cover

འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

གླེགས་བམ་བཅོ་བརྒྱད་པ། ཚ༽

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Nitartha international
Images scanned by BDRC
གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་བཀའ་འབུམ་འདི་ནི་ OCR བྱེད་སའི་གཞི་དེ་བོད་རྫོང་སར་བཀྲ་ཤིས་ལྷ་རྩེར་རྫོང་སར་བ་ཁྲ་འབུ་བློ་གྲོས་ཕུན་ཚོགས་མཆོག་གིས་དཔེ་གཟུགས་པོད་ཉེར་ལྔ་ཅན་ཞིག་པར་དུ་བསྐྲུན་གནང་བ་དེ་ཡིན་པས་ཁོང་གི་རྨད་དུ་བྱུང་བའི་མཛད་རྒྱས་ལ་ཡི་རུང་དང་བསྔགས་བརྗོད་ཞུ།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

འཕྲིན་ཡིག་དཔེར་བརྗོད་ཨུཏྤལ་གཞོན་ནུའི་དོ་ཤལ།

ཤོག་ལྷེབ་ ༡ ནས་ ༡༠༠ བར།


JKT018_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ཡིག་དཔེར་བརྗོད་ཨུཏྤལ་གཞོན་ནུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།


JKT018_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

སྡེབ་སྦྱོར་མཉམ་པའི་པྲི་ཏ་ལས་ཡི་གེ་བཅོ་བརྒྱད་པ་མེ་ཏོག་གཡོ་བའི་འཁྲི་ཤིང་ཞེས་བྱ་བའི་ཕྲ་སྣ་རས་མཛེས་པར་བྱས་པའོ།
ཤཱ ནྟེ ས དྷཱ ཏུ ༔ སུ ཀྲྀ པ ཀྲྀ ཐུ བྷི ༔ ཀཱ རུ ཎཾ མེ གྷ མུ ཧེ།
ཤིན་ཏུ་ཞི་བ་དམ་པའི་དབྱིངས་ལས་བརྩེ་ཆེན་སྙིང་རྗེའི་སྤྲིན་བཀོད་དེ།
བྱ ནྟཱ ད མྱུ ནཱ ཙི ཏ ནུ གབ ཧཱུྃ ནི རྨ ཀཱ ནཱི བི ལ ཌ །
མཐའ་ཀླས་གདུལ་བྱའི་མོས་པའི་རྗེས་འགྲོ་སྣ་ཚོགས་སྤྲུལ་སྐུའི་རྣམ་རོལ་གྱིས། །


JKT018_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ས ཏྠ ན བྲྀ ཏྲི བི ཤ མ ཚྭ ཏཾ ཀོ ལི ཀཾ ས རྦ གཏེ །
ལམ་བདེན་བདུད་རྩིའི་གྲུ་ཆར་འབེབས་པས་རིགས་ཅན་གསུམ་གྱི་འགྲོ་ཀུན་ལ།
མོ ཀྵ གྲོ བི ཐཾ སུ ཤུ བྷ ཀུ རུ བེ དྭ ན ཤཱ ཀྱ པྲ དྷ ནེ །
ཐར་པ་མཆོག་གི་ངལ་འཚོ་སྦྱིན་མཛད་ཤཱཀྱའི་གཙོ་བོས་དགེ་ལེགས་མཛོད། །


JKT018_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་རྒྱལ་རྣམས་གསུང་གི་གསང་བ་ཀུན། །སྨོན་ལམ་བྱེད་པོས་རྡོ་རྗེའི་སྐུ་མཆོག་ཁྱོད་གཅིག་ཉིད་ལ་རྫོགས་གྱུར་པས། །རྨོངས་དང་མ་རིག་འཐིབ་བུ་འཇིལ་བྱེད་ཤེས་རབ་སྣང་བ་དམ་པ་ཡིས། །སྐལ་བཟང་གང་ཞིག་དགའ་བ་སྐྱེད་མཛད་རིག་པའི་ལྷ་མཆོག་དེས་བྱིན་རློབས། །འཁྲུལ་བཅས་དྲི་བྲལ་ཟག་མེད་ཆོས་ཕུང་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །བཻཌཱུརླ་ཡི་ཏམྦུ་ར་ལས་ཟབ་མོའི་སྒྲ་དབྱངས་རབ་སྒྲོགས་ཤིང་། །སྨྲ་བའི་དབང་ཕྱུག་མཉེས་པར་འདོད་ལ་ལྷག་པར་ཐུགས་རྗེས་འཛིན་བརྩོན་པ། །རྒྱལ་ཡུམ་རྡོ་རྗེ་དབྱངས་ཀྱི་རྒྱལ་མོ་ཚིག་དོན་རྣམ་པར་འབྱེད་ལ་སྤྱོན། །དོན་བཟང་གཏིང་ཟབ་འོ་མའི་ཆུ་གཏེར་ལས། །ཚོགས་གསུམ་བསྟན་བཅོས་སྙན་འགྱུར་འོད་པོ་ཆེས། །དེང་འདིར་བློ་ལྡན་པདྨོའི་བཅུད་གྱུར་པ། །དཎྜི་ཞེས་གྲགས་འཕགས་ཡུལ་སློབ་དཔོན་རྒྱལ། །བློ་ཆེན་མཁྱེན་པའི་གོམ་སྟབས་ལྷོད་པོ་ཡིས། །གཙུག་ལག་ས་གསུམ་བདག་གིར་འཛིན་དང་བཅས། །ལོག་སྨྲ་ལྷ་མིན་ཕྲག་དོག་འཇིལ་མཛད་པ། །རྣམ་དཔྱོད་ལྡན་པའི་ལྷ་དབང་སྔོན་མང་བྱུང་། །དམ་པའི་བསྟན་བཅོས་དབྱར་གྱི་སྐྱེད་ཚལ་ལ། །སྣ་ཚོགས་རིག་ལམ་མེ་ཏོག་ཆེས་བཀྲག་པར། །ལྟད་མོར་ལྷགས་པའི་དཔྱོད་ལྡན་བུང་བའི་ཁྱུ། །སླར་ཡང་བློ་ཆུང་ཚལ་ལ་རྩེ་འདི་ཅི། །འོན་ཀྱང་མཁྱེན་ལྡན་གསུང་བཟང་བདུད་རྩིའི་བཅུད། །


JKT018_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པའི་མོད་ལ་འདམ་སྐྱེས་སར་དགའི་ཚལ། །ཀུན་རྨོངས་དྲི་མས་སྦགས་དང་ཆབས་ཅིག་པར། །བརྗོད་འདོད་ཡིད་ཀྱི་གེ་སར་བཀྲ་ལ་ཆས། །མཆོག་འབྲིང་དམན་པས་བསྡུས་པ་གང་དང་གང་། །ཕན་ཚུན་འཕྲིན་ཡིག་རྣམ་བཞག་ཞག་ལྡན་མར། །དཔེར་བརྗོད་ཨུཏྤལ་སར་པའི་ཕྲེང་མཛེས་འདིས། །དང་པོའི་བློ་ཅན་དགའ་སྟོན་སྦྱིན་ལ་ཆས། །ཞེས་སྨོས་ཏེ། སྐབས་སུ་བབས་པའི་གླེང་བར་བྱ་བ་ནི། །བཅུ་ཕྲག་རིག་པའི་པདྨོ་ལ་རྣམ་དཔྱོད་ཀྱི་སྣང་བས་དགོད་པར་ནུས་པ་དག་གིས་འཕྲིན་ཡིག་སྟོབ་པའི་དཔེར་བརྗོད་རྩོམ་པ་ལ་འོས་སུ་ཆེ་བ་ཡང་། མདོ་སྡེ་རྒྱན་ལས། གསེར་ལས་བརྡུངས་བྱས་འདྲ་ཞིང་པདྨ་རྒྱས་པ་བཞིན། །བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། །འཕྲིན་ཡིག་ལེགས་པར་ཐོས་འདྲ་རིན་ཆེན་སྒྲོམ་ཕྱེད་ལྟའི། ཆོས་ནི་འདིར་བཤད་པ་ལ་དགའ་བའི་མཆོག་བསྐྱེད་དོ། །ཞེས་དམ་པའི་ཆོས་ལེགས་པར་ཐོས་པའི་དགའ་བ་བསྐྱེད་པ་དང་འདྲ་མཚུངས་ཀྱི་སྒྲ་ལས་དྲངས་མོད། དེ་ལྟ་ནའང་ཁོ་བོ་ཅག་ནི་སྐྱེས་ཐོབ་དང་སྦྱངས་ཡོན་ཤིན་ཏུ་དམན་པས་ལྔ་རིག་ལྟ་ཅི་སྔོན་བྱོན་མཁས་པའི་བསྟན་བཅོས་ལ་གོ་བ་ལྷུན་ཆགས་པའང་མི་ལོན་པའི་བདག་ཉིད་ཅན་དུ་ན། ཇི་ལྟར་བརྗོད་པ་ལ་ཤིན་ཏུ་མི་འོས་པའང་། སྐྱེ་བོ་བསྟན་བཅོས་མི་ཤེས་པས། །ཡོན་ཏན་སྐྱོན་དག་ཇི་ལྟར་དབྱེ། །གཟུགས་ཀྱི་དབྱེ་བ་


JKT018_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་སྐབས། །ལོང་བ་དག་ལ་ཡོད་དམ་ཅི། །ཞེས་གསུངས་པ་བཞིན་ཚིག་དོན་ཕྱིན་ཅི་ལོག་པ་ཁོ་ནས་ཁྱབ་མོད། །འོན་ཀྱང་དམ་པའི་གསུང་གི་བཀའ་ནན་ལ་བརྣག་པར་དཀའ་བས་ཇི་བཞིན་འབྲི་བར་དམ་བཅའ་བ་ལ་སྤྱི་དོན་རྣམ་པ་ལྔས་བསྟན་ཏེ། འཕགས་བོད་དུ་འཕྲིན་ཡིག་གི་རྣམ་བཞག་ཇི་ལྟར་བྱུང་བའི་ཚུལ། འབུལ་ཡུལ་གྱི་རིགས་སྟོབས་མཐོ་དམན་གྱི་ས་བཅད། དེ་དག་ལ་དྲུང་ཞུའི་འབེབ་དང་རྒྱ་སྡོམ། སྤྱི་ཡི་བརྗོད་དོན་གྱི་བྱ་བཞག་ཇི་ལྟར་ཕུལ་བའི་དཔེར་བརྗོད་དང་རྣམ་པ་ལྔ་ལས། དང་པོ་ནི། འཕགས་བོད་རྣམས་སུ་འཕྲིན་ཡིག་ཇི་ལྟར་བྱུང་བའི་ཚུལ་ལ། སྔོན་འཕགས་ཡུལ་དུ་སྟོན་པ་བཅོམ་ལྡན་འདས་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། སིང་ག་ལ་ཡི་རྒྱལ་པོའི་བུ་མོ་མུ་ཏིག་འཁྲི་ཤིང་གིས་སྟོན་པའི་མཚན་བཟང་ཐོས་པར་མི་ཕྱེད་པའི་དད་པ་ཐོབ་ནས། ལྷ་དང་ལྷ་མིན་མི་ཡིས་ཕྱག་བགྱིད་པ། །སྐྱེ་དང་བསྙུང་དང་བསྙེངས་ལས་ངེས་གྲོལ་ཞིང་། །གཙོ་བོ་གྲགས་པ་རྒྱ་ཆེར་རབ་གྲགས་པ། །དྲང་སྲོང་བདུད་རྩིའི་ཆ་ལ་ཐུགས་རྗེས་གནང་། །ཞེས་འཕྲིན་གསོལ་བའི་ཚེ་སྟོན་པས་བཞེས་ཏེ་བཀླག་པར་མཛད་ནས། སྐུ་ལས་འོད་ཟེར་བཀྱེ་བ་ཚོན་གྱིས་མནན་པའི་བྲིས་སྐུ་དང་། ཚིགས་བཅད་རྐང་པ་གཉིས་སོགས་སྤྲིང་ཏེ་བཀའ་སྦྲགས་པར་མཛད་པས་རྣམ་པར་གྲོལ་བར་གྱུར་ཏོ། །གཞན་ཡང་ཀོ་


JKT018_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་ཡི་རྒྱལ་པོ་གསལ་རྒྱལ་གྱིས་འཕྲིན་ཕུལ་བ་དང་། སྐྱེ་དགུའི་བདག་མོ་ལ་འཕྲིན་ཡིག་སངས་རྒྱས་ཉིད་ཀྱིས་མཛད་པ་དང་། ཡུལ་དབུས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་། སྒྲ་སྒྲོགས་ཀྱི་རྒྱལ་པོ་ཨུ་དྲ་ལན་གཉིས་འཕྲིན་ཡིག་སྐྱེས་བཅས་ཡན་འགར་སྟབས་མཐར་སྒྲ་སྒྲོགས་རྒྱལ་པོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དགྲ་བཅོམ་པ་ཐོབ་པའི་མཚམས་སྦྱོར་དུ་གྱུར་པ་དང་། སློབ་དཔོན་ནཱ་ག་རྫུ་ནས་རང་གི་མཛའ་བོ་བདེ་སྤྱོད་ལ་སྤྲིངས་པའི་བཤེས་སྤྲིང་། སློབ་དཔོན་ཙནྡྲ་གོ་མཱིས་རྒྱལ་རིགས་ཀྱི་དགེ་སློང་ཞིག་བསླབ་པ་ལས་ནོངས་པ་བསལ་སླད་སྤྲིངས་བསློབ་སྤྲིང་། མ་ཏི་ཙི་ཏྲས་རྒྱལ་པོ་ཀ་ནི་ཀ་ལ་བསྐུར་བ། མ་ཧཱ་ཙི་ནའི་གོང་མ་ཐ་ཧུའི་རྒྱལ་པོས་མ་གདྷའི་དགེ་འདུན་པ་རྣམས་ལ་ཕུལ་བ་སོགས་མཐའ་ཀླས་པ་དང་། བོད་ཆེན་པོའི་ལྗོངས་སུའང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྟེན་སྐལ་ཇོ་བོ་རྣམ་གཉིས་དང་། བཙུན་མོ་ཟུང་སྤྱན་དྲངས་པའི་སླད་དུ་རྒྱ་བལ་གྱི་རྒྱལ་པོར་སྤྲིངས་པ། མངའ་བདག་རལ་པ་ཅན་གྱིས་རྒྱ་བོད་གཉིས་འགལ་འདུམ་གྱི་ཆེད་དུ་ཕྲིན་རྡོ་ལ་བཏབ་པ་སོགས་སྔ་དུས་ཀྱང་དར་སྲོལ་ཆེ་ཞིང་། ཕྱིས་སུའང་མང་ཡུལ་ནས་འབྲོམ་སྟོན་པས་ཇོ་བོ་རྗེ་སྤྱན་འདྲེན་པའི་ཆེད་དུ་ཕྲིན་བསྟབས་པ། ཁྲོ་ཕུ་ལོ་ཙཱ་བས་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ལ་ཕུལ་བ། འཇམ་དབྱངས་ཀུན་དགའ་རྒྱལ་མཚན་དང་། ཆོས་ཀྱི་རྒྱལ་པོ་


JKT018_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་རིན་པོ་ཆེ་ལ་རྒྱལ་པོ་གོ་དན་གྱིས་ཕུལ་བ། རྒྱལ་དབང་ལྔ་པ་རིན་པོ་ཆེར་གོང་མ་ཧོང་དེས་ཕུལ་བ་ལ་སོགས་པ་མདོར་ན་གང་ཟག་མཆོག་འབྲིང་ཕལ་པས་ལེགས་པའི་རྒྱལ་མཚན་བསྒྲེང་ཞིང་། ཉེས་བྱས་དྲུང་ནས་གཞིལ་བའི་བྱེད་པོ་ཕྲིན་ཡིག་གི་རྣམ་གཞག་ལ་འདི་ཞེས་ཁ་ཚོན་གཅོད་དུ་མེད་པར་གྲངས་མེད་པ་ཞིག་མཆིས་སོ། ༈ །གཉིས་པ་འབུལ་ཡུལ་གྱི་གོ་རིམ་ལའང་། འགྲོ་བ་ཀུན་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སྤང་རྟོགས་སངས་རྒྱས་ཀུན་དང་མཉམ་པའི་བླ་མ་དམ་པ་ཀུན་གཟིགས་པཎྜི་ཏ་ཆེན་པོ། མདོ་རྒྱུད་རྒྱུན་མཆོག་རྣམ་བཞི་ཧུབ་ཀྱིས་འདྲེན་པའི་རབ་འབྱམས་པ་སྨྲ་བའི་དབང་པོ། རིམ་གཉིས་ཀྱི་ལམ་ཟབ་མོ་ཉམས་སུ་ལེན་པའི་གང་ཟག་འཁོར་འདས་ཀྱི་ཆོས་ཀུན་ཟབ་ཞི་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ། སྡོམ་བརྩོན་འདུལ་བ་འཛིན་པའི་དགེ་སློང་ཆེན་པོ་སྟེ་དམ་པའི་ཚུལ་དགུས་མངོན་པར་མཐོ་བའི་ཡུལ་ཤིན་ཏུ་གཏན་པོ་དང་། བར་པ་ལ་སོགས་སྐབས་ཅི་རིགས་པ་དང་། ནོར་འཛིན་ཁྱོན་ལ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ། ཡུལ་གྲུ་མང་པོར་དབང་བསྒྱུར་བའི་རྒྱལ་ཕྲན་རང་གི་འབངས་ལ་བདེ་བ་སྟེར་བའི་མི་དཔོན། དེ་དག་གི་ལས་འཛིན་པ་མཆོག་དམན་བར་མས་བསྡུས་པ། ཡངས་པའི་རྒྱལ་ཁམས་བདེ་བར་སྐྱོང་བའི་རིགས་རུས་ཀྱིས་ཕྱུག་པའི་བཙུན་མོ་ཆེན་མོ། །


JKT018_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཕན་སྟེར་ཞིང་མཛེས་མཛངས་དང་ལྡན་པའི་དཔོན་མོ་སོགས་དང་། གཞན་ཡང་། ལྔ་རིག་གི་གནས་ལ་བློ་གྲོས་ཀྱི་པདྨོ་རྒྱས་པ། ཀུན་གྱི་མ་མོར་གྱུར་བའི་ཡིག་རིགས་དུ་མར་སོར་མོའི་འདུ་འགོད་མ་རྨོངས་པ། ལུས་ཅན་ཀུན་གྱི་དུས་མིན་འཆི་བ་བཟློག་པའི་ཚེའི་རིག་བྱེད་པ། བརྡའ་སྤྲོད་ཀྱི་གཞུང་ལུགས་ཆེན་པོར་དཔྱིས་ཕྱིན་པའི་སྒྲ་མཁན་པ། སྒྱུ་མ་མཁན་ཡང་ཡིད་ཀྱི་བརྟན་པ་འཕྲོག་པའི་བཟོ་རིགས་བྲིས་འབུར་མཁན། དབྱངས་ལྡན་གྱི་རྒྱུད་མངས་ནས་བླངས་པ་དང་ཆོས་མཚུངས་པའི་སྙན་ཚིག་གི་མཐར་སོན་པའི་སྙན་ངག་པ། ཕྱི་དུས་ཀྱི་འཁོར་ལོའི་དེ་ཁོ་ན་ཉིད་སྟོན་ཅིང་འཁོར་འདས་བླང་དོར་མི་རྨོངས་པར་གསལ་བའི་སྐར་ནག་རྩིས་རིག་པ། བཟོ་རིགས་ཕལ་པ་གང་དང་གང་ལའང་མཁས་པ། རང་བཞིན་བཟང་ཞིང་བློ་དཀྱེལ་ཆེ་བའི་མཛའ་གཅུགས་སྙིང་དང་མིག་ལ་བདུད་རྩི་སྟེར་བ། སྲིད་སྒྲུབ་ལྟར་བརྟུལ་ཕོད་ལྡན་པའི་མཚོན་ཆ་འཛིན་པ་ལ་སོགས་པ་སྟེ། གཤམ་དུ་དཔེར་བརྗོད་ཇི་ལྟར་རིགས་པ་བཀོད་པ་དང་འཚམས་པའི་མཆོག་དམན་བར་མའི་གོ་ས་དང་བསྟུན་ཏེ་སྦྱར་བར་རིགས་སོ། །གསུམ་པ་དྲུང་ཞུའི་འབེབས་དང་རྒྱ་སྡོམ་གྱི་རིམ་པའང་། དང་པོ་འབུལ་ཡུལ་ཤིན་ཏུ་གཉན་པ་ལ། ཞབས་པད་ཆེ་དགུའི་རལ་ཁུར་མངོན་པར་སྤ་བའི་ཉེ་དྲུང་དུ། ཞབས་སྟེགས་འཇིག་རྟེན་གསུམ་གྱི་བླ་ན་འཕགས་པའི་


JKT018_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་དྲུང་དུ། སོགས་ནས་འབེབས་སོར་བཅུ་ཙམ་གྱི་ནང་ཚུད་དུ། སྒོ་གསུམ་གུས་པའི་ལག་པད་སྤྱི་བོར་བཀོད་དེ་ཞུ་གསོལ་སོགས་དང་། ཤོག་དྲིལ་ཕྱེད་བཞི་ལྟེབས། ཧུང་ལེའི་རྒྱ་སྡོམས་རྟགས་གྱེན་དུ་ཕྱོགས་ཏེ་བཏབ། དེ་འོག་ལ། བསྔགས་བརྗོད་གང་རིགས་མཐར་ཞབས་པད་རིན་པོ་ཆེའི་དྲུང་དུ། ཞབས་པད་དུ། སོགས་ནས་འབེབས་སོར་བརྒྱད་ཀྱི་འོག་ཆུད་དུ། གུས་པས་ཞུ་བ། ཤོག་དྲིལ་སུམ་ལྟེབས་རྩེ་བཀུག །ཧུང་ལེའི་རྒྱ་སྡོམས་འཕྲེང་རྒྱགས། དེ་འོག་ལ། ཞབས་དྲུང་དུ། འབེབས་སོར་དྲུག་བདུན་འོག་ཆུད་ནས། ཞུ་གསོལ། ཤོག་དྲིལ་སུམ་ལྟེབས་རྩེ་མོ་བཀུག་ཙམ། དེ་འོག་ལ་མཆོག་གི་དྲུང་དུ། འབེབས་སོར་ལྔ་ཙམ། ཤོག་དྲིལ་སུམ་ལྟེབས། དེ་ལས་དམན་པར་སྐུ་དྲུང་དུ། འབེབས་སོར་གསུམ་བཞི། ཤོག་དྲིལ་ཕྱེད་སུམ་ལྟེབས། དེ་ལས་དམན་པར། ཕྱག་ཏུ། འབེབས་སོར་གཉིས་འོག་བརྒལ་ནས་ཉེ་ལམ། ཤོག་དྲིལ་ཉིས་ལྟེབས་རྩེ་བཀུག །རང་ལས་དམན་པ་ལྟ་བུ་ལ། གང་དེར། དེ་ལ་སོགས་ནས། ཤོག་དྲིལ་ཉིས་ལྟེབས་དང་འཕྲེད་དྲིལ་གང་རིགས་བྱའོ། ༈ །བཞི་པ་སྤྱི་ཡི་བརྗོད་དོན་གྱི་བྱ་གཞག་ཀྱང་། དཎྜིའི་གཞུང་ལས། འདིར་ནི་ཟབ་པས་རྒྱ་མཚོ་དང་། །བརླིང་པ་ཉིད་ཀྱི་རི་བོ་ཡིན། །འཇིག་རྟེན་རྣམས་ལ་འདོད་པ་ནི། །སྟེར་ཕྱིར་དཔག་བསམ་རྐང་འཐུང་ངོ་། །ཞེས་གསུངས་པ་བཞིན།


JKT018_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་ཟབ་པ་ལ་རྒྱ་མཚོ། བརླིང་པ་ལ་རི་དབང་། འདོད་པ་སྐོང་བ་ལ་ཡིད་བཞིན་ནོར་བུ་དང་། དཔག་བསམ་ཤིང་། བུམ་པ་བཟང་པོ། གཟི་བྱིན་ཆེ་བ་ལ་ཉི་མ། བརྟན་པ་ལ་ས་གཞི། འགྱུར་བ་མེད་པ་ལ་གསེར། གཤིས་དཀར་བ་ལ་དུང་དང་པད་རྩ། བློ་ཁོག་ཡངས་པ་ལ་ནམ་མཁའ། སྙིང་ཉེ་བ་ལ་ཉི་མས་རེག་པའི་ཨུཏྤལ། མཛེས་པ་ལ་ཟླ་བ་དང་། ཀུནྡའི་ཚལ་སོགས་བགྲང་དུ་མེད་བ་ཞིག་དཔེ་ལ་སྦྱོར་བའང་། ཇི་ལྟ་ཇི་ཞིག་ལྟར་མཚུངས་པ། །གསལ་བ་གང་དུ་རྟོགས་བྱེད་པ། །དེ་ནི་དཔེ་ཞེས་བྱ་སྟེ་དཔེར། །ཞེས་གསུངས་པ་བཞིན་དཔེ་ཡི་སྐྱོན་གྱིས་མ་གོས་པ་དང་། བླ་མ་དགེ་བའི་བཤེས་གཉེན་རྣམས་ལ། བླ་མ་སངས་རྒྱས་ཀུན་དང་མཉམ། ཞེས་དང་། མྱ་ངན་འདས་མདོར། དཀོན་མཆོག་གསུམ་ལ་སྐྱབས་སོང་ན། །འཇིགས་པ་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། རྒྱལ་སྲས་རྣམས་ཀྱི་སྤང་རྟོགས་དང་མཚུངས་པའི་ཚུལ་དང་། སྔོན་བྱོན་དམ་པ་རྣམས་ཀྱི་རྣམ་ཐར་ལ་བསྙེགས་ཚུལ། སྐྱབས་ཀྱི་སྙིང་པོ་ལ་བཀུར་ཏེ་བརྗོད་པར་བྱའོ། ༈ །རྒྱལ་པོ་རྣམས་ལ་རང་སྡེ་བྱམས་པས་རྩྭ་སྐྱོང་ཞིང་། གཞན་དག་ཟིལ་གྱིས་གནོན་པ་དང་། ཚུལ་མིན་ཚར་གཅོད་པ་ལ་ཚངས་པའི་བློ། སྲེད་མེད་བུའི་སྒྱུ་རྩལ། དབང་ཕྱུག་གི་ཡོན་ཏན། ལེགས་བྱས་ཕུན་སུམ་ཚོགས་པ་ལ་བསོད་ནམས་སྟོབས། །


JKT018_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་དྲང་བ་ལ་མེ་ལོང་གདོང་དང་། མང་པོས་བཀུར་བ། བྱམས་པས་སྐྱོང་བ་ལ་བྱམས་པའི་སྟོབས་སོགས་དང་མཚུངས་ཚུལ་དང་། གཞན་ཡང་རྒྱན་ལས། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། ཁྱིམ་པ་འཁོར་ལོས་སྒྱུར་རྣམས་སུ། །གྱུར་ནས་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཞེས་སོགས་གསུངས་པ་བཞིན་བསྔགས་བརྗོད་གང་འཚམས་བྱའོ། ༈ །གནས་ལྔའི་རིག་ལམ་གང་ལ་མཁས་པ་དེ་དང་དེར་བསྔགས་འོས་རིགས་ཀྱང་། བརྡའ་སྤྲོད་མཁས་པ་ལ། རང་བཞིན་རྐྱེན་དང་རྣམ་འགྱུར་གྱི་སྒོ་ནས་རྒྱལ་གསུང་གཏན་ལ་དབབ་མཁས་པ། བྲམ་ཟེ་པཱ་ཎི་དང་། ལྷ་ཡི་དབང་པོ། དྲང་སྲོང་ཕུར་བུ། གཞོན་ནུ་གདོང་དྲུག་སོགས་དང་མཚུངས་ཚུལ། ཚད་མ་ལ། དཔྱད་གསུམ་རྣམ་པར་དག་པའི་སྒོ་ནས་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པ་གཏན་ལ་དབབ་ཅིང་བརྒལ་བརྟགས་སུན་འབྱིན་གྱི་ཡོན་ཏན་རྒྱལ་སྲས་འཕགས་པ་ལྷ། ཕྱོགས་ཀྱི་གླང་པོ། ཆོས་ཀྱི་གྲགས་པ་སོགས་དང་མཚུངས་ཚུལ། བཟོ་རིག་ལ་ཤེས་བྱར་མཆིས་པ་ཇི་བཞིན་བསྐྲུན་པ་ལ་ཐོགས་པ་མེད་པ་ལས་སྣ་ཚོགས་པ་ཏེ་བི་ཤྭ་ཀརྨ། བྱེ་བྲག་ཡིག་མཁན་ལ་བྲམ་ཟེ་ལེགས་བྱིན་དང་། ཐུ་མི་སཾ་བྷོ་ཊ། གསོ་བ་རིག་པར། དུས་མིན་འཆི་བའི་འཇིགས་པ་སྐྱོབ་པའི་བྱེད་པོ་རྒྱུན་ཤེས་ཀྱི་བུ། གཞོན་ནུའི་གསོས། ཕ་ཁོལ། ཟླ་བ་མངོན་དགའ།


JKT018_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་ཐོག་པ། བྱང་ཟུར་མཁས་པ་རིམ་བྱོན་སོགས་དང་མཚུངས་ཚུལ། སྙན་ངག་ལ་མཁས་པར། མཚོ་བྱུང་མ། དཔལ་ལྡན་དཎཱི། དགེ་དབང་ཡབ་སྲས། དབྱངས་ཅན་དགའ་བ་སོགས་དང་མཚུངས་ཚུལ། མངོན་བརྗོད་ལ། སློབ་དཔོན་འཆི་བ་མེད་པའི་སྡེ། རབ་འབྱོར་ཟླ་བ། སྐར་རྩིས་ལ་རྡོ་རྗེ་རིགས་ལྡན། དུས་ཞབས་ཆེ་ཆུང་། རྒྱ་མཚོ་རྣམ་གསུམ། ནག་རྩིས་ལ་ཞུ་འཕྲུལ་ལེན་འཆང་བཞི། ཁམ་ཁྲ་ཁྱུང་ནག་སོགས་དང་མཚུངས་ཚུལ་སོགས་གང་དང་གང་ལ་བསྔགས་འོས་དེ་དང་དེར་འཚམས་པའི་ཚིག་དོན་རྣ་བའི་གསོས་སུ་འཇེབས་པ་བརྗོད་པར་བྱའོ། ༈ །ལྔ་པ་དེ་དག་ལ་ཇི་ལྟ་བར་འོས་པའི་དཔེར་བརྗོད་ལའང་། གངས་ཅན་གྱི་ལྗོངས་འདིར་ཡོངས་སུ་གྲགས་པའི་མཆོག་འབྲིང་ཕལ་བ་རྣམས་ལ་སྟེ། དེའང་ཚིག་བཅད་ལྷུག་གཉིས་སུ་སྤེལ་བ་ལས། དང་པོ་ཚིགས་བཅད་ཀྱི་རིམ་པ་ཅི་རིགས་པ་ཞིག་བརྗོད་པར་དམ་བཅའོ། ༈ །དེ་ལ་ཐོག་མར་ཡོངས་རྫོགས་བསྟན་འགྲོའི་དཔལ་མགོན་༸ས་སྐྱ་བདག་ཆེན་རིན་པོ་ཆེའི་སྐུ་ཞབས་སུ་ཕུལ་ན། བརྒྱད་ཁྲི་བཞི་སྟོང་རྒྱལ་གསུང་ཟབ་གསང་བཅུད། །མཁྱེན་དང་བརྩེ་བའི་དགོངས་པར་འུབ་ཆུབ་ཅིང་། །སྨིན་གྲོལ་བདུད་རྩིས་སྐལ་བཟང་སྐྱོང་མཛད་པ། །བདག་ཆེན་བླ་མའི་ཞབས་ཀྱི་པདྨོའི་དྲུང་། །ཆོས་རབ་འབྱེད་པའི་ཡོན་ཏན་ཨཱ་དརྣར། །དད་གུས་ལྟད་མོའི་ལོག་ལ་


JKT018_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཆགས་ནས། །ཞུ་གསོལ་གུས་པའི་དབྱངས་ཆུང་བསྟར་བ་ཡང་། །བྱམས་བརྩེའི་སྤྱན་ཟུར་གཡོ་བའི་འབབ་སྟེགས་ལགས། །བྱང་ཆེན་སྤྱོད་པའི་ཆུ་གཏེར་གཏིང་ཟབ་ལས། །དབང་བཅུའི་སྟོབས་རྫོགས་གསང་གསུམ་ཉིན་མོར་བྱེད། །འཛམ་གླིང་བསྟན་འགྲོའི་བསོད་ནམས་མོས་མཁའ་རུ། །ཐུགས་བསྐྱེད་འོད་སྟོང་འགྱེད་ལ་མི་ངལ་བཞིན། །རྒྱལ་བའི་གསུང་དོན་སྡེ་སྣོད་གསུམ་གྱི་ཀླུང་། །ཐོས་དོན་ཇི་བཞིན་བསམ་དང་སྒོམ་པ་ཡི། །ཤུགས་རིང་བསྐྱིལ་བའི་ཕ་མཐའ་མ་མངོན་ནས། །འཆི་མེད་དབང་པོས་སྤྱན་སྟོང་བགྲད་ལ་ཆས། །རྣམ་གཡེང་ལྗན་ལྗིན་ཁྲོད་ལ་འདུ་ཤེས་ཞུགས། །ཉེས་ཚོགས་རྡུལ་གྱིས་སྦགས་པའི་འདམ་སྐྱེས་བདག །སྐྱབས་མཆོག་ཐུགས་རྗེའི་སྤྲིན་མཛེས་འཁྲིགས་པ་ལ། །ངལ་འཚོ་ཐོབ་ཅིང་དད་གུས་བརྟན་པར་མཆིས། །སླད་མར་གསང་ཆེན་གདམས་པའི་དག་བྱེད་རྒྱུན། །གཅིག་ཏུ་བསྐྱིལ་མཁས་གསང་གསུམ་ས་མུ་དྲ། །འཚོ་གཞེས་ཐུགས་བསྐྱེད་ནམ་ཡང་ཅི་ལྷོད་པར། །མཁས་མང་ཀླུ་དབང་བསྟི་གནས་མཆོག་ཏུ་གྱུར། །ཐུབ་བསྟན་སྤྱི་དང་བྱེ་བྲག་པདྨོའི་ཚལ། །ནམ་ཡང་རྗེས་བརྩེའི་འོད་སྟོང་གིས་བསྐྱངས་ཤིང་། །གུས་ལྡན་ཐུགས་རྗེའི་ཀློང་དུ་འཚོ་དང་བཅས། །ངེས་དོན་གསུང་བཟང་སྤྱི་བོར་བརྒྱན་བར་ཞུ། །དེ་སྐད་ཞུ་མཆིད་རཡིག་གཉིས་པ་ཡིས། །དད་གུས་ཚིག་གི་རྒྱངས་གླུ་ལེན་པ་དང་། །


JKT018_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་འདབ་གཤོག་ཁྱུགས་ཁྱུག་གཡོ་བཞིན་དུ། །ཞབས་པད་བདུད་རྩི་ངོམ་མེད་རོལ་ལ་སོང་། ༈ །ཡང་ན། རྣམ་དག་ཏིང་འཛིན་སྒོམ་པའི་འབྲས་བུས་མཚན། །རྣམ་མང་ཐོས་བསམ་ཡལ་ག་ཕྱོགས་བརྒྱར་གཡོབ། །རྣམ་མཁྱེན་ལམ་བཟང་སུམ་རྩེན་གྲོང་མཛེས་པ། །རྣམ་འདྲེན་གོ་བི་དཱ་རའི་ཞབས་པད་མོར། །རྒྱལ་རྣམས་ཡེ་ཤེས་ཡོངས་རྫོགས་གང་སྐུའི་དཔལ། །ཀུན་ནས་ཕྲག་པ་དོག་པར་མ་ལགས་ཀྱང་། །དད་གསུམ་ཡིད་ཀྱི་རླུང་ཤུགས་གཡོ་བའི་ཚེ། །ཞུ་གསོལ་ཆལ་ཆིལ་མེ་ཏོག་འཐོར་ལ་ཆས། །འཛམ་བུའི་ལྗོན་པས་མཚན་པའི་ཐ་གྲུ་འདིར། །ཉི་མའི་གཉེན་གྱི་གསུང་རབ་སྡེ་སྣོད་གསུམ། །འཆད་སྤེལ་འཛིན་ལ་ངལ་བ་མི་བཞེས་པར། །གསང་གསུམ་བསྟན་འགྲོའི་བླ་ན་བརྟན་བཞུགས་རྨད། །འདི་ན་གནས་པའི་སྐྱབས་འོག་ཙ་ཀོ་ར། །གང་གི་བྱིན་རླབས་བདུད་རྩི་བསྒུགས་བཞིན་ནས། །ལང་- ཚོའི་འདུ་བྱེད་ཉམས་པར་མ་གྱུར་ཅིང་། །མོས་གུས་འདྲེན་བྱེད་དབང་པོ་གཏོད་བཞིན་མཆིས། །སླད་མར་རྒྱལ་བསྟན་ཡོངས་རྫོགས་རིན་པོ་ཆེའི། །ལུང་རྟོགས་ཆོས་ཚུལ་རྒྱ་མཚོའི་འབྱུང་གནས་གང་། །ཞབས་པད་སྲིད་མཐའི་བར་དུ་འཚོ་གཞེས་ནས། །བྱིན་རླབས་ཆར་རྒྱུན་སྤྱི་བོར་འཇོ་བ་མཁྱེན། །གུས་པའི་བསྟི་གནས་དབྱར་གྱི་སྐྱེད་ཚལ་ནས། །དད་དམ་ཚུལ་བཟང་རྩ་བ་བརླིང་བ་དང་། །ཞུ་འདེགས་རྒྱད་


JKT018_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་ཟུམ་མེད་གྲོལ་བཞིན་དུ། །གང་གི་ཞབས་པད་གུས་པས་མཆོད་ཕྱིར་སོང་། །ཡང་ན། རླབས་ཆེན་སྲས་བཅས་རྒྱལ་བའི་མཁྱེན་གཉིས་མཛོད། །གང་གི་གསང་བར་མ་བྱིན་པར་བླངས་པས། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངོན་མཐོ་བའི། །ཞབས་པད་སྲི་ཞུའི་ཐོད་ཀོས་བཏུད་པའི་དྲུང་། །མོས་གུས་སྒྲོ་གཤོག་གཡོ་བའི་གཞན་གསོས་མས། །དྭངས་འདོད་ཡིད་ཆེས་ཅ་ཅོ་སྒྲོགས་བཞིན་དུ། །ཡོན་ཏན་ཡོངས་རྫོགས་ཉམས་དགའི་བསྟི་གནས་དེར། །ཞུ་གསོལ་ཤུགས་གླུ་ལེན་ལ་དྭང་བས་ཕྱོགས། །ཉིན་བྱེད་བྱེ་བས་བརྒྱན་པའི་གསེར་གྱི་རིས། །གང་སྐུའི་དཔལ་ལ་རློམས་པར་ཆས་ན་ཡང་། །འཕགས་ནོར་བདུན་གྱི་སྣང་བ་འབར་བཞིན་དུ། །འགྲོ་ཀུན་འདྲེན་པས་ཁྱོད་ཉིད་ལྷག་པར་འཕགས། །འདི་ན་གནས་པའི་འདུ་ཤེས་གསུམ་པ་ཡང་། །སྐྱབས་གསུམ་ཀུན་འདུས་གང་གི་ཐུགས་རྗེ་ལས། །སྲིད་པ་ཕྱི་མར་ཉིང་མཚམས་མ་སྦྱོར་བར། །ལྷག་བློས་གསོལ་བ་གདབ་ལ་ཆེར་བརྩོན་བཞིན། །འབྱུང་འགྱུར་རྣམ་འདྲེན་གང་ཞབས་རྡོ་རྗེའི་ཁམས། །ཇི་སྲིད་ཐུབ་བསྟན་གནས་ཀྱི་དེ་སྲིད་བར། །འཚོ་ཞིང་གཞེས་ལ་གསོལ་བ་གདབ་བརྩོན་བཞིན། །ཐུགས་རྗེའི་མཆིལ་བས་ནམ་ཡང་མི་བཏང་ཞུ། །དེ་སྐད་ཞུ་གསོལ་ཚིག་གི་བྱ་མ་རྟ། །རྟེན་གྱི་གོས་བཟང་མ་ཉམས་བཀླུབས་བཞིན་དུ། །ཡེ་ཤེས་གོམ་སྟབས་འདེགས་


JKT018_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་བསྒྱུར་དང་བཅས། །ཞབས་པད་གུས་པས་འདུད་ཕྱིར་དེ་རུ་སོང་། ༈ །ཡང་ན། གང་ཚེ་འཆི་མེད་རིགས་ཀྱི་ཐིག་ལེ་རུ། །རྣམ་པར་ཆགས་པའི་མཚན་བཟང་ཉིན་མོར་བྱེད། །འཛམ་གླིང་བསྟན་འགྲོའི་མོས་མཁར་ཤར་ཙམ་གྱིས། །ཕན་བདེའི་སྣང་བ་སྦྱིན་དེའི་ཞབས་སྟེགས་སུ། །ཡ་མཚན་ཉིད་དོ་དཔྱིད་ཀྱི་བརླན་བཏུང་བས། །རྣམ་པར་གྲོལ་བའི་འདམ་སྐྱེས་སར་པ་སྟེ། །གང་གི་ཡོན་ཏན་རྗེས་སུ་དྲན་པ་ལས། །ཞུ་མཆིད་སྙན་པར་སྨྲ་བའི་གཏམ་འདིའོ། །བླ་ན་མེད་པའི་ཡེ་ཤེས་བདུད་རྩིའི་བཅུད། །ཟག་བྲལ་མཁྱེན་པའི་སྲོག་ཏུ་སོང་བ་ལས། །དེང་འདིར་ཡོངས་རྫོགས་བསྟན་འགྲོའི་གདུང་སེལ་དུ། །འཚོ་གཞེས་བརྟན་པས་རབ་དགའི་གོ་འཕང་བྱིན། །འདི་ན་ཀུན་རྨོངས་སོས་ཀའི་གདུང་བ་ཡིས། །རང་རྒྱུད་འཛིན་མའི་ཕང་པར་ཉེར་འཁྱུད་ཀྱང་། །གང་གི་བཀའ་དྲིན་དཔྱིད་ཀས་བསུས་པ་ལས། །ལེགས་སྤྱོད་སྦྲང་རྩིའི་དགའ་སྟོན་ཅིར་ཡང་དར། །སླད་མར་སྲོག་དང་རྩོལ་བའི་འཕོ་བ་ཀུན། །རྡོ་རྗེའི་བརྟུལ་ཞུགས་གཅིག་གིས་བཅིངས་པའི་མོད། །འཆི་མེད་གྲུབ་པའི་རྒྱལ་རྔ་བརྡུང་བའི་སྒྲ། །སྲིད་པའི་མཐར་ཡང་ནུབ་པ་མེད་པར་མཛོད། །ཤིན་ཏུ་གུས་པའི་གཞན་དབང་ལ་འཆེལ་བའི། །ཞུ་མཆིད་དཔལ་གྱི་དུམ་བུའི་དོག་པ་ཡང་། །གཟིགས་རྟེན་ག་བུར་རྡུལ་གྱིས་བགོས་བཞིན་དུ། །ཞབས་སེན་


JKT018_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོར་བགྱི་སླད་རིངས་པར་ཕུལ། །ཡང་ན། མི་ཤིགས་བདེ་ཆེན་ནམ་མཁའི་ཕྱག་རྒྱ་རུ། །གཟུང་འཛིན་འཁྲུལ་པའི་སྤྲིན་རིས་འཆིང་གྱུར་པས། །ཟུང་འཇུག་སྒྱུ་འཕྲུལ་ཉི་མ་འབར་བའི་གཟི། །ཕན་བདེའི་དཔྱིད་དུ་སྣང་བའི་ཞབས་པད་མོར། །འདི་ན་སྟོན་གྱི་དཔལ་མོ་མཐོང་བའི་ཚེ། །འཁོར་ལོའི་ལག་ལྡན་དགའ་བའི་གར་རྩོན་བཞིན། ཁྱོད་ཚུལ་གསང་གསུམ་ཡོན་ཏན་དྲན་པའི་མོད། །ཞུ་མཆིད་མགྲིན་པའི་གླུ་དབྱངས་ལེན་ལ་ཕྱོགས། །གཞལ་བར་དཀའ་བའི་བསྟན་འགྲོའི་ཚོགས་རྣམས་ལ། །ཕན་པ་ལྷུར་མཛད་རྣམ་ཐར་གྲགས་པ་དཀར། །ཡིད་འོང་ཟླ་ཟེར་བཏུང་བའི་ཀུནྡ་ལྟར། །ཆེས་ཆེར་གསལ་བའི་ངོ་མཚར་དེ་རྨད་བྱུང་། །སྐྱོབ་པ་གང་གི་ཐུགས་རྗེའི་གྲུ་ཆར་གྱིས། །ཉེ་བར་བསྐྱངས་པའི་གུས་ཕྲན་འདམ་སྐྱེས་ཀྱང་། །ལང་ཚོའི་མེ་ཏོག་རྙིང་པར་མ་གྱུར་བཞིན། །རྣམ་དཀར་ཉིན་མོའི་ཕྱོགས་སུ་མིག་རབ་གཏོད། །འབྱུང་འགྱུར་དུས་ཀྱང་ཡོངས་རྫོགས་བསྟན་དང་འགྲོའི། །བདག་ཉིད་གཅིག་གྱུར་འཇམ་མགོན་བླ་མ་མཆོག །ཞབས་པད་རྡོ་རྗེའི་ཆོས་བདུན་ངོ་བོ་རུ། །འཚོ་གཞེས་ཆོ་ག་མི་ལྷོད་བསྐྲུན་པར་གསོལ། །དེ་སྐད་ཞུ་མཆིད་དཔྱིད་ཀྱི་ཀོ་ཀི་ལ། །བརྗོད་པ་སྙན་པའི་གླུ་དབྱངས་སྒྲོག་བཞིན་དུ། །གང་ཞབས་པདྨའི་ནགས་ཚལ་ཉམས་དགའ་བར། །དགྱེས་པའི་སྤྱན་ཟུར་གཡོ་སླད་རིངས་པར་སོང་། །ཡང་ན། རྨད་བྱུང་


JKT018_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་འབུམ་གྱི་ཟླ་རིས་ཀྱིས། །འགྲོ་ཀུན་གདུང་བ་སེལ་བའི་བྱེད་པོ་མཆོག །ལྷར་བཅས་འཇིག་རྟེན་ཀུན་ཏུ་གྲགས་པའི་དཔྱིད། །བདག་ཆེན་བླ་མའི་ཞབས་རྡུལ་པདྨོའི་དྲུང་། །ཚངས་དབང་གཙུག་གི་ནོར་བུ་བཻཌཱུརྱ། །རྣམ་པར་བཞུ་བའི་ལང་ཚོ་ལ་ཆགས་པའི། །སྤྲིན་སྔོན་ཆུན་པོ་མཐོང་བའི་རྨ་བྱ་བཞིན། །གུས་པའི་སྤུ་ལང་གཡོ་བས་མཆིད་འདི་ཕུལ། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཚོགས། །གཅིག་བཟླུམ་གྲུབ་པའི་ཁྱུ་མཆོག་ཁྱོད་མཐོང་ཚེ། །སྲིད་ཞིའི་ཆེ་དགུས་བསྟོད་དབྱངས་མེ་ཏོག་སྨིན། །རྣམ་པར་དབྱངས་པའི་ཚུལ་དེས་ཀུན་དགར་བྱས། །འདིར་གནས་གུས་པའི་ཟླ་ཤེལ་གཞོན་ནུ་ཡང་། །ཀུན་རྨོངས་ར་རིའི་སྐྱོན་དང་ལྷན་ཅིག་བཞིན། །གང་གི་ཐུགས་རྗེའི་གུར་ཁྱིམ་ལ་བརྟེན་ནས། །ལང་ཚོའི་ཆ་ཤས་ཉམས་པ་མེད་པར་མཆིས། །སླར་ཡང་གསང་གསུམ་རྡོ་རྗེའི་སྣང་བརྙན་མཆོག །ཚུར་མཐོང་བྱིས་བློའི་ངོར་ཡང་མི་སྦེད་པར། །རྟག་པར་འཚོ་གཞེས་བརྟན་པའི་རྭ་བ་རུ། །བརྩེ་ཆེན་ཕྱག་རྒྱས་དམ་དུ་སྡོམས་ཤིག་ཀྱེ། །རབ་དྭངས་དད་གུས་ཨུཏྤལ་རྣ་རྒྱན་དུ། །ཐོགས་པའི་འཕྲིན་ཡིག་བརྩེ་དགའི་འཁྲི་ཤིང་ལ། ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་ཞབས་རྡུལ་མཆོག །གཙུག་ཏོར་གདེངས་ཀར་མཆོད་སླད་དགེ་བར་སོང་། །ཡང་ན། འཇམ་དཔལ་དཔའ་བོའི་སྒྱུ་འཕྲུལ་ནི། །མཚན་དཔེའི་ལང་ཚོ་


JKT018_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆགས་པས། །ཀུན་དགའི་དགའ་སྟོན་མཆོག་སྦྱིན་པ། །སྲིད་ཞིའི་འདྲེན་པའི་ཞབས་པད་མོར། ཁྱོད་ཐུགས་ནོར་འཛིན་གཞོན་ནུའི་གཟུགས། །དགྱེས་སླད་དད་གསུམ་ཞུ་མཆིད་ནི། །ཨུཏྤལ་གསར་པའི་དོ་ཤལ་དུ། །རྣམ་པར་དགོད་པའི་འཛུམ་ཕྲེང་གཡོ། །གང་ན་ཡེ་ཤེས་ཆེན་པོའི་བྱིན། གྲུབ་པའི་ཐིག་ལེར་འཕོས་པ་ལས། །ལུང་རྟོགས་དམ་ཆོས་རྨད་བྱུང་སྒོ། །དབྱེ་ཕྱིར་འཇིག་རྟེན་མིག་ཏུ་གྱུར། ཁྱབ་བདག་ཁྱོད་ཀྱི་བཀའ་དྲིན་ནི། །ཤར་གྱི་ཐིག་ལེར་བརྫུ་བའི་རྒྱུན། །དད་གསུམ་ཀུནྡས་བརྡུང་བ་བདག །ལང་ཚོའི་འདུ་བྱེད་ཉམས་མེད་བདོག །འབྱུང་འགྱུར་ཆར་ཡང་སྲིད་པ་གསུམ། །བདེ་ཆེན་ཕྱག་རྒྱ་ལ་སྦྱོར་ཕྱིར། །ཞབས་པད་རྡོ་རྗེའི་ཆོས་བདུན་དུ། །བཞུགས་པའི་ཆོ་ག་གྲུབ་པར་གསོལ། །དེ་སྐད་ཞུ་མཆིད་མལླི་ཀ །གང་ཞབས་པད་རྫིང་རྗེས་དྲན་བློས། །རྟེན་གྱི་འདབ་གཤོག་གཡོ་དང་བཅས། །གུས་པའི་ཅ་ཅོ་སྒྲོགས་བཞིན་སོང་། ༈ །ལུང་རྟོགས་བསྟན་པའི་རྒྱལ་མཚན་རྗེ་བཙུན་རབ་བྱུང་སྐུ་མཆེད་ཀྱི་ཞབས་པད་དུ་འབུལ་ན། །རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ཡེ་ཤེས་ནི། །གཅིག་བསྡུས་འཇམ་དཔལ་གཞོན་ནུར་གྲགས་པའི་དཔྱིད། །ངུར་སྨྲིག་ཟློས་གར་གསར་པ་ལ་རྩེན་པས། །གྲུབ་རིགས་དགའ་ཚལ་མཛེས་བྱེད་ཞབས་པད་མོར། །སྤྲིན་སྔོན་གད་མོར་མིག་གཏོད་མདོངས་མཐའི་ཚོགས། །ཀུན་དགའི་སྒོ་


JKT018_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གཤོག་ཟླུམ་པའི་གར་བསྒྱུར་བཞིན། །གང་ཚུལ་གསང་གསུམ་ཡོན་ཏན་ལ་ཆགས་པས། །དད་གུས་སྤྲོ་བའི་ཞུ་མཆིད་འབུལ་ལ་ཕྱོགས། །ཐེག་གསུམ་དམ་ཆོས་བདུད་རྩིའི་བགོ་སྐལ་ཀུན། །གང་ཐུགས་དཔལ་བེར་སིམ་པའི་དེ་མ་ཐག །ལུང་རྟོགས་གཏམ་གྱི་བཅུད་ལེན་གསར་པ་ཡིས། །ཡིད་ཅན་ཐར་པའི་ལང་ཚོ་སྨིན་པར་མཛད། །མཚན་བཟང་རི་དྭགས་རྟགས་ཀྱི་འཇོ་སྒེག་ཅན། །བསྟན་འགྲོ་བདེ་འབྱུང་རལ་རྩེར་གཟི་འབར་བའི། །གྲགས་པའི་རྣམ་ཐར་དཀར་པོའི་བསིལ་འོད་ཀྱིས། །གུས་སྤྲོའི་ས་ཡི་གདུ་བུ་སྙིང་ནས་བཞད། །འདི་ན་གནས་པའི་གུས་ཕྲན་འདུ་གསུམ་པ། །ཀུན་ཏུ་རྨོངས་པའི་མུན་པར་འཕྱན་གྱུར་ཀྱང་། །ཁྱོད་ཀྱི་ཐུགས་རྗེ་ནོར་བུའི་སྒྲོན་མེ་ལ། །འཆེལ་བས་འཚོ་བའི་འདུ་བྱེད་ཉམས་མ་གྱུར། །འབྱུང་འགྱུར་ཆར་ཡང་བསྟན་དང་སྟོན་པ་ཡི། །མངོན་རྟོགས་ཡོངས་རྫོགས་རྣམ་འདྲེན་འཁོར་ལོའི་མགོན། །འཆི་མེད་གྲུབ་པའི་ཐིག་ལེར་རོ་གཅིག་པས། །གངས་ལྗོངས་ཕན་བདེའི་དཔྱིད་དཔལ་ནུབ་མེད་ཅིང་། །བརྩེ་ཆེན་ཐུགས་རྗེའི་སྤྱན་ཟུར་གཡོ་བ་ཡིས། །སྐྱབས་འོག་བདག་ཀྱང་མི་ཕྱེད་རྗེས་འཛིན་པས། །འདི་དང་གཏན་གྱི་བདེ་བའི་ཕུན་ཚོགས་ལ། །རྟག་པར་སྤྱོད་པའི་དགའ་སྟོན་སྦྱིན་པར་མཛོད། །དེ་སྐད་ཞུ་མཆིད་རྐང་པ་དྲུག་པའི་གླུ། །རབ་གུས་དཔྱིད་ཀྱི་དཔལ་མོ་ལས་བྱུང་བའི། །ངང་ཚུལ་


JKT018_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་སླད་རྟེན་གྱི་མེ་ཏོག་བཅས། །རིག་གྲོལ་དགའ་བ་རྒྱས་པའི་ཚལ་ནས་ཕུལ། རྒྱལ་ཁབ་ལྟ་བུ་ནས་ཕུལ་ན། སྡེ་བཞིའི་དགའ་བ་རྒྱས་པའི་ཚལ་ནས་ཕུལ། །ཞེས་པ་ལྟ་བུར་བསྒྱུར། ༈ །ཡང་ན། རྣམ་ཀུན་མཆོག་ལྡན་ཟུང་འཇུག་སྒྱུ་མའི་སྤྲིན། །རྣམ་མང་མོས་པའི་ཆུ་གཏེར་ལ་ཆགས་པས། །རྣམ་གྲོལ་ཞི་བསིལ་གྲུ་ཆར་འབེབས་མཛད་པ། །རྣམ་འདྲེན་གདེངས་ཅན་དབང་པོའི་ཉེ་དྲུང་དུ། །དད་གསུམ་མཛེས་མའི་ཁ་ཕྲུས་བྲན་པ་ལས། །སྙན་ཚིག་བ་ཀུ་ལ་ཡི་མེ་ཏོག་སར། །མངོན་པར་བཞད་པའི་ལང་ཚོ་མ་རྙིང་པས། །ཁྱོད་ཞབས་རི་མོར་བགྱི་བའི་ཆོ་ག་བསྒྲུབ། །དུས་གསུམ་རྒྱལ་བའི་ཕྲིན་ལས་ག་བུར་རྡུལ། །བྱང་ཆུབ་སྤྱོད་མཆོག་ཟླ་ཤེལ་ལ་ཆགས་གང་། །གྲུབ་རིགས་ཤིང་རྟར་རོལ་པའི་ངོ་མཚར་གཏམ། །ཡིད་ལ་འཕོས་པས་མི་ཕྱེད་བཀའ་དྲིན་ཐོབ། །འདི་ན་ཕ་མཐའ་བྲལ་བའི་སྲིད་པ་རུ། །སྡུག་བསྔལ་གསུམ་གྱིས་དམ་ལ་བཞག་གྱུར་ཀྱང་། །གང་གི་ཐུགས་རྗེའི་ཆུ་འཛིན་ལ་བརྟེན་ནས། །ཉེར་འཚེའི་ཚ་གདུང་བྲལ་བའི་གོ་སྐབས་ཐོབ། །སླར་ཡང་སྲིད་ཞིའི་དོ་ཀེར་མཐོན་པོའི་རྩེར། །ཞབས་སེན་རྟག་ཏུ་བརྟན་པའི་དཔྱིད་དཔལ་ལས། །གུས་ལྡན་མེ་ཏོག་སར་པའི་ཆུན་པོ་ཡང་། །བརྩེ་ཆེན་གྲུ་ཆར་གཤིམ་པོས་རྟག་སྐྱོང་གསོལ། །དེ་སྐད་ཞུ་མཆིད་སྦྲང་རྩིའི་དོག་པ་ནི། །མགྲིན་པར་ཉེར་ཆགས་ར་ཡིག་གཉིས་པའི་སྤྲིན། །རྟེན་གྱི་འདབ་གཤོག་


JKT018_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མོ་གཡོ་དང་བཅས། །རབ་དྭངས་དད་གསུམ་པདྨའི་ཚལ་ནས་དེངས། ༈ །ཡང་ན། རྨད་བྱུང་རིག་གྲོལ་སྤོབས་པའི་སྤྱན་ཟུར་གྱིས། །སྐལ་བཟང་སུ་ཞིག་སྙིང་ལ་ཐོབ་པའི་མོད། །ཐར་པ་དམ་པའི་དཔྱིད་དཔལ་སྦྱིན་མཛད་པ། །ཁྱབ་བདག་སྨྲ་བའི་ཉི་མའི་ཞབས་པད་དུ། །དྭངས་འདོད་ཡིད་ཆེས་དད་པའི་སྣང་བ་ཡིས། །གུས་སྤྲོའི་པུཎྜ་རཱི་ཀ་འཛུམ་པ་ལས། །ཞུ་མཆིད་སོ་ཡི་ཟེའུ་འབྲུར་དགོད་པ་ཡང་། གཏན་བདེའི་འབྲས་བཟང་འབོད་ལ་རིངས་པ་བཞིན། །དེང་དུས་རྒྱལ་བསྟན་ཡོངས་སུ་རྫོགས་པའི་གཏམ། །མཐའ་དག་གང་གི་རྣམ་ཐར་གྱིས་བཟུང་ཕྱིར། །སྲས་བཅས་རྣམ་འདྲེན་དགྱེས་པའི་སྒྲ་དབྱངས་ཀྱིས། །བསྔགས་པས་འཚོ་གཞེས་ཆོ་ག་བསྒྲུབས་དེ་རྨད། །འདི་ན་ཚུལ་གནས་ཐོས་བསམ་སྒོམ་པ་ཡི། །འདྲེན་བྱེད་ལྗོངས་ཀྱང་དད་གསུམ་འཁར་བ་ལ། །དམ་དུ་འཆོལ་བའི་ལང་ཚོའི་འདུ་བྱེད་ནི། །སྲིད་པ་ཕྱི་མའི་གཡང་སར་མ་འཕྱན་ཙམ། །སླད་མའི་དུས་ཀྱང་ཡོངས་རྫོགས་བསྟན་དང་འགྲོར། །ངེས་གསང་སྙིང་པོའི་བསྟན་པ་སྤེལ་བའི་ཆེད། ཁ་སྦྱོར་བདུན་ལྡན་ཡོངས་གྲུབ་ཆེན་པོ་རུ། །འཚོ་ཞིང་གཞེས་པའི་ངོ་མཚར་འཛིན་པར་གསོལ། །རབ་དྭངས་ཡིད་ཀྱི་ཆུ་གཏེར་ལས་ཐོན་པའི། །ཞུ་མཆིད་པདྨ་དཀར་པོའི་དོག་པ་ནི། །གཟིགས་རྟེན་བུང་བའི་ཟློས་གར་ལ་ཆགས་བཞིན། །གང་ཞབས་སྨན་ལྗོངས་


JKT018_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་དགར་བསྟི་ལ་ཆས། ༈ །ཡང་ན། འཇམ་མགོན་མཁྱེན་པའི་རང་གཟུགས་གངས་ཅན་འགྲོའི། །ལེགས་བྱས་དཔྱིད་དུ་སྣང་བའི་དེ་མ་ཐག །ཕན་བདེའི་དགའ་སྟོན་འཛད་མེད་སྦྱིན་ནོ་ཞེས། །ལྷར་བཅས་དགའ་བས་སྒྲོགས་དེའི་ཞབས་སྟེགས་སུ། །ཀུན་རྨོངས་ཆོས་བརྒྱད་ཟློས་གར་སྟུག་པོ་ཡིས། །མཐའ་མེད་འཁོར་བའི་གྲོང་དུ་བསླུས་གྱུར་ཀྱང་། །ལྷག་བསམ་ཟླ་ཚེས་གསར་པ་དང་འགྲོགས་པས། །ཡིད་གཅིག་བཏུད་དེ་ཞུ་མཆིད་འདི་སྐད་གསོལ། །སྔོན་བྱོན་དོན་ཀུན་གྲུབ་པའི་རྣམ་ཐར་དང་། །མི་ཕྱེད་ལེགས་གསུང་ཆོས་ཀྱི་འཁོར་ལོས་སྒྱུར། །གང་ཁྱོད་འཚོ་གཞེས་བརྟན་པའི་གྲགས་དཀར་གྱིས། དད་སྤྲོའི་ཆུ་གཏེར་འཕེལ་བའི་བྱེད་པོར་སྣང་། །འདི་ན་གཟུང་འཛིན་འཁྲུལ་པའི་མྱ་ངམ་ཐང་། །རྟག་པར་འཁྱམས་པའི་གུས་ཕྲན་འདུ་གསུམ་པ། །མཆོག་གསུམ་དབྱེར་མེད་ཁྱོད་ཞལ་ཟླ་རིས་ཀྱིས། །བསྐྱངས་པས་ལང་ཚོའི་ཀུན་མི་དམན་བདོ། །ཟུང་འཇུག་སྙིང་རྗེ་ཆེན་པོས་སྲིད་པ་འདིར། །རྗེས་སུ་ཆགས་པའི་གསང་གསུམ་རྡོ་རྗེའི་བྱིན། །འགྲོ་འདིའི་བསོད་ནམས་མཆོད་སྡོང་དམ་པ་རུ། །བསྐལ་པའི་བར་དུ་གཡོ་མེད་བཞུགས་གསོལ་འདེབས། །ཞུ་མཆིད་ས་ཡི་གདུ་བུ་བཞད་པའི་རྩེར། །རྗེས་བརྩེའི་བུང་བ་གཡོ་བའི་འབབ་སྟེགས་སུ། །རྟེན་གྱི་ཟེའུ་འབྲུ་དཀར་པོས་མཛེས་དང་བཅས། །རབ་གུས་


JKT018_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་ཚལ་ནས་རིངས་པར་ཕུལ། ༈ །ཡང་ན། མཁྱེན་བརྩེའི་འོད་ཟེར་སྟོང་ཕྲག་བཞད་པའི་སྐུ། །འཛམ་གླིང་བསྟན་འགྲོ་མོས་མཁར་ཤར་ཙམ་གྱིས། །ལེགས་བྱས་སྣང་བའི་སྒོ་འཕར་སྟོང་དབྱེ་བའི། །སྐྱབས་མཆོག་སྨྲ་བའི་ཉི་མའི་ཞབས་པད་དུ། །གང་གི་ཡོན་ཏན་དྲན་པའི་ལི་ཁྲིའི་རྡུལ། །དད་མོས་ཡིད་ཀྱི་གུར་གུམ་དང་འདྲེས་པས། །ལྷག་བསམ་མ་ཉམས་ཚིག་གི་སྲད་བུ་རུ། །མཛེས་པར་བསྟར་འདིས་ཁྱོད་ཚུལ་མཚོན་ལགས་གྲང་། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་གར། །གཞན་སྣང་ཆུ་ཟླའི་རོལ་པ་ལེགས་བསྒྱུར་བའི། །གསང་གསུམ་རྡོ་རྗེའི་སྣང་ཆར་བརྟན་ཆགས་པའི། །གཏམ་ཙམ་གྱིས་ཀྱང་རྨད་བྱུང་དགའ་སྟོན་བྱིན། །འདི་ན་སྣ་ཚོགས་འཁྲུལ་པའི་འདམ་རྫབ་ཏུ། །ཡུན་རིང་དུས་ནས་བྱིང་བའི་གུས་ལྡན་ཀྱང་། །སྐྱོབ་པ་གང་གི་ཐུགས་རྗེའི་དྲོད་གཤེར་ལ། །འཆོལ་བས་ལང་ཚོའི་མྱུ་གུར་ཉེར་འཚེ་བྲལ། །ཞབས་སེན་གངྒཱའི་དཔལ་མོར་དགོད་པའི་རྡུལ། །སྐལ་བཟང་བློ་མཚོར་རྟག་པར་འཕོ་མེད་ཅིང་། །རྗེས་སུ་བརྩེ་བའི་དག་བྱེད་གསར་པའི་སྤྲིན། །བདག་ཅག་ངལ་འཚོའི་ཕྱིར་དུ་འབེབས་པར་གསོལ། །མི་ཕྱེད་གུས་པའི་དཔྱིད་ཀྱི་ལང་ཚོ་ལས། །མཆིད་ཚིག་ཨུཏྤལ་དཀར་པོའི་དོ་ཤལ་ལ། །གཟིགས་རྟེན་རྒྱན་གྱི་ཚོམ་བུ་རྣམ་བཀོད་དེ། །ཞབས་ཀྱི་རྡུལ་ཕྲན་མཆོད་སླད་རིངས་པར་ཕུལ། །ཡང་ན།


JKT018_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་དགྱེས་པའི་ཐུན་མཚམས་སྤྲིན། །གྲུབ་རིགས་དགའ་ཚལ་ལ་ཆགས་པས། །ལུང་རྟོགས་གཏམ་གྱི་སྦྲང་རྩིའི་རྒྱུན། །སྤྲོ་མཛད་གང་དེའི་ཞབས་སྟེགས་སུ། །དད་གསུམ་དགེ་བའི་ཙནྡ་ན། །ཁྱོད་ཚུལ་ཡོན་ཏན་དྲི་བཞོན་གྱིས། དལ་བུར་བསྐུལ་བའི་དཔྱིད་དཔལ་ལས། །ཞུ་མཆིད་བསུང་ཞིམ་དེང་འདིར་འཐུལ། །གང་ན་ཡིད་ཅན་པདྨ་དཀར། །རྣམ་གྲོལ་ལང་ཚོ་ཉེར་རྒྱས་ཕྱིར། །བཤད་སྒྲུབ་འོད་བརྒྱ་སྤྲོ་བཞིན་དུ། །གསང་གསུམ་ཆོ་ག་བརྟན་དེ་རྨད། །འདིར་གནས་ཉེས་བརྒྱའི་སྦྲུལ་གདུག་གིས། །རང་རྒྱུད་འཁྲིལ་ཤིང་ལ་འཁྱུད་ཀྱང་། །གང་གི་ཐུགས་རྗེའི་རྭ་བ་རུ། །བཟླུམས་ལས་ལང་ཚོའི་རྩ་བ་བརྟན། །སླར་ཡང་རྣམ་འདྲེན་བཞི་པ་ཡི། །ལེགས་གསུང་བསྟན་མཆོག་ཆུ་ཀླུང་འབུམ། །སྤྲོ་མཛད་ཁྱོད་སྐུའི་རྒྱ་མཚོ་ཆེ། །གཡོ་མེད་རྟག་ཏུ་བཞུགས་གསོལ་འདེབས། །ཞུ་མཆིད་དཔྱིད་ཀྱི་ཀོ་ཀི་ལཱ། །དད་གསུམ་སྦྲང་རྩིའི་གསོས་པ་ལས། །དགའ་བའི་ཅ་ཅོ་སྒྲོགས་བཞིན་ཏུ། །གང་ཞབས་པདྨོའི་ཚལ་དུ་བསྐྱོད། ༈ །རྒྱལ་ཡུམ་འཕགས་མའི་ཟློས་གར་རྗེ་བཙུན་མ་སྐུ་མཆེད་ཀྱི་ཞབས་པད་དུ་འབུལ་ན། །ཤེས་རབ་ཕ་རོལ་ཕྱིན་མའི་འཇོ་སྒེག་ནི། །གྲུབ་པའི་རིགས་ཀྱི་ལང་ཚོ་ལ་ཆགས་པས། །ངེས་གསང་སྙིང་པོའི་ལམ་མཆོག་གསལ་མཛད་པའི། །ཞབས་སྟེགས་པདྨོ་སར་པའི་ཉེ་དྲུང་དུ། །དད་གསུམ་སྤྲིན་སྔོན་


JKT018_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

དལ་བུར་གཡོ་བའི་ཚེ། །རྣམ་གྲོལ་བདུད་རྩིའི་ཆར་ཆེན་འབེབས་སོ་ཞེས། །ཞུ་མཆིད་མདོངས་མཐའི་ཟློས་གར་བསྒྱུར་བ་ཡང་། །ཚོགས་གསུམ་མངལ་ཁུར་བཟུང་བའི་དཔྱིད་དུ་སྒྲོགས། །གང་ན་ལུང་དང་རྟོགས་པའི་ཀུནྡའི་ཚལ། །འབྱེད་ཀྱང་བྲི་གང་སྤངས་ལ་རྗེས་དཔགས་ནས། སྔོན་མེད་ཆུ་ཤེལ་དབང་པོ་ཉིད་དོ་ཞེས། །གདུལ་བྱའི་ཙ་ཀོ་ར་ཚོགས་དགའ་བས་བྲེལ། །སྙིང་རྗེའི་ག་བུར་རྐང་འཐུང་ལ་རེག་པའི། །གསང་གསུམ་འཁྲི་ཤིང་གསར་བ་གཡོབས་པའི་མོད། །ཡིད་ཅན་གདུང་བ་སེལ་བའི་བྱེད་པོ་མཆོག །འཚོ་གཞེས་ཆོ་ག་བླ་ན་བརྟན་ལགས་སམ། །འདིར་གནས་རྣམ་པ་ཐམས་ཅད་མཁྱེན་པའི་ལས། །ཀུན་རྨོངས་གཡང་སས་སྲུང་བའི་གུས་ཕྲན་ཀྱང་། །འཕགས་མའི་ཐུགས་རྗེའི་བདུད་རྩི་ལ་བརྟེན་ནས། །ལང་ཚོའི་འདུ་བྱེད་ཉེར་འཚེ་བྲལ་བར་མཆིས། །ལུང་རྟོགས་འཆི་མེད་བུ་མོའི་གངྒཱའི་རྒྱུན། །ཐུགས་བསྐྱེད་རལ་པ་དམར་པོས་ཡོངས་བཏུད་ནས། །སླར་ཡང་གདུལ་བྱའི་ཉེར་འཚོར་བསྐྱིལ་མཁས་པའི། །ཞབས་པད་སྲིད་མཐའི་བར་དུ་གཡོ་མེད་ཅིང་། །བརྩེ་ཆེན་ཉིན་མོའི་རྡུལ་དམར་སྤྲོས་པ་ཡིས། །ཕན་བདེའི་དཔག་བསམ་དོ་ཤལ་བཞད་པའི་ཁོངས། །སྐྱབས་འོག་བདག་ཀྱང་བདེ་བར་ངལ་འཚོ་བའི། །སྐལ་པ་བཟང་པོའི་དགའ་སྟོན་སྦྱིན་པར་མཛོད། །དེ་སྐད་གུས་པའི་ཞུ་མཆིད་མནྡཱ་ར། །ལྷག་བསམ་


JKT018_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་སྲད་བུར་ལེགས་སྦྲེལ་ནས། །རྣམ་གྲོལ་ཡེ་ཤེས་གཟིགས་པའི་གཡར་ལམ་དུ། །དད་སྤྲོའི་དགའ་བ་རྒྱས་པའི་ཚལ་ནས་ཕུལ། །ཡང་ན། བཟོད་ནས་རྣམ་པར་དག་པའི་ཡེ་ཤེས་ཀྱང་། །མི་ཤིགས་བདེ་བའི་ལང་ཚོ་ལ་ཆགས་པས། །ཟུང་འཇུག་སྒྱུ་མའི་ཟློས་གར་སྟོན་མཁས་པ། །རྗེ་བཙུན་གྲུབ་པའི་ཐིག་ལེའི་ཞབས་པད་དུ། །གང་གི་ཡོན་ཏན་དྲན་པའི་བདུད་རྩིའི་ཆུ། །སྙིང་ལ་ཉེར་བར་སིམ་པའི་མོད་ཉིད་ནས། །སར་སྐྱེས་གསར་པས་ཟླ་བ་མཐོང་བཞིན་དུ། །ཐལ་མོ་སྤྱི་བོར་ཟུམ་ནས་མཆིད་འདི་གསོལ། །དེང་དུས་གསང་གསུམ་གྲགས་སྙན་ཨུཏྤ་ལ། །ཕྱོགས་ཀྱི་བུ་མོའི་རྣ་བར་འཕོས་པ་དང་། །ལྷན་ཅིག་ཕན་བདེའི་མཚར་སྡུག་གཡོ་བའི་གཏམ། །འདི་ན་གུས་པའི་རྒྱན་དུ་ལན་མང་ཐོབ། ཁྱོད་ཚུལ་ཐུགས་རྗེའི་སྤྲིན་དཀར་གྱིས་གསོས་པའི། །སྐྱབས་འོག་ཨ་མ་གཞོན་ནུའི་འཁྲི་ཤིང་ཡང་། །ཀུན་རྨོངས་ནགས་ཚལ་དབུས་སུ་གནས་བཅས་ནས། །དད་གསུམ་མེ་ཏོག་མཛེས་པའི་ཟུར་མིག་གཡོ། །སླད་མར་སྔགས་རིག་གྲུབ་པའི་དྲང་སྲོང་ལྟར། །འཆི་མེད་རྡོ་རྗེའི་མཚན་བཟང་དར་བབས་ཤིང་། །གུས་ལྡན་བརྩེ་བའི་ཕྱག་གིས་དམ་བཟུང་ནས། །སྲིད་དང་ཞི་བའི་འཇིགས་ལས་སྒྲོལ་མཛོད་ཀྱེ། །དེ་སྐད་དགེ་བའི་ཞུ་མཆིད་མེ་ནཱ་ཀ །རྟེན་དངོས་རྒྱན་གྱི་དོ་ཤལ་གཡོ་དང་བཅས། །འཕགས་མའི་ཞབས་སེན་རྙེད་


JKT018_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དཀའི་ནོར་བུའི་རྡུལ། །གུས་སྤྲོའི་སྤྱི་བོར་མཆོད་སླད་རེངས་པར་སོང་། །ཡང་ན། རྣམ་མང་ལེགས་བྱས་ཀུནྡའི་འཁྲི་ཤིང་རྩེར། །རྣམ་འདྲེན་སིམ་འོད་གསར་པ་ཁྱོད་མཐོང་ཚེ། །རྣམ་ཀུན་མཆོག་ཏུ་དགའ་བའི་ཟློས་གར་བཅས། །རྣམ་གྲོལ་བཅུད་ལེན་སྦྱིན་དེའི་ཞབས་སྟེགས་སུ། །རིང་ནས་གུས་པའི་ཉ་ཕྱིས་འཁྱིལ་པ་ལས། །ཉེ་བར་འོངས་པའི་ཞུ་གསོལ་མུཀྟི་ཀ །དགེ་མཚན་རྨད་བྱུང་དར་གྱི་དཔྱངས་ཐག་ལ། །རྣམ་པར་དྲངས་པའི་ཤིས་བརྗོད་དབྱངས་སུ་ལེན། །རབ་མཛེས་རི་དྭགས་མིག་མའི་སོར་རྩེ་ཡིས། །བསྣུན་པའི་མཆུ་སྒྲོས་དམར་བའི་བཉྫ་ལས། །ལུང་རྟོགས་འགྲོ་བའི་ཉེར་འཚོར་སྦྱིན་མཁས་ན། །འཕགས་མ་གང་གི་རྣམ་ཐར་འཛིན་པར་འོས། །འདི་ན་གུས་འབངས་འདུ་ཤེས་གསུམ་པ་ཡང་། །སྐྱབས་གནས་མཆོག་གི་བཀའ་དྲིན་བདུད་རྩིའི་སྤྲིན། །འབྲལ་མེད་ཡིད་ཀྱི་ཐིག་ལེར་རྟག་འཆར་བས། །ཉེར་འཚོའི་ཚ་གདུང་ཕྱོགས་དང་མཛའ་བས་བཏང་། །རྡུལ་བྲལ་ཞི་བའི་ནགས་སུ་མི་གཟིམས་པར། །སྙིང་རྗེའི་གོམས་ཚུགས་བརླངས་པའི་གཉིས་འཐུང་དབང་། །ཡིད་ཅན་པདྨའི་ཚལ་དུ་རྗེས་བརྩེ་བའི། །དམ་བཅའ་མི་ལྷོད་བདག་གིར་བགྱིད་པར་གསོལ། །ཤིན་ཏུ་གུས་པའི་ཆུ་གཏེར་གྲུངས་པ་ལས། །བབ་ཅོལ་ཚིག་གི་ཞུ་མཆིད་འདམ་སྐྱེས་གསར། རྟེན་དངོས་ལོ་འདབ་གྲོལ་བའི་དོ་ཤལ་བཅས། །གང་


JKT018_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་མཆོད་པའི་སྤྲིན་དུ་རྣམ་པར་སྤྲོས། །ཡང་ན། ངོ་མཚར་ཉིད་དོ་རྒྱལ་ཀུན་ཡུམ་གྱུར་པའི། །ཤེས་རབ་ཕ་རོལ་ཕྱིན་མའི་ཡེ་ཤེས་ཀྱང་། །སྲིད་དང་ཞི་བའི་སྙིང་ལ་ཡོངས་བསྒྱུར་བས། །འདི་ན་གྲུབ་རིགས་ཐིག་ལེར་རོལ་དེའི་དྲུང་། །ཉིན་མོའི་དཔྱིད་དཔལ་མཐོང་བའི་དགའ་སྟོན་གྱིས། །ཨུཏྤལ་དམར་པོའི་མཚར་སྡུག་དབྱེ་བ་བཞིན། །ཁྱོད་ཚུལ་གྲགས་པའི་མེ་ཏོག་སྤྱི་ཏོར་རྩེར། །བཀོད་ལས་རྗེས་སུ་བསྔགས་པའི་མཆིད་འདི་གསོལ། །རྣམ་འདྲེན་ཡོངས་ཀྱི་སྤྱི་གཟུགས་འཕགས་མའི་ཞབས། །གངས་ཅན་བསྟན་འགྲོའི་གཙུག་ན་མངོན་མཛེས་ཚེ། །བསྐལ་བཟང་ཀུན་དགའི་འཁྲི་ཤིང་དར་བབས་ཤིང་། ཡིད་སྲུབས་མྱ་ངན་མཚོན་གྱིས་གཟིར་བར་གྱུར། །འདི་ན་མཁས་དང་བཙུན་པའི་སྙིང་པོ་ཡིས། །བཏང་བའི་བཀའ་འབངས་ཨེ་རཎཱ་ཡི་ཤིང་། །སྐྱབས་གསུམ་སྟོན་གྱི་དཔལ་མོས་གསོས་པ་ལས། །ལང་ཚོའི་འབྲས་བུ་ཉེ་ཞོའི་གོ་སྐབས་བྲལ། སླར་ཡང་གང་ཞབས་རྡོ་རྗེའི་ཆོས་བདུན་དུ། །འཚོ་ཞིང་གཞེས་པའི་བྱིན་རླབས་ག་བུར་རྡུལ། །གུས་ལྡན་ཀནའི་སྙིང་ལ་ཉེར་བཀོད་པས། །དོན་གཉིས་ཚོན་རིས་གསར་པ་སྦྱིན་པར་མཛོད། །དེ་སྐད་དད་གསུམ་དཔྱིད་ཀྱི་མ་མ་ཡིས། །ཉེ་བར་གསོས་པའི་ཞུ་མཆིད་ཨུཏྤ་ལས། །སྙན་ཚིག་སྦྲང་རྩིའི་བསུང་ཞིམ་འཐུལ་དང་བཅས། །དགེ་ལེགས་བུང་བ་འདུ་བའི་ཚལ་ནས་ཕུལ། །


JKT018_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན། བྲལ་སྨིན་ཡོན་ཏན་རྨད་བྱུང་གཟུགས། མཚན་དཔེའི་དཔྱིད་དུ་སྣང་བ་ཡིས། །ཕན་བདེའི་ཉེར་འཚོ་སྦྱིན་མཁས་པ། །འཕགས་མ་གང་དེའི་ཞབས་སྟེགས་སུ། །གང་ཚུལ་ཡོན་ཏན་རྨད་བྱུང་འོད། །གུས་པའི་པདྨོར་སིམ་པ་ལས། །ཞུ་མཆིད་སྦྲང་རྩིའི་དོགས་པ་ནི། །ཅི་དགར་རྒྱུ་འདིར་གཟིགས་པར་གསོལ། །དཔག་ཡས་ཐུགས་བསྐྱེད་རྩ་བ་བརྟན། །ཡོན་ཏན་མེ་ཏོག་འཛུམ་དང་བཅས། །གྲགས་པའི་འབྲས་བུས་སྲུང་གྱུར་པའི། །ཁྱོད་སྐུའི་ལྗོན་བཟང་དགེ་ལགས་སམ། །འདི་ན་ཆོས་བརྒྱད་ཆུ་གཏེར་ལ། །རྟག་པར་ཆགས་པའི་ངང་མོ་ཡང་། །གང་གི་བཀའ་དྲིན་སྟོན་གྱི་བཞིན། །མཐོང་བས་ཉེ་ཞོའི་གདུང་པ་སྤངས། །སླད་ཆར་ཞབས་སེན་ནོར་བུའི་རྡུལ། །བསྟན་འགྲོའི་གདུགས་དཀར་རྩེར་བཀོད་ནས། །ཉེ་འཁོན་བྲལ་བར་ཕན་བདེའི་དབྱིག །སྦྱིན་ལ་བདག་གིར་དགོངས་ཤིག་ཀྱེ། །རབ་དྭངས་བློ་ཡི་འཁྲི་ཤིང་ལས། །བསྐྱེད་པའི་ཞུ་གསོལ་གཞན་གསོས་མ། །རྟེན་དངོས་འདབ་རྒྱ་གྲོལ་བཞིན་དུ། །དགེ་ལེགས་ཤིས་པའི་ཚེས་ལ་དེངས། ༈ །འཛམ་གླིང་བསྟན་འགྲོའི་གཙུག་རྒྱན་གཞུང་ས་རྒྱལ་བ་རིན་པོ་ཆེར་འབུལ་ན། །ཕྱག་ན་པདྨོའི་སྙིང་རྗེའི་འཇུག་པ་ནི། །ངུར་སྨྲིག་ཟློས་གར་གསར་པ་ལ་རྩེན་པས། །འཛམ་གླིང་ཆེ་དགུའི་གཙུག་ན་མངོན་མཛེས་པའི། །ཞབས་སེན་སྲིད་ཞིའི་རལ་རྩེས་


JKT018_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བཏུད་དེའི་དྲུང་། །ལེགས་བྱས་ཟླ་ཤེལ་ཚོན་གྱིས་བྱུག་པ་ཡི། །དད་གསུམ་ཀུནྡའི་དགའ་ཚལ་དར་བབས་ཚེ། སྲིད་ཞིའི་འདྲེན་པ་མཆོག་གི་རྣམ་ཐར་ལ། །མི་ཕྱེད་དྭང་བས་རབ་བསྔགས་བསུང་ཞིམ་སྤོ། །གཟོད་ནས་རྣམ་གྲོལ་ཆུ་གཏེར་ལ་ཆགས་ཀྱང་། །ཐུགས་བསྐྱེད་མནྡཱ་ར་ཡིས་བསྲུབས་པ་ལས། །མཚན་བཟང་རི་དྭགས་རྟགས་ཀྱི་འཇོ་སྒེག་ཅན། །གངས་ཅན་བསོད་ནམས་ཤིང་རྟས་མངོན་པར་ཐོབ། །དེ་ཚེ་འཚོ་ཞིང་གཞེས་པའི་འོད་དཀར་དང་། །ཉེར་འགྲོགས་གྲགས་སྙན་ག་བུར་གསར་པའི་རྡུལ། གུས་སྤྲོ་ས་ཡི་གདུ་བུའི་རྣ་རྒྱན་དུ། །ཡང་ཡང་འཛིན་པའི་སྐལ་བཟང་རིང་ནས་ཐོབ། །འདི་ན་གང་གི་བཀའ་དྲིན་ཉི་འོད་ཀྱིས། །རྟག་པར་གསོས་པའི་བཀའ་འབངས་ཆུ་སྐྱེས་གསར། །ལང་ཚོའི་ཚོན་ཆགས་ཉེ་ཞོས་མ་བསླད་བཞིན། །མོས་གུས་འདྲེན་བྱེད་མི་ཟུམ་དགོད་པར་མཆིས། །སླད་མའི་དུས་ཀྱང་མཚན་གྱི་ནོར་བུའི་ལྕིད། །རྣ་ལུང་དཔྱངས་པའི་རིན་ཐང་མི་ཟད་པའི། །རྒྱལ་བ་གཉིས་པ་གང་གི་གསང་གསུམ་དཔལ། །འཆི་མེད་གྲུབ་པའི་ངོ་བོར་འཚོ་གཞེས་ཤིང་། །འདིར་ཡང་མཉེས་ཤིང་གཤིམ་པའི་ཐུགས་རྗེའི་ཆར། །དུས་ལས་ཡོལ་བ་མེད་པར་རྟག་འབེབས་པ། །འཕྲལ་ཡུན་ཕན་བདེའི་ཚལ་རབ་རྒྱས་པ་ཡིས། །ཀུན་དགའི་དགའ་སྟོན་ནུབ་པ་མེད་པར་མཛོད། །གུས་པའི་ཞུ་མཆིད་སྦྲང་རྩིའི་མགྲིན་ཅན་ནི། །


JKT018_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དད་གསུམ་ལོ་འདབ་རྒྱས་པའི་གྲིབ་བསིལ་ནས། །གང་ཞབས་སྤྱི་བོར་མཆོད་སླད་དུས་དགེ་བར། །རྟེན་གྱི་སྒྲོ་གཤོག་ཟླུམ་པོ་བསྒྱུར་གྱིན་སོང་། །ཡང་ན། མིག་མི་འཛུམ་པའི་ཐུགས་རྗེའི་ཟླ་ཤེལ་ནི། །རིག་གྲོལ་ཀུནྡཱའི་ཚལ་དུ་རྗེས་བརྩེ་པས། ཛི་གླིང་བསྟན་འགྲོའི་དགའ་ཚལ་མཛེས་བྱེད་པའི། །ཞབས་སེན་ནོར་བུའི་བ་གམ་གཡོ་བའི་དྲུང་། །ཤིན་ཏུ་གུས་པས་འདར་ལྡན་ཐོར་ཏོ་ནི། །ལན་བརྒྱར་འདུད་པའི་ཟློས་གར་དང་བཅས་ཏེ། །ཞུ་མཆིད་སྤྲིན་གྱི་རྔ་གསང་བརྡུང་པ་ཡང་། རྣམ་མཁྱེན་མདོངས་མཐའ་དགྱེས་པའི་རོལ་མོ་ལགས། གང་ཐུགས་རྡུལ་བྲལ་ནོར་བུའི་ཨཱ་དརྣར། །ལུས་རྟོགས་ཡོན་ཏན་རི་མོ་བཀྲག་དང་བཅས། །སྲིད་ཞིའི་ཟུར་ཕུད་རྩེ་མོར་ངལ་འཚོ་བའི། །གྲགས་པས་མཁའ་སྣང་ཆུང་ངུའི་གོ་སར་བསྙལ། །འདི་ན་ཐམས་ཅད་གཟིགས་པའི་ཐུགས་རྗེའི་དཔྱིད། །བྱིན་བརླབས་བདུད་རྩིའི་གྲིབ་མར་ངལ་བསོས་པའི། །གུས་འབངས་པའང་ཉེར་འཚེའི་ཚ་གདུང་གིས། །མ་བསླད་དད་གསོལ་མགྲིན་པ་བཏེགས་བཞིན་མཆིས། །སླད་ནས་ཐུབ་བསྟན་ཡོངས་རྫོགས་དགའ་ཚལ་ནི། །བཤད་དང་སྒྲུབ་པའི་ལང་ཚོ་ཉེར་རྒྱས་པ། །ཀུན་མཁྱེན་ཀླུ་དབང་ཁྱོད་ལ་རགས་ལས་ཕྱིར། །ཞབས་པད་སྲིད་མཐའི་བར་དུ་གཡོ་མེད་གསོལ། །དེ་སྐད་ཞུ་མཆིད་གུས་པའི་འཁྲི་ཤིང་ལ། །སྙན་ཚིག་ཐང་རྒྱུ་དཀར་པོའི་


JKT018_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཏབ་ནས། །རྟེན་དངོས་བསུང་ཞིམ་འཐུལ་དང་ཆབ་གཅིག་པར། །རབ་དྭངས་དགའ་བ་རྒྱས་པའི་ཚལ་ནས་ཕུལ། །ཡང་ན། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མའི་གར། །རྒྱལ་སྲས་གཞོན་ནུའི་ཚུལ་དུ་རྣམ་རོལ་པས། །རྒྱལ་བསྟན་ཡོངས་ཀྱི་དཔྱིད་གྱུར་མ་ཎི་ཀ །རྒྱལ་དབང་ཕྱག་ན་པདྨོའི་ཉེ་དྲུང་དུ། །འདི་ན་དད་གསུམ་དགེ་བའི་བརླན་གཤེར་གྱིས། །རབ་དྭངས་ཨུཏྤལ་མཆུ་སྒྲོས་དབྱེ་བ་དང་། །ལྷན་ཅིག་བསྔགས་བརྗོད་གཏམ་གྱི་སྦྲང་རྩིའི་རོས། །རྣམ་མཁྱེན་བུང་བ་གཡོ་བའི་འབབས་སྟེགས་སྒྲུབ། །གང་ཁྱོད་ཚངས་སོགས་ཆེ་དགུའི་ཟོར་ཚུག་གིས། །ཞབས་སེན་རི་མོར་རྟག་ཏུ་བསྙེན་བཀུར་བཞིན། །གྲགས་སྙན་བདུད་རྩིའི་དོ་ཤལ་གཡོ་བ་ཡིས། །ཀུན་དགའི་སིམ་པ་སྟེར་བའི་ཕོ་ཉར་བྱས། །མཐའ་བྲལ་འཁོར་བའི་ནགས་ཚལ་སྟུག་པོ་རུ། །ཆོས་བརྒྱད་གློག་གི་ཟློས་གར་ལ་རྩེན་པའི། །གུས་འབངས་ཡལ་གའི་རི་དྭགས་གཞོན་ནུ་ཡང་། །རྣམ་མཁྱེན་བཀའ་དྲིན་གྲིབ་མར་ངལ་འཚོ་གྱུར། །འབྱུང་འགྱུར་དུས་ཀྱང་བསྟན་དང་འགྲོ་ཀུན་གྱི། །ཕན་བདེའི་སྒོ་འཕར་བརྒྱ་ཕྲག་དབྱེ་བ་དང་། །འདིར་ཡང་རྗེས་བརྩེའི་སྤྱན་ཟུར་གཡོ་བ་ཡི། །གཟིགས་པ་དུས་ལས་ཡོལ་མེད་འཚོ་གཞེས་གསོལ། །རབ་གུས་ཞུ་མཆིད་བབ་ཅོལ་གྲོང་པའི་གླུ། །སྙན་ཚིག་རྐང་པར་བཅད་རློམས་དོ་ཤལ་ལ། །གཟིགས་རྟེན་རྒྱན་གྱི་ཚོམ་བུ་བཀྲ་


JKT018_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས། །དད་གསུམ་སོར་མོ་སྤྱི་བོར་ཟུམ་ནས་ཕུལ། །ཡང་ན། རྒྱལ་ཀུན་ལུང་དང་རྟོགས་པའི་ཡོན་ཏན་འོད། །གསང་གསུམ་ཚལ་ལ་མ་བྱིན་པར་བླངས་ནས། །བཤད་སྒྲུབ་སྦྲང་རྩིའི་དྲི་བསུང་སྤྲོ་མཁས་པའི། །གྲགས་པ་དོན་ལྡན་རྒྱལ་བའི་ཞབས་པད་མོར། །དབྱངས་ཀྱི་རྒྱལ་མོའི་རྒྱུད་ལས་འཕོས་པའི་གླུར། །འགྲན་པའི་ངལ་བས་སྙེམས་པ་མ་ལགས་ཀྱང་། །དད་གསུམ་ཡིད་ཀྱི་གཞན་དབང་ལ་ཆགས་པས། །ཞུ་མཆིད་སྙན་པར་སྨྲ་བ་དྭང་པས་ཕྱོགས། ཁྱོད་ཚུལ་སྤངས་རྟོགས་ཕྱོགས་རེའི་རྣམ་ཐར་ཀྱང་། །བྲལ་སྨིན་རྒྱ་མཚོའི་དཔྱིད་དུ་ངེས་མཐོང་ཕྱིར། །འཚོ་གཞེས་གྲགས་པའི་སྤྲིང་ཡིག་མནྡཱ་ར། །གུས་སྤྲོའི་སྤྱི་བོར་མཆོད་ལ་གཅིག་ཏུ་འདུན། །འདི་ན་རིགས་གཟུགས་ལང་ཚོའི་མེ་ཏོག་ནི། །ཆེས་ཆེར་དམན་པའི་གོ་སར་རྟག་ཉལ་ཀྱང་། །སྐྱབས་མཆོག་གང་གི་ཐུགས་རྗེའི་བརླན་གཤེར་གྱིས། །སྲུང་ལས་ལང་ཚོའི་རྩ་བ་མ་ཉམས་བརྟན། །སླར་ཡང་བསྟན་དང་འགྲོ་ལ་དོན་གཉིས་སྤྲིན། །སྤྲོ་མཛད་གདེངས་ཅན་དབང་པོ་ཁྱོད་ཉིད་ལས། །མ་དམིགས་དེ་ཕྱིར་རྟག་ཏུ་འཚོ་གཞེས་ཤིང་། །གུས་འབངས་པའང་བརྩེ་བས་རྗེས་སུ་སྐྱོངས། །དེ་སྐད་མཆོག་ཏུ་གུས་པའི་བཏུང་བ་ཡིས། །རབ་མྱོས་དྭང་བའི་ཡིད་ཅན་ཀ་དམྤ། །གསོལ་འདེབས་ཅ་ཅོའི་རོལ་མོ་འཁྲོལ་དང་བཅས། །གང་ཞབས་ཆུ་གཏེར་བསྙེན་ཕྱིར་རིངས་


JKT018_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

པར་སོང་། །ཡང་ན། འཇིག་རྟེན་དབང་ཕྱུག་སྙིང་རྗེའི་སྤྱན་རས་ནི། །གྲུ་འཛིན་རི་ལ་དགྱེས་པ་བཏང་སྟེ་སླར། །གངས་ཅན་བསྟན་འགྲོའི་གཙུག་ན་མངོན་རྩེན་པའི། །ཞབས་སེན་སྲིད་ཞིའི་ཐོད་ཀོས་བཏུད་དེའི་དྲུང་། །ཕན་བདེའི་བདུད་རྩིའི་དོ་ཤལ་དང་བཅས་པའི། །གྲགས་པའི་འོད་དཀར་རིང་པོར་སྤྲོ་བའི་ཚེ། །སྔོན་མེད་ཟླ་གཞོན་གསར་པ་ཁྱོད་མཐོང་སྟེ། །གུས་སྤྲོའི་ཀུ་མུད་འཛུམ་པའི་མཆིད་འདི་གསོལ། །སྲས་དང་བཅས་པའི་རྣམ་འདྲེན་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་རིན་ཆེན་རྡུལ། །གསང་གསུམ་དཔུང་པས་ཁྱེར་བའི་ངོ་མཚར་གྱིས། །ལྷག་མ་ཅན་གྱི་དཔལ་ལ་ཕྲག་དོག་བྱས། །རྣམ་གྲོལ་ཡིད་བཞིན་མཚོ་ནས་འཕོས་པ་ཡི། །མཚན་བཟང་སྤྲིན་གྱི་བ་གམ་བརྟན་ཆགས་པའི། །གཏམ་སྙན་གློག་གི་དོ་ཤལ་གཡོ་བ་ཡིས། །འདི་ན་རབ་དགའི་སྣང་བ་སར་པ་བྱིན། །ཀུན་རྨོངས་འཁོར་བའི་ཆུ་གཏེར་སྟུག་པོ་རུ། །རྣམ་པར་བྱིང་པའི་བཀའ་འབངས་ཐ་ཤལ་ཀྱང་། །གང་ཞབས་ཐུགས་རྗེའི་གྲུ་པོ་ལ་བརྟེན་ནས། །ལང་ཚོའི་འདུ་བྱེད་ཉམས་པ་མེད་པར་མཆིས། །འབྱུང་འགྱུར་ཆར་ཡང་ཐུབ་བསྟན་དུརྦ་ར། །རྣམ་མཁྱེན་རི་བྱིའི་ལྟོ་བར་ཡོངས་བསྐྱིལ་ནས། །ལུང་རྟོགས་བདུད་རྩིར་སྐྱུགས་པའི་སྤྲིན་ཆེན་གང་། །ཞབས་པད་སྲིད་མཐའི་བར་དུ་གཡོ་མེད་ཅིང་། །རྡུལ་བྲལ་ཡེ་ཤེས་གཟིགས་པའི་འོད་རྣོན་མཆོག །


JKT018_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ལྡན་ཀུན་དགའི་སྙིང་ལ་རྟག་བཀོད་པ། །འདི་དང་གཏན་གྱི་བདེ་བའི་ཨུཏྤ་ལར། །ཕུན་ཚོགས་མཚར་སྡུག་རྫོགས་པའི་བཀའ་དྲིན་སྩོལ། །དེ་སྐད་ཞུ་མཆིད་གཞན་གསོས་མགྲིན་པའི་གླུ། །དྭངས་འདོད་ཡིད་ཆེས་དཔྱིད་དཔལ་གྱིས་བསུས་ཏེ། །བརྩེ་ཆེན་དབྱར་སྐྱེས་འདྲེན་པའི་ཕོ་ཉ་རུ། །རྟེན་གྱི་གཤོག་རླབས་གཡོ་བཞིན་རིངས་པར་སོང་། །ཡང་ན། མཐའ་ཡས་འདྲེན་པ་ཡོངས་ཀྱི་སྙིང་རྗེའི་།། གཟུགས། །རྒྱལ་སྲས་གཞོན་ནུའི་རྣམ་རོལ་མིག་མི་འཛུམ། །དེང་འདིར་ངུར་སྨྲིག་གར་དུ་ཟློས་པ་ཅན། །ཐམས་ཅད་གཟིགས་པའི་ཞབས་རྡུལ་པདྨོའི་དྲུང་། །སོར་མོའི་ལང་ཚོ་དམར་བའི་ཚོན་ཆགས་ཀྱིས། །ཉེ་བར་སྒེག་པའི་ཐལ་སྦྱར་ཚངས་གནས་སུ། །ལན་བརྒྱར་འདུད་པའི་རང་ཚུལ་སྔོན་འགྲོ་བས། །སྙན་པར་སྨྲ་བའི་རོལ་མོ་འདི་སྐད་འཁྲོལ། །བསོད་ནམས་དཔག་ཡས་བསྐྲུན་པའི་ཚོང་ཟོང་གིས། །ཉེར་ཐོབ་གང་སྐུའི་རིན་ཆེན་བཻཌཱུརྨ། །ཛམ་གླིང་བསྟན་འགྲོའི་གདུགས་དཀར་རྩེ་མོ་རུ། །མཆོད་པའི་མོད་ནས་ས་གསུམ་ཀུན་དགར་བྱས། །དེ་སླད་འཚོ་གཞེས་བརྟན་པའི་དགེ་མཚན་གྱིས། །འཕྲིན་ཡིག་རྣ་བའི་བཅུད་དུ་བཏུངས་པ་ལས། །སྐལ་བ་བཟང་པོར་གྲུབ་པའི་དམན་བདག་ཀྱང་། །དོད་གསུམ་ཟོ་མདོག་རྒྱས་བཞིན་ངལ་འཚོ་ཐོབ། །སླར་ཡང་ཁྱོད་ཀྱི་ཞབས་སེན་གྱིས་བཏབ་པའི། །བསིལ་ལྡན་ར་བ་


JKT018_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་སྨན་ལྗོངས་ཀྱང་། །ཟླ་མེད་འཕགས་པའི་བསྟི་གནས་ཉིད་ཡིན་ན། །ཡུན་དུ་ཞབས་བརྟན་མཛོད་ཅིག་ལྷ་ཡི་ལྷ། དེ་སྐད་ཞུ་གསོལ་རྐང་པ་དྲུག་པ་ནི། །བརྗོད་པ་སྙན་པའི་རྒྱུད་མངས་བརྡུང་བཞིན་དུ། །རྟེན་གྱི་འདབ་ཡངས་འཇམ་མཉེན་བསྒྱུར་དང་བཅས། །ཡེ་ཤེས་གཟིགས་པའི་འབབས་སྟེགས་མཆོག་དེར་ཆས། །ཡང་ན། འཕགས་མཆོག་ལག་ན་པད་དཀར་འཆང་། །ངུར་སྨྲིག་ཟློས་གར་ལ་རྩེན་པའི། །གྲགས་པ་ཕ་མཐའ་ཡས་པའི་དཔྱིད། །སྲིད་ཞིའི་གཙུག་ན་མཐོ་དེའི་དྲུང་། །ཟླ་བ་མཐོང་བའི་ཀུ་མུད་བཞིན། །ཐལ་མོའི་བསྟི་སྟང་སྔོན་འགྲོ་བས། །ཞུ་མཆིད་གསོལ་བ་འདེབས་པ་ལ། །དྭང་བས་དྲན་པ་ཉེ་བར་བཞག །སྲས་བཅས་རྣམ་འདྲེན་ཐམས་ཅད་ཀྱི། །ཡེ་ཤེས་སྒྱུ་མའི་ལང་ཚོ་ནི། །དེང་འདིར་གངས་ཅན་བསྟན་དང་འགྲོའི། །རིགས་ཀྱི་མེ་ཏོག་གཅིག་པུར་གྱུར། །འདི་ན་གནས་པའི་ཀུན་རྨོངས་ཀྱང་། །གང་གི་བཀའ་དྲིན་ཁོ་ན་ཡིས། །འཚོ་བའི་འདུ་བྱེད་མི་ཉམས་ཤིང་། །དད་གུས་སྙིང་པོར་འཚོལ་བཞིན་བདོག །སླར་ཡང་གསང་གསུམ་གོ་བི་དཱ། །འཚོ་གཞེས་རྩ་བ་རྟག་བརྟན་ཅིང་། །ཐུགས་རྗེའི་གྲིབ་བསིལ་སྣུམ་པའི་ཁྱོན། །བདག་ཀྱང་བརྩེ་བས་རྗེས་བཟུང་གསོལ། །དྭངས་པའི་ཞུ་མཆིད་ཀ་དམྤ། །དད་པས་མྱོས་པའི་མགྲིན་པ་ནས། །དགའ་བའི་ཅ་ཅོ་སྒྲོགས་དང་བཅས། །རྟེན་གྱི་འདབ་ཟུང་


JKT018_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བས་བསྐྱོད། ༈ །གངས་ཅན་བསྟན་འགྲོའི་རྩ་ལག་གཞུང་ས་རྒྱལ་ཚབ་རིན་པོ་ཆེར་འབུལ་ན། །བསྐལ་མང་ལེགས་བྱས་བསོད་ནམས་ཤིང་རྟ་ཡིས། །ཐོབ་པའི་ཁྱོད་སྐུའི་ཙིན་མ་ཎི་ལས། །མི་ཟད་ཕན་བདེའི་དབྱིག་ཆར་འབེབས་མཛད་པའི། །ཞབས་སེན་ལྷར་བཅས་གཙུག་ན་བརྗིད་དེའི་དྲུང་། །དྭངས་འདོད་ཡིད་ཆེས་དད་སྤྲོའི་སྨིན་ལེགས་མས། །སོར་རྩེས་བསྣུན་པས་དགའ་བའི་པཉྫལས། །ཞུ་མཆིད་སོ་ཡི་འཛུམ་དཀར་སྟོན་པ་ཡང་། །དོན་གཉིས་འབྲས་བཟང་གཡོ་བའི་བྱེད་པོ་ལགས། །རྣམ་གྲོལ་བསླབ་གསུམ་རྩ་བ་བརྟན་པ་ལས། །སྡེ་བཞིའི་ལོ་འདབ་རྒྱས་པའི་གྲིབ་བསིལ་དུ། །བསྟན་འགྲོར་ཕན་བདེའི་འབྲས་བཟང་སྦྱིན་པ་གང་། །རྒྱལ་སྲས་འཆི་མེད་རིགས་ཀྱི་ལྗོན་བཟང་དངོས། །དེ་སླད་དོན་ལྡན་བདུད་རྩིའི་སྙིང་པོ་ཅན། །ཞབས་སེན་སྤྲིན་གྱི་བ་གམ་མཐོར་སྙེགས་པའི། །གཏམ་ཙམ་ཐོབ་པར་དཀའ་བས་ལན་མང་དུ། །འདི་ན་ཡིད་ཀྱི་ངལ་འཚོ་གཅིག་ཏུ་མྱུར། །གཟོད་ནས་འཁྲུལ་པའི་སྨིག་རྒྱུ་སྟུག་པོ་ཡིས། །བསླུས་ལས་སྲིད་པའི་མྱ་ངམ་ཐང་ཆེན་དུ། །བགྲོད་པས་དུབ་པའི་གུས་འབངས་ཐ་ཤལ་ཀྱང་། །གང་ཞབས་བཀའ་དྲིན་ཁོ་ནས་ཉེར་འཚེ་བྲལ། །འབྱུང་འགྱུར་དུས་ཀྱང་ཕུན་ཚོགས་ཡོན་ཏན་ཀུན། །ལེགས་བྱས་དཔལ་དུ་སྣང་བའི་གསང་གསུམ་ཉི། །བསྟན་སྲིད་གླིང་བཞིའི་མཁའ་ལ་


JKT018_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཡོལ་མེད་པའི། །ཐུགས་བསྐྱེད་གོ་ཆ་བདག་གིར་བཞེས་པ་དང་། །ལྷན་ཅིག་རྗེས་བརྩེའི་གྲུ་ཆར་གཤིམས་པོ་ཡིས། །བདག་ཅག་དམན་པའི་སར་གནས་ཀོ་ཀི་ལ། །གསོས་པས་འཕྲལ་ཡུན་ཕན་བདེའི་དགའ་ཚལ་དུ། །བསྟི་བའི་བགོ་སྐལ་བཟང་པོ་སྦྱིན་པར་གསོལ། །དད་གསུམ་འོ་མའི་བཅུད་ལེན་བཏུངས་པ་ལས། །ཟང་པོ་སྦྱིན་པར་གསོལ། །དད་གསུམ་འོ་མའི་བཅུད་ལེན་བཏངས་པ་ལས། །ཞ་མཆིད་ཨམི་ནགས་ཀྱི་མེ་ཏོག་གསར། །རྟེན་དངོས་སྲུང་རྩིའི་ཐིགས་ཕྲེང་འཇོ་དང་བཅས། ཞབས་སེན་རི་མོར་བགྱི་སླད་གུས་པས་ཕུལ། །ཡང་ན། ཕྱག་ན་པདྨོའི་ལུགས་གཉིས་ཕྲིན་ལས་ཀྱི། །འཇུག་པས་ནོར་འཛིན་བུ་མོའི་འགྲམ་པ་རུ། །རྨད་བྱུང་གྲགས་པའི་སྤྲིངས་ཡིག་འགོད་མཁས་པ། །རྣམ་འདྲེན་ཆོས་ཀྱི་འཁོར་ལོས་སྒྱུར་དེའི་དྲུང་། །ཆུ་འཛིན་སྟུག་པོའི་བླ་གོས་དང་བྲལ་བའི། །དྲི་མེད་སྟོན་གནམ་མཐོ་བའི་ངང་མོ་བཞིན། །ཁྱོད་ཚུལ་ཡོན་ཏན་རྗེས་སུ་དྲན་པའི་མོད། །ཞུ་མཆིད་བསྔགས་པའི་མེ་ཏོག་འཐོར་ལ་བྲེལ། །ཛམ་བུའི་ལྗོན་པས་མཚན་པའི་ཐ་གྲུ་འདིར། །རིགས་གཟུགས་འབྱོར་པས་སྙེམས་པའི་ཤར་རིའི་རྩེར། །ཞབས་སེན་ཟླ་གཞོན་གསར་པ་བཀོད་པའི་མོད། །དོན་གཉིས་བདུད་རྩིའི་སྤྲིན་དཀར་རྒྱས་པ་དང་། །ལྷན་ཅིག་འཚོ་གཞེས་ཆོ་ག་མི་ལྷོད་པའི། །བཀའ་དྲིན་དཔྱིད་ཀས་གསོས་པའི་གུས་འབངས་ཀྱང་། །ལང་ཚོའི་མྱུ་གུ་རྙིངས་པར་མ་གྱུར་བཞིན། །དད་གསུམ་པདྨོའི་ཐིག་ལེ་


JKT018_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པར་འཛུམ། །འབྱུང་འགྱུར་དུས་ཀྱང་རྨད་བྱུང་གསང་བ་གསུམ། །འཆི་མེད་རྡོ་རྗེའི་ཁྲི་ལ་རྟག་བརྟན་ཞིང་། །ལེགས་མཛད་དཔག་བསམ་དབང་པོའི་ཡལ་འདབ་ཏུ། །བདག་ཀྱང་བརྩེ་བས་དབུགས་དབྱུང་མཛད་པར་གསོལ། །རབ་གུས་མཛེས་མའི་སོར་རྩེས་རེག་པ་ཡི། །ཞུ་མཆིད་པསྦྲུལ་ཡི་མེ་ཏོག་ནི། །རྟེན་དངོས་ཚོན་ཆགས་བཀྲ་བས་རྒྱས་བཏབ་སྟེ། །ཞབས་སེན་ཨུཏྤལ་རོལ་མཚོ་བསྙེན་ཕྱིར་ཕུལ། །ཡང་ན། །སྲིད་དང་ཞི་བའི་ཐོར་ཚུགས་གཡོ་བ་ཡིས། །སྲིད་ན་མངོན་མཐོའི་ཞབས་པད་ལ་བཏུད་ནས། །སྲིད་ཞིའི་རྒྱལ་ཐབས་ཆེན་པོར་དབང་བསྐུར་བའི། །སྲིད་གསུམ་མཚུངས་མེད་མཆོག་དེའི་ཞབས་སྟེགས་སུ། །ཁྱེད་ཚུལ་ཡོན་ཏན་ཟླ་བའི་སིམ་འོད་ཀྱིས། །ཐལ་མོའི་ཆུ་སྐྱེས་སྤྱི་བོར་ཟུམ་པ་དང་། ལྷན་ཅིག་དད་གསུམ་སྟེང་འཐུང་དཀར་པོའི་འདབས། །དབྱེ་ལས་ཞུ་མཆིད་བསུང་ཞིམ་མངར་པོ་འཐུལ། །བསོད་ནམས་མཐའ་ཡས་རྟ་གདོང་མེ་ལྕེ་ཡིས། །ཕན་བདེའི་ཆུ་གཏེར་ཡོལ་མེད་བསྲུབས་པ་ལས། །འཚོ་གཞེས་མེ་ཏོག་ཆལ་ཆིལ་གཡོ་བའི་འོད། །གུས་ལྡན་སྙིང་ལ་ངལ་བསོའི་བྱེད་པོར་རྒྱུ། །འདི་ན་རྫིང་བུར་གནས་པའི་ཨུཏྤལ་དང་། །ནགས་ཀྱི་ར་བར་དགོད་པའི་པད་མོ་ལྟར། །གང་གི་བཀའ་དྲིན་ཉི་གཞོན་གཡོ་བ་ཡིས། །རྟག་པར་བསྐྱངས་པས་ཉེར་འཚེའི་གདུང་བ་བྲལ། །ཟླ་ཞུན་ཐགས་སུ་


JKT018_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པའི་ལ་ཐོད་ཀྱིས། །སྒེག་པས་གངས་ཅན་ལྗོངས་སུ་འབོད་པའི་འགྲོར། །བརྩེ་བའི་སྤྱན་གྱིས་ཡོལ་མེད་འཚོ་གཞེས་ཤིང་། །བདག་ཀྱང་ཐུགས་རྗེའི་གུར་ཁྱིམ་དམ་པར་སྲུངས། །དེ་སྐད་རབ་དྭངས་ཡིད་ཀྱི་མཁའ་ལྡིང་དཀར། །ཞུ་མཆིད་དགའ་བའི་ཅ་ཅོ་སྒྲོགས་པ་དང་། །ཆབ་གཅིག་རྟེན་གྱི་གཤོག་ཟུངས་རྒྱུར་བསྐྱོད་དེ། །དགེ་ལེགས་ཤིས་པ་རྒྱས་པའི་དུས་ལ་སོང་། །ཡང་ན། །ཁེངས་དང་དྲེགས་པས་མྱོས་པའི་སྐྱེ་དགུ་ལ། །རྣམ་པར་གནོན་པའི་ཕྱག་རྒྱས་བཏབ་པ་དང་། །ཆབ་འབངས་བསྟན་སྲིད་ཡོངས་ལ་ཕུན་ཚོགས་ཀྱི། །ཀུན་དགའ་གསར་དུ་སྦྱིན་དེའི་ཞབས་པད་མོར། །གང་ཚུལ་མི་ཟད་ཡོན་ཏན་ཉི་ཟློའོད་ཀྱིས། །ཡང་ཡང་བྲན་པས་དད་གུས་པདྨོའི་རྒྱ། །རྣམ་པར་གྲོལ་བའི་ཞུ་མཆིད་བདུད་རྩིའི་དྲི། །དོགས་པ་མེད་པ་རྒྱུ་འདི་གཟིགས་ལགས་སམ། གྲགས་པའི་རྔ་ཡབ་དཀར་པོའི་དག་བྱེད་རྡུལ། །ལྷར་བཅས་བླ་ན་དཀྲིགས་པའི་གོ་སྐབས་དེར། །ཕྱོགས་རེའི་བསྔགས་པ་བརྗོད་པས་སྲིད་པའི་མིག །སྐྲག་ནས་གླིང་བཞིའི་མཁའ་ལ་བྲོས་པ་བཞིན། །འདི་ན་རྣམ་དཔྱོད་བློ་གྲོས་མི་ལྡན་ཀྱང་། །དད་གསུམ་སྤུ་སྡུག་ངོམས་པའི་མདོངས་མཐའི་ཁྱུ། །གང་ཞབས་བཀའ་དྲིན་ནམ་མཁའི་གླང་པོ་ཡི། །གོམས་སྟབས་མཛེས་པ་ཁོ་ནས་ངལ་འཚོ་ཐོབ། །སླད་མར་གསང་གསུམ་ནོར་བུའི་ཟ་མ་ཏོག །འཆི་མེད་གྲུབ་པའི་ཕྱག་


JKT018_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཏབ་པ་ལས། །བསྟན་འགྲོའི་དགའ་བ་མི་ཉམས་འཕེལ་བ་དང་། །འདིར་ཡང་ཕན་བདེའི་འདོད་དགུ་སྦྱིན་པར་གསོལ། །དེ་སྐད་ཞུ་བའི་མཆིད་ཚིག་ཨུཏྤལ་ལ། །གུས་སྤྲོའི་རྣ་བར་ཐོགས་པའི་སྨིན་ལེགས་མ། །རྟེན་དངོས་རེག་བྱའི་འཁྲིལ་བག་གཡོ་དང་བཅས། །ཀུན་ཏུ་དགེ་བའི་ཆོས་ལ་རིངས་པར་སོང་། །ཡང་ན། །གྲུ་འཛིན་དབང་པོའི་ཆོས་སྲིད་ཀྱི། །ཕྲིན་ལས་སྣང་བའི་མུ་ཁྱུད་ནི། །རྣམ་དཔྱོད་ཤིང་རྟས་འདྲེན་པའི་གཉེན། །སྲིད་ཞིའི་དབང་ཕྱུག་ཞབས་པད་མོར། །ཀུན་ནས་གུས་པའི་ཆུ་ཀླུང་འབུམ། །གཅིག་ཏུ་བསྐྱིལ་བའི་རླབས་ཕྲེང་ལས། །ཞུ་མཆིད་བསྔགས་བརྗོད་འཛུམ་དཀར་ཅན། །ཟླ་བ་གསར་པའི་ཟོལ་གྱིས་འོང་། །ས་གསུམ་བསྟན་འགྲོའི་བདེ་སྐྱིད་ཀྱི། །པད་ཚལ་མཐའ་དག་རྒྱས་མཛད་པའི། །གདེངས་ཅན་དབང་པོ་གང་ཁྱོད་ཀྱི། །རྣམ་ཐར་རྨད་བྱུང་དྭང་བས་ལེན། །འདི་ན་འཕྲལ་ཡུན་ཕུན་ཚོགས་ལ། །རྣམ་དཔྱོད་བློ་གྲོས་མི་ལྡན་པའི། །གུས་འབངས་རཡིག་གཉིས་པ་ཡང་། །གང་ཞབས་དཔྱིད་ཀྱི་མ་མས་གསོས། །སླད་ནས་རྡུལ་བྲལ་ཞི་བའི་དཔལ། །སྙིང་རྗེའི་རོལ་མོ་ལ་ཆགས་པའི། །མཚན་དཔེ་བསྐལ་པར་གཡོ་མེད་ཅིང་། །མི་བྱེད་ཐུགས་རྗེས་རྗེས་སུ་ཟུངས། །ཞུ་མཆིད་ས་ཡི་གདུ་བུའི་རྩེར། །སྤྱན་རས་འོད་རིས་འདྲེན་བྱེད་པའི། །གཟིགས་རྟེན་གེ་སར་འཛུམ་དང་བཅས། །


JKT018_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དད་སྤྲོ་སྙིང་པོར་བྱེད་བཞིན་ཕུལ། །ལུང་རྟོགས་བསྟན་པའི་མངའ་བདག་དགའ་ལྡན་ཁྲི་རིན་པོ་ཆེར་འབུལ་ན། །ཐུབ་བསྟན་ཡོངས་སུ་རྫོགས་པའི་སྣང་བརྙན་འབུམ། །གང་ཐུགས་རྣམ་མཁྱེན་ནོར་བུའི་ཨཱ་དཆ་ར། །དོགས་པ་མེད་པར་འཆར་བའི་དགེ་མཚན་གྱི། །ཞབས་སེན་སྲིད་ཞིའི་གཙུག་ན་མཐོ་དེའི་དྲུང་། །རྨད་བྱུང་ཡོན་ཏན་དུ་མའི་ཟླ་རིས་ཀྱིས། །ཡིད་ཀྱི་སྟེང་འཐུང་དཀར་པོ་བྱེ་བའི་མོད། །དད་གསུམ་མེ་ཏོག་གྲོལ་དང་ཆབ་གཅིག་པར། །ཞུ་གསོལ་སྦྲང་རྩིའི་བསུང་ཞིམ་སྤྲོ་ལ་རིངས། །ཉི་མའི་གཉེན་གྱིས་ལེགས་གསུང་སྡེ་སྣོད་རྒྱུན། །མཐའ་དག་བློ་གྲོས་བསུས་པར་བདེར་བཟུང་ནས། །སླར་ཡང་རྣམ་གྲོལ་ཉེར་འཚོར་བསྐྱིལ་མཁས་པའི། །སྔོན་མེད་མི་ཡི་དྲང་སྲོང་དེ་སུ་ཞིག །བྲལ་སྨིན་ལྷུན་པོའི་ཕྲག་ནས་སྤྲོས་པ་ཡི། །མཚན་བཟང་སྲིད་པའི་མིག་གཅིག་འཆར་བའི་མོད། །བློ་བཟང་སྙིང་པོའི་རིང་ལུགས་ཨུཏྤལ་ལ། །བཤད་སྒྲུབ་བུང་བའི་ཚོགས་དང་ལྷན་ཅིག་རྒྱས། །འདི་ན་ཀུན་ཏུ་རྨོངས་པའི་གཡང་ས་ལས། །ལྡང་བར་མ་ནུས་གུས་འབངས་འདུ་གསུམ་པ། །གང་གི་ཐུགས་རྗེ་བདུད་རྩིའི་ཆུས་བརླན་པས། །སྙིང་ལ་རབ་དགའི་ལང་ཚོ་ཅིར་ཡང་བརྟས། །སླར་ཡང་མདོ་སྔགས་ཆོས་ཚུལ་ཛམྦུའི་འབྲས། །གང་ཐུགས་མ་དྲོས་རྒྱུན་དང་སྦྱར་བ་ལས། །ལེགས་བཤད་གསེར་དུ་སྣང་བའི་དོ་ཤལ་མཆོག །བློ་གསལ་མགྲིན་


JKT018_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱན་དུ་སྤེལ་བའི་སླད། ཞབས་པད་ཆེ་དགུའི་རལ་ཁུར་གཡོ་བའི་རྩེར། །འཕོ་འཇིགས་བྲལ་བའི་གྲགས་པ་འབར་བ་ཡིས། །ཡིད་སྲུབས་གདུང་བ་བསྐྱེད་པའི་རྒྱལ་མཚན་ཆེ། །ཐུབ་བསྟན་ཁང་བཟང་རྩེ་མོར་འགོད་མཛད་གསོལ། །མཆོག་ཏུ་དད་དང་སྤྲོ་བའི་ལི་ཤིའི་དྲི། །ཞུ་མཆིད་ཆུ་སྐྱེས་གསར་པ་ལ་ཆགས་བཞིན། །གཟིགས་རྟེན་ལོ་འདབ་དོ་ཤལ་སྟེག་དང་བཅས། །སྒོ་གསུམ་གུས་པའི་ཕྱག་རྒྱས་བཏབ་སྟེ་ཕུལ། །ཡང་ན། ཤེས་དང་ཤེས་བྱའི་ཆོས་ཚུལ་ཇི་སྙེད་ཀུན། །གཟིགས་པའི་གྲགས་དཀར་ཟླ་བའི་རྔ་ཡབ་ཀྱིས། །ཐུབ་བསྟན་ཆུ་ཀླུངས་གྲངས་མེད་འཕེལ་མཛད་པ། །རྣམ་འདྲེན་འཇམ་མགོན་བླ་མའི་ཞབས་པད་མོར། །མཛེས་མཛེས་སྤྲིན་སྔོན་མཐོང་བའི་རྨ་བྱའི་གར། །མང་མང་བསོད་ནམས་དཔྱིད་དུ་བསྒྱུར་བཟོད་ན། །གསལ་གསལ་རྨད་བྱུང་ཁྱོད་ཡོན་སྙན་ངག་གླུར། །ཡང་ཡང་དགའ་བས་སྒྲོགས་འདིའི་རྗེས་སུ་འགྲོ། །གཟོད་ནས་ཞི་བའི་རོལ་མཚོ་ལ་ཆགས་ཀྱང་། །ཡིད་འཕྲོག་སྙིང་རྗེའི་རླབས་ཕྲེང་དང་འགྲོགས་ཏེ། །དོན་གཉིས་འབད་མེད་སྟེར་བའི་མ་ཎི་ཀ །དེང་དུས་བསྟན་འགྲོ་ཡོངས་ཀྱི་གཙུག་ན་སྤ། །དེ་སླད་འཚོ་གཞེས་བརྟན་པའི་སྤྲིང་ཡིག་ནི། །ངོ་མཚར་མཱ་ལི་གསར་པའི་དོགས་པ་ཅན། །སྤྱི་བོར་འགོད་པའི་མི་ཕྱེད་བཀའ་དྲིན་གྱིས། །གུས་འབངས་བདག་ཀྱང་ངལ་འཚོའི་གནས་སྐབས་ཐོབ། །


JKT018_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་འགྱུར་དུས་སུ་ཐུབ་བསྟན་སྨན་ལྗོངས་ཆེ། །འཆད་སྤེལ་མཛད་ལ་ངལ་བ་མི་བཞེས་བཞིན། །གསང་གསུམ་སྤྲིན་གྱི་བ་གམ་རྟག་བརྟན་ཅིང་། །སྐྱབས་འོག་བྱང་ཆུབ་བར་དུ་རྗེས་བཟུང་མཛོད། །དད་གསུམ་ངང་མོ་གཞོན་ནུའི་སོར་རྩེ་རུ། །ཞུ་མཆིད་སྙན་པའི་རོལ་མོ་འཁྲོལ་དང་བཅས། །རྟེན་གྱི་གཤོག་དཀར་གཡོབ་པའི་གོམ་སྟབས་ཀྱིས། །ཞབས་སེན་པད་མཚོར་བསྙེན་ཕྱིར་རིངས་པར་སོང་། ཡང་ན། །དཔལ་སྟུག་རྒྱལ་བ་ཡོངས་ཀྱི་མཁྱེན་རབ་འོད། །དཔལ་ལྡན་མཁྱེན་པའི་ཉིན་བྱེད་ལ་ཆགས་པས། །དཔལ་གྱི་འབྱུང་གནས་ཐུབ་བསྟན་དགའ་ཚལ་གྱིས། །དཔལ་གྱུར་འཇམ་མགོན་ངུར་སྨྲིག་འཛིན་པའི་དྲུང་། །ཀིདྨ་ཀ་ཡི་འཁྲི་ཤིང་རྒྱས་པའི་འགྲམ། །དཔྱིད་ཀྱི་ཕོ་ཉ་མྱོས་པའི་གླུ་དབྱངས་ལྟར། །དད་གསུམ་ཡིད་ཀྱིས་ཀུན་ནས་བསླངས་པ་ཡི། །ཞུ་གསོལ་སྙན་པར་སྨྲ་ལ་དང་བས་ཕྱོགས། །རྣམ་འདྲེན་བཞི་པའི་ལེགས་གསུང་སྡེ་སྣོད་ལ། །ཤེས་རབ་གསུམ་གྱི་རྣམ་དཔྱོད་ངོམ་པ་ན། །རྒྱན་དྲུག་མཆོག་གཉིས་དོ་ཟླར་རང་སྟོབས་ཀྱིས། །འཇོགས་པར་གྲགས་པའི་གཏམ་གྱིས་ཀུན་དགར་བྱས། །འདི་ན་གང་གི་བཀའ་དྲིན་བདུད་རྩིའི་དཔལ། །བཏུང་བས་མྱོས་པའི་གུས་ལྡན་བླ་མ་རཿ །ལང་ཚོའི་འདུ་བྱེད་ཉམས་པར་མ་གྱུར་ཅིང་། དད་གསུམ་ཟློས་གར་བསྒྱུར་བའི་རོལ་རྩེད་ངོམས། །སླད་ནས་ཡོངས་རྫོགས་བསྟན་


JKT018_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོར་ཕན་དང་བདེའི། །ཕུན་ཚོགས་ཆུ་སྐྱེས་གསར་པ་དགོད་པ་གང་། །འཕོ་འཇིགས་དུས་ཀྱི་ཕྱག་རྒྱས་མ་བཏབ་པར། །འཚོ་གཞེས་བརྟན་པའི་བཀའ་དྲིན་ཅིར་ཡང་སྩོལ། །དེ་སྐད་ཞུ་མཆིད་པདྨའི་ཕྲེང་བ་ནི། །མོས་གུས་སྣ་ཞགས་རིངས་པོར་ལེགས་ཐོགས་ཏེ། །རབ་དྭངས་དགའ་བ་རྒྱས་པའི་གཉིས་འཐུང་དབང་། །གང་ཞབས་སྤྱི་བོར་མཆོད་སླད་རིངས་པར་སོང་། །ཡང་ན། བརྟན་པའི་འཁོར་ལོའི་ཡེ་ཤེས་ནི། །མཚན་དཔེའི་དཔྱིད་དུ་སྨིན་པ་ལས། །ཆོས་ཀུན་གཟིགས་པའི་གྲགས་སྙན་གྱིས། །ས་གསུམ་དཀར་པོར་བྱས་དེའི་དྲུང་། །མཆུ་སྒྲོས་བནྡྷ་ཛཱི་བ་ཀ །རབ་གུས་ཉིན་མོའི་རྡུལ་དམར་གྱིས། །དབྱེ་ལས་མགོན་ཁྱེད་རྣམ་ཐར་ལ། །བསྔགས་བརྗོད་གཏམ་གྱི་བསུང་ཞིམ་སྤྲོ། །གང་གི་མཁྱེན་དཔྱོད་གོམ་གསུམ་གྱིས། །ཤེས་བྱའི་ས་ཆེན་ཀུན་གཞལ་ཏེ། །ཕས་རྒོལ་སྟོབས་ལྡན་འཆིང་བཟོད་དེས། །རྒྱལ་བ་གཉིས་པའི་ཁྲི་ལ་འཛེགས། །འདི་ན་ཀུན་རྨོངས་ནགས་ཚལ་དུ། །ཆོས་བརྒྱད་རྩེ་འཇོས་གཡེངས་པ་ཡི། །གུས་འབངས་ཡལ་གའི་རི་དྭགས་ཀྱང་། །ལང་ཚོའི་འདུ་བྱེད་ཉམས་མ་གྱུར། །སླད་ཆར་ཚུ་ཡོན་ཏན་མི་ཟད་པའི། །འབྱུང་གནས་ཐུབ་བསྟན་རིན་པོ་ཆེའི། །རྟེན་དང་གླིང་དང་དཔུང་གཉེན་དུ། །འཚོ་གཞེས་བསྐལ་བརྒྱར་བརྟན་པ་ནས། །སྐྱབས་འོག་བདག་ཀྱང་བྱང་ཆུབ་བར། །ཐར་པའི་ལམ་


JKT018_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྟོན་མཛད་པའི། །བཤེས་གཉེན་གཅིག་པུར་ངེས་སྣང་བའི། །བཀའ་དྲིན་ཅི་ཡང་སྩོལ་ཞེས་གསོལ། །དད་མོས་ཟླ་བས་ཕྱེ་བ་ཡི། ཞུ་མཆིད་ཀུནྡའི་མེ་ཏོག་གསར། །གཟིགས་རྟེན་སྦྲང་རྩིའི་དོགས་པ་བཅས། །གུས་པའི་ཐལ་མོས་མངོན་པར་གཏོར། །བཀྲས་ལྷུན་པཎ་ཆེན་རིན་པོ་ཆེའི་ཞབས་པད་དུ་ཕུལ་ན། །འོད་མཚན་སྟོང་འབར་སྙིང་རྗེའི་ག་བུར་རྡུལ། །ཐུགས་བསྐྱེད་རྐང་བས་འཐུང་བའི་ལང་ཚོ་ལ། །ཆགས་པའི་སྲིད་ཞིའི་བསྟི་གནས་གཅིག་གྱུར་པའི། །ཞབས་སེན་ཆུ་སྐྱེས་སར་པའི་ཉེ་དྲུང་དུ། །གསལ་བར་བྱས་སོ་ཉིན་མོའི་རྡུལ་ཕྲེང་གིས། །ཨུཏྤལ་དམར་པོའི་མཚར་སྡུག་དབྱེ་བ་སྟེ། །གང་གི་བཀའ་དྲིན་དྲན་པའི་དཔྱིད་དཔལ་གྱིས། །རབ་ཏུ་དྭངས་པའི་ཞུ་གསོལ་འབུལ་ལ་ཕྱོགས། །རྣམ་གྲོལ་སྐུ་བཞིའི་རིན་ཆེན་སྔོན་ཐོབ་ཀྱང་། །རྨད་བྱུང་སྙིང་རྗེའི་གྲུ་བོ་ལ་བརྟེན་ནས། །ཡིད་ཅན་སྲིད་པའི་ཆུ་གཏེར་ལས་བརྒལ་ཕྱིར། །འགྲོ་བ་ལྷ་དང་བཅས་པའི་སྐྱབས་སུ་སྣང་། །བསླབ་བཞིའི་རྩ་བ་བརྟན་པའི་མནྡཱ་རས། །གཞན་ཕན་སྨོན་འཇུག་ཡལ་ག་གཡོབ་པའི་ཁོངས། །གུས་འབངས་བདག་ཀྱང་བརྩེ་བས་རྗེས་བཟུང་བའི། །སྐལ་བ་བཟང་པོའི་བགོ་སྐལ་ཅིར་ཡང་བྱིན། །འདི་ན་མཐའ་མེད་འཁོར་བའི་སྲིད་པ་རུ། །ལས་ཉོན་ས་བོན་འཕོས་པའི་གུས་ཕྲན་ཀྱང་། །གང་གི་བྱིན་བརླབས་བདུད་རྩི་ལ་བརྟེན་ནས། །ལང་ཚོའི་


JKT018_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ཉམས་མེད་དགོད་པར་གྱུར། །སླར་ཡང་བརྟན་པའི་འཁོར་ལོའི་ཡེ་ཤེས་ནི། །གཞན་ཕན་མི་ལུས་ཟོལ་དུ་སྣང་གྱུར་པའི། །སྐྱབས་གཅིག་བསྟན་འགྲོ་ཀུན་གྱི་གཙུག་རྒྱན་མཆོག །ཞབས་པད་རྡོ་རྗེའི་ཆོས་སུ་བརྟན་པ་དང་། །མི་ཕྱེད་བརྩེ་བ་ཆེན་པོའི་གྲིབ་བསིལ་དུ། །བདག་ཅག་འདི་དང་གཏན་དུ་ཉེར་འཚོ་ཞིང་། །ཕན་བདེའི་འབྲས་བཟང་བདུད་རྩིར་བཅས་པ་ཡིས། །ཐར་པ་དམ་པའི་ལང་ཚོ་སྦྱིན་པར་མཛོད། །དད་གསུམ་འཆར་ཀའི་དམར་བས་ཉེར་དྲངས་པའི། །ཞུ་མཆིད་རྡུལ་གྱི་ཐིག་ལེའི་ཟློས་གར་ནི། །རྟེན་དངོས་ག་བུར་དོ་ཤལ་གཡོ་དང་བཅས། །ཞབས་པད་འཆི་མེད་རིགས་ཀྱི་མདུན་སར་ཆས། །ཡང་ན། ཆོས་ཀྱི་འབྱུང་གནས་སྨོན་པའི་སྤྲིན་ཆེན་ལས། །ཁྲལ་སྨིན་ཆུ་རྡུལ་བར་མེད་དཀྲིགས་པ་ཡིས། །མཚན་དཔེའི་དཔག་བསམ་དབང་པོ་མཐོར་སྙེགས་པའི། །ཞབས་སེན་ཆེ་དགུའི་གཙུག་ན་མཛེས་དེའི་དྲུང་། །དང་པོར་རྩེ་གཅིག་གུས་པའི་སིམ་འོད་ཀྱིས། །རབ་དྭངས་ཡིད་ཀྱི་ཀུ་མུད་བྱེ་བ་དང་། །སླར་ཡང་སོ་ཡི་ཟེ་འབྲུ་འཛུམ་པ་ལས། །བསྔགས་བརྗོད་གཏམ་གྱི་རྡུལ་དཀར་སྤྲོ་ལ་རིངས། །མཁྱེན་དཔྱོད་ལྷག་མ་ཅན་གྱི་ཕྲག་པ་རུ། །ཐུབ་བསྟན་ས་ཆེན་འདེགས་པའི་ངོ་མཚར་ལ། །སྲིད་དང་ཞི་བའི་ཆུ་གཏེར་གཡོ་བ་ཡིས། །གདེངས་ཀ་གྱེན་དུ་འཕྱུར་བའི་ངང་ཚུལ་སྟོན། །འདི་ན་གང་གི་བཀའ་


JKT018_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་དཔྱིད་དཔལ་གྱིས། །རྟག་པར་གསོས་པའི་གུས་འབངས་ཀོ་ཀཱི་ལ། །ལང་ཚོའི་འདུ་བྱེད་ཉམས་པར་མ་གྱུར་བཞིན། །དད་གསུམ་སྒྲོ་གཤོག་ཟླུམ་པོའི་ཟློས་གར་རྩེན། །འབྱུང་འགྱུར་དུས་ཀྱང་གསང་གསུམ་པད་མ་དཀར། །ལྷར་བཅས་འགྲོ་བའི་སྤྱི་ཏོར་རྩེ་མོ་རུ། །འཚོ་ཞིང་གཞེས་པའི་ཐུགས་རྗེའི་གྲིབ་བསིལ་དུ། །སྐྱབས་འོག་བདག་ཀྱང་རྟག་པར་རྗེས་བཟུང་གསོལ། །དེ་སྐད་ཞུ་མཆིད་ཐང་ཆུ་དཀར་པོ་ཡི།ཕྱག་རྒྱས་བཏབ་པའི་རྟེན་གྱི་འཁྲི་ཤིང་བཅས། །མི་ཕྱེད་དགའ་བ་རྒྱས་པའི་ཚལ་ཆེན་ནས། །ཞབས་པད་སྲི་ཞུར་བགྱི་སླད་གུས་པས་ཕུལ། །ཡང་ན། །ཆགས་བྲལ་སོ་སོར་རྟོག་པའི་ཡེ་ཤེས་ནི། །ངུར་སྨྲིག་གར་དུ་རོལ་པའི་རྣམ་འདྲེན་རྗེའི། །ཞབས་སེན་ནོར་བུའི་མེ་ལོང་དྭངས་པའི་ངོགས། །སྲིད་དང་ཞི་བའི་ཐོར་ཚུགས་འཆར་དེའི་དྲུང་། །ལྷར་བཅས་ཀུན་གྱི་འདུད་འོས་མ་ཎི་ཀ །གྲགས་པ་དོན་ལྡན་གང་གི་རྣམ་ཐར་ལ། །མི་ཕྱེད་དད་སྤྲོའི་འཛུམ་དཀར་གཡོ་དང་བཅས། །ཞུ་གསོལ་གུས་པའི་དབྱངས་ཆུང་བསྟར་ལ་ཕྱོགས། །རྒྱལ་བ་གཉིས་པའི་རིང་ལུགས་ཟླ་ཤེལ་གསར། །གངས་ལྗོངས་བདེ་འབྱུང་རལ་རྩེར་གཟི་འབར་བའི། །བྱེད་པོ་ཁྱོད་སྐུའི་ཆུ་གཏེར་འཕྱུར་བའི་རླབས། །ཕན་བདེའི་བདུད་རྩིར་བཅས་པས་སྐལ་བཟང་བྱས། །འདི་ན་ཚུལ་མིན་རྨོངས་པའི་གཡུལ་ངོ་རུ། །རྟོག་པར་ཆགས་པའི་གུས་


JKT018_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་འདུ་གསུམ་པ། །གང་གི་ཐུགས་རྗེའི་རྭ་བ་ལ་བརྟེན་ནས། །འཚོ་བའི་འདུ་བྱེད་ཉམས་པར་མ་གྱུར་ཙམ། །སླད་ནས་དོན་གཉིས་མེ་ཏོག་འཛུམ་པ་ཡི། །གསང་གསུམ་ཡོངས་འདུའི་དབང་པོའི་འཇོ་སྒེག་ཅན། །རྟག་པར་བརྟན་པའི་བཀའ་དྲིན་གྲིབ་བསིལ་དུ། །སྐྱབས་འོག་བདག་ཀྱང་རིངས་པར་རྗེས་བཟུང་གསོལ། །ཞུ་མཆིད་མེ་ནཱ་ཀ་ཡི་གར་མཁན་མ། །གཟིགས་རྟེན་རྒྱན་གྱི་དོ་ཤལ་གཡོ་དང་བཅས། །དད་གསུམ་གོམ་སྟབས་གསར་པ་ངོམས་བཞིན་དུ། །ཞབས་པད་སྤྱི་ཏོར་གདེངས་ཀར་མཆོད་ཕྱིར་སོང་། །ཡང་ན། གཞན་ཕན་ཤིང་རྟ་བདུན་གྱི་ཕྲག་པ་རུ། །འོད་སྣང་མཐའ་ཡས་ཐུགས་རྗེའི་ཉིན་མོར་བྱེད། །རྗེས་སུ་ཆགས་པའི་མཚན་དཔེའི་དཀྱིལ་འཁོར་གྱིས། །ལྷར་བཅས་སྐྱེ་དགུའི་གདུང་སེལ་མཆོག་དེའི་དྲུང་། །འདི་ན་ཚངས་སོགས་དྲེགས་པའི་བཏུང་བ་ཡིས། །རབ་མྱོས་ཀུན་ཀྱང་གུས་པས་ཁྱོད་ཞབས་ལ། །བཏུད་པའི་ངོ་མཚར་གསར་པ་མཐོང་བའི་མོད། །མི་ཕྱེད་དད་བརྒྱའི་ཞུ་གསོལ་འབུལ་ལ་ཕྱོགས། །གང་གི་གསང་གསུམ་ལེགས་མཛད་འབུམ་ཕྲག་གིས། །ནོར་འཛིན་ཁྱོན་ཀུན་དོགས་པོར་གཏམས་པ་དང་། །འཚོ་གཞེས་བརྟན་པའི་སྤྲིངས་ཡིག་འདིར་འཕོས་པས། །རབ་དགའི་གོ་འཕང་ཐོབ་པའི་དགའ་བས་བྲེལ། །ཤིན་ཏུ་ཕུང་དཀྲོལ་ཆེན་པོའི་འཁོར་བ་ཡིས། །དམ་ལ་བཞག་གྱུར་གུས་


JKT018_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་མདོངས་མཐའ་ཅན། སྐྱབས་མཆོག་བཀའ་དྲིན་ཆུ་ཁུར་འཛིན་པ་ཡིས། །གསོས་པས་ཉེར་འཚེའི་གདུང་བས་མ་སྨད་ཙམ། །སླད་མའི་ཆར་ཡང་རྣམ་མཁྱེན་སྤྱན་གྱི་མེས། །ཕས་རྒོལ་ཡིད་སྲུབས་དཔུང་ཚོགས་ཡོངས་བསྲེགས་ནས། །འཆི་མེད་རྒྱལ་རྔ་བརྡུངས་པའི་གྲགས་སྙན་གཏམ། །སྲིད་པའི་རྩེ་མོར་འགོངས་པའི་བཀའ་དྲིན་སྩོལ། །ཤིན་ཏུ་གུས་པ་ཆེན་པོའི་ཀོ་མུ་དཱི། །རབ་དྭངས་ཡིད་ཀྱི་སར་ཚུདགས་བཏུངས་པ་ལས། །ཞུ་མཆིད་སྦྲང་རྩིའི་དྲི་བསུང་གཡོ་བ་གང་། །གཟིགས་རྟེན་རཡིག་གཉིས་པར་ཆགས་བཞིན་སོང་། །ཡང་ན། རྒྱལ་བ་འོད་མཚན་སྟོང་འབར་གྱི། །ཐུགས་རྗེའི་རང་གཟུགས་གངས་ཅན་འགྲོའི། །ལེགས་བྱས་དཔྱིད་དུ་སྣང་བ་ཡི། །ཞབས་སྟེགས་ཆུ་སྐྱེས་སར་པའི་དྲུང་། །གང་གི་རྣམ་པར་གྲགས་པ་དཀར། །ཕ་མཐའ་ཡས་པའི་བསིལ་ཟེར་ཅན། །མོས་གུས་ས་ཡི་གདུ་བུ་ཡིས། །མཐོང་ལས་ཞུ་གསོལ་འཛུམ་ཕྲེང་དགོད། །བྲལ་སྨིན་ནོར་བུའི་ཆུ་གཏེར་ནི། །མཚན་དཔེའི་གར་དུ་ཟློས་པ་ལས། །བསྟན་འགྲོར་ཕན་བདེའི་སིམ་པ་འབུམ། །སྟེར་བའི་དགེ་མཚན་དེ་རྨད་བྱུང་། །འདི་ན་མཁས་དང་བཙུན་པ་ཡི། །རྣམ་དཔྱོད་སྙིང་པོས་སྤངས་གྱུར་ཀྱང་། །གང་གི་བཀའ་དྲིན་ཁོ་ན་ལ། །བརྟེན་ནས་ཉེར་འཚེ་བྲལ་བར་མཆིས། །འབྱུང་འགྱུར་དུས་ཀྱང་སྲིད་པ་གསུམ། །རྣམ་གྲོལ་གོ་འཕང་ལ་


JKT018_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་ཕྱིར། །འཚོ་གཞེས་ཆོ་ག་མི་ལྷོད་ཅིང་། །བདག་ཀྱང་བརྩེ་བས་རྗེས་བཟུང་གསོལ། །ཞུ་མཆིད་གུས་པའི་མཚར་སྡུག་ཅན། །འཆི་མེད་པུཎྜ་རཱི་ཀ་ནི། །དད་གསུམ་ཐལ་མོའི་བསྟི་བསྟང་གིས། །ཞབས་སེན་ཆུ་གཏེར་མཆོད་ཕྱིར་གཏོར། །ལྕང་སྐྱ་ཐམས་ཅད་མཁྱེན་པ་ལྟ་བུ་མ་ཧཱ་ཙི་ནར་བཞུགས་པའི་དགེ་ལྡན་པའི་བསྟན་འཛིན་ཆེ་གྲས་ཞིག་ལ་འབུལ་ན། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ཆུ་ཡི་གཏེར། །སྐྱེ་དགུའི་བསོད་ནམས་མན་རས་བསྲུབས་པས། །བསྔགས་འོས་མཚར་སྡུག་རྫོགས་པའི་དཀྱིལ་འཁོར་ཅན། །རྣམ་འདྲེན་ཟླ་བ་གསར་པའི་ཉེ་དྲུང་དུ། ༡ །གཉེན་ལྕགས་ཐལ་མོའི་བནྡྷ་ཛཱི་བ་ཀ །ནོར་འཛིན་ཕང་པར་དུད་པའི་བསྟི་སྟངས་བཅས། །ཞུ་མཆིད་རྐང་པ་དྲུག་པའི་མགྲིན་གླུ་ཡང་། །ཡེ་ཤེས་གཟིགས་པའི་འབབས་སྟེགས་མཛེས་ཕྱིར་ལེན། ༢ །གང་ན་འཇམ་མགོན་ངུར་སྨྲིག་ཟློས་གར་ཅན། །བློ་བཟང་རྒྱལ་བ་གཉིས་པའི་རིང་ལུགས་ཀྱི། །འཇུག་པ་ཤར་ཕྱོགས་རྒྱ་མཚོའི་ཕ་མཐའ་ཚུན། །གསལ་མཛད་ཟླ་བྲལ་ཉི་མ་གཞོན་ནུ་གང་། ༣ །སྲིད་འདིའི་ཆེ་དགུའི་རལ་ཁུར་ཤར་རིའི་ཕྲག །ཞབས་སེན་འཆར་ཀའི་རྡུལ་ཕྲེང་བཏབ་བཞིན་དུ། །ཕུན་ཚོགས་དགེ་ལེགས་བྱེ་བའི་འོད་སྣང་གིས། །བསྟན་འགྲོར་ཕན་བདེའི་དགའ་སྟོན་མཐའ་ཀླས་བྱིན། ༤ །དེ་ཚེ་ཐོབ་དཀའི་གཏམ་གྱིས་ཡང་ཡང་དུ། །དད་སྤྲོའི་ཤིས་


JKT018_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྒྲུབས་པའི་གུས་འབངས་ཀྱང་། །སྐྱབས་གསུམ་བཀའ་དྲིན་བདུད་རྩི་བཏུང་བ་ལས། །ལང་ཚོའི་འདུ་བྱེད་ཉམས་པར་མ་གྱུར་ཙམ། ༥ །སླད་མའི་ཆར་ཡང་གཞལ་དཀའི་ཡོན་ཏན་གྱིས། །མངོན་པར་བསྐྲུན་པའི་མཚན་དཔེའི་དཀྱིལ་འཁོར་ནི། །འཚོ་གཞེས་ཆོ་ག་མི་ལྷོད་བསྐྲུན་པ་ཡིས། །ཡིད་སྲུབས་སྡེར་བཅས་མྱ་ངན་སྦྱིན་པ་དང་། ༦ །འདིར་ཡང་བརྩེ་བའི་བརླན་གྱིས་དྲངས་པ་ཡིས། །ཐུགས་རྗེའི་དཔག་བསམ་སར་པའི་གྲིབ་མ་རུ། །རྣམ་པ་ཀུན་ཏུ་དབུགས་འབྱིན་མཛད་དང་བཅས། །བསླབ་འོས་བཀའ་མཆིད་སྤྱི་བོར་བརྒྱན་པ་ཞུ། ༧ །རཡིག་གཉིས་པ་སྦྲང་རྩིས་མངོན་གཏམ་པའི། །སྐྱེད་མོའི་ཚལ་དུ་འཇུག་པས་མཚོན་མིན་པའི། །སྙན་ངག་རྒྱུད་མངས་བརྡུངས་པའི་ལང་ཚོ་མ། །རྟེན་གྱི་དོ་ཤལ་གཡོ་བཞིན་རིངས་པར་དེངས། ༨ །ཡང་ན། སྲིད་ཞིའི་ཆོས་ཀུན་སྙན་པའི་རོལ་མོ་རུ། །འཁྲོལ་ཀྱང་བསྔགས་པའི་ཕ་མཐའ་གཞལ་དཀའ་ཕྱིར། །གྲགས་པ་དོན་ལྡན་ཐམས་ཅད་མཁྱེན་པ་ཡི། །ཞབས་སེན་ནོར་བུའི་རྐང་སྟེགས་བཀྲ་བའི་དྲུང་། །གུས་གུས་ཡིད་ཀྱི་རྩེ་དགའི་འཁྲི་ཤིང་མས། །གསལ་གསལ་ཚིག་གི་སོར་མོས་བསྣུན་པ་ལས། །སྙན་སྙན་ཞུ་མཆིད་མྱ་ངན་མེད་པའི་དཔལ། །མཛེས་མཛེས་དགོད་པའི་ཚུལ་འདི་སུ་ཡིས་བཟློག །བསྐལ་མང་ཐུགས་བསྐྱེད་སྣ་ཚོགས་ལས་པ་ཡིས། །བརྡལ་བའི་མཚན་


JKT018_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་པདྨའི་རྩ་ལག་ནི། །ཤར་ཕྱོགས་སྐྱེ་དགུའི་རི་དབང་གིས་བསྟེན་བཞིན། །འཚོ་གཞེས་འོད་ཟེར་སྟོང་ཕྲག་དཔལ་དུ་འབར། །དེ་ཚེ་དད་སྤྲོའི་དགའ་བ་རྒྱས་པ་ཡི། །ངང་ཚུལ་འཆང་བའི་སྐྱབས་འོག་ངོས་ཅག་ཀྱང་། །གང་གི་ཐུགས་རྗེའི་སྤྲིན་པར་མིག་གཏོད་པས། །དལ་རྟེན་མེ་ཏོག་རྙིང་པར་མ་གྱུར་ཙམ། །སླར་ཡང་རྒྱལ་བ་གཉིས་པའི་ཕྲིན་ལས་ཀྱི། །བཤད་སྒྲུབ་འཛམ་གླིང་ཐ་གྲུར་ཡོངས་ཁྱབ་ཕྱིར། །འཚོ་གཞེས་དགེ་མཚན་ནུབ་པ་མེད་པ་དང་། །བདག་ཀྱང་ཡེ་ཤེས་གཟིགས་པས་རྟག་པར་སྲུངས། །དེ་སྐད་ཞུ་མཆིད་ཡུལ་འཁོར་འཛིན་པ་ནི། །རྟེན་གྱི་འདབ་ཟུང་རྣམ་པར་གཡོབ་བཞིན་དུ། །བརྗོད་པ་སྙན་པའི་ཅ་ཅོ་སྒྲོག་དང་བཅས། །མ་ཧཱ་བྷོ་ཊའི་སྨན་ལྗོངས་མཆོག་ནས་ཆས། །ཡང་ན། གང་ཞིག་བསྐལ་པ་རྒྱ་མཚོ་ནས། །རབ་ཏུ་ཞི་བའི་ས་བརྙེས་ཀྱང་། །སྙིང་རྗེའི་རོལ་མོ་སྲིད་གསུམ་དུ། །མངོན་པར་མཐོ་བའི་ཞབས་པདྨོར། །མི་ཕྱེད་གུས་པའི་ཡིད་ཀྱི་ངོས། །རི་མོ་བྲིས་པའི་བརྗོད་པ་ནི། །སླར་ཡང་མིང་ཚིག་ཡི་གེའི་གཟུགས། །རྐང་པར་བཅད་པའི་མཆིད་འདི་ཕུལ། །རྒྱལ་བ་ཀུན་གྱི་ཕྲིན་ལས་ཁུར། །འདེགས་པས་རྒྱལ་བ་གཉིས་པ་ཡི། །རིང་ལུགས་སྲིད་མཐར་སྒྲོག་མཁས་དང་། །འཚོ་གཞེས་དགེ་མཚན་བརྟན་ལགས་སམ། །འདི་ན་ཀུན་ཏུ་རྨོངས་པ་ཡི། །རྫབ་ཀྱིས་བཟུང་བའི་འདམ་སྐྱེས་


JKT018_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ཁྱོད་ཞབས་བཀའ་དྲིན་དཔྱིད་དཔལ་གྱིས། །འཚོ་བའི་མྱུ་གུ་མ་ཉམས་བདོ། །སླད་ནས་གསང་གསུམ་ནོར་གྱི་བུ། །འཁོར་ལོས་སྒྱུར་བ་ཆེན་པོ་ཡི། །ཐོར་ཚུགས་གདེངས་ཀར་རྟག་བརྟན་བཞིན། །འདིར་ཡང་བྱིན་བརླབས་སྣང་བ་སྩོལ། །དེ་སྐད་ཞུ་མཆིད་ཀོ་ཀི་ལཱ། །བརྗོད་པ་སྙན་པའི་མགྲིན་གླུར་བཅས། །རྟེན་གྱི་གཤོག་ཟུང་མྱུར་བསྐྱོད་དེ། །བོད་ཆེན་པདྨའི་ཚལ་ནས་དེངས། །ཆབ་མདོ་འཕགས་ལྷཔ་ལྷའི་ཞབས་པད་དུ་འབུལ་ན། །སྙིང་རྗེའི་སྤྱན་རས་མི་འཛུམ་གཟིགས་པ་ཡིས། །མཐའ་ཀླས་སྐྱེ་དགུའི་གདུང་བ་སེལ་མཛད་གང་། །ངུར་སྨྲིག་གར་དུ་རོལ་པའི་རྣམ་འདྲེན་ཆེའི། །ཞབས་སྟེགས་ནོར་བུའི་བ་གམ་བརྩེགས་པའི་དྲུང་། །རིང་ནས་འགྲོགས་པའི་རྨོངས་ཆེན་དང་མཛའ་བས། །བརྗོད་པ་སྙན་པའི་སྦྱོར་བས་རེག་མིན་ཀྱང་། །མི་ཕྱེད་དད་གསུམ་དགའ་བས་མྱོས་པ་དེས། །མགྲིན་པ་མཐོན་པོར་བཏེག་ནས་མཆིད་འདི་གསོལ། །ཚོགས་ཟུང་བརྒྱ་བྱིན་མཛུབ་རྩེས་བྲིས་པ་ཡི། །མཚན་དཔེའི་རི་དྭགས་གཞོན་ནུའི་མཚར་སྡུག་ཅན། །འཚོ་གཞེས་བརྟན་པའི་ཕན་བདེའི་ག་བུར་རྡུལ། གངས་ཅན་བསྟན་འགྲོའི་མཁའ་ལ་མངོན་པར་མཛེས། །ཁྱད་པར་འཇམ་དཔལ་སྙིང་པོའི་རིང་ལུགས་ཀྱི། །བཤད་སྒྲུབ་ལམ་གསུམ་འགྲོ་བའི་དག་བྱེད་རྒྱུན། །འབེབས་མཁས་སྐལ་ལྡན་ཤིང་རྟ་ཁྱོད་ཉིད་ཀྱིས། །རྨད་བྱུང་གྲགས་པའི་


JKT018_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེས་ཕྱོགས་མཐར་ཁྱབ། །དེ་སླད་ཐོབ་དཀའི་གཏམ་གྱིས་ཡིད་འཕྲོག་པའི། །སྐྱབས་འོག་འདམ་བུའི་དགའ་ཚལ་སར་པ་ཡང་། །གང་གི་ཐུགས་རྗེའི་ར་བས་བསྲུངས་པ་ལས། །ཉེ་ཞོའི་གཉིས་འཐུང་མྱོས་པའི་གཡུལ་ལས་རིང་། །སླད་མའི་ཆར་ཡང་རིས་མེད་བསྟན་དང་འགྲོར། །སྨན་མཛད་བདུད་རྩི་འབེབས་པའི་གདེངས་ཅན་དབང་། །རྣམ་མང་ཆོས་ཀྱི་འབྱོར་པས་མངོན་མཐོ་བས། །ཞབས་པད་བསྐལ་པ་རྒྱ་མཚོར་གཡོ་མེད་ཅིང་། །ཇི་ལྟར་ཉི་གཞོན་འོད་ཀྱིས་ཆུ་སྐྱེས་དང་། །ལྷོ་ཕྱོགས་རླུང་གིས་རེག་པའི་སིམ་པ་ལྟར། །ཁྱོད་ཀྱི་ཡེ་ཤེས་གཟིགས་པས་བཟུང་བདག་ཀྱང་། །ཕན་བདེའི་སྣང་བ་རྒྱས་པའི་བཀའ་དྲིན་སྩོལ། །དེ་སྐད་འཕྲིན་ཤོད་མཁས་པའི་བྱ་མ་རྟ། །རྟེན་དངོས་དོ་ཤལ་རིང་པོར་གཡོ་དང་བཅས། །ཞབས་རྡུལ་ཐོར་ཚུགས་རྩེ་མོར་མངོན་མཆོད་སླད། །རབ་གུས་གོམ་པའི་འདེགས་འཇོག་བསྒྱུར་གྱིན་སོང་། །ཞེས་པ་ལྟ་བུ་དང་། །ཆབ་མདོ་ཞི་བ་ལྷར། རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་དཔལ་དབྱངས། །སྒྱུ་འཕྲུལ་དྲྭ་བའི་ཟློས་གར་ལ་རྩེན་པར། །ཆེ་དགུའི་རལ་པའི་ཁུར་གྱིས་སྤ་པ་ཡིས། །ཞབས་སྟེགས་ནོར་བུའི་མེ་ལོང་ཕྱིས་པའི་དྲུང་། །མཆིད་དུ་གསོལ་ལོ་སྦྲང་རྩིའི་སྐྱེད་ཚལ་ནས། །ཁུ་བྱུག་གཞོན་ནུ་རྒྱགས་པའི་མགྲིན་གླུ་ཡིས། །མཚོན་མིན་བྱིན་རླབས་དགེ་མཚན་འགུགས་བྱེད་པའི། །


JKT018_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གུས་གཏམ་གྱི་རོལ་མོ་འདི་ལྟར་འཁྲོལ། །བསོད་ནམས་དཔག་ཡས་ཤེས་རབ་དྲི་མེད་དང་། །སྙིང་རྗེའི་རླབས་ཕྲེང་འགྱེད་ལ་མི་ངལ་བའི། །ཟླ་བའི་མ་མར་བརྟེན་པའི་ལྷག་མ་ཅན། །ཁྱོད་ཀྱི་བསྔགས་འོས་བརྗོད་པའི་ཡུལ་ལས་བརྒལ། །ཁྱད་པར་བློ་བཟང་རྒྱལ་བ་གཉིས་པ་ཡི། །བསྟན་མཆོག་ཐུར་མ་བརྒྱ་པའི་འཇོ་སྒེག་ཅན། །མཁྱེན་དཔྱོད་དཔུང་པས་བཟུང་དང་ཆབ་གཅིག་པར། །འཚོ་གཞེས་བརྟན་པའི་གཏམ་གྱིས་ཀུན་དགར་བྱས། །འདི་ན་གང་གི་ཐུགས་བརྩེའི་བརླན་ཆགས་པས། །ལང་ཚོའི་འདུ་བྱེད་དགེ་བའི་རྐང་འཐུང་ཡང་། །དད་གསུམ་འཁྲི་ཤིང་རྒྱས་པའི་ཕངས་པ་ནས། །ལེགས་བྱས་མེ་ཏོག་དགོད་ལ་གཅིག་ཏུ་འདུན། །སླད་ཆར་ལྷར་བཅས་ཀུན་གྱིས་བསྔགས་པའི་སྒྲས། །ཉེ་བར་བརླིང་པའི་ཆོས་ཀྱི་རྒྱལ་ས་རུ། །གཡོ་མེད་སྙིང་རྗེའི་སྤྱན་གྱིས་རིང་གཟིགས་ནས། །བསྐལ་པ་རྒྱ་མཚོའི་སྲིད་དུ་བརྟན་བཞུགས་ཤིང་། །འདིར་ཡང་གཏན་དུ་བདེ་བའི་ཕུན་ཚོགས་ཀྱི། །ཤིས་དགུའི་དངོས་ཀུན་འདྲེན་པའི་བཀའ་མཆིད་ཀྱང་། །མེས་པོའི་རལ་པའི་ཀླུང་བཞིན་འབེབས་པ་ཡིས། །ཉེས་པར་སྤྱོད་པའི་ཚ་གདུང་འཕྲོག་མཛད་གསོལ། །སྙན་ཚིག་མགྲིན་པའི་རྒྱུད་མངས་བརྡུངས་མཁས་པའི། །ཞུ་མཆིད་རཡིག་གཉིས་པའི་གར་མཁན་མ། །གཟིགས་རྟེན་གཤོག་རླབས་ཕྲ་མོ་གཡོ་དང་བཅས། །དགེ་ལེགས་ཤིས་


JKT018_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱས་པའི་ཚེས་ལ་དེངས། །ཞེས་པ་ལྟ་བུ་སྐབས་སུ་འོས་པ་སྦྱར་ཞིང་། གཞན་ཡང་དེ་མོ་ཧུ་ཐོག་ཐུ། རྟ་ཚག་རྗེ་དྲུང་། །ཚེ་ཆོག་གླིང་ཡོངས་འཛིན་རིན་པོ་ཆེ། །རྭ་སྒྲེང་རྡོ་རྗེ་འཆང་། རི་བོ་ཆེ། བྲག་ཡབ་ནོ་མི་ཧན། བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་དགའ་ལྡན་ཤར་བྱང་སོགས་བྷོ་ཊའི་ལྗོངས་སུ་གྲགས་པ་རྣམས་དང་། ཙི་ན་དང་། མོ་གོལ་སོགས་སུ་ཆོས་དང་སྲིད་ཀྱི་མངོན་པར་མཐོ་བའི་རི་བོ་དགེ་ལྡན་པའི་བསྟན་འཛིན་ཆེ་ཕྲ་མཐའ་ཀླས་པའི་ཕྱིར་ཐམས་ཅད་ལ་སོ་སོར་དཔེར་བརྗོད་ན་ཧ་ཅང་ཡི་གེའི་ལས་སུ་ཆེ་བས་ན། སྔར་སྨོས་པ་རྣམས་སྐབས་སུ་གང་བབས་ལ་ཉེ་བར་འོས་པའི་འབྱིན་འཇུག་ཅུང་ཟད་དང་། །ཏེ་སོར་བར་བྱ་བ་ལས་འདིར་རེ་ཞིག་དེ་ཙམ་མོ། །རྒྱལ་དབང་ཀརྨ་པའི་ཞབས་པད་དུ་འབུལ་ན། མ་ལུས་རྒྱལ་བའི་ཡེ་ཤེས་སྒྱུ་འཕྲུལ་མཆོག །འཇིག་རྟེན་དབང་ཕྱུག་གྲགས་པའི་ཐུགས་རྗེའི་བྱིན། །འགྲོ་ཁམས་རྒྱ་མཚོར་ལྷག་པར་ཆགས་གྱུར་པའི། །ཞབས་སེན་སྲིད་ཞིའི་རལ་རྩེས་བཏུད་དེའི་དྲུང་། །བསམ་གྱིས་མི་ཁྱབ་རྨད་བྱུང་ཡོན་ཏན་འོད། །འདི་ན་གཟུགས་ཅན་བཞིན་དུ་རྒྱུ་བ་ཡིས། །དད་གསུམ་ཡིད་ཀྱི་དཔྱིད་དཔལ་དྭངས་པ་ལས། །ཞུ་གསོལ་པུཎྜ་རཱི་ཀའི་ཕྲེང་བ་བསྟར། །བྲལ་སྨིན་ཆུ་གཏེར་གཡོ་བའི་རྣ་ལུང་དུ། །མཚན་བཟང་སྐུ་ཕྲེང་དཀར་པོའི་དོ་ཤལ་གྱིས། །བྱང་ཕྱོགས་རི་བོའི་ཁོངས་འདིར་


JKT018_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་དབྱིག །མཐའ་དག་སྦྱིན་པའི་གཏམ་གྱིས་ཀུན་དགར་བྱས། །དེ་སླད་རྡུལ་བྲལ་དག་པའི་ཡེ་ཤེས་ནི། །སྣ་ཚོགས་བདེ་བ་ཆེན་པོའི་རོལ་པ་ཅན། །གསང་གསུམ་རྡོ་རྗེའི་དབྱིག་ཏུ་འཚོ་གཞེས་པའི། །བཀའ་དྲིན་ཁོ་ནར་བསམ་གྱིན་ངལ་འཚོ་ཐོབ། །ཕ་མཐའ་བྲལ་བའི་སྲིད་པའི་ནགས་ཀླུང་དུ། །རྣམ་པར་འཁྱམས་པའི་གུས་འབངས་ཐ་ཤལ་ཀྱང་། །གང་གི་ཐུགས་རྗེ་ཆེན་པོ་ལ་བརྟེན་ནས། །ཉེ་ཞོས་དབེན་བཞིན་དད་གསུམ་ལང་ཚོ་རྒྱས། །སླར་ཡང་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ། །སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་ཨུཏྤལ། །གཞར་ཡང་ཉམས་པ་མེད་པའི་བྱེད་པོ་མཆོག །སྣང་བའི་མུ་ཁྱུད་གསར་པ་ཇི་བཞིན་དུ། །གངས་ཅན་རི་བོའི་མཁའ་ལ་ཡོལ་མེད་ཅིང་། །ཕུལ་བྱུང་ཐུགས་རྗེའི་འཇུག་པའི་ཟེར་ཕྲེང་གིས། །བདག་ཀྱང་རྟག་པར་རྗེས་སུ་བཟུང་བ་ཡི། །བཀའ་དྲིན་དམ་པ་ཅིར་ཡང་རྩོལ་ཅེས་སྨྲེང་། །ཞུ་མཆིད་གུས་སྤྲོའི་སྦྲང་རྩིས་གསོས་པ་ཡི། །གསོལ་འདེབས་ཅ་ཅོ་སྒྲོགས་པའི་ཀོ་ཀི་ལ། །གང་ཞབས་དབྱར་གྱི་ཕུན་ཚོགས་ལ་ཆགས་ཏེ། །རྟེན་དངོས་གཤོག་རླབས་གཡོ་བཞིན་རིངས་པར་སོང་། ཡང་ན། །མི་ཕྱེད་གྲུབ་པ་མཆོག་གི་ཐིག་ལེ་ནི། །ཟུང་འཇུག་སྙིང་རྗེའི་གར་དུ་རྗེས་བརྩེ་བས། །འཇིག་རྟེན་གསུམ་གྱི་མགོན་པོར་ལེགས་སྣང་བའི། །ཞབས་སེན་ཕྱོགས་ལས་རྣམ་པར་རྒྱལ་བའི་དྲུང་། །མོས་གུས་ཟླ་བའི་ཐག་


JKT018_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངོམས་པ་ཡིས། །དད་གསུམ་ཆུར་སྒྲོག་གསར་པ་གཡོ་བའི་མོད། །ཞུ་མཆེད་མུ་ཏིག་ཟེ་འབྲུ་དགོད་པ་ཡིས། །ཞབས་སེན་རི་མོར་བགྱི་པའི་བརྟུལ་ཞུགས་བླངས། །གང་གི་རྨད་བྱུང་མཁྱེན་བརྩེའི་ཉག་ཕྲན་གྱིས། །སྙིགས་སྤྱོད་འབོད་སྒྲོགས་མགོ་བོ་བྲེག་སྟེ་སླར། །ཕན་བདེའི་སི་ཏཱ་རྩེ་དགར་རོལ་པ་ཡིས། །ལྷར་བཅས་ཀུན་ཏུ་དགའ་བའི་ལྟད་མོར་ཡེངས། །འདི་ན་གཟུང་འཛིན་འཁྲུལ་པའི་ཆུ་གཏེར་དུ། །སྡུག་བསྔལ་གསུམ་གྱི་འཛིན་ཁྲིའི་དམ་བཞག་ཀྱང་། །ཁྱོད་ཀྱི་ཐུགས་རྗེའི་རིན་ཆེན་གྲུ་བོ་ལ། །བརྟེན་པས་ཉེ་ཞོ་སྐབས་ཙམ་བྲལ་བཞིན་མཆིས། །སླད་ཆར་སྲིད་དང་ཞི་བའི་དོ་ཀེར་རྩེར། །འཆི་མེད་རྡོ་རྗེའི་བཅུད་ལེན་གྲུབ་པའི་དཔྱིད། །རྟག་པར་ཞིང་ཁམས་འདི་ལས་ཡོལ་མེད་ཅིང་། །བདག་ཀྱང་ཡེ་ཤེས་གཟིགས་པས་བཙའ་བར་གསོལ། །ཞུ་མཆིད་མལླི་ཀ་ཡི་ཟློས་གར་ནི། །གཟིགས་རྟེན་གནག་མིན་འདབས་གཤོག་གཡོ་དང་བཅས། །དད་སྤྲོའི་དགའ་བ་རྒྱས་པའི་ཆུ་ཀླུང་ནས། །གང་ཞབས་པདྨའི་ཚལ་དུ་རེངས་པར་དེངས། ཡང་ན། །རྣམ་པ་ཀུན་གྱི་མཆོག་ལྡན་ཡེ་ཤེས་ནི། །རྣམ་མང་གྲུབ་རིགས་རྒྱ་མཚོའི་ཁྱུ་མཆོག་ཏུ། །རྣམ་པར་རོལ་པའི་ཞབས་སེན་ནོར་བུའི་རྡུལ། །རྣམ་འདྲེན་ཀུན་གྱི་གཙུག་ན་མཐོ་དེའི་དྲུང་། །གསལ་གསལ་གྲགས་པའི་ཡི་གེའི་ཕྲེང་བ་ནི། །ཡང་ཡང་ལེགས་བྱས་སྤྱི་བོར་


JKT018_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་པ་ལས། །དྭངས་དྭངས་དད་སྤྲོའི་འཛུམ་དཀར་སྟོན་དང་བཅས། །གུས་གུས་ཞུ་གསོལ་འབུལ་ལ་མངོན་པར་ཕྱོགས། །རྒྱལ་བ་སྲས་བཅས་སྤངས་རྟོགས་རྡུལ་དམར་ཀུན། །བཏུང་བས་མྱོས་པའི་མཚན་བཟང་མཚམས་སྤྲིན་གསར། །སྲིད་ཞིའི་བླ་ན་ཡོལ་མེད་མཛེས་པ་ཡིས། །མི་ཕྱེད་ཀུན་དགའི་སྣང་བ་ཅིར་ཡང་བྱིན། །འདི་ན་དམན་པའི་སར་གནས་བན་དྷུའི་ཤིང་། །རིགས་གཟུགས་ཡོན་ཏན་འབྲས་བུས་རྣམ་སྤངས་ཀྱང་། །གང་ཞབས་བཀའ་དྲིན་དབྱར་ཀས་གསོས་པ་ལས། །དད་གསུམ་མེ་ཏོག་འཛུམ་བཞིན་ངལ་འཚོ་ཐོབ། །འབྱུང་འགྱུར་དུས་ཀྱང་ཡོངས་རྫོགས་བསྟན་དང་འགྲོར། །ཕན་བདེའི་དགའ་སྟོན་སར་པ་སྦྱིན་སླད་དུ། །གསང་གསུམ་བསྐལ་བ་རྒྱ་མཚོར་བརྟན་ཆགས་བཞིན། །སྐྱབས་འོག་བདག་ཀྱང་རྗེས་སུ་བརྩེ་བས་སྐྱོངས། །དད་གུས་སྦྲང་རྩིའི་ཐིག་པས་མྱོས་པ་ཡིས། །ཞུ་གསོལ་མགྲིན་པར་ཆགས་པའི་བླ་མ་རཿ །རྟེན་དངོས་གཤོག་རླབས་ཕྲ་མོ་གཡོ་དང་བཅས། །རབ་དྭངས་ཟློས་གར་ངོམ་བཞིན་རིངས་པར་སོང་། ཡང་ན། །དཔལ་ལྡན་ཆོས་དབྱིངས་བདེ་བ་ཆེན་པོའི་གར། །འཇིག་རྟེན་དབང་ཕྱུག་སྣང་ཆར་བསྟན་པ་ལས། །དེང་འདིར་གངས་ཅན་བསྟན་འགྲོའི་གདུང་སེལ་སྨན། །མཚུངས་མེད་རྒྱལ་བ་མཆོག་གི་ཞབས་པད་མོར། །དད་གསུམ་དྲི་གཞོན་དལ་བུར་གཡོ་བ་ཡིས། །དྭང་པའི་ཡིད་ཀྱི་སྤྲིན་སྔོན་


JKT018_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུབས་པ་ལས། །ཞུ་མཆེད་བདུད་རྩིའི་གྲུབ་ཆར་འབེབས་པ་ཡང་། །རྗེས་བརྩེའི་མེ་ཏོག་འཛུམ་པའི་བྱེད་པོ་ལགས། །གང་ཚེ་དྲུག་པ་སེར་གེའི་སྐྱེས་རབས་ཀྱི། །ཉེ་བར་སྒེག་པའི་གསང་གསུམ་ཆུ་སྐྱེས་གསར། །ཚུར་མཐོང་གདུལ་བྱའི་དཔྱིད་དུ་ཤར་ཙམ་གྱིས། །དོན་གཉིས་བསུང་ཞིམ་ཅི་དགར་འཐུལ་དེ་རྨད། འདི་ན་ཟིན་མེད་འཕྲུལ་པའི་གློག་ཕྲེང་ལ། །སྲེད་པས་བལྟ་བའི་གུས་འབངས་མདོངས་མཐའ་ཡང་། །མགོན་པོ་ཁྱོད་ཀྱི་ཐུགས་རྗེའི་ཆུས་བརླན་པས། །སྙིང་ལ་རབ་དགའི་ལང་ཚོ་ཅིར་ཡང་བརྟས། །སླར་ཡང་འཆི་མེད་རྟག་པའི་ཕྱག་རྒྱ་ལ། །མི་ཤིགས་སྒྱུ་མའི་རོལ་མོས་ཉེར་འཁྱུད་པས། །༣༡ མཚན་བཟང་བསྐལ་པའི་བར་དུ་འཚོ་གཞེས་ཤིང་། །བདག་སོགས་ཀུན་ཀྱང་ཀུན་ནས་རྗེས་བཟུང་གསོལ། །དད་གསུམ་ཡར་ངོའི་རྩེ་དགའ་ལ་ཆགས་པའི། །ཞུ་མཆིད་ཟླ་ཤེལ་གསར་པའི་ལྕགས་མ་ནི། །རྟེན་དངོས་སིམ་འོད་དཀར་པོ་སྤྲོ་དང་བཅས། །གང་ཞབས་འཆི་མེད་ལམ་དུ་རིངས་པར་ཆས། །ཡང་ན། །མིག་མི་འཛུམ་པའི་སྙིང་རྗེའི་མེ་ཏོག་ནི། །རིག་གྲོལ་ངུར་སྨིག་ལང་ཚོ་ལ་ཆགས་པས། །སྲིད་དང་ཞི་བའི་འཇིགས་པ་འཕྲོག་མཛད་པའི། །དཔལ་ལྡན་ཀརྨ་ཀ་ཡི་ཞབས་པདྨོར། །རྡུལ་བྲལ་རྟག་པ་དམ་པའི་ཆུ་གཏེར་ལས། །གཞན་ཕན་གསང་གསུམ་སྤྲིན་གྱི་ཕོན་པོ་གསར། །དད་གུས་ཡིད་མཁར་ཤར་


JKT018_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དེ་མ་ཐག །ཞུ་མཆིད་རྨ་བྱ་དགའ་བའི་ཟློས་གར་རྩེན། །རིན་ཐང་བྲལ་བའི་ལེགས་བྱས་ཚོང་ཟོང་གིས། །མངོན་པར་ཐོབ་པའི་ཁྱོད་མཚན་ནོར་བུའི་ཕྲེང་། །ལན་གཅིག་རྣ་ལུང་དཔྱངས་པའི་དགེ་མཚན་གྱིས། །གཏན་བདེའི་འདོད་དགུ་རྫོགས་པ་འདི་ཅི་ཞིག །སྣ་ཚོགས་ལས་ཀྱི་སྨིག་རྒྱུ་གཡོ་བ་ཡིས། །རང་རྒྱུད་སོས་ཀའི་འཛིན་མར་ཉེར་འཁྱུད་ཀྱང་། །གང་གི་བཀའ་དྲིན་དཔྱིད་ཀྱིས་བསུས་པ་ལས། །འཚོ་བའི་མྱུ་གུ་གསར་པ་མ་ཉམས་བདོ། །འབྱུང་གྱུར་དུས་ཀྱང་གྲུབ་པའི་མིག་སྨན་གྱིས། །རྣམ་པར་སྦྱངས་པའི་ཡེ་ཤེས་སྤྱན་རས་ཀྱི། །གཟིགས་པ་ཞིང་ཁམས་འདི་ལས་ཡོལ་མེད་པར། །བདག་ཀྱང་ཐུགས་རྗེའི་ཕྱག་གིས་དམ་དུ་ཟུངས། །དེ་སྐད་ཞུ་མཆིད་བན་དྷུ་ཛཱི་བ་ཀ །རྟེན་གྱི་ཚོན་རིས་གཞོན་ནུ་དང་འགྲོགས་ཏེ། །དད་གསུམ་དབྱར་གྱི་དགའ་མས་ཉེར་རྩེན་པའི། །གུས་སྤྲོའི་གྲུ་ཆར་གཡོ་བཞིན་རིངས་པར་སོང་། ཡང་ན། །གྲུབ་རིགས་བྱེ་བའི་གཙུག་ཏོར་རྩེར། །ཁྱོད་ཞབས་དམར་བའི་ལང་ཚོའི་དཔྱིད། །བཀོད་པའི་ངོ་མཚར་གཏམ་གྱི་དབྱངས། །ཕྱོགས་བཅུར་སྒྲོགས་དེའི་ཉེ་དྲུང་དུ། །དད་སྤྲོའི་ཡིད་ཀྱིས་བསྐུལ་བ་ལས། །ཐལ་མོ་སྤྱི་བོར་ཟུམ་དང་བཅས། །མི་ཟད་ཡོན་ཏན་དྲན་པའི་མཆིད། །འདི་ལ་སྐབས་ཙམ་གསན་པར་རིགས། །ཁྲལ་སྨིན་ཆུ་འཇིངས་ལས་སྐྱེས་པའི། །མཚན་བཟང་ཨུཏྤལ་བརྟན་ཆགས་


JKT018_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །ཚད་མེད་ཐུགས་རྗེའི་བསུང་ཞིམ་གྱིས། །སྐལ་བཟང་བུང་བ་ཀུན་དགར་བྱས། །དེ་སླད་ཁྱོད་མཁྱེན་སྦྲང་རྩིའི་རྒྱུན། །ཅུང་ཟད་ཙམ་གྱིས་གསོས་བདག་ཀྱང་། །འཚོ་བའི་འདུ་བྱེད་མ་ཉམས་པར། །དད་གུས་ལང་ཚོ་རྒྱས་བཞིན་བདོག །སླད་མར་གསང་བ་གསུམ་གྱི་དངོས། །རྡོ་རྗེའི་ཆོས་བདུན་ངོ་བོ་རུ། །འཚོ་གཞེས་ཆོ་ག་བརྟན་པ་དང་། །ཕན་བདེའི་ཆར་ཆེན་དབབ་ཏུ་གསོལ། །དེ་སྐད་ཞུ་སྣ མཆིད་དྲི་མེད་ངག །སྙན་པར་སྨྲ་བའི་རོལ་མོ་དང་། །བསྲེས་པའི་མཆོད་སྤྲིན་སར་པ་གང་། །རྣམ་མཁྱེན་ཡེ་ཤེས་མཉེས་ཕྱིར་ཕུལ། །མཚུར་ཕུ་རྒྱལ་ཚབ་རིན་པོ་ཆེར་འབུལ་ན། །རྒྱལ་ཀུན་ཐུགས་ཀྱི་ཐིག་ལེ་གསང་བའི་བདག །རྨད་བྱུང་སྙིང་རྗེའི་གར་གྱིས་ས་གསུམ་དུ། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་སྒྲེང་མཛད་པའི། །ཞབས་སྟེགས་ཆུ་སྐྱེས་གཞོན་ནུ་ག་ལ་བར། །གང་གི་ཚད་མེད་ཐུགས་རྗེའི་ཟླ་སྣང་གིས། །རབ་ཏུ་བརླན་གྱུར་དད་སྤྲོ་ཚངས་པའི་བུས། །མོས་གུས་ཐལ་མོ་སྤྱི་བོར་ཟུམ་དང་བཅས། །ཞུ་གསལ་མགྲིན་པའི་གླུ་དབྱངས་ལེན་ལ་ཕྱོགས། །ཇི་ལྟར་དག་པའི་རང་བཞིན་བཻཌཱུརྱའི། །རྐང་སྟེགས་མངོན་པར་བཀྲ་བའི་ཨཱ་དརཱར། །ལེགས་བྲིས་བདག་པོའི་གཟུགས་བརྙན་སྣང་བ་བཞིན། །ཚུར་མཐོང་མོས་ངོར་ཤར་བའི་མཚན་དཔེའི་དཔལ། །འཚོ་གཞེས་བདུད་རྩིས་མ་རྙིངས་དགེ་བྱས་པའི། །


