cover

འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

གླེགས་བམ་བཅུ་བདུན་པ། ཙ༽

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Nitartha international
Images scanned by BDRC
གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་བཀའ་འབུམ་འདི་ནི་ OCR བྱེད་སའི་གཞི་དེ་བོད་རྫོང་སར་བཀྲ་ཤིས་ལྷ་རྩེར་རྫོང་སར་བ་ཁྲ་འབུ་བློ་གྲོས་ཕུན་ཚོགས་མཆོག་གིས་དཔེ་གཟུགས་པོད་ཉེར་ལྔ་ཅན་ཞིག་པར་དུ་བསྐྲུན་གནང་བ་དེ་ཡིན་པས་ཁོང་གི་རྨད་དུ་བྱུང་བའི་མཛད་རྒྱས་ལ་ཡི་རུང་དང་བསྔགས་བརྗོད་ཞུ།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མངོན་བརྗོད་སྣ་ཚོགས་གསལ་བ་ལས་ཉེར་མཁོ་ཟུལ་བཀོལ་བློ་གསལ་རྣ་རྒྱན།


JKT017_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་བརྗོད་སྣ་ཚོགས་གསལ་བ་ལས་ཉེར་མཁོ་ཟུལ་བཀོལ་བློ་གསལ་རྣ་རྒྱན་བཞུགས།།


JKT017_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷུ །དྲི་མེད་ཡོན་ཏན་ཀུན་གྱི་གཏེར། །དཔལ་ལྡན་བླ་མ་ལ་བཏུད་ནས། །སྒྲ་གཅིག་དོན་མང་མངོན་བརྗོད་ལས། །ཉེ་བར་བཏུས་ཏེ་འདིར་གསལ་བྱ། །ཀནི་ཚངས་པ་རླུང་ཉི་མ། །གསལ་བ་དང་ནི་རྨ་བྱ་ལའོ། །ཀཾ་ནི་མགོ་བོ་ཆུ་དང་བདེ། །ཀུ་ནི་སྒྲ་དང་ངན་པ་དང་། །ཨ་ཀཾ་སྡུག་བསྔལ་སྡིག་པ་ལ། །ཨངྐརི་མོ་མཚན་མ་དང་། །རྟཊ་དང་རྒྱན་དང་མཚན་ཉིད་དང་། །ཟློས་གར་སོགས་དང་ལེའུ་དང་། །བྲང་གི་ངོས་དང་གཟུགས་ཅན་ལ། །ཨན་རི་མོ་འཁྲུགས་སྔཊ་དང་། །གནས་དང་རྒྱན་རྣམས་དག་ལའོ། །ཨཏྟཉི་མ་ཨརྐའི་འདབས། ཤིང་གི་བྱེ་བྲག །བརྒྱ་བྱིན་ཤེལ་དང་ཟངས་དག་ལ། །ཨེ་ཀ་གཙོ་བོ་གྲོཊ་པོ་དང་། །འགའ་ཞིག་གནས་དང་མ་འདྲེས་


JKT017_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཀཾ་ཀ་འདབ་ཆགས་བྱེ་བྲག་དང་། །མཐར་བྱེད་སྒོ་གླེགས་གཉིས་སྐྱེས་ལ། །ཀཱ་ཀ་བྱ་རོག་གདན་དང་སྦྲུལ། །མགོ་བོ་བྱ་གདོང་ངན་པ་དང་། །ང་རྒྱལ་གླིང་དང་ཤིང་གི་བར། །ཀཱ་ཀ་བྱ་རོག་བྱིན་པ་དང་། །བྱ་རོག་གྲལ་དང་བྱ་རོག་ཤིག །ཀཱ་ཀ་དག་བྱེད་དྲི་མ་འཇོམས། །ཁྲག་ཅན་ལ་ཡང་བལྟ་བར་བྱ། །ཀཱ་ཀཾ་བྱ་རོག་ཚོགས་པ་དང་། །གཡོ་བ་འཆི་བར་བྱེད་པ་ལའང་། །ཀོ་ཀ་འཁོར་ལོ་ལྕེ་སྤྱང་དང་། །གཙོ་བོ་དང་ནི་འབྲ་མགོའི་ཤིང་། །སྦལ་བ་ཁྱབ་འཇུག་རྣམས་ལའོ། །ཙྪ་ཀ་ཁྱིམ་ལ་ཞིམ་པ་དང་། །སྣ་ཚོགས་རི་དྭགས་འདབ་ཆགས་དང་། །གྲོང་ཁྱེར་དང་ནི་འཁྱོགས་པོ་ལ། །ནཱ་ཀ་མཐོ་རིས་སྐབས་གསུམ་པ། །ནཱ་ཀུ་གྲོགས་མཁར་རི་བོང་དང་། །ཐུབ་པའི་བྱེ་


JKT017_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་རྣམས་ལའོ། །བྷེ་ཀ་སྦལ་བ་སྤྲིན་དག་ལ། །ཀུཎྜ་ཀཾ་ནི་ཚེར་མ་དང་། །དགྲ་བོ་ཕྲན་ཚེགས་སྐྱོན་དག་དང་། །བ་སྤུ་ལྡང་དང་ཁབ་རྩེ་མོའོ། །གོས་བྱེད་ལ་ཡང་བལྟ་བར་བྱ། །ཀ་ན་ཀཾ་ནི་གསེར་སྨྱོ་བྱེད། །ནཱ་ག་གེ་སར་ཙམྤཀ །ཀཱ་རི་ཀཱ་ནི་མདོ་མང་པོའོ། །དོན་བསྡུས་འགྲེལ་པའི་ཚིགས་བཅད་ལ། །ཀཱ་རི་ཀཱ་གར་དང་གླང་མོ། །འདྲེགས་མཁན་ལ་སོགས་བཟོ་བོ་ལའོ། །ཀཱ་ལི་ཀཱ་ནི་གཏུམ་མོ་དང་། །རྣལ་འབྱོར་མ་ཡི་བྱེ་བྲག་དང་། །ཟད་པའམ་ཟིན་པ་རིན་ཐང་དང་། །འཁྲི་ཤིང་ཁྱད་ཕར་པོ་ཊའི་ཡལ་འདབ་ལ། །བ་སྤུའི་གྲལ་དང་དུད་སྤྲིན་དང་། །ནག་པོ་དང་ནི་བྱ་རོག་མོ། །སྡིག་པའི་འདབ་མ་སྤྲིན་གྱི་ཚོགས། །ཤ་རྒྱས་པ་དང་མི་ཡི་ལོ། །ལྷ་མོ་ཨུ་མ་དྷ་མ་རི། །སྟོབས་དང་དུ་བའི་རབ་དབྱེ་དཔྱད་དང་། །སྤྲིན་བར་རྣམས་ལ་བརྗོད་བྱར་ལྡན། །ཀོ་ཤུ་ཀཾ་ནི་རྩེད་མོ་དང་། །དགའ་སྟོན་མངོན་འདོད་རྩེད་མོ་དགའ། །ཕན་ཚུན་ཕྲད་དང་བཀྲ་ཤིས་དང་། །གཏམ་བཤད་རྒྱ་ཆེན་བག་མ་ལེན། །ཡུལ་གྱི་ལོངས་སྤྱོད་དུས་ལ་ཡང་། །ཀོ་ཤི་ཀ་ནི་གུ་གུལ་ཤིང་། །འུག་པ་ནེའུ་ལེ་སྦྲུལ་ཁས་བསྡིགས། །དབང་པོ་སྣ་ཚོགས་བཤེས་གཉེན་དང་། །དྲང་སྲོང་མིང་མཛོད་ཤེས་རྣམས་ལའོ། །ཁོ་ལ་ཀ་ནི་སྨིན་པ་དང་། །མཛོད་དང་མཁོ་བོའི་ཏོག་ལའོ། །ཛྷི་ལི་ཀ་ནི་བུང་བ་དང་། །བྱུགས་པ་དང་ནི་དྲི་མ་ལ། །ན་ར་ཀ་ནི་དམྱལ་བ་དང་། །ལྷ་མ་


JKT017_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་ཁྱད་པར་ལ། །འདམ་སྐྱེས་ཡེ་ཤེས་ནཱ་ལཱི་ཀ །མདའ་དང་ཟུག་རྔུ་ནཱ་ལཱི་ཀ །མཚོ་སྐྱེས་པད་སྡོང་ནཱ་ལི་ཀཾ །ཡཀྵ་ཀ་ནི་ངེས་ལེགས་ཕྱོགས། །ཕྱོགས་ཀྱི་སྒོ་དང་ལོག་བཅས་ལ། །པུཎྜ་ཀཾ་ནི་ལུས་ངན་པོའམ། །གཞལ་མེད་ཁང་དང་རིན་ཆེན་ཟེག །མིག་ནད་གཤའ་ཚེར་ག་ན་དང་། །མིག་སྨན་ཁུ་བ་རྣམས་དང་ནི། །རྔ་ཟླུམ་པར་པ་ཀ་ཊི་དང་། །ལྕགས་དང་མཁར་བ་རྣམས་ལའོ། །པྲ་ཏཱི་ཀནི་མི་མཐུན་དང་། །ཕྱོགས་རེ་བ་དང་གོ་ཟློག་དང་། །ཆ་ཤས་ལའོ་བྲ་བེ་ཀ །ཁྲུས་དང་ཤི་བ་དག་ལའོ། །མལླི་ཀ་དང་མལླི་ཀཱ །དང་པོའི་རྒྱལ་པོའི་ཁྱད་པར་ལ། །མལླི་ཀཱ་ནི་རྩ་སྟོང་དང་། །ཉ་དང་ས་ཡི་སྣོད་དག་ལ། །མཱ་ས་ཀཾ་ནི་མཉམ་ཉིད་ལྡན། །ཕྲེང་བ་དང་ནི་མགུལ་རྒྱན་དང་། །དོ་ཤལ་མེ་ཏོག་ཕྲེང་བ་དང་། །མཁའ་ལྡིང་ཆུ་ཀླུང་ཁྱད་པར་ལ། །རཀྟ་ཀ་ནི་ནད་མེད་དང་། །གཉེན་བྱེད་གོས་དམར་རྗེས་ཆགས་ལ། །རཱ་ཛ་ཀཱ་ནི་སྤྲིངས་ཡིག་དང་། །ཉ་པ་ཀེ་ཚེ་ཡུངས་ཀར་ལའོ། །བཎི་ཀཱ་དང་བཎ་ཀཿ མདོག་དང་སྤྱོད་པ་སྙན་ངག་མཁན། །བྱུགས་པ་དང་ནི་རི་མོ་མཁན། །ཡི་གེ་དང་ནི་ཙནྡན་ལའོ། །བི་བེ་ཀ་ནི་རྣམ་དཔྱད་དང་། །ཆུ་ཡི་སྣོད་དང་དབེན་པ་ལ། །ཧེ་རུ་ཀ་ནི་སངས་རྒྱས་དབྱེ། །དེ་བཞིན་ནག་པོ་ཆེན་པོའི་ཚོགས། །པུཎྜ་རཱི་ཀམེ་ཕྱོགས་གླང་། །གཟིག་དང་བུད་མེད་བུར་ཤིང་ལའོ། །པུཎྜ་རཱི་ཀཾ་


JKT017_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དཀར་དང་། །ཆུ་སྐྱེས་དཀར་དང་སྨན་ལའོ། །བྲ་ཙ་ལ་ཀ་མདའ་འཕན་དང་། །རྨ་བྱ་གནོད་སྦྱིན་ལག་འགྲོ་ལ། །བི་ནཱ་ཡ་ཀསངས་རྒྱས་དང་། །ཚོགས་བདག་ལོག་འདྲེན་བགེགས་བྱ་ཁྱུང་། །བླ་མ་ལ་ཡང་དྲན་པར་བྱ། །བྷཊྛཱ་ར་ཀ་ལྷ་དང་ནི། །ས་སྐྱོང་དཀའ་ཐུབ་ནོར་ཅན་ལ། །སྣ་ཏ་ཙི་ཀིཏྠ་ཀཾ་ནི། །དཀའ་ཐུབ་བུད་མེད་མེ་ཏོག་ལའོ། །ཞེས་སྙན་ངག་མཁན་པོ་པཎྜི་ཏ་དཔལ་འཛིན་སྡེས་རྣམ་པར་བཀོད་པ་སྣ་ཚོགས་གསལ་བ་ཞེས་པའམ། མིང་གཞན་མུ་ཏིག་ཕྲེང་བ་ལས། །ཀ་དབྱངས་དང་བཅས་ཏེ་ཀ་མཐའི་ལས་ཉེ་བར་བཏུས་པའོ། །སྡེའོ། ༈ །ཁ་ནི་ནམ་མཁའ་ལྷ་ཡུལ་བདེ། །བློ་དང་ཚོར་མ་ཉམས་མྱོང་གྲོང་། །སྟོང་པ་ཐིག་ལེ་དབང་པོ་ཞིང་། །ཀུ་ཎཱ་ཧ་ལའི་འབྲས་བུའོ། །ན་ཁ་སེན་མོ་གཎྜལ། །ལེ་ཁ་སྤྲིངས་ཡིག་ལྷ་མིན་ལ། །ལེ་ཁཱ་རི་མོ་བྲལ་ཡི་ག །ཤི་ཁཱ་ཡལ་ག་གཙུག་ཕུད་ཙམ། །ཕུད་བུ་འབར་བ་མཇུག་མ་ལ། །སུ་ཁཾ་སྐྱིད་དང་མཐོ་རིས་ལ། །སུ་ཁཱ་གྲོགས་དང་རབ་སེམས་མོ། །མ་ཡུ་ཁ་ནི་མེ་ལྕེ་དང་། །འོད་ཟེར་མཛེས་དང་སྒྲོན་མེ་ལའོ། །ཨགེ་མུ་ཁ་ལྷ་དང་ནི། །གཉིས་སྐྱེས་དང་ནི་རླུང་གི་མིང་། །སརྦ་ཏེ་མུ་ཁཾ་ཞེས་པ། །ནམ་མཁའ་དང་ནི་ལམ་ལའོ། །ཁ་མཐའི་སྡེའོ། ༈ །ག་ནི་དྲི་ཟ་ཚོགས་བདག་ཉིད། །གོ་གླུ་གཱ་ནི་གླུ་མཁན་མ། །གོ་ཕོ་གླང་དང་མཐོ་རིས་དང་། །མོཁའ་འོད་རྡོ་རྗེ་ཟླ་བ་རི། གོཿཟབ་ལངས་


JKT017_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མིག་དང་ངག །མདའ་དང་ཆུ་རྣམས་ལ་ནིའོ། །ཨ་ག་འགྲོ་མེད་ཤིང་རི་བོ། །ཉི་མ་ལག་འགྲོ་དག་ལའོ། །ཨ་ག་ལུས་དང་གཙོ་བོ་དང་། །ཐབས་དང་འགྲན་ཟླ་ཉེ་བ་དང་། །ཡན་ལག་ལྡན་པ་རྣམས་ལའོ། །ནཱ་གརི་ཤིང་འགྲོ་མེད་དང་། །འཆི་བར་བྱེད་པའི་ཁྱད་པར་ལའོ། །ཉི་མ་ལག་འགྲོ་དག་ལའོ། །ནཱ་ག་སྒྲའི་སྙེ་མར། ནཱ་ག་རིན་ཆེན་བུད་མེད་མཛེས། །མེ་ཏོག་མདའ་ཅན་རྒྱ་མཚོ་དང་། །འཁྲི་ཤིང་ཤིང་རྟ་སོགས་སུ་དྲན། །ཅེས་བཤད་དོ། །ཀླུ་དང་ཀླུ་ཤིང་དང་། །ནཱ་ག་གེ་སར་གླང་པོ་དང་། །གླང་པོའི་སོ་དང་ཆར་སྤྲིན་དང་། །ནཱ་ག་བལླི་གླ་སྒང་དང་། །གྲོ་མ་ལུས་ཀྱི་རླུང་བྱེ་བྲག །གཙོ་བོ་ཉིད་དང་སྐྱེ་བོའི་ལྗོངས། །ཞ་ཉེ་གཤའ་ཚེ་ལ་མ་ནིང་། །འཆི་བར་བྱེད་པའི་ཁྱད་པར་ལའོ། །བྷ་གཾ་ཡེ་ཤེས་སྐྱེ་གནས་ཆོས། །གྲགས་པ་བདག་ཉིད་ཆེན་པོ་དང་། །དབང་ཕྱུག་འབད་པ་ཆགས་བྲལ་དཔལ། །རྣམ་ཤེས་བརྩོན་འགྲུས་ཉི་མ་ལའོ། །བྷོ་ག་བདེ་དང་སྦྲུལ་གྱི་ནི། །གདེངས་ཀ་དང་ནི་ལུས་དག་ལ། །ཐ་སྙད་དང་ནི་ལོངས་སྤྱོད་དང་། །འདུས་ལ་བལྟ་དང་བུད་མེད་ཀྱིས། །གླ་སོགས་སྐྱོང་བར་བྱེད་དང་ནོར། །ཀྲྀ་ག་རི་དྭགས་ཕྱུགས་གླང་པོ། །རྒྱུ་སྐར་གྱི་ནི་དབྱེ་བ་ལ། །ཡུ་ག་ཤིང་རྟ་གཤོལ་ནག་གོ །ཡུ་གཾ་རྫོགས་ལྡན་སོགས་དང་ཟུང་། །ལག་བཞི་རྒན་པོའི་མིང་ཅན་སྨན། །ཡོ་ག་གོ་ཆ་གྱོན་པ་དང་། །སྦྱོར་བ་བསམ་གཏན་འགྲོགས་


JKT017_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །ཁྱོན་ལ་སོགས་དང་གསང་བུ་རྫས། །ཀུན་འཇོམས་མཆོག་དང་སྔར་མེད་ཐོབ། །སྨན་དང་ཐབས་དང་རིགས་རྣམས་ལ། །ཨ་ནཾ་ག་ནི་ཡིད་སྲུབ་དང་། །ལུས་མེད་ནམ་མཁའ་ཡིད་འོང་ལ། །ཨཱ་བྷོ་ག་ནི་ཀུན་འགྲོ་འབད། །གདུགས་དང་རབ་སེམས་གང་བ་དང་། །ཀུན་སྦྱོང་དྲི་དང་ཕྲེང་བ་སྦྱིན། །རྩོལ་བའི་སྒྲིབ་པ་རྣམས་ལའོ། །པ་ཏྭཾ་གནི་བྱེ་མ་ལེབ། །ཉི་མ་བྱ་དང་འབྲུ་བྱེ་བྲག །སཾ་བྷོ་ག་ནི་དགའ་བ་དང་། །ལོངས་སྤྱོད་དང་ནི་རྒྱལ་བའི་བསྟན། །ག་མཐའི་སྡེའོ།། ༈ །།གྷ་ནི་དྲིལ་བུའི་དབང་པོ་ལ། །གྷ་ནི་དྲིལ་བུ་འཇོམས་བྱེད་ལ། །རྒྱུ་ནི་བུད་མེད་སྒྲ་ལའོ། །ཨ་གྷསྡིག་པ་སྡུག་བསྔལ་ཕོངས། །ཟློ ཨ་བ་གྷ་ནི་སྡིག་པས་སྟོང་། །དྲི་མ་མེད་དང་ཡིད་དགའ་དང་། །གྷ་མཐའི་སྡེའོ།། ༈ །།ང་ནི་འཇིགས་པ་བྱེད་དང་ཡུལ། །རྩ་བར་ཡང་འདི་ལས་མེད་དོ། །ང་མཐའི་སྡེའོ།། ༈ །།ཙ་ནི་ཆོམ་རྐུན་ཟླ་བ་དང་། །རུ་ཙི་མཛེས་དང་འོད་དང་འདོད། །མངོན་པར་ཆགས་དང་བཟང་བ་ལ། །བཱ་ཙ་དབྱངས་ཅན་ཚིག་དང་ནི། །ཤིན་ཏུ་ཆུང་བའི་རྦ་རླབས་དང་། །གོ་སྐབས་དང་ནི་བདེ་བ་ལ། །ཤུ་ཙིཉེར་འཛིན་ཟླ་བ་མེ། །སྔགས་པ་ཁྱུང་དང་རྨ་བྱ་དང་། །སྒོག་པ་དང་ནི་སོས་ཀའི་དུས། །དཀར་བ་དང་ནི་ཉེར་འཚེ་མེད། །པྲ་ཏཱི་ཙཱ་ནི་ཕྱོགས་དུས་ཡུལ། །ཙ་མཐའི་སྡེའོ།། ༈ །།ཚ་ནི་གཅོད་དང་བྱ་རོག་དང་། །ཚ་ནི་གཅོད་དང་


JKT017_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ལ། མཚན་མ་དང་ནི་དང་པ་ལ། །ཨ་ཚ་ཤེལ་དང་དམ་དང་ནི། །དྲི་མེད་ལ་སྟེ་མི་ཟད་པའོ། །གུཙྪ་ཕོན་པོ་དོ་ཤལ་དབྱེ། །སྡོང་པོ་དང་ནི་བསགས་པ་ལ། །ཚ་མཐའི་སྡེའོ།། ༈ །།ཛ་ནི་མྱུར་འགྲོ་ཛཱ་ཞེས་པ། །འབྱུང་པོ་སྐྱེ་བ་རྒྱལ་བྱེད་རྒྱལ། །ཛུ་ནི་ཀཱ་ར་བསྟོད་དང་དབྱངས། །ཤ་པ་ནི་མགྱོགས་པ་ལའོ། །ཨ་ཛཁྱབ་འཇུག་དབང་ཕྱུག་དང་། །བདུད་དང་ཚངས་པ་སྒྲུབ་བྱེད་དང་། །རགྷའི་བུ་དང་ར་རྣམས་ལའོ། །ཨ་ྗཐགཞུ་ཡི་ཁྱད་པར་དང་། །ཟླ་བ་ཆུ་སྐྱེས་ནི་ཙུ་ལ། །ཀུཌ་སྒུར་འཁྱོག་ཤིང་བྱེ་བྲག །ཁརྫུ་འབྲ་གོའི་ཤིང་དང་ནི། །གཡའ་བ་དང་ནི་སྲིན་བུའོ། །དྲི་ཛ་བྲམ་དཱི་ཛ་ས་སྐྱོང་ཟླ་བ་བྱ། ཟེ་སྒོང་སྐྱེས་དང་། །མཛོད་དང་ནོར་བུ་རྒྱ་མཚོ་སོགས། རྒྱལ་རིགས་དང་ནི་རྗེའུ་རིགས་ལའོ། །ཛ་ལ་ཛི་ནི་ལམ་སྐྱེས་དང་། །ཆུ་སྐྱེས་པདྨ་རུ་རྟ་དུང་། །ཨ་ཧི་བྷུ་ཛ་རྣམ་འདུམ་བྱ་ཁྱུང་བུ། །འབྲུག་རྨ་བྱ། སྒྲའི་རྗེས་སུ་སྒེག་པ་མའོ། །དྷརྨ་རཱ་ཛ་གཤིན་རྗེ་དང་། །བདེ་བར་གཤེགས་དང་གཡུལ་ངོར་བརྟན། །ཛ་མཐའི་ཛྷ་མཐའ་ནི་མི་སྣང་ངོ་། །སྡེའོ།། ༈ །།ཉ་ནི་དབྱེ་བའི་སྒྲ་དང་ནི། །གླུ་ལེན་པ་ལ་འགའ་ཡིས་བཤད། །ཛྷ་ནི་མཁས་དང་བློ་ལའོ། །པྲ་ཛྙཱ་བློ་ལ་པྲཛྙཱ་མཁས། །བདེ་གཤེགས་བདེ་འབྱུང་བྱ་དང་རི་དྭགས་ཁྱིམ་ལ་བརྟེན་པ་ལའང་། སརྦ་ཛཱ། །ཉ་མཐའི་སྡེའོ།། ༈ །།ཊ་ནི་ས་ལའོ་ཊ་ནི་སྒྲ། །ཊོ་ནི་སྤྱི་བླུགས་ལ་འགྱུར་རོ། །ཀོ་


JKT017_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཊི་གྲངས་ཀྱི་བྱེ་བྲག་དང་། །མཆོག་དང་ཤིན་ཏུ་ཕུལ་བྱུང་རབ། །རྩེ་མོ་གཞུ་ཡི་མཆོག་མ་ལ། །ཏིཏྟཾ་བདེ་དང་མི་དགེ་མེད། །སྡིག་པ་དང་ནི་མི་དགེ་བའོ། །བེ་ཀ་ཊ་ནི་རྣམ་མཛེས་དང་། །ཉ་དང་ལང་ཚོ་བྱེ་བ་གསར་པ་ལའོ། །ཊ་མཐའི་སྡེའོ།། ༈ །།ཋ་ནི་ཟླ་བའི་དཀྱིལ་འཁོར་དང་། སྟོང་པ་བདེ་བྱེད་མཐོང་བའི་སྒྲ། །ཀ་ཋ་དབྱངས་དང་ངེས་བརྗོད་དབྱེ། །དེ་སློབ་དེ་རིག་ཐུབ་པ་ལའོ། །ཀཎྜ རྟགས་གསུམ། །མགྲིན་པ་ཉེ་བ་དང་། །སྐུ་དང་མྱོས་བྱེད་ཤིང་ལའོ། །ཀཎྜ་ཕྱོགས་དང་ཡུལ་སྲོལ་དང་། །ཕུལ་དུ་བྱུང་དང་གནས་ཙམ་དང་། །དུས་ཀྱི་འཇལ་བྱེད་བྱེ་བྲག་དང་། །ཤིང་སོར་ལའོ་ཀཎྞཾ་ནི། །བུད་ཤིང་ཀུཎྜ་རྨོངས་ལས་མེད། །ཧཱ་རི་ཀཎྜ་ཁུ་བྱུག་དང་། །མགྲིན་པ་དོ་ཤལ་བཅས་ལའོ། །ཋ་མཐའི་སྡེའོ།། ༈ །།ཌ་ནི་རི་ཡི་མགོན་པོ་དང་། །སྒྲགས་པའི་སྒྲ་ལས་བལྟ་བར་བྱ། །ཀཱཎཱ་སྡེ་ཚན་མདའ་དང་དོན། །སྡོང་པོ་སྐབས་དང་ཆུ་དར་བ། །སྡེ་ཚན་ཀུར་པ་ལྗང་ཕོན་དང་། །འཕྲོགས་དང་སྨད་དང་གནས་སྐབས་དང་། །བུ་དང་འོན་པ་རྣམས་ལའོ། །ཀུཎྜ་ཀུཎྜི་སྤྱི་བླུགས་དང་། །ཀུཊཾ་ལྷ་ཡི་རྫིང་བུའི་གཞི། །མེ་ཐབ་འཇལ་བྱེད་བྱེ་བྲག་ལའོ། །ཌ་མཐའི་སྡེའོ།། ༈ །།ཌྷ་ནི་རྔ་དང་ཡོན་ཏན་མེད། །མི་ཟད་པ་ནི་སྒྲ་ལའོ། །དྷི་ཌྷ་སྦོམ་པོ་སྟོབས་ལྡན་ལ། །ཆེན་པོ་དང་ནི་ངེས་དང་ནུས། །མཱུ་ཌྷ་རྨོངས་དང་ལེ་ལོ་ལ། །ཏཱ་


JKT017_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ཚངས་པ་བཟང་དང་མཛེས། །སོ་ཌྷ་བཟོད་དང་ནུས་པ་ལ། །ཤོ་ཌྷ་ཡང་ནི་བཟོད་པ་ལ། །ཞྭ་མཐའི་སྡེའོ།། ༈ །།ཎ་ནི་གཏན་ལ་ཕབ་དང་ཤེས། །ཆུ་ཞེས་ཕྲ་དང་བྲམ་ཟེའི་དབྱེ། །ཨུཥྛ་ཚད་པས་གདུང་བ་དང་། །བསྲེགས་པ་དང་ནི་གྲུང་པོའོ། །རི་ཎཾ་བགྲོད་དཀའ་བུ་ལོན་ཆུ། །ག་ཎཚོགས་དང་རབ་འཇོམས་རྣམས། །དམག་གི་རབ་ཏུ་དབྱེ་བ་ལ། །ཙཎྜ་དང་ནི་གྲངས་རྣམས་ལ། །གུ་ཎ་གཟུགས་སོགས་སྙིང་སྟོབས་སོགས། །ལུམ་པ་སོགས་དང་ལྗང་གུ་སོགས། །འདོད་དང་གཙོ་བོ་མིན་པ་དང་། །མཚམས་སོགས་ཐག་པ་མོ་རྟི་རྩའི་གཞུ་རྒྱུད། དང་། །སྤྱང་ཀིའི་ལྟོ་བ་རྣམས་ལའོ། །གོཥཱ་གར་དང་གླུ་ལེན་དང་། །ཤྲཱི་ཎ་སྙིང་རྗེ་སྨོད་པ་ལ། །ཛཎྜ་ཤིང་དང་ཆ་ཤས་གཏེར། །ཛིཥྛ་ས་དང་དབང་པོ་མི། །རྒྱལ་བྱེད་ལའོ་ཛི་ཚོ་ནི། །སྨིན་དང་རྒས་དང་མཆོག་ཏུ་རྒས། །པུརྨ་མཆོག་དང་གང་བ་ལ། །ཀ་ལྱཱ་ཎ་ནི་དགེ་བ་དང་། །གསེར་དང་བཀྲ་ཤིས་མི་ཟད་མ། །གྲྭ་མ་ཎིནི་འདྲེགས་མཁན་དང་། །གཙོ་བོ་བདག་པོ་ལོངས་སྤྱོད་ཅན། །ཚོགས་ཅན་གྲོང་དཔོན་རིམ་རྣམས་སོ། །ཡཀྵ་ཎ་ནི་མིང་མཚན་མ། །ལཀྵ་ཎི་ནི་དགའ་བྱེད་སྤུན། །ལཀྵ་ཎ་ནི་ཟླ་བ་དང་། །ལཀྐཎཾ་ནི་མིང་མཚོན་བྱེད། །ལཀྵ་ཎ་ནི་མཚོ་སྐྱེས་མ། །འོད་ལྡན་མ་དང་དཔལ་ལྡན་མའོ། །ཀཱ་མ་གུ་ཎ་ཆགས་པ་དང་། །ལོངས་སྤྱོད་དང་ནི་ཡུལ་ལ་ཡང་། །དེ་བ་


JKT017_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཎི་ཞེས་པ་ནི། །ཞི་བ་ནོར་བུ་ཀོ་སྟུ་བྷ། །རྒྱལ་བའི་མགྲིན་པར་འཁྱིལ་བ་གང་། །རཀྟ་རེ་ཆུ་ལི་ཁྲི་དང་། །པ་ལ་ཤ་ཡི་མེ་ཏོག་རྡུལ། །པཱ་ཎི་བཀོད་པ་དང་ནི་ངག །པཱ་ཎི་སྤྲིན་དང་རིན་ཐང་ལ། །རེ་ཎ་རྡུལ་དང་ནག་པོ་དང་། །པརྦ་ཏ་ལའོ་བཎནི། །བསྟོད་དང་གཟུགས་གྲགས་ཡོན་ཏན་དང་། །ཆགས་དང་བྲམ་ཟེ་ལ་སོགས་དང་། །དཀར་པོ་ལ་སོགས་མཛེས་པ་དང་། །ལ་བ་ཁྲོ་བ་བརྟུལ་ཞུགས་དབྱངས། །ཤིང་དང་ཆ་བྱེད་མདོག་མི་གོ །དྷ་རུ་ཎཾ་ནི་ཆུ་དང་ནི། །མཐོང་ཐོས་དང་ནི་མཆོག་ལ་གནས། །ཎ་མཐའི་སྡེའོ།། ༈ །།ཏ་ནི་སྐྱོང་བྱེད་སྦྱོར་བ་ལ། །ཏ་ནི་ཆོམ་རྐུན་ཕག་གི་མཇུག །ཨོཾ་ཀཱ་རྣམ་དག་ཁྱབ་པ་ལ། །ཨནྟ་འཇིགས་དང་ཡིད་འཕྲོག་དང་། །རང་བཞིན་ལའོ་ཨནཾ་ནི། །རབ་མཐའ་དང་ནི་ཉེ་བ་ལ། །ཨ་ཏཾ་མཁས་དང་རྟོགས་པ་ལ། །ཨུཏྟཾ་སྒྲ་དང་ཡི་གེ་གཅིག །རི་ཏི་བདེན་དང་འགྲོ་བ་དང་། །སྨྲ་བ་དང་ནི་མངོན་པར་མཆོད། །རི་ཏཾ་འགྲོ་དང་སྨད་པ་དང་། །འགྲན་པ་དང་ནི་བཀྲ་ཤིས་ལ། །རི་ཏུ་དུས་ཚིགས་སྣང་བ་དང་། །ཟླ་མཚན་དང་ནི་གུར་གུམ་དང་། །དཔྱིད་ལ་སོགས་དང་བརྟེན་པ་ལ། །ཀཱན་འགྲོ་བ་ཉལ་པོ་དང་། །ཡིད་དུ་འོང་དང་དགའ་བ་དང་། །རྡོ་བ་ལའོ་ཀཱནྟ་ནི། །པྲི་ཡངྐ་དང་དགོན་པ་ལའོ། །ཀཱིརྟི་གྲགས་པ་བསྟར་བ་དང་། །ཁང་བཟང་དང་ནི་རྒྱ་ཆེན་ལ། །ཀྲྀ་ཏཾ་བུར་གུམ་ཤིང་དང་ནི། །རྫོགས་


JKT017_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དུས་དང་བདེན་པར་བཟུང་། །འབྲས་བུ་མེད་དང་ཡོངས་སུ་འཐོབ། །པན་སྟ། བྱས་དང་ཀུན་ཏུ་ཕན་པ་དང་། །ཀྲྀ་ཏི་འཆིང་བར་བྱེད་པ་ལ། །ཀེ་ཏུགཟའ་ཡི་བྱེ་བྲག་དང་། །དུས་མེ་དང་ནི་འོད་། མཚན་བྱེད། །རྒྱལ་ཆེན་དང་ནི་དགྲ་ལའོ། །གཱི་ཏི་སྡེབ་སྦྱོར་བྱེ་བྲག་གླུ། །གཱི་ཏཾ་གླུ་དང་སྒྲ་ལའོ། །འདི་དོན་མང་པོ་ཅན་ཡིན་པས། ཡོངས་སུ་ཕྱིན་པ་དང་། ཐོབ་པ་དང་། ཆོག་པ་སོགས་ལ་འཇུག །དྷ་ཏུ་ཚངས་པ་ཡོངས་སུ་སྐྱོང་། །བྱ་བའི་དོན་དང་ཁུ་བ་དང་། །བད་ཀན་སོགས་དང་ཁྲག་སོགས་བཅུད། །འབྱུང་བ་སོགས་དང་རུས་པ་དང་། །ལྡོང་རོས་སོགས་དང་གསེར་དངུལ་སོགས། །ཁྱད་པར་བཙག་དང་མིག་སོགས་ལ། །དྷི་ཏི་འཛིན་དང་མི་སྨྲ་པ། །ཞེས་མཆོད་སྦྱིན་རྣལ་འབྱོར་བྱེ་བྲག་དང་། །བློ་གྲོས་དང་ནི་བརྟེན་པ་ལའོ། །ནཱི་ཏི་ཚུལ་དང་ཐོབ་པ་ལ། །པཱི་ཏཱ་བརྡུང་བ་དང་ནི་རྔ། །པཱི་ཏཱི་བཏུང་བའོ་པུསྟི་ནི། །རྣམ་ཤེས་དང་ནི་གླེགས་བམ་བྲིས། །མ་ཏི་བློ་དང་དྲན་པ་ལ། །མ་ཏཱ་བ་ལང་ཚངས་མ་སོགས། །སྙན་ངག་མཁན་དང་བཅས་པ་ལ། །དཀར་མོ་དང་ནི་ས་ལའོ། །མུཀྟི་ཐར་དང་གྲོལ་བ་ལ། །མུཀྟ་ཐར་བར་གྱུར་དང་གྲོལ། །མཱནྟི་ལུས་དང་སྲ་བ་ལ། །མྲྀ་ཏཱ་འཆི་དང་བློ་གྲོས་ལ། །མི་ཏཾ་བླང་དང་ཤི་བ་ལ། །རཀྟ་ཁྲག་དང་རྗེས་སུ་ཆགས། །དམར་པོ་དང་ནི་ཚོས་ལ་སྟེ། །འདི་ཡན་རྟགས་གསུམ། ཤར་ཕྱོགས་སྐྱུ་རུ་ར་དང་ནི། །གུར་གུམ་དང་


JKT017_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཟེངས་ལའོ། །ར་ཏི་གསེར་དང་ནགས་ཚལ་ཆགས། །ཡིད་སྲུབས་དང་ནི་བཙུན་མོ་ལ། །ར་ཏཾ་རབ་དགའ་གསང་བ་ལ། །ར་ཏུ་འབབ་ཆུ་དང་ནི་ལམ། །རཀྟ་སྟོང་པ་ནགས་ཚལ་ལམ། །ཨ་མྲྀ་ཏཾ་ནི་བདུད་རྩིའི་ཆུ། །ཐར་པ་དང་ནི་མཛེས་པ་དང་། །མ་བསླངས་པ་དང་མཆོད་སྦྱིན་ལྷག །མར་དང་ཤིན་ཏུ་འཛིན་པ་ལ། །ཨ་མྲྀ་ཏནི་ཚིགས་བཟང་དང་། །ལྷ་མིན་ལའང་འདོད་པ་ཡིན། །ཨ་མྲྀ་ཏཱ་ནི་སླེ་ཏྲེས་དང་། །སྐྱུ་རུ་ར་དང་ཕན་པ་དང་། །ལམ་འགྲུལ་རྣམས་ལ་ངེས་པར་འདོད། །བ་ཏི་གཏོང་དང་འགྲོ་དང་འབར། །མཆོད་དང་རྒྱུག་དང་ཟ་བ་ལ། །བྱཀྟགསལ་དང་ཤེས་རབ་ཅན། །བརྗོད་པ་གསལ་དང་བློ་གྲོས་ལ། །ཤཀྟིསྤྲོ་བ་སོགས་དང་སྟོབས། །ཤཀྟིམཚོན་ཆའི་ཁྱད་པར་ལ། །ཤསྟི་བདེ་དང་བཀྲ་ཤིས་ལ། །ཤནྟི་ཞི་དང་བདེ་བ་ལ། །བྷཱུ་ཏིན་བ་རིག་བྱེད་དང་། །ཐོས་དང་རྣ་བའི་ལས་ལའོ། །ལ་ཏཱ་སྦྲང་རྩི་སྐྱེས་ལྕགས་མ། །ཡལ་ག་ཕྲི་ཀ་པྲི་ཡངྐ་། །ལོ་ཏོ་ཆོམ་རྐུན་རླངས་པ་དང་། །སྨྲ་བྱེད་སྨྲ་མཁས་མཁས་པ་ལའོ། །ཤཱ་ཏཱ་ལྟེ་བ་དུང་ཅན་མ། །ལྗོན་ཤིང་སྐྱེ་བོས་ཏྲ་ནི་མཁས། །ལེགས་དང་ཡངས་པ་དམ་ཆོས་དང་། །བཀྲ་ཤིས་དང་ནི་མཆོད་པ་ལ། །སྨིཾ་ཏི་ཆོས་ཀྱི་བསྟན་བཅོས་དང་། །དྲན་དང་བློ་གྲོས་འདོད་པ་ལའོ། །ཧི་ཏཾ་འགྲོ་དང་འཛིན་དང་ཕན། །ཧེ་ཏིམེ་ལྕེ་ཉི་མ་ཡི། །འོད་ཟེར་དང་ནི་མཚོན་ཆ་ལའོ། །ཁྱབ་འཇུག་


JKT017_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་མགོན་ཨ་ཛི་ཏཿ ཨཱ་སྤ་ཏི་ནི་ནགས་མེ་ཏོག །རི་ཡི་རྣ་བ་ལ་ཡང་ངོ་། །ཨ་ཧྥུ་སྟ་ནི་རྗེས་སུ་ལྡན། །སོན་དང་རྣམ་ཐར་མཁས་པ་ལའོ། །གརྫི་ཏཾ་ནི་སྤྲིན་གྱི་སྒྲ། །གརྫ་ཧ་ནི་གླང་ཆེན་མྱོས། །བྱ་ཁྱུང་གསེར་དང་ཡལ་གའོ། །ཛེ་མཱུ་ཏ་ནི་བརྒྱ་བྱིན་སྤྲིན། །ལྷ་ཡི་ཆུ་དང་དབྱངས་ལྡན་ལ། །འཛིན་པ་དང་ནི་འཚོ་བ་ལའོ། །ཛཱི་བནྟི་ནི་ཟས་དང་འཚོ། །འཚོ་བར་བྱེད་པའི་སྨན་ལའོ། །པཎྜི་ཏ་ནི་བསྒྱུར་དང་བསྡུས། དམག་འགྲོ་བ་དང་འདབ་ཆགས་སོ། །པྲ་ཏི་ཏནི་གྲགས་པ་དང་། །གུས་པ་དང་བཅས་རབ་ཏུ་བཤད། །དགའ་དང་མཐོང་དང་མཁས་པ་དང་། །ལུགས་དང་ཤེས་པ་ལ་ཡང་ངོ་། མ་ཧཱ་ཏ་ཆེན་པོ་རྒྱལ་སྲིད་དང་། །ཡངས་པ་དང་ནི་འཇོ་སྒེག་ལའོ། །རེ་བ་ཏཱི་ནི་མ་མོ་དང་། །ཀརྨའི་བྱེ་བྲག་འབྲས་ལྡན་མའོ། །རོ་ཧི་ཧཾ་ནི་ཐང་ཤིང་དང་། །གཡུལ་དུ་བརྟན་དང་ཁྲག་ལའོ། །རོ་ཧི་ཏཱ་ནི་དམར་པོ་དང་། །ཉ་དང་རི་དྭགས་དབྱེ་བ་ལ། །ལོ་ཧི་ཏཾ་ནི་ཙནྡན་དམར། །ས་མཆོག་དང་ནི་གུར་གུམ་དང་། ཁྲག་དང་ཁ་དོག་དམར་པོ་ལའོ། །བཱ་སནྟི་ནི་ཁུ་བྱུག་དང་། །སྲན་མ་མངྒ་གླང་ཕྲུགས་ལ། །ཐོབ་པ་དང་ནི་ཡལ་ཕྲན་ལའོ། །བཱ་སནྟི་ནི་སྦྲང་ལྷན་ཆུ། །ལྗོན་ཤིང་སྐྱ་བར་དག་ལ་ཡང་། །བིདྱ་ཏཱ་ནི་གློག་དང་འོད། །ཐུན་མཚམས་དང་ནི་འོད་མེད་ལའོ། །ཤ་མུན་ནི་བྱ་རྒོད་དང་། །འདབ་ཆགས་དབྱེ་བ་འོད་སྦྲང་རྩི། །སུ་ཀྲྀ་ཏཾ་ནི་དགེ་བ་


JKT017_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བསོད་ནམས་དང་ནི་ལེགས་བྱས་ལ། །སཾ་སྐྲྀ་ཏ་ནི་མཚན་ཉིད་ལྡན། །བཅོས་པ་དང་ནི་འདུས་བྱས་ལ། །རྒྱན་དང་དགེ་ལེགས་ལ་ཡང་ངོ་། །ཧ་རི་ཏཱ་ནི་ཟླུམ་པོ་དང་། །ལྗང་གུ་དང་ནི་མདོག་ལྡན་ལ། །རྟ་དང་མདོག་དང་ཕྱོགས་ལའོ། །ཧ་སནྟི་ནི་སོལ་བ་དང་། །སོ་བ་དང་ནི་མེ་ཏོག་ལའོ། །ས་ར་སྭ་ཏཱི་ཆུ་ཀླུང་དབྱེ། །ཆུ་ཀླུང་ལྷ་མོ་ས་དང་ངག །ལྷ་ཡི་རི་བོ་རྣམས་ལའོ། །ཏ་མཐའི་སྡེའོ།། ༈ །།ཐ་ནི་བྷོ་བ་བརྩེགས་པ་ལ། །ཐུ་ནི་འཇིགས་སྐྱོབས་བཀྲ་ཤིས་ལ། །་ཐུ་མི་བདག་ཟི་ར་ནག །རྫིང་བུ་མེ་དང་ཆེན་པོ་བརྗོད། །གྲནྠ་བསྒྲིགས་དང་ཡི་གེ་ནི། །སུམ་ཅུ་རྩ་གཉིས་ངེས་བྱས་ལའོ། །གྲནྡྲི་ཚིགས་དང་མདུད་པ་ལ། །ནད་ཀྱི་དབྱེ་བ་ལ་ཡང་ངོ་། །ཏཱིཀྲྀ་གླེང་གཞི་བསྔགས་པ་དང་། །བསྟན་བཅོས་དང་ནི་འཇུག་པ་ལ། །བསོད་ནམས་ཞིང་དང་མཆོད་སྦྱིན་སྣོད། །ཐབས་དང་བླ་མ་ལྟ་བ་དང་། །དྲང་སྲོང་བརྟེན་དང་ཆུ་བོ་དང་། །པུས་མོ་བ་ནི་ཏཱ་དུས་མཆོད། །ད་མ་ཐ་ནི་དུལ་བ་དང་། །དབྱུག་པ་གོས་མེད་ཕྱོགས་དང་ནི། །ནོར་མེད་དང་ནི་སྐྲ་ཉལ་བའོ། །སི་དྷཱན་ཞེས་བྱ་བ་ནི། །དོན་ཀུན་གྲུབ་དང་ཡུངས་ཀར་དཀར། །ཨུ་ད་ར་ཐི་ཉི་མ་མཚོ། །བ་ན་པྲདྨ་སྦྲང་རྩིའི་གནས། །བསྟི་གནས་གསུམ་པ་ཉི་ཤུ་ཀའོ། །ཨ་པྲ་ཏི་ར་ཐ་ཞེས་པ། །དཔའ་བ་དང་ནི་ལྟད་མོ་དང་། །སྙན་ཚིག་དང་ནི་བཀྲ་ཤིས་ལ། །ཐ་མཐའི་སྡེའོ།། ༈ །།ད་ནི་


JKT017_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དང་འབོད་པ་ལ། །དཱ་ནི་མ་མ་གཅོད་དང་འབྱིན། །ཨབྗལོ་དང་སྤྲིན་དང་ནི། །གླེགས་བམ་དང་ནི་རིའི་བྱེ་བྲག །ནན་ནོར་བུ་ཕུན་ཚོགས་ལ། །ནནི་སྨོད་དང་སྐུར་འདེབས་པ། །མ་དམྱོས་ཆང་གླ་རྩི་དང་། །རྒྱགས་པ་དང་ནི་ཁུ་བ་ནི། །གླང་པོའི་འགྲམ་ཆང་དགའ་བ་ལའོ། །བ་དོ་ཚིག་དང་གནས་པ་དང་། །བྱ་དང་སྤྱོད་དང་ལོག་པར་སྟོན། །རྐང་པ་རྐང་རྗེས་སྒྲ་དང་ནི། །སྐྱོབས་དང་མཚན་མདངས་དངོས་པོ་ལའོ། །པཱ་ད་རྐང་པ་རྩ་བ་དང་། །བཞི་ཆ་དང་ནི་འོད་ཟེར་དང་། །རི་ཡི་མཐའ་དང་རི་བོ་ལ། །གོ་བིནྡནི་ནོར་ལྷའི་བུ། །བ་ལང་དཔོན་དང་དབྱངས་བདག་ལ། །པྲ་སཱ་དནི་བཀའ་དྲིན་དང་། །རྗེས་སུ་འཛིན་དང་བདེ་བ་གནས། །རབ་ཏུ་ནུས་དང་སྲོག་དང་ནི། །སྙན་ངག་དབྱེ་བ་དྭངས་པ་ལའོ། །མོ་ནཱ་ད་ནི་ར་བྱི་ལ། །འབྲུག་སྒྲའི་རྗེས་སུ་སྒེག་པ་ལ། །སམྦ་ར་ཡོན་ཏན་བསྟོད་པ་དང་། །འབྱོར་པ་དོ་ཤལ་རབ་དབྱེ་ལ། །ཀྟ་ཎ་ད་ནི་ཚོགས་ཅན་དང་། །དགའ་སྟོན་པའོ་ཀཱ་ཎ་དཾ། །ཆུ་མའོ་ཀཱ་ཎ་ད་མཚན་མའོ། །ཨ་བ་བཱ་དསྨོད་པ་དང་། །བཀའ་དང་ཡིད་བརྟན་དག་ལའོ། །ཏ་མོ་ནུད་ནི་མུན་སེལ་དང་། །ཟླ་བ་ཉི་མ་མེ་རྣམས་ལ། །པྲི་ཡམྦ་ད་མཁའ་སྤྱོད་དང་། །སྙན་པར་སྨྲ་བ་ཉིད་ལའོ། །སལླི་དམ་བཅའ་འཆིང་བ་དང་། །ཡེ་ཤེས་ཀུན་སྤྱོད་མིང་དང་ནི། །ཚིམས་པར་བྱ་བ་ངེས་བྱེད་དང་། །འཐམས་


JKT017_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡང་དག་འཆད་པ་ལ། །སཾ་བྷེ་དཾ་ནི་རྣམ་དབྱེ་དང་། །རྒྱ་མཚོ་ཡང་དག་འགྲོགས་པ་ལ། །ཤ་ཏ་ཧཱ་ད་གློག་ལྡན་སྤྲིན། །རྩེ་མོ་བརྒྱ་བ་དག་ལའོ། །ས་ཧ་པྲ་ཡང་ཞེས་པ་ནི། །ཉི་མ་དང་ནི་ཟ་མ་ཏོག ། ཆོས་དང་གསང་དང་ཉེ་བར་འགོགས། །དུས་དང་ངོས་ཁྱིམ་མཆོད་སྦྱིན་ལའོ། །ད་མཐའི་སྡེའོ།། ༈ །།དྷཾ་ནི་ནོར་དང་ནོར་དབང་ལ། །དྷ་ནི་འཛིན་བྱེད་ཆོས་ཉིད་ལ། །ཨནྡྲི་ཆུ་གཏེར་མཚོ་མཆོག་མ། །ཨཱ་དྷིསེམས་ཀྱི་ཟུག་རྔུ་དང་། །མི་འདོད་འཆིང་རྒྱུ་ཟས་ངན་ངོན་སྐྱོད་ཅིང་བཟང་པོ་ཕུག་སྲིང་བྱེད་པའི་དོན། དང་ཕོངས་དང་གནས། །བིདྷ་ཀུན་ཏུ་གདུང་དང་འབར། །གནྡྷ་དྲི་དང་དྲི་བཟང་དང་། །ཆུང་བ་འདོད་དགའ་སྙེམས་པ་ལ། །ད་དྷི་དཔལ་སྟུག་ཞོ་དང་ནི། །དཔལ་གནས་དང་ནི་གནས་ལའོ། །བུདྡྷ་བདེར་གཤེགས་བསྟན་དང་ནི། །བློ་དང་ལྡན་པ་རྣམས་ལའོ། །བུདྡྷམཁས་ཤིང་རྟོགས་པ་དང་། །སྨིན་པ་དང་ནི་དེ་བཞིན་གཤེགས། །བུདྡྷམཁས་དང་ལྷག་མའོ། །བུདྡྷི་འཕེལ་དང་འབྱོར་དང་སྨན། །དགའ་བའི་ཆ་ཤས་ཁྱད་པར་ལ། །ཁྲིདྡྷ་ཆེར་སྐྱེས་སྙན་ངག་མཁན། །རྒས་འཁོགས་ལའོ་ཁྲིདྡྷི་ནི། །རི་ལས་སྐྱེས་པ་ལ་ཡང་ངོ་། །བོདྷིཏིང་འཛིན་དབྱེ་བ་དང་། །བྱང་ཆུབ་རྟོགས་པ་ས་ལས་སྐྱེས། །མ་དྷ་མེ་ཏོག་བཅུད་དང་ནི། །སྦྲང་སྐྱེས་ཆང་ཆུ་འོ་མ་ལ། །མངར་དང་སྦྲང་རྩི་ཅན་དྲི་ཞིམ། །ནག་ཟླ་ལྷ་མིན་ཁྱད་པར་ལ། །འཚོ་བ་ཡལ་ག་ལ་ཡང་


JKT017_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །མེ་དྷཱ་བློ་གྲོས་མཆོད་སྦྱིན་གཙང་། །མི་དྷེ་ངན་པ་མི་ཟད་ལ། །བིདྷིབྱེད་པོ་ཆོ་ག་དང་། །སྔོན་ལས་དང་ནི་རྣམ་ཤེས་དང་། །དུས་དང་ངེས་བྱེད་རྣམས་ལའོ། །སཱ་དྷུ སུདྡྷཱ་ནོར་རྫས་གློག་བདུད་རྩི།། སྒྲའི་སྙེ་མར་རོ། །ལེགས་མཛེས་སྐྱེས་བུ་དང་། །སིདྡྷི་རྟག་པ་རྫོགས་པ་དང་། །རབ་ཏུ་གྲགས་དང་ལྷ་དག་ལ། །གྲུབ་དང་མངོན་པར་རབ་མཛེས་དང་། །སྒྲུབ་དང་སྦྱོར་བ་ལ་ཡང་ངོ་། །ཤདྡྷ་དད་པ་ཉིད་དང་འདོད། ཤྲདྡྷཾ་ངེས་པར་གནས་པ་དང་། །ཤྲདྨ་དང་དང་ལྡན་པ་ལ། །པྲ་ཎི་དྷིནི་དོན་གཉེར་དང་། །སློང་མོ་ཉུལ་མ་ཀུན་འཛིན་ལའོ། །ས་མཱ་དྷཱིཙྪནི་བསམ་གཏན་དང་། །མི་སྨྲ་བ་དང་ཁས་ལེན་པ། །ཨུ་པ་ལབྷི་ཐོབ་པ་དང་། །བློ་གྲོས་ཤེས་རབ་མཚན་ཉིད་ལའོ། །དྷ་མཐའི་སྡེའོ། ༈ །ན་ནི་འདྲེན་པ་དང་ནི་གྲུ། །ན་ནི་རྒྱལ་དང་མཆོད་པ་ལ། །ནོ་ནི་གྲུ་དང་སྐྱེས་པ་ལ། །ཨནྣཾ་ཟས་བརྗོད་པ་ལའོ། །ཨི་ན་ས་བདག་ཉི་མ་ལ། །ཙི་ན་ཡུལ་དང་གོས་དང་འབྲུ། །རི་དྭགས་ཁྱད་པར་རྒྱུད་ཀྱི་དབྱེ། །དྷཱ་ནཾ་ནོར་དང་འབྱོར་པ་དང་། །དྷཱ་ནཱ་བྲྀཏྠ་ཡ་བ་དང་། །སོ་བ་མྱུ་གུ་ཆུ་གཏེར་ལ། །དྷ་ནུ་གཞུ་དང་དྲ་བ་དང་། །ཁྱིམ་གྱི་དབྱེ་བ་ཉིད་དང་ནི། །པགས་པ་འདོད་པ་ལ་ཡང་ངོ་། །པཱི་ནཾ་བཏུང་བ་བསྲུང་བ་ལ། །བ་ནཾ་ནགས་ཚལ་ཆུ་ཁང་པ། །དགའ་སྟོན་དང་ནི་རབ་གནས་ལ། །མུ་ནི་སྨྲ་བཅད་སངས་རྒྱས་དང་། །རི་བྱི་དང་ནི་


JKT017_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཀིརླུ་ཀ །ཨཱརྨན་ཚངས་པ་ཡིད་དང་ལུས། །བདག་དང་འབད་པ་མཆོད་སྦྱིན་སེམས། །ངོམས་པ་པ་ར་ཤུ་བརྟ་ནའོ། །རང་བཞིན་བརྟན་དང་བློ་རྣམས་ལ། །ཀཱ་མ་ན་འདོད་མྱ་ངན་མེད། །འདོད་པ་ཅན་དང་གཟུགས་བཟང་ངོ་། །འཇིགས་དང་ཕྱག་འཚལ་ཀཱ་མི་ནི། །ཤིང་དང་འདོད་ལྡན་མ་ལའོ། །ཀྲ་ན་ནི་ནི་འབོད་པ་དང་། །དུ་བ་དང་ནི་རྣམ་གྲོལ་ལོ། །ཛ་བྷ་ནཾ་ནི་བུད་མེད་དང་། །སྐེ་རགས་དང་ནི་སྔོན་མའི་ཆ། །ཏ་མོ་གྷ་ཉི་ཟླ་མེ། །བློ་དང་དཔལ་མགྲིན་ཁྱབ་འཇུག་ལ། །དན་ནཾ་ནི་མཐོང་མེ་ལོང་། །རྨི་ལམ་ལམ་དང་བསྟན་བཅོས་ལ། །ཆོས་དང་ཉེ་བར་དམིགས་པ་ལ། །ན་ལཱི་ནཱི་ནི་མཚོ་སྐྱེས་མ། །མཚོ་ལས་སྐྱེས་དང་མཚོ་མཆོག་དང་། །ན་མའི་གངྒ་རྒྱུན་ཅན་ལ། །བ་ལི་ནཾ་ནི་ཆུ་ཆུ་སྐྱེས། །སཱ་ཙ་ནཾ་ནི་ཆུ་དང་དཀའ། །འཚོད་པ་དང་ནི་མཁས་པ་ལ། །བྷོ་གིན་གདེངས་ཀ་ལྡན་པ་དང་། །སྦྲུལ་དང་གྲོང་དཔོན་རྒྱལ་པོ་དང་། །ནཱ་སི་ཏཱའོ་བྷོ་ག་ནི། །དབང་བསྒྱུར་མ་དང་རང་རིག་མ། །རྒྱལ་པོའི་བཙུན་མོ་རྣམས་ལའོ། །ཏཱ་ཛན་ཟླ་བ་མི་བདག་དང་། །བརྒྱ་བྱིན་རྒྱལ་རིགས་གནོད་སྦྱིན་གཙོ། །ལ་ལ་ནཱ་ནི་བུད་མེད་དང་། །ལྕེ་དང་རྩ་ཡི་ཁྱད་པར་ལ། །ཤ་ས་ནཱི་ནི་བསྟན་བཅོས་དཀའ། །རྒྱལ་པོས་བྱིན་དང་ཆེན་པོ་དང་། །བསྟན་པ་དང་ནི་ཡི་གེ་ལ། །ཤི་ཁིན་མཇུག་རིང་གཟའ་དང་མེ། །རྨ་བྱ་དང་ནི་བྱ་གག་མདའ། །གླང་དང་བ་ཀ་


JKT017_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོན་ཤིང་དང་། །གཙུག་ཕུད་ལྡན་པ་རྣམས་ལའོ། །ཤཱ་ས་ན་ནི་རླུང་དང་དབུགས། །མྱོས་བྱེད་ལའོ་སཛྫ་ན། །ལེགས་པའི་སཛྫ་ནཱ་ནི་རྟོག །སམྤནྣ་ནི་ཕུན་ཚོགས་དང་། །ལྡན་པ་དང་ནི་བསྒྲུབས་པ་ལ། །སཱ་དྷ་ནཾ་ནི་ཕོ་མཚན་དང་། །ཟླ་སྐྱེས་ཚར་ཟིན་དམག་དཔུང་དང་། །ཟློག་དང་རྗེས་སུ་འགྲོ་བ་དང་། །ཤི་བའི་ལེགས་བྱས་གསོད་པ་དང་། །འགྲོ་བྱེད་རྫོགས་བྱེད་འགྲུབ་བྱེད་ཀྱི། །ཐབས་དང་སྦྱིན་དུ་འཇུག་དང་ནོར། །སཱ་དྷ་ན་ནི་མཆོད་སྦྱིན་གྱི། །ལས་ཀྱི་མཐའ་དང་མཆོད་སྦྱིན་བྱེད། །ཆུ་ལྷ་ཁྲིམས་ལུགས་མཚམས་དང་ཞིང་། །བུམ་པ་དང་ནི་གནས་ལའོ། །གྷ་ནཱ་གྷ་ནཆར་སྤྲིན་དང་། །བརྒྱ་བྱིན་དང་ནི་གསོད་པར་བྱེད་པའི། གླང་པོ་མྱོས། །པྲ་ཎི་དྷ་ནཾ་རབ་འབད་དང་། །རབ་ཏུ་འཇུག་དང་མཉམ་བཞག་ལ། །པྲ་ཏི་ཡཏྣའདུ་བྱེད་དང་། །ཉེ་བར་འཛིན་དང་འདོད་པའོ། །བེ་རོ་ཙ་ན་བདེ་གཤེགས་ཀྱི། །བྱེ་བྲག་ཉི་མ་སྟོབས་ལྡན་བུ། །ས་མ་ཡོ་ནི་ཏིང་འཛིན་དང་། །གླང་པོ་ཆེ་དང་མཆོག་གནས་ལ། །པདྨ་ལཱཉྫཱན་ཉི་མ། །འཇིག་རྟེན་དབང་ཕྱུག་ནོར་གྱིས་ཚངས། །པདྨ་ལཱཉྙན་སྒྲོན་མ། །དབྱངས་ཅན་མ་དང་པདྨ་ལ། །ཧ་རི་བ་ཧ་ན་ཞེས་པ། །ཉིན་མོར་བྱེད་དང་སྤྲིན་གྱི་བཞོན། རཏྣའི་དོ་ཤལ་མཛེས་མ་འདི། །ཉི་ཟླ་རྒྱུ་སྐར་ཡོན་ཏན་འཕགས། །བློ་ལྡན་དམ་ཆོས་རིན་ཆེན་ལའོ། །སྒྲའི་སྙེ་མ་ནས་སོ། །ན་མཐའི་སྡེའོ། ༈ །


JKT017_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་ནི་རླུང་ངོ་ཤུ་དག་བྱེད། །བཱ་ནི་བཏུང་པ་སྐྱོང་བྱེད་ལ། །གཝ་ཚངས་པའི་ཉིན་ཞག་དང་། །རིག་པ་འཛིན་པ་བསྟན། །བཅོས་བསྒྲུབ། །གོ་པགླང་རྫི་བ་ལང་གནས། །གྲོང་དཔོན་དང་ནི་རྒྱལ་པོ་ལ། །པུཎྚི་མེ་ཏོག་བུད་མེད་རྡུལ། །རྒྱས་དང་ཁ་བྱེ་བ་ལའོ། །རཱུ་པ་རྣམ་པ་མཛེས་རང་བཞིན། །ཚིགས་སུ་བཅད་དང་ནཱ་ན་ཀཾ །གར་མཁན་སོགས་དང་རི་དྭགས་མདུད། །སྤྱོད་དང་ཕྱུགས་དང་སྨྲ་བ་ལའོ། །ཀྱེ་པ་ཐོགས་དང་རྣམ་པར་འགོགས། །ཀུ་རེ་འཕེན་དང་འཛིན་པ་ལ། །བྱུགས་དང་སྙེམས་པ་ལའང་ངོ་། །ཨཀྟི་པ་ནི་སྨོད་དང་གཏོང་། །འགུགས་དང་སྙན་ངག་རྒྱན་ལའོ། །པ་མཐའི་སྡེའོ། ༈ །ཕུ་ནི་སྔགས་དང་ཕེ་ནི་སྒྲ། །གྲངས་མེད་སྤུ་ནི་རྒན་དང་འཕེལ། །སྤུ་ནི་གྷཉྫའི་རླུང་དང་ཁྱབ། །སྤུ་ནི་སྤུ་བྱེད་ཕསྒུའི་དངོས། །གུལླ་དཔུང་པའི་རྒྱན་དང་ཚིགས། །ལུགས་དང་བརྗོད་པ་དག་ལའོ། །རེ་པོ་ཕོར་ཡིག་སྦྱོད་པ་བརྗོད། །རྟགས་གསུམ་ས་ལོ་བ་ལང་སོགས་རྨིག་པ། །ལྗོན་ཤིང་སོགས་ཀྱི་སྒྲ་ལའོ། །ཤི་ཕ་རལ་པ་ཆུ་རླུང་དང་། །ཤ་ཅན་དང་ནི་མ་མ་ལའོ། །ཕ་མཐའི་སྡེའོ། ༈ །བ་ནི་ཆུ་ལྷ་ཉེར་འཇལ་རྫས། །ཀུལླི་ཁ་ཛཱ་ཀཱ་དང་ནི། །འོད་མའི་ཆའོ་ཀམྦྷནི། །གླང་པོ་གདུ་བུ་དུང་ཕྲན་དང་། །མགྲིན་པ་དང་ནི་སྨྱུགས་གླིང་ལའོ། །གནྡྷ་རྦནི་རི་དྭགས་དབྱེ། །ཀླུ་མཁན་དང་ནི་མཁའ་སྤྱོད་དང་། །སྲིད་པ་བར་མའི་སེམས་


JKT017_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ། །རྟ་དང་ཁུ་བྱུག་བཅུད་ལེན་གྲུབ། །ལྷ་ཡི་གླུ་མཁན་རྣམས་པའོ། །བིམྦ་གཟུགས་ཅན་འབྲས་བུ་དང་། །དཀྱིལ་འཁོར་དང་ནི་གཟུགས་བརྙན་ལ། །པཱུརྦ་སྔོན་དང་སྔོན་རབ་ཤར། །བ་མཐའི་སྡེའོ། ༈ །བྷ་ནི་འོད་ཆགས་དྭངས་པ་དང་། །དཀར་རྒྱལ་བ་ཡི་དོན་ལ་ཡང་། །བྷ་ནི་འབར་དང་གནས་ཙམ་ལ། །བྷོ་ནི་སྐར་མ་བྷི་ནི་འཇིགས། །བྷཱ་ཞེས་པ་དང་གནས་ཙམ་ལ། །འབྱུང་བར་བྱེད་པ་རྣམས་ལའོ། །བྷ་ནི་བོད་པ་མི་ཟད་པའོ། །ན་བྷནམ་མཁའ་ན་བྷསྨིན། །གྲོ་བཞིན་ཟླ་བ་ཆོལ་ཟངས་དང་། །རྣ་དང་བད་རྩའི་སྐད་པ་དང་། །དབྱར་དུས་རྣམས་ལ་ན་བྷའོ། །ན་བྷི་རྒྱ་སྐར་འཁོར་ལོས་སྒྱུར། །གཙོ་བོ་འཁོར་ལོའི་མཐའ་དང་ནི། །སྲོག་ཆགས་ཡན་ལག་མྱོས་བྱེད་མོ། །ཤུ་བྷ་གྲུབ་པ་ཤུ་བྷཾ་བདེ། །ཤོ་བྷ་མཛེས་དང་གྲིབ་མ་ལ། །བི་བྷུ་སུམ་རྩེན་དབང་ཁྱབ་བདག །ཤམྦྷ་དབང་ཕྱུག་ཚངས་པ་དང་། །མཆོད་འོས་དང་ནི་སྐྲ་ཅན་ལ། །དུནུ་བྷིཙནི་རྔ་བོ་ཆེ། །ལྷ་མིན་ཤོ་ཡི་ཐིག་ལེ་ལ། །ཤ་ར་བྷ་ནི་སེང་གེའི་དབྱེ། །རྐང་པ་བརྒྱད་པ་ཀ་ར་བྷ་སྒྲའི་སྙེ་མར། ཤུ་བྷ་དགེ་བ་བཀྲ་ཤིས་དང་། བདུད་རྩི་མཛེས་པ་འབར་བ་དང་། བདེན་པ་སོགས་སུ་བལྟ་བར་བྱ། །བྷ་མཐའི་སྡེའོ། ༈ །མ་ནི་ཞི་བ་མཱ་ཟླ་བ། །སྒྲ་གཅན་དང་ནི་མ་མོ་དང་། །དགའ་དང་ང་རྒྱལ་འཆིང་བ་དང་། །དགག་པ་ལ་སྟེ་མི་ཟད་པའོ། །མེ་དང་མཾ་ཞེས་པའང་དེ། ཨིཥྛ་འདོད་


JKT017_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དད་དཔྱིད་ལའོ། །ཨུ་མཱ་གོ་རི་དང་ནི་སེར། །མཛེས་དང་གྲགས་དང་དགའ་བ་ལ། །ཨུ་མ་གྲོང་དང་བྱེད་པ་ལ། །གྲྭ་མདབྱངས་དང་གྲོང་བརྡལ་དང་། །སྒྲ་སོགས་སྔ་མ་ཅན་གྱི་ཚོགས། །དྷ་རྨ་འཚེ་མེད་བསོད་ནམས་དང་། །རིགས་པ་མཆོད་སྦྱིན་རང་བཞིན་དང་། །དཔེ་དང་སྡོམ་དང་ཀུན་སྤྱོད་དང་། །རིག་བྱེད་མཐའ་དང་གཞུ་རྣལ་འབྱོར། །ཟླ་བའི་བཏུང་བ་ཅན་བདག་ཉིད། །དྲི་ཡི་རྩ་དང་བསིལ་བ་དང་། །འདུལ་བྱེད་མིན་དང་གཞན་བསྟོད་ལ། །གཤིན་རྗེ་དང་ནི་མཆོད་སྦྱིན་རྩེ། །ཉེ་བར་གནས་པ་ལ་ཡང་ངོ་། །པདྨ་པདྨའི་ཚོགས་དང་ནི། །ཆུ་སྐྱེས་བཀོད་པ་གྲངས་བྱེ་བྲག །སྟེགས་དང་པདྨ་ཅན་ཀླུའི་དབྱེ། །པདྨ་བྷིངྒ་དང་ནི་དཔལ། །བྲཧྨ་དབྱངས་ཅན་འདམ་སྐྱེས་གདོང་། །ཚངས་པའི་ནུས་མ་པཉྩི་ཀཱ། །ཟླ་བའི་ལྕགས་མ་ཡལ་གའི་དབྱེ། །བྷ་མ་ཁྲོ་བ་སྨྲ་དང་འདོད། །ཡ་མ་གཤིན་རྗེ་ཆོས་ཀྱི་རྒྱལ། །ཟུང་དང་ཡང་དག་སྡོམ་དང་ཞྭ། །མཚེ་མ་སྐྱེས་དང་ལུས་དང་བསྒྲུབས། །ལྟོས་པ་མེ་དང་རྟག་པའི་ལས། །ཡ་མ་མཚོན་ཆ་ཡང་དག་འགོག །རསྨིའོད་དང་རྟ་སྲབ་དང་། །མིག་གི་རྫི་མ་ཟེ་འབྲུའོ། །རཱ་མ་སྦྲང་རྩིའི་ཆུང་མ་ལ། །རཱ་མ་ཡིད་སྲུབ་མཛེས་པ་དང་། །ས་སྐྱེས་མྱ་ངན་མེད་པ་ལ། །རཱ་མ་ར་གྷའི་བུ་དང་ནི། །དྲང་སྲོང་ཛ་མ་དགྷའི་བུ། །ཤེལ་འཛིན་ཕྱུགས་ཀྱི་དབྱེ་བ་དང་། །ཤིན་ཏུ་


JKT017_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དུ་འོང་རྣམས་ལ། །རཱ་མཱ་བུད་མེད་མཛེས་པ་ཀུན། །རཱ་མཾ་སྣེའུ་རུ་རྟའོ། །ལཀྵི་དཔལ་དང་ཕུན་ཚོགས་ལ། །སི་མཾ་མཚམས་དང་དུས་དང་ནི། །ཞིང་དང་བྱེད་པ་གནས་ལའོ། །ཀྵེ་མི་འཐོབ་དང་བསྲུང་བ་དང་། །བཀྲ་ཤིས་དང་ནི་ཆོམ་རྐུན་ལ། །ཨུཏྟ་མི་དང་ཨུཏྟ་མཾ། །མཆོག་དང་ཕུལ་དུ་བྱུང་བའོ། །གུ་སུ་མཾ་ནི་མེ་ཏོག་འབྲས། །དུས་སུ་སྐྱེས་དང་མིག་ནད་ལ། །ནི་རྒ་མ་ནི་ངེས་འགྲོ་བློ། །ཕུན་སུམ་ཚོགས་དང་རིགས་ངན་ལ། །ས་ཏུ་མ་ནི་ཆོས་མཆོད་འོས། །མཆོག་དང་ལེགས་པ་ལ་ཡང་ངོ་། །སཾ་བྷ་མ་ནི་གུས་པ་དང་། །སྤྱོད་དང་ལེགས་པ་ལ་ཡང་ངོ་། །སུ་ཁ་མོ་ནི་མཛེས་དང་ལུས། །སུ་ཁ་མ་ནི་གསལ་བ་དང་། །མངོན་པར་གསལ་བ་ལ་ཡང་ངོ་། སྒྲའི་སྙེ་མར། ཧེ་མ་མེ་ཏོག་འཁྲི་ཤིང་༡དང་། ༢ཚུལ་ཁྲིམས་ལྡན་དང་ས་སྐྱོང་དང་༣། །ཡིད་༤འོང་རིན་ཆེན་༥ནགས་༦ཚལ་མདའ་༧། །དགའ་རདང་དྲན་པ་༩འཆི་མེད་གྲོང་༡༠། །༡༡བདེན་དང་ཆོས་དང་༡༣མུ་ཏིག་སོགས། །མ་མཐའི་སྡེའོ། ༈ །ཡ་ནི་རླུང་དང་གྲགས་པ་དང་། །ཐོབ་བྱེད་གཏོང་དང་འགྲོ་བྱེད་ལ། །ཡཱ་ནི་ས་དང་མ་མོ་དང་། །མེ་དང་རྔ་ཡབ་མུ་ཏཱི་དང་། །མུནྠ་ཧྥུ་རྣམས་ལའོ། །གྱོ་ནི་ལྷ་གནས་སྐབས་གསུམ་ལམ། །ཨ་རྒྱ་མཚུངས་ལེན་བྱེད་པ་དང་། །གཞན་དུ་འགྱུར་དང་ཐ་མ་ལ། །ཨརྱམཁས་དང་ནོར་ལྡན་ལའོ། །ཨམྦུརྗེ་བོ་རྗེ་རིགས་ལ། །ཨིཅུ་བླ་མ་འོད་དང་སྦྱིན། །མཆོད་དང་


JKT017_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོགས་དང་གནས་ལའོ། །ཀ་ལྱ་ནམ་ལངས་སྣང་བ་དང་། །ཉིན་མོའོ་ཀ་ལྱཱནད་མེད་དྲུང་། །ཀ་ལྱཱ་སྐྱེས་མཆོག་དགེ་བ་བརྗོད། །ཀཱ་ཡ་ལུས་དང་རང་བཞིན་འདུས། །འབུམ་དང་ལྷ་ལས་བྱུང་བའོ། །ཀྲི་ཡཱ་བྱ་བ་ལས་དང་ནི། །བསམ་དང་རྣམ་པར་དཔྱོད་དང་ཐབས། །རྩོམ་པ་དང་ནི་བསླབ་པ་མཆོད། །གསོ་དཔྱད་མཐར་བྱེད་མ་རྫོགས་པ། །བཱིརླ་ས་བོན་ཉི་ཟླ་དང་། །བརྩོན་འགྲུས་ཚངས་དབང་ཁྱབ་འཇུག་སོགས། །གུཧུཾ་གསང་བ་གསང་གནས་དང་། །ཚུལ་འཆོས་ཆོ་ཤུགས་རུ་སྦལ་ལ། །གུཧྱ་ཡལ་གའི་གྲོང་དང་ཕུག །བྱ་དང་རི་དྭགས་ཚོང་དག་ལ། །གཤང་ལམ་རང་དབང་མེད་དང་ཕྱོགས། །ཙི་ཏྲ་རོ་ཡི་ཁང་པ་ལ། །ཙི་ཏྱཾ་གཤིན་པོའི་མཆོད་རྟེན་ལ། །ཙེ་ཏུ་གནས་གཞི་ཙེ་ཏྱནི། །གཙང་ཁང་ཕྱུར་བུ་ལ་ཡང་ངོ་། །ཙི་ཏུ་སངས་རྒྱས་སྐུ་གཟུགས་དང་། །ཤིང་ལ་ཡང་ནི་ཤིན་ཏུ་བརྟེན། །པུཎྱ་ལེགས་བྱས་ཆོས་དང་ནི། །བསོད་ནམས་ལྡན་ཅིང་ཡིད་འོང་ལ། །སྲི་ལ་དགའ་དང་མྱུར་རྒན་སྨན། །བེ་རྒྱཀུན་མཁྱེན་སྨན་པ་ལའོ། །བྷ་བྱ་ལེགས་དང་སྐལ་ལྡན་བྱེད། །བྷ་བྱི་དོན་འབྲས་དགེ་བ་ལ། །རུང་བ་དང་ནི་ངོ་བོ་ཅན། །བྷ་གྱི་དགེ་བའི་བདག་ཉིད་ཅན། །བསྒྲུབ་དང་དགེ་དང་མི་དགེའི་ལས། །མ་ཡ་བཟོ་བོ་ལྷ་མིན་དང་། །གླང་པོ་ཆེ་དང་རྟ་ལའོ། །མ་ཡུ་རི་དྭགས་མིའམ་ཅི། །མཱ་ཡ་གོས་སེར་ཅན་ལྷ་མི། །མཱ་ཡ་ངན་གཡོ་བརྩེ་བ་དང་།


JKT017_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

དཱ་པ་རཱི་དང་བློ་དག་ལ། །མཱ་ལྕི་མེ་ཏོག་ཕྲེང་བ་ལ། །མུ་མྱི་རིག་དང་དངོས་པོ་ལ། །ས་ཀྱི་བདེན་པ་རྫོགས་ལྡན་དུས། །མནའ་ལའོ་ས་ཏུ་སྐད་དང་། །ས་ཏྟཾ་བདེན་ལྡན་མཚམས་དང་བསགས། །ཆུ་ཀླུང་དབྱེ་བ་ཀུན་འཛིན་དང་། །དམ་བཅའ་བསམ་པ་ཁྲིམས་ལུགས་ལ། །སུརླ་ཉི་མ་འདིའི་ཆུང་མ། །སྨན་གྱི་དབྱེ་བ་ལ་སུརླ། །ཀ་ཡབྲི་དང་བསྐལ་པའི་མཐའ། །གནས་དང་ནད་ཀྱི་ཁྱད་པར་ལ། །ཨརྱ་པ་ནི་ཆད་པ་བཅད། །དཀའ་དང་རིམ་འདས་སྐྱོན་དང་ཉམས། །ཨ་བྷི་ཁྱུ་ནི་སྙན་གྲགས་དང་། །མཛེས་པའམ་དྭངས་པ་མིང་རྣམས་ལ། །ཨུ་ད་ཡ་ནི་ཤར་རི་འཆར། །མངྒལཾ་ནི་བཀྲ་ཤིས་ཤོག །ཡིད་འོང་ལའོ་མངྒ་ལྱ། །དཔལ་འབྲས་དང་ནི་ཨ་ཤཱརྦ། །མ་སཱུ་ར་དང་སྐྱོབས་བྱེད་ལ། །མངྒ་ལྱ་ནི་གསལ་བ་དང་། །མེ་ཏོག་བརྒྱ་པ་ཕྲི་ཡངྐཱ་། །ཐུར་ཡཱས་མེ་ཏོག་ཞི་མ་དཀར། །དུང་གི་མེ་ཏོག་ཤུ་དག་རྣམས། །ས་མ་ཡནི་གྲུབ་མཐའ་དང་། །མནའ་དང་ཀུན་སྤྱོད་ཡང་དག་ཤེས། །ངེས་བསྟན་བྱ་བའི་རྣམ་པ་དང་། །དུས་དང་བརྡ་རྣམས་ལའང་ངོ་། །སོར་ཧཱུཾ་ནི་དྲི་བཟང་དང་། །མཛེས་དང་ཡོན་ཏན་གུས་པ་ལ། །ཧྲི་ད་ཡཾ་ནི་སྙིང་པོ་སྙིང་། །མ་ཧོ་ད་ཡ་ཀུན་འབྱུང་དང་། །བྱང་གྲོལ་བུ་མོ་སྒྱུགས་མོ་ལ། །བི་ཤྭཀེ་ནི་པྲ་ཡཱ་ནི། །པདྨ་དང་ནི་སྐྱོབ་བྱེད་ལ། །ཡ་མཐའི་སྡེའོ། །༈ །ར་ནི་འོད་མའི་མེ་དང་ནོ། །རཱནི་ནོར་


JKT017_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རྫ་ས་གསེར་དག་ལ། །རུ་ནི་སྒྲ་དང་འཇིགས་དང་ཆ། །ཏིང་འཛིན་ཉན་རྒྱུད་པ་ལའོ། །ཤྲཱི་ཞེས་དཔལ་མོ་དབྱངས་ཅན་མ། །མཛེས་དང་ཤེས་རབ་ཐང་ཤིང་དང་། །འཇུག་པ་སྡེ་གསུམ་ཕུན་ཚོགས་པ། །ཨིནྡྲ་བརྒྱ་བྱིན་མུན་པ་ཉིད། །རྣལ་འབྱོར་དབང་པོ་གདེངས་ཀ་ལ། །ཀ་རལག་པ་འོད་ཟེར་བ། །དཔྱ་ཁྲལ་ཆང་ངམ་ཆང་ཚོང་ལ། །ཀར་མདའ་དང་མཚན་མོ་དང་། འདོད་ཆེན་མེ་ཏོག་ཕྲེང་བ་ལ། སྒྲའི་སྙེ་མར་རོ། །ཀཱ་ར་གསད་པ་མ་མོ་རི ངེས་དང་སོ་སོར་འབད་པ་དང་། །སྟོབས་ལྡན་ལའོ་སཱ་ར་ནི། །གཉེན་དང་གྲོང་ཁྱེར་འཆིང་བ་དང་། །གསེར་དང་བྱས་པ་གཟིགས་པ་དང་། །ཕོ་ཉ་མོ་ཉིད་རབ་བརྟན་ལ། །ཀཱི་ར་ལྗོངས་དང་ནེ་ཙོ་ལ། །ཀུན་ཏུ་མི་བདག་ཁྱད་ཟས་དང་། །དཔལ་མགྲིན་དང་ནི་དུག་སེལ་ལ། །གུ་རུ་བླ་མ་སློབ་དཔོན་སོགས། །དབང་སྐུར་པོ་དང་ལྷའི་སློབ་དཔོན། །ཆེན་པོ་ལྕི་བ་རྒས་དཀའ་བ། །ཀུ་རུ་ཟླ་བ་ཉི་མ་དང་། རྒྱལ་པོ་ལྷ་ལའང་བལྟ་བར་བྱ། ཙནྡྲག་བུར་ཀཱམྦིལླ༔ བདུད་རྩི་གསེར་དང་མཛེས་པ་དང་། །འོད་དང་ཟླ་བ་ཚོས་དམར་དང་། །མདོངས་ཐིག་ཚེམས་བསྐྱེད་རྫས་ལའོ། །ཙནྡྷར། སྤྲིན་དང་ཟླ་འོད་པདྨ་སཾ། རུ་བ་ནུས་པ་ལ་ཡང་བཤད། ཏནྟཾ་གཙོ་བོ་གྲུབ་མཐའ་དང་། །ཡོངས་སུ་འགེབས་དང་ཐག་འཐགས་པ། །སྨན་དང་བསྟན་བཅོས་བྱེ་བྲག་དང་། །མཆོག་ཏུ་ནད་མེད་གཉེན་བྱེད་ལས། །ཚིགས་བཅད་བྱེ་བྲག་བསྒྲུབ་བྱ་དང་། །དགོས་པ་གཉིས་སྒྲུབ་དག་ལའོ། །ཞེས་པའང་སྣང་ངོ་། །ཐོས་པ་ཡལ་


JKT017_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གའི་ཁྱད་པར་དང་། །རྒྱུ་དང་ཡོངས་སུ་འགེབས་པ་དང་། །སྲད་བུ་ལྡན་དང་རྐྱང་པ་མཆོག །གྲུབ་པ་དང་ནི་གྲུབ་བྱེད་ཐབས། །ཏནི་རིགས་དང་ཡོན་ཏན་དང་། །ཚིགས་དང་གུ་རུ་ཙི་དང་ནི། །མིག་དང་རབ་ཏུ་རིངས་པ་ལ། །ན་ར་ས་དང་རྒྱལ་བ་མི། །པ་ཏྲ་ཁང་པ་ནགས་ཚལ་དང་། །ནོར་དང་ལོངས་སྤྱོད་རྣམས་སུ་དྲན། །མཧཱུ་ར་ནི་ཟླ་བ་སྤྲིན། །རྒྱ་མཚོ་འཁྲི་ཤིང་རྨ་བྱ་སོགས། །ནེ་ཏྲ་མིག་དང་ཤིང་གི་ཚྭ། །སྲུབ་ཐག་ཤིང་རྟ་གར་མཁན་ལ། །བྷ་དྲ་འཕྲོག་བྱེད་དགའ་སྤྲོད་དང་། །ཤེར་དང་མ་རུ་ཀ་དན། །གླང་པོའི་གཙོ་བོ་ལེགས་པ་ལ། །བྷ་དྲོ་བྱེད་པའི་དབྱེ་བ་དང་། །གྲྭ་སྒང་བདེ་བ་གསེར་རྣམས་ལ། །བྷ་དྲ་འདོར་བྱེད་སྨན་དང་ཕྲ། །མ་གུག་པ་དང་ཀཟླ་ལ། །བྷ་ར་ཤིན་ཏུ་ཕུལ་བྱུང་ཁུར། །བྷ་རུ་སྤུན་ཟླ་གསེར་ལའོ། །མནྟརིག་བྱེད་ཁྱད་པར་དང་། །གསང་བ་སྨྲ་དང་ལྷ་སོགས་སྒྲུབ། །བཛྲ་དབྱིག་དང་གནམ་ལྕགས་དང་། །བྱིས་སྦ་དག་དང་སྒྱུ་རུརའོ། །རྣལ་འབྱོར་བྱེ་བྲག་ལ་བིཛྲ། །བཛཱི་སླེ་ཏྲེས་གྲོགས་ཀྱི་དབྱེ། །ཀྵེ་ཏྲ་ཡིད་དང་རྡུལ་དག་ལའོ། །ཤ་ཏྲི་བདེ་སོགས་བདག་པོ་སྤྲིན། །ཤཱསྟི་བཀའ་དང་བསྟན་བཅོས་ལ། །བཛྲ་ལུས་དང་སྙིང་པོ་ལ། །ཤུ་ཀྲྀ་ཁུ་བ་ཡིད་ནད་དང་། །དཀར་པོ་ལའོ་ཤུ་བྷཾ་སྤྲིན། །རབ་ཏུ་གསལ་དང་དཀར་པོའོ། །ས་ཀྲྀ་མཐུག་པོ་དང་ནི་ས། །ནགས་ཚལ་རྣམས་ལའོ་སཱ་རོ་ནི། །རིགས་དང་ཆུ་དང་ནོར་ལའོ། །སུ་ར་ལྷའོ་


JKT017_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རཱ་ནི། །ཆང་དང་བཏུང་བ་སྣོད་དག་ལ། །ཧ་རི་ཁྱབ་འཇུག་ཉེ་དབང་འོད། །ཟླ་བ་རླུང་དང་དབང་པོ་མེ། །གཤིན་རྗེ་སྦྲུལ་དང་སྦལ་བ་སྤྲེལ། །རྟ་དང་ནེ་ཙོ་འཇིག་རྟེན་དབྱེ། །དམར་སེར་དང་ནི་སེང་གེ་ལ། །སེར་དང་ལྗང་གུ་ལ་ནི་མོ་འང་། གཉིས། །ཀ་ར་སྤྲིན་དང་ཁཱ་རཾ་ཆུ། །ཀྵ་ར་འཆིང་བུ་ཐལ་བ་དང་། །བཅུད་དང་ངན་པ་ལན་ཚྭ་ལ། །ཀཱི་ར་འོ་མ་ཆུ་དག་ལ། །ཀྵེ་ཏྲ་ལུས་དང་ཆུང་བ་དང་། །ཟོར་བ་ཞིང་ས་གྲུབ་གནས་ལ། །ཨོཾ་གཱ་ར་ནི་མི་ཤེས་དང་། །བཀྲ་ཤིས་དང་ནི་མ་ཕམ་པ། །ཨན་རཾ་ནི་དབྱེ་བ་དང་། །ཁྱད་པར་ཅན་དང་གོ་སྐབས་གཞན། །བདག་དང་བདག་གི་བྲལ་བ་དང་། །ནང་དང་ཕྱི་དང་བར་དང་མཚམས། །སྨད་གོས་མི་སྣང་བ་དང་མཚུངས། །དེ་ཡི་དོན་ཉིད་སྐབས་སུའོ། །ཨ་མ་ར་ནི་ལྷ་རུས་པ། །བསྡུས་པ་རྡོ་རྗེ་ལྗོན་ཤིང་ལ། །ཨ་སུ་ར་ནི་སྲིན་པོ་མེད། །ལྷ་མིན་ཉི་མ་དག་ལའོ། །ཨཀྟ་རོ་ནི་ཚངས་པ་དང་། །ཐར་པ་ཡི་གེ་དག་ལའོ། །ཨཱཀྵ་རི་ནི་སྐྱེ་དང་གནས། །ངེས་པར་གཙོ་བོ་འདོད་པར་བཤད། །ཨཱདྷ་རྟགས་གསུམ་ར་ནི་འོག་གཞི་དང་། །མཆུ་དང་དམན་ཕོ་པ་རྣམས་ལའོ། །ཨ་ཧཱ་ར་ནི་བཟའ་བ་དང་། །ཟ་བ་འཕྲོག་དང་བསྡུས་པ་ལ། །ཨི་ཏ་ར་ནི་དམན་པ་དང་། །གཞན་དང་གྲུབ་དང་ནད་མེད་གྱུར། །ཨཱི་ཤཱ་ར་ན་ནོར་ཕུན་ཚོགས། །ཞི་བ་རྗེ་བོ་ཡིད་བསྲུབས་ལ། །ཨཱི་ཤྭ་རཱི་ནི་རྗེ་མོ་དང་། །དཀར་མོ་


JKT017_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མོ་རྒན་བྱེད་མོ། །ཨུཏྟ་ར་ནི་ཚིགས་མཐའ་དང་། །རྒྱལ་པོའི་སྲས་མོ་དག་ལའོ། །ཨུཏྟ་རརྟགས་ནི་བྱུང་གསུམ་བྱང་དང་སྟེང་། །ཕྱི་མ་དང་ནི་བླ་མའོ། །ད་རུ་ར་ནི་སྦལ་བ་དང་། །ཆུ་སྦྱིན་དང་ནི་སིལ་སྙན་དང་། །སྣོད་དང་རི་ཡི་དབྱེ་བ་ལ། །ད་རཱུ་རཱ་ནི་ཟླ་འོད་ལ། །སཱ་མ་ར་ནི་དམན་དང་རྨོངས། །མཁའ་ལ་གནས་པ་ལ་ཡང་ངོ་། །ཁཾ་དྷུ་རཱ་ནི་མཁའ་འགྲོ་ལ། །ངང་པ་དང་ནི་བུད་མེད་མཆོག །མནྡཱ་ར་ནི་མཚོན་བྱེད་དང་། །མཛེ་དང་བསྲུབ་པར་བྱེད་པ་ལ། །བི་ཧྭ་ར་ནི་འཁོར་བ་དང་། །ཕུང་པོ་བདེར་གཤེགས་རོལ་པའི་གནས། །སཾ་སྐུ་ར་ནི་ཉམས་མྱོང་དང་། །ཀུན་རྟོག་དང་ནི་སོ་སོར་འབར། །ཨ་ནུཏྟ་ར་གཙོ་བོ་མིན། །སྟེང་མིན་ཕྱི་མིན་བླ་མེད་ལ། །ཨ་བྷི་ཧ་རམངོན་སྤྱོད་དང་། །ཆོམ་རྐུན་ལས་དང་གོ་མ་གྱོན། འགྱུར་བཅོས། །ཨཱ་ལཾ་ཀཱ་ར་རྒྱན་དང་ནི། །དཔེ་དང་ཡོན་ཏན་དག་ལའོ། །ཨ་བི་བ་ར་སྔགས་ཀྱི་དབྱེ། །རབ་ཏུ་བསྟོད་དང་ཆར་དག་ལ། །ཨ་བ་ཧ་ར་གདོན་ཆོམ་རྐུན། །འཁྲུགས་པ་རྒྱན་བོ་སོགས་རྣམས་འཁོར། །ཨུ་དུམྦ་ར་སྐྱེ་བོ་འབྲས། །ལུས་འཛིན་ཡང་བའི་གྲོགས་པོ་ལ། །ཨུ་བ་ཀ་ར་མེ་ཏོག་སོགས། །འཐོར་དང་འཕེན་པར་བྱེད་པ་ལ། །པ་རཾ་པ་ར་བརྒྱུད་དང་ནི། །ཡོངས་སུ་བརྒྱུད་དང་གནོད་པ་ལ། །མ་ཧཱ་བི་ར་མཁའ་ལྡིང་དང་། །དཔའ་བོ་མགྲིན་ལྡན་སྒྲ་དང་ཐོག །སྤྲེའུ་ཉི་མ་ཁ་ཡི་མེ། །ཛ་


JKT017_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཊ་ཀ་རྣམས་ལའོ། །སྒྲའི་སྙེ་མར། ས་མུ་དྲ་ནི་རྒྱ་མཚོ་དང་། འཇིག་རྟེན་འདོད་ལྷ་ཉི་ཟླ་དང་། །ཁྱབ་འཇུག་སྤྲིན་དང་ནགས་ཚལ་འཐུག །རླུང་དང་དགའ་བ་སོགས་སུ་དྲན། །རེ་ཕའི་མཐའི་སྡེའོ། ༈ །ལཱ་ནི་དབང་པོ་ལ་ཞེས་པ། །སྦྱིན་པ་དང་ནི་འབྱར་བ་ལ། །ལི་ནི་ཐིམ་པ་ལ་ཡང་ངོ་། །ལུ་དང་ལུ་ནི་གཅོད་པ་ལ། །ཨ་ལཱི་བུང་བ་དང་ནི་ཆང་། །ཨི་ལཱི་བ་ལང་ས་བདུད་རྩི། །དབྱངས་ཅན་ཟླ་བ་བུད་མེད་ལ། །ཀ་ལིརྩོད་པའི་དུས་དང་ནི། །འཁྲུགས་པ་རྩལ་ལྡན་ཀུ་ཅོ་ལ། །ཏ་ལ་རོལ་མོ་ཏ་ལཾ་ནི། །རལ་གྲིའི་ཆང་ཟུང་ཐལ་མོ་དང་། །ནགས་དང་བྱེའུ་དབྱངས་ཆུ་འཛིན། །ཏུ་ལཱ་ཁྱིམ་དང་སྲང་རྒྱ་དང་། །འཇལ་བྱེད་སོགས་ཀྱི་དབྱེ་བ་དང་། །ཁྲེའུ་དང་ནི་སྣོད་ལའོ། །ཀ་མདུས་དང་འཆི་བ་ལ། །ནག་པོ་ཆེ་དང་གཤིན་རྗེ་དང་། །ཟ་བྱེད་དང་ནི་ནག་པོ་ལ། །ཕ་ལཾ་ལོ་ཐོག་རྒྱུས་ཀུན་དང་། །འབྲས་བུ་རྣམས་སྐྱེད་རྙེད་པ་དང་། །ཛ་ཏི་ཕ་ལ་ཀ་ཀོ་ལ། །མདའ་ཡི་རྩེ་མོ་ཕུབ་ལའང་། །འབྲས་གསུམ་འབྲས་ལྡན་འབྲས་བུ་ཅན། །ཕ་ལཾ་སྙིང་པོ་འཇིག་རྟེན་དང་། །རས་བལ་སོགས་དང་གོས་དང་ནི། །བ་ལགཤོལ་ལྡན་ལྷ་མིན་དང་། །ལུས་དང་བྱ་རོག་གཏོར་ལྡན་ལ། །མཱ་ལ་མེ་ཏོག་ཆུན་པོ་ཕྲེང་། །མུ་ལཾ་གདོད་མའི་ཤིང་རྩ་བ། །རྒྱུ་སྐར་ནགས་ཀྱི་རི་བོ་ལ། །མོ་ལིའདུས་དང་འདྲེས་པ་དང་། །ཆོས་ལྡན་དང་ནི་གཙུག་ཕུད་དང་། །མྱ་ངན་མེད་པའི་ཤིང་ཅོད་པན། །ལཱི་


JKT017_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྩེ་དང་ཀུ་རེ་དང་། །སྒེག་དང་མཚོན་དང་བྱ་བ་དང་། །འཁོར་ལོ་མ་ལུས་པ་ལ་ཡང་། །ཤཱི་ལཾ་རང་བཞིན་ལེགས་སྤྱོད། སྤྱོད་པ་མཆོག །ཁུ་བ་དཀར་པོ་རྣལ་འབྱོར་ལ། །ཤུཀྵ་གཟུགས་ཅན་དཀར་པོ་དང་། །ཡོན་ཏན་ལྡན་པ་ཉིད་ལའོ། །ཨི་ཧྭ་ལ་ནི་ཉ་དང་ནི། །ལྷ་མིན་རབ་དབྱེ་སྒེག་དང་འབར། །ཨུཛྫ་ལ་ནི་འབར་གསལ་རྒྱས། །ཨུཏྤ་ལཾ་ནི་ཨུཏྤལ་དང་། །རུ་རྟ་དང་ནི་ཤ་མེད་ལ། །ཀ་ད་ལཱི་ནི་སྒྲ་སྙན་དང་། །ལྗོན་ཤིང་དང་ནི་རི་དྭགས་དབྱེ། །མེ་དང་ཁྱེ་དང་སེར་སྒོའོ། །ཀ་མ་ལཾ་ནི་ཆུ་སྐྱེས་དང་། །ཆུ་དང་ནམ་མཁའ་ཟངས་ཕོ་མིན། དང་སྨན། །ཀ་མ་ལ་ནི་རི་དགས་དབྱེ། །ཀ་མ་ཀུ་རང་གཟེར་བའི། ལཱ་ནི་དཔའ་མོ་ལ། །ཀུ་ཤ་ལ་ནི་ཡང་འཐོབ་དགེ། །བསོད་ནམས་བསླབ་པ་རྟགས་གསུམ། མཆོད་སྦྱིན་ལ། །ཀེ་བ་ལཱ་ནི་རེ་རེ་དང་། རྟགས་གསུམ། འབའ་ཞིག་པ་དང་ཀུ་ཧ་ན། །ཀེ་བ་ལཾ་ནི་གཏན་ཕབ་དང་། །ཡེ་ཤེས་དབྱེ་བ་དག་ལའོ། །ཀ་མ་ལ་ནི་ཤིང་རྟ་དང་། །ངང་པ་ཉི་ཟླ་ཐུབ་པ་མཆོག །རིན་ཆེན་ནོར་བུ་ཆུ་བོར་བཤད། །སྒྲའི་སྙེ་མ་ལས་སོ། །ཙ་བ་ལཱ་ནི་པདྨ་དང་། །གློག་དང་པི་པི་ལིང་ལའོ། །ཛཾ་ག་ལ་ནི་ཆུ་མེད་པའི། །ཡུལ་དང་དགོན་དུང་པ་ལའོ། །དུ་ཀཱུ་ལཾ་ནི་ཕྱེད་པ་དང་། །ཟར་མའི་རས་དང་གོས་ཕྲ་མོ། །ནཱི་བྷི་ལཾ་ནི་ལྟེ་བ་ཡི། །སྙིང་པོའི་གནས་དང་ཙི་ཀ་ཎ། །ཅོ་ག་ལའོ་ནི་ཅུ་ལ། །གོས་མེད་དང་ནི་ཆུ་ཤིང་ལ། །ནི་རྨ་ལཾ་ནི་


JKT017_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་དང་། །སྤྲིན་དཀར་དང་ནི་དྲི་མ་བྲལ། །པཱ་ཊ་ལཱ་དང་བཱ་ཊ་ལཱི། །ཤིང་དང་མེ་ཏོག་དག་ལའོ། །པི་ག་ལ་ནི་ཐུབ་པ་དབྱེ། །མེ་དང་འོད་གཏུམ་འོད་དཀར་པོ། །གཏེར་གྱི་དབྱེ་བ་སྤྲེའུ་ལ། །པིངྒ་ལ་ནི་འོད་ཟེར་དང་། །གནོད་པ་འཇུག་གི་བྱ་མིའུ་ཐུང་། །ཁེ་ཤ་ལནི་མཛེས་དང་སྦྱང་། །བཟང་དང་འཇམ་དང་ཚུལ་ཁྲིམས་ལ། །མངྒ་ལ་ནི་དུརྦ་དཀར། །མངྒ་ལ་ནི་མ་ཡི་བུ། །མངྒ་ལཾ་ནི་ལེགས་བཀྲ་ཤིས། །དེ་བཞིན་ནོར་བསགས་བསྲུང་བ་ལ། །མཎྜ་ལ་ནི་དཀྱིལ་འཁོར་དང་། །སྙིང་པོ་གཞལ་བྱ་ལ་ཡང་ངོ་། །བི་མ་ལཱ་ནི་དྲི་མེད་བསིལ། །ས་ཡི་དབྱེ་བ་དག་ལ་ཡང་། །ཤ་ཡ་ལུ་ནི་ཚུལ་ཁྲིམས་གཉིད། །བི་ཤ་ལ་ནི་ཤིང་དབྱེ་དང་། །ཡངས་པ་དང་ནི་རྒྱ་ཆེ་བ། །བེ་ཤ་ལ་ནི་ཆུ་བལ་དང་། །པདྨའི་ཤིང་དང་མཆོད་པ་ལ། །ཁ་ཏཾ་མ་ལཱ་དུ་བ་སྤྲིན། ལ་མཐའི་སྡེའོ། ༈ །ཝ་ནི་བུམ་པ་ཆུ་ལྷ་དང་། །ཉིན་མོ་དང་ནི་རང་དབང་ལ། །བཱ་ནི་མདའ་དང་མདུང་དང་རླུང་། །བི་ནི་བྱ་དང་ནམ་མཁའ་ལ། །སྲ་ནི་བདག་དང་གཉེན་འདུན་དང་། །བདག་གི་བ་ཡི་ནོར་ལའོ། །ཀ་བི་སྙན་ངག་མཁན་པོ་དང་།། །།པ་བ་སངས་དང་གྲོགས་མཁར་ལ། །བྱི་དང་སྙན་ངག་བྱེད་པ་ལའོ། །དི་བོ་མཐོ་རིས་བར་སྣང་ལ། །དེ་བ་རྒྱལ་པོ་ལྷ་དང་སྤྲིན། །དེ་བི་དབང་པོ་ལ་ཡང་ངོ་། །བྷ་བ༔དཔལ་མགྲིན་འཁོར་བ་དང་། །བདེ་ལེགས་ལེགས་ཐོབ་སྐྱེ་བ་ལ། །


JKT017_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱ་བརང་བཞིན་ལེགས་སོགས་དང་། །བསམ་པ་སེམས་ཅན་བདག་དང་སྐྱེས། །བྱ་བ་སྒེག་པ་དངོས་པོ་དང་། །ཚིག་དོན་གནས་ཀྱི་ཁྱད་པར་ལ། །སྐྱེ་བ་རྟོག་པ་འབྱོར་པ་དང་། །གར་དང་ཁྲུས་དང་མཁས་པ་ལའང་། །བི་ཤྭ་སྣ་ཚོགས་ཐམས་ཅད་དག །ཕྱེ་མའི་བཏུང་བ་ལ་ཡང་ངོ་། །ལ་བ་ཆ་ཤས་སྒེག་པ་དང་། །གཅོད་དང་སྦྱིན་དང་དགའ་བྱེད་དགའ། །ཤི་བའཕྲོག་བྱེད་རྣལ་འབྱོར་དབྱེ། །ལྷ་དང་ཕུར་བུ་བྱེ་མ་དང་། །གུ་གུལ་དང་ནི་པད་དཀར་ཤིང་། །ཤི་པཾ་ཐར་པ་བདེ་བ་ཆུ། །བཅོས་བཟང་པོ་ཤི་བཱ་དཀར་མོ་དང་། བཅོས་སྒྱུ་རུ་ར་དང་ཀེ་ཀེ་རུ། །སྒྲའི་སྙེ་མར། ཤི་བཱ་དབང་ཕྱུག་ཞི་བ་ནོར། །དུས་དང་དགེ་ལེགས་རྣམས་སུ་དྲན། ཛ་ཊཱ་མཱ་ལ་ལམ་དང་ནི། །ལྕེ་སྤྱང་དང་ནི་ཤཀྟའི་འབྲས། །ས་ཏྭཾ་སྐྱེ་བོ་སེམས་ཅན་དང་། །སྲིད་པ་སྲོག་ཆགས་བདག་ཉིད་དངོས། །རྫས་དང་སྟོབས་དང་ཤ་ཟ་དང་། །ཚོང་པའི་རྫས་དང་བརྩོན་པ་སྲོག །ཡོད་དང་ཡོན་ཏན་འབྱོར་པ་དང་། །རང་བཞིན་དང་ནི་མཐའ་ལའོ། །ཨཏྟ་བི་ནི་མེ་ཏོག་དང་། །རྡུལ་དང་དུས་དང་འབྱུང་པོ་ལ། །ཨ་བྲ་བ་ནི་དམ་བཅའ་དང་། །ཉོན་མོངས་ཚིག་དང་གནས་པ་ལ། །ཨུཏུ་བནི་དགའ་སྟོན་དང་། །འདོད་དང་རབ་འབྱམས་ཁྲོ་བ་ལ། །རཱཎཱ་བ་ནི་གར་དང་རྩེ། །མཐོ་རིས་བར་སྣང་སུམ་རྩེན་དང་། །སུམ་རྩེན་མ་དང་རིག་བྱེད་དབྱེ། །ནིཥྚ་བ་ནི་ཉི་མ་རླུང་། །ཀ་ཌམྦདྨ་ར་


JKT017_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི། །རྣམ་པར་རྟོག་པ་མེད་པ་ལ། །པྲ་བྷ་བ་ནི་མངལ་ནས་ཐར། །བྲམ་ཟེ་རྣམས་དང་མེ་ཏོག་འབྲས། །ཕན་ཚུན་གྲོགས་དང་འགལ་བར་སྐྱེས། །པྲ་བྷཱ་བནི་ནུས་གཟི་བརྗིད། །དང་པོ་ཐོབ་དང་གནས་ལའོ། །སཾ་བྷ་བ་ནི་འབྱུང་བ་དང་། །དྲན་པ་རྒྱུ་དང་སློང་བ་དང་། །འདུས་དང་ཤིན་ཏུ་ཐ་དད་དང་། །རྟེན་དང་བརྟེན་པ་དག་ལའོ། །ཝ་མཐའི་སྡེའོ། ༈ །ཤ་ནི་མཚོན་ཆའི་བརྒྱ་དང་འཚེ། །ཤམ་ནི་ཆོས་དང་ཤཱ་སྟོན་པ། །ཤཱི་ནི་གཉིད་ལོག་པ་དང་ནི། །རྟག་ཏུ་གཉིད་ལོག་པ་ལའོ། །ཨ་ཤཱ་འདོད་དང་མེད་པ་ལ། །ཕྱོགས་དང་མཆུར་རིང་བ་རྣམས་ལའོ། །ཨཱི་ཤྭ་ཀུ་ཤ་ག་ལའི་དབྱུག །དབང་ཕྱུག་དང་ནི་གཙོ་བོ་ལ། །ཨོཾ་ཤུ་འོད་དང་ཉི་མ་ཆ། །ཀུ་ཤདག་བྱེད་བུ་དང་གླིང་། །སྦྱོར་བའི་དབྱེ་བ་རྩྭ་ལའོ། །ཀུ་ཤཾ་ཆུའོ་ཀུ་ཤཱི་ནི། །བརྫ་ཀུ་ཤི་དུས་རབ་བསྒྲགས། །ཀེ་ཤ་སྐྲ་དང་ངོ་ཚ་ནི། །ལྷ་མིན་དབྱེ་བ་ཆུ་ལྷ་ལ། །ཀླུ་ཤ་སྡུག་བསྔལ་ཆགས་སོགས་དང་། །བྱ་བ་སཱ་ལ་ཡང་བལྟའོ། །དརྣ་མཐོང་བ་ཉི་ཟླ་འགྲོ །ཕྱོགས་མཐའ་ཁ་ཁྱེར་ཟླ་བ་ལ། །དེ་ཤ་དབང་བྱེད་ཆ་ཤས་དང་། །ལས་ཀྱི་རྣམ་པར་སྨིན་པ་དང་། །དྲི་ཤ་མཐོང་བ་བློ་དང་མིག །ཤེས་དང་མཐོང་བ་རྟོག་དཔྱོད་ལ། །ཨཱ་དན་ནི་མེ་ལོང་དང་། །རྒྱས་བཤད་སོ་སོའི་གླེགས་བམ་ལ། །ནི་རྗེ་ཤནི་གླ་རྔན་དང་། །ལོངས་སྤྱོད་དང་ནི་རྨོངས་པ་ལ། །ནིརྡེ་ཤ་ནི་


JKT017_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཉིད་དང་། །སྟོན་པ་དང་ནི་འཆད་པ་ལ། །ནི་སྦི་ཤ་ནི་བརྩེ་མེད་དང་། །རལ་གྲི་གསལ་བ་ངེས་དང་མཉམ། །པྲ་ཀཱ་ཤ་ནི་རབ་གྲགས་པ། །རབ་ཏུ་བཞེད་དང་ཉི་འོད་གསལ། །ཤ་མཐའི་སྡེའོ། ༈ །ཥ་ནི་གཙོ་བོ་ལ་འདོད་དེ། །ཎི་ནི་མངལ་ནས་གྲོལ་བའོ། །རི་ཥི་འོད་འབར་རིག་བྱེད་དང་། །དྲང་སྲོང་གནས་འཇུག་ལ་སོགས་པའོ། །གྷོ་ཥ་མེ་ཏོག་བརྒྱ་པ་དང་། །དབྱངས་ལྡན་དང་ནི་འབྲུག་སྒྲ་ལ། གྷོ་ཥ་སྒྲ་ལྡན་འཇིགས་པ་དང་། །སུ་ན་བྷི་ཏ་ལྕུག་མ་ལའོ། །ཀོ་ཥ་ལྷ་རྫས་ནོར་དོན་མཐུན། །སྒྲ་སྒྲོགས་མེ་ཏོག་ཤིན་ཏུ་རྒྱས། །ཛཱ་ཏི་ཀོ་ཥ་ཁ་མ་བྱེ། །སྣོད་དང་རལ་གྲིའི་ཤུབ་བང་མཛོད། །དོ་ཥ་སུན་འབྱིན་སྡིག་པ་སྐྱོན། །མཚན་མོ་དང་ནི་ལག་པ་ལ། །སོ་ཥ་ཟླ་བའི་བྱེ་བྲག་དང་། །རྒྱལ་དང་གྲུབ་པ་ཟླ་རྒྱལ་ལ། །བི་ཥ་བོང་ང་དཀར་པོ་དང་། །བི་ཊཾ་དུག་དང་ཆུ་ལ་ལོ། །ཤེ་ཥ་སྤྱི་བླུགས་ལྷག་མ་ལ། །ཤེ་ཥ་མཐའ་ཡས་ཁྱད་པར་དང་། །དྲི་མེད་དབྱེར་མེད་ལ་ཡང་ངོ་། །ཛི་ཧཱི་ཥ་ནི་རྒྱལ་འདོད་དང་། །ཅུང་ཟད་དགོད་པ་དག་དང་ནི། །ཕུལ་དུ་བྱུང་དང་མཐའ་ལའོ། །ཏི་བི་ཥ་ནི་གསེར་དང་སྤྲིན། །ཨུཏྟི་ནི་མགོ་དཀྲིས་དང་། །ཅོད་པན་གཙུག་ཏོར་ཁྱད་པར་ལ། །པུ་རུ་ཊ་ནི་བཀྲ་བ་གཙུབ། །པ་བཅོལ་རྗོད་པར་བྱེད་པའོ། །པུ་རུ་ཥནི་ཀླུ་ཤིང་དང་། །སྐྱེས་བུ་དང་ནི་མཆོག་བདག་ལའོ། །སོ་རུ་ཥཾ་ནི་


JKT017_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་བརྗིད་དང་། །སྐྱེས་བུའི་དངོས་པོ་ལས་ལ་ཡང་། །བྲ་དོ་ཥ་ནི་སྐྱོན་ལྡན་མ། །སྲོད་དང་མཚན་མོའི་སྒོ་མའོ། །ནནྡེ་གྷོ་ཥ་པ་རོལ་གནས། །བསྟོད་པ་དང་ནི་དབྱངས་བྱེད་པ། །པ་རི་གྷོ་ཥ་བརྗོད་བྱ་དང་། །ངེས་པར་སྒྲོགས་དང་འབྲུག་སྒྲོགས་ལ། །བཱ་ཏ་རུ་ཥ་རླུང་ཚུབ་དང་། །སྒྲ་འགྲེང་བ་དང་བརྒྱ་བྱིན་གཞུ། །ཥ་མཐའི་སྡེའོ། ༈ །ས་ནི་དཔལ་དང་དོན་དཔལ་མོ། །སི་ནི་ཁ་ལོ་སྒྱུར་བ་ལ། །སེ་ནི་དཔལ་མོའི་བུ་དགའ་བོ། །སོ་ནི་སྙེམས་བྱེད་མ་མ་ལ། །བ་སྲུདཔལ་སྦྱིན་བུ་ག་མེད། །རིགས་དང་བདེ་བ་ལྷའི་ཁྱད་པར་ནོར་ལྷ། །ཤིང་དང་སྨན་རྟགས་གསུམ། དང་རིན་ཆེན་དང་། །སྲབ་སྐུར་མོ་དང་ནོར་དང་ནི། །སྙན་དང་ཁུར་དང་མཐུ་དང་མཛེས། །མེ་དང་འབར་བ་དང་ནི་འོད། །མངར་བ་ལ་ནི་རྟགས་གསུམ་པ། །ཉི་མ་དང་ནི་ས་གཞིར་བཤད། སྒྲའི་སྙེ་མར་རོ། །མཱ་༡ས་ཤ་དང་སྤང་སྤོས་དང་། །ཀཞོ་ཡི་དང་རལ་པ་ལ། །མཱ་ས་ཟླ་བ་འཇལ་བྱེད་དག །ལཱ་སི་སྦྲང་རྩིའི་མི་སི་ནི། །མེ་ཏོག་བརྒྱ་པ་ཇ་མཱ་ནི། །ར་ས་རོ་བཅུད་ཏིཀྟ་སོགས། །སྒེག་པ་སོགས་དང་ཁུ་བ་དུག །དངུལ་ཆུ་རྡུལ་དང་ཁམས་དང་ཆགས། །བོ་ལ་མར་དང་ལུས་ལའོ། །བཱ་ས་ཁྱིམ་དང་གནས་སྐབས་དང་། །ཤི་ས་བརྗོད་དང་འདོད་པ་ལ། །ཧི་ས་ཆོམ་རྐུན་སོགས་དང་གནོད། །ཧཾ་ས་ཉི་མ་མཱ་ར་ལ། །ཁྱབ་འཇུག་ལུས་ཀྱི་རླུང་དང་ནི། །མ་བརྐམས་རྒྱལ་པོ་མཆོག་གི་བདག །རྣལ་འབྱོར་


JKT017_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྔགས་དབྱེ་བ། །སེར་སྣ་རྟ་ཡི་ཁྱད་པར་ལ། །ཨ་བྷུ་ས་ནི་དིང་འདི་བཞིན། །ཡང་དག་ཞགས་དང་ཡོན་ཏན་དང་། །ཕོངས་དང་འདོད་པ་མ་ལུས་ལ། །ན་བྷས་་ནམ་མཁའ་ན་བྷས་སྤྲིན། །པད་རྩའི་སྐུད་པ་གྲོ་བཞིན་ཟླ། །སྣོད་དང་བཟེད་ཞལ་རྣམས་ལའོ། །པ་ཡས་འོ་མ་ཆུ་དག་ལ། །པཱ་ཡ་ས་ནི་དཔལ་གནས་ལ། །པཱ་ཡཾ་སཾ་ནི་ཟས་ཀྱི་མཆོག །མ་ནས་སེམས་དང་ཉེ་བ་ལ། །མ་ནས་དགའ་སྟོན་གཟི་བརྗིད་དག །ར་ཛས་ཟླ་མཚན་ཡོན་ཏན་དང་། །ཕ་རོལ་སོན་དང་རྡུལ་ལའོ། །བི་དཱན་ནི་བདག་ཉིད་རིག་པ། །ཤེས་རབ་ཅན་དང་མཁས་པ་ལའོ། །ཤེ་ཡས་ཆོས་དང་བཀྲ་ཤིས་དང་། །དཔལ་གནས་ཁྱབ་འཇུག་པདྨ་དང་། །ཐེ་ཡནྡྲ་ནི་ཤིས་དང་ཞི། །ས་མ་ས་ནི་མདོར་བསྡུས་དང་། །སྙིང་དང་བདུག་སྤོས་ནུས་པ་ལ། །ནིཤེ་ཡ་སཾ་དགེ་བ་དང་། །གྲོལ་བ་ངེས་ལེགས་འཕྲོག་བྱེད་ལ། །སུ་མེ་དྷས་ནི་གསལ་ལྡན་ལ། །བློ་གྲོས་བཟང་པོ་དབང་པོ་ལ། །ས་མཐའི་སྡེའོ། ༈ །ཧ་ནི་ཁྲོ་མདངས་བཅས་པ་ཡི། །གྲུང་པོ་དང་ནི་རྡོ་རྗེ་ལ། །ཧི་ནི་དབང་པོ་བུ་ལའོ། །ཨ་ཧི་ལྷ་མིན་བྲྀཏྟ་སྦྲུལ། །གྲི་ཧ་བད་པ་ཆུང་མ་དང་། །འཛིན་འཁྲི་འཛིན་པ་དོ་ཤལ་ལ། །གྲ་ཧ་ཉི་མ་ལ་སོགས་དང་། །གདོན་དང་ཉི་ཟླ་གཟའ་འཛིན་དང་། །གཡུལ་དང་ཨུརྱ་མ་དང་ནི། །རྗེས་སུ་འཛིན་དང་དགའ་བྱེད་སོགས། །སེང་གེ་མོའི་


JKT017_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བདུན་པ་འཛིན། །ཧཱ་ཧཱ་འཆིང་བ་བརྩེགས་པ་དང་། །ཡངས་པ་གླང་པོའི་རྐང་པ་ཚིགས། །མ་ཧཱ་དགའ་སྟོན་གཟི་བརྗིད་ཆེ། །མ་ཧཱི་ས་དང་ཆུ་ཀླུང་དང་། །རྨོངས་དང་དགའ་བ་དག་ལའོ། །ཨ་ཧཾ་བློ་གྲོས་།། རྨོངས་པ་ལ། །ས་ཧ་སྟོབས་དང་བཟོད་པ་ལ། །མུན་བཎི་རྣ་ཁ་སྨན། །ས་ཧ་ལྷ་མོ་གཞོན་ནུ་མ། །བཟོད་པ་དང་ནི་ལྡན་པའོ། །ཧ་མཐའི་སྡེའོ། ༈ །ཀྵ་ནི་སྲིན་པོ་ཞིང་ཙམ་ལ། །ཨཀྟ་འཁོར་ལོ་ཤོ་ལའོ། །། །ཤིང་རྟ་བ་རུ་ར་ཡཾ་ཤིང་། །ཀུན་སྤྱོད་ཐ་སྙད་བསམ་པ་ལའོ། །རིཀྵ་དོམ་དང་དམར་པོ་དང་། །བྱས་པ་དང་ནི་ནོར་ལའོ། །ཀཀྐཱསི་རི་བྷ་དང་ནི། །མཆན་འོག་དང་ནི་རྩ་སྐོམ་པོ། །ནགས་ཚལ་སྐོམ་དང་འཁྲི་། ཤིང་དང་། །གེལ་པ་ལའོ་ཀཀྵ་ནི། །ཁྱིམ་དང་བང་མཛོད་སྐེ་རགས་དང་། །སྨད་གོས་ལྕགས་མ་གཡོ་བ་དང་། །འགྲན་དང་འཛིན་དང་སྣོད་དང་ནི། །ཤིང་རྟའི་ཡན་ལག་གླང་པོའི་ཐག །ཅོཀྵ་བསིལ་དང་། ཟླུམ་པོ་དང་། །སྣོད་དང་གཙང་དང་ཡིད་འོང་ལ། །བྷིཀྵ་སྡོམ་བརྩོན་ཁྱད་པར་ལ། །བྷིཀྵ་ཞབས་ཏོག་གླ་རྔན་དང་། །སློང་དང་སློང་བའི་དངོས་པོ་ལ། །མོ་ཀླུ་བྱང་གྲོལ་གྲོལ་བ་ཐལ། །མོ་ཀླུ་དང་འཐུང་དག་ལའོ། །ཡིཀ་ལུས་ངན་གསང་བ་ལ། །བསྲུང་བ་སྲུང་བྱེད་མཚོན་པ་ལ། །ལཀྵ་གྲངས་དང་ཁང་པ་མདའ། །ངོ་མཚར་བྱེད་དང་ངོ་མཚར་ལ། །ཀྟ་མཐའི་སྡེའོ། ༈ །ད་ནི་ཨ་ཡིག་ལ་སོགས་ལ། །


JKT017_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟའི་ཡང་དག་རིམ་པ་ལས། །སྣ་ཚོགས་དོན་གྱི་སྐབས་འདིར་ནི། །བདག་གིས་མི་ཟད་རྣམས་ཀྱང་བརྗོད། །ཨ་ནི་དཔལ་མགྲིན་ཨ་མེས་པོ། །དྲན་པ་ངག་དང་མངོན་ཁྱབ་དང་། །ཉེ་བ་ཁམས་དང་ལྷག་མའི་དོན། །ནི་ཀུན་ཏུ་གདུང་དང་ཁྲོ། །དེ་དག་མཚམས་སྦྱོར་མི་བྱའོ། །ཨི་ནི་འདོད་པ་སྐྱོང་བ་དང་། །དཔལ་དང་སྡུག་བསྔལ་དངོས་ཁྲོ་བོ། །ཞི་བ་རྫོགས་སངས་རྒྱས་དང་རྐང་། །སྤུ་ནི་དག་༈ །ཙམ་སྲུང་བྱེད་དང་། །གཙང་པ་བྱ་བ་རྩལ་གྲངས་མེད། །རི་ནི་ལྷ་ཡི་མ་ཚིག་སྨད། །དཱི་ནི་ལྷ་མིན་མ་ཚིག་སྨད། །ལི་ཡང་ལྷ་ཡི་མ་ལའོ། །ཨེ་ནི་ལག་པ་བཞི་པ་དང་། །དྲན་པ་བོད་པ་བསླུ་དག་ལ། །ཨཻ་ནི་ཞི་བ་ལ་བཤད་དེ། །དྲན་པ་བོད་པ་བགྲན་པ་ལའང་། །ཨོ་ནི་ཚངས་པ་འབོད་དང་འགྲན། །ཨོ་ནི་ནམ་མཁའ་བོད་དང་འགྲན། །ཚངས་མཆོག་རྗེས་སུ་འདོད་པ་ལ། །ཨཱནི་ཕྱག་དར་ལ་བཤད་དེ། །ཀུ་ནི་སྨོད་དང་ཅུང་ཟད་དོན། །སྡིག་ཅན་དང་ནི་ཟློག་པ་ལའོ། །ཀེ་ནི་བྱེ་བྲག་སྒྲིབ་པ་དང་། །སྤྱོད་དང་སྨད་པ་ལའང་ངོ་། །ཀཾ་ནི་མ་འོངས་པ་དང་དལ། །ཨངྒ་ཀུན་ཏུ་བོད་པ་དང་། །དགའ་དང་སླར་ཡང་དོན་ཡང་ལྟ། །ཀིཉྩ་བརྩེ་དང་མཐའ་དག་ལ། །ཙ་ནི་རྒྱུ་མཚན་ངེས་བཟུང་དང་། །རྐང་པ་ཁ་སྐོང་ཕྱོགས་ཕྱི་མ། །ཀུན་ལས་བཏུས་དང་ཞར་བྱུང་སྐུད། །ཕན་ཚུན་དོན་དང་དམིགས་འཛིན་དང་། །ཐད་ཀ་


JKT017_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་མི་སྣང་དོན། །འཁྱོགས་དང་མཁའ་འགྲོ་ལ་སོགས་ལ། །ནུ་ནུ་ཙ་ནི་དྲི་བ་དང་། །ལྟ་དང་རྟོག་དང་ཡང་དག་བརྟན། །རབ་ཏུ་བསྔགས་པ་དག་པའོ། །པྲཉྩ་མཆོག་དང་འདས་དང་སྔོན། །ཐོ་རངས་དང་ནི་བར་སྐབས་ལའོ། །ཕྱོགས་དང་འདུལ་དུས་ཧེ་རུ་ཀ །དབུས་དང་ནིརྦ་དག་ལའང་། །ན་ཉ་མེད་དང་དགག་པ་དང་། །དེ་དང་འགལ་དང་དེ་ལས་གཞན། །འདྲ་བ་དང་ནི་ཅུང་ཟད་དོན། །རང་བཞིན་དོན་དང་རིམ་པ་ལའོ། །བུཏྟཱ་རབ་ཏུ་བསྔགས་པ་དང་། །ཤིན་ཏུ་དོན་དང་ལེགས་པ་དང་། །བཟང་དང་ཁ་ན་མ་ཐོ་མེད། །ཨ་ཏི་བར་དང་མེད་པ་དང་། །དབུས་ཀྱི་དོན་དང་བསྟད་པ་དང་། །འདྲ་བ་ཉིད་དུ་ད་ལྟ་འདོད། །ཕུལ་དུ་བྱུང་དང་འགོངས་པ་ལའོ། །ཨརས་དམིགས་ཀྱིས་སྟོན་པ་དང་། །ངེས་བསྟན་ལྔ་པའི་དོན་དང་བྱེད། །ཨན་ཏས་ནི་བསྟན་པ་དང་། །ལྔ་པའི་དོན་དང་བསྒོམ་ཡན་ལག །རྗེས་ཤེས་ཕྲ་མ་གནོད་པ་ལའང་། །ཨ་ཧོ་ངོ་མཚར་འདོད་པ་དང་། །སྐྱེ་དང་རྫོགས་པའི་སངས་རྒྱས་དང་། །རྗེས་སུ་བརྩེ་བ་དག་ལའོ། །ཨཏ་ཏ་རིང་དང་ཉེ་བ་ལ། །ཨི་ཏས་ངེས་པ་ཆ་དག་དང་། །ལྔ་པའི་དོན་ལ་ཡང་བཤད་དོ། །ཨི་ཏི་རྒྱུ་མཚན་རྫོགས་པ་དང་། །གླེང་གཞི་དང་ནི་རབ་གསལ་སོགས། །ཨ་ནུ་ཀརྨ་རྣམས་དང་ནི། །རྣམ་པ་འོན་ཏེའི་དོན་མ་རྟོགས། །ཨུཏ་ནི་འདྲི་དང་ཐེ་ཚོམ་དང་། །དོན་དང་རྟག་དཔྱད་


JKT017_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་ངོ་། །ཀི་ནི་དྲི་དང་སྨོད་པ་དག །ཐེ་ཚོམ་དང་ནི་དགག་པ་ལའོ། །ཀི་མུ་ཏ་ནི་ཕུལ། །དྲི་དང་རྣམ་རྟོག་དོན་ལའང་གྲགས། །ཀུ་ཏས་རྟོག་དང་འདྲི་བ་དང་། །ལྔ་པའི་དོན་ལ་ཡང་དྲན་ནོ། །ཏེ་ནི་ཁྱོད་དོན་སྦྱིན་བྱའི་དོན། །མེ་ནི་བདག་དོན་བདག་གི་བ། །བྱུ་ནི་རྐང་པ་ཁ་བསྐང་ངོ་། །དབྱེ་བ་དམིགས་འཛིན་ཀུན་ལས་བཏུས། །ངེས་སྦྱོར་ཕྱོགས་ཕྱི་བསྔགས་པ་ལའོ། །ཏ་ཏས་དང་པོ་ཡོངས་སུ་འདྲི། །ལྔ་པའི་དོན་དང་གཏམ་གཞན་ནོ། །ཏ་བས་བར་མ་ཆད་དང་ཚད། །དམིགས་འཛིན་པ་དང་ཅུང་ཟད་ཡོད། །ཡོངས་འགེབ་ལའོ་བཤུད་ནི། །ནུབ་དང་ཕྱི་མ་མཚུངས་པའི་དོན། །བུ་རསཏ་ནི་ཤར་དང་མདུན། །པྲ་ཏི་སླར་སྦྱིན་དང་པོ་དང་། །སོ་སོར་ངེས་པར་འཛིན་པ་དང་། །གཙོ་བོ་འབྱུང་དང་ཁྱབ་འདོད་དང་། །མཚན་ཉིད་མཚོན་དང་རབ་སྦྱོར་དང་། །རྩོམ་གྱི་དོན་དང་མངོན་ཕྱོགས་དང་། །འདི་ལྟར་གྱུར་དང་འདི་ལྟར་བཤད། །ཁ་ཏ་སྐྱོ་དང་རྩེ་དང་སྨོད། །མགུ་དང་འབོད་དང་རྨད་བྱུང་ལ། །ཡ་ཏས་སྨྲ་ནི་ངེས་པ་དང་། །ལྔ་པའི་དོན་དང་རྣམ་འབྱེད་ལ། །ཡརྦཏ་དྲི་དང་རྣམ་རྟོག་ལ། །ཡཱ་བྲཏ་མཐའ་དག་ངེས་བཟུང་དང་། །མཚམས་དང་དབང་དུ་བྱེད་པ་ལ། །ཤ་ཤཱཏུ་ཡང་ཡང་རྟག་གནས་ཀྱི། །སཱིཏ་ནི་དྲི་དང་རྣམ་རྟོག་དང་། །ས་ཀྲིཏ་ལྷན་ཅིག་ལ་གཅིག་ལ། །རྟག་ཏུ་དང་ནི་ཐང་གཅིག་ལའོ། །སཱ་ཀཱཏ་མངོན་སུམ་མཚུངས་པ་ལ། །སྭ་


JKT017_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

སྟི་སྨོན་དང་དགེ་བསོད་ནམས། །བདེ་ལེགས་བདེ་བ་ལ་སོགས་ལ། །ཧན་དཀའ་དང་རྗེས་སུ་བརྩེ། །ངག་ཙམ་པ་དང་སྐྱོང་བ་ལ། །དུག་སོགས་བཟང་བའི་དོན་ལ་ཡང་། །ཧནྟིའི་སྒྲ་ནི་རབ་ཏུ་སྦྱོར། །ཨ་ཐ་ཨ་ཐོ་དགེ་བ་དང་། །དྲི་བ་ཙམ་དང་ཐེ་ཚོམ་དང་། །དང་པོ་ཀུན་བཏུས་མ་ལུས་དང་། །བར་ཆད་ལའོ་ཨ་བྱ་ཐཱ། །དེ་བཞིན་མིན་དང་རྣམ་གཞན་དོན། །ཏ་ཐཱ་དེ་འདྲ་ངེས་བསྟན་དང་། །ངེས་པ་ཀུན་སྡུད་པ་དང་ནི། །རྒྱུ་དང་སྐྱེད་པར་བྱེད་པ་དང་། །མདོར་བསྟན་དང་ནི་སོ་སོའི་དང་། །ཡ་ཐ་རྗེས་དཔག་དེ་འདྲ་དང་། །ངེས་བསྟན་མདོར་བསྟན་དག་དང་ནི། །རྒྱུ་དང་སྐྱེད་བྱེད་དག་ལའོ། །ཤྲཱི་ཐཱ་ནད་ཀྱིས་། བོར་བ་དང་། །རྒྱུ་མཚན་མེད་དང་སྒྲུབ་བྱེད་མེད། །མོ་གཤམ་དག་ལའང་བལྟ་བར་བྱ། །ཨུ་དག་ཙོ་བོ་རབ་གསལ་དག །ཐར་པ་འཆིང་བ་སྟེང་གི་ལས། །བྱི་རུ་ཐོབ་པ་དངོས་པོ་དང་། །བྲལ་བ་རང་ནུས་ནུས་མེད་ལ། །ཨ་ནུ་རིམ་པ་དམན་པ་དང་། །རྗེས་ཀྱི་དོན་དང་ལྷན་ཅིག་དོན། །ཞིང་ཆེ་བ་དང་ཉེ་བའི་དོན། །འདྲ་བ་མཚན་ལ་སོགས་པ་ལ། །ཀི་ནུ་དྲི་དང་རྣམ་རྟོག་ལ། །ན་ནུ་དྲི་དང་དམིགས་འཛིན་དང་། །འབོད་དང་རྗེས་ཁྲིད་རྗེས་གནང་ལའོ། །ནཱ་ནཱ་དུ་མ་བྲལ་དོན་དང་། །གཉིས་ཀའི་དོན་རྣམས་ལ་ཡང་ངོ་། །ནིར་ནི་མཐའ་གཅིག་ངེས་པ་དང་། །ངོ་མཚར་རྣམ་བཀོད་འདོར་ཕུང་པོ། །ནང་གི་དངོས་


JKT017_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དང་དངོས་པོ་དང་། །མཐོང་བ་དང་ནི་སྦྱིན་པ་ལ། །འཆིང་དང་མཆོག་ཏུ་ཞི་བ་དང་། །ཐར་དང་དགེ་བ་ཐེ་ཚོམ་དང་། །གནས་ལའོ་ནུ་ནི་རྗེས་ཁྲིད་དོན། །འདས་དང་རིག་དང་འདྲི་བ་དང་། །ཐེ་ཚོམ་དོན་ལ་བལྟ་བར་བྱ། །ཨ་པ་ནག་པོ་བྲལ་དོན་དང་། །བོར་པའི་དོན་དང་ཟློག་པ་དང་། །བྲལ་དང་མི་སྡུག་ཆོམ་རྐུན་དགའ། །ངེས་པར་བསྟན་པ་དག་ལའོ། །ཨ་བི་སྲིད་པ་དོགས་པ་དང་། །དྲི་དང་སྨོད་དང་ཀུན་སྡུད་དང་། །འོས་པ་སྲིད་པ་འདོད་དང་སྐྱོད། །བྱ་བ་རྣམས་ལའོ་ཨུ་པ་ནི། །དམན་དང་ངན་དང་ཁྱབ་པ་དང་། །བརྩམས་དང་མཆོད་པ་དག་དང་ནི། །རྩོད་མེད་བྱེད་པ་སྦྱིན་པ་དང་། །སྦྱིན་གནས་དང་ནི་འདས་པ་དང་། །ཨུར་ནི་བརྩོན་པ་སྐྱོན་དང་གཏམ། །འཆི་མེད་དོན་དང་བརྩོན་པའི་དོན། །བསྡུ་བ་དང་ནི་བྱུགས་འདོད་དང་། །ཨུ་བའི་སྒྲ་ནི་རབ་ཏུ་གྲོགས། །བ་ཡི་སྒྲ་ནི་དཔེ་ལ་འགྱུར། །ཆུ་ལྷ་ལ་ཡང་དེ་ཉིད་དོ། །བཱ་ནི་ཡང་ན་དཔེ་དང་ནི། །ཁོ་ནའི་དོན་དང་ཀུན་སྡུད་པའོ། །བེ་ནི་རྐང་པ་ཁ་སྐོང་དང་། །འབྲེལ་པ་རྗེས་ཁྲིད་ངེས་པའོ། །ཨཱ་བྷི་འདི་ལྟར་གྱུར་དང་གཏམ། །མངོན་པར་འདོད་དང་མངོན་དུ་ཕྱོགས། །ཨ་བྷིཀྵ་ཡང་ཡང་འགྱུར། །ཕུལ་བྱུང་དང་ནི་རྒྱུད་ལའོ། །ཨ་བྷིཀྵ་ཡང་དེ་བཞིན་ཏེ། །ཡང་ཡང་དང་ནི་རྒྱུད་ལ་འདོད། །ཨ་མཱ་ལྷན་ཅིག་དོན་དང་ཉེ། །གནམ་སྟོང་དང་ནི་ལྷན་ཅིག་


JKT017_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གོ །ཨབ་བྱ་མ་ནི་འབད་དང་རྟག །ཨ་མ་རྒྱན་དང་ཆོག་ཚིགས་དང་། །ནུས་དང་འགོགས་དང་དོན་མེད་པའོ། །ཨི་དཱ་ནཱི་ནི་ཚིག་རྒྱན་དང་། །སཾ་ནི་སྔར་དོན་ལ་ཡང་འདོད། །ཨི་ནི་སྡུག་བསྔལ་བསྒོམས་པ་དང་། །ཁྲོ་དང་མངོན་སུམ་ཀུན་ཏུ་འཛིན། །ཨཾ་ནི་དྲི་དང་ཁས་ལེན་ཁྲོ། །ཨུ་ནི་དྲི་དང་ཁྲོ་དང་སྤྱོད། །ཨི་བོ་འདི་ལྟར་རྣམ་པ་དཔེ། །བདག་གར་བྱེད་དང་ངོས་བཟུང་བ། །ཨོ་ནི་རྗེས་སུ་འདོད་པ་དང་། །བརྗོད་དང་རབ་སྔགས་རིམ་པ་ལ། །ཀཾ་ནི་མགོ་དང་བདེ་དང་ཆུ། །ཀ་ཐར་དྲི་བ་རྣམ་པ་ལའོ། །སཾ་ནི་གཡོ་དང་འབྱུང་བ་ལ། །མ་མ་རྗེས་སུ་འདོད་པ་ལ། །ཕྲ་ནི་འདོད་དང་རྗེས་འགྲོ་ཉིད། །ཀི་ནི་དྲི་དང་སྨད་པ་ལ། །ཛོ་ཎི་མི་སྨྲ་བདེ་བ་དང་། །རབ་ཏུ་བསྟོད་དང་འགོང་བ་ལ། །ཨུདྡྷི་ནཾ་ནི་ཉིན་ཆུང་དང་། །ཉི་མ་སོ་སོར་གནས་པ་ལ། །ཏུ་ཎི་ཀ་ནི་ཐུམས་ཅན། །ན་མ་རབ་གསལ་བྱུང་བ་དང་། །སྨོད་དང་ཁས་ལེན་ཁྲོ་བ་དང་། །ངོ་མཚར་དྲན་པ་རྟག་དཔྱད་ལའོ། །ནཱ་ནཾ་རྣམ་པར་རྟོག་པ་དང་། །གདོན་མི་ཟ་བ་རྣམ་པར་བཤད། །པྲབྷཾ་གུག་པ་རྗེས་སུ་མཐུན། །ཕུལ་བྱུང་ངེས་དང་ཤིན་ཏུའི་དོན། །ཤི་ནི་བདེ་དང་དགེ་བ་ལ། །སཾ་ནི་ཆགས་དོན་མཉམ་པའི་དོན། །མཛེས་པའི་དོན་དང་ཕུལ་བྱུང་ངོ་། །སྨྲ་ནི་འདས་དང་རྐང་པ་སྐོང་། །ས་མི་སྨོད་དང་ཕྱད་པ་ལ། །སཾ་པྲ་ཏཾ་ནི་ད་ལྟར་བ། །ཧཱུྃནི་ཁྲོ་ཚིག་རྗེས་ཁྲིད་ལུས། །ཕྲུ་གུ་དང་


JKT017_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྣམ་རྟོག་ལ། །ཧཱུཾ་ནི་རྣམ་རྟོག་ཡོངས་སུ་འདྲི། །སྡིག་པ་དང་ནི་ཁས་ལེན་ལའོ། །ཨཱ་ཡི་ཀ་ནི་ཆ་ཤས་ངན། །སྨྲ་དང་རྟོག་དང་དགག་ཚིག་དང་། །གཡུལ་ངོར་སོན་དང་རྗེས་ཁྲིད་དང་། །འགྲོ་དང་ཀུན་འཁོར་ཁྲོ་བའོ། །ཨཱ་ཡ་དུག་དང་དྲན་སོགས་དང་། །དུས་མཐའ་དང་ནི་དབུས་དག་ལ། །ས་མ་ཡ་ནི་ཉེ་དང་དབུས། །ཨན་རཱ་ནི་བྲལ་དོན་དང་། །དབུས་ཀྱི་དོན་དང་ཉེ་བའི་དོན། །ཨནྟར་དབུས་དོན་རབ་མཐའི་དོན། །བདག་གིར་བྱེད་དོན་རྣམས་ལ་བལྟ། །བུ་རྭ་སྔོན་རབས་དུས་རིང་འདས། །ཉེ་བ་མ་འོངས་རྙིང་པ་ལའོ། །ཨུ་ར་རཱི་དང་ཨུ་ར་རཱི། །ཨུ་རི་རྒྱ་ཆེར་ཁས་ལེན་པའོ། །དུར་ནི་དགག་པ་དཀའ་ཚེགས་དང་། །འགྲོ་སོགས་དོན་དང་ཕུལ་བྱུང་མིན། །ནིར་ནི་མ་ལུས་དགག་པ་དང་། །བྷཾ་ཤ་སོགས་དོན་ངེས་པ་ལ། །ཡཱ་ར་རྟོག་པ་གནོད་པ་དང་། །སོ་སོར་སྨྲ་དང་གཙོ་བོ་མཆོག །མངོན་ཕྱོགས་རྣམ་པར་ཐར་པ་དང་། །ངེས་པའི་དོན་དང་རྣམ་གནོན་ལ། །བ་རི་ཀུན་ནས་དངོས་པོ་དང་། །ཐོབ་འདོད་མཚན་ཉིད་ལ་སོགས་དང་། །འཁྱུད་དང་གོས་དང་ཁྱབ་པ་དང་། །ནད་དང་མྱ་ངན་མཆོད་པ་མཆོག །ས་སྐྱོང་སྐྱོན་བཤད་བོར་བ་ལ། །པུན་རུ་སླར་ཡང་དབྱེ་བ་དང་། །ལྷག་པར་བྱེད་དང་ཕྱོགས་ཕྱི་མ། །རབ་བཅིངས་ཉེ་དང་འདས་པ་དང་། །སཱཙནི་མཐོ་རིས་འཇིག་རྟེན་གནས། །ཀི་ལ་སྙིང་སྡུག་ལོ་རྒྱུས་དང་། །འབྱུང་བར་


JKT017_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དང་རྗེས་ཁྲིད་དོན། །ཁ་ལུ་ཚིག་རྒྱན་ཁྱབ་འདོད་དགག །ངག་གི་ཁ་སྐོང་ཁེངས་པ་དང་། །ངེས་དད་རྒྱུན་དང་ཡིད་སྨྲ་དང་། །སཱ་རྦ་ན་དང་ཤེས་འདོད་སོགས། །ཨ་བ་ཁྱབ་དང་ཡོང་སྒོམ་དང་། །བྲལ་བ་དམིགས་པ་དགག་པ་དང་། །ཅུང་ཟད་དོན་དང་རྣམ་ཤེས་དང་། །དཔེ་དང་ངེས་པར་བཟུང་བ་ལ། །བསྲ་ནི་ཁྱེད་རྣམས་ཞེས་དོན་དང་། །དབྱེ་བ་དང་ནི་རྣམ་པ་ཀུན། །ལས་དང་ཐ་དད་དོན་གཙོ་དང་། །དངོས་པོ་དང་ནི་མཁའ་འགྲོ་ལ། ཨུ་ཥཱ་གྲངས་དང་གྲངས་བཅས་དང་། །མཚན་མོའི་མཐའ་དང་ངེས་ཉས་འདོད། །དོ་ཥཱ་མཚན་མོའི་སྒོ་དང་ནི། །མཚན་མོ་དང་ནི་སྤྲིན་ལ་ཡང་། །ནི་ཥ་ཥཱ་ནི་མཐའ་དད་དབུས། །བསྲུང་བ་དང་ནི་གཞན་ལ་ཡང་། །ཨ་གྲ་ཏས་ནི་དང་པོ་དང་། །རྩེ་མོ་མཆོག་དང་དེ་ཉིད་དང་། །མི་སྨྲ་རྣམས་སོ་ཨ་བྷི་ཏས། །ཉེ་དང་མཐའ་དག་མངོན་ཕྱོགས་དང་། །གཉིས་ཀ་དར་ནི་མྱུར་བ་ལ། །ཏི་རས་དུད་འགྲོ་མི་སྣང་དང་། །དལ་བ་དང་ནི་བགགས་པ་དང་། །མཐའ་དག་དང་ནི་གུས་པ་དག །ནཱི་ཙི་རང་དབང་ཆུང་བར་འདོད། །པུ་རས་མཆོག་དང་དང་པོ་ལ། །པུ་ར་ཏས་ནེ་དང་པོ་མཆོག །པྲ་ཏས་སྔ་ཉིན་སྔ་དྲོ་ལ། །སུརྗེ་བྱུས་ཆོས་ཀྱི་གནས། །སྔ་མའི་དོན་དང་ཁར་ཉིན་དང་། །ཕྱི་ཕྱིར་དང་ནི་ཡང་དང་ཡང་། །མང་བའི་དོན་ལ་མི་ཐམས་ཏེ། །ཕན་ཚུན་དང་ནི་གསང་བའོ། །པྲ་དུས་རབ་གསལ་འབྱུང་


JKT017_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །མིང་ངམ་སྒྲ་ལ་ཤེས་པར་བྱ། །ས་ནཾས་དལ་བུས་རྒྱུ་འདྲ་བཤད། །རང་དབང་དང་ནི་ལེགས་མཆོད་དང་། །ངེས་པའི་དོན་དང་རྗེས་སུ་འགྲོ། །དཀའ་ཚོགས་དང་ནི་ཡང་དག་འབྱོར། །དེ་དུས་ཙམ་དང་བབ་ཅོལ་དུ། །གློ་བུར་བྱུང་བ་ལ་ཡང་ངོ་། །ཨ་ཧྭ་མྱ་ངན་ལས་སྐྱེས་དང་། །ངན་དང་དུག་དང་སྙིང་རྗེའི་དོན། །ཨ་ཧོ་འདྲི་དང་རྣམ་དཔྱོད་དང་། །རྨད་བྱུང་སྐྱོ་བ་རྣམས་ལ་འདོད། །ཨ་ཧ་ཧ་ནི་ངོ་མཚར་སྐྱོ། །ཨ་ཧ་ཧ་ནི་ཕ་རྒྱས་དང་། །ཡོངས་སུ་ཉོན་མོངས་རབ་དགའ་ལ། །ཨཱ་ཧ་སྤྱོད་དང་ངེས་སྦྱོར་དོན། །ཨུ་ཏཱ་ཏོ་ནི་འདྲི་དང་རྟོག །ས་ཧའི་སྒྲ་ནི་མཐའ་དག་དང་། །ཅིག་ཅར་དང་ནི་ཡང་དག་འབྱོར། །འདྲ་དང་ཡོད་དང་འབྲེལ་བ་ལ། །ཧ་ནི་རྐང་པ་ཁ་སྐོང་དང་། །འབྲེལ་པ་དང་ནི་དམན་ལའོ། །ཏྟ་ནི་སེམས་སྐྱོ་བ་ལ་དྲན། །ང་རྒྱལ་སྨོད་དང་མནར་བ་ལའོ། །ཧ་ཧ་སྐྱོ་བ་ལ་རབ་གྲགས། །དྲི་ཟ་ལ་ཡང་ཧྭ་ཧྭ་འོ། །ཧི་ནི་རྒྱུ་མཚན་ངེས་བཟུང་དང་། །རྐང་པ་ཁ་སྐོང་དག་ལའོ། །ཧཱི་ནི་ངོ་མཚར་སྐྱོ་བ་སོགས། །སྡུག་བསྔལ་རྒྱུ་དང་དམིགས་ཀྱི་སྟོན། །ཧཱི་ཧཱི་ངོ་མཚར་རྒོད་པ་ལ། །ཧུ་ཧུ་དགའ་དང་དྲི་ཟ་དང་། །ཧེ་ཧེ་ཡོད་མིག་དྲན་པ་དང་། །བོད་པ་དང་ནི་རྒྱུ་རྣམས་ལ། །ཧོ་དང་ཧོ་ནི་མཐའ་དག་དང་། །བོད་པ་དང་ནི་དྲན་པར་འདོད། །ཀ་ཀཱ་མྱུར་དང་ངེས་པའི་དོན། །དེ་ཉིད་ལ་ཡང་འགའ་ཞིག་འདོད། །


JKT017_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟད་པའི་དོན་དུ་མ་ཅན་གྱི་སྡེའོ། །སྨྲ་མཆོག་རྣམས་ཀྱིས་ལེགས་སྦྱར་ངག་གི་ཆུ་གཏེར་ལས། །རྣམ་པར་གྲོལ་བའི་ངོ་མཚར་ཚིག་གི་མུཀྟིཀ །བློ་གསལ་ཀུན་ཏུ་དགའ་བ་སྐྱེད་པའི་རྣ་རྒྱན་འདིས། །འགྲོ་ཀུན་རྣམ་པ་ཐམས་ཅད་མཁྱེན་པའི་དཔལ་ཐོབ་ཤོག །བལ་པོའི་པཎྜིཏ་དཔལ་འཛིན་སྡེས་སྦྱར་བའི་མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་བ་འདི་ཉིད། །སྔོན་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོས་གཞི་འགྱུར་མཛད་པ་དང་། །སླར་ཡང་ངེས་པ་དོན་གྱི་པཎྜིཏ་ཆེན་པོ་ཀརྨ་ཚེ་དབང་ཀུན་ཁྱབ་ངེས་དོན་བསྟན་འཕེལ་བཟང་པོའི་ཞབས་ཀྱིས་དོན་དུ་མ་ཅན་གྱི་སྡེ་ཚན་གྱི་སྐབས་རྣམས་འགྱུར་བཅོས་ལེགས་པར་གནང་བའི་ཕྱག་བྲིས་དངོས་ལས། སྙན་ངག་སྦྱར་རྒྱན་དང་། གབ་ཚིག་གི་རྒྱན་འགའ་ཞིག་སྦྱོར་བར་འདོད་པ་ལ་འདི་ཉིད་མེད་དུ་མི་རུང་བའི་ཡན་ལག་ཏུ་རྟོགས་ཏེ། །ཉེ་བར་མཁོ་བའི་རིགས་རྣམས་ཅུང་ཟད་བསྡུས་པ་བློ་གསལ་རྣ་རྒྱན་ཞེས་བྱ་བ་འདི་ནི་ཁྱབ་བདག་བླ་མ་ཟེ་ཆེན་པཎྜིཏ་འཇམ་དཔལ་དགྱེས་པའི་བློ་གྲོས་མཚོ་སྐྱེས་བཞད་པའི་སྒྲ་དབྱངས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་ཀུན་རྨོངས་པ་ཚངས་སྲས་དགྱེས་པའི་བློ་ལྡན་གདོང་དྲུག་དགའ་བའི་ལང་ཚོ་ཞེས་བགྱི་བས་གྲུབ་པའི་བསྟི་གནས་དཔལ་ལྡན་པདྨ་འོད་གླིང་དུ་ཀརྟི་ཀ་ཡི་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་གྲལ་ཚེས་ཁོ་ནར་ཟིན་བྲིས་སུ་བགྱིས་པ་ཤུ་བྷམ་


JKT017_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སརྦ་ཛ་ག་ཏི། །འདིའི་ཟུར་དུ་མཆན་གྱི་ཚུལ་གྱིས་བྲིས་པ་རྣམས། སློབ་དཔོན་སྨྲ་བ་ཆེན་པོས་མཛད་པའི་སྒྲ་གཅིག་དོན་མང་གི་མངོན་བརྗོད་དཔལ་སྒྲའི་སྙེ་མ་ལས་བཏུས་པ་སྟེ། ཅུང་དག་ཅིང་ཉེར་མཁོར་གྱུར་པ་རྣམས་སོ།། །།

སྨིན་གླིང་ལོ་ཆེན་སྒྲ་སྐོར་དྲིས་ལན་ལས་ཁོལ་ཕྱུང་།


JKT017_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཞབས་པད་རིན་པོ་ཆེར། གུས་པས་ཞུ་བ། བཀའ་ཤོག་རིན་པོ་ཆེ་གནང་སྐྱེས་བཟང་པོ་བཅས་རྫོང་སྐྱེལ་རིམ་པ་རྒྱུད་ཀྱིས་ཚེས་བརྒྱད་ཀྱི་གུང་ལ་ཕེབས་པ་བཀའ་དྲིན་ཆེ། ཇི་ལྟར་སྩལ་ཕེབས་ལྟར་སྙན་ངག་མེ་ལོང་གི་གནས་གཅིག་ཏུ་ངེས་པའི་དཔེར་བརྗོད་འདི། ཨ་ཀུ་ཧ་བྷ་མགྲིན་ལས་སྐྱེས། །ཞེས་པ་ལྟར། ས་ལས་བྱུང་བའི་ཡི་གེ་ཁོ་ན་སྡེབས་པར་སྣང་བས། སྒྲའི་སྦྱོར་བའང་ཁྱད་འཕགས་ཡོད་པ་གཞིར་བཅས་ལགས་པར་མ་ཟད། ཁྲི་ཀ་རྣམས་སུའང་མ་བཀྲོལ་བས་བདག་ལྟའི་བློ་དམན་གྱིས་ཇི་བཞིན་པ་ཅི་ལ་རྟོགས་ལགས་རུང་། མའི་མདུན་དུ་བྱིས་པས་ཅི་དགར་སྨྲ་བ་ལྟར།་འདི་དང་འདི་ཡིན་པ་འདྲ་སྙམ་པ་རྣམས་སྤྱི་བརྟོལ་བསྐྱེད་ནས་གསོལ་རྒྱུར། རྒྱ་དཔེ་རྐང་པ་གསུམ་པའི་ཨ་དགག་སྒྲ། ཧཱ་ཧཱ་ན་མཚན་བརྗོད། གད་རྒྱང་ཧཱ་ཧཱ་ཞེས་པ་ལྟར། བཞད་སྒྲ་མུ་ཅོར་སྒྲོགས་པའོ། །དབང་ཊིཀ་ཏུ། མྱ་ངན་གྱི་བརྗོད་པ་ཞེས་འབྱུང་བ་ལྟར་ན། ཀྱེ་མ་ཀྱི་ཧུད། ག་ནི་གརྫ་སྒྲའི་བྱིངས་ལ། པཉྩ་མིའི་ཧི་བྱིན་ནས་བསྒྲུབས་པས་གརྫ་ཡ་ཞེས་པའི་ཐོག་མར་བརྗོད་པ་སྟེ་སྒྲོགས་པ། ཁ་ནི་ཡི་གེ་


JKT017_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་ཨ་བྷི་དྷ་ན་ལས། ནམ་མཁའ་ལ་ཡང་ཁ་ཞེས་མངོན་གསུངས་ཏེ། །ཞེས་པས་མཁའ་དང་། ག་ནི་འགྲོ་བ་སྟེ། མཁའ་འགྲོ། ཨངྐ་ནི་མངོན་བརྗོད་མུ་ཏིག་ཕྲེང་བར་རྟགས་མཚན་གྱི་མིང་བརྒྱད་ཀྱི་ནང་དུ་མཚན་མ་ཞེས་པའི་མིང་དུ་བཤད་ཅིང་། ཨ་ཀཱ་ནི་འགྲོ་མང་དེ་ཉི་མའི་མིང་ཡིན་ཡང་། མཁའ་འགྲོ་དང་འདིར་ཉི་མ་ཡིན་པར་ཟློས་པར་དགོངས་ནས་མ་བསྒྱུར་བ་འདྲ་སྟེ། དེ་རྣམས་འདྲ་འདུས་རིང་པོ་བྱས་པས། གཱདྨ་ཀཱ་ཧཱ་ཧཱ། ཧཱ་ཧཱ་མི་སྒྲོགས་མཁའ་འགྲོས་མཚན། །ཞེས་པ་སྟེ། ཧ་འ་ཕྱི་མར་ང་རོ་སྦྱར་བ་ནོར་རམ་སྒྲའི་སྦྱོར་བ་ཁྱད་པར་བས་བསྒྲུབས་པ་གང་ཡིན་མ་ངེས་ལགས། རྐང་པ་བཞི་པའི། ཀཾ་ནི་མགོ་དང་། ཆུ་དང་། སྡིག་པ་རྣམས་ལ་འཇུག་པས་འདིར་སྡིག་པ། ཀཱ་ཀཱ་ཞེས་པ། འདོད་འཇོར། ཀཱ་ཞེས་པའི་སྒྲ་སྒྲོགས་པའི་དོན་གྱིས་བྱ་རོག་ཏུ་བཤད། ཁ་ནི། ཡི་གེ་གཅིག་པར། མཐོ་རིས་འཇ ག་རྟེན་ལ་ཡང་ཁ་རབ་བརྗོད། །ཅེས་པས་མཐོ་རིས། ག་ཞེས་པ་འགྲོ། ཀ་ཀ་བྱ་རོག་སོགས་མང་པོར་འཇུག་པར་སྒྲའི་སྙེ་མ་སོགས་སུ་བཤད་པས་འདིར་དེས་འཇོམས་པར་བྱེད་པའི་དོན་དང་། ཀ་ནི་བདག་སྒྲ་ཡིན་པས་འཇོམས་པ་པོ་ཞེས་པ་སྟེ། སྡིག །བྱ་རོག་འཇོམས་པ་མཐོ་རིས་འགྲོ། །ཞེས་པའོ། །རྐང་པ་དང་པོའི་ཨ་གྲྭ་ཞེས་པ་འགྲོ་མེད་དེ། འབྲེང་པོའམ་འཁྱོགས་པོ། གཾ་ཞེས་པ་སྒྲའི་སྙེ་མར། ཀླུ་དང་


JKT017_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ལ་འཇུག་པར་བཤད་པས་སྒྲ་སྒྲོགས་པའི་དོན། གངྒཱ་ཡོངས་གྲགས་ཏེ། གྲྭ་སྔ་མར་རིང་ཆ་བྱུང་བ་ཡིག་ནོར་རམ་སྙམ་སྟེ། །གངྒཱ་ཞེས་མོ་རྟགས་མཐའ་ཅན་དུ་རྒྱ་དཔེ་དག་པ་ཐམས་ཅད་མཐུན་པར་འབྱུང་མོད། འོན་ཀྱང་སྡེབས་སྦྱོར་གྱི་ལྕི་ཡང་ཁྱད་སྒྲའི་སྦྱོར་བ་གཞན་གྱི་བསྒྲུབས་པའང་མཐའ་མ་བཀག་གམ་སྙམ་ལགས། ཀཱ་ཀཱ་ཆུ་ཀླུང་སྟེ་མོ་རྟགས་མཐའ་ཅན་དུ་བྱས། ཨ་ཀ་ཞེས་དགག་སྒྲ་ཅན་འགྲོ་མེད་དུ་མུ་ཏིག་ཕྲེང་བར་བཤད་པས། ཀ་ཞེས་པ་འགྲོ་བའི་དོན་ཅན་འཇུག་པར་བསྒྱུར་བའམ། ཡང་ན་ཀ་བདེ་པའམ་ཆགས་པ་སོགས་ལའང་འཇུག་པས། གངྒའི་ཆུར་བཀྲུས་པས་ཚངས་པ་སྟེ་དག་པའི་དོན་ཡིན་ཡང་འཇོམས་པའི་སྒྲ་དང་ཟློས་པས་འཁྲུ་བའི་དོན་གྱིས་ཁྲུས་ལ་འཇུག་པར་འགྱུར་རམ་སྙམ་སྟེ། །འཁྱོགས་སྒྲོགས་གངྒཱའི་ཆུར་འཇུག་ཞེས་པའོ། །ཆད་པ་གཉིས་པའི་གོ་ཞེས་པ་མིག་སྟེ། དཔེ་མཚོན་དབང་པོ་རྣམས་བསྡུ་བས་མང་ཚིག་ཛས་སྦྱར་བས། གཱ༔ ཧ་ཞེས་པ་རྡུལ་ཁྲོས་པ། འཁྲུགས་པ་སོགས་ལ་འཇུག་པས་མ་དུལ་བའི་དོན་གྱིས་འཁྱོགས་པོར་བསྒྱུར་རམ་སྙམ། སྒྲ་ལྡན་ཕ་རོལ་ལགཱའི་རྣམ་བཅད་ཕྱིས་པས། གཱཧ། ཀཱཞེས་པ་བདག་ཉིད་དང་རབ་གསལ་སོགས་ལ་འཇུག་པས་གང་ལ་ལྡན་པའམ་མངའ་བའི་བདག་ཉིད་ཅེས་པའོ། །བོད་སྐད་དུ་མ་བསྒྱུར་ནའང་། དབང་པོ་མ་དུལ་བ་རྣམས་


JKT017_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆགས་པའི་དོན་གྱིས་ཚོགས་པའི་སྒྲ། ཨོ་གྷའམ། སཾ་གྷའི་མིང་། མཐའ་བརྗོད་དེགྷ་སྦྱར་ནས། ཨཱ་ལས་ཕ་རོལ་སྒྲ་ལྡན་ལ་རྣམ་བཅད་ཕྱིས་ཏེ། འཇིག་རྟེན་ཉེར་སྤྱོད་ཀྱིས་སླུ་ཏཀ་ཀ་ཞེས་པ་རི་མོ་དང་། ལྷ་ཆེན་ནམ། འགྲོ་བ་ལ་འཇུག་པས། བུདྡྷའི་སྒྲ་ལྟར་རི་འགྲོ་ཞེས་བསྒྱུར། ཨ་དགག་སྒྲ། ཀ་འདོད་ཆགས་ལ་འཇུག་པས་ཆགས་མེད་དེ་མཚམས་སྦྱར་བས། ཀཱ་ཀཱ་ཀ །ཧཱ་ཞེས་པ་ཁ་བསྐངས་སུ་སྦྱར་རམ་སྙམ་ཏེ། རི་འགྲོ་དབང་འཁྱོགས་ལྡན་མ་ཆགས། ཞེས་པའམ། འདིར་སྣར་ཐང་པའི་ཊི་ཀར། རིང་འགྲོ་ཞེས་དུས་ཡུན་རིང་པོའི་དོན་ལ་བཤད་པ་མཛད་ཀྱང་། ཊཱི་ཀ་ཕལ་ཆེར་མཐུན་ཞིང་། གཞུང་གི་དཔེ་རྣམས་སུའང་རི་འགྲོ་ཞེས་པ་མང་བས་དབང་བཙན་པར་ཞུས་ལགས། ཞེས་པའང་སྨིན་གླིང་ལོ་ཙཱ་བ་དྷརྨཱ་ཤྲཱིའི་དྲིས་ལན་ལས་སོ། །སརྦ་མངྒ་ལཾ།། །།

རིག་གནས་ཕྱི་ནང་གི་གཏམ་ཉུང་ངུ་།


JKT017_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

༈ ལེགས་པར་སྦྱར་བའི་གཞུང་གི་བརྗོད་བྱ་སྟོན་པར་བྱེད་པའི་བསྟན་བཅོས་ལ། འཕགས་པའི་ཡུལ་དུ་སྤྱིར་རྣམ་གྲངས་མང་ནའང་། བྲམ་ཟེ་པཱ་ཎི་ནིས་མཛད་པའི་པཱ་ཎི་བྱཱ་ཀ་ར་ཎ་དང་། དེའི་དོན་གསལ་བར་བྱེད་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་བློ་རབ་འཇུག་པ་པཎྜི་ཏའི་ལུགས་ཀྱི་བསྟན་བཅོས་ཙཱནྡྲ་བྱཱ་ཀ་ར་ཎ། རྒྱལ་པོ་བདེ་སྤྱོད་བཟང་པོའི་དོན་དུ་དབང་ཕྱུག་གོ་ཆ་ལ་གཞོན་ནུ་ཀཱཏྟི་ཀས་མངོན་སུམ་དུ་སྩལ་བའི་གོ་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ཀཱ་ལཱ་


JKT017_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་ཆ་བསག་གི་མདོ། བྲམ་ཟེའི་སློབ་དཔོན་ཨ་ནུ་བྷ་ཏི་སྭཱ་རཱུ་པ་ལ་འཕགས་མ་དབྱངས་ཅན་མས་སྩལ་བའི་དབྱངས་ཅན་སྒྲ་མདོ་སྟེ་བཞི་ལས། ཕྱི་མ་གསུམ་པོ་བོད་འདིར་ཚང་བར་འགྱུར་ཞིང་། །སྐད་གཉིས་སྨྲ་བའི་གཙུག་གི་ནོར་བུ་ཤོང་དཔང་ཡབ་སྲས་བརྒྱུད་པར་བཅས་པ་དང་། ཐམས་ཅད་མཁྱེན་པ་ཆོས་ཀྱི་སྣང་བའི་ཞབས་ཀྱི་བཀའ་དྲིན་ལས་དེང་སང་གི་བར་དུ་འཆད་ཉན་ནུབ་པ་མེད་པར་གནས་ལ། པཱ་ཎི་པ་ནི་རྩ་འགྲེལ་གཉིས་ཀ་ལྷ་ལྡན་འབྲས་སྤུངས་སུ་འདར་པ་ལོ་ཆེན་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་བསྒྱུར་བར་མཛད་ཀྱང་འཆད་ཉན་དར་རྒྱས་ཆེ་བར་མ་བྱུང་ངོ་། །གཞན་ཡང་བསིལ་ལྗོངས་ར་བ་དཀར་པོས་བསྐོར་བའི་ལྗོངས་འདིའི་སྒྲ་ཡི་བསྟན་བཅོས་འཇམ་མགོན་ཐུ་མིའི་ཞབས་ཀྱི་རྣམ་དཔྱོད་ཀྱི་དཔལ་ལས་བྱུང་བ་མང་དག་ཞིག་ཡོད་པར་སྣང་ནའང་། དེང་སང་སུམ་རྟགས་གཉིས་ཙམ་མ་གཏོགས་མི་བཞུགས་ལ། དེའི་བརྗོད་བྱ་ཡང་མིང་གི་གཞི་དང་། རྟགས་གསུམ་གྱི་དབྱེ་བ་དང་། སྔོན་འཇུག །རྗེས་འཇུག །བྱ་བྱེད་ལས་གསུམ། དུས་གསུམ་གྱི་རྣམ་པར་དབྱེ་བས་མཚོན་པ་རྣམས་ཏེ། །འདི་ལ་རང་བོད་སྔ་རབས་པ་རྣམས་ཀྱིས་བསླབ་སྲོལ་ནན་ཏན་དུ་མ་མཛད་པ་ལྟ་བུས་འགྲེལ་པའི་རིགས་ཆེར་མ་མཐོང་ལ། ཐམས་ཅད་མཁྱེན་པ་ཞྭ་ལུ་ལོ་ཆེན་གྱིས་འགྲེལ་པ་མཛད་ནས་བཟུང་འཆད་ཉན་གྱིས་།


JKT017_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་ཕབ་པའི་འགྲེལ་བྱེད་མཁན་པོ་གྲངས་ཀྱིས་མི་ལངས་པ་བྱུང་ནའང་གཞུང་དོན་ཐམས་ཅད་དཔྱིས་ཕྱིན་པ་ནི་ཤིན་ཏུ་དཀའ་བར་སྣང་མོད། ཕྱིས་སུ་ཐམས་ཅད་མཁྱེན་པ་དྷརྨ་ཀ་རས་མཛད་པའི་འགྲེལ་ཆེན་ཁོ་ན་ལེགས་པར་ཁུམས་སོ། །བཞི་པ་དོན་ལ་ལོག་པར་རྟོག་པའི་འཁྲུལ་པར་སྨྲ་བ་གཞན་དག་ཚར་བཅད་པ་ཚད་མ་རིག་པ་ལ། ངོ་བོ་ནི། ཤེས་བྱ་གང་ཞིག་གཞལ་བྱའི་ཡུལ་འཇལ་བྱེད་ཀྱི་རིག་པས་མ་། འཁྲུལ་པར་གཏན་ལ་འབེབས་ནུས་པའི་ཐབས་ཡན་ལག་དང་བཅས་པ། ངེས་ཚིག་ནི། པྲ་མཱ་ཎ་ཞེས་པའི་སྒྲ་ལས་དྲངས་ན་ཚད་མ་སྟེ། དཔེར་ན་སྐྱེས་བུ་ཕན་ཚུན་གྱིས་གཞལ་བྱ་འཇལ་བ་ལ་ཆེ་ཆུང་ལ་སོགས་པའི་སྒོ་ནས་སམ། རྒྱུ་མཚན་ནམ་གཏན་ཚིགས་ཀྱི་སྒོ་ནས་བྲེ་སྲང་ལ་སོགས་པ་ཚད་མར་འཇོག་པ་བཞིན། འདིར་ཡང་རང་རང་གི་ངོ་སྐལ་དང་མཐུན་པའི་གཞལ་བྱའི་ཡུལ་གང་ཞིག་མ་འཁྲུལ་པར་གཏན་ལ་འབེབས་པས་ལོག་པར་རྟོག་པ་སེལ་བའི་ཐབས་སུ་གྱུར་པའོ། །དབྱེ་ན། གཞལ་བྱ་མངོན་སུམ་དང་། ལྐོག་གྱུར་དང་། ཤིན་ཏུ་ལྐོག་གྱུར་གསུམ་དང་རྗེས་སུ་མཐུན་པའི་འཇལ་བྱེད་ཀྱི་བློ་གྲོས་མངོན་སུམ། རྗེས་དཔག །ལུང་གི་ཚད་མ་གསུམ་སྟེ། འོན་ཀྱང་ཕྱི་མ་ཉིད་རིགས་པས་གྲུབ་ན་ཚད་མ་ཡིན་ཅིང་། མ་གྲུབ་ན་མ་ངེས་པའི་ཕྱིར་སྔ་མ་གཉིས་ཀྱི་ཁོངས་སུ་བསྡུས་ནས་མངོན་རྗེས་གཉིས་སུ་བཤད་ལ། དང་


JKT017_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མངོན་སུམ་ལའང་དབང་མངོན། ཡིད་མངོན། རང་རིག །རྣལ་འབྱོར་མངོན་སུམ་བཞི་དང་། རྗེས་སུ་དཔག་པ་ལའང་། རང་བཞིན་གྱི། འབྲས་བུའི། མ་དམིགས་པའི་རྟགས་ཡང་དག་གསུམ་དུ་དབྱེ་བ་སོགས་མཐའ་ཀླས་ལ། དེའི་ཡན་ལག་སྒྲུབ་བྱེད་དང་། སུན་འབྱིན་ཏེ་བཞི་པོ་རེ་རེར་ཀྱང་ཡང་དག་དང་ལྟར་སྣང་གཉིས་སུ་དབྱེ་བས་རྟོག་གེའི་ཚིག་དོན་ཆེན་པོ་བརྒྱད་ཅེས་གྲགས་པ་རྣམས་སོ། །ཡང་སློབ་དཔོན་ཕྱུ་བ་ཆོས་ཀྱི་སེང་གེ་སོགས་ཀྱིས་ཚད་མ་རིག་པའི་སྒོ་དབྱེ་བའི་ཕྱིར་བསྡུས་གྲྭ་ཞེས་པའི་སྲོལ་གསར་དུ་བཏོད་པར་མཛད་པའི་བརྗོད་བྱ་ཡང་། ཇི་སྐད་དུ། ཁ་དོག་དཀར་དམར་རྫས་ཆོས་ལྡོག་ཆོས་གཉིས། །འགལ་དང་མི་འགལ་སྤྱི་དང་བྱེ་བྲག་གཉིས། །འབྲེལ་དང་མ་འབྲེལ་ཐ་དད་ཐ་མིན་གཉིས། །རྗེས་སུ་འགྲོ་ལྡོག་རྒྱུ་དང་འབྲས་བུ་གཉིས། །སྔ་བཙན་བར་བཙན་ཕྱི་བཙན་མཚན་མཚོན་གཉིས། །ཡོད་རྟོགས་མེད་རྟོགས་རྟགས་རྟོགས་དངོས་རྟོགས་གཉིས། །ཞེས་བསྡུས་ཚན་བཅོ་བརྒྱད་དུ་བྱེད་པ་རྣམས་སོ། །དེ་ལྟ་བུའི་ཚད་མ་རིག་པའི་རྗོད་བྱེད་ཀྱི་བསྟན་བཅོས་ནི། བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་རྣམས་སུ་མངོན་རྗེས་ཀྱི་མཚན་ཉིད་སོགས་ཟུར་གྱིས་བསྟན་པ་དང་རྗེས་སུ་མཐུན་པར། འཕགས་ཡུལ་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་བཏུས་དང་། དཔལ་ཆོས་ཀྱི་གྲགས་པས་


JKT017_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འགྲེལ་སོགས་སྡེ་བདུན་དང་། དེའི་སློབ་མ་ཀུན་མཁྱེན་ལྷ་དབང་བློ་སོགས་ཀྱི་འགྲེལ་པ་མང་དུ་བྱུང་ལ། བོད་ཡུལ་འདིར་བརྟན་པའི་འཁོར་ལོ་ངུར་སྨྲིག་གི་ཟློས་གར་རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་འཆད་ཉན་རྩལ་དུ་བཏོན། འཇམ་མགོན་ས་སྐྱ་པཎྜི་ཏས་སྡེ་བདུན་གྱི་དོན་ཕལ་ཆེར་བསྡུས་པ་ཚད་མ་རིག་པའི་གཏེར་སོགས་མཛད་ནས་དེང་སང་གི་བར་དུ་ས་དགེའི་མཁས་པ་རྣམས་ཀྱིས་འཆད་རྩོད་རྩོམ་པའི་སྒོ་ནས་དར་ཞིང་རྒྱས་པར་གནས་པ་འདི་ལགས་སོ། །ལྔ་པ་རང་ཉིད་ཀུན་ཤེས་ནས་གཞན་དག་ལའང་འདོམས་པས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པར་བྱེད་པ་ནང་རིག་པ་ལ། ངོ་བོ་ནི། ཤེས་བྱ་གང་ཞིག་ཁམས་གསུམ་གྱི་ཉོན་མོངས་སྤངས་ཤིང་ཞི་བའི་ཡོན་ཏན་བརྗོད་པར་མཛད་པའི་མཐུ་ལས་ཕན་བདེའི་གོ་འཕང་སྒྲུབ་པར་བྱེད་པ། ངེས་ཚིག་ནི། ཕྱི་རོལ་པའི་སྟོན་པ་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། དྲང་སྲོང་ཆེན་པོ་བརྒྱད་པ་དང་། གྲོག་མཁར་བ་ལ་སོགས་པ་འཇིག་རྟེན་ན་ཆེན་པོར་གྲགས་པ་དག་གི་སྤྱོད་ཡུལ་དུ་མ་གྱུར་པ་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་ཁོ་ནས་རང་གིས་ལེགས་པར་རྟོགས་ཤིང་གཞན་ལ་འདོམས་པས་ན་རང་ཅག་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པས་ན་ནང་རིག་པ་ཞེས་བྱ། དབྱེ་ན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་


JKT017_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིན་པོ་ཆེའི་བརྗོད་བྱ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད། ལྷག་པ་སེམས་ཀྱི་བསླབ་པའི་བརྗོད་བྱ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད། ལྷག་པ་ཤེས་རབ་ཀྱི་བསླབ་པའི་བརྗོད་བྱ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་གསུམ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཆེན་པོ་རྣམ་པ་བཞི་ནི་གཙོ་ཆེ་བའི་དབང་དུ་བྱས་ནས་སློབ་དཔོན་འགའ་ཞིག་གིས་མདོ་སྡེའི་སྡེ་སྣོད་དང་། ཕལ་ཆེར་གྱིས་སྡེ་སྣོད་གསུམ་ཀས་བསྡུས་པར་འཆད་ལ། ལ་ལ་དག་རིག་པ་འཛིན་པའི་སྡེ་སྣོད་ཅེས་སྡེ་སྣོད་བཞི་པར་ཡང་བཞག་གོ །དེ་ལ་དང་པོ་འདུལ་བའི་སྡེ་སྣོད་ཀྱི་བརྗོད་བྱ་ཐམས་ཅད་བསྡུ་ན་གཞི་བཅུ་བདུན་དུ་འདུ་སྟེ། ལུང་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་དང་། །སྨན་དང་གོས་དང་སྲ་བརྐྱངས་དང་། །ཀོ་ཤམྦྷི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་རྩོད་པ་སྟེ། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཞེས་སོ། །དེ་ཉིད་ཀྱང་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་སྲུང་བ། ཉམས་ན་ཕྱིར་བཅོས་པའི་ཐབས་གསུམ་དུ་ལེགས་པར་འདུ་བ་ཡིན་ནོ། །འདི་དག་གི་བརྗོད་བྱ་སྟོན་པའི་གཞུང་ནི། བདག་ཅག་གི་སྟོན་པས་ཞལ་ནས་གསུངས་པའི་བཀའ་འདུལ་བ་ལུང་སྡེ་བཞི་ཕྲན་དང་བཅས་པ།


JKT017_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ་བམ་པོ་དགུ་པ། དེའི་འབྲེལ་པ་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་རྒྱ་ཆེར་འགྲེལ། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་སུམ་བརྒྱ་པ་རྩ་འགྲེལ་སོགས་འཕགས་པའི་ཡུལ་གྱི་མཁས་པས་མཛད་པའི་བསྟན་བཅོས་ཤིན་ཏུ་མང་པོ་དང་། གངས་རིའི་ཁྲོད་འདིར་འདུལ་བ་རྒྱ་མཚོའི་མངའ་བདག་རྩོད་དུས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་མདོ་རྩ་དང་། ལས་བརྒྱའི་འགྲེལ་པ། ཀུན་མཁྱེན་མཚོ་སྣ་བ་ཆེན་པོའི་འདུལ་ཊིཀྲ་སོགས་གཞུང་བརྩམས་པའང་མང་དུ་བྱུང་ཞིང་། དེ་དག་རྗེས་འབྲངས་དང་བཅས་པའི་བཤད་སྲོལ་དང་ལག་ལེན་གཉིས་ཀ་དེང་སང་གི་བར་དུ་མ་ནུབ་པར་གནས་སོ། །གཉིས་པ་མདོ་སྡེའི་སྡེ་སྣོད་ལ་ཐེག་དམན་དང་། ཐེག་ཆེན་གཉིས་ལས། འདིར་ཕྱི་མའི་དབང་དུ་བྱས་ན། འཁོར་ལོ་བར་བ་ཡུམ་སྲས་བཅུ་བདུན་སོགས་བདག་ཅག་གི་སྟོན་པས་ལེགས་པར་གསུངས་པའི་བཀའ་ལ་བརྟེན་ནས། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་འཕགས་པ་ཀླུས་བཀྲལ་བའི་དབུ་མ་རིགས་ཚོགས་དྲུག་སོགས་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྗེ་བཙུན་མ་ཕམ་པས་བཀྲལ་བའི་མངོན་རྟོགས་རྒྱན་ལ་སོགས་པའི་བསྟན་བཅོས་རྣམས་ཏེ། དེ་ལ་དང་པོ་དབུ་མའི་བརྗོད་བྱ་ཐམས་ཅད་བསྡུ་ན་བདེན་པ་གཉིས་སུ་འདུ་ལ། དེ་ཡང་གྲུབ་མཐའ་སྨྲ་བ་སོ་སོའི་


JKT017_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ལྟར་ན། བྱེ་སྨྲ་བས། ཆོས་གང་ཞིག་བརྩམ་པའམ་གཞིག་པའི་སྒོ་ནས་དེ་དང་དེར་འཛིན་གྱི་བློ་འདོར་དུ་རུང་བ་ཐམས་ཅད་ཀུན་རྫོབ་དང་། གཅིག་ཤོས་དོན་དམ། མདོ་སྡེ་པས་སྣང་ཡུལ་སྤྱི་མཚན་ཀུན་རྫོབ་དང་། མངོན་སུམ་རང་མཚན་དོན་དམ། སེམས་ཙམ་པས་ཀུན་རྫོབ་ཀྱི་བདེན་པས་བསྡུས་པའི་ཆོས་ཀུན་བརྟགས་གཞན་དབང་གཉིས་སུ་འདུ་ཞིང་། དོན་དམ་བདེན་པ་ཡོངས་གྲུབ་དང་དོན་གཅིག་འདོད། དབུ་མ་རང་རྒྱུད་པས་བློ་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པ་དོན་དམ་དང་། གཉིས་སྣང་བཅས་པས་རྟོགས་པར་བྱུ་བ་ཀུན་རྫོབ། ཐལ་འགྱུར་བས་མཐོང་བ་རྫུན་པས་རྙེད་པའི་དོན་ཐམས་ཅད་ཀུན་རྫོབ་དང་། དེ་ལས་གཞན་པ་ཉིད་དོན་དམ་པའི་བདེན་པར་འདོད་དོ། །མདོར་ན་བརྗོད་བྱ་མཐར་ཐུག་པ་ནི་གཞི་དབུ་མ་བདེན་གཉིས་ཟུང་འཇུག །ལམ་དབུ་མ་ཚོགས་གཉིས་ཟུང་འཇུག ། འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་རྣམས་སུ་ལེགས་པར་འདུས་པ་ཡིན་ཞིང་། དེ་སྟོན་པར་བྱེད་པའི་བསྟན་བཅོས་ཀྱི་གཙོ་བོ་ཡང་། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་རབ་བྱེད་ཉེར་བདུན་པ། འཕགས་པ་ལྷའི་དབུ་མ་བཞི་བརྒྱ་པ། ཐལ་འགྱུར་གྱི་སྲོལ་ཁྱད་པར་དུ་ཕྱེ་བ་ཟླ་བ་གྲགས་པའི་དབུ་མ་འཇུག་པ་སོགས་རྩ་འགྲེལ་དང་བཅས་པ་རྣམས་དང་། བོད་དུའང་འགྲེལ་བྱེད་མང་དུ་བྱུང་ཞིང་། སྔ་


JKT017_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

རབས་པ་རྣམས་དབུ་མ་རང་རྒྱུད་པ། པ་ཚབ་ལོ་ཙཱ་བས་ཐལ་འགྱུར་གྱི་སྲོལ་དབྱེ་བ་སོགས་ནས་དེང་སང་གི་བར་དུ་འཆད་ཉན་རྒྱ་ཆེར་དར་ལ། དེའི་ནང་ནས་ཀྱང་ཟླ་གྲགས་ཀྱི་འཇུག་པ་སེམས་བསྐྱེད་བཅུའི་རྒྱུ་ཕ་རོལ་ཏུ་ཕྱིན་པ་དང་། འབྲས་བུ་ས་བཅུའི་རྣམ་པར་བཞག་པས་བསྙད་ཅིང་། བྱེ་བྲག་སེམས་བསྐྱེད་དྲུག་པར་དབུ་མའི་ལྟ་བའི་གནད་མཐར་ཐུག་པ་རྣམས་ཕྱེ་བ་ཡིན་ཞིང་། ཚུལ་འདི་ཉུང་ངུ་རྣམ་གསལ་སློབ་དཔོན་གྱི་དགོངས་པ་ཇི་བཞིན་དུ་བཀྲལ་བ་ཡིན་པའི་ཕྱིར་ཐམས་ཅད་ཀྱིས་ལྷག་པར་གཅེས་སྤྲས་སུ་མཛད་དོ། །གཉིས་པ་ཕར་ཕྱིན་གྱི་བརྗོད་བྱ་ཐམས་ཅད་མངོན་པར་རྟོགས་པ་རྒྱན་དུ་སྐབས་བརྒྱད་དུ་བསྡུས་ནས་འཆད་དེ། ཇི་སྐད་དུ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་པ་ཀུན་མཁྱེན་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་རྫོགས་མངོན་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །ཅེས་ཤེས་བྱའི་ཡུལ་དུ་རྣམ་༡༠མཁྱེན། ལམ་༡༡ཤེས། གཞི་ཤེས་ཏེ་མཁྱེན་གསུམ། ཉམས་ལེན་གྱི་ཡུལ། རྣམ་རྫོགས་༡༢། རྩེ་སྦྱོར། མཐར་༡༣གྱིས་པ། སྐད་ཅིག་མ་བཅས་ལམ་སྦྱོར་བ་བཞི། འབྲས་བུའི་མངོན་རྟོགས་ཆོས་ཀྱི་སྐུ་མཛད་པ་བཅས་པ་དང་། དེ་ལའང་


JKT017_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གསེས་སུ་མཚོན་བྱེད་ཀྱི་ཆོས་དོན་བདུན་ཅུར་ཕྱེ་བ་སྟེ། དེའི་འགྲེལ་པ་འཕགས་ཡུལ་སློབ་དཔོན་སེང་གེ་བཟང་པོ་སོགས་ཀྱིས་མཛད་པ། བོད་ལྗོངས་སུའང་རྔོག་ལོ་ཆེན་པོ་སོགས་ཀྱིས་བསྒྱུར་བཤད་འགྲེལ་གསུམ་གྱིས་གཏན་ལ་ཕབ་ནས་དར་ཞིང་རྒྱས་པར་མཛད་དོ། །གསུམ་པ་མངོན་པའི་སྡེ་སྣོད་ལ་ཐེག་དམན་དང་། ཐེག་ཆེན་གཉིས་ལས། དང་པོ་ནི། བྱེ་སྨྲ་བས་བཀའ་དང་། མདོ་སྡེ་པས་བསྟན་བཅོས་སུ་འདོད་པའི་ཡེ་ཤེས་འཇུག་པ་ལ་སོགས་པའི་མངོན་པ་སྡེ་བདུན་དུ་གྲགས་པ་ལ་བརྟེན་ནས་དགྲ་བཅོམ་པ་ལྔ་བརྒྱས་བསྟན་བཅོས་བྱེ་བྲག་ཏུ་བཤད་པའི་མཚོ་ཞེས་བྱ་བ་མཛད། དེ་ནས་སློབ་དཔོན་དབྱིག་གཉེན་གྱིས་དེ་དག་གི་བརྗོད་བྱའི་དོན་ཐམས་ཅད་བསྡུས་པ་མངོན་པ་མཛོད་ཅེས་གནས་བརྒྱད་ཀྱི་བདག་ཉིད་ཅན་འདི་མཛད་པ་སྟེ། དེ་ཡིས་ཉེ་བར་བསྟན་པའི་དོན་ཀྱང་ཇི་སྐད་དུ། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལས། །ཟག་རྣམས་ཀུན་ཏུ་རྒྱས་པར་གྱུར། །ཞེས་དང་། ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམས་གསུམ་ཡང་སྟེ། །ཞེས་གཙོ་བོར་ཤེས་བྱའི་ཆོས་ཐམས་ཅད་ཟག་བཅས་ཟག་མེད་གཉིས་སུ་བསྡུས་ཏེ་བསྟན་པར་མཛད་པའི་དང་པོ་ལའང་། རྒྱས་པར་ཕྱེ་ན་ཕུང་ཁམས་སྐྱེ་མཆེད་གསུམ་དང་། བསྡུ་ན་སྣང་བ་གཟུགས་ཀྱི། གཙོ་བོ་


JKT017_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི། འཁོར་སེམས་བྱུང་གི །འདུས་མ་བྱས་ཀྱི། མི་ལྡན་པའི་འདུ་བྱེད་དེ་གཞི་ལྔར་བསྟན། ཕྱི་མ་ལའང་བདེན་པ་རྣམ་བཞིའི་དབྱེ་བ་དང་། དེའི་མངོན་པར་རྟོགས་པ་སྐྱེ་ཚུལ་དང་། གང་ཟག་གི་།དབྱེ་བ། དེའི་ཤེས་པའི་དབྱེ་བ། ཏིང་ངེ་འཛིན་གྱི་ཁྱད་པར་དང་བཅས་པ་རྣམས་ཏེ། དེ་ཡང་གནས་དང་པོས་ཆོས་ཀུན་ཟག་བཅས་ཟག་མེད་གཉིས་སུ་མདོར་བསྟན། འདུས་བྱས་དང་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་སྤྱིར་བསྟན། ཁམས་ཀྱི་རབ་དབྱེ་རྒྱས་པར་འཆད་པས་ཁམས་བསྟན་པའི་མཛོད། གཉིས་པས་དབང་པོའི་རང་བཞིན་འདུས་བྱས་ཀྱི་སྐྱེ་ཚུལ་རྒྱུ་རྐྱེན་འབྲས་བུ་དང་བཅས་དབང་པོ་བཤད་པའི་མཛོད་དེ། དེ་གཉིས་ཀྱིས་ཟག་བཅས་ཟག་མེད་སྤྱིར་བསྟན། གསུམ་པས་འགྲོ་བའི་དབྱེ་བ། སྐྱེ་ཚུལ། གནས་པའི་རྐྱེན། འཕོ་བའི་སེམས། སེམས་ཅན་གྱི་ཚོགས་གསུམ་དུ་བསྡུ་བ་རྣམས་ཀྱིས་རྟེན་དང་བརྟེན་པའི་འཇིག་རྟེན་གནས་པའི་མཛོད། །བཞི་པས་འཇིག་རྟེན་སྣ་ཚོགས་སུ་སྐྱེ་བ་ལས་འབྱུང་ཚུལ། དེ་གཏན་ལ་དབབ་པ་སོགས་ལས་བསྟན་པའི་མཛོད། ལྔ་པ་ལས་དེ་རྣམས་ཀྱི་རྣམ་སྨིན་འབྱིན་པ་ཉོན་མོངས་པ་ཁོ་ནར་ངེས་པའི་ཕྱིར། ཕྲ་རྒྱས་ཀྱི་རང་བཞིན། དེ་གང་གིས་སྤངས་པའི་འབྲས་བུ་དང་བཅས་པ་བསྟན་པ་ཕྲ་རྒྱས་ཀྱི་མཛོད། དེ་གསུམ་གྱིས་ཟག་བཅས་བྱེ་བྲག་ཏུ་བཤད། དྲུག་པ་དེ་ལྟ་བུའི་ཕྲ་རྒྱས་


JKT017_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྤོང་བའི་ལམ་དང་། གང་ཟག་གི་རྣམ་གཞག །ལམ་ཁྱད་པར་བའི་ཡོན་ཏན་བྱང་ཆུབ་ཕྱོགས་མཐུན་གྱི་རྣམ་བཞག །རྣམ་གྲོལ་ལམ་རྣམས་སྟོན་པས་ལམ་དང་གང་ཟག་བསྟན་པའི་མཛོད། །བདུན་པ་ཤེས་པ་རྣམ་པ་བཅུ་ཤེས་པ་དང་ལྡན་པ་དང་། འཐོབ་པ་དང་། ཡོན་ཏན་གྱི་སྒོ་ནས་སངས་རྒྱས་ཐུན་མོང་མ་ཡིན་པའི་ཡོན་ཏན་རྒྱ་ཆེར་བཤད་པ་ཡེ་ཤེས་བསྟན་པའི་མཛོད། བརྒྱད་པ་ལམ་བདེན་བསྐྱེད་པའི་རྒྱུ་བསམ་གཟུགས་ཀྱི་ཏིང་འཛིན་དང་། དེའི་ཡོན་ཏན་བཅས་བསྟན་པ་སྙོམས་འཇུག་བསྟན་པའི་མཛོད་དེ། དེ་གསུམ་གྱིས་ཟག་མེད་བྱེ་བྲག་ཏུ་བཤད་དོ། །གཞུང་འདི་ལ་འཕགས་ཡུལ་དུའང་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་བློ་གྲོས་བརྟན་པ་ལ་སོགས་པའི་འགྲེལ་པ་ཤིན་ཏུ་མང་པོ་ཞིག་བྱུང་ལ། བོད་དུ་བསྟན་པ་སྔ་དར་གྱི་ཚེ་བཤད་སྲོལ་བྱུང་བ་བར་སྐབས་སུ་ཆད་ཅིང་། ཕྱིས་པཎྜི་ཏ་སྨྲི་ཏིས་ཁམས་སུ་འཆད་ཉན་གྱིས་གཏན་ལ་ཕབ་པའི་རྒྱུན་ལས་རིམ་པར་འཕེལ་བ་ནས་བཟུང་། མཆིམས་ཐམས་ཅད་མཁྱེན་པའི་དངོས་སློབ་སྣར་ཐང་འཇམ་དབྱངས་པས་མཛོད་འགྲེལ་མངོན་པའི་རྒྱན་སོགས་མཛད་པ་ནས་དར་རྒྱས་སུ་གྱུར་ཏོ། །གཉིས་པ་ནི། སློབ་དཔོན་ཐོགས་མེད་ཀྱིས་ཐེགས་ཆེན་གྱི་མངོན་པའི་སྡེ་སྣོད་རྣམས་ལ་བརྟེན་ནས་སེམས་ཙམ་པའི་ལུགས་སུ་བཀྲལ་བའི་མངོན་པ་ཀུན་བཏུས་མཛད་ཅིང་།


JKT017_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཡུལ་དུ་དར་ཞིང་རྒྱས་པར་བྱུང་མོད་ཀྱང་དེང་སང་བཤད་སྲོལ་ཡོད་པར་མི་སྣང་ངོ་། །དེ་ལྟར་རྒྱུ་ལམ་དུ་བྱེད་པའི་ཐེག་པ་དེའང་བསྡུ་ན་དམན་མཆོག་གཉིས་སུ་འདུ་ཞིང་། ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་ལ་བྱེ་མདོ་དང་། ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་ལ་དབུ་སེམས་གཉིས་ཏེ་བཞིར་ངེས་པའི། དང་པོ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ལའང་གསུམ་ལས། དང་པོ་མཚན་ཉིད་ནི། ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་གང་ཞིག །རང་རིག་ཐ་སྙད་ཙམ་དུའང་ཁས་མི་ལེན་པའོ། །ངེས་ཚིག་ནི། ཤེས་བྱའི་གཞི་ལྔ་པོ་ཐམས་ཅད་རྫས་སུ་ཡོད་དེ། བྱེ་བྲག་སོ་སོར་ཕྱེ་ནས་སྨྲ་བས་ན་དེ་སྐད་དོ། །དབྱེ་ན། རྩ་བའི་སྡེ་པ་བཞི་དང་། དེ་ལས་གྱེས་པ་བཅོ་བརྒྱད་རྣམས་སོ། །གྲུབ་པའི་མཐའི་འདོད་ཚུལ་ལ། གཞི། ལམ། འབྲས་བུ་གསུམ་ལས། དང་པོ་ནི། ཤེས་བྱ་ཐམས་ཅད་རྒྱས་པར་ཕྱེ་ན་ཕུང་པོ་ལྔ། ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས་རྣམས་སུ་ཡོད་པར་འདོད་ཅིང་དེ་ཐམས་ཅད་ཀྱང་ལེགས་པར་བསྡུ་ན། བཅོམ་གཞིག་གང་རུང་གི་སྒོ་ནས་ངར་འཛིན་གྱི་བློ་འདོར་དུ་རུང་བ་རྫ་བུམ་ལྟ་བུ་བཏགས་ཡོད་ཀུན་རྫོབ་ཀྱི་བདེན་པ་དང་། དེ་གཉིས་གང་ཡང་རུང་བས་ངར་འཛིན་གྱི་བློ་འདོར་དུ་མི་རུང་བ་རྡུལ་ཕྲན་ཆ་མེད་ལྟ་བུ་རྫས་ཡོད་དོན་དམ་པའི་བདེན་པ་གཉིས་སུ་འདུས་པར་བཞེད་དོ། །གཉིས་པ་ནི། བདེན་བཞི་


JKT017_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཅུ་དྲུག་ལ་དམིགས་ནས་ལམ་ལྔའི་མངོན་པར་རྟོགས་པའི་སྒོ་ནས་ཉམས་སུ་བླངས་པས་ཉོན་མོངས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་སྒྲིབ་པ་གཉིས་སྤངས་པས་དམན་ལམ་དགྲ་བཅོམ་པ་དང་། སངས་རྒྱས་ཀྱི་འབྲས་བུ་རིམ་བཞིན་དུ་ཐོབ་པར་འཆད་དོ། །གསུམ་པ་ནི། མི་རྟག་པ་སོགས་བཅུ་དྲུག་པོ་བསྒོམས་པས་ཉོན་མོངས་པ་ཅན་གྱི་མི་ཤེས་པ་ཙམ་སྤངས་པས་དམན་པའི་དགྲ་བཅོམ་གྱི་གོ་འཕང་ཐོབ་ཀྱང་དེ་ཉིད་ཉམས་པའི་ཆོས་ཅན་གྱི་ཕྱིར། སླར་རྒྱུན་ཞུགས་སུ་འགྱུར་བར་སྲིད་པར་ཁས་ལེན་ལ་གང་གི་དམིགས་པ་དེ་བསྐལ་པ་གྲངས་མེད་གསུམ་གྱི་བསོད་ནམས་ཀྱི་ཚོགས་དང་འབྲེལ་བར་ཉམས་སུ་བླངས་པས་མི་ཤེས་པ་གཉིས་ཀ་སྤངས་ཏེ་སངས་རྒྱས་ཀྱི་གོ་འཕང་དེའི་ཐུགས་རྒྱུད་ནི་ཟད་དང་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱི་རང་གཟུགས་སངས་རྒྱས་ཡིན་གྱི། ཕྱིའི་གཟུགས་ཕུང་དེ་ཉིད་སྡུག་བསྔལ་གྱི་བདེན་པ་ལས་སངས་རྒྱས་སུ་མི་འདོད་ལ། མྱ་ངན་ལས་མ་འདས་ཚུན་ཆད་ལྷག་བཅས་དང་། དེ་ཕན་ཆད་ལྷག་མེད་དགྲ་བཅོམ་དུ་འདོད་པ་ལས་སྤྲུལ་པ་ལ་སོགས་ཁས་མི་ལེན་ཅིང་། རྒྱུ་དེས་སྐུ་གསུམ་ལ་སོགས་པའི་རྣམ་པར་བཞག་པའང་མི་བྱེད་དོ། །གཉིས་པ་མདོ་སྡེ་པའི་ལུགས་བཤད་པ་ལ་བཞི། མཚན་ཉིད་ནི། ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་གང་ཞིག་ཕྱི་དོན་དང་རང་རིག་གཉིས་ཀ་བདེན་


JKT017_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་གྱིས་ཁས་ལེན་པའོ། །ངེས་ཚིག་ནི། ཐེག་དམན་གྱི་མདོ་སྡེ་རྣམས་ཀྱི་རྗེས་སུ་འབྲངས་ནས་དེ་ལ་ཚད་མར་བྱེད་པས་དེ་སྐད་ཅེས་བྱ། དབྱེ་ན་ལུང་གི་རྗེས་འབྲང་དང་། རིག་པའི་རྗེས་འབྲངས་གཉིས་ལས། སྔ་མ་ནི་ཡེ་ཤེས་ལ་འཇུག་པ་ལ་སོགས་པའི་མངོན་པ་སྡེ་བདུན་དང་། ཕྱི་མ་ནི་ཚད་མ་སྡེ་བདུན་ལ་སོགས་པ་ནས་བཤད་པའི་མདོ་སྡེ་བ་དག་གོ། །མཛད་འཕྲོ་ལུས།། །།

རིག་པའི་གནས་ཆེན་ལྔའི་གཏམ།


JKT017_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མསྶ་རྦཛྷཱ་ཡ། འདིར་བློ་ལྡན་གང་ཞིག་སྲིད་པའི་སྡུག་བསྔལ་མཐའ་མེད་པར་ལུས་ཅན་ཐམས་ཅད་འཁྱམས་པའི་རྩ་བ་བདག་ལྟ་དང་མཚུངས་པར་ལྡན་པའི་མ་རིག་པའི་ས་བོན་དྲུང་ནས་ཕྱུང་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་དག་གིས། དེ་དང་དེའི་རིང་བ་དང་ཉེ་བའི་རྒྱུར་གྱུར་པ་ཕྱི་ནང་གི་རིག་པའི་གཞུང་ལ་རིམ་གྱིས་འཇུག་སྟེ་ཐོས་བསམ་སྒོམ་གསུམ་འགལ་མེད་དུ་སྤྱོད་པར་འོས་པ་ནི་ལུང་དང་རིག་ཤེས་ཚད་མས་རྗེས་སུ་གྲུབ་ལ། དེས་ན་དེ་ལྟ་བུའི་བསླབ་པར་འོས་པའི་ཤེས་བྱ་ལ་སྤྱིར་མཐའ་ཀླས་ཀྱང་། བསྡུ་ན་རིག་པའི་གནས་ཆེན་པོ་བཅོ་བརྒྱད་དང་། སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་། བརྟག་པ་བརྒྱད་ལ་སོགས་པ་ཐམས་ཅད་ཀྱང་ཕལ་ཆེར་རིག་པའི་གནས་ལྔ་ཡན་ལག་དང་བཅས་པར་འདུས་ཤིང་། དེ་ཡང་ཚར་བཅད། རྗེས་བཟུང་། ཀུན་མཁྱེན་རིག་པ་གསུམ། དེ་ཉིད་ཀྱང་ཉེ་བར་བསྡུ་ན་ཕྱི་ནང་གི་ཐུན་མོང་དང་། ཐུན་མོང་མ་ཡིན་


JKT017_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་སུ་འདུ་བའི་ཚུལ་རྒྱས་པར་འཆད་དུ་ཡོད་ལ། ཐུན་མོང་གི་རིག་པ་དེའང་བསམ་པའི་ཁྱད་པར་གྱི་ངོས་ནས་བྱང་ཆུབ་ཀྱི་རྒྱུར་འགྱུར་མི་འགྱུར་ཐ་དད་པའང་ཤེས་པར་བྱའོ། །ཡང་སྔ་མའི་སྟེང་ཚིག་རྒྱན་ཤེས་ན་སྙན་དངགས་ལ་མི་རྨོངས་པ་སོགས་ལྔ་བསྣན་པས་རིག་པའི་གནས་བཅུ་ཕྲག་ཅེས་འཕགས་པ་ལ་བོད་ལྗོངས་ཀྱི་མཁས་པ་རྣམས་ལ་གྲགས་པ་བརྟན་པ་ལས། ད་ལམ་སྐབས་སུ་བབས་པ་རིག་གནས་ལྔར་བསྡུ་བའི་ཚེ་བཟོ་རིག་པའི་ནང་ཚན་ངག་བཟོར་གཙོ་བོར་གཏོགས་པ་སྙན་ཚིག་གི་རིག་པ་འདི་ལ་རྒྱ་གར་ན་གཞུང་ཆེ་ཕྲ་གྲངས་ཀྱིས་མི་ལངས་པ་ཞིག་ཡོད་པ་ལས་ཕྱིས་སུ་གཙོ་བོར་གྱུར་པ་དབྱངས་ཅན་མགུལ་རྒྱན་དང་མེ་ལོང་གཉིས་ཡིན་ལ། དེའི་ནང་ནས་ཀྱང་འཕགས་བོད་ཐམས་ཅད་དུ་ཉི་ཟླ་ལྟར་གྲགས་པ་གསལ་བ་དཔལ་ལྡན་དཎྜིས་མཛད་པའི་རྒྱན་གྱི་བསྟན་བཅོས་མེ་ལོང་འདི་ཉིད་འཆད་པ་ལ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་གསུམ་ལས། །དང་པོ་ལའང་། ཇི་སྐད་དུ། རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན། །སུ་ཡི་དོན་དུ་འདི་ཉིད་མཛད། །སུ་ཞིག་བྱེད་པོ་འདིའི་ཚད་ཅི། །འདི་ཡི་དགོས་པ་ཅི་ཞིག་ཡིན། །ཞེས་རྩིས་མགོ་རྣམ་པ་ལྔར་དབྱེའོ། །གཉིས་པ་ལ་གསུམ་སྟེ། བསྟན་བཅོས་ལ་འཇུག་པའི་སྒོ་དང་། བཤད་བྱ་བསྟན་བཅོས་ཀྱི་དོན་དངོས། དོན་དེ་ཤེས་པའི་འབྲས་བུ་མཚོན་པ་


JKT017_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་གསུམ། དང་པོ་ལའང་། མཆོད་པར་བརྗོད་པ། བརྩམ་བར་དམ་བཅའ་བ། དགོས་སོགས་བརྗོད་པའོ། །ཕྱི་མ་ལ་བཞི། སྡེ་བཞིའི་ཐ་སྙད་འཇུག་པ། གྲགས་པ་དུས་རིང་པོར་གནས་པ་༡། ཡོན་ཏན་དང་སྐྱོན་འབྱེད་པ་༢། དེས་ན་བསྟན་བཅོས་བརྩམས་༡པ་སྟེ་བཞིའོ། །སྐབས་འདིར་ཤུགས་བསྟན་བརྗོད་བྱ། དགོས་པ། ཉིང་དགོས། འབྲེལ་བ་བཞིའི་ཚུལ་ཡང་ཁོང་དུ་ཆུད་པར་བྱའོ། །སྤྱི་དོན་གཉིས་པ་ལ་གསུམ། ལུས་རྒྱན་མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །བར་པ་ལ་གསུམ། ལུས། རྒྱན། སྐྱོན་སེལ་རྒྱས་པར་བཤད་པའོ། །དང་པོ་ལའང་གཉིས། མཚན་ཉིད་དང་། མཚན་གཞིའོ། །ཕྱི་མ་ལ་གསུམ། ལུས་གཞུང་གི་དབྱེ་བས་གསུམ་དུ་བཤད། ལུས་སྐད་རིགས་ཀྱི་དབྱེ་བས་བཞིར་བཞག །སླར་ཡང་ལུས་ཀྱི་དབྱེ་བ་གཞན་སྟོན་པའོ། །དང་པོ་ལ་གཉིས། དབྱེ་བ་དང་། སོ་སོར་བཤད་པའོ། །གཉིས་པ་ལ་གསུམ། ཚིགས་སུ་བཅད་པ་དང་། ལྷུག་པ་དང་། སྤེལ་མ་བཤད་པའོ། །དང་པོ་ལ་གསུམ། སྡེབ་སྦྱོར་གྱི་སྒོ་ནས་གཉིས་དང་། སྦྱོར་ཚུལ་གྱི་སྒོ་ནས་བཞིར་དབྱེ། སྙན་དངགས་ཆེན་པོའི་མཚན་ཉིད་བསྟན་པའོ། །ཕྱི་མ་ལ་བཞི། སྙན་དངགས་ཆེན་པོ་ངོས་བཟུང་བ། དེའི་མཚོན་བྱེད་སྤྱིར་བཏང་། དམིགས་ཀྱིས་བསལ་བ། ཞར་ལ་སྦྱོར་ཚུལ་འགའ་ཞིག་བསྟན་པའོ། །གཉིས་


JKT017_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གསུམ། སྙན་དངགས་ཆེན་པོ་བརྩམ་པ་ལ་འཇུག་པའི་སྒོ། །སྙན་དངགས་ཆེན་པོ་དེའི་བརྗོད་བྱ། དེའི་རྗེས་སུ་འབྲེལ་བའི་བརྗོད་བྱ་འཇུག་པའི་ཡུལ་འཕྲོས་དོན་བཅས་པའོ། །བཞི་པ་ལ་གཉིས། སྙན་དངགས་མཁན་བྷཱ་མ་ཧཱའི་འདོད་པ་དང་། རང་བཞེད་དངོས་དགོད་པའོ། །ལྷུག་པ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །གཉིས་པ་ལ་བཞི། དབྱེ་བ་མིང་གི་མདོར་བསྟན། དངོས་པོའི་དབྱེ་བར་རྟོག་པ་དགག །མིང་ཙམ་གྱི་དབྱེ་བར་བསྟན། དོན་གྱི་དབྱེ་བར་འཇོག་པའི་སྒྲུབ་བྱེད་གཞན་དགག་པའོ། །སྤེལ་མ་ལ་གཉིས། སྐད་རིགས་དང་། བཅད་ལྷུག་སྤེལ་བའོ། །གསུམ་པ་སྐད་རིགས་ཀྱི་དབྱེ་བའི། དེའི་དབྱེ་བ་དང་། སོ་སོར་བཤད་པ་དང་། དེ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་ཀྱི་མཚན་གཞི་ངོས་བཟུང་བའོ། །གསུམ་པ་དབྱེ་བ་གཞན་སྟོན་པ་ལ་གཉིས། ལྟ་བ་དང་། མཉན་པའི་དོན་ལ་སྦྱར་བའོ། །གཉིས་པ་རྒྱན་བཤད་པ་ལ་གཉིས། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ལའང་ལམ་དུ་མང་བསྟན། ལྷོ་ཤར་གྱི་ལམ་རྒྱས་པར་མཚན་ཉིད་དང་དཔེར་བརྗོད་པའི་སྒོ་ནས། འཕྲོས་དོན་སྙན་ངག་གི་རྒྱུ་བཤད་པའོ། ༈ །གཉིས་པ་ལ། དོན་རྒྱན་༣༥། སྒྲ་རྒྱན་༣། གབ་ཚིག་གི་རྒྱན་༡༣། མཚན་ཉིད་དང་དཔེར་བརྗོད་པའི་སྒོ་ནས་བཤད་པའོ། །གསུམ་པ་མཇུག་གི་


