཡང་སྐྱོན་མེད་པ། གཙུག་ལག་གཞུང་བརྒྱར་གཟིགས་ཁྱོད་བཞིན། །འཇམ་མགོན་དྲི་མེད་མཁྱེན་པ་རྒྱས། །སྲིད་པར་འཁྲུངས་ཀྱང་སྲིད་པའི་དྲིས། །གོས་མིན་འདམ་སྐྱེས་པདྨོས་མཚོན། །དེ་རྣམས་ཀྱང་སྦྱོར་མ་ཤེས་ན་སྐབས་འགར་སྐྱོན་དུ་འགྱུར་པ། གྲོང་ཁྱེར་མ་ལྟར་ཐབས་མཁས་ཀྱི། །སྤྱོད་པ་རྒྱུ་སྐར་ཚོགས་བཞིན་མཛེས། །མེ་ཁྱེར་ལྟ་བུའི་ལུང་རིག་གི། །


JKT016_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བས་ཚངས་པའི་བློ་ཡང་འགོགས། །བར་འདིར་མཚུངས་པ་གསལ་བྱེད་ཀྱི་སྒྲ་དྲུག་ཅུ་རྩ་ལྔ་དང་སྦྱོར་བའི་དཔེར་བརྗོད་པ་ལོགས་སུ་བྲིས་པ་ལས་རྟོགས་པར་བྱའོ། །གསུམ་པ་གཟུགས་ཅན་གྱི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་དཔེ་དང་དཔེ་ཅན་ཐ་དད་དུ་མ་བྱས་པ་དོན་དེ་ཉིད་དཔེའི་གཟུགས་སུ་བཀོད་པའི་ངག་སྟེ། དབྱེ་ན་ཉི་ཤུ་ལས། དང་པོ་བསྡུས་པའི་གཟུགས་ཅན། ཚོགས་གཉིས་ཆུ་གཏེར་གཏིང་ཡངས་པོར། །རྨད་བྱུང་གཟུགས་སྐུ་དཔག་བསམ་དབང་། །གཞན་ཕན་གྲིབ་བསིལ་སྣུག་ལྡན་པ། །འགྲོ་ཀུན་ངལ་འཚོར་འཁྲུངས་དེར་བསྔགས། །མ་བསྡུས་པའི་གཟུགས་ཅན། མཁྱེན་པའི་ཨུཏྤལ་རྒྱས་གྱུར་ཁྲོད། །བྱམས་བརྩེའི་ཟིལ་མངར་རྟག་པར་འབབ། །ནུས་མཐུའི་དྲི་བསུང་རིང་སྤྲོ་བས། །འདི་ན་ཀུན་དགའི་དཔྱིད་དུ་དར། །བསྡུས་ཤིང་མ་བསྡུས་པའི། མང་ཐོས་ལོ་འདབ་རབ་གཡོ་ཞིང་། །བསམ་བྱུང་རིག་ལམ་མེ་ཏོག་འབར། །སྒོམ་སྤངས་འཕགས་པའི་འབྲས་བུར་བཅས། །ཐམས་ཅད་གཟིགས་པའི་ཚལ་དུ་མཛེས། །མཐའ་དག་གཟུགས་ཅན། ཕྲ་ལྡེམ་མཛེས་སྐུའི་ཆུ་བ་ལ། །འཛུམ་ཞལ་པདྨོ་མངོན་པར་གཡོ། །སྤྱན་རས་བུང་པའི་འཕུར་ལྡིང་ཅན། །མཚོ་བྱུང་དཔག་བསམ་འདི་ན་འཁྲུངས། །ཆ་ཤས་གཟུགས་ཅན། གཙུག་ལག་གཞུང་བརྒྱ་སྨྲ་ཁྱོད་ཀྱི། །མཆུ་སྒྲོས་བིམྲའི་སྙིང་པོ་


JKT016_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ལེགས་བཤད་བཅུད་བཟང་སྦྱིན་པ་ཡིས། །གཟུར་གནས་ཡི་གར་སིམ་པ་སྟེར། །ཆ་ཤས་ཅན་གཟུགས། གང་གི་མཁྱེན་དཔྱོད་ཆུ་གཏེར་ཆེར། །རྣམ་མང་ཕྱི་ནང་རིག་པའི་གཞུང་། །ཕ་མཐའ་ཡས་པ་འཛིན་བཟོད་པའི། །གྲགས་སྙན་ཁོར་ཡུག་ཀུན་ཏུ་ཁྱབ། ཡན་ལག་གཅིག་གཟུགས། འདྲེན་མཆོག་ཁྱོད་ཞབས་ནོར་བུའི་ཏོག །ཚངས་སོགས་ཆེ་རྒུ་ཐམས་ཅད་ཀྱི། །འདར་ལྡན་ཐོར་ཚུགས་གཡོ་བ་ཡིས། །མངོན་པར་བསྟེན་པའི་ངང་ཚུལ་འཛིན། །སོགས་ཁོངས་ནས་བྱུང་བ་གཉིས་གཟུགས། རྗེ་བཙུན་མྱུར་མ་དཔའ་མོ་ཡི། །སྐྱོད་བྱེད་ཡལ་ག་རིང་བརྐྱངས་པར། །སྐྱབས་སྦྱིན་ཕྱག་རྒྱའི་པདྨོའི་ཚལ། །ཡིད་འཕྲོག་མིག་གི་དཔྱིད་དུ་སྒེག །གསུམ་གཟུགས། ཁྱོད་ཐུགས་འཆི་མེད་རྫིང་རིང་དུ། །མཁྱེན་གཉིས་ཟླ་ཤེལ་ཆ་རྫོགས་ཤིང་། །གཞན་ཕན་ཕྲིན་ལས་སིམ་འོད་འབུམ། །སྤྲོ་བའི་ཚུལ་དེར་སུ་མི་གུས། །ལྡན་གཟུགས། འཕགས་མ་ཡིད་བཞིན་འཁོར་ལོ་ཡི། །ཐུགས་རྗེའི་ཀཏཱུར་དབང་པོ་ལས། །འཆི་མེད་བདུད་རྩིའི་ཟེར་སྤྲོ་བས། །ཚེ་དཔལ་འབྱོར་པའི་ཀུ་མུད་རྒྱས། །ལྡན་མིན་གཟུགས། འཇིགས་བྲལ་དཔལ་ལྡན་བིརཱུ་པས། །བརྟུལ་ཞུགས་གྲུབ་པའི་བྱིན་ཟ་ཡིས། །སྐལ་བཟང་སྙིང་ལ་ཀུན་དགའི་རོ། །སྦྱིན་པའི་ཆོ་ག་ཅིར་ཡང་དར། །མི་མཉམ་པའི་གཟུགས། རིག་བྱེད་ཌཱ་ཀིའི་འཛུམ་ཞལ་གྱི། །སྨིན་


JKT016_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱོགས་བུང་པའི་ཟློས་གར་དང་། །ཟུར་མིག་མཚམས་སྤྲིན་གསར་བའི་མདས། །ཁམས་གསུམ་འགྲོ་བའི་ཡིད་དབང་ཕྲོགས། །ཁྱད་འཕགས་གཟུགས། འཕགས་པའི་ཞབས་སེན་ཏོང་ཀུན་གྱི། །ས་སྤྱོད་ཆུ་གོས་རྩེར་བཀོད་པས། །བསིལ་ལྡན་དོགས་བྲལ་ཙཱ་ནའི་ལྗོངས། །དགའ་སྟོན་རྒྱལ་མཚན་ཛ་ཡནྟུ། །འདིར་འཕགས་པ་རིན་པོ་ཆེ་དང་རྒྱལ་བུ་གོ་དན་མཆོད་ཡོན་ལ་སྦྱར་བ་སྟེ་རྣམ་པ་གསལ་ལོ། །འགལ་གཟུགས། རིན་ཆེན་འབྱུང་གནས་མ་བསྲུབས་ཤིང་། །ལེགས་བྲིས་ཚལ་དུའང་འཁྲུངས་མིན་པའི། །མི་བདག་ཁྱོད་ཚུལ་དཔག་བསམ་གྱིས། །བདག་སོགས་དབུལ་བའི་གདུང་བ་བསལ། །རྒྱུའི་གཟུགས། གང་ཐུགས་བསམ་སྤྱོད་ཕ་མཐའ་ཡས། །བརྒལ་བས་འཆི་མེད་རྫིང་རིང་སྟེ། །བློ་གྲོས་སྣང་བས་ཉིན་བྱེད་དང་། །འདོད་འབྱུང་བསམ་འཕེལ་དབང་པོའང་ལགས། །སྦྱར་གཟུགས། རྣམ་འདྲེན་གང་ཞབས་ཆུ་སྐྱེས་ཚལ། །རཱ་ཛ་མིའི་རྒྱལ་པོ་དང་ངང་པའི་རྒྱལ་པོ་སྒྲ་སྦྱར། ཧཾ་ས་ལ་སོགས་ཀྱིས། །བསྟེན་བཞིན་ལྷར་བཅས་འགྲོ་བའི་ཡིད། །གཅིག་ཆར་འཕྲོགས་དོན་སྦྱར། པར་བྱེད་ལ་དབང་། །དཔེ་གཟུགས། ཧེ་རུ་ཀདཔལ་ནག་པོ་ཆེའི། དམར་ཟླུམ་སྤྱན་རས་ཉིན་མོར་བྱེད། །ཐུན་མཚམས་སྤྲིན་གྱིས་སྒེག་པ་ཡི། །ཤར་གྱི་ཐིག་ལེར་ལྷག་པར་འགྲན། །བཟློག་གཟུགས། ངང་མོའི་ཚོགས་ཀྱིས་ས་རྫིང་དང་། །བདག་གིས་ཁྱོད་ཞབས་པད་རྫོང་


JKT016_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན། །དེ་ནི་རྫབ་ཀྱིས་དཀྲིགས་པ་སྟེ། །འདི་ནི་རབ་དྭངས་ཀུན་དགའི་དཔྱིད། །འགོག་གཟུགས། རྣམ་འདྲེན་ཟས་གཙང་སྲས་པོ་ཡི། །ཐུགས་རྗེ་བདུད་རྩིའི་ཟེགས་མ་ཡིས། །ཡིད་སྲུབས་དཔུང་ཚོགས་མྱོས་བགྱིད་ཕྱིར། །བདེ་འབྱུང་དངོས་པོར་ཅི་ཕྱིར་རྟོགས། །མཉམ་འཇོག་གཟུགས། འཇམ་མགོན་མཁྱེན་པའི་ཉི་གཞོན་གྱིས། །ཁོ་བོ་བློ་གྲོས་སིམ་སྟེར་བ། །གང་གི་བྱིན་རླབས་ཁོ་ནའི་མཐུ། །མ་ལགས་བདག་རང་སྐལ་བས་ཀྱང་། །གཟུགས་ཅན་གྱི་གཟུགས་ཅན། ཚུལ་ཁྲིམས་ནམ་མཁའི་བུ་མོའི་འགྲམ། །ཏིང་འཛིན་ཉི་ཟླའི་རྣ་རྒྱན་དང་། །འགྲོགས་པའི་ཤེས་རབ་འོད་འཛུམ་པས། །དཔྱོད་ལྡན་ཚོགས་ཀྱི་ཡིད་དབང་འཕྲོག །བསྙོན་དོར་གཟུགས། གང་སྐུ་མ་ལགས་དཔལ་གྱི་དུམ། །གསུང་མིན་དབྱངས་ཅན་ཏམྦུ་ར། །ཁྱོད་ཐུགས་མ་ལགས་རྒྱལ་ཀུན་གྱི། །ཡེ་ཤེས་ཕུང་པོ་ཉིད་དུ་ངེས། །བཞི་པ་གསལ་བྱེད་ཀྱི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་རིགས་ལ་སོགས་པའི་སྒྲ་རྐང་བཞིའི་གནས་གང་རུང་དུ་ཡོད་པ་ངེས་ཚིག་གཞན་རྣམས་ཐམས་ཅད་གསལ་བར་བྱེད་པའི་ངག་སྟེ། དབྱེ་ན་བཅུ་དྲུག་ལས། དང་པོ་རིགས་བརྗོད་པ་ཐོག་མའི་གསལ་བྱེད་ནི། སྲས་བཅས་རྒྱལ་བས་ཐབས་མཁས་ཀྱི། །སྤྱོད་ཡུལ་ཉམས་པ་མེད་པ་ཡིས། །འགྲོ་ལ་ཕན་བདེ་རབ་སྒྲུབ་པའི། །དམ་བཅའི་རི་མོ་སྙིང་ལ་བཀོད། །བྱ་བ་ཐོག་


JKT016_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། མཛེས་པར་བྱས་སོ་ཨུཏྤལ་ནགས། །རྐང་པ་དྲུག་པའི་མགྲིན་གླུས་ཏེ། །སྐལ་བཟང་སློབ་མའི་འཁོར་ཚོགས་ཀྱང་། །ཁྱོད་ཀྱི་ལེགས་པར་བཤད་པས་སོ། །ཡོན་ཏན་ཐོག་གསལ། དམར་སེར་ཉིད་དོ་དགའ་བའི་ཚལ། །གུར་གུམ་རྒྱས་པའི་འཇོ་སྒེག་དང་། །ཨེ་ཝཾ་ཆོས་ལྡན་འདུས་པའི་གྲྭ། །རིག་གྲོལ་ངུར་སྨྲིག་འཛིན་པས་ཀྱང་། །རྫས་ཐོག་གསལ། རི་བོང་འཛིན་པས་གོ་ལའི་ལམ། །བགྲོད་ནས་ལུས་ཅན་ཚ་གདུང་ཀུན། །སིམ་འོད་ཟག་པས་རབ་བཅོམ་སྟེ། །ཕུན་ཚོགས་ཀུན་དགའི་སྣང་བ་འབར། །རིགས་བར་གསལ། སྡུག་བསྔལ་གསུམ་གྱིས་མནར་བ་ཡི། །སྲིད་པའི་ཁམས་ལ་རྗེས་བརྩེ་བའི། །འཕགས་པ་མཆོག་རྣམས་མཛད་པ་ཡིས། །ནམ་ཡང་སེམས་ཅན་བསླུ་མི་སྲིད། །བྱ་བ་བར་གསལ། དབེན་པའི་ཚལ་འདི་ཐར་འདོད་ཀྱི། །སྙིང་ལ་ཡིད་འོང་གྲོགས་སུ་འགྱུར། རི་དྭགས་གཞོན་ནུའི་ཚོགས་རྣམས་ཀྱང་། །རྩེ་བའི་གཉེན་འཁོར་ཚུལ་དུའོ། །ཡོན་ཏན་བར་གསལ། འབྲས་ལྡན་དུས་ཀྱི་མཁའ་དབྱིངས་སུ། །ཤར་བའི་རྡུལ་གྱི་ཐིག་ལེའི་གཟུགས། །རབ་དཀར་ཉིད་དོ་ལྷོ་ཕྱོགས་མཚོར། །ཚངས་པའི་བུ་མོའི་མཚན་དཔེ་ཡང་། །རྫས་བར་གསལ། བྱིས་པའི་ཚོགས་ཀྱི་མགུལ་རྒྱན་དང་། །སྦྲང་རྩིའི་བུ་ཡི་ཁམ་ཟས་ཀྱང་། །ཨུཏྤལ་སྟེ་རྟེན་གསུམ་ཕྲེང་། །མཆོད་པའི་ཉེར་སྤྱོད་དག་ལ་


JKT016_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །འདི་ཡང་། །མཚོ་བྱུང་མཛེས་པའི་ཕྱག་སོར་གྱིས། །དལ་གྱིས་བསྐུལ་བའི་ཏམྦུ་རར། །དབྱངས་ཀྱི་ཡན་ལག་རྒྱ་མཚོ་ཡི། །སྙན་འགྱུར་ཟད་མི་ཤེས་པས་འཁྱུད། །རིགས་མཐའ་གསལ། ལ་ལ་། ནགས་ཀྱི་ལྗོངས་སུ་སྟེ། །འགའ་ཞིག་བར་སྣང་ཡངས་པོར་འཁོར། །ཕལ་ཆེར་པདྨའི་རྫིང་བུ་རུ། །དགའ་བས་རྩེན་པ་འདབ་ཆགས་ཚོགས། །བྱ་བ་མཐའ་གསལ། ལེགས་བྲིས་ལྗོན་པས་འདོད་རྒྱུ་དང་། །སྤྲིན་དུས་ཆར་གྱི་མེ་ཏོག་སྟེ། །རྣམ་འདྲེན་འཇམ་མགོན་བླ་མ་ལས། །བདག་སོགས་བློ་གྲོས་འཕེལ་བར་བྱས། །ཡོན་ཏན་མཐའ་གསལ། ཐུན་མཚམས་སྤྲིན་གྱིས་མེ་ཞལ་ལམ། །བརཱ་ཛཱི་བས་ས་གཞིའི་ཁྱོན། །འཕགས་ཚོགས་འདུས་པའི་ངུར་སྨྲིག་གི། །འོད་ཀྱིས་ཕྱོགས་རྣམས་ཀུན་ཏུ་དམར། །རྫས་མཐའ་གསལ། གང་ཞིག་ཁྱོད་ཞབས་ལ་རེག་པས། །ཚུལ་མིན་རྒུད་པ་ཀུན་བསྲུངས་ནས། །ཕུན་ཚོགས་གྲུབ་པའི་དཔལ་སྦྱིན་པ། །བདུད་སྡེའི་གཤེད་མ་སྟག་ཞོན་ཆེ། །ཕྲེང་བའི་གསལ་བྱེད། དབྱངས་ཅན་ཐུགས་རྗེས་བདག་གི་བློ། །རྒྱས་ཤིང་དེ་ཡིས་ཚིག་རྒྱན་གཞུང་། །འཛིན་བཟོད་དེས་ཀྱང་སྙན་ངག་གླུར། །འཇོ་བས་དཔྱོད་ལྡན་དགའ་སྟོན་དར། །འགལ་དོན་གསལ་བྱེད། རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མའི། །བྱིན་རླབས་སྙིང་དབུས་འཕོས་མ་ཐག །འདོད་ལ་སྲེད་པ་རིང་བཅད་ནས། །གཞན་ཕྱིར་རྗེས་ཆགས་


JKT016_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་འཕེལ། །དོན་གཅིག་གསལ་བྱེད། སྨྲ་མཁས་ཕྱོགས་ལས་རྣམ་རྒྱལ་བ། །འཁོན་རིགས་མཧཱ་པཎྜི་ཏས། །ཆོས་དོན་ངེས་ཚིག་སྤོབས་པའི་མཐུས། །ཆེར་རློམ་ཚོགས་རྣམས་ཁེངས་པ་འཕྲོག །འདི་ཡང་། རྣམ་འདྲེན་ཁྱོད་ཀྱི་མཁྱེན་རབ་ཀྱིས། །ཤེས་བྱའི་གནས་ཀུན་ཇི་བཞིན་གཟིགས། །ཉོན་མོངས་ཚོགས་རྣམས་ཡོངས་སུ་བཅོམ། །དེང་ཡང་བདག་ཅག་རྨོངས་པ་འཕྲོག །སྦྱར་བའི་གསལ་བྱེད། ཡིད་འོང་དཀར་མཛེས་མིག་གི་དཔྱིད། །དབྱངས་སྙན་རྣ་བའི་བཅུད་ལེན་ཅན། །ཚངས་སྲས་རིག་འཛིན་དགའ་ཚལ་དང་། །མལླི་ཀཀྐ་པད་མཚོར་སྒེག །ལྔ་པ་བསྐོར་བ་ཅན་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་གསལ་བྱེད་ཀྱི་གནས་ཐོག་མཐའ་བར་གསུམ་དུ་བརྗོད་བྱ་རྗོད་བྱེད་གཉིས་ཅི་ལྟར་རིགས་པ་ཟློས་པས་དོན་སྟོན་པར་བྱེད་པའི་ངག་སྟེ། དབྱེ་ན་གསུམ་ལས། དང་པོ་དོན་བསྐོར། དཔྱིད་ཀྱི་དཔལ་མོས་ཨུཏྤལ་དང་། །ཟླ་ཤེལ་བསིལ་བས་ས་སྦྱིན་དགོད། །ནམ་མཁའི་ནོར་བུས་རེག་པ་ཡིས། །མཚམས་ཀྱི་སྤྲིན་པའི་མེ་ཏོག་རྒྱས། །ཚིག་བསྐོར། ཁྱོད་སྐུ་བསོད་ནམས་བརྒྱ་ཡིས་མཚན། །སྐལ་དམན་རྣམས་ཀྱིས་མཇལ་མཐོང་བར་དཀའ། བར་དཀའ། །གང་ཐུགས་ཏིང་འཛིན་སྒོ་བརྒྱ་ཡང་། །སོ་སྐྱེའི་བློ་ཡིས་འཇལ་དཔག་པར་དཀའ་བ། པར་དཀའ། །འདི་ཡང་། གང་གི་ཚུལ་ཁྲིམས་ཕུང་པོ་ནི། །


JKT016_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་མ་ཉམས་མོད་མི་དམའ། །ངོ་མི་དམའ་བའི་དོན། །རྨད་བྱུང་རིག་དང་གྲོལ་བ་ཡི། །ཡོན་ཏན་མཐའ་ཀླས་མོད་མི་ཉུང་བའི་དོན། མི་དམའ། ཚིག་དོན་གཉིས་ཀ་བསྐོར་བ། ཡོངས་འཛིན་དམ་པའི་ལེགས་བཤད་ཀྱིས། །བདག་གི་རྣམ་དཔྱོད་གསལ་བར་བྱས། །ཁོ་བོའི་འཆད་རྩོད་རྩོམ་པས་ཀྱང་། །དོན་མཐུན་བློ་གྲོས་གསལ་བར་བྱས། །དྲུག་པ་འགོག་པའི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་དོན་གཅིག་དགག་པའི་ཤུགས་ལས་གཅིག་ཤོས་སྒྲུབ་པར་བྱེད་པའི་ངག་སྟེ། དབྱེ་ན་ཉི་ཤུ་རྩ་གསུམ་ལས། དང་པོ་བྱུང་བ་འགོག་པ་ནི། པདྨ་སཾ་བྷ་གཅིག་པུ་ཡིས། །གངས་ལྗོངས་འབྱུང་པོ་ཀུན་བཏུལ་ཅེས། །བདེན་པར་མི་སྲིད་འོན་ཀྱང་ནི། །གྲུབ་པའི་རྣམ་ཐར་བསམ་མི་ཁྱབ། །ད་ལྟ་འགོག་པ། མཚོ་བྱུང་ཁྱོད་ཀྱི་ཕྱག་སོར་གྱིས། །བེཟླུར་རྒྱུད་མང་བསྒྲེངས་འདིས་ཅི། །གང་གསུང་རྣམ་པ་ཐམས་ཅད་པར། །དབྱངས་བདུན་ཡན་ལག་རྫོགས་མིན་ནམ། །འབྱུང་འགྱུར་འགོག་པ། ཁྱོད་ཞབས་རྩེ་གཅིག་བསྙེན་པ་ལ། །དགྱེས་པའི་འཛུམ་ཞལ་མི་སྟོན་ན། །ཕྱིས་ནས་ལོག་ལྟའི་མཐུས་བསླད་པས། །ནམ་ཡང་གུས་པ་སྐྱེ་མི་འགྱུར། །ཆོས་འགོག་པ། བརྟན་པའི་འཁོར་ལོའི་ཡེ་ཤེས་ཀྱིས། །ཀུན་ལ་སྣང་བ་སྟེར་ཅེས་བརྫུན། །བདེན་ན་མེ་ཏོག་མདའ་ཅན་དཔུང་། །མུན་པའི་མལ་དུ་ཅི་ཕྱིར་འཆིང་། །ཆོས་ཅན་འགོག་པ།