JKT018_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་དྲི་མེད་ཟླ་བས་རེག་པའི་མཚོར། །སྐལ་བཟང་ངང་མོ་འདུ་བའི་དགའ་སྟོན་གྱིས། །འདི་ན་ཡིད་ཀྱི་ངལ་འཚོ་གཅིག་ཏུ་གྱུར། །དེ་སླད་མཁྱེན་པའི་སྤྱན་རས་ཀྱིས་འཚོ་བའི། །ཀུན་རྨོངས་འདམ་དུ་བྱིང་བའི་པདྨོ་ཡང་། །གང་གི་བཀའ་དྲིན་དཔྱིད་ཀས་བསུས་པ་ལས། །ལང་ཚོའི་ཚོན་ཆགས་མ་ཉམས་དགེ་བར་མཆིས། །སླད་དུ་གྲུབ་པ་རྒྱ་མཚོའི་དཔྱིད་གྱུར་པའི། །གསང་གསུམ་པདྨ་དཀར་པོའི་ལ་ཐོད་ནི། །ངེས་གསང་བསྟན་པའི་འཁྲི་ཤིང་ལ་འཆེལ་བའི། །ངོ་མཚར་སྣང་བ་ནུབ་པ་མེད་པར་མཛོད། །དེ་སྐད་རབ་དྭངས་ཡིད་ཀྱི་རྫིང་བུ་རུ། །ལེགས་པར་གསོས་པའི་གཏམ་གྱི་ཨུཏྤ་ལ། །ཡེ་ཤེས་གཟིགས་པའི་འབབས་སྟེགས་མཛེས་བྱའི་ཕྱིར། །མོས་གུས་ཐལ་མོས་རིངས་པར་གཏོར་ལ་ཕྱོགས། །ཞེས་པ་ལྟ་བུ་དང་། །གནས་ནང་དཔའ་བོ་རིན་པོ་ཆེར། །རྡུལ་བྲལ་ཆོས་དབྱིངས་བདེ་བ་ཆེན་པོ་ལས། །སྙིང་རྗེའི་ལང་ཚོ་རྒྱས་པའི་ཟླ་ཤེལ་ནི། །གྲུབ་རིགས་བདེ་འབྱུང་རལ་རྩེར་གཟི་འབར་བའི། །གྲགས་པའི་རྔ་ཡབ་ཐ་གྲུར་སྙེགས་དེའི་དྲུང་། །དད་གསུམ་ཡིད་ཀྱི་འཛིན་མར་བརྟེན་བཅས་པའི། །ཐལ་མོའི་ཆུ་སྐྱེས་སྤྱི་བོར་ཟུམ་པ་དང་། །ལྷན་ཅིག་ཞུ་མཆིད་རྐང་པ་དྲུག་པའི་གླུ། །སྙན་པར་སྨྲ་བའི་དབྱངས་སུ་རྣམ་པར་ལེན། །གཟོད་ནས་ཞི་བའི་ནགས་སུ་ཉེར་རོལ་པའི། །གཞན་ཕན་ཤ་ཚུགས་རྒྱས་པའི་ལག་ལྡན་


JKT018_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། །རྒྱལ་བསྟན་རིན་ཆེན་ཁུར་མང་འདེགས་དང་བཅས། །ངེས་དོན་གསེར་གྱི་དྲ་བར་གདོང་པ་མཛེས། །དེ་ཚེ་འཇིག་རྟེན་དབང་ཕྱུག་རྒྱལ་བ་དང་། །དབྱེར་མེད་འཕུར་འགྲོའི་སློབ་དཔོན་མཚོ་སྐྱེས་རྗེའི། །ཆོས་ཚུལ་བདུད་རྩིའི་དགའ་སྟོན་སྦྱིན་མཁས་པས། །ཕན་བདེའི་དཔྱིད་དཔལ་དར་བའི་ཆོ་གར་བྱས། །འདི་ན་མཆོག་གསུམ་བཀའ་དྲིན་འོ་མའི་བཅུད། །བླངས་པས་ཉེར་འཚོ་ཐོབ་པའི་ཨ་མའི་ཤིང་། །ལང་ཚོའི་མེ་ཏོག་རྙིངས་པར་མ་གྱུར་བཞིན། །ལོངས་སྤྱོད་འབྲས་བཟང་དུད་ལ་གཅིག་ཏུ་རིངས། །སླད་མའི་ཆར་ཡང་སྣ་ཚོགས་སྤོས་པའི་རྒྱན། །མཁའ་ཁྱབ་མཁའ་ཡི་རྡོ་རྗེར་སིམ་གྱུར་བས། །གསང་གསུམ་རྡོ་རྗེའི་སྣང་ཆར་བརྟན་བཞིན་དུ། །འདིར་ཡང་ཐུགས་རྗེའི་འཇུག་པས་ཟུང་ཤིག་ཀྭ །དེ་སྐད་མོས་གུས་དཔྱིད་ཀྱིས་དྲངས་པ་ཡི། །ཞུ་མཆིད་པུཎྜ་རཱི་ཀའི་དོགས་པ་ནི། །རྟེན་གྱི་ལོ་འདབ་ཕྲ་མོ་གཡོ་དང་བཅས། །ཞབས་སེན་པདྨའི་རྫིང་བུར་ཡུད་ལ་གཏོར། །ཞེས་པ་ལྟ་བུའི་མཚོན་སྐབས་དང་བསྟུན་ནས་སྦྱར་རོ། །ངེས་དོན་བསྟན་པའི་ཉི་མ་འབྲི་གུང་མཆོག་སྤྲུལ་རིན་པོ་ཆེར་འབུལ་ན། །གྲངས་མེད་གོང་ནས་བྱང་ཆུབ་སྙིང་པོ་རུ། །མངོན་པར་གཤེགས་ནས་སླར་ཡང་དག་པའི་གཟུགས། །ངེས་དོན་བསྟན་པའི་ཉི་མར་ཡོངས་ཤར་བས། །ཞབས་སེན་ཕྱོགས་ལས་རྣམ་པར་རྒྱལ་བའི་དྲུང་། །ཚིག་རྒྱན་སྦྲང་


JKT018_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་གཏམས་པའི་སྐྱེད་ཚལ་ནས། །མོས་གུས་སོར་མོའི་འདུ་འགོད་ཀྱིས་བཏུས་པའི། །ཞུ་མཆིད་མེ་ཏོག་སར་བའི་མཆོད་སྤྲིན་གྱིས། །ཆོས་དབྱིངས་གཟིགས་པའི་གཡར་ལམ་མཛེས་ལ་ཕྱོགས། །གཟོད་མ་ཉིད་ན་བླ་མེད་བདུད་རྩིའི་རྒྱུན། །ཐུགས་ཀྱི་ཐིག་ལེར་མངོན་སུམ་བརྙེས་གྱུར་ཀྱང་། །ཡང་སྲིད་གྲུབ་པའི་རྣམ་ཐར་ཁོ་ན་ཡི། །མཚན་གྱི་ཡི་གེ་རི་བོའི་ཁོངས་སུ་བརྗིད། །གསར་རྙིང་ཆོས་ཚུལ་རྩིབ་མ་བརྒྱ་པའི་གདུགས། །མཁྱེན་དཔྱོད་དཔུང་པས་འཆེལ་བའི་རྒྱལ་ཐབས་ལ། །ལྷར་བཅས་བསྔགས་པའི་རོལ་མོས་དབང་བསྐུར་བཞིན། །འཚོ་གཞེས་བརྟན་པའི་གཏམ་གྱིས་ཡིད་རབ་དྭངས། །འདི་ན་མཆོག་གསུམ་ཐུགས་རྗེའི་རྫིང་བུ་ལ། །མི་ཕྱེད་དད་པས་འཚོལ་བའི་པངྐ་ཛ༔ །ལང་ཚོའི་ཚོན་ཆགས་ཉམས་པར་མ་གྱུར་བཞིན། །ལེགས་སྤྱོད་མཚར་སྡུག་སྒྲུབ་ལ་གཅིག་ཏུ་འདུན། །སླད་ནས་སྲས་བཅས་རྒྱལ་བའི་དགོངས་པའི་དབྱིངས། །གཅིག་ཀྱང་དུ་མར་ཤར་བའི་རྣམ་རོལ་ཅན། །བསིལ་ལྡན་གྲུབ་པའི་ཉེར་འཚོར་གྱུར་པ་གང་། །བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་པ་དང་། །འདིར་ཡང་ཟླ་བའི་འོད་དང་ཀཀྐུར་དྲི། །ལྷོ་ཕྱོགས་རླུང་གིས་རེག་པ་ཇི་བཞིན་དུ། །ཐུགས་རྗེ་བསིལ་བའི་ཞགས་པས་མི་བསྐྱུད པར། །འཕྲལ་ཡུན་ལེགས་པའི་ངལ་བསོ་སྦྱིན་མཛད་གསོལ། །དད་གསུམ་རིག་འཛིན་དགའ་བའི་ནགས་ཀླུངས་


JKT018_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཞུ་མཆིད་རྒྱུད་མངས་འཁྲོལ་བའི་གཞན་གསོས་མས། །རྟེན་གྱི་གཤོགས་ཟུང་རྣམ་པར་གཡོབས་བཞིན་དུ། །ཀུན་ཏུ་ཤིས་པའི་ཚེས་ལ་དགེ་བར་དེངས། །ཞེས་པ་ལྟ་བུ་དང་། །སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་འབྲུག་པ་རིན་པོ་ཆེའི་ཞབས་པད་དུ་འབུལ་ན། དཔལ་ལྡན་ཆོས་དབྱིངས་རྟག་པ་དམ་པའི་གཟུགས། །སྣ་ཚོགས་སྤྲུལ་པའི་གར་དུ་ཟློས་པ་ལས། །དེང་འདིར་ངེས་གསང་བསྟན་པའི་གཙུག་རྒྱན་མཆོག །ཞབས་སྟེགས་ཆེ་དགུའི་རལ་པར་སྦ་དེའི་དྲུང་། །སོར་མོའི་མེ་ཏོག་སྒེག་པའི་ཐལ་མོ་ཟུང་། །ལན་བརྒྱར་སྤྱི་བོར་དུད་པའི་བསྟི་སྟངས་བཅས། །ཞུ་མཆིད་སྙན་པའི་རྒྱུད་མངས་འཁྲོལ་བ་ཡང་། །ཡེ་ཤེས་གཟིགས་པའི་འབབས་སྟེགས་ཉིད་དུ་རློམས། །གང་ཁྱོད་གཟོད་ནས་ཡོངས་གྲུབ་བདེ་བ་ཆེར། །མི་ཕྱེད་གྲུབ་པའི་ལང་ཚོ་རྒྱས་ཏེ་སླད། །སྙིང་རྗེའི་ཟུར་མིག་གཡོ་བས་སྲིད་པའི་འགྲོར། །བཏབ་པས་མཆོག་གི་རྣམ་རོལ་ཅིར་ཡང་སྟོན། །དེ་ཚེ་མཐའ་ཀླས་ཆོས་ཁམས་རྒྱ་མཚོའི་ཆར། །མི་ཟད་སྤོབས་པའི་སྤྲིན་གྱིས་བཟུང་བ་ལས། །ཐམས་ཅད་མཁྱེན་པའི་མཁའ་ལ་རབ་མཛེས་བཞིན། །འཚོ་གཞེས་བདུད་རྩིའི་བརླན་གྱིས་ཀུན་དགར་བྱས། །དེ་སླད་གཏམ་ཙམ་ཐོབ་དཀའི་རྣམ་ཐར་ལ། །གུས་པའི་མིག་འཕངས་གཏོད་པའི་ངོས་ཅག་ཀྱང་། །གང་གི་བཀའ་དྲིན་ར་བར་འཆེལ་པ་ལས། །དད་གསུམ་


JKT018_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ལང་ཚོ་མ་རྙིངས་དགེ་བར་བདོག །སླད་མའི་ཆར་ཡང་ཀུན་ཏུ་འཕོ་བའི་རྒྱུན། །ཨེ་ཝཾ་མཱ་ཡཱའི་ཕྱག་རྒྱར་བསྡམས་པ་ལས། ཁ་སྦྱོར་རྡོ་རྗེའི་སྣང་ཆར་འབར་བཞིན་དུ། །གངས་ཅན་བསྟན་འགྲོའི་གཙུག་ན་མངོན་མཛེས་ཤིང་། །རྨད་བྱུང་སྒྲུབ་བརྒྱུད་སྙིང་པོའི་པདྨའི་ནགས། །མཁྱེན་རབ་ཉིན་མོའི་ཆར་གྱིས་བྲན་པ་ལས། །བསིལ་ལྡན་ཕན་བདེའི་དཔྱིད་དཔལ་དར་བ་དང་། འདིར་ཡང་ཐུགས་རྗེའི་སྣང་བས་ཁྱབ་པར་མཛོད། །དེ་སྐད་གུས་སྤྲོའི་དཀར་ཕྱོགས་དགའ་མ་ལ། །ཆགས་པའི་ཞུ་མཆིད་རྡུལ་གྱི་ཐིག་ལེ་ནི། །རྟེན་དངོས་བསིལ་རླབས་ཕྲ་མོ་གཡོ་དང་བཅས། །ཞབས་པད་ཀུན་གསལ་བུ་མོའི་འགྲམ་པར་ཆས། །ཞེས་པ་ལྟ་བུ་གང་འོས་སྦྱོར་ཞིང་། །གཞན་ཡང་དཀར་འབྲུག་གི་བླ་སྤྲུལ་ཆེ་འབྲིང་དུ་གཏོགས་པ་ཇི་སྙེད་པ་གཅིག་མཆིས་པ་རྣམས་ལའང་སྔར་སྨོས་པ་དེ་དག་ལས་སྐབས་སུ་གང་བབས་དམིགས་བསལ་གྱི་བསྒྱུར་ཁ་ཅུང་ཟད་དང་བཅས་ཏེ་སྦྱར་བར་བྱའོ། །ངོར་པའི་ཁྲིར་བཞུགས་པའི་མཁན་ཆེན་རིན་པོ་ཆེའི་ཞབས་པད་དུ་འབུལ་ན། སྲིད་དང་ཞི་བའི་རྣམ་འདྲེན་སྟོབས་བཅུ་པའི། །རྨད་བྱུང་ལུང་གི་རོལ་མོས་ཉེར་བསྔགས་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཨེ་ཝཾ་པའི། །སྨིན་གྲོལ་ཆོས་ཀྱི་རྒྱལ་ཐབས་འཛིན་དེའི་དྲུང་། །གང་གི་གསང་བ་གསུམ་གྱི་ཡོན་ཏན་གཏམ། །རྒྱ་མཚོའི་རྣ་རྒྱན་ཅན་གྱི་ཁོར་ཡུག་ན། །མི་ཟད་


JKT018_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བའི་དཔྱིད་དཔལ་འདི་ཁོ་ནས། །དད་སྤྲོའི་དགའ་བ་རྒྱས་པའི་ཞུ་མཆིད་འབུལ། །འཕགས་རྣམས་གཟོད་ནས་ཉེར་ཞིའི་ཆུ་གཏེར་ལ། །སྙོམས་པར་ཞུགས་ཀྱང་སྙིང་རྗེའི་གཞན་དབང་དང་། །བསྟན་འགྲོའི་བསོད་ནམས་དཔུང་གིས་བསྲུབས་པ་ལས། །རིག་གྲོལ་ལང་ཚོ་རྒྱས་པའི་ཟླ་མཚོན་ཤར། །དེ་ཚེ་རྒྱལ་བ་གཉིས་པའི་རིང་ལུགས་ཀྱི། །བཤད་སྒྲུབ་ཀུན་འཛུམ་པའི་ཟུར་མིག་གིས། །སྐལ་བཟང་ཡི་ག་དབང་མེད་འགུགས་དང་བཅས། །འཚོ་གཞེས་ཆོ་ག་བརྟན་དེར་མཆོག་ཏུ་སྤྲོ། །འདིར་ཡང་སྐྱོབ་པ་གང་གི་ཐུགས་རྗེའི་བྱིན། །ཅུང་ཟད་ཐོབ་པས་ཉེར་འཚེའི་དཔུང་གི་ཚོགས། །རེ་ཞིག་བལྟར་མི་མངོན་པར་རྒྱས་བཏབ་བཞིན། །དད་དམ་སྲོག་གི་ཀ་བ་གཅིག་ཏུ་ཚུགས། །འབྱུང་འགྱུར་དུས་ཀྱང་ཡོངས་རྫོགས་བསྟན་དང་འགྲོར། །ཕན་བདེའི་སྒོ་འཕར་བརྒྱ་ཕྲག་དབྱེ་བའི་སླད། །ཞབས་ཟུང་རྡོ་རྗེའི་ཆོས་སུ་རྟག་བརྟན་བཞིན། །བདག་ཀྱང་ཡེ་ཤེས་གཟིགས་པས་བཙའ་བར་གསོལ། །དེ་སྐད་ཞུ་མཆིད་གུས་པའི་མེ་ཏོག་བཅུད། །བཏུང་བས་རབ་ཏུ་མྱོས་པའི་བྷ་མ་རཿ །རྟེན་དངོས་གཤོག་རླབས་གཡོ་བའི་ཟློས་གར་བཅས། །ཞབས་སེན་པདྨའི་དགའ་ཚལ་བསྙེན་ཕྱིར་སོང་། །ཡང་ན། ངེས་གསང་རྨད་བྱུང་རྡོ་རྗེ་ཐེག་པའི་ལམ། །མཐའ་ཡས་དཔག་པར་དཀའ་བའི་དེ་ཉིད་དོན། །མངོན་དུ་བརྙེས་ནས་གཞན་ལ་


JKT018_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འདོམས་མཁས་པའི། །ཁྱབ་བདག་རྡོ་རྗེ་འཆང་དབང་ག་ལ་བར། །མོས་གུས་ཡིད་ཀྱི་གཞན་དབང་བྱས་པ་ཡི། ཐལ་མོའི་བསྟི་སྟངས་སྔོན་དུ་འགྲོ་དང་བཅས། །ཞུ་མཆིད་སྙེན་པར་སྨྲ་བའི་ངག་གི་དཔྱིད། །ཡི་གེའི་གཟུགས་སུ་འཕོས་འདིར་གཟིགས་པར་གསོལ། །གང་ཚེ་དྲི་བྲལ་ཐུགས་བསྐྱེད་བདུད་རྩིའི་ཆུས། །རབ་བརླན་མཚན་བཟང་འཁྲི་ཤིང་དར་བབས་ཤིང་། །བཤད་སྒྲུབ་ཀུན་དགའི་མེ་ཏོག་འཛུམ་པ་། ཡིས། །ངེས་གསང་འབྲས་བཟང་གཏེར་ཁྱོད་གཅིག་ཏུ་དྲན། །འདི་ན་མཆོག་གསུམ་འདུས་ཞལ་རྡོ་རྗེ་ཡི། །སློབ་དཔོན་མཆོག་ལ་མི་ཕྱེད་དད་པ་ཡིས། །འཚོ་བའི་འདུ་བྱེད་མ་ཉམས་རྣམ་དཀར་གྱི། །བརྩོན་པ་ལྷོད་མིན་ངང་དུ་བདེ་བར་མཆིས། །སླར་ཡང་ཐུབ་བསྟན་ལུང་དང་རྟོགས་པའི་དབྱངས། །ལྷར་བཅས་སྐྱེ་དགུའི་རྣ་བར་སྩོལ་མཁས་པའི། །རྒྱལ་བ་གཉིས་པའི་རིང་ལུགས་ཆེར་སྤེལ་ཕྱིར། །ཇི་སྲིད་བསྐལ་པའི་བར་དུ་འཚོ་གཞེས་གསོལ། །ཞུ་མཆིད་སྙན་པའི་གླུར་བཅས་རྟེན་དངོས་ཀྱི། །ལང་ཚོ་རྣམ་པར་བཀྲ་བའི་སྨིན་ལེགས་མ། །དད་གསུམ་གོམ་སྟབས་ཡངས་པོར་བསྐྱོད་བཞིན་དུ། །ཞབས་སེན་ཕན་བདེའི་གྲིབ་བསིལ་བསྙེན་ཕྱིར་སོང་། །ཡང་ན། ཟབ་གསང་སྨིན་གྲོལ་ལམ་གྱི་མདའ་གཅིག་གིས། །མ་དག་གཟུང་འཛིན་གྲོང་གསུམ་བསྲེག་ནས་སླར། །གྲུབ་གཉིས་དགའ་བ་རྒྱས་པའི་ཟློས་གར་ཅན། །


JKT018_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་དཔལ་ལྡན་བླ་མའི་ཞབས་པདྨོར། །གང་ཚེ་དད་གསུམ་ཁོ་ནའི་བཅུད་ལེན་གྱིས། །སྐལ་བཟང་ལང་ཚོ་རྒྱས་པའི་གུས་འབངས་པས། །ཞུ་མཆིད་སྙན་པའི་གླུ་རུ་འཇོ་བ་ཡང་། །རྗེས་བརྩེའི་སྤྱན་ཟུར་ལྷུང་བའི་འབབས་སྟེགས་ལགས། །རྣམ་གྲོལ་སྐུ་བཞིའི་རྒྱལ་ཐབས་སྔོན་བརྙེས་ཀྱང་། །གཞན་ཕན་ཕྲིན་ལས་འཇུག་པའི་ཐབས་མཁས་ཀྱིས། །བསྟན་འགྲོའི་བསོད་ནམས་བརྒྱ་ཕྲག་སྤེལ་༥ བའི་སླད། །འཚོ་གཞེས་ཆོ་ག་བླ་ན་བརྟེན་དེར་གུས། །འདིར་ཡང་རིན་ཆེན་གསུམ་གྱི་རང་བཞིན་དང་། །མི་ཕྱེད་སྐྱབས་ཀུན་འདུས་ཞལ་ཁྱེད་ཉིད་ཀྱི། །ཐུགས་རྗེའི་ཕྱག་གིས་རྟག་ཏུ་དམ་བཟུང་བས། །ཉེར་འཚེའི་གེགས་ཀྱི་རི་མོ་རིང་དུ་ཡལ། །འབྱུང་འགྱུར་དུས་ཀྱང་གསང་བ་གསུམ་གྱི་དངོས། །མི་ཟད་རྒྱན་གྱི་འཁོར་ལོར་འཚོ་གཞེས་པའི། །གྲགས་པའི་སྤྲིང་ཡིག་ཕྱོགས་ཀྱི་ཁོར་ཡུག་གི །མཁས་ཀུན་དགའ་བའི་རྒྱན་དུ་བྱིན་ཅེས་སྨེང་། །ཞུ་མཆེད་ཨུཏྤལ་སར་པའི་དོགས་པ་ཡི། །ལག་པས་ཉེར་བཟུང་རྟེན་གྱི་འབྲས་བཟང་བཅས། །ཡེ་ཤེས་གཟིགས་པའི་འོད་རྣོན་འཇུག་སླད་དུ། །གུས་སྤྲོའི་སོ་ཡི་འཛུམ་དཀར་སྟོན་བཞིན་ཕུལ། །ཡང་ན། དཔལ་ལྡན་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི། །སྤྲུལ་པའི་སྤྲིན་ཕུང་སྤྲོ་བསྡུའི་གར་མཛད་པ། །རྡོ་རྗེ་འཆང་དབང་ཁྱབ་བདག་བླ་མ་ཡི། །ཞབས་སེན་ཆེ་དགུའི་


JKT018_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཐོར་ཏོས་བཏུད་དེའི་དྲུང་། །དང་པོར་གང་གི་ཡོན་ཏན་རྨད་བྱུང་ཆར། །ཅུང་ཟད་ཡིད་ཀྱི་འཛིན་མར་གཤེར་བ་ལས། །ཕྱིས་ནས་མི་ཕྱེད་དད་པའི་མྱུ་གུ་གསར། །ཞུ་མཆིད་མེ་ཏོག་དགོད་པའི་རྐྱེན་དུ་བྱས། །བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ཨེ་ཝཾ་པའི། །བཤད་སྒྲུབ་ཆོས་ཀྱི་ཁྲི་འཕངས་མཐོན་པོ་རུ། །ལྷར་བཅས་ཀུན་གྱིས་ཤིས་པ་སྒྲུབ་པ་གང་། །འཚོ་གཞེས་བརྟན་པས་བཀའ་དྲིན་རྨད་དུ་ཆེ། །འདིར་ཡང་དངོས་གྲུབ་ཀུན་གྱི་འབྲས་བུའི་ཁུར། །གཏན་པ་མེད་པར་སྦྱིན་པའི་ངོ་མཚར་ཅན། །དཔལ་ལྡན་བླ་མའི་ཐུགས་རྗེ་ལ་བརྟེན་ནས། །འཚོ་བའི་འདུ་བྱེད་མ་ཉམས་དགེ་བར་བདོག །སླར་ཡང་འཆི་མེད་གྲུབ་པའི་ཨམྲྀ་ཏས། །གསང་གསུམ་རྡོ་རྗེའི་བཅུད་ལེན་བརྙེས་བཞིན་དུ། །སྨིན་གྲོལ་རྒྱལ་རྔ་བརྡུངས་པའི་སྒྲ་དབྱངས་ཀྱིས། །འགྲོ་ཀུན་མ་རིག་གཉིད་ལས་སློང་བར་མཛོད། །དེ་སྐད་ཞུ་བའི་མཆིད་ཚིག་ངང་མོ་དཀར། །གཟིགས་རྟེན་གཤོག་རླབས་གཡོ་བའི་གོམས་སྟབས་བཅས། །དད་སྤྲོའི་མཚར་སྡུག་རྫོགས་པའི་པད་ཚལ་ནས། །ཁྱོད་ཞབས་ཕན་བདེའི་ཆུ་གཏེར་བསྙེན་ཕྱིར་སོང་། །ཡང་ན། ངེས་དོན་ཚད་མ་བཞི་ལྡན་བདུད་རྩིའི་བཅུད། །སྐལ་བཟང་ཡིད་ཀྱི་འཛིན་མར་འབེབས་པའི་ཚེ། །རྣམ་གྲོལ་སྐུ་བཞིའི་དགའ་ཚལ་དར་མཛད་པ། །ཁྱབ་བདག་རྡོ་རྗེ་སེམས་དཔའི་ཞབས་པད་དུ། །དད་གསུམ་དཔྱིད་ཀྱི་ལང་ཚོ་རྒྱས་


JKT018_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། །ཞུ་མཆེད་ཨུཏྤལ་སར་པའི་རྣ་རྒྱན་གྱིས། །རྣམ་པར་སྤུད་པའི་རི་དྭགས་མིག་ཅན་མས། །དགྱེས་བརྩེའི་སྤྱན་ཟུར་གཡོ་བའི་ཆོ་ག་སྒྲུབ། །སྐྱེ་བ་མེད་ལས་སྤྲུལ་པའི་ཐིག་ལེ་ནི། །བསླབ་གསུམ་བདུད་རྩི་བཀྲག་ཏུ་འཚེར་བ་ཅན། །འཚོ་གཞེས་ཆོ་ག་རྫོགས་པའི་ཟླ་གཞོན་གང་། །བསྟན་འགྲོའི་མོས་མཁར་ཡོལ་མེད་བརྟན་དེ་རྨད། །འདིར་ཡང་རྣམ་པ་ཀུན་ཏུ་མགོན་ཁྱོད་ཀྱི། །བྱིན་རླབས་དབྱར་གྱི་དཔལ་མོས་རྗེས་བཟུང་བས། །ཁམས་དྲུག་ལྡན་པའི་དལ་འབྱོར་འཁྲི་ཤིང་ཡང་། །རྣམ་འགྱུར་གདུང་བའི་ཕྱོགས་དང་མཛའ་བས་བཏང་། །སླད་མའི་ཆར་ཡང་ཡོངས་རྫོགས་ཐུབ་པའི་བསྟན། །འཆད་རྩོད་རྩོམ་པས་ཕྱོགས་བརྒྱར་སྤེལ་བའི་སླད། །འཆི་མེད་ཚེ་མཐའ་ཡས་པའི་རོལ་པ་རུ། །མི་འགྱུར་རྟག་པའི་ཕྱག་རྒྱ་བརྙེས་གྱུར་ཅིག །དེ་སྐད་ཞུ་མཆིད་སྙན་པའི་མེ་ཏོག་དཀར། །རྣམ་པར་འཐོར་བའི་ཡི་གེའི་ལང་ཚོ་མ། །རྟེན་དངོས་དོ་ཤལ་མཛེས་པས་རབ་སྤྱད་ནས། །དད་སྤྲོའི་གོམ་སྟབས་ཅིར་ཡང་བསྒྱུར་གིན་སོང་། །ཡང་ན། རྒྱལ་བའི་ལུང་གི་རོལ་མོ་ཡིས། །ཉེ་བར་བསྟན་དེའི་རྒྱལ་ཚབ་ཏུ། །ལྷར་རྩི་བཅས་ཀུན་གྱིས་དབང་བསྐུར་བ། །ཁྱབ་བདག་བླ་མའི་ཞབས་པད་དུ། །མོས་གུས་ཚོན་རིས་མ་རྙིང་པའི། །ཞུ་མཆིད་བནྡྷ་ཛཱི་བ་ཀས། །སྙན་ཚིག་འབྲས་བཟང་འཛིན་བཟོད་པའི། །མཆོད་པའི་སྤྲིན་འདིས་


JKT018_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་མཉེས་བགྱིད། །གང་གི་གཟོད་ནས་རྣམ་གྲོལ་བའི། །གོ་འཕང་བདག་གིར་བགྱིས་མོད་ཀྱང་། །སྣ་ཚོགས་སྤྲུལ་པའི་ཟློས་གར་གྱིས། །འགྲོ་ཀུན་སྒྲོལ་བའི་དཔལ་དེ་རྨད། །འདི་ན་ཕྱོགས་དུས་རྒྱལ་ཀུན་དང་། །མི་ཕྱེད་རྣམ་འདྲེན་བླ་མ་ཡི། །ཐུགས་རྗེའི་ཕྱག་གིས་དམ་བཟུང་བས། །ལང་ཚོའི་འདུ་བྱེད་ཉམས་མ་གྱུར། །སླར་ཡང་སྲིད་དང་ཞི་བ་ཡི། །རྣམ་འདྲེན་ཀུན་གྱི་རལ་པའི་རྩེར། །ཞབས་སེན་རྟག་ཏུ་བརྟན་པ་དང་། །འདིར་ཡང་ཐུགས་རྗེས་རྗེས་བཟུང་གསོལ། །དེ་སྐད་ཞུ་མཆིད་ཨུཏྤལ་ལ། །དད་གསུམ་རྫིང་བུར་གསོས་པ་ལས། །རྟེན་དངོས་བསུང་ཞིམ་འཐུལ་དང་བཅས། །ཁྱེད་ཞབས་པད་མཚོར་རིངས་པར་གཏོར། །མཁན་ཁག་སོ་སོའི་ཞབས་དྲུང་རྣམས་ལ་འབུལ་ན། གྲུབ་རིགས་ཛཾ་བུའི་འབྲས་བཟང་མ་ཉམས་པ། །ཚོགས་གཉིས་མ་དྲོས་རླབས་ཀྱིས་བསྐྱེད་བསྲིངས་པས། །བསླབ་གསུམ་ལང་ཚོ་ངོམས་པའི་སུ་པཎྞ། །ཆེན་པོའི་ངལ་རྩེར་རྟག་པར་མཛེས་དེའི་དྲུང་། །རབ་གུས་ཡིད་ཀྱི་ཨ་མ་གཞོན་ནུའི་འབྲས། །ངོ་མཚར་ཚིག་གི་འོ་མས་བསྐྱེད་བསྲིངས་ཚེ། །ཞུ་མཆིད་རོ་བཅུད་མངར་པོའི་དོགས་པ་ཡིས། །དོན་གཉིས་དགའ་བ་རྒྱས་པའི་བཅུད་ལེན་བསྒྲུབ། །གང་ཁྱོད་བདེ་སྟོང་མི་ཕྱེད་ཐིག་ལེའི་དབྱིངས། །འཕོ་མེད་གྲུབ་པའི་གོ་འཕང་བརྙེས་ནས་སླར། །ཟུང་འཇུག་སྒྱུ་མའི་གར་དུ་རོལ་


JKT018_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །འདི་ན་ཕན་བདེའི་ངོ་མཚར་ཅིར་ཡང་ངོམས། །ཁྱད་པར་རྒྱལ་བ་གཉིས་པ་ཨེ་ཝཾ་པའི། །ཆོས་ལས་སྐྱེས་པའི་རིགས་སུ་སད་པ་ཡིས། །ཐོག་མ་ཉིད་ན་རིག་དང་གྲོལ་བ་ཡི། །ཡོན་ཏན་བརྙེས་བཞིན་འཚོ་གཞེས་བརྟན་དེར་སྤྲོ། །འདི་ན་སྐྱབས་གནས་གསུམ་གྱི་སྤྲིན་མཛེས་ཀྱིས། །ཉེ་བར་གསོས་པའི་གུས་འབངས་མདོངས་མཐའ་མོ། །དད་གསུམ་དགེ་བའི་ལང་ཚོ་མ་རྙིངས་བཞིན། །རྣམ་དཀར་ཕྱོགས་ལ་འཛའ་བའི་མིག་འཕངས་གཏོད། །འབྱུང་འགྱུར་དུས་ཀྱང་འཆི་མེད་བདུད་རྩི་ཡིས། །རྨད་བྱུང་བཅུད་ལེན་གྲུབ་པའི་གསར་པ་གསུམ། །ཇི་སྲིད་བསྐལ་པ་རྒྱ་མཚོའི་ཕ་མཐའ་རུ། །གཞོམ་བྲལ་རྡོ་རྗེའི་སྣང་བརྙན་འཆར་བར་མཛོད། །དེ་སྐད་རབ་ཏུ་དྭང་བའི་དཔྱིད་དཔལ་གྱིས། །ཉེ་བར་གསོས་པའི་ཞུ་མཆིད་ཀོ་ཀི་ལཱ། །སྙན་ཚིག་མགྲིན་པའི་རྫ་རྔ་འཁྲོལ་བཞིན་དུ། །རྟེན་དངོས་གཤོག་རླབས་གསར་པ་བསྐྱོད་ཀྱིན་སོང་། །ཡང་ན། རྒྱལ་བ་སྲས་བཅས་ཀུན་གྱི་ཐུགས་རྗེའི་གར། །མཐའ་ཀླས་འགྲོ་བའི་མོས་ངོར་སྣང་བ་ལས། །གྲུབ་རིགས་ཐིག་ལེར་རོལ་པའི་ངོ་མཚར་ཅན། །ཁྱབ་བདག་དཔལ་ལྡན་བླ་མའི་ཞབས་པདྨོར། །རིང་ནས་གུས་པའི་ཉ་ཕྱིས་འཁྱིལ་པ་ལས། །ལེགས་འོང་སྙན་ཚིག་མུ་ཏིག་དཀར་པོའི་ཕྲེང་། །དད་གསུམ་དགའ་བས་མྱོས་པའི་སྨིན་ལེགས་མའི། །མགྲིན་པར་དབྱངས་པའི་


JKT018_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འདི་དེ་རིང་སྤྲོ། །གང་ཁྱོད་བསླབ་པ་གསུམ་གྱི་མངོན་རྟོགས་དང་། །ཉེ་བར་འགྲོགས་པའི་འཚོ་གཞེས་མཚན་དཔེའི་དཔྱིད། །ཚུར་མཐོང་སྐལ་བཟང་མོས་ངོར་ཤར་ཙམ་གྱིས། །རབ་ཏུ་སྤྲོ་དགའི་ལང་ཚོ་སྙིང་ནས་དགོད། །འདི་ན་འདུ་ཤེས་གསུམ་གྱི་ཁོལ་པོ་རུ། །དམ་ལ་བཞག་པའི་གུས་འབངས་བདག་ཅག་ཀྱང་། །མཆོག་གསུམ་འདུས་ཞལ་དཔལ་ལྡན་བླ་མ་ཡི། །ཐུགས་རྗེས་དབུགས་འབྱིན་ཐོབ་ལས་ཉེར་འཚེ་བྲལ། །སླར་ཡང་རྨད་བྱུང་ཡོན་ཏན་རིན་པོ་ཆེས། །ཉེ་བར་གཏམས་པའི་གསང་གསུམ་ཟ་མ་ཏོག །བསྟན་འགྲོའི་ཆུ་གོས་རྩེ་མོར་ལེགས་བཀོད་པས། །འདིར་ཡང་ཕན་བདེའི་ཆར་ཆེན་དབབ་པར་མཛོད། །ཚིག་རྒྱན་རི་དྭགས་རྟགས་ཀྱི་སིམ་འོད་ཀྱིས། །རྣམ་པར་བཞད་པའི་ཞུ་མཆིད་ཀུ་མུད་ཕྲེང་། །གཟིགས་རྟེན་རྒྱན་གྱི་ལན་ཚར་གཡོ་དང་བཅས། །རབ་དྭངས་ཡིད་ཀྱི་སྨན་ལྗོངས་མཆོག་ནས་ཕུལ། །ཡང་ན། རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་དབང་གི །ལུང་རྟོགས་ཆོས་ཀྱི་གན་མཛོད་ཆེན་པོ་ལ། །དབང་བསྒྱུར་སྡེ་སྣོད་རྒྱ་མཚོ་ཡོངས་ཀྱི་གཏེར། །དཔལ་ལྡན་བླ་མ་མཆོག་གི་ཞབས་པད་དུ། །དད་སུས་མཚམས་ཀྱི་སྤྲིན་པའི་ཚོན་རིས་ཀྱིས། །ཡིད་འོང་སིནྡྷཱ་བཱ་རའི་མེ་ཏོག་ལ། །རྣམ་པར་བགོས་པའི་མཆུ་སྤྲོས་གསར་པ་ནས། །ཞུ་མཆིད་བསུང་ཞིམ་འཐུལ་བའི་དཔལ་འདིར་གཟིགས། །བརྩེ་ཆེན་སྙིང་པོའི་


JKT018_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ལུགས་ཨེ་ཝཾ་པའི། །བསྟན་འཛིན་ཀུན་གྱི་གཙུག་ན་མངོན་མཐོ་བའི། །ཆེན་པོའི་རིགས་སུ་རྣམ་རོལ་དམ་པ་གང་། །འཚོ་གཞེས་བཀའ་དྲིན་ཆེ་དེར་གཅིག་ཏུ་གུས། །འདི་ན་རང་རྒྱུད་སོས་ཀའི་ཐང་ཀ་རུ། །ཆོས་བརྒྱད་སྨིག་རྒྱུའི་ཆུ་གཏེར་གཡོ་བ་ལ། །སྲེད་པས་བརྐམས་པའི་རི་དྭགས་གཞོན་ནུ་ཡང་། །གང་གི་ཐུགས་རྗེའི་ནགས་སུ་བདེ་བར་འཚོ། །འབྱུང་འགྱུར་དུས་ཀྱང་ཐུབ་བསྟན་སྨན་ལྗོངས་མཆོག །འཆད་རྩོད་རྩོམ་པའི་ཆར་གྱིས་རབ་འཕེལ་ཕྱིར། །ཞབས་སེན་སྤྲིན་གྱི་བ་གམ་རྟག་བརྟན་བཞིན། །འདིར་ཡང་རྗེས་བརྩེའི་བཀའ་དྲིན་སྐྱོང་བར་མཛོད། །སྙན་ཚིག་མེ་ཏོག་གཞོན་ནུའི་དོགས་པ་ཡིས། །རབ་ཏུ་གཏམས་པའི་ཞུ་མཆིད་འཁྲི་ཤིང་གསར། །རྟེན་དངོས་ལོ་འདབ་སར་པ་གཡོ་དང་བཅས། །ཞབས་པད་རི་མོར་བགྱི་སླད་གུས་པས་ཕུལ། །ཡང་ན། བདེ་བ་ཆེན་པོའི་དྲྭ་བ་ཡིས། །ཉེར་བསྡམས་ཁྱབ་བདག་ཨེ་ཝཾ་པའི། །བསྟན་འཛིན་མཆོག་གི་རིགས་འཁྲུངས་པ། །དཔལ་ལྡན་བླ་མའི་ཞབས་པད་དུ། །ཐལ་མོའི་ཨུཏྤལ་དམར་པོ་བྱུང་། །ཚངས་གནས་རྩེ་མོར་ཟུམ་པ་དང་། །ཆབ་གཅིག་རབ་ཏུ་གུས་པ་ཡིས། །རྐང་པར་བཅད་པའི་མཆིད་འདི་ཕུལ། །གཟོད་ནས་རྣམ་གྲོལ་ཞི་བའི་དབྱིངས། །སྙོམས་པར་ཞུགས་ཀྱང་སྙིགས་མའི་འགྲོར། །རྗེས་སུ་བརྩེ་བའི་སྙིང་རྗེའི་གཟུགས། །འཚོ་གཞེས་།


JKT018_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་བརྟན་ལགས་སམ། །འདི་ན་རྨོངས་དང་འཁྲུལ་པ་ཡི། །མིག་སྨན་གསར་པའི་ཚོན་རིས་ཀྱིས། །རང་རྒྱུད་དྲི་མར་བྱས་བཞིན་དུ། །འཚོ་བའི་འདུ་བྱེད་མ་ཉམས་ཙམ། །སླད་དུ་གང་སྐུའི་གསང་བ་མཆོག །ཚུར་མཐོང་ངོར་ཡང་མི་སྦེད་པར། །མི་འགྱུར་མཆོག་བདེའི་ཕྱག་རྒྱ་ལ། །རྣམ་པ་ཀུན་ཏུ་དགྱེས་རོལ་གསོལ། །དེ་སྐད་ཞུ་མཆིད་སྙན་པའི་གླུ། །དར་དིར་སྒྲོགས་པའི་བྷ་མ་རཿ །རྟེན་གྱི་འདབ་ཟུང་གཡོ་དང་བཅས། །ཁྱོད་ཞབས་ཨུཏྤལ་རོལ་མཚོར་དེངས། །ཡར་ཀླུང་མཆོག་སྤྲུལ་རིན་པོ་ཆེ་སོགས་ཚར་ལུགས་ཀྱི་བསྟན་འཛིན་ཆེ་གྲས་ཤིག་ལ་འབུལ་ན། །གསང་ཆེན་སློབ་བཤད་ཉིན་བྱེད་གཞོན་ནུའི་རྡུལ། །བཏུང་བས་མྱོས་པའི་གྲུབ་མཆོག་ཨུཏྤལ། །ཆེ་དགུའི་རལ་པའི་རྩེ་མོར་ལེགས་བཀོད་པའི། །ཞབས་སེན་ནོར་བུའི་བ་གམ་མཐོ་དེའི་དྲུང་། །དགའ་བར་བྱས་སོ་ཆར་སྤྲིན་གསར་པའི་འགྲམ། །འཇུག་པ་བརྒྱ་པའི་རྣ་རྒྱན་གཡོ་བའི་ཚེ། །སྨིན་ལེགས་མདོངས་མཐའ་དགོད་པའི་ཟློས་གར་ལ། །རྗེས་སུ་དཔག་པའི་དད་སྤྲོའི་ཞུ་མཆིད་སྟོབ། །གང་དུ་ཞི་བའི་མཁའ་དང་མི་ཕྱེད་ཀྱང་། །གཞན་ཕན་ཡར་ངོའི་ཕངས་པར་འཛེགས་པ་ལས། །ལུང་རྟོགས་བདུད་རྩིའི་ཐིག་ལེ་འདི་འོ་ཞེས། །བྱིས་པ་རྣམས་ཀྱིས་སྐལ་བཟང་གསར་པ་མྱོང་། །ཁྱད་པར་ཐུན་མིན་རྒྱུད་སྡེ་རྒྱ་མཚོའི་འཛིང་། །རྣམ་དཔྱོད་རིན་ཆེན་གྲུ་བོས་བརྒལ་བའི་


JKT018_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སླད། །ཆོས་ཀྱི་དེད་དཔོན་མཆོག་གི་ཚུལ་འཆང་གང་། །འཚོ་གཞེས་བརྟན་པའི་གཏམ་གྱིས་ཀུན་དགར་བྱས། །འདིར་ཡང་སྣང་བའི་མུ་ཁྱུད་འཆར་མ་ཐག །ཆུ་སྐྱེས་པདྨོ་འཛུམ་པའི་ལང་ཚོ་ལྟར། །གང་གི་ཐུགས་རྗེའི་ཕྱག་གིས་དམ་བཟུང་བས། །ཉེར་འཚེ་བྲལ་བཞིན་དད་གསུམ་ཟོ་མདོག་རྒྱས། །སླད་མའི་དུས་ཀྱང་མཆོག་ཏུ་མི་འགྱུར་བའི། །བདེ་ཆེན་བདུད་རྩིའི་བཏུང་བས་རབ་སིམ་པས། །འཕོ་མེད་རྟག་པའི་གཟུགས་སྐུ་བརྙེས་པ་དང་། །འདིར་ཡང་རྗེས་སུ་བརྩེ་བའི་བཀའ་དྲིན་སྩོལ། །དེ་སྐད་ཞུ་མཆིད་དྲི་མེད་ངང་མོ་དཀར། །སྙན་སྒྲོགས་བུང་བ་འདུ་བའི་པད་མཚོ་ནས། །མོས་གུས་སྒྲོ་གཤོགས་ཕན་ཚུན་གཡོབས་བཞིན་དུ། །ཁྱོད་ཞབས་གྲུབ་པའི་ཆུ་གཏེར་བསྙེན་ཕྱིར་སོང་། །ཡང་ན། རྣམ་མཁྱེན་ཡེ་ཤེས་གཟིགས་པའི་ཨཱ་དནར། །མདོ་སྔགས་གཞུང་བརྒྱའི་གཟུགས་བརྙན་འཆར་བའི་ཚེ། །སྲིད་གསུམ་ཐོར་ཚུགས་རྩེ་མོར་འགོད་འོས་ཞེས། །ལྷར་བཅས་སྐྱེ་དགུས་སྒྲོགས་དེའི་ཞབས་པད་དུ། །འཁོར་བའི་རྣམ་འགྱུར་མིག་སྨན་ཚོན་ཆགས་ཀྱིས། །རང་རྒྱུད་དགེ་བའི་ལང་ཚོ་རྨ་དབབས་ཀྱང་། །དད་གསུམ་གོམས་ཚུགས་བརླིང་བའི་བློ་གྲོས་ཅན། །གང་དེས་གཅིག་ཏུ་བཏུད་ནས་ཞུ་བའི་མཆིད། །དེང་དུས་ངེས་གསང་རྨད་བྱུང་རྡོ་རྗེའི་ཐེག །མཐའ་དག་ཀུན་གྱི་ཡོངས་བཅུད་འདོམས་མཁས་པ། །འཇིགས་བྲལ་


JKT018_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཆོས་སྐྱོང་གཉིས་པ་ཁྱོད། །འཚོ་གཞེས་ལང་ཚོ་མ་རྙིངས་དགེ་ལགས་སམ། །འདིར་ཡང་རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་ཆེ། །མཚུངས་བྲལ་བླ་མའི་བྱིན་རླབས་ཀཏུ་ར། །སྙིང་ལ་ཡང་ཡང་བརླན་པའི་བསིལ་ངད་ཀྱིས། །ཉེར་འཚེའི་ཚ་གདུང་འཇིལ་པའི་ཆོ་གར་བྱས། །སླར་ཡང་རྫུ་འཕྲུལ་སྟོབས་ཀྱི་རྐང་པ་ཡིས། །བཅུ་གསུམ་ས་ཡི་རྩེ་མོར་བགྲོད་བཞིན་དུ། །འཆི་མེད་བཅུད་ལེན་གྲུབ་པའི་སྐལ་བཟང་གིས། །འདི་དང་གཏན་དུ་བདག་ཀྱང་སྐྱོང་བར་མཛོད། །རབ་ཏུ་དྭངས་པའི་ཡིད་ཀྱི་ཙནྡ་ན། །སྙན་ཚིག་འབིགས་བྱེད་རླུང་གིས་གཡོབ་པ་ལས། །ཞུ་མཆིད་བསུང་ཞིམ་རྣམ་པར་འཐུལ་དང་བཅས། །དད་གསུམ་དགའ་བ་རྒྱས་པའི་ཚལ་ནས་ཕུལ། །ཡང་ན། ངེས་དོན་གདམས་པའི་བདུད་རྩིའི་དོ་ཤལ་གྱིས། །རྣ་བ་བརྒྱན་པའི་མཚན་དཔེའི་རོལ་སྒེག་ནི། །སྐལ་བཟང་བདེ་འབྱུང་གཙུག་ན་གཟི་འབར་བའི། ཚེ ཁྱབ་བདག་ཟླ་བ་སར་པའི་ཉེ་དྲུང་དུ། །མཛེས་པར་བྱས་སོ་ཉམས་དགའི་ནགས་ཀླུངས་སུ། ཁུ་བྱུག་ལང་ཚོས་རྒྱགས་པའི་མགྲིན་གླུས་ཏེ། །མགོན་པོ་ཁྱེད་ཀྱི་ཡེ་ཤེས་གཟིགས་པའི་མདུན། །དོན་ལྡན་སྙན་པའི་གཏམ་གྱི་སྦྱོར་བས་སོ། །རྒྱལ་བསྟན་སྤྱི་དང་བྱེ་བྲག་བརྩེ་བ་ཆེའི། །སྙན་བརྒྱུད་ཚད་མ་བཞི་ལྡན་བདུད་རྩིའི་བཅུད། །དབང་རྣོན་མོས་པའི་ཞིང་སར་འབེབས་མཁས་ཁྱོད། །འཚོ་ཞིང་གཞེས་པའི་ཤིས་


JKT018_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྟན་ལགས་གྲང་། །འདིར་ཡང་ཆོས་བརྒྱད་འཁྲུལ་པའི་གཞན་དབང་གིས། །རིང་ནས་འཁྱུད་པའི་གྱི་ནའི་བློ་ཅན་ཡང་། །སྐྱབས་ཀུན་འདུས་ཞལ་རྗེ་བཙུན་བླ་མ་ཡིས། །བཀའ་དྲིན་ཁོ་ནས་སྒོ་གསུམ་ངལ་འཚོ་ཐོབ། །སླད་མའི་ཆར་ཡང་འཆི་མེད་གྲུབ་པའི་ཁྲིར། །ཞབས་སེན་འཁོར་ལོའི་ཕྱག་རྒྱ་ནུབ་མེད་ཅིང་། །འདིར་ཡང་ཐུགས་རྗེའི་ཕྱག་གིས་དམ་བཟུང་བས། །ཕན་དང་བདེ་བའི་དབུགས་ཆེན་འབྱིན་པར་མཛོད། །དེ་སྐད་དད་གསུམ་སྦྲང་རྩིའི་ཐིགས་པ་ཡིས། །ཡུན་དུ་གསོས་པའི་ར་ཡིག་གཉིས་པ་ཡང་། །ཞུ་མཆིད་མགྲིན་པའི་རྒྱུད་མངས་བསྒྲེངས་པ་དང་། །རྟེན་གྱི་འདབས་ཟུང་ཕྲ་མོ་གཡོབ་བཞིན་སོང་། །ཡང་ན། དང་པོར་ཟུང་འཇུག་རྣམ་ཀུན་མཆོག་ལྡན་དབྱིངས། །རྡོ་རྗེའི་རྣལ་འབྱོར་ཡོངས་སུ་གྲུབ་ནས་སླར། །ཚད་མེད་སྙིང་རྗེའི་རོལ་མོ་མི་འགོགས་པའི། །ཞབས་སྟེགས་འཕྲོག་བྱེད་གཞོན་ནུས་བསྟེན་དེའི་དྲུང་། །རབ་མཛེས་ཆུ་སྐྱེས་སར་པའི་མཆུ་སྒྲོས་ཀྱིས། །རབ་སྙན་བརྗོད་པ་འདི་འདྲ་འདྲེན་ནུས་ན། །རབ་དྭངས་ཡིད་ཀྱི་དཔལ་ལས་ཉེར་འཕོས་པའི། །རབ་གསལ་ཞུ་མཆིད་འདི་ཡི་རྗེས་སུ་འགྲོ། །གང་ཞིག་ཐོབ་པ་ཙམ་ནས་འདི་གཏན་གྱི། །ཕོངས་པ་སེལ་ལ་བེཟླུར་ལྷུན་པོ་ཡིས། །མཚོན་མིན་ངེས་དོན་བསྟན་པའི་བདག་པོ་ཁྱོད། །གྲུབ་པ་རྒྱ་མཚོའི་དཔྱིད་དུ་གསལ་དེར་གུས། །འདི་ན་ཟིན་


JKT018_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལས་ཀྱི་ནགས་ཚལ་དུ། །ཡུན་རིང་དུབ་པའི་སྦྲང་རྩིའི་མགྲིན་ཅན་ཡང་། །མཆོག་གསུམ་བཀའ་དྲིན་བརླན་གྱིས་གསོས་པ་ལས། །འཚོ་བའི་ཟོ་མདོག་ཉམས་པར་མ་གྱུར་ཙམ། །སླད་མར་ཟླ་ཤེལ་བསིལ་བའི་རེག་པ་ཡིས། །གདེངས་ཅན་དབང་པོའི་བསྟི་གནས་ཇི་བཞིན་དུ། སྙན་བརྒྱུད་བསྟན་པ་སྲིད་མཐར་འཕེལ་བྱའི་ཕྱིར། །ཞབས་པད་ཞིང་ཁམས་འདི་ལས་ཡོལ་མེད་མཛོད། །དེ་སྐད་གང་གི་རྣམ་ཐར་ཆུ་འཛིན་ལ། །གཅིག་ཏུ་ཡིད་རབ་རྟོན་པའི་མདོངས་མཐའ་མོས། །ཞུ་མཆིད་ཟློས་གར་བསྒྱུར་བའི་དེ་མ་ཐག །རྟེན་གྱི་མངལ་ཁུར་འཛིན་བཞིན་རིངས་པར་བསྐྱོད། །ཡང་ན། གང་གི་ཐུགས་རྗེའི་ཡལ་ག་ནི། །ཕྱོགས་བཅུར་རྒྱས་པའི་གྲིབ་བསིལ་དུ། །སྐལ་བཟང་གཏན་བདེར་ངལ་བསོ་བའི། །གྲུབ་པའི་འཁྲི་ཤིང་སར་པའི་དྲུང་། །རྨད་བྱུང་རྣམ་པར་ཐར་པ་ནི། །རིང་ན་གནས་ཀྱང་དེང་འདི་རུ། །དད་སྤྲོའི་རྣ་བའི་བཅུད་ལེན་དུ། །ཐོབ་ལས་གུས་པའི་མཆིད་འདི་ཕུལ། །ངེས་གསང་སྨིན་གྲོལ་ཆོས་ཀྱི་ཆར། །འབེབས་པ་ཁྱོད་ཉིད་ཁོ་ན་ཞེས། །བསྔགས་པའི་གསང་གསུམ་གདེངས་ཅན་དབང་། །འཚོ་གཞེས་སྲིད་འདིར་བརྟན་ལགས་སམ། །འདིར་ཡང་ཀུན་གསར་པའི་ཁ། །དབྱེ་བའི་བྱེད་པོ་ཟླ་གཞོན་བཞིན། །ལང་ཚོའི་འདུ་བྱེད་བདེ་བ་ཡང་། །གང་གི་བཀའ་དྲིན་ཁོ་ན་ལགས། །དེ་སླད་འབྱུང་འགྱུར་དུས་སུ་


JKT018_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །གསང་མཆོག་ཨེ་ཝཾ་མཱ་ཡཱའི་དབྱིངས། །དབྱེར་མེད་འདྲེས་པའི་དགའ་སྟོན་གྱིས། །ཞིང་ཁམས་འདི་ལས་འཕོ་མེད་མཛོད། །ཞུ་ཡིག་དགེ་བའི་སྨིན་ལེགས་མ། །ཚིག་རྒྱན་མཁུར་ཚོས་མཛེས་པའི་སླད། །རྟེན་དངོས་ཀཎྜི་ཀ་དང་བཅས། །དད་གསུམ་གོམ་སྟབས་བསྒྱུར་གིན་སོང་། །ས་ཕུར་སོགས་ས་ངོར་གྱི་ཆོས་རྗེ་ཆེ་གྲས་ལ། །ངེས་གསང་རྨད་བྱུང་རྡོ་རྗེ་ཐེག་པའི་གཏམ། །ཅི་དགར་སྤྲོ་མཛད་བརྩེ་ཆེན་སྙིང་པོ་ཡི། །རིང་ལུགས་སྲིད་ཞིའི་ཕ་མཐར་འགོད་མཁས་པའི། །རྣམ་འདྲེན་རྡོ་རྗེ་འཛིན་པ་ག་ལ་བར། །གང་གི་ཡོན་ཏན་དཔལ་ལ་རྗེས་ཆགས་པའི། །ཞུ་མཆིད་སྙན་པའི་གླུ་དབྱངས་སྒྲོགས་པ་ཡང་། །སྤྲིན་སྔོན་གད་མོར་མིག་གཏོད་མདོངས་མཐའ་བཞིན། །དད་གསུམ་ཟློས་གར་བསྒྱུར་གང་སུ་ཡིས་བཟློག །དེང་ཁྱོད་རྣམ་འདྲེན་དབུ་བའི་འཛུམ་དཀར་གྱིས། །ལེགས་པར་བཏུད་པའི་མཁས་གྲུབ་ཆུ་གཏེར་ཆེར། །གཅིག་ཏུ་གྲུབ་ལས་ཕན་བདེའི་རིན་ཆེན་དབྱིག །ཐུགས་རྗེའི་རླབས་ཀྱིས་འཕེན་ལ་མི་ངལ་བཞིན། །བྱང་ཕྱོགས་འདི་ན་སྔགས་གཞུང་རྒྱ་མཚོའི་གཤེས། །ས་བསྟན་ཨུཏྤལ་དར་བའི་ཉི་མ་ཆེར། །འཚོ་གཞེས་བརྟན་པའི་གཏམ་དེ་དུས་འདི་རུ། །ཐོས་པ་ཙམ་གྱིས་ཡིད་ལ་སྤྲོ་དགའ་བྱིན། །གང་གི་གསང་གསུམ་དཀོན་མཆོག་རིན་ཆེན་དང་། མི་ཕྱེད་འདྲེས་པའི་ཁྱབ་བདག་བླ་མ་ཡི། །བཀའ་དྲིན་


JKT018_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དཀར་གྲིབ་མའི་རྭ་བ་རུ། །ངལ་འཚོར་གྱུར་ལས་རྣམ་འགྱུར་གདུང་བ་བྲལ། །སླད་ནས་མཁས་བཙུན་བཟང་པོའི་དཔག་བསམ་རྩེར། །ཐུབ་བསྟན་ཡོངས་སུ་རྫོགས་པའི་མེ་ཏོག་གསར། །འཆི་མེད་བདུད་རྩིས་བྲན་པའི་ལེགས་བྱས་ཀྱིས། །མི་འགྱུར་མཆོག་བདེའི་ཕྱག་རྒྱར་རྟག་བརྟན་གསོལ། །ཞུ་མཆིད་ལྷག་བསམ་དག་པའི་འཁོར་ལོའི་ལག །རབ་གུས་ཟླ་བའི་གོས་བཟང་བཀླུབས་ནས་ཀྱང་། །གཟིགས་རྟེན་རྐང་བའི་དྲིལ་ཆུང་འཁྲོལ་བཞིན་དུ། །ཁྱོད་ཞབས་པདྨའི་དགའ་ཚལ་བསྙེན་ཕྱིར་སོང་། །ཡང་ན། རྒྱལ་གསུང་ལུང་དང་རྟོགས་པའི་ཀཏྤ་རས། །རྣམ་པར་སྤུད་པའི་སར་གནས་འཁྲི་ཤིང་གསར། །ཐུབ་བསྟན་ཡོངས་རྫོགས་བསིལ་འོད་སྤྲོ་མཐོང་ནས། །བསྔགས་བརྗོད་མེ་ཏོག་དོ་ཤལ་དཔྱངས་དེའི་དྲུང་། །གང་གི་ཡོན་ཏན་ཉི་གཞོན་འཆར་མ་ཐག །རང་རྒྱུད་ཁེངས་པའི་ཀུནྡ་ཟུམ་པ་དང་། །ལྷན་ཅིག་གུས་པའི་ཨུཏྤལ་མིག་བྱེ་བས། །སྙན་ཚིག་བསུང་ཞིམ་གསར་པའི་དགའ་སྟོན་སྒྲུབས། །བྲལ་སྨིན་ཕུན་ཚོགས་བྱེ་བའི་གྲགས་པ་དཀར། །རྙོག་བྲལ་ཟླ་བའི་ཟེར་དང་འདྲེས་པའི་དཔྱིད། །མོས་ལྡན་ཐོར་ཚུགས་རྩེ་མོར་འགོད་མཁས་གང་། །ཚུལ་མིན་ཉེ་ཞོས་སྤངས་ལ་གཅིག་ཏུ་རངས། །འདི་ན་སྐྱབས་གསུམ་འདུས་ཞལ་བླ་མ་ཡི། །ཐུགས་རྗེའི་ཆུ་སྐྱེས་མ་རྙིངས་སྦྲང་རྩི་དང་། །འགྲོགས་པས་འཚོ་ཁམས་རྒྱས་


JKT018_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྷ་མ་རཿ །དད་གསུམ་གཤོགས་རྩལ་ངོམས་པའི་བདེ་བས་མྱོས། །སླད་མར་མི་ཕྱེད་རྟག་པའི་བདུད་རྩིའི་སྤྲིན། །དགེ་ལེགས་གསང་གསུམ་ཕུང་པོར་ཆགས་པའི་མོད། །འཆི་མེད་གྲུབ་པའི་གོ་འཕང་བརྙེས་བཞིན་དུ། །བདག་ཀྱང་རྟག་ཏུ་བརྩེ་བས་རྗེས་བཟུང་གསོལ། །དེ་སྐད་ཞུ་མཆིད་དཔྱིད་ཀྱི་ཀོ་ཀཱི་ལ། །སྙན་ཚིག་ངག་གི་གླིང་བུ་འཁྲོལ་བ་དང་། །གཟིགས་རྟེན་གཤོགས་རླབས་གཡོ་བའི་གར་དང་བཅས། །ཁྱོད་ཞབས་དོན་གཉིས་ནགས་སུ་བསྟི་ལ་ཆས། །ཡང་ན། དཔལ་ལྡན་བརྩེ་ཆེན་སྙིང་པོ་ཡི། །རིང་ལུགས་ཡིད་བཞིན་དབང་པོའི་དཔྱིད། །སྐལ་བཟང་སུག་པར་སྩལ་མཁས་པའི། །གདེངས་ཅན་བདག་པོ་གང་དྲུང་དུ། །ཞུ་མཆིད་སཱ་ལའི་ལྗོན་པ་ལ། །སྙན་ངག་ཐང་ཆུ་དཀར་པོ་ཡི། །ཕྱག་རྒྱས་བཏབ་པའི་ཚུལ་འདི་ཡང་། །དད་གསུམ་འཛིན་མའི་འགྲམ་པར་མཛེས། །གཟོད་ནས་རྣམ་གྲོལ་བདེ་ཆེན་དབྱིངས། །མི་ཕྱེད་འདྲེས་པའི་ཐིག་ལེ་ལས། །སྙིང་རྗེའི་ཟློས་གར་གསར་པ་ཁྱོད། །ཞབས་ཀྱི་པདྨོ་བརྟན་དེར་སྤྲོ། །འདི་ན་རྨོངས་དང་མ་རིག་པའི། །ཟིལ་གྱིས་གནོན་པའི་གུས་འབངས་ཀྱང་། །དཔལ་ལྡན་བླ་མའི་ཐུགས་རྗེ་ཡིས། །འདུ་བ་རྣལ་མར་གནས་པ་ཙམ། །སླད་མར་རྒྱལ་བསྟན་སྟེང་འཐུང་དཀར། །བཤད་སྒྲུབ་མཚར་སྡུག་རྫོགས་པའི་སླད། །གསང་གསུམ་ནམ་མཁའི་རྣ་བ་ནི།


JKT018_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འདིའི་མཁའ་ལ་ཡོལ་མེད་མཛོད། །དེ་སྐད་རབ་དྭངས་གུས་པའི་དཔྱིད། །སྣང་བའི་མུ་ཁྱུད་ཀྱིས་ཕྱེ་བའི། །ཞུ་གསོལ་སྙན་ཚིག་ཨུཏྤལ་དམར། །རྟེན་དངོས་འབྲས་བཟང་དང་བཅས་ཕུལ། །དགོན་ལག་ཕལ་པའི་ཆོས་རྗེ་རྣམས་ལ་ཕུལ་ན། །ཚུལ་གནས་ཐོས་བསམ་བསྒོམ་པའི་ཞིང་ས་ལ། །ལེགས་པར་སྨིན་པའི་ཡོན་ཏན་འབྲས་བཟང་གིས། །བསྟན་འགྲོར་ཕན་བདེའི་འཚོ་བ་སྦྱིན་མཁས་པ། །ཁྱབ་བདག་དཔལ་ལྡན་བླ་མ་ག་ལ་བར། །གང་གི་ཐབས་མཁས་ཐུགས་རྗེའི་འཇུག་པ་ལ། །ངོ་མཚར་དགའ་བས་རྣམ་པར་མྱོས་པ་ལས། །རྗེས་སུ་བརྩེ་བའི་སྤྱན་ཟུར་གཡོ་བའི་སླད། །ཞུ་གསོལ་ཚིག་གི་མཆོད་སྤྲིན་སར་པ་སྤྲོ། །རྡོ་རྗེ་འཆང་དངོས་རྗེ་བཙུན་ཧེ་རུ་ཀ །བརྩེ་ཆེན་སྙིང་པོའི་རིང་ལུགས་སྤེལ་བ་ལ། །སྔོན་སྨོན་རྣམ་དཀར་བྱེད་པོའི་རབ་གྲུབ་གང་། །འཚོ་གཞེས་བརྟན་པའི་སྤྱོད་ཡུལ་དགེ་ལགས་སམ། །འདི་ན་ཀུན་རྨོངས་འཁྲུལ་པའི་སྤྲིན་རིས་ཀྱིས། །རང་རྒྱུད་དགེ་བའི་ཉི་མ་སྒྲིབས་གྱུར་ཀྱང་། །དཔལ་ལྡན་བླ་མའི་ཐུགས་རྗེའི་དྲོད་གཤེར་ལ། །བརྟེན་པས་འཚོ་བའི་མྱུ་གུ་མ་ཉམས་རྒྱས། །སླར་ཡང་གསང་བ་གསུམ་གྱི་འཁོར་ལོ་ནི། །ལྷ་སྔགས་ཡེ་ཤེས་རོལ་པའི་སྤྲིན་ཆེན་པོར། །འཆི་མེད་གྲུབ་པའི་གོ་འཕང་བརྙེས་བཞིན་དུ། །འདིར་ཡང་མཁྱེན་བརྩེའི་གཟིགས་པས་བཙའ་བར་གསོལ། །ཞུ་མཆེད་ཨུཏྤལ་


JKT018_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་དོ་ཤལ་གྱིས། །རྟེན་དངོས་ཟེ་འབྲུའི་འཇུམ་བག་ངོམས་བཞིན་དུ། །དད་དམ་ངང་ཚུལ་མི་དམན་སྨན་ལྗོངས་ནས། །དཔྱོད་ལྡན་རྣ་ལུང་སར་པ་མཛེས་ཕྱིར་ཕུལ། །ཡང་ན། གངས་རིའི་ཕྲེང་བས་བསྐོར་བའི་ས་འཛིན་ལྗོངས། །མདོ་སྔགས་རྒྱ་མཚོའི་མངའ་བདག་གཅིག་གྱུར་པ། །བརྩེ་ཆེན་སྙིང་པོའི་རིང་ལུགས་འཛིན་བཟོད་པའི། །ཆོས་རྗེ་བླ་མ་དམ་པའི་ཞབས་དྲུང་དུ། །སྐྱེས་སྦྱངས་ཤེས་རབ་ཉིན་མོའི་ཟེར་ཕྲེང་གིས། །བདག་བློ་བལྡུལ་ཡི་མེ་ཏོག་ཁ། །ཕྱེས་པས་མིན་ཀྱང་དད་སྤྲོའི་དགའ་མ་ཡིས། སོར་རྩེས་བསྣུན་ལས་སྙན་ཚིག་འདབ་རྒྱ་གྲོལ། །གང་ཚེ་བསླབ་གསུམ་ར་བར་ངལ་བསོས་པའི། །བསྔགས་འོས་འབྲས་བཟང་འཛིན་པའི་དམ་པ་ཁྱོད། །ཚུལ་མིན་དགུན་གྱི་ཕོ་ཉས་མ་བཏབ་བཞིན། །ཕན་བདེའི་འཁྲི་ཤིང་དུད་དེ་ཡིད་ཀྱི་གསོས། །འདི་ན་མཆོག་གསུམ་འདུས་ཞལ་བླ་མ་ཡི། །ཐུགས་རྗེའི་གྲུ་ཆར་གསར་པས་རྗེས་བཟུང་དེས། །ལང་ཚོའི་པདྨོ་རྙིངས་པར་མ་གྱུར་བཞིན། །མོས་གུས་འདྲེན་བྱེད་མི་ཟུམ་དགོད་པར་མཆིས། །སླད་མར་སྲིད་དང་ཞི་བའི་ཡོན་ཏན་ཀུན། །མཐའ་དག་དབང་དུ་བགྱིད་པའི་ངོ་མཚར་གྱིས། །བསྟན་པ་རིན་ཆེན་ཕྱོགས་བརྒྱར་སྤེལ་བའི་སླད། །ཞབས་སེན་སྣང་བའི་རི་མོ་ནུབ་མེད་མཛོད། །དེ་སྐད་ཞུ་མཆིད་གཞན་གསོས་མགྲིན་པའི་གླུར། །རྗེས་སུ་ཆགས་


JKT018_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏམ་གྱི་རོལ་མོ་ནི། །རྣམ་གསལ་ཡི་གེའི་ཕྲེང་བར་སྤེལ་བ་གང་། །རྟེན་གྱི་གོས་བཟང་བཀླུབས་ནས་རིངས་པར་ཕུལ། །ཡང་ན། ལུང་དང་རྟོགས་པའི་ཆོས་ཚུལ་ཀུན། །ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱིས། །བདག་གིར་བགྱིད་ལ་མི་གཡེལ་བའི། །དཔལ་ལྡན་བླ་མའི་ཞབས་དྲུང་དུ། །རབ་ཏུ་གུས་པའི་གཞན་དབང་དུ། །གྱུར་ལས་སྙན་པར་སྨྲ་བའི་མཆིད། །སྤྲིན་སྔོན་གསར་པའི་གློག་ཕྲེང་གིས། །མདོངས་མཐའ་ཟློས་གར་བསྒྱུར་བ་བཞིན། །དེང་ཁྱོད་ཚོགས་གསུམ་མནྡ་རས། །རྣམ་གྲོལ་རྒྱ་མཚོ་བསྲུབས་པ་ལས། །སྐྱེས་པའི་གཟུགས་སྐུའི་ཟླ་བ་གསར། །གདུལ་བྱའི་ཤར་རིའི་ཕྲག་ན་མཛེས། །དེ་མཐུས་འདི་ན་གནས་པ་ཡི། །ཀུན་རྨོངས་ཆུ་བ་ལ་བརྟེན་པའི། །གུས་འབངས་ཨུཏྤལ་དཀར་པོ་ཡང་། །སྤྲོ་དགའི་ལང་ཚོ་སྙིང་ནས་དགོད། །སླད་མའི་ཆར་ཡང་བརྩེ་བ་ཆེའི། །རིང་ལུགས་སྣང་བའི་མུ་ཁྱུད་མཆོག །ཐུགས་བསྐྱེད་ཤིང་རྟས་དྲངས་པ་ལ། །ངལ་མེད་བརྩོན་བཞིན་འཚོ་གཞེས་གསོལ། །ཞུ་འདེགས་གནག་མིན་འདབ་གཤོག་ཟུང་། །གཡོ་བའི་འཕྲིན་ཡིག་ཡུལ་འཁོར་འཛིན། །དད་གསུམ་རྐང་གདུབ་མཛེས་བཞིན་དུ། །རྣམ་པར་དགེ་བའི་ཚེས་ལ་སོང་། །དེ་བཞིན་དུ་དཔལ་ལྡན་ས་ངོར་ཚར་གསུམ་གྱི་བསྟན་པ་འཛིན་པའི་བླ་སྤྲུལ་ཆེ་ཕྲ་ཇི་སྙེད་ཅིག་མཆིས་པ་རྣམས་ལའང་དེ་དག་གི་རིགས་འགྲེ་སྟེ་ཇི་


JKT018_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འོས་པར་སྦྱར་བར་བྱ་ལ། །གཞན་ཡང་ཕྱི་འགྱུར་གསར་མ་ལས་ཇོ་ཞལ། །བོ་ཤངས། ཞི་གཅོད་སོགས་ནང་གསེས་ཀྱི་གྲུབ་མཐའ་འཛིན་པ་ཕྲ་མོ་མཐའ་ཀླས་པ་ཞིག་མཆིས་པ་སོ་སོར་དཔེར་བརྗོད་ན་ཧ་ཅང་ཡི་གེས་འཇིགས་པ་དང་། །དོན་གཉེར་ཅན་དག་ལའང་ཉེ་བར་མཁོ་བའི་འོས་སུ་མ་གྱུར་པའི་ཕྱིར་དང་། །གལ་སྲིད་དགོས་པ་བྱུང་ནའང་གོང་འོག་བྲིས་པ་རྣམས་ལ་སྐབས་ཐོབ་སྦྱོར་བའི་དབང་དུ་བྱས་ཏེ་རེ་ཞིག་བཞག་གོ། །།གསང་སྔགས་སྔ་འགྱུར་བཀའ་གཏེར་གྱི་བསྟན་འཛིན་ཆེན་པོ་རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུའི་ཞབས་པད་དུ་འབུལ་ན། །གཟོད་ནས་ཀ་དག་འོད་གསལ་ཆོས་ཀྱི་དབྱིངས། །སྙོམས་པར་ཞུགས་ལས་སླར་ཡང་སྤྲུལ་པའི་གར། །ལྷུན་གྲུབ་ཐུགས་རྗེར་རོལ་པའི་མཚན་དཔེའི་གཟུགས། །ཞབས་སེན་ཆེ་དགུའི་གཙུག་ན་མཐོ་དེའི་དྲུང་། །དད་གསུམ་ཆུ་བས་སྲུངས་བའི་ཕང་པ་ལས། །ཐལ་མོའི་མེ་ཏོག་སྤྱི་བོར་ཟླུམ་དང་བཅས། །ཞུ་མཆིད་མགྲིན་པའི་རྒྱུད་མངས་འཁྲོལ་བ་ཡང་། །རཡིག་གཉིས་པའི་ཟོལ་གྱིས་འོངས་པར་གྱུར། །གང་ཁྱོད་དམ་པའི་དོན་དུ་རབ་ཞི་ཕྱིར། །སྐྱེ་སོགས་སྤྲོས་པའི་ཕ་རོལ་ཟད་གྱུར་ཀྱང་། །ཚུར་མཐོང་ཀུན་དགའི་དཔྱིད་གྱུར་པདྨ་དཀར། །གྲུབ་རིགས་རྒྱ་མཚོའི་རལ་རྩེར་རྟག་ཏུ་མཛེས། །ཁྱད་པར་སྔ་འགྱུར་ལོ་པཎ་ཐུགས་བསྐྱེད་ཀྱིས། །ཉེར་དྲངས་ནང་


JKT018_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་གསུམ་སྤྲིན་གྱི་ཕྲེང་། །རྨད་བྱུང་ཟབ་གཏེར་བདུད་རྩིའི་དོགས་པར་བཅས། །འཛིན་གང་སྔོན་མེད་གདེངས་ཅན་བདག་པོར་དྲན། །དེ་སླད་འཚོ་གཞེས་བརྟན་པའི་གྲགས་དཀར་གྱིས། །ཡིད་རབ་བརླན་པའི་གུས་འབངས་འདུ་གསུམ་པ། །ལང་ཚོའི་སྤྱོད་ཡུལ་ཉམས་པར་མ་གྱུར་བཞིན། །དད་དང་སྤྲོ་བའི་དགའ་སྟོན་ཅིར་ཡང་འཕེལ། །སླད་མར་ཡོངས་སུ་གྲུབ་པའི་ཡེ་ཤེས་སྐུར། །འཕོ་འཇིགས་བློ་ཡི་རི་མོ་ལས་འདས་ཕྱིར། །ཚུར་མཐོང་བྱིས་བློའི་ངོར་ཡང་མི་བསྒྲིབས་པར། །འཆི་མེད་རྡོ་རྗེའི་ཁྲི་ལ་ཞབས་བརྟན་ཅིང་། །ཇི་ལྟར་ཟླ་བས་རེག་པའི་ཆུ་གཏེར་ལྟར། །སྔ་འགྱུར་བཤད་སྒྲུབ་བསྟན་པའི་བ་དན་ནི། །སྲིད་པའི་མཐར་ཡང་ནུབ་མེད་བསྒྲེངས་བཞིན་དུ། །འདིར་ཡང་རྗེས་སུ་བརྩེ་བས་ཁྱབ་པར་གསོལ། །ཞུ་མཆིད་སྙན་པའི་རྒྱུད་མངས་མགྲིན་པ་རུ། །མ་བྱིན་བླངས་ལས་བསྟི་བའི་ངང་མོ་དཀར། །རྟེན་གྱི་འདབ་གཤོག་ཁྱུག་ཁྱུགས་གཡོ་བཞིན་དུ། །ཞབས་སེན་པུཎྜ་རི་ཀའི་ཚལ་དུ་དེངས། །ཡང་ན། བསྐལ་མང་དྲི་བྲལ་ཐུགས་བསྐྱེད་ཆུ་ཡི་གཏེར། །སྐྱེ་དགུའི་བསོད་ནམས་ས་བརྟོལ་དབང་པོ་ཡིས། །བསྲུབས་ལས་མཚན་དཔེའི་ཉི་མ་འབར་བའི་གཟིས། །ས་གསུམ་སྣང་བར་མཛད་དེའི་ཞབས་པད་མོར། །འདི་ན་ཀུན་དགའི་མཚར་སྡུག་རྫོགས་པ་ཡི། །ཟླ་གཞོན་མཐོང་ལས་དགའ་བའི་ཚངས་རིགས་བཞིན། །


JKT018_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་རྣམ་ཐར་རྨད་བྱུང་གིས་གསོས་པས། །དད་གསུམ་ལང་ཚོ་རྒྱས་དེས་མཆིད་འདི་ཕུལ། །དེང་དུས་ཡོངས་རྫོགས་བསྟན་པའི་ཤར་རིའི་ཕྲག །སྔ་འགྱུར་བཀའ་གཏེར་ཉིན་མོའི་རླབས་བཀྱེ་བས། །གངས་ལྗོངས་ཕན་བདེའི་དགའ་ཚལ་དར་བབས་པ། །འདི་ཀོ་ཁྱོད་གཅིག་ཁོ་ནའི་མཐུ་ལས་བྱུང་། །དེ་སླད་ཞབས་སེན་བརྟེན་པའི་གཏམ་ཙམ་ཡང་། །ཐོབ་པས་དང་པོའི་ས་ཡི་སིམ་པ་ལས། །རབ་ལྷག་དད་སྤྲོས་མྱོས་པའི་གུས་འབངས་ཀྱང་། །འདུ་ཤེས་གསུམ་གྱི་ཁོལ་པོར་བདེ་བར་མཆིས། །སླད་ནས་གསང་མཆོག་གདམས་པའི་གྲུ་ཆར་གྱིས། །ཚེ་གཅིག་སྐུ་བཞིའི་འབྲས་བུ་གཡུར་ཟ་བའི། །བྱེད་པ་ཀླུ་དབང་ཁྱོད་ལ་རགས་ལས་ཕྱིར། །ཡུན་དུ་འཆི་མེད་རྒྱལ་རྔ་བརྡུང་བར་མཛོད། །ཞུ་མཆིད་རབ་གུས་མཛེས་མའི་འགྲམ་ཆང་གིས། །བྲན་ལས་སྙན་ཚིག་སྒྲ་ཅན་རྒོད་པའི་འགྲམ། །རྗེས་བརྩེའི་སྤྱན་ཟུར་འདྲེན་པའི་ཁ་ལོ་པ། །རྟེན་གྱི་འབྲས་བཟང་ཅུང་ཟད་གཡོ་བཞིན་ཕུལ། །ཡང་ན། འཆི་མེད་པདྨ་ཀ་ར་ཡི། །བཀའ་གཏེར་བསྟན་པའི་རྒྱལ་ཐབས་ལ། །དབང་བསྒྱུར་རིག་འཛིན་བླ་མ་ཆེའི། །ཞབས་པད་སྲིད་ན་མཐོ་དེའི་དྲུང་། །རབ་གུས་རྩེ་དགའི་འཁྲི་ཤིང་མའི། །སོར་མོས་རེག་པའི་བཉྫ་ལས། །ཞུ་མཆིད་འཛུམ་རྒྱ་གྲོལ་བ་ཡིས། །གང་ཐུགས་དགྱེས་པ་བསྐྱེད་ལ་རིངས། །གཟོད་ནས་བྱང་ཆུབ་སྙིང་


JKT018_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རུ། །གྲུབ་པའི་ལང་ཚོ་རྒྱས་ནས་སླར། །སྙིང་རྗེས་གཟུགས་སྐུར་བསྟན་པ་ཡི། །འཚོ་གཞེས་དགེ་མཚན་གསལ་ལགས་གྲང་། །འདི་ན་གྱི་ནའི་སྤྱོད་པ་ཡིས། །ཉེ་བར་འཚོ་བའི་གུས་འབངས་ཀྱང་། །གང་ཞབས་ཐུགས་རྗེ་ལ་འཆེལ་བས། །དལ་རྟེན་ཉམས་པར་མ་གྱུར་ཙམ། །སླད་མའི་ཆར་ཡང་གསང་བ་གསུམ། །བདེ་ཆེན་རྡོ་རྗེར་འཚོ་གཞེས་ཤིང་། །ཐེག་མཆོག་སྨིན་གྲོལ་ཆོས་ཀྱི་སྒྲས། །བསིལ་ལྡན་ཕན་བདེའི་དཔལ་སྦྱིན་གསོལ། །རྒྱུའོ་པདྨའི་ནགས་ཚལ་དུ། །སྦྲང་རྩིས་མྱོས་པའི་བུང་བ་སྟེ། །ཁྱོད་ཞབས་ལྷ་བརྒྱའི་ཅོད་པན་དེར། །གསོལ་འདེབས་སྙན་པའི་མཆིད་འདིའོ། །སྨིན་གླིང་ཁྲི་རིན་པོ་ཆེར་འབུལ་ན། འགྱུར་བཅས་ཆོས་ཁམས་འཕོ་མེད་དབུ་མའི་དབྱིངས། །རྣམ་རོལ་མཚོ་སྐྱེས་རྡོ་རྗེའི་ཡེ་ཤེས་བྱིན། །གྲུབ་པའི་རིགས་ཀྱི་ཐིག་ལེ་ལ་ཆགས་པ། །ཞབས་སེན་སྲིད་ན་མངོན་མཐོའི་ཉེ་དྲུང་དུ། །རྒྱུའོ་སྐྱེད་མོས་ཚལ་དུ་གཞན་གསོས་དང་། །ཁོར་ཡུག་ཆུ་གཏེར་ངོགས་སུ་སོ་ལྡན་ཏེ། །མགོན་པོ་ཁྱོད་ཀྱི་བརྩེ་ཆེན་གཟིགས་པའི་མདུན། །དད་སྤྲོའི་དགའ་བ་རྒྱས་པའི་མཆིད་འདིའོ། །མ་ལུས་རྒྱལ་བའི་ཐུགས་རྗེའི་དབྱིག་འཛིན་ཁམས། །རྨད་བྱུང་སྙིང་རྗེའི་བརླན་གྱིས་བསྲུབས་པ་ལས། །དོན་གཉིས་མཚར་སྡུག་རྫོགས་པའི་པདྨོ་ཞིག །ཤར་བའི་མོད་ནས་ས་གསུམ་ཀུན་དགར་བྱས། །ཁྱད་པར་སྔ་འགྱུར་


JKT018_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བབས་ཆུ་བོ་བཞི། །རིལ་གྱིས་གཞོལ་བའི་གང་ཐུགས་སིནྡྷའི་བདག །ཟབ་གཏེར་ནོར་བུའི་འབྱོར་པས་ཡོངས་གཏམས་བཞིན། །གསང་བསྟན་རྒྱ་མཚོའི་དཔྱིད་དུ་གསལ་དེར་གུས། །འདིར་གནས་ཀུན་རྨོངས་སྤྲིན་གྱིས་སྒེག་པ་ཡང་། །ཆོས་བརྒྱད་གློག་གི་བུ་མོ་བཞད་ལྡན་མས། །སྙིང་ལ་མཛའ་བའི་ཞགས་པས་མ་བཏང་བཞིན། །གང་གི་བཀའ་དྲིན་ཁོ་ནས་མངོན་པར་འཚོ། །འབྱུང་འགྱུར་དུས་ཀྱང་གཟོད་ནས་ཡོངས་གྲུབ་པའི། །མི་ཤིགས་མཁའ་ཡི་རྡོ་རྗེར་དམ་འཁྱུད་པས། །འཆི་མེད་རྟག་པའི་གོ་འཕང་བརྙེས་ཟིན་ཕྱིར། །སྲིད་འདིར་བསྐལ་པ་རྒྱ་མཚོར་ཞབས་བརྟན་ཅིང་། །ཟླ་མེད་མཁྱེན་བརྩེ་ནུས་པའི་སིམ་འོད་ཀྱིས། །ཕྱོགས་བསླད་ཁེངས་པའི་ཆུ་སྐྱེས་ཟུམ་པ་དང་། །ངེས་དོན་བཤད་སྒྲུབ་སྣང་བ་རྒྱས་པའི་ཁྲོད། །བདག་སོགས་ཕན་བདེའི་ངལ་འཚོས་ཚིམ་པར་མཛོད། །དེ་སྐད་ཞུ་མཆིད་བནྡྷ་ཛི་བ་ཀ །བརྗོད་པ་སྙན་པས་བཏབ་པའི་མཁུར་ཚོས་སུ། །གཟིགས་རྟེན་གེ་སར་ཅུང་ཟད་རྒོད་དང་བཅས། །གངས་ཞབས་བསྔགས་འོས་ཆུ་གཏེར་ཆེ་དེར་གཏོར། །ཡང་ན། གྲུབ་པའི་སློབ་དཔོན་པདྨ་སཾ་བྷཱ་བས། །གྲུབ་གཉིས་སྤྲིང་ཡིག་བཏབ་པའི་གངས་ཅན་གྱི། །གྲུབ་རིགས་རྒྱ་མཚོའི་གཙུག་ཏོར་རྩེ་མོ་རུ། །གྲུབ་པའི་ཞབས་སེན་བཀོད་དེའི་ཉེ་དྲུང་དུ། །གསལ་གསལ་གང་གི་བྱིན་རླབས་ཀ་དམྤ། །དྭངས་


JKT018_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་ཡིད་མཁར་ཤར་བའི་དེ་མ་ཐག །གུས་གུས་སྤུ་སྡུག་ངོམས་པའི་རྣ་རྒྱན་ཅན། །འགྲིགས་འགྲིགས་ཚིག་གི་ཟློས་གར་བསྒྱུར་ལ་ཕྱོགས། །མགོན་ཁྱོད་སྔ་འགྱུར་བཀའ་གཏེར་བསྟན་པའི་སྲོལ། །སྲོལ་འབྱེད་སྐུ་གསུམ་སྟོན་པའི་རྒྱལ་ཚབ་ཆེར། །ཆེས་ཆེར་འཚོ་གཞེས་བརྟན་པའི་གྲགས་དཀར་ཕུལ། །ཕུལ་བྱུང་དགེ་མཚན་སྣང་བ་འབར་དེར་གུས། །རྣམ་མང་འཁྲུལ་པའི་ཤེ་མུན་གྱིས་བཅིངས་པས། །རྣམ་མཁྱེན་ལམ་གྱི་སྣང་བ་སྟོར་བདག་ཀྱང་། །རྣམ་འདྲེན་ཁྱོད་ཞབས་བྱིན་རླབས་སིམ་འོད་ཀྱིས། །རྣམ་དཀར་དལ་རྟེན་ས་སྦྱིན་མ་ཉམས་ཙམ། །སླར་ཡང་། འཆི་མེད་གྲུབ་པའི་ཆོ་ག་དགེ་བྱས་པས། །འཆི་མེད་རྟག་པའི་ལང་ཚོ་འབར་བ་གང་། །འཆི་མེད་གསར་དུ་བརྙེས་པའི་ཚུལ་སྟོན་བཞིན། །འཆི་མེད་བདུད་རྩིས་འདིར་ཡང་སྐལ་བཟང་མཛོད། །ཡང་ཡང་གུས་པའི་སྦྲང་རྩིས་ཡིད་མྱོས་པས། །ལྷོད་ལྷོད་མགྲིན་པའི་ལམ་ནས་ཞུ་གསོལ་དབྱངས། །སྙན་སྙན་རྒྱུད་མང་བརྡུངས་བའི་བྷ་མ་རས། །མཛེས་མཛེས་རྟེན་གྱི་གཤོག་རླབས་གཡོ་བཞིན་དེངས། །ཡང་ན། སངས་རྒྱས་གཉིས་པའི་ཐུགས་རྗེའི་བརླན། །དཔལ་ལྡན་མྱོས་རིགས་འཁྲི་ཤིང་གིས། །བཏུང་ལས་གྲུབ་པའི་ཨུཏྤ་ལ། །རྣམ་པར་བཞད་དེའི་ཞབས་སྟེགས་སུ། །མཆུ་སྒྲོས་བིམྦའི་ནགས་ཚལ་ནས། །གུས་པའི་ཞུ་མཆིད་མེ་ཏོག་གསར། །གང་གི་ཕྱོགས་


JKT018_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དགོད་པ་ཡང་། །ཡེ་ཤེས་གཟིགས་པའི་འབབས་སྟེགས་ལགས། །འདི་ན་སྔ་འགྱུར་བཀའ་གཏེར་གྱི། །བསྟན་དང་སྟོན་པ་རྒྱ་མཚོའི་དབུས། །མངོན་པར་མཐོ་བའི་གདེངས་ཅན་དབང་། །འཚོ་གཞེས་ཤིས་པ་གསལ་ལགས་གྲང་། །ཇི་ལྟར་དཔྱིད་ཀྱིས་བཟུང་བ་ཡི། །པུཎྜ་རཱི་ཀའི་དཔལ་བཞིན་དུ། །མཆོག་གསུམ་ཐུགས་རྗེས་འཁྱུད་བདག་ཀྱང་། །དལ་རྟེན་ཉམས་པར་མ་གྱུར་ཙམ། །སླད་མའི་ཆར་ཡང་ལྷར་བཅས་ཀྱིས། །མངོན་པར་འདུད་འོས་ཆོས་ཀྱི་ཁྲིར། །གསང་གསུམ་བསྐལ་བརྒྱར་གཡོ་མེད་བཞིན། །འདིར་ཡང་ཐུགས་རྗེའི་འཇུག་པས་སྐྱོངས། །དེ་སྐད་ཞུ་མཆིད་ཞི་བའི་འགྲོས། །དད་གུས་ལྷ་ཡི་རྫིང་བུ་ནས། །རྟེན་གྱི་འདབ་མ་ཟུངས་བསྐྱོད་དེ། །གསོལ་འདེབས་ཅ་ཅོ་སྒྲོགས་བཞིན་དེངས། །ཞེས་པ་ལྟ་བུ་དང་། གཞན་ཡང་སྔ་འགྱུར་བཀའ་མ་དང་། །ཟབ་གཏེར་སོ་སོའི་རིང་ལུགས་འཛིན་པའི་སྔགས་འཆང་དང་བླ་སྤྲུལ་སོགས་ཆེ་ཕྲ་ཇི་སྙེད་ཅིག་མཆིས་པ་རྣམས་ལའང་དེའི་རིགས་འགྲེས་ཇི་ལྟར་འོས་པ་སྦྱར་བར་བྱ་བ་ལས་འདིར་བརྗོད་ཀྱིས་མ་ལྡངས་སོ། །དཔལ་སྤུངས་སི་ཏུ་རིན་པོ་ཆེ་དང་། ལྷོ་ཁམས་པ་སྤྲུལ་པའི་སྐུ་སོགས་མདོ་ཁམས་ཕྱོགས་ཀྱི་ཀར་འབྲུག་གི་བླ་སྤྲུལ་ཆེ་གྲས་ཞིག་ལ་འབུལ་ན། །སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་ཨུཏྤ་ལ། །མཁྱེན་བརྩེ་ནུས་པའི་འོད་རྣོན་གྱིས་ཕྱེ་བའི། །གཞན་


JKT018_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ཟླ་བའི་ཟེར་ལ་ལྟོས་མིན་པའི། །ཁྱབ་བདག་ཉི་མ་གཞོན་ནུའི་ཞབས་སྟེགས་སུ། །གུས་པའི་བློ་གྲོས་སྤྲིན་གྱི་མེ་ཏོག་གིས། །ཡང་ཡང་གསོས་པའི་དད་གསུམ་ཆུ་སྐྱེས་གསར། །སྙན་ཚིག་སྦྲང་རྩིའི་བསུང་ཞིམ་ལ་ཆགས་པས། །རྗེས་བརྩེའི་བུང་བ་གཡོ་བའི་འབབས་སྟེགས་གྱུར། །གང་གི་རྣམ་ཐར་ལི་ཁྲིའི་ཐིག་ལེ་ཡིས། །མཁུར་ཚོས་མཛེས་པའི་གཏམ་གྱི་གུར་གུམ་ཕྲེང་། །ཕྱོགས་བྲལ་མཁས་ཀུན་རྣ་རྒྱན་བྱས་ས་ལ་རིངས། །ཁྱད་པར་ངེས་དོན་བསྟན་མཆོག་ཕྱག་རྒྱ་ཆེ། །སྒྲིབ་གཉིས་དྲི་ཀུན་འཁྲུ་བའི་གང་གཱའི་རྒྱུན། །མཁྱེན་དཔྱོད་རལ་པའི་ཆུ་འཛིན་ལས་འབེབས་བཞིན། །འཚོ་གཞེས་བརྟན་པའི་བཀའ་དྲིན་རྨད་དུ་བྱུང་། །འདི་ན་སྐྱབས་གནས་རྒྱ་མཚོའི་ཞལ་སྐྱིན་མཆོག །དཔལ་ལྡན་བླ་མའི་ཐུགས་རྗེའི་ཁང་བཟངས་སུ། །དོགས་པ་མེད་པར་བསྟི་བའི་གུས་འབངས་ཀྱང་། །ཉེར་འཚེའི་ཚ་གདུང་སྐབས་ཙམ་བྲལ་བཞིན་མཆིས། །སླད་མར་ཞབས་མཐིལ་འཁོར་ལོའི་རེ་ཁྭ་ཅན། །གྲུབ་མཆོག་བྱེ་བའི་སྤྱི་བོར་རྟག་བརྟན་བཞིན། །མཁྱེན་གཉིས་གཟིགས་པའི་ཡེ་ཤེས་ར་བ་རུ།། བདག་ཀྱང་བྱང་ཆུབ་བར་དུ་སྐྱོང་བར་མཛོད། །དེ་སྐད་ཞུ་མཆིད་སྙན་པའི་རོལ་མོ་ཡིས། །མགྲིན་པར་མཛེས་པའི་དཔྱིད་ཀྱི་ཕོ་ཉ་མོ། །གུས་སྤྲོའི་འདབ་གཤོག་གཡོ་དང་ཆབས་ཅིག་པར། །གང་ཞབས་པདྨའི་


JKT018_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཚལ་དམ་པར་ཆས། །ཡང་ན། རྨད་བྱུང་ཡོན་ཏན་བདུད་རྩིའི་དོགས་པ་ཡིས། །རབ་བརླན་ལུང་རྟོགས་མཚར་སྡུག་རྫོགས་པའི་དཔྱིད། །རྣམ་འདྲེན་ལྷ་ཡི་དཔག་བསམ་འདིའོ་ཞེས། །སྐལ་བཟང་རྣམ་སད་དགའ་བའི་དཔལ་དེའི་དྲུང་། །གུས་སྤྲོའི་ནམ་མཁའི་རྣ་རྒྱན་འཛུམ་པ་ལས། །ལེགས་པར་འབབས་པའི་སིམ་འོད་དཀར་པོ་ཡིས། །རབ་དྭངས་ཡིད་ཀྱི་ཀུ་མུད་བྱེ་བ་ལས། །སྙན་ཚིག་སྦྲང་རྩིའི་བསུང་ཞིམ་འཐུལ་ལ་རིངས། །གཟོད་ནས་དཔྱིད་དང་ཐིག་ལེ་མི་ཕྱེད་པའི། །བདེ་ཆེན་རྡོ་རྗེའི་དབྱིངས་སུ་སྙོམས་ཞུགས་ཀྱང་། །ཚུར་མཐོང་འགྲོ་བ་སྒྲོལ་བའི་མཚན་དཔེའི་གཟུགས། །འཚོ་གཞེས་བརྟན་པའི་ཐབས་མཁས་དགེ་ལགས་སམ། །འདི་ན་སྐྱོབ་པ་གང་གི་ཐུགས་རྗེའི་བྱིན། །གཟུགས་ཅན་བཞིན་དུ་རྒྱུ་བའི་སྨན་ཡོན་གྱིས། །ཉེར་འཚེའི་འདུ་བྱེད་རིང་དུ་བསྲིང་བ་དང་། །དད་དམ་ལྷག་བསམ་དར་བའི་དཔྱིད་དུ་གྱུར། །སླར་ཡང་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ། །ངེས་གསུང་སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་མཆོག །ཕྱོགས་བརྒྱར་སྤེལ་བའི་རྩ་ལག་གཅིག་པུ་རུ། །རྡོ་རྗེའི་ཆོས་བདུན་ཕྱག་རྒྱར་འཚོ་གཞེས་གསོལ། །དེ་སྐད་ཞུ་བའི་མཆིད་ཚིག་མནྡཱ་ར། །ལྷག་བསམ་དར་གྱི་སྲད་བུར་ལེགས་སྦྲེལ་ཏེ། །གཟིགས་རྟེན་རྒྱན་གྱི་ཚོམ་བུས་བཀྲ་དང་བཅས། །ཞབས་སེན་རི་མོར་བགྱི་སླད་གུས་པས་ཕུལ། །


JKT018_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན། གྲུབ་པ་མཆོག་གི་ཟླ་ཤེལ་ནི། །གྲུབ་རིགས་ཤར་རིའི་གཙུག་ཏོར་དུ། །གྲུབ་པའི་རྣམ་འདྲེན་རྡོ་རྗེ་འཛིན། །གྲུབ་པ་རྒྱ་མཚོའི་དཔལ་དེའི་དྲུང་། །གང་གི་ཡོན་ཏན་རྨད་བྱུང་སྤྲིན། །གྲགས་པའི་ཆར་གྱིས་ལྕི་བ་ལ། །དད་གུས་མིག་གཏོད་མདོངས་མཐའ་མས། །ཞུ་མཆིད་ཟློས་གར་རྩེན་འདིའོ། །གང་ན་ངེས་དོན་བསྟན་པ་ཡི། །མགོན་དུ་གྱུར་པའི་རྣམ་འདྲེན་ཁྱོད། །འཚོ་གཞེས་བརྟན་པའི་བཀའ་དྲིན་གྱིས། །གུས་སྤྲོ་ཕན་ཚུན་འགྲན་བཞིན་རྒྱས། །རྨོངས་དང་མ་རིག་འཁྲུལ་པའི་སྨག །འཕྱན་ལས་ལྡང་བའི་སྐབས་བྲལ་བདག །མཆོག་གསུམ་ཐུགས་རྗེའི་སྒྲོན་མེ་ལ། །བརྟེན་ནས་ཅུང་ཟད་ངལ་འཚོ་ཐོབ། །སླར་ཡང་སྲིད་དང་ཞི་བ་ཡི། །མཐའ་གཉིས་ལས་བརྒལ་སྤྱི་ཏོར་རྩེར། །མི་འགྱུར་མཆོག་བདེའི་ཕྱག་རྒྱ་ལ། །དགྱེས་པར་རོལ་པའི་བཀའ་དྲིན་སྩོལ། །དེ་སྐད་དྲི་མ་མེད་པ་ཡི། །ཞུ་མཆིད་སྙན་པར་སྨྲ་བའི་ཚིག །རྟེན་གྱི་དངོས་པོ་དང་འགྲོགས་ཏེ། །རྗེས་བརྩེའི་སྤྱན་ཟུར་གཡོ་སླད་ཕུལ། །དཔལ་སྤུངས་དབོན་སྤྲུལ་སོགས་ཀར་འབྲུག་གི་བླ་སྤྲུལ་འབྲིང་གྲས་ལ་འབུལ་ན། །བསྐལ་མང་ཚོགས་གསུམ་ཆུ་མཚོར་བསྐྱེད་བསྲིངས་པས། །ངེས་དོན་བསིལ་བའི་རེག་བྱ་མ་སྨད་ཅིང་། །སྒྲུབ་བརྒྱུད་ས་ཡི་གདུ་བུ་བཞད་པའི་དཔྱིད། །ཁྱབ་བདག་མཆོག་གི་ཟླ་བ་གསར་པའི་དྲུང་། །གང་གི་རྣམ་ཐར་རྨད་བྱུང་ལང་

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


JKT018_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཚོའི་གཏེར། །མ་ཉམས་རི་དྭགས་མིག་མའི་སོར་རྩེ་ཡིས། །བསྣུན་པའི་མོད་ནས་དད་གུས་ཨ་ཤོ་ཀ །ཞུ་མཆིད་མེ་ཏོག་གྲོལ་བའི་རྐྱེན་དུ་བྱས། །གང་ཚེ་རིག་གྲོལ་སྤྱོད་པའི་ཆུ་སྐྱེས་ཀྱིས། །རྣམ་པར་འཁྲིལ་བའི་གཟུགས་སྐུའི་གོ་བི་དཱ། །སྨིན་གྲོལ་འབྲས་བཟང་དུད་དང་ཆབས་ཅིག་པར། །སྐལ་བཟང་ཀུན་དགའི་བདུད་རྩི་གསར་པ་སྟོབ། །ཁྱད་པར་ནང་གི་དེ་ཉིད་ཕྱག་རྒྱ་ཆེ། །མངོན་དུ་བརྙེས་ནས་གཞན་ལ་འདོམས་མཁས་པའི། །སྒྲུབ་བརྒྱུད་བསྟན་པ་སྤེལ་བའི་བྱེད་པོ་གང་། །འཚོ་གཞེས་བརྟན་པའི་བཀའ་དྲིན་འབྱམས་སུ་ཀླས། །འདི་ན་གྱི་ནའི་སྤྱོད་པས་འཚོ་བ་ཡི། །དམན་པ་བདག་ཀྱང་མཆོག་གསུམ་འདུས་པའི་ཞལ། །དཔལ་ལྡན་བླ་མའི་ཐུགས་རྗེ་ལ་བརྟེན་ནས། །ལང་ཚོའི་འདུ་བྱེད་མ་ཉམས་བདེ་བར་མཆིས། །སླད་མའི་ཆར་ཡང་འཆི་མེད་བདེ་བ་ཆེས། །མི་འགྱུར་རྟག་པ་དམ་པའི་ཕྱག་རྒྱ་ལ། །དགྱེས་པར་རོལ་པའི་ངོ་མཚར་རྨད་བྱུང་བ། །ཚུར་མཐོང་བྱིས་བློའི་ངོར་ཡང་མི་སྦེད་གསོལ། །ཞུ་མཆིད་སྙན་པར་སྨྲ་བའི་མཚར་སྡུག་གསར། །མ་ཉམས་རྫོགས་པའི་འཕྲིན་ཡིག་ཨུ་དུམྦར། །དད་གུས་མཛེས་མའི་ཐོད་པར་བཅིངས་བཞིན་དུ། །གང་ཞབས་སྤྱི་བོར་མཆོད་སླད་མངོན་པར་དེངས། །ཡང་ན། ངེས་དོན་བསྟན་པའི་ཟླ་ཤེལ་འདྲེན་བཟོད་པའི། །ཐུགས་བསྐྱེད་ཤིང་རྟའི་སྒྱུ་ཐབས་ཕུལ་བྱུང་ཞིང་། །


JKT018_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་འོས་ཡོན་ཏན་དུ་མའི་གཏེར་གྱུར་པ། །ཁྱབ་བདག་དཔལ་ལྡན་བླ་མའི་ཞབས་དྲུང་དུ། །རྟག་པར་གུས་པའི་ཡིད་ཀྱི་རོལ་མོ་ནི། །ཚིག་སྦྱོར་སོར་རྩེའི་འཕྲུལ་གྱིས་བསྐུལ་བ་ལས། །ཞུ་མཆིད་དབྱངས་བདུན་རྫོགས་པའི་མཆོད་སྤྲིན་གྱིས། །ཡེ་ཤེས་གཟིགས་པའི་འབབས་སྟེགས་སར་པ་བྱས། །ལུང་རྟོགས་ཆུ་བོ་རྣམ་བཞིའི་རོལ་རྩེད་ཀྱིས། །རྣམ་པར་བཏུད་པའི་གསང་གསུམ་སིནྡྷའི་བདག །ཕན་བདེའི་རིན་ཆེན་དུ་མའི་དོ་ཤལ་བཅས། །སྲིད་འདིར་བརྟན་པའི་གཏམ་གྱིས་ཀུན་དགར་གྱུར། །དེ་ཚེ་ཀུན་རྨོངས་མལ་དུ་མནལ་བ་ཡིས། །གྱི་ནའི་སྤྱོད་པས་འཚོ་བའི་བདག་ཅག་ཀྱང་། །མཆོག་གསུམ་བཀའ་དྲིན་རླུང་གཞོན་གྱིས་བསྐུལ་བའི། །ཅུང་ཟད་བདེ་བའི་ངལ་འཚོ་ཅིར་ཡང་ཐོབ། །སླད་ནས་སྒྲུབ་བརྒྱུད་བསྟན་པའི་བ་ཀུ་ལ། །མཁྱེན་དཔྱོད་མཛེས་མའི་ཁ་ཕྲུས་དབྱེ་བའི་སླད། །འཚོ་གཞེས་ལང་ཚོ་ཉམས་པར་མ་གྱུར་བཞིན། །འདིར་ཡང་རྗེས་སུ་བརྩེ་བའི་བཀའ་དྲིན་སྩོལ། །དེ་སྐད་ཞུ་མཆིད་མགྲིན་པའི་རྫ་རྔ་ཅན། །རྟེན་དངོས་གཤོག་དཀར་གཡོ་བས་མཛེས་པའི་གཟུགས། །གང་ཞབས་དོན་གཉིས་ཆུ་གཏེར་ཆེན་པོ་ལ། །གུས་པའི་ཡིད་ཀྱིས་རིངས་པར་བསྐྱོད་དེ་ཐལ། །ཡང་ན། བདེ་ཆེན་ཤེས་རབ་སྒྱུ་མའི་དབྱིངས། །སྙོམས་པར་ཞུགས་པའི་ཟློས་གར་ལས། །གདན་གསུམ་ཕྱག་རྒྱའི་སྐུར་བཞེངས་པ། །གྲུབ་པའི་


JKT018_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་མཆོག་གང་དེའི་དྲུང་། །གུས་པའི་ཆར་གྱིས་བྲན་པ་ལས། །ཁྱོད་ཡོན་ཉི་མར་རྗེས་ཆགས་བློ། །པདྨ་དཀར་པོ་བཞད་པའི་ཁོངས། །ཞུ་མཆིད་སྙན་པའི་དྲི་བསུང་འཐུལ། བྲལ་སྨིན་ཡོན་ཏན་ཨུཏྤ་ལ། །ངེས་དོན་འབྲས་བུས་ལྕི་བ་གང་། །སྒྲུབ་བརྒྱུད་བསྟན་འཛིན་དགའ་བའི་ཚལ། །མཛེས་པའི་རྒྱན་དུ་འབར་དེ་རྨད། །འདིར་ཡང་མཆོག་གསུམ་དབྱེར་མེད་པ། །དཔལ་ལྡན་བླ་མའི་བྱིན་རླབས་ཀྱི། །གདུགས་དཀར་གྲིབ་མར་ངལ་གསོས་པས། །ཉེར་འཚེའི་ཚ་གདུང་བྲལ་བར་མཆིས། །སླད་མར་འཆི་མེད་བདུད་རྩིའི་བཅུད། །ཐུགས་ཀྱི་ཐིག་ལེར་འདྲེས་པ་ལས། །ཇི་སྲིད་བསྐལ་པ་རྒྱ་མཚོའི་བར། །ཞབས་པད་རྟག་ཏུ་བརྟན་པར་གསོལ། །དེ་སྐད་ཞུ་བའི་མཆིད་ཚིག་ནི། །གཞན་གསོས་མགྲིན་པར་ཆགས་པའི་བློས། །རྟེན་གྱི་འདབ་གཤོག་ཟུང་བསྐྱོད་དེ། །དད་གསུམ་སྨན་ལྗོངས་མཆོག་ནས་དེངས། །རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་དང་། ཀཿཐོག་གདན་ས་པ་སོགས་མདོ་ཁམས་ཕྱོགས་ཀྱི་རྙིང་མའི་བླ་སྤྲུལ་ཆེ་གྲས་ཞིག་ལ་འབུལ་ན། །རྣམ་པ་ཀུན་ལྡན་འོད་གསལ་རྡོ་རྗེའི་སྤྲིན། །སྐལ་བཟང་མོས་པའི་མཁའ་ལ་ཤར་ཙམ་གྱིས། །ཐེག་མཆོག་སྙིང་པོའི་དགའ་ཚལ་དར་མཛད་པ། །ཁྱབ་བདག་རྡོ་རྗེ་འཛིན་པ་ག་ལ་བར། །མོས་གུས་ཡིད་ཀྱི་ཆུ་བ་ལྡེམ་པའི་རྩེར། །ཞུ་མཆིད་མེ་ཏོག་གཞོན་ནུའི་དོགས་པ་ཡིས། །


JKT018_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མཛེས་པའི་དོ་ཤལ་གསར་པ་ཡང་། །རྗེས་བརྩེའི་སྤྱན་ཟུར་གཡོ་བའི་མཆོད་སྤྲིན་ལགས། །གང་ཚེ་རྒྱལ་གསུང་ལམ་བདེན་མཐར་ཐུག་དབྱངས། །ནང་རྒྱུད་གསུམ་གྱི་རོལ་མོར་འཁྲོལ་བ་ལས། །སྔ་འགྱུར་ལོ་པཎ་དུ་མའི་ཐུགས་བསྐྱེད་ཀྱིས། །འཛིན་བཟོད་སྨིན་གྲོལ་རྒྱལ་ཐབས་ཁྱོད་ལ་མངའ། །ཁྱད་པར་གསང་གསུམ་དག་པའི་ཟླ་ཤེལ་ནི། །སྨོན་འཇུག་རི་དྭགས་མཚན་མ་དང་འགྲོགས་བཞིན། །གཞན་ཕན་ཐུགས་བསྐྱེད་འོད་དཀར་རིང་སྤྲོ་བས། །ལྷར་བཅས་ཀུན་ཏུ་དགའ་བའི་བདོག་པ་བྱིན། །འདི་ན་གྱི་ནའི་སྤྱོད་པས་འཚོ་བ་ཡང་། །འཁོར་དང་མྱ་ངན་འདས་པའི་ལེགས་ཚོགས་ཀྱི། །འབྱོར་པས་ཕོངས་ཀྱང་དམ་པ་ཁྱོད་ཁོ་ནའི། །བཀའ་དྲིན་ར་བར་འཁེལ་བས་ཉེར་འཚེ་བྲལ། །སླད་མར་ཟུང་འཇུག་གྲུབ་པའི་མདའ་གཅིག་གིས། །ཚུལ་མིན་འབོད་གྲོགས་མགོ་བོ་བྲེགས་ཏེ་སླར། །འཆི་མེད་སཱི་ཏཱའི་རྩེ་འཇོ་རོལ་བཞིན་དུ། །བདག་ཀྱང་ཐུགས་རྗེའི་ཕྱག་གིས་དམ་དུ་ཟུངས། །དེ་སྐད་སྙན་ཚིག་སཱ་ལའི་འཁྲི་ཤིང་ནི། །ཞུ་འདེགས་ཐང་ཆུ་དཀར་པོས་རྒྱས་བཏབ་ནས། །དད་གསུམ་དགེ་བའི་བསུང་ཞིམ་འཐུལ་དང་བཅས། །ཡེ་ཤེས་གཟིགས་པའི་སྤྱན་ལམ་མཛེས་ཕྱིར་ཕུལ། །ཡང་ན། ཤེས་རབ་མ་ཉམས་ཐབས་ཀྱི་བདག་ཉིད་ནི། །ཟུང་འཇུག་གྲུབ་པའི་གྲོང་དུ་རྣམ་རོལ་ཀྱང་། །འདི་ན་སྔ་འགྱུར་བསྟན་པའི་མིག་


JKT018_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ། །མཚུངས་བྲལ་རིག་འཛིན་བླ་མའི་ཞབས་པད་དུ། །ལྷག་མ་ཅན་གྱི་ཕྲག་གོང་འཐུག་པོ་ཡིས། །ས་འདི་རིར་བཅས་འདེགས་བཟོད་ངོ་མཚར་བཞིན། །ཁྱོད་ཀྱི་བྲལ་སྨིན་ཡོན་ཏན་མི་ཟད་ལྕིད། །ཞུ་མཆིད་སྙན་པར་སྨྲ་བས་རྗེས་མཚོན་བྱས། །སྡེ་སྣོད་བཞི་པོའི་ཆུ་གཏེར་ཆེན་པོ་རུ། །རྣམ་པར་རོལ་པའི་རིག་འཛིན་གདེངས་ཅན་དབང་། །སྐུ་བཞིའི་རྒྱལ་ཐབས་སྔོན་བརྙེས་ནོར་བུའི་ཏོག །དེ་ཉིད་ཁོ་ནས་སྲིད་འདིའི་མུན་པ་བསལ། །གང་གི་ཐུགས་རྗེའི་དགའ་ཚལ་སྟུག་པོ་ལ། །རྣམ་པར་དཀྱུ་བའི་གུས་འབངས་བདག་ཅག་ཀྱང་། །ཉེར་འཚེའི་ཉག་ཕྲན་སྦྱོར་བའི་གཡུལ་ངོ་རུ། །འཚོ་བའི་འདུ་བྱེད་མ་ཉམས་བཞིན་དུ་མཆིས། །སླད་མར་སྔ་འགྱུར་བསྟན་པའི་ས་མོས་ཚལ། །དྲི་མེད་ཕྱོགས་དུས་ཀུན་ཏུ་དར་རྒྱས་པ། །གྲུབ་མཆོག་ཟླ་གཞོན་ཁྱོད་ལ་རགས་ལས་ཕྱིར། །སྲིད་འདིར་ཞབས་བརྟན་མཛོད་ཅིག་ཁྱབ་བདག་རྗེ། །དེ་སྐད་ཞུ་མཆེད་ཨུཏྤལ་ཞགས་པ་ནི། །རབ་དྭངས་ཡིད་ཀྱི་ཆུ་མཚོར་བསྐྱེད་བསྲིངས་ནས། །གཟིགས་རྟེན་བུང་བ་གཡོ་བའི་འཕུར་ལྡིང་བཅས། །དད་སྤྲོའི་དགའ་བ་རྒྱས་པའི་ཚལ་ནས་ཕུལ། །ཡང་ན། གསང་མཆོག་འོད་གསལ་རྡོ་རྗེའི་ཐེག །ཟབ་དོན་ཀུན་གྱི་དེ་ཁོ་ན། །འཛིན་མཛད་གྲུབ་པ་རྒྱ་མཚོའི་ཏོག །དཔལ་ལྡན་བླ་མའི་ཞབས་པད་མོར། །རབ་གུས་ཡིད་ཀྱི་སྨིན་ལེགས་མས། །སྤྲོ་དགའི་


JKT018_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

སོར་རྩེས་བསྣུན་པ་ལས། །ཞུ་མཆིད་མྱ་ངན་མེད་པ་ཡི། །མེ་ཏོག་གྲོལ་དེ་སུ་ཡིས་བཟློག །གང་གི་མཁྱེན་པའི་ཨཱ་དརཱར། །རིམ་དགུའི་ཐེག་པའི་གཟུགས་བརྙན་ཀུན། །མ་འདྲེས་འཆར་བའི་རི་མོར་བཅས། །བསྟན་འགྲོའི་རྒྱལ་མཚན་ཏོག་ཏུ་སྦ། །དེ་སླད་དེ་ཡི་བཀའ་དྲིན་གྱིས། །ཉེ་བར་འཚོ་བའི་གུས་འབངས་ཀྱང་། །གྱི་ནའི་སྤྱོད་པས་དུས་འདའ་བཞིན། །ཉེར་འཚེ་བྲལ་བའི་གོ་སྐབས་ཐོབ། །འབྱུང་འགྱུར་དུས་ཀྱང་འཆི་མེད་ཀྱི། །བདུད་རྩིས་རབ་ཏུ་དགྱེས་པ་ལས། །གསང་གསུམ་རྡོ་རྗེའི་ཆོས་བདུན་དང་། །མི་ཕྱེད་གཅིག་ཏུ་འཚོ་གཞེས་གསོལ། །ཞུ་མཆིད་སྙན་པར་སྨྲ་བ་ཡི། །ལང་ཚོའི་མཚར་སྡུག་མ་ཉམས་པ། །རྟེན་དངོས་རིན་ཆེན་དོ་ཤལ་བཅས། །དད་གསུམ་གོམ་སྟབས་བསྒྱུར་གིན་སོང་། །ཞེ་སྤྲུལ་དང་། དཔལ་སྤྲུལ་སོགས་རྙིང་མའི་བླ་སྤྲུལ་འབྲིང་གྲས་ཞིག་ལ་འབུལ་ན། །རྨད་བྱུང་ཚོགས་གཉིས་རོལ་མཚོས་བཏུད་བྱས་པའི། །དགེ་ལེགས་ཉི་གཞོན་དྲ་བའི་དོགས་པ་ཡིས། །གསང་བསྟན་ཨུཏྤལ་ནགས་ཀླུང་དར་མཛད་པ། །ཁྱབ་བདག་རིག་འཛིན་བླ་མ་ག་ལ་བར། །མང་དུ་ཐོས་དང་དེ་དོན་བསམ་པ་དང་། །མཉམ་པར་བཞག་པའི་ཡོན་ཏན་རབ་དབེན་ཀྱང་། །གུས་སྤྲོའི་ལང་ཚོ་རྒྱས་པའི་བཞིན་བཟང་མས། །ཞུ་མཆིད་སྙན་པར་སྨྲ་བའི་གླུ་རུ་བླངས། །གཟུང་འཛིན་འཁོར་བའི་རིམས་ནད་སྟུག་པོ་ཡིས། །ཉེ་བར་


JKT018_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་བའི་འགྲོ་བ་མཐའ་དག་ལ། །སྨིན་གྲོལ་བདུད་རྩིས་བརླན་པའི་ཆོ་ག་མཁན། །ཁྱེད་ནི་སྔོན་མེད་གྲུབ་པའི་རྣ་རྒྱན་འཛིན། །ཁྱད་པར་སྔ་འགྱུར་འོད་གསལ་རྡོ་རྗེའི་ཐེག །མཐའ་ཡས་དཔག་པར་དཀའ་བའི་རོལ་མཚོ་ཆེ། །བློ་མཆོག་ཧུབ་གཅིག་གིས་བཏུངས་གྲགས་དཀར་གྱིས། །དྲང་སྲོང་བུམ་པ་སྐྱེས་ཀྱི་སྙན་པ་འཕྲོགས། །འདི་ན་འདུ་ཤེས་གསུམ་གྱི་དམ་འོག་ཏུ། །ཉེ་བར་བཞག་པའི་གུས་འབངས་ཀུ་སཱ་ལི། །མཆོག་གསུམ་དབྱེར་མེད་བླ་མའི་བྱིན་རླབས་ཀྱིས། །ལང་ཚོའི་འདུ་བྱེད་མ་ཉམས་བདེ་བར་བདོག །སླད་མར་ཡེ་ཤེས་གཟིགས་པའི་སྒྱུ་ཐབས་ནི། །གཞན་ཕན་སྙིང་རྗེའི་དཔྱིད་དང་འདྲེས་པ་ལས། །བསྐལ་པ་རྒྱ་མཚོའི་སྲིད་དུ་ཞབས་བརྟན་བཞིན། །འཆད་རྩོད་རྩོམ་པའི་དྲིལ་ཆེན་བསྒྲགས་པར་མཛོད། །ཞུ་མཆིད་རབ་དྭངས་ཡིད་ཀྱི་ཉི་གཞོན་གྱིས། །རྣམ་པར་ཕྱེ་བའི་ཚིག་རྒྱན་ཆུ་སྐྱེས་གསར། །རྟེན་དངོས་མཚར་སྡུག་ཡོངས་སུ་རྫོགས་པ་གང་། །དད་དང་སྤྲོ་བའི་སྨན་ལྗོངས་མཆོག་ནས་ཕུལ། །ཡང་ན། ལུང་རྟོགས་རིན་ཆེན་དུ་མའི་དོ་ཤལ་གྱིས། །མངོན་པར་སྤྲས་པའི་ཡོན་ཏན་སིནྡྷའི་བདག །དཔྱོད་ལྡན་ཆུ་ཀླུང་ཀུན་གྱིས་བཏུད་གྱུར་པ། །རྣམ་འདྲེན་ཁྱབ་བདག་བླ་མའི་ཞབས་དྲུང་དུ། །གུས་པའི་ཀུན་ཁོངས་ནས་འཛུམ་པའི་མོད། །ཞུ་མཆིད་དྲི་བསུང་མངར་པོ་འཐུལ་བའི་ཚེ། །རྣམ་མཁྱེན་


JKT018_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་གཟིགས་པའི་རོལ་མོ་ནི། །རཡིག་གཉིས་པའི་ཚུལ་གྱིས་གཡོས་པ་བཞིན། །གངས་རིའི་ཁྲོད་འདིར་སྡེ་སྣོད་བཞི་པའི་གཞུང་། །སྔ་འགྱུར་རྡོ་རྗེའི་ཐེག་ཏུ་ཡོངས་རྫོགས་པའི། །བསྟན་འཛིན་གྲུབ་པ་མཆོག་གི་མྱུ་ག་ཁྱོད། །འཚོ་གཞེས་བརྟན་པའི་བཀའ་དྲིན་གཅིག་ཏུ་རྨད། །འདི་ན་གུས་འབངས་གྱི་ནའི་སྤྱོད་ཚུལ་གྱིས། །རྣམ་པར་མྱོས་པའི་ཉི་ཚེའི་བློ་ཅན་ཀྱང་། །དད་གསུམ་འཁར་བ་ཁོ་ནར་བརྟེན་བཅས་པས། །སྲོག་གི་འདུ་བྱེད་གཡང་སར་མ་འཕྱན་ཙམ། །སླད་མར་གསང་བསྟན་ཨུཏྤལ་རོལ་པའི་མཚོ། །འཕེལ་ཞིང་རྒྱས་པའི་ངོ་མཚར་སྟོན་སླད་དུ། །གསང་གསུམ་སྤྲིན་གྱི་བ་གམ་རྟག་བརྟན་ཞིང་། །འདིར་ཡང་ཐུགས་རྗེའི་ཆར་ཆེན་དབབ་པར་གསོལ། །དེ་སྐད་སྙན་པར་སྨྲ་བའི་ཚིག་གི་ཕྲེང་། །ད་དིར་སྒྲོགས་པའི་ཞུ་མཆིད་བླ་མ་རཿ གཟིགས་རྟེན་གཤོག་རླབས་ཕྲ་མོ་གཡོ་དང་བཅས། །གང་ཞབས་ཕན་བདེའི་སྨན་ལྗོངས་དམ་པར་ཆས། །ཡང་ན། མཚོ་སྐྱེས་རྒྱལ་བ་གཉིས་པ་ཡི། །བསྟན་མཆོག་ཀུནའི་དགའ་ཚལ་ཆེ། །བྲལ་སྨིན་ཡོན་ཏན་ཟླ་ཤེལ་གྱིས། །དབྱེ་མཛད་ཁྱབ་བདག་བླ་མའི་དྲུང་། །རབ་ཏུ་གུས་པའི་གཞན་དབང་གིས། །ཡིད་ནི་སྤྲོ་དགའི་དཔལ་དང་བཅས། །ཞུ་མཆིད་སྙན་པར་སྨྲ་བའི་ཚིག །ཡི་གེའི་གཟུགས་སུ་རྣམ་པར་འཕོས། །བླ་ན་མེད་པའི་ཡེ་ཤེས་དང་། །ཐབས་མཁས་ཐུགས་རྗེའི་སྒྱུ་


JKT018_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱིས། །ཕན་བདེའི་མཆོག་སྟེར་དམ་པ་གང་། །འཚོ་གཞེས་སྤྱོད་ཡུལ་དགེ་ལགས་སམ། །འདིར་ཡང་སྲིད་དང་ཞི་བ་ཡི། །དཔལ་དང་འབྱོར་པས་མངོན་བཏངས་ཀྱང་། །དད་གསུམ་ཙིནྟ་མ་ཎི་ཡིས། །ཉེར་འཚེའི་དབུལ་བ་རིང་དུ་བསྐྲད། །སླད་ཆར་འཆི་མེད་རྡོ་རྗེའི་ཆོས། །གྲུབ་པའི་ཐིག་ལེར་རོལ་བཞིན་དུ། །སྔ་འགྱུར་འོད་གསལ་སྙིང་པོའི་ལམ། །ཕྱོགས་དུས་ཀུན་ཏུ་རྒྱས་པར་མཛོད། །དེ་སྐད་སྙན་ཚིག་མལླི་ཀ །ཞུ་འདེགས་གཤོག་དཀར་གཡོ་དང་བཅས། །མོས་པའི་མཁའ་ལས་བསྐྱོད་བཞིན་དུ། །གང་ཞབས་ཆུ་གཏེར་བསྙེན་ཕྱིར་སོང་། །ཞེས་པ་ལྟ་བུ་སྐབས་སུ་གང་འོས་སྦྱར་བར་བྱ་ཞིང་། །སྤྱིར་འདི་དག་སྔོན་དུ་ཀར་རྙིང་སྤྱིའི་སྐབས་སུ་འཐུས་མོད་ཀྱི། །དོན་གཉེར་ཅན་དག་ལ་དམིགས་ཀྱིས་མཁོ་བའི་དགོས་པ་དང་ལྡན་པའི་ཕྱིར་བྲིས་པ་ཡིན་པས་ཟློས་སྐྱོན་དུ་བཟུང་བར་མི་བྱའོ། །རིས་མེད་བསྟན་འགྲོའི་དཔུང་གཉེན་མཚུངས་ཟླ་དང་བྲལ་བའི་ས་དབང་ཆོས་རྒྱལ་བླ་མ་རིན་པོ་ཆེ་ལྟ་བུའི་ཞབས་པད་དུ་འབུལ་ན། རྨད་བྱུང་ཐུགས་བསྐྱེད་ཉི་ཟླའི་རྣ་ཆ་ཡིས། །ལེགས་པར་སྤུད་པའི་མཚན་བཟང་སུ་མེ་རུ། །མཐའ་ཀླས་བསྟན་འགྲོའི་གླིང་བཞིའི་ཐོར་ཏོའི་རྩེར། །མངོན་པར་མཛེས་པའི་ཞབས་ཀྱི་པདྨོ་རུ། །མོས་གུས་ལི་ཁྲིའི་ཚོན་རིས་གསར་པ་དང་། །འདྲེས་པའི་སྙན་ཚིག་གུར་གུམ་གཞོན་ནུའི་ཕྲེང་། །


JKT018_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་བསམ་དར་གྱི་སྲད་བུར་ལེགས་སྦྲེལ་ཏེ། །གང་ཞབས་རི་མོར་བགྱི་བའི་གཡར་དམ་བླངས། །འཕགས་རྣམས་གཟོད་ནས་རྣམ་གྲོལ་ཞི་བའི་དབྱིངས། །མི་ཕྱེད་ཟླ་བའི་མ་མར་གནས་བཅས་ཀྱང་། །གཞན་ཕན་སྙིང་རྗེའི་དཔུང་གིས་བསྲུབས་པ་ལས། །བསླབ་གསུམ་ཆ་ཤས་རྫོགས་པའི་ཟླ་གཞོན་ཤར། །དེ་ཚེ་འཚོ་གཞེས་བརྟན་པའི་གྲགས་དཀར་དང་། །མི་ཕྱེད་ཡོན་ཏན་དུ་མའི་བསིལ་འོད་ཀྱིས། །རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཀུ་མུད་ཚལ། །ཆེས་ཆེར་རྒྱས་པའི་ཚུལ་དེར་གུས་མིན་སུ། །འདི་ན་གང་གི་བཀའ་དྲིན་གདུགས་དཀར་པོའི། །གྲིབ་མ་སྣུམ་པོའི་རྭ་བར་ངལ་བསོས་པའི། །ཀུན་རྨོངས་གྱི་ནའི་སྤྱོད་པས་འཚོ་བ་ཡང་། །ལང་ཚོའི་འདུ་བྱེད་ཉམས་པར་མ་གྱུར་བཞིན། །སླད་མར་འཆི་མེད་རྟག་པའི་བདུད་རྩིའི་བཅུད། །རྡུལ་བྲལ་ཐུགས་ཀྱི་ཐིག་ལེར་རོ་གཅིག་པས། །ལྷར་བཅས་སྐལ་བཟང་བྱེ་ཡོ་བའི་གཙུག་ཏོར་རྩེར། །ཞབས་སེན་འཁོར་ལོའི་རེ་ཁཱ་ནུབ་མེད་མཛོད། །དེ་སྐད་རིང་ནས་གུས་པའི་ཡིད་ཀྱི་མཚོར། །རྣམ་པར་གསོས་པའི་ཞུ་མཆིད་ཨུཏྤ་ལ། །རྟེན་དངོས་ག་བུར་སར་པའི་དྲི་བསུང་བཅས། །ཡེ་ཤེས་གཟིགས་པའི་སྤྱན་ལམ་མཛེས་ཕྱིར་སོང་། །ཡང་ན། རྨད་བྱུང་བསོད་ནམས་དུ་མའི་མཚར་སྡུག་གིས། །རྣམ་པར་མཛེས་པའི་གསང་གསུམ་ཨུཏྤ་ལ། །ཡོན་ཏན་བསུང་ཞིམ་རྒྱ་མཚོའི་དཔལ་དང་


JKT018_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །ལྷར་བཅས་སྐྱེ་དགུས་བཏུད་དེའི་ཞབས་པད་མོར། །གང་གི་བཀའ་དྲིན་དཔྱིད་དཔལ་ཁོ་ན་ཡིས། །ལང་ཚོ་བསྒྲུབས་པའི་གུས་འབངས་སྦྲང་རྩི་འཛིན། །མོས་གུས་འདབ་རྒྱ་གྲོལ་བའི་མཆུ་སྒྲོས་ལས། །ཞུ་མཆིད་སྙན་པའི་འབྲས་བཟང་གསར་པས་མཛེས། །ཚོགས་གསུམ་སྤྱོད་པ་རྒྱ་མཚོའི་མདའ་གཅིག་གིས། །ཕས་རྒོལ་འབོད་གྲོགས་མགོ་བོ་བྲེགས་ཏེ་སླར། །ལུགས་གཉིས་སི་ཏཱའི་རྩེ་དགར་རོལ་པ་གང་། །སྔོན་མེད་པ་ཡི་དགའ་བྱེད་གཉིས་པར་དྲན། །དེ་ཕྱིར་འཚོ་ཞིང་གཞེས་པའི་གཏམ་སྙན་དང་། །འགྲོགས་པའི་བཀའ་དྲིན་མ་ལ་ཡི་ཡ་ཀླུང་། །འདི་ན་གནས་པའི་སྙིང་ལ་རེག་པའི་མོད། །དད་དང་སྤྲོ་བའི་ངལ་བསོ་ཅིར་ཡང་ཐོབ། །འབྱུང་འགྱུར་དུས་སུ་ཡོངས་རྫོགས་བསྟན་དང་འགྲོར། །ཕན་བདེའི་འབྱོར་པ་སྦྱིན་མཛད་གོ་བི་དཱི། །སྲིད་འདིར་ཁྱོད་ལས་གཉིས་པ་མ་མཐོང་ཕྱིར། །ཡུན་དུ་ཞབས་བརྟན་མཛོད་ཅིག་ལྷ་ཡི་ལྷ། །དེ་སྐད་ཞུ་མཆིད་དཔྱིད་ཀྱི་ཀོ་ཀི་ལ། །སྙན་ཚིག་མགྲིན་པའི་རོལ་མོར་འཁྲོལ་བཞིན་དུ། །རྟེན་དངོས་གཤོག་རླབས་གསར་པ་ཟུང་བསྐྱོད་དེ། །གང་ཞབས་དོན་གཉིས་པདྨའི་ཚལ་དུ་ཆས། །ཡང་ན། ཐབས་མཁས་ཤེས་རབ་མ་ཉམས་པའི། །བྱང་ཆུབ་སྤྱོད་མཆོག་ལས་འཁྲུངས་ཕྱིར། །སྲིད་ཞིའི་ཐོར་ཚུགས་རྩེ་མོ་རུ། །ཞབས་ཀྱི་པདྨོ་བཀོད་དེའི་དྲུང་། །དྭངས་དྭངས་ཡིད་


JKT018_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྲིན་ལམ་ལས། །གུས་གུས་ཞུ་མཆིད་མེ་ཏོག་རྡུལ། །ཟིམ་ཟིམ་འབབས་པའི་དགའ་སྟོན་གྱིས། །ཡང་ཡང་རང་རྒྱུད་བརླན་འདིའོ། །གྲགས་དང་ཡོན་ཏན་འབྲས་བུ་ཡིས། །མ་ཉམས་བསུང་བའི་རྔ་ཡབ་ལྷཅན། །སྐལ་བཟང་རྣམ་སད་ཚོགས་གཉིས་ཀྱི། །ཉེར་འཚོར་གཅིག་ཏུ་བརྟན་ཆགས་པའི། །རྨད་བྱུང་བཀའ་དྲིན་གྲིབ་མ་ཡིས། །རིང་ན་གནས་ཀྱང་ཁྱབ་པ་བདག །སྤྲོ་དགའི་ལང་ཚོ་ངོམས་དང་བཅས། །ཉེར་འཚེའི་ཚ་གདུང་བྲལ་བར་མཆིས། །སླད་མར་བསྟན་དང་འགྲོ་བ་ཡི། །བདེ་སྐྱིད་ལོ་ཏོག་བསྐྲུན་པ་ནི། །ས་བདག་གདེངས་ཅན་ཁྱོད་གཅིག་ཕྱིར། །རྟག་ཏུ་ཞབས་པད་བརྟན་པར་མཛོད། །དེ་སྐད་ཞུ་མཆིད་གུར་གུམ་ཕྲེང་། །མོས་གུས་ནམ་མཁའི་མུ་ཁྱུད་ཀྱིས། །རྣམ་པར་ཕྱེ་བའི་མཚར་སྡུག་དང་། །རྟེན་དངོས་གེ་སར་བཅས་ཏེ་ཕུལ། །དེ་ལྟར་ཡོངས་སུ་གྲགས་པའི་ཡུལ་མཆོག་འབྲིང་འགའ་ཞིག་ལ་བྱེ་བྲག་སོ་སོར་འབུལ་ཚུལ་མཚོན་ཙམ་བསྟན་ནས། ད་ནི་སྤྱིར་བཏང་གི་དཔེར་བརྗོད་ཅི་རིགས་པ་འགོད་པ་ལ། །ཐོག་མར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ལ་བརྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་ཞིག་ལ་འབུལ་ན། གང་གི་མཁྱེན་དཔྱོད་དག་པའི་མ་ཀུ་རར། །རང་གཞན་གྲུབ་མཐའི་གཟུགས་བརྙན་ཡོངས་འཆར་བས། །དཔྱོད་ལྡན་ཀུན་གྱི་ཐོར་ཚུགས་ཀྱིས་དུད་པའི། །


JKT018_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་སྨྲ་བའི་དབང་ཕྱུག་མཆོག་གི་དྲུང་། །སྐྱེས་ཐོབ་སྦྱོར་བྱུང་བློ་གྲོས་ཉི་ཟླ་ཡིས། །གསོས་པ་མིན་ཀྱང་ཁྱོད་ཚུལ་རྨད་བྱུང་གཏམ། །སྨིན་ལེགས་མཛེས་མའི་འགྲམ་ཆང་གིས་ཕྱེ་བས། །ཞུ་མཆིད་བ་ཀུ་ལ་ཡི་འདབ་རྒྱ་གྲོལ། །སྔོན་སྨོན་རྣམ་པར་དཀར་བའི་ཟླ་འོད་ཀྱིས། །བློ་མཆོག་ཆུ་གཏེར་འཕེལ་བའི་ཟློས་གར་ལས། །གཞུང་མང་འཆད་རྩོད་རྩོམ་པའི་རིན་ཆེན་དབྱིག །མ་ལུས་ཕན་བདེའི་དཔྱིད་དུ་འཕེན་པར་མཛད། །དེ་ཚེ་ལུང་རྟོགས་ཆོས་ཀྱི་སྦྲང་རྩི་ཡིས། །རྣམ་པར་མྱོས་པའི་སྐལ་བཟང་བྷ་མ་རས། །ཞབས་སེན་ཨུཏྤལ་རོལ་མཚོར་བསྙེན་དང་བཅས། །འཚོ་གཞེས་བརྟན་པའི་བཀའ་དྲིན་རྨད་དུ་ཆེ། །འདི་ན་ཚུལ་མིན་དུག་གི་ཁམ་ཟས་ཀྱིས། །གྱི་ནར་འཚོ་བའི་གཙུག་ཕུད་ལྡན་པ་ཡང་། །ཆོས་བརྒྱད་གློག་གི་དགའ་མར་ཆགས་བཞིན་དུ། །ལང་ཚོའི་འདུ་བྱེད་ཉམས་པར་མ་གྱུར་ཙམ། །སླད་དུ་དྲི་མེད་རྒྱལ་བསྟན་གངྒཱའི་རྒྱུན། །དབང་རྣོན་ཆོས་རྗེས་འབྲང་བའི་དཀའ་ཐུབ་ཀྱིས། །ཀུན་མཁྱེན་ཚངས་པ་མཉེས་ནས་འབེབས་པའི་བདག །ཡུན་དུ་གསང་གསུམ་གཡོ་མེད་བརྟན་པར་མཛོད། །དེ་སྐད་ཞུ་མཆིད་རབ་དྭངས་ཐང་ཀའི་ངོས། །སྙན་ཚིག་ཚོན་ཆགས་བཀྲ་བའི་རྣ་རྒྱན་དུ། །རྟེན་དངོས་བླ་གོས་གསར་པ་གཡོ་དང་བཅས། །ཀུན་ཏུ་དགེ་བའི་ཚེས་ལ་རིངས་པར་ཕུལ། །ཡང་ན། དྲི་མེད་ལུང་དང་


JKT018_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པའི་རིན་ཆེན་གྲུས། །ལམ་བདེན་རྒྱ་མཚོའི་ཕ་མཐར་ལེགས་བརྒལ་བས། །གཞུང་མང་འབྱོར་པས་མཐོ་བའི་དེད་དཔོན་མཆོག །དཔྱོད་ལྡན་ཀུན་དགའི་མེ་ཏོག་སྦྱིན་དེའི་དྲུང་། །གུས་དང་རྟག་ཏུ་སྦྱོར་བའི་བརྩོན་པ་ཡིས། །ཐོས་བསམ་སྒོམ་པའི་འཇུག་པ་རབ་ཕྲ་ཡང་། །ལྷག་པའི་ལེགས་སྤྱད་སེམས་ནི་རྣམ་དཀར་བས། །དྭང་བས་ཞུ་མཆིད་ཚིག་གི་ཕྲེང་བ་སྤེལ། །དེང་དུས་ཐམས་ཅད་གཟིགས་པས་ཆོས་ཀྱི་སྒོ། །གདུལ་བྱའི་བློ་དང་འཚམས་པར་བཀྲལ་བ་ཀུན། །བདག་གིར་བགྱིད་པའི་རྣམ་དཔྱོད་རྨད་བྱུང་ཁྱོད། །འཚོ་གཞེས་བརྟན་པས་ཡིད་ལ་ངལ་གསོ་བྱིན། །འདི་ན་སྲིད་པའི་བདེ་འབྱོར་གཡོ་འཕྲུལ་པོས། །རྣམ་པར་བསླུས་པའི་ཀུན་རྨོངས་ངོས་ཅག་ཀྱང་། །འདུ་ཤེས་གསུམ་གྱི་མལ་དུ་མནལ་བཞིན་དུ། །ཉེ་བར་འཚེ་བའི་ཚོགས་ནི་བྲལ་བར་མཆིས། །སླད་མར་རིག་གྲོལ་སྤོབས་པའི་རྣམ་དཔྱོད་ཀྱིས། །རྒྱལ་གསུང་ལུང་དང་རྟོགས་པའི་སེང་གེའི་སྒྲ། །ཕྱོགས་བཅུར་སྒྲོགས་ལ་བསྙེལ་བ་མེད་བཞིན་དུ། །གཞོམ་བྲལ་རྡོ་རྗེའི་ལང་ཚོ་རྟག་བརྟན་གསོལ། །དེ་སྐད་ཞུ་མཆིད་རཱ་ཛ་ཧཾ་ས་ནི། །རྟེན་དངོས་རྐང་གདུབ་སིལ་སིལ་སྒྲ་དང་བཅས། །གུས་པའི་ཡིད་ཀྱི་མཚོ་གླིང་ནས་ཐོན་ཏེ། །ཁྱོད་ཞབས་ངོ་མཚར་ཆུ་གཏེར་བསྙེན་ཕྱིར་སོང་། །ཡང་ན། སྡེ་སྣོད་རྒྱ་མཚོའི་ལང་ཚོ་ཡིས། །རྣམ་པར་སྒེག་པའི་མཚར་སྡུག་གིས། །


JKT018_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་ལྡན་ཡི་ག་འགུགས་མཛད་པ། །སྨྲ་བའི་ཉི་མ་གང་དྲུང་དུ། །རབ་དྭངས་བློ་གྲོས་ཨུཏྲ་ལས། །རབ་སྙན་ཚིག་གི་བསུང་ཞིམ་རྒྱུན། །རབ་ཏུ་འཐུལ་བའི་འཕྲིན་ཡིག་འདིར། །རབ་ཡངས་མཁྱེན་པས་གཟིགས་སུ་གསོལ། །གང་ཚེ་བསླབ་གསུམ་རིན་ཆེན་དང་། །ལེགས་འགྲོགས་ཡང་དག་སྤོབས་པའི་རྒྱུན། །གྲགས་པ་ས་འཛིན་རྣ་བ་ཡིས། །མཛེས་པས་ཀུན་དགའི་དཔྱིད་དུ་བྱས། །དེ་སླད་འདི་ན་གནས་པ་ཡི། །ཀུན་རྨོངས་འདུ་ཤེས་གསུམ་པ་ཡང་། །ལྷག་བསམ་མགྲིན་པ་འཐོར་འདེགས་བཞིན། །དད་སྤྲོའི་མེ་ཏོག་འཐོར་ལ་རིངས། །སླད་མར་མཁྱེན་དཔྱོད་གོམ་སྟབས་ཀྱིས། །ཀུན་མཁྱེན་གྲོང་དུ་འཛེགས་པ་དང་། །ལུང་རྟོགས་ཆོས་ཀྱི་རྒྱལ་སྲིད་ལ། །མངའ་དབང་འབྱོར་བའི་དཔལ་གྱུར་ཅིག །དེ་སྐད་ཞུ་མཆིད་ཀུ་མུད་དང་། །གཟིགས་རྟེན་ཟེའུ་འབྲུའི་རྒྱན་དང་བཅས། །ཁྱོད་ཞབས་སྤོབས་པའི་ཟླ་རིས་གསར། །བསྙེན་ཕྱིར་རིང་ནས་འཛུམ་བཞིན་ཕུལ། །སྡོམ་བརྩོན་འདུལ་བ་འཛིན་པ་བྱ་བ་ལས་ཀྱི་འཁོར་ལོ་ལ་སྙིང་སྟོབས་ཀྱི་འཇུག་པ་གཡོ་བ་མེད་པ་ཞིག་ལ་འབུལ་ན། །བསླབ་གསུམ་གསེར་གྱི་དྲྭ་བས་གདོང་གཡོགས་ཤིང་། །ལེགས་སྤྱད་ས་ལ་བརླིངས་པའི་གོམས་ཚུགས་ཅན། །རྒྱལ་བསྟན་རིན་ཆེན་ཁུར་མང་འདེགས་བཟོད་པ། །སྔོན་མེད་གཉིས་འཐུང་དབང་པོའི་ཞབས་སྟེགས་སུ། །ཁྱོད་ཀྱི་ཡོན་


JKT018_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཚུལ་མིན་སྤྲིན་བྲལ་བའི། །ནམ་མཁའི་རྣ་རྒྱན་ཅན་གྱིས་འཇུག་པ་ཡིས། །ཕྱོགས་ཀུན་དཀར་བར་བྱས་ལ་རིངས་གྱུར་ནས། །ཞུ་མཆིད་ས་ཡི་གདུ་བུ་བཞད་ལ་རིགས། །གང་གི་རྣམ་འདྲེན་སྟོབས་བཅུའི་མངའ་བདག་གི །བསྟན་པའང་དེར་འཛིན་ཁོ་ནར་རགས་ལས་ཕྱིར། །བྱ་བ་ལས་ཀྱི་འཁོར་ལོའི་ཚོང་ཟོང་གིས། །རིན་ཐང་མེད་པའི་དམ་ཆོས་ནོར་མཆོག་བསྒྲུབས། །དེ་མཐུས་སྡེ་སྣོད་འཛིན་པའི་ཙན་ན། །གྲགས་སྙན་ག་བུར་རྡུལ་དང་ལྷན་ཅིག་པར། །ཆུ་གཏེར་བཞི་ཡི་སྐ་རགས་འཆིང་བའི་ཁོངས། །དཔྱོད་ལྡན་དགའ་བའི་རྒྱན་དུ་བྱིན་དེར་སྤྲོ། །ཐོས་བསམ་གྲུ་ཆར་གཤིམས་པོས་མ་སྨིན་ཞིང་། །དོན་སྒོམ་ནམ་མཁའི་ཐིག་ལེས་རེག་མིན་ཀྱང་། །དད་གུས་དཔྱིད་ཀྱི་མ་མས་གསོས་པ་བདག །འཚོ་བའི་མྱུ་གུ་གཞོན་ནུ་མ་ཉམས་བདེ། །སླད་ཆར་བསོད་ནམས་བྱེ་བའི་སྒྱུ་ཐབས་ཀྱིས། །བགྱི་བ་དོན་ལྡན་ལས་ལ་འགྲུས་བཞིན་དུ། །བསྟན་འཛིན་བཤད་སྒྲུབ་བཅས་པ་འཕེལ་བའི་སླད། །ཞབས་སེན་རྟག་ཏུ་གཡོ་བ་མེད་པར་མཛོད། །ཚིག་དོན་རྒྱན་གྱི་དོ་ཤལ་ཐུང་གྱུར་ཀྱང་། །ལྷག་བསམ་ལང་ཚོ་དར་བའི་གཞོན་ནུ་མས། །བརྗོད་པ་གསལ་བའི་གླུ་དབྱངས་ལེན་དང་བཅས། །རྟེན་དངོས་བླ་གོས་གཡོ་བཞིན་རིངས་པར་སོང་། །ཡང་ན། སྲིད་དང་ཞི་བའི་དགེ་ལེགས་མཐའ་དག་གིས། །ལེགས་པར་བཏུད་པའི་རྣམ་འདྲེན་སྟོབས་


JKT018_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པའི། །བསྟན་ལ་བྱ་བ་བགྱིད་ལ་མི་ངལ་བའི། །རིག་གྲོལ་ཡོན་ཏན་དཔལ་གྱིས་ཕྱུག་དེའི་དྲུང་། གུས་པའི་ཞུ་མཆིད་པུཎྜ་རཱིཀའི་འཛུམ། །རྣམ་པར་བྱེ་བའི་དོགས་པ་གསར་པ་ཡང་། །ལྷག་བསམ་དཔྱིད་ཀྱི་དཔལ་མོས་བསྐྱེད་བསྲིངས་པས། །སྙན་ཚིག་ཟླ་ཞུན་ཚོན་གྱིས་རྣམ་པར་སྤུད། །གང་གི་ཆོས་སྤྱོད་རྣམ་བཅུས་མཚོན་པ་ཡི། །གནག་མིན་ལས་ཀྱི་བགྱི་བ་མི་ལྷོད་པས། །རྒྱལ་སྲས་མཆོག་གི་ངང་ཚུལ་ལྷུར་ལེན་བཞིན། །འཚོ་གཞེས་བརྟན་ལ་ཡིད་འོང་སྤྲོ་བས་བརླན། །འདི་ན་ཐོག་མེད་དུས་ནས་ཉེར་གོམས་པའི། །ལས་ཉོན་སྒྲིབ་པའི་སྣུམ་བག་སྟུག་པོ་ཡིས། །རང་བྱུང་དགེ་བའི་ཚོན་རིས་རྨ་དབབ་ཀྱང་། །སྲོག་གི་འདུ་བྱེད་འགགས་པར་མ་གྱུར་ཙམ། །སླད་མར་བསོད་ནམས་ཚོགས་ཀྱི་ས་འཛིན་རྩེར། །གསང་གསུམ་ཟླ་ཤེལ་འཆར་ནུབ་སྤངས་པ་ཡིས། །སྐལ་བཟང་ཀུན་གསར་པའི་ནགས་ཀླུངས་སུ། །རྗེས་བརྩེའི་འོད་དཀར་རིང་དུ་སྤྲོ་བར་མཛོད། །དེ་སྐད་ཞུ་བའི་མཆིད་ཚིག་ཡུལ་འཁོར་འཛིན། །རྟེན་དངོས་རབ་དཀར་གཤོག་ཟུང་གཡོ་དང་བཅས། །སྙན་ཚིག་རྐང་གདུབ་འཁྲོལ་བའི་རོལ་མོ་ཡིས། །ཁྱོད་ཞབས་རི་མོར་བགྱི་སླད་དགེ་བར་དེངས། །ཡང་ན། ཕུན་ཚོགས་དུ་མའི་འབྱུང་གནས་མཆོག །རྒྱལ་བསྟན་རིན་ཆེན་སྤེལ་བའི་ཕྱིར། །བགྱི་བ་དོན་ལྡན་བརྩོན་པ་ལ། །གཅིག་ཏུ་མཛའ་


JKT018_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཞབས་དྲུང་དུ། །དྭངས་པའི་ཡིད་ཀྱི་འཁྲི་ཤིང་ལས། །དད་གུས་མེ་ཏོག་གསར་པ་ཡི། །ཁྱོད་ཡོན་ཉི་མར་རྗེས་ཆགས་བློས། །ཞུ་མཆིད་འདབ་བརྒྱ་ཅིར་ཡང་གྲོལ། །གཏོང་ལ་སྤྲོ་སོགས་རྣམ་དཀར་གྱི། །བྱ་བ་ནན་ཏན་འཇུག་པ་ལ། །གཡེལ་མེད་བརྟུན་པའི་དམ་པ་གང་། །འཚོ་གཞེས་སྙོམས་པར་བཞུགས་ལ་རངས། །འདི་ན་བསོད་ནམས་མ་ཡིན་པའི། །ལས་ལ་ཤས་ཆེར་གོམས་པའི་མཐུས། །ཀུན་རྨོངས་དྲྭ་བར་ཚུད་བདག་ཀྱང་། །ལང་ཚོའི་འདུ་བྱེད་མ་ཉམས་ཙམ། །སླད་མར་བློ་དང་རིག་པ་ཡི། །གྲིབ་བསིལ་མ་ཉམས་ལེགས་སྤྱད་ལ། །རབ་གོམས་འབྲས་བཟང་ཉེར་དུད་པའི། །ལྗོན་པ་རྩ་བ་བརྟན་པར་མཛོད། །ཞུ་མཆིད་ཚིག་དོན་ཕུན་ཚོགས་རྒྱན། །བྲལ་ཡང་ལྷག་བསམ་དྲོད་གཤེར་གྱིས། །ལེགས་པར་སྨིན་པའི་མྱུ་གུ་གསར། །རྟེན་གྱི་ཆུ་སྐྱེས་འཛུམ་བཞིན་ཕུལ། །འདིར་སྣང་གི་ཆོས་ཀུན་བདེན་མེད་སྒྱུ་མ་ལྟ་བུར་གཟིགས་ནས་རིམ་གཉིས་ཟབ་མོའི་ཏིང་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་སྤོང་བ་བསམ་གཏན་གྱི་འཁོར་ལོ་འཛིན་པ་ཞིག་ལ་འབུལ་ན། ཚོགས་གསུམ་ས་བོན་མ་ཉམས་མྱུ་གུ་ནི། །ངེས་པར་འབྱུང་བའི་བརླན་གྱིས་གཤེར་བ་ལས། །ཐར་པ་ཉིན་མོའི་ཕྱོགས་སུ་མིག་གཏོད་པའི། །རྩེ་གཅིག་གྲུབ་པའི་མེ་ཏོག་འཛིན་དེའི་དྲུང་། །ངོ་མཚར་ཉིད་དོ་སྣང་བའི་མུ་ཁྱུད་ཀྱིས། །ཨུཏྤལ་དམར་པོའི་


JKT018_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་རྒྱ་བྱེ་བ་སྟེ། །གང་གི་རྣམ་ཐར་རྨད་བྱུང་ཐོས་མ་ཐག །བདག་ཡིད་དད་པའི་ཞུ་མཆིད་འབུལ་ལ་རིངས། །འདིར་སྣང་འཁོར་བའི་ཆོས་རྣམས་མ་ལུས་ཀུན། །བདེན་མེད་སྒྱུ་མའི་རོལ་མོར་ངེས་རྟོགས་ཏེ། །བག་ཡངས་གནས་སུ་ཟབ་མོའི་ཏིང་འཛིན་ངོས། །རྣམ་པར་འཚོ་ཁྱོད་སྔོན་མེད་གྲུབ་པའི་དཔྱིད། །ཁྱད་པར་བསླབ་གསུམ་བསིལ་བའི་རེག་བྱ་དང་། རབ་འགྲོགས་གསང་གསུམ་ཟླ་ཤེལ་གསར་པ་ནི། །མི་མཐུན་རཱ་ཧུའི་འཚེ་བ་རྒྱང་བསྲིངས་ནས། །ཡོན་ཏན་ཆ་ཤས་རྫོགས་ལ་སྙིང་ནས་རངས། །འདི་ན་རྒྱལ་གསུང་ལུང་དང་རྟོགས་པའི་དབྱངས། །མང་དུ་ཐོས་དང་ཚུལ་བཞིན་བསམ་པ་དང་། །རྩེ་གཅིག་བསྒོམ་པའི་བརྟུལ་ཞུགས་ཉམས་དམས་ཀྱང་། །དད་གསུམ་སྣང་བ་རྒྱས་བཞིན་ངལ་འཚོ་ཐོབ། །སླད་མར་སྐུ་གསུང་ཐུགས་ཀྱི་རོལ་མོ་ནི། །ལྷ་སྔགས་ཡེ་ཤེས་འཁོར་ལོར་འབྱམས་ཀླས་བཞིན། །འཆི་མེད་བདེ་ཆེན་གྲུབ་པའི་གཟི་འབར་བས། །མི་ཕྱེད་རྟག་པའི་རྡོ་རྗེར་བརྟན་པར་བཞུགས། །ཞུ་མཆིད་སྙན་པར་སྨྲ་བའི་ལང་ཚོ་མ། །གཟིགས་རྟེན་ཨུཏྤལ་རྣ་རྒྱན་གཡོ་དང་བཅས། །དད་གུས་གོམ་སྟབས་ལྷོད་པོར་བསྒྱུར་བཞིན་དུ། །ཁྱོད་ཞབས་སྤྱི་བོར་བསྙེན་སླད་དགེ་བར་སོང་། །ཡང་ན། རྣམ་དག་ཚུལ་ཁྲིམས་མ་ཉམས་ཙནྡ་ནར། །རྩེ་གཅིག་ཏིང་འཛིན་བསིལ་བའི་རེག་བྱ་དང་། །ཆོས་རབ་རྣམ་འབྱེད་


JKT018_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གེ་སར་མཛེས་འཛིན་པས། །སྔོན་མེད་གྲུབ་པའི་དགའ་ཚལ་དར་དེའི་དྲུང་། །གུས་དང་རྟག་ཏུ་སྦྱོར་བའི་བརྟེན་པ་ཡིས། །ཁྱོད་ཚུལ་བསོད་ནམས་མགྲོན་དུ་ཐོབ་ལས་སླར། །རྗེས་སུ་ཡི་རང་ཆུ་སྐྱེས་བྱེ་བ་ལས། །བསྔགས་བརྗོད་གཏམ་གྱི་དྲི་བསུང་ཅུང་ཟད་འཐུལ། །སྲིད་ལས་ངེས་པར་འབྱུང་བའི་ནགས་ཚལ་དུ། །གཞན་ཕན་སྙིང་རྗེའི་སྣ་ཞགས་རིང་བརྐྱངས་ནས། །རྩེ་གཅིག་སྒྲུབ་པའི་ཁུར་ཆེན་འདེགས་བཟོད་པ། །སྔོན་མེད་གཉིས་འཐུང་དབང་པོ་དེ་སུ་ཞིག །འདིར་གནས་ཆོས་བརྒྱད་གློག་གི་ཐག་པ་ཡིས། །ཀུན་རྨོངས་འདུ་ཤེས་དཀྲིས་པའི་མདོངས་མཐའ་མ། །ཚུལ་མིན་སྒྲོ་གཤོགས་ཟླུམ་པོའི་གར་བསྒྱུར་བཞིན། །དད་གསུམ་པདྨའི་ཚལ་དུ་ངལ་འཚོ་ཐོབ། །སླད་མའི་ཆར་ཡང་ངེས་དོན་རྟོགས་པའི་བསྟན། །སྲིད་རྩེར་འགོངས་པའི་ཕྲིན་ལས་སྤེལ་ཕྱིར་དུ། །གསང་གསུམ་འཆི་མེད་རྡོ་རྗེའི་དྲྭ་བ་ཡིས། །རྣམ་པར་བསྡམས་པའི་ཐབས་ཚུལ་བསྐྲུན་པར་མཛོད། །དེ་སྐད་གླིང་པར་འོས་པའི་གཏམ་གྱི་དབྱངས། །དབྱངས་ཅན་ངག་གི་རྒྱུད་ལས་འཕོས་སྙམ་གང་། །གང་བློ་ཐར་པའི་སིམ་པས་ཡིད་མྱོས་བདག ། བདག་གཞན་གཏན་བདེར་འཁྲིད་དེའི་མདུན་སར་ཆས། །ཡང་ན། ངེས་དོན་སྒྲུབ་པའི་ཀེ་ལ་ཤར། །གནས་བཅས་སྲིད་པའི་གཉིས་འཐུང་ཚོགས། །རྣམ་པར་འཇོམས་པའི་གྲགས་དཀར་ཅན། །མི་ཡི་སེང་


JKT018_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་ཞབས་སེན་དུ། །གང་གི་རྣམ་ཐར་དྲི་མེད་དཔྱིད། །ཤར་གྱི་ཐིག་ལེའི་འཁྲི་ཤིང་གིས། །འཁྱུད་ལས་བདག་བློའི་ཨུཏྤལ་དཀར། །དྭང་བའི་འཛུམ་བཅས་དགོད་པར་གྱུར། །ངེས་པར་འབྱུང་བས་ཡིད་བསྐུལ་ཏེ། །རྩེ་གཅིག་སྤོང་བའི་བརྟུལ་ཞུགས་ལ། །གོ་ཆར་བགྱི་ཁྱོད་འཚོ་གཞེས་བཞིན། །རིམ་གཉིས་ལང་ཚོ་གསལ་དེར་རངས། །འདི་ན་རྨོངས་དང་མ་རིག་པའི། །ཚ་བས་ཉེན་པ་བདག་ཅག་ཀྱང་། །སྐྱབས་གསུམ་སྤྲིན་དཀར་ལ་བརྟེན་ནས། །སྐབས་ཙམ་བདེ་བའི་ངལ་འཚོ་ཐོབ། །སླད་མར་ཡོན་ཏན་རིན་པོ་ཆེའི། །རྟེན་དང་ས་གཞིར་གྱུར་པ་གང་། །གསང་གསུམ་འཕྲོད་གཞེས་མི་དམན་པས། །འདིར་ཡང་ཐུགས་རྗེས་སྐྱོང་བར་མཛོད། །ཞུ་མཆིད་པུཎྜ་རཱི་ཀའི་འཛུམ། །སྙན་ཚིག་ཟླ་བའི་ཚོན་རིས་དང་། །རྟེན་དངོས་ཟེ་འབྲུ་མ་ཉམས་བཅས། །གུས་པའི་ཐལ་མོས་མངོན་པར་གཏོར། །མཁས་བཙུན་བཟང་པོའི་ཡོན་ཏན་ལྡན་པའི་བླ་སྤྲུལ་ཕལ་པ་ཞིག་ལ་འབུལ་ན། །བསླབ་གསུམ་ཆུ་གཏེར་ཆེ་ལས་རབ་འཕོས་ཤིང་། །མཛད་བཟང་ག་བུར་རྡུལ་གྱི་དོགས་པ་ཅན། །བསྟན་འགྲོའི་ཕན་བདེའི་ཀུན་དབྱེ་མཛད་པ། །ཁྱབ་བདག་བླ་མ་ཤར་གྱི་ཐིག་ལེའི་དྲུང་། །དྭངས་བའི་ཡིད་ཀྱི་ཆུ་བས་བསྲུང་བ་ཡི། །དད་གུས་དཔལ་གོས་འདབ་རྒྱ་གྲོལ་བའི་ཚེ། །ཞུ་མཆིད་སྦྲང་རྩིའི་ཐིག་པ་འཇོ་བ་ཡང་། །ཐུགས་བརྩེའི་བུང་བ་


JKT018_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བའི་འབབ་སྟེགས་ལགས། །བསྐལ་མང་ཚོགས་གསུམ་ས་བོན་མ་ཉམས་གཟུགས། །གཞན་ཕན་བརླན་གྱིས་སྨིན་པའི་འཁྲི་ཤིང་གསར། །མཁས་བཙུན་བཟང་པོའི་མེ་ཏོག་དགོད་པ་ཁྱོད། །འཚོ་གཞེས་བརྟན་པས་སྤྲོ་དགའི་བདོག་པ་བྱིན། །།འདིར་གནས་གྱི་ནའི་སྤྱོད་པས་དུས་འདའ་ཞིང་། །རིགས་གཟུགས་འབྱོར་བའི་ཡོན་ཏན་སྤངས་འདག་ཀྱང་། །མཆོག་གསུམ་སྐྱབས་ཀྱི་སྙིང་པོར་ཡིད་ཆེས་པས། །ཉེར་འཚེའི་འདུ་བྱེད་སྐབས་ཙམ་བྲལ་བཞིན་མཆིས། །འབྱུང་འགྱུར་དུས་ཀྱང་བསྔགས་པར་འོས་པ་ཡི། །རྣམ་ཐར་མ་ཉམས་བདག་གིར་མཛད་བཞིན་དུ། །ཞབས་སེན་ཕན་བདེའི་སྣང་བ་རབ་འབར་བས། འགྲོ་འདིའི་རྒུད་པའི་མུན་པ་སོལ་ཞིག་ཀྱེ། །དེ་སྐད་སྤྲོ་བར་འོས་པའི་མཆིད་ཚིག་ནི། །ལྷག་བསམ་དཔྱིད་ཀྱི་ཕོ་ཉར་རྣམ་འཁྲུལ་ཏེ། །ཞུ་འདེགས་འདབ་གཤོགས་ཟློས་གར་གཡོ་དང་བཅས། །ཞབས་སེན་ཀིངྐུ་ཤ་ཡི་ཚལ་དུ་དེངས། །ཡང་ན། དྲི་བྲལ་ཐུགས་བསྐྱེད་རིན་ཆེན་གྲུ་བོ་ནི། །མཚན་བཟང་ཆུ་གཏེར་ཆེ་ལ་ཆགས་པའི་མོད། །འབྲལ་ཡུན་དོན་གཉིས་འབྱོར་པ་སྦྱིན་ནོ་ཞེས། །མོས་ལྡན་ཀུན་ཏུ་དགའ་བའི་དཔལ་དུ་བྱས། །དད་གུས་མཚར་སྡུག་རྫོགས་པའི་བཞིན་བཟང་མས། །ཐལ་མོའི་ཆུ་སྐྱེས་སྙིང་ཁར་ཟུམ་དང་བཅས། །ཞུ་མཆིད་སྙན་ངག་མགྲིན་པའི་སིལ་སྙན་གྱིས། །དཔྱོད་ལྡན་ཡི་ག་འགུགས་པའི་


JKT018_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུ་བྱས། །མཁས་ཚུལ་ཟླ་ཞུན་ཚོན་གྱིས་བྱུགས་པ་ཡི། །རིག་གྲོལ་ལང་ཚོ་རྒྱས་པའི་སྟེང་འཐུང་དཀར། །རྣམ་བཏགས་ཙམ་གྱིས་བསྔགས་མིན་དོན་ལྡན་གྱི། །དམ་པ་གང་ཁྱོད་འཚོ་གཞེས་དགེ་དེ་རྨད། །འདི་ན་ཆུ་མེད་ཁྲོན་པ་ཇི་བཞིན་དུ། །ཆོས་ཀྱི་ཚུལ་ཙམ་འཛིན་པའི་དམན་བདག་ཀྱང་། །རྣམ་པར་དཀར་བའི་སྙིང་པོས་དབེན་བཞིན་དུ། །ཚེ་ཡི་འདུ་བྱེད་ཉམས་པར་མ་གྱུར་ཙམ། །སླད་མར་བསོད་ནམས་བྱེ་བའི་གྲིབ་བསིལ་གྱིས། །བསྟན་འགྲོའི་ལེགས་བྲིས་སྐྱོང་ལ་མི་ངལ་བའི། །ཕུན་ཚོགས་གསང་བ་གསུམ་གྱི་མནྡཱ་ར། །འཆི་མེད་གྲུབ་པའི་འབྲས་བཟང་བདེ་བར་མཛོད། །ཞུ་མཆེད་ཨུཏྤལ་དམར་པོའི་ཐིག་ལེ་ནི། །ཚིག་རྒྱན་འཇོ་སྒེག་སར་པ་ངོམས་བཞིན་དུ། །གཟིགས་རྟེན་གེ་སར་རྣ་རྒྱན་མཛེས་དང་བཅས། །གང་ཞབས་མཆོད་པའི་སྤྲིན་དུ་རྣམ་པར་སྤྲོས། །ཡང་ན། ཚུལ་གནས་ཐོས་བསམ་སྒོམ་པའི་རོས། །ལེགས་པར་སྨིན་པའི་རང་གཟུགས་ནི། །བསྔགས་འོས་གེ་སར་མཛེས་འཛིན་པ། །ཕན་བདེའི་མེ་ཏོག་མཆོག་གི་དྲུང་། །སྤྲིན་སྔོན་གཡོ་བའི་གད་མོ་ཡིས། །འདུ་ཤེས་བརླན་པའི་རྨ་བྱ་བཞིན། །གང་གི་ཡོན་ཏན་རྨད་བྱུང་ལ། །རྗེས་སུ་ཆགས་པའི་མཆིད་འདི་ཕུལ། །བསླབ་གསུམ་ཐུན་མཚམས་སྤྲིན་པ་ཡི། །དོགས་པས་བཀྲ་བའི་མཚན་དཔེ་ནི། །གདུལ་བྱ་རྒྱ་མཚོའི་གཙུག་ཏོར་རྩེར། །


JKT018_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པའི་དཔལ་དེར་མི་ཕྱེད་སྤྲོ། །འདི་ན་ཆོས་བརྒྱད་དྲྭ་བ་ཡིས། །དབང་མེད་བསྡོམས་པའི་དམན་བདག་ཀྱང་། །དཔལ་ལྡན་བླ་མའི་ཐུགས་རྗེ་ལ། །འཆེལ་བས་སྐབས་ཙམ་ཉེར་འཚེ་བྲལ། །སླད་མར་བསྔགས་འོས་རྣམ་པར་ཐར། །ནོར་བུའི་ཆུ་གཏེར་གཡོ་བ་ཡིས། །གསང་གསུམ་རོལ་མཚོར་ལེགས་བཏུད་བཞིན། །འཚོ་གཞེས་བརྟན་པའི་བཀའ་དྲིན་སྩོལ། །ཞུ་འདེགས་ཕྲ་མོའི་འདབ་གཤོག་ཟུང་། །བསྐྱོད་བཞིན་སྙན་པར་སྨྲ་བའི་གླུ། །ད་དིར་སྒྲོགས་པའི་བླ་མ་རཿ གུས་པའི་འཕུར་ལྡིང་ངོམས་བཞིན་སོང་། །ཡང་དེ་དག་ལས་རང་གིས་ཆོས་འབྲེལ་ཞུས་པའི་བླ་མ་ཞིག་ལ་ཕུལ་ན། ཟུང་འཇུག་བདེ་བ་ཆེན་པོའི་རྣམ་རོལ་ལས། །མི་ཕྱེད་གྲུབ་པ་མཆོག་གི་ཟློས་གར་ནི། །ཚུར་མཐོང་སྐལ་བཟང་མོས་ངོར་ཤར་ཙམ་གྱིས། །གཏན་བདེའི་གོ་འཕང་སྦྱིན་དེའི་ཞབས་སྟེགས་སུ། །གང་གི་ཐུགས་རྗེའི་ཉི་གཞོན་ཐིགས་པ་ཡིས། །ལེགས་པར་གསོས་པའི་གུས་འབངས་ཆུ་སྐྱེས་གསར། །མོས་གུས་འདབ་རྒྱ་གྲོལ་བའི་མཚར་སྡུག་ལས། །ཞུ་མཆིད་སྙན་པའི་དྲི་བསུང་མངར་པོ་འཐུལ། །གཟོད་ནས་ཞི་བའི་ནགས་སུ་ཉེར་རོལ་ཀྱང་། །སྙིང་རྗེས་གཟུགས་སྐུར་བཞེངས་པའི་བཀའ་དྲིན་གྱིས། །བདག་སོགས་གདུལ་བྱའི་རྣ་བར་ལུང་རྟོགས་ཆར། །འབེབས་ཁྱེད་སྔོན་མེད་གདེངས་ཅན་བདག་པོར་ངེས། །དེ་སླད་འཚོ་གཞེས་གཟི་བྱིན་


JKT018_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་འབར་བའི། །གཏམ་སྙན་མཱ་ལ་ཡ་ཡི་དྲི་བསུང་གིས། །རེག་པའི་མོད་ནས་སྤྲོ་དགའི་ངལ་བསོ་མཆོག །བསམ་གཏན་གྲུབ་པའི་རོ་ལ་ལོངས་སུ་སྤྱད། །འདི་ན་ཚུལ་མིན་རྨོངས་དང་མ་རིག་པའི། །ཤ་ཚུགས་རྒྱས་པའི་ཐིག་ལེའི་དྲྭ་བ་ཅན། །དད་གསུམ་སྣ་ཞགས་རིང་པོར་བརྐྱང་བཞིན་དུ། །འདུ་འཛིའི་ནགས་ཚལ་སྟུག་པོར་བདེ་བར་མཆིས། །འབྱུང་འགྱུར་ཆར་ཡང་བྲལ་སྨིན་མིག་སྨན་གྱིས། །རྣམ་པར་སྦྱངས་པའི་མཁྱེན་པའི་སྤྱན་རས་ཀྱིས། །བདག་སོགས་གདུལ་བྱ་རྒྱ་མཚོར་རིང་གཟིགས་ནས། །ཞབས་སེན་སྣང་བའི་རི་མོ་ནུབ་མེད་མཛོད། །དེ་སྐད་ཞུ་མཆིད་སྤྲིན་གྱི་སྒེག་པ་མོ། །ཚིག་སྙན་སྒྲོ་གཤོག་ཝཾ ཟླུམ་པོའི་གར་བསྒྱུར་ཞིང་། །རྟེན་དངོས་ངོ་མཚར་ཚོན་ཆགས་བཀྲ་དང་བཅས། ཁྱོད་ཞབས་པདྨའི་ཚལ་དུ་མྱུར་བར་ཆས། །ཞེས་པ་ལྟ་བུ་སྦྱོར་ཤེས་པར་བྱའོ། །འཁོར་ལོ་གསུམ་གྱི་ཕྱག་བཞེས་རྨ་མེད་པའི་དགེ་འདུན་འདུས་པའི་སྡེ་ཞིག་ལ་འབུལ་ན། བཤད་སྒྲུབ་ཆུ་ཀླུང་གྲངས་མེད་འདུས་པའི་མཚོར། །རིག་གྲོལ་ཟླ་ཞུན་གསར་པའི་ཚོན་རིས་ཀྱིས། །རྣམ་པར་བཀྲ་བའི་བཤེས་གཉེན་མལླི་ཀ །གྲངས་མེད་མཁྱེན་པའི་ཟློས་གར་རྩེན་པ་དེར། །དཀོན་མཆོག་གསུམ་པར་མི་ཕྱེད་དད་པའི་ཡིད། །ཅིར་ཡང་ངོམས་པའི་གུས་འབངས་གྱི་ན་བས། །སྙན་ཚིག་མེ་ཏོག་གསར་བའི་དཱ་མ་ནི། །རྐང་པར་བཅད་པའི་མཆིད་


JKT018_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་འདི་འབུལ་ལོ། །གང་ཚེ་སྟོབས་བཅུ་མངའ་བའི་བདག་ཉིད་དེའི། །བསྟན་དང་སྟོན་པ་ཉིས་གྱུར་སྡེ་སྣོད་མཆོག །གཙོ་བོར་ལྷུར་ལེན་འཁོར་ལོ་རྣམ་གསུམ་གྱི། །བགྱི་བ་ལྷོད་པ་མིན་པའི་བརྟུལ་ཞུགས་ཅན། །བརྟན་མཁས་དགེ་འདུན་འདུས་པའི་ཁྱུ་མཆོག་རྣམས། །ཕན་ཚུན་ཐུགས་ནང་དག་པའི་ཟླ་འོད་ཀྱིས། །ཆོས་སྤྱོད་རྣམ་བཅུའི་ཆུ་གཏེར་འཕྱུར་བ་དེར། །ཡིད་ཀྱི་མགྲིན་རིང་དྭང་བའི་ཅ་ཅོ་སྒྲོགས། །ཨཱ འདི་ན་རྣམ་གཡེང་རླུང་གི་རྗེས་འགྲོ་བའི། །ཀུན་རྨོངས་སྦྲང་རྩིའི་འཚོ་བ་འཛིན་བདག་ཀྱང་། །མཆོག་གསུམ་ཐུགས་རྗེའི་དཔྱིད་དཔལ་གཞོན་ནུ་ཡིས། །ཉེར་འཚེའི་གཡུལ་ལས་བསྲུངས་པའི་གོ་ཆར་གྱུར། །སླད་མར་མཁས་གྲུབ་བྱེ་བའི་བསྟི་གནས་མཆོག །དགེ་འདུན་འདུས་པའི་འཇོ་སྒེག་མ་ཉམས་པར། །ལུང་རྟོགས་སྒྲ་དབྱངས་སྲིད་རྩེར་འགོངས་པ་ཡིས། །ལྷར་བཅས་དགའ་བའི་དགའ་སྟོན་སྦྱིན་པར་མཛོད། །དེ་སྐད་ཞུ་བའི་མཆིད་ཚིག་ཀོ་ཀི་ལཱ། །རྟེན་གྱི་འདབ་ཟུང་རྣམ་པར་གཡོ་དང་བཅས། །བརྗོད་པ་སྙན་པའི་གླུ་དབྱངས་སྒྲོགས་བཞིན་དུ། །དད་གསུམ་སྨན་ལྗོངས་ཉམས་དགའི་དཀྱིལ་ནས་ཕུལ། །ཞེས་པ་ལྟ་བུའི་མཚོན་སྐབས་དང་བསྟུན་ནས་སྦྱར་བའོ། །དེ་ལྟར་ཡུལ་དམ་པར་གཏོགས་པའི་མཆོག་འབྲིང་ཕལ་བའི་རིགས་དམིགས་བསལ་དང་སྤྱིར་བཏང་རྣམས་ལ་ཕྲིན་ཡིག་འབུལ་ཚུལ་རགས་རིམ་ཞིག་བསྟན་ཟིན་


JKT018_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ད་ནི་དེ་དག་གི་སྐབས་ལས་འཕྲོས་པའི་དོན་ཅུང་ཟད་འབྲི་ན། །བཀའ་ཐ་མ་ཕྱིར་འཕེབས་ལྟ་བུའི་འབྱོར་ལན་གྱི་ཚེ། །གོང་རྒྱན་དང་འབེབས་ཞུས་སོགས་དཀྱུས་ལྟར་ལ། །རང་གི་གནས་ཚུལ་མ་གླེང་བའི་གོང་དུ། །ལྷག་པར་ཐུགས་རྗེའི་ཆུ་གཏེར་བསྲུབས་པ་ལས། །རབ་འཁྲུངས་བཀའ་མཆིད་ཉིན་མོའི་དཔྱིད་དཔལ་ནི། །ཐུན་མཚམས་སྤྲིན་གྱི་ཕྱག་རྒྱས་བཏབ་འདི་ཐེལ་དམར་གྱི་དབང་དུ་བྱས་ཀྱི། བཞིན་དུ། །མོས་གུས་ཤར་རིའི་ཕྲག་པར་ལྷུང་བའི་མོད། །དད་དམ་ཨུཏྤལ་དར་བའི་ཆུན་པོ་ལ། །སྐལ་བཟང་ཤིས་པ་བསྒྲུབས་པའི་ཆོ་ག་ཡིས། །བྱིན་རླབས་བདུད་རྩིས་དགེ་མཚན་དར་བབས་པས། །བསམ་གཞན་དུ་མི་འགྱུར་རྟགས་ཀྱི་སྣང་བ་འབར་བཞིན་དུ། ཞེས་པ་ལྟ་བུར་བསྒྱུར་ཤེས་པར་བྱའོ། གཏན་གྲུབ་པའི་དགའ་སྟོན་བརྒྱ་ཕྲག་བྱིན། །ཞེས་སམ། ཁྱད་པར་བཀའ་མཆིད་ཤར་གྱི་ཐིག་ལེའི་ངོས། །ཕྱག་རྒྱའི་འཁོར་ལོ་རི་དྭགས་གཞོན་ནུ་ཡིས། །རབ་འཁྱུད་དངོས་པོའི་རྟེན་དམིགས་བསལ་ཡོད་ན་མཆན་འབྲི་བས་འཐུས། བདོག་པ་གྱ་ནོམ་པའི། །སིམ་འོད་འབུམ་དུ་འཛགས་བཞིན་སྤྱི་བོར་སོན། །ཞེས་སམ། ཐུགས་བརྩེའི་ཆར་གྱིས་རྩྭ བྲན་པའི་དགེ་མཚན་ལས། །བསྐྱེད་བསྲིངས་བཀའ་གསང་པདྨའི་ཆུན་པོ་ནི། །མི་འགྱུར་ཕྱག་རྒྱའི་རེ་ཁཱ་དང་བཅས་ཏེ། །གུས་སྤྲོའི་དགའ་སྟོན་མཆོག་ཏུ་སྤྱི་བོར་ཐོབ། །ཞེས་སམ། དཔྱིད་དུས་མྱོས་པའི་ཁུ་


JKT018_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བྱུག་གདངས་སྙན་གྱིས། །མཚོན་མིན་དབྱངས་བདུན་རྫོགས་པའི་ལེགས་གསུང་དང་། །རབ་འགྲོགས་རྡོ་རྗེའི་སྔགས་ཀྱི་མདུད་འདིའང་དམ་མདུད་ལྟ་བུ་ཡོད་པའི་དབང་དུ་བྱས་ཀྱི། པ་བཅས། །ཐོབ་པའི་མོད་ནས་རབ་དགའི་དཔལ་གྱིས་མྱོས། །ཞེས་སམ། རྨད་བྱུང་ཐུགས་རྗེའི་དགེ་མཚན་འཛུམ་དམུལ་བས། །རིང་དུ་བསྐྱང་བའི་སྐལ་བཟང་ཉེར་མཚོན་ཕྱིར། །བཀའ་མཆིད་དངོས་པོའི་སྐྱེས་ཀྱིས་ལྕི་དང་བཅས། གཞན་དུ། རབ་འགྲོགས་ལྷ་རྫས་གོས་ཀྱི་ཕུར་མ་བཅས། ཞེས་པ་ལྟ་བུར་བསྒྱུར། །ཉམས་མེད་གུས་པའི་སྤྱི་ཏོར་རྩེ་མོར་སོན། །ཞེས་སམ། བརྗོད་བྱ་མངོན་པར་མཐོ་དང་ངེས་ལེགས་གཏམ། །རྗོད་བྱེད་རྒྱན་གསུམ་ལམ་ནས་དྲངས་པ་ཡི། །བཀའ་མཆིད་ཕྱག་རྒྱའི་ལང་ཚོ་མ་ཉམས་པ། །སོན་པས་སྙིང་ལ་དད་སྤྲོའི་དགའ་སྟོན་བྱིན། །ཞེས་སམ། རྨད་བྱུང་བརྩེ་ཆེན་དཔལ་གྱི་དུམ་བུ་ལས། །ཉེ་བར་འཕོས་པའི་བཀའ་མཆིད་བསུང་ཞིམ་རྒྱུན། །སྐྱེས་བཟང་ལྷོ་ཕྱོགས་རླུང་གིས་ཉེར་བཏེགས་ཏེ། །འདི་ན་གུས་པའི་ངལ་འཚོའི་ཆེད་དུ་ཐོབ། །ཞེས་སམ། འཇམ་མགོན་ངག་གིས་ཕྱེ་བའི་བཀའ་གསང་དང་། །རབ་འགྲོགས་མྱོང་འདིའང་དམ་རྫས་ལྟ་བུ་ཡོད་པ་ལ་སྦྱར་གྱི། གཞན་དུ་རབ་འགྲོགས་དངོས་པོའི་གནང་སྐྱེས་གྱ་ནོམ་བཅས། །ཞེས་པ་སོགས་སུ་བསྒྱུར། གྲོལ་བདུད་རྩིའི་བདོག་པ་བཅས། །མི་འགྱུར་རྟགས་ཀྱི་ལང་ཚོས་སྨྲས་བཞིན་དུ། །སྤྱི་བོར་སོན་པས་དད་གསུམ་དགའ་སྟོན་