JKT017_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་གཉིས། གཞུང་མཛད་པ་པོའི་མཚན་སྨོས་པ། འཕགས་ཡུལ་ནས་གངས་ཅན་དུ་ཇི་ལྟར་བསྒྱུར་བའི་ཚུལ་བསྟན་པའོ། ༈ །ན་མཿསྭ་ར་ས་ཏྱཻ། རིག་གནས་ཆུང་བ་ལྔའི་ཡ་གྱལ་ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས་ཞེས་གྲགས་པ་བརྟན་པའི་གཞུང་འདི་འཆད་པ་ལ་གཉིས་ཏེ། ལུས་འཆད་པ་དང་། རྒྱན་འཆད་པའོ། །དང་པོ་ནི། འདི་ལྟར་སྨྲ་བ་པོའི་བརྗོད་པར་འདོད་པའི་དོན་བསྟན་བཅོས་སུ་སྦྱར་ན། རྗོད་བྱེད་ལེགས་པར་སྦྱར་བའི་ལུགས་ཀྱི་སུ་པྲ་དང་ཏིང་འི་མཐའ་ཅན་ལ་སོགས་པའི་ཚིག་གི་ཕྲེང་བ་ཅན་ཏེ། དེ་ལ་དབྱེ་ན་གསུམ་གྱི་དང་པོ་ནི། ལུས་གང་ཞིག་རྐང་པ་བཞིར་བཅད་ཅིང་རྐང་པ་བཞིར་ཚོགས་པའི་ངག་ནི་ཚིགས་སུ་བཅད་པའི་མཚན་ཉིད་དབྱེ་ན། སྡེབ་སྦྱོར་གྱི་སྒོ་ནས་བྲིཏྟ་དང་ཛཱ་ཏི་གཉིས་སུ་གནས་ཀྱང་། བོད་སྐད་ལ་བྲིཏྟ་དང་རྗེས་མཐུན་ཡི་གེ་བགྲངས་པ་ཙམ་ལས་མི་འབྱུང་ངོ་། །སྦྱོར་ཚུལ་གྱི་སྒོ་ནས་གྲོལ་བ། རིགས། མཛོད། འདུས་པ་བཞིའོ། །གཉིས་པ་ནི། ལུས་གང་ཞིག་རྐང་པས་མ་བཅད་པའི་རྣམ་དབྱེའི་མཐའ་ཅན་གྱི་ངག་ཚིག་རྒྱུན་ཆགས་པ། དབྱེ་ན་བརྗོད་པ་དང་། གཏམ་གཉིས། འདི་དག་སྔོན་གྱི་མཁས་པ་དག་གིས་ཐ་དད་པར་འདོད་ཀྱང་། དཔལ་ལྡན་དཎྜིས་མི་འགལ་བར་བསྒྲུབས། གསུམ་པ་ནི། ལུས་གང་ཞིག །ཚིག་བཅད་ལྷུག་གམ། སྐད་རིགས་བསྲེས་པ་སྤེལ་མའི་མཚན་


JKT017_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། དབྱེ་ན། ཙམ་ཞེས་ཚིག་བཅད་ལྷུག་སྤེལ་བ་དང་། ཟློས་གར་ཞེས་སྐད་རིགས་བཞི་ཀར་སྤེལ་བའོ། །དེ་འདྲའི་ཚིག་བཅད་ལྷུག་སྤེལ་གསུམ་ལ། སྐད་ལེགས་སྦྱར། རང་བཞིན། ཟུར་ཆག །འདྲེས་མ་བཞིར་གནས། ལེགས་སྦྱར་ལྷའི་སྐད་དང་། རང་བཞིན་ལ་ལེགས་སྦྱར་དེ་སྐྱེས་དང་། དེ་མཚུངས་དང་། ཡུལ་སོ་སོའི་སྐད་ཅན་གསུམ། ཟུར་ཆག་གི་སྙན་གཞན་ལ་མ་ལྟོས་པར་རང་དོན་སྟོན་པ། ངག་སྔོན་ཁྱབ་འཇུག་བ་ལང་རྫི་བོ་བྱས་པའི་ཚེ་དེའི་སྐད་ཀྱིས་རིག་བྱེད་འཆད་པ་ལ་འདོད། སྒྲའི་ལུགས་ལ་ལེགས་སྦྱར་ལས་གཞན་ཟུར་ཆག་ཏུ་འདོད་དོ། །འདྲེས་མ་ནི། སྐད་རིགས་སྔ་མ་གསུམ་བསྲེས་ནས་འཆད་པ་ལ་འདོད་དོ། །གྲོལ་བ་ནི། བློ་ཀཋགཅིག་གིས་བརྗོད་བྱའི་དོན་གཅིག་རྫོགས་པར་སྟོན་པ། རིགས་ནི་བློ་ཀ་དུ་མ་བརྗོད་བྱའི་དོན་གཅིག་གིས་རྫོགས་པར་སྟོན་པ། མཛོད་ནི། གཅོད་མཚམས་བྱ་ཚིག་སྣ་ཚོགས་པའི་སྒོ་ནས་གློ་ཀངེས་བཟུང་མེད་པར་བརྗོད་བྱ་དུ་མས་འབྱོར་ལྡན་གྱི་མཛོད་ལྟར་ཕྱུག་པ། འདུས་པ་ནི། བརྗོད་བྱའི་དོན་གཅིག་བློ་ཀདུ་མ་དང་བྱ་ཚིག་མང་པོ་འདུས་ནས་སྟོན་པ་སྟེ། དཔེར་ན་སྲོད་ལ་སོགས་པའི་བསྔགས་པ་ལྟ་བུ་གཅིག་ལ། བློ་ཀདང་བྱ་ཚིག་གཉིས་ཀ་མང་པོ་འདུས་ནས་སྟོན་པ་ཞིག་གོ །དེ་བཞི་པོ་ཚིགས་སུ་བཅད་པའི་རང་བཞིན་གྱི་སྙན་དངགས་ཆེན་པོ་སྟེ་སརྒ་འམ་ལེའུས་བཅིངས་པའི་


JKT017_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་དག་གི་ཞར་ལས་ཤུགས་ཀྱིས་ཐོབ་པར་འགྱུར་པའི་ཕྱིར་དེའི་ཆ་ཤས་ཙམ་ཡིན་གྱི་ལོགས་སུ་ཤེས་བྱ་དང་སྟོན་བྱ་མ་ཡིན་པས་མེ་ལོང་གཞུང་དུ་དཔེར་བརྗོད་མ་མཛད་དོ། །ཁྱད་པར་ནི། རིགས་དང་འདུས་པར་ཚིགས་སུ་བཅད་པ་མང་པོས་སྟོན་པ་འདྲ་ཡང་། རིགས་ལ་བྱ་ཚིག་གཅིག་དང་། འདུས་པར་མང་པོས་སྟོན། མཛོད་འདུས་པ་གཉིས་བྱ་ཚིག་མང་བའི་སྒོ་ནས་འདྲ་ཡང་། མཛོད་ཤོ་ཀམང་པོ་དགོས་པ་མ་ངེས་ཤིང་། འདུས་པ་ལ་ངེས། གྲོལ་བ་བློ་ཀགཅིག་གཅོད་མཚམས་དང་བྱ་ཚིག་མི་དགོས་པ་ཞིག་གོ །སྙན་དངགས་ཆེན་པོའི་ལུས་རྩོམ་པའི་འཇུག་སྒོ་ཤིས་བརྗོད། ཕྱག་བྱ། དངོས་པོ་ངེས་བསྟན་གསུམ། རྩོམ་ཚུལ་གྲོང་ཁྱེར་རྒྱ་མཚོ་རི་དུས་སོགས་ལ་བསྔགས་པས་མཚོན་ནོ། །གཉིས་པ་རྒྱན་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས། དང་པོ་ལ་བཅུ་སྟེ། དང་པོ་སྦྱོར་བའི་ཡོན་ཏན་ནི། མ་ཡིག་ལྟ་བུ་ལ་བསྐོར་བ་རྗེས་ཁྲིད་ཀྱི་བློས་སྲོག་ཆུང་གི་ཡི་གེ་ཁོ་ན་ཚོགས་པས་ལྷོད་པ་བཟློག་ཟླ་ཤར་ཕྱོགས་གོ་ཌ་བའི་འདོད་པ་དང་། ལྷོད་པ་སྲོག་ཆུང་གི་ཡི་གེ་གྲངས་མང་ཞིང་། སྲོག་ཆེན་ཀྱང་ཅི་རིགས་འདྲེས་ཕྱིར་ལྷོད་པས་མ་རེག་པ་སྦྱོར་བ་ལྕི་བ་དངོས་ལྷོ་ཕྱོགས་བེ་དནྟའི་ལུགས་གཉིས། གཉིས་པ་རབ་དྭངས། འཇིག་རྟེན་ན་ཡོངས་སུ་གྲགས་ཤིང་གོ་སླ་བའི་དོན་བརྗོད་པ་བེ་དནྟའི་ལུགས་དང་། འཇིག་


JKT017_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ན་གྲགས་མི་ཆེ་བས་མི་དྭངས་པ་ལྟ་བུར་བརྗོད་པ་གོ་ཌ་བའི་ལུགས་གཉིས། མཉམ་པ་ལ། རྐང་པ་ཕྱེད་སྔ་ཕྱིའི་ཡི་གེ་སྦྱོར་བ་མཉམ་པ་བེ་དནྟའི་ལུགས་དང་། རྐང་པ་གསུམ་པ་ལྟ་བུའི་ཡི་གེའི་སྦྱོར་བ་རྩུབ་ཅིང་། གཞན་འཇམ་པ་ལྟ་བུ་གོ་ཌ་བའི་འདོད་ལུགས་གཉིས། སྙན་པ་ལ་ལར་རིང་པོ། ལ་ལར་བརྩེགས་པ། ལ་ལར་འཕུལ་མཐའ་རྟེན་སོགས་མཚུངས་པར་བྱས་པ་བེ་དནྟའི་ལུགས་དང་། དེ་གཉིས་ཀས་འདོད་པ་རྐང་པ། ཚིག་ཡི་གེ་རིང་པོར་བསྐོར་བའི་རྗེས་ཁྲིད་གསུམ། རྐང་པ་སྔ་ཕྱི་སྦྱོར་བ་འཇམ་རྩུབ་མཉམ་པ་གོ་ཌཱ་བ་ཁོ་ནས་འདོད་པའི་རྗེས་ཁྲིད་རྣམས་སོ། །ཤིན་ཏུ་གཞོན་པ་ནི། ཕལ་ཆེར་ཤིན་ཏུ་འཇམ་པ་ལ། རྩུབ་པའི་ཡི་གེའང་རེ་རེ་ཙམ་འདྲེས་པ་བེ་དནྟ་བ་དང་། ཐམས་ཅད་རྩུབ་པ་ཤ་སྟག་བསྒྲིགས་པ་གོ་ཌ་བའི་ལུགས་གཉིས། དོན་གསལ། བརྗོད་བྱའི་དོན་དེ་བརྟགས་མི་དགོས་པར་གོ་བ་ལྷོ་ཤར་འདོད་མཐུན་དང་། བརྟགས་དགོས་པས་གོ་དཀའ་བ་ཤར་བ་སྐབས་འགའ་རེར་འདོད་པ། རྒྱ་ཆེ་བ། ཆོས་གང་ཞིག་དངོས་སུ་བརྗོད་པའི་ཡུལ་དེ་ཁྱད་འཕགས་མཚོན་པར་ནུས་པ་བེ་དནྟུ་དང་། བསྔགས་པར་འོས་པའི་ཁྱད་ཆོས་བརྗོད་པ་ཙམ་ན་དེ་དང་ལྡན་པའི་ཁྱད་གཞི་དེ་ཁྱད་འཕགས་སུ་མཚོན་ནུས་པ་གོ་ཌ་བའི་འདོད་པ་གཉིས། བརྗོད་པ་ནི། ལྕི་ཡང་འཁྲུགས་པ་དང་། ཚིག་སྡུད་ཀྱི་རྣམ་པ་མང་


JKT017_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བ་བརྗོད་པ་གོ་ཌཱ་པ་དང་། ཚིག་སྡུད་སྔ་མ་དང་འདྲ་ཞིང་ལྕི་ཡང་མ་འཁྲུགས་པ་བེ་དནྟའི་ལུགས། མཛེས་པ་ནི། འཇིག་རྟེན་གྱི་མཚམས་ལས་མ་འདས་པར་བརྗོད་པས་ཀུན་ཡིད་འཕྲོག་པར་བྱེད་པ་བེ་དནྟུ་དང་། འཇིག་རྟེན་གྱི་བློ་ཡུལ་ལས་འདས་པར་བསྔགས་པ་གོ་ཌ་བའི་ལུགས་གཉིས་སོ། །ཏིང་ངེ་འཛིན་ནི། སེམས་ལྡན་གྱི་ཆོས་གཞན་མིག་འབྱེད་འཛུམ་ལ་སོགས་པ། ཆོས་ཅན་སེམས་མེད་པདྨ་ལ་སོགས་པ་གཞན་གྱི་སྟེང་དུ་མཉམས་པར་རབ་བཏགས་ཀྱི་ཚུལ་དུ་བཀོད་པའོ། །ཚིག་སྦྱོར་ཕན་ཚུན་ཕན་པར་བྱེད་པའི་འབྲེལ་བ་ཅན། དགོས་དོན་དང་བྲལ་བའི་ཚིག་སྤངས་པ། བསྟོད་པའི་གནས་ཁོ་ནར་བསྟོད་པ། བརྗོད་པའི་ཤུགས་ལས་བརྗོད་དོན་ཟབ་མོ་དག་ཀྱང་གསལ་བ་སྟེ། །དེ་རྣམས་ཚོགས་པས་རྒྱན་དེ་འབྱུང་ངོ་།། །།

སྐུ་རྟེན་ལྷ་སྐུའི་ཐིག་རྩ།


JKT017_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མཿསརྦ་ཛྙཱ་ཡ། ཨེ་ཝཾ་གཉིས་མེད་བདེ་བ་ཆེས། །ཤེས་དང་ཤེས་བྱ་ཀུན་སྡོམ་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །ཁྱབ་བདག་འཇམ་མགོན་བླ་མར་འདུད། །གང་གི་ཐུགས་རྗེའི་ཉི་གཞོན་གྱིས། །བློ་གྲོས་པད་རྫི་ངས་གསོས་པ་ལས། །བྱུང་བའི་ལེགས་བཤད་སྦྲང་རྩི་ཡིས། །དོན་མཐུན་བུང་བའི་དགའ་སྟོན་བྱ། །འདི་ལྟར་གནས་སྐབས་ཐར་པ་དང་མཐར་ཐུག་རྣམ་མཁྱེན་གྱི་གོ་འཕང་ཉེ་བར་སྒྲུབ་པའི་ལམ་གྱི་གཙོ་བོ། བདག་ལྟ་དང་མཚུངས་པར་ལྡན་པའི་ཀུན་ཉོན་དྲུངས་ནས་འབྱིན་པ་


JKT017_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་རྟོག་པའི་ཤེས་རབ་སྐྱེད་པར་བྱེད་པའི་ཕྱི་མོ། །གནས་སྐབས་སུའང་ཕྱོགས་དང་ཕྱོགས་བྲལ་གྱི་དཔྱོད་ལྡན་གཟུ་བོར་གནས་པ་དག་གིས་ལེགས་སོའི་ཤིས་བརྗོད་ཀྱི་དབྱངས་སྙན་པོས་མངའ་གསོལ་བའི་མཁས་པའི་རྒྱལ་ཐབས་ལ་འཇོགས་པར་འདོད་པ་དག་གིས་དོན་དུ་གཉེར་བྱ་གཅིག་པུར་གྱུར་པ་བཅུ་ཕྲག་རིག་པའི་གནས་ཀྱི་སྤྱི་དོན་ལས་འཕྲོས་པའི་འབེལ་བའི་གཏམ་ཉུང་ངུ་ཞིག་སྤྲོ་ན། དང་པོ་དོན་གཉེར་རིས་སུ་མ་ཆད་པ་རྗེས་སུ་འཛིན་པ་བཟོ་རིག་པའི་ངོ་བོ་ནི། སྒོ་གསུམ་གྱི་བྱ་བས་བསྐྲུན་པའི་རིག་གནས། དབྱེ་ན། ལུས། ངག་ཡིད་ཀྱིས་བསྡུས་པ་གསུམ་ལས། དང་པོ་ལའང་མཆོག་དམན་གཉིས། མཆོག་གམ་གཙོ་བོ་ནི། དཀོན་མཆོག་གསུམ་གྱི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། རྡོ་རྗེ་ཐེག་པའི་རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་རྣམས་ལས་བསྟན་པའི་དཀྱིལ་འཁོར་བྲི་ཐིག་ལས་རབ་འབྱམས་མཆོད་པའི་གར་སོགས་ལུས་ཀྱི་རྣམ་འགྱུར་ལས་བྱུང་བ་རྣམས་ཏེ། དེ་ཡང་སྐུ་རྟེན་ལའང་གཞལ་བྱ། འཇལ་བྱེད། ཇི་ལྟར་གཞལ་བའི་ཚུལ་གྱིས་གྲུབ་པའི་དོན་ཏེ་གསུམ་གྱི། དང་པོ་ནི། རྫོགས་པའི་སངས་རྒྱས་སྲས་དང་སློབ་མར་བཅས་པ་ལ་སོགས་པའི་སྐུ་ཡི་རྣམ་འགྱུར་བྲིས་པ་བུར་ལུགས་སོགས་ཀྱིས་རྩོམ་པ་ནི་གར་ཚད་ཀྱིས་གཏན་ལ་དབབ་པར་བྱེ་བའི་ཡུལ། གཉིས་པ་ནི། འདིར་སོར་མོ་བརྒྱད་


JKT017_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་ནས་དང་། ནས་གཉིས་ལ་རྐང་པ། རྐང་པ་བཞི་ལ་སོར་གང་ངམ་ཆ་ཕྲན་དེ་ཕྱེད་བཅས་བཅུ་གཉིས་སམ་བཅུ་གསུམ་སྐབས་སུ་གང་བབས་ཀྱིས་གདོང་ངམ། ཞལ་ལམ། ཐལ་མོའམ། མཐོ་ཞེས་བྱ་སྟེ། གང་གིས་ཚད་གཏན་ལ་འབེབས་པར་བྱེད་པའི་བདག་པོའི་རྐྱེན་ནོ། །གསུམ་པ་ནི། ཐིག་ཆེན་དང་པོ་སྤང་རྟོགས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་རྣམས་སོར་མོ་བརྒྱ་ཉེར་ལྔ་པ་དང་། ཐིག་ཆེན་གཉིས་པ་ཡིད་ཙམ་ཁྲོ་བའམ། དྲང་སྲོང་ལྟར་ཁྲོས་པའི་རྒྱུད་སྡེའི་དཀྱིལ་འཁོར་གྱི་གཙོ་བོ་ཕལ་མོ་ཆེ་སོར་མོ་བརྒྱ་ཉེར་ལྔར་བྱ་བའི་ཚུལ་གྱིས་འཆད་པ་དང་། ཐིག་ཆེན་གསུམ་པ་དེ་ལས་གཞན་པ་བྱང་ཆུབ་སེམས་དཔའ་སོགས་ཞི་བ་ཐུན་མོང་པ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན་རྣམས་སོར་མོ་བརྒྱ་དང་ཉི་ཤུ་པ། ཐིག་ཆེན་བཞི་པ་རྒྱལ་ཡུམ་ཡིད་འཕྲོག་མའི་གཟུགས་ཅན་རྣམས་སོར་མོ་བརྒྱ་བརྒྱད་པ་དང་། ཐིག་ཆེན་ལྔ་པར་སྦོམ་ཐུང་གཏུམ་དྲག་ཅན་རྣམས་སོར་མོ་གོ་དྲུག །ཐིག་ཆེན་དྲུག་པ་མིའུ་ཐུང་ལྟར་ཁྲོས་པ་རྣམས་སོར་མོ་དོན་གཉིས། ཐིག་ཆེན་བདུན་པ་ཉན་ཐོས་དང་རང་རྒྱལ་མི་ལ་སོགས་པ་རྣམས་སོར་དགུ་བཅུ་རྩ་དྲུག་དམིགས་བསལ་དང་བཅས་པ། ཐིག་ཆེན་བརྒྱད་པ་སྐུའི་རྣམ་འགྱུར་དང་། བཞུགས་སྟངས་དང་། རྒྱན་ལ་སོགས་པའི་ཚད་དེ། དེ་ལྟར་རྣམ་པ་བརྒྱད་ཀྱི་སྒོ་ནས་གཏན་ལ་ཕབ་ནས་ཞི་བ་དང་། སྒེག་


JKT017_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། གཏུམ་པ་ལ་སོགས་པའི་ཉམས་ཀྱིས་སྐབས་སུ་བབ་པར་མཛེས་ཤིང་ཡིད་འཕྲོག་པར་བྱ་བ་ཉིད་དོ། །གཉིས་པ་གསུང་རྟེན་ལའང་གསུམ། ངོ་བོ་ནི། བསླབ་པ་གསུམ་གྱི་གཞི་འཛིན་པར་བྱེད་ཅིང་རིག་བྱེད་ལ་སོགས་པ་བརྗོད་པའི་རྒྱུར་གྱུར་པ་ཡི་གེ་འདུས་པ་ལས་མིང་དང་། དེ་འདུས་པ་ལས་ཚིག་དང་། དེ་ལས་ཚིག་སུ་བཅད་པ་ནས་ལེའུ་དང་གླེགས་བམ་གྱི་བར་དུ་ཤར་བའི་རིག་གནས། ངེས་ཚིག་ནི། གང་བྲི་བར་བྱ་བ་ཡི་གེའི་དབང་དུ་བྱས་ན། བྱཉྫན་དང་། ཨཀྵ་ར་དང་། བཎྜ་ཞེས་པའི་སྒྲ་ལས། གསལ་བ་དང་། མི་འགྱུར་བ་དང་། བྱེད་པའི་ཕྱིར་ན་ཡི་གེ་ཞེས་བྱ། དེས་གྲུབ་པའི་གླེགས་བམ་ནི། པུསྟ་ཀཞེས་པའི་སྒྲ་ལས་དྲངས་ན་མིང་ཚིག་ཡི་གེའི་བདག་ཉིད་མང་པོ་ལྷན་ཅིག་ཏུ་འདུས་པའམ་ཚོགས་པའི་དོན་ལས་བཏགས་སོ། །དབྱེ་ན། རྒྱ་གར་འཕགས་པའི་ཡུལ་དུ་ཡིག་རིགས་དྲུག་ཅུ་རྩ་བཞི་ལ་སོགས་པ་འབྱུང་མོད་ཀྱང་། གངས་ཅན་གྱི་ལྗོངས་འདིར་དེ་རྣམས་ཀྱི་ནང་ཚན་ལས་ཚངས་པའི་ཡི་གེ་སྟེ་ལཉྩན་དང་། དྷ་རི་ཀ་སྟེ་འཛིན་མའི་ཡི་གེ་དང་། ན་ག་ར་སྟེ་གྲོང་ཁྱེར་ཕལ་བའི་ཡི་གེ་དང་། ཀླུའི་ཡི་གེ་ཝརྟུ་ལ་སོགས་པ་ནང་གསེས་དང་བཅས་པ་ཁ་ཤས་ཞིག་ལས་ཡོངས་སུ་རྫོགས་པར་མ་དར་ཅིང་། བོད་ལྗོངས་རང་དུ་འཇམ་དཔལ་དབྱངས་དངོས་ཐུ་མི་སཾ་བྷོ་ཊས་སྲོལ་བཏོད་པ་ནས་རིམ་པར་དར་བའི་


JKT017_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རྫབ་ཆེན་རྫ་བ་ཆུང་། འབྲུ་ཆེན་འབྲུ་ཆུང་། འབྲུ་ཆེན་ལ་ལི་ལུགས། ལྡན་ལུགས། ཤར་མ་དང་དཀྱུས་ཡིག་སོགས་ཏེ། དེ་ལའང་གདོན་ས་བཅུ། གཅེས་སོ་བརྒྱད། མ་ཆོས་ཉེར་གཅིག །བུ་ཆོས་བཅུ་དྲུག །སྤྱི་ཆོས་གསུམ་ལ་སོགས་པ་ཚང་ཞིང་ཐིག་གི་སྒོ་ནས་གཏན་ལ་ཕབ་སྟེ། རྒྱལ་བའི་ཞལ་ནས་གསུངས་པའི་བཀའ་ཡི་རིགས་ཐམས་ཅད་རྫབ་ཆེན་དང་རྫབ་ཆུང་གིས་བྲི་ཞིང་གླེགས་བམ་གྱི་ཚད་ཀྱང་སྒོ་ཚད་དང་། ༧ རྒྱ་གར་གྱི་བསྟན་བཅོས་རྣམས་འབྲུ་ཆེན་དང་མདའ་ཚད། བོད་གཞུང་རྣམས་འབྲུ་ཆུང་དང་ཁྲུ་ཚད་དུ་བྱ་བར་སྔོན་ཆོས་རྒྱལ་རྣམས་ཀྱིས་བཀས་བཅད་པར་གྲགས་པ་ལྟར་དང་། བྲི་བའི་རྫས་ཀྱང་རབ་རིན་པོ་ཆེ་གསེར། འབྲིང་མཚལ་སོགས་ཚོན་བཟང་པོ། ཐ་མ་སྣག་ཚ་ལ་སོགས་པས་ཀྱང་རུང་སྟེ་གཅིག་ཏུ་ཡིད་གཞུངས་ཞིང་ལག་གི་འདུ་བྱེད་མ་ཉམས་པས་མཛེས་ཤིང་ཚུལ་དང་མཐུན་པར་བྲི་བར་བྱ་བ་ཉིད་དོ། །གསུམ་པ་ཐུགས་རྟེན་ནི། ཐུན་མོང་གི་སྐབས་སུ་ཆོས་སྐུ་མཚོན་པར་བྱེད་པའི་མཆོད་རྟེན་ཉིད་ལ་འཇོག་སྟེ། ངོ་བོ་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པ་ཐམས་ཅད་པའི་ཡེ་ཤེས་ཉིད་མཚོན་པ་རྟགས་ཀྱི་ངོ་བོར་ཤར་བའི་རིག་གནས། ངེས་ཚིག་ནི། ཙེ་ཏུའི་སྒྲ་ལས་དྲངས་ན་བསག་པའམ། བསག་ཏུ་རུང་བ་དང་། ཡང་ན་དྲན་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དབྱེ་ན། ཉན་ཐོས་ལ་ཆོས་གོས་བཞི་བལྟབས་ཀྱི་


JKT017_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ལྷུང་བཟེད་ཁ་སྦུབ་པར་མཁར་གསིལ་བཙུགས་པ་ལྟ་བུ། རང་རྒྱལ་གྱི་རྨང་གྲུ་བཞིའི་སྟེང་དུ་བང་རིམ་བཅུ་གཉིས་འཁོར་ལོ་རྩིབས་བརྒྱད་པ་ཅན། ཐེག་པ་ཆེན་པོའི་སློབ་དཔོན་ཀླུས། ལྷུང་བཟེད་ཁ་སྦུབ་པ་ལྟ་བུ། བིམྦའི་ཟླུམ་པོ་དང་། ཁང་བུ་ལྟ་བུ་དང་། རྒྱལ་མཚན་ལྟ་བུའི་མཆོད་རྟེན་བརྒྱད་ཡོད་པར་གསུངས་པ་སོགས་ལས། འདིར་གཙོ་བོར་བདག་ཅག་གི་སྟོན་པའི་མཛད་པ་ངོ་མཚར་བ་ལས་སོ་སོའི་དུས་སྟོན་བྱ་བའི་ཕྱིར་བརྩིགས་པ། པད་སྤུངས་དབྱིབས་ཟླུམ་པོ་པདྨའི་རྣམ་པ་ཅན་བང་རིམ་བཞི་ལ་སོགས་པས་མཚན་པ། བྱང་ཆེན་དབྱིབས་གྲུ་བཞི་བང་རིམ་བཞི་པ། བཀྲ་ཤིས་སྒོ་མངས་དབྱིབས་གྲུ་བཞི་བང་རིམ་བཞི་པ། ཕྱོགས་རེར་སྒོ་བཞིའམ། བརྒྱད་དམ། བཅུ་གཉིས་དང་། བཅུ་དྲུག་སོགས་ཀྱིས་སྤྲས་པ། ཆོ་འཕྲུལ་ཆེན་པོ་གྲུ་བཞི་བང་རིམ་བཞི་པ་ཕྱོགས་རེར་གློ་འབུར་དང་བཅས་པ། ལྷ་བབས་བང་རིམ་བཞིའམ་བརྒྱད་པ་ཕྱོགས་བཞིའི་གློ་འབུར་གྱི་དབུས་ན་ཐེམ་སྐས་ཀྱིས་བརྒྱན་པ། དབྱེན་བསྡུམས་བང་རིམ་བཞི་པ་གྲུ་བཞི་ཟུར་བཞི་མཉམ་པར་བཅད་པ། རྣམ་རྒྱལ་ཟླུམ་པོ་བང་རིམ་གསུམ་པ། མྱང་འདས་བང་རིམ་མེད་པ་གདན་ཁྲིའི་སྟེང་དུ་བུམ་རྟེན་ཡན་ཆད་བཞུགས་པ་སྟེ་བརྒྱད་ལ་སོགས་པ་རྣམས་དང་། དེ་དག་གི་ཕྱག་ཚད་ཀྱང་དཔལ་དུས་ཀྱི་འཁོར་ལོར་ཕྱི་ནང་གཞན་གསུམ་གྱི་དག་


JKT017_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་མཛད་ནས་བཤད་པ་ལྟར་བསྡུས་རྒྱུད་ཀྱི་རྗེས་སུ་འབྲང་བའི་མགྲིན་པ་ཐུང་བ། དེའི་འགྲེལ་པ་དྲི་མེད་འོད་ལས་གསུངས་པའི་མགྲིན་རིང་། དེ་གཉིས་ཀ་ལས་མཛེས་ཆ་བཙལ་བའི་ཐིག་གི་རིམ་པ་ཇི་ལྟར་། རིགས་པར་ངེས་པར་བྱ་བ་ཉིད་དང་། གཞན་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་རྡོ་རྗེ་གྲི་གུག་ཕུར་པ་ལ་སོགས་པའི་ཕྱག་མཚན་གྱི་ཚད་དང་མཚན་ཉིད་བཤད་པ་རྣམས་ཀྱང་འདིར་བསྡུ་བར་འོས་པ་ཉིད་དོ། །གཉིས་པ་ལུས་བཟོ་ཕལ་པ་ནི། གྲུ་གཟིངས་ཀྱི་ཐབས་དང་ཆུའི་རྐྱལ་དང་། ཁང་ཁྱིམ་དང་སྐྱེད་མོས་ཚལ་ལ་སོགས་པའི་བཀོད་པས་མཚོན་པའི་འཇིག་རྟེན་པ་རྣམས་ལ་ཉེ་བར་འོས་པ་དག་གོ །གཉིས་པ་ངག་བཟོ་ལའང་མཆོག་ནི། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ནས་དར་བའི་རྣལ་འབྱོར་གྱི་རྒྱུད་ལ་འཇུག་པ་དང་། གསང་སྔགས་གསར་རྙིང་གི་ཡི་དམ་ཆོས་སྲུང་གི་ཚོགས་རྣམས་ཐུགས་མཉེས་པའི་ཕྱིར་བསྟོད་པ་གླུའི་རིམ་པ་འགྱུར་ཁུགས་སྦོམ་ཕྲ་འདེགས་འཇོག་སྟེ་དབྱངས་ཀྱི་ཡན་ལག་དྲུག་དང་ལྡན་པས་རྣ་བའི་བཅུད་ལེན་གསར་པ་སྟེར་བར་བྱེད་པ་རྣམས་ལ་བྱ་ཞིང་། ཕལ་པ་ནི། འཇིག་རྟེན་པ་དག་འདོད་པའི་གཏམ་གྱི་བརྗོད་པ་གླུར་ལེན་པ་དང་། ཤགས་འགྱེད་པ་དང་། པི་ཝཾ་དང་གླིང་བུ་ལ་སོགས་པའི་རོལ་མོའི་སྦྱོར་བས་དྲངས་པའི་གླུ་ལ་སོགས་པ་རྣམས་སོ། །གསུམ་པ་ཡིད་བཟོ་


JKT017_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་། མཆོག་ནི་གཙུག་ལག་གི་གཞུང་མང་པོར་ཐོས་པ་དང་། བསམ་པ་དང་བསྒོམ་པའི་བགྱི་བ་ལྷུར་ལེན་པ་སྟེ། ཕལ་པ་ནི་འཇིག་རྟེན་གྱི་ནོར་དང་འདོད་པ་སྒྲུབ་པའི་སླད་ལུགས་ཀྱི་བསྟན་བཅོས་རྣམས་ལས་འགྱུར་བའི་བླང་དོར་གྱི་གནས་ལ་མཁས་ཤིང་སྒྲིན་པ་སོགས་སོ། །གཞན་ཡང་བཟོར་གཏོགས་པ་༣དང་། རོལ་མོའི་བྱེ་བྲག་དང་༡༨། གླུ་དབྱངས་ཀྱི་ངེས་པ་༤དང་། གར་གྱི་ཆ་༩བྱད་ཀྱིས་བསྡུས་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཞེས་གྲགས་པ་རྣམས་ཀྱང་བཟོ་རིག་པའི་བསྟན་བཅོས་ཀྱི་བྱེ་བྲག་ཁོ་ནར་ངེས་ཤིང་། མདོ་སྡེ་འགའ་ཞིག་ལས་བཟོ་སྦྱོང་བཅོ་བརྒྱད་དང་། བརྟག་པ་བརྒྱད་སོགས་བཤད་པ་རྣམས་ཀྱང་ངོ་། །དེ་ལྟ་བུའི་བཟོ་རིག་པ་ཐམས་ཅད་ཕྱོགས་གཅིག་ཏུ་སྟོན་པའི་བསྟན་བཅོས་ནི་ཡོད་པར་མ་མཐོང་ཡང་། བྱེ་བྲག་པ་དྲང་སྲོང་ཨེ་ཏྲེའི་བུས་བྱས་པའི་སྐུ་གཟུགས་ཀྱི་ཆ་ཚད་སོགས་དང་། རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་སྐུ་གསུང་ཐུགས་རྟེན་གྱི་མཚན་ཉིད། སློབ་དཔོན་དཎྜིས་མཛད་པའི་སྒྱུ་རྩལ་ཡོངས་སུ་དཔྱད་པ་ཞེས་ལེའུ་བཞི་པའི་བདག་ཉིད་ཅན་སོགས་འཕགས་ཡུལ་དུའང་མང་ལ། བོད་དུ་ནི་ཉེ་བར་མཁོ་བ་སྐུ་གཟུགས་ཀྱི་ཕྱག་ཚད་ལྷོ་བྲག་སྨན་ཐང་བས་མཛད་པ་ཡིད་བཞིན་ནོར་བུ་དང་། སྤྲུལ་སྐུ་འཕྲང་ཁ་པས་མཛད་པ་དང་། ཀུན་མཁྱེན་བུ་དང་སྟག་ཚང་ལོ་ཙཱ་བ་སྒྲ་པ་ཤེས་རིན་པས་མཆོད་རྟེན་གྱི་


JKT017_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཚད་སོགས་མང་འཇམ་མགོན་ས་སྐྱ་པཎྜི་ཏས་མཛད་པའི་རོལ་མོའི་བསྟན་བཅོས་དང་། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལྟ་བུའི་ངག་དང་ཡིད་ཀྱི་བཟོ་རྣམ་པར་བཤད་པ་དག་ཀྱང་ངོ་། །དུ་སྣང་ངོ་། །གཉིས་པ་དོན་གཉེར་བྱེ་བྲག་པ་རྣམ་འགྱུར་གྱི་གདུང་བས་ཉེན་པའི་ལུས་ཅན་ཐམས་ཅད་རྗེས་སུ་འཛིན་པ་གསོ་བ་རིག་པ་ལ། ངོ་བོ་ནི་ཤེས་པར་བྱ་བའི་གནས་གང་ཞིག །མི་ན་བར་གནས་པ་དང་། ན་བ་གསོ་བར་བྱེད་པའི་ཐབས་ཡན་ལག་དང་བཅས་པ། ངེས་ཚིག་ནི། ཙི་ཀིཏྠ་བིརྱ་ཞེས་པའི་སྒྲ་ལས་དྲངས་ན་ཁམས་སམ་འདུ་བ་མི་སྙོམ་པ་རྣམས་སྙོམ་པར་བྱེད་པའི་རིག་གནས་ཡིན་པས་དེ་གསོ་བ་རིག་པ་ཞེས་བྱ། དབྱེ་ན། ཇི་སྐད་དུ། ལུས་དང་བྱིས་པ་གདོན་མོ་ནད། །མཚོན་དང་དུག་དང་རྒས་རོ་ཙ། །གསོ་དཔྱད་གང་ལ་གནས་གྱུར་པ། །ཡན་ལག་བརྒྱད་ཅེས་དེ་ལ་བརྗོད། །ཅེས་པའམ། ཡང་ན་བརྗོད་པར་བྱ་བའི་དོན་ཐམས་ཅད་གནས་རྣམ་པ་བཞིར་འདུས་ཏེ། བཤད་པའི་རྒྱུད་ལས། ཚེ་རིང་ཆོས་ནོར་བདེ་བ་བསྒྲུབ་པའི་ཕྱིར། །གསོ་བ་རིག་པའི་དོན་རྣམས་མདོར་བསྡུ་ན། །གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བ་དང་། །གསོ་བ་པོ་དང་རྣམ་པ་བཞི་རུ་བཤད། །ཅེས་གསུངས་པའི། དང་པོ་ནི་གསོ་བར་བྱ་བའི་ཡུལ་གང་ལས་བྱུང་བའི་ལུས་ཆགས་གནས་འཇིག་པའི་གནས་སྐབས་ལ་སོགས་པ་དང་། གང་གསོ་བར་བྱ་བ་དེ་ལས་བྱུང་བའི་ནང་རྒྱུ་རྐྱེན་


JKT017_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཚུལ་མཚན་ཉིད་ལ་སོགས་པའི་སྒོ་ནས་སྟོན་པ་དང་། གཉིས་པ། དེ་ཉིད་གསོ་བར་བྱེད་པའི་གཉེན་པོ་སྤྱོད་ལམ་དང་། ཟས་དང་། སྨན་དང་། དཔྱད་ཀྱི་གནས་རྣམས་སྟོན། གསུམ་པ་ནི། མི་ན་རིང་དུ་གནས་པར་བྱ་བ་དང་། གལ་ཏེ་རྣམ་པར་གྱུར་པ་ན་བརྟག་ཚུལ་གསུམ་གྱིས་བརྟག་སྟེ་གསོ་ཚུལ་སྤྱི་དང་བྱེ་བྲག་གི་སྒོ་ནས་གསོ་བའི་ཐབས། བཞི་པ། དེ་ལྟར་གསོ་བར་བྱེད་པ་ལ་ཉེ་བར་སྦྱོར་བའི་སྨན་པའི་མཚན་ཉིད་རྒྱུ་དང་། ངོ་བོ། ངེས་ཚིག །དབྱེ་བ། ལས་འབྲས་བུ་སྟེ་རྣམ་པ་དྲུག་གི་སྒོ་ནས་ལེགས་པར་གཏན་ལ་འབེབས་པའི་ཚུལ་རྣམས་ཁོང་དུ་ཆུད་པར་བྱ་བའོ། །དེ་ལྟ་བུའི་གསོ་བ་རིག་པའི་བརྗོད་བྱ་སྟོན་པའི་གཞུང་ནི་བདག་ཅག་གི་སྟོན་པས་ཀྱང་ཐེག་པ་ཆེ་ཆུང་སྣ་ཚོགས་སུ་ཐོར་བུ་ཐོར་བུར་བཀའ་སྩལ་པ་དང་། ཕྱི་རོལ་པའི་འདོད་པ་ལྟར་ན་ཚངས་པས་ཚེའི་རིག་བྱེད་འབུམ་པ་སོགས་དྲན་ནས་བཤད་པར་འདོད་པ་སོགས་དང་། རྒྱ་གར་འཕགས་པའི་ཡུལ་དུ་འཕགས་པ་ཀླུས་སྦྱོར་བ་བརྒྱ་པ། སློབ་དཔོན་དཔའ་བོས་ཡན་ལག་བརྒྱད་པའི་སྐོར། ཁ་ཆེ་ཟླ་བ་མངོན་དགས་དེའི་འགྲེལ་པ་སོགས་བསྟན་བཅོས་མཐའ་ཡས་ཤིང་། བོད་དུ་ཁྲི་སྲོང་གི་དུས་སུ་བླ་སྨན་མཁས་པ་མི་དགུ་ལ་སོགས་པས་མཛད་པའི་གཞུང་དང་མན་ངག་སྣ་ཚོགས་པ་དང་། བསྟན་པ་ཕྱི་དར་ལོ་ཆེན་རིན་ཆེན་བཟང་པོས་བརྒྱད་པ་རྩ་


JKT017_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་སོགས་སྨན་གྱི་བསྟན་བཅོས་མང་དུ་བསྒྱུར་པ་སོགས་ལས་རིམ་པར་དར་ཞིང་། ཁྱད་པར་སྨན་པའི་རྒྱལ་པོ་མིའི་ཤ་ཚུགས་ལ་བརྟེན་པ་གཡུ་ཐོག་ཡོན་ཏན་མགོན་པོས་དཔལ་ལྡན་རྒྱུད་བཞི་ལ་སོགས་པ་སྤེལ་ནས་གསོ་དཔྱད་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པའི་མཐུ་ལས། ཕྱིས་སུའང་བྱང་པ་རྣམ་རྒྱལ་གྲགས་བཟང་དང་། ཟུར་མཁར་བ་མཉམ་ཉིད་རྡོ་རྗེ་ཁུ་དབོན་སོགས་ཆེས་མཁས་ཤིང་རྣམ་དཔྱོད་ཀྱི་མཐུ་ཕུལ་དུ་བྱུང་བ་མང་པོ་ཞིག་བྱོན་པས་དེང་སང་བར་དུའང་ཉམས་པ་མེད་པར་གནས་པ་འདི་ལགས་སོ། །གསུམ་པ་ཚིག་ལ་རྣམ་པར་འཁྲུལ་བའི་ཕས་རྒོལ་གཞན་དག་ཚར་བཅད་པ་སྒྲ་རིག་པ་ལ། ངོ་བོ་ནི། ཤེས་བྱ་གང་ཞིག་ལུང་དུ་སྟོན་པའི་སྒྲ་ཡི་སྒྲུབ་ཚུལ་འཁོར་དང་བཅས་པ། ངེས་ཚིག་ནི། ཤརྡ་ཞེས་པའི་སྒྲ་ལས་དྲངས་ན་སྤྱིར་སྐྱེས་བུའི་མཉན་པར་བྱ་བ་ཐོས་པའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། བྱཱ་ཀ་ར་ཎ་ཞེས་པ་བརྡ་སྤྲོད་པ་སྐད་ཀྱི་བྱིངས་ལས་སྒྲུབ་པའི་ཚུལ་གྱིས་ངེས་པའི་ཚིག་གསལ་བར་བྱེད་པའོ། །དབྱེ་ན། རིག་པར་སྨྲ་བ་སྤྱི་དང་ཐུན་མོང་གི་བརྗོད་བྱ་ཡི་གེ་མིང་ཚིག་སྟེ་ཚོགས་པ་གསུམ་དང་། བརྡ་སྤྱོད་པ་རང་གི་བརྗོད་བྱ་ཐུན་མོང་མ་ཡིན་པ་རང་བཞིན། རྐྱེན་དང་། རྣམ་འགྱུར་གསུམ་མོ། །དང་པོ་ནི། དོན་གྱི་ཁྱད་པར་གང་ཡང་མི་སྟོན་པ་དབྱངས་དང་གསལ་བྱེད་རྐྱང་པ་ནི་ཡི་གེ །དོན་གྱི་ངོ་བོ་ཙམ་


JKT017_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་བུམ་པ་དང་ཀ་བ་ལྟ་བུ་མིང་། དོན་གྱི་ཁྱད་པར་དང་བཅས་ཏེ་སྟོན་པ། གསེར་གྱི་བུམ་པ་དང་། ཙནྡན་གྱི་ཀ་བ་ལྟ་བུ་ནི་ཚིག་གོ །ཕྱི་མ་ལ། རང་བཞིན་ནི་གང་ཞིག་བསྒྲུབ་པར་བྱ་བ་བྱིངས་ཏེ། མདོ་ལས་བྱུང་བ་མནྡྲལ་སོགས་པ་དང་། གླེགས་བམ་ལས་བྱུང་བ་བྷ་ལ་སོགས་པ་གཉིས་སམ། སྒེག་པ་གསལ་བ་ལས་རྣམ་པ་དྲུག་ཏུ་ཕྱེ་ཞིང་། ཀྲྀཏྲ་རྐྱེན་གྱིས་བཅོས་པའི་མིང་རྐྱང་སི་སོགས་ལ་ལྟོས་ན་རང་བཞིན་དུ་རུང་ངོ་། །རྐྱེན་ནི། གང་གིས་སྒྲུབ་པར་བྱེད་པ་སྟེ། དབྱེ་ན། བྱིངས་རྟགས་སུ་སྒྲུབ་པར་བྱེད་པ་ཀྲྀཏྲ་དང་ཨུཎྜ་ལ་སོགས་པ། བྱིངས་ཚིག་ཏུ་སྒྲུབ་པར་བྱེད་པ་ཏི་ལ་སོགས་པ་སྟེ་ཀུན་བཤད། བྱིངས་བྱིངས་སུ་སྒྲུབ་པར་ཡང་ལ་སོགས་པའི་བར་གྱི་རྐྱེན། རྟགས་རྟགས་སུ་སྒྲུབ་པར་བྱེད་པ་བུད་མེད་ཀྱི་རྐྱེན་དང་ཚིག་སྡུད། མིང་མིང་དུ་སྒྲུབ་པར་བྱེད་པ་དེ་ཕན། རྟགས་བྱིངས་སུ་སྒྲུབ་པར་བྱེད་པ་ཀུན་བཤད་ཀྱི་རྐྱེན་འགའ་ཞིག །རྟགས་ཚིག་ཏུ་སྒྲུབ་པར་བྱེད་པ་སི་སོགས་ཏེ་བདུན་ནོ། །རྣམ་འགྱུར་ནི། དེ་ལྟར་སྒྲུབ་པའི་ཚེ་ཡི་གེ་སྔ་ཕྱིའི་མཚམས་སྦྱོར་དང་། འཕེལ་བ་དང་། ཡོན་ཏན་ལ་སོགས་པའི་གནས་རྣམས་སོ།། མཛད་འཕྲོ་ལུས། །།ན་མ་སརྦ་ཛྙཱ་ཡ། གང་གི་མཁྱེན་རབ་བདུད་རྩིའི་དོགས་པ་ཡིས། །བརླན་ཆགས་ཚེ་ན་དགོད་པའི་ཨུཏྤལ་ལར། །ཕུན་ཚོགས་ཤིས་དགུའི་ཟིལ་མངར་རྟག་འབབས་པ། །ཡོངས་འཛིན་


JKT017_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བའི་ཉི་མས་དེང་འདིར་སྲུངས། །ཞེས་ཤིས་པར་བརྗོད་པའི་ཚིག་གི་མེ་ཏོག་ཅུང་ཟད་སྔོན་དུ་གཏོར་ནས། འདིར་ལས་སུ་བྱ་བ་ནི། ལུས་ཅན་གང་ཞིག་སྲིད་ལས་ངེས་པར་འབྱུང་བའི་བློས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་ལ་ཕྱོགས་པ་དེས་ནི། གདོན་མི་ཟ་བར་ཐོག་མ་ཁོ་ན་ཉིད་དུ་རིག་པའི་གནས་རྣམས་ལ་འཇུག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན་ཉེ་བའི་རྒྱུ་ཉིད་དུ་གྲུབ་པའི་ཕྱིར་རོ། །དེས་ན་གང་ལ་འཇུག་པའི་ཡུལ་རིག་པའི་གནས་དེའི་རྣམ་པར་དབྱེ་བ་ནི། རེ་ཞིག་བཅུ་ཕྲག་ཏུ་བསྡུས་ཏེ་འཆད་པའི་ཚུལ་གྱི་རྗེས་སུ་འབྲང་ཏེ་སྤྱི་དོན་ཅུང་ཟད་ཙམ་ཞིག་འབེལ་བའི་གཏམ་གྱི་སྒོ་ནས་གཏན་ལ་ཕབ་པ་ལ། ཐོག་མར་བཟོ་རིག་པ་ལའང་གཙོ་བོ་དང་ཕལ་པ་གཉིས། སྔ་མར་ལུས་ངག་ཡིད་གསུམ་གྱི་བསྡུས་པའི་དང་པོ་ནི། མཆོག་ཏུ་གྱུར་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་སྟེ། དེས་ན་སྐུ་རྟེན་བཞེངས་ཚུལ་ལའང་། སྔ་ཕྱིར་བྱུང་ཚུལ་གྱི་ལོ་རྒྱུས། ལོ་རྒྱུས་དེ་ལྡན་གྱི་ཆ་ཚད། དེ་ལྟར་བཞེངས་པའི་ཕན་ཡོན་ནོ། །དང་པོ་ནི། བྲིས་འབུར་གཉིས་ལས་བྲིས་སྐུ་སྔ་བར་བྱུང་སྟེ། དེ་ཡང་དྲང་སྲོང་ཨ་སྟའི་བུས་སྦྱར་བའི་ཚངས་པའི་ཚད་ཡིག་ཅེས་པར། སྔོན་མི་རྣམས་ཚེ་ལོ་འབུམ་ལས་མར་བྲི་བའི་ཚེ་རྒྱལ་པོ་འཇིགས་ཐུལ་ཞེས་བྱ་བ་བྱུང་བའི་དུས་སུ་བྲམ་ཟེའི་བུ་དུས་མིན་གྱིས་འཆི་བ་བྱུང་བ་ལ། རྒྱལ་པོ་


JKT017_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཤིན་རྗེ་འཐབས་པས་ཚངས་པས་ཞལ་ལྕེ་བཅད་དེ། བྲམ་ཟེའི་བུ་རི་མོར་བྲིས་པ་མངོན་སུམ་དུ་བྱིན་གྱིས་བརླབས་ནས་སྩལ་བས་རྒྱལ་པོ་ལ་དང་པོར་བྲི་བ་པོ་ཞེས་མིང་བཏགས་ཅིང་། སླར་རྒྱལ་པོས་ཚངས་པ་ལ་རི་མོ་བྲི་ཚུལ་རྒྱས་པར་ཞུས་པས། རི་ཡི་མཆོག་ནི་རི་རབ་ཡིན། །སྒོ་ང་ལས་སྐྱེས་རྣམས་ཀྱི་ནི། །གཙོ་བོ་ནམ་མཁའ་ལྡིང་ཡིན་ནོ། །མི་ཡི་གཙོ་བོ་ས་བདག་སྟེ། །དེ་བཞིན་རི་མོ་སྒྱུ་རྩལ་གཙོ། །ཞེས་སོགས་སྩལ་བའི་ཚུལ་དང་། ཤཱཀྱའི་རྒྱལ་པོའི་བསྟན་པ་འདིར་ཡང་། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་རྒྱལ་པོ་ཨ་དྭ་ཡ་ཎས་ནོར་བུའི་གོ་ཁྲབ་ཡན་ལག་ལྔ་ལྡན་རིན་ཐང་བྲལ་བ་སྐྱེས་བསྐུར་བའི་སྐྱེས་ལན་དུ། སྟོན་པ་ཆུ་འགྲམ་ལ་བཞུགས་པའི་གཟུགས་བརྙན་ཆུ་ནང་དུ་འཆར་བ་དཔེར་བྱས་ནས་འོག་ཏུ་རྟེན་འབྲེལ་བཅས་བྲིས་པ་དེ་བསྐུར་བས་དད་དེ་བདེན་པ་མཐོང་བར་བྲིས་སྐུ་ཆུ་ལོན་མ་ཞེས་གྲགས་པ་དང་། སིངྒ་ལའི་རྒྱལ་པོའི་བུ་མོ་མུ་ཏིག་འཁྲི་ཤིང་གིས་སྟོན་པར་དད་དེ་ཡི་གེ་གསོལ་བར། རས་ཀྱི་གཞིར་སྐུའི་འོད་ཟེར་བཀྱེ་བ་ལ་རི་མོས་མནན་པ་སྤྲིངས་ཡིག་བཅས་བསྩལ་བས་བདེན་པ་མཐོང་བ་སོགས་རིམ་པར་སྲོལ་བྱུང་བ་དང་། འབུར་སྐུའི་ཐོག་མ་སྟོན་པ་ཡུམ་གྱི་དོན་དུ་ལྷ་ཡུལ་ལ་གཤེགས་པའི་ཤུལ། གྲོང་ཁྱེར་གསལ་ལྡན་གྱི་རྒྱལ་བློན་འཁོར་བཅས་ཀྱི་མཆོད་པའི་རྟེན་དུ་ཙནྡན་ལས་གྲུབ་པའི་


JKT017_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་དངོས་དང་འདྲ་བའི་སྐུ་བཞེངས་པ་ཉིད། སྟོན་པ་ཕྱིར་ཕེབས་ཚེ་གོམ་བདུན་བསུས་པར་གྲགས་པ་ད་ལྟ་རྒྱ་ནག་གི་ཙནྡན་ཇོ་བོ་སྟེ། ཇི་སྐད་དུ། བཅོམ་ལྡན་ལྷ་ཡུལ་གཤེགས་ཤུལ་གསལ་ལྡན་གྱི། །རྒྱལ་པོ་འཁོར་བཅས་ཕྱག་དང་མཆོད་ཡུལ་དུ། །ཙནྡན་ལས་བྱས་མཚར་སྡུག་དངོས་འདྲ་བ། །ན་བཟའ་སུལ་ཅན་མཐིང་གོས་ཟུང་གིས་མཛེས། །གཙུག་ཏོར་མདུན་དུ་མེ་ཤེལ་འོད་འབར་བས། །ཉི་མ་བརྒྱ་ཡི་སྣང་བ་འགོག་ནུས་ཤིང་། །དྲ་བས་འབྲེལ་བའི་ཕྱག་ཞབས་འཁོར་ལོས་མཚན། །འགྲོ་བའི་དོན་ལ་བཞེངས་པའི་སྟབས་སུ་བཞུགས། །བསྐལ་བཟང་ཛམ་གླིང་སྐྱེ་དགུ་གྲུབ་དབང་དྲན། །མོ་གལ་བུ་ལ་རྫུ་འཕྲུལ་བགྲོད་པ་ཡིས། །རྒྱལ་བ་སྤྱན་འདྲེན་བསྐུལ་ཞིང་དེས་གསོལ་བས། །དགྱེས་ཤིང་རིན་ཆེན་ཐེམ་སྐས་ལས་བབས་ཚེ། །གསལ་ལྡན་གནས་སུ་སྐུ་དེས་གོམ་དྲུག་བསུས། །ཤར་ཕྱོགས་རྒྱ་ནག་ཆེན་པོའི་ཡུལ་དགེ་ཕྱིར། །བཞུད་ཅེས་དེ་བཞིན་གཤེགས་པའི་སོར་རྩེས་བསྐུལ། །ངང་པའི་རྒྱལ་པོ་བཞིན་དུ་མཁའ་ལ་གཤེགས། །ཞེས་གསུངས་པ་ལྟར་དང་། ཕྱིས་སུ་སྐུ་དེ་ལས་བཤུས་པའི་སི་ཐང་སོགས་བྱུང་ཞིང་། བོད་ཡུལ་འདིར་གནའ་ནས་ཆོས་རྒྱལ་མེས་དཔོན་གྱི་བཀའ་དྲིན་ལས་བྲིས་འབུར་གྱི་སྐུ་དར་སྲོལ་ཆེ་བར་བྱུང་ཞིང་། ཁྱད་པར་བྲིས་སྐུ་ནི་སྟོན་པ་དགུང་ལོ་ཉེར་ལྔ་པའི་སྐུ་ཚད་ལ་དཔེར་བྱས་བྲིས་རྒྱུན་རྒྱ་བལ་སོགས་


JKT017_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡོད་པའི་རྒྱུན་རྣམས་ཕལ་ཆེར་བལ་པོས་བྲིས་པས་བལ་བྲིས་ཞེས་དར་སྲོལ་ཆེ་ཞིང་། ཕྱི་ནས་མཁས་པ་བཀྲ་ཤིས་རྒྱལ་པོ་ལ། སློབ་མ་རང་ལས་མཁས་པ་ལྷོ་བྲག་སྨན་ཐང་པ་སྨན་བླ་དོན་གྲུབ་ཞེས་སྒྲ་སྙན་སྡེབ་སྦྱོར་ཡིག་རིགས་སོགས་མཐར་སོན་པ་དེ་རང་གི་ཆུང་མས་ཡིད་དབྱུང་ནས་ཡུལ་འཁྱམས་ཏེ་ཐོན་པ་ན། ཡར་འཕྲོག་སྟག་ལུང་དུ་པིར་སྣོད་བྲིས་དཔེ་དང་བཅས་པ་ཞིག་སྙེད་པས་ལྷ་བྲིས་ལ་ཡིད་ཕྱོགས་ཏེ་མཁས་པ་བཀྲ་ཤིས་རྒྱལ་པོར་བསྟན་ཅིང་། སྔོན་གྱི་བག་ཆགས་སད་དེ་ལྡན་ལུགས་ཀྱི་རི་མོ་བྲི་ཚུལ་ཐུགས་ལ་བཀྲ་ལམ་གྱིས་ཤར། དུས་ཀྱི་འཁོར་ལོ་དང་སྡོམ་འབྱུང་རྩ་འགྲེལ་རྗེས་སུ་འབྲངས་ནས་སྐུ་གཟུགས་ཀྱི་ཚད་ཀྱི་རབ་ཏུ་བྱེད་པ་ཡིད་བཞིན་ནོར་བུ་ཞེས་དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་བཤད་པ། མི་ལྡན་པའི་ཕྱོགས་ཀྱི་གཞུང་དགག་པ། །ཚད་དང་མི་ལྡན་པའི་སྐྱོན་བཤད་པ། །་ཚད་ལྡན་གྱི་གཞུང་དགོད་པ། །ཚད་དང་ལྡན་པའི་ཡོན་ཏན་བརྗོད་པ། །ལྷ་བཟོ་དང་སྦྱིན་བདག་གི་མཚན་ཉིད། །ལག་ཏུ་བླང་བའི་རིམ་པ་རྒྱས་པར་བཤད་པ་སྟེ་བདུན་གྱིས་གཏན་ལ་ཕབས་པ་དང་། ཡང་གོང་དཀར་སྒང་སྟོད་ནས་མཁྱེན་བརྩེ་ཆེན་མོ་ཞེས་འབྱུང་བ་དེ་གཉིས་སོ་སོའི་ལུགས་ཅུང་ཟད་མི་འདྲ་བས་མཁྱེན་ལུགས་དང་། ཡང་སྟོད་དུ་སྐུ་འཁྲུངས་པ་ཤོག་དཔེ་དང་བྱད་ཤིང་འབྲལ་མེད་དུ་འཆང་ཞིང་བྲིས་


JKT017_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ལེགས་པ་དང་བྲིས་དཔེ་ལེགས་པ་འཚོལ་ཕྱིར་ཕྱོགས་ཀུན་ཏུ་ཉུལ་བ་ཞིག་བྱུང་བར་བརྟེན་སྤྲུལ་སྐུ་བྱེ་འུ་པར་གྲགས་པ་སྟེ། དེ་ནི་སྔ་མ་གཉིས་དང་ཅུང་ཟད་མི་མཐུན་པ་སོགས་དར་རྒྱས་སུ་བྱུང་བར་ཐོས་སོ། །གཉིས་པ་ལ་གཉིས། འཇལ་བྱེད་དང་། གཞལ་བྱའི་ཚད་བསྟན་པའོ། །དང་པོ་ནི། འདིར་སོར་གྱི་བརྒྱད་ཆ་ལ་ནས་དང་ནས་གཉིས་ལ་རྐང་པ། རྐང་པ་བཞི་ལ་སོར་གང་ངམ། ཆ་ཆུང་ངམ། ཆ་ཕྲན་དང་། དེ་ཕྱེད་དང་བཅུ་གསུམ་མམ་བཅུ་གཉིས་སྐབས་སུ་གང་བབས་ཀྱིས་གདོང་ངམ། ཞལ་ལམ། ཐལ་མོའམ་མཐོ་ཞེས་བྱ་སྟེ། འདིས་ནི་ཐམས་ཅད་ལ་ཚད་དུ་འཇལ་བར་བྱེད་དོ། །གཉིས་པ་ནི། མ་ཕམ་པས། སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། ཅེས་གསུངས་པའི་དོན། འདིར་སྟོན་པ་ཤཱཀྱའི་རྒྱལ་པོ་ལྟ་བུ་དེ་བཞིན་གཤེགས་པ་བཞེངས་སྟབས་སུ་མཛད་པ་ཞིག་གི་དབང་དུ་བྱས་ཏེ་དཔེར་བརྗོད་ན། དབུའི་གཙུག་ཏོར་དང་བཅས་པ་ལ་སོར་མོ་བརྒྱ་ཉེར་ལྔ་པ་ཆུ་ཞེང་གབ་པ་ནི་དུས་འཁོར་ལས། རྒྱལ་བའི་བདག་པོའི་གཙུག་ཏོར་ནས་ནི་མཛོད་སྤུའི་དབུས་སུ་ཕྱེད་དང་བཅས་པའི་ཉི་མའི་སོར་དུ་འགྱུར། །དེ་ནས་མགྲིན་པའི་ཆུ་སྐྱེས་དེ་བཞིན་སྙིང་ག་དང་ནི་དེ་ནས་ལྟེ་གསང་ཆུ་སྐྱེས་དེ་བཞིན་ནོ། །ཞབས་ཀྱི་མཐིལ་དང་རྗེ་ངར་བརླ་དང་དཔྱི་ཡང་མ་ནུ་དེ་ཉིད་རིག་བྱེད་རྣམས་ཀྱིས་ཏེ། །ཀྲོ་བ་བྱེད་ཕྱེད་བཅས་ཉི་མའི་རང་དབང་དཔུང་


JKT017_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ལག་རྣམས་ནི་མཁའ་མིག་རྒྱལ་པོ་ཉི་མའི་ཚད་ཀྱིས་སོ། །ཉི་གུང་ལ་ལག་པའི་བརྒྱ་ཕྲག་གང་ཞིག་དུས་དང་དགུ་ཡི་མི་རྣམས་ཀྱི་ནི་འཇིག་རྟེན་ཚད། །རིག་བྱེད་ཕྱེད་དང་བཅས་པའི་བཞི་དང་ཆུ་གཏེར་ཆུ་གཏེར་ཕྱེད་པས་བཅས་པའི་རིག་བྱེད་ཀྱི། །གཙུག་ཏོར་མགོ་བོའི་འོག་ཏུ་འགྱུར་ཏེ་རྒྱལ་བས་བདག་པོ་དཔལ་ལ་དཔལ་བ་དག་དང་ཤངས་དང་ནི། །ཤངས་ཀྱི་འོག་ཏུ་ཀོས་ཀོའི་མཐའ་དང་དེ་ནས་མགྲིན་པ་དག་སྟེ་མགྲིན་པའི་རྩ་བའི་ཆུ་སྐྱེས་དབུས། །དེ་ནས་སྙིང་ག་ལྟེ་བ་གསང་བར་མིའི་བདག་པོ་ཕྱེད་བཅས་ཉི་མ་རྣམས་ཀྱི་རིམ་པས་ས། །གསང་བའི་ཆུ་སྐྱེས་ལྟེ་བའི་རྩ་བར་རྡོ་རྗེ་དག་ཀྱང་ཐུབ་པ་ཡི་ནི་སྟེང་གི་གཙུག་ཏོར་ཉིད། །ཞེས་པའི་དོན་སྐུ་གཟུགས་མཐོ་བཅུ་པར་བྱས་པའི་མཐོ་རེ་ལ་སོར་ཕྱེད་དང་བཅས་པའི་བཅུ་གཉིས་སུ་བྱས་ནས་༡༣འདིར་རགས་པ་ཙམ་བཤད་ན། །དེ་བཞིན་གཤེགས་པའི་དབུའི་གཙུག་ཏོར་གྱི་དཔངས་ལ་སོར་བཞི། དེ་ནས་སྐྲ་མཚམས་བར་སོར་ཕྱེད་དང་ལྔ། དེ་བཞིན་དུ་རིམ་པར་མཛོད་སྤུ་དང་། ཤངས་ལ་རྩེ་སོར་བཞི་རེ། ཀོས་ཀོ་ཕྱེད་ལྔ། མགྲིན་པར་བཞི། ཐུགས་ཀ་དང་ལྟེ་བ་དང་གསང་གནས་རྣམས་སུ་ཞལ་རེ་སྟེ། སྐུའི་ཕྱེད་ཚད་ལ་ཆ་ཕྲན་ཕྱེད་དང་བཅས་པའི་རེ་གཉིས་དང་། དཔྱི་ལ་སོར་བཞི། བརླ་ཞལ་དོ། པུས་མོ་སོར་བཞི། རྗེ་ངར་ཞལ་དོ། ཞབས་དཔངས་སོར་ཕྱེད་དང་ལྔ་


JKT017_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཕྱེད་ཚད་ཕྱེད་བཅས་རེ་གཉིས་རྣམས་བསྒྲིལ་བ་ཆུར་སོར་མོ་བརྒྱ་ཉེར་ལྔ་དང་། ཞེང་ལ་ཚངས་ལོག་ནས་མཆན་ཁུང་བར་ཞལ་གང་། དེ་བཞིན་དུ་དཔུང་ལྷུ་སོར་ཉི་ཤུ། ཕྱག་དར་བཅུ་དྲུག །གུང་མོའི་རྩེའི་མཐར་ཐུག་པའི་ཕྱག་ལ་སོར་བཅུ་གཉིས། གྲུ་མོ་དང་མཁྲིག་མའི་མཚམས་སུ་སོར་རེ་སྟེ་ཕྱེད་ཚད་ལ་སོར་མོ་ཕྱེད་བཅས་ཏེ་གཉིས་རྣམས་དྲིལ་བས་སོར་མོ་བརྒྱ་ཉེར་ལྔར་འབྱུང་ངོ་། །ཡང་རྒྱུད་སྡོམས་པ་འབྱུང་བ་རིམ་པར་ཕྱེ་བ་སུམ་ཅུ་པ་ལས། མཐིལ་ལམ་ཐལ་མོ་བཅུ་གཅིག་པ་ལྷ་ཡི་གཟུགས་ནི་བྲི་བར་བྱ། །ཞེས་དང་། ཟབ་མོ་རྡོ་རྗེ་ཅན་གྱི་ལྷ། །ཤིན་ཏུ་ཡིད་དང་མཐུན་པ་བྲི། །ཞེས་ཆ་བཅུ་གཉིས་སུ་གསུངས་པ་གདན་དང་ཐོར་ཚུགས་ཞལ་རེ་བསྡམས་པའི་ཞལ་བཅུ་གཉིས་སུ་འགྱུར་བ་མ་གཏོགས་པ་སྐུ་ཚད་དངོས་གཞི་ལ་མཐོ་བཅུ་པ་སྲིད་ཞེང་སྔར་དང་མཚུངས་མོད། འདིར་ཞལ་བཅུ་གཉིས་ཆ་ཡིན་ནོ་ཞེས་དང་། དེ་བཞིན་གཤེགས་པ་ལས་གཞན་པའི་ཚད་ལ་སོར་མོ་བརྒྱ་ཉི་ཤུ་པར་གསུངས་པ་དང་། སྤྲུལ་སྐུ་འཕྲང་ཁ་བ་དཔལ་ལྡན་བློ་གྲོས་བཟང་པོས་མཛད་པའི་ཆ་ཚད་ཀྱི་ཡི་གེར་དཀྱུས་ཀྱི་བཤད་པ་སྨན་ལུགས་དང་མི་མཐུན་པ་མེད་ཀྱང་། དེའི་མཆན་བུ་ཞིག་ཏུ་སོར་བརྒྱ་ཉེར་ལྔ་པ་ནི་འབུར་དང་། བརྒྱ་ཉི་ཤུ་པ་བྲིས་སྐུའི་ཁྱད་པར་ཡིན་པའི་ངོས་བཟུང་འདུག་པར་བརྟེན། ཕྱིས་ཀྱི་མཁས་པ་དག་གིས། དུས་འཁོར་འབུར་


JKT017_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

༡༢༥དང་། སྡོམ་འབྱུང་བྲིས་༡༣༠ཀྱི་དབང་དུ་བྱས་པར་སྒྲོགས་པ་ནི་མ་དག་པ་སྟེ། ཅིའི་ཕྱིར་ན་སྡོམ་འབྱུང་གི་ཁྲི་ཀར་དེ་བཞིན་གཤེགས་པའི་སྐུའི་ཚད་ལ་སོར་མོ་བརྒྱ་ཉེར་ལྔ་པ་ལན་དུ་མར་བསྟན་ཏེ། དེ་ཉིད་དུ། ཞལ་གྱི་ཡང་བཅུ་གཉིས་ཆ་དང་། ཆ་ཆུང་དང་། སོར་དང་། སོར་མོ་ཞེས་པ་དོན་གཅིག་སྟེ། དེ་ཐམས་ཅད་དུ་ཆ་ཆུང་རྣམ་པར་དབྱེ་བར་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱི་ནི་སངས་རྒྱས་ཀྱི་གཟུགས་ཉིད་ལ་ཕྱེད་དང་བཅས་པའི་ཆ་ཆུང་བཅུ་གཉིས་པའི་ཞལ་བྱའོ། །ཞེས་དང་། བཅུ་གཉིས་ཆ་ཞེས་པ་ནི་སངས་རྒྱས་ལས་གཞན་ཐམས་ཅད་ཐུན་མོང་པ་ཉིད་དུ་གསུངས་པའོ། །ཞེས་དང་། ཡང་ཇི་སྲིད་སྐུ་གཟུགས་བྱེད་པ་དེ་སྲིད་ཀྱི་ཚད་ཀྱི་ཚངས་ཐིག་བཏབ་ནས། དེའི་བཅུ་ཆ་ལ་ཐལ་མོར་རྣམ་པར་བཞག་ཅིང་། སླར་དེ་བྱེད་དང་བཅས་པའི་ཆ་ཆུང་བཅུ་གཉིས་སུ་བྱས་ལ་དེའི་ཆ་གཅིག་ནི་ཆ་ཆུང་དུ་ངེས་པར་བྱ་སྟེ། ཞེས་སྐུ་གཟུགས་མཐོ་བཅུ་པ་དང་ཞལ་གྱི་ཚད་ལ་ཕྱེད་བཅས་བཅུ་གཉིས་སུ་བཤད་པའི་ཕྱིར་སོར་མོ་བརྒྱ་ཉེར་ལྔ་འབྱུང་བ་ལས་འོས་ཅི་ཡོད། དེ་བཞིན་དུ་སྔོན་གྱི་མཁས་པ་མང་པོའི་ཆ་ཚད་ཀྱི་ཡི་གེ་རྣམས་ལས་ཀྱང་སངས་རྒྱས་ཀྱི་སྐུ་ལ་སོར་མོ་བརྒྱ་ཉེར་ལྔ་པ་བྲིས་འབུར་ཁྱད་མེད་དུ་དགོས་པར་བཤད་པ་དང་། ཁྱད་པར་སྨན་ཐང་པས་མཛད་པ་ནི་ལུགས་འདིར་རྒྱ་གཞུང་ལྟ་བུར་ཁས་ལེན་དགོས་


JKT017_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མོད། དེར་མཆོག་གི་སྤྲུལ་སྐུའི་ཚད་ལ་སོར་མོ་༡༢༦པ་བྲིས་འབུར་ཁྱད་མེད་དུ་ལན་མང་པོར་བཤད་པའི་ཕྱིར། དེ་གཉིས་བྲིས་འབུར་སོ་སོར་དབྱེ་བ་ནི་རང་དགང་བྱས་པར་སེམས་སོ། །འོ་ན་དེའི་ཚད་ཇི་ལྟར་ཡིན་སྙམས་ན་བཤད་པར་བྱ་སྟེ། གཞན་ཐམས་ཅད་དུས་འཁོར་དུ་བཤད་པ་ལྟར། འདིར་མི་འདྲ་བའི་ཁྱད། སྲིད་དུ་དེར་དཔྱི་ལ་སོར་བཞི་ཡོད་པ་འདིར་མི་འབྱུང་ཡང་། བརླ་དང་བྱིན་པའི་མཚམས་སུ་ནི། །སོར་མོ་བཞི་དང་ཡང་དག་ལྡན། །ཞེས་པུས་མོའི་ལྷ་ང་སོར་མོ་གསུམ་པའི་སྟེང་འོག་སྟེ་བྱིན་པའི་མཚམས་སུ་སོར་མོ་གཉིས་གཉིས་ཏེ་བཞི་འབྱུང་བ་དང་། པུས་མོ་ལ་སླར་འགྲེལ་པར་སོར་གཅིག་བསྣན་པ་རྣམས་ཀྱིས་སྲིད་ལ་སོར་མོ་བརྒྱ་ཉེར་ལྔ་འབྱུང་ངོ་། །ཞིང་ལའང་དུས་འཁོར་ལུགས་ལ་དཔུང་ལྷུ་ཉི་ཤུ་དང་ཕྱག་ངར་བཅུ་དྲུག་ཅེས་བགྲང་བའི་དབང་གིས་མཁྲིག་མ་དང་གྲུ་མོའི་མཚམས་སུ་སོར་རེ་བསྣན་ཡང་འདིར་ཕྱག་ནི་ཐལ་མོ་གསུམ་པ་སྟེ། ཐལ་མོ་འདི་ཡིས་ཕྱག་མགོ་གཉིས། ཞེས་མཆན་ཁུང་ནས་མཁྲིག་མའི་བར་ཐལ་མོ་གསུམ་དང་། ཕྱག་མགོའི་ཐལ་མོ་བཅས་པའི་ཕྱེད་པ་རྣམས་བགྲངས་བ་དྲིལ་བས་ཞིང་ལ་སོར་མོ་བརྒྱ་ཉེར་ལྔ་འབྱུང་ངོ་།། ༈ །།ཐིག་ཆེན་གཉིས་པ་དེ་ལས་གཞན་བྱང་ཆུབ་སེམས་དཔའ་སོགས་ཞི་བ་ཐུན་མོང་པ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན་རྣམས་ནི། སྡོམ་འབྱུང་ཊི་ཀར། མཚམས་དང་


JKT017_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ལ་སོ་སོར་ཆ་ཆུང་གཉིས་གཉིས་ཆད་པར་འགྱུར་ཏེ། དེས་ན་བྱང་ཆུབ་སེམས་དཔའ་ལ་སོགས་ཞི་བའི་ལྷ་རྣམས་ལ་སྐུའི་སྟོད་དང་སྨད་དག་གི་ཆ་ཆུང་ཕྱེད་དང་བཅས་པ་གཉིས་གཉིས་བྲི་བ་ལས་ཆ་ཆུང་ཉི་ཤུ་ལྷག་པ་བརྒྱའི་ཚད་ཀྱི་སྐུར་འགྱུར་རོ། །ཞེས་དགོངས་པའོ། །ཞེས་དང་། ཡང་སངས་རྒྱས་ཀྱི་ཚད་བསྟན་པའི་རྗེས་ཐོག་ཏུ། འདི་དག་ནི་རེ་ཞིག་སངས་རྒྱས་བཅོམ་ལྡན་འདས་དང་དཔལ་བདེ་མཆོག་གི་མཚན་ཉིད་དེ། བྱང་ཆུབ་སེམས་དཔའ་དཔའ་བོ་རྣམས་ཀྱིའང་འདི་དག་ཁོ་ནའོ། །འོན་ཀྱང་ཐལ་མོ་བཅུ་པ་རྣམས་ལའང་ཐལ་མོ་སོ་སོར་ཆ་ཆུང་ཕྱེད་ཕྱེད་དོར་ནས་ཆ་ཆུང་བཅུ་གཉིས་བའི་ཐལ་མོས་ཐལ་མོ་བཅུའི་རྣམ་བཞག་བྱའོ། །ཞེས་དང་། བསླབ་བཏུས་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་སོར་བཅུ་གཉིས་པའི་མཐོ་བཅུ་པ་ཉིད་དོ། །ཞེས་སོགས་ཀྱི་དོན་ནི། དེ་བཞིན་གཤེགས་པའི་སྐུའི་ཚད་ཇི་ལྟ་བ་བཞིན་ལས་ཁྱད་པར་ནི། ཆ་ཆུང་བཅུ་གཉིས་པའི་ཞལ་ཚད་ཀྱིས་གཞལ་བས་སོར་མོ་བརྒྱ་ཉི་ཤུ་པ་འབྱུང་སྟེ་གོ་བར་སླའོ།། ༈ །།ཐིག་ཆེན་གསུམ་པ་རྒྱལ་ཡུམ་ཡིད་འཕྲོག་པའི་གཟུགས་ཅན་རྣམས་ནི། སྡོམ་འབྱུང་ལས། ཡིད་དུ་འོང་བའི་རང་གཟུགས་ནི། །ཐལ་མོ་དགུ་པ་མངོན་པར་འབྲི། །ཞེས་ཡིད་འཕྲོག་པའི་གཟུགས་ཉིད་དེ་འཕགས་མ་སྒྲོལ་མ་ལ་སོགས་པ་དཀྱིལ་འཁོར་པའི་ལྷ་མོ་


JKT017_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྲིད་ཞེང་ལ་ཐལ་མོ་དགུ་པ་སྟེ། དེ་ཡང་ཐལ་མོའི་ཚད་དང་འགྲོས་ནི་སོར་མོ་༡༢༠པའི་ཕྱོགས་དང་འདྲ་བར། ཁྱད་ཆོས། ཐོད་དཔངས་དང་མགྲིན་པ་ནས་ཆ་ཆུང་རེ་རེ་དོར་བས་གསང་གནས་ནས་སྤྱི་བོའི་མཐར་ཐུག་པར་མཐོར་ཕྱེད་ལྔ་དང་། སྐུ་སྨད་ལ་བརླ་དང་བྱིན་པའི་མཚམས་ཀྱི་སོར་མོ་བཞི་དང་། པུས་མོ་ཞོལ་ནས་སོར་རེ་རེ་དོར་བས་གསང་བའི་གནས་ནས་ཞབས་ཀྱི་མཐར་ཐུག་པར་མཐོ་ཕྱེད་ལྔ་སྟེ་དྲིལ་བས་སོར་མོ་བརྒྱད་ཀྱིས་ལྷག་པའི་བརྒྱ་འབྱུང་བས་སྲིད་ཀྱི་ཚད་རྟོགས་ཤིང་། མཆན་ཁུང་དང་། དཔུང་ལྷུ་དང་། ཕྱག་དར་རྣམས་ནས་སོར་མོ་དོ་རེ་དབྲི་བས་དེ་དང་མཉམ་པའི་ཞེང་གི་ཚད་ཀྱང་རྟོགས་སོ། །རྒྱུད་འགྲེལ་དུ་འདི་ནས་འོག་གི་མཐོ་བརྒྱད་པའི་སྐབས་མརསྦྲེལ་བ་ལྟར་འབྱུང་བ་ནི། །འགྱུར་བྱེད་ཀྱིས་བཅད་མ་ལེགས་པ་ཡིན་གྱི། ཐིག་ཁོངས་འདིར་ལྷའི་བུད་མེད་རྣམས་དང་དབང་པོ་དང་ཉེ་དབང་། དང་ཆུ་ལྷ་དང་དབང་ཕྱུག་དང་རླུངས་དང་ཚངས་པ་དང་གཟའ་ཞི་བ་དང་ཀླུ་རྣམས་ཀྱིའོ། །ཞེས་དེ་ཐམས་ཅད་ཀྱང་འདིར་འདུ་བར་ཤེས་པར་བྱའོ།། ༈ །ཐིག་ཆེན་བཞི་པ་སྦོམ་ཐུང་གཏུམ་དྲག་ཅན་རྣམས་ནི། སྔ་མར། ཁྲོ་བོ་ཁྲོ་མོ་དབང་ཕྱུག་མ། །བྲན་ཕོ་བྲན་མོ་ཅི་བགྱི་མ། །དྲག་ཅིང་འཇིགས་པའི་གཟུགས་རྣམས་ནི། །ཐལ་མོ་བརྒྱད་པ་རྣམ་པར་འབྲི། །ཞེས་འབྱུང་ཞིང་འགྲེལ་བར་གདན་གྱི་མཐའ་ནས་སྐྱའི་


JKT017_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་ཀྱི་བར་དུ་ཤེས་པར་བྱའོ། །ཞེས་དང་། ཡང་། ཐུང་ཞིང་གསུས་པ་འཕྱང་བའི་ཁྲོ་བོ་གཤིན་རྗེ་མཐར་བྱེད་ལ་སོགས་པ་ནི་ཐལ་མོ་བརྒྱད་ཅེས་གསུངས་པ་དང་། བྲིས་རྒྱུན་དང་བཅས། ཚན་དྲག་ཅན་ལ་སྐུའི་ངོ་བོ་ལ་ཞལ་ཚད་དྲུག་དང་། གདན་དང་སྐྲ་ཞལ་རེ་བཅས་ཐལ་མོ་བརྒྱད་པ་བཤད་ཅིང་། ཞིབ་པར་གཤིན་རྗེ་གཤེད་ནག་པོའི་རྒྱུད་རིམ་པར་ཕྱེ་བ་བཅུ་བཞི་པ་ལས་འབྱུང་བའི་དོན་ནི། ཞབས་དཔངས་སོར་བཞི། འགྱིང་སྟབས་མེད་པའི་ཐད་ཀར་བརྒྱངས་བའི་རྗེ་ངར་སོར་བཅོ་བརྒྱད་ལ་འགྱིང་སྟབས་ཀྱི་མཐོ་གང་། པུས་མོ་སོར་བཞི་དང་བརླ་སོར་བཅོ་བརྒྱད་དུ་བཤད་ནའང་འགྱིངས་སྟབས་ཀྱི་ལྟོ་བར་གབ་པའི་གསང་གནས་མགྲིན་པ་མན་ལ་མཐོ་གསུམ། མགྲིན་པ་སོར་བཞི། ཞལ་རས་དང་སྐྱ་ལ་མཐོ་རེ་སྟེ་སྲིད་ཀྱི་ཚད་དང་། བྲང་ཞིང་ཕྱེད་ལ་ཆ་ཕྲན་ནམ་སོར་བཅུ། དཔུང་ལྷུ་སོར་བཅུ་བཞི་ཕྱག་ངར་དང་ཕྱག་མགོ་ཞལ་ཚད་རེ་སྟེ་སྲིད་ཞིང་མཉམ་པ་གོ་དྲུག་བཤད་ཀྱང་འགྱིང་སྟབས་ཀྱི་དབང་གིས་ངེས་པ་མེད་པར་མཁས་པས་ཉམས་དང་སྦྱར་ཤེས་དགོས་ཏེ། ཐིག་ཁོང་འདིར་གཤིན་རྗེ་གཤེད་སོགས་ཁྲོ་བོ་རྣམས་དང་། ཐག་བཟང་རིས་དང་ལུས་ངན་དང་བདེན་བྲལ་དང་གཤིན་རྗེ་དང་ས་ལྷ་དང་གཟའ་དྲག་པོ་རྣམས་འདུའོ། ༈ །ཐིག་ཆེན་ལྔ་པ་མིའུ་ཐུང་ལྟར་ཁྲོས་པ་རྣམས་ནི། ཀྲྀ་ཡ་ས་མུ་ཙྪར། རཱ་མ་ཎ་


JKT017_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དང་མིའུ་ཐུང་དང་ཚོགས་ཀྱི་བདག་པོ་རྣམས་ནི་མཐོ་ལྔ་པར་བྱའོ། །ཞེས་དང་། གྲུབ་ཆེན་ནག་པོ་པས། མིའུ་ཐུང་ལ་ཆུ་སོ་གསུམ་གྱིས་པུས་མོ་ཡན་ཆད་ཁྱབ་པར་གནས་སོ། །ཞེས་གསུངས་པའི་དོན་ལག་ཏུ་བླང་བྱར། ཞལ་དང་། ཐུགས་ཀ་དང་། ལྟེ་བ་དང་། ཆུ་སོ་རྣམས་མཐོ་རེ་དང་བརླ་ནི་ཞལ་དང་ལྟེ་བར་གབ་པ་དང་། བྱིན་ལ་ཞལ་གང་དང་། ཐོད་དཔངས་དང་། མགྲིན་པ་དང་། པུས་ཚིགས་དང་རྟིང་པ་རྣམས་སོར་གསུམ་རེ་བསྡམས་པས་སྲིད་དུ་སོར་མོ་བདུན་ཅུ་རྩ་གཉིས་དང་། བྲང་ཞིང་ཞལ་གང་། དཔུང་ལྷུ་སོར་དྲུག །ཕྱག་ངར་དང་ཕྱག་མགོ་ཞལ་ཚད་རེ་སྟེ་ཐིག་ཁོངས་འདིར་གུར་མགོན་དང་ཚོགས་ཀྱི་བདག་པོ་སོགས་འདུ་བར་ཤེས་པར་བྱའོ། ༈ །དྲུག་པ་ཉན་ཐོས་དང་རང་སངས་རྒྱས་སོགས་མི་རྣམས་ཀྱི་ཚད་ནི། དྲི་མེད་འོད་ལས། དེ་ཉིད་སེམས་ཅན་རྣམས་ཀྱི་ཁྲུ་བཞི་སྟེ། །མི་རྣམས་ཀྱི་སོར་དགུ་བཅུ་རྩ་དྲུག་གོ །སྟེང་དང་འོག་ཏུ་ནི་སོར་བརྒྱད་ཅུ་རྩ་བཞི་སྟེ། དེ་ལྟར་མི་རྣམས་ནི་མཚན་དང་མི་ལྡན་པའོ། །ཞེས་པ་སྟེ། དེའང་ཉན་ཐོས་རྣམས་ནི་བྱང་ཆུབ་སེམས་དཔའི་ཚད་ལྟར་སྐབས་རེར་བཤད་པའང་ཡོད་ཅིང་། ལག་ལེན་དུའང་བྲིས་ཐང་ཚད་ལྡན་རྣམས་སུ་དེ་ལྟར་བྱས་པ་མཐོང་ལ། རང་རྒྱལ་ལ་སོགས་པ་ནི་མིའི་ཚད་འདི་བྱེད་པ་ལ། དེའང་སྲིད་དུ་ཁྲུ་ཕྱེད་བཞི་དང་། ཞེང་དུ་ཁྲུ་བཞི་བར་བཤད་པ་དང་།


JKT017_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་རིག་ཏུ་ཁྲུ་བཞིར་བཤད་པ་མིའི་ཚད་ལ་བཏབ་ཏུ་བཏུབས་ཏེ་ལུས་འདོམས་གང་གྲུ་བཞི་ཡོད་པར་ཁྲུ་རེ་ནི་རང་གི་མཐོ་གཉིས་རེ་རགས་པར་ཡིན་ལ། དེའང་རང་སངས་རྒྱས་ནི་གཙུག་ཏོར་ཅུང་ཟད་འཕགས་པ་ལྷག་པའི་ཆར་ཉེ་བ་ཅན་ཏེ། སྐྱའི་དཔངས་སོར་བཞི། གདོང་ལ་མཐོ་གང་། མགྲིན་པར་སོར་དོ། །སྙིང་ག་ལྟེ་བ་གསང་བའི་བར་རྣམས་མཐོ་རེ། བརླ་དང་རྗེ་ངར་ཞལ་ཕྱེད་དོ་རེ་དང་། །པུས་མོ་ནས་ཞབས་དཔངས་སོར་གསུམ་རེ་བྱས་པ་སྲིད་ཀྱི་ཚད་དོ། །མདོར་ན་ཐིག་ཆེན་དང་པོ་ལ་སྲིད་དང་ཞེང་གཉི་གར་སོར་མོ་བརྒྱ་ཉེར་ལྔ། གཉིས་པར་སོར་མོ་བརྒྱ་ཉི་ཤུ། །གསུམ་པར་སོར་བརྒྱ་དང་བརྒྱད། །བཞི་བར་སོར་མོ་གོ་དྲུག །ལྔ་པར་སོར་མོ་དོན་གཉིས། །དྲུག་པར་སྲིད་དུ་ཁྲུ་ཕྱེད་བཞི་དང་། །ཞེང་དུ་ཁྲུ་བཞི་པ་རྣམས་སོ། ༈ ཐིག་ཆེན་བརྒྱད་པ་སྐུའི་རྣམ་འགྱུར་རྡོ་རྗེ་སྐྱིལ་ཀྲུང་དང་། པདྨའི་སྐྱིལ་ཀྲུང་དང་། །སེམས་དཔའི་སྐྱིལ་ཀྲུང་དང་། །དཔའ་བོའི་འདུག་སྟངས་དང་། །བཟང་པོའི་འདུག་སྟངས་དང་། །ཙོག་པུ་དང་། གཡོན་རོལ་དང་། གཡས་རོལ་དང་། བདེ་ལུགས་ཅན་དང་། གཡས་བརྐྱང་དང་། གཡོན་བརྐྱང་དང་། ས་ག་དང་། ཟླུམ་པོ་དང་། མཉམ་པའི་སྟབས་ཏེ་བཞུགས་སྟངས་ཀྱི་ཁྱད་པར་རྣམས་དང་། བྱང་ཆུབ་མཆོག་གི་ཕྱག་རྒྱ་སོགས་པ་ཕྱག་རྒྱ་མི་འདྲ་བའི་ཁྱད་པར་རྣམས་དང་། རབ་


JKT017_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བྱུང་བའི་ཆ་བྱད་ཀྱི་ཆོས་གོས་གསུམ་དང་། མཁར་བསིལ་དང་ལྷུང་བཟེད་སོགས་ཀྱི་ཚད་དབྱིབས་རབ་འབྲིང་སོགས་དང་། ཞི་དྲག་སོ་སོའི་རྒྱན་ཆའི་བྱེ་བྲག་མང་པོ་དང་། གདན་ཁྲི་དང་རྒྱབ་ཡོལ་རྒྱས་འབྲིང་བསྡུས་པ་རྣམས་ཀྱི་ཚད་དང་། དབྱིབས་དང་། རྒྱུད་སྡེ་རྣམས་ནས་བསྟན་པའི་དཀྱིལ་འཁོར་སོ་སོའི་ཐིག་དང་། ལས་སོ་སོའི་ཐབས་ཀྱི་ཚད་དང་མཚན་ཉིད་ལ་སོགས་པ་རྣམས་ནི་དྲི་མ་མེད་པའི་བཀའ་དང་བསྟན་བཅོས་ཚད་མའི་རྗེས་སུ་འབྲང་ནས་བསྒྲུབ་པར་རིགས་ཏེ། ཚད་དང་ལྡན་མི་ལྡན་ལས་ཡོན་ཏན་དང་སྐྱོན་གྱི་རྣམ་པ་ཐ་དད་པར་འགྱུར་པའི་ཕྱིར་རོ། །གསུམ་པ་ནི། བསླབས་བཏུས་ལས། མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་འདོད་ཡོན་ལྔའི་སྦྱིན་པ་བྱིན་པ་བས། དགེ་བསྙེན་རྣམ་དག་གཅིག་ལ་བསྙེན་བསྐུར་བ་བསོད་ནམས་ཆེས་ཁྱད་པར་འཕགས་སོ། །དེ་ཐམས་ཅད་ལས་ནི་དགེ་ཚུལ་གཅིག་ལའོ། །དེ་ཐམས་ཅད་ལས་ནི་རྡོ་རྗེ་འཛིན་པ་གཅིག་ལའོ། །དེ་ཐམས་ཅད་ལ་བསྙེན་བསྐུར་བ་ལས་ནི་སྐུ་གཟུགས་མཚན་ཉིད་དང་ལྡན་པ་མཚོན་གང་བ་གཅིག་བཞེངས་པ་བསོད་ནམས་ཆེས་ཁྱད་པར་འཕགས་སོ། །ཞེས་དང་། སྡོམ་འབྱུང་ལས། སྔགས་པ་ལས་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་བསྒྲུབས་ན་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་འཐོབ་པར་


JKT017_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་དང་། འགྲེལ་པར། ཇི་ལྟར་གསུངས་པའི་དེ་ཁོ་ན་ཉིད་བསྒོམས་པའི་ནུས་པ་མེད་པས། བསྐྱེད་པའི་རིམ་པ་བསྒོམ་པས་ལྷའི་རྣམ་པར་སྒོམ་པར་བྱའོ། །དེའང་གཟུགས་བརྙན་མ་མཐོང་བ་ལས་མི་ནུས་སོ་ཞེས་པའི་དོན་གྱིས་འཕངས་པའི་ཐང་སྐུ་དང་སྐུ་གཟུགས་མཚན་ཉིད་དང་ལྡན་པ་ཁོ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་ཡིན་ལ། ཞེས་སོགས་ཐུན་མོང་དང་ཁྱད་པར་གྱི་དགོས་པ་མཐའ་ཀླས་ཏེ་མདོ་རྒྱུད་དག་ལས་རྒྱ་ཆེར་ཤེས་པར་བྱའོ། །གཞན་ཡང་འདུལ་བ་ལུང་ལས། །ཀུན་དགའ་ར་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་ནར་མ་དང་། །གློ་བུར་ནད་པའི་ནད་གཡོགས་དང་། །ཡུལ་ངན་ཚེ་ན་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཞེས་སོགས་གསུངས་པ་ལས་བརྩམས་ཏེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་སྟེ་ཁྱིམ་བདག་དགེ་བཟང་གིས་བརྩེགས་པའི་དགེ་– བཟང་གི་གཙུག་ལག་ཁང་ནི་ཀུན་གྱི་སྔ་བ་ཡིན་ལ། དེ་ནས་གཟུགས་ཅན་སྙིང་པོས་བྱ་ཀ་ལནྟ་ཀའི་ཚལ་དང་། མགོན་མེད་ཟས་སྦྱིན་གྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་སོགས་རིམ་པར་བྱུང་ཞིང་། ཇི་ལྟར་བྱ་བའི་ཚུལ་ཡང་འདུལ་བ་གནས་མལ་གྱི་གཞི་སོགས་ལས་ཤིན་ཏུ་ཞིབ་པར་འབྱུང་བ་བཞིན་ནང་པ་སངས་རྒྱས་པའི་བསོད་ནམས་ཀྱི་ཞིང་དགེ་འདུན་འདུ་བའི་ཁྱད་པར་གྱི་


JKT017_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཏེ། གཅེར་བུ་ཀུན་དགའ་ར་བ་སོགས། །བརྩིགས་པ་སྡིག་སྲོག་ཆགས་འཆི་བས། པའི་རྒྱུ་ཞེས་ཟེར། །ཐམས་ཅད་མཁྱེན་པ་ཁྱོད་ཉིད་ཀྱིས། །དེ་ཉིད་བསོད་ནམས་རྒྱུ་ཞེས་གསུངས། །ཞེས་བསྔགས་པ་བཞིན་ནོ། །

གསུང་རྟེན་ཡི་གེའི་རྣམ་པར་བཞག


JKT017_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

༈ གཉིས་པ་གསུང་རྟེན་ཡི་གེའི་རྣམ་པར་བཞག་པ་ལ་གསུམ། ངོ་བོ། ངེས་ཚིག །དབྱེ་བ་དང་བཅས་པའི་སྒོ་ནས་ལག་ཏུ་བླང་ཚུལ་ལོ། །དང་པོ་ནི། ངོ་བོ་ནི་མིང་ཚིག་འགྲུབ་པར་བྱེད་པའི་གཞིའོ། །གཉིས་པ་ནི། བྱཉྫན་དང་། ཨཀྟར་དང་། ཝརྞ་ཞེས་པའི་སྒྲ་ལ་དྲངས་ན་གསལ་བར་བྱེད་པ་དང་། མི་འགྱུར་བ་དང་། མཚོན་པར་བྱེད་པས་ན་ཡི་གེ་ཞེས་བྱའོ། །གསུམ་པ་ནི། སྤྱིར་བདག་ཅག་གི་སྟོན་པས་མདོ་སྡེ་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དང་། རྒྱུད་སྡེ་ལ་སུམ་ཁྲི་སུམ་སྟོང་དུ་ཡེ་ཤེས་རྡོ་རྗེའི་ཀུན་ལས་བཏུས་པར་བཤད་ལ། དེ་དག་འབྲི་བའི་གཞི་ནི་གྲོ་གའམ་ཤིང་ཤུན་ནམ་རས་ལ་སོགས་པ་དཀར་པོའམ་ཁ་དོག་བསྒྱུར་བ་གང་ཡང་རུང་བར། གསེར་དངུལ་མཚལ་དང་སྣག་ཚལ་སོགས་པས་བྲིས་ཏེ་པུསྟ་ཀཞེས་རྒྱུད་སྡེ་འགར་སོར་བཅུ་གཉིས་དང་། བརྒྱད་སྟོང་པར་ཚད་མེད་པར་གསུངས་པ་ལྟར་བཞེངས་པ་སྟེ། དེ་ཡི་བདག་རྐྱེན་ཡི་གེ་ལ་རིགས་མི་འདྲ་བ་དྲུག་ཅུ་རྩ་བཞིར་བཤད་ཀྱང་། བོད་ལ་འགྱུར་བ། ཚངས་པའི་ཡི་གེ་ལ༡ཉྩན་དང་། དེ་ལ་༢ཁོང་གསེང་། ཤ་ཆེན་༣གཉིས། དེ་དང་མཐུན་


JKT017_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པར་དྷ་རི་ཀ་ཡི་ཡིག་རིགས་༨ལྔ། དེའི་མགོ་གྱེན་བཟེད་ནཱ་གར་རིགས་མི་འདྲ་བ་༡༤དྲུག །དེའི་མགོ་ཐུར་དུ་བཀུག་པ་ཝ་རྟུལ་སྟེ་ཟླུམ་པོ། ཞེས་པ་ཀླུའི་ཡི་གེ་༡།། རྒྱ་མཚོ་མཐའ་༡༦རྣམས་དང་། །དྲུག་ཅུ་རྩ་བཞི་པོ་དེར་དངོས་སུ་མི་འདྲེན་པ། ཀཤྲཱིར་རིགས་གསུམ་༡༩། གོ་ཌཱ་༢༠། གྷ་རུ་༢༡ར། སིནྡྷ་༢༢། གྷོ་ལིའི་ཡི་གེ་རིགས་བཅས་༢༤། མ་ག་དྷ་༡༤ཡིག །ཀཾ་མ་ཏའི་ཡི་གེ་༢༦། པུ་༢༧ཀཾ། མརྐོ་ལའི་ཡི་གེ་༢༨། ཟངས་གླིང་༢༩ཡི་གེ །སིདྷ་ཀར་སྲིན་པོའི་ཡི་གེ་༣༠རྣམས་ལས། ཟངས་གླིང་ཡི་གེར་རི་ལོ་བཞི་བོར་མ་གཏོགས། དབྱངས་༡༦དང་། གསལ་༣༤ བྱེད་རྣམས་ཏེ་དེ་ཡང་ཐིག་གི་རིམ་པས་བཅལ་པའི་ལག་ཏུ་ལེན་ཚུལ་ཞྭ་ལུ་ལོ་ཆེན་གྱི་བཞེད་པ་ལྟར་སྐྱོགས་ལོས་མཛད་པ། མཐོང་བ་བརྒྱུད་པ་ལས་ཤེས་པར་བྱ་ཞིང་། ཡང་མཚན་ཡང་དག་པར་བརྗོད་པའི་ཆོས་ཀྱི་ཡེ་ཤེས་ལ་བསྟོད་པའི་བསྟོད་ཆ་ནས། ཕ་རོལ་ཕྱིན་བཅུ་འཆང་བ་སྟེ། ཞེས་སོགས། ཕར་ཕྱི་ནས། ཤེས་པ། སྟོབས་བཅུ། དབང་རྣམ་བཅུའི་རང་བཞིན། རྣམ་པ་བཅུ་དང་ལྡན་པ་རྣམ་བཅུ་དབང་ལྡན་དང་། སྟོང་ཆེན་གྱི་ཡི་གེ་ལྔ། རྡོ་རྗེ་ཟླ་ཉི་ལ་སྦྱར་བའི་ཚུལ་སོགས་གསུངས་པ། སྒྲུབ་ཚུལ་ཡང་གཡོན་བསྐོར་དུ། ཐིག་ལེ། ཚེག་དྲག ཨ། ཨི། རཾ། ཨུ། ལཾ། མུ། ཀྵ། ཧ་རྣམས་དགོད་ནས་རིམ་པར་ཨི་མ་སོགས་སུ་བསྒྱུར་ནས་དྲངས་པས། །


JKT017_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཧྒྨླྺྼྻ ཞེས་གྲུབ་པ་ཡི་གེ་བདུན། ཀུན་གྱི་སྲོག་ཨ་སྟེ་བརྒྱད། ཟླ་ཕྱེད་ཐིག་ལེ་དང་བཅུ་པོ། །ཕྱི་ལྟར། རླུང་མེ་ས་ཆུ་རི་རབ་སྟེ་བརྟན་པ་ལྔ། འདོད་གཟུགས་དང་། གཟུགས་མེད་༢། བར་སྣང་གི་ཉི་ཟླ་སྟེ་སཾཡོ་བའི་རྣམ་པ་བཞི། ཀུན་ཁྱབ་སྒྲ་གཅན་གྱི་མིང་ཅན་རྣམས་ཏེ་བཅུ་དང་། ནང་རྡོ་རྗེ་ལུས་ཀྱི་སྐབས་སུ་སྐྲ་དང་བ་སྤུ་ནམ་མཁའ། ཤ་ལྤགས་རླུང་། ཁྲག་དང་དམར་ཆ་མེ། རྡུལ་དང་དྲི་ཆུ་ཆུ། རྐང་དང་རུས་པ་ས། རྩ་དང་རླུང་ཡེ་ཤེས། རོ་རྐྱང་ཉི་ཟླ། དབུ་མའི་ཡར་མར་སྣ་སྒྲ་གཅན་དང་དུས་མེ། གཞན་དུ་དཀྱིལ་འཁོར་ལ་སྦྱར་ན། བརྟན་པ་ལྔ་རང་མིང་ལྟར་དང་། གཡོ་བ་རི་རབ་སྟེང་དུ། པདྨ། །ཟླ་བ། ཉི་མ། སྒྲ་གཅན་རྣམས་ཡིན་ཞིང་། ཁྱབ་བྱེད་ནམ་མཁའ་ནི་ཆོས་འབྱུང་ངོ་། །ཡང་ཕྱོགས་བཞིར་ཟུར་བདུན་བཀོད་ནས་སྟོང་ཆེན་ཡི་གེ་བཞི་དང་། དེ་དབུས་ཀྱི་གཞོམ་མེད་ཀྱི་ཡི་གེ་འབྱུང་འཇིག་བྱེད་པར་བསྒྲུབས་པ་ཡིན་ལ། དེ་ཡང་རྣམ་ཤེས་སྒྲིབ་བྲལ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་དབུས་སུ་ཨ་ཡིག་གྲི་གུག་གི་རྣམ་པ་ནམ་མཁའི་ཁམས། གཡས་སུ་ཚོར་བ་སྒྲིབ་བྲལ་མཉམ་ཉིད་ཡེ་ཤེས་ཀྱི་རང་བཞིན་ཟླ་ཕྱེད་ཀྱི་རྒྱུ་རི་ཡིག་ཚེག་དྲག་གི་རྣམ་པ་མེ་ཁམས། གཡོན་དུ་འདུ་བྱེད་སྒྲིབ་བྲལ་སོར་རྟོག་ཡེ་ཤེས་ཀྱི་རང་བཞིན་ཨུ་ཡིག་ཐིག་ལེའི་རྣམ་པ་ཆུ་ཁམས། མདུན་དུ་འདུ་བྱེད་སྒྲིབ་བྲལ་བྱ་གྲུབ་ཡེ་ཤེས་ཀྱི་


JKT017_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཨི་ཡིག་དབྱུག་པའི་རྣམ་པ་རླུང་ཁམས། རྒྱབ་ཏུ་གཟུགས་ཕུང་སྒྲིབ་བྲལ་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་ལཾ་ཡིག་ཐོད་གུག་གི་རྣམ་པ་ས་ཁམས། དེ་རྣམས་བསྡུས་པ་ལས་ཝ་ཡིག་ཟླུམ་པོར་གྲུབ་པ་ནི་དབྱངས་དང་ཟླ་བའི་ཆོས་མཐའ་དག་བསྡུས་པ་ལས་ཐབས་གཙོ་བོར་གྱུར་པ། ཁམས་དྲུག་གི་རང་བཞིན་གསལ་བྱེད་སྡེ་པ་དྲུག་ཅེས་མདུན་དུ། ཙ་ཚ་ཛ་ཛྷ་ཉ་ཡཱ་རླུང་། ནུབ་ཏུ། ཏ་ཐ་ད་དྷ་ན་ལཱ་ས། བྱང་དུ་པ་ཕ་བ་བྷ་མ་ཝཱ་ཆུ། ལྷོར་ཊ་ཋ་ཌ་ཌྷ་ཎ་རཱ་མེ། འོག་ཏུ་པཧྥ་ཥ་ཤ་ཆ་ཀྵ་ཡེ་ཤེས། སྟེང་དུ་ཀ་ཁ་ག་གྷ་ང་ནམ་མཁའ་སྟེ། རེ་རེ་ལ་མཚོན་བྱེད་སྟོང་པའི་ཐིག་ལེ་དབང་ཕྱུག་པའི་རྣམ་པ་རེ་རེ་སྟེ་དྲུག་འབྱུང་། དྲུག་པོས་རླུང་གཉིས། དེ་བཞིན་ཆུ་མེ། ནམ་མཁའ་རྣམ་ཤེས་གཉིས་རྣམས་ཟུར་གསུམ་དུ་བྱས་ཏེ་གཤིབ་པ་གསུམ་འབྱུང་བ་རྩེ་སྤྲད་པས་གྲུ་གསུམ་འགྲུབ་པ་ནི། གསལ་བྱེད་དང་ཉི་མའི་ཆོས་ཐམས་ཅད་འདུས་པས་ཤེས་རབ་གཙོ་བོར་གྱུར་པའོ། །བོད་ཀྱི་ཡི་གེ་ནི། འཇམ་དབྱངས་ཐུ་མི་སཾ་བྷོཊས་ཁ་ཆེའི་ཡི་གེ་ལ་དཔེར་མཛད་དེ། དབྱངས་བཞི་དང་། གསལ་བྱེད་སུམ་ཅུར་བསྡུས་ནས་མཛད་པའི་ཡིག་རྒྱུན་རིམ་གྱིས་བརྒྱུད་དེ། ཁྱུང་པོ་གཡུ་ཁྲི་དང་། སུམ་པ་གནོད་སྦྱིན་སོགས་ཀྱིས་དར་རྒྱས་སུ་མཛད་པ་ལ། རྫབ་ཆེན་རྫབ་ཆུང་། འབྲུ་ཆེན་འབྲུ་ཆུང་། འབྲུ་ཆེན་ལ་ལི་ལུགས། ལྡན་ལུགས། ཤར་ཤར་མ་དང་།


JKT017_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱུས་ཡིག་སོགས་ཡོད་པའི་ནང་ནས། རྫབ་ཆེན་ལ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་ལུགས་ཁྱུང་པོ་གཡུ་ཁྲིས་ཐིག་རིས་སུ་བཏབ་ཅིང་། ཕྱིས་རོང་པོས་ལྷན་ཐབས་མཛད་པ་ལྟར་རྫབ་ཆེན་རགས་པ་ཞིག་བརྗོད་ན། བཟང་མགོ་ལ་འདོན་པ། དེ་བཞིན་སྒྲོས་སྤོ་ལྟེམ། འཇམ་དཀར་སྣ། གྲུང་ཟག་མཆུ། གཡེར་ཡར་འཕུལ། ཟླུམ་ཕུབས་ཅན། ཧུར་མིག་འཁིར། དྲང་མར་འཐེན། སྤྱང་ཁོག་པ། བྲོམ་སྣག་སྣ། མཉེན་བསྣོལ་མཚམས། འཁྱུག་ཡན་ལག་ལ་གདོན་པ་སྟེ་གདོན་པ་༡༠། སྣག་ལམ་ཟླུམ་ལ་སྒྲོས་ཆགས་པ། ཆིག་འཁོར་སྐྱེས་ལ་དཔུང་ཐུང་བ། སྔགས་པ་ཅན་ལ་ཟུར་ཐིག །སྟོད་ཕུབས་ཅན་ལ་ཕོ་བ། སྨད་ཕུབས་ཅན་ལ་ཁོང་འདྲེན། རྐང་པ་རྟར་ཞོན་ཕྱིར་འབྲང་། ཡར་འཕུལ་མཐའ་རྒྱས་སྒྲོས་གནོན། མིག་ཅན་ལ་སྐེ་གཙང་བ་གཅེས་པ་སོགས་གཅེས་སོ། །མགོ་རབ་ཐག་ཟླུམ་གྲིས་བཅད་འདྲ་བ། འབྲིང་ཀ་གཞུ། ཐ་མ་ཚག་མགོ་མགོ །དཔུང་རབ་ཐུགས་ཀར་རྡོར་འཛིན། འབྲིང་མདའ་འཕེན། ཐ་མ་ལག་ཆག་འཕྲེད་ཉལ་ཏེ་དཔུང་གསུམ། སྦྱོར་བ་སྒྲོས་ཆགས་གྲི་ལྟག་འདྲ་བ། འབྲིང་སྤུ་ཐག་སྒྲིམ་འདྲ། །ཐ་མ་གྲོག་སྐེད་འདྲ་བ་སྟེ་སྦོ་༣། ཟག་མཆུ་རབ་གསེར་སྦྱངས་ཐུར་རྣོ། འབྲིང་དགྱེ་བོ་ཕག་སྣ། ཐ་མ་སྒུར་པོ་གླང་སྣ་སྟེ་ཟག་མཆུ་༣། རབ་རྒྱ་ཁབ་བསླང་འདྲ། འབྲིང་རྔ་གདུགས་ཕྱར་འདྲ། ཐ་མ་ལག་


JKT017_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བཅད་འདྲ་སྟེ་ཡར་འཐེན་༣། རབ་སྒོ་ལྕགས་རྐང་འདྲ། འབྲིང་ཁྱི་གུའི་མཇུག་འདྲ། ཐ་མ་འབུ་མཇུག་སྦྲང་རྐང་འདྲ་བ་སྟེ་མར་འཐེན། རབ་ཉ་མིག །འབྲིང་ནས་འདྲ། ཐ་མ་ཟུར་གསུམ་ཁྲོ་མིག་སྟེ་མིག་གསུམ། བསྡམས་པས་མ་ཆོས་ཉེར་གཅིག་གོ །གཉིས་ཆོད་འཛུམ་ལ་མཐོ་དམན་མེད་པ་ན་རོའི་ཆོས་༣། གསགས་ཀྱིས་གཞོལ་བ་སྟོད་སྨད་ཕྱེད་པ་འགྲེང་བུའི་གཉིས། ཟླུམ། འདྲིལ། །འཁྱུགས་པ་གི་གུའི་༣། གདགས་པ་ཅན་གདན་ཐབ་བརྐྱང་པ། མདུང་ཚུགས། སུམ་སྦྲེལ་ལྡན་པ་སྟེ་ཞབས་ཀྱུའི་གསུམ། རྟ་སྤྲེལ། འཕངས་མ་བསྐྱིལ་བ་སྟེ་ར་ཏའི་གཉིས། འཁྱུགས། སྙོམས། འདེགས་ལ་དཀྱིལ་ཡང་སྟེ་ཡ་ཏའི་གསུམ་སྟེ་བུ་ཆོས་བཅུ་དྲུག །གཟུགས་དཀྱུས་སུ་མ་གོལ་བ། དཀྱུས་ཉིད་ཚང་ནས་མ་ཡར་བ། གཟུགས་དཀྱུས་ཤན་ཕྱེད་པ་སྟེ་སྤྱི་ཆོས་གསུམ། དེ་ཡང་ཐིག་སྒྲོམ་གྲུ་བཞི་ལག་ལེན་ལྟར་བཙལ་ལ། ཕུབ་དང་དཔུངས་པ་ཆ་གཅིག །ཟག་མཆུ་ཆ་གཉིས། ཆ་གསུམ་རྐང་པ་སྟེ། ཅ་ཆ་ད་ར་ཝ་རི་ས་པ་སྐྱོན། །ང་ན་ཞ་གསུམ་རིང་ཐུང་གཉིས་ཀ་སྐྱོན། །ཀ་ག་ཤ་གསུམ་ཐུང་ན་སྐྱོན། །འདོགས་འབྲེལ་ཆ་བཞི། སྟེང་ཡན་ལག་ཆ་གཉིས། ཐིག་ཤིང་ལོག་ལ་ཆ་དྲུག་བྱས་ལ་སྐྱོན་རྣམས་སྤངས་ཏེ་བྲི་བར་བྱ་ཞིང་། ཞིབ་པར་ཐིག་ཚད་སོ་སོར་བརྗོད་པའི་སྒོ་ནས་རྟོགས་དགོས་པའི་ཕྱིར་མ་བྲིས་


JKT017_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འབྲུ་ཆེན་ལ་ལི་དང་ལྡན་ལུགས་གཉིས་ཀྱི། དང་པོ་ནི་འཕེལ་འགྲིབ་ཀྱི་དབང་གིས་ཚད་ལྡན་མི་སྣང་ལ་ཕྱི་མ་ལྡན་རྩེའི་ལུགས་སམ། ཚད་དང་ལྡན་པའི་ཕྱིར་དེ་སྐད་དུ་བརྗོད་པ་འདི་ཆོས་རྒྱལ་རྒྱལ་མཁར་རྩེ་བས་ཉམས་པར་ཕོང་ནས་ཐིག་བཤད་དང་ཐིག་དཔེར་བཏབ་སྟེ་སློབ་རྒྱུན་སྤེལ་བར་མཛད་༡༤ ལྟར་དང་། དེ་བཞིན་དུ་འབྲུ་ཆུང་༢ ༣ངམ་ད་ལྟ་ལྡན་ཡིག་ཏུ་གྲགས་པ། འབྲུ་༢༤ཚ། འདིའི་ཁོངས་སུ་༣གཏོགས་པའི་རྒྱུག་ཡིག་སྒོང་ཞབས་མ་རྣམས་ཀྱང་སྔ་མ་དང་ཕྱོགས་མཚུང་ལའང་རང་གི་ཁྱད་པར་ཞིབ་མོར་དབྱེ་བ་དང་། གཞན་ཡང་གཏེར་ཡིག་སོགས་གྲངས་ཀྱིས་མི་ལང་ཡང་། གྲགས་ཆེ་བ་རྡོར་གདན་ཡིག་གསར་༣༦། ཆག་ལོའི་ཡིག་གསར་༣༧། མཁའ་འགྲོའི་བརྡ་ཡིག་ཟེག་ཆེན་༣། ཟེག་ཆུང་ལུགས་༣༠གཉིས་༤༠། ཨོ་རྒྱན་ཟངས་གླིང་ཡི་གེ་༤༡། སྲིན་པོའི་ཡི་གེ་༤ ༢། སཾསྐྲྀ་ཏ་སུག་ཐུང་༡༣། ཨོ་རྒྱན་མུ་སྟེགས་ལོག་པའི་ཡི་གེ་འ༤། ཟ་ཧོར་གྱི་ཡི་གེ་༤༥། མཁའ་འགྲོའི་བརྡ་ཡིག་གམ་གཏེར་ཡིག་དཀྱུས་མ་གྲགས་༥༡་ཅན་དྲུག །རྒྱན་ཅན་གསུམ་༥༤། ནེ་པ་ལའི་ཡི་གེ་།། ཆོས་རྒྱལ་འཕགས་པའི་དུས་བཟོས་པའི་ཧོར་ཡིག་རིགས་གསུམ། ཁོང་སེང་དང་༥༩བཞི། དགའ་ལྡན་ཡིག་གསར་༦༠། མོལ་ཁོལ་ཏེ་སོག་པོའི་ཡི་གེ་༦༡། ཨེ་སོགས་ལ་དར་བའི་སྒོ་བསྒྲིགས་སམ་ཚག་༦༢བྲིས། གཞན་ཡང་ཟླུམ་


JKT017_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་༦༣། དཔེ་བྲིས་༦ང་། འཕྲིན་ཡིག་༦༥་གམ་རྒྱུག་ཡིག །ཨངྒའི་༦༦ཡི་གེ་སྟེ་རྒྱ་གར་གྱི་རྣམ་གྲངས་སུམ་ཅུ་དང་། དེ་དང་དབྱངས་གསལ་བབ་ཐུང་སོག་ཡིག་བོད་ཡིག་དང་མཐུན་པ་རྣམ་གྲངས་༣༦ཏེ་ཁྱོན་དེང་སང་གྲགས་ཆེར་དར་བ་དང་། གཞན་ཡང་དེར་མ་བགྲངས་པ་གཉེར་ཡིག་དང་། འཇམ་དཔལ་དཀྲུགས་ཡིག་སོགས་གྲངས་ཀྱིས་མི་ཆོད་པ་ཞིག་མཆིས་སོ། །

ཐུགས་རྟེན་མཆོད་རྟེན་གྱི་རྣམ་བཞག


JKT017_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཐུགས་རྟེན་ལ་གསུམ། ངོ་བོ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པ་ཐམས་ཅད་པའི་ཡོན་ཏན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོར་ཤར་བའི་མཚོན་བྱེད། ངེས་ཚིག་ནི། ཙེ་ཏྱའི་སྒྲ་ལས་བསག་པའམ་བསག་ཏུ་རུང་བའམ་དྲན་པའི་ཕྱིར་མཆོད་རྟེན། དབྱེ་བ་མཚན་ཉིད་དང་བཅས་པ་ནི། རིགས་ཅན་གསུམ་གྱི་དབྱེ་བ་ལྟར་དབྱིབས་དང་རྣམ་པ་ཐ་དད་པར་ཤར་ཡང་། གཙོ་བོར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་རྗེས་སུ་འབྲངས་ཏེ། བདག་ཅག་གི་སྟོན་པའི་མཛད་པ་དང་མཐུན་པའི་མཆོད་རྟེན་བརྒྱད་དེ། བལྟམས། པད་སྤུངས་བྱང་སངས་རྒྱས། ཆེན་བཀྲ་ཤིས་ཆོས་འཁོར་དང་པོ། སྒོ་མང་དང་། །ཆོ་འཕྲུལ་ལྷ་བབས་དབྱེན་བཟླུམ་རྣམ་པར་སྐུ་ཚེའི་བྱིན་རླབས་རི་རབ་ཀྱི་མགྲིན་པ་དང་རྒྱལ། མྱང་འདས་མཆོད་རྟེན་རྣམ་པ་བརྒྱད་དུ་བཤད། ཅེས་པ་ལྟར་དང་། དེ་དག་གི་ཕྱག་ཚད་ཀྱང་། ཀཱ་ལ་ཙ་ཀྲར། དཀྱིལ་འཁོར་བཞི་པོ་བང་རིམ། རི་


JKT017_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བུམ་པ། གདོང་མན་ཆད་བྲེ་དང་། དེ་ཡན་ཆད་སྒྲ་ཆོས་འཁོར་ཆར་ཁེབས་ཀྱི་རྣམ་པར་གསལ་བར་བཤད་པ་ལྟར། དྲི་མེད་འོད་ན་ཆ་ཚད་བཤད་པ་ཀུན་གྱི་གོ་དཀའ་ཞིང་ཀུན་མཁྱེན་བུས་གཏན་འབེབས་མཛད་པ་ལྟར། ཕྱིས་སུ་སྤྲུལ་སྐུ་ང་ལ་གཟིགས་དང་སྟག་ལོའི་བཞེད་པ་གཉིས་གཙོ་བོར་བཟུང་བ་མང་ངོ་། །དེ་ལྟར་སྐུ་གསུང་ཐུགས་ཀྱི་རྟེན་གྱི་ཕྱག་ཚད་ཀྱི་རྣམ་བཞག་ནི། དཔལ་དུས་ཀྱི་འཁོར་ལོ་རྩ་འགྲེལ། སྡོམས་འབྱུང་རྩ་འགྲེལ། ཤཱ་རིའི་བུས་ཞུས་པ། ཀྲྀ་ཡ་ས་མུཙྪའི་དཀྱིལ་ཆོག །མཆོད་རྟེན་གྱི་ཆ་དབྱེ་རྣམས་དང་། བརྒྱད་སྟོང་འགྲེལ་ཆེན། ཀོ་ས་ལའི་རྒྱན་སོགས་ལས་རྒྱ་ཆེར་གསུངས་པ་ལྟར་བོད་དུའང་ལྷོ་བྲག་སྨན་༡ཐང་པ། མཁྱེན་བརྩེ་ཆེན་མོ་འཇམ་མགོན་སུདྷི་ཀིརྟི་སྤྲུལ་སྐུ་འཕྲང་ཁ་བ་དཔལ་ལྡན་བློ་གྲོས་བཟང་པོ། རྗེ་ཀརྨ་པ་མི་བསྐྱོད་རྡོ་རྗེ་དགའ་བའི་དབྱངས། ཨ་ཀྱ་སྐུ་སྐྱེ་བློ་བཟང་བསྟན་རྒྱན་སོགས་ཀྱིས་མཛད་པའི་ལྷ་སྐུའི་ཐིག་གི་ཡི་གེ་ཇི་སྙེད་པ་དང་། ཀུན་མཁྱེན་བུ་སྟོན། སྟག་ཚང་ལོ་ཙཱ་བ། པཎ་ཆེན་ནམ་བཟང་སོགས་ཀྱི་མཆོད་རྟེན་བརྒྱད་ཀྱི་ཐིག་རྩ། མཁས་པ་རོང་པོ་རྒྱལ་མཁར་རྩེ་པས་མཛད་པའི་ཡི་གེའི་དག་སྦྱོར་སོགས་བསྟན་བཅོས་མཐའ་ཀླས་ཤིང་། དེ་ལྟར་ཚད་དང་ལྡན་པར་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པའི་ཕན་ཡོན་ཡང་། བསླབ་བཏུས་ལས། མི་མཇེད་འཇིག་རྟེན་གྱི་ཁམས་ཐམས་


JKT017_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་འདོད་ཡོན་ལྔའི་སྦྱིན་པ་བྱིན་པ་བས་དགེ་བསྙེན་རྣམ་དག་གཅིག་ལ་བསྙེན་བསྐུར་བའོ། །དེ་ཐམས་ཅད་ལས་ནི་དགེ་ཚུལ་གཅིག་ལའོ། །དེ་ཐམས་ཅད་ལས་ནི་དགེ་སློང་གཅིག་ལའོ། །དེ་ཐམས་ཅད་ལས་ནི་གསང་སྔགས་ཀྱི་རྡོ་རྗེ་འཛིན་པ་གཅིག་ལའོ། །དེ་ཐམས་ཅད་ལས་ནི་སྐུ་གཟུགས་མཚན་ཉིད་དང་ལྡན་པ་ཚོན་གང་བ་ཞིག་བཞེངས་པ་བསོད་ནམས་ཁྱད་པར་དུ་འཕགས་སོ། །ཞེས་དང་། །བརྒྱད་སྟོང་པ་ལས། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གླེགས་བམ་ཆེན་པོ་ཡི་གེ་གསལ་ཞིང་ལེགས་པར་བྲིས་ཏེ། མེ་ཏོག་དང་། ཞེས་སོགས་ནས། ཀུན་དགའ་བོ་ངས་ནི་རྗེས་སུ་བསྟན་པའམ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་གྱུར་ཏོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ལུས་སྦྱང་པར་བྱས་ནས་རང་གི་ལག་གིས་མཆོད་རྟེན་བྱས་ན་མཚམས་མེད་པ་ལྔ་བྱས་པས་ཀྱང་གྲུབ་བོ། །མཆོད་རྟེན་འབུམ་བྱས་ན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་ཏེ། བསྟན་བཅོས་ཐམས་ཅད་མངོན་པར་ཤེས་ལ་ཐབས་དང་ཤེས་པ་དང་ལྡན་ཞིང་བསྐལ་བར་གནས་ལ་ཤི་ནས་ཀྱང་སྐྱེ་བ་རྣམས་སུ་རྒྱལ་པོ་བྱེད་ཅིང་ངན་སོང་དུ་མི་འགྲོ་ཡུལ་དབུས་སུ་ཉི་མ་ཤར་བ་ལྟ་བུའི་དབང་པོ་ཐམས་ཅད་དང་ལྡན་པར་འགྱུར་རོ། །ཐོས་པ་འཛིན་པ་དང་སྐྱེ་བ་དྲན་པར་འགྱུར་རོ། །ཞེས་སོགས་མདོ་རྒྱུད་བསྟན་


JKT017_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་དུ་མ་ནས་གསུངས་པ་བཞིན་དང་། དེ་ལས་ལྡོག་སྟེ་ཚད་དང་མི་ལྡན་ན། སྡོམས་འབྱུང་ལས། ཀོས་ཀོ་མགྲིན་པ་བྱིན་པ་སྟེ། །གསུམ་པོ་རིང་ན་སྐྱོན་ཆེན་པོ། །སྔགས་པ་བདག་ཉིད་ངེས་པར་ནི། །གནས་ལས་ཉམས་ཤིང་བསྒྲད་པར་འགྱུར། །ཞེས་སོགས་བཀྲ་མི་ཤིས་ཤིང་རྣམ་སྨིན་ལྕི་བ་སོགས་ཤེས་པར་བྱས་ནས་རྣམ་པ་ཀུན་ཏུ་དྲི་མ་མེད་པའི་ལུང་དང་མན་ངག་གི་རྗེས་སུ་འབྲངས་ནས་དཔྱད་པར་བྱའོ། །གཞན་ཡང་རྒྱུད་སྡེ་རྒྱ་མཚོ་ནས་བཤད་པའི་བློས་སློང་དང་དཀྱིལ་འཁོར་བྲི་བའི་ཐིག་ཚད། ཐབས་དང་། དགང་བླུགས། རྡོ་རྗེ་དྲིལ་བུ་ལ་སོགས་པའི་ཕྱག་ཚད་རྣམས་དང་། འདུལ་བ་གནས་མལ་གྱི་གཞི་ལས་གསུངས་པའི་གཙུག་ལག་ཁང་བརྩེགས་པའི་ཚུལ་སོགས་དང་། དུས་འཁོར་མཁའ་འགྲོ་རྒྱ་མཚོ་རྡོ་རྗེ་གུར་དང་ཡོ་ག་རྡོར་ཕྲེང་སོགས་ནས་བཤད་པའི་ས་གར་དང་། མཆོད་གར། ཞི་ཁྲོ་སྒྱུ་འཕྲུལ། བཀའ་ཡ བརྒྱད་ཕུར་པ་སོགས་ནས་བཤད་པའི་རྩ་འཆམ་དང་འབྲུབ་འཆམ་ལ་སོགས་པ་ཉམས་དགུ་དང་ལྡན་པའི་རིགས་རྣམས་སོ། །ལུས་བཟོ་ཕལ་པ་ནི། རྒྱ་མཚོ་ཆེན་པོར་བགྲོད་པའི་གྲུ་གཟིངས་ཆེན་པོ། །རྒྱ་བལ་སོགས་ཀྱི་ཆུ་ལ་བགྲོད་པའི་གྲུ་ཆུང་། ཁང་ཁྱིམ། ཁང་བརྩེགས། ཁང་མིག་ལྔ་བརྒྱ་པ། བཟའ་བཏུང་གི་གཡོས། གོས་རྒྱན་གྱི་ཁྱད་པར་སོགས་དང་། བསྡུས་རྒྱུད་ལས། གཡུལ་དུ་ཕམ་པའི་དགྲ་བོ་དག་


JKT017_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གལ་ཏེ་འཕྲལ་ལ་རྫོང་གི་ནང་དུ་ཞུགས་གྱུར་ན། །ཕྱི་རོལ་དུ་ནི་འཁྲུལ་འཁོར་བྱ་སྟེ་རྒྱུན་ཆད་མེད་པར་རྡོ་དང་མེ་མདའ་རབ་ཏུ་འབེབས་པ་དང་། །རལ་གྲི་ལ་སོགས་གཅོད་པའི་འཁྲུལ་འཁོར་དག་དང་ས་གཞིའི་གནས་ལ་གུར་དང་གོ་ནི་དབྱེ་བ་ཡིས། །དེ་ཡི་རྫོང་ནི་ཕྱེ་མར་བྱས་ཏེ་ཉིན་ཞག་ཅུང་ཟད་དག་གི་གདུག་པ་དེ་ནི་བསྒྲུབ་པར་བྱ། ཞེས་ངོ་མཚར་གྱི་སྦྱོར་བ་ཐང་རྫོང་གཞིག་པ་རྡོའི་འཁྲུལ་འཁོར་ཏེ་རྒྱོགས། ཆུ་རྫོང་འཇོམ་པ་ཆུའི་འཁྲུལ་འཁོར། །རི་རྫོང་འཇོམས་པ་མེའི་འཁྲུལ་འཁོར། །རྩེ་མོ་འགྱེད་པ་རླུང་གི་འཁྲུལ་འཁོར། །རྒྱལ་རིགས་འཐབ་པ་ཤིང་རྟའི་ཚད། །ལྟད་མོ་ལ་འགྲོ་བའི་དོན་དུ་ཁང་བཟང་གི་མཚན་ཉིད། །དགའ་སྟོན་གྱི་དོན་དུ་ཁྱོགས་ཀྱི་མཚན་ཉིད། །ལྡུམ་ར་གཅུ་བའི་དོན་དུ་ཆུ་གྱེན་དུ་འདྲེན་པའི་འཁྲུལ་འཁོར་སོགས་དུས་འཁོར་དུ་གསུངས་པ་དང་། གཞན་ཡང་མཚོན་ཆ་དང་ཡ་ལད་སོགས་གོ་ཆའི་རིགས། ཕོ་མོའི་རྒྱན་མ་དང་གྱོན་པ་སོགས་བཟོ་བ་སྟེ། མདོར་ན་བཟོ་སྦྱངས་བཅོ་བརྒྱད་ཕལ་མོ་ཆེ་འདིར་འདུས་སོ་ངག་བཟོ་མཆོག་ནི། ལོ་ཆེན་རིན་བཟང་ནས་དར་བའི་ཡོ་ག་དང་། གཞན་ཡང་གསང་སྔགས་གསར་མའི་ཡི་དམ་ཆོས་སྐྱོང་ལ་བརྟེན་པའི་གདངས་དབྱངས། སྔགས་རྙིང་མའི་གྱེར་དབྱངས་ལ་འགྱུར་ཁུགས་འདེགས་འཇོག་སྦོམ་ཕྲ་སྟེ་དྲུག་ལྡན་བརྗིད་ཅིང་རྔམས་པ་སོགས་མ་འདྲེས་པའི་


JKT017_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དང་། རྡོ་རྗེའི་གླུ་གར། ཆོས་ཀྱི་འབེལ་གཏམ་སོགས་གསལ་དག་སྙན་ཅིང་ཉན་སླ་བཟུང་བདེ་བ་ལ་སོགས་པ་རྣམས་སོ།། །།

རྒྱ་དཔེ་ལྟར་གྱི་ཀུན་འཁོར་འདིའི་སྐད་དོད།


JKT017_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྒྱ་དཔེ་ལྟར་གྱི་ཀུན་འཁོར་འདིའི་སྐད་དོད། དྷི་མཱན། བློ་ལྡན། །ཨཱཛཱ། ཀུན་མཁྱེན། ཛྷ། མཁས་པ། དེ་ལ་དྲུག་པའི་ཨཱམ། ཛྷཱ་ནཱམ། མཁས་པ་རྣམས་ཀྱི། ཨཱདྷི། བློ་གྲོས་ཀུན། སཾ་ཡང་དག་པ། ཛ་སྲ། མཱ་དཱ། དགའ་བ་རྣམས། དྷཱ། བྱིངས་དོན་ལས་སྦྱིན་པ། །དྷ། ཡི་གེ་གཅིག་པའི་མངོན་བརྗོད་ལས་ནོར་ལ་འཇུག་པར་བཤད་པས། འབྱོར་པ། དཱ། སྦྱིན་པ། དེ་ལ་ཨཱམ། དཱ་མ། སྦྱིན་པ་ལ། ཨཱ་སཾ་གནས་པའམ། ཡོད་པ། བི་མ་ལ། ལས་ལ་ཨ་ཎ་བྱིན། གཉིས་ཀ་འཕེལ། བི་མཱ་ལ། དྲི་མ་བྲལ་བ། ཨ་ཡ༔ དགེ་ལས་སམ། བསོད་ནམས། ལེགས་བྱས་རྣམས་ལ་འཇུག །ཡ། མུ་ཏིག་ཕྲེང་བ་སོགས་མང་པོར་གྲགས་པ་ལ་འཇུག་པར་བཤད། དེ་ལ་སི། ཡ༔ ལེན་པ། མཱ། ཟླ་བ། བེ། རྐང་པ་ཁ་སྐོང་། ཤྲཱི། ཕུན་ཚོགས། སུབྷཱག །ལ་ཨཎྜ། ཡོན་ཏན། སོབྷཱག བསྐལ་བཟང་། གོ། ནམ་མཁའ། བྷ། སྣང་བ། ཨད་སྲ། ཨ་སོ། འདིར། ཤྲཱི། མཛེས་པ། དེ་རྣམས་མཚམས་སྦྱར་ཏེ་སྦྲེལ་བས། བྷི་བཱནཱཛཱ། སོགས། བོད་སྐད་དུ། བློ་ལྡན་ཀུན་མཁྱེན་སོགས། འདིའི་སྡེབ་སྦྱོར་གློག་ཕྲེང་ཅན། དོན་སྡེ་ཚན་བརྒྱད་ཀྱིས་རིམ་པར། དང་པོར་


JKT017_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བསྐྱེད་ནས་བསམ་བཞིན་དུ་སྲིད་པ་བཟུང་བ། བར་དུ་རང་དོན་མཁས་པའི་མཐར་༢སོན་པ། མཐར་གཞན་དོན་སྤྱིར་མཁས་པ་རྣམས་དགའ་བ་༣བསྐྱེད་པ། ཁྱད་པར་དུ་ཟབ་ལམ་སྤེལ་བའི་ཕྱིར། རྡོ་རྗེ་འཆང་གིས་མཚན་གྱིས་མཛེས་པ། རྒྱལ་བ་དགྱེས་པའི་ཕྲིན་ལས་ལུང་བསྟན་༥བརྙེས་པ། འཁོར་ལོ་གསུམ་གྱི་༦མཛད་པ་མཐའ་ཡས་པ། བསྟན་འཛིན་གྱི་སྐྱེས་བུ་བསྐྲུན་ཅིང་བྱང་སེམས་རྣམས་༼༧༽དང་ལྷན་ཅིག་རོལ་པ། མཛད་པ་རྒྱུན་མི་འཆད་པའི་ཚུལ་རལ་བསྔགས་པའོ། ༈ །།རྒྱན་གྱི་བསྟན་བཅོས་མེ་ལོང་པཎ་ཆེན་བླ་མའི་གསུང་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ་ལེགས་བཤད་ནོར་བུའི་འབྱུང་ཁུངས་ལས་སྤར་ཡིག་མ་དག་པ་བཅོས་རིགས། ལྡེབ། ༢ནིརྫ་གཙྪི། ༢༨སརྦ་སི་ནཱ་སྱ་ལྟར། དེ་དག་ཀྱང་ཉིང་དགོས་དགོས་པ་དང་འབྲེལ། དགོས་པ་བརྗོད་བྱ་དང་འབྲེལ། བརྗོད་བྱ་བསྟན་བཅོས་དང་འབྲེལ་པ་ནི་འབྲེལ་བའི་དགོས་པའོ། །༤ ༤་ཕྱི་ཐོགས་བས་གལ་ཏེ་ཁྱོད་སྨྲ་ན། རྫུ་འཕྲུལ་སྟོབས་ཀྱིས་ཁྱོད་བསླང་བྱ། །བདག་གི་༡༡༥་ཕྱི་ན་ལེ་ནཱི། ཨ་སྨད་ལ་གསུམ་པའི་གཅིག་ཚིག་ཊཱ༴ ལྡེབ་༣༣༤ འི་ནང་ངོས་ཕྲེང་གསུམ་པའི་མཇུག་དང་། ལུང་ཉིད་ཀྱིས་ལྟ་བྱེད་ཅེས་པའི་སྐད་དོད་ཨཱ་ག་མེ་ནེབ་པ་ཤྱན་ཅེས་པའི་མེ་ལ་ངལ་གསོ་ཕོག་པས་ནེ་ཞེས་ལྷག་མར་ལུས་པ། ཞེས་པའི་


JKT017_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོར། ཡང་དེ་གའི་ཕྲེང་ལྔ་པའི། ཡིན་པ་དང་། ཨཱ་ག་མ་ལུང་གི་སྐད་དོད་ལ་རྣམ་དབྱེ་གསུམ་པའི་གཅིག་ཚིག་ཊཱ་ཨི་ནར་བསྒྱུར་བའི་བར་དོར། བོད་ཡིག་ཅ་ཆ་གཉིས་ཙ་ཚ་གཉིས་དང་། ཞ་ཟ་འ་ཡ་ལ་བསྡུས་སོ།། །།

མ་ཧཱ་ཙི་ནའི་སྐད་དོད།


JKT017_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

༈ མ་ཧཱ་ཙི་ནའི་སྐད་དོད་ཐོར་བུ་དག་ལས་བྲིས་པ་དགེ། ཧ་ཐོ། བཟང་པོ། མེའུ་ཙཱ། ལྷ་ཁང་། གསི་ཧྲན། དགོན་པ། ཕོས། ལྷ། བླ་མ། བླ་མ། ཧྭ་ཏུ། སྤྲུལ་སྐུ། ཧྭ་ཤད། གྲྭ་བ། ཡིན་ཀོང་། དགེ་བ། གཉིས་པཱ། ས། ཧུ་ལི། ཆུ། ཧཱུྃ། མེ། ཧྲིན། རླུང་། ཐེན། གནམ། དཱིས། ས་ཆ། ཅིན་ཛི། གསེར། ཡིན་ཛི། དངུལ། ཐང་། རག་ཚན། ཊམ་གཞཱ། ཏྲ། སྤོ་ཡུ། མར། ཁེའི། ཤིང་། ཧྭ། མེ་ཏོག །ཤཱད། སྤོས། ལཱག །མར་མེ། ཛོ་ཁེ་ཐོ། ཕྱག་ཕུལ། དྭ། ཕ། མཱ། མ། རར་ཙི། བུ། གཉུའུ། བུ་མོ། རྨ། རྟ། གིའུ། ཁྱི། གཉུའུ། མཛོ། མཱང་གཅུ། གཡག །བྲུ། ཕག །ཡིའུ། ཚིལ་ལམ་སྣུམ། རུ། ཤ །ཐན་ཙམལུ། ཆང་། ཧྲའུ་ཙམའུ། ཨ་རག །ཧྭ་ཙན། ལྷ་པ། ཏིའུཧྭ། རྐོས་པ། ཐཱས་ཙན། མགར་བ། རྨོ་ཙན། ཤིང་བཟོ། ལེའི། ཤོག །ནཱི། སོང་། ཧཱུྃ། རེད། བིཧཱུྃ། མི་རེད། ཙཱི། ཡི་གེ གྲོ། ཤོག་བུ། མེ། སྣག་ཚ། སྤོ། རས། ལཱི་ཕཱ་ཙམ། དར། ག་ཙམ། སྟོད་འབོགས། ཤཱན། གླ་ཙི། སེ་མོ། དུག་


JKT017_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་རིལ། ལུ་ཀུ། ཤ་ར། ཤཱ་ཡི། སྤྲུལ། ཀྱི། སོ་བྱ། གཉན་ཇ། དཔོན་པོ། བར། རོགས་པ། ཝཱ་ཙིན། གླ་མི་སྟེ། གཡོག་པོ། ཧྲན་ཙམ། ཁང་པ། དེས། ཞིང་། མཱི། འབྲས། ཛཱིན་ཁུ། ནས། མས་རཱིན། གྲོ། ཡུ་མན། མ་རྨོས་ལོ་ཏོག ཡོ། སྨན། ཡོ་སན། སྨན་པ། དག་ཝན། དཀར་ཡོལ་ཆེན་པོ། ཁཱ་བིས། ཇ་ཕོར་ཏེ། དཀར་ཡོལ་འབྲིང་པོ། ཙིའུ་བིས་ཙི། དཀར་ཡོལ་ཆུང་བ་ཨ་རག་སྣོད། ཇ་ཆུ་འཇུག །འཁོར་དྲུག་ཁུར་ཐུབ། དཔྱིད། ཇ་ཀོ་དབྱར། པི་ཙེ། ཛ་ཕོ་ཥཱ། སྟོན་གྱི་ཤིང་ཆོབ་དེང་སང་ཕིང་ཆག །རྒྱ་ནག་སྐད་དུ། ཛའུ་པན། རྒྱལ་རོང་སྐད་དུ། དན། དོན་དུ་སྔ་དྲོའི་ལྟོ། །གཤའ། ཧཱུཾ། ཛཾ། ཉིན་གུང་ལྟོ། ཡ་ཧྲན། ཡེ་ཏི། དགོང་ལྟོ། ༈ ཚིན་ཥཱ། ཇ་ཐང་། ཆིའི་ཡན། དུབ། ད་ཙུ་ད་ཅུ། འོ་བརྒྱལ་འོ་བརྒྱལ། རྒྱལ་རོང་སྐད། ཨར་པྱ་བྱ། ཅི་བསམ། ཨར་སྦག་སྦག །དོན་འགྲུབ།། ༈ །།རྒྱ་སྐད་སྲང་ལ། ལིའང་། འདྲ་ཞིག་ཟེ་བས། དེས་ན་སྲང་གང་ལ། ཡི་ལིའང་། དེས་མཚོན་ཏེ། རར་ལིའང་། སྲང་དོ། བསཱན་༣། གསི་༤། བུ་།། ལིའུ་༦། ཚི་༧། བ་ར། ཅིའུ་༩། ཧྲེ་༡༠། ཧྲིའུ་༡༥། རི་ཧཱུྃ་༢། འབྲི་༢༦། ཡིན་སྤོའུ། རྡོ་ཚད། ༈ །ཚུན། ཞོ། ༈ །ཕིན། སྐར་མ། ༈ །ཡིན་ཛི་ཧྲེ་ལིའང་། དངུལ་སྲང་བཅུ།། །།

སྒྲ་སྦྱོར་བམ་པོ་གཉིས་པ།


JKT017_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྒྲ་སྦྱོར་བམ་པོ་གཉིས་པར། གསང་སྔགས་ཀྱི་རྒྱུད་རྣམས་ནི་གཞུང་གི་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུ་ཡང་མི་རུང་ལ། བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང་། ལྡེམ་པོ་དག་ཏུ་བཤད་པས་མ་ཁྲོལ་ནས་སྒྲ་ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་བྱུང་། སྔགས་ཀྱི་རྒྱུད་ཀྱི་ནང་ནས་འཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་བྱུང་ཞེས་གདགས་ཀྱི། ཕྱིན་ཆད་གཟུངས་སྔགས་དང་རྒྱུད་སྡེ་ནས་བཀའ་སྩལ་ཏེ་བསྒྱུར་དུ་བཅུག་པ་མ་གཏོགས་པ། སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་འཐུ་ཞིང་བསྒྱུར་དུ་མི་གནང་ངོ་། །ཞེས་དང་། བདྡྷཞེས་བྱ་བའི་སྒྲ་ལས་དྲངས་ན་གཅིག་ཏུ་ན། མོ་ཧ་ནི་དཱ་པྲ་མཏྟ་པྲ་བུདྡྷ་བུ་རུ་ཥ་པཏྲ་ཅེས་བྱ་སྟེ། གཏི་མུག་གི་གཉིད་སངས་པས་ན་མི་གཉིད་སངས་པ་བཞིན་ཏེ་སངས་ལ་བསྙེགས། ཡང་རྣམ་པ་གཅིག་ཏུ། བུདྡྷེ་དྷི་ཀཱ་ཤ་ནཱ་བུདྡྷ་བི་བུདྡྷ་པདྨ་བཏྲ། བློ་བྱེ་ཞིང་རྒྱས་པས་ན། པདྨ་ཁ་བྱེ་ཞིང་རྒྱས་པ་དང་འདྲ་བར་ཡང་བཤད་དེ་སངས་རྒྱས་ཞེས་བྱའོ། །ཚིག་དོན་ནི་སྤྱིར་ཆོས་ཐམས་ཅད་ཐུགས་སུ་ཆུད་ཅིང་མ་ལུས་པ་བྱང་ཆུབ་པ་ལ་བྱ། བྷ་ག་བཱ་ན་ཞེས་པ་གཅིག་ཏུ་ན། བྷ་ག་ན་མཱ་ར་ཅ་ཏུཥཱ་ས་ཏྭ་དྭ་བྷ་ག་བཱན། ཞེས་བྱ་སྟེ་བདུད་བཞི་བཅོམ་པས་ན་བཅོམ་པ་ལ་བྱ། ཡང་རྣམ་པ་གཅིག་ཏུ་ན་བྷ་ག་ནི་ལེགས་པ་རྣམ་པ་དྲུག་གི་མིང་སྟེ། གཟུགས་དང་། གྲགས་དང་དབང་ཕྱུག་དང་། དཔལ་


JKT017_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཤེས་རབ་དང་། བརྩོན་པ་སྟེ་འདི་དྲུག་གི་སྤྱི་ལ་བྱ། བཱན། ཞེས་འབྱུང་བ་ནི། བྷ་གསྭཱ་སྟི་ཏི་བྷ་ག་བཱ་ན་ཞེས་ལྡན་པར་བཤད་དེ། དེ་རྣམ་གྲངས་འདི་སྐད་དུ་བྱ་བ་ལས་སྔར་བསྒྱུར་བའི་ཚིག་གྲགས་པ་བཙན་པར་བྱ་སྟེ་བཅོམ་ལྡན་འདས་ཞེས་བྱ་བ་ནི་མདོ་སྡེ་དག་ལས། སངས་རྒྱས་ཀྱི་ཡོན་ཏན་ལ་མཚན་འཇིག་རྟེན་ལས་འདས་པའོ། །ཞེས་ཀྱང་འབྱུང་བས་ན། འཇིག་རྟེན་པའི་བྷ་ག་བཱན་ལས་ཁྱད་པར་དུ་འདས་ཞེས་བླ་ཐབས་སུ་བསྣན་ཏེ། བཅོམ་ལྡན་འདས་ཞེས་བཏགས། འཇིག་རྟེན་པའི་བྷ་ག་བཱན་ཞེས་བྱ་བ་ནི་འཇིག་རྟེན་པའི་གཞུང་ཉིད་ལས་ཀྱང་བཅོམ་པར་མི་འཆད་དེ་ལེགས་པ་དང་ལྡན་པ་ཞེས་འཆད་པས་འཇིག་རྟེན་པའི་བྷ་ག་བཱ་ན་ནི་ལེགས་ལྡན་ཞེས་གདགས། ཏ་ཐཱ་ག་ཏ་ཞེས་བྱ་བ་ནི། ཏ་ཐཱ་ནི་དེ་བཞིན་ག་ཏ་ནི་གཤེགས་པའམ་འབྱོན་པའམ་མཁྱེན་པའམ་གསུངས་པ་ལ་བྱ་སྟེ། ཚིག་གི་དོན་སྤྱིར་ན་སྔོན་གྱི་སངས་རྒྱས་རྣམས་ཇི་ལྟར་གཤེགས་ཤིང་ཕྱིན་པ་དང་ཆོས་ཐམས་ཅད་ཀྱི་རང་བཞིན། དེ་བཞིན་ཉིད་ཇི་ལྟ་བ་མཁྱེན་ཞིང་གསུང་པ་ལ་བྱ་མོད་ཀྱི། སྔར་གྲགས་པ་བཞིན་དེ་བཞིན་གཤེགས་པ་ཞེས་གདགས། ཨརྟ་ན་ཞེས་བྱ་བ་གཅིག་ཏུ་ན། པཱུ་ཛན་ར་ཧ་ཏཱི་ཏི་ཨརྙན་ཞེས་བྱ་སྟེ། ལྷ་དང་མི་སོགས་ཀུན་གྱིས་མཆོད་པར་འོས་པས་ན་མཆོད་འོས་ཞེས་ཀྱང་བྱ། ཡང་གཅིག་ཏུ་ན། གླེ་ཤ་ཨ་རི་ཧ་ད་བཱ་


JKT017_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཨརྟན་ཞེས་བྱ་སྟེ། ཉོན་མོངས་པའི་དགྲ་བཅོམ་པ་ཞེས་བྱ་སྟེ། རྣམ་པ་འདི་ལས་འདིར་ནི་དོན་བཙན་པར་བྱ་སྟེ་དགྲ་བཅོམ་པ་ཞེས་བཏགས། སམྱཀཾ་བུདྡྷ་ཞེས་པ། སམྱག་ནི་ཡང་དག་པ། སམ་ནི་ས་མན་འམ། སཾ་པུཎྜ་སྟེ་མ་ལུས་པའམ་རྫོགས་པ། བུདྡྷ་ཞེས་སངས་རྒྱས་པ་ལ་བྱ་སྟེ། སྤྱིར་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མ་ནོར་བར་ཐུགས་སུ་ཆུད་ཅིང་མངོན་པར་བྱང་ཆུབ་པའི་མཚན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ། ཞེས་སོགས་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་ཚིག་ཕལ་ཆེར་གྱི་སྒྲ་བཤད་ཤིན་ཏུ་ལེགས་པ་དང་། གཞན་ཡང་། དྷརྨ་དྷཱ་ཏུ་བི་ཤུདྨ་ཞེས་བྱ་བ་ཆོས་དབྱིངས་རྣམ་པར་དག་པ་ཡིན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་འཕགས་པའི་ཆོས་རྣམས་སྐྱེ་ཞིང་འབྱུང་བ་དང་དབྱིངས་སུ་གྱུར་པས་ན་ཆོས་དབྱིངས་དེ་བཞིན་ཉིད་ལ་གློ་བུར་གྱི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་སྤྲིན་དང་འདྲ་བ་དྭངས་ཤིང་བྱང་བ་སྟེ། ནམ་མཁའི་དབྱིངས་དག་པ་དང་འདྲ་བས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཞེས་བྱ། ཨཱ་དརཱ་ཛཱ་ན་ཞེས་བྱ་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཏེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དམིགས་པས་གཟུང་བ་དང་འཛིན་པའི་རྟོག་པ་ཐམས་ཅད་དང་བྲལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པས་མེ་ལོང་ཕྱིས་པའི་ནང་དུ་ཅི་ཡང་སྣང་བ་བཞིན་དུ་ཆོས་ཐམས་ཅད་ཀྱི་


JKT017_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་སྣང་བ་ལ་བྱ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱ། ས་མ་ཏཱ་ཛྙཱ་ན་ཞེས་བྱ་བ་རྫོགས་པར་ས་དང་པོ་ལ་དེ་ཁོ་ན་ཉིད་མངོན་པར་རྟོགས་པའི་ཚེ། བདག་དང་གཞན་དུ་མི་འབྱེད་ཅིང་མཉམ་པ་ཉིད་དུ་རྟོགས་པས་གོང་ནས་གོང་དུ་སྦྱངས་པའི་ས་ལ་མི་གནས་པའི་མྱ་ངན་ལས་འདས་པར་གྱུར་པའི་ཚེ། ཉོན་མོངས་པ་ཅན་གྱི་ཡིད་གནས་འཕོས་ཏེ། ཡེ་ཤེས་གནས་སུ་གྱུར་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ། པྲ་ཏི་བེཀཱ་ཎ་ཛྙཱ་ན་ཞེས་བྱ་བ་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་གཟུངས་དང་ཏིང་ངེ་འཛིན་དང་བསམ་གཏན་དང་སྙོམས་པར་འཇུག་པ་ཐམས་ཅད་ཀྱི་གཞིར་གྱུར་པ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་འཇུག་པས་ཆོས་ཀྱི་ཆར་ཆེན་པོ་འབེབས་ཤིང་ཐེ་ཚོམ་སྣ་ཚོགས་གཅོད་པ་དང་། སྐུ་བེཟླུརླ་ལ་སོགས་པའི་རིན་པོ་ཆེའི་མདོག་ཏུ་སྟོན་པའི་རྒྱུར་གྱུར་པ་ཡིན་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱ། ཀྲྀཏུ་ནུཏྟཱ་ན་ཛྙཱ་ན་ཞེས་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ཏེ། མིག་ལ་སོགས་པའི་དབང་པོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐབས་སྣ་ཚོགས་དཔག་ཏུ་མེད་པས་སེམས་ཅན་མང་པོའི་དོན་མཛད་པའི་གཞིར་གྱུར་པ་ཡིན་ཏེ་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱ། དྷརྨ་ཀཱ་ཡ་ཞེས་བྱ་བ་ཆོས་ཀྱི་སྐུ་ཡིན་ཏེ། སངས་རྒྱས་ཀྱི་ས་དང་སྦྱར་ན་


JKT017_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དེ་བཞིན་ཉིད་ཀྱི་རང་བཞིན་ཆོས་ཀྱི་སྐུ་ཞེས་བྱ། སམྦྷ་ག་ཀཱ་ཡ་ཞེས་བྱ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། མཉམ་པ་ཉིད་ཀྱི་དང་སོ་སོར་རྟོག་པའི་ཡེ་ཤེས་གཉིས་ཀྱིས་ཆོས་ཀྱི་ལོངས་སྤྱོད་དང་སྤྱོད་པ་རྒྱ་ཆེན་པོ་མ་ལུས་པ་མྱོང་བར་མཛད་པ་རྣམ་པར་སྣང་མཛད་ཀྱི་སྐུ་ལ་བྱ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ། ནི་ཎ་ཀ་ཡ་ཞེས་བྱ་བ་སྤྲུལ་པའི་སྐུ་ཡིན་ཏེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་སེམས་ཅན་སོ་སོ་ཅིས་འདུལ་བ་བཞིན་དུ་ཐབས་སུ་སྐུ་གསུང་ཐུགས་སྤྲུལ་ཏེ། སྣ་ཚོགས་སུ་སྟོན་པ་བྱ་བས་ན་སྤྲུལ་པའི་སྐུ་ཞེས་བྱ། ཞེས་དང་། པྲེ་ཀ་བུདྡྷ་ཞེས་བྱ་བ་ཨེ་ཀ་བརྒ་ནཱ་མ་པྲ་ཏི་བུདྡྷ་བོ་དྷི་པྲ་ཏི་ཀ་བུདྡྷ་ཞེས་བྱ་སྟེ། སེམས་ཅན་མང་པོའི་དོན་མི་མཛད་ཀྱི། བདག་གཅིག་པུ་བྱང་ཆུབ་པ་དང་མྱ་ངན་ལས་འདས་པ་བསྒྲུབས་པས་ནི་རང་སངས་རྒྱས་ཞེས་བྱ། ཞེས་དང་། གྲྭ་བ་ཀ་ཞེས་པ་གཅིག་ཏུ་ན་ཤྲཱི་ནཱ་ན་ཏཱིཏི་ཤཱ་བ་ཀ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་ལུང་མ་མནོས་པར་བདག་ཉིད་ཀྱིས་རྟོགས་པར་མི་ནུས་ཏེ་ཉན་པ་ལ་ཡང་བྱ། ཡང་གཅིག་ཏུ་ན། སམྱ་ཀ་ཛྷཱ་ན་ཕལ་ན་ཤྭ་བ་སིནྟི་ཏི་ཤཱ་བ་ཀ་ཞེས་བྱ་སྟེ། ཡང་དག་པའི་ཤེས་པས་རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་ཐོབ་པ་གཞན་ལ་སྒྲོགས་ཤིང་ཐོས་པར་བྱེད་པས་ན་ཉན་ཐོས་ཞེས་བྱ། ཞེས་དང་བྱང་ཆུབ་སེམས་


JKT017_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སྒྲ་བཤད་པ་ལ། བོ་དྷི་སཏཱ་ཞེས་བྱ་བ་ས་ཏཱ་ན་ཡོ་ཊཾ་སྟེ་བོ་དྷི་སཏཱ་ཞེས་པ་བོདྷི་ནི་བྱང་ཆུབ། སཏྭ་ནི་སེམས་དཔའ་འམ་སེམས་སྟོབས་ཆེ་བ་ལ་བྱ། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ལ་གཅིག་ཏུ་བརྟུལ་ཞིང་ནེམ་ནུར་མེད་པས་ན་བྱང་ཆུབ་སེམས་དཔའ། མ་ཧཱ་སཏྭ་ཞེས་བྱ་བ། མ་ཧཱ་ནི་ཆེན་པོ་སཏྭ་ནི་སེམས་དཔའ་སྟེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་བུ་མ་ཡིན་གྱི། སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་ལ་ཞུགས་པས་ན་སེམས་དཔའ་ཆེན་པོ་ཞེས་བྱ། ཞེས་དང་། ཤམ་སྒྲ་ཞེས་བྱ་བ་ཤ་མེ་བསྟི་ཤ་མསྒྲ་ཞེས་བྱ་སྟེ། ཤ་མ་ནི་ཞི་བ་དང་། སྠཱ་ནི་གནས་པ་སྟེ། གཟུགས་ལ་སོགས་པ་ཡུལ་གྱིས་སེམས་གཡེང་བ་ཞི་བར་བྱས་ནས་བསམ་གཏན་གང་སྒོམ་པ་དེ་ལ་སེམས་རྩེ་གཅིག་ཏུ་ཁུག་པའི་མིང་ཡིན་པས་ན་ཞི་གནས་ཞེས་བྱ། པི་པ་བྱ་ན་ཞེས་བྱ་བ་བི་ནི་བི་ཤེ་ཥ་སྟེ། ཁྱད་པར་རམ་ལྷག་པ། བ་བྱ་ན་ནི་མཐོང་བའམ་བལྟ་བ་ལ་བྱ། སྤྱིར་ན་ཤེས་རབ་ཀྱིས་དངོས་པོའི་རང་བཞིན་ལྷག་པར་རྟོགས་པའི་རང་བཞིན་ཏེ་ལྷག་མཐོང་ཞེས་བྱ། ཞེས་དང་། དུཁ་ས་ཏྱ་ཞེས་བ་སྡུག་བསྔལ་གྱི་བདེན་པ་སྟེ། ཟག་པ་དང་བཅས་པའི་འདུ་བྱེད་ལ་ཡིད་དུ་འོང་བ་རྣམས་ནི་འགྱུར་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར། ཡིད་དུ་མི་འོང་བ་རྣམས་ནི་སྡུག་བསྔལ་གྱིས་སྡུག་


JKT017_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བར་འགྱུར། དེ་ལས་མ་རྟོགས་པའི་ཆོས་གཞན་འདུ་བྱེད་ཀྱིས་སྡུག་བསྔལ་བར་འགྱུར་ཏེ། ཕུང་པོ་ལྔ་སྡུག་བསྔལ་གསུམ་དང་ལྡན་པས་ན་སྡུག་བསྔལ་གྱི་བདེན་པ་ཞེས་བྱ། ས་མུ་ད་ཡ་ཞེས་བྱ་བ་ས་མུ་ད་ཡཏྱ་སྣ་ད་ཀརྨ་ཀླུ་ཤ་ལཀྵ་ཎཱ་ད་ཞེས་འབྱུང་བས་ན་ལས་དང་ཉོན་མོངས་པའི་མཚན་ཉིད་དེ་དག་ལས་སྡུག་བསྔལ་འབྱུང་བ་ལ་བྱ་སྟེ། དེ་ལས་ཉོན་མོངས་པ་ནི་སླར་སྲིད་པ་གསུམ་དུ་སྐྱེ་ཞིང་འབྱུང་བར་འདོད་པའི་འདོད་ཆགས་སོགས་པ་ལ་བྱ། ལས་ནི་དགེ་བ་དང་མི་དགེ་བ་ཟག་པ་དང་བཅས་པ་ལ་བྱ་སྟེ། ཀུན་འབྱུང་བ་ཞེས་བྱ། ནི་རོ་དྷ་ཞེས་བྱ་བ་ནི། ནི་རོ་དྨ་སྟེ་ཨ་སྨིན་སརྦ་ཀླུ་ཤ་ཨ་ཏི་ཞེས་འབྱུང་བས་འགོག་པ་མཐོང་བས་ཉོན་མོངས་པ་ཐམས་ཅད་འགག་པའི་ཕྱིར་འགོག་པ་ཞེས་བྱ། མཱརྒ་ཞེས་བྱ་བ་མཱག་ཡནྟི་ཨ་ནེ་ན་ནི་རོ་དྷ་མི་ཏི་ཞེས་འབྱུང་སྟེ། ལམ་ངོས་འགོག་པ་ཚོལ་བའམ། མཚོན་པའམ། དམིགས་པའམ། འཐོབ་པར་འགྱུར་བས་ན་ལམ་ཞེས་བྱ། ཞེས་དང་། སཾ་བྲི་ཏི་སཏྱ་ཞེས་བྱ་བ་སཾ་པྲ་ཡ་ཏི་ཨ་ན་ཡ་ཏཏྟ་ཞེས་བྱ་སྟེ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་དངོས་པོའི་དེ་ཁོ་ན་ཉིད་མཐོང་བར་བྱ་བ་སྒྲིབ་པས་ན་། ཡང་དག་སྒྲིབ་ཅེས་བྱ། ཡང་གཅིག་ཏུ་ན། ལོ་ཀ་སཾ་བྲི་ཏྱ་སཏྱ་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་ཅིང་སྟོང་པ་ལས་འཇིག་རྟེན་གྱི་ཕྱིན་ཅི་ལོག་གི་དངོས་པོ་སྐྱེ་ཞིང་འབྱུང་བར་མཐོང་བ་ལ་སོགས་


JKT017_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པའང་འཇིག་རྟེན་གྱི་ཐ་སྙད་གྲགས་པ་ཙམ་དུ་བདེན་པ་སྟེ། ཀུན་གྱིས་ཤེས་ཤིང་རྫོབ་པ་ལ་བྱ་བ་དབུ་མའི་གཙུག་ལག་ལས་བཤད། བློ་གྲོས་མི་ཟད་པས་བསྟན་པ་ལ་སོགས་པའི་ནང་ནས་ཇི་སྙེད་དུ་ཡི་གེ་དང་ཚིག་འབྲུ་ལ་བསྟན་པ་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་འབྱུང་སྟེ། མདོ་སྡེ་དང་དབུ་མའི་གཞུང་བཙན་པར་བྱས་ཏེ་ཀུན་རྫོབ་ཀྱི་བདེན་པར་བཏགས། པ་ར་མཱན་ཞེས་བྱ་བ་པ་ར་མ་ནི་མཆོག་གམ་དམ་པ། ཨན་ནི་དོན་ནམ་དགོས་པ་སྟེ། གཅིག་ཏུ་ན་དོན་སྒྲུབ་ཅིང་དགོས་པར་བྱ་བའི་མཆོག་ཏུ་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱ་བ་མྱ་ངན་ལས་འདས་པ་ལ་ཡང་བྱ། ཡང་གཅིག་ཏུ་ན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཆོག་གི་དམིགས་པའི་སྤྱོད་ཡུལ་མངོན་དུ་གྱུར་པ་ཡིན་ལ། སཏྱ་ནི་བདེན་པ་སྟེ། འཕགས་པ་ཕྱིན་ཅི་ལོག་མེད་པར་གཟིགས་པ་རྣམས་ལ་མྱ་ངན་ལས་འདས་པ་དང་སྐྱེ་བ་དང་སྐྱེ་བ་མེད་པར་ཡང་དག་པར་བདེན་པས་ན་དོན་དམ་པའི་བདེན་པ་ཞེས་བྱ། ཞེས་དང་། པ་རི་ཀཝི་ཏ་ལཀྵ་ཎ་ཞེས་ཀུན་བཏགས་པའི་མཚན་ཉིད་ཡིན་ཏེ། པ་རི་ས་མཾ་ཏཱ་ད་ཞེས་བྱ་བ་ཡོངས་སུ་འམ་ཀུན་ཏུ། ཀཝི་ཏ་ནི་མེད་པའམ་སྒྲོ་བཏགས་པ་ལྟ་བུ་ལ་བྱ། སྤྱིར་ན་གཟུང་བ་དང་། འཛིན་པའི་ཆོས་ནན་གྱིས་བཏགས་པ་ལ་བྱ་སྟེ། ཀུན་བཏགས་པའི་མཚན་ཉིད་ཅེས་བྱ། པ་ར་ཏན་ལཀྵ་ཎ་ཞེས་བྱ་བ་གཞན་


JKT017_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་མཚན་ཉིད་ཡིན་ཏེ། པ་ར་ནི་གཞན། ཏན་ནི་ཏན་སྟེ་ཛན་ཏེ་ཞེས་བྱ་སྟེ། གཞན་གྱི་རྐྱེན་ལ་རག་ལས་ཤིང་རང་མི་འབྱུང་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་མིང་སྟེ། གཞན་གྱི་དབང་གི་མཚན་ཉིད་ཅེས་བྱ། པ་རི་ནིཞན་ལཀཱ་ཎ་ཞེས་བྱ་བ་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་ཏེ་དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་གཉིས་མི་འགྱུར་བ་དང་། ཕྱིན་ཅི་མ་ལོག་པའི་ཚུལ་གྱིས་ཡོངས་སུ་རྫོགས་ཤིང་། །གྲུབ་པས་ན་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱ། ཞེས་སོགས་དང་། གཞན་ཡང་ལུང་དང་བསྟན་པ་བཞི། དགོངས་པ་བཞི། ལྡེམ་དགོངས་བཞི་སོགས་ཞིབ་ཏུ་སྣང་། ཡང་ཨ་ནུ་ཤ་ཡ་ཞེས་བྱ་བ་ཆོས་མངོན་པའི་གཞུང་དང་སྦྱར་ན་འཕགས་པའི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་ཁྱབ་པར་གནས་ཀྱང་བརྟག་དཀའ་སྟེ་ཕྲ་བ་དང་དམིགས་པ་དང་མཚུངས་པར་ལྡན་པས་ཉོན་མོངས་པ་འཕེལ་ཞིང་རྒྱས་པར་བྱེད་པ་དང་། རྒྱ་མཚོའི་བྱ་གནམ་ལ་འཕུར་བའི་གྲིབ་མ་ལ་ཆུ་སྲིན་སྙེགས་པའི་མིང་སྟེ་ཕྲ་རྒྱས་ཞེས་བྱ། མདོ་སྡེ་པ་ལྟར་ན་ཉོན་མོངས་པ་མངོན་དུ་མ་བྱུང་སྟེ། བག་ཆགས་ཀྱི་ཚུལ་དུ་ཉལ་བ་ནི་ཨ་ནུ་ཤ་ཡ་སྟེ་བག་ཉལ་ཅེས་བྱ། ཞེས་དང་། དགེ་སྦྱོང་དང་བྲམ་ཟེ་དང་མུ་སྟེགས་ཅན་གྱི་མིང་ལ་ཤྲ་མ་ཎ་ཞེས་བྱ་སྟེ། སྡིག་པ་ཞི་བར་བྱེད་པ་སྤྱོད་ཅིང་ལེགས་པ་ལ་སྦྱོང་བས་ན་དགེ་སྦྱོང་ཞེས་བྱ།


JKT017_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་ན་འཕགས་པ་རབ་ཏུ་བྱུང་བ་རྣམས་ལ་བྱ། དེའི་རྗེས་སུ་རབ་ཏུ་བྱུང་བ་གཞན་ལ་ཡང་བྱ། བྷི་ཀླུ་ཞེས་བྱ་བ་དགེ་སློང་ཡིན་ཏེ་མྱ་ངན་ལས་འདས་པའི་དོན་སློང་ཞིང་ཚོལ་བ་དང་། གསོལ་བ་དང་གཞིའི་ལས་ཀྱིས་བསྙེན་པར་རྫོགས་ལ་ཆོས་དང་མཐུན་པར་བསོད་སྙོམས་ལེན་པ་དང་འཚོ་བས་ན་དགེ་སློང་ཞེས་བྱ། ཨུ་པ་སཱི་ཀ་ཞེས་བྱ་བ་ནི་བསླབ་པ་ལྔ་ལ་སོགས་པ་མནོས་ཏེ། དགྲ་བཅོམ་པའི་འབྲས་བུ་དང་ཉེ་བར་གནས་པས་དགེ་བསྙེན་ཞེས་བྱ། ཨུ་པ་བཱ་མ་སྦྲ་ནི་ཞེས་བྱ་བ། ཨུ་པ་བཱ་ས་ནི་ཁྲིམས་བརྒྱད་མ་ནོས་ཏེ་འཕགས་པ་དང་ཉེ་བར་གནས་པ་བསྙེན་པ་ལ་བྱ། སྦྲ་ནི་ཏིཥྛ་ན་ཏི་སྟེ་གནས་པ་ལ་བྱ་བས་ན་བསྙེན་གནས་ལ་གནས་པ་ཞེས་བྱ། ཨུ་པ་སཾ་བནྡྷ་ཞེས་བྱ་བ། ཨུ་པ་ནི་ཉེ་བ་སཾ་པནྣ་ནི་རྫོགས་པའམ་ཕུན་སུམ་ཚོགས་པ་ལྟ་བུའི་མིང་སྟེ། མྱ་ངན་ལས་འདས་པ་དང་། ཉེ་བར་གསོལ་བ་དང་བཞིའི་ལས་ཀྱིས་དགེ་སློང་གི་ཁྲིམས་གཙང་མར་མནོས་པས་ན་བསྙེན་པར་རྫོགས་པ་ཞེས་བྱ། ཞེས་དང་། ཨུ་པ་དྨ་ཡ་ཞེས་བྱ་བ་ཨུ་པ་ཏྱཱ་དྷི་ཡ་ཏ་ཨ་སྨ་ཏྲ་ཅེས་བྱ་སྟེ། དངོས་སུ་ལས་ཁྲིམས་ནོད་པ་དེའི་དྲུང་དུ་སོང་ནས་ལས་བརྗོད་པ་བཞིན་དུ་བཟླས་པར་བྱས་པས་ན་ལུང་འབོག་པ་ལ་བྱ་སྟེ། སྔོན་ཆད་གྲགས་པ་དང་དོན་གཉི་གར་སྦྱར་ནས་མཁན་པོར་བཏགས། ཞེས་དང་། ཏཱིནྡྲ་ཀ་ནི་ཏཱི་རྒྱུ་བི་བྱ་ཏེ་ཏཱིནྡྲ་ཀ་ཞེས་བྱ་སྟེ། མཚོའི་


JKT017_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ་ནས་མཚོར་འཇུག་པའི་སྟེགས་འཆའ་བ་དང་འདྲ་བས་དཀའ་ཐུབ་དང་། རྣལ་འབྱོར་ལ་སོགས་པ་ཆོས་སྣ་ཚོགས་སྤྱོད་ཅིང་མྱ་ངན་ལས་འདས་པའི་མཚོར་འཇུག་པའི་སྟེགས་འཆའ་བས་ན་མུ་སྟེགས་ཅན་ཞེས་བྱ། སྔགས་ཀྱི་ནང་ནས་འབྱུང་བའི་མིང་ལ། ཏན་ཞེས་བྱ་བ་ཏནུ་པྲ་བན་ཁྱ་ཞེས་འབྱུང་སྟེ། སྔགས་ཀྱི་རྒྱུད་ཞི་བ་དང་རྒྱས་པ་ལ་སོགས་པ་རྒྱུན་ཆགས་པར་བཤད་པའི་མིང་སྟེ་སྔགས་ཀྱི་རྒྱུད་ཅེས་བྱ། །མན་ཞེས་བྱ་བ་མནྟེ་གུ་སྟི་བྷཱ་ཥ་ཎཾ་ཞེས་འབྱུང་སྟེ། སྔགས་ཀྱི་ལྷ་ལ་སོགས་པ་དགུག་ཅིང་གསང་སྟེ་བརྗོད་པ་ཡིན་པས་ན་གསང་སྔགས་ཞེས་བྱ། བིདྨ་ཞེས་བྱ་བ་བིད་ཛྙཱ་ན་ཞེས་བྱ་སྟེ། མ་རིག་པའི་གཉེན་པོར་གྱུར་པ་ལྷ་མོའི་གཟུགས་སུ་བཞུགས་པའི་མིང་སྟེ་རིག་སྔགས་ཞེས་བྱ། བྷ་ར་ཎི་ཞེས་བྱ་བ་ཨརྦ་གྲནྠ་དྷཱ་ར་ཡ་ཏི་དྷཱ་ར་ཎི་ཞེས་བྱ་སྟེ། སྔགས་ཀྱི་ཆོས་ཀྱི་ཚིག་དོན་དང་ཚིག་མི་བརྗེད་པར་འཛིན་ཅིང་ཁྱད་པར་གྱི་རིམ་པ་ཐོབ་པར་འགྱུར་པའི་མིང་སྟེ། གཟུངས་སྔགས་ཞེས་བྱ། མཎྜ་ལ་ཞེས་བྱ་སྟེ། མཎྜ་ནི་སཱ་ར་སྟེ་དབྱིངས་སམ་དཀྱིལ་ལ་བྱ། ལ་ནི་ཨཱ་ད་ན་སྟེ་ལེན་པའམ་འཛིན་པ་ལྟ་བུ་ལའང་བྱ། ཁོར་ཁོར་ཡུག་ཟླུམ་པའི་མིང་ཡང་མཎྜལ་ཞེས་བྱ་བས་ན་དཀྱིལ་འཁོར་ཞེས་སྔོན་ཆད་གྲགས་པ་བཞིན་སོ་ན་བཞག །ཅེས་དང་། ཀལྤ་ཞེས་བྱ་བ་སྔགས་ཀྱི་གཞུང་བཤད་པ་ལས་ཕྱིས་ཆོ་ག་རྒྱས་པར་བཤད་པའི་མིང་སྟེ་ཆོ་ག་ཞིབ་


JKT017_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཞེས་བྱ། ཞེས་དང་། དྷ་ཏ་གུ་ཎ་ཞེས་བྱ་བ་ནི་རྡོ་ཏ་གུ་ཎ་ཞེས་འབྱུང་སྟེ། དགོན་པར་གནས་པ་དང་བསོད་སྙོམས་ལེན་པ་ལ་སོགས་པའི་ཡོན་ཏན་གོང་ནས་གོང་དུ་སྦྱངས་ཏེ་དག་ཅིང་གསལ་བར་བྱ་བའི་མིང་ཡིན་པས་ན་སྦྱངས་པའི་ཡོན་ཏན་ཅེས་བྱ། ཞེས་དང་། པོ་ཥ་དྷ་ཞེས་བྱ་བ་པོ་ཥ་ནི་པུཥྛ་སྟེ་དགེ་བ་གསོ་ཞིང་རྒྱས་པར་བྱེད་པ་ལ་བྱ། དྷ་ནི་དྷ་བ་ཏི་ཤུདྡྷོ་ཞེས་བྱ་སྟེ། རྒྱུག་པའམ་དག་པར་བྱེད་པ་ལྟ་བུ་ལ་བྱ། སྤྱིར་ན་དུས་དྲུག་ཏུ་ཁྲིམས་བརྒྱད་ནོད་པ་དང་། དགེ་སློང་ཁྲིམས་ཀྱི་ཡན་ལག་ཉམས་པ་རྣམས་གསོ་ཞིང་སྦྱོང་བའི་མིང་སྟེ་གསོ་སྦྱོང་ཞེས་བྱ། བརྐོ་པ་ན་ཡི་ཀ་ཞེས་བྱ་བ། ཨུ་པ་ན་ཡ་ཏི་པ་ཕྲ་བ་ཡ་ཏི་ཞེས་བྱ། བརྐོ་ནི་དབྱར། ཨུ་པ་ནཱ་ཡི་ཀཱ་ནི་ཕྲད་པར་བྱེད་པ་སྟེ། དབྱར་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ལ་དགེ་འདུན་ལས་སུ་བསྒོ་བ་དང་ཁྲིམས་སུ་བྱ་བ་དང་མལ་ཆ་བསྒོ་བ་ལ་སོགས་པ་བྱས་ནས་ཚེས་བཅུ་དྲུག་ལ་དབྱར་གནས་པར་བྱིན་གྱིས་རློབ་པའི་ཆོ་ག་བྱེད་པ་དང་། སྦྱོར་བས་ན་སྦྱོར་ཞིང་གནས་པར་དམ་འཆའ་བའི་མིང་སྟེ། དབྱར་སྦྱོར་ཞེས་བྱ། བཅོ་པ་ག་ཏཾ་ཞེས་བྱ་བ་བ་རི་ཥ་ནི་དབྱར། ཨུ་པ་ག་ཏི་ནི་ཁས་ལེན་པ་སྟེ། གཙུག་ལག་ཁང་གནས་དེ་ནས་གུད་དུ་མི་འཕགས་པར་གནས་པར་དམ་འཆའ་བའི་ཆོ་ག་བྱ་བའི་མིང་སྟེ། དབྱར་གནས་པར་དམ་བཅས་པ་ཞེས་བྱ། པྲ་བཱ་ར་ཎཾ་ཞེས་བྱ་བ་པྲ་མུཀྟ་པ་ར་ཎ་


JKT017_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་སྟེ། དབྱར་གནས་པར་དམ་བཅས་པའི་ཚེ་ཐོས་པ་དང་། མཐོང་བ་དང་། དོགས་པས་རྒོལ་ཞིང་རྩོད་དུ་མི་གནང་བ་ལས་སྐབས་ཕྱེ་བས་དགག་དབྱེ་ཞེས་བྱ། ཀ་ཐི་ནཱ་སྟ་ཞེས་བྱ་བ་ཀ་ཐི་ན་ནི་སྲ་བ་སྟེ་ཆོས་གོས་མི་འཁུམ་པར་བརྐྱང་བའི་གཏན་པ་དང་འདྲ་བས། ཆོས་གོས་སུམ་ཕྲུགས་གཅིག་ལ་བྱིན་གྱིས་བརླབས། །དགེ་འདུན་དབྱར་གནས་པར་དམ་བཅས་པ་རྣམས་ཀྱིས་ཆོས་གོས་ཟླ་བ་ལྔ་པའི་བར་དུ་ལྷག་པ་བྲལ་བ་དང་། ཁ་ཟས་སྔ་དྲོ་ཡང་དང་ཡང་ཟ་བ་དང་། སོ་སོར་འདུ་ཞིང་ཟ་བ་ལ་སོགས་པ་ལྟུང་བར་མི་འགྱུར་བར་བརྟན་པར་ཐུབ་ཅིང་བག་བརྐྱང་པའི་མིང་སྟེ་སྲ་བརྐྱང་ཞེས་བྱའོ།། །།ཨ་སྟར་ནི་ཆོས་གོས་བཀྲམ་པའམ་བཏིང་བ་དང་འདྲ་བར་ཀུན་ལ་ཁྱབ་པའི་མིང་སྟེ་བཏིང་བ་ཞེས་བྱ་བ་ལ། བསྡུས་ནས་སྲ་བརྐྱང་བཏིང་བར་བཏགས། །ཞེས་དང་། ཛམ་བུ་དཱི་པ་ཞེས་བྱ་བ་ཛམྦུ་ནི་ལྷོ་ཕྱོགས་ཀྱི་གླིང་འདིའི་བྱང་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་ན་ཤིང་ཆེན་པོ་ཛམྦུ་ཞེས་བྱ་བ་ནི་ཤིང་ཏོག་རྫ་མ་ཙམ་ཆགས་པའི་འབྲས་བུ་ཆུའི་ནང་དུ་ལྷུང་བ་རྣམས་ཛམྦུ་ཆུ་བོའི་གསེར་དུ་འགྱུར་བ་ཞིག་ཡོད་དེ། དེ་ལ་མཚན་མར་བཙུགས་ཏེ་མིང་དུ་བཏགས་པས་ན་ཛམྦུའི་གླིང་ཞེས་བཏགས། ཞེས་དང་། །གཞན་ཡང་ལྷ་གནས་ཀྱི་བྱེ་བྲག་སོགས་ངེས་ཚིག་ཤིན་ཏུ་མང་བར་འབྱུང་ངོ་། །ཡང་། འཇལ་དཀའ་བ་རྣམས་ཀྱང་ཚིགས་སོ་སོར་ཕྲལ་ནས་


JKT017_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས། སྐད་རྐྱང་པར་བཤད་མི་འཚལ་བ་སྒྲ་བཞིན་དུ་བསྒྱུར་བར་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱི་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ནས། བཙན་པོའི་སྤྱན་སྔར་བ་ན་དེ་ཆེན་པོ་དཔལ་གྱི་ཡོན་ཏན་དང་། བནྡེ་ཆེན་པོ་ཏིང་ངེ་འཛིན་ལ་སོགས་པ་ཡང་ཚོགས་ཏེ། རྗེ་བློན་གདན་འཛོམས་ལ་ཞུས་ནས་དྷརྨཱ་བསྒྱུར་བའི་ཐབས་དང་། རྒྱ་གར་གྱི་སྐད་ལ་བོད་ཀྱི་སྐད་དུ་མིང་བཏགས་པ་རྣམས་གཏན་ལ་ཕབ་སྟེ། བཀས་བཅད་པ་དང་། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག །དྷརྨ་བསྒྱུར་བ་ལ་རྒྱ་གར་གྱི་སྐད་ཀྱི་གོ་རིམ་ལས་མི་བསྣོལ་བར་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེན་མ་བསྣོལ་བར་བསྒྱུར་ཅིག །བསྣོལ་ན་བདེ་ཞིང་གོ་བ་བསྐྱེད་པ་ཅིག་ཡོད་ན། ཚིགས་སུ་བཅད་པ་ནི་རྩ་བ་བཞི་པའམ། དྲུག་པའང་རུང་སྟེ། ཚིགས་སུ་བཅད་པ་གཅིག་གི་ནང་ན་གང་བདེ་བ་བསྣོལ་ཞིང་བསྒྱུར་ཅིག །རྐྱང་པ་ལ་ནི་དོན་གང་ལ་སྙེགས་པ་ཡན་ཆད་ཀྱི་ཚིག་དང་དོན་གཉིས་ཀ་གར་བདེ་བར་བསྣོལ་ཞིང་བསྒྱུར་ཅིག །སྐད་ཅིག་ལ་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག །གོ་ཏ་


JKT017_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ལྟ་བུ་གོའི་སྒྲ་ལས་ཚིག་དང་། ཕྱོགས་དང་། ས་དང་། འོད་དང་། རྡོ་རྗེ་དང་། བ་ལང་དང་། མཐོ་རིས་ལ་སོགས་པ་དུ་མར་སྙེགས་པ་དང་། ཀོ་ཤི་ཀ་ལྟ་བུ་རྩྭ་ཀུ་ཤ་ཐོགས་པ་དང་། མཁས་པ་དང་། །པདྨ་ལ་དགའ་བ་དང་། འུག་པ་དང་། མཛོད་ལྡན་ལ་སོགས་པའི་སྒྲའི་ལུགས་ལས་དྲང་ཞིང་བསྒྱུར་ན་སྣ་གྲངས་མང་པོ་ཞིག་ཏུ་སྙེགས་ལ། བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་སྣ་གྲངས་དེ་ཀུན་འདུར་ཡང་མི་བཏབ་སྟེ། གཅིག་ཏུ་ཆད་པར་བྱར་ཡང་མེད་པའི་གཏན་ཚིགས་ཆེན་པོ་རྣམས་ནི་མི་བསྒྱུར་བར་རྒྱ་སྐད་སོན་ཞོག་ཅིག །གར་ཡང་དྲང་དུ་རུང་བའི་ཚིག་བྱུང་ན། ཕྱོགས་གཅིག་ཏུ་ཆད་པར་མི་འགྱུར་བར་སྤྱིར་སྙེགས་སུ་རུང་བར་གྱིས་ཤིག །ཡུལ་དང་སེམས་ཅན་དང་། མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་། འོལ་སྐྱིར་བསྒྱུར་དུ་རུང་བ་དོན་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ། མགོ་བོ་ཡུ་ཡུལ་ཞེའམ། མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་སྐད་སོན་ཞོག་ཅིག །གྲངས་ལ་རྒྱ་གར་སྐད་བཞིན་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་ཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་བ་བོད་ཀྱི་སྐད་བཞིན་བསྒྱུར་ན་དོན་དང་ཡང་མི་འགལ་བ་བོད་ཀྱི་སྐད་ལ་ཡང་བདེ་བས་དེ་གྲངས་བསྡོམ་དུ་རུང་བ་རྣམས་བོད་


JKT017_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག །པ་རི་དང་། ས་མུ་དང་། ཨུ་པ་ལྟ་བུ་ལ་སོགས་ཚིག་གི་ཕྲད་དང་རྒྱན་ལྟ་བུར་འབྱུང་བ་རྣམས་བསྒྱུར་ན་དོན་དང་མཐུན་ཞིང་སྦྱོར་བའི་ཐབས་ནི། ཡོངས་སུ་ཞེ་འམ། ཡང་དག་པ་ཞེ་འམ། ཉེ་བ་ཞེས་སྒྲ་བཞིན་དུ་བསྒྱུར་ཅིག །དོན་ལྷག་པར་སྙོགས་པ་མེད་པ་རྣམས་ནི་ཚིག་གི་ལྷད་ཀྱིས་བསྣན་མི་དགོས་ཀྱིས་དོན་བཞིན་དུ་ཐོགས་ཤིག །རྣམ་གྲངས་སུ་གཏོགས་པའི་ཚིག་རྣམས་ནི་མ་འདོམས་ན་མིང་གང་བོད་སྐད་དུ་སྤྱིར་གྲགས་ཤིང་ཚིག་ཏུ་གར་བདེ་བར་གདགས་སོ། །འདོམས་ན་སོ་སོར་བཏགས་པ་བཞིན་དུ་ཐོགས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པར་ཞེས་དང་ཀོ་ལོང་གི་ཚིག་རིམས་ནི་སངས་རྒྱས་ལ་ཞེ་སའི་ཚིག་ཏུ་བསྒྱུར། གཞན་ལ་ཚིག་འབྲིང་པོ་མན་ཆད་ཙམ་དུ་བྱས་ཏེ། སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར་ལོ་ཙཱ་མཁས་པ་ཚོགས་པས། དྷརྨ་དཀོན་མཆོག་སྤྲིན་དང་། ལངྐར་གཤེགས་པ་བསྒྱུར་ཏེ་གཏན་ལ་ཕབ་པའི་ལུགས་བཞིན་དུ་བསྒྱུར་ཅིག །སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་སོ་སོ་ནས་སུ་ཡང་འཆོས་ཤིང་འོག་ཏུ་མིང་གསར་འདོགས་སུ་མི་གནང་གིས། བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ནས་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ནའང་། སོ་སོའི་གྲྭ་གྲྭར་མིང་ཆད་པར་མི་གདགས་བར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་


JKT017_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབྱུང་བའི་གཏན་ཚིགས་དང་། ཆོས་ལ་ཇི་སྐད་དུ་གདགས་པ་དཔྱད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་། དྷརྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ཏེ། །ཞེས་སོགས་གསུངས། ༈ །ཡང་། ད་ཤ་བྷཱུ་མི་ཞེས་པ་ས་བཅུ་ཡིན་ཏེ། ས་གོང་མའི་ཡོན་ཏན་ཐོབ་པར་བྱ་བའི་རྟེན་དུ་འགྱུར་ཞིང་། ས་དེ་ཉིད་ཡོན་ཏན་གྱི་གཞི་ཡིན་པས་ན་ས་ཞེས་བྱ། ས་དང་པོ་པྲ་མུ་དི་ཏ་ཞེས་བྱ་བ་ནི་དོན་ཆེན་པོ་སྔོན་འདྲིས་པ་མ་ཡིན་པའི་འཇིག་རྟེན་ལས་འདས་པའི་སེམས་ཐོབ་པ་དང་། བྱང་ཆུབ་དང་ཉེ་ཞིང་སེམས་ཅན་མང་པོའི་དོན་སྒྲུབ་པར་གཟིགས་ནས་དགའ་བ་རླབས་པོ་ཆེ་སྐྱེ་བས་རབ་ཏུ་དགའ་བ་ཞེས་བྱ། ས་གཉིས་པ་ནི་བི་མ་ལ་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་བའི་ལྟུང་བ་ཕྲ་མོ་ཡན་ཆད་བྱང་པས་ན་དྲི་མ་མེད་པ་ཞེས་བྱ། ས་གསུམ་པ་པྲ་བྷ་ཀ་རི་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པའི་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་དག་པ་ཡེ་ཤེས་ཀྱི་སྣང་བ་ཆེན་པོའི་གནས་སུ་གྱུར་པ་ཐོབ་པས་ན་འོད་བྱེད་པ་ཞེས་བྱ། ས་བཞི་པ་ཨ་རྩི་དཥྛ་ཏི་ཞེས་བྱ་བ་ནི། ཉོན་མོངས་པ་བསྲེགས་པ་བྱང་ཆུབ་ཕྱོགས་ཀྱི་མེའི་འོད་འཕྲོ་བས་འོད་འཕྲོ་བ་ཅན་ཞེས་བྱ། ས་ལྔ་པ་སུ་རུ་རྫ་ཡ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ལས་འདས་པའི་


JKT017_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་བདེན་པ་བཞི་བསྒོམ་ཞིང་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་མི་གནས་པའི་ཤེས་རབ་ཡོངས་སུ་དག་པར་སྦྱངས་ཞིང་བསྒོམ་པ་ཤིན་ཏུ་དཀའ་བས་ནས་དེ་ནོན་པར་དཀའ་བའམ་བསྒྲུབ་པར་དཀའ་བ་ལ་བྱ་སྟེ། ཤིན་ཏུ་སྦྱང་དཀའ་བ་ཞེས་བྱ། ས་དྲུག་པ་ཨ་བྷི་མུ་ཁི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འཁོར་བ་དང་མྱ་ངན་ལས་འདས་པ་གཉི་ག་ལ་མི་གནས་ཤིང་མཚན་མ་མེད་པ་ལ་རང་གི་ངང་གིས་འཇུག་པའི་ཡེ་ཤེས་ལ་མངོན་དུ་གནས་ཤིང་མངོན་དུ་གཟིགས་པས་ན་མངོན་དུ་གྱུར་པ་ཞེས་བྱ། ས་བདུན་པ་དུ་རཾ་ག་མ་ཞེས་བྱ་བ་མཚན་མ་མེད་པ་ལ་བགྲོད་པ་གཅིག་ཏུ་གྱུར་པའི་ལམ་དང་ཉེ་ཞིང་རིང་དུ་ཕྱིན་པས་ན་རིང་དུ་སོང་བ་ཞེས་བྱ། ས་བརྒྱད་པ་ཨ་ཙ་ལ་ཞེས་བྱ་བ་མཚན་མའི་འདུ་ཤེས་དང་མཚན་མ་མེད་པར་རྩོལ་བའི་འདུ་ཤེས་གཉི་གས་བསྐྱོད་པར་མི་ནུས་པས་མི་གཡོ་བ་ཞེས་བྱ། ས་དགུ་པ་སུ་མ་ཏི་ཞེས་བྱ་བ་སོ་སོ་ཡང་དག་པར་རིག་པ་བརྙེས་པས་བློ་གྲོས་གཞན་ལས་ཁྱད་པར་འཕགས་པ་ཡིན་ཏེ་ལེགས་པའི་བློ་གྲོས་ཞེས་བྱ། ས་བཅུ་པ་དྷརྨ་མ་གྷ་ཞེས་བྱ་བ་ནི་གཟུངས་དང་ཏིང་ངེ་འཛིན་ཀུན་ལ་ཡང་སྤྲིན་དང་འདྲ་བར་ཁྱབ་ཅིང་ཐོས་པའི་ཆོས་ནམ་མཁའ་དང་འདྲ་བ་ལ་སྤྲིན་བཞིན་དུ་ཁྱབ་པས་ན་ཆོས་ཀྱི་སྤྲིན་ཞེས་བྱ། སངས་རྒྱས་ཀྱི་ས་ས་མནྟ་པྲ་བྷ་བུདྡྷ་བྷ་མི་ཞེས་བྱ་བ་ནི་འོད་


JKT017_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་མང་པོ་བཀྱེ་བས་འདུལ་བའི་སེམས་ཅན་ཐམས་ཅད་སྨིན་པར་མཛད་ཅིང་ཆོས་ཀྱི་སྣང་བ་འོད་དང་འདྲ་བས་ཐམས་ཅད་གསལ་བར་བྱས་པས་ན་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཅེས་བྱ། ཞེས་དང་། ཤཱི་ལ་ཞེས་བྱ་བ་ཤཱ་ལ་ས་མཱ་རྡོ་ཞེས་འབྱུང་སྟེ། ལེགས་པར་སྤྱོད་པ་ལ་ཞུགས་ཤིང་ཚུལ་ཁྲིམས་དམ་པོར་བསྲུངས་པས་མི་དགེ་བ་སྤངས་པའི་མིང་ལ་བྱ། ཡང་གཅིག་ཏུ་ན་ཤཱི་ཏ་ལ་ཏཱ་ཙཱིལ་ཞེས་ཀྱང་བྱ་སྟེ། ཉོན་མོངས་པའི་གདུང་བ་ཞི་ཞིང་བསིལ་བར་གྱུར་པའི་མིང་ཡང་ཡིན་ཏེ། དངོས་སུ་ན་ངང་ཚུལ་གྱིས་མི་དགེ་བ་ལ་མི་སྤྱོད་ཅིང་ཁྲིམས་སྲུང་བའི་མིང་སྟེ་ཚུལ་ཁྲིམས་ཞེས་བྱ། ས་མ་ར་ཞེས་༡༥བྱ་བ་ལུས་དང་ངག་དང་ཡིད་གསུམ་མི་དགེ་བ་མི་བྱེད་དེ་སྡོམ་ཞིང་སྲུང་བའི་མིང་ཡང་ཡིན་པས་ན་སྡོམ་པ་ཞེས་བྱ། ཞེས་དང་། བོ་དྷི་ནི་བྱང་ཆུབ། པཀྵ་ནི་དེའི་རྗེས་སུ་མཐུན་པའམ་ཕྱོགས་སུ་གྱུར་བ་ལ་བྱ་སྟེ། དྲན་པ་ཉེ་བར་བཞག་པ་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་སུམ་ཅུ་རྩ་བདུན་ཡོད་པ་འདི་བྱང་ཆུབ་གསུམ་པོའི་ཕྱོགས་སུ་གྱུར་བས་ན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་བྱ། ཞེས་གསུངས་སོ། །འདི་དག་སྐོར་ལ་ངེས་ཚིག་གི་བཤད་པ་ཤིན་ཏུ་མཁོ་བར་ཡོད་པས་ནན་ཏན་དུ་བྱོས་ཤིག །ཅོ། སྨྲ་བྱེ་བྲག་ཏུ་རྟོགས་བྱེད་ཅེས་བྱ་བ་མིང་གི་རིམ་༡༣༠པ་སྣ་ཚོགས། སྒྲ་སྦྱོར་༡ ༣༡བམ་པོ་གཉིས་པ་ཞེས་ཁྲི་ལྡེ་སྲོང་བཙན་


JKT017_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རིང་ལ་གཏན་༡༦༠དུ་ཕབས་པ། བྱ་ཀ་ར་ཎ་༡༦༠རྩ་བ་བརྒྱད་པ་ལས། ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་པའོ། །ཞེས་སུམ་ཅུ་པ་དང་། བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས། ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་གཉིས་པའི་སྐབས་ཏེ་དྲུག་པའོ། །ཞེས་རྟགས་ཀྱི་འཇུག་པ་སྟེ་སློབ་དཔོན་ཨ་ནུས་༡༦༠མཛད་པ། གནས་༡༦༣བརྒྱད་ཆེན་པོའི་རྩ་བ་ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་མཛད་པ་དང་། དེའི་༡༠༣། བཀའ་༡༧༣ཡང་དག་པའི་ཚད་ས་མདོ་བཏུས་པ་ཞེས་རིགས་པ་བཞིའི་ལམ་ནས་སངས་རྒྱས་ཀྱི་བསྟན་པ་སྒྲུབ་པས་བསྔགས་པ་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་༢༠༥པ་ལེའུ་བཅོ་ལྔ་པ། ཤེར་སྙིང་འགྲེལ་པ་༢༠སྔགས་སུ་བཀྲལ་བ་ཕྱི་ནང་གསང་བའི་རྣམ་དཔྱོད་ཤྲཱི་སེདྷའི་མན་ངག་བཱ་རོས་༣༠༧བསྡུས་པ། རིན་པོ་ཆེ་རྩོད་༡༠༠པའི་འཁོར་ལོ་ཞེས་ཨོ་རྒྱན་ཡུལ་ནས་ཤེལ་གྱི་ཁྱེའུ་ཆུང་། །ཡོན་ཏན་སྟོབས་ལྡན་གྱིས་བེ་རོར་སྩལ་ནས། དེས་ཁྲི་སྲོང་གི་ཞུས་ངོར་སྩལ་བ་ལེའུ་བཅུ་༢༢༦བདུན་པ། གདམས་ངག་གཅེས་པ་བསྡུས་༢༦པའི་འཕྲིན་ཡིག་བཙུན་པ་དཔལ་དབྱངས་ཀྱིས་བོད་ཀྱི་རྒྱལ་བློན་ལ་བསྐུར་བ་༢༣༦། ལྟ་བའི་རིམ་པ་བཤད་པ་ཞེས། ཐུན་མོང་ལྷ་མི་དང་། ཕྱི་རོལ། ནང་པའི་ཐེག་པ་རིམ་དགུའི་ལྟ་བ་བཅས་མ་འདྲེས་ཡོངས་རྫོགས་སུ་བཤད་པ་སྐ་བ་དཔལ་བརྩེགས་ཀྱིས་མཛད་པ་༣༣༨།


JKT017_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་རིན་པོ་ཆེའི་གཏམ་༢༣༨རྒྱུད་དང་ཤཱཀྱའི་རབ་རྒྱུད་ཅེས། དཀོན་མཆོག་གི་ཟ་མ་ཏོག་དང་། བསམ་གྱིས་མི་ཁྱབ་པ་བསྟན་པ་སོགས་མདོ་སྡེ་སྣ་ཚོགས་ལས་བཏུས་པའི་ལུང་འདྲེན་སྐ་བ་དཔལ་བརྩེགས་རཀྵི་ཏས་བསྡེབས་༣༧༧པ་རྣམས་སོ། །དད་པའི་སྟོབས་བསྐྱེད་པའི་མདོ་ལས། ཡེ་ཤེས་མཐའ་ཡས་པ་ནི་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་དང་བཟོ་གནས་ལ་ཡེ་ཤེས་ལྷུན་གྱིས་གྲུབ་པའོ། །སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ། །

སྲོག་རླུང་གི་བཅོས་ཚུལ་ཕན་བདེའི་དོ་ཤལ།


JKT017_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རླུང་གི་བཅོས་ཚུལ་ཕན་བདེའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།། །།


JKT017_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷེ་ཥ་ཚེ། མཚན་སྙན་ཟླ་ཤེལ་གསར་པ་བཞུ་བའི་རྒྱུན། །ཐོས་འཛིན་ཀུནྡའི་འཇོ་སྒེག་གིས་བཏུད་པས། །དུག་གསུམ་གདུང་བ་རིང་བཅིལ་ཕན་དང་བདེའི། །ལང་ཚོ་གསར་དུ་བཞད་དེས་ཤིས་པར་སྐྱོངས། །སྲོག་རླུང་ནད་ལ་རྒྱུ་རྐྱེན་བརྟགས་ཚུལ་དང་། །བཅོས་ཐབས་རྗེས་གཅོད་རྣམ་པ་ལྔ་ཡིས་བསྟན། རྒྱུ་ནི་མ་རིག་ལས་བྱུང་འདོད་ཆགས་ཀྱིས། །བསྐྱེད་པའི་རླུང་ནད་ཐ་མལ་གནས་པ་ཉིད། །སློང་རྐྱེན་མྱ་ངན་སེམས་ལས་མི་སྙན་གཏམ། །མཚན་གཉིད་མེད་དང་འཇིགས་པའི་བྱ་སྤྱོད་སོགས། །ཡིད་ལ་འཁྲུགས་པ་སྟེར་བའི་ཕྱོགས་ཀུན་དང་། །ཁྱད་པར་འབྱུང་གདོན་སྤྱི་དང་རྒྱལ་པོ་ཡིས། །རྒྱབ་བརྟེན་བྱས་ནས་མངོན་ཚུལ་སྣ་


JKT017_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སྟོན། །རྟགས་ནི་རྩ་རྒྱུད་སྟོང་ཞིང་རྐྱལ་བ་ལ། །སྐད་ཅིག་ཙམ་ཡང་མི་གནས་འགྱུར་ལྡོག་མང་། །ཆུ་མདོག་སྔོ་ཞིང་ཅུང་ཟད་དམར་པའི་མདངས། །སྒྲ་བཅས་སྡུ་བ་མྱུར་ཡལ་ཁྱད་པར་དུ། །དབུས་སུ་མེ་ཏོག་སྲན་ཙམ་རྒྱུན་དུ་འབྱུང་། །དྲི་བ་ཟས་རྩུབ་སྨྱུང་དང་གཏམ་གྱིས་སློང་། །ཡིད་མི་བདེ་ཞིང་རྒྱུ་མེད་འཇིགས་སྐྲག་འཆར། །གཉིད་ཆུང་ལུས་འདར་རྨི་ལམ་ཟ་ཟི་མང་། །དབུགས་སྡུད་འབྱིན་པར་དཀའ་ཞིང་རྡུལ་མང་འབྱུང་། །བཅོས་ཐབས་སྨན་སྔགས་ཟས་སྤྱོད་རྣམ་པ་བཞི། །དང་པོ་སྒ་སྐྱ་ཛཱ་ཏི་ཁ་རུ་ཚྭ། །གོ་སྙོད་ལི་ཤི་ཤིང་ཀུན་པི་པི་ལིང་། །རུས་བཅུད་རྣམ་གསུམ་ཚད་ལྡན་སྦྱར་བ་ཉིད། །གར་ཆང་གདུས་ཐང་དགོངསཾ་དང་ཐོ་


JKT017_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རངས་སུ། །རིམ་པར་ཆ་བསྐྱེད་བཏང་ལ་རྡུལ་མང་དབྱུང་། ཡང་ན་སྒྲ་དང་ཤིང་ཀུན་གསང་བའི་སྨན། །གདུས་ཐང་ཁ་རུ་ཚྭ་བཏབ་རླུང་དུས་བསྟེན། །དེ་རྗེས་ཕྱེ་མའི་སྦྱོར་བ་ཨ་གར་དང་། །ཛཱ་ཏི་སྙིང་ཞོ་ཅུ་གང་སྤོས་དཀར་དང་། །རུ་རྟ་ཨ་རུ་སྦྱར་བ་ཕྱི་རྒྱུད་ཀྱི་ཨ་གར་བརྒྱད་པ། བརྒྱད་པ་ཡིན། །དེ་སྟེང་ལི་ཤི་ཤ་ཆེན་ཤིང་ཀུན་བསྣན། །སྲོག་འཛིན་བཅུ་གཅིག་ཞེས་གྲགས་སུ་འགྱིང་དང་། །སྙིང་ག་རྩིབས་ལོགས་གཟེར་ཆེན་དབུགས་མི་ཐོན། །དེ་སོགས་སྟོད་གཟེར་སྨོ་ལྷག་ནད་ལ་བསྔགས། །ཡང་ན་ཙན་དན་གི་ཝཾ་ལི་ཤི་དང་། །བསེ་ཡབ་གུར་གུམ་མ་ན་རི་བོང་སྙིང་། །བསེ་རུ་ཉ་ཕྱིས་ཀོ་བྱི་འབྲི་ཏ་དང་། །སྐྱུ་རུ་བསྣན་པའི་ཉི་ཤུའི་སྦྱོར་བ་འདིའི། །རླུང་ཁྲག་འཐབ་དང་གཟའ་ནད་རྩ་དཀར་རིགས། །དྷཱ་ཏཱིར་རླུང་ཞུགས་སྨྱོ་འབོག་བརྒྱལ་བ་དང་། །ཡན་ལག་རེངས་དང་ཞ་སྦྲིད་གཟེར་བ་སོགས། །གསོ་དཀའི་ནད་རྣམས་སེལ་བའི་བདུད་རྩི་ཡིན། །ཤིན་ཏུ་གཟེར་ཆེ་ཨ་གར་སྙིང་ཞོ་ཤ །ཙནྡན་དཀར་དམར་ཛཱ་ཏི་སྲོ་ལོ་དཀར། །ཅུ་གང་གུར་གུམ་སྦྱར་བའི་ཕྱེ་མ་བསྟེན། སྦྱོར་སྡེ་འདི་ལ་དྲང་སྲོང་ཨར་བརྒྱད་ཟེར། །གཞན་ཡང་ཀོ་བྱི་རུ་རྟ་ཨ་གར་ནག །ཅུ་གང་གུ་གུམ་གསེར་མདོག་སྤོས་དཀར་སྦྱར། །བདུན་པོའི་སྦྱོར་བས་ཁྲག་ངན་སྟོད་རྒྱས་དང་། །དབུགས་འཐུམ་འགྲམ་འཁྲུགས་སྟོད་