JKT016_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དབྱངས་ལྷ་མོའི་བཞིན་རས་ལ། །ཟིམ་བུའི་སྤྱན་དཀྱུས་ལྡན་ནམ་མིན། །དཔག་པར་དཀའ་སྟེ་འོད་སྣང་གི །རོལ་སྒེག་ཙམ་ལས་བེམ་ཆོས་མིན། །རྒྱུ་འགོག་པ། ས་སྤྱོད་ཁྱོད་ཀྱི་འཇིགས་རུང་གི །གཡུལ་གྱི་དཔུང་ཚོགས་བཤམ་གྱུར་ཀྱང་། །བདག་གིས་ལུགས་ལས་འདས་པའི་ཚུལ། །མ་སྤྱད་ཕྱིར་ན་སེམས་མི་གཡོ། །འབྲས་བུ་འགོག་པ། ཡོངས་འཛིན་མཁས་པའི་ལེགས་བཤད་གཏམ། །མང་ཐོས་བརྩོན་པས་འབད་བྱས་ཀྱང་། །ད་དུང་ཕྱོགས་རེའི་རིག་པའི་གཞུང་། །རྟོགས་པར་མ་གྱུར་འདི་ཅི་ཞིག །རྗེས་གནང་འགོག་པ། གྲུབ་བརྙེས་མཆོག་ཁྱོད་མཁའ་སྤྱོད་ཞིང་། །ཉུལ་བར་བཞེད་ན་དེ་བཞིན་མཛོད། །འདི་ན་མཆིས་པའི་སློབ་འབངས་ཚོགས། །གདུང་བས་ཡུན་རིང་འཚོ་མི་འགྱུར། །དབང་གིས་འགོག་པ། གཙུག་ལག་ཀུན་གཟིགས་དམ་པ་གང་། །གང་དུ་གཤེགས་ཀྱང་གེགས་བྲལ་ཞིང་། །རྨད་བྱུང་གྲགས་པའི་དཔལ་ཐོབ་མོད། །འོན་ཀྱང་ལྗོངས་འདིར་རྟག་བཞུགས་ཤིག །མ་གུས་འགོག་པ། བདག་ནི་རྩེ་གཅིག་སྒྲུབ་ལ་མོས། །རྣམ་གཡེངས་སྤྱོད་ལ་དེ་ལྟར་མིན། །གྲོགས་ཁྱེད་གསན་ནམ་མི་གསན་ཀྱང་། །རང་གི་ཚུལ་ཙམ་མོལ་བར་ཟད། །ཤིས་བརྗོད་འགོག་པ། མགོན་ཁྱོད་འོག་མིན་བགྲོད་དགོངས་ན། །བཞེད་པ་ཇི་བཞིན་འགྲུབ་གྱུར་ཅིག །བདག་ཅག་རྣམས་ཀྱང་མི་རིང་བར། །


JKT016_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་སེན་ནོར་བུར་རེག་པར་སྨོན། །རྩུབ་མོས་འགོག་པ། མི་དབང་གང་ཉིད་གཤེགས་བདེན་ཚེ། །རྒྱལ་ཐབས་འཛིན་པ་གཞན་འགའ་ཚོལ། །བརྩེ་བས་སྐྱོང་བའི་བློན་འབངས་རྣམས། །ཡུལ་མཐར་འཁྱམས་ལས་གཞན་དུ་ཅི། །གྲོས་ཀྱིས་འགོག་པ། འཕགས་ཁྱོད་ཞི་བདེར་ཐུགས་ཕྱོགས་ན། །མྱུར་བ་ཉིད་དུ་སྐབས་དབྱེ་གསོལ། །ཕྱིས་ན་དད་ལྡན་འདུས་པ་ཡིས། །གདུང་བའི་ཚིག་གིས་གཙེར་གྱིས་དོགས། །འབད་པས་འགོག་པ། མཛའ་བོ་དགྱེས་པ་བསྒྲུབ་སླད་དུ། །བག་མེད་མཛོད་ཅེས་གདམས་འདོད་ཀྱང་། །ངེས་འབྱུང་བློ་ཡིས་བསླབ་གཞིའི་ཁྲིམས། །ཟུང་ཞེས་བརྗོད་ལ་ཅི་བྱར་ཡོད། །གཞན་དབང་གིས་འགོག་པ། མཛེས་མ་ཁྱོད་ཀྱི་རྩེ་དགའི་དཔྱིད། །མགྲོན་དུ་གཉེར་ཞེས་བསྐུལ་ཐོས་མོད། །བདག་ཡིད་བཅས་པའི་བརྟུལ་ཞུགས་ཀྱི། །དབང་གྱུར་འདི་དང་འགྲོ་བར་འོས། །ཐབས་ཀྱིས་འགོག་པ། རེ་ཞིག་གང་གི་བསམ་པ་དང་། །རྗེས་མཐུན་ཉམས་སུ་མྱང་བར་བགྱི། །ཚུལ་ལས་འཆལ་བའི་སྡིག་པའི་རྒྱུན། །གསོ་བྱེད་སྨན་མཆོག་ཅུང་ཞིག་སྩོལ། །ཁྲོ་བས་འགོག་པ། བཤེས་གཉེན་མཆོག་ཁྱོད་ཡུལ་གཞན་དུ། །དགོངས་པ་གཏོད་པའི་ཚུལ་མཐོང་ན། །སྙིང་བརྩེ་བྲལ་བ་གང་གི་སླད། །བཞུགས་པར་གནང་ཡང་བདག་ལ་ཅི། །སྙིང་རྗེས་འགོག་པ། རང་གི་སྤྱད་དམ་གཞན་ལ་ཡང་། །སྦྱིན་པའི་ཡན་


JKT016_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལག་མ་བཀྱངས་པར། །དུས་མིན་སྐྱིན་ཐང་འཁྲུགས་པའི་མདུན། །ཡིད་འོང་ལོ་ཏོག་ཉམས་པར་གྱུར། །འགྱོད་པས་འགོག་པ། ཐོས་དང་བསམ་པའི་བགྱི་པའམ། །རྩེ་གཅིག་མཉམ་པར་མ་བཞག་པར། །དལ་རྟེན་འབྲས་བུས་སྟོང་པ་ཡི། །ངང་ཚུལ་འཆི་ཁའི་དུས་ན་མཐོང་། ཐེ་ཚོམ་འགོག་པ། ཅི་འདི་ཤར་གྱི་ཐིག་ལེའམ། །སྒྲ་དབྱངས་ལྷ་མོའི་མཚན་དཔེ་གང་། །འོན་ཀྱང་ཟབ་སྙན་ཏམྦུརཿ །བསྒྲེང་ཕྱིར་ག་བུར་འཛིན་པ་མིན། །སྦྱར་བས་འགོག་པ། ཐོས་པས་རྣ་བར་ཀུན་དགའི་ཚེ། །སྦྱིན་པའི་ཉམས་འགྱུར་ཡོངས་རྫོགས་པའི། །ཁྱོད་གསུམ་རྒྱུད་མང་འདི་ཡོད་ཕྱིར། །འཕང་འགྲོ་གཞན་གྱིས་ཅི་ ཞིག་བྱ། །དོན་གཞན་འགོག་པ། གང་ཐུགས་ཐམས་ཅད་མཁྱེན་བརྙེས་ཀྱང་། །ད་དུང་རིག་གཞུང་ཚོལ་འདིས་ཅི། །དེ་ལྟར་ན་ཡང་བུང་བའི་ཚོགས། །སྦྲང་རྩིས་ཚིམ་པའི་གོ་སྐབས་གང་། །རྒྱུས་འགོག་པ། མཚོ་སྐྱེས་བླ་མས་བསིལ་ལྗོངས་ཀྱི། །བསྟན་འགྲོར་སྨན་ལ་ཅི་ཞིག་བསྔགས། །སྲས་བཅས་རྒྱལ་པའི་དགོངས་གཅིག་གིས། །ལས་འདི་ཆེད་དུ་བྱིན་མིན་ནམ། །བདུན་པ་དོན་གཞན་བཀོད་པའི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་བརྗོད་པར་འདོད་པའི་དངོས་པོ་དེ་གང་ཡང་རུང་བ་དམ་བཅའི་ཚུལ་དུ་སྔོན་ལ་བཀོད་ནས། སླར་དེ་ཉིད་སྒྲུབ་པར་ནུས་པའི་དོན་གཞན་བརྗོད་པར་བྱས་པའི་ངག་སྟེ། དབྱེ་


JKT016_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ན་བརྒྱད་ལས། དང་པོ་ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ། ཁྱོད་ཐུགས་ཟབ་ཞི་སྤྲོས་བྲལ་ཕྱིར། །ཕྱོགས་དང་ཆ་ལས་རྣམ་གྲོལ་ཏེ། །འཆི་མེད་ལམ་གྱི་ཕ་མཐའ་ཡི། །ངེས་པ་སུ་ཡིས་བརྗོད་པར་ནུས། །ཁྱད་པར་ལ་གནས། ཁུར་ལ་མི་བརྩེགས་ནོར་འཛིན་མས། །འཇིག་རྟེན་ཁམས་འདི་འདེགས་ལ་བརྩོན། །རང་དོན་བྲལ་ཡང་རྒྱལ་སྲས་རྣམས། །གཞན་ཕྱིར་རྟག་ཏུ་འཇུག་པ་ཉིད། །སྦྱར་བའི་དོན་གཞན་བཀོད་པ། ཡིད་འཕྲོག་སཱ་ར་སྭ་སྟི་ཡིས། །འགྲོ་ལ་ཀུན་དགའི་མཆོག་སྟེར་བྱེད། །གཉིས་སོ་དང་འདབ་ཆགས་དང་བྲམ་ཟེ་སོགས་ལ་འཇུག །སྐྱེས་ཕྲེང་བས་རབ་སྒེག་ཕྱིར། །མིག་གི་བདུད་རྩིར་གྱུར་མིན་ནམ། །འགལ་བ་ཅན། མཁས་ཁྱོད་སྟོབས་འབྱོར་སྙན་གྲགས་ཀྱིས། །དམན་ཡང་དཔྱོད་ལྡན་ཚོགས་རྣམས་སྡུད། །པདྨོ་འདམ་ལས་སྐྱེས་གྱུར་ཀྱང་། །ལུས་ཅན་ནམས་ཀྱིས་ཉེ་བར་བརྟེན། །མི་འོས་པའི་དོན་གཞན་བཀོད་པ། མིག་མི་འཛུམ་པའི་སྙིང་རྗེའི་མཐུས། །དྲངས་པའི་ལེགས་བཤད་དབྱངས་སྙན་ཀྱང་། །སྒྲ་འཛིན་ཚེར་མ་ཉིད་གྱུར་པའི། །ཡིད་སྲུབས་རྣམས་ཀྱི་སྡིག་འདི་འདྲ། །འོས་པའི་དོན་གཞན་བཀོད་པ། འཆི་མེད་མགོན་པོའི་འོད་ཟེར་གྱིས། །ཉི་བུའི་ཚོགས་ཀུན་གདུང་བར་བྱེད། །འཆར་ཀའི་ཉི་གཞོན་གཟི་བྱིན་ལས། །རྒྱལ་ཕྱིར་རིགས་ཤིང་འོས་པར་དྲན། །འོས་ཤིང་མི་འོས་པ། ལུས་མེད་ཕྱོགས་ཀྱིས་


JKT016_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

མནར་བྱེད་ཀྱང་། །རྒྱལ་བའི་ཐུགས་རྗེས་ཅི་ཕྱིར་འཆིང་། །རབ་འབར་བསྲེག་ཟ་བྱེད་པའི་ལས། །ཙནྡན་ཆུ་ཡིས་འོས་སམ་ཅི། །མི་འོས་ཤིང་འོས་པ། བྱམས་པའི་བདུད་རྩིས་ཡིད་མྱོས་ན། །སྡང་བའི་སེམས་ཀྱིས་ཅི་སྟེ་མིན། །ཨུཏྤལ་རེག་པས་རྩུབ་གྱུར་ན། །ཚེར་མའི་ཁྲོད་དུ་འཇམ་མི་འགྱུར། །བརྒྱད་པ་ལྡོག་པ་ཅན་གྱི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་ཐོག་མར་དཔེ་དོན་མཚུངས་ཆོས་བཅས་བཀོད་པ་ཉིད། ཕྱི་ནས་དེ་གཉིས་ཀྱི་ལྡོག་ཆ་སོ་སོར་ཕྱེ་བའི་སྒོ་ནས་ཐ་དད་དུ་སྟོན་པའི་ངག་སྟེ། དབྱེ་ན་བཅུ་ལས། དང་པོ་གཅིག་གིས་ལྡོག་པ། ཡིད་འོང་དག་པའི་ཨ་མྲྀ་ཏཿ །ཉེ་འཁོན་བྲལ་བ་སྤྲོ་བ་ཡིས། །འཕགས་མཆོག་ཟླ་ཤེལ་མཚུངས་ཐ་དད། །ཁྱོད་ཞལ་འཕེལ་འགྲིབ་བྲལ་འདིས་སོ། །གཉིས་ཀྱིས་ལྡོག་པ། ཆུ་ཡི་གཏེར་དང་གང་གི་ཐུགས། །རབ་ཡངས་གཏིང་ཟབ་མཉམ་གྱུར་མོད། །རིན་ཆེན་འབྱུང་ལྡན་འཛིན་ཁྲིའི་གནས། །ཉིད་ཐུགས་ཡོན་ཏན་རྒྱ་མཚོའི་དཔྱིད། །སྦྱར་བའི་ལྡོག་པ། ཁྱོད་ཀྱི་ཞབས་དང་མནྡར། །ལྷར་བཅས་འདོད་འཇོ་བསིལ་སྦྱིན་པས། །མཚུངས་ཀྱང་ཡོངས་འདུ་འཆི་མེད་ཚལ། །གང་ཞབས་སྲིད་གསུམ་བླ་ན་བརྗིད། །འགོག་པ་ཅན། སྨོན་པའི་དངོས་པོ་ཀུན་སྩོལ་ཞིང་། །ཕུན་ཚོགས་སྣང་བས་ཉེར་འཁྱུད་ཀྱང་། །མཁྱེན་གཉིས་གཟིགས་པས་རིང་བཏང་ཕྱིར། །ནོར་བུས་


JKT016_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཚུལ་གཞལ་ནུས་མིན། །གཏན་ཚིགས་ཅན། ཐབས་མཁས་འཇུག་པས་ཕྱོགས་ཀུན་ལས། །རྣམ་རྒྱལ་གྲགས་པའི་དཔལ་འཛིན་ཡང་། །སྲིད་པའི་མཚོ་ལས་མ་བརྒལ་ཕྱིར། །ཐ་གུའི་ལྟོ་ཅན་ཁྱོད་ལས་དམན། །རྟེན་གྱི་དབྱེ་བའི་ལྡོག་པ་ཅན། གང་གི་སྨིན་པའི་རོལ་སྒེག་དང་། །སྦྲང་རྩིའི་ཟས་ཅན་རབ་གཡོ་བ། །འདྲེན་བྱེད་དེ་ནི་ཁྱོད་གདོང་དང་། །བུང་བ་པད་མཚོར་རྩེན་པས་སོ། །དཔེ་ཅན་ལྷག་པ། ཆུ་སྐྱེས་དཀར་པོར་སྤྱན་རས་དང་། །འཛུམ་བཅས་མཆུ་སྒྲོས་མི་ལྡན་ཞིང་། །འཇིག་རྟེན་དབང་ཕྱུག་ཁྱོད་ཞལ་ནི། །ཕུན་ཚོགས་ཆོས་དེ་དག་གིས་མཛེས། །མཚུངས་ཆོས་འབྱེད་བྱེད་གཉིས་ཀ །ཁྱོད་ཀྱི་མཚན་དང་ཉིན་མོའི་དཔལ། །མུན་སེལ་ཀུན་དགའི་གཉེན་གྱུར་ཀྱང་། །སྣང་བྱེད་འོད་རྣོན་འབུམ་སྤྲོ་ཞིང་། །གང་མཚན་ཐར་པའི་སྙིང་པོས་ལྕིད། འབྱེད་བྱེད་ཅན། འཇམ་མགོན་མ་ཧཱ་ཙཱ་ན་དང་། །སྙིང་རྗེའི་དབང་ཕྱུག་བསིལ་ལྗོངས་སྐྱབས། །ཏོང་ཀུའི་རྒྱལ་ཁམས་ནོར་མང་ཞིང་། །གངས་ཅན་ཆོས་ཀྱི་ལོངས་སྤྱོད་ལྡན། །རིགས་མཐུན་ལྡོག་པ་ཅན། ཐུན་གསུམ་མཐུ་ཡིས་མི་འཕྲོགས་ཤིང་། །ཆུ་ཁུར་ཅན་གྱིས་སྒྲིབ་མིན་པའི། །ཡེ་ཤེས་ལས་བྱུང་ཁྱོད་ཞབས་ཀྱི། །སྣང་བས་མུན་སྟུག་འགོག་པར་བྱེད། །དགུ་པ་སྲིད་པ་ཅན་གྱི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་བརྗོད་འདོད་ཀྱི་དངོས་པོ་དེ་སྒྲུབ་པར་


JKT016_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་རྒྱུ་འཇིག་རྟེན་ན་ཡོངས་སུ་གྲགས་པ་ལས་བཟློག་ནས། རྒྱུ་གཞན་ཅུང་ཟད་ཙམ་མམ་རང་གི་ངོ་བོ་ཉིད་ཀྱི་མཐུས་གྲུབ་པར་སྟོན་པའི་ངག་སྟེ། དབྱེ་ན་གསུམ་ལས། དང་པོ་ཕྱི་དུས་ལ་སྦྱར་བ་ནི། མ་བཙུགས་ཀིརཱུ་ཀ་ཡི་འགྲམ། །བོས་མིན་ཁུ་བྱུག་མྱོས་པའི་ཚོགས། །བསྐུལ་བ་མིན་པར་སྙན་འགྱུར་གླུ། །སྒྲོགས་བྱེད་དཔྱིད་ཀྱི་དུས་སྟོན་དར། །ནང་ལང་ཚོ་ལ་སྦྱར་བ། མ་ཕྱིས་རབ་ཏུ་དྭངས་པའི་སྐུར། །བྲིས་མིན་མཚན་དཔེའི་རི་མོ་འབར། །ཆེད་དུ་མ་བྱས་མཚར་སྡུག་གིས། །ལྷར་བཅས་ཡིད་འཕྲོག་འཇམ་པའི་དཔལ། །རང་གི་ངོ་བོ་ཙམ་སྟོན་པ། མ་བསླབ་ཆོས་རྣམས་ཀུན་མཁྱེན་ཅིང་། །རྒྱུ་མཚན་མེད་པར་ཡིད་སྲུབས་དགྲ། །འདྲིས་མིན་ཁམས་གསུམ་ལུས་ཅན་གྱི། །མཛའ་བཤེས་གཅིག་གྱུར་ཤཱཀྱའི་ཏོག །བཅུ་པ་བསྡུས་བརྗོད་ཀྱི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་བརྗོད་བྱའི་དོན་ཇི་ལྟར་རིག་པ་ལ་ཉེ་བར་དམིགས་ནས་དེ་དང་ཚུལ་མཐུན་པའི་དངོས་པོ་གཞན་ཞིག་བསྡུས་པའི་ཚུལ་གྱིས་བརྗོད་པའི་ངག་སྟེ། དབྱེ་ན་བཞི་ལས། དང་པོ་སྤྱིའི་བསྡུས་བརྗོད་ནི། འགའ་ཞིག་འོད་རྣོན་མཛེས་འབར་བའི། །ནོར་བུའི་སྒྲོན་མེ་རིང་དོར་ནས། །རི་མོར་བྲིས་པའི་སྣང་གསལ་ལ། །མུན་སེལ་དངོས་པོ་རེ་བ་མཐོང་། །ཁྱད་གཞི་ཐ་དད་ཁྱད་ཆོས་གཅིག་པའི་བསྡུས་བརྗོད། གཟོད་ནས་བཤེས་པའི་ས་


JKT016_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ལས། །ལེགས་འཁྲུངས་ཡལ་འདབ་མཐོར་སྙེགས་ཤིང་། །ཡིད་འོང་མེ་ཏོག་འཛུམ་དགོད་པའི། །རྐང་པས་འཐུང་འདི་བདག་གིས་རྙེད། །ཁྱད་ཆོས་ཐ་དད་ཐ་མི་དད་པ། ཤིན་ཏུ་དཀར་བའི་སྙིང་པོ་ལ། །བདུད་རྩིའི་ཟེར་བརྒྱས་ཡོངས་གཏམས་པ། །ཡོན་ཏན་མཐའ་ཀླས་ཟླ་ཤེལ་མཆོག །འདི་ན་བསོད་ནམས་མགྲོན་དུ་ཤར། སྔོན་མེད་བསྡུས་བརྗོད། །སྨད་འོས་འདམ་ལས་སྐྱེས་མིན་ཞིང་། །རྙོག་པའི་རྡུལ་མང་དང་བྲལ་བའི། །ཀུན་དགའི་དཔྱིད་གྱུར་སྦྲང་རྩི་འཛིན། །ལེགས་བཤད་དཔུང་བས་བདག་གིར་བྱས། །བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་བརྗོད་པར་བྱ་བའི་དངོས་པོ་དེ་ཉིད་ཀྱི་གནས་ཚུལ་འཇིག་རྟེན་ན་ཇི་ལྟར་གྲགས་པའི་མཚམས་ལས་བརྒལ་བར་གྱུར་པའི་རྣམ་འགྱུར་གྱིས་མཛེས་པར་བྱས་པའི་ངག་སྟེ། དབྱེ་ན་བཞི་ལས། ཁྱད་འཕགས་བརྗོད་པའི་ཕུལ་བྱུང་། །མདོག་དར་གྱི་ཤམ་ཐབས་དང་། །པུཎྜ་རཱི་ཀའི་དོ་ཤལ་བཅས། །རབ་དཀར་འོད་འཕྲོ་སྒྲ་དབྱངས་ལྷ། །བསིལ་ཟེར་ཅན་དབུས་མཚོན་མ་ཡིན། །ཐེ་ཚོམ་ཕུལ་བྱུང་། གྲུ་འཛིན་རི་ལ་དགྱེས་ཁྱོད་ཀྱིས། །ཐར་པའི་གྲོང་དུ་འཁྲིད་མིན་པའི། །སྲིད་ན་ལུས་ཅན་སུ་ཞིག་ཅེས། །བདག་བློ་སོམ་ཉིའི་དྲྭ་བར་ཚུད། །ངེས་པ་ཕུལ་བྱུང་། འོན་ཀྱང་སྙིང་རྗེའི་སྤྱན་རས་ཟུང་། །ད་དུང་གཞར་ཡང་མི་ཟུམ་པས། །བསྒྲལ་


JKT016_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བའི་སེམས་ཅན་ཁམས། །ཇི་སྙེད་ཡོད་ཅེས་རྟོགས་པར་ནུས། །གྲགས་པ་ཕུལ་བྱུང་། པདྨ་སཾ་བྷའི་ཡོན་ཏན་ལྕིད། །དཔག་ནུས་མིན་ཡང་འདེགས་བཟོད་ཕྱིར། །བསིལ་ལྡན་ལྗོངས་ཀྱི་ནོར་འཛིན་མའི། །སྙིང་སྟོབས་ཤིན་ཏུ་ཨེ་མ་བརླུང་། །བཅུ་གཉིས་པ་རབ་རྟོག་གི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་སེམས་ལྡན་ནམ་སེམས་མེད་ཀྱི་དངོས་པོ་གང་ཡང་རུང་བ་ཞིག་རང་གི་གནས་ཚུལ་ལས་གཞན་དུ་སྒྲོ་བཏགས་ནས་བརྗོད་པའི་ངག་སྟེ། །དབྱེ་ན་དོན་གྱི་སྒོ་ནས་གཉིས་དང་། སྒྲའི་སྒོ་ནས་དྲུག་ཏུ་འགྱུར་བ་ལས། དང་པོ་སེམས་ལྡན་རབ་རྟོག་སྙམ་སྒྲ་ཅན། འཇིགས་བྲལ་དཔལ་ལྡན་དཎྜིའི་- ཞབས། །ཡེ་ཤེས་མེ་ལོང་འཆང་བའི་སྐུར། །འཁྲུལ་ནས་ཚངས་པའི་སྲས་མོ་ཡིས། །མགྲིན་པར་དལ་གྱིས་འཁྱུད་པ་སྙམ། །སེམས་མེད་རབ་རྟོགས་དོགས་སྒྲ་ཅན། །མིག་སྨན་མདོག་མཚུངས་ནག་པོ་ཆེའི། །གཟི་བྱིན་འགྲན་ལ་སྐྲག་གྱུར་ནས། །སྲོད་མུན་ཆར་སྤྲིན་འཁྲིགས་པ་ཡང་། །འཆི་མེད་ལམ་དུ་བྲོས་པར་དོགས། །ངེས་སྒྲ་ཅན། འཇམ་མགོན་འཁོན་རིགས་པཎྜི་ཏའི། །མཁྱེན་པའི་དོ་ཟླར་མ་བཟོད་ནས། །འཇིག་རྟེན་གསུམ་གྱི་མགོན་པོ་ཡང་། །མཁའ་སྤྱོད་ཞིང་དུ་ཉུལ་བར་ངེས། །འདྲ་བའི་སྒྲ་ཅན། སྨྲ་མཁས་ཁྱོད་ཀྱི་ལེགས་བཤད་གཏམ། །མཉན་པའི་སྐལ་བཟང་བསྒྲུབ་སླད་དུ། །འཇིག་རྟེན་མེས་པོ་ཚངས་