JKT018_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ། །ཞེས་སམ། གང་ཚེ་ཐུགས་རྗེའི་འཇུག་པ་དམ་པ་ཡིས། དངོས་ཀྱང་འདོར་མིན་གསུང་མཆིད་ཀུ་མུ་དཱ། །དངོས་པོའི་བདོག་པའི་སྐྱེས་ཀྱི་འབྲས་བཟང་བཅས། །ཐོབ་པས་དོན་གཉིས་གྲུབ་། པའི་ངལ་བསོ་བྱིན། །ཞེས་སམ། ཁྱད་པར་ཚངས་སྲས་རྒྱུད་མངས་ལས་བླངས་པའི། །ལེགས་གསུང་སྤྲིན་གྱི་བ་གམ་བཞད་པ་དང་། །རྟེན་དངོས་གྲུ་ཆར་གཤིམས་པོ་དང་བཅས་པ། །གུས་འབངས་མདོངས་མཐའ་དགའ་བའི་དཔྱིད་དུ་ཐོབ། །ཞེས་སམ། ཁྱད་པར་འདི་གཏན་གདུང་སེལ་བའི། །བཀའ་མཆིད་ཟླ་ཚེས་སར་བ་ཡང་། །དངོས་པོའི་སྐྱེས་ཀྱི་སིམས་འོད་བཅས། །གུས་ལྡན་བདེ་འབྱུང་རལ་རྩེར་སོན། །ཞེས་སམ། ཕུན་ཚོགས་གསུང་གསང་མན་ར། །མྱོང་གྲོལ་བདུད་རྩིའི་དོགས་པར་བཅས། །ཉམས་མེད་སྤྱི་བོར་འཆིངས་པའི་མོད། །སྐལ་པ་བཟང་པོའི་དགའ་སྟོན་ཐོབ། །ཞེས་སམ། རྨད་བྱུང་གསུང་མཆིད་ཨུཏྤ་ལ། །རྡོ་རྗེའི་སྔགས་ཀྱི་མདུད་པ་ཡི། །ལོ་འདབ་ཅིར་ཡང་གྲོལ་དང་བཅས། །གུས་སྤྲོའི་ཐོར་ཚུགས་རྩེ་མོར་བྱིན། །ཞེས་སམ། ཡ་མཚན་ཉིད་དོ་སིམ་འོད་ཀྱིས། །བསྣུན་པའི་ཀུ་མུ་དཱ་བཞིན་དུ། །བཀའ་གསང་རྟགས་ཀྱི་ཕྱག་རྒྱ་ཡིས། །རབ་མཛེས་གུས་པའི་དཔྱིད་དུ་ཐོབ། །ཞེས་སམ། དད་དང་སྤྲོ་བའི་མགྲིན་སྔོན་གང་། །ཐུགས་རྗེའི་སྤྲིན་གྱིས་མི་བཏང་ཕྱིར། །གསུང་མཆིད་རོལ་མོ་དཀྲོལ་བ་ལས། །


JKT018_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དགའི་གར་གྱིས་ཡིད་རབ་བྲེལ། །ཞེས་པ་ལྟ་བུས་མཚོན་ཏེ་སྐབས་དང་སྦྱར་ནས་རྣམ་དཔྱོད་ཀྱི་འཇུག་པ་རྒྱ་ཆེར་སྤྲོ་བར་བྱ་ཞིང་། །དེ་མཚམས་ནས་རང་གི་གནས་ཚུལ་སོགས་དཀྱུས་ལྟར་འདྲི་བར་བྱའོ། །གཞན་ཡང་མཇལ་ཕྱག་དང་། །དབང་ཆོས་ཞུ་བ་སོགས་ཀྱི་ལེགས་འབུལ་སྟོབ་པའི་ཚེ། །གོང་རྒྱན་དང་། འབེབས་ཞུ་དག་ཡུལ་གང་ཡིན་པ་དེ་དང་དེའི་དམིགས་བསལ་སྔར་སྨོས་པ་རྣམས་ལས་བླངས་པས་འཐུས་མོད། །འོན་ཀྱང་འདིར་ཡང་སྤྱིར་བཏང་དུ་ཅུང་ཟད་དཔེར་བརྗོད་ན། ཨོཾ་སྭ་སྟི་བི་ཛ་ཡནྟུ། གྲངས་མེད་གོང་ནས་ཆོས་དབྱིངས་སྙིང་པོར་གཟུང་འཛིན་མཚན་མ་སིམ་གྱུར་ཀྱང་། །ཚུར་མཐོང་དག་པའི་རྩེ་དགའ་བཟུང་ལ་སྙིང་རྗེའི་ལང་ཚོ་དར་བབས་པས། དྲན་པ་ཙམ་གྱིས་རྨོངས་པའི་འཇིགས་འཕྲོག་སྲིད་ཞིའི་དེ་ཉིད་གཅིག་གྱུར་པའི། །ཞབས་སྟེགས་ལྷ་བརྒྱའི་ཐོད་ཀོས་མངོན་བསྟེན་ནོར་བུའི་བ་གམ་གཡོ་བའི་དྲུང་། །ཞེས་སམ། བསྐལ་བཟང་རྣམ་འདྲེན་བཞི་པའི་ཞལ་སྒོ་ལས། །ལེགས་གསུང་སྡེ་སྣོད་བྱེ་བའི་རྒྱལ་ཐབས་ལ། །དབང་བསྒྱུར་ལྷར་བཅས་གཙུག་ན་མངོན་མཐོ་བའི། །ཞབས་པད་གདོང་ལྔས་བཏེག་པ་ག་ལ་བར། །ཞེས་སམ། །གང་ཞིག་མཁྱེན་བརྩེའི་འོད་རྡུལ་ཕྲ་མོས་ཀྱང་། །སྒྲིབ་གསུམ་ཤེ་མུན་བཅིལ་དང་ཆབ་གཅིག་པར། །ཕན་བདེའི་སྣང་བ་བརྒྱ་ཕྲག་སྦྱིན་མཛད་པའི། །མཚུངས་བྲལ་


JKT018_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མའི་ཞབས་པད་མོར། །ཞེས་སམ། །དཔལ་ལྡན་སྟོབས་བཅུ་མངའ་བའི་བསྟན་པ་ལ། །སྟོན་པ་གཉིས་པར་སྣང་བའི་ཕྲིན་ལས་ཀྱིས། །འགྲོ་ཀུན་དམ་པའི་ལམ་དུ་དབུགས་དབྱུང་བའི། །ཞབས་སྟེགས་ཕྱོགས་ལས་རྣམ་པར་རྒྱལ་བའི་དྲུང་། །ཞེས་སམ། སྲས་བཅས་རྣམ་འདྲེན་ཐམས་ཅད་ཀྱི། །ཡེ་ཤེས་ཕུང་པོ་གཅིག་བསྡུས་པ། །མ་འདྲིས་འགྲོ་བའི་འཛའ་བཤེས་མཆོག །སྲིད་ན་མངོན་མཐོའི་ཞབས་པད་མོར། །ཞེས་པ་ལྟ་བུ་གང་རིགས་ཀྱི་འབེབས་འོག་ནས། །མཛེས་པར་བྱས་སོ་སྦྲང་རྩིས་མངོན་གཏམ་སྐྱེད་མོའི་ཚལ་དུ་བུང་བ་དང་། །པདྨ་དཀར་པོའི་མུ་ཁྱུད་རབ་གཡོ་དྭང་བའི་རོལ་མཚོར་ངང་མོ་བཞིན། །དག་པའི་མིག་སྨན་སར་པས་ལེགས་སྦྱངས་ཡེ་ཤེས་གཟིགས་པའི་མདུན་ས་རུ། །དད་གུས་ཁོ་ནའི་གཞན་དབང་ལས་སྐྱེས་དོན་ལྡན་གཏམ་གྱི་སྦྱོར་བས་སོ། །ཞེས་སམ། མཐའ་མེད་འཁོར་བའི་འདམ་རྫབ་ཀྱིས་བསྲུང་བའི། །ཀུན་རྨོངས་ཆུ་བ་གསར་པའི་ཕང་པ་ནས། །ཐལ་མོའི་མེ་ཏོག་ཟུམ་དང་ཆབ་གཅིག་པར། །ཞུ་གསོལ་ཚིག་གི་བརྗོད་པ་འདི་ལྟར་འབུལ། །ཞེས་སམ། གསལ་གསལ་རྨད་བྱུང་ཐུགས་རྗེའི་ཟླ་གཞོན་གྱིས། །ཡང་ཡང་རེག་པས་དད་གསུམ་ཀུ་མུ་དཱ། །དུང་དུང་སྙིང་དབུས་གྲོལ་བའི་འཛུམ་དཀར་གྱིས། །སྙན་སྙན་གཏམ་གྱི་གེ་སར་འདི་སྐད་བསུ། །ཞེས་སམ། སེན་


JKT018_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་མེ་ཏོག་དམར་བའི་དོགས་པ་ཡིས། །ཉེ་བར་སྒེག་པའི་ཐལ་སྦྱར་འཁྲི་ཤིང་ནི། །ལན་བརྒྱར་འདུད་པའི་ངང་ཚུལ་སྔོན་འགྲོ་བས། །དད་བརྒྱའི་མགྲིན་པ་བཏེག་སྟེ་མཆིད་འདི་གསོལ། །ཞེས་སམ། །དལ་རྟེན་ལྗོན་བཟང་ལྡེམས་པ་ལས། །ཐལ་མོའི་ཨུཏྤལ་ཟུམ་དང་བཅས། །ཞུ་གསོལ་རྐང་པ་དྲུག་པའི་གླུས། །ཡེ་ཤེས་གཟིགས་པའི་སྒོ་འཕར་དབྱེ། །ཞེས་པ་ལྟ་བུའི་གཤམ་དུ། །བསྔགས་བརྗོད་སོགས་དཀྱུས་ནས་འབྱུང་བ་ལྟར་རམ། །ཅུང་ཟད་རྒྱས་པར་སྤྲོ་བའི་དབང་དུ་བྱས་ན། །དཔག་ཡས་ཡོན་ཏན་གཏིང་མཐའ་གཞལ་བཀའ་ཤིན་ཏུ་རྡུལ་བྲལ་ཆུ་གཏེར་ཆེ། །གཞན་ཕན་ནོར་རྒྱས་ཐགས་པས་ལེགས་སྦྲེལ་ཡིད་ཅན་བསོད་ནམས་མནྡཱ་རས། །ཉེ་བར་བསྲུབས་པའི་ངལ་བ་བསྟེན་ལས་ལེགས་སྤྱད་དུམ་བུ་རབ་རྫོགས་པར། །མཁྱེན་རྩེ་བདུད་རྩིའི་དོ་ཤལ་གྱིས་མཛེས་ངོ་མཚར་ཟླ་གཞོན་ཁྱོད་གཅིག་ཤར། །དེ་ཚེ་རབ་འབྱམས་རྒྱ་མཚོའི་རྡུལ་སྙེད་འགྲོ་ཀུན་མོས་པའི་རྣ་ལུང་དུ། །རྨད་བྱུང་ཞི་བསིལ་མཚར་སྡུག་ཡོངས་རྫོགས་མིང་ཚིག་ཡི་གེའི་ཨུཏྤ་ལ། །ཉེ་བར་བཏབ་པའི་ངང་ཚུལ་འདི་ཀོ་རྒྱལ་ཀུན་གསུང་གི་རྡོ་རྗེའི་དཔྱིད། །མགྲིན་པར་རྩེན་པའི་ངོ་མཚར་ཉིད་ལས་དངོས་པོ་གཞན་གྱིས་ཇི་ལྟར་བསྐྲུན། །གང་ཐུགས་རྡུལ་དང་ཤེས་བྱ་ལས་འདས་བསམ་བརྗོད་སྤྲོས་པའི་ཕ་མཐའ་ལ། །དུས་གསུམ་ཀུན་ཏུ་གཞར་ཡང་མི་


JKT018_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་དངོས། །ཟག་བྲལ་བདེ་ཆེན་ཕྱག་རྒྱ་ལ་སྦྱོར་རྣམ་པ་ཐམས་ཅད་མཆོག་ལྡན་ཞལ། །རྒྱལ་ཀུན་ཐུགས་ཀྱི་ཐིག་ལེར་ཡོངས་གྲུབ་དེ་སླད་ཀུན་དུ་འཆང་ཞེས་བརྗོད། །བྲལ་སྨིན་བྱེ་བའི་ས་བོན་ལས་ཐོན་མཁྱེན་པའི་མེ་ཏོག་ཅི་ཡང་འབར། །རྗེས་བརྩེའི་ཡལ་ག་ཕྱོགས་བརྒྱར་གཡོབས་ཤིང་ཕན་བདེའི་གྲིབ་མ་སྣུམ་པོ་རུ། །ལུས་ཅན་སྲིད་ཞིའི་ཚ་གདུང་བསལ་ཏེ་བྱང་ཆུབ་སྙིང་པོའི་དབྱིག་གི་ཆར། །འབེབས་མཛད་མི་ཟད་ཡོན་ཏན་ཕུང་པོ་ཡོངས་འདུའི་ས་བརྟོལ་ཉིད་དུ་འཁྲུལ། །ཇི་ལྟར་འཆར་ཀའི་དམར་བས་ཉེར་དྲངས་འབྲས་ལྡན་དུས་ཀྱི་ཟླ་གཞོན་ལས། །རབ་ལྷག་ཐུགས་རྗེའི་སིམ་འོད་གཡོ་བས་སྙིགས་སྤྱོད་གདུང་བ་བཅིལ་ནས་སླར། །དོན་གཉིས་སྣང་བ་བླ་མེད་སྦྱིན་ལ་འདྲེན་པ་ཀུན་གྱི་ཕྲིན་ལས་ཁུར། །འབད་དང་རྩོལ་བའི་ངལ་བས་དུབ་མིན་ལྷན་སྐྱེས་ཉིད་དུ་བདག་གིར་བཟུང་། །ཞེས་སམ། །གང་ཁྱོད་གཟོད་ནས་ཤིན་ཏུ་རྣམ་དག་པའི། །ཡེ་ཤེས་ཆེན་པོའི་ཕ་རོལ་ཕྱིན་མོད་ཀྱང་། །ཚད་མེད་སྙིང་རྗེའི་གཞན་དབང་ལ་འཆེལ་བས། །བསམ་བཞིན་སྤྲུལ་པའི་རྣམ་རོལ་ཅིར་ཡང་བཟུང་། །ཁྱད་པར་འདུལ་བར་དཀའ་བའི་ཡུལ་དུས་འདིར། །ཡོངས་རྫོགས་བསྟན་དང་འགྲོ་ལ་སྨན་མཛད་པའི། །བསྔགས་འོས་ཚངས་པའི་བློས་ཀྱང་གཞལ་དཀའ་ཕྱིར། །སྲིད་རྩེའི་སྙོམས་འཇུག་ངང་དུ་གཉིད་ལ་


JKT018_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གཡུར། །བག་མེད་རྡུལ་ལ་ཟ་བའི་འཇུག་པ་ཅན། །ཡང་དག་བླངས་པའི་ཁྲིམས་ཀྱི་ཆུ་གཙང་གིས། །བཤེས་ལས་རྣམ་གྲོལ་མེ་ཏོག་དགོད་པ་ཡང་། །ཡོན་ཏན་ཀུན་གྱི་བསྟི་གནས་གཅིག་ཏུ་གྱུར། །གཏིང་མཐའ་བྲལ་བ་གང་དེ་ཆུ་ཡི་གཏེར། །མ་ཡིན་སྨོན་འཇུག་སེམས་ཀྱིས་བརླན་པའི་ཐུགས། །འགྲོ་ཀུན་ཕན་བདེའི་སྦྱར་གང་ནོར་བུའི་དཔལ། །མིན་ནོ་ཁྱོད་ཀྱི་བྱང་ཆུབ་སྤྱོད་མཆོག་ལགས། །ངེས་གསང་སྨིན་གྲོལ་མཛེས་མའི་འགྲམ་ཆང་གིས། །བརླན་ལས་དམ་ཚིག་སྡོམ་པའི་བ་ཀུ་ལ། །སྒོ་གསུམ་བྱེད་པ་བཅིངས་པའི་མཚར་སྡུག་བཅས། །རྫོགས་པས་དབང་རྣོན་རྒྱ་མཚོའི་དཔྱིད་དུ་མཛེས། །ཞེས་སམ། གང་ཚེ་སྙིང་རྗེས་ཤིན་ཏུ་མཉེན་བྱས་པའི། །འཇུག་པས་སེམས་ཅན་ཡལ་བར་མི་འདོར་བཞིན། །ཐུགས་ནི་ཆོས་ཀྱི་དབྱིངས་སུ་སྙོམས་ཞུགས་པས། །སྲིད་དང་ཞི་བའི་ཐིག་ལེ་གཅིག་ཏུ་གྱུར། །བསོད་ནམས་མཐའ་ཡས་རྫོགས་པའི་མཚན་དཔེའི་བྱིན། །འགྲོ་འདིའི་མོས་ངོར་ཤར་བའི་དེ་མ་ཐག །བསྡུས་པ་མེད་པར་བསྔགས་འོས་རྣམ་ཐར་གྱིས། །ཕྱུར་བུར་གཏམས་པའི་བརྗོད་པ་ཕ་མཐའ་ཡས། །གསུང་གཅིག་ཉིད་ལས་ཐ་དད་མོས་པ་བཞིན། །ཆོས་ཕུང་བྱེ་བའི་མཐས་ཀྱང་མཚོན་མིན་པ། །སྤྲོ་ལ་ཁྱོད་དང་རྣམ་འདྲེན་ཟས་གཙང་སྲས། །དབུས་མཐའི་ཡུལ་གྱི་ཁྱད་པར་ཙམ་དུ་བས། །ཇི་སྙེད་ཤེས་བྱའི་ཡན་ལག་ཡོད་


JKT018_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཅོག །ཟག་བྲལ་མཁྱེན་པའི་དཔལ་གྱིས་ཉེར་བཟུང་བཞིན། །ཡུད་རེར་ཏིང་འཛིན་བྱེ་བའི་འཇུག་ལྡང་གིས། །མཐའ་ཀླས་ཡིད་ཅན་ཐར་པའི་གྲོང་དུ་དཀྲི། །རྨད་བྱུང་རྒྱུ་ལས་ཐོབ་པའི་ཡོན་ཏན་འབྲས། །ལུས་ཅན་ཕན་བདེའི་དཔྱིད་དུ་སྨིན་པ་ལས། །མཐའ་གཉིས་དབུལ་བ་འདོར་བའི་ཕྲིན་ལས་ཅན། །སྔོན་མེད་ལེགས་བྲིས་ལྗོན་པ་དེ་སུ་ཞིག །ཞེས་སམ། ཇི་ལྟར་འགྲོ་ཁམས་རིན་ཆེན་དག་པའི་གཞིར། །ཚད་མེད་སྙིང་རྗེའི་གཟུགས་བརྒྱ་འཕོས་པ་ཡིས། །བསོད་ནམས་ཕྱེ་བའི་ཕུང་པོ་འདུ་མཛད་པས། །གང་གི་རྣམ་ཐར་དཔག་དཀའི་ཕ་མཐར་དྲངས། །ཁྱད་པར་བསིལ་ལྡན་རི་བོའི་སྨན་ལྗོངས་སུ། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་པའི་གཟུགས། །སློབ་པའི་སར་གནས་གཞོན་ནུའི་རོལ་རྩེད་ཀྱིས། །མཐའ་ཀླས་ཐེག་པའི་རྒྱལ་རྔ་དུས་གཅིག་བརྡུངས། །དེ་ཚེ་རང་གཉིད་བསླབ་པའི་ཤུལ་ལམ་ལ། །འགོད་མཛད་འདི་ནི་ལུས་མེད་ཐུལ་ལོ་ཞེས། །ལྷར་བཅས་བསྔགས་པའི་མེ་ཏོག་གཡོ་བའི་འོད། །ཞབས་མཐིལ་པདྨོ་གསར་པའི་ཟོལ་གྱིས་འོང་། །ལ་ལར་འཇམ་དང་གཞན་དུ་འབར་བ་སོགས། །གཅིག་པུ་ཉིད་ལས་སྨན་མཛད་དུ་མའི་གར། །ཡ་མཚན་འདི་འདྲ་རྫོགས་པའི་སངས་རྒྱས་ལས། །འཕགས་དང་སོ་སྐྱེ་གཞན་གྱིས་བསྐྲུན་དུ་མེད། །མདོར་ན་ཐུགས་ཀྱི་ཏིང་འཛིན་མི་འཁྲུགས་པར། །རྗེས་ཐོབ་སྒྱུ་


JKT018_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྒོ་བརྒྱ་དབྱེ་བ་ཡིས། །གཞན་ཕྱིར་ཕན་པ་འབའ་ཞིག་ལྷུར་ལེན་པས། །ས་སྟེང་སྟོན་པ་གཉིས་པའི་རྒྱལ་སར་འཛེགས། །ཞེས་སམ། གང་ཞིག་རྨད་བྱུང་ཡོན་ཏན་གྱི། །བདུད་རྩིའི་ཁུར་གྱིས་རབ་ལྕི་བའི། །རིན་ཆེན་འབྱུང་གནས་ཆེན་པོ་ལས། །སྙིང་རྗེའི་རྦ་རླབས་འགོགས་པ་མེད། །ལྷག་པར་དེང་དུས་ལྷར་བཅས་ཀྱི། །སྐྱེ་དགུའི་གདུང་སེལ་ཞི་བའི་བཅུད། །གཏན་པ་མེད་པར་འཇོ་བ་གང་། །སྔོན་མེད་ཙིནྟ་མ་ཎི་དངོས། །མཁྱེན་པའི་གཏིང་མཐའ་གཞལ་དཀའ་བར། །བྱམས་བརྩེའི་འོད་སྣང་རིང་སྤྲོ་བའི། །བསིལ་ཟེར་ཅན་ཁྱོད་ཤར་བའི་མོད། །ཐུབ་བསྟན་ཆུ་ཀླུང་ཕྱོགས་བརྒྱར་འཕེལ། །དེ་ཚེ་ཡིད་ཅན་རྡུལ་སྙེད་ཀྱི། །བདེ་སྐྱིད་ངང་མོ་བོས་པ་ལས། །རྫོགས་ལྡན་གསར་པའི་འཇོ་སྒེག་ཀྱང་། །དལ་གྱི་རྒོད་པའི་ངོ་མཚར་ཐོབ། །འདི་ན་ཀུན་གསལ་ཡངས་པའི་ཁྱོན། །ཕ་རོལ་ཟད་པ་མི་མངོན་བཞིན། །༔ གང་གི་བསྔགས་འོས་རྣམ་ཐར་ཀྱང་། །བྱིས་བློའི་བརྗོད་པས་ཇི་ལྟར་དྲངས། །ཞེས་པ་ལྟ་བུ་སྤྱིར་བཏང་ནས། །དེ་མཚམས་ནས་དམིགས་བསལ་སོ་སོའི་ཁྱད་པར་རྣམས་སྦྱར་བར་བྱ་སྟེ། །ཐོག་མར་བཤུལ་ལམ་རིང་པོ་ལྟ་བུ་ནས་བསྙེགས་ཏེ་ཞལ་གྱི་པདྨོ་དངས་བས་མཇལ་བའི་ལེགས་འབུལ་སྟོབ་པའི་ཚེ། །ཁྱད་པར་བསྐལ་མང་ཚོགས་ཟུང་གིས་བསྐྲུན་མགོན་པོ་ཁྱོད་ཀྱི་མཚན་དཔེའི་བྱིན། །གང་དུ་སྣང་བས་


JKT018_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་བདེའི་དཔལ་སྟེར་དེང་འདིར་སྐལ་བཟང་བདག་ཅག་གིས། །རིང་ནས་བརྣག་པའི་ལེགས་བྱས་ཁོ་ནས་འདྲེན་བྱེད་བདུད་རྩིར་ཐོབ་མ་ཐག །དང་པོའི་ས་ཡི་ཏིང་འཛིན་ལས་ལྷག་དད་སྤྲོའི་དགའ་སྟོན་ཅིར་ཡང་འཕེལ། །དེ་སླད་ལྷག་བསམ་གདེངས་ཅན་གྱིས་བསྐུལ་ཡིད་སྤྲུལ་མཆོད་པའི་སྤྲིན་ཕུང་ལས། །དངོས་འབྱོར་གྲུ་ཆར་ཕྲ་མོ་གཡོ་བས་ཡེ་ཤེས་གཟིགས་པས་བརླན་བྱས་ཏེ། །སླར་ཡང་སྲིད་པ་མཐར་བྱས་བར་དུ་དགེ་ལེགས་རིན་ཆེན་རྟག་འཇོ་བའི། །ཞབས་ཀྱི་རྡུལ་ཕྲན་བསྙེན་བཀུར་བགྱི་སླད་གཅིག་ཏུ་བརྟུན་པའི་གཡར་དམ་ལེན། །ཞེས་སམ། ཁྱད་པར་རིང་ནས་བསོད་ནམས་བརྒྱ་ཕྲག་གིས། །མགྲོན་དུ་བོས་པའི་ཁྱོད་སྐུའི་གསང་བ་གསུམ། །མངོན་སུམ་འདྲེན་བྱེད་བདུད་རྩིར་ཐོབ་པ་ཡིས། །རྨད་བྱུང་བསྐལ་པ་བཟང་པོའི་དགེ་མཚན་བྱིན། །དེ་སླད་དད་སྤྲོའི་དགའ་བ་རྒྱས་གྱུར་པའི། །ལྷག་བསམ་གསེར་གྱི་སྙེ་མ་དུད་པ་ལས། །དངོས་འབྱོར་མཆོད་སྤྲིན་ཉུང་ངུའི་དགྱེས་སྟོན་གྱིས། །ཡེ་ཤེས་གཟིགས་པའི་གཡར་ལམ་མཛེས་པར་བྱ། །ཞེས་སམ། ལྷག་པར་དགོས་འབྱུང་ནོར་བུའི་གན་མཛོད་ཀྱིས། །བསྐྲུན་མིན་མཐོང་བ་ཙམ་གྱིས་གྲུབ་གཉིས་གཏེར། །སྦྱིན་མཛད་ཁྱོད་ཞབས་སྤྱི་བོར་བསྙེན་པ་ཡི། །གུས་སྤྲོ་ནམ་མཁའི་མཐའ་ལས་རིང་དུ་བརྒལ། །དེ་ལྟ་ནའང་ཡང་སྲིད་རྣམ་ཀུན་དུ། །གཏོགས་ལ་སྤྲོ་བ་


JKT018_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་བས་ཟང་ཟིང་གི །འབྱོར་པ་དབུལ་ཡང་ལྷག་བསམ་དཔྱིད་དཔལ་ལས། །དངོས་འབྱོར་མེ་ཏོག་ཕྲ་མོའི་དགའ་སྟོན་སྟོབ། །ཞེས་སམ། ཁྱད་པར་ཐོབ་པ་ཙམ་ནས་འདི་གཏན་གྱི། །ཕོངས་པ་ཀུན་བཅོམ་བདུད་རྩིའི་དཔལ་སྦྱིན་པ། །མགོན་པོ་གང་གི་མཚན་དཔེའི་དཀྱིལ་འཁོར་མཆོག །མངོ་ན་པོ་གང་གི་མཚན་དཔེའི་དཀྱིལ་འཁོར་མཆོག །མངོན་སུམ་མཇལ་བའི་དགའ་བས་ཡིད་རབ་མྱོས། །དེ་ཚེ་འབྲུག་སྒྲ་ངལ་གྱིས་རྒོད་པ་ཡིས། །སྙིང་ལ་རངས་པ་ཐོབ་པའི་མདོངས་མཐའ་ལྟར། །གུས་སྤྲོའི་ཟློས་གར་ཅིར་ཡང་བསྒྱུར་བཞིན་དུ། །དངོས་འབྱོར་མཆོད་སྤྲིན་ཕྲ་མོས་བསྙེན་བསྐུར་བགྱི། །ཞེས་སམ། ལྷག་པར་རྒྱལ་ཀུན་ཡེ་ཤེས་བྱིན། །འདུས་པའི་ཁྱོད་ཞལ་ཟླ་བ་ཟློ གསར། །མངོན་སུམ་མཐོང་བའི་མོད་ཉིད་ནས། །མཆོག་ཏུ་དད་སྤྲོའི་ཀུན་བཞད། །དེ་ཡིས་འདི་གཏན་དོན་གཉིས་ཀྱི། །ཕུན་ཚོགས་ཡོངས་སུ་གྲུབ་པ་ཡི། །རྨད་བྱུང་དགའ་སྟོན་མཚོན་སླད་དུ། །དངོས་པོའི་མཆོད་སྤྲིན་ཅུང་ཟད་བསྟར། །ཞེས་སམ། གང་ཚེ་ཞབས་རྡུལ་ཕྲ་མོས་ཀྱང་། །བཏབ་པས་གྲུབ་པའི་དཔལ་སྦྱིན་ན། །ཁྱོད་ཞལ་པདྨོ་དངོས་མཇལ་བར། །གུས་སྤྲོའི་ཆུ་གཏེར་མི་ཁོལ་སུ། །དེ་ཕྱིར་དེ་ཡི་བཀའ་དྲིན་མཐའ། །དངོས་པོའི་ཟོང་གིས་འཇལ་མིན་མོད། །འོན་ཀྱང་ཕྱོགས་རེའི་བསོད་ནམས་དཔལ། །བསགས་སླད་མཆོད་སྤྲིན་ཕྲ་མོ་སྟོབ། །ཞེས་སམ། ཡ་མཚན་ཉིད་དོ་ཟླ་ཐིག་གིས། །སར་


JKT018_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་གསར་པའི་འཛུམ་ཕྲེང་སྟེ། །ཁྱོད་ཞལ་མཇལ་བའི་དགའ་སྟོན་གྱིས། །བདག་ཅག་དད་སྤྲོའི་སྣང་བ་རྒྱས། །དེ་ལྟའི་ཚད་མེད་བཀའ་དྲིན་གང་། །རྗེས་སུ་དྲན་པའི་ལྷག་བསམ་གྱིས། །མཐའ་ཀླས་ཡིད་སྤྲུལ་མཎྜལ་བཅས། །དངོས་འབྱོར་མཆོད་སྤྲིན་ཅུང་ཟད་སྟོབ། །ཞེས་པ་ལྟ་བུ་སྐབས་སུ་གང་བབས་སྦྱར་བའི་མཐར། །དེ་ལྟར་དགེ་ལེགས་ཀྱི་ཚིགས་སུ་བཅད་པ་མེ་ཏོག་མནྡཱ་རའི་ཆར་ཕང་ཕང་དུ་གཡོ་བ་རྣམ་པར་བཀྲམ་པས་ལམ་ཡངས་པར་བྱས་ནས། དེང་གི་ཆར་ཡང་། ལན་གཅིག་མ་ཡིན་པར་རིང་མོ་ཞིག་ནས་ཡིད་ལ་འདུན་པའི་གུས་ལྡན་པ་ཁོ་བོ་ཅག་གིས་ལྷ་དང་བཅས་པའི་འགྲོ་བ་ཡོངས་འདིའང་གོས་ཤིན་ཏུ་མཐོ་བ་དག་ལ་སྟེ། ཀྱི་སྐྱོབ་པ་མཚུངས་ཟླ་མ་མཆིས་པ་གང་གི་ཞལ་གྱི་པདྨོ་མངོན་སུམ་མཇལ་ཞིང་། གསུང་གི་བདུད་རྩིས་རྣམ་པར་གྲོལ་བའི་སྐལ་བ་སྦོམ་པོར་གྱུར་པའི་དགའ་སྟོན་གྱིས་ལེགས་འབུལ་ཅུང་ཟད་སྟོབ་པར། ཐོག་མར་བཀྲ་ཤིས་གཞན་ལྟོས་བཅས་འགྲོ་བ་ཡོངས་ཀྱི། ལྟ་བུ་གང་མཚམས་སུ་བསྒྱུར་རོ། །པའི་ལྷ་གོས་རབ་དཀར་གངས་རིའི་མདོག་ཅན་སྲིད་དུ་རིང་བ། སྐུ་རྟེན་དུ་རྒྱལ་བ་ཚེ་མཐའ་ཡས་པའི་མཚན་དཔེའི་ཞལ་སྐྱིན་གསེར་ཟངས་ལས་གྲུབ་པ། གསུང་རྟེན་དུ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པའི་ཡེ་ཤེས་སྒྲ་རིག་རང་མཚན་དུ་ཤར་བ་ཚེ་མདོ་གསེར་བྲིས། ཐུགས་རྟེན་དུ་


JKT018_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གདམས་མཆོད་རྟེན་རྙིང་མ་པད་སྤུངས། །བར་འདིར་འབུལ་ཚན་ཇི་ལྟར་རིགས་པ་རྣམས་སྨོས་པའི་མཐར། མཐའ་རྟེན་རས་དཀར་ཡུགས་བཅས་རྣམ་༡༠༣གྲངས་འབུལ་ལམ་ཞུས་པ་ཡེ་ཤེས་གཟིགས་པའི་སྤྱན་རས་ཀྱིས་བཙའ་བར་གསོལ་བ་འདེབས་པ་དང་། སླར་ཡང་སྨྲས་པ། ཞེས་པའི་འཕྲོ་ནས་དཀྱུས་ཀྱི་བརྟན་བཞུགས་བྲིས་པའི་གཤམ་དུ། དེ་ལྟར་ལེགས་བྱས་འདིས་མཚོན་དུས་གསུམ་གྱི། །རྣམ་པར་དཀར་བའི་དགེ་ཚོགས་ཇི་སྙེད་པ། །ཆོས་དབྱིངས་རྒྱ་མཚོའི་འཇིང་དུ་བསྔོས་པའི་མཐུས། །འགྲོ་ཀུན་སྲིད་ཞིའི་མཐའ་ལས་སྒྲོལ་བར་ཤོག །གང་ཞིག་མཚན་གྱི་སྤྲིང་ཡིག་ཐོས་འཛིན་གྱི། །བདུད་རྩིར་བཏུང་བ་ཙམ་ནས་ཕན་བདེའི་དཔལ། །སྦྱིན་མཛད་མཆོག་གསུམ་འདུས་ཞལ་མགོན་ཁྱོད་ཀྱིས། །ལྷར་བཅས་བཀྲ་ཤིས་སྣང་བ་སྦྱིན་པར་མཛོད། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བཅུ། ཞེས་པ་ལྟ་བུ་དང་། །ཡང་སྐབས་ཇི་ལྟར་རིགས་པར་དབང་ཆོས་སོགས་ཀྱི་བཀའ་དྲིན་ཞུས་པའི་ལེགས་འབུལ་གྱི་ཚེ། གོང་རྒྱན་དང་། འབེབས་ཞུས་སོགས་དཀྱུས་ལྟར་ལ། ཁྱད་པར་ཚད་མེད་ཐུགས་རྗེའི་འཇུག་པ་ཡིས། །རིང་ནས་བསྐྱངས་པའི་སྐལ་བཟང་བདག་ཅག་ལ། །ཞི་བསིལ་གདམས་པའི་བདུད་རྩི་སྦྱིན་མཛད་པའི། །བཀའ་དྲིན་བྱང་ཆུབ་བར་དུ་གཞལ་ནུས་མིན། །དེ་ལྟ་ནའང་རེ་ཞིག་དད་སྤྲོ་ཡིས། །རྣམ་པར་བསྐུལ་བའི་ལྷག་


JKT018_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བློའི་ས་འཛིན་ལས། །ཡིད་སྤྲུལ་མཎྜལ་རྒྱ་ཆེར་སྔོན་འགྲོ་བས། །དངོས་འབྱོར་མེ་ཏོག་ཟེགས་མས་བསྙེན་བཀུར་བགྱི། །ཞེས་སམ། །ལྷག་པར་རྒྱལ་ཀུན་གསུང་གི་རྡོ་རྗེ་གང་། །མཆུ་སྒྲོས་དམར་བའི་ཚོན་ཆགས་ལ་བརྟེན་ནས། །ངེས་གསང་གདམས་པའི་བདུད་རྩི་སྩལ་བ་ཡིས། །དབང་རྣོན་གྲུབ་པའི་རྒྱལ་སར་ཡུད་ལ་བཞག །དེ་ཕྱིར་ཚད་མེད་ཐུགས་རྗེའི་ཟླ་ཤེལ་ལས། །དད་དམ་ཆུ་གཏེར་འཕེལ་ཀ དང་ཆབ་གཅིག་པར། །དངོས་འབྱོར་མཎྜལ་ཕྲ་མོའི་འདུ་འགོད་ཀྱིས། །ཕྱོགས་རེའི་བཀའ་དྲིན་གཞལ་ལ་མངོན་པར་ཕྱོགས། །ཞེས་སམ། གང་ཚེ་གཞན་ལ་ཕན་པར་དགོངས་པ་ཡི། །ཟབ་རྒྱས་གདམས་༣ པའི་བདུད་རྩིའི་བགོ་སྐལ་གྱིས། །སྐལ་བཟང་བློ་གྲོས་བུམ་པ་འགེངས་བྱས་པའི། །བཀའ་དྲིན་བརྗོད་ན་ཚངས་པའི་བློ་ཡང་ངལ། །དེ་སླད་བྱང་ཆུབ་བར་དུ་དམན་པ་བདག །མགོན་པོ་ཁྱེད་ཀྱིས་འབངས་སུ་དམ་བཅས་ནས། །གནས་སྐབས་ཕྱོགས་རེའི་བསོད་ནམས་བསགས་པའི་སླད། །དངོས་པོའི་མཆོད་སྤྲིན་ཅུང་ཟད་སྟོབ་ལ་བྲེལ། །ཞེས་སམ། ཁྱད་པར་བདག་སོགས་སྐལ་བཟང་འགྲོར། །སྨིན་གྲོལ་ལམ་མཆོག་མངོན་བསྟན་ནས། །སྐུ་བཞིའི་ས་བོན་བཏབ་པ་ཡིས། །བཀའ་དྲིན་ཕ་མཐའ་གཞལ་དུ་ཅི། །འོན་ཀྱང་ལྷག་བསམ་རྒྱ་མཚོ་ལས། །ཉེ་བར་བླངས་པའི་དངོས་འབྱོར་གྱི། །མཎྜལ་ཟེགས་མ་ཕྲ་


JKT018_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཡིས། །ཅུང་ཟད་བསྙེན་བསྐུར་བགྱི་ལ་ཕྱོགས། །ཞེས་སམ། གང་ཞིག་རྒྱལ་བ་ཐམས་ཅད་ཀྱི། །ཡེ་ཤེས་ཕུང་པོ་ཁྱོད་ཞབས་ནས། །ཟབ་གསང་བདུད་རྩི་སྩལ་བ་ལ། །གུས་སྤྲོའི་མེ་ཏོག་སྙིང་ནས་འཛུམ། །དེ་སླད་བྱང་ཆུབ་སྙིང་པོའི་བར། །གང་གི་དགྱེས་པ་བསྒྲུབས་པ་དང་། །རེ་ཞིག་ཕྱོགས་རེའི་བཀའ་དྲིན་མཐའ། །གཞལ་སླད་མཆོད་སོགས་པ་གང་འོས་ཀྱི་མཐར། །དེ་ལྟར་སྐབས་སུ་བབས་པའི་ཚིགས་སུ་བཅད་པ་ཀ་མ་ལའི་ཕང་ཕུང་ལྟར་ཆར་དུ་བསྙིལ་བ་སྔོན་དུ་འགྲོ་བར་བྱས་ནས། ཇི་ལྟར་གསོལ་བ་བཏབ་པའི་སྙིང་པོ་ནི། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད། ལུང་རྟོགས་བསྟན་པ་རྒྱ་མཚོའི་སྣང་བྱེད། སྐལ་བཟང་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག །དྲན་པས་སྲིད་དང་ཞི་བའི་འཇིགས་པ་མཐའ་དག་ཡོངས་སུ་འཕྲོག་པར་མཛད་པའི་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་འདིར་ཡང་སྤྲོ་ན་བླ་མའི་མཚན་བྱང་སྦྱར། གང་གི་ཞལ་སྔ་ནས། གུས་ལྡན་པ་ཁོ་བོ་ཅག་གིས་འདིར་ཡང་རང་གི་མིང་སྨོས་པའམ་དཀྱུས་ལྟར་ཡང་རུང་ངོ་། །ཇི་ལྟར་གསོལ་བ་བཏབ་པ་ལྟར་ཚད་མེད་པའི་ཡེ་ཤེས་ཀྱི་གཟིགས་པས་རྗེས་སུ་དགོངས་ཏེ་སྨིན་གྲོལ་འདིར་བཀའ་ཆོས་གང་ཡིན་གྱི་དམིགས་གསལ་འཛུད། གྱི་གདམས་པ་ཟབ་མོ་སྩལ་བའི་བཀའ་དྲིན་གྱི་ཕ་མཐའ་ནི་སྟོང་གསུམ་ཛམྦུ་ན་དས་བཀང་ཡང་ཅུང་ཟད་ཞིག་གཞལ་དུའང་ལྷག་ལ།


JKT018_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་ནའང་རེ་ཞིག་དངོས་སུ་འབྱོར་བའི་བདོག་པ་ཕྲ་མོ་འདིས་མཚོན། ཡིད་སྤྲུལ་གྱི་མཆོད་སྤྲིན་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་དང་རྗེས་སུ་མཐུན་པར་སྤྲུལ་ཏེ་བྱང་ཆུབ་སྙིང་པོའི་བར་དུ་བསྙེན་བཀུར་བགྱི་བའི་དམ་བཅའ་བདག་གིར་བྱ་བའི་སླད་དུ། ཐོག་མར་བཀྲ་ཤིས་པའི་ལྷ་རྫས་ཀྱི་ཝས་དཀར་པོ་སྲིད་དུ་རིང་བ། སོགས་བར་འདིར་འབུལ་བའི་རྣམ་གྲངས་བཀོད་ནས། མཐར་བཅས་རྣམ་གྲངས་༡༨ ༣འབུལ་ལམ་ཞུས་པ་སྐྱབས་འོག་པ་ཁོ་བོ་ཅག་གི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཕྱིར་ཡེ་ཤེས་གཟིགས་པའི་སྤྱན་རས་ཀྱིས་བཙའ་བར་གསོལ་བ་འདེབས་པ་ལགས། སླར་སྨྲས་པས། །འདིར་བརྟན་བཞུགས་སོ་སོའི་དཀྱུས་སུ་བྲིས་པ་ལྟར་གང་འོས་བཀོད་པའི་གཤམ། དེ་ལྟར་འདིས་མཚོན་ལེགས་བྱས་ཆུ་ཀླུང་འབུམ། །ཐམས་ཅད་མཁྱེན་པའི་ཆུ་གཏེར་ལ་ཞུགས་པས། །འགྲོ་ཀུན་སྒྲིབ་གཉིས་དྲི་མ་ཡོངས་སྦྱངས་ཏེ། །བྱང་ཆུབ་སྙིང་པོའི་འབྱོར་པས་རྩེན་པར་ཤོག །ཁྱད་པར་རྒྱལ་ཀུན་འདུས་ཞལ་མགོན་ཁྱོད་ཀྱི། །ཐུགས་རྗེའི་ཕྱག་གིས་རྟག་ཏུ་བཟུང་བ་དང་། །ལེགས་གསུང་བདུད་རྩིའི་སྐལ་བ་སྦོམ་གྱུར་པའི། །རྣམ་གྲོལ་ཤིས་པའི་ལང་ཚོ་འབར་གྱུར་ཅིག །སརྦ་དཱ་ཤེ་ཡོ་བྷ་བནྟུ། ཞེས་པ་ལྟ་བུ་སྐབས་དང་འབྲེལ་པར་སྦྱར་རོ། །བྱེ་བྲག་ཏུ་རྒྱལ་དབང་ཀརྨ་པས་དབུ་ཞྭ་མཐོང་གྲོལ་ཆེན་


JKT018_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བཞེས་པའི་དུས་ལེགས་འབུལ་སྟོབ་པའི་ཚེ། གོང་གཤམ་གྱི་བརྗོད་བྱ་སྤྱི་དང་བྱེ་བྲག་སྐབས་དང་འབྲེལ་བར་བླངས་པའི་མཐར། ཁྱད་པར་མཐོང་བ་ཙམ་གྱིས་ལས་ཉོན་མུན། །འཇིལ་ལ་ཟླ་ཤེལ་གསར་པས་མཚོན་མིན་པའི། །ཨིནྡྲ་ནཱི་ལའི་ཅོད་པན་གཡོ་བ་གང་། །རྒྱལ་ཀུན་བསྔགས་པའི་རོལ་མོ་ཁྱོད་ལ་བྱིན། །དེ་ཚེ་འཇིག་རྟེན་དབང་ཕྱུག་འདྲེན་པ་ནི། །མི་བསྐྱོད་རིགས་ཀྱི་ཕྱག་རྒྱས་བཏབ་བཞིན་དུ། །གངས་ཅན་རི་བོའི་ཁོངས་སུ་སྣང་བའི་མོད། །ལྷར་བཅས་ཕན་བདེའི་དཔལ་གྱིས་དུད་པར་མཛད། །མཐོང་ཐོས་དྲན་རེག་ཡིད་ཅན་རྡུལ་སྙེད་ཀྱི། །སྒོ་གསུམ་བྱེད་པ་ཨེ་ཝཾ་མཱ་ཡཱའི་དབྱིངས། །སྨིན་ཅིང་སྦྱོང་བའི་ཐབས་མཁས་ལ་འཆེལ་བའི། །ཕྲིན་ལས་འདི་འདྲ་སྲིད་ན་དབེན་ལགས་གྲང་། །དེ་ཕྱིར་ཚད་མེད་ཐུགས་རྗེའི་བཀའ་དྲིན་མཐའ། །བྱང་ཆུབ་སྙིང་པོའི་བར་དུ་གཞལ་དཀའ་ཡང་། །གནས་སྐབས་ཕྱོགས་རེའི་བསོད་ནམས་བསགས་པའི་སླད། །དངོས་འབྱོར་མཆོད་སྤྲིན་ཟེགས་མས་བསྙེན་བཀུར་བགྱི། །ཞེས་སྐབས་སུ་བབས་པའི་ཚིགས་སུ་བཅད་པ་ཉུང་ངུས་མདུན་བསུས་ཏེ། དེང་གི་ཆར་ཡང་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་འཇིག་རྟེན་གསུམ་གྱི་འདྲེན་པ་འཕགས་མཆོག་མིག་མི་འཛུམ་པ་རིག་གྲོལ་ངུར་སྨྲིག་གི་ཟློས་གར་ལ་རྩེན་པའི་དཔལ་དུས་གསུམ་མཁྱེན་པ་རྫོགས་


JKT018_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་ཀརྨ་ཀགང་ཉིད་འཕགས་སྐྱེའི་འདུས་པ་རྒྱ་མཚོའི་དབུས་སུ་མི་འཇིགས་པ་ཆོས་ཀྱི་ཁྲི་འཕང་མཐོན་པོར་མཚན་དཔེའི་གཟི་བྱིན་ལྷམ་མེར་བཞུགས་པ་ནས། །རང་རྟགས་ཀྱི་ཅོད་པན་རིགས་བདག་མི་བསྐྱོད་རྒྱལ་བའི་ངོ་བོ་གྲོལ་བ་བཞི་ལྡན་གྱི་བདག་ཉིད་ཆེན་པོ་དབུ་ལ་བཅིངས་ནས་བརྡ་ཐབས་ཀྱི་ཆོས་སྒོ་བྱེ་བ་སྟོན་ཅིང་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་གནས་སྐབས་མངོན་མཐོ་དང་། མཐར་གྱིས་ངེས་པར་ལེགས་པའི་གོ་འཕང་ལ་བཀྲི་ནས་འབྲེལ་ཚད་དོན་ལྡན་དུ་མཛད་པའི་བཀའ་དྲིན་གྱི་ཕ་མཐའ་ནི་བློ་ཡི་ར་བ་ལས་ཆེས་བརྒལ་བའི་ཕྱིར། དངོས་པོའི་ཟོང་གིས་གཞལ་བའི་ཡུལ་མ་ཡིན་ཀྱང་། རེ་ཞིག་རང་གཞན་གྱི་རྒྱུད་ཀྱིས་བསྡུས་པའི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་ཆེན་པོར་དད་བློས་སྤྲུལ་ཏེ་འབུལ་བའི་མཎྜལ་མཚོན་བྱེད་དུ། ཐོག་མར་བཀྲ་ཤིས་པའི་ལྷ་གོས་ཟླ་བ་ཞུན་མའི་མདོག་ཅན་དཀྱུས་སུ་རིང་བ་སོགས་གྲངས་ལྡན་ཡེ་ཤེས་གཟིགས་པའི་སྤྱན་ཟུར་གཡོ་བའི་རྟེན་ཙམ་དུ་འབུལ་ལམ་ཞུ་བ་དང་། སླར་ཡང་གསོལ་བ་འདེབས་པ། ཞེས་སོགས་དཀྱུས་ཀྱི་ཞབས་བརྟན་བསྔོ་སྨོན་སོགས་ཇི་ལྟར་འོས་པར་སྦྱར་བར་བྱའོ། །ཡང་ཡུལ་གང་ཡང་རུང་བར་དམིགས་བསལ་ཆོས་འབྲེལ་ལམ་ཉེས་སེལ་ལྟ་བུར་ཚེ་དབང་ཙམ་ཞུས་པའི་སྐབས་ཡིན་ན།


JKT018_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་རྡུལ་བྲལ་རྣམ་ཀུན་མཆོག་ལྡན་ལས། །ཟུང་འཇུག་འཆི་མེད་མགོན་པོའི་སྐུར་བཞེངས་ཏེ། །མཐའ་ཀླས་ཏིང་འཛིན་བྱེ་བའི་འཇུག་ལྡངས་ཀྱིས། །སྲིད་ཞིའི་ཚེ་བཅུད་མ་ལུས་ཡོངས་བསྡུས་ཏེ། །སྐལ་བཟང་ཨུཏྤལ་སར་པའི་དགའ་སྟོན་དུ། །སྨིན་གྲོལ་གྲུབ་པའི་བདུད་རྩིས་དགེ་བྱས་ཚེ། །རིང་འཚོའི་སྲོག་གི་ཀ་བ་ཚུགས་པ་དང་། །ལྷན་ཅིག་དངོས་པོའི་མཆོད་སྤྲིན་ཅུང་ཟད་སྟོབ། །ཞེས་པ་ལྟ་བུ་དང་། ༈ །གཤིན་པོ་རྗེས་འཛིན་གྱི་ཆོ་ག་ལྟ་བུའི་ཚེ། ལྷག་པར་གཞན་ལ་ཕན་དགོངས་ཆུ་ཡི་གཏེར། །བསྲུབས་སྐྱེས་ངན་འདིར་མི་འཁྲུགས་པ་ལྟ་བུའི་ཚེ། མི་འཁྲུགས་མགོན་པོའི་ཏིང་འཛིན་གྱིས། །ཞེས་སམ། རྡོར་སེམས་ལྟ་བུ་ལ། མི་བསྐྱོད་མགོན་པོའི་ཏིང་འཛིན་གྱིས། ཞེས་སམ། ཞི་ཁྲོ་ལྟ་བུ་ལ། སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་གྱིས། ཞེས་སམ། གདན་གསུམ་ཞི་ཁྲོའི་ཏིང་འཛིན་གྱིས། ཞེས་པ་ལྟ་བུའི་སྐབས་སུ་བབས་པའི་འབྱིན་འཇུག་བྱའོ། །སོང་སྦྱོང་བའི་ཏིང་འཛིན་གྱིས། །ཟླ་ཤེལ་བསིལ་བའི་རེག་བྱ་མ་སྨད་པས། །དམིགས་ཡུལ་ཐར་པའི་ངལ་འཚོར་ཡུད་ལ་སྦྱར། །དེ་ཚེ་ཚད་མེད་བཀའ་དྲིན་དྲན་པ་ཡི། །ཡིད་སྤྲུལ་མཎྜལ་རྒྱ་ཆེར་སྔོན་འགྲོ་བས། །དངོས་འབྱོར་མཆོད་སྤྲིན་ཉུང་ངུའི་བདོག་པ་ཡིས། །ཞབས་སེན་རི་མོར་བགྱི་བའི་བརྟུལ་ཞུགས་ལེན། །ཞེས་སོགས་རྒྱ་ཆེར་འཕྲུལ་ཤེས་པར་བྱའོ། །རྟེན་གསུམ་དང་གཙུག་ལག་ཁང་ལྟ་བུ་རབ་གནས་གྲུབ་པའི་ལེགས་འབུལ་གྱི་ཚེ། །གོང་


JKT018_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་འབེབས་ཞུས་སོགས་སྐབས་སུ་བབས་པ་སྦྱོར་བའི་མཐར། །ཁྱད་པར་གཞན་ཕྱིར་དམིགས་པའི་བསོད་ནམས་ཀྱིས། །ཉེ་བར་བསྐྲུན་པའི་རྟེན་གྱི་ཕུང་པོ་གང་། །རྡུལ་ཕྲན་རེར་ཡང་རབ་འབྱམས་ཞིང་ཁམས་ཀྱི། །རྟེན་དང་བརྟེན་པའི་དངོས་པོ་གསར་དུ་བསྐྲུན། །དམ་ཚིག་སྣང་ཆར་ཡེ་ཤེས་སེམས་དཔའི་བྱིན། །མངོན་སུམ་འཕོས་གང་ལྷག་པར་གནས་པ་ཡི། །མེ་ཏོག་འཐོར་བས་བརྟན་པའི་དགེ་མཚན་ལས། །དོན་གཉིས་རྫོགས་ལྡན་གསར་པའི་སྣང་བ་ཤར། །དེ་ཚེ་ལྷར་བཅས་ཀུན་གྱི་མཆོད་སྡོང་དུ། །ཉེ་བར་འོས་པའི་རིན་ཐང་ལ་སྦྱར་བའི། །ངོ་མཚར་བཀའ་དྲིན་དྲན་པའི་དད་གསུམ་བློས། །དངོས་འབྱོར་མཎྜལ་ཕྲ་མོའི་དགའ་སྟོན་སྟོབ། །དེ་ལྟར་མཚོ་བྱུང་མའི་རྒྱུད་མངས་ལས་འཕོས་པའི་བརྗོད་པ་ཉུང་ངུའི་མདུན་བདར་ཏེ། །སྐབས་སུ་བབས་པའི་གླེང་བ་ནི། །གང་ལ་ལྷག་པར་གནས་པའི་བྱ་བའི་རྟེན་གྱི་དངོས་པོ་གུས་ལྡན་པ་ཁོ་བོ་ཅག་གིས་ཡིད་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་འགོད་པའི་བསམ་སྦྱོར་འབའ་ཞིག་གིས་ཀུན་ནས་བསླངས་ཏེ། །སྒྱུ་མའི་ནོར་རྫས་ཅུང་ཟད་གཅིག་མཆིས་པ་རྣམས་སྤྱི ལས་སྙིང་པོ་བླང་བའི་ཕྱིར། བཟོ་གནས་ཀྱི་རིག་པར་རྣམ་དཔྱོད་མཆོག་ཏུ་ཡངས་པ་དག་ལ་དྭང་བས་ཆེད་དུ་བསྐུལ་ཏེ། བསྐལ་བཟང་འདིར་སྐུ་གསུང་ཐུགས་རྟེན་དམིགས་བསལ་གང་ཡིན་ཁ་བསྒྱུར་བྱ། རྣམ་འདྲེན་བཞི་པའི་


JKT018_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔེའི་ཞལ་སྐྱིན་གསེར་སྦྱངས་ཞུན་མ་ལས་གྲུབ་པ་རྒྱུད་སྡེ་རིན་པོ་ཆེ་ནས་ཉེ་བར་བཤད་པའི་ཕྱག་ཚད་རྣམས་ལེགས་པར་ཚང་བ་སོགས་ངོ་མཚར་མིག་གི་བདུད་རྩིར་བསྐྲུན་པ་དང་ཆབ་གཅིག་གང་གིས་རབ་ཏུ་གནས་པའི་སློབ་དཔོན། ཕྱི་ལྟར་ན་ཡང་དག་པར་བླངས་པའི་ཁྲིམས་ཀྱིས་རྒྱུད་ཉེ་བར་བསྡམས་ཤིང་བརྟན་མཁས་ཀྱི་ཡོན་ཏན་མཐའ་དག་གིས་མཛེས་པའི་བྱང་ཆུབ་སེམས་དཔའི་དགེ་སློང་ཆེན་པོ། ནང་ལྟར་ན་ཕྱི་ནང་གི་དེ་ཉིད་བཅུ་ལ་སོགས་པ་རྡོ་རྗེ་འཛིན་པའི་ལས་རབ་འབྱམས་གང་ལའང་ཐོགས་པ་མེད་པ་དཔལ་གསང་བའི་བདག་པོ་ལྟ་བུ། གསང་བ་ལྟར་ན་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ཟློ འཁོར་ལོའི་གཙོ་བོར་བཞུགས་པའི་ཀུན་མཁྱེན་ཡེ་ཤེས་ཕུང་པོའི་བདག་ཉིད་ཅན་རྗེ་བཙུན་བླ་མ་དམ་པ་གང་གི་ཞལ་སྔ་ནས་ཀྱི་དབུས་རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་འཕགས་ཚོགས་འདུས་པ་རྒྱ་མཚོས། འདི་ལྟར་ཀྲི་ཡཱ་ས་མུཙྪ་དང་། རབ་གནས་ཀྱི་རྒྱུད་སོགས་ལས་བཤད་པའི་ལོ་ཟླ་ཞག་དུས་གཟའ་སྐར་གྱི་འཕྲོད་སྦྱོར་སོགས་ཕུན་སུམ་ཚོགས་པའི་དུས་སུ། རིན་ཆེན་འབར་བ་ལས། གནས་ནི་ཡིད་འོང་འདུ་འཛི་སོགས། །སྐྱོན་མེད་རྣམ་མཛེས་བླ་གབ་ཅན། །ཞེས་སོགས་ཀྱི་ཁྱད་ཆོས་དང་མཚན་ཉིད་ལེགས་པར་ཚང་བར། དཀྱིལ་འཁོར་དང་། སྦྱིན་སྲེག་དང་། རབ་ཏུ་གནས་པ་རྣམས་དང་འབྲེལ་བའི་


JKT018_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་ཡོ་བྱད་མ་ཚང་བ་མེད་པར་བསགས་ཏེ། ཚུལ་ཇི་ལྟར་ན། དཔལ་དམ་པ་དང་པོའི་སངས་རྒྱས་ལས། རང་ལུས་ཡེ་ཤེས་རྣམ་པར་དག་ལ་རྡོ་རྗེ་གསུམ་དང་སྔགས་དང་བཅས་པའི་ཕུང་པོ་ཁམས་ལ་སོགས་པ་ཀུན། །ལྷ་རྣམས་ཀྱི་ནི་རང་གི་སྙིང་གའི་པདྨར་ས་བོན་རང་རང་རིམ་པས་འགོད་པར་བྱ། །ས་བོན་བཀོད་ནས་རབ་ཏུ་གནས་པར་འགྱུར་ཏེ་མི་ཡི་བདག་པོ་མཆོད་རྟེན་སྐུ་གཟུགས་སོགས་ལའང་། །ཞེས་སོགས་ཀྱིས་མཚོན་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ལན་གཅིག་མ་ཡིན་པར་བསྟན་པ་བཞིན། འཕགས་བོད་ཀྱི་པཎ་གྲུབ་ཚད་ལྡན་རྣམས་ཀྱིས་བཀྲལ་ཞིང་ཐུགས་ཉམས་སུ་བསྟར་བའི་རྗེས་སུ་འབྲངས་ཏེ་སྦྱོར་དངོས་རྗེས་གསུམ་གྱི་ཆོ་གའི་ཡན་ལག་ཕྲ་མོ་ཚུན་ཆད་ཉམས་པ་མེད་པའི་སྒོ་ནས་རབ་ཏུ་གནས་ཤིང་མངའ་གསོལ་པའི་བྱ་བས་ལེགས་བྲིས་ཀྱི་དབང་པོ་དང་། མི་ཡི་བདག་པོ་དང་། གདེངས་ཅན་གྱི་དབང་པོ་རྣམས་དང་བཅས་པའི་འཇིག་རྟེན་གསུམ་གྱི་སྐྱེ་འགྲོ་མ་ལུས་པས་མཆོད་པའི་འོས་སུ་མཛད་པའི་ཚེ་ན། ཇི་སྐད་དུ་དཔལ་དུས་ཀྱི་འཁོར་ལོ་ལས། ཅོད་པན་དར་དཔྱངས་དག་དང་དོ་ཤལ་གདུ་ཙྩ བུ་དང་ནི་དེ་བཞིན་སྐ་རགས་རྣ་ཆ་ལ་སོགས་པ། །སློབ་དཔོན་ལ་ནི་རབ་ཏུ་སྦྱིན་བྱར་འགྱུར་ཏེ་མི་ཡི་བདག་པོ་ཡོན་ཡང་བདག་ཉིད་ནུས་པས་སོ། །ཞེས་དང་། རབ་རྒྱུད་ལས། གླང་པོ་རྟ་དང་ཤིང་རྟ་ནོར། །


JKT018_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་གྱི་དམ་པ་དབུལ་བར་བྱ། །དེ་ནས་དེ་ལ་ནན་ཏན་གྱིས། །ལོངས་སྤྱོད་གཡོ་བ་དབུལ་བར་བྱ། །གལ་ཏེ་ལྷ་ཉིད་དགྱེས་འདོད་ན། །གུས་པས་བླ་མ་མཉེས་བྱ་ཞིང་། །དེ་ལྟར་རྣམ་པ་ཐམས་ཅད་དུ། །བླ་མ་ཡང་དག་མཉེས་པར་བྱ། །ཞེས་སོགས་མཐའ་ཡས་པར་བསྟན་པ་ལ་རྗེས་སུ་དཔག་སྟེ། དངོས་འབྱོར་གྱི་བདོག་པ་ཕྲ་མོ་འདིས་མཚོན་དུས་གསུམ་གྱི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོར་དད་པས་སྤྲུལ་ཏེ་འབུལ་བའི་མཎྜལ་མཚོན་བྱེད་དུ་ཞེས་སོགས་ནས་འདིར་འབུལ་ཚན་རྣམས་བྲིས་མཐར། ཞབས་བརྟན་བསྔོ་སྨོན་ཤིས་བརྗོད་སོགས་ཇི་ལྟར་རིགས་པས་སྦྱར་བར་བྱའོ། །ཁྲི་འདོན་མངའ་གསོལ་ལྟ་བུའི་ལེགས་འབུལ་གྱི་ཚེ། གོང་རྒྱན་དང་འབེབས་ཞུས་སོགས་སྔ་མ་རྣམས་ལས་བླངས་པའམ། ཡང་ན། ཤྲཱི་བི་ཛ་ཡནྟ། དགེ་མཚན་བྱེ་བ་ཕྲག་བརྒྱས་མངོན་གཏམས་ཡོན་ཏན་ཡིད་བཞིན་འབྱུང་གནས་ཆེ། །དྲན་པ་ཙམ་གྱིས་རྨོངས་པའི་འཇིགས་འཕྲོག་ཞི་བསིལ་བདུད་རྩི་སྦྱིན་པ་ལ། །གྲགས་པའི་རྔ་ཡབ་ཐ་གྲུར་གཡོ་བར་ཡིད་ཅན་རྒྱ་མཚོའི་དཔལ་གྱུར་པའི། །ཞབས་སེན་སྲིད་ཞིའི་ཐོད་ཀོས་བཏུད་བྱས་ནོར་བུའི་བ་གམ་གཡོ་བའི་དྲུང་། །ཞེས་སམ། ཤྲཱི་སྭསྟི་སིདྡྷནྟུ། ཚངས་སོགས་ཆེ་དགུའི་འདར་ལྡན་ཐོར་ཚུགས་ཀྱིས། །ཞབས་སེན་ནོར་བུའི་མེ་ལོང་ཕྱིས་པའི་


JKT018_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ངོགས། །རྨད་བྱུང་དགེ་མཚན་བརྒྱ་ཕྲག་སྣང་བའི་དཔྱིད། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཉེ་དྲུང་དུ། །ཞེས་སམ། ཤྲཱི་ཛཱི་བནྟུ། །དཔལ་ལྡན་རྒྱལ་བ་སྲས་བཅས་ཐུགས་རྗེའི་གར། །ཡེ་ཤེས་ཕུང་། པོར་མངོན་པར་སྣང་བའི་གཟུགས། །ལྷར་བཅས་ཀུན་གྱི་གཙུག་གིས་ཉེར་བསྟེན་པའི། །ཞབས་སྟེགས་པདྨོ་སར་པའི་ཉེ་དྲུང་དུ། །ཞེས་སམ། ཨོཾ་སྭསྟི་ཀུནྡནྟུ། །གཟོད་ནས་རྟག་པ་དམ་པའི་ཆོས་ཉིད་ལ། །ཤིན་ཏུ་བརྩེ་བའི་ཕྱག་གིས་ཉེར་འཁྱུད་ཀྱང་། །སྙིང་རྗེའི་སྒྱུ་འཕྲུལ་རོལ་མོ་མི་འགོག་པའི། །ཞབས་པད་གདོང་ལྔས་བསྟེན་པ་ག་ལ་བར། །ཞེས་སམ། སཱསྟི་བི་ཛ་ཡནྟུ། རྡུལ་བྲལ་ཆོས་དབྱིངས་ཆུ་གཏེར་ཆེ། །སྙིང་རྗེའི་ས་བརྟོལ་གྱིས་བསྲུབས་པས། །མཚན་དཔེའི་ཟླ་ཤེལ་དར་བབས་པའི། །ཞབས་སྟེགས་ལྷ་བརྒྱའི་ཅོད་པན་དྲུང་། །ཞེས་པ་ལྟ་བུའི་འབེབས་འོག་ནས། །འདི་ན་ཚངས་དབང་གཙུག་གི་རིན་ཆེན་རྣམ་པར་བཞུ་བའི་དོགས་པ་ཅན། །སྤྲིན་སྔོན་ཆུན་པོའི་གོམ་སྟབས་མཐོང་ཚེ་མདོངས་མཐའ་དགའ་བའི་ཟློས་གར་ལྟར། །བསྐལ་མང་བསོད་ནམས་ཟོང་གིས་ཉེར་ཐོབ་ཁྱོད་ཞབས་ལེགས་བྱས་དོ་ཀེར་རྩེར། །མངོན་པར་དབང་བསྐུར་ཤིས་པ་བསྒྲུབས་ཚེ་དད་སྤྲོའི་བརྗོད་པ་འདི་སྐད་དབྱེ། །ཞེས་སམ། རྡུལ་སྙེད་ལུས་ཀྱི་ཆུ་བ་ལྡེམས་པའི་ཕང་། །སོར་བཅུའི་མེ་ཏོག་སྤྱི་བོར་ཟླུམ་དང་བཅས། །རྣམ་གསུམ་དད་པའི་


JKT018_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲང་རྩིའི་བརྟུལ་ཞུགས་ཅན། །གང་དེའི་མགྲིན་པའི་རྫ་རྔ་འདི་སྐད་འཁྲོལ། །ཞེས་སམ། བསྔགས་འོས་ཡོན་ཏན་ཡི་གེའི་དོ་ཤལ་གྱིས། །ཕྱོགས་ཀྱི་བུ་མོའི་འགྲམ་པར་རྒྱན་མཐོང་བས། །མི་ཕྱེད་དད་གུས་མགྲིན་པ་མཐོར་བཏེགས་ནས། །དགེ་ལེགས་ཤིས་པའི་བརྗོད་པ་འདི་སྐད་གླེངས། །ཞེས་སམ། མི་ཕྱེད་གུས་པའི་ཟླ་ཟེར་གྱིས་རེག་པས། །ངག་ཚིག་ཀུ་མུད་དགོད་པའི་འཛུམ་དཀར་ལས། །ཞུ་གསོལ་སྤྱི སྦྲང་རྩིའི་དོགས་པ་གཡོ་དང་བཅས། །ཡེ་ཤེས་གཟིགས་པའི་འབབས་སྟེགས་མཛེས་པར་བྱ། །ཞེས་སམ། ཇི་ལྟར་ཉིན་མོའི་ཐིགས་པ་ཡིས། །ཉེ་བར་ཕྱེ་བའི་པདྨོ་བཞིན། །དད་གསུམ་མཆུ་སྒྲོས་གཡོ་བ་ལས། །ཞུ་གསོལ་གུས་པའི་རྒྱུད་མངས་འཁྲོལ། །ཞེས་སོགས་གང་འོས་ཀྱི་མཐར། །ལོག་རྟོག་ར་རིས་གཞར་ཡང་རིང་བཏང་སྐལ་བཟང་དད་པའི་མེ་ལོང་དུ། །རྨད་བྱུང་དམ་པའི་ཡོན་ཏན་གཟུགས་བརྙན་འགོག་པ་མེད་པ་རྒྱུ་བ་ཡིས། །གྲགས་སྙན་འབིགས་བྱེད་རླུང་གི་རྩེ་དགས་ལྷར་བཅས་སྲིད་པའི་ཁམས་འདི་ཡང་། །དགེ་མཚན་སྣང་བ་བརྒྱ་ཕྲག་འབར་བཞིན་ཕན་བདེའི་སིམ་པ་ཅིར་ཡང་ཐོབ། །དེ་ཚེ་མཚན་བཟང་མིག་གི་བདུད་རྩི་ངོ་མཚར་སྣང་བ་ལྷམ་མེ་བས། །བྲལ་སྨིན་ལམ་བདེན་རྒྱལ་རྔ་བརྡུངས་ནས་འགྲོ་རྣམས་ཐར་པའི་སར་བཀོད་ཅིང་། །ཡེ་ཤེས་ཕུང་པོ་གཞལ་དུ་མེད་པ་གཏིང་མཐའ་བྲལ་བར་སྙོམས་


JKT018_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི། །རྣམ་ཐར་མཐའ་ཀླས་ཚངས་པའི་བློས་ཀྱང་རྫོགས་པར་འདྲེན་པའི་གོ་སྐབས་ཅི། །ཁྱད་པར་སྲིད་ཞིའི་ཐོར་ཚུགས་ཀྱིས་དུད་ཆོས་ཀྱི་རྒྱལ་ཐབས་ཆེན་པོ་ལ། །ཞབས་མཐིལ་འཁོར་ལོའི་རེ་ཁཱ་བཀོད་ཚེ་སྲས་བཅས་འདྲེན་པ་ཐམས་ཅད་ཀྱང་། །བསྔགས་པའི་མེ་ཏོག་ཆལ་ཆིལ་བསྙིལ་བས་ཕྱོགས་ཀྱི་ཁོར་ཡུག་དཀྲིགས་གྱུར་ན། །ལེགས་བྲིས་བཅས་པའི་ཡིད་ཅན་སུ་ཞིག་གུས་པའི་ཐལ་མོ་སྦྱོར་མི་ཀླུ་བྱེད། །དེ་སླད་བྱང་ཆུབ་སྙིང་པོའི་བར་དུ་ཐུགས་རྗེའི་བརླན་གྱིས་མི་བཏང་ཕྱིར། །མི་ཕྱེད་དད་གསུམ་ག་བུར་རྡུལ་གྱིས་ཡིད་རབ་མྱོས་པའི་ཀུ་མུད་དཱས། །ཡིད་སྤྲུལ་མཎྜལ་རྒྱ་ཆེར་བཀོད་པས་ཡེ་ཤེས་གཟིགས་པ་མཛེས་བྱས་ཏེ། །དངོས་འབྱོར་མཆོད་སྤྲིན་སྦྲང་རྩིའི་ཐིག་པ་ཅུང་ཟད་གཡོ་བས་བསྙེན་བཀུར་བགྱི། །ཞེས་སམ། མགོན་ཁྱོད་གཟོད་ནས་གྲུབ་པའི་རྒྱལ་ཐབས་ཆེར། །རྣམ་གྲོལ་སྐུ་བཞིའི་རིན་ཆེན་སྔོན་བརྙེས་ཀྱང་། །ཡིད་ཅན་སྲིད་པའི་ཆུ་གཏེར་ལས་གདོན་ཕྱིར། །རྨད་བྱུང་ཐུགས་རྗེའི་སྒྱུ་འཕྲུལ་ཅིར་ཡང་སྟོན། །ཁྱད་པར་དེང་འདིར་མཚན་བཟང་ཆུ་ཤེལ་དབང་། །མོས་ལྡན་ཡིད་མཁར་ཤར་བའི་དེ་མ་ཐག །ཡོན་ཏན་བདུད་རྩིའི་དོ་ཤལ་བརྒྱ་ཕྲག་གི །སྣང་བ་དམ་པས་འཇིག་རྟེན་མཛེས་པར་བྱས། །དེ་ཚེ་ཞབས་སེན་བནྡྷ་ཛཱི་བ་ཀ །རྣམ་གྲོལ་ཆོས་ཀྱི་ཁྲི་ལ་མངའ་གསོལ་བར། །དད་སྤྲོའི་དགའ་སྟོན་ཉུང་ངུའི་མེ། །


JKT018_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་གིས། །སྐལ་པ་བཟང་པོའི་ཤིས་པ་དེང་འདིར་བསྒྲུབས། །ཞེས་སམ། གང་ཁྱོད་ཚོགས་ཟུང་བརྒྱ་བྱིན་སོར་རྩེ་ཡིས། །རྣམ་པར་བྲིས་པའི་མཚན་བཟང་རི་དྭགས་ཀྱིས། །ཉེར་འཁྱུད་བྱིན་རླབས་བདུད་རྩིའི་འོད་སྣང་ཅན། །སྐལ་བཟང་མོས་པའི་རི་དབང་རྩེ་མོར་འཛེགས། །ཁྱད་པར་རིགས་ལས་ཐོབ་པའི་བསྔགས་འོས་ཀྱིས། །རྣམ་ཐར་རི་མོ་བསུབ་ཏུ་མེད་པ་གང་། །དད་གསུམ་བཞིན་གྱི་སྣོད་དུ་འཆར་བའི་མོད། །སྔོན་མེད་ངོ་མཚར་ལྟད་མོར་རིང་ཞིག་གཡེངས། །དེ་ཚེ་ལེགས་བྲིས་གདེངས་ཅན་བདག་པོ་སོགས། །ཆེ་དགུའི་རལ་ཁུར་སྣུམ་པོས་བརླངས་བྱས་པའི། །ཆོས་ཀྱི་རྒྱལ་ཐབས་ཆེན་པོར་དབང་བསྐུར་བས། །དགེ་ལེགས་ཤིས་པའི་མཆོད་སྤྲིན་ཅུང་ཟད་སྟོབ། །ཞེས་སམ། འདི་ན་བྱང་ཆུབ་སྙིང་པོའི་བདུད་རྩིའི་བཅུད། །བླ་མེད་ཐར་པའི་སྲོག་ཏུ་སོང་བ་ལས། །རྡོ་རྗེའི་རྣལ་འབྱོར་ཡོངས་སུ་གྲུབ་པའི་དཔྱིད། །གཞན་ལ་ཕན་པའི་གར་དུ་ཟློས་པ་གང་། །ཇི་ལྟར་འདམ་ལས་སྐྱེས་པའི་པདྨོ་ཡང་། །དག་པའི་ཁ་དོག་བརྒྱ་ཕྲག་འཆང་བ་ལྟར། །སྲིད་པར་རྗེས་སུ་ཆགས་པའི་སྒྱུ་ཐབས་ཀྱིས། །བྲལ་སྨིན་ཡོན་ཏན་མཐའ་དག་བདག་གིར་མཛད། །དེ་ཚེ་སྲས་དང་བཅས་པའི་རྒྱལ་ཀུན་གྱིས། །རྨད་བྱུང་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི། །དགེ་མཚན་ཤིས་པའི་སྣང་བ་འབྱམས་ཀླས་པར། །དད་སྤྲོའི་མཆོད་སྤྲིན་ཕྲ་


JKT018_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་དགའ་སྟོན་སྟོབ། །ཞེས་སམ། མགོན་ཁྱོད་གཟོད་ནས་རྣམ་གྲོལ་བའི། །ཡེ་ཤེས་ཕ་རོལ་ཕྱིན་བརྙེས་ཀྱང་། །ཐབས་མཁས་མཛད་པའི་གཞན་དབང་གིས། །ངོ་མཚར་ཟློས་གར་ཅིར་ཡང་སྟོན། །ཁྱད་པར་དེང་འདིར་མོས་ལྡན་གྱིས། །ཡིད་ལ་བདུད་རྩིའི་དཔལ་སྟེར་བའི། །མཚན་དཔེའི་དཀྱིལ་འཁོར་སྣང་བ་དང་། །མཉམ་དུ་བསྔགས་འོས་ཆ་ཤས་རྫོགས། །དེ་སླད་སྲིད་ན་མངོན་མཐོ་བའི། །ཀ ཆོས་ཀྱི་རྒྱལ་ཐབས་ལ་འཛེགས་ཚེ། །ཤིས་པའི་སྒོ་འཕར་དབྱེ་བའི་ཕྱིར། །དད་སྤྲོའི་མཎྜལ་སྟོབ་ལ་ཕྱོགས། །ཞེས་པ་ལྟ་བུས་མཚོན་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། དེ་ལྟར་ཚངས་པའི་སྲས་མོའི་རྒྱུད་མངས་ལ་ཅུང་ཟད་རེག་པའི་བརྗོད་པ་ཉུང་ངུས་མདུན་བསུས་ཏེ། །སྐབས་སུ་བབས་པའི་གླེང་པར་བྱ་བ་ནི། །འདི་ལྟར་ལྷ་དང་བཅས་པའི་འགྲོ་བ་ཀུན་གྱི། རྟེན་དང་། གླིང་དང་། དཔུང་གཉེན་གཅིག་པུར་གྱུར་པའི་སྐྱོབ་པ་ཁྱོད་ནི། །ཐོག་མ་མ་མཆིས་པའི་དུས་ནས་ཟད་པ་དང་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱི་བདུད་རྩིས་ཐུགས་ཀྱི་དཔལ་བེའུ་ཡོངས་སུ་གཏམས་ཏེ། བྱང་ཆུབ་སྙིང་པོའི་གོ་འཕང་ཕུན་སུམ་ཚོགས་པ་བརྙེས་སུ་ཟིན་ཀྱང་། སྨོན་ལམ་དང་སྙིང་རྗེའི་འཕེན་པ་ཁོ་ནས་ཡང་སྲིད་ཀུན་ཏུ་ཐབས་མཁས་ཀྱི་སྤྱོད་པ་མཐའ་ཀླས་པས་ཡིད་ཅན་ཐམས་ཅད་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་དཀྲི་བར་མཛད་པ་ལས།


JKT018_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དེང་གི་ཆར་དགེ་ཞིང་ཤིས་པའི་ལེགས་བྱས་ཀྱི་སྒོ་འཕར་བརྒྱ་ཕྲག་ཏུ་དབྱེ་བའི་སྐབས་འདིར། རྗེ་བཙུན་བླ་མ་དམ་པ་རིམ་པར་བྱོན་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཆོས་ཀྱི་ཁྲི་མི་འཇིགས་བཞི་དང་ལྡན་པའི་འཕྲོག་བྱེད་ཀྱི་དབང་པོ་དྲེགས་པས་བསྒྱིངས་པའི་དོ་ཀེར་གྱི་རྩེ་ལ་ཞབས་སེན་གྱི་པདྨོ་བཀོད་པས་ཡིད་སྲུབས་ཀྱི་དཔུང་ཚོགས་སྡེ་དང་བཅས་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་གདན་སྲིད་རྩེར་བསྒྲེངས་བ་དང་ཆབ་ཅིག །ཕྱོགས་བཅུ་དུས་བཞིའི་རྣམ་འདྲེན་སྲས་དང་བཅས་པ་རྣམས་ཀྱི་ལེགས་སོའི་བསྔགས་བརྗོད་མེ་ཏོག་མནྡ་རའི་དོ་ཤལ་དུ་གཡོ་བས་དབུགས་དབྱུང་ཤིང་། མངའ་གསོལ་ཏེ། གང་ཞིག་ལེགས་བྲིས་ཀྱི་དབང་པོ་དང་། །གདེངས་ཅན་གྱི་བདག་པོ་དང་། ནོར་འཛིན་ཡངས་པའི་ཁྱོན་ལ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་རྣམས་ཀྱིས་མཚོན་མཆོག་དམན་བར་མའི་ཡིད་ཅན་རྒྱ་མཚོའི་རྡུལ་རྙེད་ཀྱི་བསླུ་བ་མེད་པའི་སྐྱབས་སུ་ངེས་པ་རྙེད་པས་ཡིད་དྲངས་ཏེ། ཞབས་སེན་གྱི་ནོར་བུ་སྤྱི་བོར་བསྙེན་ནས་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་དགའ་སྟོན་གཏན་པ་མེད་པར་ལོངས་སུ་སྤྱད་པའི་བཀའ་དྲིན་དང་ངོ་མཚར་ནི་སོ་སོ་སྐྱེ་བོའི་བློ་ཡི་ར་བ་ལས་རིང་དུ་བརྒལ་བའི་ཕྱིར་སྟོང་གསུམ་བཻཌཱུརླས་བསྐངས་ཀྱང་གཞལ་བར་ལྟ་ག་ལ། །དེ་ལྟ་ནའང་དངོས་པོའི་བདོག་པ་ཅུང་ཟད་འདིས་མཚོན་རང་གཞན་གྱི་རྒྱུད་ན་དུས་


JKT018_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་བསགས་པའི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་དད་པས་སྤྲུལ་ཏེ་འབུལ་བའི་མཎྜལ་མཚོན་བྱེད་དུ། ཐོག་མར་དྲི་མ་མེད་པའི་སྙིང་རྗེ་ཆེན་པོའི་འཇུག་པས་གཞན་ལ་ཕན་པར་དགོངས་པའི་ཐུགས་བསྐྱེད་ཡལ་བར་མི་འདོར་བའི་རྟེན་འབྱུང་དུ་ལྷ་རྫས་ཀྱི་ཝསྡུ་ཟླ་བ་ཞུན་མའི་མདོག་ཅན་དཀྱུས་སུ་རིང་བ། གང་སྐུ་མཚན་དཔེའི་ཕུང་པོ་ཞིང་ཁམས་འདི་ཁོ་ན་ལས་གཡོ་བ་མེད་པར་བསྐལ་པ་རྒྱ་མཚོར་བརྟན་པར་བཞུགས་པའི་དགེ་མཚན་དུ་རྒྱལ་བ་ཚེ་མཐའ་ཡས་པའི་སྐུ་བརྙན་འཆི་མེད་མཆོག་སྦྱིན། གང་གསུང་མི་ཤིགས་ནཱ་དའི་སྒྲ་དབྱངས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཞི་བསིལ་གྱི་བདུད་རྩི་རྒྱུན་ཆད་མེད་པ་སྩོལ་བའི་རྟེན་འབྱུང་དུ་མདོ་སྡེ་བསྐལ་པ་བཟང་པོའི་པུསྟ་ཀཿ གང་ཐུགས་རྡུལ་དང་ཤེས་བྱའི་ཡུལ་ལས་འདས་པའི་ཡེ་ཤེས་ཆེན་པོའི་ཐིག་ལེར་རྒྱུ་དང་མི་རྒྱུའི་དངོས་པོ་ཐམས་ཅད་གཅིག་ཏུ་བསྡམས་པའི་བརྡར་བཀའ་གདམས་མཆོད་རྟེན་པད་སྤུངས་རྙིང་མ། ཞེས་པ་ལ་སོགས་པའི་འབུལ་ཚན་རྣམས་རིམ་པར་བཀོད་པའི་མཐར། སླར་ཡང་ཛམ་བུའི་ལྗོན་པས་ཉེ་བར་མཚན་པའི་ལྗོངས་འདིར་ཕྲིན་ལས་ཀྱི་འཇུག་པ་དཀར་འཇམ་ཡུག་གཅིག་ཏུ་བརྡལ་བའི་རྟེན་འབྱུང་དུ་མཐའ་རྟེན་རས་དཀར་ཡུག་བཅས་རྣམ་གྲངས་བརྒྱ་ཕྲག་གསུམ་ལ་ཉག་མ་གསུམ་གྱི་ལྷག་པ་


JKT018_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལམ་ཞུས་པས་བརྩེ་ཆེན་ཡེ་ཤེས་ཀྱི་གཟིགས་པས་རྗེས་སུ་དགོངས་ཏེ་ཉེ་བར་བཞེས་པ་དང་། གུས་ལྡན་པ་ཁོ་བོ་ཅག་གིས་མཚོན་མཐའ་ཀླས་པའི་འགྲོ་བ་ཀུན་གྱི་ཆེད་དུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ངེས་པ་ལྔ་ལྡན་གྱི་རང་བཞིན་ཆེན་པོར་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ནས། བྱང་ཆུབ་སྙིང་པོའི་བར་དུ་ཐུགས་རྗེའི་ཕྱག་གིས་མི་འདོར་བ་གསོལ་བ་འདེབས་པ་ལགས། ཞེས་པ་ལྟ་བུ་རྒྱས་བསྡུས་སྐབས་དང་སྦྱར་ཏེ་བཀོད་པའི་མཐར། སྔར་སྨོས་པའི་རྟེན་བཞུགས་གང་འོས་སམ། ཡང་ན། སླར་ཡང་སྨྲས་པ། གཟུང་འཛིན་རྩ་ཡི་མདུད་པ་ཇི་སྙེད་རྡོ་རྗེ་དྷཱུ་ཏིར་བསྡམས་པའི་སྐུ། །ཟླ་ཉིའི་རྒྱུ་བ་སྒྲ་གཅན་གྱིས་ཟོས་བྱེད་རྩོལ་བརྗོད་པ་བྲལ་བའི་གསུང་། ཤེས་དང་ཤེས་བྱ་རོ་གཅིག་ཉིད་གྱུར་འོད་གསལ་རྣམ་ཀུན་མཆོག་ལྡན་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོའི་རོལ་མོ་བསྐལ་པ་རྒྱ་མཚོར་འབར་གྱུར་ཅིག །ཚད་མེད་སྙིང་རྗེའི་ཐུར་མ་བརྒྱས་བཏེགས་བྱིན་རླབས་གདུགས་དཀར་གཡོ་བའི་གྲིབ། །བདག་སོགས་སྲིད་པའི་ཚ་གདུང་གིས་ཉེན་བྱང་ཆུབ་བར་དུ་དབུགས་དབྱུང་བས། །ཕན་བདེའི་ངལ་བསོ་ཅིར་ཡང་ཐོབ་ལས་བསྐལ་བཟང་ཨུཏྤལ་དར་བབས་པའི། །རྨད་བྱུང་མཚར་སྡུག་ཆོ་ག་རྫོགས་པས་ཡིད་སྲུབས་དཔུང་བཅས་འཆིང་བར་མཛོད། །གང་ཞིག་སྐྱབས་སུ་ཐོབ་པ་ཙམ་ནས་གནས་སྐབས་མཐར་ཐུག་


JKT018_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པའི་དངོས། །ཡིད་བཞིན་འཇོ་བའི་དགའ་སྟོན་སྦྱིན་ལ་ནོར་བུའི་རེག་བྱས་མཚོན་མིན་པའི། །མཆོག་གསུམ་རྒྱ་མཚོ་འདུས་པའི་ཞལ་སྐྱིན་མགོན་པོ་ཁྱོད་ཀྱི་ཐུགས་རྗེ་ཡི། །ཕུན་ཚོགས་བཀྲ་ཤིས་སྣང་བ་གསར་པས་སྲིད་ཞིའི་ཁམས་ཀུན་མཛེས་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡ་སརྦ་ཤེ་ཡོ་བྷ་བན། །ཞེས་སམ། གང་ཞིག་སྲིད་དང་ཞི་བའི་ཡོན་ཏན་གྱིས། །ཡོངས་སུ་གཏམས་པའི་གསང་བ་མི་ཟད་པ། །མགོན་ཁྱོད་འཆི་མེད་གྲུབ་པའི་ཁྲི་འཕང་དུ། །རྟག་པ་རྒྱུན་གྱི་འཁོར་ལོར་འཚོ་གཞེས་ཤིང་། །བདག་སོགས་མོས་པའི་ཡིད་ཅན་རྡུལ་སྙེད་ཀུན། །རྣམ་གྲོལ་ཐར་པའི་གོ་འཕང་ལ་བཀོད་པའི། །ཞི་བསིལ་བདུད་རྩིའི་གྲུ་ཆར་དབབ་པ་དང་། །ལྷན་ཅིག་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །གང་ཞིག་བསྟེན་ན་འཕྲལ་ཡུན་དགེ་ལེགས་ཀྱི། །འདོད་དགུ་གཅིག་ཆར་འཇོ་བའི་མ་ཎི་ཀཿ མཆོག་གསུམ་བཀྲ་ཤིས་ཉིན་མོའི་སྣང་བ་ཡིས། །བྲན་ལས་དོན་གཉིས་པདྨོར་ཛུམ་གྱུར་ཅིག །སརྦ་དཱ་སུ་ཤེ་ཡོ་དཱི་པཾ་བྷ་བནྟུ། ཞེས་སམ། ཡེ་ཤེས་མེ་དཔུང་འབར་བའི་མདའ་གཅིག་གིས། །ཚུལ་མིན་ཡིད་སྲུབས་སྡེར་བཅས་བསྲེགས་ནས་སླར། །འགྲོ་འདིའི་བསོད་ནམས་མཆོད་སྡོང་དམ་པ་རུ། །ཞབས་སེན་ནོར་བུའི་བ་གམ་རྟག་བརྟན་ཅིང་། །འདི་ན་གུས་པའི་སྐལ་བཟང་པད་དཀར་གྱིས། །ཉེ་བར་མཚན་པའི་ཡིད་ཅན་མཐའ་དག་ཀྱང་། །


JKT018_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་དཔྱིད་དཔལ་དར་བས་བསྲུང་བ་ལ། །དོན་གཉིས་མཚར་སྡུག་རྫོགས་པའི་བཀའ་དྲིན་སྩོལ། གང་ཞིག་མཚན་ཙམ་ཐོས་པའི་ཟླ་བས་ཀྱང་། །དགེ་མཚན་སྣང་བ་སྟེར་ལ་མི་ངལ་བའི། །མཆོག་གསུམ་བཀྲ་ཤིས་གྲུབ་པའི་ཆོ་ག་ཡིས། །ལྷར་བཅས་དགའ་བའི་དགའ་སྟོན་རྒྱས་གྱུར་ཅིག །སརྦ་དཱ་ལཀཱི་ཀ་ལྱཱ་ཎཾ་ཤུ་བྷ་ལཀྵ་པ་རི་བནྡྷ་ཀུརླནྟུ། ཞེས་སམ། བགྲངས་ཡས་བསྐལ་པར་གོམས་པའི་བྱང་ཆུབ་སེམས། །གཞན་ཕྱིར་བརྩོན་པ་རྨད་བྱུང་གིས་བསྐྲུན་པའི། །གསང་གསུམ་རྟག་པ་རྒྱུན་གྱི་འཁོར་ལོ་རུ། །མི་ཤིགས་རྡོ་རྗེའི་ཆོས་སུ་ཞབས་བརྟན་ཅིང་། །རྨད་བྱུང་ཐུགས་རྗེའི་འོད་རིས་སར་པ་ཡིས། །རྨོངས་པར་གྱུར་པ་རྣམས་ལ་མིག་བྱིན་ནས། །གང་འདུལ་ཐར་པའི་ལམ་མཆོག་སྟོན་པ་ཡི། །དེད་དཔོན་མཚུངས་མེད་དེ་ནི་ཁྱོད་ཀྱིས་མཛོད། །འདི་ན་གུས་པའི་ཡིད་མཁར་འཕོས་ཙམ་གྱིས། །ངེས་ལེགས་གོ་འཕང་རྩེ་མོར་འགོད་མཛད་པའི། །སྐྱབས་གསུམ་བཀྲ་ཤིས་དཔག་བསམ་དབང་པོ་ཡིས། །ལྷར་བཅས་དགེ་མཚན་བསིལ་བ་སྦྱིན་གྱུར་ཅིག །སརྦ་དཱ་དི་གི་ཀཱ་ལ་སུ་ཤུ་བྷ་སྱ་དཱི་པཾ་རོ་ཙནྟུ། ཞེས་སམ། རྒྱལ་བ་ཀུན་དངོས་མགོན་ཁྱོད་ནི། །དམ་ཆོས་མཐའ་ཀླས་ཡོངས་ཀྱི་སྣོད། །དེ་སླད་འཕགས་ཚོགས་རྒྱ་མཚོ་ཡི། །སྤྱི་ཏོར་རྩེ་མོར་ཞབས་བརྟན་ཤིང་། །རྨད་བྱུང་ཐུགས་རྗེའི་རིན་ཆེན་དབྱིག །ཕྱོགས་ལྷུང་


JKT018_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲལ་བར་སྦྱིན་པ་ཡིས། །སྲིད་གསུམ་ཕན་བདེའི་དགའ་སྟོན་ལ། །ངོམས་མེད་ལོངས་སུ་སྤྱོད་པར་མཛོད། །གང་ལ་བརྟེན་ནས་མི་བསླུ་བའི། །མཆོག་གསུམ་བཀྲ་ཤིས་གདུགས་དཀར་པོའི། །དགེ་མཚན་གྲིབ་མ་སྣུམ་པོ་རུ། །ལྷར་བཅས་དགའ་སྟོན་འཕེལ་གྱུར་ཅིག །སརྦ་དཱ་མང་ག་ལཾ་བྷ་ཡཏྲ། །ཞེས་པ་ལྟ་བུ་སྐབས་དང་བསྟུན་སྟེ་ཇི་ལྟར་འོས་པ་དག་སྦྱར་བར་བྱའོ། ༈ །ཡང་དེ་དག་གི་སྐབས་སུ་མཎྜལ་གྱི་རྣམ་བཤད་ལྟ་བུ་སྦྱར་བར་སྤྲོ་ན། བརྗོད་བྱ་རྒྱས་པ་ནི་གཞན་དུ་ཤེས་པར་བྱ་བ་ལས་ཡི་གེའི་ངལ་བས་སྤྲོ་བར་མ་ནུས་ཤིང་ཤིན་ཏུ་ཉུང་ངུ་ཙམ་ཞིག་བརྗོད་པའི་དབང་དུ་བྱས་ན། གོང་གི་བཤད་པ་ལས། འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་དད་པས་སྤྲུལ་ཏེ། ཞེས་པའི་མཚམས་འབུལ་བ་ལ། ཐོག་མར་སྐབས་སུ་བབས་པ་ཞིང་ཁམས་ཀྱི་མཆོད་སྤྲིན་མཎྜལ་དབུལ་ཚུལ་ལས་འཕྲོས་པའི་བརྗོད་པ་ཉུང་ངུ་ཞིག་སྙན་དུ་གསོལ་ན་རྣམ་པ་ལྔ་སྟེ། དང་པོ་གང་ལས་བརྩམས་ཏེ་བྱུང་བའི་ཚུལ་གྱི་གླེང་གཞི་ནི། མདོ་སྡེ་བསྐལ་པ་བཟང་པོ་ལས། །བདེར་གཤེགས་སྐྱེས་དབང་འཁོར་ལོས་སྒྱུར་བའི་ཚེ། །དེ་ཚུ་བཞིན་གཤེགས་པ་ཀུན་ཏུ་འོད་དེ་ལ། །གླིང་བཞི་དག་ནི་དབུལ་བར་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་དང་། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་


JKT018_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས། །རྒྱལ་པོ་ལེགས་པར་བྱུང་བ་ཛམ་གླིང་དུ། །རིན་ཆེན་ཆར་པ་འབེབས་པ་དེ་མཐོང་ནས། །གླིང་བཞི་རིན་ཆེན་གང་བར་བྱས་ནས་ཀྱང་། །རིན་ཆེན་གཙུག་ཏོར་ཅན་གྱི་བསྟན་ལ་ཕུལ། །ཞེས་དང་། །དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ལས། །ཞིང་འདི་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀངས་ཏེ། །བསོད་ནམས་འདོད་པས་བསོད་ནམས་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ཞེས་པ་ལ་སོགས་པས་མཚོན་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལས་ལན་གཅིག་མ་ཡིན་པར་བསྟན་ཅིང་། དེ་ཡང་སྲས་དང་བཅས་པའི་ཕྱོགས་བཅུ་དུས་བཞིའི་རྣམ་འདྲེན་ཐམས་ཅད་གང་གིས་གཤེགས་པའི་ལམ་ལྔར་གྲགས་པ་ལས། འདིར་ཐོས་བསམ་དང་བསོད་ནམས་ཀྱི་ཚོགས་ལ་རྒྱ་ཆེར་སྤྱོད་པས་ཚོགས་ལམ་གྱི་རྣམ་གྲངས་སུ་འདུ་བ་གང་ཞིག་སློབ་པའི་སས་བསྡུས་པའོ།། །།གཉིས་པ་སྒྲ་དོན་། འབྲེལ་པ་ནི། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྦྱར་ན། མཎྜལ་ཞེས་པ་མ་ཌི་རྒྱན་བྱེད་པའི་བྱིངས་དོན་ལས་དྲངས་ཏེ་གཞི་དུས་སུ་ཀུན་རྫོབ་ཀྱི་བདེན་པའི་སྣང་ཚུལ་ལ་གནས་སྐབས་སུ་མི་བསླུ་བའི་ངེས་པ་རྙེད་པས། ལམ་དུས་རྒྱུ་བསོད་ནམས་ཀྱི་ཚོགས་མཐའ་ཀླས་པ་ལ་འབད་པའི་སྟོབས་ཀྱིས། འབྲས་བུའི་དུས་ན་གཞན་དོན་དུ་སྨོན་ལམ་རྟེན་འབྲེལ་གྱི་མཐུ་འགོག་པ་མེད་པས་མཚན་དང་དཔེ་བྱད་ཀྱིས་བརྒྱན་


JKT018_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས་སྐུ་རྣམ་པ་གཉིས་ཐོབ་པའི་ཉེར་ལེན་དུ་གྱུར་པའི་ཕྱིར་འབྲས་མིང་རྒྱུ་ལ་བཏགས་པ་སྟེ། དེ་སྐད་དུའང་། སློབ་དཔོན་ནཱ་ག་རྫུ་ནས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་སྐྱེས་པ་སྟེ། །ཞེས་སམ། ཁྱད་པར་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལྟར་ན་ཡེ་ཤེས་ཐིག་ལེ་ལས། མ་ནི་ཡིག་འབྲུ་འདབ་མར་བརྗོད། །ཎ་ནི་ཡིག་འབྲུ་ལྟེ་བར་དྲན། །ཌ་ནི་ཡིག་འབྲུ་གེ་སར་ཏེ། །ལ་ནི་ཡིག་འབྲུ་དེ་དེར་བལྟ། ཞེས་པ་ལྟར། ཕྱི་ལྟར་དུ་ཆུ་སྐྱེས་ཀྱི་གེ་སར། ནང་ལྟར་ན་རྡོ་རྗེ་བཙུན་མོའི་མཁའ་དབྱིངས། གསང་བ་ལྟར་ན་ཡུལ་སྟོང་པ་ཉིད་ལ་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རོལ་པས་གཟུང་འཛིན་གྱི་འཆིང་བ་མཚུངས་པར་ལྡན་པའི་ས་བོན་དང་བཅས་པ་བཙན་ཐབས་སུ་གྲོལ་ཏེ། ས་བཅུ་ལམ་ལྔའི་ཡོན་ཏན་ཐམས་ཅད་གཅིག་ཅར་དུ་སྨིན་པས་འབྲས་བུ་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་གོ་འཕང་ལ་སྦྱོར་བར་བྱེད་པའི་ཕྱིར་དེ་སྐད་དུ་བརྗོད་ལ། གཞན་ཡང་ཐུན་མོང་དུ། བླ་མ་དང་། ཡི་དམ་གྱི་ལྷ་སོགས་ཞིང་ཁྱད་པར་ཅན་གྱི་མདུན་དུ་རང་གཞན་བསོད་ནམས་ཀྱི་ཚོགས་རྫོགས་པའི་སླད་དུ། དངོས་ཡིད་ཀྱི་མཆོད་སྤྲིན་མཐའ་ཀླས་པ་ཞིག་འབུལ་དུ་ཡོད་པ་ལས། ཐམས་ཅད་ཀྱི་རབ་དང་། མཆོག་དང་། ཕུལ་ཉིད་ཀྱི་ཕྱིར་རྒྱན་ལྟ་བུར་གྱུར་པ་ནི་མཎྜལ་སྟེ། དཀྱིལ་འཁོར་ཞེས་


JKT018_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

སུའང་གྲགས་པའི་དཀྱིལ་ནི་དབུས་ཀྱི་ལྷུན་པོ་དང་། འཁོར་ནི་གླིང་བཞི་གླིང་ཕྲན་ལ་སོགས་པ་ཇི་སྙེད་པ་ལའང་བཤད་དུ་ཡོད་དོ།། །།གསུམ་པ་དག་པ་སྦྱོར་བ་ནི་སློབ་དཔོན་ཆེན་པོ་གཉིས་སུ་མེད་པའི་རྡོ་རྗེས། །བ་ལྕི་ཆུ་དང་བཅས་པ་སྦྱིན་པ་སྟེ། །ལེགས་པར་བྱུགས་པ་ཚུལ་ཁྲིམས་བཟོད་པ་ནི། །སྲོག་ཆགས་ཕྲ་མོ་སེལ་བར་བྱེད་པའོ། །བརྩོན་འགྲུས་བྱ་བ་དག་ལ་འཇུག་པ་སྟེ། །བསམ་གཏན་དུས་དེར་རྩེ་གཅིག་བྱེད་པའི་སེམས། །ཤེས་རབ་ཚོགས་སོགས་ལེགས་པར་འབར་བ་ཡིན། །ཞེས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་སེམས་ཐོག་མར་བསྐྱེད་པ་ནས་བཟུང་སྟེ་མཐར་གྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་ཀྱི་བར་དུ་ཇི་ལྟར་སྤྱོད་པར་བྱ་བའི་ངོ་བོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། དེ་ཉིད་འདིར་དྲི་ཡི་ཐིག་ལེ་བྱུགས་པ་ནས་བཟུང་སྟེ་ཚོམ་བུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་བར་ལ་ལེགས་པར་ཚང་བ་ཉིད་དོ།། །།བཞི་པ་ཚུལ་ལམ་རྣམ་པ་ནི། མངོན་པ་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་ཟུང་། །རི་རབ་དང་ནི་འདོད་ལྷར་བཅས། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་གི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་འབྱུང་བར་འགྱུར། །ཞེས་པ་ལྟར་གྱི་སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་ཡོངས་སུ་རྫོགས་པའི་ས་


JKT018_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཐམས་ཅད་ཙནྡན་དང་། ཨ་ག་རུ་དང་། ག་བུར་ལ་སོགས་པའི་དྲི་བཟང་པོའི་ཆུས་བྱུགས་ཏེ། ལྷའི་མེ་ཏོག་མན་ར་བ་དང་། པུཎྜ་རཱི་ཀ་དང་། ཨུཏྤལ་དང་། ཨུཏྤལ་ཆེན་པོ་ལ་སོགས་སིལ། མར་བཀྲམས་ཤིང་། ནོར་བུ་རིན་པོ་ཆེ་བཻཌཱུརྱ་དང་། ཨིནྡྲ་ནཱི་ལ་དང་། མརྒད་སོགས་ཀྱིས་མཛེས་པར་བྱས་པའི་གོ་མཚམས་རྣམས་སུ། འབྱོར་པ་དང་རིན་ཐང་གིས་ཁྱད་པར་དུ་བྱས་པའི་རིན་པོ་ཆེའི་རི་བོ། །དཔག་བསམ་གྱི་ལྗོན་ཤིང་། འདོད་པ་འཇོ་བའི་བ་མོ། མ་རྨོས་པའི་ལོ་ཏོག་གི་དགའ་ཚལ་ཏེ་བཞི། མངོན་པ་འབྱུང་བ་སོགས་ནས་བཤད་པའི་འཁོར་ལོས་སྒྱུར་བ་ཆེན་པོ་ལ་འོས་པའི་རིན་པོ་ཆེ་སྣ་བདུན། །གཏེར་ཆེན་པོས་ཡོངས་སུ་གང་བའི་བུམ་པ། སྒེག་སོགས་ཕྱི་ནང་གི་མཆོད་པའི་ལྷ་མོ་བརྒྱད། ཉི་མ་དང་ཟླ་བའི་སྣང་བྱེད། རིན་པོ་ཆེའི་གདུགས་དཀར་པོས་ནམ་མཁའ་ཁྱབ་པར་ཁེབས་པའི་བླ་བྲེ། ཕས་རྒོལ་གྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་རྣམས་དང་། གཞན་ཡང་ལེགས་བྲིས་དང་། གདེངས་ཅན་དང་། མི་ཡི་འགྲོ་བ་དག་གིས་བདག་ཏུ་བཟུང་བ་དང་མ་བཟུང་བའི་དཔལ་དང་འབྱོར་པའི་ཕུང་པོ་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་ཕྱུར་བུར་བཀང་ཞིང་དེ་ཡང་རྡུལ་ཕྲ་རབ་རེའི་ཁོངས་དེ་ལྟ་བུའི་མཎྜལ་རྡུལ་སྙེད་དུ་སྤྲོ་བས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་རྣམ་པར་


JKT018_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་དང་རྗེས་སུ་མཐུན་པ་ཉིད་བྱེད་པ་པོ་རང་གིས་བྱང་དྲངས་པའི་སེམས་ཅན་ཐམས་ཅད་མི་གནས་པའི་བྱང་ཆུབ་དམ་པ་བླ་ན་མེད་པའི་གོ་འཕང་ལ་འགོད་པའི་སླད་དུ་ཕྱོགས་བཅུ་དུས་བཞིའི་མཆོད་འོས་ཐམས་ཅད་གཅིག་ཏུ་འདུས་པའི་མངའ་བདག་རྗེ་བཙུན་བླ་མ་འདིར་འབུལ་ཡུལ་དམིགས་གསལ་གྱི་ཁ་བསྒྱུར་ཇི་ལྟར་འོས་པ་བྱ། དམ་པ་གང་གི་ཞབས་པད་དུ་ཕུལ་ནས། བརྩེ་ཆེན་སྙིང་རྗེའི་གཟིགས་པས་བདག་གིར་མཛད་པར་གསོལ་བ་འདེབས་པ་སྟེ། དེ་སྐད་དུའང་། རྒྱལ་བའི་སྲས་པོ་ཞི་བ་ལྷས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་ཁྱོད་ཀྱིས། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །ཅེས་གསུངས་པ་ལྟ་བུའོ།། །།ལྔ་པ་ཕན་ཡོན་ནི། སློབ་དཔོན་དཔའ་བོས། །སངས་རྒྱས་ལ་ནི་གང་ཞིག་འདིར། །མཎྜལ་མེ་ཏོག་བཅས་བྱེད་ལ། །འགྲོ་བའི་བདག་པོ་ཚེ་རིང་ཞིང་། །སྣ་ཚོགས་ནད་ཀྱི་འཇིགས་གྲོལ་བ། །གང་ནི་དེ་ཡིས་སྐད་ཅིག་ཐོབ། །ཅེས་དང་། །སྣ་ཚོགས་བསོད་ནམས་ཀྱིས་བརྒྱན་པའི། །ས་གཞི་བྲིས་པ་འབུལ་བྱེད་པ། །ལྷ་ཡི་བདེ་བ་ཐམས་ཅད་དང་། །ལོངས་སྤྱོད་མཆོག་དང་ལྡན་འགྱུར་ཞིང་། །མིར་སྐྱེ་གསེར་ལས་ལྷག་པ་ཡི། ཁ་དོག་དང་ལྡན་མཛེས་པ་དང་། །པདྨའི་མདོག་ལྟར་ཡན་ལག་ཚང་། །


JKT018_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་དཀྱུས་རིང་མཛེས་པར་འགྱུར། །ཞེས་པ་ལ་སོགས་པའི་བརྗོད་བྱ་ཟད་མི་ཤེས་པ་དང་ལྡན་པ་དེ་ལ་ཡང་། གནས་སྐབས་ལག་ཏུ་ལེན་པའི་དབང་དུ། ཚོམ་བུ་ལྔ་པ། བདུན་པ། བཅོ་ལྔ་པ། སོ་བདུན་པ་སོགས་དབྱེ་བསྡུ་ཐ་དད་པ་འབྱུང་བ་ལས་འདིར་ཕྱོགས་ཕྱི་མ་ལྟར་འབུལ་ན། ཞེས་པའི་མཚམས་མཎྜལ་དངོས་དབུལ་ཞིང་། མཐར། དེ་ལྟར་ཡིད་སྤྲུལ་མཎྜལ་གྱི་མཆོད་སྤྲིན་འབུལ་བ་སྔོན་དུ་སོང་ནས། གཉིས་པ་དེ་ཉིད་མཚོན་བྱེད་དངོས་འབྱོར་གྱི་བདོག་པ་ཕྲ་མོ་རྣམས་ཡེ་ཤེས་གཟིགས་པ་དམ་པའི་སྤྱན་ལམ་དུ་བསྟར་བ་ལ། ཐོག་མར་དྲི་མ་མེད་པའི་སོགས་དཀྱུས་ལྟར་སྤྲོ་བར་བྱ་ཞིང་། གལ་ཏེ་དེ་ལས་ཅུང་ཟད་ཞིབ་ཏུ་བཤད་པར་འདོད་ན། གཞན་སྔར་ལྟར་ལ། །བཞི་པ་ཚུལ་ལམ་རྣམ་པ་ནི། ཞེས་པའི་མཚམས། ལྷུན་པོ་གླིང་བཞི་གླིང་ཕྲན་ལྕགས་རི་དང་བཅས་པའི་དབུས་སུ་འབྱོར་པའི་ཁྱད་པར་སྣ་ཚོགས་པས་ཡོངས་སུ་གཏམས་པ་སྟེ་དེ་ཡང་གང་ལ་བརྟེན་པའི་གཞི་རླུང་གིས་དཀྱིལ་འཁོར་སྔོན་པོ་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ། རྒྱུར་གྲངས་མེད་པ། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་དཀར་པོ་དཔངས་སུ་དཔག་ཚད་འབུམ་ཕྲག་བརྒྱད། དེའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་སེར་པོ་རྔམས་སུ་དཔག་ཚད་སུམ་འབུམ་ཉི་ཁྲི་གཉིས་ཀའི་ཐད་ཀར་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་སུམ་


JKT018_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་བཞི་བརྒྱ་ལྔ་བཅུ། ཁོར་ཡུག་ཏུ་ས་ཡ་གསུམ་དང་དྲུག་འབུམ་ཆིག་ཁྲི་སུམ་བརྒྱ་ཡོད་པའི་མཐར་ལྕགས་ཀྱི་རི་བོ་གྲུ་བཞི་པ་དཔངས་སུ་དཔག་ཚད་སུམ་བརྒྱ་བཅུ་གཉིས་རྒྱང་གྲགས་བཞི་དང་ལྡན་པས་ཡོངས་སུ་བསྐོར་བའི་དབུས་སུ། ས་འཛིན་རྣམས་ཀྱི་མཆོག་ཏུ་གྱུར་པ་ཤར་རིན་པོ་ཆེ་ཀཱན། ལྷོ་བཻཌཱུརྨ། ནུབ་པདྨ་རཱ་ག །བྱང་སུ་བཎྜ་ལས་གྲུབ་པ་འཕངས་སུ་དཔག་ཚད་ཆིག་འབུམ་དྲུག་ཁྲི་ལས་བརྒྱད་ཁྲི་མཚོར་ནུབ་ཅིང་། ལྷག་མ་སྟེང་དུ་འཕགས་པའི་ཕྱེད་མན་ལའང་བང་རིམ་བཞི་ཡོད་པའི་དང་པོར་གནོད་སྦྱིན་ལག་ན་གཞོང་ཐོགས། གཉིས་པར་ཕྲེང་ཐོགས། གསུམ་པར་སྟག་མྱོས། བཞི་པར་རྒྱལ་ཆེན་རིགས་པ་བཞིའི་ལྷ་རྣམས་རང་རང་གི་དཔུང་དང་བཅས་ཏེ་འཁོད་པའི་སྟེང་གི་གཞིར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གྲོང་ཁྱེར་བལྟ་ན་སྡུག་ཅེས་ཀུན་ནས་གྲུ་བཞིར་སྣང་བའི་ངོས་རེར་དཔག་ཚད་ཉིས་སྟོང་ལྔ་བརྒྱ་རེ། ཁོར་ཡུག་ཏུ་ཁྲི་ཕྲག་གཅིག་ཡོད་ཅིང་། འབྱོར་པ་དང་ལོངས་སྤྱོད་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་དབུས་སུ་ལེགས་བྲིས་ཀྱི་དབང་པོ་རང་གི་བསྟི་གནས་རྣམ་པར་རྒྱལ་བའི་ཁང་བཟང་ངོས་རེར་དཔག་ཚད་ཉིས་བརྒྱ་ལྔ་བཅུ་དང་། སྲིད་དུ་ལྟ་ན་སྡུག་ལས་དཔག་ཚད་ཕྱེད་ཀྱི་འཕགས་པ། ཕྱི་རོལ་གྱི་ཕྱོགས་བཞིར་ཚལ་ཆེན་པོ་བཞི། བྱང་ཤར་མཚམས་སུ་འདོད་དགུ་ཐམས་ཅད་འབྱུང་བའི་ལྗོན་ཤིང་ཡོངས་འདུ་ས་


JKT018_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བརྟོལ། །ལྷོ་ནུབ་ཏུ་སྦྱིན་སྐྱེས་ཀྱི་ཚོགས་འདུན་གྲོས་བྱེད་པའི་གནས་ཆོས་བཟང་ལྷའི་མདུན་ས་སོགས་ཏེ་བཀོད་པ་ཕུན་སུམ་ཚོགས་པས་བརྒྱན་པ། དེའི་སྟེང་དུ་དཔག་ཚད་བརྒྱད་ཁྲི་འདས་པའི་ནམ་མཁར་མས་ནས་རིམ་པར་འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དེ་འདོད་ཁམས་ཀྱི་ལྷའི་གནས་རྣམས་དང་། དེ་ནས་ཀྱང་ཚངས་རིས་སོགས་བསམ་གཏན་བཞིའི་ལྷ་གནས་བཅུ་གཉིས་དང་། མི་ཆེ་བ་སོགས་གཙང་རིགས་ཀྱི་ལྷ་གནས་ལྔ་སྟེ་གཟུགས་ཁམས་གནས་རིགས་བཅུ་བདུན་པོ་རིམ་པ་བཞིན་དུ་གནས་པར་བཤད་ལ། གཞན་དུ་ཏིང་ངེ་འཛིན་གྱི་བྱེ་བྲག་གི་འཕེན་པ་ལས་བྱུང་བའི་ནམ་མཁའ་མཐའ་ཡས་སོགས་གཟུགས་མེད་སྐྱེ་མཆེད་མུ་བཞི་པོའི་གནས་ནི་གོང་འོག་དང་ཕན་ཚུན་མེད་དོ། །དེ་ལྟར་གྱི་ལྷུན་པོའི་ཕྱི་རོལ་ནས་གསེར་གྱི་རི་བདུན་དང་། རོལ་པའི་མཚོ་བདུན་གྱིས་རིམ་པར་བསྐོར་བ་དང་། མཐའི་ལྕགས་རིའི་མཚམས་སུ་བ་ཚ་ཅན་གྱི་མཚོ་ཞེངས་སུ་དཔག་ཚད་སུམ་འབུམ་དང་ཉི་ཁྲི་ཡོད་པའི་ནང་ཁོངས་སུ། ཤར་དུ་ལུས་འཕགས་གླིང་དབྱིབ་ཟླ་གམ་བཅད་ཁ་རི་རབ་ལ་བསྟན་པའི་ངོས་རིང་བ་དཔག་ཚད་ཉིས་སྟོང་དང་། འབུར་ངོས་ཐུང་བ་དཔག་ཚད་སུམ་བརྒྱ་ལྔ་བཅུ་པ། ལྷོར་ཛམ་བུ་གླིང་སོག་ཁའི་དབྱིབས་ཀྱི་ཞིང་ཆེ་བ་རི་རབ་ལ་བསྟན་པའི། ངོས་རིང་བ་གསུམ་ལ་དཔག་


JKT018_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཉིས་སྟོང་དང་། ཡུ་བའི་ཕྱོགས་ལ་དཔག་ཚད་ཕྱེད་དང་བཞི་ཡོད་པ། ནུབ་བ་གླང་སྤྱོད་དབྱིབས་ཟླུམ་པོ། ཐད་ཀར་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ལ་ཁོར་ཡུག་ཏུ་དཔག་ཚད་བདུན་སྟོང་ལྔ་བརྒྱ་ཡོད་པ། བྱང་སྒྲ་མི་སྙན་དབྱིབས་གྲུ་བཞི་པའི་ངོས་རེར་དཔག་ཚད་སྟོང་ཕྲག་གཉིས་གཉིས་རེ་ཡོད་པ། དེ་དག་གི་གཡས་གཡོན་དུ་གླིང་ཕྲན་ཀྱང་། ལུས་འཕགས་པོའི་གཡས་སུ་ལུས་དང་། གཡོན་དུ་ལུས་འཕགས། ཛམྦུ་གླིང་གི་གཡས་སུ་རྔ་ཡབ་དང་། གཡོན་དུ་རྔ་ཡབ་གཞན། བ་གླང་སྤྱོད་ཀྱི་གཡས་སུ་གཡོ་ལྡན་དང་། གཡོན་དུ་ལམ་མཆོག་འགྲོ། སྒྲ་མི་སྙན་གྱི་གཡས་སུ་སྒྲ་མི་སྙན་དང་། གཡོན་དུ་སྒྲ་མི་སྙན་གྱི་ཟླ་སྟེ། དེ་དག་ཀྱང་དབྱིབས་སོ་སོའི་གླིང་ཆེན་རྣམས་དང་མཚུངས་ཤིང་། ཆེ་ཆུང་ནི་ཕྱེད་ཕྱེད་དུ་ཡོད་ལ། སོ་སོའི་བདེ་འབྱོར་གྱི་ཁྱད་པར་སྣ་ཚོགས་པ་ལོངས་སྤྱོད་པ་དང་བཅས་པའི་ངང་ཚུལ་ཅན་ཏེ། དེ་སྐད་དུའང་མངོན་པ་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་ཟུང་། །ཞེས་སོགས་དཀྱུས་བཞིན་ལ། མཛེས་པར་བྱས་པའི། ཞེས་པའི་མཚམས་སུ། ཤར་གླིང་གི་ནང་ནས་བརྩམས་ཏེ་རིན་པོ་ཆེ་སྣ་ཚོགས་ཕུང་པོར་སྤུངས་པའི་རི་བོ། ལྷོ་གླིང་གི་ནང་དུ་རི་རབ་རྩེ་མོའི་བྱང་ཤར་དུ་སྐྱེས་པའི་དཔག་བསམ་གྱི་ལྗོན་ཤིང་། ནུབ་གླིང་གི་ནང་དུ་བཟའ་བཏུང་འདོད་པ་འཇོ་བའི་བ། བྱང་གླིང་གི་ནང་དུ་སྐྱེས་བུའི་རྩོལ་བས་མ་རྨོས་མ་


JKT018_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པར་རང་བཞིན་དུ་འཁྲུངས་པའི་ལོ་ཏོག །དེ་ནས་ཀྱང་ཤར་ནས་ཕྱོགས་བཞིར་འཁོར་ལོ་ནས་བརྩམས་པ་དང་། ཤར་ལྷོ་ནས་མཚམས་བཞིར་གླང་པོ་ནས་བརྩམས་ཏེ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། གཏེར་གྱི་བུམ་བཟང་དང་བཅས་པ་སྟེ། །དེ་ཡང་ཤར་དུ་འཁོར་ལོ་རིན་པོ་ཆེ་ནི། ལྷ་རྫས་ཀྱི་དྭངས་མའི་གསེར་བཟང་པོ་ལས་བྱས་ཤིང་དབྱིབས་དང་། ལྟེ་བ་ཟླུམ་ལ་རྩིབས་སྟོང་དང་ལྡན་པ། འཁོར་ཡུག་ཏུ་མུ་ཁྱུད་མཉམ་ཞིང་བཟང་བ། ཕས་ཀྱི་རྒོལ་བའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བྱེད་པ་དང་ལྡན་པའོ། །ལྷོར་ནོར་བུ་རིན་པོ་ཆེ་ནི། ལྷ་རྫས་ཀྱི་རང་བཞིན་བེཟླུརྒྱ་ལས་གྲུབ་ཅིང་དབྱིབས་ཟུར་བརྒྱད་པ། དེའི་འོད་ཀྱིས་དཔག་ཚད་ཙམ་དུ་ཁྱབ་ཅིང་། མུན་པའི་རབ་རིབ་ཐམས་ཅད་འཕྲོག་པས་མཚན་ཡང་ཉིན་མོ་ལྟར་གསལ་བའི་བྱེད་ལས་ཅན། ནུབ་ཏུ་བཙུན་མོ་རིན་པོ་ཆེ་ནི། གཟུགས་མཛེས་ཤིང་ལྟ་ན་སྡུག་པ། ངང་ཚུལ་རང་བཞིན་གྱིས་བཟང་བ། ལྤགས་པའི་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པས་ལེགས་ཤིང་། རེག་བྱ་འཇམ་པ། ཁ་ནས་ཨུཏྤ་ལ་ཡི་བསུང་ཞིམ་འཐུལ་ཞིང་ཡིད་དུ་འོང་བ། ཚ་བས་ཉེན་པའི་ཚེ་བསིལ་བ་དང་། བསིལ་བས་ཉེན་པའི་ཚེ་ཚ་བ་སྟེ་འདོད་དགུའི་རེག་བྱ་དང་ལྡན་པའོ། །བྱང་དུ་བློན་པོ་རིན་པོ་ཆེ་ནི། རྒྱལ་པོས་གང་སེམས་དེ་ཉིད་ཤེས་ནས་མ་བསྒོས་


JKT018_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་ལས་བྱེད་པ། ཤིན་ཏུ་ཕུན་སུམ་ཚོགས་ཀྱང་ཆོས་མིན་གྱི་ལས་སྤངས་པ། ཉོན་མོངས་པ་མེད་པ། གཞན་ལ་གནོད་པ་མེད་པ། སྐྱེ་བོ་ལ་མི་འཚེ་བ། ཆོས་ཀྱི་བྱ་བ་དང་ལྡན་ཅིང་མ་འོངས་པའི་བྱ་བ་ཤེས་པ་དང་ལྡན་པ། ཐམས་ཅད་ཡོངས་སུ་འབུལ་བ་སོགས་ཀྱི་ཁྱད་ཆོས་ཅན་ནོ། །ཤར་ལྷོར་གླང་པོ་རིན་པོ་ཆེ་ནི། ཡན་ལག་བདུན་པོ་ས་ལ་ལེགས་པར་གནས་ཤིང་། གངས་རིའི་ཕུང་པོ་འགྲོ་ཤེས་པ་ལྟ་བུ་སྟེ། གཡུལ་ལས་རྣམ་པར་རྒྱལ་བར་འདོད་པའི་རྒྱལ་པོ་ལ་འོས་པའི་ནོར་གྱི་མཆོག་གོ །ལྷོ་ནུབ་ཏུ་རྟ་མཆོག་རིན་པོ་ཆེ་ནི། ཐོ་རངས་ཀྱིས་མཚོན་ཏེ་ཡུན་ཐུང་ངུ་ཙམ་ལའང་ཕྱོགས་མ་ལུས་པ་བསྐོར་ནས་སླར་རང་ཁྱིམ་དུ་ལྡོག་པའི་སྟོབས་དང་ལྡན་ལ། རྨ་བྱའི་མགྲིན་པའི་སྤུ་སྡུག་ལྟར་ཁ་དོག་ཡིད་དུ་འོང་བས་བརྒྱན་པའོ། །ནུབ་བྱང་དུ་དམག་དཔོན་རིན་པོ་ཆེ་ནི། བདུད་དང་བདུད་ཀྱི་ཕྱོགས་སུ་གཏོགས་པའི་དཔུང་གང་དག་གཞན་གླགས་བལྟ་བའི་ཕྱིར་འགྲོ་བ་དང་། ལྡང་བ་དང་། འོང་བ་མ་ལུས་པ་འཇོམས་པར་བྱེད་པའི་མཐུ་སྟོབས་ཀྱི་དཔལ་དང་། འབྱོར་བའི་དཔུང་དང་། ཕ་རོལ་གནོན་པའི་སྙིང་སྟོབས་སོགས་ཁྱད་ཆོས་དུ་མས་འཕགས་པའོ། །བྱང་ཤར་དུ་གཏེར་ཆེན་པོའི་བུམ་པ་ནི། གང་གིས་རེག་པ་ཙམ་ནས་ཟས་དང་། གོས་དང་། མལ་ཆ་ལ་སོགས་པ་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལྟར་འཛད་མེད་དུ་འབྱུང་བའོ། །


JKT018_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཀྱང་ཤར་ནས་བརྩམས་ཏེ་སྒེག་སོགས་བཞི་དང་། ཤར་ལྷོ་ནས་བརྩམས་ཏེ་མེ་ཏོག་མ་སོགས་བཞི་སྟེ། དེ་ཡང་ཤར་དུ་སྒེག་མོ་མ་ནི། མཛེས་སྡུག་གི་རྣམ་འགྱུར་ཕ་མཐའ་ཡས་པས་ཡིད་ཀྱི་ཆོམ་རྐུན་དུ་བྱེད་པ། ལྷོར་ཕྲེང་བ་མ་ནི་ནོར་བུ་རིན་པོ་ཆེ་སྣ་ཚོགས་པའི་དོ་ཤལ་འཛིན་པ། ནུབ་ཏུ་གླུ་མ་ནི། དབྱངས་ཀྱི་ཡན་ལག་བདུན་དང་ལྡན་པའི་གདངས་སྙན་པོ་རྣ་བའི་བཅུད་ལེན་དུ་སྟོབ་པ། བྱང་དུ་གར་མ་ནི། སྒེག་པ་དང་། ཞི་བ་ལ་སོགས་པའི་གར་གྱི་ཉམས་འགྱུར་མཐའ་ཀླས་པས་མཆོད་པ། ཤར་ལྷོར་མེ་ཏོག་མ་ནི། ཆུ་སྐྱེས་དང་། ཐང་སྐྱེས་དང་། གཞན་ཡང་ལྷ་རྫས་ཀྱིས་མེ་ཏོག་མནྡཱ་ར་བ་ལ་སོགས་པ་ཆར་དུ་བསྙིལ་བ། ལྷོ་ནུབ་ཏུ་བདུག་སྤོས་མ་ནི། ལྷན་ཅིག་སྐྱེས་པ་དང་། རྗེས་སུ་སྦྱང་བ་ལས་བྱུང་བའི་བསུང་ཞིམ་གྱི་སྤྲིན་ཕུང་འཐུལ་བ། ནུབ་བྱང་དུ་སྣང་གསལ་མ་ནི། རང་བྱུང་དང་། སྦྱང་བ་ལས་བྱུང་བའི་སྒྲོན་མེ་ས་ཕྱོགས་ཀྱི་ཁོར་ཡུག་ཐམས་ཅད་ཡོངས་སུ་སྣང་བར་བྱེད་པ། བྱང་ཤར་དུ་དྲི་ཆབ་མ་ནི། ཙནྡན་དང་། གསུར་དང་། གུར་གུམ་ལ་སོགས་པའི་དྲི་ཞིམ་པོའི་སྤོས་ཆུས་སྐུ་ལ་བྱུགས་པའོ། །དེ་ནས་ཤར་གླིང་གི་ནམ་མཁར་ལྷུན་པོའི་ཕྱེད་ཀྱི་ཐད་དུ་ཉི་མའི་དཀྱིལ་འཁོར་ཐད་ཀར་དཔག་ཚད་ལྔ་བཅུ་རྩ་གཅིག་པ། འོག་གཞི་མེ་ཤེལ་དང་། མཐའ་གསེར་གྱི་ར་བས་བསྐོར་བ། ནང་ན་ལྷའི་བུ་


JKT018_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་འཁོར་དང་བཅས་པ་གྲོང་ཁྱེར་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་པ། ལྷོ་གླིང་གི་ནམ་མཁར་སྔར་ལྟར་ཟླ་བའི་དཀྱིལ་འཁོར་འོག་གཞི་ཆུ་ཤེལ་དང་མཐའ་ཆུ་ཤེལ་གྱི་ར་བས་བསྐོར་བའི་ནང་དུ་ལྷའི་བུ་ཟླ་བ་འཁོར་དང་བཅས་པའི་གྲོང་ཁྱེར། ནུབ་གླིང་གི་ནང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཐུར་མ་བརྒྱ་དང་ལྡན་པ་སོགས་ཆེན་པོ་ལ་འོས་པའི་ཡོ་བྱད། བྱང་གླིང་གི་ནང་དུ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ནམ་བ་དན་དཀར་པོ་ཕས་རྒོལ་གྱི་མཚན་མ་ལས་རིང་དུ་བྱས་པའི་དགེ་མཚན་གྱི་མཚོན་བྱེད་དུ་བསྒྲེང་བ་རྣམས་དང་། གཞན་ཡང་ལེགས་བྲིས་དང་། གདེངས་ཅན་དང་། སོགས་དཀྱུས་ལྟར་འདྲེན་པར་བྱ་བ་ཉིད་དོ། །གཞན་ཡང་ཡུལ་ཕྱོགས་གཞན་དུ་ཕེབས་པའི་ཚེ་ལེགས་སྐྱེས་ལྟ་བུ་ལ། གོང་བརྗོད་དང་། འབེབས་ཞུས་སོགས་སྐབས་སུ་གང་བབས་ཀྱི་གཤམ་བུ། ཁྱད་པར་དེང་དུས་ཐུགས་བསྐྱེད་མནྡཱ་རས། །སྔོན་སྨོན་ཆུ་གཏེར་བསྲུབས་པའི་རི་བོང་ཅན། །དབུས་འགྱུར་ལྗོངས་སུ་བཏེག་ལ་ཉེ་འཚོའི་མུན། །ཡེ་ཤེས་སྣང་བས་བཅིལ་དང་ཆབ་གཅིག་པར། །བཞེད་དོན་སྟེང་འཐུང་དཀར་པོ་རྒྱས་པའི་རླབས། །ཕྱོགས་བྲལ་ཀུན་དགའི་རྣ་བར་བྱིན་པ་ཡིས། །ཚུལ་མིན་རིམས་ནད་བརྟན་པ་འཕྲོག དབུས་ནས་ཁམས་སུ་བཏེགས་སྐབས་ལྟ་བུ་ཡིན་ན། བོད་ཆེན་ལྗོངས་སུ་ཞེས་ཁ་སྒྱུར་བས་མཚོན་གཞན་ཡང་སྐབས་དང་


JKT018_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་སྦྱར། པ་དང་། །དགེ་མཚན་འཇོ་སྒེག་བརྒྱ་ཕྲག་བསྒྲུབས་པའི་མོད། །སླར་ཡང་འདི་ན་མོས་ལྡན་བདག་ཅག་གི །སྤྱི་ཏོར་རྩེ་མོར་ཞབས་སེན་ཨུཏྤ་ལ། །མི་རིང་བཀོད་པའི་གསོལ་འདེབས་ལེགས་སྐྱེས་སུ། །དངོས་རྫས་མེ་ཏོག་ཕྲ་མོའི་མཆོད་སྤྲིན་སྟོབ། །ཞེས་སྐབས་སུ་བབས་པའི་བརྗོད་པ་ཉུང་ངུས་མདུན་བསུས་ཏེ། ཐོག་མར་བཀྲ་ཤིས་ལྷ་གོས་དཀར་པོ་དཀྱུས་སུ་རིང་བ། སོགས་འབུལ་ཚན་རྣམས་བྲིས་མཐར་བརྟན་བཞུགས་དང་སྨོན་ལམ་སོགས་གང་འོས་སྦྱར་རོ། །ཡང་ཞིང་ཁམས་གཞན་དུ་དགོངས་པ་གཏད་པའི་མཆོད་འབུལ་ལྟ་བུའི་ཚེ། བསྐུར་ཡུལ་གདན་ཚབ་བམ། མཛོད་པ་སོགས་གང་ཡིན་ལ་དེར་བསྟུན་གྱི་མགོ་རྒྱན་དང་འབེབས་ཞུ་སོགས་སྐབས་ཐོབ་སྦྱོར་བའི་མཚམས། །ཁྱད་པར་དེར་དུས་སྐྱེ་འགྲོའི་བསོད་ནམས་ཀྱི། །མཆོད་སྡོང་གཅིག་གྱུར་རྗེ་བཙུན་འཇིག་རྟེན་མིག །རྡུལ་བྲལ་ཞི་བའི་དབྱིངས་སུ་གནལ་བའི་མོད། །ཡིད་ཅན་མུན་པའི་མལ་དུ་ངང་གིས་བཅིངས། །དེ་ཚེ་འདི་ན་གུས་ལྡན་དངོས་ངན་ཀྱང་། །བཟོད་དཀའི་ཟུག་རྔུའི་གདུང་བས་གཞུར་བ་ལས། །ཤུགས་རིང་དབུགས་ཆེན་འབྱིན་པ་སུ་ཞིག་ཅེས། །ཆེས་ཆེར་གཤུམ་པའི་སྨྲེ་སྔགས་རིང་དུ་བཏོན། །འོན་ཀྱང་རང་གི་ནོངས་པ་འབའ་ཞིག་གིས། །ཕྲིན་ལས་འཇུག་པའི་ཡུལ་དུ་མ་གྱུར་པར། །ད་ཀོ་མཐོང་ནས་མཐོལ་བའི་གཡར་དམ་


JKT018_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །སྙིང་ནས་གསོལ་བ་གདབ་ལ་འགྲུས་བཞིན་དུ། །དངོས་འབྱོར་ཉུར་ངུའི་བདོག་པ་འདིས་མཚོན་པའི། །དུས་གསུམ་ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན། །ཡེ་ཤེས་གཟིགས་པའི་དགྱེས་པ་བསྐང་བའི་སླད། །བསམ་ཡས་མཆོད་པའི་སྤྲིན་དུ་སྤྲུལ་ཏེ་དབུལ། །ཞེས་གཅམ་བུ་མིན་པའི་བརྗོད་པ་ཉུང་ངུའི་མདུན་བསུས་ཏེ། དེང་གི་ཆར་ཡང་ལྷ་དང་བླ་སྤྲུལ་ཕལ་པའི་རིགས་ལ་ལྷ་དང་བཅས་པ་ནས། ཐམས་ཅད་ཀྱི་བར་མ་བྲིས་པས་འཐུས། བཅས་པའི་ཡིད་ཅན་ཐམས་ཅད་ཀྱི་སྐྱབས་གཅིག་མཚུངས་པ་མེད་པ་རྗེ་བཙུན་སྤྲུལ་པའི་སྐུ་དེ་ཉིད་གངས་བླ་སྤྲུལ་ཕལ་པ་ལ་སྤྱི་དགོས་བསྟན་འགྲོའི་བསོད་ནམས་ཀྱིས། ཞེས་བསྒྱུར། ཅན་བསྟན་འགྲོའི་བསོད་ནམས་ཀྱིས་མ་འཆུན་པར་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པ་དེ་བཞིན་ཉི་འོག་གི་འདི་ཡང་ཕལ་པ་ལ་ལྟོས་བཅས་ཐམས་ཅད་ཞེས་བསྒྱུར། འགྲོ་བ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དམིགས་བུ་དུས་གཅིག་ཏུ་སྟོར་བ་ལྟར་གྱུར་པར་མ་ཟད། བྱེ་བྲག་ཏུ་གུས་ལྡན་ཁོ་བོ་ཅག་ཀྱང་སྲོག་གི་རྒྱུ་བ་འགགས་པ་ལ་ཕྱོགས་པའི་སྡུག་བསྔལ་གྱི་ཚོར་བས་ནོན་པར་གྱུར་མོད། དེ་ལྟ་ནའང་ཟད་པ་དང་མི་སྐྱེ་ཤེས་པའི་ཡེ་ཤེས་མངོན་སུམ་དུ་བརྙེས་པའི་འགྲོ་བའི་བླ་མ་དོན་ཀུན་གྲུབ་པ་ལྟ་བུའང་རྟག་འཛིན་ཅན་རྣམས་ཀྱི་སྣང་ངོར་འཚོ་བའི་འདུ་བྱེད་བཤིགས་པར་མཛད་དེ། སེམས་ཅན་གྱི་ལས་ལ་སངས་རྒྱས་ཀྱིས་ཀྱང་


JKT018_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་སུ་མེད་པར་བསྟན་པ་ལ་ཡིད་གཏད་པས་རང་གིས་རང་ལ་དབུགས་དབྱུང་བར་བགྱིས་ཏེ། ད་དགོས་དགོངས་རྫོགས་གསོལ་འདེབས་མཆོད་འབུལ་ལ་བརྩོན་པ་ཆེ་ཐང་དུ་བསྐྱེད་པ་ལས་འོས་མ་མཆིས་ཤིང་། དེ་ཡང་རྗེ་བཙུན་དམ་པ་དེ་ཉིད་ཀྱི་བཀའ་དྲིན་དང་ཐུགས་རྗེ་ལ་བསམས་ན་སྟོང་གསུམ་ནོར་བུས་བཀང་ཡང་ཕྱོགས་རེ་ཙམ་ཡང་གཞལ་བར་དཀའ་མོད། འོན་ཀྱང་རེ་ཞིག་རང་གི་འབྱོར་པ་དང་མཐུན་པར་ལྷག་བསམ་གྱིས་བླངས་བའི་བདོག་པ་ཉུང་ངུ་འདིས་ཐོག་དྲངས། སྲིད་པ་དང་ཞི་བའི་ཁམས་སུ་བླ་ན་ཡོད་མེད་ཀྱིས་བསྡུས་པའི་མཆོད་པའི་སྤྲིན་ཕུང་བསམ་ལས་འདས་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་དང་མཐུན་པར་སྤྲུལ་ཏེ་བསྐལ་པའི་བར་དུ་དབུལ་བའི་མཎྜལ་མཚོན་བྱེད་དུ། ཐོག་མར་ལྷ་རྫས་ཀྱི་ཝནྟཾ་དཀྱུས་སུ་རིང་བ། སོགས་འབུལ་ཚན་རྣམས་བཀོད་མཐར། བཅས་རྣམ་གྲངས་འབུལ་ལམ་ཞུས་ཡོད་པ། བརྩེ་བ་ཆེན་པོས་དགོངས་ཏེ་བཞེས་པར་གསོལ་བ་འདེབས་པ་ལགས། དེ་ནས་འཕྲོས་རྣམས་གང་འོས་སྦྱར་བར་བྱའོ། །ཡང་རྟེན་བཞེངས་ཞལ་འདེབས་ལྟ་བུའི་ཚེ། གོང་གཤམ་བརྗོད་པ་དཀྱུས་སུ་འབྱུང་བ་གང་རིགས་ལས། ཁྱད་པར་གང་ཞིག་མཐོང་ཐོས་དྲན་རེག་གི །འགྲོ་རྒྱུད་ཞིང་ས་གཤིན་པོར་ཚོགས་གཉིས་ཀྱི། །ས་བོན་བཏབ་པ་མཁས་པའི་


JKT018_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་འགོད་ཀྱིས། །རྒྱལ་སྐུའི་སྣང་བརྙན་རྨད་བྱུང་བསྐྲུན་པ་ཡིས། །ལེགས་སྤྱད་གང་ལ་ཕྲག་པ་དོགས་གྱུར་པའི། །ཡིད་སྲུབ་སྡེར་བཅས་བརྟན་པ་ཉམས་པ་དང་། དམིགས་གསལ་གསུང་རྟེན་ལྟ་བུ་བཞེངས་པའི་ཚེ་རྒྱལ་གསུང་གླེགས་བམ་ཕྲེང་བ་བསྐྲུན་པ་ཡིས། ཞེས་སམ། གཙུག་ལག་གསར་བཞེངས་སོགས་ལ་འཕགས་ཚོགས་འདུས་པའི་བསྟིག་ནས་བསྐྲུན་པ་ཡིས། ཞེས་པ་ལྟ་བུ་ཁ་བསྒྱུར་ཤེས་པར་བྱའོ། །ལྷན་ཅིག་དོན་གཉིས་བདུད་རྩིའི་བགོ་བཤར་གྱིས། །བསྐལ་བཟང་ཀུན་དགའི་ལང་ཚོ་བྱིན་པའི་གཏམ། འདི་ན་རིང་ནས་བསོད་ནམས་ཟབ་མོ་ཡིས། །ཉེར་བསྐྲུན་རྣ་བའི་དཔྱིད་དུ་འཐུངས་པ་ལས། །ཡི་རངས་ཆུ་གཏེར་སྙིང་ནས་འཕྱུར་བ་དང་། །དངོས་རྫས་མེ་ཏོག་ཕྲ་མོའི་ལེགས་བྱས་སྟོབ། །ཞེས་སམ། གང་ཚེ་བསྐལ་མང་གཞན་ཕན་ལ་གོམས་པའི། །ཐུགས་བསྐྱེད་ས་བརྟོལ་དབང་པོའི་འགྲམ་པ་ནས། །དེང་དུས་ངོ་མཚར་མཆོད་སྡོང་བསྐྲུན་པ་ཡི། །པད་དཀར་བྱེ་བ་བཞད་པའི་གྲགས་སྙན་གཡོ། །དེ་ཚེ་འདི་ན་མཆིས་པའི་དངོས་ཅག་ཀྱང་། །རྗེས་སུ་རངས་པའི་འཛུམ་དཀར་གྲོལ་བ་དང་། །ཆབ་གཅིག་བདོག་འབྱོར་ཕྲ་མོའི་འབྲེལ་བ་ཡིས། །སྐལ་བ་བཟང་པོ་བསོད་ནམས་བསྒྲུབ་ལ་ཕྱོགས། །ཞེས་སམ། ལྷག་པར་གཞན་ཕྱིར་བརྩེ་བའི་ཆུ་གཏེར་ལས། །མཐོང་ཐོས་དྲན་རེག་ཐར་བའི་དཔལ་སྦྱིན་སླད། །ངོ་མཚར་རྟེན་གྱི་མཆོད་སྡོང་བསྐྲུན་པ་ལ། །འཇིག་རྟེན་


JKT018_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མིར་བཅས་པས་བསྔགས་ལ་བྲེལ། །དེ་སླད་འདི་ནའང་དངོས་པོའི་ཡོ་བྱད་ཀྱིས། །ཕྲ་ཡང་ལྷག་པའི་བསོད་ནམས་ལས་སྐྱེས་པའི། །མཆོད་སྤྲིན་ཟེགས་མ་ཙམ་གྱི་དགའ་སྟོན་གྱིས། །ཡན་ལག་བཞི་པའི་བསོད་ནམས་བསྐྲུན་ལ་རིངས། །ཞེས་སམ། ཁྱད་པར་དེང་དུས་སྒྱུ་མའི་ནོར་རྫས་ལ། །ཚོགས་གཉིས་སྙིང་པོའི་ལྗིད་ཀྱིས་སྤ་བའི་ཕྱིར། །ལྷར་བཅས་མཆོད་འོས་རྟེན་མཆོག་འདུ་མཛད་པའི། །གཏམ་ཙམ་ཐོབ་པ་ཡིས་ཀྱང་ཀུན་དགར་གྱུར། །དེ་སླད་ལེགས་པར་སྤྱད་ལ་ཡི་རངས་བའི། །བསོད་ནམས་ཕུང་པོ་དེ་ཡང་གཞལ་དཀའ་བར། །མི་བསླུ་ངེས་པའི་ལུང་གིས་ཡིད་དྲངས་ནས། །དངོས་པོའི་བདོག་འབྱོར་ཉུང་ངུའི་ལེགས་འབུལ་སྟོབ། །ཞེས་སམ། ཁྱད་པར་ལེགས་སྤྱད་ཚོང་ཟོང་གིས། །འགྲོ་ལ་དོན་གཉིས་གཏེར་སྦྱིན་པའི། །ཐབས་མཁས་རོལ་མོ་མི་འགོག་ཕྱིར། །ཟླ་མེད་མཆོད་སྡོང་བསྐྲུན་པར་མཛད། །དེ་ལྟའི་གཏམ་གྱི་འབིགས་བྱེད་རླུང་། །སྙིང་ལ་རེག་པས་བསིལ་བདག་ཀྱང་། །རྗེས་སུ་ཡི་རངས་བསོད་ནམས་སླད། །དངོས་འབྱོར་ཉུང་ངུའི་མཆོད་སྤྲིན་སྟོབ། །ཅེས་པ་ལྟ་བུའི་གཤམ་དུ། ཕྱི་ཞེས་སྐབས་སུ་བབས་པའི་བརྗོད་པ་ཉུང་ངུས་མདུན་བདར་ཏེ། དེང་གི་ཆར་ཡང་གཟོད་མ་ནས་གཞན་ལ་ཕན་པ་འབའ་ཞིག་ལ་གོམས་པའི་སྐྱོབ་པ་ཁྱོད་ནི་སེམས་ཅན་རྣམས་འདུལ་བའི་ཐབས་བླ་ན་མེད་པ་ལ་


JKT018_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པའི་ཕྱིར། མཐོང་ཐོས་དྲན་རེག་གི་འབྲེལ་བའི་ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་ཐམས་ཅད་རྣམ་མཁྱེན་གྱི་གོ་འཕང་ལ་ཕྱམས་གཅིག་ཏུ་འགོད་པའི་ཆེད་དུ། སྨོན་ལམ་དང་སྙིང་རྗེའི་འཕེན་པ་ཁྱད་པར་ཅན་གྱི་བྱེད་འདིར་དམིགས་བསལ་གསུང་རྟེན་ལྟ་བུ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་མཐིང་ཤོག་གི་ངོས་ལ་གསེར་སྦྱངས་ཀུན་མས་བསྐྲུན་པའི་ངོ་མཚར་གྱི་སྣང་བ་ཞེས་སམ། གཙུག་ལག་ཁང་ལྟ་བུ་ལ་འཕགས་ཚོགས་འདུས་པ་རྒྱ་མཚོ་བསྟི་བའི་གནྡྷོ་ལ་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན་པའི་ངོ་མཚར་གྱི་སྣང་བ་སོགས་གང་འོས་སྦྱར། མཆན། པོ་ཁོ་ན་ལ་འཆེལ་བས་བསྐལ་བཟང་རྣམ་འདྲེན་བཞི་པའི་མཚན་དཔེའི་ཞལ་སྐྱིན་གསེར་སྦྱངས་ཞུན་མའི་ཕུང་པོ་ལས་གྲུབ་པའི་ངོ་མཚར་གྱི་སྣང་བ་བློ་ཡི་ར་བ་ལས་བརྒལ་བར་བསྐྲུན་པར་མཛད་པའི་ཚེ་ན། ལེགས་བྲིས་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱིས་མངོན་པར་བསྔགས་པའི་མེ་ཏོག་འཐོར་ཞིང་། ཕྱོགས་བཅུའི་རྣམ་འདྲེན་སྲས་དང་བཅས་པ་ཀུན་གྱིས་ཀྱང་དགྱེས་པའི་སྤྱན་ཟུར་ལྷུག་པར་གཡོ་བའི་མོད། ཛམ་བུའི་རྐང་འཐུང་གིས་ཉེ་བར་མཚོན་པའི་ཐ་གྲུ་ཀུན་ཏུ་ཕན་པ་དང་བདེ་བའི་རྫོགས་ལྡན་གྱིས་དུས་སྟོན་གསར་པ་གློ་བུར་དུ་འབོད་པའི་དགེ་ལེགས་ཀྱི་སྒོ་འཕར་བརྒྱ་ཕྲག་དབྱེ་བ་ལ། གུས་ལྡན་པ་ཁོ་བོ་ཅག་ཀྱང་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་པའི་བསོད་ནམས་ཀྱི་མཐུ་རྒྱ་ཆེར་བསྐྱེད་པ་དང་ཆབ་ཅིག །རང་གཞན་འབྲེལ་ཐོགས་


JKT018_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འགྲོ་བ་ཐམས་ཅད་བྱང་གྲོལ་གྱི་ལམ་ལ་འགོད་པའི་སླད། དུས་གསུམ་གྱི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་མཁའ་ཁྱབ་ཀྱི་མཎྜལ་དུ་འབུལ་བའི་མཚོན་བྱེད་དངོས་འབྱོར་གྱི་བསྙེན་བཀུར་ཕྲ་མོ་བགྱིད་པར། ཐོག་མར་མ་ཧཱ་ཙི་ནའི་ཡུལ་གྲུ་ནས་བསྐྲུན་པའི་ལྷ་རྫས་ཀྱི་ཝས་ཡིད་དུ་རིང་བ་བཀྲ་ཤིས་རྟགས་ཀྱི་རྣ་ཆས་སྒེག་པ། སོགས་དང་། མཐར་འབུལ་ལམ་ཞུས་ཡོད་པ་བརྩེ་ཆེན་ཡེ་ཤེས་ངགཟིགས་པས་བདག་གིར་བཞེས་པར་གསོལ་བ་འདེབས་པ་ལགས། ཅེས་པའི་མཐར་དཀྱུས་ཀྱི་བརྗོད་པ་གང་རིགས་འདྲེན་པར་བྱའོ། །གཞན་ཡང་དེ་ལྟ་བུའི་ལེགས་འབུལ་སོགས་ཀྱི་སྐབས་སུ་གོང་གཤམ་༣ ཅི་རིགས་བར་ཡན་ལག་བདུན་པའི་ཚིགས་སུ་བཅད་པ་སྦྱོར་བར་སྤྲོ་ན་འདི་ལྟ་སྟེ། ཨོཾ་སྭསྟི་པྲ་ཛ་བྷྱ༔ གང་ཞིག་དམ་པའི་ཡོན་ཏན་རྨད་བྱུང་ཉི་གཞོན་གཡོ་བའི་ཐུར་མ་ཡིས། །དྭངས་བའི་བློ་གྲོས་ཨུཏྤལ་གསར་པའི་འདྲེན་བྱེད་རྣམ་པར་དབྱེ་བ་དང་། །ལྷན་ཅིག་ཐལ་མོའི་ཀུནྡའི་ཟུར་མིག་སྤྱི་ཏོར་རྩེ་མོར་ཟུམ་དང་བཅས། །ཞབས་མཐིལ་འཁོར་ལོའི་རེ་ཁ་མཆོག་ལ་རྟག་ཏུ་གུས་པས་དད་ཕྱག་སྟོབ། །སྲིད་པའི་ཁམས་འདིར་བདག་གིར་བཟུང་བའི་བླ་ན་ཡོད་པའི་མཆོད་སྤྲིན་དང་། །དེས་ཀྱང་མི་མཚོན་ཏིང་ངེ་འཛིན་གྱི་བཀོད་པ་ཕ་མཐའ་ཡས་པའི་དཔྱིད། །གྲོང་ཁྱེར་གསུམ་གྱི་དོགས་ལས་རིང་བརྒལ་ངོ་མཚར་བཀོད་


JKT018_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཛེས་སྡུག་ལ། །དབང་པོས་སྤྱན་སྟོང་གསར་དུ་སྤྲུལ་ནས་གཅིག་ཏུ་བལྟ་བའི་སྐབས་བཙལ་བཞིན། །ལམ་གསུམ་འགྲོ་བའི་བསིལ་བས་བཀྲུས་ཀྱང་ཅུང་ཟད་དག་པའི་ནུས་དབེན་ལ། །ལེགས་བྲིས་བདག་པོའི་སུག་པར་འཆང་བའི་རྩེ་བརྒྱའི་མཚོན་གྱི་བརྡར་བས་མིན། །དཀར་མིན་ལས་དང་ཀུན་རྟོག་མཛའ་བས་སྒྲིབ་གཉིས་དྲི་མ་འཕེལ་བའི་རྒྱུན། །སྟོབས་བཞིའི་ཆོ་ག་མཐའ་དག་རྫོགས་པས་ལྷག་མ་མེད་པར་བཅད་ལ་དབང་། །སློབ་དང་མི་སློབ་གོ་འཕང་ལ་གནས་སོ་སྐྱེ་དང་ནི་འཕགས་ཚོགས་ཀྱིས། །ལེགས་སྤྱད་མཆོག་གི་གོ་ཆ་བརྟུན་པས་སེམས་ཅན་རྣམས་ལ་སྨན་བགྱིད་པར། །རྗེས་སུ་ཡི་རང་དྭང་བ་སྟེར་ནས་བསོད་ནམས་བྱེ་བའི་ཕུང་པོ་ཡང་། །ངང་གི་རྒྱུད་ལ་མ་བྱིན་བླངས་པས་གྲངས་མེད་ལེགས་བྱས་ཆ་ཤས་རྫོགས། །གང་གིས་གཟོད་ནས་མངོན་སུམ་ཉིད་བརྙེས་འགོག་བདེན་རྟག་པ་དམ་པའི་དབྱིངས། །ལམ་བདེན་མིང་ཚིག་སྤྲིན་དུ་འཕོས་ལས་དབྱངས་ཀྱི་ཡན་ལག་ཡོངས་རྫོགས་པའི། །རྨད་བྱུང་གཏོང་བ་དམ་པའི་རིན་ཆེན་འགྲོ་འདིའི་བསོད་ནམས་བགོ་སྐལ་དུ། །ལྷུག་པར་སྩལ་བའི་དགའ་སྟོན་དམ་པས་ཕན་བདེའི་སྣང་བ་རྒྱས་པར་མཛོད། །མི་སྲུན་དུག་ཅན་མཆེ་བ་ལྟར་གཟིངས་སྙིག་མའི་འགྱུར་བས་ཐུགས་དྲངས་ཏེ། །ཞི་བ་དམ་པའི་ནགས་སུ་གཟིམས་ལ་དགྱེས་པའི་གོ་སྐབས་དབྱེ་སྲིད་ན། །དམྱལ་མེའི་


JKT018_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཀྱང་པད་མཚོར་བཞིན་འཇུག་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་གང་། །གྲགས་པའི་རི་མོ་ཙམ་དུ་ཟད་ཕྱིར་བསྐལ་པ་རྒྱ་མཚོར་ཞབས་བརྟན་གསོལ། །དེ་ལྟར་བསགས་ལས་བྱུང་བའི་དགེ་ཚོགས་ཛམྦུའི་རྐང་འཐུང་ལས་སྨིན་འབྲས། །ཆོས་དབྱིངས་མ་དྲོས་འཇིང་དུ་ལྷུང་དེས་བྱང་ཆུབ་དམ་པའི་གདྨ་སྐྱེས། །མཐའ་གཉིས་བརྒལ་བའི་ལང་ཚོ་དར་བས་འགྲོ་ཀུན་ཕན་བདེའི་དགའ་སྟོན་ལ། །ངོམ་པ་མེད་པར་ལོངས་སུ་སྤྱོད་པའི་དགེ་མཚན་བརྒྱ་ཕྲག་འབར་གྱུར་ཅིག །སརྦ་སུ་ཛ་ཡནྟུ། ཞེས་སམ། ཤྲཱི་བི་ཛ་ཡནྟུ། རྨད་བྱུང་ཡོན་ཏན་བྱེ་བའི་བསིལ་འོད་ཀྱིས། །ཐལ་མོའི་ཆུ་སྐྱེས་སྤྱི་བོར་ཟུམ་པ་དང་། །ཕྱོགས་རེས་བསྔགས་བརྗོད་མགྲིན་པའི་རྒྱུད་མངས་གང་། །འཁྲོལ་བས་ཤིན་ཏུ་གུས་པའི་དད་ཕྱག་སྟོབ། །དངོས་འབྱོར་བདོག་པ་ཕྲ་མོ་འདིས་མཚོན་ཏེ། །བདག་གཞན་དུས་གསུམ་དགེ་ཚོགས་ལོངས་སྤྱོད་དང་། །རི་གླིང་རྒྱ་མཚོར་བཅས་པའི་མཎྜལ་ཡང་། །དྭང་བའི་བློ་གྲོས་ཁོ་ནས་དབུལ་ལ་ཕྱོགས། གཟོད་ནས་བག་མེད་སེམས་ཀྱི་གཉིས་འཐུང་དབང་། །སྡིག་དང་ལྟུང་བའི་དྲེགས་པས་མྱོས་པ་གང་། །སྟོབས་བཞིའི་འདུལ་སྦྱོང་མཁས་པའི་བརྟུལ་ཞུགས་ཀྱིས། །སླད་ནས་དམ་པའི་ལམ་དུ་བདེ་བར་གཞུག །འཕགས་དང་སོ་སྐྱེའི་རྣམ་དཀར་ཟླ་ཤེལ་གསར། །གྲགས་སྙན་བདུད་རྩིར་བཅས་པའི་མཚར་སྡུག་


JKT018_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཕྲག་དོག་ཨུཏྤལ་དམར་པོ་མི་ཟུམ་པར། །ཡི་རངས་ཀུནྡའི་འཛུམ་དཀར་སྙིང་དབུས་གྲོལ། །གནས་བརྒྱད་དག་པའི་གསུང་གི་གསང་བ་ཡིས། །མཐའ་ཀླས་སྡེ་སྣོད་རྒྱལ་རྔ་བརྡུངས་པའི་སྒྲས། །ལུས་ཅན་མ་རིག་གཉིད་ལ་གཡུར་བ་རྣམས། །ཞི་བསིལ་ཐར་པའི་ལམ་དུ་སད་པར་མཛོད། །མཐའ་ཀླས་ཞིང་ཁམས་རྒྱ་མཚོའི་མོས་ངོ་རུ། །གཟུགས་སྐུའི་སྒྱུ་འཕྲུལ་གཅིག་ཅར་སྣང་བའི་ཕྱིར། །དེང་འདིར་བདག་ཅག་བསོད་ནམས་བགོ་སྐལ་དུ། །ཐོབ་ཁྱོད་བསྐལ་པ་རྒྱ་མཚོར་བརྟན་པར་བཞུགས། །དེ་ལྟར་བསགས་པའི་ལེགས་བྱས་རྡུལ་དམར་ཀུན། །བཏུང་བས་མྱོས་པའི་ཐུན་མཚམས་སྤྲིན་གྱི་གྲོང་། །འཁོར་གསུམ་དག་པའི་མཁའ་ལ་བསྔོས་པའི་མཐུས། །བྱང་ཆུབ་སྙིང་པོའི་སྣང་བ་འདྲེན་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཡཱཏ། ཞེས་སམ། ཤྲཱི་སུ་ཤེ་ཡོ་བྷ་བཅུ། །གང་ཞིག་གཟོད་ནས་ཞི་བའི་སྙིང་པོ་རུ། །གྲུབ་པའི་ལང་ཚོ་རྒྱས་པའི་ཡེ་ཤེས་ཀྱང་། །སྲིད་ན་སྲིད་པ་བཞིན་དུ་སྣང་བ་ལ། །ཕྱོགས་རེའི་ཡོན་ཏན་དྲན་པའི་དད་ཕྱག་སྟོབ། །གཏོང་ལ་སྤྲོ་བ་མིན་པའི་ཀུན་རྟོག་གིས། །མ་བཅིངས་དངོས་འབྱོར་ཕྲ་མོ་འདིས་མཚོན་ཏེ། །ལེགས་བྲིས་གདེངས་ཅན་བདག་པོའི་དཔལ་འབྱོར་སོགས། །མཐའ་ཀླས་མཆོད་པའི་སྤྲིན་ཏུ་རྣམ་པར་བཀོད། །དམ་དུ་འཆོས་དང་རང་བཞིན་ལས་ཉམས་པའི། །སྡིག་ལྟའི་མིག་སྨན་ཚོན་


JKT018_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བགོས་པ་ཡང་། །སྟོབས་བཞིའི་གྲུ་ཆར་གཡོ་བས་རྨད་བབ་སྟེ། །སླད་ནས་ཉེ་བར་བསྡམས་པའི་མཚར་སྡུག་བཟུང་། །མགོན་པོ་ཁྱོད་ཀྱི་བྱང་ཆུབ་སྤྱོད་མཆོག་དང་། །འཕགས་དང་སོ་སྐྱེས་རྣམ་དཀར་བསྐྲུན་པ་ལ། །སྙིང་ནས་རངས་པའི་འཛུམ་ཕྲེང་གྲོལ་བ་ཡིས། །ཟླ་མེད་བསོད་ནམས་བྱེ་བའི་འདུ་འགོད་བརྩམ། །མ་རིག་འཐིབ་བུའི་ནོན་པའི་འགྲོ་ཀུན་ལ། །རྣམ་གྲོལ་ཆོས་ཀྱི་བདུད་རྩིས་བྲན་པའི་མོད། །ལེགས་སྤྱོད་ཨུཏྤལ་རྒྱས་པའི་ཕང་པ་ནས། །རྣམ་གྲོལ་འབྲས་བུའི་ཁུར་གྱིས་དུད་མཛོད་ཀྱེ། །ཁྱད་པར་རིང་ནས་གཞན་ཕྱིར་དམིགས་པ་ཡི། །དམ་བཅའི་རི་མོ་བྲིས་དེ་རྗེས་དགོངས་ལ། འགྲོ་འདིའི་བསོད་ནམས་མཆོད་སྡོང་དམ་པ་རུ། །འཆི་མེད་གྲུབ་པའི་དགའ་བས་སྙེམས་པར་མཛོད། །དེ་ལྟར་བསགས་ལས་བྱུང་བའི་དགེ་ཚོགས་ཀུན། །རྡུལ་བྲལ་ཆོས་ཀྱི་དབྱིངས་སུ་བསྔོས་པ་ལས། །སྐུ་གསུམ་དེད་དཔོན་མཆོག་ཏུ་བདག་གྱུར་ཏེ། །ཡིད་ཅན་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །སརྦ་སུ་ཐེ་ཡོ་ཀུནྡནྟ། ཞེས་སམ། ཨོཾ་སྭསྟི་སིདྡྷཾ། །གང་ན་སྲས་བཅས་འདྲེན་པ་ཐམས་ཅད་ཀྱིས། །བསྔགས་ཨུ པའི་མེ་ཏོག་དཀར་པོས་དབུགས་དབྱུང་བའི། །ནོར་བུའི་རྐང་སྟེགས་བཀྲ་བའི་ཞབས་སེན་ལ། །ཡན་ལག་མཆོག་གིས་བཏུད་པའི་དད་ཕྱག་སྟོབས། །དངོས་འཛིན་མདུད་པ་དམ་པོས་མ་བཅིངས་པའི། །


JKT018_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བདོག་འབྱོར་ཉུང་ངུ་འདིས་མཚོན་སྲིད་ཞིའི་ཁམས། །རྒྱས་པར་འགེངས་པའི་རབ་འབྱམས་མཆོད་སྤྲིན་ནི། །ཡེ་ཤེས་གཟིགས་པ་དམ་པའི་མདུན་སར་བདར། །ཐོག་མ་མེད་ནས་འཁྲུལ་པའི་གཞན་དབང་གིས། །དམ་ལ་བཞག་པའི་སེམས་ཀྱི་གླང་པོ་ཡིས། །ལེགས་སྤྱོད་རྫིང་བུ་རྙོགས་པའི་སྡིག་ལྟུང་དྲི། །སྟོབས་བཞིའི་ཀེ་ཏ་ཀ་ཡི་དོགས་པས་སྦྱངས། །ཕྱོགས་བཅུ་དུས་བཞིའི་འཕགས་དང་སོ་སྐྱེ་ཡི། རྣམ་དཀར་རླབས་ཕྲེང་རྒྱས་པའི་ཆུ་གཏེར་ལ། །རྗེས་སུ་ཡི་རངས་ངང་མོའི་འགྲོས་མཛེས་ཀྱིས། །དོན་དུ་གཉེར་བའི་ཚུལ་ལ་གཅིག་ཏུ་འདུན། །སྨྲ་མཆོག་ངག་གི་རྒྱུད་མངས་ལས་འཕོས་པའི། །དབྱངས་བདུན་ཡན་ལག་རྫོགས་པའི་ཏམྦུ་རས། །ཡིད་ཅན་ཁམས་དབང་བསམ་པར་རྗེས་མཐུན་པའི། །ཆགས་བྲལ་ལམ་བདེན་དགའ་སྟོན་སྦྱིན་པར་མཛོད། །སྐད་ཅིག་རེར་ཡང་ཞིང་ཁམས་རྒྱ་མཚོ་ལ། །ཏིང་འཛིན་བྱེ་བས་སྙོམས་པར་འཇུག་མོད་ཀྱི། །དེང་འདིར་བདག་སོགས་མོས་པའི་གདུང་སེལ་དུ། །བསྐལ་བརྒྱར་ཆོས་ཀྱི་ཁྲི་ལ་གཡོ་མེད་གསོལ། །འདིས་མཚོན་དུས་གསུམ་དགེ་བའི་ཆུ་ཀླུངས་འབུམ། །བྱང་ཆེན་ཆུ་གཏེར་འཇིངས་སུ་ཞུགས་པ་ཡིས། །རྣམ་གྲོལ་རིན་ཆེན་རྡུལ་མང་འདྲེན་བཞིན་དུ། །ལྷར་བཅས་དགའ་བའི་དགའ་སྟོན་སྦྱིན་གྱུར་ཅིག །སརྦ་སུ་ཛ་ཡནྟུ། ཞེས་སམ། ཨོཾ་སྭསྟི། གང་གི་ཡོན་ཏན་ཕྱོགས་


JKT018_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རེའི་རྣམ་ཐར་ལ། །བསྔགས་པའི་རྒྱུད་མངས་བསྒྲེངས་བས་ཕྱག་འཚལ་ཞིང་། །གྲངས་མེད་དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན། །མཐའ་ཀླས་ནམ་མཁའི་ཕ་མཐའ་ཁྱབ་པར་འབུལ། །སྒྲིབ་གཉིས་ཚ་གདུང་སྟུག་པོས་ནོན་པ་ཡང་། །སྟོབས་བཞིའི་ཟླ་ཤེལ་བསིལ་བས་ཡོངས་སྦྱངས་ནས། །འཕགས་དང་སོ་སྐྱེའི་ལེགས་མཛད་སིམས་འོད་ལ། །ཡི་རངས་ས་ཡི་གདུ་བུའི་འདབ་རྒྱ་གྲོལ། །མགོན་ཁྱོད་གང་གིས་ཞི་བ་བརྙེས་པའི་ལམ། །འགྲོ་འདིའི་དཔྱིད་དུ་རྟག་པར་སྒྲོགས་བསྐུལ་ཞིང་། །མཚན་དཔེའི་དཀྱིལ་འཁོར་གཅིག་གིས་བསྐལ་པའི་བར། །བཞུགས་པའི་ཆོ་ག་ཡོངས་སུ་གྲུབ་མཛད་གསོལ། །དེ་ལྟར་བསགས་པའི་རྣམ་དཀར་འབྲས་བུའི་དཔྱིད། །ཆོས་དབྱིངས་ཞིང་ས་དམ་པར་བཏབ་པ་ལས། །རྣམ་གྲོལ་སྐུ་བཞིའི་སྙེ་མ་གཡུར་ཟ་བས། །ཕན་བདེའི་འདོད་དགུ་ལྷུག་པར་འཇོ་གྱུར་ཅིག །སརྦ་སུ་སིདྡྷི་རསྟུ། ཞེས་སམ། སུ་ཤྲཱི་སརྦ་ཛ་ཡནྟུ། །གང་གི་མཁྱེན་བརྩེ་ནུས་པ་ཡི། །ཡོན་ཏན་ཕྱོགས་རེའི་རྣམ་ཐར་ལ། །བསྔགས་པའི་མགྲིན་པ་མཐོར་བཏེགས་ནས། །ཞབས་ཀྱི་པདྨོར་དད་ཕྱག་སྟོབ། །དངོས་འབྱོར་ས་བོན་ཉུང་ངུ་ལས། །བརྩམས་ཏེ་ཡིད་སྤྲུལ་མཎྜལ་ནི། །མཐའ་ཀླས་ཁྲེས་བའི་མཆོད་སྤྲིན་གྱིས། །སྲིད་མཐའི་བར་དུ་བསྙེན་བཀུར་སྟོབ། །ཡང་སྲིད་མང་པོར་རྣམ་ཀུན་ཏུ། །གོམས་པའི་སྡིག་


JKT018_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་རྒྱུར་བཅས་པ། །ཤིན་ཏུ་གནོང་པས་མཐོལ་བགྱིད་ཅིང་། །སླན་ཆད་བསྡམས་པའི་གཡར་དམ་ལེན། །སོ་སྐྱེ་དང་ནི་འཕགས་ཚོགས་ཀྱི། །ལེགས་བྱས་ཟླ་བའི་མ་མ་ལ། །ཡི་རངས་རྡུལ་གྱི་ཐིག་ལེ་ཡི། །འཛུམ་དཀར་གཡོ་བས་བྲན་པར་བགྱིད། །འདི་ན་རྨོངས་པའི་མུན་པ་ཡིས། །ལེགས་གསུངས་ཤུལ་ལམ་སྟོར་བ་ལས། །ཟབ་རྒྱས་ཆོས་ཀྱི་སྣང་བ་ཡིས། །ཐར་པའི་གྲོང་དུ་དཀྲི་མཛད་གསོལ། །ཁྱད་པར་ལུས་ཅན་བསོད་ནམས་ཀྱིས། ནོར་བུའི་རྐང་སྟེགས་བཀྲ་བ་དེར། །ཞབས་སེན་འཁོར་ལོ་བསྐལ་པ་བརྒྱར། །འཕོ་མེད་འཚོ་གཞེས་བརྟན་པར་མཛོད། །དེ་ལྟར་རྣམ་དཀར་ཆུ་ཡི་གཏེར། །ཡོངས་སུ་བསྔོ་བའི་མནྡཱ་རས། །བསྲུབས་ལས་རྣམ་གྲོལ་རི་བོང་འཛིན། །ཕན་བདེའི་དཔྱིད་དུ་རྫོགས་གྱུར་ཅིག །སརྦ་དཱ་སུ་ཤེ་ཡོ་དེ་ཧི། །ཞེས་སམ། ཤཱི་མཱི་གུ་རོ་ན་མཱ་མི། །གང་ཞིག་དམ་པའི་ཡོན་ཏན་ལ། །ཡིད་རབ་དྭངས་བའི་དད་ཕྱག་དང་། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་ནི། །ཡེ་ཤེས་གཟིགས་པའི་མདུན་སར་བདར། །བག་མེད་སྡིག་དང་ལྟུང་བའི་སྒོ། །སྟོབས་བཞིའི་ར་བས་བཅད་པ་དང་། །འཕགས་དང་སོ་སྐྱེའི་རྣམ་དཀར་ལ། །མི་ཕྱེད་དགའ་བས་རྗེས་ཡི་རངས། །འདི་ན་ལྷར་བཅས་སྐྱེ་དགུ་ཡི། །བསོད་ནམས་ཞིང་མཆོག་ཁྱོད་ཉིད་ཕྱིར། །ཞི་བསིལ་བདུད་རྩི་སྦྱིན་དང་བཅས། །བསྐལ་པ་རྒྱ་མཚོར་ཞབས་


JKT018_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་མཛོད། །དེ་ལྟར་བསགས་ལས་བྱུང་བ་ཡི། །ཚོགས་ཟུང་བརླན་གྱིས་རབ་ཕྱེ་བའི། །ཡོངས་སུ་བསྔོ་བའི་མེ་ཏོག་གིས། །ཐར་པའི་འབྲས་བཟང་འཛིན་པར་ཤོག །སརྦ་དཱ་བི་མོཀྵ་ཀུ་སུ་མ་དེ་ཧི། ཞེས་པ་ལྟ་བུས་མཚོན་ཡུལ་དུས་གནས་སྐབས་དང་སྦྱར་ཏེ་རྒྱས་བསྡུས་སྐབས་དང་མཐུན་པར་བྱའོ། །ཡང་ཞབས་བརྟན་གྱི་ལེགས་འབུལ་ལྟ་བུའི་ཚེ་གསོལ་འདེབས་འདུན་སྨོན་གྱི་བརྗོད་པ་འདི་ལྟར་སྦྱར་སྟེ། །ཨོཾ་སྭསྟི་ཛཱི་བཅུ། ལེགས་གསུང་སྡེ་སྣོད་བྱེ་བའི་གདུགས་དཀར་པོ། །ཐུགས་བསྐྱེད་དཔུང་པས་འཆེལ་བའི་གྲིབ་བསིལ་ཆེར། །སྐལ་བཟང་དབུགས་འབྱིན་མཛད་པའི་ཆོ་ག་མཁན། །གསང་གསུམ་བསྐལ་པ་རྒྱ་མཚོར་འཚོ་གཞེས་གསོལ། ༡ །ཤེས་བྱའི་ཆུ་གཏེར་གཏིང་མཐའ་བྲལ་བའི་ཀློང་། །མཁྱེན་གཉིས་གསེར་ཉ་གཡོ་བའི་ཟློས་གར་གྱིས། །མཐའ་ཀླས་ཡིད་ཅན་ཕན་བདེའི་དཔལ་སྟེར་བའི། །གསང་གསུམ་བསྐལ་པ་རྒྱ་མཚོར་འཚོ་གཞེས་གསོལ། ༢ །མཚན་བཟང་བུམ་པ་བཟང་པོའི་དགེ་མཚན་ནི། །རྨད་བྱུང་བསླབས་གཞིའི་གོས་ཀྱིས་ཉེར་བཀླུབས་ཅིང་། །རྣམ་གྲོལ་ཐར་པའི་བདུད་རྩིས་མངོན་གཏམས་པའི། །གསང་གསུམ་བསྐལ་པ་རྒྱ་མཚོར་འཚོ་གཞེས་གསོལ། ༣ གཞན་ཕན་ཉིན་མོའི་འོད་རིས་ཀྱིས་ཕྱེ་བའི། །སྨོན་འཇུག་བྱང་ཆུབ་སེམས་ཀྱི་པདྨ་དཀར། །ཡིད་ཅན་ཀུན་དགའི་ཉེར་འཚོར་གྱུར་


JKT018_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་། །གསང་གསུམ་བསྐལ་པ་རྒྱ་མཚོར་འཚོ་གཞེས་གསོལ། ༤ །གསང་རྒྱུད་ཡིད་བཞིན་མཚོ་ནས་བླངས་པ་ཡི། །སྨིན་གྲོལ་སྒྲ་དབྱངས་སྒྲོགས་པའི་གཡས་འཁྱིལ་དུང་། །སྒྲིབ་གཉིས་རིམས་ནད་རྒྱུ་བ་གཅོད་བྱེད་པའི། །གསང་གསུམ་བསྐལ་པ་རྒྱ་མཚོར་འཚོ་གཞེས་གསོལ། ༥ །བཟུང་འཛིན་སྤྲོས་པ་རྟུལ་བའི་ཡེ་ཤེས་ནི། །ཐུགས་ཀྱི་དཔལ་བེར་སིམ་པའི་དེ་མ་ཐག །སྐྱེ་དང་འཇིགས་པའི་ཕ་མཐའ་ལས་གྲོལ་བའི། །གསང་གསུམ་བསྐལ་པ་རྒྱ་མཚོར་འཚོ་གཞེས་གསོལ། ༦ །དེ་ལྟར་དུས་མིན་ཉི་བུའི་དཔུང་ཚོགས་ཀྱི། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ནི། །སྲིད་རྩེར་བསྒྲེངས་པའི་གྲགས་དཀར་ཟླ་འོད་ཀྱིས། །སྐལ་བཟང་སྣང་བ་ནུབ་པ་མེད་པར་མཛོད། ༧ །མཁྱེན་གཉིས་གསེར་གྱི་འཁོར་ལོ་སྔོན་འགྲོ་བས། །ཐུབ་བསྟན་གླིང་བཞིའི་ལྗོངས་ཀུན་དབང་བསྒྱུར་ཏེ། །སྔོན་མེད་རྫོགས་ལྡན་གསར་པའི་དགེ་མཚན་གྱིས། །ལྷར་བཅས་དགའ་བའི་དགའ་སྟོན་སྦྱིན་གྱུར་ཅིག ༨ །ཞེས་ཕྱོགས་བཅུ་དུས་གསུམ་གྱི་དཔལ་ལྡན་སྟོབས་བཅུ་མངའ་བ་མཐའ་ཀླས་པ་ཀུན་གྱིས་བསྐལ་པ་རྒྱ་མཚོར་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་ལས་བྱུང་བའི་མཚན་དཔེའི་ཆ་ཤས་བཀྲ་ཤིས་པའི་རྟགས་ཀྱི་སྒྲ་ལས་ཉེ་བར་དྲངས་པའི་སྭ་སྟིའི་དབྱངས་སྙན་མཚོ་བྱུང་མའི་ཕྱག་གི་རྒྱུད་མངས་ལ་ཅུང་ཟད་རེག་པས་མདུན་


JKT018_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བསུས་ཏེ། དེང་གི་ཆར་ཡང་། གང་ན་མ་ལུས་ཤིང་ལུས་པ་མེད་པའི་རྣམ་པར་འདྲེན་པ་སྲས་དང་སློབ་མར་བཅས་པས་ཀྱང་སོར་མོའི་ཆུ་སྐྱེས་དམར་པོའི་ཞབས་མཐིལ་གྱི་འཁོར་ལོ་ལ་ཉིན་རེ་བཞིན་དུ་བཏུད་པའི་རིགས་ཐམས་ཅད་ཀྱི་བདག་ཉིད། དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། སྐྱབས་གནས་ཀུན་གྱི་ཐུགས་རྗེ་དང་བྱིན་རླབས་ཀྱི་ཕུང་པོ་གཅིག་ཏུ་བསྡུས་པའི་རང་གཟུགས་རྗེ་བཙུན་བླ་མ་དམ་པ་ཁྱོད་ནི། གཟོད་མ་ནས་ཟད་དང་མི་སྐྱེ་ཤེས་པའི་ཡེ་ཤེས་མངོན་སུམ་དུ་བརྙེས་སུ་ཟིན་ཀྱང་། གཞན་ལ་ཕན་པར་མཛད་པའི་དམ་བཅའི་རི་མོ་གཞར་ཡང་ནུབ་པ་མེད་པས་ཆེས་ཆེར་སྙིགས་མར་གྱུར་པའི་དུས་འདིར་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོའི་རྣམ་རོལ་དུ་བཞེངས་ཏེ། མཐའ་ཡས་པའི་འགྲོ་བ་ཀུན་ལ་ལམ་བདེན་གྱི་བདུད་རྩི་མངོན་སུམ་དུ་བསྟན་ནས་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ལ་སྦྱོར་པའི་བཀའ་དྲིན་ནི་བྱང་ཆུབ་སྙིང་པོའི་བར་དུ་གཞལ་བར་སླ་བ་མ་ཡིན་ལ། ད་དུང་ཡང་བདག་སོགས་ལྟོས་བཅས་ཡོངས་ཀྱི་སྐྱབས་དང་། མགོན་དང་། དཔུང་གཉེན་གཅིག་པུར་འབྱུང་འགྱུར་གྱི་རྒྱལ་བ་ཡིད་སྲུབས་ཀྱི་ཕྱོགས་ལས་རྣམ་པར་རྒྱལ་ཏེ་མཐའ་ཀླས་སྡེ་སྣོད་ཀྱི་རྒྱལ་རྔ་སྲིད་རྩེར་བརྡུང་བའི་བར་དུ་མི་ཤིགས་རྡོ་རྗེའི་ཁྲི་འཕངས་མཐོན་པོར་འཆི་མེད་མགོན་པོ་ཚེ་མཐའ་ཡས་པའི་རང་གཟུགས་སུ་འཚོ་ཞིང་གཞེས་ལ་ཆོས་


JKT018_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྟོན་པར་སྙིང་ཐག་པ་ནས་གསོལ་བ་འདེབས་པའི་རྟེན་དུ། རང་གཞན་གྱི་རྒྱུད་ཀྱིས་བསྡུས་པའི་བདོག་དགུ་སྤྱི་དང་ཁྱད་པར་རྣམ་པར་དཀར་བའི་ལེགས་བྱས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ་འཕགས་པ་ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བའི་མཆོད་སྤྲིན་དུ་བྱིན་གྱིས་རླབས་ནས་འབུལ་བ་དང་ཆབ་གཅིག །དེ་ཉིད་མཚོན་པའི་དངོས་པོའི་མཎྜལ་ཟེག་མར། ཐོག་མར་བཀྲ་ཤིས་པའི་རྟགས་ཀྱི་རྣ་ཆས་སྒེག་པའི་ལྷ་རྫས་ཀྱི་ཝ་ཧཱུཾ་དཀྱུས་སུ་རིང་བ་སོགས་ནས། མཐའ་རྟེན་སྟན་དཀར་རྡོ་རྗེ་དང་གཡུང་དྲུང་གི་མཚན་མས་བརྒྱན་པ་སྟེ་རྣམ་གྲངས་འབུལ་ལམ་ཞུས་པ་བརྩེ་ཆེན་ཡེ་ཤེས་ཀྱི་གཟིགས་པས་བདག་གིར་མཛད་དེ། རེ་བའི་ཤིང་རྟ་མངོན་འདོད་ཀྱི་བདོག་པས་ཕྱུར་བུར་བགེངས་པར་མཛད་དུ་གསོལ། །སརྦ་མ་ནོར་ཐཾ་པ་རི་པུཎྞཾ་ཀུཆནྟུ། ཞེས་སམ། ཤྲཱི་ཛི་བ་ཏིཥྛནྟུ། གདོད་ནས་ཡོངས་གྲུབ་འཆི་མེད་རྟག་པའི་སྐུར། །གཟུང་འཛིན་འཕོ་བའི་བག་ཆགས་ཀུན་བཅོམས་པས། ཁ་སྦྱོར་རྡོ་རྗེའི་ལང་ཚོར་འབར་བཞིན་དུ། །རྟག་པ་རྒྱུན་གྱི་འཁོར་ལོར་འཚོ་གཞེས་གསོལ། །གཞན་ཕྱིར་རྨད་བྱུང་གཏོང་བའི་རིན་ཆེན་ནི། །དམ་ཆོས་བདུད་རྩིའི་ཆོ་གས་དགེ་བྱས་པ། །སྐལ་བཟང་འགྲོ་བའི་དཔྱིད་དུ་སྩོལ་བཞིན་དུ། །ངེས་པར་ཞིང་ཁམས་འདི་ལས་གཡོ་མེད་མཛོད། །དཔག་མེད་འགོགས་པའི་བརླན་གྱིས་ཕྱེ་བ་ཡི། །རྣམ་གྲོལ་


JKT018_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་ཕུང་པོའི་ཨུཏྤ་ལ། །ངོ་མཚར་དགེ་མཚན་ཕྲག་བརྒྱས་གཏམས་བཞིན་དུ། །འཆི་མེད་གྲུབ་པའི་ལང་ཚོ་འབར་གྱུར་ཅིག །མི་འཁྲུགས་བཟོད་པའི་གོ་ཆ་བརྟན་པོའི་ངོར། །ཡིད་སྲུབས་དཔུང་གིས་བཏེགས་པའི་མཚོན་རྣོན་ཀྱང་། །སྙིང་རྗེའི་མེ་ཏོག་གཞོན་ནུར་དཔྱངས་པ་ལས། །ཟླ་མེད་གྲགས་པའི་རྒྱལ་རྔ་སྙན་པར་ཤོག །བསྐལ་མང་གཞན་གྱི་དོན་ལ་བརྩོན་པ་ཡི། །ཚོགས་ཟུང་བྱེ་བས་སྐ བསྐྲུན་པའི་མཚན་དཔེའི་དཔྱིད། །ཆེ་དགུའི་རལ་པས་བཏེགས་པའི་ནོར་བུའི་ཁྲིར། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །ཟབ་རྒྱས་གདམས་པའི་བདུད་རྩི་སིམ་པ་ལས། །ཤིན་ཏུ་ཞི་བ་དམ་པའི་ནགས་ཀླུངས་སུ། །འཇུག་དང་ལྡངས་བ་བྲལ་བའི་བསམ་གཏན་གྱིས། །སྐྱེ་འཇིག་མཚན་མའི་སྤྲོས་པ་རྟུལ་བར་མཛོད། །རྡུལ་བྲལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས། །འགྱུར་བཅས་ཆོས་སུ་སྣང་བའི་ཁམས་ཇི་སྙེད། །འཆི་མེད་རྟག་པའི་བདེན་པར་གཟིགས་བཞིན་དུ། །བརྟན་པར་མཛོད་ཅིག་སྙིང་རྗེའི་ལུས་ཅན་ཀྱེ། །དེ་ལྟར་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གང་གིས་གཤེགས་པའི་ཨུ ལམ་མཆོག་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒྲ་ལས་དྲངས་པའི་དགེ་ལེགས་ཀྱི་དབྱངས་སྙན་ཅུང་ཟད་བརྗོད་པས་མདུན་བསུས་ཏེ། དེང་གི་ཆར་ཡང་། སོགས་སྔ་མ་བཞིན་ལ་བརྗོད་བྱེད་རྒྱས་བསྡུས་ཅི་རིགས་པར་


