cover

འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

གླེགས་བམ་ཉི་ཤུ་པ། ཝ༽

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Nitartha international
Images scanned by BDRC
གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་བཀའ་འབུམ་འདི་ནི་ OCR བྱེད་སའི་གཞི་དེ་བོད་རྫོང་སར་བཀྲ་ཤིས་ལྷ་རྩེར་རྫོང་སར་བ་ཁྲ་འབུ་བློ་གྲོས་ཕུན་ཚོགས་མཆོག་གིས་དཔེ་གཟུགས་པོད་ཉེར་ལྔ་ཅན་ཞིག་པར་དུ་བསྐྲུན་གནང་བ་དེ་ཡིན་པས་ཁོང་གི་རྨད་དུ་བྱུང་བའི་མཛད་རྒྱས་ལ་ཡི་རུང་དང་བསྔགས་བརྗོད་ཞུ།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ལེགས་འབུལ་དང་འཕྲིན་ཡིག་ཚིགས་བཅད་ཐོར་བུ་སྣ་ཚོགས།

ཐར་རྩེ་མཁན་ཆེན།


JKT020_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ལེགས་འབུལ་དང་འཕྲིན་ཡིག་ཚིགས་བཅད་ཐོར་བུ་སྣ་ཚོགས་བཞུགས་སོ། །


JKT020_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཨེ་ཝཾ་ཆོས་ལྡན་དུ་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་སྤྱན་སྔར་ཕུལ་བའོ། །
༄༅། །ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོར་འཆི་མེད་གྲུབ་པའི་ཐིག་ལེ་ནི། །སྲིད་དང་ཞི་བའི་ཕ་རོལ་སོན་པ་བསམ་མི་ཁྱབ་པའི་ཡེ་ཤེས་ཅན། །འདི་ན་བྲལ་དང་སྨིན་པའི་ཡོན་ཏན་སྐལ་བ་བཟང་པོའི་ཚོགས་རྣམས་ཀྱི། །ལེགས་བྱས་དཔལ་དུ་མངོན་པར་སྣང་བ་འཇིག་རྟེན་གསུམ་ན་རྒྱལ་གྱུར་ཅིག ༡ །ཚངས་སོགས་ཆེ་དགུའི་ནོར་བུའི་ཅོད་


JKT020_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པན་གྱིས། །ཡང་ཡང་མཆོད་པའི་དགེ་མཚན་རྨད་བྱུང་བས། །ཕན་བདེའི་སྣང་བ་མཐའ་དག་རྫོགས་མཛད་པའི། །ཞབས་པད་རྡུལ་དང་བྲལ་བའི་ཉེ་དྲུང་དུ། ༢ །རིང་ན་གནས་ཀྱང་མི་ཕྱེད་དད་པའི་ཡིད། །གང་གི་ཐུགས་རྗེའི་འཛུམ་འོད་ལ་ཆགས་པས། །རབ་གུས་པུཎྜ་རཱི་ཀའི་མཆུ་སྒྲོས་ལས། །ཞུ་གསོལ་སྦྲང་རྩིའི་བསུང་ཞིམ་ཅུང་ཟད་འཐུལ། ༣ །གཟོད་ནས་རྟག་པ་དམ་པའི་ཆུ་གཏེར་ནི། །གཞན་ཕན་སྙིང་རྗེའི་གར་དུ་ཟློས་པའི་དཔྱིད། །ཟླ་བ་ཟླ་ཤེལ་བདུད་རྩིའི་ངོ་མཚར་གྱིས། །མཚོན་མིན་ཞི་བསིལ་ཉམས་བརྒྱས་རབ་ཏུ་སྒེག ༤ །སློབ་དང་མི་སློབ་ལམ་གྱི་ཡོན་ཏན་ཀུན། །མཚན་བཟང་ཟ་མ་ཏོག་ཏུ་རྒྱས་བཏབ་པ། །བསོད་ནམས་བྱེ་བས་བསྐྲུན་པའི་གཟུགས་


JKT020_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་དཔལ། །བསྟན་འཛིན་རྒྱ་མཚོའི་གཙུག་ན་ལྷམ་མེར་གསལ། ༥ །རྒྱལ་ཀུན་གསུང་གི་རྡོ་རྗེའི་དེ་ཁོ་ན། །ཡན་ལག་དྲུག་ཅུའི་རོལ་མོ་ལ་སྦྱར་བའི། །ཟབ་རྒྱས་ཆོས་ཚུལ་སྨྲ་བའི་དབྱངས་སྙན་པོ། །ལྟ ཐར་འདོད་རྣ་བའི་དགའ་སྟོན་གཅིག་ཏུ་གྱུར། ༦ །གང་ན་གཟུང་འཛིན་རྟོག་པའི་འཇུག་ལྡེང་ཀུན། །རྡུལ་བྲལ་འོད་གསལ་ཆེན་པོར་སིམ་གྱུར་པས། །མཁའ་ཁྱབ་མཁའ་ཡི་རྡོ་རྗེར་སྙོམས་འཇུག་བཞིན། །ཇི་སྙེད་མཁྱེན་དང་བརྩེ་བའི་རོལ་རྩེད་བཟུང་། ༧ །མཐའ་ཀླས་ཡོན་ཏན་དམ་པའི་གསེར་སྤྲིན་ལས། །གཞན་ཕྱིར་ཕན་བདེའི་གྲུ་ཆར་འབེབས་མཁས་ཕྱིར། །དོན་གཉིས་ནོར་བུའི་སྙེ་མ་ཡིད་འོང་བ། །ལུས་ཅན་ཀུན་གྱི་ངལ་འཚོའི་གནས་སུ་མཛེས། ༨ །གང་འདུལ་ཕྲིན་ལས་འཇུག་པའི་ཨུཏྤལ། །སྣ་ཚོགས་གདུལ་བྱའི་ཆུ་གཏེར་ལ་ཆགས་པས། །སྲིད་ཞིའི་དགེ་མཚན་གྲུབ་པའི་མཚར་སྡུག་གིས། །རྒྱལ་དང་རྒྱལ་སྲས་ཡོངས་ཀྱི་རྣམ་ཐར་བཟུང་། ༩ །དེ་སོགས་བསྔགས་འོས་ཕ་མཐའ་གཞལ་དཀའ་འཆི་མེད་ལམ་གྱི་རྗེས་སོང་བར། །ཕྱོགས་བཅུའི་རྣམ་འདྲེན་སློབ་མར་བཅས་པས་ལེགས་སོའི་རྒྱུད་མང་བརྡུང་བའི་སྒྲས། །ལྷ་དང་བཅས་པའི་འདྲེན་པར་གྱུར་པ་ཁྱོད་གཅིག་ཁོ་ན་ཉིད་དོ་ཞེས། །རྨད་བྱུང་སྤྲིང་ཡིག་སྙིང་གར་བཀོད་པས་ཕྱོགས་ཀྱི་ཁོར་ཡུག་དོག་པོར་བྱས། ༡༠ །འདི་ན་གནས་པའི་མེ་ཁྱེར་བདག །


JKT020_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་སྦྱངས་ལང་ཚོ་དམན་གྱུར་ཀྱང་། །ལྷག་བསམ་ཕྲག་པར་གང་གི་བཀའ། །ལྷུན་པོའི་ཁུར་ཡང་ཅི་དགར་བཟུང་། ༡༡ །དེ་ཚེ་ཐུགས་རྗེའི་སྤྲིན་དཀར་གྱིས། །གསོས་པའི་སྒོ་གསུམ་མྱུ་གུ་ནི། །ཉེར་འཚེའི་ཚ་གདུང་བྲལ་བཞིན་དུ། །ཐོས་བསམ་པདྨོ་འཛིན་ལ་རིངས། ༡༢ །སླར་ཡང་འཇིག་རྟེན་དགེ་བའི་ཕུལ། །གསང་གསུམ་རྡོ་རྗེའི་ཆོས་བདུན་དུ། །འཚོ་གཞེས་སྒྲུབ་པའི་ཤིས་བརྗོད་ཀྱི། །ཚིག་གི་མེ་ཏོག་ཅུང་ཟད་འཐོར། ༡༣ །ཨོཾ་སྭསྟི་ཛཱི་བཅུ། སྤྲོས་པའི་ཕ་མཐའ་ལས་བརྒལ་སྟོང་ཉིད་དང་། །འགྱུར་མེད་བདེ་བ་ཆེན་པོ་ཟུང་འཇུག་པའི། །རྣམ་ཀུན་མཆོག་ལྡན་རྡོ་རྗེ་སེམས་དཔའི་དངོས། །གདན་གསུམ་ཡོངས་རྫོགས་ངོ་བོར་འཚོ་གཞེས་གསོལ། ༡༤ །འགྲོ་འོང་སྲོག་རྩོལ་རྒྱུ་བ་ཇི་སྙེད་པ། །ཁ་སྦྱོར་དྷ་ཏིའི་ལམ་དུ་འཆིང་བ་ལས། །རྡོ་རྗེ་ནཱ་དའི་ཆོས་ཕུང་སྤྲོ་མཛད་པ། །འཕོ་མེད་རྟག་པ་དམ་པར་འཚོ་གཞེས་གསོལ། ༡༥ །ལྷན་སྐྱེས་འབར་འཛག་ཞུ་བདེས་དགྱེས་པའི་ཐུགས། །གཟུང་འཛིན་ཡུལ་དང་ལྷན་ཅིག་མི་གནས་པ། །གཟོད་ནས་འཆི་མེད་གྲུབ་པའི་དཔྱིད་ཆེན་པོར། །སྐྱེ་འགགས་མཚན་མ་བྲལ་བར་འཚོ་གཞེས་གསོལ། ༡༦ །མདོར་ན་བདག་སོགས་མོས་པའི་ཡིད་ཅན་ཀུན། །བྱང་ཆུབ་སྙིང་པོར་སྨིན་པ་དེ་སྲིད་དུ། །གསང་གསུམ་འཚོ་གཞེས་བརྟན་པའི་སྐྱབས་འོག་ཏུ། །བརྩེ་ཆེན་ཕྱག་རྒྱས་


JKT020_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་དབུགས་དབྱུངས་ཤིག ༡༧ །དེ་སྐད་ཞུ་མཆིད་མལླི་ཀ །བརྗོད་པ་སྙན་པར་སྒྲོགས་བཞིན་དུ། །རབ་དྭངས་བློ་ཡི་པད་རྫོང་ནས། །ཁྱོད་ཞབས་ཆུ་གཏེར་བསྙེན་ཕྱིར་སོང་། ༡༨ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

ས་སྐྱའི་ཁྲི་ཆེན་བཀྲ་ཤིས་རིན་ཆེན།


JKT020_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་ས་སྐྱར་འཇམ་མགོན་བཀྲ་ཤིས་རིན་ཆེན་མདུན་ཁྲི་ཕེབས་སྐབས་ཕུལ་བའི་ཞུ་ཡིག །བཱ་གཱི་ཤྭ་ར་སྱ་ཙ་ཛྷཱ་ན མཱ་ཡཛཱལསྱནིནྟིབེ། ཙྪརྗོབཱཀྲྀ་ཧི་སྟེ། ཤཱནྟ་བྷ་པོ་པ་ཛཱི་བེཀ སཱུཏྤནྣཁེརྙམཱུལཡོ༔ ངག་གི་དབང་ཕྱུག་ཡེ་ཤེས་ཀྱི། །སྒྱུ་འཕྲུལ་དྲྭ་བའི་ཟློས་གར་ནི། །སྲིད་ཞིའི་ཉེར་འཚོ་གཅིག་གྱུར་པའི། །ཞབས་སེན་ཤར་གྱི་ཐིག་ལེའི་དྲུང་། ༡ །གང་གི་ཐུགས་རྗེའི་དཔྱིད་དཔལ་ལ་ཆགས་པའི། །བློ་གྲོས་པུཎྜ་རཱི་ཀའི་འཛུམ་རླབས་ལས། །ཞུ་གསོལ་བདུད་རྩིའི་ཐིག་ཕྲེང་འཇོ་བ་ཡང་། །ཡེ་ཤེས་གཟིགས་པའི་འབབ་སྟེགས་མཛེས་ཕྱིར་རྒྱུ། ༢ །གཟོད་ནས་ཞི་བ་དམ་པའི་ནགས་ཀླུང་དུ། །རྣམ་གྲོལ་བདུད་རྩིའི་རྦ་རླབས་འཐུང་བ་ལས། །ཚུར་མཐོང་དག་པའི་སྒྱུ་འཕྲུལ་དཔག་ཡས་ཀྱིས། །སྲིད་པ་འདི་ན་རྗེས་བརྩེའི་འདུ་འགོད་བརྩམས། ༣ །གང་ན་གྲུབ་པའི་ས་འཛིན་ཉམས་དགའི་སྤོར། །མཚན་དཔེའི་ཉི་གཞོན་ཐོག་མར་ཤར་ཙམ་གྱིས། །འཛམ་གླིང་ཕན་བདེའི་སྣང་བས་མཛེས་སོ་ཞེས། །གྲགས་པ་ཕྱོགས་ཀྱི་བུ་མོའི་རྣ་བར་སྦྱིན། ༤ །དེ་ཚེ་རིགས་གཟུགས་མཁྱེན་པའི་རྫིང་བུ་རུ། །མཐའ་ཀླས་ཡོན་ཏན་


JKT020_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གྱི་ཨུཏྤལ། །འཛུམ་བཅས་རོལ་པ་ཁོ་ནས་མཁས་དང་གྲུབ། །བྱེ་བ་སྙེད་ཀྱི་བརྟན་པ་གཅིག་ཅར་འཕྲོག ༥ །ཁྱད་པར་དེང་དུས་གསང་གསུམ་བེཟླུམ། །ལྷར་བཅས་རལ་པའི་ཆུ་གོས་རྩེར་བཀོད་པས། །དགེ་མཚན་འདོད་དགུའི་གྲུ་ཆར་འབེབས་མཛད་པའི། །བཀའ་དྲིན་བསམ་གྱིན་གུས་སྤྲོའི་ཐལ་མོ་སྦྱོར། ༦ །འདི་ན་ཀུན་ཏུ་རྨོངས་པའི་སྨིག་རྒྱུ་ཡིས། །ཆེས་ཆེར་ནོན་བདག་སོས་ཀའི་རྗེས་འགྲོ་ཡང་། །གང་གི་ཐུགས་རྗེའི་དཔྱིད་ཀྱིས་བསུས་པ་ལས། །ལང་ཚོའི་མེ་ཏོག་ཉམས་པར་མ་གྱུར་ཙམ། ༧ །སླར་ཡང་འགྱུར་མེད་རྟག་པའི་དངོས། །སྐྱེ་འགག་སྤྲོས་པ་ལས་འདས་ཀྱང་། །ཚུར་མཐོང་ངོར་ཡང་མི་ཕྱེད་པའི། །སྐལ་བཟང་སྒྲུབ་ཕྱིར་འདི་ལྟར་སྨོན། ༨ །བཱི་ཤྲཱི་ཤྲཱི་ཛཱི་བནྟུ། སྲས་བཅས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །ངག་ལ་དབང་བསྒྱུར་རྡོ་རྗེ་རྣོན་པོའི་གར། །ངོ་མཚར་མཚན་དཔེའི་ཕུང་པོར་ལྷུན་རྫོགས་པའི། །ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག ༩ །མི་ཤིགས་རྡོ་རྗེ་ནཱ་དའི་གསུང་དབྱངས་ནི། །ཐེག་ཆེན་བདུད་རྩིའི་དགའ་སྟོན་དང་འགྲོགས་ནས། །ཡན་ལག་དྲུག་ཅུའི་རྒྱུད་མང་བསྒྲེང་མཁས་པའི། །སྐལ་བཟང་སྲིད་འདིར་ནུབ་པ་མེད་གྱུར་ཅིག །བཀྲ་ཤིས་དགེ་མཚན་བྱེ་བའི་ཨུཏྤ་ལ། །མཁྱེན་གཉིས་ནོར་བུའི་རྦ་རླབས་དང་འགྲོགས་བཞིན། །རྣམ་ཀུན་མཆོག་ལྡན་དབྱིངས་ལས་


JKT020_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་མེད་པར། །འཚོ་གཞེས་སྣང་བས་ས་གསུམ་འབར་གྱུར་ཅིག ༡༡ །མདོར་ན་ཡོན་ཏན་རིན་ཆེན་འབུམ་ཕྲག་གིས། །མངོན་པར་གཏམས་པའི་ཕྲིན་ལས་ཆུ་གཏེར་ནི། །འཛམ་གླིང་ཡངས་པའི་ཁམས་འདིར་རྟག་འབབ་བཞིན། །བདག་ཀྱང་ཐུགས་རྗེའི་ཕྱག་གིས་དམ་དུ་ཟུངས། ༡༢ །དེ་སྐད་དད་དང་གུས་པའི་བློ་གྲོས་ཀྱི། །ཨུཏྤལ་གསར་པའི་ནགས་ཀླུང་ཉམས་དགའ་ནས། །ཞུ་གསོལ་ལང་ཚོས་རྒྱགས་པའི་ཀོ་ཀི་ལ། །བརྗོད་པ་སྙན་པའི་རོལ་མོ་འཁྲོལ་བཞིན་དེངས། ༡༣ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

ལྕང་སྐྱ་ཧུ་ཐོག་ཐུ།


JKT020_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

༈ མ་ཧཱ་ཙི་ནའི་རྒྱལ་ཁབ་ཏུ་ལྕང་སྐྱ་ཧུ་ཐོག་ཐུའི་ཞབས་པད་དུ་ཕུལ་བ། པཱུཛམྦྷཔྲམཧཱཛ་ཊབནཾ། ཙནྡྲིཕཏྟཁམཱུཧཤོབྷནེ༔ སྡེབ་སྦྱོར་དག་པའི་སྣང་བའོ།། མོཀཱསཱམྲྀཏསོཁྱདཱིཔཱདཱ ཏྲེལོཀྱེའུསདེབཛཱིཡཏྭཾ། མཆོད་འོས་ཆེ་དགུའི་རལ་པའི་སྨན་ལྗོངས་སུ། །ཞབས་སེན་ཟླ་རིས་བཀོད་པའི་དགེ་མཚན་གྱིས། །ཕན་བདེའི་བདུད་རྩི་ཐར་པའི་སྣང་སྟེར་བ། །ལྷར་བཅས་འཇིག་རྟེན་གསུམ་ན་རྒྱལ་གྱུར་ཅིག ༡ །ཇི་ལྟར་ཉི་མའི་རིགས་སུ་སྟོན་མཆོག་དང་། །དགེ་བའི་དཔལ་ལས་མགོན་ཁྱོད་སྣང་བའི་གཏམ། །ཐོས་པའི་རྣ་བ་ཙམ་ཡང་དོན་ལྡན་ཕྱིར། །མི་ཕྱེད་གུས་པ་མཆོག་གིས་མཆིད་འདི་གསོལ། ༢ །གཟོད་ནས་ཞི་བའི་ཆུ་གཏེར་ལ་ཆགས་ཀྱང་། །སྙིང་རྗེའི་འབིགས་བྱེད་རི་བོས་བསྲུབས་པ་ལས། །ཡིད་ཅན་རྒྱ་མཚོའི་གདུང་


JKT020_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བ་སེལ་བའི་སླད། །སྔོན་མེད་དཔག་བསམ་དབང་པོ་ཁྱོད་གཅིག་འཁྲུངས། ༣ །དེ་ཚེ་རྒྱལ་ཀུན་ཕྲིན་ལས་བདུད་རྩིའི་བཅུད། །རྫོགས་པར་བཟུང་བའི་མཁྱེན་བརྩེའི་སྤྲིན་མཛེས་ལས། །དོན་གཉིས་ཡིད་བཞིན་གྲུ་ཆར་འབེབས་མཁས་པས། །བསྟན་འགྲོའི་འདོད་དགུ་རྫོགས་ལྡན་བཞིན་དུ་བྱས། ༤ །ཁྱད་པར་རིས་བྲལ་གྲུབ་མཐའི་གཟུགས་བརྙན་ཀུན། །དྲི་མེད་བློ་མཆོག་ནོར་བུའི་མེ་ལོང་ངོགས། །ཤར་བས་ཐུབ་བསྟན་ཉེ་འཁོན་མེད་སྦྱར་བའི། །བཀའ་དྲིན་ཚངས་པའི་བློས་ཀྱང་གཞལ་མི་ནུས། ༥ །མདོར་ན་ཉེས་པ་ཆ་བཅས་རྣམ་སྤངས་ཤིང་། །ཡོན་ཏན་མཐའ་དག་འབྱོར་པའི་ཞབས་སེན་ནི། །བསྟན་འདིར་སྟོན་པ་གཉིས་པའི་རྒྱལ་ཐབས་ལ། །འཚོ་གཞེས་བྱང་ཆུབ་སྤྱོད་པས་མཛེས་བཞིན་དུ། ༦ །ཤིན་ཏུ་བརྩེ་བས་དྲངས་པའི་ལེགས་གསུངས་ཀྱི། །བཀའ་གླེགས་བྱིན་རླབས་གཟི་འོད་འབར་བ་དང་། །གྱ་ནོམ་བདོག་པའི་སྐྱེས་བཅས་སྤྱི་བོ་རུ། །ཐོབ་པས་དད་སྤྲོའི་དགའ་སྟོན་ཉིན་བཞིན་འཕེལ། ༧ །འདི་ན་མགོན་པོ་གང་གི་ཡེ་ཤེས་ཀྱི། །གཟིགས་པ་ནོར་བུའི་རྔ་ཡབ་གསར་པ་ཡིས། །ཡང་ཡང་དབུགས་འབྱིན་ཐོབ་པའི་དགེ་སྦྱོང་ཡང་། །ཉེར་འཚེའི་ཚ་གདུང་སྐབས་ཙམ་བྲལ་དང་བཅས། ༨ །དབེན་ཞིང་ཉམས་དགའི་བསམ་གཏན་ཁང་བུ་རུ། །རྩ་གསུམ་རྒྱ་མཚོ་བསྙེན་ཅིང་སྒྲུབ་པ་ཡིས། །