JKT016_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་། །ཐོས་འཛིན་བརྒྱད་དུ་སྤྲུལ་པ་འདྲ། །མིན་ནམ་སྒྲ་ཅན། སྟོབས་བཅུ་མངའ་བའི་ཡེ་ཤེས་དང་། །འགྲན་པའི་ནུས་པ་ཕྲ་གྱུར་ནས། །མེ་ཏོག་མདའ་ཅན་དཔུང་དང་བཅས། །ལུས་མེད་ཟོལ་གྱིས་ཞུགས་མིན་ནམ། །བཞིན་སྒྲ་ཅན། ཕྱོགས་ལས་རྣམ་པར་རྒྱལ་བའི་མཆོག །ཆོས་ཀྱི་གྲགས་པའི་རྩོད་ངག་ལ། །འཇིགས་ཏེ་ངང་བའི་བུ་མོ་ཡང་། །ལྷོ་ཕྱོགས་རོལ་མཚོར་བསྟི་བ་བཞིན། །བཅུ་གསུམ་པ་རྒྱུའི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་བྱེད་པ་པོ་ཇི་ལྟར་རིགས་པ་དེ་ཡི་རྒྱུ་བྱས་ནས་འབྲས་བུ་དངོས་ཤུགས་གང་རུང་ལ་སྟོན་པར་བྱེད་པའི་ངག་སྟེ། དབྱེ་ན་བཅུ་དྲུག་ལས། དང་པོ་སྐྱེད་བྱེད་ཀྱི་རྒྱུ། །སྒྲ་དབྱངས་ལྷ་མོའི་སོར་མོ་ཡིས། །བརྡུངས་པའི་བེཟླུར་རྒྱུད་མང་ལས། །ཕུན་ཚོགས་སྙན་འགྱུར་འབུམ་གཡོ་བས། །སྐལ་བཟང་ཀུན་དགའི་ཚོར་བ་སྐྱེད། །ཉམས་བྱེད་རྒྱུ། དཔལ་ལྡན་ནཱ་ག་རྫུ་ན་ཡིས། །མཐའ་བྲལ་དབུ་མའི་གཞུང་ཟབ་མོས། དངོས་པོར་སྨྲ་བའི་ཕྱོགས་རྣམས་ཀྱི། །དམ་བཅའ་ཉམས་པར་བྱེད་ལ་དབང་། །རྣམ་པར་འགྱུར་པའི་རྒྱུ། གཞན་ཕྱིར་སྙིང་རྗེས་རབ་བརླན་པའི། །རྨད་བྱུང་ཐེག་ཆེན་བདུད་རྩིའི་སྒོ། །གཅིག་ཏུ་ཕན་དང་བདེ་བ་ཡང་། སྐལ་དམན་བསམ་པའི་དུག་ཏུ་བྱས། །འཐོབ་བྱེད་རྒྱུ། ཁོ་བོ་དབེན་པར་བགྲོད་འདོད་ཚེ། །བཤོལ་འདེབས་གཏམ་གྱིས་བསྐུར་བརྩམས་ཀྱང་། །


JKT016_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འབྱུང་བའི་གཞན་དབང་གིས། །ཚུལ་དེ་ནམ་ཡང་བཟློག་མ་གྱུར། །ཕྱིའི་དུས་ཤེས་བྱེད་རྒྱུ། རྒྱ་མཚོའི་གོས་ཅན་ཁྱོན་ཡོངས་པོར། །ཡིད་འོང་སྐྱེད་ཚལ་རྒྱས་པའི་ཁྲོད། །རྐང་དྲུག་མྱོས་པའི་གླུ་ལེན་ཚེ། །ངལ་གསོའི་དགའ་སྟོན་སྤྱོད་ལ་རྒྱུ། །ནང་ཤེས་བྱེད་ཀྱི་རྒྱུ། རྣམ་འདྲེན་ཁྱོད་ཀྱི་ཐུགས་བརྩེ་བས། །རྟག་པར་བདག་ཅག་རྗེས་བཟུང་བ། །འཛུམ་ཞལ་རྒྱས་པའི་མཆུ་སྒྲོས་ལས། །ཕན་པའི་བསླབ་བྱ་སྤྲོ་འདིས་རྟོགས། །སྔ་ན་མེད་པའི་དངོས་རྒྱུ། དྲི་མེད་གཞུང་མང་མ་བསྒྲུབས་ཤིང་། །རྩེ་གཅིག་མཉམ་པར་བཞག་མིན་པས། །ཚུལ་མིན་རྒུད་པ་ཐམས་ཅད་ཀྱིས། །མནར་བར་གྱུར་འདི་ཀྱེ་མ་སྐྱོ། །ཞིག་ནས་མེད་པའི་བྱེད་རྒྱུ། ཡུལ་ལ་ཆགས་པའི་རྣམ་གཡེངས་དང་། །ཀུན་རྨོངས་འཆིང་བ་རིང་བཅད་པས། །མཐའ་ཀླས་སྡེ་སྣོད་རྒྱ་མཚོ་ལ། །ཞུགས་པའི་བློ་གྲོས་ངང་གིས་འཕེལ། །ཕན་ཚུན་མེད་རྒྱུ། མཁས་ཁྱོད་ཆགས་ལྡན་ལུས་ཕྲ་མིན། །གང་གསུང་སླུ་བྱེད་འཁྲིག་ཚིག་མིན། །ཐབས་མཁས་མཛད་པ་གཡོ་སྒྱུའི་ཚུལ། །མ་ལགས་དེ་ཕྱིར་སྙིང་ནས་དད། །སྤངས་ནས་མེད་པའི་བྱེད་རྒྱུ། ཡོངས་རྫོགས་ཤེས་བྱའི་གཞུང་ལུགས་ལ། །འཁྲུལ་པའི་སོམ་ཉི་ཡོད་མ་ཡིན། །རྒྱུ་དེས་རྒྱལ་སྲས་མཆོག་རྣམས་ཀྱི། །ཕུལ་བྱུང་ཡོན་ཏན་ངང་གིས་འཕེལ། །བཟློག་པ་སྐྱེད་བྱེད་ཀྱི་རྒྱུ། པད་དཀར་འཆང་བས་


JKT016_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་ལྗོངས། །ཐུགས་རྗེས་མ་བཟུང་པ་མིན་ན། །ཆོས་ཀྱིས་ཕོངས་པའི་སྐལ་ངན་གྱི། །གདུང་བ་ཐམས་ཅད་ནུབ་པར་གྱུར། །རིང་འབྲས་རྒྱུ། འཇམ་མགོན་ཀུན་དགའི་མཚན་ཅན་གྱིས། །འཕྲོག་བྱེད་དྲེགས་པའི་མཐུ་བཅོམ་པས། །རྒྱ་མཚོའི་གོས་ཅན་གཞིར་འཁོད་པའི། །ཕྱིར་རྒོལ་ཚོགས་ཀྱི་སྤོབས་པ་ཞུམ། །ལྷན་ཅིག་པའི་རྒྱུ། མྱུར་མ་དཔའ་མོའི་ཞབས་སེན་ནི། །ཡིད་ཀྱི་ཆོ་གར་བཀོད་མ་ཐག ། བརྒྱད་གཉིས་འཇིགས་པ་ལས་བརྒལ་བའི། །གྲུབ་པའི་བརྟུལ་ཞུགས་མཆོག་ལ་སྦྱོར། །རྒྱུ་ལས་འབྲས་བུ་སྔ་བ། སྔར་ཉིད་རྣམ་ཀུན་མཆོག་ལྡན་གྱི། །ཡེ་ཤེས་ཆེན་པོའི་རོས་གང་ཕྱིར། །ཕྱིས་ནས་བདེ་སྟོང་ཟུང་འཇུག་པའི། །རྡོ་རྗེའི་ལམ་གྱི་ཉེ་རྒྱུར་ཞུགས། །རིགས་མིན་རྒྱུ། ཟུར་ཕུད་ལྔ་པའི་ཞབས་སེན་གྱི། །འཆར་ཀའི་ཉི་གཞོན་ལ་རེག་པས། །རིག་གྲོལ་སྤོབས་པའི་སྟེང་འཐུང འདི་ཅི་ཞིག །རིགས་པའི་རྒྱུ། ཟླ་བའི་སྲིད་མོའི་ཐུགས་སྲོག་གི། །ཧཱུྃ་ཡིག་འབར་བའི་ཀོ་མུ་དི། །ངག་གི་ཀུ་མུད་ཀྱིས་བསྟེན་པས། །སྙན་ཚིག་འདབ་བརྒྱ་དགོད་ལ་དབང་། །བཅུ་བཞི་པ་ཕྲ་མོའི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་བློ་སྔོན་དུ་བཏང་བའི་ཟུར་རམ། སེམས་ཀྱི་འགྱུར་བ་ལུས་ཉམས་སུ་ཐོན་པའི་རྣམ་པ་གང་ཡང་རུང་པའི་བརྡ་ཕྲ་མོ་ཞིག་གིས་བསམ་པའི་དོན་དེ་ཉིད་རྗེས་སུ་དཔག་པར་ནུས་


JKT016_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངག་སྟེ། དབྱེ་ན་གཉིས་ལས། དང་པོ་ཟུར་གྱི་ཕྲ་མོ། གསང་ཆེན་སློབ་བཤད་ཟབ་མོའི་ཆོས། །ཚོགས་སུ་ཞུ་བར་མ་བཟོད་པའི། །དབང་རྣོན་གཟིགས་ནས་རྣམ་འདྲེན་རྗེས། །སྤྱན་ཟུར་བག་ཡངས་ཕྱོགས་སུ་གཏད། །རྣམ་པའི་ཕྲ་མོ། ཁོ་བོས་མི་འཕྲོག་དད་གསུམ་བློས། །ཁྱོད་ཞབས་ནོར་བུར་རེག་པའི་མོད། །འཛུམ་བཅས་རོལ་པའི་ཞལ་དཀྱིལ་གྱི། །ཡིད་འོང་འཇོ་སྒེག་དར་བར་གྱུར། །བཅོ་ལྔ་པ་ཆའི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་རང་གི་གནས་ཚུལ་ཇི་བཞིན་དུ་བརྗོད་ན་ཕ་རོལ་གྱི་ངོར་མི་མཛེས་པར་འགྱུར་བ་ཉིད་རྣམ་པ་གཞན་དུ་བསྙན་པའི་ཆ་ཤས་ཀྱིས་སྒྲིབ་པར་བྱས་པའི་ངག་སྟེ། དབྱེ་ན་བཞི་ལས། དང་པོ་ཟོལ་གྱིས་སྦེད་པར་འོས་པའི་ཆ། སྨྲ་མཁས་ཁྱོད་ཀྱི་རྩོད་པའི་གྲར། །བདག་སོགས་ཡི་ག་འདར་གྱུར་པ། །ཀྱེ་མ་གངས་རིའི་ཁྲོད་འདི་ནི། །བསིལ་བའི་རེག་བྱས་གཏམས་པར་ཤེས། །མི་འོས་པའི་ཆ། གང་གི་བསླབ་གཞིའི་ལེགས་བཤད་ཀྱིས། །ཆགས་ལྡན་ཚོགས་རྣམས་བཞིན་ཉམས་པ། །དཔྱིད་ཀྱི་ཉི་གཞོན་རྒྱས་པའི་གཟིས། །གདུངས་པའི་ངང་ཚུལ་སྨིན་པར་ཟད། །སྨད་པའི་ཆ། རྣམ་འདྲེན་མཆོག་འདི་ཐོས་བསམ་དང་། །སྒོམ་པའི་བྱ་བ་ཙམ་ལ་ཡང་། །ཆགས་མིན་སྟོབས་འབྱོར་སྙན་གྲགས་མཐུས། །གཅིག་ཏུ་རང་བསྟན་ཉིན་མོར་བྱེད། །བསྟོད་པའི་ཆ།


JKT016_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་ཕུན་ཚོགས་ཀུན་བསྲིངས་ཤིང་། །ཞི་བའི་རོ་ལ་དགྱེས་མིན་པར། །གཞན་ཕྱིར་བྲན་བཞིན་འཇུག་བརྩོན་པའི། །མགོན་ཁྱོད་རྗེས་སུ་སུ་ཞིག་འབྲངས། །བཅུ་དྲུག་པ་རིམ་པ་ཅན་གྱི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་བརྗོད་འདོད་ཀྱི་དངོས་པོ་རྣམས་སྔོན་ལ་རབ་ཏུ་བསྟན་པ་བཞིན་ཕྱི་ནས་དེ་དང་འབྲེལ་བའི་དོན་གཞན་རྣམས་ཀྱང་རིམ་པ་མ་འཆོལ་བར་སྟོན་པའི་ངག་སྟེ། དཔེར་ན། ལྷོ་ཕྱོགས་རིག་འཛིན་དགའ་ཚལ་དུ། །རྟེན་པའི་གདོང་མཛེས་འཛུམ་སྒྲོས་ནི། །དཔལ་གོས་ཆུ་སྐྱེས་བིམཱ་ལས། །བརྐུས་པར་ངེས་སོ་སྒྲ་དབྱངས་ལྷ། །བཅུ་བདུན་པ་དགའ་བའི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་སྔོན་ཆད་མ་ཐོབ་པའི་དགའ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མངོན་པར་རྟོགས་པ་བརྗོད་པའི་ངག་སྟེ། དབྱེ་ན་གཉིས་ལས། དང་པོ་དངོས་ཐོབ་ཀྱི་དགའ་བ། མགོན་ཁྱོད་ཁོ་བོའི་མདུན་ས་རུ། །མངོན་སུམ་གཤེགས་པའི་དགའ་སྟོན་མཆོག །སླར་ཡང་གང་ཞབས་བསོད་ནམས་ཀྱི། །མགྲོན་དུ་ཁུགས་ལས་འབྱུང་བར་ངེས། །གཟུགས་བརྙན་གྱི་དགའ་བ། ཁྱོད་སྐུ་ཡེ་ཤེས་སྒྱུ་མའི་གར། །དད་གསུམ་ཆོ་གར་བཀོད་ལས་གཞན། །ཤུལ་རིང་ཡུལ་གྱིས་བསྐལ་བདག་གིས། །ཇི་བཞིན་མཇལ་བའི་གོ་སྐབས་ཅི། །བཅོ་བརྒྱད་པ་ཉམས་ལྡན་གྱི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་སྒེག་པ་ལ་སོགས་པའི་


JKT016_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་རོ་ཉམས་ཕུན་སུམ་ཚོག་པ་དང་ལྡན་པས་མངོན་སུམ་ལྟ་བུའི་རྟོག་པ་སྐྱེད་ནུས་པའི་ངག་སྟེ། དབྱེ་ན་བརྒྱད་ལས། དང་པོ་དགའ་བ་འཕེལ་བ་སྒེག་པའི་ཉམས། བརྩོན་པས་སྒྲུབ་ཀྱང་ཐོབ་དཀའ་བའི། །མཐའ་ཀླས་རིག་གྲོལ་སྤོབས་པའི་མཛོད། །འཇམ་མགོན་བླ་མའི་བྱིན་རླབས་མཐུས། །གཅིག་ཅར་གྲོལ་བ་འདི་ཅི་ཞིག །ཁྲོ་བ་འཕེལ་བ་དྲག་ཤུལ་གྱི་ཉམས། གཏུམ་ཆེན་རབ་ཁྲོས་ནག་པོ་ཆེའི། །མདུན་སར་ཏིང་འཛིན་མཆིལ་བ་ཡིས། །ཉེ་བར་བཀུག་པའི་ཡིད་སྲུབས་སྡེ། །སྐད་ཅིག་གཉིས་པར་འཚོ་འགྱུར་རམ། །སྤྲོ་བ་འཕེལ་བ་དཔའ་བའི་ཉམས། ཆགས་བྲལ་བརྟུལ་ཞུགས་མ་བླངས་ཤིང་། །བྱ་དཀའི་སྤྱོད་པའང་བརྩམས་མིན་པར། །རིམ་གཉིས་ཉེ་རྒྱུའི་སྦྱོར་བ་ཡིས། །སྐུ་བཞིའི་ཕ་རོལ་སོན་འདི་གང་། །མྱ་ངན་འཕེལ་བ་སྙིང་རྗེའི་ཉམས། འབྱོར་ལྡན་གང་ཁྱོད་གནོད་གནས་ཀྱི། །གན་མཛོད་དག་ཀྱང་ཕམ་བྱེད་པ། །བཏང་ནས་ལྷག་པར་ཕོངས་གྱུར་པའི། །པྲ་ཏཱའི་ཁྲོད་དུ་ཇི་ལྟར་རྒྱུ། །སྐྱུགས་བྲོ་འཕེལ་བ་མི་སྡུག་པའི་ཉམས། ཁྲག་ཞག་དོག་པས་གཏམས་པའི་མཚོར། །རབ་གཤེར་རྒྱུ་རློན་གྱིས་འཁྱུད་པའི། །དབུགས་བྲལ་བམ་རོ་ལོངས་སྤྱོད་བཞིན། །མྱོས་པའི་གར་རྩེན་འདོད་ཁམས་མ། །དགོད་བྲོ་འཕེལ་བ་བཞད་གད་ཀྱི་ཉམས། ཚུལ་གནས་ཁྲིམས་ལྡན་


JKT016_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་གང་། །འཁྲིག་པའི་དུས་སྟོན་རྗེས་དྲན་པས། །སྤྱན་རས་དམར་པོ་གཡོ་བ་གང་། །ཁྲོ་པའི་ཟོལ་གྱིས་སྒྲིབ་པར་འོས། །ངོ་མཚར་འཕེལ་བ་རྨད་བྱུང་གི་ཉམས། གྲུབ་པའི་ཞིང་འདི་འོག་མིན་ཆེ། །ཁྱབ་བདག་བླ་མ་སྙེམས་མའི་བདག །འཁོར་ཚོགས་རྒྱུན་གྱི་མཐར་སྨིན་པའི། །བྱང་སེམས་མྱུ་གུའི་རོལ་རྩེད་ངོམ། འཇིགས་པ་འཕེལ་བ་འཇིགས་རུང་གི་ཉམས། །ཡེ་ཤེས་མེ་དང་མཉམ་སྦྱོར་བའི། །གསང་བ་འཛིན་པའི་རྡོ་རྗེའི་མཚོན། །དྲན་པ་ཡིས་ཀྱང་འབྱུང་པོའི་ཚོགས། །དོན་སྙིང་ལྐོག་མར་འབྱིན་ལ་བྲེལ། །བཅུ་དགུ་པ་གཟི་བརྗིད་ཅན་གྱི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་ནང་དུ་ཁེངས་པ་མཆོག་ཀྱི་མཐར་འཛེགས་པའི་ཀུན་རྟོག་འཕེལ་བ་ཉིད་བརྗོད་བྱར་བྱས་པའི་ངག་སྟེ། དཔེར་ན། བདག་ནི་ལུང་རིག་སྨྲ་བ་ཞེས། །རྨོངས་པའི་ཚོགས་རྣམས་འཇིགས་མི་འཚལ། །ཁོ་བོའི་སྤོབས་པ་ལས་དམན་ཀུན། །གཞར་ཡང་ཚར་བཅད་བགྱིད་མ་ལགས། །ཉི་ཤུ་པ་རྣམ་གྲངས་བརྗོད་པའི་རྒྱན་གྱི་མཚན་ཉིད་ནི། །ཚིག་སྦྱོར་གང་ཞིག་འདོད་དོན་དངོས་སུམ་བརྗོད་པར། དེ་གྲུབ་པར་བྱེད་པའི་ཕྱིར་ཐབས་མཁས་ཀྱིས་རྣམ་པ་གཞན་དག་སྨོས་པའི་ངག་སྟེ། དཔེར་ན། རྣལ་འབྱོར་སྤྱོད་པས་འཚོ་བ་གང་། །རེ་ཞིག་ཡུལ་གཞན་བགྲོད་པར་དོན་གཞན་ལ་སྟེགས། བགྱི། །གྲོགས་དག་བག་ཡངས་གནས་འདི་རུ། །


JKT016_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ངལ་གསོའི་དགའ་སྟོན་མྱོང་བར་འོས། །ཉེར་གཅིག་པ་ཀུན་ཏུ་ཕན་པའི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་མངོན་པར་འདོད་པའི་བྱ་བ་འགའ་ཞིག །བརྩམས་པའི་ཚེ་དེ་ཉིད་ལ་ཕན་འདོགས་པའི་སྒྲུབ་བྱེད་ཁྱད་པར་ཅན་གློ་བུར་དུ་ཐོབ་པ་བརྗོད་པའི་ངག་སྟེ། དཔེར་ན། བག་མེད་འགོགས་པའི་བརྟུལ་ཞུགས་ཀྱི། །ཆོ་ག་སྙིང་ལ་ཉེར་བཀོད་ཚེ། །བརྟན་མཁས་ཡོན་ཏན་ཡོངས་རྫོགས་པའི། །བཤེས་གཉེན་མཆོག་གིས་རྗེས་སུ་བཟུང་། །འདི་ཡང་། རྩེ་གཅིག་གསང་ཆེན་སྤྱོད་མཆོག་གིས། །ཡིད་རབ་འཕྲོག་ཚེ་ལེགས་བྱས་མཐུས། །བདག་ལ་སྨན་སླད་རིགས་བརྒྱའི་བདག །སྨིན་གྲོལ་ལམ་གྱི་སྟོན་པར་བཞེངས། །ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་བསམ་པའམ་འབྱོར་པའི་ཁྱད་པར་གྱི་ཆོས་ཕུལ་དུ་བྱུང་བ་དག་བརྗོད་པའི་ངག་སྟེ། དབྱེ་ན་གཉིས་ལས། །དང་པོ་བསམ་པ་རྒྱ་ཆེ་བ། ཤིན་ཏུ་རྣམ་པར་དག་པ་ཡི། །ཆོས་དབྱིངས་ཞི་ལ་གཞོལ་བཟོད་པའི། །རྡོ་རྗེ་འཛིན་ཁྱོད་རྒྱལ་རྣམས་ཀྱི། །བཀའ་བཞིན་སྲིད་འདིར་བདེ་བར་བཞུགས། །འབྱོར་བ་རྒྱ་ཆེ་བ། ནོར་བུའི་འདོད་སྣམ་གྱིས་བརྟེན་པའི། །བེཟླུར་ཁང་བཟང་དྭངས་པའི་ངོས། །རིན་ཆེན་ཕྲག་བརྒྱའི་འཕྱང་འཕྲུལ་གྱིས། །རབ་སྒེག་བལྟ་ན་སྡུག་པའི་ཞིང་། །ཉེར་གསུམ་པ་བསྙོན་དོར་གྱི་རྒྱན་གྱི་མཚན་ཉིད་ནི།