JKT018_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱར་རོ། ཡང་ན། ཨོཾ་སྭསྟི་ཏིཥྛནྟུ། ཆོས་དབྱིངས་ཤིན་ཏུ་རྟག་པ་དམ་པ་ལས། །རྣམ་པ་ཀུན་གྱི་མཆོག་ལྡན་རྡོ་རྗེའི་སྐུ། །སྣ་ཚོགས་མོས་པའི་རྗེས་མཐུན་སྒྱུ་འཕྲུལ་ཅན། །ལོངས་སྤྱོད་ཡོངས་རྫོགས་འཁོར་ལོར་འཚོ་གཞེས་གསོལ། །རྡུལ་བྲལ་འོད་གསལ་སྟོང་པའི་དགའ་མ་ལ། །མི་འགྱུར་བདེ་བའི་སྒྱུ་ཐབས་གྱིས་སྦྲེལ་བས། །ཟུང་འཇུག་ཐིག་ལེ་གཅིག་ལས་མི་འདའ་བས། ཁ་སྦྱོར་མཚན་དཔེའི་ལང་ཚོར་འཚོ་གཞེས་གསོལ། །ཀུན་ཏུ་འཕོ་བའི་འགྲོ་འོང་རྒྱུར་བཅས་པ། །འཕོ་མེད་དབུ་མའི་སྲོག་ཏུ་འབར་བ་ལས། །ཆར་ཡང་ཟག་པ་སྤངས་པའི་ནཱ་དའི་གསུངས། །བདེ་ཆེན་ཡེ་ཤེས་ཆེན་པོར་འཚོ་གཞེས་གསོལ། །གཤིས་ལ་སྐྱེ་བའི་སྡང་པ་བྲལ་གྱུར་ན། །དེ་ལ་འཇིག་པའི་ཕ་མཐའ་མ་དམིགས་ཕྱིར། །གཞར་ཡང་སྤྲོས་པ་ཀུན་ལས་རངས་པའི་ཐུགས། །རང་བཞིན་མེད་པའི་དབྱིངས་སུ་འཚོ་གཞེས་གསོལ། །གཟོད་ནས་མཚན་མའི་རྟོག་པ་སྤངས་གྱུར་ཀྱང་། །གཞན་ཕྱིར་དམིགས་པའི་དམ་བཅས་མི་འདོར་བས། །སྙིགས་མའི་འགྱུར་བས་གཟིངས་པའི་སྐྱེ་དགུ་ལ། །སྙིང་རྗེས་ཡོངས་སུ་གང་ཁྱོད་འཚོ་གཞེས་གསོལ། །རྒྱལ་བའི་ཐུགས་རྗེ་རྟག་པ་དམ་པ་ནི། །ནམ་ཡང་འཆར་དང་ནུབ་པ་ལས་གྲོལ་ཕྱིར། །ཚུར་མཐོང་གདུལ་བྱའི་ངོར་ཡང་མི་སྲེད་པར། །ཕྲིན་ལས་རྒྱུན་མི་འཆད་པར་འཚོ་གཞེས་གསོལ། །གང་ལ་རེག་ན་ཕན་


JKT018_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བདེའི་འབྱོར་པ་མཆོག །འབད་མེད་ལག་རྩེར་སྦྱིན་ལ་ནོར་གྱི་བུས། །མཚོན་མིན་གཏན་བདེའི་ངལ་བསོ་སྟེར་མཛད་པའི། །ཡོན་ཏན་འགོགས་པ་མེད་པར་འཚོ་གཞེས་གསོལ། །ཞེས་རྒྱལ་བ་རྣམས་ཀྱི་གང་ཞིག་བརྙེས་པའི་སྤངས་རྟོགས་ཀྱི་ཁྱད་པར་མཐར་ཐུག་པ་སྐུ་གསུམ་ཡན་ལག་བདུན་ལྡན་གྱི་སྒྲ་ལས་དྲངས་ཏེ་སྐུ་གསུངས་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་རོལ་དུ་འཚོ་ཞིང་གཞེས་པར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་མེ་ཏོག་མནྡ་རའི་དོ་ཤལ་ལྟ་བུར་གཡོ་བས་ལམ་ཡངས་པར་བྱས་ཏེ། དེང་གི་ཆར་ཡང་སོགས་ཐོག་མ་བཞིན་དུ་སྦྱར་རོ། །དེ་ལྟར་འཕྲོས་དོན་གྱི་ཁྱད་པར་སྣ་ཚོགས་པ་འདི་རྣམས་འཕྲིན་ཡིག་འབུལ་ཚུལ་ཁོ་ན་ལ་མ་ལྟོས་ཀྱང་། དོན་གཉེར་ཅན་དག་ལ་ཉེ་བར་མཁོ་བའི་འོས་སུ་གྱུར་པའི་རིགས་ཐམས་ཅད་ཀྱི་དཔེར་བརྗོད་པ་ཉུང་བསྡུས་ཤིག་རྟོགས་སླ་བ་༧ཕྱོགས་གཅིག་ཏུ་བཀོད་པ་སྟེ། གཞན་ཡང་ཁྲི་འདོན་དང་ཞབས་བརྟན་གྱི་སྐབས་སོགས་སུ་སྦྱོར་བར་འོས་པའི་ཕུན་སུམ་ཚོགས་པ་རྣམ་ལྔ་དང་། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན་སོགས་ཀྱི་རྣམ་བཤད་ཉུང་བསྡུས་ཤིག་ཀྱང་སྤྲོ་བར་འོས་མོད་ཀྱི་ཁོ་བོ་ཅག་གིས་གཞན་དུ་བརྗོད་ཟིན་པའི་ཕྱིར་དེར་བལྟ་བའི་དབང་དུ་བྱས་ནས་འདིར་རེ་ཞིག་དེ་ཙམ་དུ་ཉེ་བར་བསྡུས་སོ། །ཡངས་པའི་རྒྱལ་ཁམས་ཐམས་ཅད་ཆོས་


JKT018_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སྐྱོང་བའི་རྒྱལ་པོ་ཆེན་པོ་ཞིག་ལ་འབུལ་ན། ཚངས་དབང་བདེ་འབྱུང་བདག་པོ་ལ་སོགས་པ། །བསོད་ནམས་བྱེ་བས་དྲེགས་པའི་སྤུན་ཟླ་རུ། །ངེས་ཀྱང་ཆོས་ཀྱི་འབྱོར་པས་མངོན་མཐོ་ཕྱིར། །མཚུངས་མེད་མི་ཡི་ལྷ་གཅིག་རྒྱལ་གྱུར་ཅིག །གང་ན་གྲགས་པ་དྲི་མེད་ཟླ་བའི་ཟེར། །བཏུང་བས་མྱོས་པའི་སར་སྐྱེས་སྟེང་འཐུང་དཀར། །དྭངས་པའི་མགྲིན་པ་མཐོན་པོར་བཏེགས་བཞིན་དུ། །ཞུ་མཆིད་སོ་ཡི་ཟེའུ་འབྲུ་སྟོན་ལ་ཕྱོགས། །འདི་ན་ཕུན་སུམ་ཚོགས་པའི་གཞིར་གྱུར་པ། །ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེར། །ངེས་ཀྱང་དེའི་བྱེད་པོ་ས་སྤྱོད་ལ། །རགས་ལས་མཐོང་ནས་བྱང་ཆུབ་སེམས་དཔའི་ཚོགས། །བསམ་བཞིན་མི་ཡི་སྲིད་པར་འཁྲུངས་པ་ལ། །སོམ་ཉིའི་འཁྱོགས་ཐག་ཆད་པའི་དམ་པ་གང་། །འཚོ་གཞེས་བརྟན་པའི་སྤྲིངས་ཡིག་ཐོས་ཙམ་གྱིས། །དོན་གཉིས་གྲུབ་པའི་སྟེགས་ལ་ངལ་འཚོར་གྱུར། །འདི་ནའང་ཁྱོད་ཀྱི་བཀའ་དྲིན་རྨད་བྱུང་དཔྱིད། །ཕན་བདེའི་བསིལ་འོད་སྣུམ་པའི་རྭ་བ་རུ། །འདུ་ཤེས་གསུམ་གྱི་མལ་དུ་བདེར་གནས་བཞིན། །ཉེར་འཚེའི་གེགས་ཀྱི་འདུ་བྱེད་བྲལ་བར་མཆིས། །འབྱུང་འགྱུར་དུས་ཀྱང་མཚན་བཟང་ཨུཏྤལ་ལ། །ལྷར་བཅས་སྐྱེ་དགུའི་ཐོར་ཏོའི་རྩེ་མོ་རུ། །ནུབ་མེད་རྟག་པར་འཆར་བའི་གཟི་བྱིན་གྱིས། །རྫོགས་ལྡན་གསར་པའི་དགའ་སྟོན་སྤྲོ་བར་མཛོད། །


JKT018_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་ཞུ་མཆིད་ཏེ་པོར་བརྗོད་པ་ཡིས། །ངང་ཚུལ་དཔལ་གྱི་དུམ་བུའི་དྲི་བསུང་ནི། །གཟིགས་རྟེན་མ་ལ་ཡ་ཡི་རླུང་བཞོན་དང་། །འགྲོགས་ཏེ་ཁྱོད་ཞབས་བསྙེན་བཀུར་བགྱི་སླད་སྤྲོས། །ཡང་ན། གང་གིས་ཕས་རྒོལ་སྙིང་ལ་མྱ་ངན་མེས། །རྣམ་པར་གདུངས་མོད་ཆབ་འབངས་སྲོག་གི་ཟུང་། །བྱམས་བརྩེའི་བདུད་རྩིས་བརླན་པའི་གྲགས་དཀར་གྱིས། །ཕྱོགས་ཀྱི་ཁོར་ཡུག་ཀུན་ཏུ་ཁྱབ་དེའི་དྲུང་། །གང་ཚུལ་གཏོང་དང་སྙིང་སྟོབས་མ་ཞུམས་པའི། །རིན་ཆེན་རྡུལ་མང་འཛགས་པའི་མ་དྲོས་གཏེར། །མཐོང་བས་ཡིད་ལ་སིམ་པ་མི་ཟད་པ། །བྱིན་ནས་རྗེས་སུ་བསྔགས་པའི་མཆིད་འདི་གླེངས། །ས་འདི་རིར་བཅས་རྟེན་དང་བརྟེན་པ་ཀུན། །གང་གི་དཔུང་པས་བཟུང་ལ་ངོ་མཚར་ཅི། །བྱང་སེམས་མི་ཡི་མྱུ་གུར་བརྫུ་བའི་ཕྱིར། །རྣམ་གྲོལ་ཆོས་ཀྱི་འབྱོར་པས་མཐོ་མིན་ནམ། །དེ་ཕྱིར་འཚོ་གཞེས་བརྟན་པའི་གཏམ་སྙན་ལ། །རྗེས་སུ་དཔག་པས་སྤྲོ་དགའི་འདུ་བྱེད་ཀྱིས། །རྣམ་པར་སིམ་པའི་ཀུན་རྨོངས་བདག་ཅག་ཀྱང་། །ལང་ཚོའི་འདུ་བྱེད་ཉམས་པར་མ་གྱུར་བཞིན། །སླད་མར་བསོད་ནམས་དུ་མའི་ས་འཛིན་གྱིས། །ཨུ རྣམ་པར་བསྲུབས་པའི་གཟུགས་སྐུའི་གོ་བི་དཱ། །སྐྱེ་དགུར་ཕན་བདེའི་དགའ་སྟོན་སྩོལ་བའི་སླད། །ཡུན་རིང་བརྟན་པའི་ཐབས་ཚུལ་ལྷུར་བཞེས་གསོལ། །དེ་སྐད་ཞུ་མཆིད་སྨིན་ལེགས་སིནྡྷཱ་ར། །སྙན་ཚིག་


JKT018_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཁྲིའི་ཐིག་ལེ་གཡོ་བ་དང་། །རྟེན་དངོས་འབྲས་བཟང་ཉམས་པ་མེད་དང་བཅས། །ཀུན་ཏུ་དགེ་བའི་ཆོས་ལ་རིངས་པར་ཕུལ། །ཡང་ན། ཚངས་དབང་ས་ལ་རྒྱུ་བའམ། །ས་བདག་གྲགས་པའི་བ་དན་གང་། །ཆོས་ཀྱི་འབྱོར་པས་རབ་འཕགས་ཕྱིར། །མི་ཡི་དབང་པོར་ངེས་དེའི་དྲུང་། །གང་གི་རིགས་གཟུགས་ལང་ཚོ་སོགས། ཡོན་ཏན་ཉམས་པ་མེད་པ་ཉིད། །རྣ་བའི་རྒྱན་དུ་བྱིན་པ་ཡིས། །ཡིད་རབ་སྤྲོ་བས་མཆིད་འདི་གསོལ། །འདི་ན་སྟོབས་དང་རྒྱལ་སྲིད་སོགས། །ཕྱོགས་རེས་དྲེགས་པ་མང་མོད་དེ། །ལུགས་གཉིས་ཕུན་སུམ་ཚོགས་པའི་གཏེར། །མཐའ་དག་རྫོགས་པ་ཁྱོད་ལས་སུ། །ཚུལ་དེའི་དཔལ་ལ་བསམ་པ་ཡིས། །སྤྲོ་དགའ་ལྐོག་ཏུ་མ་གྱུར་བར། །ཡང་ཡང་ངོམས་བཞིན་གནས་བདག་ཀྱང་། །འཚོ་བའི་འདུ་བྱེད་བདེ་བར་མཆིས། །སླད་ནས་ནོར་འཛིན་དགའ་མ་ནི། །ལྷུན་པོའི་རྣ་རྒྱན་དང་བཅས་པ། །གནས་པ་ཇི་སྲིད་བསོད་ནམས་ཀྱི། །མཚན་བཟང་ནུབ་པ་མེད་པར་མཛོད། །ཞུ་མཆིད་དྭངས་པའི་བློ་གྲོས་ཀྱི། །རྫིངས་བུར་ཡུན་རིངས་གསོས་པ་ལས། །སྙན་ཚིག་ཆུ་སྐྱེས་སར་པ་ཡང་། །གཟིགས་རྟེན་གེ་སར་བཅས་ཏེ་ཕུལ། ༈ །ཡང་རང་སྡེ་བྱམས་པས་སྐྱོངས་ཤིང་། །ས་བདག་ཆེན་པོའི་བཀའ་དྲིན་གདུགས་དཀར་གྱི་གྲིབ་མར་ངལ་འཚོ་བའི་རྒྱལ་ཕྲན་ཕལ་པ་ཞིག་ལ་འབུལ་ན། །ལེགས་སྤྱད་བསོད་


JKT018_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་འབྲས་བུ་སྨིན་པའི་དཔྱིད། །དཔལ་འབྱོར་ཨ་མྲ་གསར་པའི་དོགས་པ་ཅན། །རང་སྡེ་བྱམས་པའི་གྲིབ་མས་སྲུངས་མཁས་པ། །ལྗོན་བཟང་ས་ཡི་ཐིག་ལེ་འཛིན་དེའི་དྲུང་། །གང་ཚུལ་དགེ་བའི་གཏམ་སྙན་ཨུ་དུམྦར། །ཐོད་པར་དཀྲིས་པའི་རི་དྭགས་མིག་མ་ཡིས། །བདག་ཡིད་བརྟན་པ་ཕྲོགས་དང་ཆབ་གཅིག་པར། །ཞུ་མཆིད་ཚིག་གི་ཕྲེང་བ་དབྱངས་སུ་བསྟར། །ཚོགས་གཉིས་དྲོད་གཤེར་གྱིས་སྨིན་དལ་འབྱོར་གྱི། །ལྕུག་ཕྲན་མ་ཉམས་དར་བའི་ཕངས་པ་ནས། །སྡེ་བཞིའི་འབྲས་བཟང་གཡུར་དུ་ཟ་བ་གང་། །ལུགས་གཉིས་ཏེ་བོར་སྤྱོད་པར་རྗེས་སུ་རངས། །འདི་ན་སྲིད་དང་ཞི་བའི་ཡོན་ཏན་གྱིས། 。 ཁྱད་པར་བྱས་པ་འགའ་ཡང་མེད་མོད་ཀྱི། །མཆོག་གསུམ་བཀའ་དྲིན་དཔལ་ཀྱི་དུམ་བུ་ནི། །ཡིད་ལ་ཆགས་པས་ཉེར་འཚོའི་གདུང་བ་བྲལ། །སླད་མའི་ཆར་ཡང་རྣམ་དཀར་ཆུ་འཛིངས་ལས། །བླངས་པའི་སྒོ་གསུམ་ཙིནྟ་མ་ཎི་ཆེ། །ཕན་བདེའི་འདོད་དགུ་སྩོལ་དང་ལྷན་གཅིག་པར། །ལྟོས་བཅས་ཆབ་འབངས་དཔྱིད་དུ་བརྟན་པར་མཛོད། །དེ་སྐད་དྭངས་བའི་ཡིད་ཀྱི་དཔྱིད་དཔལ་ལས། ཉེ་བར་འཁྲུངས་པའི་ཚིག་རྒྱན་ཀུཎྜ་ཀ །ཞུ་འདེགས་ཟླ་ཞུན་གོས་བཟང་ཀླུབས་དང་བཅས། །ཡུལ་འཁོར་དཔུངས་པས་བསྲུང་པའི་མདུན་དེར་འཛུམས། །ཞེས་པ་ལྟ་བུས་མཚོན་ཡུལ་མཆོག་དམན་གྱི་བབས་དང་བསྟུན་ནས་སྦྱར་


JKT018_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །ལུགས་གཉིས་ཀྱི་དཔུངས་བས་ས་ཆེན་བདེ་བར་སྐྱོངས་པའི་ཆོས་རྒྱལ་ཆེན་པོའི་ཁྲིམས་ཀྱི་ཁ་ལོ་བསྒྱུར་བ་ལ་རྣམ་དཔྱོད་ཏེ་པོར་ཡངས་པའི་བཀའི་བློན་ཆེན་ཞིག་ལ་འབུལ་ན། རྨད་བྱུང་ས་ཡི་ཚངས་པ་ཆེན་པོ་ཡི། །ཆོས་སྲིད་ཐུར་མ་བརྒྱ་པའི་འཇོ་སྒེག་ཅན། །གཟུར་གནས་བློ་གྲོས་དཔུངས་པས་བཟུང་མཁས་ཕྱིར། །ལུགས་གཉིས་ཁྲིམས་ཀྱི་ཁ་ལོ་བསྒྱུར་དེའི་དྲུང་། །གང་གི་མཛད་བཟང་ཏེ་བོར་སྤྱོད་པ་ཡིས། །གྲགས་སྙན་བདུད་རྩིས་ར་བའི་སྤུན་ཟླ་ཅན། །རིང་ནས་རྣ་བས་འཐུང་བའི་སིམ་པ་ཡིས། །རབ་ཏུ་མྱོས་པས་སྤྲོ་དགའི་ཞུ་མཆིད་འབུལ། །བསོད་ནམས་གསེར་གྱི་དྲ་བས་གདོང་མཛེས་ཤིང་། །ཕྱོགས་ལྷུང་སྤངས་པའི་རྣམ་དཔྱོད་གཙུག་བུམ་མཐོ། ཁྲིམས་གཉིས་ནོར་བུའི་ཁུར་མང་འདེགས་བཟོད་གང་། །སྔོན་མེད་གཉིས་འཐུང་དབང་པོ་མཆོག་ཏུ་ངེས། །དེ་སླད་སྒོ་གསུམ་ཉེར་འཚེའི་དྲི་བྲལ་བའི། །གཏམ་བཟང་ག་བུར་ཐིག་པ་བཏུང་བ་ལས། །འདི་ན་གནས་པའི་འདུ་ཤེས་གསུམ་པ་ཡང་། །སྤྲོ་དགའི་ངལ་འཚོ་ཅིར་ཡང་ཐོབ་པར་གྱུར། །སླད་མར་དྲ་མའི་གཞུང་ལུགས་མ་ཉམས་པའི། །སྤྱོད་མཆོག་དཔག་བསམ་གཞོན་ནུའི་གྲིབ་བསིལ་དུ། །ཆབ་འབངས་བྱམས་པས་སྐྱོངས་དང་ལྷན་གཅིག་པར། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་མཛོད། །དེ་སྐད་ལྷག་བསམ་དཔྱིད་ལྡན་སྨིན་ལེགས་མའི། །

ཤོག་ལྷེབ་ ༢༠༡ ནས་ ༢༦༩ བར།


JKT018_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམས་པ་ནས་འཕོས་བརླན་གྱིས་ཕྱེ་བ་ཡི། །ཞུ་མཆེད་བ་ཀུ་ལ་ཡི་མཚར་སྡུག་ལས། །རྟེན་དངོས་ལོ་འདབ་གཞོན་ནུས་འཁྱུད་བཞིན་ཕུལ། །ཡངས་པའི་རྒྱལ་ཁམས་བདེ་བས་འཚོ་ཞིང་རིགས་རུས་ཀྱི་དཔལ་གྱིས་མངོན་པར་མཐོ་བའི་བཙུན་མོ་ཆེན་མོ་ཞིག་ལ་འབུལ་ན། ལེགས་བྱས་ཆུ་གཏེར་བསྲུབས་ལས་སྐྱེས་པ་ཡི། །གྲགས་པ་ག་བུར་གཞོན་ནུའི་རྣ་རྒྱན་ཅན། །ནོར་འཛིན་བརྩེ་བའི་རྡུལ་དཀར་རབ་གཡོ་བས། །སྲུངས་མཁས་རྒྱལ་རིགས་ཐིག་ལེར་མཛེས་དེའི་དྲུང་། །དགའ་བར་བྱས་སོ་བདུན་གྱི་བདུན་པ་ཡིས། །དཀར་མིན་ཨུཏྤལ་གཞོན་ནུའི་ནགས་ཀླུངས་ཏེ། ཁྱོད་ཀྱི་སྤྱོད་ཚུལ་ཕུན་སུམ་ཚོགས་པའི་གཏམ། ཐོས་པ་ཙམ་གྱིས་སྤྲོ་བས་མཆིད་འདི་ཕུལ། །དད་དང་གཏོང་སོགས་ཡོན་ཏན་མ་ཉམས་པས། །བཙུན་མོ་རིན་ཆེན་མཆོག་གི་སྤུན་ཟླ་རུ། །འཛེགས་ཀྱང་དམན་ལ་ལྷག་པར་བརྩེ་ལྡན་གང་། །བྱང་ཆུབ་དམ་པའི་རིགས་སུ་གདོན་མི་ཟ། །དེ་སླད་ལང་ཚོ་ཤར་གྱི་ཐིག་ལེ་ལ། །ཉེར་འཚེ་རཱ་ཧུའི་གདོང་པ་རྒྱངས་བསྲིངས་བཞིན། །བརྟན་པར་བཞུགས་པའི་གཏམ་གྱི་ཟེགས་མ་ཡིས། །འདི་གནས་གྱི་ནའི་ཡིད་ཀྱི་ས་མོས་དགོད། །སླད་མའི་ཆར་ཡང་ཉི་འོག་བསྟན་དང་འགྲོར། །བྱམས་པས་སྐྱོངས་བའི་ཡལ་འདབས་རིང་བརྐྱངས་བཞིན། །ཚོགས་གཉིས་འབྲས་བཟང་དུད་པའི་དཔལ་དང་བཅས། །རིང་པོར་


JKT018_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བའི་ལེགས་སྨོན་གྲུབ་པར་མཛོད། །དེ་སྐད་སྤྲོ་བར་འོས་པའི་སྤྲིངས་ཡིག་ནི། །སྙན་པར་སྨྲ་བའི་ཚིག་གི་རྒྱན་དང་བཅས། །རྟེན་གྱི་གོས་བཟང་གསར་པ་ཀླུབས་བཞིན་དུ། །ཕྱོགས་དུས་ཀུན་ཏུ་དགེ་བའི་ཚེས་ལ་ཕུལ། །རང་གི་འབངས་ལ་ཕན་བདེ་སྟེར་ཞིང་། རིག་གཟུགས་འབྱོར་པའི་ཡོན་ཏན་མི་དམན་པའི་སྡེ་དཔོན་ཕལ་པ་ཞིག་ལ་འབུལ་ན། སྔོན་བསགས་ཚོགས་གཉིས་རྡུལ་དཀར་འཇགས་པ་ཡིས། །ལེགས་པར་བསྐྱེད་པའི་དལ་རྟེན་ཀུན་གསར། །དཔལ་འབྱོར་མཚར་སྡུག་རྫོགས་པའི་ཐིག་ལེ་ཡིས། །ཆབ་འབངས་དགའ་བའི་དགའ་སྟོན་སྦྱིན་དེའི་དྲུང་། །སྐྱེས་སྦྱངས་བློ་གྲོས་ཉོན་མོང་སྣང་བ་ཡིས། །རེག་པ་མིན་ཀྱང་ཁྱོད་ཚུལ་གཟུར་གནས་ཀྱི། །གཏམ་ཙམ་ཐོས་པས་ཡིད་ཀྱི་ཨུཏྤལ་ལ། །ཅི་དགར་བྱེད་པ་ཞུ་མཆིད་དྲི་བསུངས་འཐུལ། །འདི་ན་གནག་མིན་ལས་ཀྱི་ས་བོན་ལས། །རིག་གཟུགས་ལྕག་ཕྲན་སར་པའི་གྲིབ་སིལ་དུ། །རང་སྡེ་བྱམས་པས་སྐྱོངས་ལ་ངལ་མེད་ཁྱོད། །བསྔགས་པར་འོས་པའི་མེ་ཏོག་དུ་མས་བརྒྱན། །དེ་ཕྱིར་འཚོ་བ་དོན་དང་བཅས་པས་ན། །ལང་ཚོའི་འདུ་བྱེད་མ་ཡོལ་བརྟན་པ་ཡིས། །ཀུན་རྨོངས་འདུ་ཤེས་གསུམ་པ་བདག་ཅག་ཀྱང་། །རྗེས་སུ་རངས་པའི་སྤྲོ་དགས་སིམ་བཞིན་བདོག །སླད་མར་ལུགས་གཉིས་མཛད་བཟང་མ་ཉམས་པས། །འདི་དང་གཏན་གྱི་བདེ་བ་སྒྲུབས་མཁས་ཤིང་། །


JKT018_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རིང་པོར་བརྟན་པའི་འཕྲོད་བཞེས་མི་ལྷོད་པས། །འདིར་ཡང་བརྩེ་བའི་ཐུགས་རྗེས་སྐྱོངས་བར་མཛོད། །དེ་སྐད་ཞུ་བའི་མཆིད་ཚིག་ལང་ཚོ་མ། །སྙན་པར་སྨྲ་བའི་གླུ་དབྱངས་ལེན་བཞིན་དུ། །རྟེན་དངོས་རྣ་རྒྱན་མཛེས་དང་ཆབ་ཅིག་པར། །ཀུན་ཏུ་དགེ་བའི་ཚེས་ལ་རིངས་པར་དེངས། །ཀུན་ཕན་སྟེར་ཞིང་། མཛེས་མཛངས་དང་ལྡན་པའི་དཔོན་མོ་ཞིག་ལ་འབུལ་ན། ཟླ་ཤེལ་ཞུ་བའི་བཅུད་ཀྱང་མ་བཏུང་ཞིང་། །དཔྱིད་ཀྱི་མ་མས་རྣམ་པར་གསོས་མིན་ཀྱང་། །ལེགས་བྱས་བྱེད་པོས་བསྐྲུན་པའི་མཚར་སྡུག་ཅན། །སྔོན་མེད་ས་ཡི་གདུ་བུ་གསར་པའི་དྲུང་། །རང་སྡེ་བྱམས་པའི་རྭ་བར་འཛུད་པ་དང་། །ཕས་རྒོལ་སྙིང་ལ་གདུང་བའི་འདུ་འགོད་སྟོང་། །སྤྱིན་མཁས་དཔལ་མོ་གང་གི་གྲགས་དཀར་ལ། །ཡིད་རབ་སྤྲོ་བས་ཞུ་མཆིད་འདི་འབུལ་ལོ། །དཔལ་འབྱོར་རྐང་པས་འཐུང་བའི་སྤྲིན་ཆེན་ལས། །ལུགས་གཉིས་འབྲས་བཟང་གྲུ་ཆར་སྐྱུགས་མཁས་པས། །ལྟོས་བཅས་སྲོག་ཟུང་བདུད་རྩིར་སྒྱུར་མཛད་ཁྱོད། །ཉེར་འཚེ་བྲལ་བའི་ཚུལ་དེར་གཅིག་ཏུ་རངས། །འདི་ན་འཕྲལ་དང་ཡུན་གྱི་བདེ་བ་ཡིས། ཁྱད་པར་བྱས་པ་འགའ་ཡང་མ་མཆིས་པའི། །ཀུན་རྨོངས་འདུ་ཤེས་གསུམ་པ་བདག་ཅག་ཀྱང་། །མཆོག་གསུམ་བཀའ་དྲིན་ཁོ་ནས་ངལ་འཚོ་ཐོབ། །སླད་མའི་ཆར་ཡང་གནའ་བོའི་གཞུང་བཟང་བཞིན། །ཡ་རབས་


JKT018_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དྲྭ་མའི་ངང་ཚུལ་ལྷུར་ལེན་པས། །འདི་དང་གཏན་གྱི་ཕུན་ཚོགས་སྒྲུབ་མཁས་པའི། །རིང་ལུགས་འདི་ལ་གཡོ་བ་མེད་པར་མཛོད། །དེ་སྐད་གསོལ་བར་འོས་པའི་གཏམ་གྱི་ཕྲེང་། །ཡི་གེའི་གཟུགས་སུ་འཕོས་པའི་རེ་ཁྭ་ལ། །རྟེན་དངོས་བླ་གོས་གསར་པས་བཀླུབས་བྱས་ནས། །ས་སྐྱོང་དབང་མོ་གང་དེའི་མདུན་སར་ཆས། །དེ་དག་གི་བཀའ་ཐ་མ་ཕྱིར་ཕེབས་ལྟ་བུའི་འབྱོར་ལན་གྱི་ཚེ། །གང་ཚེ་མཐའ་བཞིའི་དྲེགས་ལྡན་བྱེ་སྙེད་ཀྱིས། །གཙུག་ཏུ་མཆོད་འོས་བཀའ་གསང་མ་ཎི་ཀ རྒྱན་གསུམ་ལམ་གྱི་སྲད་བུར་ལེགས་སྦྲེལ་ནས། །ཕྱག་རྒྱའི་གཟི་བྱིན་ཉམས་མེད་སྤྱི་བོར་ཐོབ། །ཞེས་སམ། ཁྱད་པར་རིང་ནས་བྱམས་བརྩེའི་ཆུ་གཏེར་གྱིས། །དངོས་ཀྱང་འདོར་མིན་གསུང་གསང་ཟླ་ཚེས་གསར། །ཕྱག་རྒྱའི་རི་དྭགས་གཞོན་ནུས་འཁྱུད་བཞིན་དུ། །གུས་སྤྲོ་བདེ་འབྱུང་རལ་རྩེར་ཉེ་བར་སོན། །ཞེས་སམ། འདི་ན་བརྗོད་བྱའི་རིན་ཆེན་དུ་མའི་ཁུར། །འདྲེན་བཟོད་བཀའ་ལུང་སྙན་པའི་ས་སྲུང་དབང་། །དངོས་པོའི་བདོག་པའི་སྐྱེས་ཀྱི་རྒྱན་དང་བཅས། །མོས་ལྡན་ཀུན་དགའི་སྐྱེད་ཚལ་མཆོག་ཏུ་སོན། །ཞེས་སམ། ལྷག་པར་རྗེས་བརྩེའི་དཔྱིད་དཔལ་ལས། །གསུང་མཆིད་པུཎྜ་རཱི་ཀའི་ཕྲེང་། །དངོས་པོའི་སྐྱེས་བཟང་གེ་སར་བཅས། །ཉམས་མེད་སྤྲོ་དགའི་དཔལ་དུ་སོན། །ཞེས་སམ། གང་ཚེ་སྤྲིང་ཡིག་གཞོན་ནུ་མས། །དོན་


JKT018_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བརྗོད་བྱའི་གླུ་ལེན་ཞིང་། །གནང་སྐྱེས་ནོར་བུའི་དོ་ཤལ་བཅས། །རྟགས་ཀྱི་མཆུ་སྒྲོས་དགོད་བཞིན་འབྱོར། །ཞེས་པ་ལྟ་བུ་ཡུལ་གྱི་བབས་དང་བསྟུན་པའི་གང་འོས་སྦྱོར་བར་བྱ་ཞིང་། གཞན་ཡང་དེ་དག་རྗེས་སུ་འབྲེལ་བར་ཉེར་མཁོའི་དཔེར་བརྗོད་འགའ་ཞིག་ཐོར་བུར་འབྲི་ན། །ཐོག་མར་རང་གཞན་གྱི་ཡུལ་གྲུ་སྐྱོང་བའི་མི་བདག་སུ་ཡང་རུང་བ་རྒྱལ་ཐབས་ལ་མངའ་གསོལ་བའི་ལེགས་འབུལ་གྱི་ཚེ། །གོང་རྒྱན་སོགས་སྨོས་མ་ཐག་པ་ལྟར་གྱི་དང་པོར་འོག་ནས་འབྱུང་བའི་ཤིས་བརྗོད་ཅི་རིགས་པ་སྦྱར་བ་ལ་སྐབས་མཚམས་ཀྱི་བརྗོད་བྱ་བསྣན་པས་ཀྱང་རུང་མོད་དེ། འོན་ཀྱང་འདིར་ཅུང་ཟད་ཙམ་དཔེར་བརྗོད་ན། ཤྲཱི་སུ་ཤེ་ཡོ་བི་ཛ་ཡནྟུ། གང་ཞིག་ལན་གཅིག་དྲན་པའི་མོད་ནས་དགེ་ལེགས་རིན་ཆེན་བྱེ་བའི་དབྱིག །ལྷུག་པར་འཇོ་བའི་དགའ་སྟོན་སྦྱིན་ལ་ནོར་བུའི་རེག་བྱས་མཚོན་མིན་པའི། །དཀོན་མཆོག་གསུམ་ཞེས་གྲགས་པའི་སྣང་བ་སྲིད་ཞིའི་བླ་ན་རབ་འབར་དེས། །དེང་འདིར་ཁྱོད་ལ་ཤིས་པའི་མེ་ཏོག་མནྡཱ་ར་བ་ཆར་དུ་བསྙིལ། །མཚན་གྱི་སྤྲིངས་ཡིག་རྣ་བར་བཏབ་པས་ཀྱང་། །རིང་འཚོའི་མདུད་པ་བསྐལ་བརྒྱར་མི་ཤིགས་པའི། །ཚེ་མཐའ་ཡས་པའི་ཐུགས་རྗེའི་ཟླ་ཤེལ་གྱིས། །འཆི་མེད་རྟག་པའི་བདུད་རྩིས་དགེ་བར་མཛོད། །དཔལ་ལྡན་རྒྱལ་བ་ཀུན་གྱི་ཡེ་ཤེས་གཏེར། །གཅིག་བསྡུས་སྒྱུ་འཕྲུལ་


JKT018_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རོལ་རྩེད་ཅན། །འཇམ་མགོན་མཁྱེན་པའི་ཉི་མ་གསར་པ་དེས། །རྣམ་དཔྱོད་ཨུཏྤལ་དར་བའི་ཆོ་ག་བསྒྲུབ། །རྗེས་ཆགས་སྤྲིན་གྱི་རྒྱུད་མངས་བརྡུངས་ཙམ་གྱིས། །སྲིད་དང་ཞི་བའི་ཕུན་ཚོགས་མདོངས་མཐའ་ཅན། །རིངས་པར་འགུགས་པའི་དབང་གི་མཆིལ་པ་དེས། །ས་གསུམ་དྲེགས་ལྡན་ཡོངས་ཀྱི་བརྟན་པ་འཕྲོགས། །ལེགས་པར་སྤྱོད་ལ་འཚེ་བའི་ཕས་རྒོལ་དཔུང་། །མིང་གི་ལྷག་མར་བགྱིད་དང་ཆབ་ཅིག་པར། །ཕྱོགས་ལས་རྣམ་པར་རྒྱལ་བའི་བ་དན་དཀར། །མཐུ་ལྡན་ཆོས་སྲུང་ཚོགས་ཀྱིས་སྲིད་རྩེར་བསྒྲེངས། །ཚོགས་ཟུང་རྒྱ་མཚོའི་སྙིང་པོས་རབ་ལྕི་བའི། །གནོད་གནས་དབང་པོའི་ཆུ་འཛིན་གསར་པ་ལས། །མི་ཟད་འདོད་དགུའི་གྲུ་ཆར་གཡོ་བ་ཡིས། །སྔོན་མེད་རྫོགས་ལྡན་གཞོན་ནུའི་དུས་སྟོན་དཀྲིགས། །དེ་ལྟར་ལྷག་བསམ་དཔྱིད་ཀྱི་མ་མ་ཡིས། །ཉེར་བསྐྲུན་ཤིས་པ་བརྗོད་པའི་གཏམ་གྱི་དབྱངས། །སྙན་ཚིག་པུཎྜ་རཱི་ཀའི་མཆོད་སྤྲིན་གྱིས། །ས་སྤྱོད་སྤྱན་གྱི་འབབ་སྟེགས་མཛེས་བྱས་ནས། །བསོད་ནམས་དཔག་ཡས་ཆུ་གཏེར་བསྲུབས་པ་ལས། །ལེགས་པར་འཁྲུངས་པའི་མཚན་བཟང་ཉིན་མོར་བྱེད། ཁེངས་ལྡན་ས་འཛིན་བྱེ་བས་ཉེར་བཏུད་པའི། །ཞབས་སྟེགས་ནོར་བུའི་བ་གམ་ག་ལ་བར། །ཞེས་པ་ལྟ་བུའི་འབེབས་འོག་ཏུ། ཇི་ལྟར་ཉི་གཞོན་འོད་ཀྱི་རླབས་གཡོ་བས། །གུར་གུམ་སར་པའི་ནགས་ཀླུང་


JKT018_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་བཞིན། །གང་གི་རྣམ་ཐར་རྨད་བྱུང་གིས་བསྐུལ་བས། །རབ་ཏུ་དྭང་བའི་ཞུ་གསོལ་འདི་སྐད་གླེང་། །ཞེས་སོགས་གང་འོས་མཐར། བསྐལ་པར་གཞན་ཕན་བརླན་དང་མི་ཕྱེད་པའི། །བྱང་ཆུབ་སྤྱོད་མཆོག་ཛམྦུའི་སྙེ་མ་ནི། །བསྟན་སྲིད་མ་དྲོས་འཇིངས་སུ་རྩེན་པའི་མོད། །ཕན་བདེའི་གཟི་བྱིན་བརྒྱ་ཕྲག་དུས་གཅིག་འབར། ཁྱད་པར་དེང་ཚེ་ཕྱོགས་དང་ཕྱོགས་བྲལ་གྱི། །སྟོབས་དང་འབྱོར་པས་སྙེམས་པའི་ཐོར་ཚུགས་ཀྱིས། །ཉེ་བར་བསྟེན་པའི་རྒྱལ་ཐབས་ཆེན་པོ་ལ། །སྲིད་ཞི་ཀུན་གྱིས་མངོན་པར་དབང་བསྐུར་ཅིང་། །རྒྱལ་སྲིད་ཡན་ལག་བདུན་གྱི་ཤར་རིའི་ཕྲག །སྡེ་བཞིའི་འཆར་ཀའི་དམར་བས་རབ་དྲངས་པའི། །གྲགས་སྙན་ཟླ་སྣང་དཀར་པོའི་སིམས་འོད་ཀྱིས། །ས་གསུམ་ཀུན་དགར་བྱས་དང་ཆབ་གཅིག་པར། །ལས་ཤུགས་གསེར་གྱི་འཁོར་ལོ་སྔོན་འགྲོ་བས། །རི་གླིང་རྒྱ་མཚོར་བཅས་པའི་ཐ་གྲུ་ཀུན། །དབང་གིས་མངའ་བསྒྱུར་སྤྲིངས་ཡིག་གིས་བཏབ་པས། །ལྷར་བཅས་ཡིད་ཀྱི་བརྟན་པ་དབང་མེད་འཕྲོགས། །དེ་ཚེ་འདིར་གནས་གྱི་ནའི་ཆུ་གཏེར་ཡང་། །གུས་སྤྲོའི་རྦ་རླབས་ཆལ་ཆིལ་གཡོས་པའི་མོད། །དངོས་པོའི་ལེགས་སྐྱེས་ཕྲ་མོའི་མེ་ཏོག་གིས། །དགེ་ལེགས་ཤིས་པའི་སྒོ་འཕར་དབྱེ་ལ་ཕྱོགས། །ཞེས་སྭསྟིའི་དབྱངས་སྙན་ཀ་མ་ལའི་ཕང་ཕུང་ཆར་དུ་བསྙིལ་བས་ལམ་ཡངས་པར་


JKT018_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། སྐབས་སུ་བབས་པའི་གླེང་བར་བྱ་བ་ནི། འདི་ལྟར་གླིང་བཞི་ལས་མཆོག་ཏུ་གྱུར་པའི་ལས་ཀྱི་ས་པ་ཛམྦུའི་རྐང་འཐུང་གིས་ཉེ་བར་མཚན་པའི་ལྗོངས་སུ། དུས་གསུམ་གྱི་རྣམ་པར་འདྲེན་པ་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོར་མངོན་དུ་གཤེགས་པའི་ཡུལ་དབུས་འགྱུར་འཆང་ནས་བྱང་ཕྱོགས་ཀྱི་སའི་ཆར། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཀེ་ལ་ཤ་ཡི་རི་བོའི་ཕྲེང་བ་ཚར་དུ་དངར་བས་ཡོངས་སུ་བསྐོར་ཞིང་། དེ་བཞིན་གཤེགས་པའི་བསྟན་པ་རིན་པོ་ཆེའི་ཁུར་གྱིས་ལྷག་པར་ལྕི་བའི་བྷོ་ཊ་དང་། མ་ཧཱ་བྷོ་ཊ་ཞེས་སུ་གྲགས་པའི་ཡུལ་གྲུ་འདིར། དཔལ་ལྡན་སྟོབས་བཅུ་མངའ་བས་འཇམ་དཔལ་རྩ་བའི་རྒྱུད་སོགས་ནས་ལུང་གིས་བསྟན་པ་ལྟར། སྔོན་གྱི་ཚེ་ཆོས་སྐྱོང་བའི་རྒྱལ་པོ་མེས་དབོན་རྣམ་གསུམ་ནས་བཟུང་སྟེ། སངས་རྒྱས་ཀྱི་བསྟན་པ་དེར་འཛིན་དང་བཅས་པ་ལ་སྲི་ཞུ་བླ་ལྷག་ཏུ་མཛད་ཅིང་། ལས་ཤུགས་བཙན་པོའི་རུ་མཚོན་འཕྱར་བས་ཕས་རྒོལ་གྱི་དྲེགས་ལྡན་ཐམས་ཅད་སྤ་བཀོང་སྟེ། དགེ་བཅུའི་ལམ་སྲོལ་དང་འབྲེལ་བའི་བཀའ་ཁྲིམས་བཙན་པོས་ཉི་འོག་གི་འགྲོ་བ་ཐ་དག་བདེ་སྐྱིད་རྒྱ་མཚོའི་ཕུང་པོ་སྲིད་མཐར་འགྱུར་བར་མཛད་པའི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་དང་། དེ་དང་རྗེས་མཐུན་གྱི་རྒྱལ་ཕྲན་ཕལ་པ་ཇི་སྙེད་ཅིག་བྱོན་པ་དང་། བྱེ་བྲག་འདིའི་མཚམས་སུ་སྤྲོ་ན་སོ་སོའི་ལོ་རྒྱུས་རྒྱལ་རབས་དང་། དེབས་ཐེར་སོགས་


JKT018_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཇི་ལྟར་འབྱུང་བ་ལྟར་རྒྱས་བསྡུས་ཅི་རིགས་བརྗོད་པའི་མཐར། ཏུ། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། །ཁྱིམ་པ་འཁོར་ལོས་སྒྱུར་རྣམས་སུ། །གྱུར་ནས་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཞེས་སོགས་བདེན་པར་སྨྲ་བའི། ལུང་གི་རི་མོ་བསུབ་ཏུ་མེད་པས་ཉེ་བར་མཚན་པའི་ལྷ་སྲས་བྱང་ཆུབ་སེམས་དཔའ་གང་ཉིད། བོད་དང་བོད་ཆེན་པོའི་བསྟན་འགྲོ་ཀུན་གྱི་རྟེན་དང་། གླིང་དང་། དཔུང་གཉེན་གཅིག་པུར་སྲིད་པ་དང་ཞི་བའི་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་དགེ་ཞིང་ཤིས་པ་མཆོག་གི་དུས་ཚེས་བཟང་པོར། ཇི་སྐད་དུ། ཆོས་འདོད་དོན་གྱི་སྡེ་ཚན་གསུམ། །ཐར་པ་དང་བཅས་སྡེ་བཞི་སྟེ། །དེ་སྟོབས་མཚུངས་པས་བཟང་པོ་བཞི། །ཞེས་སྡེ་བཞི་དང་། རྗེ་བོ་བློན་པོ་ཡུལ་འཁོར་དང་། །རྫོང་དང་མཛོད་དང་དམག་དཔུང་གྲོགས། །ཕན་ཚུན་ཕན་འདོགས་ཡན་ལག་བདུན། །འདི་རྣམས་རྒྱལ་སྲིད་ཅེས་སུ་བརྗོད། །ཅེས་རྒྱལ་སྲིད་ཀྱི་ཡན་ལག་བདུན་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཡབ་མེས་ཀྱི་བསྟན་སྲིད་ཕ་མཐའ་ཡས་པ་ཡོངས་སུ་སྐྱོང་བའི་རྒྱལ་ཐབས་ཀྱི་ཁྲི་འཕང་མཐོན་པོར་ལྷ་དང་བཅས་པའི་འགྲོ་བ་ཀུན་གྱིས་མངོན་པར་དབང་བསྐུར་བ་དང་ཆབས་ཅིག །ཕས་རྒོལ་གྱི་ཚོགས་ཀུན་ཉི་མཐོང་ཀུན་ལྟ་བུར་བཅིལ་བ་དང་། ལྟོས་བཅས་ཐམས་ཅད་ཕན་པ་དང་བདེ་བའི་


JKT018_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལྡན་གསར་པའི་དུས་སྟོན་ལ་ངོམས་པ་མེད་པར་ལོངས་སུ་སྤྱོད་པའི་དགེ་མཚན་གྱིས་སྒོ་འཕར་བརྒྱ་ཕྲག་དུས་གཅིག་ཏུ་དབྱེ་བར་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས་པ་འདི་བཞིན། གང་གི་ཐུགས་རྗེའི་གདུགས་དཀར་གྱི་གྲིབ་མར་ངལ་གསོ་བའི་ཁོ་བོ་ཅག་གིས་ཀྱང་དགའ་སྟོན་གྱི་ལེགས་འབུལ་ཅུང་ཟད་སྟོབ་པར། ཐོག་མར་བཀྲ་ཤིས་པའི་རེ་ཁཱས་འཁྱུད་པའི་ལྷ་གོས་རབ་དཀར་དཀྱུས་སུ་རིང་བ། གང་སྐུ་བསྐལ་པ་རྒྱ་མཚོར་འཚོ་གཞེས་བརྟན་པའི་རྟེན་འབྲེལ་དུ་རྒྱལ་བ་ཚེ་མཐའ་ཡས་པའི་སྐུ་བརྙན། གང་གསུང་མཐའ་བཞིའི་དྲེགས་ལྡན་ཡོངས་ཀྱི་གཙུག་ཏུ་མཆོད་པའི་བཀའ་ལུང་གི་སྣང་བ་ནུབ་པ་མེད་པའི་བརྡར་མདོ་སྡེ་བསྐལ་པ་བཟང་པོའི་པུསྟི་ཀཿ གང་ཐུགས་ཆོས་དང་སྲིད་ཀྱི་གཙུག་ལག་ཀུན་ལ་རྣམ་དཔྱོད་ཏེ་པོར་ཡངས་པའི་རྟེན་འབྲེལ་དུ་བཀའ་གདམས་མཆོད་རྟེན་རྙིང་མ། སོགས་འབུལ་ཚན་རྣམས་བྲིས་མཐར། གྲངས་ལྡན་རྗེས་སུ་བརྩེ་བའི་སྤྱན་ཟུར་གཡོ་བའི་རྟེན་ཙམ་དུ་འབུལ་ལམ་ཞུ་ཞིང་། སླར་ཡང་སྨྲས་པ། དེང་འདིར་བྱེད་པོས་ཆེད་དུ་མ་བསྐྲུན་སྔོན་བསགས་བསོད་ནམས་ཀྱིས་བརླན་པའི། །དཔལ་དང་ཡོན་ཏན་བདུད་རྩིའི་འབྱུང་གནས་ཚངས་པའི་བློས་ཀྱང་གཞལ་དཀའ་གང་། །འཆི་མེད་མགོན་པོ་ཚེ་མཐའ་ཡས་པའི་ཐུགས་རྗེའི་འོད་རྡུལ་གྱིས་བཏབ་པས། །རིང་འཚོའི་པདྨོ་མཆོག་ཏུ་ཡིད་འོང་


JKT018_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་རྒྱ་མཚོར་འབར་གྱུར་ཅིག །སྙིགས་མའི་གདུང་བས་གཞུར་བའི་བསྟན་དང་འགྲོར། །བརྩེ་ཆེན་ཐུགས་རྗེའི་གྲུ་ཆར་དབབ་པ་ཡིས། །རྫོགས་ལྡན་གསར་པའི་སིམ་པ་སྟེར་མཁས་པ། །སྔོན་མེད་གདེངས་ཅན་བདག་པོ་ཁྱོད་ཀྱིས་མཛོད། །ཡིད་སྲུབས་དཔུང་གིས་བཏེགས་པའི་ཕས་རྒོལ་ཀུན། །ཡིད་ལ་དྲན་པ་ཙམ་གྱིས་མཐར་བྱས་ནས། །ཡིད་ཅན་ཕན་བདེའི་དགའ་སྟོན་སྦྱིན་པ་ལ། །ཡིད་བཞིན་འདོད་འཇོའི་དཔལ་དུ་སྣང་གྱུར་ཅིག །མདོར་ན་གང་མཚན་ཐོས་པ་ཙམ་གྱིས་སྲིད་པའི་འཇིགས་པ་ཀུན་འཕྲོགས་ན། །སུ་ཞིག་སྐྱབས་སུ་སོང་བ་ཙམ་ནས་ཞི་བསིལ་གོ་འཕང་སྟེར་མཛད་པར། །བསླུ་བ་སྤངས་བའི་ཡི་གེས་རབ་བརྗིད་མཆོག་གསུམ་འདུས་ཞལ་བླ་མ་ཡི། །ཕུན་ཚོགས་བཀྲ་ཤིས་སྣང་བ་གསར་པས་རྣམ་པ་ཀུན་ཏུ་དགེ་གྱུར་ཅིག །སརྦ་དཱ་རཱ་ཛུ་བ་རི་དྷི་པྲ་བནྡྷ་ནཾ་ཀུ་ནྟུ། ཞེས་པ་ལྟ་བུ་དང་། གཉེན་སྟོན་ཐབ་གསོས་ཀྱི་ཚེ། གོང་རྒྱན་དང་། འབེབས་ཞུ་སོགས་སྔ་མ་ལྟར་རམ་བསྡུ་ན། ཨོཾ་སྭསྟི་སིདྡྷི་རསྟུ། གང་མཚན་དཔལ་གྱི་དུམ་བུའི་སིམ་པ་ལས། །རབ་ལྷག་ཟླ་ཤེལ་བཞུ་བའི་འོད་རིས་ཀྱིས། །ཕན་བདེའི་སྟེང་འཐུང་དཀར་པོའི་འདབ་བརྒྱའི་འཛུམ། །དབྱེ་མཛད་མཆོག་གསུམ་རྒྱ་མཚོས་ཁྱོད་ལ་སྲུངས། །བསོད་ནམས་བྱེ་བའི་ཆུ་གཏེར་འཁྱིལ་པ་ལས། །ཉེ་བར་འཁྲུངས་པའི་མི་བདག་ས་འཛིན་


JKT018_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། །རྨད་བྱུང་སྡེ་བཞིའི་བང་རིམ་གྱིས་མཛེས་པའི། །ཞབས་སྟེགས་ས་ཟླའི་བ་གམ་ག་ལ་བར། །འཆར་ཀའི་དམར་བ་ཕུན་ཚོགས་ཟླ་གཞོན་གྱི། །རྗེས་སུ་རྐང་པ་འཇོག་པའི་ལྷག་བསམ་ལས། །དྭང་བའི་ཞུ་གསོལ་མེ་ཏོག་འཐོར་བ་ཡང་། །རྗེས་བརྩེའི་སྤྱན་ཟུར་ལྷུང་བའི་འབབས་སྟེགས་ལགས། །གང་ན་སྙིགས་མའི་ཁུར་གྱིས་རབ་ལྕི་བའི། །བསྟན་དང་འགྲོ་བའི་ངང་ཚུལ་འདི་གཟིགས་ནས། །སྙིང་རྗེས་ཤིན་ཏུ་བརླན་བྱས་རྒྱལ་སྲས་ཤིག །མི་ཡི་དབང་ཕྱུག་ཁྱོད་དུ་མངོན་པར་འཁྲུངས། །དེ་ཚེ་ལུགས་གཉིས་ཏེ་པོར་སྤྱོད་པའི་མདས། །ཚུལ་མིན་འབོད་གྲོགས་མགྲིན་པ་ཉེར་བཅད་ནས། །ཕན་བདེའི་སི་ཟློ ཏཱ་མགྲོན་དུ་གཉེར་པ་ཡིས། །ལྷར་བཅས་རྫོགས་ལྡན་གསར་པའི་དཔལ་ལ་སྦྱར། ཁྱད་པར་རྣམ་ལྔའི་སྐྱོན་དྲིས་རིང་བཏང་བའི། །ཡོན་ཏན་བརྒྱད་ལྡན་བཙུན་མོ་རིན་ཆེན་མཆོག །དཔལ་གྱི་འབྱོར་པ་ཆེན་པོའི་སྒྱུ་ཐབས་ཀྱིས། །རང་དབང་ཉིད་དུ་བདག་གིར་མཛད་པའི་མོད། །གྲགས་སྙན་ནོར་བུའི་རྔ་ཡབ་གཡོབ་པ་དང་། །ཕུན་ཚོགས་སྡེ་བཞིའི་འདུ་བ་རྒྱས་པ་དང་། །དེས་ཀྱང་མི་མཐུན་རྒུད་པ་རིང་བཅིལ་བའི། །གསུམ་པོ་འདི་ནི་མཉམ་དུ་དང་བར་གྱུར། །གང་ཚེ་ལྟོས་བཅས་སྐྱེ་དགུའི་ཕན་བདེའི་སྲོག །རྒྱལ་ཐབས་རྩ་བ་མི་ཉམས་བརྟན་པ་ལས། །དགེ་མཚན་འདོད་དགུའི་ལྗོན་བཟང་འབྱུང་ངོ་ཞེས། །


JKT018_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལྷར་བཅས་བསྔགས་པའི་མེ་ཏོག་གཡོ་བས་བྲེལ། །དེ་སླད་འདི་ནའང་གང་གི་བཀའ་དྲིན་གྱིས། །གདུགས་དཀར་ཡངས་པོར་འཁོར་བའི་གྲིབ་བསིལ་དུ། །ཉེ་བར་འཚོ་བའི་འདུ་ཤེས་གསུམ་ས་ཅུང་ཟད་བསྟར། །འདིའང་རང་ཉིད་རྒྱལ་པོ་དེའི་མངའ་ཁུལ་དུ་གནས་པ་ལྟ་བུའི་དབང་དུ་བྱས་ཀྱི། གཞན་དུ་ན། མཆོག་གསུམ་བཀའ་དྲིན་གྱིས། ཞེས་པ་ལྟ་བུར་བསྒྱུར་དགོས་པས་མཚོན་གོང་འོག་རྣམས་སུ་དམིགས་བསལ་གྱི་ཁ་བསྒྱུར་དགོས་པ་རྣམས་སོ་སོར་འབྲི་བ་ལས་མཐའ་གཅིག་ཏུ་རིགས་འགྲེ་བར་མི་བྱའོ། །ཞེས་སྐབས་སུ་བབས་པའི་བརྗོད་པ་ཉུང་ངུས་མདུན་བསུས་ཏེ། དེང་གི་ཆར་འདིར་རྒྱལ་རབས་སོགས་དམིགས་བསལ་སྤྲོ་ན་ཇི་ལྟར་འོས་པ་འཛུད། ཡང་། གང་ན་སའི་དགེ་བཅུའི་དཔྱད་པ་མ་ཚང་བ་མེད་པས་ཡོངས་སུ་བསྲུངས་པའི་མ་ཧཱ་བྷོ་ཊ་སྟེ་བོད་ཆེན་པོའི་ནོར་འཛིན་གྱི་ཐིག་ལེར། ཆོས་དོན་འདོད་ཐར་ལ་སོགས་པའི་སྲིད་ཞིའི་དགེ་མཚན་གྱི་སྒོ་འཕར་གཅིག་ཅར་དུ་བྱེ་བའི་གཙུག་ལག་ལུགས་བརྒྱའི་འདུན་ས་ཆེན་པོར། །སྤོར་ཐང་རྩིས་ཀྱི་གཞུང་ལས་ཇི་ལྟར་བཤད་པའི་མཐུན་སྦྱོར་སོགས་ཕུན་སུམ་ཚོགས་པའི་དུས་ཚེས་སུ་སཱ་ལའི་ལྗོན་པ་ལྟར་ཆོ་ཚུ་འབྲངས་རིགས་རུས་མངོན་པར་མཐོ་བའི་ངང་ཚུལ་མ་སྨད་པའི་བཙུན་མོ་དམ་པ། ཟླ་མེད་བསོད་ནམས་རྒྱ་མཚོའི་བྱེད་པོས་བསྐྲུན་པའི་དཔལ་གྱི་འབྱོར་པ་གནོད་གནས་དབང་པོའི་གན་མཛོད་ལས་ལྷག་པས་


JKT018_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བདར་ཏེ་ཁབ་ཏུ་བསུས་པ་ལས། ཆབ་འབངས་ལྟོས་བཅས་ཡོངས་ཀྱི་ཕན་བདེའི་རྩ་བ་རྒྱལ་སྲིད་རིན་པོ་ཆེ་ཡུན་དུ་བརྟན་ཅིང་། མངའ་ཐང་གདུང་རྒྱུད་སོགས་ཟླ་བས་རེག་པའི་ཆུ་གཏེར་ལྟར་སྲིད་པའི་རྩེ་མོར་འགོངས་པར་མཛད་པའི་བཀའ་དྲིན་ཁོ་ན་ལ་ཁ་ཙམ་མ་ཡིན་པར་སྤྲོ་དགའི་ཡིད་ཀྱིས་རྗེས་སུ་དཔག་སྟེ། རྟེན་འབྲེལ་གྱིས་རྒ་མི་འཆོལ་བའི་ཆེད་དུ་ཤིས་པའི་ལེགས་སྐྱེས་ཟེགས་མ་ཙམ་སྟོབ་པར། ཞེས་པའི་མཚམས་འབུལ་ཚན་རྣམས་རིམ་པར་བཀོད་མཐར་སྨོན་ལམ་ཤིས་བརྗོད་སོགས་གང་འོས་སྦྱར་རོ། །དབུས་བརྫོང་ལྟ་བུར། གོང་གཤམ་ཀྱི་བརྗོད་པ་དཀྱུས་བཞིན་ལ། ཁྱད་པར་སྔོན་སྨོན་ཡན་ལག་བརྒྱ་པའི་ཕྲག །ཉེ་བར་རྩེན་པའི་མཚན་བཟང་ཟླ་ཤེལ་གསར། །དེང་དུས་བྷོ་ཊའི་སྨན་ལྗོངས་ཉམས་དགའ་བ། །དབུས་འགྱུར་འཆང་ཞེས་གྲགས་པའི་ཕྱོགས་སུ་ཆས། །དེ་ན་རྨད་བྱུང་ཡོན་གནས་མཐའ་དག་ལ། །མཆོད་པའི་སིམ་འོད་དཀར་པོ་རིང་སྤྲོས་པས། །ཚུལ་མིན་མུན་པ་མཐའ་དག་བསལ་བ་དང་། །ཕན་བདེའི་སྟེང་འཐུངས་དཀར་པོའི་འཇོ་སྒེག་བསྒྲུབས། །སླར་ཡང་བསོད་ནམས་བྱེ་བའི་ཕུང་པོ་གང་། །མི་རིང་བོད་ཆེན་ལྗོངས་སུ་སྣང་བ་ལས། །ལྟོས་བཅས་ཕན་བདེའི་སིམ་པ་སྟེར་བའི་སླད། །གསོལ་འདེབས་ལེགས་སྐྱེས་ཕྲ་མོའི་དགའ་སྟོན་སྟོབ། །ཅེས་ཚིག་རྒྱན་གྱི་མེ་ཏོག་ཕྲ་མོ་སྔོན་དུ་གཏོར་ནས། སྐབས་


JKT018_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བབས་པའི་གླེང་བར་བྱ་བ་ནི། འདི་ལྟར་ཡང་སྲིད་ཀུན་ཏུ་རྣམ་པར་དཀར་བའི་ལེགས་མཛད་ཁོ་ན་ལ་གཅིག་ཏུ་གཞོལ་བའི་དམ་བཅའི་རི་མོ་བསུབ་ཏུ་མེད་པས། དེང་གི་ཆར་ཡང་། མཐའ་ཡས་པའི་སེམས་ཅན་ཀུན་ལ་སྨན་པའི་ཐུགས་བསྐྱེད་ཟླ་བ་ཚེས་པ་ལྟ་བུས་བོད་ཡུལ་དབུས་འགྱུར་འཆང་དག་པའི་ཞིང་ཁམས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ། སྤྲུལ་པའི་གཙུག་ལག་ཁང་རྣམ་པ་གསུམ་གྱིས་མཚོན་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་མེད་ཁང་རྟེན་དང་རྟེན་པར་བཅས་ལ་མཆོད་འབུལ་སྨོན་ལམ་དང་། སྐྱབས་མཆོག་༢རྒྱལ་འདིའང་སྐབས་ཐོབས་ཀྱི་བསྒྱུར་བཀོད་གང་འོས་བྱ། བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་དབུས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ལ་མཇལ་ཕྱག་དང་སྲི་ཞུ། གྲྭ་ས་ཆེན་པོ་སེར་འབྲས་དགེ་གསུམ་གྱིས་གཙོས་བཤད་སྒྲུབ་འདུས་པའི་སྡེ་རྣམས་སུ་བསྙེན་བཀུར་གྱི་ཡོན་སྟོབ་པ་སོགས་ཚོགས་གཉིས་ཀྱི་ཆུ་གཏེར་མུ་མཐའ་མེད་པར་འཕེལ་བས། འབྲེལ་ཐོགས་ཐམས་ཅད་གནས་སྐབས་མངོན་མཐོ་དང་། མཐར་གྱིས་ངེས་པར་ལེགས་པའི་གོ་འཕང་ཆེན་པོར་བདེ་བླགས་སུ་སྦྱོར་བའི་དགོངས་གཏད་རྨད་དུ་བྱུང་བ་དེ་བཞིན་ལ། གང་གི་ཐུགས་རྗེའི་གདུགས་དཀར་གྱི་གྲིབ་མར་བདེ་བར་འཚོ་བའི་གྱི་ན་བ་ཁོ་བོ་ཅག་ཀྱང་ཤིན་ཏུ་དྭང་བ་ཆེན་པོས་རྒྱུད་ཡོངས་སུ་བསྐུལ་ཏེ། ཇི་ལྟར་བཞེད་པའི་


JKT018_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཐམས་ཅད་དེ་དེ་བཞིན་འབད་མེད་དུ་འགྲུབ་པའི་གྲགས་སྙན་གྱི་སྣང་བ་དཀར་པོས་ཕྱོགས་ཀྱི་ཁོར་ཡུག་ཐམས་ཅད་རྒྱས་པར་འགེངས་པས་ཕན་བདེའི་སིམ་པ་བརྒྱ་ཕྲག་ཏུ་འབར་བ་དང་ཆབ་ཅིག །སླར་ཡང་མི་རིང་བར་བོད་ཆེན་སྐྱེ་འགྲོ་ཡོངས་ཀྱི་རྟེན་དང་། གླིང་དང་། སྐྱབས་དང་། དཔུང་གཉེན་གཅིག་པུར་རྒྱལ་ཐབས་ཀྱི་ཁྲི་འཕང་མཐོན་པོར་ཞབས་ཀྱི་པདྨོ་གེགས་མེད་དུ་བཀོད་གྲུབ་པར་གསོལ་བ་འདེབས་པའི་རྟེན་སྐུ་རྫོངས་མཚོན་ཙམ་འབུལ་བ་ལ། ཞེས་པའི་མཐར་འབུལ་ཚན་སོགས་ཇི་ལྟར་རིགས་པ་བྲིའོ། ༈ །དེ་བཞིན་དུ་ཕྱིར་ཕེབས་པའི་དབུ་ཐོན་གྱི་ལེགས་འབུལ་ལྟ་བུ་ལའང་། གོང་རྒྱན་དང་འབེབས་སོགས་གང་འོས་མཚམས་སུ། ཁྱད་པར་རིང་ནས་ཚོགས་ཟུང་བྱེ་སྙེད་ཀྱིས། །ཉེ་བར་བསྐུལ་བའི་ཐུགས་ཀྱི་བཞེད་དོན་ཀུན། །གེགས་མེད་འགྲུབ་པའི་སྭསྟིའི་དབྱངས་སྙན་པོའི། །ཡི་གེ་ཕྱོགས་ཀྱི་བུ་མོའི་འགྲམས་པར་བརྗིད། །དེ་ཚེ་ལེགས་བྱས་ཟླ་བའི་རྔ་ཡབ་ཀྱིས། །ཚེ་དཔལ་འབྱོར་པའི་ཆུ་གཏེར་སྒེག་མོའི་གཟུགས། །ཆོས་ཆར་དར་བའི་ཤིས་པ་བསྒྲུབས་བཞིན་དུ། །མི་མཐུན་རིམས་ནད་བརྟན་པ་གཅིག་ཅར་འཕྲོགས། །སླར་ཡང་བོད་ཆེན་སྐྱེ་དགུའི་དོ་ཀེར་རྩེར། །ཞབས་སེན་ནོར་བུའི་མེ་ལོང་བཏབ་པ་ཡི། །ཚད་མེད་བཀའ་དྲིན་དྲན་པའི་འཁྲི་ཤིང་ལས། །དགའ་སྟོན་མེ་ཏོག་ཕྲ་མོ་འབུལ་ལ་རིངས། །


JKT018_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྐབས་སུ་བབས་པའི་བརྗོད་པ་ཉུང་ངུས་མདུན་བདར་ཏེ། དེང་གི་ཆར་ཡང་། གྲངས་མེད་སྐྱེ་དགུའི་བསོད་ནམས་ཀྱི་ཕུང་པོས་མགྲོན་དུ་ཉེ་བར་ཁུགས་པའི་མི་རྗེ་སའི་ཚངས་པ་ཆེན་པོ་གང་ཉིད། །བསིལ་ལྡན་ནོར་འཛིན་གྱི་ལྟེ་བ་དབུས་གཙང་སྤྲུལ་པའི་ཞིང་ཁམས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་བ་ལ། ཡིད་སྲུབས་ཀྱི་བདག་པོས་བཏེག་པའི་ཉེ་ཞོ་ཕྲ་མོ་ཙམ་གྱིས་ཀྱང་བརྫི་བ་མེད་པར། ཇི་ལྟར་བཞེད་པའི་དོན་ཐམས་ཅད་འབད་མེད་དུ་འགྲུབ་པའི་དགེ་མཚན་གྱི་སྣང་བ་བརྒྱ་ཕྲག་ཏུ་འབར་བཞིན། །སླར་ཡང་བདག་སོགས་ལྟོས་བཅས་ཡོངས་ལ་བརྩེ་བ་ཆེན་པོའི་གཟིགས་པས་གཞར་ཡང་མི་བཏང་བའི་ཕྱིར། བོད་ཆེན་ཡངས་པའི་ལྗོངས་འདིར་གསེར་ཞལ་རིན་པོ་ཆེ་མངོན་སུམ་དུ་སྣང་བར་མཛད་པའི་བཀའ་དྲིན་ནི་ཚངས་པའི་བློ་ཡི་ར་བ་ལས་ཀྱང་ཆེས་བརྒལ་བའི་ཕྱིར་དངོས་པོའི་བདོག་པ་ཉུང་ངུའི་གཞལ་བྱ་མ་ཡིན་ཡང་། །གནས་སྐབས་རྗེས་བརྩེའི་སྤྱན་ཟུར་གཡོ་བའི་རྟེན་ཙམ་དུ་ལེགས་འབུལ་ཕྲ་མོ་ཞིག་སྟོབ་པར། ཐོག་མར་བཀྲ་ཤིས་པའི་ལྷ་གོས་རབ་དཀར། ཞེས་སོགས་གང་འོས་བྲིའོ། །མ་ལེགས་ལྟ་བུ་འབུལ་བའི་ཚེ། ཚུ དབུལ་ཡུལ་གྱི་དམིགས་ཕྱེད་པའི་གོང་བརྗོད་སོགས་ཇི་ལྟར་འོས་པའི་མཚམས། ཀྱེ་མ་དེང་ཚེ་བསྟན་འགྲོའི་ལེགས་བྱས་ཀྱིས། །ཉེ་བར་ཐོབ་པའི་མི་བདག་རིན་ཆེན་དེ། །བསོད་ནམས་ཉག་ཐག་ཕྲ་བའི་


JKT018_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དབང་གིས། །ལེགས་བྲིས་དགའ་ཚལ་སྟུག་པོར་ཡུད་ལ་ཤོར། །དེ་ཚེ་སྣ་ཚོགས་རྟོག་པའི་སྤྲིན་པ་ཡིས། །སེམས་ཀྱི་ཟླ་ཤེལ་གསར་པ་བསྒྲིབས་མཁས་ཕྱིར། །བཟོད་དཀའི་ཚེར་མ་རྩུབ་མོའི་ཉི་འོད་ཀྱིས། ཡིད་དབང་ཨུཏྤལ་དཀར་པོ་དམ་དུ་བཅིངས། །འོན་ཀྱང་འདུས་བྱས་ཆོས་ཀུན་སྐྱེ་འཇིག་གི །ཕྱག་རྒྱས་བཏབ་པའི་ངང་ཚུལ་ལ་སེམས་ནས། །གཅིག་ཏུ་རྣམ་པར་དཀར་བའི་འཇུག་པ་ལས། །ཕན་པར་བྱེད་པ་སྲིད་ན་དབེན་པ་བཞིན། །གང་ཐུགས་གདུང་བའི་སྨིག་རྒྱུ་རིང་བཏང་ནས། །ཚོགས་ཟུང་གེ་སར་དགོད་པར་འོས་སོ་ཞེས། །ཞུ་གསོལ་སྙན་གྱི་དབང་པོར་སིམས་པའི་སླད། །དངོས་པོའི་ས་བོན་ཕྲ་མོ་འབུལ་ལ་ཕྱོགས། །ཞེས་པ་ལྟ་བུ་དང་། གཤམ་དུ་འབུལ་ཚན་རྣམས་བཀོད་མཐར་ལྷག་མ་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །ཡང་ལོ་གསར་གྱི་དགའ་སྟོན་ལྟ་བུ་འབུལ་བའི་སྐབས་སུ། གོང་གཤམ་བ གྱི་བརྗོད་པ་གཞན་དཀྱུས་ལྟར་ལ། ཁྱད་པར་དེང་དུས་རྒྱལ་ཐབས་ཆུ་གཏེར་ཆེ། སྲིད་རྩེར་འཕེལ་པའི་གྲགས་སྙན་སྟེང་འཐུང་དཀར། ཁོར་ཡུག་རི་བོའི་བར་དུ་རྒྱས་འགེངས་བཞིན། །འཚོ་གཞེས་ཆོ་ག་བསྒྲུབས་པའི་དང་པོའི་འཕྲིན། །འདོར་བྱེད་སྔ་མའི་ཉེར་འཚེ་བདེན་བྲལ་མགྲིན། །སྐྱབས་གསུམ་དགའ་བྱེད་མདའ་ཡིས་ཉེར་བཅད་དེ། །གསར་དུ་ཚེས་འདིར་ཤིས་དགུའི་མཛའ་ན་མོ། །མགྲོན་དུ་འགུགས་


JKT018_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགའ་སྟོན་གསལ་བའི་སླད། །རྐང་པས་འཐུངས་ལས་སྨིན་པའི་འབྲས་བཟང་སོགས། །རོ་བཅུད་ཕུན་སུམ་ཚོགས་པའི་ཟིལ་མངར་གྱིས། །ལེགས་བྲིས་བདུད་རྩིའི་དཔལ་ལ་ཕྲག་དོག་གང་། མི་འགྱུར་རྟགས་ཀྱི་རེ་ཁྭ་དགོད་བཞིན་ཕུལ། །ཞེས་པ་ཙམ་མམ་གཤམ་དུ་ཚིག་ལྷུག་སྦྱོར་བར་སྤྲོ་ན། ཅེས་ཚིགས་སུ་བཅད་པ་ཉུང་ངུས་མདུན་བསུས་ཏེ། དེང་གི་དུས་དགེ་བའི་ཆར་ཡང་། མཆོག་གསུམ་རྒྱ་མཚོའི་བྱིན་རླབས་ཉིན་མོར་བྱེད་པའི་འོད་སྣང་རིང་པོར་འཕྲོ་བ་ལ་བརྟེན་ནས། ཡིད་ཅན་ཕན་བདེའི་རྩ་ལག་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་གང་ཉིད། ཆེ་དགུའི་རལ་ཁུར་སྣུམ་པོས་བརླུང་བར་བྱས་པའི་ནོར་བུའི་ཁྲི་འཕང་མཐོན་པོར། གསང་གསུམ་གྱི་དཀྱིལ་འཁོར་པདྨ་དཀར་པོ་ལྟར་མཆོག་ཏུ་རྒྱས་པའི་གཏམ་སྙན་གྱི་ཟིལ་དངར་རིང་ནས་བསོད་ནམས་ཀྱི་བྱེད་པོས་བསྐྲུན་པའི་རྣ་བའི་བཅུད་ལེན་དུ་བཏུངས་པ་ལས། གནམ་ལོ་རྙིང་པའི་ཁོངས་སུ་འགལ་རྐྱེན་ཉེ་ཞོའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་སྲིད་པའི་རྩེར་མོར་བརྡུངས་བ་དང་། བགྲང་གཞི་གསར་པའི་འཛུམ་ཞལ་ཐོག་མར་ཕྱེ་བས་བརྟན་གཡོའི་དགེ་མཚན་མ་ལུས་ཤིང་ལུས་པ་མེད་པའི་སྒོ་འཕར་བརྒྱ་ཕྲག་ཏུ་དབྱེ་བའི་རྟེན་འབྱུང་དུས་སྟོན་གྱི་སྐྱེས་ཕུད་མཚོན་བྱེད་ཙམ་དུ། ཐུད་དཀར་གྱི་གོང་བུ། བདའ་དགུའི་ལྗོན་འབྲས། བཅོས་


JKT018_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མའི་བུར་སྦྲང་བཞེས་སྤྲོའི་བྱེ་བྲག་སོགས་རྟགས་ཀྱི་རེ་ཁཱས་མཛེས་པར་བྱས་ཏེ་ཕུལ་བ་དགྱེས་པ་ཆེན་པོས་སྤྱན་རས་བཙའ་བར་གསོལ་བ་འདེབས་པ་དང་སླར་སྨྲས་པ། ཞེས་སོགས་དཀྱུས་ཀྱི་བརྟན་བཞུགས་ཤིས་སྨོན་ཇི་ལྟར་འོས་པ་སྦྱར་བར་བྱ་སྟེ། དེ་དག་རྣམས་ནི་གཙོ་བོར་རྒྱལ་ཁབས་ཆེན་པོའི་རིགས་ལ་འབུལ་བའི་དབང་དུ་བྱས་ཀྱི། གཞན་དུ་མི་དཔོན་ཕལ་པ་སོགས་ལ་བརྗོད་བྱ་དེ་དང་ཕྱོགས་མཐུན་ཙམ་ལ་དམིགས་བསལ་གྱི་ཁ་བསྒྱུར་སྐབས་དང་མཐུན་པར་བྱ་བ་ལས་འདིར་དཔེར་བརྗོད་པ་ན་ཧ་ཅང་ཡི་གེས་འཇིགས་པས་རེ་ཞིག་བཏང་སྙོམས་སུ་བྱས་སོ། །བཅུ་ཕྲག་རིག་པའི་གནས་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཞིག་ལ་འབུལ་ན། རྨད་བྱུང་རྣམ་དཔྱོད་ཡངས་པའི་གོམ་གསུམ་གྱིས། །ཤེས་བྱའི་ས་ཆེན་མ་ལུས་བདེར་བཅིངས་ཚེ། །སྔོན་མེད་ཁྱབ་འཇུག་གཉིས་པ་ཉིད་དོ་ཞེས། །ལྷར་བཅས་དགའ་བའི་ཅ་ཅོ་སྒྲོགས་དེའི་དྲུང་། །གང་གིས་མཁྱེན་རབ་བདུན་གྱི་བདུན་པ་ཡིས། །དམན་བློའི་འདམ་སྐྱེས་གཞོན་ནུར་རེག་པའི་མོད། །གུས་སྤྲོའི་མཆུ་སྒྲོས་བྱེ་བའི་འཛུམ་དཀར་ལས། །སྙན་པར་སྨྲ་བའི་ངག་གི་བསུང་ཞིམ་འཐུལ། །གཞན་དག་རྗེས་སུ་གཟུང་བའི་གཉིས་འཐུང་སྟེང་། །ལོག་སྨྲ་ཚར་གཅོད་རྡོ་རྗེའི་མཚོན་གདེངས་ཤིང་། །རང་ཉིད་ཀུན་ཤེས་རིག་པའི་མིག་སྟོང་ཅན། ཁྱོད་ནི་ས་ཡི་ལྷ་དབང་གཉིས་པར་ངེས། །


JKT018_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཀླས་ཤེས་དང་ཤེས་བྱའི་སྣང་བ་ཡིས། །ས་གསུམ་དཀར་པོར་བྱས་པའི་གཏམ་འདི་ཀ །བྱེད་པོ་ཤར་གྱི་ཐིག་ལེ་ཡིན་སྙམ་ན། །སྐལ་བཟང་སློབ་མའི་ཡིད་ཀྱི་ཀུན་བཞད། །འདི་ན་སྐྱེས་དང་སྦྱངས་པའི་བློ་གྲོས་ཀྱིས། །རང་རྒྱུད་དགེ་བར་བྱས་པ་མེད་མོད་ཀྱི། །མཆོག་གསུམ་ཐུགས་རྗེའི་སྤྲིན་དཀར་གྱིས་གསོས་པས། །ལང་ཚོའི་མྱུ་གུ་མ་ཉམས་བདེ་བར་མཆིས། །སླད་མར་སྲིད་དང་ཞི་བའི་དགེ་ལེགས་ཅན། །ཐམས་ཅད་མཁྱེན་ཅེས་གྲགས་པའི་བ་དན་དཀར། །མངོན་པར་བརྙེས་ནས་སྲིད་པ་ཇི་སྲིད་བར། །བརྟན་པར་བཞུགས་པའི་དགའ་སྟོན་སྤྲོ་བར་མཛོད། །དེ་སྐད་ཞུ་བའི་མཆིད་ཚིག་ཡུལ་འཁོར་སྲུང་། །གཟིགས་རྟེན་འདབ་གཤོག་དཀར་པོ་ཟུང་བསྐྱོད་དེ། །འཕྲིན་ཡིག་རྐང་པའི་དྲིལ་ཆུང་འཁྲོལ་དང་བཅས། །གང་གི་རྣམ་དཔྱོད་ཨུཏྤལ་རོལ་མཚོར་དེངས། །ཡང་ན། མཁྱེན་དཔྱོད་ཉིན་མོར་བྱེད་པའི་འོད་རྡུལ་ནི། །ཡོངས་རྫོགས་རིག་གཞུང་ཨུཏྤལ་དགའ་ཚལ་དུ། །གཟུགས་ཅན་བཞིན་དུ་རྒྱ་བའི་དཔྱིད་དཔལ་གྱིས། །ལྷར་བཅས་ཡིད་ཀྱི་བརྟན་པ་འཕྲོགས་དེའི་དྲང་། །མང་ཐོས་ཆར་གྱིས་བྲན་པར་མ་གྱུར་ཅིང་། །བསམ་བྱུང་དཔྱིད་ཀྱི་དཔལ་མོས་བཟུང་མིན་ཀྱང་། །ལྷག་བསམ་པདྨ་དཀར་པོ་བཞད་པ་ལས། །ཞུ་མཆིད་དྲི་བསུང་མངར་པོ་དེང་འདིར་འཐུལ། །རྡུལ་བྲལ་ཞི་བ་དམ་པའི་གྲོང་ཁྱེར་དུ། །


JKT018_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲི་བའི་ལམ་སྟེགས་ཐུན་མོང་ཁྱད་པར་གྱི། །ལེགས་བཤད་བདུད་རྩི་གསར་པའི་དགའ་སྟོན་མཁན། །འཚོ་གཞེས་ཆོ་ག་མ་རྙིང་དགེ་ལགས་སམ། །འདི་ན་གཟོད་ནས་རྨོངས་དང་མ་རིག་པའི། །དྲ་བས་དམ་དུ་བཅིངས་པའི་གྱི་ན་བ། །དཀོན་མཆོག་ཐུགས་རྗེའི་རྭ་བར་རྟེན་འཆའ་བས། །གནས་སྐབས་ཉེར་འཚེས་ཉེན་པར་མ་གྱུར་ཙམ། །སླད་དུ་རིགས་གཟུགས་ལང་ཚོའི་འབྱོར་པ་ཡིས། ཁྱད་པར་བྱས་པའི་གང་ཟག་མང་མོད་ཀྱང་། །གློ་གྲོས་མཚུངས་མེད་རིག་པའི་རྣ་ཆ་ཅན། ཁྱོད་གཅིག་ལགས་བཞིན་ཡུན་དུ་ཞབས་བརྟན་མཛོད། །དེ་སྐད་སྤྲོ་བར་འོས་པའི་གཏམ་གྱི་དབྱངས། །ཚིག་རྒྱན་ཏམྦུརཡི་རོལ་མོ་དང་། །རྣམ་པར་བསྲེས་པའི་སྙན་འགྱུར་སྒྲོགས་དང་བཅས། །རྟེན་གྱི་བླ་གོས་གཡོ་བཞིན་རིངས་པར་དེངས། །ཡང་ན། གྲངས་མེད་ཤེས་བྱའི་བདུད་རྩིའི་བཅུད། །འཐུང་བས་མྱོས་པའི་ཟླ་ཤེལ་ནི། །མཁས་མང་བདེ་འབྱུང་ཅོད་པན་རྩེར། །རྣམ་པར་རོལ་དེའི་ཞབས་སེན་དུ། །དྭང་བས་ཞུ་མཆིད་ཨུཏྤ་ལ། །སྙན་ཚིག་ཚོན་རིས་བཀྲ་དང་བཅས། །སྤྱི་བརྟོལ་བསྐྱེད་དེ་འབུལ་ལགས་ན། །རྗེས་བརྩེའི་ཐུགས་ཀྱིས་བཞེས་པར་མཛོད། །གང་གི་ཐུན་མོང་ཁྱད་པར་གྱི། །རིག་གཞུང་རྒྱ་མཚོ་འཕེལ་བྱས་ཕྱིར། །ཕལ་ཆེར་ཆར་སྤྲིན་སར་པའམ། །ཟླ་བའི་སིམ་འོད་ཟག་པར་འཁྲུལ། །འདི་ན་རྨོངས་དང་མ་རིག་པའི། །


JKT018_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཚུགས་རྒྱས་པའི་ལག་ལྡན་ཀྱང་། །ཚུལ་མིན་འདམ་ལ་བྱིངས་བཞིན་དུ། །འཚོ་བའི་འདུ་བྱེད་མ་ཉམས་ཙམ། །སླད་མར་ཆུ་གཏེར་རྣམ་པ་བཞིའི། །འོག་པགས་འཆང་བའི་རྟེན་འདི་རུ། །དཔྱོད་ལྡན་དུ་མའི་གཉེན་གྱུར་ཕྱིར། །འཚོ་གཞེས་ཆོ་ག་བརྟན་པར་མཛོད། །ཞུ་མཆིད་དགེ་བའི་མལླི་ཀ །གཟིགས་རྟེན་འདབ་གཤོགས་ཟུང་བསྐྱོད་དེ། །སྙན་ཚིག་རྐང་པའི་གདུ་བུའི་སྒྲ། །འཁྲོལ་བཞིན་རིངས་པ་རིངས་པར་དེངས། ༈ །བྱེ་བྲག་ཏུ་སྒྱུ་མ་མཁན་གྱི་བཀོད་པ་ཡང་རྟུལ་པོར་བགྱིད་པའི་བཟོ་རིག་ཁོ་ན་ལ་མཁས་པའི་དབང་པོར་གྱུར་པ་ཞིག་ལ་འབུལ་ན། །རྨད་བྱུང་མཁྱེན་དཔྱོད་ནོར་བུའི་ཨཱ་དརྣར། ངོ་མཚར་བཟོ་རིག་རྒྱ་མཚོའི་རི་མོ་ཡིས། །ལྷར་བཅས་ཡི་ག་དབང་མེད་འགུགས་བརྩོན་པའི། །བྱེད་པོ་སྣ་ཚོགས་ལས་བྱེད་གཉིས་པའི་དྲུང་། །མང་ཐོས་ཉི་ཟླའི་ཟེར་གྱིས་མ་སྨིན་ཅིང་། །སྒོམ་བྱུང་ཆུ་རྡུལ་གསར་པས་རེག་མིན་ཀྱང་། །ལྷག་བསམ་མཛེས་མའི་འགྲམ་ཆང་གིས་ཕྱེ་ཚེ། །མཆིད་འོས་བ་ཀུ་ལ་ཡི་མཚར་སྡུག་གྲོལ། །གང་གི་བློ་མཆོག་འཁྲི་ཤིང་དུད་པ་ལས། །དོན་གཉེར་སྐལ་བཟང་སྐྱེ་བོའི་སྙིང་དང་མིག །བདུད་རྩིར་བགྱི་སླད་བསྐྲུན་པའི་མེ་ཏོག་གིས། །སྲིད་འདིའི་མཛེས་པ་གཞན་ཀུན་འགོགས་པ་བཞིན། །གྲགས་པའི་ཡོན་ཏན་དེ་ཡིས་བདག་སོགས་ཀྱང་། །ཡིད་ཀྱི་བརྟན་པ་ཕྲོགས་དང་ཆབ་ཅིག་པར།


JKT018_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་འཆི་མེད་གྲོང་ཁྱེར་དང་མཚུངས་པའི། །དགའ་སྟོན་སར་པ་འཕོས་སྙམ་སྤྲོ་བས་སིམ། །འདི་ན་སྐྱབས་གནས་རིན་ཆེན་རྣམ་གསུམ་གྱི། །ཐུགས་རྗེའི་གདུགས་དཀར་གྲིབ་མར་ངལ་བསོས་པས། །ཉེར་འཚེའི་ཚ་གདུང་རིང་དུ་བྱས་པ་དང་། །ལྷན་ཅིག་དད་གསུམ་ལང་ཚོ་ཅིར་ཡང་འཕེལ། །སླད་ཆར་འདོད་འབྱུང་དལ་རྟེན་དཔག་བསམ་དབང་། །ཐབས་ཚུལ་རིམ་གྲོའི་ཆར་གྱིས་བྲན་པ་ལས། །ཡུན་དུ་བརྟན་པའི་འཇོ་སྒེག་གཡོ་དང་བཅས། །ཕུན་ཚོགས་ཕན་བདེའི་འབྱོར་པ་སྦྱིན་པར་མཛོད། །དེ་སྐད་ཞུ་མཆིད་མལླི་ཀཀྐ་ནི། །རྟེན་གྱི་འདབ་གཤོག་དཀར་པོ་གཡོ་བ་དང་། །བརྗོད་པ་སྙན་པའི་དྲིལ་ཆུང་འཁྲོལ་དང་བཅས། །ཀུན་ཏུ་དགེ་བའི་ཚེས་ལ་རྣམ་པར་དེངས། །ཞེས་པ་ལྟ་བུ་དང་། ༈ །ཡང་བཟོ་རིག་གི་ནང་ཚན་རི་མོ་བྲིས་འབུར་ལྟ་བུ་གང་རུང་ལ་མཁས་པ་ཞིག་གི་མདུན་དུ་འབུལ་ན། སྲིད་ཞིའི་ཆོས་ཁམས་ཡོངས་ཀྱི་ཉམས་འགྱུར་ཀུན། །རྣམ་དཔྱོད་སོར་རྩེས་བསྐྲུན་པའི་ངོ་མཚར་གྱིས། །འཇིག་རྟེན་མེས་པོའི་ཡིད་ཀྱང་འགུགས་ནུས་པའི། །བྱེད་པོ་མཚུངས་མེད་མཆོག་གི་ཉེ་དྲུང་དུ། །སྐྱེས་སྦྱངས་ཡོན་ཏན་དམན་པའི་བླ་མ་རས། གང་གི་རྣམ་ཐར་ཨུཏྤལ་ཆུན་པོ་ལ། །དགའ་བས་ཕྱོགས་ནས་མཆིད་ཚིག་དར་དིར་གླུ། །རྐང་པར་བཅད་པའི་ཕྲེང་བ་འདི་འབུལ་ལོ། །རྨད་བྱུང་བློ་གྲོས་ཤེལ་གྱི་ཨཱ་དརྴར། །


JKT018_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་རི་མོའི་འདུ་འགོད་འཕོས་པ་ཡིས། དཔྱོད་ལྡན་མིག་དང་སྙིང་ལ་བདུད་རྩིའི་རོ། །སྦྱིན་མཁས་གང་ཁྱོད་བདེ་བར་འཚོ་ལགས་སམ། །འདི་ན་རྨོངས་དང་མ་རིག་བརྒྱ་ཕྲག་གི །ཁུར་གྱིས་ནོན་པའི་འདུ་ཤེས་གསུམ་པ་ཡང་། །མཆོག་གསུམ་ཐུགས་རྗེའི་དཔྱངས་ཐག་གིས་བཟུང་བས། །སྲིད་པ་ཕྱི་མར་ཉིང་མཚམས་མ་སྦྱར་ཙམ། །སླད་ནས་ཟབ་གསང་མདོ་རྒྱུད་རྒྱ་མཚོ་ལས། །ཇི་ལྟར་བསྟན་པའི་མཚན་ཉིད་མ་སྨད་པས། །ཉེ་བར་བསྲུང་བའི་སྣང་བརྙན་གསར་པ་ཡིས། བསྟན་འགྲོར་དགའ་བ་བརྒྱ་ཕྲག་བསྐྱེད་པར་མཛོད། །དེ་སྐད་ཞུ་མཆིད་རབ་དྭངས་བློ་གྲོས་ནི། །སྨིན་ལེགས་མཛེས་མའི་སོར་རྩེར་རྣམ་བརྟགས་པས། །སྙན་ཚིག་མྱ་ངན་མེད་པའི་མེ་ཏོག་གསར། །རྟེན་གྱི་འདབ་མ་མ་ཉམས་དགོད་བཞིན་ཕུལ། ༈ །ཡང་ཡོན་ཏན་ཀུན་གྱི་ཕྱི་མོར་གྱུར་པའི་རྒྱ་བོད་ཀྱི་ཡིག་རིགས་དུ་མར་སོར་མོའི་འདུ་འགོད་མི་རྨོངས་པའི་མཁས་པ་ཞིག་ལ་འབུལ་ན། རྒྱལ་གསུང་རྣམ་པ་ཀུན་ལྡན་ནཱ་དའི་དབྱངས། །མིང་ཚིག་ཡི་གེའི་གཟུགས་སུ་བསྐྲུན་པ་ལ། །ཟླ་མེད་ལེགས་སྦྱིན་ཉི་མའི་སྤུན་ཟླ་ཅན། །རྨད་བྱུང་སྣང་བ་སར་པའི་ཉེ་དྲུང་དུ། །ཐོས་དང་བསམ་པའི་བརླན་གྱིས་མ་ཕྱེད་ཅིང་། །སྒོམ་བྱུང་ཉི་ཟླའི་འོད་ཀྱིས་རེག་མིན་ཀྱང་། །གང་ཚུལ་དཔྱིད་ཀྱི་དཔལ་མོས་བསྐུལ་བའི་ཚེ། །སྤྲོ་དགའི་ཕང་ཕུང་གཡོ་བས་མཆིད་འདི་


JKT018_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། །འཕགས་བོད་ཡི་གེའི་རིག་བྱེད་མཐའ་དག་ལ། །མཉེན་ལྕུག་སོར་མོའི་འདུ་འགོད་མ་རྨོངས་པའི། ཁྱོད་ཀྱི་སྔོན་མེད་ངོ་མཚར་གསར་པའི་གཟུགས། །བལྟ་ཕྱིར་དབང་པོས་སྤྱན་སྟོང་སྤྲུལ་པ་བཞིན། །དེ་སླད་དོན་དང་བཅས་པའི་འཚོ་བ་ནི། །དུས་ལས་ཡོལ་མིན་གཏམ་གྱི་དགའ་སྟོན་གྱིས། །དབྱར་གྱི་རྔ་གསང་ཐོས་པའི་མདོངས་མཐའ་བཞིན། །བདག་ཀྱང་མི་ཕྱེད་དང་བའི་ཚོར་བས་སིམ། །སླད་མར་རྒྱལ་བསྟན་ལུང་གི་ཆོས་འཁོར་གྱི། །ཕྱི་མོར་གྱུར་པའི་རིག་པ་ཁྱད་པར་ཅན། །འདི་ཉིད་ཁོ་ན་འཆད་དང་སྤེལ་བ་ཡིས། །ཕུན་སུམ་ཚོགས་པའི་ཤིས་པ་བསྒྲུབ་པར་མཛོད། །དེ་སླད་མཆིད་འོས་ཨམྲའི་དོགས་པ་ཡིས། །རྣམ་པར་བསྲུང་བའི་མཆིད་ཚིག་སྦྲང་རྩི་གསར། །མགྲིན་པར་བཟུང་བའི་རཿཡིག་གཉིས་པ་ནི། །རྟེན་དངོས་གཤོག་རླབས་གཡོ་བཞིན་རིངས་པར་དེངས། ༈ །ལུས་ཅན་རྣམས་དུས་མིན་གྱི་འཆི་བ བ་ལས་བཟློག་ཅིང་། །གནང་རིགས་སྐྱེས་སྦྱངས་དང་ལྡན་པའི་འཚོ་བྱེད་མཁས་པ་ཞིག་ལ་འབུལ་ན། གཞན་ཕན་ག་བུར་དོགས་པས་སྙིང་བརླན་ཞིང་། །རྣམ་དཔྱོད་མེ་ཏོག་དགོད་ལ་མ་རྨོངས་པས། །གྲངས་མེད་འགྲོ་བའི་དབུགས་ཆེན་འབྱིན་པ་ལ། །སྔོན་མེད་དཔལ་གྱི་དུམ་བུ་སར་པའི་དྲུང་། །ཤིན་ཏུ་གདུང་བའི་རྣམ་འགྱུར་གྱིས་ཉེན་པར། །དག་བྱེད་བདུད་རྩི་འབབས་པའི་སྤྲིན་སྔོན་ཁྱོད། །མཐོང་བའི་


JKT018_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ནས་དགའ་བས་བྲེལ་བའི་བུ། །མགྲིན་སྔོན་མགྲིན་པ་བཏེགས་ནས་མཆིད་འདི་གསོལ། །དུག་གསུམ་བུད་ཤིང་འབར་བ་ལས་མཆེད་པའི། །མི་ཟད་ཟུག་རྔུའི་མེ་ལྕེ་གཡོ་བའི་དབལ། །གསོ་བྱེད་ཐབས་ཚུལ་དུ་མའི་ཆུ་གཏེར་གྱིས། །རྣམ་པར་སྨད་པའི་དྲིན་དེ་སུ་ཡིས་གཟོ། །དེ་ཕྱིར་གཞུང་མང་ཨུཏྤལ་ཆུན་པོ་ནི། །རྣ་བའི་རྒྱན་དུ་མཛེས་པ་མ་རྙིངས་བཞིན། །འཚོ་གཞེས་བརྟན་པའི་སྤྲིང་ཡིག་ཐོས་ཙམ་གྱི། །བརྒྱ་ཕྲག་དགའ་བ་བསྐྱེད་དེ་རྒྱུ་ཡི་མཐུ། །འདི་ན་བསྔགས་འོས་ཡོན་ཏན་ནོར་བུ་ཡིས། ཁྱད་པར་བྱས་པ་ཅུང་ཟད་མེད་མོད་ཀྱི། །མཆོག་གསུམ་བཀའ་དྲིན་གྲིབ་མར་རྟེན་འཆའ་ལས། །གཅིག་ཏུ་འཚོ་བའི་འདུ་བྱེད་ཉམས་མ་གྱུར། །སླད་མའི་ཆར་ཡང་མགོན་མེད་ཉམ་ཐག་འགྲོར། །ཕན་པར་བྱེད་པ་གཞན་འགའ་ཡོད་མིན་ཕྱིར། །ས་ལ་འཆི་མེད་དྲང་སྲོང་གཉིས་པ་ཁྱོད། །ཡུན་དུ་བརྟན་པའི་ཐབས་ཚུལ་ལྷུར་ལེན་མཛོད། །ཞུ་མཆིད་སྙན་ཚིག་མེ་ཏོག་དོ་ཤལ་གྱིས། །རྣམ་པར་སྒེག་པའི་འཁྲི་ཤིང་གསར་པ་ནི། །རྟེན་གྱི་ལོ་འདབ་གཡོ་བའི་དཔྱིད་དང་བཅས། །འདུ་ཤེས་གསུམ་གྱི་བྲན་དུ་གྱུར་དེས་ཕུལ། །ཡང་ན། དཔལ་ལྡན་གསོ་རིག་ཚངས་དབང་རལ་པ་ལས། །ལེགས་པར་འབབས་པའི་གཞུང་བཟང་གངྒཱའི་གཏེར། །རྣམ་དཔྱོད་འཛིན་མའི་ལྟོ་བར་བཟུང་མཁས་པས། །འགྲོ་ཀུན་ཉེས་གསུམ་དྲི་


JKT018_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མ་སེལ་དེའི་དྲུང་། །གང་གི་གཞན་ཕན་མེ་ཏོག་དགོད་པ་ལས། །ཉེ་བར་འོང་བའི་གཏམ་གྱི་སྦྲང་རྩི་ཡིས། །ཀུན་རྨོངས་རཡིག་གཉིས་པ་བདག་ཅག་ཀྱང་། །ཡི་རངས་ལང་ཚོ་རྒྱས་པས་མཆིད་འདི་གསོལ། །དམན་ལྷག་ལོག་པའི་ཞགས་པ་རིང་བཅད་པའི། །ངོ་མཚར་འཆི་གསོས་ལམ་མཆོག་གྲུབ་པའི་གཟིས། །རྣམ་འགྱུར་གདུང་བ་སེལ་བའི་དགའ་སྟོན་ཁྱོད། །འཚོ་གཞེས་བརྟན་པས་ཡིད་ལ་སྤྲོ་དགའ་བྱིན། །འདི་ན་རིགས་གཟུགས་ཐོས་པའི་ཡོན་ཏན་གྱིས། །རིང་དུ་སྤངས་པའི་གྱི་ནར་སྤྱོད་པ་ཡང་། །བསླུ་མེད་སྐྱབས་གནས་གསུམ་གྱི་བཀའ་དྲིན་གྱིས། །ཉེར་འཚེའི་འདུ་བྱེད་སྐབས་བཙལ་བྲལ་བཞིན་བདོག །སླད་མར་ཚེ་རིག་བྱེ་བའི་ཆུ་བ་ཡིས། །རྣམ་པར་བསྲུངས་པའི་སྡེ་བཞིའི་པདྨོ་ནི། །འཛུམ་བཅས་རོལ་པའི་ཚུལ་འདི་དུས་རིང་མོར། །འཚོ་བའི་ཐབས་ཚུལ་ལྷོད་པ་མེད་པར་ཞུ། །དེ་སྐད་མཆེད་འོས་དཔྱིད་ཀྱི་ཀོ་ཀི་ལ། །སྙན་ཚིག་མགྲིན་པའི་གླིང་བུ་འཁྲོལ་བ་དང་། །རྟེན་གྱི་སྐྱེད་བྱེད་ཕན་ཚུན་གཡོ་བཞིན་ཏུ། །དོན་གཉིས་དགའ་བའི་ཚལ་དེར་དེངས་ལ་ཕྱོགས། །ཡང་ན། །གཞན་ལ་ཕན་འདོད་ཆུ་གཏེར་ལས། །ལེགས་འོང་རྣམ་དཔྱོད་ཟླ་བ་གསར། །འཆི་གསོས་བདུད་རྩིའི་སྤྲིན་སྤྲོ་བས། །ཀུན་དགའི་དགའ་སྟོན་སྦྱིན་དེའི་དྲུང་། །གང་གི་རྣམ་ཐར་དྲི་མེད་གཏམ། །འདི་ན་ཡང་ཡང་ཐོས་པ་ལས། །སྤྲོ་དགའི་མགྲིན་


JKT018_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐོར་བཏེགས་ཏེ། །རྐང་པར་བཅད་ནས་ཞུ་བའི་མཆིད། །མི་ན་གནས་དང་རྣམ་འགྱུར་ཚོགས། །གསོ་བའི་ཐབས་ཚུལ་མ་རྨོངས་གང་། །ཡན་ལག་བརྒྱད་ཀྱི་འཇོ་སྒེག་བཅས། །འཚོ་གཞེས་ཆོ་ག་གསལ་ལགས་གྲང་། །གཟོད་ནས་རྣམ་པར་དཀར་བ་ཡི། །རྒྱུ་འབྲས་སྤངས་པའི་དམན་བདག་ཀྱང་། །འདུ་ཤེས་གསུམ་གྱི་དམ་འོག་ཏུ། །འདའ་བར་མ་ནུས་བཞིན་དུ་མཆིས། །སླད་མར་ཕན་བདེའི་གཏེར་གྱུར་བའི། །གཟུགས་སྐུའི་ལྗོན་བཟང་མ་ཉམས་བཞིན། །འགྲོ་སྲོག་དུས་མིན་འཆི་བ་ཡིས། །རྣམ་པར་ཉེན་ལས་སྐྱོབ་པར་མཛོད། །དེ་སྐད་ཞུ་མཆིད་ཨུཏྤ་ལ། །རྟེན་དངོས་ཚོན་ཆགས་བཀྲ་བཞིན་དུ། །དྭང་བའི་ཡིད་ཀྱི་བློ་མཚོ་ནས། །མངོན་པར་ཐོན་པ་དགེ་གྱུར་ཅིག ༈ །རང་བཞིན་རྐྱེན་དང་རྣམ་འགྱུར་གྱི་གཞུང་ལུགས་དཔྱིས་ཕྱིན་པར་སྟོན་པའི་ལེགས་པར་སྦྱར་བའི་བསྟན་བཅོས་ལ་རྨོངས་པ་མེད་པའི་རྣམ་དཔྱོད་ཅན་སྒྲ་རིག་འཛིན་པའི་དབང་པོ་ཞིག་ལ་འབུལ་ན། །མཐའ་ཡས་སྨྲ་བའི་སྒོ་འཕར་རབ་དབྱེ་བས། །ལུང་དུ་སྟོན་པའི་སྒྲ་དབྱངས་སྲིད་རྩེའི་བར། ཁྱབ་མཛད་ས་ཡི་ཕུར་བུ་གཉིས་པ་ཞེས། །མཁས་ཀུན་དགའ་བས་སྒྲོགས་དེའི་མདུན་ས་རུ། །མིང་ཚིག་ཡི་གེའི་རིག་བྱེད་ངོ་མཚར་བའི། །རྣམ་དཔྱོད་མ་ཉམས་བཀྲ་བའི་བསིལ་ཟེར་ཅན། །གང་གི་གྲགས་དཀར་བདུད་རྩིའི་སྤུན་ཟླ་ལ། །ཡིད་རབ་


JKT018_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དྭང་བས་ཞུ་བའི་མཆིད་འདི་ཕུལ། །སྣ་ཚོགས་བྱིངས་ཀྱི་གུར་གུམ་གཞོན་ནུའི་རྒྱུ། །སྣ་ཚོགས་རྐྱེན་གྱིས་ཉིན་བྱེད་ཀྱིས་ཕྱེ་ཚེ། །སྣ་ཚོགས་མིང་དང་ཚིག་གི་མཚར་སྡུག་ཅན། །སྣ་ཚོགས་བཞད་པའི་བྱེད་པོ་ཁྱོད་ལས་སུ། །དེ་སླད་དྲི་མེད་ལེགས་པར་སྦྱར་བའི་གཏམ། །རྐང་བཞིའི་ཚིགས་སུ་བཅད་པའི་གཞུང་ལུགས་ལ། །མི་བྱེད་འདྲེས་པའི་དགེ་མཚན་སར་པ་ཡིས། །འདི་ན་གནས་པའི་ཡིད་ཀྱང་ངལ་འཚོར་གྱུར། །ཤིན་ཏུ་རྨོངས་པའི་ཞགས་པས་དམ་བཅིངས་པའི། །ངང་ཚུལ་འདི་ལས་འདའ་བར་མ་ནུས་ཕྱིར། །གྱི་ན་ཙམ་གྱི་སྤྱོད་པས་འཚོ་བདག་ཀྱང་། །སྲོག་གི་འདུ་བྱེད་ཉམས་པར་མ་གྱུར་ཙམ། །སླད་མར་འཆི་མེད་རྟག་པའི་ཨ་མྲྀ་ཏས། །གསང་གསུམ་དགེ་བར་བརླན་པའི་དོག་པ་ཡིས། །འཚོ་གཞེས་མ་རྙིངས་དགོད་པའི་མེ་ཏོག་གིས། །དཔྱོད་ལྡན་དགའ་བའི་བདོག་པ་སྦྱིན་པར་མཛོད། །དེ་སྐད་ཞུ་མཆིད་རྭ་ས ཛ་ཧཾ་ས་ནི། །སྙན་ཚིག་རྐང་པའི་དྲིལ་ཆུང་འཁྲོལ་བ་དང་། །རྟེན་དངོས་གཤོག་རླབས་མ་ཉམས་གཡོ་དང་བཅས། །ཀུན་ཏུ་ཤིས་པའི་དུས་ལ་ཛཱག་ཏཱ་མ། །ཡང་ན། རང་བཞིན་རྐྱེན་དང་རྣམ་འགྱུར་ཉམས་བརྒྱ་ཡིས། །རབ་ཏུ་སྒེག་པའི་སྒྲ་རིག་རྒྱ་མཚོའི་གཞུང་། །འཐུང་བཟོད་རྟག་དོང་མེ་ལྕེའི་ངང་ཚུལ་ཅན། །སྔོན་མེད་དཔལ་ལྡན་ཟླ་བ་གཉིས་པའི་དྲུང་། །སྐྱེ་བས་ཐོབ་དང་རྗེས་སུ་སྦྱངས་པ་ལས། །བྱུང་བའི་


JKT018_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དཔྱོད་མཚར་སྡུག་རྫོགས་མིན་ཀྱང་། །ལྷག་བསམ་བརླན་གྱིས་སྨིན་པའི་ས་བོན་ལས། །རབ་དྭངས་ལོ་འདབ་གཡོ་བའི་མཆིད་འདི་འབུལ། །ལེགས་པར་སྦྱར་བའི་ཆུ་གཏེར་མཐའ་དག་ཀུན། །རྣམ་དཔྱོད་ཧུབ་གཅིག་གིས་བཏུངས་གྲགས་དཀར་གྱིས། །ཛཧཱུའི་སྙན་པ་འཕྲོགས་པའི་མཁས་དབང་གང་། །འཚོ་གཞེས་བརྟན་པས་ཀུན་དགའི་མྱོང་བ་བྱིན། །འདི་ན་བློ་མཆོག་ཀུནྡྲའི་འཇོ་སྒེག་གིས། །གཞན་ཡིད་འགུགས་པའི་ངོ་མཚར་མི་ལྡན་ཀྱང་། །མཆོག་གསུམ་བཀའ་དྲིན་རྭ་བར་བརྟན་འཆའ་བས། །ལང་ཚོའི་མྱུ་གུ་ཉམས་པར་མ་གྱུར་ཙམ། །སླད་དུ་ཕུན་ཚོགས་བྱེ་བའི་འབྱུང་གནས་མཆོག །གཟུགས་སྐུའི་འཕྲོད་བཞེས་མ་ཉམས་སྤྱད་པ་ཡིས། །རིང་པོར་བརྟན་པའི་སྐལ་བཟང་དཔག་བསམ་གྱིས། །བརྡ་སྤྱོད་འབྲས་བཟང་ཀུན་ལ་སྦྱིན་པར་མཛོད། །དེ་སྐད་ཞུ་མཆིད་རྟེན་གྱི་མེ་ཏོག་ནི། རྣ་བའི་རྒྱན་དུ་ཐོགས་པའི་འཁྲི་ཤིང་གསར། །སྙན་ཚིག་བསུང་ཞིམ་ཅི་དགར་འཐུལ་དང་བཅས། །རིངས་པར་ཕུལ་ལོ་སརྦ་ཤོ་བྷནྟ། ༈ །ཡང་དབྱངས་ལྡན་གྱི་རྒྱུད་མངས་ནས་བླངས་པ་དང་མཚུངས་པའི་ངག་གིས་ཚུ བརྗོད་བྱ་ལུང་དང་རྟོགས་པའི་དམ་ཆོས་ཀྱིས་མཚོན་པའི་ཚོགས་མཐའ་དག །རྗོད་བྱེད་རྒྱན་གསུམ་ལམ་ནས་དྲངས་པ་ལ་གཞན་དྲིང་མི་འཇོག་པའི་སྙན་ངག་པ་ཆེན་པོ་ཞིག་ལ་འབུལ་ན། སྨྲ་བ་ངག་གི་དཔལ་


JKT018_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་མཚོ་བྱུང་མ། །ལེགས་བྱས་མགྲིན་པར་ཆགས་པའི་དཔྱིད་དཔལ་ལས། །དབྱངས་ལྡན་རྫོགས་པའི་སྙན་ཚིག་བདུད་རྩིའི་སྤྲིན། །སྤྲོ་མཛད་སྔོན་མེད་ཟླ་བ་གསར་པའི་དྲུང་། །འདི་ན་རྟག་དང་གུས་སྦྱོར་བརྟུན་པ་ཡིས། །གཞུང་མང་འདྲེན་པའི་ངལ་བ་ལྷོད་གྱུར་ཀྱང་། །ལྷག་བསམ་མ་དྲོས་ཆུ་གཏེར་གཡོ་བའི་ལྕེ། །ཞུ་མཆིད་ཛམྦུ་ནཱ་དའི་ཕྲེང་བ་སྤྲོས། །བརྗོད་བྱ་མངོན་པར་མཐོ་དང་ངེས་ལེགས་ཆོས། །རྗོད་བྱེད་རྒྱན་གསུམ་ལམ་ནས་འདྲེན་པའི་ཚེ། །གངས་རིའི་ཁྲོད་ཀྱི་དཔལ་ལྡན་དཎྜི་ཞེས། །ལྷར་བཅས་དགའ་བའི་ཅོད་པན་ཁྱོད་ལ་བྱིན། །དེ་སླད་དོན་ལྡན་འཚོ་བའི་གཏམ་བཟང་ནི། །གྲགས་པ་ག་བུར་རྡུལ་དང་ལྷན་ཅིག་པ། །བཏུང་བས་མྱོས་པའི་བདག་ཡིད་ཀུ་མུ་དཱ། །ཡི་རང་འདབ་རྒྱ་གྲོལ་བའི་མཚར་སྡུག་ངོམ། །གནས་སྐབས་ཙམ་མིན་མཐར་ཐུག་མཆོག་གི་སར། །དབུགས་འབྱིན་བགྱིད་པའི་རིན་ཆེན་རྣམ་གསུམ་གྱི། །ཐུགས་རྗེའི་རྔ་ཡབ་གྲིབ་མར་གནས་བདག་ཀྱང་། །ཉེར་འཚེའི་ཚ་གདུང་སྐབས་ཙམ་བྲལ་བཞིན་མཆིས། །སླད་མའི་དུས་ཀྱང་རྣམ་དཔྱོད་རྨད་བྱུང་གིས། །རྣ་བའི་བཅུད་དུ་འཐུང་བར་འོས་པའི་གཏམ། །ཡང་ཡང་སྤྲོ་བའི་རོལ་མོ་མི་འགོག་བཞིན། །སྒོ་གསུམ་སྤྱོད་ཡུལ་ཡུན་དུ་བརྟན་པར་མཛོད། །གང་གི་ལེགས་པར་བཤད་པའི་སྤྲིན་དཀར་གྱིས། །ཆུ་རྡུལ་བཏུང་བས་མྱོས་པའི་ཀོ་ཀི་ལས། །


JKT018_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིང་ཡིག་མགྲིན་པའི་གླིང་བུ་འཁྲོལ་དང་བཅས། །རྟེན་དངོས་འདབ་ཟུང་བསྐྱོད་བཞིན་རིངས་པར་དེངས། །ཞེས་པ་ལྟ་བུ་སྦྱར་རོ། །རྟོག་གེའི་ཚིག་དོན་ཆེན་པོ་བརྒྱད་ལ་རྣམ་པར་དཔྱོད་པའི་སྤོབས་པ་རྨད་དུ་བྱུང་བས་དོན་ལ་འཁྲུལ་པའི་ལོག་པར་རྟོག་པ་ཐམས་ཅད་འཇོམས་པའི་ཚད་མ་སྨྲ་བའི་དབང་ཕྱུག་ཞིག་ལ་འབུལ་ན། །ཕྱི་དང་ནང་གི་གྲུབ་མཐའ་རྒྱ་མཚོའི་འཇིང་། །དཔྱད་གསུམ་དག་པའི་རིན་ཆེན་གྲུས་བརྒལ་ནས། །ལེགས་བཤད་འདོད་པ་འཇོ་བའི་རྣ་རྒྱན་ཅན། སྔོན་མེད་ཆོས་ཀྱི་དེད་དཔོན་མཆོག་དེའི་དྲུང་། །གང་གསུང་གཟུ་བོར་སྨྲ་བའི་ཉིན་མོར་བྱེད། །ཤར་བས་ཚུལ་མིན་ཀུན་ཟུམ་པ་དང་། །ཡང་དག་གཏམ་གྱི་ཨུཏྤལ་མིག་བྱེ་བར། །དད་སྤྲོའི་དགའ་བ་རྒྱས་པའི་མཆིད་འདི་ཕུལ། །འདི་ན་དོན་ལ་ལོག་པར་རྟོག་པ་ཡི། །གཞུང་མང་རི་བོའི་རྐང་པ་འཇོམས་པ་ལ། །སྔོན་མེད་ངག་གི་རྩེ་བརྒྱ་རྒྱུ་བ་ཡིས། །མཐའ་དག་ཕྱེ་མར་བྱས་པའི་གཏམ་དེ་སྙན། །ཚད་མར་གྱུར་པས་འགྲོ་ལ་ཕན་བཞེད་པའི། །སྟོན་པ་མཆོག་གི་ལེགས་གསུང་སྡེ་སྣོད་ཀུན། །རྨད་བྱུང་རྣམ་པར་དཔྱོད་པས་གཞལ་མཛད་གང་། །འཚོ་གཞེས་སྤྱོད་ཡུལ་མ་རིངས་དགེ་ལེགས་གྲང་། །འདིར་གནས་བསྔགས་འོས་ཡོན་ཏན་ཆུ་གཏེར་གྱི། །རྦ་རླབས་སྲིད་རྩེར་འཕྱུར་བའི་སྐབས་བྲལ་ཡང་། །མཆོག་གསུམ་སྐྱབས་ཀྱི་སྙིང་པོར་བཟུང་བ་ཡིས། །


JKT018_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་འཚེའི་གེགས་ཀྱིས་གཙེས་པར་མ་གྱུར་ཙམ། །སླད་མར་སྔགས་རིག་གྲུབ་པའི་དྲང་སྲོང་གི །རུས་པའི་ཕུང་པོ་རྡོ་རྗེའི་ལང་ཚོ་ཅན། །དེ་དང་གཉིས་སུ་མེད་པར་གསང་བ་གསུམ། །མི་ཕྱེད་ཕྱག་རྒྱས་དམ་དུ་སྡོམས་ཤིག་ཀྱེ། །དེ་སྐད་ཚིག་དང་དོན་གྱི་རྒྱན་བཟང་པོ། །བྲལ་ཡང་ལྷག་བསམ་དག་པའི་འོ་མཚོ་ལས། །དལ་གྱིས་ཐོན་པའི་འཕྲིན་ཡིག་ངང་མོ་དཀར། །རྟེན་གྱི་གཤོག་ཟུང་གཡོ་བཞིན་རིངས་པར་བསྐྱོད། །ཡང་ན། རྨད་བྱུང་རྣམ་དཔྱོད་ནོར་བུའི་ཨཱ་དརྣར། །རྟོག་གེའི་ཚིག་དོན་དུ་མའི་གཟུགས་བརྙན་ཆེ། །འགོག་པ་མེད་པར་ཤར་བའི་མཚར་སྡུག་ལ། །དཔྱོད་ལྡན་ཁེངས་པའི་ཐོར་ཚུགས་དུད་དེའི་དྲུང་། །དགོད་པར་བྱས་སོ་ཤར་གྱི་ཐིག་ལེ་ཡི། །དྲི་མེད་ས་ཡི་གདུ་བུ་གསར་པ་སྟེ། ཁྱོད་ཀྱི་མི་ཟད་སྤོབས་པའི་གྲགས་དཀར་གྱིས། བདག་ཡིད་ཤིན་ཏུ་རངས་པས་མཆིད་འདི་ཕུལ། །ནགས་སུ་རྒྱས་པའི་ག་བུར་རྐང་འཐུང་དང་། །ཆུ་མཚོར་ལུས་རྟེན་གནག་མིན་ཨུཏྤལ་བཞིན། །ཐོས་དང་མཐོང་ན་དགའ་བའི་རྣམ་དཔྱོད་ཅན། །ཆོས་ཀྱི་གྲགས་པ་གཉིས་པ་ཁྱོད་ལས་སུ། །ཤེས་བྱ་ཡུལ་གྱི་མཚན་ཉིད་མ་འདྲེས་གཟུགས། །དྲི་མེད་རིག་པའི་ནོར་བུའི་མེ་ལོང་ངོགས། །ཇི་བཞིན་འཆར་བའི་འཇོ་སྒེག་ངོམས་པའི་ཚེ། །ཚུལ་མིན་སྨྲ་བའི་སྤོབས་པ་རང་སར་བཅིལ། །དེ་སླད་དོན་ལྡན་འཚོ་བའི་མུ་ཏིག་ཕྲེང་། །མཁས་


JKT018_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

མང་མཛེས་མའི་མགྲིན་པར་བརྟན་ཆགས་པར། །གཅིག་ཏུ་སྤྲོ་ཞིང་གྱི་ནས་འཚོ་བདག་ཀྱང་། །ཉེར་འཚོའི་འདུ་བྱེད་གཡོ་བར་མ་གྱུར་ཙམ། །སླད་མར་རྣམ་འདྲེན་སྟོབས་བཅུའི་མངའ་བདག་གི །བསྟན་མཆོག་ཉི་ཟླ་གསར་བའི་རྣ་ཆ་ནི། །གངས་ལྡན་རི་བོའི་མཁའ་ལ་ཡོལ་མེད་ཕྱིར། །གསང་གསུམ་ཤིང་རྟའི་སྒྱུ་ཐབས་རྟག་བརྟན་གསོལ། །དེ་སྐད་ཞུ་མཆིད་གང་ཚུལ་དགེ་བའི་སྤྲིན། །བདུད་རྩིར་འབབས་པ་བཏུང་བས་ཡིད་མྱོས་པའི། །ཡི་གེའི་དཔྱིད་ཀྱི་ཕོ་ཉ་སར་པ་ནི། །ཚིག་རྒྱན་མགྲིན་པའི་རོལ་མོ་འཁྲོལ་བཞིན་དེངས། །ཡང་ན། མངོན་སུམ་རྗེས་སུ་དཔག་པ་ཡི། །གཞུང་ལུགས་སྨྲ་བའི་རྣམ་དཔྱོད་ནི། །དཔལ་ལྡན་གྲགས་པའི་ཟློས་གར་ཅན། །ཚད་མའི་དབང་ཕྱུག་མཆོག་དེའི་དྲུང་། །འདི་ན་སོ་ལྡན་མྱོས་པ་ཡིས། །ཕས་རྒོལ་ཕྱེ་མར་འཐགས་པ་བཞིན། །དོན་ལ་ལོག་པར་རྟོག་པའི་རྒྱུན། །གཅོད་མཛད་གང་དེར་མཆིད་འདི་གསོལ། །གྲངས་མེད་སྡེ་སྣོད་རྒྱ་མཚོའི་འཇིང་། །བརྒལ་བརྟག་སུན་འབྱིན་རིན་ཆེན་གྲུས། །ལེགས་བརྒལ་ལེགས་བཤད་ནོར་གྱི་བུའི། །དོན་གཉིས་ཅི་དགར་འཇོ་དེ་རྨད། །འདི་ན་མངོན་དང་ལྐོག་འགྱུར་གྱི། །ཆོས་ཀུན་ཏེ་པོར་གཞལ་བ་ལ། །བློ་གྲོས་འདྲེན་བྱེད་ལྡོང་གྱུར་ཀྱང་། །ལང་ཚོའི་འདུ་བྱེད་མ་ཉམས་ཙམ། །སླད་མར་རྟག་གསལ་ཁྱབ་པ་ཡི། སྤོབས་པ་རྨད་དུ་བྱུང་བ་ལ། །


JKT018_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་བརྫི་བར་མི་ནུས་བཞིན། །གསང་གསུམ་གཡོ་མེད་བརྟན་པར་མཛོད། །གང་ཚུལ་སྤྲིན་གྱི་རྔ་གསང་བཅུད། །རྣ་བའི་བདུད་རྩིར་བཏུངས་བ་ཡིས། །ཞུ་མཆིད་གཙུག་ཕུད་ལྡན་པ་ཡང་། །སྙན་པའི་ཟློས་གར་བསྒྱུར་གིན་དེངས། ༈ །ཕྱི་དུས་ཀྱི་འཁོར་ལོའི་དེ་ཁོ་ན་ཉིད་སྟོན་ཅིང་། །བརྟན་གཡོའི་བླང་དོར་གྱི་ཚུལ་ལ་མ་རྨོངས་པའི་སྐར་ནག་རྩིས་རིག་པ་ཞིག་ལ་འབུལ་ན། ཕུལ་བྱུང་བློ་མཆོག་ནོར་བུའི་མ་ཀུ་རར། །བསྒྱུར་བགོད་འཕྲི་བསྣན་རི་མོའི་ཟློས་གར་སྟོང་། །མངོན་པར་འཆར་བའི་དཔྱིད་དཔལ་དེ་ཁོ་ནས། །ལྐོག་གྱུར་ཆོས་རྣམས་རྗེན་པར་སྟོན་དེའི་དྲུང་། །ཕྱི་རོལ་བརྟན་དང་གཡོ་བའི་ལེགས་ཉེས་ཀུན། །དཔྱོད་ལ་མཚུངས་པ་མེད་པའི་གྲགས་དཀར་ནི། - །ཟླ་ཤེལ་བདུད་རྩིའི་འཁྲུལ་ནས་རབ་དྭངས་པའི། །ཡི་རངས་ཀུནྡ་བཞད་དེས་མཆིད་འདི་གསོལ། །དཔལ་ལྡན་དམ་པ་དང་པོའི་སངས་རྒྱས་ཀྱིས། །ཟབ་གསང་ནཱ་དའི་དབྱངས་ཀྱིས་བསྙད་པའི་གཞུང་། །འཛིན་བཟོད་སྔོན་མེད་གཏམ་གྱི་རོལ་མཚོ་ཁྱོད། །ས་འདིར་རྡོ་རྗེའི་རིགས་ལྡན་གཉིས་པར་གྲུབ། །གཞན་ཡང་སྤོར་ཐང་རྩིས་དང་དབྱངས་འཆར་སོགས། །གཞུང་བཟང་ཨུཏྤལ་དུ་མས་སྒེག་པའི་ཕྱིར། །འཇམ་དཔལ་གཞོན་ནུའི་བྱིན་རླབས་སྙིང་དབུས་སུ། །འཆར་ཀའི་ཉི་གཞོན་ཚུལ་གྱིས་ཆགས་མིན་ནམ། །དེ་སླད་འཚོ་གཞེས་བརྟན་པའི་གཏམ་


JKT018_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དཔྱིད། །ཐོས་པས་སྤྲོ་བར་གྱུར་པའི་དམན་བདག་ཀྱང་། །མཆོག་གསུམ་བཀའ་དྲིན་དཔག་བསམ་སར་པའི་གྲིབ། །གཅིག་ཏུ་འཆེལ་བས་ཉེར་འཚོའི་ཚ་གདུང་བྲལ། །སླད་མའི་ཆར་ཡང་བསྟན་དང་འགྲོ་བ་ལ། །བླང་དང་དོར་བའི་ལེགས་བཤད་འདོམས་པ་དང་། །ཕན་བདེའི་དགའ་སྟོན་བརྒྱ་ཕྲག་སྤེལ་བའི་སླད། །ཡུན་དུ་འཆི་མེད་བཅུད་ལེན་བཏུང་བར་མཛོད། །ཞུ་མཆིད་ལྷག་བསམ་ཚོན་རིས་དང་འགྲོགས་པའི། །ཚིག་རྒྱན་སིནྡྷཱ་བཱ་རའི་མེ་ཏོག་ནི། །རྟེན་དངོས་གེ་སར་ཅིར་ཡང་དགོད་དང་བཅས། །ཀུན་ཏུ་དགེ་བའི་ཚེས་ལ་རིངས་པར་གཏོར། །ཞེས་པས་མཚོན་གང་འོས་སྦྱར་རོ། ༈ །དེ་རྣམས་ལས་དམིགས་བསལ་རང་ཉིད་ལ་དྲིན་ཐོབ་ཀྱི་ཡོངས་འཛིན་ལྟ་བུ་ཞིག་ཡིན་ན། །རྨད་བྱུང་རིག་གཞུང་བདུད་རྩིའི་ཆུ་གཏེར་ཀུན། །བཏུང་བས་མྱོས་པའི་རྣམ་དཔྱོད་ཟླ་ཤེལ་གསར། །བདག་སོགས་མོས་ལྡན་བདེ་འབྱུང་ངལ་བའི་རྩེར། །རྣམ་པར་མཛེས་དེའི་ཞབས་སེན་ག་ལ་བར། ཁྱོད་ཞལ་ཉིན་མོའི་རྡུལ་དམར་ཁོ་ན་ཡིས། །རྒྱུན་དུ་གསོས་པས་བློ་གྲོས་པདྨོའི་ཁ། །ཅུང་ཟད་དགོད་པའི་གུས་འབངས་གྱི་ན་པས། །ཚད་མེད་བཀའ་དྲིན་དྲན་པའི་ཞུ་གསོལ་སྟོབ། །མང་དུ་ཐོས་པའི་ལོ་འདབ་དུད་པ་ལས། །བསམ་བྱུང་མེ་ཏོག་དཀར་པོའི་མཚར་སྡུག་གིས། །སྒོམ་སྤངས་འབྲས་བཟང་འབོད་ལ་རིངས་པ་གང་། །མཁས་མང་


JKT018_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དགར་བའི་ཚལ་དུ་རྣམ་པར་མཛེས། །དེ་སླད་འཚོ་གཞེས་བརྟན་པའི་གཏམ་གྱི་དབྱངས། །མི་ཟད་སྦྲང་རྩི་སར་པའི་དོག་པ་ཅན། །སྙིང་ལ་བརླན་བས་དགའ་བའི་བླ་མ་རཿ །དད་སྤྲོའི་ཟློས་གར་རྩེན་བཞིན་ངལ་འཚོ་ཐོབ། །སླད་མའི་ཆར་ཡང་ལྟོས་བཅས་སློབ་འབངས་ཚོགས། །ཐུགས་བརྩེའི་སྤྱན་ཟུར་གཡོ་བས་རྟག་གཟིགས་ནས། །གསང་གསུམ་འཆི་མེད་གྲུབ་པའི་ལང་ཚོ་དང་། །མི་ཕྱེད་འདྲེས་པའི་བཀའ་དྲིན་ཅིར་ཡང་སྩོལ། །དེ་སྐད་ཞུ་མཆིད་གཞན་གསོས་མགྲིན་པའི་གླུར། །ངེས་པར་འཁྲུལ་པའི་གཏམ་གྱི་བརྗོད་པ་ནི། །མགྲིན་པར་བསྟི་བའི་ཚིག་རྒྱན་སྨིན་ལེགས་མས། །རྟེན་དངོས་རྣ་ཆ་གཡོ་བཞིན་མྱུར་བར་དེངས། །ཞེས་པ་ལྟ་བུ་སྐབས་དང་བསྟུན་ནས་བསྒྱུར་ཤེས་པར་བྱ་ལ། ༈ །དེ་དག་གི་ཡི་གེ་ཚུར་བསྐུར་བའི་འབྱོར་ལེན་ལྟ་བུའི་ཚེ། །གང་ཚེ་བརྗོད་བྱ་དོན་ལྡན་མཉན་འོས་གཏམ། །རྗོད་བྱེད་རྒྱན་གསུམ་ལམ་ནས་ལེགས་དྲངས་པ། །དངོས་པོའི་བདོག་པའི་སྐྱེས་ཀྱི་ཁྱད་པར་བཅས། །མ་ཉམས་སོན་པས་སྤྲོ་དགའི་ཚོར་བ་བརྟས། །ཞེས་སམ། ཁྱད་པར་བརྗོད་བྱའི་སིམ་པ་འདྲེན་བཟོད་པའི། །མིང་ཚིག་ཡི་གེའི་རྩེ་དགའི་འཁྲི་ཤིང་མ། །དངོས་པོའི་སྐྱེས་ཀྱི་དོ་ཤལ་བཀླུབས་བཞིན་དུ། །སོན་པས་སྤྲོ་བའི་ངལ་འཚོ་ཅིར་ཡང་བྱིན། །ཞེས་སམ། འདི་ན་ཚ་བས་ཉེན་པ་ལ། །འབིགས་བྱེད་རླུང་གི་རེག་


JKT018_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ལྟར། །དོན་མཐུན་ཡིད་ལ་སྤྲོ་བསྐྱེད་པའི། །འཕྲིན་ཡིག་གསར་པའི་དགའ་སྟོན་འབྱོར། །ཞེས་པ་ལྟ་བུས་མཚོན་གང་འོས་སྦྱར་རོ། ༈ །ཡང་སྔར་སྨོས་པའི་ཡུལ་ཅི་རིགས་པར་རྣམ་དཔྱོད་དང་ལྡན་པ་དག་ལ་རང་གཞན་གྱི་གྲུབ་པའི་མཐའ་ལས་བརྩམས་པའི་འབེལ་གཏམ་ལྟ་བུ་བགྱིད་པར་སྤྲོ་ན། ཨོཾ་སྭ་སྟི་སིདྡྷཾ། །གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང་། །སྲིད་ལམ་དུབ་པ་རྣམས་ལ་ཐུགས་བརྩེ་བས། །རྨད་བྱུང་ཞི་བསིལ་བདུད་རྩི་སྦྱིན་མཛད་པ། །སྟོན་མཆོག་འགྲོ་བའི་བླ་མས་ཤིས་པ་སྩོལ། །རྒྱལ་བས་ལུས་ཅན་ཁམས་དབང་བསམ་པ་དང་། །འཚམས་པར་བསྟན་པའི་ཆོས་སྒོ་ཇི་སྙེད་ཀུན། །བརྗོད་ནུས་མིན་ཀྱང་རང་གཞན་གྲུབ་མཐའ་ལས། །བརྩམས་ཏེ་གཏམ་གྱི་སྦྱོར་བ་ཞན་གྲུབ་མཐའ་ལས། །བརྩམས་ཏེ་གཏམ་གྱི་སྦྱོར་བ་ཅུང་ཟད་ཕྱེ། །དེ་ཡང་རིགས་ཅན་གསུམ་གྱི་གདུལ་བྱ་ལ། །དམན་འབྲིང་མཆོག་གི་ཐེག་པ་རྣམ་གསུམ་གྱིས། །བྱང་ཆུབ་གསུམ་གྱི་གོ་སར་དབུགས་དབྱུང་སླད། །འདུལ་མདོ་མངོན་པའི་སྡེ་སྣོད་གསུམ་བསྟན་པར། །རེ་ཞིག་ཐེག་དམན་རྗེས་འབྲང་ཕྱི་དོན་གང་། །བདེན་གྲུབ་ཉིད་དུ་ཁས་ལེན་བྱེ་མདོ་དང་། །མཆོག་གི་རྗེས་ཚུ་འབྲང་བདེན་མེད་ཁས་ལེན་པ། །སེམས་ཙམ་དབུ་མ་གཉིས་ཏེ་རྣམ་པ་བཞི། །དེ་ལ་དང་པོས་ཤེས་བྱ་གཞི་ལྔ་པོ། །ཟག་བཅས་ཟག་མེད་གཉིས་སུ་ལེགས་བསྡུས་ཏེ། །བཅོམ་དང་དཔྱད་པའི་སྒོ་ནས་ངར་


JKT018_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བློ། །འདོར་དུ་རུང་དང་མིན་ལས་བདེན་གཉིས་དབྱེ། །གཉིས་པས་སྣང་ཡུལ་སྤྱི་མཚན་ཀུན་རྫོབ་དང་། །མངོན་སུམ་རང་མཚན་དོན་དམ་བདེན་པར་རྟོགས། །དུས་གསུམ་རྫས་གྲུབ་ནམ་མཁའི་རྟག་དངོས་སོགས། །འདོད་པ་མ་ཡིན་ངོ་བོ་རྟོག་གེར་མཐུན། །ཐུན་མོང་ལམ་དུས་ཉོན་མོངས་ཉོན་མོངས་མིན། །བདེན་བཞི་རྣམ་པ་བཅུ་དྲུག་གིས་སྦྱངས་བས། །རིམ་པ་བཞིན་དུ་དམན་ལམ་དགྲ་བཅོམ་དང་། །སངས་རྒྱས་གོ་འཕང་ཐོབ་ཅེས་འབྲས་བུར་འཆད། །གསུམ་པས་དངོས་པོ་ཀུན་རྟག་གཞན་དབང་གཉིས། །ཀུན་རྫོབ་ཉིད་དོ་ཡོངས་གྲུབ་དོན་དམ་གྱི། །བདེན་པར་འདོད་ཅིང་ཡུལ་ཅན་ཚོགས་བརྒྱད་དེ། །དེ་ཡང་རྣམ་པ་བདེན་དང་རྫུན་སོགས་དབྱེ། །མདོར་ན་ཤེས་བྱ་མཚན་ཉིད་དེར་འཇུག་དང་། །དེ་ཡི་རྒྱུ་འབྲས་རབ་དབྱེ་བསླབ་པ་གསུམ། །སྤངས་དང་ཡེ་ཤེས་ཕུན་སུམ་ཚོགས་པ་བཅུའི། །གཞི་ལམ་འབྲས་བུའི་བརྗོད་བྱ་གཏན་ལ་དབབ། །བཞི་པར་རང་རྒྱུད་སྨྲ་དང་ཐལ་འགྱུར་ཏེ། །སྔ་མས་གཉིས་སྣང་བཅས་དང་དེ་ལྡོག་པས། །རྟོགས་བྱ་དོན་བྱེད་ནུས་མིན་ཀུན་རྫོབ་དང་། །སྤྲོས་མཐའ་བརྒལ་དང་མ་བརྒལ་དོན་དམ་འདོད། །དེ་ཡང་རྒྱུ་འབྲས་གཉི་གར་དཔྱོད་པ་དང་། །དགག་པ་རྣམ་གཉིས་གཏན་ཚིགས་ལ་བཀོད་པའི། །རིགས་ཆེན་ལྔ་པོས་ཆོས་རྣམས་ཐམས་ཅད་ཀུན། །སྟོང་པ་ཉིད་དུ་གཏན་ལ་འབེབས་པར་


JKT018_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །ཕྱི་མས་སྣང་སྟོང་ཀུན་རྫོབ་དོན་དམ་དུ། །བཏགས་པ་ཉིད་ཀྱང་འཇིག་རྟེན་བློ་ངོ་ལ། །ལྟོས་པ་ཙམ་སྟེ་ངེས་པར་ཁས་ལེན་ན། །རྟག་དང་ཆད་པའི་མཐའ་ལས་གྲོལ་མི་སྲིད། །དེ་སླད་བློ་ཉིད་འཁྲུལ་དང་མ་འཁྲུལ་ལས། ཁྱད་པར་འབྱེད་ཅིང་རང་ལ་སྤྲོས་པ་ཡི། །དམ་བཅའ་གང་ཡང་ཁས་མི་ལེན་པའི་ཕྱིར། །བཟློག་ཕྱོགས་ཁོ་ནས་གཞན་སེལ་འདོད་པ་བསྒྲུབ། །ལམ་གྱི་སྐབས་སུ་བདག་མེད་རྣམ་གཉིས་ལ། །དམིགས་པས་བདག་འཛིན་མདུད་པ་རིང་བཅད་དེ། །ས་བཅུ་ལམ་ལྔའི་ཕ་རོལ་སོན་པ་ཡི། །སྐུ་གསུམ་གོ་འཕང་མཆོག་ལ་རེག་པར་སྟོན། །དེ་སྐད་གང་ལ་སྤྲིངས་འདི་ལྷག་བསམ་གྱི། །དཔྱིད་དཔལ་མ་ཉམས་དར་བ་ལས་བྱུང་བའི། །ཆོས་ཀྱི་མཆོད་པའི་པུཎྜ་རཱི་ཀ་སྟེ། །ནོངས་གང་དྲི་མེད་རིག་པས་སྐྱོང་བར་མཛོད། །ཤུ་བྷེ་ན་སརྦ་ག་ཏི་སིདྡྷན་ས་མུ་དྲ་པ་རེ་ག་ཏཾ་ཧེ་ཏ་བྷ་ཡཱཏ། །ཞེས་པ་ལྟ་བུ་གང་ལ་གང་འཚམས་ཀྱི་བརྗོད་བྱ་རྒྱ་ཆེར་སྤྲོ་བས་ཕན་པ་བསྒྲུབ་པར་བྱའོ། ༈ །གཞན་ཡང་རང་མཉམ་གྱི་མཆེད་གྲོགས་ཆོས་དང་མཐུན་པ་ཞིག་ལ་འབུལ་ན། །དམ་པའི་ངང་ཚུལ་རྩ་བ་རབ་བརྟན་པར། །ཚུ་ལེགས་པར་འཁྲུངས་པའི་དལ་འབྱོར་ཨུཏྤལ་གསར། །བསྔགས་འོས་འབྲས་བཟང་དུ་མའི་གཏེར་གྱུར་པའི། །མི་ཕྱེད་རྡོ་རྗེའི་མཆེད་པོ་གང་དེའི་དྲུང་། །གྲོང་ཁྱེར་མ་ཡི་རྐང་རྡུལ་བཏབ་པ་ལས། །མྱ་ངན་མེད་།


JKT018_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མེ་ཏོག་དགོད་པ་བཞིན། །རྣམ་པར་དཀར་བའི་གཏམ་གྱིས་བསྐུལ་མ་ཐག །སྤྲོ་དགའི་འཛུམ་བཅས་སྤྲིང་ཡིག་འདི་འབུལ་ལོ། །གང་ཚེ་རྣམ་པ་ཀུན་ལྡན་གྲོང་ཁྱེར་དུ། །འཁྲིད་མཛད་མཆོག་གི་རྡོ་རྗེ་སློབ་དཔོན་གྱིས། །དཀྱིལ་འཁོར་གཅིག་ཏུ་བཅུག་པའི་ཕྱག་རྒྱ་ཡིས། །ཕན་ཚུན་བརྩེ་ཞིང་གཅུགས་པའི་དགའ་སྟོན་ཆགས། །དེ་སླད་ཚུལ་མིན་རྙོགས་མས་མ་བསླད་པའི། །ལེགས་སྤྱོད་བློ་མིག་གྲུང་པའི་ཆུ་གཏེར་ཁྱོད། །ཉེ་བར་བརྟན་པའི་གཏམ་ཙམ་ཐོས་པས་ཀྱང་། །བསམ་གཏན་དང་པོའི་ཏིང་འཛིན་སྙིང་ལ་འཕོས། །འདི་ན་གཟོད་ནས་རིགས་གཟུགས་ལང་ཚོ་དང་། །ཆོས་ཀྱི་འབྱོར་པས་བཏང་བའི་དཱ་རི་དྭ། །ལྷག་བསམ་འཁོར་བའི་རྗེས་སུ་རྟེན་བཅས་ནས། །འཚོ་བའི་འདུ་བྱེད་ཉམས་པར་མ་གྱུར་ཙམ། །སླད་མའི་ཆར་ཡང་གནས་སྐབས་མངོན་མཐོ་བའི། །ཐེམ་སྐས་མཆོག་ལ་རིངས་པར་འཛེགས་པ་དང་། །མཐར་ཐུག་ཀུན་མཁྱེན་གྲོང་དུ་དཀྲི་དང་བཅས། །ལེགས་སྤེལ་ཉེས་སེལ་བདག་གིར་བཞེས་པ་ཞུ། །དེ་སྐད་གླེང་བར་འོས་པའི་གཏམ་གྱི་དཔྱིད། །དབྱངས་ཅན་ངག་གི་དཔལ་ལས་བྱུང་མིན་ཀྱང་། །དྭངས་པའི་བློ་གྲོས་ཡི་གེར་འཕོས་པ་དང་། །རྟེན་གྱི་བླ་གོས་གཡོ་བཞིན་རིངས་པར་དེངས། །ཞེས་པ་ལྟ་བུ་དང་། ༈ །དེ་བཞིན་དུ་རང་བཞིན་གྱིས་ངང་ཚུལ་བཟང་ཞིང་གློ་དཀྱེལ་ཆེ་བའི་མཛའ་གཅུགས་སྙིང་དང་


JKT018_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ལ་བདུད་རྩི་སྟེར་བ་ཞིག་ལ་འབུལ་ན། །རང་བཞིན་རྣམ་པར་དགེ་བའི་ཆུ་གཏེར་ལས། །ལེགས་འོང་ལྷག་བསམ་བདུད་རྩིའི་འོད་དཀར་གྱིས། །ལྟོས་བཅས་ཀུནྡའི་དགའ་ཚལ་དར་མཛད་པའི། །སྔོན་མེད་གྲོགས་མཆོག་ཟླ་ཤེལ་གསར་པའི་དྲུང་། ཁྱོད་ཚུལ་རྨད་བྱུང་ཉིན་མོའི་རྡུལ་དམར་རྒྱུན། །ཡང་ཡང་སྙིང་གི་པདྨོར་བརླན་པ་ལས། །ཤིན་ཏུ་སྤྲོ་བའི་འདབ་རྒྱ་གྲོལ་དང་བཅས། །མཆིད་འོས་སྦྲང་རྩིའི་ཐིགས་པ་འཇོ་ལ་རིངས། །རྣམ་པ་ཀུན་ཏུ་འགྱུར་བ་མེད་པ་ཡི། བློ་མཆོག་གདྨ་སྐྱེས་ཀྱི་ལང་ཚོ་ལ། །ལྷག་པར་བརྩེ་བའི་གཟི་བྱིན་གསར་པ་དེས། །སྙིང་དང་མིག་ལ་བདུད་རྩིའི་དགའ་སྟོན་བསྐྲུན། །དེ་སླད་འཚོ་བའི་ཨུཏྤལ་མ་རྙིངས་པའི། །གཏམ་གྱི་དྲི་བསུང་མངར་པོ་འཐུལ་བའི་མོད། །འདི་ན་གནས་པའི་རཡིག་གཉིས་པ་ཡང་། །ཀུན་ནས་ཀུན་ཏུ་སྤྲོ་བའི་ཟློས་གར་རྩེན། །སླད་མའི་ཆར་ཡང་ཕན་ཚུན་མཉེས་གཤིན་པའི། །དུང་སེམས་ཟླ་བའི་སིམ་འོད་མ་ཉམས་པའི། །དོན་གཉིས་ཆུ་གཏེར་སྲིད་རྩེར་འཕྱུར་དང་བཅས། །སྒོ་གསུམ་དུས་ལས་ཡོལ་མེད་བརྟན་པར་སྨོན། །གང་གི་མཛད་བཟང་སྤྲིན་གྱི་བ་གམ་ལ། །ཡིད་རབ་གཅུགས་པའི་མདོངས་མཐའ་གཞོན་ནུ་ཡིས། །མཆིད་འོས་སྒྲོ་གཤོགས་ཟླུམ་པོའི་གར་དང་བཅས། །རྟེན་དངོས་མངལ་ཁུར་འཛིན་བཞིན་དགེ་བར་དེངས། ༈ །ཡང་ཚོང་དཔོན་ལྟ་བུ་


JKT018_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་འབྱོར་བ་དང་ལྡན་པའི་མི་ཁྱིམ་ཕལ་པའི་རིགས་ལ་འབུལ་ན། ཡང་སྲིད་ཀུན་ཏུ་གཏོང་ལ་གོམས་པ་ཡི། །བསོད་ནམས་ས་བོན་མ་ཉམས་དར་བ་ལས། །དེང་འདིར་མི་ཟད་འབྱོར་པའི་འབྲས་བཟང་ཅན། །སྔོན་མེད་ཡོངས་འདུའི་དབང་པོ་གསར་པ་དེར། །ཚངས་པའི་སྲས་མོའི་ཕྱག་གི་རྒྱུད་མངས་དང་། །སྣ་ཚོགས་ཤིང་རྟའི་གདངས་སྙན་འཕྲོགས་མིན་ཀྱང་། །ཐོས་པ་ཙམ་གྱིས་ཀུན་དགའི་དཔལ་བསྐྱེད་པའི། །དོན་ལྡན་གཏམ་གྱི་སྒོ་འཕར་འདི་སྐད་དབྱེ། །ལུགས་གཉིས་ཏེ་པོར་འབྱེད་པའི་རྣམ་དཔྱོད་ཀྱིས། །གཏང་དང་ལེན་པའི་སྒོ་བརྒྱ་དབྱེ་བ་ལ། །མིག་སྐྱེའི་ན་ཀུ་ལ་ཡི་གན་མཛོད་ལས། །རབ་ལྷག་དཔལ་གྱི་འབྲས་བུས་དུད་པ་གང་། །དལ་རྟེན་ལྗོན་ཤིང་བརྟན་པའི་ཕངས་པ་ནས། །ལེགས་སྤྱོད་མེ་ཏོག་དགོད་དེར་ཡི་རངས་པའི། །འདིར་གནས་པ་ཡང་བསླུ་མེད་མཆོག་གསུམ་གྱི། །ཐུགས་རྗེའི་གདུགས་འོ དཀར་གྲིབ་མར་ངལ་འཚོ་ཐོབ། །སླད་དུ་སྲིད་པའི་ཕུན་ཚོགས་ཨུཏྤ་ལས། །འཁྱུད་པའི་ལང་ཚོའི་འཁྲི་ཤིང་མི་ཉམས་པར། །ཡུན་དུ་བརྟན་པའི་ཐབས་ཚུལ་ཉིན་མོའི་འོད། །བརྟེན་ལ་རྣམ་པ་ཀུན་ཏུ་གཡེལ་མེད་མཛོད། །དེ་སྐད་འཕྲིན་ཤོད་གསང་པོར་བརྗོད་མཁས་པའི། །ཡི་གེའི་མཚར་སྡུག་རྫོགས་པའི་སྨིན་ལེགས་མ། །རྟེན་གྱི་གོས་བཟང་ལྷབ་ལྷུབ་གཡོ་བཞིན་དུ། །ཀུན་ཏུ་ཤིས་པའི་ཚེས་ལ་རིངས་པར་སོང་། ༈ །


JKT018_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་ལང་ཚོ་དར་ལ་བབས་ཅིང་སྟོབས་དང་སྒྱུ་རྩལ་འགྲན་དུ་མེད་པའི་རིགས་ལ། །ལང་ཚོའི་སྤྲིན་དཀར་དར་བའི་ཕང་པ་ནས། །སྟོབས་དང་སྒྱུ་རྩལ་གློག་གི་རྩེ་དགའ་ཡིས། །དྲེགས་ལྡན་མདོངས་མཐའི་བརྟན་པ་འཕྲོགས་བྱེད་པའི། །ཟླ་མེད་སྟག་ཤར་གཞོན་ནུ་གང་དེ་ལ། །ཚིག་རྒྱན་བུང་བ་དགའ་བའི་སྐྱེད་ཚལ་ནས། །རྣམ་དཔྱོད་སོར་རྩེས་བཏུས་པའི་མེ་ཏོག་ཕྲེང་། །དོན་བཟང་གསེར་གྱི་སྐུད་པ་ལ་སྦྲེལ་ནས། །བློ་གསལ་མགྲིན་པ་མཛེས་པའི་རྒྱན་དུ་བསྲིངས། །འདི་ན་ལུས་ངག་ཡིད་ཀྱི་སྒྱུ་ཐབས་ཀྱིས། ཁེངས་ལྡན་མགྲིན་བཅུའི་དཔུང་ཚོགས་འཆིང་བའི་ཚེ། །སྔོན་མེད་དགའ་བྱེད་གཉིས་པ་ཉིད་དོ་ཞེས། །ངོ་མཚར་གཏམ་གྱི་ཅོད་པན་ཁྱོད་ལ་བྱིན། །དེ་སླད་དལ་རྟེན་ཟོ་མདོག་མ་ཉམས་པའི། །སྤྲིང་ཡིག་ལྷོ་ཕྱོགས་རླུང་ནི་དལ་འབབས་པས། །སྙིང་ལ་སྤྲོ་བ་ཐོབ་པའི་དངོས་ཅག་ཀྱང་། །མཆོག་གསུམ་ཐུགས་རྗེ་ཁོ་ནས་ཉེར་འཚེ་བྲལ། །སླད་ནས་འཚོ་ཐབས་མཁས་པའི་ཟླ་ཐིག་གིས། །ཉེ་བར་བྲན་ལས་འབྱུང་འདུས་སྟེང་འཐུང་དཀར། །ཡུན་དུ་བརྟན་པའི་ངང་ཚུལ་ལྷུར་ལེན་བཞིན། །གྲགས་སྙན་རི་བའི་ཁོངས་སུ་གཏམས་པར་མཛོད། །དེ་སྐད་མཆིད་ཚིག་རྩེ་དགའི་འཁྲི་ཤིང་མ། །མཉན་འོས་གཏམ་གྱི་རྒྱུད་མངས་བརྡུངས་བཞིན་དུ། །བློ་ལྡན་དཔའ་བོའི་དབང་ཕྱུག་གཞོན་ནུ་དེའི། །སྙིང་དང་མིག་ལ་བདུད་། །


JKT018_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་སྦྱིན་སླད་དེངས། ༈ །རང་ཉིད་དང་ལྷག་པར་མཛའ་ཞིང་མཛེས་མཛངས་མཚུངས་པ་མེད་པའི་སྙིང་སྡུག་བུད་མེད་ཞིག་ལ་བསྲིངས་ན། གདེངས་ཅན་བསྟི་གནས་བསྲུབས་ལས་ཐོན་མིན་ཞིང་། །ལེགས་བྲིས་དགའ་བའི་ཚལ་ནས་མ་འོངས་ཀྱང་། །ཤིན་ཏུ་མཛེས་པའི་ལང་ཚོའི་མཚར་སྡུག་གིས། །བདག་ཡིད་ཀུན་དགའི་དགའ་སྟོན་སྦྱིན་པ་དེར། །རྣ་གོང་ཨུཏྤལ་ཕོན་པོར་ཕྲག་དོག་པའི། །དཀྱུས་རིང་མིག་གི་དཔལ་ལྡན་མཛེས་མ་ཁྱོད། །ཡིད་ལ་དྲན་པས་བརྩེ་ཞིང་གཅུགས་པའི་མཆིད། །ཡི་གེའི་གཟུགས་སུ་འཕོས་པས་དབུགས་འབྱིན་བྱས། །བརྒྱ་ཕྲག་ཟླ་ཤེལ་གཞོན་ནུའི་ཚོན་རིས་ཀྱི། །བརྟན་པ་ཕྲོགས་པའི་བཞིན་གྱི་དཀྱིལ་འཁོར་ནི། །མཐོང་ན་སིམ་པ་སྟེར་བའི་དཔལ་དང་བཅས། །མཉན་འོས་གཏམ་གྱི་བདུད་རྩིའི་དག་པས་མཛེས། །དེ་སླད་སྒོ་གསུམ་ཉེར་འཚེའི་དྲི་བྲལ་བའི། །ངང་ཚུལ་མ་ལ་ཡ་ཡི་རྐང་འཐུང་དང་། །འགྲོགས་པའི་ལྷོ་ཕྱོགས་རླུང་གི་རྩེ་དགའ་ཡིས། །སྙིང་ལ་དགའ་བ་སྟེར་བའི་མགྲོན་པོར་བྱས། །འདི་ན་བསྔགས་འོས་ཡོན་ཏན་འབྲས་བཟང་གིས། །རྣམ་པར་སྤངས་པའི་བནྡྷའི་ལྕགས་ཕྲན་ཀྱང་། །ལང་ཚོའི་མེ་ཏོག་རྙིངས་པར་མ་གྱུར་བཞིན། །ཉིན་མཚན་ཀུན་ཏུ་ཁྱོད་དཔལ་སེམས་ལ་བརླན། །སླད་མའི་དུས་ཀྱང་ནོར་འཛིན་དགའ་མ་ནི། །ལྷུན་པོའི་རྣ་རྒྱན་འཛིན་པ་དེ་སྲིད་དུ། ཕན་ཚུན་བརྩེ་བའི་ཟུར་


JKT018_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གཡོ་བ་ཡིས། །རིང་ཡང་ཉེ་བ་ཇི་བཞིན་མཛོད་ཅེས་སྨེངས། །རྒྱུའོ་དྲི་ལྡན་ཨུཏྤལ་ནགས་ཀླུང་ཆེར། །སྦྲང་རྩིས་མྱོས་པའི་རཿཡིག་གཉིས་པ་སྟེ། །སྙིང་སྡུག་ཁྱོད་ཀྱི་སོར་རྩེའི་ཆུ་གཏེར་དུ། །འཕྲིན་ཡིག་ངང་མོ་གཞོན་ནུ་དལ་གྱིས་དེངས། །ཞེས་པ་ལྟ་བུས་མཚོན་ཇི་ལྟར་རིགས་པ་དང་། ༈ །དེ་དག་གི་འབྱོར་ལན་གྱི་ཚེ། །ཁྱད་པར་ཀཏྤར་དབང་པོས་ཀུན་དང་། །དཔྱིད་དཔལ་ཡོངས་སུ་དར་བས་པདྨོ་བཞིན། །མཐོང་ན་སིམ་པ་བསྐྱེད་པའི་གཏམ་གྱི་དབྱངས། །ཡི་གེའི་གཟུགས་སུ་འཕོས་གང་སོན་པ་སྤྲོ། །ཞེས་སམ། གང་ཚེ་བློ་གྲོས་སྦྲང་རྩིའི་སྐྱེད་ཚལ་ནས། །རིངས་པར་ལྷག་པའི་འཕྲིན་ཡིག་གཞན་གསོས་མས། །སྙིང་ལ་འབབས་པའི་རྒྱུད་མངས་བརྡུངས་པ་ཡིས། །དོན་མཐུན་ཡིད་ལ་སྤྲོ་བ་ཅིར་ཡང་བྱིན། །ཞེས་སམ། བརྩེ་བའི་སེམས་ཀྱི་མཚོ་གླིང་ནས། །ལེགས་འོང་འཕྲིན་ཡིག་འདབ་དམར་གྱིས། །ཚིག་དོན་སྙན་པའི་སྒྲ་སྒྲོགས་བཞིན། །སོན་པས་སྤྲོ་དགའི་འཚོ་བ་བརྟས། །ཞེས་སོགས་སྦྱར་བར་བྱའོ། ༈ །གཞན་ཡང་དེ་དག་ལས་འཕྲོས་ཏེ་མི་ཡི་ཆོས་ལུགས་དང་མཐུན་པའི་འབེལ་གཏམ་བགྱིད་པར་སྤྲོ་ན། སྐབས་སུ་བབས་པའི་མཚམས། སླར་ཡང་མི་ཡི་ཆོས་ལུགས་ལེགས་སྤྱད་ན། །སུམ་རྩེན་གྲོང་ཁྱེར་ཉིད་དུ་མྱུར་འགྲོ་ཞིང་། །དེ་ལ་བརྟེན་ནས་ཐར་པའི་ཐེམ་སྐས་ལ། །རིམ་གྱིས་འཛེགས་སླད་བརྩེ་


JKT018_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཆིད་འདི་གསོལ། །གང་ཞིག་འཕེན་རྫོགས་དཀར་པོས་ཉེར་བསྐྱེད་པའི། །སྨྲ་ཤེས་དོན་གོ་དབང་པོ་ཚང་བ་མི། །ལུས་རྟེན་འདི་འདྲ་སྲིད་ན་རྙེད་དཀའ་བས། །རྣམ་པ་ཀུན་ཏུ་བདེ་རྒྱུ་ཁོ་ནར་བརྩོན། །དེ་ཡང་བསྔགས་འོས་ལས་ཀུན་བསོད་ནམས་ལས། །འགྲུབ་ཀྱི་སྟེས་དབང་ཁོ་ནས་མ་ཡིན་ཕྱིར། །དཀོན་མཆོག་མཆོད་དང་ཚོགས་ཆེན་གསོག་པ་སོགས། །ནམ་ཡང་མི་འདོར་སྙིང་ལ་རི་མོར་བྲིས། །མི་དགེ་བཅུ་སྤངས་ཆང་མི་འཐུང་བ་དང་། །འཚོ་བ་བཟང་དང་མི་འཚེ་གུས་པ་སྦྱིན། །མཆོད་འོས་མཆོད་དང་དམན་ལ་བྱམས་པ་སྟེ། །བཅུ་དྲུག་འདི་རྣམས་སྲོག་ལས་གཅེས་པར་སྲུངས། །ཇི་ལྟར་འབིགས་བྱེད་རི་བོའི་ནགས་ཚལ་དུ། །སྡོང་དུས་ཕལ་ཡང་ཙནྡན་ནུས་འཆང་ལྟར། །དམ་པ་བརྟེན་ཅིང་དེ་ཡི་རྗེས་སློབ་ན། །སྐྱེ་བོ་དམན་ཡང་དམ་པའི་སྤྱོད་པར་འགྱུར། །སྦྲུལ་གདུག་གདེངས་ཀའི་གྲིབ་མ་བསིལ་ཡབ་ཏུ། །སོ བསྟེན་ན་དུག་གིས་འཆིང་བའི་གནས་ཐོབ་བཞིན། །འགྲོགས་པ་ཙམ་ནས་སྨད་འོས་ལ་སྦྱར་བའི། །ངན་པའི་གྲོགས་ལས་ཐབས་ཀྱིས་རིང་དུ་བྱོལ། །མཐོ་རིས་ཡོན་ཏན་བདུན་གྱི་ཕྱི་མོ་ཡང་། །འཚོ་བ་རིང་བ་ཉིད་ལ་རགས་ལས་ན། །སྲོག་གི་འཇིགས་པ་སྐྱབས་སོགས་དེ་རྒྱུ་དང་། །རྣམ་པར་མ་གྱུར་གནས་པའི་ཐབས་ལ་འབད། །གལ་ཏེ་ལས་དང་རྐྱེན་གྱི་འཕེན་པ་ཡིས། །འདུ་བ་རྣལ་མར་གནས་ལས་ཕྱིར་


JKT018_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཚེ། །འཚོ་བྱེད་མཁས་པའི་ངག་བཞིན་བླང་དོར་དང་། །ཐབས་ཚུལ་རིམ་གྲོ་དུ་མས་དབུགས་འབྱིན་བྱ། །ཆུ་ཐིགས་བསགས་ལས་རྒྱ་མཚོ་འབྱུང་བ་ལྟར། །ཡོན་ཏན་ཕྲ་མོ་ནས་ཀྱང་འབད་བྱ་ཞིང་། །གཟུགས་མཛེས་སྐྱོན་གཅིག་ཁོ་ནས་སྐལ་ངན་བཞིན། ཚུལ་མིན་སྤྱོད་པ་ཕྲ་ཡང་རིང་དུ་དོར། །ཆོས་དང་སྲིད་ཀྱི་བྱ་བ་གང་ལའང་། །སྒྲིན་པོའི་བློ་ཡིས་བརྟག་ཅིང་དཔྱད་པ་ལས། །རང་དགར་ཉིད་དུ་རྟབ་རྟབ་འཇུག་པའམ། །གཞན་ཟེར་ཚིག་གི་རྗེས་སུ་འབྲང་བ་སྤང་། །ཡི་ངོར་བདེ་སྡུག་རྟོག་པ་གང་ཤར་ཀྱང་། །ཚིག་ཏུ་བརྗོད་ན་རང་མཚན་སྟོན་པའི་ཕྱིར། །དལ་གྱིས་བློ་ཡི་རྒྱ་མཚོར་བསྐྱིལ་བྱས་ནས། །སུས་ཀྱང་གཏིང་མི་དཔོགས་པའི་ངང་ཚུལ་བཟུང་། །མཐོ་ལ་འགྲན་དང་མཉམ་ལ་ཕྲག་དོག་དང་། །དམན་ལ་བརྙས་པའི་བསམ་སྦྱོར་རིང་སྤངས་ཏེ། །གུས་དང་དུལ་དང་བྱམས་པས་ཡིད་དྲངས་བཞིན། །རང་གི་འདོད་པ་གང་དེར་ཐབས་ཀྱིས་གཞུག །མ་བརྟགས་པར་ཡང་ཁ་ཚོན་བཅད་པ་དང་། །དགའ་སྡུག་སྟོན་ཀའི་སྤྲིན་ལས་མྱུར་བ་དང་། །མི་འགྲུབ་བྱ་བར་ཁས་ལེན་བགྱིད་པ་རྣམས། །མཐའ་མ་རང་གཞན་ཕུང་བའི་རྒྱུ་རུ་ཟད། ཁྱུ་མཆོག་ལྟ་བུར་རང་རྒྱུད་རིང་བ་དང་། །རི་དབང་ལྟ་བུར་རང་ཚུགས་ཟིན་པ་དང་། ཁས་བླངས་དམ་བཅའ་ཤི་ཡང་མི་འདོར་བའི། །དམ་པ་རྣམས་ཀྱི་སྤྱོད་ཚུལ་དེ་འདྲའོ། །ཕན་པ་བྱས་


JKT018_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟང་དྲིན་མི་བརྗེད་ཅིང་། །ལྟོས་བཅས་ཐམས་ཅད་ཤ་ཚས་རིང་དུ་བསྐྱང་། ཁྲེལ་དང་ཕྱི་ཐག་རིང་པོར་བསྲིངས་པ་ཡིས། །བསྔགས་འོས་ཡི་གེ་ཕྱོགས་ཀྱི་མཐར་ཡང་བརྗིད། ཁྱད་པར་ཉེ་དང་རིང་བ་གང་ལའང་། །ལྷག་བསམ་ཟླ་བ་ལྟ་བུར་དཀར་བ་ལས། །གནོད་པའི་ཚེར་མ་ཁོང་དུ་མི་བཟུང་བ། །ལུགས་གཉིས་ཀུན་གྱི་ནང་ནས་གནད་དུ་ཆེ། །རང་ལ་ངེས་པར་ལྟོས་པའི་ཡིད་གཅུགས་ལ། །བླང་དོར་ཤ་ཚའི་སྙིང་གཏམ་ཞིབ་འཆད་ཅིང་། །གནས་སྐབས་ནམ་ཡང་དྲང་པོའི་ངག་ཚིག་ནི། །བརྗོད་པ་ཉུང་ལ་མདོ་དོན་འདུས་པར་གླེང་། །མཁས་ཀྱང་གཞན་ལ་ཁྱད་གསོད་ང་རྒྱལ་དང་། །འབྱོར་ཡང་དྲེགས་དང་། །འཇུངས་པས་འཚིར་བ་དང་། །མཐོ་ཡང་ཁེངས་དང་གཡོ་སྒྱུའི་སྦྱོར་བ་ཡིས། །རང་གཞན་བསླུ་བའི་རྣམ་ཐར་རིང་དུ་སྤང་། །གནོད་ལ་འབྲོས་ཤིང་གནོད་པ་མེད་ལ་འཚེ། །ཕན་ལ་ཁྲོ་ཞིང་བྱམས་ལ་མི་བཟོད་པའི། །སྐྱེ་བོ་དེ་ནི་ཀུན་གྱི་ཐ་ཤལ་ཏེ། །རང་གཞན་གང་གི་ཕྱོགས་སུ་མཆིས་ཀྱང་འདོར། །སྙིང་ནས་རང་ལ་བློ་གཏད་བསླུ་བ་དང་། །ཆེད་དུ་བོར་དང་མནའ་ལ་མི་འཛེམ་དང་། །ངན་གཡོའི་སྦྱོར་བས་གསོད་པར་བརྩམ་པ་རྣམས། །སྲོག་ལ་བབས་ཀྱང་མི་བགྱིད་རི་མོར་བཟུང་། །བསླབ་ཀྱང་མི་གོ་བཅོས་ཀྱང་མི་འགྱུར་ཞིང་། །ངན་པའི་སྤྱོད་དང་གཏམ་ངན་ངོ་སོར་ཁྱེར། །སྙིང་གྲོས་ཡིན་ཡང་དགྲ་ལ་བསྐྱལ་བ་


JKT018_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །གང་ན་མཆིས་ཀྱང་རིང་དུ་བསྐྲད་པར་འོས། །སུ་དང་འགྲོགས་ཀྱང་མཛའ་ཆེས་འཁོན་ཆེས་སྤང་། །གང་དུ་ཕྱིན་ཀྱང་མ་བཅོལ་ཁུར་མི་བླངས། །དུས་གསུམ་ཀུན་ཏུ་འགྲོགས་ན་བདེ་བ་དེ། །རང་ཉིད་གཉའ་ཡང་གཞན་ངོར་མཛེས་པ་ལགས། །བདེ་སྡུག་བྱུང་འཕྲལ་བཞིན་གྱི་འགྱུར་ལྡོག་སྤང་། །དགྲ་བོ་ཡིན་ཡང་ཚིག་ངན་མཚོན་མི་འདེབས། །གནོད་ལན་གནོད་དང་ཕན་ལན་ཕན་བཏགས་ཀྱང་། །ཐབས་ཀྱིས་རིམ་པར་བྱ་ལས་དུས་གཅིག་མིན། །བདག་ཉིད་འཇུག་གམ་ཕ་རོལ་གཞུག་ཀྱང་རུང་། །ལེགས་པའི་ལམ་ལས་ཉེས་པར་མི་དཀྲི་ཤིང་། །གལ་ཏེ་སྟེས་དབང་ཁོ་ནས་ཉེས་གྱུར་ཀྱང་། །སྔོན་གྱི་ལས་སུ་སེམས་ལས་འགྱོད་པ་སྤང་། །རྫུན་དང་ཟོབ་དང་ནོར་ལ་སྲེད་པ་དང་། །ཉེ་རིང་ཡུལ་ལ་ཆགས་སྡང་བྱ་བ་བྲལ། །གཅིག་ཏུ་ཐར་ལམ་ཁོ་ན་སྟོན་མཁས་གང་། །འདི་ཕྱིའི་བློ་གཏད་བླ་མའི་འོས་སུ་ཆེ། །ཕྱི་ཐག་རིང་ཞིང་གསར་འགྲོགས་དབེན་པ་དང་། །གཞུང་བཟང་དཀྱེལ་ཆེ་ལས་ལ་ངོ་སོར་ལྡན། །རེ་བ་མི་ལྡོག་གསེར་ལྟར་མི་འགྱུར་བ། །ཚེ་འདིའི་བློ་གཏད་དཔོན་གྱི་འོས་སུ་ཆེ། །གཏམ་དང་ཟས་དང་བསླུ་བའི་རྗེས་མི་འབྲངས། །རྣམ་པ་ཀུན་ཏུ་ཕན་པ་འབའ་ཞིག་སེམས། །ལེགས་སྤེལ་ཉེས་འཆོས་སྐྱིད་སྡུག་གཅིག་པར་བལྟ། །མཛའ་གཞུང་རིང་བ་གང་དེ་གྲོགས་ཀྱི་འོས། །ཇི་ལྟར་བསྒོ་བའི་ལས་རྣམས་


JKT018_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་བསྒྲུབས་ཤིང་། །དེ་ཡང་གཅིག་ཏུ་བྱས་ཡུས་མི་འདྲེན་ལ། །རྫུན་དང་རྐུ་དང་གཡོ་སྒྱུའི་ཉེ་རིང་མེད། །དེ་འདྲ་གང་ཡིན་བྲན་གྱི་འོས་སུ་ཆེ། །མདོར་ན་ཡོན་ཏན་སྐྱོན་གྱི་དམིགས་འབྱེད་བཞིན། །བློ་ཁོག་ཡངས་ལ་བློ་རྩེ་བསྒྲིམས་པ་ཡིས། །བླང་དོར་ཁོ་ནས་རང་ཉིད་རྒྱལ་བ་སོགས། །ལུགས་ཀྱི་བསྟན་བཅོས་རྣམས་ལས་འབྱུང་བཞིན་སྤྱད། །དེ་ཡིས་གནས་སྐབས་ཚེ་འདིར་བདེ་བ་དང་། འབྱོར་དང་དཔལ་དང་བསྔགས་འོས་གནས་ཐོབ་ཅིང་། །ལྷ་མིའི་ལུས་རྟེན་བརྒྱུད་ནས་བླངས་པའི་མཐར། །བྱང་ཆུབ་དམ་པ་འཐོབ་བོ་གྲོགས་མཆོག་ཀྭ །ཞེས་པ་ལྟ་བུ་དང་། ༈ །དེ་བཞིན་དུ་ཆོས་ཀྱི་བག་ཆགས་དང་ལྡན་པའམ། ཐབས་ཀྱིས་དེར་གཞུག་པར་འོས་པ་སོགས་ལ་ཆོས་དང་མཐུན་པའི་འཕེལ་གཏམ་བགྱིད་པར་སྤྲོ་ནའང་། སྐབས་སུ་བབས་པའི་ཚེ་འདི་ལྟར་བསྙད་པར་བྱ་སྟེ། སླར་ཡང་སྡེ་སྣོད་རྒྱ་མཚོའི་སྤྲིན་ཆེན་ལས། །ལེགས་འོང་ཞི་བསིལ་བདུད་རྩིའི་སྙིང་པོ་ཡིས། །བླ་མེད་ཐར་པའི་སིམ་པ་སྟེར་བགྱིད་པའི། །དོན་ལྡན་གཏམ་གྱི་སྐྱེས་བཟང་འདི་སྐད་འབུལ། །རྣམ་མང་ལེགས་བྱས་ས་བོན་ལས་འཕོས་པའི། །དལ་རྟེན་ལྗོན་བཟང་འབྱོར་བཅུའི་མེ་ཏོག་ཅན། །འདི་འདྲ་བསྐལ་པ་རྒྱ་མཚོར་རྙེད་དཀའ་བས། །དོན་ལྡན་གེ་སར་དགོད་ལ་རིངས་པར་མཛོད། །ཕྱི་ནང་བརྟན་དང་གཡོ་བའི་ཆོས་ཁམས་ཀུན། །མཐའ་བཞིའི་ཕྱག་


JKT018_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དམ་ལ་བཞག་པའི་ཕྱིར། །སྐད་ཅིག་ཙམ་ཡང་རྟག་པ་མ་མཆིས་ན། །སྙོམ་ལས་ལེ་ལོའི་ཞགས་པ་རིང་དུ་ཁྲོལ། །དཀར་ནག་མི་གཡོའི་ལས་ཀྱི་ས་བོན་ལས། །བདེ་སྡུག་བར་མའི་འབྲས་བུ་བསླུ་མེད་ཕྱིར། །རྣམ་པ་ཀུན་ཏུ་དགེ་སྡིག་བླང་དོར་ལ། །འབད་འདི་འདུན་མ་ཀུན་གྱི་ཡང་རྩེ་ཡིན། །དེ་ཡང་ངན་སོང་གསུམ་གྱི་སྡུག་བསྔལ་ལ། །འཇིགས་ནས་དེ་ཡི་ཉེར་ལེན་སྤོང་བྱེད་ཅིང་། །ཕྱི་མ་ལྷ་མིའི་གོ་འཕང་དོན་གཉེར་བ། །མངོན་མཐོ་སྒྲུབ་བྱེད་སྐྱེས་བུ་ཆུང་ངུའི་ལམ། །སྲིད་པའི་གནས་ཀུན་མེ་འོབས་ལྟར་མཐོང་སྟེ། །རང་ཉིད་ཁོ་ནའི་ཞི་བདེ་དོན་གཉེར་བས། །ངེས་འབྱུང་དྲག་པོའི་བསླབ་ལ་འབད་པ་གང་། །ཐར་པ་སྒྲུབ་བྱེད་སྐྱེས་བུ་འབྲིང་གི་ལམ། །ཁྱད་པར་སྐྱེ་ཀུན་དྲིན་གྱིས་བསྐྱངས་པ་ཡི། །འགྲོ་བ་མཐའ་དག་སྒྲོལ་བའི་ཁུར་ཁྱེར་ནས། །བྱང་ཆུབ་སེམས་དཔའི་སྤྱོད་ལ་འབད་པ་གང་། །རྣམ་མཁྱེན་སྒྲུབ་བྱེད་སྐྱེས་བུ་ཆེན་པོའི་ལམ། །དེ་ཕྱིར་ཕྱི་མའི་ཚུལ་ལ་བློ་སྦྱངས་ནས། །མཐུན་པའི་ཡུལ་གནས་དགེ་བའི་བཤེས་གཉེན་བརྟེན། །བདག་ཉིད་ལེགས་སྨོན་བསོད་ནམས་བསགས་བགྱིད་པའི། །འཁོར་ལོ་ཆེན་པོ་བཞི་ཡི་འཇུག་པ་བཟུང་། །གང་ལ་བརྟེན་ནས་ནམ་ཡང་མི་བསླུ་བའི། །དཀོན་མཆོག་གསུམ་ཞེས་གྲགས་པའི་གདུགས་དཀར་པོ། །དུས་གསུམ་སྐྱབས་ཀྱི་མཆོག་ཏུ་བསྙེན་བྱས་ནས། །


JKT018_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བླང་བསླབ་བྱའི་གནས་ལ་འབད་པས་བསྒྲིམ། །ཚད་མེད་རྣམ་བཞིའི་ཟླ་འོད་ཀྱིས་བརླན་པས། །ཕྱིན་དྲུག་ཀུནྡའི་འཇོ་སྒེག་དར་བབ་ཅིང་། །དེ་མཐུས་ས་བཅུ་ལམ་ལྔའི་ཀེ་ས་རཿ །མི་རིང་དར་བའི་ངང་ཚུལ་ལྷུར་ལེན་མཛོད། །དེ་ཡང་གཏོང་ལ་སྤྲོ་བའི་སེམས་དགེ་བས། ལན་དང་རྣམ་པར་སྨིན་ལ་མི་རེ་བར། །ཆོས་ནོར་མི་འཇིགས་སྦྱིན་པའི་ར་བ་རུ། །མཐའ་ཀླས་ཡིད་ཅན་དབུགས་རབ་འབྱིན་པར་བྱ། །སྒོ་གསུམ་ཉེས་པར་སྤྱོད་པའི་འདམ་རྫབ་ཀུན། །དགེ་ཆོས་ཡོངས་སུ་སྡུད་པས་དག་བྱས་ཏེ། །གཞན་ལ་ཕན་བདེའི་བསིལ་བ་སྟེར་མཁས་པའི། །དྲི་མེད་ཚུལ་ཁྲིམས་ཆུ་ཡིས་སྙིང་རབ་བརླན། །ཇི་ལྟར་བདག་ལ་གནོད་པའི་ལས་བྱེད་ཀྱང་། །ཡིད་ཀྱི་དབང་པོ་ནམ་ཡང་མི་འཁྲུག་ཅིང་། །ཆོས་ཕྱིར་དཀའ་བ་སྤྱད་ལ་བཟོད་པ་དང་། །ཟབ་མོའི་དོན་ལ་མི་སྐྲག་གོ་ཆ་བགོ །ཕུལ་བྱུང་ལྷག་པའི་བསམ་པས་ཉེར་དྲངས་ཏེ། །སེམས་ཅན་དོན་ལ་ངལ་བ་མི་བརྟེན་བཞིན། །བྱང་ཆུབ་སྤྱོད་ལ་སྤྲོ་བའི་བརྩོན་འགྲུས་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་གཅིག་ཏུ་ངེས། །ཞི་ལྷག་ཟུང་འབྲེལ་བསམ་གཏན་ལ་གོམས་པས། །ལུས་སེམས་ཤིན་སྦྱངས་བདེ་བར་ངལ་འཚོ་ཞིང་། །རྨད་བྱུང་ཡོན་ཏན་རིམ་གྱིས་རྫོགས་པའི་མཐུས། །མངོན་པར་ཤེས་པས་ཕ་རོལ་སྒྲོལ་བར་འོས། །དྲི་མེད་ཐོས་བསམ་སྒོམ་པའི་རི་དབང་གིས། །ཟབ་ཅིང་རྒྱ་ཆེའི་ཆོས་


JKT018_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཆུ་ཡི་གཏེར། །བསྲུབས་སྐྱེས་མཐར་ལྟའི་མུན་པ་རིང་བཅད་པའི། །ཤེས་རབ་ཕ་རོལ་ཕྱིན་པའི་ཉིན་བྱེད་བསྟེན། །མདོར་ན་ལམ་དུས་ཚོགས་གཉིས་ཀྱིས་མཚོན་པའི། །ལེགས་སྤྱད་གང་ཡང་དངོས་པོར་མི་ཞེན་པར། །མཉམ་གཞག་མཁའ་ལྟར་དག་པའི་སྟོང་ཉིད་དང་། །རྗེས་ཐོབ་སྒྱུ་མའི་ཚུལ་གྱིས་ཉམས་སུ་བླང་། མཐར་གྱིས་ཇི་ལྟར་བསགས་པའི་རྣམ་དཀར་ཀུན། །བྱང་ཆུབ་མཆོག་གི་རྒྱུ་རུ་བསྔོས་བྱས་ན། །ཆུ་ཐིགས་རྒྱ་མཚོར་འབབས་ཤིང་གཞོལ་བ་ལྟར། །བསོད་ནམས་མཐའ་ཀླས་འཕེལ་ཞིང་ཟད་པ་མེད། །དེ་ལྟར་ཚོགས་སྦྱོར་མཐོང་སྒོམ་རྣམ་པ་བཞིར། །སློབ་པའི་ཡོན་ཏན་རིམ་གྱིས་རྫོགས་པ་ལས། གྲངས་མེད་གསུམ་སོགས་དབང་པོའི་རྗེས་མཐུན་པར། །མི་གནས་མྱ་ངན་འདས་པ་འཐོབ་པོ་ཀྱེ། །ཞེས་པ་ལྟ་བུས་མཚོན་ཁམས་དབང་བསམ་པའི་རིམ་པ་དང་རྗེས་སུ་མཐུན་པར་ལུགས་གཉིས་ཀྱི་བླང་དོར་མ་ནོར་བའི་སྒོ་ནས་ཕན་གདགས་པའི་ཐབས་ལ་མཁས་པར་བྱའོ། །དེ་དག་གང་ཡང་རུང་བའི་ཐོག་མར་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་སྦྱོར་བར་སྤྲོ་ནའང་འདི་ལྟ་སྟེ། ཨོཾ་སྭསྟི་པྲ་ཛ་བྷུ བྲལ་སྨིན་ཡོན་ཏན་རྒྱ་མཚོའི་སྣོད་གྱུར་མཚན་དཔེའི་འཇོ་སྒེག་རྫོགས་པའི་སྐུ། །སྒྲིབ་གཉིས་རྒྱུར་བཅས་ཟད་པར་སྤོང་བྱེད་ཞི་བསིལ་ཆོས་ཕུང་བརྒྱད་ཁྲིའི་གསུང་། །རྟག་ཆད་སྤྲོས་པའི་ཕྱོགས་དང་མི་མཛའ་ཟབ་ཞི་སྤྲོས་


JKT018_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་དབུ་མའི་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོར་བསྔགས་འོས་རྫོགས་སངས་རྒྱས་དེས་ཁྱོད་ལ་སྲུངས། །རྗོད་བྱེད་ངག་ཚིག་དྲི་མ་མེད་པ་སྡེ་སྣོད་གསུམ་གྱི་ཨུཏྤ་ལས། །བརྗོད་བྱ་བསླབ་གསུམ་འབྲས་བཟང་འབྱིན་དེས་ཐར་པ་དམ་པའི་ཟིལ་དངར་གྱིས། །བརྗོད་དོན་ཁམས་གསུམ་ཉོན་མོངས་གདུང་སེལ་ཟག་བྲལ་ལམ་གྱི་མངོན་རྟོགས་ཅན། །བརྗོད་ཚུལ་ཐོག་མཐའ་བར་གསུམ་དགེ་བ་དམ་པའི་ཆོས་ཀྱིས་ཤིས་པར་མཛོད། །རྒྱལ་གསུང་བདུད་རྩིས་རབ་ཏུ་བརླན་ལས་བློ་གྲོས་པུཏྟཱ་རི་ཀའི་འཛུམ། །རིག་གྲོལ་ཡོན་ཏན་བརྒྱད་ཀྱི་མཚར་སྡུག་ཕ་མཐའ་ཡས་པར་གཡོ་བ་ཡང་། །ཉེས་བར་སྤྱོད་པའི་རྡུལ་ལས་རིང་འདས་གཞན་ཕན་ཁོ་ནར་རབ་ཆགས་པའི། །བྱང་ཆུབ་སེམས་དཔའི་དགེ་འདུན་ཚོགས་ཀྱིས་ཤིས་པའི་མེ་ཏོག་ཆར་དུ་བསྙིལ། །ཞེས་སམ། ཨོཾ་སྭསྟི་སིདྡྷཾ། རྨད་བྱུང་གཞན་ཕན་སྤྱོད་པའི་གོམ་སྟབས་ནི། །གྲངས་མེད་བསྐལ་པ་རྒྱ་མཚོར་བསྒྱུར་བ་ལས། །བྱང་ཆུབ་སྙིང་པོའི་ཕ་མཐར་སོན་གྱུར་པའི། །སྟོན་པ་རྫོགས་སངས་རྒྱས་དེས་ཁྱོད་ལ་སྲུངས། །གང་གསུང་མ་ལ་ཡ་ཡི་ནགས་ཚལ་ལས། །ལེགས་འོང་ཐེག་གསུམ་རླུང་གཞོན་དལ་འབབས་པས། །བསྐལ་བཟང་ཐར་འདོད་སྙིང་ལ་སིམ་སྟེར་བའི། །དམ་ཆོས་བདུད་རྩིའི་ཆོ་གས་དགེ་བར་མཛོད། །བག་མེད་འགོགས་པའི་ས་བོན་ལས་འཕོས་པའི། །ཐོས་བསམ་