JKT020_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཞབས་རྡོ་རྗེ་ལྟ་བུར་འཚོ་གཞེས་སླད། །གསོལ་འདེབས་མགྲིན་པའི་རྒྱུད་ཡང་བསྒྲེང་བཞིན་མཆིས། ༩ །སླར་ཡང་གང་དུ་སྣང་ཙམ་གྱིས། །སྲིད་ཞིའི་དགེ་མཚན་བྱེ་བའི་ཕུལ། །གསང་གསུམ་བསྐལ་བརྒྱར་བརྟན་པའི་ཚིག །སྨོན་འདུན་དགེ་བས་འདི་སྐད་གསོལ། ༡༠ །ཤི་བཱི་ཤྲཱི་བི་ཛ་ཡནྟུ། ཤིན་ཏུ་དག་པ་རྡོ་རྗེ་དྷ་ཏིའི་དབྱིངས། །གཟུང་འཛིན་རྩ་ཡི་མདུད་པ་ཞིག་གྱུར་པས། །མི་ཟད་མཚན་དཔེའི་ལང་ཚོ་འབར་བཞིན་དུ། །རྟག་པ་རྒྱུན་གྱི་འཁོར་ལོར་འཚོ་གཞེས་གསོལ། ༡༡ །ཐབས་ཤེས་ཉི་ཟླའི་རྒྱུ་བ་ཇི་སྙེད་ཀུན། །ནཱ་ད་སྒྲ་གཅན་འཇུག་པས་དབང་བྱས་ནས། །ཡན་ལག་དྲུག་ཅུའི་དབྱངས་སུ་འབབས་ཟློ པའི་དཔྱིད། །འགྲོ་འདིའི་རྣ་བར་རྟག་ཏུ་སྙན་གྱུར་ཅིག ༡༢ །ཞུ་བདེས་ཟོས་པའི་ཆར་ཡང་འཕོ་མེད་པ། །སྟོང་ཉིད་ཡུལ་དང་གཉིས་སུ་མི་ཕྱེད་པའི། །རྣམ་མང་ཏིང་འཛིན་སྒོ་བརྒྱར་རོལ་བཞིན་དུ། །འཆི་མེད་གྲུབ་པའི་དགེ་མཚན་སྟོན་པར་གསོལ། ༡༣ །བྲལ་དང་སྨིན་པའི་ཡོན་ཏན་མཐའ་ཀླས་པ། །ཕུན་ཚོགས་ནོར་བུའི་དོ་ཤལ་བྱེ་བ་ཡིས། །ལྷུག་པར་གཡོགས་པའི་ངོ་མཚར་རྨད་བྱུང་བའི། །རྣམ་ཐར་སྲིད་ཞིའི་ཁམས་ན་གསལ་གྱུར་ཅིག ༡༤ །ཕྲིན་ལས་རོལ་མོ་སྲས་བཅས་རྒྱལ་ཀུན་དང་། །འཇུག་པ་གཅིག་པའི་དགེ་མཚན་དར་བབས་པས། །ས་གསུམ་ཕན་བདེའི་དགའ་སྟོན་རྒྱས་པའི་སླད། །


JKT020_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་པར་གསོལ། ༡༥ །མདོར་ན་ཡོངས་རྫོགས་བསྟན་དང་འགྲོ་བ་ཡི། །ཅོད་པན་མཚུངས་བ་མེད་པའི་ཞབས་པདྨོ། །བསྐལ་པ་རྒྱ་མཚོར་འཚོ་གཞེས་ཆོས་སྟོན་པར། །རྩེ་གཅིག་སྨོན་པའི་འབྲས་བུ་མངོན་གྱུར་ནས། ༡༦ །ནམ་ཡང་ཐུགས་རྗེའི་ཕྱག་གིས་མི་བཏང་བའི། །ལེགས་གསུང་སྤྱི་བོར་སྩོལ་བའི་སྐལ་བཟང་གིས། །རྣམ་ཀུན་ཤིས་པའི་སྣང་བ་ནུབ་མེད་པ། །སྤྲིན་བྲལ་ཉིན་མོའི་དཔལ་བཞིན་རྒྱས་པར་གསོལ། ༡༧ །ཞེས་པའང་རྨོག་སྟོན་གསང་བདག་ཆེན་པོའི་དགོངས་བཞེད་བསྐང་བའི་ཆེད་དུ་བྲིས་པའོ། །

བྲག་སྒོམ་ཞབས་དྲུང་དཀོན་མཆོག་བསྟན་པ་རབ་རྒྱས།


JKT020_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྗེ་བཙུན་བླ་མ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞལ་སྔ་ལ་ཕུལ་བའི་ཞུ་ཡིག །ཤྲཱི་བི་ཛ་ཡནྟུ། མཁྱེན་གསུམ་ཐོས་བསམ་རིན་ཆེན་གྲུ་བོ་ལ་འཆེལ་ནས། །ཉམས་ལེན་སྦྱོར་བཞིའི་ཆུ་གཏེར་ཆེན་པོ་བརྒལ་བའི་མཐར། །ཆོས་སྐུ་ཡིད་བཞིན་ནོར་བུའི་གླིང་དུ་ཉེར་རྩེན་པའི། །བཀའ་དྲིན་ཟླ་བྲལ་རྣམ་འདྲེན་མཆོག་གི་ཞབས་པདྨོར། ༡ །རིགས་ཀྱི་ས་བོན་མོས་པས་བརླན་བཅས་སེམས་བསྐྱེད་དང་། །བསྐྱོད་པའི་ཡལ་ག་སྐྱོན་མེད་འཇུག་དང་སྨིན་སྦྱོང་གི། །མེ་ཏོག་མཛེས་འབར་བྱང་ཆུབ་གཞན་དོན་འབྲས་ལྕི་བ། །སྔོན་མེད་དཔག་བསམ་ལྗོན་པ་མཆོག་དེར་འདི་སྐད་གསོལ། ༢ །རྟག་ཆད་རྣམ་སྤངས་དབུས་ལའང་གནས་པའི་སྒྲིབ་བྲལ་བས། །མཐའ་ཡི་རྟོག་།


JKT020_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པར་འབྱེད་པའི་ཡེ་ཤེས་ནི། །སྙིང་རྗེའི་འཛུམ་དཀར་གཡོ་བ་དང་འགྲོགས་རོལ་མོ་ཡིས། །སྲིད་འདིར་ཕན་པ་མཐའ་ཀླས་སྒྲུབ་མཛད་ཁྱོད་གཅིག་པུ། ༣ །ཁྱད་པར་བདག་རྒྱུད་རྨོངས་མུན་གྱིས་ཟུམ་ཨུཏྤལ། །ཆོས་ཅན་འཁོར་བའི་འདམ་རྫབ་སྟག་པོ་ལས་བསླངས་ནས། །ཆོས་ཉིད་མྱང་འདས་སྦྲང་རྩིའི་འབབ་སྟེགས་གཅིག་གྱུར་པའི། །དམ་ཆོས་སྣང་བ་ཅུང་ཟད་ཐོབ་འདིའང་ཁྱོད་ཀྱི་དྲིན། ༩ །དེ་སླད་། ཤིན་ཏུ་གུས་པ་ཡི། །ཡིད་ནི་ཟླ་ཤེལ་གསར་བ་ལ། །ཕྱོགས་པའི་ཀུ་མུ་དཱ་དཔལ་ལྟར། །བསམས་བཞིན་གུས་སྤྲོའི་འདབ་རྒྱ་གྲོལ། ༥ །སངས་རྒྱས་ཆོས་ཚོགས་ཀུན་གྱི་ངོ་བོ་གཅིག་གྱུར་པ། །སྒྲིབ་བྲལ་ཁམས་ལས་བྱང་ཆུབ་མཆོག་གི་ས་བརྙེས་ནས། །ཡོན་ཏན་ཕྲིན་ལས་ཕ་མཐའ་ཡས་པའི་བདག་ཉིད་ཅན། །རྡོ་རྗེའི་ཆོས་བདུན་ངོ་བོར་བསྐལ་བརྒྱར་འཚོ་གཞེས་གསོལ། ༦ །དེ་སྐད་མ་ཕམ་དགོངས་པའི་དོན་ལ་སྦྱར་བ་ཡི། །ཞུ་གསོལ་འདི་ཡི་རྟེན་ཅིང་འབྲེལ་འབྱུང་ཁོ་ན་ལ། །བརྟེན་ནས་རིང་མིན་རྡོ་རྗེའི་གདན་ལ་བྱམས་མགོན་བཞིན། །ཁྱོད་ཀྱིས་བདག་སོགས་དམ་ཆོས་བདུད་རྩིས་ཚིམ་མཛོད་ཀྱེ། ༈ །སརྦ་དཱ་ཐེ་ཡོ་བྷ་བ་ཏུ།། །།

དགའ་ལྡན་མཆོག་སྤྲུལ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ།


JKT020_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

༈ དགའ་ལྡན་མཆོག་སྤྲུལ་རིན་པོ་ཆེ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོར་ཕུལ་བའི་འཕྲིན་ལན། ཛཱནཱནཾཔྲབིདཾཀྲབཱཏྟཱཏེ སཾཔུཎྞཾམུནིཤཱསནཾསྤྲུཊེ༔ ཤུདྡྷསྱཱདཱིབྷེ། མཱནསྱསརསཱིཏབིཀྐིབཱ།


JKT020_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

པཱདཔྱོབཀམལྕམཱུལཡོ༔ མཁྱེན་བརྩེའི་ཡེ་ཤེས་རྨད་བྱུང་བས། །ཡོངས་རྫོགས་ཐུབ་བསྟན་སྣང་མཛད་ཅིང་། །ཡིད་ཅན་རྒྱ་མཚོའི་གདུང་སེལ་བའི། །ཞབས་ཀྱི་པདྨོའི་ཉེ་དྲུང་དུ། ༡ །གང་དུ་སོན་པའི་ལེགས་བྱས་ཀྱིས། །དཔལ་དང་བདུད་རྩིའི་གཏེར་སྦྱིན་པས། །ཟླ་བ་ཁོ་ནར་རྣམ་བརྟག་བློས། །ཚིག་གི་ཀུ་མུཏ་འཛུམ་པར་གྱུར། ༢ །རིང་ནས་སྦྱངས་པའི་བློ་གྲོས་ནི། །ཤེས་བྱའི་ཡུལ་ལ་འཇུག་པ་ན། །འབད་པ་མེད་པར་ཀུན་མཁྱེན་གྱི། །རྒྱལ་ཐབས་རང་དབང་མཛད་ཅེས་གྲགས། ༣ །དེ་ཚེ་བསླབ་པའི་ཡལ་ག་ལ། །གྲོལ་བའི་འབྲས་བུས་རབ་དུད་པ། །སྔོན་མེད་དཔག་བསམ་རྐང་པས་འཐུང་། །ཉེ་བར་འཁོར་གྱི་རྣམ་ཐར་བཟུང་། ༤ །རང་གི་དྲི་ཡིས་འབིགས་བྱེད་ཀླུང་། །མཛེས་སྟེར་ས་མཆོག་ལྗོན་པ་སྟེ། །མ་འདྲིས་ཀུན་ལ་མཛའ་བཤེས་ཀྱིས། །དབུགས་འབྱིན་བགྱིད་པ་ཁྱོད་འདྲ་མེད། ༥ ། བདག་ལྟའི་འཛིན་སྟངས་བྲལ་བའི་བློ། །བདེ་བ་ཆེ་དང་མི་ཕྱེད་པའི། །ཟུང་འཇུག་ཡེ་ཤེས་སྲོག་གྲུབ་པས། །རྡོ་རྗེ་འཛིན་པའི་མཚན་སྙན་ལེན། ༦ །ལྷག་པར་འདི་ན་ཆེར་སྙེམས་རྣམས། །རིག་པའི་དེ་ཉིད་མ་མཐོང་བཞིན། །སྲེད་དང་སྡང་བའི་རྗེས་འབྲངས་ནས། །ཐུབ་བསྟན་ཉེ་འཁོན་གནས་ལ་སྦྱར། ༧ །ཁྱོད་ཀྱིས་གཙུག་ལག་ཇི་སྙེད་ཀུན། །སྒྲིབ་མེད་གཟིགས་དང་ཆབ་གཅིག་པར། །ཕྱོགས་ལྷུང་


JKT020_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མར་བསྙིལ་མཛད་པས། །སྐྱེས་བུ་དམ་པར་གཅིག་ཏུ་མཚོན། ༨ །དེ་སླད་འཚོ་གཞེས་བརྟན་པ་དང་། །ལེགས་གསུངས་ཅུང་ཟད་ཐོབ་པས་ཀྱང་། །བྲལ་བས་ཉེན་ལ་ཙནྡན་ཆུས། །ཕན་པ་བསྒྲུབས་པས་ཆར་མི་ཉེ། ༩ །འདི་ན་དགེ་སྦྱོང་གཟུགས་བརྙན་ཡང་། །ལང་ཚོའི་ཆུ་སྐྱེས་མ་རྙིང་བཞིན། །ནང་གི་མུན་སེལ་རིམ་གཉིས་ཀྱི། །ཉིན་མོའི་སྣང་བར་ཕྱོགས་བཞིན་མཆིས། ༡༠ །སླར་ཡང་འཇིག་རྟེན་དགེ་ལེགས་ཀྱི། །འབྱུང་གནས་དམ་ཆོས་རིན་ཆེན་དབྱིག །གཏན་པ་མེད་པར་སྦྱིན་མཁས་པ། །གདེངས་ཅན་བདག་པོ་ཁྱོད་ཉིད་ཕྱིར། ༡༡ །བསྐལ་པ་རྒྱ་མཚོར་ཞབས་བརྟན་པའི། །གྲགས་དཀར་ཟླ་ཟློ བས་ཡིད་སྲུབས་སྡེ། །པདྨོ་ལྟ་བུར་ཟུམ་པ་དང་། །ཕན་བདེའི་ཆུ་གཏེར་རྒྱས་པ་ནས། ༡༢ །བདག་ཀྱང་བྱང་ཆུབ་སྙིང་པོའི་བར། །ཐུགས་རྗེའི་ཕྱག་གིས་དབུགས་དབྱུང་བས། །དཔྱིད་ཀྱིས་བཟུང་བའི་ཨུཏྤལ་བཞིན། །སྲིད་ཞིའི་དགེ་མཚན་རྫོགས་མཛད་གསོལ། ༡༣ །སརྦ་དཱ་ཐེ་ཡོ་བྷ་བ་ཏུ།། །།

འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ།


JKT020_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

༈ ངེས་པར་ཐམས་ཅད་མཁྱེན་དངོས་ཀརྨ་བཱ་གཱི་ཤྭར་གུ་ཎ་སཱ་ག་རའི་ཞབས་པད་དུ་ཕུལ་བའི་ཞུ་ཡིག ། ཨཱཛཱིཡཾསམྦརཛཱནཾ། སརྦཀེཤཱཏིདྷརྨདྷཱ། ཚནྡོབཱཀཾ། སྤུཏིསཱཀྵཡུབཱཤཀྟི། པྲབྷསིངྒེཎཊེརྫཡེཏ། །ཤེས་བྱ་མ་ལུས་སྡོམ་པའི་ཡེ་ཤེས་ནི། །ཀུན་ཏུ་ཟག་པའི་ཆོས་ཁམས་ལས་འདས་ཀྱང་། །ཤིན་ཏུ་ཕྲ་བ་གཉུག་


JKT020_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ལང་ཚོའི་སྟོབས། །རབ་འབར་གྲུབ་པའི་ཟློས་གར་རྒྱལ་གྱུར་ཅིག །གང་ཞིག་ཐོབ་ན་ཡོན་ཏན་གྱི། །དཔལ་དང་བདུད་རྩིའི་རླབས་གཡོ་བས། །གྲགས་པའི་ཆུ་གཏེར་འཕེལ་བགྱིད་པའི། །ཞབས་སེན་ཤར་གྱི་ཐིག་ལེའི་དྲུང་། ༡ །ཇི་ལྟར་ཟླ་བས་བརླན་པའི་ཀུ་མུད་དང་། །དཔྱིད་དཔལ་ཡོངས་སུ་དར་བའི་པདྨོ་བཞིན། །ཁྱོད་ཚུལ་བསྔག་ཕྱེད་དད་གདུང་ཉེ་བར་རྫོགས་པའི་མཆིད། ༢ །སྤྲོས་པར་གྱུར་ན་ངལ་བས་མ་བཟོད་ཀྱང་། །ཉུང་ངུའི་ངག་གིས་འགྲན་ལ་ཡིད་ཕམ་ནས། །འཚམས་པར་གསོལ་བའི་གཏམ་གྱི་མལླི་ཀས། །དོན་ལྡན་མགྲིན་པའི་རྒྱུད་མང་འདི་ལྟར་བསྒྲེངས། ༣ །གང་ཁྱོད་གཉིས་འཐུང་ཁྲོད་ན་ཐལ་ཀར་དང་། །དགའ་བའི་ཚལ་དུ་དཔལ་གྱི་དུམ་བུ་ལྟར། །བློ་གྲོས་ཡོངས་རྫོགས་མཁས་པའི་འདུན་ས་རུ། །སྐྱེ་བར་ཐོབ་པའི་སྤོབས་པ་གཟེངས་སུ་མཐོ། ༤ །དཀར་པོའི་ཕྱོགས་དང་མཚུངས་པའི་བཤེས་གཉེན་གྱི། །དཔལ་ལ་བསྟེན་པས་སྦྱོར་བྱུང་རྣམ་དཔྱོད་ཟླ། །ཉིན་བཞིན་འཕེལ་བའི་གྲགས་དཀར་སྣང་བ་དང་། །ལྷན་ཅིག་ཕྱི་ནང་རིག་པའི་ཆ་ཤས་གང་། ༥ །དེ་ཚེ་སྲིད་ཞིའི་ཉམས་འགྱུར་རྣམ་མང་གཟུགས། །བློ་མཆོག་ཤེལ་གྱི་བ་གམ་ལ་འཕོས་པས། །ལྷར་བཅས་ཡི་ག་འགུགས་པའི་གཟུགས་བརྙན་བརྒྱས། །ལས་སྣ་ཚོགས་པའི་ཕང་པར་དལ་


JKT020_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འཛེགས། ༦ །རྣམ་གྱུར་གསོ་དང་གཅིག་ཤོས་རིང་གནས་པའི། །ཐབས་ཚུལ་ཡན་ལག་བརྒྱད་ལྡན་པདྨའི་ནགས། །འཆོལ་སྤྱོད་གདུང་བས་ཟུམ་ལ་ཉེར་ཕྱོགས་ཚེ། །གང་གི་མཁྱེན་རབ་དཔྱིད་ཀྱིས་སླར་ཡང་བཟུང་། ༧ །རང་བཞིན་ཁམས་ཀྱི་བདུད་རྩིའི་སྙིང་པོའི་སྤྲིན། །སྣ་ཚོགས་རྐྱེན་གྱི་སྦྱོར་བས་སྲུབ་མ་ཐག །མིང་དང་ཚིག་གི་རྣམ་འགྱུར་མཐའ་ཀླས་པའི། །གྲུ་ཆར་འབེབས་ལ་དཔལ་ལྡན་ཟླ་བ་ཨཱ དངོས། ༨ །ཤེས་བྱ་ཡུལ་གྱི་མཚན་ཉིད་གང་ཡིན་པར། །ཏེ་པོར་གྲུབ་པའི་བློ་ཡིས་རེག་པ་ལས། །ཕས་ཀྱི་རྒོལ་བས་ནམ་ཡང་མི་བརྫི་བའི། །ཚད་མ་སྨྲ་བ་ཀུན་མཁྱེན་རྗེས་སུ་འགྲོ། ༩ །ཐེག་པ་གསུམ་ལས་བརྩམས་པའི་གྲུབ་མཐའི་གཞུང་། །རྣམ་བཞིའི་རི་བོའི་སྤོ་ལ་གནས་བཅས་ཏེ། །ངེས་དོན་དབུ་མའི་ལམ་སྲོལ་འཆད་པའི་ཚེ། །མ་ཕམ་ཞབས་ཉིད་གངས་ཅན་འདིར་བྱོན་བཞིན། ༡༠ །ཁྱད་པར་བག་མེད་འགོགས་པའི་བརླན་ཆགས་པས། །ཉེས་སྤྱོད་རྡུལ་ལ་བཟའ་དང་ལྷན་ཅིག་པར། །ཚུལ་གནས་ཁྲིམས་ཀྱི་དགའ་ཚལ་དར་བབས་ཕྱིར། །བསིལ་ལྗོངས་ཨུ་པཱ་ལ་ཞེས་བསྔགས་པར་འོས། ༡༡ །བསམ་དང་སྦྱོར་བས་དྲངས་བའི་སྨོན་འཇུག་གི། །དམ་བཅའི་ཡི་གེ་སྙིང་ལ་བཀོད་པའི་མོད། །རྒྱལ་བའི་སྲས་ཀྱི་རྣམ་ཐར་རྒྱ་མཚོ་དང་། །བྲལ་སྨིན་ཡོན་ཏན་བྱེ་སྙེད་ངང་གིས་འཕེལ། ༡༢ །སྨིན་བྱེད་


JKT020_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་མའི་སོར་རྩེས་བསྣུན་པ་ལས། །རྟེན་དང་བརྟེན་པར་བཅས་པའི་བསྤྲུལ། །འཛུམ་དཀར་གཡོ་བའི་ལང་ཚོ་གསར་པ་ཡིས། །ནང་གི་ལམ་ནས་གྲུབ་པའི་རྒྱལ་སར་གཤེགས། ༡༣ །མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་རྡོ་རྗེའི་ཚིག །ཇི་བཞིན་འགྲེལ་ལ་གསང་བ་འཛིན་པའི་བདག །ཟག་བྲལ་མཁྱེན་པའི་དཔྱིད་དང་སྙོམས་འཇུག་པས། །གྲངས་མེད་རྒྱུད་སྡེ་རྒྱ་མཚོ་འཆད་ལ་དབང་། ༡༤ ། དཀར་ནག་དབྱངས་འཆར་བཅས་པའི་རྩིས་རིག་གི། །དཔྱད་པ་གཙང་བས་བཏབ་པའི་མ་ཀུ་རར། །ལྐོག་གྱུར་གཟུགས་བརྙན་བརྒྱ་ཕྲག་འཆར་བཟོད་ཕྱིར། །འགྲོ་འདིའི་དམིགས་བུ་ཁྱོད་ལས་གཞན་དུ་སུ། ༡༥ །ཁྱད་པར་ཅན་དང་ཐུན་མོང་རྒྱན་གྱི་གཞུང་། །འཆད་དམ་རྩོམ་པའི་བ་དན་བསྒྲེང་བོ་ན། །མཚོ་ལྡན་དགྱེས་ཏེ་མགྲིན་པར་ཞུགས་པ་ལས། །དཔལ་ལྡན་དཎྜིའི་བརྗོད་པ་དངོས་དེ་རྡོལ། ༡༦ །གཟོད་ནས་གྲུབ་དང་རྗེས་སུ་སྐྱེས་པ་ཡི། །དོན་དང་མིང་གི་རྣམ་གྲངས་ཇི་སྙེད་པ། །སྔོན་བྱུང་རྒྱུ་མཚན་བཅས་ཏེ་སྒྲུབ་པའི་ངག །སྨྲ་ལ་འཆི་བ་མེད་པའི་སེང་གེར་དྲན། ༡༧ །ལྕི་དང་ཡང་བའི་ཡི་གེའི་ཕྲེང་བ་ནི། །སྡེབ་ལེགས་སྦྱོར་བས་བཅིངས་པའི་མཁུར་ཚོས་སུ། །ངོ་མཚར་ཡོན་ཏན་དྲུག་གིས་སྒེག་པའི་ཕྱིར། །རིན་འབྱུང་ཞི་བའི་རྣམ་ཐར་བདག་གིར་བཟུང་། ༡༨ །དེ་ཕྱིར་སྲིད་འདིར་ཁྱོད་ཚུལ་དང་། །མཚུངས་