JKT016_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་སྦྱོར་གང་ཞིག་གནས་ཚུལ་གྱི་རང་བཞིན་ལ་དེ་ཉིད་མ་ཡིན་ཅེས་བསྙོན་ནས་དོན་གཞན་ཆོས་དང་ཆོས་ཅན་གྱི་ངོ་བོ་ཅུང་ཟད་ཙམ་སྟོན་པས་མཛེས་པར་བྱས་པའི་ངག་སྟེ། དབྱེ་ན་གསུམ་ལས། དང་པོ་ཆོས་ལ་བསྙོན་དོར་ནི། རིག་བྱེད་དཔལ་མོའི་མེ་ཏོག་མདའ། །གཅིག་པུ་ཉིད་ཡིན་ཁམས་གསུམ་གྱི། །འགྲོ་བའི་ཡིད་དབང་འཕྲོག་པའི་ཕྱིར། །བསམ་བརྗོད་ཡུལ་ལས་འདས་པར་རྟོགས། །ཡུལ་ལ་བསྙོན་དོར། །གྲུབ་པས་བསྟེན་པའི་སྨན་ལྗོངས་འདི། །ཉམ་ངའི་གནས་སུ་གྱུར་པ་སྟེ། །གཞན་དུ་ཐར་པ་འདོད་རྣམས་ལ། །ཡིད་འོང་གྲོང་ཁྱེར་ཉིད་དོ་ལོ། །རང་བཞིན་བསྙོན་དོར། མཁས་ཁྱོད་ལེགས་གསུངས་བདུད་རྩིའི་དཔྱིད། །མཉན་འོས་ཉིད་ཅེས་བདག་ཅག་སྨྲ། །དོན་གྱི་ཕྱོགས་བསླད་གྱུར་པ་ཡི། །རྣ་བའི་ཚེར་མ་ཉིད་དུ་ངེས། །ཉེར་བཞི་པ་སྦྱར་བའི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་སྒྲ་ཡི་གཟུགས་གཅིག་ཉིད་དོན་གྱི་འཇུག་ཚུལ་ཐ་དད་དུ་འགྱུར་བའི་ངག་སྟེ། དབྱེ་ན་དགུ་ལས། དང་པོ་ཐ་དད་མིན་པའི་སྦྱར་བ་ནི། རྨད་བྱུང་རཏྣ་སཾ་བྷོ་གར། །ལྷག་པར་ཆགས་པའི་ཀླུའི་དབང་པོས། །སརྱ་དྷརྨས་འཇིག་རྟེན་གྱི། །བྱུང་གནས་སྐྱེད་པར་བྱེད། །འདི་སློབ་དཔོན་ཀླུ་སྒྲུབ་དང་། ཀླུའི་རྒྱལ་པོ་ཞིག་ལ་སྦྱར་བ་སྟེ། དེ་ཡང་ཀླུ་སྒྲུབ་ལ་སྦྱར་བའི་དུས། །རཏ་སཾ་བྷོ་ག་སངས་རྒྱས་ཀྱི་བསྟན་པ་དང་། ཀླུ་ལ་སྦྱར་བའི་དུས་རིན་པོ་ཆེའི་ལོངས་སྤྱོད་ལ་འཇུག །སརྱ་དྷརྨ་ཀླུ་


JKT016_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལ་སྦྱར་དུས་དམ་པའི་ཆོས་དང་། ཀླུ་ལ་སྦྱར་དུས་བསོད་ནམས་དམ་པ་ལ་འཇུག །འཇིག་རྟེན་གྱི་ཕུན་ཚོགས་འབྱུང་གནས་ཀླུ་སྒྲུབ་ལ་སྦྱར་དུས་རྒྱལ་བའི་བསྟན་པ་དང་། ཀླུ་ལ་སྦྱར་དུས་རིན་པོ་ཆེ་དང་སྨན་དང་ནགས་ཚལ་སོགས་ལ་འཇུག་གོ །ཐ་དད་ཚིག་འདྲའི་སྦྱར་བ། སྲིད་གསུམ་ཁྱོན་འདིར་ཁྱབ་འཇུག་པའི། །ལས་སྣ་ཚོགས་གཟུགས་རྣམ་མང་གི །སྒྱུ་མས་སླུས་པའི་ཡིད་ཅན་རྣམས། །གཞན་དུ་འདའ་བ་མེད་པར་གནས། །འདིར་གྲོ་བ་སྤྱི་དང་ཁྱབ་འཇུག་ལ་སྦྱར་བ་སྟེ། དང་པོ་ལྟར་ན་སྲིད་པ་གསུམ་གྱི་ཁམས་འདི་ན་ཁྱབ་པར་འཇུག་པའི་ལས་སྣ་ཚོགས་པ་དང་། གཟུགས་རྣམ་པ་མང་པོའི་སྒྱུ་མས་བསླུས་ཏེ་དེ་ལ་ཆགས་པའི་ཡིད་ཅན་རྣམས། རང་གི་ལས་དང་གཟུགས་ཀྱི་ཚུལ་དེ་ལས་གཞན་དུ་འདའ་བ་མེད་པར་གནས་སོ། །ཞེས་དང་། གཉིས་པ་ལྟར་ན། སྲིད་པ་གསུམ་གྱི་ཁྱོན་འདི་ན་ལྷ་ཁྱབ་འཇུག་གི་འཇུག་པའི་བྱེད་ལས་སྣ་ཚོགས་གཟུགས་ཅན་དུ་བཟུང་ནས་གཡོ་སྒྱུའི་རྣམ་པ་མང་པོའི་སྒྱུ་མས་བསླུས་ནས་ཡིད་ཅན་རྣམས་ཁྱབ་འཇུག་གི་མངའ་འོག་ལས་གཞན་དུ་འདའ་བ་མེད་པ་གནས་སོ། །ཞེས་པའོ། །བྱ་བ་ཐ་དད་མིན་པའི་སྦྱར་བ། མཚོ་སྐྱེས་དཀར་མཛེས་དམར་བ་ཡི། །དོག་པས་བཀབ་པའི་འཛུམ་གཤེར་གྱིས། །སིམ་པ་སྟེར་བྱེད་ཟླ་ཤེལ་དང་། །ཚངས་སྲས་མས་ཀྱང་གཞན་ཡིད་འཕྲོག ། ཟླ་བ་ཆུ་མཚོ་བསྲུབས་པ་ལས་བྱུང་ཞིང་དཀར་ལ་མཛེས་པར་འཆར་བའི་དམར་བས་འཁྱུད་པ་དང་། ཚངས་སྲས་མ་ལྷོ་ཕྱོགས་ཀྱི་རོལ་མཚོར་སྐྱེས་ཤིང་རབ་ཏུ་དཀར་ཞིང་མཛེས་པའི་ཞལ་རས་ལ་མཆུ་སྒྲོས་དམར་བའི་དོག་པས་བཀབ་པ་དང་སྦྱར་བའོ། །བྱ་བ་མི་འགལ་


JKT016_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྦྱར་བ། རྩུབ་མིན་ཡིད་འོང་ཉམས་འགྱུར་གྱིས། །རེག་པས་དགའ་བདེའི་དཔལ་སྦྱིན་པ། །དབྱངས་ཅན་གསུང་ནི་ཐོས་བྱ་སྟེ། །རི་དྭགས་མིག་ཅན་འཁྱུད་བྱར་འོས། །དབྱངས་ཅན་མའི་གསུང་རྣ་བར་རྩུབ་པ་མིན་ཅིང་ཡིད་དུ་འོང་བའི་ཚིག་གི་རོ་ཉམས་ཕུན་སུམ་ཚོགས་པའི་དཔལ་གྱིས་རེག་པས་གནས་སྐབས་མངོན་མཐོའི་དགའ་བ་དང་། མཐར་ཐུག་ངེས་ལེགས་ཀྱི་བདེ་བ་དམ་པའི་དཔལ་སྦྱིན་པ་དང་། མཛེས་མའི་ལུས་རྩུབ་པ་མིན་ཅིང་། ཡིད་དུ་འོང་བའི་འཇོ་སྒེག་གི་རོ་ཉམས་ཕུན་སུམ་ཚོགས་པའི་དཔལ་གྱིས་རེག་པས་རྩེ་དགའི་བདེ་བ་དང་འཁྲིག་པའི་དཔལ་སྦྱིན་པ་དང་སྦྱར་བའོ། །བྱ་བ་འགལ་བའི་སྦྱར་བ། ཡུལ་ལ་སྦྱར་བས་ཁེངས་པའི་བློ། །བཏང་ནས་ལུས་ལས་སྐྱེས་གཡོ་བས། །ཡིད་སྲུབས་འཇུག་པ་རྒྱུན་ཆད་ནས། །མི་ཕྱེད་དད་གསུམ་གདུང་བ་འཕེལ། །ཡུལ་བུད་མེད་ལ་སྦྱར་བས་དེ་ལ་མི་མོས་པའི་ཁེངས་པ་བཏང་ནས་ལུས་སྐྱེས་ཏེ་འདོད་ཆགས་གཡོ་བ་དང་། ཡུལ་མཆོག་ལ་བློ་སྦྱར་བས་དེ་ལ་མ་གུས་པའི་ཁེངས་པ་བཏང་ནས་ལུས་སྐྱེས་ཏེ་བ་སྤུ་ལྡང་བ་གཉིས་སྦྱར་བའོ། །ངེས་པ་ཅན་གྱི་སྦྱར་བ། ཚངས་སྲས་ལ་ནི་ཁྱབ་འཇུག་གི་ཆུང་མ་དཔལ་མོ། པདྨ་ཅན། །ཚེམས་དཀར་ཕྲེང་བ་བྲམ་ཟེ་དང་འདབ་ཆགས་སོགས། གཉིས་སྐྱེས་ཏེ། །མཁྲེགས་ཤིང་ཡིད་འོང་ནུ་འབུར་ཟུང་། །པ་ཡོ་ཐར་པར་པ་ཡོ་ཆུ་དང་དྷ་ར་འཛིན་པ་ལ་འཇུག་པའི་ཕྱིར་ཆུ་འཛིན་ཏེ་སྤྲིན་ཡིན་ནོ། །དྷ་ར་ཉིད་ཀྱང་ངོ་། །འདི་ཡང་། སྦྱར་བཞི་རྒྱལ་པོ་སྡེ་བཞི། ལུགས་ཀྱི་ཆོས་དང་དྷརྨ་བསོད་ནམས་དང་ཀུན་སྤྱོད་གཤིན་རྗེ་སོགས། དང་། །ལོངས་སྤྱོད་ལྡན་པ་བྷོ་ཐ་


JKT016_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་ཅན་དང་སྦྲུལ་གྱི་གདེངས་ཀ་ཅན་སོགས། ཧྲཱི་སྟེ། འདོད་པ་ཉིད་ནི་ཡིད་སྐྱེས་ཏེ་འདོད་ལྷ་སོགས། ཀཱ་མདང་། ཨ་མྲྀ་བདུད་རྩི་དང་མར་སོགས་མང་པོ་ལ་འཇུག་གོ །ཏཾ་ཡང་ངོ་། །ངེས་པ་འགོག་པའི་སྦྱར་བ། ཁྱོད་བསྟན་ཞུགས་ལ་ལུས་སྐྱེས་ཀྱིས། །བ་སྤུ་དང་འདོད་ཆགས་སོགས། འཁྱུད་པས་དད་གདུང་དད་གདུང་ཁོ་ན། རྒྱས་རྣམས་ཏེ། །འོན་ཀྱང་བསེར་བུའི་རེག་བྱ་ཡིས། །ཉམས་པར་བྱས་པ་རྣམས་ལའང་མཐོང་། །འདི་ཡང་། གང་རྒྱལ་པོ། གིས་བསྲུངས་ལ་འཁྱོག་པོ་གཞུ་དང་སྐྱེ་བོ་ངན་པ་གཡོ་སྒྱུ་ཅན་སོགས་ལ་འཇུག་གོ ནི། མདའ་སྟན་གཞུ་འཛིན་པའི་དམག་དཔུང་སོགས། འཛིན་པ་རྣམས་ལའོ། །འོན་ཀྱང་ཆགས་པས་བསྐུལ་བ་ཡི། །མཛེས་མའི་ཟུར་མིག་འདི་དག་ཀྱང་། །འགལ་མིན་གྱི་སྦྱར་བ། ཐུབ་པ་དང་ཚངས་པ། མཆོག་གནས་སྐྱེ་རྒུའི་རྩ་ལག་སྟེ། །ཀུན་དབང་ཕྱུག མཁྱེན་ཡིད་སྲུབས་མཐར་བྱེད་ཅིང་། །སྣ་ཚོགས་ཁྱབ་འཇུགགཟུགས་ཀྱི་ཁྱབ་འཇུག་དང་། །མཆོད་འོས་འཇིག་རྟེན་མིག་ཉི་མ། ཀྱང་དེ། །འགལ་བའི་སྦྱར་བ། འཆི་ཐུབ་པ་དང་ལྷ་སྤྱི། མེད་ཉིད་ཀྱང་སྲིད་ལས་འདས། དཔལ་ཁྱབ་འཇུག གྱི་བདག་སྟེ་བསླུ་བ་སྤངས། །རྟག་དབང་ཕྱུག ཏུ་ཞི་བའང་འདོད་རྡུལ་ཆགས་མུན་གཏི་མུག་དང་། སྙིང་སྟོབས་ཞེ་སྡང་ཕ་རོལ་སོན་ལ་བསྔགས། །ཉེར་ལྔ་པ་ཁྱད་པར་བརྗོད་པའི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་དངོས་པོ་གཞན་དང་ཐུན་མོང་མ་ཡིན་པ་བརྗོད་པར་


JKT016_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པས་ཡོན་ཏན་ལ་སོགས་པའི་རྒྱུ་ཆེད་དུ་མ་ཚང་ཡང་འབྲས་བུ་འབྱུང་བར་སྟོན་པའི་ངག་སྟེ། དབྱེ་ན་ལྔ་ལས། དང་པོ་ཡོན་ཏན་མ་ཚང་པའི་ཁྱད་པར་བརྗོད་པ། རྣམ་འདྲེན་གང་གི་བྱམས་པའི་གོ །སྲ་ཞིང་ལྕི་དང་མཁྲེགས་པའང་མིན། །དེ་ལྟ་ན་ཡང་ཡིད་སྲུབས་དཔུང་། །མཐའ་ཀླས་མཚོན་ཀུན་ཕབ་པར་གྱུར། །རིགས་མ་ཚང་བའི་ཁྱད་པར་བརྗོད་པ། མཁས་ཁྱོད་སུམ་རྩེན་གྲོང་ཁྱེར་དང་། །འཕགས་པའི་ཡུལ་དུ་བྱུང་བའང་མིན། །འོན་ཀྱང་ལེགས་པར་སྦྱར་བའི་གཞུང་། །སྨྲ་དབང་བྱེ་བའི་ཁེངས་པ་བསྙིལ། །བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ། ཡིད་འོང་མིག་ཟུར་གཡོས་པ་མེད། །འདོད་པའི་གཏམ་གྱིས་བསླུ་བ་སྤངས། །ཟང་ཟིང་གཡབ་མོས་བོས་མིན་པར། །གྲངས་མེད་དཔྱོད་ལྡན་མཛའ་བོ་བཀུག །རྫས་མ་ཚང་བའི་ཁྱད་པར་བརྗོད་པ། རྣམ་བཞིའི་གཡུལ་གྱི་སྦྱོར་བ་དང་། །གྲུབ་པའི་སྔགས་རིག་འཛིན་མིན་ཀྱང་། །དྲི་མེད་སྤོབས་པའི་མཐུ་ཁོ་ནས། །ཕས་རྒོལ་ཕྱོགས་ལས་རྣམ་པར་རྒྱལ། །རྒྱུ་མ་ཚང་བའི་ཁྱད་པར་བརྗོད་པ། གྲོགས་མེད་ཉམ་ངའི་བས་མཐའ་རུ། །སྟོབས་འབྱོར་གྲགས་པའི་ཕུན་ཚོགས་དམན། །དེ་ལྟར་ན་ཡང་བསྔགས་འོས་ཅན། །མགོན་ཁྱོད་སྲིད་ཞིའི་བླ་ན་བརྗིད། །ཉེར་དྲུག་པ་མཚུངས་སྦྱོར་གྱི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་བརྗོད་པར་འདོད་པའི་ཡོན་ཏན་ཁྱད་པར་


JKT016_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའམ། །འཕགས་པ་མིན་པ་གཞན་ཞིག་ཡུལ་དེ་དང་དོན་མི་མཚུངས་ཀྱང་མཚུངས་པར་བྱས་ནས་བསྟོད་སྨད་ཀྱི་དོན་དུ་སྦྱར་པའི་ངག་སྟེ། དབྱེ་ན་གཉིས་ལས། དང་པོ་བསྟོད་པའི་མཚུངས་སྦྱོར། ཁ་སྦྱོར་བདུན་ལྡན་གསང་བའི་བདག །མདའ་བསྣུན་ཞབས་དང་མགོན་ཁྱོད་ཀྱང་། །སྔགས་གཞུང་རྒྱ་མཚོའི་སྟོན་པ་ཞེས། །གྲགས་པ་རི་བོའི་ཁོངས་སུ་མཐོ། །འདི་ཡང་། གྲུ་འཛིན་ཞིང་ན་མིག་མི་འཛུམ། །དཔལ་ལྡན་ས་སྐྱར་བརྩེ་བ་ཆེ། །དེང་དུས་བདག་གི་འདྲེན་པ་རྣམས། །འགྲོ་ཀུན་སྒྲོལ་བའི་རྣམ་ཐར་འཛིན། །སྨད་པའི་མཚུངས་སྦྱོར། སྙིགས་དུས་ལུས་ཅན་འཚོ་བའི་རྒྱུན། །ཡལ་གའི་རི་དྭགས་ཟློས་པའི་གར། །གློག་གི་ཐག་པ་གཡོ་བ་ཡང་། །སྐད་ཅིག་གཉིས་པར་མཐོང་མི་འགྱུར། །ཉེར་བདུན་པ་འགལ་བའི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་ཁྱད་པར་རམ་འགལ་ཟླ་སྒྲུབ་པའི་སླད་དུ་འཇིག་རྟེན་ན་གྲགས་པ་བརྟན་པའི་དངོས་པོ་ཤིན་ཏུ་ཐ་དད་པ་དག་ལྷན་ཅིག་ཏུ་འགྲོགས་པར་སྟོན་པའི་ངག་སྟེ། དབྱེ་ན་དྲུག་ལས། དང་པོ་གཞི་ཐ་དད་བྱ་བ་འགལ་བ། སྐལ་འབངས་རྣམས་ཀྱི་མགོན་ཁྱོད་ཞབས། །དྲན་པས་ཀུན་དགའི་ཚོར་བ་བརྟས། །མེ་ཏོག་མདའ་ཅན་དཔུང་ཚོགས་ནི། །ཡིད་འོང་འདོད་དང་བྲལ་བས་ཉམས། །གཞི་གཅིག་ཡོན་ཏན་འགལ་བ། གང་གསུང་མཉན་འོས་ལེགས་བཤད་མཐུས། །


JKT016_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གཟུར་གནས་སྣང་བ་མཆོག་ཏུ་རྒྱས། །ལུང་རིག་གིས་ཀྱང་ཕས་རྒོལ་ཚོགས། །མུན་པའི་མལ་དུ་ལྟུང་བར་གྱུར། །རྫས་འགལ་བ། རང་དོན་ཕྲ་ཞིང་གཞན་ཕྱིར་ཡངས། །རྣམ་དཔྱོད་རིང་ལ་འཁྲུལ་པ་ཐུང་། །མཐོ་ཡང་དམན་པར་རྗེས་འཇུག་པའི། །འཕགས་པས་ལུས་ཅན་སུ་མ་བཟུང་། །རྫས་དང་ལས་འགལ་བ། རབ་བསིལ་ཚུལ་ཁྲིམས་སྙིང་རྗེ་དང་། །རྟག་ཏུ་བྱམས་བརྩེའི་རོས་བརླན་པས། །ནག་པོའི་རྩ་ལག་སྡེར་བཅས་ཀུན། །གདུང་ནུས་མིན་ནམ་པད་དཀར་འཆང་། །གཞི་གཅིག་བྱ་བ་འགལ་བ། སྨྲ་མཁས་གང་གི་ཚར་གཅོད་ཀྱི། །རིག་པས་ཕམ་པར་བྱས་མིན་ཀྱང་། །སྤོབས་པའི་མཐུ་དམན་ཕས་རྒོལ་ཚོགས། །འདར་ཞིང་ཞུམ་པས་དུད་ལ་ཕྱོགས། །སྦྱར་བའི་འགལ་བ། དཔལ་ལྡན་རལ་བ་འཛིན་ཁྱོད་ཀྱིས། །འདོད་ཆགས་ཟམ་པ་ཡོངས་བཅོམ་ཡང་། །རྒྱལ་མར་ཤིན་ཏུ་རྗེས་ཆགས་པས། །འཁྱུད་སླད་གཅིག་ཏུ་ཡིད་བརྟན་འདི་སྤྱན་རས་གཟིགས་དང་། ཅི། དབང་ཕྱུག་ཆེན་པོ་གཉིས་སྦྱར་བ་སྟེ། དེ་ཡང་དཔལ་ལྡན་རལ་པ་འཛིན་ཞེས། །སྤྱན་རས་གཟིགས་དང་དབང་ཕྱུག་གཉིས་ཀ་ལ་འཇུག་པས་སྦྱར་གཞི་དང་། ཚིག་ལྷག་མ་སྤྱན་རས་གཟིགས་ཀྱི་སྐབས། ཁྱོད་ཀྱིས་འདོད་ཆགས་ཀྱི་ཟམ་པ་ཐམས་ཅད་ཡོངས་སུ་བཅོམ་པའི་ཆགས་བྲལ་གྱི་གོ་འཕང་བརྙེས་ཀྱང་། རྒྱལ་མ་སྟེ་རྗེ་བཙུན་སྒྲོལ་མ་ལ་ཤིན་ཏུ་རྗེས་སུ་ཆགས་པ་ཆེན་པོས་བདེ་བ་མཆོག་གི་རོས་དུས་རྟག་ཏུ་འཁྱུད་སྨད་གཅིག་ཏུ་ཆགས་བྲལ་གྱི་གོ་འཕང་ཐོབ་ཅེས་ཡིད་


JKT016_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་འཆའ་བར་ནུས་སམ་ཅི་ཞེས་པ་དང་། དབང་ཕྱུག་ལ་ཁྱོད་ཀྱི་འདོད་ཆགས་ཀྱི་ཟམ་པ་སྟེ་བདུད་ཀྱི་སྟེ་ཐམས་ཅད་ཡོངས་སུ་བཅོམ་ཡང་ད་དུང་རྒྱལ་མ་སྟེ་ལྷ་མོ་ཨུ་མ་ལ་ཤིན་ཏུ་ཆགས་པ་ཆེན་པོས་ཉེ་བར་འཁྱུད་པའི་ཕྱིར་མཐའ་གཅིག་ཏུ་འདོད་པའི་བདག་ཉིད་ཐམས་ཅད་བཅོམ་མོ་ཞེས་ཡིད་བརྟན་འཆའ་ནུས་སམ་ཅི་ཞེས་པ་སྟེ། འདོད་ཆགས་བཅོམ་པ་དང་ཤིན་ཏུ་འདོད་ཆགས་སྤྱོད་པ་འགལ་ལོ། །ཉེར་བརྒྱད་པ་སྐབས་མིན་གྱི་བསྟོད་པའི་རྒྱན་ནི། ཚིག་སྦྱོར་གང་ཞིག་བརྗོད་པར་བྱ་བའི་དངོས་པོ་དེ་ཉིད་ངོ་བོའི་སྒོ་ནས་བསྔགས་འོས་ཀྱི་སྐབས་སུ་མ་བབས་ཀྱང་། རང་གི་འདོད་པ་དང་རྗེས་སུ་མཐུན་པར་བསྟོད་པའི་ངག་སྟེ། དཔེར་ན། བསགས་བསྲུངས་སྤེལ་དང་འདུ་འཛིའི་སྐྱོན། །བཏང་ནས་ཕྱོགས་རྣམས་ཐམས་ཅད་དུ། །ཐོགས་མེད་བགྲོད་པའི་སྐལ་བཟང་གིས། །འདབ་ཆགས་ཚོགས་འདི་བདེ་བར་སྤྱོད། །འདི་ཡང་། རབ་དྭངས་བེཟླུར་རྒྱུད་མང་གང་། །ཡིད་འོང་སྙན་འགྱུར་སྒྲོགས་བཞིན་དུ། །མཚོ་བྱུང་ཕྱག་གི་འཇོ་སྒེག་ལ། །བརྟེན་འདི་བསོད་ནམས་ཨེ་མ་ཡངས། །ཉེར་དགུ་པ་ཟོལ་བསྟོད་ཀྱི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་རྣམ་པ་སྨད་པའི་ཟོལ་གྱིས་དོན་དུ་བསྟོད་བསྔགས་ཀྱི་ཁྱད་པར་ཕུལ་དུ་བྱུང་བ་ཐོབ་པར་བྱེད་པའི་ངག་སྟེ། དབྱེ་ན་གསུམ་ལས། དང་པོ་མཐུ་ཕུན་ཚོགས་ཀྱི་ཟོལ་བསྟོད། ཆོས་ཀྱི་གྲགས་པ་གཅིག་པུས་ཀྱང་། །མཐའ་ཀླས་མུར་འདུག་