JKT018_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་སྡུག་རབ་འབར་ཨུ་དུམྦར། །སྒོམ་སྤངས་འབྲས་བུའི་ཁུར་གྱིས་ཉེར་དུད་པ། །རིག་གྲོལ་དགེ་འདུན་ཚོགས་ཀྱིས་ཤིས་པ་སྒྲུབས། །ཞེས་སམ། ཨོཾ་སྭ་སྟི། བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱི། །ཆུ་གཏེར་ཆེན་པོ་བསྲུབས་པའི་ཕུལ། །ཁྲལ་སྨིན་ཆ་ཤས་གང་བའི་ཟླ། །རྫོགས་སངས་རྒྱས་དེས་དགེ་ལེགས་སྩོལ། །གང་གསུང་ཞི་བསིལ་བདུད་རྩིའི་རླབས། །སྐལ་བཟང་སུ་ཞིག་བགོ་སྐལ་དུ། །ཐོབ་ལས་གཏན་བདེའི་བཅུད་སྦྱིན་པ། །དམ་པའི་ཆོས་ཀྱིས་ཤིས་པར་མཛོད། །བསྔགས་འོས་ཡོན་ཏན་བཉྫལ། །བསླབ་གསུམ་མཛེས་མའི་སོར་རྩེ་ཡིས། །བསྣུན་ལས་ཕན་བདེའི་འཛུམ་དམུལ་བ། །དགེ་འདུན་འདུས་པས་ཁྱོད་ལ་སྲུངས། །ཞེས་སམ། ཨོཾ་སྭ་སྟི་བི་ཛ་ཡནྟུ། གང་ཞིག་སྐྱབས་སུ་བསྟེན་པ་ཙམ་ནས་མི་ཕྱེད་ཐུགས་རྗེའི་བདུད་རྩིའི་སྤྲིན། །དགེ་ལེགས་རྟག་པའི་དཔྱིད་དུ་འཇོ་བས་སྐལ་བཟང་ལུས་ཅན་མདོངས་མཐའི་ཚོགས། །དད་གསུམ་ཟློས་གར་གསར་དུ་བསྒྱུར་བཞིན་དོན་གཉིས་མངལ་ཁུར་སྟུག་པོ་ཡིས། །ཉེ་བར་ལྕི་བའི་སྙིང་པོ་ལ་སྦྱོར་མཆོག་གསུམ་རྒྱ་མཚོར་ཁྱོད་ལ་སྲུངས། །ཞེས་སམ། ཤྲཱི་བི་ཛ་ཡནྟུ། །འདི་ན་མཚན་ཙམ་ཐོས་པའི་ཟླ་གཞོན་གྱིས། །ཕན་བདེའི་ཀུན་འཛུམ་དཀར་གཡོ་བ་ལ། །དཀོན་མཆོག་གསུམ་ཞེས་གྲགས་པའི་སྣང་བ་དེས། །རྣམ་ཀུན་ཤིས་པའི་བསིལ་བ་སྦྱིན་གྱུར་ཅིག །


JKT018_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སམ། སུ་ཤེ་ཡསྐུ། །གང་གིས་གཙུག་ཏུ་བསྙེན་པའི་མོད། །འཁོར་བའི་འཇིགས་པ་ཡོངས་འཕྲོགས་ནས། །ཐར་པའི་གོ་སར་དབུགས་དབྱུང་བའི། །སྐྱབས་གནས་གསུམ་གྱིས་ཤིས་པ་སྩོལ། །ཞེས་སམ། །ཐིམཱི་གུ་རུ་ཎཱ་ཤེ་ཡོ་བྷ་བནྟུ། །རྨད་བྱུང་བྱིན་རླབས་ག་བུར་ཐིགས་པའི་རྒྱུན། །རེག་པས་བསྐལ་བར་བསྒྲུབས་འོས་ལྷན་སྐྱེས་ཀྱི། །ཡེ་ཤེས་ཆེན་པོའི་སིམ་པ་མཆོག་སྟེར་བ། །ཁྱབ་བདག་དཔལ་ལྡན་བླ་མས་ཁྱོད་ལ་སྲུངས། ཞེས་སམ། ཨ་མཱ་ར་ནཱ་ཐེཀ་ལྱཱ་ཎཾ་ཀུནྡནྟུ། རྡུལ་བྲལ་སོ་སོར་རྟོག་པའི་འཇོ་སྒེག་ནི། །རབ་དམར་མཚན་དཔེའི་ཕུང་པོ་དང་འགྲོགས་ཕྱིར། །དྲན་པས་རིང་འཚོའི་དཔལ་སྟེར་ལྷག་པའི་ལྷས། ཁྱོད་ལ་རྣམ་ཀུན་འཆི་མེད་སྦྱིན་གྱུར་ཅིག །ཞེས་སམ། ཤྲཱི་བི་ཛི་བནྟུ། གང་གི་མཚན་གྱི་རྒྱལ་རྔ་བརྡུངས་ཙམ་ནས། །དུས་མིན་འཆི་བའི་རྒུད་པ་དྲུངས་ཕྱུང་སྟེ། །འཕོ་མེད་རྟག་པའི་གོ་འཕང་ལ་སྦྱོར་བའི། །རྗེ་བཙུན་ཡིད་བཞིན་འཁོར་ལོས་ཤིས་པར་མཛོད། །ཞེས་སམ། ཨོཾ་སྭ་སྟི་ཛ་ཡནྟུ། མཐའ་ཀླས་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །ཐུན་མཚམས་སྤྲིན་གྱི་ལང་ཚོ་ལ་ཆགས་པའི། །འཇམ་མགོན་མཁྱེན་པའི་ཟླ་ཤེལ་གསར་པ་དེས། །བློ་མཆོག་ཆུ་གཏེར་འཕེལ་བའི་ཤིས་པ་སྒྲུབས། །ཞེས་སམ། ཤྲཱི་ཀ་ལྱཱཎ་མསྟུ། གང་གི་ཐུགས་རྗེའི་ཉི་གཞོན་གཡོ་བའི་རླབས། །མོས་ལྡན་ཡིད་མཁར་ཤར་བའི་


JKT018_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མ་ཐག །རྣམ་དཔྱོད་པདྨའི་ནགས་ཀླུང་དར་བབས་པའི། ངག་དབང་མཚོ་བྱུང་ལྷ་མོས་ཁྱོད་ལ་སྲུངས། །ཞེས་སམ། ན་མོརླཏཱངྒེ། གང་ཞབས་ལན་གཅིག་དྲན་པའི་མདུན་ས་རུ། །བརྒྱད་གཉིས་འཇིགས་པས་ཉེན་པའི་འགྲོ་བ་ཀུན། །ཕན་དང་བདེ་བའི་དབུགས་འབྱིན་སྟེར་མཁས་པ། །རྗེ་བཙུན་མྱུར་མ་དཔའ་མོས་མཆོག་སྦྱིན་མཛོད། །ཞེས་སམ། ཤྲཱི་ཛ་ཡནྟུ། རྗེས་ཆགས་དབང་གི་མཆིལ་པས་བཏབ་ཙམ་གྱིས། ཁམས་གསུམ་སྐྱེ་རྒུའི་བརྟན་པ་འཕྲོག་བྱེད་པའི། །རིགས་བྱེད་ཌཱ་ཀིའི་ཐུགས་རྗེའི་ཨུཏྤ་ལས། །སྡེ་བཞིའི་བུང་བ་འདུ་བའི་དགའ་སྟོན་སྒྲུབས། །ཞེས་སམ། ཤྲཱི་བཛྲ་དྷརྨཱ་པཱ་ལ་ལེ་རཀྵནྟུ། གང་ཞིག་སྐད་ཅིག་དྲན་པའི་ཡེ་ཤེས་མེས། །མ་ལུས་བདུད་སྡེའི་བུད་ཤིང་ཀུན་བསྲེགས་ནས། །ཕུན་ཚོགས་ཤིས་པའི་སྣང་བ་སྦྱིན་མཛད་པ། །རྡོ་རྗེའི་ཆོས་སྲུང་ཚོགས་ཀྱིས་ཁྱོད་ལ་སྐྱོངས། །ཞེས་སམ། ཤྲཱི་སུ་ཤུ་བྷ་བནྟནྟུ། གསེར་རི་གུར་གུམ་ཚོན་གྱིས་སྒེག་པའམ། །གནོད་གནས་གཙུག་གིས་བསྟེན་པའི་དབང་པོ་གང་། །འགྲོ་ལ་འདོད་རྒུའི་བྱེད་པ་པོར་ངེས་ཕྱིར། །དལ་བསོས་བུ་ཡི་འབྱོར་པ་ཆར་དུ་བསྙིལ། །ཞེས་པ་ལྟ་བུས་མཚོན་ཇི་ལྟར་སྐབས་སུ་བབས་པ་དང་། གཞན་ཡང་མཁས་པ་དང་། བཙུན་པ་དང་། འཇིག་རྟེན་གྱི་འབྱོར་པས་མངོན་པར་མཐོ་བའི་རིགས་ཅན་དག་ལ་དམིགས་བསལ་གྱི་ཤིས་བརྗོད་རྒྱས།


JKT018_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྦྱོར་བར་འདོད་ནའང་འདི་ལྟར་སྦྱར་བར་བྱ་སྟེ། །སརྦ་ཛྷཱ་སུ་ཐེ་ཡོ་བྷ་བནྟུ། །རྨད་བྱུང་མཚན་སྙན་ནོར་བུའི་དོ་ཤལ་མཆོག །སྣ་ལུང་དཔྱངས་པའི་མོད་ནས་རིག་པའི་གཞུང་། །མཐའ་ཀླས་འབྱོར་པའི་བ། །འཇམ་མགོན་སྨྲ་བའི་ཉི་མས་ཤིས་པ་སྩོལ། གང་གི་ཐུགས་རྗེའི་འོད་རྡུལ་གསར་པ་ཡིས། ཁྱོད་བློའི་གསེར་གྱི་པདོ་འཛུམ་པའི་ཁ། །ཕྱེ་ལས་མཁྱེན་གཉིས་ཟིལ་མངར་རྟག་འབབས་བཞིན། །བློ་གསལ་རྒྱ་མཚོའི་དཔྱིད་དུ་འབར་གྱུར་ཅིག །དེ་ཡང་སྲིད་ཞིའི་ཉམས་འགྱུར་རྣམ་མང་བཟོ། །སྒོ་གསུམ་ནོར་བུའི་བ་གམ་ལ་འཕོས་པས། །ལས་སྣ་ཚོགས་པའི་ཁེངས་པ་བསྙིལ་བྱེད་ཅིང་། །ལྷར་ཟློ བཅས་ཡི་ག་དབང་མེད་འགུགས་གྱུར་ཅིག །རྣམ་འགྱུར་གདུང་བས་གཞུར་བའི་སྐྱེ་བོ་ཀུན། །རིང་དུ་གནས་པའི་ཐབས་ཚུལ་བདུད་རྩིའི་ཆར། །ཉེར་བཟུང་ཡན་ལག་བརྒྱད་ལྡན་གསོ་བའི་སྤྲིན། །རྣམ་དཔྱོད་མ་དྲོས་འཛིང་ནས་སྤྲོ་གྱུར་ཅིག །རང་བཞིན་རྣམ་མང་ཁམས་ཀྱི་ཏམྦུ་རཿ མཐའ་ཀླས་རྐྱེན་གྱི་སོར་རྩེས་བསྣུན་པ་ལས། །མིང་དང་ཚིག་གི་སྙན་འགྱུར་སྟོང་འཁྲོལ་བས། །གཟུར་གནས་རྣ་བའི་བཅུད་དུ་འཇོ་བར་ཤོག །རྟོག་གེའི་ཚིག་དོན་བརྒྱད་གཉིས་རྡོ་རྗེའི་མཚོན། །གདེངས་པ་ཙམ་གྱིས་ཕས་རྒོལ་རི་བོའི་རྐང་། །འཇོམས་ཤིང་རང་སྡེའི་གྲུབ་མཐའི་ལེགས་བྲིས་ཚལ། །སྐྱོང་མཁས་འཆི་མེད་དབང་པོར་གསལ་གྱུར་


JKT018_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག ཁྱད་པར་ཐེག་གསུམ་ཨུཏྤལ་གཞོན་ནུའི་ཁོངས། །གསང་རྒྱུད་རྒྱ་མཚོའི་འབྲས་བཟང་གིས་དུད་པ། །ཡོངས་རྫོགས་བསྟན་པའི་དཔྱིད་དཔལ་ཉམས་དགའ་བར། །རང་ཉིད་ཀུན་མཁྱེན་དགའ་བས་རྩེན་པར་ཤོག །བསྒྱུར་བགོད་འབྲི་བསྣན་རི་མོའི་སྒྱུ་ཐབས་ཀྱིས། །ཕྱི་རོལ་དུས་ཀྱི་འཁོར་ལོའི་རྣམ་གཞག་གང་། །ཡུད་ཀྱིས་རྟོགས་པའི་ངོ་མཚར་སྨིག་སྨན་གྱིས། །འགྲོ་འདིའི་ལེགས་ཉེས་དམིགས་བུ་གསལ་གྱུར་ཅིག །ཤར་ལྷོའི་ལམ་དང་སྒྲ་དོན་གབ་ཚིག་རྒྱན། །ཇི་བཞིན་འབྱེད་ཅིང་སྨྲ་ལ་མཚུངས་མེད་ངག །མཚོ་བྱུང་མགྲིན་པར་ལྷག་པའི་མཐུས་བསྐུལ་ཏེ། །དཔལ་ལྡན་དཎྜིའི་སྤུན་ཟླར་འཛེགས་པར་ཤོག །ལྕི་དང་ཡང་པའི་ཡི་གེའི་མེ་ཏོག་ནི། །བྲྀཏྟ་ཛཱ་ཏིའི་འཁྲི་ཤིང་ལ་བཀོད་པར། །རྨད་བྱུང་ངོ་མཚར་སྦྱོར་བའི་མཚར་སྡུག་གིས། རིན་འབྱུང་ཞི་བའི་མཛེས་པ་བཟུང་གྱུར་ཅིག །གཟོད་ནས་གྲུབ་དང་གློ་བུར་ལེགས་སྦྱར་བའི། །དོན་དང་མིང་གི་མངོན་པར་བརྗོད་པའི་མཐའ། །རྫོགས་པར་གཟིགས་ལ་འཆི་མེད་སེངྒེའི་ཞབས། །སླར་ཡང་འོངས་པའི་དགའ་བས་སྙོམས་པར་ཤོག །སྔོན་བྱུང་གཏམ་གྱི་གླེང་རྩ གཞི་ལས་བརྩམས་ཏེ། །མཐའ་ཀླས་གཟུགས་དང་སྐད་ཀྱི་རྣམ་འགྱུར་ཚོགས། །མ་འདྲེས་ཟློས་པའི་གར་དུ་རོལ་པ་ཡིས། །དོན་མཐུན་ཡིད་ལ་སིམ་པ་སྟེར་གྱུར་ཅིག །མདོར་ན་རྣམ་མཁྱེན་ཡེ་ཤེས་མཆོག་


JKT018_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གང་གིས་སྦྱོར་བའི་ཉེ་རྒྱུ་ནི། །ཕྱི་ནང་རིག་པའི་ལམ་བཟང་ཉིད་དེ་དེ་དེའི་ཚུལ་ལ་འཆད་པ་དང་། །རྩོད་ཅིང་རྩོམ་པའི་ཤིས་པ་བསྒྲུབས་པས་སྙིགས་མའི་རྒུད་པ་དྲུངས་ཕྱུངས་ཏེ། །ཕུན་ཚོགས་མཁས་བརྒྱའི་རྫོགས་ལྡན་གསར་པའི་དགེ་ལེགས་སྣང་བ་འབར་བར་ཤོག །ཞེས་དང་། ཨོཾ་སྭསྟི་སིདྡྷི་རསྟུ། ཡིད་ཅན་སུ་ཞིག་སྐྱབས་སུ་དོང་བ་ལས། །རྨད་བྱུང་དགེ་མཚན་སྣུམ་པོའི་གྲིབ་མ་རུ། །ཕན་བདེའི་དབུགས་འབྱིན་སྩོལ་བའི་གདུགས་དཀར་པོ། །མཆོག་གསུམ་ཐུགས་རྗེའི་བསིལ་བས་ཁྱོད་ལ་སྲུངས། །ཐུན་མོང་རིག་པའི་ཆུ་གཏེར་གཏིང་ཡངས་པར། །བློ་མཆོག་གསེར་ཉ་གཡོ་བའི་ཟློས་གར་གྱིས། །ཀུན་རྨོངས་ཚ་གདུང་སྟུག་པོ་རིང་བཅིལ་ནས། །མཁས་ཚུལ་གསུམ་གྱི་སིམ་པས་སྙིང་བརླན་ཤོག །གང་ལ་རེག་ན་སྲིད་ཞིའི་ཕུན་ཚོགས་ཀུན། །འབད་མེད་ལྷུག་པར་སྩོལ་བ་ནོར་གྱི་བུས། །མཚོན་མིན་སྡེ་༢ ་སྣོད་རྒྱ་མཚོའི་བུམ་པ་བཟང་། བདག་གིར་བགྱི་པའི་དམ་བཅའ་འཛིན་གྱུར་ཅིག །བག་མེད་འགོག་པའི་དཔྱིད་ཀས་ཉེར་དྲངས་པའི། །བརྟན་མཁས་ཡོན་ཏན་ཡོངས་རྫོགས་པདྨ་དཀར། །རིག་དང་གྲོལ་བའི་མཚར་སྡུག་གཡོ་བ་ཡིས། །བསླབ་གཞིའི་སྨན་ལྗོངས་ཉམས་དགར་མཛེས་པར་ཤོག །གཞན་ཕན་ཡིད་བཞིན་མཚོ་ནས་ཉེར་འཐོན་པའི། །སྨོན་འཇུག་རི་མོ་གཡས་སུ་འཁྱིལ་པའི་དུང་། །མཐའ་ཀླས་ཐ་


JKT018_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་ཉེར་འཚོར་རབ་བསྐུལ་བས། །སྒྲིབ་གཉིས་རིམས་ནད་རྒྱུ་བ་གཅོད་གྱུར་ཅིག །འཕགས་ལམ་ངེས་གསང་རིག་འཛིན་སྡེ་སྣོད་ཆེའི། །སྨིན་དང་གྲོལ་བའི་བདུད་རྩིའི་ཟིལ་དངར་མཆོག །ཐུགས་ཀྱི་དཔཝེར་སིམ་པའི་དེ་མ་ཐག །གྲུབ་གཉིས་ལང་ཚོ་ཅི་ཡང་འབར་བར་ཤོག །མདོར་ན་བསླབ་གསུམ་གོ་ཆ་བརྟན་པ་ལ། །ཡིད་སྲུབས་དཔུང་གིས་ནམ་ཡང་མི་བརྫི་བར། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་གྱིས། །བྱང་ཆུབ་སྙིང་པོའི་ཐིག་ལེར་གཤེགས་གྱུར་ཅིག དེ་ལྟར་ཤིས་པའི་གསེར་འཁོར་སྔོན་འགྲོ་བས། །ཡོངས་རྫོགས་བསྟན་པའི་རི་གླིང་ཐ་གྲུ་ཀུན། །དབང་བསྒྱུར་ལྷར་བཅས་བསྔགས་འོས་རྒྱལ་ཐབས་ལ། །འཛེགས་པའི་གྲགས་སྙན་སྲིད་ན་མཐོ་བར་ཤོག །ཅེས་དང་། སརྦ་དཱ་ཀ་ལྱཱ་ཎཾ་ཀུརྦནྡྷ། ཕུན་ཚོགས་ཤིས་རྒུའི་མེ་ཏོག་དཀར་པོའི་སྤྲིན། །གང་ལ་འཐོར་བ་ཙམ་གྱིས་སྐད་ཅིག་ལ། །རྨད་བྱུང་མཐོ་རིས་ཡོན་ཏན་གསར་པའི་གཟིས། །ཕན་བདེའི་དགའ་སྟོན་མངོན་པར་དར་གྱུར་ཅིག །ཆེན་པོའི་མཐོ་རིས་ཀྱི་ཡོན་ཏན་བདུན་དང་རྒྱལ་སྲིད་སྣ་བདུན་སྦྱར་བའི་ཤིས་བརྗོད་དོ། །རིགས་ཀྱི་མ་དྲོས་ཆུ་འཛིངས་ལས། །བྱུང་བའི་ཛམྦུ་ནཱ་དའི་རང་བཞིན་གྱིས། །ལེགས་པར་བསྐྲུན་པའི་རྩིབས་སྟོང་འཁོར་ལོ་ཡིས། །དགེ་མཚན་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་ཤོག །མཐོང་ན་སྙིང་དང་མིག་ལ་བདུད་རྩིའི་རོ། །སྦྱིན་མཁས་ནོར་བུའི་རེག་བྱ་དང་མཚུངས་པའི། །ལང་ཚོའི་གཟི་


JKT018_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ཉམས་པ་མེད་པའི་གཟུགས། །རྒ་ན་རྒུད་པའི་ཡུལ་ལས་གྲོལ་གྱུར་ཅིག །ཟབ་མྱུར་གསལ་བའི་ཤེས་རབ་མཐའ་ཀླས་ཀྱི། །མཚར་སྡུག་ཉམས་འགྱུར་རྒྱགས་པའི་ཟུར་མིག་གིས། །ཆོས་དང་སྲིད་ཀྱི་མཛའ་བོ་འགུགས་མཁས་པས། །བཙུན་མོ་རིན་ཆེན་དམ་པའི་དཔལ་བཟུང་ཤོག །གནོད་གནས་དབང་པོའི་སྤུན་ཟླ་ལ་ཆགས་པའི། །མི་ཟད་འདོད་རྒུའི་གན་མཛོད་འཛིན་པ་ལ། །ཟླ་མེད་ཁྱིམ་བདག་མཆོག་གི་སྙེམས་འཆང་བ། །རང་གཞན་འབྱོར་བའི་དུས་སྟོན་རྒྱས་གྱུར་ཅིག །ནད་མེདུ་འཚོ་བའི་ཐབས་ཚུལ་པད་རྩ་ཡིས། །དལ་རྟེན་ཤ་ཚུགས་རྒྱས་པའི་གཉིས་འཐུང་དབང་། །ལེགས་སྤྱད་གསེར་གྱི་དྲ་བས་གདོང་མཛེས་བཞིན། །ཕན་བདེའི་དགའ་ཚལ་སྟུག་པོར་དཀྱུ་བར་ཤོག །དབང་བཅུའི་རྗེས་མཐུན་དཔལ་གྱིས་རབ་ཕྱུག་པའི། །གོམ་སྟབས་ལྷོད་པོར་གཡོ་བའི་ཅང་ཤེས་མཆོག །བསོད་ནམས་རིན་ཆེན་ཕྲག་བརྒྱས་ཡོངས་གཏམས་པ། །བསྔགས་འོས་ཤུལ་ལམ་དམ་པར་འཇུག་གྱུར་ཅིག །མདོར་ན་མཆོག་གསུམ་ཐུགས་རྗེའི་དཔུང་པ་ཡིས། །དུས་མིན་ཉི་བུའི་གཡུལ་ངོ་ཕམ་བྱས་ཏེ། །ཚེ་སྲོག་རིང་འཚོའི་མདུད་པ་མི་ཕྱེད་བཞིན། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་ཤོག །ཅེས་པ་ལྟ་བུས་མཚོན་སྐབས་སུ་གང་འོས་སྦྱར་རོ། །དེ་ལྟར་དམིགས་


JKT018_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་དང་སྤྱིར་བཏང་གི་ཡུལ་མཆོག་འབྲིང་ཕལ་པ་རྣམས་ལ་རྐང་བཞིའི་ཚིགས་སུ་བཅད་པ་གཙོ་བོར་བཏོན་པའི་སྙན་ངག་གི་ཕྲིན་ཡིག་འབུལ་ཚུལ་འཕྲོས་དོན་དང་བཅས་པ་ཅུང་ཟད་ཅིག་བསྙད་པར་བྱས་པའང་། ཇི་སྐད་དུ། དཔལ་ལྡན་དཎྜིས། འོན་ཀྱང་རྣམ་རྟོག་ས་བོན་ནི། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན། །དེ་ཉིད་རབ་ཏུ་ལེགས་སྦྱར་ཕྱིར། །ཡོངས་སུ་ངལ་འདི་བདག་གིའོ། །ཞེས་གསུངས་པ་ལྟར་བློ་གྲོས་གསར་བུར་གྱུར་པ་དག་གི་རྣམ་པར་རྟོག་པ་འཕྲོ་བའི་ས་བོན་ཙམ་ཞིག་བསྟན་ཟིན་ཏེ། གཞན་དུ་ན་དེ་དང་དེས་མཚོན་ནས་སྦྱོར་བ་པོ་རང་རང་གི་རྣམ་དཔྱོད་ཀྱི་འཛིན་མ་ལས་ཡུལ་དུས་གནས་སྐབས་ཀྱི་སྒོ་ནས་ཇི་ལྟར་འོས་པ་ཚིག་སྦྱོར་གྱི་རིམ་པ་བརྗོད་པ་གཙང་ཞིང་། བརྗོད་དོན་གསལ་བ་དང་། སྐྱོན་གྱིས་མ་རེག་པའི་དགའ་ཚལ་མཐའ་ཀླས་པ་སྤྲོ་ཤེས་༤ དགོས་པ་ལས། རེ་རེ་བཞིན་དུ་དཔེར་བརྗོད་པ་ནི་ཚངས་དང་ཕུར་བུའི་ངག་ཀྱང་ངལ་བའི་གནས་སུ་འགྱུར་ན་བདག་ལྟ་བུས་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སྔ་མས། སྙན་དངགས་མཛེས་པར་བྱེད་པ་ཡི། །། ཆོས་རྣམས་རྒྱན་ཅེས་རབ་ཏུ་བརྗོད། །དེ་ནི་ད་ལྟའང་རྣམ་རྟོག་སྟེ། །དེ་དག་མ་ལུས་སུས་འཆད་ནུས། །ཞེས་གསུངས་པ་ལྟར་མ་ཟད། དཔྱོད་ལྡན་དག་གིས་སྨྲས་པ་ཁོ་ན་ཡང་བསྐྱར་དུ་བཀོད་པ་ནི་།


JKT018_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ནེ་ཙོའི་ཀློག་པ་དང་འདྲ་བས་བློ་གྲོས་ཕུར་ཁུང་ཐུག་པའི་རྟགས་སུ་ངེས་པའི་ཕྱིར། ལམ་འདིར་དོན་དུ་གཉེར་བའི་བློ་མིག་གཟུ་བོར་གནས་པའི་ཚོགས་ཀྱིས་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་དབྱངས་ཅན་མགྲིན་པར་ཆགས་པ་དཔལ་ལྡན་དབྱུག་པ་ཅན་གྱི་བསྟན་བཅོས་ལ་མོས་བརྩོན་ཤེས་བཟོད་བཞི་དང་ལྡན་པའི་རྟག་གུས་ཀྱི་སྦྱོར་བས་ལེགས་པར་སྦྱངས་ཏེ། །སྙན་དངགས་མཁན་རྣམས་ཀྱི་གཙུག་གི་ནོར་བུ་རྒྱལ་པོ་དགེ་དབང་ཡབ་སྲས་དང་། །སྨྲ་བ་དོན་ལྡན་གྱི་སྐྱེས་བུ་མཁས་མཆོག་དཔལ་བོའི་རྗེས་སུ་འབྲངས་བས་ཚིག་དང་དོན་དུ་བཅས་པའི་སྦྱོར་བ་ཕུན་སུམ་ཚོགས་པས་འཆད་པ་དང་། རྩོད་པ་དང་། རྩོམ་པའི་བརྟུལ་ཞུགས་བཟུང་བ་ལས་བློ་གྲོས་གནས་མིན་གྱི་ལམ་ཉི་ཚེ་བར་ཆུད་མི་གསོན་པར་གསོལ་བ་འདེབས་པ་ལགས་སོ། །སྤྱི་དོན་གཉིས་པར་ཚིག་ལྷུག་པར་སྤེལ་བའི་དཔེར་བརྗོད་པ་ནི་ལོགས་སུ་བྲིས་པ་ལས་ཤེས་པར་བྱའོ། །སླར་སྨྲས་པ། ཚིག་སྙན་རྣ་བའི་བདུད་དུ་འབབས་འདི་མཛེས་སྡུག་ལུས་ཕྲའི་རྒྱུད་མངས་ཉིད་མིན་སྨྲ་མཁས་མགྲིན་པའི་རྫ་རྔ་སྟེ། དོན་བཟང་རིན་ཆེན་ཕྲག་བརྒྱས་གཏམས་འདིའང་གདེངས་ཅན་རྩེན་པའི་བསྟི་གནས་ཅི་ཞིག་བློ་གསལ་བློ་ཡི་ཆུ་གཏེར་ཆེ། །དེས་ཀྱང་ངོ་མཚར་ལང་ཚོ་སྦྱིན་གང་བདེ་འཐུངས་ཟིལ་དངར་གསར་པ་མ་ལགས་སྔོན་མེད་


JKT018_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་གྱི་སྦྱོར་བ་ལས། །ཉེ་བར་བྱུང་བའི་སྐལ་བཟང་མཆོག་ཕྱིར་དཔྱོད་ལྡན་སྙིང་ལ་བདུད་རྩིའི་རྦ་རླབས་ཅིར་ཡང་འཕྱུར་བའི་ཆོ་གར་བྱས། །ཇི་ལྟར་འབིགས་བྱེད་རབོའི་ནགས་ཚལ་ལས། །འཕོས་པའི་ལྷོ་ཕྱོགས་རླུང་གི་སིམ་པ་ལྟར། །མཁས་མང་བཀའ་དྲིན་རྫིང་བུར་གསོས་བདག་ཀྱང་། །རྣམ་དཔྱོད་པདྨོའི་འཁྲི་ཤིང་ཅུང་ཟད་དགོད། །དེ་སླད་དཔྱིད་ཀྱི་དཔལ་མོའི་དྲོད་གཤེར་དང་། །ཉི་གཞོན་འོད་རླབས་གཡོ་བས་ཕྱེས་མིན་པའི། །གཞུང་བཟང་ཨུཏྤལ་གཞོན་ནུའི་དོ་ཤལ་ཀྱང་། །སྐྱེས་སྦྱངས་ཤེས་བརྩོན་བརླན་གྱིས་ཕུད་ལ་བསྐྲུན། །གང་ལས་བྱུང་བའི་རྣམ་པར་དཀར་བའི་ཕུལ། །ཀུཎྜ་རཱི་ཀའི་དྲེགས་པ་བསྙིལ་བ་དེས། །ལུས་ཅན་རྨོངས་པའི་གཉིད་ལས་གཡུར་བ་ཀུན། །ཐམས་ཅད་མཁྱེན་པའི་ངལ་གསོ་བསྟེན་པར་ཤོག །ཁྱད་པར་ལེགས་བཤད་སྦྲང་རྩིའི་ཐིག་པ་འདི། །དོན་སཾ གཉེར་རཡིག་གཉིས་པའི་ཚོགས་རྣམས་ཀྱིས། །བཏུངས་ལས་རྣམ་འབྱེད་མཚར་སྡུག་རྫོགས་པའི་མོད། །མཉན་འོས་གླུ་དབྱངས་དར་དིར་ལེན་གྱུར་ཅིག །རྣམ་མང་ཕྱི་ནང་རིག་གཞུང་མཐའ་ཀླས་པའི། །སྣང་བ་སར་པ་སྤྲོ་བའི་མཁས་མང་གིས། །ཤིན་ཏུ་རྩོད་པའི་མུན་སྟུག་ཕམ་བྱས་ཏེ། །ཁོར་ཡུག་རི་བོའི་ཁོངས་ཀུན་མཛེས་པར་ཤོག །མཐར་ཐུག་སྤྲོས་པའི་མཚན་མ་རྒྱུར་བཅས་ཤིན་ཏུ་ཞི་བའི་


JKT018_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སིམ་བཞིན། །རྨད་བྱུང་སྙིང་རྗེའི་གཞན་དབང་ལ་འཆེལ་ཡིད་ཅན་ཁམས་དབང་བསམ་པ་དང་། །རྗེས་སུ་མཐུན་པའི་ཆོས་འཁོར་བསྐོར་ལ་མི་ཕྱེད་ན་དའི་སྒྲ་དབྱངས་ཅན། །གསུང་གི་རྡོ་རྗེའི་རྣམ་ཐར་རྒྱ་མཚོར་འགྲོ་ཀུན་དབུགས་འབྱིན་ཐོབ་གྱུར་ཅིག །དེ་ལྟར་མཆོག་འབྲིང་ཕལ་བར་གྱུར་བའི་ཡུལ་རྣམས་ལ་ཕྲིན་ཡིག་གི་རིམ་པ་ཇི་ལྟར་སྟོབ་པའི་ཚུལ་གྱི་གཏམ་འཕྲོས་དོན་དང་བཅས་པ་ཨུཏྤལ་གཞོན་ནུའི་དོ་ཤལ་ཞེས་བྱ་བ་འདི་ཡང་། བློ་གསལ་ཞིང་དོན་དུ་གཉེར་བ་དག་གིས་ནན་ཏན་ཆེན་པོའི་བཀའ་སྩལ་པ་ལྡོག་ཏུ་མ་ནུས་པར། ཡུལ་དུས་གནས་སྐབས་སོགས་ཀྱི་བརྗོད་བྱ་སྐུལ་བ་པོའི་བཞེད་པ་གཙོ་བོར་བགྱིས་ཏེ། མ་ཧཱ་པཎྜི་ཏ་ཟེ་ཆེན་པའི་བཀའ་དྲིན་ལས་ཐ་སྙད་རིག་པར་སྨྲ་བའི་གྲལ་མཐར་སོན་པའི་བཏགས་མིང་དུ་ཚངས་སྲས་དགྱེས་པའི་བློ་ལྡན་ནམ། གཙུག་ལག་སྨྲ་བའི་ཉི་མ་ཞེས་ཀྱང་བགྱི་བའི་རྒྱལ་ཁམས་ཀྱི་དཱ་རི་དྭ་པས་རང་ལོ་བཅོ་བརྒྱད་པར་ཕལ་ཆེར་ཞིག་བྲིས་པ་ལས། །སླད་ནས་ས་གསུམ་ན་འགྲན་ཟླ་དང་བྲལ་བ་རྩོད་པའི་དུས་ཀྱི་ཀུན་མཁྱེན་གཉིས་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་བརྒྱུད་པ་དང་བཅས་པའི་གདན་ས། གཡས་རུ་གཙང་གི་སའི་ཐིག་ལེ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་ཆོས་གྲྭ་ཆེན་པོར་རྫོགས་པར་


JKT018_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི་དགེ་བས་འགྲོ་ཀུན་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ཀྱི་སྣང་བ་ལ་རེག་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་མནྟུ།། །།སྐྱེས་མཆོག་ཐུབ་པ་ཆེན་པོ་ཡི། །ཆོ་འཕྲུལ་མཛད་ཆེན་མཆོད་རྟེན་རྒྱལ། །

མདོ་སྔགས་བསྟན་པ་རིན་པོ་ཆེའི་ཆོས་ཀྱི་བྱུང་ཚུལ་ལས་བརྩམས་པའི་ལོ་རྒྱུས་དང་རྣམ་ཐར་ཤིན་ཏུ་མང་པོ་ངོ་མཚར་ལྷའི་པད་ཚལ།


JKT018_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ མ དེ བ སྱ པ དྨ བ ནཾ ནཱ མ སུ ཏྲ མྨ ན ཤུ ས ན རཏྭཱ ཡོ ཛྷ རྨ སྱ ནི རྒ ཏ ནཱ ཡཱ ཏ རམྦྷ པྲ ཀྲྀ ཡཱ བི མོ ཀཱ ཏི ཡཱ གསྟེ།།
མདོ་སྔགས་བསྟན་པ་རིན་པོ་ཆེའི་ཆོས་ཀྱི་བྱུང་ཚུལ་ལས་བརྩམས་པའི་ལོ་རྒྱུས་དང་རྣམ་ཐར་ཤིན་ཏུ་མང་པོ་ངོ་མཚར་ལྷའི་པད་ཚལ་ཅེས་བྱ་བ་བཞུགས་སོ། །


JKT018_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི་སིདྡྷཾ། ཐོབ་པ་ཙམ་ནས་སྲིད་དང་ཞིའི། །རྒུད་པ་མཐའ་དག་དྲུང་འབྱིན་པ། །དམ་ཆོས་ཡིད་བཞིན་ནོར་བུའི་དཔལ། །བྱུང་བའི་ལོ་རྒྱུས་མདོ་ཙམ་གླེངས། །འདི་ལ་གསུམ་སྟེ། བདག་པོའི་རྐྱེན་རྫོགས་པའི་སངས་རྒྱས་བྱོན་ནས་དེས་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་དང་། དེ་ཉིད་བཀའ་བསྡུ་བ་ཇི་ལྟར་བྱས་པའི་ཚུལ་དང་། དེ་ཉིད་བསྟན་སྐྱོང་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་ཞིང་བསྐྱང་བའི་ཚུལ་ལོ། །དང་པོ་ནི། ལྷ་དང་བཅས་པའི་སྟོན་པ་གཅིག་པུ་པ་ཟས་གཙང་སྲས་ཀྱི་རིགས་སུ་འཁྲུངས་པའི་སྐྱོབ་པ་ཤཱཀྱའི་ཏོག་དེ་ཉིད་ཀྱིས། དང་པོར་སྨོན་པ་དང་
འཇིག་རྟེན་མགོན་པོ་དངོས་སྣང་བ། །གངས་ཅན་གཙུག་ནོར་སྲོང་བཙན་རྗེ།།
ཁམས་གསུམ་འགྲོ་མགོན་ས་སྐྱ་པ། །ཆོས་ཀྱི་རྒྱལ་པོ་འཕགས་པའི་ཞབས།།


JKT018_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་ཚུལ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་གྲངས་མེད་པའི་བསྐལ་པ་གསུམ་གྱི་སྲིད་དུ་ཚོགས་བསགས། ཐ་མ་དབུས་འགྱུར་འཆང་རྡོ་རྗེའི་རྡུལ་བརྩེགས་པའི་སྤོར་བྱང་ཆུབ་ལྗོན་པའི་བསིལ་གྲིབ་ཏུ་མངོན་པར་སངས་རྒྱས་པའི་ཚུལ་བསྟན་ནས་རིགས་ཅན་གསུམ་གྱི་འགྲོ་བ་རྣམས་རྗེས་སུ་བཟུང་བའི་སླད། ཐེག་པ་ཆེ་ཆུང་གི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་བསྟན་པར་མཛད་དོ། །གཉིས་པ་ནི། ཐེག་དམན་གྱི་ལུགས་ལ་བཀའ་བསྡུ་རིམ་པ་གསུམ་གྱིས་དང་པོ་ཉེ་བར་འཁོར། འོད་སྲུང་། ཀུན་དགའ་བོ་གསུམ་གྱིས་འདུལ་མདོ་མངོན་པའི་སྡེ་སྣོད་
དུས་གསུམ་རྒྱས་པའི་ཕྲིན་ལས་པ། །པད་དཀར་འཆང་དངོས་དེ་བཞིན་གཤེགས། །
འཛམ་གླིང་བསྟན་པ་ཡོངས་ཀྱི་བདག །ངག་དབང་བློ་བཟང་རྒྱམཚོའི་སྡེ།།


JKT018_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བསྡུས། གཉིས་པ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུ་སྤེལ་བ་གྲགས་པ་ལ་སོགས་པའི་དགྲ་བཅོམ་པ་བདུན་བརྒྱས་སུན་དབྱུང་ཞིང་སྡེ་སྣོད་གསུམ་རྫོགས་པར་བཏོན། གསུམ་པ་ནི། ཁ་ཆེའི་ཡུལ་རྣ་རྒྱན་གྱི་གཙུག་ལག་ཁང་ངམ། གཞན་དག་ཛ་ལནྡྷ་རའི་དགོན་པ་ཀུ་ས་ར་ཞེས་ཀྱང་བོད་པ་དེར་དགྲ་བཅོམ་པ་རྩིབ་ལོག་སོགས་ཀྱིས་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་སངས་རྒྱས་ཀྱི་བཀར་སྒྲུབ་ཅིང་འདུལ་བ་ཡི་གེར་བཀོད། མདོ་མངོན་གཉིས་ཀྱང་རྒྱ་ཆེར་སྤེལ་ལོ། །ཐེག་ཆེན་པ་དག་ནི་རྩ་བའི་སྡུད་པོ་ཀུན་བཟང་དང་། བྱམས་པ་དང་། འཇམ་དཔལ་དང་། ཕྱག་རྡོར་སོགས་ཀྱིས་བསྡུས་པར་འདོད་ལ། རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྣམས་ནི་གཙོ་བོར་དཔལ་གསང་བ་འཛིན་པའི་བདག་པོ་དང་། གཞན་དུ་ཞུ་བ་པོ་སོ་སོས་བསྡུས་པ་ལྟར་ཡང་སྣང་ངོ་། །གསུམ་པ་ནི་རྒྱ་གར་དུ་ཇི་ལྟར་བསྐྱང་ཚུལ་དང་། བོད་དུ་ཇི་ལྟར་བསྐྱང་ཚུལ་གཉིས། དང་པོ་ཐེག་དམན་དང་། ཐེག་ཆེན་གཉིས། དང་པོ་ནི། སྟོན་པས་འོད་སྲུང་དང་། དེས་ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷི་ཏི་ཀ ། ནག་པོ་པ། ལེགས་མཐོང་། ལེགས་མཐོང་ཆེན་པོ་སྟེ་བསྟན་པའི་གཏད་རབས་བདུན་དང་། དགྲ་བཅོམ་པ་ཆོས་སྐྱོབས། དབྱངས་སྒྲོགས། དབྱིག་བཤེས། སངས་རྒྱས་ལྷ་སྟེ་ཆེན་པོ་བཞིར་གྲགས་པ་བཞི་


JKT018_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་སློབ་མ་འབུམ་ཕྲག་གི་གྲངས་ལངས་པ་རྣམས་བྱོན་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། གཉིས་པ་ལ་མཚན་ཉིད་དང་། སྔགས་གཉིས་ལས། དང་པོ་ནི། ཡུལ་ཨོ་ཌི་བི་ཤར་རྒྱལ་པོ་ཟླ་སྲུང་གི་ཁྱིམ་དུ་འཇམ་དཔལ་དགེ་སློང་གི་ཚུལ་གྱིས་བྱོན་ནས་ཆོས་བསྟན་ཅིང་ཐེག་པ་ཆེན་པོ་ཐོག་མར་སྣང་བར་བྱས། དེ་ནས་བཙུན་པ་ཨ་བི་ཏརྒ་སོགས་རྣམ་རིག་སྨྲ་བའི་སློབ་དཔོན་ལྔ་བརྒྱ་ཙམ་བྱོན་ཅིང་། ཤིན་ཏུ་རྒྱས་པའི་སྡེ་སྣོད་རྣམས་ཀྱང་མི་ཡུལ་དུ་བྱུང་། དེ་ནས་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་བྱོན། དེའི་སློབ་མ་སངས་རྒྱས་༦༠༠གཉིས་པ་ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་དངོས་བསྟན་དབུ་མའི་ལམ་སྲོལ་རྒྱ་ཆེར་ཕྱེ། དེའི་སློབ་མ་ཨཱརླ་དེ་ཝ་སྟེ་འཕགས་པ་ལྷ་དང་། ནཱ་ག་ཧཱ་སྟེ་ཀླུས་པོས་དང་། ནཱ་ག་བོ་དྷི་དང་། ཀླུའི་བྱང་ཆུབ་སོགས་བྱོན། ཨཱརྱ་དེ་ཝའི་སློབ་མ་དམངས་རིགས་པ་སྒྲ་གཅན་འཛིན་བཟང་པོ་དང་། སློབ་དཔོན་དཔའ་བོ་ཞབས་སོ། །སྟོན་པ་འདས་ནས་ལོ་དགུ་བརྒྱ་ན་སློབ་དཔོན་ཐོགས་མེད་སྐུ་མཆེད་བྱོན། གཅེན་གྱིས་དགའ་ལྡན་དུ་ཕེབས་ཏེ་བྱམས་མགོན་ལས་ཆོས་ཀྱི་བདུད་རྩི་གསོལ། སླར་མི་ཡུལ་དུ་ཕེབས་ཏེ་ཐེག་པ་ཆེན་པོའི་སེང་གེའི་སྒྲ་བསྒྲགས། དེའི་སློབ་མའི་མཆོག་གཅུང་བཱ་སུ་བནྡྷས་ཐེག་པ་ཆེ་ཆུང་གི་མངོན་པ་སོགས་གསལ་བར་མཛད། སློབ་མ་ཕྱོགས་གླང་། ཡོན་ཏན་འོད། བློ་གྲོས་བསྟན་པ། འཕགས་པ་རྣམ་


JKT018_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་སྡེ་བཞི་ནི་ཚད་མ་འདུལ་མངོན་ཕར་ཕྱིན་བཞིར་རང་ལས་མཁས་པ་བཞི་ཞེས་གྲགས། ཀླུ་སྒྲུབ་ཀྱི་སློབ་མ་དགེ་སྲུང་ལས་ལེགས་ལྡན་འབྱེད་དང་སངས་རྒྱས་བསྐྱངས་གཉིས་བྱོན་ཏེ་རང་ཐལ་གྱི་སྲོལ་གསར་དུ་དབྱེ། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷིའི་སློབ་མ་ཟླ་བ་གྲགས་པས་ཐལ་འགྱུར་གྱི་སྒྲ་ཕྱོགས་བཅུར་བསྒྲགས་ཤིང་། འདིའི་ཚེ་དགེ་བསྙེན་ཙནྡའི་ཞབས་ཀྱང་བྱོན་ཏེ་སློབ་དཔོན་བློ་གྲོས་བརྟན་པའི་སློབ་མ་ཡིན། ཟླ་གྲགས་དང་ན་ལེནྡྲར་ལོ་བདུན་དུ་ཆོས་ཀྱི་བརྒལ་བརྟག་མཛད་ཅིང་སློབ་དཔོན་སོ་སོས་ཀླུ་ཐོགས་ཀྱི་གཞུང་བཟུང་། ཕྱིས་པོ་ཊ་ལར་གཤེགས་པར་གྲགས། སློབ་དཔོན་ཕྱོགས་ཀྱི་གླང་པོ་སོགས་ཀྱི་སློབ་མ་ནཱ་ལེནྡྲའི་མཁན་པོ་ཆོས་སྐྱོང་ཞེས་བྱ་བ་བྱོན། དབུ་མ་བཞི་བརྒྱ་པ་རྣམ་རིག་ཏུ་བཀྲལ་བ་སོགས་བསྟན་བཅོས་མང་དུ་མཛད། དེའི་སློབ་མ་བྷུ་སུ་ཀུའི་སྤྱོད་པ་ཅན་སློབ་དཔོན་ཆེན་པོ་ཞི་བ་བ ལྷ་དང་། དཔལ་ལྡན་ཆོས་སྐྱོང་སྟེ་ཕྱིས་བི་རཱུ་པར་གྲགས་པ་གཉིས་ཡིན། ཕྱོགས་ཀྱི་གླང་པོའི་སློབ་མ་རྒོལ་བ་དབང་ཕྱུག་སྡེ་ལས་ཚད་མ་དང་། སློབ་དཔོན་ཆོས་སྐྱོང་ལས་སྡེ་སྣོད་གསུམ་གྱི་ཟིལ་དངར་བཞེས་པ་དཔལ་ཆོས་ཀྱི་གྲགས་པ་ནི་ཕྱོགས་ཀྱི་གླང་པོ་གཉིས་པར་གྱུར། དཔལ་ཧེ་རུ་ཀ་ལས་ཕྱོགས་ལས་རྣམ་རྒྱལ་གྱི་དངོས་གྲུབ་ཐོབ། དེ་ལྟར་ན། ཀླུ་སྒྲུབ། ཐོགས་མེད། ཕྱོགས་གླང་གསུམ་གཞུང་བྱེད་པ་པོ་


JKT018_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཨཱརྱ་དེ་ཝ། དབྱིག་གཉེན། ཆོས་གྲགས་གསུམ་ནི་འགྲེལ་པ་བྱེད་པ་པོ་སྟེ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ཏུ་གྲགས་ཀྱི། མཆོག་གཉིས་ལ་སོགས་པའི་ཐ་སྙད་ནི་འཕགས་ཡུལ་དུ་མི་སྣང་། དེ་ནས་རྣམ་སྣང་བཟང་པོ་ལ་ཤེར་ཕྱིན་གསན་ཅིང་མ་ཕམ་པས་དབུགས་དབྱུང་བ་སློབ་དཔོན་སེང་གེ་བཟང་པོ་དང་། དེའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས་སོགས་ཀྱིས་ཕར་ཕྱིན་དང་། ཡོན་ཏན་འོད་ཀྱི་སློབ་མ་ཤཱཀྱ་འོད་དང་། དྷརྨ་མི་ཏྲ་དང་། དགྲ་བཅོམ་ས་གའི་ལྷ་སོགས་ཀྱིས་འདུལ་བསྟན་སྤེལ། སྤྱིར་འདུལ་བ་ལ་བཤེས་གཉེན་དྲུག་དང་། ཕར་ཕྱིན་ལ་བཀའ་བབ་དྲུག་ཅེས་ཀྱང་གྲགས། ཕྱི་ཞིག་ན་བི་ཀྲ་མ་ཤཱི་ལར་ཉི་ཟླ་ལྟ་བུའི་མཁས་པ་སྒོ་དྲུག་ཅེས། ཤནྟི་པ། ཤར། ཤེར་འབྱུང་སྦས་པ། ངག་དབང་གྲགས་པ། ནཱ་རོ་པ། བྱང་། བྲམ་ཟེ་རིན་ཆེན་རྡོ་རྗེ། དབུས་ཛྙཱ་ན་ཤྲཱི་མི་ཏྲ་རྣམས་བྱོན། དེ་རྗེས་ཇོ་བོ་རྗེ་དཱི་པཾ་ཀཱ་ར་དང་། དེ་ནས་རྡོ་རྗེ་གདན་དུ་ཨ་བྷ་ཡ་ཀ་ར། མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་སོགས་ཀྱིས་བསྟན་པ་བཟུང་། དེའི་སྐབས་སུ་ཏུ་རུཥའི་རྒྱལ་པོ་ཟླ་བས་དམག་གི་སྦྱོར་བ་ཚན་ཆེ་བ་ལྷགས་ཏེ་ཡུལ་དབུས་ཀྱི་གཙུག་ལག་ཁང་ཕལ་ཆེར་བཤིག །མཁས་ཤིང་གྲུབ་པའི་དབང་པོ་རྣམས་ཀྱང་ཕྱོགས་གཞན་དུ་འཁྱམ་ནས་བསྟན་པའི་དངོས་གཞི་ནུབ་ཀྱང་། རྒྱལ་ཕྲན་འདྲས་ཆོས་གཞི་ཅུང་ཟད་བཙུགས་ཏེ་པཎྜི་ཏ་ཏཱ་རུ་ལ་ཤྲཱི་བྷ་དྲ་


JKT018_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཤཱ་རི་སུ་ཏྲ་དང་། སྒྲ་གཅན་འཛིན་བཟང་པོ་སོགས་ཀྱིས་རང་སྟོབས་གང་ཡོད་ཀྱིས་བསྟན་པ་ལ་བྱ་བ་མཛད་ནའང་། དེང་སང་ནི་ཡུལ་དབུས་སུ་ནང་པའི་བསྟན་པ་འགའ་ཡང་མེད་པར་མངོན་ནོ། །གཞན་རྒྱ་གར་གྱི་ཡུལ་ཕྲན་སོ་སོར་ཇི་ལྟར་དར་བའི་ཚུལ་རྒྱས་པར་ཡི་གེས་འཇིགས་ཀྱང་། འཕགས་ཡུལ་ཤར་ཕྱོགས་དང་། བྱང་ཤར་ཤར་ཁར་ཁམ་དང་། བིཏྟ་ན་ག་ར་སོགས་སུ་སྔར་ནས་ཡོད་པ་དང་། མ་ག་དྷ་སོགས་སུ་བསྟན་པ་ནུབ་པས་རྐྱེན་བྱས། གསར་དུ་བཅོས་པའི་རྒྱུན་དེང་སང་ཡང་ཡོད་པར་གྲགས་ཤིང་གཙོ་བོར་ཐེག་ཆེན་པའི་རིང་ལུགས་འཛིན་པའོ། །སིངྒ་ལའི་གླིང་དང་། དྷ་ན་ཤྲཱིའི་གླིང་སོགས་སུ་ནི་ཉན་ཐོས་པ་དར་ཆེ་བར་མངོན། གཉིས་པ་ལ། བྱ་སྤྱོད་ཀྱི་རྒྱུད་གཉིས་ནི་སྟོན་པས་མིའི་འགྲོ་བ་ལ་གསུངས་པ་སོགས་དང་། གནོད་སྦྱིན་སོགས་ལ་བསྟན་པའི་རྒྱུན་དུས་དེ་ཉིད་ནས་བཟུང་འཕགས་ཡུལ་དུ་སྐལ་བ་ཅན་མང་པོས་སྔགས་གྲུབ་པའི་རྒྱུན་མ་ཉམས་པར་ཡོད་པ་ལ། ཕྱིས་ཐེག་ཆེན་དར་བའི་མགོ་བརྩམས་པ་དང་ཤིན་ཏུ་རྒྱས་པར་གྱུར་ལ། དེ་ཙམ་ན་རྣལ་འབྱོར་ཕྱི་ནང་གཉིས་ཀྱང་ཐོད་རྒལ་ཙམ་ལས་རྒྱུན་ཆགས་སུ་མེད་པར་མངོན་ཅིང་། ཕྱིས་བྲམ་ཟེ་སྒྲ་གཅན་འཛིན་གྱི་སྐུ་རིང་ནས་བཟུང་དར་ཞིང་རྒྱས། དེ་ཡང་སྟོན་པ་དངོས་ཀྱིས་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་གསང་འདུས་དང་། ཤམྦྷ་ལར་གསང་


JKT018_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཟླ་བཟང་ལ་དུས་འཁོར་གྱིས་གཙོས་པའི་རྒྱུད་ཐམས་ཅད་བསྟན་པར་བཞེད་པ་དང་། རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ་རབ་གསལ་ཟླ་བར་དཔལ་གསང་བ་འཛིན་པས་ལྷ་གནས་གསུམ་དུ་གྲགས་པའི་རྒྱུད་དེ་ཉིད་འདུས་པ་སོགས་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་བསྟན། སྟོན་པ་འདས་ནས་ལོ་སུམ་བརྒྱ་ཙམ་ན་དཔལ་ས་ར་ཧ་བྱོན་ནས་གསང་བདག་ལས་ལུང་བླངས་ཤིང་། མིའི་བླ་མའང་སློབ་དཔོན་རྣམ་པར་མི་རྟོག་པ་དང་། ཨོ་རྒྱན་དུ་ཀླུ་ལས་གྱུར་པའི་རྣལ་འབྱོར་མས་རྗེས་སུ་བཟུང་བ་བིསུ་ཀལྤ་སོགས་བསྟེན། ཨོ་རྒྱན་ནས་སངས་རྒྱས་ཐོད་པའི་རྒྱུད་སྤྱན་དྲངས། དེས་སློབ་དཔོན་ཀླུ་སྒྲུབ་རྗེས་སུ་བཟུང་། དང་པོ་ཐེག་ཆེན་དར་བ་ནས་འདིའི་བར་དུ་བྱ་སྤྱོད་གཙོ་བོར་གྱུར་པའི་སྔགས་ཀྱི་གྲུབ་ཐོབ་སྟོང་ཕྲག་བརྒྱ་བྱུང་བར་གྲགས། ཀླུ་སྒྲུབ་སློབ་མ་འཕགས་ལྷ་དང་། ཀླུ་བྱང་སོགས་དང་། དེ་དང་དུས་མཚུངས་དཔལ་ཤ་བ་རི་དབང་ཕྱུག་སོགས་ཀྱང་བྱོན། འདི་སྐབས་ཀྱི་སྔགས་ནི་གཙོ་བོར་གསང་སྡོམ་གདན་ཐོད་རྣམས་ཡིན་པར་གྲགས། །གཞན་ཡང་སློབ་དཔོན་རྟ་མཆོག་དཔལ་དང་། གྲུབ་པའི་དབང་ཕྱུག་ལཱུ་ཧི་པ་སོགས་བྱོན། ལཱུ་ཧི་པ་ནས་དཱ་རི་ཀ་པ། ཌིདྡྷི་སོགས་རྗེས་སུ་བཟུང་། དེ་འོག་ཟླ་བ་གྲགས་པས་ཀྱང་གསང་བ་འདུས་པའི་བསྟན་པ་ལྷག་པར་སྤེལ་བའི་རྗེས། འཇིགས་བྲལ་རྣལ་འབྱོར་གྱི་དབང་ཕྱུག་བི་རཱུ་པས་ཀླུ་


JKT018_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ལས་གཤེད་སྐོར་ནོས་ཏེ་གྲུབ། རྡོ་རྗེ་བདག་མེད་མས་རྗེས་སུ་བཟུང་ཞིང་ས་དྲུག་པ་མངོན་དུ་གྱུར། ཨོ་རྒྱན་ནས་གཤེད་དམར་རྒྱུད་སྤྱན་དྲངས། བཤད་པ་དང་མན་ངག་གི་གཏད་པ་གྲུབ་ཆེན་གཡུང་པོ་ཁྲག་འཐུང་དང་། ནག་པོ་པ་སོགས་ལ་གཏད། འདི་ཙམ་ལ་སློབ་དཔོན་ས་ཧོ་རུ་ཧ་དང་། ལ་ལི་ཏ་བཛྲ་ཡང་བྱོན་ཏེ་སྔ་མས་ཨོ་རྒྱན་ནས་དགྱེས་རྡོར་དང་། ཕྱི་མས་གཤེད་སྐོར་སྤྱན་དྲངས། ཌོམྦིས་རི་གི་ཨཱ་ར་ལིའི་རྒྱུད་སྤྱན་དྲངས་ཏེ་ལྭ་བ་པ་སོགས་རྗེས་སུ་བཟུང་། གྲུབ་ཆེན་དཱ་ཀ་པའི་སློབ་མ་རྡོ་རྗེ་དྲིལ་བུ་པས་ཀྱང་བདེ་མཆོག་གི་སྐོར་མཆོག་ཏུ་གསལ་བར་མཛད། དེས་རུས་སྦལ་ཞབས་དང་། དེས་ཛ་ལཱནྡྷ་རི་པ་དང་། དེས་ནག་པོ་པ་རྗེས་སུ་བཟུང་། དེའི་འོག་ཏུ་སྔར་སྨོས་པའི་རྒྱལ་པོ་རབ་གསལ་ཟླ་བས་ཡོ་གའི་སྐོར་རྒྱ་ཆེར་སྤེལ། དེ་ནས་བིརླ་པ་ཆུང་བ་དང་། ནག་པོ་པ་ཆུང་བ་སོགས་གཞལ་གྱིས་མི་ལང་བའི་སིདྡྷ་པ་བྱོན། ཁྱད་པར་ཡོ་ག་པ་ཤཱཀྱ་བཤེས་གཉེན་གྱིས་རྣལ་འབྱོར་རྒྱུད་ཀྱི་སྲོལ་རྒྱ་ཆེར་ཕྱེས། དེ་ནས་སློབ་དཔོན་སྒེག་པའི་རྡོ་རྗེས་ནཱ་ལེནྡྲར་སྔགས་བསྟན་རྒྱ་ཆེར་སྤེལ། དེའི་འོག་ཏུ་གྲུབ་ཆེན་ཀུ་ཀུ་རཱི་པ་ས་མ་ཧཱ་མཱ་ཡའི་སྐོར་རྣམས་ཨོ་རྒྱན་ནས་སྤྱན་དྲངས། སེང་གེ་བཟང་པོའི་ཞབས་ཀྱི་སློབ་མ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་འཇམ་དཔལ་ལས་དངོས་སུ་ལུང་མནོས་ཏེ་སྔགས་ཀྱི་ཤིང་རྟ་པ་ཆེན་པོར་གྱུར་ཅིང་བི་


JKT018_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲ་མར་སྔགས་ཀྱི་སློབ་དཔོན་ཆེན་པོ་མཛད། ཀྲི་ཡོག་སྡེ་གསུམ་དང་། ནང་རྒྱུད་འདུས་སྒྱུ་མཉམ་སྦྱོར་ཟླ་གསང་འཇམ་དཔལ་ཁྲོས་པ། སྡེ་ལྔ་སོགས་རྒྱ་ཆེར་སྤེལ། ཚེ་འདིར་ཟུང་འཇུག་གི་སྐུ་གྲུབ་པ་བཞི་དང་། སངས་རྒྱས་གསང་བ་དང་། སངས་རྒྱས་ཞི་བ་སོགས་བྱོན་ཅིང་། འདི་གཉིས་ཀྱིས་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསལ་བར་བྱས། དེའི་འོག་ཏུ་མཱ་ག་དྷའི་སློབ་དཔོན་ཀུན་སྙིང་བྱུང་། བྷཾ་ག་ལ་པ་རབ་གསལ་ཟླ་བའི་དངོས་སློབ་བཞི་ལ་གཏུགས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལུང་བྱིན་ནས་རྒྱུད་སྡེ་བརྒྱ་རྩའི་འགྲེལ་པ་མཛད། ལྷག་པར་རྣལ་འབྱོར་གྱི་རྒྱུད་གསལ་བར་བྱེད་པའི་ཉི་མ་གཅིག་པུར་གྱུར། འདི་ཙམ་ན་སློབ་དཔོན་ཡེ་ཤེས་བྱིན། ཡེ་ཤེས་གྲགས་པ། ལངྐ་རྒྱལ་བཟང་སོགས་དང་། ཁྱད་པར་ཤར་ཕྱོགས་ཛ་གོའི་ཡུལ་དུ་ཏིལླི་པ་བྱོན། ཙཱརྨ་པ་སོགས་བཀའ་བབས་བཞིའི་བླ་མ་བསྟེན། ཧེ་རུ་ཀ་ཉིད་ལས་རྡོ་རྗེ་ཐེག་པའི་བདུད་རྩི་གསོལ་ཅིང་གྲུབ་པའི་སྤྱོད་པ་ཆེན་པོ་མཛད། ཡང་སྔོན་ཚེ་ཞིག་པཎྜི་ཏ་ཟབ་པའི་རྡོ་རྗེས་ཨོ་རྒྱན་དྷ་མཱ་ཐ་ལ་ནས་ཡེ་ཤེས་ཀྱི་མཁའ་འགྲོས་བདུད་རྩི་བཞི་ཡི་དཀྱིལ་འཁོར་དུ་དབང་བསྐུར་བ་ནས་རིམ་པར་བརྒྱུད་དེ། ཕྱིས་ཀུན་སྙིང་གི་དུས་ཙམ་ན་སློབ་དཔོན་བདུད་རྩི་གསང་བས་དེའི་སྲོལ་ཕྱེ། རྒྱལ་པོ་དྷརྨ་པཱ་ལའི་རིང་ལ་སློབ་དཔོན་བི་དྷུ་རས་ཡེ་ཤེས་ཞབས་ཀྱི་སློབ་བརྒྱུད་འགའ་ཞིག་ལ་བསྟེན་


JKT018_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསང་འདུས་དང་གཤེད་སྐོར་ལ་གྲུབ་པ་བརྙེས། དེ་ནས་བྷ་བ་བྷ་དྲ་དང་། སྐལ་ལྡན་གྲགས་པ། ལཱི་ལ་བཛྲ། མི་ཐུབ་ཟླ་བ། ཏ་ཐཱ་ག་ཏ་རཀཱི་ཏ་སོགས་བྱོན་ཅིང་རྒྱུད་སྡེ་རྒྱ་མཚོར་མཁྱེན་པ་རྒྱས། །བི་ཀྲ་མར་བསྟན་པ་སྐྱོང་། རྒྱལ་པོ་ཧི་མ་པཱ་ལའི་སྐུ་ཚེའི་སྨད་ཙམ་ན་ཤར་ཨོཆི་བར་ཙི་ལུ་པཎྜི་ཏ་བྱོན་ནས་རིགས་ལྡན་གྱི་སྤྲུལ་པར་དུས་འཁོར་གསན། ནཱ་ལེནྡྲར་པི་བ་ཆུང་བ་དང་། དུས་ཞབས་པ་ཆེན་པོ་རྗེས་སུ་བཟུང་། ཕྱི་མ་སླར་ཡང་ཤམྦྷ་ལར་བྱོན་ནས་རིགས་ལྡན་ཉིད་ལས་གསན་ཅིང་ཡུལ་དབུས་སུ་ཆེས་དར་བར་མཛད། འདི་སྐབས་སློབ་དཔོན་ཀ་མ་ལ་རཀྵི་ཏ་དང་། པདྨ་ལྕགས་ཀྱུ། འཇམ་དབྱངས་གྲུབ་པའི་དཔའ་བོ་ཛེ་ཏཱ་རི་རྣམས་བྱོན་ཅིང་བི་ཀྲ་མར་བཞུགས། དེ་ནས་རྒྱལ་པོ་ཙ་ན་ཀའི་རིང་ལ་བི་ཀྲ་མར་མཁས་པ་སྒོ་དྲུག་བྱོན་ཏེ་ཐམས་ཅད་ཀྱང་སྔགས་ཀྱི་གྲུབ་བརྙེས་ཆེན་པོ་ཡིན་མོད་ཀྱི། ཁྱད་པར་ཏིལླི་པ་དང་། དུས་ཞབས་པ་ཆེན་པོའི་སློབ་མ་ན་རོ་པ་ནི་རྡོ་རྗེ་ཐེག་པའི་གསང་འཛིན་མཆོག་ཏུ་ཁུམས་སོ། །དེ་རྗེས་ཇོ་བོ་རྗེས་ན་རོ་པ་སོགས་སྔགས་ཀྱི་བླ་མ་མང་དུ་བསྟེན། རྡོ་རྗེ་ཐེག་པ་གཟིགས་པའི་སྙན་བྱེ། ནཱ་རོ་དང་ཤྭ་བ་རིའི་སློབ་མ་མེ་ཏྲི་པས་ཀྱང་གྲུབ་སྙིང་ཨ་མ་ན་སི་གཙོ་བོར་གྱུར་པའི་སྔགས་བསྟན་བསྐྱངས། གཞན་ཡང་ནཱ་རོ་པ་སོགས་ཀྱི་སློབ་མ་རྡོ་རྗེ་གདན་པ་ཆེ་ཆུང་། དེ་པཱ་ཀ་ར་ཙནྡྲ། པྲཛྙཱ་རཀྴི་ཏ་


JKT018_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་ཕྲིན་ལས་རྒྱས། སློབ་དཔོན་ཨ་ནུས་མ་རཀཱི་ཏ་དང་ནཱ་རོའི་ལྕམ་མིང་པོས་སྔགས་ལམ་དུ་སྨིན་ཟིན་པ་ཞིག་བཛྲ་དྷ་རས་རྗེས་སུ་བཟུང་བ་ཡེ་ཤེས་མཁའ་འགྲོ་ནི་གུ་མའང་བྱོན། བི་རཱུ་པ་དང་། །ནཱ་རོ་ལྕམ་སྲིང་གཉིས་ཀྱིས་སྲོལ་བཏོད་པའི་ལམ་འབྲས་དང་། ཆོས་དྲུག་ནི་བླ་མེད་སྤྱིའི་རྫོགས་རིམ་དུ་བཞག་གོ །དེའི་འོག་ཏུ་རྡོ་རྗེ་རྣལ་འབྱོར་མས་བསྟན་བཅོས་བརྩམས་པའི་མཆོག་བྱིན་པས་རྒྱུད་སྡེའི་དགོངས་པ་རང་དབང་དུ་འགྲེལ་ནུས་པ་ཨ་བྷ་ཡ་བྱོན་ཅིང་དགུང་ལོ་བརྒྱ་དང་ཉེར་གཅིག་ཏུ་བསྟན་པ་བསྐྱངས། བར་དོར་མཆོག་གྲུབ། དེ་དང་མཚུངས་པ་དུས་འཁོར་ཞབས་ཆུང་པའང་ནཱ་ལེནྡྲར་གྲགས་པར་བྱོན་ཅིང་། དང་པོའི་སངས་རྒྱས་ཀྱི་སེང་གེའི་སྒྲ་བསྒྲགས་པས་ཨ་བྷ་ཡ་སོགས་པཎྜིཏ་ལྔ་བརྒྱ་ཙམ་གྱིས་བཏུད། དེ་ནས་སྔགས་ཀྱི་རྡོ་རྗེ་འཛིན་པ་མ་ཧཱ་ན་ཉི་ཤུ་རྩ་བཞིར་གྲགས་པ་སོགས་བྱོན། ཕྱིས་རྒྱ་གར་ཤར་ཕྱོགས་སང་ནཱ་ག་རར་དཔལ་ནགས་ཀྱི་རིན་ཆེན་བྱོན་ཅིང་། གྲུབ་ཆེན་ཤ་བ་རིས་རྗེས་སུ་བཟུང་། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་གྱུར། བོད་ཡུལ་དུ་ཡང་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད། དེ་རྗེས་འཕགས་ཡུལ་ལྷོ་ཕྱོགས་སུ་ཁ་གེནྡར་རྡོ་རྗེ་སློབ་དཔོན་ཞི་བ་སྦས་པ་བྱོན་ཅིང་། ཡུལ་དེ་དང་ཀོ་ཀིའི་ཡུལ་སོགས་སུ་སྔགས་བསྟན་ཤིན་ཏུ་དར་བར་མཛད་ཀྱང་དེང་སང་ཇི་ལྟར་གྱུར་ཐོས་པར་མ་གྱུར་ལ།


JKT018_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་འགྲོ་ལྡིང་གི་ཡུལ་དུ་ནི། སྔར་སློབ་དཔོན་པདྨ་དང་། ཕྱིས་མར་མེ་མཛད་བཟང་པོས་ཀྱང་བྱོན་པས་སྔགས་བསྟན་ཤིན་ཏུ་དར་བར་གྲགས་སོ། །གཉིས་པ་བོད་ཡུལ་དུ་ཇི་ལྟར་བྱོན་ཚུལ་ལ། མདོ་སྔགས་གཉིས་ལས། དང་པོ་ལའང་འདུལ་མདོ་མངོན་པ་གསུམ་ལས། དང་པོ་ནི། འཇམ་དཔལ་དབྱངས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། མཚན་བརྗོད་པར་དཀའ་བ་སློབ་དཔོན་ཞི་བ་འཚོས་སྡོམ་རྒྱུན་དང་། ཁ་ཆེའི་སློབ་དཔོན་ཛི་ན། དཱ་ན་གཉིས་ཀྱིས་བཤད་རྒྱུན་གཙོ་བོར་སྤེལ། སྔ་མའི་སློབ་མ་སད་མི་མི་བདུན་སོགས་དང་། ཕྱི་མ་ལ་སྐ་ཅོག་གཉིས་སོགས་མང་དུ་བྱོན། མཁན་པོའི་སློབ་མ་སྦ་རཏྣ་དང་། འཆད་ཚུལ་མང་ཡང་རང་ལུགས། ཅོག་རོ་གཉིས་ལས་དམར་གཡོ་གཙང་གསུམ་གྱིས་འདུལ་བ་གསན། བར་སྐབས་སུ་གླང་དར་མས་རྒྱལ་བསྟན་ལ་རྨ་འབྱིན་པའི་ཚེ་ཁམས་སུ་བྲོས་ནས་བཞུགས་པས་བསྟན་པ་ཕྱི་དར་གྱི་ཐོག་མར་བླ་ཆེན་དགོངས་པ་རབ་གསལ་གྱིས་གཏུགས་པས་སྨད་འདུལ་དང་། སྟོད་མངའ་རིས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་པཎྜི་ཏ་དྷརྨ་པཱ་ལ་སྤྱན་དྲངས་ནས་པཱ་ལ་གསུམ་སོགས་བསྙེན་པར་རྫོགས་པས་སྟོད་འདུལ་དུ་གྲགས། འདིའི་བཤད་རྒྱུན་ཛི་ན་དཱ་ན་གཉིས་ལས། ཤཱཀྱ་སེན། དྷརྨ་པཱ་ལ། ཀླུབ་ལོ་ཙཱ། སྐྱོགས་འདུལ་འཛིན་དང་། ཡང་བླ་ཆེན་ནས། གྲུམ་ཡེ་ཤེས་རྒྱལ་མཚན། ཀླུ་མེས་ཚུལ་ཁྲིམས་། །


JKT018_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་སྟེ། སྐྱོགས་ཀླུ་གཉིས་ཀར་གཟུས་རྡོ་རྗེ་རྒྱལ་མཚན་གྱིས་གསན་པས་བཤད་རྒྱུན་གྱི་ཆུ་བོ་གཅིག་ཏུ་འདྲེས་ཤིང་། འཛིམ་པ་ཤེས་རབ་འོད། སྣེ་སོ་གྲགས་རྒྱལ་ཏེ་གཙང་དང་། སྤོ་ཐུང་ཤེས་རབ་ཚུལ་ཁྲིམས་དང་། བླ་མ་གླེན་བྱང་ཚུལ་ཏེ་དབུས་ཀྱི་བུ་གཉིས་ཏེ་བཞིར་གྲགས་པའི་རྒྱུན་ལས་ཀུན་མཁྱེན་མཚོ་སྣ་པ་ཤེས་རབ་བཟང་པོ་དང་། བྱ་འདུལ་བ་འཛིན་པ་ཚུལ་ཁྲིམས་འབར་སོགས་བྱུང་ཞིང་། འདུལ་བསྟན་ཉིན་མོ་ལྟར་མཛད། ཁྱད་པར་མ་བྱོན་སངས་རྒྱས་རབ་གསལ་གྱི་རྣམ་འཕྲུལ་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ཁྲོ་ལོ་བྱམས་པའི་དཔལ་གྱི་བསོད་ནམས་ཟླ་མེད་པའི་མགྲོན་དུ་ཁུགས། དེས་ཁེར་གང་བྱང་ཆུབ་དཔལ། གཙང་པ་རྡོ་རྗེ་དཔལ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་སོགས་བསྙེན་པར་རྫོགས། སྔ་མ་གཉིས་ལས་ཚོགས་ཆེན་སྡེ་བཞིར་གྲགས་པ་བྱུང་། འདིས་སྣས་ལྷ་ས་ཀླས་མོ་ཆེར་དབྱར་གནས་སྐབས་མེ་ཏོག་ཕྲེང་རྒྱུད་གསུངས་པ། སེང་གེ་ཟིལ་གནོན་ལས་ཚད་མའི་སྐྱེས་བུ་དང་། དེ་ལས་བུ་སྟོན་རིན་པོ་ཆེས་གསན་ཅིང་ཊིཀྲ་ཆེན་ཡང་བརྩམས། སྤྱིར་བུ་སྟོན་རིན་པོ་ཆེ་ལ་འདུལ་བའི་བཤད་སྲོལ་གསུམ་ཀ་གཅིག་ཏུ་འདྲེས་ཤིང་། དེ་ནས་བཀའ་གདམས་གསར་མའི་ཤིང་རྟའི་སྲོལ་འབྱེད་ཀུན་མཁྱེན་ཙོང་ཁ་པ་སོགས་ཀྱིས་བསྟན་པ་ལ་བྱི་དོར་མཛད་པས་གཅིག་ཏུ་བཀའ་དྲིན་ཆེའོ། །


JKT018_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཐེག་པ་ཆེ་ཆུང་གི་མངོན་པ་ནི། སྔ་དར་གྱི་ཚེ་ཛཱི་ན་དཱ་ན་གཉིས་ལས་སྐ་ཅོག་སོགས་ཀྱིས་ཐེག་ཆེན་གྱི་མངོན་པ་ཀུན་བཏུས་དང་ཐེག་དམན་གྱི་མཛོད་རང་འགྲེལ་འགྲེལ་བཤད་རྒྱལ་སྲས་མ་སོགས་གསན་ཅིང་བསྒྱུར། དེ་དག་གི་སློབ་མ་སྦ་ཡེ་ཤེས་རྒྱལ་བ་ལས། གྲུམ་རྒྱལ་བ་ཡེ་ཤེས་ཀྱིས་གསན་ནས་རྒྱུན་དར་བ་དང་། ཡང་ནཱ་རོའི་སློབ་མ་སྨྲི་ཏིས་ཁམས་གླང་ཐང་དུ་མཛོད་ཀྱི་བཤད་པ་མཛད་པས་མཁས་བཙུན་མང་དུ་འདུས་ནས་མངོན་པ་འོག་མའི་བསྟན་པ་གཞིར་བཞེངས་སུ་བཏང་། ཕྱིས་པུ་ཏོ་བའི་སློབ་མ་རོག་དམར་ཞུར་དོལ་པ་ཤེས་རབ་རྒྱ་མཚོ་དང་། འབན་གུང་རྒྱལ་བ་ཚུལ་ཁྲིམས་རྒྱལ་བ་སོགས་ཀྱིས་བཟུང་སྟེ་སྣར་ཐང་པའི་དགེ་བཤེས་རྣམས་ལ་བཀའ་བབས་པ་སོགས་དང་། མངོན་པ་གོང་མ་རོང་ངུར་སྨྲིག་ཏུ་བྲང་ཏི་དར་མ་སྙིང་པོས་རྒྱ་ཆེར་སྤེལ། ཕྱིས་སུ་པཎ་ཆེན་ཤཱཀྱ་ཤྲཱིས་ཀྱང་ས་པཎ་ལ་མཛོད་ཀྱི་ཝཾ བཤད་པ་གནང་བ་དང་། མནལ་ལམ་དུ་ཨ་ཕྱི་འབུམ་པའི་དྲུང་དབྱིག་གཉེན་ལས་ཟླ་བ་གཅིག་ཏུ་གསན་པའི་ཐུགས་ཉམས་བྱུང་བས་བཤད་སྲོལ་ཁྱད་པར་འཕགས། །གསུམ་པ་མདོ་སྡེའི་བསྟན་པ་བྱོན་ཚུལ་ལ། ཉན་ཐོས་ཀྱི་མདོ་སྡེ་ནི་བཀའ་བསྡུ་དང་པོའི་ཚེ་བསྡུས་པ་རྣམས་རིམ་གྱིས་ཉམས་ནས་བཙུན་པ་དབྱིག་བཤེས་ཀྱི་སྐབས་ཀྱང་ཆེར་མི་བཞུགས་པར་གསལ་བ་བཞིན། །བོད་དུ་དེ་ལས་ཀྱང་ཅུང་ཟད་ཅིག་


JKT018_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་འགྱུར་ཏེ་མདོ་སྡེ་ལས་བརྒྱ་པ་སོགས་སོ། །འཁོར་ལོ་བར་པ་ཤེར་ཕྱིན་གྱི་མདོ་ནི་རྒྱ་གར་དུ་བཞུགས་སོ་ཅོག་ལྗོངས་འདིར་བྱོན་ཅིང་། བསྟན་པ་སྔ་དར་གྱི་ཚེ་གླང་ཁམས་པ་གོ་ཆ་དང་། བ་གོར་བེ་རོ་ཙ་ན་སོགས་ཀྱིས་ཡུམ་གསུམ་གྱིས་མཚོན་པའི་བཀའ་དང་། དེའི་དགོངས་འགྲེལ་ཀྱང་དིཀྵ་སེ་ནའི་འབུམ་ཊིཀྲ་སོགས་མང་དུ་བསྒྱུར། བཤད་པ་དང་ཉམས་ལེན་གཉིས་ཀའི་རྒྱུན་རྒྱ་ཆེར་འཕེལ། དབུ་མ་རང་རྒྱུད་པའི་སྲོལ་འབྱེད་ཞི་འཚོ། པདྨའི་ངང་ཚུལ་སོགས་ཀྱི་རིང་ལུགས་འཛིན་པར་བཀས་བཅད་ཀྱང་བར་སྐབས་སུ་ཉམས་པ་ལས། ཕྱི་དར་གྱི་ཐོག་མར་ལོ་ཆེན་རིན་བཟང་གིས་པཎྜི་ཏ་གུ་ཎ་མི་ཏྲ་ལས་རྒྱན་འགྲེལ་པ་དང་བཅས་པ་གསན། དེས་ཤར་ཕྱོགས་པ་ཟླ་བ་བཟང་པོ། དེས་སློབ་དཔོན་བརྟན་སྐྱོང་། དེས་རྔོག་ལོ་ཆེན་པོར་བརྒྱུད། ཡང་ཇོ་བོས་འབྲོམ་སྟོན་ལ་ཕར་ཕྱིན་བཤད་པ་དང་། དེས་འབྲོ་སྟོང་བཙན་ལ་བཤད་པའི་སྲོལ་ཆེ་བ་གཅིག་དང་། ཇོ་བོས་ཕྱི་དར་སྟོན་པ་ལ་བཤད་པའི་ཕར་ཕྱིན་ཁམས་ལུགས་སུ་གྲགས་པ་སོགས་དར། ཁྱད་པར་རྔོག་ལོ་ཆེན་པོའི་སློབ་མ་འབྲེ་ཤེས་རབ་འབར་གྱིས། སྔ་དར་གྱི་རྒྱུན་ཁམས་སུ་འཕོས་པ་ལས་བྱུང་བ་དང་། ཇོ་བོ་དང་། རིན་བཟང་གི་སྲོལ་གསུམ་རྣམས་གཅིག་ཏུ་དྲིལ་བའི་ལེགས་བཤད་ཀྱི་སྒྲོན་མེ་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་བཟུང་སྟེ་བསྟན་པ་འདི་ལ་བྱ་བ་ཆེ་


JKT018_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་དུ་མཛད་ཅིང་། རྔོག་ལོའི་སློབ་མ་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱི་བཤད་སྲོལ་ལ་བསྟེན་དཔལ་ལྡན་ཕྱུ་པས་ཀྱང་སྤེལ། དབུ་མ་ནི་བསྟན་པ་སྔ་དར་ལ་ཡེ་ཤེས་སྙིང་པོ་དང་། ཅོག་རོའི་རྩ་ཤེས་བསྒྱུར་བ་སོགས་ལ་དཔག་ན་དར་བར་བྱུང་འདྲ། ཕྱི་དར་ལ་རྔོག་ལོ་ཆེན་པོས་ཤེས་རབ་སྒྲོན་མ་གཙོ་བོར་གྱུར་པའི་གཞུང་ལ་འཆད་ཉན་མཛད། དེ་ལས་བརྒྱུད་དེ་ཕྱ་པ་ཆོས་སེང་གིས་རང་རྒྱུད་ཀྱི་དྲིལ་བསྒྲོགས། ཁྱད་པར་པ་ཚབ་ལོ་ཙཱ་བ་ཁ་ཆེ་སཛྫ་ནའི་སྲས་གཉིས་སོགས་བསྟེན་ནས་ལོ་ཉེར་གསུམ་བཞུགས། བོད་དུ་རྩ་འཇུག་བཞི་གསུམ་སོགས་ཀྱི་འགྲེལ་པ་ཟླ་བས་མཛད་པ་ཅི་རིགས་བསྒྱུར། དགེ་བའི་བཤེས་གཉེན་ཤར་བས་ཀྱང་གྲོགས་མཛད་ནས་ཐལ་འགྱུར་གྱི་བ་དན་བསྒྲེངས་པས་པ་ཚབ་བུ་བཞིར་གྲགས་པ་སོགས་བྱོན། འཁོར་ལོ་ཐ་མའི་མདོ་སྡེ་ནི་ཤིན་ཏུ་རྒྱ་ཆེ། ནཱ་ལེནྡྲ་བི་ཧ་རར་མེའི་གནོད་པ་ལན་གསུམ་བྱུང་བས་ཕྱིས་འཕགས་ཡུལ་དུའང་ཆེར་མི་བཞུགས་ཤིང་། དེ་ལས་ཕལ་ཆེར་ཞིག་དང་དགོངས་འགྲེལ་བཅས་བསྟན་པ་སྔ་དར་གྱི་ཚེ་བསྒྱུར། ཕྱི་འགྱུར་ཀྱང་འགའ་ཞིག་ཡོད། དེ་དག་གི་བཤད་སྲོལ་ཡང་མང་དུ་བྱུང་བ་ལས་གཙོ་བོར་རྔོག་བཙན་གཉིས་ཏེ། སྔ་མས་ཁ་ཆེ་སཛྫ་ན་ལས་མདོ་སྡེ་རྒྱན། རྒྱུད་བླ། འབྱེད་གཉིས་རྣམས་ཀྱི་གཞུང་འགྲེལ་དང་བཅས་པ་རྒྱ་ཆེར་གསན་ནས་བསྟན་པའི་རྒྱུན་ཕྱིས་སུ་གཙང་ནག་པ།


JKT018_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་པ། དོལ་བུ་པ་སོགས་ཀྱིས་རྩལ་དུ་བཏོན་པས་འཁོར་ལོ་ཐ་མའི་ངེས་དོན་རྒྱ་ཆེར་གསལ། གྲྭ་པ་མངོན་ཤེས་ཀྱི་མཁན་བུ་བཙན་ཁ་པོ་ཆེས་སཛྫན་ལས་རྒྱུད་བླ་སོགས་ཞུས། ལྕང་ར་བ་སོགས་སློབ་མ་རྣམས་ལ་བཤད། ཕྱི་མོའི་བར་བཤད་སྒྲུབ་ཀྱི་རྒྱུན་ཁྱད་པར་ཅན་བྱུང་ཡང་རྣམ་རིག་སྨྲ་བར་གྲགས་སོ། །གཉིས་པ་རྡོ་རྗེ་ཐེག་པ་ནི། སྔ་དར་གྱི་ཚེ་ཐོག་མར་ཆོས་རྒྱལ་ཐོ་རི་སྙན་ཤལ་དུས་སུ་དཔང་སྐོང་ཕྱག་བརྒྱ་དང་། མདོ་ཟ་མ་ཏོག་སོགས་བབས་ནས་དབུ་བརྙེས། ལྷ་གཅིག་སྲོང་བཙན་གྱི་དུས་སློབ་དཔོན་ཀུ་སཱ་ར་དང་བྲམ་ཟེ་ཤང་ཀ་ར་སོགས་བྱོན་ནས་ཐོན་མི་སོགས་ཀྱིས་ལོ་ཙཱ་མཛད་དེ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་ཏུ་གྲགས་པ་བསྒྱུར། སྤྲུལ་པའི་རྒྱལ་པོས་ཀྱང་སྐལ་ལྡན་འགའ་ལ་ལྐོག་ཆོས་སུ་བསྟན་པས་གྲུབ་ཐོབ་མང་དུ་བྱུང་བར་གྲགས། ཁྱད་པར་ཁྲི་སྲོང་གི་དུས་སུ་སློབ་དཔོན་སངས་རྒྱས་གསང་བའི་མདུན་དུ་དབས་མཉྫ་ཤྲཱི་སོགས་བཏང་ཡང་མ་བྱོན་ནས་ཀྲི་ཡོག་སྡེ་གསུམ་གྱི་བཤད་པ་ཉན་ནས་དར་བར་བྱས། ཡོ་ག་བ་སྔགས་འཆང་དྷརྨ་ཀཱིརྟི་སོགས་ཀྱིས་ཀྱང་རྣལ་འབྱོར་གྱི་རྒྱུད་སྤེལ། བརྟུལ་ཞུགས་གྲུབ་པ་པདྨ་སཾ་བྷ་ཝས་བླ་མེད་ནང་རྒྱུད་སྡེ་གསུམ་གྱི་སྨིན་གྲོལ་ཕོག །བྱེ་བྲག་ཏུ་མ་ཧཱ་ཡོ་གའི་སྐོར་རྣམས་ལས། རྒྱུད་སྡེ་སྒྱུ་འཕྲུལ་གྱི་སྐོར་སློབ་དཔོན་སངས་རྒྱས་གསང་བ་ལ་གཉགས་ཀྱིས་


JKT018_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གསན་པ་སོགས་དང་། སྒྲུབ་སྡེ་བཀའ་བརྒྱད་ཀྱི་སྐོར། སློབ་དཔོན་ཤྲིནྟཾ་གནྡྷ། ཧཱུཾ་ཀ་ར། བི་མ་ལ་སོགས་ཀྱིས་དངོས་དང་བརྒྱུད་ནས་དར་བར་མཛད། ལུང་ཨ་ནུ་ཡོ་གའི་སྐོར་རྣམས་བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་ལས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་ཞུས། མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་སེམས་ཀློང་གཉིས་ཤྲཱི་སེང་ཧ་ལས་བེ་རོས་གསན་པ་དང་། མན་ངག་སྡེ་ནི་བི་མ་ལ་ལས་མངའ་བདག་དང་ཉང་གིས་གསན་པ་སོགས་ཀྱི་རྒྱུན་ལས་བྱུང་། སྤྱིར་བརྒྱུད་པའི་བཀའ་བབས་དྲུག་ཅེས་གཏམ་དུ་གྲགས་ཤིང་། དེའང་བསྡུ་ན། དང་པོ་གཉགས། བར་དུ་གནུབས། ཐ་མ་ཟུར་ལ་བབས་པས་བོད་ཁམས་ཐམས་ཅད་རིག་སྔགས་འཆང་བའི་དབང་པོས་ཁེངས། དེའི་ཚེ་སློབ་དཔོན་རིན་པོ་ཆེ་དང་། གནུབས་ཆེན་སོགས་ཀྱིས་ཕྱི་མའི་དུས་ན་དགོས་པ་ཁྱད་པར་ཅན་གཟིགས་ཏེ་ཟབ་མོ་གཏེར་གྱིས་རི་བྲག་གངས་གསུམ་ཐམས་ཅད་བཀང་བ། ཕྱིས་སྨོན་ལམ་གྱིས་སྤྲུལ་པའི་གཏེར་སྟོན་མང་པོས་སྤྱན་དྲངས་ཏེ། དེའང་བཀའ་བརྒྱད་རྣམ་པ་གསུམ་དང་། བཀའ་འདུས་སྔ་ཕྱི་བར་གསུམ་དང་། བླ་མ་ཞི་དྲག་དང་། རྫོགས་པ་ཆེན་པོ་མན་ངག་སྙིང་གི་ཐིག་ལེའི་སྐོར་དང་། ཐུགས་རྗེ་ཆེན་པོ་ཞི་དྲག་དང་། འཇམ་དཔལ་ཚེ་བདག་ལ་སོགས་པ་རྣམས་ཏེ། སྔར་མངའ་བདག་ཉང་ཡབ་སྲས་དང་། ཕྱིས་ལྷོ་བྱང་གཉིས་ཁོ་ན་


JKT018_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ཆེ་ཞིང་། གཞན་ནི་གྲངས་ཀྱི་མཐས་གཏུགས་པ་མི་མངའ་ནའང་ཕལ་ཆེར་ལ་སོམ་ཉིའི་ཡུལ་དུ་གྱུར་པའང་སྣང་ཞིང་། འགའ་ཞིག་ཚད་ལྡན་དུ་ཁས་ལེན་དགོས་པར་སེམས། བསྟན་པ་ཕྱི་དར་གྱི་དུས་བྱ་སྤྱོད་གཉིས་ཀྱི་དབང་དང་རྗེས་གནང་རིགས་ལུང་བཀླག་པ་ཙམ་ལས་བཤད་སྲོལ་ཁུངས་མ་ནི་མ་བྱུང་བར་མངོན། རྣལ་འབྱོར་གྱི་རྒྱུད་ནི། ཐོག་མར་ལོ་ཆེན་རིན་བཟང་གིས་རྒྱ་གར་ཁ་ཆེའི་པཎྜི་ཏ་མང་པོ་ལ་གཏུགས། རྒྱུད་དང་འགྲེལ་པ་སྔར་མ་བསྒྱུར་བ་བསྒྱུར། བསྒྱུར་བ་ཞུ་ཆེན་མཛད། འཆད་ཉན་སྒོམ་སྒྲུབ་ཀྱི་སྲོལ་ཆེན་པོ་བཏོད་ནས་རྔོག་ལེགས་ཤེ་སོགས་ཐུགས་སྲས་ཀྱི་གཙོ་བོ་བཞིས་དར་ཞིང་རྒྱས་པར་མཛད། བར་དུ་ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་ཀྱང་ཡོ་གའི་སྐོར་ལ་གསན་པ་རྒྱ་ཆེར་མཛད། སྤང་འགྲེལ་ཡང་བསྒྱུར། ཟངས་དཀར་གྱི་བུ་བཞིར་གྲགས་པ་སོགས་དང་། རྩ་སྐྱ་ཤཱཀྲ་འབུམ། སྣུར་ཉི་མ་འོད་ཟེར་འཛིམ་པ་བློ་ཆེན་སོགས་རང་གི་བརྒྱུད་འཛིན་དང་བཅས་པས་སྤེལ། ཕྱིས་བུ་སྟོན་རིན་པོ་ཆེས་དབང་རྒྱུད་འགྲེལ་ཡོངས་སུ་རྫོགས་པ་གསན་ཅིང་། འཆད་རྩོམ་རྒྱ་ཆེར་མཛད་ནའང་དེང་སང་ནི་རྒྱུད་ཀྱི་བཀླགས་ལུང་དང་། དཔལ་རྩེ་དབྱིངས་གསུམ་སོགས་དབང་བསྐུར་འགའ་ཞིག་གནས་པ་ཙམ་མོ། །བླ་མེད་ཀྱི་རྒྱུད་ལ། ཕ་རྒྱུད་གསང་འདུས་ལས། འཕགས་ལུགས་ནི། ཐོག་


JKT018_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལོ་ཆེན་རིན་བཟང་གིས་འདུས་པའི་རྒྱུད་འགྲེལ་ཆེན་སྒྲོན་གསལ་སོགས་བསྒྱུར་ཅིང་དབང་བཤད་སོགས་རྫོགས་པར་གསན། ཕྱིས་འདུས་པ་གསན་པའི་ལོ་ཙཱ་མང་ཡང་གཙོ་བོར་མར་འགོས་གཉིས་སུ་གྲགས་པའི་འགོས་ཁུག་པ་ལྷས་བཙས་ཀྱིས་དཱི་པཾ་ཀ་ར་དང་། དེ་བཱ་ཀ་ཙནྡྲ་སོགས་པཎྜི་ཏ་བདུན་ཅུ། མཁའ་འགྲོའི་བླ་མ་གཉིས་རྣམས་ལས་གསང་འདུས་ཀྱི་དབང་རྒྱུད་མན་ངག་དང་བཅས་པ་གསན། སློབ་མ་མང་ར་བ་སེང་གེ་རྒྱལ་མཚན་སོགས་མཆོག་དྲུག་བྱུང་ནས་རིམ་པར་དར། ལྷོ་བྲག་མར་ལོས་ནཱ་རོ་དང་ཡེ་ཤེས་སྙིང་པོ་སོགས་ལས་གསང་འདུས་དབང་རྫོགས་པར་གསན། བོད་དུ་ཀ་ཆེན་བཞི་ལས་མཚུར་སྟོན་དབང་ངེ་ལ་གནང་། དེས་ཁམས་པ་རོ་མཉམ་རྡོ་རྗེ་སོགས་ལ་བརྒྱུད་པ་དང་། གཞན་ཡང་ཇོ་བོས་རོང་པ་ཕྱག་སོར་བ་ལ་བཤད་པ་རོང་ལུགས། ཆགས་ཆོས་རྗེ་དཔལ་གྱིས་པཎྜི་ཏ་པ་རེནྡྲར་གསན་ནས་འུ་ཡུག་ཀུང་ར་བ་བླ་མ་དཔལ་སོགས་ལ་བཤད་པ་ཆགས་ལུགས། ཁ་ཆེ་པཎྜི་ཏས་ས་པཎ་དང་། དཔྱལ་ལོ་ལ་གནང་བ་དཔྱལ་ལུགས་སོགས་བྱུང་ནའང་གཙོ་བོར་འགོས་ལུགས་ཉིད་བཟུང་ངོ་། །ཡེ་ཤེས་ཞབས་ལུགས་ནི། དང་པོར་ལོ་ཆེན་རིན་བཟང་དང་། སྨྲ་ཏི་ཛྙཱ་ནས་དར་བར་མཛད་པས་ལོ་ཆེན་ལུགས་དང་། ཁམས་ལུགས་སུ་གྲགས་པ་བྱུང་། ཕྱིས་པཎྜི་ཏ་པུཎྱ་ཤྲཱི་ནས་གཉན་ལོར་བརྒྱུད་པ་ས་ལུགས།


JKT018_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པཎྜི་ཏ་པུཎྱ་ཤྲཱི་སོགས་ནས་རྭ་ལོས་གསན་པ་རྭ་ལུགས། གཉོས་འབྱུང་པོས་བ་ལི་ཨཱ་རླ་ལ་བསྟེན་པས་གཉོས་ལུགས་སོགས་བྱུང་། ཕ་རྒྱུད་གཤེད་སྐོར་ནི། ཕྱི་དར་ལ་དང་པོ་ཅོག་ལོ་ཙཱ་བ་ཞང་ཤེས་རབ་བླ་མས་དགྲ་གདོང་འཇིགས་གསུམ་གྱི་དབང་བཤད་དར་བར་མཛད། ཨུ་པ་ཤྲཱི་མི་ཏྲ་ལས་རོང་ཟོམ་ཆོས་བཟང་གིས་ཞུས་ཏེ་ནག་འཇིགས་ཀྱི་རྒྱུད་སོགས་བསྒྱུར། ནིཀྐ་ལཱངྐ་ལས་དཔྱལ་ཆོས་བཟང་གིས་གཤེད་དམར་སྐོར་ཞུས་ཏེ་དར་བར་མཛད། དེ་བཞིན་དུ་དཱ་ན་ཤཱི་ལས་ས་པཎ་དང་། ཆགས་ལོ་ཙཱ་བ། དར་པཎ་ལས། གློ་བོ་ལོ་ཙཱ་བས་ཀྱང་གསན་ཏེ་དེ་བཞི་ལས་གཤེད་དམར་གྱི་སྐོར་བྱུང་། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བལ་པོ་པ་རོ་ཕྱག་རྡུམ་དང་། མེ་ཙ་ལིང་པ་གཉིས་ལ་བསྟེན་ནས་འཇིགས་བྱེད་ཀྱི་སྐོར་དང་། ཁྱད་པར་བལ་པོ་ཐུགས་རྗེ་ཆེན་པོར་དགྲ་གདོང་འཇིགས་གསུམ་གསན་ནས་དར་བ་རྭ་ལུགས། བླ་མ་སྐྱོ་འོད་འབྱུང་གིས་དོན་ཡོད་རྡོ་རྗེ་ལས་འཇིགས་བྱེད་ཀྱི་སྐོར་གསན་ནས་དར་བ་སྐྱོ་ལུགས། ཞང་ཅོག་གྲུ་ལོ་ཙཱས་དེ་བཱ་ཀར་ཙནྡྲར་ནག་འཇིགས་གཉིས་གསན་ནས་དར་བ་ཞང་ལུགས། གཉོས་ལོས་བ་ལཾ་ཨ་ཙརླ་སོགས་ལས་ནག་པོ་སྐོར་གསུམ་གསན་ཏེ་དར་བ་གཉོས་ལུགས་ཏེ། མདོར་ན་དཔྱལ་ལོ་སོགས་བཞི་ལས་གཤེད་དམར་དང་། རྭ་སྐྱོ་ཞང་གཉོས་ལོ་བཞི་ལས་ནག་པོ་སྐོར་གསུམ་གཙོ་བོར་དར་ཏེ་དེ་


JKT018_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་བཀའ་བབས་བརྒྱད་དོ། །མ་རྒྱུད་ཀྱི་ཕྱོགས་ལ། གདན་བཞིའི་དབང་ཁྲིད་མན་ངག་དང་བཅས་པ་ནི་ལོ་ཆེན་དུས་ཅུང་ཟད་བྱུང་བ། ག་ཡ་དྷ་ར་ཡབ་སྲས་ཀྱིས་སྲོལ་བཏོད་ཅིང་། མར་འགོས་གཉིས་ཀྱིས་རྒྱ་ཆེར་སྤེལ། སྒྱུ་འཕྲུལ་ཆེན་མོའང་དེ་དང་མཚུངས། སངས་རྒྱས་ཐོད་པ་གྱི་ཇོ་ཟླ་འོད་ཀྱིས་རྒྱུད་འགྲེལ་བསྒྱུར་བཤད་མཛད་པ་དང་མར་འགོས་སོགས་ལས་ཀྱང་དར། བདེ་མཆོག་ནི། ཕྱི་དར་གྱི་ཐོག་མར་ཇོ་བོ་རྗེས་ལོ་ཆེན་དང་། རོང་པ་འབར་དགེ་སོགས་ལ་གནང་། ལོ་ཆེན་དང་འགོས་ཀྱིས་པཎྜི་ཏ་མང་པོར་དབང་རྒྱུད་མན་ངག་སོགས་གསན་ཅིང་བསྒྱུར། ཕྱིས་ཇོ་བོས་ནག་ཚོ་ལའང་གནང་། ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་བལ་པོར་ཕམ་མཐིང་པ་ལས་གསན་པ་དང་། དེ་དང་ཕམ་མཐིང་པ་གཉིས་ཀར་མལ་ལོ་བློ་གྲོས་གྲགས་ཀྱིས་གསན་པ་ས་སྐྱ་བར་བཀའ་བབས་པ་དང་། མར་ལོས་ནཱ་རོ་ལས་བདེ་མཆོག་གི་མན་ངག་མང་དུ་གསན་པ་དང་། མར་པ་དོ་པས་ནཱ་རོའི་སློབ་མ་ན་ཀ་ཤྲི་སོགས་མང་པོ་བསྟེན་ནས་སློབ་མ་གཟེ་པ་བློ་ལྡན་སོགས་ཀྱིས་རྒྱ་ཆེར་སྤེལ་བའི་སྲོལ་རྣམས་ལས། ཚོགས་པ་དང་སློབ་མར་བཤད་པའི་བདུད་རྩི་གཉིས་ཀས་མྱོས་པ་ནི་མལ་ལོ་ཙཱ་བ་སྟེ། ལུགས་འདི་ལ་རྣལ་འབྱོར་གསང་མཐའ་ཞེས་པའི་གཏམ་གྱིས་མཛེས་པ་ཡིན་ནོ། །གཞན་ཡང་ཕམ་མཐིང་པ་སྐུ་མཆེད་ལས་པུ་ཧྲང་ལོ་ཆུང་ཞེས་


JKT018_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྱོད་དུ་གཤེགས་པ་དེ་ལས་གཉོས་ལོ་སོགས་ཀྱིས་གསན་པའི་སྲོལ་ཅི་རིགས་པ་ཡོད་དོ། །བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་སྐོར་པཎྜི་ཏ་ཛ་ཡ་སེ་ན་ལ་སུཾ་བྷ་ལོ་ཙཱ་དཔལ་མཆོག་དང་པོའི་རྡོ་རྗེས་དབང་བཤད་རྫོགས་པར་གསན་ཏེ་དཔལ་ས་སྐྱ་པར་བཀའ་བབས་པ་སོགས་དང་། དེའི་ཡུམ་བཀའ་ཕག་མོ་ལྷ་སོ་བདུན་མར་གྲགས་པའི་དབང་བསྐུར་དང་། བསྙེན་སྒྲུབ་ཀྱི་རྒྱུན་ཙམ་དང་། ཁྱད་པར་ཕག་མོ་གཞུང་དྲུག་ཏུ་གྲགས་པའི་སྐོར་རྣམས་རྔོག་ལོ་དང་། རྭ་ལོ་དང་། ཁུ་ནེ་ཙོ་དང་། སྣུབ་སྟོན་སོགས་ལས་དར་རོ། །དེ་དང་རྗེས་སུ་འབྲེལ་བའི་མཁའ་སྤྱོད་སྐོར་གསུམ་ཞེས་དཔལ་ས་སྐྱ་པ་ལ་བཀའ་བབས་པ་དང་། གཞན་ཡང་མར་པ་ནས་བརྒྱུད་པ་སོགས་མང་ཙམ་སྣང་ངོ་། །དཔལ་དགྱེས་པ་རྡོ་རྗེ་ཡབ་ཡུམ་ཀྱི་སྐོར་ནི། རྒྱ་གར་དུ་སྲོལ་ཆེན་དྲུག་གམ་བདུན་ཅེས་གྲགས་ཤིང་། སྤྱིར་སྲོལ་འབྱེད་བཅུ་གཉིས་ཙམ་ཡོད་པ་ལས། འབྲོག་མྱིས་ག་ཡ་དྷ་ར་དང་། འགོས་ལོས་ནག་པོ་པ། མར་པས་ནཱ་རོ་པ། སེ་ཙ་བསོད་ནམས་རྒྱལ་མཚན་གྱིས་ཕམ་མཐིང་པ་ལས་ནཱ་རོའི་ལུགས་གསན་པ་སོགས་ལས་དར་མོད། གཙོ་བོ་ནི་མར་པས་མེས་རྔོག་གཉིས་ལ་བསྟན་པ་གཏད་པས་རྒྱ་ཆེར་དར་བ་དང་། ཁྱད་པར་འབྲོག་མི་ལོ་ཙཱ་བ་ལས་བརྒྱུད་པའི་བཤད་པ་དང་མན་ངག་གི་རྒྱུན་དཔལ་ས་སྐྱ་པ་ཡབ་སྲས་ཀྱི་ཐུགས་མཚོར་བསྐྱིལ་


JKT018_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་བཤད་སྒྲུབ་ཀྱི་རྦ་རླབས་ཕྱོགས་བརྒྱར་གཡོ་བར་གྱུར་ཏོ། །གཉིས་སུ་མེད་པ་དུས་ཀྱི་འཁོར་ལོའི་རྒྱུད་ནི། ཐོག་མར་པཎྜི་ཏ་ཤྲཱི་བྷ་དྲ་བོ་དྷི་དང་། གྱི་ཇོ་ལོ་ཙཱ་བས་བསྒྱུར་ཅིང་། ཁྲོམ་ལོ་ཙཱ་པདྨ་སོགས་བུ་ཆེན་བཞི་ལས་བརྒྱུད་པ་གྱི་ཇོ་ལུགས་དང་། འབྲོ་ལོ་ཙ་བས་ཁ་ཆེ་ཟླ་མགོན་ལས་གསན་ནས་དར་བ་འབྲོ་ལུགས། ཙ་མི་སངས་རྒྱས་གྲགས་ཀྱིས་དུས་ཞབས་པ་ལ་གསན་ནས་གྲྭ་ལོ་སོགས་ལ་བཤད་པ་ཙ་མི་ལུགས། བལ་པོའི་པཎྜི་ཏ་ས་མན་ཤྲཱི་ལས་རྭ་ཆོས་རབ་ཀྱིས་གསན་པ་རྭ་ལུགས། གཞན་ཡང་པཎ་ཆེན་ལུགས། ཆག་ལུགས། ཤ་བ་རི་པའི་མན་ངག་གི་ལུགས་སོགས་མང་པོ་བྱུང་། དེ་དག་གི་གདམས་ངག་གཙོ་བོར་སྦྱོར་བ་ཡན་ལག་དྲུག་ལའང་ལུགས་སྲོལ་མི་འདྲ་བ་བཅུ་བདུན་ཙམ་བཞུགས་པ་སོགས་མཐའ་ཀླས་ཤིང་། ཕྱིས་བུ་དོལ་གཉིས་བསྟན་པའི་བདག་པོར་གྱུར་པ་ལས་ཀྱང་ཚུལ་འདིར་བཤད་སྒྲུབ་གཉིས་ཀའི་སྒོ་ནས་བཀའ་དྲིན་ཆེ་བ་ནི་ཀུན་མཁྱེན་ཇོ་ནང་པ་ཉིད་ཡིན་ནོ། །དེ་དང་རྗེས་མཐུན་གྲུབ་ཆེན་ཨོ་རྒྱན་པས་སྤྲུལ་པའི་ཡུལ་དྷ་མ་ཐ་ལར་རྡོ་རྗེ་རྣལ་འབྱོར་མ་ལས་མངོན་སུམ་དུ་གསན་པའི་ཨོ་རྒྱན་བསྙེན་སྒྲུབ་ཅེས་གྲགས་པའང་། ཡི་དམ་ཀྱིས་ལུང་བསྟན་པའི་རྟོགས་ལྡན་མཁར་ཆུ་པ་དང་། ཀུན་མཁྱེན་རང་བྱུང་པ། རྟོགས་ལྡན་ཟླ་བ་སེང་གེ །དཔལ་ལྡན་སྤུ་ཧྲ་པ། རྗེ་བཙུན་ཟུར་ཕུག་པ་སོགས་ལས་བརྒྱུད་


JKT018_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་སོགས་ཚད་མའི་སྐྱེས་བུ་མང་པོས་ཀྱང་གསན་པར་མཛད་དོ། །དེ་དག་གིས་རྒྱུད་གཙོ་བོར་སྟོན་པའི་བབས་ཚུལ་མདོར་བསྡུས་ཙམ་བྲིས་པ་ཡིན་ལ། མན་ངག་གཙོ་བོར་གྱུར་པའི་སྒྲུབ་བརྒྱུད་ཀྱི་རིང་ལུགས་ལ། ལམ་འབྲས་བུ་དང་བཅས་པ་ནི། ཐོག་མར་གཱ་ཡ་དྷ་རས་སྲོལ་བཏོད། བར་དུ་འབྲོག་མི་དཔོན་སློབ་ཀྱིས་དར་བར་མཛད། ཐ་མར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་ཤིན་ཏུ་གསལ་བར་ཕྱེས། དེ་ལ་ཡང་སྔ་ཕྱིར་ལུགས་སྲོལ་མི་འདྲ་བ་བཅོ་བརྒྱད་ཙམ་བྱུང་བར་གྲགས་ནའང་ཕལ་ཆེར་ཧ་ཅང་དར་བར་མ་མངོན་ཅིང་། །ཞྭ་མ་ལུགས་དང་། ས་ལུགས་གཉིས་དར་རྒྱས་ཆེ་བ་ལས། ས་སྐྱ་པའི་ལུགས་ནི་དེང་སང་གི་བར་དུ་རྗེ་བཙུན་གོང་མ་ལྔ་དང་། ངོར་རྫོང་གོང་གསུམ་སྙན་བརྒྱུད་ཀྱི་མངའ་བདག་ཚར་ཆེན་ཡབ་སྲས་སོགས་ཀྱིས་ཉིན་མོ་ལྟར་མཛད་དོ། །ཕྱག་རྒྱ་ཆེན་པོར་གྲགས་པའི་གཙོ་བོ་ནི། རྗེ་བཙུན་མར་པ་ལོ་ཙཱས་གངས་ཅན་གྲུབ་བརྒྱའི་སྤྱི་མེས་མི་ལ་རིན་པོ་ཆེར་སྒྲུབ་བརྒྱུད་ཀྱི་བསྟན་པ་གཏད། དེའི་སློབ་མ་ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེས་བཀའ་གདམས་ཀྱི་བདུད་རྩིས་ཚིམས་པར་མཛད་པའི་རྗེས་ཕྱག་རྒྱ་ཆེན་པོའི་བརྒྱུད་པ་ལ་ཞུགས་པས་གྲུབ་པ་བརྙེས་ནས། སློམ་མ་ཁམས་པ་མི་གསུམ་དུ་གྲགས་པའི། དུས་གསུམ་མཁྱེན་པ་ལས་ཀརྨ་


JKT018_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཀཾ་ཚང་དང་། ཕག་གྲུ་ལས་འབྲི་སྟག་འབའ་རོམ་ཁྲོ་ཕུ་བཀའ་བརྒྱུད་དང་། སྒོམ་ཚུལ་གྱི་སློབ་མ་ཞང་རིན་པོ་ཆེ་ལས་ཚལ་བ་བཀའ་བརྒྱུད་སོགས་བྱོན་ནས་གངས་ཅན་གྱི་རི་བོའི་སུལ་ཐམས་ཅད་མཛེས་པར་ལྟ་བྱས། ཁྱད་པར་དཔལ་ལྡན་འབྲུག་པའི་ཕྲིན་ལས་ནམ་མཁའ་དང་མཉམ་པར་སོང་། གཞན་ཡང་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་ལས་རས་ཆུང་སྙན་བརྒྱུད་དང་། ངན་རྫོང་སྟོན་པ་བོ་དྷི་རཱ་ཛ་ལས་ངན་རྫོང་སྙན་བརྒྱུད་དུ་གྲགས་པ་སོགས་བྱུང་། ཤངས་པ་བཀའ་བརྒྱུད་དུ་གྲགས་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཐམས་ཅད་པའི་ངོ་བོ་མཁས་གྲུབ་ཁྱུང་པོ་བརྩོན་འགྲུས་མགོན་རྗེས་སུ་བཟུང་། དེས་རྨོགས་ལྕོག་པ་རིན་བརྩོན། སྐྱེར་སྒང་པ་ཆོས་སེང་། འགྲོ་མགོན་སངས་རྒྱས་སྟོན་པའི་བར་དུ་ཆིག་བརྒྱུད་ཀྱི་རྒྱས་བཏབ་པ་བརྒྱུད་པ་རིན་པོ་ཆེ་སྣ་བདུན། དེ་ནས་བཀའ་སྲོལ་རྣམ་ལྔ་ལ སོགས་རྒྱ་ཆེར་སྤེལ་བས་དབུས་སུ་འཇག་བསམ་གཉིས་དང་། ཤངས་དང་། ཉང་སོགས་སུ་རྒྱ་ཆེར་འཕེལ་ལོ། །ཞི་བྱེད་དུ་གྲགས་པ་ནི། ངོ་མཚར་བརྒྱུད་པའི་བླ་མ་སོ་དྲུག་དང་། བདེ་གཤེགས་བཅུ་གཉིས་སོགས་ཀྱིས་རྗེས་སུ་བཟུང་པ་གྲུབ་པའི་དབང་ཕྱུག་དམ་པ་སངས་རྒྱས་ཀྱིས་བོད་འདིར་བརྩེ་བས་དགོངས་ཏེ་ལན་མང་དུ་བྱོན་པ་ལས། དང་པོར་ཨང་པོ་ལོ་ཙཱ་བ་སོགས་དང་། བར་དུ་རྨ། སོ། ཀཾ་དགེ་འདུན་


JKT018_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འབར་གསུམ་དང་། ཐ་མ་དམ་པ་ཀུན་དགའ། ཕྱར་ཆེན། ཕྱར་ཆུང་སོགས་བུ་ཆེན་བདུན་ལ་སྤེལ་ནས་རྒྱ་ཆེར་དར། དེ་ནས་བརྒྱུད་པའི་གདམས་ངག་ལ་བརྟེན་ནས་རང་སྟོབས་ཀྱིས་ཕྱེ་བ་གཅོད་ཡུལ་ཅེས་གྲགས་པ་ནི་ཡུམ་ཆེན་མོ་མི་མོའི་ཤ་ཚུགས་ལ་བརྟེན་པ་མ་གཅིག་ལབ་ཀྱི་སྒྲོལ་མས་རྒྱ་ཆེར་སྤེལ་བ་ལས་གྲུབ་མཐའ་ཕལ་ཆེར་ལ་ཁྱབ་པར་གྱུར་ཏོ། །དེ་རྣམས་ནི་མདོ་སྔགས་སོ་སོར་ཕྱེ་བའི་མན་ངག་མ་ཡིན་ཏེ། དཔེར་ན་ལམ་འབྲས་ལས་ཀྱང་། སངས་རྒྱས་ཀྱི་གསུང་རབ་མདོ་སྡེ་དང་རྒྱུད་སྡེ་ཐམས་ཅད་ཀྱི་དོན་གྱི་བཅུད་ཕྱུང་བ་ཞེས་གསུངས་པ་ལྟར། སྔོན་འགྲོ་སྣང་གསུམ་གྱིས་མདོ་དང་། དངོས་གཞི་རྒྱུད་གསུམ་གྱིས་སྔགས་བླ་མེད་མཐའ་དག་གི་དབང་བཞིའི་ལམ་སྟོན་པའི་ཕྱིར་དང་། དེ་བཞིན་ཕྱག་རྒྱ་ཆེན་པོའང་སྤྱིར་སྔགས་ལུགས་ཡིན་མོད་ཀྱི། གདུལ་བྱ་དབང་རྟུལ་ལ་ཤེར་ཕྱིན་གྱི་ལྟ་བ་ངོ་སྤྲད་པར་ཕྱག་ཆེན་གྱི་མིང་གིས་བཏགས་ནས་འཆད་པ་སོགས་སོ། །མདོ་ལུགས་རང་རྐང་གི་ཉམས་ལེན་གྱི་གནད་ཐམས་ཅད་བསྡུས་པ་སྐྱེས་བུ་གསུམ་གྱི་ལམ་རིམ་ནི་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྷ་གཅིག་དཱི་པཾ་ཀཱ་ར་ལས་བྱུང་སྟེ། དེའང་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ཕོ་ཉར་མངགས་ཏེ་གངས་ཅན་པའི་བསོད་ནམས་ཀྱི་ཞིང་དམ་པར་ཇོ་བོ་རྗེ་བྱོན་པར་བསྐུལ་བ་བཞིན་ཕེབས་ནས་སྔར་


JKT018_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རྣལ་མ་ཞིག་བྱུང་ནའང་བར་སྐབས་སུ་རྙོགས་པའི་དྲི་མ་ཅུང་ཟད་ཀྱིས་བསླད་པ་རྣམས་བསལ་ཏེ་བསིལ་ལྗོངས་ཐམས་ཅད་ཉིན་མོ་ལྟ་བུར་མཛད། དེ་ལ་སློབ་མ་བསམ་གྱིས་མི་ཁྱབ་ཀྱང་ཁུ་རྔོག་འབྲོམ་གསུམ་ནི་གཙོ་བོ་ཡིན་ལ། དེ་ལས་ཀྱང་འབྲོམ་སྟོན་པ་སྐྱེ་བ་དུ་མར་ཡབ་སྲས་ཀྱི་ཚུལ་བཟུང་བས་ཐུགས་སྲས་གཅིག་པུར་གྱུར་པ། དེའི་སློབ་མ་སྐུ་མཆེད་གསུམ་ཞེས་པའི་འཇམ་དབྱངས་རྣམ་འཕྲུལ་པོ་ཏོ་བ་རིན་ཆེན་གསལ་གྱིས་བཀའ་གདམས་གཞུང་དྲུག་ལ་ཉན་བཤད་མཛད་པས་གཞུང་པ་དང་། ཕྱག་རྡོར་རྣམ་འཕྲུལ་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་སྒྲུབ་པ་གཙོ་བོར་མཛད་ནས་བདེན་བཞིའི་མན་ངག་གསུངས་པས་མན་ངག་པ་དང་། སྤྱན་རས་གཟིགས་སྤྱན་སྔ་ཚུལ་ཁྲིམས་འབར་གྱིས་སྐྱེས་བུ་གསུམ་གྱི་ལམ་རིམ་ཆེས་ཆེར་སྤེལ་བས་གདམས་ངག་པ་དང་། ནག་ཚོ་སོགས་ཇོ་བོའི་སློབ་མ་བརྒྱད་དང་། ཉིང་སློབ་གཉིས་ཏེ་བཅུ་ལ་གཏུགས་པ་རོང་པ་ཕྱག་སོར་བ་ལས་ནག་ཚོ་བཀའ་བརྒྱུད་དམ། བཀའ་གདམས་འོག་མ་ཞེས་གྲགས་པ་ནས་བཟུང་སྟེ་ཕྲིན་ལས་ཀྱི་ཀློང་ཆེན་པོ་བརྡོལ་ཏེ་བར་སྐབས་ཤིག་ཏུ་ཁ་བ་ཅན་གྱི་ནོར་འཛིན་ཐམས་ཅད་ཁྱབ་པར་གྱུར་ནའང་། ཕྱིས་སུ་བསྟན་པ་ཐམས་ཅད་ལ་ཐིམ་སྟེ་གནས་པ་ལས་ཟུར་དུ་འབྱེད་རྒྱུ་མ་བྱུང་ཞིང་། འོན་ཀྱང་འཇམ་དཔལ་གཞོན་ནུ་བྱིས་པའི་གཟུགས་ཀྱིས་རྒྱུ་བ་ཤར་ཙོང་ཁ་པ་བློ་


JKT018_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་གྲགས་པས་ཐུན་མོང་མདོ་ཕྱོགས་ཀྱི་གདམས་ངག་ལས་རྒྱ་ཆེན་སྤྱོད་པའི་སྲོལ་ཇོ་བོ་ཡབ་སྲས་དང་། ཟབ་མོ་སྟོང་པའི་སྲོལ་དང་། རྡོ་རྗེ་ཐེག་པ་བླ་མེད་ཀྱི་རྒྱུད་སྡེར་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཚད་མར་མཛད་ནས་ལམ་རིམ་གཉིས་སོགས་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་པའི་བགྱི་བས་རྒྱལ་བསྟན་སླར་ཡང་ཉིན་མོར་བྱེད་པ་ལ་བཀའ་གདམས་གསར་མ་ཞེས་མཚན་དུ་གསོལ་བའང་ཡོད་དེ་དོན་ལ་གནས་པ་ཉིད་དོ། །དེ་ལྟར་ཛམྦུའི་ལྗོན་པས་མཚན་པའི་ལྗོངས་འདིར་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་དར་བའི་གནས་ཀྱི་མཆོག་ནི་འཕགས་བོད་གཉིས་ཁོ་ནར་ངེས་པའི་ཕྱིར་ཅུང་ཟད་བཤད་པ་ཡིན་ལ། གཞན་དུ་དཔལ་དུས་ཀྱི་འཁོར་ལོ་ལས་ལྷོ་གླིང་དབུས་མ་འདིའི་ཕྱེད་བྱང་མ་ལ་དུམ་བུ་དྲུག་ཏུ་བྱས་པའི་བྱང་ནས་རིམ་པར་གངས་ཅན། ཤམྦྷ་ལ། རྒྱ་ནག །བོད། ལི། རྒྱ་གར་ཞེས་ཡུལ་གྱི་དུམ་བུ་དྲུག་ཏུ་གསུངས་པ་ནི་ལས་ཀྱི་ས་ཉིད་ཡིན་ཕྱིར་བསྟན་པ་རིན་པོ་ཆེ་འདེགས་པར་བཟོད་པའི་ནོར་འཛིན་གྱི་གཞིའོ། །དེ་སླད་དང་པོ་གངས་ཅན་དུ་བྲི་མ་ཀ་ཊདྷུ་ནའི་མཆོད་རྟེན་དུ་ནག་པའི་ཉ་ལ་བདག་ཅག་གི་སྟོན་པས་དང་པོར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས། གཉིས་པ་ཤམྦྷ་ལར་ཆོས་རྒྱལ་ཟླ་བ་བཟང་པོ་ནས་ལྷ་དབང་ལྡན་གྱི་བར་སྤྲུལ་པའི་ཆོས་རྒྱལ་བདུན་དང་། འཇམ་དཔལ་


JKT018_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་སོགས་རིགས་ལྡན་ཉེར་ལྔ་བྱོན་ནས་ཕྱི་མའི་མཐར་ཐུག་པའི་བར་རྡོ་རྗེ་ཐེག་པ་དང་པོའི་སངས་རྒྱས་གཙོ་བོར་གྱུར་པའི་བསྟན་པ་ཤིན་ཏུ་གསལ་བར་མཛད། ཁྱད་པར་མ་འོངས་པར་ཀླ་ཀློས་འཛམ་གླིང་ཕལ་ཆེར་དབང་བསྒྱུར་བའི་ཚེ་རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱིས་སྤྲུལ་པའི་དམག་གིས་བཏུལ་ཏེ་ལས་ས་དུམ་བུ་བཅུ་གཉིས་སུ་གསང་བ་མཆོག་གི་བསྟན་པ་འཇོག་པར་ལུང་བསྟན་གྱི་བདེན་པ་ལས་རྗེས་སུ་དཔག་གོ །གསུམ་པ་རྒྱ་ནག་ཏུ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན། ཧན་གྱི་རྒྱུད་ལས་ཧ་ན་མིན་ཏི་ཞེས་བྱ་བའི་རྒྱལ་པོའི་ཚེ་འཕགས་ཡུལ་གྱི་པཎྜིཏ་གྲོལ་བ་དང་། འབར་བ་ཟེར་བ་གཉིས་བྱོན་ནས། ཐེག་པ་ཆུང་ངུའི་སྡེ་སྣོད་ལྔ་བཅུ་རྩ་གཉིས་དང་། ཨུ་དྲ་ཡ་ནས་བཞེངས་པའི་ཐུབ་པའི་བྲིས་སྐུ་བཅས་བསྣམས་ནས་ཕེབས་ཏེ་བསྟན་པའི་དབུ་བརྙེས། སའི་ཕའི་གསི་ཞེས་པའི་གཙུག་ལག་ཁང་ཐོག་མར་བཞེངས། དེ་གཉིས་ཀྱིས་དགྲ་བཅོམ་ཐོབ་ཅིང་ཟིན་ཤིང་བཏུལ། དགེ་འདུན་གྱི་སྡེ་འཕེལ་བར་མཛད་དོ། །ཕྱིས་ཞིག་ན་པཎྜི་ཏ་ཀུ་མཱ་ར་སྤྱན་དྲངས་ཏེ་བསྟན་པ་སྤེལ། ཐང་གི་བརྒྱུད་པའི་རིང་ལ་ཐང་ཛང་ཛང་ཞེས་པ་དབྱིག་གཉེན་གྱི་སློབ་མར་གྱུར་ནས་ཐེག་པ་ཆེ་ཆུང་གི་ཆོས་དཔག་མེད་བསྒྱུར། འདིའི་གོང་དུ་ཆོས་བསྒྱུར་ནུས་པའི་རྒྱའི་ལོ་ཙཱ་ཉིས་བརྒྱ་ཙམ་བྱུང་བར་གྲགས། དེ་དག་གིས་


JKT018_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཆོས་མང་དུ་བསྒྱུར་ཅིང་། དགྲ་བཅོམ་པའང་མང་དུ་བྱོན་ནས་བཟུང་མི་ཉག་དང་ཧོར་གྱི་རྒྱལ་པོ་བྱུང་བ་དང་། དེ་ནས་ཀྱང་ད་ལྟའི་བར་དུ་རྒྱལ་པོ་མང་པོའི་ཚེ་ལ་བསྟན་པ་གནས་བཞིན་པ་ནས། མི་ཉག་གི་རྒྱལ་པོ་ཐའི་ཧུས་ཆོས་རྗེ་ཁམས་པ་དབུ་སེ་གདན་དྲངས་ཀྱང་མ་ཕེབས་པར་གཙང་པོ་པ་གཏོང་བར་ཆོས་ཉན་པ་དང་། ཧོར་ཡུལ་དུ་ཧོར་གྱི་རྒྱལ་པོ་ཛིང་གི་སླན་གྱི་ཆེ་ཚལ་པའི་སློབ་མ་གཙང་པ་དུང་ཁུར་པ་བྱོན་ནས་གནམ་མཆོད་པ་ལ་དད་པ་ཙམ་མཛད། རྗེས་ནས་མི་ཉག་ཀྱང་ཧོར་གྱིས་དབང་དུ་བསྡུས། ཕྱིས་རྒྱལ་པོ་གོ་དན་གྱིས་ས་པཎྜི་ཏ་སྤྱན་དྲངས། དེའི་དུས་སུ་ཆོས་རྗེ་རིན་པོ་ཆེ་འཕགས་པའང་ཕེབས་ཤིང་། གོ་དན་ལ་དབང་བསྐུར་བ་སོགས་བསྟན་པ་གསལ་བར་མཛད། མོ་གོར་གན་གྱིས་ཀརྨ་པཀཱི་སྤྱན་དྲངས་པ་སོགས་བོད་ཡུལ་གྱི་བསྟན་པ་དང་དེར་འཛིན་ཅི་རིགས་པར་མཆོད་པ་བྱུང་། རྒྱ་ནག་ཕྱི་མ་ཚིན་གྱི་རྒྱུད་ཐའི་ཛུ་རྒྱལ་པོས་བི་རཱུ་པ་དང་། གནས་བརྟན་བཅུ་དྲུག་སྤྱན་དྲངས། ཏཱ་མིན་གཡུང་ལོ་རྒྱལ་པོས་ཆོས་རྗེ་དེ་བཞིན་གཤེགས་པ་སྤྱན་དྲངས། ད་ལྟ་ཚིན་གྱི་བརྒྱུད་པ་འདིར་ཡང་ཤུརྩའི་རྒྱལ་པོས་ངག་དབང་བློ་བཟང་རྒྱ་མཚོ་སྤྱན་དྲངས་པ་སོགས་ཞྭ་སེར་ཅན་གྱི་རིང་ལུགས་གཙོ་བོར་གྱུར་པའི་བསྟན་པ་ལ་བསྙེན་བཀུར་ཞིང་ཕྱིས་ནས་ཆོས་སྡེ་ཆེན་པོའང་མང་དུ་བཏབ་པར་སྣང་ལ། འོན་ཏེ་སྔར་ནས་


JKT018_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ་སྔགས་ཀྱི་བསྟན་པ་ནི་སྐལ་བ་ཅན་རེ་གཉིས་ཙམ་གྱིས་ཉམས་སུ་ལེན་པ་ལས་ཁྱབ་གདལ་དུ་མ་བྱུང་ལ། མདོ་ཕྱོགས་ལས་ཀྱང་དེང་སང་གི་ཐེག་ཆེན་དང་། དེ་ལས་ཀྱང་འཁོར་ལོ་ཐ་མའི་མདོ་སྡེ་གཙོ་བོར་སྤྱོད་པ་ཞིག་སྣང་། བཞི་པ་བོད་ཡུལ་གྱི་ལོ་རྒྱུས་ནི་སྔར་བྲིས་པ་ལྟར་དང་། ལྔ་པ་ལི་ཡུལ་དུ་ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་ས་ནུར་གྲགས་པས་བཟུང་སྟེ་རིང་ཞིག་ན་རྒྱལ་པོ་བི་ཛ་ཡ་སཾ་བྷ་བའི་རིང་ལ། དགེ་སློང་བེ་རོ་ཙ་ན་སོགས་ཀྱིས་བསྟན་པ་སྤེལ་ཏེ། གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བཞེངས། དེ་རྗེས་རྒྱལ་པོ་བི་ཛ་ཡ་བིརླའི་ཚེ་འཕགས་ཡུལ་ནས་དགྲ་བཅོམ་བཞི་ཕེབས། སངས་རྒྱས་འོད་སྲུང་གི་མཆོད་རྟེན་ངོ་སྤྲད་ཅིང་། སྒེའུ་དོ་ཤན་གྱི་གཙུག་ལག་ཁང་བརྩིགས། དེ་བཞིན་དུ་དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་ཞིག་བྱོན་ཏེ་ཐེག་པ་ཆེ་ཆུང་གཉིས་ཀའི་བསྟན་པ་གསལ་བར་མཛད་ཅིང་། གཙུག་ལག་ཁང་དང་དགེ་འདུན་གྱི་སྡེས་ཁྱབ་པར་གྱུར་ནའང་། དེང་སང་ནི་བསྟན་པ་གཟུགས་བརྙན་ཙམ་དུ་སྣང་ངོ་ཞེས་གཏམ་དུ་ཐོས་སོ། །དྲུག་པ་འཕགས་ཡུལ་དུ་དར་ཚུལ་ནི་སྔར་སྨོས་པས་ཁྱབ་ལ། རྒྱས་པར་ནི་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་། ཀུན་མཁྱེན་བུ་སྟོན་རིན་པོ་ཆེ། གསུང་རབ་རིན་པོ་ཆེའི་མཛོད། འགོས་ལོ་ཐམས་ཅད་མཁྱེན་པ། དེབ་སྔོན། དཔའ་བོ་གཙུག་ལག་


JKT018_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་མཁས་པའི་དགའ་སྟོན་སོགས་ཀྱི་བོད་ཡུལ་གྱི་ཆོས་གཙོ་བོར་གྱུར་པའི་ཆོས་འབྱུང་། ཀུན་མཁྱེན་ལྔ་པ་རིན་པོ་ཆེའི་བོད་ཀྱི་རྒྱལ་རབས་གཙོ་བོར་བཤད་པ་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དང་། ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་བདེ་གསང་དུས་གསུམ་ཡོ་ག་དང་བཅས་པའི་ཆོས་འབྱུང་དང་། གྲུབ་མཐའ་སོ་སོའི་ཆོས་ཀྱི་བྱུང་བ་བརྗོད་པ་དང་། བླ་མ་བརྒྱུད་པའི་རྣམ་ཐར་སོགས་དང་། གུང་མགོན་པོ་སྐྱབས་ཀྱིས་བྱས་པའི་རྒྱ་ནག་གི་ཆོས་འབྱུང་དུ་བློ་གྲོས་ཀྱི་མིག་བསྒྲུབ་པར་བྱོས་ཤིག །རྣམ་མང་ངོ་མཚར་གཏམ་གྱི་མཆོག །བདུད་རྩིའི་ཆུ་གཏེར་བསྲུབས་པ་ལས། །ལེགས་འོང་ཉིན་མོའི་དཔལ་འདི་ཡང་། །བློ་ལྡན་ཨུཏྤལ་ཚོགས་ཀྱི་གསོས། །ཞེས་པའང་ཆེད་དུ་བརྗོད་པའོ། །སརྦ་དཱ་མངྒ་ལཾ།། ༈ །།ན་མོ་བཛྲ་སཏྭཱ་ཡ། རྣལ་འབྱོར་གྱི་རྒྱུད་སྡེ་བྱུང་ཚུལ་ལ། བདག་ཅག་གི་སྟོན་པ་གྲངས་མེད་ཀུན་སྙིང་བཞེད་པའི་བསྐལ་པ་རྒྱ་མཚོའི་ཐོག་མ་ནས་རྫོགས་པའི་བྱང་ཆུབ་མངོན་དུ་བརྙེས་ཀྱང་། དྲང་དོན་དུ་རྒྱལ་བུ་དོན་གྲུབ་ཀྱི་རྟེན་ལ་གསར་དུ་སངས་རྒྱས་བའི་ཚུལ་སྟོན་པའི་ཚེ། བཏགས་པའི་ལུས་ཆུ་བོ་ནེརཉྫ ནའི་འགྲམ་དུ་བཞག་ནས་དབང་བསྐུར་ཏེ། ཡེ་ཤེས་ཀྱི་ལུས་འོག་མིན་དུ་མངོན་བྱང་ལྔའི་རོལ་པས་སྐུ་བཞིའི་སར་གཤེགས་པར་མཛད་ནས། སླར་ཡང་འོག་མིན་དང་། དགའ་ལྡན་དང་། ལྕང་ལོ་ཅན་ཏེ་ལྷ་


JKT018_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་དུ་གྲགས་པར་ཡོ་གའི་རྒྱུད་སྡེ་རྣམས་གསུངས། དེ་ཉིད་སྡུད་པོ་ཕྱག་ན་རྡོ་རྗེས་བསྡུས་ཏེ་གནས་པ་ལ། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་གཉིས་ན། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ཞེས་སོགས་ལུང་བསྟན་པ་ལྟར་རྒྱ་གར་ཤར་ལྷོའི་འགྲམ། གྲོང་ཁྱེར་པ་ཏི་ཀིརྟི་ཞེས་བྱ་བར་རྒྱལ་པོ་རབ་གསལ་ཟླ་བ་བྱུང་སྟེ། དེ་ལ་ཕྱག་ན་རྡོ་རྗེས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྤྲུལ་ནས་དབང་བསྐུར་ཏེ། ལྷ་གནས་གསུམ་དུ་གྲགས་པར་དེ་ཉིད་བསྡུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་མཐའ་དག་གནང་། དེ་ལ་སློབ་མ་རྒྱལ་བུ་སྒྲ་གཅན་འཛིན་བཟང་པོ་དང་། ཡེ་ཤེས་རྡོ་རྗེ་དང་། པྲཛྙཱ་སིདྡྷི་དང་། རབ་འབྱོར་བསྐྱངས་ཏེ་བཞིའམ། ཁ་ཅིག་རབ་འབྱོར་བསྐྱངས་མི་འདྲེན་པར། སྭ་སྟི་ཕ་ལ་དང་། ཕལ་ཆེར་ཉི་མའི་སྙིང་པོ་དང་བཞི་ཡིན་ཅེས་ཟེར། གང་ལྟར་དེ་བཞི་ཆར་ལ་འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་ཨཱ་མིང་བདག་ཉིད་ཆེས། །སྟོན་པའི་བསྟན་པ་གཅེས་འཛིན་བྱེད། །བློ་ལྡན་ཡོན་ཏན་ཀུན་གྱིས་བཀུར། །ཅེས་ལུང་བསྟན་པའི་གྲུབ་ཆེན་ཀུན་དགའ་སྙིང་པོས་གསན། དེ་ནས་པྲཛྙཱ་བ་ལི་ཏ། པྲཛྙཱ་བོ་དྷི། མུཀྟིཀ་ཀོ་ཥ དྷརྨ་པ་ལ་རྣམས་ལ་བརྒྱུད་དེ། དེའི་སློབ་མ་ནི་ཇོ་བོ་དཱི་པཾ་ཀ་ར་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའོ། །ཡང་ཁ་ཅིག །སློབ་དཔོན་བུདྡྷ་གུབྱ་ཞེས་


JKT018_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དངོས་གྲུབ་བརྙེས་པ་ཞིག་གིས་འཕགས་པ་འཇམ་དཔལ་ལས། དེ་ཉིད་བསྡུས་པ། རྡོ་རྗེ་རྩེ་མོ། དཔལ་མཆོག་དང་པོ། ངན་སོང་སྦྱོང་རྒྱུད། རྟོག་པ་ཐམས་ཅད་བསྡུས་པ་རྣམས་ཀྱི་དབང་གདམས་གསན་ནས། ཡན་ལག་མེད་པའི་རྡོ་རྗེ་སོགས་ལས་རིམ་པར་བརྒྱུད་དེ། །སློབ་དཔོན་ཤཱཀྱ་བཤེས་གཉེན་ཞེས་བྱ་བས་དེ་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཤྰཀ་སྟོང་ཕྲག་བཅུ་གཉིས་པ་ཀོ་སཱ་ལ་ཡི་རྒྱན་ཅེས་བྱ་བ་མཛད། ཡང་སྔར་གྱི་སློབ་དཔོན་གྲུབ་པ་ཐོབ་པ་དེ་དང་མིང་མཚུངས་པའི་སློབ་དཔོན་སངས་རྒྱས་གསང་བ་ཞེས་པས་དེ་ཉིད་བསྡུས་པའི་འགྲེལ་པ་མཛད་དེ། དེ་ལྟར་ན་དོན་ལ་མཁས་པ་སངས་རྒྱས་གསང་བ། ཚིག་ལ་མཁས་པ་ཤཱཀྱ་བཤེས་གཉེན། ཚིག་དོན་གཉིས་ཀ་ལ་མཁས་པ་ཀུན་དགའ་སྙིང་པོ་སྟེ། རྣལ་འབྱོར་རྒྱུད་ལ་མཁས་པ་མི་གསུམ་དུ་གྲགས་སོ། །ཞེས་བཞེད་དོ། །ཡང་ཀུན་དགའ་སྙིང་པོའི་མཆེད་གྲོགས་འཇམ་དཔལ་གྲགས་པ་ཞེས་བྱ་བ་འཇམ་དཔལ་གྱི་གྲུབ་པ་ཐོབ་ཅིང་སྐུ་ཆེ་བའི་ཡོན་ཏན་ལྔ་དང་ལྡན་པ་དེས་དཔལ་སྦས་བཟང་པོ་ལ་བཤད། དེས་བྲམ་ཟེ་ཡེ་ཤེས་རྡོ་རྗེ་ལ་བཤད། དེས་ན་ལེནྡྲའི་ནུབ་སྒོ་བ་ཤེར་འབྱུང་བློ་གྲོས་ལ་བཤད། དེས་བྲམ་ཟེ་བཞད་པའི་རྡོ་རྗེ་དང་། པདྨ་ཀ་ར་ཤཱནྡྷ་ཀ་ར་གསུམ་ལ་བཤད། ཕྱི་མ་གཉིས་ཀྱིས་ལོ་ཆེན་ལ་བཤད། ཡང་སློབ་དཔོན་འཇམ་དཔལ་


JKT018_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་ཞེས་བྱ་བས། སངས་རྒྱས་ཡེ་ཤེས་ཞབས་དང་སྒེག་པའི་རྡོ་རྗེའམ་ནོར་བུ་གླིང་པ་དང་སྣ་ཚོགས་གཟུགས་ཅན་སོགས་མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པ་དེ་ལ་བཤད། དེས་སཱུརྱ་སིཾ་ཧ། དེས་དྷརྨ་བཛྲ། དེས་དེ་བེ་ཧྥ་ར། དེས་ཤྲིནྟཾ་གནྡྷ་དང་སྨི་ཏི་ཛྙཱ་ན་ལ་བཤད་དོ། །དེ་དག་ལས་བོད་དུ་ཇི་ལྟར་བྱུང་ཚུལ་ལ། ལོ་ཆེན་རིན་བཟང་ཀ་སྨི་རར་ལན་གསུམ་དུ་བྱོན་པའི་དང་པོ་ལ། ཁ་ཆེའི་མཁན་པོ་ཙནྡྲ་ཧ་རི་ལ་འཇིག་རྟེན་སྣང་བྱེད་ཀྱི་དཀྱིལ་འཁོར་དུ་ཞུགས། ཕྱིས་ཤཱངྒཱ་ལས་འདུས་པ་འཇམ་རྡོར་དང་། མི་བསྐྱོད་པ་གཉིས། རྡོར་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་བཤད་བཀའ་ཡང་གསན། ལན་གཉིས་པར་པཎྜི་ཏ་པདྨ་ཀ་ར་ཝརྨ་དང་པྲཛྙཱ་ཀ་ར་ཝརྨ་གཉིས་ལ་གཏུགས་ཏེ་ཡོ་གའི་གཞུང་འགྲེལ་འགའ་ཞིག་བསྒྱུར་བ་སོགས་མཛད། དེ་ཡན་ཆད་ལོ་ཆེན་གྱི་སློབ་མ་རྣམས། ཤདྡྷ་ནས་བརྒྱུད་པའི་ཡོ་གའི་སྐོར་འཛིན་པས། ཕྱག་ལེན་ཀུན་སྙིང་དང་། བཤད་པ་དེ་ཉིད་སྣང་བ་མ་འགྱུར་བས་བཤད་པ་ཀོ་སཱ་ལའི་རྒྱན་གྱི་སྟེང་ནས་མཛད་ཅིང་ཀར་དང་དབྱངས་སོགས་སྤྲོས་པའང་ཆེ་བར་གྲགས་སོ། །གསུམ་པར་པཎྜི་ཏ་སངས་རྒྱས་ཞི་བ་ཞེས་ནོར་བུ་གླིང་པའི་སློབ་མའམ། ལ་ལས་དེ་ཉིད་དུ་འདོད་པ་དེ་ལས་ཀུན་སྙིང་ལུགས་ཀྱི་བཤད་པ་དང་ལག་ལེན་གཉིས་ཀ་ཞུས་པས། དེ་ཉིད་ལ་ཐུགས་རྩིས་ཤིན་ཏུ་ཆེ་བར་


JKT018_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། ལོ་ཆེན་གྱི་སྐུ་ཚེའི་མཇུག་ཏུ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པ་ལ་མངའ་རིས་སུ་བྱོན་པར་རྣལ་འབྱོར་རྒྱུད་ཀྱི་སྐོར་གསན། ཀུན་སྙིང་གི་བརྒྱུད་པ་བཞི་པར་འདུག་ཅིང་དེའི་གདམས་པ་མ་ནོར་བ་བྱུང་བས་ཤིན་ཏུ་མཉེས་སྐད། ལོ་ཆེན་དེ་ལ་སྤྱིར་སློབ་མ་མང་ཡང་ཐུགས་སྲས་མཆོག་བཞི་སྟེ། ལོ་ཆུང་ལེགས་པའི་ཤེས་རབ། མང་གོང་གི་གུང་ཤིང་བརྩོན་འགྲུས་རྒྱལ་མཚན། གྲྭ་པ་གཞོན་ནུ་ཤེས་རབ། སྐྱི་ནོར་ཛྷཱ་ན་དང་བཞི་ལས། དང་པོས་དྷརྨ་ཕ་ལའི་ལུགས་མ་གསན། གཉིས་པས་དྷརྨ་ཕ་ལའི་ལུགས་གཙོ་བོར་མཛད། གསུམ་པས་གཉིས་ཀའི་གཞུང་བསྲངས། བཞི་པས་ཕྱིས་ཀྱི་གཞུང་བསྲང་ངོ་། །ཡང་གཞན་དུ་སྦྱངས་ཤིང་དེར་ཐུག་པ། པུ་ཧྲང་ཨན་སྟོན་གྲགས་རིན། རྒྱ་ཡེ་ཚུལ། གུང་པ་དགེ་བཤེས། མར་ཡུལ་བ་དཀོན་མཆོག་བརྩེགས་ཏེ་བཞིའོ། །དབུས་གཙང་ན་མར་དར་ཚུལ། ལོ་ཆེན་དྲུང་དུ་འགྲོ་བ་ཡི། རྒྱང་རོ་དཔེ་དམར་གྱི་རྐྱང་པོ་ཆོས་བློ་སྔ། དེ་ནས་ཤན་གྱི་སུམ་སྟོན་ཡེ་འབར། དེ་ནས་ཉང་སྟོད་ཀྱི་ཅེ་ཞར། དེ་ནས་དཔང་ཁ་འདར་ཆུང་གི་ཕ་གཞོན་ནུ་རྒྱ་མཚོ། ལ་སྟོད་ཀྱི་བྲག་སྟེང་བ། སྒུལ་ཕྱི་རུའི་དམར་སྟོན་ཆོས་ཀྱི་རྒྱལ་མཚན་ནོ། །མདོག་གླེ་སྟོན། བལ་ཤཱཀྱ་རྡོ་རྗེ། ཐང་སྟོན་གོང་གེ་བ་རྣམས་ཏེ། དེ་དག་ཕལ་ཆེར་ལོ་ཆེན་ལ་ཐུག་པ་ཙམ་བྱས་ནས་གཙོ་བོར་ལོ་ཆུང་གི་དྲུང་དུ་སྦྱངས་ཏེ། དབུས་


JKT018_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་གི་སྨད་ཕྱོགས་སུ་དར་བས་ཡོ་ག་སྨད་ལུགས་སུ་གྲགས། ཡང་ལོ་ཆེན་གྱི་སློབ་མ་བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། དེས་མལ་གྱོ། དེས་ས་སྐྱ་པ་ལ་བརྒྱུད་དེ་སྟོད་ལུགས་སུ་གྲགས། ཡང་དྷརྨ་ཕ་ལ་ནས། ཇོ་བོ། གོ་མི་སྒོམ་ཆེན། སྤྱི་ནོར་ཛ་ན། གཉལ་བ་ཉི་མ་ཤེས་རབ། ས་ནུར་ཉི་མ་འོད་ཟེར་སོགས་ནས་བརྒྱད་པ་ལ་ཇོ་བོ་ལུགས་སམ། རྩ་སྐྱ་པ་རྩ་སྣར་ཉི་མ་འོད་ཟེར་འཛིམ་པ་བློ་ཆེན་གསུམ་ནས་བརྒྱུད་པ་ཞེས་གྲགས་སོ། །ཤུ་བྷཾ།། ༈ །།ལེགས་པར་སྦྱར་བའི་བསྟན་བཅོས་ཀྱི་བྱུང་ཚུལ་ཅུང་ཟད་བཤད་པ་ངོ་མཚར་ཟླ་ཞུན་གསར་བའི་འཛུམ་ཕྲེང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། ངག་གི་རང་བཞིན་མིང་ཚིག་བརྗོད་པའི་སྒོ། །སྨྲ་བ་ཀུན་གྱི་མཆོག་གྱུར་འཇམ་མགོན་དང་། །དབྱེར་མེད་དཔལ་ལྡན་བླ་མར་གུས་བཏུད་ནས། །ལེགས་པར་སྦྱར་བའི་བྱུང་ཚུལ་ཅུང་ཟད་དབྱེ། །འདི་ལ་གཉིས། ཐོག་མར་ལྷ་ཡུལ་དུ་དར། དེ་ནས་མི་ཡུལ་དུ་དར་ཚུལ་ལོ། །དང་པོ་ནི། སྔོན་སརྦ་ཛྷ་ཞེས་པའི་སྒྲ་མཁས་པ་ཞིག་བྱུང་བས། དེས་ལྷའི་དབང་པོ་བརྒྱ་བྱིན་དང་། དྲང་སྲོང་ཕུར་བུ་ལ་བསླབས། གཉིས་པ་ནི། འདུལ་བ་ལུང་ནས་ཤཱ་རིའི་བུས་དབང་པོའི་བརྡ་སྤྲོད་ལོ་བཅུ་གཉིས་སུ་བསླབས་པར་གསུངས་ཤིང་། རྒྱལ་པོ་ཙནྡན་སྐྱོང་གི་སྐབས་སུ་བྲམ་ཟེ་ཨིནྡྲ་བྷ་བ་ཞེས་པས་ལྷའི་དབང་པོ་བསྒྲུབས་པས་མཐོང་སྟེ་སྒྲའི་ངེས་


JKT018_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུངས་ཏེ། ལྷའི་དབང་པོས་བསྟན་པ་བཞིན་བྲིས་པའི། ཨིནྡྲ་བྱཱ་ཀ་ར་ཎ་ཞེས་པ་བརྩམས་ཤིང་། བོད་ཀྱི་ལྷའི་དབང་པོས་བརྩམ་པར་བཤད་པ་ཡང་དེར་ཐུག་གོ །གཞན་ཡང་སྟག་རྐང་རིགས་ཀྱི་དྲང་སྲོང་མ་ལྷག་ཉི་མས་མཛད་པའི་གཞུང་བཅུ་པ་ཞེས་བྱ་བ་ཞིག་ཡོད་པ་སྒྲ་འགྲེལ་རྣམས་སུ་ལུང་འདྲེན་པ་ཡང་ཡོད་ལ། དྲང་སྲོང་ཏཉྫལིས་མཛད་པ། བ་ཏཉྫ་ལི་བྱཱ་ཀ་ར་ཎ་སྟེ་ཐལ་མོ་ལྷུང་གི་བརྡ་སྤྱོད་པ་ཞེས་པའང་འདུལ་བ་སོགས་ལས་ཆུར་ལྷུང་གི་རིག་པ་ཞེས་བཤད་པའང་དེ་ཡིན་ཏེ། འདི་གཉིས་ནི་སྔ་མོ་ཞིག་ནས་ཡོད་པར་མངོན་ནོ། །འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་པའི་བྲམ་ཟེ་པཱ་ཎི་ནིས་མཛད་པའི་པཱ་ཎི་བྱཱ་ཀ་ར་ཎའི་མདོ་བརྒྱད་པ་ཞེས་བློ་ཀ་སྟོང་ཡོད་པ་དང་། བྱེ་བྲག་འབྱེད་པའི་མདོ་བློ་ཀ་སྟོང་ཡོད་པ་མཛད་ཅིང་། དེ་ལ་དག་འབྱེད་ཟླ་བའི་འགྲེལ་པ་ཟླ་ཟེར་ཞེས་པ་ཡོད་ལ། འདར་ལོས་བསྒྱུར་བར་གྲགས་པའི་དཔེ་འདི་ཡང་རྒྱ་དཔེ་འདི་ལ་བརྟེན་ཁུལ་ཡིན་ཀྱང་ཟླ་ཟེར་ཞེས་པའི་མིང་ཡང་མ་ཤེས་འདུག་གོ །རྒྱལ་པོ་བདེ་བྱེད་ཀྱིས་སྒྲ་སློབ་པའི་ཕྱིར་བྲམ་ཟེ་མཆོག་སྲེད་ཀྱིས་རིག་སྔགས་ཀྱི་ནུས་པས་ཀླུའི་རྒྱལ་པོ་ལྷག་མ་ཅན་བཀུག་སྟེ། པཱ་ཎིའི་འགྲེལ་པ་བློ་ཀ་འབུམ་ཡོད་པ་འཆད་ཉན་བྱས་པའི་སྐབས་སློབ་དཔོན་དང་ཀླུའི་བར་ཡོལ་བས་བཅད་དེ་གནས་པ་ལས། སྐབས་ཤིག་ཡོལ་བ་བཏེག་ནས་


JKT018_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པས་ཀླུའི་ལུས་ལ་སྦྲུལ་ཆེན་པོ་འཁྱིལ་བ་མཐོང་སྟེ་ཀླུ་སྐྱེངས་ནས་བྲོས། འགྲེལ་པ་ཤོ་ཀ་སྟོང་ཕྲག་ལྔ་ལས་མ་ཟིན། ལྷག་མ་སྟོང་ཕྲག་བཅུ་གཉིས་ཀྱི་ཚད་དུ་ལོངས་པ་བརྩམས་བསམ་ཧཱ་བྷ་ཥ་ཟེར། གཞུང་འགྲེལ་པ་དང་བཅས་པའི་འཆད་ཉན་ད་ལྟའི་བར་ཡོད་ཅིང་། སི་ཏུ་རིན་པོ་ཆེའི་ཞལ་ནས་ཀྱང་གླེགས་བམ་རྣམས་གཟིགས་ཚུལ་གསུངས་ཤིང་། འགྲེལ་པ་དེ་ལ་འཆད་ཉན་བྱེད་པ་མ་བྱུང་ཡང་། འགྲེལ་པ་ཀོ་མུ་དཱིའི་སྟེང་ནས། ཏི་ཏ་བྷུཀྟའི་བྲམ་ཟེ་པྲ་དཱུམྦྷ་སྟེ་རབ་སྟོབས་ལས་ལེགས་པར་གསན་ཅིང་། སྔ་སོར་དགུང་ལོ་ཉེར་ལྔའི་སྟེང་དུ་བལ་ཡུལ་ལྷོ་ཕྱོགས་ཀྱི་པཎྜི་ཏ་པི་པ་ཏི་ཁྱབ་འཇུག་བདག་པོ་ལ་འགྲེལ་པ་བདུད་རྩི་དང་ཚིག་ཟླའི་སྟེང་ནས་ཨ་མཱ་ར་ཀོ་ཥའི་དཀའ་གནས་ཐམས་ཅད་ལེགས་པར་བསླབ་པ་ཡིན་ཅེས་གསུངས། དེའི་དོན་འགྲེལ་དུ་སློབ་དཔོན་ཙནྡྲ་གོ་མིས་ཙཱནྡྲ་བྱཱ་ཀ་ར་ཎ་སྐབས་དྲུག་པ་འདི་མཛད་ཅིང་། སློབ་དཔོན་ཟླ་བ་གྲགས་པས་ས་མནྟ་བྷ་དྲ་ཞེས་པའི་སྒྲ་ཡི་བསྟན་བཅོས་མཛད་པ་གཟིགས་པས། རང་ཉིད་ཀྱི་གླེགས་བམ་ཁྲོན་པར་བསྒྱུར་བར་གྲགས་པའི་སྒྲ་མདོ་ཀུན་བཟང་སྟེ། བེ་དཀར་སོགས་སུ། སུ་མན་བྷ་ར་ཞེས་བྲིས་ནོར་བ་དེ་ཡིན་ནོ། །སློབ་དཔོན་ཨ་ནུ་བྷཱུ་ཏི་ལ་དབྱངས་ཅན་མས་དངོས་སུ་བསྩལ་བའི་སཱ་ར་སྦ་ཏཱི་བྱཱ་ཀ་ར་ཎ་སྟེ་མཚོ་ལྡན་མའི་བརྡ་སྤྲོད་པ་ཞེས། ཇོ་ནང་རྗེ་བཙུན་གྱིས་མདོ་གཞུང་བོད་སྐད་


JKT018_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྒྱུར་ནས་འགྲེལ་པ་གསར་བརྩམས་མཛད་པ་འདི་ལའང་བ་ལ་བྷ་དྲས་རྫུན་བཤད་ཞུས་པ་དང་འགྱུར་ནོར་པའང་ཅི་རིགས་འདུག་ཅེས་ཀུན་མཁྱེན་སི་ཏུ་རིན་པོ་ཆེས་གསུངས། གཞན་ཡང་པཎྜི་ཏ་སཱ་དྷ་ཀཱི་རྟིས་མཛད་པའི་འཇམ་དཔལ་དབྱངས་ཀྱི་བརྡ་སྤྲོད་པ་ཞེས་ལོ་ཆེན་ཆོས་སྐྱོང་བཟང་པོས་འགྱུར་བ་འདི། བོད་རྣམས་ཀྱིས་དུས་འཁོར་གྱི་དབྱངས་གསལ་ལ་བརྟེན་ནས་འཇམ་དཔལ་གྱིས་མཛད་པ་ཞིག་ཡོད་ཟེར་རྒྱུ་དེའི་འཁྲུལ་གཞི་དེ་ཡིན་ནམ་སྙམ། སྐྱེས་བུ་མཆོག་གིས་མཛད་པའི་མ་ཧཱ་བྷཱ་ཥ་རྩ་འགྲེལ་གཉིས་ཡོད་པའི་རྩ་བ་ཞྭ་ལུས་པཱ་ཎི་པའི་མདོ་ཡིན་རྒྱུར་མཛད་ནས་བོད་སྐད་དུ་བསྒྱུར་བ་འདི་ལ་འདར་ལོས་བསྒྱུར་བའི་མིང་བཏགས་བྱས་པ་ཡིན་འདུག །ཕྱི་རོལ་གྱི་པཎྜི་ཏ་དྷརྨ་ཀིརྟི་ཞེས་པས་བྱས་པའི་གཟུགས་ཀྱི་འཇུག་པ་ཞེས་པའི་སྒྲ་གཞུང་ཞིག་ཀྱང་འདུག་པ་དེ་གཉིས་ཀའི་རྒྱ་དཔེ་ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་ཕྱག་ཁར་བཞུགས་པར་སྣང་། དྲང་སྲོང་ཤཱ་ཀ་ཊས་མཛད་པའི་ཤཱ་ཀ་ཊ་ཡཱ་ན་ཞེས་པའི་བརྡ་སྤྲོད་པ་ཞེས་དང་། དྲང་སྲོང་ཀ་ཏིའི་བུས་བྱས་པའི་བརྡ་སྤྲོད་པ་རྣམས་འཕགས་ཡུལ་དུ་ཡོངས་སུ་གྲགས་ཀྱང་བསྟན་བཅོས་རྣམས་སུ་ལུང་དྲངས་པ་ཙམ་ལས་བོད་འདིར་མ་འགྱུར་རོ། །རྒྱལ་པོ་མ་ནུ་ཛེནྡྲས་མཛད་པའི་མི་སྐྱེས་དབང་པོའི་བརྡ་སྤྲོད་པ་དང་། དྲང་སྲོང་པི་ཤ་ལིས་མཛད་པའི་པི་ཤ་ལིའི་བརྡ་སྤྲོད་པ་ཞེས་བ་དག་


JKT018_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་བོད་རྣམས་འདོད་པ་ནི་གང་ཡིན་མ་ཤེས་ཤིང་། རྒྱ་གཞུང་རྣམས་ལས་མིང་ཙམ་ཡང་མི་འབྱུང་ལ། ཙཱནྡྲ་བྱཱ་ཀ་ར་ཎ་ནི་ལྷའི་བུ་ཟླ་བས་མཛད་ཟེར་བ་ཡང་ཇི་བཞིན་མ་ཡིན་ཏེ་འཕགས་ཡུལ་དུ་ཡེ་མ་གྲགས་པའི་ཕྱིར་རོ། །སྤྱིར་ཡང་གྲགས་ཆེན་སྒྲ་མདོ་ཆེན་པོ་བརྒྱད་ཀྱི་གྲངས་འདྲེན་པ་ནི་བོད་རྣམས་ཀྱི་གསར་སྤྲོས་ལས་འཕགས་ཡུལ་དུ་དེ་ལྟ་བུའི་གྲངས་ངེས་བྱེད་པ་ཀུན་ཏུ་མ་གྲགས་སོ། །སྤྱིར་ལེགས་སྦྱར་གྱི་གཞུང་དང་བསྟན་བཅོས་བསམ་གྱིས་མི་ཁྱབ་པའི་ཕྱིར། དེ་ལྟར་ཡང་བོད་ཡུལ་འདིར་རྣ་བའི་ལམ་དུ་མ་གྲགས་པའི་དཔལ་སྒྲ་ཡི་རྒྱ་མཚོ་ཟེར་བའི་རྣམ་དབྱེའི་མཐའ་དཔྱོད་ཀྱི་བསྟན་བཅོས་ཆེན་པོ་ཞིག་དང་། ཤརྡ་མི་མམྤ་ཟེར་བའི་སྒྲ་སྤྱི་ཡི་མཐའ་དཔྱད་ཀྱི་བསྟན་བཅོས་ཤིན་ཏུ་རྒྱས་པ་ཞིག་ཀྱང་ཡོད་ཅེས་བླ་མ་མཆོག་གིས་སི་ཏུ་རིན་པོ་ཆེས་གསུངས་ཤིང་། ཡང་སྤེལ་བྱེད་ཀྱིས་བྱས་པའི་བྱ་བྱེད་ལས་གསུམ་སོགས་བྱེད་རྐྱེན་དྲག་གི་རྣམ་བཤད་འགྲེལ་པ་ལ་མཁས་པ་ཞེས་དང་། མཆོག་སྲེད་ཀྱིས་མཛད་པའི་རྟགས་ཀྱི་བསྟན་བཅོས་གཉིས་ཀུན་མཁྱེན་སི་ཏུ་རིན་པོ་ཆེས་བསྒྱུར་བ་དང་། ན་སི་ཏུ་རིན་པོ་ཆེས་བསྒྱུར་བ་དང་། དེ་ཞབས་ཀྱི་ཕྱག་ཏུ་རྒྱ་དཔེ་ཡོད་དེ་ཞབས་ཀྱི་ཕྱག་ཏུ་རྒྱ་དཔེ་ཡོད་རིགས་ཀྱང་། བ་མ་ཧ་སྟེ་མིའུ་ཐུང་གི་མངོན་བརྗོད། མངོན་བརྗོད་ཀྱི་བསྟན་བཅོས་མེ་དཱི་ནཱི་ཀ་ར་དང་། སྣ་ཚོགས་གསལ་བ་དང་། ཧ་ཏཱ་པཱ་ལཱི་དང་། དྲག་པོ་འབངས་ཀྱིས་སྦྱར་བའི་མངོན་བརྗོད་དང་།


JKT018_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་འཕེལ་གྱིས་བྱས་པའི་ཚིག་སྡུད་ཀྱི་སྙིང་པོ་དང་། འཆི་མེད་མཛོད་ཀྱི་འགྲེལ་བ་བྱུ་ཁྱུ་སུ་དྷ་སྟེ། རྣམ་བཤད་བདུད་རྩི་དང་། པཱ་ད་ཙནྡྲི་ཀཱ་སྟེ་ཚིག་གི་ཟླ་བ་རྣམས་བཞུགས་ཤིང་། གཞན་ཡང་། ཀོ་མུ་དཱི་ཟེར་བའི་སྒྲ་མདོ་ཞིག་བྱང་ཕྱོགས་གུ་ཛི་ར་ཐ་སོགས་སུ་ཆོས་དར་བར་ཡོད་ཅེས་ཇོ་ནང་སྒྲོལ་མགོན་གྱིས་གསུངས་འདུག་པ་དེ་དང་། པཎྜི་ཏ་བྷཊྛས་མཛད་པའི་མ་དྨ་ཀོ་མོ་དི་ཟེར་བ་ཞིག་དང་། དབང་ཕྱུག་ཆེན་པོའི་ཌཱ་མ་རུའི་སྒྲ་ལས་བྱུང་བར་གྲགས་པའི། སིདྡྷི་ཀོ་མོ་དཱི་སྟེ། རྟག་པའི་ཟེར་ཏེ་ཟླ་ཟེར་རྣམ་པ་གསུམ་ཡོད་ཅེས་བལ་པོ་པཎྜི་ཏ་ཀུན་བཟང་གིས་ཟེར་གྱིན་འདུག་གོ །ཁྱད་པར་ཀཱ་ལཱ་པའི་བྱུང་ཚུལ་ནི། འཕགས་པ་ཀླུའི་སྦྱིན་བདག་རྒྱལ་པོ་བདེ་སྤྱོད་བཟང་པོའི་བཙུན་མོ་ཐ་ཆུང་ཞིག་གིས་སྒྲའི་གནས་ཅུང་ཟད་ཤེས་པ་ལ། སྐྱེད་མོས་ཚལ་དུ་རྩེ་བའི་ཚེ་བཙུན་མོ་ལ་ཆུ་གཏོར་བས། བཙུན་མོས། མ་མོ་དཱ་ཀ་པིཉྩ་ཞེས། བདག་ལ་ཆུ་གཏོར་ཅིག་ཅེས་སྨྲས་པས། རྒྱལ་པོས་ལྷོ་ཕྱོགས་ཀྱི་ཡུལ་སྐད་དུ་འཁྲུལ་ནས། བལ་སྲན་གྱི་ཁུར་བ་ཏིལ་མར་དུ་བཙོས་པ་བྱིན་ཅིག་ཟེར་བར་གོ་སྟེ་བྱིན་པས། བཙུན་མོའི་བསམ་པར། བདག་གི་ཁྱོ་ག་འདི་ཅི་ཡང་མི་ཤེས་པའི་སྐྱེ་བོ་བ་ལང་ལྟ་བུ་ཞིག་གོ་བསམ་སྟེ། ལྕེབ་པར་བརྩམས་པས་རྒྱལ་པོས་བཟུང་སྟེ་སྒྲ་སློབ་པར་དམ་བཅས་ཏེ། བྲམ་ཟེ་མཆོག་སྲེད་ལས་ལེགས་པར་བསླབ་བོ། །


JKT018_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་གོང་དུ་བཤད་པའི་མཆོག་སྲེད་ཀྱི་འགྲེལ་པ་ལ་ཡིད་མ་ཆེས་ཏེ། རྒྱལ་པོ་རང་གི་ཞང་པོ་ཤརྨ་ཝརྨ་སྟེ་འཚེ་བའི་གོ་ཆ་འམ། སརྦ་ཝརྨ་སྟེ་ཐམས་ཅད་གོ་ཆ་སྟེ། ཇོ་ནང་རྗེ་བཙུན་ལ་པ་ལ་བྷ་དྲས་སཔྟ་ཝརྨ་སྟེ་བདུན་པའི་གོ་ཆ་ཡིན་ཚུལ་ཞུས་ཡོད་འདུག་ཀྱང་བྱིངས་མདོའི་འགྲེལ་པའི་རྒྱ་དཔེ་སོགས་སུ་རྒྱ་དཔེ་གསུམ་ཙམ་མཚུངས་པར་ཤརྨ་ཝརྨ་ཞེས་ཡོད་པས་བོད་བླུན་ཁ་ཅིག་གིས་དབང་ཕྱུག་གོ་ཆ་ཞེས་ཟེར་བ་ནི་ནོར་བའོ། །དེ་ལ་གཞོན་ནུ་གདོང་དྲུག་སྒྲུབ་བཅུག་པས་ཤརྨ་ཝརྨས་ཀྱང་གཞོན་ནུ་གདོང་དྲུག་བསྒྲུབས་ནས་ཞལ་མཐོང་བས། དངོས་གྲུབ་ཅི་འདོད་གསུངས་པས། ཨིནྡྲ་བྱཱ་ཀ་ར་ཎ་ཤེས་པར་འཚལ་ཞུས་པས། སིདྡྷཱ་ཝཎ་པ་མཱི་ནཱ་ཡ༔ ཞེས་གསུངས་པའི་མོད་ལ་ལྷའི་བྱིན་རླབས་ཀྱིས་སྒྲ་རིག་ཐམས་ཅད་དེ་མ་ཐག་ཏུ་ཤེས་པ་བྱུང་ངོ་། །དེ་ནས་ཤརྨ་ཝརྨས་སྒྲ་ཡི་གཞུང་རྣམས་ཀྱི་ལེགས་པའི་ཆ་ཤས་ཐམས་ཅད་བསྡུས་ནས་བསྟན་བཅོས་འདི་མཛད་པས་ཀཱ་ལཱ་པ་སཱུ་ཏྲ་སྟེ་ཆ་ཤས་བསགས་པའི་མདོ་ཞེས་གསུང་སོ། །དེ་ལྟར་ཡང་སློབ་ཕན་ལས། སློབ་དཔོན་སརྦ་ཝརྨ་དག་གི་འདོད་པ་འཇོ་བ་དག་སྐྱོང་བས་མཛད་པའོ། །ཞེས་གསལ་བར་བསྟན་ཏོ། །དེ་ནི་ཨིནྡྲ་བྱཱ་ཀ་ར་ཎའི་ལུགས་ཡིན་པར་བཞེད་དོ། །དེས་རང་གི་ཚ་བོ་རྒྱལ་པོ་བདེ་སྤྱོད་ལ་བསླབས་པས་ལེགས་སྦྱར་ལ་མཁས་པར་གྱུར། ཅེས་འཕགས་ཡུལ་བ་རྣམས་ཀྱི་ངག་སྒྲོས་རྣམ་པར་དག་


JKT018_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་འབྱུང་ཞིང་། བོད་རྣམས་ཀྱིས་ཀུན་བཤད་རྐང་པ་བཞི་པ་ནི་ལྷས་གསུངས་པས། ལྷ་ཆོག་པར་འཚལ་ཞུས་པས་རྨ་བྱའི་ཁ་གྱེན་དུ་ཕྱོགས་པ་དང་། བསྟན་བཅོས་དེའི་མིང་གང་ལགས་ཟེར་རྒྱུར། ཤཱསྡུ་ནཱ་མ་ཀི་ཧོ། ཞེས་དྲིས་པས། རྨ་བྱའི་མཇུག་སྒྲོ་ཁྲ་ཚུབས་ཀྱིས་སོང་བས་མིང་ཀཱ་ལཱ་པ་བཏགས་ཟེར་གྱིན་འདུག་ལ། ཀཱ་ལཱ་པ་ཞེས་པ་རྨ་བྱ་སྒྲོ་མདོངས་ཅན་ལ་འཇུག་པ་ཡིན་པས་དེ་སྐད་དུ་སྒྲོགས་སོ། །རང་ལུགས་ནི་སྔ་མ་དེ་ལྟར་འདོད་པ་ཡིན་ཅིང་། ཀཏན་སྟེ་རྒྱུད་ཉུང་ངུའང་རབ་ཏུ་གྲགས་སོ། །དེ་ཡང་ཇི་སྐད་དུ། བགྲོད་དཀའ་སཾ་ཧས། ཤརྨ་ཝརྨས་རྣམ་བཤད་པའི། །རྒྱུད་ཉུང་བ་དག་གིས་བཤད་པར་བྱ། །ཞེས་གསུངས་སོ། །འདིའི་ལུགས་ལ་ཀུན་བཤད་རྐང་པ་དྲུག་པ་ཕྱིན་ཆད་ནི་འཚེ་བའི་གོ་ཆས་བརྩམ་པར་འདོད་ཀྱང་ཇི་བཞིན་མ་ཡིན་ནོ། །མདོ་དེ་ལ་སློབ་དཔོན་དུ་རྒ་སི་ཧས་བརྩམས་པའི་འགྲེལ་པ་དུ་སྲ་སིང་དང་། སློབ་དཔོན་གྲགས་འབྱོར་གྱིས་མཛད་པའི་སློབ་མ་ལ་ཕན་པ་དང་། སྤྱན་གསུམ་འབངས་ཀྱིས་དུར་སིང་གི་ཡང་འགྲེལ་བོད་དུ་འགྱུར་བར་གསུངས་ཀྱང་མ་མཐོང་ལ། ཁ་ཆེར་ཙྪ་ཏྲ་སྟེ་གསལ་བའི་གདུགས་སམ། རྒྱལ་པོའི་གདུགས་ཀྱིས་མཛད་པའི་འགྲེལ་པའང་བོད་དུ་འགྱུར་བར་གྲགས་ཀྱང་དེང་སང་མི་འདུག་ཅིང་། དེ་ལ་རིན་ཆེན་གདུགས་སུ་བསྒྱུར་བ་ནི་བླུན་གཏམ་མོ། །རི་སོགས་ཀྱི་བྱ་བ་


JKT018_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་དྷ་རས་མཛད་པ་དང་། མ་དྷི་ཀ་ནི་དང་། འཇམ་དཔལ་གྲགས་པས་མཛད་པའི་སི་སོགས་ཀྱི་མཐའ་དཔྱད་གཉིས་བོད་དུ་འགྱུར་ཀྱང་འགྱུར་སྐྱོན་ཤིན་ཏུ་ཆེ་བར་སྣང་། དུར་སིང་གིས་མཛད་པའི་རྒྱུད་ཉུང་གི་བྱིངས་མདོ་འདིའང་གུར་སྟོན་གྱིས་བསྒྱུར་ཀྱང་འགྱུར་སྐྱོན་ཆེ་བས། སླར་སི་ཏུ་རིན་པོ་ཆེས་བྱིངས་མདོའི་འགྲེལ་པ་འགྱུར་སྐབས་འགྱུར་བཅོས་ལེགས་པར་མཛད་དོ། །བོད་ཡུལ་འདིར་ཡང་ཀཱ་ལཱ་པའི་འཆད་ཉན་ཤིན་ཏུ་དར་བར་བྱུང་བས་བུ་སྟོན་དང་། ས་སྐྱ་བླ་མ་དམ་པ་དང་། ལོ་ཆེན་བྱང་རྩེ་དང་། ས་བཟང་འཕགས་པ་དང་། ཐུགས་རྗེ་དཔལ་དང་། བློ་བརྟན་བཞི་པ་དང་། སྟག་ཚང་ལོ་ཙཱ་བ་དང་། ཞྭ་ལུ་ལོ་ཆེན་དང་། ཀརྨ་པ་མི་བསྐྱོད་རྡོ་རྗེ་རྣམས་ཀྱི་འགྲེལ་པ་རྣམས་ཡོད་ཅིང་། དམ་དུམ་ཙམ་ནི་སྨོས་ཀྱིས་མི་ལངས་ལ། ཁྱད་པར། མིང་གི་མཚམས་སྦྱོར་གཙོར་སྟོན་མཚམས་སྦྱོར་རྐང་པ་ལྔ་སློབ་ཕན་ལས་དྲུག་ཏུ་བཤད། མིང་ལས་ཚིག་ཏུ་བསྒྲུབ་པ་མིང་གི་རྐང་པ་བཞི་སྟེ་མིང་བཞི་ཞེས་སོ་གསུངས། མིང་ལས་མིང་དུ་བསྒྲུབ་པ་ཚིག་སྡུད་དང་དེ་ཕན་ལ་མདོ་རྐང་པ་རེ་རེ་དང་། སློབ་ཕན་ལས་བུད་མེད་མདོ་རྐང་པ་གཅིག་བཅས་དང་། བྱིངས་ལས་ཚིག་ཏུ་བསྒྲུབ་པ་ཀུན་བཤད་རྐང་པ་བརྒྱད་དང་། བྱིངས་ལས་མིང་དུ་བསྒྲུབ་པ་ཀྲྀཏ་རྐང་པ་དྲུག་རྣམས་སུ་བཀྲལ་བའི་འགྲེལ་པ། ཀཱ་ལཱ་པའི་མདོ་ཡི་རྣམ་པར་བཤད་པ་ཟླ་


JKT018_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འོད་ཟེར་ཅེས། རྒྱ་འགྲེལ་གཉིས་པ་སུ་པྲ་ཏི་དྲ་གི་མཐའ་དང་། མཛོད་འགྲེལ་སོགས་ལ་བརྟེན་ཅིང་སི་ཏུ་རིན་པོ་ཆེའི་ཞལ་ལུང་ལྟར་བཀོད་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་༼༢༨༨༽སྣང་ཞིང་། དེའི་བརྒྱུད་རིམ་ཡང་། ལྷ་ཐམས་ཅད་མཁྱེན་པ། དྲང་སྲོང་ཕུར་བུ། གཞོན་ནུ་གདོང་དྲུག །སློབ་དཔོན་ཤརྨ་ཝརྨ། རྒྱལ་པོ་བདེ་སྤྱོད་བཟང་པོ། ཇོ་བ་གྲགས་འབྱོར། སློབ་དཔོན་ཙནྡྲ་གོ་མི། སློབ་དཔོན་དྷརྨ་ནཱ་དཱ། མཁས་པ་རཏྣ་མ་ཏི། སློབ་དཔོན་གང་བའི་ཟླ་བ། འཆི་མེད་སེང་གེ །དེ་ཡན་ཆད་ནི་བོད་རྣམས་ཀྱི་ངག་སྒྲོས་དག་སྦྱོར་བ་ཡིན་ཅིང་། དེ་ནས་པཎ་ཆེན་ལགྣི་ཀ་ར། ཤོང་ལོ་རྡོ་རྗེ་རྒྱལ་མཚན། ཤོང་ལོ་བློ་གྲོས་བརྟན་པ། ལོ་ཆེན་མཆོག་ལྡན་ལེགས་པའི་བློ་གྲོས། དཔང་ལོ་བློ་གྲོས་བརྟན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། སྒྲ་བསྒྱུར་ནམ་མཁའ་བཟང་པོ། ལོ་ཆེན་ཐུགས་རྗེ་དཔལ། དཔལ་ལྡིང་ལོ་ཙཱ་བ་གྲགས་པའི་མཚན་ཅན། ཞྭ་ལུ་ཆོས་སྐྱོང་བཟང་པོ། དབོན་པོས་དཀར་ཆོས་སྐྱོང་། སྐྱོགས་སྟོན་ཀརྨ་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས། དཔལ་ཁང་ལོ་ཙཱ་བ་དབྱངས་ཅན་སྙེམས་པའི་སྡེ། སྒང་ར་ལོ་ཙཱ་བ་འོད་ཟེར་མཚན་ཅན། སྨོན་འགྲོ་པཎྜི་ཏ་ཚེ་དབང་དོན་གྲུབ། འཇམ་དབྱངས་དབང་རྒྱལ་རྡོ་རྗེ། རྒྱལ་དབང་བློ་བཟང་རྒྱ་མཚོ། རྣམ་པཎ་དཀོན་མཆོག་ཆོས་གྲགས། ཆབ་མདོ་བྱམས་པ་གླིང་གི་མཁས་པ་ཀུན་


JKT018_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལེགས་པ། ཟུར་མང་ཆེ་ཚང་སྤྲུལ་སྐུ་གསུང་རབ་རྒྱ་མཚོ། བླ་མ་རིན་པོ་ཆེ། དེས་པཎྜི་ཏ་ཚེ་དབང་ཀུན་ཁྱབ་ལ་གོ་དོན་དང་རི་མོ་ལན་གསུམ་བསྩལ་ཞིང་། སི་ཏུ་རིན་པོ་ཆེའི་མདུན་ནས་ཀྱང་ཙཱནྡྲ་པའི་ས་རིས་གོ་དོན་དང་བཅས་པ། མངོན་བརྗོད་ཀྱི་བསྟན་བཅོས་ཨ་མཱ་ར་ཀོ་ཤ་འགྲེལ་བཅས་ལན་གསུམ་བཞིར་ཞིབ་པར་ཞུས་ཤིང་། ཀཱ་ལཱ་པའི་གོ་དོན་དཀའ་གནས་ཀྱང་ལན་གཉིས་སུ་ལེགས་པར་ཞུས་པ་སྟེ། དེ་ལྟར་ཀཱ་ཙཱ་ན་གཉིས་ཆར་ཆུ་བོ་གཅིག་འདྲེས་ཀྱི་བརྒྱུད་པ་ནི། ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ། དབོན་པད་དཀར་ཆོས་སྐྱོང་། འབྲུག་པ་ལོ་ཙཱ་བ་སྤྱང་མོ་ངག་དབང་གྲགས་པ། ལོ་ཆེན་དབང་ཕྱུག་ཞབས། ལོ་ཆེན་སངས་རྒྱས་དཔལ་བཟང་། འབྲུག་པ་སངས་རྒྱས་རྡོ་རྗེ། ཀྱེ་རེ་ལོ་ཆེན་བསྟན་འཛིན་བཟང་པོ། ཀྱེ་རེ་ལོ་ཆུང་བཀྲ་ཤིས་རྣམ་རྒྱལ། ཀཿཐོག་རིག་པ་འཛིན་པ་ཚེ་དབང་ནོར་བུ། ཀུན་མཁྱེན་དྷརྨ་ཀ་ར། དེས་ཀརྨ་ཚེ་དབང་ཀུན་ཁྱབ་ལ་སྩལ་བའོ། །དམ་པ་འདི་ཉིད་ཀྱི་འགྲེལ་པ་བོད་སྔ་མ་དག་གིས་ཇི་བཞིན་མ་མཁྱེན་པ་དང་། རྩ་འགྲེལ་གྱི་འགྱུར་ནོར་བ་སོགས་ཀྱང་དཔྱད་གསུམ་དག་པས་བཅོས་སྣང་བར་ཤིན་ཏུ་ཚད་མའི་ཡུལ་ལོ། །དེ་ལྟར་ལེགས་སྦྱར་ཨུཏྤ་ལ། །རོལ་པའི་བསྟན་བཅོས་ཆུ་གཏེར་ཆེའི། །རླབས་ཕྲེང་སྲིད་འདིར་འཕེལ་བའི་ཚུལ། །ཉུང་ངུའི་ངག་གིས་འདོམས་པར་བྱས། །ཞེས་པའང་ངེས་པ་


JKT018_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་པཎྜི་ཏ་ཚེ་དབང་ཀུན་ཁྱབ་ཀྱི་གསུང་ཇི་ལྟ་བར་གུད་དུ་བཀོལ་ཏེ་བྲིས་པ་སརྦ་ས་མནྟ་མངྒ་ལ་བྷ་བནྟུ།། །།ས་སྐྲ་ཏ་སྱ་ཤསྡུ་ད་གི་ཀཱ་ལ་སརྦ་ཏུ་པྲ་བནྡྷ་ཀུནྡནྟུ།། །།དགེའོ། །དགེའོ། །དགེའོ།། །།

གངས་ཅན་བོད་ཀྱི་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་མདོར་བསྡུས་ངོ་མཚར་པདྨོའི་དགའ་ཚལ།

ཤོག་ལྷེབ་ ༣༢༣ ནས་ ༤༠༠ བར།


JKT018_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་བོད་ཀྱི་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་མདོར་བསྡུས་ངོ་མཚར་པདྨོའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ།། །།


JKT018_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫ་གྷོ་ཥཱ་ཡ། བླ་མ་འཇམ་དཔལ་གཞོན་ནུ་དང་། །རིས་མེད་མཁས་གྲུབ་རྒྱ་མཚོའི་ཚོགས། །གཉིས་སུ་མ་མཆིས་ཞབས་པདྨོ། །དད་བརྒྱའི་གཙུག་གིས་རྟག་ཏུ་མཆོད། །དེ་ལ་འཕགས་མཆོག་ཕྱག་ན་པདྨོའི་ཡེ་ཤེས་ཀྱི་གཟིགས་པ་ལྷག་པར་འཇུག་པའི་གནས། སའི་ཆ་གླང་པོ་ཆེའི་སྤྱི་གཙུག་ལྟར་མཐོ་བའི་ཕྱོགས་ཐམས་ཅད་ཁ་བའི་རྡུལ་བརྩེགས་ཀྱིས་བསྐོར་བའི་ལྗོངས་འདིར་མཁས་པ་དང་། གྲུབ་པའི་སྐྱེས་བུ་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱི་རིང་ལུགས་འཛིན་པའང་དེ་སྙེད་ཅིག་མཆིས་པ་ལས། ཐོག་མར་གསང་སྔགས་སྔ་འགྱུར་གྱི་རིང་ལུགས་འཛིན་པ་ནི་བསྟན་པ་སྔ་དར་གྱི་དུས་སྔགས་ཕྱོགས་སུ་གསང་ཆེན་རྙིང་མ་ལས་གཞན་པའི་