JKT017_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གཟེར་ནད་ལ་བསྔགས། །ཡང་ན་ཀོ་བྱི་གསེར་མདོག་ཨ་གར་ནག །ཅུ་གང་རུ་རྟ་སྤོས་དཀར་ཛཱ་ཏི་སྦྱར། །ཆང་གིས་ཕུལ་བཏང་དཔུང་མིག་སྒྲོག་རུས་གཟེར། །ངན་ཁྲག་སྟོད་འཕེལ་ཤིན་ཏུ་ཟུག་པ་སེལ། །དེ་སྟེང་གཟེར་འཇོམས་སྙིང་ཞོ་སྒང་ཐོག་འབྲུ། །ཏོང་ཀུན་ཤ་ཆེན་ལི་ཤི་ཁ་རུ་ཚྭ། །རི་བོང་ཙིཏྟ་བསྣན་པའི་བཅོ་ལྔ་པས། །སྙིང་རླུང་གཉིད་ཆེ་སྨྱོ་འབོག་བརྒྱལ་བ་དང་། །མགོ་གཟེར་གཟའ་ནད་སྙིང་ལ་བབ་པའང་སེལ། །ཛཱ་ཏི་ཨ་རུ་སྤོས་དཀར་ཨ་གར་ནག །གི་ཝཾ་ཤིང་ཀུན་བཟང་དྲུག་ཙནྡན་གཉིས། །བར་སྐྱུར་སྙིང་ཞོ་གོ་སྙོད་ལི་ག་དུར། །སེང་ལྡེང་སྒོག་སྐྱ་ནུས་བསྲེགས་ཕྱེ་མ་ནི། །དགོངས་དང་ཐོ་རངས་ཆང་གིས་ཕུལ་ལ་བཏང་། །སྙིང་སྲོག་གཟེར་ནད་ཀུན་གྱི་གཉེན་པོ་སྟེ། །འཕགས་ཡུལ་པཎ་ཆེན་བི་མ་མི་ཏྲའི་ལུགས། །ལི་ཤི་ཛཱ་ཏི་གུ་གུལ་ཨ་གར་ནག །སྙིང་ཞོ་རུ་རྟ་གེ་སར་སྤོས་དཀར་དང་། །ཅུ་གང་ཤུ་དག་གི་ཝཾ་ཙནྡན་དམར། །ཤ་ཆེན་ལན་ཚྭ་སྒ་སྐྱ་པི་པི་ལིང་། །ཤང་དྲིལ་མེ་ཏོག་སྦྱར་བའི་སྨན་མཆོག་འདི། །སྲོག་རླུང་འཇོམས་པའི་རྡོ་རྗེ་ཞེས་བྱ་སྟེ། །གྲིབ་གདོན་རྒྱུ་ལས་བྱུང་བའི་རིགས་ཀུན་འཇོམས། །ཚབ་ཆེ་རི་བོང་ཙིཏྟ་བསྣན་པ་བསྔགས། །གུ་གུལ་ལི་ཤི་སྙིང་ཞོ་ཙན་དན་གཉིས། །ཛཱ་ཏི་ཨར་ནག་སྤོས་དཀར་གེ་སར་གསུམ། །ཅུ་གུར་རུ་རྟ་གི་


JKT017_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཝཾ་གླ་རྩི་དང་། །འབྲས་གསུམ་གསང་སྨན་ཀ་ར་སྦྱར་བ་ཡིས། །སྙིང་ཚད་སྙིང་གཟེར་སྨྱོ་འབོག་ཚོགས་སྦྱོར་སྡེ་འདི་ཨོ་རྒྱན་བདེ་ཆེན་གླིང་པའི་གཏེར་མ་ནས་བྱུང་། ཀུན་སེལ། །ཁྱད་པར་རིལ་བུའི་སྦྱོར་བ་ཟབ་མོ་ནི། སྦྱོར་སྡེ་འདི་ལ་སེམས་ཀྱི་བདེ་སྐྱིད་ཟེར། མཁལ་ཞོ་ཨར་ནག་ཛཱ་ཏི་ལི་ཤི་དང་། །ཤིང་ཀུན་རུ་རྟ་སྙིང་ཞོ་ཚ་བ་གསུམ། །སྨན་ཆེན་འབྲི་ཚིལ་ཁ་རུ་ཚ་རྣམས་སྦྱར། །ཚབ་ཆེ་རི་བོང་ཙིཏྟ་གྲི་སྙིང་སོགས། །སྙིང་སྣ་གང་འཛོམ་ཁ་ཚར་ལེགས་གདབ་སྟེ། །བུར་སྨུག་སྦྱར་བ་རིལ་བུ་སྲན་ཙམ་དྲིལ། །ན་ཚོད་སྟོབས་དང་བསྟུན་ཏེ་དགོངས་ཐོ་རངས། །ཤ་མར་བུར་རྙིང་ཆང་རྒན་གདུས་པས་དབུལ། །ཕན་ཡོན་རླུང་ནད་སྤྱི་དང་ཁྱད་པར་དུ། །སྲོག་རྩར་རླུང་ཞུགས་སྙིང་འཕྱོས་ཡིད་མི་བདེ། །འཕྱོ་འདར་སྨྱོ་ལྐུགས་ཀུན་ལ་བདུད་རྩིར་མཚུངས། །ཨ་རུ་ཤ་ཆེན་ཚི་གུ་སྤངས་པ་བཞི། །དེ་དང་ལྗིད་མཉམ་ཤུ་དག་པི་པི་ལིང་། །ལི་ཤི་རུ་རྟ་ཁ་རུ་ཚ་བཅས་པ། །ཀུན་མཉམ་བི་ཥའི་རྩ་བ་དེ་ཀུན་དང་། །མཉམ་པའི་ཛཱ་ཏི་དེ་བཞིན་གསང་བའི་སྨན། །གཙོ་བོའི་ལྗིད་མཉམ་ལོ་བརྒྱད་ཨེ་ཀྲོ་ཡིས། །འདམ་བཏགས་བུར་སྨུག་གིས་གདུས་རིལ་བུར་དྲིལ། །སྨན་ནད་ཐོན་ཙམ་དགོངས་དང་ཐོ་རངས་བསྟེན། །སྙིང་སྲོག་ནད་རིགས་སྤྱི་དང་བྱེ་བྲག་ཏུ། །སྨྱོ་འབོག་སེལ་བའི་བདུད་རྩི་དམ་པ་ཡིན། །ཁྱད་པར་གསང་


JKT017_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་རྒྱལ་པོ་གཙོ་བོ་ལ། །དངུལ་ཆུ་ཛཱ་ཏི་མུ་ཟི་བསྣན་པ་ཉིད། །ལོ་བརྒྱད་དྲི་ཆུ་མི་བསྐྱོད་པ་ཡིས་འདམ་བཏགས་བྱ། །དེ་སྟེང་བཙན་དུག་ཤིང་ཀུན་གེ་སར་དང་། །ཞོ་ཤ་རི་བོང་ཏེ་ལོ་གཡག་རྒོད་སྙིང་། །ཡུངས་ཀར་ཤུ་དག་གླ་རྩི་ཨ་རུ་ར། །རུ་རྟ་སྤོས་དཀར་སྒང་ཐོག་ཨ་གར་ནག །ཚེར་སྔོན་གུལ་ནག་ཀོ་བྱི་ཁ་རུ་ཚྭ། །མངལ་ཁྲག་ནུས་ལྡན་རྣམ་སྣང་བཅས་པ་ཡིས། །སྦྱོར་བ་ཉེར་ལྔའི་རིལ་བུ་ཚད་ལྡན་སྦྱར། །སྨན་ནད་ཐོན་ཙམ་ལན་འགའི་བར་དུ་བཏང་། །འདིས་ནི་གདོན་བྱེར་བགེགས་འདུལ་སྲོག་རླུང་འཇོམས། །ལུས་ཀྱི་བཅུད་རྒྱས་རྣམ་རྟོག་བག་ལ་ཕེབས། །གཉིད་ཡེར་འགུག་ཅིང་ཁྲག་གིས་གཟེར་སྟོབས་འབྲི། །ཁྱད་པར་སྟེང་འོག་འབྱུང་པོའི་གདོན་ཀུན་འཇོམས། །སྙན་རྒྱུད་སྙིང་གི་ཐིག་ལེའི་མན་ངག་གོ །ཡང་ན་ཨར་ནག་ཛཱ་ཏི་སྙིང་ཞོ་ཤ །ཤིང་ཀུན་ཁ་རུ་ཚྭ་དང་སུག་སྨེལ་རྣམས། །ཐུན་རེ་ལང་ཐང་རྩེ་ནི་ཉིས་འགྱུར་དང་། །ཤ་ཆེན་མཐེབ་ཙམ་སྦྱར་བའི་ཕྱེ་མ་ནི། །ནུ་ཞོས་རིལ་བུ་དྲིལ་ཏེ་ཆང་གིས་ཕུལ། །འདིས་ཀྱང་སྲོག་རླུང་ནད་ཀུན་ངེས་པར་འཇོམས། །ཁྱུང་སྟེང་གསང་སྨན་ཛཱ་ཏི་ལི་ཤི་བཅས། །སྦྱོར་བའི་རིལ་བུ་གསང་ཏེ་གཏོང་བ་ཡི། །གདོན་སྟོབས་ཆེ་དང་གསོ་དཀའི་རིགས་ཀུན་སེལ། །སྙིང་ཞོའི་སྨན་མར་ཤིང་ཐོག་རྒྱལ་པོ་ནི། །བརྒྱ་ཕྲག་


JKT017_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མམ་མ་འབྱོར་བཅུ་ཕྲག་ལྔ། །ཆུ་བྲེ་གསུམ་ལ་བྲེ་གང་བར་དུ་གདུས། །དྭང་མ་ལེགས་བཞུར་འབྲིའོ་ཕུལ་དོ་དང་། །མར་སྲང་བདུན་ཕྲག་རུས་སྣ་གདུས་པ་ཡིས། ཁུ་བ་ཕུལ་གང་བུ་རམ་སྲང་དགུ་བཅས། །བཏབ་དཀྲུག་གར་སླ་ཞོ་ཙམ་སོང་བའི་དུས། །སྤོས་དཀར་རུ་རྟ་སྒོག་སྐྱའི་ཐལ་བ་གསུམ། །ཤིང་ཀུན་ཏང་ཀུན་ཁ་རུ་ཚྭ་དང་གསུམ། །བ་ཥ་དར་མའི་གྲི་སྙིང་ཚེར་སྔོན་གསུམ། །དབང་པོ་ལག་པ་ཤུག་ཚེར་ཀོ་བྱི་གསུམ། །པི་པི་ལིང་དང་ཕོ་རིལ་བཅའ་སྒྲ་གསུམ། །གོ་སྙོད་ཀ་ར་སྦྲང་རྩི་རྣམ་པ་གསུམ། སྦྱར་བའི་གྱད་རིགས་ཉི་ཤུ་རྩ་གཅིག་པོ། །གོང་དང་བསྲེས་ཏེ་ཐོ་རངས་དུས་སུ་བསྟེན། །སྲོག་རླུང་ནད་ལ་སླེབས་ཆོག་བདུད་རྩི་ཡིན། །ཛཱ་ཏིའི་སྨན་མར་ཨ་རུའི་ཁུ་བ་ཉིད། །ལེགས་པར་བཞུར་ཏེ་འབྲི་མར་འོ་མ་བསྲེ། །དེ་སྟེང་སྣ་མའི་འབྲས་བུ་ཁ་རུ་ཚྭ། །ཤིང་ཀུན་སྦྱར་བའི་ཞིབ་བཏགས་ཁ་ཚར་གདབ། །ཡུན་དུ་བསྟེན་པས་ནད་སེལ་བཅུད་ལེན་འགྱུར། །གཞན་ཡང་གསང་སྔགས་འབྲུ་བཅུ་བསྲེག་ཐལ་ལ། སྨྱུ་གུ་རྒུམ་གི་ཝཾ་གྲི་ཤ་སྦྱར་བ་ཉིད། །སྲོད་དང་ཐོ་རངས་ཆང་གིས་ཕུལ་ལ་བཏང་། །ཡང་ན་དཔའ་བོ་འབྲུ་ལྔ་པ་སྨཱ །སིནྡྷ་ར་དང་ཁ་ཆེའི་རྫས་ཀྱི་བྱུག །གྲི་ཤ་བི་ཥས་དྲིལ་ལ་བདུན་བདུན་བཟའ། །བཞིན་ཐོ་རངས་དུས་སུ་ཡིག་འབྲུ་འདི། སྒྱུ །


JKT017_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་རྫས་དང་སྦྱར་ཏེ་ཁོང་དུ་བཏང་། །སྲོག་རླུང་སྨྱོ་འབོག་ནད་རྣམས་སེལ་བར་བྱེད། །ཁ་ཟས་དྲོད་བཅུད་བསྟེན་ཞིང་བསིལ་བ་སྤངས། །སྤྱོད་ལམ་གོས་དྲོ་བག་ཕེབས་དལ་བར་སྡོད། །མི་སྙན་ཚིག་སྤངས་མཐུན་པའི་གྲོགས་ཀྱང་བསྟེན། །རྗེས་སུ་སེ་འབྲུ་ཤིང་ཚ་པི་པི་ལིང་། །སུག་སྨེལ་གུ་རྒུམ་ཕྱེ་མས་མེ་དྲོད་གསོ། །ཡང་ན་གོང་གི་སྲོག་འཛིན་སེམས་ཀྱི་བདེ་སྐྱིད་ལ་བསྣན་ཡང་ཆོག་བརྒྱད་པའི་སྟེང་། །གསང་སྨན་ཁ་ཚར་བསྣན་པ་དག་ཀྱང་བསྔགས། །ཁྱད་པར་དྲུག་བདུན་བྲང་གཞུང་དཀར་ནག་མཚམས། །བྱ་རོག་མིག ཚིགས་པ་དང་ཨན་སྟོང་དང་པོ་སོགས། །རླུང་གསང་སྤྱི་དང་སྙིང་སྲོག་གཟེར་ཆེ་ན། །ནུ་མའི་ཕྱོགས་བཞིར་ཕྱིར་ཚོན་གང་ལ་བསྲེག །ཡང་ན་རྒྱབ་མདུན་གཟེར་རྣམས་བུམ་པས་དྲངས། །ཁྲག་མཁྲིས་རྟགས་ཡོད་སྣོད་ཀ་ཅུང་ཟད་གཏར། །གཞན་ཡང་མགོ་བོ་གཟེར་ན་སྡུད་སྒོ་བཞིར། །གསེར་གྱི་ཏེལ་པས་སྲུང་སོགས་རིག་མདས་བསྣུན། །ནད་གཞན་འདྲེས་ན་དེ་ཡི་ཁ་འཛིན་དང་། སྦྲགས་ཏེ་གོང་གི་ཞི་བྱེད་ཚོགས་རྣམས་སྦྱར། །དེ་ཡི་གདུག་པ་སྲོག་རླུང་དག་ལས་གྲོལ། །གཞན་ཡང་སྙིང་འཕྱོས་ནད་ལ་རྒྱུ་དང་ནི། །བརྟག་ཚུལ་བཅོས་ཐབས་རྗེས་གཅོད་རྣམ་པ་བཞི། །རྒྱུ་ནི་སེམས་འཁྲུགས་མྱ་ངན་ཡིད་མི་བདེ། །ལྟོ་དང་གཉིད་ཆགས་ཞེ་སྡང་དྲགས་


JKT017_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བསྐྱེད། །དེ་རྟགས་མགོ་ན་བརྗེད་ངས་རྟག་ཏུ་ཆེ། །ཤེས་པ་འཕྱོ་ཞིང་དོན་མེད་སྙིང་མི་དགའ། །རེས་འགའ་དྲིས་ཀྱང་དེ་ལ་ལན་མི་ལྡོན། །རེས་འགའ་མ་དྲིས་པ་ཡང་མུ་ཅོར་སྨྲ། །མི་སྙན་ཚིག་གིས་དངངས་དང་ཤུ་ཡིས་འདེབས། །དྲུག་བདུན་དཀར་ནག་མཚམས་རྣམས་ཤིན་ཏུ་ཟུག །ཚབ་ཆེ་ལུས་ཀུན་གཟེར་ནས་དྲན་མེད་བརྒྱལ། །མ་བཅོས་སྙིང་ན་སྨྱོན་པར་འགྱུར་བ་ཡོད། །བཅོས་ཐབས་དང་པོ་འབྲས་གསུམ་མ་ནུ་བཞི། །ཤ་ཆེན་ཀོ་བྱི་བསྣན་པའི་གདུས་ཐང་བཏང་། །དེ་རྗེས་ཨ་གར་ཛཱ་ཏི་ཤིང་ཀུན་དང་། །ལི་ཤི་གོ་སྙོད་གྲི་ཤ་གསང་བའི་སྨན། །ཏང་ཀུན་བུ་རམ་རྟར་སྦྱོར་མྱོས་ཁུས་ཕུལ། །ཡང་ན་ཨ་གར་བཟང་དྲུག་སྙིང་ཞོ་ཤ །དྲི་ཆེན་སྤོས་དཀར་ནཱ་ག །གེ་སར་ཁ་རུ་ཚྭ། །རྒྱམ་ཚྭ་པི་ལིང་རུ་རྟ་གུལ་ནག་དང་། །ཤིང་ཚ་གོ་ཡུ་ཤ་ཆེན་རི་བོང་སྙིང་། །མ་ནུ་གོ་སྙོད་སྒྲོན་ཤིང་རྩི་བོ་ཤིང་ཀུན་ཆེ། །གཡག་རྒོད་ཙིཏྟ་སྦྱར་བའི་ཉེར་ལྔ་པས། །རླུང་ནད་སྤྱི་དང་སྙིང་འཕྱོའི་རིགས་ཀུན་སེལ། །ཛཱ་ཏི་འབྲས་བུ་གསུམ་གྱི་སྨན་མར་ལ། །རུས་བཅུད་སྦྱར་ཞིང་དེ་སྟེང་སྒ་སྐྱ་དང་། །གོ་སྙོད་ཤིང་ཀུན་ཁ་ཚར་བཏབ་པ་བསྟེན། །ཁྱད་པར་གདུག་པའི་གདོན་གྱིས་རྐྱེན་བྱས་ཏེ། །སྨྱོ་འཆལ་ཆེ་ན་བཙན་དུག་ཨ་རུ་ར། །སྦྱར་བའི་མར་ལ་བཟང་དྲུག་ཨ་གར་ནག །སྤོས་དཀར་ཁ་རུ་ཚྭ་


JKT017_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དང་རི་བོང་སྙིང་། ཁ་ཚར་གདབ་པའི་སྨན་མར་ཚད་ལྡན་བཟའ། །ཟས་དང་སྤྱོད་ལམ་སྲོག་རླུང་སྐབས་དང་མཐུན། །རྗེས་གཅོད་དྲུག་བདུན་དཀར་ནག་མཚམས་དང་ནི། །ཨན་སྟོང་བསྲེག་ལ་ཙཀྲ་ཚད་ལྡན་གདགས། །དེས་ནི་སླར་ཡང་ཕྱིར་མི་ལྡོག་པར་འགྱུར། །དེ་ལྟར་མན་ངག་ཟབ་མོའི་ཆུ་གཏེར་ལས། །ལེགས་འོངས་ཕན་བདེའི་ནོར་བུའི་དོ་ཤལ་མཆོག །རྣམ་པར་ཕྱེ་ལས་གྲུབ་པའི་དགེ་ཚོགས་དེས། །འགྲོ་ཀུན་ནད་ཀྱི་ཚ་གདུང་བསལ་ཕྱིར་བསྔོ། །ཞེས་སྲོག་རླུང་གི་བཅོས་ཐབས་སྙིང་པོར་དྲིལ་བ་ཕན་བདེའི་དོ་ཤལ་ཞེས་བྱ་བ་འདི་ཡང་ཁྱབ་བདག་དཔལ་ལྡན་བླ་མའི་བཀའ་སྩལ་གྱིས་ཡང་ཡང་བསྐུལ་བར་བརྟེན་ནས་ཀུན་རྨོངས་འཇིགས་མེད་མཁྱེན་བརྩེས་མྱུར་དུ་སྦྱར་བ་ཛཱ་ཡནྟུ།། །

ཁྲག་རླུང་སྟོད་འཚང་གི་བཅོས་ཚུལ་ངོ་མཚར་སྲོག་སྟེར།


JKT017_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཁྲག་རླུང་སྟོད་འཚང་གི་བཅོས་ཚུལ་ངོ་མཚར་སྲོག་སྟེར་ཞེས་བྱ་བ་བཞུགས་སོ། །གཞན་སྲོག་འཚོ་བའི་རིག་པའི་ཆུ་གཏེར་ལས། །ཡན་ལག་བརྒྱད་ལྡན་ཟླ་ཤེལ་གཞོན་ནུའི་དཔྱིད། །མཁྱེན་དཔྱོད་དཔུངས་པས་ལེགས་དྲངས་ཕན་དང་བདེའི། །དགའ་སྟོན་སྩོལ་མཛད་རྣམས་ཀྱི་ཤིས་པས་སྐྱོངས། །བྲང་ལ་གནས་པའི་ཁྱབ་རྒྱུའི་རླུང་འཁྲུགས་པའི། །སྟོད་འཚང་ཞེས་གྲགས་འདི་ལ་༡རྒྱུ་རྐྱེན་༢དང་། །དབྱེ་༣བ་རྟགས་༤བཅོས་རྣམ་པ་ལྔ་ཡིས་བསྟན། །རྒྱུ་༡ནི་རྣམ་


JKT017_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་གྱུར་རླུང་དང་ཁྲག །དེ་ཉིད་འཁྲུགས་རྐྱེན་༢གཉིད་ཆག་རྩོལ་བས་དུབ། །མང་དུ་སྨྲས་ཤིང་བསིལ་བའི་ཟས་སྤྱོད་ཐལ། །དེ་ཡི་རླུང་ཤས་ཆེ་བའི་སྟོད་འཚང་སྐྱེད། །དྲག་ཤུལ་ལས་དང་མེ་ཉིས་ཤིན་ཏུ་དྲོས། །ཆང་མང་འཐུང་བས་ཁྲག་ཤས་ཆེ་བ་ཡིས། །སྟོད་འཚང་འབྱུང་བས་དེ་ཕྱིར་དབྱེ་བ་༣ཡང་། །ཁྲག་དང་རླུང་གཉིས་ཤས་ཆེ་ཐ་དད་འགྱུར། །རྟགས་ནི་རྩ་རྒྱུད་སྟོང་རྒྱུག་མནན་མི་བཟོད་། །ཆུ་མདོག་སྔོའམ་ཡང་ན་དམར་ལ་དྭངས། །ལྦུ་བ་མེ་ལྕེ་ཆད་འདྲ་མྱུར་དུ་ཡལ། །མགོ་དང་མིག་རུས་མུར་འགྲམ་དཔྱི་རྐེད་ན། །གྲང་ཤུམ་བྱེད་ཅིང་གཉིད་མེད་མེ་ཉིར་སྙེགས། །སྨིན་ནས་བྲང་རྒྱབ་གཟེར་ཞིང་ལྟག་མདུད་ན། །མཇུག་རླུང་རྔུབ་དཀའ་རྔམ་རྒོད་དབུག་མི་བདེ། །སྟོད་དུ་ཆེར་འཚང་རེས་འགའ་ཚིག་མི་ཐོན། །བྱེ་བྲག་ཁྲག་ཤས་མཐོ་ན་ཟུག་གཟེར་ཆེ། །རླུང་ཤས་ཆེ་ན་སྟོད་ལ་ཤིན་ཏུ་འཚང་། །དེ་ཕྱིར་ངོས་ཟིན་སླ་ཡང་སྟོད་ཚད་དང་། །འདི་གཉིས་མ་ནོར་ཕྱེ་བ་གནད་དུ་གལ། བཅོས་ཐབས་དང་པོ་འབྲས་གསུམ་མ་ནུ་བཞི། །ཀོ་བྱི་ལ་དང་གཟེར་འཇོམས་གྲང་ཐང་བཏང་། །དེ་ཡིས་མི་བྱེར་ལམ་ནས་ལྡོག་པར་འབྱུང་། །དེ་རྗེས་རླུང་ཤས་ཆེ་ན་ཨ་གར་ནག །ཤིང་ཀུན་ཛཱ་ཏི་སུག་སྨེལ་ཁ་རུ་ཚྭ། །ལི་ཤི་ཀོ་བྱི་གཟེར་འཇོམས་བསྣན་པ་བཏང་། །ཚ་ཤས་ཆེ་ན་ཤིང་


JKT017_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཁ་རུ་ཚྭ། །སུག་སྨེལ་ཕྲི་ནས་སྙིང་ཞོ་ལང་ཐང་རྩེ། །ཤ་ཆེན་བསྣན་པའི་མན་ངག་ཤེས་པར་བྱ། །ཁྲག་གི་གཟེར་ཆེ་ཨ་གར་སྙིང་ཞོ་ཤ །ཛཱ་ཏི་ཅུ་གང་གུརྒུམ་ཙན་དན་གཉིས། །སྲོ་ལོ་སྦྱར་བའི་དྲང་སྲོང་ཨར་བརྒྱད་སྟེང་། །རུ་རྟ་ཧོང་ལེན་མ་ནུ་གཟེར་སྨན་བསྣན། །ཤིན་ཏུ་གཟེར་ཆེ་གསང་སྨན་སྔོན་པོ་ཀོ་བྱི་ལ་དང་། །རླུང་ལ་བོང་ང་ཁྲག་ལ་འཛིམ་པ་སྟེ། །ཚ་གྲང་བརྟགས་ཏེ་གོང་མར་བསྣན་ལ་བཏང་། །འབྲས་གསུམ་མ་ནུ་བཞི་དང་ཨ་གར་གསུམ། །ཀོ་བྱི་སྙིང་ཞོ་ཛཱ་ཏི་ལི་ཤི་དང་། །ནཱ་ག་གེ་སར་ཨ་བྱག་མིང་ཅན་སེར། །རུ་རྟ་སྦྱར་བའི་ཨ་གར་བཅུ་དགུ་འདི། །རླུང་ཤས་ཆེ་ན་ཆང་གསར་ཁྲག་ཆེ་ན། །གཟེར་འཇོམས་ཐང་གིས་ཕུལ་བས་སྟོད་འཚང་འཇོམས། །ཡང་ན་ལྕི་སྣུམ་བསིལ་བའི་ཨ་གར་གསུམ། །བཟང་དྲུག་འབྲས་གསུམ་ཙནྡན་དཀར་དམར་གཉིས། །གཙོར་སྨོས་མ་ནུ་སླེ་ཏྲེས་སྒ་སྐྱ་དང་། །ཀཎྜ་ཀ་རི་ཏིག་ཏ་བ་ཤ་ཀ །གུ་གུལ་དཀར་ནག་གླ་རྩི་ཀོ་བྱི་ལ། །ཤ་ཆེན་འཛིམ་པ་ཚེར་སྔོན་སྙིང་ཞོ་ཤ །གེ་སར་རུ་རྟ་ཧོང་ལེན་ཨ་བྱག་གཉིས། །མིང་ཅན་སེ་འབྲུ་སྲོ་ལོ་ཀ་ར་སྦྱར། །སྦྱོར་བ་འདི་མིང་ཨ་གར་སུམ་ཅུ་ལྔ། །ཚང་ཞིང་ཟློས་མེད་ཚད་ལྡན་སྦྱར་བ་ཉིད། །རུས་ཁུ་ཆུ་ཆང་འདུ་བ་བསྟུན་ལ་ཕུལ། །ནད་རིགས་སྤྱི་དང་ཁྱད་པར་རི་ཐང་མཚམས། །


JKT017_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ཚད་རླུང་གསུམ་འཐབ་ལ་བདུད་རྩི་འདྲ། །སྟོད་གཟེར་ཁྲག་རླུང་རིགས་ཀུན་འཇོམས་པའི་མཆོག །སྨན་བཏང་ལོག་པའི་ཉེས་པ་འདིར་མི་འབྱུང་། །རུ་རྟ་ཨ་བྱག་གཟེར་འཇོམས་ཧོང་ལེན་གཞན་ཡང་ཨ་གར་བརྒྱད་ཕྱི་རྒྱུད་ཨར་བརྒྱད་སྟེང་མ་ནུ་བཞི། །བར་སྐྱར་ཙནྡན་དམར་པོ་བསྣན་པ་ཡི། །བཅོ་ལྔའི་སྦྱོར་བ་དག་ཀྱང་སྐབས་འདིར་འཕྲོད། །ཡང་ན་གོང་ཨར་བརྒྱད་སྟེང་ཀོ་བྱི་བསྣན་པ་ཡི། །སྲོག་འཛིན་དགུ་པ་ཞེས་གྲགས་སྟོད་འཚང་སེལ། །དེ་སྟེང་ཨ་བྱག་ཚེར་སྔོན་མིང་ཅན་དང་། །གཟེར་འཇོམས་ལི་ཤི་ཤ་ཆེན་ལི་ག་དུར། །ཙནྡན་གི་ཝཾ་སྨན་ཆེན་སྲོ་ལོ་དཀར། །གུ་གུལ་ཧོང་ལེན་སྦྱར་སྲོག་འཛིན་ནོར་བུ་ཟེར། བ་ཆུ་བསྐོལ་དབུལ། །སྟོད་ཚད་སྟོད་འཚང་ངོས་མ་ཟིན་ལ་བསྔགས། །མ་ནུ་བདུན་སྟེང་གསང་སྨན་བསྣན་པ་ཡི། །རཏྣ་བརྒྱད་པས་འབམ་ནད་སྟོད་བབས་སེལ། །ཀོ་བྱི་བདུན་སྟེང་བདུད་རྩི་སྙོམ་ལྡན་བསྣན། །རཏྣ་བརྒྱད་པས་ཁྲག་རླུང་སྟོད་འཚང་སེལ། །སྙན་ནས་བརྒྱུད་པའི་ཟབ་མོའི་མན་ངག་གོ ཁྱད་པར་གཙོ་བོ་ནཱ་ག་གེ་སར་ལ། །བཟང་དྲུག་མ་ནུ་བཞི་དང་འབྲས་བུ་གསུམ། །རུ་རྟ་སྙིང་ཞོ་ཨ་བྱག་གུ་གུལ་གཉིས། །ཙནྡན་དཀར་དམར་ཨ་གར་བྲག་ཞུན་དང་། །མིང་ཅན་རྣམ་གཉིས་སྦྱར་


JKT017_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉེར་ལྔ་ཡིས། །འདུ་འཁྲུགས་ཁྲག་རླུང་སྙིང་གཟེར་སྨྱོ་འབོག་སེལ། །ཁྲག་ཤས་ཤིན་ཏུ་ཆེ་ན་དེ་ཡི་སྟེང་། །འབྲི་མོག་ཧོང་ལེན་ཚོས་བཙོད་མཛོ་མོ་ཤིང་། །བ་ཤ་ཀ་བསྣན་ཆུ་གྲང་དག་གིས་དབུལ། །ཨ་བྱག་གཟེར་འཇོམས་ཤ་ཆེན་གསང་སྨན་གསུམ། །ཁོང་དུ་བཏང་དང་བདུག་པས་སྟོད་དུ་རླུང་། །མཐའ་དག་འཕུལ་ནས་ཁ་ལྐུག་པ་ཡང་འབྱེད། །ཀོ་བྱི་ཨ་རུའི་མཇུག་མ་རུ་རྟ་དང་། །དབང་ལག་སྒོག་སྐྱ་འཛིམ་པ་ཁ་རུ་ཚྭ། །ཨར་ནག་ལི་ཤི་ཚེར་སྔོན་གུ་གུལ་ནག །རུས་ཞུན་ཁཎྜ་དང་བཅས་བུ་རམ་གྱི། །རིལ་བུ་དྲིལ་བ་རྒོད་པོ་རབ་འཇོམས་ཏེ། །རླུང་ཁྲག་བསྟུན་ལ་ཆུ་ཆང་གང་འོས་ཕུལ། །ཁྱད་པར་འཁྲུལ་འཁོར་ཟབ་མོའི་མན་ངག་ནི། །རང་ལུས་རྣམ་སྣང་ཆོས་བདུན་ལྡན་པའི་ངང་། །ནད་གདོན་ཧ་ཡིག་ནག་པོར་བསྡུས་བྱས་ཏེ། །གཟེར་མིག་སྟེང་དུ་བསྒོམ་ཞིང་རང་མདུན་གྱི། །ནམ་མཁའི་དབུས་སུ་ཨ་ཡིག་དཀར་པོ་གསལ། །ལག་གཉིས་བགྲད་དེ་པུས་མོའི་སྟེང་དུ་བཀབ། །སྟེང་རླུང་མནན་ཞིང་སྙིང་ཁར་ཡུད་ཙམ་བསྐྱིལ། །སླར་ཡང་ལྷག་མེད་སྣ་བུག་།གཉིས་ནས་འབུད། །དེ་དང་མཉམ་དུ་ཧ་སྒྲ་བསྟུད་མར་བརྗོད། །ནད་གདོན་ཧ་ཡིག་རྣམ་པར་བསྡུས་པ་དེ། །སྙིང་ཁ་ནས་ཐོན་ཨ་ལ་ཐིམ་པར་བསམས། །སྐྱེ་འགག་གནས་གསུམ་བྲལ་བའི་རང་


JKT017_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ། །སྟོང་གསལ་བརྗོད་དུ་མེད་པའི་ངང་ལ་བཞག །ཤིན་ཏུ་ཕན་པའི་མན་ངག་མཐར་ཐུག་ཡིན། །དཔྱད་དུ་རླུང་ཤས་ཆེ་ན་དྲུག་བདུན་དང་། །དཀར་ནག་མཚམས་རྣམས་རྒྱབ་མདུན་གཟེར་དང་བསྟུན། །མེ་བཙའ་གདབ་ཞིང་ཁྲག་ཤས་ཆེ་གྱུར་ན། །དྲུག་མགོའམ་ནི་སྒང་རྩ་གཏར་བར་བྱ། །རླུང་ཁྲག་གང་ཤས་ཆེ་ཡང་དཔྱད་ཀྱི་མཆོག །བུམ་པ་ཁྱུད་འཁོར་སོར་ནི་བཅོ་བརྒྱད་དང་། སྲིད་སོར་བཅུ་གཉིས་ཁ་ཟླུམ་སོར་བཞི་སྟེ། །མཚན་ཉིད་ལྡན་པའི་ལྟོ་བར་གྲོ་གའམ། །ཤོག་བུ་གང་རུང་མེ་སྦར་དེ་ཉིད་ཀྱང་། །སྦྲང་བུ་དམར་ཁྲ་མེ་ཡི་རང་བཞིན་བསྐྱེད། །ནད་གདོན་ཤ་རུས་གཏིང་ནས་དྲང་བར་བསམས། །སྔགས་འདི་ཨོ་མེ་རི་དམར་པོ་སོད། བཟླས་ལ་ཅུང་ཟད་བསྐོར་ཚུལ་གྱིས། །གཟེར་མིག་དེ་ཡི་མདུན་རྒྱབ་གཉིས་དཀར་གདབ། །རླུང་འཁྱིལ་ཕྱིར་དྲངས་གཟེར་ཟུག་ཡུད་ལ་གཅོག །གཞན་ཡང་ནགས་མའི་རིགས་ཀྱི་ཤེལ་ཏ་དང་། །ཁྱི་རུས་ལྕགས་རི་སྔོན་པོ་སོད། ཐམ་སོད། ཐུམ་སོད། གིས་གཙོས་རུས་སྣ་ཡོངས་རྫོགས་དང་། །ཆ་མཉམ་ཁུ་བ་འདྲེས་པར་དཀྲུགས་བྱས་ཏེ། །ཞོ་ཙམ་སོང་དུས་བླངས་ལ་ཤོག་བུར་བཅུག །དགོས་ཚེ་དམིགས་ཀྱི་སྟེང་དུ་སྦྱར་བ་ཡིས། །སྐྲངས་དང་འབྲུ་མཐོར་འཇོམས་ཞིང་ཁྱད་པར་དུ། །ནང་གི་ཆུ་སེར་ཕྱིར་འདྲེན་རླུང་གཟེར་གཅོག །བརྡབ་


JKT017_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཡང་ལྷུང་ཟུག་ཀུན་སེལ་བར་ལག་ལེན་ཞིབ་པར་བུ་ཡིག་ལས་ཤེས། བྱེད། །སློབ་དཔོན་ཞལ་གདམས་སྙན་རྒྱུད་ཟབ་མོ་ཡིན། །གཟེར་ཆེ་ཅ་ར་ཁུག་ཏུ་ཆུ་མདའ་དང་། །གནམ་མ་མཐོང་བའི་ཆུ་རྡོས་གཟེར་སྟེང་བདུག །མར་གསར་ལ་སོགས་བཀུ་མཉེས་རླུང་གསང་གསོ། ཁ་ཟས་བཅུད་བསྟེན་རྩུབ་དང་ཡང་བ་སྤངས། །སྤྱོད་ལམ་གོས་དྲོ་བགོ་ཞིང་དལ་བར་བསྡད། །མཐུན་པའི་གྲོགས་བསྟེན་སྙིང་ལ་འབབ་པར་སྨྲ། །རྗེས་གཅོད་སྔར་བཤད་གསང་གསུམ་མེ་ཡིས་བསྡམས། །དེས་ཀྱང་མ་ཞི་བཟོད་མེད་ཟུག་གཟེར་ལྡན། །ཟུང་གིས་ཐུབ་པ་འཆི་ལ་ཐུག་པའི་ཚེ། །ཨར་ནག་ལི་ཤི་ཛཱ་ཏི་སྒ་སྐྱ་དང་། །རྒྱམ་ཚྭ་པི་ལིང་ཨ་རུ་ཐར་དུར་གཉིས། །རྒྱ་ཚྭ་འོལ་མོ་རེ་ལྕག་ཆ་མཉམ་ལ། །གཙོ་བོ་དར་མའི་གྲི་ཤ་ཐུན་གསུམ་སྡེབས། །རླུང་ཁ་མཐོ་ན་གོ་སྙོད་རྩི་བོ་ཆེ། །མཁྲིས་པར་དུག་ཉུང་གསེར་མེ་བད་ཀན་ལ། །ལྕམ་དཀར་རྩ་བ་སྙིང་རླུང་ཞོ་ཤ་དང་། །སྨན་ཆེན་འབྲི་ཚིལ་ཁ་ཚར་བཏབ་པ་དེ། །བུར་སྨུག་གིས་བསྒྲིལ་རིལ་བུ་ཆང་གིས་ཕུལ། །གཉིས་གསུམ་འཁྲུས་ན་རུས་ཁུའི་ལྕག་གིས་འཕུལ། །རྗེས་གཅོད་སྤྱི་མཐུན་སྦྱར་བས་བད་ཁྲག་རླུང་། །སྟོད་དུ་འཚང་ནས་བཟོད་པར་དཀའ་བའི་ནད། །སེལ་བྱེད་རྒྱལ་དབང་རང་བྱུང་རྡོ་རྗེ་ལ། །ཡེ་ཤེས་ཌཱཀྐིས་ཕུལ་བའི་སྙིང་ཐིག་


JKT017_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ནད་གཞན་ལྡང་ན་སོ་སོའི་ཁ་འཛིན་དང་། །སྦྱར་ཏེ་སྔར་སྨོས་ཞི་བྱེད་ཚོགས་རྣམས་བསྟེན། །དེ་ལྟར་གདམས་པ་རྒྱ་མཚོའི་ཉི་གཞོན་གྱིས། །ལེགས་པར་ཕྱེ་བའི་ཟབ་དོན་ཨུཏྤལ་ལ། །གཅིག་བསྡུས་ངོ་མཚར་ཕྲེང་བ་གསར་པ་འདིས། །འགྲོ་རྣམས་དུས་མིན་འཆི་བ་ལས་སྒྲོལ་ཤོག །ཞེས་ཁྲག་རླུང་གིས་བཅོས་ཚུལ་ཉུང་ངུ་འདི་ཡང་དཔལ་ལྡན་བླ་མ་དམ་པའི་གསུང་གི་བསྐུལ་བ་བཞིན་གཞོན་ནུ་ཨ་བྷ་ཡས་སྦྱར་བའོ།། །།

རྩ་དཀར་གྱི་བཅོས་ཚུལ་སྙིང་པོར་དྲིལ་བ་ཕན་བདེའི་ཕྲེང་བ།


JKT017_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྩ་དཀར་གྱི་བཅོས་ཚུལ་སྙིང་པོར་དྲིལ་བ་ཕན་བདེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་ཨརྦ། །རྒྱལ་ཀུན་མཁྱེན་རབ་ཉི་མ་གཞོན་ནུའི་བཅུད། །ཁྱོད་ཐུགས་གུརྒུམ་གསར་པས་བཏུང་བ་ལས། །ལེགས་བཤད་དམར་སེར་རལ་བའི་འཇོ་སྒེག་ཅན། །རྗེ་བཙུན་ཡོན་ཏན་མགོན་པོས་བདག་སྐྱོངས་ཤིག །རྣམ་པར་མ་གྱུར་ལུས་གནས་རྩ་དཀར་ཉིད། །འཕྲལ་བྱུང་རྐྱེན་གྱིས་འགྲམས་དང་འཁྲུགས་པ་ལས། །མི་བཟད་གདུང་བའི་ཞགས་པས་དམ་བཅིང་པར། །འགྲོལ་བྱེད་ཟབ་དོན་ནོར་བུའི་ཕྲེང་བ་སྤེལ། །ཞེས་པ་གྱེས་༡ཚུལ་རྒྱུ་༢རྐྱེན་དབྱེ་བ་༣དང་། །བརྟག་༤དང་བཅོས་ཐབས་རྣམ་པ་ལྔ་ཡིས་བསྟན། །གྱེས་ཚུལ་སྲོག་རྩ་དཀར་ནག་གཉིས་པོ་སྟེ། །སྲོག་རྩ་ལས་བྱུང་ཁྲག་གི་ངོ་བོ་ཅན། །རོ་མ་དང་འབྲེལ་རྩ་ནག་གྱེན་དུ་གྱེས། །ཀླད་པ་


JKT017_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་ཆུ་ཁམས་རྩ་དཀར་ཏེ། །རྐྱང་མ་དང་འབྲེལ་ཡལ་ག་ཐུར་དུ་ཟུག །དེ་ཉིད་ནང་དུ་དོན་སྣོད་འབྲེལ་པ་དང་། །ཕྱི་རྩ་ཡན་ལག་འབྲེལ་བ་རྣམ་པ་གཉིས། །ནང་རྩ་དར་གྱི་དཔྱང་ཐག་བཅུ་གསུམ་སྟེ། །རླུང་གི་བཞི་ལས་གཉིས་པོ་བདུན་པ་ནས། །སྙིང་དང་འབྲེལ་ཞིང་གཞན་གཉིས་བཅུ་བདུན་ནས། །རྒྱུ་མར་འབྲེལ་དང་དེ་བཞིན་མཁྲིས་པའི་རྩ། །ཚིགས་པ་ལྔ་ནས་གློ་བར་འབྲེལ་བ་དང་། །བཅུ་དྲུག་དགུ་དང་བཅུ་གཅིག་གོ་རིམ་བཞིན། །ལོང་དང་མཆིན་མཁྲིས་དག་ལ་རྣམ་པར་འབྲེལ། །བད་ཀན་རྩ་བཞི་བཅུ་གཉིས་བཅུ་གཅིག་དང་། བཅུ་བཞི་བཅོ་བརྒྱད་པ་ནས་ཕོ་མཚེར་མཁལ། །ལྒང་པ་དང་འབྲེལ་དེ་ཀུན་འདུས་པ་ཡི། །རྩ་གཅིག་བཅུ་གསུམ་པ་ནས་བསམ་སེར་འབྲེལ། དེ་དག་མགྲིན་པ་ནས་བརྒྱུད་ཕྱི་རོལ་དུ། །བལྟར་མི་མངོན་ཕྱིར་ནང་གི་རྩ་རུ་བརྗོད། །ཕྱི་རྩ་སྦུ་གུ་འཇའ་བྱེད་རཏྣ་ཏེ། །རྩ་རྒྱུད་གསུམ་ལ་གཉིས་རེ་བྱེ་བས་དྲུག །དེ་ཡང་ཁོང་སྟོང་སྦུ་གུ་ཅན་གྱི་རྩ། །ཀླད་སྙིང་ལས་བྱུང་ལྟག་པའི་སྡུད་སྒོར་དོན། །ཚིགས་པ་དང་པོའི་གཡས་གཡོན་ཚོན་རེ་འགྲིམ། །ཚིགས་པ་ལྔ་ནས་གཞུངས་པའི་རྩ་དང་འབྲེལ། །བཅུ་གཉིས་ནས་ཐོན་བསམ་སེའུ་མཁལ་མར་འབྲེལ། །གཞུག་ཆུང་དཔྱི་ལེབ་མཚམས་བརྒྱུད་དཔྱི་མིག་དོན། །གུང་མཐེབ་བརྒྱུད་ནས་


JKT017_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་མཐིལ་ནང་ངོས་འགྲོ། །གཉིས་ནི་བཅུ་བཞི་པ་ཡི་ཐད་ནས་གྱེས། །བརླ་སྒང་པུས་ཚིགས་ངར་གདོང་ཐུར་བར་འགྲིམ། །པིར་མགོར་རྐང་བའི་མཐེ་བོང་གིས་ངོས་འབྲེལ་ནས་གོང་དང་རྐང་མཐིལ་འདུས། བྱིན་བརླའི་ཕྱི་སུལ་སྲེ་ལོང་དང་དཔྱི་ལོང་གི་བར། འཇའ་བྱེད་ཀླད་མཁར་ནས་བྱུང་ལྟག་པ་ཡི། །སྤུ་འཁྱིལ་གཉིས་སུ་དོན་ནས་ཨན་སྟོང་འགྲིམ། །དེ་ནས་ཕྲག་བརྒྱུད་དཔུང་སོག་མཚམས་སུ་ནུབ། །སླར་ཡང་གཉིས་གྱེས་གཅིག་ནི་དཔུང་འཛུམ་གྱི། །ཚིགས་དམིག་ལུག་གཞུག་བརྒྱུད་ནས་གྲུ་མོར་སོང་། །གཅིག་ཤོས་ཕྱི་མཆན་ནས་འགྲིམ་གྲུ་མོར་བསྐོར། །དེ་ནས་ལག་པའི་མཐེ་བོང་འབྲེལ་བ་ཡིན། །རཏྣ་ཀླད་གཞུངས་ནས་བརྒྱུད་རྣ་ཤལ་གྱིས། །འོག་རོལ་ནས་ཐོན་སྒྲོག་རུས་ནང་དུ་ནུབ། །མཆན་ཁུང་ནས་འགྲིམ་གྲུ་མོའི་ཁུག་བརྒྱུད་ནས། །གཞུ་མཆོག་བར་དུ་ཐུར་བར་འགྲིམ་བྱས་ཏེ། །སྲིན་ལག་རྩེར་འབྲེལ་ལག་མཐིལ་གཉེར་མའི་འོག །གོང་གི་འཇའ་བྱེད་ཅན་དང་རྩ་སྣ་འབྲེལ། །དེ་ཕྱིར་ནང་གི་རྩ་རྒྱུད་འགྲམས་པ་ཡིས། །དོན་སྣོད་ལ་བབས་ན་ལུགས་སྣ་ཚོགས་སྟོན། །ཕྱི་རོལ་ཤ་ཆུ་རུས་ཚིགས་འབྲེལ་བའི་ཕྱིར། །སྦོམ་དང་འབྲི་ཞིང་ཞ་རེངས་བྱེད་པར་འགྱུར། །དེ་ལ་རྒྱུ་༢རྐྱེན་དྲག་ཤུལ་སྤྱོད་ལམ་གྱིས། །འགྲམས་དང་འཁྲུགས་སོགས་རིམས་དུག་ཚ་བའི་ནད། །རྩ་ལ་བབ་


JKT017_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚོན་གྱིས་བཅད་དམ་བརྡུངས། །རླུང་འཁྲུགས་རྩར་ཞུགས་རྩ་དཀར་ནད་དུ་འགྱུར། །དབྱེ་བ་༣ཚ་རྐྱེན་གྲང་རྐྱེན་རྣམ་པ་གཉིས། །རིམས་དུག་འགྲམས་སོགས་ལས་བྱུང་ཚ་བ་སྟེ། །བད་རླུང་ལས་བྱུང་རྩ་དཀར་གྲང་བ་འདོད། །དུས་ཀྱི་གསར་རྙིང་བབ་པས་ཐ་དད་དོན་སྣོད་མགོ་དང་ཡན་ལག་བཞི་སོགས་འགྱུར། །དེ་རྟགས་མགོ་དང་ཁ་མིག་ཡོ་ཞིང་འཕྲིག །དྲན་ཉམས་ལྐུགས་སམ་ཡང་ན་དབང་པོ་འཁྲུལ། །མགོ་འཁོར་ཡན་ལག་བཤལ་སྦྲིད་སྙིང་ལག་འདར། །གཞོག་གཅིག་བེམ་པས་ཚོར་བྲལ་སྐྱངས་སམ་སྙམ། །རྒྱུན་གཉིས་བསྡམས་སམ་ཡང་ན་སྐབས་མིན་རླུག །རེངས་འཁུམ་གཞུ་ལྟར་འགུག་གམ་རྭ་ལྟར་གྱོང་། །གཡོ་སྙམ་དྲན་མེད་བརྒྱལ་ལམ་ཟ་ཟི་འབྱུང་། །མེ་ལྟར་ཚའམ་རྡོ་ལྟར་གྲང་བ་སོགས། །ངོ་མཚར་ནད་རྟགས་སྣ་ཚོགས་སྟོན་པར་བྱེད། །བྱེ་བྲག་ཚ་རྐྱེན་རྩ་གྲིབ་ཆུ་མདོག་སེར། །གཟེར་ཟུག་ཆེ་ཞིང་ཡན་ལག་ཚ་དང་སྐམ། །གྲང་རྐྱེན་རྩ་དལ་ཆུ་ནི་དཀར་སེར་དྭངས། །ལུས་ཀུན་གཡོ་ཞིང་གྲང་ལ་བརྒྱལ་བ་འབྱུང་། །བབ་ས་སོ་སོར་དྲིས་པ་ཙམ་གྱིས་རྟོགས། །སྟོབས་ལྡན་འཆི་ལ་འབྲིང་པོ་བཅོས་ཀྱིས་འཚོ། །ཐ་མ་ཡུན་ལོན་རང་བཞིན་འཚོ་བར་གསུངས། །བཅོས་ཐབས་སྨན་དཔྱད་ཟས་སྤྱོད་རྣམ་པ་བཞི། །དེ་ཡང་དང་པོ་སྤྱི་དང་བྱེ་བྲག་གཉིས། །སྤྱི་


JKT017_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཚ་ཤས་ཆེ་ན་ཉ་ཕྱིས་དང་། །བཟང་དྲུག་གི་ཝཾ་ཨ་རུ་ཙནྡན་གཉིས། །ཨ་གར་བསེ་རུ་གླ་རྩི་རུ་རྟ་དང་། །པི་ལིང་ཤིང་ཚ་སྡིག་སྲིན་འབྲས་བུ་གསུམ། །གསེར་བྱེ་ལྕམ་པ་འབྲི་རྟ་ཟི་ར་གཉིས། །སྦྱར་བའི་ཉི་ཤུ་རྩ་ལྔའི་ཕྱེ་མ་བསྟེན། །ཡང་ན་རིན་ཆེན་གསེར་ཟངས་གཡུ་རྙིང་དང་། །ཐོག་ལྕགས་བྱེ་རུ་ཉ་ཕྱིས་རྣམ་པ་དྲུག །རྡོ་སྨན་སྦལ་རྒྱབ་དཀར་སྨུག་ཕོ་མོ་བཞི། །རྩི་སྨན་བཟང་པོ་དྲུག་དང་མ་གི་ཏ། །སྔོ་སྨན་འབྲི་རྟ་ས་འཛིན་ལྕམ་པ་སྟེ། །རིན་ཆེན་རྡོ་རྩི་སྔོ་སྦྱོར་ཟབ་མོ་བསྟེན། །གྲང་ཤས་ཆེ་ན་བསེ་རུ་སྨན་ཆེན་དང་། །ཨ་རུ་ཆུ་སེར་སྨན་གསུམ་མུ་ཟི་སེར། །མ་ནུ་ལ་སོགས་ནུས་ལྡན་བསྲེགས་ཐལ་བསྔགས། ཚ་གྲང་སྟོད་སྨད་དོན་སྣོད་གར་བབ་ཀྱང་། །ཟུག་གཟེར་ཆེ་ན་བྱ་ཁྱུང་ལྔ་པ་ལ། །བྱི་རུ་མུ་ཏིག་རྒྱན་བཏགས་ལི་ཤི་དང་། །ཛཱ་ཏི་ཨ་ག་རུ་ཡིས་ལུས་དྲོད་རྒྱས། །སིནྡྷ་ར་དང་ཁབ་ལེན་ཤིང་མངར་གྱི། །སྒྲོ་མཆུ་ལྡན་ལ་མཚལ་གྱི་ན་བཟའ་གསོལ། །ཚ་གྲང་སྦྱོར་སྡེ་གནད་དང་ལྡན་པ་དང་། །ཚ་ན་ཆུ་བསྐོལ་རླུང་ལྡན་མྱོས་ཁུས་ཕུལ། །སྨན་ནད་ཐོན་པ་ལན་འགའ་བཏང་བ་ཡིས། །ཕྱི་ནང་རྩ་དཀར་ནད་རིགས་ཀུན་ལ་བསྔགས། གཟའ་དང་ཀླུ་གདོན་བཅོས་རྡུག་གཉེན་པོར་འགྲོ། །འདི་ལ་སཱ་རིའི་བྱ་ཁྱུང་བཅུ་མི་དབང་སངས་རྒྱས་རྒྱ་མཚོའི་ལུགས་ཡིན ་གསུམ་ཟེར། །དེ་སྟེང་


JKT017_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལག་ཨ་ཝ་རྡོ་རྒྱུས་དང་། །ཡུངས་ཀར་ཀླུ་བདུད་གུ་གུལ་དཀར་ནག་སྦྱར། །ཉི་ཤུའི་སྦྱོར་བས་ཆུ་རྒྱུས་རེངས་འཁུམ་དང་། །སྨྱོ་འབོག་བརྒྱལ་ནད་ཀུན་ལ་མཆོག་ཏུ་ཤིས། །ཁྱད་པར་སྤྱི་སྨན་བཟང་དྲུག་ཙནྡན་གཉིས། །ཨར་ནག་གི་ཝཾ་གླ་རྩི་ཉ་ཕྱིས་དང་། །བསེ་རུ་འབྲས་གསུམ་སྒ་པི་ཟི་ར་གཉིས། །རྒྱ་ཚྭ་སྡིག་སྲིན་ཤིང་མངར་ཤིང་ཚ་དང་། །འབྲི་རྟ་ས་འཛིན་ཉི་དགའ་བཅས་པ་ཡི། །སྦྱོར་བ་འདི་ལ་ནོར་བུ་བསམ་འཕེལ་ཟེར། །རིམས་འཁྲུགས་ཚ་བ་རྩ་དཀར་རྙིང་པ་དང་། །དྲེག་གྲུམ་མཛེ་དང་རེངས་འཁུམ་མཁལ་རྩ་བསྣད། །འགྲམས་འཁྲུགས་རྩ་ལ་བྱེར་ཞིང་ཞེན་པ་དང་། །གསོ་དཀའི་རིགས་ཀྱི་ནད་གཞི་ཀུན་ལ་ཕན། །དེ་སྟེང་གསེར་ཟངས་གཡུ་རྙིང་བྱི་རུ་དང་། །ཐོག་ལྕགས་ཉ་ཕྱིས་སྦལ་རྒྱབ་དཀར་སྨུག་བཞི། །དུག་འདོན་ལ་སོགས་ཚད་ལྡན་ལེགས་སྦྱར་ཏེ། །བཞི་ཐང་ཁུ་བས་འདམ་བཏགས་འཐེམ་པར་བྱ། །རིལ་བུ་སྲན་མ་ཙམ་དྲིལ་པར་བུར་བླུག །བྱིན་རླབས་རྟེན་འབྲེལ་སྙིང་པོས་ཤིས་པ་བརྗོད། །འདི་ནི་བསམ་འཕེལ་རཏྣའི་སྦྱོར་བ་སྟེ། །བཞི་བརྒྱ་རྩ་བཞིའི་ནད་ཀུན་མི་འཇོམས་མེད། །ཁྱད་པར་དུག་སྨུག་ཚར་བ་བྱེར་རྙིང་དང་། །རྩ་ནད་ཚ་གྲང་དྲེག་གྲུམ་ཆུ་སེར་མཛེ། །སྟེང་འོག་འབྱུང་པོའི་གདོན་ཀུན་ངེས་པར་འཇོམས། །ཡང་ན་བཟང་


JKT017_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཐུན་རེ་ཤིང་མངར་གཉིས། །གཙང་མའི་བྱང་སེམས་དཀར་དམར་ནེ་ཙོའི་ཀླད། །ཐུན་ཕྱེད་ཀུན་མཉམ་རྒྱ་མཚལ་ལྕོག་ལ་མ། །དེ་དག་ཀུན་དང་མཉམ་པའི་ཉ་ཕྱིས་ཏེ། །གྲང་ན་གར་ཆང་ཚ་ན་སྤྱི་བཞུར་གྱིས། །བསྒྲུངས་ཆུའི་ཕུལ་བས་རྩ་ནད་ཀུན་ལ་བསྔགས། །འདི་ལ་བྱང་ལུགས་འཕྲུལ་གྱི་སྡེར་མོ་ཟེར། །བྱེ་བྲག་མགོར་བབ་ཕྱི་རྩ་ལུམ་གྱིས་གདུལ། །ནང་རྩར་བབ་ན་སྦལ་མདུང་གངས་ཐིག་དང་། །ཅོང་ཞི་དོམ་མཁྲིས་གླ་གུལ་ཨ་རུ་ར། །རུ་རྟ་ཨ་བྱག་ཆུ་རྩ་བོང་ང་དཀར། །པྲ་གུ་སྦྱར་བ་ཚ་གྲང་རྟ་ཡིས་ཕུལ། །ཐུན་མོང་ཁྱུང་སྟེང་བྱི་རུ་མུ་ཏིག་དང་། །ཉ་ཕྱིས་ལི་ཤི་ཛཱ་ཏི་ཨ་གར་ནག ཁབ་ལེན་ལུག་མིག་ཨུཏྤལ་སིནྡྷ་ར། །བིལ་བ་ཨ་འབྲས་ཏིག་ཏ་གངས་ཐིག་པ། །མཚལ་དཀར་འབྲུག་རུས་རྡོ་ཡི་ཀླད་པ་དང་། །གུརྒུམ་ཤིང་མངར་ཨ་བྱག་ཀ་ར་སྦྱར། །ཁྱུང་ཆེན་ཉེར་ལྔས་མགོ་ཡི་རྩ་ནད་དང་། །རྩ་དཀར་ཀླད་གཟེར་མགོ་འཁོར་གཉའ་རེངས་དང་། །ལྟག་པ་དགྱེ་རྒུ་མི་ཤེས་རྭ་ལྟར་གྱོང་། །བརྒྱལ་འཐིབ་སྨྱོ་འབོག་སེལ་བའི་བདུད་རྩི་སྟེ། །སྔོན་མེད་ངོ་མཚར་གདམས་པའི་བཅུད་ཐིག་ཡིན། །དར་རྩ་བསྣད་འགྲམས་མགོ་ལྕི་ས་འཛིན་དང་། །རྒྱ་ཚྭ་ཤུ་དག་རུ་རྟ་ཤིང་མངར་རྣམས། །བ་ཆུར་སྦྱར་བའི་སྣ་སྦྱངས་བཏང་བ་བསྔགས། །ནང་རྩར་བབ་ན་སྦལ་མདུང་གངས་ཐིག་


JKT017_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མཚལ། །ཅོང་ཞི་མུ་ཏིག་ཨ་ཝ་རྡོ་རྒྱུས་དང་། །མཐིང་རྒྱུས་ཆ་མཉམ་ཤིང་མངར་བཟང་པོ་དྲུག །དོམ་མཁྲིས་ལ་སོགས་མཁྲིས་སྣ་ཚོགས་ཚད་ཀུན། ཁ་ཚར་བཏབ་པ་གར་ཆང་དག་གིས་ཕུལ། །དེ་དང་འཕྲུལ་གྱི་སྡེར་མོ་ལྟག་པ་སྤྲད། །དོན་སྣོད་གར་བབ་གོང་བཤད་སྦྱོར་བའི་སྟེང་། །སྙིང་ལ་ཛཱ་ཏི་རུ་རྟ་ཨར་ནག་བསྣན། །གློ་ལ་ཤིང་མངར་རྒུན་འབྲུམ་གླ་སྒང་བསྣན། །མཆིན་པར་ཨུཏྤལ་བྲག་ཞུན་བ་ཤ་ཀ །མཚེར་པར་མ་ནུ་པ་ཏོལ་པི་པི་ལིང་། མཁལ་མར་བཙོད་དང་ཞུ་མཁན་རྒྱ་སྐྱེགས་བསྣན། །ཕོ་བར་མ་ནུ་རྒྱ་ཚྭ་པ་ཏོ་ལ། །རྒྱུ་ལོང་བོང་དཀར་དུག་ཉུང་གླ་སྒང་བསྣན། །མཁྲིས་པར་ཏིག་ཏ་དུག་ཉུང་གསེར་མེ་ཏོག །ལྒང་པར་ལྕམ་པ་རྒྱ་ཚྭ་སྡིག་པ་བསྣན། །ཡན་ལག་རྩ་དཀར་ད་ལིས་ཀྱི་ལྕེ་དང་། །ཤིང་མངར་གསུམ་པོ་ཁཎྜར་སྦྱར་བའི་སྟེང་། །བཟང་དྲུག་འབྲས་གསུམ་ཨར་ནག་ཙནྡན་གཉིས། །ཚོས་གསུམ་ཚོས་ཞུ་མཁན་བཙོད་ཀ་ར་བསྣན་པའི་སྨན་མཆོག་འདིས། །རྩ་ནད་སྤྱི་དང་ཡན་ལག་ཞ་སྦྲིད་སྐམ། །སེལ་བྱེད་ད་ལིས་བཅོ་བརྒྱད་ཞེས་སུ་གྲགས། །གཞན་ཡང་གཉན་དང་བསྡོངས་ན་གོང་བཤད་ཀྱི། །ཁྱུང་ལྔའི་སྦྱོར་བ་ཐ་དད་བསྟེན་པའམ། །ཁྱུང་སྟེང་གི་ཝཾ་དོམ་མཁྲིས་སྦལ་རྒྱབ་དང་། །རྒྱ་མཚལ་བསེ་རུ་ཉ་ཕྱིས་ཙནྡན་གཉིས། །ལི་ཤི་ཆུ་སེར་སྨན་


JKT017_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཨ་གར་ནག །འབྲི་རྟ་ས་འཛིན་གུ་གུལ་སྟག་ཤ་སྦྱར། །ལོ་བརྒྱད་ཨེ་ཀྲོས་འདམ་བཏགས་རིལ་བུར་དྲིལ། །མང་ཉུང་ནད་སྟོབས་སྦྱར་ལ་བཏང་བ་ཡིས། །རྩ་དཀར་བྱེར་འགྲམས་ཁྱད་པར་གཉན་ནད་དང་། །བསྡོངས་ཏེ་སྐེ་མཇིང་ཡན་ལག་སྐྲངས་པ་སེལ། །ཁྲག་རླུང་ལྡན་པས་སྟོད་དུ་དབུགས་འཚང་ཞིང་། །དཔུང་མིག་གཟེར་དང་ལག་པ་བསྒུལ་སྐྱོད་དཀའ། །དེ་ལ་གོང་གི་ཕྱེ་མ་གང་རིགས་དང་། །ཨ་གར་སྦྱོར་བ་ལྟག་པ་སྤྲད་ལ་བཏང་། ཨ་གར་བཅོ་ལྔ། ཁྱད་པར་ཨ་གར་ཉི་ཤུ། ཀོ་བྱི་བཅོ་ལྔ་སོགས། །ཁྱད་པར་མཁལ་མར་བབས་སམ་མཁལ་རྩ་འགྲམས། །དེ་ལ་ཨ་རུ་བཟང་དྲུག་ཉ་ཕྱིས་དང་། །ས་འཛིན་དམར་གསུམ་མཁལ་ཞོ་འབྲས་སྣ་གསུམ། །བསེ་རུ་ཤིང་ཚ་ཤུག་ཚེར་ཨརྫ་ཀ །རུ་རྟ་ཟི་ར་བྲག་ཞུན་སྡིག་སྲིན་དང་། །ཤིང་མངར་སྦྱོར་བའི་གསེར་མདོག་ཉེར་ལྔ་སྟེ། །ཕན་ཡོན་མཁལ་འགྲམས་རྩ་དཀར་གྲང་རིགས་དང་། །རྐང་རྐེད་རུས་ཚིགས་དཔྱི་མིག་ཡན་ལག་ཟུག ཁྲག་གིས་བསྐྱེད་པའི་མཁལ་འབྲས་གཟེར་བ་འཇོམས། །གཞན་ཡང་འདུ་བའི་རིགས་ཀུན་མི་སེལ་མེད། །ཞལ་གདམས་སྙན་བརྒྱུད་མན་ངག་ཟབ་མོ་ཡིན། །གྲང་ཤས་ཆེ་དང་ཤ་སྐམ་རིགས་ཀུན་ལ། །འབྲས་བུ་གསུམ་གྱི་སྨན་མར་ཚད་ལྡན་སྟེང་། །བཟང་དྲུག་ཤིང་མངར་དབང་ལག་འདམ་བུ་


JKT017_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། ཁ་ཚར་བཏབ་པ་དགོང་དང་ཐོ་རངས་བསྟེན། །ཀུན་ལ་ཚ་ན་བདུད་རྩི་རྣམ་ལྔའི་སྟེང་། །གླ་རིལ་བསྲེ་ཞིང་གྲང་ན་ལུག་རིལ་བསྣན། །ཆང་གི་ཁུ་བས་བཞུར་དང་འདུས་པ་ལ། །རྩ་བ་ལྔ་དང་གླ་བའི་རིལ་མ་བསྣན། །མྱོས་བྱེད་སྙིང་ཁུར་ཚོས་པར་བཙོས་པ་དེས། །རླངས་ལུམས་ཆུ་ལུམས་བཅིང་ལུམས་གང་རིགས་བྱ། །ཡང་ན་རང་བྱུང་ཆུ་ཚན་མུ་ཟི་ཅོང་ཞི་བྲག་ཞུན་གསུམ་གྱི་ཆུ་ཚན་མཆོག་ཏུ་བཤད་བསྟེན་ཡང་ཤིས། །བྱུག་པ་སྤང་སྤོས་ཤུག་ཚེར་གོ་སྙོད་དང་། །སྤོས་དཀར་རྡོ་རྒྱུས་ཤུ་དག་གཡེར་མ་བུལ། །ཤིང་མངར་སྦྱར་བ་མར་རམ་ཕག་ཚིལ་གྱིས། །བྱུག་ཅིང་ཚབས་ཆེ་བྱང་བ་དུད་པ་དང་། །བོང་ང་ནག་པོ་བསྣན་པས་མཆོག་ཏུ་ཕན། །ཙན་གཉིས་ཆུ་སེར་སྨན་གསུམ་དབང་པོ་ལག །གུ་གུལ་དེ་ཝ་ད་རུ་རྒྱ་སྤོས་དང་། །སྤང་སྤོས་སླེ་ཏྲེས་གོ་སྙོད་ཤུག་ཚེར་ཅན། །སེང་ལྡེང་ཁཎྜ་མར་གསར་དག་གིས་བྱུག །ཟས་སྤྱོད་གྲིབ་གདོན་གིས་བསྐྱེད་རྩ་དཀར་སེལ། །གྲང་ཤས་ཆེ་ན་ཙནྡན་དཀར་པོ་ཕྲི། །ལན་ཚྭ་སྡེབས་ཏེ་ཏིལ་གྱི་མར་ཁུས་བྱུག །ཤིན་ཏུ་རེངས་འཁུམ་གསོ་དཀའ་གངས་ཐིག་དང་། །སྦལ་མདུང་བྱིའུ་མགོ་ཁབ་ལེན་རྡོ་རྒྱུས་གཉིས། །བ་ནུ་ལ་སོགས་ཚད་ལྡན་སྦྱར་བའི་སྟེང་། ཁ་ཚར་ཆུ་སེར་སྨན་གསུམ་རུ་རྟ་དང་། །ཛཱ་ཏི་ལི་ཤི་གོ་སྙོད་བསྣན་པ་ཡི། །རྩི་


JKT017_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མར་རྙིང་པ་ལོ་ལོན་བསྐོལ་བར་བཏབ། །བྱུག་པས་རྩ་དཀར་རེངས་འཁུམ་རྩ་འགྲམས་དང་། །གཟའ་གདོན་ཀླུ་གདོན་རྩ་བྱེར་འཁུམ་པ་སེལ། །བཟོད་མེད་ཟུག་ཆེ་གོང་བཤད་བྱ་ཁྱུང་ཉི་ཤུ་པ་ཁྱུང་ལྔ་ཡང་། །དྲི་ཆུས་བྱུག་པས་ཕྲལ་དུ་གཟེར་ཟུག་གཅོག །ཀུན་ཀྱང་མ་ཐུབ་རྙིང་ན་རྩ་སྦྱོང་བཏང་། །དཔྱད་དུ་སྤྱི་ལ་གསར་དུས་ཚབས་ཆེ་ན། །མཐིལ་བཞི་བཅུ་གསུམ་༥ལྟག་ཟུར་༦སྤུ་འཁྱིལ་དང་། །༧ མཐེ་བོང་པིར་མགོ་སོར་མོ་ཉི་ཤུའི་མདུན། །ནེ་འུ་ལེ་རྣམས་སྤྲ་མེས་བསྲེག་པར་འོག་ནས་འབྱུང་བ་ལྟར་བྱ། །ཚ་ཤས་ཆེ་ན་སྟོད་བབ་རུ་ཐུང་དང་། །སྨད་བབ་ལོང་རྩ་ལ་སོགས་སྐབས་སྦྱར་གཏར། །གྲང་ན་དྲུག་༡བདུན་༢དཀར་ནག་༣མཚམས་རྣམས་བསྲེག །གཏར་ག་སྤང་ཞིང་བྱེ་བྲག་མགོར་བབ་ན། །ཕྱི་རྩར་ཨན་༡སྟོང་འགྲམ་དང་སྡུད་༢སྒོ་དང་། །ལྟག་༣པའི་སྤུ་འཁྱིལ་བསྲེགས་ཅིང་ནང་རྩ་ལ། །སྤྱི་གཙུག་༡དཀར་ནག་༢མཚམས་དང་མེ་ལོང་༣མཐིལ། །རྐང་ལག་མཐིལ་ཁབཞི་སྲིན་ལག་བཞི་༡༡ཡི་རྩེར། །སྡུད་སྒོ་༡༠བཞི་རྣམས་གསེར་གྱི་ཏེལ་པས་བསྲུངས། །ལུས་ཀྱི་ལས་དང་དྲོད་ཉམས་སྤྱི་༡གཙུག་དང་། །ལྟེ་བ་༢མཚན་བར་༣རྣམས་སུ་མེ་བཙའ་གདབ། །གཞོག་རེངས་དེ་ཡི་ཕྱོགས་ཀྱི་རྩེ་མགོ་༡དང་། །ཡན་ལག་སོ་སོའི་སོར་མོའི་ངོས་རྣམས་བསྲེགས། །སྨྲ་བྱེད་ལྐུག་ན་གཡས་རྩེ་མགོ་


JKT017_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དང་སོར་མོ གཡོན་གཉིས་ཀར་༡༢བསྲེགས། ཁ་མིག་ཡོ་ན་དེ་ཕྱོགས་རྣ་བའི་རྒྱབ། །ལྟག་ཟུར་སྤུ་འཁྱིལ་༡བསྲེགས་ཅིང་བྱང་ཁོག་ལ། །སྡུད་༢སྒོ་དྲུག་༣པ་ཨན་སྟོང་དང་པོའི་འགྲམ། །སྒྲོག་༤རུས་གཤོང་དང་སྐེ་སྟོང་དཀར་ནག་༨མཚམས། །སོག་པའི་མཐིལ་༧བསྲེགས་ཁྱད་པར་དོན་སྣོད་ལ། །སྙིང་ལ་སྣོད་ཀ་༡གཏར་ཞིང་མཐེ་བོང་༢བསྲེགས། །དེ་བཞིན་གློ་བར་དྲུག་༣མགོ་མཛུབ་མོ་དང་༤། །མཆིན་པར་རུ་ཐུང་གུང་མོ་༦མཚེར་པ་ལ། །རྟ་མཐུར་༧སྲིན་ལག་རམཁལ་མར་བྱིན་གཞུག་༩དང་། །མཐེའུ་ཆུང་༡༠ཕོ་བར་རྭ་༡༡དང་སྲིན་ལག་༡༢ཏེ། །མཁྲིས་པར་གཤའ་༡༢རིང་གུང་མོ་རྒྱུ་མ་༡ ༣ལ། །དེ་ཡི་རྩ་༡༤དང་མཐེ་བོང་༡༥བསམ་སེ་འུར། །བྱིན་ཀྱོག་ལྷང་པར་ལོང་རྩ་༡༧མཐེབ་༡༨ཆུང་དང་། །ལོང་ལ་མཛུབ་༡༩མོ་དེ་རྣམས་གཏར་ཞིང་བསྲེགས། །ཁྱད་པར་སྙིང་ལ་ཚིགས་པ་བདུན་༡པ་དང་། །དེ་བཞིན་གློ་བར་བཞི་༢དང་མཆིན་པར་དགུ་༣། །མཚེར་པར་བཅུ་གཅིག་༤མཁལ་མར་བཅུ་བཞི་པ་༥། །མཁྲིས་པར་བཅུ་༦པ་ཕོ་བར་བཅུ་གཉིས་༧པ། །བསམ་སེར་བཅུ་སྐུ་གསུམ་༨ལོང་ལ་བཅུ་དྲུག་༩སྟེ། །རྒྱུ་མར་བཅུ་བདུན་༡༠ཝང་པར་བཅོ་༡༡བརྒྱད་པ། །རང་རང་གསང་ཡིན་ཚད་དང་བསྟུན་ལ་བསྲེགས། །རྐང་པ་བཤལ་ན་ཚིག་པ་བཅུ་བཞི་༡པ། །གཡས་གཡོན་


JKT017_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ནག་༢གཉིས་དང་ན་གུ་གཉིས། །དཔྱི་མིག་༦པུས་ཚིགས་༧ཕྱི་ནང་རྐང་མཐིལ་བསྲེགས། །ལག་པར་སྒྲོག་༡རུས་༢གཤོང་དང་འཇའ་༤བྱེད་གཉིས། །དཔུང་ཚིགས་༦ཕྱི་ནང་རཏྣ་རལག་མཐིལ་༡༠བསྲེགས། །རླུང་ཤས་ཆེ་ན་དང་པོ་ཁ་གསུམ་གདབ། །མདོར་ན་ནད་མིག་གར་ཡོད་སྤུ་བས་བསྲེགས། །ཡང་ན་རྒྱ་ནག་འཕྲུལ་གྱི་མེ་བཙལ་ནི། །ཤུག་པའི་བྱང་བུར་རཾ་ཡིག་བཞི་ལྟག་སྤྲད། །བྲིས་ལ་དར་དམར་སྟེང་བཀབ་ནད་མིག་སྟེང་། །བཞག་པའི་རཾ་དཀྱིལ་དར་ཐོག་སྤུ་མེས་བསྲེགས། །དུ་བ་མ་ཆད་བར་དུ་སྔགས་ཨ་ན་ཡ། འདི་གདབ། །དེ་ཡི་རྩ་འབྲུམ་རྩ་དཀར་རིགས་ཀུན་འཇོམས། །རྒྱ་གར་མེ་བཙའ་ཉི་མས་བསྲེགས་པ་ནི། །ནད་དམིགས་སྟེང་དུ་ཤོག་དམར་དར་དམར་བཀབ། །དེ་སྟེང་ཤུག་དམར་བྱང་བུ་ཤོག་བུ་ཙམ། །ཚ་བ་གསུམ་གྱི་ཆུ་ལ་ཞག་གཅིག་སྦངས། །སྐམ་ནས་མཚལ་གྱིས་རཾ་བརྒྱད་མགོ་རུབ་བྲི། །སྔགས་ཨོཾ་ཨ་ན་ལར་ཀ་ཛ་རཾ། འདི་ཉེར་གཅིག་བགྲང་ལ་ཕུ་ཡིས་བཏབ། །སྔ་དྲོའི་དུས་སུ་ཤར་བལྟས་ཤེལ་གྱི་མེ། །ཉི་མའི་དཀྱིལ་འཁོར་བསམ་ལ་དེ་འོད་། ཀྱི། གདོན་བགེགས་ནད་ཀུན་ལྷག་མེད་བསྲེག་པར་བསམས། །སརྦ་རོ་ག་ད་ཧ་ན་རཾ། སརྦ་གྲ་ཧ་ན་ད་ཧ་ན་རཾ། གཟའ་ནད་ཆུ་སེར་རྩ་ནད་ཀུན་ལ་ཕན། །རྟེན་འབྲེལ་མེ་བཙའ་རང་ཉིད་ལྷ་མོའི་སྐུ། །


JKT017_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གསལ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཡོ། །ཕྱག་གཡས་མེ་ཡི་ཞགས་པ་གཡོན་པ་ཡི། །སྡིགས་མཛུབ་མཛད་པས་ནད་གདོན་ཚར་བཅད་བསྒོམ། །ནད་དམིགས་སྟེང་དུ་དར་དམར་ཆུང་ངུ་དང་། །དེ་སྟེང་ཤོག་དམར་ཤུག་པའི་འཁོར་ལོ་རྣམས། །རིམ་བཞིན་བརྩེགས་མར་དཔེ་འུ་རིས་ལྟར་འབྲི། ཨབྷཱུཏུཾ། སྤུ་མེའམ་ནི་ཤེལ་གྱི་མེ་འོད་ཀྱིས། །བསྲེགས་བྱས་སྔགས་ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུཾ། འདི་ཉི་ཤུ་རྩ་གཅིག་བཟླས། །ཧ་ཧ་ཞེས་པའི་སྒྲ་དང་བཅས་ཏེ་སྦར། །དེ་ཚེ་མཁའ་མཐས་གཏུགས་པའི་འགྲོ་ཀུན་དང་། །ཁྱད་པར་ནད་པ་དེ་ཡི་ནད་གདོན་ཀུན། །ནད་དམིགས་དེར་ཐིམ་ཊཱཀྐི་ཡེ་ཤེས་མེས། །དུག་གསུམ་རྒྱུ་དང་བཅས་པ་བསྲེགས་པར་བསམ། །དེ་ནས་མི་ལྡོག་ཕྱིར་དུ་སྔགས་ཨོཾ་ཧ་ཀྵ་མ་ལ་ཝ་ར་ཡཾ་སྭཱ་ཧཱ། འདི་ཉིད། །ཉེར་གཅིག་བཟླས་མཐར་བྱུང་ཚོར་སྤྲོས་པ་ཡིས། །མ་བཅིངས་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཀློང་། །བསམ་གཞག་བྲལ་བའི་ངང་ནས་ཅི་བདེར་བཞག །གར་མིག་འབྲས་མ་གཏོགས་ཡང་བཏབ་རུང་རྒྱས་ཚད་མ་གཏོགས་པའི། །ནད་རྣམས་ཀུན་འཇོམས་ཁྱད་པར་གདོན་ལ་བསྔགས། །གཞན་ཡང་ཆུ་དང་རྭ་དང་རིན་པོ་ཆེ། །རྡོ་ཡི་མེ་བཙའ་ལ་སོགས་སྐབས་བསྟུན་སྦྱར། །ཁྲག་ཤས་ཆེ་ན་གང་ཉེའི་རྩ་ལ་གཏར། །ཁྱད་པར་ཟབ་མོའི་སྔགས་ཀྱི་བཅོས་


JKT017_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། རྩ་དཀར་ཀྲ་ག་སོད། དམར་ཀྲ་སོད། དམར་ཤིག་ཤིག་སོད། །ཅེས་བཟླས་མདའ་འཕང་གོ་ལྡོག་མནན་པས་སེལ། །ཡང་ན་རྒྱ་ཤོག་གཙང་མར་རྒྱ་སྣག་གིས། །སྔགས་སི་ཏི་མཱ་ར་ཡ་ཕཊ༔ འདི་བྲིས་ནས་ལྟོ་སྟོང་དུས་སུ་བཏང་། །ཀུན་གྱི་སེལ་དཀའ་དངུལ་ཆུ་བྱང་བ་དང་། །རྒྱ་ཚ་ཆ་མཉམ་དུར་བྱིད་རེ་རལ་པ། །གུར་གུམ་མ་གི་ཤུག་ཚེར་དེ་ཡི་སྟེང་། ཤིང་མངར་ཉ་ཕྱིས་དྲི་ཆུས་རིལ་བུར་དྲིལ། །རྩ་སྦྱོངས་ལག་འདི་ཡི་ལག་ལེན་བུ་ཡིག་ལས་གསལ་ལེན་ཚུལ་བཞིན་བཏང་བ་གཅེས། ཁ་ཟས་བསིལ་དང་ཡང་བའི་རིགས་རྣམས་སྤངས། །དྲོད་བཅུད་ལྡན་པ་བསྟེན་ཞིང་ཁྱད་པར་དུ། །ཚ་བ་བྲི་ནས་སྦྲང་ཆང་སྦྱར་བ་འམ། །གར་ཆང་བུ་རམ་བཏབ་བཏང་མཆོག་ཏུ་ཤིས། །སྐེམ་པོ་རྒྱས་ཕྱིར་བཅུད་ལྡན་སྨན་མར་བཟའ། །སྤྱོད་ལམ་མི་ཐེག་ཁུར་སོགས་དྲག་ཤུལ་ལས། །རོལ་སིལ་ཆུ་ཀླུང་སྒྲ་དང་བརླན་སྟེང་ཉལ། །ལྟོ་དང་གཉིད་ཆག་ཁྱད་པར་སློང་རྐྱེན་སྤངས། །ཤིན་ཏུ་དྲོ་ཞིང་ཡིད་མཐུན་དབེན་པ་རུ། །ལུས་ངག་ཡིད་གསུམ་མ་འཁྲུགས་དལ་བར་འདུག །མདོར་ན་རླུང་ལྡན་བཅུད་བསྟེན་མེ་ཚུགས་བྱ། །མཁྲིས་པར་རྩ་དང་ལྟོ་ནས་སྦྱངས་བྱ་ཞིང་། །བད་ཀན་རང་བྱུང་བཅོས་མའི་ཆུ་ཚན་ཞུགས། །འདུས་པའི་ནད་ལ་དེ་ཀུན་འདྲེས་པར་བཅོས། །ཁྱད་པར་མ་ནོར་ངོས་ཟིན་བརྟགས་པའི་ཚུལ། །


JKT017_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གཅེས་ཕྱིར་ཡོན་ཏན་རྒྱུད་ལས་ཀྱང་། །གང་ཞིག་རྩ་དཀར་ནད་ཚུལ་མི་ཤེས་པར། །གཟའ་ཕོག་ཟེར་བའི་སྨན་པ་བླུན་པོ་སྟེ། །ཞེས་དང་དེ་བཞིན་ཚུལ་འདིར་གོམས་བྱས་ནས། །ནད་གཞན་ཕལ་གྱི་བཅོས་ཚུལ་རྟོགས་འགྱུར་ཕྱིར། །ཐབས་འདི་རྨ་རྣམས་ཀུན་གྱི་ལོག་གནོན་དང་། །རིམས་དུག་བརླ་གཉན་ནད་ཀྱི་མདེ་ཁ་ཡིན། །ཞེས་གསུངས་དེ་ཕྱིར་ཞིབ་མོའི་བློ་ཡིས་སྤྱོད། །ཚུལ་འདིར་ཚད་མེད་སྙིང་རྗེའི་གདོང་པ་བཞིར། །ལུང་རྟོགས་འདྲེན་བྱེད་བརྒྱད་ཀྱི་འཇོ་སྒེག་ཅན། །གང་གི་བཀའ་སྩལ་ཨུཏྤལ་གཞོན་ནུའི་ཆུན། །གྲུབ་པར་མཛོད་ཅེས་རྣ་བའི་རྒྱན་དུ་བྱིན། །དེ་ཕྱིར་རྒྱུད་དང་མན་ངག་ཆུ་གཏེར་ལས། །ལེགས་འོངས་ཕན་བདེ་ནོར་བུའི་འཁྲི་ཤིང་མཆོག །གཞན་ཕན་བརྩོན་པའི་ཤིང་རྟས་ཉེར་དྲངས་ཏེ། །ངོ་མཚར་པདྨ་གསར་པའི་ཕྲེང་བར་སྤེལ། །སླར་ཡང་དེ་ལས་བྱུང་བའི་རྣམ་དཀར་དགེ །ཕུན་ཚོགས་དོན་གཉིས་སྤྲིན་གྱི་རོལ་མོ་ཡིས། །འགྲོ་ཀུན་རྣམ་འགྱུར་གདུང་བ་ཡོངས་བསལ་ཏེ། །ཐར་པ་མཆོག་གི་དགའ་ཚལ་འཕེལ་གྱུར་ཅིག །ཅེས་རྩ་དཀར་གྱིས་བཅོས་ཚུལ་དོན་ཚང་སྙིང་པོར་དྲིལ་བ་ཕན་བདེའི་ཕྲེང་བ་ཞེས་བྱ་བ་འདི་ནི་དཔལ་ལྡན་བླ་མ་དམ་པ་ཆོས་ཉིད་མཚན་ཅན་གྱིས་ལྷ་རྫས་རེག་བྱ་དང་བཅས་ཏེ་བཀའ་སྩལ་གྱིས་ཡང་ཡང་བསྐུལ་བ་ལྟར་


JKT017_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྨོངས་པ་འཇིགས་མེད་མཁྱེན་བརྩེའི་མྱུ་གུས་མྱུར་དུ་སྦྱར་བ་སརྦ་ས་མནྟ་མངྒ་ལཾ།། །།

འབྱུང་གདོན་གྱི་བཅོས་ཚུལ་རྡོ་རྗེའི་ཟེག་མ།


JKT017_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

༈ འབྱུང་གདོན་གྱི་བཅོས་ཚུལ་རྡོ་རྗེའི་ཟེག་མ་ཞེས་བྱ་བ་བཞུགས་སོ། །ན་མ་བཛྲ་པཱ་ཎི་ཡེ། །རྒྱལ་ཀུན་ཐུགས་ཀྱི་ཐིག་ལེའི་ལང་ཚོ་ནི། །བདེ་ཆེན་སྙིང་རྗེའི་དཔྱིད་དང་རོ་གཅིག་པས། ཁ་སྦྱོར་ཡན་ལག་བདུན་གྱི་མཚན་དཔེ་ཅན། །གསང་བ་འཛིན་པའི་བདག་ཉིད་སྙིང་དབུས་རོལ། །ཆེས་ཆེར་སྙིགས་༧ མར་གྱུར་པའི་དུས་འདི་རུ། །མི་བཟད་འབྱུང་པོའི་ཁ་རླངས་གཡོས་པ་ཡིས། །ལུས་ཅན་སྒོ་གསུམ་ལ་འཁྱུད་སྡུག་བསྔལ་ཁུར། །དབུགས་འབྱིན་འབབ་སྟེགས་གསར་པ་དེང་འདིར་སྦྱིན། །དེ་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། །རྒྱུ་རྐྱེན་མི་དགེའི་ལས་ལ་བག་མེད་སྤྱོད། །གྲོགས་མེད་གདོན་ཅན་གནས་སུ་གཅིག་པུར་བསྡད། །ནུས་མེད་བཞིན་ཏུ་འབྱུང་པོར་མཐོ་མཚམས་དང་། །མཆོད་༧འོས་ཆགས་དང་ལུས་ངག་ཡིད་མཚམསཾ་འདས། །མྱ་ངན་དྲག་པོས་གདུང་སོགས་རྐྱེན་ལས་འབྱུང་། །དབྱེ་བ་ལྷ་ཀླུ་ལྷ་མིན་དྲི་ཟ་དང་། །གནོད་སྦྱིན་ཚངས་པ་སྲིན་པོ་ཤ་ཟ་དང་། །ཡི་དྭགས་གྲུལ་བུམ་བྱད་སྟེམས་གཡེངས་བྱེད་དང་། །རོ་ལངས་མཚུན་ལྷ་བླ་མ་དྲང་སྲོང་རྒན། །གྲུབ་པ་ཞེས་བྱའི་གདོན་ཆེན་བཅོ་བརྒྱད་དུ། །གསུངས་ཀྱང་ལྔ་བརྒྱ་ཐ་མའི་དུས་འདི་རུ། །ཕལ་ཆེར་རྒྱལ་འགོང་


JKT017_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དམ་སྲི་བཙན་གྱི་བོས། །གནོད་པ་མང་ཕྱིར་དེ་ཡི་གཉེན་པོ་གཅེས། །མངོན་རྟགས་སྤྱི་རུ་ལུས་ངག་ཡིད་ཀྱི་ལས། །སྔར་ལས་འགྱུར་ཞིང་སེམས་འཕྱོ་སྙིང་མི་དགའ། །འགའ་ཞིག་འཇིགས་སྐྲག་དངངས་དང་ཤེས་པ་འཁྲུལ། །ཚབས་ཆེ་དབང་མེད་རང་སྲོག་གཅོད་པ་ཡོད། །བྱེ་བྲག་མཚན་ཉིད་སྒོ་གསུམ་སྤྱོད་ཡུལ་ཀུན། །གང་གིས་འཚེ་ལྷ་གདོན་སཾ་སྐྲྀ་ཏ་ཡི་སྐད་སྨྲ་བྱ་ཞིང་བྱད་སྔར་བས་མཛེས་བ་དང་། གཙང་སྦྲ་ཆེ་བ་སོགས་ཐ་དད་དོ། །བ་དེ་ཡི་རྗེས་སུ་འགྲོ། །དེ་དག་དང་པོ་མི་འབྱུང་སྲང་བ་དང་། །བར་དུ་བཅོས་ཐབས་ཐ་མ་རྗེས་གཅོད་དོ། །དང་པོ་ཚད་མེད་སྙིང་རྗེས་རྒྱད་བརླན་ཞིང་། །སྒོ་གསུམ་ལྷ་སྔགས་ཆོས་སྐུར་རོ་གཅིག་ན། །མི་ཤིགས་སྲུང་བ་ཀུན་གྱི་མཆོག་ཏུ་འགྱུར། །འོན་ཀྱང་རྫས་ཀྱི་སྲུང་བ་ག་བུར་དང་། །བཟང་དྲུག་གླ་རྩི་ཤིང་ཀུན་ཤུ་དག་ནག །གུ་གུལ་ལ་སོགས་དྲི་ལྡན་སྨན་སྣ་དང་། །བ་བླ་ལྡོང་རོས་མུ་ཟི་བྱ་རྒོད་སྤོས། །ས་རྡོ་སྔོ་སྨན་དྲི་ཅན་ཐམས་ཅད་དང་། །བསེ་དྲི་ཅན་དང་བཤུལ་ཆགས་ཤ་རྣམས་དང་། །བྱ་གཅན་ར་ལུག་ལ་སོགས་སེམས་ཅན་གྱི། །སྤུ་བྲུན་ཆུ་དང་སེན་མོ་མཁྲིས་པ་དང་། །སྦལ་སྦྲུལ་ཉ་དང་ལྕོང་མོ་ལ་སོགས་ཤ། །འབྲུ་སྣ་དུག་སྣ་ཁྲག་སྣ་ཀུན་བསགས་ལ། །ཞིབ་ཏུ་བཏགས་ལ་རིལ་བུར་དྲིལ་བྱས་ཏེ། །དུ་བས་བདུག་དང་ཁུ་བ་བཀུ་བ་དང་།


JKT017_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་བཏང་བས་འབྱུང་པོའི་གདོན་ཀུན་འབྱེར། །སྟེང་གདོན་འོག་གདོན་ཀུན་དང་རིམས་རྣམས་ཐུབ། རྒྱུད་ལས་བྱུང་། ཡང་ན་མུ་ཟི་གུ་གུལ་གླ་རྩི་ནག །སྨན་ཆེན་མཁན་དམར་སྤུ་བའི་རྩ་བ་དང་། །ཤིང་ཀུན་སྒོག་གཅིག་སྤྱང་ཚེར་ཁྲག་སྣ་གསུམ། །སྤྱང་དུག་ཐལ་ཆེན་ཡུངས་ཀར་རྨ་བྱའི་མདོངས། །ཉུངས་ནག་སྐྱེ་ཚེ་གཅན་གཟན་མཆེ་སྡེར་དང་། །ཤ་གསུམ་རྭ་གཉིས་དྲི་ཆུས་རིལ་བུ་དྲིལ། །དབང་ཆེན་འབར་བའི་སྔགས་ཀྱིས་ངར་བཏབ་སྟེ། །བཟའ་བྱུགས་བདུག་དང་འཆང་བས་གདོན་ཚོགས་ཀུན། །བསྲུང་ཞིང་འཇོམས་བྱེད་རྡོ་རྗེ་ཅན་དང་མཚུངས། །གཞན་ཡང་ནག་པོ་དགུ་ཡི་སྦྱོར་བ་ཉིད། །ལྷ་སྔགས་གནད་དང་ལྡན་ན་ངེས་པར་ཐུབ། །ཁྱད་པར་གྲོ་ག་ཤོག་བུ་གང་རུང་ལ། །གསེར་གྱི་རྡོ་རྗེ་རྒྱ་གྲམ་ལྟེ་བ་རུ། །ཉི་ཟླའི་དཀྱིལ་འཁོར་དབུས་སུ་ཧཱུྃཡིག་མཐར། །མུ་ཁྱུད་ཟླུམ་པོ་རིམ་བཞིན་བསྐོར་བའི་ནང་། །གཟུངས་སྔགས་ཨོཾ་གུ་རུ་བཻཌཱུརྱ་ས་མུངྒ་ཏེ་སྭཱ་ཧཱ། འཆང་བ་པོ་ལ་ནད་གདོན་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ༔ སྤེལ་ཚིག་བཅས་པ་གཡས་བསྐོར་དང་། དབྱངས་གསལ་རྟེན་སྙིང་རྡོ་རྭ་མེ་རི་བྲི། །ཁྱུང་ལྔ་རྡོ་རྗེ་གསུམ་དང་བཟང་པོ་དྲུག །གུ་གུལ་ག་བུར་ཤིང་ཀུན་བ་བླ་བྱུག །བྱིན་བརླབས་རྟེན་འབྲེལ་སྙིང་པོས་རབ་གནས་བྱ། །མི་ལག་མི་བརྒྱུད་མགུལ་དུ་གདགས་པ་ཡིས། །ནད་རིགས་ཀུན་


JKT017_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་རུང་འབྱུང་པོའི་གདོན། །སྲུང་བྱེད་གནམ་ལྕགས་རྡོ་རྗེའི་གོ་ཁྲབ་ཡིན། །གང་ཞིག་ནད་གདོན་སྲུངས་སོགས་དགོས་དོན་དམིགས་བསལ་ཡོད་ན་དེ་དག་བྲི། གཞན་ཡང་ཙཀྲ་ཟ་ཡིག་ལ་སོགས་པ། །མན་ངག་ཟབ་མོ་གཞན་ལྟར་རིག་པས་འཕྲུལ། །བར་དུ་བཅོས་ཐབས་སྨན་སྔགས་ཟས་སྤྱོད་བཞི། །ཐོག་མར་བྱཱ་ཀྲི་སྤང་སྤོས་ཤུ་དག་ནག །རྨ་བྱའི་སྒྲོ་དང་སྦྲུལ་ལྤགས་བྱི་ལའི་བྲུན། །སྲན་ཕུབ་ཆ་མཉམ་སྦྱར་བའི་དུ་བས་བདུག །ཡང་ན་བཙན་དུག་ཐལ་ཆེན་དྲི་ལྡན་གཉིས། །སྤུ་ནག་བྱི་ཀུ་མུ་ཟི་ཀཱ་ལ་དང་། །ལྡོག་དུག་སྦྱར་བའི་ཕྱེ་མ་ལོ་བརྒྱད་ཆུས། །རིལ་བུར་དྲིལ་བ་བྱིན་ཟས་འཁྱུད་པ་ལས། སྟེང་འོག་གྲིབ་གདོན་འབྱུང་པོ་མྱུར་དུ་འབྱེར། །ག་བུར་གླ་རྩི་ཤིང་ཀུན་ཤུ་དག་ནག །མུ་ཟི་སྒོག་སྐྱ་མཁན་པ་སྤུ་བ་ནག །མི་ཤ་རྒོད་སྤོས་རྟ་བོང་བྱི་ལའི་བྲུན། །ཨར་ནག་པདྨའི་མེ་ཏོག་བུངས་ཆེར་བསྐྱེད། །ཞིབ་བཏགས་ལོ་བརྒྱད་ཨེ་ཀྲོས་རིལ་བུ་དྲིལ། །ཁོང་དུ་བཏང་དང་བདུག་པས་ནད་གདོན་འཇོམས། །ཁྱད་པར་ནུས་ལྡན་རྣམ་སྣང་མ་གི་ཏ། །བྲུན་གཉིས་ཚིལ་ཆེན་གུ་གུལ་འོ་མ་འཛིན། །ཆུ་རྩ་སྟག་ཤ་གཞོབ་གཉིས་ནག་པོ་གསུམ། །རྒྱ་ཚྭ་ཤིང་ཀུན་རེ་ལྕག་རྩ་བ་བཅས། །ཞིབ་བཏགས་རྫས་ཆེན་བཅོ་བརྒྱད་སྦྱོར་བ་སྟེ། །ཕྱི་ནས་བྱུག་བདུག་དྲི་ཆུས་ཁོང་དུ་ཕུལ། །གསོ་དང་སྲུང་དང་


JKT017_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མི་ལྡོག་བའི་མཆོག །གཞན་ཡང་ཨ་གར་ནག་པོ་ཤིང་ཀུན་དང་། །སྙིང་ཞོ་བཟང་དྲུག་ཙན་དན་དཀར་དམར་གཉིས། །སྒྲོན་ཤིང་གླ་སྒང་ནཱ་ག་གེ་སར་དང་། །ཨུཏྤལ་སྒ་སྐྱ་ཤུ་དག་བོང་ང་དམར། །སྤང་སྤོས་རུ་རྟ་བྲེ་ག་བོང་དཀར་དང་། །བདུད་རྩི་ཆོས་སྨན་བུར་སྨུག་རིལ་བུར་དྲིལ། །དགོངས་དང་ཐོ་རངས་མྱོས་བྱེད་ཁུ་བས་ཕུལ། །མཆོག་ཏུ་ཟབ་པ་པཉྩ་པཀྵའི་སྟེང་། །བཟང་དྲུག་གེ་སར་སྙི་ཞོ་ཁ་རུ་ཚྭ། །ཨར་ནག་ཡུངས་ཀར་ཐལ་ཆེན་ཟི་ར་གཉིས། །ཤ་ཁྲག་ཙིཏྟ་མིང་ཅན་དྲི་ལྡན་གསུམ། །དམར་གསུམ་གསང་སྨན་ཁ་བསྒྱུར་ཐ་དད་ཅན། །ལོ་བརྒྱད་མི་བསྐྱོད་པ་ཡི་རིལ་བུར་དྲིལ། །ལག་ལེན་མན་ངག་གནད་དང་ལྡན་པ་ན། །ས་སྟེང་འདི་ཡི་གྲིབ་གདོན་འབྱུང་པོའི་རིགས། །སྦྱོར་བ་འདི་ཡིས་མི་སེལ་ག་ལ་སྲིད། །དེ་ཕྱིར་མཆོག་ཏུ་གསང་བའི་མན་ངག་གོ །གཞན་ཡང་བསམ་འཕེལ་སྦྱོར་བ་ཆེ་ཆུང་དང་། །ཨ་གར་ཉི་ཤུ་ལ་སོགས་སྐབས་བསྟུན་སྦྱར། །ཙན་དན་གུརྒུམ་སུག་སྨེལ་འབྲས་བུ་གསུམ། །གྷནྡཱ་པ་ཏྲ་དུག་ཉུང་སྤུ་ཤེལ་རྩེ། །ཡུངས་ཀར་རྒྱ་ཚ་ཤུག་པ་པྲི་ཡང་ཀུ། །དབྱི་མོང་རུ་རྟ་ཧོང་ལེན་བོང་ང་དཀར། །སྤང་མ་ལྡོང་རོས་གཅིན་དྲུག་མར་རྙིང་ལ། སྦྱར་བ་ཁུས་འདེབས་སྨན་མར་ཞེས་བྱ་སྟེ། །བཟའ་བྱུག་སྣར་བླུགས་གདོན་ལས་མྱུར་དུ་གྲོལ། །གུ་གུལ་


JKT017_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུ་ནག་བ་བླ་སྤྱང་བྲུན་དང་། །ཚིལ་ཆེན་ཤ་ཆེན་རྭ་གཞོབ་ཤུ་དག་ནག །རྨ་བྱའི་ཁྲག་བཅས་ནུས་ལྡན་མི་བསྐྱོད་པས། །རིལ་བུར་དྲིལ་ཞིང་ཕག་ཚིལ་སྦྱར་བ་བྱུག །འབྱུང་པོ་སྤྱི་དང་སྟེང་འོག་གདོན་ཀུན་འཇོམས། །སྔགས་ཀྱིས་བཅོས་པ་སྤྱི་དང་བྱེ་བྲག་གཉིས། །དང་པོ་རྒྱ་ཤོག་གཙང་མར་རྒྱ་སྣག་གིས། །ཡིག་འབྲུ་ཀླུ་འདི་བྲིས་ལྟོ་སྟོང་བཏང་བ་ཡིས། །གདོན་རིགས་ཐམས་ཅད་ཞི་ཞིང་རླག་པར་བྱེད། །ཡང་ན་སྔོགས་བྷཝནཝདྷནཾ་ཀུདྷནཙཡཐདྷན༔ འདི་དག་པར་བྲིས་པ་ལ། །ཐ་དད་རྫས་ཀྱིས་བྱུག་སྟེ་དུས་སུ་བཟའ། །ཚེ་རིང་སྡེ་བརྒྱད་འབྱུང་པོ་གསོ་དང་བསྲུང་། །གཞན་ཡང་ཡིག་རྒོད་འདི་ཉིད་ལཉྫ་བྲིས་པའམ། །ཟ་ཡིག་འདི་སྒྱུ། ལྷོ། གཉིས་གང་རུང་སྲོད་འཁོར་དུས། །བསྟེན་པས་སྡེ་བརྒྱད་འབྱུང་པོའི་གདོན་ཀུན་འཇོམས། །བྱེ་བྲག་རྒྱལ་འགོང་གནོད་པར་གསང་སྔགས་བྷགཔཎཤགཔཎགུགཔཎ་ལ་འདི། །ལེགས་པར་བྲིསཝཾ ཏེ་གཤམ་ནས་དྲིལ་ལ་བཏང་། །དེ་བཞིན་རྒྱ་ཤོག་གཙང་མར་རྒྱ་སྣག་གིས། །འདི་བྲིས་གཤམ་དྲིལ་ཟོས་པས་བཙན་གནོད་ཐུབ། །ཡང་ན་ཡིག་རྒོད་པཎ། འདི་མེད་གང་དང་མཚུངས། །གྲེ་བོར་འདི་ཉིད་བྲིས་ཨོ་ཕྲ་མོ་མཱ་ར་ཡ་ཕཊ། ཏེ་ཟོས་པས་ཞི། །གྲེ་མོར་སྔགས་འབྲུ་འདི་གསུམ། ཉྨྙོ། བྲིས་ཏེ་ཟ། །ཀུན་ལ་ལྷ་བསྐྱེད་སྔགས་རྟ་མགྲིན་སོགས་རང་རང་


JKT017_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ། བཟླས་རབ་གནས་བྱ། །གཞན་ཡང་རང་རང་བསྲུང་དང་གསོ་བའི་ཚོགས། །དཔག་ཏུ་མེད་ཕྱིར་དེ་དག་གཞན་ནས་གསལ། བླ་མ་དགོངས་པ་འདུས་པའི་ལས་བྱང་གིས་ཡན་ལག་སོགས་ལས་མང་དུ་འབྱུང་ངོ་། །མཆོད་སྦྱིན་ལ་སོགས་བསོད་ནམས་བསགས་པ་དང་། །བསྐྲད་གཟིར་བསྲེག་མནན་ལ་སོགས་དྲག་པོ་དང་། །མདོས་གཏོར་སྦྱིན་སོགས་ཞི་བའི་ཆོ་ག་བཏང་། །ཀུན་གྱིས་སེལ་དཀའ་པདྨེ་དམར་ཁྲ་ནི། །ཉེར་གཅིག་ནག་པོ་གསུམ་དང་རྒྱ་ཚྭ་རྣམས། །ལུག་རིལ་ཙམ་དང་སྡིག་སྲིན་མཚལ་དཀར་དང་། །ཉི་དགའི་འབྲས་བུ་ཧ་ཤིག་ཐུན་རེ་མཉམ། །དུར་བྱིད་མཐེབ་ཙམ་དན་རོག་རྡོག་པོ་ལྔ། །ཨ་རུ་མཆུ་སྨྱུང་བཅུ་དགུ་ཐར་ནུ་ཡི། ཁཎྜ་མཐེབ་ཙམ་རེ་ལྕག་དེ་དང་མཚུངས། །ཆུ་རྩ་ཞོ་གཅིག་སྒ་ཏིག་ཁྱོར་བ་གང་། །ལྕམ་དཀར་རྩ་བ་མཐེབ་ཚིག་ཙམ་པ་གཉིས། །དེ་རྣམས་ཞིབ་བཏགས་ནུས་ལྡན་ཨེ་ཀྲོ་ཡིས། །ཁཎྜར་ལེགས་བསྡུས་དེ་སྟེང་ཨར་ནག་དང་། །ཆུ་སེར་སྨན་གསུམ་སྤུ་བ་ཤུ་དག་ནག །རྟ་བོན་མུ་ཟི་སྡོམ་སྡིག་སྦྱར་བ་ནག །སྦལ་ཉའི་ཤ་དང་དངུལ་ཆུ་ཁྲག་སྣ་ལྔ། །སྒོག་གཅིག་ཤིང་ཀུན་རུ་རྟ་གླ་བའི་རྩི། །གསེར་མདོག་ཆོས་སྨན་བྱ་མོ་ཁྱི་སྤྱང་དང་། །ཕག་བྲུན་རུས་སྦལ་པིར་ཤ་གཟའ་དུག་པ། །ཀླུ་བདུད་ཉ་ཁྲབ་སྟག་ཤ་རྒྱ་ཚིལ་དང་། །གཞོབ་ལྔ་རྨོངས་ཁའི་སྤྲེ་


JKT017_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ནལ་བུ་དང་། །སྲེ་མོང་བྱ་རྒོད་པུ་ཤུད་སྐྱེ་བདུན་ནམ། །གྲུབ་པ་ཐོབ་པའི་གདུང་རྣམས་རྩི་བཞིན་བཏགས། །ཆང་ཞིམ་དག་གིས་རིལ་བུ་སྲན་སྦོས་ཙམ། །རབ་གནས་སྔགས་ཀྱིས་ངར་བཏབ་དགོངས་དུས་སུ། །གཡེར་ལྕམ་ཐང་གིས་རྩ་ཁ་དབྱེ་བྱས་ཏེ། །ཐོ་རངས་ལྔ་བདུན་དགུ་སོགས་སྟོབས་སྦྱར་བཏང་། །སྔོན་དངོས་ལས་ལྔ་སྤྱི་དང་མཐུན་པར་སྤྱད། །དེ་ཡིས་གདོན་བྱེར་བགེགས་འདུལ་ནད་ཀུན་བཅོམ། ཁ་ཟས་བསིལ་དང་རྩུབ་པའི་རིགས་རྣམས་དང་། ཁྱད་པར་གྲིབ་གདོན་བསྐྱེད་པའི་ཟས་ཀུན་གདོན་ཅན་གྱི་ས་ནས་ཁྱེར་བའི་ཤ་ཆང་སོགས་སྤངས། །ཡང་ཤིང་འཇུ་སླ་དྲོད་བཅུད་ལྡན་པ་བསྟེན། །ཞུན་མར་བཟའ་དང་བྱུག་ཅིང་རླུང་གསང་མཉེ། །སྤྱོད་ལམ་གྲོགས་མེད་ཉམས་ངར་སྡོད་པ་དང་། །སྨྲ་མང་མྱ་ངན་འཇིགས་སྔངས་འུར་ཟིངས་སྒྲ། །ཁྱད་པར་སློང་རྐྱེན་གང་ཡིན་རྟག་ཏུ་བསྡམས། །དབེན་ཞིང་ཉམས་དགའ་མི་མཐུན་བྲལ་བའི་སར། །ཡིད་འོང་གྲོགས་བསྟེན་སྙན་པའི་ཚིག་གིས་བྲིད། །རིགས་སྔགས་སྤྱི་དང་རྨ་བྱ་ཆེན་མོ་སོགས། །ཁྱད་པར་གདོན་གང་ཡིན་པའི་གཉེན་པོ་བཟླ། །དེ་ཡི་མི་བཟད་གདུག་པའི་གདོན་ལས་གྲོལ། །རྗེས་གཅོད་མཚོག་གསང་སྡུད་སྒོ་དྲུག་བདུན་དང་། །དཀར་ནག་མཚམས་རྣམས་བསྲེགས་ཅིང་ཙཀྲ་གདགས། །གཞན་


JKT017_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཨ་ཝ་དྷཱུ་ཏཱིའི་འོག་རོལ་གྱི། །ཡིད་ཀྱི་རྩ་ལ་གདོན་ཞུགས་ལམ་བཀག་པས། །རྣམ་ཤེས་སྨྱོ་བྱེད་ནད་འབྱུང་དེ་ཉིད་ལས། །ཐོག་མར་བདུད་རྩི་ལྔ་དང་ཏིལ་མར་གྱིས། །བཀུ་མཉེ་བྱ་ཞིང་བཙན་དུག་སྨན་མར་རམ། སྙིང་འཕྱོའི་སྐབས་སུ་བཤད་པའི། འབྲས་གསུམ་མར་སྟེང་ཞོ་ཤ་རྒོད་སྤོས་དང་། །རི་བོང་ཙིཏྟ་ཁ་ཚར་གདབ་པ་བཟའ། །ཁྱུང་སྟེང་ཛཱ་གུལ་ཤིང་ཀུན་ཨ་གར་ནག །སྤོས་དཀར་རི་སྙིང་སྦྱར་བའི་རིལ་བུ་བསྟེན། །ཟས་སྤྱོད་རྗེས་གཅོད་གོང་དང་རིག་པས་འཁྲུལ། །བྱེ་བྲག་རླུང་གྱུར་ཨ་གར་སྦྱོར་བ་བསྟེན། །ཨན་སྟོང་དཀར་ནག་མཚམས་བསྲེགས་མཁྲིས་ཤས་ཆེ། །སྙིང་རྩ་གཏར་ཞིང་ཏིག་ཏའི་སྨན་མར་སྦྱར། །བད་གྱུར་སྐྱུག་བྱ་མེ་ཡིས་རང་གསང་བསྡམས། ཚིག་པ་གསུམ་པ་སོགས། འདུས་པར་དེ་ཀུན་ལྡན་པས་བཅོས་པར་བྱ། །མྱ་ངན་ལས་བྱུང་མཐུན་པས་ཡིད་གསོ་ཞིང་། །དུག་ལས་གྱུར་པ་དེ་ཡི་གསོ་དཔའ་བོ་སེར་པོ་བོང་ང་དཀར་དམར་རྩད་རེ་རལ་ཡུང་བ་རྣམས་དྲི་ཆུས་རིལ་བུ་སྦྱར་ཞེས་རྒྱུད་ལས་འབྱུང་། ཐབས་སྦྱར། །གདོན་གྱུར་བྱུག་བདུག་རིལ་བུ་སྔར་བཞིན་བསྟེན། འབྱུང་གདོན་སྐབས་སུ་བཤད་པ་ལྟར། །དེ་བཞིན་བརྗེད་བྱེད་སྙིང་འདར་མགོ་འཁོར་ཞིང་། །ནམ་ལངས་དུས་སུ་འགྱེལ་དང་ལྦུ་བ་སྐྱུག །རྐང་ལག་གཡབ་ཅིང་མུན་པར་ཞུགས་སྙམ་སེམས། །དེ་ལ་ནི་རུ་ཧ་དང་སྣ་བཤལ་


JKT017_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་། །འག་པ་བྱ་རོག་བྱ་རྒོད་གཟུགས་མོ་སྦྲུལ། །ཁྱི་སྤྲེ་རྟ་ཡི་ཆུ་སྒྲོ་བྲུན་དུད་བདུག །བ་སེར་མཁྲིས་ཁུ་སྦྱར་བའི་སྣ་སྨན་བླུགས། །ཤུ་དག་རུ་རྟ་མར་རྙིང་སྦྲང་སྦྱར་བྱིན། །འབོག་ཡུན་རིང་ན་སོར་མོ་ཉི་ཤུ་བསྲེགས། །དཔྱད་དང་རྗེས་གཅོད་གོང་བཞིན་རིགས་པས་འཁྲུལ། །གཞན་ཡང་འབོག་གྲབས་དུས་སུ་རྐང་མཐེབ་ཉིད། །སྐུད་པས་བཅིངས་ཏེ་བཟུང་བས་འབོག་འཕྲོ་བཅད། །ཚབས་ཆེ་ཙིཏྟ་རྣམ་གཉིས་ཆང་གིས་ཕུལ། །དེ་རྗེས་ཨ་གར་བརྒྱད་པའི་ཕྱེ་མ་བསྟེན། །ལྐུག་ན་གསང་བའི་སྨན་མཆོག་མིད་བས་འབྱེད། །གཞན་ཡང་ནད་གང་ཤས་ཆེའི་གཉེན་པོ་བསྟེན། །ཁྱད་པར་།ཟས་གོས་ལ་སོགས་འགོ་གྲིབ་རིགས། །བསྲུང་དང་གསོ་བའི་རིམ་པ་འདི་ལྟར་བྱ། །ཐོག་མར་གྲོ་ག་འམ་ནི་ཤོག་བུ་ལ། །མུ་ཁྱུད་རིམ་པ་ལྔ་ཡིས་བསྐོར་ཡཏོརཡ སཱཧཱ། འདི་ཚག་མེད་དབུ་ཅན་བྲི། །དེ་རྒྱབ་མུ་ཁྱུད་འདབ་བརྒྱད་སྔགས་ཨུཏམིཊཡཏོརཡཏོརཡ། མོན་ཊ་ཀྲོདྷཡ༔ ཨཀཊོཏཡཏོར། ཨབྷུཀྲོདྷཡ། ཨུཊཤཊཡ། ཨེལིངཨེཊཡ། ལམོནཊཡ། ཨསནིཔིསནནཏྲཡཏོརཡཏོརཡསྭཱཧཱ། འདི་བཀོད། །དེ་རྒྱབ་རིམ་པར་ཨ་ལི་ཀ་ལི་དང་། །རྟེན་འབྲེལ་སྙིང་པོ་མེ་རིའི་འཁོར་བར་འབྲི། །ག་བུར་བཟང་དྲུག་བྱུག་ཅིང་ལྟེ་བ་རུ། །ཟུར་ཡང་མ་ཉམས་ཆུ་ཤེལ་


JKT017_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་གཞུག །ཡེ་ཤེས་བསྐྱེད་ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་ཅིང་སྤྱན་དྲངས་རབ་ཏུ་གནས། །བྱ་རྒོད་སྡེར་མོ་གྲུམ་པའི་སྤུ་དང་ནི། །དར་དམར་གིས་དྲིལ་དྲོད་དང་མ་བྲལ་འཆང་། །འདིས་ནི་གྲིབ་གདོན་རིགས་ཀུན་ངེས་པར་ཐུབ། །རྟེན་འབྲེལ་རྫས་ཀྱི་སྒོ་ནས་གསོ་བ་ནི། །གཙོ་བོ་གསང་བའི་སྨན་ཅིག་ཐུན་ཅིག་ལ། །བཟང་དྲུག་ཙནྡན་དཀར་པོ་ཨ་གར་དང་། །གི་ཝཾ་སྤོས་གཉིས་ཟི་ར་གུ་གུལ་༧ གཉིས། །ཤུ་དག་དཀར་པོ་བཅས་ཏེ་ལེགས་སྦྱར་ཏེ། །བ་མར་འོ་མས་རིལ་བུ་དྲིལ་བ་ཉིད། །བཟའ་བྱུག་བདུག་པས་སྙིང་འཐིབ་བྱིང་རྨུག་སེལ། །གཞན་ཡང་དེང་དུས་ཕན་ཚུན་མ་འཆམས་པར། །ནུས་ཅན་ཀུན་གྱིས་རིག་སྔགས་སྦྱོར་བ་ཡིས། །སྒོ་གསུམ་བཅིངས་ནས་ཚུལ་མིན་སྤྱོད་པ་དང་། །སྡུག་བསྔལ་ཚོར་བ་དྲག་པོ་གཟིར་བ་ཉིད། །སྲུང་བའི་གདམས་པ་རྫས་དང་ཟ་ཡིག་གཉིས། །དང་པོ་རྨ་བྱ་བྱ་རོག་སྒྲོ་གཉིས་དང་། །སྟག་ཤ་ཙིཏྟ་བཅས་པ་མགུལ་དུ་གདགས། །ཡང་ན་མུ་ཟི་ལྡོང་རོས་རེ་ལྕག་པ། །རྟ་བོན་ཟི་ར་གུལ་ནག་བི་ཤ་དང་། །ཐར་ནུ་བརྒྱད་པོ་དར་དཀར་ནང་དུ་བསྐུམ། །སྤྱི་བོར་བཅིངས་ངམ་ཡང་ན་མགུལ་དུ་འདོགས། །དེ་བཞིན་ཡུངས་ཀར་ཀེ་ཤངས་དུག་ཁྲག་སོགས། །སྤྲེའུ་རི་བོང་ཏེ་ལོ་ནེ་ཙོའི་སྙིང་། །ཐལ་ཆེན་སྦྱར་བ་དྲི་ཆུས་རིལ་བུ་དྲིལ། །སྔགས་ཀྱིས་ངར་


JKT017_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་དཔྲལ་བར་ཐིག་ལེ་བྱ། །གྲི་ལྕགས་སོར་གདུབ་རྫས་དང་སྔགས་ཀྱི་ངར། །གདགས་ཏེ་སྲིན་ལག་ལ་བཅིངས་ངེས་པར་ཐུབ། །གཞན་ཡང་ཙཀྲ་ཟ་ཡིག་ལ་སོགས་པ། །མང་དུ་མཆིས་མོད་དེ་དག་གཞན་དུ་གསལ། །ཡང་ཅིག་དེང་སང་རྒྱལ་བཙན་གཟེར་དང་ནི། །ཁྱབ་འཇུག་མིག་ཟུར་དག་གིས་མཐོང་བ་ཡིས། །དྲན་མེད་བརྒྱལ་ཅིང་དབང་པོ་མ་ལུས་འཆོར། །དེ་རྣམས་མ་ཡིན་ཀླད་དཀྱིལ་མིར་ཁི་ཞེས། །འབུག་ནས་དེ་ཉིད་སྔོན་གྱི་ལས་དང་ནི། །འཕྲལ་བྱུང་གདོན་རྐྱེན་དག་གིས་འགུལ་བ་ལས། །དྲན་མེད་བརྒྱལ་ནས་སྤྱོད་ཡུལ་མ་ལུས་འཆོར། །དེ་ལ་སྲུང་དང་གསོ་བའི་རིམ་པ་གཉིས། །དང་པོ་སྔར་བཤད་གདོན་སྲུང་རིགས་དང་ནི། །ཁྱད་པར་རྒྱ་ཤོག་དག་ལ་རྒྱ་སྣག་གི །འདི་ཉིད་ཨོཾ་མ་ཏྲིང་ཏྲི་ཁྱིམས་སུ་སྭཱ་ཧཱ། བྲིས་ཏེ་ཐོ་རངས་དུས་སུ་བཟའ། །གསོ་བའི་ཐབས་ལ་གཏི་མུག་འཁོར་ལོ་དང་། །དེ་ཡི་བདུད་རྩི་ཝ་ར་སྐད་ཆེན་གྱིས། །དྲི་ཆུར་ཞིབ་བཏགས་སྣ་སྨན་མང་དུ་བཏང་། །འབུ་བྲལ་ཤི་རྟགས་སྣ་ནས་ཁྲག་རྒྱུན་འབབས། །ཡང་ན་མོད་ཀྱིས་འཚོ་ཡང་སྲིད་པ་ཡིན། །རྗེས་སུ་འཚོགས་གསང་སྨིན་མཚམས་སྡུད་སྒོ་བཞིར། །མེ་བཙའ་གདབ་བམ་ལྕགས་ཀྱི་ཏེལ་པས་སྲུངས། །དེ་ལྟར་ཟབ་རྒྱས་ས་སྲུང་དབང་པོ་སྟེ། །འཇོ་སྒེག་གཡོ་བའི་རྒྱུད་དོན་ལྷ་དབང་


JKT017_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གིས་། །མན་ངག་རྡོ་རྗེའི་རྩེ་བརྒྱ་གདེངས་པ་ཡིས། །འབྱུང་གདོན་ལྷ་མིན་མངལ་ཁུར་མངོན་པར་འཆིངས། །ཚུལ་འདི་ཚད་མེད་སྙིང་རྗེའི་ཟླ་གཞོན་གྱིས། །གཞན་ཕན་ཀུནྡའི་ལང་ཚོ་དར་བ་ལས། །ལེགས་འོང་ཕན་བདེ་སྦྲང་རྩིའི་དོག་པ་ཡིས། །འགྲོ་ཀུན་འཕྲལ་ཡུན་ཐར་པའི་གསོས་སྦྱིན་ཤོག །ཁྱད་པར་ལུང་རྟོགས་ཨུཏྤལ་གཞོན་ནུའི་གཟུགས། །ཆེས་ཆེར་མཚར་སྡུག་རྫོགས་བའི་རྣམ་འདྲེན་མཆོག །བསྐལ་བར་མི་ཤིགས་བཅུད་ལེན་གྲུབ་པ་ཡིས། །དོན་གཉིས་དགའ་སྟོན་གསར་པ་སྤྲོ་གྱུར་ཅིག །ཞེས་འབྱུང་གདོན་སྨྱོ་བརྗེད་སོགས་ཀྱི་བཅོས་ཚུལ་ཕྱོགས་གཅིག་ཏུ་བསྡེབས་པ་འདི་ཡང་སྐྱེས་སྦྱོང་གི་སྤོབས་པ་ཤིན་ཏུ་དམན་པའི་གྱི་ན་པ་འཇིགས་མེད་མཁྱེན་བརྩེས་སྦྱར་བའོ།། །སརྦ་ས་མནྟ་བཱི་མངྒ་ལཾ་ཀུརྦནྟུ།། །།

སྲོག་རླུང་གི་བཅོས་ཚུལ་སོགས་ཀྱི་མན་ངག་གུད་དུ་སྦས་པ།


JKT017_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྲོག་རླུང་གི་བཅོས་ཚུལ་སོགས་ཀྱི་མན་ངག་གུད་དུ་སྦས་པ་བཞུགས་སོ། །ན་མོ་གུ་རུ་བྷུ རྣམ་བཅས་གཟུངས་འཛིན་འཁྲུལ་པའི་འཁོར་ལོ་ཀུན། །རྣམ་པ་ཀུན་བྲལ་འཇོ་སྒེག་གིས་འཁྱུད་པས། །རྣམ་ཀུན་མཆོག་ལྡན་བདེ་སྟོང་མཚན་དཔེའི་ཞལ། །རྣམ་འདྲེན་འཁོར་ལོའི་མགོན་པོ་སྙིང་དབུས་རོལ། །ཟབ་ཅིང་ཉེ་བར་སྦས་པའི་དོན། །ཀུན་ལ་གསང་བར་རྒྱས་བཏབ་པ། །དེང་འདིར་མདོ་ཙམ་རབ་དབྱེ་ཡིས། །དཔྱོད་ལྡན་སྙིང་གི་ཐིག་ལེར་ཟུང་།


JKT017_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཐོག་མར་སྲོག་རླུང་གི་བཅོས་ཐབས་ཕན་བདེའི་དོ་ཤལ་སྐབས་སུ། ཐང་སྦྱོར་ལས། རུས་བཅུད་གསུམ་ནི། སོག་ཁ། གཞུག་ཆུང་། སྲེ་ལོང་ངོ་། །སྨན་སྒ་སུམ་ཐང་གི་གསང་སྨན་ཀོ་བྱི་ལ་དུག་མ་ཕྲལ་བའམ། རི་སྙིང་། ༈ །སྲོག་འཛིན་བཅུ་གཅིག་པའི་སྦྱོར་ཚད་ཛཱ་ཏི°་༤༠ རུ་རྟ་༤༠ ཨ་རུབ་༤༠ ཨར་ནག༠་༥༠ ལི་ཤིབ་༥༠ ཤ་ཆེན༠་༥༠ ཤིང་ཀུན༠་༥༠ སྙིང་ཞོབ་༥༠ ཅུ་གང་བ་༣༠ གེ་སར༠་༣༠ སྤོས་དཀར༠་༢༠ བཅས་སོ། །ཀོ་བྱི་བདུན་པ་སོགས་ལ་ཀོ་བྱིའི་རྒྱབ་ཀྱི་སྤུ་དེ་བཞར་དགོས། ༈ །བཱི་མ་མི་ཏྲའི་ལུགས་ཀྱི་སྦྱོར་ཚད་ཛཱ་ཏིབ་༡༠ ཨ་རུབ་༡༠ སྤོས་དཀར་༡༠ ཨར་ནག༠༡༠རེ། གཞན་རྣམས་ཐམས་ཅད༠་༠༥ རེ་སྦྱར། གུ་གུལ་ཉི་ཤུ་པའི་སྦྱོར་སྡེའི་གསང་སྨན་གངས་སྐྱེས་ཀྱི་འཛིམ་པ། ༈ །སེམས་ཀྱི་བདེ་སྐྱིད་ལ། གོ་ཡུ་སྨུག་འཇང་ཆུང་ངུ་དེ༢་༠༠ ཨར་ནག༡་༠༢ ཛཱ་ཏིབ་༡༠ ལི་ཤིབ་༨༠ ཤིང་ཀུན༠་༤༠ རུ་རྟ་༧༠ སྙིང་ཞོ༡་༠༠ སྨན་ཆེན་འབྲི་ཚིལ་ལྟ་བུ༤་༠༠ སྒ་དམར༠་༡༠ པི་ལིང་བ་༦༠ ཕོ་རིལབ་༩༠ ཁ་རུ་ཚྭ་༠ རྣམས་སྦྱར། ཚབ་ཆེན་ཁྱི་ཕག་མ་གཏོགས་པའི་སྙིང་སྣ་གང་འཛོམ་ཁ་ཚར་ཆ་ཆུང་རེ་བཏབ། །བུར་སྨུག་གམ་གྲིར་ཤིའི་རྐང་མར་གྱིས་རིལ་བུ་དྲིལ་བ་མན་ངག་གོ ༈ །བུར་སྨུག་གི་


JKT017_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བུར། བི་ཥ་ནི་བོང་ང་སྟེ། སྤྱིར་སྙིང་རླུང་སོགས་རླུང་ནད་ལ་འགྲོ་བའི་བོང་ང་ཐམས་ཅད་བཅག་ཁ་འབྲི་ཚིལ་འདྲ་བ་དེ་དགོས། ལོ་བརྒྱད་ཨེ་ཀྲོ་དྲི་ཆུ། གསང་སྨན་དར་མའི་གྲི་སྙིང་། སྦྱོར་སྡེ་། དེ་སྨན་མར་ལ་སྦྱར་ན། དངུལ་ཆུབ་༡༠ མུ་ཟི་དུལ་མ༠་༠༥ འབྲོང་དང་ནེ་ཙོའི་སྙིང་བཅས་འབྲས་གསུམ་སྨན་མར་ལ་བསྲེའོ། ༈ །ཙིཏྟ་ཉེར་ལྔ། གསང་སྨན་རྒྱལ་མོ་ནི་དཔའ་བོ་གཡུལ་དུ་ཕན་ཚུན་གཉིས་ཀ་གྲིར་ཤི་བའི་སྙིང་སྲོག་རྩ་བཅས་པ་དང་བ་༦༠ དངུལ་ཆུབ་༤༠ ཛཱ་ཏི°༤༠ མུ་ཟི༠་༣༠ བཅས་བསྣན་ཏེ་ལོ་བརྒྱད་དྲི་ཆུ་ཅུང་ཟད་ཀྱིས་རླན་ཕབ་ནས་རྡོ་གཏུན་ཚ་མོར་མཐིང་ནག་ཏུ་མ་སོང་བར་འདུལ། དེ་སྟེང་བཙན་དུག་འབྲི་ཚིལ་༥༠ ཤིང་ཀུན༠་༣༠ སྙིང་ཞོབ་༥༠ རི་སྙིང་བ་༡༠ ཏེ་ལོའི་སྙིང་བ་༥༠ གཡག་རྒོད་སྙིང་བ་༡༠ ཡུངས་ཀར༠་༠ ཤུ་དག༠་༠༨ གླ་རྩི་༠༣ ཨ་རུ་རབ་༥༠ རུ་རྟ༠་༡༠ སྤོས་དཀར༠་༢༠ སྒང་ཐོགས་པ་ཞེས་འབྲས་བུ་དམར་ཞིབ་སྣུམ་བག་ཅནབ་༢༠ ཨར་ནགབ་༤༠ ཚེར་སྔོན༠་༣༠ གུལ་ནགབ་༡༠ ཀོ་བྱིབ་༢༠ ཁ་རུ་ཚུབ་༤༠ ཡུག་སའི་མངལ་ཁྲག༠་༠༣ ཙམ། སྔགས་པ་ནུས་ལྡན་དྲི་ཆེན༠་༡༠ བཅས་བཏབ་ཏེ་འདམ་བཏག་ཡུན་རིང་བྱས་མཐར་གྲི་ཁྲག་གི་ན་བཟའ་གསོལ་ཏེ་སྲོད་དུས་སུ་ཕུལ། ༈ ཁྱུང་སྟེང་གསང་སྨན་ནི་དཔའ་


JKT017_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གཡུལ་དུ་ཤི་བའི་གྲི་སྙིང་། སྦྱོར་ཚད་ཨ་རུ་༤༠ བཙན་དུག༠་༤༠ ཤུ་དག༠་༠༧ རུ་རྟ॰་༥༠ གླ་རྩི༠་༠༣ གྲི་སྙིང་བ་༨༠ ཛཱ་ཏི༠་༣༠ ལི་ཤི༠་༣༠ བཅས་བསྣན། ཡང་ན་ཛཱ་ཏི་ལི་ཤི་ཕྲི་ཏེ། ཤིང་ཀུན༠་༦༠ ཁ་རུ་ཚྭབ་༦༠ བསྣན་ཀྱང་རུང་། ༈ །སྙིང་ཞོའི་སྨན་མར་ཁ་ཚར་གསང་སྨན་གཉིས་ནི། ཡུག་སའི་མངལ་ཁྲག །ནལ་བུའི་ཤ །བྲེ་སྲང་སོགས་ཀྱི་ཚད་ནི། །སྲང་གཅིག་སྤར་གང་སྲང་གཉིས་འཁྱོར་ཕུལ་གང་དང་དོན་གཅིག བ་གང་། །སྲང་བཞི་སྙིམ་གང་སྲང་བརྒྱད་བྲེ་གང་ངོ་། །ཞེས་བཤད། ༈ །ཛཱ་ཏིའི་སྨན་མར་ལ། སྣ་མའི་འབྲས་བུ་ཛཱ་ཏི། ༈ །རྗེས་སུ་སེ་འབྲུབ་༡༠ ཤིང་ཚྭབ་༡༠ སུ་སྨེལབ་༡༠ པི་ལིང་བ་༣༠ གུརྒུམ་༡༠ དེ་སྟེང་ཛཱ་ཏི༠་༡༠ ཀ་ཀོ་ལབ་༡༠ སྒ་སྐྱབ་༤༠ སྦྱར་བའམ། ཡང་ན་གོང་སྟེང་ཛཱ་ཏི༠་༡༠ ཤིང་ཀུནབ་༡༠ ཁ་རུ་ཚྭབ་༡༠ སྒབ་༡༠ བསྣན་པ་སྐབས་སྦྱར་བཏང་། ༈ །སྲོག་འཛིན་བཅུ་གཅིག་གམ། སེམས་ཀྱི་བདེ་སྐྱིད་ལ་བསྣན་རྒྱུའི་གསང་སྨན་རི་བོང་སྙིང་། མེ་གསང་དངོས་བསྟན་དུ་མེད་པའི་རིགས་ཅུང་ཟད་བརྗོད་ན། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས་འབྱུང་བ་རྒྱབ་ཀྱི་ཚིག་པ་དྲུག་བདུན་དང་པོ་རྣམས་ལ། ཚབ་ཆེན་ཁ་གསུམ་བསྲེགས་པ་ཞེས་གསུངས། ནུ་མའི་བར་ན་ཁ་གསུམ་དུ་བཏབ་པ་སྙིང་གསང་ཆེན་པོ་


JKT017_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སྙིང་འདར་བ་དང་། བཟའ་བཏུང་ཡིད་མི་འོང་བ་ལ་སོགས་ལ། དེ་ནས་ནུབ་ཏུ་ཚོན་གང་སར་བཏབ་པས་གཡས་གཡོན་གྱི་གཟེར་ཟུག་འཇོམས། མཚན་རྐུབ་པར་དུ་བཏབ་ན་དྲན་པ་མྱོས་པ་དང་། རོ་སྟོད་ལྕི་བ་སོགས་ལ་ཕན་ཞེས་སྣང་། ཡང་ཐུར་མ་འཕང་ཡུལ་གྱི་དམིགས་རྒྱུད་ལས། བྱེ་བྲག་སྙིང་ལ་གསང་ས་བཅུ་གཅིག་སྟེ། ཞེས་ནུ་ཏོག་ནས་གཞོལ་བའི་ནུ་མའི་སྟེང་ཚོན་གང་སར་སྙིང་སྲོག་འཛོམ་པའི་གསང་། དེ་བཞིན་དུ་ནུ་རྩེ་ནས་མཆན་ཁུང་ངོས་སུ་གཞལ་བར་སྲོག་རྩ་མྱོས་བྱེད་གསང་། ཐུར་དུ་གཞལ་བར་སྙིང་ཆུ་བཙག་པའི་གསང་། བྲང་ངོས་སུ་གཞལ་བ་སྙིང་ལོག་ཆུ་སེར་དང་རླུང་འཁྱིལ་པའི་གསང་སྟེ། ནུ་མའི་ཕྱོགས་བཞིར་ཕྱིར་མཚོན་གང་ལ་བསྲེག །ཞེས་སྨྲས་པ་དེའོ། །དེ་ནས་བྲང་ངོས་སུ་ཚོན་དོ་གཞལ་བ་གློ་སྙིང་འདོམས་གསང་། རྒྱབ་ཀྱི་ཚིག་པ་བདུན་པ་ཁ་གསུམ་ཡང་དེ་དང་འདྲ། དྲུག་པའི་ཁ་གསུམ་སྲོག་རྩའི་གསང་སྟེ། བྱ་རོག་མིག་ནས་ཕྱིར་ཚོན་གང་བཅལ་བ་རྩིབས་བར་གོང་མ་གོ་ཆེན། འོག་མ་གོ་ཆུང་། རྐེ་སྟོང་ཅ་ར་ཁུག་རྣམས་ཏེ་དེ་དག་སྐབས་བབ་དང་བསྟུན་པའི་མེ་བཙའ་གདབ་ཏུ་རུང་ངོ་། ༼།།ྃ།༽ །དེ་ལྟར་སྲོག་རླུང་གི་བཅོས་ཐབས་སྐོར་མདོར་བསྡུ་ན། ཐོག་མར་ཐང་སྦྱོར་ལན་འགའ་བཏང་རྗེས། དངོས་གཞིའི་སྨན། སེམས་ཀྱི་


JKT017_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྐྱིད་དང་། རླུང་གི་མདེ་ཐུང་ལས་བཤད་པའི་ཨར་བརྒྱད་ནུ་ཞོས་རིལ་བུ་དྲིལ་རྒྱུ་ཅན་དེ་དང་། བི་མ་མི་ཏྲའི་ལུགས་འདི་རྣམས་དང་། ཁྱད་པར་ཙིཏྟ་ཉེར་ལྔ་པ་ཚད་ལྡན་སྦྱར་བས་མཆོག་ཏུ་ཕན། གཞན་མའི་སྦྱོར་སྡེ་རྣམས་སྐབས་དང་བསྟུན། ཤིན་ཏུ་གཟེར་ཆེ་ན་འབྲང་རྩེ་ལྷ་སྲས་བེ་བུམ་ལས་འབྱུང་བའི་ཨ་གར་བརྒྱད་པ། ཨ་ག་རུ་དང་ཛཱ་ཏི་སྙིང་ཞོ་ཤ །རུ་རྟ་བསྣན་པས་རླུང་ཁྲག་སྤྱི་ལ་ཕན། །ཨ་བྱག་བསྣན་པའི་ལྔ་པས་གཟེར་ལ་ཕན། །ལི་ཤི་བསྣན་ལི་ཤི་དང་ཤ་ཆེན་ཡིན་པའི་བདུན་པས་རླུང་ལ་ཕན། །རི་བོང་སྙིང་བསྣན་བརྒྱད་པས་སྨྱོ་འབོག་སེལ། །ཞེས་པ་འདི་ལ་ཨ་བྱག་གཟེར་འཇོམས་ཐང་གིས་ཕུལ་བས་འཕྲལ་དུ་ཟུག་གཅོག །དཔྱད་དུ་སྤྱིར་མེ་བཙའ་ཁོ་ན་བསྔགས་ཏེ་ཁྲག་ཤས་ཤིན་ཏུ་ཆེ་ན་སྙིང་རྩའམ། རྩེ་ཆུང་རླངས་ཐོན་ཙམ་གཏར། སྙིང་ཞོ་གདོན་ཤས་ཆེ་ན་ཤ་དང་ཛཱ་རླུང་ཤས་ཆེ་ན་ཏིའི་སྨན་མར་སོགས་སྐབས་དང་སྦྱར་ནས་སྦྱོར། སྙིང་འཁྱོས་ལའང་གོང་གི་སྦྱོར་སྡེ་ནས་འབྱུང་བའི་ཙིཏྟ་ཉེར་ལྔ་པ་དང་། སེམས་ཀྱི་བདེ་སྐྱིད། འབྲང་རྩེའི་ཨར་བརྒྱད་རྣམས་ཀྱིས་ཤིན་ཏུ་ཕན་ནོ། །སྙིང་འཕྱོའི་བཅོས་སྐབས་འབྲས་གསུམ་ནི། ཨ་རུ་༣༠ བ་རུ༠་༣༠ སྐྱ་རུབ་༤༠ མ་ནུ་བཞི་ནི། མ་ནུ༠་༣༠ ཀཎྜ་ཀ་རིབ་༦༠ སླེ་ཏྲེས༠་༣༠ སྒ་སྐྱབ་༡༠ དེ་སྟེང་ཤ་ཆེན་


JKT017_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

༤༠ ཀོ་བྱིབ་༣༠ ༈ ཨ་གར་བརྒྱད་པའི་གསང་སྨན་སྙིང་ཞོ་ཤ ༈ བཙན་དུག་སྨན་མར་སྦྱར་ཚུལ་ནི། རྒྱུད་ལས། བོང་ང་ཞོ་གཅིག་ཆང་དུ་སྦང་ལ་བཏགས། །ཨ་རུ་དྲུག་འགྱུར་ཕྱེ་མ་ཆུ་ལ་གདུ། །མང་བསྐོལ་བཟང་དྲུག་བུ་རམ་བཏབ་ཏེ་བཏང་། །ཐབས་དང་མི་ལྡན་ཚེ་ཡིས་ཐར་ཆད་འགྱུར། །ཞེས་གསུངས་པ་ཉིད་ལག་ཏུ་ལེན་ཚུལ། བཙན་དུག་འབྲི་ཚིལ་མ་སྲང་གང་ཁྲམ་ཁྲུམ་དུ་བརྡུངས་ནས་ཆང་བཟང་རང་ནུབ་ཙམ་ལ་ཞག་གཅིག་སྤངས་ནས་བཙན་དུག་ཆང་དང་བཅས་ལེགས་པར་བཏགས། ཨ་རུ་ཞོ་དྲུག་གསུངས་ཀྱང་ཞོ་བརྒྱད་ཀྱི་ཕྱེ་མ་གཉིས་བསྲེས་ལ་རྒྱ་སྣག་གི་མདོག་མ་ཐོན་གྱི་བར་དུ་འདམ་བཏགས་བྱ། གར་སླ་ཞོ་ཟན་ཙམ་དུ་སོང་ཚེ་ཆུ་བྲེ་དོ་རུ་གདུས་ནས་བྲེ་གང་བར་དུ་བསྐོལ། དེ་ནས་མཁྲིས་ཤས་ཆེ་ན་མཛོ་མོ། གྲང་ཤས་ཆེ་ན་འབྲི་འོ་བྲེ་དོ་བླུགས། དེ་ཉིད་བྲེ་གང་དུ་གདུས་ཚེ་ཞུན་མར་བྲེ་གང་བཏབ། ཆུ་ཆོད་ཚེ་སྙིགས་མ་དོར་ནས་དྭངས་མའི་ནང་དུ་བཟང་དྲུག་ཨ་གར་ནག་པོ་སོགས་ཀྱི་ཕྱེ་མ་ཁ་ཚར་བཏབ། ཐོ་རངས་དུས་སུ་ཨ་རུ་ར་ཙམ་བཟའ་ཞིང་། །སྲིད་ན་དེ་ལས་ཆ་ཅུང་ཟད་རེ་ཕྲིའོ། ༼།།ྃ།༽ །ཁྲག་རླུང་སྟོད་འཚང་གི་བཅོས་ཚུལ་ངོ་མཚར་སྲོག་སྟེར་སྐབས་སུ། དྲང་སྲོང་ཨར་བརྒྱད་སྟེང་བསྣན་རྒྱུའི་གཟེར་སྨན་མིང་ཅན་སེར་པོར་གྲགས་པ་དེའོ། །


JKT017_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་གར་སོ་ལྔའི་སྐབས། ཨ་གར་རིགས་གསུམ་ནི། ཨ་གར་ནག་པོ་འཇང་སོགས་ནས་ཡོང་བ། ལྷོ་མོན་ཕྱོགས་ནས་འོང་བའི་ཨར་སྐྱ་དང་། དེའི་མཆོག་འབའ་ཞིག་ཏེ་གཉིས་ཀ་དཀར་སོབ་ཅན། སྟོད་ནས་ཡོང་བའི་ཨ་གར་སེར་པོའམ་གོ་སྙོད་མར་གྲགས་པ་སྟེ། དེ་ཡང་། ཨར་ནགབ་༤༠ གོ་སྙོད་མ°་༢༠ ཨར་སྐྱབ་༤༠ ཛཱ་ཏི་༡༠ ལི་ཤི༠་༡༠ ཅུ་གང་བ་༥༠ གུརྒུམ་༢༠ སུག་སྨེལ༠་༣༠ ཀ་ཀོ་ལ༠་༣༠ སྟེ་བཟང་པོ་དྲུག ཨབ་༢༠ བར༠་༣༠ སྐྱུར༠་༤༠ སྟེ་འབྲས་བུ་གསུམ། ཙན་དན་དཀར་པོབ་༢༠ དམར་པོབ་༤༠ སྟེ་ཙནྡན་གཉིས། མ་ནུབ་༦༠ སླེ་ཏྲེས་༡༠ ཀཎྜ་ཀ་རི་༣༠ བ་ཤ་ཀཋ་༢༠ ཏིག་༢༠ གུ་གུལ་དཀར་པོ་སྤོས་དཀར༠་༣༠ གུལ་ནག༠་༣༠ གླ་རྩིབ་༡༠ ཀོ་བྱི༠་༣༠ ཤ་ཆེན༠་༡༠ འཛིམ་པ་༥༠ ཚེར་སྔོནབ་༤༠ སྙིང་ཞོབ་༣༠ གེ་སར༠་༢༠ རུ་རྟ༠་༢༠ ཧོང་ལེན་༢༠ ཨ་བྱག་གུརྒུམ”་༤༠ ཨ་བྱག་གཟེར་འཇོམས་སམ་མིང་ཅན་སེར་པོབ་༤༥ མིང་ཅན་གཅིག་ནག་པོ་༤༠ སེ་འབྲུབ་༢༠ སྲོ་ལོབ་༣༠ བཅས་སོ། ༈ །མ་ཎི་བདུན་པ་ནི་ནོར་བུ་བདུན་ཐང་སྟེ་གསང་སྨན་ཀོ་བྱི་ལ་ཡིན། བདུད་རྩི་སྙམ་ལྡན་ནི་སྐྱུ་རུ་ར། །གེ་སར་ཉེར་ལྔའི་མིང་ཅན་རྣམ་གཉིས་ནི། མིང་ཅན་ནག་པོ་དང་སེར་པོའོ།


JKT017_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བྱག་གསུམ་པའི་གསང་སྨན་ཀོ་བྱི་སྤུ་ལྡན། ༈ རྡོ་རྗེ་རབ་འཇོམས་སྐབས། རུས་ཞུན་ཁཎྜ་རྒྱུ་ནི། རབ་བྱང་འབྲོང་། འབྲིང་ཡུལ་འབྲོང་། ཐ་མ་རུས་རྙིང་དྲོད་ཅན་གང་འབྱོར་རོ། །འཁྲུལ་འཁོར་གྱིས་བཅོས་བ་འདི་ཉམས་ཡིག་སོགས་ལས་བྱུང་ངོ་། ༈ ཁཎྜ་བཟོ་ཐབས་ཀྱི་ལག་ལེན་ཞིབ་པ་ནི། རུ་རྟའི་རྩ་ལོའི་མཚམས་སུ་ཡོད་པའི་ས་ལ་ཞེས་པ་སྤོས་སྦྱོར་དུ་འགྲོ་བ་དེ་ཡི་གཙོས་པའི་ཤུག་པ་དང་། ཐང་མ་སོགས་ནགས་མིའི་རིགས་ཀྱི་ཤེལ་ཏ་སྟེ་ཐང་ཆུ་གང་འབྱོར། རུས་སྣ་ཡོངས་རྫོགས་ཀྱི་ཁུ་བ་སོ་སོར་བཞུར་ནས་ཆ་མཉམ་གྱི་ཁཎྜར་བཟོ། ཞོ་གར་ཙམ་དུ་སོང་དུས་བླངས། དེ་ནས་ཇ་ཤོག་ལྟ་བུར་བཅུག དགོས་དུས་གཟེར་མིག་དང་འབྲུམ་ཐོར་སོགས་ལ་སྲབ་མཐུག་ཤོག་བུ་ཙམ་པ་ཤོག་མཐུག་ལ་སྦྱར་ནས་མེ་ལ་བསྲོས་ནས་བསླན། ཚབ་ཆུང་གི་རླུང་གཟེར་སོགས་མྱུར་དུ་འདྲེན། ༈ ཅར་ཁུག་མཆན་ཁུང་སྟེ། དེར་སྐར་མ་མ་ཡལ་བའི་ཆུ་མདའ་དང་། གཟེར་སྟེང་རྨོས་ལྕགས་བྱང་མ་ཆུ་ལ་བཅུག་སྟེ་བསླན། གཞན་ཡང་མནན་པ་དང་འབེབས་པ་སོགས་ཀྱི་མན་ངག་མང་དུ་ཡོད་ཀྱང་འདིར་དེ་ཙམ་མོ། ༈ །དེ་ལྟར་ཁྲག་རླུང་སྟོད་འཚང་གི་ནད་གཞི་ཀུན་ལ། སྤྱི་སྨན་གེ་སར་ཉེར་ལྔ་དང་། ཨ་གར་སོ་ལྔ། ཁྲག་རླུང་སོགས་ཤས་གང་ཆེ་ན་ཨ་གར་སྦྱོར་བ་གཞུང་ནས་


JKT017_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་དང་། ཤིན་ཏུ་གཟེར་ཆེ་ན་རྒོད་པོ་རབ་འཇོམས་དང་། ཨ་བྱག་གསུམ་པ་ཁོང་དུ་བཏང་ཅིང་བདུག །དེས་ཀྱང་མ་ཚུག་ན་མེ་བུམ་བྱ། ཤིན་ཏུ་ཁྲག་ཤས་ཆེ་ན་རྩེ་ཆུང་ངམ་ཐོང་རྩ་གཏར་ཏེ། གཞན་ཡང་སྲོག་རླུང་སྐབས་སུ་ཡོད་པའི་སྦྱོར་སྡེ་ཀོ་བྱི་བདུན་པ་དང་བཅོ་ལྔ། ཨ་གར་ཉི་ཤུས་ཀྱང་ཕན་ནོ། །།ྃ། རྩ་དཀར་གྱི་བཅོས་ཚུལ་ཕན་བདེའི་ཕྲེང་བའི་སྐབས་སུ། ནོར་བུ་བསམ་འཕེལ་སྦྱོར་ཚད། ཅུ༠་༠༢ གུར༠་༡༠ ལིབ་༠༧ ཛཱབ་༠༢ སུག༠་༠༧ ཀོཏ་༣༢ ཙནྡན་དཀར༠་༠༦ དམར་བ་༠༤ ཨར་ནག༠་༠༦ གི་ཝཾབ་༡༠ གླ་རྩི༠་༠༦ ཉ་ཕྱིས༠་༢༠ བསྲེ་རུབ་༡༡ ཨ༠་༠༧ བར༠་༠༧ སྐྱུར༠༡༠ སྒ༠་༠༥ པི༠་༠༧ ཟི་ར་དཀར༠་༥ ཟི་ར་ནག༠་༠༧ སྟེ་ཟི་ར་གཉིས། རྒྱ་ཚྭ་༠༨ སྡིག་སྲིན༠་༠༧ ཤིང་མངར༠་༣༠ ཤིང་ཚྭ་༠༥ འབྲི་རྟ་ས་འཛིན༠་༠༨ ཉི་དགའ་སྟེ་ལྕམ་འབྲསབ་༠༧ རྣམས་སོ། ༈ །བསམ་འཕེལ་རཏྣའི་སྦྱོར་བའི་སྐབས་སུ། གསེར་ཟངས་སོགས་ཐལ་བ་བྱ། གཡུ་རྙིང་བྱེ་རུ་ཉ་ཕྱིས་རྣམས་དུག་འདོན། སྦལ་རྒྱབ་དཀར་སྨུག་བཞི་ནི། དཀར་པོ་འབྲུམ་པ་ཡོད་པ་ཕོ་དང་མེད་པ་མོ། དེ་བཞིན་ནག་པོ་ལའང་གཉིས་སུ་དབྱེ་བ་ཟུར་མཁར་དང་། ཀུན་མཁྱེན་བསྟན་པའི་ཉིན་བྱེད་སོགས་ཀྱིས་བཞེད་ཅིང་། སྦྱར་ཚུལ་


JKT017_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རིམ་པ་ཞིབ་མོར་རྟོགས་པར་འདོད་ན་རིན་ཆེན་གྱི་སྦྱོར་བ་སྤྱི་དང་བྱེ་བྲག་གི་སྐབས་སུ་ཤེས་པར་བྱ་བ་ལས་འདིར་སྨོས་ཀྱིས་མི་ལོང་ངོ་། ༈ །ཁྱུང་ཆེན་ཉེར་གཅིག་གི་སྐབས་སུ། ཆུ་སེར་སྨན་གསུམ་ནི། སྤོས་དཀར། ཐལ་རྡོར། སོ་རཱ། ༈ །གསེར་མདོག་ཉེར་ལྔའི་སྦྱོར་ཚད། ཨ་རུབ་༥༠ ཛཱ°་༠༧ སུག༠་༡༠ ཀོབ་༣༠ ཅུ་༡༠ གུར༠་༠༧ ལི༠་༠༧ ཉ་ཕྱིས॰་༢༠ ཚོསབ་༡༠ བཙོད༠་༢༠ འབྲི་མོག་༡༠ སྟེ་དམར་པོ་གསུམ། མཁལ་ཞོབ་༢༠ ཨ་འབྲསབ་༡༠ སྲ་འབྲསབ་༡༠ འཇམ་འབྲསབ་༡༠ སྟེ་འབྲས་སྣ་གསུམ། བསྲེ་རུ་༡༣ ཤིང་ཚྭབ་༡༠ ཤུག་ཚེར་༣༠ ཨརྫ་ཀ་ཏེ་ལྕམ་འབྲསབ་༢༠ རུ་རྟབ་༡༠ ཟི་ར་དཀར་པོབ་༡༠ བྲག་ཞུན༠་༡༥ སྡིག་སྲིན༠་༠༧ ཤིང་མངར༠་༣༠ རྣམས་སོ། ༈ །འབྲས་གསུམ་སྨན་མར་ཚད་ནི། ཨ་རུ༡་༠༠ བ་རུ॰༠ ༧ སྐྱུ་རུབ་༢། ༈ །ལུམས་སྐབས་བདུད་རྩི་རྣམ་ལྔ་ནི། ཇི་སྐད་དུ། བ་ལུས་པགས་པ་མཉེན་པར་བྱེད། །འོམ་བུས་རུས་པའི་དུག་རྣམས་འདོན། །མཚེ་ཡིས་ལུས་བོང་བརྟས་པར་བྱེད། །མཁན་སྐྱེས་ལུས་ཀྱི་འབྱུང་བ་འདུལ། །ཤུག་པ་ཡོན་ཏན་བརྒྱད་དང་ལྡན། །ཞེས་སོ། །རྩ་བ་ལྔ་ནི། བ་སྤུ་གཟེ་མ་ར་མཉེ་དང་། །ཉེ་ཤིང་ལྟ་བ་རྣམ་པ་ལྔས། །ཚེ་བསྲིང་ལུས་བརྟས་བཅུད་ལེན་བྱེད། །


JKT017_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །གླ་རིལ་པོའི་རིལ་མ་དྲི་ལྡན་དགོས། འདི་ཡི་ལག་ཏུ་ལེན་ཚུལ་རླངས་ལུམས་ནི་དེ་དག་བཀོལ་ཏེ་རླངས་པའི་ཁར་ཉལ་བ་དང་། ཆུ་ལུམས་ནི་དེར་ཞུགས་པ་དང་། བཅིངས་ལུམས་ནི་ཁུག་མ་ལྟ་བུའི་སྣོད་དུ་བླུགས་ནས་ནད་དམིགས་སུ་བཅིངས་པ་སྟེ་ཞིབ་པར་མཐོང་བརྒྱུད་ལས་ཤེས་པར་གཅེས་སོ། ༈ །བྱུག་པའི་སྐབས་སུ་དེ་བ་ད་རུ་ནི་རྒྱ་ཤུག་སྣུམ་བག་ཅན། ༈ རྡོ་སྦྱོར་ལ། གངས་ཐིག༠་༣༠ སྦལ་རྒྱབ༠་༢༠ མདུང་རྩེབ་༢༠ བྱིའུ་མགོ་༢༠ ཁབ་ལེན༠་༢༠ རྡོ་རྒྱུས་བྱ་བལ་མ॰་༢༠ མཐིང་རྒྱུསབ་༢༠ སྟེ་རྡོ་རྒྱུས་གཉིས་དང་། བ་ནུ॰་༢༠ ཁ་ཚར་ཆུ་སེར་སྨན་གསུམཁ་༡༠ རེ། རུ་རྟབ་༡༠ ཛཱ་ཏིབ་༡༠ ལི་ཤི་ཞོ་གང་རྣམས་སྦྱར་རོ། ༈ །མེ་དམིགས་ལ། ཕྱི་མཆན་གཉེར་རིངས་སུ་བཏབ་པ་སྟོད་ཀྱི་ལག་པ་བཤལ་བ་ལ་ཕན། ཕྱི་ལོང་ནས་ཡར་ལ་ཚོན་གང་བཅལ་བར་བཏབ་ནས་པུས་མོ་མན་ཆད་སྦྲིད་པ་ལ་ཕན། ཐུར་དུ་དེ་བཞིན་རྐང་ནད་རིགས་ཕལ་ཆེར་ལ་ཕན་ཚུལ་སོགས་མཆིས་རུང་། འོན་ཀྱང་རྩ་དཀར་གྱི་དམིགས་ནི་གཞུང་ལས་མ་ཚོར་མ་འཐུས་པ་ཆེར་མེད་དོ། ༈ །ནད་དམིགས་གང་ཡོད་ཕལ་ཆེར་གྱིས་འབྲོས་འདེད་ཚུལ་དུ་བསྲེགས་ན་ལེགས་པར་བཞེད་པ་ཡང་ཡོད། ༈ །སྔགས་བཅོས་སྐབས་མདའ་འཕང་གོ་ལྡོག་ཞེས།


JKT017_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཕོའི་འཕང་། མོའི་མདའ་མནན། ༈ རྩ་སྦྱོངས་སྐབས། དངུལ་ཆུ། མུ་ཟི། བྱང་བ། རྒྱ་ཚྭ་བཞི་ཆ་མཉམ། གཞན་རྣམས་ཕྱེད་ཆ་རེ། དུར་བྱིད་ཉུང་ངུ་ལས་མི་བཏང་། ཤིང་མངར་དང་ཉ་ཕྱིས་ཅུང་ཟད་བསྐྱེད། ལག་ཏུ་ལེན་ཚུལ་ནི། ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱི་ཕྱག་བཞེས་ལྟར་ན། ཐོག་མར་རྩ་ཁུ་བྱུག་འཁྲུལ་མེད་དེ་ཀོ་ཐའི་ཐང་ཞག་གསུམ་བཏང་། དེ་ནས་གཟའ་སྐར་ལེགས་ཉིན་གཡེར་མ་དང་ཉི་དགའི་འདབ་ཚོད་ཚྭ་ཅུང་ཟད་ཡོད་པ་ཕོར་ཆུང་གང་ཙམ་བཏང་། ཉི་ནུབ་ནོར་ཕྱུག་གང་བྱུང་གི་སེ་བ་རུས་དང་། དེ་ཡི་རུས་པ་གོང་འོག་གོང་མོ་སྲེ་ལོང་ལྕམ་པ་བཅས་གདུས་ཐང་ཚྭ་ཅུང་ཟད་ལྡན་པ་བཏང་། མུན་རུག་སྣ་སེལ་གྱི་ཐང་བཏང་། དེ་ཡི་ནམ་གུང་སྨན་རིལ་བུ་བདུན་དགུ་བཅུ་བདུན་སོགས་ནད་སྟོབས་དང་སྦྱར་ལ་བཏང་། སྔས་མཐོར་བྱས་ནས་གཉིད་ལོག །ལྟོ་བ་སྙི་ན་ནམ་ལངས་དང་། སྲ་ན་ཉི་ཤར་ཐེབས། དེ་དུས་རྒྱུ་ཞབས་སོགས་ཟུག་ཆེ་ན་རྡེའུ་ཆང་བྲན་བསྲོས་པས་བདུག་འགྱིངས་ན་རྒྱམ་ཚྭ་བོང་དཀར་གྱི་ཐང་བཏང་། བྱང་བའི་དུག་ཆེ་ན་ཐང་ཕྲམ་ནག་པོའི་འབྲུ་བཞི་ཙམ་དང་། ཤིང་མངར་མཐེབ་ཙམ་གྱི་ཐང་བཏང་། ཐེབས་ན་རྒྱབ་སྐྱོར་རིལ་བུ་མང་ཉུང་ལུས་ཟུང་དང་ནད་སྟོབས་ལ་དཔགས་ཏེ་བཏང་། རྩ་བཤལ་ལ་ལྕགས་ཁོ་ན་གཙོ་ཆེ་བས། སྲེ་


JKT017_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ཐང་དང་ཇ་ཆུ་སོགས་སྐབས་བསྟུན་སྤེལ། རྗེས་སུ་ཐུག་པ་སྣུམ་ལྡན་ཕོར་གང་ཙམ་བཏུང་། གཞན་ཡང་བྱང་བའི་དུག་འདོན་སྐོར་བར་གཤོག་མི་དབྱུངས། ཤིང་མངར་པི་ལིང་ནས་ཙམ་དེ་ཆང་དྲི་ཆུ་དཀར་ཡོལ་གང་གི་ནང་དུ་ཞག་གཅིག་སྦངས་རྗེས་ཡོས་ཚན་དུ་གདུལ། ༈ །དེ་ལྟར་རྩ་དཀར་བཅོས་ཚུལ་མདོར་བསྡུ་ན། སྤྱི་སྨན་བསམ་འཕེལ་ནོར་བུ་དང་། བསམ་འཕེལ་རཏྣ། བྱ་ཁྱུང་བཅུ་གསུམ་རྣམས་ཤིན་ཏུ་ཟབ། བྱེ་བྲག་མགོར་བབས་ཁྱུང་ཆེན་ཉེར་ལྔ། ཡན་ལག་ལ་ད་ལིས་བཅོ་བརྒྱད། མཁལ་བབ་གསེར་མདོག་ཉེར་ལྔ། ཁྲག་རླུང་དང་སྟོད་འཚངས་ན་ཨ་གར་ཉི་ཤུ་རྣམས་ཟབ་ཅིང་གཞན་རྣམས་སྐབས་དང་བསྟུན། དཔྱད་དུ་ལུམས་དང་མེ་བཙའ་གཉིས་ཀྱིས་ཕན་ཆེ། རེངས་འཁུམ་ཆེ་ན་རྡོ་སྦྱོར་གྱི་བྱུགས་པ་འདི་མཆོག་ཏུ་བཤད། མེ་བཙའ་བསྲེག་དུས་ཅུང་མ་བསྔས་ན་བཟང་ཞེས་གསུངས། ཁྲག་ཤས་ཆེ་ན་མགོ་བོར་ལྟག་རལ་དང་། ལག་པར་དྲུག་མགོ །རྐང་པར་བྱིན་གཞུག་རྣམས་རླངས་ཐོན་ཙམ་གཏར་རོ། །༈།༽ །འབྱུང་གདོན་གྱི་བཅོས་ཚུལ་རྡོ་རྗེའི་ཟེག་མའི་སྐབས་སུ། རྫས་སྦྱོར་ཁྲག་སྣ་གསུམ་ནི། མི་ཁྱི་ར་གསུམ་ཁྲག ཤ་གསུམ་ནི་འཕར་སྤྱང་གླག་གསུམ། རྭ་གཉིས་ནི་གཡག་རྒོད་དང་རྩོད་རུ་བཅས་སོ། ༈ །འཁོར་ལོའི་རྫས་རྡོ་རྗེ་


JKT017_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ནི། ཐལ་དཀར་རྡོ་རྗེ། ཀླུ་བདུད་རྡོ་རྗེ། ཡུངས་ཀར་གསུམ་དུ་བཞེད། འགའ་ཞིག་གི་ཡུངས་ཀར་ཚབ་ཏུ་གཟའ་བདུད་རྡོ་རྗེར་བཞེད་པ་ཡང་ཡོད། འདི་ཨོ་རྒྱན་རིན་པོ་ཆེའི་སྨན་དཔྱད་ལས་བྱུང་། ༈ །བདུག་པའི་སྐབས་སུ། བྱཱ་ཀཱི་ནི་ཀཎྜ་ཀ་རི། ཡང་བྱི་ཀུ་ནི་སྒྲོག་པ། མུ་ཟི་ཀཱ་ལ་ནི་ནག་པོ། ལྷོག་དུག་ལྡུམ་སྟག་ཤའོ། །དྲི་ལྡན་གཉིས་ནི་ཤིང་ཀུན་གུལ་ནག་གོ །རྫས་ཆེན་བཅོ་བརྒྱད་ལ་བྲུན་གཉིས་ནི། སྤྱང་བྲུན་ཁྱི་བྲུན་གཉིས། གཞོབ་གཉིས་ནི་རྟ་རྨིག་དང་རྭ་གཞོབ་བོ། །ནག་པོ་གསུམ་ནི་མུ་ཟི་ནག་པོ། གུལ་ནག །མཚུར་ནག ༈ མཆོག་ཏུ་ཟབ་པ་ཁྱུང་ཆེན་སོ་ལྔའི་སྐབས་སུ། པཉྩཔཀྴི་ནི་ཁྱུང་ལྔ་སྟེ། ཚད་གོང་དུ་བཤད་པ་ལྟར་མཉམ་སྦྱོར་ཁྱུང་རྒོད་དྲག་པོ་སྟེ་སྲོག་རླུང་གི་སྐབས་སུ་ཡོད། དང་། བཟང་པོ་དྲུག་ནི་གཞན་རྣམསབ་༡༠རེ། ལི་ཤིབ་༢༠ ནཱ་ག་གེ་སར་༡༥ ཁ་རུ་ཚྭབ་༡༠ ཨར་ནགབ་༡༥ ཡུངས་ཀར༠་༡༠ ཟི་ར་དཀར༠་༡༠ ནགབ་༢༠ ཤ་ནི་སྦལ་ནག་སྦྲུལ་པུ་ཤུད་རྣམས་ཀྱི་ཤབ་༡༠ ཡུག་སའི་མངལ་ཁྲག །ནུས་ལྡན་གྱི་སྲིན་ལག་ཁྲག །ཁྱི་ནག་སྙིང་དཀར་གྱི་ཁྲག་བཅསབ་༠༥ དཔའ་བོ་གཡུལ་དུ་ཤི་བའི་སྙིང་། རྨ་བྱའི་སྙིང་། སྤྲེའུའི་སྙིང་བཅས་༡༠རེ། དྲི་ལྡན་མུ་ཟི་ནག་པོ॰་༢༠ ལྡོང་རོས་༢༠ ནུས་ལྡན་རྣམ་སྣང་བ་༡༠ དམར་པོ་གསུམ་


JKT017_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྒྱ་སྐྱེགསབ་༡༠ མཁན་དམར་རྩ་བབ་༡༠ བཙན་འདིས་དོད་རྣམས་སུ་མེ་ཏོག་དམར་པོ་འབྱུང་ཞིང་བཅད་ཁ་ནས་ཁྲག་འབབས་པ་ཞིག་ཡོད། དུག་དམར་པོབ་༡༠ བཅས་སོ། །གསང་སྨན་ཁ་བསྒྱུར་ཐ་དད་ནི། རྒྱལ་གདོན་ལ་གུ་གུལ་ནག་པོ་བཙན་ལ་ཤུ་དག་ནག་པོ། གཟའ་ལ་ཙིཏྟ་གཉིས་ཁྲའམ་པུ་ཤུད་དང་པྲི་ཡང་ཀུ་བཅས། སྤྱི་ལ་མིང་ཅན་ནག་པོ་༡་༠༠ དང་ཡུག་སའི་དོར་རྟའི་གཞོབ་སྐྱེ་བདུན་ཤ་རྣམས་ཅུང་ཟད་བཏང་། དང་པོ་ཁྱུང་ལྔ་སྦྱོར་ཚུལ་བཞིན་དུ་འདམ་བཏགས་བྱས། དེ་སྟེང་གཞན་རྣམས་གདབ་ཏེ་རིལ་བུར་དྲིལ། མངལ་ཁྲག་དང་གྲི་ཁྲག་གང་བྱུང་གིས་གོས་གསོལ། རླུང་མི་འཆོར་བའི་པར་བུར་བཅངས། ཕྱི་ནས་ཚིལ་ཆེན་སྦྱར་ལ་བྱུག་ཅིང་བདུག །ཁོང་དུ་དྲི་ཆུས་ཕུལ། ཡང་ན་གོང་གི་དམིགས་གསལ་གྱི་གསང་སྨན་ཁ་བསྒྱུར་རྣམས་ཀྱི་ཐང་གིས་ཕུལ་ཀྱང་རུང་ངོ་། །ཤིན་ཏུ་ཟབ་བོ། །སྤྱི། ༈ ཁུས་འདེབས་སྨན་མར་དུ། ཚ་བ་གསུམ་ནི་སྒ་པི་ཕོ་གསུམ། གཅིན་དྲུག་ནི། བ་གླང་རྟ་བོང་ར་ལུག་གི་འོ། །བདུག་པར་རྨ་བྱའི་ཁྲག་ཞེས་ཟེར་བ་དེ་མ་རྙེད་ན་ཤའམ་སྒྲོ་གང་བྱུང་གི་ཆོག །ཚིལ་གཉིས་ནི་སྟག་དང་གྲི་ཚིལ་ལོ། ༈ །ཟ་ཡིག་སྐབས་སུ། ཐ་དད་རྫས་ཀྱི་ཞེས། རྒྱུན་དུ་བསྲུང་བཟློག་དང་ཚེ་བསྲིངས་སོགས་ལ་བདུད་རྩི་ཆོས་སྨན། གཞན་དུ་གཟའ་ལ་སྤོས་


JKT017_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། ལ་ཆ། རྒྱལ་པོ་ལ་གུལ་ནག །ཀླུ་ལ་གླ་ནག་གི་རྩི། བཙན་ལ་ཤུ་དག་ནག་པོ། གཉན་ལ་ཁྱུང་ལྔ། དུག་ལ་རྨ་བྱའི་མདོངས་ཐིག །ཡམས་ལ་སྤྲུ་ནག་སོགས་བྱུག །མ་འཛོམ་ཡང་ཆོག་པར་གསུངས། ཡེ་ཤེས་སེམས་དཔའ་གུ་རུ་ཞི་དྲག་སྐབས་སུ་གང་བབ་བཞིན་སྒོམ་ལ་སྤྱན་དྲངས་ཅིང་བསྟིམས་སམ། དེའི་བསྙེན་པ་དང་རང་བསྔགས་བརྒྱ་རྩས་རབ་གནས་བྱའོ། །དུས་ནི་སྲུང་བ་ལ་ཉི་ཤར། གཞན་སྲོད་དོ། །ཟ་དུས་ཚེ་བསྙེན་ནམ་སྙིང་པོ་བཟླས། ༈ །གཞན་ཀུན་ལ་ལྷ་བསྐྱེད་སྔགས་བཟླས་ཞེས། རྒྱལ་འགོང་ལ་གུ་རུ་དྲག་པོ། བཙན་ལ་རྟ་མགྲིན། གྲེ་བོར་ཡཀྵ་མེ་དབལ་སོགས་རང་རང་གི་གཉེན་པོའོ། ༈ །གདོན་བཤལ་དྲག་པོའི་སྐབས་སུ་ཁྲག་སྣ་ལྔ་ནི། གྲི་མངལ་རྟ་ཁྱི་ཕག་ནག་རྣམས་ཀྱི་ཁྲག་གོ །གཞོབ་ལྔ་ནི་གཡག་རྒོད་རྭ། རྟ་གསེབ་རྨིག་པ། ར་ལུག་གླང་ཐུག་གསུམ། ཡུག་སའི་དོར་རྟའི་གཞོབ་བོ། །རྨོང་ཁའི་སྦེ་གསུམ་ནི། ར་ལུག་གླང་ཐུག་གིའོ། །རབ་གནས་སྔགས་ནི་ཡི་དམ་གང་ཤེས་ཀྱི་སྒོམ་བཟླས་ལས་སྦྱོར་བཅས་པ་བྱ། ༈ །བརྗེད་བྱེད་སྐབས། ཙིཏྟ་རྣམ་གཉིས་ནི་ཁྲའམ་པུ་ཤུད་ཀྱི་སྙིང་སྐམ་པོ་དང་། གསང་སྨན་མཆོག་ནི་ཏི་ཏིའི་སྒོང་ང་། ༈ །འགོ་གྲིབ་གསོ་སྐབས། གསང་སྨན་ནི་ཆུ་ཤེལ་འཁྲུལ་མེད་ཉིད་ཡིན། སྤོས་གཉིས་ནི་


JKT017_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་རྒྱ་སྤོས་དང་སྤང་སྤོས་གཉིས་ཀྱི་རྩ་བ། ༈ །བྱད་སྲུང་སྐབས། སྔགས་ཀྱི་ངར་བཏགས་ཞེས་པ་སེང་གདོང་མའི་རྩ་སྔགས་འབྲུ་བཅུ་བཞི་པ་བཟླས། ཁྱད་པར་གྲི་ལྕགས་གི་སོར་གདུབ་ལོ། ཟླ་ཟད་དུས་ཉེར་དགུའི་ཉིན་པར་བརྡུངས། དེ་ལ་གྲི་ཁྲག །བོང་ང་ནག་པོ་གྲི་སྙིང་། ཤུ་དག །གཙང་མའི་མངལ་ཁྲག །གུ་གུལ་ནག་པོ་རྣམས་ཀྱི་ཁུ་བར་ཡང་བཟློག་གི་སྔགས་བཏབ་པས་ངར་ལན་གསུམ་བླུད། དེ་ནས་ལྷ་སྔགས་ཀྱི་ཏིང་ངེ་འཛིན་དང་ལྡན་པས་སྲིན་ཕོ་གཡས་མོ་གཡོན་ལག་ཏུ་བཅིངས། ལོ་དུས་སུ་རབ་གནས་བསྐྱར། བྱད་སྟེམས་སོགས་ལ་ཉམ་ང་མེད་པའི་གདེང་དང་ལྡན་པར་བྱ། ཤིན་ཏུ་གལ་ཆེ་ན་ནང་རེ་བཞིན་སྔགས་ཀྱི་ངར་བཏགས། མཆོག་ཏུ་ཟབ། ལྕི། ༈ །མིར་ཁའི་སྐབས། གཏི་མུག་འཁོར་ལོ་ནི་ཕག་གི་སྣ། དེའི་བདུད་རྩི་ནི་བྲུན། ཝ་ར་སྐད་ཆེན་ནི་བོང་བུའོ། །དེ་སྟེང་མུ་ཟི་ནག་པོ་ཐུན་གཅིག་བསྣན་ཏེ་སྣ་ནས་བླུག་གོ །ཡང་བྷ་ཏྲི་ཞེས་པའི་སྲིན་བུ་ཀླད་དཀྱིལ་ནས་མགུལ་བས་བརྒྱལ་བ་ལ་གཤའ་དཀར་གྱི་དྭངས་མའམ་འབྲས་གསུམ་གང་རུང་གི་ཕྱེ་མ་བོང་བུའི་ཆུ་ཡིས་སྣ་ནས་བཏང་ན་ཕན་ཚུལ་འདུག ༈ །འབྱུང་གདོན་གྱི་སྨན་བཅོས་སྐོར་ལ། ཕྱི་ནས་བྱུག་བདུག་ནི་རྫས་ཆེན་བཅོ་བརྒྱད་དང་། ཁོང་སྨན་ཁྱུང་ཆེན་མང་སྦྱོར་གཉིས་ཤིན་ཏུ་ཟབ།


JKT017_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཤས་ཆེ་ན་ཨ་གར་སྦྱོར་བ་དང་། གྲིབ་གདོན་རྩ་དཀར་ཤས་ཆེ་ན་བསམ་འཕེལ་རཏྣ་ཟབ། ༈ །བྱུག་བདུག་གི་རྫས་ངན་འགྲོ་རིགས་ལ། ཤུག་པ། རྡོ་དྲེག་དམར་པོ། མཁན་སྐྱ་བཅས་བསྲེས་ན་ལྷ་སྲུང་ལ་མི་ཕོག་པར་བཞེད་དོ། །གཞན་ཡང་དྲང་སྲོང་གི་ནད་ལ་ཐོག་མར་སྤོས་དཀར་གྱི་ཐང་བཏང་བས་བཙོན་དུ་འཛིན། དེ་རྗེས་བསམ་འཕེལ་ནོར་བུའི་སྟེང་ཙིཏྟ་གཉིས་དང་ཁྲག་བཅས་བསྣན་པ་བཏང་། ཀླུ་གདོན་ལ་ཕྱག་རྡོར་རིལ་བུ་ཚད་ལྡན་སྦྱར་བ་དེ་ཤིན་ཏུ་ཟབ་བོ། །འོན་ཀྱང་དེ་དག་གི་བཅོས་ཚུལ་སོགས་ནི་འོལ་སྤྱི་ཙམ་ཏེ་ཞིབ་པར་གཞན་དུ་ཤེས་པར་བྱ་བ་ལས་འདིར་སྨོས་པའི་སྐབས་སུ་མ་བབ་བོ། །དེ་ལྟར་ཟབ་མོའི་མན་ངག་ཨུཏྤ་ལ། སྔོན་བྱོན་མཁྱེན་སྤྱོད་ཉི་གཞོན་དཔྱིད་དཔལ་གྱིས། །རྣམ་པར་ཕྱེ་བ་གང་དེར་ལེགས་བཏུས་ཏེ། །དཔྱོད་ལྡན་སྙིང་གི་ཐིག་ལེར་སླར་ཡང་སྤེལ། །འོན་ཀྱང་བདག་འདྲ་གྲགས་པའི་ཡོན་ཏན་གྱིས། །རྣམ་པར་མ་བསྲུང་བློ་གྲོས་ན་ཚོད་བཟུང་། །ཆེས་ཆེར་ཕྲ་བས་འདི་ལྟར་སྨྲ་བྱེད་པར། །ཆུ་སྐྱེས་ཚོགས་ཀྱང་ཁྲེལ་བས་འཛུམ་པ་བཞིན། །དེ་ལྟ་ནའང་ལུང་རྟོགས་སྤྱན་ལྡན་གྱིས། །བཀའ་སྩལ་རྣ་བའི་རྒྱན་དུ་དཔྱངས་པ་ལས། །མ་བཟོད་སྨྲ་བ་གང་དེར་ཉེས་པའི་ཚོགས། །བཤགས་སོ་དགེ་བས་འགྲོ་ཀུན་སྨན་གྱུར་ཅིག །


JKT017_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྲོག་རླུང་གི་བཅོས་ཚུལ་སོགས་ལེ་ཚན་བཞི་ཡི་མན་ངག་ཕྱོགས་གཅིག་ཏུ་བསྡེབས་པ་འདི་ཡང་རྨོངས་པ་ཀུན་གྱི་གྲལ་མཐར་སོན་པའི་བན་སྤྲང་འཇིགས་མེད་མཁྱེན་བརྩེའི་མྱུ་གུས་སྦྱར་བ་ཛ་ཡནྟུ།། །།

རིན་ཆེན་རིལ་བུ་གཏོང་བའི་ཚུལ།


JKT017_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

༈ རིན་ཆེན་རིལ་བུ་གཏོང་བའི་ཚུལ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། གཟའ་སྐར་དུས་ཚེས་ཤིས་པའི་ཉིན། དབེན་ཞིང་ཉམས་དགའ་བའི་གནས་སུ། གཡུང་དྲུང་བྲིས་པའི་གདན་གྱི་སྟེང་དུ་གྲོ་འབོ་གང་དང་། དེ་སྟེང་རས་དཀར་གྱི་གཞི་གདན་ངོས་སུ་འབྲས་དཀར་པོས་སྣ་ཚོགས་རྡོ་རྗེ་དང་། ཕྱོགས་བཞིར་གཡུང་དྲུང་བཞི་བྲི། དར་སེར་པོས་དགབ། དེ་སྟེང་ལྷུང་བཟེད་འབྲུ་སྣ་ཚོགས་ཀྱིས་བཀང་བའི་ནང་ཨ་རུ་ར་བཞིའི་སྟེགས་ཀྱི་ཁར། ཤེལ་ལམ། དཀར་ཡོལ། གསེར་དངུལ་ལྟ་བུའི་ཡོལ་གོ་གཙང་མར་ཇ་བཟང་ཤོང་དཀར་གྱི་རྩེ་མོའི་ཁུ་བའི་དྭངས་མ་སུན་གཅིག་གི་ནང་རིལ་བུ་བཅུག ཁ་དར་དམར་པོས་བཅད། དེ་སྟེང་ཆོས་གོས་བཞི་བསྟབས་དང་། དེ་སྟེང་སྨན་རྒྱལ་གྱི་སྐུ་༢༤༨རྒྱུད་ད་ལ་སྨན་མདོ་བཞུགས། དར་སྔོན་པོའི་ལྡིང་གུར་ཕུབ། མཐའ་བསྐོར་སྨན་རག་གཏོར་ཚོགས་དང་། བཟང་དྲུག་སོགས་སྐོང་བའི་རྫས་དམིགས་བསལ་རྣམས་དང་། གཞན་ཡང་ཉེར་སྤྱོད་འདོད་ཡོན་གྱི་རིགས་གྱ་ནོམས་པ་མཐོང་བརྒྱུད་ལྟར་བཤམས། སྐབས་སུ་


JKT017_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཤས་ཆེ་ན་ཨ་གར་སྦྱོར་བ་དང་། གྲིབ་གདོན་རྩ་དཀར་ཤས་ཆེ་ན་བསམ་འཕེལ་རཏྣ་ཟབ། ༈ །བྱུག་བདུག་གི་རྫས་ངན་འགྲོ་རིགས་ལ། ཤུག་པ། རྡོ་དྲེག་དམར་པོ། མཁན་སྐྱ་བཅས་བསྲེས་ན་ལྷ་སྲུང་ལ་མི་ཕོག་པར་བཞེད་དོ། །གཞན་ཡང་དྲང་སྲོང་གི་ནད་ལ་ཐོག་མར་སྤོས་དཀར་གྱི་ཐང་བཏང་བས་བཙོན་དུ་འཛིན། དེ་རྗེས་བསམ་འཕེལ་ནོར་བུའི་སྟེང་ཙིཏྟ་གཉིས་དང་ཁྲག་བཅས་བསྣན་པ་བཏང་། ཀླུ་གདོན་ལ་ཕྱག་རྡོར་རིལ་བུ་ཚད་ལྡན་སྦྱར་བ་དེ་ཤིན་ཏུ་ཟབ་བོ། །འོན་ཀྱང་དེ་དག་གི་བཅོས་ཚུལ་སོགས་ནི་འོལ་སྤྱི་ཙམ་ཏེ་ཞིབ་པར་གཞན་དུ་ཤེས་པར་བྱ་བ་ལས་འདིར་སྨོས་པའི་སྐབས་སུ་མ་བབ་བོ། །དེ་ལྟར་ཟབ་མོའི་མན་ངག་ཨུཏྤ་ལ། སྔོན་བྱོན་མཁྱེན་སྤྱོད་ཉི་གཞོན་དཔྱིད་དཔལ་གྱིས། །རྣམ་པར་ཕྱེ་བ་གང་དེར་ལེགས་བཏུས་ཏེ། །དཔྱོད་ལྡན་སྙིང་གི་ཐིག་ལེར་སླར་ཡང་སྤེལ། །འོན་ཀྱང་བདག་འདྲ་གྲགས་པའི་ཡོན་ཏན་གྱིས། །རྣམ་པར་མ་བསྲུང་བློ་གྲོས་ན་ཚོད་བཟུང་། །ཆེས་ཆེར་ཕྲ་བས་འདི་ལྟར་སྨྲ་བྱེད་པར། །ཆུ་སྐྱེས་ཚོགས་ཀྱང་ཁྲེལ་བས་འཛུམ་པ་བཞིན། །དེ་ལྟ་ནའང་ལུང་རྟོགས་སྤྱན་ལྡན་གྱིས། །བཀའ་སྩལ་རྣ་བའི་རྒྱན་དུ་དཔྱངས་པ་ལས། །མ་བཟོད་སྨྲ་བ་གང་དེར་ཉེས་པའི་ཚོགས། །བཤགས་སོ་དགེ་བས་འགྲོ་ཀུན་སྨན་གྱུར་ཅིག །


JKT017_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་མེད་དོན་བཤགས་སྔོན་དུ་འགྲོ་བས་ཚོགས་ཀྱི་ཡོ་བྱད་བསང་སྦྱངས། ཚོགས་ཕུད་ཕུལ། བསྐང་བཤགས་བྱ། གཉིས་པ་ནི། བདུད་རྩི་ཐུན་མཚམས་འཆར་བ་དང་བསྟུན་སྟེ། རིན་ཆེན་རིལ་བུ་བཏེགས་ཏེ་ནད་པའི་སྔས་མགོར་ཕྱིན་ལ། དཔག་ཡས་བསོད་ནམས་སོགས་བརྒྱུད་འདེབས་གཏོང་། བཀའ་སྲུང་དྲེགས་བྱེད་ཚོགས་ལ་གསོལ་བ་འདེབས། ཞེས་པའི་མཚམས་སྨན་པའི་སྲིན་ལག་གིས་བཤིག་ཏེ། འཚོ་མཛད་སྨན་པའི་རྒྱལ་པོ་བཅོམ་ལྡན་འདས། སོགས་ནས་གཟུངས་སྔགས་ཚར་བདུན་བརྗོད་ཅིང་ཕུད་མཆོད། རང་གིས་ཀྱང་མྱང་། གསེར་གཟུངས་བཟླ་བཞིན་པས་བླུད་ནས་དབྱངས་གསལ་རྟེན་སྙིང་དང་། སྟོང་ཆེན་རབ་འབྱམས་ནས་གསུངས་པའི་བདེན་ཚིག་དང་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་སྟན་ལ་འདུག་སྟེ། བདག་ནི་སྐྱེ་བ་སོགས་དཀྱུས་བཞིན་དང་། ཚོགས་ཀྱི་དངོས་གྲུབ་བླངས་ཏེ་རང་གིས་ཀྱང་རོལ། ནད་པ་ལའང་རྟེན་འབྲེལ་ཙམ་སྦྱིན། དེ་ནས་ཆུ་བསྐོལ་ཚ་མོ་ཞིག་འཐུངས་སུ་གཞུག །གོས་ཤིན་ཏུ་དྲོ་བས་དབྱིབ་ཅིང་རྡུལ་འདོན་བྱ། ལྷག་མ་ནས་བཟུང་རྗེས་ཆོག་དཀྱུས་བཞིན་དུ་གཏོང་ངོ་། །གསུམ་པ་ནི། སང་ཉི་ཤར་དུས་དོམ་མཁྲིས་དང་། ཁ་ཆེ་ཐུན་གཅིག་མར་ཁུ་གསར་པ་བཙག་བཅད་ལ་བཏབ་སྟེ་གཏོང་ནས་རྩ་ཁ་བསྡམས། དེ་


JKT017_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉིན་ཕྱེད་ཚུན་ལ་ཟས་མི་ཟ། དེ་ནས་དཀར་གསུམ་སོགས་བཀྲ་ཤིས་རིལ་བུ་བསྟན་དུས་ཟངས་ཐལ་མར་སྦྱར་བྱུགས་པ་དང་། རྩ་ཁ་བསྡམས་རྗེས་རླུང་གནོན་ཤ་ཆང་བསྟེན་སྲོལ་ཀྱང་སྣང་། པའི་ཁ་ཟས་ཀྱིས་མདུན་གསུས་ཏེ་བག་ཀྱིས་ཀློད། འོན་ཀྱང་ཁ་ཚ་རུལ་སུམ་དང་། ཉ་ཕག་སྒོ་ང་བྲ་བོ་འཕྱུར་བ་སྟར་བུ་ཆང་སྐྱུར་སོགས་དང་། ཁམ་བུ་ཀུ་ཤུ་སོགས་སྔོ་ངད། རྩིབ་མའི་བར་ཤ །སོག་པའི་ཁྲུམ་ཁྲུམ་སོགས་༧ སྤངས། སྤྱོད་ལམ་ཡང་དྲག་ཤུལ་གྱི་ལས་དང་། རྟ་རྒྱུག ཉིན་གཉིད། བུད་མེད། མགོ་འཇུག་ལྡོག་ཏེ་ཉལ་བ། ཆུ་ཆེན་བརྒལ་བ། རྐང་རྗེན་གྱིས་འགྲོ་བ། ཧ་ཀྱང་འཁྱག་པ་སོགས་དང་། ཝ་ཞབས་སྐས་ཞབས་བུད་མེད་དང་། ཁྱི་དང་། བྱི་ལས་འགོམས་པ། གྲིབ་དང་མི་གཙང་བའི་རིགས་དང་། བཤལ་སྐྱུགས་གཏར་ག་བཟི་སྨན་རྣམས་གཏན་དུ་སྤངས་བའམ། དེ་ལས་སྒོག་བཙོང་ཕག་ཤ་འཕྱུར་བ་དང་། ཝ་སྐས་ཁྱི་དང་བྱི་ལས་འགོམ་པ་དང་། མེ་ཆུ་བརྒལ་བ་རྣམས་ཟླ་གཅིག བཤལ་སྐྱུགས་གཏར་ག་ཟླ་བ་གསུམ་ཚུན་ཆད་སྤངས། དེ་ལས་གཞན་རབ་གཏན། འབྲིང་ལོ་གསུམ། ཐ་མ་ཡང་ལོ་གཅིག་བར་དུ་ངེས་པར་སྤངས་དགོས། དེ་ལྟར་བསྟེན་པས་ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་བཅུ། དུས་མ་ཡིན་པའི་འཆི་བ་བརྒྱད་ལ་སོགས་པ་ཐམས་ཅད་ཞི་


JKT017_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། ཚེ་བསོད་དཔལ་འབྱོར་ལུས་ཟུང་རྒྱས། མཐར་ཐུགས་མཁའ་སྤྱོད་ཀྱི་རིག་པ་འཛིན་པར་འགྱུར་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་རྒྱུད་དང་གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་མཛད་པའི་གཞུང་དག་ལས་ཤེས་པར་བྱའོ། །ཞར་ལ་མཛེ་ཅན་དམེ་ཕོ་དམ་ཉམས་སོགས་ཀྱི་ལག་ཏུ་འགྲིམ་པ་དང་། ནམ་མཁའ་མཐོང་བ་དང་། ཁྱི་དང་བུད་མེད་བྱི་ལ་སོགས་ཀྱིས་རེག་པས་ཉམས་པ་རྣམས་གསོ་བའི་ཕྱག་ལེན་ནི། ཚེས་བཅོ་ལྔའི་དུས་སུ། ས་མ་རུབ་ཙམ་ནས་ཨ་རུ་སོགས་བཟང་སྨན་སྣ་ཚོགས་ཀྱིས་བཀང་བའི་རིན་པོ་ཆེའི་སྣོད་དུ་རིལ་བུ་ཉིད་དར་དམར་གྱིས་བསྟུམ་ལ་ཁ་། བཅད་དེ་བཞག །མཐའ་མཆོད་པས་བསྐོར། སྐྱབས་སེམས་སྔོན་དུ་འགྲོ་བས་གཞི་བདག་ལ་གཏོར་མ་དང་། བགེགས་གཏོར་བྱིན། གུ་གུལ་བདུག་ཅིང་། ཧཱུྃ་བཞིས་སྔགས་ལན་མང་དུ་བརྗོད་པའམ། ཡང་ན་སྦྱོང་བ་སྤྱི་ལྟར་བྱས་ནས་བགེགས་ནན་ཏན་དུ་ཕྲལ། དེ་ནས་སྲུང་འཁོར་བསྒོམས་ཤིང་ལས་གཞུང་བསྲངས། བཟླས་པ་ཇི་ལྟར་རིགས་པའི་རྗེས། ཟླ་བ་ཤར་བ་དང་བསྟུན་ཞལ་ཁེབ་བསལ་ནས་ཟླ་བ་མ་གཤེགས་ཀྱི་བར་སྔགས་གསེར་གཟུངས་ངག་བཅད་དེ་ཟླ་བ་གཤེགས་འཕྲལ་ཞལ་ཁེབ་རྒྱབ། མཆོད་བསྟོད་གསོལ་འདེབས་ཚོགས་འཁོར་སོགས་དཀྱུས་བཞིན་མཐའ་རྒྱས་སུ་


JKT017_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ་བརྟན་བཞུགས་རབ་གནས་ནན་ཏན་དང་ཤིས་བརྗོད་རྒྱས་པར་བྱས་ནས་ནང་དུ་གདན་དྲངས་ལ་བཅའ་ག་ལེགས་པར་བྱས་ཤིང་མཆོད་གྲལ་དུ་བསྐུར་བསྟི་དང་བཅས་རེ་ཞིག་འཇོག་ཏེ་དེ་ནས་ཚགས་བྱའོ། །གོང་གི་སྨན་གཏོང་བའི་དུས་སུ་བདུད་རྩི་ཐུན་མཚམས་དང་འགྲིགས་ངེས་དང་། ཉམས་གསོའི་དུས་སུ་སྟོན་ཟླ་ལྟ་བུ་ཟླ་བ་སྤྲིན་དང་བྲལ་བ་ཤིན་ཏུ་གལ་ཆེའོ། །སྔར་གྱི་གསེར་གཟུངས་དེ་ཉེར་གཅིག་མ་ཆག་པས་དུག་སྲུངས། བརྒྱ་རྩ་བརྒྱད་ཀྱིས་གཞན་གསོ། མཐིང་ཤོག་ལ་ཚེགས་མེད་དབུ་ཅན་དུ་གསེར་གྱི་བྲིས་ཏེ་བཏགས་པས་སྦྱར་དང་གྱུར་དང་དངོས་ཀྱིས་དུག་ཀུན་སྲུང་ངོ་། །རིན་པོ་ཆེའི་རིལ་བུ་གཏོང་བ་དང་ཉམས་པ་གསོ་བའི་ལག་ལེན་སྤར་བཅངས་སུ་བསྟན་པ་ས་མབྟ་མི་ཐི། །

ཟླ་ཤེལ་འཆི་མེད་བདུད་རྩི་རིལ་བུའི་སྦྱོར་བ་འཆི་མེད་བཅུད་ལེན།


JKT017_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཟླ་ཤེལ་འཆི་མེད་བདུད་རྩི་རིལ་བུའི་སྦྱོར་བ་འཆི་མེད་བཅུད་ལེན་བཞུགས་སོ། །ཨོཾ་ཨ་ཐཱ༈ རིགས་ཀུན་ཁྱབ་བདག་དཔལ་ལྡན་བླ་མ་དང་། །དབྱེར་མེད་སྨན་རྒྱལ་གུ་ཎའི་ཞབས་པདྨོ། །གཙུག་གཏོར་ནོར་བུའི་ཁང་བུར་ངལ་བསོས་པས། །སྔོན་མེད་བདུད་རྩིའི་སྨན་སྦྱོར་འདི་ལྟར་ཤར། །རྒྱལ་པོ་ཅོང་ཞི་དུལ་མ་ཆ་བཞི་ལ། །བཙུན་མོ་བྲག་ཞུན་སླད་མེད་ཆ་གཉིས་ཏེ། །བློན་པོ་ཨ་རུ་རུ་རྟ་ཧོང་ལེན་དང་། །ཨུཏྤལ་མ་ནུ་པྲི་ཡང་བ་ཤ་ཀ །ལྕགས་ཀྱི་ཕྱེ་མ་རྣམས་ནི་ཆ་རེ་རེ། །


JKT017_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འབངས་ཨ་གར་ཏིག་ཏ་པི་པི་ལིང་། །བཟང་དྲུག་བ་རུ་སླེ་ཏྲེས་དངུལ་ཆུ་དང་། །རྒྱམ་ཚྭ་མིང་ཅན་གླ་རྩི་གུ་གུལ་ནག །ད་ལིས་སྲད་ནག་ཉི་དགའ་ལི་ག་དུར། །དཔའ་བོ་དཀར་པོ་བྱེའུ་ལ་ཕུག་དང་། །ཆུ་སེར་སྨན་གསུམ་རྣམས་ནི་ཆ་ཕྱེད་རེ། །ཞིབ་བཏགས་སེ་འབྲུ་སྐྱུ་རུ་ཆ་གཉིས་དང་། །སྟར་ཞུན་ཆ་གཅིག་སྤྱི་བཞུར་དེ་ཡི་ཕྱེད། །ལེགས་པར་སྦྱར་བའི་ཁུ་བས་འདམ་བཏགས་བྱ། །ལག་ལེན་མན་ངག་གནད་དང་ལྡན་པ་ཡིས། །རིལ་བུ་སྲན་མ་འཕོས་པ་ཙམ་དུ་དྲིལ། །བྱིན་རླབས་ཤིས་པ་བརྗོད་ཅིང་པར་བུར་བཅངས། །ལྔ་བདུན་དགུ་སོགས་ནད་སྟོབས་སྦྱར་ལ་གཏོང་། །བཞི་བརྒྱ་རྩ་བཞིའི་ནད་རྣམས་མ་ལུས་པ། །འདི་ཡིས་མི་སེལ་བ་ནི་ག་ལ་ཡོད། །ཁྱད་པར་ཁྲག་མཁྲིས་བད་ཀན་སྨུག་པོ་དང་། །རྨུ་འོར་སྐྱ་སྦབས་དྲེགས་གྲུམ་ཚ་བ་རྙིངས། །རྩ་དཀར་ཆུ་སེར་དངོས་དང་སྦྱར་དུག་རྣམས། །སེལ་བྱེད་འཆི་མེད་བདུད་རྩི་མངོན་སུམ་མོ། །དེ་ལྟར་བརྩམས་ལས་བྱུང་བའི་དགེ་ཚོགས་ནི། །ཟླ་གཞོན་བྱེ་བའི་ཁེངས་པ་བསྙིལ་བ་དེས། །འགྲོ་ཀུན་རྒྱུ་འབྲས་ནད་ཀྱིས་གདུངས་བ་ལས། །རང་གྲོལ་སྨན་པའི་རྒྱལ་པོ་མངོན་གྱུར་ཤོག ༈ །ན་མོ་གུ་ར་བེ། གསོ་བ་རིག་པའི་ལག་ལེན་གྱི་སྐོར་ལས། རྡོ་སྨན་རིགས་གར་འགྲོ་སར་འཇུ་རྩི་དར་སྨན་


JKT017_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས། ཟེ་ཚྭ་དུག་འདོན་བྱས་པ་ཐུན་གཅིག །ཚྭ་ལ་ཆུ་བཅད་ཐུན་གཅིག་གཏོང་། སྔོ་སྨན་རྐྱང་པ་ལ་སྡེ་སྦྱོར་སྐབས་ལྟར་གྱི་ཁ་ཚར་བཏབ། ཟེ་ཚྭ་ལྕགས་སྐྱོགས་སུ་རྔོ་ནས་ཚག་སྒྲ་འོང་དུས་ཚུར་ལེན་ལ་དུག་འདོན། གོ་ཐལ་དང་རྒོད་ཐལ་ཞིབ་ཏུ་བྱས་ལ་སྐྱོགས་ནང་དུ་མེ་ལ་ཡུད་ཙམ་བརྔོས་ནས་སོ་སོར་གཏོང་ཆོག །གཟེ་མ་ལྕགས་སྐྱོགས་སུར་མགོ་ཚིག་ཙམ་བརྗོ། །

བཤལ་གྱི་ཕྱག་ལེན་སོགས།


JKT017_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

༈ བཤལ་གྱི་ཕྱག་ལེན་ནི། སྦྱངས་མ་གཏོང་བའི་སྔོན་དུ་ཞག་གཉིས་གསུམ་ཚུན་བཏུང་བ་མ་གཏོགས་བཟའ་བ་སྤངས། དེ་ནས་གདོན་དང་འགྲུལ་སྲུང་། རླུང་གསང་དང་མཐིལ་བཞི་མར་དཀར་བྱུགས་ལ་ཙམ་པ་འདེབས། ནུབ་མོ་སྣ་སེལ། ཨ་རུ་མཆུ་རིང་། ལྕམ་རྩ། ཆུ་མ་རྩི། རྒྱམ་ཚྭ། པི་ལིང་བཅས་ཆ་མཉམ་བཏུལ་བའི་བསྡུས་ཐང་བཏང་། ནམ་གུང་ཇ་སླ་མོ་ཅུང་ཞིག་བཏང་། ཐོ་རང་སྦྱོང་བྱེད་རིལ་བུ་སྲན་ཙམ་ལྔ་བདུན་དགུ་སོགས་ལྟོ་བ་དང་བསྟུན་རིགས་པས་དཔྱད་ལ་ཆུ་ཁོལ་གྱིས་ཕུལ་ཏེ་གཏང་། མི་སྐྱུག་པའི་ཐབས་གཞུང་ལྟར་བྱ། སྦྱོར་སྡེ་ནི་མགྲོན་པོ་ལམ་བཤལ་ལ་མཚོན་ན། ཨ་རུ་མཆུ་རིང་མེ་མུར་དུ་མ་ཚིག་ཙམ་བརྗོ། དུར་བྱིད་རྐང་ཤུན་ཕྲལ་ནས་ཡོས་ཚན་ནང་དུ་རྔུལ་ཆུ་འོང་ཙམ་བར་བརྗོ། དན་རོག་ཤུན་པ་དང་མཆུ་ཅུང་ཞིག་ཡོད་པ་དེ་དོར་ནས་སླ་ངར་ཙམ་པ་ཡམ་གཅིག་ཙམ་བཀོད་པའི་སྟེང་དུ་


JKT017_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དན་རོག་བསྒྲིགས་སྟེང་དུ་ཙམ་པས་སྒྲིབ་ལ་ཙམ་པ་ཚིག་དན་རོག་མ་ཚིག་ཙམ་ནས་ལེན། ཤྲཱི་ཁཎྜ་མར་ཁུ་ནང་དུ་ཡུན་གཅིག་བཙོ་ལ་ཕྱུང་། ཐར་ནུ་རྐང་ཤུན་དོར་ལ་བ་ཆུ་རང་ནུབ་ཙམ་གྱི་ནང་དུ་བཙོ་ལ་ཁུ་བ་ཐིམ་པར་བྱ། དེ་ལྟར་དུག་འདོན་བྱས་པའི་སྨན་རྣམས་དང་། ལྕམ་རྩ། སྔོན་བུའི་སྡོང་པོ། ཁྲོན་བུའི་རྩ་བ། དན་ཁྲ། དོང་གའི་འབྲས་བུ་རྣམས་ཁྲོལ་བུར་བརྡུངས་པ་སོ་སོ་ནས་ལག་པའི་སྲང་རེ་བ་ཆུ་བྲེ་བཞིའི་ནང་དུ་མེ་ཤེད་ཆུང་བར་བཙོ་ནས་ཚིག་མ་བཙགས་ཅིང་དངས་མས་ཁཎྜ་བྱས་ནས་རིལ་བུ་སྲན་མ་ཙམ་དྲི་ཙམ་དྲིལ་ལ་གཏོང་། ཁ་བསྒྱུར་སོགས་གཞུང་གཏར་གའི་སྐབས་རྩ་གང་ཡིན་ལག་པའི་མཐེབ་འཛུབ་ཀྱིས་དམ་པར་བཟུང་ལ། དེ་མཚམས་ནས་སྨྱུག་ཁ་ལྟ་བུའི་སེན་རིས་བྱས་ནས་དེ་སྟེང་གཙག་བུ་གཟིར། ཁྲེབ་སྒྲ་གཉིས་བྱུང་ན་ཤ་དང་རྩ་ཕིགས་པའི་རྟགས་ཡིན་པས་བླངས། བཅད་རན་པ་ན་ཕྱིང་པ་ཆུར་བཅུར་བའི་ཚལ་བུ་སླན་ལ་བལ་ཐིག་གིས་བསྡམས། ཁྲག་ཆོད་དཀའ་ན་ཤིང་གཞོག་བསླན། གག་པའི་ལྕེ་ཟོར་གྱིས་རྩེ་མོ་ཟླ་གམ་རིང་ཐུང་ཕུན་གང་ཙམ་ཡོད་པའི་ཕྱེད་ཡན་དར་གྱིས་དཀྲི། དེ་ནས་ལྕེ་སྒངས་དབུས་སུ་གཞག་ལ་མཇུག་ནས་གྲི་ལྟག་ལྟ་བུས་བརྡེག་པས་རྣག་དོན་ཡོང་། དྲེག་རྩ་ནི་རྐང་པའི་མཐེ་བོང་དང་འཛུབ་མོའི་བར་གྱི་སུམ་ཅུ་སོ་བདུན་


JKT017_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཤ་ན་ཡོད་པས། དྲེག་འབུག་གི་བུ་གར་དར་སྐུད་དམར་པོ་བརྒྱུས་ནས་ཕུག་ཅིང་འབུག་བླངས་རྗེས་དར་སྐུད་ཡར་མར་འདྲེན་ནས་མཐར་ཞབས་སུ་བླངས་ནས་དོར། ཕུག་གདན་འབོལ་འདྲ་བ་ཞིག་དགོས་སོ། ༈ །མེ་བཙའི་དམ་ནི། མར་ནག །རྒྱུངས་པ། སྒོག་པ་གསུམ་སྦྱར་བ་དགོས། ༈ ཤ་བའི་མིག་རྐྱག་བདུག་པས་གདོང་སྲིན་སོགས་ལ་མཆོག་ཏུ་ཕན། སྲིན་གྱི་ནད་ཀྱིས་ཆུ་སེར་དང་རྣག་སོགས་ཤད་པའི་བུག་པ་བརྡོལ་ན། གྲོ་ཟན་ཤིན་ཏུ་སྲབ་མོ་མར་གོར་འདྲ་བ་གཉིས་ཀྱི་བར་དུ་བུ་རམ་གྱི་ལྡེ་གུ་བྱུགས་ལ་རྨ་ཁར་ཞག་གཅིག་སྦྱར་ནས་བཞག སྲིན་འབུ་ཡོད་ན་ཟན་ཁྲོལ་བུར་ཕུག་ཡོད་པས་འབུ་ཡོད་ཐག་ཆོད་དུས་དུག་འབྱར་ནི། གྲོ་ཟན་གོར་མོ་སྔར་ལྟར་གསུམ་བཅོས་ལ་ཟན་ཞབས་མའི་སྟེང་དུ་བོང་ནག །བར་མའི་ཞབས་ལ་བུ་རམ། བར་མའི་སྟེང་དུ་བུ་རམ། སྟེང་མའི་ཞབས་ལ་བོང་ནག་གི་སྡེ་དགུ་བྱུགས་ལ་སྦྱར་ཏེ་སུམ་བཅག་བྱས་པ་དེ་ཡང་ཡང་མ་སོད་བར་དུ་བསྐྱུར་ལ་བཞག འབུ་མེད་དུས་རུས་པ་བསྣད་མེད་ན་རང་སོས་འགྲོ། སྣད་ཡོད་ན་རུས་ཕྱེ་དོན་ཕྱིར་རྨ་ཁུང་དུ། རྒྱ་ཚྭ་སྡོང་རོས་ཆ་མཉམ་གྱི་ཕྱེ་མ་ཡང་བླུགས་ལ་རྨ་ཁར་ཤོག་བུ་སྦྱར་རུས་ཕྱེ་དོན་རྒྱབ་རྨ་སྨན་བྱའོ། ༈ །སྐྲངས་པ་རྣག་ཏུ་འགུགས་ན། བྱུགས་པའི་དཀྱིལ་ཕུག་རོན་བྲུན་དང་ནས་སྔོན་ཕྱེ་


JKT017_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆུ་ཉུང་ངུར་བཙོས་ལ་ཐིག་ལེར་བ་ཀོ་ཙམ་དུ་བརྐུས་ལ་སྟེང་དུ་ཤོག་བུས་བཀབ་ལ་སྦྱར་ནས་རྣག་མ་སྨིན་བར་དུ་འཇོག་རང་རྡོལ་འཇུག་ན་དེ་ཡི་དཀྱིལ་ཕུག་ལ། ཕུག་རོན་བྲུན་ཆ་གཉིས་དེ་ཕྱེད་ཀྱི་དུང་ཐལ། ནས་སྔོན་ཕྱེ་མ། རྒྱ་ཚྭ། ཐར་ནུ་ནུས་བསྲེགས་རྣམས་ཞིབ་བཏགས་ལྡེ་གུ་འཐུག་པོ་བྱས་ལ་བཀུས་ནས་སྐྱི་མོས་བཀབ་ལ་ཆུ་ཡིས་རྒྱུན་དུ་ནེམ་པར་བྱ་ཞིང་ཞག་གཉིས་གསུམ་ནས་བརྡོལ་ལོ། །འཕྲལ་ཕུག་འདོད་ན་ཟངས་ཐུར་གྱིས་སྲེགས་ལ་ཕིགས་དགོས། ༈ །ཟན་ཆང་ནི་ར་མེ། ལྟ་བ་གཟེ་མ་ལྕམ་པའི་འབྲས་བུ་རྣམས་སོ་སོར་ཁྱོར་གང་རེ་ཞིབ་བཏགས་ནས་སྔོན་རྗེན་འཐག་ཕུལ་དོ་དང་འདྲེས་པར་བསྲེས་ལ་ཆུ་བླུགས་ནས་ཟན་ལྟར་བརྫིས། ཐེབ་སྒྱུ་མང་དུ་བཟོས་ནས་ཆུ་དྲོན་རང་ནུབ་ཙམ་གྱིས་དྲོད་ཕབ་ལ་ཆང་ཕབ་ཅུང་ཟད་བཏབ་ནས་རྫ་བུམ་ནང་དུ་ཞག་གསུམ་དྲོ་སར་བསྙལ་ཞིང་ཆང་དྲི་སྣམ་དུས་ལང་པའི་ཚད་ཡིན་པས་བླངས་ལ་མར་ཁུའི་དྭངས་མ་བྲེ་གསུམ་གྱི་ནང་དུ་སྦྱར་ལ་ལྕ་སྒ་ཞིབ་བཏགས་ཁྱོར་གང་། བུ་རམ་སྲང་བཅུ་བཅས་བཏབ་དཀྲུགས་ཚུར་བླངས་ལ་ཞོ་ལྟར་འདྲེས་པར་བྱས་ནས་ལོངས་སྤྱད། ༈ །པུཏྤ་སྦྲང་ཆང་ནི། མེ་ཏོག་གཡར་མོ་ཐང་གྲིབ་སྐམ་རྫ་བུམ་དུ་བླུགས་ནས་ཆུ་དྲོན་གྱིས་བསྙལ། རིམ་གྱིས་བསྲིངས་པའི་ཁུ་བ་བཞུར་སྟེ། དེ་ནང་སྦྲང་