JKT016_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལས་རྒྱལ། །མཁས་ཁྱོད་དཔུང་དང་བཅས་པ་ཡིས། ཕྱིར་རྒོལ་བཅོམ་འདིར་ཁེངས་མི་འཚལ། །དཔའ་བ་ཕུན་ཚོགས་ཀྱི་ཟོལ་བསྟོད། གངས་ཅན་ལྷ་གཅིག་སྲོང་བཙན་རྗེས། །མཐའ་བཞིའི་དྲེགས་ལྡན་བྱེ་སྙེད་བཅིངས། །འཕགས་གཟུགས་མཆོག་གཞན་བསྒྱུར་བ་ཡི། །རྒྱལ་སྲས་ཁྱོད་ཀྱིས་རིགས་སམ་ཅི། །སྦྱར་བའི་ཟོལ་བསྟོད། ཁྱོད་ཀྱི་དཔུང་པས་བསྲུངས་པའི་ཡུལ། །མཐའ་ཡས་རང་གཟུགས་དག་ལ་ཆགས། །ཅི་སླད་རྒྱལ་སྲིད་ཀྱིས་འབྱོར་པའི། །རྨད་བྱུང་ཁེངས་པ་འཛིན་འོས་སམ། །འདི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྒྱལ་སྲིད་དང་སྦྱར་བ་མ་གཏོགས་བཤད་ཚུལ་འོག་མ་དང་མཐུན་པའི་ཕྱིར་རིག་པས་འཕྲུལ་ཤེས་པར་བྱའོ། །འདི་ཡང་། ཁྱོད་ཀྱི་གདུལ་བར་བྱ་བའི་ཡུལ། །མཐའ་ཡས་རང་གཟུགས་དག་ལ་ཆགས། །ཅི་སླད་གཞན་ཕན་ཕྲིན་ལས་ཁུར། །རྨད་བྱུང་ཁེངས་པ་འཛིན་འོས་སམ། །རྣམ་འདྲེན་ཁྱོད་ཀྱི་གདུལ་བར་བྱ་བའི་ཡུལ་ནི། མཐའ་ཡས་ཏེ་ཀླུའི་རྒྱལ་པོ་ལྷག་མ་ཅན་གྱི་རང་གཟུགས་ཕྲག་པ་དག་ལ་ཆགས་ན་ཀླུ་དེ་ནི་བླུན་ཅིང་ཆེས་རྨུགས་པའི་ཕྱིར་དང་། ཡང་ན་མཐའ་ཡས་ནི་ཁྱབ་འཇུག་སྟེ། དེའི་རང་གཟུགས་རུ་སྦལ་གྱི་འཇུག་པ་ལ་ཆགས་པས་ན་ཁྱབ་འཇུག་དེ་ནི་ཆེས་གཡོ་སྒྱུའི་བསླུ་བ་ཅན་ཡིན་པའི་ཕྱིར་ན། ཅི་སླད་ཁྱོད་ཀྱིས་གཞན་ཕན་ཕྲིན་ལས་ཉིད་རྨད་དུ་བྱུང་བ་ཐོབ་སྙམ་པའི་ཁེངས་པ་འཛིན་པར་འོས་སམ་ཞེས་སྨད་པའི་ཟོལ་གྱིས། དོན་དུ་ཀླུའི་རྒྱལ་པོ་ལྷག་མ་ཅན་གྱི་ཕྲག་པས་བཏེགས་པའམ། ཁྱབ་འཇུག་གིས་བཟུང་བའི་ས་ཆེན་པོ་


JKT016_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཐམས་ཅད་ཁྱོད་ཀྱི་གདུལ་བྱས་ཁྱབ་པོ་ཞེས་ཕྲིན་ལས་ཤིན་ཏུ་རྒྱ་ཆེ་བར་སྟོན་པའོ། །ཡང་མཐའ་ཡས་ཞེས་པས་གཞི་ལའང་འཇུག་པས། དེའི་རང་གཟུགས་གླིང་བཞི་དག་ལ་ཆགས་པའི་ཞེས་ཀྱང་སྦྱར་རུང་ངོ་། །སུམ་ཅུ་པ་ངེས་བསྟན་གྱི་རྒྱན་གྱི་མཚན་ཉིད་ནི། །ཚིག་སྦྱོར་གང་ཞིག་སྟོན་བྱེད་དཔེའི་འཇུག་པ་འཇིག་རྟེན་ན་ཡོངས་སུ་གྲགས་པས། བསྟན་བྱ་དམ་པ་དང་དམ་པ་མ་ཡིན་པའི་དངོས་པོ་ཞིག་གསལ་བར་སྟོན་པའི་ངག་སྟེ། དབྱེ་ན་གཉིས་ལས། མཆོག་གི་ངེས་བསྟན། འཇིག་རྟེན་མགོན་ཁྱོད་སྤྱན་རས་ཟུང་། །གཞན་ཡང་མི་འཛུམ་གཟིགས་པ་འདིས། །དུས་གསུམ་ཀུན་ཏུ་སེམས་ཅན་ཁམས། །མཐའ་ཀླས་རྗེས་འཛིན་སྟོན་ཕྱིར་རོ། །འདི་ཡང་། དབྱར་སྐྱེས་སྤྲིན་གྱི་རྔ་གསང་གིས། །མདོངས་མཐའི་སྙིང་ལ་དཔལ་སྟེར་བྱེད། །སྨྲ་མཁས་གང་གི་ལེགས་བཤད་ཀྱིས། །དཔྱོད་ལྡན་ཚོགས་རྣམས་དགའ་བར་སྟོན། །མཆོག་མིན་ངེས་བསྟན། ལོ ཐུན་གསུམ་མཐུ་ཡིས་དཀར་པོའི་ཕྱོགས། །འགྲིབ་པའི་གནས་སྐབས་བརྩོན་པར་གྱུར། །སྨད་འོས་ལས་ལ་རྗེས་སྤྱད་རྣམས། །ཕན་བདེའི་སྣང་བ་ནུབ་པར་མཚོན། །སོ་གཅིག་པ་ལྷན་ཅིག་བརྗོད་པའི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་ཁྱད་གཞིའི་དངོས་པོ་ཇི་ལྟར་རིགས་པ་དག་དང་ཡོན་ཏན་ལ་སོགས་པའི་ཁྱད་པར་གྱི་ཆོས་མཉམ་དུ་བརྗོད་པའི་ངག་སྟེ། དབྱེ་ན་གསུམ་ལས། དང་པོ་ཡོན་ཏན་།


JKT016_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་བརྗོད་པ། མགོན་ཁྱོད་ཕྲིན་ལས་འཇུག་པ་དང་། །ལྷན་ཅིག་གདུལ་བྱའི་ཕ་མཐའ་རིང་། །དེ་དག་རྣམས་ཀྱི་ལེགས་སྤྱད་དང་། །མཉམ་དུ་གང་གི་གྲགས་པ་དཀར། །བྱ་བ་ལྷན་ཅིག་བརྗོད་པ། ཁྱོད་ཀྱི་ལེགས་གསུང་དགའ་སྟོན་དང་། །ལྷན་ཅིག་གཟུར་གནས་སྤོབས་པ་རྒྱས། །དེ་དག་རྨོངས་པ་དང་མཉམ་དུ། །ཕུན་སུམ་ཚོགས་མིན་ནུབ་པར་གྱུར། །བྱ་བ་གཅིག་པའི་ལྷན་ཅིག་བརྗོད་པ། མང་དུ་ཐོས་པའི་སྐལ་བཟང་དང་། །དེ་དོན་བསམ་པའི་བློ་མིག་དང་། །ཚུལ་བཞིན་ཡང་དག་འཇོག་པ་སྟེ། །གསུམ་པོ་འདི་ནི་མཉམ་དུ་དར། །སོ་གཉིས་པ་ཡོངས་བརྗེས་ཀྱི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་དོན་རྣམས་ཕན་ཚུན་བསྣོལ་བའི་ཚུལ་གྱིས་བརྗོད་པའི་ངག་སྟེ། དཔེར་ན། ཕས་རྒོལ་ཚོགས་ལ་གདུང་བའི་རྒྱུན། །སྟེར་བྱེད་ཁྱོད་ཀྱི་ལུང་རིག་གིས། །དེ་དག་སྤོབས་པའི་གན་མཛོད་ནི། །ངལ་བས་བསྒྲུབས་ཀུན་གཅིག་ཅར་འཕྲོག །སོ་གསུམ་པ་ཤིས་བརྗོད་ཀྱི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག་ཡིད་ལ་མངོན་པར་འདོད་པའི་དངོས་པོ་ལ་སྨོན་པར་བྱེད་པའི་ངག་སྟེ། དཔེར་ན། གློ་བུར་རྟོག་པའི་མཚན་མ་ཀུན། །ཤིན་ཏུ་ཞི་བ་དམ་པའི་དངོས། །རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཀྱིས། །ཁྱོད་ལ་ཀུན་ཏུ་སྲུང་གྱུར་ཅིག །སོ་བཞི་པ་རབ་སྤེལ་གྱི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་། །


JKT016_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཐ་དད་པའི་རྒྱན་གཉིས་སམ་མང་པོ་རྣམས་བསྲེས་པ་སྦྱོར་བ་གཅིག་ལ་གནས་པའི་ངག་སྟེ། དབྱེ་ན་གཉིས་ལས། དང་པོ་སྟོབས་མཚུངས་རབ་སྤེལ། བརྟན་པའི་འཁོར་ལོའི་མཚན་དཔེའི་གཟིས། །ཉིན་མོའི་།སྙན་པའི་དཔེ། མཛེས་པ་ཟུམ་པར་བྱེད། །རྨད་དོན་གཞན་བཀོད་པ་དང་། བྱུང་སྣང་བའི་དཔལ་སྦྱིན་ལ། །ཀུན་དགའ་སྟེར་བ་སོམ་ཉི་ཅི། །སྒྲུབ་བྱེད་མཚུངས་པའི་རབ་སྤེལ། ཡིད་འོང་འཇོ་ཀྵ་སྒེག་ལྡན་པ་ཡི། །ལང་ཚོ་དར་བའི་རིགས་ཀྱི་རང་བཞིན་བརྗོད་པ། འཕགས་རྣམས་ཀྱི། ཚིག་མ་བསྡུས་གཟུགས་ཅན། གི་སྦྲང་རྩི་ཡིས། །རྣ་བ་སྐལ་བྱ་བའི་རང་བཞིན་བརྗོད་པ་སྟེ་སློབ་དཔོན་རཏྣ་ཤྲཱིའི་འགྲེལ་པར་དཔེར་བརྗོད་པ་དང་མཐུན་པར་བྱས་སོ། །བཟང་ཉིད་དུ་བྱེད། །སོ་ལྔ་པ་དགོངས་པ་ཅན་གྱི་རྒྱན་གྱི་མཚན་ཉིད་ནི། ཚིག་སྦྱོར་གང་ཞིག སྙན་ངག་མཁན་རྣམས་ཀྱིས་ཇི་ལྟར་བསམ་པ་དང་རྗེས་སུ་མཐུན་པར་ཕུན་སུམ་ཚོགས་པའི་ཉམས་དང་ལྡན་པར་སྦྱར་བ་ཁྱད་པར་བཞི་ལྡན་གྱི་ངག་སྟེ། དེ་ལྟ་བུ་ནི་གཞུང་གི་རྒྱན་ཆེན་པོ་ལ་ཡོད་པ་ཉིད་ཀྱི་ཕྱིར་དཔེར་བརྗོད་དུ་བསྙད་པའི་བློ་ཀ་རེ་གཉིས་ཀྱིས་རྩ་བའི་དགོངས་དོན་བཤིག་པར་མི་བྱའོ། །སྨྲས་པ། སྙན་པའི་མཛེས་པས་གཞར་ཡང་མ་སྨད་དོན་བཟང་འདོད་པ་འཇོ་བའི་ཕྲེང་། །འདིས་ཀྱང་མཁས་པའི་མགྲིན་པར་མཛེས་ཞེས་གཟུར་གནས་ཚོགས་རྣམས་གཏམ་དུ་གླེང་། །སྙིགས་


JKT016_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དཔྱིད་ཀས་དྲངས་པའི་འཁོར་འགྲོ་ཕྱོགས་ལྷུང་འབིགས་བྱེད་ཁམ་ཟས་ཅན། །འགའ་ཞིག་ལེགས་བཤད་ལྕིད་ཀྱིས་གདུངས་ཏེ་ལེགས་སོའི་གླུ་དབྱངས་སྒྲོགས་མི་བྱེད། །འོན་ཀྱང་གཅིག་ཏུ་གཞན་ཕན་ལ། །ཆགས་པའི་ཚིག་གི་མེ་ཏོག་གིས། །དོན་མཐུན་རྣ་བའི་རི་བོའི་ངོགས། །འཁྱུད་པས་ཀུན་ཏུ་སྨན་གྱུར་ཅིག །ཅེས་རྒྱན་གྱི་བསྟན་བཅོས་མེ་ལོང་གི་གཞུང་དང་མཐུན་པར་དཔེར་བརྗོད་པ་དཎྜིའི་རྒྱུད་མང་ལས། དོན་གྱི་རྒྱན་གྱི་ཡོངས་སུ་བཅད་པའི་སྐབས་ཏེ་གཉིས་པའོ།། །།མཛེས་མཛེས་མཚན་དཔེའི་མཚར་སྡུག་རྫོགས་པ་ཨུཏྤལ་ཚལ་མིན་བྱམས་པའི་བདུད་རྩིའི་བརླན་རབ་ཆགས། །སྙན་སྙན་ལེགས་བཤད་དབྱངས་སུ་འཇོ་འདི་ཁུ་བྱུག་ཉིད་མིན་སྐལ་བཟང་ཀུན་དགའི་ཚོར་བ་སྦོམ། །གསལ་གསལ་གྲགས་པའི་སྤྲིང་ཡིག་འགྲིམ་འདི་ཟླ་ཤེལ་མྱུ་གུ་སར་པ་མ་ལགས་བསྟན་འཛིན་ཀུན་གྱི་རྒྱན་གྱུར ཕྱིར། །དྭངས་དྭངས་བློ་ཡིས་རྟག་ཏུ་མཆོད་ན་ཚེ་འདི་ཙམ་མིན་བྱང་ཆུབ་བར་དུ་བཤེས་སུ་མཛོད། །དེ་ལྟར་དོན་གྱི་རྒྱན་ཉིད་ལས། །བརྩམས་པའི་མེ་ཏོག་གཏོར་བྱས་ནས། །སྒྲ་དང་གབ་ཚིག་དག་གི་ཡང་། །དཔེར་བརྗོད་ཅུང་ཟད་སྤྲོ་ལ་ཕྱོགས།། །།ལེའུ་གསུམ་པ་ལས་བྱུང་བའི་རྒྱན་གཉིས་པ་སྒྲ་རྒྱན་ལ་གསུམ་སྟེ། ཟུང་ལྡན་གྱི་རྣམ་པར་བཞག་པ། བྱ་དཀའ་བའི་ཁྱད་པར་གཞན་བཤད་པ་དབྱངས་


JKT016_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ངེས་པའི་བྱ་དཀའ་བྱེ་བྲག་ཏུ་ཕྱེ་བའོ། །དང་པོ་ལའང་། རྐང་པ་དང་པོ་ན་ཡོད་པའི་ཟུང་ལྡན། གནས་གཞན་ན་ཡོད་པའི་ཟུང་ལྡན། མཐའ་ཐོག་སྦྱར་བའི་ཟུང་ལྡན། ཀུན་ཏུ་ཟུང་ལྡན། བསྲེས་པའི་ཟུང་ལྡན། བཟློག་པའི་ཟུང་ལྡན་ཏེ་དྲུག་གོ །དེ་ལ་དང་པོ་རྐང་པའི་ཐོག་མར་ཡོད་པའི་ཟུང་ལྡན་ལའང་གསུམ་གྱི་དང་པོ་བར་མཆོད་པའི་རྐང་པ་རེ་རེ་རེ་རེ་ཡོད་པ། དང་པོར། སྙན་སྙན་བཻཌུར་ཏམྦུ་རཿ །དལ་གྱིས་བརྡུངས་པའི་འཇོ་སྒེག་གིས། །སྐལ་བཟང་ཚོགས་རྣམས་སྐྱོང་མཛད་པ། །སྭ་ར་སྭ་ཏཱིས་དགེ་ལེགས་སྩོལ། །འདི་ཡང་། འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཕུན་ཚོགས་ནོར་བུའི་ཅོད་པན་གྱིས། །ལན་བརྒྱར་བཏུང་བའི་རྣམ་འདྲེན་རྗེའི། །ཞབས་རྡུལ་སྤྱི་བོའི་གཙུག་ཏུ་ལེན། །གཉིས་པ། ལྷ་དང་དྲང་སྲོང་གྲུབ་པའི་དབུས། །མཛེས་མཛེས་མཚན་དཔེའི་རི་མོ་ཅན། །ཡིད་འོང་ངང་པའི་བུ་མོ་ཡིས། །བདག་བློའི་པད་མཚོར་རྩེན་པར་མཛོད། །འདི་ཡང་། ཚུལ་གནས་ཁྲིམས་ཀྱི་ཀེས་ར་ས། །མཛེས་པས་མཛེས་པ་གཞན་དག་ཀུན། །འགོགས་བྱེད་བྱམས་བརྩེའི་རོས་བརླན་པའི། །ཐེག་ཆེན་སོ་ཐར་པདྨོ་དགོད། །གསུམ་པར། གང་ཞིག་ཁྱོད་ཞབས་ལ་རེག་པས། །རྣམ་འབྱེད་ཀུ་མུད་དར་བབས་པའི། །གསལ་གསལ་གྲགས་དཀར་ཟླ་བ་ཡིས། །འདི་ན་ཤིས་པའི་


JKT016_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་སྩོལ། །འདི་ཡང་། རྟག་ཏུ་མཐའ་ཀླས་འགྲོ་བ་ལ། །ཀུན་དགའི་དགའ་སྟོན་ཉེར་སྦྱིན་པའི། །སྙིང་རྗེ་སྙིང་རྗེའི་དབང་ཕྱུག་དང་། །མི་ཕྱེད་བྱང་ཆུབ་སེམས་དཔའ་མཆོག །བཞི་བར། མྱོས་པའི་དམར་བས་རེག་པ་ཡི། །ཟུར་མིག་གཡོ་ལྡན་མཆིལ་བ་ཡིས། །བཏབ་པ་མིན་ཀྱང་ཕྱོགས་བྲལ་གྱི། །མཁས་མཁས་དཔྱོད་ལྡན་བརྟན་པ་འཕྲོག །འདི་ཡང་། ཁྱད་པར་རྡོ་རྗེ་ཐེག་པ་ཡི། །བསྟན་འཛིན་གྲུབ་རིགས་རྒྱ་མཚོས་ཀྱང་། །ཁྱོད་ཞབས་བསྙེན་ལ་རིངས་བཞིན་དུ། །བསྔགས་པས་བསྔགས་པའི་ཡི་གེས་བརྗིད། །དང་པོ་གཉིས། ལྷོད་ལྷོད་མགྲིན་པའི་སྤྲིན་དཀར་ལས། །དིར་དིར་ལེགས་གསུངས་དབྱར་གྱི་རྔ། །སྒྲོགས་པས་མོས་ལྡན་མདོངས་མཐའི་ཚོགས། །མཁྱེན་པའི་རྩེ་དགས་བཟུང་བར་མཛོད། །འདི་ཡང་། བློ་གྲོས་བློ་གྲོས་བདག་པོ་དང་། །ཡོན་ཏན་ཡོན་ཏན་རྒྱ་མཚོའི་དཔྱིད། །མགོན་པོ་ཁྱོད་ཀྱིས་བྱང་ཆུབ་བར། །བདག་སོགས་རྗེས་སུ་བཟུང་མཛོད་ཀྱེ། །དང་པོ་དང་གསུམ་པར། ཆིལ་ཆིལ་ནོར་བུའི་ཐག་པ་ཡིས། །འཁྱུད་པའི་ལྷོ་ཕྱོགས་རོལ་མཚོ་ཆེར། །འཛུམ་འཛུམ་ཁྱོད་ཞལ་བཞད་པའི་ཚེ། །ཚངས་པའང་ཆགས་བྲལ་མལ་ལས་བསླང་། །དང་པོ་དང་བཞི་པར། དཀར་དཀར་འོ་མའི་ཆུ་གཏེར་གྱིས། །ལན་བརྒྱར་བཀྲུས་པའི་ཞབས་སེན་རྡུལ། །གནག་ཅིང་


JKT016_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

སྣུམ་པའི་ཨཏྤ་ལར། །མཚར་མཚར་མིག་གི་བདུད་རྩིར་བཀོད། །གཉིས་པ་དང་གསུམ་པར། སོར་མོའི་འཁྲི་ཤིང་འདར་བ་ལ། །ལིང་ལིང་རྒྱུད་མང་བྷ་མ་རས། །ཡང་ཡང་རྩེན་པའི་ལེགས་བཤད་གཏམ། །སྲིད་རྩེའི་བར་དུ་སོང་བར་གྱུར། །གཉིས་པ་དང་བཞི་པར། དེ་ཚེ་འཆི་མེད་གྲུབ་པའི་ཚོགས། །སིམ་སིམ་རྣ་བའི་སྐལ་བཟང་དུ། །མཐོང་ནས་གཞན་དུ་མི་གཡོ་བར། །དུང་དུང་སེམས་ཀྱིས་མཉན་ལ་ཕྱོགས། །གསུམ་པ་དང་བཞི་པར། ཁྱད་པར་སྙིང་རྗེའི་བརླན་ཆགས་པའི། །ཡེ་ཤེས་གཟིགས་པའི་ཟླ་ཤེལ་ནི། །ཁོར་ཁོར་ཕྱོགས་ཀྱི་བུ་མོའི་འགྲམ། །རིག་རིག་བློ་མིག་སྦྱིན་ལ་ཆས། །རྐང་པ་གསུམ་རེར་ཡོད་པ། དང་པོ་གསུམ། འཇམ་འཇམ་ཀཱ་ཤིའི་སྟོད་གཡོགས་ལ། །མང་མང་རིན་ཆེན་གྱིས་ལྕིད་པའི། །སིལ་སིལ་སྒྲ་ཡི་རོལ་མོ་ཡིས། །ཕྱོགས་ཀུན་རྒྱས་པར་འགེངས་པ་བཞིན། །དང་པོ་དང་གཉིས་པ་བཞི་པར། འཚེར་འཚེར་དབང་པོའི་གཞུ་རིས་དང་། །མཁས་མཁས་སྣ་ཚོགས་ལས་པ་ཡིས། །བྲིས་པ་ཇི་བཞིན་དུ་ཀུ་ལའི། །ལྡེམ་ལྡེམ་སྨད་གཡོགས་སར་པས་འཁྱུད། །དང་པོ་དང་ཕྱི་མ་གཉིས། བསིལ་བསིལ་ག་བུར་རྐང་འཐུང་ལ། །རེག་པ་མིན་ཡང་ཁྱོད་ཞབས་ལས། །ཟབ་ཟབ་སྙན་ངག་བཅུད་མྱོང་བས། །གྲུང་གྲུང་བློ་མཆོག་ལང་ཚོ་དར། །ཕྱི་མ་གསུམ། དེ་སླད་མཁས་


JKT016_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱའི་མགྲིན་པའི་མཚོས། །འགྲིག་འགྲིག་ཚིག་རྒྱན་མེ་ཏོག་བཅས། །གུས་གུས་བརྟུལ་ཞུགས་ལྷུར་ལེན་ནས། །བཟང་བཟང་ཁྱོད་ཞབས་མཆོད་མིན་ནམ། །རྐང་པ་བཞི་ཀར་ཡོད་པ། དུང་དུང་འཕགས་མ་རྗེས་དྲན་བདག །དྭངས་དྭངས་རྣམ་དཔྱོད་མི་ལྡན་ཀྱང་། །ཡང་ཡང་མཚོ་བྱུང་བསྔགས་པའི་མཐུས། །སྐྱེ་ནས་སྐྱེ་བར་རྗེས་བཟུང་ཤོག །གཉིས་པ་བར་དུ་ཆོད་པ་ལ་རྐང་པ་གཉིས་རེར་ཡོད་པ་ལས། དང་པོ་གཉིས། འཇམ་དབྱངས་ངུར་སྨྲིག་ཟློས་གར་ཅན། །འཇམ་མགོན་བླ་མའི་ཡོན་ཏན་གྱི། །གྲགས་པའི་ཆུ་གཏེར་ཆེན་པོ་ལ། །སྒྲ་རྒྱན་ཟླ་བའི་འཛུམ་གྱིས་བྲན། །དང་པོ་དང་གསུམ་པར། གང་ཞིག་གཟོད་ནས་དག་པ་ཡི། །ཡེ་ཤེས་ཕ་རོལ་ཕྱིན་བརྙེས་ཀྱང་། །གང་དག་སྐལ་བས་ཕྱུག་རྣམས་དང་། །རྗེས་མཐུན་མཚན་དཔེའི་སྒྱུ་འཕྲུལ་སྟོན། །དང་པོ་དང་བཞི་པར། །ཁྱོད་ཞལ་པདྨོ་གཞོན་ནུ་ནས། །རིག་པའི་མཚར་སྡུག་གཡོ་བ་ཡིས། །ཆེར་རློམ་ཁེངས་པ་སྙིལ་མཛད་པ། །ཁྱོད་ཚུལ་སུ་ཞིག་བསྔགས་མི་སྤྲོ། །བར་པ་གཉིས། ཐོག་མ་ཉིད་ནས་འཇུག་པའི་སྒོ། །ཡི་གེའི་སྦྱོར་བ་ལ་འཆེལ་བས། །ཡི་གེ་མིང་དང་ཚིག་རྣམས་ཀྱི། །སྒྲ་དང་དོན་དུ་བཅས་པ་རྟོགས། །གཉིས་བཞིར། སྲིད་པ་ཞི་བའི་རྣམ་འགྱུར་ནི། །སྣ་ཚོགས་མ་འདྲེས་བསྐྲུན་པ་ཡིས། །མཛེས་པ་གཞན་དག་རིང་འགོགས་