JKT018_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལུགས་མི་གཅིག་པ་མེད་པས་མཆོད་གནས་སྡེ་གཉིས་པོ་འཕེལ་རྒྱས་ཆེ་ཞིང་བཤད་སྒྲུབ་ཤིན་ཏུ་དར་ནའང་། ཕྱི་དར་གྱི་དུས་སུ་ཆོས་ལུགས་དང་གྲུབ་མཐའ་མི་འདྲ་བ་དུ་མ་དར་ཞིང་། དེ་དག་གིས་ཀྱང་རང་རང་སོ་སོའི་རིང་ལུགས་ལ་གཟི་བྱིན་བསྒྲུབས་པའི་ཤུགས་ཀྱིས་གཅིག་ཤོས་རིམ་གྱིས་བག་ལ་ཞ་བར་གྱུར་མོད། དེ་ལྟ་ནའང་རྒྱལ་བའི་ཐུགས་རྗེ་དང་ཕྲིན་ལས་ནི་ཚད་མེད་པའི་ཕྱིར། སྟོད་མངའ་རིས་ནས་སྨད་རྒྱ་མཚམས་ལ་ཐུག་གི་བར་དང་། ལྷོ་མོན་ནས་སོག་ཡུལ་ཚུན་གྱི་ལྗོངས་རྣམས་སུ་དགོན་སྡེ་ཆེ་ཕྲ་ཇི་སྙེད་གཅིག་གིས་མ་ཁྱབ་པ་མེད་པ་ལྟ་བུར་སྣང་བས་ན། མཐའ་དག་སུས་བརྗོད་པར་སྤོབས། འོན་ཀྱང་གྲགས་ཆེ་བ་དང་།


JKT018_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དེང་སང་ཆོས་བརྒྱུད་དར་རྒྱས་སུ་བཞུགས་པ་འགའ་ཞིག་སྨོས་ན། ཐོག་མར་རྙིང་མ་བཀའ་མའི་རིང་ལུགས་འཛིན་པ། སྔགས་པའི་རྒྱལ་པོ་སོ་ཟུར་གནུབས་སོ་ཡེ་ཤེས་དབང་ཕྱུག །ཟུར་ཤེས་རབ་འབྱུང་གནས། མ་མཆེད་གྲོགས་མཛད་པས་དེ་སྐད་དུ་གྲགས་སོ། །གསུམ་ཞེས་གྲགས་པ་ལས་ཟུར་གྱི་གདན་ས་འུག་པ་ལུང་དང་། གསེར་མདོག་ཅན་དང་ཉེ་བའི་སྤྱན་ཐག་མའི་ལུང་བུར་ཡོད། གསང་སྔགས་གཞིས་ཀ་རྩེའི་ཤར་ཐད་དུ་ཡོད། ཆོས་གླིང་པ་སོགས་སྔར་དར་རྒྱས་ཧ་ཅང་ཆེ་ཡང་། དེང་སང་གསང་སྔགས་ཆོས་གླིང་པའི་གདུང་བརྒྱུད་མ་ཆད་ཙམ་ལས་བཤད་སྒྲུབ་སོགས་རྒྱ་ཆེར་མི་སྣང་ངོ་།། ༈ །།གཏེར་མའི་ཕྱོགས་ལ་གཏེར་ཁ་གོང་མ། མངའ་བདག་ཉང་རིན་པོ་ཆེའི་གདན་ས་ལྷོ་བྲག་ཤར་སྨྲ་བོ་ཅོག་གི་གདན་རབས་ནི། ཐོག་མར་ཁྲི་སྲོང་རྣམ་འཕྲུལ་གཏེར་ཆེན་ཉང་ཉི་མ་འོད་ཟེར་གྱིས་བཏབ། དེ་ནས་སྲས་འགྲོ་མགོན་ནམ་མཁའ་དཔལ། དེ་སྲས་བློ་ལྡན་ཤེས་རབ། དེ་སྲས་གསང་བདག་བདུད་འདུལ། དེ་སྲས་མདོ་སྡེ་སེངྒེ། དེ་སྲས་པདྨ་དོན་གྲུབ། དེ་སྲས་འཇམ་དཔལ་ནོར་བུ། དེ་སྲས་ཀུན་དགའ་རྒྱལ་མཚན་སྟེ། འདི་དུས་ཙམ་ནས་གདུང་བརྒྱུད་ཁག་མང་དུ་གྱེས་ཤིང་། བར་འདིར། མངའ་བདག་ནོར་བུ་འཕེལ་བ་དང་། ཀུན་དགའ་འོད་ཟེར་གཉིས་ཀྱིས་གདན་ས་ཐོག་རེ་མཛད། དེ་


JKT018_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀུན་དགའ་རྒྱལ་མཚན་སྲས་ལྷའི་རྒྱལ་མཚན། དེ་སྲས་བཟང་པོ་ལྷུན་གྲུབ། དེ་སྲས་ཉང་རྡོ་རྗེ་རྒྱལ་མཚན་དང་། མངའ་བདག་ཀུན་དགའ་འོད་ཟེར་གྱི་སྲས། ཀུན་དགའ་འཕེལ། དེ་སྲས་མངའ་བདག་ཀུན་དགའ་ལྷུན་གྲུབ། ཀུན་དགའ་བསྟན་འཛིན། བསྟན་འཛིན་ནོར་བུ། བསྟན་འཛིན་ཆོས་རྒྱལ་གྱི་བར་དུ་བྱོན་ཅིང་། འདི་ཙམ་ནས་སྨྲ་བོ་ཅོག་གི་གདུང་འཛིན་མེད་པར་མངོན། །གཞན་ཉང་གི་གདུང་ཆེས་མང་བ་དེང་སང་ཡང་ཡོད། སྨྲ་བོ་ཅོག་གི་གདན་ས་ནི་ཆོས་དབང་རིན་པོ་ཆེའི་གདུང་གིས་འཛིན་པར་སྣང་ངོ་། ༈ །།གཏེར་ཁ་འོག་མ་གུ་རུ་ཆོས་དབང་གི་གདན་སའི་གཙོ་བོ་ལྷོ་བྲག་ནུབ་ལ་ཡ་ག་གུ་རུ་ལྷ་ཁང་ནི། དེང་སོང་གསུང་སྤྲུལ་རིན་པོ་ཆེས་སྐྱོང་། གཞན་ཆོས་དབང་གི་སྲས་པདྨ་དབང་ཆེན་གྱི་བརྒྱུད་ལས། ལྷོ་བྲག་ཤར་བཙན་འགྲོ་གནས་གཞི་དགོན་དང་། ཡར་སྟོད་ལྷ་བྲོ་བ། གཙང་ནས་ཁ་མོ་བ་སྲས་ཆུང་མངའ་བདག་ཉི་མའི་འོད་ཟེར་གྱི་གདུང་ཨེ་བྲག་སྣ་ཆོས་རྗེ་སོགས་ཏེ། ཕལ་ཆེར་དེང་སང་གི་བར་དུ་གདུང་བརྒྱུད་མ་ཆད་པར་ཡོད།། ༈ །།གཏེར་ཆེན་།རཏྣ་གླིང་པའི་གདན་ས། ལྷོ་མདོ་མཁར་ལྷུན་གྲུབ་ཕོ་བྲང་ནི། སྔར་དར་རྒྱས་ཆེ་བར་བྱུང་ཡང་དེང་སང་རྒྱ་ཆེར་ཡོད་པར་མ་མངོན།། ༈ །།ལྷོ་བྲག་ཤར་ཆག་བྱང་ཆུབ་གླིང་ནི། པད་གླིང་གཏེར་སློབ་


JKT018_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་གླིང་པའི་གདན་ས་སྟེ། དེང་སང་སྨིན་གླིང་ནས་སྐྱོང་།། ༈ །།ལྷོ་བྲག་མཁར་ཆུ་བདུད་འཇོམས་གླིང་ནི་ལྔ་པ་རིན་པོ་ཆེས་བཏབ། གཏེར་ཁ་གོང་འོག་དང་། བྱང་གཏེར། རྒྱ་ཅན་སོགས་ལ་ཉམས་ལེན་བྱེད་པའི་གྲྭ་གཙང་ཞིག་ཡོད་ཅིང་། གཙོ་བོར་གཞུང་དང་རྡོར་བྲག་ནས་སྐྱོང་།། ༈ །།ལྷོ་བྲག་གུ་རུ་ལྷ་ཁང་ནི་གསུང་སྤྲུལ་རིན་པོ་ཆེས་བསྐྱངས་ཏེ། དེའི་གདན་རབས་ཀྱི་ཐོག་མ་ནི། པདྨ་གླིང་པའི་སྤྲུལ་སྐུ་བསྟན་འཛིན་གྲགས་པ། དེའི་སློབ་མ་པད་གླིང་གདུང་སྲས་ཟླ་བ་རྒྱལ་མཚན་གྱི་སྲས་པདྨ་ཕྲིན་ལས། འདི་ལ་ཆོས་མཛད་རྒྱལ་པོ་དོན་གྲུབ་ཀྱིས་གུ་རུ་ལྷ་ཁང་ཕུལ་བ་ནས་བཟུང་གདན་སའི་མཐིལ་དུ་གནང་། དེ་ནས་རིམ་པར་པད་གླིང་གསུམ་པ་གསུང་སྤྲུལ་རིན་པོ་ཆེ་མཁས་གྲུབ་ཆེན་པོ་ཚུལ་ཁྲིམས་རྡོ་རྗེ། སྲས་ཟླ་བ་རྒྱལ་མཚན་གྱི་སྤྲུལ་སྐུ་རིམ་པར་བྱོན་པའི་བཞི་པ་ཐུགས་སྲས་སྤྲུལ་པའི་སྐུ་བསྟན་འཛིན་འགྱུར་མེད་རྡོ་རྗེ་འདི་ཉིད་ལྔ་པ་རིན་པོ་ཆེའི་ཐུགས་སྲས་ཀྱི་དྭངས་མར་གྱུར་ཏེ། ལྷ་ལུང་མེ་འདི་སྔར་བཀའ་བརྒྱུད་པའི་གདན་ས་ཡིན། ཏོག་ལྷ་ནང་ཐེག་མཆོག་རབ་རྒྱས་གླིང་གི་དགོན་མ་ལག་དང་བཅས་པ་སྦྱོར་འཇགས་མཛད་པ་ནས་བཟུང་གདན་སའི་གཙོ་བོར་མཛད། པད་གླིང་བཞི་པ་ངག་དབང་ཀུན་བཟང་རྡོ་རྗེ་ཐུགས་སྲས་ལྔ་པ་འགྱུར་མེད་མཆོག་གྲུབ་དཔལ་འབར་བཟང་


JKT018_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པོ། པད་གླིང་ལྔ་པ་བསྟན་འཛིན་གྲུབ་མཆོག་རྡོ་རྗེ། ཐུགས་སྲས་དྲུག་པ་བསྟན་འཛིན་ཆོས་ཀྱི་ཉི་མ། པད་གླིང་དྲུག་པ་ཀུན་བཟང་བསྟན་པའི་རྒྱལ་མཚན། ཐུགས་སྲས་དྲུག་པ་སྤྲུལ་སྐུ་གཉིས་བྱུང་བའི་སྡེ་པ་པུ་ཤུད་སར་འཁྲུངས་པ་དེས་གདན་ས་མཛད། གཅིག་ཤོས་བསྟན་འཛིན་ངག་དབང་ཕྲིན་ལས་ནི་རྡོར་བྲག་ཏུ་བཞུགས། པད་གླིང་བདུན་པ་ཀུན་བཟང་པདྨ་བསྟན་འཛིན་ནི། །མོན་བུམ་ཐང་དུ་འཁྲུངས། བསྟན་པའི་གསལ་བྱེད་ཆེན་པོར་བཞུགས་ཀྱང་། དགུང་ལོ་ཉི་ཤུ་རྩ་གྲངས་ལས་མ་བཞུགས་པར་སྐུ་གཤེགས། ཐུགས་སྲས་བརྒྱད་པ་ནི། ལྷོ་མདོ་མཁར་དུ་འཁྲུངས་ནས། དེང་སང་ཞབས་པད་བརྟན་བཞིན་པའོ།། ༈ །།མོན་ཕྱོགས་སུ་འབྲུག་ངག་དབང་རྣམ་རྒྱལ་གྱི་གདན་ས་ཡང་ཀར་རྙིང་ཟུང་འབྲེལ་ཡིན་ལ། དགོངས་འདུས་དང་། པད་གླིང་སྐོར་དར་ཆ་ཆེ། གཞན་ཡང་བསྟན་འཛིན་ལེགས་པ་དོན་གྲུབ་ཀྱི་སྐུ་སྐྱེ་རིམ་བྱོན་དང་། པད་གླིང་པའི་གདུང་བརྒྱུད་སོ་སོར་ཕོག་པའི་དགོན་གནས་ཆེ་ཕྲ་དུ་མ། འབྲས་མོ་གཤོང་དུ་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་སྐུ་སྐྱེ་འབྲས་གཤོང་རྫོགས་ཆེན་པ་རིམ་བྱོན་སོགས་དང་། དུས་ཕྱིས་ཀུན་མཁྱེན་འཇིགས་མེད་གླིང་པའི་སློབ་མ་སློབ་དཔོན་འཇིགས་མེད་ཀུན་གྲོལ་གྱིས་བཏབ་པའི། རྒྱ་གར་གྱི་མཚམས་སུ་གདུང་


JKT018_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་རི་བོ་བསྟན་ཡང་ལྷ་དགོན་ཟེར། རྒྱས་གླིང་སོགས་ཀྱིས་མཚོན་ཀུན་མཁྱེན་དེ་ཉིད་ཀྱི་བཀའ་དྲིན་ལས་རྙིང་བསྟན་ཅུང་ཟད་དར་བར་ཡོད་སྣང་།། ༈ །།ཡར་འབྲོག་ཡོན་པོ་དེ་ནི། གཏེར་སྟོན་མཆོག་ལྡན་མགོན་པོའི་སྤྲུལ་སྐས་བཏབ། དེའི་སྐེ་སྤྲུལ་རིམ་བྱོན་དང་། གསུང་སྤྲུལ་རིན་པོ་ཆེས་སྐོང་།། ༈ །།གཙང་ལ་སྟོད་བྱང་ཁའི་ཕྱོགས་ན། ཟང་ཟང་ལྷ་བྲག་ཏུ་དབང་པོའི་སྡེའི་གཅུང་ཡིད་བཞིན་ནོར་བུས་བཏབ་པའི་དགོན་པ་སྲིད་གསུམ་རྣམ་རྒྱལ་ནི། རྡོ་རྗེ་བྲག་ནས་འཛིན་སྐྱོང་དང་། ཀླུ་སྒྲུབ་སྐུ་སྐྱེ་བཞུགས།། ༈ །།གཅུང་རི་བོ་ཆེ་ནི། ཐང་སྟོང་པས་བཏབ། ཕྱིས་ཡོལ་མོ་གཏེར་སྟོན་བསྟན་འཛིན་ནོར་བུ་ལ་ཕྱག་ཏུ་བཞེས་ནས། དེའི་གཅུང་སྒོམ་སྨྱོན་ཕྱག་རྡོར་ནོར་བུའི་སྐྱེ་སྤྲུལ་རིམ་བྱོན་གྱིས་གདན་ས་མཛད། ༈ །།མཚོ་སྐྱ་བོ་ཁ་གདང་གི་སྨད་ན་ས་སྐྱ་པའི་གནས་དང་། དེ་ནས་བདེ་གྲོལ་གསང་སྔགས་ཆོས་གླིང་ཞེས་མེས་སྟོན་གྱི་གདན་ས་དང་། མཚོ་དེའི་སྟོད་ན་མཚོ་སྟོད་རྒྱ་མཁར་གསང་སྔགས་ཆོས་གླིང་སྟེ། དེའི་གདུང་བརྒྱུད་ལས་སེ་སྟོན་ཉི་མ་བཟང་པོ། སེ་སྟོན་མགོན་པོ་བཟང་པོ། སེ་སྟོན་རིན་ཆེན་རྒྱལ་མཚན། འདི་ནས་སེ་རྒྱ་མཁར་པ་དང་། སེ་བཀྲ་བཟང་པ་གཉིས་སུ་གྱེས། བཀྲ་བཟང་གི་དགོན་ཐོག་མར་རིག་འཛིན་རྒོད་ལྡེམ་གྱིས་བཏབ། ཐུགས་སྲས་རྣམ་


JKT018_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མགོན་པོ་བཞུགས། ཕྱིས་སེ་སྟོན་རིམ་བྱོན་གྱི་གདན་སར་གྱུར་ཏེ། དེ་ཡང་། སེ་སྟོན་པདྨ་དབང་ཆེན། ཚེ་དབང་རིག་འཛིན། ནམ་མཁའ་རིག་འཛིན། ཐུགས་མཆོག་འོད་འབར། །ཀུན་བཟང་འཛམ་གླིང་རྡོ་རྗེ་སོགས་ནས། དེང་སང་གི་བར་དུ་སྔགས་བརྒྱུད་མ་ཆད་པར་ཡོད་ཅིང་། བྱང་གཏེར་དང་། ཚེ་བདག་སོགས་ལ་གཙོ་བོར་མཛད། གཞན་ཡང་རྒྱང་ཆོས་སྡེ་སོགས་དགོན་གནས་ཕྲན་བུ་མང་ཙམ་དང་། མེས་སྟོན། སྐྱི་སྟོན། རྟ་ནག་སྒྲོལ་མ་ཕུག་པ་སོགས་སྔགས་བརྒྱུད་མང་ངོ་། ༈ །།གཙང་ལ་སྟོད་ནུབ་དགོན་ནི། དང་པོ་སུས་བཏབ་མ་ངེས། ཕྱིས་བྱམས་པ་ཆོས་ཀྱི་རྒྱལ་མཚན། ཐུགས་སྲས་བློ་གྲོས་རྒྱལ་མཚན་སོགས་རིམ་པར་བྱོན་ཅིང་། ཁམས་ལུང་པ་རིག་འཛིན་དབང་རྒྱལ་ནས་བཟུང་། ཁམས་ལུང་དབོན་དང་སྐྱེ་སྤྲུལ་རིམ་བྱོན་གྱིས་གདན་ས་མཛད་ཅིང་རྡོར་བྲག་པས་སྐྱོང་།། ༈ །།གཙང་གངས་ར་ངེས་གསང་རྡོ་རྗེ་གླིང་ནི། རོང་གཏེར་འཇམ་དཔལ་རྡོ་རྗེས་བཏབ། དེ་རྗེས་སྣང་རྩེའི་ཆོས་བདག་ཉི་ཟླ་གྲགས་པ་དང་། དེའི་དབོན་ལོ་ཆེན་ངག་གི་དབང་པོ། དེའི་དབོན་མཁས་གྲུབ་ཆེན་པོ་ལོ་ཆེན་གཞན་ཕན་རྡོ་རྗེ་རྣམས་བཞུགས། ལྔ་པ་རིན་པོ་ཆེས་སྨན་ལུར་པ་བློ་མཆོག་རྡོ་རྗེ་ལ་གནང་བ་ནས་བཟུང་། དེའི་སྐྱེ་སྤྲུལ་རིམ་བྱོན་གྱིས་གདན་ས་


JKT018_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མཛད།། ༈ །།གཙང་སྨད་དུ་ཕུང་པོ་རི་བོ་ཆེ་བདུད་དཔུང་ཟིལ་གནོན་གླིང་ནི་ལྔ་པ་རིན་པོ་ཆེས་བཏབ། སྙེ་མོ་བདེ་ཆེན་གླིང་། བྲེས་དགོན་གསར། བོན་ལུང་པདྨ་ཆོས་གླིང་སོགས་སུ། བོན་ལུང་སྤྲུལ་སྐུ་དང་། ཆུ་བཟང་སྤྲུལ་སྐུ་སོགས་རྙིང་མའི་བསྟན་འཛིན་མང་དུ་བཞུགས།། ༈ །།གཙང་ཉང་སྟོད་རྒྱལ་རྩེའི་མངའ་ཁུལ་ལྷ་རི་སྒྲོལ་མ་ཕུག་གི་ཉེ་འདབས། ཨོ་རྒྱན་འགྲོ་འདྲེན་གླིང་ནི། རིག་འཛིན་ཡོལ་མོ་བའི་རྣམ་འཕྲུལ་གཙང་པ་སྒྲུབ་ཆེན་པ་པདྨ་བཤེས་གཉེན་གྱིས་བཏབ་ཅིང་། དེའི་སྤྲུལ་སྐུ་རིག་འཛིན་འཇིགས་མེད་དཔའ་བོ་བཞུགས། ༈ །།ཐེག་མཆོག་གླིང་ནི། འབྲུག་པ་པདྨ་དཀར་པོས་བཏབ། ལྔ་པ་རིན་པོ་ཆེས་རྙིང་དགོན་དུ་བསྒྱུར། བྱང་གཏེར་དང་རྒྱ་ཅན་གཙོ་བོར་གྱུར་པའི་ཉམས་བཞེས་དང་། ཕྱིས་སུ་ཀུན་མཁྱེན་འཇིགས་མེད་གླིང་པ་ཕེབས་ནས་སྒྱུ་འཕྲུལ་ཞི་ཁྲོ་སོགས་བཙུགས་པའི་རྒྱུན་དེང་སང་ཡང་ཡོད། ༈ །དབུས་ཕྱོགས་སུ། ཡར་ཀླུང་འཕྱོང་རྒྱས་དཔལ་རི་ཐེག་མཆོག་གླིང་ནི། འཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་གྱིས་བཏབ། དེ་རྗེས་རྒྱལ་སྲས་ཀརྨ་ཀུན་བཟང་། མཚོ་རྒྱལ་སྤྲུལ་སྐུ་རིག་འཛིན་ཕྲིན་ལས་རྣམ་རྒྱལ། ངག་དབང་ཀུན་བཟང་པདྨ། ངག་དབང་བློ་བཟང་པདྨ། པདྨ་ཆོས་འབྱོར་རྒྱ་མཚོ། བསྟན་འཛིན་ཆོས་ཀྱི་ཉི་མ་རྣམས་


JKT018_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། ༈ །དེ་དང་ཉེ་བར་དོན་མཁར་ལུང་པའི་ཕུར། ཚེ་རིང་ལྗོངས་པདྨ་འོད་གསལ་ཐེག་མཆོག་གླིང་ནི། ཀུན་མཁྱེན་འཇིགས་མེད་གླིང་པས་བཏབ། རེ་ཞིག་རྗེ་ཉིད་ཀྱི་དབོན་པོ་འོད་ཟེར་ཕྲིན་ལས་དང་། སྒོམ་ཆེན་ངག་དབང་ཆོས་གྲགས་སོགས་བཞུགས་ཀྱང་དེང་སང་སྡེ་པ་པུ་ཤུད་པ་དང་། དཔལ་རི་བས་སྐྱོང་བ་ཙམ་ལས་བརྒྱུད་འཛིན་ཆེར་མེད།། ༈ །ལྕགས་ཟམ་ཆུ་བོ་རིའི་ཚེ་ཆུ་སྒྲུབ་སྡེ་ནི་ཐང་སྟོང་པས་བཏབ། ཐུགས་སྲས་སྐྱོབ་པ་བཟང་པོའི་ཡང་སྲིད་ལྕགས་ཟམ་སྤྲུལ་སྐུ་རིམ་བྱོན་གྱི་གདན་ས་མཛད་ཅིང་། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་སོགས་མཁས་གྲུབ་ཆེན་པོ་མང་དུ་བྱོན། ༈ །ཁྱད་པར་ཡུལ་དབུས་འདིར་ཡོངས་སུ་གྲགས་པའི་ཆོས་སྡེ་ཆེན་པོ་ནི་རྡོར་སྨིན་གཉིས་ཏེ། དེ་ལ་དང་པོ་ཐུབ་བསྟན་རྡོ་རྗེ་བྲག་གི་གདན་རབས་ལ་ཆོས་བརྒྱུད་གང་ལས་བྱུང་བ་དང་། གདན་ས་དངོས་གཉིས་ལས། དང་པོ་ནི། གཏེར་སྟོན་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན། དེ་སྲས་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་དཔལ་བ་དང་། རྡོ་རྗེ་མགོན་པོ་སྟེ། རྡོ་རྗེ་རྣམ་གཉིས། མཚན་ལྡན་བྱམས་པ་བཤེས་གཉེན། མཚན་ལྡན་ངག་དབང་གྲགས་པ། ཆོས་རྗེ་སངས་རྒྱས་དཔལ་བཟང་། སྔགས་འཆང་ཆོས་རྒྱལ་བསོད་ནམསཾ། ཐུགས་སྲས་ནམ་


JKT018_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་རྒྱལ་མཚན། རིག་འཛིན་ཡོལ་མོ་བ་གཏེར་སྟོན་ཤཱཀྱ་བཟང་པོ། དེའི་སློབ་མ་མངའ་རིས་རིག་འཛིན་ཆེན་པོ་སྐུ་མཆེད་ལས། རྒོད་ལྡེམ་གྱི་སྐྱེ་སྲིད་གཉིས་པ་རིག་འཛིན་ལེགས་ལྡན་རྗེ། དེའི་སློབ་མ་བྱང་བདག་བཀྲ་ཤིས་སྟོབས་འདི་དུས་གུ་རུ་པདྨའི་ཨེ་ཝཾ་ལྕོག་སྒར་ཞེས་གྲགས་པའི་གྲྭ་ཚང་ཞིག་ཡོད་པ་དེ་རྡོར་བྲག་གི་ས་བོན་ཡིན། རྒྱལ་གྱི་བར་དུ་བྱོན་པ་ཡིན་ལ། གཉིས་པ་གདན་རབས་དངོས་ཀྱི་ཐོག་མ་ནི། །ལེགས་ལྡན་རྗེའི་ཡང་སྲིད་རྒོད་ལྡེམ་གསུམ་པ་རིག་འཛིན་ངག་གི་དབང་པོ་སྟེ། དེའང་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་སྲས་སུ་ལྕགས་འབྲུག་ལོར་འཁྲུངས། འདིས་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྡེ་ཐོག་མར་བཏབ། ས་ཡོས་ལོར་སྐུ་གཤེགས། དེ་རྗེས་ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུས་གདན་ཚབ་མཛད། རྒོད་ལྡེམ་བཞི་པ་ཞབས་དྲུང་ཀུན་བཟང་པདྨ་ཕྲིན་ལས་ནི། མོན་མཁར་རྣམ་བསམ་ཡས་ཀྱི་ཐད། སྲས་གླིང་དུ་འཁྲུངས། ཟུར་ཆེན་དང་ལྔ་པ་རིན་པོ་ཆེ་སོགས་བསྟེན་ནས་མཁས་བཙུན་གྲུབ་པའི་ཡོན་ཏན་བསམ་གྱིས་མི་ཁྱབ། སྐུ་ཚེའང་རིང་པོར་བཞུགས་ཤིང་། མཐར་ཡིད་སྲུབས་ཀྱི་བདག་པོ་ལྗོངས་འགར་བའི་དཔུང་ཆེན་ལྷགས་པའི་རྐྱེན་གྱིས་གཤེགས་ཚུལ་བསྟན། དེའི་ཡང་སྲིད་རྒོད་ལྡེམ་ལྔ་པ་སྐལ་བཟང་པདྨ་དབང་ཕྱུག་ནི། སྤོ་འབོར་སྒང་གི་ནང་ཚན་ཉག་རོང་


JKT018_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་མདུད་ཅེས་པར་སྐུ་འཁྲུངས། ཐུབ་བསྟན་རྡོ་རྗེ་བྲག་ཉམས་གསོ་ཕུལ་དུ་བྱུང་བ་མཛད། སྔ་འགྱུར་བསྟན་པའི་གསལ་བྱེད་ཆེན་པོར་གྱུར་ཅིང་། དགོངས་གཏེར་དག་སྣང་གི་སྐོར་ཡང་རྒྱ་ཆེ་བར་ཡོད། དེའི་སྤྲུལ་སྐུ་རྒོད་ལྡེམ་དྲུག་པ་ཀུན་བཟང་འགྱུར་མེད་ལྷུན་གྲུབ་རྡོ་རྗེ་ནི། དར་མདོ་ལྕགས་ལའི་རྒྱལ་ཁབ་དང་ཉེ་བའི་གསེར་ཏོག་ཞེས་པར་འཁྲུངས། དག་སྣང་ལུང་བསྟན། འཁོར་ལོ་གསུམ་གྱི་མཛད་བཟང་ངོ་མཚར་ཆེ་བར་གནང་། ཡང་སྐུ་ཚེ་མཐར་མ་ཕྱིན་པར་གཤེགས། དེའི་སྤྲུལ་སྐུ་རྒོད་ལྡེམ་བདུན་པ་ངག་དབང་འཇམ་དཔལ་མི་འགྱུར་ལྷུན་གྲུབ་རྡོ་རྗེ་ནི། མོན་མཁར་རྣམ་སྲས་གླིང་དུ་འཁྲུངས། ༈ །འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གདན་རབས་ལ། ཐོག་མར་ཆོས་བརྒྱུད་གང་ལས་བྱུང་བའི་ཚུལ་ནི། གཏེར་ཆེན་རཏྣ་གླིང་པའི་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་ནི། ལྷོ་བྲག་སྨན་ཐང་དུ་འཁྲུངས། ཐོས་བསམ་སྒོམ་གསུམ་གྱི་ཕ་རོལ་ཏུ་སོན། དགུང་ལོ་ཞེ་གཉིས་པར་གྲྭ་ནང་དར་རྒྱས་ཆོས་སྡིང་གི་རི་ཁྲོད་བཏབ། དོན་བདུན་པར་གཤེགས། དེ་རྗེས་པདྨ་གླིང་པའི་སྤྲུལ་སྐུ་བསྟན་འཛིན་གྲགས་པ། སྨྱོན་སྟོན་མཁས་གྲུབ་ཆེན་པོ་མདོ་སྔགས་བསྟན་འཛིན། དེ་སྲས་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ཀྱི་བར་དར་རྒྱས་ཆོས་སྡིངས་སུ་བཞུགས། གདན་རབས་ཀྱི་ཐོག་མ་ནི། །


JKT018_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྲས་བཻ་རོའི་རྣམ་འཕྲུལ་གཅེན་གཏེར་ཆེན་འགྱུར་མེད་རྡོ་རྗེའམ། འགྲོ་འདུལ་གཏེར་བདག་གླིང་པ་སྟེ། དེ་ཡང་རབ་བྱུང་བཅུ་པའི་མེ་ཁྱི་ལོར་སྐུ་འཁྲུངས། ཡབ་རྗེ་དང་ལྔ་པ་རིན་པོ་ཆེ་སོགས་བརྟེན་ནས་མཁས་ཤིང་གྲུབ་པའི་ཕ་རོལ་ཏུ་སོན། དགུང་ལོ་བཅོ་བརྒྱད་པར་གཡའ་མ་ལུང་ནས་རིག་འཛིན་ཐུགས་ཐིག་སོགས་རིམ་པར་ཟབ་གཏེར་ཀྱང་མང་དུ་སྤྱན་དྲངས། སྔ་འགྱུར་བསྟན་པའི་སྲོག་ཤིང་འགྲན་ཟླ་དང་བྲལ་བ་དེས། མེ་འབྲུག་ལོར་གྲྭ་ཕྱི། ཨོ་རྒྱན་སྨིན་གྲོལ་གླིང་བཏབ། རེ་དགུ་པ་ཤིང་རྟ་ལོར་སྐུ་གཤེགས། སྐུ་འབྲིང་བ་མཁན་རབས་དང་པོ་རྒྱལ་སྲས་བསྟན་པའི་ཉི་མ་ནི། ཤེས་བྱ་རིག་པའི་གནས་ལྔ་མཁྱེན་པའི་པཎྜི་ཏ་ཆེན་པོར་གྱུར་ཀྱང་། ཉེར་བདུན་པར་གཤེགས། གཅུང་གཡུ་སྒྲའི་རྣམ་འཕྲུལ་མཁན་ཆེན་ལོ་ཙཱ་བ་དྷརྨ་ཤྲཱི་ནི་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མངོན་པར་མཐོ་བའི་སྔ་འགྱུར་བསྟན་པའི་མིག་གཅིག་པུར་གྱུར། སྨིན་གླིང་མཁན་རབས་གཉིས་པར་མཛད། རེ་ལྔ་པར་གཤེགས། ཕྱིས་སུ་རྙིང་མ་བཀའ་གཏེར་གྱི་བསྟན་པ་ལ་གཏེར་ཆེན་སྐུ་མཆེད་འདི་གཉིས་ཁོ་ན་བཀའ་དྲིན་ཆེ། ཁྲི་རབས་གཉིས་པ་པདྨ་འགྱུར་མེད་རྒྱ་མཚོ་ནི་ཡབ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དང་། ཡུམ་ཡོན་ཏན་སྒྲོལ་མའི་སྲས་སུ་འཁྲུངས། སུམ་ཅུ་པར་ཁྲིར་ཕེབས། སོ་


JKT018_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པར་གཤེགས། རྒྱལ་སྲས་ཡིད་བཞིན་ལེགས་གྲུབ་ནི། ཡབ་གཏེར་ཆེན་དང་། ཡུམ་ཕུན་ཚོགས་དཔལ་འཛོམ་གྱི་སྲས་སུ་འཁྲུངས། ལོ་ཆེན་ལས་བསྙེན་པར་རྫོགས། འོན་ཀྱང་རྐྱེན་དབང་གིས་གཤེགས། ཁྲི་རབས་གསུམ་པ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ནི། དུས་འགྱུར་གྱི་སྐབས་ཀྱང་མོན་བོད་བརྒྱུད་ནས་ཁམས་ཕྱོགས་སུ་ཉག་རོང་ལྕགས་མདུད་པར་ཕེབས་པས་བརྫི་བར་མ་ནུས། སླར་དབུས་སུ་ཕེབས་ནས་གདན་སའི་ཉམས་གསོ་གནང་ཞིང་བསྟན་པ་ལ་བཀའ་དྲིན་ཆེ། རེ་ལྔ་པར་གཤེགས། གཅུང་མོ་རྗེ་བཙུན་མ་མི་འགྱུར་དཔལ་གྱི་སྒྲོལ་མས་ཀྱང་། བསྟན་པ་ལ་བཤད་སྒྲུབ་སོགས་བྱ་བ་རྒྱ་ཆེར་མཛད་ཅིང་། དོན་གཅིག་པར་གཤེགས། རིན་ཆེན་རྣམ་རྒྱལ་ལ་སྲས་ཁྲི་རབས་བཞི་པ་འགྱུར་མེད་པདྨ་བསྟན་འཛིན་དང་། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་གཉིས་འཁྲུངས། འགྱུར་མེད་པདྨ་བསྟན་འཛིན་གྱི་སྲས་ཁྲི་རབས་ལྔ་པ་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་དང་། མཁན་ཆེན་འགྱུར་མེད་གསང་སྔགས་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ་གྱི་སྲས་ཁྲི་རབས་དྲུག་པ་འགྱུར་མེད་པདྨ་དབང་རྒྱལ་དང་། མཁན་ཆེན་ཨོ་རྒྱན་ཆོས་འཕེལ། རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན། པདྨ་དབང་རྒྱལ་སྲས་ཁྲི་རབས་བདུན་པ་འགྱུར་མེད་སངས་རྒྱས་ཀུན་དགའ། །


JKT018_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྲས་ཁྲི་རབ་བརྒྱད་པ་འགྱུར་མེད་ཡིད་བཞིན་དབང་རྒྱལ་ཏེ། མཁས་དང་གྲུབ་པའི་ཡོན་ཏན་རྒྱ་མཚོའི་དཔལ་གྱིས་མངོན་པར་མཐོ་བ་དང་བཅས། དེང་སང་ཞབས་པད་བརྟན་བཞིན་པར་བཞུགས་སོ། །སྤྱིར་དབུས་གཙང་གི་རྙིང་དགོན་ཆེ་ཕྲ་ཐམས་ཅད། སོག་པོ་ལྗོངས་འགར་གྱི་དུས་ཉམས་ཆག་ཤིན་ཏུ་ཆེ་བར་བྱུང་ཡང་། ཕྱིས་རྒྱལ་བ་བསྐལ་བཟང་རྒྱ་མཚོས་སྔར་རྒྱུན་ལྟར་ཉམས་གསོ་དགོས་པའི་བཀའ་ལུང་ཕེབས་པ་ནས་བཟུང་ཕལ་ཆེར་རིམ་གྱིས་སོར་ཆུད་དེ་སྔར་དང་ཆ་འདྲ་བ་ཙམ་ཡོད།། ༈ །རྒྱལ་བ་འབྲི་གུང་པའི་གདན་ས་ནི། ཐོག་མར་མེ་ཉག་སྒོམ་རིང་ཞེས་པས་བཏབ། དེ་ནས་སྐྱོབ་པ་རིན་པོ་ཆེས་བསྐྱང་པ་ནས་བཟུང་གདུང་རབས་བཅུ་གསུམ་ཙམ་གྱི་བར་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོར་གྱུར། དེ་ནས་སྐྱོབ་པ་རིན་པོ་ཆེའི་རྣམ་འཕྲུལ་གཏེར་ཆེན་རིན་ཆེན་ཕུན་ཚོགས་ཀྱི་དུས་ནས་རྙིང་ལུགས་ལ་གཙོ་བོར་མཛད་པས། དེ་ཕྱིན་གྱི་གདན་རབས་མདོ་ཙམ་ནི། རིན་ཆེན་ཕུན་ཚོགས་ཀྱི་སྲས་ཆོས་རྒྱལ་ཕུན་ཚོགས། དེ་ལ་སྲས་སྐུ་མཆེད་ལྔ་ཙམ་བཞུགས་པའི་ནང་ནས། །བརྒྱུད་འཛིན་གྱི་སྲས། ཞབས་དྲུང་ནཱ་རོ་པ། རྗེ་དཀོན་མཆོག་རཏྟཱ། རིག་འཛིན་ཆོས་ཀྱི་གྲགས་པ་སྟེ་གསུམ་ལས། ཆོས་ཀྱི་གྲགས་པ་ནི་རིན་ཆེན་ཕུན་ཚོགས་པའི་སྤྲུལ་སྐུ་ཡིན་ཅིང་། འདི་དུས་


JKT018_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་བརྒྱུད་ཆད་དེ། ཕྱིས་ནས་སྐྱེ་སྤྲུལ་རིམ་བྱོན་གྱིས་ཞལ་འཛིན་གནང་བས། དེ་ཡང་རིམ་པར། རྗེ་དཀོན་མཆོག་རཏྣའི་སྐྱེ་བ་དཀོན་མཆོག་ཕྲིན་ལས་བཟང་པོ། ཆོས་ཀྱི་གྲགས་པའི་སྐྱེ་བ་འཇངས་ཡུལ་དུ་འཁྲུངས་པའི་དོན་གྲུབ་ཆོས་ཀྱི་རྒྱལ་པོ། དཀོན་མཆོག་ཕྲིན་ལས་བཟང་པོའི་རྣམ་འཕྲུལ། དཀོན་མཆོག་བསྟན་འཛིན། དོན་གྲུབ་ཆོས་རྒྱལ་གྱི་སྐྱེ་བ་ཆོས་ཀྱི་ཉི་མ། དཀོན་མཆོག་བསྟན་འཛིན་གྱི་སྐྱེ་བ་ཀོང་པོ་ཀྲ་ཏི་སྔགས་འཆང་གི་སྲས་བསྟན་འཛིན་པདྨའི་རྒྱལ་མཚན། ཆོས་ཀྱི་ཉི་མའི་སྐྱེ་བ་ཀུན་མཁྱེན་འཇིགས་མེད་གླིང་པའི་རྒྱལ་སྲས་འཇིགས་མེད་ཉིན་བྱེད་འོད་ཟེར་རྣམས་བྱོན་ཅིང་། དེ་གཉིས་ཀྱི་ཡང་སྲིད་རིན་པོ་ཆེ་ཟླ་བ་ཚེས་པ་ལྟ་བུ་དེང་སང་ཞབས་པད་བརྟན་བཞིན་པའོ། ༈ །ལྷོ་བརྒྱུད་གཉལ་དང་ལོ་རོའི་ཕྱོགས་སུ། རིག་འཛིན་ངག་གི་དབང་པོའི་ཞལ་སློབ་ཤ་གཟུགས་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ་གྱི་སྐྱེ་སྤྲུལ་རིམ་བྱོན་དང་། འབྲུག་སྨྱོན་གདན་ས་དྲེའུ་ལྷས་པའི་སྤྲུལ་སྐུ་རིམ་བྱོན། ལོ་རོར་བོ་དོང་པ་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་འཕྲུལ་སྦྱོར་ར་ཐམས་ཅད་མཁྱེན་པ་རིམ་བྱོན་སོགས་རྙིང་མའི་བསྟན་འཛིན་འགའ་ཞིག་བཞུགས་ལ།། ༈ །།ཨེ་རོང་ཕྱོགས་སུ། རོང་པ་རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ་བཟང་པོས་བཏབ་པའི་རྩ་སྒྲུབ་སྡེ་ནི། དེའི་སྤྲུལ་སྐུ་


JKT018_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བྱོན་གྱིས་བསྐྱང་། གཞན་ཡང་ལས་འཕྲོ་གླིང་པའི་གདན་ས་ཨེ་སྦེ་ལྕོག་དང་། ཆོས་རྗེ་ཨོ་རྒྱན་བསྟན་འཛིན་གྱི་གདན་ས་བྲག་སྣ་བ་སོགས་ཀྱང་མ་ནུབ་ཙམ་ཡོད། ༈ །དྭགས་པོའི་ཕྱོགས་སུ། །ལ་དྭགས་སྟོན་དབང་ཕྱུག་རྡོ་རྗེ་ནས་རིམ་པར་བྱོན་པའི་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་རྩེ་ལེ་དགོན་བཏབ། དེའི་སློབ་མ་རྒྱ་ར་ཀློང་ཆེན་པ་སོགས་བྱུང་། ཕྱིས་སུ་རིག་འཛིན་བསོད་ནམས་རྣམ་རྒྱལ་གྱིས་རྩེ་ལེ་དགོན་གསར་བཏབ་ཅིང་བཤད་སྒྲུབ་ཤིན་ཏུ་དར་ཡང་། དེང་སོང་རྒྱ་ཆེར་ཡོད་པར་མ་མངོན་ཞིང་། འཛིན་སྐྱོང་སྨིན་གླིང་ནས་གནང་།། ༈ །།དྭགས་ལྷ་སྒམ་པོའི་གདན་རབས་ནི། ཐོག་མར་མཉམ་མེད་དྭགས་པོ་རིན་པོ་ཆེས་བཏབ། གདན་རབས་བཅུ་བདུན་ཙམ་གྱི་བར་ཕལ་ཆེར་དབོན་བརྒྱུད་ཁོ་ནས་འཛིན་ཞིང་། བཀའ་བརྒྱུད་པའི་ལུགས་སྲོལ་བཟུང་བ་ཤ་སྟག་བྱུང་། ཕྱིས་སུ་དྭགས་པོ་རིན་པོ་ཆེའི་རྣམ་འཕྲུལ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་ནི། དྭགས་པོ་རང་གི་དབོན་བརྒྱུད་དུ་འཁྲུངས། དེའི་སྤྲུལ་སྐུ་འཛམ་གླིང་ནོར་བུ་རྒྱན་པ་ནས་རྙིང་ལུགས་གཙོ་བོར་མཛད་དེ། དེའི་སློབ་མ་སྤྱན་སྔ་བསོད་ནམས་རིན་ཆེན། མཆོག་སྤྲུལ་གཏེར་ཆེན་བཟང་པོ་རྡོ་རྗེ། བདེ་བའི་རྡོ་རྗེ་ལྷུན་གྲུབ་ངེས་དོན་དབང་པོ། མཆོག་སྤྲུལ་ཀུན་བཟང་ངེས་དོན་དབང་པོ། ཞྭ་དམར་མཆོག་སྤྲུལ་


JKT018_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་པ་གར་དབང་རྒྱ་མཚོ། མཆོག་སྤྲུལ་རིན་པོ་ཆེ་དྲུག་པ་འཇམ་དཔལ་ཕྲིན་ལས་དབང་པོའམ། གཏེར་ཆེན་གཏེར་ཆོས་གསང་བདག་དྲག་པོའི་སྐོར་སོགས་ཡོད། རྡོ་རྗེ་རྒྱལ་པོའི་བར་དུ་བྱོན་པ་རྣམས་ནི་རྙིང་ལུགས་ཀྱི་བསྟན་འཛིན་ཆེན་པོར་གྱུར། གཞན་ཡང་དྭགས་ཕྱོགས་སུ་རྙིང་དགོན་ཕྲ་མོ་དུ་མ་ཞིག་ཡོད་དོ།། ༈ །།དཔལ་སྟག་ལུང་བ་མཚུར་ཕུ་བ། འབྲུག་པ་རིན་པོ་ཆེ་སོགས་ཀྱིས་ཀྱང་།། ཀར་རྙིང་ཟུང་འབྲེལ་དུ་སྐྱོང་བར་གནང་ཡང་སོ་སོའི་གདན་རབས་འདིར་མ་བཀོད་དོ།། ༈ །ཀོང་པོའི་ཕྱོགས་སུ། གཏེར་ཆེན་སངས་རྒྱས་གླིང་པའི་གདུང་རབས་སྙི་ཕུ་བ་ནི། གཏེར་ཆེན་གྱི་སྲས་ཡེ་ཤེས་རྡོ་རྗེ་ནས། སངས་རྒྱས་བློ་གྲོས། ཆོས་ཀྱི་རྒྱལ་མཚན། ཀརྨ་བཟང་པོ། གྲུབ་མཆོག་བཟང་པོ་དེ་ལ་ཐུགས་སྲས་ཀརྨ་གསང་སྔགས་རྣམ་རྒྱལ། ཀརྨ་རིག་འཛིན་སྙིང་པོ། ཀརྨ་བསྟན་སྐྱོང་གསུམ་བྱོན་ཅིང་། དེ་རྣམས་ལས་གདུང་བརྒྱུད་མ་འཕེལ་ཡང་། གྲུབ་མཆོག་བཟང་པོའི་མཆེད་ཞིག་ལས་འཕེལ་བའི་གདུང་བརྒྱུད་མཁར་རྒྱ་པོར་གཏན་ཆགས་པ་དང་། གཞན་ཡང་སངས་གླིང་ཆོས་བདག་བླ་མ་བྱ་ཁྱུང་པ་དཔལ་ལྡན་སེངྒེས་བཏབ་པའི་བྱ་ཁྱུང་དགོན་པ་ནི་གདུང་བརྒྱུད་རིམ་བྱོན་གྱིས་བསྐྱང་། ཐང་འབྲོག་དགོན་ནི། མཚུངས་མེད་བསྟན་འཛིན་རྡོ་རྗེས་བཏབ། དེའི་སྤྲུལ་སྐུ་རྩེ་ལེ་སྣ་


JKT018_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རང་གྲོལ་ལམ་མཁས་མཆོག་པདྨ་ལེགས་གྲུབ། དེའི་སྤྲུལ་སྐུ་ཀུན་བཟང་པདྨ་ལེགས་གྲུབ། དེའི་སྤྲུལ་སྐུ་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱི་བར་དུ་བྱོན། ཀོང་པོ་རྩྭ་ནང་དུ་དྲི་མེད་ལྷུན་པོའི་གདན་ས་དང་། བང་རིང་འཇའ་ཚོན་པའི་གདན་ས་རྣམས་ཀྱང་མ་ཉམས་པར་ཡོད།། ༈ །སྤོ་བོའི་ཕྱོགས་སུ། དགའ་བ་ལུང་དུ་གཏེར་སྟོན་སྟག་ཤམ་པའི་གདན་སར། སྐྱེ་སྤྲུལ་རིམ་བྱོན་གྱིས་བསྐྱང། དཔལ་ཁ་གསང་སྔགས་ཆོས་གླིང་ནི། རིག་འཛིན་ཆོས་ཀྱི་རྒྱ་མཚོའི་རྣམ་འཕྲུལ་རིམ་བྱོན་གྱིས་གདན་ས་མཛད་པ་ལས། དེང་སོང་ལྷོ་བྲག་གསུང་སྤྲུལ་གོང་མའི་སྲས་སུ་འཁྲུངས་པའི་མཁྱེན་རྟོགས་ཅན་ཞིག་ཡོད། གྲྭ་སའང་ལྷོ་བྲག་ལྷ་ལུང་དུ་ཞུགས་སྲོལ་སྣང་ངོ་།། ༈ །།མདོ་སྨད་འབའ་ཡུལ་དུ་རྡོར་བྲག་གི་རིང་ལུགས་འཛིན་པ་གྲུབ་པ་དགོན་དང་། རྒྱ་བླ་རབས་བཅུ་གསུམ་གྱི་གདན་ས་གནམ་བསྐོས་གསང་སྔགས་ཆོས་གླིང་སོགས་དེང་སང་ཡང་དར་རྒྱས་ཆེ་ཙམ་ཡོད།། ༈ །།ཁྱད་པར་བོད་ཆེན་པོའི་ལྗོངས་ཀྱི་ཐིག་ལེར་སྟོབས་ཀྱི་འཁོར་ལོས་སྒྱུར་བ་སྡེ་དགེ་ཆོས་ཀྱི་རྒྱལ་པོའི་མངའ་ཁུལ་འདིར་ནི། སྔ་འགྱུར་གྱི་བསྟན་པ་ཁོ་ན་དར་རྒྱས་ཆེ་བས་དགོན་གནས་ཆེ་ཕྲའང་མང་དུ་བཞུགས་ཤིང་། དེ་ཐམས་ཅད་ཀྱང་རྒྱལ་བ་ཀཿཐོག་པ་དང་། གྲུབ་དབང་རྫོགས་ཆེན་པའི་ཕྲིན་ལས་ལས་


JKT018_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ཤ་སྟག་ཡིན་པས། དེའི་ཚུལ་མདོ་ཙམ་བརྗོད་ན། ཐོག་མར་ཤར་རྒྱལ་བ་ཀཿཐོག་པའི་གདན་རབས་ཀྱི་ཐོག་མ། ཟུར་པ་མེས་དབོན་གསུམ་དུ་གྲགས་པའི་ནང་ཚན། སྒྲོ་ཕུག་པ་ཤཱཀྱ་སེངྒེའི་ཐུགས་སྲས་འཛོམ་སྟོན་འགྲོ་བའི་མགོན་པོ་སོགས་ཀྱི་ཞལ་སློབ། དམ་པ་བདེ་གཤེགས་ཤེས་རབ་སེངྒེ་ནི། རྗེ་ཕག་མོ་གྲུ་པ་དང་། ཡུམ་མཆེད་དུ་རབ་བྱུང་གཉིས་པའི་ཆུ་སྟག་ལོར་འཁྲུངས། དཔེ་ཝར་འབེས་མོ་ནང་། འཛམ་སྟོན་རིན་པོ་ཆེའི་ལུང་བསྟན་བཞིན་ས་ཡོས་ལོར་ཀཿཐོག་རྡོ་རྗེ་གདན་བཏབ། དོན་གཅིག་པར་གཤེགས། དེ་ནས་རིམ་པར། ཆོས་རྗེ་གཙང་སྟོན་རྡོ་རྗེ་རྒྱལ་༡མཚན། རྒྱལ་ཚབ་བྱམས་པ་འབུམ་པ་༢། འདིས་ཀརྨ་པཀི་བསྙེན་པར་རྫོགས། སྤྱན་སྔ་བསོད་ནམས་འབུམ་པ་༣། དབུ་འོད་ཡེ་འཕགས་པ་རིན་པོ་ཆེར་དབང་ཕུལ། ཤེས་འབུམ་པ་༤། རྒྱལ་ཚབ་བྱང་ཆུབ་དཔལ་བ་༥། རྒྱལ་ཚབ་བསོད་ནམས་འདི་སྐབས་ཙམ་ནས་ཉང་ཆོས་དབང་སོགས་ཀྱི་གཏེར་ཆོས་ཡང་ཅུང་ཟད་དར་བ་བྱུང་། བཟང་༦པོ། རྒྱལ་ཚབ་ཀུན་དགའ་འབུམ་པ་༧། རྒྱལ་ཚབ་བློ་གྲོས་འབུམ་པ་ར། རྒྱལ་ཚབ་བློ་གྲོས་སེངྒེ། རྒྱལ་ཚབ་བྱང་ཆུབ་བློ་གྲོས་༡༠། དེའི་རྒྱལ་ཚབ་བྱང་ཆུབ་སེངྒེ་དང་༡༡། བྱང་ཆུབ་རྒྱལ་༡༢མཚན། བྱང་ཆུབ་རྒྱལ་མཚན་གྱི་སློབ་མ་གཉགས་ཆེན་ཡེ་ཤེས་གཞོན་ནུའི་རྣམ་འཕྲུལ་བུ་


JKT018_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འབོར་བ་མཁས་གྲུབ་ཡེ་ཤེས་རྒྱལ་༡ ༣མཚན་སྟེ། འདི་ཡན་ཆད་ཀཐོག་བླ་རབས་བཅུ་གསུམ་ཞེས་རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཟམ་མ་ཆད་པར་བྱོན་ཅིང་། སྔ་འགྱུར་གྱི་བསྟན་པ་ཤིན་ཏུ་དར་བ་མཛད། གཞན་ཡང་དམ་པ་བདེ་གཤེགས་ཀྱི་སློབ་མ། ཤེས་རབ་རྒྱལ་མཚན། ཤེས་རབ་དཔལ་བ། ཤེས་རབ་རྡོ་རྗེ་སྟེ་རོང་པོ་ཐོས་མཆོག་རྣམ་གསུམ། ལུང་བསྟན་བུ་བཞིར་གྲགས་པ་ནི། འབྲུ་ཚ་སྒང་པས་བུ་རོང་གཞག་གསུམ་ཁ་བ་དཀར་པོ་ཡན་ཆད་དུ་དགོན་གནས་བརྒྱ་རྩ་བརྒྱད་བཏབ། རྩ་སྡེ་སྤྱན་སྔ་ནམ་མཁའ་རྡོ་རྗེས་གོ་འཇོ་རྩ་སྡེ་དགོན་བཏབ། རྨོག་སྟོན་འཇམ་དཔལ་སེང་གེས་འབྲི་རྒྱུད་དུ་དགོན་པ་མཛད་ཅིང་། ཁོང་ལས་གྲུབ་ཐོབ་རྨོག་རབ་བཅུ་གསུམ་དུ་གྲགས་པ་བྱུང་། གྲུབ་ཐོབ་མ་ཎི་རིན་ཆེན་གསེར་རག་ཅོག་ཏུ་བཞུགས་ཤིང་། མཐར་འོད་ཕུང་དུ་གཤེགས་པ་སོགས་མཁས་གྲུབ་ཀྱི་ཚང་ཆེན་པོ་བརྡོལ། བླ་རབས་བཅུ་གསུམ་གྱི་རྗེས་སུ་དྲུང་རབས་བཅུ་གསུམ་བྱོན་ཡང་། བཀའ་མ་རྣམས་རིམ་གྱིས་ཉག་ཕྲ་ནས། གཏེར་མའི་ཕྱོགས་དར་རྒྱས་སུ་གྱུར། དེ་ཡང་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱི་སློབ་མ། ལ་བསྟོད་ནམ་མཁའ་རིན་ཆེན། དེ་ནས་དྲུང་ནམ་མཁའ་སེང་གེ །འདི་ནས་བཟུང་གདན་ས་འཛིན་པ་རེ་དང་། འཆད་ཉན་པ་རེ་ཟུར་དུ་བྱུང་བའི་སྲོལ་


JKT018_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དོད་པ་ལས། གདན་ས་པ་དྲུང་རྡོ་རྗེ་བློ་གྲོས། འཆད་ཉན་པ་བསོད་ནམས་འབུམ། གདན་ས་པ་དྲུང་རྒྱལ་མཚན་རྡོ་རྗེ། འཆད་ཉན་པ་དགེ་འདུན་འབུམ། གདན་ས་པ་དྲུང་མགོན་པོ་རྡོ་རྗེ། འཆད་ཉན་པ་ནམ་མཁའ་དཔལ། འདི་དུས་ཨ་རྡོ་དཀོན་མཆོག་རྒྱལ་མཚན་གྱིས་རྫོགས་ཆེན་དགོངས་པ་ཟངས་ཐལ་སྤེལ་བས་དར་རྒྱས་ཆེ་བར་བྱུང་། གདན་ས་པ་དྲུང་ལྷ་དབང་རྡོ་རྗེས་མཛད། དཀོན་མཆོག་རྒྱལ་མཚན་གྱི་སློབ་མ་རོང་པོ་དཀོན་མཆོག་རྡོ་རྗེ། དེའི་སློབ་མ་ཧོར་པོ་ཤཱཀྱ་རྒྱལ་མཚན། དེའི་སློབ་མ་མཚུངས་མེད་བྱང་ཆུབ་སེངྒེ་སྟེ། འདིའི་སྐུ་ཚེའི་མཇུག་ཙམ་ལ། བུ་འབོར་བ་བཀྲ་ཤིས་རྒྱ་མཚོ་བྱོན། འདི་དུས་གདན་ས་པ་དྲུང་རྣམ་པར་དགེ་བའི་མཚན་ཅན་གྱིས་མཛད། བཀྲ་ཤིས་རྒྱ་མཚོའི་སློབ་མ་རྨོག་ཚ་ཧེ་པ་ཆོས་འབྱུང་། རྒྱལ་ཐང་བ་བསྟན་པ་སེང་གེ དཔལ་མོ་ཤེས་རབ་བཟང་པོ། རྒྱལ་རོང་བ་སོགས་སློབ་མ་མང་། གདན་ས་པ་དྲུང་རྟ་མགྲིན་ཞེས་པས་མཛད། དེ་དུས་བླ་མ་ཚེ་མདོའི་མཚན་ཅན་དང་། གྲུབ་ཐོབ་མ་ལ་བླ་མ་སོགས་བཞུགས། གཞན་ཡང་། སྔོ་ཁ་སངས་རྒྱས་རིན་ཆེན་དང་། དཔལ་འབར་བ་ནམ་མཁའ་རྒྱ་མཚོ་སོགས་བྱོན། ནམ་མཁའ་རྒྱ་མཚོའི་སློབ་མ་བསོ་དབང་དྲག་རྒྱ་མཚོ། དེའི་སློབ་མ་སྒར་རྗེ་ཆོས་སྐྱོང་རྒྱ་མཚོ། དེའི་སློབ་མ་བྱང་


JKT018_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་རྒྱལ་མཚན་ཏེ་གཏེར་ཆེན་ཀློང་གསལ་སྙིང་པོ། ཡང་རྒྱལ་ཐང་བའི་སློབ་མ་ཨ་རྡོ་དཀོན་མཆོག་སེངྒེ། དེའི་སློབ་མ་གཏེར་ཆེན་བདུད་འདུལ་རྡོ་རྗེ། དེའི་སློབ་མ་ཀློང་གསལ་སྙིང་པོ། ཡང་། །དཀོན་མཆོག་སེང་གེའི་སློབ་མ། གསེར་ལོ་བསྟན་པ་རྒྱལ་མཚན་དང་། ཆོས་ཉིད་རྒྱ་མཚོ་གཉིས། དེ་གཉིས་ཀའི་སློབ་མ་རིག་འཛིན་ཀུན་བཟང་ཤེས་རབ་ཡིན་ལ། རྒྱལ་རོང་བའི་སློབ་མ་སྟག་ཕུ་བླ་མ་རྡོ་རྗེ་རྒྱལ་མཚན་དང་། དེའི་སློབ་མ་དཔོན་སངས་རྒྱས་བཀྲ་ཤིས་རྣམས་སོ། །འདི་སྐབས་ཙམ་ན་ལང་གྲོ་ལོ་ཙཱ་བའི་རྣམ་འཕྲུལ་གཏེར་ཆེན་རིག་འཛིན་ཀློང་གསལ་སྙིང་པོ་བྱོན་ཏེ། དེ་ཡང་ཀམ་པོ་གནས་དང་ཉེ་བའི་དཔྲ་བ་ཞེས་པའི་ནང་ཚན་ཞིག་ཏུ་འཁྲུངས། སྒར་རྗེ་ཆོས་སྐྱོང་རྒྱ་མཚོ་དང་། རིག་འཛིན་བདུད་འདུལ་རྡོ་རྗེ་སོགས་བརྟེན་ཅིང་། ཐོས་བསམ་སྒོམ་གསུམ་གྱི་ཕ་མཐར་སོན། དགུང་ལོ་སོ་གཉིས་པར་གཏེར་གྱི་ཁ་བྱང་བྱུང་བ་ལ་བརྟེན། སོ་བཞི་པ་ནས་བཟུང་། ཁེ་མི་འགྱུར་རྡོ་རྗེའི་བྲག་སོགས་ནས་ཀློང་གསལ་རྡོ་རྗེ་སྙིང་པོས་མཚོན་ཟབ་གཏེར་ཀྱང་མང་དུ་བཞེས། སྡེ་དགེ་ཆོས་རྒྱལ་ཆེན་པོའི་བཀས་བསྐུལ་ཏེ་ཀཿཐོག་ཏུ་བཞུགས་ནས་བསྟན་པའི་ཉམས་གསོ་མཛད། དེ་དུས་ཀཿཐོག་ཏུ་ཉིན་དགོན་བླ་མ་སངས་རྒྱས་བཀྲ་ཤིས་བཞུགས་པ་ཡིན་ནོ། །རྒྱལ་སྲས་བསོད་ནམས་


JKT018_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེའུ་བཙན་ནི། ཡབ་རྗེ་གཏེར་ཆེན་ཀློང་གསལ་དང་། ཡུམ་རིགས་ལྡན་ལྷ་སྐྱིད་ཅེས་པའི་སྲས་སུ་འཁྲུངས། བསྐལ་བཟང་སངས་རྒྱས་སྟོང་གི་རིགས་ཀྱི་ཅོད་པན་རྣལ་འབྱོར་པ་ནུས་ལྡན་རྡོ་རྗེ་དང་འབྲོག་བན་ལོ་ཙཱ་སོགས་ཀྱི་རྣམ་རོལ་གཏེར་ཆེན་བདུད་འདུལ་རྡོ་རྗེའི་སྐུའི་སྐྱེ་བ་འཕོས་མ་ཐག་པ་ཡིན། དགུང་ལོ་ཞེ་དགུ་པར་གཤེགས། རིགས་སྲས་ཞིག་བྱུང་བ་རྒྱལ་སྲས་བསྟན་འཕེལ་ཡིན་ནོ། །དེ་རྗེས་གདན་ས་དབོན་པོ་ཚེ་དབང་ཕྲིན་ལས་ཀྱིས་གནང་། ཆོས་བརྒྱུད་འཆད་སྤེལ་ནི་དྲུང་ནམ་མཁའ་རྒྱ་མཚོས་མཛད། རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱི་ཡང་སྲིད་དྲི་མེད་ཞིང་སྐྱོང་མགོན་པོ་སྟེ། མདོ་སྨད་འབའ་ཡུལ་དུ། གཏེར་ཆེན་པདྨ་ཆོས་རྒྱལ་གྱི་སྲས་སུ་འཁྲུངས། དྲུང་ནམ་མཁའ་རྒྱ་མཚོ་དང་། ཀུན་མཁྱེན་སི་ཏུ་རིན་པོ་ཆེ་སོགས་བསྟེན་ནས་མཁས་བཙུན་གྲུབ་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་འཁོར་ལོ་གསུམ་གྱི་ཕྱག་རྗེས་རྒྱ་ཆེ། འདི་སྐབས་ལོ་ཆེན་བེ་རོ་ཙཱ་ན་དང་། ཤུད་པུ་དཔལ་གྱི་སེངྒེ་ཟུང་དུ་འཇུག་པའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་འཁྲུལ་ཞིག་དབང་དྲག་རྒྱ་མཚོ་དང་། གཏེར་ཆེན་མི་འགྱུར་རྡོ་རྗེའི་སྐུའི་སྐྱེ་བ་རྨོག་སྟོན་རིག་འཛིན་ནམ་མཁའ་ཆོས་དབང་ཞེས་གྲུབ་པའི་དབང་ཕྱུག་ཆེན་པོ་དེའང་བཞུགས། དེ་གཉིས་ཀྱི་ཞལ་སློབ་ཀྱི་གཙོ་བོ་ནི།


JKT018_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དབོན་པོ་ཚེ་དབང་ཕྲིན་ལས་ཀྱི་ཡང་སྲིད་ཀཿཔཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་དགེ་རྩེ་ཁྲོ་ཤུལ་དབོན་ཚང་དུ་འཁྲུངས། དང་། བདུད་འདུལ་ཀློང་གསལ་གཉིས་ཀའི་ཆོས་བདག་ལུང་ཟིན་སྦྲ་མགོ་བརྩོན་འགྲུས་རྒྱ་མཚོའི་རྣམ་རོལ་ཀུན་བཟང་ངེས་དོན་དབང་པོ་ཕྱག་ཚ་དབོན་ཚང་དུ་འཁྲུངས། སྟེ། སྔ་མས་གདན་ཚབ་ཡུན་རིང་དུ་མཛད། གཞན་ཡང་སི་ཏུ་པཎྜི་ཏའི་སྤྲུལ་པའི་བྱེ་བྲག་ཨོ་རྒྱན་བསམ་འགྲུབ་སོགས་བྱོན། དེ་རྗེས་དྲི་མེད་ཞིང་སྐྱོང་མགོན་པོའི་ཡང་སྲིད་རིན་པོ་ཆེ་སྔ་མའི་དབོན། བརྒྱུད་དུ་འཁྲུངས་པ་འཇིགས་མེད་རིག་འཛིན་མགོན་པོས་གདན་སའི་ཁུར་བསྣམས་ཤིང་། རྨོག་གྲུབ་རིན་པོ་ཆེའི་རྣམ་རོལ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་དང་། ཉིན་དགོན་སྤྲུལ་པའི་སྐུ་འོད་གསལ་རྡོ་རྗེ་སྙིང་པོ་སོགས་ཀྱང་བཞུགས་ཤིང་། སླར་ཡང་འཇིགས་མེད་རིག་འཛིན་མགོན་པོའི་ཡང་སྲིད་སྔ་མ་རིགས་ཀྱི་འཁྲི་ཤིང་ལས་སོན་པ་ཞབས་པད་བརྟན་བཞིན་པ་དང་། སྐུ་སྐྱེ་ཨོ་རྒྱན་བསམ་འགྲུབ་ཀྱི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ཞེས་བསྟན་པའི་གསལ་བྱེད་ཆེན་པོར་བཞུགས་པས་མཚོན། བཤད་སྒྲུབ་ཀྱི་ཕྲིན་ལས་ལྷག་པར་དར་བ་འདི་ལགས་སོ། ༈ །དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་ནི། རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་བསྐྱངས་ཏེ། དེ་ཡང་དཔལ་ཡུལ་གྱི་བྱེ་བྲག་


JKT018_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་འཁྱོག་ཞེས་པར་འཁྲུངས། སྒར་རྗེ་ཆོས་སྐྱོང་རྒྱ་མཚོ་ལ་གཙུག་ཕུད་ཕུལ། གསེར་ལོ་བསྟན་པ་རྒྱལ་མཚན་དང་། ཆོས་ཉིད་རྒྱ་མཚོ། རིག་འཛིན་ཀློང་གསལ་སྙིང་པོ་སོགས་དང་། ཁྱད་པར་གཏེར་ཆེན་མི་འགྱུར་རྡོ་རྗེ་དང་། རིག་འཛིན་ཀརྨ་ཆགས་མེད་གཉིས་རྩ་བའི་བླ་མར་བཟུང་སྟེ་ཐོས་བསམ་སྒོམ་པའི་ཕ་རོལ་དུ་གཤེགས། དགུང་ལོ་སུམ་ཅུ་པར་ས་སྐྱོང་སྡེ་དགེའི་ལུང་གིས་དཔལ་ཡུལ་རྣམ་རྒྱལ་རྩེར་ཕེབས་ནས་འཁོར་ལོ་གསུམ་གྱི་མངའ་ཐང་གོང་དུ་འཕེལ། སྐུ་ཚེའི་སྨད་ལ་ལྷ་རི་འོད་གསལ་འདའ་ཁོ་སྒང་གི་རི་ཁྲོད་བཏབ་ནས་བཞུགས། རེ་གསུམ་པར་གཤེགས། དེ་རྗེས་རྗེ་ཉིད་ཀྱི་དབོན་པདྨ་ལྷུན་གྲུབ་རྒྱ་མཚོ། དེའི་ཐུགས་སྲས་མཚུངས་མེད་པདྨ་ནོར་བུ། ཀུན་བཟང་ཤེས་རབ་ཀྱི་དབོན་བརྒྱུད་མཁྱེན་ནུས་ཀྱི་མངའ་བདག་བླ་མ་ཀརྨ་བཀྲ་ཤིས་རྣམས་རིམ་པར་བྱོན་ནས་གདན་ས་མཛད། བར་འདིར་ཀརྨ་བཀྲ་ཤིས་ཀྱི་སྣག་དབོན་བླ་མ་ཨ་བསམ་དང་། དབང་ཕྱུག་གཉིས་ཀྱིས་རེ་ཞིག་གདན་སའི་འཛིན་སྐྱོང་དང་། སླར་ཡང་བླ་མ་ཀརྨ་བཀྲ་ཤིས་ཀྱི་ཡང་སྲིད་རིན་པོ་ཆེ་ཀརྨ་འགྱུར་མེད་ངེས་དོན་དང་། བླ་མ་དབང་ཕྱུག་གི་སྐུ་སྐྱེ་སོགས་བཞུགས་ཤིང་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པའི་སྐབས་སོ། ༈ །གཞན་ཡང་གཙང་གཤིས་ཕྱོགས་སུ་འཁྲུངས་པའི་བླ་མ་


JKT018_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་རྒྱལ་མཚན་ནི། མཁས་གྲུབ་སོག་བཟློག་པ་དང་། ཞིག་གླིང་གི་སློབ་མར་གྱུར། དེའི་སློབ་མ་མཁས་གྲུབ་ཆེན་པོ་སྟག་བླ་པདྨ་མ་ཏི། དེའི་སློབ་མ་བླ་མ་ཚེ་རིང་རྡོ་རྗེ་དང་། པདྨ་རིག་འཛིན་གཉིས་བྱུང་བ་ལས། སྔ་མའི་དབོན་ཀུན་བཟང་ཡེ་ཤེས་མཐོང་གྲོལ་དང་། ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ་གཉིས། དེའི་དབོན་ཀུན་བཟང་ཡེ་ཤེས་དང་། ཀུན་བཟང་རྣམ་རྒྱལ་གཉིས། ཀུན་བཟང་ཁྱབ་བརྡལ་གྱི་སྤྲུལ་སྐུ་རྡོ་རྗེ་དཔའ་བོ་དང་། དེའི་སྤྲུལ་སྐུ་ཡིད་བཞིན་དབང་རྒྱལ་གྱི་བར་དུ་བྱོན་པ་སྟེ་བྲག་དམར་པ་དང་། པདྨ་རིག་འཛིན་གྱི་དབོན་པོ། པདྨ་བློ་ལྡན་དང་། པདྨ་ནོར་བུ། །དེའི་དབོན་པོ་བླ་མ་བསྐལ་བཟང་དང་། པདྨ་ནོར་བུའི་སྐྱེ་བ་ནི་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་ཞེས་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ་དེ་ཉིད་དེ། ཇོ་མོ་ནང་ངམ་གནས་ནང་བར་གྲགས་པ་སོགས་དང་། སྒར་རྗེ་ཆོས་སྐྱོང་རྒྱ་མཚོའི་དབོན་བརྒྱུད་རིམ་བྱོན་གྱི་གདན་ས་ཁམས་གོང་དགོན་སོགས་ཀྱིས་མཚོན་འབའ་དར་རོང་གནས་མཚམས། གོ་བྲག་གཙང་གཤིས། རེ་ཁེ། ཉག་རོང་སྟོད་སྨད། རྡོ་གསེར་མགུ་ལོག །ཤར་རྒྱལ་མོ་རོང་གི་བར་དུ་རྒྱལ་བ་གཉིས་པ་ཀཿཐོག་པ་དང་། དཔལ་ཡུལ་བའི་ཕྲིན་ལས་ལས་བྱུང་བའི་དགོན་གནས་ཆེ་ཕྲ་མཐའ་ཀླས་སོ། ༈ །གྲུབ་དབང་


JKT018_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་པའི་གདན་རབས་ལ། ཆོས་བརྒྱུད་གང་ལས་བྱུང་བ་དང་། གདན་རབས་དངོས་བཤད་པ་ལ་གཉིས། དང་པོ་ནི། རྫོགས་པ་ཆེན་པོ་སྙིང་ཐིག་གི་བཀའ་སྲོལ་སྤྱི་དང་། བྱེ་བྲག་ཏུ་ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་བཀའ་བབས་ཏེ། དེ་ཡང་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་ཡེ་ཤེས་ཌཱཀྐི་མཚོ་རྒྱལ་མ་ལ་མནོག་ཆོས་སུ་སྩལ་ཞིང་། ལྷ་ལྕམ་པདྨ་གསལ་གྱི་ཆོས་སྐལ་དུ་དེང་ལུང་ཁྲ་མོ་བྲག་ཏུ་སྦས་པ་པདྨ་ལས་འབྲེལ་རྩལ་གྱིས་གཏེར་ནས་སྤྱན་དྲངས་ཏེ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་དར་རྒྱས་སུ་མཛད་པ་ནས་བཟུང་། གུ་རུ་ཡེ་ཤེས་རབ་འབྱམས་སོགས་ལས་རིམ་པར་བརྒྱུད་པའི་མན་ངག་གི་བདུད་རྩིས་རང་གཞན་རྣམས་སྨིན་གྲོལ་ལ་འགོད་པར་མཛད་པས་ཆོས་ཀྱི་མིང་གང་ཟག་ལ་ཆགས་པ་ཡིན་ནོ། །གཉིས་པ་ནི། རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དང་། བྲམ་ཟེ་ཆེན་པོ་ས་ར་ཧ། པཎྜི་ཏ་བི་མ་ལ་མི་ཏྲ་ལ་སོགས་པའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་ཞེས་གྲགས་པ་དེ་ཉིད་ནི། ཁམས་རི་བོ་ཆེའི་ཕྱོགས་སུ་སྐུ་འཁྲུངས། མཁས་གྲུབ་ཀརྨ་ཆགས་མེད། རིག་འཛིན་བདུད་འདུལ་རྡོ་རྗེ། གནམ་ཆོས་མི་འགྱུར་རྡོ་རྗེ། རིག་འཛིན་ཆོས་ཀྱི་རྒྱ་མཚོ་སོགས་ལས་གསན་བསམ་གྱི་སྒྲོ་འདོགས་བཅད་དེ། །


JKT018_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པས་ཐུགས་ཉམས་སུ་བཞེས་པས་གདོད་མའི་རྒྱལ་སར་གཤེགས་ཤིང་། ཕྱག་ན་པདྨོ་ལྔ་པ་ཆེན་པོས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་ལྷག་པར་འཐོར། དགུང་ལོ་དྲུག་ཅུ་པར་ཁམས་ཕྱོགས་སུ་ཕེབས་ཤིང་། སྡེ་དགེ་སངས་རྒྱས་བསྟན་པ་དང་ཡོན་མཆོད་དུ་འབྲེལ་བས། རེ་གཅིག་པར་ཤིང་གླང་ལོར་རུ་དམ་སྐྱིད་ཕྲམ་ལུང་པར་སྒྲུབ་སྡེ་ཨོ་རྒྱན་བསམ་གཏན་ཆོས་གླིང་འདི་ཉིད་བཏབ། དོན་གསུམ་པར་གཟུགས་སྐུའི་བཀོད་པ་བསྡུས་སོ། །དེ་ནས་གདན་སར་རིམ་པ་བཞིན་དུ། དཔོན་སློབ་ནམ་མཁའ་འོད་གསལ་ནི། ནག་ཤོད་དུ་འཁྲུངས། གྲུབ་ཆེན་མེ་ལོང་རྡོ་རྗེའི་སྤྲུལ་པར་གྲགས། །སྐུ་ཚེ་ཡང་མཐར་ཕྱིན་པར་བཞུགས། རྫོགས་ཆེན་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ནི། རུ་དམ་གཡང་འཁྱིལ་དུ་སོག་པོའི་རྒྱལ་པོ་ཀུན་དགའ་དཱ་ཆིངས་ཀྱི་འབངས་རིགས་སུ་འཁྲུངས། དབོན་སློབ་རིན་པོ་ཆེ་གཏེར་ཆེན་འགྱུར་མེད་རྡོ་རྗེ་སོགས་ཡོངས་འཛིན་རྒྱ་མཚོ་ལྟ་བུ་བསྟེན་ནས་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་གཤེགས། འཁོར་ལོ་གསུམ་གྱི་ཕྱག་རྗེས་གོང་འཕེལ་དུ་གྱུར། དབོན་རིན་པོ་ཆེ་འགྱུར་མེད་པདྨ་ཀུན་གྲོལ་རྣམ་རྒྱལ་ནི། དཔོན་སློབ་རིན་པོ་ཆེའི་དབོན་དུ་འཁྲུངས། གཏེར་ཆེན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་དུ་གྲགས། རྫོགས་ཆེན་གཉིས་པའི་རྗེས་སུ་གདན་


JKT018_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

སའི་ཁུར་བཞེས། རེ་བདུན་པར་གཤེགས། རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་ནི། ཟླ་རྒྱུད་དུ་ཧོ་པ་ཞེས་པའི་ཆར་འཁྲུངས། ཉི་སྤྲུལ་གཉིས་པ་དང་། དབོན་རིན་པོ་ཆེ་སོགས་ལ་གསན་པ་རྒྱ་མཚོ་ལྟ་བུ་མཛད། བཀའ་མའི་སྒྲུབ་མཆོད་བཙུགས་པ་སོགས་ཕྱག་རྗེས་རྒྱ་ཆེ། སོ་ལྔ་པར་གཤེགས། དཔོན་སློབ་གཉིས་པ་པདྨ་གསང་སྔགས་བསྟན་འཛིན་ནི། གདན་ས་ཆེན་པོ་དང་ཉེ་བའི་ཕྱོགས་ཞིག་ཏུ་འཁྲུངས། རྟོགས་པའི་དབང་ཕྱུག་ཆེན་པོར་བཞུགས། འོན་ཀྱང་གདན་སའི་ཁུར་རེ་ཞིག་ལས་མ་མཛད། ཕྲིན་ལས་མཐའ་ཀླས་པའི་ངང་དོན་བཞི་པར་གཤེགས། དེའི་སྤྲུལ་སྐུ་རུ་དམ་དུ་འཁྲུངས་པའི་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་དང་། དེའི་སྤྲུལ་སྐུ་ཡིད་ལྷུང་ལ་ཐོག་ཏུ་འཁྲུངས་པའི་འཇིགས་མེད་ཆོས་དབྱིངས་འོད་གསལ་ཞེས་ད་ལྟ་ཞལ་བཞུགས་པ་འདིའོ། །མཁས་བཙུན་བླ་མ་ནམ་མཁའ་ཚེ་དབང་མཆོག་གྲུབ་ནི། གཡུ་སྒྲའི་རྣམ་འཕྲུལ་ཧོར་ཏྲེ་ཧོ་བླ་མ་འགྱུར་མེད་སྐལ་བཟང་གི་ཡང་སྲིད་དུ་ཡིད་ལྷུང་གི་སའི་ཆར་འཁྲུངས། དབོན་རིན་པོ་ཆེ་སོགས་བརྟེན་ནས་མཁས་གྲུབ་ཆེན་པོར་གྱུར། རྫོགས་ཆེན་གྱི་གདན་ས་ཡང་ཡུན་རིང་དུ་མཛད་ནས་བསྟན་པ་ལ་བཀའ་དྲིན་ཆེ། རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའམ། འཇིགས་མེད་མཁྱེན་བརྩེའི་


JKT018_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ནི། ལྡན་ཡུལ་དུ་འཁྲུངས། བླ་མ་ལྷ་སྲུང་སྤྱི་དང་། ཁྱད་པར་ཀུན་མཁྱེན་འཇིགས་མེད་གླིང་པའི་ལུང་གིས་སོམ་ཉིའི་དྲྭ་བ་བཅད་དེ་གདན་ས་ཆེན་པོར་ཞབས་བཀོད། ཐུགས་རྗེ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་བསྟན་འགྲོའི་དོན་མཛད་བཞིན་པར་ཞབས་པད་བརྟན་པ་འདིའོ། ༈ །ཞར་བྱུང་རྒྱ་རོང་རྟག་བརྟན་སྒྲུབ་སྡེ་ནི། རྗེ་དབོན་རིན་པོ་ཆེས་དགུང་ལོ་སོ་བདུན་པར་ཞབས་ཀྱིས་བཅགས་ཤིང་རིམ་པར་བཏབ། དེ་ནས་ནམ་མཁའ་ཚེ་དབང་མཆོག་གྲུབ་དང་། རྗེ་དབོན་རིན་པོ་ཆེའི་ཡང་སྲིད་ཉི་གྲགས་གསུམ་པའི་གཅུང་ཀུན་བཟང་བསྟན་པའི་ཉི་མ་དང་། སླར་ཡང་དེའི་ཡང་སྲིད་ཡིད་ལྷུང་དུ་འཁྲུངས་པའི་གར་དབང་ཐུགས་མཆོག་རྡོ་རྗེ་དང་། ནམ་མཁའ་རིན་པོ་ཆེའི་ཡང་སྲིད་དཔོན་སློབ་བཞི་པའི་མཆེད་ཀུན་བཟང་ཐེག་མཆོག་རྡོ་རྗེ་བཅས་ཀྱིས་འཛིན་སྐྱོང་གནང་བཞིན་དུ་བཞུགས་སོ།། ༈ །།གྲུབ་དབང་རྫོགས་ཆེན་པའི་ཐུགས་སྲས་གཏེར་ཆེན་ཉི་མ་གྲགས་པ་རྩལ་ནི། འཕགས་མཆོག་སེམས་ཉིད་ངལ་གསོ་དང་། ལོ་ཆེན་འཁོན་ཀླུ་དབང་སྲུང་བ་སོགས་དག་པའི་སྐྱེ་སྲིད་པ་གྲང་ལས་འདས་པའི་མཐར། སྒོམ་སྡེ་ནང་ཆེན་གྱི་སའི་ཆ་བན་རུ་གྲུ་ཡ་ཞེས་པར་སྐུ་འཁྲུངས། གྲུབ་དབང་རིན་པོ་ཆེ་དང་། གཏེར་ཆེན་བདུད་འདུལ་རྡོ་རྗེ་སོགས་ལ་བརྟེན་ནས་མཁས་གྲུབ་


JKT018_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་གྱུར། དགུང་ལོ་ཉེར་གསུམ་པར་ཙཱ་རི་ནས་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་པ་ལ་བརྟེན། ཉེར་བརྒྱད་པ་ཤིང་སྟག་ལོར་སྲིང་རྫོང་རྡོ་རྗེ་སྙིང་རྫོང་ནས་རྩ་གསུམ་གསང་བ་སྙིང་ཏིག་གིས་མཚོན། རིམ་པར་ཟབ་གཏེར་རྒྱ་མཚོ་ལྟ་བུ་སྤྱན་དྲངས། ཆུ་བྱ་ལོར་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་དང་། ཆུ་ལུག་ལོར་ཆག་རུ་འོད་གསལ་སྒྲུབ་སྡེ་བཏབ། ལྕགས་སྟག་ལོར་གཤེགས། །དེའི་ཞལ་སློབ་བླ་མ་སྐལ་བཟང་དབང་ལྡན་དང་། བླ་མ་བློ་གྲོས་རྒྱ་མཚོ་གཉིས་ཀྱི། སྔ་མ་ལས་ཉི་སྤྲུལ་གཉིས་པ་དང་། ཕྱི་མ་ལས་རྫོགས་ཆེན་དབོན་རིན་པོ་ཆེས་གསན་ནས་ཆོས་བརྒྱུད་རྒྱ་ཆེར་འཕེལ། གཞན་ཡང་ཧོར་ལོ་ཆེན་དང་། བཀའ་བཅུ་བཀྲ་ཤིས་དཔལ་ལྡན་སོགས་མང་ངོ་། །གདན་རབས་གཉིས་པ་རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་ནི། ཡབ་གཏེར་ཆེན་དང་། ཡུམ་ཌཱ་ཀི་ཚེ་རིང་དབང་མོའི་སྲས་སུ་འཁྲུངས། དྭགས་པོ་བཟང་པོ་རྡོ་རྗེའི་སྐྱེ་བར་གྲགས། ཉེར་བདུན་པར་གཤེགས། དེ་ལ་སྤྲུལ་སྐུ་ལྔ་ཙམ་བྱོན་ཀྱང་སྐུ་ན་མཐར་མ་སོན་པར་གཤེགས་ཤིང་། དེང་སང་དྭགས་པོ་གཏེར་ཆེན་སྲས་ཉི་སྤྲུལ་བཞི་པའི་གཅེན་དུ་འཁྲུངས་པ་གཏེར་སྟོན་བདེ་ཆེན་གླིང་པར་གྲགས་པ་དེའོ། །གདན་རབས་གསུམ་པ་ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནམ། རིག་


JKT018_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བསྟན་སྐྱོང་རྒྱ་མཚོ་ནི་ནག་ཤོད་སྨད་དུ་འཁྲུངས། དགུང་ལོ་ལྔ་པར་གདན་སར་ཕེབས། རྒྱལ་དབང་བསྐལ་བཟང་རྒྱ་མཚོ། རྒྱལ་སྲས་རིན་ཆེན་དང་། བླ་མ་སྐལ་བཟང་དབང་ལྡན་སོགས་ཡོངས་འཛིན་རྒྱ་མཚོ་ལྟ་བུར་བརྟེན། ཐོས་བསམ་སྒོམ་གསུམ་དང་མཁས་བཙུན་གྲུབ་པའི་ཕ་རོལ་དུ་སོན་པས་བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་དུ་བསྔགས། བཀའ་སྲོལ་འཛིན་ངེས་ཀྱི་སློབ་མའང་། དབོན་པོ་པདྨ་འཇིགས་མེད་དང་། དཔའ་བོ་ལས་རབ་རྩལ། ཁྲོ་ཤུལ་རིག་འཛིན་རྒྱ་མཚོ། མཁས་དབང་ངག་དབང་བློ་གྲོས་སོགས་མང་དུ་བྱོན་ཅིང་གསུང་གི་བདུད་རྩི་བཞེས་པའི་སློབ་ཚོགས་ནི་བསམ་གྱིས་མི་ཁྱབ། གདན་རབས་བཞི་པ་གུ་གུ་བླ་མ་བསྟན་འཛིན་སྙིང་པོ་ནི། སོག་རོང་སྟོད་དུ་འཁྲུངས། ཉི་སྤྲུལ་གཉིས་པ་སོགས་བརྟེན། སྐུ་བཙུན་ཞིང་གྲུབ་པའི་ཉམས་མྱོང་སོགས་ཁྱད་པར་དུ་འཕགས། གདན་ས་གོང་འོག་གཉིས་ཀར་ཕེབས། གདན་རབས་ལྔ་པ་ཉི་སྤྲུལ་གསུམ་པ་རིན་པོ་ཆེ། མི་འགྱུར་ཕན་བདེ་རྒྱ་མཚོ་ནི། བྱང་ཡིད་ལྷུང་གི་སའི་ཆར་ཆེན་པོ་གླིང་གི་རིགས་སུ་འཁྲུངས། དགུང་ལོ་ལྔ་པར་སྟག་སྒང་དུ་གདན་དྲངས། རྫོགས་ཆེན་གསུམ་པ། དཔའ་བོ་ལས་རབ་རྩལ། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་བརྟེན་ནས་ཐོས་བསམ་སྒོམ་པའི་ཡོན་


JKT018_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ལ་དབང་འབྱོར། འཁོར་ལོ་གསུམ་གྱི་ཕྱག་རྗེས་རྒྱ་ཆེ། འོན་ཀྱང་སྐུ་ཚེ་མཐར་མ་ཕྱིན་པར་གཤེགས། རྗེ་དེ་ཡི་ཡང་སྲིད་ནི། དྭགས་པོ་གཏེར་ཆེན་རྡོ་རྗེ་རྒྱལ་པོའི་སྲས་སུ་འཁྲུངས་ཤིང། དེང་སང་ཞབས་པད་བརྟན་བཞིན་བཞུགས་པ་དང་། ཞལ་སློབ་ཀྱང་ནག་ཤོད་གཏེར་ཆེན་ཀློང་ཆེན་རོལ་པ་རྩལ། དབོན་སྤྲུལ་ཨོ་རྒྱན་ཉི་མ། གྲུབ་དབང་བསྟན་འཛིན་སྙིང་པོའི་སྐུ་སྐྱེ་འགྲོ་མགོན་ཕྲིན་ལས་བསྟན་དར་དང་། བླ་མ་པདྨ་བསྟན་འཛིན་གྱི་ཡང་སྲིད་ཨོ་རྒྱན་ཆོས་རྒྱལ་སོགས་སོ།། ༈ །།གྲུབ་དབང་རྫོགས་ཆེན་པའི་བསྟན་པ་སྤེལ་བའི་བྱེད་པོ་མཚུངས་མེད་སྨྲ་བའི་སེང་གེ་རབ་འབྱམས་བསྟན་པའི་རྒྱལ་མཚན་ནི། སངས་རྒྱས་མྱ་ངན་མེད་ཀྱི་རྣམ་རོལ་སློབ་དཔོན་ཧཱུྃ་ཀཱ་ར་དང་། འབྲོག་བན་ལོ་ཙཱ་བ་རྔོག་ལེགས་པའི་ཤེས་རབ་སོགས་དམ་པའི་སྐྱེ་སྲིད་བརྒྱུད་མར་བཟུང་བའི་མཐར། དབུ་རུ་འཕན་ཡུལ་དུ་སྐུ་འཁྲུངས། འབྲས་ཡུལ་སྐྱེད་ཚལ་དུ་མཚན་ཉིད་ཀྱི་གཞུང་མང་པོར་སྦྱངས་ཤིང་གྲྭ་སྐོར་ལ་ཕེབས་པས་རབ་འབྱམས་པའི་མཚན་གྱི་ཅོད་པན་དཔྱངས། མདོ་སྔགས་རྒྱ་མཚོའི་ཕ་རོལ་ཏུ་སོན། ཡེར་པར་གྲུབ་དབང་རིན་པོ་ཆེ་མཇལ་ནས་སྙིང་ཏིག་གི་བདུད་རྩི་གསོལ། དཔོན་སློབ་ལྷན་ཅིག་ཁམས་སུ་ཕེབས་ནས་སྒྲུབ་པའི་རྒྱལ་མཚན་བཙུགས། དགུང་གྲངས་ང་ལྔ་


JKT018_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཤེགས། དེའི་སློབ་མ་ཧོར་བླ་མ་པདྨ་དབང་ཕྱུག་གི་གཙོ་བོར་གྱུར་པ་རྣམས་ཀྱིས་ཞེ་ཆེན་ཨོ་རྒྱན་ཆོས་རྫོང་གི་འདབས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས། རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་ནི། རྫོགས་ཆེན་གཉིས་པའི་གཅུང་དུ་འཁྲུངས། གསན་བསམ་སྒོམ་པ་མཐར་ཕྱིན་ནས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། ཉེར་ལྔ་པ་ཤིང་སྟག་ལོར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་བཏབ། ང་བརྒྱད་པར་གཤེགས། གདན་ས་གཉིས་པ་རྒྱལ་ཚབ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་ནི། གནུབས་ཆེན་ནམ་མཁའི་སྙིང་པོ་ལ་སོགས་པའི་རྣམ་འཕྲུལ་རབ་འབྱམས་པའི་སློབ་མ་གྲུབ་དབང་པདྨ་རྒྱལ་མཚན་གྱི་ཡང་སྲིད་དེ། ལྷོ་ཀེ་ཆུ་རྒྱུད་དུ་ཡོན་དགེ་མི་འགྱུར་རྡོ་རྗེའི་དབོན་རིགས་སུ་འཁྲུངས། རབ་འབྱམས་གཉིས་པ་སོགས་བརྟེན་ནས་མཁས་གྲུབ་ཆེན་པོར་གྱུར། །ཞེ་ཆེན་གྱི་གདན་སར་བཞུགས་ནས་འཁོར་ལོ་གསུམ་གྱི་མཛད་བཟང་གོང་འཕེལ་དུ་གནང་། རབ་འབྱམས་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་ནི། རྒྱ་རོང་སྒྲུབ་སྡེ་དང་ཉེ་བའི་ཕྱོགས་སུ་འཁྲུངས། སྨིན་གླིང་ཁྲི་ཆེན་མཆེད། རྒྱལ་ཚབ་རིན་པོ་ཆེ། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་བརྟེན་ནས་མང་དུ་གསན་པའི་ཕ་རོལ་དུ་སོན། ཤིང་སྟག་ལོར་སྒྲུབ་སྡེ་པདྨ་འོད་གླིང་གསར་དུ་


JKT018_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པ་སོགས་མཛད་པ་རྨད་དུ་བྱུང་ཡང་སྐུ་ཚེ་མཐར་མ་འཁྱོལ་བར་གཤེགས། དེ་ནས་གྲུབ་དབང་པདྨ་རྒྱལ་མཚན་གྱི་དབོན་སངས་རྒྱས་རབ་བརྟན་གྱི་ཡང་སྲིད་གནས་ལྔ་རིག་པའི་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང་། རབ་འབྱམས་བཞི་པ་གར་དབང་ཆོས་ཀྱི་རྒྱལ་མཚན། རྒྱལ་ཚབ་རིན་པོ་ཆེའི་ཡང་སྲིད་ཨོ་རྒྱན་རང་བྱུང་རྡོ་རྗེ་སོགས་ད་ལྟ་ཞབས་པད་བརྟན་བཞིན་བཞུགས་པ་འདི་ལགས་སོ། །དེ་ལ་སྤྱིར་གསང་སྔགས་སྔ་འགྱུར་ཞེས་པ་ནི། མདོ་ཕྱོགས་ལ་གསར་རྙིང་གི་དབྱེ་བ་མེད་ཅིང་། སྔགས་ལའང་རྒྱུད་སྡེ་འོག་མ་གསུམ་གྱི་སྒོ་ནས་དབྱེ་བ་མ་ཡིན་ཏེ། །གཙོ་བོར་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ཕྱོགས་ལ་པཎྜི་ཏ་སྤྱི་ཏི་བྱོན་པ་ཡན་ལ་བསྒྱུར་བའི་ནང་རྒྱུད་སྡེ་གསུམ་ཡན་ལག་དང་བཅས་པ་སྔ་འགྱུར་རམ། རྙིང་མ་ཞེས་གྲགས་ཤིང་། ཆོས་ཀྱི་བཀའ་སྲོལ་ཡང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ། སྟེ་གསུམ་དུ་ཡོད་པ་ལས། བཀའ་མ་ནི། གཙོ་བོར་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། པཎྜི་ཏ་པདྨ་འབྱུང་གནས་དང། བི་མ་མི་ཏྲ་དང་། ལོ་ཙཱ་བ་བཻ་རོ་ཙཱ་ན། གཉགས་ཛྙཱ་ན་ཀུ་མཱ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས་ཀྱིས་བསྒྱུར་བའི་བསྐྱེད་པ་མ་ཧཱ་ཡོ་ག་རྒྱུད་སྡེ་སྒྱུ་འཕྲུལ་ཞི་ཁྲོ་དང་། སྒྲུབ་སྡེ་འཇམ་


JKT018_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྐུ། བཀའ་བརྒྱད། ལུང་ཨ་ནུ་ཡོ་ག་འདུས་པ་མདོ། མན་ངག་རྫོགས་པ་ཆེན་པོ་སེམས་སྡེ་བཅོ་བརྒྱད།། ཀློང་དགུ་མན་ངག་སྡེ་རྒྱུད་བཅུ་བདུན་སོགས། དབང་། རྒྱུད་བཤད། བསྐྱེད་རིམ། མ་མོ་རྦོད་གཏོང་། འཇིག་རྟེན་མཆོད་བསྟོད། དམོད་པ་དྲག་སྔགས་རྣམས་སོ། །རིམ་སྟེ་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞི་དང་ལྡན་པ་རྣམས་ཡིན་ལ། དེང་སང་ཡང་། འདུས་པ་༡མདོ། སྒྱུ་འཕྲུལ་ཞི་ཁྲོ་༢། མཉམ་༣སྦྱོར། དོང་སྤྲུགས་།། གཤིན་རྗེ་གཤེད་རུ་མཚོན་དམར་ནག་༦། །ཡང་དག་༧ ས་ལུགས་དག སོ་ལུགས་གཉིས། ཕུར་པ་རོང་ལུགས་ར། རོག་ལུགས། འཁོན་ས་ཕུར། ལུགས། ལུང་ལུགས་ཚེ་སྒྲུབ་། བཀའ་བརྒྱད་རྫོང་འཕྲང་། གུ་རུ་དྲག་དམར་འོ་བྲན་ལུགས་༡༠། རྒྱུད་མགོན་ལེགས་༡༡ལྡན་རྣམས་ཀྱི་དབང་ལུང་སྒྲུབ་མཆོད། དེང་སང་རྫོགས་ཆེན་སོགས་སུ་གོང་གི་རྟགས་ཅན་བཅུ་གཅིག་དང་། སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་བཤད། གྲོལ་ལམ་གྱི་ཁྲིད། སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་དབང་། ཀློང་སྡེ་རྡོ་རྗེ་ཟམ་པའི་དབང་ལུང་ཁྲིད་གསུམ། མན་ངག་སྡེ་རྒྱུད་བཅུ་བདུན་གྱི་དབང་སོགས། སྨིན་གླིང་རྡོར་སེམས། ཆ་གསུམ་བཅས་དཀྱིལ་འཁོར་བཅུ་གསུམ་གྱི་སྒྲུབ་མཆོད་ཡོད། བསམ་གྱིས་མི་ཁྱབ་པ་དང་། རྒྱབ་


JKT018_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་གྱི་ལུང་རྙིང་མ་རྒྱུད་འབུམ་པོད་ཆེན་ཉེར་ལྔས་མཚོན་རྒྱ་ཆེར་བཞུགས། ཉེ་བརྒྱུད་གཏེར་མ་ནི། ས་གཏེར་དང་། དགོངས་གཏེར་དང་གཉིས་ལས། དང་པོ་ས་གཏེར་ལ། གཏེར་ཆེན་བརྒྱ་རྩ་དང་། གཏེར་ཕྲན་སྟོང་རྩ་སོགས་བྱོན་ཅིང་། དེ་ཡང་གང་ཟག་གཅིག་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བར་སྟོན་པ་ལ་གཏེར་ཆེན། གཞན་ཡང་ལས་ཚོགས་ཕྲན་བུ་རེ་ཙམ་ཐོན་པ་ལ་གཏེར་ཕྲན་ཞེས་གཏེར་བདག་གླིང་པ་བཞེད་དེ། སྔ་མ་ནི་མངའ་བདག་ཉང་ཡབ་སྲས་ལྟ་བུ་དང་། ཕྱི་མ་ནི་སྐལ་ལྡན་བྱིས་པ་གཏེར་སྟོན་ལྟ་བུ་ལ་འཇོག །སྔ་ཕྱིར་གཏེར་སྟོན་ཤིན་ཏུ་མང་བར་བྱོན་པ་ལས། དེང་སང་གྲགས་ཆེ་ཞིང་གཙོ་བོར་གྱུར་པ། མངའ་བདག་ཉང་གི་བཀའ་བརྒྱད་བདེར་འདུས་པོད་༡༣། གུ་རུ་ཆོས་དབང་བཀའ་བརྒྱད་གསང་པོད་༦། བྱང་གཏེར་རྒོད་ལྡེམ་ཅན་གྱི་བཀའ་བརྒྱད་རང་ཤར་པོད་། བཀའ་བརྒྱད་རྣམ་གསུམ། སངས་རྒྱས་གླིང་པའི་དགོངས་འདུས་པོད་༡༣། ཆོས་དབང་ཕུར་པ་སྤུ་གྲི་དང་། རཏྣ་གླིང་པའི་ཕུར་བ་ཡང་གསང་བླ་མེད་སོགས་ཕུར་པའི་སྐོར་ཏེ་བཀའ་དགོངས་ཕུར་གསུམ་དང་། བྱིན་རླབས་ཅན་བླ་མ་ཞི་དྲག་གི་སྐོར་ལ། ཆོས་དབང་གསང་འདུས་དང་། བྱང་གཏེར་ཐུགས་སྒྲུབ། པད་གླིང་བླ་མ་ནོར་བུ་རྒྱ་མཚོ། རཏྣ་གླིང་ཐུགས་སྒྲུབ་


JKT018_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཉང་གི་དྲག་དམར་དང་། རཏ་གླིང་དྲག་དམར་སྐོར་སོགས། ཟབ་ལམ་ཐམས་ཅད་ཀྱི་མཐར་ཐུག་རྫོགས་པ་ཆེན་པོའི་སྐོར་ལ། ལྡང་མ་ལྷུན་རྒྱལ་གྱི་བི་མ་སྙིང་ཏིག །དེའི་སྙིང་པོ་ཀློང་ཆེན་པའི་བླ་མ་ཡང་ཏིག །ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཏིག །དེའི་དོན་རྒྱས་པར་ཕྱེ་བ་ཀློང་ཆེན་པའི་མཁའ་འགྲོ་ཡང་ཏིག་སྟེ་སྙིང་ཐིག་ཡ་བཞི། སྙིང་ཐིག་གཉིས་ཀའི་དོན་གྱི་བཅུད་ཕྱུང་བ་ཟབ་མོ་ཡང་ཏིག་སྟེ། འདི་རྣམས་ལས་བི་མ་སྙིང་ཏིག་དང་། མཁའ་འགྲོ་ཡང་ཏིག་གི་དབང་ལུང་ཁྲིད་གསུམ། གཞན་རྣམས་ཀྱི་དབང་ལུང་། བྱང་གཏེར་དགོངས་པ་ཟང་ཐལ་དང་། པད་གླིང་ཀུན་བཟང་དགོངས་འདུས། རཏ་གླིང་ཀློང་གསལ་སོགས་རྫོགས་ཆེན་སྐོར། བོད་གངས་ཅན་གྱི་ལྷ་སྐལ་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་ལ། གྲུབ་ཐོབ་དངོས་གྲུབ་དང་ཉང་གི་གཏེར་བྱོན་རྒྱལ་པོ་བཀའ་མ་ཎི་བཀའ་འབུམ། འབུམ་གྱི་དབང་ལུང་ཁྲིད་གསུམ། ཆོས་དབང་ཡང་སྙིང་འདུས་པ། སྨིན་གླིང་བདེ་གཤེགས་ཀུན་འདུས་སོགས་ཐུགས་རྗེ་ཆེན་པོའི་སྐོར་ཏེ་བླ་རྫོགས་ཐུགས་གསུམ་དུ་གྲགས་པ་དང་། གཞན་ཡང་ཞང་ཁྲོམ་གྱི་གཤིན་རྗེ་ཚེ་བདག །ལྕགས་འདྲ། ལྕགས་བྱང་ལུགས་གཙོ་ཆེ། སྡིག །ཡང་འབྲི་ལུགས་གཙོ་ཆེ། ཟློག་སོགས་གཤེད་སྐོར། རིན་ཆེན་གླིང་པའི་ནཱ་ག་རཀྵ། གཏེར་སྟོན་གསུམ་


JKT018_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་རྟ་མགྲིན་ཡང་གསང་ཁྲོས་པ་དང་། སྐྱེར་སྒང་ལུགས་ཀྱི་གསང་སྒྲུབ། ཉང་གཏེར་རྟ་ནག་སོགས་རྟ་མགྲིན་སྐོར། ཉང་གཏེར་ཁྲོས་ནག་དང་། ཉང་ཆོས་དབང་གི་ལོཀྵ་སོགས་ཀྱིས་མཚོན་ཕྲིན་ལས་ཀྱི་ལྷ་དང་། ཉང་གཏེར་ཕྱག་བཞི། ཆོས་དབང་མ་ནིང་། སྡི་རི་ཆོས་གྲགས་ཀྱི་ཚོགས་བདག །ལས་འབྲེལ་རྩལ་གྱི་གཟའ་བདུད། རཏ་གླིང་དམ་ཅན། སྙིང་ཏིག་གི་ཨེ་ཀ་ཛཱ་ཊི་སོགས་ཆོས་སྲུང་གི་སྐོར་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ཤིང་། གཏེར་སྟོན་གྱི་གཙོ་བོ་ཡང་། ཨོ་རྒྱན་རིན་པོ་ཆེས་གཏེར་སྟོན་རྒྱལ་པོ་ལྔ་ལ་བྲན་བརྒྱས་བསྐོར། ཞེས་གསུངས་པ་ལྟར། །གཏེར་ཁ་གོང་མ་ཉང་། འོག་མ་ཆོས་དབང་། པད་གླིང་། རྡོར་གླིང་། མདོ་སྔགས་གླིང་པ་ལྔ་དང་། ཁྱད་པར། ཉང་ཆོས་དབང་རྒོད་ལྡེམ་སྟེ་མཆོག་གི་སྤྲུལ་སྐུ་རྣམ་གསུམ། ལས་འབྲེལ་རྩལ། ཞང་ཁྲོམ། ལྷོ་གཏེར་པད་གླིང་། རཏྣ་གླིང་པ། ཀོང་གཏེར་སངས་རྒྱས་གླིང་པ་རྣམས་ནི་ཚད་ལྡན་ཡོངས་གྲགས་དང་། ཕྱིས་སུ། གཏེར་བདག་གླིང་པ། འཇའ་ཚོན་སྙིང་པོ། བདུད་འདུལ་རྡོ་རྗེ། ཀློང་གསལ་སྙིང་པོ། ཉི་མ་གྲགས་པ། སྟག་ཤམ། ཆོས་གླིང་། མི་འགྱུར་རྡོ་རྗེ། རོལ་པའི་རྡོ་རྗེ་སོགས་ཕྲིན་ལས་རྒྱ་ཆེར་བྱུང་ངོ་། དགོངས་གཏེར་ནི། ཀུན་མཁྱེན་ཀློང་ཆེན་པའི་མཛོད་


JKT018_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བདུན། སྙིང་ཏིག་སྐོར་སོགས་ཟབ་ཅིང་རྒྱ་ཆེ་བ། གནམ་ཆོས་མི་འགྱུར་རྡོ་རྗེའི་དགོངས་གཏེར་དང་གནམ་ཆོས། ཀུན་མཁྱེན་འཇིགས་མེད་གླིང་པའི་ཀློང་ཆེན་སྙིང་ཐིག་སོགས་ཀྱི་རྒྱུན་མང་དུ་བཞུགས་ལ། ཟབ་མོ་དག་སྣང་མ་ལ། གཡུ་ཐོག་ཡོན་ཏན་མགོན་པོའི་སྙིང་ཏིག །ལྷ་བཙུན་ནམ་མཁའ་འཇིགས་མེད་པའི་རིག་འཛིན་སྲོག་སྒྲུབ། རྒྱལ་དབང་ལྔ་པ་རིན་པོ་ཆེའི་དག་སྣང་རྒྱ་ཅན་ཉེར་ལྔ་སོགས་མང་ཙམ་མཆིས་སོ། །དེ་བཞིན་རྗེས་འབྲེལ་བླ་མའི་གསུང་འབུམ་སྐོར་ཀློང་ཆེན་པའི་མཛོད་བདུན་སོགས་དང་། རྡོར་བྲག་པད་ཕྲིན་བཀའ་འབུམ། གཏེར་བདག་གླིང་པའི་བཀའ་འབུམ། ལོ་ཆེན་རིན་པོ་ཆེའི་བཀའ་འབུམ། འཇིགས་མེད་གླིང་པའི་བཀའ་འབུམ་པོད་དགུ་སོགས་ཀྱི་རྒྱུན་ཡང་བཞུགས་སོ། །དེ་ཡང་རྙིང་མ་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་གཞུང་བསྲངས་ནས། གཏེར་མའི་མན་ངག་ཟབ་མོས་བརྒྱན་ཏེ་ཉམས་སུ་ལེན་དགོས་པ་ཡིན་ཅིང་། རྙིང་མ་བཀའ་མའི་ཕྱོགས་ལ་བཀའ་དྲིན་ཆེ་བ། གཉགས་གནུབས་ཟུར་གསུམ་དམ་གཙང་བྱམས་གསུམ། རོང་ཟམ་པཎྜི་ཏ་སོགས་དང་བཀའ་གཏེར་གཉིས་ཀ་ལ་གཡུང་སྟོན་རྡོ་རྗེ་དཔལ། མངའ་རིས་པཎ་ཆེན། འབྲི་གུང་རིན་ཆེན་ཕུན་ཚོགས། ཀུན་མཁྱེན་ཤེས་རབ་འོད་ཟེར། བྱང་པ་རིག་འཛིན་ལེགས་ལྡན་རྡོ་རྗེ།


JKT018_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བཀྲ་ཤིས་སྟོབས་རྒྱལ། སོག་བཟློག་པ་བློ་གྲོས་རྒྱལ་མཚན། གངས་ར་ལོ་ཆེན་གཞན་ཕན་རྡོ་རྗེ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། རིག་འཛིན་ཕྲིན་ལས་ལྷུན་གྲུབ་སོགས་དང་། །ཁྱད་པར་རྒྱལ་དབང་ལྔ་པ་རིན་པོ་ཆེ། རྡོར་བྲག་པདྨ་ཕྲིན་ལས། སྨིན་གླིང་གཏེར་ཆེན་སྐུ་མཆེད། ཀུན་མཁྱེན་འཇིགས་མེད་གླིང་པ་སློབ་བརྒྱུད་དང་བཅས་པའི་བཀའ་དྲིན་གྱིས་དེང་སང་ཡང་རྒྱུན་མ་ནུབ་པར་ཡོད་པ་སྟེ། སླར་ཡང་སྔ་འགྱུར་རྙིང་མའི་བསྟན་འཛིན་རྣམས་ཀྱི་སྔར་སྨོས་པའི་བཀའ་གཏེར་གྱི་ཆོས་ཚུལ་ཚད་ལྡན་དེ་རྣམས་ལ་བཤད་སྒྲུབ་གཙོ་བོར་འཛིན་པས་རྒྱུན་མི་ཉམས་ཞིང་འཕེལ་བ་དང་རང་རང་གི་ལུགས་སྲོལ་རྣམས་ཀྱིས་གཞན་དོན་སོགས་ཕྲིན་ལས་སྐྱོང་བར་རིགས་སོ། །སྔ་འགྱུར་རྙིང་མའི་ལོ་རྒྱུས་རྒྱས་པར་རྟོགས་པར་འདོད་ན། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེས་མཛད་པའི་སྒྱུ་འཕྲུལ་གྱི་ལོ་རྒྱུས། པདྨ་ཕྲིན་ལས་དང་སྨིན་གླིང་ལོ་ཆེན་གྱི་མདོ་དབང་གི་ཆོས་འབྱུང་། བི་མ་སྙིང་ཏིག་གི་ལོ་རྒྱུས་ཆེན་མོ་དང་། བབས་ལུགས་བདུན་པ། སྨིན་གླིང་གཏེར་ཆེན་གྱི་སྙིང་ཏིག་བླ་བརྒྱུད་ཁ་སྐོང་། ཕུར་འགྲེལ་འབུམ་ནག ་སྨིན་གླིང་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེའི་ཆོས་འབྱུང་ཉུང་ངུ་། ཀུན་མཁྱེན་འཇིགས་མེད་གླིང་པའི་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་འཛམ་གླིང་།


JKT018_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་གྲུར་ཁྱབ་པའི་རྒྱན། ཀཿཐོག་པཎྜི་ཏའི་རྒྱུད་འབུམ་རིན་པོ་ཆེའི་དཀར་ཆག་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ། སྟག་སྒང་མཁས་མཆོག་ངག་དབང་བློ་གྲོས་ཀྱིས་མཛད་པའི་སྔ་འགྱུར་རྙིང་མ་བཀའ་གཏེར་དག་སྣང་གདན་རབས་སོགས་ཀྱི་ཆོས་འབྱུང་ཆེན་མོ་ངོ་མཚར་གཏམ་འདི་ནང་གཏེར་མའི་སྐོར་དམ་གདན་རབས་སྐོར་ཤིན་ཏུ་རྒྱས། གྱི་རོལ་མཚོ་པོད་སོགས་ལས་ཤེས་པར་བྱ་ཞིང་། རྙིང་མའི་ཕྱོགས་ལ་འགོས་ཁུག་པ་ལྷ་བཙས། འབྲི་གུང་དཔལ་འཛིན་དང་། ཀརྨ་པ་མི་བསྐྱོད་རྡོ་རྗེ་སོགས་ཀྱིས་དགག་པ་དུ་མ་མཛད་པའི་ལན་ཡང་། ཀུན་མཁྱེན་ཀློང་ཆེན་པ། མཉམ་མེད་བསམ་གཏན་གླིང་པ། མངའ་རིས་པཎྜི་ཏ་རྣམས་ཀྱི་རྩོད་སྤོང་། ཀརྨ་པ་མི་བསྐྱོད་རྡོ་རྗེའི་རང་ལན། དཔའ་བོ་གཙུག་ལག་ཕྲེང་བའི་རྩོད་སྤོང་། བླ་མ་སོག་བཟློག་པའི་ལན་ཚིགས་བཅད་ལྷུག་གཉིས། སྨིན་གླིང་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་ཀྱི་ལུང་རིགས་རྡོ་རྗེའི་གད་རྒྱངས། ཀུན་མཁྱེན་འཇིགས་མེད་གླིང་པའི་ཆོས་འབྱུང་དང་། གཏམ་ཚོགས་ལས་འབྱུང་བ། ཀཿཐོག་པཎྜི་ཏས་མཛད་པའི་རྩོད་སྤོང་ལེ་ཚན། ཐུའུ་ཀོན་དྷརྨ་བཛྲ་གྱི་གསུང་སོགས་ལས་རྟོགས་པར་བྱའོ། །རྫོགས་པ་ཆེན་པོ་ཞེས་པའི་སྒྲ་དོན་ནི། མ་ཧཱ་ས་མ་དྷི་ཞེས་ཟུར་ཆག་པ་སྟེ། ཏིང་འཛིན་ཆེན་པོ་ཞེས་པ་ལ་འཇུག་པར་འདོད་པའང་ཡོད། མ་ཧཱ་སིན་ཞེས་པའི་སྒྲ་ལས་དྲངས་


JKT018_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་དག་པའི་བསམ་གཏན་ཆེན་པོའམ། མཉམ་པའི་བློ་ཆེན་པོ་སོགས་འགྱུར་ཏེ། ཐེག་བརྒྱད་བློ་ཡི་གྲུབ་མཐས་མ་གོས་པའི་ཕྱིར་ཡང་དག་པའི་བསམ་གཏན་དང་། དེ་ལས་གོང་ན་གཞན་མེད་པས་ཆེན་པོ་ཞེས་གཞི་མཐུན་པའི་བསྡུ་བའམ། ཡང་ན་རྫོགས་རིམ་ཆེན་པོ་ཞེས་བཤད་ཀྱང་རུང་སྟེ། འཇམ་དཔལ་ཞལ་ལུང་ལས། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཞེས་པའི་འགྲེལ་པར། རྫོགས་པ་ཆེན་པོ་ནི་རིམ་པ་གཉིས་པའི་རིམ་པ་གཉིས་པའོ། །ཞེས་སོགས་གསུངས་པའི་ཕྱིར་རོ།། ༈ །།གསང་སྔགས་གསར་མ་ནི། གཙོ་བོར་ལོ་ཆེན་རིན་ཆེན་བཟང་པོས་འགྱུར་མགོ་ཚུགས་ནས་བཟུང་། ལོ་ཆེ་ཆུང་འབྲོག་འགོས་མར་གསུམ་ལ་སོགས་པས་བསྒྱུར་འཆད་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབས་པ་སྟེ། དེ་ཡང་བསྟན་པ་ཕྱི་དར་གྱི་ཐོག་མ་ནས་རིང་ཞིག་སོང་བ་ན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས། སློབ་མ་འབྲོམ་རྔོག་ཁུ་གསུམ་ལ་སོགས་པ་རྒྱ་ཆེར་འཕེལ་བ་ལས་ཇོ་བོ་བཀའ་གདམས་པ་ཞེས་ཕྲིན་ལས་ནམ་མཁའ་དང་མཉམ་པ་དེ་བྱུང་། སྔར་ཧ་ཅང་དར་རྒྱས་ཆེ་བས་དགོན་གནས་དང་གདན་རབས་སོགས་སྨོས་ཀྱིས་མི་ལངས་ཀྱང་། གཙོ་ཆེ་བ་འགའ་ཞིག་བརྗོད་ན།། ༈ །།བྱང་རྭ་བསྒྲེངས་རྒྱལ་བའི་དབེན་གནས་ནི། སྤྱན་རས་གཟིགས་དངོས་འབྲོམ་


JKT018_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཇོ་བོས་ལུང་བསྟན་ལྟར་དགུང་ལོ་ང་གཅིག་པ་མེ་ལུག་ལོར་བཏབ། ལ་ལར་འབྲོམ་སྟོན་དགུང་ལོ་ང་གཉིས་པ་སྤྲེལ་ལོར་བཏབ་པར་བཤད། བཀའ་གདམས་བསྟན་པའི་ཆུ་མགོ་ལྟ་བུར་གྱུར། དེང་སང་ཆོས་བརྒྱུད་དམིགས་བསལ་མེད་ཀྱང་། དགོན་གནས་དགའ་ལྡན་པའི་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་སྐྱེ་སྤྲུལ་རིམ་བྱོན་གྱིས་བཟུང་ནས་དར་རྒྱས་ཆེ། ༈ དཔལ་གསང་ཕུ་ནེའུ་ལྷ་ས་ནས་ཐུར་དུ་ཡོང་བའི་སྙེ་ཐང་གི་ཐད་ཀྱི་གཙང་པོ་ཕ་རིར་ཡོད། ཐོག་གི་ཆོས་གྲྭ་ནི། འཇམ་དབྱངས་རྣམ་འཕྲུལ་རྔོག་ལེགས་པའི་ཤེས་རབ་ཀྱིས་ལྕགས་ཕག་ལོར་བཏབ། ཕྱིས་རྔོག་ལོ་བསྟན་པའི་ཉི་མ་བློ་ལྡན་ཤེས་རབ་ཀྱིས་བསྐྱངས་ནས་མཚན་ཉིད་གྲྭ་ཚང་ཐམས་ཅད་ཀྱི་འབྱུང་ཁུངས་ལྟ་བུར་གྱུར་ཀྱང་། དེང་སང་ནི་སྐུ་གསུང་ཐུགས་རྟེན་ཙམ་ལས་དགེ་འདུན་གྱི་སྡེ་གང་ཡང་མེད།། ༈ །།ཡར་ཀླུང་སོལ་ནག་ཐང་པོ་དགོན་ཐང་འབུམ་པ་དང་ཉེ་བར་ཡོད། ཆེ་ནི། བསྟན་པ་ཕྱི་དར་གྱི་ཐོག་མར་ཀླུ་མེས་ཆེན་པོའི་དུས་སུ་དགེ་བའི་བཤེས་གཉེན་གྲུ་མེར་སོགས་ཀྱིས་བཏབ། ཕྱིས་ཕྱག་རྡོར་རྣམ་འཕྲུལ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་གདན་ས་མཛད། བར་སྐབས་དར་རྒྱས་ཆེ་ཡང་། དེང་སང་ནི་དགེ་འདུན་གྱི་སྡེ་ཆུང་ངུ་ཞིག་ལས་མེད། ༈ །གཙང་སྣར་ཐང་ཆོས་གྲྭ་ནི། གཏུམ་སྟོན་བློ་གྲོས་གྲགས་ཀྱིས་


JKT018_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་དང་པོའི་ཆུ་བྱ་ལོར་བཏབ། དེང་སང་བཀྲ་ཤིས་ལྷུན་པོ་ནས་ཞལ་འཛིན་གནང་།། ༈ །།དབུས་ཀྱི་དཔལ་རྩེ་ཐང་གི་ཆོས་གྲྭ་ནི། བཀྲ་ཤིས་ལྷུན་དང་ཉེ་བར་ཡོད། ཏཱའི་སི་ཏུ་བྱང་། ཆུབ་རྒྱལ་མཚན་གྱིས་བཏབ། བར་སྐབས་དར་རྒྱས་ཆེ་བར་བྱུང་བ་སོགས་སྔར་བཀའ་གདམས་པའི་གདན་ས་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་མོད། དེང་སང་ནི་ཆོས་བརྒྱུད་ཀྱང་བཀའ་བརྒྱུད་པ་། དང། དགེ་ལུགས་པ་སོགས་དང་འདྲེས་ནས་གདན་ས་ལས་ཟུར་དུ་མེད་ཅིང་། དགོན་གནས་ཡང་ཕལ་ཆེར་མིང་ཙམ་ལས་མེད་པས་ཞིབ་པར་མ་སྨོས་ལ། རྒྱས་པར་བཀའ་གདམས་གླེགས་བམ་རིན་པོ་ཆེའི་ལོ་རྒྱུས་དང་། རྩེ་གདོང་ལ་ས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཆོས་འབྱུང་ཆེན་མོ་དང་། འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་བཀའ་གདམས་ཆོས་ཀུན་གསལ་བའི་ཉིན་བྱེད་སོགས་ལས་རྟོགས་པར་བྱའོ། །བཀའ་གདམས་ཅེས་པའི་སྒྲ་དོན་ནི་རྒྱལ་བའི་བཀའ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་གོ་བས་ཆོས་ཀྱི་མིང་གང་ཟག་ལ་ཆགས་པ་ཡིན་ནོ། །བཀའ་གདམས་པའི་ཆོས་སྐོར་ལ། སྔར་གཞུང་དང་། གདམས་ངག་དང་། མན་ངག་གསུམ་གྱི་བཀའ་སྲོལ་བསམ་གྱིས་མི་ཁྱབ་ཀྱང་། དེང་སང་སྐྱེས་ཚོམ་དད་པའི་ས། བསླབ་སྤྱོད་སྤྱོད་


JKT018_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས། ས་རྒྱན་ཏིང་ངེ་འཛིན་གྱི་ས་སྟེ་བཀའ་གདམས་གཞུང་དྲུག་ཏུ་གྲགས་པ་དང་། ཇོ་བོའི་ཐུགས་དམ་ཆོས་ཆུང་བརྒྱ་རྩ་སོགས་ཀྱི་ལུང་། གདམས་ངག་བློ་སྦྱོང་དོན་བདུན་མ་ཐུན་བརྒྱད་མ་ཚིག་རྐང་བརྒྱད་མ་སོགས་ཀྱི་འཁྲིད། བློ་སྦྱོང་སྐོར་གྱི་ཡིག་ཆ་གསར་རྙིང་མང་པོའི་ལུང་། མན་ངག་གསང་ཆོས་གླེགས་བམ་རིན་པོ་ཆེའི་ཐིག་ལེ་བཅུ་དྲུག་གི་དབང་ཁྲིད་ལུང་གསུམ། ཐམས་ཅད་ཀྱི་གཞིར་གྱུར་པ་བྱང་ཆུབ་ལམ་རིམ་ཆེན་མོའི་ཁྲིད། གཞན་ཡང་དཔེ་ཆོས་རིན་སྤུངས། མན་ངག་རིན་སྤུངས། བཀའ་གདམས་ཐོར་བུ། དཔེ་བུམ་སྔོན་པོ། གྲོ་ལུང་པའི་བསྟན་རིམ་རྩ་བ། བཀའ་གདམས་ཆོས་འབྱུང་ཆེན་མོའི་ལུང་སོགས་དང་། ཇོ་བོ་ནས་བརྒྱུད་པའི་ཐོགས་མེད་ལུགས་ཀྱི་སེམས་བསྐྱེད། གསང་འདུས་སྤྱན་རས་གཟིགས་དང་། རྣལ་འབྱོར་རྒྱུད་སྦྱོང་དཀྱིལ་བཅུ་གཉིས། མི་འཁྲུགས་པ་སོགས་ཀྱི་དབང་། བཀའ་གདམས་ལྷ་བཞིའི་རྗེས་གནང་དང་ཁྲིད། སྣར་ཐང་པའི་སྒྲུབ་ཐབས་བརྒྱ་རྩ་སོགས་ཀྱི་རྗེས་གནང་། གནས་བརྟན་བཅུ་དྲུག །ཀླུ་དབང་རྒྱལ་པོ། སྤྱན་རས་གཟིགས། །སྒྲོལ་མ་ཉེར་གཅིག །སྨེ་བརྩེགས། ཛམ་དཀར་སོགས་རྗེས་གནང་དང་མན་ངག་ཐོར་བུ་མང་པོ། མགོན་པོ་གྲི་གུག་གི་རིགས་འགའ་ཞིག་གི་རྗེས་གནང་སོགས་ཆོས་རྗེ་རི་བོ་དགེ་ལྡན་པ་གཙོ་བོར་


JKT018_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་རྣམས་ལ་བཞུགས་ཤིང་། བསྟན་འཛིན་གྱི་སྐྱེས་བུ་ནི། ཁུ་རྔོག་འབྲོམ་གསུམ། སྐུ་མཆེད་རྣམ་གསུམ། གླང་ཤར་ཉི་ཟླ་ཟུང་གཅིག་སོགས་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ཅིང་། །དེ་ཐམས་ཅད་ཀྱི་རྣམ་ཐར་མདོར་བསྡུས་ན། འབྲོམ་སྟོན་རིན་པོ་ཆེས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ། །གདམས་པ་སྐྱེས་བུ་གསུམ་གྱི་རྒྱན་གྱིས་མཛེས། །བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་ལ། །འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར། །ཅེས་གསུངས་པ་ལྟར། བཀའ་སྡེ་སྣོད་གསུམ་གྱིས་གཞུང་བསྲང་། གདམས་པ་སྐྱེས་བུ་གསུམ་གྱིས་ཉམས་སུ་བླངས་པས་འདུལ་བ་ཀཱ་རི་ཀ་ནས། དཔལ་གསང་བ་འདུས་པ་མན་ཆད་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་རྟོགས་ནས་བསྟན་པ་ཐམས་ཅད་འགལ་མེད་དུ་གཟིགས། དེ་ཐམས་ཅད་ཀྱི་དོན་རང་གི་སེམས་རྒྱུད་འདུལ་བ་སྦྱར་ནས་གསུང་རབས་མ་ལུས་པ་གདམས་པར་ཤར། བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་རྩལ་དུ་བཏོན་པས་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད། ཞེན་ལོག་དང་ངེས་འབྱུང་སྙིང་ལ་ཤར་བ་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་ཅིང་ཉེས་སྤྱོད་ཆེན་པོ་རང་འགགས་སུ་སོང་། ནང་དུ་ཏིང་ངེ་འཛིན་གྱི་སྒོ་དང་། ལྷག་པའི་ལྷས་རྗེས་སུ་བཟུང་བ་སོགས་ཡོན་ཏན་བསམ་གྱིས་མི་


JKT018_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པ་བརྙེས་ཀྱང་བུམ་ནང་གི་མར་མེ་ལྟར་སྦ་བ་ལ་བརྩོན་པས་འཕགས་པའི་སར་མངོན་སུམ་དུ་གཤེགས། མདོར་ན་མཁས་ལ་བཙུན་ཞིང་གྲུབ་པའི་ཉམས་མྱོང་གིས་བརྒྱན་པ་སྟེ། བཀའ་གདམས་ཀྱི་རྣམ་ཐར་ཕྱི་གཙང་ནང་གཙང་པདྨའི་སྦུབས་ལྟ་བུ་ཞེས་ཀུན་ལ་རླུང་ལྟར་དུ་གྲགས། ལྷ་བཞིས་ལུས། ཐུབ་པ་སྤྱན་རས་གཟིགས་མི་གཡོ་བ་སྒྲོལ་མ། སྡེ་སྣོད་གསུམ་གྱིས་ངག །བསླབ་པ་གསུམ་གྱིས་སེམས་བརྒྱན་པས་ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་བདག་པོ་ཞེས་རྒྱལ་བ་དགྱེས་པའི་བཤེས་གཉེན་མིང་དོན་དང་མཚུངས་པར་གྱུར་པ་ཡིན་ནོ།། ༈ །།དེ་རྗེས་དཔལ་ས་སྐྱ་པའི་རིང་ལུགས་རྒྱས་པར་གྱུར་ཏེ། དེ་ཡང་རྒྱ་གར་རྡོ་རྗེ་གདན་ནས་བྱང་ཕྱོགས་སུ་དཔག་ཚད་བརྒྱ་བགྲོད་པའི་ས་མཚམས་གངས་ཅན་བོད་ཀྱི་རྡོ་རྗེ་གདན་གཙང་ལ་སྟོད་གྲམ་པ་ས་སྐྱ་ནི། འཁོན་དཀོན་མཆོག་རྒྱལ་པོས་དགུང་ལོ་བཞི་བཅུ་པ་ཆུ་གླང་ལོར་བཏབ། སྲས་ས་ཆེན་ཀུན་དགའ་སྙིང་པོ་སོགས་དེང་སང་བར་གདུང་བརྒྱུད་མ་ཆད་པས་འཛིན་སྐྱོང་གནང་ཞིང་། བར་སྐབས་ལྷ་ས་རྫོང་པའི་དུས་ཉམས་ཆག་ཆེ་ངེས་བྱུང་ཡང། སྔགས་འཆང་ཆེན་མོ་ཀུན་དགའ་རིན་ཆེན་གྱིས་ཉམས་གསོ་མཛད་པ་ནས་བཟུང་གོང་འཕེལ་དུ་གྱུར་པས། ཕྱིས་སུ་ས་སྐྱ་པའི་བསྟན་པ་ལ་འདི་ཁོ་ན་བཀའ་དྲིན་ཆེ་བར་བྱའོ། །དེ་ཡང་རྒྱ་གར་


JKT018_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ཡུལ་དུ་མང་པོས་བཀུར་བའི་གདུང་རབས་དང་། གངས་ཅན་གྱི་ལྗོངས་འདིར་འཁོན་ས་སྐྱ་པའི་གདུང་རབས་ཀྱི་རྟོགས་པ་བརྗོད་པ་ནི་བསོད་ནམས་ཚད་མེད་པའི་འཇུག་ངོགས་ཉིད་དོ། །ཞེས་མཁས་པ་རྣམས་ཀྱིས་བསྔགས་པའི་རྗེས་སུ་འབྲངས་ཏེ་འདིར་མཚན་ཙམ་ཞིག་བརྗོད་ན། ཡུལ་མཐོ་ཞིང་གཙང་བ་མངའ་རིས་ཀྱི་སྟོད་དམ། བྱང་གི་ཤེལ་ཚ་རྒྱལ་མོའི་གངས་འགྲམ་དུ་འོད་གསལ་གནམ་ལྷ་མཆེད་གསུམ་བསིལ་ལྗོངས་བསོད་ནམས་ཀྱི་མགྲོན་དུ་བབས་པ་ལས་བར་པ་གཡུ་༡རིང་དང་དམུ་བཟའ་ལྡེམ་བུའི་སྲས་མ་སངས་སྤུན་བདུན་བྱོན་པའི་གཅེན་དྲུག་ཡབ་བཅས་ལྷ་ཡུལ་དུ་གཤེགས། བདུན་པ་མ་སངས་༢སྤྱི་རྗེ་དང་། ཐོག་ལྕམ་ཝུར་མིའི་སྲས་དཔའ་བོ་སྟག །དེའི་སྲས་སྟག་པོ་འོད་༣ཅན་ཏེ། འདི་རྣམས་མི་ལས་འདས་པའི་གཟུགས་བཟུང་སྟེ་བར་སྣང་དུ་བཞུགས། དེའི་སྲས་གཡའ་༤སྤང་སྐྱེས་ཏེ་འདི་ཡན་ལ་འོད་གསལ་༡ལྷའི་རིགས་ཅེས་གྲགས། དེས་སྲིན་པོ་ཁྲག་མིག་མ་བསད་ཅིང་། དེའི་ཆུང་མ་གཡའ་འབྲུག་སི་ལི་མ་ཁབ་ཏུ་བཞེས་པས། ལྷ་དང་སྲིན་པོ་འཁོན་པའི་བར་དེར་སྲས་གཅིག་འཁྲུངས་པ་འཁོན་བར་སྐྱེས་ཞེས་བཏགས་ཤིང་འཁོན་གྱི་གདུང་དུ་མཚན་ཆགས། དེ་སྲས་འཁོན་དཔལ་པོ་ཆེ། དེའི་སྲས་གཅེན་སློབ་དཔོན་རིན་པོ་ཆེ་པདྨ་


JKT018_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་ཀྱི་ཐུགས་སྲས་མཁན་ཆེན་བོ་དྷི་སཏཱ་ལས་བསྙེན་པར་རྫོགས་པའི་སད་མི་མི་བདུན་གྱི་ནང་ཚན་ནཱ་གརྗེ་རཀཱི་ཏ་སྟེ་ཀླུ་དབང་སྲུང་བ་ཞེས་གྲགས་པ་དང་། གཅུང་རིག་སྔགས་གྲུབ་པ་རྡོ་རྗེ་རིན་ཆེན་མཆེད་གཉིས། རྡོ་རྗེ་རིན་ཆེན་གྱི་སྲས་བདུན་བྱོན་པ་ལས་གདུང་བརྒྱུད་ཀྱང་མང་དུ་འཕེལ་ཞིང་། དྲུག་པ་ཤེས་རབ་ཡོན་ཏན་གྱི་སྲས་གསུམ་གྱི་ནང་ཚན་ཚུལ་ཁྲིམས་རྒྱལ་པོ། དེ་ལ་སྲས་གསུམ་བྱོན་པའི། གཙུག་ཏོར་ཤེས་རབ། དེ་ལ་སྲས་བདུན་གཅུང་དང་བཅས་པ་བྱོན་པ་ལས། ཆེ་བ་དགེ་མཐོང་གི་སྲས་བལ་པོ། དེ་སྲས་ཤཱཀྱ་བློ་གྲོས། དེ་སྲས་ཤེས་འགྲན་ཟླ་མེད་པའི་མཁས་གྲུབ་དཀོན་མཆོག་རྒྱལ་པོ་གཉིས་ལས། ཤེས་རབ་ཚུལ་ཁྲིམས་ཡན་གསང་སྔགས་རྙིང་མའི་རིག་པ་འཛིན་པ་ཟམ་མ་ཆད་པར་བྱོན་ཞིང་། ཡི་དམ་ཡང་ཕུར་གྱི་སྒོ་ནས་དངོས་གྲུབ་གཉིས་བརྙེས། ཆོས་སྐྱོང་དཀར་བདུད་ལྕམ་དྲལ་སོགས་བྲན་དུ་ཁོལ། དཀོན་མཆོག་རྒྱལ་པོའི་སྔོན་སྨོན་དང་ཕྲིན་ལས་ཀྱི་སྒོ་ཕྱི་འགྱུར་གསར་མ་ལ་བྱེད། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོ་བཏབ་པ་ནས་བཟུང་འཁོན་ས་སྐྱ་པ་ཞེས་གྲགས་ཏེ། དེ་ལྟར་ན་ལྷ་རིགས་འཁོན་གདུང་ས་སྐྱ་ཞེས་མཚན་མཆོག་གསུམ་ལྡན་གྱི་གྲགས་དཀར་འཛམ་གླིང་ཐམས་ཅད་དུ་ཁྱབ། དེ་སྲས་སྤྱན་རས་གཟིགས་


JKT018_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་དཔལ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་ནི། ཆུང་ངུ་ནས་དམ་པའི་རིགས་སད། དགུང་ལོ་བཅུ་གཅིག་པར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་བས་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་གནད་ཐམས་ཅད་དུས་གཅིག་ཏུ་གཟིགས། རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་བིརླ་པ་དངོས་སུ་བྱོན་ནས་རྒྱུད་སྡེ་རྒྱ་མཚོའི་གསང་བའི་མཛོད་ཆེན་པོ་བྱིན། བྲང་ཏི་དར་མ་སྙིང་པོ་སོགས་ལས་མདོ་ཕྱོགས་དང་། རང་གི་ཡབ་དང་། བླ་མ་བ་རི་ལོ་ཙཱ་བ། མལ་ལོ་ཙཱ་བ་སོགས་ལས་གསང་སྔགས་སྤྱི་དང་། ཞང་སྟོན་ཆོས་འབར་ལས་གསུང་ངག་རིན་པོ་ཆེའི་བདུད་རྩི་གསོལ་བས་ཉམས་རྟོགས་ཀྱི་པདྨོ་གསར་དུ་བཞད་པའི་ཚུལ་བཟུང་། མྱ་ངན་ལས་འདས་པའི་ཚེ། སྐུའི་རྣམ་འཕྲུལ་བཞིར་བསྟན་ནས་དག་པའི་ཞིང་སོ་སོར་གཤེགས་པའི་སྣང་བས་མཚོན་རྫུ་འཕྲུལ་རྡོ་རྗེའི་བཀོད་པ་ཟད་མི་ཤེས་པ་ལ་དབང་འབྱོར། སློབ་མ་ཡང་མཆོག་ཐོབ་པ་གསུམ་དང་། བཟོད་ཐོབ་པ་བདུན་སོགས་མཁས་གྲུབ་ནམ་མཁའི་མཐའ་དང་མཉམ་པ་བྱུང་། དེ་སྲས་ཀུན་དགའ་འབར། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། དཔལ་ཆེན་འོད་པོ་རྣམས་ལས། ཀུན་དགའ་འབར་རྒྱ་གར་དུ་གཤེགས། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་ནི་འཕགས་ཡུལ་གྱི་ཆུ་བོ་གངྒཱ་ཚུན་ཆད་དུ་མཁས་


JKT018_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གྲགས་པས་ཁྱབ། ཡེ་ཤེས་ཀྱི་ཌཱ་ཀི་མ་རྣམས་ཀྱིས་རྡོ་རྗེ་གདན་གྱི་སྒོ་གོང་དུ་མི་ཐུབ་ཟླ་བའི་རྣམ་འཕྲུལ་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོར་བསྔགས་པའི་ཡི་གེར་བཀོད། བཤད་སྒྲུབ་ཀྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ངང་འཇའ་ལུས་རྡོ་རྗེའི་གོ་འཕང་ཆེན་པོར་བྱོན། རྗེ་བཙུན་གྲགས་པ་རྒྱལ་མཚན་ནི། འཕགས་པ་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་བས་སྡེ་སྣོད་དང་རྒྱུད་སྡེ་རབ་ཡ འབྱམས་ལ་མཁྱེན་པའི་གཏེར་མཛོད་གྲོལ། རྗེ་བཙུན་ས་སྐྱ་པས་འོད་གསལ་གྱི་ངང་དུ་ལམ་འབྲས་ཉེ་བརྒྱུད་ཀྱི་གདམས་པ་སྩལ་ཞིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། མཁས་བཙུན་གྲུབ་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས། མ་བྱོན་སངས་རྒྱས་གསུམ་པ་ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲས་ཀྱང་རྡོ་རྗེ་འཛིན་པ་གསང་བ་འདུས་པ་ཞེས་བསྔགས་པའི་རྒྱུད་མང་བསྒྲེངས། ཁེངས་པའི་རུ་ཚོན་དབྱིངས་སུ་བརྟུལ་ནས། གཙུག་གི་ནོར་བུའི་ཞབས་བརྟན་གྱི་པདྨོ་ལ་ཕྱག་བྱས་ཏེ། གསུང་གི་བདུད་རྩི་གསོལ་བར་མཛད་པས་འཕགས་བོད་རྡོ་རྗེ་འཛིན་པ་བྱེ་བའི་གཙུག་རྒྱན་དུ་ངེས་པ་རྙེད། སྐུ་ཚེའི་འདུ་བྱེད་ཀྱང་ཡུན་རིང་དུ་བྱིན་གྱིས་བརླབས་ཏེ་ཟབ་རྒྱས་ཀྱི་བསྟན་པ་ནམ་ལངས་པའི་རྗེས་སུ་ཉི་མ་ཤར་བ་ལྟར་མཛད། གཅུང་གྲུབ་པའི་རིག་འཛིན་དཔལ་ཆེན་འོད་པོ་ལ་སྲས་ས་སྐྱ་པཎྜི་ཏ་དང་། །


JKT018_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་ཚ་བསོད་ནམས་རྒྱལ་མཚན་གཉིས་འཁྲུངས་པའི། འཇམ་དབྱངས་ས་སྐྱ་པཎྜི་ཏ་ཆེན་པོ་ནི། མི་ནས་མིར་གྱུར་པའི་སྐྱེ་བ་ཉི་ཤུ་རྩ་ལྔར་རྗེ་བཙུན་བརྟན་པའི་འཁོར་ལོས་དགེ་བའི་བཤེས་སུ་མཛད་པས། སྐུ་ཚེ་འདིར་ཡང་ཕྱི་ནང་རིག་པའི་གནས་མཐའ་དག་ལན་རེ་འམ། ཟུང་རེ་གསན་པ་ཙམ་གྱིས་ཁོང་དུ་ཆུད། ལྷག་པར་ལམ་ཟབ་བླ་མའི་བྱིན་རླབས་ལ་བརྟེན་ནས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དང་། འཇམ་དཔལ་དབྱངས་དབྱེར་མེད་དུ་གཟིགས་པས་ཕྱི་ནང་གསང་བའི་རྟེན་འབྲེལ་ཐམས་ཅད་དེར་འགྲིགས། མཁས་ཤིང་གྲུབ་པའི་ཡོན་ཏན་དང་། གཞན་ཕན་ཕྲིན་ལས་ཀྱི་ཀློང་བརྡོལ། འཕགས་ཡུལ་ནས་རྒྱ་ནག་གི་བར་དུ་སྙན་པའི་གྲགས་པས་ཁྱབ། རིག་པའི་གནས་མཐའ་དག་ལ་ཤིན་ཏུ་བྱང་ཞིང་འཇིག་རྟེན་པའི་ལྷ་ལས་དངོས་གྲུབ་ཀྱང་ཐོབ་པ་ཕྱི་རོལ་པའི་སྟོན་ཆེན་འཕྲོག་བྱེད་དགའ་བོ་སོགས་དྲུག་ལུང་དང་། རིགས་པ་དང་། ལྷག་པའི་ལྷས་རྗེས་སུ་བཟུང་བའི་མཐུས་བརྟུལ་ནས་ནང་པའི་བསྟན་པ་ལ་བཅུག །མཐར་རྒྱ་ནག་གོ་དན་རྒྱལ་པོས་སྤྱན་དྲངས་ཏེ་བྱང་ཕྱོགས་སྤྲུལ་པ་སྡེའི་ལྷ་ཁང་དུ་ངོ་མཚར་བའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས་གཟུགས་སྐུའི་བཀོད་པ་བསྡུས། ཟངས་ཚ་བསོད་ནམས་རྒྱལ་མཚན་ལ་སྲས་ཆོས་ཀྱི་རྒྱལ་པོ་འཕགས་པ་དང་།


JKT018_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་དབང་ཕྱུག་འགྲོ་མགོན་ཕྱག་ན་གཉིས་འཁྲུངས་པ་ལས། ཆོས་རྒྱལ་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་ནི། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་བསམ་བཞིན་དུ་མིའི་སྲིད་པར་བཟུང་བས། ཐོག་མ་ནས་རིགས་དང་། བརྩེ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་སོགས་གཞན་ལས་ཆེས་ཁྱད་པར་དུ་གྱུར་པས། འཕགས་པ་ཞེས་པའི་མཚན་གྱི་མེ་ཏོག་ཕྱེ། རིག་པ་དང་གྲོལ་བའི་སྤོབས་པ་ཟད་མི་ཤེས་པའི་གཏེར་བརྡོལ། ཡན་ལག་ལྔ་མཚོན་རྣོན་པོས་སོ་སོར་ཕྲལ་བ་རྒྱལ་བ་རིགས་ལྔའི་བཀོད་པར་བསྟན་པ་སོགས་རྫུ་འཕྲུལ་གྱི་སྤྱོད་པ་དང་། སྐུ་གསུང་ཐུགས་ཀྱི་མཛད་པ་ཕུན་སུམ་ཚོགས་པས་གདུག་ཅན་ཧོར་གྱི་རྒྱལ་པོའང་མི་ཕྱེད་པའི་དད་པ་འཁྲུངས་ཏེ་དབང་བསྐུར་ལན་གསུམ་གསན་པའི། དང་པོའི་དབང་ཡོན་དུ་དབུས་གཙང་ཁྲི་སྐོར་གསུམ། བར་པར་བོད་ཆོལ་ཁ་གསུམ། ཐ་མ་རྒྱ་ཡི་ལི་ཡུལ་ཆེན་མོ་ཕུལ་བས་ཕན་བདེའི་ཉེར་འཚོ་བླ་ན་མེད་པར་གྱུར། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དྷི་དྷི་ཞེས་པ་བློ་གྲོས་ཀྱི་སྐད་དོད་ཡིན་པས་མཚན་གྱི་ཟུར་དང་པོ་བསྟན། ཞེས་སྡོམ་བརྩོན་ཉིད། །སྟོན་པའི་བསྟན་པ་གསལ་བར་བྱེད། །ཅེས་ལུང་གིས་བསྟན་པ་ལྟར། སྡོམ་བརྩོན་རྒྱལ་པོའི་ཚུལ་བཟུང་ནས། གྲུབ་མཐའ་ལ་ཉེ་འཁོན་མེད་པར་བསྐྱངས་པས་ཡོངས་རྫོགས་


JKT018_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་བཤད་སྒྲུབ་དང་། གངས་ཅན་གྱི་བདེ་སྐྱིད་ཉིན་མོ་ལྟར་གསལ་བར་མཛད། མང་དུ་ཐོས་པའི་མཆོག་སྣར་ཐང་པ་བཅོམ་ལྡན་རིག་པའི་རལ་གྲི་ཡང་གྲུབ་པའི་ཡོན་ཏན་གྱིས་རང་དབང་མེད་པའི་དད་པར་བཀོད་པ་སོགས་རྣམ་ཐར་བསམ་གྱིས་མི་ཁྱབ་ཅིང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་བསྔགས་པའི་སྤྲིངས་ཡིག་འཇིག་རྟེན་གསུམ་ན་གྲགས་པ་ཉིད་དོ། །འགྲོ་མགོན་ཕྱག་ནའི་སྲས་ཆོས་སྐྱོང་སྲུང་བས་གདན་ས་ལོ་ཤས་མཛད་ཅིང་། དེ་ནས་ཟངས་ཚའི་སྲས་སློབ་དཔོན་ཡེ་ཤེས་འབྱུང་གནས་ཀྱི་སྲས་བདག་ཉིད་ཆེན་པོ་བཟང་པོ་དཔལ་གདན་སར་ཕེབས། དེ་ལ་བཙུན་མོ་བདུན་བཞེས་པ་ལས་སྲས་མིང་སྲིང་བཅོ་ལྔ་འཁྲུངས་པའི་ཏི་ཤྲཱི་ཀུན་དགའ་བློ་གྲོས་ཀྱིས་གཅུང་རྣམས་ལ་བླ་བྲང་ཁག་བཞིར་བགོས་ནས་གནང་བས། གཞི་ཐོག་བླ་བྲང་། བླ་བྲང་རིན་ཆེན་སྒང་པ། ལྷ་ཁང་བླ་བྲང་། དུས་མཆོད་བླ་བྲང་བཞིར་བྱུང་བ་ལས། གཞི་ཐོག་བླ་བྲང་ནི། མཁས་བཙུན་ནམ་མཁའ་ལེགས་པ་ནས་བདག་ཆེན་བློ་གྲོས་དབང་ཕྱུག་གི་བར་དུ་མཁས་གྲུབ་མང་དུ་བྱོན། བླ་བྲང་རིན་ཆེན་སྒང་པར། ཀུན་དགའ་ཉི་མ། འཇམ་དབྱངས་དོན་ཡོད་རྒྱལ་མཚན། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཏེ་སྐུ་མཆེད་གསུམ་ལས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་


JKT018_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མཁས་ཤིང་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོར་གྱུར། སྙན་བརྒྱུད་རྒྱ་མཚོ་ལྟ་བུའི་བཀའ་བབས། གངས་ཅན་གྱི་མཁས་གྲུབ་ཕལ་མོ་ཆེས་ཞབས་པད་ལ་བཏུད་པས་ཐུགས་སྲས་ཀྱང་། སྔགས་ཀྱི་རྒྱལ་ཚབ་ཆེན་པོ་གཉིས། གསུང་གི་གསང་བ་འཛིན་པ་བརྒྱད། ཡོངས་གྲགས་ཀྱི་མཁས་པ་བཅུ་གཅིག་སོགས་བསམ་གྱིས་མི་ཁྱབ་པར་བྱོན་ཏེ། དེང་སང་གི་བར་དུ་རྗེ་བཙུན་ས་སྐྱ་པའི་ཚོགས་དང། སློབ་མར་བཤད་པའི་སྙན་བརྒྱུད་རྣམས་མ་ཉམས་པར་གནས་པ་འདི་རྗེ་ཉིད་ཀྱི་ཕྲིན་ལས་ཁོ་ན་ཡིན། འཇམ་དབྱངས་དོན་ཡོད་རྒྱལ་མཚན་གྱི་སྲས་བླ་ཆེན་ཀུན་དགའ་རྒྱལ་མཚན། དེ་སྲས་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། དེ་སྲས་རྒྱ་གར་པ་ཤེས་རབ་རྒྱལ་མཚན་དང་། སྙན་བརྒྱུད་རྒྱ་མཚོའི་གཏེར་མཛོད་བདག་ཆེན་བློ་གྲོས་རྒྱལ་མཚན་སོགས་ཀྱི་བར་དུ་བྱོན་ནས་མགོན་པོ་ཆེ་ཆུང་སོགས་ཐུན་མོང་མ་ཡིན་པའི་གདམས་པ་ཞལ་ངོ་ནང་བརྒྱུད་དུ་གྲགས་པས་མཚོན་བསྟན་པའི་སྲོག་ཤིང་མཚུངས་པ་མེད་པར་གྱུར། ལྷ་ཁང་བླ་བྲང་པ་ནི། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་དང་། ཀུན་དགའ་རྒྱལ་མཚན་མཆེད་གཉིས་ནས་བཟུང་། ཆོས་ཀྱི་རྒྱལ་མཚན་དང་ཀུན་དགའ་ལེགས་པའི་བར་མཁས་བཙུན་གྲུབ་པའི་ཡོན་ཏན་ཅན་དུ་བྱོན། དུས་མཆོད་བླ་བྲང་ནི་ད་ལྟའི་


JKT018_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གདུངས་རབས་འདི་ཉིད་ཀྱི་རྩ་བ་སྟེ། དེ་ཡང་བཟང་པོ་དཔལ་གྱི་སྲས་བདག་ཆེན་ཀུན་དགའ་ལེགས་འབྱུང་སོགས་མཆེད་གསུམ། ཀུན་དགའ་ལེགས་འབྱུང་སྲས་གྲགས་པ་རྒྱལ་མཚན། དེ་སྲས་རྣམ་སྲས་རྒྱལ་མཚན། དེ་སྲས་ནམ་མཁའ་ལེགས་པ། དེ་སྲས་ནམ་མཁའ་རྒྱལ་མཚན། དེ་སྲས་ས་ལོ་འཇམ་པའི་རྡོ་རྗེ་རབ་མཛེས། ཀུན་དགའ་བསོད་ནམས། ངག་གི་དབང་ཕྱུག །འཇམ་དཔལ་གྲགས་པ། སངས་རྒྱས་ཚེ་བརྟན་ཏེ་མཆེད་བཞི་ལས། ཕྱི་མ་ལ་སྲས་གཅེན་བདག་ཆེན་ཀུན་དགའ་བསམ་འགྲུབ་དང་། གཅུང་སྔགས་འཆང་ཆེན་པོ་ཀུན་དགའ་རིན་ཆེན་གཉིས་འཁྲུངས་པ་ལས། སྔ་མ་རྩེ་གདོང་དུ་བཞུགས་ནས། ངག་དབང་ནོར་བུ་རྒྱན་པའི་བར་གྱི་རྩེ་གདོང་གི་གདུང་བརྒྱུད་རྣམས་བྱོན། ལོ་ཆེན་བཻ་རོ་དང་རྗེ་བཙུན་གྲགས་པ་སོགས་ཀྱི་རྣམ་འཕྲུལ་སྤྲུལ་པའི་སྐྱེས་མཆོག་སྔགས་འཆང་ཆེན་མོ་དཔལ་ས་སྐྱར་བྱོན། ས་ལོ་ཆེན་པོ་དང་དཀོན་མཆོག་ལྷུན་གྲུབ་སོགས་བརྟེན་ནས་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་རྒྱ་མཚོ་ལ་དབང་འབྱོར། གདན་ས་ཆེན་པོར་བར་སྐབས་ཉམས་ཆག་བྱུང་བ་ལ་ཐུགས་ཀྱིས་མ་བཟོད་པ། རྡོ་རྗེའི་ཆོས་སྐྱོང་རྣམས་བྲན་དུ་བཀོལ་བས་ཕས་རྒོལ་རྣམས་མིང་གི་ལྷག་མར་བྱས། ཕྱི་གཙུག་ལག་གི་ཁང་། ནང་དཀོན་མཆོག་གི་རྟེན།


JKT018_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བར་དགེ་འདུན་གྱི་སྡེ། མཚན་ཉིད་ཀྱི་བཤད་སྲོལ། སྔགས་ཀྱི་ཕྱག་ལེན། སྙིང་པོའི་ཉམས་བཞེས་སོགས་འཁོར་ལོ་གསུམ་གྱི་མཛད་པས་དཔལ་ལྡན་ས་སྐྱ་པའི་བསྟན་པ་སྡེ་དང་བཅས་པ་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད། དེ་ལ་སྲས་འཇམ་དབྱངས་བསོད་ནམས་དབང་པོ་དང་། སྔགས་འཆང་གྲགས་པ་བློ་གྲོས་གཉིས་འཁྲུངས། འདི་ནས་བཟུང་སྟེ་བར་སྐབས་སུ་གདན་ས་ཆེན་པོར་སྙན་བརྒྱུད་ཀྱི་གདམས་པ་ཅུང་ཟད་ཉག་ཕྲ་བར་གྱུར་པའང་རིམ་གྱིས་འཕེལ་བའི་མགོ་ཚུགས། ཕྱི་མའི་སྲས་འཇམ་མགོན་ཨ་མེས་ཞབས་ཀུན་དགའ་བསོད་ནམས་ཀྱིས། བསོད་ནམས་དབང་པོ་མཆེད་དང། མུས་ཆེན་སངས་རྒྱས་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས་སོགས་དམ་པ་དུ་མ་བརྟེན་ནས་མདོ་སྔགས་སྙན་བརྒྱུད་དང་བཅས་པའི་གདམས་པ་རྒྱ་མཚོ་ལྟ་བུ་གསན། འཆད་སྤེལ་གྱི་ཕྲིན་ལས་དང་། བདེ་གསང་གཤེད་སྐོར་ཀྱེ་རྡོར་ཕུར་པ་སོགས་ཀྱི་ཆོས་འབྱུང་དང་རྣམ་བཤད་ཀྱིས་མཚོན་གསུང་རྩོམ་ཀྱང་མང་དུ་མཛད། དེ་སྲས་འཇམ་དབྱངས་བསོད་ནམས་དབང་ཕྱུག་གིས་ཡབ་དང་། ཞྭ་ལུ་མཁན་ཆེན་སོགས་ལས་གསན་བསམ་མཛད་ཅིང་ཆོས་སྲིད་ཀྱི་ཕྲིན་ལས་གོང་དུ་འཕེལ། དེ་སྲས་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱིས་ཨ་མེས་ཞབས་


JKT018_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས་དང་། བྱམས་པ་ངག་དབང་རྣམ་རྒྱལ། ལྷུན་གྲུབ་དཔལ་ལྡན། བྱམས་པ་ངག་དབང་ལྷུན་གྲུབ། བཟང་པོ་རྒྱལ་མཚན། སྨིན་གླིང་ལོ་ཆེན་སོགས་བསྟེན་ཅིང་གསུང་གི་བདུད་རྩི་གསོལ། དེ་སྲས་འཇམ་མགོན་བསོད་ནམས་རིན་ཆེན་གྱིས་ཡབ་རྗེ་དང་། བཅོ་བརྒྱད་པ་མཁྱེན་བརྩེ་རབ་བརྟན། སྤྲོ་ལུང་པ་བསོད་ནམས་ཆོས་འཕེལ། ངོར་ཆེན་བསོད་ནམས་བཟང་པོ། ཐར་རྩེ་ནམ་མཁའ་བསམ་གྲུབ་སོགས་ཡོངས་འཛིན་དུ་མ་ལས་གསན་བསམ་མཛད། དེ་སྲས་སྙིགས་དུས་བསྟན་པའི་ཉི་མ། འཇམ་མགོན་ངག་གི་དབང་པོ་ཀུན་དགའ་བློ་གྲོས་མཆེད་གཉིས་སོགས་བྱོན་པ་ལས། འཇམ་མགོན་ཀུན་དགའ་བློ་གྲོས་ནི། འཕགས་མཆོག་ཕྱག་ན་པདྨོའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ལས། འཕགས་པའི་ཡུལ་དུ་འཆི་མེད་གྲུབ་པའི་དབང་ཕྱུག་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་དང་། གངས་ཅན་གྱི་ལྗོངས་འདིར་བརྩེ་ཆེན་ཀུན་དགའ་སྙིང་པོ་དང་། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་སོགས་དམ་པའི་སྐྱེས་བུ་བརྒྱུད་མར་འཁྲུངས་ཤིང་། སྐུ་ཚེ་འདིར་ཡང་གསུང་བྱེ་བ་ཙམ་ནས་ཨ་ར་པ་ཙ་ན་དྷི་ཞེས་གསལ་བར་གསུངས་པས་མཚོན་མཁྱེན་རབ་ཀྱི་པདྨོ་བྱེ། ཐུགས་རྗེའི་གྲིབ་བསིལ་རྒྱས། དམ་པས་བསྔགས་པའི་ཡོན་ཏན་ཐམས་ཅད་ལ་དབང་འབྱོར། ཡབ་རྗེ་


JKT018_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྗེ་བཙུན་མཁའ་སྤྱོད་དབང་མོ། ཐར་རྩེ་ནམ་མཁའ་བསམ་འགྲུབ། བྲག་རྩེ་པ་བློ་གསལ་བསྟན་འཛིན། ངོར་ཆེན་སངས་རྒྱས་ཡེ་ཤེས་སོགས་ཡོངས་འཛིན་དུ་མ་ལས་རང་ལུགས་གཙོ་བོར་གྱུར་པའི་གྲུབ་མཐའ་རིས་མེད་ཀྱི་དབང་ལུང་མན་ངག་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་གནས་གསར་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ལས་ལམ་འབྲས་སློབ་བཤད་སོགས་སྙན་བརྒྱུད་ཀྱི་སྐོར་ཡོངས་སུ་རྫོགས་པ་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་གསན། དཔལ་ཀྱེ་རྡོ་རྗེའི་གཞི་བསྙེན་ལན་གསུམ་སོགས་དུས་དང་། རྒྱུན་དུའང་ལྷག་པའི་ལྷ་སུམ་ཅུར་ཉེ་བ་སོགས་ཀྱི་སྒོམ་བཟླས་ཀྱིས་མཚོན་ཐུགས་དམ་ཉམས་བཞེས་རྩེ་གཅིག་ཏུ་གནང་པས་ལྷག་པའི་ལྷ་དུ་མས་རྗེས་སུ་བཟུང་། རྡོ་རྗེའི་ཆོས་སྲུང་རྣམས་ཀྱིས་ཕྲིན་ལས་སྒྲུབ་པར་ཁས་བླངས། དམ་ཅན་པུཏྲ་ལྕམ་སྲིང་དང་། ཕུར་སྲུང་དཀར་བདུད་ཀྱིས་བྲན་བཞིན་དུ་བྱ་བ་བྱེད། དབང་དང་གདམས་ཁྲིད་སོགས་ཇི་ལྟ་བུ་ཞིག་གསུང་ནའང་ཐུགས་ནས་ཤར་གྱིས་གསུང་བ་སོགས་མཁས་པ་དང་། ལམ་འབྲས་སློབ་བཤད་དུས་བིར་སྲུང་ཕྱི་མ་གནང་སྐབས་ཉི་འཛིན་ཡོང་བར་བྱེད་གྲུབ་དགོངས་མཐུན་དུ་རི་མོས་གཏན་ལ་ཕེབས་ཀྱང་། རྗེ་དེ་ཉིད་ཀྱིས་རྣལ་འབྱོར་དབང་


JKT018_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་གི་སྐུར་བཞེངས་ཏེ་རོ་མའི་རླུང་དྷུ་ཏིར་ཞུགས་སུ་མ་སྟེར་བས་ཉི་འཛིན་མི་མངོན་པར་བྱིན་གྱིས་བརླབས་པ་སོགས་གྲུབ་པའི་མཚན་མ་འབྱམས་ཀླས། སྔ་ཕྱིར་རྟེན་བཞེངས་མང་པོ་དང་། །ཁྱད་པར་འཆད་སྤེལ་གྱི་ཕྲིན་ལས་རྒྱུན་མི་འཆད་ཅིང་། གསུང་རྩོམ་ཀྱང་པོད་ཆེན་བཅུ་གཉིས་ཙམ་གནང་བས་བསྟན་པའི་སྲོག་མཐུད་པ་ལྟ་བུའི་བཀའ་དྲིན་བསྐྱངས། ཞལ་སློབ་ཀྱི་གཙོ་བོ་གདུང་སྲས་སྐུ་མཆེད། ཐར་རྩེ་རྡོ་རྗེ་འཆང་ནམ་མཁའ་འཆི་མེད། གནས་གསར་མཆོག་སྤྲུལ་ནམ་མཁའ་ལེགས་པ། བཅོ་བརྒྱད་ཁྲི་ཆེན་མཆེད། གཟིམ་འོག་སྤྲུལ་སྐུ་བསྟན་འཛིན་ཕྲིན་ལས། ས་སྐྱའི་ཟུར་འཆད་པ་རིན་ཆེན་རྒྱལ་མཚན། ལྔ་རིག་པ་ཀུན་དགའ་བཀྲ་ཤིས། རི་ཁུ་སྤྲུལ་སྐུ་ཀུན་དགའ་མཁས་གྲུབ་དབང་པོ་སོགས་བསྟན་པ་འཛིན་ངེས་ཀྱི་སྐྱེས་བུ་དམ་པ་མང་དུ་བྱོན་པ་ལས། དེང་སང་ཡང་རྗེ་བཙུན་ས་སྐྱ་པའི་དབང་ལུང་མན་ངག་ཕྱག་འཁྲིད་སོགས་ཀྱི་བཀའ་སྲོལ་མ་ཉམས་པར་ཡོད་པ་འདི་ཁོ་ནའི་བཀའ་དྲིན་ཡིན། དེ་སྲས་འཇམ་མགོན་དབང་སྡུད་སྙིང་པོ་དང་། ཀུན་དགའ་ཕན་བདེ་རྒྱ་མཚོ་མཆེད་ཞལ་གྱིས། ཡབ་རྗེ་གཙོ་བོར་གྱུར་པའི་དམ་པ་དུ་མ་ལས་གདམས་པ་རྒྱ་མཚོ་ལྟ་བུ་གསན། འཆད་སྤེལ་དང་གྲུབ་པའི་ཕྲིན་ལས་ཀྱིས་བསྟན་འགྲོའི་ཕན་བདེ་སྤེལ། སྔ་མའི་སྲས་ཁྲི་ཆེན་


JKT018_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་བདུད་འདུལ་དབང་ཕྱུག་གམ་ཀུན་དགའ་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། འཇམ་མགོན་ཀུན་དགའ་རྒྱལ་མཚན། མགོན་པོ་དངོས་གྲུབ་དཔལ་འབར་རྣམས་བྱོན་པ་ལས། ཡབ་རྗེ་དང་། གནས་ལྔ་རིག་པའི་པཎྜི་ཏ་ཀུན་དགའ་བཀྲ་ཤིས་ལས་རང་ལུགས་གཙོ་བོར་གྱུར་པའི་གདམས་པའི་གསན་བསམ་ཉམས་བཞེས་འཆད་སྤེལ་སོགས་གནང་། ཁྲི་ཆེན་སྲས་ཁྲི་ཆེན་བཀྲ་ཤིས་རིན་ཆེན་གྱིས་ཡབ་རྗེ་དང་། ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་གསན་བསམ་དང་། སྔགས་འཆང་ཀུན་དགའ་རིན་ཆེན་སྲས་འཇམ་མགོན་རྡོ་རྗེ་རིན་ཆེན་གྱིས་ཡབ་རྗེ་དང་། །འཇམ་མགོན་ཀུན་དགའ་རྒྱལ་མཚན། ཡོངས་འཛིན་བློ་གྲོས་རྒྱ་མཚོ་སོགས་ལས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་གསན། སྐུ་ན་ཕྲ་མོ་ནས་དམ་པའི་རིགས་སད་པའི་སྤྱོད་པ་ངོ་མཚར་བསམ་གྱིས་མི་ཁྱབ་པ་དང་། འཆད་སྤེལ་གྱི་ཕྲིན་ལས་རྒྱུན་མི་འཆད་པར་མཁས་དང་གྲུབ་པའི་གཙུག་གི་ནོར་བུར་ཞབས་ཀྱི་པདྨོ་བརྟན་བཞིན་པ་འདི་ལྟར་ལགས་སོ།། ༈ །།གདན་ས་འོག་མ་གཙང་རྩེ་གདོང་ནི། བདག་ཆེན་ཀུན་དགའ་བསམ་འགྲུབ་སོགས་དུས་མཆོད་བླ་བྲང་གི་གདུང་རབས་རྣམས་ཀྱིས་སྐྱོང་། ཁྲི་ཆེན་བསོད་ནམས་ལྷུན་གྲུབ་སོགས་བསྟན་འཛིན་དམ་པའང་མང་དུ་བྱོན། ཕྱིས་སུ་གདུང་


JKT018_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

རབས་མེད་ཀྱང་། བར་སྐབས་སྐྱེ་སྤྲུལ་རིམ་བྱོན་དང་། དེང་སང་ས་སྐྱ་ནས་ཞལ་འཛིན་གནང་།། ༈ །།གཞན་ཡང་དཔལ་ས་སྐྱ་པའི་བརྒྱུད་འཛིན་གྲགས་ཆེ་བ་འགའ་ཞིག་གི་གདན་ས་ལ། ངོར་ཨེ་ཝཾ་ཆོས་ལྡན་ནི། འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོའི་ཡེ་ཤེས་གཟིགས་པའི་ནོར་བུའི་མེ་ལོང་གཙང་མར་ཇི་ལྟར་ཤར་བ་བཞིན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་དགུང་ལོ་ཞེ་བརྒྱད་པ་ས་བྱ་ལོར་བཏབ། དེ་ལ་རྗེ་རྡོ་རྗེ་འཆང་འདི་ཉིད་ནི། འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། དེ་ཚེ་འཇིག་རྟེན་མགོན་པོའི་སྤྲུལ་པ་འབྱུང་། །དེ་ཚེ་དགེ་སློང་ཀུན་དགའ་བཟང་པོར་སྤྲུལ། །ཚུལ་ཁྲིམས་ཀྱིས་ཀྱང་ཁྱད་པར་འཕགས་གྱུར་ལ། །ཐོས་པ་མང་ཞིང་ཕ་རོལ་ཕྱིན་པས་འཕགས། །ཅེས་སོགས་དང་། མདོ་སྡེ་པདྨ་དཀར་པོ་ལས། ཀུན་དགའ་བཟང་པོ་ང་ཡི་ཆོས་འཛིན་པ། །བདེ་གཤེགས་བྱེ་བ་དྲུག་ཅུ་མཆོད་བྱས་ནས། །མ་འོངས་དུས་ཀྱི་ཚེ་ན་རྒྱལ་བར་འགྱུར། །ཞེས་རྡོ་རྗེའི་ལུང་གིས་གསལ་བར་བསྔགས་པ་བཞིན་འོད་གསལ་འཁོན་གྱི་རིགས་སུ་འཁྲུངས། ཆུང་ངུ་ནས་དད་བརྩོན་ཤེས་རབ་སོགས་རིགས་ཀྱི་རྟགས་རྣམས་སད། ཤར་ཆེན་ཡེ་ཤེས་རྒྱལ་མཚན། གྲུབ་ཆེན་བུདྡྷ་ཤྲཱི། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་སོགས་ལས་ཟབ་རྒྱས་ཀྱི་གདམས་པ་རྒྱ་


JKT018_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལྟ་བུ་གསན། མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད། བསྒོམ་པས་ཉམས་སུ་བླངས་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། འོད་གསལ་གྱི་སྣང་བར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་སོགས་ཀྱིས་རྗེས་སུ་བཟུང་། འཆད་སྤེལ་གྱི་ཕྲིན་ལས་ཀྱིས་རྒྱལ་བའི་བསྟན་པ་ལ་སྟོན་པ་གཉིས་པའི་བྱ་བ་མཛད། སྔགས་ཕྱོགས་གཙོ་བོར་གྱུར་པའི་གསུང་རབ་གླེགས་བམ་བཞི་བཞུགས། ལྷག་པར་རྒྱུད་སྡེ་བཞིའི་སྨིན་གྲོལ་གྱི་གདམས་པ་མཁའ་ཁྱབ་ཏུ་སྤེལ་བས་རྡོ་རྗེ་ཐེག་པའི་བསྟན་པ་ལ་བཀའ་དྲིན་མཚུངས་པ་མེད་པའི་ཕྱིར་རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་ཞེས་གྲགས་དཀར་གྱི་ཡི་གེ་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ་བཀོད། མཁས་ཤིང་དངོས་གྲུབ་བརྙེས་པའི་ཞལ་སློབ་ཀྱང་བསམ་གྱིས་མི་ཁྱབ་པ་བྱོན་པས་སྟོད་མངའ་རིས་ནས་སྨད་རྒྱ་མཚམས་ཡན་ཆད་དུ་ཕྲིན་ལས་གྱི་རྒྱུན་སྐྱོང་བའི་ཆོས་སྡེ་ཆེ་ཕྲ་བགྲང་གིས་མི་ལང་། དེ་ལྟར་རྗེ་རྡོ་རྗེ་འཆང་ཉིད་དགུང་ལོ་དོན་ལྔ་པར་གྲུབ་མཐའ་རྙོགས་ནས་གཟུགས་སྐུའི་བཀོད་པ་བསྡུས་པའི་རྗེས་གདན་སར་འཁོར་ལོ་སྡོམ་པ་ངུར་སྨིག་གར་གྱིས་རོལ་པ་མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་བཞུགས་ཏེ། དེ་ཡང་མུས་སྟག་མོ་གླིང་སྐྱར་ཞང་གི་རིགས་སུ་འཁྲུངས། རོང་སྟོན་དང་། རྡོ་རྗེ་འཆང་སོགས་


JKT018_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་འཛིན་བཞི་བཅུ་ཙམ་བསྟེན་ནས་ཐོས་བསམ་སྒོམ་གསུམ་གྱི་ཕ་རོལ་སོན། རྡོ་རྗེ་འཆང་གཤེགས་རྗེས་གདན་ས་ལོ་གསུམ་དུ་མཛད་ཅིང་། གཤེགས་རྗེས་ཀྱི་བྱ་བ་དང་། འཆད་སྤེལ་གསུང་འབུམ་པོད་གཅིག་ཡོད། རྒྱུན་བསྲིངས། ཞལ་སློབ་ཀྱང་ཀུན་མཁྱེན་བསོད་ནམས་སེང་གེ་སོགས་ཚོགས་བཤད་དང་། བདག་ཆེན་རྡོ་རྗེ་འཆང་སོགས་སློབ་བཤད་ཀྱི་བརྒྱུད་འཛིན་རྣམས་བྱོན་པས་ཚོགས་སློབ་ཐམས་ཅད་ཀྱི་འབྱུང་གནས་ཀྱང་རྗེ་འདི་ཉིད་ཡིན་ནོ། །ཕྱིས་མུས་བསམ་གཏན་ཕུག་ཏུ་ཐུགས་དམ་གོང་འཕེལ་དུ་མཛད་ཅིང་གྲུབ་པའི་སར་གཤེགས། དགུང་ལོ་བརྒྱད་ཅུ་རྩ་གསུམ་པར་གཟུགས་སྐུའི་སྤྲོས་པ་བརྟུལ། དེ་ནས་རིམ་བར་གཙང་ཆུ་མིག་པ་འགར་སྟོན་འཇམ་དབྱངས་འཇམ་དབྱངས་ས་པཎ་གྱིས་རྗེས་སུ་བཟུང་། གསུང་རབ་མང་ཙམ་བཞུགས།ཤེས་རབ་༣རྒྱ་མཚོ། ངོར་ཆེན་གྱི་དབོན་གྲུབ་ཆེན་བིརླ་པའི་རྣམ་འཕྲུལ་རྒྱལ་ཚབ་དམ་པ་ཀུན་དགའ་༤དབང་ཕྱུག གསུང་འབུམ་པོད་གཅིག་བཞུགས། དཔལ་ས་སྐྱ་པའི་བསྟན་འཛིན་མདོ་སྔགས་གཉིས་ཀ་ལ་མཁས་པ་གོ་བོ་རབ་འབྱམས་པ་ཀུན་མཁྱེན་བསོད་ནམས་སྔགས་ཕྱོགས་གླེགས་བམ་བཞི་དང་། མདོ་ཕྱོགས་ཤིན་ཏུ་མང་བར་བཞུགས། སེང་གེ་༥སྟེ་འདི་ཡན་ཐམས་ཅད་རྗེ་རྡོ་རྗེ་འཆང་གི་ཐུགས་སྲས་ཡིན། ངོར་ཆེན་དབོན་རྒྱུད་ཡོངས་འཛིན་དཀོན་འདི་སྐབས་རྗེ་རྡོ་རྗེ་


JKT018_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་གི། བསྟན་པ་དཀར་འབྱམས་སུ་བཏང་། ལུང་བསྟན་གནང་བ་ལྟར་བསྟན་པ་དར་རྒྱས་ཆེ། མཆོག་འཕེལ་བ་༦། མུས་ཆེན་དབོན་མཁས་གྲུབ་ཆེན་པོ་སངས་༧རྒྱས་ལམ་འབྲས་ཁྲིད་ཡིག་སོགས་གསུང་འབུམ་པོད་གཅིག རིན་ཆེན། སློབ་དཔོན་བསོད་ནམས་རྩེ་ངོར་ཆེན་དབོན་བརྒྱུད། མོས་རྗེས་སུ་བཟུང་བའི་རྒྱལ་བ་ལྷ་མཆོག སེང་གེ་ར། ངེས་པར་ཐམས་ཅད་མཁྱེན་ཡོངས་འཛིན་རིན་པོ་ཆེའི་སྣག་དབོན། དངོས་འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ་༩། བཀའ་འབུམ་པོད་བཞི་བཞུགས། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་རྣམ་འཕྲུལ་མདོ་སྔགས་རབ་འབྱམས་སྨྲ་བ་འཇམ་དབྱངས་སངས་རྒྱས་སེང་ངོར་ཆེན་དབོན་བརྒྱུད། གེ་༡༠། མཁས་ཤིང་དངོས་གྲུབ་བརྙེས་པའི་མཚུངས་མེད་དཀོན་མཆོག་དཔལ་ལྡན་༡༡། དཀོན་མཆོག་ལྷུན་གྲུབ་རུས་དབོན་བརྒྱུད་ཡིན། གསུང་རབ་ཀྱང་འགའ་ཞིག་ཡོད། བྲང་ཏི་མཁས་པའི་རིགས་འཁྲུངས་གནས་ལྔ་རིག་ལའི་མ་ཧཱ་པཎྜི་ཏ་ཐར་རྩེ་ནམ་མཁའ་དཔལ་བཟང་༡༢། རྡོར་ཕྲེང་སོགས་ལེགས་བཤད་པོད་གསུམ། དཔལ་ས་སྐྱ་པའི་སྐུ་ཞང་བདག་ཆེན་ཤར་པའི་རིགས་འཁྲུངས་བྱམས་པ་ཀུན་དགའ་བཀྲ་ཤིས་༡༣། དཔལ་ས་སྐྱ་པ་རྩེ་གདོང་ཁྲི་ཆེན་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་༡༤། མཁས་ཤིང་གྲུབ་པའི་དབང་ཕྱུག་སྒྲུབ་ཁང་པ་དཔལ་ས་སྐྱའི་དབོན་ཆེན་འོད་ཟེར་སེངྒེའི་བརྒྱུད་པར་འཁྲུངས། གསུང་རབ་པུ་ཏི་གཅིག་ཡོད་པ་ལེགས་


JKT018_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་རྒྱ་ཆེ། ལྡན་དོན་གྲུབ་༡༥། བྲང་ཏི་མཁན་ཆེན་གྲུབ་པའི་དབང་ཕྱུག་ནམ་མཁའ་སངས་རྒྱས་༡༦། དཔལ་ལྡན་ཨ་ཏི་ཤའི་རྣམ་འཕྲུལ་མཁྱེན་རབ་དང་ཕྲིན་ལས་ཚད་མེད་པ་ཤར་ཆེན་ཤེས་རབ་འབྱུང་གནས་༡༧། བྲང་ཏི་མཁན་ཆེན་ནམ་མཁའ་རིན་ཆེན་༡༨། བདག་པོ་རྒྱལ་རྩེ་བ་བྱང་པ་ངག་དབང་བསོད་ནམས་རྒྱལ་མཚན་༡༩། ངོར་ཚར་གཉིས་ཀའི་བརྒྱུད་འཛིན། སྣར་ཐང་དཔལ་འབྱོར་གླིང་པ་ཁང་གསར་མཁན་ཆེན་༢༠བསོད་ནམས་རྒྱ་མཚོ། སྒྲུབ་ཁང་པའི་དབོན་མཁན་ཆེན་འཇམ་དབྱངས་དཔལ་མཆོག་རྒྱལ་༢༡མཚན། འདིར་སྡེ་དགེར་ཕེབས་པའི་མཁན་རབས་ཀྱི་ཐོག་མ། ཧོར་སེ་ཆེན་གན་གྱི་བརྒྱུད་ལས་འཁྲུངས་པའི་འདྲེན་མཆོག་ནམ་མཁའ་དཔལ་འདི་ཐར་རྩེར་གདན་ཚབ་མཛད། བཟང་༢༢། ཤར་མི་ཉག་གི་སྟོན་པ་འཇམ་མགོན་ལྷུན་གྲུབ་དཔལ་ལྡན་༢༣། མངའ་རིས་སྨད་པ་སྙིགས་དུས་བསྟན་པའི་ཉི་མ་མཁན་ཆེན་འཇམ་པའི་དབྱངས་སངས་རྒྱས་ཕུན་༢༤ ཚོགས། བདག་ཆེན་ཤར་པའི་རིགས་འཁྲུངས་བྱང་ཆུབ་སེམས་དཔའ་ཆེན་པོ་སངས་རྒྱས་བསྟན་འཛིན་༢༥། ཤབས་སྟོད་རྫི་ལུང་པ་མཁན་ཆེན་བྱམས་པ་ཤེས་བྱ་བཟང་༢༦ ཐར་རྩེའི་སྣག་དབོན། པོ། ཤར་མི་ཉག་ར་བ་སྒང་པ་འཇམ་དབྱངས་ངུར་སྨིག་གར་རོལ་བྱམས་པ་ཚུལ་ཁྲིམས་དཔལ་བཟང་༢༧། གཙང་ཕྱུག་གཞུང་སྤེལ་སྐྱ་


JKT018_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཚུངས་མེད་བསོད་ནམས་དཔལ་ལྡན་༢༨། མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱི་ཕྱག་ཕྱིར་སྡེ་དགེར་ཡང་ཕེབས། ཁང་གསར་པ་གྲུབ་པའི་དབང་ཕྱུག་འཇམ་མགོན་བྱམས་པ་བསོད་ནམས་བཟང་པོ་༢༩། དཔལ་མར་མེ་མཛད་ཀྱི་རྣམ་འཕྲུལ་གཙང་མདོ་མཁར་བ་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་༣༠། མཁྱེན་རབ་མཐའ་ཡས་པའི་མངའ་བདག་བྱམས་པ་ཚུལ་ཁྲིམས་ལྷུན་གྲུབ་༣༡། ཤར་དར་རྩེ་མདོར་འཁྲུངས། བྲང་ཏི་མཁན་ཆེན་གྲུབ་པའི་དབང་ཕྱུག་བྱམས་པ་ནམ་མཁའ་བསམ་འགྲུབ་༣༢། རྣལ་འབྱོར་དབང་ཕྱུག་གི་རྣམ་འཕྲུལ་མཁན་ཆེན་རྡོ་རྗེ་འཆང་དཔལ་ལྡན་ངོར་སྤྲེལ་གྲོང་དུ་འཁྲུངས། ཆོས་སྐྱོང་༣༣། མཚུངས་མེད་མཁས་ཤིང་གྲུབ་པ་འཇམ་མགོན་སངས་རྒྱས་དཔལ་༣༤བཟང་། ཁང་གསར་པ་མཁན་ཆེན་བྱམས་པ་བསོད་ནམས་ལྷུན་༣་གྲུབ། ཤར་ཆེན་བྱང་ཆུབ་སེམས་དཔའ་རིན་ཆེན་མི་འགྱུར་རྒྱལ་མཚན་༣༦། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་སྐུ་དབོན་འཇམ་དབྱངས་ཆོས་ཀྱི་བླ་མ་སངས་རྒྱས་༣༧ཡེ་ཤེས། འཇམ་དབྱངས་ཆོས་ཀྱི་རྗེ་དཀོན་མཆོག་གྲགས་པ་༣༨། ཁང་གསར་པ་ངག་དབང་ཆོས་སྐྱོང་བཟང་པོ། ༣༩མཁས་གྲུབ་སངས་རྒྱས་གྲགས་པ་༤བ། མཚུངས་མེད་ཕུན་ཚོགས་དོན་གྲུབ་༤༡། མཁས་གྲུབ་ཆེན་པོ་བྱམས་པ་ཀུན་དགའ་བསོད་ནམས་༤ ༢། བྲང་ཏི་མཁན་ཆེན་ཐམས་ཅད་།