JKT017_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་གང་བཏབ་ནས་ཕབ་བཅས་ཞག་གསུམ་བསྙལ་བས་སྐྱུར་མནམ་པ་དང་ལྦུ་བ་ཆིལ་གྱིས་བྱུང་བ་ན་ལོངས་སྤྱད། ༈ །བདུད་རྩི་ལྔ་ལུམ་ནི། བྲག་མཚེ་དང་ཤུག་པ་ཚེར་མ་ཅན། མཁན་པ་གསེར་མགོ་སུར་དཀར། འོམ་བུ་བཅས་རློན་ཐུས་བྱས་པ་སོ་སོར་ཁྲོལ་བུར་ཞིབ་ཏུ་བརྡུངས་ལ་རེ་རེ་ལ་ཕུལ་གྱིས་འཇལ་བའི་བྲེ་གང་རེ་བྱས་ནས་ཕྱོགས་གཅིག་ཏུ་སྤུངས་ལ་ཟངས་སྣོད་ཆེ་བར་བླུགས་ཅིང་། །དེའི་སྟེང་དུ་ནས་སྔོན་ཕུལ་གང་བླུགས་ལ་བུལ་ཏོག་བཏབ་ཅིང་ཆུ་རང་ནུབ་ཙམ་དུ་བླུགས་ལ་ཐབ་ཏུ་བསྐོལ་ནས་ཡང་ཡང་ཆུ་སབ་ཅིང་ཁུ་བ་རང་ཐིམ་འགྲོ་དུས་བླངས་ལ་གྲངས་སུ་བཅུག་ནས་དྲོད་རྔ་ཡོད་དུས་ཆང་ཕབ་བཏབ་ཅིང་ཆང་ལྟར་ཞག་གསུམ་བསྙལ། དེ་དང་མཉམ་དུ་འབྲུ་ཆང་ཞིག་ཀྱང་བཙོ། དེ་ནས་གཟའ་སྐར་བཟང་པོ་ལ་བདུད་རྩི་ལྔ་ཡི་སྨན་སོབ་སྒྲ་དང་ཆང་དྲི་ལྟར་བྱུང་དུས་ཚུར་བླངས་ལ་ཁ་ཚར་གྱི་སྨན་རྩ་བ་ལྔ་དང་ཆུ་སེར་ཅན་ལ་མུ་ཟི་ཐུན་གཅིག་བཏབ་ནས་ཆང་བསྲིངས་ཁུ་བ་རང་ནུབ་ཙམ་བྱས་ནས་བསྐོལ་ཞིང་། སླར་ཚུར་བླངས་ཏེ་ཁ་བཅད་ནས་ཅུང་ཟད་བཞག །དེ་ནས་ཟངས་སྣོད་ཆེ་བ་བླུགས་ཅིང་སྔོ་ཁུ་དང་ཆུ་ཡིས་བུངས་བསྐྱེད་ལ་བསྐོལ་ཞིང་། དེ་ནས་ས་ལ་ལུས་དཀྱིལ་ཀྲུང་གི་ཚད་ཀྱིས་དོང་བྲུས་ལ་དེ་ནང་དུ་ཀོ་རློན་བཏིང་། ཟུར་རྣམས་དོང་ཁར་བརྒྱངས་ནས་དེ་ཡི་ནང་


JKT017_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྨན་གྱི་ཆུ་ཁོལ་བླུགས་ལ་ཉལ་ནས། དང་པོ་ཆུ་ཚན་དེས་མགོ་དང་ཁོག་སྟོད་བཀྲུས་ནས་ཉལ། སླར་ཅུང་ཟད་རེ་གྲང་དུས་ཐབ་ཀྱི་སྨན་ཁུ་ཚན་མོ་རེ་དང་བརྗེ་རེས་བྱེད་ནས་ཡུན་ཇེ་རིང་ལ་གཏོང་ནས་ལན་ལྔ་བདུན་དགུ་དང་བཅོ་ལྔ་ཕྱིན་ཡང་ཉལ་བར་བྱ། ཁྲག་དང་བད་ཀན་སོགས་སྟོད་དུ་འཕྱུར་སྙམས་བྱུང་ན་གསེར་ཐང་བརྒྱད་པ། ཨ་གར་སོ་ལྔ་སོགས་རིག་པས་དཔྱད་ལ་གཏོང་། །མཚམས་སུ་ཤ་གསར་དང་ཕྱེ་ཐུག་དྲོད་བཅུད་ཅན་གྱི་ཟས་ཀྱང་ཁམས་དང་བསྟུན་ནས་བཏང་། ཉལ་ཚེ་རླངས་པ་ཕྱིར་མི་ཤོར་བར་གོས་ཀྱིས་ཀླུབས། ལུམ་འཇོག་མཐར་མར་དཀར་དང་ཕྱེ་བསྲེས་པས་བཀུ་མཉེ་བྱའོ། ༈ །ཙནྡན་མར་ཁུ་ནི། ཤུག་པ་སྤ་མ་སྡོང་པོ་ཐང་ཆུ་ཅན་བཞོག་པ་དེ་རྫ་མའི་ནང་དུ་གང་བར་བླུགས། །ས་ལ་དོང་བྲུས་པའི་ནང་ནས་སྣོད་ཞིག་ཡར་འཛེད་ལ་སྟེང་དུ་རྡོ་ལེབ་ཁུང་བུ་བདུན་ཅན་གྱིས་ཁ་བཅད། དེ་སྟེང་རྫ་མ་ཤུག་པ་ཅན་ཁ་སྦུབས་ལ་ས་དོང་མཚམས་ནས་སྲུབ་མེད་པར་རྫ་མའི་ཕྱི་འདག་ཞལ་བྱས་ནས་སྐམ་དུ་བཅུག་ལ་སོལ་མེ་འབུད་ལ་ཉིན་གཅིག་ཙམ་བསྲེགས་པས་ཤུག་པའི་ཁུ་བ་རྡོ་ཡི་ཁུང་བུར་ཞུགས་ནས་དོང་གི་སྣོད་དུ་འཁྱིལ་བ་ཡིན་ནོ། །

རེག་དུག་སོགས་ཀྱི་བཅོས་ཐབས།


JKT017_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཨོཾ་སྭ་སྟི། བསྲེ་ཤིང་དུག་ལས་གྱུར་བའི་རེག་དུག་ལ། །བཅོས་ཐབས་ཁྱད་པར་གྱུར་པའི་སྦྱོར་སྡེ་ནི། དངུལ་ཆུ་༡་


JKT017_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

༠༠ རྒྱ་མཚུར་བ་༤༠ མཚལ་བ་༦༠ ཟེ་ཚྭབ་༧༠ བཅས་དེ་རྣམས་ཞིབ་པར་བཏགས་ནས་ལྕགས་སྣོད་དུ་བླུགས། དཀར་ཡོལ་སྦུབས། བྱེ་མས་བར་མཚམས་བསྡམས་ནས་སྐམ་ལུགས་ལག་ལེན་ཉམས་མེད་མཐོང་དགོས། རྒྱ་བཅོས་ཀྱི་དཔེ་ཆར་ཁ་དཀར། བར་ལྗང་། གཏིང་གི་དམར་པོ་འོང་རྒྱུའི་དཀར་པོ་བྱུགས་སྨན། དམར་པོ་ཁོང་སྨན། ལྗང་གུ་སོ་ལ་བྱུགས་རྒྱུ་ཟེར་བ་གབ་སྦས་སྣ་ཡཚོགས་རེད། སོ་ལ་བྱུགས་ན་མི་ན་པའང་ན་འོང་། སྲེག་ལུགས་གཟེར་སྤོས་རེང་བུ་གསུམ་སོགས་ཡུན་ཟེར་ཡང་། སྐམ་ཐག་ཆོད་ནས་རྡོ་ཡིས་མནན། དཔལ་འབར་གྱི་མེས་ཁོལ་སྒྲ་མ་ཡལ་བར་ངང་བསྲིང་། དེ་རྣམས་གཟེར་སྤོས་ལྔ་ལ་ཚད་བཞག །སྤོས་རེང་དང་པོར་དཔལ་འབར་ལས་ཆུང་བ། གཉིས་པ་དེ་དང་འདྲ། གསུམ་པ་མེ་རང་། བཞི་པ་དེ་དང་འདྲ། ལྔ་པ་མེ་ཆུང་བ། གྲང་ཐག་༧ཆོད་པ་དང་ངང་རིང་གིས་འདག་པ་བཀོག་ནས་ལེགས་པའི་ཚད་ནི་ཁ་དམར། བར་ལྗང་། གཏིང་དཀར་པའོ། །ཁ་དམར་བར་ལྗང་ཡན་ཆི་བ་ཁ་ཇ་ལ་བཙོས་པས་རིལ་བུ་བྲ་རིལ་ཙམ་དྲིལ། དཀར་པོ་བྱུགས་སྨན་བྱེད། ཁ་ཡི་མེ་ཏོག་ལ་དངུལ་ཆུ་ཕྲན་བུ་མ་ཚིག་ཀྱང་སྐྱོན་ཆེ། སྨན་གཞོང་དུ་ཆི་བ་ཁ་དང་མཉམ་བཏགས་བྱས་པས་འདྲེས་འགྲོ་བས་མི་ལེགས། གཏིང་གི་དཀར་པོའི་དཀྱིལ་དུ་དངུལ་


JKT017_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་མ་ཚིག་པ་ཁ་སྔར་ལྟར་རྒྱབ། སྐམ་ཐག་ཆོད་ནས་གཟེར་སྤོས་གསུམ་གྱི་རིང་བསྲེག་བསྐྱར་བྱེད། དེ་རྗེས་གོང་དང་འདྲ། དངོས་གཞི་སྨན་བཏང་ལུགས་ཟས་ཞོག་སྔ་བྱས་ལ་སྲོད་ལ་རིལ་བུ་གསུམ་རེ་ཇ་ཐང་གར་སླ་སྙོམས་པ་བྱ་སྒང་དོ་ཙམ་ལོང་ལོང་ཁོལ་བས་བཏང་། དེ་མིན་ཆུ་བཀོལ་གྱིས་ཀྱང་རུང་། འཇུ་ཚོད་ལ་སྐྱུགས་གྲབས་བྱེད་ན་སྐྱུག་ནོན་གང་ཐུབ་བྱེད། འགྲིམ་ན་ཕན་ཆེ། །འགྲིམ་གྲབས་ཀྱིས་རྒྱུ་མ་གཟེར་ཆེ་ན་ཆང་ཧུབ་དོ་གསུམ་འཐུང་ན་གཟེར་ཆག་འགྲོ། བཤལ་འོང་། མ་གཟེར་ན་ཆང་མི་བཏང་། སྨན་བཏང་ནས་ཞག་གཅིག་ནས་མཚན་མོ་སོ་ཤིང་འཛུག །ཞོག་དང་ཉིན་མོ་སོགས་ཇ་ཐང་། གོ་ཡུ། ཁྱི་ཝར་བཀོལ་གྲང་གིས་མཁུར་བཀང་འཆང་། དེས་ཁ་ལ་རྨ་མི་འོང་། སོ་རྩ་བརྟན། དེ་བྱས་ཀྱང་རྙིལ་སྐྲངས་ཆེ་ན། གསེར་མདོག །ཁྱི་ཝར། སྟར་བུ་རྣམས་ཕོན་ཆེ་བ། བིག་པན་ཨ་རུ་རའི་བཞི་ཆ། གླ་རྩི་དྲི་ཐོན་བཅས་ཀྱི་རྒྱུན་ཁྱེར་མཁུར་བཀང་བྱེད། ཁ་ནང་རྨ་བྱུང་ན་ལྡོང་རོས་ཀྱིས་བིག་པན་མདོག་འགྱུར་བར་བསྲེས་ལ་སྐམ་འདེབས་བྱེད། ན་ཚས་མ་བཏུབ་ན་ཆུ་ཡི་མཁུར་བཀང་བྱེད། གཏིང་དཀར་དང་ཁྱི་ཝར། གོ་ཡུ། ཤ་རུ་ནུས་བསྲེགས་སོ་སོར་ཆ་གཉིས། ཐིག་པན་ཆ་གཅིག །གླ་རྩི་དྲི་ཐོན་བཅས་རློན་བྱུག་སྐམ་འདེབ་གང་བྱེད་རིག་པས་


JKT017_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད། ཉི་མར་ནན་གྱི་སྐམ་ན་ཕན་ཆེ། དེ་མིན་ཡང་བྱུག་ཆོག །ཟས་སྤྱོད་རྗེས་ལུག་ཤ་འཛེམ་རྒྱུ་མ་མཛད་ཀྱང་ཞག་བདུན་ཚྭ་དང་ལུག་ཤ་མ་འདྲེས་པའི་འབྲི་གཡག་གི་ཤ་ཟ་གང་ཐུབ། ནད་གཞི་གཞན་ལ་མ་གནོད་ན་ར་ཤས་ཀྱང་ཕན། ཇའང་སྨན་གཏའ་བྱས་པས་འཛེམ་མི་དགོས། སྨན་གཏང་ནས་ཞག་གཉིས་གསུམ་སོང་ན། ཟུངས་ངན་ན་ཞག་གཉིས་སྨན་ངལ་གསོ། དེ་ནས་ཟུངས་བསྟུན་གཏོང་། གསར་པ་ལ་ཐུན་ལྔ། གསུམ། ཕལ་ཆེར་བདུན་ལས་བཏང་མ་མྱོང་། ནད་རོ་རྙིང་པ་སྨན་ངལ་གསོ་ཐུན་གྲངས་མི་འདུག་པས་ཟུངས་ལ་བལྟ་ཤིང་གཏོང་། ཞག་བཅུ་གཉིས་ནས་ཚྭ་ཕྱེད་ཚྭ། ཉེར་གཅིག་ནས་ལུག་ཤ་མ་གཏོགས་འཛེམ་མི་དགོས་པ་ཁྱད་ཆོས། ཟུངས་ངན་དང་དོང་ག་མི་བདེ་པའི་རིགས་ལ་ཆང་བག་ཡོད་བཏང་ཆོག །ལུས་རབ་ལོ་གཅིག་གམ་ཟླ་བ་དགུ་བསྲུང་དགོས་ཀྱང་། ནད་གྲོལ་ནས་ཟླ་བ་གཉིས་གསུམ་ལས་འཛེམ་མི་དགོས། ཆུ་རྩ། ཡུང་བ། གུར་གུམ། དོམ་མཁྲིས། ཚྭ་ལ་བཏུལ་མ། ཤིང་མངར། ལུག་མུར། སྟོད་ཇ། ནི་ལ་ཐོ་ཋ། གླ་རྩི། སྟག་ཤ །དུང་ཐལ། འབྲུག་རུས། གོ་ཡུ། སྙིང་ཞོ་བསྲེག་ཐལ། རྒྱ་མཚལ་མེར་བསྲེགས་ཐལ། ར་ཁྲག་བཅས།། །།

སྐྱ་བབ་ཀྱི་སྒེར་བརྟགས།


JKT017_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྐྱ་བབ་ཀྱི་སྒེར་བརྟགས་ཆུ་ཡི་མཁར་གཡོ་བ་སོགས་འདྲ་ཡང་། ལུས་མདོག་སེར་ཤས་ཡོད། ཁ་མི་སྐོམ། རྩ་ཆུའི་ཚད་རྟགས་མི་འབྱུང་བས་དྲོད་བཅོས་ཅུང་ཟད་འཕྲོད། དེ་ཡང་ཆུ་སེར་བ་བྱུང་ན་དྲོད་ཕྲི། ཆུ་དངོས་ཀྱི་སྐབས་གྲང་ཆུ་སྐྱ་སྦབ་དང་འདྲ་ཡང་། ལུས་མདོག་མི་སེར། སྐྲངས་ཆེ་ལུས་ལྕི་སྐྲངས་པ་སྐྱེ་འཕྲི་བྱེད། ཚྭ་ཆུ་ཤིན་ཏུ་དམར་བ་ལས། ཆུ་བསོགས་ཆུ་སེར་ཁ་ཡོད་ཙམ་གྱིས་ཚ་བ་ཆེ། ཆུ་ཡི་འོག་ཏུ་ཚ་བ་གབ་པ་ཡིན་གསུངས། ཐོག་མར་གི་ཝང་བཅུ་གཅིག་དང་། འབོལ་བདུན་ནུབ་མོ་བཏང་། ཉིན་གུང་སྐྱ་རུའི་ཆིག་ཐང་བཏང་། ཆུ་སྔོ་ལ་ཚད་རྟགས་ནབ་ན་འབོལ་བདུན་རུ་རྟ་བ་ལུ མཆིན་པའི་ཟག་ཆུ་སོགས་ཚ་ཆུར་སྐྱུ་རུའི་ཆིག་ཐང་ཉིན་མོ་ཁ་སྐོམ་གསོད་བྱེད་དུ་བཏང་། དགོངས་ཞོག་བོང་བཅུ་དང་འབོལ་བདུན་གྱིས་ཚད་མགོ་ཆོག་ནས་གྲང་ཆུར་འགྱུར་རྟགས་སྦུ་བ་བརྟན་དུ་སོང་ན། འབོལ་བདུན་སྨན་དེའི་འཁོར་སྨན་ཕྱེད་ཆ་ཕྱེད་ཀྱི་གསང་སྨན་བསྣན་ནས་བཏང་བ་དང་། གུར་གུམ་བཅུ་གསུམ་ལ་ཆུ་སྨན་བསྣན་ནས་བཏང་། དེ་ཡིས་ཆུ་ཕལ་ཆེར་དྲངས་ནས་བ་ཆུའི་འཕྲུལ་སྦྱངས་བྱ། གློ་བའི་ཟག་ཆུ་དང་ལྡན་ཚུན་སྐྱུ་རུའི་ཆིག་ཐང་གི་ཚབ་ཏུ་ཨནྡྲི་དྲུག་ཐང་གཏོང་ན་ལེགས། ཚ་ཆུ་དྲག་པོར་དྲུག་ཐང་མི་འཕྲོད། བ་ཆུའི་སྦྱངས་ནི་ཉམས་ཡིག་ལྟར་སྨན་བྱིངས་ཀྱི་བུངས་


JKT017_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་དམར་ཟལ་བ་ཆུའི་ཁཎྜ་བཏང་ན་ལེགས། ཚ་ཆུ་ཚབ་ཆེ་ན་བ་ཆུའི་ལྕགས་ཀྱིས་བསྐུལ། སྦྱངས་སྐབས་ཞོག་པར་འབོལ་སྨན་དགོངས་མོ་བ་ཆུའི་བཤལ་གྱི་རིལ་བུ་བདུན་སོགས་རིགས་མདས་བསྣུན་ཏེ་གཏོང་། ཞག་གྲངས་ཆུ་མ་ཕེབ་ན་མཇུག་ཏུ་མེ་དྲོད་གསོ་བྱེད་དྭངས་མ་གནས་འཇོག་གམ། མཁྲིས་ཤས་ཆེ་ན་ཀུན་ཕན་བདེ་བྱེད་སོགས་གཏོང་བས་ཆུ་ལྷག་རྣམས་ཕུད། ཚ་ཆུ་ཚབ་ཆེ་ན་བཅོས་བརྡུགས་ལ་ཆུ་སོགས་དྲགས་སྐྱེད་གཏན་ནས་མ་བྱུང་ཡང་། བ་ཆུའི་བཤལ་སྨན་བུངས་བསྐྱེད་ལན་གཅིག་གཏོང་། དེ་ཕྱིན་རིམ་པས་ཕྲི་ཏེ་བཏང་བས་ཐོན་སྲིད། ཚ་ཆུ་བབས་ཕྱོགས་ནད་གཞི་ལ་དཔག་ཏེ། གུར་གུམ་ཆུ་བསྒྱུར་སོགས་ཀྱང་རིག་པས་དཔྱད་ཅིང་དྲགས་ནས་རྗེས་གཅོད་ཚིགས་པ་དང་པོ། བཅོ་ལྔ་པ། བཅོ་བརྒྱད་པ་སྟེ་གསང་གསུམ་ལ་མེས་བསྲེགས། ཆུ་ནད་ཀྱིས་ཕོ་བ་ཆེར་སྐྲངས་ནས་ཚ་ན་ཅུ་གང་བདེ་བྱེད་དང་། གྲང་ན་སེ་འབྲུ་བཞི་སྟེང་། སྒ་ཏིག་ཁཎྜབ་༣༠ བ་ཆུའི་ཁཎྜ་༣༠ ཐར་ཁཎ༠་༡༠ བཅས་བསྣན་པས་ཆུ་འདྲོངས་བ་མྱོང་གྲུབ། འབོལ་བདུན་ཀྱི་ཀྱེ་དུག་ཉུང་བསྣན་པ་གཏོང་། ཡང་ན་གཟེ་མ་ཉི་དགའ་བཅས་བསྣན་པ་ཨོཾ་བྷའི་ཆིག་ཐང་གིས་ཕུལ། བདེ་བྱེད་ཆུང་ངུའི་སྐབས་ལི་ཤི་དང་ཤིང་ཚྭ་ཞད་ཙམ་ཆ་སྙོམས་པ་དང་ལྟག་པ་སྤྱད་ལ་ཨོཾ་བྷིའི་ཆིག་ཐང་


JKT017_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཕུལ་བས་ཚ་ཆུ་གྲང་ཆུར་འགྱུར་ནས་སྔོན་པོར་འགྲོ། དེ་ནས་བ་ཆུའི་འཕྲུལ་སྦྱོངས་གཏོང་། ལུས་ལ་བཅོས་སྐྱེད་ཀྱི་རྟགས་བྱུང་ན་ཆུ་དམར་སེར་བྱུང་ཡང་སྐྱོན་མེད་བ་ཆུའི་འཕྲུལ་བཤལ་ཁོ་ན་ལེགས། དེ་ཡང་ཉམས་ཡིག་ལས་བྱུང་བའི་བ་ཆུའི་འཕྲུལ་བཤལ་གཞུང་ལྟར་དང་། ཕོ་བར་ཆུ་བབས་ཤས་ཆེ་བར་བྱུང་ཚེ་སྔགས་གྲྭ་ཨེམ་མཆིས་ཚ་བ་ལ་ཅུ་གང་བདེ་བྱེད་དང་། གྲང་བ་ལ་སེ་འབྲུ་བཞི་སྟེང་སྒ་ཏིག་ཁཎྜབ་༣༠ བ་ཆུའི་ཁཎཱབ་༢༠ ཐར་ནུའི་ཁཎྜབ་༡༠ བཅས་བསྣན་བ་ཚ་གྲང་རྟས་བསྒྱུར་ལ་གཏོང་བར་བཤད་པ་འདི་ཤིན་ཏུ་ཟབ་བོ། །འབྲི་ལུགས་བོང་དཀར་བཅུ་སྟེང་བསྣན་རྒྱུའི་གསང་སྨན་གཉིས་ནི། སྲད་ནག་བྱ་མ་གྲག་གོང་བཏུས་ལ། ཨ་ལཀྟའི་མདོག་ཅན་ན་བའི་ནང་ཐོར་རེ་སྐྱེས་པ་སྡོང་པོ་ཕྲ་སེང་ལོ་མ་ཕྲ་བ་དེ་བདུན་པར་བཏུས་པ། སྦྱར་ཚད་མུ་ཟི་མདངས་མེད་བོང་དཀར་བཅུ་པའི་འཁོར་གཉིས་དང་མཉམ་པ། ཨ་ལཀྟ་འཁོར་གཉིས་དང་མཉམ། འདི་སྔོན་དུ་བཏང་སྲོལ་འདུག་ཀྱང་རྗེས་ལ་བཏང་ན་ལེགས་གསུངས། ༈ །གུར་གུམ་བཅུ་གསུམ་ལ་དབང་རིལ་བསྣན་པ་རབ། མེད་ན་ཨུཏྤལ་གསེར་མེ་བ་ཤ་འཇིབ་རྩི་བསྣན་པའི་གུར་གུམ་ཆུ་འབེབས་འཕྲོད། སྐྱུ་རུའི་ཐང་གིས་ཕུལ། མཆིན་སྐྱོན་ཡོད་ན་དབང་རིལ་ཁ་ཚར་ཅན་དང་གི་ཝཾ་དགུ་པ་བཏང་།


JKT017_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ནད་ཀྱི་ཁ་སྐོམ་ན་ཨམ་བྷིའི་ཐང་བཏང་། གློ་སྐྱོན་ལ་བོང་ང་ཕྲི་དགོས། གློ་ཚད་ཀུན་སེལ་དང་། ཙནྡན་བརྒྱད་པ། ཨ་བྷི་དྲུག་ཐང་རྣམས་ལེགས། ཚ་ཆུ་ལ་རྒྱུན་དུ་འབོལ་བདུན་དང་། ཅུ་གང་བདེ་བྱེད་གཉིས་མྱོང་གྲུབ། མཆིན་སྐྱོན་ཆེ་ནས་ཆུ་མདོག་དམར་སེར་རྒྱ་བཤལ་ལ་འབོལ་བདུན་སྟེང་གི་ཝཾ་བསྣན། གུར་གུམ་བཅུ་གསུམ་སྟེང་སྲད་དཀར་བསྣན། སུ་ཁ་ཙཀྲ་ཡང་ཨེ་འཕྲོད་བལྟ། སྦོས་ཞིང་ཕོ་མཆིན་ན་ན་རུ་རྟ་དྲུག་པ་སྤྲད། བདེ་བྱེད་ཆེན་པོའི་འཁོར་བསྒྱུར་ནི་སྲད་དཀར། མུ་ཟི་མདོག་མེད། ཨ་ལལྟ་སྲད་དཀར། ནཱི་ལའི་མདོག་ཅན། སྔོ་དེ་བ། བྱེ་རུའི་ཕྲེང་ལྡན་སྟེ་ཆབ་འདྲེན་དྲུག་གི་ཁཎྜ་སོ་སོར་བཟོས་ནས་ཚ་གྲང་གང་བབས་དཔྱད་ན་ལེགས། ཁཎྜ་དེ་རྣམས་དང་གསེར་སྡིག་ལྕམ་གསུམ་ཆ་མཉམ། གི་དགུ། དྭངས་གནས། ཅུ་གང་བདུན་པ། འབོལ་བདུན་རྣམས་གང་རུང་ལ་བསྣན་པ་སོ་སོའི་ཆུ་བསྒྱུར་ཞེས་ཟེར། གཞན་ཡང་དར་མོའི་ལུགས་ཀྱི་ལི་ཤི་འཕྲུལ་བཤལ། སི་ཏུ་རིན་པོ་ཆེས་བཞེད་པ་ཡངས་ཅན་རྒྱངས་རྩེའི་དར་སྨན་སོགས་ཀྱིས་ཆུ་འདྲོངས། ༈ །གྲང་ཆུའི་མན་ངག་ཆོས་དབང་ཕྱག་ལེན་ནི། ཞིང་ནང་གི་སྲད་མ་སོགས་སྲད་རིགས་གང་ཡོད་ཆ་མཉམ་ནུས་བསྲེགས་ཀྱི་ཐལ་བ་ཁོ་ན་ཆིག་ཐུབ་ཡིན་ཡང་། ཚ་ཆུའི་རིགས་ལ་ཕྱོགས་


JKT017_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡང་འགྲོ་མི་རུང་བར་ཀརྨ་ངེས་ལེགས་བསྟན་འཛིན་བཞེད། ༈ །འབམ་བཅོས་སྐབས། ཁྲག་རླུང་ཤས་ཆེ་བར་རཏྣ་བརྒྱད་པའི་ཐང་ནང་ནུབ་གང་རིགས་ལ་བཏང་། ཉིན་གུང་ཀོ་བྱི་བཅུ་གསུམ་དང་། ཨ་གར་བཅོ་ལྔ་དང་། ཉི་ཤུ་སོགས་འཕྲོད། སྨུག་པོའི་གཞི་ལ་ནང་ནུབ་ཐང་ཆེན་ཉེར་ལྔ་དང་། ཉིན་གུང་གླང་ཆེན་བཅོ་བརྒྱད་བསྔགས། འདུས་ནད་དང་འབམ་རིགས་སྤྱི་ལ་ནང་ནུབ་གསེར་ཐང་དང་། གུང་ལ་གླང་ཆེན་བཅོ་བརྒྱད་ཁོ་ནས་ཆོག །ཆུ་དམར་དུག་རྩ་གྲིམ་ཚད་རྟགས་སྟོན་ན་གཙོ་བརྒྱད་ཐུན་ཆ་ཤས་གཏོང་། ཆུ་དམར་སྨུག་བྱིངས་འཐིབས་ཆེ་ན་སེར་པོ་དགུ་ཡི་བཤལ་གྱིས་སྦྱངས། གཉན་འབམ་དྲི་ཆུ་བསྲི་ན་དཔའ་བརྒྱད་ལ། རྒྱ་སྡིག་གསེར་ལྕམ་བསྣན་པ་བསྔགས། འཁུམ་ཤས་ཆེ་ན་དངུལ་ཁྱུང་མེ་དབལ་ཅན་ཟབ། ཀླུ་བདུད་བཅོ་བརྒྱད་ཀྱང་བསྔགས། །ཆུ་འབམ་ཚ་ན་འབོལ་བདུན་སྐྱུ་རུའི་ཐང་གིས་ཕུལ་བ་དང་། གྲང་ཆུ་ཆུ་མདོག་སྔོ་ཞིང་སླ་ན་དྭངས་མ་ཆུ་འདྲེན་སོགས་བཏང་། ལ་ཕུག་གཏོང་དུས་ཕོ་བ་ཞན་ན་སེ་འབྲུ་བཞི་པ་དང་ལྟག་པ་སྤྲད། ལབ་རོ་ལ་ཆུ་རྩ་བུལ་ཏོག་ཚོས་གསུམ་གྱི་ཕྱེ་མ་རང་གི་དྲི་ཆུའམ་བ་ཆུ་སྦྱར་ལ་འབྱར་འཐུག་པོ་བྱ། རས་སོགས་ཀྱིས་དཀྲི་ལ་སྐྲངས་པ་མ་ཞི་བར་བཞག །སྐྲངས་པ་ཆེ་ནས་ཆུ་སེར་ཐོན་དཀའ་ན། རི་ཤོ་སྐམ་


JKT017_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནུས་བསྲེགས། ལྕི་བ་གསེར་ཁའི་ཐལ་བ་ཆ་མཉམ་བ་ཆུས་ཡང་ཡང་བྱུགས། གཉན་འབམ་ལ་ཞག་གསུམ་ལ་གཉན་ཐར་ནུ་ཆུ་ཙ་རུ་རྟ་ར་དུག་འབྱར་བྱེད། དེ་ནས་གོང་གི་འབྱར་བྱེད། ནད་པ་རང་གི་དྲི་ཆུས་ཞག་གསུམ་པར་སྐྲངས་དག་པར་བཀྲུ། རས་དཀར་དྲི་མེད་ཀྱིས་ཕྱི། དེ་རྗེས་མཛོ་སྔོ་རོག་ལྕི་བ། བུལ་ཏོག །གྱང་རྙིང་འགྲམ་གྱི་ས། ས་ཞག་རྣམས་ཆ་མཉམ་དྲི་ཆུའམ་བ་ཆུས་སྦྲུས་ལ་འབྱར་བྱས། འབྱར་ཤུལ་དྲི་ཆུས་བཀྲུས། ལོ་ཟླ་སོང་བའི་སྐྲངས་ཁྲེགས་པ། བྱང་བལྟས་གཡའ་སྔོན་རུལ་བ་ཞིབ་བཏགས་སླ་ངར་བརྔོས་ནས་མར་ནག་སྦྱར། ཞོ་ལྟར་སོང་ཚེ་སྦལ་མདུང་སྟག་ཤ་བཏབ་པ་བྱུགས། ཚ་འབམ་ནག་པོ་ཡུན་རིང་མཁྲེགས་པ་ལ། ཅོང་ཞི་སོལ་མེར་བསྲེགས་པ་སེང་སྒྱུར་དུ་རྒོད་བཏུལ་བགྱིས་པར་ཧོང་ལེན་བྲག་ཞུན་ཕྱེ་མ་བཏབ་ལ་འབྱར་ལུམ་མང་དུ་བྱ། ཆུ་རྒྱུས་འཁུམ་ནས་མཉེན་དཀའ་ན། སྤང་སྤོས་ཤུག་ཚེར་ཆ་མཉམ་བྱུགས་པའམ། ཡང་ན་ཕྱི་རྒྱུད་རྡོ་ཡི་བྱུགས་པ་བྱ། མི་རྟ་ཁྱི་རུས་ནུས་བསྲེགས་ཐལ་བ་ཆ་གསུམ། གཡའ་སྔོན་བསྲེགས་ཐལ་ཆ་གཅིག །དེ་སྟེང་ཁྱི་ནག་བྲུན་མཚོན་ཙམ་བསྣན། དེ་ལ་གུལ་ནག་ཁ་ཚར་བཏབ། རྟ་རྐང་ངམ་འབྲུ་མར་གང་རུང་གིས་སྐྲངས་པ་ཀུན་ལ་དང་པོ་སྲབ་པར་བྱུགས། ཉིན་གཉིས་པར་དེ་ལས་ཅུང་འཐུག་པ། གསུམ་པར་ཤ་


JKT017_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་འགྱུར་ཙམ་བྱུགས་ཕྱིར་མི་ལྡོག་ཞེས་འབྲི་གུང་པའི་ལུགས་དང་། ཡང་ན་སྦལ་རྒྱབ། རྡོ་རྒྱུས། འབྲུག་རུས། བྱང་བ། མི་ཡི་རྐང་མགོ །སྤང་སྤོས། ཤིང་མངར། གཡེར་མ། །ཤུ་དག །བུལ་ཏོག་བརྒྱད་པོ་ཞིབ་བཏགས་ལོ་མར་དང་སྦྱར་བ་བྱུགས། ཆུ་འབམ་ལ་ཆུ་སེར་གདོང་རྩ་གཉིས་པོར་མེ་བཙའ་རེ་བཞག །ཕྱིས་རླངས་ཐོན་ཙམ་རེ་གཏར། གཞན་འབམ་ཐམས་ཅད་ལ་ལོང་རྩ་བྱིན་གཞུག་གང་རུང་གཏར་ཞིང་རང་བྱུང་ངམ་བཅོས་མའི་ཆུ་ཚན་ལ་ཞུགས།། ༈ །།ཁྲག་གཅོད་སྐབས། སྤུ་མའི་འབུ་ནི་རྩ་བ་ན་གནས་པའི་འབུ་སྔོ་ཁྲ་ཞིག་ཡོད་པ་དེ་དང་། མ་རྙེད་ན་ལོ་མ་སོར་བཞི་དུས་བཏུས་པ་ཡིན། ༈ །ཐང་ཆེན་ཉེར་ལྔ་འཁྲི་ཤིང་སྔ་རབ་པ་རྣམས་འོམ་བུ་ལ་མཛད་ཀྱང་། སི་ཏུ་རིན་པོ་ཆེས་དབྱི་མོངས་དཀར་པོ་ལ་བཞེད། ༈ །ག་བུར་རང་ཕྱོགས་ལ་མང་ག་བུར་བཟང་། ༈ །མན་བསིལ་སྦྱོར་ཚད་མང་ཡང་། སི་ཏུ་རིན་པོ་ཆེས་སེ་འབྲུ། སྐྱུ་རུ། ཅོང་ཞི་གསུམ་སྨན་གཞན་རྣམས་ཆ་མཉམ་དྲིལ་པའི་ཕྱེད་ཐུབ་པར་བྱེད་པ་ཡིན། ༈ །ཕག་གྲུའི་སྦྱོར་བར། །ཅོང་ཞི་ནས་ཙམ་བརྡུངས་ལ་ནས་འབྲུ་གསུམ་འགད་རིང་བརྔོ་། ཅོང་ཞི་ཕུལ་གང་ལ་ཆང་ཐུར་མགོ་ཆེ་བ་གསུམ། ཅོང་ཞིའི་དཀྱིལ་དུ་ཀོང་ཙམ་བྱེད་ནས་ཆང་བླུགས། དེ་འཕྲལ་རླངས་པ་མི་འཆོར་


JKT017_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཀབ། ༈ །གྲུབ་ཐོབ་རིལ་དཀར་ལྷུ་བ་གར་ན་ཞེས། ལྦུ་བ་མང་དུ་ཆག་ན་སྦྲང་རྩི་སྦྱར། ༈ །ཟླ་ཤེལ་སྐབས། རྒན་བྱིས་ལ་ལྕགས་དྲེགས་བཟང་བར་བཤད་ཀྱང་། དེང་སང་ཐམས་ཅད་ལ་གཏོང་། ༈ །ཕན་པ་ཀུན་ལྡན་སྐབས་རྩ་བ་དང་འབྲས་བུ་གཏོང་ན་སྨན་གཅིག་གི་ཉིས་འགྱུར། ཁཎྜ་གཏོང་ན་མཉམ། སུ་རུ་པཉྩ་སྨན་གཅིག་གི་སུམ་ཆ་གཏོང་། གླང་ཐབས་གཡས་གཟེར་ན་ཁྲག་གླང་ཡིན་པས་ལོང་རྩ་གཏར། གཡོན་གཟེར་ན་སྲིན་གླང་ཡིན་པས་བཟི་སྨན་གཏོང་། འཆི་མེད་སྲིན་སེལ་དང་ཕན་པ་ཀུན་ལྡན་སོགས་བསྔགས། དབུས་གཟེར་ན་ཙམ་གླང་ཡིན་པས་མེ་བྱ། སྨུག་གླང་ལ་གཡུ་དྲིལ་བཅུ་གསུམ་ལེགས། གླང་ཐབས་སྟོབས་ཆེན་ལ་ཚ་གྲང་བརྟག་མི་དགོས་པར་ནི་རུ་ཧ་ལེགས། དེ་ལ་ཕྱི་རྒྱུད་ལྟར་གཅེའུས་ངོས་སམ་སྨྱུག་སྦུབ་སོར་བརྒྱད་པའི་སོར་བཞིའི་རྩི་བཞར་ནས་འཇམ་པོར་བྱས། ཚུར་སྣེ་གྲོད་པར་བསྡམ་ཆུ་དྲོན་མོའི་ནང་དུ་བ་ཆུའི་ཁཎྜ་སྦངས་པའམ། བ་ཆུ་ཉིད་ཕོར་གང་ཙམ་ལ་སྨན་ཐུན་གསུམ་ཙམ་བཏབ་ནས་དཀྲུགས། དྲོན་མོ་དེ་ཀ་གྲོད་པར་བླུགས་ནས་སྨྱུག་སྦུབས་འཇམ་པ་ཁོང་དུ་བཏང་ནས་བསྐྱར། སྟེང་ནས་བཤལ་སྨན་གཏོང་ན་ཡང་འོག་ནས་ནི་རུ་ཧ་ངེས་པར་དགོས། ༈ །བེ་ཁྲག་ཉེར་ལྔའི་རྒོད་ཁྲག་ནི། འབྲང་བུ་དར་མའི་སྙིང་ཁྲག་


JKT017_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

༈ །ཆུ་བསོགས་སྐབས། སྐྱེས་བུ་བདེ་བྱེད་སྙོམས་སེལ་ནི་ད་ལི། བཙུན་མོ་སྒྱུ་རུ། ༈ །ལྕགས་ཕྱེ་བཅོ་ལྔའི་སྐབས། ལྕགས་ཕྱེ་དངོས་ཨ་རུ་ར་དང་འདམ་འཐགས་འོད་མེད་པའི་བར་བྱས་ནས་བསྙལ་བའི་ཁུ་བས་རིལ་བུར་དྲིལ་བར་གསུངས། ༈ །སཱུརླའི་སྐབས། ཟངས་ཐལ་ཉེར་ལྔ་དང་། བསེ་རུ་ཉེར་ལྔའི་སྐབས་དངུལ་ཆུ་དཀར་འདུལ་དགོས། དམར་གསུམ་ཐང་གིས་ཕུལ་ན་ཟབ། ༈ །ཅུ་གང་ཉེར་ལྔའི་དམར་གསུམ་ནི། རྒྱ་སྐག་བཙོད་འབྲི་མོག་གསུམ་ལ་བཞེད། བོང་ཁྲག་ཉེར་ལྔ་སེང་སྡིང་ཐང་གིས་ཕུལ་བར་བཤད་ཀྱང་། སི་ཏུ་རིན་པོ་ཆེས་གུ་གུལ་ཐང་གིས་ཕུལ་ན་ཟབ་གསུངས། ཡང་ན་གུ་གུལ་ཐང་གིས་རིལ་བུར་དྲིལ་བ་གང་རུང་། ༈ །ཛཱ་དངུལ་ཕྱག་ལེན་མང་ཡང་། ཉམས་ཡིག་བདུད་རྩིའི་རྒྱ་མཚོར་བཤད་པ་ལྟར་ལེགས། དེ་ལ་ཁ་ཚར་ཟུར་ལུགས་སེ་འབྲུ་ལྔའི་སྟེང་དོམ་མཁྲིས་གོ་ཡུ་བསྣན་པ་དེ་བཟང་། འབྲི་གུང་ཁ་ཚར་ཟེ་ཚྭ་ཅན་དེ་ཅུང་མི་ལེགས་གསུངས། ༈ །རྒྱ་ནག་མའི་ཁ་ཚར་བཙོད་མདུད་མེ་ལ་སེར་ཙམ་བརྔོས་ནས་གཏོང་བ་དམར་བཤལ་ལ་ལེགས། འགྲམ་ལའང་བསྔགས། ༈ །གག་པའི་སྐབས། ལྕེ་ཆུང་བཅད་པ་ནི་རྩེ་མོ་ནང་ངོས་ཕྱིར་ཕུག་ནས་མཐུར་དུ་འཐེན་ལ་བཅད། ཤུལ་ཚུགས་ཀྱིས་བསྲེག ༈ །སེར་པོ་དགུ་སྦྱོར་དྲི་ཆེན་


JKT017_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཚབ་ཤ་ཆེན་གཏང་བ་ལེགས། ༈ །སྦྲང་མའི་དུག་ལ་ཚྭ་ཆུ་བྱུགས་ན་ཕན། ༈ །བྱ་མོ་ཁུད་པའི་བདུད་རྩི་སུམ་སྦྱོར་ལ། ཅོང་ཞི་ཆ་དྲུག མཚལ་དང་ཨ་བ་གཉིས་ཆ་རེ་བྱས་འདུག་ཀྱང་། སི་ཏུ་རིན་པོ་ཆེས་མཚལ་ཆ་གསུམ། ཨ་བ་ཆ་གཅིག་བཞེད་སྣང་། འདམ་རུའི་ཕྱག་ལེན་ནི། དབྱིབས་སྦུབས་རྭ་འདྲ་བ་བྱས་ནས་སྐམ་དང་ཁ་ལ་སྤྱིན་ཆུ་བྱུགས་ཏེ་རྨ་ཁར་སྦྱར། རྩེ་མོ་ཁ་ཡི་དབྱིབས་ལ་བུག་པ་ལེགས་པོ་བྱེད་དགོས། ༈ །བཅོ་ལྔ་དྲག་སྦྱོར་སྐབས། ཚྭ་དང་ཅོང་ཞི་ནས་ཙམ་བརྡུངས་པ་ཕུལ་རེ་སླ་ངར་ནས་འབྲུ་གསུམ་འགད་རིང་བརྗོ། དཀྱིལ་ཀོང་བུ་བྱེད་ནས་ཆང་ཐུར་མགོ་འབྲིང་དྲུག་བླུགས། དེ་མ་ཐག་རླངས་པ་མི་འཆོར་བར་བཀབ་ནས་འདག་པས་བྱུགས། ད་ལི་དབྱི་མོང་གཉིས་འཛུབ་མགོ་ཙམ་རེ་བརྡུངས་པ་ཕུལ་རེ་རེ་མཉམ་དུ་ཆང་གིས་ནེམ་ཡོད་པར་བྱེད་ནས་དུ་བ་མ་ཤོར་བར་ནུས་བསྲེགས་བྱ། ཁ་ཚར་གཞུང་ལྟར་རོ། ༈ །ཚྭ་རིལ་ནི། ཚ་བརྔོས་ལ་ཆུ་ཆོད་སྐྱ་སེང་འགྲོ་དུས་ཐར་ནུ་ཐེབ་ཙམ་ཞིབ་བཏགས་དྲི་ཆུར་བཏབ་པ་ཚྭ་ནང་དུ་བླུགས། དེ་མ་ཐག་རླངས་པ་མི་འཆོར་བར་བཀབ། བྲང་ནས་དྲི་ཆུས་འདམ་འཐག་ལེགས་པར་བྱས་ནས་ཁ་ཚར་ཞལ་ཤེས་བཞིན་བཏབ་ལ་ཕྱེ་རིལ་གང་རུང་པར་བུར་བཅང་། ཕྱེ་མ་ཐུར་མགོ་རེ་ཆུ་ཚན་གྱིས་ཕུལ་བའམ། རིལ་བུ་མི་


JKT017_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་ཕབ་རྡོག་ཆུང་ཤོས་ཙམ་དང་། རྟ་དྲེལ་ལ་ཕབ་རྡོག་ཆེ་བ་ཙམ་གཏོང་། ༈ །རྒྱམ་ཚྭའི་ཚྭ་ཚད་ནི། མཁལ་སྐེད་ཆུ་སྲི་ལ་ཕན་པའི་སེ་འབྲུ་བརྒྱད་པ་དང་རྒྱ་ཚྭ་སྦྱར་བའམ། ཡང་ན་ཚྭ་སྦྱོར་ཆེན་པོ་གང་རུང་སྦྱོར་གྱི་རྒྱམ་ཚྭ་རྐྱང་པས་མིན། ༈ །དྲེག་ནད་ལ། ཐོག་མཱར་སླེ་ཏྲེས་བ་ལྕིའི་འབྱར་གྱིས་ཚ་འབྲབ་ཞི་བར་བྱེད། སྲན་ཆུང་སྐྱོ་མ་ཡང་ཡང་བྱུགས་སྨན་ནི་སྤོས་ཁྱུང་ལ་དངུལ་ཆུ་ཚ་འདུལ་དང་སེང་ཁཎ་བསྣན་པ་ཁོ་ན་ཟབ། དངུལ་ཆུ་ཉེར་ལྔ་ཡང་འཕྲོད། གཉན་ཤས་ཡོད་ན་ཝ་ཏའི་བཅིང་ལུམ་བྱེད། ཚ་བ་མེད་ན་ཟྭ་ཡི་ཁཎྜ་དང་སྦྲང་རྒོད་སྦྱར་བ་བྱུགས། ༈ །གྲུམ་བུ་ནི། རྩ་དཀར་དང་བསྡོངས་ན་གཉའ་བའི་རྩ་རྒྱུད་ནས་མར་ན། དེ་ལ་བསམ་འཕེལ་ཉེར་ལྔ་དང་། ཚད་མཇུག་བྱུང་ན་ག་བུར་ཉེར་ལྔ་ཡང་འཕྲོད། སྤྱིར་ཐོག་མར་ཚིག་མིག་སྦྱང་ཕྱིར་འབྲས་བུ་གསུམ་ཐང་ཡང་ཡང་གཏོང་། དེ་ནས་སྤྱི་ཞུར། འབྲུག་རུས། དུར་ཐོད་རྙིང་པའི་ཐང་གིས་ཞག་ཤས་ནས་ཚད་དཔུང་གཞོམས། དེ་རྗེས་བོང་ཁྲག་བཅུ་གཅིག་དང་། ཉེར་ལྔ། སྤོས་ཁྱུང་བཅུ་དགུ། མཁལ་གྲུམ་ལ་ཀོ་ལ་བཅུ་པ་བཏང་། གཉན་མགོ་ཆོག་ནས་གཏར་ག་བྱ། དེ་རྗེས་ལག་མགོ་དང་རྐང་མགོ་སོགས་ཚིག་གར་བབས་ཐམས་ཅད་དུ་དབུས་མ་ཡིན་པའི་གཡས་གཡོན་ཟུར་གཉིས་སུ་མེ་བཙའ་


JKT017_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སྲན་ཕྱེད་ཙམ་གྲངས་མེད་བཞག མཇུག་ཏུ་བདུད་རྩི་ལྔ་ལུམ་དང་། ཆུ་ཚྭན་ལ་ཞུགས་པ་ལེགས་གསུངས། ༈ །སེམས་ཀྱི་བདེ་སྐྱིད་སྐབས་གོ་ཡུ་ནར་མོ་བཟང་། མཁལ་ནད་སྐབས་ཟླུམ་པོ་བཟང་། ༈ །སྐྲན་སྐབས། ཚ་སྐྲན་མན་རྒྱུད་ཀྱི་སྐྲན་བཅོས་ལྟར་ཟབ། མཁྲིས་སྐྲན་ལ་གར་ནག་བཅུ་གཅིག །སྣོད་ཀྱི་མཁྲིས་སྐྲན་སྔོན་གྱི་ལས་ནད་ཡིན། སྨུག་པོའི་ཁྲག་གི་སྙིགས་མ་འདྲིལ་བའི་སྐྲན་ལ། རུ་རྟ་དྲུག་སྟེང་སྟར་བུ་དང་མགྲོན་ཐལ་བསྣན་པ་གཏོང་། གྲང་བའི་སྐྲན་ལ་ཐལ་སྨན་གྱི་སྦྱོར་བ་རྣམས་ཟབ། བུད་མེད་ཁྲག་སྐྲན་ལ་ཚྭ་བསྲེགས་སྦྱོར་བའི་སྟེང་། སྟར་བུ། མཛེ་ཚྭ། ཟེ་ཚྭ། མགྲོན་ཐལ་རྣམས་བསྣན་པ་ཟབ། ཤ་ལྤགས་བར་གྱི་ཆུ་སྐྲུན་ལ་ཁྱུང་སྟེང་མགྲོན་ཐལ་བསྣན་པ་ཟབ། གི་ཝཾ་དགུ་སྟེང་མི་ཐོད་སུམ་ཐང་བསྣན་ན་མགོ་གཟེར་ལ་ཕན། ༈ །མིག་གི་འགྲིབ་རྩ་བཅད་ལུགས་ནི། མིག་གི་ཕྱི་ཟུར་ནས་མཚོན་གང་བཅལ་བའི་མཚམས་མུར་འགྲམ་གཤོང་ལྤགས་པ་མཐེ་བོས་དལ་བུར་འཕུར་ནས་གྱེན་ལ་བཀས་པས། རྩ་གཉིས་འདུག་ན་གོང་མ་མཐོང་བྱེད་ཡིན་པས་གཞག །འོག་མ་སྒྲིབ་རྩ་ཡིན་པས་ལྕགས་ཀྱུས་ལེན་ནས་བཙག་བུས་བཅད། གསུམ་ཡོད་ནའང་འོག་མ་བཅད། བསྒྲིལ་ཡོད་ན་རྩ་བ་ཟུག་མཚམས་ལེགས་པར་བརྟག་ནས་འོག་མ་བཅད། དེ་


JKT017_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ཚུགས་བྱ། ༈ །རྣ་བ་འོན་པ་ཕྱེ་བ་ནི། རྣ་རྒྱབ་རྩ་གསུམ་ཡོད་པའི་དང་པོ་གཉིས་སྐམ་ཡང་རུང་། འོག་མ་མ་སྐམ་ན་དབྱེ་རུང་། ནུབ་མོ་ནས་ཆུ་འཇུག་ཇ་ཁུ་དྲོ་འཇམ་བླུགས་ལ་རྣ་སྤབ་དང་དྲི་མ་སོགས་དག་པར་བྱ། ཉིན་གུང་དྲང་པོ་ལ་རྣ་བའི་ནང་ལ་བལྟས་པས་འོ་ཀྲིས་འདྲ་བའི་སྔོ་འོད་སྲབ་མོ་ཡོད། དེ་སྟེང་གསོར་མཆུས་ཐུག་ཙམ་བྱས་པས་བུག་འགྲོ། དེ་འོག་རྩ་དེ་ལྕགས་ཀྱུའི་ཁུག་ལ་ལེན་ནས་འཐེན་པས་ཆད་འགྲོ། དེ་ནས་སྲིན་བལ་ལ་ཛཱ་ཏིའི་ཕྱེ་མ་མར་ནག་དང་སྦྱར་བས་བུ་ག་བཀག །ནད་སྨན་ཁ་ཕྱེ་བའི་ཉམས་ཡིག་ལས། ཁྲག་རླུང་ལ་ཐོག་མར་ཐང་བཏང་། ཚབ་ཆེ་ན་ཀོ་བྱི་བདུན་པ་དང་། རྡོ་རྗེ་རབ་འབྱམས་སོགས་ཟབ། ཆམ་རིམས་བསྡངས་ན་སྲོག་འཛིན་ནོར་བུ་བཏང་། གཟེར་ཁ་དང་ཁྲག་ཤས་ཆེ་ན་ཁྲག་ཐང་། སྐྱུ་རུ་ཉེར་ལྔ། སྒ་ལོ་སོགས་བཏང་། ༈ ། ཆམ་པ་སྤྱི་ལ་ནོར་བུ་བདུན་ཐང་། གཙོ་བརྒྱད་སྤྲིན་ཟླ་སོགས་ཟབ། ཁྲག་རླུང་ཆམ་པར་ཞུགས་པ་ལ། བསིལ་བཅུད་བཅོ་ལྔ་དང་། ཨ་གར་བཅོ་ལྔ། སྲིན་བསྡངས་ན་གུརྒུམ་བཅུ་གསུམ་དང་། །སྙན་ངགས་དྲུག་པ། གར་ནག་བཅོ་ལྔ་ཟབ། དེ་ལ་ཚ་བ་བསྡོངས་རྟགས། རྩིབ་མ་གཟེར། ལུས་ལ་རྔུལ་ཆུ་འབྱུང་། ཁ་ལུད་ཚ་བྲོ། གཟེར་མི་འཕོ། རེས་འགའ་ལུད་པའི་ནང་ལ་ཁྲག་ཟེར་


JKT017_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། འཁྱགས་འདར་ལང་། རྩ་གྲིམ། ཆུ་ཅུང་སེར་ནད་འབྱུང་བ་ཚ་བ་མ་སྨིན་པའི་སྐབས་ཡིན། དེ་དུས་ནོར་བུ་བདུན་ཐང་ཚ་མོ་ཕོར་ཕྱེད་ཙམ་གྱིས་སྤྲིན་ཟླ་ཕུལ་བ་ལན་གསུམ་ཙམ་བཏང་བས་ཚབ་ཆུང་རིགས་རྣམས་དེས་བཟློག་ནུས། གལ་ཏེ་མ་ནུས་ཀྱང་འཁྱགས་འདར་ཆད། ཆུ་རྟགས་སེར་ན་ཚ་བ་སྨིན་པའི་རྟགས་ཡིན་པས། གཙོ་བོ་བཅུ་གཉིས་བཟི་མེད་དང་། སྤང་རྩི་བཅུ་གཉིས་བཟི་ཁ་ཅན་བཏང་། མགོ་དང་ཚིགས་བཞི་གཟེར་ཆེ་ན་སླེབ་ཆོག་བསྔགས། ལུད་པ་ཁྲག་ཟེར་ཡོད་ཅིང་རྩིབ་མ་གཟེར་ན་རྟ་ཟི་དམར་པོ་ཐང་ཆེན་བརྒྱད་པ་དྲོ་འཇམ་གྱིས་ལན་གསུམ་ཙམ་ཕུལ། དེས་ཆུ་དྭངས། གཟེར་ཁ་ཆག །སྣང་བ་དྭངས། མཚན་མོ་གཉིད་དུ་ཁུག །རྩ་དལ་ལུས་བདེ་བ་བྱུང་ན་ཚད་མགོ་ཆོག་རྟགས་ཡིན་པས་སྨན་མུས་མི་བརྗེ་བར་ཞག་གསུམ་ཙམ་བཏང་། དེ་རྗེས་ཨ་གར་བཅོ་ལྔ། སྤྲིན་ཟླ་སྤང་རྩི་བཟི་ཁ་ཆུང་བ་སོགས་བཏང་རྗེས་ལུས་ཁམས་དྭང་རྩ་ཆུ་བདེ་མུས་རེད་ན། ནོར་ཤ་གསར་པའི་སྲེ་ལོང་གཅིག་པུ་དེ་ཤ་རྒྱུས་བྲད་ཅིང་ག་དར་བྱས། མེ་མུར་ནང་དུ་འདྲེ་ལོག་བརྗེ་ནས་བཅག་བརྡུངས་སོགས་མི་བྱེད་པར་ཆུ་ཕོར་དོ་ཙམ་ནང་བསྐོལ། ཁུ་བ་ཕོར་ཕྱེད་ཙམ་དུ་འཐགས་པ་དང་སྲོད་འཁོར་བཏང་པས། དེ་ནུབ་གཉིད་ཁུག་ཅིང་། ཕྱིར་ནང་བདེ་མུས་རེད་ན་སྲེ་ལོང་ཁྲོབ་


JKT017_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུངས་བསྐོལ་ནས་ཁ་ཞག་བཅད་པ་དགོངས་མོར་བཏང་བས་བདེ་མུས་བྱུང་ན། སྨན་བཏང་ལུགས་སྔར་ལྟར་དང་། ཤ་གསར་ཕྲན་བུ་སོགས་ཁ་ཟས་རིམ་གྱིས་ཀློད་པས་འཐུས། ༈ །བད་ཀན་སྨུག་པོ་དང་མ་ཞུ་བ་འདྲེས་པས་མཆིན་ཁྲག་རྒྱས་ཕྱི་དྲོའི་ཁ་ཟས་ཡི་གར་མི་འོང་བ་དང་། ཕྱིར་ཉིན་མ་ཞུ་བའི་རྟགས་དང་ག་འགགས་པ་དང་སྟོང་སྐྱུགས་བྱེད་པ་སོགས་བྱུང་ན། འདི་ལ་རྐྱེན་ནས་འབམ་དང་ཆུ་བསགས་སོགས་གྲང་བའི་ནད་གཞི་ཕལ་ཆེར་འབྱུང་བས་གཟབ་དགོས། མ་ཞུ་སྤྱི་ལ་དཀར་པོ་དྲུག་སྦྱོར་དང་། བྲང་ཚ་ཆུ་སྐྱུར་སྐྱུགས་དང་རོ་རྒྱབ་གཟེར་བ་ལ་སྨུག་པོ་གཡུལ་རྒྱལ་མཁྲིས་རྐྱེན་གྱིས་ཆུ་སེར། ལུས་བྱིངས་ཉོབ་པ་སོགས་ལ་མན་ངག་བསིལ་སྦྱོར་དང་། ཕོ་མཆིན་མཁལ་རྐེད་ཀྱི་ནད་རིགས་ལ་བདེ་བྱེད་ཀུན་ཕན། སྦྲན་དུག་གཟེར་ཆེན་ལ་རུ་རྟ་དྲུག་པ། ཟླ་ཤེལ་དྲོད་སྦྱོར། གཡུ་དྲིལ་བཅུ་གསུམ་རྣམས་ཟབ། བྲང་ཚ་ཆུ་སྐྱུར་སྐྱུགས། མགོ་ན། ཞེན་པ་ལོགས་པ་སོགས་ཀྱི་སྨན་ལ་བདུད་རྩི་སུམ་སྦྱོར་དང་། རིལ་དཀར་པད་སྡོང་མ་ཟབ། ཟས་ཡི་གར་མི་འོང་བ་དང་། སྣང་བ་ལྗི་འཐིམ། མགོ་གཟེར། ལུས་བྱིངས་ཉོབ་པ་ལ་གསེར་ཞིས་ཕན་ཆེ། སྨུག་པོ་མཆིན་མཁྲིས་རྐྱེན་ལས་ཁ་ཟས་དྲོད་བཅུད་ཐལ་ཆེ་བས་མཁྲིས་པ་སློང་། ཁ་ཁ་མགོ་ན་ལུས་ཉོབ་པ་


JKT017_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་གི་ཏིག །གསེར་ལྔ་མཁྲིས་ལས་རྣམ་རྒྱལ་སོགས་བཏང་། ཆུ་སྐྱེར་ཁུ་ལྟ་བུ་བྱུང་ནས་སྨན་གྱིས་མ་ཆོག་པར་ཡུན་རིང་ལོན་པས་མིག་དང་ཤ་རྩ་སེར་བ་སོགས་བྱུང་ན་མཁྲིས་པ་ཤ་ལྤགས་ལ་གྲམ་པ་ཡིན་པས། གཡའ་ཀྱི་ཉེར་ལྔ། གཡའ་ཀྱི་བདུན་པ་སོགས་ཟབ། དེ་རྣམས་གཉུག་བསྲིངས་པས་ནད་ལས་གྲོལ་བའི་རྟགས་ཡིད་ཆེས་པ་བྱུང་དུས་གོང་བཤད་ལྟར་སྲེ་ལོང་སོགས་གཏོང་བ་རིགས་པས་དཔྱད། སྨུག་པོ་མཆིན་མཁྲིས་ལས་རྐྱེན་ནས་སྐྲངས་གཞི་ཚ་བབས་འབྱུང་བ་མང་བས། དེ་རྟགས་ལུས་ལྕི། ཤེས་པ་ཉོབ་ཤིང་འཐིབས། མིག་ལྤགས་དང་གདོང་ཁུག་གི་མདོག་ཅུང་ཟད་སྔོ་ལ་སྐྲངས། རྐང་སྡེབས་དང་ངར་གདོང་སྐྱངས་འབྱུང་། ཆུ་རྟགས་དམར་སྨུག་མར་ཁུ་ཐོན་པའི་མདོག་ལྦུ་བ་སོབ་པ་ནོར་གྱི་ཁ་ལྕེ་ལྟ་བུ་འབྱུང་བས། དེའི་ངོ་ལོན་དུ་འབོལ་བདུན། གི་དགུ། བོང་བཅུ་སོགས་བཏང་། ༈ །འབམ་འབེབས་མ་ཐུབ་ནས་གཏོར་ན། སོ་ལྔ་གཉན་སྨན་བཞི་ཆ་བསྐྱེད་པ་དང་། དཔལ་བརྒྱད། ཀླུ་བདུད་བཅོ་བརྒྱད་སོགས་བླུད། ལ་ཕུག་བཏང་། ལོང་རྩ་གཏར་ཞེས་སྣང་། ༈ །ཕྱི་མ་ཕྲིན་ལས་རྒྱུད་ཀྱི་སྐབས། ལེའུ་དང་པོར། བྱེའུ་འུར་པ་ཆ་ག་པ། བྱིད་པོ་རྒྱ་མཆིལ་མགོ་དམར། ནས་ཟན་བོད་མཆིལ། ལེའུ་གཉིས་པར། བསྐོར་ཞེས་པ་རྩིས་ཀྱི་གབ་རྩེ་


JKT017_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་དང་། ཕྱ་ཞེས་པ་མོ་ཕྱ་བཏབ་པ། ཐང་གི་སྐབས། སྤྱིར་ཁུ་བ་འབྱིན་པ་ཐང་། རྩི་བཞིན་བཏགས་པ་ཕྱེ་མ། མགོ་བསྡུས་ཏེ་དྲིལ་བ་རིལ་བུ། མངར་གསུམ་གྱི་འདག་པ་དང་སྦྱར་བ་ལྡེ་གུ། ཉིང་ཁུར་བསྡུས་ཏེ་བཅུད་ལེན་པ་སྨན་མར་སྟེ་ལྔ་པོའི་ནང་། ཞི་བྱེད་གཞན་ཡང་བསྡུ་ལུགས་ནི། ཐལ་སྨན་རྣམས་ཕྱེ་མ་བྱེད་པ་ཤས་ཆེ་བས་ཕྱེ་མ་དང་། ཁཎྜ་རྣམས་རིལ་བུར་དྲིལ་བཏུབ་ཙམ་གྱི་འདག་པར་སྦྱོར་བས་ལྡེ་དགུ། སྨན་ཆང་ཁུ་བ་འདོན་དགོས་པས་ཐང་དང་རིན་པོ་ཆེའི་སྦྱོར་བ་རྣམས་རིལ་བུར་བསྒྲིལ་ཚུལ་བཤད་པས་རིལ་བུར་བསྡུ་ཞིང་། སྔོ་སྦྱོར་ནི་ཐང་ཕྱེ་གང་རིགས་སུ་བསྡུ་བ་ཟུར་མཁར་བའི་བཞེད་པའོ། །སྦྱོར་བ་དངོས་གཞིའི་སྐབས། གང་གཏོང་རྒྱུའི་སྨན་གྱི་ངོས་འཛིན། གང་ལ་བཏང་ཡུལ་ནད་ཀྱི་དམིགས་དབྱེ། ཇི་ལྟར་གཏོང་ཚུལ་སྦྱོར་སྡེའི་ལག་ལེན། སྦྱོར་སྡེ་ཚད་ལྡན་སྨན་གྱི་ཕན་ཡོན་སྟེ་ས་བཅད་བཞིའི་སྒོ་ནས་ཞིབ་བར་འཆད། ཐོད་རུས་གསུམ་སྟེང་རླུང་ལ་སླེ་ཏྲེས་དང་། རྒྱས་ཚད་ལ་གཙོ་བརྒྱད་ཀྱི་ཕྱེ་མ་ཐང་འདིས་ཕུལ། སྣ་ཁྲག་གཅོད་ཐང་ལ་གུརྒུམ་བསྣན་པ་ཕྱག་ལེན། ཨིནྡྲ་བཞི་སྟེང་གླ་རྩི་དང་། འཛིན་ལོ་བསྣན་པས་རྒྱུ་གཟེར་ལ་ཕན། ལྕགས་ཁུའི་ཆིག་ཐང་དུ་ཨ་རུ་ར་ཅུང་ཟད་བསྣན། ཕྱེ་མའི་སྐབས་གཙོ་བརྒྱད་ཀྱི་ཞལ་ཤེས།


JKT017_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་ཚད་ལ་ཙནྡན་དཀར་པོ། གློ་ཚད་ཅུ་གང་། མཆིན་ཚད་གུརྒུམ། མཁྲིས་ཚད་ཏིག་ཏ། ཁྲག་ཚད་བ་ཤ་ཀ །འཁྲུགས་ཚད་ཧོང་ལེན། རིམས་ཚད་བོང་དཀར་རྣམས་ཐུན་ལོག་སྦྱར། རུ་རྟ་དྲུག་པར། ཚ་ཤས་ཆེ་ན་བསིལ་སྨན་གསུམ་དང་། གྲང་ཤས་ཆེ་ན་དྲོད་སྨན་གསུམ་ཆ་བསྐྱེད། ཚ་གྲང་ཆ་སྙོམས་ལ་མཉམ་སྦྱོར་རོ། །སྤྱིར་གཙོ་བོའི་སྨན་ཐུན་ལོག །འཁོར་སྨན་དེ་ཡི་ཕྱེད་ཆ། ཁ་འཛིན་རྣམས་ཅུང་ཟད་ཙམ་ལས་མི་གཏོང་སྟེ། དྷརྨ་སྭ་མིས། ཁ་འཛིན་ཐུན་ཆེ་གཙོ་བོའི་ནུས་པ་འཇོམས། །འདིས་ནི་སྲན་མ་ཙམ་གྱིས་དོན་ཆེན་འགབས། །ཞེས་གསུངས་པས་འཁོར་སྨན་གྱི་སུམ་ཆ་ཙམ་གཏོང་། རྭ་ཤིང་སོགས་གང་སྲ་བའི་རིགས་སྔོན་ལ་བརྡུངས། ཤིང་ཀུན། གླ་རྩི། གུ་གུལ། ཅུ་གང་། བུལ་ཏོག །ལན་ཚྭའི་རིགས་སོགས་དང་། བརླན་གཤེར་སྣུམ་བག་ཅན་གྱི་སྡེ་ཚན་རྣམས་རྗེས་སོར་བརྡུངས་ཤིང་ཚགས་ལ་མི་དྲངས། ག་བུར། གི་ཝཾ། གུར་གུམ་གསུམ་ནི་བསྲེ་འདུལ་བྱེད་དུས་འདྲེས་བར་བཏགས་པས་ཆོག །ཅོང་ཞི་མ་གཏོགས་པའི་རྡོ་སྨན་རིགས་གང་གཏོང་ཡང་འཇུ་རྩི་ཚྭ་ལ་དུལ་མ་དང་། ཟེ་ཚྭ་ཐུན་བཟང་བ་རེ། སྔོ་སྨན་རྐྱང་བ་སྦྱོར་དུས་དུག་འདོན་པི་ལིང་བྲག་ཞུན་གཉིས་ཐུན་བཟང་རེ་དང་། ཕོ་བའི་གཞི་འཛིན་སེ་འབྲུ་བཅས་སྦྱར་བ་ཕྱག་ལེན་ལ་


JKT017_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། རིལ་བུའི་སྐབས། ཟི་ར་ལྔ་པ། ནད་པའི་སོ་རྩ་མཚུར་དཀར་གྱིས་དག་པར་བཀྲུས། རས་ཐུམ་བྱས་ནས་སོ་བར་དུ་བརྩིར། སེར་རུས་ནི་ལུག་གི་རུས་པ་ཛམ་བྷ་ལའམ་དོན་འགྲུབ་བམ་ནོར་བུར་འབོད་པ་དེ་ལ་བཞེད་པའང་སྣང་། སྨན་མར་སྐབས། བ་ཡི་རྣམ་ལྔ་སྦྱར་ལུགས། ལྕི་བ་སྣོད་དུ་བཙིར་བའི་དྭངས་མ་བ་ཆུ་དང་བསྲེས། དེ་ཡི་དྭངས་མ་བྲེ་གསུམ་ཙམ་ལ་ཞོ་དེ་དང་མཉམ་པར་བླུགས་ནས་བསྐོལ། ཕྱེད་དུ་བསྡུས་ནས་འོ་མ་ཞོ་དང་མཉམ་པར་བླུགས། དེ་རྗེས་མར་དུམ་རེ་འཕང་ནས་བསྐོལ་ཏེ་ཆུ་ཆོད་པ་དང་། སྦྲང་རྩི་སླད་མེད་བསྲེས་པ་དཀྲུགས་ལོག་བྱ་སྟེ། དེ་ལྔ་པོ་བ་གཅིག་ལ་བྱུང་ན་མཆོག་ཏུ་བསྔགས་སོ། །ཀ་རས་ཁ་བླངས་ཞེས་ཤེལ་དཀར་ཕྱེ་མ་བཏབ་དཀྲུགས་བྱས་པ། འབའ་སམ་ཞེས་སྣ་མོང་པོ་འདྲེས་པའི་དོན། ཐལ་སྨན་སྐབས། ཟ་འོག་ནི་གོས་ཆེན་ཁྲ་བོ་མཚོན་སྣ་ལྔ་པ་སོགས་རྒྱུ་སྤུན་གཉིས་ཀ་མ་སྒྲིབས་པ་ལྷུག་འཐག་བྱས་པ་དེ་ལ་བཞེད། རིན་ཆེན་སྦྱོར་བའི་སྐབས། འབྲུམ་པ་སེལ་བའི་རིལ་བུར་མཚལ་དཀར་བསྣན་པ། མན་ངག་སྔོ་སྦྱོར་སྐབས། ག་བུར་ཉིད་ཀྱང་ཟིལ་གྱིས་གནོན་པར་ནུས་ཞེས་པ་ནི། གཉན་ཚད་ལ་འཛིམ་པ། ཁྲག་ཚད་ལ་རེ་སྐོན། མཁྲིས་ཚད་ལ་གཡའ་ཀྱི། འཁྲུགས་ཚད་ལ་ཧོང་ལེན་སོགས་ཀྱིས་ནི་ག་བུར་གྱི་


JKT017_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པའང་ཟིལ་གྱིས་གནོན་པའོ། །སྣུམ་འཆོས་སྐབས། གཏང་བྱ་ནི། བཤད་རྒྱུད་ལས། དེ་ཡུལ་རླུང་ཆེ་ཟུངས་ཟད་ཁྱིམ་གསར་དུབས། ཞེས་སོགས་གསུངས་པ་དེའོ། །རྩུབ་འཆོས་ནི་བྲ་སྲན་དར་བ་སོགས་སྣུམ་མེད་རིགས། དར་རྙིང་ནི་དར་རུལ་བ། བཤལ་སྐབས། རིལ་བུ་ཡིན་ན་གྱུར་མིད་བྱེད། ལྕག་ཞེས་པ་རྟ་མགྱོགས་པར་བསྐུལ་བའི་ལྕག་ཚན་ལྟ་བུ། བཤལ་བཅད་པའི་སྔགས་༧ ནི། ཨོ་ཀུན་དྲེ་ཀུན་དྲེ་ཀུན་པཾ་ལཾ་བྷོ་ཤར་ཤར་ཤལ་སྭཱ་ཧཱ༔ ཞེས་སྨྲ་བཅད་མང་དུ་བཟླས། ཆུ་གྲང་ལ་བཏབ་ནས་ཕུལ་བས་ཕན་ངེས་ཟབ། སྐྱུགས་སྐབས། རི་ཤོ་ནི་རྐྱང་ཤོག་པ་ལ་བྱེད། སྣ་སྨན་ཟླ སྐབས། ནམ་ཚོང་ནི་མཆན་ཁུང་དང་། དཔུངས་པ་གཡས་གཡོན་པར་ལ་བྱ་སྟེ། ནམ་ཚང་མགོ་དང་སྐེ་ཡི་རྟེན། །མགོ་འཛིན་ཞེས་ནི་བཤད་པ་ཡིན། །ཞེས་སོ། །ཁྲག་གཅོད་སྔགས། ཨོ་ཙ་ལ་རྦད༔ ཅེས་སྨྲ་བཅད་བྱ་ཞིང་། སུམ་བརྒྱ་རེའི་མཚམས་སུ་ཕུ་འདེབས། ཟབ་སྤྱི། མཇུག་དོན་སྐབས། སོ་ནམ་དུས་བཞི་ནི། ཞིང་ལས། འབུན་གཏོང་། ཚོང་ལས། ཕྱུགས་སྤེལ་བ་དང་བཞི་ཞེས་བཤད་སྣང་ལགས།། ༈ །།ཨ་གར་སོ་ལྔའི་ཨ་བྱག་གཉིས་ནི། ཨ་བྱག་གུརྒུམ་ཞེས་སམ། མིང་ཅན་སེར་པོར་གྲགས་པ་འུག་ལག་དང་། ཨ་བྱག་གཟེར་འཇོམས་ཞེས་སྦྱང་གུར་གྱི་འདབ་མ་


JKT017_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་། འབམ་སྟོད་དུ་ཡོད་སྐབས། གཉན་སྨན་བཞི་ཕྲི་ནས། གི་ཝཾ། པྲི་ཡངྐུ། བྲག་ཞུན་གསུམ་བསྣན། ཀོ་བྱི་ལ་སྤུ་ལྡན། ནཱ་ག་གེ་སར། གཟེར་འཇོམས་གསུམ་བུངས་བསྐྱེད། །ས་ལོ་སྨན་མར་ལ་སྐྱུ་རུ་ར་བུངས་བསྐྱེད། སྤང་རྒྱན་དཀར་པོའི་མེ་ཏོག་འཁོར་སྨན་གཅིག་དང་ཆ་མཉམ་བསྣན་པས་གྲེ་ཐོག་ལ་ཟབ། སྤང་རྒྱན་བཅོ་ལྔ་དང་། མན་ངག་བསིལ་སྦྱོར་སོགས་ཀྱང་འཕྲོད། ༈ །མིག་ནད་འགྲིབ་རིགས་ལ། དཀར་པོ་དྲུག་སྦྱོར་གྱིས་ཕན། རྗེས་སུ་ནང་གསང་བརྒྱད་དང་། ཕྱི་གསང་རྣམས་ལ་མེ་ཚུགས་གང་བདེ་བྱ། ༈ །ལིང་ཏོག་ལ་ནི་ལ་ཐོ་ཋ་ཞིབ་བཏགས་སྐམ་འདེབས་ཀྱིས་འཕྲལ་དུ་ཕན་པ་ལག་བླངས། ཁོང་སྨན་སྤང་རྩི་བཅུ་གཉིས་སྨན་ནད་ཐོན་པ་ལན་འགའ་བཏང་། ༈ །སོ་སྲིན་དང་མགོ་སྲིན་ལ་བདུག་པ་ཡ་འཇོམས་རྡོ་རྗེ་ལེགས། གདོང་སྲིན་ལའང་ཕན་ཆེ། སོ་སྲིན་ལ་ཁྱུང་ལྔ་སོ་བར་བཟུང་། ༈ །སེ་འབྲུ་བདེ་བྱེད་ཀུན་ཕན་ལས་དྲོད་སྨན་རྣམས་ཆ་འཕྲི། གསེར་བྱེ་བསྣན་པས་ཆུ་ནད་ཚ་གྲང་ཕལ་ཆེར་ལ་ཟབ། ༈ །ལི་དྲུག་དང་ཁྱུང་ལྔ་བསྲེས་པར། ཨ་རུ་དང་། རུ་རྟ་གཅིག་ཤོས་ཚབ། སྤང་རྒྱན་དཀར་པོ་དང་། སྤང་རྩི་བསྣན་པ་གག་པ་དང་། གྲེ་ཐོག་གཉན་ཤས་ཅན་ལ་ཟབ། ༈ །མེས་ཚིག་གི་རྨ་སྤྱི་ལ། རྟ་ཕུ་རློན་པའམ། །


JKT017_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་པོ་ཆུར་སྦངས་པ་བརླན་པ་ཆིག་ཐུབ། ༈ །བུ་དང་ཤ་མ་མ་ཐོན་པ་ལ། ཞི་དྲུག་དང་། ཨ་རུ་བཅོ་བརྒྱད་བསྲེས་པ་ཟབ། ༈ །བཅོ་ལྔ་དྲག་སྦྱོར་ཅོང་ཞི་ནས་ཙམ་བརྡུངས་ལ་སླ་ངར་ནས་སུན་བདུན་འགད་རིང་ལན་ཚྭ་དང་མཉམ་དུ་བརྔོ་། དེ་འཕྲལ་སྣོད་གཞན་ཞིག་ཏུ་བྱོ་ལ། ཆང་རྒན་གྱི་སྙིང་ཁུས་ཁ་ཕྲུ་གདབས། རླངས་པ་མི་འཆོར་བར་ཁ་གཅོད་རྒྱབ་ལ་བཞག །ད་ལིས་དབྱི་མོང་གཉིས་གཞོན་ནུས་དུས་བཏུས་པ་གྲིབ་སྐམ་ལེགས་པར་བྱ། དུམ་བུར་བཏུབས་ནས་རྫ་སྣོད་དུ་བསྲེག །ཚིག་ཚར་ནས་འཕྲལ་དུ་རླངས་ལ་ཆང་རྒན་གྱི་སྙིང་ཁུས་ངར་བསད་པའི་བླངས་པ་མི་འཆོར་བར་ཁ་གཅོད་དམ་པར་བྱས་ལ་བཞག །སྐམ་པ་དང་ལོངས་སྤྱད་དོ། ༈ །རྒྱ་ནག་རིལ་བུ་རྐྱང་པ་འབམ་སྨད་དུ་བབས་པ་སོགས་གཉན་རིགས་ཀྱིས་མཁལ་རྐེད་སོགས་ལ་ལེགས། ཆོས་ཉིད་རིལ་བུ་དམར་བཤལ་ལ་ལེགས་ཀྱང་བསིལ་ཁ་ཅུང་ཆེ་མཁལ་རྐེད་གྲངས་ནད་རིགས་ལ་མི་ལེགས། ༈ །ཆུ་འགགས་རིགས་ཕལ་ཆེར་ལ་བདེ་བྱེད་ཀུན་ཕན་དང་། །ཉི་དཀྱིལ་སོགས་ལེགས། ༈ །རྩ་འགགས་པ་དང་དྲི་འགགས་ལ་དཀར་པོ་དྲུག་སྦྱོར་གྱིས་ཕན། ༈ །མགོ་སྲིན་གཟེར་ནད་ཚབ་ཆེ་ལ་མགོ་ཐང་བཅུ་གསུམ་དང་། གར་ནག་བཅུ་གཅིག་བཏང་། ༈ །བད་རླུང་མགོ་ནད་ལ། བདུད་


JKT017_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་སུམ་སྦྱོར་སྟེང་། བུང་མཉམ་གྱི་སེ་མེ་བསྣན་པས་ཕན་པ་མཐོང་། ཡང་ན་བདུད་རྩི་སུམ་སྦྱོར་སྟེང་། ཨར་སྒྱུར་མ་ནུའི་བུང་མཉམ་དང་། སེ་མེ་གོང་ལྟར་བསྣན་པས་ཕན་པ་མྱོང་གྲུབ། མགོ་བོའི་ཕྱོགས་བཞིར་ཚུགས་བྱ། ༈ །བད་མཁྲིས་ལ་བདུད་རྩི་སུམ་སྦྱོར་དང་། ཏིག་བརྒྱད་མཉམ་སྦྱོར་གྱིས་ཕན། ཁྲག་ཤས་ཆེ་ན་གི་ཏིག་ལེགས། ༈ །སྙིང་རླུང་ལ་མདེ་ཐུང་ནས་བཤད་པའི་ཨར་བརྒྱད་དང་། སེམས་ཀྱི་བདེ་སྐྱིད་ཚད་ལྡན་རང་ལེགས། ༈ །གློ་ཚད་ལ་ཁྱུང་སྔོན་དགུ་པ་ཟབ། གཉན་ཤས་ཆེ་ན་སྲོ་ལོ་ཆ་ཕྲི། འཁྲུགས་གློ་ཚ་ཤས་ཅན་ལའང་ཁྱུང་དགུ་ལེགས། དེ་ལ་ཅུ་གང་བསྣན་པ་ཕྱག་ལེན། ཆམ་གཞུག་གི་ལུ་བ་བཅོས་བརྡུགས་ཚེ། དར་མ་མཁྲིས་ཤས་ཆེ་བར་ལུག་མུར་བདུན་པ་ཙནྡན་དཀར་པོ་དང་དམར་པོ་ཆ་མཉམ་པ་དང་། བད་ཤས་ཆེ་ན་སྒ་ལོ་སྨན་དམར་སྟེང་། ཤིང་མངར་འཁོར་སྨན་གཅིག་གི་བུང་མཉམ་བསྣན་པ་ཆང་གིས་ཕུལ་བས་ཕན། བད་གློ་རྒྱུན་དུ་ལུ་བ་ལ་རྒུན་འབྲུམ་བདུན་པ་ཁ་ཚར་ཅན་ལེགས། ཡང་རྒྱུན་དུ་གློ་རོ་ལུ་བ་ལ་ག་བུར་ཉེར་ལྔའི་ག་བུར་ཚབ་སྟོང་ཟིལ་དང་། སྲོ་ལོ་དམར་པོ་ཁ་ཚར་བཏབ་པས་ཕན་པ་ལག་བླངས། ༈ །མཁལ་རྐེད་ཀྱི་ནད་སྤྱི་ལ་ཨ་རུ་བཅོ་བརྒྱད་དང་། ཁམས་ཟག་ལ་རྒྱ་ནག་མ་དང་། ཚ་ཤས་ཡོད་ན་ཆོས་


JKT017_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རིལ་བུས་ཕན། མཁའ་རྐེད་གཉན་ཤས་ཅུང་ཡོད་པའམ། ཕལ་ཆེ་ལ་མན་ངག་གམ་ཕྱེ་དམར་པོ་ལེགས། ༈ །ཕོ་ནད་སྤྱི་ལ། ཅོང་ཞི་ཅུར་ནིའི་སྟེང་། ཚྭ་ལ་ཆུ་བཅད་མང་ཙམ་བསྣན་པས་ཤིན་ཏུ་ཕན། ཕག་གྲུབ་ཀྱང་ལེགས། ༈ །མ་ཞུ་བའི་རིགས་སྤྱི་ལ་ཞི་དྲུག་དང་། བཅོ་ལྔ་དྲག་སྦྱོར། གླང་ཐབས་གཟེར་ཆེ་བ་སྲིན་གླང་སྟེ་ཕན་པ་ཀུན་ལྡན་དང་། གཟེར་ཆུང་བའི་རིགས་ལ་ཟླ་ཨ ཤེལ་གཡུ་དྲིལ། ཞི་དྲུག་སོགས་གང་འཕྲོད་ལྟ། མ་ཞུ་དུག་ཐབས་ཀྱི་རིགས་ལ་དྭགས་པོ་སྨན་ནག་ལེགས། ༈ །གཅིན་འགགས་ལ་ཉི་དཀྱིལ་སྟེང་རྒྱ་ཚྭ་སྡིག་སྲིན་གསེར་བྱེ་བསྣན་པ་དང་། ཀུན་ཕན་གྱིས་ཕན། ༈ །གཅིན་སྙི་ལ། ཚ་ཤས་ཆེ་ན་ཨ་རུ་བཅོ་བརྒྱད་དང་། གྲང་ཤས་ཆེ་ན་ཀུན་ཕན་ནམ། ཉི་དཀྱིལ་གང་རིགས། ཡུང་བ། སྐྱེར་པ། སྐྱུ་རུ། གཟེ་མ་བཞི་བསྡུས་ཐང་གིས་ཕུལ། ཚིགས་པ་བཅུ་དགུ་པ་ཁ་གསུམ་ལ་མེ་བྱ། ༈ །རྒྱ་ནད་ཚད་འཁྲུལ། རབ་ར་རྒོད་ཀྱི་ཁྲག་དྲོན་མོ་དང་། འབྲིང་ཤ་ཁྲག་ཚིལ་གསུམ་གང་རུང་གི་ཁུ་བ་ཆིག་བརྒྱུགས་ཆོག་པའི་གསང་སྨན་ཡིན། ༈ །དྲེག་ནད་ལ་སྤོས་ཁྱུང་དང་། བྱུགས་པ་བྱ་ཁྱུང་སྔོན་པོ་ཟབ། ༈ །གྲུམ་བུ་ལ་བོང་ཁྲག་ཉེར་ལྔ། །སེང་ལྡེང་ཉེར་ལྔ། ཀླུ་བདུད་བཅོ་བརྒྱད་རྣམས་ཟབ། ཁྱུང་ལྔ་ཚད་ལྡན་ཀྱང་


JKT017_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས། ༈ །རྩ་དཀར་ལ་བསམ་འཕེལ་ནོར་བུ་དང་། ད་ལིས་བཅོ་བརྒྱད་བཏང་། མ་སྔས་པར་ཚུགས་དང་མེ་བཙའ་གང་རིགས་བྱ། ༈ །ལྤགས་ནད་ཆུ་སེར་ཟ་འཕྲུགས་ལ་སྤོས་ཁྱུང་དང་། མན་ངག་གམ་ཕྱེ་དམར་པོ་སོགས་ཀྱིས་ཕན། ༈ །ཕྲན་བུའི་ནད་ཀྱི་བཅོས་ལྷན་ཐབས་ལྟར་ལེགས། ཁྱད་པར་གཉིད་སྲུང་འགུགས་ཀྱི་གདམས་པ་འདི་ཟབ་ངེས་ལག་བླངས། ༈ །རྐང་འབམ་བཅོས་པ་ཟུར་དུ་གསལ། བྱིས་པའི་ནད་སྤྱི་ལ་གཅིག་ཤེས་ཀུན་གྲོལ་ཟབ། ཕོ་ནད་སོགས་ལ་མན་ངག་བསིལ་སྦྱོར་ཀྱང་འཕྲོད། ༈ །མོ་ནད་ཁྲག་ཤས་ཆེ་བ་ལ་ཁྲག་བཤིགས་རིན་ཆེན་ཕ་ལམ། ཨ་གར་སོ་ལྔ། ཙནྡན་བཅོ་བརྒྱད་སོགས་ལེགས། སྤྱིར་འོལ་མོ་ཉེར་ལྔ་དང་། རྒྱ་རུ་བཅུ་བཞི་སོགས་ཟབ། ༈ །འབྱུང་གདོན་སྤྱི་ཁྱབ་བདུག་པ་རྒྱན་འཁོར་དང་། བྱུག་པ་རྒྱན་འཁོར་ཟབ། ༈ །རྨ་སྤྱི་ལ། ཁོང་སྨན་ཐོག་མར་སྤང་རྩི་བཅུ་གཉིས་དང་། ག་བུར་ཉེར་ལྔ་སོགས་བཏང་། ཡུག་ཤིང་ཁཎྜ་བྱུགས། ལྡུམ་ཆེན་དགུ་སྦྱོར་ཀྱང་ཁོང་སྨན་ཤིན་ཏུ་ཟབ། བརྡབས་འགྲམ་།རིགས་ལ་བུལ་ཏོག་དང་། སྟར་བུ་གཉིས་སྦྱར་བས་མཆོག །མགོ་ཆག་ལ་བྱ་མོ་ཁུད་པའི་བདུད་རྩི་སུམ་སྦྱོར་དང་། ཚབ་ཆུང་རིགས་ལ་བདུད་རྩི་སུམ་སྦྱོར་དཀྱུས་མས་ཀྱང་ཕན། སྔགས། ཏིར་ཏི་


JKT017_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནྱ་མ། ཟབ། ༈ །དུག་རིགས་ཀྱི་བཅོས་ཟུར་དུ་གསལ། ཤ་དུག་སོགས་དུག་ནད་སྤྱི་ལ་དཔའ་བོ་ཉེར་ལྔ་མཆོག །ཡང་ཞི་དྲུག་འོམ་བུའི་ལོ་མ་བསྣན་པའང་ལེགས། རྟ་དུག་སྨན་ཚ་རིལ་ཁ་ཚར་ཅན་ཟབ། ཁྱི་དུག་དང་རེག་དུག་བཅོས་ཟུར་གསལ། ༈ །འབའ་སམ་སྨན་མར་ཚད་ལྡན་སྟེང་། སེ་འབྲུ་ཉི་དཀྱིལ་ལ། དབང་ལག། བྲེ་ག། གངས་སྦལ་ལམ་སྲམ་ཤ་བསྣན་པ་ཁ་ཚར་བཏབ་པས་མཁལ་རྐེད་གྲང་ནད་སྤྱི་དང་། ཁྱད་པར་ལུས་སྟོབས་ཆུང་བ་ལ་བསྔགས། ཡང་མཁལ་རྐེད་རྐྱང་པ་ལ་གོ་ཡུ་དགུ་སྦྱོར་ཁ་ཚར་བཏབ་ཀྱང་ལེགས། གོ་ཡུ་དགུ་སྦྱོར་སྟེང་། དངུལ་ཆུ་གྲང་འདུལ། དབང་ལག། རྩ་བ་ལྔ། སྲམ་ཤ་རྣམས་བསྣན་པ་བུ་རམ་གྱི་མགོ་བསྡུས་སྟེ་རིལ་བུར་དྲིལ་བ་སྟོབས་བསྐྱེད་ཀྱི་སྨན་ཁྱད་པར་ཅན་ནོ། ༈ །ནོར་གྱི་གློ་ནད་ལ། འབྲས་བུ་གསུམ་བསྣན་པའི་ག་བུར་ཉེར་ལྔའི་སྟེང་། སྲོ་ལོ། སྤང་རྒྱན། ཨ་ཀྲོང་། ཤུ་དག །གླ་རྩི་རྣམས་བསྣན་པ་འདི་རང་ལེགས། སྐྱ་རྩི་ལ་ནག་པོ་དགུ་སྦྱོར་ཚང་བར་བྱ། ༈ །ཁྱུང་ལྔ་ཚད་ལྡན་གྱིས་ནད་རིགས་གང་ལའང་ཕན་ཞིང་། ཁྱད་པར་གཉན། རིམས་སྲིན་གླང་ཐབས་རྨ་ཐོར་མཁལ་རྐེད་རྐང་ནད། གག་ལྷོག །ཆུ་སེར་སོགས་དང་། སྙིགས་དུས་ངོས་བཟུང་དཀའ་བའི་ནད་རིགས་གང་ལའང་སྨན་ནད་ཐོན་ཙམ་


JKT017_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ལན་འགའ་རེ་བཏང་པས་ཕན་པ་མྱོང་གྲུབ་མའོ། ༈ །དབང་ལག་བརྐོས་མ་ཐགས་དྲེགས་བཤལ། ཆུ་གཙང་ཉིས་འགྱུར་དུ་ཁུ་བ་རང་ཐིམ་བཙོས་པས་དྲོད་དུ་འགྲོ། ཚོས་མ་ཐག་ར་འོ་ཉིས་འགྱུར་ཁུ་བ་རང་ཐིམ་བཙོས་པས་བཅུད་དུ་དགུག་ར་མྱེ་ལའང་དེ་ལྟར་བྱེད། ཉེར་ཤིང་ཕྱི་ལྤགས་དང་། ནང་ཤིང་རྒྱུས་པ་དོར་ལ་ཆུ་ལ་བཙོས་པས་དྲོད་དུ་དགུག །གཟེ་མ་སྲིད་པའི་བྱེ་མའི་མཉམ་དུ་སྣ་ཚིག་ཙམ་བརྔོ་། བ་སྤུའང་ཆུ་བཅད་དགོས་ཟེར།། ༈ །།རྩ་སྦྱོངས་ཀྱི་ལག་ལེན་ནི། སྔོན་འགྲོ་རྒྱས་པར་སྤྲོ་ན་རྩ་ཁུ་བྱུག་སྟེ་ཀོ་ཋ་འཁྲུལ་མེད་ཀྱི་ལོ་མའི་ཐང་ཞག་གསུམ་བཏང་། དེ་ནས་གཟའ་སྐར་ལེགས་པའི་ཉིན་གཡེར་མ་དང་ཉི་དགའི་འདབ་ཚོད་ཚྭ་ཅུང་ཟད་ཡོད་པ་ཕོར་པ་གང་བཏང་། ཉི་ནུབ་ར་ཡི་ཝ་གདོང་དང་། གཞན་ནོར་ལུག་གང་བྱུང་གི་སེར་རུས་དང་། དེའི་རུས་པ་གོར་མོའི་ཁ་གདོང་གོར་མོ། སྲེ་ལོང་། ལྕམ་པ་བཅས་བསྡུས་པའི་ཐང་ཚྭ་ཅུང་ཟད་ལྡན་པ་བཏང་། མུན་རུག་སྣ་སེལ་གྱི་ཐང་བཏང་། དེའི་ཐོ་རངས་སྨན་གྱི་རིལ་བུ་བཅུ་བདུན་བཏང་། བྱང་བ་ཉེར་གཅིག་དང་ཆ་གའི་མགོ་ཆུ་སྦུར་གང་རྙེད། ཤིང་མངར་པི་ལིང་ནས་འབྲུ་ཙམ་རྣམས་ཆམ་ཆོམ་བརྡུངས། རས་དཀར་དྲི་མེད་དུ་བཏུམ་ལ་ཆུ་ཚན་ཧུབ་གསུམ་ཙམ་ནང་དུ་སྦང་། ཇ་ཡུན་ཙམ་སོང་དུས་མཐེབ་འཛུབ་


JKT017_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དལ་བུར་ཆུ་ནང་དུ་མཉེས། ཆུ་མདོག་སྨུག་དྭངས་བྱུང་དུས་རས་ཀྱི་སྨན་ཐུམ་ཚུར་བླངས་ལ་ཆུ་དེ་ཁེབ་ལེགས་པར་བྱས་ནས་ཞག་གཅིག་བཞག་པའི་ཁུ་བ་དེ་ཉིད་ཧུབ་གང་འཐུང་། དེ་རྗེས་རིལ་བུ་དགུ་ཆུ་བསྐོལ་གྲང་གིས་ཕུལ། ཡུན་རིང་སྔས་མཐོར་བྱས་ནས་གཉིད་ལོག་དགོས། དེ་རྗེས་བར་བར་དུ་རྒྱུད་ཀྱི་མདུངས་སྨན་བཏང་། ཐེབ་པའི་དུས་སུ་ལྕག་ཆང་གསུངས་ཀྱང་ཆུ་བསྐོལ་གྲང་རང་ལེགས། དེས་མ་ཐེབ་ན་ཕྱིར་ནང་སྔ་མའི་བྱང་བའི་རོ་མའི་ཁར་བྱང་པ་གསུམ་ཙམ་བསྣན་ནས་བཙིར་བའི་ཁུ་བ་ནུབ་གསུམ་ཙམ་དང་རིལ་བུ་བདུན་སྒྱུར། རྗེས་ཐུག་པ་སྣུམ་ལྡན་ཚྭ་ཡོད་བཏང་། ༈ །རྩ་བཤལ་སྐབས་ཀྱི་ཕྱག་ལེན་ནི། ར་ཡི་ཚང་འཇུག །སྲོག་ཆག་གང་རུང་གི་ཨོ་ཐོ་རུ་ལུ་ཡས་མར་གྱི་རུས་པ་ཆ་གཉིས་ཙམ་དང་། སྲེ་ལོང་ཐེ་ཁེ་གསུམ་ཙམ་ཤ་མེད་པ་དང་། ཉི་དགའ་དབྱར་ཡིན་ན་ལོ་མ། དགུན་ཡིན་ན་འབྲས་བུ། གཡེར་འབྲུ་བདུན། ལན་ཚྭ་བྲོ་ཙམ་ཚྭ་འབྲིང་ཙམ་བསྐོལ་བའི་ཁུ་བ། གཞུང་བཤད་སྔོན་འགྲོ་ཁྲུས་བྱུགས་ལྟོ་བ་མ་གཏོགས་པར་ཐེམ་པར་བྱས་ནས། དེ་ནུབ་ཉི་མ་ལ་ཁ་ལ་འགྲོ་དུས་ཕོར་པ་གསུམ་ཙམ་གཏོང་། སྲོད་འཁོར་ནས་སྣ་སེལ་དེ་གོང་སྔ་ཙམ་ནས་དཀར་ཡོལ་དུ་བྱང་བ་དམར་ཁྲ་བར་གཤོག་ཅན་གམ། སྨན་ཐུན་གཅིག་ཆུ་སྐོལ་གྱིས་གཏོང་། དེ་ཡང་དབྱར་ཡིན་ན་རྩ་ཁ་


JKT017_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ཐང་ཉི་མ་མདུང་གང་ཙམ་ནས་གཏོང་། སྣ་སེལ་ས་རུབ་འཕྲལ་གཏོང་། ཁུ་བྱུག་མེ་ཏོག་ཚབ་དབྱི་མང་དཀར་པོའི་མེ་ཏོག་དང་པོ་ལྕམ་འབྲས་བུ། དེ་ལས་ནུས་པ་དམན་ན་བཅུ་བདུན་ཙམ་དང་། སྦུར་མགྱོགས་ཡོད་ན་ལྔ་ཙམ། མེད་ན་ཆ་གའི་མགོ་བོ་གསུམ་ཙམ་དང་ལྷན་དུ་ཤིང་མངར་དང་པི་ལིང་གཉིས་ནས་ཙམ་རེ་ཆོབ་ཙམ་བརྡུངས་ནས་གོས་ཆེན་དུ་བཏུམ་ནས་བཞག དེ་ནས་ཆུ་ཚན་ཧུབ་གསུམ་ཙམ་བླུགས་ནས་རྒྱང་ཙམ་བཞག དེ་མཚམས་སུ་ས་རུབ་ཙམ་ལ་ཐུམ་གྱི་ཕྱི་ནས་ཤེད་མ་བཏོན་པར་མཐེ་བོས་དལ་བུས་བསྣུར་ནས་ཆུ་མདོག་སྨུག་ཆིལ་བྱུང་བ་དང་། སྨན་རོ་མི་གཏོང་ཐུམ་བུ་ཟུར་དུ་བཏོན། དཀར་ཡོལ་གཅིག་ཏུ་རྒྱ་ཚྭ། སྡིག་སྲིན། ཧ་ཤིག་དཀར་པོ། ཚྭ་ལ་དུལ་བ་དེ་རྣམས་ཁ་ཚར་གཞན་མི་དགོས་ཞིབ་པར་བཏགས་ནས་ཆང་གིས་བསྒོས། རིལ་བུ་སྲན་མ་ཙམ་དྲིལ། རིལ་བུ་དགུ་དར་ནང་དུ་བསྟུམ་ནས་ཆང་ཧུབ་གསུམ་ཙམ་ལ་སྦངས། རྒྱངས་ཙམ་སོང་ནས་དལ་བུས་ཐེབ་བསྣུར་བྱེད་པ་སྔར་དང་འདྲ། རོ་མ་བཏོན་པའི་ཁུ་བ་གཉིས་ཀ་ཁེབ་ལེགས་པར་བརྒྱབ་ནས་མཚན་མོ་དེ་གར་བཞག །དངོས་གཞི་ཐོ་རངས་ཀྱི་དུས། ཐོག་མར་བྱང་པའི་ཁུ་བ་ཐོན་ངེས་བཏོན་འཕྲལ་སྨན་གྱི་ཁུ་བ་བཏང་ནས། ཁ་ཆུ་སྐོལ་གྱིས་བཤལ་ནས་མིད་བཅུག །དངོས་གཞི་


JKT017_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་རྗེས་སྔས་མཐོ་སར་བསྙལ་ནས་གཉིད་དུ་གཞུག །ཤིན་ཏུ་དྲི་བ་གལ་ཆེ། ནང་སྔ་ཉི་ཤར་ལ་ཐེབས་པའམ། ཐེབས་རྟགས་མ་བྱུང་ན་རིལ་བུ་བདུན་སྨན་རོ་དང་སྦྲགས། བྱེད་ལུགས་སྔ་མ་ལྟར་མ་བྱུང་བར་བསྐྱར། སྔར་གྱི་བྱང་རོའི་ནང་དུ་བྱང་བ་གསར་པ་གཉིས་བསྣན་ནས་སྦང་ནུར་སྔར་ལྟར་བྱ། ཁུ་བ་སྔ་ཕྱི་གཉིས་ཀ་ཧུབ་ཕྱེད་དོ་ཙམ་གྱིས་ཆོག །སྨན་ཁུ་ཉི་མ་ཤར་དྲོས་ནས་ཀོ་རིམ་སྔ་མ་ལྟར་གཏོང་། ཞོག་པ་སྔ་མོ་ནས་ལྕགས་སེང་པོ་གཏོང་། གྲུམ་བུ་སོགས་ཚ་ཤས་ཆེ་ན་བཟང་ཇའི་ཁུ་བ་བ་མཛོའི་ཆུ་ཉུང་ཉུང་ཡང་ཡང་གཏོང་། ཉི་ཤར་ནས་ཤིན་ཏུ་ཐེབ་པ་བྱུང་ན་སྨན་འཕྲོ་བཅད། ལྕགས་རང་བསྐྱར། འབབས་སྟོང་ཞེན་ན་རིལ་བུ་ལྔ་བདུན་ཙམ་དང་། བྱང་བ་ཕྱེད་གཉིས་ཙམ་རེ་ཁུ་བ་ཧུབ་གང་ཙམ་ལ་སྔར་ལྟར་སྦྱར་ནས་སྔ་གོང་གཉིས་སུ་ལན་གཉིས་གཏོང་། སྤྱིར་གཏོང་སྔ་དགོངས་བར་བར་དུ་མདུང་སྨན་ཐུན་གཉིས་ཙམ་གཏོང་། སྔ་དགོངས་ནས་ཆུ་འགྲམ་གྱི་རྡེའུ་འཇམ་པོ་བྲེ་གང་ཙམ་བསགས་ལ་ཞོག་པ་སྔ་མོ་ནས་སྣོད་དུ་ཆང་སིང་པོ་ལ་བཙོ་བར་བཞག །བཤལ་སྐབས་ཕོ་བ་རྫིང་པ་རྒྱུ་མ་གཟེར་པ། ཕོ་བ་ན་བ་སོགས་བྱུང་ན། རས་ཕྱིས་སམ་ཕོར་ཁུག་ལྟ་བུ་དྲེགས་པ་ཡོད་པར་བླུགས་ནས་ཚན་མོ་དེ་ཡིས་དུགས་བྱ། ཟུག་ཆེ་ཞིང་འབབས་མི་ཐུབ་པ་འདྲ་འདུག་


JKT017_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ན། པི་ལིང་འབྲུ་བདུན་གྱི་ཐང་ཚན་མོ་བཏང་། ཟུག་ཆེ་ཞིང་འབབས་ན་མི་གཏོང་། དངོས་གཞི་ཉིན་ལྕགས་མ་གཏོགས་གང་ཡང་མི་གཏོང་། སྔོན་འགྲོའི་སྐབས་ཚིགས་དང་གཙོ་བོར་མཚན་མ་མཉེ། དངོས་གཞི་ཉིན་ཚ་ཙག་བྱུང་ན་མཚན་མ་འཕུར་བ་རང་གནད་ཆེ། སང་ཉིད་ཐུག་པ་སླ་མོ་མར་དཀར་ཞེད་ཙམ་ཡོད་པ་ལན་གཉིས་གསུམ་ཙམ་དང་། སིང་པོ་དང་། ཞག་བདུན་ནས་ཤ་གསར་གཏོང་། ཐེབ་ནས་ཞག་བཅུ་སྐོར་ལ་མི་འཆད་པར་འབབས་པ་ཡོད་ཀྱང་ཞད་མི་དགོས། ཟས་སྤྱོད་ཆ་ཡིས་གློད། ཧ་ཅང་ཐེབས་ཆེ་ན་གཅོད་པའི་སྨན་ཡང་སྟ་གོན་བྱ། གཅོད་དགོས་རྟགས་ཟུངས་ཁྲག་དྭངས་མ་མཚལ་འདྲ་བྱུང་ན་གོང་དུ་སྟ་གོན་བྱས་པའི་རྒྱ་སྐྱེགས་ཞུ་མཁན་མི་དགོས་པས་ཁུ་བར་དོམ་མཁྲིས་བཏབ་ལ་བཏང་། དེ་ཡིས་ཀྱང་མ་ཆོད་ཚེ་ནད་ཆུ་ནད་པས་མི་མཐོང་བར་ཁྲག་བབ་དེ་ཉིད་ལ་དོམ་མཁྲིས་བཏབ་གཏོང་པས་ཆོད་པ་མན་ངག། ༈ །།མགོ་ཆག་ཆིངས་ཀོང་པོ་ལྷ་རྗེ་མགོ་སྔོན་གྱི་ཕྱག་ལེན། ཞིབ་ཤིང་རྩེ་མོ་སོར་དོ་རེས་དཀྱུས་སུ་མཐོ་གང་རེ་ཡོད་པ་བཅུ་གཉིས་ཟུར་སྲབས་ཤིང་ནང་ཁོད་སྙམས་པ་ཅན་དང་། ར་སྤུ་ཉིས་སྦྲེལ་བྱས་པ་བྱིས་པའི་འཛུབ་ཆུང་ཙམ་པ་ནད་པ་རང་གི་འདོམས་བཅུ་གཉིས་ཡོད་པ་བྱེད། མགོ་བོའི་སྐྲ་བཞར་ནས་ཆིངས་གདན་ནང་ནས་རས་ཞྭ་


JKT017_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་བཞག །དེ་ནས་མགོ་ལ་རྣ་ལྟག་ནས་ར་སྤུའི་སྐུད་པ་སྐོར་གཅིག་བྱེད། དེ་ཡི་ནང་དུ་ཤིང་བྱང་རྣམས་ཟུར་གཅིག་ཞབས་གཅིག་ནོན་པར་བྱས་ནས་བསྒྲིགས། དེ་ནས་སྐུད་པས་རིམ་བཞིན་དཀྲི་ལ་དམ་གློད་སེན་མོས་དེད་ཆོག་པ་བྱེད་ནས་སྐུད་པ་མ་ཟད་བར་དཀྲི། དེ་ལས་སྐུད་པ་ལ་ཆུ་དྲོན་ཁྱབ་བར་བྲན། ཤིང་རྩེ་ནང་དུ་མི་རུག་པའི་ཕྱིར། མགོ་ཡི་སྟེང་དུ་རས་ཕྱིས་སོགས་ནང་ཚང་གང་རུང་བཞག །དེ་ནས་རང་དམ་དུ་སྡོམ་འགྲོ་བས་ཆག་ཡོད་ན་དབང་པོ་ཤོར་གྲབ་བྱེད། འགྲམ་ན་སྐྱུགས་སྙམས་བྱེད། ཇ་ཡུན་ཙམ་བཞག་ནས་འདུག་མི་ཚུགས་སྐབས་ཆིང་བཀྲོལ། དེ་མ་ཐག་དཔྲལ་རྩ་གཏར། རྣ་བའི་རྩེ་གཉིས། ལྟག་པ། སྐྲ་མཚམས་སྡུད་སྒོ་བཞི་ཚུགས་གིས་མནན། འདིས་ནི་ཆག་པ་དང་རྒྱ་ཉམས་པ་རང་འགྲིགས་སུ་འགྲོ་བར་བོན་རྒན་རིན་པོ་ཆེའི་ཕྱག་ལེན་ཟབ་ཁྱད་ཅན་ཡིན།། ༈ །།ནོར་ལ་གློ་རྩི་བླུད་སྐབས། སྐྱ་རྩི་ལ། རི་བོང་གི་གཟུགས་དང་ཁྱད་པར་མགོ་བོ་མིག་བཅས་ཚང་མའམ། ཡང་ན་གནའ་ཁོག་ཤ་སྣ་ཚང་མ་དང་། མགོ་སུག་བསྲེགས་པའི་གཞོབ། མན་ངག་ཏུ་ཤ་བའི་བཙོ་ཁྲག་བཅས་ལ་གཞི་བྱས། ཟོག་བརྒྱ་ལ་ཀཎྜ་ཀ་རཱི་དཔུང་པ་གསུམ་བཞི་ཙམ། འོམ་བུ་དཔུང་གང་ཙམ། གཞན་ཡང་པ་ལུ། ཤུག་པ། མཚེ་ཉ་སྦྲིད་སྤེན་དཀར་སོགས་ཤིང་


JKT017_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཚད་མཚོན་ཙམ་བཅས། ཐམས་ཅད་གཞོན་ནུ་བརླན་དང་མ་བྲལ་བ་ཁྲོལ་ཙམ་དུ་བཏུབ་ནས་བརྡུངས་ཤིང་ཁུ་བ་ལེགས་པར་བཅད་པ་ཉིད་གྲང་ནས་ཡང་ཡང་ཕྱར་ནས་སྦུ་བ་མ་ཐོན་བར་བཅད། དེ་ནང་སྨན་ཕོར་པ་འབྲིང་པོ་གང་ཙམ། ག་བུར་སྲན་མ་གསུམ་བཞི་ཙམ། གླ་རྩི་ཐུང་མགོ་ཆུང་བ་གང་ཙམ་བཅས་བཏབ། དེ་ནས་གནའ་བ་རི་བོང་གང་རུང་ཤ་རློན། ཤ་བའི་བཙོ་ཁྲག་རྣམས་བསྲེས་དཀྲུགས་ནོར་ཆེ་བ་རྣམས་ལ་ཕོར་པ་གསུམ་རེ་ཙམ་བླུད་དོ། གནའ་བའི་ཁོག་གསོན་ཞིག་གིས་ནོར་ལྔ་བརྒྱ་ཙམ་དང་། རི་བོང་གིས་བརྒྱ་ཙམ་ལ་ཁྱེབ་ཞེས་ཟེར། དམར་རྩི་ལ། །ནོར་གློ་ཐུ་ཤོས་དེ་ལ་རྩ་ཆུ་སོགས་མི་སྦྱིན་པར་འདོགས། ཤི་ནས་ཁྲག་གཟག་ནས་བླངས་པས། གངས་ཆུ་སེར་དྭངས་ཁྲག་མ་འདྲེས་པ་དེ་ཉིད་ཚག་བྱ། ཅུང་ཟད་རུལ་ཡང་སྐྱོན་མེད། འཁྱག་གཏན་མི་ཉན། ཤིང་སྣའི་ཁུ་བ་དང་སྨན་སྔར་ལྟར། གངས་ཆུ་ནི་ཟོག་བརྒྱ་ལ་ཕོར་པ་འབྲིང་ཤོས་ཉི་ཤུ་ཙམ་མ་མཐར་དགོས། བེའུ་མི་སྐྱུར་བའི་ཕྱིར་བེའུ་ཅན་རྣམས་ལ་ན་བུན་བུ་མོའི་ཁོག་པ་རེ་རེ་བཏང་། །ཤིང་སྣའི་ཁུ་བ་ལ་གངས་ཆུ་བསྲེ་ནས་སྨན་བཏབ། མང་ཉུང་སྐྱ་རྩི་དང་འདྲ། འདི་འགོག་དང་ཐར་བྱེད་གཉིས་ཀ་ཡིན་པས་ཤིན་ཏུ་ལེགས་སོ།། །།

གསོ་དཔྱད་ཡན་ལག་བཞི་པ་ལས་བཏུས་པའི་རྩ་གནད་ཀྱི་གདམས་པ།


JKT017_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསོ་དཔྱད་ཡན་ལག་བཞི་པ་ལས་བཏུས་པའི་རྩ་གནད་ཀྱི་གདམས་པ་ལས། དོན་སྣོད་གང་གི་རྩ་གང་ན་གནས་བསྟན་པ་ནི། མདུན་གྱི་ས་མཚམས་ནས་གྱེན་དུ་སོར་བཞི་བཅལ་བ་ནས་འཚོགས་མའི་གསང་ཞེས་བྱ་སྟེ་བད་མཁྲིས་འདོམས་པའི་རྩ་ཡིན། ལྟག་ཟུར་གཡས་གཡོན་གཉིས་ནས་མར་ལ་འཕར་རྩ་ཟུང་ནི་ལྟག་རྩ་ནག་པོ་ཞེས་བྱ་སྟེ་མཁལ་མའི་རྩ་ཡིན། ཟ་འགྲམ་གཡས་གཡོན་གཉིས་ན་འཕྲེད་ཀྱི་འཁྱུག་རྩ་འཕར་བ་གཉིས་བད་ཀན་གྱི་རྩ་རིང་ཞེས་བྱ་སྟེ་བད་མཁྲིས་འདོམས་པའི་རྩ་ཡིན། མིག་ཟུར་གཡས་གཡོན་གཉིས་ནས་གྱེན་དུ་རྒྱུ་བའི་རྩ་ནི་མིག་རྩ་འགྲེང་བུ་ཞེས་བྱ་སྟེ་མཆིན་པའི་རྩ་ཡིན། དཔྲལ་བའི་དཀྱིལ་དྲང་པོར་གྱེན་དུ་རྒྱུ་བའི་རྩ་ནི་དུང་རྩ་ཞེས་བྱ་སྟེ་གློ་རྩ་ཡིན། མིག་གི་ནང་ཟུར་ཁུག་གཉིས་ན་མིག་གི་རྩེའུ་ཆུང་གཉིས་གནས་ཏེ་མཆིན་པའི་རྩའོ། །དེ་ཁུག་པར་སོང་བའི་སྣ་རྩེའང་མཆིན་རྩའོ། །སྣ་བུག་གཉིས་ཀྱི་ཕུགས་སུ་རྡུལ་རྩ་ནག་པོ་ཞེས་བྱ་སྟེ་དོན་སྣོད་ཐམས་ཅད་འདུས་པའི་རྩའོ། །ལྕེ་ཡི་འོག་ན་གནས་པའི་རྩ་ནི་ར་མ་ལུག་ཅེས་བྱ་སྟེ་མཆིན་པའི་རྩའོ། །མ་མཆུ་ལ་གནས་པའི་འཕར་རྩ་ནི་མཚེར་པའི་རྩའོ། །འགྲམ་པའི་ཟུར་ན་འཕར་བའི་རྩ་ནི་སྙིང་རྩའོ། །སྐེའི་རྩ་རྩེའུ་ཆུང་ནི་གློ་བའི་རྩའོ། །དེ་ལས་གྱེས་པའི་རྩ་ནི་རྩེ་ནག་ཅེས་བྱ་སྟེ་གློ་བུའི་རྩ་ཡིན། རྩེའུ་ཆུང་གི་མདུན་ངོས་ནས་མར་ལ་རྒྱུ་བའི་རྩ་ནི་རྩེ་


JKT017_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་ཞེས་བྱ་སྟེ་སྙིང་གི་རྩ་ཡིན། ཨོལ་གོང་གི་སྟེང་ནས་མར་རྒྱུ་བ་ནི་སྙིང་རྩ་མེ་རུ་ཞེས་བྱ་སྟེ་སྙིང་རྩའོ། །དེ་ནས་ལག་པའི་རྩ་ལ་དཔུང་པའི་སྙིང་སྟེང་ནས་མར་ལ་རྒྱུ་བ་ནི་དཔུང་རྩ་ཞེས་བྱ་སྟེ་རྩེ་ཞབས་ཀྱང་ཟེར་གློ་མའི་རྩ་ཡིན། གྲུ་མོའི་ནང་ཟུར་ནས་སོར་བཞི་ཡར་བཅལ་བ་ན་གྲུ་མགོ་མཆིན་པའི་རྩ་ཡིན། ལག་པའི་ཁུག་ཟུར་ན་སྣོད་ཀ་ཞེས་ཀྱང་བྱ། ཕོ་བའི་ཨ་སོ་ལི་ཀ་ཞེས་ཀྱང་བྱ་སྟེ་ཕོ་བའི་རྩ་ཡིན། ཁུག་དྲང་པོ་ན་སྙིང་གི་ཨ་སོ་ལི་ཀ་ཞེས་བྱ་སྟེ། ཁ་ཅིག་སློ་སྙིང་འདམས་རྩའང་ཟེར། སྙིང་གི་རྩ་ཡིན། ཁུག་ཀྱི་མར་ཟུར་ན་གློ་བའི་ཨ་སོ་ལི་ཀ་ཞེས་གློ་མའི་རྩ་ཡིན། སྣོད་ཀ་ཞབས་ཀྱི་འདམས་རྩ་ཁ་སྦྲག་ཏུ་གནས་ཏེ་བད་མཁྲིས་ཀྱི་འདོམ་རྩའོ། །མཆིན་རྩ་ལས་ནང་དུ་གནས་པ་ནི་མཁྲིས་པའི་གསེར་མདུང་ཅེས་བྱ་སྟེ་མཁྲིས་པའི་རྩ་ཡིན། མཆིན་རྩ་ལས་གྲུ་མགོའི་གྱེན་སོར་བཞིར་གཞལ་མཚམས་མཆིན་པའི་རུ་ཐུང་ཞེས་བྱ་སྟེ་མཆིན་སྤང་ཆེན་མོའི་རྩ་ཡིན། དེ་ནས་ཡར་སོར་བཞི་བཅལ་བ་ན་གཤའ་རིང་ཞེས་བྱ་སྟེ་མཆིན་པ་སྤང་ཆུང་གི་རྩ་ཡིན། དེ་ནས་ཡར་སོར་བཞི་བཅལ་བ་ན་ཤར་མོན་རུ་ཞེས་བྱ་སྟེ་སྤང་ཆུང་དང་དགྲ་ལྕེ་འདོམས་པའི་རྩ་ཡིན། དེ་ནས་སོར་བཞི་བཅལ་བ་ན་ཕྲན་བུ་ཞེས་བྱ་སྟེ་དགྲ་ལྕེའི་རྩ་ཡིན། མཁྲིག་མའི་རྒྱབ་ཚིག་ཐོག་ལ་ཉེ་བ་ནི་རྒྱབ་རྩ་དྲུག་འདུས་ཞེས་


JKT017_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ་དོན་སྣོད། མཐེབ་ཆེན་ཞབས་ནས་འཕར་རྩ་སོར་བཞི་བཅལ་བ་ན་སྐྱོར་གང་ཞེས་བྱ་སྟེ་གློ་བུའི་རྩ་ཡིན། དེ་ནས་སོར་བཞི་བཅལ་བ་ནི་གོང་རྩ་ཞེས་བྱ་སྟེ་གློ་སྟོད་བུ་ལ་ཉེ་བའི་རྩ་ཡིན། དེ་ནས་སོར་བཞི་བཅལ་བ་ན་སྒང་རྩ་ཞེས་བྱ་སྟེ་རྒྱབ་ཕྱོགས་གློ་མར་ཉེ་བའི་རྩ་ཡིན། དེ་ནས་ལག་པའི་རྒྱབ་ལས་མར་གྱེས་པའི་རྩ་ནི། ཞེས་བྱ་སྟེ་གློ་མའི་རྩ་ཡིན་ནོ། །ལག་པའི་ཐལ་གོང་གུང་མོའི་སྟེང་ནས། ཕོ་གདུང་ཞེས་མཆིན་པ་ཕོ་གདུང་གི་རྩའོ། །མཐེབ་ཆེན་གྱི་སྟེང་ན་ཡར་སོང་བ་མཐེབ་སྐྱོར་ཞེས་བྱ་སྟེ་གློ་བུའི་རྩ་ཡིན། སྐད་འགགས་སེལ། འཛུབ་མོའི་སྟེང་ནས་ཟུར་ལ་སོང་བ་འཛུབ་སྐྱོར་ཞེས་གློ་བུའི་རྩ་ཡིན། སྐད་ལ་ཕན། གུང་མོའི་སྟེང་ནས་ཟུར་ལ་སོང་བ་ནི་གུང་སྐྱོར་ཞེས་བྱ་སྟེ་མཆིན་པ་དང་ཕོ་བ་བསྡོངས་པའི་རྩ་ཡིན། སྲིན་ལག་གི་སྟེང་ནས་ཟུར་ལ་སོང་བ་ནི་སྲིན་སྐྱོར་མཆུ་ལ་ཕན་ཞེས་བྱ་སྟེ་ཕོ་བ་དང་མཚེར་པའི་རྩ་ཡིན། མཐེའུ་ཆུང་སྟེང་ནས་ཟུར་ལ་སོང་བ་ནི་མཐེའུ་ཆུང་སྐྱོར་ཏེ་མཁལ་རང་ལ་ཕན་མའི་རྩ་ཡིན། དེ་ནས་རྐང་པའི་གདབ་རྩ་བསྟན་པ་ནི། དཔུང་ཚིག་ནང་ཟུར་མཐོ་གང་གྱེན་ལ་བཅལ་བའི་ནང་མན་ཆོད། ཆག་གང་གྱེན་ལ་བཅལ་བ་ཡན་ཆོད་ཀྱི་བར་གྱི་རྩ་བོ་ཆེའི་གདབ་ས་སྣོད་ཀུན་གྱི་རྩའོ། །ལྷམ་སྒྲོགས་འཆིང་བའི་རྩའང་སྣོད་ཀུན་གྱི་རྩའོ། །དེ་ལས་གྱེས་ནས་ངར་


JKT017_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ནག་པོ་ཞེས་བྱ་སྟེ་མཁལ་མའི་གཞི་ཆེ་བའི་རྩའོ། །ལོང་བུའི་ནང་ལོག་གི་རྩ་ནི་ལོང་བུ་དཔྱངས་ཞེས་བྱ་སྟེ་ལོང་གི་རྩ་ཡིན། སྒབ་ཁུང་བྱིན་པའི་སྟེང་ནས་མར་རྩ་གསུམ་ཡོད་པའི་ས་ནི་སྒབ་རྩ་ནག་པོ་སྨད་གསུམ་ཞེས་བྱ་སྟེ། དེའི་དབུས་མའི་ལྷམ་སྒྲོགས་འཆིང་སའི་འོག་བྱིན་སྙིང་གི་གོང་དུ་མཆིན་པའི་རྩ་ཡིན། རྟིང་པའི་དྲེགས་མཚམས་ནས་གྱེན་ལ་འཛུབ་གང་བཅལ་བ་ན་གནས་པ་ནི་བྱིན་འཇུག་ཅེས་བྱ་སྟེ་མཁལ་མའི་རྩ་ཡིན། ལོང་བུའི་ཕྱི་ལོག་ནས་ཚུར་ལ་འཁྱུད་པ་ནི་ལོང་བུའི་ཕྱི་གྲ་ཡིན་ཏེ་མཁལ་མའི་རྩ་ཡིན། བོལ་གྱི་ཡོབ་གང་ན་མར་རྒྱུག་པ་ནི་ཡོབ་གོང་ཞེས་བྱ་སྟེ་མཁལ་ལ་མའི་རྩ་ཡིན། བོལ་གོང་ནས་འཕྲེད་ལ་རྒྱུག་པ་ནི། བོལ་གྱི་རྩ་འཕྲེད་ཐག་པ་འདྲ། ཞེས་པ་སྟེ་དེའང་མཁལ་མའི་རྩའོ། །རྐང་པའི་རྒྱུ་མའི་ནང་དུ་བཀུག་ན་རྒྱུ་མ་གོང་དུ་གཉེར་མ་གསུམ་འབྱུང་སྟེ། དེའི་གཉེར་མ་དབུས་མའི་འོག་ཏུ་རྒྱུ་མ་ཁུང་གི་རྩ་ནག་ཞེས་བྱ་སྟེ། དེ་ནི་མཆིན་པའི་རྩ་ཡིན། གདབ་ཐབས་གཉིས་ལེན་ནི་ཐོག་མར་པགས་པ་དང་རྩ་དཔྲལ། དེ་ནས་རྩར་གདབ་པའོ། །མཛོ་སྣ་ནི་ལག་པས་རྩ་བགག་སྟེ་འཕྲེད་དུ་ཐལ་མར་ཕུག་ནས་རྨ་ཁ་ནས་ཁྲག་དབྱུང་ངོ་། །མདུང་ཐབས་ནི་གཡོན་གྱིས་རྩ་བགག་ལ་གཡས་ཀྱིས་མདུང་ཐབས་སུ་བརྒྱབ་སྟེ་རྩ་གཤག་པའོ། །དོལ་ཆོད་ནི་ཙག་བུ་


JKT017_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བསྙལ་ཏེ་མཛོ་སྣ་བཞིན་ཏལ་གྱིས་བཏང་ལ་སོ་གྱེན་ལ་བསྟེན་ཏེ་བཅད་པའམ་རྩ་ཕྲན་ལྟ་བུ་འདྲུད་ནས་བཅད་པའོ། །གློ་ཕུག་ནི་གློ་གཡས་གཡོན་ཕུག་པའོ། །ཕོ་བའི་གོང་ཨ་སོ་ལི་ལ་འཕར་རྩ་ཡོད་པས་མ་བསྙལ་གོང་དུ་ཐད་ལ་གདབས། གྲུ་མགོ་ལའང་སྙིང་རྩ་ལ་གཟབ། གློ་བའི་སྐྱོར་གོང་ལ་གཤོང་གཤོང་པོར་བལྟ་རྩ་ལོད་པས་གཟབ། ཕོ་གདུང་ལ་གུང་སྲིན་བར་ན་སྨིན་བུའི་གནད་ལ་གཟབ། ཡོབ་གང་ལ་སྙིང་རྩ་ཡོད་པས་གཟབ། སྒབ་རྩའི་སྐབས་བྱིན་སྙིང་ལ་གཟབ། མིག་རྩ་འགྲེང་བུ་ནི་སྐྲ་མཚམས་སུ་སྟོད་ལ་གདབ། དེ་དམས་ན་མིག་ཅ་རེ་ལོང་དུ་འགྲོ་བས་གཟབ། སྙིང་རྩ་མེ་རུལ་གཉིས་ལེན་བྱས་སྟེ་པགས་པ་དྲལ། རྩ་མངོན་པ་དང་རྒྱ་ཁབ་བཀུག་པས་རྩ་ཡར་བསླངས་ལ་མདུང་ཐབས་ཀྱིས་བཀལ་ལ་གདབ་བོ། །རྒྱུ་མ་ཁུག་གི་རྩ་ནག་ལ་བཙག་བུ་སོར་གཅིག་གཏིང་དུ་བརྒྱབ་ལ་ཁྲག་ནག་པོ་བཏོན་ལ་མེ་བཙའ་བསྲེག་གོ། །།

རྐང་འབམ་བཅོས་ཐབས་སྙིང་པོ་བསྡུས་པ།


JKT017_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྐང་འབམ་བཅོས་ཐབས་སྙིང་པོ་བསྡུས་པ་ནི། རྒྱུ་དང་རྐྱེན་བརྟག་དབྱེ་བ་བཅོས་ཚུལ་དང་། ལོག་གནོན་རྗེས་གཅོད་རྣམ་པ་བདུན། ཞེས་པས། དང་པོ་ནི། ཉེས་གསུམ་ཆ་མི་སྙོམས་པར་འཁྲུགས་ཅིང་དེའི་དབང་གིས་ཁྲག་དང་ཆུ་སེར་སྟོབས་ཆེ་བའི་བྱེར་འདྲིལ་ལས་འབྱུང་། གཉིས་པ་ནི། སྔོ་ངད་རུལ་སྐྱུར་ཆང་སྒོག་སོགས་མི་འཕྲོད་


JKT017_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བསིལ་བཅུད་ཀྱི་ཟས་སྐོམ་ཐལ་ཆེས་པ་དང་། བོང་ང་སྐྱེས་པའི་རྫ་ཁྲོད་ཀྱི་ཆུ། ན་ཆུ་ལུ་མ་སོགས་བཏུང་བ་ངན་པ་དང་། སྤྱོད་ལམ་དྲག་ཤུལ་རྟ་ཞོན། ཉིན་གཉིད་ས་རླན་ཆུ་ཆར་སོགས་གྲང་རེག་གིས་ཡུན་རིང་གདུང་བ། རྒྱུན་དུ་ཐེམས་སྐས་ལ་འབབས་འཛེགས་དང་ཐེམ་པ་མཐོན་པོ་བགམས་པ་སོགས་དང་། ཁྱད་པར་འགྲམས་འཁྲུགས་དང་ཚ་བའི་ནད་རོ་ལུས་པ། དྲེག་གྲུམ་མཁལ་ནད་གཅོང་ཆེན་འོར་ལྷུང་སོགས་གྲང་རྗེས་དྲོད་ཀྱིས་བཅོས་སམ། དམན་ལྷག་ལོག་པའི་ནད་གཞི་འགའ་ཞིག་གི་རྗེས་སུ་འབམ་ནད་འདི་འབྱུང་བས། །གསུམ་པ་བརྟག་ཐབས་ནི། ཐོག་མར་ཟླ་བ་འགའི་གོང་རོལ་ནས་མགོ་དང་ཁོག་སྟོད་མིག་རུས་ཕྲག་མིག་རྐང་ལག་གི་ཚིགས་དང་དཔྱི་རྐེད་སོགས་ཁོལ་ཞིང་གཟེར་པ། ཕོ་བ་རྒྱས་ལ་ཁ་ཟས་འཇུ་དཀའ་བ་སྟོད་སྨད་རེས་མོས་བྱེད་ནས་ན་བ། ངར་གདོང་དང་ཆུ་རྒྱུས་བོལ་གོང་རྣ་རྒྱབ་ལག་པ་སོགས་ཁོལ་བུར་ན་ཞིང་སྐྲངས་ནས་ཤ་མདོག་འགྱུར་བ་སོགས་དང་། སོ་རྙིལ་ཁྲག་གིས་གཡོ་ཞིང་རྒྱས་པ་དང་། ངེས་མེད་དུ་སོ་ཁྲག་དང་སྣ་ཁྲག་ཟག་ཅིང་ཤ་འགུལ་རྒྱུག་པ་དང་། བྱིན་ཧྭ་འགྱུར་བ་སོགས། རྐང་པ་ལྗི་ཞིང་མི་ཐེག་པ་སྒྱིད་ཁུག་གི་ཆུ་རྒྱུས་འཁུམས་ནས་རྐྱང་བསྐུམ་དཀའ་བ་དང་། གདོན་གྱིས་བསྐྱེད་པས་ཁམ་ཟག་ཅིང་ཤེས་


JKT017_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་དགའ་ཞིང་སྙིང་དཀྲུགས་ལ་རྨི་ལམ་དུ་རྒྱལ་བལྟས་སྣ་ཚོགས་རྨི་བ་འོང་ངོ་། །དེ་ལ་འཁྲུལ་སོ་བསལ་བ་ནི། བ་དམར་ཟལ་གྱི་ཆུའམ། མཛོ་སྔོ་ཁྲའི་ལྕི་བ། ནད་པ་རང་གི་དྲི་ཆུ་གསུམ་གང་བྱུང་ས་ལ་མ་ཕོག་པར་བཟེད་ནས་ནད་དམིགས་དག་པར་བཀྲུས་རྗེས་རས་དཀར་གྱིས་ཕྱིས་པས་དམར་སྔོ་ཁྲ་བོའི་ཐིག་ལེ་ཇི་ལྟར་བྱུང་ཡང་ངེས་པའོ། །བཞི་པ་དབྱེ་བ་ནི། དཀར་ནག་ཁྲ་གསུམ་སྟེ། ༧ འབམ་དཀར་ནི་བད་རླུང་དང་གྲང་བས་བསྐྱེད་པའི་རྩ་རྒྱུད་ཁ་གྲིམས་གཏིང་དལ་བར་འཕར་བ། ཆུ་མདོག་དམར་སེར་རམ་སེར་པོ་དཀར་ཤས་ཅན། སྔོ་ལ་སླ་བ་དྲི་མ་ཅུང་ཟད་དུག་ཅིང་ཀུ་ཡ་འཐུག་པ། ལྦུ་བ་ཚག་ཅིང་སངས་བསྐྱེན་པ། ལོག་རྗེས་ཆུ་དང་སྣོད་ཀྱི་མཚམས་རྣམས་སུ་རྒྱ་སྐྱེགས་ཀྱི་ཁུ་བ་བྲན་པ་ལྟ་བུ་དམར་ཞིང་དྭངས་པ། སྐྲངས་པ་སོབ་ཅིང་སྐྱ་ལ་བེམས་པ་དྲོད་ཆུང་བ། ཟུག་ཧ་ཅང་མི་ཆེ་ཞིང་ཤེས་པ་དྭངས་སྙམ་དང་ཚད་རྟགས་ཆུང་བས་དེ་དག་ནི་ངོས་བཟུང་དང་བཅོས་ཀྱང་སླའོ། །འབམ་ནག་ནི། ངོ་བོ་ཁྲག་མཁྲིས་ཤུགས་ཆེ་བས་ཆུ་སེར་དང་ཚ་བ་རླུང་གིས་བསྐྱེད་ཅིང་འཐོར་སྡུད་བྱེར་ཞེན་གྱིས་ཤ་རུས་ཀུན་ལ་གནས་ཕྱིར་སྟོད་སྨད་ཕྱི་ནང་ཐམས་ཅད་དྲོད་དང་ཟུག་གཟེར་ཆེ་བ། རྩ་རྒྱུད་ཕྲ་གྲིམ་སྡོད་འཐེང་ཅན། ཆུ་མདོག་དམར་སེར་དྲི་མ་དུག་ཅིང་ཀུ་ཡ་ཤིན་ཏུ་འཐུག་པ་ཆུ་


JKT017_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གཏིང་མཚལ་ཕྱེ་འདྲ་བའི་འདམ་རྫབ་ཆགས་པ། སྐྲངས་པ་སྨུག་པོ་སྲ་ཞིང་རེག་མི་བཟོད་པ་དང་མེ་ལྕེའི་རིས་དོད་པ་སོགས་ནི་ཀླུ་གདོན་དང་འདྲེས་པས་ངོས་བཟུང་དང་བཅོས་ཀྱང་དཀའ་ལ། བསིལ་བའི་ཟས་སྤྱོད་དང་བསིལ་སྨན་བསྟེན་དྲགས་ན་མཐར་ཕལ་ཆེར་དམུ་ཆུར་འགྱུར་བའང་ཡོད་པས་རིམ་འགྲོ་སྨན་དཔྱད་སོགས་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །ཁྲ་བོ་ནི་ཚ་གྲང་གཉིས་ཀ་འདོམས་པ་དང་། རླུང་ཁྲག་ཤུགས་ཆེ་བས་རྩ་རྒྱུད་ཁ་བྱིང་གཏིང་ན་ཅུང་ཟད་གྲིམ་པ། ཆུ་མདོག་དམར་སེར་ལོག་རྗེས་གཏིང་དུ་མཚལ་ཕྱེ་འདྲ་བ་ཆགས་པ། སྐྲངས་པ་འབམ་དཀར་དང་ཆ་མཚུངས་པ་ལ་མདོག་སྨུག་གློག་ཤུ་ནག་པོ་ཅན་སོགས་མ་ངེས་པར་འོང་ཞིང་འབྲས་བུ་སྐྲངས་པ་གཉན་ཁ་སོགས་བསྡངས་པས་སྐྲངས་སྟེང་འབྲུམ་ཐོར་ཆུ་སེར་སོགས་འབྱུང་བ། ཁྲག་རླུང་ཤུགས་ཆེ་བས་སྟོད་ལ་འཚང་ཕུལ་སོགས་དུས་ནད་ལྟ་བུའི་ལྡན་འདུས་མི་འདྲ་བ་སྣ་ཚོགས་ཤིག་འོང་བས་བརྟག་ཚུལ་ཀྱང་རིག་པས་དཔྱད་པ་ལས་མཐའ་གཅིག་ཏུ་མ་ངེས་སོ། །ལྔ་པ་ནི། ཁ་ཟས་སྔོ་ངད་རུལ་སྐྱུར་ཉ་ཕག་ཤ་ཆང་རྗེན་ཟས་སོགས་འཇུ་དཀའ་བའི་རིགས་དང་། སྤྱོད་ལམ་དྲག་ཤུལ་རྟ་ཞོན་ཉིན་གཉིད་འགྲོ་འདུག་སོགས་སྤང་ནས། ས་རླན་མེད་པའི་གནས་དབེན་པར་སྨྲ་བ་མང་པོ་འགྲུལ་གདོན་སོགས་བཅད་


JKT017_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདུག །སྨན་ནི། ཐོག་མར་ནོར་བུ་བདུན་ཐང་ཞག་གསུམ་གཏོང་། དེ་ནས་ནང་མོ་གསེར་ཐང་དང་འབམ་ཐང་རེས་མོས། ཉིན་གུང་ཐང་ཆེན་ཉེར་ལྔ་བཅས། སྙིང་རླུང་རོ་སྟོད་མི་བདེ་ན་ཨ་གར་སོ་ལྔ་དང་། བཅོ་ལྔ། འཁྲུགས་ཤས་ཆེ་ན་ཙནྡན་བཅོ་བརྒྱད། སྒ་ལོ། ཁྲག་རླུང་གིས་འཚང་ཕུལ་ཆེ་ན་ཀོ་བྱི་བདུན་པ་དང་། བཅུ་གསུམ་གསེར་ཐང་སྦྲགས་ལ་གཏོང་། མཆིན་ཁྲག་དང་སྨུག་པོའི་གཞི་ལ། སྐྱུ་རུ་ཉེར་ལྔ། གཡུལ་རྒྱལ། མེ་དྲོད་ཆུང་ཞིང་ཟས་འཇུ་དཀའ་ན་སེ་འབྲུ་བཞི་པ་ཐུན་ཆ་ཤས་བཅས་སྐབས་སུ་གང་བབས་པར་གཏོང་། དེ་ནས་ཞག་བདུན། བཅུ་བཞི། ཉེར་གཅིག་ཙམ་འབབས་རྟགས་སུ། སྟོད་ནད་ཐམས་ཅད་ཇེ་དྭངས་དང་། རྐེད་པ་པུས་མོའི་ཚིགས་རྣམས་སུ་ནད་དམིགས་འདྲིལ་ནས་ཟུག་འབྱུང་བ། ལུས་སྨད་ལྗི་ཞིང་སྐྱིད་པའི་ཆུ་རྒྱུས་འཁུམ་ནས་ཞྭ་བ་དང་། ཕལ་ཆེར་ལག་པ་བཅས་ཞྭ་བའང་ཡོད། འགའ་ཞིག་སྒྱིད་ཁུག་བག་ཙམ་ལས་ཞྭ་མི་ཐུབ་པ་དང་། རྐང་པ་གཡས་གཡོན་རེ་རེ་ལས་ཞྭ་རྒྱུ་མེད་པའང་ཡོད་པས། ཞྭ་བའི་དུས་ཆུ་རྒྱུས་བསྣད་ཀྱིས་དོག་པས་བརྐྱངས་བསྐུམ་སོགས་གཏན་ནས་མི་བྱ། ཆུ་མདོག་ཀྱང་དམར་སེར་ལོག་རྗེས་རྙོགས་མ་ཅན་འོང་། དེ་ལྟར་འདུས་ཐག་ཆོད་ནས་ཁྱུང་ལྔ། ཀླུ་བདུད་བཅོ་བརྒྱད། སྤོས་ཁྱུང་སོགས་གང་བྱུང་རེ་


JKT017_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་ཟིལ་ཐོན་པ་ཙམ་ལན་ཁ་ཤས་གཏོང་བས་ནད་སོད་པ་དང་གཉན་ཁ་ཆོག་པའི་རྟགས་སུ་ཤེས་པ་ཡངས་ཤིང་སྐྲངས་པ་ལ་མཐེབ་རྗེས་ལེན་པ་དང་། སྒྱིད་ཁུག་ཏུ་ནད་དམིགས་འདྲིལ་ནས་ཟུག་ཡོད་ཅིང་། ཆུ་སྔོ་ལ་དལ་ཞིང་ལྦུ་བ་ཡུན་དུ་བརྟན་པ་སོགས་འབྱུང་བས། དེའི་དུས་སུ་ཞི་བྱེད་སྨན་དཀར་གྱི་སྦྱོར་སྡེ་གཏོང་ཚུལ་ནི། ཆུ་སེར་ཤས་དང་སྦུ་བ་མི་བརྟན་ཅིང་ཅུང་ཟད་རྒོད་ན། ཆུ་ནང་དུ་ལ་ཕུག་བརྡར་ཁུ་ཉུང་ཙམ་བླུགས་ནས་ལྷོག་བུད་ཙམ་དུ་བསྐོལ་ཞིང་གྲང་ནས་བལྟས་བས། ཆུའི་སེར་ཁ་མ་ཞི་ན་ཡུད་ཙམ་བཞག །སེར་ཁ་ཞི་ན་གཏོང་རན་པས་སད་མདའ་ལ། ལ་ཕུག་གྲིས་གཤགས་པའི་དུམ་བུ་གསུམ་དང་། ཤ་གསར་དུམ་བུ་གཅིག་བཅས་མཉམ་དུ་བཙོས་པའི་ཁུ་བ་ཕོར་ཕྱེད་ཙམ་བཏང་བས་ནུབ་མོ་གཉིད་བདེ་ཞིང་། ནང་མོ་ཆུ་ཅུང་ཟད་དྭངས་ན་འཕྲོད་རྟགས་དང་། ལ་ཕུག་དུམ་ཙམ་ལྕེ་ཐོག་ཏུ་བཞག་པས་མི་ཚ་བ་དང་། ཡི་གར་འོང་ཞིང་ཞིམ་ཉམས་ལྡན་ན་གཏོང་རན་པས། གཏོང་ཚུལ་དངོས་ནི། ལ་ཕུག་རྙིང་རུལ་འབུ་ཞུགས་པ་སོགས་མ་ཡིན་པར་དུས་སུ་བླངས་པའི་གཞོན་ནུ་དེ་ཉིད་ས་བརླན་དང་མ་བྲལ་བར་ཚགས་སུ་བྱ་ཞིང་དགོས་དུས་དེར་ཐོག་མར་ལ་ཕུག་འབྲིང་ཤོས་ཙམ་བླངས་ལ་ས་རྡུལ་དང་དྲི་མ་ལེགས་པར་བཀྲུས། ལག་པ་དང་སྣོད་སོགས་ཀྱང་བཀྲུ་


JKT017_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གཙང་སྦྲ་བཅས་ལྕགས་ཀྱི་ཁྲོལ་ཚགས་ཕུག་ལ་རེ་རེ་བཞིན་བརྡར། རས་དཀར་ནང་དུ་བཙིར་བའི་ཁུ་བ་དཀར་ཡོལ་ནང་དུ་འདོན་པར་ཕྱེད་མཐོ་ཙམ་འོང་བར་བྱས། ཁྲག་ལ་མི་གནོད་པའི་ཕྱིར་སྤུ་བ་ལན་གསུམ་ཙམ་བཅད་བའི་ནང་། པྲི་ཡང་ཀུ། ཁ་ཆེ་སྟག་ཤ་ཀླུ་བདུད་རྒྱམ་ཚྭ། བི་ཤ་སེན་ཙམ་བཅས་ཀྱི་ཕྱེ་མ་ཐུན་གཅིག་བཏབ་ལ་ཁ་ཆོད་བྱས་ནས་དབྱར་ས་ནང་དང་། དགུན་ནས་ནང་དུ་༧ ཞག་གཅིག་བཞག །ནང་པར་གཟའ་སྐར་བཟང་བའི་ཉི་དྲོས་ཐབ་ཐོག་ཏུ་ལྕགས་སློང་ནང་བྱེ་མ་བླུགས་ལ་ལྷོག་བུད་བར་དུ་བསྐོལ་ལ་བླངས། ངད་ཡལ་དུས་གཟུངས་སྔགས་དང་ཤིས་པ་བརྗོད་བཞིན་གཏོང་། ཁ་བཤལ་ནས་གྲེ་བར་མི་སྐྱུགས་པའི་ཐབས་ཀྱིས་བདུག དེ་ནས་ཡུན་ཅུང་ཟད་འཕྲོར་ར་ལུག་རྔ་བྲན་སོགས་ནད་ཀྱིས་ཤི་བ་མིན་པའི་ཤ་གསར་ཁུ་བ་རྐྱང་པ་ཕོར་ཕྱེད་ཙམ་གཏང་། མི་འཕྲོད་རྟགས་མ་བྱུང་ཚེ་སྨན་དཀར་ཡང་ཞག་གསུམ་ཕན་ལྦུ་བ་མི་བཅད་ཅིང་ཇེ་མང་བསྐྱེད། ཤ་ཁུ་གཡོས་སུ་བྱས་པའང་རིམ་བཞིན་བསྐྱེད་ལ་གཏོང་། ཞག་གཉིས་གསུམ་མཚམས་ལ་ཕུག་སྙིགས་མ་ཚིགས་རོ་ཅན་དེ་དྲོ་འཇམ་བསྲོས་པར། སྨན་ཆེན་ཤུ་དག་བུལ་ཏོག་གླ་རྩི་དང་སྣུམ་རྩ་ཆུ་རྩ་སྟག་ཤ་དམར་པོ་གསུམ། དུད་པ་རལ་བཅས་སྦྱར་བའི་བྱུགས་པ་བྱ། ཞེས་བཏབ་པ་སྐྲངས་གར་ཡོད་སར་


JKT017_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་མོ་འབྱར་བྱས་ནས་ནང་པར་བཀྲོལ་ལ་ཆུ་དྲོན་གྱིས་བཀྲུ། བྱུག་སྨན་རྡོ་འབྱར་ཅན། ཅོང་ཞི་དཀར་དམར་སྦལ་མདུང་ཧ་ཤིག་མཚལ། མདུང་རྩེ་ཁབ་ལེན་རྡོ་རྒྱུས་རྡོ་ཀླད་དང་། བ་བླ་སྡོང་རོས་མུ་ཟི་ལི་ཁྲི་བཅས། གཞན་ཡང་རྡོ་སྣ་ཚོགས་ཚད་འབྲས་བུ་གསུམ། སྨན་ཆེན་ལྕམ་རྩ་ཐར་ནུ་རྩི་བཞིན་བརྟགས། ཞེས་པ་གོང་གི་ལབ་འབྱར་དང་རེས་མོས་བྱ། གཞན་ཡང་ལུས་ཀྱི་སྟོད་སྨད་དོན་ལྔ་སྣོད་དྲུག་སོགས་ནད་བབས་དང་བསྟུན་པའི་ཁ་འཛིན་དགོས་རིགས་ལ་ཕུག་གི་སྐབས་སུའང་མི་བཅད་པར་གཏོང་། སྨན་དཀར་ཁུ་བའི་ནང་ལའང་ཁ་འཛིན་དམིགས་གསལ་དགོས་པ་བྱུང་ན་འདེབས། དེ་ལྟར་མ་རྨོངས་ཤིང་རིག་པས་འཕྲུལ་བའི་ཕྱག་ལེན་ཚུལ་བཞིན་བགྱིས་ན་རིམ་གྱིས་ཟུག་ཆོག་ཅིང་སྐྲངས་པ་རྣམས་མཐའ་ནས་སྡུད་པ་དང་། ཤ་ལྤགས་ལྷོད་ཅིང་སྒྱིད་ཁུང་གི་ཆུ་རྒྱུས་སངས་ནས་རྐང་བ་བརྐྱང་བསྐུམ་སླ་བ། ཆུ་སྔོ་ཞིང་རྩ་དལ་བ་སོགས་འབྱུང་བས་སྨན་དཀར་བཏང་ནས་ཞག་གསུམ་ཕན་ཆད་འགྲོ་འདུག་སོགས་ལ་མི་དལ་བར་ཤུགས་ཀྱིས་བསླབས། སྨན་དཀར་ཡང་ཞག་བདུན་གསུམ་བཅོ་ལྔ་ཉེར་གསུམ་ཙམ་ནས་བྲང་ཚ་ཞིང་ཕོ་བ་མི་བདེ་སྐྱུགས་ཉམས་སོགས་བྱུང་དུས་ནད་གཞིའི་ཚོད་དང་བསྟུན་ནས་འཕྲོ་བཅད། དྲུག་པ་ལོག་གནོན་ནི། འབམ་ནད་ཆུ་བསགས་


JKT017_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྡངས་ན་སྔ་མར་བབ་སྨན་བཏང་ནས་བཟུང་། ཨ་བྷི་དྲུག་ཐང་། ད་ལི་བཅུ་དྲུག །གི་དགུ། འབོལ་བདུན། དྭངས་མ་གནས་འཇོགས། ཆུ་རྩི་ཉེར་ལྔ་རྣམས་ཁྲག་ཤུལ་སྨུག་པོ་སོགས་ཤས་ཆེ་ན་སྐྱུ་རུའི་ཆིག་ཐང་གིས་དབུལ་ལ་འབམ་སྨན་དང་སྤེལ་མ་བྱེད་ནས་གཏོང་། རྣ་འབམ་གྱིས་རྣ་བ་སྐྲངས་ཤིང་སྒྲ་མི་ཐོས་པ་དང་། མགོ་བོ་འཁོར་བའི་ཟུག་སོགས་བྱུང་ན། ལ་ཕུག་ཁུ་བར་སྒོག་སྐྱ། རུ་རྟ། ཨུག་ཆོས་འབྲས་བུ། སྲན་མའི་མེ་ཏོག་བཅས་ཀྱི་ཕྱེ་མ་བཏབ་ལ་རས་དཀར་དུ་བཙིར་བའི་ཁུ་བ་རྣ་བར་ཡང་ཡང་བླུགས། དེས་མ་ཕན་ན་ཡ་མ་ནག་པོའི་བཅོས་ཐབས་དང་འཕྲུལ་ཟངས་ཏེལ་གྱིས་བསྲེགས། སོ་འབམ་ཞེས་འགྲམ་དང་རྐན་སོགས་སྐྲངས་ཤིང་རྙིལ་ལ་ཟུག་དང་ཁྲག་སོགས་འབྱུང་ནས་ཅིས་ཀྱང་སྐྱེད་མེད་ན་ཕྱི་ནས་ལབ་རོ་ནང་གི་འབྱར་དང་བྱུགས་པ་བྱ། ནང་དུ་ལབ་ཁུ་འདེབས་སྨན་ཅན་མཁུར་བཀང་ཡུན་དུ་བསྟེན་ཅིང་རྗེས་གཅོད་མེ་བཙའ་འདྲ་གདབ་ན་ཕན། ལྕེ་འབམ་ཞེས་ལྕེ་མཆུ་སྐྲངས་ལ་རེག་མི་བཟོད་པ་མུར་འགྲམ་དང་ལྐོག་མ་ལ་ཟུག་འབྱུང་བས་ཁ་ལ་ཟས་མི་།ཐར་ན། ཁྱུང་ལྔ་སྤྱང་ལྕེ་ཐུན་ལོག་ཁ་ཚར་ཅན་ཟིལ་ཐོན་པ་དང་། ཕྱི་ནས་བྱུགས་པ་བྱས་མཐར་ལྕེའི་གཡས་གཡོན་གྱི་སྐྱངས་པའི་སྟེང་དུ་གག་ཟོར་གྱིས་ཆེར་མི་ཟབ་པར་གཤགས་ལ་ཁྲག་རྣམས་དབྱུང་


JKT017_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྣ་བཤལ་མཇུག་དང་ལྐོག་མར་རྗེས་གཅོད་ཀྱི་མེ་བཙའ་གདབ། བདུན་པ་ནི་གོང་གི་སྨན་བཅོས་རྣམས་ཀྱིས་ལུས་ཡང་ཞིང་བདེ་ལ། རྐང་པར་གློག་ཤུ་ཟ་འཕྲུག་སྦྲིད་པ་ལྕེ་བེམ་སོགས་བྱུང་དུས་གང་ན་ཆེ་བའི་ཕྱོགས་ཀྱི་ཆུ་སེར་གདོང་རྩ། ལོང་རྩ། བྱིན་འཇུག་གསུམ་གང་བདེ་གང་རྒྱས་ཞིག་གཏར། དེ་རྗེས་རང་བྱུང་དང་བཅོས་མའི་ཆུ་ཚན་ལ་ཞུགས་ཤིང་ཁ་ཟས་བཅུད་ཅན་རིམ་གློད་ཀྱིས་ལུས་ཟུངས་གསོ་བ་ལ་བརྩོན་པར་བྱས་པས་ནད་ལས་གྲོལ་ཞིང་བདེ་བའི་དཔལ་ལ་སྤྱོད་པར་གདོན་མི་ཟའོ།། ༈ །།དཀར་པོ་དྲུག་སྦྱོར་འདིས། ཟས་ཡི་གར་མི་འོང་མགོ་ཡུ་འཁོར། མིག་རབ་རིབ་དང་ཞེན་པ་ལོག་པ་སོགས་ལ་ཕན། ༈ །གུར་གུམ་བཅུ་གསུམ་གྱིས། མཆིན་ཁྲག་དང་མཁལ་འགྲམ། ཆམ་པར་སྲིན་བསྡངས་བ་སོགས་ལ་ཕན། ༈ །བོང་ཁྲག་ཉེར་ལྔ་འདིས། ཆུ་སེར་ཚིགས་བབས་གྲུམ་ཤས་ཆེ་བའི་རིགས་དང་། རུས་ཚིག་དང་ཆུ་རྒྱུས་མི་བདེ་བ་ཀུན་ལ་ཕན། ༈ །ཨ་གར་སོ་ལྔས། ཁྲག་རླུང་གདོན་ཁ་ཅན་དང་། གཟེར་ངེས་མེད་དུ་འཕོ་བ་ཀུན་ལ་ཕན། །བསྟེན་ཡུན་རིང་ན་ཁྲག་སྨད་དུ་བབས་པས་རྐང་འབམ་གྱི་རྒྱུ་བྱེད། ༈ །སྙན་ངགས་དྲུག་པས་མིག་གི་ལིང་ཏོག །ལྤགས་སྲིན། གདོང་སྲིན་སོགས་སྲིན་རིགས་ཐམས་ཅད་ལ་ཕན། ༈ །ད་ལི་བཅུ་


JKT017_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་འདིས། སྐྱ་སྦབ་དང་། ས་ཆུ་མ་ཐུབ་ནས་སྐྲངས་པའི་རིགས་ཐམས་ཅད་ལ་ཕན། ༈ །ཕན་པ་ཀུན་ལྡན་འདིས་གླང་ཐབས་དང་། དུག་རྒོད་གཟེར་ཤིན་ཏུ་ཆེ་བ་ལ་ཕན། ༈ །གར་ནག་བཅོ་ལྔས་བད་མཁྲིས་མགོ་གཟེར་དང་། སྲིན་གྱི་རིགས་ཀུན་ལ་ཕན། ༈ །བོང་བཅུ་འདིས་སྐྲངས་པ་ཚ་བབས་རིགས་ལ་ཕན། ནད་གཞི་གཞན་གང་ལའང་མི་གནོད། ༈ །རྟ་ཟི་དམར་པོ་འདིས། ཚ་རིམས་འབུམ་པ་སོགས་སྟོབས་ཆེ་བའི་ནད་ལ་བསྔགས། ༈ །ཚངས་པ་དབུ་སེལ་འདིས་གདོང་སྲིན་དང་སྲིན་སོགས་ལ་ཟབ། ༈ །མན་ངག་བསིལ་སྦྱོར་འདིས་བད་སེར་མཆིན་མཁྲིས་མི་བདེ་བ་སོགས་ལ་ཟབ། ༈ །སྨུག་པོ་གཡུལ་རྒྱལ་འདིས་ཕོ་མཆིན་བྲང་རྒྱབ་མི་བདེ་བ་དང་། བྲང་ཚ་ཆུ་སྐྱུར་སྐྱུགས་པ་སོགས་ལ་ཕན། ༈ །བདུད་རྩི་སུམ་སྦྱོར་འདིས་བད་ཁྲག་མཆིན་ཁྲག གྲང་ཁྲག་སོགས་ནད་གཞི་ཕལ་ཆེར་གྱི་སྤྱི་སྨན་ཡིན། ༈ །མཁྲིས་ལས་རྣམ་རྒྱལ་འདིས་བད་མཁྲིས་མགོ་ནད་དང་། མཁྲིས་རླུང་། དང་ག་མི་བདེ་བ་སོགས་ལ་ཕན། ༈ །ཏིག་ཏ་བརྒྱད་པ་མཁྲིས་པའི་སྤྱི་སྨན་ཡིན། ཆམ་རིམ་ལའང་ཕན། ༈ །བྲག་ཞུན་དགུ་པས་ཕོ་བར་ཁྲག་མཁྲིས་དང་། ཆམ་པ་བབས་པ་སོགས་ལ་ཕན། ༈ །གི་ཝཾ་དགུ་པས་བད་ཀན་མཆིན་ཁྲག་དང་། སྐྲངས་པ་ཚ་བ་སོགས་


JKT017_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རིགས་ལ་ཕན། ༈ །སྐྱུ་རུ་ཉེར་ལྔས་བད་ཁྲག མཆིན་ཁྲག་སྟོད་གཟེར། །མིག་མི་གསལ་བ་སོགས་ལ་ཕན། ༈ །གསེར་མདོག་ལྔ་པས་བད་མཁྲིས་མ་ཞུ་བ་དང་། མགོ་ན་བ། །ཞེན་པ་ལོག་པ་སོགས་ལ་ཕན། ༈ །བདེ་བྱེད་སྙོམས་ལྡན་འདིས། སྨུག་པོ་ཕོ་མཆིན་མི་བདེ་བ་དང་། མཁལ་རྐེད་གཟེར་བ་དང་། ཟས་ཡི་གར་མི་འོང་བ་སོགས་ལ་ཕན། ༈ །ཐང་ཆེན་བརྒྱད་པ་གཉན་ཚད་དང་ཆམས་རིམས་གསར་པ་ཐམས་ཅད་ལ་བསྔགས། ༈ །བསམ་འཕེལ་ནོར་བུ་འདིས། གྲིབ་རྩ་དཀར་གཟའ་གདོན་རིགས་ཀུན་དང་། སྨན་པས་བཅོས་རྡུག་གི་ནད་རིགས་ཕལ་ཆེར་ལ་ཕན། ༈ །ཨ་རུ་ཉེར་ལྔས་ཁྲག་ནད་མཁལ་མར་བབས་པ། ཁྲག་འབམ། གྲུམ་བུ་དང་ཆུ་སེར་གྱི་རིགས་ཀུན་ལ་ཟབ། ༈ །གི་དགུ་དང་ཏིག་བརྒྱད་བསྲེས་པས་ཁྲག་མཁྲིས་དང་། མཆིན་མཁྲིས་མི་བདེ་བ། མགོ་ནད་ཆམ་པ་སོགས་ལ་ཕན། ༈ །གསེར་ཞིས་མཁྲིས་ནད་མ་ཞུ་བའི་རིགས་ཀུན་ལ་ཕན། ༈ །ཞི་བྱེད་དྲུག་པ་དང་རུ་རྟ་དྲུག་པ་བསྲེས་པས་གླང་ཐབས་དང་སྦྲན་དུག་སྤྱི་ལ་ཟབ། ༈ །བདུད་རྩི་སུམ་སྦྱོར་དང་ཏིག་བརྒྱད་བསྲེས་པས་བད་མཁྲིས་ཁྲག་གསུམ་བསྡངས་ནས་ལུས་བྱིངས་ཉོབ་བ་དང་མགོ་བོ་ལྗི། གཉིད་འཐིབ་པ་སོགས་ལ་ཟབ། ༈ །བད་རླུང་ནད་ཀྱི་མགོ་


JKT017_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཡུ་འཁོར་བ་དང་། ཞེན་པ་ལོག་པ། སྟོང་སྐྱུགས་བྱེད་པ་སོགས་ལ་ཨ་གར་བརྒྱད་པ། རིལ་དཀར་སོ་ལྔ་སོགས་ཀྱིས་ཕན། སོ་ལྔ་དང་ཙམ་པ་བསྲེས་པས་བདུག ༈ །སྒ་ལོ་སྨན་དམར་ནོར་བུ་བདུན་ཐང་གིས་ཕུལ་བས་ཁྲག་ནད་རིགས་ཕལ་ཆེར་འཕྲལ་དུ་དྭངས། །གི་དགུ། གུར་གུམ་བཅུ་གསུམ། སྐྱུ་རུ་ཉེར་ལྔ། བདུད་རྩི་སུམ་སྦྱོར་སོགས་མིག་ནད་སྤྱིའི་ཁོག་སྨན་ལ་ཟབ། ༈ །སྤོས་དཀར་བཅུ་པའི་སྟེང་ཙནྡན་དམར་པོ་དང་བ་ཤ་ཀ་བསྣན་པས་ཤ་ལྤགས་སྤྱི་ལ་བརྩོག་འབྲུམ་རྣག་མགོ་ཅན་འབྱུང་བ་དེ་ལ་མཆོག་ཏུ་ཕན།། ༈ །།དངུལ་ཆུ་བཙོ་བཀྲུའི་སྐབས་ཞལ་ཤེས། བ་ཚྭའི་ཆུ་ལ་ཚྭ་སྣ་གང་འཛོམས་ཀྱིས་ཆོག་པ་ལས་དམིགས་བསལ་མེད། ཆང་སྒོག་ཤ་མར་བཞིས་འདུར་རྒྱུ་འདི་སྔོན་གྱི་ཡིག་རྙིང་རྣམས་སུ་མི་གསལ་ཡང་། དར་མོའི་ལུགས་ཏེ་ཨཱ་ཙ་རའི་མན་ངག་ཡིན། ཉུང་དུ་རེ་ལས་མི་དགོས། གཡའ་ཕྱི་བ་སོགས་སྲང་གྲངས་དང་བསྟུན་ནས་ཡུན་རིང་ཐུང་གང་འོས་རིག་པས་དཔྱད་ཆོག་ཀྱང་། བཙོ་ཆེ་འབྲིང་ཆུང་གསུམ་ལ་མང་ཉུང་ལ་མ་ལྟོས་པར་ཞག་གྲངས་འགྲོ་དགོས་ཞེས་གསུང་མོད། སྔ་མ་ཀུན་མཁྱེན་དྷརྨཱ་ཀཱ་རས་ཕྱག་ལེན་གཟིགས་སྐབས་ཞག་བརྒྱད་དུ་བཙོ་བཀྲུ་སྦྱོང་གསུམ་ཚང་མ་མཛད་ཚུལ་སོགས་མང་བས་ངེས་པ་མེད་འདྲ། གསེར་དུག་འདོན་ལ་ཆང་སྐྱུར་


JKT017_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སྟར་ཁུ་ཟེགས་མ་ཙམ་ཡིན། མེར་སྲེག་རྫས་ཀྱི་སྟེང་དུ་ཏིལ་དཀར་ནག་དང་། ཟར་མ་ཞད་ཙམ་བསྣན། སྦྲང་ཤོག་རྡོ་གཏུན་དུ་བརྡུང་ནས་ཞིབ་བཏགས་ཕྱེ་མ་སྲེག་རྫས་ཀྱིས་རིལ་བུར་བྱེད་ནས་བསྲེག་ནའང་གྲུབ་པའི་གསུང་རྒྱུན་ཡོད། སྤྱིར་གསེར་སྲེག་རྫས་ལ་ཚྭ་ལ་ཆུ་བཅད་མ་བཅད་ཕྱེད་ཁྱེར་སྦྱོར་ཚད་ལས་མཐོ་བ་དགོས་པས་ཉིས་འགྱུར་ཙམ་གཏོང་ཞེས་གསུངས་པའང་སྣང་བས་ཞིབ་པར་དཔྱད་ནས་བྱའོ།། །།

སྨན་ནག་འཆི་མེད་བདུད་རྩིའི་འཁྲུལ་འཁོར།


JKT017_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྨན་ནག་འཆི་མེད་བདུད་རྩིའི་འཁྲུལ་འཁོར་ཞེས་བྱ་བ་བཞུགས་སོ། །ཨོཾ་ཨ་ཐཱ། སངས་རྒྱས་སྨན་གྱི་བླ་ལ་གུས་བཏུད་ནས། །སྨན་ནག་འཆི་མེད་བདུད་རྩིའི་འཁྲུལ་པ། འཁོར་བྲི། །ཀླུང་གི་ཕག་ནག་སྙིགས་མ་ཕུལ་གང་ལ། །གྲོགས་བཞི་སྲད་དཀར་ཧོང་ལེན་དེ་བ་ཤིང་སྔོན་སྤར་རེ་སོ་སོར་ནུས་ལྡན་བསྲེགས། །མེད་ཐབས་མེད་པའི་སྨན་ཆེན་ཆུ་རྩ་ཐེབ་ཙམ་གསང་སྨན་རྣམ་གཉིས་བསྣན། །དམར་ཟལ་བ་ཆུས་ཁྲུས་གསོལ་ཀ་རས་དྲངས། །རང་རང་འདུ་བའི་ཁ་འཛིན་དཔུང་དང་བཅས། །ཕས་རྒོལ་ནད་ཀྱི་སྟེང་དུ་སྤྱན་དྲངས་ན། །གང་ཡང་གཞོམ་པར་མི་འགྱུར་ཡོད་དམ་ཅི། །མིང་དོན་མཐུན་པ་འཆི་མེད་བདུད་རྩི་ཞེས། །རྐང་གཉིས་སྲོག་གི་ཆད་མཐུད་འདི་མེད་ན། །སྙིགས་དུས་རིམས་ནད་གཞོམ་པར་ག་ལ་ནུས། །བཞི་བརྒྱ་རྩ་བཞིའི་ནད་རིགས་རེ་རེ་ལ། །ཁ་བསྒྱུར་རེ་


JKT017_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བཤད་ཀྱང་མི་ལོངས་མོད། །དེ་ཕྱིར་རང་རིག་འཁྲུལ་འཁོར་འདི་ལྟར་མཛོད། །རིམས་ནད་སྤྱི་ལ་དེ་ཝ་ལྔ་ཐང་བསྡེབས། །རྒྱུ་མར་ཨིནུ་བཞི་དང་མཁྲིས་ཕྱེ་བདུན། །ཁྲག་མཁྲིས་ཤས་ཆེ་ཧོང་ལེན་བོང་ཏིག་ཏ། །འབྲུམ་པར་གཉན་སྨན་བཞི་དང་གསང་སྨན་གཅིག །ཆམ་པར་ཨ་རུ་འཛིན་པ་ཁྱི་ཧོང་བསྣན། །ཞྭ་ལོག་གླ་རྩི་གུ་གུལ་རྟ་བོན་ཐལ། །གག་པ་གསོད་སྡུད་འབྱུང་འདུལ་འཛིན་པ་བསྣན། །གཉན་ནད་སྤྱི་ལ་གླ་གུལ་འཛིམ་གསུམ་བསྣན། །ཁྱད་པར་ཕོ་བར་བབས་པའི་རིམས་རྣམས་ལ། །སྦྱོར་བ་འདི་ཉིད་བདུད་རྩི་ལྟ་བུ་སྟེ། །བྲག་ཞུན་བོང་དཀར་འཇིབ་རྩི་གསེར་མེ་ཏོག །བསྣན་ན་ཕོ་བར་ཁྲག་མཁྲིས་ལྷུང་བ་སེལ། །གཉན་སྲིན་ཡ་མ་བེ་ལོག་གླང་ཐབས་ལ། །ཕུར་ནག་ཁཎྜ་བསྣན་ན་མཆོག་ཏུ་ཕན། །བད་རླུང་ཤས་ཆེ་མ་ནུ་བཞི་ཐང་བསྡེབས། །གྲང་ཤས་ཆེ་ཞིང་ཕོ་བ་ངན་པ་ན། །སེ་འབྲུ་བཞི་ལྔ་བརྒྱད་དང་ཅུར་ནིས་བསྡེབས། །ཆུ་འགགས་ནད་ལ་ཆུ་སྨན་བསྣན་ཀྱང་ཤིས། །མདོར་ན་ཚ་གྲང་ནད་རིགས་བརྟགས་མི་དགོས། །གང་ལ་ཡང་ཐེངས་པས་ཆོག་བའི་མྱོང་གྲུབ་མ། །རྒྱུན་དུ་བྲག་ཞུན་བསྡེབས་པས་མ་ལུས་འཇོམས། །འདི་ནི་གཅིག་ཤེས་ཀུན་གྲོལ་གདམས་པ་སྟེ། །དྭགས་སྨན་ཆེན་པོའི་གསུང་གི་བདུད་རྩི་ཡིན། །དགེ་བས་འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །

འབྲི་ལུགས་སྨན་ནག་འཁྲུལ་འཁོར་ཆེན་མོའི་ཕྱག་ལེན་ཆུ་འབབས་སུ་བཀོད་པ།


JKT017_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

༈ འབྲི་ལུགས་སྨན་ནག་འཁྲུལ་འཁོར་ཆེན་མོའི་ཕྱག་ལེན་ཆུ་འབབས་སུ་བཀོད་པ་བཞུགས་སོ། །ཨོཾ་ཨ་ཐཱ། དཔལ་ལྡན་རྒྱུད་དང་མཉམ་མེད་དྭགས་པོའི་དགོངས་པ་དཔལ་འབྲི་གུང་པའི་ལུགས་ཀྱི་སྨན་ནག་འཁྲུལ་འཁོར་ཆེན་པོ་ལ། གཙོ་བོ་ག་བུར་ནག་པོ་ཕག་བྲུན། པུཥར་མཱུ་ལ་སྟེ་ཁམ་རུས། ཏིག་ཏ། ཨ་རུ་ར། གྲོགས་སྲད་དཀར། ཧོང་ལེན། སྔོ་དེ་བ། ཤིང་སྤྱི་ཞུར། ལྕུམ་རྩ། ཆུ་རྩ། ཤོ་རྩ། སྙ་ལོའི་རྩ་བ་སྟེ་གཙོ་གྲོགས་དགུ་པོ་སོ་སོར་ནུས་བསྲེགས་བཅས་སྨན་སྣ་བཅུ་གཉིས་རྩ་བའི་སྨན། དེ་སྟེང་ཁ་བསྒྱུར། དེ་བ༡ གསེར་མེ། པརྦ་ཏ། ག་དུར་ཨ་རུ་༢ར་སྟེ་དེ་བ་ལྔ། མི་ཐོད་རྙིང་པ། འབྲུག་རུས། ཏིག་ཏ་༣། གཡའ་ཀྱི། ཨ་བྱག་གཟེར་འཇོམས་དང་ཚེར་སྔོན་འདྲེས་པ་སྟེ་མགོ་ཐང་ལྔ། དུག་ཉུང་། བོང་དཀར། ག་དུར་། བ་ལེ་ཀ་སྟེ་ཨིནྡྲ་བཞི། དོམ་མཁྲིས། གསེར་མེ། དུག་ཉུང་༦། གླ་རྒོང་། བོང་དཀར་༧། བ་ལེ་ཀ་༨ རེ་ཀོན་ཏེ་མཁྲིས་ཕྱེ་བདུན། མ་ནུ། ཀཎྜ་ཀ་རེ། སླེ་ཏྲེས། སྒ་སྐྱ་སྟེ་མ་ནུ་བཞི། ཚོས་བཙོད། །ཤུག་པ་ཚེར་ཅན་ཏེ་དམར་པོ་གསུམ། གསོ་དཀའི་ནད་ཀུན་གྱི་གཉེན་པོ་དངུལ་ཆུ་གྲང་འདུལ། ཧོང་ལེན་༩། བ་ཤ་ཀ་བོང་དཀར་༡༠ ཏིག་ཏ་༡༡སྟེ་ཁྲག་མཁྲིས་གཉེན་པོ་བཞི། གླ་རྩི། ཤུ་དག་


JKT017_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ། གུ་གུལ་གི་ཝཾ་སྟེ་འབྲུམ་པའི་གཉེན་པོ་གཉན་སྨན་བཞི་དང་། གསང་སྨན་རྟ་བོན། ཨ་རུ་ར་༡༢། འཛིམ་པ། ཀྱི་ཀྱེ། ཧོང་ལེན་༡༣ཏེ་ཆམ་པའི་གཉེན་པོ་བཞི། གླ་རྩི༡༤། གུ་གུལ་༡༥། རྟ་བོན་གྱི་ཐལ་བ་སྟེ་ཞྭ་ལྷོག་གི་གཉེན་པོ་གསུམ། སྟག་ཤ། གུ་གུལ་༡༦། འཛིམ་པ་༡༧་གག་པའི་གཉེན་པོ་གསུམ། གླ་༡༨རྩི། གུ་གུལ་༡༩། འཛིམ་པ་༢༠སྟེ་གཉན་ཚད་སྤྱིའི་སྨན་གསུམ་བཅས་སྤྱིར་སྨན་སྣ་དྲུག་ཅུ་རྩ་གསུམ། སྔོ་དེ་བ་སོགས་འདབ་འཕར་ཉི་ཤུ་ཕྲི་བས་བཞི་བཅུ་རྩ་གསུམ། དེ་སྟེང་ཀྱི་ཀྱེ་སྤང་རྩི་སྤང་རྒྱན་དཀར་པོ་སྟེ་ལྷོག་པའི་གཉེན་པོ་གསུམ། མིང་ཅན་ནག་པོ། །རྒོད་སྤོས་ནག་པོ། སྤྲུམ་ནག་པོ་སྟེ་ཁྱད་པར་གྱི་སྨན་གསུམ་བསྣན་པས་ལྔ་བཅུ་ཐམ་པ། ཀྱི་ཀྱེ་གོང་དུ་སོང་བ་འཕྲི་བས་བཞི་བཅུ་རྩ་དགུའོ། །ཡང་གཞུང་དུ། བྲག་ཞུན་བོང་དཀར་འཇིབ་རྩི་གསེར་མེ་ཏོག །བསྣན་པས་ཕོ་བར་ཁྲག་མཁྲིས་ལྟུང་བ་སེལ། ཞེས་པའི་བོང་དཀར་གོང་དུ་སོང་བའི་འཕྲོས་སྨན་གསུམ་བཅས་ང་གཉིས། དེ་ལྟ་བུའི་སྨན་རྣམས་ལས་ག་བུར་ནག་པོ་ཕག་བྲུན་གནམ་མ་མཐོང་བ་ནུས་བསྲེགས་ཐལ་བ། སྲང་བཅུ་དྲུག་ཁམས་རུས་སྲང་བཞི། སུམ་ཏིག་དང་ལྕགས་ཏིག་འདྲེས་པ་སྲང་དོ། ཨ་རུ་ར་སྲང་གང་། ཧོང་ལེན་ཐལ་སྨན་བརྒྱད་བསྲེགས་ཟིན་པའི་ཐལ་བ་ངོ་མ་སོགས་གཞན་


JKT017_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྲང་རེའི་བརྩིས་དགོས་པས་སོ་སོ་སྲང་བཞི་རེ་བསྲེགས་པས་སྲང་གང་ཡར་མཐོ་ཙམ་འབྱུང་བར་སྣང་། འདབ་འཕར་རིགས་ཕལ་ཆེར་སྲང་དཀར་སྔོ་དེབ་ཤིང་སྔོན་ཅ་ཆ་ཇ་ཉ་ཤའི་མུ་ལ་བཅས། །མང་པོ་བཏང་མ་དགོས་ཀྱང་། ཕྱག་ལེན་ལ་ཅུང་ཟད་རེ་བཏང་སྲོལ་ལྟར་ཞོ་ལྔ་རེ་ཙམ་དང་། ཁྱད་པར་ཐལ་སྨན་དུ་ཡོད་པའི་དེ་བ་ལྟ་བུ་ནི་ཟུར་དུ་མ་བསྲེགས་པའང་སྲང་རེ་བཏང་ན་ལེགས། བདུད་རྩི་ལོ་མ་སུམ་ཆ་གཉིས་དང་། འཛིམ་པ་ནུས་ལྡན་སུམ་ཆ་གཅིག་གི་བརྩིས་བྱས་ཏེ་གཉིས་ཀ་བསྡོམས་པས་ཆ་མང་ཉུང་སྣ་ཚོགས་བཤད་ཀྱང་སྨན་ནད་ཐོན་པ་རེ། གླ་རྩི་དྲི་ཐོན་ཙམ་བཅས་ཞིབ་བཏགས། བྲག་ཞུན་གྱི་ཁཎྜ་སྲང་གང་། ཕུར་མང་ནག་པོའི་ལོ་མ་རྒྱས་དུས་ཀྱི་ཁཎྜ་སྲང་གང་། བ་གསར་དམར་ཟལ་གྱི་ཆུ་སྨན་གྱི་ཚོད་དང་སྦྱར་བ་བཅས་ཀྱིས་འདམ་བཏགས་ཉིན་གཉིས་སུ་བྱས་ཏེ་རིལ་བུ་སྲན་འཕོས་ཙམ་དུ་དྲིལ། ཅུང་ཟད་སྐམ་ནས་རིལ་ཆགས་ཐེམ་པར་བྱས་ལ་བྱིན་གྱིས་བརླབ། རླུང་མི་འཆོར་བའི་སྣོད་དུ་བསིལ་སྨན་གྱི་དྲི་དང་བཅས་ཏེ་ཚགས་བྱ། འདིས་ནི་ཚད་པ་གསར་རྙིང་བྱེར་གསུམ། གག་ལྷོག་ཆམ་གསུམ། འབྲུམ་རིམས་རྒྱུ་གཟེར་དམར་བཤལ་གཙོར་གྱུར་གཉན་རིགས་བཅོ་བརྒྱད་ཐམས་ཅད་ལ་ཕན་ཅིང་། གཞན་ཡང་རྨ་ཆུ་སོགས་ཁོང་ནད་རིགས་ཐམས་ཅད་


JKT017_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཚོན་ནད་རིགས་ཐམས་ཅད་ལ་ཕན་པས་འཆི་མེད་སྨན་ནག་འཁྲུལ་འཁོར་སྤྱི་སྨན་ཆེན་མོ་ངོ་མཚར་སྲོག་སྟེར་ཞེས་ཡོངས་སུ་གྲགས་སོ།། །།

ཚེ་ལ་དབང་བའི་བཅུད་ལེན་མཐོ་རིས་མཛེས་མ།


JKT017_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཚེ་ལ་དབང་བའི་བཅུད་ལེན་མཐོ་རིས་མཛེས་མ་བཞུགས་སོ། །སྨན་གྱི་བླ་མ་དྲང་སྲོང་རིག་འཛིན་བཅས། །བྱམས་མགོན་ཐུགས་རྗེ་ཅན་ལ་གུས་ཕྱག་འཚལ། །ཚེ་རིང་རྒས་སྲ་སྟོབས་འཕེལ་དབང་པོ་གསལ། །བདེ་སྟོང་ཡེ་ཤེས་འབར་བའི་གདམས་པ་བཤད། །ཅོང་ཞི་བྲེ་གང་བྲག་ཞུན་སྤར་བ་གང་། །ཞིབ་བརྡུངས་ཆུར་གདུས་དྭངས་མ་སོ་སོར་བསིངས། །ཨ་རུ་བར་སྐྱུར་ཕྱེད་སྐྱུངས་སྙིམ་པ་གང་། །ར་མཉེ་ཉེར་ཤིང་ལྟ་བ་བ་སྤུ་པ། །གཟེ་མ་དབང་ལག་འོད་ལྡན་སྙིང་ཞོ་ཤ། །ཤུག་འབྲུ་སེང་སྡེང་ད་ལིས་མཁན་དཀར་མཚེ། །མ་ནུ་སླེ་ཏྲེས་སྟག་ཚེར་བཅའ་སྒ་རྣམས། །སྙིམ་པ་རེ་ཙམ་སྨན་མར་ཚུལ་བཞིན་བྱ། །བཟང་དྲུག་ཆུ་སེར་སྨན་གསུམ་ཨ་ཝ་སྦྲུལ། །ལྕགས་ཕྱེ་གོ་སྙོད་ཤིང་མངར་མདུང་རྩེ་དམར། །ཐུགས་འབྲས་གངས་གཙང་གངས་སྦལ་མཆོག་གླ་རྩི་གོ་བོའི་དུག་འཕྲོག་ཤ། །སྒྲ་རྒྱམ་པི་ལིང་བྲེ་ག་ཁ་ཚར་བསྣན། །ཐོ་རངས་ཁམ་རེ་བསྟེན་པས་བཅུད་ལེན་འགྲུབ། །ཚོ་ཆེས་ཤ་ལྷག་བད་མཁྲིས་མི་སྐྱེ་ཞིང་། །ཁམས་རྒྱས་འདུ་བ་སྙོམས་པའི་སྤྱི་སྨན་འདི། །གཞུང་གདམས་ལག་ལེན་གནད་དུ་དྲིལ་ནས་ཀྱང་། །ཚེ་དབང་


JKT017_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས་ཕན་བདེའི་གནས་སུ་བྲིས། ༈ །ཚེ་ལ་དབང་བའི་མིག་སྨན་གསལ་བྱེད་ཡེ་ཤེས་སྣང་བ་བཞུགས། ཨོཾ་སྭ་སྟི་ཨ་ཐཱ། སྤྱན་དང་མངོན་ཤེས་རྫུ་འཕྲུལ་སྟོབས་ལ་སོགས། །ཐུགས་རྗེ་མངའ་བ་ཀུན་ལ་གུས་བཏུད་ནས། །སྣ་ཚོགས་གཟུགས་དང་ཡེ་ཤེས་འཆར་བའི་སྒོ། །མིག་གི་གསལ་བྱེད་གདམས་པ་བཤད་པར་བྱ། །ཁོང་སྨན་བྱུགས་སྨན་གཉིས་ལས་དང་པོ་ནི། །ཨ་རུ་སྐྱུ་རུ་བ་རུ་འབྲས་བུ་གསུམ། །ཨ་ཝ་གུར་གུམ་རྟག་དུ་རྩི་སྨན་གསུམ། །ལྕགས་དྲེགས་མདུང་རྩེ་མཚལ་དཀར་རྡོ་སྨན་གསུམ། །གོ་སྙོད་ཤིང་མངར་སྐྱེར་ཤུན་གསང་སྨན་གསུམ། །ལྕགས་སྦྲུལ་དོམ་མཁྲིས་གི་ཝཾ་བཅུད་སྨན་གསུམ། །ཀ་ར་སྦྲང་གི་ལྡེ་གུའམ་རིལ་བུ་བསྟེན། །བྱུགས་སྨན་སྐྱེར་དཀར་བར་ཤུན་དགུན་སྨད་བཏུས། །གྲིབ་སྐམ་གངས་ཆུའི་ཁཎྜ་ངད་ཡལ་དུས། །ག་བུར་གི་ཝཾ་གུར་གུམ་ཨ་རུ་ར། །སྤང་མ་ལྡོང་རོས་ཏི་ཚ་ཚྭ་ལ་མཚལ། །བུལ་ཏོག་ཡུང་བ་དོམ་མཁྲིས་སག་རམ་རྩི། །སྟར་བུ་གླ་རྩི་པི་ལིང་རྒྱ་ཚྭའི་དུད། །གསང་སྨན་བ་རུ་ར་ཡི་ཚིག་གུའི་འབྲུ། །འདི་རྣམས་རྩི་བཞིན་ཞིབ་བཏགས་ཕྱེ་མ་བསྲེ། །ནས་ཙམ་ལྕགས་སྣོད་སྦྱངས་པའི་དྭངས་མ་བྱུགས། །མིག་ཆུ་ཚག་འགྲིབ་ལིང་ཏོག་རབ་རིབ་གསལ། །མིག་གི་སྟོབས་བསྐྱེད་ཕྲ་རགས་གཟུགས་མཐོང་འགྱུར། །གཞན་


JKT017_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཉན་དང་ཆུ་སེར་ཤས་ཆེ་ན། །རྩ་ལྟོ་སྦྱངས་དང་ཁོང་སྨན་བསྲེས་ལ་སྦྱངས། །ཁྲག་ཤས་ཆེ་ན་གཏར་དང་ཆུ་ལྕགས་བྱ། །གྲང་རླུང་ཤས་ཆེ་སྨིན་དཀྱིལ་སོགས་པའི་དབུས། །རྟིང་བའི་དྲེགས་མཚམས་མེ་བཙའ་རན་ཙམ་བསྲེགས། །ཚ་སྐྱུར་དྲག་ཤུལ་ཟས་སྤྱོད་བསྲུང་བ་སོགས། །གང་དགོས་ནད་ཀྱི་སྐབས་དང་སྦྱར་ལ་བཅོས། །རྟེན་དང་བརྟེན་པ་འཕེལ་ཟད་འཁྲུགས་པའི་ནད། །ལྡན་འདུས་བླ་གཉན་མ་འདྲེས་འབྱེད་ཅིང་རྟོགས། །དངོས་དང་སྦྱོར་པའི་རོ་ནུས་ཞུ་རྗེས་ཀྱིས། །འབྱུང་བ་ཁམས་སྙོམས་མཁས་པའི་བྱ་བ་ཡིན། །ཕྱོགས་ཙམ་རྟོགས་ནས་འགྲུབ་སླ་གནོད་པ་ཉུང་། །གང་ལའང་ཕན་སྟོབས་བསྐྱེད་པའི་སྤྱི་སྨན་འདི། །སྦྱངས་པ་ཆུང་ཞིང་བློ་གྲོས་དམན་གྱུར་པ། །བདག་དང་བདག་འདྲ་རྣམས་ཀྱི་གཅེས་ནོར་ལགས། །ཚུལ་འདི་གསོ་དཔྱད་རིག་པ་བསྟན་འགྲོའི་དཔལ། །ནུབ་པའི་གདུང་བས་ཅི་བྱ་གཏོལ་མེད་ཀྱང་། །ཚེ་ལ་དབང་བའི་མིང་ཙམ་འཛིན་པ་ཡིས། །རང་གཞན་བསོད་ནམས་འཕེལ་སླད་བྲིས་འདི་དགེས། ཤུ་བྷཾ། ༈ །ཀ་ཀ་དྷ་དབྱར་རྩ་དགུན་བུ་ནི་དགུན་དུས་བརྐོས། །ཏིལ་དང་ཀ་ར་སྦྱར་བྱས་ནས། །འོ་མས་འཕུལ་ཏེ་ལྟོ་སྟོང་བསྟེན། །ལུས་དཀར་སྟོབས་རྒྱས་རྩལ་ཤུགས་ལྡན། །རྒན་པོ་གཞོན་ནུར་བྱེད་པ་སྟེ། །ལུས་འཕགས་རྒྱལ་པོའི་སྦྱོར་སྡེ་ཡིན། །


JKT017_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལུའི་མེ་ཏོག་སེ་འབྲུ་དང་། །སྡིག་སྲིན་ཨ་བ་བུ་རམ་སྦྱར། །ཟོས་ན་རོ་ཙ་ཤ་ཚག་དམ། །སྤྱི། རྨ་བཅོས་ནི་འཕོག་ས་དང་སྦྱར་ཏེ་ཉེ་རིང་སྒོ་བསྲེགས། ཕག་ཤ་འཛེམ། ནང་དུ་སོང་ན་དེ་འཕྲལ་བཙོད་བུལ་སྟར་བུ་མཛོ་མོ་ཤིང་རྣམས་གང་འཛོམས་ཀྱི་ཐང་མང་དུ་གཏང་། གཟེར་སྟེང་བཙོད་རོའི་དུགས་བྱ། དེ་འཕྲལ་ཁྲག་བཤལ་ནི། སྲད་དཀར་བུལ་ཏོག་ཚྭ་ལ་དན་རོག་དུར་བྱིད་ཐར་ནུ་ཆུ་རྩ་བྱིས་པའི་ཆུས་དྲིལ་པའི་སྦྱོང་གཏོང་། དེ་རྗེས་དོན་སྣོད་གང་བབས་ཀྱི་སྒོས་བཅོས་བྱ། ཡན་ལག་སོགས་ཀྱི་སྤྱི་སྨན་ནི། ག་བུར་གིའུ་ཝཾ་ཁ་ཆེ་གླ་རྩི་གུ་གུལ་རུ་རྟ་གསེར་མདོག་དོམ་མཁྲིས་སྟག་ཤ་རྣམས་ཡུག་ཤིང་ཁཎྜས་སྦྲུས་པའི་རིལ་བུ་བསྟེན། འདི་ལ་བྱང་པ་རྒྱ་ཚྭ་བསྣན་པ་རྩ་སྦྱོངས་ཟབ། རྨ་ལ་སྦང་འབྱར་བྱ། གཏར་ག་དང་མེ་བཙའ་སྐབས་དང་བསྟུན། གཟེར་དང་སྐྲངས་ཆེ་ན་གཉན་བཤལ་གྱིས་སྦྱོང་། རྗེས་སུ་བདུད་རྩི་ལྔའམ་སློ་ལུམས་ཆུ་ལུམས་བྱ། ལར་རྒྱུད་དང་མན་ངག་མཐོང་བའི་ལག་ལེན་ཉམས་མྱོང་རྣམས་བསྟུན་ནས་དང་པོར་ངོས་བཟུང་། བར་དུ་གཉེན་པོ་འཕྲོད་མི་འཕྲོད་བལྟ། རིམ་གྲོ་བསྐུལ། མཐར་གཉུག་བསྲིངས་ཏེ་ནད་རང་ལ་དྲིས་ཤིང་བཅོས་པར་བྱའོ། །འབྱུང་བའི་མཚན་ཉིད་འཕེལ་ཟད་འཁྲུགས་པ་ལ། །རོ་ནུས་ཞུ་རྗེས་སྨན་གྱི་མཐུན་སྡེབས་ནི། །


JKT017_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བསྐུལ་བཞིན་ཚེ་དབང་ཞེས་བྱ་བས། །བླ་རྟར་བྲིས་པའི་དགེ་དེས་ཀུན་མཁྱེན་ཤོག། ཤུ་བྷཾ། །

ཚེ་ལ་དབང་བའི་ཕོ་ནད་ཚ་གྲང་གི་སྤྱི་འཇོམས་བདེ་བའི་མྱུ་གུ།


JKT017_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཚེ་ལ་དབང་བའི་ཕོ་ནད་ཚ་གྲང་གི་སྤྱི་འཇོམས་བདེ་བའི་མྱུ་གུ་བཞུགས་སོ། །ན་མོ་མ་ཧཱ་གུ་ཎ་ཡེ། མེ་དྲོད་གསུམ་གྱིས་མྱག་བཞུ་དྭངས་སྙིགས་འབྱེད་པར་མ་ནུས་པའམ། དུས་གདོན་ཟས་སྤྱོད་རྐྱེན་གྱིས་མེ་དྲོད་ཀྱི་ལས་ལོག་པར་བྱས་པ་ལ་སྡེ་བཞིའི་ཅོང་གི་རྩ་བ་ཕོ་ནད་མང་དུ་འབྱུང་ནའང་།། ཁྲག་མཁྲིས་ཚ་བར་གྱུར་པ་དང་། བད་རླུང་གྲང་བར་གྱུར་པ་གཉིས་སུ་འདུ་བ་ལས། དང་པོ་ནི། རྩ་འབུར་འདྲིལ། ཆུ་དམར་སེར། ན་ལུགས་ལྡང་དུབས། ཟས་སྤྱོད་དྲོད་ཀྱིས་བསྐྱེད་པ་ནི་ཚ་བ་ཡིན་པས། དེའི་སྤྱི་སྨན་ནི། ཨ་རུ་གསེར་མདོག་རྡོག་པོ་གཅིག །བྲག་ཞུན་དེ་དང་མཉམས་པ། དེ་གཉིས་ཀ་དང་མཉམ་པའི་སྟར་ཞུན། ཨུཏྤལ། ཁ་ཆེ། བ་ཤ་ཀ་སྐྱུ་རུ་ར། སེ་འབྲུ། སུག་སྨེལ། རུ་རྟ། མ་ནུ། འུ་སུ། རྒྱམ་ཚྭ། ཅོང་ཞི། ལྕགས་དྲེགས། སྦྲུལ་ཤ་རྣམས་ཐུན་བཟང་རེ་ཞིབ་པར་བཏགས་པའི་རིལ་བུ་སྲན་མ་ཙམ་གསུམ་གསུམ་ཆུ་སྐོལ་གྱིས་ཕུལ་ལ་གུང་གཉིས་སུ་བསྟེན་ན། ཁྲག་མཁྲིས་ཕོ་བར་ལྷུང་བ་དང་། སྨུག་པོའི་ཁྲག་སྐྲན་འདྲིལ་བ་སོགས་ཕོ་ནད་ཚ་བ་མཐའ་དག་སེལ། གཉིས་པ་ནི། རྩ་བྱིངས་རྒུད། ཆུ་སྔོ་དཀར། ན་ལུགས་སྦོ་འཁྲོག །ཟས་མི་


JKT017_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

འཇུ་བ། ཟས་སྤྱོད་བརླན་གྲང་གིས་བསྐྱེད་པ་རྣམས་གྲང་བ་ཡིན་པས་དེའི་སྤྱི་སྨན་ནི། ཅོང་ཞི་སོལ་བའི་མེ་ལ་དཀར་པོར་མ་སོང་བར་དུ་བསྲེགས་པ་ཆང་དང་དར་བར་ངད་བསད་པས་གཞི་བྱ། དེ་སྟེང་ཨ་རུ་ར། བྱ་ཐལ། རྒྱམ་ཚྭ། སེ་འབྲུ། སུག་སྨེལ། པི་པི་ལིང་། བྱི་ཏང་ཀ ཚྭ་ལ། མ་ནུ། ཁ་ཆེ། སྟར་བུ། སྦྲུལ་ཤ་འདི་རྣམས་ཐུན་བཟང་རེ་འུ་སུའི་ཆུས་འདམ་འཐགས་ཡུན་རིང་དུ་བྱས་པའི་རིལ་བུ་སྲན་ཙམ་གསུམ་གསུམ་ཆུ་བསྐོལ་གྱིས་ཕུལ་ནས་ཞོག་སྔ་བསྟེན་ན། མ་ཞུ་མེ་ཉམས་ལྷེན་ལྕགས་དྲེགས་ག་མཁྲིས་དང་བསྡོངས་པ པ་བྲང་ཚ་ཆུ་སྐྱུར་སྐྱུགས་པ་སོགས་ཕོ་ནད་གྲང་བ་མཐའ་དག་སེལ། གོང་མ་རིལ་བུ་སྐྱུར་པོ་དང་། འོག་མ་རིལ་བུ་དཀར་པོ་ཞེས་བྱ་སྟེ། རྗེ་བཙུན་གཡུ་ཐོག་ཞབས་ཀྱི་ཐུགས་རྗེས་རང་བྱུང་བའོ། །གཅོང་ནད་ཐམས་ཅད་མ་ཞུས་བསྐྱེད་པ་དང་། །ཕན་གནོད་ཕལ་ཆེར་ཕོ་བར་རག་ལས་ཕྱིར། །མ་ཞུ་བཅོས་པས་གཅོང་ནད་ཞི་བྱེད་པ། །རིང་ནས་གོམས་པའི་འཚོ་ཐབས་མཁན་དེས་སོ།། །།

སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེག་མ།


JKT017_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེག་མ་བཞུགས། ཨོཾ་ཨ་ཐཱ། མ་ཧཱ་པཎྜི་ཏ་དྷརྨ་ཀཱ་རའི་གསུང་རྒྱུན་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་ཀྱིས་ཟིན་བྲིས་སུ་མཛད་པའི་སྨན་མིང་


JKT017_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དང་ངོས་འཛིན་ནོར་བུའི་དོ་ཤལ་༥༤ལས། བཅུད་ཀྱིས་ལེན་པ་སོགས་ལ་བསྔགས་པའི་སྡེ་ཚན་བརྒྱད་ནི། བྲི་ཙྪིདྷི། འཕེལ་བ། ཛཱི་བ་ཀཿ འཚོ་བྱེད་རི་ཥ་བྷ༔ ཁྱུ་མཆོག ཀ་ཀོ་ལི༔ ར་མཉེ་སྟེ༔ འདི་ལ་རིགས་མང་བ་ལས་སེར་པོ། ཡང་ཀླུ་ར་ཀ་ཀོ་ལི༔ ར་མོ་ཤག་འོ་མ་ཅན་སྟེ། ར་མཉེ་དཀར་པོ་སྟོབས་བསྐྱེད་ཀྱི་སྨན་ལ་མཆོག །རྒྱ་ནག་ཤར་ཕྱོགས་ལེའུ་ཏང་ནས་འབྱུང་བ་གཞིན་གཡིན་ཞེས་པའང་དོན་དུ་ར་མཉེ་སེར་པོ། དེའང་གཞིན་མི། གཡིན་འདྲ་བའི་དོན་ཏེ་རྐང་པ་གཉིས་ཡོད་པ་ཞིག་གོ །འདི་ཤིན་ཏུ་དཀོན། དེ་ལས་ནུས་པ་དམན་པའི་ཅིན་ཅ་གཞིན་གཡིན་ཞེས་པའང་མིའི་འོ་མར་ལན་དགུ་སྤངས་ཏེ་ཟོས་ན་གཞིན་གཡིན་དངོས་དང་ནུས་པ་མཉམ་པར་བཞེད། རི་ཤ་ན༔ འདི་སྣུམ་ཟངས་རྩི་དང་གཅིག །མེད༔ ཞག་ལྡན། མ་ཧཱ་མེད༔ ཞགས་ཆེན། ཛཱི་བནྟི། འཚོ་བྱེད། འདི་སྡུམ་བུ་ཆུང་ངུ་རྩ་བ་མང་པོ་ཡོད་པ། རོ་དབང་ལག་འདྲ་བ་ཞིག་གོ །འདི་སྟེང་སྲན་མུངྒ༔ སྲན་སྡེའུ་ཞེས་སྲན་མ་སྔོན་པོ་འབྲུ་ཆུང་ངུ་དང་། སྲན་མ་སྟེ་མོན་སྲན་གྲེའུ་ཞེས་སྲན་མ་དམར་སྲེ་ལེབ་མོ་ཆེ་ཆུང་ནས་འབྲུ་ལེབ་མོ་བྱས་པ་འདྲ་བ་ཞིག་སྟེ་འཇམ་དཀར་སོགས་ཀྱི་ལས་སྦྱོར་ལ་འགྲོ་བ་སྟེ། དེ་གཉིས་ཀྱི་ལོ་མ་བསྣན་པས་འཚོ་བྱེད་བཅུའོ། ༈ །ཧ་རཱི་ཧ་ཀཱི། ཨ་རུ་ར་


JKT017_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིའི་མིང་ཏེ། ཕལ་སྐད་དུ་ཧ་རི་ཏ། དེ་ཟུར་ཆག་པས་ཨ་རུ་ར། དེ་ལས་རྣམ་རྒྱལ་ནི་རི་སྤོས་ངད་ལྡན་སོགས་སུ་སྐྱེ་བ་ཕལ་པས་མི་རྙེད། རྒྱ་གར་དུ་བྷ་ར་ཧ་ར་ཅེས་ཟེར་བ་རྒྱལ་པོ་འགའ་ཞིག་གི་སྐྱེད་ཚལ་དུ་ཤིང་སྡོང་རེ་རེ་ཆེད་དུ་བཙུགས་པ་ལས་འབྱུང་བ་ཡིན་ཅིང་། ཆེ་ཆུང་ནི་སྐམ་པོ་ལའང་མི་ཆེན་པོའི་ལག་མགོ་ཙམ་ཡོད། འཇིགས་མེད་ཟུར་ལྔ་ནི་ཟུར་ལྔ་འཇོང་མོ། སེར་ཆུང་ནི་མིག་སྨན་ལ་བཟང་། བདུད་རྩི་ཤ་འཐུག་ནི་ཤ་ཆེ་ལ་འཐུག་པ། འཕེལ་བྱེད་ནི་བ་རུ་རའི་དབྱིབས་ཅན་བུམ་ལྟོ་བ། སུལ་མང་ནི་ཤ་སྲབ་ཅིང་སུལ་མང་པོ་ཅན། འབིགས་བྱེད་ནི། ཟུར་མཁར་བས། འབིགས་བྱེད་དཀྱིལ་དུ་རུས་པ་མེད། །ད་ལྟ་ནག་ཆུང་དེ་དང་འདྲ། ཞེས་བཤད། སྤྱིར་རྡོ་རྗེ་མཁའ་འགྲོ་ལས། སྨྱུང་པོ་དང་ནི་འཇིགས་མེད་དང་། །འཚོ་དང་དེ་བཞིན་བདུད་རྩི་སྟེ། །གཙང་སུལ་མང་གི་མིང་མ་དང་ནི་འཕེལ་བ་དང་། །རྣམ་པར་རྒྱལ་བ་བདུན་དུ་བརྗོད། །ཞེས་སོགས་གསུངས་པ་ལྟར་རིགས་བདུན་ནོ། །ཨ་རུ་མཆུ་རིང་ངམ། མཆུ་སྨྱུང་ངམ། སྨྱུང་པོ་རྣམས་གཅིག་པ་རང་ཡིན་ཞིང་། ཟུར་གསུམ་ནར་མོ་ཞིག་ཡོད། སྤྱིར་བཤལ་ལ་མཆུ་སྨྱུང་གི་མཆུ་དང་། འཁྲུ་གཅོད་ལ་རྩ་སྨྱུང་གི་རྩ་བ་གཏོང་བ་ནི་ཡོངས་སུ་གྲགས། ཨ་རུའི་རིགས་ཀྱི་བཟང་ངན་ཡང་། རྡོ་རྗེ་


JKT017_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོར། ཨ་རུ་ར་ནི་འབིགས་བྱེད་ཀྱི། །ནགས་དང་རི་བོ་དབང་ཆེན་སྐྱེས། །ནར་མ་ད་ཡི་ཆུ་སྐྱེས་མཆོག །གཞན་དག་དམན་དང་འབྲིང་པོ་ཡིན། །ཞེས་གསུངས་པ་མཆོག་དང་། །རྒྱ་གར་ནས་འབྱུང་བ་བཟང་ཞིང་། བལ་པོ་ནས་འབྱུང་བའི་མདོག་སེར་པོ་ཆུང་ངུ་འདི་ནི་ནུས་པ་དམན་པས་མི་བཏང་བར་གསུངས་སོ། ༈ །ཕལ་སྐད་དུ། བྷ་ཧུ་ལ། ཞེས་ཟུར་ཆག་པའི་བ་རུ་ར་ནི། རྡོ་རྗེ་མཁའ་འགྲོ་ལས། བ་རུ་ར་ནི་ཐ་མལ་བའི། །རི་ལས་སྐྱེས་པའམ་གཞན་ཡང་རུང་། །ལྕི་ཞིང་སྣུམ་དང་བཅས་པ་བཟང་། །ཞེས་གསུངས་ཤིང་། སམྦི་ཊ་ལས། གླེའི་འབྲས་བུ་ཞེས་པའང་འདིའོ། ༈ །སྐྱུ་རུ་ར་ནི། རྡོ་རྗེ་མཁའ་འགྲོ་ལས། སྐྱུ་རུ་ར་ནི་ཤ་ཆེ་ཞིང་། །རུས་པ་ཆེ་ལ་རོ་དང་ལྡན། །རྡོ་བ་ཅན་གྱི་རི་ལ་སྐྱེས། །ཤིན་ཏུ་སྨིན་པ་མཆོག་ཏུ་བཟང་། །ཞེས་གསུངས། སྤྱིར་ཨ་རུ་ར་ནི་རོ་ལྔ་ལྡན་སོགས་ཡོངས་སུ་གྲགས་པ་ལྟར་ལ། བ་རུ་ར་ཨར་སྐྱུར་དག་ལས་ཡོན་ཏན་ཅུང་ཟད་དམན་ཞིང་ཆུང་བ་མ་གཏོགས་རོ་ལྔ་ལྡན་སོགས་ཐུན་མོང་ཡིན་ལ། ནུས་པ་བསིལ། ཞུ་རྗེས་ཚ་མངར་ཤས་ཆེ། སྐྲན་དང་མིག་ལ་ཕན། སྐྱུ་རུ་རའང་རོ་དང་ཞུ་རྗེས་སོགས་ཨ་རུ་དང་མཚུངས་ནའང་ནུས་པ་བསིལ་བ་ཡིན་ཅེས་བརྒྱད་པ་རྩ་འགྲེལ་སོགས་ལས་རྒྱ་ཆེར་བཤད། གསུམ་ཀའི་མིང་ལ།


JKT017_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲི་ཕ་ལཿ སྟེ་འབྲས་བུ་གསུམ་དང་། གཞན་ཡང་། བླ་མ་གསུམ་མཆོག་གསུམ་སོགས་ཀྱང་ངོ་། །བརྒྱད་པར། འབྲས་བུ་གསུམ་པོ་འདི་རྣམས་ནི། །བཅུད་ཀྱི་ལེན་མཆོག་མིག་ནད་སེལ། །རྨ་འཚོ་པགས་ནད་རྨ་རེངས་དང་། །ཚིལ་ཆེན་གཅིན་སྙི་བད་ཁྲག་སེལ། །ཞེས་སོ། །དེ་ཡང་ཨ་རུ་ནི་རྒྱ་གར་ཁོ་ན་དང་། བ་རུ་ནི་བལ་པོ་ལའང་རེ་གཉིས་འབྱུང་ཞིང་། སྐྱུ་རུ་ནི་དེ་དག་ཏུ་མ་ཟད་འཇང་དང་རྒྱལ་རོང་སོགས་རོང་མཚམས་ཐམས་ཅད་དུའང་འབྱུང་བར་གསུངས་སོ། ༈ །གིའུ་ཝཾ་ནི། རྒྱ་ནག་གི་སྐད་དེ། དེའང་། གྷི་ལུ བ་ལང་། དབང་བཅུད་སྟེ་བ་ལང་བཅུད་ཅེས་ཟེར། ལེགས་སྦྱར་དུ། གོ་རོ་ཙ་ན་ཞེས་པའང་དེ་ཉིད་དོ། །འབྱུང་ཁུངས་ནི་བ་ལང་གི་མཆིན་མཁྲིས་ལ་ཡོད་པ་སྟེ། དམར་སེར་སྨུག་ལ་སྣུམ་མདངས་ཆགས་པ། བཅག་འཕྲོ་དམར་སེར་རིམ་པ་ཆགས་པ། དྲི་རོ་བཟང་ལ་མཁྲིས་རོ་ཅུང་ཟད་བྲོ་བ། སྨན་གཞན་དང་སྦྱར་ཚེ་ཅུང་ཟད་རེས་ཀྱང་ཡུན་དུ་འདུལ་ཚེ་ཁ་དོག་སེར་པོར་བསྒྱུར་ནུས་པ་དེ་སླད་བྲལ་དང་། ཅུང་ཟད་དེ་ལས་དམན་པ་ནི་སླད་ཅན་དེ་སྔ་མ་ལས་སེར་ལ་འབོལ་བའོ། །གང་དག་གླང་ཆེན་གི་ཝང་ཞེས་གླང་པོ་ཆེ་ཁོ་ན་ལས་འབྱུང་བ་འདོད་པ་ནི་བླུན་གཏམ་ཁོ་ནར་ཟད་ལ། དེས་ན་རྒྱ་དཀར་ནག་གཉིས་ཀ་ནས་བ་ལང་ལས་ཤས་