JKT016_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པས། །སྣ་ཚོགས་ལས་པའི་སྙེམས་པ་འཕྲོག །ཕྱི་མ་གཉིས། མི་ན་གནས་དང་རྣམ་འགྱུར་ཚོགས། །གསོ་བྱེད་ཡན་ལག་བརྒྱད་པའི་ཆར། །ཕན་དགོངས་སྤྲིན་གྱིས་བཟུང་བ་ལས། །ཕན་བདེའི་སྙེ་མ་གཡུར་ཟ་མཛོད། །རྐང་པ་གསུམ་རེར་ཡོད་པ་ལ། །དང་པོ་གསུམ། བརྡ་སྤྲོད་གཞུང་མང་རིན་ཆེན་གྲུས། །བརྡ་སྤྲོད་རྒྱ་མཚོ་ཆེར་བརྒལ་བས། །བརྡ་སྤྲོད་སྨྲ་བ་ཁྱོད་གཅིག་ཅེས། །རྣམ་ཐར་ཕྱོགས་ཀྱི་བུ་མོས་གླེང་། །དང་པོ་དང་གསུམ་བཞིར། ཚད་མར་གྱུར་པའི་གངྒཱ་ནི། །ཤེས་བྱའི་ལམ་གསུམ་ཀུན་ཁྱབ་པས། །ཚད་མར་སྨྲ་བའི་བསིལ་བ་ཡིས། །ཚད་མིན་དག་གི་མེ་ལྕེ་གཞིལ། །ཕྱི་མ་གསུམ། ཁྱད་པར་རང་ཉིད་ཤེས་བྱའི་ཆོས། །ཀུན་མཁྱེན་ཐེམ་སྐས་ལ་འཛེགས་ཏེ། །ཀུན་མཁྱེན་ལམ་སྲོལ་འཛིན་པ་ལ། །ཀུན་མཁྱེན་རྒྱལ་བ་གཉིས་པ་བཞིན། །རྐང་པ་བཞི་ཀའི་ཐོག་མར་ཡོད་པ་ལ། ཚིག་རྒྱན་ཆུ་ཀླུང་ཀུན་བཏུང་བའི། །ཚིག་གཏེར་མགྲིན་པའི་རོལ་མཚོ་ནི། །ཚིག་སྙན་རྦ་རླབས་སྟོད་གཡོ་བས། །ཚིག་གི་བདགུ་པོའི་མཛེས་པ་བཟུང་། །རྐང་པ་བཞི་ཆ་གཉིས་སུ་ཡོད་པ་ལ། དང་པོ་གཉིས་མཚུངས་ཕྱི་མ་གཉིས། །འདོད་རྒྱལ་ཉིད་དམ་རྗེས་གྲུབ་ཏུ། །འདོད་པའི་མིང་གི་མངོན་བརྗོད་ནི། །རྣམ་མང་ཨ་མའི་དོག་པ་ཡིས། །རྣམ་དཔྱོད་ལྡན་པའི་གཞན་གསོས་འགུགས། །དང་


JKT016_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གསུམ་དང་གཉིས་བཞིན། ཚིགས་བཅད་རྐང་བཞིའི་བསྦྲུལ། །ངོ་མཚར་དྲྀཏྟ་ཛཱ་ཏི་ཡི། །ཚིག་སྦྱོར་མཚར་སྡུག་དར་བབས་པར། །ངོ་མཚར་སྦྱོར་བའི་སྙིང་པོ་སྒེག །ཐོག་མཐའ་གཉིས་འདྲ་བར་པ་གཉིས་འདྲ། ཕྱི་ནང་གཞན་གསུམ་དབྱེར་མེད་པ། །དཔལ་ལྡན་དུས་ཀྱི་འཁོར་ལོ་དང་། །དཔལ་ལྡན་དབྱངས་འཆར་སྤོར་ཐང་བཅས། །ཕྱི་དོན་རྟེན་འབྲེལ་རྩིས་ལ་མཁས། །གསུམ་པ་ཆོད་ཅིང་མཆོད་པ་ལའང་གསུམ་ལས། སྔ་མ་གཉིས་འདྲ་ཕྱི་མ་གཉིས་འདྲ་བ། སྙན་སྙན་སྔོན་བྱུང་གཏམ་གྱི་ཚོགས། །སྙན་སྙན་དབྱངས་བདུན་ལ་སྦྱར་བའི། །ལིང་ལིང་ཟློས་གར་ཨུཏྤ་ལར། །ལིང་ལིང་གཞན་ཡིད་བུང་བས་རྩེན། ཐོག་མཐའ་དང་བར་པ་གཉིས། གསལ་གསལ་སྤོབས་པའི་སྟེང་འཐུང་གིས། །ཡང་ཡང་རིག་གཞུང་བཅུད་བཟུང་བས། །ཡང་ཡང་འཆད་རྩོད་རྩོམ་པའི་རོས། །གསལ་གསལ་གྲགས་དཀར་ཡི་གེར་བཀོད། །བཞི་ཀའི་ཐོག་མར། མཛེས་མཛེས་ཁོར་ཡུག་རྒྱ་མཚོའི་འགྲམ། །མཛེས་མཛེས་སྤྲིན་གྱི་དུམ་བུས་ཏེ། །མཛེས་མཛེས་གཟུ་བོར་གནས་པའི་མདུན། །མཛེས་མཛེས་ཁྱོད་ཀྱི་ཚུལ་འདིས་ཀྱང་། །གཉིས་པ་གནས་གཞན་ན་ཡོད་པའི་ཟུང་ལྡན་ལ་བཅུ་གཉིས་ལས། བཞི་ཀའི་དབུས་ཀྱིས་ཆོད་ཅིང་མ་ཆོད་པ། གང་ཁྱོད་ཚིག་མཁས་མཁས་པའི་གཟིས། །རྨད་བྱུང་དོན་མཁས་མཁས་


JKT016_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་། །དེ་སླད་ཁྱོད་མཁས་མཁས་རློམ་གཞན། །ཕྱོགས་རེ་ཙམ་མཁས་མཁས་དངོས་མིན། །བཞི་ཀའི་དབུས་ཀྱིས་ཆོད་པ། འགྲོ་ཀུན་ལེགས་ལམ་ལེགས་སྟོན་ཕྱིར། །རྒྱལ་བས་ལེགས་གསུང་ལེགས་པའི་བཅུད། །ངལ་མེད་ལེགས་འདོམས་ལེགས་སྤྱོད་ཀྱིས། །ངེས་པར་ལེགས་པའི་ལེགས་བྱས་དར། །རྐང་བཞིའི་མཐས་ཆོད་པ། ཐོས་པས་སྐལ་བཟང་སྣང་བ་རྒྱས། །བསམ་པས་རྣམ་དཔྱོད་བློ་མིག་རྒྱས། །སྒོམ་པས་གྲུབ་པའི་ཡོན་ཏན་རྒྱས། །དེ་སླད་ཁྱོད་ཀྱི་ཕུན་ཚོགས་རྒྱས། །བཞི་ཀའི་མཐར་ཆོད་ཅིང་མཆོད་པ། །ཟླ་ཤེལ་བདུད་རྩིའི་འོད་གསལ་གསལ། །དེ་ཡིས་ཀུནྡྲའི་ནགས་གསལ་གསལ། །གང་གི་ཕན་མཛད་སྤྱོད་གསལ་གསལ། །དེས་ཀྱང་ཀུན་དགའི་དཔལ་གསལ་གསལ། །བར་མཐའ་ཆོད་པ། ཉིན་མོའི་སྣང་བས་ཀུན་གསལ་སྣང་། །དེ་ཡི་སྣང་བས་ཕྱོགས་ཀུན་སྣང་། །ཁྱོད་མཁྱེན་སྣང་བས་སྐལ་བཟང་སྣང་། །དེ་དེའི་སྣང་བས་རྒྱལ་བསྟན་སྣང་། །བར་མཐར་ཆོད་ཅིང་མ་ཆོད་པ། རབ་མཛེས་མཛེས་མའི་ཚུལ་མཛེས་མཛེས། །དེར་མཛེས་མཛེས་པའི་བཞིན་མཛེས་མཛེས། །ཁྱོད་མཛེས་མཛེས་སྐུའི་དཔལ་མཛེས་མཛེས། །དེར་མཛེས་མཛེས་པའི་མཚན་མཛེས་མཛེས། །ཐོག་བར་དུ་ཆོད་པ། དཔལ་ལྡན་ཁྱོད་ཀྱི་དཔལ་ཡོན་དང་། །དཔལ་སྟུག་རྒྱལ་བའི་དཔལ་


JKT016_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་ཕྱིར། །དཔལ་མོའི་བདག་སོགས་དཔལ་གྱིས་ཀྱང་། །དཔལ་ལྡན་བླ་མའི་དཔལ་མི་མཚོན། །དང་པོ་གསུམ་པའི་ཐོག་མཐའ་གཉིས་བཞིར་ཐོག་བར་གྱིས་ཆོད་ཅིང་མ་ཆོད་པ། སྙན་སྙན་གཞན་གསོས་མགྲིན་སྙན་སྙན། །སྙན་སྣན་རྣ་བར་སྙན་སྙན་འཇོ། །སྙན་སྙན་ནཱ་ངའི་དབྱངས་སྙན་སྙན། །སྙན་སྙན་ལེགས་བཤད་སྙན་སྙན་འབབ། །བཞི་ཀའི་ཐོག་མཐའ་བར་ཆོད་པ། །མཆོག་ཏུ་མི་འགྱུར་གཟུགས་སྐུ་མཆོག །མཆོག་གསང་གཞོམ་མེད་སྒྲ་སྐད་མཆོག །མཆོག་བདེའི་རོས་བརླན་ཡེ་ཤེས་མཆོག །མཆོག་གྱུར་མགོན་ཁྱོད་སྐྱབས་ཀྱི་མཆོག །བཞི་ཀའི་ཐོག་མཐའ་བར་ཆོད་ཅིང་མ་ཆོད་པ། བསིལ་བསིལ་ཙནྡན་འོད་བསིལ་བསིལ། །བསིལ་བསིལ་འབིགས་བྱེད་རླུང་བསིལ་བསིལ། །བསིལ་བསིལ་ལེགས་བཤད་གཏམ་བསིལ་བསིལ། །བསིལ་བསིལ་ཐར་པའི་དཔལ་བསིལ་བསིལ། །གནས་གསུམ་ཀའི་ཆོད་པ། དཀར་བསིལ་སྤྲིན་དཀར་བླ་བྲེ་དཀར། །དཀར་འཇམ་པད་དཀར་རྫིང་བུ་དཀར། །དཀར་མཛེས་ཁྱོད་དཀར་ལེགས་བྱས་དཀར། །དཀར་གསལ་གྲགས་དཀར་ཕུང་པོ་དཀར། །གནས་གསུམ་ཀའི་ཆོད་ཅིང་མ་ཆོད་པ། མཛེས་མཛེས་དབྱར་གྱི་ཀུན་གསལ་མཛེས་མཛེས་སྤྲིན་དཀར་ལང་ཚོའི་དཔལ་མཛེས་མཛེས། །མཛེས་མཛེས་དེ་ཡི་འགྲམ་པར་མཛེས་མཛེས་གློག་གི་


JKT016_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་ཆ་གཡོ་མཛེས་མཛེས། །མཛེས་མཛེས་མཁས་མང་ཆུ་མཚོར་མཛེས་མཛེས་ཁྱོད་ཞབས་པདྨོ་དཔལ་མཛེས་མཛེས། །མཛེས་མཛེས་དེ་ལ་མངོན་པར་མཛེས་མཛེས་གྲགས་སྙན་བདུད་རྩིའི་འོད་མཛེས་མཛེས། །གསུམ་པ་མཐའ་ཐོག་སྦྱར་བའི་ཟུང་ལྡན་ནི། མདོར་ན་བསྔགས་འོས་རྣམ་ཐར་མཆོག །ཐར་མཆོག་འདོད་པ་འཇོ་མཛད་པའི། །མཛད་པ་མཐའ་ཀླས་མངོན་བརྗོད་པ། །བརྗོད་པ་ཉུང་དུས་ཇི་ལྟར་འདྲེན། །འདི་ཡང་། འོན་ཀྱང་རབ་གུས་སྦྲང་རྩིའི་བཅུད། །བཅུད་དུ་ཉེར་འཐུང་བུང་བའི་སྒྲ། །སྒྲ་རྒྱན་གླུར་ལེན་བྱེད་པོ་གང་། །གང་ཞབས་པད་མཚོར་རྟག་བསྙེན་ཤོག །བཞི་པ་ཀུན་ཏུ་ཟུང་ལྡན་ལ། རྐང་པ་བཟླས་པ། ཚིགས་བཅད་བཟླས་པ། ཟུང་ལྡན་ཆེན་པོའོ། །དང་པོ་ལའང་གཉིས་ཀྱི། དང་པོ་ལན་གཅིག་བཟླས་པའི་བྱེ་བྲག་ཡང་དག་པར་སྦྱར་བ་ལ། དང་པོ་གསུམ་པ་དང་། གཉིས་པ་བཞི་བར་བཟླས་པ། མངོན་མཐོའི་སར་གནས་ཨ་མྲྀ་ཏའི། །བླ་མ་དང་ཟླ་བ་སྦྱར་བའོ། །སྙིང་པོའི་ལྗིད་ལྡན་ཀུན་དགའི་དཔྱིད། །མངོན་མཐོའི་སར་གནས་ཨ་མྲྀ་ཏའི། །སྙིང་པོའི་བཅུད་ལྡན་ཀུན་དགའི་དཔྱིད། །དང་པོ་གཉིས་པ་དང་། གསུམ་པ་བཞི་པར། མུན་སེལ་ཉི་མ་དང་སྦྱར། སྣང་བའི་མཆོག་སྦྱིན་མཁས། །མུན་སེལ་སྣང་བའི་མཆོག་སྦྱིན་མཁས། །གཞན་ཕྱིར་རྟག་འཆར་འཇིག་རྟེན་མིག །


JKT016_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཕྱིར་རྟག་འཆར་འཇིག་རྟེན་མིག །དང་པོ་བཞི་པ་དང་གཉིས་པ་གསུམ་པ། ཡིད་ལྷ་དབང་ཕྱུག་ཆེན་པོ་ལ་སྦྱར། སྲུབས་ཚོགས་ཀུན་མཐར་བྱེད་པ། །དབང་ཕྱུག་བརྒྱད་ལྡན་སརྦ་ཛྷ། དབང་ཕྱུག་བརྒྱད་ལྡན་སརྦ་ཛྷ། །ཡིད་སྲུབས་ཚོགས་ཀུན་མཐར་བྱེད་པ། །གཉིས་པ་དེ་ལས་གཞན་པའི་རྐང་པ་བསྐོར་བ་ལ་གསུམ་གྱི། ལན་གཅིག་བཟླས་པ་ལའང་དྲུག་གི་དང་པོ་གཉིས་པར་བཟླས་པ། འདོད་དགུ་སྦྱིན་པའི་ཕྱག་ཡངས་པོ། །འདོད་དགུ་སྦྱིན་པའི་ཕྱག་ཡངས་པོ། །ངལ་གསོའི་དབང་པོའི་གནོད་གནས་གྲོང་། །ཁྱོད་ཞབས་ལྷར་བཅས་བླ་ན་བརྗིད། །དང་པོ་གསུམ་པར། །བསོད་ནམས་བྱེ་བས་བསྐྲུན་པ་ཡི། །འཇམ་མགོན་བླ་མའི་མཚན་དཔེའི་བྱིན། །བསོད་ནམས་བྱེ་བས་བསྐྲུན་པ་ཡི། །སྐལ་བཟང་སྐྱེ་རྒུའི་མིག་ཏུ་སྣང་། །དང་པོ་བཞི་པར། དབྱངས་ཀྱི་ཡན་ལག་རྒྱ་མཚོའི་གཏེར། །མཚོ་བྱུང་ཕྱག་གི་རྒྱུད་མང་སྟེ། །སྨྲ་དབང་གང་གི་གསུང་གསང་ཡང་། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་གཏེར། །གཉིས་པ་གསུམ་པར། སྒྲིབ་གཉིས་རྒྱུར་བཅས་ཡོངས་བཅོམ་པ། །ཁྱོད་ཐུགས་རྣམ་པ་ཀུན་ལྡན་དབྱིངས། །ཁྱོད་ཐུགས་རྣམ་པ་ཀུན་ལྡན་དབྱིངས། །ཟག་བྲལ་ཡེ་ཤེས་དམ་པའི་སྣོད། །གཉིས་པ་བཞི་པར། གང་གི་ཡོན་ཏན་ཕུང་པོ་ནི། །འཆི་མེད་ལམ་གྱི་མཐར་མི་ཤོང་། །དེ་སླད་བསྔགས་


JKT016_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙན་ཚིག་ཀྱང་། །འཆི་མེད་ལམ་གྱི་མཐར་མི་ཤོང་། །གསུམ་པ་བཞི་པར། ཐབས་མཁས་ཕྲིན་ལས་རྣམ་མང་པོས། །ས་གསུམ་ཀུན་ཏུ་ཁྱབ་འཇུག་པའི། །སྣ་ཚོགས་གཟུགས་ཅན་འཆང་བ་པོ། །སྣ་ཚོགས་གཟུགས་ཅན་འཆང་བ་པོ། །ལན་གཉིས་བཟླས་པ་ལའང་གསུམ་གྱི། དང་པོ་ཉིད་གཉིས་པ་དང་གསུམ་པར་ཡང་བཟླས་པ། ཐོབ་པས་གདུང་སེལ་འདོད་དགུའི་དཔྱིད། །ཐོབ་པས་གདུང་སེལ་འདོད་དགུའི་དཔྱིད། །ཐོབ་པས་གདུང་སེལ་འདོད་དགུའི་དཔྱིད། །ཁྱོད་ཞབས་ནོར་བུ་མནྡཱ་ར། །དང་པོ་ཉིད་གསུམ་བཞིར། གཅིག་ཏུ་གཞན་ཕྱིར་ཐུགས་བརྩེ་བ། །རྒྱལ་དང་རྒྱལ་སྲས་མགོན་ཁྱོད་ཀྱང་། །གཅིག་ཏུ་གཞན་ཕྱིར་ཐུགས་བརྩེ་བ། །གཅིག་ཏུ་གཞན་ཕྱིར་ཐུགས་བརྩེ་བ། །གཉིས་ཉིད་གསུམ་བཞིར། གང་མཚན་ག་བུར་དཔལ་གྱི་དུམ། །རེག་པས་བསིལ་བའི་མཆོག་སྦྱིན་པ། །རེག་པས་བསིལ་བའི་མཆོག་སྦྱིན་པ། །རེག་པས་བསིལ་བའི་མཆོག་སྦྱིན་པ། །ལན་གསུམ་དུ་བཟླས་པ། ཀུན་དགའི་སིམ་སྟེར་སྣང་སངས་རྒྱས་དང་བྱང་ཆུབ་སེམས་དཔལ། བའི་མཛོད། །ཀུན་དགའི་སིམ་སྟེར་སྣང་བའི་བླ་མ། མཛོད། །ཀུན་དགའི་སིམ་སྟེར་སྣང་བའི་ཟླ་བ་མཛོད། །ཀུན་དགའི་སིམ་སྟེར་སྣང་བའི་ནོར་བུའི་སྒྲོན་མེ། མཛོད། །གཉིས་པ་ཚིགས་བཅད་བཟླས་པ་ནི། མི་འགྱུར་མི་གནས་པའི་མྱ་ངན་ལས་འདས་


JKT016_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པ། གོ་འཕང་ལ་རོལ་བཞིན། །མུན་པ་སྙིལ་བྱེད་རབ་དམ་ཆོས། བསིལ་གྱི། །བདུད་རྩིའི་དཔལ་སྟེར་ཀུན་སེམས་ཅན་ཐམས་ཅད་ལ་ཕན་པ། ཕན་ནི། །རྟག་ཏུ་ཞི་བའི་ཐར་པ་མཆོག་གི། རྩེ་མོར་འཛེགས་མི་ནམ་མཁའ། །འགྱུར་གོ་འཕང་ལ་རོལ་བཞིན། །མུན་ཕྱི་རོལ་གྱི། པ་སྙིལ་བྱེད་རབ་སྲིད་པའི་བསིལ་གྱི། །བདུད་རྩིའི་ཟླ་ཟེར། དཔལ་སྟེར་ཀུན་ཟླ་བའི་མིང་། ཕན་ནི། །རྟག་ཏུ་དབང་ཕྱུག ཞི་བའི་རྩེ་མོར་འཛེགས། །ཚིགས་བཅད་སྔ་མ་བླ་མ་དང་ཕྱི་མ་ཟླ་བ་ལ་སྦྱར་བའི་ཚུལ་མཆན་བུས་གསལ་བ་བཞིན་ནོ། །གསུམ་པ་ཟུང་ལྡན་ཆེན་པོ་ནི། མངོན་པར་མཐོ་ལྡན་རྨད་བྱུང་དཔལ་མངའ་སངས་རྒྱས། མངོན་པར་མཐོ་ལྡན་རྨད་བྱུང་དཔལ་མངའ་བྱང་སེམས། བ། །མངོན་པར་མཐོ་ལྡན་རྨད་བྱུང་དཔལ་མངའ་རང་རྒྱལ། མངོན་པར་མཐོ་ལྡན་རྨད་བྱུང་དཔལ་མངའ་ཉན་ཐོས། བ། །མངོན་པར་མཐོ་ལྡན་རྨད་བྱུང་དཔལ་མངའ་བླ་མ། མངོན་པར་མཐོ་ལྡན་རྨད་བྱུང་དཔལ་མངའ་ཚངས་པ། བ། །མངོན་པར་མཐོ་ལྡན་རྨད་བྱུང་དཔལ། མངའ་ཉི་མ། མངོན་པར་མཐོ་ལྡན་རྨད་བྱུང་དཔལ་མངའ་ཟླ་བ། བ། །ལྔ་པ་འདྲེས་པའི་ཟུང་ལྡན་ནི། མཁས་མཁས་ཕྱི་ནང་རིག་གཞུང་ཀུན་མཁས་མཁས་ཀུན་དགའ་བའི་ཞབས་པདྨོ། །པདྨོ་རྣམ་པར་རྒྱས་པའི་དཔལ་ཅན་སྲིད་ཞིའི་དཔལ་གྱིས་རབ་མཛེས་པས། །མཛེས་པ་གཞན་གྱི་ཁེངས་པ་ཉེར་འགོག་འགོག་