JKT018_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་བྱམས་པ་ནམ་མཁའ་༤ ༣འཆི་མེད། རབ་འབྱམས་ཤེས་བྱ་ཀུན་གཟིགས་མཁས་གྲུབ་ངག་དབང་དམ་ཆོས་༤༤། སྨྲ་བའི་དབང་ཕྱུག་མཁན་ཆེན་བསོད་ནམས་དཔལ་༤༥འབྱོར། །བྲང་ཏི་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་༤༦བསྟན་འཛིན། ཁང་གསར་པ་ངག་དབང་བློ་གྲོས་བཟང་༤ ༧པོ། ༠༠༠ རབ་འབྱམས་སྨྲ་བའི་དབང་པོ་ཡོངས་འཛིན་པཎྜི་ཏ་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་༤༨། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་སྐུ་དབོན་རིན་ཆེན་མཆོག་གྲུབ་ཀྱི་རྣམ་འཕྲུལ་བྱམས་པ་དཔལ་ལྡན་བཟང་པོ། བྲང་ཏི་མཁན་ཆེན་བྱང་ཆུབ་སེམས་དཔའ་རིགས་བརྒྱའི་ཁྱབ་བདག་རྣལ་འབྱོར་འཇམ་དཔལ་བཟང་(༠པོ། ཁང་གསར་པ་མཁན་ཆེན་མཚུངས་མེད་ངག་དབང་བློ་གྲོས་བརྟན་འཛིན་གྱི་བར་དུ་བྱོན་ནས་པཎྜི་ཏས་བཤད། ལོ་ཙཱ་བས་བསྒྱུར། གྲུབ་ཐོབ་ཀྱིས་བསྒོམ། མཁས་པ་རྣམས་ལ་ཚད་མར་གྲགས་པའི་མདོ་རྒྱུད་བསྟན་བཅོས་དང་བཅས་པ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་དང་ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་ཇི་ལྟར་བཀྲལ་བ་བཞིན་དུ་ལུང་རིགས་ཀྱི་བཤད་པ། སྒོམ་སྒྲུབ་ཀྱི་ཉམས་ལེན། ཆོ་གའི་ཕྱག་ལེན་ཕྲ་མོ་ཚུན་ཚད་ཀྱང་གཞན་དང་མ་འདྲེས་པར་བསྐྱངས་པས་དཔྱད་པ་གཙང་ཞིང་བློ་གྲོས་ཀྱི་པདྨོ་རྒྱས་པ་རྣམས་ཀྱིས་གཅིག་ཏུ་བསྔགས་པའི་གཞིར་


JKT018_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ཡིན་ནོ།། ༈ །།འཕེན་ཡུལ་ནཱ་ལེནྡྲ་སྟེ་བོད་སྐད་དུ་རྒྱུན་གྱི་དབང་པོར་གྲགས་པའི་ཆོས་གྲྭ་ནི། པཎྜི་ཏ་ཀ་མ་ལ་ཤཱི་ལ་དང་། རྨ་ལོ་ཙཱ་བ་རིན་ཆེན་མཆོག་གི་རྣམ་འཕྲུལ་རོང་སྟོན་སྨྲ་བའི་སེངྒེ་ཤེས་བྱ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་གྱིས་དགུང་ལོ་བདུན་ཅུ་པ་མེ་འབྲུག་ལོར་བཏབ། གཟིམ་ཁང་འོག་མ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་སོགས་ཀྱིས་བསྐྱངས། སྔར་མཚན་ཉིད་ཀྱི་གྲྭ་ས་ཆེན་པོར་གྱུར་ཀྱང་། བར་སྐབས་ཉམས་ཆག་བྱུང་བའི་རྐྱེན་གྱིས་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས། ལོ་ཙཱ་བ་ལྕེ་ཁྱི་འབྲུག་སོགས་ཀྱི་རྒྱུད་ལས་འཁྲུངས་པ་ཞྭ་ལུ་སྐུ་ཞང་མཁྱེན་རབ་ཆོས་རྗེ་རིན་ཆེན་མཆོག་གྲུབ་འབྱོན་པར་བསྐུལ་ཏེ་སྔགས་ཀྱི་གྲྭ་ཚང་དུ་བསྒྱུར་བས། ཕྱིས་མཁྱེན་རབ་བསྟན་འཛིན་བཟང་པོ་དང་། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། དབོན་མཁྱེན་བརྩེ་རབ་བརྟན་སོགས་ཆོས་རྗེ་བཅོ་བརྒྱད་པ་གོང་འོག་རྣམས་དང་། ཞབས་དྲུང་ནོར་བུ་ལགས་ཀྱི་སྐུ་སྐྱེ་མཁས་གྲུབ་སངས་རྒྱས་བསྟན་འཛིན། ཐམས་ཅད་མཁྱེན་པ་བྱམས་པ་ངག་དབང་བསྟན་འཛིན་ཕྲིན་ལས། ལྕེ་བཙུན་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་བར་གྱི་གཟིམ་འོག་སྐུ་ཕྲེང་རིམ་བྱོན་གྱིས་ཟབ་གསང་སློབ་བཤད་ཀྱི་སེངྒེའི་སྒྲ་ཆེན་པོ་སྒྲོགས་པས་མཚོན། རྒྱུད་དང་མན་ངག་རྒྱ་མཚོའི་འཇུག་


JKT018_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ངོགས་སུ་གྱུར།། ༈ །།གངས་དཀར་རྡོ་རྗེ་གདན་ནི། མཐུ་སྟོབས་ཀྱི་དབང་ཕྱུག་བུ་སྟོན་ཀུན་དགའ་རྣམ་རྒྱལ་གྱིས་བཏབ། ས་སྐྱ་རྫོང་ལུགས་དང་། བུ་ལུགས་འདྲེས་མའི་ཆོས་རྒྱུན་བསྐྱངས། བར་སྐབས་སུ་དར་རྒྱས་ཤིན་ཏུ་ཆེ་བར་བྱུང་ཞིང་། དེང་སང་ཡང་རྒྱུད་སྡེ་བཞི་དང་འབྲེལ་བའི་སྨིན་གྲོལ་སྒྲུབ་མཆོད་སོགས་རྒྱུན་ཕལ་ཆེར་མ་ཉམས་པར་ཡོད།། ༈ །།གཙང་ངོམས་རིང་གི་ཆོས་སྡེར། མཁན་པོ་ཤཱཀྱ་སེངྒེ་སོགས་རིམ་པར་བྱོན། མཚན་ཉིད་ཀྱི་གྲྭ་ས་ཆེ་ཤོས་གཅིག་ཡིན།། ༈ །།གཙང་རོང་འབྲས་ཡུལ་སྐྱེད་ཚལ་ནི། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་གྱིས་དགུང་ལོ་སོ་དགུ་པ་ས་སྦྲུལ་ལོར་བཏབ་ཅིང་། མཚན་ཉིད་ཀྱི་གྲྭ་ས་ཆེན་པོར་གྱུར། དེ་ལས་མཚན་ཉིད་པའི་གྲྭ་སའང་མང་དུ་ཡོད།། ༈ །།གཙང་གསེར་མདོག་ཅན་ནི། པཎ་ཆེན་དོན་ཡོད་དཔལ་བས་བཏབ། པཎ་ཆེན་ཤཱཀྱ་མཆོག་ལྡན་དགུང་ལོ་ཞེ་གཉིས་ལོན་པའི་ཚེ་ཕེབས་ནས་དར་རྒྱས་སུ་མཛད་པས། བར་སྐབས་དགོན་མ་ལག་དང་བཅས་པ་ཤིན་ཏུ་དར་བར་གྱུར་ཀྱང་། དེང་སང་ནི་དགེ་འདུན་གྱི་སྡེ་མ་སྟོང་ཙམ་ལས་མེད། ༈ །།གཙང་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་ནི། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེས་དགུང་ལོ་ཞེ་ལྔ་པ་ཆུ་སྦྲུལ་ལོར་བཏབ། དེང་


JKT018_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སང་ཡང་བཤད་གྲྭ་མ་ཉམས་པར་ཡོད་ཅིང་། དཔལ་ས་སྐྱ་པའི་ལྷ་ཁང་ཆེན་མོའི་མཚན་ཉིད་གྲྭ་ཚང་ཡང་འདིའི་བཤད་རྒྱུན་ལས་བྱུང་བ་སོགས་དགོན་ལག་ཀྱང་མང་དུ་འཕེལ།། ༈ །།གཉན་ཡོད་བྱ་རྒོད་གཤོང་ནི། པཎ་ཆེན་འབུམ་ཕྲག་གསུམ་པས་དགུང་ལོ་ང་བདུན་པ་ས་བྱ་ལོར་བཏབ། མཚན་ཉིད་ཀྱི་རིང་ལུགས་འཛིན་པ་ཆེ་ཤོས་ཞིག་ཡིན།། ༈ །།གཙང་ཉང་སྟོད་ཤེལ་མཁར་རྒྱལ་རྩེའི་ཆོས་སྡེ་ནི། ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་བཏབ། ས་བུ་དགེ་གསུམ་གྱི་གྲྭ་ཚང་ཁག་བཅུ་དྲུག་ཙམ་ཡོད་ཅིང་དེང་སང་ཡང་དར་རྒྱས་ཆེ། ༈ །གཙང་སྟོད་འདར་གྲང་མོ་ཆེ་ནི། ཚར་ཆེན་བློ་གསལ་རྒྱ་མཚོའི་གདན་སའི་མཐིལ་དུ་མཛད། དེང་སང་ཡང་དེའི་རིང་ལུགས་འཛིན་པའི་སྡེ་མ་ཉམས་པར་ཡོད།། ༈ །།ཡར་ཀླུང་བཀྲ་ཤིས་ཆོས་སྡེ་ནི། ཚར་ཆེན་གྱི་སློབ་མ་མཐུ་སྟོབས་ཀྱི་དབང་ཕྱུག་ཡོལ་པ་རྡོ་རྗེ་འཆང་གཞོན་ནུ་བློ་གྲོས་ཀྱིས་བཏབ། ཕྱིས་སུ་ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་སོགས་གནས་གསར་པའི་དབོན་དང་སྐུ་སྐྱེ་རིམ་བྱོན་གྱིས་སྐྱོང་། །ཡང་དཔལ་ས་སྐྱ་པའི་སྙན་བརྒྱུད་རྒྱ་མཚོའི་མཛོད་འཆང་བ། ཆོས་རྗེ་ཚར་པའི་ལུགས་སྲོལ་འདི་ནི། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་གཙོ་བོར་ངོར་ཆེན་རྡོ་རྗེ་འཆང་ནས་མུས་ཆེན་


JKT018_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་དང་། དེས་བདག་ཆེན་རྡོ་རྗེ་འཆང་ཉིད་ལ་ཆིག་བརྒྱུད་དུ་གནང་། གཞན་ཡང་ཡབ་འཇམ་དབྱངས་ཆོས་རྗེ་ནས་བརྒྱུད་པ་སོགས་བརྒྱུད་སྲོལ་གསུམ་གྱི་བཀའ་ཐམས་ཅད་བདག་ཆེན་རྡོ་རྗེ་འཆང་ལ་བབས། དེ་བཞིན་དུ་གསེར་ཆོས་བཅུ་གསུམ་དང་། མགོན་པོ་ཆེ་ཆུང་སོགས་ཆོས་རྗེ་བླ་མ་དམ་པ་ནས་ཡར་ཀླུང་པ་རྣམས་ལ་བརྒྱུད་པ་དང་། ཞལ་ངོ་ཆིག་བརྒྱུད་དུ་བྱོན་པ་སོགས་དཔལ་བརྩེ་བ་ཆེན་པོའི་རྣམ་འཕྲུལ། མཁས་པའི་ཅོད་པན། གྲུབ་པའི་གཙུག་རྒྱན། ཟབ་རྒྱས་གདམས་པའི་རྒྱ་མཚོ་བདག་ཆེན་རྡོ་རྗེ་འཆང་ཉིད་ལ་བཀའ་བབས། དེ་ལ་ཞལ་གྱི་བདུད་རྩི་བཞེས་པའི་སློབ་མ་བསམ་གྱིས་མི་ཁྱབ་ཀྱང་། ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཀྱི་གདམས་པ་བུམ་པ་གང་འབྱོར་སྩལ་བའི་ཡུལ་ནི། སངས་རྒྱས་འཁོར་བ་འཇིག་ཉིད་འཕགས་བོད་ཀྱི་བར་བརྒྱུད་མར་བྱོན་པའི་རྗེ་བཙུན་རྡོ་རིང་པ་ཀུན་སྤངས་ཀུན་བཟང་ཆོས་ཀྱི་ཉི་མ་བློ་ལྡན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཉིད་ཡིན་ཏེ། རྗེ་འདིས་སྤྱིར་རྡོ་རྗེ་འཆང་།ཀུན་དགའ་བཟང་པོ་ཡབ་སྲས་སོགས་གསར་རྙིང་རིས་མེད་ཀྱི་མཁས་གྲུབ་དམ་པ་བདུན་ཅུ་རྩ་གཉིས་བསྟེན། མདོ་སྔགས་ཀྱི་གདམས་པ་རྒྱ་མཚོར་ལུང་རིགས་ཀྱི་སྒྲོ་འདོགས་བཅད། ཁྱད་པར་བདག་


JKT018_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྡོ་རྗེ་འཆང་གི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ནས་གསུང་ངག་རིན་པོ་ཆེས་མཚོན་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་གདམས་པ་མཐའ་དག་གསན་བསམ་མཐིལ་ཕྱིན་པར་མཛད། ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་བྱང་ཆུབ། ཁའུ་བྲག་རྫོང་ནག་པོའི་རི་ཁྲོད་སོགས་དབེན་པའི་རི་སུལ་རྣམས་སུ་སྐུ་ཚེ་རིལ་པོར་ཐུན་བཞིའི་རྣལ་འབྱོར་ལས་ནམ་ཡང་མི་འདའ་བས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཟབ་གསང་སེངྒེའི་སྒྲ་དབྱངས་རྒྱུན་མི་འཆད་པར་བསྒྲགས་ཏེ་སྙན་བརྒྱུད་ཟབ་མོའི་གདམས་པ་སྲིད་མཐར་སྤེལ་བས་རྗེ་བཙུན་ཁའུ་པའི་རིང་ལུགས་ཅེས་གྲགས་པའི་རྒྱུད་མང་བསྒྲེངས། དེ་ལ་སློབ་མ་མང་དུ་བྱོན་པའི་ནང་ནས་ཐུགས་ཀྱི་སྲས་གཅིག་པུ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་བློ་གསལ་རྒྱ་མཚོ་ནི། རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་ཆེན་བི་རཱུ་པ་དང་གངས་ཅན་གྱི་ལྗོངས་འདིར་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་སོགས་མཁས་པ་དང་གྲུབ་པའི་སྐྱེ་བའི་ཕྲེང་བ་མེ་ཏོག་མནྡ་རའི་ཕྲེང་བ་ལྟ་བུ་ཚར་དུ་དངར་བ་བཟུང་བའི་མཐར། མང་མཁར་མུ་གུ་ལུང་དང་ཉེ་བའི་ནོར་འཛིན་གྱི་ཐིག་ལེར་མཚན་དཔེའི་མེ་ཏོག་ཐོག་མར་འཁྲུངས་པ་ནས་མཁས་བཙུན་བཟང་པོའི་ཡོན་ཏན་ངང་གིས་སད། རྡོ་རྗེའི་ཆོས་སྲུང་རྣམས་ཀྱིས་རྣམ་འཕྲུལ་དུ་མས་ཕྲིན་ལས་བསྒྲུབས།


JKT018_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གདན་གསུམ་རྡོ་རྗེའི་དཀྱིལ་འཁོར་གསལ་བར་གཟིགས་པ་སོགས་དང་། ངོ་མཚར་པའི་རྣམ་ཐར་དུ་མ་དང་བཅས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་མཚན་ཉིད་ཀྱི་ཐེག་པ་ལ་སྦྱངས་པས་ལུང་རིགས་སྨྲ་བ་རྣམས་ཀྱི་ཁེངས་པའི་རུ་ཚོན་བརྟུལ། སྔོན་གྱི་སྨོན་ལམ་སད་པས་རྗེ་བཙུན་ས་སྐྱ་པའི་རིང་ལུགས་དང་། གྲུབ་པའི་ཁྱུ་མཆོག་རྡོ་རིང་པར་འཕྲོག་ཏུ་མེད་པའི་དད་པས་རྒྱུ་བྱས། རྡོ་རྗེ་རྣལ་འབྱོར་མས་མངོན་སུམ་དུ་ལུང་གི་སྐབས་དབྱེ་བས་རྐྱེན་སྦྱར་ཏེ་གངས་རིའི་ཁྲོད་ཀྱི་ཨོ་ཌི་ཡ་ན་གཉིས་པ་ཁའུ་བྲག་རྫོང་ནག་པོའི་རི་ཁྲོད་དུ་ཕེབས། ས་སྐྱ་ཚད་ཀྱི་རྣ་བར་མ་གྲགས་པའི་སློབ་བཤད་སྙན་བླ་བརྒྱུད་ཚད་མ་བཞི་ལྡན་གྱིས་མཚོན། ཟབ་རྒྱས་ཀྱི་གདམས་པ་བསམ་གྱིས་མི་ཁྱབ་པ་གསན། དེ་ཡང་གསན་ལོ་ཙམ་དུ་མ་བཞག་པར་ཕྱག་ལེན་ཕྲ་མོ་ཚུན་བསམ་བྱུང་གིས་སྒྲོ་འདོགས་བཅད་དེ། བསྒོམས་པས་ཉམས་སུ་བླངས་པས་དྲོད་རྟགས་མངོན་དུ་གྱུར། ཆོས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཟིགས། ཆོས་ཅན་གྱི་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་ཤར། རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱིས་བྲན་བཞིན་དུ་བྱ་བ་བྱེད། ཁྱད་པར་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་ཁྲི་ལ་ཞབས་པད་བཀོད་པ་ན་འཆི་བདག་ལས་ཀྱི་གཤིན་རྗེས་དམ་ཚིག་གི་རྡོ་རྗེ་སྤྱི་བོར་བླངས་པས་དཔྱོད་ལྡན་རྣམས་ཀྱིས་འཇམ་


JKT018_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཁྲོས་པ་ངུར་སྨྲིག་གར་གྱིས་རོལ་པར་ངེས་པ་རྙེད། གཞན་ཡང་རིས་མེད་པའི་དམ་པ་དྲུག་ཅུ་རྩ་གསུམ་བསྟེན་ནས་གངས་ཅན་གྱི་ལྗོངས་སུ་ཡོད་དོ་ཅོག་གི་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པའི་གདམས་པ་ཟབ་མོ་མཐའ་དག་གི་བཀའ་བབས་པས་སྙིགས་དུས་ཀྱི་རྡོ་རྗེ་འཆང་གཉིས་པར་གྱུར། འདར་གྲང་མོ་ཆེ། མང་མཁར་ཐུབ་བསྟན་དགེ་འཕེལ། ཆ་ལུང་རྡོ་རྗེའི་བྲག་རྫོང་སོགས་སུ་བཞུགས་ནས་བཤད་སྒྲུབ་སྤེལ་མར་མཛད་གསུང་རབ་པོད་བཞི་ཙམ་ཡོད། པས། མཁས་པ་དང་གྲུབ་པའི་པདྨའི་རྫིང་བུ་དར་ལ་བབས་པའི་གྲགས་དཀར་སྦྲང་རྩིའི་བསུང་ཞིམ་གྱིས་རང་དང་གཞན་གྱི་དམ་པའི་སྐྱེས་བུ་སྐལ་བཟང་གི་བུང་པའི་ཚོགས་སྤྲིན་བཞིན་དུ་ངང་གིས་འདུ་བ་ལ། སྙན་བརྒྱུད་ཟབ་མོའི་བདུད་རྩི་ལྷུག་པར་སྩལ་བས་ལུང་དང་། མངོན་པར་རྟོགས་པས་རྒྱུད་ཕྱུག་པའི་ཞལ་སློབ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བ་ལས། གཙོ་བོར་གསུང་གི་གསང་བ་ཇི་བཞིན་དུ་འཛིན་པ་ནི་སྐུའི་སྐྱེ་བ་དུ་མར་ཡབ་སྲས་སུ་འབྲེལ་བས་སྐུ་ཚེ་འདིར་ཡང་ཚར་ཆེན་ཡབ་སྲས་ཞེས་མཚན་གྱི་ཡི་གེ་འབྲེལ་མར་གསལ་ཞིང་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར་པ་ལྷ་རིགས་འ་ཞྭའི་རྒྱུད་དུ་འཁྲུངས་པ་གནས་གསར་པ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་སྟེ། དམ་པ་འདིས་བདག་ཆེན་དང་། རྡོ་རིང་པ་གཉིས་

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


JKT018_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ཐུགས་སྲས་རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ་དང་། རྗེ་ཚར་ཆེན་གཙོ་བོར་གྱུར་པའི་གསར་རྙིང་གི་མཁས་གྲུབ་དུ་མ་ལས་གསར་མའི་ཕྱོགས་ལ་དབང་བཀའ་ཆེན་པོ་བརྒྱ་དང་བཅུ་དྲུག །བྱིན་རླབས་དགུ་བཅུ་རྩ་བཞི། རྗེས་གནང་ཟུར་བཀའ་བརྒྱ་དང་དོན་བརྒྱད། ཁྲིད་བཀའ་བརྒྱ་དང་ཉེར་གཅིག་ལྷག་པ། རྙིང་མའི་ཕྱོགས་ལ་དབང་ཆེན་བརྒྱ་དང་དོན་གཅིག །དབང་ཕྲན་སུམ་ཅུ་རྩ་གཅིག །ཁྲིད་བཀའ་སུམ་ཅུ་རྩ་བརྒྱད་སོགས་དང་། དེ་དག་གི་རྒྱབ་བརྟེན་ལུང་གི་རིམ་པ་གླེགས་བམ་བརྒྱ་ཕྲག་མང་པོར་གསན་བསམ་གྱིས་སྒྲོ་འདོགས་བཅད། དཔེ་ཆ་དང་དཀྱིལ་ཐང་སོགས་བཞེངས། ཐ་ན་གཏོར་བཤམས་དང་། རྡོར་དྲིལ་འཛིན་ལུགས་སོགས་ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་མ་འདྲེས་པར་མཁྱེན། མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོར་བཤད་སྒྲུབ་ཀྱི་ཕྲིན་ལས་ནམ་མཁའ་དང་མཉམ་ཞིང་བུ་སྟོན་རིན་པོ་ཆེའི་གདན་སའང་མཛད། ལྷག་པར་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་སྐོར་ལ་ཐོས་བསམ་སྒོམ་གསུམ་གྱི་མཐར་སོན། གསུང་སྒྲོས་ཟིན་ངེས་ཀྱི་བཀའ་རྩོམ་སྙན་བརྒྱུད་གཙོར་གྱུར་གླེགས་བམ་བཞི། ཀྱང་མང་དུ་གནང་བས་བརྒྱུད་འཛིན་རྣམས་ཀྱི་མིག་གཅིག་པུར་གྱུར། མདོར་ན་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་གྱིས་མཁས་པ་རྣམས་མགུ་ཞིང་གྲུབ་པའི་སྐྱེས་བུ་།


JKT018_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཕྱག་བྱ་བའི་ཡུལ་དུ་འོས་པ་ཁོ་ནར་ངེས། གཞན་ཡང་འཇམ་མགོན་ས་སྐྱ་པཎྜི་ཏས་བྱིན་གྱིས་བརླབས་པས་མཁྱེན་རབ་ཚད་མེད་པ། རིག་པར་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། །མཉན་ཡོད་བྱ་རྒོད་གཤོངས་ཀྱི་མཁན་ཆེན་དབྱངས་ཅན་མགྲིན་པར་ཆགས་པ་དཔལ་མང་དུ་ཐོས་པ་ཀླུ་སྒྲུབ་རྒྱ་མཚོ་མདོ་སྔགས་གཉིས་ཀའི་ཕྱོགས་གསུང་རྩོམ་པོད་བཅུ་གཅིག་ཙམ་ཚིག་དོན་ཕུན་སུམ་ཚོགས་པར་ཡོད། མཉན་ཡོད་སྦས་པའི་རྣལ་འབྱོར་གྱི་རྣམ་འཕྲུལ་མཁས་བཙུན་གྲུབ་པའི་ཡོན་ཏན་འགྲན་ཟླ་དང་བྲལ་བ་སྣེ་གདོང་རྩེ་ཚོགས་མཁན་ཆེན་ཡོལ་པ་གཞོན་ནུ་བློ་གྲོས། སྙན་བརྒྱུད་ཀྱི་མངའ་བདག་མཐུ་སྟོབས་ནུས་པའི་དབང་ཕྱུག་བོད་མཁར་བ་མེ་ཏྲི་དོན་གྲུབ་རྒྱལ་མཚན་བཞི་ནི་ཐུགས་སྲས་ཀྱི་གཙོ་བོ་དང་། གཞན་ཡང་ཡབ་སྲས་གཉིས་ཀའི་སློབ་མ་མཁན་ཆེན་བསླབ་གསུམ་རྒྱལ་མཚན་དང་། རྡོ་རྗེ་འཆང་དབང་༣ ཕྱུག་རབ་བརྟན་སོགས་མཐའ་ཀླས་སོ། །འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ་སློབ་མ་མང་དུ་བྱོན་པའི་ནང་ནས་བོ་དོང་མཁན་ཆེན་རམ་སྡིང་བ་བསླབ་གསུམ་རྒྱལ་མཚན། སྐུའི་དབོན་གནས་གསར་བ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཐུ་སྟོབས་ཀྱི་དབང་ཕྱུག་འབྲས་བུའི་སྔགས་འཆང་དགོན་གསར་བ་བསོད་ནམས་ཆོས་འཕེལ་གསུམ་ལས་རིམ་པར་བརྒྱུད་དེ། ཚར་ཆེན་རིན་པོ་ཆེའི་


JKT018_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འཕྲུལ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། གནས་གསར་དབོན་རིན་པོ་ཆེ་མགོན་པོ་བསོད་ནམས་མཆོག་ལྡན། རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཞྭ་ལུ་མཁན་རིན་པོ་ཆེ་བསོད་ནམས་མཆོག་གྲུབ། དཔལ་ནཱ་ལེནྡྲའི་མཁན་ཆེན་བཅོ་བརྒྱད་པ་ལྕེ་བཙུན་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། སྙིགས་དུས་བསྟན་པའི་ཉི་མ་མདོ་སྔགས་རབ་འབྱམས་སྨྲ་བའི་དབང་ཕྱུག་རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། ཁྱབ་བདག་བཀའ་འགྱུར་བའི་རྣམ་འཕྲུལ་གནས་གསར་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། དཔལ་ས་སྐྱ་པ་འཇམ་མགོན་ཀུན་དགའ་བློ་གྲོས། གནས་གསར་བའི་རྣམ་འཕྲུལ་ཡར་ཀླུང་མཆོག་སྤྲུལ་རིན་པོ་ཆེ་ནམ་མཁའ་ལེགས་པ་ལྷུན་གྲུབ་ཞལ་སློབ་དང་བཅས་པ་དང་། རྗེ་དེ་ཉིད་ཀྱི་མཆོག་སྤྲུལ་བསྟན་པའི་སྣང་བྱེད་ཆེན་པོ་འདི་ཉིད་ཀྱི་བར་དུ་བྱོན་ནས་སློབ་བཤད་ཐུན་མོང་མ་ཡིན་པའི་བསྟན་པ་ཉིན་མོ་ལྟར་མཛད། གཞན་ཡང་མཐུ་སྟོབས་ཀྱི་དབང་ཕྱུག་གཞོན་ནུ་བློ་གྲོས་ལས། ས་སྐྱ་པ་འཇམ་དབྱངས་བསོད་ནམས་དབང་པོས་བཀའ་ཆོས་ཅུང་ཟད་གསན་པས་གདན་ས་ཆེན་པོར་ཡབ་ཆོས་དར་བའི་རྟེན་འབྲེལ་འགྲིགས། མང་ཐོས་ཀླུ་སྒྲུབ་དང་། སྔགས་འཆང་བསོད་ནམས་ཆོས་འཕེལ་གཉིས་ཀའི་སློབ་མ་མཁན་ཆེན་ངག་དབང་ཆོས་གྲགས་


JKT018_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དཔལ་ས་སྐྱ་པ་འཇམ་མགོན་ཨ་མེས་ཞབས་སོགས་ས་སྐྱ་དང་། རྒྱལ་རྩེ་བ་ངག་དབང་བསོད་ནམས་རྒྱལ་མཚན་སོགས་ཀྱིས་ངོར་ཨེ་ཝཾ་པའི་ཕྱོགས་སུའང་དར། བོད་མཁར་བས་ཞྭ་སེར་བསྟན་པའི་ཉི་མ་རྒྱལ་དབང་བསོད་ནམས་རྒྱ་མཚོ་རྗེས་སུ་བཟུང་བས་རི་བོ་དགེ་ལྡན་པའི་ཕྱོགས་སུ་ཕྲིན་ལས་ཀྱི་སྒོ་བྱེ། བཀའ་འགྱུར་བ་དང་ཞྭ་ལུ་མཁན་ཆེན་ལས་རྒྱལ་དབང་ལྔ་པ་རིན་པོ་ཆེས་སྙན་བརྒྱུད་མཐའ་དག་གསན་པས་སློབ་བཤད་བསྟན་པའི་སྨན་ཡོན་ཆེན་པོར་གྱུར། བཀའ་འགྱུར་བ་དང་། རྨོར་ཆེན་ལ་སོགས་ལས་རྡོ་རྗེ་བྲག་རིག་འཛིན་པདྨ་ཕྲིན་ལས་དང་། རིག་འཛིན་གཏེར་བདག་གླིང་པ་སོགས་ཀྱིས་ཀྱང་ཟབ་ཆོས་ཀྱི་བདུད་རྩི་བཞེས་པས་གསང་ཆེན་རྙིང་མའི་བསྟན་འཛིན་ཆེན་པོ་རྣམས་ཀྱང་ཕྱོགས་འདི་ལ་ཐུགས་མོས་ཀྱི་པདྨོ་ལྷག་པར་བྱེ། ལྷག་པར་ཁྱབ་བདག་གནས་གསར་པ་ལས། འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་སྙན་བརྒྱུད་མཐའ་དག་གསན་པས་གདན་ས་ཆེན་པོ་གཙོ་བོར་གྱུར་པའི་གཙང་དབུས་ཁམས་གསུམ་གྱི་སློབ་བཤད་བསྟན་པའི་ཆུ་མགོ་ལྟ་བུར་གྱུར། རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་དང་། དེའི་སྐུ་དབོན་མཁྱེན་བརྩེ་རབ་བརྟན། རྩེ་གདོང་ཁྲི་ཆེན་མཁྱེན་རབ་བསྟན་འཛིན་ལྷུན་གྲུབ། གནས་གསར་པའི་ཞལ་སློབ་རྫོང་ཤར་བོད་འབྲུག་པ་ཆོས་རྗེ་བློ་


JKT018_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཕུན་ཚོགས། དེའི་ཞལ་སློབ་བཅོ་བརྒྱད་ཁྲི་ཆེན་ངག་དབང་ཀུན་དགའ་མཁྱེན་རབ། འཇམ་མགོན་ཀུན་བློའི་ཞལ་སློབ་རྩེ་གདོང་ཁྲི་ཆེན་དགེ་འདུན་བཀྲ་ཤིས་དཔལ་འབྱོར་དང་། གཟིམས་འོག་པ་ངག་དབང་བསྟན་འཛིན་ཕྲིན་ལས་གོང་འོག་སོགས་ཀྱིས་དཔལ་རྩེ་གདོང་སྲིད་གསུམ་རྣམ་རྒྱལ་དང་། ནཱ་ལེནྡྲར་སློབ་བཤད་ཀྱི་བདུད་རྩི་སྤེལ། ཁྱབ་བདག་བཀའ་འགྱུར་བ་དང་། །ཞྭ་ལུ་མཁན་ཆེན། རྨོར་ཆེན་རྡོ་རྗེ་འཆང་སོགས་ཀྱིས་དཔལ་ཞྭ་ལུ། རྡོ་རྗེ་གདན། ཐུབ་བསྟན་རབ་སྨད་སོགས་ཀྱང་སློབ་བཤད་ཀྱི་བརྒྱུད་འཛིན་དུ་གྱུར། ཐར་རྩེ་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ནམ་མཁའ་འཆི་མེད་ཀྱིས་དཔལ་ཨེ་ཝཾ་ཆོས་ལྡན་དང་སྡེ་དགེ་ལྷུན་གྲུབ་སྟེང་སོགས་སུ་སློབ་བཤད་ཟབ་མོའི་ཤིང་རྟའི་སྲོལ་གསར་དུ་ཕྱེ་བས་སྐུའི་དབོན་རྣམ་གཉིས་ཀྱིས་གཙོས་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་བསྟན་འཛིན་མཐའ་ཀླས་པ་བསྐྲུན་པ་སོགས་མདོར་ན་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཕྲིན་ལས་ཀྱིས་རང་དང་གཞན་གྱིས་གྲུབ་མཐའ་ཕལ་མོ་ཆེར་ཁྱབ་པར་གྱུར་པས་སྙིགས་མའི་དུས་འདིར་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་རྡོ་རྗེ་ཐེག་པའི་ལམ་སྲོལ་ལ་སྟོན་པ་གཉིས་པའི་བྱ་བ་མཛད་པ་ཡིན་ནོ།། ༈ །།བོད་ཆེན་པོའི་ལྗོངས་ཀྱི་ཐིག་ལེ་ཕལ་མོ་ཆེར་བསོད་ནམས་སྟོབས་ཀྱི་འཁོར་ལོས་སྒྱུར་


JKT018_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བ། སྡེ་དགེ་ཆོས་ཀྱི་རྒྱལ་པོ་རིམ་བྱོན་གྱི་གདན་ས་དཔལ་ལྷུན་གྲུབ་སྟེང་ཞེས་གྲགས་པའི་མེ་ཏོག་དྲེགས་ལྡན་བྱེ་བའི་གཙུག་ན་ངལ་འཚོ་བ་འདི་ཉིད་ནི། སློབ་དཔོན་པདྨ་སཾ་བྷ་ཝ་མངལ་སྐྱེས་ཀྱི་ཚུལ་དུ་བྱོན་པ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་། སྡེ་དགེ་བོ་ཐར་བཀྲ་ཤིས་སེང་གེ་མཆོད་ཡོན་གྱིས་བཏབ། གྲུབ་ཆེན་འདི་ངོར་ཆེན་རྡོ་རྗེ་འཆང་གི་སློབ་མ་ཡིན་པས་དེང་དུས་ཆོས་རྗེ་ངོར་བའི་ཕྲིན་ལས་ཀྱི་ཨཱ། རྒྱུན་སྐྱོང་བའི་རྟེན་འབྲེལ་དུ་གྱུར། དེ་ཡང་བར་སྐབས་སུ་སྡེ་དགེ་སྐུ་ཕྲེང་རིམ་བྱོན་བཞུགས་ཤིང་། ཕྱིས་སུ་ཤར་ཆེན་ཀུན་དགའ་བཀྲ་ཤིས་ཐོག་མར་ཕེབས། དེ་རྗེས་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་སྒྲུབ་ཁང་པ་དཔལ་མཆོག་རྒྱལ་མཚན་ཆེད་ཀྱིས་སྤྱན་དྲངས་ཏེ་ལྟར་སྣང་ཆོས་ལྟར་བཅོས་པ་ཐམས་ཅད་སུན་ཕྱུང་། ལུང་རིགས་ཀྱི་བཤད་པ། ཆོ་གའི་ཕྱག་ལེན། སྙིང་པོའི་ཉམས་བཞེས་ཐམས་ཅད་ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀའ་སྲོལ་ཇི་ལྟ་བ་བཞིན་ཕྱེས། ངོར་ལུགས་དཀྱིལ་འཁོར་རྣམ་པ་ལྔས་མཚོན་པའི་སྒྲུབ་མཆོད་ཀྱི་རྒྱུན་བཙུགས། དེ་ནས་རིམ་པར་མཁན་ཆེན་སངས་རྒྱས་ཕུན་ཚོགས། འཇམ་མགོན་བཀྲ་ཤིས་ལྷུན་གྲུབ། རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང་། ཤར་ཆེན་མི་འགྱུར་རྒྱལ་མཚན། ངག་དབང་ཆོས་སྐྱོང་བཟང་པོ། བྲང་ཏི་ནམ་མཁའ་འཆི་མེད། རྗེ་དེ་ཉིད་ཀྱི་


JKT018_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་དབོན་དང་། ཐུགས་ཀྱི་སྲས་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་དང་། རྣལ་འབྱོར་འཇམ་དཔལ་བཟང་པོ་མཆེད་གཉིས་ཀྱི་བར་དུ་བྱོན་པ་དང་། གཞན་ཡང་འཇམ་མགོན་བཀྲ་ཤིས་དཔལ་ལྡན། མཁས་གྲུབ་སངས་རྒྱས་དཔལ་བཟང་། འཇམ་དབྱངས་སངས་རྒྱས་ཡེ་ཤེས། མཁས་བཙུན་ཀུན་དགའ་ཆོས་འཕེལ། བླ་མ་བཀྲ་ཤིས་དབང་ཕྱུག །སློབ་དཔོན་འཇམ་དཔལ་གྲགས་པ་དང་། མཁན་ཆེན་ཞི་བ་འཚོའི་རྣམ་འཕྲུལ་ཞུ་ཆེན་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་སོགས་དམ་པ་དུ་མས་ངོར་ཨེ་ཝཾ་པའི་རིང་ལུགས་སྲིད་མཐར་སྤེལ། འཇམ་དབྱངས་བསོད་ནམས་དབང་ཕྱུག་ཡབ་སྲས་ཀྱི་ཕྲིན་ལས་ལ་བརྟེན་ནས། ཁྲི་ཆེན་བླ་མ་སངས་རྒྱས་བསྟན་པས་དཔལ་ས་སྐྱ་པའི་ཡབ་ཆོས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་བཙུགས་པ་ནས་བཟུང་རྗེ་བཙུན་ས་སྐྱ་པའི་རིང་ལུགས་གོང་དུ་འཕེལ་ཞིང་། ས་སྐྱ་སྨན་ལ་བླ་མ་དང་། ཕུར་པ་བླ་མ་རིམ་བྱོན་གྱིས་དེའི་རྒྱུན་སྐྱོང་། བྱང་ཆུབ་སེམས་དཔའ་བསྟན་པ་ཚེ་རིང་གིས་གནས་གསར་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་སྤྱན་དྲངས་ཏེ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་བུ་ལུགས་དང་། ལྷག་པར་ཕོ་བྲང་གི་ཤར་དུ་ཚར་ལུགས་ཐུན་མོང་མ་ཡིན་པའི་ཕྱག་བཞེས་ལྟར་རྡོ་རྗེ་ནག་བཞི་བཅུ་ཞེ་གསུམ་


JKT018_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེན་པོ་གཙོ་འཁོར་གྱི་སྣང་བརྙན་གསར་དུ་བཞེངས། རྒྱུན་དང་དུས་གཏོར་བཙུགས། ཐུབ་བསྟན་མཁན་ཆེན་བཟང་པོ་རྒྱལ་མཚན་དང་། རྨོར་ཆེན་སློབ་མ་མཁས་གྲུབ་སངས་རྒྱས་རྒྱ་མཚོ་སོགས་ཀྱིས་ཆོས་རྗེ་ཚར་པའི་ཕྲིན་ལས་ཀྱི་སྒོ་ཕྱེས། ཕྱིས་སུ་གནས་གསར་པ་མཆོག་སྤྲུལ་རིན་པོ་ཆེ་གོང་འོག་དང་། སྡེ་དགེ་བླ་ཆེན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་མཆོད་ཡོན་སོགས་ཀྱིས་སྙན་བརྒྱུད་ཟབ་མོའི་བསྟན་པ་ཆེས་ཆེར་དར་བར་མཛད། དེ་ལྟར་གཙོ་བོར་དཔལ་ལྡན་ས་ངོར་ཚར་གསུམ་དང་། གཞན་ཡང་འཇམ་དཔལ་ཚེ་བདག་སོགས་གསང་ཆེན་རྙིང་མས་མཚོན་གྲུབ་མཐའ་རིས་མེད་ཀྱི་བཤད་སྒྲུབ་དར། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་དང་། དཔལ་ལྡན་ཆོས་སྐྱོང་སོགས་ཀྱིས་རིམ་པར་བསྐུལ་བ་ལས་རྒྱལ་བའི་བཀའ་བསྟན་འགྱུར། དཔལ་ས་སྐྱ་པའི་བཀའ་འབུམ་སོགས་ངོ་མཚར་སྤར་གྱི་ཕྱི་མོ་མང་པོ་བཞེངས་པས་དམ་པའི་ཆོས་ཀྱི་མཛོད་གཅིག་པུར་གྱུར་ཏོ། །དེ་ལ་གདན་ས་འདིར་བཀའ་དྲིན་ཆེ་བའི་སྡེ་དགེ་གོང་མ་རྣམས་ཀྱི་རྣམ་ཐར་ནི་དྲུང་ཡིག་བསྟན་འཛིན་གྱི་རྒྱལ་རབས་སོགས་དང་། མཁན་ཆེན་དཔལ་མཆོག་རྒྱལ་མཚན་ནས་ཆོས་སྐྱོང་བཟང་པོ་ཡན་ཆད་ཀྱི་རྟོགས་པ་བརྗོད་པ་ནི་སོ་སོའི་རྣམ་ཐར་ལས་ཤེས་པར་བྱ་ཞིང་། འདིར་སྐབས་སུ་བབས་


JKT018_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྲང་ཏི་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད་དང་། བྱམས་པ་ཀུན་དགའ་བསྟན་འཛིན་མཆེད་ཞལ་བཅས་བཀའ་དྲིན་ཆེ་བའི་བླ་མ་གསུམ་གྱི་རྣམ་ཐར་ས་བོན་ཙམ་བརྗོད་ན། མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ནམ་མཁའ་འཆི་མེད་ནི། སྔོན་གྱི་དུས་ན་བོད་ཆོས་རྒྱལ་འཇམ་དཔལ་དབྱངས་དངོས་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་མཁས་པ་མི་དགུ་ཞེས་གྲགས་པའི་ཡ་གྱལ་བྲང་ཏི་རྒྱལ་གཉེན་མཁར་ཕུག་དང་། བྲང་ཏི་ལོ་ཙཱ་བ་ཛ་ཡ་རཀྵི་ཏ་དང་། བྲང་ཏི་དར་མ་སྙིང་པོ་སོགས་མཁས་ཤིང་དངོས་གྲུབ་བརྙེས་པའི་དམ་པའི་སྐྱེས་བུ་བར་མ་ཆད་པར་བྱོན་པའི་རྒྱུད་དུ་སྐྱེ་བའི་འཁྲི་ཤིང་བཟུང་སྟེ། གཞོན་ནུའི་དུས་ནས་བྱིས་པའི་སྤྱོད་པ་ལས་འདས་པའི་དམ་པའི་རིགས་ཀྱི་མེ་ཏོག་བྱེ། སྔོན་གནས་རྗེས་སུ་དྲན། སྡུག་བསྔལ་བདེན་པའི་མཚན་ཉིད་གཟིགས་ཤིང་ཅིར་ཡང་སེམས་སུ་རྟོགས་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ། དེ་ནས་ཤྲཱི་ཨེ་ཝཾ་ཆོས་ལྡན་ཐར་པ་ཆེན་པོའི་དགའ་བའི་ཚལ་གྱི་ཡང་རྩེར་ཕེབས་ནས་ཐུབ་བསྟན་རིན་པོ་ཆེའི་གདུགས་དཀར་པོའི་གྲིབ་མར་ཞུགས། ཕྱི་ནང་གི་རིག་གནས་དང་། དཀྱིལ་འཁོར་བྲི་ཐིག་ལས་རབ་འབྱམས་ཐམས་ཅད་ལ་བྱང་ཆུབ། ཀུན་ཏུ་དགོས་པའི་གཞུང་བདུན་དང་། རྒྱུད་ཆུང་བཞི་སོགས་


JKT018_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྔགས་ཀྱི་གཞུང་ལུགས་དུ་མ་ཐུགས་ལ་བཟུང་ཞིང་ཐོགས་པ་མེད་པར་སྨྲ་བའི་པཎྜི་ཏར་གྱུར། ཁང་གསར་མཁན་ཆེན་ངག་དབང་ཆོས་སྐྱོང་བཟང་པོ་ལས་གསུང་ངག་རིན་པོ་ཆེའི་བདུད་རྩི་བཞེས། །ལྷག་པར་གངས་ཅན་བོད་ཀྱི་རྡོ་རྗེ་གདན་དཔལ་ས་སྐྱར་ཐུབ་བསྟན་ལྷ་ཁང་དུ་མཁན་ཆེན་བྱམས་པ་སྦྱིན་པ་བཀྲ་ཤིས་ལས་པཎ་ཆེན་ཤཱ་ཀྱ་ཤྲཱི་དང་། འཇམ་དབྱངས་ས་པཎ་སོགས་ལས་བརྒྱུད་པའི་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་། འཇམ་མགོན་ཀུན་དགའ་བློ་གྲོས་ལས་སེམས་བསྐྱེད་སྲོལ་གཉིས་དང་། དཔལ་ཀྱེ་རྡོ་རྗེའི་རྒྱ་དུས་ཀྱི་དབང་བསྐྱར་ཕྱིན་ཅི་མ་ལོག་པར་གསན་པས་སྡོམ་པ་གསུམ་ལྡན་དུ་མཛད་ཅིང་སོ་སོའི་བསླབ་བྱ་ལ་མིག་གི་འབྲས་བུ་ལྟར་གཅེས་སྤྲས་ཀྱིས་བསྐྱངས། ཁྱད་པར་འཇམ་མགོན་དེ་ཉིད་ལས་དཔལ་ས་སྐྱ་པའི་ལམ་འབྲས་ཚོགས་སློབ་གཉིས་ཀྱིས་ཐོག་དྲངས་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་གདམས་པ་མཐའ་དག་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད། བསྒོམ་པས་ཉམས་སུ་བླངས་པས་བསྟན་པའི་བདག་པོར་དབང་བསྐུར་བའང་ཐོབ། གཞན་ཡང་ཕན་བདེ་ཁང་སྐུ་དབོན་རིན་ཆེན་མཆོག་གྲུབ། སྐྱོ་མདའ་བ་མང་ཐོས་ཀུན་དགའ་བསོད་ནམས་སོགས་ཡོངས་འཛིན་དམ་པ་བཅུ་ཕྲག་ལྔ་ལྷག་ལས་ཟབ་རྒྱས་གདམས་པའི་བདུད་རྩི་ངོམས་པ་མེད་


JKT018_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསོལ། ཕྱག་ལེན་ཕྲ་མོ་ཚུན་ཆད་ལའང་གཅེས་སྤྲས་ཀྱིས་བཟུང་། དུས་དང་རྒྱུན་གྱི་ཉམས་བཞེས་ཐུན་བཞིའི་རྣལ་འབྱོར་ལས་མ་གཡེལ་བས་ས་ལམ་ཀྱི་གོ་འཕང་མཐོན་པོར་གཤེགས། གྲུབ་པའི་སློབ་དཔོན་པདྨ་སཾ་བྷ་ཝ་སོགས་ལྷག་པའི་ལྷ་རབ་འབྱམས་ཀྱིས་རྗེས་སུ་བཟུང་། རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱིས་བཀའི་ཅོད་པན་སྤྱི་བོར་འཛིན། འཆི་འཕོ་སྐྱེ་བ་སོགས་འབྱུང་འགྱུར་མངོན་སུམ་དུ་གཟིགས་པ་དང་། སྲ་མཁྲེགས་ཀྱི་བྲག་ལ་ཕུར་པ་བཏབ་པ་སོགས་གྲུབ་པའི་མཚན་མའང་སྐལ་པ་དང་ལྡན་པ་རྣམས་ཀྱི་ངོར་སྣང་། མདོར་ན་མཁས་བཙུན་གྲུབ་པའི་ཡོན་ཏན་རྒྱ་མཚོའི་མཐར་སོན་ཀྱང་། རང་གི་ཡོན་ཏན་བུམ་ནང་གི་མར་མེ་ལྟར་སྦ་བར་མཛད་པ་ཇོ་བོ་བཀའ་གདམས་པའི་རྣམ་ཐར་ལ་ཐུགས་ཕྱོགས་པས་རང་ཉིད་མཁས་པ་དང་གྲུབ་པར་ནམ་ཡང་ཞལ་གྱིས་མི་བཞེས་པས་འདི་ཁོ་ནའི་ངོ་མཚར་ཀྱང་བསམ་གྱིས་མི་ཁྱབ། རྗེ་རྡོ་རྗེ་འཆང་གི་ཁྲི་ལ་ཞབས་པད་བཀོད་དེ། ངོར་ཨེ་ཝཾ་པའི་ཕྱོགས་སུ་གཏོགས་པ་རྣམས་བལ་དམག་གི་འཇིགས་པ་ལས་བསྐྱབས་པ་སོགས་ཆོས་དང་འཇིག་རྟེན་གྱི་སྒོ་ནས་ཕན་འདོགས་པ་མཛད། དེ་ལྟ་བུའི་སྙན་པའི་གྲགས་པས་ཐུགས་འཕྲོགས་ཏེ། ས་སྐྱོང་སྡེ་དགེ་ཆོས་རྒྱལ་ཡུམ་སྲས་ཀྱིས་སྤྱན་དྲངས་ཏེ་གུས་པས་མཆོད། དཔལ་


JKT018_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་སྟེང་སོགས་ཕྱོགས་དེའི་ཆོས་སྡེ་ཆེ་ཕྲ་དུ་མར་དབང་ལུང་མན་ངག་གི་འཆད་སྤེལ་དང་། ཆོ་གའི་ཕྱག་ལེན། རིམ་གཉིས་ཀྱི་རྣལ་འབྱོར་སོགས་བཤད་སྒྲུབ་ཀྱི་བསྟན་པ་འཁྲུལ་མེད་དུ་སྤེལ། །སྔ་ཕྱིར་གསུང་ངག་ཚོགས་བཤད་ལན་དུ་མ་དང་། སློབ་བཤད་ལན་གཉིས་ཀྱིས་མཚོན་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བའི་གྲུབ་འབྲས་སྐུའི་དབོན་མཆེད་སོགས་བསྟན་འཛིན་གྱི་སྐྱེས་བུ་མང་དུ་བསྐྲུན། བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ངང་རེ་ཞིག་ཞིང་འདིའི་གདུལ་བྱ་དེ་ཙམ་དུ་གཟིགས་ནས་དབོན་རིན་པོ་ཆེ་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་ལ་ཕྱི་མཐའི་ཞལ་ཆེམས་ལྷུག་པར་སྩལ་ཞིང་དགུང་ལོ་ལྔ་བཅུ་རྩ་དྲུག་པར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་དཔལ་ལྷུན་གྲུབ་སྟེང་གི་བླ་བྲང་ཕན་བདེ་ཀུན་ཁྱབ་གླིང་དུ་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན། གཤེགས་རྗེས་ཀྱི་བྱ་བ་རྣམས་སྐུའི་དབོན་མཆོག་དང་། སྡེ་དགེ་ཆོས་རྒྱལ་ཆེན་པོ་མཆོད་ཡོན་གྱིས་མཐར་ཕྱིན་པར་མཛད་དོ།། ༈ །།རྗེ་འདི་ཉིད་ཀྱི་སྐུའི་དབོན་དང་ཐུགས་ཀྱི་སྲས་སུ་གྱུར་པ་བདག་ཅག་ལྷ་དང་བཅས་པའི་སྐྱབས་གཅིག་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆེད་ཞལ་གཉིས་ཏེ། དེ་ལ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་


JKT018_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བསྟན་འཛིན་ནི། རབ་བྱུང་བཅུ་གསུམ་པའི་མེ་སྤྲེལ་ལོར་བྲང་ཏི་མཁས་པའི་རིགས་སུ་འཁྲུངས། སྐུ་གཞོན་ནུ་ནས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་ཕེབས། ངེས་འབྱུང་སྙིང་རྗེ་ངང་གིས་འཁྲུངས། མཁྱེན་རབ་ཀྱི་གཏེར་མཛོད་གྲོལ་བས་རྒྱུན་གྱི་བྱ་བ་ཆོས་སྤྱོད་ནས་བརྩམས་ཏེ། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་མདོ་སྔགས་ཀྱི་གཞུང་ལུགས་ཆེན་པོའི་བར་ཐམས་ཅད་དཀའ་བ་མེད་པར་ཐུགས་སུ་ཆུད། རྡོ་རྗེ་འཆང་ནམ་མཁའ་འཆི་མེད་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས་ཏེ་ཐུབ་བསྟན་ཡོངས་སུ་རྫོགས་པའི་ནོར་བུའི་ཁྲི་ལ་ཞབས་བཀོད་བཅས་པ་དང་རང་བཞིན་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པའི་ཕྱིར་ཚུལ་ཁྲིམས་ཀྱི་དྲི་བསུང་ཞིམ་པོས་གར་བཞུགས་ཀྱི་ཕྱོགས་ཐམས་ཅད་དུ་ཁྱབ། མཁན་ཆེན་དམ་པ་གཙོ་བོར་གྱུར་པའི་ཡོངས་འཛིན་ཉི་ཤུ་རྩ་ལྔ་ལས་རྗེ་བཙུན་ས་སྐྱ་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་སོགས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་གསན་ཅིང་། དེ་དག་གི་ཚིག་གི་སྡེབ་སྦྱོར། དོན་གྱི་དགོངས་པ། ཕྱག་ལེན་ཕྲ་མོ་ཚུན་ལའང་བསམ་བྱུང་གིས་སྒྲོ་འདོགས་བཅད་པས་འཁྲུལ་མེད་དུ་མཁྱེན། དཔལ་དགྱེས་པ་རྡོ་རྗེའི་བསྙེན་པ་ལན་གཉིས་སོགས་ལྷག་པའི་ལྷ་དུ་མའི་གཞིའི་བསྙེན་པ་དང་། རྒྱུན་གྱི་


JKT018_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་བཞེས་རིམ་གཉིས་ཟབ་མོའི་རྣལ་འབྱོར་རྩེ་གཅིག་ཏུ་བསྒོམས་པས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཟིགས། བྱང་ཆུབ་སེམས་གཉིས་འབྱོངས། ཐུབ་དབང་གནས་བརྟན་བཅུ་དྲུག་དང་། སློབ་དཔོན་སངས་རྒྱས་གཉིས་པ་སོགས་ཀྱིས་དགྱེས་པའི་འཛུམ་ཞལ་བསྟན། རྡོ་རྗེའི་སྲུང་མ་དང་དཀར་ཕྱོགས་སྐྱོང་བའི་གཞི་བདག་རྣམས་ཀྱིས་ཕྲིན་ལས་སྒྲུབ། རྗེ་རྡོ་རྗེ་འཆང་གི་ཆོས་ཀྱི་ཁྲི་ལ་བགྲང་བྱ་དགུའི་བར་དུ་བཞུགས་ནས་འཆད་རྩོད་རྩོམ་གསུམ་དང་། མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཀྱིས་རྒྱལ་བ་གཉིས་པའི་བསྟན་པ་ཉིན་མོ་ལྟར་མཛད། སྐབས་དེར་སྡེ་དགེ་ཆོས་རྒྱལ་ཆེན་པོས་སྤྱན་དྲངས་ཏེ་ཞབས་པད་ཤིང་རྟའི་ཁ་ལོ་བོད་ཆེན་པོའི་བསོད་ནམས་ཀྱི་མགྲོན་དུ་སྔ་ཕྱིར་ལན་གཉིས་བསྒྱུར་ཏེ་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་སྐྱོང་། སྨིན་གྲོལ་ཕྱག་ལེན་གྱི་རྒྱུན་ཉམས་པ་གསོས། མེད་པ་གསར་དུ་སྤེལ། འཁྲུལ་པའི་དྲི་མ་ཐམས་ཅད་བསལ་ཏེ་ཡོངས་རྫོགས་བསྟན་འགྲོ་སྤྱི་དང་། ལྷག་པར་བརྩེ་ཆེན་སྙིང་པོའི་རིང་ལུགས་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད། ཆོས་རྒྱལ་ཆེན་པོ་ཉིད་བསྙེན་པར་རྫོགས། གདན་ས་གོང་འོག་སོགས་སུ་ལམ་འབྲས་ཚོགས་བཤད་ཚར་དུ་མ། སློབ་བཤད་ཚར་གསུམ། རྡོ་རྗེ་ཕྲེང་བ་ཚར་གཉིས་སོགས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བས་གསུང་


JKT018_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གི་གསང་བ་འཛིན་པའི་ཐུགས་སྲས་ཀྱང་། དཔལ་ས་སྐྱ་པ་ཁྲི་ཆེན་འཇམ་མགོན་ཀུན་དགའ་བཀྲ་ཤིས། དེ་སྲས་བཀྲ་ཤིས་རིན་ཆེན། ཡར་ཀླུང་མཆོག་སྤྲུལ་རིན་པོ་ཆེ། སྡེ་དགེ་བླ་ཆེན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན། སྐུའི་དབོན་ཡོངས་རྫོགས་བསྟན་པའི་ཉི་མ་ཀུན་དགའ་འཇམ་དཔལ་གྲགས་པ་དང་། མཁྱེན་རབ་ཀྱི་དབང་ཕྱུག་མཚུངས་མེད་ཞབས་དྲུང་གཅུང་རིན་པོ་ཆེ་སོགས་ཀྱིས་མཚོན། མདོར་ན་དུས་འདིར་དཔལ་ལྡན་ས་ངོར་ཚར་གསུམ་གྱི་བསྟན་འཛིན་རྣམས་ཀྱི་གཙུག་ན་སངས་རྒྱས་གཉིས་པ་ལྟར་འཚོ་ཞིང་གཞེས་པ་སྟེ། སླར་ཡང་ཇི་སྲིད་བསྐལ་པ་རྒྱ་མཚོར་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཅིང་ཕྲིན་ལས་མཁའ་མཐའ་བརྡལ་བར་གསོལ་བ་འདེབས་པ་ལགས་སོ།། ༈ །།རྗེ་འདི་ཉིད་ཀྱི་སྐུ་མཆེད་རྡོ་རྗེ་འཆང་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་ནི། རབ་བྱུང་བཅུ་གསུམ་པའི་ས་མོ་བྱ་ཡི་ལོར་དམ་པའི་རིགས་སུ་འཁྲུངས། ངོར་ཨེ་ཝཾ་ཆོས་ལྡན་དུ་བྱོན་ནས་རྡོ་རྗེ་འཆང་ནམ་མཁའ་འཆི་མེད་ཀྱི་སྤྱན་སྔར་ཐུབ་བསྟན་རིན་པོ་ཆེའི་སྒོར་ཞུགས། རིམ་གྱིས་གཞུང་ལུགས་ཆེ་ཕྲ་ཐུགས་འཛིན་སོགས་བསླབ་སྦྱོང་ལ་བརྩོན་པའི་སྐབས་རྣམས་སུ་འོད་གསལ་གྱི་སྣང་བར། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དང་། དཔལ་ས་སྐྱ་པ་


JKT018_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་ཡང་ཡང་བྱིན་གྱིས་བརླབས། མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་བསོད་ནམས་དཔལ་འབྱོར་ལས། དཔལ་ཨེ་ཝཾ་པའི་སྐྱེས་བུ་དམ་པ་རྣམས་རིམ་པར་བརྒྱུད་པའི་སྡོམ་རྒྱུན་རྣམ་པར་དག་པ་ལས་བསྙེན་པར་རྫོགས་ཤིང་ཚུལ་ཁྲིམས་ཀྱི་བསླབ་པས་གཞི་བཟུང་སྟེ། རྡོ་རྗེ་འཆང་ནམ་མཁའ་འཆི་མེད་ཀྱི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནས་མདོ་སྔགས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་གསན་ཞིང་། བསམ་བྱུང་གིས་སྒྲོ་འདོགས་བཅད། རིམ་གཉིས་ཟབ་མོའི་ཉམས་བཞེས་ལ་རྩེ་གཅིག་ཏུ་གཞོལ་བས་ངེས་འབྱུང་དང་སྙིང་རྗེ་ཆེན་པོ་རྩོལ་མེད་དུ་འཁྲུངས། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་དུ་གཟིགས་ནས་བཅོས་མིན་གྱི་མོས་གུས་མངའ་བ་སོགས་ནང་དུ་ཡང་དག་པའི་ཡོན་ཏན་བརྙེས། ཉམས་ལེན་དང་ཕྱག་ལེན་ཕྲ་རགས་ཐམས་ཅད་མཁན་ཆེན་བླ་མའི་ཕྱག་བཞེས་ཇི་ལྟ་བ་འཁྲུལ་མེད་དུ་སྐྱོང་། གཞན་ཡང་ཡོངས་འཛིན་དུ་མ་ལས་ཟབ་རྒྱས་ཀྱི་གདམས་པ་མཐའ་ཀླས་པ་གསན། དུས་རྒྱུན་དུའང་ཅིས་ཀྱང་དགོས་མེད་ཐུགས་ལ་མངའ་ཞིང་ཆོས་བརྒྱད་ཀྱི་སྣང་བ་ཐམས་ཅད་རྨི་ལམ་ལྟ་བུར་གཟིགས། ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཀྱང་ཆགས་སྡང་ཕྱོགས་ལྷུང་གི་རྟོག་པ་གཏན་ནས་མི་མངའ་བ་འདི་ཁོ་ནའང་ངོ་མཚར་བསམ་གྱིས་མི་ཁྱབ། རྡོ་རྗེ་འཆང་ནམ་མཁའ་


JKT018_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་ཀྱིས་ཡེ་ཤེས་གཟིགས་པ་དམ་པས། ལུང་བསྟན་པ་བཞིན་ཀུན་མཁྱེན་གཉིས་པ་བཟང་པོའི་ཆོས་ཀྱི་ཁྲིར་ལོ་བདུན་དུ་བཞུགས་ནས་ཆོས་དང་ཟང་ཟིང་གི་དགའ་སྟོན་སྤེལ། འདུས་སྡེའི་བསྒྲིགས་ལམ་ཀུན་སྤྱོད་སོགས་ཀྱང་དམ་པ་གོང་མའི་དུས་ལྟར་གོང་འཕེལ་དུ་གནང་བས་ངོར་ཨེ་ཝཾ་པར་ཕྱི་མཐའི་བར་དུ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད། དེ་ནས་ལམ་ཟབ་མོའི་སྒྲུབ་པ་ལ་གཞོལ་པའི་ཐུགས་འདུན་ཐུན་མོང་མ་ཡིན་པ་མངའ་ནའང་། བསྟན་པའི་སྦྱིན་བདག་སྡེ་དགེ་ཆོས་རྒྱལ་ཆེན་པོ་དམ་ཚིག་རྡོ་རྗེ་མཆེད་ཞལ་གྱིས་སྤྱན་དྲངས་ཏེ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་ཕེབས། མཆོག་དམན་ཐམས་ཅད་ཀྱི་གུས་པས་མཆོད་ཅིང་སོ་སོར་བསྡུ་བའི་དངོས་པོ་རྣམ་བཞིའི་སྒོ་ནས་འབྲེལ་ཚད་ཕན་བདེར་སྦྱོར་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ངང་འཚོ་ཞིང་གཞེས་པ་སྟེ། སླར་ཡང་རྒྱལ་བ་གཉིས་པ་མ་ཕམ་པའི་ཆོས་ཀྱི་བདུད་རྩིས་འཛམ་གླིང་སྣང་བར་མཛད་པའི་བར་དུ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བརྟན་ཅིང་། ཕྲིན་ལས་ཀྱི་འཇུག་པ་ཟླ་བས་རེག་པའི་ཆུ་གཏེར་བཞིན་དུ་རྒྱས་པར་གསོལ་བ་འདེབས་ན་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་ཆོས་གྲྭ་ཆེན་པོ་ལྷུན་གྲུབ་སྟེང་གིས་གཙོས་མདོ་ཁམས་སྡེ་དགེའི་མངའ་ཁུལ་དུ་གཙོ་བོར་ངོར་ཨེ་ཝཾ་བའི་རིང་


JKT018_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་འཛིན་པ་འདུས་སྡེ་ཆེ་ཕྲ་མང་དུ་མཆིས་ཀྱང་ཕལ་ཆེར་ཁྲི་ཆེན་སངས་རྒྱས་བསྟན་པ་དང་། བསྟན་པ་ཚེ་རིང་སོགས་ཀྱི་དུས་ཉམས་གསོ་གནང་བ་ཙམ་ལས། དང་པོར་སུས་བཏབ་ཞིབ་པར་མ་ངེས།། ༈ །།གཞན་ཡང་སྒ་སྟོད་དུ་སྐྱེ་རྒུ་དོན་གྲུབ་གླིང་སོགས་ཆོས་སྡེ་ཆེ་ཕྲ་དུ་མ་དང་། ཨ་མདོ་ལྔ་པའི་ནང་གདུ་བུ་ཆོས་རྗེའམ་ཨ་ལི་ཆོས་རྗེར་གྲགས་པའི་གདན་ས། སྔགས་དང་མཚན་ཉིད་ཟུང་འབྲེལ་གྱི་གྲྭ་གཙང་ཆེ་བས་མཚོན། སྟོད་མངའ་རིས་ནས་བཟུང་སྟེ། སྨད་ཙཱི་ནའི་ཡུལ་གྲུ་ལ་ཐུག་གི་བར་དུ་ཆོས་སྡེ་ཆེ་ཕྲ་མང་དུ་མཆིས་པ་སོ་སོར་སྨོས་ཀྱིས་མི་ལང་བ་ཉིད་དོ། །དེར་མ་ཟད་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས་འདིར་གྲུབ་པའི་མཐའ་མི་འདྲ་བ་དུ་མ་ཞིག་མཆིས་ཀྱང་། དེ་དག་ཕལ་ཆེར་དངོས་དང་བརྒྱུད་པའི་སྒོ་ནས་རྗེ་བཙུན་ས་སྐྱ་པའི་རིང་ལུགས་ལས་བྱུང་བ་དང་གུས་པ་ཅན་ཤ་སྟག་ཡིན་ཏེ། གསང་སྔགས་རྙིང་མར་གྲགས་པའི་སོ་ཟུར་གནུབས་གསུམ་གྱི་གདུང་རིགས་དང་། སྤྲུལ་པའི་གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་སོགས་བཀའ་གཏེར་གྱི་སྐྱེས་ཆེན་དུ་མ་དང་། བཀའ་གདམས་བྱ་ཡུལ་བ། དོ་ཀོང་བ། ནམ་མཁའ་འབུམ། མཆིམས་ནམ་མཁའ་གྲགས། བཅོམ་ལྡན་རིག་པའི་རལ་གྲི་སོགས་ཆེན་པོར་རློམ་པ་དུ་མས་ཀྱང་ཆོས་རྗེ་ཁུ་དབོན་གྱི་གསུང་གི་བདུད་


JKT018_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་བླངས། བསིལ་ལྗོངས་ཐུབ་པའི་རྒྱལ་ཚབ་རྔོག་ལོ་ཆེན་པོའི་བརྒྱུད་འཛིན་རིག་པའི་དབང་ཕྱུག་ཕྱྭ་པ་ཆེན་པོ་དང་། ཉང་བྲན་པ་ཆོས་ཀྱི་སེངྒེ་སོགས་ཀྱིས་ས་ཆེན་གྱི་དངོས་སློབ་སྒྱུར་ཨ་སེང་ལས་ཟབ་དོན་གྱི་སྨིན་གྲོལ་གསན། བཀའ་བརྒྱུད་སྟོང་གི་ཆུ་མགོ་ལྟ་བུ་དཔལ་ཕག་མོ་གྲུ་པ་ནི་ས་ཆེན་གྱི་ཞབས་པད་ལོ་བཅུ་གཉིས་སུ་བསྟེན། ལམ་འབྲས་ཀྱི་གཞུང་བཤད་མཛད། ཕྱིས་རྗེ་བཙུན་གྲགས་པ་ལའང་གསུང་གི་བདུད་རྩི་གསོལ་ཏེ་ཉམས་རྟོགས་ཀྱི་པདྨོ་རྒྱས་པ་ཉིད། དྭགས་པོ་རིན་པོ་ཆེས་བོགས་འདོན་པར་མཛད་པས་བརྒྱུད་འཛིན་གྱི་སློབ་མ་གྲགས་པ་ཅན་ཡིན་ཞིང་། འདི་ལས་འབྲི་སྟག་ཁྲོ་གླིང་འབྲུག་པ་སོགས་བཀའ་བརྒྱུད་ཕལ་མོ་ཆེ་བྱུང་། ཀམ་ཚང་བཀའ་བརྒྱུད་ཀྱི་ཐོག་མ་ཀརྨ་པ་དུས་གསུམ་མཁྱེན་པས་ས་ཆེན་གྱི་དངོས་སློབ་དཔལ་རྒ་ལོ། ཁམ་པ་ཨ་སེང་། གཤེན་རྡོར་སེང་རྣམས་ལས་ལམ་འབྲས་སོགས་གསན། ཤངས་པ་བཀའ་བརྒྱུད་ཀྱི་གྲུབ་ཆེན་རྨོག་ཅོག་པས་ཁམས་པ་ཨ་སེང་དང་། གཉེན་སྟོན་སྦས་པའི་རྣལ་འབྱོར་གྱིས་རྗེ་བཙུན་གྲགས་པའི་ཞབས་པད་ཡུན་རིང་དུ་བསྟེན་ནས་ལམ་འབྲས་སོགས་ཟབ་དོན་བླངས། ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་ས་སྐྱ་པ་ནས་བརྒྱུད་པའི་སྔགས་དང་མཚན་ཉིད་ཕལ་ཆེར་གསན་ནས་འཆད་རྩོད་རྩོམ་གསུམ་རྩལ་དུ་བཏོན།


JKT018_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་གྲགས་པས་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་། ཇོ་ནང་པ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ནི་ས་པཎ་གསུང་ལས་སྐྱེས་པའི་སློབ་མ་ཡིན་ཅིང་། དོལ་བུ་པ་ཤེས་རབ་རྒྱལ་མཚན་ཀྱང་ས་སྐྱར་མཚན་ཉིད་ཀྱི་ཕྱོགས་ལ་སྦྱངས་ཤིང་། སྐུ་ཚེའི་སྨད་ས་སྐྱ་པཎྜི་ཏས་བྱིན་གྱིས་རླབས་པས་ཐལ་འགྱུར་པའི་ལྟ་བ་ཐུགས་ལ་འཁྲུངས་ཞེས་ཀྱང་གཏམ་དུ་གྲགས། ཤངས་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ནས་བཟུང་སྟེ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་བར་དུ་བྱོན་པ་རྣམས་ས་སྐྱ་པའི་དགེ་བའི་བཤེས་གཉེན་དུ་གཏོགས་ཤིང་། ཕྱོགས་ལས་རྣམ་རྒྱལ་གྱིས་གྲུབ་མཐའ་ས་སྐྱ་པར་ཞལ་གྱིས་འཆེས་ཚུལ་རྣམ་ཐར་ན་གསལ། རྒྱལ་སྲས་ཐོགས་མེད་པས་ཀྱང་ཆོས་རྗེ་བླ་མ་དམ་པ་སོགས་ལས་ས་ལུགས་ཀྱི་གདམས་པ་བསམ་གྱིས་མི་ཁྱབ་པ་གསན། དེང་དུས་ཉི་ཟླ་ལྟར་རི་བོ་དགེ་ལྡན་པའང་། ས་སྐྱའི་ལས་ཆེན་རེས་མདའ་པ་གཞོན་ནུ་བློ་གྲོས་ཀྱི་སློབ་མ་རབ་འབྱམས་སྨྲ་བ་བདུན་གྱི་ནང་ཚན། སྲས་ཀྱི་མཆོག་གྱུར་བློ་བཟང་གྲགས་པ་དང་། རྩོད་པའི་མཆོག་གྱུར་དར་མ་རིན་ཆེན་དང་། ཞེས་གསུངས་པའི་ཡབ་སྲས་འདི་གཉིས་བྱུང་བ་ཡིན་ཞིང་། གཞན་ཡང་རྗེ་རིན་པོ་ཆེས་བླ་མ་དམ་པ་དང་། ས་བཟང་མ་ཏི་པཎ་ཆེན་སོགས་ལས་ཟབ་ཆོས་མང་དུ་གསན། མཚན་ཉིད་ས་ལུགས་དང་། སྔགས་བུ་ལུགས་


JKT018_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་སྟོན་པའི་ཚུལ་འཇམ་མགོན་བླ་མ་རང་ཉིད་ཀྱི་རྣམ་ཐར་ལས་ཀྱང་འབྱུང་བས་མཚོན། ཇི་སྐད་དུ། འཛམ་གླིང་ཐུབ་པའི་རྒྱལ་ཚབ་ས་སྐྱ་པའི། །ཆོས་ཀྱི་བརྒྱུད་པ་འཛིན་པའི་སློབ་མ་རུ། །མ་གྱུར་གངས་རིའི་ཁྲོད་འདིར་བསྟན་འཛིན་དུ། །ཞལ་གྱིས་འཆེས་བའི་མཁས་པ་འགའ་ཡོད་མིན། །ཞེས་ཆེད་དུ་བརྗོད་པའང་དོན་གྱི་སྙིང་པོས་ལྕི་བ་ཉིད་དོ། །དེ་ལྟ་བུའི་དཔལ་ས་སྐྱ་པའི་༡ བསྟན་པ་ལ་བཀའ་དྲིན་མཆོག་ཏུ་ཆེ་བ་ནི། འཁོན་དཀོན་མཆོག་རྒྱལ་པོའི་དུས་སུ་གསང་སྔགས་ཕྱི་འགྱུར་གྱི་བསྟན་པའི་དབུ་བརྙེས། དཔལ་བརྩེ་བ་ཆེན་པོས་སྲོལ་བཏོད། རྗེ་བཙུན་སྐུ་མཆེད་ཀྱིས་དར་ཞིང་རྒྱས་པར་མཛད། ཆོས་རྗེ་ཁུ་དབོན་གྱི་སྐུ་རིང་ལ་གངས་ཅན་ཐམས་ཅད་ས་སྐྱ་པའི་ཆོས་སྲིད་ཀྱི་གདུགས་དཀར་པོའི་གྲིབ་མར་དབང་དུ་བསྡུས་ཏེ་ཤིན་ཏུ་དར་བར་མཛད་པ་ལས། བཤད་པའི་རྒྱུན་ཐམས་ཅད་ཤར་ནུབ་གུང་གསུམ། །སྒྲུབ་པའི་རྒྱུན་ཚོགས་ཉན་ཞང་གསུམ་སོགས་ཀྱིས་བཟུང་། ཆོས་རྗེ་བླ་མ་དམ་པ་ལ་བཤད་སྒྲུབ་ཐམས་ཅད་ཀྱི་བཀའ་བབས། དེ་རྗེས་མདོ་ལ་མཁས་པ་གཡག་ཕྲུག་སངས་རྒྱས་དཔལ་དང་། ཀུན་མཁྱེན་རོང་སྟོན་ཤེས་བྱ་ཀུན་རིག་སྟེ། གཡག་རོང་རྣམ་གཉིས་སམ། རེ་མདའ་བ་གཞོན་ནུ་བློ་གྲོས་ཏེ་གཡག་གཞོན་རྣམ་གཉིས། སྔགས་ལ་མཁས་པ་


JKT018_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་དང་། རྫོང་པ་ཀུན་དགའ་རྒྱལ་མཚན་སྟེ་ཀུན་དགའ་རྣམ་གཉིས། གཉིས་ཀ་ལ་མཁས་པ་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེ་དང་། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་ཏེ་གོ་ཤཱཀ་རྣམ་གཉིས་ཅེས་རྗེ་བཙུན་ས་སྐྱ་པའི་བསྟན་འཛིན་གངས་ཅན་མཛེས་པར་བྱེད་པའི་རྒྱན་དྲུག་བྱོན་ནས་བཤད་སྒྲུབ་ཀྱི་དགའ་སྟོན་ཕྱོགས་བརྒྱར་སྤེལ། གཞན་ཡང་ཉ་དབོན་ཀུན་དགའ་དཔལ་དང་། མཁན་ཆེན་བརྩོན་འགྲུས་དཔལ་ཏེ་མཁས་པ་ཉ་བརྩོན་རྣམ་གཉིས། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག །བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ། སྨར་ཁམས་གྲགས་པ་བཟང་པོ། ཀུན་མཁྱེན་ནམ་མཁའ་བསོད་ནམས། རོང་སྟོན་དོན་ཡོད་དཔལ། འཇམ་དབྱངས་ཀུན་དགའ་ཆོས་བཟང་། མུས་རབ་འབྱམས་པ་བྱམས་པ་ཐུགས་རྗེ་དཔལ་བཟང་། འབུམ་རབ་འབྱམས་པ་བྱམས་པ་ཆོས་ཀྱི་དོན་གྲུབ། གཞུང་བརྒྱ་པ་དངོས་གྲུབ་དཔལ་འབར། མངའ་རིས་པ་ལྷ་དབང་བློ་གྲོས། སྟག་ཕྱག་པ་ཀུན་དགའ་དཔལ་འབྱོར། ཤེལ་གྲོགས་པཎ་ཆེན་བློ་གྲོས་ཆོས་ཀྱི་རྒྱལ་པོ། གཟི་བཀའ་བཅུ་ཤཱཀྱ་བློ་གྲོས། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ངག་དབང་ཆོས་གྲགས། ངག་དབང་བསྟན་པའི་རྡོ་རྗེ་སོགས་བགྲང་གིས་མི་ལང་བ་


JKT018_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བྱོན་ནས། པོད་ཆེན་དྲུག་གཙོར་གྱུར་པའི་དཔལ་ས་སྐྱ་པའི་མཚན་ཉིད་ཀྱི་བཀའ་སྲོལ་ལ་འཆད་རྩོད་རྩོམ་གསུམ་གྱིས་གཏན་ལ་ཕབ་ཅིང་། བཤད་རྒྱུན་འཁྲུལ་མེད་དུ་འཛིན་པའི་ཆོས་གྲྭ་ཆེན་པོ་མང་དུ་བཏབ། ཁྱད་པར་སྔགས་ཕྱོགས་ལ། དཔལ་ས་སྐྱ་པའི་གདན་ས་གོང་འོག་ཏུ། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས། རྒྱ་གར་པ་ཤེས་རབ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། ས་ལོ་ཀུན་དགའ་བསོད་ནམས། སྔགས་འཆང་ཀུན་དགའ་རིན་ཆེན་ནས། ངག་གི་དབང་པོ་ཀུན་དགའ་བློ་གྲོས་ཡབ་སྲས་བརྒྱུད་འཛིན་དང་བཅས་པ་དང་། རྩེ་གདོང་ཁྲི་ཆེན་བསོད་ནམས་ལྷུན་གྲུབ་རྣམས་བཀའ་དྲིན་ཆེ་ཞིང་། སྤྱིར་ཡང་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། མི་ཤེས་གདོལ་པའི་ཕྲུ་གུ་ཕོངས་པ་ཡི། །འཁོར་གྱིས་བཏགས་ལ་འཇིག་རྟེན་འདྲེན་པ་རྒྱུར་འབབ་ཆུར་སྒྲོགས་པའི་གྲགས་སྟོང་སྒྲས། །འཇིག་རྟེན་ཡམ་ཡོར་བྱེད་དང་འདི་མི་མཚུངས། །ཞེས་པ་ལྟར་གདུང་བརྒྱད་རིན་པོ་ཆེ་འདི་རྣམས་མཁྱེན་རབ་དང་། མཐུ་སྟོབས་སོགས་སྐྱེས་ཐོབ་ཀྱི་ཡོན་ཏན་ཁོ་ནའང་གཞན་སྤྲུལ་པའམ། གདུང་བརྒྱུད་ཆེས་ཆེན་པོར་རློམ་པ་རྣམས་ཀྱིས་ཀྱང་ཆ་ཙམ་བསྐྲུན་དུ་མེད་པ་ནི་དེང་སང་གི་བར་དུ་མངོན་སུམ་ཚད་མས་གྲུབ། བྱེ་བྲག་ཏུ་


JKT018_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀའ་སྲོལ་འཛིན་པ་ལ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེངྒེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། པཎ་ཆེན་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་མཁས་གྲུབ་དཔལ་ལྡན་དོན་གྲུབ། འཇམ་མགོན་སངས་རྒྱས་ཕུན་ཚོགས། ཞུ་ཆེན་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་རྣམས་ནི་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཡིན་ཅིང་གཞན་ཡང་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། རྡོ་རྗེ་འཆང་དཔལ་ལྡན་ཆོས་སྐྱོང་། རིན་ཆེན་མི་འགྱུར་རྒྱལ་མཚན་སོགས་མཁྱེན་རབ་དང་ཕྲིན་ལས་རྒྱ་ཆེ་བའང་མང་དུ་བྱོན། རྫོང་པའི་བཀའ་སྲོལ་ལ། མུས་སྲད་པ་རྡོ་རྗེ་རྒྱལ་མཚན་དང་། ཀུན་མཁྱེན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་སོགས་བརྒྱུད་འཛིན་དང་བཅས་པས་བཤད་སྒྲུབ་མཛད། སྙན་བརྒྱུད་རྒྱ་མཚོའི་མངའ་བདག་ཚར་བ་ཆོས་རྗེའི་རིང་ལུགས་ནི། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མཁན་ཆེན་བསླབ་གསུམ་རྒྱལ་མཚན་སོགས་ནས། གནས་གསར་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་སྐུ་གོང་འོག་གི་བར་དུ་བྱོན་པའི་སློབ་བཤད་རྩ་བའི་བརྒྱུད་པ་དང་། གཞན་ཡང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། བོད་མཁར་བ་མེ་ཏྲི་དོན་གྲུབ་རྒྱལ་མཚན། དགོན་གསར་པ་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་


JKT018_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆོས་གྲགས། རྒྱལ་དབང་ལྔ་པ་རིན་པོ་ཆེ་ངག་དབང་བློ་བཟང་རྒྱ་མཚོ། གྲུབ་ཆེན་སངས་རྒྱས་རྒྱ་མཚོ་སོགས་ཀྱིས་སྤེལ། ཆོས་རྗེ་ཚར་པའི་བརྒྱུད་པ་ལས་བྱུང་བའི་ནཱ་རོ་མཁའ་སྤྱོད་མའི་སྐོར་སོགས་སྙན་བརྒྱུད་གསེར་ཆོས་ཀྱི་སྐོར་རྣམས་རྨོར་ཆེན་ནས། འཇམ་དབྱངས་བདེ་བའི་རྡོ་རྗེ། སྟག་ཕུ་པ་བློ་བཟང་བསྟན་རྒྱན། ལྕང་སྐྱ་རོལ་པའི་རྡོ་རྗེ། ཐུའུ་ཀྭན་བློ་བཟང་ཆོས་ཀྱི་ཉི་མ། སྟག་ཕུ་པ་ཆོས་ཀྱི་དབང་ཕྱུག་སོགས་དང་། གནས་གསར་བ་ལས་ཞི་བ་ལྷ་འཕགས་པ་དགེ་ལེགས་རྒྱལ་མཚན་གྱིས་གསན་པས་དགེ་ལུགས་པའི་ཕྱོགས་སུ་ཤིན་ཏུ་དར་ཞིང་ཡིག་ཆའང་མང་དུ་མཛད་སྣང་ངོ་། །དེ་ལྟར་དཔལ་ས་སྐྱ་པ་བརྒྱུད་འཛིན་དང་བཅས་པའི་རྣམ་ཐར་རྒྱས་པ་ནི། དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་བསྟན་པ་སྤྱིའི་ཆོས་འབྱུང་བསྟན་པའི་རྒྱ་མཚོར་འཇུག་པའི་གྲུ་ཆེན་འཇམ་མགོན་སངས་རྒྱས་ཕུན་ཚོགས་ཀྱི་ཞལ་སྐོང་དང་བཅས་པ། མང་ཐོས་ཀླུ་སྒྲུབ་པའི་བསྟན་རྩིས། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་པོད་ཆེན་དྲུག་གི་འབེལ་གཏམ་རིན་ཆེན་མཛེས་པའི་ཕྲ་ཚོམ། ཐུབ་བསྟན་པ་ཆོས་རྣམ་རྒྱལ་གྱི་ཆོས་འབྱུང་འབེལ་གཏམ་ཉུང་ངུ་མེ་ཏོག་སར་པའི་དོ་ཤལ། དཀོན་མཆོག་ལྷུན་གྲུབ་ཀྱི་ས་སྐྱའི་གདུང་རབས་ཚིགས་བཅད་དང་། ཨ་མེས་ཞབས་ཀྱིས་མཛད་པའི་གདུང་


JKT018_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རབས་ཆེན་མོ་ངོ་མཚར་བྱེ་བའི་བང་མཛོད། དེའི་ཁ་སྐོང་ཀུན་བློས་མཛད་པ། ས་ལོ་ཆེན་པོ་དང་། སྔགས་འཆང་ཀུན་དགའ་རིན་ཆེན་ནས། ཀུན་བློ་ཡབ་སྲས་བར་སོ་སོའི་རྣམ་ཐར་རྒྱས་པ། རྗེ་བཙུན་བིརླ་པ་ནས་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་ཡན་ངོར་ལུགས་གསུང་ངག་དང་གདན་རབས་ཀྱི་རྣམ་ཐར་རྒྱས་པ་པོད་གསུམ། དེ་ཕྱིན་དཔལ་ཆོས། མི་འགྱུར་རྒྱལ་མཚན། ཆོས་སྐྱོང་བཟང་པོ་སོགས་སོ་སོའི་རྣམ་ཐར། མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་ངོར་པའི་གདན་རབས་ནོར་བུའི་ཕྲེང་བ་དང་། དེའི་ཁ་སྐོང་དཔལ་ཆོས་སོགས་ཀྱིས་མཛད་པ་དཀོན་མཆོག་གྲགས་པ་ཡན་གྱི་རྣམ་ཐར་མདོར་བསྡུས། བདག་ཆེན་རྡོ་རྗེ་འཆང་ནས་གནས་གསར་བ་ལེགས་པའི་འབྱུང་གནས་བར་གྱི་ཚར་ལུགས་བླ་མ་བརྒྱུད་པའི་རྣམ་ཐར་འདི་ལས་ཞྭ་ལུ་མཁན་ཆེན་ཡན་འབྲས་སྤུངས་སུ་པར་ཡོད། །པོད་ལྔ། འཇམ་དབྱངས་མཁྱེན་བརྩེས་མཛད་པའི་སློབ་བཤད་ཁོག་ཕུབ་ཁ་སྐོང་དང་བཅས་པ། འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་ལམ་འབྲས་ཆོས་འབྱུང་ཆེན་མོ་རྩ་འགྲེལ། བདེ་མཆོག །གསང་འདུས། གཤེད་སྐོར། མགོན་པོ་རྣམས་ཀྱི་ཆོས་འབྱུང་། ཕུར་པའི་རྣམ་བཤད་ཀྱི་ཐོག་མའི་ལོ་རྒྱུས་ཚར་ཆེན་དང་ངག་དབང་ཆོས་གྲགས་སོགས་ཀྱིས་མཛད་པ་མགོན་པོའི་ཆོས་


JKT018_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལམ་འབྲས། བདེ་མཆོག །གཤེད་སྐོར་སོགས་ཀྱི་ལོ་རྒྱུས། དམར་པོ་སྐོར་གསུམ་གྱི་ལོ་རྒྱུས་སོ་སོའི་གླེགས་བམ་ལས་འབྱུང་བ། ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་རྣལ་འབྱོར་མའི་བླ་མ་བརྒྱུད་པའི་ལོ་རྒྱུས་སོགས་ལས་ཤེས་པར་བྱ་ཞིང་། དེ་ལྟ་བུའི་བསྟན་འཛིན་གྱིས་སྐྱེས་བུ་དམ་པ་ཚད་ལྡན་རྣམས་ཀྱི་དོན་གྱི་རྣམ་ཐར་ཀྱང་མདོར་བསྡུ་ན། རྗེ་བཙུན་ས་སྐྱ་པཎྜི་ཏ་ཆེན་པོས། ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་བྱ། །བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད། །ཐ་མ་འདྲིས་པའི་དོན་ལ་བརྩོན་པས་བསྒོམ། །དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན། །ཞེས་གསུངས་པ་ལྟར། གཞི་ཚུལ་ཁྲིམས་རྣམ་པར་དག་པས་བཟུང་ཏེ། པཎྜི་ཏ་དང་ལོ་ཙཱ་ཆེན་པོ་རྣམས་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ། མཁས་གྲུབ་རྣམས་ཀྱིས་བཤད་ཅིང་ཉམས་སུ་བླངས་པས་བློ་གྲོས་དང་ལྡན་པ་ཐམས་ཅད་ལ་ཚད་མར་གྲགས་ཤིང་གྲུབ་པའི་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་མང་དུ་ཐོས་པའི་མཐར་སོན་པར་བྱས། དེ་དག་གི་ཚིག་གི་སྡེབ་སྦྱོར། དོན་གྱི་དགོངས་འགྲེལ། ཆོ་གའི་ཕྱག་ལེན་ཕྲ་མོ་ཚུན་ཆད་ལའང་དངོས་དང་བཏགས་པ། དགོངས་གཞི་དང་དགོས་པ། རང་གཞན་གྱི་གྲུབ་མཐའི་ཁྱད་པར་སོགས་


JKT018_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་བྱུང་གི་རིག་པས་སྒྲོ་འདོགས་ཞིབ་མོར་བཅད། གཞན་ལ་འཆད་པ་དང་། བསྟན་བཅོས་རྩོམ་པ་སོགས་གང་གི་ཚེའང་ལུང་དང་རིགས་པས་གྲུབ་ཅིང་། བླ་མ་བརྒྱུད་པའི་མན་ངག་ལས་ཇི་ལྟར་འབྱུང་བ་འཁྲུལ་མེད་དུ་སྐྱོང་བ་ལས་གཞན་གཞུང་གི་ཟེར་སྒྲོས་དང་། རང་བཟོའི་དྲི་མ་ཕྲ་མོ་ཙམ་གྱི་བསྲེ་སླད་ཀྱང་མི་མཛད། ཟབ་མོའི་ལམ་སྤྱི་དང་། ཁྱད་པར་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་གྲུབ་ཆེན་བིར་ཝ་པ་ནས་རྒྱ་བོད་ཀྱི་མཁས་གྲུབ་ཟམ་མ་ཆད་པར་བརྒྱུད་ཅིང་། མི་བར་དུ་ཁྱི་མ་ཞུགས། མཁའ་འགྲོའི་ཞལ་རླངས་མ་ཡལ་བའི་གསུང་ངག་རིན་པོ་ཆེ་སྙན་བརྒྱུད་ཚད་མ་བཞི་ལྡན་ཐུགས་ཉམས་སུ་བཞེས་ཏེ། དང་པོ་རྒྱུ་དུས་ཀྱི་དབང་གིས་སྨིན་པར་བྱས། བར་དུ་ལམ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པ་ཐུན་བཞིར་བླང་བས་གསོས་ཏེ་རིམ་པ་གཉིས་ཀྱི་ལམ་བཞི་ལ་གོམས་པས། མཐར་འབྲས་བུའི་དུས་ཀྱི་དབང་གིས་ཚེ་འདིའམ་བར་དོ་སོགས་ངེས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་གཤེགས་པའི་ལམ་གཞན་ལས་ཆེས་ཁྱད་པར་དུ་འཕགས་པ་དང་། གཞན་ཡང་མཆོག་སྒྲུབ་པས་ཐུན་མོང་ཞར་ལ་འབྱུང་བ་དང་། ཐུན་མོང་སྒྲུབ་པས་མཆོག་ཞར་ལ་འབྱུང་བའི་ཟབ་རྒྱས་ཀྱི་གདམས་པ་ལག་ཏུ་ལོན་ངེས་པ་དུ་མས་རང་གཞན་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་


JKT018_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་རྣམ་གཉིས་ལ་བདེ་བླག་ཏུ་སྦྱོར་བར་མཛད་པ་ཡིན་ལ། གཞན་ཡང་རང་གི་གྲུབ་མཐའ་མ་འཁྲུལ་པར་སྐྱོང་བ་ལས་གཞན་ལུགས་ཀྱི་རྗེས་སུ་མི་འབྲང་ཡང་། དེ་དག་ལུང་རིགས་ཀྱི་དཔྱད་པ་རེ་ཙམ་མ་གཏོགས་རྒྱུ་མཚན་མེད་པའི་སྡང་ཞེན་གྱིས་སྨོད་པ་སོགས་གྲུབ་མཐའི་ཆགས་སྡང་མི་མཛད། ནང་དུ་ཉམས་རྟོགས་དང་། མངོན་པར་ཤེས་པ་སོགས་རྒྱ་ཆེ་བ་མངའ་ཡང་སྦས་པའི་ངང་ཚུལ་ལྟ་བུར་མཛད་དེ། དཔལ་གསང་པ་འདུས་བ་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་སྐྱོང་། །ནང་དུ་འདུས་པའི་དོན་ལ་དགའ། ཞེས་གསུངས་པ་ལྟར། ཕྱག་ལེན་དུ་བཏབ་པས། མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་རབ་འབྱམས་རྒྱ་བོད་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་བཞེད་སྲོལ་ཇི་ལྟ་བ་བཞིན་དུ་སྨྲ་བའི་པཎྜི་ཏ་དང་། རྒྱུད་སྡེ་ནས་གསུང་པའི་ལམ་འཁྲུལ་མེད་བསྒོམས་པས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དང་ས་ལམ་གྱི་ཡོན་ཏན་མཚན་ཉིད་པ་རྒྱུད་ལ་སྐྱེས་པའི་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་པ་ཡིན་ནོ། །དེ་དག་གིས་བཤད་སྒྲུབ་མཛད་པའི་ཆོས་ཀྱི་རྣམ་གྲངས་དེང་སང་རྒྱུན་བཞུགས་པའང་། བསྟན་པ་རིན་པོ་ཆེའི་སྒོར་ཞུགས་པ་དང་། ཞུགས་པའི་རྟེན་དེ་དང་ཐོས་བསམ་བྱ་བའི་ཡུལ་གཉིས། དང་པོ་ནི། སོ་སོ་ཐར་པའི་སྡོམ་རྒྱུན།


JKT018_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པཎ་ཆེན་ཤཱཀྱ་ཤྲཱི་ནས་འཇམ་དབྱངས་ས་པཎ་ས་སྐྱ་ལྷ་ཁང་ཆེན་མོའི་སྡོམ་རྒྱུན། སོགས་ནས་བརྒྱུད་པ་དང་། མཁན་ཆེན་རྡོ་རྗེ་དཔལ་སོགས་ནས་ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོ་ཡབ་སྲས་ལས་བརྒྱུད་པའི་སྡོམ་རྒྱུན་ངོར་པའི་སྡོམ་རྒྱུན། ཕྱག་ལེན་དང་བཅས་རྣམ་པར་དག་པ། གཉིས་པ་ལ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ལས། དང་པོ་ནི། ལས་ཨུདང་པོ་པ་འཇུག་པའི་སྒོ་བསྡུས་ཚད་ཀྱིས་རིག་པའི་ལམ་ཕྱེས་ནས། ཚད་མ་རྣམ་འགྲེལ་དང་། རིག་གཏེར་སོགས་ཚད་མའི་གཞུང་དང་༡། འདུལ་བ་མདོ་རྩ་༢། མངོན་པ་མཛོད་༣། ཕར་ཕྱིན་མངོན་རྟོགས་རྒྱན་༤། དབུ་མ་འཇུག་པ་།། མདོ་སྔགས་སྤྱིའི་གཞུང་སྡོམ་༦གསུམ་སྟེ་པོད་ཆེན་དྲུག་གི་བཤད་སྲོལ་ཕུལ་དུ་བྱུང་བ་ས་སྐྱ་ཐུབ་བསྟན་ལྷ་ཁང་ཆེན་མོ། རྟ་ནག་རྣམ་རྒྱལ། སྐྱེས་ཚལ་གོང་འོག །ཐུབ་བསྟན་རབ་སྨད། རྣམ་རབ་དྭགས་པོ་གྲྭ་ཚང་། ཨ་མདོ་གདུ་བུ་དགོན་སོགས་སུ་རྒྱ་ཆེར་དར་ཞིང་། དེས་མཚོན་པའི་གཞུང་མང་པོའི་ལུང་སེམས་བསྐྱེད་ལུགས་གཉིས། བློ་སྦྱོང་ཞེན་པ་བཞི་བྲལ་དང་། དོན་བདུན་མ་སོགས་ཉམས་ལེན་གྱི་སྐོར་རྣམས་སོ། །གཉིས་པ་ལ་སྤྱིར་རྒྱུད་སྡེ་བཞིའི་སྐོར་དང་། བྱེ་བྲག་ཏུ་སློབ་བཤད་གསེར་ཆོས་ཀྱི་སྐོར་དང་། རྗེས་འབྲེལ་བླ་མའི་


JKT018_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་འབུམ་རྣམས་ལས། དང་པོ་ལའང་སྤྱི་བཀའ་དང་། ཟུར་བཀའ་གཉིས་ལས། དང་པོ་ནི། རྡོ་རྗེ་ཕྲེང་བའི་དབང་། སྒྲུབ་ཐབས་བརྒྱ་རྩ། རྒྱ་མཚོ། སྣར་ཐང་བརྒྱ་རྩ་སོགས་ཀྱི་རྗེས་གནང་དང་། གཉིས་པ་ལ། ཐོག་མར་བྱ་བ་སྤྱིའི་རྒྱུད་ལ་རིགས་གསུམ་སྤྱིའི་དབང་བསྐུར་བ། སོ་སོའི་རྒྱུད་ལ། དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ཐུབ་དབང་གནས་བརྟན་བཅུ་དྲུག །འོད་ཟེར་དྲི་མེད། སྨན་བླ། ཀླུ་དབང་རྒྱལ་པོ་སོགས་དང་། རིགས་ཀྱི་བདག་པོ་འཇམ་དཔལ་མ་ཏི་ལུགས། གང་བློ་མ། ཤེས་རབ་འཁོར་ལོ། །སྨྲ་སེང་སོགས་ཀྱི་སྐོར། རིགས་ཀྱི་ཡུམ། སྲུང་བ་ལྷ་ལྔའི་དབང་། འོད་ཟེར་ཅན། གཟའ་ཡུམ། རིགས་ཀྱི་གཙུག་ཏོར་གདུགས་དཀར་ལྷ་ཉེར་བདུན་མ་དང་། ལྷ་བཅུ་བདུན་མ། གཙུག་གཏོར་དྲི་མེད་སོགས་ཀྱི་དབང་། རིགས་ཀྱི་ཁྲོ་བོ་མི་གཡོ་བ་དཀར་སྔོན་གྱི་སྐོར། པདྨའི་རིགས་ཀྱི་གཙོ་བོ་ཚེ་དཔག་མེད་ལྷ་དགུ་དང་། འཆི་མེད་རྔ་སྒྲ། མི་ཏྲིའི་ལུགས་ཀྱི་ཚེ་དཔག་དཀར་པོ། །སྒྲ་མི་སྙན་གྱི་རང་གཟུངས། རིགས་ཀྱི་བདག་པོ་སྤྱན་རས་གཟིགས་ཀླུ་སྒྲུབ་ལུགས་ལྷ་སོ་བདུན་མའི་དབང་། བཅུ་གཅིག་ཞལ་དཔལ་མོ་ལུགས། ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས། ས་ལུགས་ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་དང་།


JKT018_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་འཁོར་གསུམ་པ། དོན་ཡོད་ཞགས་པ་ལྷ་ལྔ། སེངྒེ་སྒྲ་སོགས་ཀྱི་རྗེས་གནང་མན་ངག་དང་བཅས་པ། རིགས་ཀྱི་ཡུམ་སྒྲོལ་དཀར་བཀའ་བབས་དགུ་ལྡན་དང་། འོད་ཟེར་དྲུག་སྦྲགས་ཀྱི་རྗེས་གནང་ཟབ་ཁྲིད་མན་ངག་དང་བཅས་པ། སེང་ལྡེང་ནགས་སྒྲོལ་གཙོ་རྐྱང་། ཇོ་ལུགས་སྒྲོལ་མ་ཉེར་གཅིག་དང་། སྒྲོལ་མ་བར་ཆད་ཀུན་སེལ། དབང་གི་སྒྲོལ་མ་དམར་མོ་སོགས་ཀྱི་རྗེས་གནང་། མཎྜལ་བཞི་བའི་མན་ངག །ལྷ་མོ་ཤྲ་མ་ཎའི་སྐོར། རིགས་ཀྱི་ཁྲོ་བོ་རྟ་མགྲིན་ཟླ་རྒྱལ་ལུགས། གྲུབ་རྒྱལ་ལུགས། རིགས་ཀྱི་ཁྲོ་མོ་རི་ཁྲོད་མ་སེར་མོའི་རྗེས་གནང་མན་ངག་དང་བཅས་པ། རྡོ་རྗེའི་རིགས་ཀྱི་གཙོ་བོ་མི་འཁྲུགས་པ་ལྷ་དགུའི་དབང་། རིགས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་འགྲོ་བཟང་ལུགས། རྣམ་འཇོམས་བ་རི་ལུགས། རིགས་ཀྱི་ཕོ་ཉ་སྨེ་བརྩེགས་ས་ལུགས་དང་། ཇོ་ལུགས་མན་ངག་བཅས། རིགས་ཀྱི་ཕོ་ཉ་མོ། ཁྲོ་མོ་སྨེ་བརྩེགས་སོགས་སོ། །ནོར་ཅན་གྱི་རིགས། བ་རི་ལུགས་ཀྱི་ཛམ་སེར་ནག །ཇོ་ལུགས་ཛམ་དཀར་འབྲུག་ཞོན་མན་ངག་དང་བཅས་པ། རྣམ་སྲས་སེར་ཆེན་སོགས་རྗེས་གནང་རིགས་མི་འདྲ་བ་འདི་ལ་རྒྱུད་སྡེ་གོང་འོག་ཅི་རིགས་པར་ཡོད། བཅུ་བདུན་དང་། མན་ངག་རབ་ཏུ་མང་པོའི་ལུགས་བཅས་བཞུགས་པ་ཡིན་ནོ།། ༈ །།གཉིས་པ་སྤྱོད་རྒྱུད་ལ། གཤེགས་


JKT018_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བདག་པོ་འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔའི་དབང་དང་། དཔལ་གཅིག་པའི་རྗེས་གནང་། གསུམ་པ། རྣལ་འབྱོར་གྱི་རྒྱུད་ལ་ཆ་མཐུན་གྱི་རྒྱུད་སྦྱོང་དཀྱིལ་བཅུ་གཉིས་དང་། ཀུན་རིག །ཕྱག་རྡོར་འཆི་འཇོམས་སོགས་དང་། ཀུན་རིག་གི་གཞུང་གཞན་ཕན་སྐོར་གསུམ་སོགས་ཡིག་ཆ་མང་པོའི་ལུང་། རྒྱུད་སྡེ་བཞི་པ་བླ་མེད་ཀྱི་རྒྱུད་ལ་གསུམ་ལས་དང་པོ་ཕ་བརྒྱུད་ལ། །གསང་འདུས་མི་བསྐྱོད་པ། འཇམ་པའི་རྡོ་རྗེ། སྤྱན་རས་གཟིགས་རྣམས་ཀྱི་དབང་ལུང་། གཤེད་དམར་ལྷ་ལྔའི་དབང་ཟབ་འཁྲིད་དང་བཅས་པ། དགྲ་ནག་བཅུ་གསུམ་མ། འཇིགས་བྱེད་ས་ལུགས་དང་། རྭ་ལུགས་རོ་ལངས་བརྒྱད་སྐོར། ར་ལུགས་བཅུ་གསུམ་མ་རྣམས་ཀྱི་དབང་། སྐྱོ་ལུགས་རྭ་རྩེ་སེམས་འཛིན་དང་། རྭ་ལུགས་མཁའ་འགྲོའི་སྙན་བརྒྱུད་ཀྱི་འཁྲིད། རྒྱབ་བརྟེན་ལུང་པོད་བཞི། དུག་དབང་རྨ་བྱ་རྒྱས་པ་དང་། འཇིགས་བྱེད་དཔའ་གཅིག །ལས་གཤིན་རིགས་བཞི་དང་བཅས་པའི་རྗེས་གནང་། དེ་དག་གི་རྒྱབ་བརྟེན་ལུང་པོད་བཞི། གཉིས་པ་མ་རྒྱུད་ལ་སྒོ་དྲུག་ལས། ཧེ་རུ་ཀའི་རིགས་ཀྱི་རྒྱུད་པ་དེ་མཆོག་དུས་འཁོར་ལྟར་བཀྲལ་བ་མཁའ་འགྲོ་རྒྱ་མཚོ་དང་། རྣལ་འབྱོར་གསང་མཐའ་ལྟར་བཀྲལ་བ་ལཱུ་དྲིལ་ནག་གསུམ་དང་། བདེ་མཆོག་བོང་ཞལ་ཅན་ཀྱི་


JKT018_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དབང། དཔྱལ་ལུགས་ཕག་མོ་སྐོར་དང་། ཕག་དཀར་ཤེས་རབ་གསལ་བྱེད་རྣམས་ཀྱི་བྱིན་རླབས། པདྨ་གར་དབང་གི་རིགས་སུ་གཏོགས་པ། ཀུ་རུ་ཀུལླེ་ལྷ་ལྔའི་དབང་། ཚེ་འདི་རྒྱུད་སྡེའི་རིགས་སུ་ཧེ་རུ་ཀའི་རིགས་སུ་གཏོགས། དཔག་གྲུབ་རྒྱལ་ལུགས་ཀྱི་བྱིན་རླབས། ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་ཁྲིད། འདི་ཕ་རྒྱུད་དུ་བཞེད་པའང་ཡོད། རྟ་མཆོག་གི་རིགས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་དབང་བསྐུར་མན་ངག་དང་བཅས་པ། ཉི་སྦས་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་། གསུམ་པ་གཉིས་མེད་ཀྱི་རྒྱུད་ལ། དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས། འགྲེལ་པ་ལུགས། མཚོ་སྐྱེས་ལུགས། ནག་པོ་ལུགས་སྐུ་གསུང་ཐུགས་སྙིང་པོ་ཀྱེ་རྡོ་རྗེ་དང་བཅས་བཀའ་བབས་བཞི་ལ་དབང་ཀ་བདུན། ཡུམ་བཀའ་བདག་མེད་ལྷ་མོ་བཅོ་ལྔ། བཤད་རྒྱུད་རྡོ་རྗེ་གུར། ཆ་མཐུན་གྱི་རྒྱུད། སམ་བུ་ཊ་རྣམས་ཀྱི་དབང་། གུར་གྱི་ལས་རྒྱས་པའི་ལྷ་གསུམ་ཞེས་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད། ཤེར་འདིའི་ཟུར་ཀ་ཡོད་མེད་དཔྱད། ཕྱིན་དཀར་མོ། སོ་འབྲང་དཀར་མོ་རྣམས་ཀྱི་རྗེས་གནང་། དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དབང་། རྒྱུད་དེ་ཉིད་ལས་གསུངས་པའི་ལས་རྒྱས་པའི་ལྷ་གསུམ་ཞེས། རྡོ་རྗེ་ཤུགས། རྡོ་རྗེ་ཁྱུང་ཁྲ། སྣ་ཚོགས་ཡུམ། རྣམས་ཀྱི་རྗེས་གནང་


JKT018_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་སྙན་རྒྱུད་གསེར་ཆོས་ཀྱི་སྐོར་ལ། ཐོག་མར་གསུང་ངག་རིན་པོ་ཆེར། དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་རྒྱུ་དབང་། ཨཋའི་བཟླས་ལུང་། །ལམ་དབང་། ཡིག་བརྒྱའི་བཟླས་ལུང་། ལམ་ཟབ་ཕྱི་ནང་། བླ་མ་རིན་འབྱུང་། ཚར་གསུམ་ཁུག་པ། བིར་སྲུང་ཕྱི་ནང་། བདག་མེད་མ། ལམ་སྦས་བཤད། བརྡ་དོན་གསལ་བ། བརྡ་ཚིག་བརྒྱུད་ཐུན་མོང་དང་། ཐུན་མིན། སྒྲུབ་པ་ལུང་སྦྱིན། གསང་བཅུའི་རྒྱས་གདབ། རྣམ་འཇོམས་བིར་ལུགས། རྟེན་འབྲེལ་སྲུང་བ་རྣམས་ཀྱི་བྱིན་རླབས། ལམ་འབྲས་ལུགས་ཀྱི་མགོན་རྐྱང་གི་རྗེས་གནང། ལམ་འབྲས་ཚོགས་བཤད་དང་། སློབ་བཤད་སོ་སོའི་ཉམས་ཁྲིད། ལུས་སྦྱོང་དང་འཁྲུལ་འཁོར་གྱི་ཕྱག་ལེན། རྒྱབ་བརྟེན་ལུང་གི་རིམ་པར། ཚོགས་སློབ་སོ་སོའི་རྣམ་ཐར་གླེགས་བམ་དུ་མ། ལམ་འབྲས་གླེགས་བམ་པོད་སེར་ལམ་སྐོར་དང་བཅས་པ། པོད་དམར། པོད་ནག །སྟོང་ར་བའི་པོད་སྔོན། གཞུང་བཤད་སྲས་དོན་མ། ཚར་ཆེན་གྱི་རྣམ་བཤད་ཉི་ཟེར་སོགས་དང་། །མཁྱེན་བརྩེའི་ཁྲིད་ཡིག་སོགས་ཀླུ་སྒྲུབ་དང་། ངག་དབང་ཆོས་གྲགས། ངག་དབང་བརྟན་རྡོར་སོགས་བླ་མ་ཕྱི་མའི་གསུང་རབས་བཅས་རབ་ཏུ་མང་པོའི་ལུང་དང་། ལྕགས་རིའི་ཁོངས་ལས་མི་འདའ་།


JKT018_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྙན་བརྒྱུད་གསེར་ཆོས་བཅུ་གསུམ་ཞེས་གྲགས་པ་ལ་མཆོག་བསྒྲུབས་པ་ལ་ཐུན་མོང་ཞར་ལ་འབྱུང་བ་དམར་མོ་སྐོར་གསུམ་མམ། མཁའ་སྤྱོད་སྐོར་གསུམ་ཞེས་གྲགས་པར། ནཱ་རོ་མཁའ་སྤྱོད་༡མ་ངོར་ལུགས་དང་། ཚར་ལུགས་སོ་སོའི་བྱིན་རླབས། བསྐྱེད་རྫོགས་ཀྱི་ཉམས་འཁྲིད། ཆོས་ཉིད་དངོས་བསྟན་གྱི་བྱིན་རླབས། རྩ་དབུ་མ་ཆེ་བའི་འཁྲིད། ཨིན་༢དང་། མེ་ཏྲི་༣མཁའ་སྤྱོད་ཀྱི་བྱིན་རླབས། རྒྱབ་བརྟེན་ལུང་པོད་གསུམ། ཐུན་མོང་སྒྲུབ་པས་མཆོག་ཞར་ལ་འབྱུང་པ་དམར་པོ་སྐོར་གསུམ་ལ། ཀུ་རུ་ཕྱི་སྒྲུབ་ཀུལླེ་ངོར་ལུགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་། ཚར་ལུགས་ནང་སྒྲུབ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་། ལི་ལུགས་ཀྱི་གསང་སྒྲུབ་ལྷ་ལྔའི་བྱིན་རླབས། ལུང་པོད་གཅིག ཚོགས་བདག་དམར་ཆེན་ངོར་ལུགས་ཐུན་མོང་མ་ཡིན་པ། ཚར་ལུགས་དམར་ཆེན་ཕྱག་བཅུ་གཉིས་པ་ཐུན་མོང་མ་ཡིན་པ། དམར་ཆེན་ཁྱད་པར་ཅན། ཇོ་ལུགས་ཚོགས་བདག་དཀར་པོ་ཆགས་པ་རྡོ་རྗེ་དང་། ཕྱག་བཞི་པའི་རྗེས་གནང་སྟེ་ལྔ། ལུང་པོད་༡། ཁྲོ་བོ་ཀག་ཆོལ་འདོད་པའི་རྒྱལ་༦པོ་ལ་ངོར་ལུགས་ཐུན་མོང་མ་ཡིན་པ་འདོད་པ་ལྷའི་རྗེས་གནང་དང་། གསང་སྔགས་སྒྲའི་རྗེས་གནང་གཉིས། ལུང་པོད་༡། དེ་རྣམས་ཀྱི་ཕྱག་ལེན་དམར་ཁྲིད་ཀྱི་རྒྱུན་


JKT018_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ། དམར་ཆུང་སྐོར་གསུམ་མམ་གཉན་ལོའི་དབང་གི་ལྷ་གསུམ་དུ་གྲགས་པ། ཀུ་རུ་ཀུལླེ་དཔལ་༧མོ་གསེར་གྱི་སྙིང་ཐག་ཅན། ནོར་རྒྱུན་མ་དམར་མོ། །ལྷ་མོ་ཏི་ནུ་མ་༩རྣམས་ཀྱི་རྗེས་གནང་མན་ངག་གི་ལུང་དང་བཅས་པ། སེང་གདོང་སྔོན་མོ་༡༠། །འཇམ་དཔལ་ནག་པོ་༡༡། རྡོ་རྗེ་ཁྱུང་ཁྲ་༡༢། ཛམ་དམར་སྲོག་༡༣སྒྲུབ་རྣམས་ཀྱི་རྗེས་གནང་། སོ་སོའི་མན་ངག་གི་ལུང་དང་བཅས་པ། གཞན་ཡང་གསེར་ཆོས་བཅུ་གསུམ་གྱི་སྟེང་། སེངྒེ་སྒྲའི་ངག་སྲུང་༡༤འགྲོལ་གྱི་རྗེས་གནང་ལུང་དང་བཅས་པ་བསྣན་པས། ཀླུ་པའི་གསེར་ཆོས་བཅུ་བཞི་གྲགས་ཤིང་། གསེར་ཆོས་སུ་གཏོགས་པ་ཚེ་དཔག་མེད་སྤྲུལ་སྐུའི་རྗེས་གནང་། གཉན་ལོའི་གསེར་ཆོས་ཛམ་བྷ་ལ་སུམ་བསྒྲིལ་གྱི་སྒོམ་ལུང་། ལྷ་མོ་དབྱུ་གུ་སྤུན་གསུམ་གྱི་མན་ངག་གི་ལུང་བཅས་སོ། །དཔལ་ས་སྐྱ་པ་ཡབ་སྲས་རྣམས་ལ་བསྟན་པ་སྲུང་པའི་མཚོན་ཆ་རྡོ་རྗེའི་ཆོས་སྲུང་རྒྱ་མཚོ་ལྟ་བུ་ཞིག་བཀའ་བབས་པ་ལས་གཙོ་བོར་གྱུར་པ་ནི་རྡོ་རྗེ་ནག་པོ་ཆེན་པོ་གུར་ཞལ་གཉིས་ཏེ། དེ་ཡང་གུར་གྱི་མགོན་པོའི་སྐོར་ལ་བཀའ་བབས་བཞི་ལས། ག་ཡ་དྷ་ར་ནས་བརྒྱུད་པ་ལམ་འབྲས་༡ལུགས་ཀྱི་མགོན་རྐྱང་དང་། སྒྲུབ་ཐབས་བརྒྱ་རྩ་ནས་འབྱུང་བའི་བ་རི་ལུགས་ཀྱི་མགོན་རྐྱང་གཉིས་ཀྱི་རྗེས་གནང་། སོ་སོའི་མན་


JKT018_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་ལུང་། །ཁ་ཆེ་༣པཎྜི་ཏ་ནས་བརྒྱུད་པའི་སྤུ་གྲི་སྐོར་གསུམ་གྱི་ལུང་། ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་བླ་མ་མལ་ལས་བརྒྱུད་པའི་སྐོར་ལ། སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ལས། དང་པོ་༤ལ། །དབང་བཀའ་མ་ནུབ་པ་དང་། རྗེས་གནང་བཀའ་མ་ནུབ་པ་གཉིས་ཀྱི་དང་པོ་ནི། མགོན་པོ་ལྷ་ལྔ། ལྷ་བརྒྱད། ལྷ་བཅུ་གཅིག་མ། ལྷ་བཅུ་བདུན་མ། གྲི་འདི་ག་ཡ་དྷ་ར་ནས་བརྒྱུད་པ་ཡིན། གུག་ལྷ་ལྔ་སྙན་བརྒྱུད་ལུགས་ཀྱི་དབང་བཅས་ལྔ། གཉིས་པ་ལ། ལྕམ་དྲལ། ལྷ་གསུམ། ལྷ་བརྒྱད་ཐུན་མོང་དང་། ཐུན་མོང་མ་ཡིན་པ། ངོར་ལུགས་ལྷ་བརྒྱད། ལྷ་བཅུ་གཉིས་མ་ཐུན་མོང་དང་། ཐུན་མོང་མ་ཡིན་པ། ཕྱི་ཁྲིད་ཁྲོ་བཅུ། གསང་ཁྲིད་ལྷ་དགུ། ཞར་བྱུང་མོ་རྐྱང་དུ་སྒྲུབ་པ་དུད་སོལ་མ་ཕྱི་སྒྲུབ་དང་། གསང་སྒྲུབ་ཀྱི་རྗེས་གནང་གཅེར་བུ་ཟངས་གྲི་ཅན། བེར་ནག་ཟངས་གྲི་ཅན། པུ་ཏྲ་ཐུན་མོང་དང་ཐུན་མིན། བྲན་བདུད་ནག་པོ་ཐུན་མོང་དང་། ཐུན་མིན་རྣམས་སོ། །གཉིས་པ་ལས། ཕྱི་ཁྲིད། གསང་ཁྲིད། ཞར་བྱུང་མགོན་པོ། དཀར་པོའི་ཚེ་ཁྲིད་བཅས། གསུམ་པ་ལ། །གླེགས་བམ་མེ་འབར་མ། ཁ་སྐོང་། སྙན་བརྒྱུད། ཡང་སྐོང་སྟེ་སྙན་བརྒྱུད་འཛིན་པ་ཕྱི་མའི་གསུང་རབ། ཡང་སྐྱོ་མདའ་བསོད་ནམས་དབང་ཕྱུག་གིས་བསྒྲིགས་པའི་ཁ་སྐོང་པོད་ཆེན་༢། གྱི་ལྗང་


JKT018_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པོད། དུད་སོལ་པོད་བཅས་སོ། །ཞིང་སྐྱོང་ཞལ་བཞི་པའི་སྐོར་ལ། བསྙེན་༡དུས་ཐུན་མོང་། སྒྲུབ་དུས་ཐུན་༢མོང་། ཐུན་མོང་མ་ཡིན་༣པ། གདོང་བརྙན་༤ཅན། གསང་ཁྲིད་སྔོན་༥འགྲོའི་རྗེས་གནང་། དཀར་པོ་ཚེ་འཕེལ་ཐུན་༦མོང་དང་། ཐུན་མོང་མ་༧ཡིན་པ། སེར་པོ་རྒྱས་བྱེད། དམར་པོ་དབང་༩བསྡུད། སྔོན་པོ་༡༠བགེགས་འཇོམས། ནོར་སྒྲུབ་སེར་པོ་ལྷ་༡༡དགུ། །གནད་དབབས་༡༢མགོན་པོ། ཁྱུང་ཞལ་ཅན་༡༣། ཤི་ས་བསྟན་པ་༡༤། བྲམ་ཟེ་མངགས་༡༥གཏད། ཡེ་ཤེས་ཀྱི་༡༦མགོན་པོ་སེངྒེ་ནག་པོ། བྲམ་ནག་བཤན་པ་༡༧དྲུག་སྐོར། ངོར་ལུགས་བསྙེན་དུས། དེའི་བཀའ་སྲུང་བེགྱེ་ལྕམ་སྲིང་ལྷ་གསུམ་དང་། འཁོར་མང་རྣམས་ཀྱི་རྗེས་གནང་། ཞལ་གྱི་གསང་ཁྲིད་ཚེ་ཁྲིད་དང་བཅས་པ། ཐུན་མོང་བ་དཀར་ཆག་ནོར་བུའི་དོ་ཤལ་གྱིས་ཟིན་པ་པོད། ཐུན་མོང་མ་ཡིན་པ་ཆིག་བརྒྱུད་ཧ་ལ་ནག་པོ་མ་བུ་པོད་གཅིག །ཐེགྱེའི་པོད་གཅིག །གཞན་ཡང་མགོན་དཀར་དམག་ཟོར་མ་དུར་ཁྲོད་བདག་པོ་ཡབ་ཡུམ་རྣམས་ཀྱི་རྗེས་གནང་། སོ་སོའི་མན་ངག་གི་གླེགས་བམ། གནུབས་ལུགས་སྟག་ཞོན། ལེགས་ལྡན་མཆེད་བྱ་རྒྱུད། གསུམ་སོགས་ཀྱི་རྗེས་གནང་བཞུགས་སོ། །གསུམ་པ་གསུང་འབུམ་སྐོར་ལ། ས་སྐྱ་གོང་མ་ལྔའི་བཀའ་འབུམ་


JKT018_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པོད་བཅོ་ལྔ། རྒྱལ་སྲས་ཐོག་མེད་བཀའ་འབུམ་པོད་གཅིག །ངོར་ཆེན་རྡོ་རྗེ་འཆང་བཀའ་འབུམ་པོད་བཞི། མུས་ཆེན་གཅིག །ཀུན་མཁྱེན་བསོན་ནམས་སེངྒེའི་སྔགས་ཕྱོགས་བཞི། དཀོན་མཆོག་ལྷུན་གྲུབ་བཞི། དཔལ་ལྡན་དོན་གྲུབ་གཅིག །ཞུ་ཆེན་པཎྜི་ཏ་༡༠རྣམས་ཀྱི་བཀའ་འབུམ་ཡོངས་རྫོགས་དང་ཚར་ཆེན་ཡབ་སྲས། པཎ་ཆེན་ནམ་མཁའ་དཔལ་བཟང་། ངག་དབང་ཆོས་གྲགས། །སངས་རྒྱས་ཕུན་ཚོགས། རྨོར་ཆེན་ཀུན་དགའ་བློ་གྲོས་སོགས་ཀྱི་གསུང་འབུམ་ཐོར་བུ་བཅས་ཀྱིས་མཚོན་མདོ་སྔགས་ཀྱི་ཟབ་ཆོས་རྒྱ་མཚོ་ལྟ་བུ་ཞིག་བཞུགས་ཤིང་། ས་ངོར་ཚར་གསུམ་གྱི་རིང་ལུགས་འཛིན་པའི་དགོན་སྡེ་རྣམས་སུའང་། བྱ་རྒྱུད་ཚེ་དཔག་ལྷ་དགུ། རྔ་སྒྲ། མི་འཁྲུགས་པ། རྣམ་རྒྱལ། རྣམ་འཇོམས། སྒྲོལ་དཀར། རྣལ་འབྱོར་རྒྱུད་ཀུན་རིག །འཆི་འཇོམས་རྣམས། བླ་མེད་ཕ་རྒྱུད་གསང་འདུས་མི་བསྐྱོད་པ་༣༢། འཇམ་རྡོར་༡༩། མ་རྒྱུད་བདེ་མཆོག་༦༢ལུ་ནག་༦༣གཉིས། གཉིས་མེད་རྒྱུད་ཀྱེ་རྡོར་མན་ངག་ལུགས། གུར་༤༥། སམྦྷཊ་༡༧སྟེ་ངོར་ལུགས་དཀྱིལ་འཁོར་བདུན་དུ་གྲགས་པ་དང་། བདག་མེད་ལྷ་མོ་བཅོ་ལྔ། གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ། འཇིགས་བྱེད་བཅུ་གསུམ་མ། མཁའ་འགྲོ་རྒྱ་མཚོ། ཡབ་ཆོས་ཡང་ཕུར་གཉིས། དཔལ་དུས་


JKT018_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོ་སོགས་ཀྱི་སྒྲུབ་མཆོད་དང་། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་དང་། རྡོ་རྗེ་ནག་པོ་ཆེན་པོ་སོགས་ཀྱི་གཏོར་ཟློག་གིས་མཚོན་ཏེ་བཤད་སྒྲུབ་གྱི་ཕྲིན་ལས་གོང་གོང་དཀར་རྡོ་རྗེ་གདན་དང་། བཀྲ་ཤིས་ཆོས་སྡེ་སོགས་སུ་ས་ལུགས་དང་། བུ་ལུགས་འདྲེས་མའི་སྒྲུབ་མཆོད་ཤིན་ཏུ་མང་པར་བཞུགས་སོ། །འཕེལ་དུ་བཞུགས་པ་ལགས་སོ། །ས་སྐྱ་པ་ཞེས་གྲགས་པའི་སྒྲ་དོན་ནི། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཞལ་ནས། ས་དཀར་པོ་སེངྒེའི་གདོང་པ་འདྲ། །དཔལ་ལྡན་ས་སྐྱ་སེངྒེའི་ལུས། །འགྲོ་དྲུག་གི་བསམ་པ་འགེངས་པ་པོ། །རྗེ་རྡོ་རྗེ་འཆང་གི་བཞུགས་གནས་ཡིན། །ཞེས་གསུངས་པ་ལྟར་གནས་ཀྱི་མིང་གང་ཟག་ལ་ཆགས་པ་ཡིན་ནོ། །དཔལ་ས་སྐྱ་པའི་རིང་ལུགས་ལ་དགག་པ་མཛད་མཁན་ཆེར་མ་བྱུང་མོད། འོན་ཀྱང་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་དགེ་ལུགས་པའི་ཕྱོགས་དང་། ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་དང་། བོ་དོང་པ་ཕྱོགས་ལས་རྣམ་རྒྱལ་སོགས་ཀྱིས་ཀྱང་ཅུང་ཟད་དགག་པ་གནང་བའི་ལན་ངོར་ཆེན་རྡོ་རྗེ་འཆང་དང་། ཀུན་མཁྱེན་བསོད་ནམས་སེངྒེ་སོགས་ཀྱིས་གསུང་རབས་ལས་ཤེས་པར་བྱ་ཞིང་། པཎ་ཆེན་ཤཱཀྱ་མཆོག་པས་སྡོམ་གསུམ་ལ་དོགས་པ་འདྲི་བ་བཀོད་པ་དང་། ཐམས་ཅད་མཁྱེན་པ་པདྨ་དཀར་པོས་ཀྱང་སྡོམ་གསུམ་གྱི་ཐད་ནས་།


JKT018_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དགག་སྒྲུབ་ཅུང་ཟད་དང་། བརྟགས་གཉིས་འཆད་པ་རྣམས་ལ་དྲི་བ་གནང་བ་སོགས་ཀྱི་ལན་ཀུན་མཁྱེན་རིན་པོ་ཆེ། གློ་བོ་མཁན་ཆེན། ཀླུ་སྒྲུབ་རྒྱ་མཚོ། ངག་དབང་ཆོས་གྲགས་སོགས་ཀྱིས་རིམ་བྱས་པའི་ལན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷན་གྲུབ་དང་། ངག་དབང་བརྟན་པའི་རྡོ་རྗེ་སོགས་ཀྱིས་མཛད་པ་དང་། ཇོ་ནང་པ་སོགས་ཀྱི་ཕྱོགས་ནས་གསང་ཆེན་སློབ་བཤད་པའི་རིང་ལུགས་ལ་ཟུར་ཟ་མཛད་པར། མང་ཐོས་ཀླུ་སྒྲུབ་དང་། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་ལན་ཟབ་ཅིང་རྒྱ་ཆེ་བར་གནང་བ་རྣམས་ལ་བློ་གྲོས་ཀྱི་མིག་བསྒྲུབས་ན་ལོག་རྟོག་གི་དྲི་མ་དང་བྲལ་ནས་སླར་ཡང་རྒྱུ་མཚན་ཤེས་ནས་མི་ཕྱེད་པའི་དད་པ་ཐོབ་པར་འགྱུར་རོ།། ༈ །།ས་སྐྱ་དང་དུས་མཉམ་ཙམ་དུ་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་རིང་ལུགས་ཀྱང་ཤིན་ཏུ་དར་བར་གྱུར་ཏེ། དེ་ལ་དྭགས་ལ་སྒམ་པོ་ནི། མངའ་བདག་མར་པའི་སྒྲུབ་བརྒྱུད་ཀྱི་ཀ་ཆེན་མི་ལ་བཞད་པའི་རྡོ་རྗེའི་ཐུགས་སྲས་ཉི་མ་ལྟ་བུ་དྭགས་པོ་རིན་པོ་ཆེ་བསོད་ནམས་རིན་ཆེན་གྱིས་དགུང་ལོ་བཞི་བཅུ་རྩ་གྲངས་དུས་བཏབ། བཀའ་བརྒྱུད་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་ཕྱིས་སྒམ་ཚུལ་ཚུལ་ཁྲིམས་སྙིང་པོ་སོགས་དབོན་དང་། ཀུན་མཁྱེན་བཀྲ་ཤིས་རྣམ་


JKT018_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སོགས་སྐྱེ་སྤྲུལ་རིམ་བྱོན་གྱིས་སྐྱོང་།། ༈ །།ངོམས་ཤོད་ཕག་མོ་གདན་ས་ཐེལ། གྲུ་ཀུན་ཏུ་བཟང་པོའི་ནགས་ཁྲོད་ནི། འགྲོ་བའི་མགོན་པོ་ཕག་གྲུ་རྡོ་རྗེ་རྒྱལ་པོས་དགུང་ལོ་ཞེ་དགུ་པར་བཏབ། རེ་ཞིག་འབྲི་སྟག་གཉིས་ཀྱིས་ཅུང་ཟད་བསྐྱང་ཞིང་། ཕྱིས་ལྷ་གཟིགས་རླངས་ཀྱི་གདུང་ལས་འཁྲུངས་པ་སྤྱན་སྔ་གྲགས་པ་འབྱུང་གནས་སོགས་ལྷ་གཟིགས་སྤྱན་སྔ་རིམ་བྱོན་གྱིས་གདན་ས་མཛད་ཀྱང་། དེང་སང་ནི་རྟེན་གསུམ་ཙམ་ལས་ཆོས་བརྒྱུད་ཆེར་མི་བཞུགས། ཕག་གྲུའི་སློབ་མ། འབྲི་སྟག་གཉིས། གཡའ་ཤུག་གཉིས། སྨར་ཡེལ་གཉིས། ཁྲོ་གླིང་གཉིས་ཏེ་བཀའ་བརྒྱུད་ཟུང་བཞིའམ་ཡ་བརྒྱད་དུ་གྲགས་པ་རྣམས་བྱུང་བ་ལས།། ༈ །།འབྲི་གུང་ཐེལ་བྱང་གླིང་རྡོ་རྗེའི་གདན་ནི། ཐོག་མར་ཕག་གྲུ་རིན་པོ་ཆེའི་སློབ་མ་མེ་ཉག་བསྒོམ་རིང་ཞེས་པས་བཏབ། ཕྱིས་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་འཕྲུལ་སྐྱོབ་པ་འཇིག་རྟེན་གསུམ་མགོན་དགུང་ལོ་སོ་བརྒྱད་པར་ཕེབས་ནས་བཞུགས། དེ་ནས་མཁན་ཆེན་གུ་ར་བ་དང་། དབོན་བསོད་ནམས་གྲགས་པ་སོགས་དབོན་བརྒྱུད་དང་། །དཔལ་ཆོས་ཀྱི་གྲགས་པ་སོགས་སྐྱེ་སྤྲུལ་རིམ་བྱོན་གྱིས་སྐྱོང་།། ༈ །།བྱང་སྟག་ལུང་གི་ཆོས་གྲྭ་ནི། སྟག་ལུང་ཐང་པ་རིན་པོ་ཆེ་བཀྲ་ཤིས་དཔལ་གྱིས་དགུང་ལོ་སོ་བདུན་པར་བཏབ། དེའི་དབོན་རིན་


JKT018_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མགོན་སོགས་དང་། ཕྱིས་སྐྱེ་སྤྲུལ་རིམ་བྱོན་གྱིས་བསྐྱངས་ཤིང་འདི་གཉིས་དེང་སང་དར་རྒྱས་ཆེ། ༈ །།ཁམས་སུ་རི་བོ་ཆེ་ནི། ཐང་པ་རིན་པོ་ཆེའི་དབོན་བརྒྱུད་གསུམ་པ་སངས་རྒྱས་དབོན་གྱིས་བཏབ།། ༈ །།གྲྭ་རབས་ཟ་ར་དགོན་ནི། སྐལ་ལྡན་ཡེ་ཤེས་སེངྒེས་བཏབ། དེའི་སློབ་མ་རྒྱལ་བ་གཡའ་བཟང་བ་སོགས་ཀྱིས་སྐྱོང་། ༈ །།སྙེ་ཕུ་ཤུགས་གསེབས་དགོན་ནི། ཡར་ཀླུང་པ་གྱེར་སྒོམ་ཆེན་པོས་བཏབ་ཅིང་བར་སྐབས་ཕྲིན་ལས་ཀྱང་རྒྱས་པར་བྱུང་།། ༈ །།ཁམས་སུ་ཤྭ་དགོན་པ་ནི། ཆོས་རྗེ་སྨར་པ་ཤེས་རབ་ཡེ་ཤེས་ཀྱིས་བཏབ། དེང་སང་ཆོས་བརྒྱུད་ཅུང་ཟད་དཔལ་ཡུལ་བ་ལ་ཡོད།། ༈ །།ཤར་རྡོ་རྫོང་། ལྷོ་ཡེལ་ཕུག །བྱང་རྟ་རྣ་རྣམས་ནི་འགྲོ་མགོན་སངས་རྒྱས་ཡེལ་བ་ཡེ་ཤེས་བརྩེགས་ཀྱིས་བཏབ། དེང་སང་དགོན་གནས་ཙམ་ལས་ཆོས་བརྒྱུད་ཆེར་མེད་འདྲ།། ༈ །།གཙང་དུ་ཁྲོ་ཕུ་དགོན་ནི། གནུབས་ནམ་མཁའི་སྙིང་པོའི་གདུང་རིགས་རིན་པོ་ཆེ་རྒྱལ་ཚ་དང་། ཀུན་ལྡན་རས་ཆུང་མཆེད་གཉིས་ཀྱིས་བཏབ། དེའི་དབོན་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་པཎ་ཆེན་ཤཱཀ་ཤི་སོགས་གདན་དྲངས། བྱམས་ཆེན་ཁྲུ་བརྒྱད་ཅུ་པ་བཞེངས་པས་མཚོན་ཕྱག་རྗེས་རྒྱ་ཆེ། བརྒྱུད་པར་བཅས་པ་རྣམས་ལ་ཁྲོ་ཕུ་བཀའ་བརྒྱུད་དུ་གྲགས། དེང་སང་དགོན་གནས་


JKT018_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལས་བརྒྱུད་འཛིན་ཟུར་པ་མེད་མོད། འོན་ཀྱང་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་ཡང་། གཙོ་བོ་འདིའི་ཆོས་བརྒྱུད་ལས་བྱུང་བ་ཡིན་ནོ།། ༈ །།དབུས་སུ་སྣ་ཕུ་ཆོས་རྡོར་བྲག་དང་ཉེ་བར་ཡོད། །ལུང་དགོན་ནི། རྟོགས་པ་མཐར་ཕྱིན་གླིང་རྗེ་རས་པ་པདྨ་རྡོ་རྗེས་བཏབ། དེང་སང་དགོན་གནས་ཙམ་ལས་བརྒྱུད་འཛིན་ཟུར་པ་མེད་ནའང་། ཁོང་ལས་དོན་བརྒྱུད་འབྲུག་པའི་གྲུབ་མཐའ་བྱུང་བ་ཡིན་པས་ཕྲིན་ལས་ཀྱི་རྒྱུན་ནམ་མཁའ་དང་མཉམ་པར་སོང་ངོ་།། ༈ །།བྱང་འབའ་རོམ་དགོན་ནི། དྭགས་པོའི་སློབ་མ་འབའ་རོམ་རས་པ་དར་མ་དབང་ཕྱུག་གིས་བཏབ། ཕྱིས་ཏི་ཤྲཱི་རས་པ་སོགས་ཀྱིས་དར་རྒྱས་སུ་མཛད།། ༈ །།ཚལ་གུང་ཐང་ནི། དྭགས་པོ་སྒམ་ཚུལ་གྱི་སློབ་མ། སྐྱེ་མེད་ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ་དར་མ་གྲགས་ཀྱིས་བཏབ། མཉམ་མེད་ཤཱཀྱ་ཡེ་ཤེས་སོགས་ཀྱིས་བསྐྱངས་ཏེ་བར་སྐབས་སུ་དར་རྒྱས་ཆེ་བར་བྱུང་།། ༈ །།སྟོད་ལུང་མཚུར་ཕུ་མདོ་བོ་ལུང་གི་གདན་ས་ནི། དྭགས་པོའི་སློབ་མ་རྗེ་དུས་གསུམ་མཁྱེན་པས་དགུང་ལོ་བརྒྱད་ཅུ་པར་བཏབ། སྤྱིར་འདི་ཉིད་ཀྱིས་དགུང་ལོ་ང་ལྔ་པར་ཁམས་ཀཾ་པོ་གནས་དང་། དོན་བདུན་པར་ཀརྨའི་དགོན་སོགས་ཀྱང་བཏབ། གདན་སར་ལ་ཡག་པ་བྱང་ཆུབ་དངོས་གྲུབ་སོགས་བཞུགས། དེ་ནས་ཀརྨ་པཀི་སོགས་


JKT018_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ་རིམ་བྱོན་གྱིས་བསྐྱངས་པས་སྒྲུབ་བརྒྱུད་ཐམས་ཅད་ཀྱི་སྙིང་པོ་ཀཾ་ཚང་བཀའ་བརྒྱུད་ཞེས་ཡོངས་སུ་གྲགས་པ་འདི་བྱུང་། དེ་ཡང་དཔལ་ཀརྨ་པ་ཆེན་པོ་ནི་འཕགས་མཆོག་ཕྱག་ན་པདྨོ་བསམ་བཞིན་དུ་མིའི་སྲིད་པར་བཟུང་སྟེ། རྗེ་དུས་གསུམ་མཁྱེན་པ་བོད་ཆེན་པོ་སའི་ཐིག་ལེ་ཏྲེ་ཤོད་དུ་འཁྲུངས། དབུས་གཙང་དུ་བྱོན་ནས་འགྲོ་མགོན་དྭགས་པོ་ལྷ་རྗེ་གཙོ་བོར་གྱུར་པ་ལས་ཐོས་བསམ་དང། ཉམས་བཞེས་ཀྱི་བཀའ་དྲིན་བསྐྱངས་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ཚུལ་བསྟན། ཡེ་ཤེས་ཀྱི་ཊཱ་ཀི་མ་རྣམས་ཀྱིས་ཞྭ་ནག་པོ་གསེར་མདངས་ཅན་ཅོད་པན་དུ་བཅིངས་པ་གཟིགས་པས། གྲོལ་བ་བཞི་ལྡན་གྱི་དབུ་ཞྭ་དེ་ལྟ་བུ་བཞེས་པ་ན་ཞྭ་ནག་པོར་གྲགས་པའི་ཨུཏྤལ་ཐོག་མ་ཕྱེས། གོང་དུ་སྨོས་པའི་དགོན་གནས་སོགས་བཏབ་ནས་དོན་བརྒྱུད་ཀྱི་བསྟན་པ་སངས་རྒྱས་རས་ཆེན་ལ་གཏད། དགུང་ལོ་བརྒྱད་ཅུ་རྩ་བཞི་བར་ཞི་བའི་དབྱིངས་སུ་དགྱེས་པའི་སྤྱན་ཟུར་ལྷུང་། དེའི་སྐྱེ་སྤྲུལ་རིམ་པར། གཉིས་པ་ཀརྨ་པཀྴི་ནི་མདོ་སྨད་ལེའི་ཚག་ཏོར་འཁྲུངས། རྫུ་འཕྲུལ་གྱི་བཀོད་པ་དང་ཕྲིན་ལས་མཐའ་ཀླས། དོན་བརྒྱུད་ཀྱི་བསྟན་པ་གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་ལ་གཏད། དགུང་ལོ་དོན་བཞི་པར་གཤེགས་གསུམ་པ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ་ནི་མང་།


JKT018_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གུང་ཐང་དུ་འཁྲུངས། མངལ་གྱི་དྲི་མས་ཅུང་ཟད་ཀྱང་མ་སྒྲིབ་པར་སྔོན་གནས་རྗེས་སུ་དྲན་པས་མཚོན་ངོ་མཚར་པའི་རྣམ་ཐར་བསམ་གྱིས་མི་ཁྱབ། ཐུགས་སྲས་ཀྱི་ཐུ་བོ་ཞྭ་དམར་ཅོད་པཎ་འཛིན་པའི་ཐོག་མར་གྲགས་པ་སེངྒེ་དང་། དོན་བརྒྱུད་གཡུང་སྟོན་པ་རྡོ་རྗེ་དཔལ་ལ་གཏད། བཞི་པ་ཆོས་རྗེ་རོལ་པའི་རྡོ་རྗེ་ནི། རྗོད་ཨ་ལ་རོང་དུ་འཁྲུངས། རྗེ་བཙུན་བློ་བཟང་གྲགས་པའང་ཨ དམ་པ་འདི་ཉིད་ཀྱིས་ཆོས་སྒོར་བཅུག་པར་མཛད། ལྔ་པ་དེ་བཞིན་གཤེགས་པ་ཉང་པོ་འོད་གསལ་གྱི་ཡུལ་དུ་འཁྲུངས། རྒྱ་ནག་ཏཱ་མིང་གཡུང་ལོ་རྒྱལ་པོ་སོགས་ཆེ་དགུ་དུ་མས་མཆོད། ཐུགས་རྗེ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ། དྲུག་པ་མཐོང་བ་དོན་ལྡན་ནི་ངོམ་གྱིས་ཆ་ཀརྨ་དགོན་དང་ཉེ་བར་འཁྲུངས། ཐུགས་སྲས་ཀྱང་རྒྱལ་ཚབ་ན་རིམ་གྱི་ཐོག་མ་གོ་ཤྲི་དཔལ་འབྱོར་དོན་གྲུབ་སོགས་བྱོན། བདུན་པ་ཆོས་གྲགས་རྒྱ་མཚོ་ནི། རྗོད་ཀྱི་མདོར་འཁྲུངས། འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས། བརྒྱད་པ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་ནི། ངམ་གྱི་ཡུལ་དུ་འཁྲུངས། ཤེས་བྱ་རིག་པའི་གནས་མཐའ་དག་ཐོགས་པ་མེད་པར་སྨྲ་བའི་པཎྜི་ཏ་ཆེན་པོར་གྱུར། བསྟན་བཅོས་ཀྱང་ཤིན་ཏུ་མང་བར་མཛད། དགུ་པ་དབང་ཕྱུག་རྡོ་རྗེ་ནི་ཁམས་ཡུལ་ཏྲེ་སྨད་ཁ་བ་གླང་རིའི་ཞོལ་དུ་འཁྲུངས།


JKT018_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པ་ཆོས་དབྱིངས་རྡོ་རྗེ་ནི་མགུ་ལོག་གི་སྨར་སྟོད་མགུ་མདར་འཁྲུངས། འདི་དུས་ཀར་བསྟན་ལ་ཉམས་ཆག་ཆེ་བར་བྱུང་ནའང་། རྗེ་དེ་ཉིད་འཇང་ཡུལ་སོགས་སུ་ཕེབས་པས་བརྫི་བར་མ་ནུས། །བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ་མགུ་ལོག་གི་ཡུལ་དུ་འཁྲུངས། བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ་ནི་སྡེ་དགེའི་མངལ་ཁུལ་དབོན་སྟོད་དཀྱིལ་ལེ་ཞེས་པར་འཁྲུངས། བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་ནི་ལྷོ་གནས་དགེ་རི་དང་ཉེ་བར་འཁྲུངས། བཅུ་བཞི་པ་ཁྱབ་བདག་ཐེག་པ་མཆོག་གི་རྡོ་རྗེ་ནི་རི་བོ་ཆེའི་མངའ་ཁུལ་འོག་མིན་ཀརྨའི་དགོན་དང་ཉེ་བར་འཁྲུངས། ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་མཁྱེན་རབ་ཀྱི་པདྨོ་བྱེ་ཞིང་། འཆད་རྩོད་རྩོམ་གསུམ་སོགས་འཁོར་ལོ་གསུམ་གྱི་ཕྲིན་ལས་གོང་དུ་འཕེལ་བའི་ངང་ད་ལྟ་ཞབས་པད་བརྟན་བཞིན་པ་འདིའོ། །མདོར་ན་རྗེ་སྐུ་ཕྲེང་འདི་རྣམས་སྐུ་འཁྲུངས་མ་ཐག་ནས་སྔོན་གནས་རྗེས་སུ་དྲན་པ་དང་། མཁས་པ་དང་གྲུབ་པའི་རྣམ་ཐར་ངང་གིས་སད་པ་སོགས་སྤྲུལ་པར་སྒྲོ་བཏགས་པ་གཞན་ལས་ཆེས་ཁྱད་པར་དུ་གྱུར་པ་ནི་ཀུན་གྱི་མིག་དང་རྣ་བའི་སྤྱོད་ཡུལ་དུ་གྱུར་ཏོ།། ༈ །།བྱང་བདེ་ཆེན་ཡངས་བ་ཅན་གྱི་ཆོས་གྲྭ་ནི། ཞྭ་དམར་རིམ་བྱོན་གྱི་གདན་སར་མཛད་དེ། དེ་ཡང་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་ཐུན་མོང་གདུལ་བྱའི་


JKT018_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་ཀྱི་སྐྱེ་བ་བརྒྱུད་མར་བཟུང་བའི་མཐར། རྗེ་གསུམ་པའི་ཐུགས་སྲས་ཞྭ་དམར་པ་རྟོགས་ལྡན་གྲགས་པ་བུ་འབོར་ཤྭ་ཡི་ཡུལ་དུ་འཁྲུངས། སེངྒེ། དཔལ་མཁའ་སྤྱོད་གནམ་གྱི་བྱེ་མ་ལང་། །དབང་པོ། སྤྲུལ་སྐུ་ཆོས་དཔལ་ཡེ་ཉང་པོ་ཁེ་བྲག་མདོར། ཤེས། ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་ཏྲེ་ཤོད་ཁ་གསར། བཟང་པོ། དཀོན་མཆོག་ཀོང་པོ་ཆེ་རྐྱེན་གཞུང་། ཡན་ལག །ཆོས་ཀྱི་དབང་འབྲི་གུང་པའི་པ་གདུང་། ཕྱུག །ཡེ་ཤེས་སྙིང་མགོ་ལོག་སྨད། པོ། དཔལ་ཆེན་ཡོལ་མོ་གངས་རར། ཆོས་ཀྱི་དོན་གྲུབ། དགུ་པ་རྗེ་ཆོས་གྲུབ་སྡེ་པ་བཀྲ་ཤིས་རྩེ། རྒྱ་མཚོའི་བར་བྱོན་ནས། མཁས་བཙུན་གྲུབ་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་འཕགས་བོད་མཁས་གྲུབ་ཐམས་ཅད་ཀྱིས་བསྔགས་པའི་མེ་ཏོག་འཐོར་བའི་ཡུལ་གཅིག་ཏུ་གྱུར་ནའང་། དགུ་པ་ཆོས་གྲུབ་རྒྱ་མཚོའི་དུས་བསྟན་པའི་གེགས་ཆག་ལྟ་བུས་གོམའི་དུས་ཟིང་སྐབས་གཞུང་ནས་དགོངས་ཕོག་གིས། ཡངས་པ་ཅན་གྱི་ཆོས་གྲྭ་དགེ་ལུགས་པར་བསྒྱུར་ཞིང་། སླད་ནས་སྤྲུལ་པའི་སྐུའང་ཁྲིར་འཁོད་དུ་མེད་པ་སོགས་མཛད་མོད། འོན་ཀྱང་རྒྱལ་བའི་ཕྲིན་ལས་རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་པར་འཇུག་པ་ནི་སུ་ཞིག་གིས་འགོག་པར་ནུས།། ༈ །།མདོ་ཁམས་སྡེ་དགེའི་མངལ་ཁུལ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཞེས་བཤད་སྒྲུབ་ཀྱི་ཆུ་


JKT018_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཆེན་པོ་འདི་ཉིད་ནི། དུས་གསུམ་མཁྱེན་པ་པདྨ་སཾ་བྷ་ཝས་ཡེ་ཤེས་གཟིགས་པའི་སྤྱན་ཅན་དུ་རྡོ་རྗེའི་ལུང་གིས་མངོན་པར་བསྔགས་པ་སི་ཏུ་རིན་པོ་ཆེ་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་དགུང་ལོ་ཉེར་དགུ་པ་མེ་ལུག་ལོར་བཏབ། དེའི་དབོན་དང་མཆོག་སྤྲུལ་རིམ་བྱོན་གྱིས་སྐྱོང་། འཇང་ཡུལ་ཡན་ཆད་དུ་དགོན་ལག་ཀྱང་མང་དུ་འཕེལ་ཞིང་དར་རྒྱས་ཆེ། དེ་ཡང་སི་ཏུ་རིན་པོ་ཆེ་ནི། འཕགས་པའི་ཡུལ་དུ་གྲུབ་ཆེན་ཌོམྦི་པ་དང་། གངས་ཅན་འདིར་ལྷོ་བྲག་མར་པ་ལོ་ཙཱ་སོགས་དག་པའི་རྣམ་འཕྲུལ་ཚད་མེད་པ་ལས། བྱེ་བྲག་ཀརྨ་པ་དུས་གསུམ་མཁྱེན་པའི་ཐུགས་སྲས་རས་ཆེན་བསོད་ནམས་གྲགས་པ། པཀིའི་ཉེ་གནས་ཡེ་ཤེས་འོད། རང་བྱུང་རྡོ་རྗེའི་དུས་རི་མགོ་བ་རན་ཀཱ་ར། རོལ་པའི་རྡོ་རྗེའི་དུས་གནས་བརྟན་སྤྱན་འདྲེན་པའི་ཏཱ་ཞིང་རྫུ་འཕྲུལ་ཅན་རྣམས་དང་། དེ་བཞིན་གཤེགས་པའི་དུས་ན་སྐྱེས་མཆོག་ཆོས་ཀྱི་རྒྱལ་མཚན་ནི་འོག་མིན་ཀརྨ་པའི་དབོན་བརྒྱུད། གདན་ས་བར་མར་ལས་ཀ་བསྐོས་པས་རྒྱ་ནག་ཏཱ་མིང་རྒྱལ་པོས་སི་ཏུ་ཞེས་པའི་མཚན་དང་། ཤེལ་དམ་སོགས་གནང་བ་ལ་བརྟེན་དེ་ཕྱིན་ཆད་མཚན་དེ་སྐད་དུ་ཆགས། དེ་ནས་སི་ཏུ་བཀྲ་ཤིས་རྣམ་རྒྱལ་དང་། བཀྲ་ཤིས་དཔལ་འབྱོར་རྣམས་གདན་ས་བར་པའི་དབོན་བརྒྱུད་དུ་འཁྲུངས། མི་འཁྲུགས་


JKT018_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་གོ་ཆ་ཟུར་མང་རྩིས་མདར་འཁྲུངས་ཤིང་ཤར་ཕྱོགས་སྤུངས་རིར་བཞུགས། དེའི་ཕྱི་མར་སི་ཏུ་ནོར་བུ་བསམ་འཕེལ། དེ་ཡི་སྤྲུལ་སྐུ་སི་ཏུ་ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོ། །དེའི་སྤྲུལ་སྐུ་མི་ཕམ་ཕྲིན་ལས་རབ་བརྟན་སྡེ་དགེའི་མངའ་ཁུལ་སྨན་ཤོད་དུ་འཁྲུངས་ཤིང་འདི་ཡན་གདན་ས་བར་མ་ཀརྨའི་དགོན་དུ་བཞུགས། དེ་ཡི་རྣམ་འཕྲུལ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ནི། མདོ་ཁམས་སྡེ་དགེའི་མངའ་ཁུལ་ཨ་ཏ་རོང་གི་ཨ་ལོ་དིང་རིང་སྒང་དུ་འབྲུའི་རིགས་ལས། ས་མོ་ཡོས་ཀྱི་ལོར་མཚན་དཔེའི་པདྨོ་བཞད། རིགས་སད་པའི་ཡོན་ཏན་གསལ་བས་སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ། བླ་མ་ཀརྨ་དཔལ་གྲུབ་དང་། རིག་འཛིན་ཚེ་དབང་ནོར་བུ་ལས་སྒྲ། བླ་མ་ཆོས་དབང་ལས་སྙན་དངགས། དེ་ལ་དམར་དགེ་བཤེས་ལས་རྩིས། སྐྱེད་ཚལ་དྲུང་རམ་པ་བསོད་ནམས་རྣམ་རྒྱལ་སོགས་ལས་ཚད་མ་དང་། འདུལ་མངོན་དབུ་ཕར། ཀོང་པོ་སྤྲུལ་སྐུ་ལས་ལྷ་བྲིས། ཕྱག་མཛོད་སྐྱེས་མཆོག་དང་། དབོན་ཚང་ཡེ་ཤེས་བསམ་གཏན་སོགས་རྒྱ་དཀར་ནག་བོད་ལྗོངས་ཀྱི་མཁས་པ་མང་པོ་ལས་གསོ་རིག་སོགས་ཐུན་མོང་གི་རིག་གནས་མཐའ་དག་ལ་གསན་སྦྱངས་ཀྱི་ཚུལ་ཙམ་གནང་བས་ཐམས་ཅད་ལས་ཕུལ་དུ་བྱུང་བར་མཁྱེན། ཞྭ་དམར་


JKT018_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་ནོས་ཤིང་། དེ་ཉིད་དང་རྗེ་རྒྱལ་བའི་དབང་པོ་བཅུ་གཉིས་པ། དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུ་སོགས་ལས་མདོ་སྔགས་ཀྱི་ཟབ་ཆོས་རྒྱ་མཚོ་ལྟ་བུ་གསན། ཐུན་མོང་གི་རིག་པའི་གནས་མཐའ་དག་སྨྲ་བ་ལ་རྗེ་བཙུན་ས་པཎ་དང་། ཤོང་དཔང་ཡབ་སྲས་ཞི་བར་གཟིམས་པའི་རྗེས་རྗེ་འདི་ཁོ་ན་མཁྱེན་རབ་ཚད་མར་གྱུར་པ་ནི་མཁས་པ་ཐམས་ཅད་ཀྱི་ཡིད་ཀྱི་མེ་ལོང་དུ་གསལ་བར་འཆར་ནའང་བླུན་པོ་ཕྱོགས་འཛིན་ཅན་རྣམས་ཀྱིས་གལ་ལ་མཐོང་། ལར་ཡང་འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་ཁྱབ་འཇུག་བདག་པོ་དང། རབ་སྟོབས་སོགས་ཀྱིས་ཀྱང་བསྔགས་པའི་མེ་ཏོག་ཉིན་བཞིན་དུ་འཐོར་ན་གཞན་བོད་བླུན་པོ་ཁ་ཅིག་མགུ་མིན་ལ་ལྟོས་དགོས་པའང་ཅི། དུས་དབང་གིས་མ་གཏོགས་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་འབྱུང་ཞི་བ་དང་། ཨ་བྷ་ཡ་དང་། ཤཱཀྱ་ཤྲཱི་སོགས་དང་མཁྱེན་རྟོགས་མཉམ་པར་འཁུམས་སོ། །གསུང་རྩོམ་ཡང་ཚིག་གི་ཟླ་བ་རེ་རེར་ལེགས་བཤད་ཀྱི་བདུད་རྩི་འབུམ་དུ་འཛག་པ་འཕགས་ཡུལ་མཁས་པའི་གསུང་རབ་དང་དབྱེར་མི་ཕྱེད་པ། ལེགས་སྦྱར་གྱི་བསྟན་བཅོས་གཙོ་བོར་གྱུར་པ་པོད་ཆེན་བཅོ་ལྔ་བཞུགས་ཤིང་། གདན་ས་བར་མར་ཕེབས་པའི་འོས་ཡིན་ཀྱང་། སྡེ་དགེ་


JKT018_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་ཆེན་པོའི་ལུང་གིས་བསྐུལ་ཏེ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གསར་དུ་བཏབ་སྟེ་བཞུགས། ཐུགས་ཀྱི་སྲས་རྗེ་བཅུ་གསུམ་པ་དང་། ཞྭ་དམར་དགུ་པ། དཔའ་བོ་རིན་པོ་ཆེ་སོགས་མཆོག་གི་དངོས་གྲུབ་བརྙེས་པ་དུ་མ་དང་། འབྲུག་སྒྲ་སྐོར་སོགས་རིག་གནས་ཀྱི་ཟིན་བྲིས་མང་། ཡོངས་འཛིན་རིན་པོ་ཆེ། ཁམས་སྤྲུལ་ཆོས་སྙན་ངག་དང་ནང་དོན་མཛོད་འགྲེལ་སོགས། ཀྱི་ཉི་མ། སྐུའི་གཅུང་སཙྪ་སྐུ་སྐྱེ་ཀརྨ་ངེས་ལེགས་སྨན་རྩིས་སྐོར་པོད་གསུམ། བསྟན་འཛིན། མཧཱ་པཎྜི་ཏ་ཚེ་སྒྲ་དང་སྡེབ་སྦྱོར་རྩིས་སྐོར་ནང་དོན་སོགས་ཀྱི་ཟིན་བྲིས་མང་དུ་ཡོད། དབང་ཀུན་ཁྱབ་སོགས་རིག་པར་སྨྲ་བ་དང་། གཞན་ཡང་གསོ་བ་ཨ། རིགས་པ་དང་། བཟོ་རིག་པ་སོགས་ཀྱིས་མཚོན་དེང་སང་གི་བར་དུ་ཀུན་མཁྱེན་ཆེན་པོ་འདི་ཉིད་ཀྱི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་གཙུག་ལག་རབ་འབྱམས་ཀྱི་གནས་ཀུན་མ་འཁྲུལ་པར་སྨྲ་ཞིང་ལག་ལེན་དུ་འདེབས་པ་ཇི་སྙེད་ཅིག་བྱོན་པ་ཡིན་ནོ། །གདན་སར་སྐུའི་གཅུང་རིག་འཛིན་ཀློང་གསལ་སྙིང་པོའི་སྐུ་སྐྱེ་ཀརྨ་བསམ་འཕེལ་དང་། གཡུ་ཐོག་ཡོན་ཏན་མགོན་པོའི་རྣམ་འཕྲུལ་ཀརྨ་བསམ་གཏན་སོགས་བཞུགས་ཤིང་། སླར་ཡང་རྗེ་དེ་ཉིད་ཀྱི་མཆོག་སྤྲུལ་རིན་པོ་ཆེ་མཁས་བཙུན་གྲུབ་པའི་ཡོན་ཏན་རྒྱ་མཚོའི་མངའ་བདག་ཀཾ་ཚང་བའི་རིང་ལུགས་འཛིན་པ་མཐའ་དག་གི་གཙུག་གི་ནོར་བུ་གཅིག་


JKT018_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པུ། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་པདྨའི་ལྗགས་ལྡན་དྲུག་གི་དང་པོར་ལུང་བསྟན་པ་དཔལ་པདྨ་དབང་ཆེན་ནམ། པདྨ་ཉིན་བྱེད་དབང་པོ་དང་། དབོན་བསམ་འཕེལ་གྱི་རྣམ་འཕྲུལ་དབང་གི་རྡོ་རྗེ་གོང་འོག །ཀརྨ་ངེས་ལེགས་བསྟན་འཛིན་གྱི་མཆོག་སྤྲུལ་ཀརྨ་རིན་ཆེན། བསམ་གཏན་མཆོག་སྤྲུལ་རིན་པོ་ཆེ་ཀརྨ་ངེས་དོན་བསྟན་འཕེལ་སོགས་ཀྱིས་འཁོར་ལོ་གསུམ་གྱི་ཕྱག་རྗེས་གོང་འཕེལ་དུ་མཛད་དོ།། ༈ །།དབུས་སུ་གནས་ནང་རྒྱལ་བའི་རི་ཁྲོད་ནི། ཐོག་མར་ཞྭ་དམར་གྲགས་པ་སེངྒེས་བཏབ། ཕྱིས་སུ་དཔའ་བོ་རིམ་བྱོན་གྱི་གདན་སར་མཛད་དེ། དེ་ཡང་གཏེར་སྟོན་རིན་ཆེན་གླིང་པའི་སྤྲུལ་སྐུ་ལྷོ་བརྒྱུད་ལོ་རོར་བྱོན་པ་རྒྱལ་མཚན་དཔལ་བཟང་དང་། གཞོན་ནུ་ལྷུན་གྲུབ། དཔའ་བོ་ཞེས་པའི་མཚན་ཐོག་མར་གྲགས་པ། ཆོས་དབང་ལྷུན་གྲུབ་ཡར་འབྲོག་ཏུ་འཁྲུངས། ཡན་རྙིང་མ་ཡིན་ལ། འདི་དུས་རྗེ་བདུན་པས་ལྷོ་གྲོ་བོ་ལུང་དང་སྲས་མཁར་གྱི་བདག་པོར་བསྐོས་པས་བཀའ་བརྒྱུད་པར་གྱུར། དེའི་སྤྲུལ་སྐུ་ཐམས་ཅད་མཁྱེན་པ་གཙུག་ལག་ཕྲེང་སྙིང་ཐང་སྒང་བརྒྱུད། བ་ནས། རིམ་པར། གཙུག་ལག་རྒྱ་འཁར་ཡུལ་བརྗེ་ལུང་། མཚོ། ཕྲིན་ལས་རྟའུ་ཤེས་ཁོག་ཏུ་འཁྲུངས། རྒྱ་མཚོ། འདི་དུས་ཀར་བསྟན་ཉམས་ཆག་སྐབས་ཡིན་ཀྱང་རྗེ་འདིར་ཀུན་མཁྱེན་ལྔ་པས་གཟིགས་ཕྱོགས་ལེགས་པས་གནས་ནང་དང་།


JKT018_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲགས་སྔགས་གྲྭ་སོགས་འཛིན་སྐྱོང་ཆོག་པར་མཛད། གཙུག་ལག་དོན་གྲུབ། ཆུ་ཤུལ། གཙུག་ལག་དགའ་བའི་དབང་པོ། གཙུག་སི་ཏུ་རིན་པོ་ཆེའི་གཅུང་། ལག་ཆོས་རྒྱལ་རྣམས་ཀྱི་བར་བྱོན་ནས་མཁས་གྲུབ་ཀྱི་སྣང་བས་བློ་ལྡན་ཡིད་ཀྱི་པདྨོ་ཁ་བྱེ་བར་མཛད་དོ།། ༈ །།ཁམས་སུ་ཟུར་མང་དགོན་ནི། དྲུང་རྨ་སེ་བློ་གྲོས་རིན་ཆེན་གྱིས་ཐོག་མར་བཏབ། ཀཾ་ཚང་བཀའ་བརྒྱུད་ཀྱི་ནང་གསེས་ཟུར་མང་བཀའ་བརྒྱུད་ཅེས་དེང་སང་ཡང་དར་རྒྱས་ཆེ།། ༈ །།ངོམ་ཡུལ་གནས་མདོ་དཔལ་རི་རྩེའི་སྒྲུབ་ཁང་ནི། ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་ཞལ་སློབ། རྗེ་བརྒྱད་པའི་སྐུའི་རྣམ་འཕྲུལ་དུ་གྲགས་ཤིང་། ཀར་རྙིང་གཉིས་ཀའི་བསྟན་པའི་སྒྲོན་མེ་གྲུབ་ཆེན་ཀརྨ་ཆགས་མེད་ཀྱིས་བཏབ་ཅིང་སྐྱེ་སྤྲུལ་རིམ་བྱོན་གྱིས་སྐྱོང་། འདི་ལས་གནས་མདོ་བཀའ་བརྒྱུད་ཅེས་ཕྲིན་ལས་ཀྱི་སྒོ་ཕྱོགས་ཐམས་ཅད་དུ་བྱེ་བ་བྱུང་། གསུང་རྩོམ་ཡང་པོད་ལྔ་བཅུ་ཙམ་ཡོད་པར་གྲགས་ཤིང་ཕལ་ཆེར་འགྲོ་ཕན་དར་སོ་ཆེའོ། ༈ །གཙང་སྙིང་སྟོད་ར་ལུང་ནི། གྲུབ་པའི་སློབ་དཔོན་མཚོ་སྐྱེས་ཞབས་ཀྱིས། ས་རལ་ཞེས་བྱའི་ལུང་གསུམ་མདོར། །ནོར་བུ་འཛིན་པའི་སྤྲུལ་པ་འབྱུང་། །ཞེས་རྡོ་རྗེའི་ལུང་གིས་བསྟན་པ་བཞིན། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཡེ་ཤེས་གཟུགས་སུ་ཤར་བ་ཕྱག་ན་པདྨོའི་རྣམ་འཕྲུལ་མཚན་


JKT018_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་བསྒྱུར་པ་ནི་རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་ཆེན་ནཱ་རོ་ཏཱ་པར་གྱུར་ཏེ་རྡོ་རྗེ་ཐེག་པའི་སེངྒེའི་སྒྲ་ཆེན་པོ་བསྒྲགས། དེ་ཉིད་གངས་ཅན་འདིར་རྒྱ་གར་གྱི་ཆུ་བོ་གང་གཱ་ཚུན་ཆད་དུ་རྟོགས་པ་མཐོ་བར་གྲགས་ཤིང་། དཔལ་ས་ར་ཧ་ཆེན་པོའི་སྤུན་ཟླར་འོས་པ་གླིང་རས་པདྨ་རྡོ་རྗེའི་སློབ་མ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ཞེས་བྱ་བར་སྤྲུལ་ཏེ། རྗེ་དེ་ལ་གྲུབ་ཆེན་གླིང་རས་ཀྱིས་ལུང་བསྟན་ནས་༧གདན་ས་འདི་ཉིད་དང་། ཞང་གིས་ལུང་བསྟན་ནས་ཀློང་བརྡོལ་དགོན་དང་། ཀརྨ་པ་དུས་གསུམ་མཁྱེན་པས་ལུང་བསྟན་ནས་འབྲུག་དགོན་པ་རྣམས་བཏབ། གདན་ས་གོང་མར་རྗེ་འདི་ཉིད་ཀྱིས་དབོན་རས་དར་མ་སེངྒེ་༡ནས་རིམ་པར། ཆོས་རྗེ་གཞོན་ནུ་༢སེང་གེ །བྱང་སེམས་ཉི་མ་སེང་གེ ༣། རྒྱལ་སྲས་སེངྒེ་ཤེས་རབ། སྤོས་སྐྱ་པ་སེང་གེ་རིན་ཆེན།། བཅུ་གསུམ་སེངྒེ་རྒྱལ་པོ༦། །འཇམ་དབྱངས་ཀུན་དགའ་སེངྒེ༧། འཇམ་དབྱངས་བློ་གྲོས་སེངྒེ། སྤྲུལ་སྐུ་ཤེས་རབ་སེང་གེ་སྟེ་མཉམ་མེད་སེང་གེ་དགུ་ཚར་དུ་གྲགས་པ་དང་། ཡེ་ཤེས་རིན་ཆེན། ནམ་མཁའ་དཔལ་བཟང་། རྒྱ་རས་རྣམ་འཕྲུལ་རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར། ངག་དབང་ཆོས་རྒྱལ་རྣམས་དང་། རྒྱལ་དབང་རྗེའི་སྐྱེ་བ་བྱར་ཁྲི་དཔོན་གྱི་རིགས་སུ་འཁྲུངས་པ་འཇམ་དབྱངས་ཆོས་ཀྱི་གྲགས་པ་དང་། །


JKT018_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྐྱེ་བ་ཀོང་པོར་འཁྲུངས་པ་ཐམས་ཅད་མཁྱེན་པ་པདྨ་དཀར་པོ་ཞེས་ཤེས་བྱ་རིག་པའི་གནས་མཐའ་དག་ཐོགས་པ་མེད་པར་འཆད་ཅིང་རྩོད་པ་དང་། ལེགས་བཤད་ཀྱང་མང་དུ་རྩོམ་པ། ཕྲིན་ལས་རྒྱ་ཆེ་བ་དེ་ཉིད་བྱོན། དེ་ནས་དཔག་བསམ་དབང་པོ་དང་། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་དང་། ཆོས་ཀྱི་སྣང་བ་གོང་འོག་སོགས་ཐམས་ཅད་མཁྱེན་པའི་མཚན་གྱི་གྲགས་དཀར་འཇིག་རྟེན་ན་ཉི་མ་བཞིན་དུ་གསལ་བ་རྣམས་བྱོན་ནས་དོན་བརྒྱུད་ཀྱི་ཕྲིན་ལས་མཁའ་མཐར་བརྡལ། གཞན་ཡང་རྒྱ་རས་སློབ་མ་རྒོད་ཚང་པ་ལས་སྟོད་འབྲུག་གནམ་གྱི་སྐར་མ་ལྟ་བུ་དང་། རྒྱལ་བ་ལོ་རས་པ་ལས་སྨད་འབྲུག་སའི་དྲེགས་པ་ལྟ་བུ་ཞེས་གྲགས་པས་མཚོན། ཞལ་སློབ་ཁྲི་ཚོ་ལྔ་བྱུང་བ་ཕལ་ཆེར་གྱིས་འཇའ་ལུས་གྲུབ། རྡོ་རྗེ་ཕག་མོས་བསྟན་པ་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་པར་ལུང་བསྟན་པ་བཞིན། ཨོ་ཌི་ཡཱ་ན་དང་། ཛ་ལནྡྷ་ར་ཚུན་ཆད་སློབ་བརྒྱུད་ཀྱིས་གང་ཞིང་། མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཞེས་འཇིག་རྟེན་ན་གཏམ་དུ་སྒྲོགས་སོ།། ༈ ༈ །བྱར་བཀྲ་ཤིས་མཐོང་སྨོན་ནི། འབྲུག་པ་རྒྱལ་དབང་རྗེའི་ཡང་སྲིད་འཇམ་དབྱངས་ཆོས་ཀྱི་གྲགས་པར་མཁའ་འགྲོ་མ་སུ་ཁ་སིདྡྷིས་ལུང་བསྟན་ནས་བཏབ་ཅིང་། སྐྱེ་སྤྲུལ་རིམ་པས་སྐྱོང་།


JKT018_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།ཁྱད་པར་ཀུན་མཁྱེན་པདྨ་དཀར་པོའི་དུས་སུ་ཕྲིན་ལས་རྒྱས་པར་བྱུང་བས་དགོན་གནས་མང་ཙམ་དང་། རྗེ་ངག་དབང་རྣམ་རྒྱལ་ལྷོ་མོན་དུ་ཕེབས། མོན་པ་ཚོ་བཞི་སོགས་ཏིང་ངེ་འཛིན་གྱིས་དབང་དུ་བསྡུས་ནས་སྤོང་ཀློག་གི་འདུས་སྡེ་མང་པོ་བཙུགས་ཏེ་ལྷོ་འབྲུག་ཞེས་ལུགས་གཉིས་ཀྱི་མངའ་ཐང་ལ་གཞན་དྲིང་མི་འཇོག་པ་འདི་དང་། དབུས་སུའང་བདེ་ཆེན་ཆོས་འཁོར་དང་། གྲྭ་ནང་སྡིང་པོ་ཆེ། ཁམས་སུ་ཁམ་སྤྲུལ་རིན་པོ་ཆེའི་གདན་ས་མཚོན་མངའ་རིས་ནས་བཟུང་སྟེ་ཁམས་ཀོང་ཡན་དུ་དེང་སང་ཡང་དར་རྒྱས་ཤིན་ཏུ་ཆེ་བར་གནས་སོ། །དེ་ལྟར་གངས་རིའི་ཁྲོད་ཀྱི་གྲུབ་རིགས་རྒྱ་མཚོའི་འབྱུང་གནས་བཀའ་བརྒྱུད་རིན་པོ་ཆེ་དེ་རྣམས་ཀྱི་སྐྱེས་བུ་དམ་པ་བསྟན་པ་ལ་བཀའ་དྲིན་ཆེ་བ་ནི། སྤྱིར་མར་མི་དྭགས་གསུམ་རས་ཆུང་པ་དང་། དཔལ་ཕག་མོ་གྲུ་བ་རྣམས་ནི་བཀའ་བརྒྱུད་རིན་པོ་ཆེའི་སྤྱི་མེས་ལྟ་བུ་ཡིན་ལ། བྱེ་བྲག་ཀམ་ཚང་བཀའ་བརྒྱུད་ལ་རྗེ་དུས་གསུམ་མཁྱེན་པ་དང་། རྟོགས་ལྡན་གྲགས་པ་སེང་གེ་སོགས་རྒྱལ་བ་ཡབ་སྲས་རིམ་བྱོན་དང་། དེ་ལས་ཀྱང་ཀུན་མཁྱེན་རང་བྱུང་ཞབས། རྗེ་ཆོས་གྲགས་རྒྱ་མཚོ། མི་བསྐྱོད་རྡོ་རྗེ། ཞྭ་དམར་ཆོས་ཀྱི་གྲགས་པ། དཔའ་བོ་གཙུག་ལག་ཕྲེང་བ་སོགས་མཁས་ཤིང་དངོས་གྲུབ་བརྙེས་པར་གྲགས་ཆེ་ཞིང་། ཕྱིས་སུ་དུས་ཀྱི་


JKT018_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་བསྟན་པ་ལ་ཉམས་ཆག་བྱུང་བའི་ཚེ། དཔལ་ཆེན་ཆོས་ཀྱི་དོན་གྲུབ་དང་། ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཡབ་སྲས་བརྒྱུད་པ་དང་བཅས་པ་གཅིག་ཏུ་བཀའ་དྲིན་ཆེའོ། །དེ་བཞིན་དུ་དཔལ་སྟག་ལུང་པ་ངག་དབང་གྲགས་པ་དང་། འབྲི་གུང་རིན་ཆེན་ཕུན་ཚོགས་དང་། ཆོས་ཀྱི་གྲགས་པ། འབྲུག་པ་རྒྱལ་དབང་རྗེ་དང་། པདྨ་དཀར་པོ་སོགས་སྙན་པའི་གྲགས་དཀར་ཉིན་བཞིན་དུ་གསལ་ཞིང་། དེ་ལྟ་བུའི་སྐྱེས་ཆེན་མཆོག་རྣམས་ཀྱི་དོན་གྱི་རྣམ་ཐར་ཀྱང་མདོར་བསྡུ་ན། ཉན་ཐོས་ཀྱི་ངེས་འབྱུང་། ཐེག་ཆེན་གྱི་སེམས་བསྐྱེད། གསང་སྔགས་ཀྱི་དམ་ཚིག་རྣམས་གཞིར་བཞག་ཅིང་། མོས་གུས་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གྱིས་ངེས་དོན་སྙིང་པོའི་ལམ་ལ་རྩེ་གཅིག་ཏུ་གཞོལ་བའི་སྟེང་། སོ་སོའི་ཁྱད་ཆོས། མར་རྔོག་གི་རྒྱུད་བཤད། མི་ལའི་སྙིང་རུས་དང་གདམས་ངག །སྒམ་པོ་པའི་ངོ་བོའི་ག་དར། ཀརྨ་པའི་རླུང་སེམས་དབྱེར་མེད། ཞང་གི་ལམ་མཆོག་མཐར་ཐུག །ཕག་གྲུའི་གསང་སྔགས། འབའ་རོམ་པའི་བསྲེ་འཕོ་གསེབ་ལམ། སྟག་ལུང་པའི་རྣམ་ཐར་སོ་དགུ །འབྲི་གུང་པའི་སྡོམ་གསུམ་གནད་གཅིག །གཙང་བ་རྒྱ་རས་ཀྱི་རྟེན་འབྲེལ་དང་རོ་སྙོམས། ལོ་རྒོད་ཀྱི་མོས་གུས་དང་ཞེན་ལོག་རྣམས་ནི་ཆ་མཐུན་ཁྱད་འཕགས་ཞེས་རེ་རེ་


JKT018_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་ཐམས་ཅད་ཚང་བར་ཡོད་དེ། གང་ལ་རྩལ་དུ་བཏོན་ནས་རང་རང་གིས་ཐུགས་ཉམས་སུ་བཞེས་པ་དང་། སློབ་མ་འཁྲིད་ཅིང་སྐྱོང་བར་མཛད་པ་ལ་ཁྱད་པར་གྱི་འབྱེད་ཆོས་སུའང་བཞག་ཏུ་རུང་ཞིང། དེ་ཡོངས་སུ་རྫོགས་པ་ལའང་བཀའ་བརྒྱུད་ཀྱི་བསྟན་པ་དང་། དེ་ཉིད་རྒྱུད་ལ་མངའ་བ་རྣམས་ལ་བསྟན་འཛིན་གྱི་སྐྱེས་བུ་ཞེས་འཇིག་རྟེན་གསུམ་ན་སྙན་པར་གྲགས་སོ། །དེ་དག་ལས་བརྒྱུད་ཚཔའི་གདམས་པའང་། སྤྱིར་མདོ་སྔགས་རིག་གནས་དང་བཅས་པའི་ཚིག་གི་བཤད་སྲོལ། དོན་གྱི་བརྒྱུད་པ། སྙིང་པོའི་ཉམས་ལེན་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ནའང་། བྱེ་བྲག་བཀའ་བརྒྱུད་རིན་པོ་ཆེ་རང་གི་ཁྱད་ཆོས་ཀྱི་དབང་དུ་བྱས་ན། ངེས་དོན་ཕྱག་རྒྱ་ཆེན་པོ་དང་། ཟབ་ལམ་ནཱ་རོ་ཆོས་དྲུག་གཉིས་གཙོ་བོར་དར་ཞིང་། དེ་ལས་ཀྱང་ཀཾ་ཚང་བཀའ་བརྒྱུད་ལ་སྔར་མཚུར་ལུགས་ཀྱི་རྒྱུད་སྡེ་བརྒྱ་རྩ་དང་། ཡངས་ཅན་གྱི་དཀྱིལ་འཁོར་ཞེ་གཉིས་སོགས་རྒྱ་ཆེར་བཞུགས་ནའང་། དེང་དུས་བྱ་རྒྱུད་ཚེ་དཔག་མི་འཁྲུགས་སོགས་ཉེར་མཁོའི་དབང་བཀའི་སྐོར་དང་། རྗེས་གནང་ཟུར་བཀའ་མང་པོ། རྣལ་འབྱོར་རྒྱུད་ཀུན་རིག བླ་མེད་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། བདེ་མཆོག་ལྷ་ལྔ། ཕག་མོ་སོགས་ཀྱི་དབང་རྒྱ་གཞུང་བོད་གཞུང་མང་པོའི་ལུང་མན་ངག་དང་བཅས་པ།


JKT018_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་གཏུམ་ཆེན་གཏུམ་ཆུང་། བླ་མ་རྔོག་པ་རྣམས་ནས་བརྒྱུད་པའི་དཀྱིལ་འཁོར་བདུན་ཞེས། ཀྱེ་རྡོར་ཡབ་༡བཀའ་དང་ཡུམ་བཀའ་༢བདག་མེད་མ། རྡོ་རྗེ་གར༣། མ་ཧཱ་མཱ་ཡ༤། གདན་བཞི་ཡབ་བཀའ་༥དང་། ཡུམ་བཀའ་ཡེ་ཤེས་དབང་ཕྱུག་མ༦། འཇམ་དཔལ་གསང་རྣལ་འབྱོར་རྒྱུད། ལྡན་༧རྣམས་དང་། སྤྱི་བཀའ་རྡོར་ཕྲེང་ཤཱཀྱ་ཤྲཱི་སོགས་ནས་བརྒྱུད་པ་དང་། པཎྜི་ཏ་ནགས་ཀྱི་རིན་ཆེན་སོགས་ནས་བརྒྱུད་པ་སོ་སོ། །གྲུབ་ཆེན་མི་ཏྲའི་ཐུགས་དམ་དཀྱིལ་འཁོར་བརྒྱ་རྩ། སྒྲུབ་ཐབས་རྒྱ་རྒྱམ། རིན་འབྱུང་སོགས་དང་། རྗེ་དགུ་པའི་མངོན་རྟོགས་ཞི་ཕྲེང་། དྲག་ཕྲེང་། །ཆོས་སྐྱོང་གློག་ཕྲེང་རྣམས་ཀྱི་རྗེས་གནང་། ཁྱད་པར་ངེས་དོན་ཕྱག་རྒྱ་ཆེན་པོའི་ཉམས་ཁྲིད་དང་། རྒྱ་གཞུང་དང་བོད་གཞུང་རབ་ཏུ་མང་པོའི་ལུང་། ཟབ་ལམ་ནཱ་རོ་ཆོས་དྲུག་གི་ཉམས་ཁྲིད། ཆོས་དྲུག་སྲས་མཁར་མའི་ལུགས། ཟབ་མོ་ནང་དོན་གྱི་བཤད་སྲོལ། ཟུར་མང་སྙན་བརྒྱུད་ཀྱི་དབང་ལུང་མན་ངག་གི་སྐོར་བསམ་གྱིས་མི་ཁྱབ་པ། ཟབ་མོ་བདུད་ཀྱི་གཅོད་ཡུལ་སྐོར་གྱི་དབང་ལུང་ཉམས་ཁྲིད། རྗེ་བཙུན་ཇོ་ནང་པ་ནས་བརྒྱུད་པའི་སྐོར་ལ། དུས་འཁོར་དབང་ཡོངས་རྫོགས་མཆོག་དབང་བདག་དབང་དང་བཅས་པ། བདེ་མཆོག་སྟོད་འགྲེལ། ལཱུ་དྲིལ་ནག་གསུམ། ལྷན་སྐྱེས་བདག་


JKT018_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དབང། བདེ་མཆོག་རབ་འབྱམས། ཀྱེ་རྡོར་ས་ལུགས། མ་ཡཱ་རྔོག་ལུགས། གདན་བཞི། ཡུམ་བཀའ། སྒྲོལ་མ་རྣལ་འབྱོར་མ། མཁའ་སྤྱོད་རིགས་གསུམ། ཕུར་པ་རྒྱུད་ལུགས། གསང་འདུས་འཕགས་ཞབས་ལུགས་གཉིས། གཤེད་དམར་ལྷ་ལྔ། དགྲ་ནག་ཞང་ལུགས། འཇིགས་བྱེད་བཅུ་གསུམ་མ། རོ་ལང་བརྒྱད་སྐོར། གཤིན་རྗེ་རབ་འབྱམས། མི་གཡོ་བ་བླ་མེད། ཤངས་ལུགས་རྒྱུད་སྡེ་ལྔ། མི་འཁྲུགས་ལོངས་སྐུ། ཚེ་དཔག་ལྷ་དགུ་རྣམས་ཀྱི་དབང་། སྦྱོར་དྲུག་དང་། ནི་གུ་ཆོས་དྲུག་ཉམས་ཁྲིད། གྲོལ་མཆོག་ཁྲིད་བརྒྱ། ཆོས་སྐྱོང་བེར་ནག་ཅན་གྱི་དབང་། རྗེས་གནང། རང་བྱུང་རྒྱལ་མོ་དང་མ་མགོན་འཁོར་ལྔ། བཀྲ་ཤིས་ཚེ་རིང་མ་སོགས་ཀྱི་རྗེས་གནང་མགོན་པོ་ཕྱག་བཞི་པའི་དབང་སོགས་བཞུགས། རྒྱབ་བརྟེན་ལུང་ལ། མར་མིའི་རྣམ་མགུར། །དྭགས་པོ་དང་ཕག་གྲུའི་གསུང་ཚང་མ། རྔོག་འགྲེལ་རིན་ཆེན་རྒྱན་འདྲ། དུས་མཁྱེན་བཀའ་འབུམ་ཚང་མ། རང་བྱུང་པའི་ནང་དོན་སོགས་ཐོར་བུ་མི་བསྐྱོད་ཁྲིད་ཐུང་པུ་ཏི་སོགས། དབང་ཕྱུག་རྡོ་རྗེ་ཞ་དམར་མཁའ་སྤྱོད་དབང་པོ། དཀོན་མཆོག་ཡན་ལག །ཆོས་ཀྱི་འབྱང་གནས་སོགས་ཀྱི་བཀའ་འབུམ། ཀརྨ་ཆགས་མེད་ཀྱི་གསུང་རབས་མང་པོ། དོལ་པོའི་རི་ཆོས། ཏ་ར་ན་ཐའི་བཀའ་