JKT017_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བར་འབྱུང་ཞིང་གཞན་མི་དང་། དུད་འགྲོ་ཕལ་ལས་ཀྱང་འབྱུང་བས། མི་ལས་བྱུང་ན་ནི་མཆོག་དང་། འབྲི་གཡག་དང་ར་ལུག་ལས་བྱུང་བ་དམན་པར་བཞེད། བདེ་མཆོག་རྩ་རྒྱུད་སོགས་ལས། མི་རྣམས་ཀྱི་སྙིང་གི་ཕྱོགས་སུ་རོ་ཙ་ན་སྟེ་བཅུད་ཡོད་པར་གསུངས་པ་འང་འདི་ཁོ་ན་འོ། ༈ །གེ་རི་ཡཾ། བྲག་ཞུན། འདི་རྒྱ་གར་དུ་མི་འབྱུང་བས། བོད་ནས་ཕར་འགྲོ་དགོས། འདི་ཡི་ནང་དུ་རིལ་མ་མང་པོ་ཡོང་བ་ནི། ལྕགས་བྱིས་འདི་ཟ་བས་དེའི་བྲན་ཡིན་པས་བྲག་ཞན་ཆུར་སྦངས་ནས་རིལ་མ་དོར་བའི་ཞན་བྱེད་པ་དགོས་སོ། ༈ །བམ་ཤ་རོ་ཙ་ན། སྨྲག་གི་བཅུད་དེ། རྒྱ་ནག་སྐད་དུ། །ཇུ་དབང་ཞེས་ཇུ་སྨྱུག་དང་། དབང་བཅུད་དེ་ཟུར་ཆག་པས་ཅུ་གང་། འདི་རྒྱ་དཀར་ནག་ནས་སྨྱུག་མའི་རྐང་ལས་འབྱུང་། དེ་ཡང་རྒྱ་གར་ནས་བྱུང་བ་དཀར་པོ་སྨུག་ཉམས་ཅུང་ཟད་ཡོད་པ་ཟོས་ན་སོ་༧ མི་སེག་པ། རོ་མི་གསལ་བ་ཞིག་དང་། རྒྱ་ནག་ནས་འབྱུང་བ། སྔ་མ་ལས་ཅུང་ཟད་ནག་པ། རོ་མི་གསལ་བ་ཞིག་གོ །དཀའ་འགྲེལ་ལས། ཅུ་གང་མཱ་རཱ་ཎ་སི་ལ། །སར་བཏབ་ཞེས་བྱ་འོད་མའི་རིགས། །དེ་ཡི་རྒྱུ་རུ་གྱུར་པ་ཞིག །སོ་ནམས་བྱས་པའི་བཅུད་ཡིན་ནོ། །ཞེས་བཤད་པ་ལྟར་སྨྱུག་མའི་རིགས་ལས་འབྱུང་། ཤེལ་ཕྲེང་དུ་ཤིང་སྨྱུག་མ་ལྟ་བུ་ཞེས་དངོས་མིན་པ་ལྟར་བཤད་པ་


JKT017_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནི་འོལ་ཚོད་ཙམ་མོ། །དེ་མ་རྙེད་ན། ཆོས་རྒྱལ་སྲོང་བཙན་ཞབས་ཀྱིས། མཚང་མ་སྲེ་ཏ་པུ་རི་རུ། །རང་བྱུང་དྲི་ཆུའི་ཇུ་གང་ཡོད། །ཅེས་སྲེ་ཏ་པུ་རི་ལས་འབྱུང་བ་དང་། དེའང་མ་རྙེད་ན་བྲག་ཕུག་གཏིང་རིང་བ་འགའ་ཞིག་ཏུ་ཆུ་ལ་ཆགས་པ་སྔ་མ་དག་དང་མདོག་དབྱིབས་རོ་རྣམས་འདྲ་བ་དེ་གཏོང་བ་ལས་འོས་མེད། ཕྱི་མ་འདི་དག་ནི། ཟླ་ཟེར་སོགས་སུ། མངྒ་ལ། སོགས་མིང་གིས་བཤད་ཅིང་། ས་དཀར་པོའི་མིང་དུ་བཤད་པ་དེའོ། ༈ །ག་བུར་ལ་རིགས་གསུམ་དུ་དབྱེ། དེའང་ལེགས་སྦྱར་དུ། ཀཀླུ་ར། དེ་ཟུར་ཆག་པས་ག་བུར་རོ། །འབྱུང་ཁུངས་ནི་ཁོང་རང་གི་ཤིང་ཟུར་པ་ཞིག་ལས་ཙནྡན་དཀར་པོ་སོགས་ལས་བྱུང་ཞེས་པ་ནི་མ་དག །ཚིདྷིང་། ཞེས་པ་རྒྱ་ནག་པའི་སྐད་དུ། ག་བུར་ཟེར་བ་ཡིན། བོད་དག །ཤིང་ཀཉྩལས་སྟག་ཟིལ། ཤིང་ཚིང་གིང་ལས་མང་། ཤིང་བྷི་མ་ལས་ཤེལ་ག་བུར་འབྱུང་ཞེས་པ་ནི་ཧ་ཅང་འོལ་ཚོད་དེ། དང་པོ་ནི། གསེར་ཤིང་སྟེ། དེ་ལས་ག་བུར་འབྱུང་བ་རྒྱ་གར་གྱི་གཞུང་རྣམས་ལས་མ་བཤད། གཉིས་པ་ནི། རྒྱ་ནག་པའི་ག་བུར་སྤྱིའི་མིང་ཡིན། གསུམ་པ་ནི། བྷི་མ་སེ་ནཱ་ཀཏྤ་ར་ཞེས་འཇིགས་སྡེའི་ག་བུར་ཞེས་དུག་རིགས་ཁ་རུ་འགྲོ་མི་རུང་པ་མིག་སྨན་གྱི་མཆོག་ཞིག་ཡོད་ཅེས་འབྱུང་བ་དེ་ཡིན་ནོ། །དེང་སང་ག་


JKT017_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བུར་འདི་རྣམས་རྒྱ་དཀར་ནག་གཉིས་ཀྱི་མཚམས་བྲཧྨའི་ཡུལ་དག་ཉེ་བ་ནས་འབྱུང་ཞེས་རྒྱ་ནག་པ་རྣམས་ཟེར་རོ། །གབ་མིང་དུ་སེངྒེའི་འོ་མ་ཞེས་བཤད་པའང་འདི་ཁོ་ནའོ། ༈ །ཛཱ་ཏི། སྐྱེ་ལྡན་སྟེ། །བོད་དག །ཛཱ་ཏི། ཤིང་སྡོང་། ཛཱ་ཏི་མཱ་ལ། དེའི་མེ་ཏོག །ཛཱ་ཏི་ཕ་ལ། འབྲུའོ་ཞེས་ཟེར་བ་ནི་ཚོད་གཏམ་སྟེ། ཛཱ་ཏི་ལ་མེ་ཏོག་སེར་པོ་འཐུག་ཉམས་ཅན་ཛཱ་ཏིའི་རོ་བྲོ་བ་ཡོད། མེ་ཏོག་གི་ཤུལ་དུ་གང་བུ་སྔོན་པོ་སྙིམ་པ་ཙམ་བཟར་རུང་བ་འབྱུང་། དེའི་ནང་དུ་ཛཱ་ཏི་འདི་རྣམས་རུས་པའི་རྣམ་པར་ཡོད། རྒྱ་དཀར་ནག་གི་མཚམས་ནས་འབྱུང་། ཛཱ་ཏི་མཱ་ལཱ་སྟེ་སྣ་མའི་མེ་ཏོག་ནི། རྒྱ་གར་དང་བལ་ཡུལ་གྱི་མཐའ་སོགས་སུ་སྐྱེ་བའི། ཤིང་ཕྲ་མོ་སྡོང་ལོ་ལྗང་སྔོན་ལྕ་བའི་ལོ་མ་འདྲ་རུང་བ། མེ་ཏོག་དཀར་ཆུང་དྲི་བཟང་ཅན། སྲི་ཤིང་སྣ་མ་ཞེས་གྲགས་པ་སྟེ། དེས་ན་ཛཱ་ཏི་དང་འདི་གཉིས་ཤིན་ཏུ་ཐ་དད་པའོ། ༈ །སཱུ་ཀྵ་ལཱ། སྟེ་ཕྲ་མོ། ཟུར་ཆག །སུག་སྨེལ། འདི་ལ་རིགས་ཆེ་ཆུང་གཉིས་ཡོད། ངོ་བོ་ནོར་སོ་ཆུང་། ༈ །ཀཀྐོ་ལ་ཀཾ །ཚོགས་སྲེད་ཅན། ཟུར་ཆག་པས། ཀ་ཀོ་ལ། །ཀུང་མ། ཟུར་ཆག་པས། གུར་གུམ་སྟེ། རྡོ་རྗེ་མཁའ་འགྲོར། གུར་གུམ་ཀུ་སུམ་དམར་འདྲ་ཞིང་། །སྣུམ་ལ་གེ་སར་སྲབ་པ་མཆོག །གེ་སར་སྦོམ་ཞིང་སེར་བ་དང་། །སྦྲང་རྩིའི་དྲི་ལྡན་


JKT017_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་པོ་ཡིན། ཞེས་གསུངས། དེ་ཡང་ཨུ་རྒྱན་དང་། ཁ་ཆེར་འབྱུང་བ་སྟེ། ཁ་ཆེ་གུར་གུམ་ཞེས་གྲགས་པ་འདི་ནི་དངོས་ཡིན། རྒྱ་གར་གྱི་ཡུལ་ཐམས་ཅད་དང་། དེའི་རིགས་གཅིག་བལ་པོ་དང་། བོད་ཀྱིའང་སྡུམ་རར་སྐྱེ་བའི་ལེབ་རྒན་རྩི་ཞེས་གྲགས་པ་འདི་རྣམས་ནི་ཚབ་རུང་ཙམ་མ་གཏོགས། གུར་གུམ་དངོས་མིན་ཏེ། བརྒྱད་པ་རྩ་འགྲེལ་སོགས་སུ་གུར་གུམ་དང་། ལེབ་བརྒན་རྩི་ཐ་དད་དུ་བཤད་པས་སོ། ༈ །ལ་པདྨ་། ལི་ཤི། འདི་རྒྱ་དཀར་ནག་གཉིས་ཀ་ལས་འབྱུང་། ལི་ཤི་བུམ་པ་ཅན་ནི་སྐེད་པ་བུམ་པའི་ལྟོ་བ་འདྲ་བ་དཀྱུས་མ་ལས་ཆེ་ཙམ་སྟེ་རྒྱ་ཡུལ་དུ་ཡོད། ལི་ཤི་སྨུག་ཅིང་སྲ་ལ་ལྕི། །འབྲུ་རྣམས་ཉམས་པ་མེད་པ་བཟང་། །ཞེས་པ་ནི་ལི་ཤི་ཤི་མ་སོང་བ་དང་། མདོག་སྐྱལ་དྲི་ཆུང་བ་ནི་དྲི་སྣུམ་གྱི་ཆེད་དུ་བརྩིར་བའི་རོ་མ་ལ་ཤི་སོང་བ་ཡིན་པས་ཞན། རབ་གནས་ཀྱི་ཆོ་གར་ཁྲུས་ཆས་དྲི་སྣུམ་ཞེས་བཤད་པའང་ལི་ཤི་སོགས་ལས་སྦྱར་བའོ། ༈ །ཨ་མྲ ནད་བྱེད་དེ། ཨ་འབྲས་ནི་ཨམ་ཞེས་ཤིང་སྡོང་ཆེན་པོ་ལྗང་ནག །འབྲས་བུ་ལྗང་གུ་སྨིན་ནས་སྔོ་ལྗང་དུ་འགྲོ་བ། རོ་ཤིན་ཏུ་མངར་སྐྱུར་དང་ལྡན་པ་ཞིག་ཡོད། དེ་ལས་རྒྱ་བལ་དུ་ཁཎྜ་བྱས་པ་ཡོད། དེང་སང་བལ་སྨན་གྱི་ཁྲོད་དུ་འབྱུང་བའི་སྐྱ་བོ་སྤུ་སོབ་རྩ་རིས་ཀྱི་རྣམ་པ་ཡོད་པ་འདི་ནི་དེའི་


JKT017_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ནང་རུས་སོ། །འཇང་སོགས་ནས་འབྱུང་བའི་ཤིང་ཏོག་སེ་ཞགས་ཆགས་པ་འདི་ནི། ཤིང་ཏེན་ཏུ་ཀའི་འབྲས་བུ་ཡིན་གྱི། ཨ་འབྲས་མིན་ནོ། ༈ །སྲ་འབྲས་ནི། ཀཱ་ཀ་ཛམྦུ༔ སྟེ་བྱ་རོག་ཛམྦུ་ཟེར་བའི་ཤིང་འབྲས་ཡིན། ༈ །ཀ་ར་ཛ༔ འཇམ་འབྲས་འདི་ལ་རིགས་མང་ནའང་། ཐམས་ཅད་ཀ་རཉྫའི་ནང་གསེས་ཡིན་པས། འཇམ་འབྲས་དང་། ཀ་ར་ནའི་གཅིག་གོ ༈ །བལླེཛཾ། ཕོ་བ་རིས་ནག་པོ་དང་། ཤི་ཀྲུ། ན་ལེ་ཤམ་དཀར་པོ་སྟེ་རིགས་གཉིས་ལས། ཕྱི་མ་འདི་བུད་མེད་ཀྱི་སྐྱེ་རྒྱུན་གཅོད་པའི་སྨན་མཆོག་ཅེས་འཕགས་བལ་གྱི་སྨན་པ་དག་བཤད། ༈ །པི་པུ་ལཱི། ཟུར་ཆག་པས་པི་ལིང་། འདིའི་རྩ་བ་ལ། པི་ལིང་མཱུ་ལ་ཞེས་དེང་སང་བོད་རྣམས་ཀྱིས་ཙི་ཏྲ་ཀ་བྱེད་རྒྱུའི་སྐྱ་བོའི་ཚིགས་མདུད་མང་པོ་ཅན་འདིའོ། །སྡོང་པོ་ནི། ཙི་ཏཿ ཟེར་བའི་སྐྱ་བོ་སུག་པ་འདྲ་ཚད་པ་ཞིག་ཡོད། འབྲས་བུ་ནི་པི་ལིང་སྟེ་དེ་ལྟར་ན་ཤིང་གཅིག་ལ་སྨན་གསུམ་འབྱུང་བ་ཡིན་ནོ། །སྤྱིར་པི་ལིང་ཕྲ་མོ་ཁ་དོག་སྔོ་ནག་འབྲུམ་པ་ཞིབ་མོ་མི་གསལ་བ་འདི་ལ་སྡུམ་ལྕགས་སྐུན་མ་དང་། དེ་ལས་ནག་པ་འབྲུམ་པ་ཡང་གསལ་བ་འདི་ལ་བྱི་རིལ་མ་ཟེར་བ་སྟེ་འདི་གཉིས་རིགས་གཅིག་དང་། ཡང་ཀ་རི་པིཔྲ་ལཱི། གླང་པོའི་པི་ལིང་ཞེས་མདའ་སྨྱུག་ཙམ་པ་མདོག་ཁམས་པ་འབྲུམ་པ་རྩིང་ཞིང་རོ་


JKT017_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པ་འདི་ནི། པི་ལིང་སྦོམ་པོ་སྟེ། འདི་གཉིས་རོ་ནུས་ཅུང་ཟད་མི་མཚུང་པས་ཟླ་ཟེར་སོགས་སུ་སྨན་སོ་སོར་མཛད། རྒྱ་ནག་ནས་འབྱུང་བའི་དབང་ཕྱོགས་པི་ལིང་ཞེས་གྲགས་པ་ནི་སྔ་མ་གཉིས་དང་རིགས་མཚུངས། ཀོང་པོ་སོགས་བོད་རོང་ནས་འབྱུང་བ་འདི་རྣམས་ཀྱིས་ཀྱང་ཚབ་རུང་བར་གསུངས་སོ། ༈ །ཤུཎཱི། སྨན་སྒ་ནི་སྒ་སྐམ་པོ། ཨཏྠ་ཀཾ། སྒེའུ་གཤེར་ནི་སྒ་རློན་པའོ། །བོད་རྣམས་སྒ་མདོག་སྐྱ་བོ་རོ་མི་ཚ་བ་དེ་ལ་ས་སྐྱར་བྱེད་ནས་མ་ནུ་བཞི་ཐང་སོགས་ལ་བཏང་བ་ནི་ནོར་བ་སྟེ། སྒ་ཕལ་པ་རོ་མི་ཚ་བ་འདི་རྒྱ་གར་བ་རྣམས་ཀྱིས་སྨན་ལ་བཏང་སྲོལ་མེད། མ་ནུ་བཞི་ཐང་སོགས་སུ་བཏང་རྒྱུ་ནི་སྒེའུ་གཤེར་ཉིད་དོ། ༈ །ཤིང་ཚ་ནི། རྒྱ་བལ་འཇང་རྒྱལ་རོང་སོགས་སུ་སྐྱེ་བའི་ཤིང་བོད་རྣམས་ཨ་གར་གོ་སྙོད་མར་བྱེད་པ་དེའི་ལྤགས་པ་སྟེ་ཇི་ལྟར་འཐུག་པ་བཟང་། སྲབ་མོ་ནི་ཤ་སྤྱོད་བྱེད་པ་ལས་སྨན་དུ་མི་གཏོང་། བོད་དག་སྲབ་མོ་ལ་ཤིང་ཚ་དང་འཐུག་པ་ལ་དོ་ཚར་བྱེད་པ་ནོར་བ་ཡིན་ལ། འདིའི་རིགས་གཅིག །ཤིང་པི་ལུ་སྟེ་ཤིང་རོ་ཚ་ཟེར་བ་ནི་བརྒྱད་པར། ཕྱི་ལུ་འབྲས་བུས་མཁྲིས་པ་བསྐྱེད། །བད་ཀན་རླུང་ནད་སེལ་ཞིང་འཁྲུ། །ཞེས་པ་དེའོ། ༈ །ཨེ་རཎཱ དན། འདི་སྡོང་པོ་ལྕམ་ལྡོང་འདྲ་བ་སྟོད་དམར་སྨུག་ཁོང་སྟོང་ཚིགས་ཐག་ཐུང་བ། ལོ་མ་ཡང་


JKT017_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལྕམ་ལོ་འདྲ་བ་རྩེ་མོ་ལྔ་དྲུག་བདུན་པ་ཁོ་ན་ཡོད་པ་སྟེ། རིགས་གཉིས་ཡོད། དན་རོག་འབྲས་བུ་དབྱིབས་རུ་སྦལ་འདྲ་བ་རུ་སྦལ་མ་ཞེས་གྲགས་པ་དེ་ནི་རྒྱ་ཡུལ་དུ་ལོ་མས་དར་གྱི་འབུ་གསོ་བའི་ཤིང་དར་ཤིང་ཟེར་བ་དེའི་འབྲས་བུ་སྟེ་དནྡ་དཀྱུས་མ་དང་མིང་གཅིག་གོ ༈ །བྲི་ཁཎྱ ནི་བལ་པོ་སོགས་སུ་ཞིང་གི་རིབ་མའི་དོན་དུ་བཙུགས་པའི་ཤིང་ཚེར་མ་ཅན་ལོ་མ་དང་མེ་ཏོག་མེད་པ་བཛྲ་དྷུསྟེ་རྡོ་རྗེའི་ཤིང་སོགས་སུ་གྲགས་པའི་འོ་མ་ལས་ཁཎྜ་བྱས་པ་སྟེ། ཟླ་ཟེར་སོགས་སུ་སྦྱོང་སྨན་ལ་ཚེར་མ་རྣོ་ཞིང་འོ་མ་མང་བ་དེ་བཟང་བར་བཤད། ཌ་མ་རུ་དྲྭ་བ་ཅན་གྱི་ཁ་ཤིང་ཡང་འདི་ལས་བཟོ་བར་བཤད་དོ། ༈ །བི་ཌརཿ ཟུར་ཆག་པས་བྱི་ཏངྒ། འདི་ངོ་བོ་འཁྲུལ་སོ་ཆུང་། ༈ །ཙནྡན་དཀར་པོ་ལ། མཱ་ལ་ཡར་སྐྱེ་བའི། གོ་ཤྲིནྟཾ། ས་མཆོག །སདྲེ་ལྔ། སྦྲུལ་སྙིང་སོགས་སུ་གྲགས་པ་ནི་དེང་སོང་མི་ཕལ་བའི་སྤྱོད་ཡུལ་དུ་མ་གྱུར་ལ། ད་ལྟ་རྒྱ་གར་ནས་འབྱུང་བ་འདི་རྣམས་ནི། ཡུལ་མལླ་ར་ནས་འབྱུང་ཞིང་། དེའང་དཀར་སེར་སྨུག་གསུམ་འབྱུང་ངོ་། ༈ །ཙནྡན་དམར་པོ་ནི་བལ་པོ་དང་ཉེ་བའི་ས་ཆ་རྣམས་དང་། རྒྱ་ཡུལ་འཇང་དང་ཉེ་བ་སོགས་སུའང་འབྱུང་། ཇི་ཙམ་མཁྲེགས་ཤིང་ལྕི་བ་བཟང་། སོབ་པ་ཞན་ནོ། ༈ །ཨ་གུ་རུ། ལྕི་མེད། དེ་ཟུར་ཆག་པས་ཨ་ག་རུ། འདི་ལ་རིགས་


JKT017_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས། ད་ལྟ་སྐྱ་སོབ་གསོ་མ་འདྲ་བ་ལ་སྨྱུག་མའི་རྩི་གཞོག་པ་འདྲ་བ་དང་། བསམ་པ་ཆུ་ནང་དུ་རུལ་བ་འདྲ་བ་འདི་རྣམས་རྒྱུ་གཅིག་ཅིང་ཨར་སྐྱ་ཞེས་ཟེར། དེ་ལས་སྔ་མ་བཟང་བར་བྱེད་མོད། གཙོ་ཆེར་བསྲེག་ན་དྲི་ཇི་ཙམ་བཟང་བ་རང་ལེགས། བོད་རྣམས་ཨར་སྐྱ་འདི་ལ། ཨ་གར་འབའ་ཞིག་ཅེས་བཏགས་པ་ནི། མདོ་རྣམས་ལས། ཨ་ག་རུ་ཁོ་ནས་བདུག་པའི་དོན་ལ་ཨ་ག་རུ་འབའ་ཞིག་གིས་བདུག་པར་བྱའོ། །ཞེས་འབྱུང་བ་མ་གོ་པའི་འོལ་ཚོད་ཙམ་མོ། །ཨར་ནག་ནི། ཕྱི་ཤུན་ལྤགས་ནག་པོ་ལ་ནང་སྨྱུག་མའི་རྩི་བཞོག་པ་འདྲ་བ་དེ་ལ་ངོས་འཛིན་ཏེ། ཤིང་དངོས་ནི་སྐྱ་སོབ་ཉིད་དོ། །ད་ལྟ་བོད་རྣམས་ཨར་ནག་མཆོག་ཏུ་ངོས་འཛིན་པ་རྒྱ་ཡུལ་ནས་འབྱུང་བའི་རྒྱ་སྐད་ཚིན་ཤང་ཞེས་ཟེར་བ་འདི་ནི། རྒྱ་གར་བ་རྣམས་ཙནྡན་སྦྲུལ་གྱི་སྙིང་པོ་རྒྱ་མཚོའི་རླབས་ཀྱིས་ཁྱེར་བ་ཡིན་ཟེར་སྲོལ་ཡོད། འབྱུང་ཁུངས་ནི་མཐའི་རྒྱ་མཚོའི་འགྲམ་གྱི་བྱེ་མའི་གསེབ་ནས་དོན། མཆོད་རྫས་སུ་བྱེད་ཅིང་རིན་པོ་ཆེའི་རིགས་ལྟ་བུར་འདོད་པ་ལས་ས་འདི་ན་སྐྱེ་ཞེས་ངེས་པ་མེད། ཤིང་རུལ་སོང་བའི་སྙིང་པོའི་རྣམ་པ་བྲག་རིའི་དབྱིབས་ཅན་མེ་ལ་བསྲེགས་ན་རོ་མེད་དུ་ཞུ་ཞིང་དྲི་བཟང་བ་ཞིག་འདུག །འདི་ནི་མགོན་པོ་བེར་གྱི་སྒྲུབ་སྐོར་དུ། ཙནྡན་སྦྲུལ་གྱི་སྙིང་པོ་ལོ་སྟོང་ས་ཞབས་སུ་སོང་


JKT017_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ཏུ་རུ་ཥཝའོ། །ཞེས་གསུངས་པ་དང་རྒྱ་ཡི་སྐད་ཆ་འདི་ཕྱོགས་མཚུངས་པར་རྟོག་གོ །ཡང་། མངའ་རིས་དང་འཇང་རྒྱལ་རོང་ས་ངན་སྡེ་དགེ་སོགས་སུ་སྐྱེ་བའི་ཤོག་ཤིང་གི་རིགས་མེ་ཏོག་རེ་ལྕགས་འདྲ་བ་སེར་ཁ་ཡོད་པ་རྩ་བ་དང་སྡོང་པོའི་སྙིང་པོ་ཁམས་ནག་དང་། ནག་པོ་དང་། སེར་ཤས་ཅན་མེར་བསྲེགས་ན་དྲི་ཞིམ་པ་སྣུམ་ཁོལ་བ་འདི་རྣམས་ཀྱང་ཨར་ནག་ཏུ་ངོས་འཛིན་པར་སྣང་། བོད་ཀྱི་སྨན་རྣམས་སུ་ཨ་གར་རིགས་གསུམ་དུ་ཕྱེ་བའི་ནང་གསེས། ཨ་གར་གོ་སྙོད་མ་ཞེས་གྲགས་པ་ནི། འཇང་རྒྱལ་རོང་འབོ་གངས་དཀར་ལྷོ་མོན་རོང་མཚམས་སོགས་སུ་སྐྱེ་བའི་ཤིང་སྡོང་ཆེན་པོ། ཨར་སྐྱ་དང་ཕྱོགས་འདྲ་ལ་ཁ་དོག་དམར་ཤས་ཅན་དང་ཁམས་ནག་ཀྱང་ཡོད་པ། གོ་སྙོད་ཀྱི་དྲི་བྲོ་བ། འཇང་སྐད་བསྲོ་བི་ཟེར་བ་སྟེ་ལྕོག་རྩེ་དང་གླེགས་ཤིང་སོགས་བཟོ་སྤྱད་དེའོ། །འདི་ལ་རྗེ་རང་བྱུང་པས། ཨ་གར་དམར་པོས་རླུང་ཚད་འཇོམ། །ཞེས་ཀྱང་གསུངས་སོ། ༈ །ཁ་དི་ར སེང་སྡེང་། འདི་ལ་རིགས་གསུམ་སྟེ། ཁ་དོག་ཤིན་ཏུ་དམར་པོ་བོད་རྣམས་ཙནྡན་སེང་སྡེང་དུ་བཏགས་པ་དང་། སྙིང་པོ་མ་གཏོགས་དཀར་པོ་ཅན་གསོམ་སེང་སྡེང་ཟེར་བ་དང་། བཤང་པའི་སེང་སྡེང་སྟེ་རྣམས་པ་གསུམ་མོ། ༈ །རྒྱ་སྐད། ཏ་ལའི། ཟུར་ཆག་པ་ད་ལིས་སྟེ། རྩ་སྡོང་ལོ་མ་མེ་ཏོག་ཀུན་


JKT017_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཀྱི་འདི་དང་མཚུངས་སོ། ༈ །ལཱཀྵ། རྒྱ་སྐག །ཐང་ཆུ་འདི་འབྱུང་བའི་ཤིང་གི་མིང་ལ། པ་ལ་ཤ། འདབ་ལྗང་། ཀིཾ་ཤུ་ཀ །ནེ་ཙོའམ་ཅི་ཞེས་གྲགས་པ་དེའོ། ༈ །ཞུ་མཁན་ལ་རིགས་གཉིས་ལས། ཤིང་སྡོང་ཆེན་པོ་ལྕང་མ་འདྲ་ཚད་པ་ལོ་མ་སྲབ་འཇམ་ནག་པ་ལ་ཞུ་མཁན་དཀར་པོ་དང་། ལོ་མ་འཐུག་ཅིང་ལྗང་ལ་གསེར་འོད་ཆགས་པར་ཞུ་མཁན་དམར་པོ་ཞེས་བཤད་དོ། །དེ་འང་ཞུ་མཁན་ནི་རྒྱ་སྐྱེགས་ཀྱི་ཁུ་བ་འདོན་བྱེད་དང་། སེང་ཕྲོམ་ནི། ལོ་མས་ཚོད་མ་འོང་པ། འབྲས་བུ་ལ་སྣུམ་ཡོད་པའི་སྔོ་སྡུམ་འོ་མ་ཅན་ཞིག་ལ་ངོས་འཛིན་པོ་པས་ཐ་དད་པར་བཞེད་དོ། ༈ །དེ་བ་ད་རུ ལྷ་ཤིང་ནི་བོད་ཀྱི་ཤུག་པ་འདི་ཁོ་ན་ཡིན་ཅིང་། རྒྱ་བལ་སོགས་སུ་མི་སྐྱེ་པས་བལ་པོའི་རྒྱལ་པོའི་སྐྱེད་ཚལ་དུ་བསྐྱེད་ཤིང་ཤུག་སྡོང་གཅིག་འདུག་པའང་ཡ་མཚན་ཆེན་པོ་བྱེད་ཅིང་འདུག་ཅེས་གསུངས་སོ། །མན་རྒྱུད་སོགས་སུ་ཐང་ཤིང་ཞེས་གསུངས་པའང་འདི་ཀའོ། ༈ །ཡང་བརྒྱད་པ་སོགས་སུ། ཤུག་པ་དང་དེ་བ་དཱ་རུ་སོ་སོར་བྱས་ཏེ། པདྨ་ཀ །པདྨ་ཅན། ཧེ་མ་པདྨ། གསེར་གྱི་པདྨ། ཀ་ལ་ཤ །བུམ་པ་ཅན། དེ་བ་དཱ་རུ་ནི་ཐང་ཆུའི་ཤིང་སྟེ། ཡལ་ག་ལོ་མ་འབྲས་བུ་ཐམས་ཅད་ཐང་ཆུའི་རང་བཞིན། ཅུང་ཟད་རེག་ནའང་ཐང་ཆུ་འགོས་པ། ལོ་མ་སྤུའི་རྣམ་པ་ལྗང་སེར་


JKT017_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ། འབྲས་བུ་མཐོ་རེ་ལྷག་ཙམ་ཤིང་གི་པད་བརྩེགས་ནང་དུ་ཚིག་གུར་རིལ་ཙམ་སུམ་ཀྱོག་གི་ནང་དུ་སྟར་ག་ལྟ་བུར་ཞིམ་པའི་རྐང་མར་ཡོད། འདིའི་ཐང་ཆུས་གཤའ་དང་ཞ་ཉེའི་འབྱར་རྩི་བྱེད། འདིའི་རིགས་འབྲས་བུའི་རྐང་མར་མེད་པ་དེ་ལ་སྒྲོན་མེ་ཤིང་ཞེས་གྲགས་སོ། ༈ །པི་ཏ་དུ༔ ཤིང་སེར་སྟེ་སྐྱེར་པ་ནི། རྒྱ་བལ་དང་འཇང་དང་རོང་རྣམས་སུ་སྐྱེ་བ་ཤིང་སྡོང་ཆེན་པོ་ལོ་མ་ཁ་བྲག་ཅན་ཚེར་མས་ཁྱབ་པ། བར་ཤུན་སེར་པོ་སོར་དོ་ཙམ་ཡོད་པ་སྟེ། བོད་ཀྱི་འདིས་ཀྱང་ཚབས་རུང་ངོ་། ༈ །ནིམྤ་ནི་ཤིང་ཕྲན་འབྲས་བུ་ལ་ཕལ་སྐད་སིནྡྷོ་ལ་ཟེར་བ། ཚ་ལུམ་འདྲ་བ་སེར་པོ། ལོ་མ་ལྗང་སེར་ཕྱི་ཅུང་ཟད་སྣུམ་ལ་ཆེར་མ་ཐོར་ཙམ་ཡོད་པ་རོ་ཤིན་ཏུ་ཁ་བ་ཞིག་སྟེ། རྒྱ་ནག་ལས་འབྲས་བུ་ལ་མཆི་མ་ཕྲིས་ཟེར་རོ། ༈ །མཉྫའི་། ལེགས་གནས་སོགས་སུ་གྲགས་པའི་བཙོད་ནི་ངོས་འཛིན་སླ་བ་ཉིད་དོ། ༈ །པནྠད་ནཱི། བེའུའི་ཟས་སོགས་སུ་གྲགས་པའི་སླེ་ཏྲེས་ནི་རྒྱ་བལ་དང་རོང་མཚམས་ཕལ་མོ་ཆེར་སྐྱེ་ཞིང་འཁྲུལ་སོ་ཆུང་། ༈ །ཀཎཱཀ་འདི་ཊ་སྡེའི་དང་པོ་བཟློག་ཅེས་སྣང་རི། ཚེར་མ་ཅན་དང་། བྱ་གྷི། སྟག་ཚེར། བྲྀ་ཧ་ཏི། ཡངས་མ་སོགས་སུ་གྲགས་པ་ནི། ད་ལྟར་ངོས་འཛིན་པ་འདི་མ་འཁྲུལ་བ་ཡིན། ༈ །ག་ཐ་ནི། སིདྷ་ཀཎྜ་ཀ །སེང་ཚེར་ཞེས་པ་སྟེ་བལ་ཡུལ་


JKT017_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སུ་སྐྱེ། འབྲས་བུ་སེར་པོ་སེ་བའི་འབྲས་བུ་འདྲ་རུང་བ་རོ་སྐྱུར་ཤས་ཅན་གྱི་ཤིང་ཕྲན་ཞིག་སྟེ། བོད་དུ་ངོས་འཛིན་པ་འདི་དག་ཀྱང་གཡུ་ཐོག་བྱང་ཟུར་བཅས་ཀྱིས་བཞེད་པས་ཚབས་རུང་གི་ནུས་པ་ཕྱོགས་མཚུངས་ཡིན་འདྲ། ༈ །ཙིཏྲ་ཀ་ནི། ཤིང་ཕུང་ལོ་མ་དང་སྡོང་པོ་ཐམས་ཅད་དམར་ཞིང་རོ་ཚ་བ་ཞིག་ཡོད། འདི་སུ་རུ་པཉྩ་ལ་ངོས་འཛིན་པ་དང་། པི་ལིང་གི་རྩ་བ་སོགས་ལ་འཆད་པ་ནི་ནོར་བའོ། །པི་ལིང་དང་། དེའི་རྩ་བ་དང་། དབྱི་མོང་དང་། ཙི་ཏྲ་ཀ་དང་། དོང་གྲ་རྣམས་ནི་ཚ་བ་ལྔའོ། ༈ །བེ་ཏ་ས། སྒྱུར་པོ་ཞེས་གྲགས་པ་ནི། ཟླ་ཟེར་དང་བྱེ་རྟོགས་སུ་ཏ་ཏུར་བསྒྱུར་བ་ཡང་དངོས་མིན་རུང་ནུས་པ་མཚུངས་སོ། ༈ །དཱ་ཌི་མ སེ་འབྲུ་ནི་འཁྲུལ་སོ་ཆུང་། ༈ །ཤིང་རོ་ཧི་ཏ་སྟེ་སྐྱེད་བྱེད་དུ་གྲགས་པ་ནི། བལ་པོའི་སེའུ་ཞེས་པ་སྟེ། ཤིང་ཕུང་དབྱིབས་བསེ་ཡབ་དང་མཚུངས་པ། འབྲས་བུ་དང་པོ་ནས་མངར་བ་དང་། སྨིན་ནས་མངར་བ་དང་། སྨིན་ནས་ཀྱང་སྐྱུར་པོར་གནས་པའི་རིགས་གསུམ་ཡོད་ཅིང་། གསུམ་ཀའི་མེ་ཏོག་ནི་དམར་པོ་ཁོ་ནའོ། །རྒྱུད་སྡེ་རྣམས་ལས་བལ་པོའི་སེའུ་སྨི་གུས་འབྲི་བར་གསུངས་པ་སོགས་ཀྱང་འདི་ཁོ་ན་སྟེ། མ་རྙེད་ན་འོ་སེའི་ཤིང་གིས་ཚབས་རུང་བར་བྱེད་དོ། ༈ །མྲྀཊི་ཀཿ ཞིམ་ཤིང་སྟེ་རྒུན་འབྲུམ་ལ། ད་ལྟ་


JKT017_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྒུན་དཀར་རམ། ས་རུ་ཤི་ཀའམ། འབའ་ཤོའི་རྒུན་འབྲུམ་དུ་གྲགས་པ་འབྲས་བུ་ཆུང་ངུ་ཅན་རུས་པ་མེད་པ་འདི་མཆོག །ཁམས་ཀྱི་ཚ་བ་སྒོང་སོགས་ནས་འབྱུང་བའི་དམར་པོ་དཀར་ཤས་ཆེ་བ་རོ་མངར་བ་ཉིད་རབ། དམར་སྨུག་སྐྱུར་ཤས་ཆེ་བ་འབྲིང་། རྒྱ་ཁ་དང་དྭགས་པོ་སོགས་ནས་འབྱུང་བའི་སྔོན་པོ་ནི་དམན། ས་རུ་ཤི་ཀ་ནི་ནུས་པ་བསིལ་ཞིང་། གཞན་རྣམས་དྲོ་བའོ། ༈ །བོ་སོ་ཆ་ནི། དབང་སྡུད་ཀྱི་སྐབས་རྣམས་སུ། མ་ད་ན་ཕ་ལསྟེ་མྱོས་བྱེད་ཀྱི་འབྲས་བུ་ཟེར་བ་དེ་ཡིན། དེའང་འབྲས་བུ་སེར་པོ་ལུང་ཏང་གི་འབྲས་བུའི་ཤུན་པ་འདྲ་བ་སུལ་མོ་ཅུང་ཟད་ཡོད་པ་ནང་ཚིག་གུ་སེ་འབྲུ་འདྲ་བ་ཞིག་ཡོད། ཚད་རོང་རྣམས་སུ་སྐྱེ་བའི་ཤིང་རྒན་མཁྲེགས་པོ་ཞིག་གི་འབྲས་བུའོ། །གཞན་དག་ལུང་ཏང་གི་འབྲས་བུའི་ཤུན་པ་ལ་བྱེད་པ་དང་། སྟག་མའི་ཉུང་མ་སོགས་ལ་བྱེད་པ་ནི་ནོར་བ་ཁོ་ནའོ། །ཕྱི་མ་འདི་སྲིན་ལ་ཤིན་ཏུ་ཕན་པ་ཞིག་ཡིན། སྐྱུགས་པའི་ནུས་པ་ནི་མེད་དོ། ༈ །ཏིནྟཊི་ཀམ། བསེ་ཡབ་ནི། ལོ་མ་ཆེ་ཞིང་མེ་ཏོག་དཀར་པོ་ཅན་འབྲུ་ཧྲིལ་པོ་རོ་སྒྱུར་ལ་མངར་ཤས་ཡོད་པ་དེ་ཡིན་ལ། མི་རྒན་ཨ་མཆོག་ཏུ་གྲགས་པའི་ཀུ་ཤུའང་རིགས་གཅིག་སྟེ། བརྒྱད་པར། ཀུ་ཤུ་རྣམ་གཉིས་ལྕི་བ་སྟེ། །མངར་བསིལ་སྐྱུར་བ་ཚ་བ་ཡིན། །ཅེས་སོ། །དེའང་བསེ་ཡབ་ལ་


JKT017_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཆེ་ཆུང་རིགས་གཉིས་དང་། ཀུ་ཤུ་ལའང་མངར་སྐྱུར་གྱི་རིགས་གཉིས་ཡོད། ༈ །གླ་གོར་ཞོ་ཤ་ནི། ཤིང་། ཌོ། སྟེ་འཁྲུལ་ཤིང་དུ་གྲགས་པའི་འབྲས་བུ། ཨུངྒེ་གམ། རབ་བསྐྱོད་དུ་གྲགས་པ་སྟེ་ངོ་བོ་འཁྲུལ་སོ་ཆུང་། ༈ །ཨ་རི། ལུང་ཏང་སྟེ། འདི་ལ་ནག་པོ་དམར་ངམ་ཅུང་ཟད་ཡོད་པ་ཞིག་དང་། པདྨ་རཱ་ག་ལྟར་དམར་སྨུག་གཉིས་ཡོད། ཤུན་པའི་ཕྱེ་མའི་དུ་བ་སྣ་ནས་རྔུབ་པས་ཡ་མ་དང་སྲིན་ལ་ཕན། ཆུ་ལ་སྦངས་པའི་ཁུ་བས་ཟངས་ཀྱི་གཡའ་ཆོད་པར་བྱེད། རྣམ་སྲས་སོགས་ཀྱི་བགྲང་ཕྲེང་ལ་འབྲས་བུ་དམར་འདི་ལ་གབ་མིང་དུ་རི་བོང་མིག་ཞེས་བཤད་པས་པོ་དེ་ལེགས་སོ། ༈ །ཤྲཱི་ཕ་ལཿ དཔལ་འབྲས་ཏེ། ཤིང་ཏོག་བིལྔ་ནི་མིང་བཀྲ་ལེགས་པས་བཀྲ་ཤིས་པའི་རྫས་སུ་བྱེད། འདི་ནི་ཤིང་སྡོང་ཆེན་པོ། ཡལ་ག་རྩུབ། ལོ་མ་ཕྱི་ནང་རི་མིག་བདུན་པ་སོགས་ཀྱི་གཙོ་བོའང་འདི་ཀའོ། །ཐམས་ཅད་དང་། འབྲས་བུ་ལྗང་གུ། སྨིན་ནས་ཅུང་ཟད་དམར་སེར་དུ་འགྲོ་བའོ། ༈ །བིཝ་དང་ཕྱོགས་འདྲ་ཀ་པི་ད་ནི་སྐྱུགས་པ་འཇོམས་པར་བྱེད་པའི་སྨན་སྟེ། འདི་ཀུ་པ་ལ་ངོས་བཟུང་བ་སྣང་ནའང་མ་ངེས་ཏེ། ཀུ་བ་ནི་སྐྱུགས་སྨན་དུ་བཤད་པའི་ཕྱིར། ༈ །བརྒྱད་པ་དང་། སྨན་རྒྱུད་ལས་ཀྱང་གསུངས་པའི། པྲ་ཐཀྲ་ཎི། ལོ་མ་ཐ་དད་ཅེས་པ་ནི། ཤིང་སྡོང་ཆེན་པོ་ལོ་མ་


JKT017_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ངུ་ཁ་དོག་སྣ་ཚོགས་པ་ཞིག་ཡོད། ནང་གསེས་སུ། ཙ་ཀི་ལི་ཡཱ་དང་། ཀ་ཊ་རཱ་ཟེར་བ་གཉིས་ཡོད་དོ། ༈ །སཱ་ལ་པཎྜི་སྟེ་སྤོས་དཀར་ཤིང་གི་ལོ་མ། འདི་སྡོང་པོ་ཤིན་ཏུ་ཆེ་བས། གསུང་རབ་རྣམས་སུ་མཐོ་བའི་ཚད་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞེས་གསུངས་བ་དེའོ། ༈ །རྒྱ་ནག་སྐད་དུ། ཀཱ་ཝ། ཟུར་ཆག་པས་ཀུ་བ་ནི་རོང་མཚམས་རྣམས་སུ་སྐྱེ་བའི་འཁྲིལ་ཤིང་ཞིག་སྟེ་འབྲས་བུ་ཆུ་སྣོད་སོགས་རུང་བ་ཕྱག་ཚང་ཀུ་བ་ཞེས་པ་དེའོ། །འདིའི་འབྲས་བུ་གསེར་མེ་འདྲ་བ་དེ་བོད་ཁ་ཅིག་གསེར་ཕུད་དུ་འདོད་ཀྱང་ནོར་བའོ། ༈ །ཡང་། ཀུ་བ་དེ་འདྲའི་རིགས་ཕལ་སྐད་བཱདཱི་ཟེར་བའི་འཁྲི་ཤིང་ཞིག་གི་འབྲས་བུ་བཟར་རུང་བ་མངའ་རིས་སོགས་སུག་གོན་ཟེར་བའི་མིང་བརྒྱད་པ་སོགས་སུ། བེ་ཤ་ལཱ། དང་བརྡ་རྙིང་པར། བྱི་ཤ་ལ་ཟེར་བ་ཡོད། ༈ །བི་ཏུན་ཀཾ །འུ་སུ། འདི་ལ་མེ་ཏོག་གིས་དབྱིབས་དཀར་སེར་གཉིས་ཡོད་ཀྱང་ནུས་པ་འདྲ། འདིའི་གཅིག་ཤོས་ཤུ་ཏི་ཡིན་པར་འདོད་པ་ནི་ནོར་བ་སྟེ། ཤུ་ཏི་ཞེས་གོ་སྙོད་ཀྱི་དངོས་མིང་ཡིན་ནོ། ༈ །སོ་མ་རཱ་ཛི་པྲ། ཟླ་གསལ་སྟེ། རྒྱ་བལ་ནས་འབྱུང་ཞིང་འབྲས་བུ་གོ་སྙོད་ཕྱོགས་འདྲ་ལ་སྣེ་མོ་གཉིས་ཆེ་ཞིང་གུག་པ་སོབ་སོབ་གྱི་རྣམ་པ་གོ་སྟོད་ལས་ཆེ་ཙམ་ཡོད། །ད་ལྟའི་ནག་པོ་མཁལ་དབྱིབས་འདི་ནི་ཚབས་རུང་ཡིན་ན་མ་


JKT017_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་དངོས་ནི་མིན། ༈ །ཛཱི་ར་ཀཱ། ཟུར་ཆག་པས་ཟི་ར་སྟེ་ཟི་ར་དཀར་པོ་དང་། ཀྲྀཥཱ་ཛཱི་ར་ཀཿ ཟི་ར་ནག་པོ་སྟེ་སྔ་མ་ཤེས་སླ། ཕྱི་མ་ཟི་ར་དཀར་པོ་འདྲ་རུང་ལ་སྣེ་གཉིས་སྦོམ་པ། །མདོག་ནག་པོ་ཞིག་ཡོད་པ་དེ་ཡིན་གྱི། ནག་རྩུབ་ཟུར་གསུམ་པ་འདི་ནི་མིན་ནོ། ༈ །ནཱ་ག་པུཏྤ་ནི་ཀླུ་ཤིང་གི་མེ་ཏོག །ནཱ་ག་གེ་སར་ནི་དེའི་ཟེ་འབྲུའོ། །དེ་ལ་ཤིང་སྡོང་ཆེན་པོ་ལོ་མ་ཕྲ་ཞིང་ཕྱི་ལྗང་ནག་ཤིང་དངོས་སྐྱ་ནག་ཤིན་ཏུ་མཁྲེག་པ་སྟེ་བལ་ཡུལ་སོགས་སུ་སྐྱེ། ད་ལྟ་བོད་རྣམས་ཀྱིས་གེ་སར་སུམ་ལྡན་དུ་བྱེད་པ་འདི་ནི་ཤིང་ཤལྤ་ལིའི་གེ་སར་རོ། ༈ །ཨུཏྤལ་ཆུ་ནང་སྐྱེས་པ་སྨན་དུ་གཏོང་རྒྱུ་དང་རིར་སྐྱེས་པའི་ཤིང་ཕྲན་བུམ་རྫས་སོགས་ལ་འགྲོ་བ་སྟེ་རིགས་གཉིས་ཡོད། སྔ་མ་སྤྱིའི་མིང་། ཨུཏྤ་ལཾ། སྟེ་སྟེང་འཐུང་སོགས་དང་། བྱེ་བྲག །རྒྱ་བལ་འཇང་ཡུལ་སོགས་སུ་མཚོ་རྫིངས་སུ་སྐྱེ་བའི་མེ་ཏོག་སྔོན་པོ་ལི་སྡེར་འབྲིང་པོ་ཙམ་རེ་ཡོད་པའི་མིང་། ཆུ་སྐྱེས་སྔོན་པོ་དང་དཔལ་དགའ་སོགས་སུ་བཤད་ཅིང་། ཡང་མེ་ཏོག་དཀར་པོ་ལི་སྡེར་འབྲིང་པོ་ཙམ་བཤང་གི་རྣམ་པ་ཅན་ལ་པདྨ་དཀར་པོ་དང་། འདབ་བརྒྱ་པ་སོགས་ཟེར། དེ་དང་འདྲ་བའི་མདོག་དམར་པོ་ལ། ཆུ་སྐྱེས་དམར་པོ་དང་། དུར་པ་སྒྲ་འབྱིན་སོགས་མིང་གི་མངོན་བརྗོད་ཅན་ནོ། །ཨུཏྤལ་གེ་སར་དང་། པདྨའི་གེ་སར་


JKT017_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའང་མེ་ཏོག་འདི་རྣམས་ཀྱི་གེ་སར་ཏེ། མདོག་ཁམས་ནག་མུ་ལེ་ཧྥུ་ཤིང་གིས་རྩ་རྒྱུས་གཏུབ་པ་འདྲ་བ་དེ་པདྨའི་གེ་སར་དང་། དེ་ལྟ་བུ་ལ་སྐྱ་ཞད་ཡོད་པ་ལ་ཨུཏྤལ་གེ་སར་ཞེས་བཞེད། ད་ལྟ་ཙ་རི་རོང་དང་སྡེ་དགེ་སོགས་སུ་སྐྱེ་བའི་མེ་ཏོག་སྔོན་པོ་འདིས་ཨུཏྤལ་སྔོན་པོའི་ཚབས་བྱེད་པ་གཡུ་ཐོག་བཀྲ་ཤིས་ཀྱི་ལུགས་ཡིན་ཅིང་། དེ་ལྟར་ན་གའུ་རྐྱང་ཤོག་ལ་ཨུཏྤལ་དཀར་པོ་དང་། ཤེའུ་དར་སྒེ་དར་ལ་ཨུཏྤལ་དམར་པོའི་ཚབས་ཀྱང་རུང་དགོས་སོ། །ཀོང་པོར་ཆུ་ནང་ནས་སྐྱེ་བའི་མེ་ཏོག་ཐང་ཕྲོམ་མེ་ཏོག་འདྲ་རུང་ཞིག་ལ་པདྨ་དཀར་པོའི་ཚབས་བྱེད་པར་གསུངས་སོ། ༈ །བརྒྱད་པ་སོགས་སུ་སྨན་ལ་འགྲོ་བའི་པདྨ་དཀར་པོའི་རྩ་བ་ནི་ཆེན་པོ་ཞིག་ཡོད་པ་བཟར་རུང་ཞིང་། དེའི་མིང་། ཀ་ར་ཧཱ་ཊ༔ པདྨའི་རྩ་བ་སོགས་བཤད་དོ། ༈ །དུ་མོཏྤལ༔ སྟེ་ཨུཏྤལ་ཤིང་ལས་སྐྱེས་པའི་ནགས་ཀྱི་ཨུཏྤལ་ནི་རྒྱུད་སྡེ་རྣམས་ནས་བུམ་རྫས་སུ་བཤད་པའི། དཎོཏྤལསྟེང་བྱུག་པའི་ཨུཏྤལ་ཞེས་བྱ་ལ། དེའི་མིང་། ཨིནྡྲི་པ་ར། དཔལ་དགའ། ཡུ་པཱ་ལ། གཞན་སྐྱོང་སོགས་མིང་གི་རྣམ་གྲང་མང་ངོ་། ༈ །ཙམྤ་ཀ །ཟུར་ཆག་ཙམ་པ་ཀ་ཞེས་པ་ནི། རྒྱ་གར་དང་བལ་པོར་ཡང་སྐྱེ་བའི་ཤིང་སྡོང་ཆེན་པོ། མེ་ཏོག་སེར་པོ་དང་། དཀར་སེར་ཆེན་པོ་གཞོན་ནུའི་དུས་དྲི་བསུང་བཟང་པོ་ཅན་ཞིག་སྟེ། །


JKT017_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གི་རྣམས་གྲངས། ཧེ་མ་པུཏྤ་ཀཿ གསེར་གྱི་མེ་ཏོག །གནྡྲ་ཕ་ལཿ དྲི་འབྲས་ཅན་སོགས་སོ། ༈ །སྐེ་ཚེ་མིང་གཞན་སྦྲིད་སྐྱེད་ཞེས་པ་སྟེ། རྒྱ་བལ་ནས་འབྱུང་བའི་སྤྲིད་པ་བྱེད་མཁན་ཞིག་ཡོད་ཅིང་། བོད་ཀྱི་ཞིང་གསེབ་ཏུ་སྐྱེ་བ་འདི་ནི་དཔལ་ལྡན་རྒྱུད་དུ་བཤད་པ་དེ་ཡིན་དགོས། ༈ །ཡུངས་དཀར་ནག་གཉིས་ཀའི་སྤྱི་མིང་དུ། སར་པ། དཔལ་ཁ་སོགས་དང་། ཡུངས་དཀར་གྱི་སྒེར་མིང་དུ། སིདྡྷམཿ དོན་གྲུབ་ཏེ་མིང་བཀྲ་ལེགས་པས་བཀྲ་ཤིས་པའི་རྫས་སུ་བྱེད། མན་ངག་གི་རྫས། ཡུངས་དཀར་རྒྱལ་པོ་ཤ་རི་རམ། །ཞེས་པས་འབྲུ་ཆེ་ཞིང་ཁྲོ་ཞལ་གྱི་རྣམ་པ་ཡོད་པ་སྟེ། ཡུངས་དཀར་ཁྲོ་ཞལ་ཅན་ཞེས་ཀྱང་གྲགས་སོ། ༈ །ཨ་ཏ་སཱི། ཟར་མ་ནི་ཤེས་སླ། ༈ །ཤུཏི༔ གོ་སྙོད་དེ། འདི་ནི་གོ་སྙོད་ཀྱི་དངོས་མིང་ལས་ཤུ་ཏི་ཞེས་འུ་སུའི་རིགས་དང་། སྤྲ་འབྲུ་སོགས་ལ་ངོས་འཛིན་པ་ནི་ནོར་བའོ། ༈ །ལ་ལ་ཕུད་ནི། ཟི་ར་དཀར་པོ་འདྲ་བ་ལེབ་མོ་སུལ་རིས་ཅན་དབྱིབས་སྒུར་བ། ཆེ་ཆུང་ཏིལ་འབྲུ་ཙམ་པ་རོ་ཚ་ལ་དྲི་མ་ཤིན་ཏུ་ཆེ་བ་ཡོད། ནང་གསེས་རིགས་གཉིས་ཡོད་ཅིང་། ཏི་མུ་པའང་འདིའི་སྡེ་ཚན་སྟེ། ཀྵེ་ཏྲ་ཡ་མཱ་ནཱི་ཞེས་ཞིང་གི་ཨ་ཟ་མོར་གྲགས་པ་དེའོ། །ཡང་། ཁུར་ས་ཞེས་པའི་ལ་ལ་ཕུད་ནི་རྒྱ་ཐང་ཕྲོམ་གྱི་འབྲས་བུ་འདྲ་བ་སྲིན་བདུག་


JKT017_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་སོ་སྲིན་ལ་ཕན་པར་བཤད། ༈ །རས་འབྲས་ཞེས་པ་ནི་ཤིང་ཕྲན་ཕྲ་མོ་སྐྱ་བོ་གླང་མའི་རིགས་ཤིག་སྟེ། ཞིང་ལ་འདེབས་པའི་གོང་བུའི་ནང་ནས་རས་བལ་དང་འབྲས་བུ་འབྱུང་བ་དེ་ཀའོ། ༈ །དུག་མོ་ཉུང་ནི། ཤིང་ཕྲན་འཁྲིལ་ཤིང་གི་རིགས། གོང་བུ་དང་ས་བོན་བོད་ཀྱི་འདི་འདྲ་བ་ཆེ་བ་ཞིག་ཡོད། འདིའི་མིང་། ཨིནྡྲ་ཡ་པ་ནཾ། དབང་པོའི་ནས་ཞེས་པ་ཟུར་ཆག་པས། ཨིནྡྲ་ཡོབ་དང་། དེའང་ཟུར་མ་ཕྱིན་པ། ཨིནྡྲ་འཇོབ་ཞེས་ལྷན་ཐབས་སུ་བྲིས་པ་དེའོ། ༈ །ཨཱ་རག་པ་དྷ༔ དོང་ག་ནི་ཡོངས་གྲགས་འདིའོ། ༈ །མ་ནུ་པ་ཐ་ནི། དངོས་མིང་ལེགས་སྦྱར་དུ། པཱ་ཁཱ། །ཞེས་ཡོད་པ་ཟུར་ཆག་པས་པ་ཏྲ། དེ་ལ་བོད་རྣམས་ཀྱིས་མ་ནུ་པ་ཏྲ་ཞེས་རྒྱ་བོད་ཀྱི་སྐད་གཉིས་ལྡན་དུ་སྨྲས་པ་ཡིན་གྱི། པ་ཏྲ་ལོ་མར་འདོད་པ་འཁྲུལ་ཞིང་། མ་ནུ་རྒྱ་སྐད་ལེགས་སྦྱར་ཡིན་རྒྱུར་བྱས་ནས་ཤེད་ཅན་སོགས་སུ་བསྒྱུར་བ་ནི་བླུན་གཏམ་ཟང་མའོ། ༈ །པུཀྐ་ར་མཱུ་ལོ། རྫིང་བུའི་རྩ་བ། འདི་མ་ནུའི་རིགས་དབྱིབས་རྟ་མགོ་རུལ་པ་འདྲ་བ་སོབ་པ་དྲི་ཤིན་ཏུ་ཞིམ་པ་ཞིག་ཡོད། ཟུར་ལུགས་ཁམས་ཀྱི་རུ་རྟ་ལ་མཛད་པ་ནུས་པ་མཐུན་རུང་དུ་མངོན། ༈ །རུ་རྟ་དངོས་རྒྱ་གར་ནས་འབྱུང་བ་ནི་ཁམས་དང་རོང་མཚམས་སུ་སྐྱེ་བ་འདི་རྣམས་དང་དབྱིབས་འདྲ་ལ་རྩ་བ་ཤིན་ཏུ་ཆེ། ལོ་མ་


JKT017_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་རུས་འདྲ་བ་ཙོག་པུར་སྐྱེ་བ་ཡོད། ༈ །ཤ་ཏ་མཱུ་ལཱི། རྩ་བ་བརྒྱ་པ་སྟེ་ཉེ་ཤིང་ནི། རྒྱ་གར་དུ་ཤིང་གི་རིགས་ཆུང་ཆུང་ཚེར་མ་ཕྲ་མོ་ཅན་རྩ་བ་རིལ་མ་ཕྲེང་བར་བརྒྱུས་པ་ལྟ་བུ་ཡོད། །༈ །ཨ་ཤྭ་གནྡ། སྟེ་རྟ་ལི་དྲི་ཅན། འདི་བོད་རྣམས་ཀྱིས་བ་སྤུར་བཞེད་ཀྱང་བརྒྱད་པ་རྩ་འགྲེལ་སོགས་ལས་དེ་གཉིས་སོ་སོར་བཤད། དེའང་བ་སྤུ་རིགས་གཉིས་ཀྱི་མེ་ཏོག་དཀར་པོ་ཅན་ལ། །མིང་། པཱུརྦ་ན་པ༔ སྟེ་སླར་དགུ་སོགས་སུ་བཤད་པ་དང་། མེ་ཏོག་དམར་པོ་ཅན་ལ། བེ་ཤ་ཀ །འཇུག་བྱེད་སོགས་སུ་བཤད་དོ། ༈ །རཀྟ་ནིརྩི་ཥ སླར་དུག་དམར་པོ་སྟེ་བོང་དམར་ནི། རྒྱ་བལ་ལྷོ་མོན་ཙཱ་རི་རྣམས་ནས་འབྱུང་བ། རྩ་བ་ལ་ཕུག་འདྲ་བ་མཐེ་བོང་ནས་ལུག་རིལ་ཙམ་གྱི་བར་ཅི་རིགས་པ་དང་། བཅད་ན་འོད་དང་བཅས་འཁྲེག་ཅིང་སྔོ་བ་དེ་བཟང་། དེ་ལས་ཆེ་ཞིང་ནག་ངོམ་འབྱུང་ཁུངས་འདྲ། དབྱིབ་མཐེ་བོང་ལྟ་བུ་མདོག་སེར་རོ་ཤིན་ཏུ་ཁ་བའོ། ༈ །བོང་ནག་ནི། མི་རྒྱུ་བའི་དུག་གི་གཙོ་བོ་སྟེ། རྒྱ་བལ་ནས་འབྱུང་བ་ནི་མདོག་ནག་པོ་རོ་མངར་ཞིག་སྤྲིད་ཁ་ཡོད་པ་ཞིག་ཡོད། འདི་བརྒྱད་པ་རྩ་འགྲེལ་སོགས་ལ་སྨན་དུ་མ་གསུངས། རྒྱ་ནག་གི་སྨན་གཞུང་རྣམས་སུའང་དུག་ཕྲལ་བ་ལས་རྒོད་པོར་སྨན་ལ་སྦྱར་


JKT017_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་བཤད་ཀྱང་། བདུད་རྩི་བུམ་བ་ཆེ་ཆུང་དང་། རྫ་རོང་བྷི་ཡི་སྨན་པ་ཉི་འོད་གསལ་གྱི་གཏེར་བྱོན་བདུད་རྩི་ཐིག་པ་དང་། གྲྭ་མངོན་གཏེར་མ་དཔལ་ལྡན་རྒྱུད་ཀྱི་ཁྱུང་ཆེན་སྦྱོར་བ་སོགས་ལས་རྒྱས་པར་འབྱུང་ཞིང་། དེ་ལའང་རིགས་གསུམ་ལས། དཀར་པོ་ནི། བོང་ཚད་ཆེར་མི་སྐྱེ་བ་མེ་ཏོག་སྔོ་སྐྱ་དང་རྩ་བ་དཀར་པོ་ཅན་དེའོ། །སེར་པོ་ནི། མེ་ཏོག་སེར་ཞད་ཅན་རྩ་བ་སེར་པོ་འབྲི་ཚིལ་འདྲ་བ། འདི་ལ་ཙན་དུག་དང་། འབྲི་ཚིལ་མ་སོགས་ཟེར། ནག་པོ་ནི། མེ་ཏོག་སྔོ་ནག་རྩ་བའང་ནག་ཁྲེབ་སེ་བ་སྟེ། བི་ཥ་ཧ་ལ་ཟེར། སྤྱིར་ཕྱི་ནང་གསང་བའི་འཛིན་པའི་དབྱེ་བ་སོགས་ཡོངས་གྲགས་ལྟར་དང་། དེ་རྣམས་ཀྱི་མྱུ་གུ་སོར་བཞིའི་ཚད་ལ་སྤྱིར་བཏང་བདུད་རྩི་ལོ་མ་ཟེར་རོ། ༈ །ཨ་ཏི་བྷི་ཥ་ནི་དབྱིབས་སུག་པ་སྐམ་པོ་འདྲ་བ། བཅག་མཚམས་བཙན་དུག་ལྟ་བུ་ལས་ཅུང་ཟད་སྨུག་ཉམས་ཅན། རོ་མངར་ཤས་ཡོད་པ། བཟི་མེད་པའོ། ༈ །ར་དུག་དམར་པོ་ནི། བཙན་དུག་མེ་ཏོག་དམར་ཤས་ཅན་དེ་ཡིན་ལ། ༈ །ཡུལ་སྐད་དུ་ར་དུག་པ་ཟེར་བའི་མེ་ཏོག་དམར་པོ་ཨུཏྤལ་འདྲ་བ་འདི་ནི་རྒྱ་སྨན་ལ་འགྲོ་བའི་མིང་། ཆི་ཞྭའོ་ཟེར་བ་དེ་ཀའོ། ༈ །ཧ་རི་དྲ། ཡུང་བ། མ་ནུ་ཁྲག་ཅན་ཟེ་བའང་འདི་ཁོ་ན་ཡིན་ཅིང་། སྒ་ཤོ་ཞེས་པའང་འདིའི་རིགས་སོ། ༈ །སྒོག་པ་ནི། རྩ་བ་རྡོག་


JKT017_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་ཞིང་དཀར་བ་ལ་སྒོག་སྐྱ་དང་། རྩ་བ་ཕྲ་ཞིང་ཤུན་པ་དམར་བ་ལ་སྒོག་དམར་དུ་བཞེད། མིང་། ར་སོ་བ་ཀཿ སྟེ་རོ་མ་ཚང་བ་ཞེས། རོ་དྲུག་ལས་ལན་ཚྭ་མ་ཚང་བས་དེ་སྐད་དུ་བརྗོད་པ་སོགས་སོ། ༈ །གླ་སྒང་ནི། ཆུ་ནང་དུ་སྐྱེ་བའི་སྡུམ་རྩ་སྟེ། བོད་འདིར་ས་ནག་ཏུ་སྐྱེ་བའི་ལོ་མ་ལོ་བཙན་འདྲ་རུང་། མེ་ཏོག་རྒྱ་དཀར་སྤེན་མའི་མེ་ཏོག་ཆེ་ཤོས་ཙམ། རྩ་བ་མོན་བུ་འདྲ་བ་ཕྱི་ནག་ལ་ནང་དམར་ཞིང་རོ་བསྐ་བ་ཁམས་སྐད་དུ་ཚིག་གྲོར་གྲགས་པ་དེས་ཚབས་རུང་ངོ་། ༈ །བ་ཙཱ། ཤུ་དག །འདི་ལ་ཤུ་དག་ནག་པོ་ནི་རོང་མཚམས་ཐམས་ཅད་དུ་སྐྱེ་བས་ནོར་འཁྲུལ་མེད། བཅག་མཚམས་དམར་ཞད་ཡོད་པ་ལ་ཤུ་དག་དམར་པོའང་ཟེར། དཀར་པོ་ནི། དབྱིབས་ནག་པོ་འདྲ་བ་ལ་ཚིགས་མཚམས་དམར་ཞད་ཡོད་པ། བཅག་མཚམས་དཀར་ཞིང་དྲི་བཟང་བ་དེ་ཉིད་ཡིན་ལ། ས་ལེ་ལྗང་པའི་རྩ་བ་ལ་བྱེད་པ་ནི་ནོར་བ་ཁོ་ནའོ། །ཡང་། ཤུ་དག་ནག་པོ་ལ་མེ་ཏོག་མེད། སྙེ་མ་ནག་པོ་པི་ལིང་འདྲ་བ་ཞིག་ཡོད། དཀར་པོ་ལ་མེ་ཏོག་སྔོ་སྐྱ་ཡོད། གཉིས་ཀའི་ལོ་མ་རལ་གྲི་སོ་གཉིས་མ་འདྲའོ། །དཀར་པོ་ལ་མིང་། ཧེ་མ་བ་ཏི། གངས་ལྡན་སྐྱེས། ཛ་ཡ༔ རྒྱལ་བྱེད་སོགས་སོ། ༈ །མ་དྷུ་ཀཾ །ཤིང་མངར་ནི། སྡུམ་རར་སྐྱེ་བ་དང་། མྱ་ངམ་ཐང་དུ་སྐྱེ་བ་སོགས་


JKT017_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། ནགས་ཤོད་ཀྱི་ཀླུང་འགྲམ་སྐྱེ་བ་དམན་ནོ། ༈ །དུར་བྱིད་ལ་བརྒྱད་པ་སོགས་སུ་དཀར་ནག་གཉིས་བཤད་པའི། དཀར་པོ་ནི། ཉེ་རོང་བརྡ་རྙིང་སྟེ་ད་ལྟ་དུར་བྱིད་དུ་གྲགས་པ་འདིའོ། །ནག་པོ་ནི་ཐར་ནུ། ༈ །དབྱི་མོང་མེ་ཏོག་དཀར་སེར་གཉིས་ནི་སྨན་ལ་གཏོང་། སྔོ་ནག་ཅན་མི་གཏོང་གསུངས། །གཟེ་མ་བོད་ཀྱི་ངོས་འཛིན་པའི་སྡུམ་འདི་ནི་བརྒྱད་པ་སོགས་སུ་བྱི་ཚེར་དུ་བཞེད། ༈ །མ་ཏུ་ལཿ ཐང་ཕྲོམ་ནི་རྒྱུད་སྡེ་རྣམས་ལས་གསུངས་པའི་དྷ་དྷུ་ར་ཞེས་པ་སྟེ། འཕགས་བལ་དུ་སྐྱེ་བ་དང་། །བོད་སྐྱེས་ཕྱོགས་འདྲ་བར་གསུངས། བོད་ཀྱི་ངོས་འཛིན་ལ་རིགས་གསུམ་ལས། དཀར་པོ་གངས་ཐང་ཕྲོམ་རྒོད་པ་ནི་གཡའ་སྤང་མཚམས་སུ་སྐྱེ། གཡུང་བ་སྤང་ལྗང་དང་ཕྱུགས་ལྷས་རྙིང་པར་སྐྱེ། ཁྲ་བོ་ནི་རྒྱ་ཐང་ཕྲོམ་དང་། ནག་པོ་ནི་ཡོངས་གྲགས་འདི་ཀ་སྟེ། དྷ་དྷུ་ར་དངོས་ཁྲ་བོ་ལ་བཞེད་སྣང་། ༈ །གསེར་མེ་ནི་བརྒྱད་པ་རྩ་འགྲེལ་སོགས་སུ་མ་བཤད། རྒྱ་ནག་གི་གསོ་དཔྱད་ལས་འབྱུང་། ངོ་བོ་ནི་འཁྲུལ་སོ་ཆུང་། བོད་སྨན་མཁས་པ་དག་སྡུམ་པ་ཏོ་ལའི་ཚབས་སུ་བཞེད་པའང་དོན་ལ་གནས་པ་ཉིད་དོ། ༈ །བནྡ། ཧོང་ལེན་སྟེ། ཛཱི་བནྟི་ཀཱ། འཚོ་བྱེད་ཅེས་འཚོ་བྱེད་བརྒྱད་ཀྱི་གྲས་སུ་བཞེད། ད་ལྟ་སྟོད་ཕྱོགས་ནས་འོང་བ་སྡུམ་རྩ་དམར་སྨུག་དང་། སྐྱ་སོབ་


JKT017_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གཉིས་རབ། བོད་དུ་སྐྱེས་པ་འདིས་ཀྱང་ཚབས་རུང་། འདི་ལའང་མེ་ཏོག་དཀར་པོ་ན་བ་ནང་དུ་སྐྱེ་བ་འདི་ཧོང་ལེན་དངོས་སྟེ། རྒྱ་སྐད་དུ་སྙུང་ལས་ཟེར། དེ་རིགས་གཡའ་ལ་སྐྱེས་པ་མེ་ཏོག་སྨུག་པོ་ཅན་འདི་ལ་གཡའ་རུག་ཏུ་ངོས་འཛིན་ནུས་པའི་འགྲོ་ཕྱོགས་མཚུངས། ཧུང་། དམར་པོ་དང་། ལས་ཚོས་ལ་འཇུག་པས་དམར་ཚོས་ཟེར་བ་ད་ལྟའི་ཡོད་པ་ཡོངས་གྲགས་འདི་འཁྲུལ་པ་མེད། བནྡྷ། ཧོང་ལེན་དུ་བསྒྱུར་ནའང་། དངོས་ནི་ཤིང་གི་རིགས་སོ། ༈ །དྭང་ལས། ཞེས་པ་སེར་ཚོས་སྟེ། མྱང་རྩི་སྤྲིས། མིང་གཞན། ཨ་པ་རཱ་ཛི་ཏཱ། སོགས་སུ་བཤད་པ་དེ་རྒྱ་མིས་གོས་ཆེན་སེར་པོའི་ཚོས་བྱེད། ༈ །རྒྱ་སྐད། ཚིག་ཀྱའོ་ཟུར་ཆག་པ། ཀྱི་ཀྱེ་ནི། ཟླ་ཟེར་དུ། བ་ལ་པ་ཏྲ། སྟོབས་ཀྱི་ལོ་མ་སོགས་སུ་བཤད། ༈ །ལི་ག་དུར་ནི། སྨན་བྱ་རོག་རྐང་དུ་གྲགས་པ་ད་ལྟ་སྨན་ཁྲོད་དུ་འབྱུང་བ་སྟེ་ངོས་ཟིན་སླ། རྟ་མོན་དུ་བྱེད་པ་ནི་ཚབས་རུང་ཡིན་ན་མ་གཏོགས་དངོས་མིན། ལ་ལས་སྲོ་ལོ་དམར་པོས་ཚབས་བྱེད་པའང་ཡོད། ༈ །ཡང་བརྒྱད་པ་ལ། ཙི་ཏྲ་ཀ་ཡི་མེ་ ཏོག་ནི། །སེར་པོ་དཀར་ནག་ལས་ཤེས་བྱ། །ཆོ་ག་བཞིན་དུ་བཅུད་ལེན་སྦྱར། །གོ་རིམ་བཞིན་ཏུ་ཡོན་ཏན་ཆེ། །ཞེས་བཅུད་ལེན་ལ་མེ་ཏོག་སེར་པོ་ཐ་མ། དཀར་པོ་འབྲིང་། ནག་པོ་རབ་ཏུ་


JKT017_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། ༈ །གྷནྡྷ་བྷ་དྲ། དྲི་བཟང་། འདི་བོད་རྣམས་གོ་ཡུ་ལ་ངོས་འཛིན་པ་དང་། གཡའ་ལས་སྐྱེས་བའི་བྱ་རྒོད་སྤོས་ལ་ངོས་འཛིན་པ་དག་སྣང་ནའང་། དངོས་ནི། ཤིང་སྡོང་དྲི་ཤིན་ཏུ་ཞིམ་པ་ཆུ་གླང་གི་པགས་པ་འདྲ་བ་དཀར་སྐྱ་རོ་ཆེར་མི་གསལ་བ་ཞིག་གོ །ཏསྟི་ཀཎ། གླང་པོའི་རྣ་བ་ནི། ཕྱི་ཤུན་པ་སྔོན་པོ་གླང་པོའི་རྣ་བ་ལྟ་བུ། ནང་དུ་འབྲས་བུ་ཡོད་པ་ཞིག་གོ ༈ །ལན་ཚྭའི་རིགས་ལས། རྒྱམ་ཚྭ་ནི་རྒྱ་མཚོ་ལས་བྱུང་བའི་ཚྭ་སྟེ། དེང་སང་བྱང་རྒྱམ་ཆེན་སོགས་གུས་ཞབ་ནས་བརྐོ་བའི་རྡོ་འདྲ་དཀར་པོ་འདི་ཡིན། ཟླ་ཟེར་སོགས་སུ་ལན་ཚྭ་ཐམས་ཅད་ཀྱི་ཚབས་སུ་འདི་གཏོང་གསུངས། ༈ །ལྕེ་མྱང་ཚྭ་ནི། བྱང་ཕྱོགས་སུ་ལེན་ཚྭ་བྲག་གི་རྣམ་པ་དཀར་པོ་ཤེལ་ལྟར་དྭངས་པ་བརྐོས་རྒྱགས་རུང་བ། ལ་ལར་དམར་ཤས་ཀྱང་ཡོད་པ་དེ་ཡིན། མཁྲིས་པར་མི་གནོད། ནད་པར་ཚྭ་འདི་མ་བསྲུང་ཀྱང་རུང་། ༈ །ལན་ཚྭ་ནི། ཡོངས་གྲགས་ཀྱི་ཚྭ་རོ་ཞིམ་ཤས་བུལ་ལྷད་མེད་པའོ། ༈ །མཛེ་ཚྭ་ནི། ད་ལྟ་ཡ་བཀྟ་རར་འདོད་པའི་དཀར་པོ་བཅང་པས་ཀྲིག་ཀྲིག་ཟེར་བ་དེའོ། ༈ །ཝ་ཚྭ་ནི། ཡུལ་འགའ་ཞིག་ཏུ་སྦ་བར་ཕན་པའི་སྨན་ཚྭ་དཀར་པོ་སོབ་སོབ་ཞིག་ཡོད་པ་དེ་ཡིན། གཙང་ཚ་རོང་དང་། ཁ་བ་དཀར་པོ་སོགས་སུ་ཡོད་པར་བཤད། ༈ །རྒྱ་ཚྭ་ནི་ཡོངས་


JKT017_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྲགས་པར་ཟད། ༈ །ཙབ་རུ་ཚྭ་ནི། རྒྱ་གར་དུ་ཙབ་མོའི་བཏུང་བའི་རུ་རྩི་བྱེད་པའི་ཚྭ་སྐྱུར་ཤས་ཆེ་བ་སྟེ། འཇང་ཕྱོགས་སུ་རྒྱལ་དམ་གྱི་ཚྭས་ལོ་སྒྱུར་གྱི་རུ་རྩི་བྱེད་པ་དང་། སྡོམ་རེ་མདོའི་ཚྭ་འདིའང་སྐྱུར་ཤས་ཆེ་བས་སྐྱུར་བའི་ཕབས་རྩིར་རུང་ངེས་པས་ཙབ་རུ་མཚུངས་སྙམས། ༈ །ཁ་རུ་ཚྭ། ཚ་ལ། ཟེ་ཚྭ། ཐལ་ཚ་རྣམས་ཡོངས་སུ་གྲགས་པ་ཉིད་ངོས་འཛིན་མ་འཁྲུལ་བས་རྒྱས་པར་མ་སྨོས། ༈ །དེང་སང་མིག་སྨན་སོགས་ལ་བཏང་བའི་ལྕགས་ཕྱེ་ཞེས་པ་འདི། མཁས་པ་ཁ་ཅིག་ལྕགས་ཀྱི་ཕྱི་མོ་སྟེ་ལྕགས་དྲེག་ཁོ་ནའོ་ཞེས་བཞེད་པའང་སྣང་། ༈ །ཞར་བྱུང་རྣམ་གྲངས་འགའ་ཞིག་འབྲི་ན། དངུལ། ཟངས། ལྕགས། གཤའ་དཀར། ཞ་ཉེ་རྣམས་ནི་ལྕགས་ལྔའོ། ༈ །ཨ་ཤཱཏྠ། ཨུ་དུམཱར། བླཀྵ། བིཝ། ཕལྷ་རྣམས་ནི་འོ་མ་ཅན་ལྔའོ། ༈ །ཤིང་ཚྭ། སུ་གྨེལ། གྷནྡྷ་བྷ་དྲ་ནི་དྲི་གསུམ་དང་། ནཱ་ག་གེ་སར་བསྣན་བས་དྲི་བཟང་བཞིའོ། ༈ །ཡུང་བ་དང་། སྐྱེར་པ་ནི་སེར་པོ་གཉིས་སོ། ༈ །མེད་དང་། མ་ཧཱ་མེད་ནི་ཞགས་གཉིས་སོ། ༈ །སཱ་ལ་པཎྜི། མུཏྤ་པཎྜི། མ་ཤ་པཎི། ཀྲྀཥཱ་པཎྜི་ནི་པཎི་བཞིའོ། ༈ །སཱ་ལ་པཆི། ཀྲྀཥཱ་པཎྜི། བྲི་ཧ་ཏི། ཀཎྜ་ཀ་རཱི། གཟེ་མ་རྣམས་ནི་རྩ་བ་ཆུང་ལྔའོ། ༈ །ཀརླ་ལ༔ བིཝ། མེ་སྲུབས་ཤིང་། པ་


JKT017_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ལི། ས་བ་ཀ་རྣམས་ནི་རྩ་བ་ཆེན་པོ་ལྔ་ཞེས་འཕགས་ཡུལ་གྱི་གཞུང་རྣམས་ལས་གསུངས་སོ། །

སྐད་བཅོས་ཚངས་པའི་རྒྱུད་མང་།


JKT017_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྐད་བཅོས་ཚངས་པའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །སྨན་བླ་དྲང་སྲོང་བརྒྱུད་པར་བཅས། །གུས་པས་སྤྱི་བོར་མཆོད་བྱས་ནས། །ཚངས་དབྱངས་སྐད་ཀྱི་གདམས་པ་ནི། །ཤིན་ཏུ་གསལ་བར་འདིར་བརྗོད་བྱ། །སྔོན་འགྲོ་ཤ་ཆང་མར་རྙིང་དང་། །མངར་སྐྱུར་དུད་པ་ས་འཚུབ་སོགས། །ལུས་ངག་འཁྲུགས་པའི་ཟས་སྤྱོད་སྤངས། །ལྟོ་སྟོང་དུས་སུ་གྲེ་བ་ཡིས། །བད་ཀན་སྦྱོངས་ཕྱིར་ཞག་བདུན་ནམ། །དགུ་དང་བཅུ་གཅིག་བར་དག་ཏུ། །འཇམ་སྐྱུགས་ལན་འགའ་གཏོང་བ་གནད། །དངོས་གཞི་གི་ཝཾ་གུརྒུམ་དང་། །ཅུ་གང་ལི་ཤི་སྲོ་ལོ་དཀར། །སུག་སྨེལ་ཤིང་མངར་རུ་རྟ་ནི། །ཐུན་བཟང་ཨ་རུ་གསེར་མདོག་དང་། །ལུང་པ་བྱང་ལྟས་སྤངས་རྒྱན་དཀར། །བ་མོ་མ་ཕོག་ལོ་འདབ་ནི། །ཐུན་ལོག་མོ་ཅོང་བཅས་པ་རྣམས། །རྩི་བཞིན་བཏགས་ནས་ཀ་ར་ཡིས། །མགོ་བསྡུས་རིལ་བུ་ཐོ་རངས་དང་། །ལྟོ་སྟོང་རྣམས་སུ་མྱང་བར་བྱ། །རྗེས་ནི་སྨན་རྣམས་མང་སྦྱར་ཏེ། །རྒྱུན་དུ་བསྟེན་ཞིང་ལུས་ངག་གི །སྤྱོད་ལམ་བག་དང་ལྡན་པ་ཡིས། །སྐད་བཟང་ལྡན་པའི་གྲོགས་དང་བཅས། །འགྱུར་ཁུག་སྦོམ་ཕྲ་འདེགས་འཇོག་སོགས། །དབྱངས་ཀྱི་ཡན་ལག་ཡོངས་རྫོགས་པའི། །


JKT017_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་དག་པས་ནན་ཏན་བྱ། །བསྲུང་བྱ་སྤྱི་དང་ཁྱད་པར་དུ། །དྭ་ཚོད་ཤ་རུལ་མར་རྙིང་དང་། །ཉ་ཕག་བུ་རམ་ཁུ་བ་དང་། །བསུར་གཞོབ་དུད་པ་ས་འཚུབ་རྣམས། །རྒྱུན་དུ་སྤང་བ་ཤིན་ཏུ་གཅེས། །དེ་ལྟར་འབད་པས་གནས་སྐབས་སུ། །བྷ་མ་ར་ལྟར་ཕྲ་བ་དང་། །དུང་དཀར་ལྟ་བུར་གསང་བ་དང་། །ཀ་ལ་པིངྐ་ལྟར་སྙན་དང་། །སྤྲིན་སྒྲ་ལྟ་བུར་བརྗིད་པ་སོགས། །ཚངས་པའི་གསུང་ལ་དབང་ཐོབ་ཅིང་། །མཐར་ཐུག་མིང་ཚིག་བརྗོད་པ་ཀུན། །གསལ་བས་མཆོད་ཡུལ་མཉེས་པ་དང་། །ཚོགས་པ་ཀུན་གྱིས་རྣ་བར་སྙན། །ལྷ་དང་མཁའ་འགྲོ་དམ་ཅན་འདུ། །མང་པོའི་ཡིད་ཀྱང་སྐད་ཅིག་པུས། །ཟིལ་གྱིས་ནོན་བའི་གྲགས་པ་ཡིས། །ལྷར་བཅས་འཇིག་རྟེན་དགའ་བསྐྱེད་ཅིང་། །ངག་གི་སྒྲིབ་དག་གསུངས་རྡོ་རྗེའི། །གོ་འཕང་མཆོག་ལ་མྱུར་བར་འགྲོ། །དེ་ཕྱིར་གཞུང་དང་མན་ངག་གི། །སྙིང་པོ་གདམས་པའི་བདུད་རྩི་འདི། །དོན་གཉེར་ཡིད་ཀྱི་ཨུཏྤ་ལ། །ཀུན་གྱི་འཛུམ་ཕྲེང་གྲོལ་བར་ཤོག །ཞེས་པའང་ཐ་སྙད་རིགས་པར་སྨྲ་བའི་གཞོན་ནུ་ཨ་བྷ་ཡས་ཨེ་ཝཾ་གཙུག་ཏོར་དུ་བྲིས་པ་ཤུ་བྷཾ། །

གསོ་དཔྱད་རྒྱུད་བཞིའི་བསྡུས་དོན་སྙིང་པོ།


JKT017_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་དཔྱད་རྒྱུད་བཞིའི་བསྡུས་དོན་སྙིང་པོ་བཞུགས། །ཨོཾ་ཨ་ཐཱ། སྨན་པ་སྔོན་མེད་བཅོམ་ལྡན་འདས། །དཔལ་ལྡན་བླ་མར་གུས་བཏུད་ནས། །གསོ་དཔྱད་རྒྱུད་


JKT017_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་བསྡུས་པའི་དོན། །ས་བོན་ཙམ་ཞིག་བརྗོད་པར་བྱ། ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྣམ་རོལ་རིག་པའི་ཡེ་ཤེས་མཆེད་བཞི་དང་འཇིགས་མེད་སྨྲ་བའི་སེང་གེ་ཡིད་ལས་སྐྱེས་ཀྱི་རྣམ་པར་ཤར་བས་ལེགས་པར་གསུངས་པའི་བཀའ་ཕན་བདེ་བླ་ན་མེད་པའི་གཏེར་ཆེན་པོ་གསོ་དཔྱད་ཀུན་གྱི་ཡང་སྙིང་དཔལ་ལྡན་རྒྱུད་བཞི་ཞེས་གྲགས་པ་འདི་ཉིད་ལོ་ཆེན་བཻ་རོ་དང་། །ཆོས་རྒྱལ་ཁྲི་སྲོང་མཆོད་ཡོན་གྱི་ཐུགས་བསྐྱེད་ལས་གངས་ཅན་བསོད་ནམས་ཀྱི་མགྲོན་དུ་སྣང་བ། རེ་ཞིག་དུས་ལ་དགོངས་ཏེ་དཔལ་གྱི་བསམ་ཡས་དབུ་རྩེར་མི་འཇིག་པའི་ཕྱག་རྒྱས་བཏབ་པ། ཕྱིས་གཏེར་སྟོན་ཡུལ་གྲ། ཆོས་མངོན་པ་ལ་མཁས་པས་མངོན་ཤེས། མཚན་དངོས་དབང་ཕྱུག་འབར་ཅེས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་དེས་སྤྱན་དྲངས་ཤིང་། བརྒྱུད་པ་གསུམ་དུ་ཆིག་བརྒྱུད་ཀྱིས་གདམས་པ། །སངས་རྒྱས་སྨན་གྱི་བླ་མའི་སྤྲུལ་པའི་སྐུ་གཡུ་ཐོག་ཡོན་ཏན་མགོན་པོས་ཐུགས་ཉམས་སུ་བཞེས་ཤིང་། སྐབས་སུ་བབས་བའི་ཞལ་སྐོང་ཅི་རིགས་པ་དང་བཅས་རྒྱ་ཆེར་སྤེལ་བ་འདི་འཆད་པ་ལ། །གཞུང་འདི་ཉིད་སྔ་འགྱུར་སྒྲུབ་སྡེའི་བདུད་རྩི་ཡོན་ཏན་གྱི་ལས་རྒྱས་པའི་རྒྱུད་


JKT017_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཏོགས་པས། དེ་དག་གི་བཀའ་སྲོལ་འཛིན་པ་རྣམས་ཀྱི་བཤད་ཐབས་ལྟར་བྱས་ན་རྩ་གཞུང་དང་མཐུན་པའི་དགོངས་པ་འཁྲུལ་མེད་དུ་ངེས་པས། དབང་པོ་རབ་ལ་མཚན་བསྟན་པ། །འབྲིང་ལ་སྤྱི་དོན་རྣམ་པར་དབྱེ་བ། །ཐ་མལ་འབྲུ་རེ་གཉེར་ཐའི་སྒོ་ནས་བཤད་པའོ། །དང་པོ་ནི། བདུད་རྩི་སྙིང་པོས་དཔེ་དང་དགོས་པ། ཡན་ལག་བརྒྱད་པས་བརྗོད་བྱ། གསང་བ་མན་ངག་གི་རྒྱུད་ཅེས་པས་རྗོད་བྱེད་ཀྱི་མཚན་བསྟན། གཉིས་པ་ལ་ལྔ། རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་སློང་བ། འབྲས་བུ་ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན། རྒྱུད་ཀྱི་དགོས་འབྲེལ། འཁོར་ལ་གདམས་ཤིང་གདམས་པ་གཏད་པའོ། །དང་པོ་ནི། གནས་ཕུན་སུམ་ཚོགས་པ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག །སྟོན་པ་ཕུན་སུམ་ཚོགས་པ་སྨན་གྱི་བླ་མ། འཁོར་ཕུན་སུམ་ཚོགས་པ་ལྷ་དྲང་སྲོང་ཕྱི་ནང་སྡེ་བཞི། དུས་ཕུན་སུམ་ཚོགས་པ་སྟོན་འཁོར་གདན་འཛོམས་པའི་ཚེ། ཆོས་ཕུན་སུམ་ཚོགས་པ་གསོ་བ་རིག་པ་དྲང་སྲོང་གི་ལུགས་སུ་བསྟན་ཅེས། ལེའུ་དང་པོར་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས། གླེང་སློང་དངོས་དང་། མདོར་བསྟན་པའོ། །དང་པོ་ནི། ཐུགས་ལས་རིག་པའི་ཡེ་ཤེས་དང་། །གསུང་ལས་ཡིད་ལས་སྐྱེས་སྤྲུལ་ཏེ། ཞུ་བ་དང་གནང་བའི་སྐབས་དབྱེ་བ། གཉིས་པ་


JKT017_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རྒྱུད་བཞིའི་སྐབས་དོན་མདོར་བསྟན་པ་སྟེ་ལེའུ་གཉིས་པ་ལྟར་རོ། །གསུམ་པ་ལ་ལྔ། བཤད་བྱ་རྩ་བའི་རྒྱུད། འཆད་བྱེད་བཤད་པའི་རྒྱུད། ལག་ལེན་མན་ངག་གི་རྒྱུད། དམར་ཁྲིད་ཕྱི་མའི་རྒྱུད་ཞར་བྱུང་དོན་བསྡུ་པའི་ཚུལ་དུ་འཇུག་དོན་བཅས་རིམ་པར་གསུངས་པ་ལྟར་རོ། །བཞི་པ་ནི། ལེའུ་ཐ་མའི་སྟོད་དང་། ལྔ་པ་ནི་ཐ་མའི་མཇུག་གིས་གསལ་བ་ལྟར་རོ། །གསུམ་པ་ཐ་མལ་འབྲུ་རེ་གཉེར་རེའི་སྒོ་ནས་བཤད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། འཇུག་གི་དོན་ཏོ། །དེ་ལྟ་བུའི་སྤྱི་དོན་དང་གཞུང་དོན་གཉིས་སྤྱི་གཞུང་སྤེལ་ཏེ་བཤད་པས་བློ་གྲོས་ཀྱི་མིག་རབ་ཏུ་ཡངས་པར་འགྱུར་རོ། །ས་བོན་ཆུང་ངུ་དྲོད་གཤེར་གྱིས། བསྐྱེད་པས་ལྗོན་ཤིང་ཆེར་འགྱུར་ལྟར། །འདི་ཙམ་གྱིས་ཀྱང་བློ་གསལ་རྣམས། །བློ་གྲོས་པདྨོ་རྒྱས་པར་སྨོན། །ཞེས་པའང་བཅུ་ཕྲག་རིག་པའི་པཎྜི་ཏ་བཛྲ་པྲ་ཏིཥྛས་ཡང་ཡང་གསུངས་པའི་བཞེང་སྐོང་དུ་གུ་ཎ་ནཱ་ཐ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སུ་ཤེ་ཡསྶིདྡྷི་རསྟུ།། །།

སི་ཏུ་རིན་པོ་ཆེའི་འབྲུམ་བཅོས་ལེ་ཚན་གྱི་ཟུར་གསལ།


JKT017_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

༈ སི་ཏུ་རིན་པོ་ཆེའི་འབྲུམ་བཅོས་ལེ་ཚན་གྱི་ཟུར་གསལ་དགེ། ཨོ་ཨ་ཐཱ། ཁོ་བོས་སློབ་དཔོན་མཁས་དབང་ཆོས་གྲགས་རྒྱ་མཚོ་ལས་འབྲུམ་པ་བཙུགས་བཅོས་སྐོར་ཞིབ་ཁྲིད་ཞུས་པ། སྤྱིར་སི་ཏུ་རིན་པོ་ཆེས་སྡེ་དགེ་བློ་གྲོས་རྒྱ་མཚོའི་


JKT017_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ངོར་སྩལ་བའི་འབྲུམ་བཅོས་ཚིགས་བཅད། དཔོན་པོ་མི་དབང་ལ་སྩལ་བའི་ཚིག་ལྷུག་གཉིས་གུང་བསྒྲིགས། དེའང་སྔ་མ་བོད་བཅོས་དང་། ཕྱི་མ་རྒྱ་བཅོས་གཙོ་བོར་མཛད་པ་རེད་པས། རྒྱ་བཅོས་ཀྱི་ལག་ལེན་གཙོ་ཆེའང་། རྒྱ་སྨན་རིགས་འཛོམས་ཐབས་མེད་པས་སྨན་བཅོས་དངོས་བོད་བཅོས་ནང་ལྟར་བྱས་ན་འཐུས། དེའང་ཐོག་མར་བཙུག་དུས། རབ་བདུན་གསུམ། །འབྲིང་གཉིས། ཐ་ནའང་གཅིག་ཙམ་གྱི་གོང་ནས། ཟས་སྤྱོད་སོགས་གཞུང་ཚིག་ལྷུག་ལྟར་དང་། དེར་མི་གསལ་བ་སྐུ་ཁ་སྤུ་རིང་མཐུག་ཅན་ཡོད་ན་བཞར་ན་ལེགས་ཞེས་གསུངས་པ་ནི། མགོར་འབྲུམ་པ་མང་པོ་བུད་ན་རྣག་སོགས་འཁྲུ་སྐམ་དཀའ་བ་ལ་དགོངས། ལུས་རིལ་པོ་འམ་བཀྲུ་གང་བདེ་སར་སུག་བུལ་གྱི་ཆུས་དག་པར་བཀྲུ། སྲན་རྩམ་གྱིས་ཕྱི་ནས་སྣུམ་མེད་པ་བྱུག་ན་འབྲུམ་པ་བུད་སླ། བོད་པ་རྣམས་གནས་ཁང་ཕྱག་དར་ལེགས་པོར་བྱེད། སྤོས་དཀར་བདུག །བཅའ་ལག་དང་འགྲུལ་གསར་སོགས་གདོན་འཛེམས་དང་། གཙང་སྦྲ་གང་ཆེ། འུར་སྒྲ་སོགས་གཏན་ནས་མེད་པའི་གནས་དབེན་པ་གལ་ཆེ་ཚུལ་བཤད་སྣང་བ་བདེན་པར་གདའ། དེ་ནས་གཟའ་སྐར་བཟང་པོའི་དུས་འབྲུམ་པ་བྱམས་པ་དང་། མི་གྲིབ་ཅན་མ་ཡིན་པའི་མགོ་གཙང་གི་མེ་ཏོག་བླངས། གཞུང་དུ་


JKT017_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་བཅུ་ཙམ་བཤད་ཀྱང་། བདུན་རེས་ཆོག །གླ་རྩི་དྲི་ཐོན་གསུངས་པ་ནད་དྲི་རྩ་ལ་འཁྲིད་བྱེད་ཡིན་པས་མགོ་སྲིན་སོགས་མེད་པ་ལ་དེ་ལྟར་ལེགས། སྲིན་ཤས་ཆེ་བ་ལ་མི་འཕྲོད་འདུག་པས་དེ་ཚབ་ཁ་ཆེ་དཔུས་ལེགས་དྲི་རོ་མ་ཉམས་པ་ཅུང་ཟད་དང་། གཞུང་དུ་མ་གསལ་ཡང་སྣ་ཐ་རབ་རྒྱ་འདུར། དེ་མིན་རང་རེས་འདུར་ཁ་གང་ཞིབ་བྱས་པ་བཅས་སྨན་པའི་མཆིལ་མས་བསྡུས་ཏེ་སྲིན་བལ་གཙང་མའི་ནང་དུ་མདུང་བསྒྲིལ་དུ་དྲིལ། ཕོ་གཡོན། མོ་གཡས་ཀྱི་སྣ་བུག་ཏུ་སྣའི་ནང་རྩེ་སོར་གསུམ་ཙམ་ཡོད་པར་བྱས་ནས་དམ་པར་བཅུག །དེའང་ནུབ་མོ་ཉལ་ཁ་རང་དུ་བཙུག །དེ་རྗེས་གཡེར་མའི་ཐང་ཚ་མོའམ། ཆུ་ཚན་ཕོར་གང་ཙམ་བཏུང་། གོས་དམར་པོས་བྱིབས་ནས་ལུས་ལ་རྡུལ་ཐོན་པ་ཞིག་བྱས་ནས་གཉིད་ལོག་ན་རབ་ཞག་གསུམ། འབྲིང་བདུན། ཐ་ནའང་ཞག་ཉེར་གཅིག་ནས་ན་འོང་། དེའང་ཞག་གསུམ་བར་སྲིན་བལ་མི་ལེན་ནས་བཞག །དེ་ནས་ན་མ་འོང་ན་ལེན་ནས་ཡང་གོང་ལྟར་བཙུག །དེ་ལྟར་ལན་བདུན་བསྐྱར་བས་ཞག་ཉེར་གཅིག་ནང་མ་ན་ན་སྣ་བརྡུག་ཡིན་སྐད་ཀྱང་ཧ་ཅང་ངེས་པ་རང་ནི་མེད། འོན་ཀྱང་ཕལ་ཆེར་བདུན་རེ་གཉིས་ནས་ན་འོང་ངེས་གསུངས། འབྲུམ་ལྐོག་སྐམ་པོ་ཡུན་རིང་ཅན་དྲི་ཡལ་བ་ལས་ནད་མཆེད་ཐབས་མེད། ལར་ན་ཉིན་ད་ལོ་འབྲུམ་


JKT017_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལྐོག་ཅན་ལ་ཤ་དམར་པོས་དྲིལ་ཕྱིས་བྱས་ནས་ཟ་བ་དང་། ཤ་ཁུ་ནང་འབུམ་ལྐོག་བཏབ་ནས་འཐུང་ན་མྱུར་དུ་ན་འོང་ཟེར་བ་དང་། སྣ་དུད་དང་བསྲེས་ནས་འཐེན་པ་དང་། འབྲུམ་པ་ལྡི་མོའི་འབུམ་ལྐོག་བླངས་ནས་ན་བཅུག་ན་བྱམས་འདུག་ཟེར་བ་དང་། མི་རྒན་པོའི་རིགས་ལ་བྱམས་འདུག་ཟེར་བ་སོགས་སྔར་གོ་མ་མྱོང་བ་མང་པོ་བཤད་རྒྱུ་འདུག་པས་རྒྱུ་མཚན་ཡོད་མེད་མ་ངེས་རུང་། དེང་སང་དུས་ཚོད་མི་མཆོག་དམན་ཐམས་ཅད་སྤྱོད་པ་གོ་ལོག་པས། ནད་ཀྱང་གོ་ལོག་པ་ཡིན་ཤས་ཆེ་བས་ཟེར་ཚོད་མ་ཐེངས། གང་ལྟར་ཡང་སྔ་མའི་གཙུག་ལུགས་ནི་གོང་གསལ་སོར་བཞག་ཡིན། རྒྱ་སྨན་རྩ་འོ་ཀོ་ཞེས་པ་ཀ་ཀོ་ལ་ཆུང་ངུ་འདྲ་ཞིག་དང་། གསིག་ཡིན་ཟེར་བ་དེ་ལས་ཆུང་ཙམ་གཉིས་མཐོང་ཡང་འདི་ཕྱོགས་ནི་གཏན་ནས་ལོན་ཁུངས་མེད། དེའང་གསར་པ་ཡོད་ན་མ་གཏོགས་སྨན་སྒོག་རྙིང་པས་ནི་ཕན་གནོད་ཅིའང་ག་ལ་ཡོད་པས། དེས་ན་གོང་གསལ་བོད་ཀྱི་གཙུག་ལུགས་འདི་ཁོ་ནས་འཐུས་གསུང་། དེ་ནས་བཅོས་ནི་ཡིག་ཆ་གཉིས་གུང་བསྒྲིགས་པས་ཁྱབ། །།དེའང་གཞུང་དུ་མི་གསལ་ཡང་ཐོག་མར་སྡུད་ཐང་འབྲས་གསུམ་ཐང་རྐྱང་པའམ། ནོར་བདུན་གང་རིགས་ཞག་གཉིས་གསུམ་བསྟེན་ཅིང་རྔུལ་དབྱུང་། སྐྱ་ནད་ཕོག་ནས་ཅུང་ཟད་མཚམས་སྤུ་སྒོ་དབྱེ་


JKT017_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐང་བཏང་། ད་ལོའི་འབྲུམ་དཀར་འདི་མིག་དང་གྲེ་བར་སྐྱོན་བྱས་སྐད་མི་འདུག་རུང་། གལ་སྲིད་མིག་དང་གྲེ་བར་བྱུང་ན་ཅུང་ཉེན་ཆེ་བས་སྲུང་བ་ལྷན་ཐབས་ནང་ལྟར་གྱིས་ཐུབ་ངེས་ཡིན་། གསུངས། ནད་རྒྱས་ནས་གཉེན་པོའི་སྨན་རྡོ་རྩིའི་སྦྱོར་བ་སོགས་གཞུང་དུ་གསལ་བ་ལྟར་དང་། ནད་གཞི་གཞན་ཡོད་མཁན་ཡིན་ན་དེ་དཀྲུགས་བྱུང་ཚེ་རང་རང་གི་སྨན་གཉན་ཚད་ལ་མི་གནོད་པའི་རིགས་དང་རྡོ་རྩིའི་སྦྱོར་བ་སོགས་ལྟག་པ་སྤྲད། གཉན་ཚད་ཤས་ཆེ་ན་སྤུ་ནག་ཉེར་དགུ་དང་། ཆུང་ན་འབྲི་ལུགས་སྨན་ནག་ཆེན་མོའང་འཕྲོད་པར་སྣང་། སྣ་ཚོགས་ཡུམ་དཀར་མོའི་བུམ་བསྒྲུབ་ཚད་ལྡན་བྱས་པའི་བུམ་ཆུ་སྨན་ཆུ་དང་། བཟའ་བཏུང་ལ་བྲན་ནས་བཏང་ན་ཤིན་ཏུ་བྱམས་པར་འོང་ངེས་ཟེར། རྣག་ཏུ་སྨིན་ནས་སྐམ་དཀའ་ན་སྤོས་དཀར་གྱི་དུད་པས་རུམ་ནང་དུ་ཁྱབ་པར་བདུགས་ནས་མགོ་བསྟུམ་ཉལ་ན་སྐམ་སླ། ལུས་ལ་འདྲའང་། གདོང་པའི་འབྲུམ་ལྐོག་རང་གོག་ཏུ་མ་བྱུང་བར་བཀོག་པ་དང་། སྣུམ་བྱུགས་པ་སོགས་བྱས་ན་འབྲུམ་རྗེས་དང་སྨུག་ཐིག་སྡོད་འོང་པས་འཛེམ་པ་དང་། རང་གོག་ཏུ་ཡལ་རྗེས་རང་གི་དྲི་ཆུ་ཚ་མོས་དཀྲུས་ན་འབྲུམ་རྗེས་མི་འོང་ཞིང་། ཁྱད་པར་ལན་ཚ་ནད་དྲག་རྗེས་ཀྱང་ཟླ་བ་གཉིས་གསུམ་སྤང་ཐུབ་ན་འབྲུམ་རྗེས་གཏན་ནས་མི་འབྱུང་བར་


JKT017_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། བོད་པའི་ཨེ་མཆིས། འབྲུམ་དཀར་ཡང་བའི་རིགས་ལ་སྨན་གཏན་ནས་མ་བཏང་ཡང་ཆོག །གཏོང་ན་སྨན་འཇམ་པོ་ཉིན་རེ་ལན་རེ་ཙམ་ལས། རྩུབ་པོ་དང་མང་པོ་མི་གཏོང་། །གཏོང་ན་ནད་གཞི་གཞན་ཡང་དཀྲུགས་ནས་ནད་ཡུན་རིང་འོང་ཟེར་བ་ཕལ་ཆེར་བདེན་པ་འདྲ། རང་ལུགས་སྨན་འོས་མཚམས་བསྟེན་སྲོལ་ཡིན་གསུངས། ནད་དྲགས་ནས་ཁ་གཏོང་རྒྱུ་འདི་སྔ་ཕྱི་ཚོད་ཟིན་ངེས་གལ་ཆེ་བ་མ་གཏོགས། སྔ་ན་ཚ་རོ་འཕར། ཕྱི་ན་རླུང་ཁ་ལྡང་ནས་ནད་གཞི་གཞན་དཀྲུགས་ཉེན་ཆེ་བས་ལྷ་རྗེས་ཞིབ་དཔྱད་ངོས། ཐོག་མར་ཆང་ལམ་སོང་བཟང་པོ་དཀར་ཡོལ་གང་ལ་ཆུ་དཀར་ཡོལ་གང་བསྲེ་ནས་དཀར་ཡོལ་གང་དུ་མ་འཐག་པར་བསྐོལ་ནས་ཚ་མོ་གཏོང་། ལུས་དྲོད་ལ་བསྒོར། དེས་མ་གནོད་ན་ཕྱིར་ནུབ་ནས་རིམ་གྱིས་ཕོར་དོ། ཕོར་གསུམ་ཙམ་གཏོང་། དེ་མཚམས་ལུག་གི་སྦེ་ལོང་སུམ་ཆ། ཕྱེད་ཀ །སྒང་པོའི་ཐང་རིམ་བར་བཏང་ནས་དེ་ནས་ཁ་ཟས་བགས་ཀྱིས་ཀློད་ཅིང་ལུས་ཟུངས་གསོ། ལུས་ཟུངས་སོས་ཕན་ཆུ་ཚན་ཞིག་བརྟེན་ན་ལེགས་པ་བཅས་རང་འབྲུམ་པ་མ་ཐར་པས་ལག་ལེན་མ་མྱོང་ཡང་། སློབ་དཔོན་གྱི་ཞལ་ཁྲིད་བློར་མ་བརྗེད་པ་རགས་རིམ་བྲིས་པ་དགེ་ཞིང་བཀྲ་ཤིས། ༈ །ཁྲག་སྲིན་ཆུ་སེར་གྱི་ཐོར་བའི་རིགས་ལ། ཙནྡན་


JKT017_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ། ཞུ་མཁན། ཨ་རུ་ར། ཆི་ལ་བ་རི། བ་ཤ་ཀ་བཅས་ཀྱི་ཁུ་བ་ཁཎྜ་ཞོ་ཙམ་དུ་གདུས་པར། ཆུ་སེར་སྨན་གསུམ་གྱི་ཕྱེ་མ་ཁ་ཚར་བཏབ་ནས་སྤྲུལ་པ་བྱུགས་པས་ཕན། འདི་དང་མི་ལ་བ་རིའི་ཁུ་བ་སྦྱར་ནས་ངོ་གདོང་ལ་བྱུགས། ཞག་རེ་བཞག་ནས་བཀྲུས་བས་ངོ་གདོང་སྲིན་ཐོར་འབྲུམ་ཕྲན་སོགས་ལ་བསྔགས། ༈ །བད་ཁྲག་འཁྲུགས་སོགས་ཀྱིས་གྲེ་བ་འགགས་པར། ཨ་རུ་ར་བུངས་བསྐྱེད་པ་ལ། སོ་ཕག །ཚར་བོང་རྩ་བ་བཅས་གདུས་བའི་ཁུ་གར་ཞོ་ཙམ་ལ། ཤིང་མངར་སྤང་རྒྱན་དཀར་པོ། འུ་སུ། ཙནྡན་དམར་པོ་བཅས་ཀྱི་ཕྱེ་མ་བཏབ་ནས་རིལ་བུར་དྲིལ་བའམ། ཕུར་མ་བྱས་པ་ཁ་ནང་ཡུན་རིང་བཟུང་ནས་ཁུ་བཅད་བསྟེན་པས་ཕན། ༈ །གསོ་བ་རིག་པའི་སྐོར་ལ། སློབ་དཔོན་ཀླུ་སྒྲུབ་ཀྱི་སྦྱོར་བ་བརྒྱ་པ་དང་། མཁས་མཆོག་དཔའ་བོའི་ཡན་ལག་བརྒྱད་པ་རྩ་འགྲེལ་སོགས་འཕགས་ཡུལ་གྱི་གཞུང་ཆེན་མོ་རྣམས་ནི་དེང་སང་འཆད་ཉན་ནུབ་པ་ལྟར་གྱུར་ནའང་། བློ་གྲོས་དང་བརྩོན་པར་ལྡན་པ་རྣམས་ཀྱིས་རང་སྟོབས་ལ་བརྟེན་ནས་ཤེས་རབ་ཀྱི་མིག་བསྒྲུབ་པར་བྱ་བའི་འོས་ཡིན་ལ། ཁྱད་པར་སྤྲུལ་པའི་སྐྱེས་མཆོག་མ་ཧཱ་གུ་ཎའི་གཞུང་གདམས་རྒྱ་མཚོའི་སྙིང་པོ་དཔལ་ལྡན་རྒྱུད་བཞི་འདི་ཉིད་དེང་དུས་ཚེ་རིག་འཛིན་པ་རྣམས་ཀྱི་སྙིང་ནོར་གཅིག་པུར་གྱུར་


JKT017_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཐོག་མར་བླ་སྒྲུབས་སྡུག་བསྔལ་མུན་སེལ་སྐོར་གྱི་དབང་ལུང་སྨིན་པོར་ཉན་ནས། གཟོད་རྒྱུད་འཆད་ཉན་ལ་འཇུག་པ་བྱུང་ན་ཤིན་ཏུ་འབྲེལ་ཆགས། རྒྱུད་འགྲེལ་གྱི་སྐོར་ལ། ཆ་ལག་བཅོ་བརྒྱད་ཀྱི་ནང་ཚན་གཡུ་ཐོག་པའི་གསུངས་ཡིན་ངེས་རྣམས་ནི་རྒྱུད་གཞུང་དང་ཁྱད་མེད་དུ་འཛིན་དགོས་ལ། གཞན་དུ་བྱང་པ་རྣམ་རྒྱལ་གྲགས་བཟང་གིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ། ཟུར་མཁར་བའི་འགྲེལ་ཆེན་པོད་ཤལ་ཁྲ་མོ་སོགས་ངོ་མཚར་བྱིན་རླབས་དང་ལྡན་པའི་ལེགས་བཤད་རྨད་དུ་བྱུང་བར་གོར་མ་ཆགས་ནའང་དེང་སང་དཔེ་ཙམ་ཡང་རྙེད་པར་དཀའ་བས་དེར་ཟད། དེས་ན་མཁས་དབང་བློ་གྲོས་རྒྱལ་པོའི་རྩ་བཤད་ཀྱི་འགྲེལ་པ་མེས་པོའི་ཞལ་ལུང་དང་། མན་རྒྱུད་དང་། ཕྱི་རྒྱུད་ཆུ་མདོ་མན་གྱི་འགྲེལ་པ་དར་མོ་སྨན་རམ་པས་མཛད་པ། སྐྱེམས་པ་ཚེ་དབང་གིས་མཛད་པའི་རྒྱུད་བཞི་ཀའི་འགྲེལ་པ། ཕྱི་རྒྱུད་སྟག་ལུང་འགྲེལ་ཆེན། འབྲི་གུང་ཆོས་གྲགས་ཀྱི་མཆན་འགྲེལ། སྡེ་སྲིད་རིན་པོ་ཆེས་མཛད་པའི་རྒྱུད་བཞིའི་འགྲེལ་པ་བཻཌཱུར་སྔོན་པོ་སོགས་དང་། ལོ་ཆེན་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་གསོ་རིག་གི་ཁོག་ཕུབ་ཆོས་འབྱུང་ཁྱད་འཕགས། ངེས་པར་ཐམས་ཅད་མཁྱེན་པ་དྷརྨ་ཀཱ་རའི་ཞལ་སློབ་བཀྲ་འབུམ་པས་མཛད་པའི་དཀའ་འགྲེལ་


JKT017_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དྲུང་འཚོ་བ་གུ་རུ་འཕེལ་གྱི་ཟིན་བྲིས་སོགས་ལ་ལེགས་པར་དཔྱད་ནས་ཚིག་དོན་གྱི་སྒྲོ་འདོགས་ཆོད་ངེས་སུ་བྱས་ནས། མན་ངག་ལག་ལེན་གྱི་སྐོར་ལས། དྭགས་པོ་རིན་པོ་ཆེའི་འཐོར་འབུམ། ཨ་ཙཱརླ་ཕྱག་རྡུམ་གྱིས་འབུམ་ཁྲ་ཚུར། རྡོར་འབུམ་གཏེར་བྱོན་བདུད་རྩི་བུམ་པ། གཡུ་ཐོག་པའི་ཤོག་དྲིལ་སྐོར་གསུམ། བྲང་ཏིའི་པོད་དམར་ར་ཁྲ་དང་། གསེར་བྲེ། དངུལ་བྲེ། བྱང་པ་རྣམ་རྒྱལ་གྲགས་བཟང་གི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་༡༢༠་པ། ཟུར་མཁར་དྷརྨ་སྭ་མིའི་བྱེ་བ་རིང་བསྲེལ་གྲངས་ཅན་གྲངས་མེད་ཁ་བསྐངས་དང་བཅས་པ། གོང་སྨན་པའི་མན་ངག་ཆེན་མོ་དགོས་པ་ཀུན་འབྱུང་སོགས་དང་། དེ་ཡི་སྙིང་པོ་ཉམས་ཡིག་བརྒྱ་རྩ། ཕྱག་རྡོར་མགོན་པོའི་གཅེས་བཏུས་འབྲང་རྩེའི་མན་ངག་བེ་བུམ། སྐྱེམས་པ་ཚེ་དབང་གི་མན་ངག་ཕན་བདེ་བརྒྱ་རྩ། སྡེ་སྲིད་རིན་པོ་ཆེའི་མན་ངག་ལྷན་ཐབས་དང་། རང་ཉིད་ཀྱིས་མཛད་པའི་བུ་ཡིག་ཉུང་ངུ་། ངག་དབང་གིས་མཛད་པའི་མཁའ་འགྲོ་གཏད་རྒྱའི་རྒྱ་མདུད་ཞལ་ཤེས་དང་བཅས་པ། ལབ་མདོ་རྒྱུད་རྒྱ་མཚོའི་ལྷན་ཐབས་ཟུར་བརྒྱན་བཅས་དྭགས་པོ་འཚོ་བྱེད་ཀརྨ་ཀུན་ཕན་པའི་བྱེ་བ་རིང་འགྲེལ་ཞལ་ཤེས་བཅས་ཡོད་སྣང་བསྲེལ་བུ་ཡིག །སྨན་རམ་པའི་མན་ངག་བཀའ་རྒྱ་མ། ལྷོ་བྲག་ལྷ་ལུང་མཁན་བོ་ཀརྨ་


JKT017_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་འགྲུབ་ཀྱི་གཅེས་བཏུས་དགོས་པ་ཀུན་འབྱུང་། ཀོང་རོང་སྨན་བླ་དོན་གྲུབ་ཀྱི་རེག་ཟིག་ནེའུ་ལེའི་རྐྱལ་པ་སྤྱི་དང་། བྱེ་བྲག་ཕྱི་རྒྱུད་ལྷན་ཐབས། གཅེས་བཏུས་ཕན་བདེ་འབུམ་ཕྲག །ཁྱད་པར་འབྲི་གུང་པ་ཆོས་ཀྱི་གྲགས་པའི་སློབ་མ་ཚེ་དབང་བརྟན་པ་དང་། དེ་ཡི་སློབ་མ་དཔོན་ཚང་ཡེ་ཤེས་བཅས་ཀྱིས་མཛད་པའི་གཅེས་བཏུས་ཕན་བདེ་སྙིང་པོ་དང་། ཕན་བདེའི་ཆར་རྒྱུན་མ་བུ་ལེ་ལག་དང་བཅས་པ་དཀར་ཆག་ཟུར་གསལ་ལྟར་དང་། ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་གསུངས་ཐ་པར་ཡོད། ཐོར་བུ། དེ་ཡི་ཞལ་སློབ་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་མཛད་པའི་མན་ངག་ཐམས་ཅད་ཀྱི་གླེགས་བམ་གཅིག་པུ་སྨན་བསྡུས་ཆེན་མོ་པོད་གཉིས། འབེ་ལོ་ཆེན་ཚེ་དབང་ཀུན་ཁྱབ་དང་། བཀྲ་འབུམ་པའི་གཅེས་བཏུས་བདུད་རྩིའི་བུམ་བཟང་སོགས་ཟིན་བྲིས་སྣ་ཚོགས་བཅས་ལ་དཔྱད་ཅིང་ལག་ལེན་གྱི་མཐིལ་དུ་བྱ། གཞན་ཡང་བི་ཇིའི་རིགས་འཁྲུངས་དེ་ལ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་པས་གསོ་རིག་ལ་གསུང་རྩོམ་སྐོར་གླེགས་བམ་གསུམ་བཞིར་ལོངས་པ་ལས་ཉེར་མཁོའི་སྐོར། ནུས་པ་རྐྱང་སེལ་གྱི་རྒྱས་བཤད་ཤེལ་གོང་ཕྲེང་པོད། བཤལ་སྐྱུགས་ཀྱི་ལག་ལེན་ཉི་མའི་སྙིང་པོ། གཏར་གའི་གདམས་པ་ཉེས་འཁྲུགས་དྲུང་འབྱིན། ལུས་གནད་དང་བྱང་ཁོག་ཡུལ་ཐིག་དགུ་བཅུ་གོ་གསུམ་


JKT017_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། མེ་བཙའི་གདམས་པ་ཤེལ་དཀར་མེ་ལོང་། དབྱུགས་བཅོས་དང་། རྔུལ་འབྱིན་གྱི་མན་ངག །དུག་བཅོས་སྐོར། ཉེར་ལྔའི་སྦྱོར་སྡེ་ཤེལ་དཀར་ཕྲེང་བ། བཅུད་ལེན་རྒྱས་བཤད་ཟག་མེད་བདེ་སྟེར། ལག་ལེན་གཅེས་བསྡུས་སོགས་དང་། འབྲུ་ཚེ་ཧཱུཾ་པའི་མན་ངག་དྲན་འཛིན་ལྕགས་ཀྱུ་རྣམས་ལའང་ལེགས་པར་དཔྱད། ཡོངས་འཛིན་མཁས་དབང་དྷརྨ་ཀཱིརྟིའི་གསུངས་ལ། དངུལ་ཆུ་བཙོ་བཀྲུ། ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་ནག་ཆེན་མོ་དང་། ཚ་སྦྱོར་བཅས་ཀྱི་དཀར་ཆག །བྱིས་བཅོས་ཀྱི་སྐོར། རྩ་ཆུ་ནད་སྨན་སྤྲོད་ཚུལ་སོགས་ལས་དང་པོ་པ་ལ་མཁོ་བའི་རིགས་ཕྲ་མོ་སྣ་ཚོགས་པ་དང་བཅས་པ་སྟེ། ཇི་སྐད་བཤད་པ་དེ་རྣམས་ཀྱི་དོན་ལ་ཐོས་བསམ་དང་། གོམས་པས་ཉམས་སུ་བླངས་ན་རང་གཞན་གྱི་དོན་གཉིས་འགྲུབ་པར་གདོན་མི་ཟ་བ་ཉིད་དོ། །གཞན་དུ་ན་གངས་ཅན་གྱི་ལྗོངས་ཙམ་དུ་བྱུང་བའི་གསོ་བ་རིག་པའི་གླེགས་བམ་ཁོ་ནའི་གྲངས་ཀྱང་གཞལ་བར་མི་བཟོད་ན། དེ་རྣམས་ཀྱི་མན་ངག་དང་། ལག་ལེན་གྱི་ངེས་པ་ནི་འཆི་མེད་ལམ་གྱི་སྤུན་ཟླར་སོང་བས་ཡེ་ཤེས་གཟིགས་པ་ཁོ་ནའི་སྤྱོད་ཡུལ་དུ་རྟོགས་སོ། །ཞེས་པའང་བརྗེད་བྱང་ཟིན་བྲིས་སུ་བཏབ་པ་ཤུ་བྷཾ།། །།

སྨན་སྦྱོར་ཉེར་མཁོ་སྣ་ཚོགས།


JKT017_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྨན་སྦྱོར་ཉེར་མཁོ་སྣ་ཚོགས་བཞུགས་སོ། །ཨོཾ་ཨ་ཐཱ། །དྲན་པས་རིང་འཚོའི་དཔལ་སྟེར་བླ་མ་དང་། །སྨན་རྒྱལ་ཚེ་མཐའ་ཡས་ལ་གུས་བཏུད་ནས། །འཆི་མེད་བདུད་རྩིའི་སྦྱོར་བ་འགའ་ཞིག་གིས། །ཁ་བསྒྱུར་ནད་ཀུན་འཇོམས་པའི་མན་ངག་བསྟན། །དེ་ལ་ཅོང་ཞི་ཆ་གསུམ་འཇིབ་རྩི་གཉིས། །མ་ནུ་ཆ་གཅིག་སྦྱར་བའི་ཕྱེ་མ་ཡིས། །ནད་རིགས་ཀུན་དང་ཁྱད་པར་བད་ཁྲག་འཁྲུགས། །མ་ཞུ་སྨུག་པོ་འཇོམས་པའི་སྤྱི་སྨན་ཡིན། །དེ་ཉིད་གཞིར་བཞག་འཁྲུལ་འཁོར་ཁ་བསྒྱུར་ནི། །ཨར་སྐྱུར་བསྡེབས་པའི་བདུད་རྩི་ལྔ་སྦྱོར་འདིས། །རོ་རྒྱབ་ཕོ་མཆིན་རྩིབ་ཁྲོད་གཟེར་བ་དང་། དང་ཁ་འགགས་དང་ཁ་མངལ་སྐྱིད་པ་སྒྱུར། །ཆུ་ཚན་ཆུ་སྐྱུར་སྐྱུགས་སོགས་འཕྲལ་དུ་འཇོམས། །སྐྱུ་རུ་འུ་སུ་ད་ལིས་ལྕམ་པའི་འབྲུ། །ག་བུར་བསྣན་པས་རྨུ་འོར་སྐྱ་སྦབ་སེལ། །ལྕི་འཐིབས་ལ་སོགས་མགོ་ནད་རིགས་ཀུན་ལ། །རྡོ་དྲེགས་དུང་ཐལ་དུར་རུས་བསྣན་པ་བསྔགས། །སྙིང་སྲོག་སྟོད་ཁེངས་ཤུས་འདེབས་ཁྲག་རླུང་ལ། །སླེ་ཏྲེས་ཀཎྜ་ཀ་རི་ཨ་གར་བསྣན། །སྙིང་ལ་རླུང་ཞུགས་ཛཱ་ཏི་རུ་རྟ་དང་། །སྲོག་རྩ་གཟེར་ན་ལི་ཤི་ཨ་གར་ནག །གློར་བབས་ཅུ་གང་ཨ་ཀྲོང་དཀར་པོ་བསྣན། །བད་ཁྲག་གྲེ་བ་ལྐོག་མ་མི་བདེ་ན། །སྒང་ཐོག་བོང་ང་དམར་པོ་བསྣན་པ་ཤིས། །མཆིན་མཚེར་ནད་ལ་གི་ཝཾ་བྲག་ཞུན་སྟེ། །མཁལ་ནད་སྤྱི་ལ་སུག་སྨེལ་


JKT017_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་གསུམ། །མཁལ་རྐེད་འགྲམ་ལ་བོང་ང་ཤུག་ཚེར་ཅན། །དམར་པོ་གསུམ་སྦྱར་ཕོ་བའི་ནད་སྤྱི་ལ། །སེ་འབྲུ་རྐྱང་པའམ་བཞི་སྦྱོར་གང་རིགས་བསྣན། །སྐྲན་ལ་རྡོ་ཐལ་སྟར་བུའི་ཁཎྜ་སྟེ། །རྒྱུ་ལོང་ལ་བབས་དུག་ཉུང་བོང་དཀར་དང་། །སྒ་ལོ་བསྣན་ཅིང་ཐར་ནུའི་བཤལ་གྱིས་སྦྱངས། ཡང་ན་ཨིཎྜ་བཞི་ཐང་བསྡེབས། མཆན། །སྒང་པའི་ཆུ་འགགས་སྡིག་སྲིན་གཟེ་མ་དང་། །ཚད་གཞུགས་ཚིགས་བབས་སེང་ལྡེང་འབྲུག་གི་རུས། །སྤྱི་ཞུར་བོང་དཀར་བསྣན་པོ་མཆོག་ཏུ་ཤིས། །གཞན་ཡང་ཏིག་བརྒྱད་དང་བསྡེབས་པ་ཡིས། །བད་མཁྲིས་མགོ་ནད་འཇོམས་ཤིང་དེ་བཞིན་དུ། །གུར་གུམ་བཅུ་གསུམ་བསྡེབས་པས་གྲེ་ཐོག་འཇོམས། །འབྲི་མོག་བ་ཤ་ཀ་བསྣན་བད་ཁྲག་སེལ། །གཟེར་ཆེ་རུ་རྟ་ཨ་བྱག་ཧོང་ལེན་བསྣན། །སྙ་ལོ་རམ་བུ་སྦྱར་བས་འཁྲུ་བ་གཅོད། །སྤང་རྩི་ཧོང་ལེན་བོང་དཀར་པར་པ་ཏ། །བསྣན་པས་ཚད་རིམས་ཆམ་གསར་ལམ་ནས་བཟློག །དེ་སོགས་ཁ་བསྒྱུར་རིག་པས་འཁྲུལ་ཤེས་ན། །ཕྱི་ནང་ནད་རིགས་ཕལ་ཆེར་འཇོམ་མོ་ཞེས། །གཏམ་གྱི་ཟླ་རིས་བདུད་རྩིའི་དོ་ཤལ་ཅན། །འཚོ་བྱེད་མཁས་པའི་མཁའ་ལ་དལ་གྱིས་རྒྱུ། ༈ །མ་ནུ་ས་སྐྱ་ཨ་རུ་ལྕམ་རྩ་དང་། ཅོང་ཞི་བུལ་ཏོག་རིམ་བཞིན་ཆ་རེ་བསྐྱེད། །མ་ཞུ་ཁོངས་ནད་ཀུན་སེལ་སྤྱི་སྨན་ཡིན། །དེ་ཉིད་


JKT017_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གཞིར་བཞག་རྒྱམ་ཚྭ་བསེ་སྦྱར་རོ། །གླ་རྩི་ཕུར་ནག་ཁཎྜ་བསྡེབས་པ་ཡིས། །གཉན་རིམས་ཕོ་བར་བབས་པའི་གླང་ཐབས་འཇོམས། །བྱེའུ་ལ་ཕུག་བྲག་སྐྱ་ཧ་བོ་དང་། །སྒང་ཐོག་འབྲས་བུ་བསྣན་པས་ཤ་དུག་འཇོམས། །མགྲོན་ཐལ་ཆ་མཉམ་སྦྱར་བས་སྐྲན་རིགས་བཤིགས། །ཆུ་སེར་སྨན་གསུམ་བྲག་སྐྱ་ཏ་པོ་དང་། །རེ་རལ་བ་ལུ་བསྣན་པས་མཚེར་དུག་གིས། །ཤ་ལྤགས་བེམ་ཞིང་འབྲུམ་ཐོར་འབྱུང་ལ་ཕན། །སྦྲུལ་ཤ་མདེའུ་འབྱིན་སྡོང་རོས་སྦྱར་བ་ཡིས། །བུ་དང་ཤ་མ་འཐོག་པ་ཐོན་པར་བྱེད། །གཞན་ཡང་མན་ངག་རྒྱུད་ཀྱི་དགོངས་པ་ལྟར། །གང་མ་ཞུ་བའི་གཉེན་པོ་བསྣན་པ་ནི། །རྩམ་པ་མ་ཞུ་ཕབ་དང་བུལ་ཏོག་བསྣན། །ཤ་མ་ཞུ་ན་སྤྱང་ཀིའི་ཕོ་བ་དང་། །སོ་བྱ་བྱ་རྒོད་གྲེ་བ་ཕོ་བ་བསྣན། །ཡང་ན་སོག་ཡུའི་ཐང་གིས་ཕུལ་ལ་གཏོང་། །སྔོ་ངད་མ་ཞུ་ཟ་འབྲུ་དབྱི་མོང་བསྣན། །ཆང་མ་ཞུ་ན་ཕབས་བསྣན་ཆང་གིས་ཕུལ། །ཡང་ན་སོག་ཡུའི་ཐང་གིས་ཕུལ་ལ་གཏོང་། །ཇ་ཆུ་མ་ཞུ་ཚྭ་སྣ་ཚོགས་ཚད་བསྟེན། །ཡང་ན་ལོ་བརྒྱད་དྲི་ཆུས་ཕུལ་བ་ཤིས། །ཞོ་དར་མ་ཞུ་ཆུར་ཁུས་ཕུལ་ལ་གཏོང་། །མར་ཚིལ་མ་ཞུ་ཅོང་ཞི་རྒོད་བཏུལ་བསྣན། །འབྲུ་མར་སྲན་མའི་ཐང་གིས་ཕུལ་ལ་གཏོང་། །རྡོ་མ་ཞུ་ན་མཚུར་དང་ཚྭ་ལ་བསྣན། །སྨན་མ་ཞུ་ན་བོང་དཀར་པི་ལིང་


JKT017_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བསྣན། །དྭངས་མ་མ་ཞུ་ཆ་བཅའ་སྒ་རྒྱམ་ཚྭ་ཨ་རུ་པི་ལིང་བཞི་སྟེ་སྐབས་འདིར་རྒྱམ་ཚ་དང་། པི་ལིང་བསྣན། མཉམ་བཞི་ཐང་བསྣན། །སེ་འབྲུ་བཞི་སྟེང་རྒྱམ་ཚྭ་དྲི་ཡངྐ་། །བསྣན་པ་གཉིས་ཀ་ལྟག་པ་སྤྱད་ལ་ལྷགཏོང་། །སྙིགས་མ་སེ་འབྲུ་བཞི་སྟེང་། བཅའ་སྒ་རྒྱམ་ཚྭ་གུར་གུམ་དབྱི་མོང་བྱི་ཏང་ཀ་བསྣན་པའོ། །མ་ཞུ་སྒ་རྒོད་དགུ་པ་དང་། །བྱེར་ན་འོ་མར་ལན་ཚྭ་བཏབ་པས་བསྡུ། །འདུས་ན་དེད་དཔོན་བཞི་སྦྱོར་ཐར་ཁཎ་བཅས། །ཚད་ལྡན་བསྣན་པའི་བཤལ་གྱིས་དག་པར་སྦྱང་། །མ་ཞུ་སྤྱི་ལ་གོ་བོའི་ཐལ་བ་བསྡེབས། །ལྕམ་ནག་རྩ་བ་བུང་བསྐྱེད་གཏོང་བ་གནད། ༈ །ཕྱི་རྒྱུད་གུར་གུམ་བཅུ་གསུམ་གཞུང་བཞིན་སྟེང་། །བ་ཤ་ཀ་དང་གུ་གུལ་ནག་པོ་བསྣན། །ལིང་ཐོག་མགོ་གཟེར་ཡ་མའི་རིགས་ཀུན་འཇོམས། །ཤིང་ཀུན་འཛིན་པ་བསྣན་པས་མགོ་སྲིན་སེལ། །ནཱ་གི་རྡོ་དྲེགས་སྦྱར་བས་སྣ་སྲིན་འཇོམས། །ཨུཏྤལ་བ་ཤ་ཀ་དང་པྲི་ཡངྐཱ་། །བྲག་ཞུན་བསྣན་པས་ཁྲག་མཁྲིས་འཁྲུགས་རིམས་དང་། །ཡ་མས་མགོ་དང་རྣ་བ་གཟེར་སོགས་སེལ། །ཡང་ན་གསེར་མེ་པུཎྜ་རཱི་ཀ་བསྣན། །འདིས་ཀྱང་ཡ་མ་མགོ་གཟེར་འཇོམས་པའི་མཆོག །འཛིན་པ་བསྣན་པས་མགོ་བོའི་ཚད་ནད་ཞི། །ཅོང་ཞི་དམར་པོ་འུ་སུ་ལི་ཤི་དང་། །ཨ་རུ་ཛ་ཏི་སྦྱར་པས་བད་ཁྲག་གིས། །གྲེ་བ་འགགས་དང་དང་ཁར་འདྲིལ་བ་


JKT017_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས། ༈ །གྲང་སེལ་སེ་འབྲུ་ཉེར་ལྔའི་སྦྱོར་བ་ནི། །སེ་འབྲུ་བཟང་པོ་དྲུག་དང་ཚ་བ་སྒ་པི་ཕོ། གསུམ། །རྒྱ་ཚྭ་རྒྱམ་ཚྭ་ཟེ་ཚྭ་མགྲོན་ཐལ་དང་། །ཤིང་ཚྭ་ཁ་རུ་ཚྭ་དང་ན་ལེ་བོ་རིལ། ཤམ། །ཀ་ཀུ་བ་སྟེ་ཆེ་བ། པེད་མ་ནུ་ཏིག་འབྲས་བུ་གསུམ། ཧོར་ལེན་རུ་རྟ་ཀ་རའི་རྟ་དང་སྦྱར། །ཆུ་སྐོལ་ཚན་མོས་ཕུལ་ལ་བཏང་བ་ཡིས། །མ་ཞུ་བ་དང་ཕོ་བའི་མེ་དྲོད་ཉམས། །དྭངས་མ་འཁྲུ་དང་ཕོ་ནད་གཅོང་ལ་སོགས། །གྲང་བའི་ནད་རྣམས་འཇོམས་པའི་མེ་དཔུང་ཡིན། །ནོར་བུ་བདུན་སྟེང་སྨྱུག་རྩི་དམར་གསུམ་བསྣན། །མོ་ནད་སེལ་བའི་ཐང་སྦྱོར་བླ་ན་མེད། །སྟར་བུ་རུ་རྟ་ཟེ་ཚྭ་ས་སྐྱ་བཞི། །ཆུ་བསྐོལ་ཕུལ་བཏང་མོ་ནད་ཁྲག་འདྲིལ་བཤིགས། ༈ །སྤང་སྤོས་ཤུ་དག་གོ་སྙོད་རྡོ་རྒྱུས་དང་། །གཡེར་མ་བུལ་ཏོག་ཤིང་མངར་ཞིབ་བཏགས་ནས། །མར་རྙིང་ཕག་ཚིལ་གང་རྙེད་སྦྱར་བ་བྱུགས། །ཚབ་ཆེ་བཙན་དུག་བྱང་བ་དུད་པ་བསྣན། །བྱུགས་པ་རྩྭ་དཀར་ཀུན་སེལ་ཨེ་མ་ཧོ། ༈ །གོ་སྙོད་སྤང་སྤོས་ཤུག་ཚེར་གླ་རྩི་བཅས། །མར་དཀར་སྦྱར་བྱུགས་རྩ་འགྱུར་རིགས་ཀུན་འཇོམས། ༈ །གོ་སྙོད་ལྟ་བ་སྒྲོན་ཤིང་བོང་ནག་དང་། །སྒ་དམར་བྱུགས་པས་རླུང་ནད་མ་ལུས་སེལ། ༈ །ལན་ཚྭ་བུལ་ཏོག་ཐར་ནུས་གྲང་བེར་འཇོམས། ༈ །གུ་གུལ་སྤུ་རྩ་སྤྱང་བྲུན་ཤ་ཆེན་


JKT017_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བ་བླ་ཚིལ་ཆེན་གླང་ཚིལ་གླང་རྭའི་གཞོབས། །ཤུ་དག་རྨ་བྱའི་ཤ་དང་སྒྲོ་གང་རུང་། །བ་ཆུ་ནུས་ལྡན་དྲི་ཆུས་འདམ་བཏགས་བྱ། །རིལ་བུ་སྲན་འཕོས་ཙམ་དྲིལ་ལྟོ་སྟོང་གཏོང་། །ཚིལ་ཆེན་སྦྱར་ནས་བདུག་ཅིང་བྱུགས་པ་ཡིས། །གཟའ་ཀླུའི་ནད་གདོན་འཕྲལ་དུ་འཇོམས་པའི་མཆོག ༈ །ཀླུ་བདུད་ཛཱ་ཏི་ཤངས་དྲིལ་ཙནྡན་གཉིས། །ཨར་ནག་གེ་སར་ཡུངས་ཀར་ཤུ་དག་ནག །ཐལ་རྡོར་སྒ་སྐྱ་ཤ་ཆེན་གིའུ་ཝཾ། །ལྕུམ་རྩ་བོང་ང་ཤིང་ཀུན་ལྡོང་རོས་དང་། །མུ་ཟི་ནག་པོ་སྦྱར་བའི་རིལ་བུ་ཡིས། །སྟེང་གདོན་གཟའ་དང་འོག་གདོན་གདུག་པ་ཀླུ། །འགོ་ནད་ཟས་གོས་གནས་ཀྱི་གྲིབ་ཀུན་སེལ། ༈ །ཆུ་འབེབས་རིལ་བུ་དཀར་པོའི་སྦྱོར་བ་ནི། །ཅོང་ཞི་སོལ་བའི་མེ་ལ་ཚོས་པར་བསྲེགས། །འུ་སྒྱུར་ལྷ་མོའི་ཐང་གི་དཀྱིལ་དུ་བསྒྱུར། །མ་ཚོས་ཤིག་གི་སྙིང་ཙམ་མ་སོང་གཅེས། །དེ་སྟེང་ཅུ་གང་ཕུལ་གང་འདེབས་པ་གནད། །ཁ་བསྒྱུར་ཚ་ཆུར་གུར་གུམ་བཅུ་གསུམ་དང་། །འབོལ་བདུན་ཨོཾ་བྷི་ཅུ་གང་བདེ་བྱེད་བསྣན། །འུ་སྒྱུར་ཐང་གིས་འདམ་འཐགས་འཐེམ་པར་བྱ། །གྲང་ཆུར་སེ་འབྲུ་ལྔ་དང་ཆུ་སྨན་གསུམ། །ཡང་ན་སུག་སྨེལ་བཅུ་ལ་སྦྱོར་བ་ཤིས། །གློ་མང་འཁྲུགས་ན་རྒུན་འབྲུམ་བདུན་པ་དང་། །ཚ་གྲང་སྤྱི་ལ་དྭངས་མ་གནས་འཇོག་སྦྱར། །དེ་སོགས་རིག་པའི་འཁྲུལ་


JKT017_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བསྐོར་ཤེས་ན། །ས་སྟེང་འདི་ཡིས་རྨུ་ཆུའི་ནད་རིགས་ཀུན། །འདྲེན་བྱེད་བདུད་རྩི་ཆུ་འབེབས་ཞེས་བྱར་གྲགས། །སྣོད་ལྡན་སློབ་མའི་ཙིཏྟའི་དཀྱིལ་དུ་སྤོས། ༈ །བདུད་རྩི་ལོ་མ་ཧོང་ལེན་ཚེར་སྔོན་དང་། །སྟག་ཤ་རེ་ལྕགས་ལོ་མ་ཐར་ནུ་བཅས། །ལེགས་སྦྱར་ལོ་མ་དྲུག་པའི་ཆར་རྒྱུན་གྱིས། །གཉན་ཚད་མེ་དཔུང་འབར་བ་ཐབས་སུ་གསོད། ༈ །ཐར་ནུ་ལེགས་བཏུལ་ཤོག་ཤིང་གླ་རྩི་དང་། །ཆིག་ཐུབ་འཕུར་སླེབས་སྐྱེར་ཤུན་ཤུ་དག་ནག །དཔའ་བོ་དཀར་པོ་རུ་རྟ་འོམ་ལོ་བཅས། །ལོ་བརྒྱད་དྲི་ཆུས་རིལ་བུ་སྲན་ཙམ་དྲིལ། །དུག་དང་གླང་ཐབས་སྲིན་གྱི་རིགས་ལ་སོགས། །ཁོང་ནད་ཀུན་སེལ་དམར་མོ་སྤྱི་འཇོམས་སོ། ༈ །ཅུ་གང་ཙནྡན་ཨ་ཀྲོང་སྲོ་ལོ་དཀར། །སྤང་རྒྱན་བོང་དཀར་དཀར་པོ་དྲུག་སྦྱོར་འདིས། །གྲེ་འགགས་རིགས་ཀུན་སེལ་བའི་བདུད་རྩིར་བཤད། ༈ །ཐར་ནུའི་ཁཎྜ་༡་༠༠གསེར་མདོག་༠༤༠བྲག་ཞུནབ་༡༠དང་། །རེ་བ་༢༠ལྕགས་རེ་རལ་བ་༢༠སྟག་བ་༠༤ཤ་རི་དྭགས་དྲི། །རིལ་བུ་དྲིལ་བ་གྱུར་དུག་ཀུན་ལ་འགྲོ། ༈ །རྒྱ་མཚལ་ཙནྡན་དཀར་དམར་ཨ་ག་རུ། །ལི་ཤི་ཀོ་ལ་སུག་སྨེལ་འབྲས་བུ་གསུམ། །བོང་དཀར་འུ་སུ་སྤང་སྤོས་རུ་རྟ་དང་། །གླ་རྩི་ཁ་ཆེ་གི་ཝཾ་ན་གི་སྦྱར། །ཡ་མ་ཀླད་གཟེར་ཆམ་རིམས་མཐའ་དག་སེལ། །མིག་


JKT017_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དབང་པོ་གསལ་ཞིང་དྭངས་པར་འགྱུར། །སི་ཏུའི་སྣ་སྨན་ཉེས་སེལ་ཨེ་མ་ཧོ། །འདི་སྟེང་ཤིང་ཀུན་མ་རུ་བྱི་ཏང་ཀ །བསྣན་པས་ནུས་པ་མཆོག་ཏུ་བསྐྱེད་པར་བྱེད། ༈ །གིའུ་༡ཝང་ཨ་རུ་༢བཙན་དུག་༣གླ་རྩི་དང་། །ཤུ་དག་གུ་གུལ་༦མུ་༧ཟི་ཤིང་༨ཀུན་མཚལ་༩། །དངུལ་ཆུ་དུལ་མ་སྦྱར་བའི་ལོ་བརྒྱད་ཆུས། །རིལ་བུ་དྲིལ་ལམ་ཡང་ན་ཕྱེ་མ་བྱ། །ནག་པོ་དགུ་ཡི་སྦྱོར་བ་ཞེས་བྱ་སྟེ། །ཟབ་ལ་ཁྱེར་བདེ་རྫས་སྲུང་རྒྱ་མཚོའི་བཅུད། །ནད་གདོན་བགེགས་རིགས་ཀུན་གྱི་གོ་ཆར་བསྔགས། །མངྒ་ལཾ། ༈ །ཨོ་ཨ་ཐཱ། །ཨ་རུ་བཟང་དྲུག་འབྲི་ཏ་ཉ་ཕྱིས་དང་། །དམར་གསུམ་མཁལ་ཞོ་བསེ་རུ་འབྲས་སྣ་གསུམ། །ཤིང་ཚ་ཤུག་ཚེར་རུ་རྟ་ཨརྫཀ །ཟི་ར་བྲག་ཞུན་ཤིང་མངར་སྡིག་སྲིན་བཅས། །གསེར་མདོག་ཉེར་ལྔར་གྲགས་པའི་སྨན་མཆོག་འདི། །སློབ་དཔོན་ཞལ་གདམས་སྙན་བརྒྱུད་ཟབ་མོ་སྟེ། །ཕན་ཡོན་མཁལ་འགྲམ་མཁལ་རྩ་གྲང་རིགས་དང་། །རྐང་རྐེད་རུས་ཚིག་དཔྱི་མིག་ཡན་ལག་ཟུག །ཁྲག་གིས་བསྐྱེད་པའི་མཁལ་འབྲས་གཟེར་བ་སོགས། །ནད་རིགས་ཕལ་ཆེར་སེལ་བའི་སྨན་མཆོག་ཡིན། ༈ །ཀོ་བྱི་གསེར་མདོག་ཅུ་གང་ཛཱ་ཏི་དང་། །རུ་རྟ་ཤུ་དག་ཚེར་སྔོན་སྦྱར་བ་ཡིས། །བད་ཁྲག་སྲོག་རླུང་སྟོད་འཚངས་རིགས་ཀུན་སེལ། །ཡང་ན་ཀོ་བྱི་ཨར་ནག་ཛཱ་


JKT017_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་དང་། །ཚེར་སྔོན་སྤོས་དཀར་ལི་ཤི་སྟར་བུར་སྦྱར། །སྟོད་འཚངས་ནད་ལ་བདུད་རྩི་ལྟ་བུར་ཤིས། །ཀོ་བྱི་ཨར་ནག་ཛཱ་ཏི་རུ་རྟ་དང་། །ཚེར་སྔོན་གུ་གུལ་དཀར་ནག་སྦྱར་བ་ཡིས། །འབམ་ནད་སྟོད་འཚང་གཟེར་རིགས་འཇོམས་པར་བྱེད། །དེ་སྟེང་སྙིང་ཞོ་ཤ་ཆེན་ཁ་ཚར་བཏབ། །སྲོག་རླུང་སྨྱོ་འབོགས་སྙིང་གཟེར་ཀུན་ལ་ཕན། ༈ །ཉང་གི་གཏེར་བྱོན་གོ་གྲེ་བཅུ་བདུན་ནི། །ད་ལིས་མ་ནུ་འབྲི་ཏ་ས་འཛིན་དང་། །ཡུ་མོ་ཨོལ་གོང་རྣམས་ནི་གཙོ་བོ་ལ། །ཅུ་གུར་ལི་ཤི་ཤིང་མངར་སྤང་རྒྱན་དཀར། །རུ་རྟ་ཨ་རུ་རྒུན་འབྲུམ་ཙནྡན་དམར། །སེ་འབྲུ་ཨུཏྤལ་པི་ལིང་ཀ་ར་སྦྱར། །བད་ཀན་ཨོལ་འགགས་ཕོ་བའི་ནད་ཀུན་སེལ། ༈ །རུ་རྟ་གཟེར་འཇོམས་ཧོང་ལེན་ཆ་གསུམ་བོ། །ཞིབ་བཏགས་ཆུས་ཕུལ་ཁྲག་གི་སྟོད་འཚངས་ནད། །སེལ་བྱེད་བདུད་རྩི་སུམ་སྦྱོར་ཞེས་སུ་གྲགས། ༈ །བདུད་རྩི་ལོ་མ་ཨ་བྱག་སྤང་རྩི་གསུམ། །སྦྱར་བས་གཉན་རིམས་ཚད་གཟེར་གསར་པ་འཇོམས། ༈ །བདུད་རྩི་ལོ་མ་ཚད་ལྡན་གཙོ་༡་༠༠བོ་ལ། །བོང་དཀར་བ་གླ་རྩི་༠་༠༨སྦྱར་ཀླུབས་ཚ་རིམས་མཁྲིས། །གག་ལྷོག་གཉན་རིགས་རྒྱུ་གཟེར་དུད་ཁུ་འཁྲུ། །འབྲུམ་བུ་ཡ་མའི་ནད་ལ་ཐེངས་པས་ཆོག ༈ །བོང་༢་བདཀར་སྤང་རྩི་༡་༠༠འཛིན་པ་༠་༥༠ཕྱེད་ཆ་བསྐྱུངས། །ཚད་


JKT017_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་རྒྱས་ལ་བདུད་རྩི་ལྟ་བུར་ཤིས། ༈ །བྱིའུ་ལ་ཕུག་སྨུག་དང་གསེར་ཤ་གསུམ། །མར་ལ་བཙོས་ནས་བུལ་ཏོག་ཁ་ཚར་བཏབ། སྐམ་ནས་ཐུན་ཆེན་ཆུ་སྐོལ་ཚ་མོས་འཕུལ། །ཤ་དུག་ནད་ཀྱིས་མི་འཆི་མྱོང་བས་གྲུབ། ༈ །མཁུན་པ་གྲོས་འདེབས་བ་༢༠གི་ཝཾ་བ་༢༠རྒྱ་ཚྭ་བ་༠༥གསུམ། །སྒོག་སྐྱའི་ཁུ་བས་རིལ་བུ་སྲན་ཙམ་དྲིལ། །གཅིག་གཉིས་གསུམ་སོགས་ནད་སྟོབས་སྦྱར་ལ་གཏོང་། །སྲིན་ནད་ཀུན་སེལ་འཆི་མེད་བདུད་རྩིར་གྲགས། ༈ །འབྲང་གི་སྙིང་ཁྲག་གསེར་མདོག་གླ་རྩི་དང་། །གུ་གུལ་ལི་ཤི་དོམ་མཁྲིས་སྦྱར་བ་ཡིས། འདི་སྟེང་གུར་གུམ་དང་། སྤོས་དཀར་བསྣན་པ་འབྲོང་ཁྲག་བརྒྱད་པ་ཟེར། མིད་འཆུས་ནད་རིགས་ཀུན་ལ་ཐེངས་པས་ཆོག ༈ །ཅོང་ཞི་དུལ་༦་༠༠མ་བྲག་༡་༠༠ཞུན་ཨ་རུ་༡་༠༠ར། མ་ནུ༡་༠༠འུ་སུ་༡་༠༠ཨུཏྤལ་༡་༠༠རུ་རྟ་༡་བ”བདུན། །སྟར་བའི་༡་བ༠ཁཎྜས་རིལ་བུར་དྲིལ་བ་ཉིད། །བད་ཀན་འདུས་ནད་ཀུན་ལ་བདུད་རྩིར་མཚུངས། །མན་ངག་སྨན་ནི་ལྕགས་ཀྱི་ཕྱེ་༡་༠༠མ་དང་། །ཁྲག་༡་༠༠སྐེམས་བ་ཤ་ཀ གཞོན་ནུར་ཡོངས་འཛིན་བླ་མས་བཞེད། ༈ །ཕོ་བའི་གཞི་འཛིན་སྡེ་སེ་འབྲུ། བཞི་དར་སྲི་ཡང་། གདུགས་ཅན། །ཨ་རུ་ལི་ཤི་ཅོང་ཞི་བའི་སྔགས་ཀྱི་རང་སྒྲ་ལས། འུ་སུ་ཀ་ར་ཕོ་བའི་སྐྱུགས་སོགས་སྡུག་བསྔལ་ཞི། །ཁྱད་འཕགས་འདི་འདྲ་གཞན་ན་འདུག་གམ་


JKT017_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས། ༈ །གཙང་སྦལ་སྨན་སྦྲུལ་གོང་མོ་ཁྱིམ་བྱ་དང་། ཕུག་རོན་ཉ་སྤྲེ་སྲམ་ཤ་མཆིལ་པའི་ཀླད། །ལུག་ཐུག་དང་ནི་ཞིམ་བུའི་རླིག་འབྲས་བཅས། །དུག་འདོན་ངར་འདོགས་སྤྱི་ལྟར་བྱས་པའི་སྟེང་། །འབྲས་གསུམ་བཟང་དྲུག་དབང་ལག་རྩ་བ་ལྔ། །གི་ཝཾ་གླ་རྩི་གོ་ཡུ་སྡིག་སྲིན་དང་། །དངུལ་ཆུ་གྲང་འདུལ། བྲེ་ག་ཅོང་ཞི་མཛོ་འོར་འདམ་བཏགས་བྱས། འབྲས་སྣ་གསུམ། །དབྱར་རྩ་རྒུན་འབུ་སྲོ་མ་སེངྒེར་བཅས། །ཞིབ་བཏགས་མངར་གསུམ་མགོ་བསྡུས་རིལ་བུར་དྲིལ། །གསུམ་ལྔ་བདུན་སོགས་ལུས་སྟོབས་དཔག་བྱས་ཏེ། །གར་ཆང་ངམ་ནི་འོ་མས་ཕུལ་ལ་གཏོང་། །ལུས་ཟུང་བདེ་བ་རྒྱས་པའི་དཔལ་འབྱོར་གྱིས། །རྒས་དང་རྒུད་པ་མི་མངའ་སྐྲ་དཀར་གྲོལ། །དབང་གསལ་ལས་ནུས་འཆི་མེད་འགྲུབ་པ་སོགས། །བདུད་རྩི་འདི་ཡི་ཡོན་ཏན་བསམ་མི་ཁྱབ། །

གསོ་བ་རིག་པའི་མན་ངག་ཐོར་བུ་སྣ་ཚོགས།


JKT017_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསོ་བ་རིག་པའི་མན་ངག་ཐོར་བུ་སྣ་ཚོགས་བཞུགས་སོ། །ཨ་རུ་ག་བུར་གཟའ་དུག་གླ་རྩི་དང་། །བཟང་དྲུག་དོམ་མཁྲིས་ཏིག་གིའུ་ཝཾ་དང་། །དྲི་ཆེན་བཙོད་དང་གཡག་ནག་སྦྲུལ་གྱི་ཁྲག །འབྲུག་རུས་ཤུ་དག་ཙནྡན་དཀར་དམར་དང་། ཨ་གར་རུ་རྟ་སྦྱར་བའི་ཕྱེ་མ་ཡིས། །སྙིང་རླུང་སྨྱོ་འབོགས་གྲིབ་གདོན་རིགས་ཀུན་སེལ། །གུ་གུལ་སྤོས་དཀར་སྤང་སྤོས་གླ་སྒང་རྣམས། །ཞིབ་བཏགས་སྤྲ་ཚིལ་སྦྱར་ལ་བུག་པར་བླུགས། །


JKT017_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མར་ནག་སྦྱར་ནས་རྣ་བའི་མཐའ་སྐོར་བྱུགས། །དེ་ཡིས་གྲིབ་ཀྱིས་རྣ་བ་འོན་པ་སེལ། །རྒུན་འབྲུམ་ནུས་བསྲེགས་ལི་ཤི་མཚལ་དཀར་དང་། །ཡུག་ཤིང་ཅུ་གང་མར་སྦྱར་སྣ་ཤུ་འཇོམས། །ཤིང་ཀུན་སུག་སྨེལ་པི་ལིང་ཨ་རུ་དང་། །ཚྭ་ལ་སྦྱར་བ་ར་ཐུག་ཆུ་ལ་བཙོས། །རྣ་བ་སྒྲ་བཅས་རླུང་གིས་འོན་པ་སེལ། །སྤང་སྤོས་ཏང་ཀུན་སྒོག་སྐྱ་སྤུ་རྩ་དང་། །གླ་རྩི་སྦྱར་བས་ཡ་མ་རྩད་ནས་འདོན། །རྒྱ་མཚལ་ཙནྡན་དཀར་དམར་ཨ་ག་རུ །ལི་ཤི་ཀོ་ལ་སུག་སྨེལ་འབྲས་བུ་གསུམ། །བོང་དཀར་འུ་སུ་སྤང་སྤོས་རུ་རྟ་དང་། །གླ་རྩི་ཁ་ཆེ་གི་ཝཾ་ན་གི་སྦྱར། །ཡ་མ་གླད་གཟེར་ཆམ་རིམ་མཐའ་དག་སེལ། །མིག་སོགས་དབང་པོ་གསལ་ཞིང་དྭངས་པར་འགྱུར། །སི་ཏུའི་སྣ་སྨན་ཉེས་སེལ་ཨེ་མ་ཧོ། །སྣ་ཐ་ཁ་ཆེ་ཅུ་གང་ཙནྡན་གཉིས། །གི་ཝཾ་ཤིང་མངར་སྤང་རྒྱན་སྲོ་ལོ་དཀར། །ཨ་ཀྲོང་རྒུན་འབྲུམ་ག་བུར་སྐྱུ་རུ་ར། །སྤོས་དཀར་ལི་ཤི་བོང་དམར་ན་གི་བཅས། །སྦྱར་བས་གྲིབ་དང་མི་གཙང་ནད་རིགས་ཀུན། །སེལ་ཞེས་གྲུབ་ཆེན་ས་ར་ཧ་ཡིས་གསུངས། །ཆམ་པ་རྙིང་པའི་ལུ་བ་བཅོས་རྡུག་ལ། །པི་ལིང་མར་ཁུར་བཙོས་ཕྱུང་ཕྱེ་མ་དེ། །ཚ་ན་ཞོ་དང་གྲང་ན་མར་ཁུས་ཕུལ། ༈ །སྐྲ་དཀར་ལེགས་པར་བཞར་ལ་ཨ་རུའི་ཆུས། །ལན་མང་བྱུགས་ཅིང་དེ་ནས་མཚུར་གྱིས་བྱུགས། །ལོ་


JKT017_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ལོན་ཀྱང་གཞོན་ནུ་ལྟ་བུར་འགྱུར། །ཕག་པའི་རྐང་ཚིལ་སོ་ར་སྐྱུ་རུ་ར། །བྱུགས་པས་སྐྱི་ཐེར་སྐྱེ་བར་ཐེ་ཚོམ་མེད། །འགྲམ་རྒྱ་སྤུ་གྲིས་བཞར་རྗེས་གཡེར་ལྕམ་ཆུས། །བཀྲུས་ནས་རི་བོང་ཀླད་པ་ནག་མཚུར་གསུམ། །ལུད་ཁོལ་ནང་དུ་ཞག་གསུམ་བསྙལ་ནས་བྱུགས། །གཏན་ནས་མི་འབྱུང་གལ་ཏེ་སྐྱེ་འདོད་ན། །གླ་རྐང་ཁམ་ཚིལ་སྦྱར་བྱུགས་རིང་པོར་སྐྱེ། །ཡང་ན་མར་ནག་ནང་དུ་བྱི་ལའི་བྲུན། །བཙོས་ཏེ་བྱུགས་པས་སྨྲ་ར་སྲུང་བར་བྱེད། །སེ་འབྲུ་ཤུ་དག་རྒྱམ་ཚྭ་ཡུངས་ཀར་དང་། །ཨ་རུ་མུ་ཟི་སྦྱར་བྱུགས་གདོང་པ་མཛེས། །འཇིགས་མེད་ནག་ཚུར་ཤེལ་དཀར་སོ་རྩར་བྱུགས། །དེ་སྟེང་ཀོ་བྱི་གོ་ཡུ་མཆན་བཏབ་པས་སོ་བརྟེན་བྱེད། །གཙོ་བོ་བརྒྱད་པ་ཚད་ལྡན་སྦྱར་བའི་སྟེང་། །སྡེར་མོ་དགུ་བསྡེབས་དམར་བཤལ་ནད་རིགས་འཇོམས། །ཨིནྡྲ་བཞི་བསྡེབས་ཚ་བ་སྣོད་ལྟུང་སེལ། །འབྲས་བུ་གསུམ་བསྡེབས་གསར་རྙིང་འཁྲུགས་རིམས་སེལ། །སྟག་ཤ་བསྡེབས་པས་གཉན་རིམས་མཐའ་དག་སེལ། །ཆུ་སེར་སྨན་སྡེབས་ཆུ་སེར་ཚད་པ་སེལ། །གཞན་ཡང་ཁ་བསྒྱུར་རིག་པའི་མདའ་ཡིས་བསྣུན། །ས་ཆུ་མི་ཐུབ་ཚ་གྲང་འཐབ་པ་ཡི། །དབུགས་སྟོད་འཚང་ཞིང་གློ་ལུ་མང་པ་དང་། །ཁ་གདོང་རྐང་བོལ་སྐྲངས་པའི་ནད་རིགས་ལ། །རྒུན་འབྲུམ་བདུན་སྟེང་ཛཱ་ཏི་ལི་ཤི་


JKT017_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཨར་ནག་སྦྱར་བ་བདུད་རྩི་ལྟ་བུར་ཤིས། །རྡོ་ཐལ་མ་ནུ་ཚ་བ་གསུམ་དང་ནི། །རྒྱ་ཚྭ་ཐལ་ཚྭ་མཚུར་དཀར་ཁ་རུ་ཚྭ། །བ་སྤུ་གོ་ཐལ་སྤྱང་ཀི་གོ་བོའི་ཕོ། །སྟར་བུ་སུག་སྨེལ་དབྱི་མང་ཙི་ཏྲ་ཀ །ལྕེ་ཚྭ་སྲུབ་ཀ་གླ་གུལ་དྲི་ཐོན་ཙམ། །ལེགས་པར་སྦྱར་བ་ཆང་ངམ་ཆུ་བསྐོལ་ཕུལ། །དེ་ཡིས་བད་ཀན་མིད་འཆུས་རིགས་ཀུན་སེལ། །ཙནྡན་སྲོ་ལོ་ཨ་ཀྲོང་བོང་ང་དཀར། །ཀྱི་ཀྱེ་སྤང་རྒྱན་དཀར་པོ་དྲུག་སྦྱོར་འདིས། །གྲེ་བའི་ནད་རིགས་ཀུན་ལ་ཐེང་པས་ཆོག །ཐར་ནུ་རྒོད་པོ་ཆ་གཅིག་སྦྱར་བའི་སྟེང་། དེ་ཉིད་བ་ཆུར་གདུལ་བ་ཆ་གཅིག་དང་། །རེ་ལྕགས་བོང་དཀར་རེ་རལ་ཀོ་བྱི་ལྕམ། །བཟང་དྲུག་སྦྱར་བས་དུག་ནད་རིགས་ཀུན་སེལ། །ཀ་མོ་ཉ་ཡི་ཟླ་ཤེལ་ཅེས་སུ་གྲགས། ༈ །གསེར་མདོག་རྡོག་གཅིག་བྲག་ཞུན་དེ་དང་མཉམ། །དེ་གཉིས་མཉམ་པའི་སྟར་བུ་ཨུཏྤལ་དང་། །ཁ་ཆེ་བ་ཤ་ཀ་དང་སྐྱུ་རུ་ར། །སེ་འབྲུ་སུག་སྨེལ་རུ་རྟ་སྦྲུལ་གྱི་ཤ །མ་ནུ་འུ་སུ་བཅུ་པོ་ཐུན་བཟང་རེས། །རིལ་བུ་སྲན་འཕོས་ཙམ་དྲིལ་ཆུ་བསྐོལ་ཕུལ། །དུག་དང་ཁྲག་མཁྲིས་སྨུག་པོ་ལ་སོགས་པའི། །ཕོ་ནད་ཀུན་འཇོམས་རིལ་སྐྱུར་བླ་རྟའི་ལུགས། ༈ །ཅོང་ཞིའི་ཐལ་བ་ཛཱ་སུག་ཀོ་ལི་ཤི། །ཚྭ་བ་གསུམ་དང་རྒྱམ་ཚྭ་ལ་སོགས་པའི། །ཚྭ་སྣ་ཚོགས་ཚད་སྦྱར་བས་གྲང་སྐྲན་འཇོམས། །


JKT017_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་བཟང་དྲུག་ཨ་རུ་སྒ་པི་དང་། །ཨུཏྤལ་ཟི་ར་གཉིས་སྦྱར་ཚ་སྐྲུན་སེལ། །ཅོང་ཞི་ཕུལ་དོ་བཟང་དྲུག་ཁ་རུ་ཚྭ། །དོམ་མཁྲིས་འབྲས་གསུམ་རྒྱ་ཚྭ་ཟེ་ཚྭ་དང་། །ཚྭ་ལ་བཙན་དུག་ཐལ་བས་སྐྲན་ཀུན་བཤིག །ཨ་རུ་གསེར་མདོག་རྡོག་གསུམ་ནུས་ལྡན་བསྲེགས། །ད་ལིས་ཐུན་གཅིག་འཇམ་འབྲས་དེ་དང་མཉམ། །བྱི་ཏང་པི་ལིང་སེ་འབྲུ་བསེ་ཡབ་རྣམས། །སྦྱར་བས་ཟས་མི་ལེན་དང་ཟོས་ཐོག་སྐྱུགས། །མེ་དྲོད་ཉམས་པའི་སྐྲན་རིགས་མཐའ་དག་སེལ། །འཕྲག་དཔོན་མཁས་པ་བསོད་ནམས་བཀྲ་ཤིས་ལུགས། །སྨན་རྗེས་སྐྲན་རོ་མ་ཞི་དུར་བྱིད་དང་། །ཚྭ་ལ་བུལ་ཏོག་ཨུཏྤལ་མགྲོན་ཐལ་རྣམས། །སྦྱར་བའི་བཤལ་གྱིས་མ་དག་བར་དུ་བཀྲུ། །ཁྱད་པར་གྲུབ་ཆེན་དམ་པ་སངས་རྒྱས་ལུགས། །ཅོང་ཞི་རིགས་ལྔ་རྡོ་ཞོ་རིགས་ལྔ་པོ། །བསྲེག་བཞུས་དྭངས་མ་ཕུལ་རེ་གཙོ་བོ་ལ། །སྦལ་རྒྱབ་སྨུག་པོ་ཕོ་མོ་གསེར་དངུལ་རྡོ། །གསེར་ཟིལ་དངུལ་ཟིལ་ཁབ་ལེན་མདུང་རྩེ་གཉིས། །བ་ནུ་རྡོ་རྒྱུས་མཐིང་རྒྱུས་མཉྫིར། །རྡོ་ཀླད་རྡོ་མཁྲིས་ཁྲ་མགོ་བྱི་རུའི་མགོ །བཙག་ཡུག་རྡོ་དང་ཕ་བོང་མཚལ་དཀར་དང་། །རྡོ་སོལ༠་༠༥བ་བླ་ལྡོང་རོས་མུ་ཟི་གཉིས། །མཚུར་གཉིས་ཚྭ་ལ་དང་བཅས་བསྲེགས་པ་དང་། །དུག་འདོན་ལེགས་བྱས་འདི་རྣམས་ཐུན་ཆེན་རེ། །དབྱི་མོང་འབམ་པོ་


JKT017_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱང་ཚེར་ལྕེ་ཚ་བ། །པྲི་ཡངྐ་རྣམས་ཁཎྜ་ཆ་གཉིས་རེ། རྒྱ་ཚྭ་༢༠ཡ་བཀ་ར༠་༣༠རྒྱམ་ཚྭ་༤༠དང་། །ཁ་རུ་བ་༥༠དང་རྭ་ཚྭཊ་༡༠ལྕེ་མྱང་ཚྭབ་༤༠། །མཛེ་ཚ༡་༠༠ཤིང་ཚྭ°་༡༠ཐལ་ཚ་ལན་ཚྭ་དམར༢་༠༠། །མཚོ་ཚྭ་གྲུ་བཞི༢་༠༠ལན་ཚྭ་དཀར་པོ་༦༠དང་། །ཟེ་ཚ་ཤེལ་འདྲབྲག་ཞུན་ལྔའི་ཁཎྜ་༣་༢༠། །བུལ་ཏོག༡་༠བྷཱགླ་རྩི་འབྲུམ་ཅན༠་༠༥ཨ་རུ་ར༤་༠༠། །བ་རུ༠་༣༠སྐྱུ་རུབ་༥༠གིབ་༤བགུར༠་ར༠ཅུ་གང་བ་༥༠དང་། །རྒྱ་མཚལབ་༨༠ཛཱ་ཏི༠་༥༠སུག་སྨེལ༠༤༠ཀ་ཀོ་ལ༠༤༠། །བསེ་རུབ་༢༠འབྲོང་གཡག་རྭ་ཕྱེ༡་༠༠བའི་རྭབ་༢༠། །ལུག་ཐུག་རྭ༠་༣༠དང་རྭ་ཐུག༠་༣༠གཉན་གྱི་རཱ༠་༣༠། རྒྱ་རུབ་༣༠མགྲོན་ཐལ་༤༠དུང་ཐལ༢་༠༠བཙོད་ཀྱི་རྭ༠་༡༠། །རྟ་རྨིག་བཙའ་མ་༡༠རུ་རྟ་བྷཱ་ཤུ་དག་ནག༠་༢༠། །སྨན་ཆེན༠་༦ལ་གུལ་ནགབ་༦༠ཙནྡན་དཀར༠་༢༠དམརབ་༡༠གཉིས། །ཨ་གརསྒྲོན་ཤིང་༡་༠སེ་འབྲུ༡་༠༠པི་པི་ལིང་བ་༨༠། །བཅའ་སྒ༠༥༠ཕོ་རིལབ་༨༠རྒོད་ཐལ༡་༠༠གོ་བོའི་ཐལ༠་༣༠། །འུ་སུབ་༤༠མ་ནུབ་༧༠དབང་ལག”་༢༠ལྕ་བ་༠༢༠དང་། །ར་མཉེབ་༢༠ཉེ་ཤིང་བ་༢༠གཟེ་མ॰་༣༠བ་སྤུ་བ༠་༣༠། །ད་ལིས༠་༩༠སོག་ཐལབ་༤༠དངུལ་ཆུ༡་༠ྋལྕགས་ཀྱི་ཕྱེ༡་༠། །བུ་རམཁ་༢༠སྦྲང་བ་༡༠དང་ཀ་རའི་རྟ་བྱས་པའི། །སྨན་སྣ་བརྒྱ་དང་སོ་གཉིས་འདམ་ཉིན་གསུམ། བཏགས་བྱས། །


JKT017_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བུ་སྲན་འཕོས་ཙམ་དྲིལ་ཆུ་བསྐོལ་དབུལ། །སྟོད་སྨད་ཕྱི་ནང་ཚ་གྲང་ལྷན་སྐྲན་དང་། །རྨུ་འོར་སྐྱ་སྦབ་ལ་སོགས་གཅོང་གི་རིགས། །མ་ཞུའི་རྒྱུ་ལས་བྱུང་བའི་འབྲས་བུ་ཀུན། །བ་མོར་ཉི་མའི་འོད་ཀྱིས་རེག་པ་བཞིན། །ལྷག་མེད་འཁྱིལ་ཞིང་ཟུང་བདུན་ཨུཏྤལ་བཞད། །ཚེ་བསྲིངས་དྲོད་བསྐྱེད་དྭངས་མ་རང་གནས་འཇོག །དེ་ཕྱིར་བདུད་རྩི་ཆེན་མོའི་སྦྱོར་བའམ། །སྤྱི་འཇོམས་རྡོ་རྗེ་caཅན་ཞེས་ཡོངས་སུ་གྲགས། །ཐུན་མོང་མ་ཡིན་སྙན་བརྒྱུད་ཟབ་མོ་གང་། །སྙིང་དབུས་ཀ་ལ་ཤ་རུ་སྦ་བར་འོས། །སྤྱི། ༈ །གོ་ཡུ་རྡོག་གསུམ་དྲོད་སྨན་ཧྲིལ་འཇང་གཉིས། །ཐུན་རེ་བཙན་དུག་འབྲི་ཚིལ་རིལ་མ་ཙམ། །ཨ་གར་རིགས་གསུམ་གང་རུང་ཐུན་བཟང་རེ། །ཛཱ་ཏི་རྡོག་གཅིག་སྙིང་ཞོ་རྡོག་གསུམ་དང་། །རུ་རྟ་ཤིང་ཀུན་བཅའ་སྒ་ཁ་རུ་ཚྭ། །ལི་ཤི་གྲི་སྙིང་དེ་རྣམས་ཐུན་བཟང་རེ། བུ་རམ་གྱིས་རིལ་བུ་སྲན་འཕོས་ཙམ་དྲིལ། སྦྱར་བ་གནྡྷ་བྷ་དྲའི་སྦྱོར་བ་ཞེས། །སྲོག་རླུང་རིགས་རྣམས་འཇོམ་པའི་བདུད་རྩི་ཡིན། །ཚབ་ཆེ་སྙིང་སྣ་ཚོགས་ཚད་ཁ་ཚར་གདབ། །སྤྱི། །

འདུ་བ་སྤྱི་སྨན་ཟླ་བའི་བདུད་རྩི་རིན་ཆེན་སྨན་གྱི་ནོར་བུའི་སྦྱོར་སྡེ།


JKT017_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

༈ འདུ་བ་སྤྱི་སྨན་ཟླ་བའི་བདུད་རྩི་རིན་ཆེན་སྨན་གྱི་ནོར་བུའི་སྦྱོར་སྡེ་བཞུགས། ནད་ཀུན་སེལ་བའི་ཨ་རུ་ར། །ཁོང་ནད་ཀུན་སེལ་ཅོང་ཞི་དང་། །དོན་སྣོད་ནད་སེལ་བྲག་ཞུན་གསུམ། །ཞིབ་བཏགས་སེ་འབྲུའི་ཁུ་བས་


JKT017_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྦོལ། རིན་ཆེན་ལྕགས་ཀྱི་སྣོད་བཟང་པོར། །ཞག་གཅིག་གཉིས་གསུམ་དྲོད་བསྟུན་བསྙལ། །དེ་ཉིད་གཞིར་བྱས་ཡན་ལག་སྨན། །བ་༤རུ་སྐྱུ་རུ་༥བཟང་པོ་༡༡དྲུག །ཙནྡན་༡༢ཨ་གར་༡༣གིའུ་༡༤ཝཾ། །མ་༡༥ནུ་རུ་རྟ་༡༦པྲི་ཡཾ་ཀུ༡༧། །བོང་དཀར་༡༨ཧོང་ལེན་༡༩བ་ཤ་༢༠ཀ །འུ་༢༡སུ་༢༢ད་ལིས་ཨཏྤལ་༢༣སྔོ། །ཤིང་༢༤ ཚྭ་སྒ་༢༥སྐྱ་བྱི་ཏང་༢༦ཀ །གུ་གུལ་དཀར་༢༧ནག་༢༨ཡུང་༢༩བ་སེར། །སེ་འབྲུ་༣༠པི་ལིང་༣༡ཕོ་བ་༣༢རིལ། །གསེར་༣༣་མེ་བོང་དཀར་༣༤ སུམ་ཅུ་ཏིག ༣༥ །དེ་སྟེང་ཤིན་ཏུ་གསོ་དཀའ་ལ། །བཙོ་བཀྲུ་སྦྱངས་པའི་དངུལ་ཆུ་༣༦དང་། །རིན་ཆེན་ལྕགས་༢༧ཀྱི་དྲེག་པ་སྦྱར། །སྐྱུ་རུའི་ཁུ་བས་འདམ་བཏགས་བྱ། །རིལ་བུ་སྲན་རློན་ཙམ་དུ་དྲིལ། །གསུམ་ལྔ་བདུན་སོགས་ནད་སྟོབས་དཔགས། །ཆུ་སྐོལ་ཚ་མོས་ཕུལ་ལ་བཏང་། །སྤྱིར་ནི་བཞི་བརྒྱ་རྩ་བཞིའི་ནད། །ཀུན་ལ་ཕན་པའི་བདུད་རྩི་སྟེ། །ཁྱད་པར་དུག་དང་སྨུག་པོ་རིམས། །སྐྲན་དང་སྐྱ་སྦབ་འོར་དམུ་ཆུ། །ཆུ་སེར་སྲིན་དང་གླང་ཐབས་སོགས། །མདོར་ན་མ་ཞུ་ཁོང་ནད་རིགས། །སེལ་བྱེད་ཟླ་བའི་བདུད་རྩིའོ། །ཞེས་སྣང་། ༈ །དཔའ་བོ་དཀར་སེར་ཡུང་བ་སེར། །གསེར་མདོག་སྐྱེར་ཤུན་སྐྱུ་རུ་ར། །སེ་འབྲུ་པི་ལིང་བ་ཤ་ཀ །རུ་རྟ་སུག་སྨེལ་སེ་རྒོད་བང་ཤུན། །བྱི་ཏང་ལང་ཐང་མ་


JKT017_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ། རུ་ཙེ། །ཧ་ཝོ་འོམ་བུ་རེ་ལོ་མ་གཞོན་ནུ། རལ་བ། །བྱི་འབྲས་བུ རུག་ཡུག ཁཎྜ་བྱུང་ན་ལེགས། ཤིང་ཀོ་བྱི་ལ། །ཕག་ཁྲག་ཧོང་ལེན་བོང་ང་དཀར། །བྱེའུ་ལ་ཕུག་རྩ་ལོ་འདྲེས་མ། བཅས་ཉེར་ལྔ། །ཡུངས་རྙིང་ཁུ་གར་ཞོ་ཙམ་གྱིས། །འདམ་འཐགས་རིལ་བུ་སྲན་ཙམ་དྲིལ། །ཚ་དུག་ལས་གྱུར་སྦྱར་དུག་དང་། །ཤ་དུག་ལས་གྱུར་གཡས་གཟེར་འཇོམས། །སྲིན་དུག་ལས་གྱུར་གླང་ཐབས་དང་། །གཉན་དུག་སྲིན་ཕོལ་གཡོན་གཟེར་འཇོམས། །མདོར་ན་རྩི་དུག་གྱུར་པའི་དུག །དངོས་དུག་ཟས་དུག་ཀུན་ལ་མཆོག །ཡུན་རིང་སྟོད་དུ་རྒྱས་པ་ལ། །ཐར་ནུ་བ་ཆུ་ཆང་བསྡུས་པའི། །ཁཎྜ་ཆ་བདུན་སྨན་ཆ་གཉིས། །སྦྱར་བས་དུག་ནད་གཏིང་ཐོན་བྱེད། །གཞི་བྱེས་འགྲོ་འདུག་གང་ལ་ཡང་། །རིལ་བུ་བཅུ་དང་མ་བྲལ་ན། །དུག་གིས་སྲོག་དང་བྲལ་དོག་མེད། །འག་པ་ཆོས་སེང་ཁྱད་ཆོས་ཡིན། །འདིའི་ཕྱག་ལེན་ཞལ་ཤེས་ལ། །དཔའ་བོ་དཀར་སེར་ཡུང་བ་གསུམ་བསྡམས་པའི་ཆ་བཅུ་ལ། འཁོར་སྨན་གཞན་ཆ་རེ་བྱེད། །ཨ་རུ་ར་ཕྱེད་ལྕགས་རྩི་བླངས་པ་དང་། ཕྱེད་དཀྱུས་ལ། གསང་སྨན་རིན་ཆེན་སྙགས་འཁོར་གཅིག་གི་དོད་དང་། །གསེར་ཤ་དེ་མཚུངས་བསྣན། །ཆར་ཉུང་ལོ་དགུ་ལོན་པའི་ཁཎྜའམ། མ་རྙེད་ན་ཡུང་རྙིང་ལོ་དགུ་ལོན་པའི་གར་ཁུས་འདམ་


JKT017_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

འཐག་བྱ། ཤ་དུག་ལ་སྐྱེར་ཤུན་དང་། སྦྱར་དུག་ལ་ཐང་ཆེན་ཉེར་ལྔས་ཕུལ་ཞེས་གསུངས་སོ། ༈ །རྒྱུན་དུ་ཉེར་མཁོའི་སྨན་སྦྱོར་ལ། ཨ་གར་བརྒྱད་པ། ཨ་གར་བཅོ་ལྔ། ཨ་གར་ཉི་ཤུ། ཨ་གར་སོ་ལྔ། འབྲང་རྩེ་ཨར་བརྒྱད། སེམས་ཀྱི་བདེ་སྐྱིད། ཀོ་བྱི་བདུན་པ། ཀོ་བྱི་བཅོ་ལྔ། གེ་སར་ཉེར་ལྔ། ༈ །ཏིག་བརྒྱད་པ། གི་ཝཾ་དགུ་པ། མཁྲིས་ལས་རྣམ་རྒྱལ། མཁྲིས་ཕྱེ་བདུན་པ། བྲག་ཞུན་དགུ་པ། གསེར་མདོག་ལྔ་པ། །པདྨ་འདབ་བརྒྱད། ཙནྡན་བཅོ་བརྒྱད། སྒ་ལོ། ཐང་ཆེན་ཉེར་ལྔ། ༈ །བདུད་རྩི་སུམ་སྦྱོར། ཅོང་ཞི་དགུ་པ། ཅོང་ཞི་དྲུག་པ། ཅོང་ཞི་ཅུར་ནིས། ཞི་བྱེད་དྲུག་པ། སྙོམས་ལྡན། རུ་རྟ་དྲུག་པ། གཡུ་རིལ་བཅུ་གསུམ། དཔའ་བོ་ཉེར་ལྔ། འཕུལ་ཐལ། སེ་འབྲུ་ཉེར་ལྔ། རིལ་དཀར། སྐྱུ་རུ་ཉེར་ལྔ། ཟླ་ཤེལ། མན་བསིལ། ཀོ་ལ་བཅུ་དགུ་། ༈ །ནོར་བུ་བདུན་ཐང་། གཙོ་བོ་བརྒྱད་པ། སྤྲིན་ཟླ། གཙོ་ཁྱུང་། ཁྱུང་སྔོན་དགུ་པ། སྤང་རྩི་བཅུ་གཉིས། སླེབས་ཆོག །སྨན་ནག །སྤྲུ་ནག་སོ་གཉིས། །བྲག་ཁྱུང་། སྔོ་རིལ། རྟ་ཟི་དམར་པོ། རྒྱལ་བློན་བཅུ་བདུན། རྣམ་རྒྱལ་དགུ་པ། ༈ །ཨ་བྷི་དྲུག་ཐང་། འབོལ་སྨན་བདུན་པ། ད་ལིས་བཅུ་དྲུག །བདེ་བྱེད་འབྲིང་པོ། ཆུ་རྩི་ཉེར་ལྔ། ཀུན་ཕན། གླང་ཆེན། ཆུ་


JKT017_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར། ཆུ་འདྲེན། བོང་དཀར། ལྕགས་ཕྱེ། ༈ །སྤོས་རིང་། ལུག་མུར་བདུན་པ། འཁྲུགས་གློ་ཀུན་སེལ། སྤང་རྒྱན་བཅོ་ལྔ། སྤང་རྒྱན་ཉེར་ལྔ། གཙོ་བོ་ཉེར་ལྔ། ག་བུར་ཉེར་ལྔ། ཙནྡན་བཅོ་ལྔ། ཅུ་གང་བཅོ་ལྔ། བློན་པོ་སུམ་སྦྱོར། གུར་གུམ་བཅུ་གསུམ། གུར་གུམ་མཆོག་བདུན། ཀོ་ལ་བཅུ་དགུ། ཨ་རུ་བཅུ་པ། ཨ་རུ་བཅོ་བརྒྱད། ཨ་རུ་ཉེར་གཉིས། གོ་ཡུ་དགུ་སྦྱོང་། སར་ཁྱུང་། ཉི་ཟླ་གྱེན་བཟློག །ཉི་དཀྱིལ། རྩ་ཐག་བཅུ་དྲུག །སྤྱི་འཇོམས། ཕན་པ་ཀུན་ལྡན། ༈ །བེ་ཁྲག་ཉེར་ལྔ། །སེ་འབྲུ་བཅུ་པ། རྡོ་ཐལ་ཉེར་ལྔ། ༈ །མགོ་ཐང་བཅུ་གསུམ། གསེར་མདོག་བཅུ་གཅིག །རྩ་རྩི་རྡོ་སྦྱོར། རྣ་སྲིན་སྨན། ཚངས་པ་དབུ་སེལ། སྲིན་བདུག །གུར་ཁྱུང་། ༈ །ཁྱུང་ལྔ། སྤོས་དཀར་བཅུ་པ། སྤོས་ཁྱུང་། བོང་ཁྲག་ཉེར་ལྔ། །སེང་ལྡེང་ཉེར་ལྔ། ཆོས་ཉིད་དགུ་པ། གསེར་ཐང་བཅོ་བརྒྱད། གླང་ཆེན་བཅོ་བརྒྱད། ཀླུ་བདུད་བཅོ་བརྒྱད། བསམ་འཕེལ། ད་ལིས་བཅོ་བརྒྱད། ༈ །ར་ལྕེ་བཅུ་གསུམ། སྟར་བུ་བཅུ་དགུ། རྒྱ་རུ་བཅུ་བཞི། སྨྱུག་རྩི་བདུན་པ། རིན་ཆེན་ཕ་ལམ། སེར་མེ་དགུ་པ། འདབས་ཆགས་བཞི་སྦྱོར། ༈ །རྨ་སྨན། མགོ་སྨན་གསུམ་པ། རྩ་དཀར་བྱུགས་པ། འགྱུར་བྱུགས། སྟག་སེང་།


JKT017_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

འབམ་འབྱར། རེག་སྨན། བེར་བྱུགས། གཉན་འབྱར། རླུང་བྱུགས། གདོན་བདུག་ཉེར་ལྔ། །གདོན་བྱུགས་ཉེར་ལྔ། རྫས་སྲུང་ཉེར་ལྔ། རྟ་དུག་སྨན། ༈ །ཨོ་ཨ་ཐཱ། འདིར་ཉེར་མཁོའི་ སྨན་བཏུ་དགོས་རིགས་ལ། ཟླ་བ་གསུམ་པ་ནང་། བདུད་རྩི་ལོ་མ་བྱ་མ་གྲགས་གོང་བཏུས་པ། ཁམ་བུའི་མེ་ཏོག །ཆུ་སྨན་སྐོར་ལ། པུལླ་ཨཱ་ལཀྟ། ནཱི་ལའི་མདོག་ཅན་གཉིས་བྱ་མ་གྲགས་གོང་། མདངས་མེད། པྲི་ཡངྐུ། སྒ་ཏིག །ལྷ་ལུང་པའི་ཆབ་འདྲེན་བྱེ་རུའི་ཕྲེང་ལྡན་རྣམས་ཉི་མ་མ་ལྡོག །གཞན་ཡང་། རྟག་ངུ་། སྲད་དཀར། ཆུ་མ་རྩི། སྔོ་སྤྱི་ཞུར། རྐྱལ་པ་ཚུ་ཐུབ་སོགས། ༈ །ཟླ་བ་བཞི་པའི་ནང་སྐོར། སེ་རྒོད་བར་ཤུན། སྐྱེར་ཤུན། ཀཎྜ་ཀཱ་རི། ད་ལིས། འོམ་བུའི་ལོ་མ་སོགས། ༈ །ཟླ་བ་ལྔ་པའི་ནང་། རིམས་དེ་བ། དུག་ཉུང་ལོ་མ། འཛིམ། འཛིམ་པ། བ་ཤ་ཀ །པྲི་ཡང་། པརྦ་ཏ། སྙ་ལོ། རྐྱང་ཤོག་འདི་སྐྱུགས་སྨན་ཚེ་ཁ་འབུས་དགོས། འདམ་བུ་ཀར། དབྱི་མོང་། སུར་དཀར། རེ་ལྕགས་མེ་ཏོག །སེ་བའི་མེ་ཏོག །སྟོང་ཟིལ། རྩ་མཁྲིས། འབུ་སུ་ཧང་། ༈ །ཟླ་བ་དྲུག་པའི་ནང་། སྤང་རྩི། ལྕགས་ཏིག །བྱ་རྒོད་སྤོས། སྲོལ་གང་པ། ཨུཏྤལ། བོང་དཀར། གཡའ་ཀྱི། ལུག་རུ་སེར་པོ། སྨུག་པོ། ལྕགས་ཀྱུ། སེར་ཅན།


JKT017_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ལྕམ། བྲེ་གུ། འཇམ་དབྱངས་རྟག་ངུའི་རྩ་ལོ། ར་དུག་མེ་ཏོག །ཨ་ཀྲོང་། ལུག་མིག །བྱི་ཚེར། མཚེ་སྡུམ། ཟངས་རྩི་པ། ཨ་བི་ཥ། མདེལ་འབྱིན། རྟ་ལྤགས། ཁྲག་གཅོད་སོག་ལེ་ཁ། མཛོ་མོ་ཤིང་། གུར་ཏིག །ཀླུ་བདུད་རྡོ་རྗེ། ཚེར་སྔོན། འབུ་སུ་ཧང་། རྩྭ་ཨ་བ། ཕུར་མོང་ལོ་མ་རྒྱས་དུས་ཁཎྜ། གླང་སྣ་དམར་པོ། ༈ །ཟླ་བ་བདུན་པའི་ནང་། ཧོང་ལེན། ཀྱི་ཀྱེ། སུམ་ཏིག །གཟེར་འཇོམས། འུག་ལག་ནག །མིང་ཅན་རྩྭ་ལོ། ཏང་ཀུན། ཤུག་ཚེར། བྱེའུ་ལ་ཕུག །སྲོ་ལོ་དཀར་པོའི་རྩ་ལོ། སརྫི་ཀ །ཕ་བ་དགོ་དགོ ༈ །ཟླ་བ་བདུན་པའི་མཇུག་ཙམ་ལ། འོལ་མོ་སེ། སྤང་རྒྱན་དཀར་པོ། སྔོན་པོ། ལུག་ཤོ །ནད་མ་སྐྱིད་མ། སྒང་ཐོག་དང་། སྐྱེ་བ། ལྕམ་པ། གོ་སྙོད། ཕང་མ། བྱི་རུག །བྲེ་ག་རྣམས་ཀྱི་འབྲས་བུ། ཚར་བོང་དང་། པ་ཡག་རྩ་ལོ། ཨུག་ཆོས་རྩ་འབྲས། ཐང་ཕྲམ་ནག་པོ། དྲེས་མའི་འབྲས་བུ། དྭ་བའི་རྩ་བ། རེ་རལ་དང་། ཧ་བོའི་རྩ་ལོ། གླ་སྒང་རྩ་ལོ། བོང་ང་དམར་སེར་རྩ་ལོ། ༈ ། ཟླ་བ་བརྒྱད་པའི་མཇུག་དང་དགུ་པའི་མགོ་ལ། ལུག་མུར། ག་དུར། རུ་རྟ། ལྕ་བ། ར་མྱེ། ཉེ་ཤིང་། མྱང་རྩི་སྤྲས། ཁུར་རྩ། ཆུ་རྩ། ལྕུམ་རྩ། ཤོ་རྩ། སྙ་ལོའི་རྩ་བ། ཆུ་མ་རྩི། དབང་


JKT017_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ལག །བོང་ང་དམར་པོ། སེར་པོ། ནག་པོ། སྤང་སྤོས། སྟར་བུའི་ཁཎྜ། སྲོ་ལོ་དམར་པོ། སྤྲུ་ནག །རེ་ལྕགས། སྤང་རྩི། ཁྲོན་བུ་རྣམས་ཀྱི་རྩ་བ་ཁོ་ན། ༈ །ཟླ་བ་དགུ་པའི་ནང་ཐར་ནུ་མཐོང་བ་སུམ་ལྡན་གྱི་རྩ་བ་གལ་ཆེའོ། ༈ །གཞན་ཡང་བཙལ་དགོས་རིགས་ལ། ཅོང་ཞི། ཅུ་གང་། གོ་ཐལ། བྲག་ཞུན། ཐང་ཁྲག །སྨྱུག་རྩི། ཟེ་ཚྭ། མཚུར་སེར། ནག །རྡོ་རྒྱུས། རྡོ་དྲེགས། ཧ་ཤིག །ཆར་ཉུང་། རྩ་རྨ་བྱ། ཀླུ་སྨན། སྤང་ཚན་དམར་གླུ་པོ། ཆུ་བལ་ཀླུ་སྔོན་པོ། གྲི་ཤ །གྲི་སྙིང་། གྲི་ཁྲག །གྲི་ཚིལ། གྲི་རུས། རི་བོང་སྙིང་། ཝ་གློ། སྤྱང་ལྕེ། སྦྲུལ་ཤ ། རྒོད་དང་གོ་བོའི་གྲེ་བ། སྤྱང་ཀུའི་ཕོ་བ་སོགས་དང་། ལྷ་ལུང་ཁུག་ཏུ་རྩི་སྐྱ་རལ་པ་ཅན། ༈ །འཛིང་དུ། བ་སྤུ། འབྲུག་རུས། མུ་ཟི་སེར། ༈ །ཧོར་པོ་སོགས་སྨད་ཕྱོགས་སུ། མ་ནུ། འུ་སུ། ཡུངས་ཀར། བེ་ཁྲག །འབྲུག་ཤིང་ཀླུ། ཤུན་པ་དང་འབྲས་བུ། གཟེ་མ། འབྲི་ཏ་ས་འཛིན། གཡེར་མ། སྒོག་སྐྱ། སེང་ལྡེང་། སྦྲང་རྩི། ཧ་བོ། རེ་རལ། སྟབ་སེང་། ཡུ་གུ་ཤིང་ཁཎྜ། ༈ །ལྕགས་ངར། མིང་ཅན་ནག་པོ། ལང་ཐང་རྩེ། ཕུར་ནག ༈ །རབ་བརྟན་དུ། གསེར་མེ། ༈ །ཝ་རར་སྒ་ཏིག །གངྒཱ་ཆུང་། ༈ །ལྷོ་ཁོག་ནས། རྒྱམ་བྱེ། སྟག་ཤ །གངས་


JKT017_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཕྲམ་སོགས་དང་། མུ་ཟི་ནག་པོ། རྡོ་སྨན་སྦལ་རྒྱབ། མདུང་རྩེ་དཀར་སྨུག །ཁབ་ལེན། རྩོད་ཁྲག །ཕ་ཝང་ལོང་བུ། ༈ །འབྲི་སྤོ་བོ་ནས་ཅོང་ཞི་དམར་པོ། མཚལ་རྡོ། ༈ །རྫ་རྒྱུད་ནས། འབྲོང་སྙིང་། འབྲོང་ཁྲག །རྩི་དམར་རྐང་གཅིག །ཤིང་མངར་ཀྱང་ཟི་ལིང་ནས་འབྱུང་། ༈ །ཆབ་མདོ་ནས། བབ་བླ། ལྡོང་རོས། རྒུན་འབྲུམ། བསེ་ཡབ། སེ་འབྲུ། མེ་ཏོག་ཧ་ལོ། །རམ་སོགས་དང་། སྐག་ཞུན་ཀྱང་ཅུང་ཡོད། ༈ །དར་མདོ་ཧོར་སོགས་ནས། ས་སྐྱ། ཕོ་རིལ། གཤའ་དཀར་ནག །དངུལ་ཆུ། མཚལ། སུ་རུ་པ། དོམ་མཁྲིས། འབྲི་མོག །ཕག་བྲུན། ཕག་ཁྲག །ཕག་ཚིལ་སོགས། ༈ །བྱུགས་པ་རྒྱན་འཁོར་ནང་རྫས་འཛོམས་དཀའ་གྲས། ཁྱི་རྒྱ་བོའི་ཚིལ། བྱ་རྒོད་ཚིལ། དྲི་ཆེན། རྨ་བྱའི་མདངས། རྒྱ་སྤོས། བྲག་སྤོས། གསེར་དངུལ། ཟངས་ལྕགས། གཤའ་མཁར། ཁྲོ། མུ་ཏིག །བྱེ་རུ། མུ་མེན། སྦྱར་ལེན། གཡུ། སྤོས་ཤེལ། དུང་མགྲོན་ཤེལ་སོགས། བདུག་པ་རྒྱན་འཁོར་ནང་། ཉ་མཁྲིས། རྟ་བོན། མཛེ་ཁྲག །པདྨ་རཀྟ། གྲི་ཚིལ། ཁྱི་རྒྱ་བོ་མིག་བཞིའི་སྙིང་སྤུ། རྨོངས་སྤུ། ལྷམ་སྐད། ༈ །འདོགས་པ་རྒྱན་འཁོར་ནང་། སྤྱང་བྲུན། གླ་བ་སྲན་མ། །མཁན་དམར། །


JKT017_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཟོ་ཤེ། འུག་པ་དང་རའི་མིག །བྱ་རྒོད་མིག །ཀེ་ཤངས། ལྕགས་ཟངས་ཕྱེ་མ། ཆབ་རྡོ། དུར་རྡོ། རོ་སོལ། ཐོག་རྡོ། ཐོག་ཤིང་། ཐོག་རུས། གྲི་ལྕགས། སྦྲུལ་དང་སྲེ་མོའི་ལྤགས་པ་བཅས་སོ། ༈ །ཨོཾ་ཨ་ཐཱ། དུག་གསུམ་རྒྱུ་འབྲས་དྲུང་འབྱིན་པ། །དཔལ་ལྡན་བླ་མ་སྨན་པའི་རྒྱལ། །སྙིང་དབུས་ཐིག་ལེར་སྤྱན་དྲངས་ནས། །ཉམས་ཀྱི་ཡིག་ཆུང་སྣ་ཚོགས་འབྲི། །དེ་ཡང་ཚ་བ་ལ། ཐོག་མར་མ་ནུ་བཞི་ཐང་བཏང་། །དེ་རྗེས་རྟ་ཟི་རིལ་བུ་ཚད་དར་ཕུག་ཨེམ་ཆིའི་དྲིས་ལན་ལྟར། ལྡན་ནོར་བུ་བདུན་ཐང་གིས་ཕུལ། རྩ་བདུན་བརྒྱད་ཅམ་དྲག་ཏུ་འཕར་ནས་སྡོད་ན་གཉན་དང་ཆུ་མདོག་ལྗང་གུ་འབྱུང་། བསྡངས་རྟགས་ཡིན་པས། །གཙོ་ཁྱུང་ཁོ་ན་མཆོག་ཏུ་ཟབ། །དེ་རྣམས་ཀྱིས་མ་ཐུབ་ན། སྲོ་མ་རྟ་རིའི་བཤལ་སྨན་རིལ་བུ་དང་པོ་བདུན། བར་དུ་བཞི། ཐ་མ་གསུམ་རེ་གཏོང་བས་ཉི་ཤར་དུས་ཐེབས། བཅད་རན་པ་དང་ཆུ་གྲོགས་དང་། དེ་རྗེས་ཤ་བཙབས་པའི་ཁུ་བ་ཕྲན་བུ་བླུད། ཚ་བའི་རྟགས་འཕར་ན་སྔོན་གྱི་ཚ་སྨན་རིགས་གཏོང་། ཅུང་ཟད་ཚ་རྟགས་ནུབ་ཅིང་ཟ་ཟི་ཆལ་ཆོལ་བྱུང་ན་སོ་ལྔ་བཟི་ཁ་ཡོད་པ་དང་། ཨ་གར་བཅོ་ལྔ་རྣམས་བཏང་། དེ་ནས་རི་ཐང་མཚམས་སུ་བ་འོ་ཕུལ་གང་ལ། ཆུ་ཕུལ་གང་བླུགས་ནས་བསྐོལ་བ་གཏོང་བས་སྔ་མ་ལས། ཚད་རྟགས་ནུབ་ན། རིམ་པར་


JKT017_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྲེ་ལོང་དང་། ཤ་གསར་སོགས་ཆ་ཡིས་བྲིད། རྙོགས་ཚད་ཀྱིས་ཡུན་རིང་དུ་མནར་བ་ལ། སྲོ་མ་རྟ་རིའི་སྦྱངས་དང་། གཉན་ཤས་མེད་ཚེ་ག་བུར་ཉེར་ལྔ་གཏོང་། རིམས་ཚད་ལ་སླེབས་ཆོག་དང་། མཁྲིས་ཚད་ལ་འབྲི་ལུགས་སྨན་ནག་ཆེན་མོ་ཟབ། གཉན་རིགས་ཀུན་ལ། ཐོག་མར་ཕུར་ནག་བཞི་ཐང་དང་། དེ་ནས་སྤྲ་ནག་སོ་གཉིས་ཚད་ལྡན། ཞྭ་ལོག་འཁྲུ་སྐྱུགས་སོགས་ལ་སྔོ་རིལ། འཁྲུགས་སུ་ཤོར་ན་ག་བུར་ཉེར་ལྔ་ཟབ། །དེ་ཡང་ག་བུར་སྲན་ཙམ་ལ། གཙོ་བོར་སྟོང་རི་ཟིལ་པ་ཕོན་ཆེར་གཏོང་བ་ཕྱག་ལེན་ཡིན། ལྷོག་པ་ལ་ཐོག་མར་སྐྱེར་ཤུན་གྱི་ཐང་བཏང་། ཕྱི་ནས་དཀར་གསུམ་བྱུགས། ཁྱུང་ལྔ་ཝ་ཏ་མཉམ་སྦྱོར་དང་། དམར་ཆེན་རྡོ་རྗེ་ཕ་ལམ་གྱིས་གསོད། སྤྱིར་རིམས་ལ་བདུན་ཐང་དང་། སླེབས་ཆོག་གཏོང་བ་ལས། སྤང་རྩི་གཏོང་སྔ་ན་བྱེར་འགྲོ། ༈ སྙིང་རླུང་ལ། གཟེར་ཆེན་འབྲང་རྩེ་ཨར་བརྒྱད་ཀྱིས་ཟུག་གཅོག་པར་བྱེད། རྒྱུན་སྨན་མདེལ་ཐུང་མན་ངག་དང་། སེམས་ཀྱི་བདེ་སྐྱིད་ཚད་ལྡན་གཏོང་། ཟླ་བ་གསུམ་བཞི་ནས་བཙན་དུག་སྨན་ཤེས་རབ་ཅན་ལ་མི་ལེགས། མར་བསྟེན། རིམ་གྱིས་ཇེ་དྭངས་སོང་ན་རྗེས་གཅོད་དྲུག་བདུན་དཀར་ནག་མཚམས་རྣམས་བསྲེགས། འོན་ཀྱང་སྔ་མི་ཉན། རྒྱལ་གདོན་དང་བསྡོངས་ན་ཁྱུང་སྟེང་ཛཱ་ཏི་བསྣན་པ་


JKT017_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ནས་གཏོང་བ་ཟབ། གྲི་སྙིང་ཚད་ལྡན་གསང་ནས་སྦྱིན། ༈ །གླང་ཐབས་སྤྱི་ལ་ཕན་གླང་ཐབས་དང་ཁོང་ལྷོག་ནོར་ཉེན་ཆེ་བས། ཁྱུང་ལྔ་གཤོགས་རྫོགས་ཀྱིས་གཟེར་རྩེ་བཅིལ་ན་ཁོང་ལྷོག་ཡིན་རྟགས། ཁོང་ལྷོག་རྩ་གྲིམ། །ཆུ་མདོག་ལྗང་། པ་ཀུན་ལྡན། ཚ་ཤས་ཡོད་ན་ཟླ་ཤེལ་དང་། གྲང་གླང་ལ་གཡུ་དྲིལ་ཟབ། དེས་མ་ཐུབ་ན་མེ་ཉམས་ཀྱི་གསང་ལ་མེ་བྱ། དེས་མ་ཐུབ་ན་ལང་རྩ་ཟེགས་ཙམ་གཏར་བས་ཕན་ངེས། ༈ །མིག་ནད་སྤྱི་ལ་སྐྱེར་ཁཎ། རྣ་ནད་ལ་ཨུག་ཆོས་བཅུ་པ། སྣ་སྲིན་ལ་གླ་རྩི་ལྔ་སྦྱོར་དང་། སི་ཏུའི་སྣ་སྨན་ཉེས་སེལ། མགོ་སྲིན་ལ་ཚངས་པ་དབུ་སེལ་དང་། མན་ངག་གུར་འདིས་ཀླད་སྲིན་ལའང་ཕན་ཆེ། གུམ་བཅུ་གསུམ་རྣམས་ཟབ། སེ་འབྲུ་ཉེར་ལྔའི་སྟེང་རྡོ་ཐལ་བུང་མཉམ་པ་བསྣན་ནས་སྟར་བུས་ཁཎྜས་འདམ་བཏགས་བྱས་པ་ཉིད་ཀྱིས་ཕོ་ནད་ཕལ་ཆེར་ལ་ཟབ། ལྤགས་སྲིན་ལ་སྒྲོན་ཤིང་དང་། །སྤོས་དཀར་དུད་པས་ཕན་ངེས། མིག་གི་ལྤགས་སྲིན་ལ་ཁ་ཤའི་ཚུགས་གིས་ཕན། ༈ །རླུང་ཁྲག་པུས་མོར་འཐབས་པའི་ལྕེ་སྤྱང་མགོ་དང་། གཉན་སྐྲངས་ནོར་སོ་ཆེ་བས། སྐར་ཆུས་རེག་བྱ་ཉམས་པར་བྲན་པས་རླུང་ཡིན་ན་སྐྲངས་འཕྱུར་འོང་། གཉན་ཡིན་ན་གཟེར་ཞི་འགྲོ། །དེ་ནས་རླུང་ལ། ཚྭ་སྒོག་སྐྱ། མར་དཀར། རྩམ་པ་བཅས་ཕྱེ་འབོལ་དུ་བྱས་ནས་དྲིལ་ཕྱིས་དང་འབྱར་ནན་བྱས་པས་


JKT017_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཕན། ༈ །མཁྲིས་པ་ཀྵ་ཡ་སྣོད་ལྷུང་ལ། གུར་གུམ་བདུན་མཆོག་པ། ཏིག་བརྒྱད་སྟེང་གཡའ་ཀྱི་བསྣན་པ། གཡའ་ཀྱི་བདུན་པ་རྣམས་ཟབ། ༈ །མཁལ་རྐེད་ཀྱི་ནད་སྤྱི་ལ་གོ་ཡུ་བདེ་བའི་དཔག་བསམ་ཨ་རུ་བཅོ་བརྒྱད། ཨ་རུ་སོ་ལྔ། ཛཱ་དངུལ་རྣམས་ཟབ་པ་ཡིན། ༈ །མཁལ་རྩ་འགྲམ་པ་ལའང་གོང་གི་སྨན་རྣམས་དང་། ཨར་ཁྱུང་གཏོང་། ༈ །མགོ་ཆག་མིན་གྱི་རྟགས་ནི། །སོར་མོ་གསུམ་ཁར་བཅུག་པས་ཚང་མ་སོང་ན་ཆག་མེད་རྟགས། གཅིག་མ་སོང་ན་ཆག་ཡོད་རྟགས་དང་། གཉིས་མ་སོང་ན་ལྤགས་རྒྱ། གསུམ་ཀ་མ་སོང་ན་ཀླད་རྒྱ་ཉམས་རྟགས་ཡིན་པས་ཕྱི་མ་ཕྱི་མ་གསོ་དཀའ། དེ་ཡང་ཕྱི་ནས་རྒྱ་ཆིངས་ཕྱག་ལེན་བཞིན་བྱ། བྱང་བ་མ་གཏོང་བའི་མགོ་སྦྱང་གིས་འབྱར་བྱ། སྡུད་སྒོ་བཞིར་བཙག་བུས་ཆུ་སེར་དྲངས་ནས་དེ་ཡི་སྟེང་དུ་ཚུགས་བྱ། ཁོང་སྨན་བྱ་མོ་ཁུག་པའི་བདུད་རྩི་སུམ་སྦྱོར་དང་། །གཉན་ཁ་ཡོད་ན་དང་པོ་སྟག་སེང་ཁ་སྤྲོད་བཏང་། ཕྱི་ནས་འདེབས་སྨན་ལྡུམ་ཆེན་དགུ་སྦྱོར་ཟབ། རུས་པས་གང་ནས་ཕུག་ཡོད་ན་དེ་སྟེང་འདར་བུ་བཞག །དེས་ཁྲག་དང་ཆུ་སེར་རྣམས་དྲངས་ནས་རྨ་ཁ་གསལ་བ་ན། ལྕགས་ཐུར་གྱིས་རུས་ཟན་བྲུ། དེ་དང་ཁུང་མཚམས་སུ་ཏོལ་བུའི་རུས་པ་ལྟ་བུ་སྤྱད་ལ་བཞག །འདི་སྟེང་ཐིག་སྨན་རྣམས་ཀྱིས་འབྱར་བྱས་ལ་དཀྲི། །