JKT016_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་གྲགས་སྙན་ཚིག །སྙན་ཚིག་ཉམས་བརྒྱའི་ངག་གིས་བསྔགས་ལས་ངག་གི་དབང་ཕྱུག་བརྙེས་གྱུར་ཅིག །དྲུག་པ་བཟློག་པའི་ཟུང་ལྡན་ལ་གསུམ་ལས། རྐང་པ་བཟློག་པ། བློ་མཆོག་རིབ་ཟབ་ཡུལ་ལས་གྲོལ། །གྲོལ་ལས་རབ་ཟབ་ཡུལ་མཆོག་བློ། །བརྙེས་སླད་ཞི་དང་སྲིད་པ་དག །དག་པ་སྲིད་དང་ཞི་སླད་བརྙེས། །ཚིགས་བཅད་ཕྱེད་བཟློག་པ། མཆོག་གྱུར་གྲུབ་རིགས་མཁས་རྣམས་དཔལ། །བསྔགས་པས་བརྗོད་འདས་བསམ་ཡས་མཐའ། །མཐའ་ཡས་བསམ་འདས་བརྗོད་པས་བསྔགས། །དཔལ་རྣམས་མཁས་རིགས་གྲུབ་གྱུར་མཆོག །ཚིགས་བཅད་བཟློག་པ། རྒྱལ་མཛད་ཕན་པས་གཞན་ཕྱིར་བརྩེ། །ངེས་དོན་ཟབ་བརླིང་མཁྱེན་ལྡན་དཔལ། །རིག་གཞུང་ལམ་མང་མཁས་ལ་འདོམས། །དེ་སླད་ཤེས་བྱ་གཟིགས་ཁྱོད་མཆོག །མཆོག་ཁྱོད་གཟིགས་བྱ་ཤེས་སླད་དེ། །འདོམས་ལ་མཁས་མང་ལམ་གཞུང་རིག །དཔལ་ལྡན་མཁྱེན་བརླིང་ཟབ་དོན་ངེས། །བརྩེ་ཕྱིར་གཞན་པས་ཕན་མཛད་རྒྱལ། །གཉིས་པ་བྱ་དཀའ་བའི་ཁྱད་པར་གཞན་བཤད་པ་ལ་གསུམ་ལས།། ༈ །།བ་ལང་གཅིན་གྱི་བྱ་དཀའ་བའི་དཔེར་བརྗོད་རེའུ་མིག་ཏུ་བཀོད་པ། །


JKT016_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་ལྷེབ་འདིའི་ནང་རེའུ་མིག་ཡོད།
ཆོས་དོན་ངེས་ཚིག་སྦོབས་པའི་གཏེར། །ཟབ་དོན་སྙན་ཚིག་དམ་པའི་། ཕྱིད་འཁར་དཔལ་ལྡན་བླ་མའི་ཞབས་པད་མོ། །གྱི་དཔེར་བརྗོད་དཔྱོད་ལྡན་དུ་མའི་ལག་པད་དུད། པ་རེ་མིག་ཏུ་མཁྱེན་རབ་ཕུལ་བྱུང་། བློ་མཆོག་ཁྱོད་མཁས། བཀོད་པ་འདིའོ། །རབ་མཁྱེན་བྱུང་ཕུལ་མཆོག་བློ་མཁས་ཁྱོད། །ཕུལ་བྱུང་མཁྱེན་རབ་ཁྱོད་མཁས་བློ་མཆོག །བྱུང་། ཕུལ་རབ་མཁྱེན་མཁས་ཁྱོད་མཆོག་བློ། །མཆོག་གསང་འབྲས་ཐོབ་མཁས་གྲུབ་ཁྱོད་བསྔགས། བསྔགས་ཁྱོད་གྲུབ་མཁས་ཐོབ་འབྲས་གསང་མཆོག གསང་མཆོག་ཐོབ་འབྲས་གྲུབ་མཁས་བསྔགས་ཁྱོད། །ཀུན་བཟང་། ཁྱོད་བསྔགས་མཁས་གྲུབ་འབྲས་ཐོབ་མཆོག་གསང་། འབྲས་ཐོབ་མཆོག་གསང་ཁྱོད་བསྔགས་མཁས་གྲུབ། །པོའི་འཁོར་ལོའི་གྲུབ་མཁས་བསྔགས་ཁྱོད་གསང་མཆོག་ཐོབ་འབྲས། ཐོབ་འབྲས་གསང་མཆོག་བསྔགས་ཁྱོད་གྲུབ་མཁས། དཔེར་བརྗོད་པ་མཁས གྲུབ་ཁྱོད་བསྔགས་མཆོག་གསང་འབྲས་ཐོབ། མཁས་གྲུབ་ཁྱོད་བསྔགས་མཆོག་གསང་འབྲས་ཐོབ།། རྗེ་སྨིག་ལྟ་ཀོང་ཐོབ་འབྲས་གསང་མཆོག་བསྔགས་ཁྱོད་གྲུབ་མཁས། གྲུབ་མཁས་བསྔགས་ཁྱོད་གསང་མཆོག་ཐོབ་འབྲས། འབྲས་ཐོབ་མཆོག་གསང་ཁྱོད་བསྔགས་མཁས་གྲུབ། ཁྱོད་བསྔགས་མཁས་གྲུབ་འབྲས་ཐོབ་མཆོག་གསང་། པ་འདའ།། གསང་མཆོག་ཐོབ་འབྲས་གྲུབ་མཁས་བསྔགས་ཁྱོད། །བསྔགས་ཁྱོད་་གྲུབ་མཁས་ཐོབ་འབྲས་གསང་མཆོག །མཆོག་གསང་འབྲས་ཐོབ་མཁས་གྲུབ་ཁྱོད་བསྔགས།


JKT016_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་དབྱངས་སོགས་ངེས་པའི་བྱ་དཀའ་ལ་གསུམ་སྟེ། དང་པོ་དབྱངས་ངེས་པ་ལ། བཞིར་ངེས་པ། བྲལ་འབྲས་མཁའ་ལྟར་རྣམ་དག་པར། །སྲིད་ཞིར་འཆིང་བའི་སྤྲིན་རིས་སིམ། མཆོག་དངོས་འོད་ནོར་ཡོངས་སྤྲོས་མོད། །བདེ་ཆེན་ཡེ་ཤེས་ཟེར་ཕྲེང་མཛེས། །གསུམ་དུ་ངེས་པ། གཞི་དབྱིངས་ཇི་བཞིན་གཟིགས་པའི་ཕྱིར། ་་།ཁམས་དབང་ཟག་པར་བཅས་པ་སྤངས། །ཕུལ་བྱུང་འཇུག་ཚུལ་ཐུགས་ཆུད་མཐུས། །གཞན་ཕན་སྣང་བ་ལྷག་པར་འབར། །གཉིས་སུ་ངེས་པ། སྒྲིབ་གཉིས་འཁྲི་ཤིང་རིང་བཅིལ་ཞིང་། །རིག་པའི་ཚིག་གི་དབྱིག་སྦྱིན་ཉིད། །དགེ་ལེགས་བྱེ་སྙེད་རྩེར་འཛེགས་དེས། །ངེས་སྟེར་བཤེས་གཉེན་ཆེ་ཞེས་གླེངས། །གཅིག་ཏུ་ངེས་པ། ཆགས་བྲལ་བསླབ་པས་རབ་བརླན་ཀྱང་། །ཐབས་མཁས་ཕྱག་རྒྱུར་མཉམ་སྦྱར་བས། །གསང་བ་བསམ་འདས་རྣམ་ཐར་ཅན། །དཔལ་ལྡན་བླ་མར་དྭང་བས་བསྔགས། གཉིས་པ་སྐྱེ་གནས་ངེས་པ་ལ། བཞིར་ངེས་པ། རྨོངས་པའི་ཕྲུ་མར་མཆུ་མ་ཕམ་པས། །མཁས་མགྲིན་པ། ཀུན་ཀུན་དགའ་སྐྱེད་གང་གི། བརྩེ་ཆེན་རྐན་ཡེ་ཤེས་ཟུང་འཇུག་ཚུལ། སོ། །མཐའ་དག་རྟོགས་ནུས་བློ་ལྡན་སུ། །གསུམ་དུ་ངེས་པ། དམན་མཆུ། མིན་ཕུང་པོའི་དཔལ་འཕེལ་མོད། །ཕན་པ་དཔག་མེད་ཕང་པར་འཕོས། །དོན་དམ་སོ།


JKT016_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་རྟོགས་བདེ་སྡུག་དོར། །བརྒལ་དཀའི་སྒྲིབ་ཀུན་སྐེམས་གང་བསྔགས། །མགྲིན། །གཉིས་སུ་ངེས་པ། མཆུ། བག་མེད་སྤངས་པས་མ་དམིགས་པ། །སྨད་པའི་སྤུན་མིན་འཕགས་པའི་སྤོར། །གནས་ལས་རྟག་ཏུ་ལམ་བདེན། སོ། ལ། །འདུན་དེས་བདེན་དོན་གནས་ལུགས་རྟོགས། །གཅིག་ཏུ་ངེས་པ། པདྨའི་ཕོན་པོར་བག་ཕབ་པའི། མཆུ། འཕགས་མ་དཔལ་མོའི་སྤོབས་པའི་མེས། །རྨོངས་པའི་མུན་པ་རྨེགས་མེད་པ། །སྤངས་པ་མ་སྨད་མོས་པ་འཕེལ། གསུམ་པ་གསལ་བྱེད་ངེས་པ་ལས། བཞིར་ངེས་པ། རང་རང་རིག་རློམ་རེས་རེས་རུང་། གང་གི་དགག་སྒྲུབ་གངྒས་འགོགས། །ཀུན་དཀྲིས་ཀུན་སྐེམས་ཀུན་ཀྱང་དཀྲི། །མ་རྨོངས་དམིགས་མེད་མོད་མི་དམའ། །གསུམ་དུ་ངེས་པ། འདོད་གདུངས་འདུལ་དེ་དེ་འདྲོག་དེར། །དེས་དུལ་བདེན་དོན་དོན་ལེན་དེས། །སྣང་ནས་སྣང་ནུས་གནས་ནོད་ནས། །བྲལ་བར་དབུགས་དབྱུང་འབྲས་བུ་སྦོམ། །གཉིས་སུ་ངེས་པ། ས་གསུམ་རང་རང་སོ་སོའི་སེམས། །སེམས་སུ་རིག་སླད་སཱུ་ར་ལེགས་པར་རྒྱ་ཆེ་བའི་དོན། རིའི། །བསླབ་སྲུང་ས་རཾ་སཱ་རིའི་རིག་པ་མཆོག སར། །སོ་སོ་རང་རིག་སེམས་སུ་སེམས། །གཅིག་ཏུ་ངེས་པ། ལ་ལར་ལུང་ལ་ལ་ལར་ལམ། །ལ་ལར་ལེགས་ལམ་ལ་ལེན་ལས། །ལེ་ལོ་ལས་ལོག་ལམ་ལ་ལོངས། སྲེག་པ། །ལོ་ལལས་ལོག ལེགས། ལམ་ལེན། ཞེས་པ་ལྟ་


JKT016_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བུ་སྟེ། འོན་ཀྱང་གསལ་བྱེད་ངེས་པའི་བྱ་དཀའ་འདི་རྣམས་རྒྱ་དཔེ་ལྟར་གྱི་མཚན་ཉིད་སྒྲ་ཇི་བཞིན་པ་བོད་སྐད་དུ་འབྱོར་བར་དཀའ་ཡང་། སྔོན་གྱི་མཁས་པ་ཕལ་མོ་ཆེས་ས་བཅད་མི་སྟོང་ཕྱིར་མིང་གཞིའི་ཡི་གེ་གཙོ་བོར་མཛད་ནས་སྦྱར་བ་བཞིན། འདིར་ཡང་རེ་ཞིག་བློ་གྲོས་གསར་བུའི་རིགས་ཅན་ལ་སྨན་པའི་སླད་དེའི་རྗེས་སུ་འབྲངས་པ་སྟེ། གཞན་དུ་བརྡ་སྤྲོད་པའི་གཞུང་ལ་གོམས་པ་རྣམས་ཀྱི་དབང་དུ་བྱས་ནས་ལེགས་སྦྱར་གྱི་སྐད་དུ་བརྩམས་པའི་དཔེར་བརྗོད་ལོགས་སུ་བྲིས་ཟིན་པ་ལས་རྟོགས་པར་བྱོས་ཤིག །གཞན་དུ་ལེགས་སྦྱར་གྱི་སྐད་དུ་དཔེར་བརྗོད་པ་འདི་ལྟ་བུ་ཡང་ངོ་།། ༈ །རྒྱན་གསུམ་པ་གབ་ཚིག་གི་རྒྱན་གྱི་མཚན་ཉིད་ནི། ལག ལ གླུ ། སྡེབ་སྦྱོར་མཉམ་པའི་ཕྲིཏྟ་ལས་ཡི་གེ་ལྔ་རྒྱུ ༈ སྡེབ་སྦྱོར་མཉམ་པའི་ཕྲིཏྟ་ལས་ཡི་གེ་ལྔ་ལྷ ། གང་ས་ནཱི ནོ ནུ ཚུ ནོ ནོ ཎ ན ནཱ ཚིག་སྦྱོར་གང་ཞིག་དགོས་པ་ཁྱད་པར་ཅན་ལ་སོགས་པའི་སླད་དུ་བརྗོད་བྱའི་དོན་ཇི་པའི་པྲསཱ་རས་བཅིངས་པ་ཛ་ཡནྟུ། །ན ནི ནི ནི ནཱ ནཱ ནུ ནུ ནི ། བཞིན་པ་ཉིད་རྗོད་བྱེད་དོན་མ་ཡིན་པ་གཞན་ཞིག་གིས་སྦས་པས་ཐུན་མོང་དུ་། །འདྲེན་པ་ཁྱོད་ཀྱི་རྗེས་བརྩེའི་གྲུར། །མི་དང་མི་མིན་རྣམས་ཀྱིས་མཆོད། །ངེས་པར་ཐར་པའི་དགའ་བ་ཡིས། །དུད་ལ་སོམ་ཉི་བྲལ་མིན་ནམ། །རྟོགས་པར་དཀའ་བའི་ཚུལ་ཅན་དུ་གྱུར་པའི་ངག་སྟེ།


JKT016_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ན་བཅུ་དྲུག་ལས། ཀུན་ཏུ་ཚོགས་པའི་གབ་ཚིག །མཆོག་བདེའི་དཔལ་སྟེར་སྟོབས་དམན་།འདིའི་རི་ག་པ་བྱ་བླ་མ་དང་། །མ། གབ་བྱེད་བུད་མེད། ཚུལ་ཇི་ལྟར་ན་གཅོད་མཚམས་ཐ་དད་པ་གསུམ་གྱི་སྒོ་ནས་སོ། །ཡིན་ཕྱིར་མངོན་ཊྛ འདོད་འབྱིན་འབྲས་བུ། །མང་པོ་བསྐྲུན་པས་བརྣག་དཀའ་བའི། །སྡུག་བསྔལ་རྒྱ་མཚོར་འཆིང་མ་ལགས། །སླུ་བྱེད་ཀྱི་གབ་ཚིག །འདི་ན་མེ་ཏོག་མདའ་ཅན་གབ་བྱ་རྗེ་བཙུན་རིག་བྱེད་མ་དང་། གབ་བྱེད་བདུད་ཀྱི་ཆུང་། མའོ། མའི། །རྗེས་སུ་ཆགས་པའི་སྤྱན་ཟུར་ཙམ། །སུ་ཞིག་སྙིང་ལ་ཐེབས་པ་དེར། །སྲིད་ཞིའི་ཕུན་ཚོགས་ཀུན་གྱིས་དུད། །རིམ་པ་བྲལ་བའི་གབ་ཚིག །༡འབབ་པའི་ལེགས་བཤད་དབྱངས་སྙན་པོས། །སྨྲ་དབང་གང་གི་མཆུ་སྒྲོས་ལས་༡། །ས་༤གསུམ་བླ་ན་མངོན་པར་བརྗིད། །ཐོས་འཛིན་སྐལ་བཟང་བྱས་པའི་གཏམ་༣། །རབ་བཅོམ་གབ་ཚིག །སྐྱེ་གབ་བྱ་རྫོགས་པའི་སངས་རྒྱས་ལྟ་བུ་ཡུལ་ཁྱད་པར་ཅན་དང་། གབ་བྱེད་འདོད་ལྡན་གྱི་སྐྱེས་བུ་སྟེ། དེ་ཡང་སྐྱེ་ལྡན་ཞེས་པ་སེམས་ཅན་དང་། ཆུང་མ་གཉིས་ཀ་ལ་འཇུག །སྤངས་པ་ཞིང་ཕྱོགས་གཅིག་པ་དང་། ནོར་མེད་པ་ལའང་བཤད་དུ་རུང་ལ། མ་སྨད་ཅེས་པ་དངོས་སུ་མ་བྱའི་མིང་དང་། མ་སྨད་མོས་པ་ཞེས་དད་མོས་ཆེན་པོ་ལའང་བཤད་རུང་ཙམ་མོ། ལྡན་ལ་བརྩེ་སྤངས་པ་ལ། །སྡང་བའི་ཚུལ་གྱིས་ཕྱིར་ཕྱོགས་པས། །སྐྱེས་བུ་མཆོག་ཁྱོད་ལ་འཆེལ་བའི། །མ་སྨད་མོས་པ་གཅིག་ཏུ་འཕེལ། །མཐུན་གཟུགས་གབ་ཚིག །གང་ན་ཡལ་འདབ་ལྔས་


JKT016_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ལྔ། །མཛེས་པའི། གབ་བྱ་སྒྲོལ་མ་དཀར་མོ་དང་། གབ་བྱེད་པུཎཱརཱི་ཀའི་སྡོང་བུ། པུཎྜ་རཱི་ཀའི་དོག་པ་ལ། །གནག་ཅིང་སྣུམ་པའི་བུང་བ་བདུན། སྤྱན་བདུན། །རྩེན་པའི་གྲིབ་ཐུགས་རྗེ། བསིལ། འདི་རྨད་བྱུང་། །རྩུབ་མོའི་གབ་ཚིག །ཆུ་ལས་སྐྱེས་གང་ཆུ་གཏེར་།གབ་བྱ་དབྱངས་ཅན་མ་དང་། དབུས། གབ་བྱེད་མེ་ཏོག་ཆུ་སྐྱེས། །འཛུམ་བཅས་མཚར་སྡུག་རབ་འབར་བ། །ངང་དྲི་ཟའི་བུ་མོ་དང་། ངང་མོ། པའི་བུ་མོའི་ཚོགས་ར|རྣམས་ཀྱིས། །སྒྲིབ་པའི་གནས་སྐབས་བཅོམ་པ་བཞིན། །གྲངས་ཀྱི་གབ་ཚིག །སྣ་ལྡན་ན་ཡིག དབུས་གནས་གསལ་བྱེད་མེས། །བརྒྱན་པའི་ཉི་བུའི་མཱན་ས་སྟེ་ལྷོ་ཕྱོགས་ཡིད་ཀྱི་མཚོ། ཕྱོགས་ཀྱི་མཚོར། །དྲོ་བའི་ས་ཡིག ཡི་གེས་ཐོག་དྲངས་པའི། མཛེས་སྭ་ར་སྭ་ཏཱི་སྟེ་མཚོ་བྱུང་མ། མ་ཡིག་ལྔའི་མིང་ཅན་ཡོད། །རབ་བཏགས་གབ་ཚིག །གང་གབ་བྱ་དབྱངས་ཅན་མ་དང་། སྒྲུབ་པ་པོ་ཞིག་གབ་བྱེད་བུ་མོ་དང་། སྐྱེས་བུ་འདོད་ལྡན་ཞིག་སྦྱར་བའོ། །ཕྱིར་མངོན་འདོད་དོན་གཉེར་བས། །ཞུམ་ཞིང་དུད་བཅས་ལུས་ལས་སྐྱེས། །གཡོ་བའི་དམན་པ་བདག་ཅག་ལ། །རྒྱས་མ་རྗེས་སུ་མི་།རྒྱས་མ་ཅེས་པ་བུ་མོའི་དངོས་མིང་དང་། དབྱངས་ཅན་མའི་མཚན་རྒྱས་བྱེད་མའི་སྒྲ་བསྡུས་པས་དེར་འཇུག་རུང་ཙམ་མོ། བརྩེའམ། །འདི་ཡང་། བསམ་གབ་བྱ་རྫོགས་པའི་སངས་རྒྱས་དང་། དེའི་བསྟན་པ་ལ་ཞུགས་པའི་ཚོགས། གབ་བྱེད་ཚངས་པ་དང་། བྲམ་ཟེ་ཚངས་སྤྱོད་ལ་གནས་པའོ། །གཏན་ཀློག་དང་ཚངས་སྤྱོད་ཀྱི། བརྟུལ་ཞུགས་


JKT016_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལ་གནས་བཅས་རྣམས། །རང་བྱུང་རང་བྱུང་ཞེས་པ་སངས་རྒྱས་དང་། ཐུགས། །ཚངས་པ་གཉིས་ཀ་ལ་འཇུག རྗེའི་སྤྱན་ཟུར་གྱིས། །ཡལ་བར་འདོར་བ་རིགས་སམ་ཅི། །མིང་དུ་འདུས་པའི་གབ་ཚིག ། བསྔགས་འོས་ཡོན་ཏན་རྨད་བྱུང་འགའ། །ཐོག་མར་ཀུན་མཁྱེན་ཅེས་སུ་སྒྲོགས། །གབ་བྱ་ཀུན་མཁྱེན་བླ་མ་ཞེས་པ་ཉིད། གབ་བྱེད་དབང་ཕྱུག་དང་། ཕུར་བུའི་མིང་གིས་སྒྲིབ་པའོ། །དེ་ནས་བླ་མ་ཡང་སྟེ་འདི། །དབང་ཕྱུག་མ་ཡིན་ཕུར་བུའང་མིན། འདི་ཡང་། རབ་མཛེས་ཀུན་དགའི་དཔྱིད་གྱུར་གང་། །ཧཱུཾ་སུ་ཞེས་སུ་མངོན་བརྗོད་དེ། །སླར་ལ་ཀཅུ་ཡང་འདི་ཉིད། །ངང་པ་མ་ཡིན་བུ་མོའང་གབ་བྱ་ཧི་ས་གནྟུ་ངང་པའི་བུ་མོ་སྟེ་དབྱངས་ཅན་མ་དང་། གབ་བྱེད་ངང་པ་དང་། བུ་མོ། མིན། །སྒྲིབ་པའི་གབ་ཚིག །གང་ལ་རེག་ན་དབུལ་།གབ་བྱ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྟ་བུ་ཡུལ་ཁྱད་པར་ཅན། བ་ཀུན། གབ་བྱེད་ཕྱི་ཡི་རྒྱ་མཚོ་ཆེན་པོ། གབ་ཚུལ་གཅོད་མཚམས་ཐ་དད་པ་གཅིག་གིས་སོ། །འདོར་ཞིང་འདོད་རྒུའི་རིན་ཆེན་མཆོག །སྦྱིན་པའི་གདུང་སེལ་རླབས་གཡོ་བ། །དྲི་བྲལ་ཟླ་བའི་མ་མ་ལགས། །མཐུན་པའི་སྒྲ་ཡི་གབ་ཚིག །གང་གི་གནག་མིན་མིང་མཐུན་པའི། །འཇུག་པས་མྱོས་བྱེད་མིང་ཅན་ལས། །རྒྱལ་བའི་གྲགས་དཀར་བདུད་རྩི་ཡིས། །ས་གསུམ་མཛེས་སོ་སྟོབས་བཅུའི་དབང་། །གབ་བྱ་སངས་རྒྱས་ཀྱི་དཀར་པོའི་ཕྲིན་ལས་ཀྱི་བདུད་བཅོམ་པ་དང་། གབ་བྱེད་གནག་མིན་དཀར་པོ་སྟེ་དེའི་མིང་