JKT020_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་དཔྱོད་ཅན་སྤངས་ན། །ལྷག་པ་ལྟ་ཡང་ག་ལ་ཞེས། །གཏམ་འདི་གཟུར་གནས་རྣ་བར་སྙན། ༡༩ །མདོར་ན་སྐྱེ་བའི་ཕ་རོལ་ཟད་ཀྱང་ཚུར་མཐོང་དག་པའི་སྒྱུ་འཕྲུལ་བཟུང་། །སྤྲོས་པ་དུ་མས་གཞར་ཡང་དབེན་མོད་སྣ་ཚོགས་བསམ་པའི་རྗེས་སུ་འཇུག །བློ་ལྡན་རྣམས་ལ་སྣང་བ་སྦྱིན་ཡང་ཡིད་སྲུབས་སྙིང་ལ་མུན་སྟེར་བའི། །བསམ་གྱིས་མི་ཁྱབ་མཁའ་འདྲའི་རྣམ་ཐར་བྱིས་བློས་བརྗོད་པས་ཇི་ལྟར་དྲངས། ༢༠ །དེ་སླད་གསང་གསུམ་འཚོ་གཞེས་བརྟན་པ་ཡི། །གཏམ་གྱི་སིམ་འོད་ཅུང་ཟད་བཏུང་བས་ཀྱང་། །བསམ་གཏན་གྲུབ་པའི་དགའ་བས་སྙེམས་གྱུར་པའི། །ངང་ཚུལ་འདི་ནི་ལྷན་སྐྱེས་ཉིད་དུ་བྱུང་། ༢༡ ། ཅི་ཕྱིར་ཕལ་ཆེར་དོན་ལ་སྒྲིབ་གྱུར་ཅིང་། །གཞན་འགས་ཤེས་ཀྱང་ཡལ་བར་དོར་བ་ཡི། །བློ་ངན་རྫབ་བཞིན་དཀྲིགས་པའི་གཞན་དབང་གིས། །ཡང་དག་བསྟན་པའི་མཆོད་སྡོང་མ་རུང་བྱས། ༢༢ །དེ་ཚེ་ལ་བསླབ་གཞིས་མཛེས་པའི་སྤྲིན་དཀར་ལས། །ལེགས་བྱས་བདུད་རྩིའི་གྲུ་ཆར་ཆེར་དབབ་པས། །རྣམ་མང་རིག་པའི་མཚར་སྡུག་མཐོར་བསྙེགས་པའི། །བྱེད་པོ་གདེངས་ཅན་གང་ལས་དམིགས་སུ་མེད། ༢༣། བློ་གྲོས་དྲི་མེད་ཟླ་བས་རེག་པའི་མཚོར། །འཆད་རྩོམ་ནོར་བུའི་ཐག་པ་ཆད་པའི་ཚེ། །དཔྱོད་ཤེས་ཚོང་པ་དགའ་བའི་སྤྲིང་ཡིག་གིས། །གངས་རིའི་ཁྲོད་ཀྱི་འཇམ་མགོན་གཉིས་པར་གྲུབ། ༢༤ །འདི་ན་


JKT020_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞབས་དཔྱིད་དཔལ་གྱིས། །བཟུང་བའི་ཀུན་རྨོངས་བྷུ་མ་རཿ ལང་ཚོའི་འདུ་བྱེད་མ་ཉམས་ཀྱང་། །སྙོམས་ལས་ཁོ་ནའི་གདུང་བས་མནར། ༢༥ །ཕྱི་ནང་རིག་པའི་མིང་ཙམ་ཡང་། །ལེགས་པར་རྟོགས་པ་མིན་མོད་ཀྱི། །གཞན་དབང་ལ་བརྟེན་ཉན་བཤད་ཀྱི། །གཟུགས་བརྙན་ཙམ་ཞིག་ཁུར་དུ་ཐོབ། ༢༦ །དེ་ལྟར་ན་ཡང་སྙིགས་མའི་མཐུས། །བཀབ་པའི་ངང་ཚུལ་ལ་སྐྱོ་ནས། །ཡིད་ནི་ཞི་བའི་བསྟི་གནས་སུ། །མཉམ་པར་བཞག་ལ་གཅིག་ཏུ་སྨོན། ༢༧ །སླར་ཡང་མཁས་པའི་གཙུག་ཏོར་རྩེར། །གྲུབ་པའི་ཞབས་སེན་བཀོད་པ་ཡིས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ། །ཡུན་དུ་བརྟན་ཕྱིར་འདི་ལྟར་སྨོན། ༢༨ །བཱི་ཤྲཱི་ཤྲཱི་བི་ཛ་ཡནྟུ། ཀུན་ཏུ་འཕོ་བའི་བག་ཆགས་རྒྱུན་བཅས་པ། །གཉུག་མའི་ཕུང་ཁམས་སྐྱེ་མཆེད་གིས་ཟོས་པས། །ཡོངས་གྲུབ་རྟག་པ་དམ་པའི་རང་བཞིན་དུ། །འཆི་བ་མེད་པའི་བཅུད་ལེན་བརྙེས་གྱུར་ཅིག ༢༩ །ཀོ་ཊ་ཁྱུ་སོགས་འཇུག་ལྡང་དྷཱ་ཏིའི་དབྱིངས། །ཁ་སྦྱོར་རྡོ་རྗེའི་ཆོ་གས་བཅིངས་པ་ལས། །གཞོམ་མེད་ལུང་དང་རྟོགས་པའི་རོལ་མོ་ཅན། །མི་ཤིགས་ནཱ་དའི་དབྱངས་སུ་ལེན་པར་མཛོད། ༣༠ །སྒྲིབ་གསུམ་ཆར་བཅས་ཟོས་པའི་ཡེ་ཤེས་ནི། །སྲིད་དང་ཞི་བའི་ཕ་རོལ་ཕྱིན་གྱུར་པའི། །འོད་གསལ་ཤིན་ཏུ་ཕྲ་བའི་ཆོས་ཉིད་ཅན། །རྣམ་ཀུན་མཆོག་ལྡན་ཆེན་པོར་


JKT020_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་གཞེས་གསོལ། ༣༡ །གང་ཞིག་ཤར་རིའི་ཕྲག་པས་བསྟེན་བྱས་སྲིད་པའི་མིག་གཅིག་སྣང་བའི་མོད། །ཕུན་ཚོགས་དགའ་བའི་དགའ་ཚལ་སྟུག་པོ་རིང་ཡང་ཉེ་བས་བསྐྱང་བཞིན་དུ། །འཇམ་མགོན་ངུར་སྨྲིག་གར་དུ་ཟློས་པ་ཁྱོད་ཞབས་པདྨོ་བརླུང་བ་ཡིས། །བདག་ཀྱང་ཇི་སྲིད་བྱང་ཆུབ་བར་དུ་ཐུགས་རྗེའི་ཕྱག་རྒྱས་བསྡམས་ཤིག་ཀྱེ། ༣༢ །གཞན་ཡང་རྣམ་ཀུན་ལེགས་བཤད་ཀྱི། །བཀའ་གསང་སྤྲིན་གྱི་རྒྱུད་མང་ཡང་། །གུས་པའི་མདོངས་མཐའ་གསོ་བའི་སླད། །རྣ་བའི་བཅུད་དུ་བརྡུང་བར་མཛོད། ༣༣ །འདི་ན་ཕལ་ཆེར་སྒྲོ་བཏགས་ཁོ་ནས་བསྟོད་འོས་མིན་ལ་མངོན་བརྗོད་པའི། །རྗེས་སུ་ཡིག་ཕྱོགས་ལས་ཟློ བཟློག་སྟེ་དོན་དང་བཅས་པའི་རྣམ་ཐར་ལ། །ཅུང་ཟད་བསྔགས་པའི་ལེགས་བྱས་འདི་ཀོ་གཟུར་གནས་དགའ་བའི་འཁྲི་ཤིང་དང་། །གང་གི་མཁྱེན་པའི་སྤྱན་ཟུར་གཡོ་སླད་གྱི་ནས་འཚོ་བའི་མགྲིན་ལས་སྐྱེས། འི ༣༤ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

ཀཿཐོག་སི་ཏུ་ཆོས་ཀྱི་བློ་གྲོས།


JKT020_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཆོག་སྤྲུལ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་པའི་ཞལ་སྔ་ལ་ཕུལ་བའི་ཞུ་ཡིག །བཅུ་སུས། ཤཱིཥསུཏརུཔརཱསིདྡྷཾ། ཚནྡོཛགཤིཤུསུཏེ། ཏྲིསསུརབནེཀཤྲཱིཛཡཏུནསམདྷརྨོདྷི། །མཁས་པས་བསྔགས་འོས་ཡོན་ཏན་མེ་ཏོག་གིས། །འཁྱུད་པའི་གྲུབ་པ་མཆོག་གི་ལྗོན་བཟང་ནི། །ལྷར་བཅས་འཇིག་རྟེན་གསུམ་གྱི་དཔྱིད་གཅིག་པུ། །མཚུངས་མེད་ཆོས་ཀྱི་བློ་གྲོས་༼འདིའི་ནང་རི་མོ་ཡོད༽


JKT020_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་གྱུར་ཅིག ༡ །འདི་ན་བསིལ་བའི་རེག་བྱ་མ་ཉམས་པ། །ཐང་ཆུ་དཀར་པོའི་འོད་ཀྱིས་རྒྱས་བཏབ་པའི། །སྨན་མཛད་ཐུགས་རྗེའི་ཟིལ་དངར་ཅུང་ཟད་ཙམ། །ཐོབ་པ་ཡིས་ཀྱང་གཞལ་དཀའི་གདུང་བ་འཕྲོག ༢ །འཛུམ་པའི་པདྨོ་དུད་པས་སཱ་ལའི་ཀླུང་། །མཛེས་སྟེར་འབྱུང་བའི་དུས་ཀྱི་ལྷན་སྐྱེས་ཏེ། །དམ་པའི་ངང་ཚུལ་རྟག་པར་འཆར་ལས་གཞན། །སྲིད་འདིར་སྣང་བ་སྦྱིན་མཁས་གཉིས་པ་མེད། ༣ །གང་ཕྱིར་དེ་ཡི་བརྗོད་པ་ཡི་གེའི་ཕྲེང་། །གཟུགས་སུ་གྱུར་ན་མཁའ་མཐའ་བརྟུལ་སྙམ་པའི། །མོས་གུས་དཔྱིད་ཀྱིས་རབ་བཟུང་བྷ་མ་རཿ །བསམ་གཏན་བདུད་རྩིས་འཚོ་བའི་མནལ་ལ་གཡུར། ༤ །ཤེས་བྱ་བདེན་པའི་ཕྱོགས་སུ་ཡིད་ཕྱོགས་ཀྱང་། །ཤེས་པ་རྫུན་གྱི་རི་མོ་མངོན་སུམ་པས། །མཐའ་གཉིས་དབུ་མར་བསྙིལ་བའི་གྲགས་དཀར་གྱི། །འབབ་སྟེགས་ཉམས་དགར་འཛེགས་སླད་གཅིག་ཏུ་འདུན། ༥ །སླར་ཡང་སྙིགས་མར་སྤྱོད་པའི་བསྟན་དང་འགྲོའི། །ངལ་བཅས་གདུང་བ་བཀྲུ་བའི་འཇུག་ངོགས་མཆོག །ཕན་བདེའི་འདོད་དགུ་སྦྱིན་ཁྱོད་བསྐལ་བརྒྱའི་བར། །ཏིཥྛན་ཞེས་ཤིས་བརྗོད་མེ་ཏོག་འཐོར། ༦ །ཞེས་འདི་སྒྲ་དབྱངས་རྒྱ་མཚོའི་དབང་ཕྱུག་མ། །ཉམས་བརྒྱད་གར་གྱིས་རོལ་པའི་ཟེག་མ་ཙམ། །སྙིང་དབུས་རྫིང་བུར་རྟག་པར་ངལ་འཚོ་བའི། །གཙུག་ལག་སྨྲ་བ་གཞོན་ནུའི་མགྲིན་ལས་སོ། ༧ །སརྦ་དཱ་ཐེ་ཡསིདྡྷནྟུ།། །།

མཆོག་སྤྲུལ་ཀརྨ་ངེས་དོན།


JKT020_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཆོག་སྤྲུལ་རིན་པོ་ཆེ་ཀརྨ་ངེས་དོན་དཔལ་བཟང་པོའི་སྤྱན་སྔར་ཕུལ་བའི་མཆིད་ལན། གུཎཀུསུམཔུཥརཛྫི། ཡཤསམྲྀཏསཀཱནྟིསཱཏ། ཙྪན ཤིཤུསུཏེ། ཨསམཔཊུསུསིདྡྷཤཱིཏྲིལོབྷུབནབསདཱཛཱིཡཱཏཱ། ཡོན་ཏན་མེ་ཏོག་རྒྱས་པའི་ཆུ་གཏེར་ནི། །གྲགས་པའི་བདུད་རྩིར་བཅས་པས་མཛེས་གྱུར་པ། །མཚུངས་མེད་མཁས་ཤིང་ཤིན་ཏུ་གྲུབ་པའི་དཔྱིད། །འཇིག་རྟེན་གསུམ་ན་རྟག་ཏུ་རྒྱལ་གྱུར་ཅིག ༡ །གང་གི་བསྔགས་འོས་རྣམ་ཐར་རྨད་བྱུང་བ། །འབིགས་བྱེད་ནགས་ཀྱི་སིམ་པ་མངོན་སུམ་པས། །ཡིད་ལ་དགའ་བ་གཟུགས་ཅན་བཞིན་གྱུར་པས། །ངག་གི་རྒྱུད་མང་ཉིན་བཞིན་འཁྲོལ་ལ་བརྩོན། ༢ །ཟླ་གཞོན་བྱེ་བའི་འོད་ཀྱི་དགེ་མཚན་དང་། །མི་ཕྱེད་དམ་པའི་རིགས་ཀྱི་ཨུཏྤ་ལ། །ལྷ་དང་བཅས་པའི་ངལ་འཚོའི་དཔྱིད་གཅིག་པུར། །ཐོག་མ་ཉིད་ནས་ཡེ་ཤེས་གཟིགས་པས་བསྙད། ༣ ། གཤིས་ཀྱི་མཁྱེན་པ་སད་པའི་ལེགས་བྱས་དང་། །ངག་ཏུ་རིག་ལམ་དུ་མར་ཞབས་བཀོད་པས། །ཤེས་བྱ་ཀུན་ལ་འཇིགས་པ་མེད་པའི་བློས། །མཚོ་བྱུང་དགྱེས་པའི་སྙེམས་པ་ཅིར་ཡང་བཟུང་། ༤ །སྔོན་དུས་དཀར་པོའི་ས་བོན་བཤེས་པ་ལས། །དེང་ཚེ་འདྲིས་མིན་བརྩེ་བའི་འབབ་སྟེགས་ཀྱང་། །བསླབ་དང་གྲོལ་བའི་ཁྱད་པར་དབེན་བཞིན་དུ། །གྲགས་པའི་བསམ་གཏན་ཁོ་ནར་ཡིད་རབ་གཏོད། ༥ །


JKT020_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སླད་ནས་ནང་གི་ཐུན་གསུམ་ཡེ་ཤེས་ཀྱི། །སྣང་བས་འགོགས་པའི་སྤྲིང་ཡིག་ཁུར་ལྕི་བ། །ལག་ན་རལ་གྲིའི་ངོ་བོར་བསྐལ་པ་བརྒྱར། །འཚོ་གཞེས་ཤིས་པའི་ཆོ་ག་བསྒྲུབ་བཞིན་དུ། ༦ །ལྷུན་པོའི་རྣ་རྒྱན་ཅན་གྱི་ཁོར་ཡུག་ན། །འཆད་རྩོད་རྩོམ་པའི་དབྱངས་བདུན་ཏམྦུ་ར། །མཁྱེན་དཔྱོད་སོར་མོས་བསྐུལ་བའི་ལེགས་བྱས་ཀྱིས། །རྨོངས་པའི་གདུང་བ་འཕྲོག་པའི་བཀའ་དྲིན་སྩོལ། ༧ །ཇི་ལྟར་པདྨོས་བརྒྱན་པའི་ནགས་ཀླུང་དུ། །ཆེད་དུ་བསྡུས་མིན་པུང་བའི་བུ་མོ་བཞིན། །གང་ཞབས་ཡོན་ཏན་བྱེ་བའི་གཞན་དབང་གིས། །བརྗོད་པ་འདི་ཡང་ཕྱོགས་དེར་དལ་གྱིས་དྲངས། ༨ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

མཚོ་ཕུར་རྡོར་འཛིན་བསོད་གྲགས།


JKT020_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཁའ་སྤྱོད་དཔལ་གྱི་མཚོ་ཕུར་རྡོ་རྗེ་འཛིན་དབང་བསོད་ནམས་གྲགས་པའི་མདུན་ཕུལ་བའི་འཕྲིན་ལན། ཡསྭཱཧཱུཏབིམོཀམཁྱབེ བྷཱབཱནཾཀཡནཾསམཾཧཧེ སྡེབ་སྦྱོར་དག་པའི་སྣང་བའོ། །སཾདཱིཔསྱཧིཏཾསུཁཾཤུབྷྲཱུྃ ལཀྵཎཏྲིབིབིཛིཡཏྭཾ། གང་གི་རྣམ་ཐར་རྨད་བྱུང་ནོར་གྱི་བུས། །སྲིད་པའི་རྒུད་པ་མཐའ་དག་འཇིལ་བ་དང་། །ཕན་བདེའི་སྣང་བ་རྫོགས་པའི་དགེ་མཚན་ཅན། །འཇིག་རྟེན་གསུམ་ཚུན་རྣམ་པར་རྒྱལ་གྱུར་ཅིག ༡ །ཇི་ལྟར་ཉིན་མོར་བྱེད་པ་རིང་གནས་ཀྱང་། །པདྨོའི་ནགས་ཀླུང་མཛེས་པའི་དཔལ་སྟེར་བཞིན། །མངོན་སུམ་མིན་ཡང་དམ་པའི་ཡོན་ཏན་གྱིས། །ཡིད་འཕྲོག་གུས་པའི་ངག་


JKT020_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འདི་སྐད་གསོལ། ༢ །གཟོད་ནས་ཞི་བ་དམ་པའི་མཆོག་བརྙེས་ཀྱང་། །བྱང་ཆུབ་སྤྱོད་པ་རྒྱ་མཚོའི་ངོ་མཚར་ཕུལ། །མཐའ་ཀླས་ཡིད་ཅན་རྗེས་སུ་སོང་གྱུར་པས། །རྒྱལ་བ་དགྱེས་པའི་ལམ་སྲོལ་གཅིག་sཏུ་བཟུང་། ༣ །རྡུལ་དང་ཤེས་བྱའི་ཡུལ་ལས་རིང་འདས་པ། །སྐྱེ་འགག་བྲལ་བའི་འཕོ་ཆེན་རྡོ་རྗེའི་སྐུ། །ཚུར་མཐོང་སྐལ་པར་འཚམས་པའི་སྒྱུ་འཕྲུལ་གྱིས། །དགེ་ལེགས་ཤིས་པ ༤ །དྷུ་ཏིར་དག་པའི་གཞོམ་མེད་ནཱ་དའི་སྒྲས། །ལུང་རྟོགས་ཆོས་ཕུང་གྲངས་མེད་འཆར་བཟོད་པའི། །གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པས། །ཕན་དང་བདེ་བའི་ངལ་འཚོ་རྒྱས་པར་མཛད། ༥ །བདག་དང་ཕུང་པོ་རྣམ་རིག་ལས་འདས་པའི། །མཐའ་བྲལ་བདེན་པ་གཟིགས་པའི་ཡེ་ཤེས་ཐུགས། །མཁའ་ཁྱབ་མཁའ་ཡི་རྡོ་རྗེར་རོ་གཅིག་པའི། །བསམ་ཡས་ཏིང་འཛིན་སྒོ་བརྒྱར་སྙོམས་པར་འཇུག ༦ ། དེ་སོགས་མི་ཟད་ཡོན་ཏན་དཔག་བསམ་གྱི། །ཕྲིན་ལས་རྟག་པ་དམ་པའི་བདུད་རྩི་ཡིས། །ཀུན་ལ་འཆི་མེད་སྦྱིན་ཅེས་གྲགས་འབར་བས། །རབ་དྭངས་ཡིད་ཀྱི་པདྨོ་ཉིན་བཞིན་བྱེ། ༧ །ལྷག་པར་འདྲིས་མིན་བརྩེ་བའི་སྤྱན་དཀྱུས་ཀྱི། །གཟིགས་པ་གང་དུ་ལྷུང་བའི་ལེགས་གསུང་ནི། །རྣ་བའི་བཅུད་དུ་ཐོབ་པས་སྔར་མེད་པའི། །དད་སྤྲོའི་དགའ་བ་གཟུགས་ཅན་བཞིན་དུ་གྱུར། ༨ །འདི་ན་ལྷན་སྐྱེས་རྨོངས་