JKT017_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལྤགས་རྒྱ་ཉམས་ན། སྐྲ་བཞར་ནས་མགོ་སྦྱངས་ལྟར་འབྱར་བྱ། དེ་སྟེང་འབྱོར་ན་གྲོད་པ། མ་བྱུང་ན་རས་སོགས་ཀྱིས་བསྣུམ། རྒྱ་ཆིངས་ནི། སྐྲ་དཀར་ནག་མཚམས་ནས་སོར་བཞི་རེའི་བར་དུ་ཤིང་བུ་མཛུབ་ཕྱེད་གང་རེ་ཙམ་འཁོར་བར་བཞག །སྣལ་མས་དཀྲིས་མཚམས་ནས་ཀྱང་ཤིང་བུ་གཏོང་ཞིང་གྲུ་གུ་ལྟར་དཀྲི། དེ་སྟེང་ཞྭ་མོ་ལྟ་བུས་གཡོགས། འགྲམ་སོས་སྲན་མ་བསྡད་ལོ་དུས་། འབྱོར་རྟགས་ཡིན་པས་རིམ་གྱིས་ཀློད། ལག་པ་སྣལ་མ་དང་དེ་བས་གང་ཡང་ཁྲལ་པོར་དཀྲི་བ་ལས་ཧ་ཀྱང་དམ་མི་ཉན། ཆག་ན་རྨ་སྨན་གྱིས་འབྱར་བྱ། དེ་སྟེང་རི་བོང་མ་རྙེད་ན་བལ་གྱིས་ཀྱང་རུང་། སྤུ། དེ་སྟེང་ཤིང་བྱང་། དེ་ཡང་དཔུང་པ་ཆག་ན་ནང་དུ་རང་གི་མཁྱིད་གང་དང་། ཕྱི་ནས་མཐོ་གང་རེ་ཤིང་བྱང་། སྲབས་ལ་ལྡེམས་པ་དགོས། སྤུ་དང་ཤ་མཚམས་སུ་རྩི་དཀར་འཁོར་མོར་བཞག །རིམ་གྱིས་འབྱོར་པ་ན་རྩི་དཀར་ཕྲི་བས་རང་ཀློད་དུ་འགྲོ། སེན་མོའི་མདོག་དམར་ཤིང་ལག་མགོ་ལ་དྲོད་ཕོག་ན་འབྱར་རྟགས་དང་། དེ་ལས་ལྡོག་ན་མི་འབྱོར། རྟ་ནོར་ཆག་དུས་ཀྱང་རྩི་དཀར་དང་སྤེན་མའི་དེབས་ཀྱིས་སྔར་ལྟར་དཀྲི། །འཛུབ་མོ་ཆགས་ན་ཧོ་ཕུད་ཀྱི་དེབས་གཏོང་ཞིང་དཀྲི། རྒྱ་མ་ལུག་ན་ཆུ་གྲང་དྲོད་ཉག་ཙམ་ཡོད་པས་ཁྲག་ཁུ་བཀྲ། ཚིལ་རྣམས་ཆུ་ཡིས་དོད་བརྒྱབས་ནས་ནང་དུ་བཙུད། གླ་རྩི་


JKT017_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དང་དོམ་མཁྲིས་བཏབ། ཞིབ་མོ་མིན་ཙམ་དུ་ལེགས་པར་བཙེམ། ཐེར་ཁུག་གི་ཐད་ནས་ལུག་ན་བཅོས་རྒྱུ་མེད། གཞང་ལུག་ན། འཕང་སྟོད། ཁོག་སྟོད་སྨད། མར་ཁུ་ཐོན་ཡག་རེད་པ་དྲོད་ཉམས་ཙམ་ཡོད་པས་བཀྲུ། རས་སྣུམ་ཚོས་བྱས་པས་ནང་དུ་བསྡིགས། ཕྱིང་པ་སྣུམ་ཚོས་དང་ཆུ་སྲིན་སྡེར་མོ་བཏབ་པ་བླུགས་ནས་བརྫང་། རྗེས་གཅོད་མདོ་རོ་གསང་ཆེན་དང་། དཔྱི་མིག་གཉིས་སུ་མེས་བསྲེགས། ཁོང་སྨན་སྦྲུལ་ཞགས་བཅོ་བརྒྱད་དང་བཅུ་གཉིས་རྣམས་ཟབ། མཛུབ་མོ་ཆད་ན་གྲི་རྣོན་པོས་བཅད་ནས་མར་ཁུ་བླུགས། དེབས་བྱ། སྲིན་བུ་བུད་སླ་ཐབས་ནི། གཟེར་སར་བུ་རམ་བྱུགས། མཐའ་བསྐོར་དུ་འབྱར་སྣ་ཚོགས་བྱ། རྨ་ཁུང་དུ་མུ་ཟི་ནག་པོ་བཏབ། མིག་ལྤགས་ལ་འཛེར་པ་ཚབ་ཆེན་བྱུང་ན། རྒྱས་ཚར་ནས་སྟོང་སྐུད་ཀྱིས་དམ་པར་བསྡམ། དུར་མི་ཤོར་བར་བྱ། བར་སྐབས་རྩ་བ་ཕྲ་མོར་སོང་བའི་ཚེ་གྲི་རྣོན་པོས་བཅད། རྨ་ཁ་ཟངས་ཏེལ་གྱིས་སྲུངས། དཔུང་པ་བུད་ན་མི་གཅིག་གིས་རྒྱབ་ནས་དམ་པར་བཟུང་། ལྷ་རྗེ་རང་གིས་འཐེན་པས་ཐེམ་སྒྲ་གྲགས་ན་ཚུད་རྟགས་ཡིན་པས་མགུལ་དུ་བཅིངས་ལ་སྤྱོད་ལམ་གཟབ། ལག་པ་བུད་ན་ས་ཁད་སྙོམས་པ་ཞིག་གི་སྟེང་དུ་དྲང་པོར་བཞག་ནས་རྐང་པས་བརྫིས་ན་ཚུད་ཡོད། རྐང་ཚིག་བུད་ན་གར་བུད་


JKT017_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་ནས་སྔ་མ་ལྟར་ཚུར་བསྲངས་ལ་བཙུད། པུས་མོ་བུད་ནའང་བཙུད་ཐབས་སྔར་ལྟར་དང་། རྗེས་གཅོད་རྔབས་རུ་ཆུ་ལུམ་སོགས་བྱ། མ་ནེ་བུད་ན་སྣ་ནང་དུ་དུད་རྒན་བཏབས་པས་སྦྲིད་པ་བྱུང་ན་ཚུད་ངེས་སོ། ༈ །ཁམས་ཟག་ལ། ཚ་འཛག་སཱ་རའི་བྱ་ཁྱུང་དོམ་མཁྲིས་ཁ་ཆེ་ཧ་ལོ་བསྐྱེད་པའམ། རྡོ་རྗེ་ཁྱུང་དམར་ཟབ། གྲང་འཛག་ལ་རི་མིག་དགུ་པ་ཧ་ལོའི་ཐང་གིས་ཕུལ། གཉིས་ཀ་ལའང་ཛཱ་དངུལ་ཟབ། ཡང་གྲང་འཛག་ཉི་དཀྱིལ་སྟེང་། ཁ་ཆེ། དོམ་མཁྲིས། གངས་སྦལ་ལམ་སྲམ་གྱི་གཞུག་ཏོ་བསྣན་པས་ཕན། ཆུ་བཙག་རྗེས་སུ་ཆུ་ཁ་ཚ་བ་ལ་སྐྱེར་ཤུན་ལྔ་པ་ཁོ་ན་ཟབ། །།འབྲས་ལ་ཐོག་མར་གཉན་སྨན་གཏོང་ཞིང་གཉན་འབྱར་བྱ། གཉན་ཁ་ཆོག་ནས་འབྲི་གུང་གཅེས་བཏུས་སུ་བཤད་པའི་འབྲས་འདུལ་གྱིས་འབྱར་བྱ། དེས་རྣག་ཏུ་ཁུག་ནས་བརྟོལ་ལུགས་སོགས་སྦ་བ་དང་འདྲ། རུས་འབྲས་ལ་གྲས་བཅོས་བྱ། ༈ །སྐྱ་སྦབ་དང་རྨུ་ཆུའི་བཅོས་འབྲི་གུང་པའི་གསང་བ་སྦུབས་འདྲེན་མ་བུ་ལེ་ལག་དང་བཅས་པ་ལྟར་ཟབ། སྤྱིར་རྨ་ཆུ་ལ་བསྡུ་ན་ཚ་རྐྱེན། གྲང་རྐྱེན་གཉིས་ལས། སྔ་མ་ནི་རྩ་ཆུ་སོགས་ཚ་བ་ལྟར་སྟོན་ཅིང་། རྔམས་པ་ཤིན་ཏུ་རྒོད་པ། ཕྱི་མ་སྐྲངས་པ་སྐྱ་སོབ། རྩ་ཆུ་སོགས་བད་ཀན་སྤྱི་དང་འདྲ་བ་འབྱུང་། གང་ལྟར་ཡང་སྔོན་འགྲོ་ཨ་བྷི་དྲུག་


JKT017_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་སྒྱུ་རུ་བུང་སྐྱེད་སྲད་དཀར་འཕྲུལ་མེད་གལ་ཆེ། ཚད་ལྡན་ཞག་ཁ་ཡར་བསྟེན། དེ་རྗེས་ཚ་ཆུ་ལ་འབོལ་སྨན་བདུན་པ། སུ་ཁ་ཙ་ཀྲ། བོང་དཀར་བཅུ་པ་སོགས་སྐབས་ཐོབ་གཏོང་ཞིང་། ཅིས་ཀྱང་སེལ་དཀའ་ན་བ་ཆུའི་འཕྲུལ་བཤལ་གཞུང་བཞིན་དུ་སྦྱར་བའི་སྟེང་འབུ་སྐྱོགས་བསྣན་པའམ། ཡང་ན་སུ་ཁ་ཙ་ཀྲ་དང་། འབུ་སྐྱོགས་བདུན་པ་ལྟག་པ་སྤྲད་པའི་བཤལ་བྱ། གྲང་ཆུ་ལ། ཐོག་མར་ད་ལིས་བཅུ་དྲུག་དང་། དེ་ནས་བདེ་བྱེད་ཆུ་བསྒྱུར། གུར་གུམ་ཆུ་བསྒྱུར། དྭངས་མ་ཆུ་འདྲེན་སོགས་བསྔགས། རྗེས་གཅོད་ཚ་གྲང་གང་ལའང་སྐེམས་བྱེད་ཀྱི་བྱུགས་པ་སྐྲངས་ལྷག་སྟེང་བྱུགས་ཅིང་མེ་ཉིར་བསྲོ། དེ་རྗེས་ཆུ་ཚན་ལ་ཞུགས། ཆུ་༡གསང་༡༦་ཁ་༡༨གསུམ་ལ་མེ་བྱ། ཆུ་ལྷག་སྐེམས་བྱེད་ཟངས་ཐལ་ཉེར་ལྔ་སོགས་སྦྱར། སློང་རྐྱེན་གྱི་ཟས་སྤྱོད་སྤྱི་དང་། ཁྱད་པར་བརླན་གྲང་བསེར་བུ་འཇུ་དཀའ། ཆུ་ངན་པ་སོགས་རྟག་ཏུ་སྤོང་། གལ་ཏེ་ཡན་ལག་གི་སྐྲངས་རྣམས་རིམ་གྱིས་བྲི་བའམ། མ་བྲི་ཡང་ཕོ་བ་ལྷག་པར་སྐྲངས་ནས་གནོད་སྦྱིན་ལྟ་བུར་གྱུར་པའི་རིགས་ནི་འཚོ་བར་མ་མཐོང་། བླ་གཉན་ཐོར་བུ་ལ། གློ་བར་བབས་ནས་རྔམས་པ་འདེགས་ཤིང་བཞིན་སྐྱངས། དེ་ལ་ཅུ་གང་ཆུ་བསྒྱུར་རམ། རྒུན་འབྲུམ་བདུན་སྦྱོར་ཤིང་ཚ་བྲིས་ཤིང་སྐྱུ་རུ་ར་བསྐྱེད་པ་དང་ཆུ་སྨན་


JKT017_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ། སྐྲན་དང་བསྡོངས་པ་ལ་ཐུར་མ་བྱ་བ་ལག་ལེན་ལ་ཤེས། མཆིན་པའི་ཟག་ཆུ་དང་། འབམ་གཞུག་ཆུར་འགྱུར་བའི་རིགས་ལ། གུར་གུམ་ཆུ་བསྒྱུར་དང་། གླང་ཆེན་ཆུ་བསྒྱུར་སོགས་བསྔགས། ཆུ་ནད་བྱེར་ནས་ཡུན་རིང་དུ་མནར་བ་དང་། སྨུག་པོའི་ཟག་ཆུ་སོགས་ལ་ཟླ་ཤེལ་བདུད་རྩི་ཐིགས་པ་ཁོ་ན་བསྔགས་པ་མཐོང་། ཆུ་སེར་དང་བསྡོངས་ནས་སྐྲངས་ཤིན་ཏུ་ཆེ་ཞིང་ཆུ་སེར་བརྡོལ་བ་ལ་གསང་སྨན་ཆིག་བརྒྱུད་གཏོང་བས་ཕན་ཞེས་ཟེར། ར་མོ་ཤེལ་ལུགས་ཀྱི་གསང་སྨན་ངོས་འཛིན་འབྲི་གུང་པའི་མན་ངག་ལས་འབྱུང་བ་རྣམས་སོ་སོའི་དུས་གནད་མ་འཆོལ་བར་བཏུས་ནས་རྨ་ཅུང་ཟད་ཕབ་ལ་གྲིབ་སྐམ་ལེགས་པར་བྱ། སླར་ཕྱོགས་གཅིག་ཏུ་ཁཎྜ་བྱས་པ་ཉིད། སྡུད་ཀ་རྣམས་ལ་བསྡེབས་པ་མན་ངག་སྙིང་ཏིག་མ་ཡིན་ཀྱང་། ལེ་ལོ་ཅན་གྱི་ལྷ་རྗེ་ལ་དེ་འདྲའི་རེ་བ་བྲལ། གཞན་ཡང་སྐྱུ་རུ་རའི་ཁཎྜ་ལེགས་པར་བསྐོལ་བ་ཉིད་ཆུ་ནད་ཐམས་ཅད་ལ་བསྔགས་ཏེ་དེ་ཡང་ཚ་ཆུ་ལ་འབོལ་བདུན་དང་། གྲང་ཆུ་ལ་ཨོཾ་བྷི་དྲུག་ཐང་ཡང་ན་ད་ལིས་བཅུ་དྲུག་མ་ནུ་བཞི་ཐང་གིས་ཕུལ། ཞག་ཁ་ཡར་བསྟེན་རྗེས། དངོས་གཞིར་ཚ་ཆུ་ལ། ཆུ་འབེབས་དཀའ་ན་རྒྱ་སྡིག་གསེར་བྱེ་ལྕམ་བ། གློར་བབ་ལུད་པ་སྐྱ་སོབ། ཅི་རིགས་ལ་རྒུན་འབྲུམ་བདུན་པ་སྔར་བཤད་པ་བསྣན་ཅིང་། ཨོཾ་བྷི་དྲུག་


JKT017_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཤིང་མངར་བསྐྱེད་པས་ཕུལ། ཤིན་ཏུ་སྐྲངས་ཆེ་ཞིང་ཆུ་སེར་དང་བསྡོངས་ན་སྒ་ཏིག་ཁཎཱའམ། བ་ཆུའི་ཁཎྜ་བསྣན་ལ་བཏང་། འབམ་གཞུག་ཚ་ཆུར་གྱུར་པ་ལ་གུར་ཏིག་དང་། གྲང་ཆུ་སྤྱི་ལ་ཉི་དགའི་ཐང་གིས་ཕུལ་བ་སོགས་རིག་པའི་འཁྲུལ་འཁོར་བསྐོར་བས་ཆུ་ནད་ཐམས་ཅད་ལ་ཕན་པ་མྱོང་གྲུབ་ཡིན་ཞེས་ཐོས། སྔར་སྨོས་པའི་ཆུ་སྦྱོང་གི་གདམས་པ་ཐུན་མོང་མ་ཡིན་པ་འབུ་སྐྱོགས་བདུན་པ་ནི། འབུ་སྐྱོགས་དུང་འདྲ་བ་ཉེར་གཅིག་དུག་འདོན་ཆང་ལ་གླ་རྩི་བཏབ་པར་བཙོ། སྡིག་སྲིན། ཟངས་དྲེགས། ཆུ་མ་རྩི་སྟེ་མཁའ་འགྲོ་ལ་ཕུག །ལྕམ་འབྲུ་བཞི་ཞོ་ཕྱེད་རེ། ཐར་ནུའི་ཁཎྜ་ཞོ་དོ། བྱང་པ་བར་གཤོགས་ལྡན་པ་བཞི། དུག་འདོན་པར་གཤོག་བླངས་ནས་ཆང་ནང་དྲོད་ཉམས་ཙམ་ཕབ་པ་གཉིས་བཅས། སྨན་སྣ་བདུན་པོ་བ་ཆུ་ཕུལ་གང་ཙམ་གྱི་ཁཎཱས་རིལ་བུར་དྲིལ། ཤ་ལྤགས་སྦོས་ཤིང་ཆུ་སེར་ཤས་ཆེ་ན་སྒ་ཏིག་ཁཎྜ་ཞད་ཙམ་བསྣན་པ་སྟེ་དངོས་གཞིའི་སྨན་སྦྱོར་རོ། །འདི་ཚ་ཤས་ཤིན་ཏུ་ཆེ་དུས་སྲོག་ལ་ཐོབ་ཤ་བྱ་བ་ལས། གྲང་ཆུ་སོགས་ལ་གཏན་ནས་མི་གཏོང་སྣ་སེལ་དུ་ཨོཾ་བྷི་དྲུག་ཐང་ཞག་ཁ་ཡར་བསྟེན། གཟེར་ཆེ་ན་སྤངས་ཚན་གྱིས་བདུགས་པ་བྱ། ཤིན་ཏུ་དྲོ་བར་ཡིབས། ཆུ་མདོག་སྔོན་པོ་བྱུང་ན་བཅད་རན་པ་ཡིན་པས། ཤ་ཚིགས་མ་བཙག་པའི་ཁུ་བ་


JKT017_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཕོར་ཤབ་དོ་ཙམ་བསྟེན། དེ་ནས་ཞག་ཁ་ཡར་སྐོམ་གྱི་རིགས་ཆེར་མི་གཏོང་། གཞན་ཡང་ཞལ་ཤེས་ཀྱི་རིགས་མང་དུ་མཆིས་ཀྱང་འདིར་དེ་ཙམ་མོ། ༈ །འབམ་བཅོས་འབྲི་གུང་པའི་ཚེ་འཛིན་སྲོག་སྐྱོབས་དང་། ཤོག་དྲིལ་ཐེམས་སྤང་མ་ལྟར་ཟབ། དེ་ཡང་དཀར་པོ་ནི། རྩ་དལ་ལ་འཇམ། ཆུ་མདོག་དཀར་ཞིང་སླུ་བ་སངས་པ་སྐྱེན་སྒྱིད་ཁུག་སོགས་སུ་སྐྲངས་པ་སྐྱ་ལ་སོབ་པ། རེག་ན་ཟུག་༧གཟེར་མེད་པ་འབྱུང་། ཁྲ་བོ་ནི། རྩ་བྲེལ་ཉམས་ཡོད་པ། ཆུ་མདོག་དམར་སེར་མཐའ་རྒྱ་ཤལ་ཡོད་པ། ལྦུ་བ་ཅུང་མི་བརྟན་པ་སྟེ། ཕལ་ཆེར་ལ་ནད་རྟགས་འདི་འབྱུང་བ་མང་། རྐང་པ་ཟུག་ཆེ་ཞིང་སྐྲངས་པ་ལ་མེ་ལྕེ་འདྲ་བའི་དམར་ཐིག་འབྱུང་བ། ནག་པོ་ནི། རྩ་ཆུ་སོགས་ཚད་པའི་རྟགས་ཤིན་ཏུ་ཆེ། ཁྱད་པར་ཆུ་ཁྲག་རུལ་འདྲ་ཞིང་ལྦུ་བ་མི་བརྟན། རྐང་པའི་སྐྲངས་ཆེར་མཁྲེགས་ཅིང་ཁ་སྤྲོདོག་སྔོ་དམར་སོགས་འབྱུང་བའོ། །འོན་ཀྱང་ཐེ་ཚོམ་སྐྱེ་ན། དཔའ་སེར་དང་སྒ་སྐྱ་མར་རྙིང་ལ་སྦྱར་ནས་བྱུགས། ཉི་མ་ལ་བསྟན་པས་ཟུག་ཆེ་ན་འབམ་དང་། དེས་ཕན་སྙམས་བྱེད་ན་ཆུ་སེར་དུ་བཟུང་ངོ་། །དེ་ལ་ནད་ཕོག་མ་ཐག་ནས་རོ་སྟོད་གཟེར་བ་དང་། རྐང་པ་བེམ་ཞིང་འབྲུམ་ཕྲན་འོང་། དེ་དུས། སྐྱུ་རུ་ར། ཧོང་ལེན། གཟེར་འཇོམས་གསུམ་གྱི་ཐང་ཡང་ཡང་གཏོང་བའམ། ཐང་


JKT017_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཉེར་ལྔ་དང་། བདུན་ཐང་ཚད་ལྡན་ཞག་ཁ་ཡར་བསྟེན། དེ་རྗེས་གླང་ཆེན་བཅོ་བརྒྱད་གི་ཝཾ་བུངས་བསྐྱེད་པ་དང་། སོ་ལྔ་ནས་གཉན་སྨན་བཞི་ཕྲི་ཞིང་། གི་ཝཾ། པྲི་ཡངྐུ། བྲག་ཞུན་གསུམ་ཆ་ཆུང་རེ་བསྣན། ཀོ་བྱི་སྤུ་ལྡན། ནཱ་ག་གེ་སར་འདབས་འཕར་བྱས་པའི་སྙན་བརྒྱུད་ཨ་གར་སོ་ལྔ་དང་། རཏྣ་བརྒྱད་པ་བཅས་རྒྱུན་བསྟེན་དང་། སྐབས་རེར་སྐྱུ་རུ་ཉེར་ལྔ། སྒ་ལོ། མན་ངག་བསིལ་སྦྱོར་སོགས་རིགས་པས་དཔྱད་ལ་གཏོང་། དེ་ནས་སྟོད་ཀྱི་ཟུག་རིམ་པར་ཆོག་ཅིང་། རྐང་པ་ཤིན་ཏུ་གཟེར་བའི་དུས། གནམ་ལྕགས་རིལ་བུ། སྤོས་ཁྱུང་བཅོ་ལྔ། ཀླུ་བདུད་བཅོ་བརྒྱད་སྟེང་དངུལ་ཆུ་ཚ་འདུལ་བསྣན་པ་རྣམས་སྤེལ། དེ་རྗེས་ཞག་དྲུག་བདུན་མཚམས་ཟུག་རིམ་པར་ཆག་ཅིང་། སྒྱིད་ཁུག་གི་རུས་འགུལ་སོགས་ན་ན་འབེབས་རྟགས་ཡིན་པས། ལ་ཕུག་གཏོང་རན་མིན་བརྟག་པ་ནི། ལྕགས་སྣོད་དུ་དྲི་ཆུ་དཀར་ཡོལ་ཕྱེད་པ་ཅན་གཉིས་བཞག །གཅིག་གི་ནང་ལ་ཕུག་གྲི་བཞོག་གཅིག་བཅུག །སྣོད་ནང་དུ་ཆུ་དཀར་ཡོལ་ཕྱེད་ནུབ་ཙམ་བླུགས་ནས་བསྐོལ། གཟོད་བལྟས་པས་ལ་ཕུག་ཅན་དྭངས་ཞད་དང་སྔོ་བ་བྱུང་ན་འཕྲོད་རྟགས་ཡིན། ཡང་ཚབ་ཆུང་རིགས་ལ། ལ་ཕུག་ཆ་གཅིག །ཤ་ཆ་གསུམ་བྱས་པའི་ཐུག་པ་སླ་མོ་ཞིག་གཏོང་བས་མི་འཕྲོད་པ་མ་བྱུང་ན་ཤ་


JKT017_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཕྲི་ཞིང་། ལ་ཕུག་བསྐྱེད་ལ་གཏོང་། གང་ལྟར་ཡང་ལབ་ཁུ་རས་དཀར་གཙང་མར་དྭངས་སྙིགས་བརྗེས་ནས། དྭངས་མའི་ནང་། པྲི་ཡངྐ་སོར་བཞི་ཙམ་དུ་བཏུས་པ་དང་། ཁྲག་སྐྱེམས་གཞོན་ནུ་ཉི་མ་མ་ལྡོག་གོང་བཏུས་པ། གུར་གུམ། རྒྱ་ཚྭ་ཞད་ཙམ་བཅས་བཏབ་ནས་ཁྱེའུ་གསོས་ཀྱི་ཚུལ་དུ་བསྟེན། གནས་གོས་སོགས་ཤིན་ཏུ་དྲོ་བར་བྱ། སྙིགས་མ་ལ། ལྕུམ་རྩ། ཆུ་རྩ། བུལ་ཏོག ། ལྕགས་ཀྱུ། ཀླུ་བདུད་རྣམས་སྦྱར་བ་སྐྲངས་སར་བྱུགས། ཚབ་ཆེན་རིགས་ལ་རྗེས་གཅོད། གུ་གུལ་བཅུ་སྟེང་། ཁྱུང་ལྔ། ཀླུ་བདུད། སྡིག་པ་དཀར་ནག་རྣམས་བསྣན་པའི་རིལ་བུ་གཏོང་། གཞན་ཡང་བླ་གཉན་ཁྲག་རླུང་ལ། ཨ་གར་་སོ་ལྔ་དང་། དྲང་སྲོང་ཨར་བརྒྱད་སོགས་གཏོང་། སྨད་དུ་བབས་ཀྱང་སླར་རོ་སྟོད་ན་བ་སོགས་བྱུང་ན་གསང་སྨན་ཆེན་མོའི་འབྱར་བྱ། རཏྣ་བརྒྱད་པ་དང་། ཀོ་བྱི་ཨ་བྷིའི་ཐང་གིས་ཕུལ་བ་གཏོང་། བད་ཀན་སྨུག་པོ་དང་བསྡོང་པ་ལ། །གི་དགུ་དང་མན་བསིལ་ལྟག་པ་སྤྲད་ཅིང་། སྐབས་རེར་གླང་ཆེན་བཅོ་བརྒྱད་སོགས་བསྟེན། བད་ཁྲག་ཤས་ཆེ་བ་ལ། སྐྱུ་རུ་ཉེར་ལྔ་དང་། སྒ་ལོ་སོགས་སྤེལ། མགོ་གཟེར་ན་དཔའ་དྲུག །ཕོ་མཆིན་མི་བདེ་ན་དྭངས་མ་གནས་འཇོག་སྟེང་རྩ་བ་ལྔ་བསྣན་པ། གློ་ནད་འདྲ་བའི་རིགས་ལ་སྤྲིན་ཟླའི་སྟེང་། སྲོ་


JKT017_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དཀར་པོ་དང་། རུ་རྟ་བསྣན་པ་གཏོང་བ་སོགས་རིག་པས་དཔྱད། རྗེས་ན་སོ་རྒས་པ་དང་། རླུང་དང་གྲང་གཞི་ཆེ་བ་ལ་ཆུ་ཚན་སྨན་མར། གཞོན་དར་ལུས་ཟུངས་དང་ལྡན་ཞིང་ཁྲག་མཁྲིས་ཤས་ཆེ་བར་མ་སྔས་པར་ལོང་རྩ་གཏར་བ་སོགས་བྱ་བའོ། ༈ །བད་ཀན་མགུལ་འགགས་ལ། སྤྱིར་དབྱེ་བ་བཅོ་བརྒྱད་ཙམ་བཤད་ཀྱང་། བསྡུ་ན་ཚ་འགགས་གྲང་འགགས་གཉིས་ལས། །ཚ་འགགས་རྩ་ཅུང་ཟད་གྲིམ། ཆུ་མདོག་སེར། ཟུག་ཤིན་ཏུ་ཆེ། གྲང་འགགས་རྩ་སྟོང་ཞིང་ལྷོད། ཆུ་མདོག་སྔོ། ཟུག་གཟེར་ཆུང་། དེ་གཉིས་ཀ་གང་ཡང་། ཐོག་མར་མན་ངག་བསིལ་སྦྱོར་ཚད་ལྡན་ཞག་ཁ་ཡར་བསྟེན། དེ་རྗེས་ཚ་འགགས་ལ། སྤང་རྒྱན་བཅོ་ལྔ། སྤང་རྒྱན་ཉེར་ལྔ། མཁའ་འགྲོ་བཅུ་སྦྱོར་རྒོད་གཡག་ཁྲག་གིས་ཕུལ་བ་རྣམས་ཕན་ཆེ། གྲང་འགགས་ལ་ཉང་ལུགས་རྡོ་ཐལ་ཉེར་བདུན། །གཉིས་ཀ་ལ་བེ་ཁྲག་ཚད་ལྡན་དང་། གོ་གྲེ་བཅུ་བདུན། བད་ཁྲག་ཤས་ཆེ་ན་སྐྱུ་རུ་ཉེར་ལྔ། གུར་གུམ་བཅུ་གསུམ་དང་བདུད་རྩི་སུམ་སྦྱོར་ལྟག་པ་སྤྲད། །ཕོ་ཐོག་ལ་སེ་འབྲུ་དར་གླུ་གདུགས་ཅན་དང་། སེ་འབྲུ་ཉེར་ལྔ་སྨན་བྱིངས་དང་མཉམ་པའི་རྡོ་ཐལ་བསྣན་པ་སྟར་ཁཎ་གྱི་འདམ་བཏགས་བྱས་པ་ལ་བདུད་རྩི་རིལ་དཀར་ཟེར་སྟེ། །དེ་རྣམས་ཤིན་ཏུ་ཟབ། དེ་ནས་སྐབས་ཐོབ་ཀྱི་


JKT017_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཚུལ་ནི། མར་བབས་ནས་ལྷེན་སྣ་དང་ཕོ་ཁར་འདྲིལ་ན་རྡོ་ཐལ་ཉེར་ལྔའམ། ཉེར་བདུན་གྱིས་བཤིག་ལ། ཡར་བབས་ནས་ལྕེ་ལ་འབྲུམ་པ་བྱུང་ན་གྲི་ལྕགས་ཀྱི་ཏེལ་པས་བསྲེགས། རྗེས་གཅོད་ཚ་འགགས་ལ་གསལ་ན་ཐོང་རྩ་དང་། མི་གསལ་ན་རྩེའུ་ཆུང་ཞད་ཙམ་གཏར། གྲང་འགགས་ལ་སྐེ་སྟོང་ལྷན་གསང་ཚིགས་པ་བཞི་རྣམས་བསྲེགས། ཡང་གཉན་ནད་དང་ཚ་ཤས་མེད་པའི་རིགས་ལ་མེ་བཙའ་ཁོ་ནས་བཅོས་ཚུལ་སྙན་བརྒྱུད་མ་ནི། སྤྱིར་མེ་སྔགས་སོགས་སྤང་བའི་ཡུལ་ནད་ཚང་བཞི་དང་། གདབ་པའི་དམིགས་འབྲོས་འཕྲང་དགུ་ཕྱི་ཡི་འབྲོས་འཕྲང་དང་བཅས་པ་རྣམས་སུ་ཡོད་པ་ལ། དང་པོ་ནི། རྐེ་སྟོང་ཅ་ར་ཁུག་ནས་གྱེན་དུ་ཚོན་ཕྱེད་བཅལ་བ་ནད་ཚང་འོག་མ་༡། དེ་ནས་གྱེན་དུ་སོར་ཕྱེད་བཅལ་བ་ནད་ཚང་༢བར་མ། ཨོལ་མདུད་ཀྱི་མགོ་ནི་ནད་ཚང་ཆེན་༣མོ། དེ་ནས་གྱེན་དུ་ཚོན་ཕྱེད་བཅལ་བ་ནད་ཚང་གོང་མ་སྟེ། དེ་བཞི་ལ་བསྲེགས་ན་ནད་གཏོར་ཞིང་སྲོག་ལ་རྒོལ་ངེས་པས་རྣམ་པ་ཀུན་ཏུ་སྤང་བར་བྱའོ། །གཉིས་པ་ནི། ནད་ཕོག་ནས་ཟླ་བ་གཅིག་གི་བར་དུ་སྔར་བཤད་པའི་ཞི་བྱེད་རིགས་བསྟེན། དེ་ནས་ཟླ་བ་གཉིས་པ་ལ་མེ་བསྲེགས་ཏེ། གཞན་དུ་སྔ་ན་འཚང་ལ་ཕོག་པས། འཚོ་དཀའ་ཞིང་། ཕྱི་ན་འབྲོས་ཚར་བས་ཕན་མེད། འོན་ཀྱང་ཅུང་ཕྱི་ན།


JKT017_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲང་སྔོན་མ་མ་ཆོད་ཀྱང་། རྗེས་མ་གང་ཡིན་པ་དེ་དགག་པས་ཨེན་ཙམ་ཕན། ཐོག་མར་རྐེ་སྟོང་ཅ་ར་ཁུག་དང་། ནད་ཚང་འོག་མའི་གཡས་གཡོན་ནས་ཐད་དུ་ཚོན་རེ་བཅལ་བ་སྟེ་གསུམ་ལ་བསྲེགས། དེ་ནས་ཞག་གསུམ་ནང་ནད་ཚང་བར་མའི་གཡས་གཡོན། དེ་ནས་ཞག་གསུམ་ནང་ནད་ཚང་ཆེན་མོའི་གཡས་གཡོན། དེ་ནས་ཞག་གསུམ་ནང་ནད་ཚང་གོང་མའི་གཡས་གཡོན་བཅས་རིམ་བཞིན་དུ་བསྲེགས་པ་ནི་འབྲོས་འཕྲང་དགུ་དགག་པའི་ཐབས་སོ། །དེ་ནས་ཞག་གསུམ་ན་ཕྱི་ཡི་འབྲོས་འཕྲང་ནི། རྐེ་སྟོང་ནས་འཕྲག་མིག་བར་ལིང་ལིང་འཕར་བའི་རྩ་རྩེ་ཡོད་པ་དེ་ཡིན་ལ། དེ་ནས་གཡས་སུ་འབྲོས་པས་མཆིན་ཐོག་དང་། གཡོན་དུ་འབྲོས་པས་ཕོ་ཐོག་འབྱུང་བས་འཕྲག་མིག་ནས་རྐེ་སྟོང་བར་ཚོན་རེ་དང་། ཚོན་ཕྱེད་རེ་སྤེལ་མར་གཅིག་རྗེས་གཅིག་མཐུད་དུ་མེ་བཙའི་ཕྲེང་བ་གདབ། དེ་རྣམས་ཀྱི་བར་བར་དུ་སྔགས་ཟབ་མོ་ལག་བླངས་ཅན་ཆུ་དང་མར་ལ་གདབས་ནས་ནད་ཚང་རྣམས་མ་གཏོགས་པར་བྱུགས། ནད་ཚང་བཞི་པོར་མེ་སྔགས་གང་ཡང་མི་གདབ་པ་གནད་ཤིན་ཏུ་ཆེ། ཤེས་ཤིང་ནུས་ན་འཇམ་དཔལ་ནཱ་ག་རཀཱའམ། །ཁྱུང་ནག་གང་རུང་གི་རྗེས་གནང་ཞུས་ནས་བསྙེན་པ་བསྐྱལ། དེ་ལྟར་སྨན་སྔགས་ཀྱི་སྦྱོར་བས་ནད་ལས་གྲོལ་བའི་རྟགས་སུ། དངོས་སུ་


JKT017_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་སྒོ་ནས་རྣག་ཁྲག་ཆུ་སེར་འབབ་བའམ། རྨི་ལམ་དུ་བྱུང་ཡང་ཕན་ངེས་པ་ལག་བླངས་ཅན་ཨི་ཐི། ༈ །རེག་དུག་གི་ནད་ལ། ཐོག་མར་བརྟག་ཐབས་ནི། རྩ་ཕྲ་ཞིང་གཏིང་ན་བྱིངས་དྲག་དལ་ངེས་མེད་དུ་འཕར་ཞིང་སྐབས་སུ་སྡོད་པ་དང་། ཆུ་མདོག་ལྗང་ལ་ལྦུ་བ་གཡུང་། མར་ནག་ཐིགས་གཅིག་བླུགས་པས་སེར་པོའམ་ཁྲག་མདོག་ཏུ་འགྱུར། ཡང་ན་ལྦུ་བ་འཐོར་འགྲོ། ནད་ཕོག་མ་༧ ཐག་ནས་ཆམ་པ་འདེབས་ཤིང་། ལུས་ལྕི། སྐྱིད་པ་སྒྱུར། མཁལ་རྐེད་གཟེར་ཞིང་ཆུ་སོ་ཟ་བ་སོགས་འབྱུང་། དེ་ལ་བྱང་ལུགས་མིང་ཅན་ནག་པོ་འཁྲུལ་མེད་ཀྱི་ཐང་གཏོང་བས་རང་གི་མངོན་ཚུལ་འབྲུམ་ཐོར་སོགས་འབྱུང་། དེ་ནས་ཐང་ཆེན་ཉེར་ལྔའམ། བྱང་ལུགས་མིང་ཅན་གཅིག་པུའི་ཐང་ལན་ཁ་ཡར་གཏོང་རྗེས། དངོས་གཞིའི་སྨན་སྦྱོར་ནི། དངུལ་ཆུ་རྒོད་པོ། ༡་༠༠ལ་མཚོན་ན། བིག་པན་ཏེ་རྒྱ་མཚུར་དཀར་པོ་འཁྲུལ་མེད། ༠་༤༠མཚལ་རྒོད། ༠༡༠ཟེ་ཚྭ། ༠་༧༠བཅས་ལ། སྨན་ཕྱི་མ་གསུམ་སོ་སོར་ཞིབ་པར་བཏགས། དེ་ནས་སླ་ང་སོགས་ལྕགས་སྣོད་མཐིལ་ཡངས་ལ་བུག་རྡོལ་མེད་པ་ཞིག་གི་ནང་དུ། ཐོག་མར་ཟེ་ཚྭ། དེ་ནས་མཚུར། དེ་ནས་མཚལ་རྣམས་རིམ་པར་བརྡལ་ཏེ་བརྩེགས་ལ་བཞག །དེ་སྟེང་དངུལ་ཆུ་དེ་ཤོག་བུར་ཚོ་བཞི་ལྔ་ཐུམ་པོར་བྱས་ནས་ཕྱོགས་


JKT017_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་མི་འདྲིལ་བར་བཅུག །དཀར་ཡོལ་ཆེན་པོ་གས་ཆག་མེད་པ་ཞིག་གི་སྟེང་ནས་སྒྲུབས། བར་མཚམས་ས་སྦྱོར་སྤྱི་ལྟར་རམ། མ་འཛོམ་ན། རྟ་སྦང་། ལན་ཚྭ། ས་ནག་གསུམ་བསྲེས་པའི་འདམ་གྱིས་ལེགས་པར་གཡོགས། དེ་སྟེང་ཞ་ཉེ་དང་རྡོ་སོགས་ཆེ་བས་མནན་ལ་སྐམ། སྐམ་ཐག་ཆོད་ནས་གནས་དབེན་པར་མེ་ཐབ་ཏུ་བཙུག་ལ་བསྲེགས། དེ་ཡང་དང་པོ་མེ་ཆུང་། བར་དུ་ཆེ། ཐ་མར་སླ་ངའི་ཞབས་སྐྱ་བོར་སོང་རན་ཚོས་ཚད་ཡིན་པས་མེ་རིམ་གྱིས་ལྷོད་ལ་གྲང་བཅུག །གྲང་ཐག་ཆོད་ནས་ངང་རིང་གིས་འདགས་པ་བཀོག་སྟེ་ཁ་ཕྱེ་ལ་བལྟས་པས། དཀར་ཡོལ་ཡ་འགེབ་ལ་དམར་པོ་ལི་ཁྲིའམ་མཚལ་མདོག་ལྟ་བུ་ཟུར་ལ་འཇའ་རིས་འཕྲོ་བ་བྱུང་ན་མཆོག་ཏུ་བཟང་། དམར་སེར་དང་ནག་ཐིག་ཨན་ཙམ་བྱུང་ཡང་བཏང་རུང་། ནག་པོ་ནི་གཏན་ནས་མི་གཏོང་། །བར་ལྗང་ཞིང་གཏིང་དཀར་བར་འོང་། དེ་ནས་ཆི་བ་ཁ་རྡོག་ཉེར་ལྔ་ཙམ་ཇ་ནང་དུ་རླངས་ཚོས་བྱས་ལ་རུས་པ་དོར་ནས་རྡོ་གཞོང་དུ་བསྣུར། སླར་ཡང་རླངས་ཚོས་བྱས་པ་ཟན་ལྟ་བུ་དེས་ཡ་ཁེབས་ལ་ཆགས་པའི་དུད་པ་ཁ་དམར་བར་ལྗང་ཡན་བསྡུས་ལ་རིལ་བུ་སྲན་མ་ཆུང་ཤོས་ཙམ་དུ་དྲིལ་ཞིང་རྒྱ་ཤོག་དམར་པོར་བསྙམ། འདི་ལ་ལས་ར་ཁྲག་གིས་དྲིལ་ན་ཕན་ཆེ་ངེས་སུ་བཤད། པར་བུ་སོགས་རླུང་མི་འཆོར་བའི་


JKT017_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་བཟང་པོར་ཚགས་བྱ། མ་འགེབ་ལ་ཆགས་པ་རོ་མ་དེ་ར་ཁྲག་ལ་སྦྱར་ནས་བྱུགས་སྨན་བྱ། ཁའི་མེ་ཏོག་ལ་དངུལ་ཆུ་ཕྲན་བུ་མ་ཚིགས་པ་བྱུང་ཡང་སྐྱོན་ཆེ། གཏིང་དཀར་པོའི་དཀྱིལ་དངུལ་ཆུ་མ་ཚིགས་པ་བྱུང་ན་ཁ་སྔར་ལྟར་རྒྱབ། སྐམ་ཐག་ཆོད་ནས་བསྲེགས་སྐྱོར་བྱེད་པར་གསུངས། ཇི་ལྟར་གཏོང་ཚུལ་གྱི་ཕྱག་ལེན་ནི། ཐོ་རངས་སྔ་བར་རིལ་བུ་གསུམ་རེ་ཇ་ཐང་གར་སླ་སྙོམས་པ་བྱ་སྒང་དོ་ཙམ་ལོང་ལོང་ཁོལ་བས་ཕུལ། དེ་མིན་ཆུ་བསྐོལ་གྱིས་ཕུལ་ཀྱང་རུང་། འཇུ་ཚོད་ལ་སྐྱུགས་གྲབས་བྱེད་ན་སྐྱུགས་ནོན་གང་དྲག་བྱེད། འགྲིམ་སོང་ན་ཕན་ཆེ། འགྲིམ་གྲབས་ཀྱིས་རྒྱུ་མ་གཟེར་ཆེ་ན་ཆང་ཧུབ་དོ་གསུམ་འཐུང་བས་གཟེར་ཆག་འགྲོ་ཞིང་བཤལ་འོང་། མ་གཟེར་ན་ཆང་མི་གཏོང་། སྨན་བཏང་རྗེས་ཞག་གཅིག་ནས་མཚན་མོ་སོ་ཤིང་འཛུག །ཞོགས་དང་ཉིན་མོ་སོགས་ཇ་ཐང་། གོ་ཡུ་ཁྱི་ཝར་བསྐོལ་གྲང་གིས་མཁུར་བཀང་འཆང་། དེས་ཁ་ལ་རྨ་མི་འོང་ཞིང་སོ་རྩ་བརྟན། དེ་བྱས་ཀྱང་རྙིལ་སྐྲངས་ཆེ་ན། གསེར་མདོག །ཁྱི་ཝར། སྟར་བུ་རྣམས་ཕན་ཆེ་བ། བིག་པན་ཨ་རུའི་བཞི་ཆ་། གླ་རྩི་དྲི་ཐོན་བཅས་ཀྱིས་རྒྱུན་དུ་མཁུར་བཀང་བྱེད། ཁ་ནང་རྨ་བྱུང་ན་བིག་པན་ལ་ལྡོང་རོས་མདོག་འགྱུར་བསྲེས་པ་སྐམས་འདེབས་བྱེད། ན་ཚས་མ་བཏུབ་ན་དེ་རྣམས་ཆུ་ལ་སྦྱར་བས་མཁུར་


JKT017_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་བྱེད། སྔར་སྨོས་པའི་མ་ཁེབས་ལ་ཆགས་པའི་གཏིང་དཀར་པོ་དེ་སྟེང་། ཁྱི་ཝཾར། གོ་ཡུ་དང་། ཤ་རུ་ནུས་བསྲེགས་སོ་སོར་ཆ་གཉིས། ཐིག་པན་ཆ་གཅིག །གླ་རྩི་དྲི་ཐོན་བཅས་རློན་བྱུགས་སྐམ་འདེབས་གང་དགོས་རིགས་པས་དཔྱད། ཉི་མར་ནན་གྱིས་སྐམ་ན་ཕན་ཆེ། དེ་མིན་ཀྱང་བྱུགས་ཆོག །ཡང་བྱུགས་པ་ལུགས་གཅིག་ལ། གཏིང་དཀར་པོའི་སྟེང་། གོ་ཡུ། སྙིང་ཞོ་ཤ །བ་རུ་ར། ཆིབ་ཁའི་རུས་པ། སྟག་ཤ །ཡུ་གུ་ཤིང་། སྣ་དུད་ཤིང་། གསམ་པ་དཀར་པོ། ལུག་མུར་རྣམས་ནུས་བསྲེགས། དུང་ཧར་བསྲེགས། ནཱི་ལ་ཐོ་ཋ། ཆུ་རྩ། ཡུང་བ། ལུག་མུར་མ་བསྲེགས་པ་བཅས་ཞིབ་ཏུ་བཏགས། ཞོ་ལ་བཏབ་ནས་ཟངས་སྣོད་དུ་སྦྱར་བ་བྱུགས། མིག་ནད་ལ་བསྲེགས་སྨན་གྱི་དུད་པ་སེར་པོ་ཆགས་པ་དང་། ཁ་ཆེ་སྦྱར་བ་བྱུགས་པས་ཕན། གཞན་ཡང་ཁོང་སྨན་ར་ཁྲག་བཅོ་ལྔ་དང་བཅུ་གསུམ་སོགས་སྤེལ། རླུང་ཤས་ཆེ་ན་ཨ་གར་བཅོ་ལྔ་དང་སོ་ལྔ། ཆུ་སེར་ཤས་ཆེ་ཞིང་ཟ་འཕྲུགས་བྱུང་ན་སྤོས་དཀར་བཅུ་པ་དང་། སེ་འབྲུ་བརྒྱད་པ་སོགས་བཏང་། ཟས་སྤྱོད་རྒྱ་ལུགས་ལུག་ཤ་འཛེམ་རྒྱུ་མ་མཛད་ཀྱང་། ཞག་བདུན་ཚྭ་དང་ལུག་ཤ་མ་འདྲེས་པའི་འབྲི་གཡག་གི་ཤ་ཟ་གང་ཐུབ་དང་། ནད་གཞི་ལ་མ་གནོད་ན་ར་ཤ་ཡང་གཏོང་བས་ཕན།


JKT017_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་ཡང་སྨན་ཆུ་བྱས་པས་འཛེམ་མི་དགོས། སྨན་གཏོང་ནས་ཞག་གཉིས་གསུམ་སོང་ནས་ཟུང་ངན་ན་ཞག་གཅིག་གཉིས་སྨན་ངལ་གསོ། །དེ་ནས་ཟུང་བསྟུན་གཏོང་གསར་པ་ལ་སྨན་དངོས་ཐུན་ལྔ་གསུམ། ཕལ་ཆེར་ལ་བདུན་ལས་མང་བ་གཏོང་མི་དགོས་པ་མྱོང་གྲུབ། ཞག་བཅུ་གཉིས་ནས་ཚྭ་ཕྱེད་ཚྭ། ཉེར་གཅིག་ནས་ལུག་ཤ་མ་གཏོགས་པ་འཛེམ་མི་དགོས་པ་ཁྱད་ཆོས། ཟུང་ངན་དོང་ག་མི་བདེ་བའི་རིགས་ལ་ཆང་བག་ཡོད་བཏང་ཆོག །རྗེས་སུ་ལོང་རྩ་དང་རུ་ཐུང་གང་འོས་ལན་གཉིས་ཙམ་གཏར་ཞིང་། ཆུ་ཚན་གྱི་འཕྲོད་བསྟེན་དང་ལུས་ཟུངས་གསོ་བའི་སྨན་མར་སོགས་སྦྱར། དྲག་ཤུལ་གྱི་ལས་དང་། རྟ་ཞོན། ཉིན་གཉིད། ཉལ་པོ་སོགས་སློང་རྐྱེན་རྣམས་ལོ་དུས་སམ་ཟླ་བ་དྲུག་སོགས་ལ་སྤང་བར་བྱའོ། །ཟས་ཁ་ཚ་རུལ་སྐྱུར་དང་། ལ་ཕུག་སོགས་འཛེམ། ཤིང་ཏོག་དང་མངར་རིགས་ཀྱིས་ཀྱང་གནོད། སྨན་བཏང་དུས་ནད་འགོས་སླ་བས་འཛེམ་གལ་ཆེ། སྤྱིར་ནད་འདི་དཔྱིད་ཁམ་བུའི་མེ་ཏོག་རྒྱས་པ་དང་། སྟོན་དུས་བཅས་ལྡང་བའི་དུས་ཚོད་ཡིན་པས་སྤང་བླངས་ཚུལ་བཞིན་དུ་བྱ། གལ་སྲིད་ལས་དབང་གིས་འགོས་ན་ནད་ཕོག་མ་ཐག་མ་གསང་ནས་བཅོས་པས་མྱུར་དུ་འཚོ་བ་ཡིན་ནོ། ༈ །མིག་གི་འགྲིབ་རིགས་ལ་ཐུར་མ་དང་སྨན་དཔྱད་གཞན་ལ་མི་ལྟོས་པར་


JKT017_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཁོ་ནས་བཅོམ་ཚུལ་ནི། སྨིན་མའི་འཇུག་ནས་དབུས་དང་། མགོ་ནས་ཀྱང་དབུས་སུ་མཚོན་གང་གཞལ་བའི་སྨིན་དབུས་དྲང་པོའི་རུས་པའི་གདོང་ནས་གསོ་བྱ་རང་གི་མཛུབ་མོའི་ཚིགས་གསུམ་པ་བཞག་སྟེ་གྱེན་དུ་སློང་བའི་མཛུབ་རྩེ་སླེབས་མཚམས་དང་། སྒྲ་སྦལ་ཅན་རྣམས་ཀྱི་སྨིན་དབུས་ཀྱི་སྐུ་མཚམས་ནས་གྱེན་དུ་ཚོན་གང་གཞལ་བ་དོན་གཅིག་པས། གནས་དེར་མནན་ན་མིག་འབྲས་ལ་ཟུག་རྔུ་འབྱུང་བའི་དམིགས་ཡོད་ས་དང་། ལུག་རིལ་ཙམ་གྱི་སྤྲ་བ་ཤིན་ཏུ་དམ་པའི་མེ་ཚུགས་གཅིག་བཞག་པར་བྱ་སྟེ། གཡས་གཡོན་གཉིས་ཀར་བཞག་གམ་རེ་རེས་ཆོག །གསོ་བྱའི་མིག་ལ་དཔྱད། ཚིགས་པ་དང་པོ་ནས་འཕྲེད་དུ་མཛུབ་གང་དང་། སོག་རྩེ་ཁ་སྤྲོད་ནས་སོག་པའི་ཕྱོགས་སུ་ཚོན་གང་འཇལ་བའི་ཕན་ཚུན་འཕྲད་མཚམས་སམ། ཚིགས་པ་ལྔ་པ་ནས། གཡས་སུ་སོར་བཞི་འཕྲེད་དུ་འཇལ་བའི་མཚམས་ལ་མནན་པས་མིག་ལ་ཟུག་འབྱུང་བ། དེ་གཉིས་གང་རྙེད་དུ་སྤྲ་ཚུགས་ཆེ་བ་རེ་བཞག །གཡོན་པ་ལའང་དེ་དང་མཚུངས་སོ། །འདི་ནི་སྔོན་ནས་ཆེར་མ་འགྲིབས་བ་བསལ་ཐུབ་ལ། འགྲིབས་བཞིན་པ་སླར་མི་འགྲིབས་པའི་གསང་གཅོད་ཞལ་ཤེས་ཁོ་ན་ཡི་གེར་བཀོད་པའོ། ༈ །ཝ་བ་ཤ་ལྷག་གི་རིགས་རྩད་ནས་འདོན་པའི་གདམས་ངག་ནི། བྱུང་ནས་ལོ་གཉིས་


JKT017_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ན་བཙག་བུས་ལེགས་པར་གཤགས་ནས། ནང་གི་རྣག་ཁྲག་ཆུ་སེར་སོགས་དབྱུང་། ཤ་གདན་དངོས་མ་བསྣད་པ་གལ་ཆེ། དེ་ནས་ཆུ་ཡིས་དག་པར་བཀྲུས་རྗེས་རྨ་སྨན་སྤྱི་དང་ཁྱད་པར་གུར་གུམ་དོམ་མཁྲིས་ཀྱི་ཆུ་ལ་ལན་ཚྭ་བཏབ་པ་བྱུགས། དེ་ནས་དར་སྐུད་ཀྱིས་ཤ་གདན་དང་མཉམ་པར་བཙེམས། ཕྱི་རུ་ཧེལ་གེ་དུམ་བུ་སྦྱིན་གྱིས་སྦྱར། ཞག་བདུན་བརྒྱད་ལ་ཟས་སྤྱོད་གཟབ་པས་མཚོ། ཡང་རྣ་བའི་ནང་གི་ཝ་རྩ་དེ་ཉིད་ཁབ་ཀྱིས་ཕུག་ནས་ཞ་ཉེའི་རྣ་ཆ་བཏགས་པ་དང་། སྨན་སོགས་འབྲི་གུང་གཅེས་བཏུས་ལྟར་ཟབ་གསུངས། ༈ །ཡང་གཅིག་གྲེ་ཐོག་མན་ངག་ལ། རིན་ཆེན་ཟངས་ཀྱི་ཏེལ་པ་ནི། །ཚད་ལྡན་ལག་ལེན་ཞལ་ལས་ཤེས། །སྔགས་ནི། ཨོཾ་ཨ་ཚ་སོད། མེ་ཚ་སོད། མེ་ཤི་སོད། དུབ་ཁ་ཤི་སོད་སྭཱ་ཧཱ། གཡོ་དང་བསྲེགས་དང་བཅད་པ་གསུམ། །དཀར་ནག་ནད་ཀྱི་དབྱེ་བ་ལ། །སྔ་ཕྱི་དུས་ལ་དཔགས་པར་བྱ། ཨྠྀི།

ཟླ་ཤེལ་ཆེན་མོའི་ཕྱག་ལེན་གྱི་ཟིན་བྲིས་བདུད་རྩིའི་ཟླ་སྣང་།


JKT017_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཟླ་ཤེལ་ཆེན་མོའི་ཕྱག་ལེན་གྱི་ཟིན་བྲིས་བདུད་རྩིའི་ཟླ་སྣང་བཞུགས་སོ།། །།ཨོཾ་སྭ་སྟི་སིདྡྷཾ། གང་ཞིག་མཚན་གྱི་ནོར་བུའི་ཕྲེང་བ་ནི། །སྐལ་བཟང་རྣ་བའི་ལྗོན་པ་ལ་དབྱངས་པས། །དོན་གཉིས་དགོས་དགུ་ལྷུག་པར་སྩོལ་བའི་དཔྱིད། །སྨན་རྒྱལ་ཚེ་མཐའ་ཡས་པས་དགེ་ལེགས་མཛོད། །འདིར་ཐ་སྐར་ཅན་གྱི་ཟླ་༨པའི་དཀར་ཕྱོགས་བཟང་པོ་དང་པོའི་


JKT017_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གྲལ་ཚེས་༢དགེ་བར་ཟླ་བ་ནོར་བུའི་ཆུ་ཤེལ་གྱི་སྦྱོར་བ་ཕྱག་ལེན་མཐོང་བརྒྱུད་སྟོན་ཕྱིར་མཚོན་ཙམ་བགྱིས་པར། ཐོག་མར་ཅོང་ཞི་འདམ་བཏགས་བྱས་པ། ༣་༢༦གི་ཝཾ་སླད་མེད། ༠༡༠ །བཟང་པོ་དྲུག་སོ་སོ་ནས། བ་༡༠རེ། རྒྱ་གར་དང་བོད་ཀྱི་ཨུཏྤལ་འདྲེས་མ°་༢༠ཙནྡན་དཀར། ༠་༠༤ དམར། ༠་༠༧ གླ་རྩི་ཟོལ་མེད། ༠་༠༢ གསེར་མེ། ༠་༡༠ རྒྱ་གར་དུག་མོ་ཉུང་། ༠་༡༥ སུམ་ཅུ་ཏིག ༠་༢༤ བོང་ང་དཀར་པོ། ༠་༡༤ ཨ་རུ། ༠་༡༢ བ་ཤ་ཀ ༠་༠༦ སྐྱུ་རུ་ར། ༠༡༠ རྒྱ་གར་རུ་རྟ། བ་༡༠ སེ་འབྲུ། བ་༥༠ པི་ལིང་། ༠་༠༣ བྲག་ཞུན། ༠་༡༨ དོམ་མཁྲིས་སླད་མེད། ༠་༠༦ ལྕགས་ཕྱེ་དུལ་མ། ༠་༠༤ པྲི་ཡང་ཀུ། ༠་༠༩ གངས་ཐིག ༠་༡༤ གུ་གུལ་ནག་པོ། ༠༡༠ ཁུར་རྩ། ༠༡༤ ཆུ་རྩ། ༠་༡༤ མི་སོག་ཐལ་བ། ༠༢༣ དངུལ་ཆུ་དང་མུ་ཟི་འདྲེས་པ། ༠༨༠ རྣམ་སྣང་། ༠་༠༤ ཀོ་བྱི་ལ་སྤུ་བཞར་པ། ༠་༡༠ ཧོང་ལེན། ༠་༠༨ མ་ནུ། ༠་༡༠ ལུག་རུ་སྨུག་པོ། ༠་༡༠ བཅས་སོ། །དེ་ཡང་ཅོང་ཞི་ནི་ཕྲམ་ཕྲུམ་དུ་བརྡུངས་ལ། ཆུ་གཙང་ནང་དུ་ལྷོག་ཙམ་བསྐོལ། ཁུ་བ་ཕོ་ལ་ཆུ་གྲང་གིས་ཡང་ཡང་བཤལ་ནས་ཆུ་སྔོ་ཁྲོལ་དུ་མ་སོང་བར་བྱ། དེ་ནས་སྐམ་བཅོལ་ལ་ཞིབ་པར་བཏགས་ནས་དར་ཚགས་ལ་དྲངས། །


JKT017_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མཛོ་མོ་ཡར་མའི་འོ་མས་ཐུག་པ་སླ་ཤོས་ཙམ་དུ་བྲན་ཏེ་འདམ་བཏགས་བྱས་ནས་འཕང་ལོ་བྱས་ལ་གྲིབ་མར་སྐམ། ལྕགས་ཕྱེ་ནི་འོམ་བུའི་ལོ་མར་ལྷན་གཅིག་བཙོས་ལ་ཁུ་བ་རང་ཐིམ་འགྲོ་བར་བྱས། སླར་ཡང་ཡང་ཆུ་གྲང་གིས་བཤལ། ལྕགས་ཟུར་དུ་ཕྱུང་བ་དང་ལྗིད་མཉམ་པའི་ཨ་རུ་རའི་ཤ་ཚོས་པར་བཙོས་ལོ་དེ་དང་མཉམ་དུ་གཏུན་ལ་བསྣུར་ནས་ལྕགས་ཀྱི་དངོས་པོ་ཀྲུ་བ་ན་ལྕགས་སྣོད་དུ་ཆུ་གཙང་གིས་སྦྱངས་ལ་དབྱར་ཡིན་ན་ཞག་གསུམ་དང་། སྟོན་དུས་ལྔ་སོགས་ཁེབས་ལེགས་པར་རྒྱབས་ཏེ་བསྙལ། དེ་ནས་འདེམ་འཐགས་འཐེམས་པར་བྱས། ལྕགས་དྲེགས་ཡིན་ན་དུག་འདོན་སོགས་མི་དགོས། མི་མཐོང་བའི་བར་དུ་འདམ་བཏགས་བྱ། ཀོ་བྱི་ལ་མེ་མུར་དུ་ཅུང་ཟད་བསྲེས་ནས་སྤུ་བཞར་བ་རྡོག་པོ་བདུན་ལ་མཛོ་མོ་ཡར་མའི་འོ་མ་ཕུལ་གང་རེ་བླུགས་ནས་ཁུ་བ་རང་ཐིམ་དུ་འགྲོ་བར་བཙོ་ཞིང་སླར་ཆུས་བཤལ། དགེ་སློང་སྡོམ་ལྡན་གྱི་སོག་པ་གཡས་པ་དང་། རབ་དགེ་སློང་། འབྲིང་སྔགས་པ། ཐ་མ་སྐྱེས་པ་གཙང་མའི་དྲི་ཆེན་གཉིས་ནུས་ལྡན་དུ་བསྲེག་ཐལ་བཏང་། དངུལ་ཆུ་ནི། བཙོ་བཀྲུ་སྦྱངས་གསུམ་ཚད་ལྡན་མཐོང་རྒྱུད་ལྟར་བྱས་པའི་གྲང་འདུལ་ཆེན་མོ་དགོས་ལ། ཅིས་ཀྱང་མ་འཛོམ་ན་འདིར་བཏང་དུ་རུང་ཙམ་གྱི་གྲང་འདུལ་འབྲིང་པོར་གྲགས་པ་ནི། ཐོག་མར་གཡའ་༡ཕྱི་བ་ལ། དངུལ་ཆུ། ༠་༥༠ ཡིན་ཚེ། སྒ་པི་ཕོ་


JKT017_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སོ་སོ་ནས་ཐུན་རེ་ཞིབ་ཏུ་བཏགས་པ་ཉིད་རླན་ཅུང་ཟད་ཕབས་ལ། གླ་ཤུན་བུག་རྡོལ་མེད་པ་སྐྱི་ནང་བསྟན་གྱི་ཁུད་དུ་དལ་བུའི་ཉིན་ཕྱེད་ཙམ་མཉེས་པས། ཚ་བ་གསུམ་གྱི་ཕྱེ་མ་ནག་པོར་གྱུར་ཅིང་། དངུལ་ཆུའི་ནང་སྣང་བརྙན་ཤར་བ་བྱུང་ཚེ་གཡའ་ཐོན་པའི་རྟགས་ཡིན་པས་སོ་སོར་ཕྱེ། དེ་ནས་གཡའ་ཁུ་འདོན་པ་༢ནི་བ་གསར་དམར་ཟལ་གྱི་ཆུ་ལ་ལྕགས་སམ་རྫ་མ་ལྟ་བུའི་སྣོད་དུ་མ་ཎི་ཕྲེང་སྐོར་མགྱོགས་བུལ་རན་པ་བདུན་གྱི་ཡུན་དུ་བཙོ། དེ་ནས་བ་ཆུ་ཕོ་ལ་ཆུ་གྲང་གིས་ཡང་ཡང་བཤལ། ཡང་རྟ་གཅིན་དང་ལོ་བརྒྱད་ཀྱི་དྲི་ཆུར་ཡང་སྔ་མ་ལས་ཡུན་རིམ་པར་རིང་དུ་བཅུག་ནས་བཙོ་ཞིང་བཤལ། དེ་ནས་སྟར་བུའི་ཆུར་མ་ཎི་ཕྲེང་ཉེར་གཅིག་ཙམ་གྱི་ཡུན་དུ་རན་པར་བཙོ་ཞིང་བཤལ། དེ་ལྟར་བཙོ་བའི་ཚེ་ཧ་ཅང་མེ་ཆེས་ན་ཚིག་ནས་འཐོར་དོགས་ཡོད་ཅིང་། ཆུང་ན་མི་ཚོས་པས་རན་པར་བྱ། བཙོ་ཚེ་ལྕགས་ཐུར་གྱིས་དཀྲུགས་ཡུན་ཅུང་རིང་ཡང་སྐྱོན་མེད། འདི་དུས་ལེགས་པར་གྲུབ་ཚེ་ཕལ་ཆེར་ལ་ཤིང་བུ་སོགས་འཛིན་པ་འབྱུང་བ་ནི་ཚོས་པའི་ཚད་བླ་ན་མེད་པ་ཡིན། དེ་ནས་གཤའ་དཀར་དངུལ་ཆུའི་ཕྱེད། ༠་༢༥ གཤའ་ནག་དེའི་ཡང་ཕྱེད། ༠༡༢ བཅས་ཀྱི་སྦྲང་ཤོག་སྣུམ་ཕོར་ཆུང་གང་ཙམ་བསྐོལ་ནས་ཁོལ་བ་དང་དངུལ་ཆུ་བཏབ། དེ་ནས་ལྕགས་ཐུར་གྱིས་དཀྲུགས་


JKT017_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅུང་ཟད་ནས་ཕོག་ལ་ཁའི་སྣུམ་ཕོ། དེ་ནས་དགྲ་དང་སྤྲད་ནས་རང་གཟུགས་༣སུ་བསྒྱུར་བ་ནི། གཤའ་དངུལ་འདྲེས་མ་དེ་ཉིད་དངུལ་ཆུ་དང་མཉམ་པའི་མུ་ཟི་དུག་ཕྲལ་གཏུན་དྲོད་ལྡན་དུ་བསྲོས་པ་མེར་གྱིས་ཞུ་བ་དང་མཉམ་དུ་རྡོ་གཏུན་དུ་བསྣུར། གཅིག་ཏུ་འདྲེས་ནས་ནམ་མཁའི་མདོག་ཏུ་འགྱུར་ཚེ་སྟར་བུའི་ཆུའི་འདམ་བཏགས་རང་སྐམ་མ་སོང་བར་བྱས་པའོ། །མུ་ཟི་དུག་འདོན་ནི། བོད་ཡུལ་གྱི་དུར་ཝ་རྩྭ་རན་པ་ཚོས་པར་བཙོས་པའི་ཁུ་བའི་ནང་དུ། མུ་ཟི་ལྷད་མེད་ཁྲོལ་ཙམ་བརྡུང་ནས་རས་ཧྲེད་དུ་བསྣུམ་ལ་བཙོ་ནས་ཞག་ཏུ་བཞག །ནངས་པར་ཆུ་གྲང་གིས་ཡང་ཡང་བཤལ་ནས་གྲིབ་སྐམ་བྱས་པས་མུ་ཟིའི་དྲི་མ་ཆེར་མེད་ཚེ་དུག་ཐོན་རྟགས་ཡིན། དེ་ལྟར་དུག་འདོན་སོགས་ཚད་ལྡན་དུ་གྲུབ་ནས་རིལ་བུ་དངོས་ཀྱི་སྦྱོར་ཚུལ་ལ། སྨན་རྣམས་ཕྱོགས་གཅིག་ཏུ། རྩི་བཞིན་བཏགས་ནས་དར་ཚགས་ལ་དྲངས། དེ་ནས་ཨ་རུ་རའི་ཕྱེ་མས་ལྕགས་གཡའ་ཕབས་པའི་ཁུ་བ་ནག་པོ་བླུགས་ལ་འདམ་བཏགས་འཐེམས་པར་བྱ། ཁྱད་པར་དུ་ཕབས་གཏའི་རིགས་རིན་ཆེན་ཚ་སྦྱོར། གྲང་སྦྱོར། མང་སྦྱོར་སོགས་དང་། སྔ་མས་བསྡུས་པའི་ཟླ་ཤེལ་རིལ་བུ་ཚད་ལྡན་གང་འབྱོར་བཏང་། གཏོར་ཟན་ཙམ་དུ་གྱུར་ཚེ་མར་དཀར་གྱི་རྩི་དང་བཅས་རིལ་བུ་སྲན་རློན་ཙམ་དུ་དྲིལ། དེ་ནས་ལྡིང་ཁྲི་ལྟ་བུའི་


JKT017_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་ཅུང་ཟད་བཀོད་རྗེས་ཐོག་མར་དར་གྱི་ཁུག་མར་ཆག་བྱ། དེ་ནས་ཅུང་ཟད་སྐམ་པ་དང་ལྷུང་བཟེད་ལྟ་བུར་ཆགས་འཐེམས་པར་བྱས། སྨན་བླའི་གཟུངས་དང་རྟེན་འབྲེལ་སྙིང་པོས་ཤིས་པ་བརྗོད། རླུང་མི་འཆོར་བའི་སྣོད་དུ་བཅངས་པར་བྱ་བ་གཅེས་སོ། །དེ་ལྟར་འཆི་མེད་སྦྱོར་བའི་གཉིས་སྐྱེས་དབང་། གཞན་ཕན་ཆུ་གཏེར་བསྒྲིལ་ལས་འཐོན་པའི་ཚུལ། །འདིས་ཀྱང་འཕྲལ་ཡུན་ཕན་བདེའི་ཨུཏྤལ་དཀར། །འཛུམ་ཕྲེང་གཡོ་བའི་དགའ་མས་རྩེན་གྱུར་ཅིག །ཞེས་པའང་རིག་པར་སྨྲ་བའི་གཟུགས་བརྙན་མཉྫགྷོ་ཥས་ཟིན་ཐོར་བཏབ་པ་ཀུན་ལ་སྨན་པའི་རྒྱུར་གྱུར་ཅིག །ཤུ་བྷཾ།། ༈ །།ཟླ་ཤེལ་ཆེན་མོ་ལ། གཙོ་བོ་ཅོང་ཞི་འདམ་བཏགས་སྲང་བཅུ་བྱས་པའི་དབང་དུ་བྱས་ན། དངུལ་ཆུ་མུ་ཟི་འདྲེས་པ་སྲང་། ༢་༠༠ ཅོང་ཞི་སྲང་ལྔ་བྱེད་པའི་དབང་དུ་བྱས་ན། དངུལ་ཆུ་འདྲེས་པ་སྲང་། ༡་༠ གི་ཝཾ་ཞོ། ༠་༢༩ འམ། ༠་༡༤ དེས་མཚོན་ཏེ་བཟང་དྲུག་སོ་སོ། ༠་༡༥ ༠༠༤ ཙནྡན་དཀར་པོ། ༠༡༨ ༠་༠༩ ཙན་དམར། ༠་༢༡ ༠་༡༢ གླ་རྩི། ༠་༠༦ ༠་༠༣ །གསེར་མེ། ༠་༣༠ ༠་༡༥ དུག་ཆུང་། བ་༤། བ་༢༣ ཏིག། ༠་༢། ༠་༡༢ རྒྱ་གར་དང་བོད་ཀྱི་བོང་དཀར་འདྲེས་མ། ༠་༣༦ ༠་༡༨ བ་ཤ་ཀ ༠་༣༦ བ་༡༨ རུ་རྟ་རྒྱ་བོད་འདྲེས་མ༠


JKT017_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

༤༢ ༠་༢༡ ཨ་རུ་ར། ༡་༡༠ ༠་༥༥ སྐྱུ་རུ་ར། ༠་༣༠ ༠་༡༥ སེ་འབྲུ། ༢་༢༠ ༡་༡༣ པི་ལིང་། ༠༡༠ ༠་༠༥ བྲག་ཞུན། ༠་༥༤ ༠་༢༧ དོམ་མཁྲིས། ༠་༡༨ ༠་༠༩ ལྕགས་ཕྱེ། །g༡་༡༠ ༠༥༥ པྲི་ཡངྐུ། ༠་༥༠ ༠་༢༧ གངས་ཐིག ༠་༠༢ ༠་༢༡ ཁུར་རྩ། ༢་༤༠ ༡་༢༠ ཆུ་རྩ། ༢་༤༠ ༡་༢༠ མི་སོགས་ཐལ་བ། ༠་༡༠ ༠་༠༥ དྲི་ཆེན། ༠་༠༤ ༠་༠༢ ཀོ་བྱིལ། ༠་༣༣ ༠་༡༧ ཧོང་ལེན། ༠་༨༠ བ་༦༠ མ་ནུ། ༠་༩༧ ༠༤༩ ལུག་རུ་དམར་པོ། ༠་༧༢ ༠་༣༦ གུ་གུལ། ༢་༣༤ ༡་༡༧ ཨུཏྤལ། ༠༧༥ ༠་༣༤ རྣམས་སོ། །དེའང་ཟླ་ཤེལ་སོ་བདུན་མ་ཞེས་གྲགས་ནའང་། གཞུང་ཚིགས་བཅད་མར་སོ་བདུན་གྱི་གྲངས་འགྲིགས། བུ་ཡིག་རྣམས་སུ་གུ་གུལ་བཤད་པས་སོ་བརྒྱད་དུ་འགྱུར་ནའང་། དངུལ་ཆུ་དང་མུ་ཟི་གཅིག་ཏུ་བརྩིས་ནས་སོ་བདུན་དུ་བཞེད་པ་ཡིན་སྙམ། ཀརྨ་རིན་ཆེན་གྱི་དཀར་ཆག་ཏུ། དོམ་མཁྲིས་དང་། པི་ལིང་མི་སྣང་བ་ཡི་གེར་ཆད་པ་ཡིན་འདྲའོ། །གོང་གསལ་ཅོང་ཞི་འདམ་བཏགས་སྲང་བཅུ་ལ་གཞི་བྱས་ན་རིལ་བུ་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་ཞིག་གི་སྤོག་དྲུག་ཙམ་བབ། །

སྲིན་ནད་ཀུན་འཇོམས་མ་རུ་ཙེའི་སྦྱོར་བ་བརྒྱད་པ།


JKT017_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྲིན་ནད་ཀུན་འཇོམས་མ་རུ་ཙེའི་སྦྱོར་བ་བརྒྱད་པ་དགེ། ན་མོ་མ་ཧཱ་གུ་ཎཱ་ཡ། མགོ་སྲིན་སེལ་བའི་མ་རུ་རྩེ་སུམ་སྦྱོར་ནི། མ་རུ་ཙེ།


JKT017_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཐོད་རྙིང་པ། བདུད་རྩི་ལོ་མ་རྣམས་སྦྱར་བའི་ཐང་སྨན་ནད་ལྡང་ཙམ་ལན་ཁ་ཡར་བཏང་བས། མགོ་བོ་ལ་སྲིན་ཞུགས་ནས་ལྕི་ཞིང་འཐིབ་པ་དང་། གཟེར་ཞིང་འཁྱུགས་པ་ཐམས་ཅད་སེལ་བར་བྱེད་དོ། ༈ །མིག་སྲིན་སེལ་བའི་མ་རུ་ཙེ་སུམ་སྦྱོར་ནི། མ་རུ་ཙེ། གོ་སྙོད་ཀྱི་འབྲས་བུ། དྭ་བའི་རྩ་བ་རྣམས་ཀྱི་ཕྱེ་མ་ཟན་དྲོན་ལ་སྦྱར་ཏེ། ཐོ་རངས་སྔ་བའི་དུས་སུ་རླངས་པས་བདུག་ན་མིག་ལ་སྲིན་ཞུགས་ནས་ཚ་ཞིང་སྐམ་པ་དང་། མཆི་མ་འཛག་པ་ཐམས་ཅད་སེལ་བར་བྱེད་དོ། །ན་སྲིན་སེལ་བའི་མ་རུ་ཙེ་སུམ་སྦྱོར་ནི། མ་རུ་ཙེ། རུ་རྟ། ལ་ཕུག་གི་ས་བོན་རྣམས་ཞིབ་པར་བཏགས་པའི་ཕྱེ་མ་ར་ཐུག་གི་ཆུའམ། མར་ནག་ལ་སྦྱར་བ་བླུགས་པས་རྣ་བ་ལ་སྲིན་ཞུགས་ནས་གཟེར་ཞིང་འཁྱུགས་པ་དང་། འོན་ཅིང་རྣག་ཁྲག་འཛག་པ་རྣམས་སེལ་བར་བྱེད་དོ། །སྣ་སྲིན་སེལ་བའི་མ་རུ་ཙེ་སུམ་སྦྱོར་ནི། མ་རུ་ཙེ། ཤིང་ཀུན། ནཱ་གི་གླ་རྩིས་བཏུལ་བ་རྣམས་ཞིབ་པར་བཏགས་པའི་ཕྱེ་མ་རྔུབས་པས། གདོང་པ་ལ་སྲིན་ཞུགས་ནས་འཚང་ཞིང་གཟེར་བ་དང་། རྣག་ཁྲག་འཛགས་པ་སོགས་སེལ་བར་བྱེད་ཅིང་། དབང་པོ་དྭངས་པར་འགྱུར་རོ། །སོ་སྲིན་སེལ་བའི། མ་རུ་ཙེ་སུམ་སྦྱོར་ནི། མ་རུ་ཙེ། སྒོག་སྐྱའམ་ཤིང་ཀུན། བོང་ང་ནག་པོ་རྣམས་སྦྱར་བའི་རིལ་བུ་སོ་


JKT017_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་བཟུང་བས། སོ་ལ་སྲིན་ཞུགས་ནས་གཟེར་ཞིང་འཁྲུགས་པ་ཐམས་ཅད་སེལ་བར་བྱེད་དོ། །ཁོང་སྲིན་སེལ་བའི་མ་རུ་ཙེ་སུམ་སྦྱོར་ནི། མ་རུ་ཙེ། ཐང་ཁྲོམ་དཀར་པོའི་རྩ་བ། གླ་རྩི་རྣམས་སྦྱར་བའི་ཕྱེ་མའམ། རིལ་བུ་སྨན་ནད་ལྡང་ཙམ་ལན་ཁ་ཡར་བཏང་བས་ཁོང་པ་ལ་སྲིན་ཞུགས་པའི་གླང་ཐབས་དང་། ཁོང་ལྷོག་ཀྱང་སེལ་བར་བྱེད་དོ། །ལྤགས་སྲིན་སེལ་བའི་མ་རུ་ཙེ་སུམ་སྦྱོར་ནི། །མ་རུ་ཙེ། དྲེས་ཐག་རྙིང་པ་དང་། བོང་ང་ནག་པོའི་ཐལ་བ་བཅས་ཕག་ཚིལ་དུ་སྦྱར་བ་བྱུགས་ཤིང་། ཚབས་ཆེ་ན་ཉི་མར་བདུག་པས་ལྤགས་པ་ལ་སྲིན་ཞུགས་པའི་ཤུ་ཐོར་གྱི་རིགས་ཐམས་ཅད་སེལ་བར་བྱེད་དོ། །མཇུག་སྲིན་སེལ་བའི་མ་རུ་ཙེ་སུམ་སྦྱོར་ནི། མ་རུ་ཙེ། རུ་རྟ། ནཱ་གི་རྣམས་སྦྱར་བའི་ཕྱེ་མ་མར་དཀར་གྱི་རེང་བུ་དང་སྦྱར་ནས་བཅུག་ན། འཕངས་སུ་སྲིན་ཞུགས་པས་ཚ་ཞིང་འབྲབ་པ་དང་། གཡའ་ཞིང་ཟ་བ་ཐམས་ཅད་སེལ་བར་བྱེད་དོ། །དེ་རྣམས་གང་ལའང་ཟབ་མོའི་སྔགས་ཀྱིས་བཏབ་ན་རྣོ་ལ་ངར་བཏགས་པ་བཞིན་མཆོག་ཏུ་འགྱུར་རོ། །ཞེས་པའང་གུ་ཎ་ནཱ་ཐ་དགྱེས་པའི་འབངས་གྱི་བློ་མཚོ་ལས་བྱུང་བ་དགེ ༈ །ཨོཾ་ཨ་ཐཱ། ཞལ་ཤེས་ཟིན་བྲིས་ལ། ནོར་བུ་བདུན་ཐང་སྟེང་ཀོ་བྱི་བསྣན་པའི་རཏྣ་བརྒྱད་པས་འབམ་ནད་སྟོད་དུ་བབས་པ་ལ་ཕན། ཀོ་བྱི་བདུན་སྟེང་སྒྱུ་རུ་


JKT017_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ར་བསྣན་པ་ཁྲག་རླུང་སྟོད་འཚང་སེལ་བའི་རཏྣ་བརྒྱད་པ་ཞེས་ཟེར། ཀིག་བུ་ལ་ཨ་མྲ་འདོག་མཚམས་ཡུ་བ་ཞེས་རྒྱ་ཡུང་བ་ཚྭ་ཅན་ལ་བཞེད། ཆུ་རྟ་མོ་ནི་སྟག་ཤ །འདབས་ལྡན་ཁྲ་བོ་ནི་སྐྱ་ཀ །སྒྲ་ལྡན་མེ་རྫས་ནི་མེ་མདའི་རྫས་སམ་བཀྲུས་ཁུ་དང་མཁན་པ་ལྷན་གཅིག་སྣ་བུག་ཏུ་བརྫངས། ལྷོག་པའི་གསང་སྨན་ནི་ཨ་བྲའི་ཉུང་ཝའུ་ཆུང་ཡང་ཟེར། མ་རི་ལྡན་ནག་པོའི་ག་བུར་ལ་ལས་གསལ་ནག་སྟོང་ཟིལ་བཞེད་ཀྱང་། ཕག་རྒོད་ཀྱི་བྲུན་ཡིན་འདྲ། ལུག་སྙིང་ནི་བྱ་རོག་ནོར་བུ། ལྡུམ་ནག་དོམ་མཁྲིས། ༈ །བདུད་རྩི་ལྔ་ལུམ་སྟེང་། ཚ་རྙོགས་ལ་སྲོ་ལོ་དམར་པོ། སྦྱར་དུག་ལ་འོམ་བུ། རླུང་ལ་རུས་བཅུད། དྲེགས་གྲུམ་ལ་མཁན་པ་དང་སྤང་སྤོས། ཚད་རྙིང་ལ་འོམ་བུ་དང་ཀྱི་ཀྱེ། རྙིང་ཚད་རུས་ལ་ཞེན་པར་ཙན་དམར། མཁལ་གྲུམ་དང་རྩ་གྲུམ་ལ་ཤུག་པ་དང་སྐྱེར་ཤུན། རུས་འབྲས་ལ་སྤུ་རྩ་དང་ཤུག་པ་སྤ་མའི་འབྲས་བུ། གཞན་ཡང་རང་རང་གི་གཉེན་པོ་ཇི་ལྟར་རིགས་པའི་ཁུ་བས་བསྲིངས། ༈ །ཁཎྜའི་རིགས་གང་ཡང་། ཐོག་མར་ས་དང་རྡུལ་སོག་ཆུ་ཡིས་དག་པར་བཤལ། སྔོ་སྨན་ཡིན་ན་རྨ་ཅུང་ཟད་ཕབས་ནས་བཞག །གང་ལྟར་ཡང་ཆུ་གྲང་དུ་ཞག་གསུམ་སོགས་སྦངས། དེ་ནས་རན་བར་བསྐོལ་ལ་ཁུ་བ་ལེགས་པར་ཐོན་ནས་སྙིགས་མ་རྣམས་དོར། དྭངས་


JKT017_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གར་སླ་ཞོ་ཙམ་སོང་བའི་ཚེ་མེ་དལ་བུས་གཉུག་བསྲིངས་ལ་འབུད་པའམ། ཡང་ན་རླངས་ཚོས་བྱས་ནས་སྣ་མ་ཚིག་བར་གདུས་པ། གྲོད་པུ་ལ་སོགས་པའི་སྣོད་གཙང་མར་ཚགས་བྱའོ། ༈ །དམར་པོ་རྟ་ཟི་ལ་ཐར་ནུ་བསྐྱེད་པ་སྦྱངས་སྨན་ཟབ། ༈ །རྟེན་འབྲེལ་མེ་བཙའ་ནི་བྱིས་པ་སོགས་མེ་བཙའ་བསྲེགས་མི་རུང་བ་ལ་ཟབ། དབྱུགས་བཅོས་ཁྲག་རླུང་གིས་རོ་སྟོད་གཟེར་བ་སོགས་གཟེར་རིགས་སྤྱི་ལ་ཟབ། དེ་སྟེང་རྔབ་རུའམ་བུམ་པ་བྱ། མེ་ལོང་ལས་སྦྱོར་སྐྲན་ལ་བྱ། ༈ །ཆོས་ཉིད་རིལ་བུར་གླ་རྩི་བསྐྱེད་པ་རྐེད་སྨན་ཟབ། ཕུར་ནག་ཐང་གིས་ཕུལ་བས་རྒྱུ་གཟེར་དམར་བཤལ་ལ་ཤིན་ཏུ་ཕན། བཙོད་མདུད་ཞེས་ཚིགས་པ་ཅན་ཅུང་ཟད་བརྔོས་པ་བཏང་བ་ཕྱག་ལེན། ༈ །སེ་འབྲུ་ཉི་དཀྱིལ་སྟེང་ཁྱུང་ལྔ་བསྣན་པས་གཞང་ལུག་ལ་ཕན། སྲམ་ཤ་དང་། དབང་ལག་བསྣན་ན་༧ གྲང་ནད་ཀྱིས་ཁམས་ཟག་པ་དང་། མཁལ་རྐེད་ནད་ལ་ཕན། ༈ །གསེར་མདོག་ལྔ་སྟེང་སེ་མེ་བསྣན་པ་གསེར་མདོག་དུང་ལོ་ཅན་ཞེས་བད་མཁྲིས་ཕོ་བར་བབས་པ་ལ་ཕན་ཆེ། གུར་ཏིག་བསྣན་པས་མཁྲིས་པས་ཕོ་བ་གཟེར་བ་འཇོམས། ༈ །ཀོ་བྱིལ་ནི། ཁྲག་རླུང་སྟོད་འཚང་སོགས་ལ་དེ་ག་རང་གཏོང་། སྨུག་པོ་དང་དུག་སོགས་ལ་སྤུ་བཞར། ཀོ་བྱི་བདུན་ལ་མཛོ་འོ་ཕུལ་དོ་སྟེ། དེས་


JKT017_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་ཤེས་པར་བྱས་ནས་ཁུ་བ་རང་ཐིམ་དུ་འགྲོ་བར་བཙོས་ལ་སྐམ་ནས་ལོངས་སྤྱོད། ༈ །ཅོང་ཞི་ཁྲོལ་ཙམ་བརྡུངས་པ་གདུས་ནས་ཆུ་དྲོན་གྱིས་བཤལ། དེ་རྗེས་ཆུ་གྲང་གིས་ལེགས་པར་བཤལ། ༈ །རྡོ་དྲེགས་གླ་རྩིའི་ཆུས་ནེམ་ཙམ་བྱས་ནས་སླ་ངར་ཅུང་ཟད་བརྗོ། ༈ །མིག་སྨན་ལ་རྒྱ་ཚྭ་བསྲེགས་པའི་དུད་པ་དགོས། ༈ །ནི་ལ་ཐོ་ཋ་འདི་ནད་ལ་བཏང་ཡང་ལྕགས་སྣོད་དུ་ཧར་བསྲེགས་བྱ། མིག་སྨན་ལ་རྒོད་པོ་དེ་ག་བཏང་། ༈ །ཅོང་ཞི་འཕྲུལ་ཐལ་གྱི་ལག་ལེན་ཤིན་ཏུ་ཞིབ་པ་ནི། ཨ་རུ་གསེར་མདོག་ལེགས་པ། ༤་༠༠ ཚྭ་ལ་ཆུ་བཅད། ༤་༠༠ རྒྱམ་ཚྭ་གྲུ་བཞི་ཤེལ་འདྲ་བ། ༤་༠༠ བོང་དཀར་རྒྱ་གར་མ་བྱུང་ན་ལེགས། མ་འབྱོར་ན་ཉིས་འགྱུར་བཏང་དགོས་པས། ར་༠༠ ཅོང་ཞི་རིགས་གང་བྱུང་དུག་ཐོན་ངེས། ༤་༠༠ མུ་ཟི་གསེར་འདྲ་དུག་འདོན་མ་བྱས་པ། ༢་༠༠ ཙམ་བཅས་སྟ་གོན་བྱ། དངོས་གཞི། བསྲེགས་ཐབ་གྲུ་བཞི་པ། ནང་ཚ་འདམས་དང་ཞི་ག་བྱུགས། རྐེད་པ་ན་བསྲེགས་སྣོད་བཞག་ན་ལྕགས་ཀྱི་ཐབ་རུ་བཏང་། ཁ་དོག་ཅིང་མཐིལ་ཡངས་པ་ཞིག་བྱ། དེ་ནང་མེ་ཐུབ་ངེས་ཀྱི་རྫ་མ་ཁ་གཅོད་ཉིས་རིམ་ཅན་གྱི་སུམ་ཆ་གཉིས་སྨན་གྱིས་གང་བར་བླུགས། སྟེང་ས་སྦྱོར་གྱིས་བསྡམས། སྐམ་ནས་ཉི་མ་ཕྱེད་གཅིག་ཏུ་བསྲེགས། ཀོང་བུ་


JKT017_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་མོ་ལ་བསྣམས་པས་མུ་ཟིའི་དྲི་མ་སངས་ན་ཚོས་ཚད་ཡིན། དཀར་པོ་ཁ་བ་ལྟར་གྱུར་ན་ལེགས་པར་བཞེད། ༈ །གར་ནག་བརྒྱད་པ་ལ། དེ་སྟེང་། བྱི་ཏང་ཀ །གསེར་མེ། སེ་མེ་བསྣན་བ་གར་ནག་བཅུ་གཅིག་པ་ཡིན། དེ་དང་སྤང་རྩི་བཅུ་གཉིས་བསྲེས་པས་མཁྲིས་སྲིན་ཚད་པ་དང་བསྡོངས་བ་ལ་ཤིན་ཏུ་ཟབ། ༈ །སྤང་རྩི་བཅུ་གཉིས་སྟེང་སྦྲུལ་ཤ །ཨ་ཝ་བསྣན་པས་ལིང་ཏོག་ལ་ཟབ། ༈ །སྙིང་རླུང་སོགས་ལ་འགྲོ་བའི་བོང་ང་ཐམས་ཅད་འབྲི་ཚིལ་མ་ཁོ་ན་དགོས། ༈ །སྤང་རྩི་བཅུ་གཉིས་སྦྱོར་ཚད་ལུགས་གཅིག་ནི། སྤང་རྩི་བོང་དཀར་སྟག་ཤ་གསུམ་ཆ་མཉམ། དེ་ཀུན་དང་མཉམ་པའི་བདུད་རྩི་ལོ་མ། ཅུ་གང་གློ་ལ་བསྐྱེད། པྲི་ཡང་ཀུ་ཅུང་ཟད་བསྣན་པ་ཕོ་མཆིན་སོགས་ལ་མི་གནོད་པའི་ཁ་འཛིན་ཡིན་གསུངས། ༈ །གླང་ཆེན་བཅོ་བརྒྱད་སྟེང་གླ་རྩི་བསྣན་པས་མཆིན་པ་ཁྲག་གིས་གཟེར་པ་ལ་ཕན་པ་མྱོང་བས་གྲུབ། མ་ནུ་བཞི་སྟེང་། ཨ་རུ། བ་རུ། གཟེར་འཇོམས་བཅས་ཆ་མཉམ། ཀུན་དང་མཉམ་པའི་སྐྱུ་རུ་སྦྱར་བའི་ཐང་འདི་འབམ་ལ་མཆོག་ཏུ་བཟང་། ༈ ། སྒ་ལོས་མཛད་པའི་སྨན་མར་ལུགས་གཅིག་ནི། ཅོང་ཞི་ཆ་གཅིག འབྲི་མོག་དེ་ཡི་སུམ་གཉིས་སྦྱར་བ་སྦྱོར་སྡེའི་རྩ་བ་ཡིན། དེ་སྟེང་སྟོད་འཚངས་ལ་ཀོ་བྱི་དང་། གཟེར་འཇོམས། ཁྲག་ལ་བར་


JKT017_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱུར་རུ་རྟ། བད་ཀན་ལ་མ་ནུ་འུ་སུ་རྣམས་ཆ་བསྐྱེད། གློ་ལ་ཤིང་མངར་དང་ཨ་ཀྲོང་བསྣན་པ་མཆོག་ཏུ་ཟབ། རྒྱུན་སྨན་ལ་དེ་ཐམས་ཅད་སྦྱར་བས་བཤད་མ་ཐག་པའི་ནད་ཀུན་ལ་འགྲོ། །༈ །འཁྲུགས་ཁྲག་ཀུན་སེལ་ལུགས་གཅིག་ལ། ཅོང་ཞི་ཆ་གསུམ། འབྲི་མོག་ཆ་བཞི་སྦྱར་བའི་སྟེང་། འཁྲུགས་ལ་མ་ནུ་དང་། ཁྲག་ལ་བ་ཤ་ཀ། གློ་ལ་ཅུ་གང་ཀཎྜ་ཀ་རི་ཤིང་མངར་རྣམས་བསྣན། མཆོག་ཏུ་ཟབ། ༈ །སྨུག་པོ་གཡུལ་རྒྱལ་ཞལ་ཤེས་ལ། ཅོང་ཞི། སེ་འབྲུ། སུག་སྨེལ། པི་ལིང་བཞི་གཙོ་བོ་ལ། གྲང་ཤས་ཆེ་ན་སེ་འབྲུ་པི་ལིང་ཆ་བསྐྱེད། །ཁྲག་ཤས་ཆེ་དུས་འདི་གཉིས་འཕྲི་བའམ་ཞད་ཙམ་སྦྱར། མ་ནུ། འུ་སུ། ཨུཏྤལ། པྲི་ཡང་ཀུ་བཞི་བློན་པོའི་ཚུལ་དུ་ཐུན་གཉིས་རེ་བསྡེབས། བསེ་ཡབ་སྟར་བུ་སྐྱུ་རུ་བ་ཤ་ཀ་བཞི་པོ་དང་པོ་ཆུ་སྐྱུར་སྐྱུགས་དུས་གཙོ་བོར་སྦྱར། ཨ་རུ། གསེར་མེ། དུག་ཉུང་བཞི་པོ་བར་དུ་མཁྲིས་པ་རྒྱས་པའི་དུས་བསྐྱེད། གི་ཝཾ། ཏིག། རུ་རྟ། ཙནྡན་དམར། བྲག་ཞུན་རྣམས་མཆིན་ཁྲག་རྒྱས་ཤིང་དུག་ཐབས་སུ་གཟེར་བ་དང་། །ཁྲག་རུལ་དུད་ཁུ་སྐྱུགས་དུས་གཙོ་བོར་སྦྱར་རོ། ༈ །བློན་པོ་གསུམ་སྦྱོར་སྟེང་གླ་གུལ་བསྟན་པ་བྱིས་གདོན་ལ་ཟབ། སེ་འབྲུ་སུག་སྨེལ་བསྣན་པས་ཕོ་ནད་ལ་ཕན། ༈ །ཏིག་བརྒྱད་སྟེང་ཕག་ཐལ་


JKT017_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཛིན་པ་བསྣན་པ་དང་། མཁྲིས་ཕྱེ་བདུན་སྟེང་བྲག་ཞུན་དང་འཛིན་པ་བསྣན་པས་མཁྲིས་ཚད་ལ་ཕན། ༈ །དྲིས་ལན་བཀའ་རྒྱ་མ་ལས། ཙནྡན་བརྒྱད་པ་དང་ཨར་བརྒྱད་བསྲེས་པ་རྨ་བྱ་འཇིང་བསྣོལ་ཏེ་གློ་སྙིང་གཟེར་བ་ལ་ཕན། མཆིན་མཁྲིས་གཉིས་ལྡན་ལ་གི་དགུ་དང་ཏིག་བརྒྱད་སྦྱར་བ་བ་གླང་གསེར་བྱ་འཇིང་བསྣོལ་ཏེ་གློ་སྙིང་གཟེར་བ་ལ་ཕན། ཕོ་མཚེར་ལྡན་པ་ལ། བྲག་ཞུན་དགུ་པ་དང་། ཨ་རུ་བདུན་པ་བསྲེས་པ་སེངྒེ་འཇིང་བསྣོལ་ཟེར། ཆུ་སེར་དང་མོ་ནད་མཁལ་མར་བབས་པ་ལ་སྤོས་དཀར་བཅུ་པ་དང་། ཨ་རུ་བཅུ་པ་སྡེབས་པ་རྒྱ་སྟག་འཇིང་བསྣོལ་ཟེར། གུར་གུམ་བཅུ་གསུམ་དང་ཨོ་བྷི་དྲུག་ཐང་བསྡེབས་པས་ཚ་ཆུ་ལ་ཕན། གུར་གུམ་མཆོག་བདུན་དང་ཅུ་གང་བཅུ་གསུམ་བསྡེབས་པས་མཆིན་གློ་ལུ་བ་ལ་ཕན་ཞེས་སོགས་སྣང་། ༈ །སྤྱིར་ཏིག་འགྲོ་བ་ཐམས་ཅད་ལ་སུམ་ཏིག་དང་། བྱེ་བྲག་མཁྲིས་ཚད་ལ་ལྕགས་ཏིག་བཏང་བ་ནུས་པ་རྣོ། ༈ །རྒྱ་ནག་རིལ་བུར། ཡུངས་ཀར་དང་བོང་ང་མཉམ་སྦྱོར་བྱེད་པ་དེ་གཉན་དང་ཆུ་སེར་བསྡོངས་པ་ལ་ཟབ། ཆོས་ཉིད་རིལ་བུ་དམར་བཤལ་ལ་ཕན་ཆེ། ཆུ་སེར་སྨན་གསུམ། བོང་ཁྲག །སེང་ལྡེང་ཁཎྜ་བཅས་བསྣན་པས། དྲེག་གྲུམ་དང་མཛེ་ལ་མཆོག་ཏུ་བཤད། མན་བསིལ་དང་ཅོང་ཞི་དགུ་སྦྱོར་ལ་ཡུང་བ་མདོག་


JKT017_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་བསྣན་པས་ཤ་དུག་ལ་ཟབ། ཚྭ་ལའི་འཕྲུལ་བཤལ་ལ་ཐར་ནུ་འདུལ་དྲུག་བཏང་དགོས། ༈ །རྟ་ཡི་རྒྱབ་སྲིན་སེལ་བྱེད་སྟེང་། ལྡོང་རོས། ནཱི་ལ་ཐོ་ཐ། ཤིང་ཀུན། རམ། །ཡུང་བ། ཐར་ནུའི་མྱུ་གུ་གསར་པ། ཨ་བྷི་ཥ། ཧ་ཤིག །འབྲུག་རུས། ལི་ཁྲི། སྟག་ཤ །ཐང་ཕྲམ་ནག་པོའི་འབྲས་བུ་བཅས་བསྣན་པ་རྨ་རིགས་སྤྱི་ཡི་བྱུགས་པ་ལ་ཟབ། རྙེད་ན་སྦྲུལ་དབའ་མདའ་དང་། མ་རྙེད་ན་ཟེར་མོའི་རུས་པ་བསྣན་པ་མན་ངག ༈ །གྲེ་བ་ཚ་ཞིང་སྐད་འགགས་པ་ལ། ལི་ཤི་དྲུག་སྟེང་། ཚར་བོང་། གླ་རྩི། འཛིན་པ་བསྣན་པས་ཕན་ངེས་ཟབ། ༈ །གཟའ་གདོན་ཡིན་མིན་བརྟག་པ་ནི། ནད་པའི་སེན་མོ་ལ་ལ་ཆ་བྲད་པའི་དུ་བས་བདུག་ན། གཟེར་ལྗིད་ཤ་འགུལ་བྱུང་ན་ཡིན། ཁོང་སྨན་གང་ཡང་མ་སོང་གོང་དུ། སྤོས་དཀར་དང་གུ་གུལ་ཞོག་ཆུས་ཕུལ་ལ་གཏོང་བས་བཙོན་དུ་བཟུང་། དེ་ནས་གཞུང་གི་སྨན་རྣམས་བསྟེན། ༈ །གཡུ་དྲིལ་བཅུ་གསུམ་འདི་གླང་ཐབས་དུག་སྨུག་སྤྱི་སྨན་ཟབ། ཨུཏྤལ་ཚབ་ལུག་མིག་བཏང་བ་ཕྱག་ལེན། ༈ །རྒྱུ་རུ་སྐུ་བཅུ་བཞིའི་སྟེང་། ཨ་གར་བཅོ་ལྔ་བསྣན་པས་རླུང་ཚབ་སྙིང་སྲོག་གཟེར་བ་འཇོམས། ཨ་རུ་བཅོ་བརྒྱད་བསྡེབས་པས་མཁལ་རྐེད་གཟེར་བ་འཇོམས། སྤོས་དཀར་བཅུ་པ་བསྡེབས་པས་རྐང་ལག་


JKT017_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚིག་མིག་ལ་བབས་པ་འཇོམས། མོ་ནད་གྲང་བའི་རིགས་དང་། ཁྱད་པར་རྩ་ཆུ་འགགས་པ་ལ་སུག་སྨེལ་དང་རྣོན་པོ་གསུམ་བསྡེབས། ཁྲག་ཚབ་སྟོད་ལ་ཕྱུར་ནས་སྙིང་སྲོག་གཟེར་བ་ལ་སྒ་ལོ་སྨན་དམར་དང་། ལྟག་པ་སྤྱད་ལ་གཏོང་བ་སོགས་རིག་པས་འཁྲུལ་ཤེས་ན་མོ་ནད་ཀྱི་སྤྱི་འཇོམས་བླ་ན་མེད་པ་ཡིན་གསུངས། དགེའོ། །བྲག་ཞུན་ལྡེ་གུའི་ཕྱག་ལེན་འཆི་མེད་བདུད་རྩི་བུམ་བཟང་ལྟར་རོ། ༈ །སེ་འབྲུ་ལྔ་པ། གུར་གུམ་བཅུ་གསུམ། གི་ཝཾ་དགུ་པ། བདེ་བྱེད་སྙོམ་ལྡན་བཅས་ལ། འུ་སུ། ལྕམ་པ། གསེར་བྱེ། སྡིག་སྲིན། ལྕགས་ཕྱེ། འབུ་སྐྱོགས། རྒྱ་ཚྭ། གཟེ་མ། ཆུ་མ་རྩི་བཅས་ཆ་སྙམ་སྔར་བས་རྨ་ཆུ་ཚ་གྲང་ལམ་ནས་འདྲེན་པ་ལ་བསྔགས་སོ། ༈ །ཏིག་ཏ་བརྒྱད་པའི་སྟེང་། མཁྲིས་རིམས་གཉན་དང་བསྡོངས་བ་ལ། གུ་གུལ། འཛིམ་པ། སྟག་ཤ ། གཟེར་ཆེ་ན་ཨ་བྱག །ལུས་ཤེད་ཞན་ན་ཤ་ཆེན་རྣམས་བསྣན། ཀྵ་ཡ་ལ། གཡའ་ཀྱི། དུག་ཉུང་། ནིམ་པ། གུར་གུམ་བསྣན་པ་ཟབ། གུར་གུམ་བསྣན་པའི་སེ་འབྲུ་ལྔ་པའི་སྟེང་། མཁྲིས་སེལ་བདུད་རྩི་སུམ་སྦྱོར་བསྣན་པས་བད་མཁྲིས་གྲང་ཤས་ཆེ་བ་ལ་ཟབ་ངེས། ཐང་ཆེན་ཉེར་ལྔའི་སྟེང་། ནུས་པ་མྱུར་བར་འདོད་ན། ཐང་ཆེན་ཉེར་ལྔ་ཆ་གཉིས་ལ། དངུལ་ཆུ། མུ་ཟི། སོག་ཐལ། ཆུ་


JKT017_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བཅས་བསྡམས་པའི་ཆ་གཅིག་བསྣན་པ་སྨུག་པོའི་རིགས་ལ་ཟབ་ཀྱང་མཐར་སྦྱོང་མ་གཏོང་ན་མི་ལེགས་པས་རིགས་པས་དཔྱད། ༈ །བདུད་རྩི་སུམ་སྦྱོར་དང་། གུར་གུམ་བཅུ་གསུམ། །ཞི་དྲུག་འཁྲུལ་འཁོར་ཟུར་དུ་གསལ། ད་ལིས་བཅུ་དྲུག་བཏང་ཚུལ་འབྲི་གཅེས་ཡང་ཡིག་ཏུ་གསལ། དངུལ་ཆུ་བཙོ་བཀྲུ། ཟླ་ཤེལ་གྱི་ཕྱག་ལེན། ནོར་ནད་སྨན་རྣམས་ཟུར་དུ་གསལ། ༈ །འབོལ་སྨན་བདུན་པའི་སྟེང་གློ་མང་གློ་འཁྲུགས་ཆེ་ན་ཙནྡན་བརྒྱད་པ། སྨུག་པོའི་མཆིན་ནད་རྒྱས་པའི་ཆུ་ལ་གི་ཝཾ་དགུ་པ། མཁལ་ནད་དང་གྲང་ཤས་ཆེ་བའི་རིགས་ལ་སུག་སྨེལ་བཅུ་པ། ཕོ་བའི་མེ་ཉམས་ཟས་མི་འཇུ་བ་ལ་གུར་གུམ་བསྣན་པའི་སེ་འབྲུ་ལྔ་པ། འབམ་གཞུག་ལ་གུར་ཏིག །ཤ་ལྤགས་ཀྱི་ཆུ་ལྷག་སྐེམས་བྱེད་ལ་འུ་སུ་དང་། ལྕམ་པའི་ཐང་གིས་ཕུལ་བ་མན་ངག །ཡང་སེངྒེ་སྦར་སྡེར་དང་། པྲི་ཡངྐ་ཆ་མཉམ་ཐང་གིས་ཚ་ཆུ་གྲང་ཆུར་བསྐྱུར་བ་ཟབ། ༈ །ཙནྡན་བཅོ་བརྒྱད་ཀྱི་ཏིག་ཏ་ནི། མགོ་གཟེར་ལ་ལྕགས་ཏིག་དང་། མཁྲིས་ཤས་ཆེ་ན་ཟངས་ཏིག །སྲིན་དང་བསྡོངས་པའི་རིགས་ལ་བྱི་ཏང་ཀ་བསྣན་ཞེས་སྣང་། ༈ །དུག་རིགས་དང་གླང་ཐབས་གང་ལའང་། ཞི་བྱེད་དྲུག་པའི་སྟེང་དྲེས་མའི་གེ་སར་སྦྱར་བས་ཕན་པ་མྱོང་གྲུབ། ༈ །རྟ་ཟི་རིལ་བུའི་ཞལ་ཤེས། གཟེར་ཐུང་ལ་གུ་


JKT017_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གུལ། གློ་འཁྲུགས་ལ་སྒང་ཐོག །གྲེ་འགགས་ལ་སྤང་རྩི། གཉིད་འཐིབས་ལ་བྱི་ཚེར། འཁྲུགས་ལ་ཧོང་ལེན་ཐང་གིས་ཕུལ། །སྤྱི། འཕྲུལ་ཐལ་གྱི་ཁ་བསྒྱུར་སོགས་བྱེ་རིངས་སུ་གསལ། ༈ ། མཁྲིས་ཚད་རྐྱང་པ་ལ་ཏིག་བརྒྱད་ལེགས། དེ་དང་མཆིན་ལྡན་གུར་གུམ་མཆོག་བདུན། མིག་ཆུ་སེར་ན་གྲང་མཁྲིས་ཡིན་པས་གསེར་ལྔ། བད་མཁྲིས་ལ་བདུད་རྩི་སུམ་སྦྱོར་དང་སྤེལ། ཀྟ་ཡ་ལ་གཏར་བཤལ་སྤངས་ནས། འབྲས་གསུམ་ཆ་མཉམ་ག་བུར་ཏིག །དུག་ཉུང་འུ་སུ་བྱི་ཏང་ཀ །བོང་དཀར་ཙི་ཏྲ་པི་པི་ལིང་། །ཞིབ་བཏགས་བུར་སྦྱར་ཆང་གིས་དབུལ། །མཁྲིས་ཚད་མཐར་ལུས་བྱིང་ཉོབ་པ། སྨན་གཞན་གང་གིས་ཀྱང་མ་ཕན་པ་ལ་ག་བུར་ཉེར་ལྔ་ཐུན་ཁ་ཤས་ཀྱིས་ཕན་པ་མྱོང་གྲུབ་བོ། ༈ །ཨོཾ་ཨ་ཐཱ། སྨན་གྱི་ངོས་འཛིན་སྐོར་ལས་འཕྲོས་པའི་དོགས་སེལ་ཕྲན་བུ་ལ། བདུད་རྩི་ལོ་མ་ནི་རི་ཁ་སྟོད་དུ་ཆིག་སྐྱེས་དང་། འཛིམ་པ་ཀླུངས་སུ་སྐྱེས་པའི་བོང་ངའི་ལོ་མ་ལ་བཞེད། ཟིལ་ཆེ་ཆུང་ཅུང་ཟད་ཡོད་པ་ལས་ཁྱད་ཆེར་མེད། སྟོང་ཟིལ་ཆབ་དང་མ་བྲལ་བ་དགོས། ཆབ་དང་བྲལ་ན་སེངྒེ་ཟིལ་པ་ཡིན། དེ་བ་ཞེས་པ་རིམས་སྐབས་སོ། །རླུང་སྐབས་རྒྱ་སྤོས། ཆུ་སེར་སོགས་ཀྱི་སྐབས་སྨོན་ཤིང་ལ་ངོས་འཛིན། མིང་ཅན་སེར་པོ་འུག་ལག་དང་། ནག་པོ་ཟུར་ལུགས་ཡོངས་


JKT017_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། བྱང་ལུགས་རྒྱལ་བའི་སྤྱན་ཅན་ལ་བྱེད། སྔོ་ཅུ་གང་ཟེར་བ་དེ་ཀླུ་སྨན་སྐབས་ཅུ་གང་གི་ཚབ་ཏུ་གཏོང་ཟེར། བདུད་རྩི་གངས་ཤམ་ཀྱིས་འབམ་སྟོད་དུ་འཕྱུར་བ་ལ་འབྱར་བྱེད། །དོན་ཡོད་ཞགས་པ་ཞེས་བྱའི་རྩྭ། །སྡོང་བུ་འབྲས་ཀྱི་ལྗང་བུ་འདྲ། །ལོ་མ་སྔོ་འཐུག་རལ་གྲི་འདྲ། །བསོད་ནམས་ལྡན་པའི་པུ་ཏྲ་ཡིས། །སྨན་ལྗོང་ཉམས་དགར་བཙལ་བ་ན། །རླུང་གི་རྒྱུ་བ་བྲལ་བའི་དུས། །དེ་ཉིད་རང་བཞིན་གཡོ་འགུལ་བྱེད། །འདི་འཕྲད་ཡིད་བཞིན་ནོར་བུ་སྟེ། །བསམ་པ་ཐམས་ཅད་མྱུར་དུ་འགྲུབ། །ཞེས་སྣང་ནའང་ཕལ་གྱིས་མཐོང་བའི་ཡུལ་མིན། འབྲོག་ཟ་ཡུ་མོ་ནི་ས་ཁ་སྟོད་དུ་སྐྱེ་བ། ཟ་འདྲ་བ་ལ་དེ་ལས་སྐྱ་ཤིང་ཚེར་མ་མེད་པ་དེའོ། །སེར་པོ་དགུ་དྲིལ་སྤང་ལ་སྐྱེ། སྟོང་ཟིལ་དང་མཚུངས་ཞིང་རྩ་བ་སེར་པོ་རྟ་ལྕགས་ལྷས་མ་འདྲ་བ་ཞིག་ཡོད། ལུག་ངལ་ནི་བ་མྱོང་། སྐྱི་བའི་མེ་ཏོག་སྔོན་པོ་ཅན།འབྲས་བུ་ངང་པ་གསེར་སྒང་། ཚེར་སྐྱའི་འབྲས་མེ་ཏོག་སེར་པོ་ཅན། བུས་ཐལ་རྡོར་ཚབ་རུང་། རྒྱ་ཟས་བེ་རྣ་ཟེར་བ་འདིས་གྲེ་འགགས་ལ་ཕན། ཁོང་པའི་སྤུ་ཐམས་ཅད་དག་པར་བྱེད་ཅེས་བཤད། ཀླུང་སྐྱེས་གོ་སྙོད་དང་། རི་སྐྱེས་ལྕ་པ། ཁ་སྟོད་དུ་སྐྱེས་པ་ཏོང་ཀུན་ཏེ་རིགས་ཕྱོགས་གཅིག །སེ་རྒོད་ནི་ཡུལ་སྐད་དུ་འཛོ་མོ་ཤིང་དུ་གྲགས་པ་དེ་ཡིན། མཛོ་མོ་ཤིང་ནི་བ རྒྱ་ཉེར་བདུན་


JKT017_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱང་རྔ་མ་ཞེས་འབོད་པ་ལ་བཞེད། སྤོར་རྡོ་རྗེ་མཆུ་ཞེས་པ་དེ་ཨ་རུའི་ཚབ་རུང་ཟེར། འགའ་ཞིག་གིས་གྲེ་ཐོག་གསང་སྨན་དུ་བཞེད། ཆུ་ནད་ཀྱི་གསང་སྨན་རིགས་ཐམས་ཅད་ཁཎྜ་བྱེད། ཨ་ཙརྱ་ཛ་ལན་པཱུ་རིའི་རྨ་སྨན་རེ་རལ་འདྲ་ཚད་པ་ཞིག་ཡོད། འདི་རྨ་སྨན་གང་ལའང་ཁ་ཚར་བཏབ་པས་ཕན་ཆེ། རྒྱམ་ཚྭ་གྲུ་བཞི་ཤེལ་འདྲ་བ། གྲུ་བཞིར་ཆག་འགྲོ་བ་དེ་བཟང་། རྒྱ་ཚྭ་དཀར་པོ་བ་ཚྭ་འདྲ་བ་གྲི་ཡིས་༧ བཞོག་ཐུབ་པ་བཟང་། ཁ་རུ་ཚྭ་བཅག་མཚམས་ངང་ཁྲམ་ཁྲམ་བྱེད་པ་རྭ་གཞོབ་གྱི་དྲི་བྲོ་བ་དེ་བཟང་། ཨ་གར་ནག་པོ་ནི་རྭ་འདྲ་བ། མེ་ལ་བསྲེགས་དུས་སྣུམ་ཆིལ་ཆིལ་ཁོལ་བ་དེ་བཟང་། ཐར་ནུ་ཁ་བྱང་བསྟན། ས་གཟར་བ། ཆུ་སྒྲ་དྲག་པོ་ཐོས་པར་སྐྱེས་པ་ཉིད་སྟོན་སྔོ་ལོ་བསྐམ་ནས་བརྐོ། ནང་གི་ཞོ་མ་བོ་བར་རས་ལྟ་བུར་བསྣུམ་ནས་མགོ་མཇུག་བཟློག་ལ་བཏགས། ཁཎྜ་བྱུང་ན་མཆོག ། མ་བྱུང་ན་འདུལ་དྲུག་བྱ། ཚགས་ལེགས་པར་བྱས་པ་ཉིད་སྦྱངས་སྨན་གང་ལ་གཏོང་ཡང་བཞི་འགྱུར་བསྡེབས། ཡང་ན་ཁཎྜ་ཆུར་སྦྱངས་པས་རིལ་བུར་དྲིལ། སྐྱུགས་སྨན་རྣམས་ཁ་འབུས་དུས་བཏུ་ཞིང་། གནས་དང་། སྐམ་ཚུལ་སོགས་དེ་ལས་གོ་བཟློག །ཕུར་ནག་གི་ལོ་མ་སྔོ་སིབ་མཁན་པ་འདྲ་ལ་དྲི་དུག་པ། ཕུར་སྔོན་འགའ་ཞིག་གིས་འདི་ཕུར་ནག་ཏུ་བཞེད་སྣང་། ནི་སྔོ་ཨ་ག་རུ། ཕུར་དཀར་ནི་


JKT017_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་དཀར་འདྲ་བ། རྒྱལ་བ་ཆུ་ཐུབ་འབུ་སུ་ཧང་དང་། ལ་ལས་ནཱི་ལའི་མདོག་ཅན་ལ་བྱེད། བོང་སེར་ནི་ལོ་མ་གླང་སྣ་འདྲ་ལ། མེ་ཏོག་སེར་པོ་ཅན་དེ་དང་། ལ་ལས་མེ་ཏོག་སེར་ཆེན་ལ་བྱེད། དེ་གཉིས་གང་ཡིན་ཀྱང་རྩ་ལོ་འདྲེས་མ་དགོས་ཤིང་ནུས་པ་ཕྱོགས་མཚུངས་པ་འདྲ། བོང་དམར་ནི་ཁ་སྟོད་ཀྱི་སུར་ནག་སོགས་ཀྱི་ནང་དུ། ལོ་མ་བོང་དཀར་འདྲ་བ། སྡོང་བུ་མཐོ་རེའམ་ཁྲུ་རེ་ཙམ་གྱི་རྩེར་མེ་ཏོག་དམར་སྨུག་བོང་དཀར་འདྲ་ཚད་པ་ལ། སྤུ་ཐིབ་སེ་འབྱུང་བ་དེ་ཡིན། ཁྱུང་སྡེར་སྨུག་པོའི་ཚབ་ལྡུམ་རྩ་བཀག་དང་། དཀར་པོའི་ཚབ་ནི། ལོ་མ་རེ་རལ་འདྲ་ཞིང་སྤུ་འདིའི་སྤུ་འདི་རྒྱ་ལུགས་རྨ་སྨན་ཐམས་ཅད་ཀྱི་མཆོག་ཏུ་འཛིན། ཡོད་པ། རྩ་བ་ཁྱུང་གི་སྡེར་མོ་འདྲ་བ་དེ་ཡིན། དེ་ཡི་ལོ་མ་ཁ་པཱུ་རའི་རྨ་སྨན། བྱེའུ་ལ་ཕུག་ནི་ཁ་སྟོད་མཐོ་སར་བྱེ་ཤུལ་སོགས་སུ་སྐྱེ་བ། མེ་ཏོག་དཀར་ཁྲ། །རྩ་བ་ཉུང་མའི་དྲི་བྲོ་བ་དེ་དང་། ཚབ་རུང་ཙམ་དུ་དེ་དང་ཆ་འདྲ་ཀླུང་གི་གད་ཤུལ་སོགས་སུ་སྐྱེ་བ་དེ་བཏང་། སྲིན་ཤིང་སྣ་མ་ནི་སྟག་ཆུང་མར་འབོད་པ་དེ་ཡིན། འབྲས་བུ་བྱི་ཏང་གའི་ཚབ་རུང་ངེས། །ལྕགས་ཀྱུ་ཆེ་ཆུང་གཉིས་ལས། ཆུང་བ་དེ་ཡི་རྩ་བ་ཁྲག་རྐང་དང་། ལོ་མ་ལྕགས་ཀྱུ་བྱེད། ཆེ་བ་དེའི་འབྲས་བུ་ཟི་ར་དཀར་པོའི་ཚབ་རུང་ཟེར། མཁན་དཀར་ནི་གསེར་མགོ་འདྲ་ལ་མེ་ཏོག་མེད་པ་དེ་


JKT017_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མཁན་དམར་ནི་རྩ་སྡོང་ཐམས་ཅད་དམར་བ་དེར་ངོས་འཛིན། གཡའ་ཨ་ཀྲོང་ཡོངས་གྲགས། མཁན་ཨ་ཀྲོང་གསེར་མགོ་དང་། སྤོང་ཨ་ཀྲོང་གོང་མོ་སྤོ་ཐོ་ཞེས་འབོད་པ་དེ་ལ་ཕྱེད། ནིརྨ་ནཱ་ཐའི་རྨ་སྨན་ནི་ལོ་མ་ཁ་གསུམ་པ་རྒྱབ་ལ་རྡུལ་ཞགས་ཡོད་པ་སྡོང་བུ་ཟངས་སྐུད་འདྲ་བ་དེའོ། །བྱ་རོག་ཉུངས་མ་ནི་མེ་ཏོག་སེར་པོ་ཡུངས་དྲི་བྲོ་བ། བྲག་ལྕམ་ནི་སྒ་ཏིག་མེ་ཏོག་འདྲ་ལ་མདོག་དཀར་ཞིང་ལོ་མ་རལ་གྲི་འདྲ་བ་དེའོ། །སྔོ་ཆུ་སྲིན་སྡེར་མོ་ནི་ས་རོང་རྣམས་ལ་ལོ་མ་ལྗང་གུ་རལ་གྲི་འདྲ་བ་ཁྲད་པོར་སྐྱེ་བ་དེ་ཡིན། རི་ཤོ་ལ་ངོས་འཛིན་མང་ཡང་། རྐྱང་ཤོག་ལ་བྱེད་པ་ནུས་པ་རྣོ་ངེས། བྲག་སྐྱ་ཧ་བོ་ནི་ལོ་མ་འདབ་བཞི་སྒོར་མོ་དངུལ་ཞག་འཚེར་བ་སྡོང་བུ་མཁྱིད་རེ་ཙམ་རྩེར་མེ་ཏོག་དཀར་སྔོན་འབྱུང་བ་དེ་ལ་བྱེད་གསུང་། བྱ་ཕོ་ཙི་ཙི་ཤིང་མ་ལྡུམ་མེ་ཏོག་སྔོ་དམར་ཅན་དེ་ལ་བྱེད། བྱང་ལུགས་སྲད་དམར་ལ་བཞེད། སྒ་ཏིག་རྨུ་ཆུའི་སྐབས་རྩ་བ་ཤིང་འདྲ་བ་དེ་དགོས། རྨ་རིགས་དང་སྐུ་སྐྱེ་བའི་གསང་སྨན་ཐང་དཀར་མེ་ཏོག་དམར་པོ་དེ་ལ་བྱེད། གྲྭ་མ་ནི་ཤིང་ཚེར་མ་ཅན་མེ་ཏོག་སེར་པོ་མདངས་མི་གསལ་བ་འཆར་བ་དེ་ལ་བྱེད། སྔོན་བུ་ཕལ་ཆེར་གྱིས་ཤོག་ཤིང་ལ་ངོས་འཛིན་ཀྱང་། དངོས་ནི་མེ་ཏོག་སྔོན་པོ་སྡོང་བུ་བཅད་འཕྲོ་ནས་འོ་མ་འབབས་པ། དབྱར་གཞུང་ཙམ་སྐྱེ་བ་དེ་ལ་


JKT017_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད། བདུད་རྩི་གངས་ཤམ་ལོ་མ་སྔོ་ལྗང་སྐྱ་འདབས་བཞི་སྤུ་དང་ལྡན་པ། མེ་ཏོག་སྔོན་པོ་འཆར་བ་དེ་ཡིན། སྙི་བ་འགའ་ཞིག་གིས་ཚེར་སྔོན་གྱི་རྩ་བ་ལ་བྱེད། ལ་ལས་ནད་མ་གཡུ་ལོའི་རྩ་བ་ལ་བྱེད། དངོས་ནི་མེ་ཏོག་སྔོན་པོ་དམར་མདངས་ཅུང་ཟད་ཡོད་པ་རྩ་བ་མངར་ཞིང་ཁ་ཉམས་ཅན་དེ་ཡིན། སྲོལ་སྡེམས་པ་ནི་གོང་བུ་དམར་པོའི་ནང་སྐུ་འདྲ་བ་དྲིལ་ནས་ཡོད་པ་དེ་ཡིན། །འབམ་པོ་མེ་ཏོག་སྐྱ་བོ་སྤང་ལ་འབྱར་བ་དེ་དང་། དེ་ལས་རིང་བཙད། སྲད་དཀར་ནི་ལོ་མ་མུ་ཟི་མདོག་མེད་འདྲ། མདོག་ཤིན་ཏུ་སྐྱ་ཞིང་མེ་ཏོག་དཀར་ལ་སྔོ་མདངས་ཡོད་པ། རོ་མངར་ཤས་ཆེ་བ་དེ་དངོས་ཡིན། ལ་ལས་སྲད་དཀར་དུ་འཛིན་པའི་མེ་ཏོག་ཤ་སྒོག་འདྲ་བ་དེ་ཆུ་སྲད་ཡིན། ཆུ་ཤོ་ཆུ་མ་རྩིར་འཛིན་པ་ཡང་ཡོད། དེ་འཁྲུལ་པ་ཁོ་ན་བས་སོ། ལྷང་མཐིལ་ལམ་རྟ་ཚེར་ཟེར་བ་དེ་འབྲས་ཀྱི་གསང་སྨན་ཡིན། རྩ་ཁུ་བྱུག་ནི་ཀོ་ཟ་འཁྲུལ་མེད་ལ་བྱེད། འབྲི་ཀུ་རཏྣ་ནི་མེ་ཏོག་སེར་པོ་ཤེས་རབ་ལོ་མ་འདྲ་བ་མདངས་མི་གསལ་ཞིང་དེ་ལས་ཆེ་བ་དེ་ལ་བྱེད། རྨ་ཡི་གསང་སྨན་ཡིན། སེང་གེ་འཇིགས་མེད་ནི་ལོ་མ་པ་ཡག་འདྲ་བ། མེ་ཏོག་འབུ་སུ་ཧང་འདྲ་ཞིང་སོར་གསུམ་བཞི་ལས་མ་འཕགས་པ་ཟླ་བ་བཞི་པའི་མགོ་ཙམ་དུས་མེ་ཏོག་ཡལ་འགྲོ་བ་དེའོ། །སྤྱིར་རུས་ཆག་སྐབས་ནད་མ་སྐྱིད་


JKT017_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་། རྨ་སྐབས་སེངྒེ་འཇིགས་མེད། གློ་བའི་སྐབས། ཤ་ལ་ཡུ་རིང་ཟེར་བར་སྣང་། གཟའ་དུག་ཡབ་ནི་ལོ་མ་ཁྲག་སྡུམ་སོག་ལེ་ཁ་འདྲ་བ། དྲན་པ་གཡག་སྙིང་དང་། ལའུ་དཀར་པོ་སོགས་ཟེར། དེ་ལས་ཆེ་ཞིང་དཔངས་མཐོ་བ། འབྲས་བུ་ནག་པོ་མཐེབ་རྡོག་ཙམ་ཡོད་པ་དེ་ལ་བཞེད་སྣང་། ཡུམ་ནི་མེ་ཏོག་ཀླུ་བདུད་འདྲ་བ་སྦྲེལ་ནས་སྐྱེ་བ་དེའོ། །ལ་ལས་ལའུ་དཀར་པོ་སེང་སྦར་ལ་ངོས་འཛིན། པྲི་ཡང་ཀུ་ནི། པྲི་ཡངྐ་དཀྱུས་མ་དང་འདྲ་ལ་དེ་ལས་རིང་ཞིང་དྲི་དུགས་པ་དེའོ། །གཟའ་བརྒྱད་ལྡུམ་བརྒྱད་ནི་སྟོང་རི་ཟིལ་པ་སོགས་ལ་ངོས་འཛིན་ནའང་ཐུན་མོང་དུ་མི་བཤད། ཇོ་མོ་གློ་ལྡུམ་ནི་ལོ་མ་སྲོ་ལོ་དམར་པོ་འདྲ་བ། མེ་ཏོག་སྔོན་པོ་དམར་མདངས་ཅན་ཟླ་བ་གསུམ་པའི་ནང་སྐོར་སྐྱེ་བ་དེ་ཡིན། སྤྲ་བ་སྟོན་ཟླ་གསུམ་གྱི་དུས་བཟང་བཏུ་ཞེས་པ། རྒྱ་རྩིས་དང་བསྟུན། ཟླ་༧ཚེས་༣། ཟླ་༨ཚེས་།། ཟླ་༩ཚེས་༧རྣམས་ལ་བཞེད་པའང་སྣང་། མཁྲིས་པ་ཐམས་ཅད་ཁ་བ་སྟེ། །དོམ་གྱི་མཁྲིས་པ་མངར་བ་ཡིན། ཞེས་དང་། ཙནྡན་བཟང་ངན་ཆུ་ལ་དྲིས། །ཆུར་བྱིངས་བསིལ་ངད་ལྡན་ན་བཟང་། ཞེས་དང་། ཨ་གར་བཟང་ངན་མེ་ལ་དྲིས། །དྲི་ལྡན་ཆིལ་ཆིལ་ཁོལ་ན་བཟང་། །ཞེས་སོ། །གཡུ་ཐོག་པས་ལོ་མ་བ་ལུ་དང་མེ་ཏོག་ད་ལིར་བཞེད། །སྤྱིར་དཀར་ནག་གཉིས་ལས། དཀར་པོ་ཅུང་


JKT017_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་ཞིང་། ནག་པོ་དྲོད་ཆེ། གསེར་མེའི་མེ་ཏོག་གསེར་མེ་དང་། འབྲས་བུ་པ་ཏོ་ལར་བཞེད་མཁན་སྣང་ནའང་ཁྱབ་པ་ཡོད་མ་འདྲ། རྡོག་པོ་ཆེ་ཤོས་ཀ་རཉྫ་དང་། ཆུང་བ་འཇམ་འབྲས་སུ་བཞེད་པའང་སྣང་། ཤྲཱི་ཁཎྜ་ནི་བསེ་ཤིང་གི་ཞོ་ཡིན། དེ་ཡང་འབྲས་ཕྱེས་སྦྲུས་པ་ཕབས་རྡོག་འདྲ་བ་དང་། མ་སྦྲུས་པ་ཐང་ཆུ་འདྲ་བ་གཉིས་ཡོད་སྣང་། ཟེ་ཚྭ་ཆུ་ནང་ཡང་ཡང་བསྐོལ་ནས་ཤེལ་ལྟར་དྭང་བ་མ་གཏོགས་སྨན་དུ་མི་གཏོང་། དེ་སླར་ཡང་བསྐོལ་བས་གྲུ་བཞིར་ཆགས་པ་ལ་ན་གུ་ཚྭ་ཟེར་གསུངས། ཚར་བོང་དབྱིབས་ཧ་ལམ་ཐ་རམ་འདྲ་བ་འཕྲེད་དུ་ཁྲད་པོར་སྐྱེ་བ། དེ་འདྲ་གྱེན་དུ་སྐྱེ་བ་སྡོང་བུ་མཐོ་རེ་ཙམ་ཡོད་པ་ཡོག་མོ། ཤོ་རྩ་ནི་ཁག་མར་འབོད་པའི་རྩ་བ། ཤོ་མང་རྨ་ཡི་ཚ་བ་སེལ་བྱེད་ནི་ཡུལ་སྐད་དུ་ཨ་ཤོ་ཆུ་ཤོར་འབོད་པ་དེ་ཡིན། ཕུར་ནག །མཁན་རིགས་ཤིང་མ་ལྡུམ་ལོ་མ་སྔོ་སིབས་དྲི་དུགས་པ་དེ་དང་། གླ་རྐང་ཆུང་བའི་རིགས་དེ་གཉིས་ཕྱེད་མར་གཏོང་ཞེས་གསུངས། ༈ །ཏལ་ཞེས་པ་དཀར་པོ་གཟི་ཡི་དབྱིབས། ཞུམ་མིག་ཞེས་པ་མདོག་ལྗང་ལ་སྐྱ་ཞད་ཡོད་ཅིང་ལུང་མི་སྒྲིབས་པ་ཉི་མ་ལ་བསྟན་ན་ཞུམ་བུའི་མིག་ལྟ་བུའི་འོད་འབྱུང་བ། ཨིནྡྲ་ནཱི་ལ་མདོག་སྔོན་པོ་དཀར་འོད་འཕྲོ་བ་ཟུར་ལྡན་ཞིག་ཡོད། དམན་པ་སྔོན་པོ་འོད་དེ་ལས་ཞེན་པ། པདྨ་རཱ་ག་དམར་པོ་


JKT017_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་སྐྱེགས་མདངས་ཅུང་ཡོད་ཅིང་ཁ་དོག་མཆོག་ཏུ་གསལ་བ། ནལ་ཞེས་དེ་དང་ཆ་འདྲ་ཡང་མདོག་མི་གསལ་བ། ཤེལ་ཉི་འོད་ལ་བསྟན་པས། འཇའ་ཚོན་འཕྲོ་བ། དབང་རིལ་མདོག་སྣ་ཚོགས་འབྱུང་ཞིང་། ཤུན་པ་རིམ་པ་མང་བ། གཡུ་སྤུག་མདོག་དཀར་ལྗང་ཡུང་བ་དང་ལྷན་དུ་བརྡར་ན་དམར་ཁམ་དུ་འགྲོ་བ། མུ་ཏིག་དཀར་པོ་མདོག་དམར་ཉམས་ཅན། སྦྱར་ལེན་མདོག་སེར་ལ་དྭངས་པ་དང་། དམར་སེར་ཤིན་ཏུ་དྭངས་པ། རྡོ་རྗེ་ཕ་ལམ་དཀར་པོ་ཟུར་བརྒྱད་ལ་མདངས་གྲིབ་སོ་གུག་པ་ལྟ་བུ། འདི་སྲན་ཙམ་ལ་དངུལ། ༣༠་༠༠ ཨིནྡྲ་ནཱི་ལ་སྲན་ཙམ་ལ། ༠༡་༠༠ སྤྲད་ཟེར་སྤུར་ལེན་གྱི་ཚབ་སྤོས་ཤེལ་དཀྱུས་མ་ལས་དྭངས་ཤིང་མདངས་གསལ་བ་དང་། མུ་ཏིག་ཚབ་དོན་ཤུལ་ཡོད་པའི་ཉ་ཕྱིས་ཀྱིས་རུང་ཟེར་སྣང་། ༈ །ཨོཾ་ཨ་ཐཱ། ཚོགས་གསུམ་ཆུ་གཏེར་བསྲུབས་པའི་ཕུལ། །མཚན་བཟང་བདུད་རྩིའི་དོ་ཤལ་ཅན། །བླ་མ་སྨན་རྒྱལ་ཟླ་བ་དེས། །དེང་འདིར་ཤིས་པའི་སྣང་བ་སྩོལ། །གང་ཚེ་གཞན་ལ་སྨན་འདོད་པའི། །ལྷག་བསམ་ཨུཏྤལ་འཛུམ་པ་དང་། །ལྷན་ཅིག་སྣ་ཚོགས་གདམས་པའི་བཅུད། །སྦྲང་རྩི་གསར་བའི་ཟོལ་གྱིས་འོང་། །དེ་ལ་སྙིང་རླུང་སྨྱོ་འབོགས་ཀྱི་ནད་ཚབ་ཆེན་རིགས་ལ། །སྐྱེས་པ་དར་མ་གྲིར་ཤི་བའི་སྙིང་སྐྱུ་རུ་རའམ། རླུང་ཤས་ཆེ་


JKT017_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ན། མྱོས་བྱེད་ནར་སོན་གྱི་ཁུ་བས་ཕུལ་ན་འཕྲལ་དུ་བདེ་བ་སྟེར། ཨུཏྤལ་སེར་པོའི་ཕྱེ་མ་རི་ཤོའི་ཐང་གིས་ཕུལ་ན་བད་མཁྲིས་མགོ་ནད་སྐྱུགས་པར་བྱེད། ཅོང་ཞི་གཉེན་པོའི་ཆུར་བཞུས་པའི་ཐལ་བ་ཁོ་ནས་བད་ཀན་ཕོ་ནད་ཀྱི་རིགས་ལ་ཕན། སྟར་བུའི་ཁཎྜ་ཆ་གཅིག་ལ། རྡོ་ཐལ་ཆ་ཕྱེད་བསྣན་པས་སྐྲན་རིགས་ཐམས་ཅད་ཐལ་བར་རློག །སྐྱུ་རུ་རའི་ཁཎྜས་རྨུ་ཆུའི་ནད་རིགས་ཐམས་ཅད་ལ་ཕན། ཆུ་བསྐོལ་ཁོ་ནས་ཀྱང་རིམས་ཚད་སྨིན་པར་བྱེད། རི་མཐོ་སར་སྐྱེས་བའི་བདུད་རྩི་ལོ་མ་སོར་བཞི་ཙམ་དུས་བཏུས་པས་རིམས་ཚད་སྨིན་པའི་རིགས་ཀུན་ལ་བསྔགས། ཁྱུང་ལྔའི་སྟེང་། །གླང་ཆེན་སྨྱོན་བ་བསྣན་པས་གཉན་དང་ལྷོག་རྒོད་རིགས་ཀུན་ལ་ཕན། ཏི་ཚའི་དུད་པ་ལག་ལེན་ལྟར་བླང་ནས་ནུ་ཞོས་བྱུགས་པས་མིག་ནད་གྲང་རྐྱེན་ལ་ཕན། ཕ་ཝཾ་ལོང་བུའི་ཕྱེ་མ་ཆུ་གཙང་དང་སྦྱར་བས་ཚ་རྐྱེན་ལ་ཕན། དེ་གཉིས་ལ་ག་བུར་དང་ཁ་ཆེ་ཁ་ཚར་བཏབ་ནས་ཟངས་སྣོད་དུ་སྦྱར་བས་ནུས་པ་རྣོ། མཁན་སྐྱ་སོར་བཞིའི་དུས་བཏུས་པས་སྣ་ཁྲག་གཅོད། ཨ་རུ་ར་དང་གྲི་ཤ་སྦྱར་བས་ཁམ་ཟག་འཇོམས། དྭ་བའི་རྩ་བ་དང་གླ་རྩི་སྦྱར་བས་ཁོང་སྲིན་གྱི་རིགས་ཀུན་ལ་བསྔགས། གུར་ཏིག་སྐྱུ་རུ་རའི་ཐང་གིས་ཕུལ་བས་འབམ་སྟོད་དུ་བབས་པར་མཆོག །སྨད་འབམ་གཉན་དང་བསྡོངས་པ་


JKT017_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཀླུ་བདུད་ནག་པོ་འཁྲུལ་མེད་དེས་ཕན། བྱ་རོག་ནོར་བུའི་ཐང་གིས་མོ་ནད་ཁྲག་འདྲིལ་བཤིགས། ཤ་དུག་ལ། གསེར་ཤ །རེ་རལ། སྙག །འོམ་བུའི་ལོ་མ་རྣམས་གང་ཡང་རུང་བའི་ཐང་གིས་ཕན། ཁ་སྟོད་དུ་སྐྱེ་བའི་མེ་ཏོག་སེར་ཆེན་མདངས་མི་གསལ་བ་དེས་ཆུ་དུག་ལ་ཕན། རྟ་ལྤགས་གཅིག་པུའི་ཁཎྜའམ། ཡུ་གུ་ཤིང་གི་ཁཎྜ་རྨ་རིགས་ཐམས་ཅད་ལ་བདུད་རྩི་དང་འདྲ། སྔོན་བུ་འཁྲུལ་སྔོ་སྨན་ཞིག་ཡོད། མེད་ཆ་གཅིག །ཐར་ནུ་ཆ་གཅིག་སྦྱར་བའི་ཁཎྜས་ནད་ཐམས་ཅད་སྦྱོང་པར་བྱེད། འཕར་བའི་ཤ་ཁུས་ཁ་ཚའི་ནད་ལ་ཕན་ཞེས་འགའ་ཞིག་བཞེད། འདི་མན་ངག་ཁྱད་པར་ཅན་ཡོད། མེས་ཚིག་གི་རྨ་རིགས་ཉ་ལྕིབས་བྱུགས་པས་འཕྲལ་དུ་བདེ་བ་སྟེར། རྨུ་ཆུའི་ནད་རིགས་ཆུ་སེར་རྡོལ་བ་ལ་འུག་པའི་ཤ་ཁུས་ཕན་པ་ལག་བླངས། ཁྱུང་ལྔའི་སྟེང་མགྲོན་ཐལ་བསྣན་པས་ཕོ་སྐྲུན་དང་ཕོ་ཐོག་ལ་ཟབ། ནཱི་ལ་ཐོ་ཟས་རེག་ཞོ་དང་སྦྱར་ནས་བྱུགས། དུག་དང་། བད་མཆུ་ལ་ཕན། རྒུན་འབྲུམ་ཐལ་བ་མར་དཀར་དང་སྦྱར་ནས་བྱུགས་པས་སྣ་ཤུའི་རིགས་ཀུན་འཇོམས། བདུད་རྩི་གངས་ཤམས་སྤར་བ་གང་བ་ཞོ་དང་སྦྱར་ནས་སྔས་སུ་ཐོ་རང་བཞགས་ནས། ཟོས་པ་ཁོ་ནས། གློ་ནད། གསོ་བ་དང་། འདྲེན་པར་བྱེད། འབྲུག་རུས་དང་། མི་རུས་བཙའ་མ་གང་རུང་གི་ཐང་གིས་འཁྲུ་བ་


JKT017_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད། ཡུང་བ། སྐྱུ་རུ་ར། སྦྲང་རྩི་སྦྱར་བས་ཆུ་ཁ་སྲ་བར་བྱེད། གོ་གྲེ་དང་རྒྱ་རུ་སྦྱར་བས་བུད་མེད་ཀྱི་ལྟོ་བར་བུ་ཤི་བའི་ནད་རིགས་ལ་ཕན། ར་མཆིན་རློན་པ་ལ་ཁ་ཆེ་དང་ཕོ་བ་རིས་བཏབ་སྐམ་ནས་ཟོས་པས་སྲོད་དུས་ལོང་བའི་ནད་རིགས་སེལ། ནགས་མའི་མེ་ཏོག་གསར་དུས་ཀྱི་ཁཎྜ་ལ། རྩ་ཨ་ཝ་དང་། འབུ་སུ་ཧང་བཏབ་པ་རྨ་སྨན་མཆོག །ཅོང་ཞི་ཆ་གསུམ། ལྕམ་རྩ་ཆ་གཉིས་བུལ་ཏོག་ཆ་གཅིག་སྦྱར་བ་ཕོ་ནད་ཐམས་ཅད་ལ་འགྲོ། སྦྲུལ་གྱིས་ཕུག་མ་ཐག་རང་གི་དྲི་ཆུ་དྲོན་མོས་བཀྲུ། དེ་ནས་གླ་རྩི་བཏབ་ལ་ཁ་ཤའི་རྭ་ཅོས་ཚུགས་བྱ། དེས་ཕན་ངེས། ཅོ་གའི་ཀླད་པས་གཉིད་སྲུངས། བསྟེན་དྲགས་ན་སྐྱོན་ཡང་ཡོད། གཏར་ཉེས་ཁྲག་ལོག་ན་སྡོམ་ཐག་བརླན། སྣ་ཁྲག་མ་ཆོད་ན་དཔུང་མགོ་གཡས་གཡོན་ལ་མེ་བཙའ་བྱ་བས་ཕན་ཆེ། སྣ་སྲིན་ལ། གླ་རྩི། ཤིང་ཀུན། འཇམ་འབྲས། བྱི་ཏང་། མ་རུ་ཙེ། བཅས་སྣ་དུད་དང་བསྲེས་ནས་རྔུབས་པས་ཕན་ངེས་ཡིན། བཤལ་བཅད་མ་ཐུབ་ན་ད་ཏྲིག་ཆིག་ཐང་གིས་ཕན་ཆེ། རླུང་གཟེར་འདྲ་བ་ཀུན་ལ་འདར་པུ་བརླན། དམར་དུག་གི་རིགས་ཤིན་ཏུ་ཐུ་བ་ལ། འོམ་ལོ་ལྕགས་སྣོད་དུ་བསྐོལ་བའི་གཡའ་ཁུ་ལས་ཕན་ཆེ་མེད། བོང་ང་ཆིག་དྲིལ་གྱིས་ནད་ངན་རིགས་ཀུན་ལ་ཕན། རྒྱུ་གཟེར་དམར་


JKT017_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བཤལ་ལ་ཆོས་ཉིད་རིལ་བུ་ཕུར་ནག་ཐང་གིས་ཕུལ་བ་ཁོ་ནས་ཕན་ཆེ། རྟ་བླའི་རོ་ཆུར་སྦྱངས་ནས་བླུད་པས་ལྷོག་པ་གསོད། རྟ་ལག་པ་ཞ་བ་ཏེ་ལོའི་ཤ་དང་ལྷན་དུ་དཀྲིས་པས་ཕན། གླ་རྩི་ལང་ཐང་། བྱི་ཏང་གསུམ་སོ་བར་བཟུང་བས་སོ་སྲིན་ལ་ཕན། ལྡུམ་ཟངས་རྩི་དང་གཡའ་ཀྱི་ཆ་མཉམ་གྱིས་མཁྲིས་ནད་གྱེན་དུ་འདྲེན་པ་ལ་ཟབ། ཤངས་དྲིལ་དམར་པོ་མདངས་མི་གསལ་བ་དེ་གློ་སྨན་ཆིག་ཐུབ་ཡིན། དེ་སྟེང་ཚན་དམར། འབྲོག་ཟ། སྒྲ་ཤ་ལ་ཡུ་རིངས་བཅས་ལ་གློ་སྨན་སྙན་བརྒྱུད་སྡེ་བཞི་ཟེར། གློ་རྣག་སྐེམས་པ་ལ་ཟངས་ཐལ་དང་། འདྲེན་པ་ལ་སྤ་ཡག་སྟར་བུ་བཅས་སྦྱར་བས་ཆིག་རྒྱུགས་ཡིན། བདུད་རྩི་གངས་ཤམ་བ་ཞོ་དང་སྦྱར་བ་གློ་རྣག་ལ་ཆིག་རྒྱུགས། ཐར་ནུའི་ལོ་མ་ཁ་འབུས་དུས་བཏུས་པ་དང་། ཐང་ཁྲམ་མེ་ཏོག་གསར་པ། ནགས་མའི་མེ་ཏོག་གཞོན་ནུ་བཅས་ཆ་རེ་རེ་ཁཎྜར་བསྐོལ་བས་རྨ་རིགས་ཐམས་ཅད་ལ་ཐེངས་ཆོག །གྲོགས་ཚང་གི་ས། ཨུག་ཆོས་འབྲས་བུ། རེ་ཚལ། དྲི་ཆེན་བཅས་ནུས་བསྲེགས་ཀྱིས་རྒྱ་ཐོར་ལ་ཤིན་ཏུ་ཕན། ཨ་བྷི་ཥ། ཅོག་ལ་མ། སྒ་སེར། སྡོང་རོས་བཞིས་རྨ་རིགས་ཐམས་ཅད་ལ་ཕན། ཀྲྀའི་རཱ་ཡི་དུད་པས་ལུག་ནད་ལ་ཕན། །ན་བཞི་སྟེང་རིམ་པ་བསྣན་པོས་འཁྲུ་གཅོད་ཟབ། བཙས་རྗེས་ཟླ་མཚན་འབྱམས་པ་


JKT017_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་ནང་ལང་འཕར་རྩ་བསྲེགས་པས་ཆོད་ངེས། གློ་བ་སྐྱ་རྩི་ལ་ག་བུར་ཉེར་ལྔ་སྟེང་། གྲོ་ལོ་དམར་པོ་བུངས་ཆེ་བ་དང་། ནག་པོ་དགུ་སྦྱོར་བཅས་བསྲེ་སྨན་གཞན་ལས་འདི་ཕན་ཆེ་བ་ལག་བླངས། ཧོན་གྱི་ཁ་སྲུངས་ལ། ཤིང་རྟ་མའི་རོ་སྒོ་སྐས་སོགས་མ་འགྲིམས་པ་དེ་ཉིད་ཆུ་བརྡུངས་བྱས་ལ། ནག་པོ་དགུ་སྦྱོར་དང་བསྲེས་ལ་བླུད། །སྤྱང་ཁུའི་ཤ་སྐྲན་གྱི་གསང་སྨན། སྤྱང་ལྕེ་དང་། སྐྱི་བའི་འབྲས་བུར་ཁྲག་ལ་སྦྱར་བས་གག་པར་ཕན། སྤྱང་ལྕེ་གཅིག་པུས་ལྕེ་ལ་འབྲུམ་ཐོར་བྱུང་བ་ལ་ཕན། སྤྱང་ཀིའི་སློ་དྲོན་གྱིས་མགུལ་འགགས་ལ་ཕན། དེ་ཡང་བཤས་མ་ཐག་པ་ཟླ། དགོས། རྟ་ནད་རིགས་ཐམས་ཅད་ལ་དང་པོ་གུ་གུལ་གྱི་ཐང་བཏང་། ཁྱིམ་ནང་མ་ཡིན་པར་བྱ་རྒོད་ཀྱི་ཤ་ཕོན་ཆེར་བདུག་པས་ཕན་ངེས་ཡིན། ས་ཟ་བའི་ནད་ལ་ཁམ་ས། གཡག་རྒོད་དར་མའི་ཁྲག །གསེར་མེ་བཅས་བསྐོལ་ནས་བླུད་པས་ཕན། སྦ་བྱིས་ཀྱི་ཚང་ནང་ནས་གཡའ་མ་ཆག་སྦྱོར་གྱི་སྨན་ཐམས་ཀྱིས་བླངས་པས་རྐང་བྲུན་གྱིས་རུང་། བྱང་བ་ནག་པོ་འདི་རྣོ་ཆེ། ཕྱེད་དུག་བར་གཤོག བཏོན་ཕྱེད་མི་བཏོན། དཀར་ཡོལ་གན་དཀར་ཆགས་ཕྱེས་བུ་རོགས་འཕྲལ་དུ་འབྱིན། ཁྱི་དུག་ལ། ཁྱི་སྨྱོན་ཀླད་པ་བཏང་བས་སྨྱོ་


JKT017_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྨྱོ་གང་ལའང་ཕན་ཆིག་བརྒྱུད། བུད་མེད་ཀྱི་ཟླ་མཚན་འབྱམས་པ་ལ། དེ་ཕོའི་ཨོག་ཞོལ། བྱ་ཕོ་ཙི་ཙི། དོམ་མཁྲིས། ཁ་ཆེ་བཅས་ཀྱི་ཐང་གིས་ཐེམ་བུ་སྡོམ་པ་དང་མཚུངས། རྗེས་གཅོད་ལང་རྩ་ལ་མེ་གདབ། རྒྱ་ཚོས་ཀྱི་ཐང་གར་མ་ལ་དོམ་མཁྲིས་བཏབ་གཏོང་ཟླ་མཚན་གཅོད་པ་ལ་ཟབ་འགྱིངས་ན་དེ་ཕོའི་གཙུག་གི་ཟེ་བ། སྟར་བུ། སྦྲུལ་ཤ །བྱང་བུལ་བཅས་གཡེར་ལྕམ་ཐང་གིས་ཕུལ་བས་མྱུར་དུ་འདྲེན་ཅིང་རྗེས་སུ་རྩ་ཁ་སྡོམ་པར་བྱེད། བུ་འགྱིངས་ན་སྤྲེའུའི་རུས་པའི་ཕྱེ་མ་བླུད། ཁབ་དང་མདེའུ་སོགས་ཁོང་དུ་ལུས་པ་ལ་དེ་ཕོའི་ཨོག་ཞོལ་གྱི་ཐང་བཏང་། རྨ་རིགས་ཁྲག་མ་ཆོད་ན་ཟེར་མོའི་རུས་ཕྱེ་འདེབས། མིག་ཁ་བས་ཕྱིད་པ་ལ་ཉ་རུས་ཀྱི་དུད་པས་ཕན། བྱིས་པའི་གཞང་ལུགས་ན་སྔོ་ཆུ་སྲིན་སྡེར་མོའི་ཕྱེ་མ་མར་ཁུ་ཅུང་ཟད་ཀྱིས་ཕུལ། བྲག་སྐྱེས་དབྱི་མོང་ནག་པོ་བཞི་ཤོག་ཅན་དེ་ར་འོ་དང་སྦྱར་ནས་བྱུགས་པས་མཛེར་པ་ལ་ཕན། རྗེས་གཅོད་རང་གི་མ་ཡོད་ན་དེ་ཡི་སྐྲ་ཆུས་བཀྲུ། མེད་ན་ཐོག་མར་གྲུ་ཀོ་ནང་གི་ཆུས་བཀྲུ། དེ་རྗེས་གཙང་ཆེན་གྱི་ཆུས་བཀྲུས་པས་རྟིང་དག་ལ་འགྲོ། སྨན་ནད་ཐལ་ཆེ་བ་ལ། བྲག་སྐྱ། ༡་༠༠ ཟེ་ཚྭ། ༠་༩༠ ཨ་རུ། བ་༨༠ བཙོད་མདུད། ༠་༥ བྱང་བུལ། ༠་༤༠ ཡུངས་ཀར། ༠་༣༠ བཅས་ཐང་བྱས་ནས། ཁ་ཤིང་ཐུར་


JKT017_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཀར་ལ་བླུགས། སྐྱུགས་ན་ལེགས་ཤིང་། མ་སྐྱུགས་ན་གདུང་བསྐོར་བྱེད། ལུས་ལ་ཆུ་གྲང་ཕྱར། རྟ་སྦང་བཙིར་བའི་ཁུ་བར་བུལ་ཏོག་བཏབ་པ་བླུད་ཀྱང་ཕན། ཡང་ན་ཡུངས་ཀར་གྱི་ཐང་བཏང་འཕྲལ་དུ་མ་བཅོས་ན་ཉེན་ཆེ། ཝ་ཏས་བཟི་བ་ལ་ཆང་སོགས་སྐྱུར་རིགས་ཀྱིས་ཕན། རྟ་དྲེལ་དེ་ཡིས་དུག་པ་ལའང་སྐྱུར་རིགས་བླུད། ཨོལ་འགགས་ལ། གོ་གྲེ་ལ་སོགས་པའི་གྲེ་བའི་རིགས་ཐམས་ཅད་དང་། གིའུ་ཝཾ་ཡུ་མོ་ཨོལ་གོང་བཅས་སྦྱར་བས་ཕན་ཆེ་བ་ཞལ་རྒྱུན་ཆིག་བརྒྱུད་མའོ། །རྒྱུ་གཟེར་གྱི་གསང་སྨན་ཁུག་རྟའི་ཐུན་ལ་བྱེད། སྤྲོ་པ་དང་མཁན་སྐྱ་སོར་བཞི་ཙམ་དུས་བཏུས་པ་ཁ་དོམ་གྱི་ཆུས་སྦགས་ནས་སྣ་བུག་ཏུ་བཙུད་པ་རཀྟ་བཅད་པའི་གདམས་པ་ཟབ། རྟ་ཕྱུགས་ཀྱི་རྡོ་ཤུ་ལ། རྒྱ་རྩི་དུག་ལོ་དང་། འོལ་མོ་སེའི་འབྲས་བུ་མཉམ་སྦྱོར་མཆོག་ཏུ་ཟབ་ཀྱང་ནུས་པ་རྣོ་བས་ཐལ་ཆེས་ན་རྨ་ཤུ་འབྱུང་བའི་སྐྱོན་ཡོད། ཐ་རམ། ན་རམ། ནད་མ་རྣམས་གང་ཡང་རུང་བའི་ཐང་གིས་ཐིག་ལེ་འཛག་པ་གཅོད། ཀླུ་བདུད་ནག་པོ་ཁྱད་པར་ཅན་འཁྲུལ་མེད་དེ་གཉན་འབམ་དང་། དཀར་པོ་ལྔ་བ། དམར་ས་རོང་གི་བེ་ནགས་སོགས་སུ་སྐྱེ་བ། པོ་མཛེ་ནད་ཀྱི་གསང་སྨན་བླ་ན་མེད་པ་ཡིན། ཁ་ཆེ། དོམ་མཁྲིས། གླ་རྩི། རྒྱ་མཚལ། བཞི་བསྡུས་པ་ལ་རྨ་སྨན་སྟག་མོ་ཞེས་ཤིན་


JKT017_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཟབ་པར་བཞེད། རྟ་ནོར་གྱི་ནད་རིགས་ཀུན་ལ། བོང་ང་ག་བུར་སྟག་ཤ་མ་དོམ་མཁྲིས་དང་། གིའུ་ཝཾ་ཅུ་གུར་རྒྱ་ཚྭ་ཨ་རུ་ར། །སྦྱར་བའི་དཔའ་ཆེན་སེང་སྟག་དགུ་སྤྲུགས་འདིས། །ས་བདག་ཀླུ་གདོན་ལྐོག་རིགས་བཅུ་གཅིག་དང་། །ཁྱད་པར་ཨོལ་འགགས་ནད་ཀུན་སེལ་བའི་མཆོག །ནཱ་ག་ཤྲི་ཕུད། ནཱ་ག་བཱི་ཤིག །ནཱ་ག་ཤཱི་རྦད། སྔགས་འདི་ཁྲི་ཡིས་རྫས་ལ་ངར་གདགས་ཤིང་། །ནམ་དགོས་བརྒྱ་རྩ་རེ་ཡིས་ཁ་སབ་བྱ། །གུ་རུ་རཏྣ་གླིང་པའི་གཏེར་བྱོན་ནོ། ༈ །རྒྱུན་དུ་བརྒྱལ་ན། བོང་བུའི་བྲུན། ཕག་ནག་དང་། ཁྱི་ནག་པོའི་བྲུན་བཅས་ཀྱི་ཁུ་བ་སྣར་བླུགས་པས་འཕྲལ་དུ་སོས་ཡོང་། ༈ །མིད་པ་ཁྲག་སྐྱེས་ལ་ཚྭ་དང་། གྲེ་བར་གྲ་མ་ཟུག་ན་ཟན་སྲ་མོ་འཇང་པས་ཕན། བུད་མེད་སྐྱེས་པ་མེད་པ་ཁོག་སྟོད་འཚང་ཞིང་། ལ་ལས་བད་ཀན་དུ་ངོས་འཛིན་པ་དེ་ལ་ལོ་བརྒྱད་དྲི་ཆུ་བླུད་པས་ཕན་ངེས་ཡིན། རྒྱ་མེན་མོ་ནད་ཆིག་སྡུམ་ཤིན་ཏུ་ཟབ། གྲེ་ཐོག་མཇུག་ཏུ་རྒྱ་ཁྲག་དྲོན་མོ་སྦྱར་བའི་མན་ངག །རྣ་བའི་ཁྲག་དྲོན་འཐུང་བས་ཆང་ནད་གཏན་དུ་འབྱངས། བུལ་ཏོག །རུ་རྟ། ཆུ་རྩ། དུར་བྱིད་ཀྱིས་རྒྱ་སྨར་སྲུངས། ལྤགས་སྲིན་ལ་སྤང་སྤོས་བདུག་ཅིང་། ལི་ཤི་བརྡར་ཁུ་བྱུགས་པས་ཕན། ཁ་ཤའི་རྭ་ཚུགས་དྲོད་ཅུང་ཟད་ཡོད་པས་བསྲོ། མིག་གི་ཤ་འཛེར་ལ་ནད་པ་རང་གི་


JKT017_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་དང་ཁ་སྤུ། རྐང་སེན། ཤ་རུས་བཙའ་མ་ལྷམ་དྲེགས་བཅས་བདུག་པས་ཕན། སོ་སྲིན་ལ། སྨན་ཆེན། གླ་རྩི། ཤིང་ཀུན། སྒོག་སྐྱ་བཅས་རས་ཐུམ་པོར་བསྟེམས། ཁ་ནད་རྙིལ་ཆུང་ཆད་པའི་རིགས་ལ། དྲི་ཆུས་བཀྲུས་ནས། གླ་རྩི། ཚལ་ནག་མཚུར་རྣམས་ཀྱི་ལྡེ་གུ་བྱུགས་ན་མྱུར་དུ་ཕན་ནོ། ༈ །འབོགས་པ་རྣམས་འབོགས་གྲབས་དུས་རྐང་པའི་མཐེ་བོང་ལ་སྐུད་པ་ཞིག་བཏགས་ནས་མི་གཞན་ཞིག་གིས་བཟུང་བས་འབོགས་འཕྲོ་ཆད། སྨན་ནི་ཁྲའམ་པུ་ཤུད་ཀྱི་སྙིང་སྐམ་པོ་ཆང་གིས་ཕུལ་བས་ལན་གསུམ་གྱིས་ཕན། དེ་རྗེས་ཨར་བརྒྱད་བསྟེན། ལྐུགས་པ་ཏི་ཏིའི་སྒོ་ང་གྱུར་མིད་བྱེད། གཟའ་དང་རྒྱལ་པོའི་བདུག་པ་སོགས་རྫས་ངན་འགྲོ་རིགས་ལ། སྤང་སྤོས། མཁན་པ། རྡོ་དྲེགས། ཤུག་པ་བཞི་བསྲེས་ན་ལྷ་སྲུང་ལ་མི་ཕོག་པ་མན་ངག །བུལ་ཏོག །རུ་རྟ། དུར་བྱིད། དབྱི་མོང་ནག་པོའི་མེ་ཏོག་བཞིས་ཤུ་ཏ་ལོ་སེ། ཟབ། ཡུང་བ། སྐྱེར་པ། སྐྱུ་རུ་རའི་ཐང་ཞག་འགའ་བསྟེན་པས་མཁྲིས་པ་ཤ་སེར་མིག་སེར་ལ་ཕན། བོང་དམར། ༡་༠༠ ཨ་རུ་ར་འཇིགས་མེད། ༠༡༠ སྦྱར་བས་བད་ཀན་གྲེ་འགགས་ནད་ལ་ཐེང་པས་ཆོག་པ་ལག་བླངས། རྣ་བའི་ནང་སྲོག་ཆགས་ཤོར་ན། རྒྱ་ཚྭ་ནས་ཙམ་ཆུ་དྲོན་ཐིག་པ་གཅིག་བླུགས། ཡང་ན་མཁན་པའི་ཁུ་


JKT017_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བ་བླུགས། ལུག་ཤིག་ལ་ཆང་དང་། ར་ཤིག་སོང་ན་གཡེར་མའི་ཆུ་བླུགས་པས་ཕན། མི་ཐོད་དུམ་བུ། ཕོ་བ་རིལ་འབྲུ་བདུན་བཅས་ནད་པའི་མཆིལ་མ་ལ་བརྡར་ནས་བྱུགས་ན་སྒྲོ་བ་སྐྲངས་པ་ལ་ཕན་། ཡུང་བ་དང་། སྐྱུ་རུ་རའི་ཁུ་བ་སྦྲང་རྩི་སྦྱར་བ་གཏོང་བས་ཆུ་ཁ་སྲ་བར་བྱེད། ཧ་ལོ། རྒྱ་སྐྱེགས་དོམ་མཁྲིས་ཀ་ར་སྦྱར་བས་མཁལ་ནད་དམར་པོ་ཆུ་ལམ་ནས་ཁྲག་འཛགས་པ་ལ་ཕན་ངེས་ཟབ། བྱིས་པ་ཁ་ལོང་ན། ར་ཁྲག་གམ། ཡང་ན་སྐྱ་གའི་སྒྲོ་ཐལ་བྱུགས་པས་ཕན་ངེས། བྱིས་བའི་ཆུ་སོ་དང་། བུད་མེད་ཀྱི་བྱ་ལྕེ་སྐྲངས་ན། གླ་རྩི་ཚྭ་མར་ལ་སྦྱར་ནས་བྱུགས་པས་ཕན། རྨིག་པ་སྐྲངས་ན་ར་ཁྱིའི་སྤུ་གཞོབས་ཆུ་སེར་སྦྱར་བ་བྱུགས། བཙན་དུག་གི་ནད་ཚབས་ཆེན་ལ་རྟ་གསེབ་སྔོན་བོའི་སྦང་སར་མ་ལྷུངས་པ་བཙིར་བའི་ཁུ་བས་ཕན་ངེས། ཡང་རྟ་སྦངས་ཀྱི་ཁུ་བ་བུལ་ཏོག་བཏབ་པ་དང་། བྲག་སྐྱ་ཧ་ཝོ་ལན་ཚྭ་དང་སྦྱར་བས་ཀྱང་འཇོམས། གཏར་ཁྲག་དྲོན་མོ་བླུད་ན་སྲོག་རྩ་སོགས་ལ་མི་བྱེར། ཧ་ཅང་ཚབ་ཆེ་ན་ཐལ་ཁུ་མང་དུ་བླུད་ཅིང་ཕུབ་བསྐོར་བྱས་པས་སྐྱུགས་ཡོང་། །ཅོང་ཞི། ༠་༡༠ རྒྱ་མཚལ། ༠༡༠ ཨ་ཝ། བ་༡༠ བཅས་མགོ་ཆག་ཁོང་སྨན་ལ་ཟབ། སྦྱར་དུག་གཞན་ལ་གསང་། ཐར་ནུའི་མྱུ་གུ་གྲིབ་སྐམ། ༡་༢༠ ཚྭ་ལ་ཆུ་བཅད། བ་༡༠ ཆུ་རྩ་མདོག་


JKT017_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བཅས་མགོ་རྨ་ལ་ཟབ། སྟག་ཤ་འབྲུག་རུས་གཉིས་སམ། དེ་སྟེང་ཧ་ཤིག་བཅས་སྦྱར་བས་རྨ་རིགས་ཀུན་ལ་སྐུད་པས་བཙེམས་དང་མཚུངས། མེས་ཚིག་པའི་རྨ་ལ་རྟ་ཕྲུ་སྐམ་པོ་ཞིབ་པར་བཏགས་ནས་བཏབ་པས་ག་བུར་ལས་ཀྱང་བསིལ། སིནྡྷ་ར་དང་། ཅུ་གང་ངམ། རས་ལྕགས་ནག་བསྲེགས་ཐལ་གྱིས་ཕན་ཆེ། བུལ་ཏོག་དང་དུད་པ་བྱབ་ལ་མ་གཉིས་བྱུགས། ཉི་མ་ལ་བསྟན་པས་ཚབས་ཆེ་བ་ཉིན་གཅིག་དང་། ཆུང་བ་ཉིན་གསུམ་ནས་སོས། ཆུ་ཚན་གྱིས་ཚིག་པ་ལ་ཆུ་བལ་བརླན་པས་ཕན། རི་བོང་མཁྲིས་པ་དང་སྤུ་རྩས་ལིང་ཏོག་ལ་ཕན། མར་མེའི་དུད་པ་དང་སྐྱེར་ཤུན་སྦྱར་བས་མིག་ནད་ལ་ཕན། ཟངས་སྡེར་ནང་དུ་ལི་ཤི་ཞོ་དང་སྦྱར་བ་བྱུགས་པས་ཀྱང་ཕན། ཡུང་བ། གསེར་མདོག །མྱོང་རྩི་ཏྲ་གསུམ་ཆ་མཉམ་ནུ་ཞོས་སྦྱར་བ་བྱུགས་པས་ཕན་ཆེ། ཟངས་ལ་ཞོ་སྦྱར་ཉི་མར་བསྲོ་སྟེང་ནས་པྲི་ཡངྐའི་མེ་ཏོག་གིས་བཀབ། །སག་རྩི་ཆུ་སྦྱར་མིག་ལ་བྱུགས། །ལོང་པ་ལ་ཡང་མིག་དང་ལྡན། །འདི་ནི་མར་པ་ལོ་ཙཱའི་ལུགས། །སྤྱི། མིག་ཏུ་རྡུལ་སོང་ན། ལག་རྔ་སྲི། ཞེས་མང་དུ་བགྲངས་ནས་མཛུབ་མོ་ལ་བཏབ། མིག་ཏུ་བསྐོར་བས་དོན་འོང་། མིག་ཏུ་སྐྱེར་བྱུང་ན་བྱ་ལོ་པས་ཕུ་བྱ། དེས་ཕན། དྲང་སྲོང་གི་དུག་ལ་སྲིན་བྱའི་གོ་རོ་ཙ་ན། ཟངས་རྡོ། གྲི་ཁྲག །


JKT017_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཡུགས་སའི་མངལ་ཁྲག་རྣམས་ཞིབ་བར་བཏགས། ཟངས་གཞོང་དུ་བུ་རམ་གྱི་མགོ་བསྡུས་ལ་རིལ་བུར་དྲིལ། ཕྱག་རྡོར་གོས་སྔོན་ཅན་གྱི་གཟུངས་རིང་མཐར་སྡུམ་པོ་ལི་སོགས་བཏགས་ལ་རབ་གནས་བྱ། སྲུང་ན་ཚེས་བཅོ་བརྒྱད་བཅོ་ལྔ་ཉེར་དགུ་དང་། ནད་གཞི་ཡོད་ན་ཚེས་བཞི་བརྒྱད་བཅུ་གཉིས་བཅུ་གསུམ་བཅོ་ལྔ་ཉེར་གསུམ་ཉེར་ལྔ་ཉེར་དགུ་གནམ་གང་རྣམས་ལ་གུལ་ཐང་གིས་ཕུལ་ལ་གཏོང་། རང་གིས་ཟོས་པས་རང་ལ་མི་ལྡོག །ནད་ཕོག་མ་ཐག་ནས་ནད་པས་ནད་དེ་རེད་ཚུལ་མ་ཐོས་གོང་དུ་སྤོས་དཀར་གུ་གུལ་བསྣན་པ་ཟབ། ཐང་ཞག་གསུམ་གཏོང་ནས་བཙོན་དུ་བཟུང་བ་གལ་ཆེ། །གཟའ་ནད་ཀྱིས་ཁ་ལྐུགས་པ་ལ། གངས་བྱིས་སྐེ་སེར་པོ་ཅན་གྱི་ཤ་ཆ་༡། ཟངས་རྡོ་དེ་ཕྱེད། བཙོད་ཁྲག་ཉུང་ཙམ་བཅས་ཀྱིས་འཕྲལ་དུ་ཕན་པ་མྱོང་གྲུབ་མའོ། །མགོ་རླུང་ཅིས་ཀྱང་མ་ཕན་ན་གུལ་ནག་གི་ཐང་བཏང་། སོ་ནད་སྤྱི་ལ་ཤོག་ཤིང་གི་བར་ཤུན་སོ་བར་དུ་བལ་གྱིས་དྲིལ་ལ་བསྟེམས་པས་ཕན། རླུང་ཤས་ཆེ་བའི་སོ་སྲིན་ལ་སྒོག་སྐྱས་ཕན། སྨན་ཆེན་རས་ལ་བསྟུམ་པས་གྲང་སྲིན་སེལ། སེང་སྦྱར་དང་། པྲི་ཡངྐ་ཆ་མཉམ་གྱི་ཐང་གིས་ཚ་ཆུ་གྲང་ཆུར་བསྒྱུར། དྲེག་ནད་ལ་ཟ་ཡི་ཁཎྜ་བྱུགས། ཡང་ན་མཛོ་ལྕི་དང་ལོ་བརྒྱད་དྲི་ཆུའི་ལུམ་བྱའོ། །བྱིས་པའི་ཁ་ལང་ལ་རུག་པ་དང་ར་ཁྲག་སྦྱང་


JKT017_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱུགས། ལྕུམ་རྩ་ཅོང་ཞི་གོ་ཐལ་གསུམ། །མ་ཞུ་ཀུན་ལ་བདུད་རྩི་འདྲ། །ཆིག་ཐུབ་༢་༠མིང་ཅན་༡་༠སྟག་༡་བཤ་དང་། །ལན་ཚྭ་ཐུར་མགོ་གང་ཙམ་སྦྱར། གག་ལྷོག་གཉན་རིགས་ཀུན་ལ་འགྲོ། །སོལ་བས་ལོས་དང་གཡི་མང་ཚད། །ཤ་བམ་ཐང་ཐལ་ཁུ་ཚོས་ལེན། །ཁྲག་རླུང་གིས་འདར་བ་ལ། ཀོ་བྱི་ལའི་སྤུའམ། དེ་དང་ཨར་ནག་འཁྲུལ་མེད་བསྲེས་པ་བདུག་ན་འཕྲལ་དུ་ཞི་འགྲོ་བ་ལག་བླངས། ༈ །ཤྲཱི་སྭ་སྟི་པྲ་པུཏྟཾ། འདིར་གསང་སྨན་གྱི་རིགས་འགའ་ཞིག་ལ། བྱང་ལྷུན་པ་སོགས་ལུག་མིག་ཆེ་བ་མགོ་གཉིས་གསུམ་སྦྲེལ་བ། ལོ་མ་མིང་ཅན་སེར་པོ་འདྲ་བ། ཁེར་སྐྱེས་ཚོ་ཅན་རྟིང་པ་ཐུང་བ་རྐང་གཅིག་པ་དེ་ལ་དོམ་རལ་པའམ། དོམ་ནག་རལ་པ་ཞེས་མགོ་ཆག་གི་ཆིག་༡སྡུམ་མཛད། ཟུར་ལུགས་པས་མ་ཏང་མཆིན་བུ་ལ་མགོ་ཆག་གི་གསང་བ་ཆིག་༢སྡུམ་མཛད། བྲང་ཏི་སོགས་ཨབྷིཥ་༣དང་། སྔ་རབས་པ་ཁ་ཅིག་སྤང་སྐྱེས་ཨའུ་ཙི་༤ ལ་མཛད། །གློ་བའི་གསང་སྨན་ལ། ར་མོ་ཤེལ་སྨན་པས་བདུད་རྩི་གངས་ཤམ་པ། ཕལ་ཆེར་གྱིས་ཚན་༦དམར་པོ་སྟེ་སྲོ་ལོ་དམར་པོ། གཏེར་བྱུང་གི་མན་ངག་འགར་ཇོ་མོ་གློ་༧སྡུམ་མམ་རོག་བོ་འཇོམས་སྐྱེས། གཡུ་ཐོག་ཡབ་སྲས་ཀྱིས་སྲོ་ལོ་དཀར་ཆུང་སུག་འདྲ་ཞེས་པ་འདིའི་མེ་ཏོག་ཁ་བྱེ་མ་ཐག་པ་ལ་


JKT017_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། ༈ །མཁྲིས་པའི་གསང་སྡུམ་ནི་བི་ཇི་དང་དྭགས་པོ་རིན་པོ་ཆེ་བཅས་གུར་ཏིག་༩ལ་བཞེད། འདི་རྨ་ལའང་བཟང་། ༈ །ཤ་དུག་གསང་སྨན་ཕལ་ཆེར་བྱིའུ་༡༠ལ་ཕུག །བི་ཇིས་ཀོན་བ་གབ་༡༡སྐྱེས། མོ་གོལ་གྱི་སྨན་པ་དག་འོམ་བུའི་ལོ་མ་ལ་༡༢བཞེད་སྣང་། ༈ །དུག་སྤྱིའི་གསང་སྨན་ལྡམ་སྟག་༡༣དང་། དཔའ་བོ་དཀར་༡༤པོ་ལ་བཞེད་པ་མང་། དགས་པོ་མཛད་། འདི་ནོར་ཕྱུགས་ཀྱིས་རྩ་ཆུ་ཤིང་སོགས་ཀྱི་དུག་ལ་ཟབ་པ་མྱོང་གྲུབ། སྤུ་བོའི་སྨན་པ་དག་སྡུམ་བུ་རྨ་༡༦བྱ་ཟེར་བ་ལོ་མ་དམར་སྨུག་ས་ལ་བསྒྲད་ནས་སྐྱེ་བ། འདབ་མ་ཉ་ག །ལྡུམ་བུ་བོང་ང་དམར་པོའི་ལོ་དབྱིབས་ཕུང་པོ་ཆུང་བ་ཕོར་ཞབས་འཁོར་རྒྱ་ཙམ་ལས་མི་སྐྱེ་བ་རོ་ཤིན་ཏུ་ཁ་བ་ཞིག་ལ་བྱེད། གཡུ་ཐོག་དང་ཟུར་མཁར་བ་སོགས་ནི་ཀོ་༡༠ཋ་ཁོ་ན་མཛད་པ་ཉིད་དོ། ༈ །མོ་ནད་ཁྲག་ཚབ་གསང་སྨན་བ་མ་ལུ་༡༨ལུའི་རྩ་བ་ལ་ཆག་སྨན་པས་མཛད། ༈ །དམུ་ཆུའི་གསང་སྨན། གཡུ་ཐོག་པས་བྱ་མ་གྲགས་༡༧གོང་བཏུས་པའི་སྲད་དཀར་ཁོ་ན་དང་། ར་མོ་ཤེལ་སྨན་སོགས་མང་པོ་ཞལ་འཆམས་པར། པྲི་ཡངྐ་༢༠། སྲད་ནག །མེ་ཏོག་སྔོ་དམར་ལོ་མ་སྤུ་ཆུང་ཅན། སྔོ་སྟབས་སེང་ཞེས་ལོ་སྡེབས་སར་བསྒྲད་སྡོང་བུར་མེ་ཏོག་ནག་རྡོག་སྐྱེ་བ་སྔོ་ཆོལ་བརྡུངས་བྱས་ནས་ཆུར་བསྐྱུར་


JKT017_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཁུ་བ་སྔོན་པོར་འགྲོ་བ་སྔོ་བེཌུརྨ་ཞེས་པ། རྟ་མོན་པ་ཞེས་རྩ་བ་ཆ་ག་མོན་ཆེན་དམར་པོ་ཅན་མེ་ཏོག་རྩི་ཐོག་དཀར་པོ་ཅན་གྱི་ལོ་མ་སྟེ་འདི་བཞི་ལ་མཛད། དེ་དག་ཉི་མ་མ་ལྡོག་གོང་དུ་བཏུས་ནས་སྔོ་ཆོལ་གྲིབ་སྐམ་དགོས་གསུངས། ༈ །མན་ངག །ཨོཾ་ཨ་ཐཱ། གུ་གུལ་ནག་པོ། མི་ཟི་ནག་པོ། བོང་ང་ནག་པོ་གསུམ་སྦྱར་༡བའི་དུད་པས་བྱིས་པའི་གདོན་ཐམས་ཅད་རྒྱང་རིང་དུ་བྱེར་བར་བྱེད་དོ། །སྟར་བུ། རུ་རྟ་གཉིས་མཉམ་སྦྱོར་ལ། མཛེ་ཚྭ་ཕྱེད་ཆ་བསྣན་༢པས་བུད་མེད་ཀྱི་རླུང་ཚབ་སེལ་ཞིང་མངལ་སྐྲུན་ཐམས་ཅད་བཤིག་པར་བྱེད་དོ། །ལྕུམ་རྩ། སྐྱེར་ཤུན། ཡུང་བ་བ། གསུམ་ཆ་མཉམ་༣པའི་ཕྱེ་མས་བྱིས་པའི་ཤ་སེར་དང་མིག་སེར་གྱི་ནད་སེལ་སྟེ། ཐུན་གསུམ་གྱིས་ཆོག་པ་མྱོང་གྲུབ་མའོ། །ཡང་ན་མཁྲིས་ལས་རྣམ་རྒྱལ་ཚད་ལྡན་དང་། ཁ་ཆེ་གུར་གུམ་མཉམ་སྦྱོར་༤ཀྱང་ཟབ་བོ། །ཝ་བ་ལ་རྒྱ་མིའི་ཁ་ཟས་སུ་འགྲོ་བའི་ཧེ་ཏེ་༥ཞེས་པ་འདི་ནངས་པར་ལྟོ་སྟོང་ཟོས་པས་འཇོམས་ངེས་མྱོང་བས་གྲུབ་བོ། །པཎྜི་ཏ་གོ་དྷ་༦ལའི་ལུགས་ནི། བུ་ཧར་གྱི་ཐག་པ་ལ་གཤའ་ནག་གི་ཕྲེང་བ་བརྒྱུས་ཏེ་མགུལ་པར་དཔྱངས་པ་ཉིད་དོ། །རེ་ལྕགས་པའི་རྩ་བ་ཞིབ་བརྡུངས་ཆུར་བཙོས་༧པས་འབྱར་བྱ་བ་འབྲས་ནད་ལ་ཟབ་པ་མྱོང་གྲུབ་མའོ། །གསང་སྨན་ནར་མོ་སླ་ངར་བརྔོས་པ་


JKT017_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ལ། མར་ཁུ་དང་ཨ་རག་གི་ཉིང་ཁུས་བྲན་ནས་འཐུང་ན་གྲང་འགྲམ་གྱི་རིགས་ཐམས་ཅད་ལ་ཐེངས་པས་ཆོག་གོ །རྨ་སྲིན་འཚོར་མི་འདོད་པ་ལ་ས་ཁ་སྟོད་ཤིན་ཏུ་མཐོ་བར་གནས་པའི་བྲ་བྱིའི་པགས་པ་༩དྲོན་མོའི་འབྱར་གྱིས་ཕན་པར་ངེས་སོ། །དབང་ལག་ཆ་བཅོ་ལྔ་དང་ཏིལ་དཀར་ཆ་བཞི་ཞིབ་པར་བཏགས་ཏེ། ཕག་པའི་ཤ་ཆ་གསུམ་དང་སྦྱར་༡༠ཏེ་ཁྱེའུ་སོགས་སུ་བསྟེན་ན་རོ་ཙ་བའི་མཆོག་ཏུ་༧འགྱུར་རོ། །བྱིས་པའི་ཁ་ལང་ལ་ར་ཁྲག་དང་དངུལ་ཆུ་དུལ་མ་སྦྱར་བ་བྱུགས་༡༡པས་ཕན་ནོ། །བུད་མེད་བུ་བཙས་རྗེས་རཀྟ་འབྱམས་པ་ལ་འདོམས་སུ་འོམ་བུའི་དུད་པ་བཏང་ཞིང་། རྒྱ་ཚོས་ཀྱི་གར་ཐང་ལ་དོམ་མཁྲིས་བཏབ་ནས་བཏང་༡༢ན་ཆོད་ངེས། རྒྱ་སྐྱེགས་ཀྱི་ཆིག་ཐང་༡༣དུག་དང་སྲིན་ནད་ཐམས་ཅད་ལ་ཟབ། ༈ །ལིང་ཏོག་ལ་ནི་ལ་ཐོ་ཞིབ་བཏགས་ཕྱེ་མ་སྐམས་འདེབས་༡༤ཀྱིས་འཕྲལ་དུ་ཕན་ངེས་ལག་བླངས། ༈ །མེས་ཚིག་གི་རྨ་རིགས་ཐམས་ཅད་ལ་རྟ་ཕྲུ་རློན་པ་བརླན། སྐམ་པོ་ཡིན་ན་ཆུ་ལ་༡༥སྤངས་ནས་བརླན་པས་ཕན་ངེས་ཟབ། ༈ །བུད་མེད་ཕྲུ་གུ་སྐྱེ་མ་ཐུབ་པ་ལ། གོ་བོའི་ཤ་༡༦ཆུ་ལ་སྦྱར་ནས་གསང་སྟེ་བཏང་བས་འབྱིན་ངེས་ལག་བླངས། ༈ །རྒྱ་གར་སོགས་ཚད་པ་ཆེ་བའི་སྐྱོན་གྱིས་འཁྲུ་ནད་འབྱུང་བ། དེའི་གཉེན་པོར་རབ་བྱ་རྒོད་ཀྱི་གསོན་ཁྲག་དྲོན་མོ༡༧།


JKT017_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་ཁྲག་སྐམ། ཐ་མའང་ཤ་ཁྲག་སྤུ་སོགས་གང་འཛོམས་ཀྱི་ཐང་གིས་ཕན་པ་མྱོང་གྲུབ། ༈ །རྨ་རིགས་བཅད་འབྱོར་ཉི་ཤུ་ཐུན་མོང་དུ་གསལ་བ་དང་། གཞན་ཡང་གསང་སྡུམ་ཞལ་ཤེས་བཞི་ཡོད། ༈ །ཟུག་རྔུ་ཁོང་དུ་ལངས་པ་དང་། བུ་རོག་མ་ཐོན་པའི་གསང་སྨན་ཡུ་མོ་མདེ་འབྱིན་༢༥ཏེ། དེ་ཡང་སྔ་མ་ལ་རྡོ་ཁབ་༢༦ལེན་དང་། ཕྱི་མ་ལ་འོལ་མོ་སེའི་རྩ་བ་༢༧བསྡེབས་པ་ཆིག་རྒྱུག་ཏུ་བཤད་སྣང་། ༈ །སྣ་ཁྲག་སོགས་ཤོར་བའི་གསང་སྨན། གུར་ཏིག་དོམ་མཁྲིས་༢༨རྒྱ་སྐྱེགས་ཁུ་བས་ཕུལ་གཏོང་ཆུ་བསིལ་གྱིས་རེག་བྱ་བྲལ་བར་ཁྲག་འབྱམས་ཕྱོགས་ནས་ཡང་ཡང་བྲན་པས་ཆོད་ངེས་བི་ཇིས་བཞེད། ༈ །རྒྱུ་གཟེར་གསང་སྨན་གཞོན་ནུ་མ་གྲོང་ཆོས་ཀྱིས་མ་གོས་བའི་པད་རག །རི་ཀླད། སྙ་ལོ། དུག་ཉུང་བཞི་༣༨སྦྱོར་རིལ་བུ་ལྟོ་བཀུག་ནས་སྲན་འབྲིང་ཙམ་བདུན་རེ་ལན་གསུམ་གཏོང་བ་ལས་མི་དགོས་ཞེས་གནུབ་སྟོན་བུདྡྷ་ཛྷཱ་ན་བས་བཤད། །སྦྱར་དུག་སྲུང་བ་དང་། བྱུར་དུག་ནད་རོ་རྩི་ཞེན་གཏིང་འཕར་རྒྱུ་ཡོད་པ་རྣམས་ལ་བྱང་ལྟས་ཀྱི་ཆར་ཉུང་ལོ་དགུ་ལོན་པའི་ཁཎྜ་༣༣ ༈ དེ་ཡི་ས་བོན་ལོ་དགུ་ལོན་༣༤ པ། ཧ་བོའི་འབུས་བུ་ཆ་མཉམ་པའི་རིལ་བུ་སྲན་འབྲུ་ཙམ་པ་བདུན་རེ་རྩ་སྟོང་ལ་བསྟེན་པས་ཟླ་གཅིག་གིས་ནད་ཚབ་དང་ཡུན་ཇི་ལྟར་ཆེ་ཡང་གཏིང་དག །རིལ་


JKT017_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གསུམ་རེ་རྩ་སྟོང་ལ་གཏོང་ན་ཉིན་རེའི་སྦྱར་དུག་ངེས་པར་སྲུང་ཞེས་ཛི་ན་མི་ཏས་བཤད་པ། ཞང་སྨན་པས་ལུང་དྲངས་ཤིང་གསང་རྒྱ་ཆེ་བར་མཛད་འདུག་ལགས། ༈ །མན་ངག་ཉེར་མཁོ་སྣ་ཚོགས་སྐོར་ལས། འབྲུམ་བ་དཀར་པོར་འགྱུར་ཐབས་སི་ཏུའི་འབྲུམ་བཅོས་ལས་བཤད་པ་དེ་རང་གིས་ཡོང་། བསེ་འབྲས་ཀྱི་འབྲུམ་སྲུང་དཔྲལ་བར་བཙུག་སྐབས་རྨ་འབྱུང་བ་འཕྲུགས་མི་ཉན། ༈ ། འབྲོང་མཁྲིས་ཀྱི་སྐྲ་ལོ་སྐྱེ། མཚོན་མཐིང་ཁོང་དུ་སོང་ནས་སྐྱུགས་པ་ལ་ཤ་བསྲེགས་པས་ཕན། རོ་ཐལ་དང་ཕུག་རོན་ཁྲག་གིས་མཛེར་པ་ལ་ཕན། རྟ་ཁྲག་དྲོན་མོས་ཀྱང་ཕན་ངེས། ར་གསེབ་པགས་པས་འདྲེ་ཤིག་སྲུངས། ཤིང་ཀྲི་བའི་འབྲས་བུས་ཀྱང་མཛེར་པ་ལ་ཕན། མགོ་ཆག་དང་རྨ་སྨན་རིགས་གང་ལའང་གསེར་ཐུར་རྒྱལ་མོ་དང་། རྨ་ཆེ་ཆུང་གང་ལའང་བྲག་ལྕམ་མེད་ཐབས་མེད། ཁྱི་དུག་གསང་སྨན་གཡའ་ནག་སྟང་ཟིལ་དང་། མཆོག་ཏུ་ཟབ་པ་འབུ་ཁྱི་ཟེར་བ་དེ་ཡིན། འདིའི་ཚབ་ལུག་ངལ་གྱི་འབུ་དེས་ཀྱང་རུང་ཟེར། འབྲས་ཀྱི་གསང་སྨན་རྟ་ཚེར་ཡིན། ལིང་ཏོག་ལ་ནི་རྨ་ལ་བླུགས། ཞིམ་ཐིག་གི་ཕྱེ་མ་རེངས་བུར་སྦྱར་བས་ལེན། ནཱི་ལ་ཐོ་ཁས་ལོན་ངེས་ཀྱང་གཞན་ལ་རེག་མི་ཉན། རྟ་ཟོག་རྩ་དུག་ལ་བེ་ཁྲག་གིས་ཕན་ཆེ། ལྡོག་པ་ལ་དང་པོ་སྐྱེར་ཤུན་ཐང་བཏང་། ཕྱི་


JKT017_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དཀར་གསུམ་བྱུགས། དེ་རྗེས་གླང་ཆེན་སྨྱོན་པ་དང་། །ཁྱུང་ལྔ་མཉམ་སྦྱོར་བཏང་། དམར་ཆེན་རྡོ་རྗེ་ཕ་ལམ་ཟབ། ཕོ་ཐོག་ལ་ཟས་སྤྱོད་སྨན་དཔྱད་དྲོད་དང་། མགུལ་འགགས་བསིལ་ཤས་ཆེ་བས་བཅོས། མིག་གི་འགྲིབ་རྩ་ཕྱི་མ་གཅོད་ལུགས། མིག་ཟུར་ནས་ཕྱིར་ཚོན་གང་སར་བཙག་བུས་གཤགས། ལྕགས་ཀྱུས་དཀྲུགས་པས་རྩ་ཞིག་དོན་སོང་། དེ་སྲན་མ་ཟ་དུས་འགུལ་ཞིང་། མདོག་སྐྱ་ན་དེ་མི་བཅད། མི་འགུལ་ཞིང་མདོག་སེར་པོ་ཞིག་ཡོད་པས་དེ་བཅད། ཤུལ་ཚུག་གིས་མནན། ཤ་གདན་མ་བསྣད་པ་གལ་ཆེ། རྟ་ཤུ་ལ་རྟ་ཡི་སློ་དྲོན་ནམ། སྲབ་མདུད་གཏུགས་ཀྱང་ཕན་པ་ལག་བླངས། རྒྱ་ཐོར་ལ་འོལ་མོ་སེ་གཅིག་པུ་བྱུགས་པས་ཕན་ཟེར། འབམ་གྱི་གསང་སྨན་ནི་གུར་ཏིག འདི་མཁྲིས་པཀྵཡ་ཟབ། ཀྲྀ་ཎཾ། འབམ་པོ་རྣམས་ཡིན། ཁྲོག་ཆུང་ནི་དཀོན་པ་གབ་སྐྱེས་ཏེ་ཁྲག་ཆོད་ཆིག་སྡུམ། མཛེར་སྡུམ་གྱིས་དྲེག་ལ་འབྱར་བྱས་པས་ཕན། གཡའ་རུག་ཞེས་པ་ཧོང་ལེན་ཡིན། ལྷོག་པའི་གསང་སྨན་དུག་ཆུག་གམ་ཏའུ་ཆུང་ངམ་ཨ་བྲའི་ཉུང་མ་ཟེར་བ་དེ་ཡིན། སྟོད་འཚང་ལ། ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པར་བྱས། ནད་ཐམས་ཅད་སྙིང་གར་ཧ་ཡིག་ནག་པོ་ཞིག་ལ་བསྡུས་ནས་གཟེར་སར་བསྒོམས། ནམ་མཁའི་མཐོང་དུ་ཨདཀར་པོ་


JKT017_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བསམ། ཧ་ཞེས་བརྩེགས་མར་བརྗོད་ལ་ལག་པ་གཉིས་བསྒྲད། དམིགས་པ་ཧ་དེ་སྙིང་ཁ་ནས་བརྒྱུད། ནམ་མཁའི་ཨལ་ཐིམ་པར་བསམ་ནས་མི་དམིགས་པའི་ངང་དུ་བཞག །འདི་ལ་དམིགས་པ་བཀའ་རྒྱ་མ་ཟེར་གསུངས། རཀྵའི་ཕྲེང་བས་མིག་ལ་གནོད། ཤིང་དངར་གྱིས་དངུལ་ཆུའི་དུག་ལ་ཕན། ས་མུ་དྲ་ཕ་སྒོག་པ་དང་མཉམ་དུ། ལ་ཁར་བཟུང་བས་དངུལ་ཆུའི་སོ་ནད་མི་འབྱུང་། རྐང་པ་སྦྲིད་པ་ལ་གོ་ལྡོག་མིག་ལ་མཆིལ་མ་བྱུགས་པས་ཕན། ཅོང་ཞི་འོ་མ་དང་སྦྱར་བའམ། དབང་ལག་བ་འོ་དང་སྦྱར་བ་ཟླ་ཕྱེད་བསྟེན་པས་ཤ་མདངས་ཟླ་བ་ལྟར་འགྱུར། སོ་འབམ་ལ་སོ་ཕག་གོ་ཡུའི་ཐང་གིས་ཕུལ། གླང་ཐབས་ལ་སྲོག་ཆགས་ནག་པོ་ཀོག་པ་ཅན་གཏོང་། ར་གསེབ་ཁྲག་བླུད། ཅིས་ཀྱང་མ་ཕན་ན་ལང་རྩ་གཏར། སྨན་ཟླ་ཤེལ་དང་། གཡུ་དྲིལ། ཕན་པ་ཀུན་ལྡན་རྣམས་༧ ཟབ། རྐང་ལག་འགྱུར་བ་ལ་བུ་མོ་སྟག་ལོ་མས་སོ་བཏབ་པས་ཕན། རྟ་ཟོག་རྩ་དུག་ན་བ་ལ། རྔ་སྙིང་སོ་ཡིས་ཁྲག་མ་བྱུང་བར་འཛིན་པས་ཕན་ངེས། རྐང་ནད་ལ་གུར་གུམ་བཅོ་བརྒྱད་ཟབ། མེས་ཚིགས་ཚབ་ཆུང་ལ་སྦྱིན་བསྐུས་བས་ཆུ་བུར་འཕྲལ་དུ་འབྱུང་ཞིང་ཕན། ཁྱི་རུས་ཚིག་ཡག་མ་རེད་པའི་ཕྱེ་མ་པར་བུར་བཅངས། ཕག་ཚིལ་དང་སྦྱར་ནས་བྱུགས་པས་ཀྱང་ཕན། སོ་བརྡུངས་པ་


JKT017_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་འགུལ་ན་གཟེ་མའི་རྩ་བ་མེར་བསྲེགས་ཐལ་བྱུགས། བྱིས་པ་མཚན་ངུས་བྱེད་པ་ལ་མར་མེའི་རོས་ཐོ་སླར་ཡང་བསྲེགས་པ་ནུ་མར་བྱུགས་པས་ཕན། ཕག་བྲུན་བསྲེགས་ཐལ་བོང་བུའི་གཅིན་དང་སྦྱར་ནས་སྣར་བླུགས་ན་ཡམ་ཀླད་གཟེར་ལ་ཕན། ཀ་རཉྫ་བ་འོར་བཏབ་པས་ཁོང་སྲིན་དང་གཞང་སྲིན་ལ་ཕན། ཤ་འབྲས་དང་བྱེ་མ་ཀ་ར་ཞིབ་བཏགས་ཞོ་དང་སྦྱར་ན་ཚད་འཁྲུ་གཅོད། མགྲོན་བུ་བསྲེགས་ཐལ་ནུ་ཞོ་དང་སྦྱར་བས་རྣ་བའི་རྣག་ཁྲག་ཆོད། སྐྱུ་རུ་ར་ཨ་རག་གི་ནང་དུ་སྦངས་པའི་ཁུ་བས་བྱུགས་ན་སྐྲ་ཚན་ཆེ། ཕུར་མོང་ནག་པོ་ཤ་ཡི་གསེབས་ལ་བརྫོང་བས་འབུ་མི་འབྱུང་ཞིང་ཤིང་ཀུན་གྱི་དྲི་མས་ཀྱང་ཐུབ་བོ། །ལ་ལ་ཕུད་མེར་བསྲེགས་པའི་དུ་བ་ཁར་གཏོང་ན་སོ་སྲིན་ལ་ཕན། གཉན་འབུར་གྱིས་སྐྲངས་པ་ལ་བ་ལྕི་རློན་པ་སྣུམ་བསྲེས་པའི་སྐྱོ་མ་དྲོན་མོ་བྱུགས། །དེ་རས་ཀྱིས་བསྡམས། གྲང་བ་དང་ཡང་ཡང་བརྗེ་བ་སོགས་བྱས་པས་མྱུར་དུ་རྣག་ཏུ་སྨིན། དེ་བརྟོལ་བ་སྒ་སེར་མེར་བསྲེགས་པ་ཆུར་བརྡར་ལ་གང་བརྡོལ་སར་བུག་པ་ཆེ་ཆུང་ཇི་ལྟར་འདོད་པའི་རྒྱུར་ཡང་བྱུགས་པས་མྱུར་དུ་བརྟོལ་ངེས་སོ། །སྤྲ་ཚིལ་བཞུ་སྟེ་རས་ལ་བཙགས། དེ་སྟེང་བ་མར་བཙག་བླུགས་ཏེ་དཀྲུགས་པ་བྱུགས་ན་རྐང་ལག་གས་པ་ལ་འཕྲལ་དུ་ཕན་པ་མྱོང་གྲུབ། རྡོ་ཐལ་ཆུ་ལ་


JKT017_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་པ་དང་སོ་ཕག་རྙིང་པ་གཉིས་བསྲེགས་པའི་ཁུ་བ་གང་རུང་གི་གདུས་ཐང་གཏོང་བས་ཞྭ་ལོག་འཁྲུ་སྐྱུགས་ཀྱིས་སྐྱུགས་པ་སོགས་སྐྱུགས་པའི་རིགས་ཐམས་ཅད་གཅོད། རི་སྒོག་རྩ་རྩེ་མ་རྙིང་མ་ རུལ་པ་གྲིབ་སྐམ་བྱས་ལ་ཞིབ་པར་བཏགས་པ་མར་གསར་པས་རྟ་བྱས་ནས་རིལ་བུ་སྐྱུ་རུ་ར་ཙམ་གཏོང་ན་གྲང་རླུང་གི་རིགས་མཐའ་དག་ལ་ཕན། ལུས་སྟོབས་བསྐྱེད། འདོད་པ་མཆོག་ཏུ་སྤྱོད་ནུས་པར་འགྱུར་རོ། །དེ་ཉིད་སྦྲང་རྩིས་རྟ་བྱས་ནས་གཏོང་ན་བུད་མེད་ཟླ་མཚན་མ་བབས་པའི་ཁྲག་ནད་ལ་ཕན་ནོ། །ཆུ་གྲང་གིས་རྟ་བྱས་ནས་སྣར་བླུགས་ན་སྣ་ཁྲག་ཅིས་ཀྱང་མ་ཆོད་པ་ཆོད་པར་འགྱུར་རོ། །ཡང་སྣ་ཁྲག་ཀྱང་འཛག་ཅིང་མགོ་བོ་ན་ན། རི་སྒོག་གི་འབྲས་བུ་བཙག་བཅད་པའི་མར་ཁུའི་ནང་དུ་མ་ཚིགས་བར་བཙོས་པ་དང་། པི་ལིང་ཆ་མཉམ་ཞིབ་པར་བཏགས་ལ་དུས་རེར་ཐུན་ཚད་གསུམ་རེ་ཙམ་གཏོང་བས་ཁྲག་ཆོད་ཅིང་ནད་ཀྱང་ཕན་ནོ། །ཞུམ་བུའི་ལྕེ་གྲིབ་སྐམ་བྱས་ལ་ཞིབ་པར་བཏགས་ལ་སེ་བ་བཅུ་དྲུག་ཙམ་རེ་གཏོང་ན་མ་ཡི་ཁོང་ནས་སྨྲ་མི་ཤེས་པའི་ལྐུགས་པ་ཁ་ཕྱེ་བར་འགྱུར་ཞིང་། དབང་པོ་ཡང་གསལ་བར་འགྱུར་རོ། །ཞུམ་བུའི་ཁྲག་མ་རུལ་བ་གྲིབ་སྐམ་ཞིབ་བཏགས་མིག་ལ་བཏབ་པས་ཤ་འཛེར་ལིང་ཏོག་སོགས་མིག་ནད་ཐམས་ཅད་ལ་ཕན་ནོ། །མགོ་པོའི་ནད་


JKT017_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་གང་གིས་ཀྱང་མི་ཕན་པ་ལ་ཞུམ་བུའི་པགས་པའི་ཞྭ་གྱོན་ན་ཕན་པར་ངེས་སོ། །སྐྲ་དང་ཁ་སྤུ་སོགས་མེད་པར་འདོད་ན་ཐོག་མར་ལེགས་པར་བཞར། དེ་ནས་ཕ་ཝཾ་གི་ཀླད་པས་བསྐུ་མཉེ་ཐེངས་གསུམ་ཙམ་རེ་བྱས་ན་ཕྱིས་མི་སྐྱེ་བར་ངེས་སོ། །ཕ་ཝང་གི་ཕྲུ་གུའི་རོ་མ་མེར་བསྲེགས་ཐལ་མིག་ལ་བྱུགས་ན་སྟོང་འགྲིབ། བར་འགྲིབ། ཤ་འཛེར། ལིང་ཏོག །སྐྲངས་པ་སོགས་མིག་ནད་ཐམས་ཅད་ལ་ཕན་ནོ། །སྦྲུལ་གྱི་སྤགས་པ་མེར་བསྲེགས་ཐལ་གྱིས་མིག་དམར་པོར་འོང་ཞིང་ན་བ་ལ་ཕན་ནོ། །རྔ་བོང་ཀླད་པ་སེ་བ་བཅུ་དྲུག་ཙམ་རེ་ཁོང་དུ་གཏོང་ན་རླུང་གི་ནད་ཐམས་ཅད་ལ་ཕན་ཞིང་མིག་ཤེད་ཆུང་བའང་ཆེ་བར་འགྱུར་རོ། །སྦྲུལ་དང་བྱི་ལའི་ཁྲག་བསྲེས་པ་སྣ་མདོག་དམར་པོར་འགྱུར་ཞིང་ཟ་འཕྲུག་གིས་ན་བ་ལ་མྱུར་དུ་ཕན་ནོ། །རྔ་བོང་གི་སྤུ་མེར་བསྲེགས་ཐལ་སྣ་བུག་ཏུ་བཏབ་ན་སྣ་ཁྲག་ཆོད་པར་འགྱུར་རོ། །གོ་ཐལ་བསྲེགས་ཐལ་ཀྱང་དེ་དང་འདྲའོ། །ཆུ་བལ་སྔོན་པོ་སྤྱི་བོར་བཀབ་ཀྱང་ངོ་། །མཁན་པའི་དུག་བྱས་ན་ཕོ་ལོང་སྦོ་འཁྲོག་མྱུར་དུ་ཞི་བར་འགྱུར་རོ། སྤ་ཡག་པས་སྐྲངས་པ་དང་རྨ་ལ་ཕན་པ་ཉིད་དོ། །དཔྱད་ཀྱི་རིམ་པ་ལ། ཚིགས་པ་དྲུག་པའི་ཕན་ཚུན་སོར་བཞི་རེ་གཞལ་སར་རྩ་ཧྲང་ངེ་ཡོད་པ་དེའི་ནང་འདེབས་སུ་མེ་བཙའ་བཞག་པས་རླུང་ཁྲག་གིས་


JKT017_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བོ་ན་བ་དང་རྩ་དཀར་ལ་ཕན། བཅོ་བརྒྱད་པའི་གཡས་གཡོན་དུ་སོར་གསུམ་རེ་གཞལ་བ་དང་། བཅོ་བརྒྱད་པ་རང་སྟེ་ཁ་གསུམ་དུ་བཞག་པས་རླུང་། གྲང་བ། རྐེད་པ་ན་བ། མཁལ་རྩ་བྲལ་བ་རྣམས་ལ་ཕན། ཚིག་པ་ལྔ་པ། དྲུག་པ། བདུན་པ། གསུམ་དང་། མདུན་གྱི་དཀར་ནག་མཚམས་སུ་མེ་བཙའ་རེ་བཞག་པས་ཁྲག་མཁྲིས་བྲང་ཚ་བ་དང་། སྟོད་ན་བ་སོགས་ལ་ཕན། སྟོད་འཚང་ལ་དེ་སྟོང་སྐེ་སྟེང་ཅ་ར་ཁུག་ཏུའང་གཅིག་བཞག་པས་ཕན། ལྷེན་ལྷུན་རྩེ་དབུས་སུ་བཞག་པའི་རྒྱ་གྲམ་སོར་གསུམ་བསྲེགས་པས་མཁྲིས་པ་བད་ཀན་མཆིན་སྐྲན་རླུང་རྣམས་ལ་ཕན། མེ་ཉམས་གསང་གི་གཡས་གཡོན་ཚོན་རེར་ཚུགས་རེ་བཞག་པས་རླུང་ཁྲག་དང་ཁྲག་སྐྲན་ལ་ཕན། པུས་མོར་ཚིགས་ཆུ་འཁོར་ན་མེ་ལོང་རུ་བཞིར་ཚུགས་རེ་བཞག་པས་ཁྲག་རླུང་དང་ཆུ་སེར་སོགས་སེལ་ཞིང་ཁྱད་པར་བརྐྱང་བསྐུམ་མི་ཐུབ་པ་ལ་ཕན། ཟས་འགྲངས་ལྟོག་མ་སྙོམས་པའི་མ་ཞུ་གླང་ཐབས་ལ་མཐིལ་བཞིར་ལྕགས་ལེབ་མེ་ལ་དམར་པོར་སོང་བའི་འོད་མ་རེག་ཙམ་དང་། རས་ཀྱིས་དར་བ་བྱུགས་པ་རེས་འཇོག་ཏུ་བྱས་པས་དྲི་ཤིན་ཏུ་ངན་པ་ཞིག་དོན་ཡོང་ཞིང་དེས་མྱུར་དུ་ཕན་པར་འགྱུར་རོ། །ཞྭ་ལོག་འཁྲུ་སྐྱུགས་ཀྱི་ནད་ལ་ཞག་བཞི་ཚུན་དུ་མཁྲིག་མ་གཉིས་སམ། དེ་འོག་བསྒྲད་མཁྱིད་གང་གིས་