JKT016_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གཟའ་པ་སངས། མྱོས་བྱེད་ཆང་དང་། དེ་དང་མིང་མཐུན་པ་བདུད། འདི་ཡང་། འདྲེན་བྱེད་མིག་མི་བཙུམ་པ་ལྟ། འཛུམ་མིན་མིང་དེ་དང་མིང་མཐུན་པ་སྤྱན་རས་གཟིགས། མཐུན་གྱི། །གཉིས་ཚེམས། སྐྱེས་མིང་ཅན་ལས་། བྱུང་བ། དབང་ཕྱུག་གི་ཆུང་མ་དང་། །དཀར་མོ་བོད་པའི་མཚར་སྡུག་གིས། །དབང་ལྷའི་དབང་པོ་དང་། པོའི། ཟླ་བ། མཚན་ཅན་འཇོ་སྒེག་ཟུམ། །རྨོངས་པའི་གབ་ཚིག །ཐབས་མཁས་དབྱངས་ཅན་མ་ཁ་སྤྱོད་བདུན་ལྡན་དང་སྦྱར། ལྡན་རྣམས་སྲིད་དང་ཞིའི། །ཆགས་ཟག་བཅས་ཀྱི། པ་མཐའ་དག་རིང་བཅད་ནས། །ཡིད་འོང་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི། མཛེས་མའི་བཞིན་དཔལ་ལ། །རྟག་པར་ཁ་སྦྱོར་བདེ་བས་རྩེན། །ཡོངས་འཕྲོག །སྟོབས་གབ་བྱ་བྲམ་ཟེ་རྣམས་ཀྱིས་དབྱངས་ཅན་མ་བསྙེན་པ་དང་། གབ་བྱེད་རིམ་བར། ལྡན་དགྲ་བོས་ཁྱབ་འཇུག མངོན་བསྐྱེད་གང་། བདུད། དབང་ཕྱུགབསྲེགས་པའི་གཙུག་རྒྱན་ཟླ་བ། ལབྲམ་ཟེ། བཏུང་རྣམས། །ཁ། མེ། འཇོམ་གྲོག ཆུ་མིན་ལས་སྐྱེས་པདྨ། པར། ཚངས་པ། །འཁྲུངས་པའི་ཆགས་དབྱངས་ཅན་མ། པས་བསྐྲུན་ལ་བསྙེན། །གཅིག་སྒྲིབ་པའི་གབ་ཚིག འཁོར་དང་མྱ་གབ་བྱ་སྤྱན་རས་གཟིགས། ངན་འདས་པ་ཡི། ཕ་མཐར་ནམ་ཡང་རེག་མིན་པའི། །རྒྱལ་བའི་མྱུ་གུ་ལ་གབ་བྱེད། ལ་ཡིས། བསིལ་ལྗོངས་འགྲོ་བར་དབུགས་རབ་འབྱིན། །གཉིས་ཀ་སྒྲིབ་པ། གང་གབ་བྱ་རྟེན་སྤྱན་རས་གཟིགས་དང་། གི་ལེགས་གསུངས་བདུད་


JKT016_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་མཆོག བརྟེན་པ་བྲམ་ཟེ་པཱ་ཎི་གཉིས། །འདི་ན་སུ་ཞིག་ཐོས་འཛིན་གྱིས། །བཏུང་ལས་བརྡ་སྤྲོད་གཞུང་བྱེད་པར། །ལུང་གི་འཇམ་དཔལ་རྩ་རྒྱུད་ལས། ཡི་གེས་མངོན་པར་བརྗིད། །ཡོངས་འདྲེས། གབ་བྱ་སྤྱན་རས་་གཟིགས། .དཔལ་གབ་བྱ་སྤྱན་རས་གཟིགས་གབ་བྱེད་མིང་དུ་འདུས་པ་དང་། རྨོངས་པའི་གབ་ཚིག་འདྲེས་པས་སྒྲིབ་པར་བྱས་པའོ། ལྡན་ཐོག མར་འཇིག་རྟེན་ཏེ། །སླར་ལ་དབང་ཕྱུག་ཅེས་སུ་བརྗོད། །སྲིད་དང་ཞི་མིན་ཤེས་བྱ་ཀུན། །མཁྱེན་ཕྱིར་ཙིནྟ་མ་ཎི་ཙིནྟཱ་མ་ཎི་ཡིད་བཞིན་ནོར་བུའི་དངོས་མིང་དང་། སྤྱན་མིན། རས་གཟིགས་ལའང་འཇུག་རུང་ཙམ་མོ། །འདི་ནི་འཆི་མེད་བཏུང་བས་མྱོས། །གྲོགས་ཁྱོད་དེ་རིང་ངེས་འབྱུང་སྐྱེས། །ཁུ་བྱུག་ཡིད་འོང་སྒྲ་སྒྲོགས་ཏེ། །མདོངས་མཐའ་ཆར་སྤྲིན་དག་ལ་དགའ། །དོན་འགལ་སྐྱོན། མཁས་ཁྱེད་རི་དྭགས་མིག་ཅན་དང་། །འཁྲིག་པའི་དགའ་སྟོན་ཉམས་སུ་མྱོང་། །ཆགས་བྲལ་བརྟུལ་ཞུགས་ལ་གནས་གང་། །བག་མེད་འགོག་པར་བྱ་བས་དབེན། །དེའི་དམིགས་བསལ། །བསགས་སྲུང་སྤེལ་སོགས་འདུ་འཛིའི་སྐྱོན། །དབྱེ་བའི་ནོར་གྱིས་ཅི་བྱར་ཡོད། །རྨད་བྱུང་འབྱོར་བའི་རྐང་སྟེགས་ལ། །བདག་ནི་ནམ་ཞིག་འཛེགས་འགྱུར་གྲང་། །དོན་གཅིག་སྐྱོན། སྟེང་འཐུང་ཨུཏྤལ་རྒྱས་པའི་ཕང་། །རྐང་དྲུག་བུང་བའི་རྩེ་འཇོ་ཡིས། །ཆགས་བཅས་འདོད་ལྡན་ཚོགས་རྣམས་ལ། །རབ་དགའ་སིམ་པའི་བདེ་བ་སྟེ། །དེའི་དམིགས་བསལ།


JKT016_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་ཡེ་ཤེས་ཟ་མ་ཏོག །ཁྱབ་བདག་བླ་མ་སྙིང་ནས་དྲན། །རྣམ་འདྲེན་མཆོག་དེ་སྙིང་ནས་དྲན། །འཁོར་ལོའི་མགོན་པོ་སྙིང་ནས་དྲན། །ཐེ་ཚོམ་ཅན་སྐྱོན། །པདྨའི་རྫིང་བུར་རང་རྩེ་བའི། །གཉིས་འདབ་ཆགས་དང་། བྲམ་ཟེ་སོགས། སྐྱེས་ཕྲེང་བ་འདུས་པའི་དབུས། །ངང་པའི་ངང་པའི་བུ་མོ་ནང་དབྱངས་ཅན་ལ། བུ་མོ་ཡིད་འོང་མས། །སིལ་སིལ་སྒྲ་དག་འབྱིན་པར་བྱེད། །ངང་པའི་རྐང་གདུབ་ཀྱི་སྒྲ་དང་། དབྱངས་ཅན་མའི་གཡེར་ཁའི་སྒྲ་གང་ཡིན་འཁྲུལ་པའོ། །དེའི་དམིགས་བསལ། མངོན་པར་འདོད་པས་དགའ་བྱེད་རོ། །མྱོང་བའི་མོད་ནས་མྱོས་པའི་མིག དམར་བས་རེག་བཞིན་སླར་ཡང་ནི། །ཚུལ་མིན་ལས་དེར་འཇུག་པར་བརྩོན། །འདིའི་བརྗོད་བྱ་དངོས་སྐྱེས་པ། བུད་མེད་ཀྱི་འཁྲིག་བདེ་ཉམས་སུ་མྱོང་བ་ཞིག་དང་། དོན་གཞན་སྐྱེས་བུ་ཆང་གིས་མྱོས་པ་ཞིག་སྦྱར་བ་སྟེ། དེ་ཡང་དགའ་བྱེད་ཅེས་འཁྲིག་པའི་ཆོས་དང་ཆང་གཉིས་ཀ་ལ་འཇུག་ཅིང་། ཁྱད་ཆོས་གཞན་ཐུན་མོང་པ་ཡིན་པའི་ཕྱིར་རོ། །ལྔ་པ་རིམ་པ་བྲལ་སྐྱོན། དོན་གཉིས་མཐར་ཕྱིན་ཆགས་བྲལ་ལམ། །ཚོགས་ཀྱི་མཆོག་གྱུར་དགེ་འདུན་དང་། །སངས་རྒྱས་དམ་ཆོས་བཅས་པ་ཡིས། །ཁྱོད་ལ་ཤིས་པའི་སྣང་བ་སྩོལ། །དེའི་དམིགས་བསལ། འཕགས་བོད་མ་ཧཱ་ཙཱ་ནའི་ལྗོངས། །ཐོག་མཐའ་འབྱོར་པས་མངོན་མཐོ་ཡང་། །དེང་དུས་བདེ་གཤེགས་བསྟན་པའི་ལྗིད། །འདེགས་བཟོད་བར་མ་ཁོ་ནར་བསྔགས། །སྒྲ་ཉམས་སྐྱོན། ཁྱོད་ལ་མཁྱེན་པའི་


JKT016_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱ་ཀུན། །གཟིགས་པས་གྲགས་དཀར་ཟླ་བ་འོད། །སྲིད་རྩེས་འགོངས་བར་ངོ་མཚར་གཏམ། །རུས་སྦལ་འཇུག་པས་འདེགས་ནུས་མིན། །དེའི་དམིགས་བསལ། གང་གི་མཆུ་སྒྲོས་ལས་འོངས་པའི། །ཆགས་བྲལ་གཏམ་གྱི་རྒྱུད་མང་སྒྲས། །འགྲོ་མང་འཁྲུལ་པའི་འཐིབ་བུ་ལས། །སློང་བའི་སྔོན་མེད་ཡི་གེ་བརྗིད། །གཅོད་མཚམས་ཉམས་སྐྱོན། འཇམ་དཔལ་མགོན་ཡེ་ཤེས་སྣང་བས། །གློ་བུར་གྱི་འཁྲུལ་མུན་ཀུན་བཅོམ། །ཡང་དག་པའི་སྤོབས་སྦྱིན་མཛད་ཕྱིར། །རྣམ་པར་ཐར་བདུད་རྩི་དང་མཚུངས། །དེའི་དམིགས་བསལ། རྒྱལ་ཀུན་མཁྱེན་གཏེར་ངག་དབང་ལྷའི། །ཐུགས་རྗེའི་ཟེར་གྱིས་རྨོངས་མུན་ཚོགས། །བཅོམ་པའི་ངོ་མཚར་དབྱངས་སྙན་རོས། །མེ་ཏོག་མདའ་ཅན་ཁེངས་ཀུན་འཇིལ། །སྡེབ་སྦྱོར་ཉམས་པའི་ཆད་ལྷག་གི་དཔེ། སྙིང་རྗེའི་སྤྱན་རས་མི་ཟུམ་པའི། །གཟིགས་པ་ག་བུར་ཐིགས་པས། །བསིལ་ལྗོངས་འགྲོ་བའི་སྡུག་བསྔལ་གྱི། །ཚ་གདུང་བསལ་བར་མཛད་དེར་བསྔགས་སོ། །མཚམས་སྦྱོར་ཉམས་སྐྱོན། ཀུན་མཁྱེན་བླ་མ་མཆོག གུ་རུ་ཨུཏྟ་རའི། །སུ་བྷཱཥིཏ།ལེགས་བཤད་བདུད་རྩི། ཨ་མྲྀ་ཏས། །འདི་ན་མཐའ་ཀླས་ཨསསེམས་ཅན་ཀུན། །ཨ་བླ་ན་མེད་པའི། ནུཏྟ་རའི་གོ་འཕང་བཀོད། །དེའི་དམིགས་བསལ། རྨད་བྱུང་ཀུན་དགའི་སྨོན་ལམ། པྲ་ཎི་དྷི། ཨ་ཏི་ཤདྨའི་ཤིན་ཏུ་དག་པའི། ཟླ་བ་ཡིས། ཙནྡེ་ཎ། །


JKT016_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནྱ་ཧི་ཏའི་གཞན་ལ་ཕན་པའི། སིམ་འོད་འབུམ། །སྤྲོ་བས་སྲིང་ཞིའི་ཐིག ལེར་འདིར་སྔ་མར་པྲཎིཊཱི། གྱུར། འགལ་སྐྱོན་ལ་དྲུག་ལས། ཡུལ་དང་འགལ་བ། གངས་ཅན་དཔལ་གྱི་དུམ་བུའི་ཁྲོད། དལ་གྱིས་རྒྱུ་བའི་གཉིས་འཐུང་ཚོགས། །པདྨའི་རྫིང་བུ་ལ་རྩེ་བའི། ཨ་ཏི་གཉིས་ཀྱི་བར་མཚམས་མི་སྦྱོར་བ། དབྱངས་ཅན་སྒྲ་མདོ་ལས། ཨཱི་ཨུ་ཨེ་གཉིས་ཉིད་ལའོ། །ཞེས་པའི་དམིགས་བསལ་དང་། ཕྱི་མ་ཙནྡྲིཎ་དང་ཨ་རྒྱའི་བར་ཤད་ཀྱིས་ཆོད་པས་མཚམས་སྦྱོར་མ་བྱས་ཀྱང་སྐྱོན་དུ་མི་འགྱུར་བའོ། འཕྲོག་བྱེད་དྲེགས་པས་ཟིལ་གྱིས་མནན། །དུས་དང་འགལ་བ། ཉི་གཞོན་འཆར་ཀ་དང་འགྲོགས་པའི། །ཀུནུའི་འཁྲི་ཤིང་རྒྱས་པའི་འགྲམ། །སྟོན་མཚན་ཟླ་གཞོན་གྱིས་ཕྱེ་བའི། །ཆུ་སྐྱེས་གསར་པའི་རྣ་རྒྱན་གཡོ། །སྒྱུ་རྩལ་དང་འགལ་བ། དྲག་ཤུལ་འཇིགས་རུང་གར་གྱི་རོས། །ངོ་མཚར་རྨད་བྱུང་ཉམས་འཕེལ་ཞིང་། །བློ་གསལ་དབྱངས་དྲག་པོ། དབྱངས་ཀྱི་འགྱུར་ཁུག་གིས། །རྣ་བར་ཀུན་དགའི་སིམ་པ་སྟེར། །འཇིག་རྟེན་དང་འགལ་བ། དཀར་མིན་ཁ་པའི་རྡུལ་བརྩེགས་སྤོར། །རབ་མཛེས་ཁུ་བྱུག་གཞོན་ནུའི་རྭས། །ལག་ལྡན་མྱོས་པའི་བད་བག་ཤོག ཟུང་། །འབིགས་པའི་གྲག་ལྡན་སྲིད་ན་བརྗིད། །ནང་པའི་རིགས་པ་དང་འགལ་བ། བདེར་གཤེགས་ཟག་བཅས་སྡུག་བསྔལ་གྱིས། །ཁྱབ་པར་གསུངས་མོད་དེ་ལྟ་ནའང་། །


JKT016_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འོང་མཛེས་མའི་ལོངས་སྤྱོད་ལ། སྙོམས་པར་ཞུགས་འདི་གཅིག་ཏུ་བདེ། །ཕྱི་རོལ་པའི་རིགས་པ་དང་འགལ་བ། །རྟག་པར་སྨྲ་བའི་ཆོས་ཁམས་ཀུན། །བདག་དང་མཚུངས་ལྡན་ཉིད་དུ་འདོད། །དཔྱད་ན་ཕྱི་ནང་གང་དུ་ཡང་། །བདེན་གྲུབ་རྡུལ་ཙམ་མཆིས་མ་ལགས། །ལུང་དང་འགལ་བ། ངེས་པར་འབྱུང་བ་དང་བྲལ་བའི། །སོ་ཐར་ཁྲིམས་ཀྱིས་རྒྱུད་བསྡམས་བཞིན། །སྟོང་དང་རྟེན་འབྱུང་ཐ་དད་པ། །སྤྲོས་བྲལ་དབུ་མའི་དོན་ལ་བལྟ། །དམིགས་བསལ་སྐྱོན་མེད་ལའང་དྲུག་ལས། ཡུལ་དང་འགལ་ཡང་སྐྱོན་མེད་པ། བསོད་ནམས་བརྒྱ་ལས་གྲུབ་པ་ཡི། །ཤཱ་ཀྱའི་ཏོག་གི་མཚན་དཔེའི་དཔྱིད། །གང་དུ་སྣང་བར་སུམ་རྩེན་གྱི། །གྲོང་ཁྱེར་གསར་དུ་འཁྲུངས་པར་གྱུར། །དུས་དང་འགལ་ཡང་སྐྱོན་མེད་པ། །གང་གི་དགེ་བཅུའི་བཀའ་ཁྲིམས་ཀྱི། །ཕྱག་རྒྱའི་རི་མོས་བཏབ་པ་ལས། །རྩོད་པའི་དུས་ཀྱང་གངས་ཅན་འདིར། །རྫོགས་ལྡན་གཞོན་ནུའི་དགའ་སྟོན་དར། །སྒྱུ་རྩལ་དང་འགལ་ཡང་སྐྱོན་མེད་པ། ཡིད་འོང་མཛེས་མའི་རོལ་སྒེག་དང་། །རབ་སྙན་ཆགས་པའི་གླུ་དབྱངས་ཀྱིས། །ཐར་འདོད་སྙིང་ལ་མེ་འོབས་ལྟར། །འཇིགས་སུ་རུང་བའི་ཉམས་འགྱུར་འཕེལ། །འཇིག་རྟེན་དང་འགལ་ཡང་སྐྱོན་མེད་པ། རབ་འབར་བྱིན་ཟས་འཁྱུད་པ་ཡི། །ཆུ་གཏེར་ལས་བྱུང་པདྨོའི་དབུས། །མཚན་དཔེའི་མཚར་སྡུག་མངོན་སྣང་


JKT016_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གང་། །གྲུབ་པའི་ཁྱུ་མཆོག་མཚོ་སྐྱེས་རྗེ། །རིག་པ་དང་འགལ་ཡང་སྐྱོན་མེད་པ། རྣམ་བཅས་རྣམ་པ་མེད་པའི་སྐུ། །བརྗོད་བྲལ་བརྗོད་པ་ཀུན་ལྡན་གསུང་། །གཅིག་དང་དུ་མ་ལས་འདས་ཐུགས། །སྲས་བཅས་རྒྱལ་བ་རྣམས་ལ་འདུད། །ལུང་དང་འགལ་ཡང་སྐྱོན་མེད་པ། །བླང་དོར་འཁྲུལ་ཆོས་ཀུན་སྤངས་པའི། །འདོད་ཆགས་ཆེན་པོའི་ཉེ་རྒྱུ་ཡིས། །རྒྱུ་འབྲས་གཉིས་སུ་མི་ཕྱེད་པའི། །རྡོ་རྗེ་འཛིན་པར་གཤེགས་ཀུན་བསྔགས། །སླར་སྨྲས་པ། མཐའ་ཀླས་སྒྲ་རྒྱན་ནོར་བུའི་རྒྱུད་མང་ཡིད་འོང་སྙན་འགྱུར་སྒྲོགས་མཁས་པ། །མཛེས་པར་བཟུང་བའི་ཡི་གེའི་དགའ་མས་གབ་ཚིག་གསང་གཏམ་སྤྲོ་བ་ཡིས། །འདི་ན་བློ་མིག་གཞོན་ནུའི་ཚོགས་རྣམས་ཁེངས་པའི་བརྟན་པ་འཕྲོག་བྱེད་དང་། །སྐྱོན་གྱི་སྐལ་བ་ངན་པས་རིང་སྤངས་རྨད་བྱུང་ལང་ཚོས་མཛེས་ཞེས་གླེང་། །ཉི་གཞོན་ཐིགས་པ་བཏུང་མིན་ཞིང་། །དཔྱིད་ཀྱི་དཔལ་མོས་མ་བཟུང་བའི། །དཔེར་བརྗོད་ཨུཏྤལ་གསར་པའི་ཕྲེང་། །གཟུར་གནས་ངལ་འཚོའི་གསོས་གྱུར་ཅིག །ཅེས་རྒྱན་གྱི་བསྟན་བཅོས་མེ་ལོང་གི་གཞུང་དང་མཐུན་པར་དཔེར་བརྗོད་པ་དཎྜིའི་རྒྱུད་མང་ལས། བྱ་དཀའ་བ་ལ་སོགས་པའི་རྣམ་པར་བཅད་པའི་སྐབས་ཏེ་གསུམ་པའོ།། །།ངོ་མཚར་ཚིག་རྒྱན་བསྟན་བཅོས་ཨཱ་དཪྴའི། །དཔེར་བརྗོད་མགྲིན་པའི་ཆུ་གཏེར་འཕྱུར་བ་ན། །འཇིགས་བྲལ་དཔལ་ལྡན་


JKT016_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དཎྜིའི་རྣམ་དཔྱོད་ཀྱང་། །རབ་སྙན་རྒྱུད་མང་ཟོལ་གྱིས་ལྷགས་པ་བཞིན། །དེ་སླད་འཕགས་བོད་མཁས་པའི་ལེགས་བཤད་ཀྱི། །རྗེས་སུ་སོང་གང་བདག་བློས་མ་ཡིན་ཏེ། །ཡོངས་འཛིན་བླ་མའི་བཀའ་དྲིན་ལས་བྱུང་ཕྱིར། རྣམ་པ་ཀུན་ཏུ་གུས་པའི་མེ་ཏོག་འཐོར། །འོན་ཏེ་ཉེས་པར་སྨྲ་བའི་འདམ་རྫབ་ཀྱིས། །གཞུང་དོན་ནོར་བུའི་མེ་ལོང་སྒྲིབ་སྲིད་ན། །ཁོ་བོའི་འཁྲུལ་པའི་དཔྱིད་ཀ་ལས་བྱུང་ཕྱིར། །ཕྱོགས་བྲལ་མཁས་པའི་བློ་མཚོས་སྦྱང་བར་མཛོད། །མདོར་ན་གཅིག་ཏུ་གཞན་ཕྱིར་སྨན་འདོད་པའི། །ལྷག་བསམ་ཟླ་ཚེས་གསར་པ་དང་འགྲོགས་པས། །དོན་མཐུན་ཀུན་དགའི་སྟེང་འཐུང་དཀར་པོའི་འཛུམ། །ཅི་དགར་དབྱེ་བའི་བྱེད་པོ་ཁོ་ནར་སེམས། །འོན་ཀྱང་དེང་དུས་མ་བསླབས་ཀུན་མཁྱེན་གྱི། །སྤུན་ཟླར་འཇོགས་ཤིང་བསླབ་ན་ཚིག་རེར་ཡང་། །མགོ་བོ་གདུགས་ལྟར་འཁོར་བའི་མཁས་རློམ་མདུན། །འཇམ་མགོན་དངོས་སུ་བྱོན་ཀྱང་ཅི་བྱར་ཡོད། །དེ་ལྟར་སྨྲས་པའི་དགེ་ཚོགས་དྲི་མེད་ཁ་བའི་རྡུལ་བརྩེགས་ཀུ་མུད་ཚལ། །གཉིས་འཐུང་མཆེ་བ་ལྟ་བུར་དཀར་བའི་བསོད་ནམས་གང་ཞིག་ཐོབ་པ་དེས། །འགྲོ་ཀུན་རྨོངས་པའི་གདུང་བ་ཀུན་བསལ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས། །གསུང་གི་རྡོ་རྗེའི་རྣམ་ཐར་རྒྱ་མཚོར་གཡོ་བ་མེད་པར་འཇུག་གྱུར་ཅིག། །།རྒྱན་གྱི་བསྟན་བཅོས་མེ་ལོང་གི་གཞུང་དང་མཐུན་པར་


JKT016_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་བརྗོད་པ་དཎྜིའི་རྒྱུད་མང་ཞེས་བྱ་བ་འདི་ཡང་། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པ་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་འཛིན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་ཐུགས་བསྐྱེད་རྨད་དུ་བྱུང་བས་ལམ་འདིར་བསླབ་སྦྱང་མགོ་འཛིན་བགྱིད་དགོས་པའི་བཀའ་སྩལ་གྱི་ཅོད་པན་གཙུག་ཏུ་སྩལ་བ་ལ་བརྟེན། དོན་གཉེར་ཅན་དག་ལ་འབད་པ་ཆེན་པོས་འཆད་པའི་གཡར་ཁྲལ་བླངས་པའི་ཚེ། མགོན་པོ་གང་གི་ཞབས་རྡུལ་ལ་སྤྱི་བོས་རེག་ཅིང་། མ་ཧཱ་པཎྜིཏཱ་ཟེ་ཆེན་པའི་བཀའ་དྲིན་ལས་ཚིག་རྒྱན་གྱི་མིང་རྐྱང་ཙམ་ཞིག་ཐོས་པའི་རྨོངས་རྟུལ་གྱི་ན་བ་ཚངས་སྲས་དགྱེས་པའི་བློ་ལྡན་ནམ། གཙུག་ལག་སྨྲ་བའི་ཉི་མར་བོད་པའི་རྒྱལ་ཁམས་ཀྱི་དཱ་རི་དྲ་པས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་ཆུ་སྟོད་ཟླ་བའི་གྲལ་ཚེས་དགེ་བར་སུག་བྲིས་སུ་གྲུབ་པར་བགྱིས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།