JKT020_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་རིག་པས། །དམ་ལ་བཞག་པའི་འདུ་ཤེས་གསུམ་པ་ཡང་། །རིན་ཆེན་གསུམ་གྱི་ཐུགས་རྗེའི་གྲིབ་བསིལ་དུ། །ཉེར་འཚོ་ཚ་གདུང་སྐབས་ཙམ་བྲལ་བཞིན་མཆིས། ༩ །བཱི་ཤྲཱི་ཤྲཱི་བི་ཛ་ཡནྟུ། སླར་ཡང་སྲིད་དང་ཞི་བའི་ལེགས་བྱས་ཀྱི། །རིན་ཆེན་རྡུལ་མང་བརྩེགས་པའི་བ་གམ་རྩེར། །ཞབས་པད་རྡོ་རྗེའི་ཆོས་བདུན་ངོ་བོ་རུ། །འཚོ་གཞེས་བསྐལ་པ་རྒྱ་མཚོར་འབར་གྱུར་ཅིག ༡༠ །གཉུག་མའི་ལུས་སེམས་ཤིན་ཏུ་སྦྱངས་པ་ལས། །ཕུང་ཁམས་སྐྱེ་མཆེད་འཕོ་བ་ཐིམ་གྱུར་པའི། །བརྟན་གཡོ་ཀུན་ལ་ཁྱབ་པའི་རྡོ་རྗེའི་སྐུ། །བདེ་ཆེན་དྲྭ་བ་སྡོམ་པར་ཞབས་བརྟན་གསོལ། ༡༡ །འཇུག་དང་ལྡང་བའི་ལས་རླུང་ཉི་ཟླའི་འགྲོས། །མི་ཕྱེད་དབུ་མའི་སྲོག་ཏུ་གྲུབ་པ་ལས། །རྣམ་པ་ཀུན་ལྡན་རྡོ་རྗེ་ནཱ་དའི་གསུང་། །ཆོས་ཕུང་རྒྱ་མཚོའི་དཔྱིད་དུ་འཆར་གྱུར་ཅིག ༡༢ །གཟོད་ནས་དག་པའི་སེམས་ཀྱི་དེ་ཉིད་ནི། །ལམ་བདེན་སྤྲོས་པ་སྤངས་པའི་ཕ་རོལ་ན། །ཤེས་དང་ཤེས་བྱ་རོ་གཅིག་འོད་གསལ་ཐུགས། །འཆི་མེད་རྟག་པ་དམ་པར་འཚོ་གཞེས་གསོལ། ༡༣ །མདོར་ན་ཡོན་ཏན་རྫོགས་ལྡན་སྤྲིན་ཆེན་ལས། །ཕྲིན་ལས་ནོར་བུའི་གྲུ་ཆར་འབེབས་མཁས་པ། །སྔོན་མེད་གདེངས་ཅན་བདག་པོ་ཁྱོད་ཉིད་ཕྱིར། །གསང་གསུམ་བསྟན་འགྲོའི་ཉེར་འཚོར་ཞབས་བརྟན་ཅིང་། ༡༤ །དེ་སྲིད་འདིར་ཡང་ཐུགས་རྗེའི་གཟིགས་པ་


JKT020_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །བདུད་རྩིའི་ཆུ་རྒྱུན་འགོགས་པ་མེད་སྤྲོ་བས། །ཕན་བདེའི་ཨུཏྤལ་རྒྱས་པའི་དགེ་མཚན་ནི། །བྱང་ཆུབ་སྙིང་པོར་སྨིན་པའི་བཀྲ་ཤིས་སྩོལ། ༡༥ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

བཤེས་གཉེན་མ་ཏི་ཤྭ་ར།


JKT020_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

༈ རིག་པར་སྨྲ་བའི་བཤེས་གཉེན་ཆེན་པོ་མ་ཏི་ཤྭ་རའི་མཆིད་ལན། །དིཤཱིཀཎྜིཀརཏྣ༔ སམེཥཱཧསྱསཱརྦཀེ ཙྪརྗོབཱཏྟཾཧིཏེ། སུཀྲིཏོམཎིནཱལོཀེ ཤོབྷཱདཱཏེབིཛཱིཡཏུ། ཕྱོགས་ཀྱི་རྣ་རྒྱན་རིན་ཆེན་དང་། །མཚུངས་པར་བཀོད་པའི་དོན་མཐུན་གྱིས། །ལེགས་བྱས་ནོར་བུས་འཇིག་རྟེན་ན། །མཛེས་པ་སྦྱིན་ཁྱོད་རྒྱལ་གྱུར་ཅིག ༡ །ཙཱུ་ཏའི་བསུང་ཞིམ་ཡང་དག་རྒྱས་པའི་ཕུལ། །བུང་བ་མྱོས་པའི་དགའ་སྟེར་དཔྱིད་ཀྱི་དུས། །དང་པོར་འོངས་པ་ཡིས་ཀྱང་མི་མཚོན་པའི། །དམ་པའི་ངང་ཚུལ་གཅིག་ཏུ་དྲན་ནས་སླར། ༢ །དཔྱད་པས་གཙང་བར་བྱས་པའི་བློ་གྲོས་ཀྱི། །མཚར་སྡུག་མྱ་ངན་མེད་པའི་མེ་ཏོག་ནི། །ཚངས་པའི་བུ་མོའི་བཀྲ་ཤིས་ཞབས་ཀྱི་རྡུལ། །རེག་པས་ཚིག་གི་སྙེ་མ་ཅུང་ཟད་རྒྱས། ༣ །གང་ཞིག་བསྲུབས་པའི་ཚེ་ན་གདེངས་ཅན་གནས། །རང་གི་འབྲས་བུ་འབྱིན་པས་དཔག་བསམ་ཀྱང་། །འདར་བཅས་ཁྱོད་ནི་སྙིང་རྗེས་འཁོར་མཚོ་འདིར། །གཞན་ཕྱིར་སྤྲོ་བས་ཞུགས་ལའང་ཞུམ་པ་མེད། ༤ །དེ་ཚེ་རིགས་ཀྱིས་དགེ་བའི་ལྡུམ་ར་ན། །དྲི་མེད་རྣམ་འབྱེད་བློ་ཡི་མྱུ་གུའི་རྩེར། །བསྔགས་འོས་མེ་ཏོག་དང་པོར་འཐོན་ཙམ་གྱིས། །


JKT020_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་དང་འཕགས་པའི་ཟུར་མིག་མི་ཕྱེད་ལྷུང་། ༥ །རིང་ནས་དག་པའི་ཡིད་ཀྱི་རྡོ་བ་ལ། །སྙིང་སྟོབས་གཟོང་གིས་བརྐོས་པའི་བྱང་ཆུབ་ཀྱི། །སྤྱོད་མཆོག་གཟུགས་སུ་འཆར་དེ་གཞན་རྐྱེན་གྱིས། །མི་འཕྲོག་ཆོས་ཀྱི་མདུན་སར་ལྷག་པར་དགྱེས། ༦ །གྲགས་པ་ནོར་བུའི་རྔ་ཡབ་ལྷར་བཅས་ཀྱིས། །གཟུང་བས་སྤྲིན་དཀར་དུམ་བུར་འཁྲུལ་བསྐྱེད་པ། །ཕྱོགས་ཀྱིས་མ་བསླད་རབ་མཐོང་མིག་ཅན་རྣམས། །སིམ་པ་སྟེར་ལ་ག་བུར་རྐང་འཐུང་བཞིན། ༧ །ཤིན་ཏུ་ཞི་བའི་བསླབ་པས་ཡོན་ཏན་གྱི། །འབབ་སྟེགས་ཉམས་དགའ་ཐོག་མར་འདུ་བྱེད་པས། །འོ་མའི་རྒྱ་མཚོར་དྭངས་པའི་ཟླ་བ་ཡི། །རི་མོ་བཞིན་དུ་སྣང་བ་ལྷན་ཅིག་སྐྱེས། ༨ །མི་མཉམ་མཉམ་པ་མེད་པའི་བྱང་ཆུབ་སེམས། །སྙིང་སྟོབས་གྲུབ་པས་བཟུང་བའི་བརྟུལ་ཞུགས་ཀྱིས། །ཀུནྡའི་གཉེན་གྱིས་ཀུ་མུད་ལྡན་པའི་གཞི། །རབ་དཀར་མཚར་སྡུག་རྫོགས་པས་ཆར་མི་ཉེ། ༩ །སྨིན་དང་གྲོལ་བའི་འདོད་དགུ་མི་ཟད་པ། །རང་གཞན་རྣམ་གྲོལ་སླད་དུ་འཆང་བའི་མཛོད། །རི་བོང་མཚན་མས་རླབས་བཅས་འཕེལ་འགྱུར་བའི། །བདུད་རྩིའི་ཆུ་གཏེར་གཉིས་པ་རྩྭ ས་འདིར་སྣང་། ༡༠ །གཙུག་ལག་བྱེ་བའི་གནས་ཀུན་མངོན་སུམ་དུ། །འདུན་སར་བཀོད་པ་སྨྲ་བའི་དབང་པོ་གང་། །ཆ་ཤས་མཐའ་དག་གང་བའི་ཟླ་ཤེལ་གྱིས། །སྟོན་ཀའི་མཁའ་བཞིན་འཇིག་རྟེན་གསུམ་


JKT020_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཛེས། ༡༡ །ཁྱད་པར་ཐུབ་པས་བསྟེན་པའི་ནགས་ཀླུང་དུ། །བསམ་གཏན་ཟིལ་དངར་བཞིན་དུ་འཐུང་བཟོད་པས། །སྲས་བཅས་རྣམ་འདྲེན་དགྱེས་པའི་དགེ་མཚན་དང་། །ཐར་མཆོག་སྲོག་གི་མདུད་པ་མི་ཕྱེད་གྱུར། ༡༢ །དེ་སླད་སེམས་ཅན་བསྒྲལ་ཕྱིར་ཚུགས་པ་ཡི། །དགེ་བའི་ཟམ་སྟེགས་ཆེན་པོ་འདིའོ་ཞེས། །ཡུན་རིང་མྱ་ངམ་ཐང་དུ་དུབ་པའི་འགྲོ། །མཐའ་དག་དགའ་བའི་འཛུམ་དཀར་ཉིན་བཞིན་དགོད། ༡༣ །མདོར་ན་དམ་པའི་ལེགས་སྤྱོད་ཇི་ལྟ་བར། །བརྗོད་ལ་ཡིད་ཀྱི་རོལ་མཚོའི་མཛེས་མ་ཡང་། །ནོར་བུའི་རྒྱུད་མང་གྲོགས་སུ་བསྟེན་སྙམ་པའི། །གཏམ་གྱི་གུར་གུམ་ཡི་གེ་རྟག་ཏུ་འབྲི། ༡༤ ། རིག་པའི་དྲི་བཟང་རབ་རྒྱས་བརྩེ་ཆེན་གྱི། །གེ་སར་འཁྲིགས་པ་ཁྱོད་ཞལ་པདྨོ་ལས། །གསུང་གི་སྦྲང་རྩིའི་ཐིག་པ་ཕྲ་མོ་ཙམ། །ཐོབ་པ་དེ་ཡང་སྐལ་བཟང་རྣ་བའི་བཅུད། ༡༥ །འབིགས་བྱེད་ནགས་ཀྱི་ས་མཆོག་རྐང་པས་འཐུང་། །རླུང་བཞོན་དལ་བུས་བསྐྱོད་ཅིང་གླལ་བ་ཡི། །ངལ་གསོ་བསྟེན་པ་ཡིས་ཀྱང་མི་མཚོན་པའི། །ཡིད་ལ་སིམ་པ་སྟེར་བའི་དཔྱིད་དུ་གྱུར། ༡༦ །འོན་ཏེ་མཁས་པས་མཆོག་ཏུ་བསྔགས་པ་དང་། །གྲུབ་པའི་སྐྱེས་བུའི་སྤྲུལ་པར་སྒྲོ་བཏགས་པའི། །ཚིག་སྦྱོར་ནོར་བུའི་དོ་ཤལ་བདག་ལྟ་བུར། །རྨི་ལམ་དུ་ཡང་འཚམས་པའི་གོ་སྐབས་ཅི། ༡༧ །འདི་ན་ཤེས་དང་ཤེས་བྱར་གཟིགས་


JKT020_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱན། །སྒྲིབ་མེད་འཇམ་མགོན་བླ་མའི་བཀའ་དྲིན་གྱིས། །བཟུང་བས་བསམ་གཏན་ཁང་བུར་ངལ་འཚོ་བའི། །དགེ་སྦྱོང་གཞོན་ནུའི་གཟུགས་བརྙན་འཆང་བ་ཡང་། ༡༨ །བསླབ་དང་གྲོལ་དང་སྨྲ་བའི་དགེ་མཚན་གྱིས། །ཁྱད་པར་བྱས་པ་ཅུང་ཟད་མ་མཆིས་བཞིན། །འདུ་གསུམ་ཁོ་ནའི་མལ་དུ་བདེ་གནས་པའང་། །ཆོས་བརྒྱད་དབང་པོའི་གཞུ་ཡི་རྗེས་སུ་སོན། ༡༩ །ཇི་ལྟར་འཆད་དང་སྤེལ་བ་ཡི། །ཕྲིན་ལས་འཆང་བར་འོས་སོ་ཞེས། །ཐོབ་དཀའི་གཏམ་གྱིས་རྣ་ལུང་ནི། །རིན་ཐང་ཆེན་པོ་ཉིད་གྱུར་ཀྱང་། ༢༠ །དེང་དུས་བསྟན་དང་མངའ་ཐང་གཉིས། །གཅིག་ཏུ་ཕྱི་མར་གཙོར་འཛིན་ཅིང་། །རྣམ་དཔྱོད་ལྡན་པའང་ཆེས་ཆེར་དཀོན། །ཕྱོགས་ལྷུང་དུག་གིས་ཀུན་ཏུ་ཁྱབ། ༢༡ །ལྷག་པར་རང་བློ་མ་སྦྱངས་དང་། །མི་མཁས་སྨྲ་བར་མི་འོས་པས། །ནམ་ཡང་ཕན་པའི་སྐབས་བྲལ་ནའང་། །ལྷག་བསམ་ཙམ་ཞིག་སྙིང་པོར་བཟུང་། ༢༢ །འབྱུང་འགྱུར་དུས་ཀྱང་གྲུབ་པའི་བདུད་རྩིས་དགེ་བྱས་པའི། །ཡོན་ཏན་མཚུངས་མེད་ས་ཧཱ་ཀཱ་རའི་མེ་ཏོག་གསར། །འདི་ན་བློ་ལྡན་བྱེ་བ་སྙེད་ཀྱི་ངལ་འཚོ་གང་། །ཏིཥྛན་ཞེས་ཤིས་བརྗོད་མེ་ཏོག་རྟག་ཏུ་འཐོར། ༢༣ །དེ་སྲིད་ཉིན་མོར་བྱེད་པ་ཡིས། །པདྨོ་འཛུམ་པའི་སྐབས་སྟེར་བཞིན། །རིང་ཡང་ཉེ་བའི་ལེགས་གསུང་གི །ཟིལ་དངར་ལྷུག་པར་སྦྱིན་མཛད་གསོལ།


JKT020_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༢༤ །ཨེ་མ་འཕགས་དང་མཁས་རྣམས་ཀྱི། །ཟུར་མིག་ཕྱོགས་དེར་མི་ཕྱེད་པ། །སྨྲ་དབང་ནོར་བུའི་རྫིང་བུ་ནི། །སླར་ཡང་དྲན་པས་བསྔགས་པར་འོས། ༢༥ །སརྦ་དཱ་ཀྲེ་ཡོ་བྷ་བ་ཏུ།། །།

ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།


JKT020_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

༈ མ་ཧཱ་པཎྜི་ཏ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་སྤྱན་སྔར་ཕུལ་བའི་ཞུ་ཡིག །ཤྲཱི་བཱི་ཤྲཱི་བི་ཛ་ཡནྟུ། །ངག་གི་དབང་ཕྱུག་སྲིད་ལ་རྗེས་ཆགས་པའི། །ཡོན་ཏན་བློ་དང་ལྷན་ཅིག་མི་གནས་པས། །རྒྱ་མཚོའི་ཐ་གྲུར་ཁྱབ་པའི་གྲགས་དཀར་གྱིས། །འཇིག་རྟེན་གསུམ་ན་ཀུན་ནས་མཛེས་པ་དེར། ༡ །ཉམས་བརྒྱད་བདུད་རྩིས་དག་པའི་རྦ་རླབས་ཅན། །རྣམ་དཔྱོད་འབིགས་བྱེད་རི་བོས་བསྲུབས་པ་ལས། །ཚིག་གི་ཟླ་རིས་རྫོ གསར་པ་འདི་ཙམ་ཡང་། །མཁས་ཁྱོད་དགྱེས་པའི་ཡར་ངོའི་ཕང་པར་འཛེགས། ༢ །གང་ན་དཔལ་གྱི་དུམ་བུའི་ལྕགས་ཕྲན་གསར། །དྲི་དང་ལྷན་ཅིག་སྐྱེས་པའི་སྐབས་མཐོང་བཞིན། །དམ་པའི་མྱུ་གུ་དང་པོར་བཟུང་བ་ནས། །བསྔགས་འོས་གཏམ་གྱི་ཡལ་ག་ཉིན་བཞིན་འཕེལ། ༣ །ཚུལ་གནས་ནོར་བུའི་ས་འཛིན་ཉམས་དགའ་བར། །ཐོས་བསམ་རི་མོ་བརྒྱ་ཕྲག་འབར་བའི་མོད། །འཇམ་མགོན་གཉིས་པའི་ངོ་མཚར་འདིའོ་ཞེས། །གཟུར་གནས་དགའ་བའི་མངལ་ཁུར་རིང་དུ་བཟུང་། ༤ །སླར་ཡང་ཤིན་ཏུ་ཞི་བའི་ནགས་ཀླུང་དུ། །སྤོང་པའི་བརྟུལ་ཞུགས་ཁོ་ནས་མཛེས་པ་དེར། །སྲས་བཅས་རྒྱལ་བ་དགྱེས་


JKT020_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཛུམ་དཀར་གྱིས། །ཤིས་བརྗོད་ཚིག་གི་མེ་ཏོག་གཅིག་ཏུ་འཐོར། ༥ །མཆོག་ཏུ་ཟབ་དང་དེ་ལས་གཅིག་ཤོས་ཀྱི། །ལམ་མང་འཆད་པའི་ངལ་འཚོས་རྣ་བ་ལ། །རིན་ཆེན་རིན་ཐང་མེད་པར་སྒྲུབ་པའི་ཚུལ། །དཔྱིད་ཀྱི་ཕོ་ཉ་གསར་པས་མཚོན་མ་གྱུར། ༦ །མངོན་སུམ་རྗེས་སུ་དཔག་པའི་ནོར་བུའི་ཆུས། །ཚུལ་མིན་སྨྲ་བའི་འདམ་རྫབ་ཡོངས་སྦྱངས་ཏེ། །གཞུང་ལུགས་ཇི་བཞིན་འཆར་བའི་ངོ་མཚར་ཕུལ། །རིག་པའི་དབང་ཕྱུག་ཉིད་དང་མཚུངས་ཞེས་སྨྲེངས། ༧ །སྒྲ་དོན་དཔྱད་པས་གཙང་བའི་ལེགས་བཤད་རེར། །ཚིག་གི་བདུད་རྩི་འབུམ་ཕྲག་འཛག་པ་ཡིས། །བློ་ལྡན་བློ་ཡི་པདྨོ་རྒྱས་པ་དང་། །བཤད་སྒྲུབ་ལང་ཚོ་ཅིར་ཡང་དར་བར་བྱས། ༨ །མདོར་ན་མཁས་དང་གྲུབ་པའི་ཡོན་ཏན་དབྱིག །རྫོགས་པར་མངའ་བའི་སྔོན་མེད་གདེངས་ཅན་གང་། །འགྲོ་མང་མ་རིག་འཐིབ་བུས་གཡུར་བ་ལ། །སིམ་པ་སྟེར་པའི་བྱེད་པོ་གཅིག་ཏུ་གྱུར། ༩ །དེ་སླད་ཆོས་ཀྱི་འབྱོར་པས་མངོན་མཐོ་པའི། །འཚོ་གཞེས་རྡོ་རྗེའི་སྙིང་པོར་བརླུང་བ་དང་། །ཕྲིན་ལས་སྣང་བ་དཀར་པོའི་ཆ་ཤས་རེས། །འདིར་ཡང་ཀུན་དགའི་ཆུ་གཏེར་གསར་དུ་དགོད། ༡༠ །ལེགས་བྱས་དཔུང་པས་ཐོབ་བའི་གདུགས་དཀར་པོས། །ཡིད་ཅན་ངལ་འཚོར་བགྱིད་ལ་འདུན་པ་ཡང་། །རིག་པའི་ཚུལ་ལ་མཛའ་བ་མི་ལྷོད་པས། །གཏན་དུ་བདེ་བའི་སྣང་


JKT020_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆགས་བཞིན་མཆིས། ༡༡ །སླད་མའི་ཆར་ཡང་། །འབྲུག་སྒྲ་དལ་གྱིས་དགོད་པས་མདོངས་མཐའ་དང་། །འབྱོར་བས་དོན་མཐུན་ཚོགས་རྣམས་དགའ་བ་བསྐྱེད། །དམ་པའི་ཚུལ་ལ་རིང་ནས་བཤེས་པ་དག །ཡོན་ཏན་ཁོ་ནས་བསྔགས་པའི་དཔལ་སྟེར་ཕྱིར། ༡༢ །ངག་གི་དབང་ཕྱུག་གྲུབ་པས་སྲིད་པ་ན། །མཚུངས་མེད་སྨྲ་བའི་ཉི་མ་གཅིག་པུ་ཁྱོད། །ཟུང་འཇུག་བདུད་རྩིས་བཏུང་བས་བསྐལ་བརྒྱའི་བར། །རྟག་པ་དམ་པའི་གོ་འཕང་བརྙེས་ནས་ཀྱང་། ༡༣ །ཡིད་སྲུབས་སྡེར་བཅས་ཁེངས་པ་བསྙིལ་བ་ཡི། །ལྷར་བཅས་འཇིག་རྟེན་དགའ་བའི་དབྱངས་སྙན་པོས། །སྲིད་ཞིའི་འཇུག་པ་མཐའ་དག་བརྟུལ་བྱས་ནས། །བྱང་ཆུབ་དམ་པའི་ལམ་བཟང་སྣང་བར་མཛོད། ༡༤ །ལྷག་པར་འདི་ན་ཀུན་ཏུ་རྨོངས་པ་དང་། །ཡིད་གཉིས་མུན་པའི་དྲྭ་བ་རིང་བཅད་ཕྱིར། །ཞི་བསིལ་ལེགས་གསུང་སྣང་བ་དཀར་པོ་ཡིས། །རྣམ་པ་ཀུན་ཏུ་ཤིས་པ་སྒྲུབ་མཛད་གསོལ། ༡༥ །དྭང་བའི་བློ་གྲོས་ཡིད་ཀྱི་དུས་སྟོན་ལ། །དམ་པའི་རྣམ་ཐར་ས་བོན་ཆགས་པ་ལས། །ཚིག་གི་མེ་ཏོག་ཕྲ་མོའི་བསྙེན་བཀུར་འདིས། །མཁྱེན་གཉིས་འབབ་སྟེགས་ཅིར་ཡང་མཛེས་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །ཞེས་པའང་ས་སྐྱོང་སེ་ནཱ་ཤུ་བྷའི་ལྷ་སྲས་རིན་པོ་ཆེ་མཆོག་གིས་བཀའ་གནང་ལྟར་བྲིས་པའོ།། །།