JKT017_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་འོག་གི་ཞྭ་གཉིས། སོག་པའི་མཐིལ་གཉིས་བརླའི་ནང་གི་ཞྭ་གཉིས། བྱིན་དཀྱིལ་གྱི་ཞྭ་གཉིས་རྣམས་ལ་ལྕགས་མདའ་སོར་གསུམ་པ་ཞིག་གིས་སེར་མདོག་ཐོན་ཙམ་བསྲེགས་པས་ཕན་ཞིང་ཚབ་ཆེན་ལྟག་ཁུང་སྤུ་འཁྱིལ་གྱི་ཐད་ཀྱི་ལྟག་པའི་ཆུ་ལེབ་གཉིས་དང་། རྐང་མཐིལ་གཉིས་བསྲེགས་ན་དེས་ཕན་ངེས་སོ། །སྔར་སྤྱོད་ཀྱི་སྐྱོན་ཡོན་དང་ལུས་ཀྱི་གཟི་མདངས་གཞན་དུ་འགྱུར་བ་ སོགས་ཀླུ་གདོན་གྱི་ནད་གཞི་ཞུགས་པའི་རྟགས་ཡིན་པས་སོར་མོ་ཉི་ཤུའི་སེན་སྙིང་གི་མཚམས་དང་སྐྲ་མཚམས་སུ་འཕྲེད་ལ་སོར་ལྔ་སེར་མདོག་ཐོན་ཙམ་བསྲེགས་པ་ཕན་པར་ངེས་སོ། །ཨི་ཏི་ཨཱརྱ་བིཥ་ཡཱ་ནཱི་མཱ་ཙརློ་པ་དེ་ཤ་བི་ཤེ་ཥི་ཀཾ། ༈ །ཨུག་ཆོས་རྩ་བ་མེ་ཏོག་འབྲས་བུར་བཅས་པ་གྲིབ་སྐམ་ཐུན་གཅིག་ལ། བུལ་ཏོག་ཐུན་གཅིག་སྦྱར་བས་གླང་ཐབས་ཀྱི་རིགས་ཚ་གྲང་གང་ཡིན་ཀྱང་འཕྲལ་དུ་འཇོམས་པ་ལག་བླངས་མའོ། །རྟ་ཕྱུགས་ཀྱི་འབུ་ཚག་ལ། ཐང་ལ་ཤུགས་སྐྱེས་ཀྱི་ཁུ་བ་དྲོ་འཇམ་གྱིས་ལན་གསུམ་ཙམ་བཀྲུས་པས་ཕན། གོ་བོའི་མཆུ་བཅངས་པས་གག་པ་སྲུངས། ཤ་བའི་མིག་ཆུང་བདུག་པས་མགོ་སྲིན་གདོང་སྲིན་ལ་ཕན་ངེས་མྱོང་གྲུབ། གྲེ་བའི་འབྲུམ་པ་མཐའ་དག་ལ། །ཀྱི་ཀྱེ་དཀར་པོ་སྤང་རྩི་དང་། །སྤང་རྒྱན་དཀར་པོ་གསུམ་གྱི་སྟེང་། །རྒྱམ་ཚྭ་ཅོང་ཞི་དྲག་བཏུལ་


JKT017_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །ཐལ་བ་སྨྱུག་སྦུབ་ནང་བླུགས་ནས། །གྲེ་འབྲུམ་གར་ཡོད་སྟེང་དུ་འཕུལ། །བྱ་རྫོགས་སྐད་ཅིག་བར་ཉིད་དུ། །ཟས་སྐོམ་མི་གཏོང་བཞག་པ་སོགས། །ཉིན་རེར་ལན་གྲངས་མང་དུ་བྱེད། །རྒྱ་ནག་འཇབ་ཙེའི་ཡུ་བ་ཡིས། །འབྲུམ་པ་གང་བྱུང་ཉིན་དེར་བཞར། །བྲག་ཁྱུང་སྨན་ནད་ལྡང་ཙམ་བྱིན། །འདིས་ནི་ཕན་པ་མྱོང་བས་གྲུབ། །སྤྱི། །གཉན་ནད་ཕོ་བར་བབས་པའི་གླང་ཐབས་ལ། །ཨ་རག་བཟང་པོ་ཕོར་གང་འཐུང་བའི་རྗེས། །ཆུ་གྲང་ནང་དུ་འདར་ཐོན་ཙམ་དུ་བསྡད། །དེས་ནི་ནད་ལས་གྲོལ་བ་མྱོང་བས་གྲུབ། །མཛོ་གཡག་དར་མའི་བཙོ་ཁྲག་དྲོན་མོ་བཏང་། །དེ་ཡང་ཕན་ཡོན་བཤད་མ་ཐག་དང་འདྲ། །ཞེས་སོ། ༈ །འོག་སྒོར་སྲིན་བུས་ཟ་བ་དང་། ཚ་བ་དང་། ཁྲག་ཟག་པ་དང་། གཞང་རྒྱུ་དོན་པ་སོགས་བྱུང་ན། རྫས་ནི། སྒོག་གཅིག །དྭ་བའི་རྩ་བ། ཐང་ཕྲོམ་འབྲུ། བཅའ་ས། ཕོ་རིས། བྱི་ཏང་ཀ །ཐར་ནུ། དེ་རྣམས་ཆ་མཉམ་པར་ཚིལ་དུལ་མའམ། ཕག་ཚིལ་ལམ། མར་རྙིང་གང་རུང་དང་སྦྱར། བལ་དང་རྫས་བསྲེས་པའི་རེང་བུ་གཤང་ལམ་དུ་ཕུལ། གྲང་ནད་དང་སྲིན་བུ་སོགས་འོག་སྒོ་ཚ་བྲབས་ལ་རྫས་འདིས་སླེབ་ཆོག་གོ ༈ །ཁ་ལྕེ་མི་བདེ་ཞིང་དག་པ་ལ། ཚྭ་ལ། ནག་ཚུར། ཨ་རུ་གསེར་མདོག །ཞུ་མཁན། ག་དུར་རྣམས་ཆུར་


JKT017_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྦངས་པའི་ཁུ་བས་མཁུར་བཀང་ཡང་ཡང་བཏང་། དེ་ནས་ལྕེ་རྩ་གཏར་བས་སྐྱོན་ཞི་བར་འགྱུར་རོ། ༈ །ལུས་ཀྱི་རྡུལ་ནག་སྲུང་བ་ལ། སྒ་པི་ཕོ་གསུམ་མར་དཀར་དང་སྦྱར་ནས་བྱུགས། །རྫ་གསར་གྱི་ཕྱེ་མ་དང་སྲན་ཕྱེ་ཞོ་ལ་སྦྱར་ནས་དྲིལ་ཕྱིས་བྱས་པས་ལུས་སྐམ་སིང་གིས་འགྲོའོ། ༈ །ཤོ་མོང་ཞིབ་བཏགས་ཆུ་སྣ་གསུམ་དང་སྦྱར་ནས་ཁྱིམ་དུ་གཏོར་ན་བསྲེ་དྲི་དང་སྦྱར་པ་ཐུབ་བོ། ༈ ། རམ་བུ་དང་། ཉའི་མགོ་བོ་ཞིབ་པར་བཏགས་ནས་མར་དང་སྦྱར་ལ་ལུས་ལ་བྱུགས་པས་ཤིག་དང་ལྕི་བའི་གནོད་པ་ཐུབ་བོ། ༈ །ཤ་བའི་ཁྲག་དྲོན་ལ་ཚ་བཏབ་ནས་འཐུང་ན་ཆང་ནད་གཏན་ནས་མི་འབྱུང་། ༈ །སྐྱེར་པའི་བར་ཤུན་ཐང་གིས་སྣ་ཁྲག་ཆོད། ༈ །སྣ་ཤུ་ལ། རྒུན་འབྲུམ་ནུས་བསྲེགས། ལི་ཤི། མཚལ་དཀར། ཡུ་གུ་ཤིང་། ཅུ་གང་རྣམས་ཀྱི་ཕྱེ་མ་མར་དཀར་ལ་སྦྱར་ནས་བྱུགས་པས་ཕན། ༈ །མཚེར་པ་ལྤགས་དུག་ལ་ར་ཁྲག་དྲོན་མོ་བྱུགས། ༈ །གནའ་བའི་ཁྲག་དྲོན་མོ་བཏུང་བས་གདོང་སྲིན་ལ་ཕན་ཟེར། ༈ །རྔ་མོང་སྤུ་མེར་བསྲེག་ནས་བདུག་ན་སྣ་ཁྲག་གཅོད་། ༈ །ཛཱ་ཏིའི་ཕྱེ་མ་དྲི་ཆུར་སྦྱར་ནས་མིག་ལ་བྱུགས་ན་ཁ་བས་མིག་ཕྱིད་པ་ལ་བྱུགས་ཀྱང་ཕན་ནོ། ༈ །ཁ་ཆེ། སྐྱེར་པའི་བར་ཤུན་གྱི་ཁཎཱ། མཚལ་དཀར། རྒྱ་ཚྭ། དོམ་མཁྲིས་རྣམས་ཆ་


JKT017_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་ཟངས་ཀྱི་སྣོད་གཙང་མར་སྦྱར། གཡའ་སྔོན་པོ་མ་བྱུང་བར་བཞག །དེ་ནས་མཛུབ་མོས་སྣུར་ཏེ་བྱིའུའི་སྒྲོས་བྱུགས་པས་མིག་ནད་སྤྱི་དང་ཁྱད་པར་འགྲིབ་རིགས་ལ་ཟབ་བོ། ༈ །ལྕི་བ་རི་ལྕི་འཇམ་པོ་བསྲེགས་པའི་ཐལ་བར། ཐལ་རྡུལ་གཞན་མ་འདྲེས་པར་བྱས་ཏེ་སྣོད་གཙང་མར་ཆུར་སྦྱངས་ནས་བཞག་པས། ཁར་ཆུ་དངོས་འབྱུང་བ་ཕོ། དེ་འོག་ཏུ་ཆགས་པའི་དཀར་འཇམ་ཅན་དེ་བྱིའུའི་སྒྲོས་བླངས་ལ་བྱུགས་པས་མིག་དམར་ཚག་ཤིན་ཏུ་ཚབས་ཆེ་བ་ལ་ཕན། ༈ །ནད་༡རྒྱུ་རླུང་༢སྤྱི་སྲོག་༣རླུང་ཅེ་སྤྱང་༤དང་། །ཁྲག་རླུང་སྟོད་འཚངས་མཁྲིས་པ་༦བད་ཀན་༧འདུས། །རགཅོང་ནད་མ་ཞུ་༩སྐྲུན་༡༠དང་སྐྱ་སྦབས་༡༡དང་། །འོར་༡༢དང་དམུ་ཆུ་༡༣གཅོང་ཆེན་༡༤ ཟད་བྱེད་དྲུག །ཚ་བ་སྤྱི་༡༥དང་གལ་༡༦མདོ་རི་༡༧ཐང་མཚམས། །མ་སྨིན་༡༨རྒྱས་༡༩སྟོང་༢༠གབ་༢༡ རྙིང་༢༢ རྙོགས་༢༣པ་དང་། །འགྲམས་༢༤འཁྲུགས་༢༥བཅུ་གཅིག་ཚ་བའི་ལེའུར་བཤད། །རིམས་ལ་བལ་༢༦ནད་འབྲུམ་༢༧པ་བེ་༢༨གེ་དང་། །ཆམ་པ་༢༩བཅོས་པའི་ལེའུ་རྣམ་པ་བཞི། །གཉན་ནད་ཀླད་༣༠གཟེར་གག་༣༡པ་གཟེར་ཐུང་༣༢དང་། །གཉན་གླང་༣ ༣རྒྱུ་གཟེར་༣༤༤མེ་དཔལ་༣༥གཉན་རྨེན་༣༦བུ། །ཞྭ་ལོག་༣༧ལྷོག་པ་༣༨གཉན་༣༩འབྲས་འཛུམ་ལྟག་༤༠དགྱེ། །མཁྲིས་པ་༤༡རྩར་


JKT017_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུགས་ནང་ལྷོག་༤ ༢ཁ་མེད་དང་༤༣། །འཁྱམས་༤༤པོ་འབར་འབུར་༤༥རྣ་རྩ་ཕུས་༤༦འདེབས་དང་། །ངམ་༤༧རུ་ཞེས་བྱའི་གཉན་ནད་བཅོ་བརྒྱད་དོ། །ལུས་སྟོད་མགོ་བོ་མགོ་༤༨སྲིན་༤༩མིག་བྷཱན་བ་༡། །སྣ་༥༢དང་ཁ་༥༣དང་སོ་རྙིལ་༥༤ཝ་བ་༥༥སྟེ། །ལུས་སྟོད་དབང་པོའི་ནད་ལ་ལེའུ་བརྒྱད། །དོན་སྣོད་སྙིང་དང་༦གློ་བ་༥༧གློ་རྣག་༥༨དང་། །༥༩མཆིན་༦༠མཚེར་མཁལ་ནད་༦༡དངོས་དང་ས་བོན་༦༢འཛག །ཕོ་བ་རྒྱུ་༦༣མའི་ནད་༦ དངོས་རྒྱུ་རྒན་༦༥དང་། །ལོང་ནད་བཅས་༦༦པ་དབང་པོའི་ལེའུ་བཅུ་གཅིག །གསང་བའི་ནད་ལ་༦༧ཕོ་མོ་ཐ་དད་༦རགཉིས། །ཐོར་ནད་སྐད་༦༩འགགས་ཡི་ག་༧༠འཆུས་པ་དང་། །སྐོམ་༧༡དད་》ག་བུ་༧༢དབུགས་མི་བདེ་བ་༧༣དང་། །གླང་༧༤ ཐབས་སྲིན་ནད་༧༥ འཁྲུ་༧༦སྐྱུགས་དྲི་མ་༧༧འགགས་༧ར། །གཅིན་༧༩འགགས་གཅིན་རྋསྙི་ཚད་༨༡འཁྲུ་དྲེགས་ནད་༨༢དང་། །གྲུམ་བུ་༨༣དངོས་དང་གསར་པ་༨༤ ཆུ་སེར་ནད་༨༥། །རྩ་༨༦དཀར་མཁལ་༨༧རྩ་ལྤགས་༨༨ནད་མཛེར་པ་༨༩སོགས། །ཐོར་བུའི་ནད་ལ་ལེའུ་ཉི་ཤུ་གཅིག །ཕྲན་བུའི་ནད་༩༠ཀྱི་མེས་ཚིག་༩༡ནུ་སྐྲངས་དང་༩༢། །༩༣སེ་དྲི་ཚེར་ལྷོག་ཕྲན་༩༤ནད་རྣམ་པ་ལྔ། །ལྷན་སྐྱེས་རྨ་ལ་འབྲས་༥དང་གཞང་༩༦འབྲུམ་དང་། །མེ་དཔལ་༩༧སུརླ་༩༨དམན་༩༩བུ་རླིག་


JKT017_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

རླག་༡༠༠དང་། །རྐང་འབམ་༡༠༡མཚན་བར་རྡོལ་དང་ལེའུ་༡༠༢བརྒྱད། །བྱིས་པ་༡༠༣བཙའ་ཐབས་༡༠༤ ཉེར་སྤྱོད་ནད་༡༠།གདོན་དང་༡༠༦། །བྱ་༡༠༧འདྲེ་ལྔའོ་མོ་ནད་༡༠༨ཚབས་ཐོར་བུ་༡༠༩། །ཕལ་༡༡༠པ་སྐྱེ་རྒྱུན་གཅོད་༡༡༡དང་རྣམ་པ་ལྔ། །འབྱུང་༡༡༢གདོན་སྨྱོ་༡༡༣ བརྗེད་༡༡༤མིར་ཁི་༡༡༥གཟའ་༡༡༦ཀླུ་དྲུག་༡༡༧། །རྨ་༡༠༨ལ་རྨ་སྤྱི་མགོ་དང་༡༡༩༽་ཡི་༡༢༠རྨ། །བྱང་༧༡༢༡ཁོག་ཡན་ལག་༡༢༢ལེའུ་ལྔ་རུ་བཤད། །དུག་ལ་སྦྱར་༡༢༣དུག་སྤྱི་དང་མི་འཕྲོད་༡༢༤དུག །ཤ་༡༢༥དུག་ཤ་ནད་ལ་༡༢༦སོགས་༡༢༧རྐྱང་པ་དང་། །རེག་༡༢༨དུག་ཁྱི་༡༢༩དུག་དང་བཅས་ལེའུ་བདུན། །འདོད་ལྡན་རོ་ཙ་༡༣༠བུ་མེད་བཙལ་བ་དང་༡༣༡། །མགྲིན་སྙན་༡ ༣༢སྐད་བཅོས་བཅུད་ལེན་༡ ༣ ༣བཅས་པ་ཡི། །ལེའུ་བརྒྱ་དང་སུམ་ཅུ་རྩ་གསུམ་གྱིས། །ཞེས་སོ། ༈ །ན་མོ་གུ་༧རུ་བྷེཥ་ཛ་ཡ། །མི་ཐོད་རྙིང་པ་འབྲུག་རུས་ཏིག་གསུམ། །སུམ་གཉིས་བསྡུས་ཐང་མགོ་ནད་སེལ་བར་བྱེད། །སྐྱེར་པ་མཁན་སྐྱ་བསྡུས་པའི་ཁུ་བ་ལས། །དོམ་མཁྲིས་བཏབ་བཏང་སྣ་ཁྲག་འཛག་པ་གཅོད། །ནག་མཚུར་༥སེང་ཕྲོམ་ཨ་རུའི་གྲང་ཐང་གིས། །མཁུར་བཀང་ཁ་ཡི་ཁྲག་ནད་ཟུག་གཟེར་འཇོམས། །བོང་ང་ཤིང་མངར་སྤང་རྒྱན་དཀར་བསྡུས་ཁུར། །ཅུ་གང་ཀར་སྦྱར་སྐད་འགགས་ཚ་


JKT017_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་སེལ། །སྲོ་ལོ་ཤིང་མངར་རྒྱ་སྐྱེགས་ག་དུར་ཐང་། །གློ་ཡི་ཁྲག་ཚད་གཟེར་དང་ལུད་པ་སེལ། །དུག་ཉུང་བོང་དཀར་ག་དུར་བ་ལེ་ཀའི། །ཐང་གིས་རྒྱུ་ལོང་སྣོད་ཚད་མ་ལུས་སེལ། །དེ་ལ་ཀ་པེད་འབྲས་བཏབ་ཚ་འཁྲུ་གཅོད། །སྒྲ་དང་ཤིང་ཀུན་བསྡུས་པའི་ཁུ་བ་ལ། །ཁ་རུ་ཚྭ་བཏབ་སྙིང་རླུང་སེལ་བར་བྱེད། །ཁ་རུ་ཚྭ་དང་ཟི་ར་པི་པི་ལིང་། །ཤིང་ཚ་ལ་ལ་ཕུད་དང་ཕོ་བ་རིས། །ཐང་གིས་ཁ་ཟས་མི་འཇུ་སྐྱུགས་པ་སེལ། །གྲང་སེལ་བཅའ་སྒ་རྒྱམ་ཚྭ་ཨ་རུ་ར། ཚན་མོས་དྲོད་ཆུང་གྲང་བ་མ་ལུས་སེལ། ༈ །ག་བུར་བཟང་པོ་དྲུག་དང་ཨ་ག་རུ། །ཙནྡན་དཀར་དམར་ཨཏྤལ་གེ་སར་གཉིས། །རུ་ཏ་ཟི་ར་དཀར་པོ་བ་ལེ་ཀ །ཤིང་ཚ་ཆུ་སྲིན་སྡེར་མོ་པུ་ཤེལ་རྩེ། །སྤང་སྤོས་རྡོ་དྲེག་དམར་པོ་འབུ་སུ་ཧང་། །ཚ་གྲང་འབྲས་བུ་གསུམ་དང་ཚ་བ་གསུམ། །གུར་གུམ་༧ཅུ་གང་གི་ཝང་གཙོ་བོ་ལ། །ཤིང་མངར་རུ་རྟ་རྒུན་འབྲུམ་ཨ་ཀྲོང་བཞི། །བསྡེབས་པས་བློ་ཡི་ཚད་པ་སེལ་བར་བྱེད། །གི་ཝཾ་ཙནྡན་ཅུ་གུར་ཏིག་ཏ་དང་། །བ་ཤ་ཧོང་ལེན་བོང་དཀར་གཙོ་བོ་བརྒྱད། ༈ །ཨ་གར་ཛཱ་ཏི་སྙིང་ཞོ་ཅུ་གང་སྤོས། །རུ་ཏ་ཨ་རུ་ནཱ་ག་གེ་སར་བརྒྱད། །བྲག་ཞུན་ཁགླ་གུར་སུག་སྨེལ་དོམ་མཁྲིས་དང་། །བོང་དཀར་འཇིབ་རྩི་ཨ་རུ་ག་དུར་དགུ། །དོམ་མཁྲིས་གསེར་མེ་དུག་ཉུང་གླ་སྒང་


JKT017_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

པ། །བོང་དཀར་བ་ལེ་རེ་སྐོན་མཁྲིས་ཕྱེ་བདུན། །ཅོང་ཞི་སེ་འབྲུ་བཞི་དང་ཨ་རུ་ར། །ཛཱ་ཏི་མ་ནུ་འུ་སུ་སྐྱུ་རུ་ར། །རྒྱམ་ཚྭ་སྒ་བཅས་ཅོང་ཞི་ཅུར་ནིས་སོ། །གུར་གུམ་ལི་ཤི་གི་ཝཾ་བསེ་རུ་མཚལ། །ཙན་དུག་གླ་རྩི་འཇམ་འབྲས་བོང་ང་དཀར། །རུ་ཏ་འབྲས་གསུམ་གུར་གུམ་བཅུ་གསུམ་མོ། །བསིལ་གསུམ་ཨུཏྤལ་སེ་འབྲུ་པི་པི་ལིང་། །ཤིང་ཚ་ཀ་ར་བཞི་འགྱུར་ཅུ་གང་བདུན། །ཚ་གྲང་ཆ་སྙོམས་དྭང་ག་འབྱེད་པར་བྱེད། །རྒུན་འབྲུམ་ཤིང་མངར་གློ་ནད་རྙིང་པ་སེལ། །ཙནྡན་གི་ཝཾ་ཚ་བ་གབ་རྙིང་སེལ། །ཅུ་གང་བདེ་བྱེད་ཆུང་འབྲིང་ཆེན་པོར་བཤད། །ལི་ཅུ་ཤིང་སྤང་རུ་རྟ་ཨ་རུ་དྲུག །རྒུན༧་ཅུ་གུར་ཤིང་མངར་གླ་སྒང་ཤིང་ཚ་སེ། །སེ་འབྲུ་ཤིང་ཚ་ཕོ་བ་རིས་དང་གསུམ། །ཁ་ཟས་མི་འཇུ་སྐད་འགགས་དབུགས་མི་བདེ། །ཁྱད་པར་ཁ་རུ་ཚྭ་བསྣན་སེ་འབྲུ་བཞི། །སྦོ་འཁྲོགས་སྐྲན་དང་མ་ཞུ་སྐྱུགས་པ་སེལ། །ཀ་རཉྫ་དང་བཅའ་སྒ་ཙི་ཏྲ་ཀ །བྱི་ཏང་དང་ཨ་རུ་པི་པི་ལིང་། །དེ་སྟེང་ཁ་རུ་ཚྭ་དང་ཤིང་ཀུན་དང་། །ན་ལེ་ཤམ་སྡེབ་ཕོ་བ་སྦོས་པ་འཇོམས། །ཚྭ་གསུམ་སྡེབས་པས་མ་ཞུ་འཇུ་བར་བྱེད། །ད་ཏྲིག་སྨག་དང་ཐ་རམ་ལོ་ཙན་སྤྱོད། །བཙོད་ཁྲག་ལུག་མུར་བདུན་གྱིས་འཁྲུ་བ་གཅོད། །ཤིང་མངར་འབྲས་དང་བསེ་ཡབ་བྱི་ཏང་ཀ །གོ་སྙོད་འུ་སུ་དྲུག་པས་སྐྱུགས་པ་གཅོད། །བྱི་


JKT017_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཏང་ཀ་དང་སྒོག་སྐྱ་མ་རུ་རྩེ། །སོ་མ་རཱ་ཛ་དྲེས་འབྲུ་ཕུར་ཐལ་དང་། །གླ་རྩི་ཚ་གྲང་རྟས་བསྒྱུར་སྲིན་སྨན་མཆོག ༈ །ཟི་ར་བཅའ་སྒ་ཤིང་ཀུན་བྱི་ཏང་ཀ །རྒྱ་ཚྭ་སྦྲངས་སྦྱར་རིལ་བུས་སོ་སྲིན་འཇོམས། །

རིན་ཆེན་ཚ་སྦྱོར་གྱི་ཟིན་བྲིས་མཁས་པའི་ངག་རྒྱུན།


JKT017_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

༈ རིན་ཆེན་ཚ་སྦྱོར་གྱི་ཟིན་བྲིས་མཁས་པའི་ངག་རྒྱུན་བཞུགས། ཨོཾ་ཨ་ཐཱ། རིན་ཆེན་ཚ་སྦྱོར་བགྱིས་པའི་ཟིན་བྲིས་ལ། ཐོག་མར་གསེར། ༠་༩༩ དངུལ༡་༠༠། ཟངས་༡་། ལྕགས་ཕྱེ་བ་༡༠། བཅས་སོ་སོར་སྦྱངས་ཤོག་དང་ཕྱེ་མ་ཇི་ལྟར་བཤད་པ་ལྟར་འདུ་བྱས་ནས། སོ་སོའི་གཡའ་འདོན་པ་དང་། ༢ཐལ་སྨན་དུ་སྦྱར་བའི་ཕྱིར་བསྲེག་རྫས་རྣམས་བྱུགས། ས་གབ་བཞིར་ལྕགས་དཀྲིས་ཀྱིས་བསྡམས། ས་སྦྱོར་དང་རས་འདག་གིས་དཀྲི་བ་སོགས་ལག་ལེན་ཟུར་གསལ་ལྟར་བྱས་ནས། སྐམ་ཐག་ཆོད་པ་དང་བསྲེག་ཁང་དུ་བཞག །མཚན་ངོར་མེ་བཏང་བས་ཕྱིར་ནང་ལེགས་པར་བྱུང་བ་ཉིད་རྫས་རོ་རྣམས་བསལ། དངུལ་ཆུ་དྲག་འདུལ་རྡོ་རྗེ་ཐིགས་པ་ལྟར་དུག་གཏན་མེད་པའི་མཚོན་བྱེད་སུས་འཐུང་ཀྱང་དུག་གི་གཡའ་མི་འབྱུང་བ་བགྱིས། །སྨན་རྣམས་སོ་སོར་༡་༠༠། རེ་དྲག་ཞིབ་བཏགས་དར་ཚགས་ལ་དྲངས་པ་བཅས་ཉེར་བསྡོག་གྲུབ་ནས། དངོས་གཞི། གསེར་ཐལ་བ་༠༩། དངུལ་ཐལ་བ་༩༠། ཟངས་ཐལ་བ་༩༠། ལྕགས་ཐལ་བ་༠༩༠


JKT017_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་ཆུ་སྲང་གང་ཞན། མུ་ཟི་དུག་བྲལ་༡་༠༠། གུ་གུལ་༡་༠། སོར་༡་༠། ཤུ་དག་༡་༠༠། ཙིཏྲ་ཀ་༡་༠༠། རེ་སྐོན་༡་༠། སེང་ཁཎ་༡་༠༠། མགྲོན་ཐལ་༡་༠༠། བསྲེ་འདུར་ཉིན་གཅིག་དང་། །ཆུ་གཙང་གིས་འདམ་བཏགས་བར་མ་ཆད་པ་ཉིན་ལྔ། རིལ་བུ་དྲིལ་ནས་ཐོག་མར་ཅུང་ཟད་གྲིབ་མར་སྐམ་རྗེས། ལྷུང་བཟེད་དུ་རིལ་ཆགས་ཉིན་གཅིག་དང་། རས་སྐྱེར་གཡབ་གསིག་ཉིན་ལྔ་བགྱིས་པས་ལེགས་པར་གྲུབ་པ་སྟེ། ཕུལ་བྱེད་ཆང་གིས་བགྱིས་ནས་བཏང་བས་རྒྱུད་ལས་གསུངས་པའི་ནད་ཀྱི་དམིགས་སྤྱི་དང་། ཁྱད་པར་ལུས་ལ་གནས་པའི་གྲང་རྣག་ཆུ་སེར་ཆུ་ལྷག་སོགས་སྒེམ་པ་ལ་ཆེས་ཆེར་བསྔགས་སོ། །མངྒ་ལཾ། འདིའི་ལག་ལེན་གྱི་གཞི་གཙོ་བོར་ཀོང་རོང་སྨན་བླ་དོན་གྲུབ་ཀྱི་ཕྱི་རྒྱུད་ལྷན་ཐབས་ལྟར་རོ། །དབང་རིལ་ཉེར་ལྔའི་ཕྱག་ལེན་ནི། དབང་རིལ་འཁྲུལ་མེད་བ་༡༠། གཙོ་བོར་བྱེད་པའི་དབང་དུ་བྱས་ན། །བསེ་རུ་དཀར་པོ་ཆུ་བརྡར་བྱས་པ་བ་༤བ། གུར་གུམ་ཁ་ཆེ་མའམ་དཀྱུས་མ་བ་༥༠། ཆར་ཉུང་ཁཎྜ་ཧ་༧༠། ཁྱུང་སྐྱུགས་༠་༣༠། སུག་སྨེལ། ལི་ཤི། ཅུ་གང་རྣམས་བ་༣༠རེ། གླ་རྩི་བ་༠༣། རྒྱ་གར་རུ་རྟ་དང་བོད་ཀྱི་རུ་རྟ་འདྲེས་མ་བ་༥༠། གསེར་བྱེ། ཉི་དགའ། སྡིག་སྲིན་རྣམས་བ་༢༠། ཨ་རུ་གསེར་མདོག་བ་༧༠། བ་རུ་ར་བ་༤༠། སྒྱུ་


JKT017_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ར་བ་༤༠། ཙནྡན་དཀར་པོ་བ་༣༠། བ་ཤ་ཀ་བ་༠། ལྡུམ་བུ་རེ་རལ་བ་༧༠། འབྲས་སྣ་གསུམ་སོ་སོ་ནས་བ་༤༠རེ། མཚལ་དཀར་ཏེ་རྡོ་མཚལ་རང་བྱུང་༢་༢༠། མཁལ་མ་ཞོ་ཤ་དང་། །གོ་ཡུ་བ་༤༠། བཅས་སྨན་བྱིང་རྣམས་ཞིབ་པར་བཏགས་དེ་ནས་དབང་རིལ་དུག་འདོན། དཀར་པོ་མཛོ་མོའི་འོ་མ་དང་། སྔོ་ལྗང་གར་ཆང་ནང་དུ་དྲོད་བབ་ཙམ་བཙོ། སེར་བོ་ཡིན་ན་བཙོས་ཟན་དང་། དམར་པོ་གཡག་རྒོད་ཤའི་ནང་དུ་བསྟུམ་ལ་དྲོད་བབ་ཙམ་བསྲེགས། ངར་འདོགས་གདན་གཙང་ཁར་དཀར་ཡོལ་གས་ཆག་མེད་པའི་ནང་བྱིས་པ་ཕ་མ་འཛོམ་ཞིང་མིང་བཀྲ་ལེགས་པས་ཆུ་མིག་ཁ་ཤར་བསྟན་ནས་སྐྱོགས་ཁ་ཐུར་དུ་གྱུས་ཏེ་བླངས་པའི་ཆུ་དབང་རིལ་བ་༡༠ཕྱེ་མ་དང་། ཁ་ཆེ། གི་ཝཾ། གླ་རྩི། ལི་ཤི། ཛཱ་ཏི་རྣམས་བ་༠༡། རེའི་ཕྱེ་མ་དང་ལྷན་ཅིག་ཏུ་ཞག་གཅིག་བར་དར་དཀར་གྱིས་ཁ་བཅད་ལ་བཞག་ནས་སྨན་དང་བསྲེ། ཁྱུང་སྐྱུགས་སྤོས་རྡོ་མ་ཡིན་པའི་རིན་པོ་ཆེའི་རིགས་སུ་གཏོགས་པའི་ལེགས་པ་ལ་དུག་འདོན་དགོས་པས། གཞི་ཁྱུང་སྐྱུགས་ཞོ་གསུམ་ལ། ཟེ་ཚྭ་དང་། ཚྭ་ལ་ཆུ་བཅད་བ་༣༠རེ། བེ་ལྗང་རེ་རལ། ལྡུམ་བུ་རེ་རལ། གང་ཆུང་རྣམས་བ་༡༠རེ། སྟར་བུའི་ཁཎཱ་བ་༤༠། ཨ་རུ་གསེར་མདོག་དང་། མགྲོན་བུ་སྤོ་ཅན་ཧ་ར་བསྲེགས་ཐལ་བ་བ་


JKT017_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

༠༧རེ། གླ་རྩི་དྲི་ཐོན་བཅས་ལོ་བརྒྱད་དྲི་ཆུར་ཉིན་ཕྱེད་ཙམ་བཙོ། དེ་རྗེས་གར་ཆང་བསྣན་ལ་བཙོ། ཆུ་གྲང་གིས་དག་པར་བཀྲུས། སླར་ཡང་ཆུ་གཙང་ནང་དུ་ལན་གསུམ་བཙོ་ཞིང་བཤལ་བའི་ཞིབ་བཏགས་ཀྱི་ཕྱེ་མ་སྨན་དང་བསྲེ། དེ་རྣམས་ཆར་ཉུང་གི་ཁཎྜས་འདམ་འཐག་ལེགས་པར་བྱས་ཏེ་རིལ་བུ་སྲན་འཕོས་ཙམ་དྲིལ། རིལ་ཆགས་འཐེམ་པར་བྱ། རབ་ཏུ་གནས་ཤིང་རླུང་མི་འཆོར་བའི་སྣོད་སྤར་བུ་བཟང་པོར་བཅང་བར་བྱའོ། །དབང་རིལ་མེ་དང་ཉི་མས་མ་རེག་ཅིང་ནམ་མཁའ་མ་མཐོང་བར་བྱ་བ་དམ་ཚིག་ཏུ་བཤད། ཕན་ཡོན་ནི་གཞུང་ལས། ཕན་ཡོན་དུག་ནད་གསར་རྙིང་དང་། །ཚད་པ་རྙིང་པ་རྣམས་ལ་ནི། །བསྡུ་དང་གསོ་དང་འཇོམས་པར་བྱེད། །འདི་ལས་ཟབ་པ་གཞན་ན་མེད། །ཞེས་གསུངས་པ་ལྟར། སྦྱར་དུག་དང་གྱུར་དུག་གིས་གཙོས། ཁོང་ནད་རིགས་སྤྱི་དང་། ཁྱད་པར་སྨུག་པོ་དུག་ཐབས་ལ་ཡུན་དུ་བསྲིངས་ཏེ་བསྟེན་ན་ཤིན་ཏུ་ཕན་པ་ལག་ལེན་མྱང་གྲུབ་མའོ། །

གངས་ཅན་བསྟན་པ་ཡོངས་རྫོགས་བྲིས་ཐང་མདུན་གྱི་གཙོ་བོ་མཁན་སློབ་ཆོས་གསུམ་གཙོར་གྱུར་དང་ཙཀྲི་སོགས་ཀྱི་བྲི་ཡིག


JKT017_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་བསྟན་པ་ཡོངས་རྫོགས་བྲིས་ཐང་མདུན་གྱི་གཙོ་བོ་མཁན་སློབ་ཆོས་གསུམ་གཙོར་གྱུར་དང་ཙཀྲི་སོགས་ཀྱི་བྲི་ཡིག་བཞུགས་སོ།། །།


JKT017_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། གངས་ཅན་བསྟན་པ་ཡོངས་རྫོགས་ཀྱི་བྲིས་ཐང་གསར་སྤྲོས་ལྔ་ཡི་དབུས་མ་གཙོ་ཐང་ལ། དབུས་སུ་སེང་ཁྲི་པད་ཟླའི་གདན་ལ་སློབ་དཔོན་རིན་པོ་ཆེ་རྒྱ་གར་མ་སྐུ་ཚུགས་སོགས་ལམ་རིམ་དབུ་ལྷ་ལྟ་བུ་བྲིས་རྒྱུན་སྤྱི་ལྟར་ལ། སྐུ་ཤ་རྒྱས་པ། ཤངས་ཟུར་རྣོ་བ། སྨིན་མ་གཟེངས་སུ་མཐོ་བ། སྤྱན་ལྟ་སྟངས་ཧྲིག་གེར་གཟིགས་པ། ན་བཟའ་ཤ་འགགས་སྔོ་སྐྱ་ཆོས་གོས་རྣམ་གསུམ་དམར་པོ། ཅུང་ཁ་དོག་འདྲ་མིན། སྐུ་རེག་སེར། དབུ་ཞྭ་མཚལ་ཁ། ཞབས་ཕྱག་རྒྱ་གར་མཆིལ་ལྷམ། གཞན་ཕྱག་མཚན་སོགས་དཔེ་ལྟར་མ་འཆུགས་པ། སྐུ་ཅུང་ཟད་གཡོན་འགྱིངས། མདུན་ལྕོག་གང་མཛེས་སྟེང་རྡོ་རྗེ། དྲིལ་བུ། བདུད་རྩིའི་ཐོད་


JKT017_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཤེར་ལྡེར་ལྟ་བུའི་སྣོད་དུ་ཚོགས་གཏོར་ཚོགས་རྫས་བཅས་མཚོན་ཙམ། གཡས་སུ་མཁན་ཆེན་ཞི་བ་འཚོ་སྤྱིར་དཔེ་ལྟར་ལ། སྐུ་ཅུང་ཟད་བགྲེས་ཉམས། མདུན་གྱི་ཚེམས་གཅིག་ལྷག་པ་ཅན། སྐུ་ཤ་ཅུང་ཟད་སྐྱེམས་ཉམས། ཞི་དུལ་སྤྱན་ཟིམ་བུར་གཟིགས་པ། ན་བཟའ་ཆོས་གོས་རྣམ་གསུམ་དམར། དབུ་ཞྭ་ངུར་སྨིག །ཕྱག་སྟབས་སོགས་དཔེ་ལྟར། སྐུ་དྲང་པོར་བསྲང་བ། གདན་པད་ཟླ། གཡོན་དུ་ཆོས་རྒྱལ་དཔེ་ལྟར་ལ། སྐུ་ཤ་རྒྱས་ཤིང་སྒེག་པའི་ཉམས། སྤྱན་ཟླུམ་འཁྱིལ་ཐད་གཟིགས། ན་བཟའ་གསང་གོས་དཀར། ཕྱི་གོས་སྔོ་ཆེན་གསེར་རིས་ཅན། ལ་ཐོད་དཀར། ཞབས་སག་ལྷམས། གཞན་ཕྱག་སྟབས་སོགས་དཔེ་


JKT017_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་། སྐུ་ཅུང་ཟད་གཡོན་འགྱིང་། གདན་པད་ཟླ། སྟེང་གི་ནམ་མཁར་དབུས་སུ་སེང་ཁྲི་པད་ཉི་ཟླ་གདན་ལ། ཆོས་སྐུ་རྡོ་རྗེ་འཆང་སྐུ་མདོག་སྔོ། ཕྱག་རྡོར་དྲིལ་ཐུགས་ཀར་བསྣོལ། ཡུམ་རྣལ་འབྱོར་མ་དམར་མོ་གྲི་ཐོད་འཛིན་པས་འཁྱུད་པ། ཡབ་རྡོར་སྐྱིལ། ཡུམ་པད་སྐྱིལ། གཉིས་ཀ་དར་དང་རིན་ཆེན་དང་རུས་པའི་རྒྱན་སོགས་ལོངས་སྐུའི་ཆས་སྤྱི་འགྲེ། འཇའ་རིས་འོད་ལྔ་ཟེར་ཐག་དང་བཅས་པའི་རྒྱབ་ཡོལ་ཅན། དེའི་མདུན་གཡས་རྡོར་སེམས་ཡབ་རྐྱང་དཀར། གཡས་རྡོ་རྗེ་ཐུགས་ཀ །གཡོན་དྲིལ་བུ་དཀུར་བརྟེན། ཞབས་རྡོར་སྐྱིལ། ལོངས་སྐུའི་རྒྱན་སྤྱི་ལྟར། ཡུམ་མེད། གདན་པད་ཟླ། གཡོན་སྤྲུལ་སྐུ་ཤཱཀ་ཐུབ་གསེར་མདོག་ས་གནོན་མཉམ་གཞག་ཅན་བྱང་ཆུབ་ཆེན་པོ་སྤྱི་འགྲེ། གདན་པད་ཟླ། རྡོ་རྗེ་འཆང་གི་གཡས་སུ་ཚེ་དཔག་མེད་སྐུ་མདོག་དཀར་པོ་ལོངས་སྐུའི་ཆས་ཅན་སྤྱི་ལྟར། ཡུམ་མེད། གདན་པད་ཟླ། བདུད་རྩིའི་ཆར་འབེབས་ཉམས། གཡོན་དུ་ཐུགས་རྗེ་ཆེན་པོ་གར་དབང་ཚེ་དཔག་མེད་སྐུ་མདོག་དམར་པོ། ཞལ་གཅིག ཕྱག་བཞི། སྤྱན་གསུམ། ཞི་འཛུམ་ཅུང་ཟད་ཁྲོ་ཞིང་ཆགས་པའི་ཉམས། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་བདུད་རྩིའི་བུམ་པ། གཡས་འོག་མས་ཨུཏྤལ་དམར་པོ། གཡོན་འོག་མས་པདྨ་དཀར་


JKT017_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕྲེང་བ། དར་གྱི་སྟོད་གཡོགས་དང་། སྨད་གཡོགས། རིན་པོ་ཆེའི་རྒྱན་བརྒྱད་བཅས། སྤྱི་ལྟར་དང་། པདྨ་དམར་པོའི་ཕྲེང་བ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་། ཡུམ་གསང་ཡེ་དམར་སྐྱ་གཅེར་མོ་སྐྲ་གྲོལ་བ་རུས་རྒྱན་ཅན། ཆགས་ཉམས་རྒྱས་པ། སྤྱན་གསུམ། ཕྱག་བཞིའི་དང་པོ་གཉིས་ཀྱིས་ལྕགས་ཀྱུ་ཚེ་བུམ་འཛིན་པས་ཡབ་ལ་འཁྱུད་པ། གཡོན་འོག་མས་ཌཱ་མ་རུ།། གཡོན་འོག་ཁ་ཊཾ། ཞབས་པད་སྐྱིལ། གདན་པད་ཟླ། འཇའ་འོད་ཟེར་ཐག་བདུད་རྩི་དང་མེ་ཏོག་གི་ཆར་འབེབས་ཉམས་གུ་རུའི་དཔུང་གཡོན་ཐད་ཟུག་པ། ཚེ་དཔག་མེད་དཀར་པོའི་འོག་ཙམ་དུ་འཇའ་སྤྲིན་ལྟ་བུའི་དབུས་སུ་ལྟ་ན་སྡུག་གི་ཞིང་བཀོད་མཚོན་བྱེད་ཙམ་ལས། རི་མོ་རྒྱས་སྤྲོས་ཚུབ་པོ་མི་ལེགས། འོན་ཀྱང་རི་བཞི་མཚོན་ཙམ་དགོས་འདྲ་བས་ཤར་སྤོས་ངད་ལྡན་སྤང་རི་ལ་ཨ་རུ་ར་སྡོང་པོ་གཅིག་ཙམ། ལྷོ་འབིགས་བྱེད་བྲག་རི་རྩེ་རྣོན་ལ་སེ་འབྲུ་པི་ལིང་ལྟ་བུའི་དྲོད་སྨན་རེ་གཉིས། ནུབ་མ་ལ་ཡ་གཡའ་བྲག་སྤང་གསུམ་འདྲེས་མ། སྨན་ཆུ་དང་ཆུ་ཚན་འབེབས་ཉམས། བྲག་ལ་ཅོང་ཞི་དང་བྲག་ཞུན་མཚོན་བྱེད། སྤང་ལ་གུར་གུམ་མེ་ཏོག་ལྟ་བུ་རེ་གཉིས། བྱང་གངས་ཅན་གངས་རིའི་ཞོལ། ག་བུར་དང་ཙནྡན་དཀར་པོ་ལྟ་བུའི་ཚ་སྨན་རེ་གཉིས། དེ་རྣམས་དབུས་སུ་གཞལ་


JKT017_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་མཚོན་ཙམ་དབུས་སྨན་བླ་སྤྲུལ་སྐུ་སྤྱི་འགྲོ། དེ་ལས་འཇའ་ཟེར་ཨ་རུ་རའི་ཆར་འབེབས་ཉམས་བཅས་མཁན་པོའི་ཕྲག་གཡས་ཐད་ཟུག་པ། གར་ཚེའི་འོག་ཏུ་མགོན་པོ་ཀུན་ཏུ་གཟིགས་ཀྱི་ཞིང་བཀོད་བདེ་བ་ཅན་ཞིང་བཀོད་ཀྱི་གྲ་ཟུར་མངོན་དགའ་སོགས་ཀྱི་ཞིང་བཀོད་ལྟ་བུ་མཚོན་ཙམ་དབུས་སུ་འཇམ་དབྱངས་རྒྱལ་པོ་རོལ་པ། ཕྱག་ཐུགས་ཀར་ཆོས་འཆད་ཀྱིས་ཨུཏྤལ་བཟུང་བའི་སྙན་གཡས་གཡོན་ཐད་རལ་པོད། ཞབས་རྡོར་སྐྱིལ། ཟུར་ཕུད་ལྔ་ལྡན་དར་དང་རིན་པོ་ཆེའི་རྒྱན་སོགས་སྤྱི་འགྲེ། གདན་པད་ཟླ། འཇའ་ཟེར་གུར་གུམ་གྱི་ཆར་འབེབས་ཉམས་ཅན་ཆོས་རྒྱལ་ཕྲག་གཡོན་ཐད་ཟུག་པ། སྨན་བླའི་འོག་བསམ་ཡས་བྲི་དགོས་རྒྱུའང་། བཀོད་པ་རྒྱས་པ་བྲི་ཐབས་མེད་པས་མདོར་བསྡུས་བླ་མ་ལྷ་ཁང་གྱང་ཐང་ལ་བྲིས་པ་དེ་ལེགས་ཙམ་འདུག་སྙམ་པས་དེ་ལྟར་དང་། དམིགས་བསལ་དབུ་རྩེའི་གཡོན་ཐད་མཁན་སློབ་ཆོས་གསུམ་ཆོས་ཁྲི། དཀར་ཕིབས་གསེར་གྱི་གཉྫིར་ཆུང་ངུ་ཅན། དེའི་དབུས་སུ་རྒྱ་གར་པཎ་ཆེན་རབ་བྱུང་གཡས་ཆོས་འཆད། གཡོན་མཉམ་གཞག་དཔེ་ཚན། ཞབས་བདེ་ལུགས་སྐྱིལ་ཀྲུང་། གདན་ཁྲིའུ་ཤིང་ཅུང་ཟད་དང་བཅས་པའི་འབོལ། དེའི་མདུན་དུ་བོད་ཀྱི་ལོ་ཙཱ་རབ་བྱུང་གཉིས་གསུམ་འདུད་རྒྱ་དང་བཅས་ཆོས་གསན་ཚུལ།


JKT017_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཐད་རབ་བྱུང་གཉིས་གསུམ་གྱིས་ས་གཞོང་ཐོགས་ནས་བསྟན་བཅོས་རྩོམ་ཚུལ། གཡོན་དུ་གཉིས་གསུམ་གྱིས་རྩོད་ཚུལ། མཐའ་སྐོར་ཡོ་འབོག་ལྕང་མའི་སྡོང་པོ་གསུམ་བཞི་གང་འོས་བཅས། འཇམ་དབྱངས་ཞིང་བཀོད་འོག་སྒྲུབ་གནས་མཆིམས་ཕུ་ཧ་ལམ་དཔེ་རིས་ལྟར་ལ་སྟོད་བྲག་དམར་ཀེའུ་ཚང་དུ་སྒྲུབ་པ་པོ་རབ་བྱུང་ཞི་དུལ་གྱི་ཉམས་ཅན་དྲང་པོར་བསྲངས་ཏེ་རྩྭ་གདན་ལ་བཞུགས་པ། སྤྱན་ཟིམ་བུར་སྣ་རྩེར་ཕབས་པ། ཕྱག་མཉམ་གཞག །ཞབས་རྡོར་སྐྱིལ། མདུན་དུ་ལྕོགས་རྩེ་ལྟ་བུ་མཚོན་ཙམ་ལ་ལྷུང་བཟེད་ཤིང་ཏོག་གིས་གང་བ་དང་སྤྱི་བླུགས་ཙམ། སྟ་ཟུར་གཡོན་དུ་འཁར་བསིལ་བསྒྲེང་བ། གདན་གདིང་བ། ཉང་ཕུག་གོང་འོག་གང་རིགས་སུ་སྔགས་འཆང་གོས་དཀར་ལྕང་ལོ་བེར་ཟླུམ་ཅན། ཕྱག་རཀཱའི་ཕྲེང་བ་འདྲེན་པ། སྐེད་ཕུར་གཟིར་བ། སྤྱན་ཟུར་གསུམ་ཐད་གཟིགས། རལ་པ་ཐོར་ཚུགས། ཞབས་ཕྱེད་སྐྱིལ། མདུན་དུ་རྡོར་དྲིལ་ནང་མཆོད་ཙམ། གདན་པགས་གདན། དཀུ་གཡོན་ཟུར་ཁ་ཊཾ་ག་སྒྲེང་བ། དབེན་རྩ་མཆོག་དབྱངས་གཟིམ་ཕུག་ལྟ་བུར་རྣལ་འབྱོར་པ་རས་གཟན་སྒོམ་ཐག་ཅན། སྒྲ་སིལ་མ་རྒྱབ་བསྙིལ། སྤྱན་ལྟ་སྟངས་བར་སྣང་ལ་གཟིགས་པ། ཕྱག་ཁུ་ཚུར་བརླ་བཞག །ཞབས་རྡོར་སྐྱིལ། གདན་ཀྲྀཥའི་པགས་


JKT017_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པ། མདུན་དུ་ཐོད་པ་བདུད་རྩིས་གང་བ། དཀུ་གཡས་ཟུར་སྦ་དཀར་དབྱུག་པ་ཚིགས་གསུམ་སྒྲེང་བ་ཅན་ནོ། །གཙོ་བོའི་འོག་གི་དབུས་སུ་བཞུགས་ཁྲི་གར་མཛེས་དང་དར་འབོལ་གྱི་སྟེང་དཔལ་ས་ སྐྱ་པ་ངག་དབང་ཀུན་དགའ་རིན་ཆེན། སྐུ་ཤ་རྒྱས་ཤིང་། སྤྱན་ཟླུམ་པོ་ཐད་གཟིགས། ཟིལ་གཟི་བརྗིད་ཆེན་པོ་ཅན། དབུ་སྐྲ་བརྒྱ་བསྙིལ། དབུ་ཞྭ་ཐུགས་དམ་ཞྭ་མོ་དམར་པོ་ལེབ་ཞྭ་མཛད་པ། །ཞབས་ཕྱེད་སྐྱིལ། །སྐུ་ཆས་སྔགས་དཀར་ཆས་སྤྱི་འགྲེ། དེའང་སྟོད་རྩེ་ལྗང་ཁྲ། སྐུ་ཤམ་དཀར། སྐུ་རེག་སྐག་མདོག་ནག་ཁྲ། སྐུ་སྐེད་ཕུར་པ་གཟིར་བ། ཟླ་གམ་དམར་སྨུག །ཕྱག་གཡས་པུས་སྟེང་ཕུར་པ་གཟིར། །གཡོན་མཉམ་གཞག་སྟེང་ཐོད་པ་བདུད་རྩིས་གང་བ། མདུན་དུ་རྡོར་དྲིལ། ཌཱ་རུ་ནང་མཆོད་ཙམ། དེའི་གཡས་འོག་གུར་མགོན་སྐུ་མདོག་མཐིང་ནག །སྤྱན་གསུམ་སོགས་ཁྲོ་ཉམས་སྤྱི་འགྲེ། དར་དང་རུས་པ་སྦྲུལ་རྒྱན། ཐོད་རྒྱན། སྟག་ཤམ་སོགས་སྤྱི་ལྟར་ཕྱག་གཡས་གྲི་གུག །གཡོན་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། དར་མཐིང་ཁྲའི་ཟི་ལྡིར་ཅན། ཞབས་མཉམ་པའི་སྟབས་ཀྱིས་བཞེངས་པ། གདན་པད་ཉི་བམ་རོ་དམར་སེར། ཕྱི་རོལ་མེ་རི་པ་ཏྲ་སོགས་སྤྱི་ལྟར། མདུན་དུ་ཐོད་པ་ཁྲག་གིས་གང་བར་དྲག་བཤོས་ཙམ་ཞིག་བྲི། གཡོན་དུ་རྒྱལ་ཆེན་རྣམ་


JKT017_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་སེར་ཆེན་སེང་ཞོན་སྤྱི་འགྲེ། རྒྱབ་ཡོལ་ནོར་འཛིན་པ་ཏྲ་ཅན། མདུན་དུ་གཏེར་བུམ་གྱི་ཁ་ནས་ནོར་བུ་ལུད་པ་དང་། གཡས་གཡོན་དུ་ནོར་བུ་ཆ་བདུན་མཚོན་ཙམ་རེ་བྲི། དེ་གཉིས་ཀྱི་བར་དུ་འཇའ་སྤྲིན་ལྟ་བུར། རྒྱལ་སྲིད་སྣ་བདུན་བཀོད་པ་ཅི་མཛེས་མཚོན་ཙམ་དང་། གཡས་སུ་རྟགས་བརྒྱད། གཡོན་དུ་རྫས་བརྒྱད་མཚོན་བྱེད་ཙམ་རེ་བྲི། གཙོ་བོ་གསུམ་གྱི་གཡས་འོག་ཏུ་ཤིང་སྡོང་ཞིག་གི་རྒྱབ་ཏུ་གླང་པོ་ཆེ་ཐལ་ཀར་རྒྱ་གར་ཨ་ཙ་ར་ཞིག་གིས་ཁྲིད་ནས་སློབ་དཔོན་རིན་པོ་ཆེར་འབུལ་བའི་ཉམས། གཡོན་དུ་རྒྱ་མི་ཞིག་གིས་ནོར་བུའི་གཞོང་པ་ཐོགས་ནས་ཕུལ་ཉམས་ཀྱི་རྒྱབ་ཏུ མེ་བུམ་ཙམ་ཞིག་བྲིས་ན་ལེགས་སོ།། ༄༅། །ཨོཾ་སྭ་སྟི། ས་ངོར་ཚར་གསུམ་གྱི་བྲིས་ཐང་ཤིན་ཏུ་སྒྲོས་ལེགས་དཔེར་འོས་པ་ཞིག་བཞེངས་རྒྱུར། རས་གཞི་དཔངས་སུ་ངེད་རང་གི་མཐོ་གསུམ་ལྷག ། ཞིང་དུ་མཐོ་དོ་སོར་གང་ལྷག་ཡོད་པ་དཀར་བྱུགས་ལུགས་སོགས་བཟོ་དཔྱད་གང་ལེགས་ཀྱིས་དབུས་སུ་བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་སྐུ་པད་གདན་བཅས། མཐོ་གང་པ་རིན་པོ་ཆེའི་ཁྲི་ལ་བཞུགས་པའི་མདུན་དུ་རྡོ་རྗེ་དྲིལ་བུ་ཌཱ་མ་རུ་ནང་མཆོད་འབྲུ་ཕོར་ཙམ་གྱི་མདུན་རྒྱན་གང་འོས། །སྐུ་དངོས་སྐུ་ཤ་རྒྱས་ཤིང་དཀར་མདངས་ཆེ། འགྲེས་ཉམས་ཆེར་མེད་པ་དབུ་སྤྱི་ཐེར་ཅན། སྤྱན་ཞི་


JKT017_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས། ཕྱག་གཡས་མཆོག་སྦྱིན། གཡོན་སྐྱབས་སྦྱིན་པད་དཀར། ཞབས་སྐྱིལ་ཀྲུང་། ན་བཟའ་དཀར་པོ་ནང་ཤ་སྐག་ཁ། སྐུ་བེར་དཀར་པོ་ནང་ཤ་དམར། སྐུ་རེག་ལྗང་། ཞབས་ལྷམ་ནག །དེ་རྣམས་ལ་གསེར་རིས་ཤིན་ཏུ་གང་ལེགས། ས་ཆེན་གྱི་སྐུ་གཡོན་གྱི་འཁྲིས་སུ་ངོར་ཆེན་རྡོ་རྗེ་འཆང་སྐུ་མཁྱིད་གང་ཙམ། ཕྱག་ཆོས་འཆད་ཨུཏྤལ་གཡས་རྡོ་རྗེ། གཡོན་དྲིལ་བུས་མཚན་པ། ཞབས་རྡོར་སྐྱིལ། དབུ་ས་ཞུ་རྣ་ཕབས། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག །གདན་པད་ཟླ། ཞལ་རས་ཆེ་ཞིང་སྐུ་ཤ་སྐེམས་པ་དང་། མཁུར་ཚོས་སོགས་འབུར་ཉམས། སྙན་ཞི་བ། གཡོན་དུ་ཚར་ཆེན་རིན་པོ་ཆེ་སྐུ་མདོག་དམར་སྨུག །ཞལ་ཁྲོ་འཛུམ། ཟིལ་ཤིན་ཏུ་ཆེ་བ། ཕྱག་གཉིས་པུས་མོ་ལང་ཀབ་པ་ཞེས་གསུངས་པ་ལྟར་རམ། བྲིས་རྒྱུན་ཕལ་ཆེར་ལས་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་དྲིལ་བུ་དཀུར་བརྟེན། སྐུ་ཤིན་ཏུ་ཆེ་བ་གདན་ཁར་ཤོང་ཚད་ལྟ་བུ། ས་ཞུ་རྣ་ཕབས། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག །ཟླ་གམ་དམར་པོ། ཞབས་སྐྱིལ་ཀྲུང་གདན་པད་ཟླ་། མདུན་དུ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་སྐུ་སོར་བདུན་ཙམ་སྐུ་ཤ་རྒྱས་ཤིང་དཀར་མདངས་ཆེ་བ། སྤྱན་ཟིམ་བུ། ཞལ་རྒྱུན་ཤིན་ཏུ་རྒྱས་པ། ཕྱག་གཡས་ཆོས་འཆད་པད་


JKT017_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། གཡོན་མཉམ་གཞག་ཚེ་བུམ། ན་བཟའ་ཆོས་གོས་རྣམ་གསུམ་དང་། ཟ་འོག་གི་བེར། དབུ་ས་ཞུ། ཞབས་རྡོར་སྐྱིལ། གདན་རིན་པོ་ཆེའི་ཁྲི་དང་དར་ཟབ་ཀྱི་འབོལ། མདུན་དུ་རྡོར་དྲིལ། ཞལ་དཀར་ལྷུང་བཟེད་སྤྱི་བླུགས་སོགས། ས་ཆེན་གྱི་དབུ་གཙུག་ཏུ་ཀྱེ་རྡོ་རྗེ་ཞལ་ཕྱག་ཡོངས་རྫོགས་སོར་དྲུག་ཙམ། གདན་གྱི་འོག་ཏུ་འཇའ་སྤྲིན་ལས་མེ་ཏོག་གི་ཆར་བབས་པ། ས་ཆེན་གྱི་དབུ་གཙུག་གི་བར་དུ་འཇའ་མདུང་ཚད་དུ་ཟུག་པའི་བཀོད་པ་གང་མཛེས། དེའི་གཡས་སུ་གསེར་ཆོས་ལུགས་ཀྱི་ཚེ་དཔག་མེད་སྤྲུལ་སྐུ། སྐུ་མདོག་དམར་པོ་ན་བཟའ་ཆོས་གོས་རྣམ་གསུམ་གསོལ་བ། ཕྱག་མཉམ་བཞག་གི་སྟེང་དུ་བདུད་རྩིའི་ལྷུང་བཟེད། ཞབས་རྡོར་སྐྱིལ། གདན་པད་ཟླ་རེ་རེའི་ཁྲི་འཇའ་སྤྲིན་རྒྱས་པའི་དབུས་སུ་བཞུགས་ཤིང་བདུད་རྩིའི་ཆར་འབེབས་པ། གཡོན་དུ་བིརཱུ་པ་ཆོས་འཁོར་གྱི་ཕྱག་རྒྱ་ཅན། མེ་ཏོག་གི་ཐོད་བཅིངས་སོགས་སྤྱི་ལྟར། ཞབས་ཕྱེད་སྐྱིལ། གདན་པད་ཟླ་དང་། ཨ་གར་ནག་པོའི་བཞུགས་ཁྲི། ཀྲྀཥཱ་སཱ་རའི་པགས་པས་བཀབ་པ། །འཇའ་སྤྲིན་ཅུང་ཟད་ལ་ནོར་བུའི་རིགས་སྣ་ཚོགས་པའི་ཆར་འབེབས་པ། ས་ཆེན་གྱི་པདྨའི་ཟེའུ་འབྲུ་ལས་ཤར་བའི་འཇའ་ཚོན་དང་འདྲེས་པ། ངོར་ཆེན་གྱི་ཕྱག་གཡས་རྡོ་རྗེའི་རྩེ་ལས་འཇའ་ཚོན་ཤར་གྱིས། །


JKT017_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཟུག་པའི་རྩེར། ས་ཆེན་གྱི་སྐུའི་གཡས་སུ་འཇའ་སྤྲིན་ནང་། རྗེ་བཙུན་གྲགས་པ་སོར་གསུམ་ཙམ། སྐུ་ཤ་ཅུང་ཟད་རྒྱས་པ། སྤྱན་ཟླུམ་པོ། དབུ་སྐྲ་འཁྱིལ་བ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་དང་གཡོན་དྲིལ་བུ་དཀུར་བརྟེན་པའི་འགྱིང་ཉམས། ཞབས་ཕྱེད་སྐྱིལ། ན་བཟའ་ས་ཆེན་དང་འདྲ་བ་ལ། སྐུ་བེར་རྒྱ་ཁ། ཚར་ཆེན་གྱི་ཕྱག་གཡོན་པའི་དྲིལ་བུའི་རྩེ་ལ་འཇའ་ཚོན་འཕྲོས་པའི་རྩེ་མོར་གྲགས་པའི་ཐད་དུ་རྡོ་རིང་པ་སེང་གེ་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། ན་བཟའ་ཆོས་གོས་རྣམ་གསུམ། ཞལ་ཁྲོ་འཛུམ། སྤྱན་ཧྲིག་གེར་ཕྱིར་ལོག་གཟིགས་པ། གཡས་རྡོ་རྗེ་འཕྱར་ནས། གཡོན་དྲིལ་བུ་དཀུར་བརྟེན་པ། ངོར་ཆེན་གྱི་གཡས་ལོགས་གང་བ་དེར་བདེ་ཅན་ཞིང་བཀོད་ཀྱི་ཞིང་ཕྲན་ལྟ་བུའི་གཙུག་ལག་ཁང་བཀོད་ལེགས་ཀྱི་དཀྱིལ་དུ་དགེ་སློང་ཆོས་འཆད་པ། ཆོས་ཉན་པ། རྩོད་པའི་ཐལ་མོ་རྡེབ་པ། ས་གཞོང་དུ་ཡི་གེ་འབྲི་བ་སྟེ་འཆད་རྩོད་རྩོམ་པའི་ཚུལ་ཅན་བཞི་ལྔ་གང་ཤོངས། ཚར་ཆེན་གྱི་གཡོན་ལོགས་གང་བ་དེར་བྲག་རི་དཀར་པོ་ཤིན་ཏུ་མཛེས་པའི་ནང་དུ་ཕུག་པ་གསུམ་ཙམ་ལ། དགེ་སློང་གཅེར་ཤམ་ཅན་དབང་པོ་དུལ་བའི་ཚུལ་གྱིས་བསམ་གཏན་ལ་བཞུགས་པ། ངོར་ཆེན་གྱི་འོག་ཏུ་མགོན་པོ་གུར་སོར་ལྔ་ཙམ་སྤྱི་ལྟར་ལ་ཕོ་ཉ་ལྔ་བསྐོར་ཕྲ་མོ་རྣམ་འགྱུར་ཤིན་


JKT017_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྔམས་པ། དེའི་གཡོན་དུ་ཞལ་བྲམ་གཟུགས་སྔོ་སྐྱ་སྤྱི་ལྟར་ལ་སྲིང་མོ་བཞི་སྐུ་ཕྲ་མོ་གར་གྱི་ཉམས་འགྱུར་མི་འདྲ་བའི་བཀོད་མཛེས། གཞན་ཡུལ་ལྟར་རི་རྩེ་རྣམས་གངས་ལས་འཇའ་སྤྲིན་འཕྲོ་བ། གངས་ཀྱི་ངོས་ལས་སེང་གེའི་ཕྲུ་གུ་འོངས་པ། རི་སྐེད་རྣམས་སྤང་རི་མེ་ཏོག་དང་། རིན་པོ་ཆེའི་ཤིང་ལྗོན་པ་ལས་རིན་པོ་ཆེའི་ཆར་འབེབས་པ། དར་ཁ་དོག་སྣ་ཚོགས། རི་དྭགས་ཕོ་མོ་ཕྲུ་གུ་དང་བཅས་པ་སོགས་རྩེ་འཇོལ་རོལ་པ། འོག་གཞིར་རིན་པོ་ཆེའི་བྲག་རི་ཅུང་ཟད་དང་། མ་རྨོས་པའི་ལོ་ཏོག་གི་ཚལ། འདོད་འཇོའི་བ་གསེར་མདོག །མེ་ཏོག་གི་མཚོ་གླིང་གླང་པོ་ཆེ་ཐལ་དཀར་འཕྱང་བ་དང་། ངང་པ་དཀར་དམར། མཚོ་ནང་གསེར་ཉ། དུང་། ཉ། རུ་སྦལ་སོགས་ཡོད་པ། བྱམས་པ་ཀུན་དགའ་བསྟན་འཛིན་གྱི་མདུན་འཇའ་གོར་ནང་བཀྲ་ཤིས་རྟགས་བརྒྱད་དང་མཆོད་པའི་རྣམ་གྲངས་བཀོད་མཛེས་སུ་བྲིའོ། །དེའང་སྐུ་རྣམས་གཙོ་ཆེར་སྒར་ལུགས་འདྲེས་མ་དང་། ཡུལ་བཀོད་ཀྱི་རི་མོ་སྒར་ལུགས་ལ་ཚོན་སྟུག་ཤས་ཅུང་ཆེ་བ་བྲིས་ན་ལེགས། ས་ཆེན་གྱི་སྐུ་རྒྱབ་དྲང་པོར་སྐུ་ཚད་དང་མཉམ་པའི་མཆོད་རྟེན་ཆ་བརྒྱད་ནང་ཚན་ཆོས་འཁོར་མཆོད་རྟེན་ཐིག་ཚད་ཡོད་ངེས་གསེར་བྱིབས་བྱུགས་བྱས་པ་བཅས་བྲིའོ། ༈ །ཨོཾ་སྭ་སྟི། ཇོ་འབྲོམ་རྔོག་གསུམ་གྱི་ཞལ་ཐང་ལ།


JKT017_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཇོ་བོ་རྗེ་སྐུ་ཤིན་ཏུ་མཛེས་ཤིང་བརྗིད་ཆགས་པ། སྐུ་ལུས་དྲང་པོར་བསྲངས་ཏེ་དབུ་ཅུང་ཟད་འགྱིང་ཉམས་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད། ན་བཟའ་ཤ་འགགས་སྔོ། ཤམ་ཐབས་བཙག་ཁ། ཆོས་གོས་དང་སྣམ་སྦྱར་ངུར་སྨྲིག །དབུ་པཎ་ཞུ་རྣ་ཐུང་སེར་པོ་ངུར་སྨིག་རི་མོ་ཅན། ཞབས་སྐྱིལ་ཀྲུང་། གཡས་སུ་བཀའ་གདམས་གདུང་རྟེན་དང་གླེགས་བམ་འགའ་རེ་བརྩེགས་པ་དང་འཁར་བསིལ། གཡོན་དུ་ཟ་མ་ཏོག །གདན་པད་ཟླ་སེང་ཁྲི། མདུན་དུ་སྤྱི་བླུགས། ལྷུང་བཟེད་ཞོས་གང་བ། ཞལ་དཀར། ཤེལ་སྣོད་དུ་ཤིང་ཏོག །དེའི་གཡས་སུ་འབྲོམ་སྟོན་པ་དགེ་བསྙེན་ལྕང་ལོ་སིལ་བུ་ཅན། སྐུ་ཤ་རྒྱས་ཤིང་ཞི་འཛུམ་བརྗིད་ཆགས། ཞི་ཞིང་དུལ་བའི་ཉམས། དབུ་ཇོ་བོ་ལ་འདུད་པའི་རྣམ་པ། ཕྱག་གཡས་སྐྱབས་སྦྱིན་གྱི་རྒྱས་ཤེལ་ཕྲེང་འདྲེན་པ། གཡོན་མཆོག་སྦྱིན་པད་དཀར་ནོར་བུས་མཚན་པ། ན་བཟའ་ཤ་འགག་དཀར་པོ། སྐུ་གཟན་རྒྱ་ཁ། སྐུ་བེར་སྨུག་པོ་ལྟ་བུ་དགེ་སློང་གི་རུང་བའི་ཚོན་མདོག་མ་ཡིན་པའི་གང་འོས། དབུ་ཞྭ་མེད། གཡོན་དུ་རྔོག་བློ་ལྡན་ཤེས་རབ་དགེ་སློང་དར་ཡོལ། ཕྱག་གཡས་ཆོས་འཆད་ཨུཏྤལ་རལ་གྲིས་མཚན་པ། གཡོན་མཉམ་གཞག་གླེགས་བམ། ན་བཟའ་ཤ་འགག་དམར་པོ། སྐུ་ཤམ་བཙག་ཁ། ཆོས་གོས་


JKT017_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྣམ་སྦྱར་ངུར་སྨྲིག །ཟླ་གམ་སེར་པོ། སྐུ་ཤ་རྒྱས་ཤིང་སྒེག་ཉམས་ཅན། ཤ་ཚུགས་གྲིམ་པ། འདི་གཉིས་ཀ་ཟུར་ཞལ། གདན་དར་འབོལ། ཇོ་བོའི་དབུ་སྟེང་དུ་ཐུབ་པ་དམ་ཚིག་གསུམ་བཀོད་ཐུབ་དབང་སྤྱི་ལྟར་ལ་ཕྱག་ཆོས་འཆད། གདན་སེང་ཁྲི་པད་ཟླ། དེའི་མདུན་གཡས་སུ་རྡོར་དབྱིངས་གཙོ་བོ་ཞལ་བཞི་ཀུན་རིག་ལྟ་བུ། སྐུ་དང་ཞལ་ཐམས་ཅད་དཀར་པོ། ཕྱག་གཉིས་ཐུགས་ཀར་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཞེས་གཡོན་འོག་ཏུ་བྱས་པའི་ཁུ་ཚུར་གྱི་མཛུབ་མོ་གཡས་པའི་ཁུ་ཚུར་གྱི་ནང་དུ་བཅུག་པའི་སྟེང་དུ་རྡོ་རྗེ་རྩེ་ལྔ་སྒང་པོ་འཛིན་པ། རིན་པོ་ཆེའི་ཅོད་པན་དར་དཔྱངས་ཅན། མགུལ་རྒྱན། དོ་ཤལ་རིང་ཐུང་། ཕྱག་ཞབས་ཀྱི་གདུ་བུ། སྐེ་རགས། དར་དཀར་པོའི་སྟོད་གཡོགས་དང་སྨད་གཡོགས་ཞེས་གསུངས་པ་གཉིས་ཀ་དཀར་པོ་ཡིན་ཀྱང་ཁ་དོག་འདྲེས་པའི་སྐྱོན་སྤང་ཕྱིར་ནང་ཤ་སྔོན་པོ་འདྲ་གང་འོས། གདན་སེང་ཁྲི་པད་ཟླ། གཡོན་དུ་རྣམ་སྣང་མངོན་བྱང་སྐུ་མདོག་གསེར་མདངས། ཕྱག་མཉམ་བཞག །རིན་པོ་ཆེའི་རྒྱན་རྡོར་དབྱིབས་དང་འདྲ། དར་སྔོན་པོའི་སྟོད་གཡོགས། ཁ་དོག་སྣ་ཚོགས་པའི་སྨད་དཀྲིས། ཞབས་རྡོར་སྐྱིལ། གདན་པདྨ་དཀར་པོ་དང་ཟླ་བའོ། །དེ་རྣམས་ཀྱི་གཡས་སུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སྤྱན་བདུན་མ་སྤྱི་ལྟར་


JKT017_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བདུད་རྩི་ཁ་དོག་ལྔ་ལྡན་གྱི་ཆར་འབེབས་པ། གཡོན་དུ་སྒྲོལ་ལྗང་སྤྱི་ལྟར་ལ་ཇོ་བོ་དང་བར་དུ་འཇའ་ཚོན་གྱིས་འབྲེལ་བ། རིན་པོ་ཆེའི་ཆར་འབེབས་པ། འབྲོམ་གྱི་སྐུ་དཔུང་གཡས་པའི་སྟེང་ནས་འཇའ་ཚོན་འཕྲོས་པའི་རྩེར་འཇའ་སྤྲིན་གྱི་ནང་དུ་སྤྱན་རས་གཟིགས་ཕྱག་བཞི་པ་སྤྱི་ལྟར། རྔོག་གི་དཔུང་གཡོན་ལས་འཇའ་ཚོན་འཕྲོས་པའི་རྩེར་འཇའ་སྤྲིན་གྱི་ནང་དུ་ཌོམྦི་ཧེ་རུ་ཀ་སྟག་ལ་ཆིབས་པ་ཡུམ་དང་བཅས་པ་སྤྱི་ལྟར། ཇོ་བོའི་མདུན་དུ་རྡོ་རྗེ་འཆང་དཀོན་མཆོག་བསྟན་པ་རབ་རྒྱས་སྐུ་ཚུགས་དང་ཞལ་རས་སོགས་མ་གཞི་རྗེ་རིན་པོ་ཆེ་དང་འདྲ་བ་ལ། ཤངས་རྡོག་དེ་ཙམ་མི་ཆེ་བ། སྤྱན་ཅུང་ཟད་ཧུར་བག་གི་རྣམ་པ། ཕྱག་མདུད་རྒྱ། ན་བཟའ་རྔོག་དང་འདྲ་བ་ལ། འགགས་རིང་ཤ་འགགས་མིན། དཀྱུས་མ་ལྟར་བྲི། དབུ་པཎ་ཞྭ་སེར་པོ་རྣ་རིང་སྣེ་མོ་ནང་དུ་སློག་པ། གདན་རིན་པོ་ཆེའི་ཁྲི་དང་དར་འབོལ། མདུན་དུ་སྤྱི་བླུགས་སོགས་ཇོ་བོ་ལྟར་འབྲོམ་གྱི་འོག་ཏུ་མགོན་པོ་གྲི་གུག་གནས་བཅུའི་ཞལ་ཐང་འགའ་རེ་ལ་བྲི་སྲོལ་ཅན་དེ་ཡིན། དེའང་སྐུ་མདོག་མཐིང་ནག །གཡས་གྲི་གུག་འཕྱར། གཡོན་ཐོད་ཁྲག་ཐུགས་ཀ །སྤྱན་གསུམ། མཆེ་གཙིགས། ལྗགས་བསྐྱོད། དབུ་སྐྲ་དང་སྨིན་མ་དམར་སེར་གྱེན་དུ་བརྫེས་པ། སྦོམ་ཐུང་ཡན་ལག་རིགས། གསུས་ཁྱིམ་ཆེ།


JKT017_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཡོན་ཅུང་ཟད་བརྐྱངས་པའི་བཞེངས་སྟབས། ཐོད་སྐམ་དབུ་རྒྱན། རློན་པའི་དོ་ཤལ། སྟག་ཤམ། སྦྲུལ་རྒྱན། དྲག་མོ་དམར་ནག་འབར་བ། གདན་པད་ཉི། མི་རོ། སྤྱི་བོར་མི་གཡོ་བ་སྔོན་པོ་ཚོན་གང་ཙམ་སྐུ་མདོག་མཐིང་ནག །སྤྱན་གསུམ་དམར་ཟླུམ། གཡས་རལ་གྲི་མེ་འབར་བ་ནམ་མཁར་འཕྱར་བ། གཡོན་རྡོ་རྗེའི་ཞགས་པ་སྡིགས་མཛུབ་བཅས་ཐུགས་ཀར་གཏོད་པ། སྨར་སྨིན་དབུ་སྐྲ་དམར་སེར། ཡ་སོས་མ་མཆུ་མནན་པ། མཆེ་བ་རྣོན་པོ་གཙིགས་པ། སྟག་ཤམ། རིན་པོ་ཆེའི་རྒྱན། སྦྲུལ་རྒྱན། ཞབས་གཡོན་བརྐྱངས་པའི་དོར་སྟབས། གདན་པདྨ་ཉི་མ་ཚོགས་བདག་གླང་སྣ་གན་རྐྱལ་དུ་བསྐྱེལ་བའི་སྟེང་དུ་མེ་འབར་བའི་དབུས་ན་བཞུགས་པ། རྔོག་ལོའི་འོག་ཏུ་ཛམ་དཀར་འབྲུག་ཞོན། སྐུ་མདོག་དཀར་གསལ། ཞི་འཛུམ་ཆགས་ཉམས་ཅུང་ཟད་ཁྲོ་བ། སྤྱན་གསུམ་དབུ་སྐྲ་དཀར་སེར་གྱེན་བརྫེས། སྨར་སྨིན་དཀར་སེར་གྱེན་དུ་འཁྱིལ་པ། གཡས་རྩེ་གསུམ་ནམ་མཁར་འཕྱར་བ། གཡོན་རིན་པོ་ཆེའི་བེ་ཅོན་དཀུ་གཡོན་པ་ལ་བརྟེན་པ། རིན་པོ་ཆེའི་རྒྱན་བརྒྱད་དང་། དར་ཡུག་གོན་གྱི་སྟོད་གཡོགས། ཁ་དོག་སྣ་ཚོགས་ཀྱི་ཤམ་ཐབས། རིན་པོ་ཆེའི་ཆར་འབེབས་པའི་སྤྲིན་ཁ་དོག་སྣ་ཚོགས་པའི་དབུས་ན་པད་ཟླ་དང་གཡུ་འབྲུག་གི་སྟེང་ན་


JKT017_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ། ཕྱི་རོལ་དུ་ནོར་འཛིན་པ་ཏྲ་གང་མཛེས། ཤར་དུ་རྡོ་རྗེ་མཁའ་འགྲོ་སྔོན་མོ་གཡས་རྡོ་རྗེ། གཡོན་རིན་པོ་ཆེའི་པད་ཕོར་ནོར་བུ་དང་ཤིང་ཏོག་དར་ཟབ་སོགས་ཀྱིས་གང་བ། ལྷོར་རིན་ཁའ་འགྲོ་སེར། གཡས་ནོར་བུ་མེ་འབར། གཡོན་གཏེར་བུམ། ནུབ་པདྨ་མཁའ་འགྲོ་དམར། གཡས་པདྨ། གཡོན་ལྕགས་ཀྱུ། བྱང་ལས་ཀྱི་མཁའ་འགྲོ་ལྗང་། གཡས་རྒྱ་གྲམ། གཡོན་ནེའུ་ལེ་བསྣམས་པ། ཐམས་ཅད་ཞབས་གཡོན་བརྐྱངས་པའི་གར་སྟབས་ཅན། འདི་བཞི་ཞལ་གྱི་སྲིང་མོ་བཞི་ལྟར་སྐུ་ཤིན་ཏུ་ཆུང་བ་སྤྲིན་གྱི་དབུས་སུ་གང་བདེར་བྲི། འབྲོམ་གྱི་གཡས་སུ་རྭ་སྒྲེང་དགོན་པ་ཤུག་ནགས་འཐུག་པོའི་དཀྱིལ་དུ་ཡོད་པ། ལྷ་ཁང་དམར་པོ་གསེར་འཕྲུ་ཅན་མདུན་ནས་ཆུ་ཆེ་བ་དང་། གཡོན་དུ་ཆུ་མིག །ལྟག་ཏུ་བྲག་དཀར་པོ་སེང་གེའི་གདོང་པ་འདྲ་བའི་མདུན་དུ་སྒྲུབ་ཁང་ཆུང་ངུ་དང་། སྟེང་འོག་ཐམས་ཅད་དུ་ཤུག་ནགས་མཐུག་པོ། ཡང་དགོན་དུ་དགེ་སློང་སྒྲུབ་པ་པོ་གཅེར་ཤམ་ཅན། ལྷ་ཁང་ཁྱུང་མགོ་ཅན་གྱི་མདུན་དུ་བསགས་སྦྱོང་མཎྜལ་དང་ཕྱག་འཚལ་མཁན། ཤུག་ནགས་ཀྱི་བར་ཅི་རིགས་པར་དགེ་སློང་བགྲེས་པོ་ལ་ལས་བསྐོར་བ་བྱེད། ལ་ལ་མཉམ་བཞག །ལ་ལ་ཆོས་འཆད་པའི་ཉམས་ཅན་བྲི། རྭ་སྒྲེང་གི་རྒྱབ་ཕྱོགས་སུ་ཐང་ལྷའི་གངས་སྤྲིན་


JKT017_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དང་ན་བུན་འཇའ་ཚོན་འཕྲོ་བ། སེང་གེས་བརྒྱན་པ། རྔོག་ལོའི་ཕྱོགས་སུ་གསང་ཕུ་ལུང་པ་ཞིག་གི་ཕུར་ནེའུ་གསེང་སྤང་ལྗོངས་དང་བཅས་པར། གཙུག་ལག་ཁང་དམར་པོ། གྲྭ་གཤག་དཀར་པོ། གཙུག་ལག་ཁང་གི་མཐིལ་དུ་འཆད་རྩོད་རྩོམ་གསུམ་གྱི་བཀོད་པ། བླ་མ་དགེ་འདུན་ཐམས་ཅད་ཞྭ་སེར་ཅན། དགོན་པའི་གཡོན་ལོགས་མདུན་དུ་སྤང་དིལ་ཤིང་སེབ་མེ་ཏོག་བཅས་པ་དང་། ཤུགས་པ་ཕྲ་མོ་ལྟ་བུའི་ནགས་ཚལ་ཆུང་དུ་བཅས་དཔེའུ་རིས་ལྟར། དཀོན་མཆོག་བསྟན་པ་རབ་རྒྱས་མདུན་འཇའ་གུར་གྱི་དབུས་སུ་རི་རབ་གླིང་བཞི་ཉི་ཟླ་དང་བཅས་པའི་མཎྜལ་གྱི་བཀོད་པ་མདོར་བསྡུས་གང་མཛེས་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་དང་། གཡས་གཡོན་དུ་མཆོད་པའི་བྱེ་བྲག །གཞན་ཡུལ་སྣང་གི་བཀོད་པ་རྣམ་འགྱུར་མི་འདྲ་བ་མ་གཏོགས་ས་ངོར་ཚར་གསུམ་གྱི་སྐབས་ལྟར་ཚང་མ་ཅི་མཛེས་སུ་བྲི། རྒྱབ་ཏུ་ཇོ་བོའི་སྐུ་གདན་ཁྲི་དང་བཅས་པའི་ཚད་དང་མཉམ་པའི་དབྱེན་ཟླུམ་མཆོད་རྟེན་ཐིག་རྩ་དང་ལྡན་པ་གསེར་བྱིབ་བྱུགས་བྱས་པ་བྲིའོ། མངྒལཾ། ༈ །བཀའ་བརྒྱུད་ཞལ་ཐང་གཙོ་བོ་རྗེ་བཙུན་མར་པ་ཉི་ལྡེམ་སྐུ་ཚད་ཇོ་བོ་རྗེ་ལྟར། ནང་གོས་དཀར་འཇམ་གསེར་གྱི་མེ་ཏོག་ཟླུམ་འཇིང་། སྐུ་ཆིངས་དམར་སྨུག་བེར་དམར་སྨུག་མོན་ཁ། ཞབས་རྗེན་གདན་འབོལ་ཁྲི་


JKT017_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། སྐུ་ཤ་དཀར་མདངས། དེའི་གཡས་སུ་མི་ལ་ན་བཟའ་རས་གོས་རྐྱང་པ། སྒོམ་ཐག་དམར་པོ་རྩ་འཁོར་རི་མོ་ཅན། ཕྱག་གཡས་པུས་མོ་སྟེང་དུ་བརྐྱང་། གཡོན་གདན་ལ་བརྟེན། ཞབས་གཡས་བརྐྱང་རོལ། རི་དྭགས་པགས་པའི་གདན། སྐུ་ཤ་དཀར་མདངས། གཡོན་དུ་དྭགས་པོ་རིན་པོ་ཆེ་ཆོས་གོས་རྣམ་གསུམ་མཚལ་ཁ། བེར་གསེར་མདངས། ཕྱག་མཉམ་བཞག །དྭགས་ཞུ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་། གདན་འབོལ་ཁྲི། གཉིས་ཀ་སྐུ་ཚད་འབྲོམ་རྔོག་གཉིས་དང་འདྲ། གཞན་སྐུའི་ཉམས། ཤ་མདངས། གཟིགས་སྟངས། ཕྱག་སྟབས། བཞུགས་སྟངས། ན་བཟའ་གདན་ཁྲི་སོགས་ཀར་ཕྱོགས་ཀྱི་ཟུང་འཇུག་བརྒྱུད་རིམ་བྲིས་རྒྱུན་ཁུངས་དག་ལྟར་ལ། དམིགས་གསལ་མར་པ་ལ་སེང་ཁྲི་དར་འབོལ། པད་གདན། མདུན་དུ་རྡོར་དྲིལ། ཌཱ་རུ། ནང་མཆོད་། ཞལ་དཀར་ཆང་གིས་བཀང་བ། ཚོགས་རྫས་ཉ་ཤ་དང་ལ་ཕུག་སོགས་ཡོད་པའི་པད་གཞོང་བཅས། མི་ལ་ལ་འབོལ་གདན་ལྗང་གུའི་སྟེང་རི་དྭགས་པགས་པ་དང་། དྭགས་པོ་ལ་འབོལ་གདན་དམར་པོའི་སྟེང་གདིང་བ་བཏིང་བ། སྟེང་གི་དབུས་སུ་རྡོ་རྗེ་འཆང་སྤྱི་ལྟར། གཡས་སུ་ཚེ་དཔག་མེད་གྲུབ་རྒྱལ་ལུགས་སྐུ་མདོག་དམར་པོ། ལོངས་སྤྱོད་རྫོགས་སྐུའི་ཆས་སྤྱི་འགྲེལ། ཕྱག་


JKT017_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་གི་སྟེང་གསེར་གྱི་བུམ་པ་དཔག་བསམ་ཤིང་ལོ་མ་དང་མེ་ཏོག་རབ་ཏུ་རྒྱས་པའི་ཁ་རྒྱན་ཅན་བསྣམས་པ། ཞབས་རྡོར་སྐྱིལ། གདན་པད་ཟླ་སོགས་སྤྱི་ལྟར། འཇའ་སྤྲིན་དང་བདུད་རྩིའི་ཆར་ཁ་དོག་ལྔ་ལྡན་ཕྱག་གི་བུམ་པ་ལས་འཕྱུར་བའི་ཚུལ་གྱིས་འབེབས་པ། གཡོན་དུ་གྲུབ་ཆེན་ས་ར་ཧ་བྲམ་ཟེའི་གཟུགས་མདའ་འཛིན་པ་སོགས་སྤྱི་ལྟར་ལ། མར་པའི་མནལ་ལམ་ལྟར་ན། ཤིང་པཀིའི་ལྗོན་པ་ལ་སྐུ་རྒྱབ་བརྟེན་པ། དུར་ཁྲོད་ཀྱི་ཆས་དང་། རོ་གདན་ཅན་ཞེས་གསུངས་པ་བྲི་སྟབས་བདེ་ན་དེ་ལྟར་བྲི་ཞིང་། དུར་ཁྲོད་ཀྱི་ཆས་རྫོགས་པར་བྲི་སྟབས་མ་བདེ་ན་སྤྱི་ལྟར་རུས་རྒྱན་དྲུག་དང་སྟག་ཤམ་ཙམ་བྲིས་པས་འཐུས། གང་ལྟར་ཡང་འཇའ་སྤྲིན་གྱི་དབུས་ན་བཞུགས་པ། ཞབས་ཕྱེད་སྐྱིལ། མེ་ཏོག་གི་ཆར་འབེབས་པ། འཇའ་ཟེར་མར་པའི་ཐུགས་ཀར་ཟུག་པ་བྲི། འཁོར་མི་དགོས། རྡོ་རྗེ་འཆང་གི་འོག་གཡས་སུ་ཏེ་ལོ། གཡོན་དུ་ནཱ་རོ། ཟུང་འཇུག་བརྒྱུད་རིམ་བྲིས་རྒྱུན་སྤྱི་ལྟར་གང་ལེགས། མི་ལའི་དབུ་གཙུག་སྟེང་ཐད་ནམ་མཁར་བདེ་མཆོག་ལྷན་སྐྱེས། དྭགས་པོའི་དབུ་གཙུག་ནམ་མཁར་ཕག་མོ་དམར་མོ་གཉིས་ཀར་ཐུགས་ཀྱི་སྒྲུབ་ཐབས་དང་མཐུན་པའི་བྲིས་རྒྱུན་སྤྱི་ལྟར། སོ་སོའི་ཐུགས་ཀ་ནས་སོ་སོར་འཇའ་ཟེར་གྱིས་སྦྲེལ་བ་སོགས་སྔ་མ་


JKT017_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལྟར། མི་ལའི་སྟེང་མར་པའི་གཡས་ཟུར་དུ་གྲོ་བོ་ལུང་གི་རི་ཁྲོད་དང་། སྲས་མཁར་དགུ་ཐོག་གི་ཕོ་བྲང་གཉིས་བྲིས་དཔེ་ལྟར་བཀོད་པ་གང་ལེགས་དང་། དེ་གཉིས་སུ་སྔགས་འཆང་རྡོ་རྗེ་འཛིན་པའི་ཚོགས་ཀྱིས་འཆད་པ་དང་། རྩོམ་པའི་བཀོད་པ་གང་མཛེས། མར་པའི་སྐུའི་གཡོན་དྭགས་པོའི་ཐད་དྭགས་ལྷ་སྒམ་པོ་བྲིས་དཔེ་ལྟར་དང་། དེར་རབ་བྱུང་གི་ཚོགས་ཀྱིས་འཆད་རྩོམ་མཛད་ཚུལ་། རི་ཁྲོད་དུ་རབ་བྱུང་རྣམས་ཀྱིས་བསྒོམ་མཛད་ཚུལ། དེའི་སྟེང་ཟུར་གང་བདེར་ལ་ཕྱི་གངས་ཀྱི་རྭ་བ་བྲིས་དཔེ་ལྟར་ལ། དཀྱིལ་དུ་ག་ཏུ་རས་པའི་ཚོགས་སྒྲུབ་པ་ལ་གཞོལ་བའི་ཚུལ། མར་པའི་མདུན་དུ་འཇམ་མགོན་བློ་གྲོས་མཐའ་ཡས་བྲིས་རྒྱུན་དཀྱུས་ལྟར་ལ། དབུ་ཞྭ་དྭགས་ཞུ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་རྒྱས་ཨུཏྤལ་བསྣམས་པའི་གཡས་སྙན་ཐད་གླེགས་རལ་དང་། གཡོན་ཚེ་བུམ་གྱིས་མཚན་པ། ཞབས་རྡོར་སྐྱིལ། དེའི་མདུན་དུ་ཉེ་བའི་རིན་ཆེན་བདུན། ཁང་༡བཟང་བཀོད་པ་གང་ལེགས་ཀྱི་དབུས་སུ་རལ་གྲི་སྔོན་༡པོ་འོད་ཟེར་སྔོན་པོ་འཕྲོ་བ། ལྤགས་༣པ་གསེར་གྱི་སྤུ་རིས་ཅན། སྐྱེད་མོས་ཚལ་། གོས་ཕུ་དུང་ཅན་།། རིན་པོ་ཆེའི་༦མཆིལ་ལྷམས། གཟིམ་ཁྲི་མལ་༧ཆ་གཟན་ལྟ་བུ་བཅས། བཀྲ་ཤིས་རྫས་བརྒྱད་ཀྱི་རི་


JKT017_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བཅས་བཀོད་པ་གང་མཛེས་དང་། གཞན་ཡང་མཆོད་པའི་རྣམ་གྲངས་དུ་མ། དེའི་གཡས་སུ་མགོན་པོ་ཕྱག་བཞི་པ། གདན་པད་ཉི་བམ་རོ་བསྣོལ་བའི་སྟེང་། མགོན་པོ་སྐུ་མདོག་མཐིང་ནག །དམར་ཟླུམ་སྤྱན་གསུམ། ཁྲོ་གཉེར་བསྡུས་ཤིང་མཆེ་བ་གཙིགས་པ། ལྗགས་བསྐྱོད་པ། དབུ་སྐྲ་སྨར་སྨིན་དམར་སེར་མེ་ལྟར་འབར་བ། ཕྱག་གཡས་དང་པོའི་བེ་ཏའི་འབྲས་བུ་དབྱིབས་སྙིང་འདྲ་བ་ཐུགས་ཀའི་སྟེང་དང་། གཡོན་ཐོད་ཁྲག་འོག་ཏུ་འཛིན་པ། གཡས་འོག་མས་རྡོ་རྗེ་རལ་གྲི་འདེབས་ཚུལ། གཡོན་འོག་མས་ཁ་ཊཾ་རྩེ་གསུམ་དར་དཔྱངས་ཅན་འཕྱར་ཐབས། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ཁྲག་འཛག་ལྔ་བཅུའི་དོ་ཤལ། དར་དང་། རིན་པོ་ཆེ་དང་། སྦྲུལ་དང་། དྲིལ་བུ་གཡེར་ཁའི་ཕྲེང་བས་བརྒྱན་པ། སྟག་ལྤགས་གསར་པ་ཁྲག་དང་བཅས་པའི་ཤམ་ཐབས་ཅན། སྐུ་ལས་སྐྱེས་པའི་མེ་འབར་བའི་ཀློང་དུ་ཞབས་དཔའ་བོ་རོལ་པའི་བཞུགས་སྟངས་ཅན་ནོ། །གཡོན་དུ་བཀྲ་ཤིས་ཚེ་རིང་མ་གཙོ་མོ་སྐུ་ཚད་ཆེ་བ། འཁོར་བཞི་ཛམ་དཀར་གྱི་ལྷ་མོ་བཞི་ལྟ །བུའི་ཆུང་ངུ་། གངས་མཐོན་མཐིང་རྒྱལ་མོའི་བཀོད་པ་སོགས་ཀར་ལུགས་བྲིས་རྒྱུན་སྤྱི་ལྟར་ཤིན་ཏུ་ལེགས་པ། གཞན་གནམ་ས་བར་གསུམ་གྱི་ཡུལ་སྣང་། འཇའ་སྤྲིན། རིན་པོ་ཆེ་དང་མེ་ཏོག་གི་


JKT017_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཆར། གངས་རི། སེང་གེ། བྲག་རི། སྤང་རི། དཔག་བསམ་ལྗོན་ཤིང་། སྐྱེད་ཚལ། ཁྲུས་རྫིང་། རིན་པོ་ཆེའི་རི། མ་རྨོས་ལོ། འདོད་འཇོའི་བ། གཏེར་ཁུམ། གླང་ཆེན། བྱ་རི་དྭགས། རྨ་བྱ། མེ་ཏོག་གི་བུམ་པ། ནེ་ཙོ་མི་སྐད་སྨྲ་བ་ཟུང་སོགས་སྔ་མ་རྣམས་ལྟར་བཀོད་པ་རྒྱས་མཛེས་སུ་བྲི་ཞིང་། རྒྱབ་ཏུ་གཙོ་བོའི་སྐུ་རྒྱབ་ཁྲི་རྒྱབ་ཡོལ་བར་གྱི་ཚད་དང་མཉམ་པའི་ལྷ་བབས་མཆོད་རྟེན་ཐིག་རྩ་ལྡན་པ། བུམ་སྒོ་ཐུགས་ཀའི་ཐད་དུ་ཡོད་པ་ཞིག་བྲིའོ། མངྒལཾ། ༈ །ཨོཾ་སྭ་སྟི། རྗེ་ཡབ་སྲས་གསུམ་གྱི་བྲིས་ཐང་གི་དབུས་སུ་རྗེ་རིན་པོ་ཆེ་སྐུ་མདོག་དཀར་ལ་དམར་མདངས་ཆགས་པ། སྐུ་ཤ་རྒྱས་ཤིང་ཞལ་རས་ཆེ་བ་འགྲེས་ཉམས་སོགས་མེད་པ། ཤངས་ཟླུམ་ཞིང་ཆེ་བ། ཕྱག་ཐུགས་ཀར་ཆོས་འཆད་ལས་གྱེས་པའི་ཨུཏྤལ་གཡས་སུ་སྙན་ཐད་རལ་གྲི། གཡོན་དུ་གླེགས་བམ། དབུ་པཎ་ཞུ་སེར་པོ་ཟབ་ཅན། སྐུ་ཆོས་གོས་རྣམ་གསུམ། ཞབས་རྡོར་སྐྱིལ། གདན་སེང་ཁྲི་པད་ཟླ། བླ་མའི་རྣལ་འབྱོར་ལྟར་ན་སྤྲིན་དཀར་པོ་རྒྱས་པའི་སྟེང་ན་བཞུགས་པ་བྲི་དགོས་ཀྱང་། འདིར་སྟབས་མི་བདེ་བས་རྒྱབ་ཡོལ་གྱི་ཕག་ནས་སྤྲིན་དོན་པའི་རྣམ་པ་ཙམ། གཡས་སུ་རྒྱལ་ཚབ་རྗེ་སྐུ་ཅུང་ཟད་འདུད་པའི་རྣམ་པ། ཕྱག་གཡས་ཆོས་འཆད་ནོར་བུས་མཚན་པའི་པད་དཀར། གཡོན་


JKT017_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་བཞག་གླེགས་བམ། གཡོན་དུ་མཁས་གྲུབ་རིན་པོ་ཆེ་སྐུ་དར་བབ། སྐུ་ཤ་ཅུང་སྲབ་པ་འགྱིང་བའི་རྣམ་པ་ཅན། གཡས་ཆོས་འཆད་པདྨ་རྡོར་དྲིལ་གྱིས་མཚན་པ། གཡོན་མཉམ་གཞག་གླེགས་བམ། གཉིས་ཀ་དབུ་པཎ་ཞུ་སེར་པོ་ཟེ་བ་མེད་པ། ཆོས་གོས་རྣམ་གསུམ་གསོལ་བ། ཞྭབས་རྡོར་སྐྱིལ་གྱིས་པད་ཟླའི་གདན་ལ་བཞུགས་པ། བླ་མའི་རྣལ་འབྱོར་ལས་སེང་ཁྲི་གསུངས་ཀྱང་བྲིས་ཆ་ལ་གུ་དོག་པའི་སྐྱོན་ཙམ་འབྱུང་བས་མ་བྲིས་ན་ཆོག །དེའང་གཉིས་ཀ་སྐུ་ཤ་དཀར་ལ་དམར་མདངས་ཆགས་པ། རྒྱལ་ཚབ་རྗེ་སྐུ་ཅུང་ཟད་འགྲེས་ཉམས་ཞི་དུལ་གྱི་རྣམ་པ་སྐུ་ཤ་ཚོ་སྐེམས་རན་པ། མཁས་གྲུབ་རྗེ་སྐུ་གྲིམས་ཞིང་ཧུར་བག་གི་རྣམ་པ་ཞིག་བྲི་སྲོལ་སྣང་། མདུན་དུ་དགེ་བཤེས་རྡོ་རྗེ་འཆང་སྐུ་གཟུགས་ཆེ་བ་སྐུ་ཤ་ཚོ་སྐེམ་རན་པ་ཞི་དུལ་གྱི་རྣམ་པ། དབུ་པཎ་ཞྭ་རྣ་ཐུང་སེར་པོ་ལེབ་ཞྭ་མཛད་པ། ཕྱག་གཡས་ཆོས་འཆད། གཡོན་མཉམ་གཞག་གླེགས་བམ། ཆོས་གོས་རྣམ་གསུམ་གསོལ་བ། ཞབས་སེམས་སྐྱིལ་བདེ་ལུགས་ཅན་ལྷོད་ཆགས་པ། གདན་རིན་པོ་ཆེའི་ཁྲི་དང་དར་འབོལ། མདུན་དུ་ལྷུང་བཟེད། སྤྱི་བླུགས། ཤིང་ཏོག་ཙམ། རྗེ་རིན་པོ་ཆེའི་སྐུའི་གཡས་སུ་མཁར་གསིལ་ཞིག་བྲི་སྲོལ་སྣང་བ་སྟབས་བདེ་ན་ལེགས། ལྷུང་བཟེད་འདི་དག་ཞོ་དང་


JKT017_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཏོག་སོགས་ཀྱིས་གང་བ་རེ་བྲི་དགོས། ཐམས་ཅད་ཀྱི་ཆོས་གོས་སྣམ་སྦྱར་སེར། ཤམ་ཐབས་ལེའུ་ཅན། རྗེ་རིན་པོ་ཆེའི་དབུ་གཙུག་ཏུ་བྱམས་པ་བཟང་པོའི་འདུག་སྟངས་ཀྱིས་རིན་པོ་ཆེའི་ཁྲི་ལ་བཞུགས་བ། ཕྱག་ཆོས་འཆད། གཡས་ཀླུ་ཤིང་མེ་ཏོག་དམར་སེར་ལོ་མ་ལྗང་གུ་སྤུ་སྐྱ་བོ་ཡོད་པ། ཟེ་འབྲུར་སྤྱི་བླུགས་ཀྱིས་མཚན་པ། གདན་པད་ཟླ། བྱང་ཆུབ་སེམས་དཔའི་ཆ་བྱད་དང་སྤྱི་བོར་བྱང་ཆེན་གྱིས་མཚན་པ་སོགས་སྤྱི་ལྟར། དེའི་གཡས་སུ་ཀླུ་སྒྲུབ། གཡོན་དུ་ཐོགས་མེད་གཉིས་བྱམས་པ་ལས་ཆུང་ཙམ། གཞན་སྐུའི་རྣམ་འགྱུར་སོགས་སྤྱི་འགྲེ་ལྟར། བྱམས་པའི་དབུ་གཙུག་ཏུ་གསང་འདུས་མི་བསྐྱོད་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་སྐུ་དང་རྩ་ཞལ་སྔོ། མཆེ་བ་ཅུང་ཟད་གཙིགས་པ་སོགས་ཁྲོ་ཉམས་སྔོ། གཡས་དཀར་ཞི་ཉམས། གཡོན་དམར་ཆགས་ཉམས། ཕྱག་གཡས་༧ གསུམ་རྡོ་རྗེ། འཁོར་ལོ། པདྨ། གཡོན་གསུམ་དྲིལ་བུ། རིན་པོ་ཆེ། རལ་གྲི། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། སྙན་གོང་ཨུཏྤལའི་གདེངས་ཀ་དར་དཔྱངས་ཅན། རིན་པོ་ཆེའི་མགུལ་རྒྱན། མུ་ཏིག་གི་དོ་ཤལ་ཕྱེད་པ། རིན་པོ་ཆེའི་དོ་ཤལ། ཕྱག་གདུབ། ཞབས་གདུབ། སྐ་རགས། སྐུ་སྟོད་ལྷ་རྫས་ཀྱི་གོས་ཀྱི་ག་ཤལ། སྐུ་སྨད་དར་ཤམ། །


JKT017_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་རང་འདྲ་བས་འཁྱུད་པ། དེའང་ཚོན་མི་འདྲེས་པའི་ཕྱིར་ཡབ་སྔོ་ནག་ཡུམ་སྔོ་སངས། ཡབ་རྡོར་སྐྱིལ། ཡུམ་པད་སྐྱིལ། མཚན་དཔེས་མཛེས་ཤིང་འོད་ཀྱི་དམར་པོའི་བཞིར་གསེར་གྱི་ཟེར་ཐགས་བྲིས་ན་ལེགས། མཆན། དཀྱིལ་འཁོར་གྱི་དབུས་ན་བཞུགས་པ། གཡས་སུ་གཙུག་ཏོར་རྣམ་རྒྱལ་མ་ཞལ་གསུམ་ཕྱག་བརྒྱད་རྩ་ཞལ་དཀར། གཡས་སེར། གཡོན་སྔོ་ཞིང་ཅུང་ཟད་ཁྲོ་བ། གསུམ་ཀར་སྤྱན་གསུམ་རེ། ཕྱག་གཡས་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་པད་དཀར་གྱི་སྟེང་ན་འོད་དཔག་མེད། གསུམ་པས་མདའ། བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་དང་པོས་སྡིགས་མཛུབ་དང་བཅས་པའི་ཞགས་པ། གཉིས་པས་གཞུ། གསུམ་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ། བཞི་པས་མཉམ་གཞག་སྟེང་རིན་པོ་ཆེའི་བུམ་པ། ཞབས་རྡོར་སྐྱིལ། དར་གྱི་སྟོད་གཡོགས་དང་ཤམ་ཐབས། རིན་ཆེན་རྒྱན། འོད་ཟེར་དཀར་པོའི་ཕྲེང་བས་བསྐོར་བ། གདན་སྣ་ཚོགས་པད་ཟླ། འཇའ་སྤྲིན་གྱི་དབུས་ན་བཞུགས་ཤིང་བདུད་རྩིའི་ཆར་ཁ་དོག་ལྔ་ལྡན། འབེབས་པ། །གཡོན་དུ་འཇམ་དབྱངས་དམར་སེར་སྤྱི་འགྲེ། འཇའ་སྤྲིན་གྱིས་དབུས་ན་བཞུགས་ཤིང་མེ་ཏོག་གི་ཆར་འབེབས་པ། རྗེའི་ཕྱག་གཡོན་གླེགས་བམ་གྱི་བར་དུ་འཇའ་ཚོན་གྱིས་འབྲེལ་བ། རྒྱལ་ཚབ་


JKT017_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཕྱག་གཡས་པདྨའི་ནོར་བུ་ལས་འཇའ་ཚོན་འཕྲོས་པའི་རྩེར་འཇའ་སྤྲིན་གྱི་དབུས་སུ་སྤྱན་རས་གཟིགས་ཁ་སརྦ་ཎི་དཀར་པོ་གཡས་མཆོག་སྦྱིན། གཡོན་པད་དཀར། ཞབས་སེམས་སྐྱིལ། དར་དང་རིན་པོ་ཆེའི་རྒྱན་དང་རི་དྭགས་པགས་པས་ནུ་གཡོན་བཀབ་པ། རལ་པའི་ཐོར་ཚུགས་ནོར་བུས་མཚན་པ་སོགས་སྤྱི་འགྲེ། གདན་པད་ཟླ། མཁས་གྲུབ་རྗེའི་ཕྱག་གཡས་རྡོ་དྲིལ་ལས་འཇའ་ཚོན་འཕྲོས་པའི་རྩེར་འཇའ་སྤྲིན་གྱི་དབུས་སུ་ཕྱག་རྡོར་ཞི་བ་སྔོ་སངས། གཡས་རྡོ་རྗེ་ཐུགས་ཀ གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་སེམས་སྐྱིལ། དར་དང་རིན་པོ་ཆེའི་རྒྱན་སོགས་སྤྱི་ལྟར། ཞལ་རས་ཅུང་ཟད་ཁྲོ་ཉམས་ཡོད་པ། གདན་པད་ཟླ། འོག་གཡས་མགོན་པོ་ཕྱག་དྲུག་པ་མཐིང་ནག་ཞལ་གཅིག །སྤྱན་གསུམ། ཕྱག་གཡས་གསུམ་གྲི་གུག །ཐོད་ཕྲེང་། ཐོད་པའི་ཌ་མ་རུ་འཁྲོལ་བ། གཡོན་ཐོད་ཁྲག །རྩེ་གསུམ། རྡོ་རྗེའི་ཞགས་པ། དེའང་རྩ་ཕྱག་གཉིས་ཐུགས་ཀར་སྟེང་འོག །ལྷག་མ་གདེང་སྟབས། ཁྲོ་ཉམས་སྤྱི་འགྲེ། སྦྲུལ་དཀར་པོས་སྐྲ་ཅིངས། དམར་པོས་སྙན། ཁྲ་བོས་དཔུང་། དཀར་པོས་མགུལ། སེར་པོས་ཕྱག །ལྗང་གུས་དོ་ཤལ། དཀར་པོས་སྐ་རགས་དང་ཞབས་བརྒྱན་པ། སྟག་ལྤགས་རློན་པའི་ཤམ་ཐབས་དར་ལྗང་གུའི་སྐ་རགས་ཅན། ཐོད་སྐམ་


JKT017_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་རྒྱན། རློན་པའི་དོ་ཤལ། གླང་ཀོའི་སྟོད་གཡོགས། ཕྱག་ཞབས་ཐམས་ཅད་དྲིལ་བུ་གཡེར་ཁ་མང་པོས་བརྒྱན་པ། དཔྲལ་བར་སིནྡྷུ་རའི་ཐིག་ལེ་ཅན། ལྟོ་བ་འཕྱང་པ། ཡན་ལག་རགས་པ། མེ་འབར་བའི་དབུས་ན་བཞུགས་པ། ཞབས་གཡོན་བརྐྱངས་པའི་སྟབས་ཀྱིས། གདན་པད་ཉི། ཚོགས་བདག་དཀར་པོ་གླང་གདོང་ཐོད་པ་དང་། ལ་ཕུག་འཛིན་པ། མགོ་གཡས་སུ་བསྟན་པ་གན་རྐྱལ་དུ་བསྐྱེལ་བའི་སྟེང་ན་བཞེངས་པ། གཡོན་དུ་དམ་ཅན་ཆོས་རྒྱལ་མ་ཧེ་རབ་ཏུ་ཁྲོས་པའི་གདོང་པ་ཅན། སྤྱན་གསུམ། སྐུ་མདོག་མཐིང་ནག །གཡས་རྡོ་རྗེས་མཚན་པའི་ཐོད་དབྱུག་ནག་པོ་འཕྱར་བ། གཡོན་ཞགས་པ་ནག་པོ་བཅས་སྡིགས་འཛུབ་མཛད་པ། སྐྲ་ཁམས་པ་གྱེན་དུ་བརྫེས་པ། མཆེ་བ་གཙིགས་པ། གཅེར་བུ་ལིངྒ་བསྒྲེང་བ། རབ་ཏུ་འཇིགས་པའི་ཉམས་ཅན་། མེ་རླུང་འཚུབ་མའི་ཀློང་ན་པད་ཉི་དང་མ་ཧེ་ཁྲོས་པའི་གདན་ལ་གཡོན་བརྐྱང་པས་བཞེངས་པ། བརླ་གཡོན་དུ་ཙ་མུཎྜི་སྐྲ་དམར་སེར་སིལ་བུར་གྲོལ་ཞིང་ནུ་མ་འཕྱང་བ། སྲིན་མོ་ཁྲོས་པའི་གདོང་ཅན། བ་ལང་གི་པགས་པ་དང་གོས་ནག་གྱོན་པ། རྩེ་གསུམ་དང་ཐོད་ཁྲག་ཐོགས་ནས་ཡབ་ལ་རྩེ་བ། དེའི་སྤྱི་བོར་ཡི་དམ་འཇིགས་བྱེད་དཔའ་གཅིག་མཐིང་ནག་མ་ཧེའི་གདོང་ཅན་ཆེར་ཁྲོས་


JKT017_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྤྱན་གསུམ་པ། ཕྱག་གཉིས་གྲི་ཐོད་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཐོད་སྐམ་དབུ་རྒྱན། རློན་པའི་དོ་ཤལ། སྦྲུལ་ནག་གི་སེ་རལ་ཁ། རུས་པའི་རྒྱན་དྲུག །ཁྲོ་ཉམས་སོགས་སྤྱི་ལྟར། །ཞབས་གཡོན་བརྐྱང་། གདན་པད་ཟླ། ཉི་མ། མ་ཧེ་སྔོ་ནག་རུས་པའི་དྲ་བས་གཡོགས་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། རྒྱལ་ཚབ་རྗེའི་གཡས་སུ་དགའ་ལྡན་མཚོན་བྱེད་དགོན་༧ པ་གཙུག་ལག་ཁང་གསེར་གྱི་རྒྱ་ཕིབས་ཅན་དམར་པོ། ཁང་ཚན་མཚོན་བྱེད་དཀར་པོ། དབུས་སུ་ཆོས་འཆད་མཁན་སློབ་དཔོན་ཁྲི་ལ་བཞུགས་པ། པཎ་ཞྭ་སེར་པོ་ལེབ་ཞྭ། ཕྱག་ཆོས་འཆད། ཉན་མཁན་གསུམ་ཙམ་མཎྜལ་ཐོགས་ནས་མདུན་དུ་དུལ་བས་འཁོད་པ། ཐམས་ཅད་ཆོས་གོས་གསོལ་ཞིང་གདིང་བ་བཏིང་བ། གཡས་སུ་རྩོད་པའི་མཚོན་བྱེད་དམ་བཅའ་བ་གདིང་བ་ལ་བཞུགས་ཤིང་ཕྱག་གཡས་བརྐྱངས་ནས་སེ་གོལ་ཏོག་པའི་ཉམས། གཡོན་མཉམ་གཞག་ཅན། བགྲོ་གླེངས་མཁན་ལངས་ཏེ་གཟན་བདེ་ཆས་གཤལ་དུ་དཀྲིས། ཕྲེང་སེར་ཅན་རྩོད་པའི་ཐལ་མོ་རྡེབ་ཅིང་བདེ་ཉམས་འཁྱུགས་པ་གཉིས་གསུམ་ཙམ། གཡོན་དུ་རྩོམ་མཁན་སློབ་དཔོན་ཁྲི་ལ་བཞུགས་ཤིང་འདུད་རྒྱ་ཅན། མདུན་དུ་འབྲི་མཁན་གཅིག་གཉིས། མཁས་གྲུབ་རྗེའི་གཡོན་དུ་རི་ཁྲོད་སྤངས་ལྗོངས་


JKT017_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་རི་མེ་ཏོག་དང་ཐང་ཤིང་སོགས་ཤིང་ལྗོན་པ་མཛེས་པ། བྲག་ཕུག་དང་རི་ཁྲོད་དགོན་ཆུང་གི་རྣམ་པ་གཉིས་གསུམ། གཅིག་ཏུ་སྔགས་ཀྱི་སྒྲུབ་པ་དགེ་སློང་ཀྲི་ས་རའི་གདན་ལ་ཕྲེང་བ་འདྲེན་ཅིང་མཉམ་པར་བཞག་པའི་མདུན་དུ་རྡོ་རྗེ་དྲིལ་བུ་ནང་མཆོད་ཌཱ་མ་རུ་ཙམ་བཤམས། གཅིག་ཏུ་མདོའི་ཉམས་ལེན་མཁན་དགེ་སློང་བགྲེས་པོ་རྩྭ་གདན་ལ་བཞུགས་ཤིང་མཉམ་པར་བཞག་པ། མདུན་དུ་ལྷུང་བཟེད་མཁར་བསིལ་གླེགས་བམ་བཅས། གཅིག་ཏུ་བསགས་སྤྱོད་མཁན་གདིང་བ་ལ་བཞུགས་ནས་མཎྜལ་འབུལ་བ་དང་། བརྐྱང་ཕྱག་འཚལ་མཁན་གཅིག་གཉིས། ཐམས་ཅད་ཀྱང་དགེ་སློང་ཆོས་གོས་རྣམ་གསུམ་ཅན་དབང་པོ་དུལ་ཞིང་སྤྱོད་ལམ་ཞི་པོ་ཅན་ཤ་སྟག་བྲི། གཞན་ཡུལ་སྣང་སོགས་མ་གཞི་ས་ངོར་ཚར་གསུམ་གྱི་ཞལ་ཐང་དང་འདྲ་བ་ལ། རྣམ་འགྱུར་མི་འདྲ་བ་ཅི་མཛེས་དང་། མདུན་དུ་བཀྲ་ཤིས་རྫས་བརྒྱད་འཇའ་གུར་དུ་ཡོད་པས་གཙོས་མཆོད་པ་བཀོད་ལེགས་གང་མཛེས་སུ་བྲིའོ། །རྗེའི་སྐུ་རྒྱབ་ཏུ་སྐུ་ཚད་དང་མཉམ་པའི་རྣམ་རྒྱལ་མཆོད་རྟེན་ཐིག་ཚད་དང་ལྡན་པ་བྲི་དགོས་སོ། །མངྒལཾ།།་༈ །།སྒྲུབས་ཐབས་འདོད་བུམ་དབང་ཙཀ་བྲི་ཡིག་བཞུགས། ཨོཾ་སྭ་སྟི། སྒྲུབ་ཐབས་འདོད་འཇོ་བུམ་བཟང་གིས་དབང་ཙཀྲ་བཀོད་ཡིག་ལ། ༈ །ཐོག་མར། ཆོས་དབང་བླ་མ་


JKT017_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་ཟླུམ་པོ་བཞི་དབང་ལ། གཏོར་ཙཀྲ་དང་དབང་ཙཀྲ་༡གཉིས་ཀ་བླ་མ་རྡོ་རྗེ་འཆང་སྐུ་མདོག་མཐིང་ནག །ཁྲོ་འཛུམ་སྤྱན་གསུམ་གཡས་རྡོ་རྗེ་ཐུགས་ཀ །གཡོན་དྲིལ་བུ་དཀུར་བརྟེན་པ། །ཡུམ་དཀར་ལ་དམར་མདངས་ཅན་གྲི་ཐོད་འཛིན་པས་འཁྱུད་ཅིང་། གཉིས་ཀ་དར་དང་། རིན་ཆེན། རུས་པས་བརྒྱན་པ། ཞབས་རྡོར་སྐྱིལ། གདན་པད་སྡོང་། ཉི་མ། ཟླ་བའོ། ༡༢ །ཉང་གཏེར་བླ་མ་ཞི་བ་ལ། བླ་མ་རྡོ་རྗེ་འཆང་སྐུ་མདོག་སྨུག་ནག །གཡས་འཁོར་ལོ་ཐུགས་ཀ །གཡོན་དྲིལ་བུ་དཀུར་བརྟན་པ། ཡུམ་ཕག་མོ་དམར་མོ་གྲི་ཐོད་འཛིན་པས་འཁྱུད་པ། དར་དང་རིན་ཆེན་རུས་རྒྱན་ཅན། ཞབས་རྡོར་སྐྱིལ། གདན་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའོ། ༣ ༈ །ཉང་གཏེར་བླ་མ་དྲག་པོ་ཆེ་བ་བདེ་གཤེགས་འདུས་པ་ལས། རྡོ་རྗེ་དྲིལ་བུ། ༤ ། ༄༅།འཇམ་དཔལ་ཁྲོ་བོ་སེར་པོ་གཡས་རལ་གྲི་འཕྱར་བ། ༥ །ཨུཏྤ་ལར་གནས་པའི་སྤུ་གྲི། ༦ །རྟ་མགྲིན་དམར་པོ་གཡས་དབྱུག་ཏོ་འཕྱར་བ། ༧ །བགེགས་ཀྱི་སྟེང་ཕུར་བུས་བཏབ་པ། ༨ །ཕྱག་རྡོར་མཐིང་ནག་གཡས་རྡོ་རྗེར་འཕྱར་བ། །གསུམ་ཀའི་ཕྱག་གཡོན་པས་ཐུགས་ཀར་བསྡིགས་འཛུབ་མཛད་པ། ༩ །རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ༡༠ །མེ་དབལ་མཐིང་ནག་གཡས་ཐོ་བ་གདེངས་པ། །


JKT017_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་མེའི་ཞགས་པ། ཁྲོ་བོ་འདི་རྣམས་རིན་ཆེན་རུས་རྒྱན་དུར་ཁྲོད་ཆས་བརྒྱད་དང་ལྡན་པ། ཞབས་གཡོན་བརྐྱང་། གདན་པད་ཟླ། ཉི་དྲེགས་པ་ཕོ་མོ། ༡༡ །དབུས་སུ་བྱ་ཁྱུང་དཀར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། ལྔ་ཀ་སྦྲུལ་བཟུང་ཞིང་ཟ་བ་སོགས་སྤྱི་འགྲེ། ཐམས་ཅད་ལྡིང་སྟབས་ལས་གདན་མི་དགོས། ༡༢ སྣང་བ་མཐའ་ཡས་དམར་པོ་སྤྲུལ་སྐུའི་ཆ་ལུགས་སྤྱི་འགྲེ། ཕྱག་མཉམ་གཞག་སྟེང་ཚེ་བུམ། ཞབས་རྡོར་སྐྱིལ། གདན་པད་ཟླ། ༡༣ གུར་དྲག་དམར་ནག །སྤྱན་གསུམ་སྡང་མིག་ཏུ་གཟིགས་པ་སོགས་ཁྲོ་ཉམས་སྤྱི་འགྲེ། གཡས་གསེར་རྡོར་རྩ་བར་ཧཱུྃ་དགུ་དང་། རྩེ་མོར་རཾ་དགུས་མཚན་པ་གདེངས་ཤིང་། གཡོན་ལྕགས་སྡིག་མགོ་དགུ་གཟིར་བ། རིན་ཆེན། རུས་རྒྱན། དུར་ཁྲོད་ཆས་བརྒྱད་ཅན། ཞབས་གཡོན་བརྐྱང་པའི་འདོར་སྟབས། གདན་པད་ཉི་སྡེ་བརྒྱད། ༡༡་༤༤ ཐོད་པའི་ཌ་མ་རུ་དང་། ཐོད་པ་ཁྲག་གིས་གང་བ་བཅས། ༡༥ ༈ །འབྲིང་པོ་མེའི་སྤུ་གྲི་ལ། གུར་དྲག་མངོན་རྟོགས་གོང་གསལ་ལྟར་ལ། གཡས་གསེར་རྡོར་གྱི་ཚབ་ཏུ་གནམ་ལྕགས་རྡོ་རྗེ་འཕྱར་བ། ༡༦ རྡོ་རྗེ་སྔོན་སྐུ་འདི་ཆ་གཉིས་བྱུང་ན་ལེགས། ཕོ། ༡༧་ཐོད་པ་བདུད་རྩི་དཀར་ལ་དམར་མདངས་འཇའ་འོད་འཕྲོ་བས་གང་བ། ༡༨


JKT017_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ། ༡༩ གནམ་ལྕགས་ཕུར་བུ། ༢༠ ༈ །དྲག་དམར་འོ་བྲན་ལུགས་ལ། གུ་རུ་དྲག་པོ་སྐུ་མདོག་དམར་ནག་གཡས་རྡོ་རྗེ་རྩེ་དགུ་འཕྱར། གཡོན་ཐུགས་ཀར་ལྕགས་སྡིག་འཛིན་པ། དུར་ཁྲོད་ཆས་དང་དཔལ་གྱི་ཆས་བརྒྱད་ལྡན་པ། ཡུམ་སྔོན་པོ་གྲི་ཐོད་འཛིན་པས་འཁྱུད་པ། ཞབས་དོར་སྟབས། གདན་པད་ཉི་དྲེགས་པ། སྤྱི་གཙུག་ཏུ་གུ་རུ་ཞི་བ་སྐུ་མདོག་མཐིང་ག་ཟ་བེར་དང་གཉེན་ཞུ་ཅན། ཕྱག་མཚན་ཟ་ཧོར་མ་སྤྱི་ཕྱག་གཡོན་ཐོད་པ་རྐྱང་པ་ལས་ཚེ་བུམ་མེད། འགྲེ། ཞབས་རྡོར་སྐྱིལ། གདན་པད་ཟླ་ལ་བཞུགས་པ། ༢༡ མེ་ཏོག་གི་ཕྲེང་བ། ༢༢ རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ༢༣ ཐོད་པ་བདུད་རྩིས་གང་བ། ༢༤ དྲིལ་བུ། ༢༥ སེང་ལྡེང་གི་ཕུར་བུ་དར་གྱི་ཅོད་པན་དང་བཅས་པ། ༢༦ བྱ་ཁྱུང་མཐིང་ནག་གཤོག་པ་དམར་པོ་ལྡིང་སྟབས་ཅན། ༢༧ གནམ་ལྕགས་རྡོ་རྗེ་ཧཱུཾ་དགུ་དང་། རོ་དགུས་མཚན་པ། ༢༨ ལྕགས་སྡིག་མགོ་དགུ། ༢༩ ༈ །བྱང་གཏེར་དྲག་མཐིང་ལ། རྡོ་རྗེ་དྲག་རྩལ་མཐིང་ནག །དྲང་སྲོང་ཁྲོས་པའི་ཉམས། གཡས་གནམ་ལྕགས་རྡོ་རྗེ་འཕྱར།། གཡོན་གསེར་གྱི་དྲིལ་བུ་དཀུར་བརྟེན། རུས་རྒྱན་དྲུག །རིན་པོ་ཆེའི་རྩེ་བྲན། སྦྲུལ་གྱི་གདུ་བུ། ཟ་འོག་གི་བེར་སྨུག །དུར་ཁྲོད་ཆས་བརྒྱད། དབུ་སྐྲ་ཐོར་ཚུགས། ཡུམ་མཐིང་ནག་གྲི་ཐོད།


JKT017_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

རུས་རྒྱན། གཟིག་ཤམ་ཅན། ཕྱི་རོལ་དུ་མེ་འོད་པ་ཏྲ་རིས། ཞབས་དོར་སྟབས། གདན་པད་ཟླ་ཉི་མ་སྲིན་པོ་ཕོ་མོའོ། །འདི་འདྲ་ཆ་གཉིས། ༣༠་༣༡ པད་ཉིའི་གདན་ལ་ཧཱུཾ་མཐིང་ནག ། ༣༢ ཧཱུྃ་ཡིག་ཁ་དོག་སྣེ་ལྔ་ལྔ་ཚོམ། ༣༣ ༈ །བྱང་གཏེར་ཚེ་སྒྲུབ་ལ། ལྕགས་ཀྱི་པདྨ་འདབ་མ་བརྒྱད་པའི་གདན་ལ། ཚེ་དཔག་མེད་དམར་པོ་སྤྲུལ་སྐུའི་ཆ་ལུགས་ཆོས་གོས་རྣམ་གསུམ་གསོལ་བ། ཕྱག་མཉམ་གཞག་སྟེང་ཚེ་བུམ། ཞབས་རྡོར་སྐྱིལ། ཕྲག་གོང་གཡས་སུ་ཉི་མ་དང་། གཡོན་དུ་ཟླ་བ་འཆར་བ། འོད་ལྔའི་རྒྱབ་ཡོལ་ཅན། ༣༤ ༈ །ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ལ། །དབུ་རྒྱན་རིགས་ལྔ་དར་དཔྱངས་ཅན། ༣༥ སྦ་དབྱུག་དཀར་པོ་ཚིག་གསུམ་པ། ༣༦ སྤྱན་རས་གཟིགས་དཀར་པོ་ཕྱག་བཞི་པ་སྤྱི་ཁྱབ། ༣༧ དངུལ་གྱིས་བོད་ཡིག་ཏུ་བྲིས་པའི་ཡི་གེ་དྲུག་པ། །༣༨ དུང་གཡས་དང་། གླེགས་བམ་གཡོན་དུ་ཡོད་པ། ༣༩ ༈ །ནམ་མཁའ་རྒྱལ་པོ་ལ། བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་སྐུ་མདོག་དཀར་ལ་དམར་མདངས་ཆགས་པ། རྩ་ཞལ་གསུམ་དཀར་པོ་ཞི་བ། དེ་སྟེང་གསུམ་སེར་པོ་བཞད་པ། དེ་སྟེང་གཉིས་མཐིང་ནག་ཁྲོས་པ། དེ་སྟེང་གཉིས་དམར་སྨུག་མཆེ་བ་གཙིགས་པ། དེ་ཐམས་ཅད་སྤྱན་གསུམ་པ། དེ་སྟེང་འོད་དཔག་མེད་སྤྲུལ་


JKT017_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་ཞལ། རྩ་ཕྱག་བཅུ་ལས་དང་པོ་གཉིས་ཐལ་སྦྱར། ལྷག་མ་གཡས་༤མུ་ཏིག་ཕྲེང་བ། འཁོར་ལོ། མཆོག་སྦྱིན། ཐུབ་པའི་སྐུ། གཡོན་༤པདྨ། སྤྱི་བླུགས་དཀར་པོ། རིན་པོ་ཆེ་མདའ་གཞུ། །ཡན་ལག་སུམ་ཅུ་སོ་བརྒྱད་ལས། གཡས་བཅུ་དགུ། རིན་ཆེན། ཞགས་པ། ལྷུང་བཟེད། རལ་གྲི། རྡོ་རྗེ་རྩེ་ལྔ། རྒྱ་གྲམ། ཆུ་ཤེལ་དཀར། མེ་ཤེལ་དམར། གཞུ་སེར། ཤིང་གི་ཡལ་ག །རྔ་ཡབ་དཀར། ཕུབས། བུམ་པ། དགྲ་སཱུ། ཕྲེང་བ། པད་སྔོན། སྤྱི་བླུགས། ཉི་མ། པད་དཀར། གཡོན་བཅུ་དགུས། སྤྲིན་དཀར། རིལ་བ། པད་སེར། རལ་གྲི། དུང་། ཐོད་དབྱུག །ཕྲེང་བ། དྲིལ་བུ། རྡོ་རྗེ། ལྕགས་ཀྱུ། བསིལ་ཡབ། ཟླུམ་དཀར། སངས་རྒྱས། སྤྲུལ་སྐུ། ཁང་བཟང་། གླེགས་བམ། འཁོར་ལོ། སྤྲུལ་གཟུགས། རྒུན་འབྲུ། པདྨ་དམར་པོ། རིན་པོ་ཆེའོ། །ཉིང་ལག་སྟོང་རྩ་གཉིས་མཆོག་སྦྱིན་གྱི་མཐིལ་ན་སྤྱན་གྱིས་མཚན་པ། ཞབས་མཉམ་སྟབས། རི་དྭགས་པགས་པ་ཕྲག་ལ་གཟར་ཞིང་། དར་དང་རིན་པོ་ཆེས་བརྒྱན་སྤྱི་ལྟར་དང་། ཕྱག་ཞབས་ལ་སྦྲུལ་རྒྱན། གདན་པད་ཟླའོ། ༤༠ ༈ །ཡང་ཟློག་ལ། གཤིན་རྗེ་མཐིང་ནག་ཞལ་གསུམ་ཕྱག་དྲུག །གཡས་ཞལ་དཀར། གཡོན་ཞལ་དམར། ཕྱག་གཡས་གསུམ་


JKT017_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ། རལ་གྲི། རྡོ་རྗེ། གཡོན་གསུམ་ལྕགས་ཀྱུ། གཏུན་ཤིང་། སྡིགས་མཛུབ། དུར་ཁྲོད་ཆས་བརྒྱད་ཅན། ཞབས་བཞི་གཡོན་བརྐྱང་དོར་སྟབས། གདན་སྣ་ཚོགས་རྡོ་རྗེའི་ལྟེ་བར། འཆི་བདག་གཤིན་རྗེ། ཕོ་ཁ་སྦུབ་དང་། མོ་གན་རྐྱལ་གྱི་སྟེང་། མ་ཧེ་དང་གླང་རྒོད་ཕོ་མོ། དེའི་སྟེང་དུ་པད་ཟླ་ཉི་མའོ། །འོག་གི་ཟུར་གཡོན་དུ་མ་མོ་དམར་མོ་ལྕགས་ཀྱུ། ཐོད་ཁྲག་ཁྲོ་མོའི་ཆས། གཡས་སུ་སྲས་མཆོག་བཤའ་གྲི་དང་། དགྲ་སྙིང་འཛིན་པ། མི་ལྤགས་ཀྱི་གོས་ཅན། གཉིས་ཀ་སྐུ་མདོག་སྨུག་ནག །ཁྲོ་གཏུམ། ཞབས་དོར་སྟབས་སོ། ༤༡ ༈ །རྟ་མགྲིན་གསང་སྒྲུབ་ལ། རྟ་མགྲིན་དམར་པོ་ཞལ་གསུམ། གཡས་ལྗང་། གཡོན་དཀར། རྟ་མགོ་གསུམ་གྱིས་མཚན་པ། ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ། ཁ་ཊཾ། རལ་གྲི། གཡོན་གསུམ་སྡིགས་མཛུབ། མདུང་ཐུང་། རྒྱུ་ཞགས། དུར་ཁྲོད་ཆས་བརྒྱད། མི་སྐྲའི་ཚངས་སྐུད། ཞབས་བརྒྱད་དོར་སྟབས་ཀྱིས་སྦྲུལ་བརྒྱད་བརྫིས་པ། གདན་པད་ཟླ་ཉི་མ། ༤༢ ༈ །ཉང་གཏེར་རྟ་ནག་ལ། རྟ་མགྲིན་ནག་པོ་ཆེར་ཁྲོས་པ། གཡས་རལ་གྲི། གཡོན་ལྕགས་ཀྱུ། སྤྱི་གཙུག་རྟ་མགོ་ལྗང་གུ། དར་ནག་གི་བེར། ཞིང་ཆེན་གཡང་གཞི། སྟག་ཤམ། ཐོད་པ་དང་། སྦྲུལ་རྒྱན་སོགས་དུར་ཁྲོད་


JKT017_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཆས། དབུ་སྐྲ་ལྕགས་ཀྱི་རལ་པ་གསིག་པ། ཞབས་དོར་སྟབས། གདན་པད་ཉི་དགྲ་བགེགས། ༤༣ ༈ །ཆོས་དབང་རྟ་ནག་ལ། སྐུ་སྔ་མ་ལྟར་ལ། ཕྱག་གཡོན་པའི་ཕྱག་མཚན་ལྕགས་ཀྱུ་འཛིན་པའི་སྡིགས་མཛུབ་ཀྱི་རྩེ་ལས་ལྕགས་སྡིག་འཕྲོ་བ། སྤྱི་བོའི་རྟ་ཞལ་གྱི་སྟེང་དུ་མེའི་བྱ་ཁྱུང་ལྕགས་ཀྱི་མཆུ་སྡེར་ཅན་ལྡིང་བ། དེ་འདྲ་ཆ་གཉིས། ༤༤ ཅེས་སྔགས་བྱང་། ༤༦ ལྕགས་ཕུར་རྟ་མགོས་མཚན་པ། ༤༧ ༈ །ཕྱག་རྡོར་དྲེགས་འདུལ་ལ། ཕྱག་ན་རྡོ་རྗེ་མཐིང་ནག་གཡས་རྡོ་རྗེ་འཕྱར། གཡོན་སྡིགས་འཛུབ་རྩེ་ལས་ཁྱུང་ཁྲ་ཐབས། དུར་ཁྲོད་ཆས་བརྒྱད། ཞབས་གཡོན་བརྐྱང་དོར་སྟབས། གདན་པད་ཟླ་ཉི་མ། ༤༨ ༈ །ཕྱག་རྡོར་གཏུམ་པོ་ལ། ཕྱག་རྡོར་མཐིང་ནག །གཡས་རྡོ་རྗེ་འཕྱར། གཡོན་དྲིལ་བུ་དཀུར་བརྟེན། དར་སྔོན་པོ་དང་། སེང་གེ་དང་གླང་པོ་ཆེའི་ཀོ་བའི་སྟོད་གཡོག་སོགས་དུར་ཁྲོད་ཆས་བརྒྱད་ཞབས་གཡོན་བརྐྱངས་དོར་སྟབས། གདན་ས་བདག་ཀླུ་གཉན་སྡེ་བརྒྱད་དང་བཅས་པའི་སྟེང་ན་པདྨ། རྒྱ་གྲམ། ཉི་མའོ། ༤༩ དུར་ཁྲོད་ཆས་བརྒྱད། ༠ ཨོཾ་ནི་ལཾ་བར་དྷ་ར་བཛྲ་པཱ་ཎི་ཙཎྜ་མ་ཧ་རོ་ཥ་ཎ་ཧཱུྃ་ཕཊ། བཛྲ་ག་རུ་ཌ་ཙ་ལེ་ལེ་ཧཱུཾ་ཕྲཊ། ༥༡ གནམ་ལྕགས་རྡོ་རྗེ་སྔོན་པོ་རྩེ་ལྔ། ༥༢ ༈ །


JKT017_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་ཁང་བརྩེགས་མར། ཕྱག་ན་རྡོ་རྗེ་མཐིང་ནག་གཡས་རྡོ་རྗེ་འཕྱར། གཡོན་ཐོད་ཁྲག་ཐུགས་ཀ །ཐོད་སྐམ་དབུ་རྒྱན། རློན་པའི་དོ་ཤལ། སེང་གེའི་པགས་པ་དང་། དར་སྔོན་པོའི་སྟོད་གཡོག སྟག་ཤམ། སྦྲུལ་རྒྱན། ཞབས་དོར་སྟབས། གདན་པད་ཉི། དབང་ཕྱུག །ཨུ་མའོ། ༥༣ ༈ །ཕག་མོ་ཞལ་གཉིས་མར། རྡོ་རྗེ་ཕག་མོ་དམར་མོ་འཛུམ་ཁྲོའི་ཉམས། སྤྱི་གཙུག་ཕག་གདོང་ནག་པོའི་དཔྲལ་བར་དགའ་འཁྱིལ་གྱིས་མཚན་པ། གཡས་ཌཱ་མ་རུ་དང་། ཁ་ཊཾ་ག་བཟུང་པའི་ཡུ་བ་བརླ་གཡོན་པ་ལ་བརྟེན་པ། གཡོན་ཐུགས་ཀར་ཐོད་ཁྲག །དབུ་སྐྲ་ནག་པོ་སིལ་བུ་ཐོད་སྐམ་དབུ་རྒྱན། རློན་པའི་དོ་ཤལ། རུས་པའི་རྒྱན་ལྔ། སྤྱན་གསུམ་དམར་ལ་ཟླུམ་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང་། གཡོན་བརྐྱང་པའི་གར་སྟབས། ཕྱི་རོལ་དུ་མེ་ཕུང་། གདན་པདྨ་ཟླ་ཉི་མི་རོ་དམར་སེར་སྒུར་ཏེ་གདོང་གཡས་སུ་ཕྱོགས་པ། ༥༤ ༈ །ཁྲོས་ནག་ལ་ཕག་མོ་ནག་མོ་མཐིང་ནག་ཁྲོ་མོ། སྤྱན་གསུམ། གཡས་གྲི་གུག་འཕྱར། གཡོན་ཐོད་ཁྲག་ཐུགས་ཀ །སྤྱི་བོར་ཕག་གདོང་ནག་པོ། གླང་ཀོ། སྟག་ལྤགས། སྦྲུལ། རུས་པའི་རྒྱན་སྤྱི་ལྟར། ཐོད་སྐམ་དབུ་རྒྱན། རློན་པའི་དོ་ཤལ། མཆན་གཡོན་ཁ་ཊཾ། དབུ་སྐྲ་དམར་སེར་


JKT017_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་དུ་བརྫེས་ཤིང་། ལྷག་མ་ཐུར་དུ་གྲོལ་བ། ཞབས་གར་སྟབས། གདན་པད་ཉི། བམ་རོ། ༥༥ སྔགས་བྱང་། ཨོཾ་བཛྲ་བྷ་ར་ཧཱི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ། ༥༦ གྲི་གུག །ཐོད་། ཁྲག་ཁ་ཊཾ། རྡོ་དྲིལ། ཌཱ་མ་རུ། གོས་གསུམ། རྒྱན་གསུམ། བྱུགས་རྫས་གསུམ་བཅས་ཕྱོགས་གཅིག་ཏུ་ཡོད་པ། ༥༧ ༈ །འཇམ་དཀར་མ་ཏི་ལུགས་ལ། འཇམ་དབྱངས་དཀར་པོ། གཡས་མཆོག་སྦྱིན། གཡོན་མཐེབ་སྲིན་ནས་ཨུཏྤལ་རྩ་བ་ཐུགས་ཀར་བཟུང་བའི་འདབ་མ་སྙན་ཐད་ཁ་བྱེ་བར་གླེགས་རལ། དབུ་སྐྲ་ཟུར་ཕུད་ལྔ་ལྡན། དར་དང་རིན་ཆེན་རྒྱན། ཞབས་རྡོར་སྐྱིལ། གདན་པད་ཟླ། འོག་ཏུ་མཚོ་གླིང་། ༥༨ ༈ །སངས་རྒྱས་གསང་བའི་ལུགས་ཀྱི་རྣམ་འཇོམས་ལ་ཕྱག་མཚན་གསེར་གྱི་རྡོ་རྗེ་རྩེ་ལྔ། ༥༩ བཀྲ་ཤིས་རྫས་བརྒྱད་དགོས་ཀྱང་དངོས་སམ་ཙཀྱི་སྤྱི་ཁྱབ་ལས་ལེན་པའི་དབང་དུ་བྱས། གཟུངས་གི་ཝཾ་ངམ་གུར་གུམ་གྱིས་བྲིས་པ་གསུངས་པ། གཟུངས་ཡོངས་རྫོགས་ཡིན་པས། བྲིས་པའམ་སྤར་མ་ལྟ་བུ་གུར་གུམ་གྱིས་བྱུགས་པ་ཀློག་པས་རུང་། ༈ ། ལོཀྟིལ། གཏོར་ཙཀ་དྲང་སྲོང་ཞི་བ། སྐུ་མདོག་སྔོ་སྐྱ། སྐེམ་ཞིང་རིད་པའི་གཟུགས། སྨིན་མ་གཟེངས་ཤིང་། ཨག་ཚོམ་བྲང་མདོར་སླེབས་པ། སྐུ་གཅེར་བུ་ལ་རས་དཀར་པོའི་སྟོད་གཡོགས་


JKT017_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྨད་དཀྲིས། ཞབས་སྐྱིལ་ཀྲུང་། ཕྱག་གཡས་སྤྱི་བླུགས། གཡོན་མཉམ་གཞག གདན་པད་ཟླ། ༦༠ དྲང་སྲོང་ཁྲོ་བོ་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་བཞི། ཕྱག་དང་པོ་གཉིས་ཐོ་བ་དང་། རལ་གྲི་གདེངས་པ། ཐ་མ་གཉིས་གནམ་ལྕགས་ཐལ་མོ་བརྡེབ་པའི་ཚུལ། སྐྱེ་ཁམ་ནག་གྱེན་བརྫེས། ཞབས་དོར་སྟབས། གདན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་དང་། པད་ཉི། སྐུ་གཅེར་བུ་ལས་རྒྱན་མེད། མ་ནིང་ཡིན་པས་མཚན་མའང་མེད། ཤིན་ཏུ་ཁྲོ་ཉམས་ཅན་ནོ། ༦༡ གནམ་ལྕགས་ཀྱི་ཐོ་བ། ༦༢ རལ་གྲི་མེ་འབར་བ། ༦༣ ༈ །ནཱ་ག་རཀ་ལ། རིག་ཞཔའི་རྒྱལ་པོ་སྐུ་མདོག་མཐིང་ནག །རྩ་ཞལ་སྲིན་པོའི་གདོང་ཤིན་ཏུ་ཁྲོས་པ། སྤྱན་གསུམ་ཟུར་གསུམ་དུ་བསྒྲད་པ། སྦྲུལ་མགོ་དགུའི་གདེང་ཀ་ཅན། སྦྲུལ་མགོ་དབུས་མའི་སྟེང་དུ་རིན་པོ་ཆེའི་སྲོག་ཞུར་མི་བསྐྱོད་པ་བཞུགས་པ། ཕྱག་བཅུ་དྲུག་གི་གཡས་བརྒྱད་གྲི་གུག །གཡོན་བརྒྱད་སྦྲུལ་ཞགས་འཛིན་པ། དེའང་དང་པོ་གཉིས་ཐུགས་ཀར་བསྣོལ་བ། ལྷག་མ་བསྒྲེང་བ། སྐུ་སྟོད་རི་རབ་ལ་རྒྱབ་བརྟེན་པ། སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་ཀློང་དུ་འཁྱིལ་བ། རལ་པའི་གསེབ་ནས་སྡོམ་དང་སྡིག་པའི་ཚྭ་ཚྭ་འཕྲོ་བ། སྦྲུལ་རིགས་ལྔའི་རྒྱན་དང་། སྦྲུལ་ནག་པོ་འོག་ཏུ་མནན་པ། ༦༤ ༈ །


JKT017_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་སྐོར་ལས། རྒྱུད་མགོན་ལེགས་ལྡན་ལ། ཡེ་ཤེས་མགོན་པོ་སྐུ་མདོག་མཐིང་ནག་སྦོམ་ཞིང་ཐུང་བ། ཁྲོ་གཉེར་སྤྱན་གསུམ། དབུ་སྐྲ་སྨར་སྨིན་ཁམ་ནག །གཡས་གྲི་གུག་དང་། གཡོན་ཐོད་ཁྲག་ཐུགས་ཀར་སྟེང་འོག མཆན་གཡས་ཙནན་བིང་སྒོ་གཉིས་པ། རྩེ་མོར་ནོར་བུས་མཚན། དར་ནག་གི་འཇོལ་བེར་བརྩེགས་མ། གསེར་སྐྱེད། ཐོད་སྐམ་དབུ་རྒན། རྨོན་པའི་དོ་ཤལ་དང་། རྡོ་རྗེའི་དོ་ཤལ། སྦྲུལ་རྒྱན་དང་མི་ལྤགས་སོགས་དུར་ཁྲོད་ཆས། ཞབས་སག་ལྷམ་ཡུ་རིང་གསོལ་ནས་གཡོན་བརྐྱང་པའི་དོར་སྟབས། གདན་པད་ཉི་དགྲ་བགེགས་མི་རོ་རྟ་རོ། སྤྱི་བོར་བྱ་ཁྱུང་། དཔུང་མགོ་གཉིས་ནས་སེང་གེ །རྩིབས་ལོགས་གཉིས་ནས་འཕར་དྲེད། ཞབས་ལས་སྟག་རྣམས་འཕྲོ་བ། མེ་ཕུང་འབར་བའི་ཀློང་ན་བཞུགས་པ་སོགས་སྤྱི་ལྟར། ༦༥ གྲི་གུག ༦༦ ཐོད་ཁྲག ༦༧ །ཙནྡན་གྱི་བིང་སྒོ་གཉིས་པ་རྩེ་ནོར་བུས་མཚན་པ། པར ༈ །གཏེར་མགོན་ཕྱག་བཞི་པ་ལ། གཙོ་བོ་སྐུ་མདོག་མཐིང་ནག །ཕྱག་བཞི་པ། སྤྱན་གསུམ་པ། སྦོམ་ཐུང་གསུས་ཁྱིམ་ཆེ་བ་སོགས་མིའུ་ཐུང་ཁྲོས་པའི་ཉམས་སྤྱི་འགྲེ། ཕྱག་དང་པོ་གཉིས་དགྲ་སྙིང་གིས་མཚན་པའི་གྲི་གུག་དང་། ཐོད་ཁྲག་ཐུགས་ཀར་སྟེང་འོག་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་རལ་


JKT017_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་མེ་འབར་བ་དང་། ཁ་ཊཾ་འཕྱར་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། ཐོད་སྐམ་དབུ་རྒྱན། རློན་པའི་དོ་ཤལ། རུས་རྒྱན་དྲུག་དང་སྦྲུལ་རྒྱན། དར་སྣ་ཚོགས་ཀྱི་ཅོད་པན། སྟག་ཤམ། ཞབས་རྒྱལ་པོ་རོལ་སྟབས། གདན་པད་ཉི། དགྲ་བགེགས། ཡུམ་ནག་མོ་གྲི་ཐོད་འཛིན་པས་འཁྱུད་པ། རུས་རྒྱན་ལྔ་དང་། སྦྲུལ་རྒྱན། ཐོད་ཕྲེང་ཅན། ༦༩ ལྷ་དབང་གི་ཙཀྐི། །མངོན་རྟོགས་གོང་མ་སོར་བཞག་ལ་ཡུམ་མེད་པའི་ཡབ་རྐྱང་། ༧༠ ཡུམ་རྐྱང་མངོན་རྟོགས་གོང་ལྟར་ལ། ཞབས་དོར་སྟབས་བཞེངས་པ། ༧༡ བྱ་རོག་གདོང་མཐིང་ནག་གྲི་ཐོད་འཛིན་པ། བྱ་རོག་གི་གདོང་ཅན་བྱ་རོག་ལ་ཞོན་ཅིང་། མི་ལྤགས་མནབས་པ། ༧༢ སེང་གེའི་གདོང་ཅན་མཐིང་ནག་མདུང་དར་དང་། དམར་གཏོར་ཐོགས་པ། དར་ནག་གི་བེར་གྱོན་ཞིང་རྟ་ནག་ལ་ཞོན་པ། ༧༣ འབར་མ་སྲིན་མོའི་གདོང་ཅན་རྩེ་གསུམ་དང་། ཐུན་ཁྲག་འཕེན་པ། ཟ་འོག་གི་གོས་ཅན། བྱ་རོག་ལ་ཞོན་པ། ༧༤ གཟའ་བདུད་སྨུག་ནག་དབུ་དགུ་དབུ་ཐམས་ཅད་སྨུག་ནག་བྱ་རོག་གི་གདོང་བཅས། ཕྱག་གཉིས་ཀྱི་ཕྱག་གཡས་ཆུ་སྲིན་གྱི་ཞགས་པ་དང་། གཡོན་པས་རྭའི་མདའ་གཞུ་མཉམ་དུ་འཛིན་པ། ལྟོ་ཞལ་དང་། སྐུ་ལུས་མིག་གིས་གང་བ། སྐུ་སྨད་སྦྲུལ་འཇུག་སོགས་སྤྱི་


JKT017_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། ༧། ཚངས་པ་དཀར་པོ་གཡས་དར་མདུང་དཀར་པོ་འཕྱར་ཞིང་། གཡོན་མཚོན་ཆའི་འཁོར་ལོ་བསྐོར་བ། དར་དཀར་གྱི་འཇོལ་བེར་ཅན། རྟ་དཀར་པོ་ལ་ཞོན་པ། ༧༦ གཤིན་རྗེ་དམར་ནག་སྤུ་གྲི་དང་། ཞགས་པ་འཛིན་པ། མི་ལྤགས་ཀྱི་གོས་ཅན། མགོ་ཕྲེང་དང་། རུས་རྒྱན། ར་དམར་པོ་ཞོན་པ། ༧༧ རྡོར་ལེགས་སྔོན་པོ་རྡོ་རྗེ་དང་། དགྲ་སྙིང་འཛིན་པ། སེང་གེ་ལ་ཞོན་པ། ཆ་ལུགས་དམ་ཅན་སྤྱི་འགྲེ། ༧༨ གནོད་སྦྱིན་ནག་པོ་བེར་ཀ་དང་། དགྲ་སྙིང་འཆང་བ། དར་ནག་གི་འཇོལ་བེར་དང་མགོ་ཕྲེང་ཅན། བདུད་རྟ་ནག་པོ་ལ་ཞོན་པ། ༧༩ ༈ །ཆོས་དབང་མ་ནིང་ལ། གཙོ་བོ་མཐིང་ནག་ཁྲོ་གཏུམ། གཡས་རུ་མཚོན་འཕྱར། གཡོན་སྙིང་དང་། ཞགས་པ་འཛིན། སྤྱན་གསུམ་དམར་ཟླུམ་སོགས་ཁྲོ་ཉམས་སྤྱི་འགྲེ། སྦྲུལ་ནག་གི་རལ་པ་ཐུར་དུ་འཕྱང་བ། ཐོད་པ་སྐམ་པོའི་དབུ་རྒྱན་དང་། རློན་པའི་དོ་ཤལ། སྙིང་ཕྲེང་དང་སྦྲུལ་ཆུན། དར་ནག་གི་འཇོལ་བེར་བརྩེགས་མ། གསེར་རྐེད་དང་མི་ལྤགས་ཀྱི་སྐེ་རག །ཙནྡན་གྱི་བེང་ཆེན་སྒོ་གསུམ་པ་སྐེད་པར་བཙུག་པ། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ། ཞབས་གཡོན་བརྐྱང་དོར་སྟབས། གདན་པད་ཉི་མི་རོ། འོག་གི་གཡས་ཟུར་དུ་སྲོག་བདུད་ནག་པོ། གཡས་


JKT017_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་པར་བཟུང་ཞིང་མདའ་གཞུ་འགེངས་པ། ཁ་ཊཾ་གྲུ་མོར་བཀལ་བ། དར་ནག་གི་བེར་དང་སྟག་རལ་གཟིགས་ཤུབས་ཅན། བདུད་རྟ་ནག་པོ་རྟིང་དཀར་ལ་ཞོན་པ། དུད་སྤྲིན་ཁམས་ནག་གི་ནང་དུ་བཞུགས་པ། གཡོན་ཟུར་དུ་ཡུམ་དཀར་མོ་ཤེལ་གྲིར་ཕྱར་ཞིང་། ཐོད་ཁྲག་གཙོ་བོ་ལ་སྟོབ་པ། མ་མེའི་ཆས་ཅན། ཁྲག་མཚོའི་དབུས་ན་རོལ་སྟབས་ཀྱིས་འགྱིང་བ་སྟེ། འདི་གཏོར་ཙཀ་དང་། ༨༠ ལྷ་དབང་ལ། མངོན་རྟོགས་སྔ་མ་སོར་བཞག་ལ་གཡས་གཡོན་གྱི་འཁོར་གཉིས་མི་དགོས། ༨༡ སྟག་ཞོན་ནག་པོ་ཙནྡན་གྱི་བེང་གསོར་ཞིང་། ཞགས་པ་ནག་པོ་ཐོགས་པ། །སྟག་ལ་ཞོན་པ། ༨༢ བེར་ནག་པོ། ༨༣ མགོན་པོ་བིང་དམར་སྨུག །གཡས་ཙནྡན་གྱི་བིང་འཕྱར་ཞིང་། གཡོན་ལྕགས་ཀྱི་ལྷུང་བཟེད་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། རང་སྔགས་བྱང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕྲཊ། ༨༥ གྲི་གུག་མཐིང་ནག །གཡས་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་འཛིན་པ། ༨༦ རྡོ་རྗེས་མཚན་པའི་གྲི་གུག་གི་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་ཡོད་པ། ༨༧ ལེགས་ལྡན་ནག་པོ་གཡས་རིན་པོ་ཆེ། གཡོན་ཐོད་ཁྲག །སེང་གེ་ལ་ཆིབས་པ། ༨༨ མདའ་རྒོད་སྒྲོ་མའི་མགུལ་དུ་དར་ནག་ལ་ཧཱུྃ་བྲིས་པ་བཏགས་པ། ༨༩ ཏྲཀླད་མཐིང་ནག་


JKT017_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བིང་གསོར། གཡོན་དགྲ་སྙིང་། རྟ་བྲ་ནག་རྟིང་དཀར་ཆིབས་པ། དེ་ལྟར་མགོན་པོ་སྡེ་ལྔ་ཀའང་ཁྲོ་གཏུམ་དྲག་གཟུགས། དར་ནག་གི་འཇོལ་བེར། དུར་ཁྲོད་ཀྱི་ཆས་ཅན། གདན་བམ་ཆེན་གྱི་སྟེང་ན་རོལ་པ། ༩༠ སེང་ལྡེང་གི་ཕུར་པ་དར་ནག་པོའི་ཅོད་པན་ཅན། ༩༡ ༈ །གནུབས་ལུགས་སྟག་ཞོན་ལ། ཡེ་ཤེས་མགོན་པོ་སྐུ་མདོག་ནག་པོ། སྤྱན་གསུམ་སོགས་ཁྲོ་ཉམས་སྤྱི་༧ འགྲེ། གཡས་ཙནྡན་བིང་སྒོ་གསུམ་པ་ནོར་བུའི་ཏོག་ཅན་འཕྱར། གཡོན་ལྕགས་ཀྱི་ལྷུང་བཟེད་ཁྲག་གིས་གང་བ་ཞལ་དུ་གསོལ་བ། དར་ནག་གི་བེར་དགུ་བརྩེགས། གསེར་སྐྱེད། ཐོད་སྐམ་དབུ་རྒྱན། རློན་པའི་དོ་ཤལ། སྦྲུལ་ནག་གི་ཐོད་བཅིངས། གསེར་གྱི་རྣ་ཆ། ཞབས་སག་ལྷམ། ཆིབས་སྟག་ཆེན། རོལ་དུ་སེང་གེ་ཁྲིད་པ་འདི་འདྲ་ཆ་གཉིས། ༩༢་༩༣ ཙནྡན་གྱི་བིང་སྒོ་གསུམ་པ་ནོར་བུའི་ཏོག་ཅན། ༩༤ ༈ །བིང་དམར་ལ། མགོན་པོ་སྐུ་མདོག་མཐིང་ནག །ཁྲོ་ཉམས་སྤྱི་འགྲེ། གཡས་ཙནྡན་གྱི་བིང་སྒོ་གསུམ་པ་ནོར་བུས་མཚན་པ་སྟོད་ནས་མེ་འབར། སྨད་ནས་ཆུ་འབྲུབས་པ་འཕྱར་བ། གཡོན་ལྕགས་པར་རླངས་པ་སྔོ་དམར་གྱིས་ཁེངས་པ་དཀུ་གཡོན་དུ་བརྟེན་པ། ཟ་འོག་གི་བེར། གསེར་སྐེད། སག་ལྷམ། ཐོད་པ་དང་སྦྲུལ་གྱིས་རྒྱན་སྤྱི་ལྟར། ཞབས་


JKT017_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བརྐྱངས་དོར་སྟབས། གདན་པད་ཉི་བམ་རོའི། ༩༥ །གོང་གི་ཕྱག་མཚན་དང་འདྲ་བའི་བིང་། ༩༦ ལྕགས་པར། ༩༧ ལྕགས་ཕུར། ༩༨ ༈ །ཨེ་ཀ་ཛ་ཊི་སྡེ་བདུན་ལ། །གཙོ་མོ་སྐུ་མདོག་སྨུག་ནག །དཔྲལ་བར་སྤྱན་དམར་ཟླུམ། ཞལ་ནས་ཚེམ་གཅིག །རལ་པ་ཁམ་ནག་ཐུར་དུ་གྲོལ་བའི་དབུས་ནས་ལྕགས་རལ་ནག་པོ་གཅིག་གྱེན་དུ་ལངས་པ། ཐུགས་ཀར་འོ་མ་འཛག་བཞིན་པའི་ནུ་མ་གཅིག་འཕྱང་བ། གཡས་ཞིང་དབྱུག་ཀླད་ལ་འཕྱར། གཡོན་དགྲ་སྙིང་བཟུང་ཞིང་ལྕགས་སྤྱང་ཁ་ཕར་གྱུས་པ་ཕྲ་ཐབས་སུ་འགྱེད་པ། ཐོད་སྐམ་ཅོད་པན་དང་། ཐོད་སྐམ་གྱི་དོ་ཤལ། མི་ལྤགས་དང་འཇའ་སྤྲིན་གྱི་སྟོད་གཡོག །སྟག་ཤམ། རུས་པའི་རྒྱན་ལྔ་ཞབས་གཡོན་བརྐྱང་པའི་གར་སྟབས། གདན་པད་ཉི་མི་རོ། ༩༩ ལེགས་ལྡན་ནག་པོ། ཞལ་གཅིག་ཕྱག་བཞི། གཡས་གྲི་གུག་དང་། དུག་ཤིང་གི་སྡོང་པོ་མེ་ཏོག་སྔོ་ནག་ཅན། གཡོན་ཐོད་ཁྲག །ཞགས་པ་ནག་པོ། དར་ནག་གི་བེར་སུམ་བརྩེགས། ཐོད་སྐམ་དབུ་རྒྱན། རློན་པའི་དོ་ཤལ། ཆིབས་རྟ་ནག ༡་༠༠ རེ་མ་ཏཱི་སྔོ་ནག །སྐེམ་ཞིང་རིད་པ། གཡས་རལ་གྲི་འཕྱར། གཡོན་ནད་རྐྱལ་དཀུར་བརྟེན། མ་མོའི་ཆས་སྤྱི་འགྲེ། སྤྱི་བོར་རྨ་བྱའི་སྒྲོ་ཕོ་ཟླ་ཚེས། ལྟེ་བར་ཉི་མ་སོགས་རང་བྱུང་


JKT017_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མོ་ལྟར། དྲེལ་རྟ་ལ་ཆིབས་པ། རླུང་ནག་འཚུབས་མའི་དཀྱིལ་ན་རོལ་པ། ༡་༠༡ སྲོག་སྒྲུབ་མ་ནག་མོ། རྔམས་ཁྲོས། གཡས་ཆུ་གྲི་འཕྱར། གཡོན་གློ་སྙིང་ཟ། མི་ལྤགས་གོས། ཐོད་རུས་དང་། སྦྲུལ་རྒྱན་ཅན། རླུང་ནག་འཚུབས་མ་ལ་ཞོན་པ ༡་༠༢ གཟའ་བདུད་སྨུག་ནག་དབུ་དགུ། དབུས་ཞལ་གསུམ་མཐིང་། གཡས་གསུམ་དམར་ནག་གཡོན་གསུམ་ལྗང་ནག་བྱ་རོག་གི་གདོང་བཅས། ཕྱག་བཞིའི་དང་པོ་གཉིས་ཆུ་སྲིན་རྒྱལ་མཚན་དང་། སྦྲུལ་ཞགས། འོག་མ་གཉིས་རྭའི་མདའ་གཞུ། སྐུ་ལུས་མིག་གིས་གང་བ། ལྟོ་ཞལ་དང་། སྦྲུལ་འཇུག་སོགས་སྤྱི་ལྟར། ༡་༠༣ ཤན་དམར་སྐུ་མདོག་དམར་ནག །ཕྱག་བཞིའི་གཡས་གཉིས་གྲི་གུག །རལ་གྲི། གཡོན་གཉིས་ཐོད་པ་དང་སྦྲུལ་ཞགས། དར་དམར་གྱི་བེར་དང་། དུར་ཁྲོད་ཆས་ཅན། ཁྱུང་ལ་ཞོན་པ། ༡་༠༤ དམ་ཅན་དམར་པོ། གཡས་རྡོ་རྗེ། གཡོན་མི་སྙིང་། དར་དཀར་གྱི་བེར། ར་སྐྱེས་ཁམ་པ་ཞོན་པ་སོགས་སྤྱི་ལྟར་རོ། །༡་༥ ཐོད་པ་དང་། བཤོས་བུ་དགོས་ཀྱང་དངོས་རྫས་བཤམ་པའི་ཕྱག་ལེན་མཛད་པས་ཙཀྲི་མི་དགོས། གླིང་བཞི་རི་རབ་དང་བཅས་པ། ༡་༠༦ དར་སྣ་ཚོགས་ཀྱི་བདན། ༡་༠༧ རིན་པོ་ཆེའི་རྒྱལ་མཚན། ༡་༠༨ སྙིང་སྣ་ཚོགས་ཀྱི་ཕྲེང་བ། ༡་༠༩ དྲག་


JKT017_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མཆོད་གཏོར། ༡་༡༠ ཐོད་པ་དུམ་བུ་མང་པོའི་ནང་དུ། ཡུངས་ཀར། ཡུང་ནག །ཀེ་ཚེ། ཤངས་ཚེ། རྦབ་རྡོ། ཟངས། ལྕགས། ཁྲག །ཕུར་པ་སོགས་ཐུན་རྫས་ཡོད་པ། ༡་༡༡ ཐོད་རློན་ཁྲག་གིས་གང་བ། ༡་༡༢ ཡུངས་ཀར་གྱི་སྡོང་བུ། ༡་༡༣ ལྕགས་ཕུར། ༡་༡༤ རལ་གྲི། ༡་༡༥ བཅས་སོ། ༈ །སྙིང་ཏིག་གི་ཨེ་ཀ་ཛ་ཊི་ལ། གཙོ་མོ་སྐུ་མདོག་ཆ་ལུགས་སོགས་གོང་དང་འདྲ། ཕྱག་མཚན་གཡས་མི་སྙིང་ཞལ་དུ་གསོལ་ཞིང་། གཡོན་ཞིང་ཆུང་གི་རྒྱལ་མཚན་འཕྱར་བ། ཞབས་གཡོན་བརྐྱང་དོར་སྟབས། ༡་༡༦ དབུས་སུ་ཐོད་ཁྲག །དེའི་གཡས་སུ་སྙིང་། གཡོན་དུ་ཞིང་དབྱུག་ཡོད་པ། ༡་༡༧ ༈ །རེ་མ་ཏཱི་ལ། ལྷ་མོ་སྐུ་མདོག་སྔོ་ནག །སྐེམ་རིད་ཁྲོ་གཏུམ། སྤྱན་གསུམ། རལ་པ་ཁམ་ནག་ཕྱེད་བརྫིས། ཕྱེད་ཐུར་དུ་གྲོལ་བ། ཐོད་སྐམ་དབུ་རྒྱན་དང་། གསེར་གཡུ་མུ་ཏིག་གི་ལན་ཚར། དར་གྱི་ཅོད་པན། དར་ནག་གི་གོ་ཟུ་འཇའ་རིས་ཅན་སྦྲུལ་ནག་གི་སྒྲོག་གུ་བཏབ་པ་གསོལ་བ། ཞིང་སྟོད། སྟག་ཤམ། ཐོད་རློན། དོ་ཤལ། །སྙན་གཡས་སེང་གེ། གཡོན་པར་སྦྲུལ་འཕྱོར། ལྟེ་བར་ཉི་མ། སྤྱི་བོར་ཟླ་ཚེས། རྨ་བྱའི་སྒྲོ་ཕོད། ཕྱག་བཞིའི་གཡས་གཉིས་ཁ་ཊཾ་རྩེ་གསུམ་དང་། ལྕགས་བུར་གཡོན་གཉིས་འཕྲུལ་གྱི་མེ་ལོང་


JKT017_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གྱི་ཐད་དཀར་སྟོན་པ་དང་། སྦྲུལ་ཞགས་འཕེན་པ། ཞབས་གཉིས་གཡོན་ཅུང་ཟད་བརྐྱངས་པའི་བཙན་སྐྱིལ་གྱིས། དྲེའུ་ལྕགས་མདོག །ཞིང་ལྤགས་དང་སྟག་ལྤགས་ཀྱི་སྟན། སྒ་དམར་པོ། སྦྲུལ་ནག་གི་གོང་རྨེད། གསེར་སྲབ། གཡུ་མཐུར། སྔ་ཤ་ལ་ཚོན་གྱི་གྲུ་གུ། ཕྱི་ཤ་ལ་ལྕགས་ཀྱི་དྲྭ་བ་དང་། ནད་རྐྱལ་བཏགས་པའི་སྟེང་དུ་རོལ་པ། འོག་ཏུ་ཁྲག་མཚོ། མཐར་མེ་རླུང་དང་འོད་སྔོན་པོའི་གུར་ཁྱིམ་ཅན་ནོ། ༡་༡༨ ༈ །རྡོ་རྗེ་གཤོགས་རྒོད་མ་ལ། ལྷ་མོ་སྨུག་ནག་ཁྲོ་གཏུམ་འཇིགས་གཟུགས། གཡས་རལ་གྲི་འཕྱར། གཡོན་ཐོད་ཁྲག་ཐུགས་ཀ །མཆན་ཁུང་གཡོན་དུ་ནེའུ་ལེ། རྡོ་རྗེའི་གཤོགས་པ་གདེངས་ཤིང་། ཞིང་ལྤགས་སྟོད་གཡོགས། བ་ལང་ལྤགས་པའི་སྨད་དཀྲིས་རེ་ལྡེའི་ཤམ་བུ་ཅན། ཐོད་སྐམ་དབུ་རྒྱན། རློན་པའི་དོ་ཤལ། སྦྲུལ་ཆུན། རུས་པའི་རྒྱན་ལྔ། ཁྲག་གི་ཐིག་ལེ། སྤྱི་བོར་ཟླ་ཚེས་དང་། རྨ་བྱའི་སྒྲོ་ཕོད། ལྟེ་བར་ཉི་མ། དྲེའུ་སྔོན་པོ་ལ་ཞོན་པ། མེ་རླུང་གི་དབུས་ན་བཞུགས་པ། ༡་༡༩ ༈ །ཤན་པ་སྲོག་སྒྲུབ་མ་ལ། གཙོ་མོ་སྐུ་མདོག་ནག་རྔམས། སྤྱན་གསུམ་ཁྲོ་གཏུམ་ཉམས། གཡས་ཆུ་གྲི་འཕྱར། གཡོན་གློ་སྙིང་ཟ། མི་ལྤགས་ཀྱི་གོས་ཅན། ཐོད་སྐམ་དབུ་རྒྱན། རློན་པའི་དོ་ཤལ། རུས་པའི་རྒྱན་ལྔ་དང་སྦྲུལ་གྱིས་


JKT017_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་ཅིང་རླུང་ནག་འཚུབས་མ་ལ་ཞོན་པ། ༡་༢༠ ཤ་ཟ་ཅེ་སྤྱང་གདོང་དམར་མོ་རོ་ལངས་ལ་ཞོན་ཅིང་གཡས་ཆུ་གྲི་འཕྱར། གཡོན་སྙིང་ཟ་བ། ༡་༢༡ ཝ་གདོང་ནག་མོ་གྲི་གུག་དང་ཞགས་ནག་ཐོགས་ནས་རྒྱུགས་པའི་ཚུལ། ༡་༢༢ འུག་གདོང་ནག་མོ་ལྕགས་ཀྱི་སྡེར་མོ་ཅན་ལྕགས་ཀྱུ་འཛིན་ཞིང་། སྙིང་ཟ་བ་འཕྱང་ཞིང་རྒྱུགས་ཚུལ་ཅན་ནོ། ༡་༢༣ ༈ །གཟའ་བདུད་ལ། །གཙོ་བོ་དུད་ཁ་དབུ་དགུའང་དུད་ཁ་ཅན། བྱ་རོག་གི་གདོང་པ། ཕྱག་བཞིའི་དང་པོ་གཉིས་ཆུ་སྲིན་རྒྱལ་མཚན་རལ་གྲིའི་ཡུ་བ་ཅན། སྦྲུལ་ཞགས། འོག་མ་གཉིས་རྭའི་མདའ་གཞུ་འགེངས་པ། སྐུ་ཨ ལུས་ཐམས་ཅད་མིག་གིས་གང་བ། ལྟོ་ཞལ། སྦྲུལ་མཇུག །སྟག་ཤམ། ཐོད་སྐམ་དབུ་རྒྱན། རློན་པ་རྒྱུ་མ་ལ་བརྒྱུས་པའི་དོ་ཤལ། སྦྲུལ་རིགས་ལྔའི་རྒྱན་དང་བཅས་པ་སོགས་སྤྱི་ལྟར། ༡་༢༤ རལ་གྲི། ༡་༢༥ ཆུ་སྲིན་གྱི་ཞགས་པ། ༡་༢༦ རྭའི་མདའ་དང་གཞུ། ༡་༢༧ མེ་ཕུང་། ༡་༢༨ གཟའ་བརྒྱད་ལ། ཤར་དུ་བི་ནུ་རཱ་ཛ་དུད་ཁ་ཆུ་སྲིན་དང་། སྟག་མགོ །ཤར་ལྷོར་དྲང་སྲོང་དཀར་སེར་སྦྲུལ་ཞགས་དང་། རྩེ་གསུམ། ལྷོར་ཁྱབ་མཇུག་སེར་ནག་སྦྲུལ་ཞགས་དང་། ཆུ་སྲིན། ལྷོ་ནུབ་བིཏྟི་པ་ཏྲ་དམར་པོ་སྦྲུལ་དང་སྤུ་གྲི། ནུབ་ཏུ་ལྗང་སྔོན་ཆེན་པོ་ལྗང་ནག་ཞགས་པ་དང་


JKT017_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྒྲོག །ནུབ་བྱང་དུ་བ་མཇུག་རིང་མཐིང་ནག་སྤུ་གྲི་དང་། ཐོད་ཁྲག །བྱང་དུ་རོག་ཏི་མཐིང་ནག་སྦྲུལ་དང་། ཞགས་པ། བྱང་ཤར་སྒྲ་གཅན་དུད་ཁ་ཆུ་སྲིན་དང་། ཁྲམ་ཤིང་། ཐམས་ཅད་ཀྱང་དབུ་དགུ་སྲིན་པོ་ཁྲོས་པའི་ཉམས། རྒྱན་ཆ་ལུགས་ཐམས་ཅད་གཙོ་བོ་ཇི་ལྟ་བ། ༡་༢༩ གཟའ་བརྒྱད་ཕྱག་མཚན། ཆུ་སྲིན། སྟག་མགོ། སྦྲུལ་ཞགས། རྩེ་གསུམ། སྦྲུལ་ཞགས། ཆུ་སྲིན། སྦྲུལ། སྤུ་གྲི། ཞགས་པ། ལྕགས་སྒྲོགས། སྤུ་གྲི། ཐོད་ཁྲག །སྦྲུལ། ཞགས་པ། ཆུ་སྲིན། ཁྲམ་ཤིང་བཅས། ༡་༣༠ ༈ །ཤན་པ་དམར་ནག་ལ། གཙོ་བོ་བེཟླུརྒྱའི་བྲག་རིའི་སྟེང་དུ་པད་ཉི། དགྲ་བགེགས་དེའི་སྟེང་དུ་བྱ་ཁྱུང་དམར་པོ། དེའི་སྟེང་དུ་གནོད་སྦྱིན་དམར་ནག །ཞལ་གཅིག་ཕྱག་བཞི། གཡས་རལ་གྲི་དང་། གྲི་གུག །གཡོན་ཐོད་པ་དང་། སྙིང་དང་ཞགས་༄༅པ། དར་དམར་གྱི་བེར་དང་། དུར་ཁྲོད་ཆས་ཅན། འཇིགས་ཤིང་རྔམས་པ་མེ་རླུང་གི་དབུས་ན་བཞུགས་པ། ༡་༣༡ མི་ལྤགས་སྟོད་གཡོག །གླང་ཀོའི་སྐེད་དཀྲིས། སྟག་ཤམ་བཅས། ༡་ ༣༢ རལ་གྲི། ༡་༣༣ གྲི་གུག ༡་༣༤ །སྙིང་དང་། ཞགས་པ། ༡་༣༥ ཐོད་ཁྲག ༡་༣༦ ཐུན་རྫས་སྣ་ཚོགས། ༡་༣༧ ཟོར་གཏོར་ཐོག་མདིལ་དབྱིབས་དམར་གཏོར་ཟུར་གསུམ་མཚེ་


JKT017_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་རྩང་སོགས་ཀྱིས་བརྒྱན་པ། ༡་༣༨ མེ་འབར་བའི་ཧོམ། ༡་༣༩ མཆོད་རྟེན་ནག་པོ། ༡་༤༠ ༈ །དམ་ཅན་མགར་དམར་ལ། དམ་ཅན་སྐུ་མདོག་དམར་ནག །ཞལ་གདངས་མཆེ་གཙིགས་སྤྱན་གསུམ། ཁ་རླུང་ནག་པོ་འཐུལ་བ། གཡས་རྡོ་རྗེ། གཡོན་མི་སྙིང་། དར་དམར་གྱི་བེར། དབུ་ལ་སག་ཞུ་སྨུག་པོ། སྐུ་སྨད་སྟག་ཤམ། སྟག་རལ་གཟིག་ཤུབས་སོགས་སྤྱི་ལྟར། ཆིབས་སེང་གེ། གདན་པད་ཉི། དེ་འདྲ་ཆ་གཉིས། ༡་༤༡ ༡་༤ ༢ ཕྱག་མཚན་རྡོ་རྗེ་དང་། མི་སྙིང་། ༡་༤ ༣ ༈ །ཞིང་སྐྱོང་ལ། བདུད་མགོན་སྐུ་མདོག་ནག་པོ། སེང་གེའི་ཞལ། རལ་པ་ཁམ་ནག །གཡས་དར་ནག་གི་བདན། གཡོན་ཐོད་པར་དམར་གཏོར། དར་ནག་གི་འཇོལ་བེར། ཆིབས་རྟ་ནག །གདན་པད་ཉི་དགྲ་བགེགས། དེའི་གཡོན་དུ་ཡུམ་དམར་མོ། སེང་གདོང་། ཁྲག་རལ་ཅན། གཡས་རྩེ་གསུམ། གཡོན་མི་སྙིང་། གཅེར་བུ་སྟག་ཤམ། ཆིབས་རྟ་དམར། དེ་གཉིས་ཀྱི་མདུན་དུ་བམ་རོ་ཕོ་མོ་སྤྲེའུའི་གཟུགས། ལག་གཉིས་ས་ལ་བཙུགས་ཤིང་། རྐང་པས་དམར་གཏོར་འཕེན་པ་སོགས་སྤྱི་ལྟར། དེ་འདྲ་ཆ་གཉིས། ༡་༤༤ ༡་༤༥ ཨོཾ་མ་ཧཱ་ཀཱ་ལ་སི་ཧ་མུ་ཁ་ཧཱུྃ་ཕཊ་ཏྲི་ཧཱུྃ་ཛཾ༔ སིཾ་ཧ་ན་ར་མ་ཧཱུཾ་ཕཊ་ཏྲི་ཧཱུྃ་ཛཾ༔ ཡ་མ་རཱ་ཛ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ། ཅེས་པའི་


JKT017_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བྱང་། ༡་༤༦ བེར་ནག །སྟག་ཤམ། མི་ལྤགས། མགོ་ཕྲེང་། ཁྲག་ཞགས། ཐལ་ཆེན། རུ་མཚོན། ཐོད་པའི་ནང་དམར་གཏོར། རྩེ་གསུམ། མི་སྙིང་བཅས། ༡་༤༧ ༈ །དུར་ཁྲོད་མ་མོ་ལ། གཙོ་མོ་སྨུག་ནག་རྔམས་ཁྲོས། གཡས་དགྲ་སྙིང་ཟ། གཡོན་མེ་ལོང་། དར་དཀར་སྟོད་གཡོགས། སྟག་ཤམ། མི་ལྤགས་རློན་པ་ལྡིང་སྟབས་སུ་གྱོན་པ། རལ་པ་ཁམ་ནག་ཐུར་དུ་སྤྲུགས་པ། རྣ་བར་དུང་ལོང་། ཐོད་སྐམ་ལྔའི་དབུ་རྒྱན། མགོ་རློན་གྱི་དོ་ཤལ་རུས་ཕྲེང་དང་། སེ་རལ་ཁ། ཞབས་གཡོན་དུ་བརྐྱང་། གདན་པད་ཉི། བམ་རོའོ། ༡་༤༨ ༈ །བརྟན་མ་བཅུ་གཉིས་ལ། གོང་གནོན་སློབ་དཔོན་རིན་པོ་ཆེ་སྣང་སྲིད་ཟིལ་གནོན་ཆ་བྱད་ཅན། གཡས་རྡོ་རྗེ་གདེངས། གཡོན་ལྕགས་ཕུར་འདྲིལ། གྲུ་མོ་གཡོན་དུ་ཁ་ཊཾ་སོགས་སྤྱི་ལྟར། ༡་༤༩ རྡོ་རྗེ་ཀུན་གྲགས་མཐིང་ནག །བེར་ནག་གསོལ་བ། གཡས་ཆུ་སྲིན་རྒྱལ་མཚན། གཡོན་མེ་ལོང་། ཆིབས་འབྲུག ༡་༥༠ རྡོ་རྗེ་ཧ་རི་སྔོ་ལྗང་། དར་ལྗང་ན་བཟའ། ཤང་ལང་དང་། ཞགས་པ། ཆིབས་རྐྱང་། ༡༥༡ རྡོ་རྗེ་ཀུན་བཟང་དཀར་མོ། དར་དཀར་ན་བཟའ། རྡོ་རྗེ་རྩེ་ལྔ་དང་། ཚེ་བུམ། ཆིབས་སེང་གེ། ༡༥༢ །རྡོ་རྗེ་བགེགས་ཀྱི་གཙོ་ལྗང་ནག །དར་ལྗང་ན་བཟའ། རུ་མཚོན་རྩེ་ལྔ་


JKT017_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཞགས་པ། ཆིབས་དྲེལ། དེ་ལྟར་བདུད་མོ་བཞི་པོ་འདི་ཞལ་ཅུང་ཟད་ཁྲོ་ཞིང་མི་སྡུག་པའི་ཉམས་ཅན། ༡་༥༣ རྡོ་རྗེ་སྤྱན་གཅིག་འདི་དཔྲལ་བར་སྤྱན་གཅིག་ཁོ་ན་ལས་མེད་པ་ཨེ་ཀ་ཛཱ་ཊི་འདྲ་ཞིག་བྲིས་སྣང་ནའང་སྤྱན་གཡས་བཅར་བས་མེད་པ་ཞིག་ཡིན་འདྲ། སྐུ་མདོག་དཀར་ལྗང་། དར་ལྗང་། ན་བཟའ། ཟོར་བ་དང་། ཞགས་པ། ཆིབས་ཤ་བ། ༡་༥༤ རྡོ་རྗེ་ཁྱུང་བཙུན་དམར་སེར། དར་དམར་ན་བཟའ། ཌ་མ་རུ་དང་། མེ་ལོང་། ཆིབས་ཁྱུང་། རྡོ་རྗེ་དྲག་མོ་རྒྱལ་དཀར་གསལ། དར་དཀར་ན་བཟའ། བེ་ཅོན་དང་། རིན་ཆེན་གཞོང་པ། ཆིབས་འཕར་བ། ༡་༥༦ རྡོ་རྗེ་ཀླུ་མོ་སེར་མོ། དར་སེར་ན་བཟའ། བེ་ཅོན་དང་། འཁར་གཞོང་། ཆིབས་རྟ། དེ་ལྟར་གནོད་སྦྱིན་མོ་བཞི་པོ་འདི་སྐུ་ཤ་རྒྱས་ཞིང་། ཞལ་ཅུང་ཟད་ཁྲོ་གཉེར་བསྡུས་པ་ཁྲོ་གཏུམ་གྱི་ཉམས། ༡་༥༧ ཀོང་བཙུན་དེ་མོ་དཀར་ལྗང་། དར་ལྗང་ན་བཟའ། མདའ་དར་དང་། རིན་ཆེན་སྒྲོམ་བུ། ཆིབས་རྟ། ༡༥༨ རྡོ་རྗེ་སྨན་གཅིག་དཀར་ལྗང་། དར་ལྗང་ན་བཟའ། དར་སྣ་ཚོགས་དང་། འབྲང་རྒྱས་ནོར་གཟུགས་བསྣམས་པ། ཆིབས་མཛོ་མོ། ༡༥༩ ཇོ་མོ་ནགས་རྒྱལ་དམར་སེར། དར་དམར་ན་བཟའ། ནོར་བུ་མེ་འབར་དང་། ཏིང་ཤག །ཆིབས་ཤ་བ་ཡུ་མོ། ༡༩༦༠ རྡོ་རྗེ་ཟུ་ལེ་མ་ལྗང་སེར།


JKT017_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དར་ལྗང་ན་བཟའ། དྲིལ་བུ་དང་། རིན་པོ་ཆེའི་པདྨ། ཆིབས་སྟག །དེ་ལྟར་སྨན་མོ་བཞི་པོ་ཞལ་རས་མཛེས་ཤིང་འཛུམ་པའི་ཉམས་ཅན། གཞན་དབུ་སྐྲ་གནག་སྣུམ་ཐོར་ཚུགས་རིན་པོ་ཆེའི་རྒྱན་ སོགས་སྤྱི་ལྟར་རོ། ༡༦༡ ༈ །རྒྱལ་ཆེན་བེ་ཧར་ལ། དབུས་སུ་ཐུགས་ཀྱི་རྒྱལ་པོ་མཐིང་ནག །དར་ནག་གི་བེར་དང་དོམ་སློག་གསོལ་བ། དར་ནག་པོའི་ཐིབས་ཞུ་ཅན། གཡས་མདུང་ཞགས། ༧ གཡོན་སྤུ་གྲི། ཆིབས་གླང་པོ་ཆེ། རོལ་དུ་གློག་དམར་ཁྲིད་པ། ཤར་དུ་སྐུའི་རྒྱལ་པོ་མཐིང་ནག །དར་སྔོ་ཁྲའི་བེར། དར་ནག་གི་ཞྭ་ཐེབས་དར་ཤམ་འཕྱང་བ། ཐིབས་ཞུ། རྡོ་རྗེ། ཤེར་ཤིང་ནག་པོའི་འཁར་བསིལ། ཆིབས་སེང་གེ། རོལ་དོམ་ནག །ལྷོར་ཡོན་ཏན་རྒྱལ་པོ་མཐིང་ནག །སྦྲུལ་དང་སྟག་གི་གོས། ཐང་ཐེབས་ཀྱི་དབུ་ཞྭ་ཁྱུང་མགོ་ཅན། དགྲ་སྟ། ཞགས་པ། ཆིབས་རྟ་ནག་རྟིང་དཀར། རོལ་གཡུ་འབྲུག །ནུབ་ཏུ་གསུང་གི་རྒྱལ་པོ་དམར་ནག །དར་ནག་གི་པེར། སྨྱུག་དབྱིབས་ཐང་ཐེབས། ཞུ། སྦ་མཁར་དང་། ཙནྡན་གྱི་བིང་། ཆིབས་དྲེལ་ནག་རྐང་དཀར། རོལ་ལྕགས་སྤྱང་། བྱང་དུ་ཕྲིན་ལས་ཀྱི་རྒྱལ་པོ་ནག །དཀར། དམར་བའི་ཞལ་གསུམ་ཕྱག་དྲུག །དར་དཀར་གྱི་རལ་པ་དང་། སྟག་ཤམ། དབུ་ལ་ཚག་ཞུ། གཡས་གསུམ་ལྕགས་ཀྱུ། མདའ། རལ་


JKT017_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གྲི། གཡོན་གསུམ་སྤུ་གྲི། གཞུ། བེར་ཀ་ཆིབས་སེང་གེ། རོལ་རླུང་ནག་འཚུབས་མ། དེའང་གཙོ་བོའི་སྐུ་ཆེ། གཞན་རྣམས་ཅུང་ཟད་ཆུང་བར་བྲིའོ། ༡་༦༢ །རྒྱལ་པོའི་རྟེན་རྫས་དམ་ཤིང་ནི། སྟོད་དབུ་གསུམ་དཀར་དམར་ནག་པའི་ཁྲོ་ཞལ་སྤྱན་གསུམ་པ། དབུ་ལ་ཚག་ཞུ་དར་ཤམ་ཅན་གསོལ་བ། རྒྱ་མདུད་ཉིས་རིམ་ལ་ཧཱུཾ་གིས་མཚན་པ། ཆང་ཟུངས་ཟུར་གསུམ་སྦྲུལ་ཆུན་འཕྱང་བ། དར་དཀར་དམར་ནག་པོ་གསུམ་གྱི་ཅོད་པན་ཅན། དཔལ་ལ་ཏྲིས་མཚན་པ། སྨད་ཕུར་པའི་དབྱིབས་སྤྱི་འགྲེ་སྟེ་དོན་ཕུར་པ་བཟོ་དབྱིབས་ཁྱད་པར་ཅན་ནོ། ༡༩༦༣ སྟག་འདི་རྣམས་སྲོག་ཆགས་སོ་སོའི་མགོའི་ཏོག་དར་ཤམ་འཕྱངས་པའི་རྒྱལ་མཚན་སྤྱི་ལྟར་རོ། །གི་རྒྱལ་མཚན། ༡་༦ སྤྲེའུའི་རྒྱལ་མཚན། ༡་༥ བྱ་རྒོད་ཀྱི་རྒྱལ་མཚན། ༡་༦༦ སྤྱང་ཀིའི་རྒྱལ་མཚན། ༡༦༧ ཟ་འོག་ཁ་དོག་སྣ་ཚོགས་པའི་རྒྱལ་མཚན་ནོར་བུའི་ཏོག་གིས་མཛེས་པ། ༡༦༨ ༈ །རྣམ་སྲས་སེར་ཆེན་ལ། རྣམ་ཐོས་སྲས་སྐུ་མདོག་སེར་པོ། གཡས་རྒྱལ་མཚན། གཡོན་ནེའུ་ལེ་ནོར་བུ་སྐྱུགས་པ། རིན་པོ་ཆེའི་ཐོར་ཚུགས་དང་དབུ་རྒྱན། དར་གྱི་ན་བཟའ་ཁ་དོག་སྣ་ཚོགས་ལྷབ་ལྷུབ། ཕྲག་གོང་གཡས་སུ་ཉི་མ། གཡོན་དུ་ཟླ་བ། མདུན་དུ་ནོར་སྤུངས། ཞབས་གཡོན་བརྐྱང་པའི་རོལ་སྟབས་ཀྱིས་སེང་གེ་


JKT017_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་ཉལ་ཐབས་ཀྱི་སྟེང་ན་བཞུགས་པ་སོགས་སྤྱི་ལྟར་དང་། གདན་སྣ་ཚོགས་པདྨ། ཉི་མ། ༡་༦༩ རིན་པོ་ཆེའི་དབུ་རྒྱན་དར་དཔྱངས་བཅས། ༡་༧༠ རིན་པོ་ཆེའི་རྒྱལ་མཚན། ༡་༧༡ ནེའུ་ལེ་ནོར་བུ་སྐྱུགས་པ། ༡་༧༢ ༈ །རྣམ་སྲས་མདུང་དམར་ཅན་ལ། རྣམ་སྲས་སྐུ་མདོག་དམར་གསལ། སྤྱན་གཉིས་དམར་ཟླུམ། ཞལ་གདངས་མཆེ་གཙིགས། སྨིན་མ་སྨ་ར་དམར་སེར་སོགས་ཁྲོ་ཉམས་ཅུང་ཟད་ཡོད་པ། གཡས་མདུང་དར་དམར་པོ་འཕྱར། གཡོན་ནོར་བུ་སྐྱུགས་པའི་ནེའུ་ལེ་འཛིན་པ། དར་སྣ་ཚོགས་ཀྱི་ན་བཟའ། གསེར་སྐེད། བསེ་ཁྲབ། བསེ་རྨོག་གསོལ་བ། ཞབས་ལ་བསྲེ་ལྷམ། སྣ་ཚོགས་པད་ཉིའི་སྟེང་དུ་གནས་པའི་རྟ་སྔོ་ནག་གསེར་སྒ་དང་རིན་པོ་ཆེའི་རྒྱན་ཅན་ལ་རོལ་པ། ༡་༧༣ ལྕགས་ཀྱི་རྡོ་རྗེ། ༡་༧༩ མདུང་དར་དམར་པོ། ༡་༧༥ ༈ །དྲག་པོ་རྟ་སྔོན་ཅན་ལ། རྣམ་སྲས་དྲག་པོ་མཐིང་ནག་ཁྲོ་ཞིང་གཏུམ་པ། སྤྱན་གཉིས་དམར་ཟླུམ། ཕྱག་གཡས་རལ་གྲི་མེ་འབར་བ་འཕྱར། གཡོན་པས་མདའ་དར་དམར་པོ་བཟུང་ཞིང་ཕྲག་པར་བཀལ་བ། དར་ནག་གི་བེར། བསེ་ཁྲབ་སྨུག་པོ། ལྕགས་རྨོག་གསེར་གྱི་ཐིག་ལེ་ཅན་མནབས་པ། ཞབས་ཕྲག་ལྷམ་གཡུ་རིས་ཅན་གསོལ་ཞིང་། རྟ་སྔོན་པོ་གསེར་སྒ་སྦྲུལ་དང་མི་མགོས་རྒྱན་པ་ཅན་ཆིབས་ཤིང་།


JKT017_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་རུང་སྲིན་པོ་ཁྲོས་པའི་ཉམས་ཅན། རུ་ཏྲ་ཕོ་མོའི་གདན་དང་། མེ་རླུང་གི་དབུས་ན་བཞུགས་པ། ༡་༧༦ རྡོ་རྗེ་རྩེ་ལྔ་དང་། རལ་གྲི་མེ་འབར་བ། ༡་༧༧ ༈ །ཡང་གསུང་ཕྱག་མཚན་བཞི་མ་ལ། རྣམ་སྲས་དམར་པོ་ཁྲོ་ཆགས་ཀྱི་ཉམས་དང་། རྒྱན་ཆ་སོགས་གོང་གི་མདུང་དམར་ཅན་དང་འདྲ་བ་ལ། བསེ་ཁྲབ་ལ་རྡོ་རྗེའི་རི་མོས་མཚན་པ། ཕྱག་གཡས་ནོར་བུའི་ཏོག་ཅན་གྱི་ཟ་འོག་གི་རྒྱལ་མཚན་སྟག་ལྤགས་ཀྱི་སྐེད་དཀྲིས་ཅན་དང་། མདུང་དར་དམར་པོ་ལྷན་ཅིག་ཏུ་འཕྱར་བ། གཡོན་ནེའུ་འཛིན་ཅིང་གྲུ་མོར་ལྕགས་ཀྱུ་དམར་པོ་བསྒྲེང་བ། ཞབས་སག་ལྷམ་གསེར་རྒྱན་ཅན་བཞེས་ཤིང་། དོར་སྟབས། གདན་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི། པདྨ། ཟླ་བ། ཉི་མའོ། ༡་༧༨ ༈ །ཞང་བློན་རྡོ་རྗེ་བདུད་འདུལ་ལ། གནོད་སྦྱིན་མཐིང་ནག་སྤྱན་གསུམ་མཆེ་བ་གཙིགས་པ་སོགས་ཅུང་ཟད་ཁྲོ་ཉམས་གཡས་ནོར་བུ་དབང་རྒྱལ་ཐུགས་ཀར་བསྣམ། གཡོན་བདུད་རྩིའི་བུམ་པ་དཀུར་བརྟེན། སྦོམ་ཐུང་བརྗིད་པའི་ཉམས་སོགས་གནོད་སྦྱིན་སྤྱི་ལྟར། དར་ལྗང་གི་ན་བཟའ་དང་། དར་ནག་གི་འཇོམ་བེར། གསེར་སྐྱེད། དབུ་སྐྲ་ཝང་མིག་ཅན། རིན་པོ་ཆེའི་དབུ་རྒྱན་སོགས་རིན་པོ་ཆེའི་རྒྱན་ཅན། ཞབས་སག་ལྷམ་དང་བཅས་གཡས་ཅུང་ཟད་བརྐྱངས་བའི། རོལ་སྟབས། །


JKT017_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གདན་པད་ཉི། སྲིན་པོ་ཕོ་མོ། ཕྱི་རོལ་དུ་མེ་འོད་པ་ཏྲ་རིས། ༡་༧༩ ༈ །གྲྭ་པའི་ཛ་དམར་ལ། ཛཾ་བྷ་ལ་དམར་པོ། ཞལ་གསུམ། ཕྱག་དྲུག །ཞབས་བཞི། སྒེག་ཅིང་ཆགས་ལ་ཁྲོ་འཛུམ་གྱི་ཉམས། ཞལ་གཡས་དཀར། གཡོན་སྔོ། ཕྱག་དང་པོ་གཉིས་ནོར་བུ་དབང་རྒྱལ་དང་། ནོར་བུས་གང་བའི་ཐོད་པ་ཐུགས་ཀར་སྟེང་འོག །བར་པ་གཉིས་ལྕགས་ཀྱུ་དང་། ཞགས་པ་དམར་པོ་གདེངས། ཐ་མ་གཉིས་ནེའུ་ལེ་ནོར་བུ་སྣ་ཚོགས་སྐྱུགས་པ་དཀུ་གཡས་གཡོན་ལས་བརྟེན་པ། ཀླུ་ཆེན་བརྒྱད་དང་། རིན་པོ་ཆེའི་རྩེ་བྲན་སོགས་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མེ་ཏོག་དམར་པོའི་དོ་ཤལ་དང་། དར་གྱི་ཅོད་པན་ཅན། ཞབས་གཡོན་གཉིས་ཅུང་ཟད་བརྐྱང་པའི་དོར་སྟབས་ཀྱིས་ནོར་བདག་ཕོ་མོ་མནན་པ། གདན་པདྨ། ཉི་མ། མདུན་དུ་ནོར་བུ་སྤུངས་པ། ༡་༨༠ ༈ །ལས་འབྲེལ་ལྷ་ཆེན་ལ། དབང་ཕྱུག་ཆེན་པོ་སྐུ་མདོག་དམར་དྭང་། སྤྱན་གསུམ་སྒེག་ཅིང་ཆགས་ཉམས། གཡས་ལྕགས་ཀྱུ་དམར་པོ་འཕྱར་ཐབས། གཡོན་རླུང་དམར་གྱི་ཞགས་པ། རལ་པའི་།ཐོར་ཚུགས་ཟླ་ཚེས་ཀྱིས་སྤྲས་པ། སྐུ་གཅེར་བུ་དར་དང་རིན་པོ་ཆེའི་རྒྱན་ཅན། ལིངྒ་དམར་པོ་གྱེན་དུ་འགྲེང་པ། ཞབས་གཡོན་བརྐྱང་གི་དོར་སྟབས། དེའི་དཔང་གཡོན་ཡུམ་དམར་གསལ་མཛེས་


JKT017_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཆགས་ཉམས། གཡས་ཐོད་ཁྲག་ཡབ་ལ་སྟོབས། གཡོན་ལྕགས་ཀྱུ་གདེངས། རིན་པོ་ཆེའི་རྒྱན་ཅན། ཞབས་གཉིས་ཡབ་ཀྱི་བརླ་གཡོན་པ་ལ་བརྟེན་ནས་བཞེངས་པ། གདན་པདྨ་དམར་པོ་འདབ་བཞི་དང་། ཉི་མ། ཕྱི་རོལ་དུ་འོད་ཟེར་པ་ཏྲ་དམར་པོས་བསྐོར་བ། འདི་འདྲ་ཆ་གཉིས། ༡་༨༡ ༡་༨༢ དངུལ་གྱི་མེ་ལོང་དང་། ཁ་ཊཾ་རྩེ་གསུམ། ༡་༨༣ རླུང་གི་ཞགས་པ་དམར་པོ་ཉི་མའི་ཟེར་མདའ་ལྟ་བུ་རྣམས་སོ། ༡་༨༤ །དེ་ལྟར་དམིགས་བསལ་གྱི་བྲི་ཡིག་ཞིབ་པར་སྨོས་ནས། སྤྱིར་བཏང་ཞི་བའི་རིགས་རྣམས་ལ། ཞི་བ་དང་། འཛུམ་པ་དང་། སྒེག་པའི་ཉམས། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། དོ་ཤལ། སེ་མོ་དོ། དར་གྱི་སྟོད་གཡོག །སྨད་དཀྲིས། དར་དཔྱངས། དབུ་འོད་རྒྱབ་ཡོལ་འོད་ཁང་སོགས་སྤྱི་ལྟར་དང་། ཁྲོ་བོ་རྣམས་ལ་དམིགས་བསལ་མ་གཏོགས། ཞལ་གདངས། མཆེ་བ་བཞི་གཙིགས། ལྗགས་འདྲིལ། སྤྱན་གསུམ། སྨར་སྨིན་དབུ་སྐྲ་དམར་སེར། ཁྲོ་གཉེར་སོགས་ཁྲོ་ཉམས། །དུར་ཁྲོད་ཀྱི་ཆས་སྨོས་པ་ཐམས་ཅད་ལ། ཐོད་སྐམ་དབུ་རྒྱན། རློན་པའི་དོ་ཤལ། ཐལ་ཆེན། རཀྟ། ཞག་སོར། ཞིང་སྟོད། གླང་སྐེད། སྟག་ཤམ། སྦྲུལ་རྒྱན་རྣམས་ཚང་བ་དང་། ཕྱི་རོལ་དུ་


JKT017_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཕུང་འབར་བ་སོགས་སྤྱི་ལྟར། གཤིན་རྗེ་སོགས་སྲིན་པོ་ཁྲོས་པ་དང་། ཕྱག་རྡོར་སོགས་གནོད་སྦྱིན་ཁྲོས་པ་དང་། ཐུགས་སྒྲུབ་དྲག་མཐིང་སོགས་དྲང་སྲོང་ཁྲོས་པའི་ཉམས་རྣམས་མ་འདྲེས་པ་དང་། ཕག་མོ་སོགས་ཁྲོ་འཛུམ་ཆགས་པའི་ཉམས་ཀྱིས་མཚོན་རྣམ་འགྱུར་རིགས་གསལ་ལ་དོད་པར་བྲི་བར་བྱའོ། །སརྦ་མངྒལཾ་བྷ་བ་ཏུ། ༈ །འདོད་བུམ་ཙཀྐི་སྐུ། ༡་༠༨ ཕྱག་མཚན། ༧༧ ༈ །དཀྱིལ་ཐང་སྒོ་རྫོགས། ༩ སྒོ་རྫོགས་མི་དགོས་པ། ༣༧ ཁྱོན། ༤༦ བྲི་དགོས། ༈ །ཨོཾ་སྭ་སྟི། སྒྲུབ་ཐབས་འདོད་འཇོ་བུམ་བཟང་གི་དཀྱིལ་འཁོར་ལ། ༈ །ཐོག་མར་བླ་མ་གསང་འདུས་ཟླུམ་པོ་བཞི་དབང་དཀྱིལ་འཁོར་ཕོ་བྲང་གནམ་ཕབས་མར་གྲགས་པ་ནི། པདྨའི་ལྟེ་བ་ཟླུམ་པོ་མཐིང་ག །ཟེའུ་འབྲུ་ལྗང་གུ། པད་འདབ་བཞི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་སྟེ་ཕྱོགས་མདོག །དེ་རྒྱབ་རིན་ཆེན་ཟུར་བརྒྱད་མཐིང་ག །གོང་རས་དམར་སེར་པ་ཏྲ་རིས། དེའི་ཕྱི་རོལ་དུ་སྣ་ཚོགས་པདྨ་འདབ་མ་བཅུ་དྲུག །རྡོ་ར། མེ་རི་པ་ཏྲ་བཅས་སོ། ༡ ༈ །གཏོར་དབང་གནད་ཀྱི་ཤོག་གཅིག་མར་པདྨ་འདབ་བཞི་ལྟེ་བ་མཐིང་། འདབ་མ་ཕྱོགས་མདོག་ཅན་ནམ། ཡང་ན་འབྲུ་ཚོམ་པདྨ་འདབ་བཞིའི་རྣམ་པ་ཅན། ༢ ༈ །ཉང་གཏེར་བླ་མ་ཞི་བ་ལ་ལྟེ་བ་མཐིང་


JKT017_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ག །པདྨ་འདབ་བཞི་ཕྱོགས་མདོག །དེ་རྒྱབ་འདབ་བརྒྱད་དང་། དེ་རྒྱབ་འདབ་མ་བཅུ་དྲུག་མཛེས་ཚོན། དེ་རྒྱབ་རྡོ་ར་མེ་རི་བཅས། ལྷ་མཚན་དབུས་སུ་འཁོར་ལོ་སྨུག་ནག །ཤར་དུ་རྡོ་རྗེ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་རྒྱ་གྲམ། འདབ་བརྒྱད་ལ་ཤར་ནས་བརྩམས་ཏེ་གཡས་བསྐོར་གྱིས་ཐིག་ལེ་དཀར། སེར། དམར། དམར། དམར་ལྗང་། ལྗང་། མཐིང་ནག ། དེ་རྒྱབ་འདབ་མ་བཅུ་དྲུག་ལ། ཤར་ཕྱོགས་བཞི་ལ་ཐིག་ལེ་དཀར་པོ་བཞི་སོགས་ཕྱོགས་མདོག །ཡང་ན་འབྲུ་ཚོམ་པདྨ་རིས་སུ་བཀོད་ཀྱང་རུང་། ༣ ༈ །ཉང་གཏེར་དྲག་པོ་དམར་ཆེན་ལ། ཁྲོ་དཀྱིལ་སྒོ་རྫོགས་རྟ་བབས་སྣམ་བཞི་མ། དུར་ཁྲོད་དང་བཅས་པ། དུར་ཁྲོད་ཀྱི་ཕྱི་རོལ་དུ་གསེར་གསེར་འཁོར་རྩིབས་བརྒྱད་པ་རྩེ་མོ་ཕྱིར་བསྟན། མེ་འཁོར་རྩིབས་སྟོང་རྩེ་མོ་ནང་དུ་བསྟན་རྩེ་གཡོན་དུ་ཕྱོགས་པའི་གཡོན་འཁོར་གྱི་ཉམས། དེ་གཉིས་བར་ནས་སྡིག་པའི་ཚྭ ཚྭ་འཕྲོ་བའོ། །དང་མེ་འཁོར་བསྣོལ་མའི་བར་ནས་ལྕགས་སྡིག་འཕྲོ་བ། དེའི་ཕྱི་རོལ་དུ་རྡོ་ར་དང་མེ་རི་སྤྱི་ལྟར། དབུས་སུ་ལྟེ་བར་ཆོས་འབྱུང་མཐིང་ནག་ཟུར་གཅིག་མདུན་བསྟན། དེའི་ཕྱི་རོལ་ཟླ་གམ་གསུམ་དམར། དེའི་ཕྱི་རོལ་འཁོར་ལོ་སྔོན་པོ་རྩིབས་བཞི། དེའི་ཕྱི་རོལ་ཏུ་ཐོད་པའི་ར་བ་ཟླུམ་པོ། ཆོས་འབྱུང་གི་དབུས་སུ་པད་ཉི་དྲེགས་པའི་གདན་ལ་གུ་རུ་


JKT017_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་དམར་གསེར་གྱི་རྡོ་རྗེ་དང་། སྡིག་པ་བསྣམས་པ། ཞབས་གཡོན་བརྐྱང་། དུར་ཁྲོད་ཆས་བརྒྱད་སོགས་སྤྱི་ལྟར། ཁྲོ་དཀྱིལ་ཕལ་ཆེར་ལ་ཁྱམས་སུ་ཁྲག་མཚོ་རིས། མི་རོའི་རྒྱལ་མཚན་དང་། །མི་མགོའི་བརྩིག་པ་སོགས་དྲག་རྒྱན་སྤྱི་འདྲེ་གང་འོས་དང་། དུར་ཁྲོད་བཅས་མ་ཆད་པ་དགོས། ༤ ༈ །གུ་རུ་དྲག་པོ་འབྲིང་པོ་མེའི་སྤུ་གྲི་ལ། ཁྲོ་དཀྱིལ་སྔ་མ་དང་འདྲ། ནང་དུ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པ། དེའི་ལྟེ་བར་གུར་དྲག་གོང་དང་འདྲ་བ་ལ། གཡས་གནམ་ལྕགས་ཀྱི་རྡོ་རྗེ་གདེངས་པའམ། ཡང་ན་སྐུའི་མལ་དུ་ཕྱག་མཚན་གནམ་ལྕགས་རྡོ་རྗེ་རྩེ་དགུ་རྭ་གདེངས་པ་རྩ་བར་ཧཱུྃ་དགུ་དང་། རྩེ་མོར་རཾ་དགུས་མཚན་པ་བྲི།། ༥ ༈ །བསྡུས་པ་བྱིན་རླབས་ལུ་གུ་རྒྱུད་ལ། ཟླ་གམ་དམར་པོ་སྒོ་གཅིག་པ་རྡོ་རྭ་མེ་རི་དང་བཅས་པ། ཡང་ན་ཚོམ་བུ་བཀོད་ཀྱང་རུང་། ༦ ༈ །དྲག་དམར་འོ་བྲན་ལུགས་ལ། དྲག་པོའི་གཞལ་ཡས་ཁང་རྟ་བབས་སྣམ་བུ་བརྒྱད་མ། དུར་ཁྲོད་དང་བཅས་པ། རྡོ་རྗེའི་རྭ་བའི་བར་དུ་གསེར་གྱི་འཁོར་ལོ་རྩིབས་མང་པོའི་བར་ནས་མེ་ཕུང་དང་རྩིབས་རྩེ་ལས་ལྕགས་སྡིག་འཕྲོ་བ། ལྟེ་བར་ཆོས་འབྱུང་མཐིང་། དེ་རྒྱབ་ཟླ་གམ་གསུམ་དམར། དེ་རྒྱབ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་ཐོད་རས་བསྐོར་བ། ལྷ་མཚན་དབུས་སུ་