JKT018_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་སོགས་མང་དུ་བཞུགས་ལ། བར་སྐབས་ནས་རྙིང་མའི་ཕྱོགས་ལའང་ཐུགས་དམ་ཉམས་བཞེས་མཛད་པས། གཏེར་ཁ་གོང་འོག །སངས་གླིང་། རཏ་གླིང་། ཀརྨ་གླིང་པ་སོགས་ཀྱི་གཏེར་ཆོས་ཅི་རིགས་པ་དང་། འཇའ་ཚོན་པ། བདུད་འདུལ། གནམ་ཆོས། སྟག་ཤམ། ཆོས་གླིང་། རོལ་རྡོར་སོགས་དང་། ལྷག་པར་ཡོངས་དགེ་མི་འགྱུར་རྡོ་རྗེའི་ཞི་ཁྲོ་པདྨ་བཛྲ། ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར། རྡོ་རྗེ་གྲོ་ལོད་རྣམས་ནི་ཤིན་ཏུ་དར་རོ། །དོན་བརྒྱུད་འབྲུག་པའི་རིང་ལུགས་ལ་སྤྱིར་རྒྱུད་སྡེ་བཞི་དང་འབྲེལ་བའི་སྤྱི་བཀའ་ཟུར་བཀའ་སོགས་ཕལ་ཆེར་སྔར་ལྟར་ལ། ཁྱད་པར་ལྟ་བ་གཙོ་བོར་སྟོན་པ་གདམས་ངག་ཕྱག་རྒྱ་ཆེན་པོ། སྒོམ་པ་གཙོ་བོར་སྟོན་པ་གདམས་ངག་ནཱ་རོ་ཆོས་དྲུག །སྤྱོད་པ་གཙོ་བོར་སྟོན་པ་གདམས་ངག་འབྱུང་བ་རོ་སྙོམས། འབྲས་བུ་གཙོ་བོར་སྟོན་པ་གདམས་ངག་རྟེན་འབྲེལ་བར་བདུན། ཀུན་ལ་གཅེས་པའི་གདམས་ངག་ལམ་ཟབ་བླ་མ་སྒྲུབ་པའི་སྐོར་དང་། འབྲུག་ལུགས་འཕྲལ་མཁོའི་རྗེས་གནང་༢། སྒྲུབ་ཐབས་སྐོར་ལྔ་ཞེས། བདེ་མཆོག་དངོས་གྲུབ་ཀྱི་སྐོར། ཕག་མོ་བྱིན་རླབས་ཀྱི་སྐོར། གཏུམ་པོ་ནུས་མཐུའི་སྐོར། བདེ་མཆོག་ལྷན་སྐྱེས་ཀུ་སཱ་ལིའི་སྐོར། མགོན་པོ་བྱ་རོག་བསྟན་སྲུང་མའི་དབང་ལུང་མན་ངག་ཤིན་ཏུ་མང་། སྐོར། ཉམས་


JKT018_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་འཕྲལ་དགོས་བཞི་ཞེས། རྡོར་སེམས་ཉེས་ལྟུང་འཁྲུད་པའི་ཆོས། ཀཾ་ཀ་ནི་ངན་སོང་སྦྱོང་བའི་ཆོས། ཚེ་དཔག་མེད་འཆི་མེད་གྲུབ་པའི་ཆོས། རས་ཆུང་ལུགས་འདི་ལ་ཕྱི་ནང་གསུམ་སོགས་མང་། ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས། རྒྱུད་བྱིན་གྱིས་བརླབ་པའི་ཆོས་གཞན་ཡང་རས་ཆུང་པའི་སྙན་བརྒྱུད་གསར་རྙིང་། སྟོད་འབྲུག་རྒོད་ཚང་པའི་ཁྲིད་ཆེན་བརྒྱད། ཨོ་རྒྱན་པའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ། ཡང་དགོན་པའི་རི་ཆོས་སྐོར་གསུམ། སྨད་འབྲུག་ལོ་རས་ཀྱི་ཐུབ་པ་ལྔ། ཐུགས་དམ་དགེ་སྦྱོར་བདུན་པ། བཀའ་བརྒྱུད་ཀྱི་བཀའ་འབུམ་ལ། གླིང་རས་རྒྱ་རས། མཉམ་མེད་སེང་གེ་དགུ་ཚར། རྒྱལ་དབང་རྗེ། པདྨ་དཀར་པོ་རྣམས་ཀྱི་གསུང་རབ་རྣམས་སོ། །དེ་བཞིན་དཔལ་སྟག་ལུང་པའི་ཆོས་དྲུག་ཡིད་བཞིན་ནོར་བུ་དང་། ཐང་པ་སྔ་ཕྱི་སོགས་ཀྱི་བཀའ་འབུམ། མགོན་པོ་ཕྱག་བཞིའི་སྐོར་གསེར་པོད་དང་བཅས་པ། འབྲི་གུང་པའི་དགོངས་གཅིག་དང་གནད་གཅིག་ཕྱག་ཆེན་ལྔ་ལྡན་སོགས་རྒྱ་ཆེར་མཆིས་སོ། །བཀའ་བརྒྱུད་རིན་པོ་ཆེ་རྣམས་ཀྱི་རྣམ་ཐར་རྒྱས་པ་ནི། བཀའ་བརྒྱུད་སོ་སོའི་རྣམ་མགུར་གྱི་སྐོར་གླེགས་བམ་ཤིན་ཏུ་མང་པོ་དང་། ཀུན་མཁྱེན་བསྟན་པའི་ཉིན་བྱེད་དང་པཎྜི་ཏ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རྣམ་ཐར་རབ་འབྱམས་ཟླ་བ་ནོར་


JKT018_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཆུ་ཤེལ་གྱི་ཕྲེང་བ། འགོས་ལོ་ཐམས་ཅད་མཁྱེན་དེབ་ཐེར་སྔོན་པོ་པོད་གཅིག་པ་གཞོན་ནུ་དཔལ། འབྲུག་པ་པདྨ་པད་དཀར་རྒྱས་པའི་ཉིན་བྱེད་པོད་གཅིག་དཀར་པོ། སྟག་ལུང་པ་ངག་དབང་གྲགས་པ། དཔའ་བོ་གཙུག་ལག་ཕྲེང་བ་མཁས་པའི་དགའ་སྟོན་པོད་གཉིས། རྣམས་ཀྱི་ཆོས་འབྱུང་གི་བཀའ་བརྒྱུད་པའི་སྐབས་སོགས་ལས་ཤེས་པར་བྱའོ། །བཀའ་བརྒྱུད། ཅེས་པའི་སྒྲ་དོན་ནི། །དྭངས་པོ་རིན་པོ་ཆེས་ཐོག་མར་ཇོ་བོ་རྗེ་ནས་བརྒྱུད་པའི་བཀའ་གདམས་པའི་གདམས་ངག་གསན་ཅིང་། ཕྱིས་མར་པ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་བརྒྱུད་པ་རིན་པོ་ཆེ་ལ་ཞུགས་ཏེ། དེ་གཉིས་ཟུང་འབྲེལ་དུ་སྐྱོང་བས་གདམས་པའི་མིང་གང་ཟག་ལ་ཆགས་པ་ཡིན་ཞིང་། འབྲུག་པ་ནི། གཙང་པ་རྒྱ་རས་ཀྱིས་དགོན་གནས་འདེབས་པའི་ཕྱོགས་དེར་བྱོན་པའི་ཚེ། འབྲུག་མ་སྨད་དགུ་བབས་ནས་འདུག་པ་ནམ་མཁར་སོང། འབྲུག་སྒྲ་དྲག་པོའང་ལན་གསུམ་དུ་གྲགས་པས་གནས་ཀྱི་ཕུར་དགོན་པ་བཏབ་པ་ལ་འབྲུག་ཅེས་བཏགས་པར་བཤད་པའི་ཕྱིར་གནས་ཀྱི་མིང་གང་ཟག་ལ་ཆགས་པ་ཡིན་ནོ།། ༈ །།དེ་ནས་ཕྱིས་སུ་མཉམ་པ་མེད་པའི་ཕྲིན་ལས་ཅན་རི་བོ་དགེ་ལྡན་པ་བྱོན་ཏེ། དེ་ལ་གདན་ས་ཐམས་ཅད་ཀྱི་རྩ་བ་ལྟ་བུ་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནི། ཤར་བཙོང་ཁ་པ་བློ་བཟང་གྲགས་


JKT018_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པས་དགུ་ང་ལོ་ང་གསུམ་པ་ཆུ་གླང་ལོར་བཏབ། འདི་ལོར་ལྷ་ལྡན་སྨོན་ལམ་ཆེན་མོའང་ཐོག་མར་བཙུག་པ་ཡིན་ནོ། །དེ་ནས་རྒྱལ་ཚབ་དར་མ་རིན་ཆེན་སོགས་ཁྲི་རབས་རིམ་བྱོན་གྱིས་གདན་ས་མཛད། ཆོས་སྡེ་འདི་ལ་རྒྱལ་ཚབ་རྗེའི་གདན་ས་བྱང་རྩེར་ཁང་ཚན་ཁག་བཅུ་གསུམ་དང་། མཁས་གྲུབ་རྗེའི་གདན་ས་ཤར་རྩེར་ཁང་ཚན་ཁག་བཅུ་གསུམ་སྟེ་ཉེར་དྲུག་ཡོད། དེ་ལ་འཇམ་མགོན་བློ་བཟང་གྲགས་པ་ནི། །འཇམ་དཔལ་རྩ་བའི་རྒྱུད་ལས། །འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་འདི་སྟོང་གྱུར་ནས། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ནང་ཡོད་པ་ཡིན། །ཅེས་དང་། །སྟོན་པའི་གཟུགས་བརྙན་ཡིད་འོང་བྱེད། །བློ་ལྡན་དང་པོར་ཡི་གེ་མ། མ་ཏི་བྷ་དྲ་ཀཱིཏི། ཞེས་སོགས་རྟེན་དང་བརྟེན་པར་བཅས་པ་ལུང་གིས་གསལ་བ་བསྟན་པ་བཞིན། རྗེ་བཙུན་འཇམ་དཔལ་དབྱངས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རྣམ་རོལ། གཟུགས་གཞན་དུ་བསྒྱུར་བ་ན་མདོ་སྨད་ཀྱི་ཡུལ་ཙོང་ཁ་ཞེས་བྱ་བར་མེ་མོ་བྱའི་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅུར་ངོ་མཚར་བའི་ལྟས་དང་བཅས་ཏེ་ལྷུམས་ཀྱི་པདྨོ་ལས་གྲོལ། དེ་མ་ཐག་དངོས་གྲུབ་བརྙེས་པའི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྤྲུལ་པར་ལུང་


JKT018_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། དགུང་ལོ་གསུམ་པར་རྒྱལ་དབང་ཀརྨ་པ་རོལ་པའི་རྡོ་རྗེར་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་ཀུན་དགའ་སྙིང་པོར་གསོལ། བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་རབ་ཏུ་བྱུང་བས་བློ་བཟང་གྲགས་པ་ཞེས་སྙན་པས་ཁྱབ། དེ་ཉིད་ལས་གསན་བསམ་ཡང་རྒྱ་ཆེར་མཛད། སླར་བཅུ་བདུན་པར་དབུས་སུ་ཕེབས་ཏེ། སྔ་ཕྱིར་ཚལ་གུང་ཐང་དུ་གསོ་རིག །ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་དང་། ས་བཟང་མ་ཏི་པཎ་ཆེན་ལས་སྒྲ། ལོ་ཙཱ་བ་ནམ་མཁའ་བཟང་པོ་ལས་སྙན་དངགས་སོགས་ཕྱི་རིག་པ་དང་། རེ་མདའ་བར་དབུ་ཚད་ཕར་ཕྱིན། མངོན་པ་གོང་འོག་དང། སྐྱོར་མོ་ལུང་དུ་འདུལ་བ། ལྷོ་བྲག་ནམ་མཁའ་རྒྱལ་མཚན་ལས་བཀའ་གདམས་ལམ་རིམ། བླ་མ་དམ་པ་ལས་བདེ་མཆོག་དྲིལ་བུ་པ། གོང་གསུམ་པ་བདེ་ཆེན་ཆོས་ཀྱི་དཔལ་བ་ལས་དུས་འཁོར། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་ལས་འདུས་པ་སོགས་རྒྱུད་སྡེ་བཞིས་མཚོན་ནང་རིག་པའི་སྡེ་སྣོད་རྒྱ་མཚོ་ལྟ་བུ་ལ་མང་དུ་གསན་པ་དང་། དེ་དག་གི་དོན་ལ་བསམ་བྱུང་གི་རིགས་པས་ཞིབ་མོར་དཔྱད་པས་ལུང་གི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བརྙེས་ཀྱང་དེ་ཙམ་དུ་མ་བཞག་པར། དགུང་ལོ་སོ་དྲུག་པ་ནས་འཁོར་དག་པ་རྣམ་བརྒྱད་ཁྲིད་དེ་བྱ་བྲལ་བའི་ཚུལ་གྱིས་བླ་མ་འཇམ་དཔལ་


JKT018_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་ལ་གསོལ་བ་འདེབས་པ་དང་། གཞུང་ཆེན་པོར་བསམ་བྱུང་གིས་དཔྱད་དེ་རྩེ་གཅིག་ཏུ་ཉམས་སུ་བཞེས་པས་བླ་མ་དང་ལྷག་པའི་ལྷས་རྗེས་སུ་བཟུང་། ཁྱད་པར་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བྱིན་གྱིས་བརླབས་པ་ལ་བརྟེན། འགྲེལ་པ་བུདྡྷ་པཱ་ལི་ཏཱར་གཟིགས་པས། རྩ་ཤེའི་རབ་བྱེད་བརྒྱད་པའི་བརྟེན་ནས་འབྱུང་བ་མེད་པ་ཡི། ཞེས་སོགས་ཀྱི་འགྲེལ་པ་ལ་བརྟེན་ནས་སྟོང་ཉིད་གསར་དུ་རྟོགས་པའི་ཚུལ་བསྟན། དེ་ལྟར་རང་ཉིད་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་མཐའ་དག་ལ་དབང་འབྱོར་ནས་གཞན་རྗེས་སུ་བཟུང་བའི་སླད། དམ་པའི་ཆོས་འདུལ་བའི་ཕྱག་ལེན་ཕྲ་ཞིབ་ཀྱིས་གཞི་བཟུང་། སྡོམ་པ་གོང་མ་གཉིས་ཀྱི་བཅས་པའི་མཚམས་ལས་ནམ་ཡང་མི་འདའ་བའི་བསླབ་པས་བསྟན་པའི་རྨང་བཙུགས་ཏེ། མོན་མཁར་བཀྲ་ཤིས་གདོང་དུ་ཉིན་རེ་བཞིན་གཞུང་ལུགས་ཆེན་པོ་བཅོ་ལྔ་རེའི་ཚིག་དོན་འཁྲུལ་མེད་དུ་གསུང་པས་མཚོན་འཆད་པ་དང་། གསང་ཕུ། ས་སྐྱ། རྩེ་གདོང་རྣམས་སུ་ཀ་པོད་ལྔ་ལ་གྲྭ་སྐོར་མཛད་པའི་ཚེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གྲགས་པས་ཁྱབ་པ་སོགས་རྩོད་པ་དང་། ཇོ་བོ་ཡབ་སྲས་དང་། རྒྱ་གར་གྱི་པཎ་གྲུབ་མང་པོས་བྱིན་གྱིས་བརླབས་པའི་སྣང་བ་ལ་བརྟེན་ནས་བྱང་ཆུབ་ལམ་རིམ་ཆེ་ཆུང་དང་། སྔགས་རིམ་ཆེན་མོ་


JKT018_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་རྩོམ་པ་ཨུཏྤལ་གཞོན་ནུའི་ཆུན་པོ་པོད་ཆེན་བཅོ་བརྒྱད་ཙམ་བློ་གྲོས་དང་ལྡན་པ་རྣམས་ཀྱི་རྣ་བའི་རྒྱན་དུ་བྱོན། ང་གསུམ་པ་གླང་ལོར་ལྷ་ལྡན་དུ་སྨོན་ལམ་ཆེན་མོ་བཙུགས་ཏེ་དགེ་འདུན་ཁྲི་ལ་བསྙེན་བཀུར་མཛད། དེའི་དཔྱིད་ཀར་ལྷ་དང་བླ་མས་ལུང་བསྟན་ཏེ་འབྲོག་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་ནས་འཁོར་ལོ་གསུམ་གྱི་མཛད་བཟང་གོང་དུ་འཕེལ། དེ་ལྟ་བུའི་འཆད་རྩོད་རྩོམ་གསུམ་གྱི་གྲུབ་འབྲས་གསུང་གི་བདུད་རྩི་ལས་སྐྱེས་པའི་སློབ་མའང་། རང་གི་བླ་མ་ཆོས་འབྲེལ་གསན་པ་བཞི། སྔ་ཚར་བཞི། འཁོར་དག་པ་རྣམ་བརྒྱད། ཁྱད་པར་དུ་འཕགས་པའི་སྲས་གསུམ། ཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞི། དབུས་གཙང་གི་བསྟན་པའི་སྒྲོན་མེ་བཅུ། གཞན་དོན་ལྷུན་གྱིས་གྲུབ་པའི་སེམས་དཔའ་བཅུ། མི་དབང་གཙུག་ན་མཛེས་པའི་༧ཏི་ཤྲཱི་གཉིས། རྒྱ་ཆེན་མང་དུ་ཐོས་པའི་དབོན་སྲས་གཉིས། སྦྱངས་པའི་ཡོན་ཏན་འཛིན་པའི་ལྕོག་ཆེ་ཆུང་གཉིས། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་དྲུག་སོགས། མདོར་ན་དུས་དེར་གངས་ཅན་དུ་བྱོན་པའི་ས་རྔོག་བཀའ་ཕྱག་གི་བསྟན་འཛིན་ཕལ་ཆེར་གྱིས་ཞབས་ཀྱི་པདྨོ་གུས་པས་བསྙེན་པ་ན། ཐམས་ཅད་མཁྱེན་པོ་འགོས་ལོ་གཞོན་ནུ་དཔལ་གྱིས། དེ་དུས་ས་ཆེན་པོ་འདི་རྗེ་བཙུན་ཙོང་


JKT018_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་པའི་གདུགས་དཀར་པོ་གཅིག་གིས་ཁྱབ་ཡོད་པ་ཡིན། ཅེས་ཆེད་དུ་བརྗོད་པའང་དོན་ལ་གནས་སོ། །སློབ་མའི་གཙོ་བོ་ནི། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། རྒྱབ་ཚབ་རྗེ། མཁས་གྲུབ་རྗེ། །འཇམ་དབྱངས་ཆོས་རྗེ། བྱམས་ཆེན་པ་ཤེར་སེང་། དགེ་འདུན་གྲུབ། ཤེར་བཟང་རྣམ་གཉིས་རྣམས་སོ། །དེ་ལྟར་མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཐམས་ཅད་རྫོགས་པའི་སངས་རྒྱས་དང་རྣམ་དབྱེར་མེད་པས་རྒྱལ་བའི་བསྟན་པ་ལ་སྟོན་པ་གཉིས་པའི་བྱ་བ་མཛད་དེ། མཐར་དགུང་ལོ་རེ་གསུམ་པ་ས་ཕག་ཧོར་ཟླ་བཅུ་པའི་དམར་ཕྱོགས་ཀྱི་ཚེས་བཅུར་སྤྲུལ་སྐུའི་བཀོད་པ་བསྡུས། དེ་ལ་བརྟེན་ནས་དགའ་ལྡན་ལྔ་མཆོད་ཅེས་དེང་སང་གི་བར་དུ་དར་བ་འདི་གཅིག་པུའི་རྣམ་དཀར་གྱི་ཕྲིན་ལས་ཀྱང་བསམ་པར་ག་ལ་ནུས། བླུན་པོ་འགའ་ཞིག་གིས་དམ་པ་མ་ཡིན་པའི་སྤྲུལ་པར་སྒྲོ་བཏགས་པ་སོགས་ནི་མི་བཟད་པའི་ལས་སུ་ངེས་པས་ན་བག་ཡོད་པར་བྱའོ། །དེ་ལྟར་ཐུབ་དབང་གངས་རིའི་དབང་པོ་ལས་བབས་པའི་མདོ་སྔགས་ཀྱི་ཆུ་ཀླུང་འབུམ་ཕྲག་གཅིག་ཏུ་འཁྱིལ་བའི་ཆུ་གཏེར། བཤད་སྒྲུབ་ལས་གསུམ་དང་། བསླབ་པ་གསུམ་དང་རིམ་གཉིས་ཀྱི་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས། མཁས་གྲུབ་གདེངས་ཅན་བྱེ་བའི་བསྟི་གནས་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གསེར་ཁྲིར་


JKT018_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་ཐོག་དང་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཉིད་དགུང་ལོ་ལྔ་བཅུ་རྩ་གསུམ་པར་ཕེབས། དྲུག་ཅུ་རེ་གསུམ་གྱི་བར་ལོ་བཅུར་བཞུགས། དེ་ནས་རིམ་པར། གཙང་ཉང་སྟོད་༥༦རི་ནང་པ་རྒྱལ་ཚབ་དར་མ་རིན་ཆེན༡ ༣། ལ་སྟོད་བྱང་གི་ལྡོག་ལོད་པ་མཁས་༤ ༧གྲུབ་ལྕགས་ར་བ། དགེ་ལེགས་འདི་ཡན་ལ་རྗེ་ཡབ་སྲས་གསུམ་ཞེས་གྲགས། དཔལ་བཟང་ར། གཙང་ཞྭ་༦༤ ལུང་ལེགས་པ་རྒྱལ་༡༢མཚན། གཙང་༦༣རོང་གཡག་སྡེ་པ་བློ་གྲོས་ཆོས་ཆོས་ལུང་ཚོགས་པ། སྐྱོང་༡༣། མཁས་གྲུབ་༦༢རིན་པོ་ཆེའི་སྐུ་མཆེད་ཆོས་ཀྱི་རྒྱལ་འདི་ལ་སྤྲུལ་པའི་གླེགས་བམ་ཡང་ཕྱག་ཏུ་བྱུང་། མཚན། གཙང་༧༤པ་རྗེ་བློ་གྲོས་བསྟན་འདིས་དྭགས་པོ་གྲྭ་ཚང་བཏབ། པ་ལ་སྟོད་བྱང་པ། རྗེ་སྨོན་ལམ་དཔལ་ལེགས་རྒྱལ་ཚབ་ནས་འདིའི་བར་ལ་འཇམ་དབྱངས་གཙང་པ་བདུན་དུ་གྲགས། པའི་བློ་གྲོས༡༥། རྗེ་རིན་པོ་ཆེ་སྐུ་ཚ་ཀླུ་འབུམ་བློ་བཟང་། ༈ །ཤངས་མགྲོན་ཁང་གནས་རྙིང་པ། འབྲས་སྤུངས་སྒོ་མང་། ཉི་མ་ཁམས་ལྡན་མ། བློ་གསལ་གླིང་པ་ཤར་རྩེ་ཡེ་ཤེས་བཟང་པོ།། འདི་བར་ལོ་གཉིས་མ་ཚང་། གཙང་འདར་༧༠པ་ཤར་རྩེ་བློ་བཟང་གྲགས་པ༡༡། ཨེ་༦༢པ་ཉི་མཐང་བ། བྱང་རྩེ་འཇམ་དབྱངས་ཤེས་རབ་ལེགས་པའི་བློ་གྲོས།། སྟོད་མདའ་༦༤ པ་ཤར་རྩེ་བློ་གསལ་གླིང་པ། ཆོས་ཀྱི་བཤེས་གཉེན༦། སྟོད་ལུང་


JKT018_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

༧༠པ་མདའ་ཞིང་བཟང་བློ་གླིང་། པ་བྱང་རྩེ་རིན་ཆེན་འོད་ཟེར༧། རྩེད་དྭངས་༥༡ནང་པ་རལ་མ་པའི་སྲས་ཤར་རྩེ་ཉི་མ་ཐང་དར་སེར་བྱེས་པ། པཎ་ཆེན་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེ༦། དབུས་སྟོད་རྒྱུར་༦༣གུར་པ་བར་གྲ་ཚང་། བྱང་རྩེ་ཆོས་འདིས་རྒྱུད་སྨད་ཁྲི་ཆེན་བརྒྱད་མཛད། སྐྱོང་རྒྱ་མཚོ། ཁམས་མི་ཉག་༤༩སེར་སྨད་ཤར་རྩེ་རྡོ་རྗེ་བཟང་༧པོ། །དབུས་སྟོད་༥༠སྟག་རྩེ་བ་བྱང་རྩེ་རྒྱལ་མཚན་བཟང་༢པོ། སྟོད་ལུང་༤༨མདའི་དངོས་གཞི་པ་ཤར་རྩེ་ངག་དབང་ཆོས་གྲགས༣། དབུས་སྟོད་༦༠སྟག་ཕུ་པ་སེར་བྱེས་བྱང་རྩེ་ཆོས་གྲགས་བཟང་པོ༦། འོལ་ཁ་༥༤༤གྱང་གསར་པ་ཤར་རྩེ་བསམ་གླིང་པ། བདེ་བ་ཅན་པ་དགེ་ལེགས་དཔལ་བཟང༦། རླུད་ཤོད་དབུ་༧༣སྣ་བར་གྲྭ་ཚང་། པ་བྱང་རྩེ་དགེ་འདུན་བསྟན་པ་དར་རྒྱས། རྩེད་དྭངས་པ་ཤར་རྩེ་ཚེ་བརྟན་རྒྱ་མཚོ༧། དབུས་༦༠སྟོད་ཞོགས་གམ་གྲུ་༣ པ་བྱང་རྩེ་མངོན་དགའ་བ་བྱམས་པ་རྒྱ་མཚོ༧། སྟོད་ལུང་༥༧སྤ་རྭ་བ་སྟོད་པ་ཤར་རྩེ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ༣༧། གཙང་གནས་༦༧པ་བྱང་རྩེ་དམ་ཆོས་དཔལ་འབར༧། མལ་༥༧གྲོ་རིན་ཆེན་གླིང་པ་དགའ་ལྡན་ཉག་རོང་པ་ཤར་རྩེ་སངས་རྒྱས་རིན་ཆེན༧། ལྷ་ས་ལུམ་པ་༧༢ཤག་པ་བྱང་རྩེ་སེར་བྱེས་པ། དགེ་འདུན་རྒྱལ་མཚན། མདོ་སྨད་༦༢ཅོ་ནེ་སེར་སྨད་ཤར་རྩེ་བཤམས་


JKT018_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པའམ་མཚན་གཞན་བསོད་ནམས་དོན་གྲུབར། སྟོད་ལུང་མདའ་པ་༧༠ར་བསྟོད་བྱང་རྩེ་ཁྲི་ཆེན། སྟག་ལུང་གྲགས་པ་བློ་གྲོས་རྒྱ་༣མཚོ། འདི་རྒྱ་གར་གྱི་ཆུ་བོ་གངྒཱ་ཚུན་ཆོད་དུ་མཁས་པར་གྲགས། ཁམས་འཇང་ཞབས་༧༣པ་བློ་གསལ་གླིང་ཤར་རྩེ་འཇམ་དབྱངས་དམ་ཆོས་དཔལ་བ༢། གཙང་༦༠ཉང་སྟོད་འབྲོང་རྩེ་བ་སེར་བྱེས་བྱང་རྩེ་ཚུལ་ཁྲིམས་ཆོས་འཕེལ༣། དབུས་སྟོད་གེ་རེ་བ་ཤར་རྩེ་གྲགས་པ་རྒྱ་མཚོ། རྭ་བ་སྟོད་དང་བར་གྲྭ་ཚང་པ། འཕན་༤༩ཡུལ་དེ་གོང་པ་གསལ་ཁང་སྐུ་སྐྱེ་བྱང་རྩེ་ངག་དབང་ཆོས་ཀྱི་རྒྱལ་མཚན༡། འདིས་རྒྱལ་དབང་ལྔ་པ་ཆེན་པོའི་ཡོངས་འཛིན་མཛད། གྲ་ནང་པ་དྭགས་པོ་དང་རྭ་བ་སྟོད་ཤར་རྩེ་འཇམ་དབྱངས་དཀོན་མཆོག་འཕེལ༧། ཀོང་པོ་བཀྲ་ཤིས་རབ་བརྟན་དྭགས་པོ་གྲྭ་ཚང་བྱང་རྩེ་བསྟན་འཛིན་ལེགས་བཤད༧། འདིའི་སྐབས་སུ་ཤར་བྱང་གཉིས་གླེང་གཞི་བྱུང་བར་བརྟེན་སྡེ་པ་གཙང་བས་ལོ་བདུན་རེ་རེས་མོས་དགོས་པ་བྱས། འཇངས་ཐམ་པ་སེར་སྨད་ཤར་རྩེ་དགེ་འདུན་རིན་ཆེན།། དྭགས་གྲོ་མདའ་པ་དྭགས་པོ་གྲྭ་ཚང་བྱང་རྩེ་བསྟན་པ་རྒྱལ་མཚན་ནམ་མཚན་ཆོས་རྒྱལ་བཀྲ་ཤིས༢། །སྟོད་༥༢ལུང་ཆུ་བཟང་པ་འབྲས་སྒོ་མང་ཤར་རྩེ་དཀོན་མཆོག་ཆོས་བཟང་། འདི་ལྷ་རམ་པ་དང་པོའི་དུས་ཀྱི་གཅིག་ཡིན། མངའ་རིས་སྤྱི་ཏི་བྲང་མཁར་པ་མངའ་རིས་གྲྭ་ཚང་བྱང་རྩེ་དཔལ་ལྡན་རྒྱལ་མཚན་ནམ་


JKT018_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གཞན་ངག་དབང་རྡོ་རྗེ༧། རྩེ་དྭངས་པ་ར་བ་སྟོད་ཤར་རྩེ་བློ་བཟང་རྒྱལ་མཚན༧། དབུས་སྟོད་ཞོག་པ་འཕན་ལན། སེར་བྱེས་བྱང་རྩེ་བློ་བཟང་དོན་ཡོད༧། འདི་ལ་འགའ་ཞིག་གིས་ཁྲི་རྣམ་དག་རྡོ་རྗེ་ཡང་ཟེར། རྒྱལ་ས་དྭགས་པོ་གྲ་ཚང་ཤར་རྩེ་གླིང་ཡག་པ་བྱམས་པ་བཀྲ་ཤིས། ཨ་མདོ་སྐུ་འབུམ་པ་འབྲས་སྤུངས་སྒོ་མང་བྱང་རྩེ་ངག་དབང་བློ་གྲོས་འདི་ལ་ཁྲི་ཆེན་རྒྱ་ནག་པའང་ཟེར། རྒྱ་མཚོ། ཨ་༦༣མདོ་ཅོ་ནེ་ཞོ་བཟང་པ་སེར་སྨད་ཤར་རྩེ་འཇམ་དབྱངས་འདིས་རྒྱལ་བ་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་ཡོངས་འཛིན་མཛད། ཚུལ་ཁྲིམས་དར་རྒྱས༡༨། ཨ་༦༤མདོ་བསམ་བློ་འབྲས་སྤུངས་སྒོ་མང་བྱང་རྩེ་བཀའ་འ འདི་ལ་ངག་དབང་དཔལ་བཟང་ཡང་ཟེར། པ་རྒྱ་མཚོ༢། ཁམས་ཡང་༢༧སྟེང་པ་སེར་སྨད་ཤར་རྩེ་བློ་བཟང་ཆོས་འཕེལ༣། ཀྲེ་ནག་༦༠ཚང་པ་འབྲས་སྤུངས་སྒོ་མང་བྱང་རྩེ་དོན་གྲུབ་རྒྱ་༦མཚོ། འདིས་ཀྱང་རྒྱལ་བ་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་ཡོངས་འཛིན་མཛད། ཨ་༤༨མདོ་ཨ་གཟིགས་ཐང་པ། ཅོ་ནེ་སེར་སྨད་ཤར་རྩེ་བློ་བཟང་དར་རྒྱས༧། འདིས་རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཡོངས་འཛིན་མཛད། ཨ་མདོ་བྱ་བྲལ་བ་ཝ་ཤུལ་འབྲས་སྤུངས་སྒོ་མང་བྱང་རྩེ་དགེ་འདུན་ཕུན་འདི་ལ་ཁྲི་གུང་ཐང་པའང་ཟེར། ཚོགས༧། ཨ་མདོ་རྟ་འོན་ཧོར་ཚང་གོ་ཉིན་པ། འབྲས་སྒོ་མང་ཤར་རྩེ་དཔལ་འདིས་ཀྱང་རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཡོངས་འཛིན་མཛད། ལྡན་གྲགས་


JKT018_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པ༧། ཙ་རི་གཡག་༦༢ཞོལ་བ་དྭགས་པོ་གྲྭ་ཚང་བྱང་རྩེ་ངག་དབང་ཚེ་འཕེལ༣། ཨ་མདོ་རྟ་༥༥འོན་ཆོས་འཁོར་བ་འབྲས་སྒོ་མང་ཤར་རྩེ་རྒྱལ་མཚན་སེངྒེ༧། ཨ་མདོ་བྱ་༦༢ཁྱུང་བ་སེར་བྱེས་བྱང་རྩེ་ཞྭ་སེར་བསྟན་པའི་གསལ་བྱེད་ཨ་ཆི་ཐུ་ནོ་མིན་ཧན་ངག་དབང་མཆོག་ལྡན༧། འདིས་ཀྱང་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་མཛད། ཨ་༥༧མདོ་གཞུང་རྨོག་རི་ལྡན་ཐང་པ། པ་འབྲས་སྒོ་མང་ཤར་རྩེ་ངག་དབང་ནམ་མཁའ་བཟང་པོའམ་མཚན་གཞན་བློ་བཟང་དཔལ་ལྡན། ཁམས་ཤོག་དྲུག་པ་འབྲས་བློ་གླིང་བྱང་རྩེ་སྤོ་འབོར་བློ་བཟང་དྲི་མེད། དབུས་སྟོད་༥༥ལོ་མདའ་ཕག་མོ་ཆོས་སྡེ་བ་འབྲས་བློ་གླིང་ཤར་རྩེ་བསམ་གཏན་ཕུན་ཚོགས༧། འདི་རྗེ་རིན་པོ་ཆེའི་སྤྲུལ་པར་རྗེ་རང་ཉིད་ཀྱི་ལུང་བསྟན་པ་ཡིན་ནོ། །ཨ་མདོ་བྱ་ཁྱུང་བ་སེར་བྱེས་བྱང་རྩེ་ངག་དབང་ཆོས་གྲགས༧། འདིས་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་མཛད། སྟོད་ལུང་ཆུ་བཟང་༦༡པ་སེར་སྨད་ཤར་རྩེ་ངག་དབང་ཆོས་གྲགས༡། འདི་ལ་ཁྲི་ལྷ་ཐོབ་ཡང་ཟེར། ཁམས་ཚ་༤༨ རབ་ལོ་བ། བ་སེར་བྱེས་བྱང་རྩེ་བློ་བཟང་བསྟན་པ༦། འདིས་ཀྱང་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་མཛད། ཨ་མདོ་ཅོ་ནེ་སེར་སྨད་ཚ་ཐོར་བ་ཤར་རྩེ་ནོ་མིན་ཧན་ངག་དབང་ཚུལ་ཁྲིམས། འདིས་བོད་ཀྱི་སྲིད་སྐྱོང་དང་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་གཉིས་ཀ་མཛད། ཁམས་༥༧རྒྱལ་རོང་སྤྲོ་


JKT018_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་པ་འབྲས་བློ་གླིང་པ་བྱང་རྩེ་བློ་བཟང་སྨོན་ལམར། འཕན་༥༨ཡུལ་བས་གྲོང་པ་སེར་སྨད་ཤར་རྩེ་བློ་བཟང་མཁས་མཆོག །ཟླ་བ་དྲུག །ཏྲེ་འོ་བྲག་༥༦མགོའི་ཞབས་ན་འཛོམས་པ་དར་རྒྱས་དགོན་པ་སེར་བྱེས་བྱང་རྩེ་བློ་བཟང་བཀྲ་ཤིས༧། ཁམས་རྒྱལ་༥༨ཐང་ཡང་ཐང་པ་སེར་སྨད་ཤར་རྩེ་དགེ་འདུན་ཚུལ་ཁྲིམས༦། ཨ་མདོ་བྱ་ཁྱུང་༦༡པ་སེར་བྱེས་བྱང་རྩེ་ངག་དབང་འདིས་རྒྱལ་བ་ལུང་རྟོགས་རྒྱ་མཚོ་དང་ཚུལ་ཁྲིམས་གཉིས་ཀའི་ཡོངས་འཛིན་མཛད། སྙན་གྲགས༧། ཁམས་མུ་༦༥ལི་བ་འབྲས་བློ་གླིང་ཤར་རྩེ་བཀའ་འགྱུར་པ་འཇམ་དབྱངས་སྨོན་ལམ། ཟླ་བ་གསུམ། འཕན་ཡུལ་རྒྱལ་ས་སེར་སྨད་ཚ་བ་བྱང་རྩེ་བློ་བཟང་དགེ་ལེགས། ཁམས་ཆ་༦༠འཕྲིན་བསམ་འཕེལ་གླིང་པ་དགའ་ལྡན་ཉག་རོང་ཤར་རྩེ་བྱང་ཆུབ་ཆོས་འཕེལ༧། འདིས་ཀྱང་རྒྱལ་བ་ལུགས་རྟོགས་རྒྱ་མཚོའི་ཡོངས་འཛིན་མཛད། འབྲས་སྒོ་མང་ཧོར་བཀའ་འགྱུར་བ་བྱང་རྩེ་ངག་དབང་ཆོས་འཕེལ༦། འདིས་ཀྱང་རྒྱལ་དབང་ཚུལ་ཁྲིམས་རྒྱལ་མཚོའི་ཡོངས་འཛིན་མཛད། ཀོང་པོ་འབྲུ་ལ་༧༣བ་སེར་སྨད་ཤར་རྩེ་ཡེ་ཤེས་ཐར་འདོད། གཙང་ཐོབ་རྒྱལ་༦༢བ་སེར་བྱེས་བྱང་རྩེ་འཇམ་དཔལ་ཚུལ་ཁྲིམསར། མདོ་སྨད་རྩེ་ནེ་བ་སེར་སྨད་ཤར་རྩེ་ནོ་མིན་ཧན་ངག་དབང་འཇམ་བོད་ཀྱི་སྲིད་སྐྱོང་དང་རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོའི་ཡོངས་འཛིན་ཡང་མཛད། དཔལ་ཚུལ་ཁྲིམས་རྒྱ་མཚོ། རྒྱལ་རོང་ཚ་གོ་མཆོག་


JKT018_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་བ་སེར་སྨད་བྱང་རྩེ་བློ་བཟང་འདིས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་མཛད། ལྷུན་གྲུབ་ཀྱི་བར་ཁྲི་རབས་བདུན་བཅུ་རྩ་བཞི། དོན་ལྔ་པ་གླིང་པ་ཤར་རྩེ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ། དོན་དྲུག་པ་རྒྱལ་རོང་བྱང་བློ་བཟང་མཁྱེན་རབ་དབང་༧ཕྱུག དོན་བདུན་པ་སྤོམ་འབོར་ཤར་རྩེ་ཚུལ་ཁྲིམས་དར་རྒྱས༢། དོན་བརྒྱད་པ་རྒྱལ་རོང་བྱང་རྩེ་འཇམ་དབྱངས་དམ་ཆོས༧། དོན་དགུ་པ་དགའ་ལྡན་ཕུ་ཁང་པ་ཤར་བློ་བཟང་སྦྱིན་པ༢། བརྒྱད་ཅུ་པ་བསམ་བློ་བྱང་རྩེ་གྲགས་པ་དོན་གྲུབ༧། གྱ་གཅིག་པ་ཟུང་ཆུ་ཤར་ངག་དབང་ནོར་བུ།། གྱ་གཉིས་པ་རྒྱལ་རོང་དར་རྩེ་མདོ་པ་བྱང་རྩེ་ཡེ་ཤེས་ཆོས་འཕེལ༧། བྱོན་ནས་བཤད་སྒྲུབ་ཕྲིན་ལས་ཀྱི་སྣང་བས་ས་གསུམ་བསྟན་འགྲོའི་རྒུད་པའི་སྨག་རུམ་མཐའ་དག་བསལ་ཏེ། ཕན་བདེའི་པདྨོ་ཆེས་ཆེར་རྒྱས་པར་མཛད་དོ། །དཔལ་འབྲས་སྤུངས་ཀྱི་ཆོས་གྲྭ་ནི། རྗེ་རིན་པོ་ཆེའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ཞེས་མདོ་ཕྱོགས་ཀྱི་པུ་ཏི་བརྒྱ་དང་བརྒྱད་ཐུགས་ལས་ཤར་གྱིས་གསུངས་པས་མཚོན་མཁས་ཤིང་གྲུབ་པའི་མངོན་རྟོགས་བསམ་གྱིས་མི་ཁྱབ་པ་དེས་དགུང་ལོ་སོ་བརྒྱད་པ་མེ་སྤྲེལ་ལོར་བཏབ། འདི་ལ་སྔར་སྒོ་མང་། བློ་གསལ་གླིང་། བདེ་ཡངས། ཤག་སྒོར། འདུལ་བ།


JKT018_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་པ་གྲྭ་ཚང་སྟེ་བདུན་བྱུང་ཡང་། ཕྱིས་སྒོ་ཁང་ཚན་བཅུ་དྲུག མང་། བློ་གསལ་༢༦གླིང་། བདེ་ཡངས། སྔགས་པ་བཞིར་དྲིལ། དེ་ཡང་སྒོ་མང་དུ་གུང་རུ་ཆོས་འབྱུང་དང་། འཇམ་དབྱངས་བཞད་པ། བློ་གསལ་གླིང་དུ། ཀུན་མཁྱེན་ལེགས་པ་ཆོས་འབྱོར་རམ་འཇམ་དབྱངས་དགའ་བའི་བློ་གྲོས། པཎ་ཆེན་བསོད་ནམས་གྲགས་པ། བདེ་ཡངས་སུ་གྲ་ཚང་ཡོན་ཏན་རྒྱ་མཚོ། ཤག་སྒོར་དུ་སྣར་ཐང་པ་རབ་མཆོག །ཐོས་བསམ་གླིང་དུ་ཉན་པོ་ཤཱཀྱ་རྒྱལ་མཚན་རྣམས་ཀྱིས་འཆད་ཉན་དང་ཡིག་ཆ་སོགས་རྒྱ་ཆེར་མཛད།། ༈ །།སེ་ར་ཐེག་ཆེན་ཆོས་གླིང་ནི། རྗེའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཞེས་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་རྗེ་རང་ཉིད་ངང་མཚུངས་པར་བསྔགས་ཏེ། ཤར་ཕྱོགས་འཇམ་དབྱངས་གོང་མ་ཆེན་པོའི་མཆོད་གནས་སུ་མངའ་གསོལ་བ་དེ་ཉིད་ཀྱིས་ས་མོ་གླང་གི་ལོར་བཏབ། སྔར་གྲྭ་ཚང་ཁག་ལྔ་ཡོད་པ་ལས། ཕྱིས་སུ་བྱེས་པ༢༢། སྨད་པ༡༥། སྔགས་པ་གྲྭ་ཚང་གསུམ་དུ་དྲིལ།་བྱེས་པར་འཇམ་དབྱངས་ཆོས་རྗེའི་སློབ་མ་མུས་སྲིད་པ་བློ་གྲོས་རིན་ཆེན་དང་། སྨད་པ་ཀུན་མཁྱེན་བྱང་ཆུབ་འབུམ་གྱིས་འཆད་ཉན་མཛད་ནས་རིམ་པར་དར། གཞན་ཡང་གུ་རུ་རྒྱལ་མཚན་བཟང་པོ། གཉལ་སྟོན་དཔལ་འབྱོར་ལྷན་གྲུབ། རྗེ་བཙུན་ཆོས་ཀྱི་རྒྱལ་


JKT018_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་སོགས་རིག་པར་སྨྲ་བའི་དབང་ཕྱུག་དུ་མ་བྱོན།། ༈ །།གཙང་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ནི། བཀའ་གདམས་གླེགས་བམ་རིན་པོ་ཆེར། །མཐོ་བཀྲ་ཤིས་བརྟན་པ་ལྷུན་པོའི་གནས། །ནོར་པདྨ་རཱ་ག་ལྟ་བུ་བདུན། །ཅེས་དང་། ལྟ་བས་མི་ངོམས་གཟི་བརྗིད་ཅན། །མཚུངས་པ་མེད་པའི་བཀྲ་ཤིས་གནས། །བཀྲ་ཤིས་ལྷུན་པོ་རྒྱལ་འགྱུར་ཤོག །ཅེས་སོགས་ལུང་གིས་གསལ་བར་ཟིན་པ་བཞིན་པཎ་ཆེན་དགེ་འདུན་གྲུབ་པས་དགུང་ལོ་ང་བདུན་པར་མེ་ཡོས་དགའ་ལྡན་བཏབ་ནས་ལོ་ཉེར་དགུ་ལོན། ལོར་བཏབ། བྱམས་ཆེན་སོགས་སྐུ་གསུམ་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས། བཀའ་གདམས་པའི་སྐུ་མཆེད་གསུམ་ཀའི་རྣམ་ཐར་འཁྱོངས་པར་མཛད། གྱ་བཞི་པ་ཤིང་རྟ་ལོའི་རྒྱལ་ཟླའི་༨ཚེས་ལ་གཤེགས། དེ་ནས་གདན་སར་པཎ་ཆེན་བཟང་པོ་བཀྲ་ཤིས། པཎ་ཆེན་ལུང་རིགས་རྒྱ་མཚོ། པཎ་ཆེན་ཡེ་ཤེས་རྩེ་མོ། རྒྱལ་བ་དགེ་འདུན་རྒྱ་མཚོ་སོགས་ནས། པཎ་ཆེན་ལྷ་དབང་བློ་གྲོས་ཀྱི་རྗེས་སུ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་བཞུགས་ཏེ། དེ་ཡང་རྗེ་འདི་ཉིད། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་རྒྱ་གར་འཕགས་པའི་ཡུལ་དུ་བདག་ཅག་གི་སྟོན་པའི་སྤྱན་སྔར་འདྲི་


JKT018_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལན་ལྡོན་པའི་མཆོག་འཕགས་པ་རབ་འབྱོར་དང་། གངས་ཅན་གྱི་ལྗོངས་འདིར་ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་དང་། འཇམ་དབྱངས་ས་པཎ་སོགས་དམ་པའི་སྐྱེ་བ་བརྒྱུད་མར་བཟུང་པའི་མཐར། རྗེ་རིན་པོ་ཆེའི་ནང་ཐུགས་ཀྱི་སྲས་གཅིག་པུ་མཁས་གྲུབ་དགེ་ལེགས་དཔལ་བཟང་ནས་རིམ་པར། ཆོས་ཀྱི་རྗེ་བསོད་ནམས་ཕྱོགས་ཀྱི་དབང་པོ། རྒྱལ་བ་དབེན་ས་པ་བློ་བཟང་དོན་གྲུབ། །དེའི་སྐྱེ་བ་ནི་པཎ་ཆེན་འདི་ཉིད་དེ་གཙང་རོང་ལྡན་དུ་བྲུ་རྒྱལ་བའི་ཞལ་ངོར་འཁྲུངས་མ་ཐག་ཨཱ་ལི་ཀཱ་ལིའི་སྒྲ་སྒྲོག་པ་སོགས་ངོ་མཚར་བའི་རྣམ་ཐར་བཟུང་། བཅུ་བཞི་པར་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལས་རབ་ཏུ་བྱུང་། རྗེ་བཙུན་འཇམ་པའི་དབྱངས། རྒྱལ་བ་བློ་བཟང་གྲགས་པ། མཁས་གྲུབ་དགེ་ལེགས་དཔལ་བཟང་། བ་སོ་ཆོས་ཀྱི་རྒྱལ་མཚན། འཇའ་ལུས་མངོན་གྱུར་གྲུབ་ཆེན་ཆོས་རྗེ་རྡོ་རྗེ། དབེན་ས་པ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས་རྣམས་ལས་རིམ་པར་བརྒྱུད་པའི་དགའ་ལྡན་བཀའ་བརྒྱུད་དམ་དབེན་ས་སྙན་བརྒྱུད་ཅེས་གྲགས་པའི་གདམས་པས་མཚོན་ཟབ་རྒྱས་ཀྱི་གདམས་ངག་རྒྱ་མཚོ་ལྟ་བུ་གསན། བཀྲ་ཤིས་ལྷུན་པོར་མདོ་ཕྱོགས་ལ་སྦྱངས། པཎ་ཆེན་དམ་ཆོས་ཡར་འཕེལ་ལས་བསྙེན་པར་རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་བསྙེན་པར་རྫོགས་པ་ཡིན། རྫོགས། །


JKT018_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་བདུན་པར་གངས་ཅན་ཆོས་འཕེལ་དང་། སུམ་ཅུ་པར་བཀྲ་ཤིས་ལྷུན་པོའི་སེངྒེའི་ཁྲིར་ཕེབས། རྒྱལ་བ་ཡོན་ཏན་རྒྱ་མཚོ་དང་། བློ་བཟང་རྒྱ་མཚོ་གཉིས་ཀའི་ཡོངས་འཛིན་གནང་བས་མཚོན་འཁོར་རྫོགས་པ་ཡིན། ལོ་གསུམ་གྱི་ཕྲིན་ལས་རྗེ་བླ་མ་རང་ཉིད་སླར་ཡང་བྱོན་བཀའ་འབུམ་པོད་ལྔ། པ་ལྟ་བུར་གྱུར་པས་ཕྱིས་བྱོན་གྱི་དགེ་ལྡན་པ་རྣམས་འདི་ཁོ་ནར་བསྔགས་བརྗོད་ཆེ། ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་གདན་ས་ཡང་མཛད། གོ་གསུམ་པ་ཆུ་སྟག་ནག་ཟླའི་ཚེས་བཅུ་གཉིས་ལ་དགའ་ལྡན་ཆོས་ཀྱི་འདུན་སར་གཤེགས། དེ་ནས་རིམ་པར་པཎ་ཆེན་བློ་བཟང་ཡེ་ཤེས་གཙང་ཐོབ་རྒྱལ་དུ་འཁྲུངས། ཀྱིས་རྒྱལ་བ་བདུན་པའི་ཡོངས་འཛིན་བཀའ་འབུམ་པོད་བཞི། མཛད། ཆོས་སྲིད་ཀྱི་སྟོབས་འབྱོར་འདི་དུས་ཁོ་ན་ཆེ། པཎ་ཆེན་དཔལ་ལྡན་ཡེ་ཤངས་ལྷ་ཕུར་སྡེ་པ་བཀྲ་ཤིས་རྩེར་ཀརྨ་ཞྭ་དམར་དགུ་པ་དང་མཆེད་དུ་འཁྲུངས། ཤེས་ཀྱིས་རྒྱལ་བ་བརྒྱད་པའི་ཡོངས་འཛིན་མཛད། གོང་མ་ཆེན་ལུང་རྒྱལ་པོས་གདན་དྲངས་ནས་རྒྱ་ནག་ཏུ་ཕེབས་བཀའ་འབུམ་པོད་ལྔ། ཏེ་སྐུ་གཤེགས། པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་ཤངས་ཐོབ་རྒྱལ་དུ་འཁྲུངས། མས་རྒྱལ་བ་དགུ་པ་དང་། བཅུ་པ། བཅུ་གཅིག་པ་རྣམས་ཀྱི་ཡོངས་འཛིན་མཛད། ད་ལྟ་ཞབས་པད་བརྟན་བཞིན་བཀའ་འབུམ་པོད་དགུ། པ་འདི་འོ། །ཆོས་གྲྭ་འདིར་


JKT018_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་རྩེ། དཀྱིལ་ཁང་། ཐོས་བསམ་གླིང་། སྔགས་པ་སྟེ་བཞི་ལས། ཤར་རྩེར་དང་པོ་ཤངས་སྟོན་དྲི་མེད། དྲུག་པ་བློ་གྲོས་རྒྱ་མཚོ། དཀྱིལ་ཁང་ནས་བརྒྱད་པ་བློ་གྲོས་རྒྱལ་མཚན་དང་། བཅུ་པ་མཁས་གྲུབ་བསྟན་དར། ཐོས་བསམ་གླིང་དང་པོ་ཀུན་མཁྱེན་ཆོས་འབྱོར་བཟང་པོ་དང་། བཞི་པ་ཁྱུང་ཕྲུག་བྱམས་པ་བཀྲ་ཤིས། སྔགས་པར་སྔགས་ཆེན་པཎ་ཆེན་ཆོས་རྒྱན་དུས་དང་པོར་བཙུགས། དཀོན་མཆོག་རྒྱལ་མཚན་སོགས་མཁས་གྲུབ་མང་དུ་བྱོན་ནས་ཡིག་ཆ་སོགས་རྒྱ་ཆེར་མཛད་དོ། །མ་འོངས་པ་ན་པཎ་ཆེན་ཉིད་ཤམྦྷ་ལའི་རིགས་ལྡན་ཆོས་རྒྱལ་དྲག་པོ་འཁོར་ལོ་ཅན་དང་། རྒྱལ་དབང་རིན་པོ་ཆེ་དམག་དཔོན་ཧ་ནུ་མན། ལྕང་སྐྱ་རིན་པོ་ཆེ་དམག་དཔོན་དྲག་པོ་རྣམས་སུ་གྱུར་ཏེ་ཀླ་ཀློའི་དཔུང་ཚོགས་བཅོམ། ལས་ས་དུམ་བུ་བཅུ་གཉིས་ཐམས་ཅད་འབྲས་བུའི་ཐེག་པའི་སྨིན་གྲོལ་དང་། རྫོགས་ལྡན་གྱི་དགའ་སྟོན་ལ་སྦྱོར་བར་འགྱུར་ཞེས་ཡེ་ཤེས་གཟིགས་པ་རྣམས་གསུངས་སོ། །དེ་ལྟར་སེ་འབྲས་དགེ་གསུམ་བཀྲ་ཤིས་ལྷུན་པོ་བཞི་ལ་གྲ་ས་ཆེན་པོ་བཞི་ཞེས་ཡོངས་སུ་གྲགས་ཤིང་།། ༈ །།གཞན་ཡང་རྭ་དྭགས་མངའ་གསུམ་དུ་གྲགས་པའི། སྙེ་ཐང་སྟག་ཚང་རབ་སྟོན་ནི་སྨར་ཁམས་གྲགས་པ་བཟང་པོ་སོགས་ཀྱིས་བསྐྱངས་ཤིང་། ཚད་མ་རིག་པའི་འབྱུང་གནས་སུ་གྱུར།། ༈ །།


JKT018_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་རྒྱུད་དྭགས་པོ་གྲྭ་ཚང་ནི། དགའ་ལྡན་གྱི་ཁྲི་རབས་བདུན་པ་ཤངས་པ་བློ་གྲོས་བརྟན་པས་བཏབ།། ༈ །།ལྷོ་རྒྱུད་མངའ་རིས་གྲྭ་ཚང་ནི། རྒྱལ་བ་དགེ་འདུན་རྒྱ་མཚོས་དགུང་ལོ་རེ་དྲུག་པར་བཙུགས་པ་རྣམས་ཀྱང་མཚན་ཉིད་ཀྱི་གྲྭ་ས་ཆེ་ཤོས་ཡིན།། ༈ །།སྲིད་རྒྱུད་པ་གྲྭ་ཚང་དང་། ལྷ་སའི་རྒྱུད་སྨད་པ་ནི་རྗེ་ཤེས་རབ་སེང་གེས་བཏབ། རྗེ་རིན་པོ་ཆེའི་སློབ་མ། རྒྱུད་སྟོད་པ་ནི་རྗེ་ཤེས་རབ་སེངྒེའི་སློབ་མ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱིས་བཏབ། འདི་གསུམ་དགེ་ལུགས་པའི་སྔགས་པ་གྲྭ་ཚང་གི་རྩ་བ་ལྟ་བུ་ཡིན། ཆོས་སྲིད་ཟུང་དུ་འབྲེལ་བའི་ཕོ་བྲང་ཆེན་པོ་པོ་ཏཱ་ལ་ནི། རྒྱལ་དབང་ལྔ་པ་ཆེན་པོ་དགུང་ལོ་ཉེར་ལྔ་པ་ཞེས་པའི་དུས་གོ་ཤཱི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཁྲི་སྐོར་བཅུ་གསུམ་ཐོག་མར་ཕུལ་ཞིང་། དུས་དེར་ཆོས་རྒྱལ་སྲོང་བཙན་སྒམ་པའི་གཟིམ་ཕུག་ཉིད་ལྟེ་བ་ལྟ་བུར་མཛད་ནས་བཞེངས། དེ་ཡང་རྒྱལ་དབང་རིན་པོ་ཆེ་ནི། འཕགས་མཆོག་ཕྱག་ན་པདྨོ་བསམ་བཞིན་དུ་སྤྲུལ་པའི་རྣམ་རོལ་དུ་མར་བཟུང་སྟེ་གངས་ཅན་གྱི་འགྲོ་བ་ཀུན་ལ་བུ་གཅིག་མ་ལྟར་ལྷག་པར་བརྩེ་བ་ལས། བསྟན་པ་སྔ་དར་གྱི་དུས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཕྱི་དར་གྱི་ཚེ་རྒྱལ་བ་འབྲོམ་སྟོན་པ་སོགས་མཚན་དང་སྐུ་ཡི་བཀོད་པ་བསམ་གྱིས་མི་ཁྱབ་པའི་མཐར། རྗེ་རིན་པོ་ཆེའི་


JKT018_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་སྔར་པཎ་ཆེན་དགེ་འདུན་གྲུབ་པ་ནི། དཔལ་ས་སྐྱའི་ཉེ་འདབས་སྲད་གུར་མ་རུ་བ་ཞེས་པར་ལྕགས་མོ་ལུག་གི་ལོར་འཁྲུངས། དཔལ་སྣར་ཐང་དུ་ཆོས་སྒོར་ཞུགས། རྒྱ་སྟོན་ཙནྡྲ་དེ་བ་ལས་ཀློག་བྲིས། མཁན་ཤཱཀྱ་དཔལ་ལས་ཡིག་རིགས་དང་། ལོ་ཙཱ་བ་སཾ་གྷ་ཤྲཱི་ལས་སྙན་ངག་དང་མངོན་བརྗོད། ཕྱིས་སྒྲ་པ་ཐུགས་རྗེ་དཔལ་ལས་སྒྲ་དང་སྡེབ་སྦྱོར། འཇམ་དབྱངས་རིན་རྒྱལ་ལས་སྐར་རྩིས། གནས་དེ་ཉིད་དང་གསང་ཕུ་སོགས་སུ་ཚད་མས་མཚོན་ཐུན་མོང་གི་རིག་གནས་དང་། སྣར་ཐང་མཁན་རབས་བཅུ་བཞི་པ་གྲུབ་པ་ཤེས་རབ་ལས་རབ་ཏུ་བྱུང་ཞིང་བཀའ་གདམས་ཀྱི་གདམས་ངག་དང་། འཕན་ཡུལ་གྲོང་པར་འདུལ་བ། འཇམ་དབྱངས་རིན་རྒྱལ་ལས་འདུལ་མཛོད། རྗེ་རིན་པོ་ཆེ་དང་རྒྱལ་ཚབ་ལས་དབུ་ཕར་གྱི་གཞུང་དང་རྒྱུད་འགྲེལ་སོགས་གསན་ཅིང་། མདོར་ན་མཁས་གྲུབ་ཡོངས་འཛིན་དྲུག་ཅུ་ཙམ་ལས་ཕྱི་ནང་རིག་པའི་གནས་མཐའ་དག་གསན་ཅིང་བྱང་ཆུབ་པས་མ་ཧཱ་པཎྜི་ཏའི་མཚན་གྱི་སྙན་པ་དང་ཕྲིན་ལས་ཀྱིས་ས་གསུམ་དུ་ཁྱབ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སོགས་ལྷག་པའི་ལྷས་རྗེས་སུ་བཟུང་། འདུལ་ཊིཀྲ་དང་། གླེང་འབུམ་ཆེན་མོས་མཚོན་གསུང་རྩོམ་ཡང་པུ་ཏི་བདུན་ཙམ་བཞུགས་སོ། །རྗེ་དེའི་རྣམ་འཕྲུལ་རྒྱལ་བ་གཉིས་པ་དགེ་འདུན་རྒྱ་མཚོ་ནི། གཙང་


JKT018_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ནག་ཏུ་སྔགས་འཆང་ཆེན་པོ་ཀུན་དགའ་རྒྱལ་མཚན་གྱི་སྲས་སུ་རབ་བྱུང་བརྒྱད་པའི་ཤིང་ལུག་ལོར་འཁྲུངས། བཅུ་གཅིག་པར་བཀྲ་ཤིས་ལྷུན་པོར་པཎ་ཆེན་ལུང་རིགས་རྒྱ་མཚོ་ལས་རབ་ཏུ་བྱུང། བཅུ་གསུམ་པར་འབྲས་སྤུངས་སུ་འཇམ་དབྱངས་དགའ་བའི་བཤེས་གཉེན་ལས་མདོ་སྔགས་ཀྱི་གསན་བསམ་མཛད། གཞན་ཡང་མཁས་གྲུབ་ནོར་བཟང་རྒྱ་མཚོ་སོགས་བསྟེན། སྒྲ་དབྱངས་ལྷ་མོས་རྗེས་སུ་བཟུང་བས་ཇ་སྦྱོར་རེར་ཤཱ་ལོ་ཀ་བརྒྱ་ཕྲག་ཙམ་ཐུགས་ལ་ཟིན་པ་སོགས། མཁྱེན་རབ་བསམ་གྱིས་མི་ཁྱབ། ས་སྦྲུལ་ལོར་ཆོས་འཁོར་རྒྱལ་མེ་ཏོག་ཐང་བཏབ། སེར་འབྲས་དང་བཀྲ་ཤིས་ལྷུན་སོགས་ཀྱི་མཁན་པོ་མཛད། གསུང་རྩོམ་ཡང་མཚན་བརྗོད་འགྲེལ་ཆེན་སོགས་པོད་ལྔ་བཞུགས་༦སོ། །གསུམ་པ་བསོད་ནམས་རྒྱ་མཚོ་ནི། རྗེ་གོང་མ་ཞིང་གཤེགས་མ་ཐག་པདྨ་འོད་དུ་ཕེབས་པས། སློབ་དཔོན་ཆེན་པོས་ལུང་གིས་བསྐུལ་ཏེ་སླར་ཡང་སྟོད་ལུང་མདའ་རྩེ་དགའ་ཁང་གསར་དུ་རྨའི་རིགས་སུ་མཚན་དཔེའི་མེ་ཏོག་བཞད། འབྲས་སྤུངས་སུ་པཎ་ཆེན་བསོད་ནམས་གྲགས་པ་སོགས་ལས་གསན་བསམ་མཛད། སོག་ཡུལ་དུ་ཕེབས་ནས་ཨལ་ཐན་ཆོས་ཀྱི་རྒྱལ་པོས་མཆོད་ཅིང་། ཏཱ་ལའི་བླ་མ་བཛྲ་ཛྷཱ་ཞེས་པའི་མཚན་གསོལ། ཕྱོགས་དེར་དགོན་སྡེ་ཆེ་ཕྲ་མང་དུ་བཏབ་ནས་


JKT018_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་འབུམ་པོད་གཅིག །གཤེགས༤༦། བཞི་པ་མཐུ་སྟོབས་ཀྱི་དབང་ཕྱུག་ཡོན་ཏན་རྒྱ་མཚོ་ནི། ཆེན་པོ་ཧོར་གྱི་ཡུལ་དུ་ཇིང་གིར་གནམ་གྱི་རྒྱལ་པོའི་རིགས་སུ་འཁྲུངས། བློ་བཟང་ཆོས་རྒྱན་སོགས་ལས་གསན་བཞེས་གནང་། དངོས་སྤྱོད་ཀྱི་ལས་སྦྱོར་ཀྱང་མང་དུ་མཛད། སྐུ་ཚེ་མཐར་མ་ཕྱིན་པར་གཤེགས། ལྔ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ངག་དབང་བློ་བཟང་རྒྱ་མཚོ་ནི། ཡར་ལུང་འཕྱོང་རྒྱས་།། འཕྱིང་པར་སྟག་རྩེར་ཟ་ཧོར་གྱི་རིགས་སུ་མེ་སྦྲུལ་ལོར་འཁྲུངས། ཨོ་རྒྱན་ཆེན་པོས་ཀྱང་གཏེར་ཁ་དུ་མ་ནས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཕྲིན་ལས་ཀྱི་སྤྲུལ་པར་ལུང་བསྟན་ཤིན་ཏུ་གསལ། །འཁྲུངས་ལོར་བྱང་བདག་ངག་གི་དབང་པོ་ལས་ཚེ་དབང་གསན་པས་རྙིང་ལུགས་ལ་ཐུགས་ཕྱོགས་པའི་རྟེན་འབྲེལ་དུ་གྱུར། ཆུ་ཁྱི་ལོར་དཔལ་ལྡན་འབྲས་སྤུངས་སུ་ཕེབས། པཎ་ཆེན་བློ་བཟང་ཆོས་རྒྱན་ལ་གཙུག་ཕུད་ཕུལ། ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་ལ་མཚན་ཉིད་ཀྱི་ཕྱོགས་དང་། སྨོན་འགྲོ་པཎྜི་ཏ་ཡབ་སྲས་ལས་སྒྲ་སྙན་སྡེབ་སྦྱོར་མངོན་བརྗོད། ཟླུམ་པོ་པ་ལས་སྐར་རྩིས། ཟུར་ཆེན་ལས་ནག་རྩིས་སོགས་དང་། རྔོག་ལོའི་རྣམ་འཕྲུལ། སྔ་ཕྱིར་པཎ་ཆེན་ཆོས་རྒྱན། ཕ་བོང་ཁ་བ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཐུར་ཆེན་ཆོས་དཔལ་འབྱོར་ཕྲིན་ལས་རབ་རྒྱས་ཀྱང་རྗེར། དབྱིངས་རང་གྲོལ། །


JKT018_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་འགྱུར་པ་མགོན་པོ་བསོད་ནམས་མཆོག་ལྡན། ཞྭ་ལུང་བསོད་ནམས་མཆོག་ཚེ་དབང་ལྷུན་གྲུབ་རབ་བརྟན། གྲུབ། སྨན་ལུང་པ་བློ་མཆོག་རྡོ་རྗེ། ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་སོགས་ལས་གསར་རྙིང་གི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་གསན་པས་ཐམས་ཅད་མཁྱེན་པའི་མཚན་དོན་མཚུངས་པར་གྱུར་ཅིང་གསན་ཡིག་ཀྱང་པོད་ཆེན་བཞི་བཞུགས། རྙིང་ཕྱོགས་ནས་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དང་། གསར་མར་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ཁོ་ནར་བསྔགས་བརྗོད་ཆེ། གོང་མ་ཤུཀྱིས་རྒྱལ་པོས་སྤྱན་དྲངས་ཏེ། ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་རྒྱལ་དབང་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་དྷ་ར། ཞེས་པའི་འཇའ་ས་དང་ཤེལ་ཐམ་ཕུལ། བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ཀྱིས་རྒྱ་གར་གྱི་ཆུ་བོ་གང་གཱ་ཚུན་ཆད་ནས་ཤར་ཕྱོགས་ཏོང་ཀུའི་ཡུལ་གྱི་བར་དུ་ཁྱབ། གསུང་རྩོམ་ཁོ་ནའང་། ཕྱི་རྣམ་ཐར་དང་། རིག་གནས་མཚན་ཉིད་ཀྱི་སྐོར། ནང་གསང་སྔགས་སྤྱིའི་སྐོར། གསང་བ་གསང་ཆེན་རྙིང་མའི་སྐོར། ཡང་གསང་དག་སྣང་རྒྱ་ཅན་གྱི་སྐོར་རྣམས་ལ་པོད་ཆེན་སུམ་ཅུ་ཐམ་བ་བཞུགས་སོ། །རེ་དྲུག་པར་དབོ་ཟླའི་༢ཚེས་༢༥གཤེགས། དགོངས་རྫོགས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྷ་ལྡན་ཚོགས་མཆོད་


JKT018_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ་བཙུགས། གསེར་གདུང་འཛམ་གླིང་རྒྱན་གཅིག་བཞེངས་པ་སོགས་ཕྱག་རྗེས་རྒྱ་ཆེ། ༈ །དྲུག་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ནི། ལྷོ་མོན་ཤིང་ལོའི་ཚལ་དུ་པདྨ་གླིང་པའི་གདུང་རིགས་སུ་འཁྲུངས། སྔགས་ཀྱི་སྤྱོད་པ་བསྐྱངས་ཤིང་ཉེར་ལྔ་པར་རྒྱ་ནག་ཏུ་ཕེབས་ལམ་གཤེགས། བདུན་པ་སྐལ་བཟང་རྒྱ་མཚོ་ནི། ལི་ཐང་དུ་འཁྲུངས། པཎ་ཆེན་བློ་བཟང་ཡེ་ཤེས་དང་། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་ལས་གསན་བཞེས་མཛད། མཁས་བཙུན་བཟང་པོའི་ཡོན་ཏན་འགྲན་ཟླ་དང་བྲལ། འགར་ཐར་རྣམ་པར་རྒྱལ་བའི་གླིང་བཏབ། གསང་འདུས་དབང་གི་རྣམ་བཤད་ཆེན་པོ་རྡོ་རྗེ་སེམས་དཔའི་ཞལ་ལུང་སོགས་གསུང་རྩོམ་ལེགས་བཤད་ཕལ་ཆེ་བ་པོད་བདུན་བཞུགས། བརྒྱད་པ་འཇམ་དཔལ་རྒྱ་མཚོ་ནི་ཡུལ་དབུས་སུ་འཁྲུངས། པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་ཡོངས་འཛིན་པཎྜི་ཏ་ཡེ་ཤེས་རྒྱལ་མཚན་སོགས་ལས་གསན་བསམ་མཛད། དགུ་པ་ངག་དབང་ལུང་རྟོགས་རྒྱ་མཚོ་ནི། ཁམས་ལྡན་ཡུལ་ཆོས་འཁོར་དུ་འཁྲུངས། བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་ནི་ལེ་ཐང་དུ་འཁྲུངས། བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་ནི་འགའ་ཐར་དུ་འཁྲུངས་ཤིང་། པཎ་ཆེན་བསྟན་པའི་ཉི་མ་དང་། ཁྲི་ཆེན་བློ་བཟང་ལྷུན་གྲུབ་སོགས་ལས་གསན་བསམ་མཛད་ཅིང་གངས་ཅན་


JKT018_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འགྲོའི་གཙུག་རྒྱན་དམ་པར་ཞབས་པད་བརྟན་བཞིན་པ་འདིའོ། །དེ་བཞིན་ལྷ་ལྡན་རང་དུ་རྒྱལ་བ་ཙོང་ཁ་པའི་སློབ་མ་འཁོར་དག་པ་རྣམ་བརྒྱད་ཀྱི་ནང་ཚན་དགེ་སློང་འཇམ་དཀར་བའི་རྣམ་འཕྲུལ་རིམ་བྱོན། དེ་མོ་ཧུ་ཐོག་ཐུའི་གདན་ས་བསྟན་རྒྱས་གླིང་། རྗེའི་དངོས་སློབ་དགའ་ལྡན་ཁྲི་རབས་དྲུག་པ་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་འཕྲུལ་རྟ་ཚག་རྗེ་དྲུང་རིན་པོ་ཆེའི་གདན་ས་དབུས་གཙང་ཀུན་བདེ་གླིང་། ལོ་ཙཱ་བ་ལྕོག་རོ་ཀླུའི་རྒྱལ་མཚན་སོགས་ཀྱི་རྣམ་འཕྲུལ་དགའ་ལྡན་ཁྲི་ཐོག་རེ་གཅིག་པ་ཤར་རྩེ་ནོ་མི་ཧན་ངག་དབང་ཚུལ་ཁྲིམས་གོང་འོག་གི་གདན་ས་ཆེ་སྨོན་གླིང་སོགས་ཀྱང་སོ་སོའི་སྐྱེ་སྤྲུལ་རིམ་བྱོན་གྱིས་སྐྱོང་།། ༈ །།ལྷ་ལྡན་གྱི་ཐད་གྲིབ་ཚེ་མཆོག་བསམ་གཏན་གླིང་ནི། རྒྱལ་བ་བརྒྱད་པའི་ཡོངས་འཛིན་པཎྜི་ཏ་ཡེ་ཤེས་རྒྱལ་བཀའ་འབུམ་པོད་ཆེན། མཚན་གྱིས་བཏབ། དེའི་སྐྱེ་སྤྲུལ་བཞུགས།། ༈ །།སྟོད་མངའ་རིས་སུ། མང་ཡུལ་སྔགས་མོའི་ཆོས་གྲྭ་ནི། རྗེ་ཤེས་རབ་བཟང་རྗེའི་དངོས་སློབ། པོས་བཏབ་ཅིང་། དེའི་དབོན་ཤེས་རབ་པས་ཁྲིགས་སེའི་ཆོས་སྡེ་བཙུགས་པ་སོགས་དར་རྒྱས་ཆེ། ཡར་ཀླུང་འཕྱང་རྒྱས་རི་བོ་བདེ་ཆེན་ནི། མཁས་གྲུབ་རྗེའི་སློབ་མ་ཉི་ཁྲི་འཛིན་པ་བློ་གྲོས་དཔལ་བཟང་གིས་བཏབ་ཅིང་རྒྱ་ཆེར་འཕེལ།། ༈ །།འོལ་དྭགས་གཉིས་ཀྱི་མཚམས་


JKT018_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སུ། ཆོས་འཁོར་རྒྱལ་མེ་ཏོག་ཐང་ནི། རྒྱལ་བ་དགེ་འདུན་རྒྱ་མཚོས་བཏབ།། ༈ །།མདོ་སྨད་ཆབ་མདོ་ཆོས་འཁོར་བྱམས་གླིང་ནི། བྱང་སེམས་ཤེས་རབ་བཟང་རྗེའི་དངོས་སློབ། པོས་བཏབ། ཕྱིས་སུ་རྗེ་རིན་པོ་ཆེའི་དངོས་སློབ་ཀུ་ཅོར་རྟོགས་ལྡན་གྱི་སྲས་འཕགས་པ་ལྷ་རིམ་བྱོན་དང་། དེའི་ཐུགས་སྲས་ཞི་བ་ལྷ་དང་། ལྕགས་ར་སྤྲུལ་སྐུ་རིམ་བྱོན་རྣམས་ཀྱིས་གདན་ས་མཛད།། ༈ །།སྨར་ཁམས་སྒང་དུ་བྲག་གཡབ་ནོ་མིན་ཧན་གྱི་གདན་ས་ནི། ཉག་རེ་བཀའ་བཅུ་གྲགས་པ་རྒྱ་མཚོས་བཏབ། དེའི་སྐྱེ་སྤྲུལ་རིམ་བྱོན་ལ་སྤྲུལ་སྐུ་ལ་སྤྲུལ་སྐུ་ཆེ་ཚང་དང་། བཀའ་བཅུ་གྲགས་རྒྱམ་གྱི་སློབ་མ་སངས་རྒྱས་བཀྲ་ཤིས་རིམ་བྱོན་ལ་སྤྲུལ་སྐུ་ཆུང་ཚང་དུ་གྲགས་པའི་སྐྱེ་སྤྲུལ་རིམ་བྱོན་གྱིས་སྐྱོང་།། ༈ །།དཔལ་ལི་ཐང་གི་ཆོས་གྲྭ་ནི། རྗེ་བསོད་ནམས་རྒྱ་མཚོའི་ཕྲིན་ལས་ལས་བྱུང་། ༈ །མེ་ཉག་ར་བ་སྒང་གི་ས་ཡི་ཆར་འགའ་ཐར་གྱི་ཆོས་སྡེ་ནི། རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོ་ཕྱོགས་དེར་ལོ་བདུན་བཞུགས་པའི་ཚེ་གོང་མ་གཡུ་ཊིང་ངམ་ཆེན་ལུང་རྒྱལ་པོས་སྦྱིན་བདག་མཛད་ནས་བཏབ།། ༈ །།ཨ་མདོའི་ཕྱོགས་སུ། བྱ་ཁྱུང་དགོན་ནི། རྗེ་ཙོང་ཁ་པའི་བླ་མ་དོན་གྲུབ་རིན་ཆེན་གྱིས་བཏབ།། ༈ །།རྗེ་སྐུ་འབུམ་བྱམས་པ་གླིང་། ནི། སྤར་དགོན་གནས་ཀྱི་མིང་ཙམ་ཞིག་ཆགས་པར། རྒྱལ་བ་བསོད་


JKT018_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་རྒྱ་མཚོའི་ལུང་གིས་བསྐུལ་ནས། ཆོས་རྗེ་འོད་ཟེར་རྒྱ་མཚོས་མཚན་ཉིད་དང་། སྔགས་པ། ཕྱིས་སྨན་པ་གྲྭ་ཚང་བཅས་བཙུགས། ༈ །དགོན་ལུང་བྱམས་པ་གླིང་ནི། རྒྱལ་བ་ཡོན་ཏན་རྒྱ་མཚོས། རྒྱལ་བའི་སྲས་པོ་མགོན་པོ་རྒྱ་མཚོར་བཀས་བསྐུལ་ཏེ་བཏབ། ཕྱིས་ལྕང་སྐྱ་རྡོ་རྗེ་འཆང་དང་། རྗེ་ཐུའུ་ཀྭན་རིན་པོ་ཆེ་སོགས་ཀྱང་བྱོན། ཡང་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་སོགས་ཀྱི་རྣམ་འཕྲུལ་ངག་དབང་བློ་བཟང་མཆོག་ལྡན་གོང་མ་བདེ་སྐྱིད་རྒྱལ་པོས་གདན་དྲངས་ཏེ། ཏཱ་ཀོ་ཤྲི་ཞེས་ཆབ་སྲིད་ཀྱི་བླ་མ་ཆེན་པོར་བསྔགས་པའི་གསེར་ཡིག་དང་གསེར་ཐམ་ཕུལ། ཕོ་བྲང་ཆེན་པོར་གཙུག་ལག་ཁང་འགའ་ཞིག་དང་། མཚོ་བདུན་དུ་ལྷ་ཁང་ཆེན་པོ་གསར་དུ་བསྐྲུན་ཅིང་དགེ་འདུན་གྱི་སྡེ་བཙུགས། དེའི་སྤྲུལ་སྐུ་ལྕང་སྐྱ་རོལ་པའི་རྡོ་རྗེ་༢པོད་བདུན། གོང་མ་གཡུང་ཊིང་ཆེན་པོས་སྤྱན་དྲངས་ཏེ། སྔར་བཞིན་གྱི་མཚན་དང་ཐམ་ཀ་ཕུལ། དེའི་སྤྲུལ་སྐུ་ཡེ་ཤེས་བསྟན་པའི་རྒྱལ་མཚན་དུ་གྲགས་པའི་བར་བྱོན་ཡང་གོང་མ་གཡུང་ཊིང་གིས་སེམས་དཔའ་ཆེན་པོ་ཐུའུ་བཀྭན་པ་ངག་དབང་ཆོས་ཀྱི་རྒྱ་མཚོ་ཕོ་བྲང་གི་བླ་མར་མངའ་གསོལ། དེའི་སྤྲུལ་སྐུ་མཁས་གྲུབ་ཆེན་པོ་བློ་བཟང་ཆོས་འདོན་ཆ་གཙོ་བོར་གྱུར་པ་པོད་བཅུ་བདུན་ཡོད། ཀྱི་ཉི་མ་གོང་འོག་སོགས་བྱོན་ནོ། ༈ །གསེར་ཁོག་


JKT018_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་དམ་ཆོས་གླིང་ནི། དགོན་ལུང་མཁན་པོ་བཙན་པོ་དོན་གྲུབ་རྒྱ་མཚོས་བཏབ། ཕྱིས་སྨིན་གྲོལ་ནོ་མི་ཧན་རིམ་གྱིས་སྐྱོང་། ༈ དེ་ནས་མཁའ་སྤྱོད་སྐོར་པོད་གཅིག །རྟ་མགྲིན་གསང་སྒྲུབ་སྐོར་པོད་གསུམ་ཡོད། གཡེར་གཤོང་གྲྭ་ཚང་ནི། སྔགས་རམ་པ་འཇམ་དབྱངས་བློ་གྲོས་ཀྱིས་བཙུགས། ༈ །ཨ་མདོ་ལྷོ་རྒྱུད་ཆོས་སྡེ་བཀྲ་ཤིས་འཁྱིལ་ནི། རྗེ་རིན་པོ་ཆེའི་བླ་མ་དབུ་མ་པ་དཔའ་བོ་རྡོ་རྗེའི་རྣམ་འཕྲུལ་འཇམ་དབྱངས་བཞད་པ་ངག་དབང་བརྩོན་བཀའ་འབུམ་པོད་བདུན། འགྲུས་ཀྱིས་བཏབ། དེའི་སྐྱེ་སྤྲུལ་དཀོན་མཆོག་འཇིགས་མེད་དབང་པོད་ལྔ། པོ་སོགས་ཀྱིས་སྐྱོང་། ཁྲི་གུང་ཐང་པའི་རྣམ་འཕྲུལ་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེ་པོད་བཅུ། དང་། དཔལ་མང་མཁན་ཆེན་དཀོན་མཆོག་པོད་དྲུག རྒྱལ་མཚན་སོགས་དེང་སང་གི་བར་དུ་མཁས་གྲུབ་མང་དུ་བྱོན། ཐོས་བསམ་གླིང་། རྒྱུད་པ། དུས་འཁོར། སྨན་པ་གྲ་ཚང་སྟེ་བཞི་ཡོད་ཅིང་། །སོག་པོའི་ཕྱོགས་སུ་དགོན་གནས་ཐམས་ཅད་ཀྱི་ནང་ནས་ཆེ་ཤོས་ཧལ་ཧའི་ཡུལ་གྱི་རི་བོ་དགེ་རྒྱས་གླིང་ནི། མདོ་སྨད་ཙམ་ན་ཆེ། ༈ །།ཅོ་ནེ་དགོན་ནི། ཅོ་ནེའི་དབོན་བརྒྱུད་ཆོས་རྗེ་རིན་ཆེན་ལྷུན་པོས་བཏབ། ཕྱིས་གྲགས་པ་བཤད་སྒྲུབ་གཞུང་མང་པོའི་འགྲེལ་པ་སོགས་པོད་བཅུ་གཅིག་ཡོད། སོགས་བྱོན།། ༈ འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་


JKT018_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་སོགས་ཀྱི་སྐྱེ་བརྒྱུད། རྗེ་བཙུན་དམ་པ་ཏཱ་ར་ནཱ་ཐའི་སྐུའི་སྐྱེ་བ་བློ་བཟང་བསྟན་རྒྱན་གྱིས་བཏབ། དེའི་སྐྱེ་སྤྲུལ་རིམ་བྱོན་བཞུགས།། ༈ །།རྒྱ་ནག་ཏུ། གོང་མ་གཡུང་ཊིང་ཆེན་པོས། ཕོ་བྲང་ཆེན་པོར་དགའ་ལྡན་སྲིད་ཆགས་གླིང་ཞེས་པའི་ཆོས་སྡེ་དང་། ཞེས་ཧོའུ་ཞེས་པའི་ཆར་ཡང་གཙུག་ལག་ཁང་དང་། གྲྭ་ཚང་ཁག་མང་པོ་བཙུགས་པ་སོགས། མདོར་ན་འཕགས་ཡུལ་རྒྱ་གར་གྱི་ས་མཚམས་ནས་བཟུང་སྟེ། ཤར་ཕྱོགས་རྒྱ་ནག་དང་། སོག་པོའི་བར་གྱི་ཡངས་པའི་རྒྱལ་ཁམས་ཀུན་ཏུ་རྒྱལ་པ་གཉིས་པ་བློ་བཟང་གྲགས་པའི་རིང་ལུགས་འཛིན་པས་མ་ཁྱབ་པ་འགའ་ཡང་མེད་པའི་ཕྱིར་མཚན་ཙམ་ཡང་བརྗོད་པར་དཀའ་བ་ཉིད་དོ། །དེ་ལྟར་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་འཛིན་གྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་པ་ལས་ཡོངས་སུ་གྲགས་པ་ནི། རྗེ་རིན་པོ་ཆེའི་དངོས་ཀྱི་སློབ་མའི་གཙོ་བོ་སྔར་སྨོས་པ་རྣམས་དང་། རྒྱལ་བ་དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ། ལྔ་པ་རིན་པོ་ཆེ། བདུན་པ་སྐལ་བཟང་རྒྱ་མཚོ། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི། ལྕང་སྐྱ་རྡོ་རྗེ་འཆང་གོང་འོག །སྔགས་ཆེན་དཀོན་མཆོག་རྒྱལ་མཚན། སྐྱི་ཤོད་སྤྲུལ་སྐུ་བསྟན་འཛིན་ཕྲིན་ལས། འཇམ་དབྱངས་བཞད་པ་སྐུ་གོང་འོག །ཕུར་བུ་ལྕོག་བྱམས་པ་རིན་པོ་


JKT018_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། འཇམ་དབྱངས་བདེ་བའི་རྡོ་རྗེ། སྟག་ཕུ་རིན་པོ་ཆེ། ཀ་ཆེན་ཡེ་ཤེས་རྒྱལ་མཚན། ཞི་བཟང་འཕགས་པ་དགེ་ལེགས་རྒྱལ་མཚན། ཐུའུ་བཀྭན་རིན་པོ་ཆེ། ཀློང་བརྡོལ་གྲུབ་ཆེན་ངག་དབང་བློ་བཟང། གུང་ཐང་འཇམ་པའི་དབྱངས་སོགས་བྱོན་ཞིང་། དེ་རྣམས་ཀྱི་དོན་གྱི་རྣམ་པར་ཐར་པའང་། ངེས་འབྱུང་གིས་རྒྱུད་སྦྱངས་ཏེ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་གཞི་བཟུང། མདོ་སྔགས་ཀྱི་ཤིང་རྟའི་ལམ་སྲོལ་ཆེན་པོ་རྣམས་ཀྱི་གསུང་རབ་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད་པས་གཞུང་ལུགས་མ་ལུས་པ་གདམས་པར་ཤར། འཆད་རྩོད་རྩོམ་གསུམ་གྱི་སེངྒེའི་སྒྲ་ཆེན་པོ་བསྒྲགས་པས་བསྟན་པ་ཉིན་མོ་ལྟར་མཛད། བསྒོམ་པས་ཉམས་སུ་བླངས་པས་བྱང་ཆུབ་སེམས་བཅོས་མིན་དུ་འབྱོངས། ཟབ་མོ་དབུ་མའི་མན་ངག་ལ་བརྟེན་ནས་ཡང་དག་པའི་ལྟ་བ་མངོན་དུ་གྱུར། སླར་ཡང་དཔལ་གསང་བ་འདུས་པ་དང་། འཁོར་ལོ་བདེ་མཆོག་དང་། རྡོ་རྗེ་འཇིགས་བྱེད་སོགས་ཆོས་ཟབ་པའི་རིམ་གཉིས་ཀྱི་རྣལ་འབྱོར་ཡན་ལག་དང་བཅས་པས་བར་དོ་ཚུན་ཆད་དུ་ཟུང་འཇུག་གོ་འཕང་ཆེན་པོར་གཤེགས་པ་ར་ན་རྗེ་རིན་པོ་ཆེའི་རྟོགས་བརྗོད་མདུན་ལེགས་མ་ལས། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་


JKT018_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཤར། །ཐ་མ་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་རྒྱུ་རུ་བསྔོས། །ཅེས་སོགས་གསུངས་པ་བཞིན་ཐུགས་ཉམས་སུ་བཞེས་པས་མཁས་ཤིང་དངོས་གྲུབ་བརྙེས་པའི་སྐྱེས་བུ་དམ་པ་ཇི་སྙེད་གཅིག་བྱོན་པ་ཡིན་ནོ། །དེ་དག་ལས་བརྒྱུད་པའི་ཆོས་ཀྱི་རྣམ་གྲངས་བཞུགས་པ་ལ། ཐོག་མར་དབང་བཀའ་ལ་བྱ་རྒྱུད་ཐུབ་པ་དམ་ཚིག་གསུམ་བཀོད། དྲི་མེད་རྣམ་གཉིས། གདུགས་དཀར་བཅུ་བརྒྱུད་པ་མ་ཚང་། བདུན་མ། ལྷ་སོ་ལྔ་མ། ལེགས་ལྡན་མཆེད་གསུམ་རྗེས་གནང་བཅས། བཅུ་གཅིག་ཞལ་རྒྱལ་སྲས་ཐོག་མེད་ནས་བརྒྱུད། དཔལ་ལུགས་ཀྱི་དབང་། དེ་དང་འབྲེལ་བའི་མཁའ་འགྲོ་ལྔ་སྐོར་གྱི་རྗེས་གནང་མི་འཁྲུགས་པ་ལྷ་དགུ་དང་། བཅུ་གསུམ་༡མ་སྨན་བླ་སོ་བདུན་མ་འདི་ཤིན་ཏུ་དཀོན། སྤྱོད་རྒྱུད། རྣམ་སྣང་མངོན་བྱང་། རྣལ་འབྱོར་རྒྱུད་རྡོར་དབྱིངས་ལ། །འཇམ་དཔལ་གསང་ལྡན། ཀུན་རིག །སྦྱོང་དཀྱིལ་བཅས་༡༢བླ་མེད་ལ། གསང་འདུས་རིགས་གསུམ། སྔགས་བཏུའི་བྱིན་རླབས་བདེ་མཆོག་ལུགས་གསུམ། དྲིལ་བུ་ལུས་དཀྱིལ། སྔགས་བཏུ། བོང་ཞལ་ཅན། འཇིགས་བྱེད་༡ ༣མ། དཔལ་གཅིག །རོ་ལངས་བརྒྱད་སྐོར། སྔགས་བཏུའི་བྱིན་རླབས་དཔའ་གཅིག་རྗེས་གནང་། ཞལ་ཕྱག་ཡོངས་རྫོགས་ཡུམ་བཅས་ཀྱི་རྗེས་གནང་། །


JKT018_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དུག་དབང་རྨ་བྱ་རྒྱས་པ། དམར་པོ་མདའ་འགེངས་རྗེས་གནང་། འཇིགས་བྱེད་གངས་དཀར། ཞེ་དགུ་མ། གཤེད་དམར་ལྷ་ལྔ། བཅུ་གསུམ་མ་དགྲ་ནག །ཕྱག་རྡོར་འཁོར་ཆེན་ལྷ༡༨། ཀྱེ་རྡོར་ཐོད་པ་ཅན། དུས་འཁོར་སྐུ་གསུང་ཐུགས་ཡོངས་རྫོགས་གཞན་ཡང་བདེ་མཆོག་དམ་རྫོང་སྙན་བརྒྱུད་དབང་བཀའ་གདམས་ཐིག་ལེ༡༦། རྟ་མགྲིན་ཡང་གསང་དབང་ལུང༢། དབེན་ས་སྙན་བརྒྱུད་ལུགས་ཀྱི་རྟ་མགྲིན་གསང་སྒྲུབ་དབང་། རྗེས་གནང་ཟུར་བཀའ་མང་ཙམ། དབང་སྤྱི་བཀའ། རྡོར་༥ཕྲེང་། མི་༦༥ཏྲ། སྒྲོལ་༢༠མ། རྗེས་གནང་སྒྲུབ་ཐབས་བརྒྱ་རྒྱམ་སྣར་ཐང་བརྒྱ་རྩ་བཅས། །རིན་འབྱུང་རྣམས་དང་། ལུང་གི་སྐོར་ལ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། བསྟན་འགྱུར་ལས་ལུང་རྒྱུན་ཡོད་རིགས་པོད་༢༠ལྷག །བཀའ་གདམས་རྙིང་མའི་སྐོར་སྔར་སྨོས་པ་དང་། གཞན་ཡང་ཞལ་གདམས་སྣ་ཚོགས། བཀའ་གདམས་གསར་མ་ལ། རྗེ་རིན་པོ་ཆེ༡༩། རྒྱལ་ཚབ༣། མཁས་གྲུབ་༤རྣམས་ཀྱི་གསུང་རགས་རིམ། འདུལ་འཛིན་པའི་གསུང་པོད་ཕྱེད་ཙམ། འགའ་ཞིག །ཧོར་ སྟོན་པའི་བློ་སྦྱོང་། སྤྱན་སྔ་བློ་གྲོས་རྒྱལ་མཚན་བཀའ་༡འབུམ། རྒྱལ་བ་དགེ་འདུན་གྲུབ།། དགེ་འདུན་རྒྱ་མཚོ་གཉིས་ཀྱི་གསུང་ཡོངས་རྫོགས། བསོད་ནམས་རྒྱ་མཚོའི་ལམ་འཁྲིད་གསེར་ཞུན་


JKT018_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གུར་གྱི་གཏོར་ཆོག །ལྔ་པ་རིན་པོ་ཆེའི་གསུང་ཆ་ཚང༦ར། ཚངས་དབྱངས་པའི་ཇ་མཆོད་པད་དཀར་ལྟར་བསྔགས་མ། སྐལ་རྒྱམ་གསུང་ཡོངས་རྫོ་གས༧། འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་རྣམ་ཐར་དང་། ཞབས་བརྟན་ཆ་ཤས་པཎ་ཆེན་ཆོས་རྒྱན།། བློ་བཟང་ཡེ་ཤེས། དཔལ་ལྡན་ཡེ་ཤེས། བསྟན་པའི་ཉི་མ་བཅས་ཀྱི་གསུང་ཡོངས་རྫོགས། སྔགས་ཆེན་དཀོན་མཆོག་རྒྱལ་མཚན་དང་། དྭགས་པོ་ངག་དབང་གྲགས་པའི་ལམ་རིམ། པཎ་ཆེན་བསོད་ནམས་གྲགས་པ་དང་། ཐང་སག་པ་དངོས་གྲུབ་རྒྱ་མཚོའི་འཇིགས་བྱེད་བསྐྱེད་རྫོགས། སྐྱིད་སྤྲུལ་གོང་འོག །ཞོག་དོན་ཡོད་མཁས་གྲུབ༡། འཇམ་དབྱངས་བདེ་པའི་རྡོ་རྗེ། ཕུར་བུ་ལྕོག་བྱམས་པ༣། ལྕང་སྐྱ་ངག་དབང་བློ་བཟང་མཆོག་ལྡན།། རོལ་པའི་རྡོ་རྗེ༧། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན༡༨། སྟག་ཕུ་པ་གོང་འོག །ཞི་བཟང་དགེ་ལེགས་རྒྱལ་མཚན། འོན་རྒྱལ་སྲས། ཀློང་བརྡོལ་བླ་མ༢། རྭ་བསྒྲེངས་ཁྲི་ཆེན༢། སྐེད་ཚང་སྤྲུལ་སྐུ་འཇམ་དབྱངས་སྨོན་ལམ༡། ཨ་མདོ་བཀྲ་ཤིས་འཁྱིལ་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས༡། དཀོན་མཆོག་འཇིགས་མེད་དབང་པོ༦། ཁྲི་གུང་ཐང་པ་དཀོན་མཆོག་བསྟན་པའི་སྒྲོན་མེ༩། དབལ་མང་དཀོན་མཆོག་རྒྱལ་མཚན༦། དགོན་ལུང་ཐུའུ་


JKT018_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བཀྭན་རིན་པོ་ཆེ༡༧། སོག་པོ་ལྕང་ལུང་པཎྜི་ཏ་རྡོ་རྗེ་གྲགས་༦པ་རྣམས་ཀྱི་གསུང་འབུམ་དང་། གཞན་ཡང་ཡུལ་ཕྲན་སོ་སོའི་དམ་པ་རྣམས་ཀྱིས་མཛད་པའི་གསུང་རབ་མཐའ་ཀླས་པ་ཞིག་གི་རྒྱུན་བཞུགས་སོ། །བཤད་ལུང་ཉམས་ཁྲིད་ཀྱི་སྐོར་ལ། རྗེ་རིན་པོ་ཆེའི་བཀའ་འབུམ་ནས། ལམ་རིམ་ཆེན་མོའི་བཤད་ལུང་རྐྱང་པ། མཚན་བཞི་བསྒྲགས་ཀྱི་བཤད་པ། ལམ་རིམ་ཆུང་བ། ལེགས་བཤད་སྙིང་པོ་རྟེན་འབྲེལ་བསྟོད་པ་རྣམས་ཀྱི་བཤད་ལུང་། ལམ་རིམ་བསྡུས་དོན་དང་། ལམ་གཙོ། ཡོན་ཏན་གཞི་གྱུར་མ་རྣམས་ཀྱི་ལུང་ཁྲིད། སྔགས་རིམ་ཆེན་མོ། གསང་འདུས་འགྲེལ་པ་བཞི་བསྒྲགས། རིམ་ལྔ་གསལ་སྒྲོན། བདེ་མཆོག་རྒྱུད་འགྲེལ་སྦས་དོན་ཀུན་གསལ་དེའི་བསྐྱེད་རིམ་རྣམས་ཀྱི་བཤད་ལུང་། གསང་འདུས་རིམ་ལྔ་གདན་རྫོགས་ཀྱི་ཉམས་ཁྲིད། ཆོས་དྲུག་ཡིད་ཆེས་སུམ་ལྡན་དང་། འཕོ་ཁྲིད་གསེར་གྱི་སྒོ་འབྱེད་ཀྱི་བཤད་ལུང་། སྦྱིན་སྲེག་དངོས་གྲུབ་རྒྱ་མཚོའི་བཤད་ཁྲིད་སྒྲ་མི་སྙན་གྱི་ཚེ་ཁྲིད་བཅས། རྒྱལ་ཚབ་རྗེའི་ཚད་མའི་བརྗེད་བྱང་ཆེན་མོའི་བཤད་ལུང་། །དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལ་མཁས་གྲུབ་རྗེའི་ཊི་ཀ་ཆེན་སྦར་བའི་བཤད་པ། གསང་འདུས་དང་། འཇིགས་བྱེད་བསྐྱེད་རིམ་བཤད་ལུང་། འཁྲུལ་འཁོར་གྱི་ཁྲིད། མགོན་པོའི་དཔེ་བུམ་གྱི་


JKT018_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད། ཀྵེ་ཏྲ་པཱ་ལ་རྟེའུ་འཁྲིད་མའི་ཁྲིད། རྒྱལ་བ་བསོད་ནམས་རྒྱ་མཚོའི་ལམ་རིམ་གསེར་ཞུན་ཁྲིད་ལུང་། ལྔ་པ་རིན་པོ་ཆེའི་འཇམ་དཔལ་ཞལ་ལུང་གི་ཉམས་ཁྲིད། དམིགས་བརྩེ་མའི་ཊཱི་ཀའི་སྟེང་ནས་རིགས་གསུམ་སྤྱི་སྒྲུབ་འོད་འབར་མའི་ཁྲིད། གཟུངས་འབུལ་གྱི་ཕྱག་ཁྲིད། པཎ་ཆེན་ཆོས་རྒྱན་གྱི་བཀའ་འབུམ་ལས། བདེ་ལམ་གྱི་ཁྲིད་ཐུན་མོང་དང་། ཐུན་མིན། ཤེར་སེར་ནས་བརྒྱུད་པའི་ལྟ་ཁྲིད་དྲན་པ་བཞི་ལྡན། ཐུན་དྲུག །བདེ་མཆོག་ལཱུ་ཧི་དང་། འཇིགས་བྱེད་བཅུ་གསུམ་མའི་བསྐྱེད་རྫོགས་ཀྱི་ཁྲིད། ལྕགས་མཁར་མཚོན་ཆ་འབར་བའི་འཁྲུལ་འཁོར་གྱི་ཁྲིད། ལྕགས་མཁར་དྲུག་ཅུ་པའི་ཁྲིད། སྔོན་འགྲོའི་ཁྲིད་ཆེན་བཞི་ཞེས། སྐྱབས་འགྲོ། རྡོར་སེམས། བླ་མའི་རྣལ་འབྱོར། མཎྜལ་རྣམས་ཀྱི་ཁྲིད། རྩ་ཚིག་ལ་ཡོངས་འཛིན་གྱི་ཡིག་ཆ་སྦྱར་བའི་སྟེང་ནས་ཕྱག་ཆེན་གྱི་ཁྲིད། བསོ་བའི་ལྟ་ཁྲིད་རྒྱས་པའི་བཤད་ལུང་། བསྡུས་པའི་ཁྲིད། བློ་སྦྱོང་དོན་བདུན་མའི་ཁྲིད་སྲོལ་མི་འདྲ་བ་གཉིས། གླང་ཐང་པའི་ཚིག་རྐང་བརྒྱད་མ་དང་། ཁམས་ལུང་པའི་ཐུན་བརྒྱད་པའི་ཁྲིད། པཎ་ཆེན་ཀྱི་རིག་གསུམ་སྤྱི་སྒྲུབ་དང་། བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ། དེ་དང་འབྲེལ་བའི་འཕོ་ཁྲིད་བཀའ་རྒྱ་མ། འཕོ་བ་དཔའ་བོ་གཡུལ་འཇུག །སེ་ར་པའི་ལུགས་


JKT018_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཇའ་ཟུག་མ་བྱམས་འཕོ། འཇིགས་བྱེད་འཕོ་ལུང་རྣམས་ཀྱི་ཁྲིད། དགེ་འདུན་རྒྱ་མཚོའི་ནི་གུ་ཆོས་དྲུག་གི་ཁྲིད། དེའི་འཕོ་ཁྲིད་བཀའ་རྒྱ་མ། མགོན་པོ་ཕྱག་དྲུག་པ་སྙིང་ཞུགས་མའི་འཕོ་ཁྲིད། །གཅོད་དབང་ནམ་མཁའ་སྒོ་འབྱེད་སྔོན་དུ་འགྲོ་བས་དབེན་ས་པའི་གཅོད་གདན་ཐོག་གཅིག་མ་དང་། ཐར་འདོད་དེད་དཔོན་གྱི་ཁྲིད། གཞན་ཡང་འཇམ་དབྱངས་མགོན་པོ། པུཎྱེ་ཤི་རྒྱལ་ཐང་པ་རྣམས་ནས་བརྒྱུད་པའི་གཅོད་དབང་། ལུང་པོད་རེ་རེ། སྦས་པ་གྲྭ་ཚང་འཇམ་དཔལ་བཤེས་གཉེན་གྱི་གཅོད་དབང་དང་། དགའ་ལྡན་འཇུག་ངོགས་ཆེ་ཆུང་ཟླ།།གི་ཁྲིད་པཎ་ཆེན་ཡིག་སྟེང་ནས་གཏུམ་མོ་ཞག་བདུན་མ། ཞག་གསུམ་མ། ཛ་བཱིར་གྱི་རླུང་བཅུད་ལེན། དགེ་འདུན་རྒྱ་མཚོའི་མེ་ཏོག་བཅུད་ལེན། དབེན་ས་པའི་ལུགས་ཀྱི་ཆུ་བཅུད་ལེན། རྡེའུ་བཅུད་ལེན་རྣམས་ཀྱི་ཁྲིད། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་སོགས་ཀྱི་ཡིག་སྟེང་ནས་སྙིང་པོ་དོན་གསུམ་དང་། རོལ་རྡོར་ཡིག་སྟེང་ནས་ཚོམ་བུ་དམར་ཁྲིད། འཇིགས་བྱེད་སེར་པོའི་ཚེ་ཁྲིད། ངག་བྱིན་རླབས་ཀྱི་ཁྲིད་ལེ་ཚན། གསང་འདུས་ཚེ་དཀར་ཁྲིད། ལྕང་སྐྱ་རོལ་རྡོར་ཡིག་སྟེང་ནས་དྲིལ་བུ་པའི་བསྐྱེད་རྫོགས་ཀྱི་ཁྲིད། དགེ་འདུན་རྒྱ་མཚོའི་ཡིག་སྟེང་ནས་དྲིལ་བུ་བསྐྱེད་རིམ་ཁྲིད།

ཤོག་ལྷེབ་ ༥༠༡ ནས་ ༥༣༠ བར།


JKT018_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་ཞི་ཁྲོ་སྒྲགས་སྒྲུབ་ཀྱི་བཤད་ལུང་དབང་ཁྲིད་ལེ་ཚན། འཇིགས་བྱེད་དཔའ་གཅིག་གི་ཁྲིད། སྨྱུག་ལ་པཎ་ཆེན་ཡིག་སྟེང་ནས་བཀའ་གདམས་ལྷ་བཞི་དང་། ཡོངས་འཛིན་ཡིག་སྟེང་ནས། ཐིག་ལེ་བཅུ་དྲུག་གི་ཁྲིད། སྒྲོལ་དཀར། རིག་བྱེད་མའི་བདག་བྱིན་རླབས། གྲུབ་རྒྱལ་ལུགས་ཀྱི་ཚེ་ཁྲིད། དཔལ་ལྡན་རྒྱུད་སྨད་པའི་ལུགས་ཀྱི་རྫོགས་རིམ་ཁྲིད་ཆེན་བརྒྱད་ཅེས། །གསང་འདུས་འཕགས་ལུགས་རིམ་ལྔ། འཇམ་རྡོར་གྱི་ཐིག་ལེ་བཞི། ལཱུ་ཧི་པའི་རྣལ་འབྱོར་ཆེན་མོ། དྲིལ་བུ་རིམ་ལྔ། འཇིགས་བྱེད་རྣལ་འབྱོར་བཞི། འཁོར་ཆེན་བྱིན་རླབས་བཞི་ལྡན། དུས་འཁོར་སྦྱོར་དྲུག །ནཱ་རོ་ཆོས་དྲུག་རྣམས་ཀྱི་ཁྲིད། གཞན་ཡང་རབ་གནས། གཏོར་མ་བརྒྱ་རྩ་སོགས་ཉེར་མཁོའི་ཕྱག་ལེན་དང་དམིགས་ཁྲིད། སྐྱེས་རབས་སོ་བཞི་པ། འདུལ་བ་མདོ་རྩ། མངོན་པ་མཛོད། མངོན་རྟོགས་རྒྱན། དབུ་མ་འཇུག་པ་རྣམས་ཀྱི་བཤད་ལུང་ཁུངས་བཙུན་ངེས་འདྲོངས། བརྒྱད་སྟོང་གི་བཤད་ལུང་། འཇམ་དབྱངས་བཞད་པའི་གྲུབ་མཐའ་ཆེན་མོའི་བཤད་ལུང་སོགས་མཐའ་ཀླས་པ་དང་། དབེན་ས་བཀའ་བརྒྱུད་ཀྱི་སྐོར་ལ། བ་སོ་ཆོས་རྒྱན་གྱི་ལྟ་ཁྲིད་ཆེ་ཆུང་༢། བློ་བཟང་དོན་གྲུབ་དང་༡། སངས་རྒྱས་ཡེ་ཤེས་༡ཀྱི་གསུང་ཚང་མའི་ལུང་། འཇམ་དབྱངས་ཆོས་


JKT018_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་ལ། འཇམ་དབྱངས༥། རྣལ་འབྱོར་མ༡། བདེ་མཆོག་དཀར་པོ། སྒྲོལ་དཀར་རྣམས་ཀྱི་རྗེས་གནང་། ཆོས་རྒྱལ་ཕྱི་ནང་གསང་གསུམ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་རྗེས་གནང་། དེ་དག་གི་ཡིག་ཆ་མི་འདྲ་བ་གཉིས་ཀྱི་ལུང་། ལྷོ་བྲག་ཕྱག་ཉན་བརྒྱུད། རྡོར་སྐོར་ལ། དོན་དམ་སེམས་བསྐྱེད་ཀྱི་བྱིན་རླབས། ཚེ་དཔག་མེད་ལྷ་དང་༡༩། རྣམ་འཇོམས་ལྷ་དབང་༣༥། ཕྱག་རྡོར་སྐུ་ལྔ༔ རྡོ་རྗེ་གཅེས་ཕྲེང་། བདུད་རྩི་ཐིགས་པ། གཏུམ་པོ་མེ་འབར། དྲག་པོ་སུམ་སྒྲིལ་རྣམས་ཀྱི་རྗེས་གནང་། ལུང་པོད༡། འཇིགས་བྱེད་རྭ་པོད་དང་། དཔལ་པོད་ཀྱི་ལུང་། ཆོས་སྐྱོང་སྐོར་ཟླ|ལ། ཕྱག་དྲུག་པ་བཀའ་ཆེན་བཅུ་གསུམ་དང་། སྙིང་ཞུགས་ཆིག་བརྒྱུད་མ་བཅས་རྗེས་གནང་༡༤། ལུང་པོད༡། རྣམ་སྲས་བཀའ་ཆེན༡༥། ལུང་པོད༢། ལས་གཤིན་ཡང་གསང་ཧ་ལ་ནག་པོའི་༧རྗེས་གནང་། ལུང་སྐོར་པོད་ཆུང་། དམག་ཟོར་མའི་རྗེས་གནང་། ལུང་པོད་ཆུང་། བེཀྱེའི་རྗེས་ལུང་གཞན་ཡང་ཆབ་མདོའི་མི་ཏྲའི་སྤྱན་རས་གཟིགས་ཀྱི་དབང་། ལྷ་དྲུག་གི་རྗེས་གནང་། དེའི་ཁྲིད་དྲུག་སོགས་ལུང་པོད༡། ཀུ་ཅོར་རྟོགས་ལྡན་གྱི་ཁྲིད་བརྒྱ། སྟག་ཕུ་པ་བློ་བཟང་ཆོས་ཀྱི་དབང་ཕྱུག་གི་དག་སྣང་མི་ཏྲ་དང་། སྒྲོལ་མའི་སྐོར་སོགས་ཀྱི་དབང་ལུང་མང་ཙམ་དང་། ལུང་སྲོལ་


JKT018_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་། མ་ཎི་བཀའ་འབུམ། མར་མིའི་རྣམ་མགུར། བླ་མ་ཞང་གི་བཀའ་འབུམ་༤དབང་ལུང་སྟག་ཕུ་པའི་ཡིག་སྟེང་ན་གསེར་ཆོས་བཅུ་གསུམ་སྐོར༡༧། སྟག་ཕུ་གོང་མ་དང་། ཐུའུ་བཀཱན་སོགས་ཀྱི་ཡིག་སྟེང་ནས་རྣལ་འབྱོར་མའི་ཉམས་ཁྲིད། ཇོ་ནང་ཁྲིད་བརྒྱ། ལྕང་ལུང་པཎྜི་ཏ་རྡོ་རྗེ་གྲགས་པའི་ཡིག་སྟེང་ནས་ཞལ་རྣམ་འགྱུར་བཅུ་བདུན་གྱི་རྗེས་གནང་སོགས་ཀྱི་རྒྱུན་ཡང་དར་བར་མཆིས་སོ། །དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་སྐྱེས་བུ་དམ་པ་རྣམས་ཀྱི་རྟོགས་པ་བརྗོད་པ་རྒྱས་པར་མཁྱེན་འདོད་ན། རྗེ་རིན་པོ་ཆེའི་རྣམ་ཐར་ཕྱི་ནང་གི་ཡིག་ཆ་དུ་མ། ཙོང་ཁ་བརྒྱད་ཅུ་པ་རྩ་འགྲེལ། བྱམས་པས་མཛད་པའི་རྟོགས་བརྗོད་མདུན་ལེགས་མའི་འགྲེལ་པ། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་དགའ་ལྡན་ཆོས་འབྱུང་། འོལ་ཁ་མཁར་ནག་ལོ་ཙཱ་བའི་དགའ་ལྡན་ཆོས་འབྱུང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པ་དགའ་ལྡན་ཆོས་འབྱུང་བཻཌཱུར་སེར་པོ། དཀོན་མཆོག་འཇིགས་མེད་དབང་པོའི་ཆོས་འབྱུང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བླ་བརྒྱུད་ནོར་བུའི་ཕྲེང་བ་པོད་ཆེན་གཉིས། ཕུར་བུ་ལྕོག་བྱམས་པ་རིན་པོ་ཆེས་མཛད་པའི་གྲྭ་ས་ཆེན་པོ་བཞི་དང་། རྒྱུད་སྟོད་སྨད་ཀྱི་ཆགས་ཚུལ་པད་དཀར་ཕྲེང་བ། ཐུའུ་བཀྭན་རིན་པོ་


JKT018_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་གྲུབ་མཐའ་ཐམས་ཅད་ཀྱི་ཁུང་དང་འདོད་ཚུལ་སྟོན་པ་ཤེལ་དཀར་མེ་ལོང་གི་དགེ་ལུགས་པའི་སྐབས་སོགས་དང་། གཞན་ཡང་རྒྱལ་བ། པཎ་ཆེན། ལྕང་སྐྱ་རིན་པོ་ཆེ། འཇམ་དབྱངས་བཞད་པ་སོགས་བསྟན་འཛིན་ཆེན་པོ་རྣམས་ཀྱི་སྐུ་ཕྲེང་སོ་སོའི་རྣམ་ཐར་ཤིན་ཏུ་རྒྱས་པ་པོད་དུ་མ་དང་། དགའ་ལྡན་པའི་ཁྲི་རབས་ཕལ་ཆེར་སོ་སོའི་རྣམ་ཐར། དེ་དག་ཕྱོགས་གཅིག་ཏུ་བསྡུས་པ་སོགས་ལས་༄༅། ཤེས་པར་བྱའོ། །དགའ་ལྡན་ཞེས་པའི་སྒྲ་དོན་ནི་གནས་ཀྱི་མིང་གང་ཟག་ལ་ཆགས་པ་ཡིན་ཏེ་ཤེས་སླ་ཞིང་། དགེ་ལུགས་པ་ཞེས་པའི་དོན་བཞེད་ཚུལ་མི་འདྲ་བ་མང་ཡང་། དོན་ལ་ཆོས་རྗེ་རི་བོ་དགའ་ལྡན་པའི་ལུགས་ཞེས་པ་བསྡུས་པས་དགའ་ལུགས་པར་འགྱུར། དེ་བརྗོད་བདེ་བའི་དབང་དུ་བྱས་ནས། དགེ་ལུགས་པར་བསྒྱུར་བར་མཁས་པ་དག་བཞེད། གཞན་ཡང་འདི་ལ་བཀའ་གདམས་གསར་མ་ཞེས་ཀྱང་བྱ་སྟེ། རྗེ་རིན་པོ་ཆེ་དཔལ་ལྡན་ཨ་ཏི་ཤའི་སྤྲུལ་པར་ཡོངས་སུ་གྲགས་ཤིང་། མདོ་ཕྱོགས་ཀྱི་ཉམས་ལེན་ལ་དེ་ཉིད་ནས་བརྒྱུད་པའི་གདམས་པ་བྱང་ཆུབ་ལམ་གྱི་རིམ་པ་ གཙོ་བོར་བཟུང་ནས་བསྟན་པའི་མེ་རོ་གསར་དུ་གསོས་པ་ལྟ་བུ་ཡིན་པའི་ཕྱིར། བཀའ་གདམས་གླེགས་བམ་ལས་ཀྱང་། ཐ་མ་བསྟན་པའི་མེ་རོ་ནི། །གྲགས་པའི་མཚན་གྱིས་གསོ་བར་བྱེད། །ཅེས་


JKT018_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུང་གིས་ཀྱང་གྲུབ་པ་ཡིན་ནོ། །ཡང་། བླ་ཆེན་དགོངས་པ་རབ་གསལ་གྱིས་གླུ་མེས་ཤེས་རབ་ཚུལ་ཁྲིམས་ལ་དབུ་ཞྭ་སེར་པོ་གནང་བར་བརྟེན། སྔོན་གྱི་འདུལ་འཛིན་ཆེན་པོ་རྣམས་ཀྱི་ཞྭ་སེར་མནབས་པས། རྗེ་རིན་པོ་ཆེས་ཀྱང་འདུལ་བསྟན་ཉམས་པ་གསོ་བའི་རྟེན་འབྲེལ་དུ་ཞྭ་སེར་བཞེས་ཤིང་འཁོར་རྣམས་ལའང་དེ་ལྟར་གནང་བས་ཞྭ་སེར་འཆང་བའི་རིང་ལུགས་ཞེས་ཀྱང་གྲགས་སོ།། ༈ །།གཞན་ཡང་དེ་དག་ཏུ་མ་འདུས་པའི། གྲུབ་མཐའ་ཟུར་པ། ཇོ་ཞལ། པོ་ཤངས། ཞི་གཅོད་སོགས་མང་དུ་མཆིས་པ་ལས། ཇོ་ནང་རྒྱལ་བའི་རི་ཁྲོད་ནི། ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱི་སློབ་མ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཞེས་གྲུབ་པའི་ཁྱུ་མཆོག་ཆེན་པོ་དེས་བཏབ། དེ་རྗེས་ཀུན་མཁྱེན་དོལ་བུ་པ་ཤེས་རབ་རྒྱལ་མཚན་ནི། སྤྱི་སྟོན་གྲགས་པ་རྒྱལ་མཚན་སོགས་བླ་མ་སུམ་ཅུ་ལྷག་པ་ལས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་གསན། དབུས་གཙང་དུ་གྲྭ་སྐོར་མཛད་པས་ཐམས་ཅད་མཁྱེན་པའི་གྲགས་པས་ཁྱབ། སོ་གཅིག་པར་ཛེ་ནང་དུ་ཕེབས་ནས་མཁས་བཙུན་ཡོན་ཏན་རྒྱ་མཚོ་ལས་རྡོ་རྗེའི་རྣལ་འབྱོར་ཟབ་མོ་གསན་ཅིང་སྲོག་རྩོལ་མཐར་ཕྱིན། དེ་ནས་གདན་སར་བཞུགས་ཏེ་སྐུ་འབུམ་ཆེན་མོ་བཞེངས། དབུ་མ་གཞན་སྟོང་པའི་ལྟ་བ་ལ་ཐུགས་ངེས་འདྲངས་ཏེ། དེ་


JKT018_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་དུ་བཏོན་པའི་ཡིག་ཆ་ངེས་དོན་རྒྱ་མཚོ་དང་། བཀའ་བསྡུ་བཞི་པ་སོགས་མང་དུ་བརྩམས། དེའི་རྒྱུན་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་དང་། ཉ་དབོན་ཀུན་དགའ་དཔལ་སོགས་ཀྱིས་བསྐྱངས། །ཕྱིས་འཇམ་དབྱངས་ཀུན་དགའ་གྲོལ་མཆོག་ཀྱང་ཕེབས། དེའི་རྣམ་འཕྲུལ་རྗེ་བཙུན་ཏཱ་ར་ནཱ་ཐས་འཕགས་བོད་ཀྱི་མཁས་གྲུབ་དུ་མ་བསྟེན་ནས་མདོ་སྔགས་རྒྱ་མཚོ་ལྟ་བུར་གསན་བསམ་སྒོམ་གསུམ་མཛད་པས་མཁས་ཤིང་ཉམས་མྱོང་དང་ལྡན་པར་གྱུར། གསང་སྔགས་གཙོ་བོར་གྱུར་པའི་བསྟན་བཅོས་ཀྱང་པོད་བཅོ་བརྒྱད་ཐམ་པ་མཛད། རྟག་བརྟན་ཕུན་ཚོགས་གླིང་བཏབ་ཅིང་དར་རྒྱས་ཆེ་བར་བྱུང་ནའང་། བར་སྐབས་སུ་དུས་འགྱུར་གྱི་དབང་གིས། དེང་སང་ཇོ་ནང་དུ་རྟེན་གསུམ་སོགས་མ་ཉམས་ཙམ་ལས་བརྒྱུད་འཛིན་ཆེར་མེད་ལ། ཕུན་ཚོགས་གླིང་ནི་ལྔ་པ་རིན་པོ་ཆེས་དགེ་ལུགས་པར་བསྒྱུར་ནས་དགའ་ལྡན་ཕུན་ཚོགས་གླིང་ཞེས་གྲགས། ཆོས་བརྒྱུད་འགའ་ཞིག་སྔར་སྨོས་པ་ལྟར་བཀའ་འབྲུག་དང་། ཇོ་ནང་ཀུན་མཁྱེན་གྱི་ཡང་སློབ་དྲུང་ཀ་བཞི་པ་རིན་ཆེན་དཔལ་གྱིས་བཏབ་པའི་ཁམས་ཛི་ཐང་འདིར་སྦྱོར་དྲུག་གི་ཉམས་ལེན་གྱི་རྒྱུན་སོགས་མ་ཉམས་པར་ཡོད། དགོན་སོགས་སུ་ཡོད་དོ།། ༈ །།དཔལ་ཞྭ་ལུ་གསེར་ཁང་ཁྲ་མོ་ནི། ཆོས་རྒྱལ་ཁྲི་སྲོང་གི་དུས་ལོ་ཙཱ་བ་ཆེན་པོ་ལྕེ་ཁྱི་འབྲུག་སོགས་


JKT018_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་བྱོན་པའི་གདུང་བརྒྱུད་རྣམ་པར་དག་པ་ལས། བསྟན་པ་ཕྱི་དར་གྱི་ཐོག་མར་དབུས་གཙང་གི་མི་བཅུར་གྲགས་པའི་ནང་ཚན་གཙང་པ་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་སློབ་མ། ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་བཏབ་སྟེ། དེ་ཡང་རང་གི་བླ་མ་ལོ་སྟོན་ལ་དགོན་གནས་གར་འདེབས་ཀྱི་ལུང་བསྟན་ཞུས་པས། བླ་མས་ཕྱག་མདའི་ལྟོངས་ཁ་གསེར་གྱིས་བཀང་བ་ཞིག་གནང་བས། ད་ལྟའི་ཆོས་སྡེ་ཆགས་ས་འདིར་མདིལ་རྩེ་ཞྭ་ལུ་གསར་པ་ཞིག་ལ་ཁེལ་འདུག་པས་དེར་དགོན་གནས་བཏབ་པས་འབྲེལ་པ་རྒྱུ་མཚན་དུ་བྱས་ནས་ཞྭ་ལུ་གསེར་སྐོང་དང་། ཕྱིས་ཚོན་རྩི་ཁྲ་བོ་གསོལ་བས་ཞྭ་ལུ་གསེར་ཁང་ཁྲ་མོ་ཞེས་གྲགས། ལྕེ་བཙུན་ཉིད་རྒྱ་གར་དུ་བྱོན་ནས་ཨ་བྷ་ཡ་ལས་སྡོམ་རྒྱུན་གསར་དུ་ཞུས་ཏེ་སྤེལ། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་ཨ་ཏི་ཤས་རབ་ཏུ་གནས་པའི་མེ་ཏོག་འཐོང་ཞིང་། རི་སྦུགས་སུ་གཟིམས་སྐྱིལ་ཕུབས་ཏེ་ཕྱག་ཚ་བཏབ་པའི་ས་འབུམ་ད་ལྟ་ཡང་བཞུགས། དེ་རྗེས་མགོ་ཡེ་ཤེས་གཡུང་དྲུང་གིས་འདུལ་བ་དང་། པཎྜི་ཏ་འབུམ་ཕྲག་གསུམ་པ་དང། རྔོག་ལོ་ཆེན་པོས་ཕར་ཕྱིན་གྱི་བཤད་གྲྭ་བཙུགས། ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་ཡན་ཆད་མཁན་ཐོག་བཅུ་གཅིག་ཙམ་གྱིས་འདུལ་བ་ཨ་བྷ་ཡའི་སྡོམ་རྒྱུན་དང་། ཕར་ཕྱིན་རྔོག་ལུགས་གཙོ་


JKT018_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བོར་བཏོན། ཕྱིས་སུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྤྲུལ་པ་སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས་ལྕགས་སྤྲེལ་ལོ་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་ཁྲོ་ཕུ་བུ་སྟོན་རིན་པོ་ཆེ་གདན་སར་སྤྱན་དྲངས། །དེ་ནས་བཟུང་། སྡོམ་རྒྱན་ཁ་ཆེ་པཎ་ཆེན་ལུགས་དང་། མདོ་སྔགས་གཉིས་ཀའི་སྒོ་ནས་གྲུབ་མཐའ་བུ་ལུགས་ཞེས་གངས་ཅན་མཁས་པ་རྣམས་ཀྱི་རྣ་བའི་རྒྱན་དུ་གྱུར། དེ་ཡང་མ་བྱོན་པའི་སངས་རྒྱས་རབ་གསལ་གྱི་རྣམ་འཕྲུལ་ཀུན་མཁྱེན་འདི་ཉིད་ནི། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་ར་ར་ལུང་། དང་པ་བུ་སྟོན། དང་པོར། བློ་ལྡན་གང་ཞིག་རབ་འབྱུང་གསུངས། །སྟོན་པའི་བསྟན་པ་གསལ་བྱེད་པ། །འབྱུང་བར་འགྱུར་པ་ཐེ་ཚོམ་མེད། །ཅེས་རྟེན་བརྟེན་པར་བཅས་པ་ལུང་གིས་གསལ་བར་བསྟན་པ་བཞིན། གཙང་ཤབ་སྨད་སྒོམ་གནས་ཞེས་བྱ་བར་བྲག་སྟོན་རྒྱལ་མཚན་དཔལ་བཟང་གི་སྲས་སུ་ལྕགས་ཕོ་རྟ་ཡི་ལོར་འཁྲུངས། ཆུང་ངུ་ནས་འཇམ་དཔལ་དཔའ་བོས་རྗེས་སུ་བཟུང་། ཁྲོ་ཕུ་སེམས་དཔའ་ཆེན་པོ། རང་གི་མེས་པོ་ཚུལ་ཁྲིམས་བཟང་པོ། མཁན་ཆེན་བཟང་པོ་དཔལ་གྲགས་པ་གཞོན་ནུ། ཐར་ལོ་ཉི་མ་རྒྱལ་མཚན། བླ་མ་དཔལ་ལྡན་འཛིན་དུ་བཀུར། སྙན་གྲགས་ཀྱིས་ས་སྟེང་ཐམས་ཅད་ཁྱབ་པས་རྒྱ་ནག་རྒྱལ་པོ་ཐོ་གོན་ཐེ་མུར་ཁཱ་དང་། རྒྱ་ནག་ཆོས་ཀྱི་


JKT018_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་པུཎྱ་མཱ་ལ་སོགས་པས་ཀྱང་བསྔགས་པའི་སྤྲིངས་ཡིག་གིས་མཆོད། ཞྭ་ལུ་མཐིལ་དུ། དགེ་འདུན་སུམ་སྟོང་བརྒྱད་བརྒྱ་དང་། རི་སྦུགས་སུ་སྡེ་སྣོད་འཛིན་པ་འདག་སྦྱར་ཆུ་བུག་སྒོ་ལ་བཞུགས་པའི་བཤེས་གཉེན་ལྔ་བརྒྱ་ཙམ་རེ་འདུས། རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་ལུང་མན་ངག་བསམ་གྱིས་མི་ཁྱབ་པ་འཆད་སྤེལ་མཛད། ཕྱིས་རེ་ལྔ་པར་གདན་ས་དངོས་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་ལ་གཏད་ནས། རྗེ་ཉིད་རི་སྦུག་ཏུ་ཀུན་སྤངས་མཛད་དེ་ཐུགས་དམ་ཟབ་མོ་ལ་རྩེ་གཅིག་ཏུ་གཞོལ། མདོར་ན་འཁོར་ལོ་གསུམ་གྱི་ཕྱག་རྗེས་རེ་རེ་ནས་བསམས་ཀྱང་འདི་ཁོ་ན་སྐུ་ཚེ་ཧྲིལ་པོར་མཛད་དམ་སྙམ་པ་ཡོད། དམ་པའི་ཆོས་མ་བསྒྱུར་བ་རྣམས་བསྒྱུར། བསྒྱུར་བ་རྣམས་ཞུ་ཆེན་བྱས། ཧོར་ཀོང་བོསབས། འགྲེལ་བཤད་ཀྱིས་བཀྲལ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་ཐམས་ཅད་ཕས་བུ་གཅིག་ལ་སྟེར་བ་ལྟ་བུར་མཛད་པས་བཀའ་དྲིན་བསམ་གྱིས་མི་ཁྱབ་ལེགས་བཤད་གསུང་རྩོམ་ཀྱང་སྔགས་ཕྱོགས་ལ་པོད་ཆེན་དང་༡༨། མདོ་ཕྱོགས་རིག་གནས་དང་བཅས་པ་ལ་པོད་བཞུགས། མཐར་དོན་ལྔ་པར་དགའ་ལྡན་ཆོས་ཀྱི་འདུན་སར་གཤེགས། དེ་ནས་གདན་སར་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་བཞུགས། ཕྲིན་ལས་ཀྱི་རྒྱུན་ནི་གདན་ས་རང་དུ་རྡོ་རྗེ་འཆང་མཁྱེན་


JKT018_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཆོས་རྗེ། ལོ་ཆེན་ཆོས་སྐྱོང་བཟང་པོ་མཚུངས་མེད་ཚར་པ་ཆོས་རྗེ་ཡབ་སྲས་སོགས་མཁས་གྲུབ་བསམ་གྱིས་ཁྱབ་པ་ཞིག་བྱོན་པ་དང་། རྗེ་ཉིད་ཀྱི་དངོས་སློབ་མཁས་གྲུབ་ཁྱུང་པོ་ལྷས་པ་དང་། །གོང་གསུམ་པ་ལས་རྒྱལ་བ་བཙོང་ཁ་པ་ཆེན་པོས་གསན་པ་དང་། ཐུགས་སྲས་རིན་པོ་ཆེའི་སློབ་མ་བཀྲ་ཤིས་རིན་ཆེན་ལས་ངོར་ཆེན་རྡོ་རྗེ་འཆང་གིས་གསན་པ་སོགས། ས་དགེ་ཀར་འབྲུག་གི་གྲུབ་མཐའ་ཐམས་ལ་རྗེ་འདི་ལས་བརྒྱུད་པའི་དབང་དང་རྒྱུད་བཤད་མན་ངག་གིས་ཁྱབ་པས་བསམ་དཔྱོད་ཀྱི་ཡུལ་ལས་འདས་ཤིང་། དེང་སང་ཡང་རྒྱུད་སྡེ་བཞིའི་སྨིན་གྲོལ་དང་སྒྲུབ་མཆོད་ཀྱི་སྲོལ་མ་ནུབ་པར་བཞུགས་པའི་ཚུལ་མདོ་ཙམ་བརྗོད་ན། ཐོག་མར་རྣལ་འབྱོར་ཆེན་པོ་བླ་མེད་པའི་རྒྱུད་ལ། ཐབས་དང་། ཤེས་རབ། གཉིས་སུ་མེད་པའི་རྒྱུད་གསུམ་ལས། དང་པོ་གཉིས་སུ་མེད་པའི་རྒྱུད་ལ། ཕྱོགས། དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ལྷ༦༣༤། ཐུགས་གཙོ་བོར་སྟོན་པའི་དཀྱིལ་འཁོར། དུས་འཁོར་སྡོམ་ཆེན་ལྷ་༧༢། གཉིས་པ་ཤེས་རབ་གཙོ་བོར་སྟོན་པའི་རྒྱུད་ལ། རིགས་དྲུག་ཆ་མཉམ་དུ་སྟོན་པ་ཧེ་རུ་ཀའི་རིགས། རྣམ་སྣང་གི་རིགས། རྡོ་རྗེ་ཉི་མའི་རིགས། པདྨཀ་ར་དབང་གི་རིགས། རྟ་མཆོག་གི་རིགས། རྡོ་རྗེ་འཆང་གི་རིགས་དང་དྲུག་ལས། །


JKT018_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་རིགས་དྲུག་བསྡུས་པའི་དཀྱིལ་འཁོར་ལྷ༥༡། གཉིས་པ་ནི། གྲུབ་ཆེན་ལཱུ་ཧི་པའི་ལུགས་ཀྱི་བདེ་མཆོག་འཁོར་ལོ་ལྷ༦༢། །གྲུབ་ཆེན་ནག་པོ་པའི་ལུགས་ཀྱི་བདེ་མཆོག་ལྷ༦༢། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པའི་ལུགས་ཀྱི་བདེ་མཆོག་ཕྱི་དཀྱིལ་ལ་ལྷ་ལྔ། ལུས་དཀྱིལ་དང་བཅས་པ། སློབ་དཔོན་ལྭ་བ་པའི་ལུགས་ཀྱི་བདེ་མཆོག་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་དཀྱིལ་འཁོར་ལྷ༡༣། སློབ་དཔོན་པདྨ་བཛྲ་གྱི་ལུགས་གྱི་འཁོར་ལོ་བདེ་མཆོག་སྤྱན་རས་གཟིགས་པདྨ་དྲྭ་བ་ལྷ༢༠། འཁོར་ལོ་བདེ་མཆོག་འདུས་པ་འཕགས་ལུགས་དང་མཐུན་པར་བཤད་པ་སྡོམ་པ་འབྱུང་བ་ལྷ༡༢། ༡༣གྲུབ་ཆེན་འདི་བརྒྱུད་པདྨའི་རིགས་བདེ་ཆེན་རལ་གཅིག་མའི་དབང་ཀ་ཆད་པས་དེའི་ཚབ་ཏུ་གསར་བཙུགས། ནཱ་རོ་པའི་ལུགས་ཀྱི་མཁའ་སྤྱོད་རྡོ་རྗེ་རྣལ་འབྱོར་མ་སྟེ་བདེ་མཆོག་གི་སྐོར་དང་། དཔལ་བིར་ཝ་བའི་ལུགས་ཀྱི་ཀྱེ་རྡོར་མན་ངག་ལུགས༩། གྲུབ་ཆེན་ཀུ་ཀུ་རི་པས་ལེགས་པར་བཀྲལ་བའི་རྔོག་དཀྱིལ་བདུན་གྱི་ཡ་གྱལ་མ་ཧཱ་མ་ཡ་ལྷ་ལྔ་རྣམས་སོ། །གཉིས་པ་ནི། གྲུབ་ཆེན་འཕགས་པ་ལྷའི་ལུགས་ཀྱི་དཔལ་རྡོ་རྗེ་གདན་བཞི་ལྷ་མང་། ལྔ་པ་ནི། སློབ་དཔོན་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ལྷ་བཅུ་བདུན་མ་ཕྱི་དཀྱིལ་དང་། ལུས་དཀྱིལ་གཉིས་


JKT018_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གསུམ་པ་ཐབས་གཙོ་བོར་སྟོན་པའི་རྒྱུད་ལ། མི་བསྐྱོད་པ། རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ། རྡོ་རྗེ་འཆང་གི་རིགས་དང་དྲུག་ཏུ་གསུངས་པའི་དང་པོ་ནི། འཕགས་པ་ཀླུ་སྒྲུབ་ཀྱི་གསང་འདུས་མི་བསྐྱོད་པ་ལྷ ༣༢། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལུགས་སྲོལ་གསང་འདུས་འཇམ་དཔལ་རྡོ་རྗེ་ལྷ༡༩། ཇོ་བོ་ཨ་ཏི་ཤའི་ལུགས་ཀྱི་གསང་འདུས་སྤྱན་རས་གཟིགས་ལྷ༡༩། མི་བསྐྱོད་པའི་རིགས་ཀྱི་ཁྲོ་བོ་གྲུབ་ཆེན་པ་པ་རི་པའི་ལུགས་ཀྱི་ཕྱག་ན་རྡོ་རྗེ་འཁོར་ཆེན་ལྷ་༡༨རྣམས་སོ། །གཉིས་པ་ནི། གྲུབ་ཆེན་བིར་ཝ་པའི་ལུགས་ཀྱི་གཤེད་དམར་ལྷ་ལྔ། གྲུབ་ཆེན་དཔལ་འཛིན་གྱི་ལུགས་ཀྱི་གཤེད་དམར་ལྷ༡༢། རྭ་ལུགས་ཀྱི་གཤིན་རྗེ་གཤེད་དགྲ་ནག་ལྷ༡༣། རྭ་ལུགས་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ཕྱག་མཚན་སོ་གཉིས་ཀྱིས་བསྐོར་བའི་དཀྱིལ་འཁོར། རྭ་ལུགས་ཐུན་མོང་མ་ཡིན་པ་འཇིགས་བྱེད་ལྷ༡༣། རྭ་ལུགས་གཤིན་རྗེ་གཤེད་གདོང་དྲུག་ལྷ་༢༡རྣམས་སོ། །གཉིས་པ་རྣལ་འབྱོར་གྱི་རྒྱུད་ལ། ཐབས་གཙོ་བོར་སྟོན་པ་དང་། ཤེས་རབ་གཙོ་བོར་སྟོན་པའི་རྒྱུད་གཉིས་ཀྱི། དང་པོ་ལའང་། རྩ་བརྒྱུད། བཤད་རྒྱུད། འཕྲོས་རྒྱུད། ཆ་མཐུན་གྱི་རྒྱུད། ཡན་ལག་གི་རྒྱུད་དང་ལྔར་གསུངས་པའི། དང་པོ་ནི། དེ་བཞིན་


JKT018_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཆེན་པོ་སྟེ། དེ་ལ་ནང་གསེས་སུ་དུམ་བུ་བཞི་ལས། དུམ་བུ་དང་པོ་འདོད་ཆགས་ཅན་གྱི་འདོད་ཆགས་འདུལ་བའི་ཕྱིར་བསྟན་པ་དེ་བཞིན་གཤེགས་པའི་རིགས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ། རྡོར་དབྱིངས་རྩ་ལུགས་ཀྱི་དཀྱིལ་འཁོར་ལྷ ༣༠། འགྲེལ་ཆེན་དེ་ཉིད་སྣང་བའི་ལུགས་ཀྱི་དཀྱིལ་འཁོར་ལྷ༡༠༣༧། དུམ་བུ་གཉིས་པ་ཁྲོ་བས་ཁྲོ་བ་སྤངས་པའི་ཕྱིར་བསྟན་པ་རྡོ་རྗེའི་རིགས་ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་འཁོར་ལྷ༡༠༣༧། གཉིས་པ་ནི། བཤད་རྒྱུད་རྡོ་རྗེ་རྩེ་མོ་ནས་གསུངས་པའི་གསང་བ་མཆོད་ཆེན་རིགས་ཐམས་ཅད་བསྡུས་པའི་དཀྱིལ་འཁོར་བཅུ་ལ་ལྷ་གྲངས༡༢༧༡། གསུམ་པ་ནི། རྩ་རྒྱུད་དུམ་བུ་གསུམ་པའི་ངན་འགྲོ་དགུག་ཅིང་སྡིག་པ་བྲལ་བ་ལས་འཕྲོས་པའི་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རྩ་བའི་ལྷ ༣༧། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཕྱོགས་གཅིག་པ་ལས་གསུངས་པའི། ཤཱཀྱ་སེང་གེ་གཙུག་ཏོར་དགུ་པའི་དཀྱིལ་འཁོར་ལྷ ༣༧། དཔལ་ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པའི་དཀྱིལ་འཁོར་ལྷ༡༣། ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལྷ་༡༣གྱི་དཀྱིལ་འཁོར་རྣམས་སོ། །བཞི་པ་ནི། ཤེས་རབ་


JKT018_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་སྟོན་པའི་རྒྱུད་དམ། ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་ལས་གསུངས་པའི་རིགས་ཐམས་ཅད་བསྡུས་པའི་དཀྱིལ་འཁོར་བཅུ་བཞི་ལྷ་དང་༣༣༩། རིགས་རྐྱང་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གཉིས་སོ། །ལྔ་པ་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་མཚན་ཡང་དག་པར་བརྗོད་པ་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་བའི་སྐོར་ཏེ། དེ་ཡང་ཆེ་བ་སློབ་དཔོན་འཇམ་དཔལ་གྲགས་པས་བཀྲལ་བ་ཆོས་དབྱིངས་གསུང་ནམ་མཁའ་འདྲི་མེད་ཆེ་བ། གི་དབང་ཕྱུག་ལྷ༢༢༩། འབྲིང་པོ་སློབ་དཔོན་སྒེག་པའི་རྡོ་རྗེས་བཀྲལ་བའི་འཇམ་དཔལ་གསང་ལྡན་ནམ་འཇམ་དཔལ་ཡོན་ཏན་ཀུན་འབྱུང་གི་དཀྱིལ་འཁོར་ལྷ༡༥། ཆུང་བ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བཀྲལ་བའི་འཇམ་དཔལ་ནམ་མཁའ་དྲི་མེད་ཆུང་བའང་ཟེར། རིགས་བསྡུས་རྣམས་འདི་ཡི་འཇམ་དཔལ་གོང་འོག་གཉིས་ཀྱི་དབང་རྒྱུན་མེད། སོ། །དེ་དག་ལས་རྡོ་རྗེ་རྩེ་མོ་ནི། ཟངས་དཀར་ལུགས་དང་། ཀུན་རིག་གཙུག་དགུ་གཉིས་སྟོད་ལུགས་སམ་ཇོ་བོ་ལུགས་དང་། སྨད་ལུགས་སམ་ལོ་ཆེན་ལུགས་གཉིས་ཀ་ཡོད་ཅིང་། མི་འཁྲུགས་པ་དང་ཕྱག་རྡོར་འཆི་འཇོམས་གཉིས་ཇོ་ལུགས་དང་འཇམ་དཔལ་ནམ་མཁའ་དྲི་མེད་ཆུང་བ་དཀོན་དབང་ཕྱུག་བློ་གྲོས་ནས་བརྒྱུད། འཇམ་དཔལ་གསང་ལྡན་སྤྱི་ཏི་ནས་རྔོག་གི་ཕྱོགས་སུ་བཀའ་བབས་པ་ཡིན་ལ།


JKT018_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྣམས་ལོ་ཆེན་རིན་བཟང་ལས་བརྒྱུད་པ་ཁོ་ནའོ། །གསུམ་པ་སྤྱོད་པའི་རྒྱུད་ལ་དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་གསུམ་ལས། དང་པོ་ནི། རྡོ་རྗེ་གདན་པ་ནས་བ་རི་ལོ་ཙཱ་བ་ལ་བརྒྱུད་པའི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་གསུངས་པའི་དཀྱིལ་འཁོར་ལྷ༡༡༩། གཉིས་པ་ནི། སྐབས་འདིར་མི་འབྱུང་ལ། གསུམ་པ་ནི། ཕྱག་རྡོར་འགྲོ་བཟང་ལུགས་དང་། རྣམ་འཇོམས་དཀར་པོ་སོགས་སྦྱོང་རྒྱུད་དུ་བཞེད་པ་ལྟར་ན་འདིར་དྲང་བར་བྱའོ། །བཞི་པ་བྱ་བའི་རྒྱུད་ལ། དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེ་དང་། ནོར་ཅན་དང་། ལྔ་རྩེན་དང་། འཇིག་རྟེན་པའི་རིགས་ཏེ་སྒོ་དྲུག་ལས། དང་པོ་ལའང་རིགས་ཀྱི་གཙོ་བོ་སོགས་བརྒྱད་ཀྱི། དང་པོ། རིགས་ཀྱི་གཙོ་བོ་ཐུབ་པ་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་དཀྱིལ་འཁོར། མཁན་པོ་བོ་དྷི་ས་ཏཱས་མཛད་པའི་སྨན་བླ་བདེ་གཤེགས་བརྒྱད་ལ་མཆོད་ཅིང་གསོལ་བ་གདབ་པའི་ཚོམ་བུའི་དཀྱིལ་འཁོར། འཕགས་པ་འོད་ཟེར་དྲི་མེད་ལས་གསུངས་པའི་ཐུབ་དབང་ལྷ་བདུན་གྱི་དཀྱིལ་འཁོར། གཉིས་པ་རིགས་ཀྱི་ཡུམ་ནི། རྡོ་རྗེ་གདན་པ་ནས་བ་རི་ལོ་ཙཱ་བ་ལ་བརྒྱུད་པའི་སྲུང་བ་ལྷ་ལྔ་ལྷ༥༡། གསུམ་པ་རིགས་ཀྱི་གཙུག་ཏོར་ལ། རྡོ་རྗེ་གདན་པ་ནས་བ་རི་


JKT018_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཙཱ་བ་བརྒྱུད་པའི་གཙུག་ཏོར་གདུགས་དཀར་གྱི་དཀྱིལ་འཁོར་ལྷ། འཕགས་པ་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་ལྷ་མང་། རྣམ་རྒྱལ་ལྷ་མང་། གཉིས་པ་པདྨའི་རིགས་ལ་རིགས་ཀྱི་གཙོ་བོ་གདན་པ་ནས་བ་རི་ལོ་ཙཱ་བ་ལ་བརྒྱད་པའི་ཚེ་དཔག་མེད་འཆི་མེད་རྔ་སྒྲ་ལྟ༩། རིགས་ཀྱི་བདག་པོ་འཕགས་པ་སྤྱན་རས་གཟིགས་དོན་ཡོད་ཞགས་པ་ལྷ ༢།།། གསུམ་པ་རྡོ་རྗེའི་རིགས་ལ། རིགས་ཀྱི་གཙོ་བོ་སོགས་ལྔ་ལས་རིགས་ཀྱི་གཙོ་བོ་སློབ་དཔོན་འབྲོ་བཟང་སྙིང་པོའི་ལུགས་ཀྱི་དཔལ་ཕྱག་ན་རྡོ་རྗེ་ལྷ ༢༡། གྲུབ་ཆེན་པ་བ་རི་པའི་ལུགས་ཀྱི་རྣམ་འཇོམས་དཀར་པོ་ལྷ་བཅོ་ལྔ་ལ། སྒོ་བ་བཞི་བསྣན་པའི་ལྷ་བཅུ་དགུ་པའི་དཀྱིལ་འཁོར། ནོར་བུའི་རིགས་ལ། ཆོས་སྐྱོང་ཆེན་པོ་རྣམ་ཐོས་སྲས་ཀྱི་གཏོར་སྒྲུབ་བཅས་སོ། །དེ་ལྟར་ཡང་བླ་མེད་ཀྱི་རྒྱུད་ལ་དཀྱིལ་འཁོར་ཉེར་བརྒྱད། རྣལ་འབྱོར་གྱི་རྒྱུད་ལ་བཅུ་གསུམ། སྤྱོད་རྒྱུད་ལ་གཅིག །བྱ་རྒྱུད་ལ་བཅུ་གཉིས་ཏེ་དཀྱིལ་འཁོར་ལྔ་བཅུ་རྩ་གསུམ་སྟེ། དེ་རྣམས་ཀྱི་དབང་རྗེས་གནང་ལུང་མན་ངག་དང་བཅས་པ་དང་། སྒྲུབ་མཆོད་ཀྱི་རྒྱུན་རྣམས་སུ་བཞུགས་ཤིང་། བུ་ལུགས་ཀྱི་ཁྲིད་ཆེན་རིམ་ལྔ། བཞི་ཞེས་གྲགས་པ་ལས། གསང་འདུས་རིམ་ལྔ་དང་། གཤེད་དམར་སྤྲོས་མེད་ཀྱི་ཁྲིད། ཁྲིད་ཆུང་


JKT018_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལས། སྙིང་པོ་དོན་གསུམ་དང་ཚེམ་བུ་དམར་ཁྲིད། གཞན་ཡང་ར་ཁྲིད་མཁའ་འགྲོའི་སྙན་སྤྲོས་མེད། ངལ་བསོ། སྦྱོར་དྲུག་བཞི། བརྒྱུད་སོགས་ཁྲིད་བཀའ་དང་། བུ་སྟོན་རིན་པོ་ཆེའི་བཀའ་འབུམ་སྔགས་ཕྱོགས་སྐོར་པོད༡༨། ཐུགས་སྲས་ལོ་ཙཱ་བའི་བཀའ་འབུམ་པོད་༢བཅས་ཀྱི་ལུང་། ཆོས་སྐྱོང་སྐོར་ལ་རྒྱལ་པོ་རྣམ་ཐོས་སྲས་བཀའ་བཅོ་ལྔ། གླེགས་བམ་གཉིས་ཀྱི་ལུང་། མགོན་པོ་བིང་ཟླདམར་གྱི་རྗེས་གནང་། ལྷ་མོ་རྡོ་རྗེ་རབ་བརྟན་མའི་རྗེས་གནང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་དང་། སྒྲུབ་སྐོར་གྱི་ལུང་སོགས་བཞུགས་སོ། །དཔལ་ཞྭ་ལུ་པའི་གདན་རབས་སོགས་རྒྱས་པར་རྟོགས་པར་འདོད་ན། ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་རྣམ་ཐར་ལེ་ཚན་དང་། མཆོག་སྤྲུལ་རིན་པོ་ཆེ་བློ་གསལ་བསྟན་སྐྱོང་གིས་མཛད་པའི་གདན་རབས་གླེགས་བམ་སོགས་ལས་ཤེས་པར་བྱ་ཞིང་། །རྒྱུད་སྡེའི་བྱུང་ཚུལ་སོགས་ཀྱང་། ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་རྒྱུད་སྡེ་སྤྱིའི་རྣམ་བཞག་ཆེ་འབྲིང་ཆུང་གསུམ་དང་། བདེ་གསང་དུས་གསུམ་ཡོ་ག་དང་བཅས་པའི་ཆོས་འབྱུང་རྣམས་ལས་ཤེས་པར་བྱའོ། ། །བོ་དོང་ཨེ་ནི། ཐོག་མར་བཀའ་གདམས་པའི་དགེ་བཤེས་མུ་ཏྲ་ཆེན་པོས་ས་གླང་ལོར་བཏབ། ཕྱིས་དཔང་ལོ་བློ་གྲོས་བརྟན་པ། དེའི་དབོན་ལོ་ཆེན་བྱང་ཆུབ་རྩེ་མོ། དེའི་དབོན་ལོ་


JKT018_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྲགས་པ་སོགས་མཁས་གྲུབ་ཆེན་པོ་མང་དུ་བྱོན། ཁྱད་པར་གྲགས་པའི་དབོན་པོ་བོ་དོང་ཕྱོགས་ལས་རྣམ་རྒྱལ་ལམ། འཇིགས་བྲལ་ཆོས་ཀྱི་རྒྱལ་མཚན་ནི་སྒྲ་དབྱངས་ལྷ་མོས་རྗེས་སུ་བཟུང་བས་ རིག་པའི་གནས་མཐའ་དག་ཐོགས་པ་མེད་པར་སྨྲ་པའི་མ་ཧཱ་པཎྜི་ཏར་གྱུར། གངས་ལྗོངས་མཁས་པ་ཕལ་ཆེར་རྩོད་པས་ཕམ་པར་བྱས། རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཕག་མོ་སོགས་དཀྱིལ་འཁོར་གྱི་གཙོ་བོ་རྣམས་ཀྱིས་གསང་བའི་མཛོད་ཆེན་པོ་བྱིན་པས་དེ་ཉིད་འདུས་པ་ཆེན་པོ་སོགས་བསྟན་བཅོས་པོད་བརྒྱ་ཕྲག་ཐལ་པ་མཛད་ཅིང་གསུང་ལས་སྐྱེས་པའི་སློབ་མ་ཡང་། བཟོ་རིག་པ་ནས་བསྟན་པ་ཡོངས་རྫོགས་ཀྱི་བར་བཀའ་བབས་ཉི་ཤུ་རྩ་གསུམ། འཁོན་གྱི་གདུང་བརྒྱུད་གསུམ། སྔགས་འཆང་ཆེན་པོ་གཅིག མཁས་གྲུབ་གཉིས། ལོ་ཆེན་གསུམ་སོགས་ནས། བཀའ་བཅུ་སྨྲ་བ་སྟོང་ཕྲག་གཅིག །བཀའ་བཞི་སྨྲ་བ་སྟོང་ཕྲག་ཟུང་། ཕར་ཚད་ཤེས་པའི་སློབ་མ་ཁྲི་ཕྲག་བརྒལ་བ་སོགས་བྱོན་པར་གྲགས་ཤིང་། ཕྱིས་དཔལ་མོ་ཆོས་སྡིངས་སུ་ཕྲིན་ལས་སྐྱོང་། གྲུབ་མཐའི་ཁས་ལེན་ཅུང་མི་འདྲ་བ་མང་དུ་མཛད་པས་བོ་དོང་པའི་ལུགས་ཞེས་གྲགས། དེང་སོང་གདན་ས་དངོས་སུ་ཆོས་རྒྱུན་སོགས་ཆེར་མི་བཞུགས་ཀྱང་། ལོ་རོར་རྗེ་ཉིད་ཀྱི་རྣམ་འཕྲུལ་སྦྱོར་ར་ཐམས་ཅད་མཁྱེན་པ་རིམ་བྱོན་


JKT018_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡར་འབྲོག་བསམ་སྡིངས་སུ་རྡོ་རྗེ་ཕག་མོ་རིམ་བྱོན་སོགས་ཀྱིས་བཟུང་སྟེ་ཆོས་རྒྱུན་འགའ་ཞིག་ཡོད་དོ།། ༈ །།ཤངས་ཞང་ཞང་རྡོ་རྗེ་གདན་ནི། སྐུ་གསང་བ་འདུས་པ། གསུང་མ་ཧཱ་མཱ་ཡ། ཐུགས་དགྱེས་པ་རྡོ་རྗེ། ཡོན་ཏན་འཁོར་ལོ་སྡོམ་པ། ཕྲིན་ལས་རྡོ་རྗེ་འཇིགས་མཛད་དེ་རྒྱུད་སྡེ་ལྔ་ཡི་ངོ་བོར་བཞུགས་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་བརྩོན་འགྲུས་མགོན་ཞེས་གྲགས་པ་ཟླདེ་ཉིད་དང་པོར་བོན་གྱི་སྒོར་ཞུགས། བར་དུ་རིམ་པར་རྫོགས་ཆེན་དང་ཕྱག་ཆེན་སྦྱངས། མཐར་དེས་ཀྱང་ཐུགས་མ་ཚིམ་པར་འཕགས་པའི་ཡུལ་དུ་བྱོན་ནས། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ། སུ་ཁ་སི་དྷི། མེ་ཏྲི་པ། རྡོ་རྗེ་གདན་པ་སོགས་པཎ་གྲུབ་བརྒྱ་དང་ལྔ་བཅུའི་ཐུགས་ཀྱི་དགོངས་པ་བླངས་ནས་གངས་ཅན་དུ་ཕེབས་ཏེ་གླང་ཐང་པ་རྡོ་རྗེ་སེང་གེ་ལས་རབ་ཏུ་བྱུང་། སྐུ་ཚེའི་སྨད་ལ་ལོ་གཅིག་གི་ནང་དགོན་གནས་བརྒྱ་རྩ་གཅིག་བཏབ་པའི་ཡ་གྱལ་ཏེ། ཤངས་པ་བཀའ་བརྒྱུད་ཀྱི་འབྱུང་གནས་ལྟ་བུ་ཡིན་ཀྱང་། དེང་སང་ནི་སྐུ་འདྲ་རིན་པོ་ཆེ་བྱིན་ཅན་ཙམ་ལས་བརྒྱུད་འཛིན་སོགས་མི་སྣང་། །ཆོས་བརྒྱུད་ནི། རྡོ་རྗེ་འཆང་༡། ནི་གུ་མ༢། ཁྱུང་པ ༣། དེ་ཡི་སློབ་མ་ཁྲི་བརྒྱད་དུ་ལོངས་པར་བྱུང་བར་གྲགས་པའི་གཙོ་བོ་གྲུབ་ཐོབ་རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། དེ་ནས། དབོན་སྟོན་


JKT018_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེར་སྒང་པ་ཆོས་ཀྱི་སེང་གེ།། སངས་རྒྱས་གཉན་སྟོན་སྦས་པའི་རྣལ་འབྱོར་ཆོས་ཀྱི་ཤེས་རབ༦། འགྲོ་མགོན་སངས་རྒྱས་སྟོན་པ་བརྩོན་འགྲུས་སེངྒེ་༧རྣམས་ལ་དཔལ་ཤངས་པ་བཀའ་བརྒྱུད་པའི་བརྒྱུད་པ་རིན་པོ་ཆེ་སྣ་བདུན་དུ་གྲགས་ཤིང་། གདམས་པ་ཕལ་ཆེར་ཀྱང་ཆིག་བརྒྱུད་དུ་བཞུགས། སངས་རྒྱས་གཉན་སྟོན་པས་ཁྱབ་བདལ་དུ་སྤེལ་བས་ཤངས་འཇག་པ་ཚུལ་ཁྲིམས་མགོན་དང་། ཉང་བསམ་སྡིངས་པ་གཞོན་ནུ་གྲུབ་སོགས་མཁས་ཤིང་དངོས་གྲུབ་བརྙེས་པ། སྒྱུ་ལུས་དང་རྨི་ལམ་ལ་རང་དབང་ཐོབ་པ་མང་དུ་བྱོན། གྲུབ་མཐའ་ཐམས་ཅད་ལ་རྒྱུད་འདྲེས་པར་གྱུར། དེ་ལས་བྱུང་བའི་ཆོས་བཀའ་ལ། ནི་གུའི་ཆོས་སྐོར། སུ་ཁའི་ཆོས་སྐོར། རྡོ་རྗེ་གདན་པའི་ཆོས་སྐོར། མེ་ཏྲི་པའི་ཆོས་སྐོར། རཱ་ཧུ་ལའི་ཆོས་སྐོར་ཏེ་ལྔ་དང་། དེར་མ་འཐུས་པའི་མན་ངག་ཐོར་བུ་དང་བཅས་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་ནའང་། དེང་སང་ཆོས་རྗེ་མུས་པ་དང་། བཀའ་བརྒྱུད་སོགས་སུ་ནི་གུའི་སྐོར་གཙོ་བོར་གྱུར་པ་ལ། རྩ་བ་ནི་ནི་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ་གའུ་མ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་ལུས་སེམས་འཆི་མེད། བཀའ་སྲུང་ཡེ་ཤེས་མགོན་པོའི་སྐོར་རྣམས་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ལས། དང་


JKT018_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ། ཆོས་དྲུག་གི་སྨིན་བྱེད་ཁོག་ཕུབ་གསུམ། སྒོས་བཀའ་དྲུག །ཕྱག་ཆེན་བཀའ་ལྔ། མཁའ་སྤྱོད་བཀའ་གསུམ། གསང་སྒྲུབ་བཀའ་ལྔ། མགོན་པོ་བཀའ་གཉིས་ལས། དང་པོ་ནི། ཆོས་དྲུག་སྤྱི་ཡི་ཁོག་ཕུབ་རྒྱུད་སྡེ་ལྔ་གཙོ་བོར་གྱུར་པའི་འཇུག་སྒོ་སྒྱུ་ལུས་དབང་མོ་ཆེ༡། བདེ་མཆོག་དབང་བཞི་ལུས་བསྒྲིགས། ལྷ་བཞི་དྲིལ་སྒྲུབ་བཅས། གཉིས་པ་ནི། གཏུམ་མོ་སོགས་ཆོས་དྲུག་སོ་སོའི་དབང་། གསུམ་པ་ནི། ཕྱག་ཆེན་གའུ་མ༡། བླ་མ༢། ཡི་དམ ༣། སྒྱུ་ལུས་༤ལམ་ཁྱེར། ལུས་སེམས་༥འཆི་མེད་ཀྱི་དབང་། བཞི་པ་ནི། མཁའ་སྤྱོད་དཀར་མོ༡། དམར་མོ༢། སུམ་ཕྲུགས་༣ཀྱི་དབང་། ལྔ་པ་ནི། བདེ་མཆོག༡ །སྤྱན་རས་གཟིགས༢། ཕྱག་རྡོར༣། རྟ་མགྲིན། དྲུག་པ་ནི། ཕྱག་དྲུག་༡པ་དང་། མགོན་དཀར༢། ཞར་བྱུང་སུ་ཁ་སིདྡྷིའི་བྱིན་རླབས་བཅས་སོ།། །།གཉིས་པ་གྲོལ་བྱེད་ཁྲིད་ལ། ཐང་རྒྱལ་མུས་པ་སོགས། དང་། ཇོ་ནང་བཀའ་བརྒྱུད་སོགས། ཏཱ་ར་ནཱ་ཐ་སོགས་ཀྱི་ཡིག་ཆའི་སྟེང་ནས་ཆོས་དྲུག །ཕྱག་ཆེན། ལམ་ཁྱེར་རྣམ་གསུམ། །མཁའ་སྤྱོད་དཀར་དམར་གྱི་འཕོ་བ། ལུས་སེམས་འཆི་མེད། བླ་མགོན་དབྱེར་མེད་རྣམས་ཀྱི་ཉམས་ཁྲིད། གསུམ་པ་ལུང་ལ། རྩ་བ་རྡོ་རྗེའི་ཚིག་རྐང་སོགས་གླེགས་བམ་གཅིག་ལྷག་རྣམས་


JKT018_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཤིང་། གཞན་ཡང་སྔར་སྨོས་པ་ལྟར་དགེ་ལུགས་པའི་ཕྱོགས་ལའང་ཆོས་དྲུག་གི་ཁྲིད་རྒྱུན་ཙམ་དང་། ཁྱད་པར་མགོན་པོ་ཕྱག་དྲུག་པའི་རྗེས་གནང་། ཁྲིད་ལུང་བཅས་རྒྱ་ཆེར་དར་རོ།། ༈ །།ལ་སྟོད་དིང་རི་གླང་འཁོར་ནི། འགྲོ་མགོན་དམ་པ་སངས་རྒྱས་དང་། དེའི་ཐུགས་སྲས་བྱང་ཆུབ་སེམས་དཔའ་ཀུན་དགའ་སོགས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཏེ། དེ་ལ་གྲུབ་ཆེན་འདི་ཉིད་ནི། འཕགས་ཡུལ་བེ་ཏཱ་ཡུལ་གྱི་ཙ་ར་སིདྷར་འཁྲུངས། གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་དྲུག་ལས་གདམས་ངག་གི་སྒྲོ་འདོགས་བཅད། ཐུགས་དམ་བདེ་གཤེགས་བཅུ་གཉིས་དང་། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་གི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་། ཐུན་མོང་གི་དངོས་གྲུབ་ཆེན་པོ་བརྒྱད་དང་། མཆོག་གི་དངོས་གྲུབ་མཐོང་ལམ་ཆེན་པོ་མངོན་དུ་གྱུར། བོད་དུ་ལན་ལྔ་བྱོན་པའི་དུས། གསུམ་པ་ལ་ཁ་ཆེ་ཛྙ་ན་གུ་ཧྱ་ལ་ཞི་བྱེད་སྒྲོན་མའི་སྐོར་གསུམ་སོགས་གསུངས། དེ་དང་དམ་པ་གཉིས་ཀས་རྗེ་བཙུན་ལོང་པོ་ལོ་ཙཱ་དང་། ཁ་ཆེ་པུ་ཧྲང་ལོ་ཆུང་ལ་གསུངས་པ་སོགས་བརྒྱུད་པ་སྔ་མ་དང་། བཞི་པར། རྨ་ཆོས་ཀྱི་ཤེས་རབ་ལ་ཕྱག་ཆེན། སོ་ཆུང་དགེ་འདུན་འབར་ལ་རིགས་པ་གཅེར་མཐོང་། ཀམ་ཚུལ་ཁྲིམས་རྒྱལ་མཚན་ལ་རྟོགས་པ་ལམ་ཁྱེར་གྱི་གདམས་ངག་


JKT018_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བས་མཚོན་རྨ་སོ་ཀམ་གསུམ་གྲངས་དང་། ཕྲན་དང་བཅས་པ་ལ་བརྒྱུད་པར་བར་མ། ལྔ་པར་དམ་པ་ཕྱར་ཆེན། ཕྱར་ཆུང་བཛྲ་ཀྲོ་དྷཱ། ཀུན་དགའ་བཞི་ལ་གདམས་པ་སོ་སོར་གནང་། །གཞན་ཡང་མ་ཇོ་ཉི་ཤུ་རྩ་བཞི་སོགས་ལྕེ་དང་། ལྗགས་ལུགས་གསུམ། གྲུབ་པའི་སྐྱེས་བུ་ནམ་མཁའི་སྐར་ཚོགས་ཙམ་བྱོན་པ་བརྒྱུད་པ་ཕྱི་མ་སྟེ། དེ་ལས་ཀྱང་སྐྱེ་བ་ལྔར་དམ་པས་རྗེས་སུ་བཟུང་ཞིང་། ང་དང་དགོངས་པ་མཉམ་པ་ཀུན་དགའ་ཡིན། །ཅེས་བསྔགས་པ་ཆིག་བརྒྱུད་སྦས་པའི་གཏེར་མཛོད་དམ་པ་ཀུན་དགའ་ནས་རིམ་པར་པ་ཚབ་སྒོམ་པ་རྒྱལ་བ་ཏེ་ནེ། རོག་ཤེས་རབ་སེང་གེ་སྐུ་མཆེད་སོགས་བརྒྱུད་ཤིན་ཏུ་དར་བ་བྱུང་ཡང་། དེང་སང་ནི་བརྒྱུད་ལ་ཕྱི་མའི་སྐོར་ལས། ཚོགས་ལམ་བློ་སྦྱང་སྦྱོར་ལམ་དཀའ་ཐུབ། མཐོང་ལམ་བློ་བྲལ། སྒོམ་ལམ་རོ་སྙོམས། མཐར་ལམ་བདག་བསྟོད་དང་བཅས་པའི་ལམ་ལྔའི་དབང་རྒྱས་པ། འབྲིང་པོ་ལམ་གསུམ་གཞུང་མ། བསྡུས་པ་དབང་རྣོན་ཀུ་སཱ་ལའི་རྣལ་འབྱོར་གྱི་དབང་། རྟེན་འབྲེལ་སྔོན་དུ་བདག་པོ་བསྟོད་པ་ཞེས་བྱ་བ་དམ་པ་ཕྱི་ནང་གསང་གསུམ་གྱི་བླ་སྒྲུབ་བྱིན་རླབས། ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱི་དབང་། བདེ་མཆོག་བཅུ་གསུམ་མ། ཕག་མོ་ཕྱི་སྒྲུབ་ལྷ་དགུ། ནང་སྒྲུབ་ཞལ་གཉིས་མ། གསང་སྒྲུབ་ཁྲོས་ནག །


JKT018_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་བུམ་པ་རྣམས་ཀྱི་དབང་། ཆོས་སྐྱོང་ཡེ་ཤེས་ཀྱི་མགོན་པོ་ཨ་གྷོ་སྐྲག་མེད། ར་གསང་སྒྲུབ་དམར་ནག་གི་དབང་བཀའ་རྒྱ་མ། ཕྱི་སྒྲུབ་ཐུན་མོང་བ། ཞིང་སྐྱོང་ཀུན་ཏུ་རི་ཀ་དང་། ཨ་པ་ར་ཙིཏྟ་སོགས་ཀྱི་རྗེས་གནང་དང་། མཁྱུད་དཔྱད་དཀར་ནག་ཁྲ་གསུམ་གྱི་ལུང་སོགས་ཐོར་བུ་ཙམ་ལས། གྲུབ་མཐའི་རྐང་འཛིན་པ་དང་ཆོས་བརྒྱུད་སོགས་རྒྱ་ཆེར་མི་སྣང་ངོ་།། ༈ །།ངོམ་ཤོད་ཟངས་རི་མཁར་དམར་གྱི་ཕུག་པར། མ་གཅིག་ལབ་ཀྱི་སྒྲོན་མས་སྐུ་ཚེའི་སྨད་དུ་ཡུན་རིང་བཞུགས་ཤིང་། གདུལ་བྱ་དཔག་ཏུ་མེད་པའི་དོན་མཛད་པ་དང་སྲས་སྙིང་པོ་གྲུབ་པས་གཡེ་ཆུང་གླང་ལུང་དགོན་པ་བཟུང་བ་སོགས་ཕྱོགས་དེར་གཅོད་ཡུལ་གྱི་བསྟན་པ་དར་བ་བྱུང་མོད། དེང་སང་ནི་གདན་ས་དངོས་སུ་ཆོས་བརྒྱུད་འཛིན་པ་དམིགས་བསལ་མེད་ཀྱང་། གདམས་ངག་གི་རྒྱུན་ནི་གྲུབ་མཐའ་ཐམས་ཅད་ལ་ཁྱབ་པར་གྱུར་ཏེ། སྤྱིར་དམ་པས་ཡར་ལུང་སྨ་ར་སེར་པོ་དང་། སྐྱོ་སྟོན་བསོད་ནམས་བླ་མ་ལ་བཤད་པར་ཕོ་གཅོད་དང་། མ་གཅིག་གིས་དམ་པ་དང་སྐྱོ་སྟོན་གཉིས་ཀ་ལས་གསན་ནས་བརྒྱུད་པ་ལ་མོ་གཅོད་ཅེས་གྲགས་པ་ལས། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་དབྱེར་མེད་པའི་ཡེ་ཤེས་ཌཱ་ཀི་འདི་ཉིད་ནི་ཡུལ་གཡེལ་བ། གྲོང་འདབ་གྲོང་མ་ཚེ་མོར་མོར་རུས་ཁེའུ་གད་ཀྱི་


JKT018_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སུ་འཁྲུངས། གྲྭ་པ་མངོན་ཤེས་དབང་ཕྱུག་འབར་ལས་རབ་ཏུ་བྱུང་། ཤེར་ཕྱིན་ཀློག་པས་སྟོང་ཉིད་ཀྱི་ལྟ་བ་གཤའ་མར་སྐྱེས། ཅེར་གྲོང་ཐོད་པ་འབབ་རེ་བྱ་བ་དང་འདུས་པས་སྲས་ལྕམ་སྲིང་ལྔ་འཁྲུངས། སླར་ཡང་རབ་ཏུ་བྱུང་ནས་དགུ་བཅུ་རྩ་ལྔའི་བར་དུ་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་དོན་མཛད་ཅིང་། ཤེར་ཕྱིན་གྱི་གདམས་ངག་ཟབ་མོ་གཅོད་ཡུལ་གྱི་གྲུབ་མཐའ་གངས་ཅན་ཐམས་ཅད་ལ་ཁྱབ་པར་མཛད། ཚོགས་སློབ་ཀྱང་སྲས་རྒྱལ་བ་དོན་གྲུབ་ནས་བརྒྱུད་པ་ལ་སྲས་བརྒྱུད་དང་། ཁུ་སྒོམ་ཆོས་སེང་ནས་སློབ་བརྒྱུད་རྣམས་བྱུང་། ཕྱིས་ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་། རྒོད་ཕྲུག་རས་པ་རྒྱལ་ཐང་པ་སོགས་ལམ་འདིའི་བཀའ་བབས་མང་དུ་བྱུང་སྟེ། དེང་སང་ཡང་བཀའ་བརྒྱུད་གཙོ་བོར་གྱུར་པའི་ས་རྙིང་དགེ་ལུགས་སོགས་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཁྲོས་ནག་ལྷ་ལྔའི་དབང། ནམ་མཁའ་སྒོ་འབྱེད་ཀྱི་བྱིན་རླབས། ཞག་བདུན་མ་དང་སྟན་ཐོག་གཅིག་མ་སོགས་ཀྱི་ཉམས་ཁྲིད་ཕྱག་བཞེས་དང་བཅས་པ། མ་གཅིག་གི་བཀའ་ཆེམ་སོགས་རྩ་བའི་གཞུང་དང་། གྲུབ་མཐའ་སོ་སོའི་གཅོད་གཞུང་གླེགས་བམ་མང་པོའི་ལུང་སོགས་ཅི་རིགས་པར་མཆིས་སོ། །དེ་ལ་སྡུག་བསྔལ་ཞི་བྱེད་ཅེས་པའི་དོན་ནི། བོད་དུ་བྱོན་པའི་གདམས་པ་ཕལ་མོ་ཆེ་སློབ་མ་མི་དགེ་བ་ལས་


JKT018_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་ཏུ་བཅུག་ནས་གཟོད་དེའི་སེམས་རྒྱུད་ཀྱི་ཉོན་མོངས་པར་སྦྱངས་བར་བྱེད་པ་གཙོ་ཆེ་ལ། འདིས་ནི་ཚེ་རབས་སྔ་མའི་ལས་ཀྱི་དབང་གིས་ལུས་དམན་པ་དང་། ནད་གདོན་གྱིས་གཙེས་པ་སོགས་སྡུག་བསྔལ་རྣམས་ལམ་དུ་བསླངས་པས་འཕྲལ་དུ་ཞི་བར་བྱས་ནས་རྣལ་འབྱོར་ལ་སྦྱོར་བཟོད་པའི་ཕྱིར་དེ་སྐད་ཅེས་བྱ་སྟེ། ཤེར་སྙིང་ལས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། ཅེས་པ་ལ་བརྟེན་ནས་བཏགས་པར་བཞེད་དེ། གཅོད་ཡུལ་ཅེས་པ་ནི། གཅོད་བྱ་ནི། ཐོགས་བཅས། ཐོགས་མེད། དགའ་བྲོད། སྙེམས་བྱེད་དེ་བདུད་བཞིའི་རྒྱུ་འབྲས་སུ་གྱུར་པའི་ཉོན་མོངས་ཐམས་ཅད་སྤང་གཉེན་རེས་འཇོག་མ་ཡིན་པར་ཡུལ་དེ་ཉིད་ཀྱི་རང་ཐོག་ཏུ་གཅོད་པར་བྱེད་པས་དེ་སྐད་ཅེས་བྱ་ཞིང་། ངོ་བོ་ཕ་རོལ་ཏུ་ཕྱིན་པ་ལ་སྔགས་དང་རྗེས་སུ་མཐུན་པའི་སྤྱོད་པས་ཁྱད་པར་དུ་བྱས་པའོ། ༈ །ཡང་དམ་པའི་ཆོས་འདུལ་བའི་ཐོག་མར་བསྟན་པ་ལ་སྔ་འགྱུར་སྨད་འདུལ་གྱི་བརྒྱུད་ནི། ལྷ་བཙན་པོ་ཁྲི་སྲོང་དུས། བྱང་ཆུབ་སེམས་དཔའ་ཆེན་པོ་ཞི་བ་འཚོས། སྦ་རཏྣ་ཡེ་ཤེས་དབང་པོ་སྲུང་བ་སོགས་སད་མི་མི་བདུན་རབ་ཏུ་བྱུང་བས་མཚོན་བསྟན་པའི་སྒྲོན་མེ་དང་པོར་སྦྱར། དར་མས་བསྟན་པ་བསྣུབས་པའི་སྐབས། སྦ་རཏྣའི་མཁན་བུ་འདུལ་བ་འཛིན་པ་དམར་གཡོ་གཙང་


JKT018_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཁམས་སུ་བྱོན། དེ་རྣམས་ཀྱི་སྤྱན་སྔར་བླ་ཆེན་དགོངས་པ་རབ་གསལ་གྱིས་རབ་ཏུ་བྱུང་ཞིང་འདུལ་བའི་སྡེ་སྣོད་ལ་སྦྱངས། དེ་ལས་ཀླུ་མེས་སོགས་དབུས་གཙང་གི་མི་བཅུས་བཀའ་དྲིན་ཞུས་ཏེ་སོ་སོས་གནས་གཞི་ཡང་བརྩིགས་ཏེ་ཆོས་གྲྭ་ཤིན་ཏུ་མང་བ་བྱུང་། བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱང་སྔ་འགྱུར་གྱི་སྡོམ་རྒྱུན་ལས་བསྙན་པར་རྫོགས། བར་དུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལ་སྤྱན་དྲངས་ཏེ། མཁན་བུ་པཱ་ལ་རྣམ་གསུམ་བསྙེན་པར་རྫོགས་ཏེ་སྟོད་མངའ་རིས་ཕྱོགས་སུ་དར་བསྟོད་འདུལ་ཞེས་གྲགས་པ་བྱུང་། །གཞན་ཡང་ལྕེ་བཙུན་གྱིས་ཞྭ་ལུར་ཨ་བྷ་ཡའི་སྡོམ་རྒྱུན་སྤེལ་ནའང་། སྔ་འགྱུར་གྱི་བཤད་རྒྱུན་ནི་ཁ་ཆེ་ལུགས་ཀྱི་བརྒྱུད་པ་དང་འདྲེས་ཤིང་སྡོམ་རྒྱུན་ཀྱང་དེང་སང་གི་བར་དུ་གནས་ལ། རྙིང་མ་དང་དགེ་ལུགས་ཕྱོགས་ལས་ཞིག ཕྱི་མ་གཉིས་ཀྱི་སྲོལ་ནི་ཡུན་མ་བྱུང་ངོ་། །ཕྱིས་མ་བྱོན་པའི་སངས་རྒྱས་གསུམ་པ་ཁ་ཆེའི་པཎྜི་ཏི་ཤཱཀྱ་ཤྲྰི་བོད་དུ་ཕེབས་ནས་འདུལ་བའི་སྡོམ་རྒྱུན་གསར་དུ་བཙུགས་པ་ལས། །ཚོགས་སྡེ་གྲངས་མེད་པ་ཞིག་འཕེལ་བའི་རྩ་བ་ལྟ་བུ་ནི། དགེ་འདུན་སྒང་པ། ཆོས་ལང་པ། ཚལ་མིག་པ། བྱེ་རྫོང་པ་སྡེ་ཚོགས་སྡེ་བཞིར་གྲགས་པ་འདི་ཡིན་ལ། འདི་རྣམས་སུ་སྔར་འདུལ་བའི་


JKT018_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལག་ལེན་གཉིས་ཀ་ཁྱད་པར་ཅན་བྱུང་ནའང་། དེང་སང་ནི་སྤྱི་འགྲེ་ཙམ་ལས་དམིགས་བསལ་གྱི་ཁྱད་ཐོན་ཡོད་པར་མ་མངོན་མོད། འོན་ཀྱང་དགེ་འདུན་སྒང་པ་ལས་ཀར་ལུགས། ཆོས་ལུང་པ་ལས་འབྲུག་ལུགས་ཚལ་མིག་པ་ལས་ངོར་ལུགས་དང་། ས་ལུགས་སྔ་མ་རྣམས་ཀྱིས་མཚོན་སྡོམ་རྒྱུན་མང་དུ་འཕེལ་བས་ཕྱོགས་ཐམས་ཅད་དུ་འདུལ་བའི་བསྟན་པ་ཤིན་ཏུ་དར་ཞིང་རྒྱས་པར་གྱུར་ཏོ། །དེ་ལྟར་ན་གངས་ཀྱི་རི་བོའི་སུལ་ན་སྟོན་པ་བདེ་བར་གཤེགས་པའི་བསྟན་པ་འབའ་ཞིག་གི་དབང་དུ་བྱས་ཏེ། འགྲོ་བ་རྣམས་ཀྱི་ཕན་བདེའི་གཞིར་གྱུར་པའི་དགེ་འདུན་འདུས་པའི་སྡེ་དང་། གདན་རབས་ཀྱི་སྐོར་ཇི་ལྟར་བྱོན་པའི་ཚུལ་སོགས་ཡོངས་སུ་གྲགས་པ་འགའ་ཞིག་གི་མཚན་ཙམ་བརྗོད་ཟིན་ཏེ། སྤྱིར་ཡང་ཇི་སྐད་དུ། ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་ཡིན་ཕྱིར་ཐོས་པ་གཅེས། །ཅེས་གསུངས་པ་ལྟར་རང་དང་གཞན་གྱི་གྲུབ་པའི་མཐའ་ཡི་གང་ཟག་དང་ཆོས་ཀྱི་ཚུལ་མང་དུ་ཐོས་པར་བྱ་བ་ནི་ཤིན་ཏུ་གལ་ཆེ་སྟེ། གཞན་དུ་རང་རང་གི་ལུགས་སྲོལ་ཙམ་ཁོང་དུ་ཆུད་པར་རློམ་པ་ཁ་ཅིག་ཀྱང་། རང་གི་བླ་མ་བརྒྱུད་པ་དང་། ཆོས་ལུགས་ཙམ་མ་གཏོགས་གཞན་མཁས་པ་དང་གྲུབ་པ་དང་ལུང་རིགས་ཀྱིས་དབེན་ནོ་སྙམ་དུ་སེམས་ཤིང་གཞན་ལའང་གདམས་པས་ཆོས་སྤོང་


JKT018_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་མི་བཟོད་པ་གསོག་པ་དག་སྣང་བའི་ཕྱིར་རོ། །དེ་བས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་སྟོན་པ་ཐུགས་རྗེ་ཅན་གྱི་རྣམ་ཐར་མདོ་སྡེ་རིན་པོ་ཆེ་རྣམས་དང་། དེ་དག་གི་དོན་བསྡུས་པ་བརྒྱ་ཉེར་ལྔ་བྱམས་པ་ཆོས་རྗེས་བསྐལ་བཟང་རྒྱ་མཚོ། པ་དང་། སྐྱེས་རབས་སོ་བཞི་པ་ཁ་སྐོང་རང་བྱུང་ཞབས་སོགས། འགྲེལ་ཆེན་ཡེ་ཤེས་རྒྱལ་མཚན་སོགས། དང་བཅས་པ་དང་། རྟོགས་བརྗོད་དཔག་བསམ་གྱི་འཁྲི་ཤིང་མཆན་སྤང་ལོས་སྟོན་སོགས། དང་དོན་བསྡུ་བའི་རིགས་དང་། འཕགས་པའི་གནས་བརྟན་ཡེ་ཤེས་རྒྱལ་མཚན་སོགས། བཅུ་དྲུག་དང་། གྲུབ་ཆེན་བརྒྱད་ཅུའི་རྟོགས་པ་བརྗོད་པ་སོགས་ལེགས་པར་བལྟ་ཞིང་དད་པ་བསྐྱེད། གྲུབ་མཐའ་སྤྱིའི་ཆོས་འབྱུང་སྐོར་ལ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་དང་བཀའ་བབས་བདུན་གྱི་གཏམ་སོགས་རྒྱ་གར་བའི་གཏམ་ཚད་མ་མང་པོ་དང་། གུང་མགོན་པོ་སྐྱབས་ཀྱིས་བྱས་པའི་རྒྱ་ནག་གི་ཆོས་འབྱུང་། བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་། ཚལ་པའི་དེབ་དམར། འགོས་ལོའི་དེབ་སྔོན། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན། པད་དཀར་གྱི་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད། ཐུའུ་བཀྭན་པའི་གྲུབ་མཐའ་ཤེལ་གྱི་མེ་ལོང་། རྒྱལ་རབས་གསལ་བའི་མེ་ལོང་དང་། རྫོགས་ལྡན་


JKT018_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུའི་དགའ་སྟོན་སོགས། བྱེ་བྲག་སྔར་སྨོས་པའི་སོ་སོའི་རྣམ་ཐར་དང་ལོ་རྒྱུས་རྣམས་ལ་བློ་གྲོས་ཀྱི་མིག་བསྒྲུབས་ཏེ་རང་གི་ལུགས་སྲོལ་མ་ཉམས་པར་བཟུང་བའི་སྟེང་། གྲུབ་མཐའ་གཞན་ལའང་སྡང་ཞེན་གྱིས་སྨོད་པ་སོགས་སྤངས་ཏེ། དད་པའི་པདྨོ་མཆོག་ཏུ་རྒྱས་པར་བྱའོ། །ཐོས་པས་ཡིད་ཀྱི་གདུང་སེལ་ཞིང་། །ཕན་བདེའི་ཆུ་གཏེར་འཕེལ་བྱེད་པ། །དམ་པའི་རྣམ་ཐར་ཟླ་ཤེལ་གྱིས། །འཇིག་རྟེན་གསུམ་པོ་སྣང་གྱུར་ཅིག །གངས་ཅན་གྱི་ལྗོངས་སུ་བྱོན་པའི་གདན་རབས་སོགས་ཅུང་ཟད་བཤད་པའི་བརྗེད་བྱང་གི་ལེའུ་ཚན་ནོ།། །།ཤུབྷམ་སྐུ་སརྦ་ཛཱ་ག་ཏཱཾ།། །