སྡེ་དགེ་ས་སྤྱོད།


JKT020_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༈ ས་སྐྱོང་ལྷ་སྲས་རིན་པོ་ཆེའི་ཞབས་པད་དུ་ཕུལ་བའི་མཆིད་ལན། ཤྲཱི་བི་ཛ་ཡནྟུ། འཇིག་རྟེན་གསུམ་ན་དགེ་བའི་གཏམ་གྱི་རྔ། །དཔྱིད་ཀྱི་དུས་སྟོན་ཇི་བཞིན་དར་བབས་པས། །ལེགས་བྱས་སྣང་བ་ནུབ་པ་མེད་པའི་ཕུལ། །འཆི་མེད་གྲུབ་པའི་ལྷ་དེས་ཁྱོད་ལ་སྲུངས། ༡ །བསོད་ནམས་རྒྱ་མཚོའི་འདུ་འགོད་གཡོ་བ་ལས། །བསྔགས་འོས་ཟླ་རིས་དང་པོར་ཤར་ཙམ་གྱིས། །ཁོར་ཡུག་ཤིས་དགུའི་ཆུ་གཏེར་རྒྱས་མཛད་པའི། །སྔོན་མེད་ས་ཡི་ཚངས་པ་རྒྱལ་གྱུར་ཅིག ༢ །གང་ཚུལ་ཤིན་ཏུ་རྨད་བྱུང་རྣམ་པར་ཐར། །སྙིང་ལ་རི་མོ་བཞིན་དུ་བྲིས་གྱུར་པས། །ཉམས་ལྡན་ཚིག་གི་མེ་ཏོག་དར་བབས་པའི། །དོགས་པ་ཅུང་ཟད་འཐོར་བའི་བསྟི་སྟངས་འབུལ། ༣ །ཇི་ལྟར་དག་པའི་རིན་ཆེན་བཻཌཱུརྱ། །འདི་ན་དབུལ་བ་མཐར་བྱེད་གཞན་ཡིན་ཏེ། །རྩོལ་མི་མངའ་ཡང་ཆོས་དང་སྲིད་ཀྱི་དཔལ། །འཇོ་མཁས་ཁྱོད་འདྲ་སྲིད་པ་གསུམ་ན་དབེན། ༤ །དང་པོར་རིགས་ཀྱི་ནོར་བུའི་ས་འཛིན་ལ། །ཕྱི་ནས་སྙིང་རྗེ་ཆེན་པོའི་བརླན་ཆགས་ཏེ། །ཤེས་བྱ་མཐའ་དག་གཟིགས་པའི་དཔག་བསམ་ནི། །དམ་པའི་ཡོན་ཏན་རྒྱ་མཚོའི་པདྨོ་འཛུམ། ༥ །དེ་སླད་ཅི་འདི་རིག་བྱེད་འབྱིན་པའི་བདག །ས་ལ་རྒྱུ་བ་ཉིད་ཅེས་འཁྲུལ་པའི་ཡིད། །བདག་ཅག་སྔོན་བསགས་ལེགས་བྱས་ཅོད་པན་གྱིས། །ཐོབ་པ་ཁོ་ནས་འཆད་པའི་གནས་སྐབས་ཐོབ། ༦ །ཡོན་ཏན་མཆོག་ལ་གུས་པའི་


JKT020_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་དང་། །བར་མའི་ཡིད་ཅན་སྙོམས་པས་རྗེས་སུ་སྐྱོངས། །དམན་ལ་བྱམས་པའི་ཕྱག་གིས་དབུགས་དབྱུང་བས། །སྲོང་བཙན་ཞབས་ཉིད་སླར་ཡང་བྱོན་པ་བཞིན། ༧ །དེ་སླད་འཚོ་གཞེས་བརྟན་པའི་བདུད་རྩི་ཡིས། །རྣ་བའི་ཨུཏྤལ་ཀུན་དགར་བྱས་པའི་མོད། །མ་འདྲིས་བརྩེ་བའི་སྤྱན་ཟུར་འདིར་ལྷུང་བས། །རྫོགས་ལྡན་དང་པོའི་དགའ་སྟོན་གསར་དུ་བྱིན། ༨ །ལྷག་པར་ཚངས་སྲས་དགྱེས་པའི་ཏམྦུར། །མཁྱེན་རབ་སོར་མོས་བརྡུང་བའི་སྙན་འགྱུར་གྱིས། །ཡིད་ལ་བསམ་གཏན་བདུད་རྩིས་འདུ་འགོད་ལས། །ངོ་མཚར་ཨུཏྤལ་འདབ་བརྒྱ་མཆོག་ཏུ་གྲོལ། ༩ །འདི་ན་རྡུལ་མུན་སྙིང་སྟོབས་ཀུན་དཀྲིས་དང་། །མཚུངས་པར་སྤྱོད་ལྡན་འདུ་ཤེས་གསུམ་པ་ཡང་། །རྨོངས་དང་མ་རིག་རྒྱས་པའི་གཞན་དབང་གིས། །སྙོམས་ལས་ཁོ་ནའི་མལ་དུ་ངལ་འཚོ་ཐོབ། ༡༠ །སླར་ཡང་འགྱུར་བཅས་སྲིད་པའི་ཆོས་ཇི་སྙེད། །འཕོ་མེད་དབུ་མའི་སྲོག་ཏུ་སོང་བ་ལས། །ཡིད་སྲུབས་རེ་བ་བཅད་པའི་རྒྱལ་ཐབས་ལ། །ཤིས་པ་ཕྱོགས་ཀྱི་བུ་མོས་སྒྲོགས་བཞིན་དུ། ༡༡ །ཁེངས་ལྡན་བྱེ་བའི་འདར་བཅས་ཐོར་ཚུག་གིས། །ཡང་ཡང་ཕྱིས་པའི་མངོན་མཐོའི་ཟུར་ཕུད་ཀྱང་། །ཞབས་སེན་ཐུན་མཚམས་ལང་ཚོས་ཟིལ་མནན་པའི། །ཕུན་ཚོགས་བསྐལ་པ་རྒྱ་མཚོར་འབར་གྱུར་ཅིག ༡༢ །ཙནྡན་རྐང་པས་འཐུང་བའི་ནགས་ཀླུང་གིས། །


JKT020_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོན་ཤིང་ཕལ་ཡང་རིན་ཐང་བྱེད་པ་ལྟར། །གང་གསུང་ལེགས་བཤད་བདུད་རྩིས་ཡིད་མྱོས་པའི། །མི་ཕྱེད་དགའ་བ་རྒྱས་པའི་མགྲིན་ལས་སྐྱེས། ༡༣ །སརྦ་དཱ་ཤུ་བྷྲཱུྃ་སིདྡྷི་ར་སྟུ།། །།

མཆོག་སྤྲུལ་བསྟན་འཛིན་སྙན་གྲགས།


JKT020_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཆོག་སྤྲུལ་ཐམས་ཅད་མཁྱེན་གཟིགས་ངག་དབང་བསྟན་འཛིན་སྙན་གྲགས་དཔལ་བཟང་པོར་ཕུལ་བའི་ཞུ་ཡིག །གང་ཞིག་མཚན་གྱི་ཨུཏྤལ་རྣ་བ་ལ། །རེག་པས་སྲིད་ཞིའི་གདུང་བ་རིང་བཅད་པ། །རྣམ་འདྲེན་ཡོངས་ཀྱི་ཡེ་ཤེས་འདུས་པའི་ཞལ། །འཆི་མེད་གྲུབ་པའི་རྒྱལ་རྔ་བརྡུང་གྱུར་ཅིག ༡ །ཨེ་མ་ཡིད་ཀྱི་ནོར་བུའི་མེ་ལོང་ནི། །དད་པའི་སྦྱོར་བས་ཡང་ཡང་གསལ་བྱས་པར། །ཁྱོད་ཞབས་དྲན་པའི་གཟུགས་མང་འདུ་བགྱིས་ཏེ། །མོས་གུས་བདུད་རྩིའི་ཚིག་གི་པདྨོ་དགོད། ༢ །རྣམ་བཅས་རྣམ་མེད་དབུ་མའི་དམིགས་པ་དང་། །མཛའ་བ་མ་ཡིན་རྣམ་པ་ཀུན་ལྡན་གྱི། །འོད་གསལ་དྭངས་པའི་ཆུ་གཏེར་ཉམས་དགའ་བར། །ཟུང་འཇུག་ཟླ་བའི་ལང་ཚོ་མཆོག་ཏུ་སྣང་། ༣ །དེ་ཚེ་ཚུ་རོལ་མཐོང་བའི་བློ་གྲོས་དང་། །སྙོམས་པར་འཇུག་པའི་སྒྱུ་འཕྲུལ་དྲྭ་བ་ཡང་། །རྟག་པ་དམ་པའི་ཚུལ་དང་ཕྲིན་ལས་ཀྱི། །སྤྱོད་ཡུལ་ས་གསུམ་ཕ་མཐར་སོང་བའི་ཚུལ། ༤ །མངོན་སུམ་ཟིལ་དངར་བཅས་པའི་ཆར་སྤྲིན་གྱིས། །ཟབ་མོའི་སྒྲ་དབྱངས་བསྒྲགས་པས་མདོངས་མཐའ་ཅན། །གཉིས་པ་གཞན་ཞིག་དད་གསུམ་ཟློས་གར་དང་། །


JKT020_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དཀའི་མངལ་ཁུར་བཟུང་བས་ལྕི་བར་གྱུར། ༥ །འདི་ན་འཕགས་དང་མཁས་པའི་ཞལ་གྱི་ལུང་། །རྣམ་མང་ནོར་བུའི་དོ་ཤལ་བསྟན་བཞིན་དུ། །ཁྱོད་ཞབས་རིན་ཆེན་སྤྲེལ་བའི་གདུགས་དཀར་པོས། །ཉེར་འཚེའི་གདུང་བར་དབུགས་འབྱིན་ཆེན་པོ་ཐོབ། ༦ །སླད་ནས་ཉིན་མོར་བྱེད་དང་ཟླ་བའི་རྒྱུན། །དྷ་ཏིའི་ཕྱག་རྒྱར་བཅིངས་པའི་འཇོ་སྒེག་གིས། །ཚེ་མཐའ་ཡས་པའི་རྣམ་ཐར་བཟུང་བཞིན་དུ། །བདག་ཀྱང་བྱང་ཆུབ་བར་དུ་སྐྱོངས་ཤིག་ཀྱེ། ༧ །སརྦ་ཤུ་བྷྲཱུྃ་སིདྡྷནཱ།། །།

གུ་ཎའི་མཚན་ཅན།


JKT020_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཁྱབ་བདག་འཇམ་པའི་དབྱངས་གུ་ཎའི་མཚན་ཅན་གྱི་ཞབས་པད་དུ་ཕུལ་བའི་ཞུ་ཡིག །ངག་གི་དབང་ཕྱུག་སྨྲ་བའི་ཟླ་བ་ཡི། །ཡོན་ཏན་གཟུགས་ཅན་བཞིན་དུ་འདིར་སྣང་བས། །བློ་གྲོས་མཐའ་ཡས་ཞེས་བྱར་མཚན་གསོལ་བའི། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ག་ལ་བར། ༡ །མཐོ་རིས་དགའ་བའི་ཚལ་དུ་དཔག་བསམ་དང་། །ས་འདིར་ཁྱོད་ལྟ་བཞིན་དུ་མ་མཆིས་པས། །ཀུན་མཁྱེན་གཉིས་པར་ངེས་པའི་མོས་གུས་ཀྱི། །པདྨོ་ཉིན་རེ་བཞིན་ཡང་ལྷག་པར་བྱེ། ༢ །དེ་སླད་འཚོ་གཞེས་ནོར་བུའི་སྙིང་པོ་ནི། །འཕགས་རྣམས་དགྱེས་པའི་འཛུམ་དཀར་གཡོ་བ་ན། །བསྟན་པའི་ཉིན་བྱེད་སླར་ཡང་འཆར་སྙམ་པས། །དད་སྤྲོའི་དགའ་བ་མངོན་སུམ་ཉིད་དུ་གྱུར། ༣ །འདི་ན་གནའ་བོའི་མཁས་དང་གྲུབ་པའི་སྲོལ། །དྲི་མེད་འཛིན་བཟོད་


JKT020_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་འཛིན་དུ་མ་ཡི། །བྱིན་རླབས་ཟིལ་དངར་བཏུང་བའི་ཆུ་སྐྱེས་ཀྱང་། །ཁྱོད་ཞབས་ཉིན་མོའི་ཕྱོགས་སུ་མིག་རབ་གཏོད། ༤ །སླད་ནས་ནང་གི་ལམ་ནས་འཆི་མེད་ཀྱི། །གོ་འཕང་རྟག་པ་དམ་པ་བརྙེས་བཞིན་དུ། །འདིར་ཡང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཡེ་ཤེས་གཟིགས་པའི་འབབ་སྟེགས་ཉིད་དུ་མཛོད། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

སཾ་གྷ་སཱ་ག་ར།


JKT020_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

༈ བླ་མ་དམ་པ་སཾ་གྷ་སཱ་ག་རར་ཕུལ་བའི་མཆིད་ལན། ཨོཾ་སྭསྟི་ཀུཆནྟ། །མཛེས་སྐུའི་སྣང་བརྙན་ཡིད་ལ་དྲན་པའི་མོད། །དུས་མིན་འཆི་བའི་རྒུད་པ་དྲུང་འབྱིན་ཞིང་། །ཚེ་དང་ཡེ་ཤེས་མཆོག་གི་དཔལ་སྟེར་བ། །བཅོམ་ལྡན་འཆི་མེད་མགོན་པོས་ཁྱེད་ལ་སྲུངས། ༡ །གུས་པའི་ཡིད་ནི་དཔྱིད་ཀྱི་ནགས་ཀླུང་ན། །ངལ་འཚོའི་པདྨོ་བཞིན་དུ་རྒྱས་གྱུར་ཏེ། །ཚིག་གི་སྦྲང་རྩི་དོན་གྱི་ཟིལ་དངར་ཅན། །མཁྱེན་བརྩེའི་གཟིགས་པའི་འབབ་སྟེགས་མཛེས་ཕྱིར་རྒྱུ། ༢ ། ཟླ་བ་ཙནྡན་ཆུ་དང་ག་བུར་གྱིས། །མི་མཚོན་ཞི་བསིལ་དམ་པ་མངོན་བརྙེས་བཞིན། །གཞན་ཕྱིར་མཐུན་པར་འཇུག་པའི་སྒྱུ་འཕྲུལ་གྱིས། །དེང་འདིར་བསྟན་པའི་ཉི་མ་གཅིག་ཏུ་གྱུར། ༣ །དེ་ཚེ་བསླབ་གྲོལ་རིག་པའི་ལང་ཚོ་དང་། །གྲགས་སྙན་ནོར་བུའི་རྣ་རྒྱན་ཟུང་མཛེས་པའི། །འཚོ་གཞེས་དགེ་བའི་ངག་གིས་རྣ་བ་ལ། །སྔོན་མེད་བདུད་རྩིའི་དཔལ་ནི་ཅིར་ཡང་བྱིན། ༤ །ལྷག་པར་ཟབ་རྒྱས་གདམས་


JKT020_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཛོད་འཆང་ཞིང་། །དེས་ཀྱང་སྐལ་བཟང་རྗེས་སུ་བཟུང་བ་དང་། །དེ་ཡིས་ངེས་གསང་བསྟན་པའི་བཤད་སྒྲུབ་ཀྱི། །རྒྱལ་རྔ་སྲིད་རྩེར་སྒྲོགས་འདི་ཁྱོད་ཀྱི་མཐུ། ༥ །འདི་ན་མ་སྦྱངས་མི་མཁས་གཞན་དབང་གིས། །ཡུན་རིང་ཁུར་བཞིན་ནོན་པའི་དངོས་ངན་ཀྱང་། །བླ་མའི་བྱིན་རླབས་ཁོ་ནས་དབུགས་དབྱུང་ཕྱིར། །འདུ་ཤེས་གསུམ་གྱི་མལ་དུ་བདེ་བར་མཆིས། ༦ །སླད་ནས་འཆི་མེད་གྲུབ་པའི་དགེ་མཚན་དང་། །ཕྲིན་ལས་འཇིག་རྟེན་གསུམ་ན་སྙོམས་འཇུག་བཞིན། །འདིར་ཡང་ལྷག་པར་དགྱེས་པའི་འཛུམ་དཀར་གྱིས། །རྟག་ཏུ་བསྐྱང་བའི་བཀའ་དྲིན་སྔར་བཞིན་སྩོལ། ༧ །དེ་བ་ས་པ་ཊ་ཀཾ་མཉྫགྷོ་ཥཱཏ།། །།

རིག་པ་སྨྲ་བ་མངྒ་ལ།


JKT020_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཁས་བཙུན་རིགས་པར་སྨྲ་བ་མངྒ་ལའི་མདུན་དུ་ཕུལ་བའི་མཆིད་ལན། སུཀྲྀཏཤུབྷཏརོལླཀྵེ ཀུསུམནབཡཤཤྲཱིཉྩ། དྷུཛགགི་ཤུསུཏེ། གུཎསམསུབྷགིཔུཎཾ ཤམིཏབྷབདིཤོཛིཡཱཏ། ལེགས་བྱས་རྐང་པས་འཐུང་བའི་དགེ་མཚན་ནི། །གྲགས་པའི་མེ་ཏོག་གསར་བས་འཁྱུད་པ་ན། །ཡོན་ཏན་མཐའ་དག་རྫོགས་པའི་སྐལ་བཟང་ཅན། །སྲིད་དང་ཞི་བའི་ཕྱོགས་ལས་རྒྱལ་གྱུར་ཅིག ༡ ། རིང་ནས་དགའ་བ་རྒྱས་པའི་ཡིད་ཀྱི་མཚོར། །བློ་གྲོས་འདབ་མ་ཅུང་ཟད་དར་བའི་མོད། །སླར་ལ་གང་ཚུལ་རྟོགས་པའི་སྣང་བ་ཡིས། །ཉམས་ལྡན་ཚིག་གི་པདྨོ་འཛུམ་པར་གྱུར། ༢ །ཡིད་འཕྲོག་ཟེག་མ་


JKT020_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་བདུད་རྩིའི་ཟེར། །རབ་སྦྱིན་ནམ་མཁའི་ཕ་མཐར་གཤེགས་པ་བཞིན། །བྱང་ཆུབ་སྙིང་པོའི་འཇུག་པ་གཟུགས་ཅན་དུ། །རྒྱུ་བའི་ངལ་འཚོ་སྲིད་ན་གཉིས་པ་མེད། ༣ །སྙིགས་མའི་དྲི་མ་རབ་བཀྲུས་བསོད་ནམས་ཀྱི། །འབབ་སྟེགས་མཆོག་ཏུ་མཐོ་བའི་ནོར་བུའི་རྫོང་། །གང་ན་བསྙེན་པ་ཙམ་གྱིས་འཇིག་རྟེན་གསུམ། །དབུགས་འབྱིན་ཟླ་ཤེལ་གཞོན་ནུས་ཆར་མི་ཉེ། ༤ །རིགས་དང་སྦྱོར་བས་སད་པའི་བློ་གྲོས་མཐུས། །ཤེས་བྱ་རྫོགས་པར་བཟུང་བའི་ངོ་མཚར་གྱིས། །འཇམ་དཔལ་གཞོན་ནུ་ཉིད་ཅེས་སྒྲ་དབྱངས་ལྷ། །ལེགས་བཤད་ཉམས་བརྒྱའི་ཟོལ་གྱིས་མགྲིན་པར་ལྷག ༥ །བསླབ་གཞིའི་སཱ་ལ་ཆེན་པོའི་ནགས་ཀྱི་ཚལ། །གཞན་ཕན་དྲི་ཡིས་རབ་སྒེག་དཔྱིད་ཀྱི་དུས། །ཆགས་བྲལ་ཉམས་པའི་མཐར་སྐྱེས་ཡེ་ཤེས་ཀྱི། །འབྲས་བུའི་ཁུར་གྱིས་དུད་པ་ཁྱོད་ཁོ་ན། ༦ །མདོར་ན་བསྔགས་འོས་སྤྱོད་པའི་རྒྱུད་མང་པོ། །ཐོས་པའི་རྣ་བ་རིན་ཆེན་དོ་ཤལ་གྱིས། །མཛེས་པར་འཁྱུད་པའི་ངང་ཚུལ་གཅིག་པུས་འདིར། །ཀུན་དགའི་ལང་ཚོ་ལྷན་སྐྱེས་བཞིན་དུ་དགོད། ༧ །ལྷག་པར་ཚངས་པའི་སྲས་མོའི་ནོར་བུའི་རྒྱུད། །ཉམས་བརྒྱད་གར་གྱིས་རོལ་པ་གཟུགས་ཅན་དུ། །མངོན་སུམ་འཕོས་པའི་སྙན་ཚིག་རྨད་བྱུང་བས། །དང་པོའི་ས་ཡི་དགའ་བས་ཡིད་རབ་བརླན། ༨ །གང་ན་དབེན་པའི་ཁང་བུའི་


JKT020_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ནང་། །བསླབ་སྲོལ་རི་མོར་བྲིས་པ་ཡི། །མར་མེའི་རྗེས་སུ་སོན་བདག་ཀྱང་། །ལང་ཚོའི་འདུ་བྱེད་མ་ཉམས་བཞིན། ༩ །ཇི་ལྟར་སྦྱིན་པས་དབུལ་པོ་དང་། །ཡིད་བཞིན་རླབས་ཀྱིས་དོན་མཐུན་བཞིན། །མཁས་རྣམས་ཡོན་ཏན་ལྡན་ཁོ་ནར། །དགྱེས་པའི་སྤྱན་ཟུར་གཡོ་བའི་སླད། ༡༠ །ནོར་རྒྱས་ངལ་བའི་དཀའ་ཐུབ་ཁུང་། །བསྟེན་མིན་གང་ཚུལ་ཉིན་མོར་བྱེད། །འཆར་བ་ཙམ་གྱིས་སྔོན་མེད་པའི། །དད་སྤྲོའི་སྟེང་འཐུང་མཆོག་ཏུ་གྲོལ། ༡༡ །སླར་ཡང་ལེགས་མཛད་ནོར་བུའི་རྔ་ཡབ་ནི། །བཟུང་བ་མེད་པར་ཕྱོགས་ཀྱི་མཐར་འགྲོ་བས། །འཇིག་རྟེན་དགེ་ལེགས་བྱེད་པའི་ངོ་མཚར་ཕུལ། །སྲིད་པ་གསུམ་ན་རྟག་ཏུ་གསལ་བ་དང་། ༡༢ །འདིར་ཡང་རྗེས་བརྩེའི་འཇུག་པའི་སྣང་བ་ཡིས། །ཡང་ཡང་དབུགས་འབྱིན་མཛད་དང་ཆབ་གཅིག་པར། །ལེགས་གསུང་བདུད་རྩིའི་དོ་ཤལ་ཡིད་འོང་བས། །ཕན་བདེའི་པདྨོ་རྟག་ཏུ་རྒྱས་མཛོད་ཀྱེ། ༡༣ །སརྦ་དཱ་ཤུ་བྷྲཱུྃ་བྷཱུ་ཡཱ་ཏ།། །།