JKT017_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་དམར་སྤྱི་འགྲེ་ལ། དུར་ཁྲོད་ཆས་བརྒྱད་དང་། དཔལ་གྱི་ཆས་བརྒྱད་ཚང་བར་ཡོད་པ། ཡུམ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་གྲི་ཐོད་འཛིན་པས་འཁྱུད་པ། རྩིབས་བརྒྱད་ཕྱོགས་བཞི་ལ། གྲི་གུག་དང་། ཐོད་ཁྲག་རེ་རེ། རྩིབས་མཆན་བཞི་ལ་བུམ་པ་ཁ་རྒྱན་མགུལ་ཆིངས་དང་བཅས་པ་རེ་རེ། སྒོ་བཞིར་ཤར་ནས་རིམ་པར། ཧཱུྃ་མཐིང་། ཡ་སེར། ཧྲི་དུམར། ཀླུ་མཐིང་ནག་རེ་བྲིའོ། ༧ ༈ །བྱང་གཏེར་དྲག་མཐིང་ལ། རིན་པོ་ཆེའི་གཞལ་ཡས་ཁང་རྟ་བབས་སྣམ་བཞིའི་སྟེང་མཆོད་རྟེན་བུམ་པ་ཡན་ཆད་ཡོད་པ། ཕྱི་རོལ་དུ་སྣ་ཚོགས་པད་འཁོར། དུར་ཁྲོད་བརྒྱད། །རྡོར་གཞི་ནག་པོ་ལ་རྡོ་རྗེ་རྭ་གདེངས་པ། མེ་རི་ཁ་དོག་ལྔ་ལྡན། དབུས་སུ་ལྟེ་བར་ལིང་ཚེ་དགུར་བཅད་པའི་རྡོ་རྗེའི་གདུང་བཞི་དང་། གདུང་ཟླུམ། དེའི་ཕྱི་རོལ་ཏུ་པད་འདབ་བརྒྱད། དེའི་ཕྱི་རོལ་ཏུ་ཁྱམས་ལྗང་གུ། དེའི་ཕྱི་རོལ་དུ་གསེར་སྣམ། དེའི་ཕྱི་རོལ་ཏུ་ཁྲག་ཁྱམས། ཚོན་ཐོབ་ལྟེ་བ་མཐིང་། ལིང་ཚེ་བརྒྱད་ཀྱི་ཕྱོགས་བཞི་ཕྱོགས་མདོག །མཚམས་བཞི་མཛེས་ཚོན་པད་འདབ་བརྒྱད་ཕྱོགས་བཞི་ཕྱོགས་མདོག །མཚམས་བཞིའི་ལྷོ་ནུབ་དམར། གཞན་གསུམ་མཐིང་། མུ་ཁྱུད་ནག །གྲུ་ཆོད་ལྗང་། གསེར་སྣམ་སེར། ཁྲག་ཁྱམས་དམར། སྒོ་བཞི་ཕྱོགས་མདོག །རྩིག་པ་ཕྱེ་


JKT017_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ན། ནང་ནས་ཕར་མཐིང་། དཀར། སེར། དམར། ལྗང་། འདོད་སྣམ་དམར། ཕ་གུ་སེར། དྲ་བ་སྔོ། དྲ་ཕྱེད་ལྗང་། མདའ་ཡབ་དཀར། རྟ་བབས་དང་། མཆོད་རྟེན་ཆོས་འཁོར་བཅས་མཛེས་ཚོན། གཞལ་ཡས་ཁང་རྒྱན་ཞི་རྒྱན། ལྷ་མཚན་དབུས་སུ་ཤོང་ན། པད་ཟླ་ཉི་མ་དྲེགས་པའི་སྟེང་དུ། ཕུར་པ་ཞལ་གསུམ་ཕྱག་དྲུག །སྐུ་དང་རྩ་ཞལ་མཐིང་ནག །གཡས་དཀར། གཡོན་དམར། ཕྱག་གཡས་གཉིས་རྡོ་རྗེ་རྩེ་དགུ། ལྔ། གཡོན་གཉིས་མེ་ཕུང་། ཁ་ཊཾ། ཐ་མ་གཉིས་ཕུར་བུ། དུར་ཁྲོད་ཆས་བརྒྱད་དང་། ཁྲོ་ཉམས་སོགས་སྤྱི་ལྟར། ཞབས་བཞི་དོར་ཐབས། །ཡུམ་མཐིང་ནག་གཡས་ཡབ་ལ་འཁྱུད། གཡོན་དུང་ཁྲག་སྟོབ་པ། གཟིག་ཤམ། རུས་རྒྱན་ཅན། ཡབ་ཀྱི་སྤྱི་བོར་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ་འོད་ཀྱི་ཐིག་ལེའི་ཀློང་ན་ཡོད་པ་བྲི། མ་ཤོང་ན་ཕྱག་མཚན་ཕུར་བུ་མཐིང་ནག་དང་། དེའི་སྟེང་དུ་གནམ་ལྕགས་རྡོ་རྗེ་འམ། ཡང་ན་ཐིག་ལེ་སྔོན་པོ་གཉིས་བརྩེགས་མར་བྲི། པད་འདབ་བརྒྱད་ལ་ཤར་ནས་བརྩམས་ཏེ་གཡས་བསྐོར་དུ་རྡོ་རྗེ་རྩེ་ལྔ། རྡོ་རྗེ་རྩེ་དགུ། མཚོན་ཆའི་འཁོར་ལོ། རྡོ་རྗེ་རྩེ་དགུ་རྣམས་མཐིང་ནག །རྡོ་རྗེ་རྩེ་ལྔ་དམར་པོ། ཚེ་བུམ་དམར་པོ། ཕུར་བུ་དང་། རྡོ་རྗེ་མཐིང་ནག་བཅས་སམ། ལྟེ་བར་ཕྱག་མཚན་ཙམ་ལས་མེད་


JKT017_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཐིག་ལེ་མདོག་གོང་མཚུངས་བཀོད་ཀྱང་རུང་། གྲུ་ཆོད་བཞིའི་ཤར་ལྷོར་ཐིག་ལེ་དཀར་གཉིས། ལྷོ་ནུབ་སེར་གཉིས། ནུབ་བྱང་དམར་གཉིས། བྱང་ཤར་ལྗང་གཉིས། གསེར་རྣམ་གྱི་ཤར་དུ་ཐིག་ལེ་དཀར། མཐིང་། ལྷོར་སེར། ནུབ་ཏུ་དམར། བྱང་དུ་ལྗང་གུ་རེ་རེ། ཁྲག་ཁྱམས་ལ་ཤར་དུ་ཐིག་ལེ་དཀར་བདུན། ལྷོར་སེར་བདུན། ནུབ་ཏུ་དམར་བདུན། བྱང་དུ་ལྗང་བདུན། སྒོ་བཞིའི་ནང་དུ་ཤར་ནས་གཡས་བསྐོར་གྱིས་ཐིག་ལེ་དཀར། སེར། དམར། ལྗང་བཅས་ཡབ་ཡུམ་མཚོན་པའི་ཉིས་བརྩིགས་ཀྱི་རྣམ་པ་དང་། དེའི་ཕྱི་རོལ་ཏུ་ཤར་ནས་གཡས་བསྐོར་གྱིས་ཐིག་ལེ་དཀར། སེར། དམར། ལྗང་རྐྱང་པ་རེ་རེ་བྲིའོ། །དེ་ལྟར་འདི་ནི་ཐུགས་སྒྲུབ་དབང་ཆུ་ཆེན་མོ་དང་། འབྲེལ་བའི་སྒྲུབ་པ་སྡེ་དགུའི་དཀྱིལ་འཁོར་ཇི་ལྟ་བ་ཡིན་ལ། བྱིན་རླབས་ཐུགས་དབང་རྐྱང་པ་ལ་ནི། དཀྱིལ་འཁོར་གཞལ་ཡས་ཁང་གོང་དང་མཚུངས་པའི་ལྟེ་བར་པདྨ་འདབ་བརྒྱད་བྲིས་པའམ། སྟེགས་བུར་མེ་ཏོག་གི་ཚོམ་བུ་བཀོད་པས་ཀྱང་རུང་ངོ་། ༨ ༈ །ཚེ་དཔག་མེད་ལུང་ལུགས་ལ། ཞི་བའི་དཀྱིལ་འཁོར་རྟ་བབས་སྣམ་བུ་བརྒྱད་མ་སྤྱི་ལྟར་ལ། ལྟེ་བར་ཟླུམ་སྐོར་རེ་མིག་དགུ་པ། རྡོ་རྗེའི་གདུང་བཞི་དང་གདུང་ཟླུམ་སྔོན་པོ་རྡོ་རྗེས་མཚན་པ། དེའི་ཕྱི་རོལ་ཏུ་པདྨ་འདབ་


JKT017_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། ཚོན་ཐོབ་ལྟེ་བ་དམར། ལིང་ཚེ་བརྒྱད་ཀྱི་བྱང་ཤར་གྱི་ཕྱེད་ནས་ཤར་ལྷོའི་ཕྱེད་ཀྱི་བར་དཀར། དེ་བཞིན་དུ་ཤར་ལྷོའི་ཕྱེད་ཕྱི་མ་ནས་ལྷོ་ནུབ་ཀྱི་ཕྱེད་སྔ་མའི་བར་སེར། དེ་ནས་ནུབ་བྱང་གི་ཕྱེད་སྔ་མའི་བར་དམར། དེ་ནས་བྱང་ཤར་གྱི་ཕྱེད་སྔ་མའི་བར་ལྗང་། པད་འདབ་བརྒྱད་མཛེས་ཚོན། གྲུ་ཆད་སོགས་ཕྱོགས་མདོག །འདོད་སྣམ་དམར་པོ་སོགས་སྤྱི་ལྟར། །རྟ་བབས་རིམ་༡པར་རྟ་རྐང་སྔོན་པོ་ལ་རྡོ་རྗེའི་འགྲེང་བུ། ཆུ་སྐྱེས་དམར་༢པོ། སྒྲོམ་མཛེས་༣ཚོན། ཟར་ཚགས་དཀར་པོ་གཞི་ནག །སྣ་འཕྱང་སེར་༥། སྒྲིལ་འཕྱང་གཞི་ནག་པོ་ལ་དྲ་བ་དཀར། ཤར་བུ་གཞི་སྔོན་པོ་ལ་ཤར་བུ་དཀར། རྒྱ་ཕིབས་རཁྱུང་མགོ་མཐིང་། པདྨ་དམར། འཁོར་ལོ་རི་དྭགས་སེར། འོག་གཞིའི་འཁོར་ལོ་ཕྱོགས་མདོག །ཕྱི་ཁྱམས་ལྗང་། པད་འདབ་སྣ་ཚོགས་ལ་གེ་སར་སེར་པོ། རྡོ་ར་།གཞི་མཐིང་ཀར་གསེར་རྡོར། མེ་རི་སྣ་ཚོགས་སོགས་སྤྱི་ལྟར། སྒོའི་ཕྱི་རོལ་ཏཱ་ལའི་ལྗོན་པ། དཔག་བསམ་ཤིང་། རིན་ཆེན་ཕུང་པོ། ཁྲུས་རྫིང་རྣམས་ཕྱོགས་རེར་གཉིས་རེ་སྤེལ་མ། ལྷ་མཚན་ལྟེ་བར་ཤོང་ན་ཚེ་དཔག་མེད་དམར་པོ་གཡས་རྡོ་རྗེ་རྒྱ་གྲམ་འཛིན་པས། གཡོན་མཉམ་གཞག་གི་སྟེང་ན་ཚེ་བུམ་འཛིན་པའི་ཁ་དགབ་པ། ཡུམ་དམར་མོ་གཡས་མདའ་དར་དམར་པོ་དང་། གཡོན་བུམ་


JKT017_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛིན་པ། གཉིས་ཀ་དར་དང་། རིན་པོ་ཆེའི་རྒྱན་སྤྱི་ལྟར། ཞབས་རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་། གདན་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའོ། །མ་ཤོང་ན་ཚེ་བུམ་སྣ་ཚོགས་རྡོ་རྗེས་ཁ་དགབ་པ། ལིང་ཚེ་བརྒྱད་ལ་ཤར་ནས་གཡས་བསྐོར་གྱིས་ཕྱོགས་བཞིར་ཚེ་བུམ་དཀར། སེར། སྔོ། ལྗང་། མཚམས་བཞིར་ཤར་ལྷོ་ནས་གཡས་བསྐོར་གྱིས་མདའ་གཞུ་དཀར། །ཁ་ཊཾ་སེར། རྒྱལ་མཚན་སེར། རྡོ་དྲིལ་ལྗང་ཀུ་བྲི། མ་ཤོངས་ན་ཐིག་ལེ་ཕྱག་མཚན་གྱི་མདོག་མཚུངས་བྲིས་པས་རུང་། འདབ་མ་བརྒྱད་ལ་ཕྱོགས་བཞིར། ཧཱུྃ ཏྭཾ ཧཱི༔ ཨ༔ ཕྱོགས་མདོག །མཚམས་བཞིར། དྷ་པུ་ཨ་གན་རྣམས་དཀར་སེར། དམར་སེར། དམར་ལྗང་། དཀར་ལྗང་དམ། ཐིག་ལེ། ཡི་གེའི་མདོག་མཚུངས། སྒོ་བཞིར། ཛཧཱུྃ་བཾ་ཧོ༔ ཕྱོགས་མདོག་གམ། ཐིག་ལེ་ཕྱོགས་མདོག་རེ་བྲིའོ། ༩ ༈ །རྫོགས་ཆེན་ཚེ་དབང་ལ། ཞི་བའི་གཞལ་ཡས་ཁང་སྤྱི་འགྲེ། རྟ་བབས་སྣམ་བཞི་མ། དུར་ཁྲོད་མེད། དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བ་ཡངས་པར་བསྐོར་བའི་དབུས་སུ་ཚེ་བུམ་ཆེ་བ་ཞིག་བྲི། ཚེ་བུམ་གྱི་ལྟེ་བར་པདྨ་འདབ་བཞིའི་དབུས་སུ་ཤོངས་ན་ཚེ་དཔག་མེད་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་མཉམ་གཞག་ཚེ་བུམ་འཛིན་པ་སྐུ་མདོག་དཀར་པོ་ལ། ཡུམ་


JKT017_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དཀར་མོ་དམར་མོ་པདྨ་ཚེ་བུམ་འཛིན་པས་འཁྱུད་ཅིང་པད་ཟླའི་གདན་ལ་བཞུགས་པ། མ་ཤོངས་ན་ཚེ་བུམ་འདབ་མ་བཞི་ལ་འཁོར་ལོ་དཀར། རིན་ཆེན་སྔོ། པདྨ་དམར། རྒྱ་གྲམ་ལྗང་གུའམ། སོ་སོའི་མདོག་མཚུངས་ཐིག་ལེ་བྲི། དེ་རྣམས་ཕྱི་བུམ་པ་ནང་དུ་ལྟ་བཞགས་པ་ཡིན་པས་བུམ་པའི་ཁ་དོག་ཤ་མི་བསྒྲིབས་ཀྱི་ཚོན་བྱུགས་ནས་ཤེལ་སྣོད་དུ་དངོས་སམ་བཅུག་པ་ལྟ་བུ་ཞིག་བྱུང་ན་ཤིན་ཏུ་ལེགས། ཕྱི་རོལ་གྱི་འདབ་མ་བརྒྱད་ལ་ཤར་ནས་བཟུང་ཕྱོགས་བཞིར་ཚེ་བུམ་ཕྱོགས་མདོག །མཚམས་བཞིར་ཤར་ལྷོ་ནས་བདུག་སྤོས། མེ་ཏོག །མར་མེ། དྲི་ཆབ། ཡང་ན་ཐིག་ལེ་དཀར། སེར། དམར། ལྗང་། སྒོ་བཞིར། ཛདཀར་ཧཱུཾ་སེར་བོ་དམར་ཧོ༔སྔོན་པོའམ། ཐིག་ལེ་དེ་རྣམས་ཀྱི་མདོག་རེ་བྲིའོ། ༡༠ ༈ །ཚེ་སྒྲུབ་ལྕགས་སྡོང་མ་ལ། པདྨ་འདབ་བརྒྱད་ལྟེ་བ་དང་འདབ་མ་སྔོན་པོ་ཅན། ༡༡ ༈ །ཚེ་ཁྲིད་རྡོ་རྗེ་ཕྲེང་བ་ལ། ཞི་དཀྱིལ་རྟ་བབས་རྣམ་བཞི་ལ་སྤྱི་འགྲེ། དུར་ཁྲོད་མེད། ལྟེ་བར་པདྨ་འདབ་བཞི། དེའི་ཕྱི་རོལ་དུ་འདབ་བརྒྱད། དབུས་སུ་ཚེ་དཔག་མེད་དམར་པོ་ལོངས་སྤྱོད་རྫོགས་སྐུའི་ཆས་ཅན་མཉམ་གཞག་ཚེ་བུམ། ཡུམ་དམར་མོ་མདའ་དར་དང་བུམ་པ་འཛིན་པ། གདན་པདྨ་ཉི་ཟླར་བཞུགས་པའམ། མ་ཤོངས་ན་ཚེ་བུམ་དམར་པོ། དེའི་


JKT017_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་ཚེ་བུམ་དཀར་པོའམ། ཐིག་ལེ་དཀར་པོ། ནོང་གི་འདབ་མ་བཞི་ལ་ཤར་དུ་ཚེ་བུམ་སྔོ། ཕྱོགས་གཞན་གསུམ་ལ་ཚེ་བུམ་ཕྱོགས་མདོག །ཕྱིའི་འདབ་མ་བརྒྱད་ལ་ཤར་ནས་ཐིག་ལེ་དཀར། མཐིང་། དམར། ལྗང་། མཚམས་བཞིར་ཤར་ལྷོ་ནས་དཀར། སེར། དམར། ལྗང་། པད་འདབ་བརྒྱད་ཀྱི་ཕྱེ། སྒོའི་ནང་ངོས་སུ་ཐིག་ལེ་ཕྱོགས་མདོག་དང་། སྒོ་བཞི་ལའང་ཐིག་ལེ་ཕྱོགས་མདོག་བཅས་བྲིའོ། ༡༢ ༈ །འཆི་མེད་དཔལ་སྟེར་ལ་སྟེགས་བུའི་ཁར་མེ་ཏོག་གི་ཚོམ་བུ་དགོད་པས་འཐུས། ༡༣ ༈ །ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ལ། ཞི་བའི་གཞལ་ཡས་ཁང་རྟ་བབས་སྣམ་བཞི་སྤྱི་འགྲེ། དུར་ཁྲོད་མེད། ནང་དུ་པད་འདབ་བཞི། དེའི་ཕྱི་རོལ་དུ་པད་འདབ་བཅུ་གཉིས། ལྟེ་བར་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་སྤྱི་འགྲེའམ། པདྨ་དཀར་པོ། འདབ་མ་བཞི་ལ་ཤར་ནས་པདྨ་དཀར། རིན་ཆེན་དཀར། ལྷུང་བཟེད་བདུད་རྩིས་གང་བ། ཤེལ་ཕྲེང་རྣམས་བྲི་བའམ། ཐིག་ལེ་དཀར། དམར། དཀར་པོ་བཅས། པད་འདབ་བཅུ་གཉིས་ལ། མདུན་ནས་བརྩམས་ཏེ་གཡས་བསྐོར་གྱིས་ཐིག་ལེ་དཀར་གཉིས། སྔོ་གཉིས། སེར་གཉིས། དམར་གཉིས། ལྗང་གཉིས། དཀར་གཉིས། སྒོ་བཞིའི། ཤར་དུ་ཐིག་ལེ་དཀར་པོ་དང་༡། སྔོན་པོ། ལྷོར་


JKT017_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སེར་༣པོ། ནུབ་ཏུ་ཐིག་ལེ་ནག་༤པོ་དང་། དམར་པོ་།། བྱང་དུ་ནག་༦པོ་བཅས་བྲི། ༡༤ ༈ །ནམ་མཁའ་རྒྱལ་པོ་ལ་མཎྜ་ལར་མེ་ཏོག་དཀར་པོའི་ཚོམ་བུ་གཅིག་བཀོད་པས་རུང་། ༡༥ ༈ །ཐུགས་རྗེ་ཆེན་པོ་རྒྱལ་བ་མཚོ་ལ། ཆོས་འབྱུང་དམར་པོ་བསྣོལ་མ། དེའང་འོག་མ་གདན་ཐབས། སྟེང་མ་ལངས་ཐབས། སྟེང་མའི་ཟུར་གཅིག་གི་རྩེ་མོ་མདུན་བསྟན། ཁ་ཁྱེར་རེ་ཁཱ་དཀར་པོ་ཉིས་རིམ་ཅན་ཏེ། འོག་གི་ཆོས་འབྱུང་ཉིས་བརྩེགས་ཐམས་ཅད་ཀྱང་དབྱིབས་འདི་དང་འདྲ། ལྟེ་བར་སྣ་ཚོགས་པདྨ་འདབ་མ་བཞི་པའི་དབུས་སུ་ཟླ་གདན་ལ་ཐིག་ལེ་དམར་པོ། ཆོས་འབྱུང་གི་ཟུར་དྲུག་ལ་དགའ་འཁྱིལ་དམར་སྐྱ་གཡོན་བསྐོར། ཕྱི་རོལ་གྱི་གོང་རས་ལྗང་གུ་པ་ཏྲ་རིས། མུ་ཁྱུད་སྔོན་པོ། ༡༦ ༈ །ཡང་ཟློག་མེའི་སྤུ་གྲི་ལ་སྟེགས་བུར་འབྲུ་ཚོམ་པས་འཐུས། ༡༧ །རྟ་མགྲིན་གསང་སྒྲུབ་ལ། ཆོས་འབྱུང་ཟུར་གསུམ་རྐྱང་པ་དམར་པོ། ཟུར་གཅིག་མདུན་བསྟན། གྲུ་ཆད་ལྗང་གུ་མཐར་ཟླུམ་སྐོར་མེ་རི་དང་བཅས་པ། དབུས་སུ་ཉི་གདན་ལ་ཧྲིདམར་པོ། ༡༨ ༈ །ཉང་གཏེར་རྟ་ནག་ལ། ཆོས་འབྱུང་ཟུར་གསུམ་རྐྱང་པ་ནག་པོ་མེ་རི་དང་བཅས་པའི་དབུས་སུ་ཉི་གདན་ལ་ཐིག་ལེ་ནག་པོ། ༡༩ ༈ །ཆོས་དབང་རྟ་ནག་ལ། ཆོས་འབྱུང་སྔ་མ་དང་འདྲ། དབུས་སུ་ཉི་གདན་ལ་


JKT017_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ནག་པོ། དེའི་གཡས་སུ་ཐིག་ལེ་དམར་པོ་དང་། གཡོན་དུ་སེར་ནག །མདུན་དུ་ནག་པོ་བཅས་དབུས་མ་ལས་ཆུང་བ། ༢༠ ༈ །ཕྱག་རྡོར་དྲེགས་འདུལ་ལ། བུམ་གདན་འཁོར་ལོ་རྩིབས་བཞི་མཐིང་ནག་ལྟེ་བ་དང་བཅས་མུ་ཁྱུད་རྡོ་རྭ་མེ་རིས་བསྐོར་བ། ༢༡ ༈ །ཕྱག་རྡོར་གཏུམ་པོ་ལ་འཁོར་ལོ་རྩིབས་བཅུ་ལྟེ་བར་གྲུ་གསུམ་བཅས་མཐིང་ནག་རྡོ་ར་མེ་རིས་བསྐོར་བ། ལྟེ་བར་ཉི་གདན་ལ་ཧཱུཾ་མཐིང་ནག །རྩིབས་བཅུ་ལ་ཐིག་ལེ་མཐིང་ནག་བཅུ་བཅས། ༢༢ ༈ །ཕྱག་རྡོར་ཁང་བརྩེགས་ལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཉི་གདན་ལ་ཧཱུཾ་མཐིང་ནག་དང་བཅས་པ། ཡང་ན་ཚོམ་བུ་བཀོད་པས་ཀྱང་རུང་། ༢༣ ༈ །ཉང་གཏེར་ཕག་མོ་ཞལ་གཉིས་མ་ལ། ཆོས་འབྱུང་གྲུ་གསུམ་དམར་པོ་ཉིས་བརྩེགས། གྲུ་ཆད་ལྗང་གུ། དེའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་དང་། རྡོ་རྭ། མེ་རི་བཅས་པས་བསྐོར་བ། ཆོས་འབྱུང་གི་དབུས་སུ་པདྨ་འདབ་བཞི། དེའི་ལྟེ་བར་བཻ་དམར་པོ། ཆོས་འབྱུང་གི་གྲྭ་བཞིར་དགའ་འཁྱིལ་བཅས། ༢༠ ༈ །ཕག་མོ་དོན་གྲུབ་མ་ལ། ཆོས་འབྱུང་རེ་ཁཱ་དཀར་པོ་ཉིས་རིམ་ནང་དམར་པོ་བསྣོལ་མའི་དབུས་སུ་ཐིག་ལེ་དམར་པོ། གྲྭ་བཞིར་དགའ་འཁྱིལ། གྲུ་ཆད་ལྗང་གུ། མུ་ཁྱུད་སྔོན་པོ། ༢༥ ༈ །ཕག་མོ་དབུ་བཅད་མ་ལ། སྣ་ཚོགས་པདྨ་


JKT017_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་ཆོས་འབྱུང་གོང་དང་འདྲ། ལྟེ་བར་དབུས་སུ་ཨོཾ་དམར་སེར། གཡས་སུ་ཧཱུྃ་དམར་པོ། གཡོན་དུ་དཀར་ལྗང་བཅས་སུམ་བསྒྲིགས། ༢༦ ༈ །ཕག་མོ་ཁྲོས་ནགཱ་ལ། ཆོས་འབྱུང་སྔ་མ་དང་འདྲ་བའི་ལྟེ་བར་པདྨ་འདབ་མ་བཞི་པའི་དབུས་སུ། ཨ་ཡིག་མཐིང་ནག །འདབ་མ་བཞི་ལ་ཤར་ནས་གཡས་བསྐོར་དུ། ཤར་དུ་ཧ་དཀར། ལྷོར་རི་སེར། །ནུབ་ཏུ་ནི་དམར། བྱང་དུ་ས་ལྗང་། ཆོས་འབྱུང་གི་ཕྱི་རོལ་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཤར་ནས་གཡས་བསྐོར་དུ་ཐིག་ལེ་དཀར། དཀར་སེར་ཕྱེད་མ། སེར། སེར་དམར་ཕྱེད་མ། དམར། དམར་ལྗང་ཕྱེད་མ། ལྗང་། ལྗང་དཀར་ཕྱེད་མ། དེའི་ཕྱི་རོལ་ཏུ་དུར་ཁྲོད། རྡོ་ར། མེ་རི་བཅས། ༢༧ ༈ །འཇམ་དཔལ་དཀར་པོ་མ་ཏི་ལུགས་ལ། པདྨ་དཀར་པོ་འདབ་མ་བརྒྱད་པ་མུ་ཁྱུད་གྲུ་བཞི་བཅས། ༢༨ ༈ །འཇམ་དབྱངས་སྨྲ་སེང་ལ། སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་དམར་སེར། ༢༩ ༈ །དབྱངས་ཅན་མ་དཀར་མོ་ལ། མཎྜ་ལར། བ་དཀར་དམར་གང་རུང་གི་དཀར་གསུམ། སྦྲང་རྩི། གུར་གུམ། གླ་རྩི། གི་ཝཾ། ཙནྡན་དཀར་པོ་བཞི་ཆ་མཉམ་སྦྱར་བའི་ཞུན་མར་གྱིས་པདྨ་འདབ་བརྒྱད། དབུས་སུ་ཧཱུྃ། འདབ་མ་བརྒྱད་ལ་མདུན་ནས་བརྩམས་ཏེ།


JKT017_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཨཱ་སོགས་དབྱངས་ཡིག་བཅུ་དྲུག་འབྲུ་གཉིས་རེ་བྲི། འབྲས་དཀར་གྱི་ཕྱེ་མ་དར་གྱི་ནང་དུ་ཐུམ་སོགས་བྱས་པ་འཁོར་ལོའི་ངོས་སུ་སྙོམ་པར་བརྡལ་བས་རི་མོ་གསལ་པོ་འོང་བ་བྱ། འདི་ལ་རས་བྲིས་བྲིས་པ་འདུག་ཀྱང་། དཔེའུ་རིས་ལྟ་བུ་མ་གཏོགས་རྗེས་གནང་གི་སྐབས་སུ་གོང་ལྟར་ཕྱག་ལེན་དགོས། ༣༠ ༈ །རྣམ་འཇོམས་སངས་རྒྱས་གསང་བའི་ལུགས་ལ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་གདན་ལ་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐིང་ནག་གིས་མཚན་པ། ༣༡ ༈ །རྣམ་འཇོམས་བ་རི་ལུགས་ལ། སྣ་ཚོགས་པདྨའི་ལྟེ་བར་ཉི་གདན་ལ་ཐིག་ལེ་ལྗང་སྔོན། ༣༢ ༈ ་དྲང་སྲོང་ལོཀྟྲི་ལ། མཎྜ་ལར་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པས་འཐུས། ༣༣ ༈ །ནཱ་ག་རཀཱ་ལའང་། མཎྜ་ལར་མེ་ཏོག་གི་ཚོམ་བུ་གཅིག་བཀོད། ༢༤ ༈ །ཆོས་སྐྱོང་སྐོར་ལས། རྒྱུད་མགོན་ལེགས་ལྡན་ལ། ཕྱི་རོལ་རྡོ་རྭ་མེ་རིས་ཟླུམ་པོར་བསྐོར་བའི་དབུས་སུ་གྲུ་གསུམ་མཐིང་ནག །ཟླ་གམ་ལ་དུར་ཁྲོད་ཀྱི་བཀོད་པ། ལྟེ་བར་གྲི་གུག་ཐོད་ཁྲག་སྟེང་འོག །དེའི་གཡས་སུ་གྲི་གུག །གཡོན་དུ་སྦྲུལ་ཞགས། ཕྱོགས་བཞིའི་ཤར་ནས་གཡས་བསྐོར་དུ་ཐིག་ལེ་མཐིང་ནག །དམར་ནག །དུད་ཁ། ནག་པོ་རྣམས་བྲིའོ། ༣༥ ༈ །མགོན་པོ་ཕྱག་བཞི་པ་ལ། །


JKT017_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་རྡོ་རྭ་མེ་རིས་བསྐོར་བའི་དབུས་སུ་པདྨ་འདབ་བརྒྱད་ཕྱོགས་བཞི་ཕྱོགས་མདོག་དང་། མཚམས་བཞི་མཛེས་ཚོན། དེའི་དབུས་སུ་གྲུ་གསུམ་ནག་པོའི་ལྟེ་བར་རྡོ་རྗེ་ཕྱེད་པའི་ཡུ་བ་ཅན་གྱི་གྲི་གུག་ རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ནག་གིས་མཚན་པ། ཕྱི་རོལ་གྱི་པད་འདབ་བརྒྱད་ལ་ཤར་ནས་གཡས་བསྐོར་དུ་ཐིག་ལེ་མཐིང་ནག །དཀར་པོ། ནག་པོ། དམར་ནག །མཐིང་ནག །སྔོན་པོ། སྨུག་ནག །ནག་པོ་རེ་བྲིའོ། ༣༦ ༈ །མགོན་དཀར་ཚེ་བདག་ལ། བུམ་གདན་པདྨ་དཀར་པོ་འདབ་མ་བརྒྱད་པ། ༣༧ ༈ །མགོན་པོ་མ་ནིང་ལ། རྡོ་རྭ་མེ་རིས་ཟླུམ་པོར་བསྐོར་བའི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་དྲུག་པའི་ལྟེ་བར་གྲུ་གསུམ་མཐིང་ནག་གི་དབུས་སུ་ཉི་གདན་ལ་ཧཱུྃ་མཐིང་ནག །དེའི་གཡས་ཟུར་དུ་ཐིག་ལེ་ནག་པོ། གཡོན་ཟུར་དུ་དཀར་པོ། རྩིབས་དྲུག་ལ་མདུན་ནས་གཡས་བསྐོར་དུ་ཐིག་ལེ་ནག་པོ། དམར་སྨུག །མཐིང་ནག །ནག་པོ། མཐིང་ནག །ནག་པོ་བཅས་བྲིའོ། ༣༨ ༈ །གནུབས་ལུགས་སྟག་ཞོན་ལ། གྲུ་གསུམ་མཐིང་ནག་མུ་ཁྱུད་དང་བཅས་པའི་དབུས་སུ་ཐིག་ལེ་མཐིང་ནག །དེའི་གཡོན་དུ་ཡུམ་མཚོན་བྱེད། ཐིག་ལེ་དམར་པོ། དེ་དག་གི་གཡས་སུ་ཐིག་ལེ་སྔོ་སྐྱ། གཡོན་དུ་དམར་ནག །མདུན་དུ་ནག་པོ་རྣམས་བྲིའོ། ༣༩ ༈ །


JKT017_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་བིང་ལ་ཐོད་རྭ་མེ་རི་དང་བཅས་པའི་དབུས་སུ་ཆོས་འབྱུང་མཐིང་ནག་གི་ལྟེ་བར་ཐིག་ལེ་མཐིང་ནག་དང་། དེའི་གཡོན་དུ་ཐིག་ལེ་སྨུག་ནག་རེ་བྲི། ༤༠ ༈ །ཨེ་ཀ་ཛཱ་ཊི་སྡེ་བདུན་ལ། གྲུ་གསུམ་མཐིང་ནག་ཉིས་བརྩེགས་ཀྱི་དབུས་སུ་ཐིག་ལེ་སྨུག་ནག །ཤར་སོགས་ཕྱོགས་བཞིར་ནག་པོ། སྨུག་ནག །དམར་ནག །དམར་པོ། ཤར་གྱི་ཐིག་ལེའི་གཡོན་དུ་ནག་པོ། དེའི་གཡོན་དུ་སྔོ་ནག་རྣམས་བྲིའོ། ༤༡ ༈ །སྙིང་ཏིག་གི་སྔགས་སྲུང་མ་ལ། སྣ་ཚོགས་པདྨ་འདབ་བརྒྱད་མེ་རི་དང་བཅས་པའི་དབུས་སུ་གྲུ་གསུམ་མཐིང་ནག་ཞིག་བྲི། ༤༢ ༈ །རེ་མ་ཏཱི་རང་བྱུང་རྒྱལ་མོ་ལ། ཁྲག་མཚོ་ཐོད་རྭ་མེ་རི་དང་བཅས་པའི་དབུས་སུ་གྲུ་གསུམ་ལྟེ་བ་དམར་ནག །ཁ་ཁྱེར་ལྗང་གུ། དེའི་དབུས་སུ་ཐིག་ལེ་ནག་པོ་གཅིག་བྲིའོ། ༤༣ ༈ །རྡོ་རྗེ་གཤོག་རྒོད་མ་ལ། ཁྲག་མཚོ་མེ་རི་དང་བཅས་པའི་དབུས་སུ་གྲུ་གསུམ་མཐིང་ནག དེའི་ལྟེ་བར་ཐིག་ལེ་ནག་པོ་གཅིག་བྲི། ༤༤ ༈ །ཤན་པ་སྲོག་སྒྲུབ་ནག་མོ་ལ། ཐོད་རྭ་དང་མེ་རིའི་དབུས་སུ་གྲུ་གསུམ་ནག་པོ། དེའི་དབུས་སུ་ཐིག་ལེ་ནག་པོ། མདུན་དུ་ནག་པོ། གཡས་སུ་དམར་པོ། གཡོན་དུ་ནག་པོ་རེ་རེ་བྲིའོ། ༤༥ ༈ །གཟའ་བདུད་རཱ་ཧུ་ལ་ལ། དྲག་པོའི་དཀྱིལ་འཁོར་སྒོ་རྫོགས་རྟ་བབས་སྒོ་བཞི་མ་


JKT017_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་དང་བཅས་པའི་དབུས་སུ་ཁྱམས་ཤར་སྔོ། ལྷོ་སེར་སོགས་ཕྱོགས་མདོག །དེའི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་སུ་ཉི་གདན་ལ། ཏྲི་ཡིག་དུད་ཁ། མདུན་ཟུར་གཡས་སུ་ཛ་མཐིང་ནག །གཡོན་དུ་ཕུ་དམར་ནག །འདབ་མ་བརྒྱད་ལ་ཤར་ནས་གཡས་བསྐོར་དུ་ཐིག་ལེ། དུད་ཁ། དཀར་སེར། སེར་ནག །དམར་པོ། ལྗང་ནག །མཐིང་ནག །མཐིང་ནག །དུད་ཁ་བཅས། དེའི་ཕྱི་རོལ་གྱི་ཁྱམས་ལ་ཕྱོགས་རེར་གསེར་ཐིག་བདུན་རེ། སྒོ་བཞིར་ཤར་ནས་ཐིག་ལེ་དཀར་སེར། སེར་ནག །དམར་ནག །ལྗང་ནག་རེ་རེ་བྲིའོ། ༤༦ ༈ །གནོད་སྦྱིན་ཤན་པ་དམར་ནག་ལ། སྣ་ཚོགས་པདྨ་འདབ་མ་བརྒྱད་པ་མེ་རི་དང་བཅས་པས་ཟླུམ་པོར་བསྐོར་བའི་དབུས་སུ་ཁྲག་མཚོ་ལ་གནས་པའི་གྲུ་གསུམ་དམར་ནག །དེའི་ལྟེ་བར་ཐིག་ལེ་དམར་ནག །པད་འདབ་བརྒྱད་ལ་ཤར་ནས་གཡས་བསྐོར་དུ་ཐིག་ལེ་དཀར་པོ། དུད་ཁ། དམར་ནག །ལྗང་ནག །སྔོན་པོ། དུད་ཁ། ནག་པོ། སྔོན་པོ་རྣམས་རེ་རེ་བྲིའོ། ༤༧ ༈ །དམ་ཅན་རྡོ་རྗེ་ལེགས་པ་ལ། །སྟེགས་བུ་ཁེབས་དམར་པོས་བཀབ་པའི་ཁར་འབྲུའི་ཚོམ་བུ་བཀོད་པས་འཐུས། ༤༨ ༈ །ཞིང་སྐྱོང་སེང་གདོང་ལ། ཐོད་རྭ་མེ་རི་དང་བཅས་པའི་དབུས་སུ་གྲུ་གསུམ་མཐིང་ནག་ཉིས་རིམ། འདི་


JKT017_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གསུམ་ཕྱི་ནང་ལས། ཆོས་འབྱུང་བསྣོལ་མ་ཅན་མིན། དེའི་ལྟེ་བར་དབུས་སུ་ཐིག་ལེ་ནག་པོ། གཡོན་དུ་དམར་པོ། དེ་གཉིས་ཀྱི་མདུན་དུ་ཐིག་ལེ་དམར་པོ་ཆུང་དུ་རེ་བྲིའོ། ༤༩ །༈ །ཞིང་སྐྱོང་དུར་ཁྲོད་མ་མོ་ལ། སིནྡྷུ་རའི་ཆོས་འབྱུང་གྲུ་གསུམ་བསྣོལ་མ་མུ་ཁྱུད་དང་བཅས་པའི་དབུས་སུ་ཧཱུཾ་ཡིག་སྨུག་ནག །དེའི་ཕྱོགས་བཞིར་ཐིག་ལེ་ཕྱོགས་མདོག་རེ་རེ་བྲིའོ། ༥༠ ༈ ། བརྟན་མ་བཅུ་གཉིས་ལ། སྣ་ཚོགས་པདྨ་འདབ་མ་བཅུ་གཉིས་པ་མུ་ཁྱུད་དང་བཅས་པ་བྲི། ཡང་ན་རས་དཀར་པོའི་གཞི་ལ་འབྲས་དཀར་གྱི་ཚོམ་བུ་ལྷ་གནས་སོ་སོར་བཀོད་ཀྱང་རུང་། ༥༡ ༈ ། རྒྱལ་ཆེན་པེ་ཧར་ལ། སྟེགས་བུ་ཁེབས་དང་ལྡན་པར་འབྲུ་སྣའི་སིལ་མ་བཀྲམ་པས་ཆོག ༥༢ ༈ །རྣམ་སྲས་སེར་ཆེན་ལ། སྣ་ཚོགས་པདྨ་འདབ་བརྒྱད་མུ་ཁྱུད་དང་བཅས་པ་བྲི། ༥༣ ༈ །རྣམ་སྲས་མདུང་དམར་ཅན་ལ། པདྨ་དམར་པོ་འདབ་མ་བརྒྱད་པ་མུ་ཁྱུད་དང་བཅས་པ། འདི་གཉིས་ལ་རྒྱས་པར་བསྒོམ་དོན་དང་མཐུན་པའི་གཞལ་ཡས་ཁང་བྲི་བར་གསུངས་ནའང་། རྟེན་གཏོར་གཞལ་ཡས་ཁང་ལྷ་དང་བཅས་པར་བསྐྱེད་པའི་དབང་དུ་བྱས་ན་གདན་མཚོན་བྱེད་དུ་པདྨ་འདབ་བརྒྱད་ཙམ་གྱིས་ཆོག་ཅིང་། ཕྱག་ལེན་ཀྱང་དེ་ལྟར་མཛད་པ་ཤས་ཆེའོ། ༥༤ ༈ །རྣམ་སྲས་དྲག་པོ་


JKT017_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་སྔོན་ཅན་ལ། ཐོད་ར། དུར་ཁྲོད། མེ་རི་དང་བཅས་པས་ཟླུམ་པོར་བསྐོར་བའི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བཞི་པ། དེའི་ལྟེ་བར་དམར་པོ། དེའི་དབུས་སུ་གྲུ་གསུམ་མཐིང་ནག་གི་ལྟེ་བར་ཉི་མ་ལ་ཧཱུཾ་མཐིང་ནག །ཕྱི་རོལ་འཁོར་ལོའི་རྩིབས་བཞིའི་ཤར་ནས་གཡས་བསྐོར་ཐིག་ལེ་ནག་པོ། སེར་ནག དམར་ནག །ལྗང་ནག །རྩིབས་མཚན་བཞིར་ཤར་ལྷོ་ནས་ཐིག་ལེ་དཀར། སྔོ། །དམར། ལྗང་རེ་བྲིའོ། ༥༥ ༈ །རྣམ་སྲས་ཡང་གསུང་ཕྱག་མཚན་བཞི་མ་ལ། པདྨ་འདབ་བརྒྱད་དམར་པོ་མུ་ཁྱུད་དང་བཅས་པ་བྲི། ༥༦ ༈ །ཞང་བློན་རྡོ་རྗེ་བདུད་འདུལ་ལ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའམ། ཡང་ན་མཎྜ་ལར་དབུས་སུ་ཚོམ་བུ་གཉིས། ཕྱོགས་བཞིར་ཚོམ་བུ་རེ་རེ་བཀོད་པས་ཀྱང་འཐུས། ༥༧ ༈ །གྲྭ་པའི་ཛ་དམར་ལ། པདྨ་དམར་པོ་འདབ་མ་བརྒྱད་པ་མུ་ཁྱུད་དང་བཅས་པ་བྲི། ༥༨ ༈ །ལྷ་ཆེན་དབང་ཕྱུག་ཆེན་པོ་ལ། ཟླ་གམ་དམར་པོ་སྒོ་གཅིག་པ་ནུབ་ཏུ་བསྟན་པ་མུ་ཁྱུད་དང་བཅས་པའི་ལྟེ་བར་པདྨ་དམར་པོ་འདབ་མ་བཞི་པ། དེའི་དབུས་སུ་ཉི་གདན་ལ་ཐིག་ལེ་དམར་པོ་ཡུམ་མཚོན་བྱེད་གཡོན་ཕྱེད་དུ་ཉིས་བརྩེགས་ཀྱི་རྣམ་པ། མདུན་དུ་ཐིག་ལེ་དམར་པོ་དེ་ལས་ཆུང་བ། འདབ་བཞིའི་ཤར་ནས་བརྩམས་ཏེ་གཡས་བསྐོར་དུ་ཐིག་ལེ་ཕྱོགས་མདོག་རེ་


JKT017_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བྲིའོ། ༥༩ །དེ་ལྟར་སྤྱིར་ལྔ་བཅུ་རྩ་དགུ་ལས། རས་བྲིས་འབྲི་དགོས་པ་བཞི་བཅུ་ཞེ་དྲུག་དང་། དེ་ནང་ནས་སྒོ་རྫོགས་ཅན་དགུ་ཡོད་དོ། མངྒལཾ། ༈ །རྩ་གསུམ་དྲིལ་སྒྲུབ་ཞལ་ཐང་འབྲིང་པོའི་བཀོད་ཡིག་དགེ། །ཨོཾ་སྭ་སྟི་སིདྡྷཾ། རྩ་གསུམ་དྲིལ་སྒྲུབ་ཀྱི་ཞལ་ཐང་བཀོད་པ་འབྲིང་པོ་ཀུན་གོ་གཅིག་ཆོད་ཀྱི་བཀོད་ཡིག་ལ། དབུས་སུ་བླ་མ་ཀུན་འདུས་པདྨ་འབྱུང་གནས་སྣང་སྲིད་ཟིལ་གནོན་སྐུ་མདོག་དཀར་ལ་དམར་མདངས་ཆགས་པ། ཞལ་རས་ཞི་ཞིང་སྒེག་ལ་སྤྱན་ལྟ་སྟངས་ཧྲིག་གེ་བ་ཧུར་བག་ལྟ་བུའི་ཁྲོ་ཉམས་དང་། ཞལ་འཛུམ་ཞིང་ཅུང་ཁྲོ་ཉམས། ན་བཟའ་ནང་དུ་གསང་གོས་དཀར་པོ། དེ་སྟེང་ཕོད་ཀ་མཐིང་ནག་གསེར་རིས་ཅན། དེ་སྟེང་ཆོས་གོས་དམར་པོ། དེ་སྟེང་སྣམ་སྦྱར་དམར་སེར་ལེའུ་ལ་གསེར་གྱི་མེ་གོར་རྩིང་ཞད་ཡོད་པ། དེ་སྟེང་གོས་བེར་དམར་སྨུག་གསེར་གྱི་འབྲུག་རིས་སོགས་ཅི་མཛེས། དབུ་ཞྭ་ཤེའུའི་སྙན་ཞུ་ཞེས་ཤ་བ་ཆུང་ངུའི་པགས་པས་ནང་གི་ཁ་དྲིལ་བྱས་པ་རྒོད་ལྡེམ་མེ་ལོང་རྨ་བྱའི་སྒྲོ་ཕོད་དར་སྣས་བརྒྱན་པ་སོགས་སྤྱི་ལྟར། ཕྱག་གཡས་སྡིགས་མཛུབ་དང་བཅས་གསེར་རྡོར་རྩེ་ལྔ་ནམ་མཁར་འཕྱར་བའི་རྭ་རྩེ་ལས་མེ་ལྕེ་ཕྲ་མོ་གློག་གི་ཟེགས་མ་ལྟ་བུའི་རྩེ་མོ་ཇེ་སྦོམ་དུ་སོང་བ། འཇའ་གུར་གྱི་ཕྱིར་སླེབ་དུས་དྲག་མེ་ཟླུམ་འཁྱིལ་དུ་གྱུར་པའི་ནང་དུ་


JKT017_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་དམར་དཔའ་གཅིག་སྤྱི་འགྲེ་ཟུར་ཞལ་གཡོན་གཟིགས་ཅན། གཙོ་བོ་སྐུ་ཚད་མཐོ་གང་དྲག་ཙམ་ལ་མཚོན་ན་གུར་དྲག་སོར་གང་ཙམ་པ་ཤིན་ཏུ་བཀོད་ལེགས། ཐང་ག་ཆེ་ན་གུར་དྲག་དེ་ལས་དྲག་པོ་རིགས་བཞི། ཤིན་ཏུ་ཆུང་དུ་མེ་ཕུང་ཀློང་དུ་ཕྲ་ཐབས་སུ་འཕྲོ་བ་བྲིས་ན་ལེགས་ཀྱང་། ཐང་ཆུང་ལ་བྲི་རྒྱུ་མང་པོ་དེ་རིགས་མི་ལེགས་པས་གཙོ་རྐྱང་ཁོ་ནས་ཆོག །ཕྱག་གཡོན་ལྟེ་བའི་ཐད་དུ་མཉམ་གཞག་མཛད་པའི་སྟེང་བྷནྡྷ་དུམ་བུ་གསུམ་པ་ནོར་བུས་གང་བའི་དབུས་སུ་འཆི་མེད་ཚེ་བུམ་གསེར་མདོག་རིན་པོ་ཆེའི་རྒྱན་ལྡན་ནོར་བུས་ཁ་བརྒྱན་པ་ལས་འཇའ་ཚོན་སྣ་ལྔ་རྩ་བ་ཕྲ་བ་རྩེ་མོ་སྦོམ་པ་ཞིག་ཤར་གྱིས་འཕྲོས་པའི་རྩེར་ལྷ་མོ་མགྱོགས་མ་ལྔ་ཚོམ་མཐིང་། དཀར། སེར། དམར། ལྗང་། གཡས་ཐམས་ཅད་མདའ་དར་གཡོབ་པ། གཡོན་རང་མདོག་གི་ཚེ་བུམ། ཞབས་གར་སྟབས་བདེ་ཉམས་འཁྱུག་པ། དར་དང་རིན་པོ་ཆེའི་རྒྱན་སོགས་སྤྱི་ལྟར། ལྔ་ཀ་བསྡམས་པས་གུར་དྲག་གི་སྐུ་ཚད་ཙམ། དེའང་གུར་དྲག་དང་། མགྱོགས་མ་གཉིས་ཀ་འཇའ་གུར་གྱི་རྒྱབ། སྙན་གཡས་གཡོན་གྱི་ཐད་ཙམ་དུ་ཡོད་པ། མཐོ་དམའ་མེད་པའི་ཆ་སྙོམས་དང་གྲ་འགྲིག་ཞིག་གལ་ཆེ། གྲུ་མོ་གཡོན་དུ་ཁ་ཊཾ་རྩེ་གསུམ་སྤྱི་ལྟར། ཞབས་སག་ལྷམ་གསོལ་ཞིང་གཡས་བརྐྱང་རྒྱལ་པོ་རོལ་


JKT017_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྟབས། ཕྱི་རོལ་དུ་གཞི་འོད་ཟླུམ་མཐིང་ག་ལ་གསེར་གྱི་ཟེར་ཐག་དང་མཐའ་སྐོར་དུ་འཇའ་གོར་ཁ་དོག་ལྔ་ལྡན་ཤིན་ཏུ་མཛེས་པའི་རྒྱབ་ཏུ་ཤིང་ལོ་མེ་ཏོག་གང་མཛེས་ཀྱིས་བསྐོར་བ། གདན་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི། སྣ་ཚོགས་པདྨ། ཟླ་བ། ཉི་མ་སྟེ་བཞི་བརྩེགས་སོ། །སྤྱི་བོར་འཇའ་སྤྲིན་གྱི་དབུས་སུ་ཆོས་སྐུ་སྣང་བ་མཐའ་ཡས་དམར་པོ། ཕྱག་མཉམ་གཞག་བེཟླུརྒྱའི་ལྷུང་བཟེད་བདུད་རྩིས་གང་བ། སྤྲུལ་སྐུའི་ཆ་ལུགས་སོགས་སྤྱི་འགྲེ། གདན་པད་ཟླ། ཨོ་རྒྱན་གྱི་སྤྱི་བོ་དང་བར་དུ་འཇའ་འོད་ཀྱིས་སྦྲེལ་བ། དེའི་གཡས་སུ་ཅུང་དམའ་བར་སྤྱན་རས་གཟིགས་སེམས་ཉིད་ངལ་བསོ་གཡས་མཆོག་སྦྱིན། གཡོན་སྐྱབས་སྦྱིན་པད་དཀར། དར་དང་རིན་པོ་ཆེའི་རྒྱན། རི་དྭགས་པགས་པས་ནུ་གཡོན་བཀབ་པ་སོགས་སྤྱི་ལྟར། ཞབས་ཕྱེད་སྐྱིལ། གདན་པད། ཟླ་བའོ། །གཡོན་དུ་ཡི་དམ་ཡོངས་འདུས་རྟ་མགྲིན་དམར་སྨུག །གཡས་མཐེབ་སྲིན་སྦྱར་ཞིང་སོར་མོ་ལྷག་མ་གསུམ་བསྒྲེངས་པའི་དབང་སྡུད་ཀྱི་ཕྱག་རྒྱས་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀ །དུར་ཁྲོད་ཀྱི་ཆས་བརྒྱད་དང་། རུས་པའི་རྒྱན་ཁྲོ་ཉམས་སྤྱི་ལྟར། གཤོག་པ་སོགས་དཔའ་ཆས་མི་དགོས། ཡུམ་མཁའ་འགྲོ་ཀུན་འདུས་རྡོ་རྗེ་ཕག་མོ་གྲི་ཐོད་འཛིན་པས་ཡབ་ལ་འཁྱུད་


JKT017_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། རིན་ཆེན་དང་རུས་རྒྱན་གཟིག་ཤམ་ཅན། ཡབ་ཀྱི་སྤྱི་བོར་རྟ་གདོང་ལྗང་གུ། རྔོག་མ་དམར་པོ། ཞུར་དཀར་པོ། ཕུམ་ཕུམ་སེར་པོ་ནམ་མཁར་ཞལ་གདངས་ནས་འཚེར་བ། ཡུམ་གྱི་སྤྱི་བོར་ཕག་གདོང་། ཡབ་ཡུམ་ཞལ་དངོས་སུ་སྦྱོར་བ། ཞབས་གཡོན་བརྐྱངས་པའི་དོར་སྟབས། གདན་པདྨ། ཉི་མ། བདུད་བཞི་སྟེ་གཡས་སུ་ལྷའི་བུའི་བདུད་དཀར་པོ་ཞི་ཉམས། ཉོན་མོངས་བདུད་དམར་པོ་ཆགས་ཉམས། གཡོན་དུ་ཕུང་བདུད་ལྗང་གུ་སྒེག་ཉམས། འཆི་བདུད་ནག་པོ་ཁྲོ་ཉམས་ཅན་རྣམས་མགོ་གཡས་གཡོན་དུ་བསྟན་ནས་བསྐྱེལ་བ། ཕྱི་རོལ་དུ་མེ་རིའི་པ་ཏྲའི་རྣམ་པ།། སྤྱིར་རྟ་མགྲིན་འདི་རྙིང་མའི་གཤིན་རྗེ་ཁྲོས་པ་ལྟ་བུའི་ཧ་ཅང་ཁྲོ་ཉམས་མི་ཆེ་བ། གསར་མའི་དྲང་སྲོང་ཁྲོས་པ་ལས་ཅུང་ཁྲོ་ཉམས་ཆེ་ཙམ་དང་། སྐུ་ལུས་ཀྱང་འགྱིང་ཞིང་སྒེག་ཉམས་ལས་སྦོམ་ཐུང་ལྟ་བུ་མི་བྲི། ཐུགས་རྗེ་ཆེན་པོའི་འོག་ཏུ་གཏེར་སྟོན་སངས་རྒྱས་བླ་མ་སྐུ་ཤ་རྒྱས་ཤིང་བརྗིད་ཆགས་པ། སྤྱན་ཟླུམ་ཧྲིག་གེ་པ། ཞལ་ཚོམ་ཅུང་ཟད་ཡོད་པ། དབུ་སྐྲ་ཟླུམ་འཁྱིལ། ནང་དུ་གསང་གོས་དཀར་པོ། དེ་སྟེང་གོས་རྒྱ་ཁ། དེ་སྟེང་སྟོད་ལེ་སེར་པོ་བྲང་གཞུང་དུ་ཐོར་གཅུས་སྦྲེལ་བའི་རྒྱ་གོས་ལྟ་བུ། དེ་སྟེང་སྐུ་གཟན་དམར་པོ་ཞིག་དཀྲིས་པ། རྒྱབ་ཏུ་བེར་དམར་སྨུག་ལྷུབ་གྱོན། དབུ་ཞྭ་


JKT017_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་སཾ་ཞུ་རྣ་ཐུང་རྒྱབ་ཡོད་པ་གསེར་སྐུད་ཅན། ཕྱག་གཡས་ཆོས་འཆད། གཡོན་མཉམ་གཞག་སྟེང་གཏེར་གྱི་སྒྲོམ་བུ་གདན་རིན་པོ་ཆེའི་ཁྲི་ཆུང་དང་དར་འབོལ། རྟ་མགྲིན་འོག་ཏུ་རྩ་བའི་བླ་མ། སློབ་དཔོན་རིན་པོ་ཆེའི་འོག་ཏུ། མགོན་པོ་ཕོ་རྒྱུད་ཀྱི་གཙོ་བོ་རྒྱུད་མགོན་ལེགས་ལྡན་སྐུ་མདོག་མཐིང་ནག་སྦོམ་ཞིང་ཐུང་བ། ཁྲོ་གཉེར་སྤྱན་གསུམ། དབུ་སྐྲ་སྨ་ར་སྨིན་ཁམ་ནག །གཡས་གྲི་གུག་དང་། གཡོན་ཐོད་ཁྲག་ཐུགས་ཀར་སྟེང་འོག །མཆན་གཡས་ཙནྡན་བེང་སྒོ་གཉིས་པ་རྩེ་མོར་ནོར་བུས་མཚན། དར་ནག་གི་འཇོལ་བེར་བརྩེགས་མ། གསེར་སྐེད། ཐོད་སྐམ་དབུ་རྒྱན། རློན་པའི་དོ་ཤལ་དང་། རྡོ་རྗེའི་དོ་ཤལ། སྦྲུལ་རྒྱན་དང་མི་ལྤགས་སོགས་དུར་ཁྲོད་ཆས། ཞབས་སག་ལྷམ་ཡུ་རིང་གསོལ་ནས་གཡོན་བརྐྱང་པའི་དོར་སྟབས། གདན་པད་ཉི་དགྲ་བགེགས་མི་རོ་རྟ་རོ། སྤྱི་བོར་བྱ་ཁྱུང་། དཔུང་མགོ་གཉིས་ནས་སེངྒེ། རྩིབ་ལོགས་གཉིས་ནས་འཕར་དྲེད། ཞབས་ལས་སྟག་རྣམས་འཕྲོ་བ། མེ་ཕུང་འབར་བའི་དབུས་ན་བཞུགས་པ་སོགས་སྤྱི་ལྟར་ལེགས་ལྡན་གྱི་གཡས་ཅུང་ཟད་དམའ་བར་གཉིས་མེད་རྒྱུད་ཀྱི་གཙོ་བོ་མ་ནིང་མཐིང་ནག་ཁྲོ་གཏུམ། གཡས་རུ་མཚོན་འཕྱར། གཡོན་སྙིང་དང་ཞགས་པ་འཛིན། སྤྱན་གསུམ་དམར་ཟླུམ་སོགས་ཁྲོ་ཉམས་སྤྱི་འགྲེ།


JKT017_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་ནག་གི་རལ་པ་ཐུར་དུ་འཕྱང་བ། ཐོད་པ་སྐམ་པོའི་དབུ་རྒྱན་དང་། རློན་པའི་དོ་ཤལ། སྙིང་ཕྲེང་དང་། སྦྲུལ་ཆུན། དར་ནག་གི་འཇོལ་བེར་བརྩེགས་མ། གསེར་རྐེད་དང་མི་ལྤགས་ཀྱི་སྐེ་། རགས་ཙནྡན་གྱི་བིང་ཆེན་སྒོ་གསུམ་པ་རྐེད་པར་བཙུགས་པ། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ། ཞབས་གཡོན་བརྐྱང་དོར་སྟབས། གདན་པད་ཉི་མི་རོ་གཡོན་ཅུང་ཟད་དམའ་བར་སྲིད་པ་མོ་རྒྱུད་ཀྱི་གཙོ་མོ་ཨེ་ཀ་ཛ་ཊི་སྐུ་མདོག་སྨུག་ནག །དཔྲལ་བར་སྤྱན་དམར་ཟླུམ། ཞལ་ནས་ཚེམས་གཅིག་རལ་པ་ཁམ་ནག་ཐུར་དུ་གྲོལ་བའི་དབུས་ནས་ལྕགས་རལ་ནག་པོ་ཉག་གཅིག་གྱེན་དུ་ལངས་པ། ཐུགས་ཀར་འོ་མ་འཛག་བཞིན་པའི་ནུ་མ་གཅིག་འཕྱང་བ། གཡས་ཞིང་དབྱུག་ཀླད་ལ་འཕྱར། གཡོན་དགྲ་སྙིང་བཟུང་ཞིང་ལྕགས་སྤྱང་ཁ་ཕར་གྱུས་པ་ཁྲ་ཐབས་སུ་འགྱེད་པ། ཐོད་སྐམ་ཅོད་པན་དང་། ཐོད་སྐམ་གྱི་དོ་ཤལ། མི་ལྤགས་དང་འཇའ་སྤྲིན་གྱི་སྟོད་གཡོགས། སྟག་ཤམ། རུས་པའི་རྒྱན་ལྔ། ཞབས་གཡོན་བརྐྱངས་པའི་གར་སྟབས། གདན་པད་ཉི། མི་རོ། མ་ནིང་གི་གཡས་ཅུང་ཟད་དམའ་བར་གནོད་སྦྱིན་ནོར་ལྷའི་གཙོ་བོ་རྣམ་སྲས་སྐུ་མདོག་སེར་པོ། གཡས་རྒྱལ་མཚན་གཡོན་ནེའུ་ལེ་ནོར་བུ་སྐྱུགས་པ། རིན་པོ་ཆེའི་ཐོར་ཚུགས་དང་དབུ་རྒྱན། དར་གྱི་ན་བཟའ་བ་


JKT017_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་སྣ་ཚོགས་ལྷབ་ལྷུབ། ཕྲག་གོང་གཡས་སུ་ཉི་མ། གཡོན་དུ་ཟླ་བ། མདུན་དུ་ནོར་སྤུངས། ཞབས་གཡོན་བརྐྱང་པའི་རོལ་སྟབས་ཀྱིས་སེང་གེ་དཀར་མོ་ཉལ་ཐབས་ཀྱི་སྟེང་ན་བཞུགས་པ་སོགས་སྤྱི་ལྟར་དང་། གདན་སྣ་ཚོགས། པདྨ། ཉི་མ། རྣམ་སྲས་ཀྱི་ཐད་ཨེ་ཀ་ཛ་ཊིའི་གཡོན་དུ་གཏེར་བདག་གཞི་བདག་གི་གཙོ་མོ་བཀྲ་ཤིས་ཚེ་རིང་མ་དཀར་གསལ་ཞི་འཛུམ། །གཡས་གསེར་གྱི་རྡོ་རྗེ་འཕྱར། གཡོན་གསེར་གྱི་ཚེ་བུམ་ནོར་བུའི་ཁ་རྒྱན་ཅན་ཐུགས་ཀ །ནང་གོས་ལྗང་གུ། སྐུ་རགས་སྔོན་པོ། ཕྱི་གོས་དཀར་པོ་གསེར་རིས་ཅན། སེང་གེ་དཀར་མོ་ལ་ཆིབས་པ། གདན་པདྨ། ཟླ་བའོ། ༈ །ལེགས་ལྡན་གྱི་མདུན་དུ་འཇའ་གུར་གྱི་དབུས་སུ་མཆོད་པའི་བྱེ་བྲག་གཙོ་བོ་ཐོད་པའི་ནང་དུ་གཏོར་མ་རིན་ཆེན་འབར་བ་དཔེ་བྲིས་ཡོངས་གྲགས་ལྟར་དང་། དེའི་གཡས་སུ་སྨན་ཕུད་སྣོད་ཞི་ཐོད། གཡོན་དུ་རཀྟའི་དྲག་ཐོད། གཏོར་མའི་མདུན་དུ་རིན་པོ་ཆེའི་པད་གཞོང་དུ་ཚོགས་གཏོར་ལ་ཚོགས་རྫས་ཤིང་ཏོག །ལ་ཕུག་ཉ་ཤ །ཁུར་བ། ཐུད་སོགས་ཀྱིས་བརྒྱན་པ། དེའི་གཡས་སུ་རིན་པོ་ཆེའི་ཕུད་ཀོང་གསེར་སྐྱེམས་བཅས། གཡོན་དུ་ཚོགས་ཆང་བདུད་རྩིའི་ཐོད་པ་བཅས། དེའི་མདུན་དང་གཡས་གཡོན་གང་བདེར་མཆོད་ཡོན་རིན་པོ་ཆེའི་པད་པོར་


JKT017_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཀོང་བུ་ཡུ་རིང་གི་རྣམ་པའི་ནང་དུ་མཆོད་ཡོན་དཀར་པོས་ཁེངས་པ། ཞབས་བསིལ་དངུལ་གྱི་བྱ་མ་བུམ། གཞན་མེ་བུམ་སོགས་ནས་རོལ་མོའི་བར་སྤྱི་ལྟར་དང་། འདོད་ཡོན་ལྔ་རྣམས་བཀོད་མཛེས། དེ་ལས་རྒྱས་ན་བཀྲ་ཤིས་རྫས་རྟགས་སོགས་བྲིས་ཀྱང་ཆོག་གོ། ༈ །བསྡུ་ན་སློབ་དཔོན་༡། རིགས་བདག་༢། །ཐུགས་རྗེ་ཆེན་པོ་༣ཞི་དྲག་།གུར་དྲག་དང་མགྱོགས་མ། ལེགས་ལྡན་།། རྣམ་སྲས། ༦ ཚེ་རིང་མ་༧ཙམ་གྱིས་འཐུས་སོ། །མངྒ་ལཾ།། ༈ །།ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བྲིས་སྐུའི་འབྲི་ཡིག་བཀྲ་ཤིས་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་ཐུགས་བཅུད་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྩ་བའི་དཀྱིལ་འཁོར་པ་རྣམས་གཙོ་བོར་གྱུར་པའི་རྩ་གསུམ་ཆོས་སྲུང་དང་བཅས་པའི་དམ་ཚིག་གི་བྲིས་སྐུ་ཇི་ལྟར་འབྲི་བའི་བཀོད་པ་ལ། ༡ ཐོག་མར་དབུས་སུ་གཙོ་བོ་ནི་སྣང་སྲིད་ཟིལ་གནོན་སྤྲུལ་སྐུ་པདྨ་འབྱུང་གནས་ཏེ། དེ་ཡང་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི། དེ་སྟེང་སྣ་ཚོགས་པདྨ། ཉི་མ། ཟླ་བ་རྣམས་རིམ་པར་བརྩེགས་པའི་གདན་གྱི་སྟེང་དུ། གུ་རུ་རིན་པོ་ཆེ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས། ཞི་ཞིང་འཛུམ་ལ་ཅུང་


JKT017_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཁྲོས་པའི་ཉམས་ཅན། སྐུ་འགྱིང་བའི་ཉམས་ཀྱིས་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་འཕྱར་ཐབས་སུ་འཛིན་པ། གཡོན་བརླ་གཡོན་པའི་སྟེང་མཉམ་གཞག་གི་ཕྱག་རྒྱས་ཐོད་པ་དུམ་བུ་གསུམ་པ་བདུད་རྩི་དཀར་ལ་དམར་མདངས་ཆགས་པས་གང་བའི་དབུས་སུ་གསེར་གྱི་བུམ་པ་ནོར་བུའི་བརྒྱན་པ་དང་། གྲུ་མོ་གཡོན་དུ་ཁ་ཊཾ་རྩེ་གསུམ། ཐོད་པ་སྐམ་རློན་རྙིང་གསུམ་བརྩེགས་པ་དར་དཔྱངས་ཌཱ་རུ་དྲིལ་གཡེར་གྱིས་མཚན་པ་བསྣམས་པ། ན་བཟའ་ནང་དུ་གསང་གོས་དཀར་པོ། དེ་སྟེང་ཕོད་ཀ་སྔོ་ནག་ལ་སྤྲིན་ཁྲའམ་གསེར་རིས་དང་། སྟོད་དུ་བབ་ལེ་གཞི་སེར་པོ་སྤྲིན་ཁྲ་སུམ་མདངས་ཅན། སྐུ་སྨད་ཤམས་ཐབས་ལེའུ་མ་དམར་ཆེན་སྐུ་རགས་ལྗང་སེར་གྱིས་བཅིངས་པ། ཆོས་གོས་དམར་སེར་གསེར་གྱི་ཧ་ཚོན་ཅན་གྱི་སྟེང་དུ་ཟབ་བེར་དམར་སྨུག་ལྷུབ་གྱོན་མཛད་པ། དབུ་ཞྭ་འདབ་ལྡན་རིགས་ལྔའམ་པདྨ་མཐོང་གྲོལ་འཇའ་སུམ་བསྒྲིགས་མ་རྒོད་ལྡེམ་མེ་ལོང་དར་དཔྱངས་སོགས་ཀྱིས་བརྒྱན་པ་སྟེ། དོན་ཏུ་དེང་སང་བྲིས་རྒྱུན་ཡོངས་གྲགས་ཀཐོག་རིག་འཛིན་ཆེན་མོའི་དག་སྣང་མཚན་བརྒྱད་དང་བསམ་ལྷུན་གྱི་གཙོ་བོའི་དབུ་ཞྭ་ཇི་ལྟ་བ། མགུལ་རྒྱན། སྙན་རྒྱན། ཕྱག་གདུབ་རྣམས་གསེར་གྱི་གཞི་ལ་རིན་པོ་ཆེའི་ཕྲས་བཏབ་པ། ཞབས་གཡས་པུས་མོ་


JKT017_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་བསླང་བའི་ཉམས་ལ། གཡོན་སྐྱིལ་ཀྲུང་རྒྱལ་པོ་རོལ་སྟབས་ཅན། སག་ལྷམ་གཞི་ལྗང་གུ་འཇའ་རིས་ཅན་མནབ་པ། ༢ །དེའི་དབུ་གཙུག་འཇའ་ཟེར་གྱི་ཀློང་དུ་པདྨ་དཀར་པོ་སྡོང་བུ་དང་། བཅས་པའི་སྟེང་དུ་ཉི་ཟླའི་གདན་ལ་ལོངས་སྐུ་ཐུགས་རྗེ་ཆེན་པོ་དཀར་པོ་རྒྱལ་པོ་ལུགས་འགྲོ་འདུལ་ཕྱག་བཞི་པ་སྤྱི་འགྲེ། འདི་ལ་རི་དྭགས་པགས་པས་ནུ་གཡོན་བཀབ་པ་མ་ཆད་པ་དགོས། ༣།དེའི་དབུ་གཙུག་ཏུ་འཇའ་ཟེར་ཀློང་དུ་པད་མ་དཀར་པོ་དང་ཟླ་བའི་གདན་ལ་ཆོས་སྐུ་སྣང་མཐའ་ཚེ་དཔག་མེད་དམར་པོ་ཕྱག་མཉམ་གཞག་སྟེང་གསེར་གྱི་བུམ་པ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རགས། དོ་ཤལ། སེ་མོ་དོ་སྟེ་རྒྱན་བརྒྱད་ཀྱིས་སྤྲས་ཤིང་། དར་དམར་པོའི་སྟོད་གཡོགས། །ཁ་དོག་སྣ་ཚོགས་པའི་སྨད་དཀྲིས་ཀྱི་སྟེང་དུ་སྨད་གཡོགས་སྔོ་དམར། ༤ །དེ་ནས་གཙོ་བོའི་མདུན་གཡོན་གུ་རུ་རྒྱལ་བའི་གདུང་འཛིན། སྐུ་མདོག་དཀར་ལ་དམར་ཤས་ཆེ་བའི་མདངས་ཅན། ཞལ་ཅུང་ཟད་གདངས་པས་ཚེམས་དང་མཆེ་བ་གསལ་བའི་རྣམ་པ་ཅན་ཁྲོ་ཞིང་འཛུམ་ལ་ཆགས་ཉམས་རྒྱས་པ། སྤྱན་ཧུར་བག་གི་རྣམ་པས་ལྟ་སྟངས་ནམ་མཁར་གཟིགས་པ། སྐུ་འགྱིང་བག་དང་བཅས་


JKT017_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཡས་རལ་གྲི་ནམ་མཁར་འཕྱར་ཞིང་། གཡོན་པདྨའི་ལྕགས་ཀྱུ་གདེངས་ཤིང་འདེབས་པའི་རྣམ་པ་ཅན་དབུ་སྐྲ་ནག་པོ་ཐོར་ཅོག་དར་སྔོན་པོས་བཅིངས་པ། སྐུ་གཅེར་བུ་སྟག་ཤམ། །ཐོད་སྐམ་གྱི་དབུ་རྒྱན། རུས་པའི་སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སེ་རལ་ཁ་སྟེ་རུས་རྒྱན་དྲུག་གིས་བརྒྱན་པ། ཞབས་གཡོན་བརྐྱང་པའི་དོར་སྟབས་ཀྱིས་པད་ཉིའི་གདན་ལ་བཞེངས་པ་སྟེ། སྐུའི་རྣམ་འགྱུར་མཚན་བརྒྱད་ཀྱི་ཉི་མ་འོད་ཟེར་ལྟ་བུ་རྣལ་འབྱོར་པ་རྟུལ་ཞུགས་སྤྱོད་པའི་ཉམས་ཅན། ༥ །གཙོ་བོའི་གཡས་འོག་ལྷོ་སྟོད་གུ་རུ་སྨྲ་བའི་སེང་གེ་སྐུ་མདོག་དཀར་གསལ་ཞི་ཞིང་འཛུམ་པ་པཎྜི་ཏའི་ཆ་བྱད་ཅན། དབུ་ལ་པཎ་ཞྭ་སྣེ་རིང་དུར་ཁ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་མཐེབ་མཛུབ་གཉིས་ཀྱི་བར་དུ་པདྨའི་ཡུ་བ་བཟུང་བ། འདབ་མ་སྙན་གཡས་གཡོན་གྱི་ཐད་ཀར་ཁ་བྱེ་བའི་ཟེའུ་འབྲུར། གཡས་སུ་གླེགས་བམ་བསྒྲིལ་ཚས་སེར་པོ་དང་། གཡོན་སྔོན་པོ་ཅན་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་པ། ༦ །གཙོ་བོའི་སྟེང་གཡས་ནུབ་སྟོད་དུ་གུ་རུ་སྐྱེས་མཆོག་ཚུལ་བཟང་སྐུ་མདོག་གསེར་མདངས། སྐུ་ཤ་རྒྱས་ལ་སྒེག་ཅིང་བརྗིད་ཆགས་པ། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་


JKT017_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། གཡོན་ལྟེ་བའི་ཐད་དུ་མཉམ་གཞག་གི་སྟེང་རིན་པོ་ཆེའི་ཟ་མ་ཏོག་བསྣམས་པ། ན་བཟའ་ནང་ཤ་འགགས་སྔོ་སྐྱ། དེ་སྟེང་ཤམ་ཐབས་ལེའུ་མ་དམར་ཆེན། ཆོས་གོས་དམར་སེར། ཟབ་བེར་དམར་སྨུག་རྣམས་བརྩེགས་མར་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླའི་སྟེང་དུ་བཞུགས་པ། ༧ །གཙོ་བོའི་གཡོན་སྟེང་བྱང་སྟོད་གུ་རུ་བདུད་ཀྱི་གཤེད་ཆེན། སྐུ་མདོག་དམར་སྨུག་༧ལ་དཀར་བའི་མདངས་ཆགས་པ། ཁྲོ་ཞིང་གཏུམ་པའི་ཉམས་ཅན། ཟུར་ཞལ་གཡོན་དུ་གཟིག་པ་ཕྱག་གཡས་ལྕགས་ཀྱི་ཕུར་པ་ཁྲོ་ཞལ་ཅན་དཔལ་སོ་ཕྱིར་བསྟན་ནས་དཀུ་གཡས་ལ་བསྟེན་པ། གཡོན་ཕུར་པ་ཁྲོ་ཞལ་མེད་པ་བསྡིགས་མཛུབ་དང་བཅས་འདེབས་ཚུལ་གྱིས་འཛིན་པ། ན་བཟའ་ནང་དུ་གསང་གོས་དཀར་པོ། དེ་སྟེང་ཕོད་ཁ་ལྗང་གུ། ཤམས་ཐབས་དམར་ཆེན། ཆོས་གོས་དམར་སེར། དབུ་ལ་ཤ་བའི་སྙན་ཞུ། ཞབས་གཡོན་བརྐྱང་པའི་དོར་སྟབས་ཀྱིས་པད་ཉིའི་གདན་ལ་བཞེངས་པ། ༨ །གཙོ་བོའི་མདུན་གཡས་ཤར་སྨད་གུ་རུ་ཛཾ་གླིང་རྒྱན་མཆོག་སྐུ་མདོག་མཐིང་ནག་རལ་པ་དམར་སེར་གྱེན་དུ་བརྫེས་པ། ཐོད་སྐམ་རིགས་ལྔའི་དབུ་རྒྱན་རིན་པོ་ཆེའི་རྩེ་བྲན་ཅན། སྤྱན་གསུམ་སྡང་མིག་ཏུ་བགྲད་ཅིང་མཆེ་བ་བཞི་གཙིགས་པ། སྨར་སྨིན་དམར་སེར་རཀྟའི་ཐིག་ལེ་


JKT017_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཁྲོ་ཉམས་སྤྱི་འགྲེ། ཕྱག་གཡས་ནམ་མཁར་གདེངས་ཤིང་། གཡོན་སྟ་ཟུར་གྱི་ཐད་དུ་བརྐྱང་པ། གཉིས་ཀས་ལྕགས་ཕུར་ཁྲོ་ཞལ་མེད་པ་གསོར་བའི་ཚུལ་གྱིས་འཛིན་པ། ན་བཟའ་གསང་གོས་དཀར། བེར་ནང་མ་ལྗང་གུ་ལ་སྐུ་རེག་སྔོན་པོ་གསེར་མདངས་ཅན། བཅིངས་པའི་བར་དུ་ཕུར་པ་ཁྲོ་ཞལ་ཡོད་པ་དར་མཐིང་ཁྲའི་ཅོད་པན་བཙུགས་པ། སྐུ་སྟོད་གླང་ཀོ་དང་ཞིང་ལྤགས། སྐུ་སྨད་སྟག་ཤམ། སྦྲུལ་ཆུན། དེ་སྟེང་འཇོལ་བེར་མཐིང་ནག་གོང་སླག་གསེར་མདངས་ཅན་མནབས་ཤིང་མགོ་རློན་གྱི་ཕྲེང་བ། ཞབས་གཡོན་བརྐྱང་པའི་དོར་བསྟབས་ཀྱིས་པད་ཉིའི་སྟེང་ན་བཞེངས་པ། ༩ །གཙོ་བོའི་གཡས་སྟེང་ལྷོ་སྨད་པདྨ་འབྱུང་གནས་མཐིང་གསལ་རྡོར་དྲིལ་ཐུགས་ཀར་བསྣོལ་ནས་མཚོ་རྒྱལ་དཀར་མོ་ཕྱག་གཡས་རྡོ་རྗེ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། །གཡོན་པས་ཐོད་པ་བདུད་རྩི་དཀར་པོས་གང་བ་ཡབ་ལ་སྟོབས་པའི་ཚུལ་ཅན་དང་འཁྲིལ་བ། ཡབ་ཡུམ་གཉིས་ཀར་དར་དང་རིན་ཆེན་རུས་རྒྱན་སོགས་གུ་རུ་མཚན་བརྒྱད་ཀྱི་པདྨ་འབྱུང་གནས་ཇི་ལྟ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླར་བཞུགས་པ། ༡༠ །གཙོ་བོའི་སྟེང་གཡོན་ནུབ་སྨད་ཁྱད་པར་འཕགས་པའི་རིག་འཛིན་སྐུ་མདོག་དཀར་གསལ་དམར་མདངས་ཅུང་ཟད་ཆགས་པ། ཞི་


JKT017_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འཛུམ་ལ་སྤྱན་མིག་ཧུར་རེ་བ་ཅུང་ཁྲོ་ཉམས་ཅན། ཕྱག་གཡས་བརྐྱང་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལམ་སྟོན་པའི་ཚུལ་གྱིས་འཛིན་པ། གཡོན་སྟ་ཟུར་གྱི་ཐད་དུ་ཁ་ཊཾ་རྩེ་གསུམ་འཁར་བའི་ཚུལ་། གྱིས་བཙུགས་པ། ཞལ་ཟུར་ཞལ་གྱི་རྣམ་པ་ཅན་ནམ་སྟབས་གང་བདེ། ན་བཟའ་གསང་གོས་དཀར་པོ། བེར་ཆེན་སྔོ་ཁྲ། ཤམ་ཐབས་དམར་པོ། སྣམ་སྦྱར་དམར་སེར་རྣམས་བརྩེགས་ཏེ་གསོལ་བ། དབུ་ལ་ཤེ་འུའི་སྙན་ཞུ། ཞབས་གཉིས་མཆིལ་ལྷམ་འགགས་བཅད་གསོལ་ནས་པད་ཟླའི་གདན་ལ་གཤེགས་པའི་སྟབས་ཀྱིས་བཞེངས་པ། ༡༡ །གཙོ་བོའི་གཡོན་འོག་བྱང་སྨད་གུ་རུ་རྫུ་འཕྲུལ་མཐུ་ཆེན། སྐུ་མདོག་དམར་སྨུག །ཞལ་ཁྲོ་གཉེར་ཨཾ་གཙིགས་ཅན། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་གསོར་བ། གཡོན་ཕུར་བུ་གཟིར་བ། རབ་བྱུང་ཆ་ལུགས་མ་མགོ་ཕྲེང་དང་རུས་རྒྱན་འཕྱང་བ། ཞབས་གཉིས་སྟག་གི་གདན་ལ་དོར་སྟབས་ཀྱིས་འགྱིང་བ། དབུ་སྐྲ་སྣམ་འཁྱིལ་དང་། སྙན་ལ་དུང་གི་ཝང་མིག་སོགས་མདོར་ན་གུ་རུ་མཚན་བརྒྱད་ཀྱི་རྡོ་རྗེ་གྲོ་ལོད་ཇི་ལྟ་བའོ། ༡༢ ། གཙོ་བོའི་གཡས་འོག་ཤར་ལྷོར་གུ་རུ་རྡོ་རྗེ་དྲག་པོ་རྩལ། སྐུ་མདོག་དམར་པོ། གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་ནམ་མཁར་གསོར་ཞིང་། གཡོན་ལྕགས་སྡིག་མགོ་དགུ་གཟིར་བ། ན་བཟའ་


JKT017_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གླང་ཀོའི་སྟོད་གཡོགས། ཞིང་ལྤགས་རྐེད་དཀྲིས། སྟག་ཤམ། ཐོད་རློན་དོ་ཤལ། སྦྲུལ་རྒྱན་སོགས་དུར་ཁྲོད་ཀྱི་ཆས་བརྒྱད་དང་། ཐོད་སྐམ་དབུ་རྒྱན་སོགས་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་གཡོན་བརྐྱང་པའི་དོར་སྟབས་ཀྱིས་པད་ཟླ་ཉི་མ་རྒྱལ་འགོང་ཕོ་མོའི་སྟེང་ན་བཞེངས་པ། ཡུམ་མཐིང་ནག་ཐོད་སྐམ་གྱི་དོ་ཤལ་དང་། གཟིག་ཤམ་ཅན། གྲི་ཐོད་འཛིན་པས་འཁྱུད་པ། ཞབས་གཡོན་ཡབ་ཀྱི་རྐེད་ལ་འཁྲིལ་ཞིང་གཡས་བརྐྱང་པ། མདོར་ན་གུ་རུ་དྲག་པོ་ཡུམ་ཅན་སྤྱི་འགྲེ ༡༣ །གཙོ་བོའི་གཡས་སྟེང་ལྷོ་ནུབ་གུ་རུ་སྐལ་ལྡན་འདྲེན་མཛད་སྐུ་མདོག་མཐིང་ནག །གནོད་སྦྱིན་ཁྲོས་པའི་ཉམས་ཅན། ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་ལྔ་པ་དང་། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། གླང་ཀོའི་སྟོད་གཡོགས་སོགས་དུར་ཁྲོད་ཀྱི་ཆས་དང་། རྡོ་རྗེའི་གཤོག་པ་སོགས་དཔལ་གྱི་ཆས་ཡོངས་སུ་རྫོགས་པ། མདོར་ན་ཆ་ལུགས་བཀའ་བརྒྱད་ཀྱི་ཆེ་མཆོག་ཇི་ལྟ་བ་ཞབས་དོར་སྟབས་ཀྱིས་པད་ཉི་དྲེགས་པ་ཕོ་མོའི་གདན་ལ་བཞེངས་པ། ཡུམ་སྔོ་སྐྱ་གཡས་གྲི་གུག་གིས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་ཐོད་ཁྲག་ཡབ་ལ་སྟོབ་པ། སེ་རལ་ཁ་མ་གཏོགས་པའི་རུས་རྒྱན་ལྔ། ཞབས་གཡོན་ཡབ་ཀྱི་རྐེད་ལ་


JKT017_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིལ་ཞིང་། གཡོན་བརྐྱང་བ། ༡༤ །གཙོ་བོའི་གཡོན་སྟོད་ནུབ་བྱང་དུ་རཀྵ་ཐོད་ཕྲེང་སྐུ་མདོག་སྨུག་ནག་སྲིན་པོ་ཁྲོས་པའི་ཉམས་ཅན། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ། གཡོན་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཡུམ་མཐིང་སྐྱ་གྲི་ཐོད་འཛིན་པས་འཁྱུད་པ། ཡབ་ཀྱི་སྐུ་སྟོད་ལ་ཞིང་ལྤགས་ཀྱི་སྟོད་གཡོགས་དང་། སྟག་ཤམ་དབུ་སྐྲ་དམར་སེར་གྱེན་དུ་བརྗེས་ཤིང་ཐོད་སྐམ་དབུ་རྒྱན་༧ སོགས་རུས་པའི་རྒྱན་དྲུག །ཐོད་རློན་གྱི་སེ་རལ་ཁ། ཞབས་དོར་སྟབས་ཀྱིས་པད་ཉི་སྲིན་པོ་ཕོ་མོའི་གདན་ལ་བཞེངས་པ། ཡུམ་ལ་སེ་རལ་ཁ་མ་གཏོགས་པའི་རུས་རྒྱན་ལྔ། ཞིང་གི་སྟོད་གཡོགས། གཟིག་ཤམ། ཞབས་གཡོན་ཡབ་ཀྱི་རྐེད་ལ་འཁྲིལ་ཞིང་། གཡས་བརྐྱང་བ། ༡༥ །གཙོ་བོའི་གཡོན་འོག་བྱང་ཤར་གུ་རུ་བདེ་ཆེན་རྒྱལ་པོ་པདྨ་བཛྲ་སྐུ་མདོག་དམར་པོ་དྲང་སྲོང་ཁྲོས་པའི་ཉམས་ཅན། ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་བས་ཡུམ་ལ་འཁྱུད་པ། ཞི་ཆགས་ཅུང་ཟད་ཁྲོ་ཉམས་མཆེ་བའི་མྱུ་གུ་ཡིད་ཙམ་གཙིགས་པ། སྤྱན་གསུམ་པ། དབུ་སྐྲ་གནག་སྣུམ་ཐོར་ཅོག་རྩེར་ནོར་བུས་མཚན་ཅིང་དར་དམར་གྱིས་བཅིངས་པ། ཐོད་སྐམ་གྱི་དབུ་རྒྱན་རིན་པོ་ཆེའི་རྩེ་བྲན་ཅན་སོགས་རུས་པའི་རྒྱན་དྲུག །སྐུ་སྟོད་ལ་དར་ལྗང་གུའི་དར་དཔྱངས་ཀྱིས་སྟོད་གཡོགས་པའི་


JKT017_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དང་། སྐུ་སྨད་སྟག་ཤམ་བརླ་ཡི་སྟེང་དུ་ལྷོད་པོར་གྲོལ་བའི་ཚུལ་ཅན། ཞབས་གཡོན་ཅུང་ཟད་བརྐྱང་བའི་དོར་སྟབས་ཀྱིས་པད་ཉིའི་གདན་ལ་བཞེངས་པ། ཡུམ་དམར་སྐྱ་གྲི་ཐོད་འཛིན་པས་ཡབ་ལ་འཁྱུད་པ། རུས་པའི་སེ་རལ་ཁ་མ་གཏོགས་པའི་རྒྱན་ལྔ་དང་། ཐོད་སྐམ་གྱི་དོ་ཤལ། དབུ་སྐྲ་ནག་པོ་སིལ་བུ་གྲོལ་བ། གཟིག་ཤམ་ཅན། ཞབས་གཉིས་གཡོན་ཡབ་ཀྱི་རྐེད་ལ་འཁྲིལ་ཞིང་། གཡས་བརྐྱང་པ། རྩ་བའི་ལྷ་དེ་རྣམས་ཀྱི་ཕྱི་རོལ་གྲ་བཞིའི། ༡༦ །ཤར་དུ་རྡོ་རྗེ་དཔའ་བོ་སྐུ་མདོག་དཀར་པོ། ཕྱག་གཡས་རྡོ་རྗེའི་ཡུ་བ་བྱས་པའི་གྲི་གུག་ནམ་མཁར་གདེངས་ཤིང་། གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། རང་འདྲའི་ཡུམ་གྲི་ཐོད་འཛིན་པས་འཁྱུད་པ། གཉིས་ཀའང་ཞི་ཞིང་འཛུམ་པའི་ཉམས་ཅན། ༡༧ །ལྷོ་རུ་རིན་ཆེན་དཔའ་བོ་སྐུ་མདོག་སེར་པོ་གཡས་ནོར་བུས་ཡུ་བ་བྱས་པའི་གྲི་གུག །གཡོན་ཐོད་ཁྲག །རང་འདྲའི་ཡུམ་དང་འཁྲིལ་བ། གཉིས་ཀའང་སྐུ་ཤ་རྒྱས་ཤིང་སྒེག་པའི་ཉམས་ཅན། ༡༨ །ནུབ་ཏུ་པདྨ་དཔའ་བོ་སྐུ་མདོག་དམར་པོ། །གཡས་པདྨ་དམར་པོས་ཡུ་བ་བྱས་པའི་གྲི་གུག །གཡོན་ཐོད་ཁྲག །རང་འདྲའི་ཡུམ་དང་འཁྲིལ་བ་གཉིས་ཀ་ཤིན་ཏུ་ཆགས་པའི་ཉམས་ཅན། ༡༩ །བྱང་དུ་ལས་ཀྱི་དཔའ་བོ་སྐུ་མདོག་ལྗང་གུ།


JKT017_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སྣ་ཚོགས་རྡོ་རྗེས་ཡུ་བ་བྱས་པའི་གྲི་གུག །གཡོན་ཐོད་ཁྲག །རང་འདྲའི་ཡུམ་དང་འཁྲིལ་བ། གཉིས་ཀ་ཁྲོས་པའི་ཉམས་ཅན། དེ་ལྟ་བུའི་དཔའ་བོ་རིགས་བཞི་ཐམས་ཅད་ཀྱང་དབུ་སྐྲ་ཐོར་ཅོག་ནོར་བུས་མཚན་ཅིང་གསེར་གྱི་འཁྱུད་མོས་བསྡམས་པ། ཐོད་སྐམ་གྱི་དབུ་རྒྱན་རིན་པོ་ཆེའི་རྩེ་བྲན་ཅན་སོགས་ཡབ་རྣམས་ལ་རུས་པའི་རྒྱན་དྲུག་དང་། ཡུམ་རྣམས་ལ་རུས་པའི་རྒྱན་ལྔ་རིན་པོ་ཆེའི་ཕྲས་བཏབ་པས་མཛེས་པ། དར་མཐིང་ཁྲའི་ཟི་ལྡིར། དར་དཔྱངས་ལྗང་གུ། སྟོད་གཡོགས་སྐུ་ཡི་ཚོན་དང་མ་ཟློས་པའི་ཅི་མཛེས། སྐུ་སྨད་ལ་འཇའ་དཀྲིས། ཡབ་རྣམས་ལ་སྟག་ཤམ། ཡུམ་རྣམས་ལ་གཟིག་ཤམ། ཡབ་རྣམས་ཞབས་གཡོན་ཅུང་ཟད་བརྐྱང་བའི་དོར་སྟབས། ཡུམ་རྣམས་གཡོན་ཡབ་ཀྱི་རྐེད་ལ་འཁྲིལ་བ། གཡས་བརྐྱང་པ་རྣམས་ཏེ་རྩ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་སོ། །ཞར་བྱུང་ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞིའི་ལྷ་མགྲོན་ལ། ༢༠ །ཐུགས་རྗེ་ཆེན་པོའི་གཡས་སུ་སྒྲོལ་ལྗང་སྤྱི་འགྲེ། ༢༡ །ཚེ་དཔག་གཡས་སུ་མི་གཡོ་བ་སྐུ་མདོག་དཀར་པོ་ཁྲོ་ཞིང་བརྗིད་པའི་ཉམས་ཅན་ཞལ་ཨོཾ་གཙིགས་བསྡམས་པ། སྐྲ་དམར་སེར་གྱེན་དུ་བརྗེ་ས་པ་ཅུང་ཟད་འཁྱིལ་བའི་རྣམ་པ་སྦྲུལ་དཀར་ཁྲས་བཅིངས་པ། ཕྱག་གཡས་རལ་གྲི་མེ་འབར་བ་འཕྱར་སྟབས།


JKT017_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པས་ཞགས་པ་སྣེ་མོ་གཅིག་རྡོ་རྗེ་དང་། གཅིག་ཏུ་ཨ་ལོང་དང་ལྕགས་ཀྱུས་མཚན་པའི་སྣེ་ཕྲག་པ་གཡོན་པའི་གོང་དུ་ལྡིང་བ། དར་ལྗང་གུའི་དར་དཔྱངས་། མགུལ་དུ་སྦྲུལ་སེར་ཁྲའི་ཆུན་པོ་དང་། རིན་པོ་ཆེའི་དོ་ཤལ། ཕྱག་ཞབས་ལ་སྦྲུལ་དང་གསེར་ལས་བྱས་པའི་གདུ་བུ། སྐུ་སྨད་སྟག་ཤམ། ཞབས་གཡས་ཅུང་ཟད་བརྐྱང་པའི་དོར་སྟབས་ཀྱིས་པད་ཉི་འཆི་བདག་གི་བདུད་ནག་པོ་དང་བཅས་པའི་སྟེང་དུ་བཞེངས་པ། ༢༢ །ཚེ་དཔག་གཡོན་ཏུ་ཕྱག་རྡོར་སྐུ་མདོག་མཐིང་ནག་གནོད་སྦྱིན་ཁྲོས་པའི་ཉམས་ཅན། སྤྱན་གསུམ་ཞལ་བགྲད་མཆེ་བ་བཞི་གཙིགས་པ། དབུ་སྐྲ་དང་སྨར་སྨིན་དམར་སེར། ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་ལྔ་ནམ་མཁར་གསོར་བ། གཡོན་ཐུགས་ཀར་སྡིགས་མཛུབ་བསྒྲེང་བའི་མཛུབ་མོའི་རྩེ་ལས་མེ་དུད་ཀྱི་ཞགས་པ་འཕྲོ་བའི་རྩེར་སྙན་གཡོན་པའི་ཐད་ཙམ་དུ་བྱ་ཁྱུང་ནག་པོ་ལྡིང་བའི་རྣམ་པ་ཅན། དར་སྔོན་པོའི་སྟོད་གཡོགས། སྟག་ཤམ། ཕྱག་ཞབས་དང་མགུལ་སོགས་སྦྲུལ་བརྒྱད་ཀྱིས་བརྒྱན་པ། ཐོད་སྐམ་དབུ་རྒྱན། ཐོད་རློན་དོ་ཤལ། ཞབས་གཡོན་བརྐྱང་པའི་དོར་སྟབས་ཀྱིས་པདྨ་དང་ཉི་མ་དང་། བདུད་དཀར་སེར་དམར་ནག་བཞི་གཡས་གཡོན་ཏུ་གཉིས་ཏེ་བསྣོལ་བའི་སྟེང་དུ་བཞེངས་


JKT017_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

པ། ༢༣ །ཐུགས་རྗེ་ཆེན་པོའི་གཡོན་ཏུ་སྨེ་བ་བརྩེགས་པ། སྐུ་མདོག་མཐིང་ནག་སྲིན་པོ་ཁྲོས་པའི་ཉམས་ཅན། ཞལ་གདངས་ལྗགས་འདྲིལ་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་པ། དབུ་སྐྲ་ཁམས་ནག་གྱེན་བརྫེས་སྦལ་གྱིས་བཅིངས་ཤིང་རྩེར་རྡོ་རྗེ་ཕྱེད་པས་མཚན་པ། ཐོད་སྐམ་ལྔའི་དབུ་རྒྱན་རིན་པོ་ཆེའི་རྩེ་བྲན་ཅན་ལ་གཤམས་རྡོ་རྗེའི་ཕྲེང་བ་འཁྱད་མོའི་ཚུལ་གྱིས་བསམས་པ་བདེ་མཆོག་གི ། ༧གི་དབུ་རྒྱན་ལྟ་བུ་སོགས་རུས་པའི་རྒྱན་དྲུག་ལ་རིན་པོ་ཆེའི་ཕྲས་བཏབ་པ། གླང་ཀོ་སོགས་དུར་ཁྲོད་ཀྱི་ཆས་བརྒྱད་དང་། རིང་ཐུང་ཐོད་རློན་གྱི་དོ་ཤལ་དང་མཚུངས་པའི་རྡོ་རྗེ་སྔོ་སྐྱའི་ཕྲེང་བ། ཞབས་གཡོན་བརྐྱངས་པའི་དོར་སྟབས་ཀྱིས་པད་ཉིའི་གདན་ལ་བཞེངས་པའོ། །བླ་བརྒྱུད་ལ། ༢༤ །སྟེང་གི་མི་གཡོ་བའི་གཡས་སུ་ཁྲི་སྲོང་བོད་ཆོས་རྒྱལ་གྱི་ཆས་ཅན་ཡོངས་གྲགས་ལ། ཕྱག་མཉམ་༧གཞག་སྟེང་གསེར་འཁོར་འཛིན་པ། ༢༥ །དེའི་འོག་ཏུ་ལྷ་སྲས་རོལ་པ་རྩལ། ཆོས་རྒྱལ་ཆས་སྤྱི་ལྟར་ལ། ཕྱག་གཡས་བུས་སྟེང་མཆོག་སྦྱིན་ཚུལ་དང་། གཡོན་མཉམ་གཞག་སྟེང་ནོར་བུ་བསྣམས་པ། ༢༦ །ཕྱག་རྡོར་གཡོན་ཏུ། མཚོ་རྒྱལ་བོད་མོའི་ཆས་ཅན་ཡོངས་གྲགས་ལྟར་ལ་ཕྱག་གཡས་བསྙེན་ཕུར་པུས་མོའི་སྟེང་དུ་བསྡིགས་ཤིང་། གཡོན་མཉམ་གཞག་སྟེང་དཔེ་ཚེམ་བསྣམས་པ།


JKT017_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

༢༧ །དེའི་འོག་ཏུ་གཏེར་སྟོན་མཆོག་གྱུར་བདེ་ཆེན་གླིང་པ། སྐུ་དཀར་ལ་དམར་སྨུག་གི་མདངས་ཅན། སྤྱན་གཉིས་ཧུར་རེ་གཟིགས་པ། ཕྱག་གཡས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་དང་། གཡོན་མཉམ་གཞག་སྟེང་གཏེར་སྒྲོམ་རིན་པོ་ཆེའི་ཟ་མ་ཏོག་ལྟ་བུ་འཛིན་པ། དབུ་སྐྲ་རལ་པ་སིལ་བུ། དབུ་ཞྭ་དེང་སང་ཡོངས་གྲགས་སྨིན་གླིང་གངས་ཞུའི་རྣམ་པ་ལ། རྒྱུ་གོས་ཆེན་དམར་ཆེན་ནོར་བུ་ཆ་བདུན་གསེར་མ་ལས་གྲུབ་ཅིང་། ཁ་འདྲིལ་སྔོ་ནག་སྤྲིན་རིས་ཅན་གྱིས་བྱས་པ། ན་བཟའ་ནང་དུ་གསང་གོས་དཀར་པོ། སྐུ་འགགས་ལྗང་ཁྲ། སྐུ་ཤམ་དཀར་པོ། སྐུ་ཆིངས་ལྗང་སེར། སྐུ་སྐེད་དུ་ཕུར་པ་ཁྲོ་ཞལ་ཅན་མཐིང་ཁྲའི་ཅོད་པན་ཅན་གཟིར་བ། སྐུ་གཟན་མོན་ཁ། དེ་སྟེང་ཟབ་བེར་དམར་སྨུག་སྤྲིན་ཁྲ་ཅན། ཞབས་ལ་སག་ལྷམ་འཇའ་ཅན་མནབས་ཤིང་གཡས་ཅུང་ཟད་བརྐྱང་པའི་ཕྱེད་སྐྱིལ་གྱིས་བཞུགས་པ། ཆོས་རྒྱལ་སོགས་བླ་བརྒྱུད་བཞི་པོའི་གདན་ཐམས་ཅད་དར་འབོལ་བཀོད་པ་ཅི་མཛེས་སུ་བྲི། ཆོས་སྐྱོང་སྐོར་ལ། ༢༨ །འོག་གི་དབུས་སུ་ལ་ཕྱི་ཆུ་བར་གྱི་གངས་རི་བྲིས་རྒྱུན་གྱི་དཔེ་དམིགས་བསལ་རྙེད་ན་དང་། གང་ལྟར་ཡང་གངས་རི་བཀོད་མཛེས་ཀྱི་མགུལ་དུ་སྤྲིན་དང་ན་བུན་འཁྲིགས་པ། འོག་གི་ཆར་སྤངས་ལྗོངས་དང་སྐྱེད་ཚལ་སོགས་བཀོད་པ་


JKT017_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་མཛེས་ཤིང་ཉམས་དགའ་བའི་དབུས་སུ། བྲི་བཀོད་བདེ་ན་དར་དཀར་གྱི་ལྡིང་གུར་རླུང་བསྐྱོད་ཀྱི་རྣམ་པའི་དབུས་ཀྱི་ཆར། གདན་པད་དཀར་དང་ཟླ་བའི་སྟེང་དུ་སེང་གེ་དཀར་མོ་དྲེགས་ཤིང་རྒྱགས་པ་འགྱིང་སྟབས་སུ་གནས་པ། དེའི་སྟེང་དུ་གཙོ་མོ་བཀྲ་ཤིས་ཚེ་རིང་མ་སྐུ་མདོག་དཀར་རྐྱང་ཞི་ཞིང་འཛུམ་ལ། དབུ་སྐྲ་ཐོར་ཚུགས་དུང་དཀར་གཡས་འཁྱིལ་གྱིས་མཚན་པ། སྐྲ་མཚམས་སུ་ཚརིན་པོ་ཆེའི་པྲོག་ཞུ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང་བཅས་མདའ་དར་སྣ་ལྔ་དུང་ཤཱ་མེ་ལོང་གིས་མཚན་པ་གཡོབ་པའི་ཚུལ་ཅན། གཡོན་པས་གསེར་གྱི་བུམ་པ། ནོར་བུ། དཔལ་བེ།་གཡུང་དྲུང་འཁྱིལ་བ་གསུམ་གྱིས་ཁ་བརྒྱན་པ་ཐུགས་ཀར་བསྣམས་པ། ན་བཟའ་ནང་དུ་གསང་གོས་ལྗང་གུ། དེ་སྟེང་བེར་དམར་པོ་སྐེ་རགས་ལྗང་སེར་གྱིས་བཅིངས་པ། དེ་སྟེང་བེར་དཀར་པོ་ལྷུབ་གྱོན། ཕྱག་ཞབས་སུ་གསེར་གྱི་གདུ་བུ་དང་སྙན་རྒྱན། མགུལ་དུ་རིན་པོ་ཆེའི་ཕྲས་བཏབ་པའི་མགུལ་རྒྱན་དང་དོ་ཤལ་ཞབས་རྗེན་གཡོན་ཅུང་ཟད་བརྐྱང་པའི་ཕྱེད་སྐྱིལ་བཙུན་མོ་རོལ་སྟབས་ཀྱིས་བཞུགས་པ། ༢༩ །དེའི་མདུན་གཡས་སུ་ཤར་མཐིང་གི་ཞལ་བཟང་སྐུ་མདོག་མཐིང་གསལ། ཕྱག་གཡོན་དངུལ་དཀར་མེ་ལོང་ཐུགས་ཀར་བསྣམས་པ། རྐྱང་བུ་ཁ་དཀར་ལ་ཆིབས་ཤིང་། དབུ་སྐྲ་


JKT017_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཐོར་ཅོག་མུ་མེད་གྱི་ཐོར་ཚུགས་ཅན། ༣༠ །སྟེང་གཡས་མི་གཡོ་གླང་བཟང་སེར་མོ། གཡོན་གསེར་གྱི་པད་གཞོང་ཤིང་ཏོག་དང་ཁ་ཟས་སྣ་ཚོགས་ཀྱིས་གང་བ་ཐུགས་ཀར་བསྣམས་པ། །སྟག་མོ་གྲུས་མ་ལ་ཆིབས་ཤིང་། གསེར་གྱི་ཐོར་ཚུགས་ཅན། ་༣༡ །སྟེང་གཡོན་ནུབ་ཅོད་པན་མགྲིན་བཟང་སྐུ་མདོག་དམར་གསལ། གཡོན་ནེའུ་ལེ་ནོར་བུ་སྐྱུགས་པ་དཀུར་བརྟེན་ནས་འཛིན་པ། ཤ་བ་ཡུ་མོ་ལ་ཆིབས་ཤིང་། བྱེ་རུའི་ཐོར་ཚུགས་ཅན། ༣༢ །འོག་གཡོན་བྱང་ཏལ་དཀར་འགྲོ་བཟང་ལྗང་གསལ། གཡོན་རྩྭ་དུར་བའི་ཆུན་པོ་ཐུགས་ཀར་བསྣམས་པ། གཡུ་འབྲུག་སྔོན་མོ་ལ་ཆིབས་ཤིང་། བཻཌཱུརྱའི་ཐོར་ཚུགས་ཅན། དེ་ཐམས་ཅད་ཀྱང་ཕྱག་གཡས་པས་མདའ་དར་གཡབ་པའི་ཚུལ་གྱིས་འཛིན་པ། ན་བཟའ་དང་། རྒྱན་ཆ་མ་གཞི་གཙོ་མོ་དང་འདྲ་བ་ལ། ཁ་དོག་སྐུ་མདོག་དང་མ་འདྲེས་པའི་ཚོན་མདངས་གང་མཛེས་སུ་བྲིའོ། ༣༣ །གཡས་ཀྱི་འཁོར་གཉིས་ཀྱི་བར་གྱི་ཐད་ཀར། ཚེ་རིང་མའི་སྦས་པའི་ཡབ་ཚོགས་བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། །ཕྱག་གཡས་ལ་ཕུག་ལོ་མ་དང་བཅས་པ་ཞལ་གྱི་ཐད་དུ་ཉེ་བར་འཛིན་ཅིང་གཡོན་ནོར་བུ་སྐྱུགས་པའི་ནེའུ་ལེ་དཀུ་གཡོན་པར་བརྟེན་པ། རིན་པོ་ཆེའི་མགུལ་རྒྱན། ཕྱག་ཞབས་གསེར་གདུབ། སྐུ་སྟོད་


JKT017_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དར་དཔྱངས་ལྗང་གུ། སྐུ་སྨད་ལ་དར་དམར་ཤམ་ཐབས། ཞབས་ཕྱེད་སྐྱིལ་གྱིས་པད་ཟླར་བཞུགས་པ། ༣༤ །གཡོན་དུ་གཏེར་སྲུང་ཁ་རག་ཁྱུང་བཙུན་མ། སྐུ་མདོག་དམར་སེར་སྒེག་ཅིང་ཆགས་པའི་ཉམས་ཅན། གཡས་སྙན་གྱི་ཐད་ཀར་ཐོད་པའི་ཌ་རུ་འཁྲོལ་བ། གཡོན་ཐུགས་ཀར་དངུལ་གྱི་མེ་ལོང་བསྣམས་པ། རྒྱན་ཆ་ལུགས་ཚེ་རིང་མ་ལྟར་ལ། ཁྱུང་ཆེན་ལྡིང་བའི་ཚུལ་ལ་ཞོན་པའོ། །ཚེ་རིང་མའི་མདུན་འོག་གི་ཆར་བཀྲ་ཤིས་རྫས་བརྒྱད། རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་སོགས། ས་མཐོང་ཆེ་ཆུང་དང་བསྟུན་པའི་བཀོད་མཛེས་སུ་བྲིའོ། །སྤྱིར་ཞི་བ་རྣམས་ལ་འཇའ་འོད་དང་དབུ་གོར། ཁྲོ་བོ་རྣམས་ལ་མེ་རི། གྲོ་ལོད་ལ་མེ་དུད། ཞི་མ་ཁྲོའི་ཉམས་ཅན་རྣམས་ལ་མེ་རི་པ་ཏྲ་ཕྱག་མཚན་རིགས་རྣམས་ཚོན་རྫོགས་མ་མ་གཏོགས་གསེར་གྱི་ཐོག་བཞག་འོད་ཀོར་དང་འདྲེས་འགྲོ་བ་དེ་འདྲ་མི་བྱེད། དབུ་གོར་དང་རྒྱབ་འཇའ་སོགས་འཇའ་འོད་དྭངས་གསལ་མ་གཏོགས་ཚོན་ཆེན་ལེབ་བཞག་མི་ལེགས། མདོར་ན་རྒྱུད་དང་མན་ངག་ཚད་ལྡན་གྱི་རྗེས་སུ་འབྲང་བའི་།ཐིག་དང་ཕྱག་ཚད་མ་འཁྲུལ་པ་གཞིར་བཞག་སྟེ། བྱེ་བྲག་ཞི་བ་རྣམས་སྒར་བྲིས་ཀྱི་ལུགས་སྐུ་དྭངས་ལ་མ་རྟོགས་པ། གོས་རིས་དང་བཅད་མདངས་སོགས་ཀྱི་མང་ཉུང་མཚམས་ཤིང་རྒྱན་ཆ་སོགས་


JKT017_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་འཛིང་པའི་བཀོད་ལེགས་དང་། ཁྲོ་བོ་རྣམས་གཙོ་བོར་རྣམ་འགྱུར་སོགས་སྨན་བྲིས་རྙིང་མ་གཞིར་བཞག་ལ་སྒར་བྲིས་ཀྱིས་མཛེས་ཆ་བཏོན་པ། སྟེང་གི་ནམ་མཁར་སྤྲིན་ཁྲ་ཤིན་ཏུ་དྭངས་ཉམས་ཅན། བར་གྱི་ཆར་སྤང་ལྗོངས་གཞི་སེར་དུ་མ་སོང་བའི་དབྱར་ཉམས་ཆགས་པ། འོག་གི་ཆར་རི་དང་། ཆུ་དང་། མེ་ཏོག་དང་། སྐྱེད་ཚལ་སོགས་ཀྱང་ཟིང་ཟིང་མ་ཡིན་པའི་བཀོད་ལེགས་ཡིད་ཆགས་ཤིང་མཛེས་པར་བྲིའོ། །དེ་ལྟར་ལེགས་པར་གྲུབ་ནས་གོང་གཤམ་ཞལ་ཁེབས་སོགས་བཀོད་མཛེས་སུ་སྦྱར། རྒྱབ་ཏུ་གནས་ཡིག་དང་སྙིང་པོས་མཚོན་པ་བྲིས་ཏེ་ཡར་ངོའི་ཚེས་བཅུ་ལྟ་བུའི་དུས་ཚེས་དགེ་བར་ཟབ་མོ་ཐུགས་ཀྱི་སྒྲུབ་པའི་ཕྲིན་ལས་དང་འབྲེལ་བར་རབ་ཏུ་གནས་པས། མངའ་གསོལ་བའི་བྲིས་སྐུ་ཉིད་གང་དུ་བཞུགས་པའི་ས་ཕྱོགས་ཀུན་ཏུ་ཨོ་རྒྱན་རིན་པོ་ཆེའི་ཐུགས་རྗེའི་བྱིན་རླབས་ལྷག་པར་འཇུག་པས་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་ཞི་ཞིང་། ཕན་བདེའི་འདོད་རྒུ་ལྷུན་གྱིས་གྲུབ་པར་སྤྱི་དང་བྱེ་བྲག་གི་ལུང་ལས་གསལ་བའི་ཕྱིར། དད་འབྱོར་དང་ལྡན་པ་རྣམས་ཀྱིས་བསམ་སྦྱོར་རྣམ་པར་དག་པས་བསྒྲུབས་ན་འདི་ཕྱིའི་དགེ་ལེགས་མཆོག་ཏུ་རྒྱས་པར་འགྱུར་རོ། །ཞེས་པའང་ཟབ་གཏེར་ལས་བྱུང་ཞལ་གདམས་ཡན་ལག་དང་བཅས་པ་གཞིར་བཞག །


JKT017_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དེར་མི་གསལ་བ་རྣམས་བྲིས་རྒྱུན་ཚད་ལྡན་གྱི་རྗེས་སུ་འབྲངས་ཏེ་མཉྫགྷོ་ཥས་ཟིན་བྲིས་སུ་བསྟར་བ། སརྦ་དཱ་ཤེ་ཡོ་བྷ་བ་ཏུ།། ༈ །།སྒྲོལ་དཀར་ཡབ་ཡུམ་མངོན་རྟོགས་བཀོད་ཡིག་དགེ། ཨོཾ་སྭ་སྟི་སིདྡྷཾ། འཆི་མེད་འཕགས་མའི་ཐུགས་ཏིག་གི་དཀྱིལ་འཁོར་གྱི་གཙོ་མོ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཡབ་ཡུམ་གྱི་སྐུ་བཞེངས་རྒྱུར། མ་གཞི་ལྷ་བཟོ་ནས་ཐིག་ཞིབ་པར་བཏབ་སྟེ་དཔེའུ་རིས་ལེགས་པར་བྲིས་པ་འདི་ཀ་སོར་བཞག་གི་ཆ་ཚད་ལྡན་ངེས་དགོས་པས་གཙོ་བོར་དཔེའུ་རིས་ལ་ཞིབ་དཔྱད་གལ་ཆེ་ཞིང་། འདིར་ཡང་མངོན་རྟོགས་མདོར་བསྡུས་བཀོད་ན། ཡུམ་སྒྲོལ་མ་དཀར་མོ་ཞལ་གཅིག །ཕྱག་གཉིས་མ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་བརྐྱང་པ། གཡོན་ཐུགས་ཀའི་ཐད་ཙམ་དུ་མཐེ་བོང་དང་སྲིན་ལག་རྩེ་སྦྱར། སོར་མོ་ལྷག་མ་གསུམ་བསྒྲེང་བ་དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་མེ་ཏོག་ཨུཏྤལ་ལའི་ཡུ་བ་བཟུང་བ། འདབ་མ་རིམ་པར་རྒྱས་པ། མེ་ཏོག་སྙན་གཡོན་པའི་ཐད་ཀ་རང་དུ་ཁ་བྱེ་བ། དེའང་དུས་གསུམ་གྱི་སངས་རྒྱས་མཚོན་པའི་བརྡར་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་གྱེས་པའི་དབུས་ཀྱི་མེ་ཏོག་ཁ་བྱེ་ཞིང་རབ་ཏུ་རྒྱས་པའི་ཟེའུ་འབྲུར་ཚེ་བུམ་བཀོད་པ་གང་མཛེས་སྒྲོས་ལེགས་ཅན་གྱིས་མཚན་པ། །གཡས་ཀྱི་མེ་ཏོག་འདབ་མ་


JKT017_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་འབྲས་བུ་ཁོ་ན། གཡོན་གྱི་མེ་ཏོག་ཁ་མ་བྱེ་བ་གོང་བུའི་ཚུལ་དུ་ཡོད་པ། ཞི་ཞིང་འཛུམ་ལ་ཅུང་ཟད་ཆགས་པའི་ཉམས་ཅན་དབུ་ལ་སྤྱན་གསུམ་དང་། ཕྱག་ཞབས་ཀྱི་མཐིལ་ན་སྤྱན་རེ་རེ་སྟེ་ཞི་བའི་སྤྱན་བདུན་མངའ་བ། དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེར་ནོར་བུས་མཚན་ཅིང་། ལྷག་མ་རྒྱབ་ཏུ་གྲོལ་བ། དར་གྱི་སྟོད་གཡོགས་དང་། སྨད་གཡོགས་ཅན། རིན་པོ་ཆེའི་དབུ་རྒྱན་༡། སྙན་རྒྱན་༢། མགུལ་རྒྱན་༣། དོ་ཤལ་རིང་བ་། ཐུང་བ་།། སྐ་རགས་པ། ཕྱག་གདུབ་སྟེ་མཁྲིག་མའི་གདུ་བུ་དང་དཔུང་བའི་གདུ་བུ་༧སོ་སོ། །ཞབས་གདུབ་རསྟེ་རིན་པོ་ཆེའི་རྒྱན་བརྒྱད་ཚང་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་། གདན་པདྨ་ཟླ་བ། དེའི་པང་དུ་ཡབ་པདྨ་གར་གྱི་དབང་ཕྱུག །ཕྱག་གཡས་ཆུ་སྐྱེས་པདྨ་འདབ་མ་རྒྱས་པ་བསྣམས་པས་ཡུམ་གྱི་མགུལ་ནས་འཁྱུད་པ། གཡོན་ཚེ་བུམ་བསྣམས་པ། སྐུ་ཚུགས་མ་གཞི་ཞི་བ་ལ་ཅུང་ཟད་ཁྲོ་ཆགས་ཀྱི་ཉམས་ཡོད་པ། དབུ་ལ་སྤྱན་གསུམ་ཆགས་ཉམས་ཅན། ཞབས་གཉིས་ཡུམ་གྱི་སྐེད་པ་ནས་འཁྲིལ་ཏེ་སྐུ་རྒྱབ་ཏུ་ལོང་བུ་གཉིས་བསྣོལ་བ་པདྨའི་བཞུགས་སྟངས་ཀྱིས་འཁྱུད་པ། དར་དང་རིན་པོ་ཆེའི་རྒྱན་སྔར་སྨོས་པ་ལྟར་ཆ་ཚང་། ཡབ་ཡུམ་གཉིས་ཞལ་དངོས་སུ་སྦྱོར་བ་མ་དཔེ་ལྟར་ལས་མཐོ་དམན་མེད་པ་


JKT017_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སྐུ་ཚུགས་གང་ལེགས་དང་བྲད་བརྡར་སེས་ལུགས་སོགས་གང་ཅིར་རྒྱ་ནག་མ་དང་མཚུངས་པ་ཞིག་གལ་ཆེ་བས་ཐུགས་ལ་གཞུག་པར་ཞུ།། ༈ །།ཨོཾ་སྭ་སྟི། ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་འམ་ པདྨ་རྒྱལ་པོ་གཙོ་འཁོར་ཡོངས་རྫོགས་ཀྱི་ཞལ་ཐང་བཀོད་ཡིག་ནི། དབུས་སུ་གཙོ་བོ་པདྨ་རྒྱལ་པོ་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་བཞི། འཛུམ་ཞིང་ཆགས་ལ་ཁྲོ་བའི་ཉམས་ཅན། ཕྱག་དང་པོར་གཉིས་ཐུགས་ཀར་ཐལ་མོ་སྦྱར་བས་རྡོ་རྗེ་དམར་པོ་རྩེ་ལྔ་པ་བསྣམས་པ། གཡས་འོག་མས་མུ་ཏིག་དམར་པོའི་ཕྲེང་བ་དང་། གཡོན་འོག་མས་ཨུཏྤལ་དམར་པོ་འཛིན་པ། ཡུམ་གསང་ཡེ་དམར་མོ་གཡས་ཌཱ་མ་རུ་དང་གཡོན་ཐོད་ཆང་བསྣམས་པས་འཁྲིལ་བ། གཉིས་ཀའང་དར་དང་རིན་ཆེན་རུས་པ་མེ་ཏོག་གིས་བརྒྱན་པ། ཡབ་རྡོ་རྗེ་དང་ཡུམ་པདྨའི་སྐྱིལ་མོ་ཀྲུང་གིས་སྣ་ཚོགས་པདྨ་ཉི་ཟླའི་གདན་ལ་བཞུགས་ཤིང་འོད་ཟེར་དམར་པོ་འཕྲོ་བ། དེའི་སྟེང་རིགས་ལྔའི་སྤྱི་བོར་པདྨ་ཉི་ཟླའི་གདན་ལ་བླ་མ་པདྨ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་རྡོར་དྲིལ་ཐུགས་ཀར་བསྣོལ་བས་ཡུམ་དམར་སྐྱ་པདྨ་དྲིལ་བུ་འཛིན་མ་ལ་འཁྱུད་པ། རྒྱན་དང་བཞུགས་སྟངས་གཙོ་བོ་ལྟར། འཇའ་འོད་ཐིག་ལེའི་ཀློང་ན་བཞུགས་པ། གཙོ་བོའི་གཡས་སུ་སྲས། གཡོན་དུ་སྲས་མོ། གཉིས་ཀ་སྐུ་མདོག་དམར་གསལ་


JKT017_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ཞིང་འཛུམ་ཉམས་ཅན། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་སྦྱར་སྲས་ཀྱིས་ནོར་བུ་འཛིན་པ། ཕྱག་འོག་མ་གཉིས་གཙོ་བོ་དང་འདྲ། དར་དང་རིན་ཆེན་མེ་ཏོག་གི་རྒྱན། རུས་རྒྱན་མེད། ཞབས་སེམས་སྐྱིལ་གྱིས་པད་ཟླར་གཙོ་བོ་ལ་འདུད་ཚུལ་གྱིས་བཞུགས་པ། གཙོ་བོའི་སྟེང་གི་དབུས་སུ་རྣམ་སྣང་དཀར་པོ་གཡས་འཁོར་ལོ། །གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ། ཡུམ་སྤྱན་མ་དཀར་མོ་གཡས་འཁོར་ལོས་ཡུ་བ་བྱས་པའི་དྲིལ་བུ། གཡོན་འཁོར་ལོ། ཡབ་ཡུམ་ཞལ་སྦྱོར་གྱི་བཞུགས་པའི་གདན་གླང་པོ་ཆེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ། ཉི་མ། ཟླ་བ། དེའི་གཡས་ཟུར་དུ་རྡོར་སེམས་མཐིང་ག་གཡས་རྡོ་རྗེ། གཡོན་རྡོ་རྗེས་ཡུ་བ་བྱས་པའི་དྲིལ་བུ། ཡུམ་སྙེམས་མ་མཐིང་སྐྱ་གཡས་རྡོ་རྗེས་ཡུ་བ་བྱས་པའི་དྲིལ་བུ། གཡོན་རྡོ་རྗེ། གདན་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི། པད། ཉི། ཟླ། དེའི་སྟེང་དུ་རིན་འབྱུང་སེར་པོ་གཡས་རིན་པོ་ཆེ། གཡོན་རིན་པོ་ཆེས་ཡུ་བ་བྱས་པའི་དྲིལ་བུ། ཡུམ་མཱ་ཀི་སེར་སྐྱ་གཡས་རིན་པོ་ཆེས་ཡུ་བ་བྱས་པའི་དྲིལ་བུ། གཡོན་རིན་པོ་ཆེ། གདན་རྟ་མཆོག་གིས་བཏེག་པའི་རིན་པོ་ཆེའི་ཁྲི། པད། ཉི། ཟླ། གཡོན་ཟུར་སྟེང་དུ་སྣང་བ་མཐའ་ཡས་དམར་པོ་གཡས་པདྨ། གཡོན་དེས་ཡུ་བ་


JKT017_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་དྲིལ་བུ། ཡུམ་གོས་དཀར་མོ་དམར་སྐྱ་གཡས་པདྨས་ཡུ་བ་བྱས་པའི་དྲིལ་བུ། གཡོན་པདྨ། གདན་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི། པད། ཉི། ཟླ། གཡོན་ཟུར་འོག་ཏུ་དོན་གྲུབ་ལྗང་གུ་གཡས་རྡོ་རྗེ་རྒྱ་གྲམ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ། ཡུམ་དམ་ཚིག་སྒྲོལ་མ་ལྗང་སྐྱ་གཡས་རྒྱ་གྲམ་གྱི་ཡུ་བ་བྱས་པའི་དྲིལ་བུ། གཡོན་རྒྱ་གྲམ། གདན་མཁའ་ལྡིང་སྟེ་ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི། པད། ཉི། ཟླ། དེའང་ཡབ་རྣམས་ཕྱག་གཡས་ཐུགས་ཀར་གཏོད་ཅིང་། གཡོན་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། ཡུམ་རྣམས་གཡས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་ཕྱག་མཚན་ཡབ་ཀྱི་སྙན་གྱི་ཐད་དུ་གཏོད་པ། ཡབ་རྣམས་རྡོ་རྗེའི་སྐྱིལ་ཀྲུང་། ཡུམ་རྣམས་པདྨའི་སྐྱིལ་ཀྲུང་གི་འཁྲིལ་སྦྱོར་ཅན། ཡབ་ཡུམ་ཐམས་ཅད་ལ་དར་གྱི་རྒྱན་ལྔ་དང་། རིན་པོ་ཆེའི་རྒྱན་བརྒྱད་མ་ཆད་པར་བྲི་དགོས། རྒྱབ་ཡོལ་འོད་ཟེར་པ་ཏྲ་ཡིན། གཙོ་བོའི་གཡས་གཡོན་དུ་ས་སྙིང་དཀར་སྙེ་མ། ཡུམ་ལཱ་སེ་མེ་ལོང་། ནམ་སྙིང་སེར་རལ་གྲི། ཡུམ་མཱ་ལེ་ཕྲེང་བ། སྤྱན་གཟིགས་དམར་པདྨ། ཡུམ་ཧཱི་རྟི་པི་ཝཾ། ཕྱག་རྡོར་མཐིང་རྡོ་རྗེ། ཡུམ་ནི་རྟི་གར་རྒྱ། བྱམས་པ་དཀར་སེར་ཀླུ་ཤིང་། ཡུམ་དྷ་པེ་སྤོས་ཕོར། སྒྲིབ་སེལ་དམར་སེར་པུ་སྟི། ཡུམ་པུཊྚེ་མ་མེ་ཏོག་


JKT017_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ། ཀུན་བཟང་དམར་ལྗང་སྙེ་མ། ཡུམ་ཨཱ་ལོ་ཀེ་མར་མེ། འཇམ་དཔལ་དཀར་ལྗང་ཨུཏྤལ། ཡུམ་གནྡྷེ་དུང་ཕོར། དེའང་ཡབ་རྣམས་གཡས་རང་རང་གི་ཕྱག་མཚན་ཐུགས་ཀར་གཏོད་པ། གཡོན་དྲིལ་བུ་དཀུར་བརྟེན། ཡུམ་རྣམས་ཀྱི་ཕྱག་གཡས་རང་རྟགས་ཕྱག་རྒྱས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་དྲིལ་བུ་ཡབ་ཀྱི་སྙན་ཐད་འཛིན་པ། ཡབ་རྣམས་ཞབས་སེམས་སྐྱིལ། ཡུམ་རྣམས་པད་སྐྱིལ་གྱིས་པད་ཟླ་ལ་བཞུགས་པ། ཐམས་ཅད་དར་དང་རིན་པོ་ཆེའི་རྒྱན། ཡུམ་རྣམས་སྐུ་མདོག་ཡབ་དང་འདྲ་བའི་ཅུང་སྐྱ་ཉམས། གཡས་ཟུར་སྟེང་དུ་བརྒྱ་བྱིན་དཀར་པོ་པི་༧ ཝཾ། ཐགས་བཟང་མཐིང་གོ་མཚོན། ཤཱཀ་ཐུབ་སེར་མཁར་བསིལ་ལྷུང་བཟེད། གཡོན་ཟུར་སྟེང་སེང་རབ་དམར་ནག་པོ་ཏི། ཁ་འབར་སེར་ནག་སྒྲོམ་བུ། ཆོས་རྒྱལ་དུད་ཀ་མེ་ཆུ། གཙུག་ཏོར་ཆོས་གོས་སོགས་སྤྲུལ་སྐུའི་ཆ་བྱད་ཅན་པད་ཟླ་ལ་བཞེངས་པ་གཙོ་བོའི་གཡས་གཡོན་གྱི་འོག་ཟུར་དུ་གཤིན་རྗེ་གཤེད་སྨུག་ནག་ཞིང་དབྱུག་འཛིན་པ་ཡུམ་ལྕགས་ཀྱུ་འཛིན་མ་དང་འཁྲིལ་བ། སྟོབས་ཆེན་སེར་ནག་རྡོ་རྗེ། ཡུམ་ཞགས་པ། རྟ་མགྲིན་དམར་ནག་ཐོད་དབྱུག་སྦྲུལ་དཀྲིས། ཡུམ་ལྕགས་སྒྲོག །བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ། ཡུམ་དྲིལ་བུ། ཡབ་ཡུམ་རྣམས་ཀྱི་གཡས་རང་


JKT017_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དང་། གཡོན་སྡིག་མཛུབ། ཡུམ་རྣམས་སྐུ་མདོག་ཡབ་འདྲ། དུར་ཁྲོད་ཀྱི་ཆས་བརྒྱད། ཉི་མའི་གདན་དང་མེ་རིའི་ཀློང་ན་དོར་སྟབས་ཀྱིས་བཞུགས་པ། སྟེང་གི་གཡས་ཟུར་གྱི་དབུས་སུ་མི་བསོད་པ་མཐིང་ག་གཡས་ས་ནོན། གཡོན་མཉམ་གཞག ཤར་དུ་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ། ལྷོར་རིན་འབྱུང་སེར་པོ་གཡས་མཆོག་སྦྱིན་གཡོན་མཉམ་གཞག །ནུབ་ཏུ་སྣང་། །མཐའ་དམར་པོ་མཉམ་གཞག །བྱང་དུ་དོན་གྲུབ་ལྗང་གུ་གཡས་སྐྱབས་སྦྱིན་གཡོན་མཉམ་གཞག །ཐམས་ཅད་ཆོས་གོས་རྣམ་གསུམ་སོགས་སྤྲུལ་སྐུའི་ཆ་ལུགས་དོན་དུ་ལྟུང་བཤགས་ཇི་ལྟ་བ། གདན་པད་ཟླ། རྒྱབ་ཡོལ་ནོར་འཛིན་པ་ཏྲ་བྲི། སྟེང་གི་གཡོན་ཟུར་གྱི་དབུས་སུ་བཛྲ་ཧེ་རུ་ཀ་མཐིང་ནག་གཡས་རྡོ་རྗེ། དྲེགས་པ་ཕོ་མོའི་གདན། འཁོར་བུདྡྷ་ཧེ་རུ་ཀ་སྨུག་ནག་གཡས་འཁོར་ལོ། ལྷ་ཆེན་ཕོ་མོའི་གདན། རཏྣ་ཧེ་རུ་ཀ་སེར་ནག་གཡས་རིན་པོ་ཆེ། གཤིན་རྗེ་ཕོ་མོའི་གདན། པདྨ་ཧེ་རུ་ཀ་དམར་ནག་གཡས་པདྨ། ཀླུ་དབང་ཕོ་མོའི་གདན་ཀརྨ་ཧེ་རུ་ཀ་ལྗང་ནག་གཡས་རྒྱ་གྲམ། གནོད་སྦྱིན་ཕོ་མོའི་གདན། ཡུམ་རྣམས་ཡབ་ཀྱི་མདོག་ཅན་གཡས་དྲིལ་བུ་དང་གཡོན་དུང་དམར་སྟོབ་པ། ཡབ་རྣམས་ཀྱི་ཕྱག་གཡོན་པས་ཐུགས་ཀར་དུང་དམར་སྟེ་ཐོད་ཁྲག་འཛིན་པ། གར་དགུའི་


JKT017_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཅན། པདྨ་ཉི་མ་རང་རང་གི་གདན་གྱི་སྟེང་ན་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཅིང་ཞབས་འདོར་ཐབས་སུ་བགྲད་པས་མེ་ཕུང་འབར་བའི་དབུས་ན་འགྱིང་བ་བྲི།། ༈ །།ནཱ་རོ་མཁའ་སྤྱོད་བླ་བརྒྱུད་བྲི་ཡིག་དགེ། ཨོཾ་སྭ་སྟི། ནཱ་རོ་མཁའ་སྤྱོད་མའི་བླ་བརྒྱུད་བྲི་ཡིག །རྡོ་རྗེ་འཆང་འདི་སངས་རྒྱས་རྡོ་རྗེ་འཆང་སྐུ་མདོག་སྔོན་པོའམ། ཡང་ན་རྡོ་རྗེ་ཆོས་སྐུ་མདོག་དམར་པོ་བྲིས་ཀྱང་ལེགས། དང་། རྡོ་རྗེ་རྣལ་འབྱོར་མ་སྤྱི་ལྟར། ནཱ་རོ་པ་གྲུབ་ཆེན་གྱི་ཆས་སྤྱི་འགྲེལ། སྐུ་མདོག་སྔོ་མདངས་འཇིགས་སུ་རུང་བ། དབུ་ལ་མེ་ཏོག་གི་ཐོད་བཅིངས་པ། ཕྱག་གཉིས་ཀྱིས་ཞིང་ལྤགས་རློན་པ་རྒྱན་ཏུ་གཡོགས་པའི་སྣེ་མོ་ནས་འཛིན་པའམ། ཕལ་ཆེར་ལ་གཡས་ཌཱ་མ་རུ་ཐུགས་ཀར་འཁྲོལ་ཉམས་དང་། གཡོན་མཉམ་གཞག་སྟེང་ཐོད་ཆང་འཛིན་པའི་བྲིས་སྣང་། ཕམ་མཐིང་པ་གཅེན་འཇིགས་མེད་གྲགས་པ་གྲུབ་ཆེན་གྱི་ཆས་བྲིས་པའང་སྣང་མོད། ཕལ་ཆེར་ལ་བལ་པོའི་པཎྜི་ཏའི་ཆས་སྤྱི་འགྲེ། གཡས་ཆོས་འཆད། གཡོན་མཉམ་གཞག་ཕྱག་དཔེའི་གླེགས་བམ་འཛིན་པ། གཅུང་ངག་གི་དབང་ཕྱུག་པཎྜི་ཏའི་ཆས། ཕྱག་གཡས་པུས་མོ་གཡས་པའི་ཐད་དུ་མེ་ཏོག་དམར་སེར་གྱི་སྡོང་བུ་འཛིན་པ། གཡོན་ཐུགས་ཀར་སྐྱབས་སྦྱིན་གྱིས་རྒྱས་མེ་ཏོག་འཛིན་པ་སྙན་གྱི་ཐད་ཁ་བྱེ་བར་གླེགས་རལ་གྱིས་མཚན་པ།


JKT017_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཀློག་སྐྱ་ཤེས་རབ་བརྩེགས་ཇོ་སྲས་ཕུ་དུང་ཅན་སྔར་གྱི་སྔགས་དཀར་སྤྱི་འགྲེ་གཞོན་ཉམས་ཅན། ཕྱག་གཉིས་ཕྲེང་བ་འདྲེན་ཐབས་སུ་བསྣམས་པ། མལ་ལོ་ཙཱ་བ་སྔགས་དཀར་ལ་ལར་རབ་བྱང་བྲིས་སྣང་ཡང་། འདི་ལྟར་འཐད། སྤྱི་འགྲེ། ཕྱག་གཉིས་རྒྱ་དཔེ་བཟུང་ནས་གཟིགས་པའི་ཉམས། ཡང་ན་ཕྱག་གཡས་ཆོས་འཆད། གཡོན་པུས་མོ་གཡོན་སྟེངས་གནོན། སྐུ་བགྲེས། དབུ་ཞྭ་མེད། གོང་མ་ལྔ་ས་སྐྱ་བཀའ་འབུམ་གྱི་དབུ་ལྷ་དང་། ལམ་འབྲས་བླ་བརྒྱུད་ཞལ་ཐང་སོགས་ཡོངས་སུ་གྲགས་པས་ཤེས་སླ། བྲག་ཕུག་བསོད་ནམས་དཔལ། ཞང་སྟོན་དཀོན་མཆོག་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གསུམ་ལམ་འབྲས་བླ་བརྒྱུད་ཞལ་ཐང་ལྟར་བྲི། ཡར་ཀླུངས་པ་སེང་གེ་རྒྱལ་མཚན་རབ་བྱུང་དབུ་ཞྭ་མེད། ཅུང་བགྲེས། ཕྱག་མཉམ་གཞག །དབོན་བསོད་ནམས་རྒྱལ་མཆོག་རབ་བྱུང་། དབུ་ཞྭ་མེད། ཕྱག་གཡས་ཆོས་འཆད། གཡོན་མཉམ་གཞག་གླེགས་བམ། ཡབ་རྗེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་བགྲེས་ཉམས་ཅུང་ཆེ་བ། དབུ་ཞྭ་མེད། ན་བཟའ་དཀར་ཆས། དབུ་རལ་ཅན། ཕྱག་གཡས་རྡོ་རྗེ་ཐུགས་ཀ །གཡོན་དྲིལ་བུ་དཀུར་བརྟེན། བདག་ཆེན་བློ་གྲོས་རྒྱལ་མཚན་རབ་བྱུང་། དབུ་ས་ཞུ་རྣ་བ་ཕབས་པ་གསོལ་བ། ཕྱག་གཡས་ཐུགས་ཀར་ཆོས་འཆད།


JKT017_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་མཉམ་གཞག་གླེགས་བམ། སྐུ་བགྲེས་ཉམས་ཆེར་མེད། རྡོ་རིང་པ་ཚར་ཆེན་རིན་པོ་ཆེའི་ཞལ་གཟིགས་ལྟར་རབ་བྱུང་ཆས་གཡས་རྡོ་རྗེ་འཕྱར། གཡོན་དྲིལ་བུ་དཀུར་བརྟེན། དབུ་ས་ཞུ་རྣ་ཕབས། ཞལ་ཕྱིར་ཕྱོགས་ཏེ་འགྱིངས་ཉམས་དང་བཅས་ཏེ་སེང་གེ་ལ་ཆིབས་པ། སྤྱན་འབྲུ་ཚུགས་སུ་གཟིགས་པ་སོགས་ཞལ་རས་ཅུང་ཁྲོ་ཉམས། ཚར་ཆེན་རབ་བྱུང་ཅུང་ཟད་བགྲེས་ཉམས། །སྐུ་ཤ་རྒྱས་པ། ཞལ་རྒྱན་ཅུང་ཟད་ཡོད་པ། དབུ་ཞྭ་ས་ཞུ་རྣ་ཕབས། གཡས་རྡོ་རྗེ་གསོར་བའི་ཚུལ། གཡོན་དྲིལ་བུ་དཀུར་བརྟེན། མཁྱེན་བརྩེ་རབ་བྱུང་། སྐུ་དར་ལ་བབས་ཤིང་མཛེས་པ། དབུ་ཞྭ་ས་ཞུ་རྣ་ཕབས། གཡས་ཆོས་འཆད། གཡོན་མཉམ་གཞག་སྟེང་གླེགས་བམ། བསླབ་གསུམ་རྒྱལ་མཚན་རབ་བྱུང་། སྐུ་དར་བབས། དབུ་ཞྭ་མེད། ཕྱག་གཡས་ས་གནོད། གཡོན་མཉམ་གཞག །དབང་ཕྱུག་རབ་བརྟན་རབ་བྱུང་བགྲེས་ཉམས་ཆེ་བ། ཕྱག་ཐུགས་ཀར་ཆོས་འཆད། དབུ་ཞྭ་ས་ཞུ་རྣ་ཕབས། བཀའ་འགྱུར་བ་རབ་བྱུང་། བགྲེས་ཉམས་མེད། ཕྱག་གཡས་ཆོས་འཆད། གཡོན་གླེགས་བམ། དབུ་ཞྭ་ས་ཞུ་རྣ་བབས། ཞྭ་ལུ་མཁན་ཆེན་རབ་བྱུང་། བགྲེས་ཉམས་ཆེ་བ། ཕྱག་གཡས་ཆོས་འཆད། གཡོན་མཉམ་གཞག་གླེགས་བམ། དབུ་པཎ་ཞྭ་སེར་པོ་ཟེ་བ་ཅན།


JKT017_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་རབ་བྱམས་པ་རབ་བྱུང་། བགྲེས་ཉམས་ཅུང་ཟད་ཡོད་པ། ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། དབུ་ཞྭ་ས་ཞུ་རྣ་ཕབས། རྨོར་ཆེན་རབ་བྱུང་། ཅུང་ཟད་བགྲེས་ཉམས་ཆེ་བ། ཕྱག་གཉིས་གླེགས་བམ། དབུ་ཞྭ་ས་ཞུ་རྣ་ཕབས། གནས་གསར་པ་རབ་བྱུང་། གཞོན་ཉམས། གཡས་ཆོས་འཆད། གཡོན་གླེགས་བམ། དབུ་ཞྭ་འདྲ། ཀུན་དགའ་བློ་གྲོས་སྔགས་དཀར་ཆས། སྐུ་བགྲེས་ཉམ་ཆེར་མེད་པ། ཞལ་ཚོམ་ཅུང་ཟད་ཅན། གཡས་མེ་ཏོག་ཐུགས་ཀར་བཟུང་བའི་འདབ་མ་སྙན་ཐད་ཁ་བྱེ་བར་གླེགས་རལ་དང་། གཡོན་མཉམ་གཞག་སྟེང་འཁོར་ལོ་བསྣམ་པ། །དབུ་ཞྭ་འདྲ། ནམ་མཁའ་འཆི་མེད་སྐུ་བགྲེས་ཉམས་ཆེར་མེད། རབ་བྱུང་ཆས། ཕྱག་ཆོས་འཆད་མཉམ་གཞག །ཞལ་རྒྱན་ཅུང་ཟད་ཡོད། དབུ་ཞྭ་འདྲ། གནས་གསར་བ་ནམ་མཁའ་ལེགས་པ་བགྲེས་ཉམས་ཆེར་མེད། རབ་བྱུང་ཆས། ཕྱག་རྡོར་དྲིལ་འཛིན་པ། དབུ་ཞྭ་འདྲ། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ་རབ་བྱུང་ཆས། བགྲེས་ཉམས་ཆེ་བ། ཕྱག་མཉམ་གཞག །དབུ་ལ་ཐུགས་དམ་ཞྭ་མོ་ལེབ་ཞྭ་མཛད་པ། བླ་མ་ངག་དབང་རིན་ཆེན་རབ་བྱུང་ཅུང་བགྲེས་ཉམས། སྐུ་ཤ་སྔོ་སངས་ཁྲོ་འཛུམ་གྱི་ཉམས། གཡས་ཆོས་འཆད། གཡོན་མཉམ་གཞག་ཕྲེང་བ་འཛིན་པ།


JKT017_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ཞྭ་ཐུགས་དམ་ཞྭ་མོ་ལེབ་ཞྭ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་རབ་བྱུང་བགྲེས་ཉམས་ཆེ་བ། སྐུ་ཤ་རྒྱས་ཤིང་མདངས་གཟི་བརྗིད་ཅན། ཞལ་འཛུམ་པ། ཞལ་རྒྱན་ཐུགས་ཀའི་ཐད་དུ་སླེབས་པའི་ཤིན་ཏུ་མཛེས་པ། གཡས་པུས་མོ་གཡས་པའི་སྟེང་མཆོག་སྦྱིན་གྱི་ཕྱག་རྒྱ་ཚེ་བུམ། གཡོན་ཐུགས་ཀར་སྐྱབས་སྦྱིན་གྱིས་ཕྱག་རྒྱས་མེ་ཏོག་དཀར་པོ་བསྣམས་པ། དབུ་ཞྭ་ས་ཞུ་རྣ་ཕབས། རྣལ་འབྱོར་འཇམ་དཔལ་བཟང་པོ་རབ་བྱུང་བགྲེས་ཉམས་གཟི་བརྗིད་ཆེ་བ། སྐུ་ཤ་ཚོ་སྐེམ་རན་པ། ཞལ་རས་དཀར་ཞིང་སྤྱན་ཧུར་བག་གི་རྣམ་པ་ཅན། ཞལ་རྒྱན་ཐུགས་ཀའི་སྟོད་དུ་སླེབས་པ། ཕྱག་མཉམ་གཞག་ཕྲེང་བ་འདྲེན་པ། དབུ་ཞྭ་ས་ཞུ་རྣ་ཕབས། བླ་མ་དགེ་འདུན་རྒྱ་མཚོ་རབ་བྱུང་བགྲེས་ཉམས་ཆེར་མེད། ཞལ་རྒྱན་ཕྲན་བུ་ཡོད། ཕྱག་ཆོས་འཆད་གླེགས་བམ། དབུ་ཞྭ་མེད་པ་བཅས་ཚར་ལུགས་ཀྱི་བྱིན་རླབས་ལུང་ཁྲིད་ཡོངས་རྫོགས་བརྒྱུད་པ་ཡིན། བྱིན་རླབས་དང་རྩ་ཁྲིད་ཀྱི་ཉེ་བརྒྱུད་ནི། ཀུན་བློ་ནས། ནམ་མཁའ་འཆི་མེད། ཀུན་དགའ་བསྟན་འཛིན། དགེ་འདུན་ཞེས་འདྲེན་ཀྱང་ཆོག །འཇམ་དཔལ་བཟང་པོ་ལས་དགེ་འདུན་གྱིས་བྱིན་རླབས་ཙམ་མ་གཏོགས་ཁྲིད་གསན་པ་མེད། ངེད་རང་ནས་ཐམས་ཅད་ཚང་བ་རྡོ་རྗེ་འཆང་རྣལ་འབྱོར་


JKT017_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་བཟང་པོ་ལས་ཞུས་པ་ཡིན། ངོར་ལུགས་ཀྱི་བྱིན་རླབས་དང་ཁྲིད་ལུང་དོན་གྱིས་ཚང་བའི་བརྒྱུད་པ་ལྟར་བྱེད་ན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྗེས་སུ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། མུས་ཆེན་དཀོན་མཆོག་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན་མན་འདྲ། དེ་རྣམས་ལས་གཞན་ལམ་འབྲས་བླ་བརྒྱུད་ཀྱི་ཞལ་ཐང་ལྟར་ཡིན། ཡེ་ཤེས་རྒྱལ་མཚན་རབ་བྱུང་བགྲེས་ཉམས་ཆེར་མེད་པ། དབུ་ས་ཞུ་རྣ་ཕབས། ཕྱག་ཐུགས་ཀར་རྡོ་དྲིལ་འཛིན་པ་ཞིག་བྲིས་སྣང་། ལར་བླ་མ་རྣམས་རྟེན་རབ་བྱུང་དང་། སྔགས་པ། དབུ་ཞྭ། སྐུ་བགྲེས་གཞོན་སོགས་མ་ནོར་བ་ཞིག་གལ་ཆེ་བ་ལས། ཕྱག་སྟབས་དང་ཕྱག་མཚན་སོགས་ལ་ངེས་པ་ཆེར་མེད་དེ་ལམ་འབྲས་བླ་བརྒྱུད་དང་། སློབ་བཤད་བླ་མའི་རྣམ་ཐར་སོགས་རེ་རེ་ལས་ཀྱང་མི་གཅིག་པ་ཅི་རིགས་པ་བྲིས་སྣང་བས་སོ།། མངྒ་ལཾ།། ༈ །།ཨོཾ་སྭ་སྟི། ཀུན་རིག་རྩ་ལྷ་སོ་བདུན་གྱི་གཙོ་འཁོར་ཐམས་ཅད་ལ་དར་གྱི་རྒྱན་གཉིས་དང་། རིན་པོ་ཆེའི་རྒྱན་བརྒྱད་ཡོད་པ་ལས། དང་པོ་དར་གྱི་སྟོད་གཡོགས་ཆོས་གོས་མཐའ་སྐོར་མེད་པ་ལྟ་བུ་ཞིག་གིས་སྐུ་སྟོད་ཁེབས་ཤིང་། སྣེ་མོ་དཔུང་པའི་ཐད་ཀར་ལྷབ་ལྷུབ་ཏུ་གཡོ་བ། གཉིས་པ་སྨད་གཡོགས་དར་གྱི་


JKT017_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཤམ་ཐབས་ལྟ་བུ་མདུན་ནས་རྒྱབ་ཏུ་དཀྲིས་པ། གསུམ་པ་དབུ་སྐྲ་ཐོར་ཚུག་གྱེན་ཏུ་བཅིངས་པ་ལ་རིན་པོ་ཆེའི་ཏོག་གིས་མཚན་པར་རིན་པོ་ཆེའི་པྲོག་ཞུ་གྱོན་པ། རྣ་གོང་ཨུཏྤལ་མེ་ཏོག་པཉྩ་རིས། །རྒྱས་པ་ལས་དར་དཔྱང་འཕྱང་བ། བཞི་པ་རིན་པོ་ཆེའི་རྣ་གོར་ལ་རིན་པོ་ཆེ་སྣ་ཚོགས་པའི་ཕྲས་མཛེས་པ། ལྔ་པ་མགུལ་རྒྱན་རིན་པོ་ཆེའི་གཞུང་གསུམ་པ་རིན་པོ་ཆེའི་དྲ་བས་སྦྲེལ་བ་ལ་རིན་པོ་ཆེའི་འཕྱང་འཕྲུལ་ཅུང་ཟད་དང་བཅས་པ། དྲུག་པ་ཕྱག་གདུབ་གཞུང་གསུམ་པ་རིན་པོ་ཆེའི་ཕྲེང་བས་སྤྲེལ་བ་ཆེ་བ་གཉིས་ཀྱིས་དཔུང་པ་དང་། ཆུང་བ་གཉིས་ཀྱིས་མཁྲིག་མར་བརྒྱན་པ། བདུན་པ་ཞབས་གདུབ་དེ་དང་འདྲ་བ་ལ་རིན་པོ་ཆེའི་ཟ་ར་ཚག་མང་དུ་འཕྱང་བ། བརྒྱད་པ་སྐ་རགས་རིན་པོ་ཆེའི་གཞུང་ལྔ་གྱེན་དུ་བྱས་པ་བར་མཚམས་རིན་པོ་ཆེའི་དྲ་བས་སྦྲེལ་ཞིང་སྨད་དུ་རིན་པོ་ཆེའི་ཟ་ར་ཚག་མང་དུ་འཕྱང་བ། དགུ་པ་རིན་པོ་ཆེའི་དོ་ཤལ་རིན་པོ་ཆེའི་ཕྲེང་བ་ལྟེ་བ་ཡན་ཆད་འཁོར་བ། བཅུ་པ་རིན་པོ་ཆེའི་ཕྲེང་བ་དེ་ལྟ་བུ་ནུ་མའི་བར་དུ་འཁོར་བའོ། ༈ །གཙོ་བོ་ཀུན་རིག་རྣམ་སྣང་ཞལ་བཞི། ཕྱག་གཡོན་འོག་མ་དང་གཡས་སྟེང་དུ་བྱས་ཤིང་མཐེ་བོང་ལྟོ་སྦྱར་བའི་མཉམ་གཞག་ཅན། ཞབས་རྡོར་སྐྱིལ། ༡༽ སྦྱོང་པའི་རྒྱལ་པོ་ཞལ་གཅིག་ཕྱག་གཉིས་ཕྱག་རྒྱ་སོགས་གཙོ་བོ་དང་འདྲ། ༢༽


JKT017_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཆོག་རིན་ཆེན་ཕྱག་རིན་འབྱུང་དང་འདྲ། ༣༽ ཤཱཀྱ་རིགས་དབང་ཆོས་འཆད། ༤༽ མེ་ཏོག་ཆེར་རྒྱས་གཡོན་མཉམ་གཞག །གཡས་ཐལ་མོ་བརྐྱང་བ་སྙིང་ག་ནས་ཁ་ཕྱིར་བསྟན་པ། ༥༽ ། ཡུམ་བཞི་ལས། སྤྱན་མ་ཕྱག་གཡས་ཐལ་མོ་སྙིང་གའི་ཐད་དུ་གན་རྐྱལ་དུ་མཐེ་མཛུབ་སྦྱར་བ་སྤྱན་གྱིས་མཚན་པའི་འཁོར་ལོ་འཛིན་པ། ༦༽ མ་མཱ་ཀཱི་གཡས་མཐེ་བོང་ལག་མཐིལ་དུ་བཞག་པའི་སྟེང་དུ་སོར་མོ་རྣམས་བཀུག་པས་མནན་ནས་ཐུགས་ཀར་བཞག་པས་རྡོ་རྗེ་འཛིན་པ། ༧༽ གོས་དཀར་གཡས་ཐལ་མོ་བརྐྱངས་ཏེ་ཐེབ་མཛུབ་སྦྱར་བ་སྙིང་གའི་ཐད་དུ་ཁ་ཕྱིར་བསྟན་པས་པདྨ་འཛིན་པ། ༢༽ སྒྲོལ་མ་གཡས་ཐལ་མོ་བརྐྱངས་ཏེ་ཐེབ་སྲིན་སྦྱར་བ་སྙིང་གའི་ཐད་དུ་ཁ་ཕྱིར་བསྟན་པས་ཨུཏྤལ་འཛིན་པ། ཡུམ་བཞི་ཀ་ཕྱག་གཡོན་པའི་མཐིལ་གདན་ཏུ་བརྟེན་ཅིང་། སོར་མོ་རྣམས་ཅུང་ཟད་བྱེ་བ། ནུ་འབུར་གྱིས་མཛེས་ཤིང་སྒེག་ཅིང་ཆགས་པའི་ཉམས་ཅན། ༩༽ རྡོར་སེམས་གཡས་མཐེ་བོང་ལག་མཐིལ་དུ་བཞག་པའི་སྟེང་དུ་སོར་མོ་རྣམས་བཀུག་པས་མནན་ཏེ་ཁ་གྱེན་ཏུ་བསྟན་པས་ཐུགས་ཀར་རྡོ་རྗེ་འཛིན་པ། ཕྱག་གཡོན་པ་མཐེ་བོང་ལག་མཐིལ་དུ་བཞག་པའི་སྟེང་དུ་སོར་མོ་རྣམས་བསྡམས་པས་དཀུ་གཡོན་པར་དྲིལ་བུ་འཛིན་པ། ༡༠༽ རྡོ་རྗེ་རྒྱལ་པོ་ལག་གཡས་རྡོ་རྗེ་ཁུ་ཚུར་


JKT017_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ནང་བསྟན་ནུ་མ་གཡས་པའི་སྟེང་ཐད་དུ་ལྕགས་ཀྱུ་འཛིན་པ། གཡོན་རྡོ་རྗེ་ཁུ་ཚུར་ཁ་ནང་བསྟན་སྙིང་གའི་ཐད་དུ་འཕྱར་བ། ༡༡༽ རྡོ་རྗེ་ཆགས་པ་གཡོན་ཁུ་ཚུར་ནུ་མ་གཡོན་པའི་ཐད་འཕྲེད་ལ་ཁ་ཅུང་ཟད་ཕྱིར་བསྟན་གྱིས་གཞུ་འཛིན་པ། གཡས་རྡོ་རྗེ་ཁུ་ཚུར་སྙིང་གའི་ཐད་ཁ་མཐུར་བསྟན་གྱིས་མདའ་འཛིན་ཅིང་གཞུ་བཀང་བ། ༡༢༽ རྡོ་རྗེ་ལེགས་པ་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་སྙིང་གའི་ཐད་དུ་ཁ་གྱེན་དུ་བསྟན་ཅིང་མཛུབ་མོ་ཕྱིར་སྦྲེང་བ། ༡༣༽ རྡོ་རྗེ་རིན་ཆེན་གཡས་རྡོ་རྗེ་ཁུ་ཚུར་དཔྲལ་བའི་མཚམས་སུ་ཁ་ནང་དུ་བསྟན་པ་ཕྲེད་ལ་བཞག་པས་རིན་པོ་ཆེ་འབར་བ་འཛིན་ཅིང་། གཡོན་རྡོར་སེམས་འདྲ་བ་དྲིལ་བུ་དཀུར་བརྟེན་པ། ༡༤༽ རྡོ་རྗེ་གཟི་བརྗིད་ཕྱག་གཡས་རྡོ་རྗེ་ཁུ་ཚུར་ཁ་གྱེན་ཏུ་བསྟན་པས་སྙིང་གར་ཉི་མ་འཛིན་ཅིང་། གཡོན་གདན་ལ་བརྟེན་པ། ༡༥༽ རྡོ་རྗེ་རྒྱལ་མཚན་ལག་གཡས་རྡོ་རྗེ་ཁུ་ཚུར་ནང་བསྟན་གྱིས་ནུ་མ་གཡོན་པའི་ཐད་དུ་རྒྱལ་མཚན་འཛིན་པ། གཡོན་གདན་བརྟེན། ༡༦༽ རྡོ་རྗེ་བཞད་པ་ཕྱག་གཡས་རྡོ་རྗེ་ཁུ་ཚུར་ཞལ་གྱི་ཐད་ནས་སོ་ཡི་ཕྲེང་བ་འཛིན་པ། གཡོན་གདན་བརྟེན། ༡༧༽ རྡོ་རྗེ་ཆོས་ཕྱག་གཡོན་རྡོ་རྗེ་ཁུ་ཚུར་ཁ་གྱེན་བསྟན་གྱིས་དཀུ་གཡོན་པར་པདྨའི་རྩ་བ་འཛིན་ཅིང་། དེའི་མེ་ཏོག་ཐུགས་ཀར་ཁ་བྱེ་ལ་ཁད་པ་གཡས་པས་ཁུ་


JKT017_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་མཐེབ་མཛུབ་སྦྱར་བ་ཁ་ནང་བསྟན་གྱིས་མེ་ཏོག་ཁ་ཕྱེ་བའི་ཉམས་ཅན། ༡༨༽ རྡོ་རྗེ་རྣོན་པོ་ཕྱག་གཡས་རྡོ་རྗེ་ཁུ་ཚུར་དཔུང་པ་གཡས་པའི་ཐད་ནས་ཁ་ཕྱིར་བསྟན་པས་རལ་གྲི་མེ་འབར་བ་འཕྱར་སྟན་པས་ཐུགས་ཀར་པུ་སྟི་འཛིན་པ། ༡༩༽ རྡོ་རྗེ་རྒྱ་གཡས་རྡོ་རྗེ་ཁུ་ཚུར་ལྟེ་བའི་ཐད་དུ་ཁ་གྱེན་བསྟན་གུང་མོ་སྒྲེང་བའི་རྩེར་ཆོས་ཀྱི་འཁོར་ལོ་ལེབ་མོས་མཚན་པ། གཡོན་གདན་བརྟེན། ༢༠༽ རྡོ་རྗེ་སྨྲ་བ་གཡས་རྡོ་རྗེ་ཁུ་ཚུར་ཁ་གྱེན་བསྟན་སྙིང་གའི་ཐད་དུ་ལྗགས་རྡོ་རྗེའི་རི་མོས་མཚན་པ་འཛིན་པ། གཡོན་གདན་བརྟེན། ༢༡༽ རྡོ་རྗེ་ལས་གཡས་རྡོ་རྗེ་ཁུ་ཚུར་ཐུགས་ཀར་ཁ་གྱེན་ཏུ་བསྟན་པས་སྣ་ཚོགས་རྡོ་རྗེ་འཛིན་པ། གཡོན་སྣ་ཚོགས་རྡོ་རྗེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་ལུགས་རྡོར་སེམས་དང་འདྲ་བ། ༢༢༽ རྡོ་རྗེ་གོ་ཆ་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་གྱེན་བསླང་ཁ་ཕྱིར་བསྟན་རང་རང་གི་དཔུང་པའི་ཐད་ཀར་བཞག་པས་རྡོ་རྗེའི་གོ་ཆ་འཛིན་པ། ༢༣༽ རྡོ་རྗེ་གནོད་སྦྱིན་རྡོ་རྗེ་ཁུ་ཚུར་འཕྲིད་ལ་ནང་དུ་བསྟན་པས་ཞལ་འགྲམ་གཡས་གཡོན་གྱི་ཐད་དུ་གླང་པོ་ཆེའི་མཆེ་བ་འཛིན་པ། ༢༤༽ རྡོ་རྗེ་ཁུ་ཚུར་ཕྱག་གཡོན་རྡོ་རྗེ་ཁུ་ཚུར་བརླ་གཡོན་པའི་སྟེང་དུ་གྱེན་བསྟན་གྱིས་རྡོ་རྗེ་རྩེ་ལྔ་འཛིན་པ། དེ་ཡི་སྟེང་དུ་ཕྱག་གཡས་རྡོ་རྗེ་ཁུ་ཚུར་ཁ་སྦུབ་པས་རྡོ་རྗེ་རྩེ་


JKT017_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་འཛིན་པའི་ཕྱག་གཉིས་ཁ་སྦྱོར་གྱི་རྣམ་པ་ཅན། ༢༥༽རྡོ་རྗེ་སྒེག་མོ་ལག་གཉིས་རྡོ་རྗེ་ཁུ་ཚུར་ཁ་གྱེན་བསྟན་གྱིས་དཔྱི་ཟུར་གཉིས་སུ་རྡོ་རྗེ་རེ་རེ་འཛིན་པ། ༢༦༽ རྡོ་རྗེ་ཕྲེང་བ་མ་ལག་གཉིས་རྡོ་རྗེ་ཁུ་ཚུར་གྱེན་བསླང་ཁ་ཕྱིར་བསྟན་གྱིས་དཔུང་པ་སོ་སོའི་སྟེང་ཐད་དུ་བསྒྲེང་བས་ཕྲེང་བ་འདྲེན་པ། ༢༧༽ པི་ཝཾ་མ་ལག་གཡོན་རྡོ་རྗེ་ཁུ་ཚུར་ཁ་གྱེན་བསྟན་གྱིས་མཁྲིག་མ་སྙིང་གའི་ཕྱོགས་སུ་ཅུང་ཟད་གུག་པས་དཔུང་གཡོན་ཐད་དུ་པི་ཝཾ་འཛིན་ཅིང་། གཡས་རྡོ་རྗེ་ཁུ་ཚུར་ཁ་གྱེན་བསྟན་ནུ་མ་གཡས་པའི་ཐད་དུ་པི་ཝཾ་སྒྲོགས་པའི་ཚུལ། ༢༨༽ གར་མ་ཕྱག་གཡས་པ་ཐལ་མོ་བརྐྱང་སྟེ་རྣ་བ་གཡས་པའི་ཐད་དུ་ཁ་ཕྱིར་བསྟན་གྱི་བསླང་བའི་ལག་ངར་ཐད་དུ་གཡོན་པའི་ཐལ་མོ་གྱེན་བསླང་ཁ་གཡས་པའི་ལག་ངར་ལ་བསྟན་པ། ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་རེ་རེ་འཛིན་པའོ། ༢༩༽ བདུག་སྤོས་མ་ལག་གཉིས་རྡོ་རྗེ་ཁུ་ཚུར་སྙིང་གའི་ཐད་དུ་ཁ་སྒྲུབ་པས་སྤོས་ཕོར་འཛིན་པ། ༣༠༽ མེ་ཏོག་མ་ཕྱག་གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་སྙིང་གའི་ཐད་དུ་མེ་ཏོག་གི་སྣོད་བཟུང་བ། གཡས་པ་རྡོ་རྗེ་ཁུ་ཚུར་ཁ་གྱེན་བསྟན་གྱིས་དེ་ཡི་སྟེང་ནས་མེ་ཏོག་འཐོར་བའི་ཚུལ། ༣༡༽ མར་མེ་མ་ལག་གཉིས་རྡོ་རྗེ་ཁུ་ཚུར་ལས་མཐེ་བོང་གཉིས་གཤིབས་ཏེ་སྒྲེང་བས་ཐུགས་ཀར་མར་མེ་འཛིན་པ། ༣༨༽


JKT017_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཆབ་མ་ལག་གཡོན་རྡོ་རྗེ་ཁུ་ཚུར་ཁ་གྱེན་བསྟན་གྱིས་སྙིང་གའི་ཐད་དུ་དུང་ཆོས་དྲིས་གང་བ་འཛིན་ཅིང་། གཡས་རྡོ་རྗེ་ཁུ་ཚུར་ཁ་ཕྱིར་བསྟན་གྱིས་དེ་ཡི་སྟེང་ནས་དྲིས་བྱུག་པའི་ཚུལ་ཅན། ༣༣༽ རྡོ་རྗེ་ལྕགས་ཀྱུ་ཕྱག་གཡས་རྡོ་རྗེ་ཁུ་ཚུར་ཁ་ནང་བསྟན་གྱིས་ནུ་མ་གཡས་པའི་ཐད་དུ་ལྕགས་ཀྱུ་འཛིན་པ། གཡོན་རྡོ་རྗེ་ཁུ་ཚུར་ཁ་ནང་བསྟན་སྙིང་གའི་ཐད་དུ་ཕྱར་བ། ༣༤༽ རྡོ་རྗེ་ཞགས་པ་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་པུས་མོ་གཉིས་ཀྱི་སྟེང་དུ་ཁ་སྦུབ་པས་ཞགས་པ་འཛིན་པ། ༣༥༽ རྡོ་རྗེ་ལྕགས་སྒྲོག་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་པུས་མོ་གཉིས་ཀྱི་སྟེང་དུ་ཁ་གྱེན་དུ་བསྟན་པས་ལྕགས་སྒྲོག་འཛིན་པ། །༣༦༽ རྡོ་རྗེ་དྲིལ་བུ་ལག་གཡས་རྡོར་དྲིལ་བསྣོལ་མ་རྡོ་རྗེ་ཁུ་ཚུར་གྱིས་སྤྱི་བོར་དཀྲོལ་བ། གཡོན་གདན་ལ་བརྟེན་པའོ། ༣༧༽ དེ་རྣམས་ཀྱི་བཞུགས་སྟངས་རིགས་ལྔ་རྡོར་སྐྱིལ། སེམས་དཔའ་བཅུ་དྲུག་དང་སྒོ་བ་བཞི་རྣམས་སེམས་དཔའི་སྐྱིལ་ཀྲུང་བརླ་གཡོན་པའི་སྟེང་རྐང་པ་གཡས་པ་བཞག་ནས་གཡོན་པ་བརླ་གཡས་པའི་འོག་ཏུ་བཞག་པ། ཡུམ་བཞི་དང་སྒེག་སོགས་བརྒྱད་ནི་སེམས་མའི་སྐྱིལ་ཀྲུང་བརླ་གཡས་པའི་སྟེང་རྐང་པ་གཡོན་བཞག་ནས་གཡས་བརླ་གཡོན་པའི་འོག་ཏུ་བཞག་པ། སྐུ་ཡི་ཉམས་རིགས་ལྔ་སྐུ་ཤ་རྒྱས་ཤིང་། སྤྱན་གདངས་པ། ཞི་ཞིང་འཛུམ་པ། སེམས་དཔའ་


JKT017_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་ལས་རྡོ་རྗེ་གནོད་སྦྱིན་མ་གཏོགས་ཞི་འཛུམ་སྒེག་པའི་ཉམས་ལྡན། སྤྱན་ཟིམ་བུར་གཟིགས་པ་སྒོ་བ་བཞི་ཡང་དེ་དང་འདྲ། རྡོ་རྗེ་གནོད་སྦྱིན་ཞལ་རྒྱས་ཤིང་སྤྱན་ཟླུམ་པ། མཆེ་བ་བཞི་གཙིགས་ཤིང་ལྗགས་འདྲིལ་བ། ཁྲོ་གཉེར་ཅུང་ཟད་དང་བཅས་པའི་ཁྲོ་ཚུལ་ཅན། ཡུམ་བཞི་དང་། སྒེག་སོགས་བརྒྱད་ཞི་ཞིང་འཛུམ་ལ་སྒེག་ཅིང་ཆགས་པའི་ཉམས་དང་ལྡན་པའོ།། ༈ །།རྡོ་རྗེ་འཆང་ཚར་པའི་སྐུ་རིང་ལ་བཞེངས་པའི་དཔལ་མགོན་གདོང་བཞི་པའི་བྲིས་ཐང་ཤིན་ཏུ་ཁུངས་བཙུན་པ་ཞིག་ལ། གོང་དུ་རྡོ་རྗེ་འཆང་། གཡས་སུ་ཀླུ་སྒྲུབ་དཀྱུས་ལྟར། གཡོན་དུ་གྲུབ་ཆེན་བ་ལིཾ་ཏ་པ་སྐུ་མདོག་དམར་སྐྱ། གཡས་བདུད་རྩི་འཐོར་ཚུལ། གཡོན་ཐོད་པ་ཐུགས་ཀར་འཛིན་པ། གྲུ་ཐོབ་གྱི་ཆ་ལུགས་ཅན། སངས་རྒྱས་ཡེ་ཤེས་ཞབས་ནས་རིན་ཆེན་གྲགས་པའི་བར་པཎ་གྲུབ་ཀྱི་ཆ་ལུགས་རབ་བྱུང་དང་། ཡང་པཎྜི་ཏའི་ཆ་ལུགས་ཅན་གཉིས་འདུག་པ་ཏ་ཐཱ་ག་ཏ་རཀཱི་ཏ་དང་འབུམ་ཕྲག་གསུམ་པ་གཉིས་ཡིན་འདྲ། རི་སུལ་གྱི་རྣལ་འབྱོར་མ་དམར་སྐྱ་གཡས་ཌཱ་མ་རུ་འཁྲོལ་བ། །གཡོན་ཐོད་པ་འཛིན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། སྐུ་སྨད་ལ་རི་དྭགས་ཀྱི་པགས་པ། གསོལ་བ། དེའི་གདན་ཅན། མཁའ་འགྲོ་མའི་ཆ་ལུགས་ཅན། གཉན་ལོ་རབ་བྱུང་པཎ་ཞྭ་


JKT017_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། གནམ་ཁའུ་པ་དགེ་བསྙེན་གྱི་ཆ་ལུགས་ན་བཟའ་དམར་པོ་ལྕང་ལོ་ཅན། གོང་མ་ལྔ་དཀྱུས་བཞིན། དམ་པ་ཀུན་གྲགས་རབ་བྱུང་ཞལ་རྒྱ་བོ། པད་འདབ་གསུམ་ཙམ་ཡོད་པའི་ཞྭ་མོ་མནབས་པ། མཉམ་གཞག་གི་སྟེང་དུ་ཐོད་པ་བསྣམས་པ། བདག་ཉིད་ཆེན་པོ་དང་། ནམ་མཁའ་ལེགས་པ། ཀུན་དགའ་རྒྱལ་མཚན། ནམ་མཁའ་རྒྱལ་མཚན་གསུམ་དགེ་བསྙེན་གྱི་ཆ་ལུགས་དབུ་རེག་ཀོང་སྟོད་དང་བེམ་པོ་གསོལ་བ། གཞན་རྣམས་རབ་བྱུང་དཀྱུས་ལྟར། ཀུན་སྤང་ཆེན་པོ་བསྒྲེས་པོ་སྤྱི་ཐེར། མགོན་པོ་རང་བྲམ་གཟུགས་སྔོ་བ་སངས། རྐང་གླིང་དང་ཐོད་པ་བསྣམ་པ། ཚངས་སྐུད་སྒྲིལ་མ་ཁྲ་བོ་ལ་གཡེར་ཁ་བརྒྱུས་པ། རོལ་སྟབས་ཀྱི་བཞུགས་པ། ཡུམ་བཞི་རྒྱུ་མའི་ག་ཤ་ཅན། ཁྱད་པར་གཡུང་མོ་ལ་གཡང་གཞི་ཨང་རག་ལྟར་བྱས་པ། མཐར་སྐོར་དུ་དུར་ཁྲོད་བརྒྱད་ན། །ཞིང་སྐྱོང་བརྒྱད། གླང་པོ་ཆེ་སོགས་ཀྱི་གདོང་པ་ཅན་ཀྱེ་རྡོར་ལྟར་ལས་འཇིགས་སུ་རུང་བ། ཤིང་བརྒྱད་ནི་ཤར་གྱི་དུར་ཁྲོད་ན་ཤིང་དམར་སྐྱ། ལོ་མ་དང་འབྲས་བུ་གང་ཡང་མེད་པ་ལ་རོ་དང་མགོ་ལག་བཀལ་བ། ཤར་ལྷོའི་དུར་ཁྲོད་ན་བྲག་སེམས་ཅན་གྱི་གདོང་པ་འདྲ་བ་ཁ་མིག་གསལ་བ་ཡོད་པ། བྱང་ཤར་གྱི་དུར་ཁྲོད་ནི་བྲག་ལིངྒ་འདྲ་བ་ལ་མི་ཞིག་ལྕགས་ཐག་གིས་བཏགས་པ། དེ་དང་ཉེ་


JKT017_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཁྲག་མཚོ་ཡོད་པ། རྣལ་འབྱོར་མ་རུས་རྒྱན་ཅན་ཌ་མ་རུ་དང་ཐོད་པ་ཐོག་ནས་གར་བྱེད་པ། ཡང་ཤར་ལྷོའི་དུར་ཁྲོད་ན། རྣལ་འབྱོར་པ་ཙོག་པུར་བསྡད་པ་བཞི་ཙམ་དང་། རྩའི་སྤྱིལ་བུ་ལ་གནས་པ་གཅིག །བྱང་གི་དུར་ཁྲོད་ན་མཚོ་ནག་པོ་ཞིག་ལས་ཤིང་སྐྱེས་པ། གཙོ་བོའི་མདུན་ངོས་སུ། མོན་པ་དམར་པོ་གཉིས། སྔོན་པོ་གཅིག །སེར་པོ་གཅིག །ནག་པོ་གཅིག་རྣམས་སྐྲ་ཐོར་ཅོག་ཅན། མདའ་དོང་རྐེད་ལ་བཏགས་པ། དེ་ཡང་དམར་པོ་གཅིག་གིས་སྤུ་གྲི་དང་ཐོད་པ་འཛིན་པ། གཞུ་གཉའ་བ་ལ་བཀལ་བ། དམར་པོ་གཅིག་གིས་མི་གཅེར་བུ་བཅིངས་ནས་ཁྲིད་པ། སྔོན་པོ་ནས་སྦྲུལ་ཞགས་དང་ཐོད་པ། སེར་པོས་གཡས་སྤུ་གྲི། གཡོན་གཞུ་དང་། བནྡྷ་སྡིག་པ། ནག་པོས་ལྕགས་ཀྱུས་ཉ་བོའི་སྙིང་ཁ་ནས་བཟུང་བ། གཡོན་ཐོད་པ། ཡང་ལས་མཁན་དམར་པོ་སེངྒེའི་མགོ་ཅན་སྤར་བ་གདེང་པ། རོའི་སྙིང་ཁ་ནས་ཁྲག་དྲོན་འཐུང་བ། དེ་རྣམས་ཀྱི་བར་དུ་ཁྱི་དང་ལྕེ་སྤྱང་སོགས་མང་པོ་བྲིས་འདུག་གོ ༈ །ཡང་དེ་མཚུངས་མགོན་ཐང་བྱིན་ཅན་ལ། གོང་དུ་རྡོ་རྗེ་འཆང་། གཡས་སུ་བྲམ་ཟེ་མཆོག་སྲེད་སེར་སྐྱ་གཡས་ཐོད་པ། གཡོན་པུས་མོའི་སྟེང་དུ་བརྐྱང་པ། ཐོར་ཅོག་དང་སྨྲ་ར་དཀར་པོ་ཅན། གཡོན་དུ་ནོར་བུ་གླིང་པ་མི་ཤ་ཁ་གཡས་ཐོད་པ། གཡོན་


JKT017_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

མཐེབ་སྲིན་སྦྱར་བ། གྲུབ་ཐོབ་ཀྱི་ཆ་ལུགས་ཅན། ཤཱནྡྷ་ཀཱ་ར་དང་། དྷརྨ་ཕ་ལ། རིན་བཟང་སྤྱན་ཆེན་པོ། གྱི་ལྗང་ལོ་ཙཱ་བ། ཕ་རི་བ་རྣམས་རབ་བྱུང་པཎ་ཞུ་ཅན། མལ་ལོ་ཙཱ་བ་དགེ་བསྙེན་དབུ་དཀར་བ། བྲག་སྟེང་པ་དགེ་བསྙེན་ལྕང་ལོ་ཅན། གཞན་ཤེས་སླ། མགོན་པོའི་ཕྲག་གཡས་ཐད་དུ་འབྱུང་འདུལ། གཡོན་དུ་ཨེ་ཀ་ཛ་ཊཱི། འབྱུང་འདུལ་གྱི་འོག་ཏུ་གཟིག་གདོང་མ། ཡུམ་ཆེན་གྱི་འོག་ཏུ་དོམ་གདོང་མ། པུས་མོ་གཡས་ཐད་དུ་བྲན་བདུད་གཡོན་ཐད་དུ་ལྷ་མོ། བྲན་བདུད་ཀྱི་འོག་ཏུ་བེར་ནག་ཟངས་གྲི་ཅན། ལྷ་མོའི་འོག་ཏུ་གཅེར་བུ་ཟངས་གྲི་ཅན། ཞབས་གཡས་ཐད་དུ་སེང་གདོང་མ། གཡོན་ཐད་དུ་སྲེ་གདོང་མ། གཤམ་དུ་གཡས་ནས་རིམ་བཞིན་གནོད་སྦྱིན་ཡབ་ཡུམ། པུ་ཊ། བྷ་ཏྲ། སྲིང་མོ། གནོད་སྦྱིན་གྱི་གཡས་སུ། སྐྱེས་པ་དང་བུད་མེད། སྲིང་མོའི་གཡོན་དུ་སྔགས་པ་དང་དགེ་སློང་། སྒོ་མ་བཞི་ལ་རང་འཁོར་མངོན་རྟོགས་བཞིན། ལྷ་མོ་ལ་འཁོར་བུད་མེད་དྲེའུ་ཞོན་ཁྲམ་ཤིང་དང་ནད་རྐྱལ། ཡང་ལྕེ་སྦྱང་ལ་ཞོན་པ་གྲི་དང་སྙིང་། རྔ་མོ་ལ་ཞོན་པ། ཐོད་ཕྲེང་དང་ནད་རྐྱལ། འབྲུག་ཞོན་གྲི་ཁུག་དང་ཐོད་པ་འཛིན་པ། ཆུ་སྲིན་གདོང་ཅན་དུད་སེར་བོང་རྣ་ཁྲིད་པ། མགོན་པོའི་སྟེང་ན་ཁྱུང་ཆེན་ཁ་དོག་ལྔ། བྱ་ཁྱི་སོགས་དྲུག་དྲུག །དཔུང་པའི་ཐད་མེ་


JKT017_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་ཁྲོད་རྣམས་སུ་གཎྜི་ལས་སྤྲུལ་པའི་ཁྲོ་བོའི་ཚོགས་རྣམས་སྟག་གི་རྐྱལ་པ་ཕྲག་ལ་བཀལ་བའི་ནང་ནས་ཐོག་སེར་འབེབས་པ། ཁ་ནས་མེ་རླུང་འཕྲོ་བའི་ཁྲོད་དུ་ཧཱུྃ་ཕཊ་ཀྱི་ཡིག་འབྲུ་ཕྲ་མོ་ཡོད་པ། གཡས་སྤུ་གྲི་དང་གཡོན་བརྡར་རྡོ་འཛིན་པས་བརྡར་ཚུལ་བྱེད་པ། ལྕགས་ཀྱི་བུམ་པ་ནས་མཚོན་ཆར་འབེབས་པ། སྤོས་ཕོར་འཛིན་པས་ཚིལ་དུད་གཏོང་བ་སོགས་མངོན་རྟོགས་ལྟར་རོ།། ༈ །།ཕྱག་རྡོར་འབྱུང་འདུལ་གྱི་རྩ་བའི་ཕྱག་རྒྱ། ཕྱག་གཡས་སྟེང་གཡོན་འོག་ཏུ་བྱས་པ་རྒྱབ་སྤྲད་པའི་སྲིན་ལག་གཉིས་ཕན་ཚུན་འཁྱུད་ཅིང་སྦྲེལ། མཛུབ་མོ་རྩེ་ཕུག་པ་ལྕགས་ཀྱུ་ལྟ་བུ། གུང་མོ་དང་མཐེ་ཆུང་ལག་མཐིལ་དུ་བཀུག་པའི་སོར་མོ་གཉིས་སོ་སོའི་མཐེབ་ཆེན་གྱིས་མནན་པའོ། ༈ །མི་གཡོ་བ་སྔོན་པོའི་མངོན་རྟོགས་ནི། སྐུ་མདོག་སྔོན་པོ་གཡས་རལ་གྲི་མེ་འབར་དཔུང་གཡས་སྟེང་ཐད་དུ་སྡིགས་མཛུབ་ཀྱིས་འཕྱར། གཡོན་ཐུགས་ཀར་བསྡིགས་མཛུབ་མཛད་པ་ལ་རྡོ་རྗེའི་ཞགས་པས་དཀྲིས་པའི་སྣེ་མོ་ཕྲག་གོང་གཡོན་དུ་ལྡིང་། ཞལ་མཆེ་བ་གཙིགས་པའི་ཡ་སོས་མ་མཆུ་མནན་པ། སྤྱན་གསུམ་དམར་ལ་ཟླུམ་པའི་གཡས་པ་སྟེང་། གཡོན་པ་འོག །དབུས་མ་ཐད་ཀར་གཟིགས་པའི་ཉམས་ཅི་ལོ། དབུ་སྐྲ་ཐོར་ཚུགས་ནག་པོ་སྤྱི་བོར་བཅིངས་པ། རྒྱན་རིན་པོ་ཆེའི་རྒྱན་བརྒྱད། སྐུ་


JKT017_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་དར་ཡུག །སྐུ་སྨད་ཁ་དོག་སྣ་ཚོགས་ཀྱི་ཤམ་ཐབས། སྦྲུལ་དཀར་པོའི་སེ་རལ་ཁ། ཞབས་གཡས་རྟིང་པ་དང་། གཡོན་པུས་མོ་གདན་ལ་བཙུགས་སྟེ་བཞེངས་མ་སྟབས་སུ་མཛད་པ། གདན་པད་ཉི། ཕྱི་རོལ་དུ་མེ་ཕུང་དཀྱུས་འགྲེ། ཁྲོ་ཉམས་སྲིན་པོ་དང་གཤིན་རྗེ་ཁྲོས་པ་ལྟ་བུ་ཧ་ཅང་ཁྲོ་ཉམས་ཆེ་བ་མིན་པའི། ཁྲོ་བོ་གཏུམ་པོའི་ཉམས་ཅན་ཞིག་གལ་ཆེ། ༈ །གཤིན་རྗེ་གཤེད་སེར་མོ་ནི། པདྨ་ཉི་མ་མ་ཧེ་དུད་ཁ་ཁྲོས་པའི་སྟེང་དུ། ཁྲོ་བོ་སྐུ་མདོག་སེར་ནག་ཞལ་གཅིག །ཕྱག་གཉིས། སྤྱན་གསུམ། དབུ་སྐྲ་སྨར་སྨིན་སོགས་ཁྲོ་ཉམས་སྤྱི་ལྟར། གཡས་རྡོ་རྗེའི་བེ་ཅོན་ཀྱི་རྩེར་ཐོད་པ་སྐམ་པོ་རྡོ་རྗེ་ཕྱེད་པའི་ཏོག་ཅན་གྱིས་མཚན་པ་འཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་གཏོད་པ། ཞབས་གཡོན་བརྐྱང་གི་དོར་སྟབས། དར་དང་། རིན་པོ་ཆེ་དང་། སྦྲུལ་རྒྱན་སྤྱི་འགྲེ། །ཐོད་པ་སྐམ་པོ་ལྔ་རིན་པོ་ཆེའི་རྩེ་བྲན་ཅན་གྱིས་དབུ་རྒྱན་རློན་པ་ཁྲག་འཛག་པའི་དོ་ཤལ་སྟག་གི་ཤམ་ཐབས། གཤིན་རྗེ་ཁྲོས་པའི་ཉམས་ཕྱི་རོལ་དུ་དྲག་མེ་བཅས། ༈ །རྟ་མགྲིན་དམར་པོ་པད་དབྱུག་ཅན་ནི། སྐུ་མདོག་དམར་ཆེན་སྨུག་མདངས་ཞད་ཙམ་ཡོད་པ་ཕྱག་གཡས་ཐོད་དབྱུག་པདྨ་ཆུ་སྐྱེས་དམར་པོས་མཚན་པའི་རྡོ་རྗེའི་དབྱུག་པ་དཔེ་རིས་བྲིས་པ་ལྟར་ནམ་མཁར་འཕྱར་བ། གཡོན་


JKT017_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

སྡིགས་མཛུབ་སྟ་ཟུར་གཡོན་དུ་བསྒྲེང་བའི་རྩེ་ལས་མེ་ལྕེ་ཞགས་པའི་ཚུལ་དུ་འཕྲོ་བ། ཞལ་གཅིག་ཕྱག་གཉིས། སྤྱན་གསུམ། ཞལ་གདངས། ལྗགས་འདྲིལ། མཆེ་གཙིགས་དབུ་སྐྲ་སྨར་སྨིན་སོགས་ཁྲོ་ཉམས་སྤྱི་ལྟར་ལ། དབུ་སྐྲ་སེར་པོ་གྱེན་དུ་བརྗེས་པའི་གཙུག་ན་རྟ་མགོ་ལྗང་གུ། རྔོག་མ་དམར་པོ་ཞུར་དཀར་པོ། ཕྲུམ་ཕུམ་སེར་པོ་ཅན་ཁ་གདངས་ཤིང་ནམ་མཁར་འཚེར་ཉམས། ཐོད་སྐམ་དབུ་རྒྱན། ཐོད་རློན་དོ་ཤལ། སྟག་ལྤགས་རློན་པའི་ཤམ་ཐབས། ཀླུ་བརྒྱད་སྤྲུལ་བརྒྱད་ཀྱི་རྣམ་པས་སྤྲས་པ་འབྱུང་འདུལ་ལྟར། སྦོམ་ཐུང་གསུས་པ་འཕྱང་བ། གཤིན་རྗེ་ཁྲོས་པའི་ཉམས་ཅན་གདན་པད་ཉི། བདུད་བཞིའི་སྟེང་ན་ཞབས་གཡོན་བརྐྱངས་ཤིང་དོར་སྟབས་ཅན། ཕྱི་རོལ་དུ་མེ་ཕུང་སོགས་སྤྱི་ལྟར། ༈ །བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་གསར་མའི་ཁྲོ་ཉམས་སྤྱི་འགྲེ། ཕྱག་གཡས་སྡིགས་མཛུབ་ཀྱིས་སྣ་ཚོགས་རྡོ་རྗེ་ཡུ་བ་ཐུང་ཙམ་འཕྱར་བ། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཞབས་གཡོན་བརྐྱངས་ཤིང་དོར་སྟབས། དར་སྔོན་གྱི་སྟོད་གཡོག་སྟག་ལྤགས་ཀྱི་ཤམ་ཐབས། བོད་རྒྱན་དང་རིན་པོ་ཆེ་དང་སྦྲུལ་རྒྱན་སྤྱི་ལྟར། གདན་པད་ཉི་མེ་རི་བཅས། ༈ །འབྱུང་འདུལ་ཐང་ཀ་དཔེ་འདི་མ་གཞི་སྐྱོན་མེད་ཀྱང་། ཉམས་གསར་མའི་ཁྲོ་ཉམས་


JKT017_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་འགྲེ་ལེགས། འདི་གུར་མགོན་འདྲ་ལ་ཁད་རེད་སྣང་། རྩ་བའི་ཕྱག་རྒྱ་ནོར་བའི་བྲི་ཡིག་གོང་དུ་ཞིབ་ཆ་བཀོད་ལྟར་དགོས། སྦྲུལ་རྒྱན་བརྒྱད་ཅེས་གལ་ཆེར་གསུང་སྣང་ནའང་། དཔེར་ཅི་དྲན་བྲིས་པ་ལས་མེད་པས། སྟོབས་རྒྱུ་སྔོན་པོས་སྐུ་ཆིངས། དགའ་བོ་ཉེ་དགའ་སེར་པོས་སྙན་རྒྱན། འཇོག་པོ་དམར་པོས་མགུལ་རྒྱན། མཐའ་ཡས་དཀར་པོས་ཚངས་སྐུད། ནོར་རྒྱས་དཀར་པོས་སྐེད་རྒྱན། རིགས་ལྡན་དཀར་པོ་དང་། དུང་སྐྱོང་དཀར་པོས་ཕྱག་བཞིའི་གདུ་བུ། པདྨ་དང་པད་ཆེན་དམར་པོས་ཞབས་གདུབ་བྱས་པའོ། །ཞབས་གནོན་དཔེ་ལྟར་རེད་འདུག །དར་སྔོན་པོའི་སྟོད་གཡོག་བཅས། ༈ །འདི་ནང་བླ་མ་བསྟན་གཉིས་སྐོར་གསུམ་དཀྱིལ་ཐང་ཆེ། ༡༽ བླ་མ་ཡིད་བཞིན་ནོར་བུ། ༢༽ ཕག་མོ་རིགས་བཞི། ༦༽ བཅས་ཆུང་བ་སྟེ་དཀྱིལ་འཁོར་དྲུག་གི་བཀོད་ཡིག་ཡོད་པ་ལ། །ཨོཾ་སྭ་སྟི། བླ་མ་བསྟན་གཉིས་སྐོར་གསུམ་གྱི་དཀྱིལ་ཐང་མ་གཞི་ཞི་དཀྱིལ་དུར་ཁྲོད་ཡོད་པ། རྟ་བབས་སྣམ་བཞི་མ་སོགས་སྤྱི་འགྲེ། ལྷ་བཀོད་དབུས་སུ་པདྨ་འདབ་བཞི་དབུས་མཐིང་། ཤར་དཀར་སོགས་ཕྱོགས་མདོག་གི་ལྟེ་བར་ཤོངས་ན་གཙོ་བོ་བླ་མ་གསང་འདུས་ཡབ་ཡུམ་ཙཀྐིའི་བྲི་ཡིག་ལྟར། དེའི་ཁྲི་མདུན་དུ་ཞལ་ནང་ལ་ཕྱོགས་པའི་གཡས་སུ་འཁོར་ལོ་དཀར་པོ།


JKT017_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་གྲི་གུག་འཁོར་ལོའི་ཡུ་བ་ཅན། འདབ་བཞིར་ཤར་དུ་འཁོར་ལོ་དཀར་པོ་དང་། འཁོར་ལོའི་གྲི་གུག །ལྷོར་རིན་ཆེན་སེར། རིན་ཆེན་གྲི་གུག །ནུབ་པདྨ་དམར། པདྨའི་གྲི་གུག །བྱང་སྣ་ཚོགས་རྡོ་རྗེ། སྣ་ཚོགས་རྡོ་རྗེའི་གྲི་གུག །པདྨའི་གོང་རས་མུ་ཁྱུད་ལྗང་། དེ་ཡི་ཕྱི་རོལ་དུ་རིན་ཆེན་ཟུར་བརྒྱད་གསེར། གཞི་དང་མུ་ཁྱུད་གང་མཛེས། རིན་ཆེན་ཟུར་བརྒྱད་ལ་གསེར་གྱི་གཞིར་མཐིང་ལྟ་བུས་བཅད་པའི་ཧཱི༔ གཉིས་རེ་རྒྱ་ཡིག་ལཉྩ་ཤ་ཆེན། ཡི་གེ་དབུ་ཕྱིར་བསྟན། དེའི་ཕྱི་རིམ་ལ་མུ་ཁྱུད་ལྔ་ལ། དང་པོ་སྐུ་འཁོར་དཀར། གཉིས་པ་གསུང་དམར། གསུམ་པ་ཐུགས་མཐིང་། བཞི་པ་ཡོན་ཏན་སེར། ལྔ་པ་ཕྲིན་ལས་ལྗང་། མུ་ཁྱུད་རེ་རེ་ལ་ཟུར་ཐིག་རེ་རེའི་བར་དབུས་མཚངས་ཐིག་གི་གཡས་གཡོན་དུ་ཁེལ་བའི་པད་འདབ་ལྔ་རེ་བཅད་པའི་པད་འདབ།། ༢༠ འདབ་རེ་རེའི་དབུས་སུ་པད་ཟླུམ་རེ་རེ་ལའང་འདབ་མ། ༢༠ རེ་ཡོད་པ་བཅད་ལུགས་གོང་ལྟར། ཁྱོན་འཁོར་ལོ་རེར་པད་ལྡེ། ༢༠ འདབ་མ། ༢༠༠ རེ། ལྟེ་བ་དང་འདབ་མར་ཕྱི་ནང་གི་གསེར་ཐིག་གཉིས་རེ། ལྷ་སྣམ་ཤར་དཀར་སོགས་སྤྱི་ལྟར་པ་ཏྲས་བརྒྱན་པའི་ཤར་སྒོའི་ནང་ཐད་གཡས་སུ་ཧྲིདཀར། གཡོན་དུ་ལྗང་། ལྷོར་དམར་སྐྱ། ནུབ་གཡས་མཐིང་། གཡོན་སྨུག །


JKT017_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དམར་ནག །ཡི་གེ་ཚོན་གྱིས་མ་བདེན་གསེར་གྱིས་བཅད་པའི་རྒྱ་ཡིག་ཤ་ཆེན་ནམ་རྐྱང་པ། སྒོ་བཞིར་ཤར་སྒོའི་དབུས་སུ་ཛདཀར། ལྷོར་ཧཱུྃ་སེར། ནུབ་བོ་དམར། བྱང་ཧོ༔ ལྗང་གུ་བྲི། ༢ཚོན་ཐོ་སྤྱི་ལྟར་ལྷ་སྣམ་ཕྱོགས་མདོག །རྩིག་པ་བགོ་རིན་བྱུང་ན་ནང་ནས་ཕྱིར་རིམ་བཞིན་མཐིང་། སེར། དམར། ལྡང་། དཀར། མ་བྱུང་ན་ལྗང་སེར། འདོད་སྣམ་དམར། ཕ་གུ་སེར། དྲ་ཕྱེད་གཞི་མཐིང་ནག་ལ་གསེར་ཕྱི་དྲྭ་བ་དང་ཕྱེད་པ། ཤར་བུ་དཀར། འདའ་ཡབ་གསེར། རྟ་བབས་བང་རིམ་བཞིའི་འོག་མ་ནས་རིམ་པར་དམར། སྔོ། ལྗང་། སེར། འཁོར་ལོ་སོགས་གསེར། །སྣ་ཚོགས་རྡོ་རྗེའི་རྭ་ཕྱོགས་མདོག །ཤར་སྒོའི་གཡས་གཡོན་དུ་གདུགས། ལྷོར་རྒྱལ་མཚན། ནུབ་གདུགས། བྱང་རྒྱལ་མཚན་གཉིས་རེ། ཕྱི་ཁྱམས་སུ་ཁྲུས་རྫིང་། དཔག་བསམ་ལྗོན་པ། སྐྱེད་མོས་ཚལ། རིན་པོ་ཆེའི་རི། མ་རྨོས་པའི་ལོ་ཏོག་སོགས་ཞིང་ཁམས་ཀྱི་བཀོད་པ་ལྟ་བུ་གང་མཛེས། མུ་ཁྱུད་ལྗང་། པདྨ་སྣ་ཚོགས། དུར་ཁྲོད་བར་མཐིང་སྐྱ། གཞི་ནག་པོར་གསེར་རིས་ཀྱི་བཀོད་པ་གང་མཚམས། རྡོ་ར་གཞི་ནག་པོར་གསེར་རིས། མེ་རི་པ་ཏྲ་རྩེ་མོ་གཡོན་བསྐོར་ཚོན་སྣ་སྤེལ་མའོ། །གོང་གཤམ་སྟེང་འོག་མ་གཏོགས་གཡས་གཡོན་དུ་མེད་པ་སྤྱི་གཡབ་གཡས་གཡོན་དུ་ཙཀློའི་


JKT017_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་མཚལ་ལྟ་བུ་བྱུགས། སྟེང་འོག་ལ་མི་དགོས། འདི་ཐང་ཀ་ཆེ་ཚད་རེད་སྙམ་ནས་བྲིས་པ་ཡིན་ཀྱང་ད་ཆ་སྤྱི་འགྲེ་ལས་མི་དགོས་འདུག ༈ །དཀྱིལ་ཆུང་། ༥༧ བླ་མ་ཡིད་བཞིན་ནོར་བུའི་དཀྱིལ་ཐང་ལ། ཞི་དཀྱིལ་རྟ་བབས་སྣམ་བཞི་དུར་ཁྲོད་མེད་པའི་སྤྱི་འགྲེ། ལྟེ་བར་པད་འདབ་བཞི། དེའི་ཕྱི་རོལ་དུ་རིན་ཆེན་ཟུར་བརྒྱད་གསེར། དབུས་སུ་གཙོ་བོ་བླ་མ་གསང་འདུས་རྡོ་རྗེ་འཆང་ཙཀྲིའི་བྲི་ཡིག་ལྟར། དེའི་མདུན་དུ་ཕྱག་མཚན་འཁོར་ལོ། དྲིལ་བུ། མདུན་གྱི་འདབ་མར་རྡོ་རྗེ། དྲིལ་བུ། ལྷོར་རིན་ཆེན། དྲིལ་བུ། ནུབ་པདྨ། དྲིལ་བུ། བྱང་རྒྱ་གྲམ། དྲིལ་བུ། རིན་ཆེན་ཟུར་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་བསྐོར་ཕྱག་མཚན་རྩེ་མོ་ཕྱིར་བསྟན། ཞལ་ནང་དུ་ཕྱོགས་པའི་རྡོ་རྗེ་དྲིལ་བུ་༡། གསེར་གྱི་རྡོ་རྗེ་རྐྱང་པ་རྩེ་ལྔ་༢། བདུད་རྩིའི་ཐོད་པ་༣། ཁ་ཊཾ་རྩེ་གསུམ། ༤ མེ་ལོང་།། ཐོད་པའི་ཌ་རུ་པ། ཁྲོ་བོའི་རྡོ་རྗེ་རྩེ་དགུ་རྭ་གདེང་༧། རྡོ་རྗེ་དང་ཕུར་པ་ར། སྒོ་བཞིར། མཐིང་། ཧཱུྃ། སེར། པཾ། དམར། ཧོ༔ ལྗང་། ༡ ༈ །ཕག་མོ་དཀར་མོ་དཀྱིལ་ཐང་ལ། ཞི་དཀྱིལ་དུར་ཁྲོད་ཡོད་པ་རྟ་བབས་སྣམ་བཞི་མ། དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་པད། ཉི། བམ་རོའི་སྟེང་ཕག་མོ་དཀར། ཞི་འཛུམ་ཁྲོ་ཆགས་


JKT017_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས༈ སྤྱན་གསུམ། མཆེ་གཙིགས། སྤྱི་གཙུག་ཕག་ཞལ། དར་དང་རིན་ཆེན་རུས་པའི་རྒྱན་སོགས་སྤྱི་འགྲེ། ཞབས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས། ཕྱི་རོལ་འོད་ཟེར་པ་ཏྲ། གཡས་རྡོ་རྗེའི་གྲི་གུག་གདེངས། གཡོན་ཚེ་བུམ་ཐུགས་ཀ། གྲུ་མོ་གཡོན་ཁ་ཊཾ་སོགས་ཕག་མོ་སྤྱི་ལྟར་རོ། །གཞན་དཀྱིལ་འཁོར་གྱི་བཀོད་པ་ཞི་དཀྱིལ་སྤྱི་ཁྱབ་ལྟར་རོ། ༢ །ཕག་མོ་སེར་མོ་ཞི་དཀྱིལ་གོང་གསལ་སྤྱི་འགྲེ་དུར་ཁྲོད་མེད་པའི་ཕྱི་རོལ་གྱི་ཁོར་ཡུག་དང་། ནང་གི་བར་ཁྱམས་ལ་ནོར་བུ་རིན་པོ་ཆེའི་རིགས་དང་། ནོར་བུ་ཆ་བདུན། གཏེར་བུམ། དཔག་བསམ་གྱི་ཤིང་སོགས་བཀོད་པ་གང་འོས། དབུས་སུ་གསེར་གྱི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་པད་ཉི། བམ་རོའི་གདན་ལ་ཕག་མོ་གསེར་མདོག །ཕག་ཞལ་རྣ་ལྟག་གཡས་སུ་ཡོད་པ་མ་གཏོགས་གཞན་གོང་གི་ཕག་དཀར་ལྟར་ལ། སྒེག་ཅིང་རྒྱས་པའི་ཉམས། ནོར་བུའི་དོ་ཤལ་བཅས། གཡས་རིན་པོ་ཆེའི་གྲི་གུག་གདེངས། གཡོན་ནོར་བུས་གང་བའི་ཐོད་པ་ཐུགས་ཀ །ཕྱི་རོལ་ནོར་འཛིན་པ་ཏྲའོ། ༣ །པདྨ་མཁའ་འགྲོ་ལ་མེ་རི་པ་ཏྲ་དམར་ཤས་ཆེ་བ། རྡོ་ར། དུར་ཁྲོད་དང་བཅས་པའི་གཞལ་ཡས་ཟླ་གམ་དམར་པོ་སྒོ་གཅིག་ནུབ་བསྟན་རྟ་བབས་སྣམ་བཞི། དབུས་སུ་པད་དམར་འདབ་མ་བཞི་པའི་ལྟེ་བར་ཕག་མོ་དམར་མོ་


JKT017_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཉམས། གཡས་པདྨའི་གྲི་གུག་གདེང་། གཡོན་ཐོད་ཁྲག་ཐུགས་ཀ །རྣ་ལྟག་གཡོན་དུ་ཕག་ཞལ། པདྨ་དམར་པོའི་ཕྲེང་བ་འཕྱང་བ། གཞན་རྒྱན་ཆ་བཞུགས་སྟངས་སོགས་འདྲ། གདན་པད། ཉི། བམ། ཕྱི་རོལ་པདྨའི་པ་ཏྲ། འདབ་མ་བཞིར་རྡོ་རྗེའི་གྲི་གུག །རིན་པོ་ཆེའི་གྲི་གུག །འཁོར་ལོའི་གྲི་གུག །སྣ་ཚོགས་རྡོ་རྗེའི་གྲི་གུག་སོ་ནང་བསྟན། ཐམས་ཅད་ཁ་དོག་དམར་པོ། །ནུབ་སྒོའི་དབུས་སུ་པདྨ་དང་ཐོད་ཁྲག་གོ ༤ ལས་ཀྱི་མཁའ་འགྲོའི་བྲག་དཀྱིལ་ལ་ཕྱི་རོལ་དུ་མ་ཀྲྀ་གི་ཁོག་པ། དེའི་ལྟོ་བར་དྲག་མེ། རྡོ་ར། དུར་ཁྲོད་ཀྱི་དབུས་སུ་ཐོད་མཁར་ཟུར་གསུམ་སྟེ། དོན་དུ་གྲུ་གསུམ་དྲག་པོའི་མེ་འབར་བ་རྩེ་ཕྱིར་བསྟན་མུ་ཁྱུད་ལ་ཐོད་སྐམ་གྱི་ཕྲེང་བས་མཚན་པ། དེའི་དབུས་མཚོན་ཆའི་འཁོར་ལོ་རྩིབས་བརྒྱད་པ། དེའི་དབུས་སུ་མཚོན་འཁོར་རྩིབས་བཞི་པ། ལྟེ་བ་དང་རྩིབས་བཞི་ལ་ཐིག་ལེ་མཐིང་ནག །རྩིབས་བརྒྱད་མ་ཤར་ནས་བརྩམས་ཏེ་ཐིག་ལེ་དཀར་སྨུག་༡། །དམར་ནག་༢། སྨུག་ནག ༣ །ནག་པོ། དམར་སྨུག། ལྗང་ནག༦ །ལྗང་ སྨུག༧ །སྔོ་ནག །ཆོས་འབྱུང་གི་ཕྱི་ནང་བར་ཁྱམས་ཐམས་ཅད་དུ་ཁྲག་མཚོ་རིས་དང་། མགོ་ལག་གློ་སྙིང་རྒྱུ་མ་སོགས་འཇིགས་པའི་རི་མོ་ཅི་རིགས་བྲིའོ། །༈ །བདེ་མཆོག་རབ་འབྱམས་ལས།


JKT017_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་འགྲེལ་༡ལ་དཀྱིལ་འཁོར་ཟུར་པ་དགོས། ཨབྷ་ཡའི་འཁྲུལ་སྤོང་ལུ་ཧི་པའི་ལུགས་སྤྱི་ཁྱབ་ཏུ་སྣང་བས། རྡོར་ཕྲེང་ནང་གི་བདེ་མཆོག་རྩ་རྒྱུད་ལུགས་ཞལ་ཕྱག་ཡོངས་རྫོགས་ལྷ་རེ་གཉིས་མས་ཆོག༡ །མེ་ཏྲི་བཅུ་༢གསུམ་མ་བདེ་མཆོག་དྲིལ་བུ་ལྷ་ལྔ་ལྟ་བུ་ཞལ་ཕྱག་ཡོངས་རྫོགས་ལྷ་ལྔ་ལ་ཕྱོགས་མཚམས་སུ་སྒོ་མཚམས་བརྒྱད་ཀྱི་ཚོན་ཕུང་དགོད་པས་འཐུས། རྭ་ལུགས་ཕག་མོ་སོ་བདུན་མ་བདེ་མཆོག་རེ་གཉིས་མར་ལྔ་མཚན་བསྒྱུར་བས་རུང་། །ལྭ་བ་༥བཅུ་གསུམ་མའང་མེ་ཏྲི་བཅུ་གསུམ་དང་མཚུངས། སྡོམ་འབྱུང་༦ཀྱང་ཚོམྦུ་དགོད་ན་དེ་དང་འདྲ། གཞན་རྩ་ལྷ་ཞལ་གསུམ་ཕྱག་དྲུག་སོགས་ཞལ་ཕྱག་མི་འདྲ། འཁོར་ལོས་སྒྱུར་༧དྲུག་རྡོར་ཕྲེང་གིས་འཐུས། འཇམ་རྡོར་ཟུར་རཔ་དགོས། དྲག་པོ་ཕྱག་འབུམ་༩ཚོམུ་དགོད་དུས་རེ་གཉིས་མ་དང་འདྲ། བོང་༡༠ཞལ་ཅན་རེ་གཉིས་པ་ལ་ཁ་བསྒྱུར་བས་རུང་། ཤཱ་རི་བུ་༡༡ཏྲའི་ལུགས་མཆོག་གི་རྡོ་རྗེ་ཕག་མོ་བདེ་མཆོག་བཅུ་གསུམ་མ་ལྟ་བུ་ཁ་བསྒྱུར་བས་ཆོག །རྡོ་རྗེ་མཁའ་འགྲོ་མ་༡༢ཞལ་ཕྱག་མི་འདྲ་བ་ལས་རེ་གཉིས་མ་དང་འདྲ།། མཁའ་འགྲོ་རྒྱ་མཚོ་ཟུར་པ་༡༣དགོས། ཕག་གདོང་ཆེན་༡༤ མོ་རེ་གཉིས་མ་དང་འདྲ་བས་ཚོམུ་དགོད་པས་འཐུས། དྲིལ་བུ་ལྷ་ལྔ་ནི་གུའི་ལྷ་ལྔ་ལྟ་བུའི་ཚོསླུ་བྱེད་པའི་ཚེ་ཆོག །ཁྲོ་བོ་རྡོར་སེམས་ཟུར་པ་


JKT017_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། ཞི་སྦས་ལུགས་ཀྱི་ཕག་མོ་༡༧ཟུར་པ་ཡོད་ན་ལེགས། མེད་ན་བདེ་མཆོག་སྤྱི་འགྲེལ་ལྟེ་བ་ཡོངས་རྫོགས་བསྒྱུར་ནས་བྲི། སམྦི་ཊ་རྡོར་ཕྲེང་དང་འདྲ། ༈ །ཀྱེ་རྡོར་ཞི་སྦས་ལུགས་ལྷ་དགུ་ལ་འགྲེལ་པ་ལུགས་དང་མཐུན་པ་ལས། འགྲེལ་པ་ལུགས་ལ་བདུད་བཞི་བཀྲམ་གདན། འདིར་བརྩེགས་པ་ཙམ་ཁྱད་པར་རོ།། །།མངྒ་ལཾ།། །།