བཛྲ་པྲ་ཏིཥྛ།


JKT020_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

༈ རིག་པར་སྨྲ་བ་བཛྲ་པྲ་ཏིཥྛ་ལ་ཕུལ་བའི་ཡི་གེ། ཨམོསགུཙྪསིཙཱལཾཀ་སུཀྲྀཏདིཤིསུཏཱཀཎེ། སྡེབ་སྦྱོར་ལག་འགྲོའི་ཁྱེའུའོ། །ཨདྷིརུཙིརཡཤཉཔུལླེ་སཱིབྷུབནསུམུདསྟསྨིཾ། སྲིད་ན་མཚུངས་མེད་དམ་པའི་ཡོན་ཏན་གྱི། །ལེགས་བྱས་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ། །ལྷག་པར་མཛེས་པའི་གྲགས་སྙན་མེ་ཏོག་གིས། །འཇིག་རྟེན་གསུམ་ན་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དགའ་བསྐྱེད་པ་དེར། ༡ །ཙནྡན་མངོན་སུམ་མིན་ཀྱང་འཇམ་པོའི་རླུང་། །འབིགས་བྱེད་ཕྱོགས་ནས་འབབས་པས་དེར་ཤེས་བཞིན། །རེ་ཞིག་དུས་ཀྱིས་རྒྱས་བཏབ་འཕེལ་བའི་གཏམ། །སྤྲིང་ཡིག་ཨུཏྤལ་དོག་པ་རྒྱས་འདིས་མཚོན། ༢ །གང་དུ་འཕགས་དང་མཁས་པའི་དོན་མཐུན་གྱིས། །ཡང་ཡང་བསྔགས་པ་བསྒྲུབ་འོས་སྨྲ་བའི་དབང་། །ཁྱོད་གཅིག་ཁོ་ནའི་རྣམ་འབྱེད་ཟེར་གྱིས་འདིར། །རྩོད་པའི་མུན་སྟུག་བསྙིལ་ཚེ་ཉིན་བཞིན་ཐོས། ༣ །དེ་སླད་མེ་སྦྱིན་ལས་སྐྱེས་སྣང་བ་ཡིས། །པུཎྜ་རཱི་ཀའི་སྐྱེད་ཚལ་དར་བབས་ལྟར། །གཏམ་ཙམ་གྱིས་ཀྱང་སྔོན་མེད་དགའ་སྟེར་བ། །དམ་པའི་རྣམ་ཐར་འདྲ་བ་སྲིད་ན་གང་། ༤ །འདིར་གནས་ཤེས་དང་ཤེས་བྱར་མཐའ་གཉིས་ཀྱིས། །རེག་མིན་འཇམ་མགོན་བླ་མའི་བཀའ་དྲིན་གྱིས། །རྟག་པར་དབུགས་འབྱིན་མཛད་པའི་དམན་བདག་ཀྱང་། །བསམ་གཏན་པདྨའི་རྫིང་བུར་དལ་གྱིས་རྩེན། ༥ །སླར་ཡང་བསོད་ནམས་བྱེ་བའི་ཕུང་པོའི་ལྗོན། །ཡུན་འཚོ་རྣམ་དཀར་འབྲས་བུས་དུད་དང་བཅས། །ཡིད་ཀྱི་གདུང་སེལ་ལེགས་གསུང་ཟིལ་དངར་གྱིས། །རབ་དྭང་ལང་ཚོའི་མཛེས་པ་སྦྱིན་མཛོད་ཀྱེ། ༦ །དེ་སྐད་ཉམས་བརྒྱད་བདུད་རྩིས་བཟུང་བའི་ཟླ། །དཔྱོད་ཤེས་བདེ་འབྱུང་གཙུག་ན་ངལ་འཚོ་བ། །དོན་བཅས་ཚིག་སྙན་སྣང་བའི་ཟོལ་གྱིས་དེང་། །བློ་ལྡན་འཆི་བ་མེད་པའི་མདུན་སར་ཆས། ༧ །སརྦ་དཱ་མངྒ་ལཾ།། །།

མཁས་བཙུན་དམ་པ་བླ་མ་པདྨ།


JKT020_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཁས་བཙུན་བླ་མ་དམ་པ་པདྨའི་མཚན་ཅན་ལ་ཕུལ་བའི་མཆིད་ལན། ལེགས་བྱས་སྣང་བ་མཆོག་གིས་འཇིག་རྟེན་ན། །རྒུད་པའི་མུན་པ་སེལ་བའི་བདུད་རྩིའི་འོད། །ཟླ་ཤེལ་གཉིས་པ་མ་འཚལ་འཕགས་རྣམས་དང་། །མཁས་ཀུན་གཅིག་ཏུ་བསྔགས་པའི་མདུན་ས་དེར། ༡ །དང་པོའི་དུས་སུ་སོན་པའི་གཞན་གསོས་ཀྱིས། །ཡང་ཡང་ཤིས་པ་བསྒྲུབས་པས་མཚོན་མིན་པའི། །འཕྲིན་ཡིག་ཚངས་པའི་སྲས་མོའི་རྒྱུད་མང་དབྱངས། །ཐོས་པའི་རྣ་ལུང་རིན་ཐང་ཆེན་པོར་བྱས། ༢ །གང་ན་གྲངས་མེད་བསྐལ་པར་ལེགས་སྤྱད་ཀྱིས། །འདུ་འགོད་ཕྲག་བརྒྱས་བསྐྲུན་པའི་ཀོ་སྐུ་བྷ། །འཚོ་གཞེས་གཟི་བྱིན་འབར་བས་སྲིད་དང་ཞིའི། །གདུང་བ་མཐའ་དག་བསྙིལ་བའི་འཛུམ་དཀར་གཡོ། ༣ །བསླབ་དང་གྲོལ་བའི་རྐང་སྟེགས་མཐོར་འཛེགས་ཤིང་། །རིམ་གཉིས་བ་དན་དཀར་པོ་བསྒྲེང་བའི་མོད། །སྣང་གསུམ་འཕོ་བའི་ཕྱོགས་ལས་རྣམ་རྒྱལ་བའི། །ཟུང་འཇུག་གོ་འཕང་བརྙེས་པའི་གཏམ་དེ་སྙན། ༤ །འདི་ན་ཡེ་ཤེས་མེ་ལོང་འཆང་བ་དང་། །གཉིས་མིན་བླ་མའི་ཐུགས་རྗེ་ནོར་བུའི་གདུགས། །ལྷར་བཅས་བླ་ན་འཁོར་བའི་གྲིབ་བསིལ་དུ། །མང་ཐོས་ཟིལ་དངར་བཏུང་བའི་སྐལ་བཟང་ཐོབ། ༥ །སླད་མའི་དུས་ཀྱང་ཉིན་མོར་བྱེད་པ་དང་། །ཟླ་བའི་བགྲོད་


JKT020_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞར་ཡང་མི་གཡོ་བས། །ཕྲ་རབ་རྡུལ་ལས་རིང་འདས་མཚན་དཔེ་དང་། །གཉིས་སུ་མེད་པར་རྟག་པའི་མཆོག་བརྙེས་བཞིན། །གདུང་བའི་རིག་པ་འཇིལ་ལ་ག་བུར་དང་། །འདོད་སྟེར་དཔག་བསམ་གཞན་གྱིས་བསྐྲུན་མིན་པའི། །མཁྱེན་བརྩེའི་འཇུག་པ་གཟུགས་ཅན་བཞིན་སྣང་བའི། །དབུགས་འབྱིན་ཆེན་པོའི་དགའ་སྟོན་སྔར་བཞིན་སྩོལ། ༨ །ཤུབྷྲཱུྃ།། །།

ཆབ་ཤོག མཚན་འབུལ། ལེགས་འབུལ་སོགས།


JKT020_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

༈ སཾགྷཱན་གུལོ༔ མཚོག བཛཱཙཱརླབིབྷུཔྤཤཱིལནེ༔ ཙྪནཤུདྡྷདཱིབྷོ། ཤྲིབཱརིཔཊུསིདྡྷཙཱསམེ ལྕེལོཀྱེའུསུསཱདདཱིཔྱཧཱུྃ། མཐའ་ཀླས་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི། །ཁྱབ་བདག་རྡོ་རྗེའི་སློབ་དཔོན་མཆོག་གི་ཚུལ། །མཚུངས་མེད་མཁས་ཤིང་ཤིན་ཏུ་གྲུབ་པའི་དཔྱིད། །འཇིག་རྟེན་གསུམ་ན་རྟག་ཏུ་སྣང་གྱུར་ཅིག །ཅེས་དགེ་ལེགས་སུ་བྱ་བའི་ཚིག་གི་པུཎྜ་རཱི་ཀ་ཅུང་ཟད་འཐོར་བས་ཡེ་ཤེས་གཟིགས་པ་དམ་པའི་འབབ་སྟེགས་མཛེས་པར་བྱས་ནས། གང་གི་ཚེ་ཐོག་མ་མ་མཆིས་པའི་དུས་ནས་སྤངས་པ་དང་རྟོགས་པའི་ཡོན་ཏན་མཐའ་དག་ལ་མངའ་དབང་བསྒྱུར་བའི་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་རྡོ་རྗེ་སྙེམས་མའི་བདག་པོའི་ངོ་བོར་ཡོངས་སུ་གྲུབ་པ་ལས་གཞན་དུ་སྐྱེ་བ་དང་འཕོ་བའི་སྣང་ཚུལ་གྱི་སྤྲོས་པ་གཞར་ཡང་མ་དམིགས་བཞིན་དུ། འོག་མིན་ཆེན་པོའི་ཞིང་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སུ་སྤྲོ་བ་དང་བསྡུ་བའི་སྒྱུ་འཕྲུལ་དྲྭ་བའི་མིག་འཕྲུལ་ཅིར་ཡང་སྟོན་ཅིང་། དེ་ལས་ཀྱང་མཐའ་ཀླས་པའི་ཡིད་ཅན་བྱེ་བ་སྙེད་ཀྱི་ཁམས་དང་། དབང་པོ་དང་། བག་ལ་ཉལ་གྱི་རིམ་པའི་ཆུ་གཏེར་དང་རྗེས་སུ་མཐུན་པར། ཚངས་པ་དང་། ཁྱབ་འཇུག་དང་། དྲག་པོ་དང་། ཆགས་བྲལ་གྱི་རྣམ་པ་ཅན་དང་། རིག་མའི་སྐྱེས་བུའི་འདོད་ཡོན་ལ་ལོངས་སྤྱོད་པ་སོགས་མཚན་དང་པ་བསམ་གྱིས་མི་ཁྱབ་པ་དུས་གཅིག་ཅར་དུ་སྟོན་པར་མཛད་པ་ལས། དེང་འདིར་རི་ཁ་བ་ཅན་གྱི་ལྗོངས་སུ་ཡོངས་རྫོགས་བསྟན་པའི་ངེས་གསང་འགྲེལ་པ་ལ་འཇམ་དཔལ་གཞོན་ནུར་གྱུར་པའི་བློ་གྲོས་དང་རྣམ་དབྱེར་མི་ཕྱེད་པའི་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བསྟན་པའི་སྣང་བྱེད། རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲི་ལ་འཁོར་ལོས་བསྒྱུར་བའི་རྡོ་རྗེའི་སློབ་དཔོན་ཆེན་པོ། རིས་སུ་མ་ཆད་པའི་བསྟན་འགྲོ་ཡོངས་ལ་ཕན་བདེའི་འདོད་དགུ་གཅིག་ཅར་དུ་འཇོ་བའི་བདག་ཉིད། བྱེ་བྲག་ཏུ་ཁོ་བོ་ཅག་ལ་བཀའ་དྲིན་སྲིད་ན་མཚུངས་པ་མ་མཆིས་པའི་མཁན་ཆེན་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་གང་ཉིད་ནས་གུས་ཕྲན་པར་སྐྱེ་བ་དང་ཚེ་རབས་ཀྱི་ཕྲེང་བར་ཐུགས་རྗེ་ཆེན་པོས་ཁྱབ་པར་མ་ཟད། ད་ལན་ཡང་བཅོམ་ལྡན་འདས་ཐམས་ཅད་རིག་པའི་ཕྱག་རྒྱ་བཞིས་འབྲེལ་ཚད་ཡིད་ཅན་རྒྱ་མཚོ་སྐུ་བཞིའི་ངོ་བོར་སྨིན་ཅིང་


JKT020_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་པའི་བཀའ་དྲིན་གསོ་བ་མཚོན། ལྷག་པར་ཡོངས་རྫོགས་བསྟན་པའི་མངའ་བདག་ཆེན་པོར་འཇིགས་མེད་སེང་གེས་མཚན་པའི་ཆོས་ཀྱི་ཁྲི་འཕང་མཐོན་པོར། སྐུ་ལྷམ་མེ། གསུང་ལྷང་ངེ་། ཐུགས་ལྷན་ནེར་ཇི་སྲིད་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པར་དངོས་པོ་ཀུན་གྱིས་བཏུད་དེ་གསོལ་བ་འདེབས་པའི་སླད་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཀུན་ཏུ་བཟང་པོའི་༧ མཆོད་སྤྲིན་ལྟ་བུར་བློས་སྤྲུལ་ཏེ་ཕུལ་བའི་མཎྜལ་རྟེན་མཚོན་བྱེད་ཙམ་དུ། བཀྲ་ཤིས་པའི་ལྷ་གོས་རབ་དཀར་སོགས།། ༈ །། ཨམཱརིཉྩེསཾམུཉྩིབཊིཤ རམཱརསིདྡྷམྱསུཔདྨདཱནེ༔ ཨིནྡྲབཛེ། ཨམཱརནཱཐམྱསུབེདརཱནེ ཝཱརམཱརནཏུསྱསུལལཀྐདེཧི། འཆི་མེད་བདུད་རྩིའི་སྣང་བས་འཇིག་རྟེན་ན། །འཆི་མེད་གྲུབ་པའི་པདྨོ་མཛེས་སྟེར་བ། །འཆི་མེད་མགོན་པོའི་ཡེ་ཤེས་གཟིགས་པ་ཡིས། །འཆི་མེད་རྟག་པའི་དགེ་མཚན་སྦྱིན་གྱུར་ཅིག ༡ །ཨེ་མ་གཟོད་ནས་ཞི་བའི་ནགས་ཀླུང་དུ། །སྙོམས་འཇུག་ཟིལ་དངར་བཏུང་བའི་མནྡཱ་ར། །བྱང་ཆུབ་སྙིང་པོར་འཁྲུངས་པའི་གྲགས་དཀར་གྱིས། །སྲིད་ན་ཕན་བདེའི་དཔལ་གྱིས་ལྕི་བར་མཛད། །དེ་ཚེ་རྡོ་རྗེའི་རིགས་ཀྱི་སཱ་ལའི་ཤིང་། །གསར་དུ་དུད་པ་ལས་འོངས་རྒྱལ་བའི་སྲས། །དང་པོར་སྣང་བ་ཙམ་གྱིས་རྒུད་པའི་མུན། །མཐའ་དག་ཉིན་བཞིན་འཕྲོག་པའི་ངོ་མཚར་སྟོན། །མཁས་པའི་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རབ་བྱེ་བས་ཕྱག་བྱས་ཤིང་། །ནང་གི་རྣལ་འབྱོར་གྲུབ་པ་ཇི་སྙེད་ཀྱིས། །རྩོད་དུས་ཀུན་མཁྱེན་གཉིས་པར་བསྔགས་པའི་དབྱངས། །འཇིག་རྟེན་གསུམ་གྱི་ཕ་རོལ་ཉིད་དུ་སྒྲོགས། །དེ་སླད་གང་ཚུལ་ཕྲ་མོ་དྭང་པའི་ཡིད། །ནོར་བུའི་མེ་ལོང་ངོགས་སུ་འཆར་བའི་མོད། །དད་པས་བརླན་པའི་སེམས་ཀྱི་ཨུཏྤ་ལ། །སྤྲོ་དགའི་ཚོན་རིས་བརྒྱ་ཕྲག་སླར་ཡང་འཛིན། །སླད་མའི་ཆར་ཡང་། །ཨེ་མ་འཕགས་དང་མཁས་པའི་ཚོགས་རྣམས་ཀྱི། །གཙུག་ཏོར་ནོར་བུའི་ཁང་བུར་ངལ་གསོ་བའི། །ཞབས་སེན་ཉི་མ་ཕན་བདེའི་འོད་དུ་འབར། །སྲིད་དང་ཞི་བའི་སྙིང་པོར་འཚོ་གཞེས་ཤིང་། །བདག་ཀྱང་བྱང་ཆུབ་བར་དུ་ཡང་དང་ཡང་། །ཐུགས་རྗེའི་དཔག་བསམ་སར་པའི་གྲིབ་བསིལ་དུ། །མངོན་པར་དབུགས་འབྱིན་ཐོབ་པའི་དགེ་མཚན་གྱིས། །དོན་གཉིས་འདོད་དགུ་ཡིད་བཞིན་འཇོ་བར་མཛོད། །བཀྲ་ཤིས་རྟག་པ་དམ་པའི་སྣང་བ་ནི། །ས་གསུམ་སྙན་པར་གྲགས་པའི་བདུད་རྩིར་བཅས། །ཕུན་ཚོགས་ཀུན་དགའི་ཟླ་བ་གསར་པ་ཡིས། །ལྷར་བཅས་ཤིས་པའི་དུས་སྟོན་རྒྱས་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །ཨཱནནྟཱཀུལམཎྜལ། མཐིབིབྷབེལཊཱ། ཙྪནུབཱཀྐི། ཏྲེལོཀྱིསོཁྱཔཱུརླགྲ། ཛཱིབཆུབཛྲཔཏྤནྣཾ།། མཐའ་ཀླས་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི། །ཁྱབ་བདག་འཇམ་པའི་དཔལ་གྱི་རྣམ་རོལ་ཅན། །འཇིག་རྟེན་གསུམ་གྱི་ཕན་


JKT020_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བདེའི་ཉི་མ་མཆོག །ཞབས་པད་རྡོ་རྗེའི་ཁམས་སུ་འཚོ་གཞེས་གསོལ། །ཞེས་སོགས་ཤིས་པར་བྱ་བའི་ཚིག་གི་མདུན་བསུས་ཏེ། སོགས། སླད་མའི་ཆར་ཡང་། སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ་ཅན་འཇམ་མགོན་བླ་མ་ཡབ་སྲས་རྣམས། །ཞབས་པད་སྲིད་མཐའི་བར་དུ་བརྟན་ཅིང་ཐུགས་རྗེའི་ཕྲིན་ལས་རྨད་བྱུང་བས། །ཡོངས་རྫོགས་བསྟན་དང་འགྲོ་བའི་དགེ་མཚན་རྫོགས་ལྡན་གསར་བའི་དུས་སྟོན་དང་། །ཕུན་ཚོགས་ཤིས་པའི་སྣང་བ་གསར་བས་འཇིག་རྟེན་གསུམ་ན་མཛེས་གྱུར་ཅིག། ༈ །། ཡིཙྪདིཡྻཔཉྩ ། ཀཱིཔདྨཔནཔྲཝནྟནེ༔ ཙྪནཤུདྡྷསྱཱདཱིསྟེ། ཏྲེལོཀྱེགཧིཏཾསུཁསྦིཏཱ། པུརྦཤཱསནསཱུརླ་ཛཱིཡཏྭཾ། གང་དུ་འཆར་བས་སྲིད་དང་ཞི་བ་ཡི། །ཕུན་ཚོགས་པདྨོའི་ནགས་ཀླུང་དར་བབས་པས། །འཇིག་རྟེན་གསུམ་གྱི་ཕན་བདེའི་གཞི་གཅིག་པུ། །སྔོན་མེད་བསྟན་པའི་ཉི་མ་རྒྱལ་གྱུར་ཅིག །ཅེས་དགེ་ལེགས་སུ་བྱ་བའི་ཚིག་གི་མདུན་བདར་ཏེ། སོགས། སླད་མའི་ཆར་ཡང་། །མཐའ་ཀླས་བསྟན་དང་འགྲོ་བའི་གཞི་གཅིག་པུ། །མཆོག་ཁྱོད་གསང་གསུམ་བསྐལ་བརྒྱར་འཚོ་གཞེས་ཤིང་། །ཕྲིན་ལས་སྣང་བ་དམ་པས་འཇིག་རྟེན་ན། །ཕན་བདེའི་ངལ་འཚོ་རྟག་ཏུ་རྒྱས་གྱུར་ཅིག །སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ།། ༈ །། སཛིཡཔུཎྜིག སིདྡྷིམཱིའིཏནི།ཏི། ཛཱིནཱབྷཝཾ། ལཨཱཡུསུདྡྷེནཾ བྷཱུཏྟ༧རུབོརཔོ། སྲས་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་རྒྱལ་བ་ཐམས་ཅད་ཀྱི། །འཆི་མེད་གྲུབ་པའི་བདུད་རྩི་ཡིས། །ཕུན་ཚོགས་ཚེ་དང་ཡེ་ཤེས་ཀྱི། །པདྨོ་མཆོག་ཏུ་རྒྱས་པར་མཛོད། །སླར་ཡང་། མཚུངས་མེད་རྡོ་རྗེ་འཛིན་པ་མཆོག །འཚོ་གཞེས་བསྐལ་བརྒྱར་བརྟན་པ་དང་། །བྱམས་བརྩེའི་འཇུག་པས་བྱང་ཆུབ་པར། །ཕན་བདེའི་ཨུཏྤལ་རྒྱས་མཛད་གསོལ། །ཤུ་བྷྲཱུྃ།། ༈ །། པུཎྜིཝུམནོ་ཝིདྡྷགི་གནུབྷེ། ཙྪནྟབསྒྲ། བཝཛཱཨཱཡཀིརཱི རྗེ ས ། བསོད་ནམས་རྒྱ་མཚོར་ཡེ་ཤེས་ནོར་བུའི་གྲུས། གཞན་ཕྱིར་བྱང་ཆུབ་སྙིང་པོའི་མཐར་སོན་པ། །ཐམས་ཅད་མཁྱེན་ཅེས་གྲགས་པའི་གཟི་འབར་བས། །རྟག་པ་དམ་པའི་སྣང་བ་སྦྱིན་གྱུར་ཅིག ༡ །ཤིན་ཏུ་ཞི་བའི་ནགས་ཀྱི་སྨན་ལྗོངས་གྲུབ་རིགས་འཆི་མེད་འདུན་ས་ན། །འཇིག་རྟེན་ཕན་མཛད་བདུད་རྩིའི་ཟེར་ལྡན་ཟླ་བ་ནོར་བུའི་ཕུང་པོ་དངོས། །ལེགས་བྱས་དཔག་ཡས་ཤེས་རབ་དྲི་མེད་སྙིང་རྗེའི་གཞན་དབང་ལ་ཆགས་པ། །གང་དུ་སྣང་བའི་དགེ་མཚན་ཁོ་ནས་ཐུབ་བསྟན་ལང་ཚོའི་འཛུམ་དཀར་དགོད། ༢ །ཨེ་མ་དེ་ལྟའི་ཡོན་ཏན་རྗེས་དྲན་ཡང་ཡང་གོམས་པའི་ཐང་ཀ་ན། །གནང་སྐྱེས་མཐོ་བའི་ལེགས་གསུང་ཟིལ་དངར་ལན་གཅིག་མིན་པར་དྲན་པའི་མོད། །ཆུ་དང་བཅས་པའི་ཆར་སྤྲིན་མཐོན་ཀས་རྨ་བྱ་མགུ་བ་བསྐྱེད་པ་བཞིན། །གུས་སྤྲོའི་པུཎྜ་རཱི་ཀའི་དགའ་ཚལ་ཉིན་བཞིན་དར་བའི་མཛེས་པ་བཟུང་། ༣ ། ༼འདིའི་ནང་རི་མོ་ཡོད།༽


JKT020_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་རྨོངས་དང་མ་རིག་པ། །མཚུངས་པར་ལྡན་པའི་གཞན་དབང་གིས། །ཡུན་རིང་གདུང་བའི་དངོས་ངན་ཀྱང་། །འཚོ་བའི་འདུ་བྱེད་མ་ཉམས་ཙམ། ༤ །སླད་མའི་དུས་ན་སྡུག་བསྔལ་རླབས་ལྡན་སྲིད་མཚོ་སྒྲོལ་བའི་གདོས་པོ་ཆེ། །བཤད་དང་སྒྲུབ་པའི་བ་དན་བསྒྲེང་མཁས་བསྟན་འཛིན་དེད་དཔོན་བྱེ་བའི་མཆོག །བསྐལ་བརྒྱར་འཚོ་གཞེས་གྲུབ་པའི་སྤྲིང་ཡིག་ཁོར་ཡུག་རི་བོའི་འགྲམ་བཀོད་བཞིན། །འདིར་ཡང་ཡེ་ཤེས་གཟིགས་པའི་སྣང་བས་བྱང་ཆུབ་བར་དུ་དགེ་མཛད་གསོལ། ༥ །སརྦ་སུ་ཤུ་བྷྲཱུྃ་བྷ་ཡེཏྲ།། ༈ །།བསོད་ནམས་ཆུ་གཏེར་ལས་སྐྱེས་ཤིང་། །དབང་ཕྱུག་དམ་པའི་འབྲས་འབར་བ། །འཇམ་དབྱངས་མཁྱེན་པའི་དཔག་བསམ་གྱིས། །གཞན་ཕན་འདོད་དགུ་ཁྱོད་ལ་སྩོལ། ༡ །གང་ན་ལེགས་བྱས་རྣམ་མང་པོས། །བྱེད་པོས་བསྐྲུན་པའི་འཚོ་ཁམས་ནི། །རྣམ་པར་དཀར་བའི་སྤྱོད་ཚུལ་དང་། །ལྷན་ཅིག་དགེ་བར་མཆིས་སམ་སྙམ། ༢ །དེ་སླད་སྤྲོ་བའི་ཡིད་དབང་ནི། །པདྨོ་ལྟ་བུར་རྒྱས་པ་ཡི། །དགེ་སློང་རྣལ་འབྱོར་སྤྱོད་པ་ཡང་། །མཆོག་གསུམ་ཐུགས་རྗེས་བདེ་བར་མཆིས། ༣ །སླད་མའི་ཆར་ཡང་བསྔགས་འོས་ཀྱི། །བདུད་རྩིའི་དོ་ཤལ་འཛིན་བཟོད་པ། །དལ་རྟེན་ཨུཏྤལ་གཞོན་ནུ་ནི། །ཉེར་འཚེའི་གདུང་བ་དང་བྲལ་ཞིང་། ༤ །ལྷག་པར་རིག་པའི་གཞུང་ལུགས་ལ། །ཐོས་བསམ་བརྩོན་འགྲུས་


JKT020_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམན་པས། །རང་གཞན་དོན་གཉིས་འགྲུབ་པ་ཡི། །དགེ་མཚན་རྟག་ཏུ་རྫོགས་པར་སྨོན། ༥ །སརྦ་དཱ་ཤུ་བྷྲཱུྃ།། ༈ །།ཚེ་བསོད་དཔལ་འབྱོར་དབང་བཅུའི་ཡོན་ཏན་སོགས། །དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་སྟེར་བ། འཇམ་དབྱངས་སྨྲ་བའི་ཉི་མའི་ཡེ་ཤེས་ཀྱིས། །ཁྱེད་ལ་དགེ་ལེགས་རྟག་ཏུ་སྦྱིན་གྱུར་ཅིག ༡ །ཨེ་མ་རྣམ་དཀར་དཔྱིད་ཀྱི་རླབས་འཐུང་བའི། །ལང་ཚོ་པདྨོ་ཉེར་འཚེ་བྲལ་བ་ནས། །འཕྲིན་ཡིག་སྦྲང་རྩིའི་ཐིགས་པ་འདིར་ལྷུང་བས། །ཡིད་ཀྱི་བུང་བ་རབ་དགའི་དཔལ་ལ་སྦྱར། ༢ །འདི་ན་མཁས་དང་གྲུབ་པའི་ཡོངས་འཛིན་ནི། །རྣམ་མང་ནོར་བུའི་གདུགས་དཀར་ལ་འཆེལ་བས། །ཉེར་འཚེའི་གདུང་བ་མཐའ་དག་རྒྱང་བསྲིངས་ནས། །བཤད་དང་སྒྲུབ་པའི་དུས་སྟོན་སྤྱོད་བཞིན་མཆིས། ༣ །སླད་མའི་ཆར་ཡང་འཁོར་བའི་ཆུ་གཏེར་གྱི། །ཕ་རོལ་སོན་བྱེད་དལ་རྟེན་རིན་ཆེན་གྲུ། །ཡུན་དུ་བརྟན་པའི་ཐབས་ཚུལ་མི་གཡེལ་ངོས། །གཙུག་ལག་གཞུང་བརྒྱའི་འབྱོར་པས་མངོན་མཐོར་མཛོད། ༈ །དེ་སྐད་ཀུན་མཁྱེན་གཉིས་པ་ཨེ་ཝཾ་པའི། །བྱིན་རླབས་ཟིལ་དངར་སྣང་བའི་དགའ་ཚལ་ནས། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་འཇུག་པ་ཡིས། །རྟག་པར་འཚོ་བ་གང་དེས་མགྲིན་ལས་སྐྱེས། ༥ །སརྦ་དཱ་མངྒ་ལཾ།། ༈ །།ཡོན་ཏན་མཐའ་ཀླས་རིན་ཆེན་གྱིས། །ས་གསུམ་དབུལ་བའི་གདུང་འཕྲོག་


JKT020_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །ཕུན་ཚོགས་ཕན་བདེའི་དཔལ་སྦྱིན་པ། །དཀོན་མཆོག་གསུམ་གྱིས་ཁྱོད་ལ་སྲུངས། ༡ །མཐོ་རིས་ན་ནི་དཔག་བསམ་དང་། །ས་འདིར་ཆོས་མཐུན་དལ་འབྱོར་རྟེན། །འདོད་དགུ་འཇོ་བར་མཚུངས་མོད་ཀྱང་། །ཐར་ལམ་སྣང་བས་ཁྱད་པར་བྱས། ༢ །དེ་སླད་ཆོས་སྤྱོད་རྣམ་པ་བཅུའི། །སྙིང་པོས་བཟུང་བའི་འཚོ་ཁམས་ནི། །བསམ་གཏན་མལ་དུ་བདེ་སྙམ་པས། །སྤྲོ་དགའི་མེ་ཏོག་འཛུམ་པར་གྱུར། ༣ །འདི་ན་རིས་མེད་མཁས་གྲུབ་ཀྱི། །ཡོངས་འཛིན་དུ་མའི་བྱིན་རླབས་མཐུས། །སྒོ་གསུམ་བདེ་ཞིང་བཤད་སྒྲུབ་ཀྱི། །བདུད་རྩིས་རྟག་ཏུ་འཚོ་བཞིན་མཆིས། ༤ །སླད་ནས་རིང་པོར་འཚོ་བ་དང་། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་། །ཆོས་རབ་རྣམ་འབྱེད་ཤེས་རབ་སྟེ། །གསུམ་པོ་ལྷན་ཅིག་འཕེལ་བར་སྨོན། ༥ །སརྦ་ཤྲཱི་བྷ་ཡཱ་ཏ།། ༈ །།ཡོན་ཏན་མཐའ་ཀླས་བདུད་རྩིའི་སྣང་བ་དང་། །ཐུགས་རྗེའི་འཇུག་པས་ས་གསུམ་དགེ་མཛད་པ། །ཚེ་མཐའ་ཡས་པའི་ཡེ་ཤེས་གཟིགས་པ་ཡིས། །ཕུན་ཚོགས་ཤིས་དགུའི་དངོས་ཀུན་ཁྱེད་ལ་སྩོལ། །འཆི་མེད་ཚལ་དུ་དཔག་བསམ་རྐང་འཐུང་དང་། །ས་འདིར་འདོད་པ་འཇོ་བའི་རིན་ཆེན་བཞིན། །བསྔགས་འོས་གཏམ་གྱི་འབྱུང་གནས་གཅིག་གྱུར་པ། །མཛེས་སྐུའི་དཀྱིལ་འཁོར་ཉེར་འཚེ་བྲལ་བ་ནས། །འདི་ན་དགྱེས་བརྩེའི་གཟིགས་པ་ཡོལ་མེད་པའི། །


JKT020_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་ཟིལ་དངར་ལྷུག་པར་སྩལ་བ་དང་། །སོ་རུ་ས་མ་ཐུར་སྲང་བཅུ་ཕྲག་བཅས། །ཐོབ་པས་སྤྲོ་དགའི་པདྨོ་ཅིར་ཡང་འཛུམ། །གང་ན་རིས་མེད་མཁས་གྲུབ་དུ་མ་ཡིས། །བྱིན་རླབས་ས་མཐར་རྒྱུ་བའི་སློང་མོ་པ། །མཁན་ཆེན་བླ་མའི་ཐུགས་རྗེའི་གདུགས་དཀར་པོས། །ཉེར་འཚེའི་གདུང་བར་དབུགས་འབྱིན་སྩལ་བཞིན་མཆིས། །སླད་མའི་ཆར་ཡང་མངོན་མཐོ་ངེས་ལེགས་ཀྱི། །ཡོན་ཏན་ནོར་བུའི་དོ་ཤལ་འཛིན་བཟོད་པ། །ཕུན་ཚོགས་རིང་འཚོའི་ཆུ་གཏེར་རྒྱས་པ་དང་། །འདིར་ཡང་དགྱེས་པའི་འཛུམ་དཀར་ལྷུག་པར་སྟོན། །སརྦ་དཱ་ཤུ་བྷ་མ་སྟུ།། ༈ །།བྲལ་དང་སྨིན་པའི་ཡོན་ཏན་གྱི། །བདུད་རྩིའི་དོ་ཤལ་འཛིན་བཟོད་པ། །འཕགས་རྣམས་ཡེ་ཤེས་གཟིགས་པ་ཡིས། །ཁྱེད་ལ་འཆི་མེད་སྦྱིན་གྱུར་ཅིག ༡ །གང་དུ་སྣང་བས་སིམ་སྟེར་བའི། །ཟླ་བ་ནོར་བུ་གཞན་ཡིན་ཏེ། །ཕན་བདེའི་སྙིང་པོས་རབ་མཛེས་པའི། །བསྔགས་འོས་ཚུལ་དེར་འགྲན་ནུས་སུ། ༢ །དེ་བས་འཚོ་གཞེས་དགེ་བ་དང་། །རྣམ་དཀར་སྤྱོད་ཚུལ་རྒྱས་པ་དང་། །འཕྲིན་ཡིག་རྟེན་བཅས་འདིར་སོན་པས། །ཡིད་ནི་རབ་དགའི་དཔལ་ལ་སྦྱར། ༣ ། འདི་ན་ཁྱབ་བདག་རྡོ་རྗེ་འཆང་། །མཁན་ཆེན་བླ་མའི་ཐུགས་རྗེའི་མཐུས། །འཚོ་ཁམས་བདེ་ཞིང་བཤད་སྒྲུབ་ཀྱི། །གཟུགས་བརྙན་ཙམ་ལ་སྤྱོད་བཞིན་མཆིས། ༤ །སླད་ནས་དོན་གཉིས་འདོད་དགུའི་ཆར། །


JKT020_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་མཛད་མཛེས་སྐུའི་དཔག་བསམ་ནི། །ཡུན་འཚོའི་དགེ་མཚན་སྣང་བ་དང་། །འདིར་ཡང་རྗེས་བརྩེས་རྟག་ཏུ་སྐྱོངས། །ས་དཱ་སུ་ཤྲཱི་ཡནྟུ།། །།

ཁྱབ་བདག་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོ་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་གཏམ་འཆི་མེད་བདུད་རྩིའི་སྣང་བ།


JKT020_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཁྱབ་བདག་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོ་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་གཏམ་འཆི་མེད་བདུད་རྩིའི་སྣང་བ་ཞེས་བྱ་བ། ཨོཾ་སྭསྟི་སིདྡྷཾ། འཆི་མེད་སོ་སོར་རྟོགས་པའི་ཡེ་ཤེས་མཚན་དཔེའི་སྐུར་སྣང་ཚེ་མཐའ་༧ ཡས། །འཆི་མེད་འོད་གསལ་གཉུག་མའི་རང་གཟུགས་རྒྱལ་ཀུན་སྐྱེད་ཡུམ་རྣམ་རྒྱལ་མ། །འཆི་མེད་ཚེ་དང་བློ་གྲོས་མཆོག་སྩོལ་རྗེ་བཙུན་ཡིད་བཞིན་འཁོར་ལོ་སོགས། །འཆི་མེད་གྲུབ་པའི་སྲས་བཅས་རྒྱལ་བས་དེང་འདིར་ཤིས་པའི་མེ་ཏོག་སྩོལ། །ཅེས་དགེ་ལེགས་སུ་བྱ་བའི་ཚིག་གིས་མདུན་བསུས་ཏེ། དེང་གི་ཆར་ཡང་གནས་ཕུན་སུམ་ཚོགས་པ་འཛམ་གླིང་ལས་ཀྱི་ས་པའི་བྱེ་བྲག་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་ལྗོངས་ལས། གཡས་རུ་གཙང་གི་ནོར་འཛིན་གྱི་ཐིག་ལེ་མཁས་དང་གྲུབ་པའི་སྐྱེས་བུ་དུ་མས་བྱིན་གྱིས་བརླབས་པའི་བར་འདིར་དམིགས་བསལ་གྱི་མཚན་འཛུགས། ཆོས་གྲྭ་ཆེན་པོ་འདི་ཉིད་དུ། སྟོན་པ་ཕུན་སུམ་ཚོགས་ཚུ པ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག །ཡོངས་རྫོགས་བསྟན་པ་རྒྱ་མཚོའི་ཉི་མ། ཁམས་གསུམ་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག་མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་


JKT020_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས། འཁོར་ཕུན་སུམ་ཚོགས་པ་རིག་པ་དང་གྲོལ་བའི་ཡོན་ཏན་རྨད་དུ་བྱུང་བའི་འཕགས་སྐྱེས་འདུས་པ་རྒྱ་མཚོའི་ཚོགས་ལ། ཆོས་ཕུན་སུམ་ཚོགས་པ་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་དུས་ཀྱི་འཁོར་ལོ་སོགས་དམིགས་བསལ་ཁ་བསྒྱུར་ཤེས་པར་བྱ། ཟབ་རྒྱས་གདམས་པའི་བདུད་རྩིས་སྐལ་བཟང་ཡིད་ཀྱི་པདྨོ་ཅིར་ཡང་རྒྱས་པར་མཛད་པའི་དུས་ཕུན་སུམ་ཚོགས་པའི་སྐབས་འདིར་ངོས་ཅག་འདུས་པ་ཀུན་གྱིས་སྒོ་གསུམ་གུས་པ་ཆེན་པོས་རྩེ་གཅིག་ཏུ་གསོལ་བ་འདེབས་རྒྱུའི་སྙིང་པོར། མགོན་པོ་གང་ཉིད་ཐོག་མ་མ་མཆིས་པའི་དུས་ནས་གནས་སྐབས་བཞིའི་བག་ཆགས་ཐམས་ཅད་ཨེ་ཝཾ་མཱ་ཡའི་ཕྱག་རྒྱར་བསྡོམས་པའི་དཔལ་དམ་པ་དང་པོའི་སངས་རྒྱས་ཀྱི་གོ་འཕང་མངོན་སུམ་དུ་བརྙེས་སུ་ཟིན་ནའང་། མཐའ་ཀླས་པའི་ཡིད་ཅན་རྒྱ་མཚོ་སྨིན་གྲོལ་ལ་འགོད་པའི་སླད་དུ། སྲས་བཅས་རྒྱལ་བ་ཡོངས་ཀྱི་སྙིང་རྗེ་ཆེན་པོའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས། འཕགས་མཆོག་ཕྱག་ན་པདྨོ་སོགས་སློབ་པ་དང་། མི་སློབ་པ་དང་། སོ་སོ་སྐྱེ་བོའི་དགེ་བའི་བཤེས་གཉེན་གྱིས་མཚོན་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྣམ་རོལ་མཁའ་ཁྱབ་ཏུ་འཆར་བ་ལས། དེང་འདིར་སུམ་ལྡན་རྡོ་རྗེ་འཛིན་པ་མཆོག་གི་སྐུར་བཞེངས་པའི་མཚན་དཔེའི་དཀྱིལ་འཁོར་རྡོ་རྗེ་ནོར་བུའི་སྙིང་པོ་


JKT020_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འཚོ་ཞིང་གཞེས་པ་དང་། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་མཐའ་ཀླས་པར་བསྐོར་བའི་བཀའ་དྲིན་ནི་བྱང་ཆུབ་སྙིང་པོའི་བར་དུ་གཞལ་བར་དཀའ་བ་ཐོབ་ཅིང་། འབྱུང་འགྱུར་གྱི་ཆར་ཡང་། ཇི་སྐད་དུ། ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། །བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །སྐུ་ཚེའི་རྒྱལ་མཚན་བརྟན་གྱུར་ཅིག །ཅེས་གསུངས་པ་ལྟར་སྤྱིར་ལྷ་དང་བཅས་པའི་༧ འགྲོ་བའི་བདེ་སྐྱིད་ནི་སངས་རྒྱས་ཀྱི་བསྟན་པ་ལ་རགས་ལས་ཤིང་། བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པ་ནི་བསྟན་འཛིན་གྱི་སྐྱེས་བུ་ཁོ་ནར་རགས་ལས་པར་མ་ཟད། བྱེ་བྲག་ཏུ་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་དབང་གཉིས་པ་བུ་སྟོན་ལོ་ཙཱ་བ་རིན་ཆེན་གྲུབ་ཅེས་མཚན་གྱི་སྙན་པས་འཇིག་རྟེན་གསུམ་གྱི་བླ་ན་མངོན་པར་མཐོ་བ་གང་གི་བཤད་སྒྲུབ་ཀྱི་བསྟན་པ་དྲི་མ་མེད་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་ནི་སྐྱབས་མཆོག་འཁོར་ལོའི་མགོན་པོ་གང་ཉིད་ཀྱི་ཞབས་པད་རིན་པོ་ཆེ་བརྟན་པ་ཁོ་ནའི་བཀའ་དྲིན་ལས་གཞན་དུ་མ་མཆིས་ཤིང་། དེ་ཡང་ཇི་སྐད་དུ། རྒྱུད་བླ་མ་ལས། འཕགས་པས་རྒ་དང་ན་བ་དང་། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པ་ལྟར། དོན་དམ་པར་མི་སློབ་པའི་གོ་འཕང་མངོན་སུམ་དུ་བརྙེས་པའི་ཕྱིར་སྐྱེ་འགགས་


JKT020_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྲོས་པ་གཞར་ཡང་མ་དམིགས་ཀྱང་། ཀུན་རྫོབ་ཚུ་རོལ་མཐོང་བའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ངོར་ཡང་འཕོ་འགྱུར་གྱི་སྣང་ཚུལ་མི་བཞེས་པར། ཕྱག་རྒྱའི་དེ་ཁོ་ན་ཉིད་དང་། ནཱ་དའི་དེ་ཁོ་ན་ཉིད་དང་། འོད་གསལ་གྱི་དེ་ཁོ་ན་ཉིད་ཀྱི་ངང་དུ་ཀུན་ཏུ་འཕོ་བའི་མཚན་མ་མཐའ་དག་ཉེ་བར་ཞི་བའི་འཆི་མེད་རྟག་པ་དམ་པའི་ཡེ་ཤེས་ཀྱི་སྐུ་དང་དབྱེར་མེད་པར་ཇི་སྲིད་བྱམས་བསྟན་མ་ཤར་གྱི་བར་དུ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པར་དངོས་པོ་ཀུན་གྱིས་བཏུད་དེ་གསོལ་བ་འདེབས་པའི་སླད། བདག་གཞན་ཡིད་ཅན་རྒྱ་མཚོས་སྒོ་གསུམ་གྱིས་བསགས་ཤིང་། དུས་གསུམ་དང་འབྲེལ་བའི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་རྒྱུར་བྱས་པ་ལས་བྱུང་བའི་རི་རབ་གླིང་བཞི་ཉི་ཟླ་ཟུང་གཅིག་ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་བློས་བླངས་ཏེ་ཕུལ་བ་དང་ཆབ་གཅིག །ལྷག་བསམ་དག་པའི་ཆུ་གཏེར་ལས་སྐྱེས་པའི་དངོས་འབྱོར་གྱི་མེ་ཏོག་ཕྲ་མོ་འདི་དག་ཀྱང་འབུལ་ལམ་ཞུ་བ་ལགས་ན་བརྩེ་ཆེན་ཡེ་ཤེས་ཀྱི་གཟིགས་པ་དམ་པས་ཡུད་ཙམ་བདག་གིར་མཛད་ནས། ཞབས་པད་རིན་པོ་ཆེ་འཇིགས་མེད་སེང་གེའི་ཁྲི་འཕང་མཐོན་པོར་བསྐལ་པ་རྒྱ་མཚོར་བརྟན་ཅིང་། ཟབ་རྒྱས་གདམས་པའི་ཆོས་ཆར་ལྷུག་པར་འབེབས་པའི་སྐལ་པ་བཟང་པོའི་བཀའ་དྲིན་གྱིས་དུས་རྟག་ཏུ་རྗེས་སུ་བཟུང་བར་


JKT020_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱིས་བཞེས་པར་གསོལ་བ་ལན་བརྒྱར་འདེབས་པ་ལགས་ན་ཅི་གནང་། ཞེས་མཚམས་སྦྱར་ནས་མཎྜལ་འབུལ་བ་སོགས་ལ་འཇུག་གོ། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཆེ། འཚོ་གཞེས་གསོལ་འདེབས་ཉུང་ངུ་འདི་སྦྱར་བའི། །ལེགས་བྱས་དེས་ཀྱང་དཔལ་ལྡན་བླ་མ་མཆོག །བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་གྱུར་ཅིག །ཅེས་པའང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་ལ་མཁྱེན་རབ་ཀྱི་སྣང་བ་རྒྱས་པ་བླ་ཆེན་བློ་གསལ་མི་ཕམ་ནས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་བསྐུལ་བའི་ངོར། རྗེ་བཙུན་རྡོ་རྗེ་འཆང་བློ་གསལ་ཞབས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་རྒྱལ་ཁམས་ཀྱི་ད་རི་དྭ་མཁྱེན་བརྩེའི་དབང་པོས་དཔལ་ཞྭ་ལུ་རི་ཕུག་གི་ཆོས་གྲྭར་འཕྲལ་དུ་བྲིས་པ་དགེ། །།

ཤྲཱི་ན་ལེནྡྲའི་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་དཔལ་བཟང་པོར་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་འབུལ་ཞབས་བརྟན་དང་འབྲེལ་བ་པུཎྜ་རཱི་ཀའི་ཆུན་འཕྱང་།


JKT020_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤྲཱི་ན་ལེནྡྲའི་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་དཔལ་བཟང་པོར་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་འབུལ་ཞབས་བརྟན་དང་འབྲེལ་བ་པུཎྜ་རཱི་ཀའི་ཆུན་འཕྱང་ཞེས་བྱ་བ། མཉྫགྷོཥཀྲྀབྱསཱརླབྷཱབཱི པཎྜིཏཱཀྲིཧེསྶམིཏྲཀཱཡེ༔ ཙྪནྟམཡཱརསཱརིཎིཔྲསྟར། པཱནྡྷབྷསརསཱཏཱིཏུཏྟེནྟི རོཙིཏཱཏྟིལོཀདཱིཔཀེབྷི། འཇམ་དབྱངས་སྙིང་རྗེའི་ཉི་མ་སྲིད་པ་ན། །མཁས་ཀུན་དགའ་བའི་བཤེས་གཉེན་མཆོག་གི་སྐུར། །ཡོངས་ཤར་མཚོ་བྱུང་དགྱེས་པའི་བློ་གྲོས་ཀྱི། །སྣང་བས་འཇིག་རྟེན་གསུམ་ན་མཛེས་གྱུར་ཅིག ༡ །


JKT020_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རིག་དང་བརྩེ་བའི་ཆུ་གཏེར་ཡིད་འོང་བ། །ལེགས་བྱས་བྱེ་བས་བསྲུབས་པའི་སྙིང་པོའི་ཕུལ། །མཚན་བཟང་ཟླ་བ་བདུད་རྩིའི་སྙེམས་འཆང་བའི། །ཞབས་པད་རྡོ་རྗེའི་ཁམས་སུ་འཚོ་གཞེས་གསོལ། ༢ ། ཕྱི་ནང་གཙུག་ལག་རྒྱ་མཚོར་མི་ཕྱེད་པའི། །ཡན་ལག་དྲུག་ཅུའི་དབྱངས་ཀྱིས་ཡིད་ཅན་ཀུན། །ཕན་དང་བདེ་བའི་ངལ་འཚོ་ལ་སྦྱར་བའི། །གྲགས་སྙན་སྲིད་ཞིའི་ཁམས་ཀུན་ཁྱབ་གྱུར་ཅིག ༣ །སྤྲོས་པའི་འདུ་འགོད་ཞི་བའི་ཆོས་ཉིད་ཅན། །ཤེས་དང་ཤེས་བྱ་རོ་གཅིག་ཡེ་ཤེས་ཀྱི། །གཟིགས་པས་གངས་ཀྱི་རི་བོའི་སྨན་ལྗོངས་འདིར། །ལྷག་པར་དགྱེས་པའི་ངང་ཚུལ་སྟོན་མཛད་གསོལ། ༤ །བྲལ་སྨིན་ཡོན་ཏན་རྫོགས་ལྡན་སྤྲིན་ཆེན་ལས། །ཕྲིན་ལས་རྟག་པ་དམ་པའི་ནོར་བུའི་ཆར། །གདུལ་བྱའི་བསམ་པ་ཇི་བཞིན་འབེབས་མཁས་པས། །དོན་གཉིས་དགའ་སྟོན་མཆོག་ཏུ་རྒྱས་གྱུར་ཅིག ༥ །ཁྱད་པར་ཡོངས་རྫོགས་ཐུབ་བསྟན་རིན་པོ་ཆེ། །བཤད་དང་སྒྲུབ་པའི་དཔལ་གྱིས་མཛེས་སྟེར་བའི། །བྱེད་པོ་ཁྱོད་ལས་གཞན་དུ་མ་དམིགས་ཕྱིར། །འཆད་རྩོད་རྩོམ་པའི་རྒྱལ་རྔ་སྲིད་རྩེར་བརྡུངས། ༦ །མདོར་ན་འཆི་མེད་གྲུབ་པའི་དགེ་མཚན་དང་། །ལྷན་ཅིག་བྱང་ཆུབ་སྤྱོད་པའི་མཐར་སོན་པས། །རྩོད་དུས་ཀུན་མཁྱེན་གཉིས་པའི་ངོ་མཚར་གྱི། །བཀྲ་ཤིས་སྣང་བ་རྟག་ཏུ་འབར་གྱུར་ཅིག ༧ །ཅེས་ཡོངས་རྫོགས་བསྟན་པའི་


JKT020_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་མཆོག་སྤྲུལ་རིན་པོ་ཆེ་ཤེས་བྱ་ཀུན་གཟིགས་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་ཡན་ལག་དང་བཅས་པའི་གསན་བཞེས་གྲུབ་པར་འཇམ་དབྱངས་དགའ་བའི་བཤེས་གཉེན་མཚོ་བྱུང་དགྱེས་པའི་བློ་གྲོས་ཞེས་མཚན་འབུལ་ཞབས་བརྟན་དང་འབྲེལ་བ་འདིའང་། ཟེ་ཆེན་མ་ཧཱ་པཎྜི་ཏ་འཇམ་དབྱངས་དགྱེས་པའི་བློ་གྲོས་དང་། ངེས་པར་ཐམས་ཅད་མཁྱེན་དངོས་གུ་ཎ་སཱ་ག་རའི་བཀའ་དྲིན་ལས་རིག་ལམ་འདིའི་མིང་རྐྱང་ཙམ་ཐོས་པ་ཚངས་སྲས་དགྱེས་པའི་བློ་ལྡན་གདོང་དྲུག་དགའ་བའི་ལང་ཚོའམ། གཙུག་ལག་སྨྲ་བའི་ཉི་མ་ཞེས་ཀྱང་བགྱི་བའི་རྒྱལ་ཁམས་ཀྱི་ད་རི་དྭས་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

ཆབ་ཤོག་དང་ལེགས་འབུལ་གྱི་ཡི་གེ་སྐོར་རགས་བསྡུས།


JKT020_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཆབ་ཤོག་དང་ལེགས་འབུལ་གྱི་ཡི་གེ་སྐོར་རགས་བསྡུས་བཞུགས་སོ།། ༈ །།༅། །ཨཱདེནུཏྟཱརབཱིཉལབྷཱུ བྷཱུཏཾཀཱརུཎྜཔཱསཱདྷབེ། སྡེབ་སྦྱོར་མཉམ་པའི་བྲྀཏྟ་ལས་ཡི་གེ་བཅུ་པ་ཕྲེང་ལྡན་གྱི་བྱེ་བྲག་དག་པའི་སྣང་བ་ཞེས་བྱ་བའི་པྲ་སཱུ་རས་མཛེས་པའོ། །བྷབབྷབསམཾཔྲབྲི ཨུཏཡོ ཛཱིཡཱཏྨསམཤཱསནཾརབི །གཟོད་ནས་ཤིན་ཏུ་ཞི་བའི་མཆོག་བརྙེས་ཀྱང་། །རྨད་བྱུང་སྙིང་རྗེའི་རོལ་མོ་དང་འགྲོགས་པས། །སྲིད་ན་སྲིད་པ་བཞིན་དུ་འཇུག་བརྩོན་པའི། །མཚུངས་མེད་བསྟན་པའི་ཉི་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྒྱལ་གྱུར་ཅིག །ཅེས་དགེ་ལེགས་སུ་བྱ་བའི་ཚིག་གི་ཨུཏྤལ་སྔོན་དུ་གཏོར་བས་ལམ་ཡངས་པར་བྱས་ཏེ། གང་གི་ཚེ་གཟོད་མ་ནས་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་གཟིགས་པའི་སྤངས་རྟོགས་ཀྱི་ཡོན་ཏན་མཐའ་ཡས་པ་བདག་གིར་མཛད་ནས་བྱང་ཆུབ་ཆེན་པོའི་གོ་འཕང་མངོན་དུ་བརྙེས་སུ་ཟིན་ཀྱང་། སྨོན་ལམ་དང་སྙིང་རྗེའི་འཕེན་པས་ཚུར་མཐོང་གི་འགྲོ་བ་རྣམས་སྒྲོལ་བའི་སླད་དུ་མཆོག་གི་སྤྲུལ་པའི་སྐུའི་རྣམ་རོལ་ཏུ་ཤར་བའི་མཚུངས་མེད་བསྟན་པའི་ཉིན་བྱེད་ཆེན་པོ་བླ་ན་གསལ་ཞིང་། བསྟན་འཛིན་གྱི་སྐྱེས་བུ་འདུས་པ་རྒྱ་མཚོ་དང་བཅས་པ་བཤད་སྒྲུབ་ཀྱི་འདུ་བ་ལྷག་པར་འཕེལ་བའི་དུས་ཕུན་སུམ་ཚོགས་པའི་སྐབས་འདིར། སྐྱེས་སྦྱངས་ཀྱི་ཡོན་ཏན་དམན་ཡང་ལྷག་བསམ་པུཎྜ་རཱི་ཀའི་འཁྲི་ཤིང་ལྟར་གཅིག་ཏུ་དཀར་བའི་དགེ་སྦྱོང་རྒན་པོ་བྲང་ཏི་མཁས་པའི་རིགས་སྐྱེས་ཨེ་ཝཾ་ཐར་རྩེ་མཁན་མིང་པའང་། གནའ་ནས་ད་བར་དུ་ལུགས་གཉིས་ཀྱི་འབྲེལ་ཟབ་མཆོག་ཏུ་ཆེ་བར་མ་ཟད། ད་ལམ་ཡང་སྔོན་སྨོན་གྱི་རྟེན་འབྱུང་དུས་སུ་སྨིན་པའི་དགེ་ལེགས་ཀྱི་དུས་སྟོན་ཅིར་ཡང་ཐོབ་པ་ལ་གུས་སྤྲོའི་ལེགས་སྐྱེས་ཀྱི་མཆོད་སྤྲིན་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་ཐར་ལ་དྲན་པ་ཉེ་བར་བཞག་པའི་མཚོན་བྱེད་དངོས་བཤམས་ཀྱི་མཎྜལ་ཟེག་མ་ཙམ་བསྟར་བར། ཐོག་མར་བཀྲ་ཤིས་པའི་ལྷ་གོས་རབ་དཀར་སྲིད་དུ་རིང་བ་སོགས།


JKT020_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་འབུལ་ལམ་ཞུ་ན་དགྱེས་པ་ཆེན་པོས་བདག་གིར་མཛད་པ་དང་། སླད་མའི་ཆར་ཡང་། ངེས་གསང་བསྟན་པའི་ཉི་མ་མཆེད་ཞལ་རྣམ་པ་འབྱུང་འགྱུར་གྱི་རྒྱལ་བ་ལ་རྒྱལ་བས་སྲིད་ཞིའི་མཐའ་གཉིས་ལས་རྒྱལ་བའི་རྒྱལ་རྔ་བརྡུང་གི་བར་དུ་ཞབས་པད་རྡོ་རྗེའི་ཆོས་བདུན་གྱི་རང་བཞིན་དུ་བརྟན་ཅིང་། བཤད་སྒྲུབ་ཀྱི་བསྟན་པ་ཉིན་མོ་ལྟར་མཛད་པ་ནས། ཕན་ཚུན་མཉེན་ཞིང་གཤིན་པའི་ཐུགས་བརྩེའི་འཇུག་པའང་རྒྱུན་མི་འཆད་པར་རྩེ་གཅིག་པའི་ཡིད་ཀྱིས་གསོལ་བ་ལགས་ན་ཅི་གནང་། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེར་དགོན་གནས་གསར་བཞེངས་སྐབས་ཞལ་འདེབས་ཕུལ་བའི་ཡི་གེ་ཕན་བདེའི་ཟླ་སྣང་།


JKT020_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེར་དགོན་གནས་གསར་བཞེངས་སྐབས་ཞལ་འདེབས་ཕུལ་བའི་ཡི་གེ་ཕན་བདེའི་ཟླ་སྣང་ཞེས་བྱ་བ་བཞུགས་སོ། །༄༅། །ནོདཨུབྷཱཛཱཡོགསྣེ། ཉཱརཱབྷོགཙལོརུབཛ྄བྷཱ། དག་པའི་སྣང་བའོ། །ནིངྒཱཀཱཡབརཱཏལཱལིཏཱ ཛཱིཡཱཏཤཱསནསཱུརླནོསམཾ། །ཀ་དག་འོད་གསལ་གཉུག་མའི་ཡེ་ཤེས་ལས། །ལྷུན་གྲུབ་འཕོ་ཆེན་རྡོ་རྗེའི་སྣང་བ་ནི། །དེང་འདིར་མཆོག་གི་སྤྲུལ་སྐུའི་རྣམ་རོལ་ཅན། །མཚུངས་མེད་བསྟན་པའི་ཉི་མ་རྒྱལ་གྱུར་ཅིག །ཅེས་ཚིག་སྦྱོར་གྱི་ཨུཏྤལ་སྔོན་དུ་གཏོར་ནས། དེང་གི་ཆར་ཡང་། སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་བཤད་སྒྲུབ་ཀྱི་ཆུ་གཏེར་ཆེན་པོ་འོག་མིན་ཨོ་རྒྱན་བསམ་གཏན་ཆོས་གླིང་ཞེས་གྲགས་པ་ཕྱོགས་མཐར་དཀར་བ་ཉིད། བར་སྐབས་སུ་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མའི་དུས་ཀྱི་གཞན་དབང་གིས་ཉམས་ཆག་ཆེ་བར་གྱུར་ནའང་། སླར་ཡང་མཆོག་སྤྲུལ་བསྟན་པའི་ཉི་མ་གང་གི་ཐུགས་བསྐྱེད་དང་ཕྲིན་ལས་རྨད་དུ་བྱུང་བས་གསར་བཞེངས་ཉམས་གསོས་སྐོར་འགྲན་ཟླ་དང་བྲལ་བར་གྲུབ་པ་ལ་མངོན་དུ་ཕྱོགས་པའི་སྐབས་འདིར། རིས་མེད་པའི་བསྟན་པ་ལ་དག་པའི་སྣང་བ་པུཎྜ་རཱི་ཀའི་འཁྲི་ཤིང་ལྟར་གཅིག་ཏུ་དཀར་བའི་བྲང་ཏི་མཁས་པའི་རིགས་སྐྱེས་དགེ་སྦྱོང་རྒན་པོ་ཨེ་ཝཾ་ཐར་རྩེ་མཁན་མིང་པའང་། དད་སྤྲོའི་ཆུ་གཏེར་སྙིང་དབུས་ནས་གཡོ་བས་ཡན་ལག་བཞི་པའི་བསོད་ནམས་ཀྱི་བུང་བ་བདག་གིར་བགྱི་བའི་མཚོན་བྱེད། ཞལ་འདེབས་དངོས་པོའི་མེ་ཏོག་ཟེག་མ་ཙམ་བསྟར་བར། བཀྲ་ཤིས་པའི་ལྷ་གོས་རབ་དཀར་སོགས། སླད་མའི་ཆར་ཡང་། བསྟན་འཛིན་མཆོག་ཁྱོད་བསྐལ་བརྒྱར་ཞབས་བརྟན་མཐུས། །བསྟན་པའི་སྙིང་པོ་འོད་གསལ་རྫོགས་པ་ཆེའི། །བསྟན་པ་སྲིད་མཐའི་བར་དུ་གོང་འཕེལ་ཞིང་། །བསྟན་འགྲོར་ཕན་བདེའི་སྣང་བ་འབར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

ལྷ་འབྲང་བླ་མ་རིན་འཛིན་དཔལ་ལྡན་ཆོས་རྒྱལ་གྱི་སྤྲུལ་སྐུ་རིན་པོ་ཆེར་ཁྲི་སྟོན་ཕུལ་བའི་ཡི་གེ་ལེགས་བྱས་དཔྱིད་ཀྱི་སྙེ་མ།


JKT020_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

༈ ལྷ་འབྲང་བླ་མ་རིན་འཛིན་དཔལ་ལྡན་ཆོས་རྒྱལ་གྱི་སྤྲུལ་སྐུ་རིན་པོ་ཆེར་ཁྲི་སྟོན་ཕུལ་བའི་ཡི་གེ་ལེགས་བྱས་དཔྱིད་ཀྱི་སྙེ་མའོ། །༄༅། །ཛམཱིསཱཛཱཡོནདུསློཎྞནཱཡིཀ ཙྪརྗོབཱཎཱཾནཱསསྱཔྲསཱརོ། ཀཛིཙྪཨཱརེཝཱཧྥདྡྷིནྡཛཱསཱིཉྩདིཉྩིབ། སྲས་བཅས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །ཟུང་འཇུག་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་གྲུབ་པའི་སྐུར་བཞེངས་པ། །ཚེ་དཔག་མེད་མགོན་ཐུགས་རྗེའི་སྣང་བ་ཡིས། །ཁྱེད་ལ་རྟག་ཏུ་ཤིས་པ་སྦྱིན་གྱུར་ཅིག །ཅེས་དགེ་ལེགས་སུ་བྱ་བའི་ཚིག་སྦྱོར་གྱི་མེ་ཏོག་སྔོན་དུ་གཏོར་ནས། དེང་གི་ཆར་ཡང་། མཁས་གྲུབ་རྒྱ་མཚོའི་ཅོད་པན་རིག་འཛིན་དཔལ་ལྡན་ཆོས་རྒྱལ་གྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་རྣམ་འདྲེན་མཆོག་སྤྲུལ་རིན་པོ་ཆེ་གང་ཉིད། རྗེ་བཙུན་བླ་མ་རིམ་པར་བྱོན་པ་རྣམས་ཀྱི་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་ཁྲི་འཕང་མཐོན་པོར་ཞབས་པད་བཀོད་དེ། བསྟན་པའི་སྦྱིན་བདག་ཆེན་པོས་ཐོག་དྲངས། མཆོག་དམན་བར་མའི་དད་སྤྲོའི་ཡིད་ཅན་མཐའ་ཀླས་པས་སྤྱི་དགོས་བསྟན་འགྲོའི་དཔལ་མགོན་དམ་པར་མངའ་གསོལ་བའི་ཚེ་ན། ཁོ་བོ་ཅག་བྲང་ཏི་མཁས་པའི་རིགས་སྐྱེས་ཨེ་ཝཾ་ཐར་རྩེ་པའང་། བླ་མ་གོང་མ་དེ་ཉིད་ཀྱི་དུས་ནས་མཆོད་ཡོན་ཆོས་དམ་གྱི་འབྲེལ་ཟབ་ཐུན་མིན་དུ་གྱུར་པ་ལ་བརྟེན། ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུས་ཀུན་ནས་བསླང་སྟེ། རྒྱལ་བའི་སྲས་ཀྱི་མྱུ་གུ་གསར་པ་གང་ཉིད་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པས་རྣམ་མང་བསྟན་འགྲོའི་སྨན་ཡོན་ཆེན་པོར་འགྱུར་བའི་མངའ་གསོལ་གཟེངས་བསྟོད་ཀྱི་ཤིས་པ་བརྗོད་པའི་མེ་ཏོག་མན་རའི་ཕང་ཕུང་ཆར་དུ་བསྙིལ་བའི་རྟེན་འབྱུང་མཚོན་བྱེད་ས་བཅད་སྟོང་མིན་ཙམ་དུ། བཀྲ་ཤིས་པའི་ལྷ་གོས་རབ་


JKT020_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་སོགས། བཅས་འབུལ་ལམ་ཞུས་ཡོད་པས་དགྱེས་པའི་སྤྱན་རས་ཀྱིས་བཙའ་བ་དང་། སླད་མའི་ཆར་ཡང་། གང་ལ་བརྟེན་ནས་ནམ་ཡང་མི་བསླུ་བའི། །དཀོན་མཆོག་གསུམ་ཞེས་གྲགས་པའི་ཟླ་ཤེལ་གྱིས། །དགེ་མཚན་བདུད་རྩིའི་འོད་རླབས་སྤྲོ་བ་ཡིས། །བཀྲ་ཤིས་སྣང་བ་རྟག་ཏུ་རྒྱས་གྱུར་ཅིག །སརྦ་ཧྥེ་ཡོ་བྷ་བ་ཏུ།། །།

སེ་ནཱ་ཤུ་བྷའི་གཉེན་སྟོན་སྐབས་མཁན་ཆེན་རྡོ་རྗེ་འཆང་ནས་ལེགས་འབུལ་གནང་བའི་ཡི་གེ་དཔྱིད་ཀྱི་སྣང་བ།


JKT020_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

༈ མེ་རྟ་ལོར་སེ་ནཱ་ཤུ་བྷའི་གཉེན་སྟོན་སྐབས་མཁན་ཆེན་རྡོ་རྗེ་འཆང་ནས་ལེགས་འབུལ་གནང་བའི་ཡི་གེ་དཔྱིད་ཀྱི་སྣང་བའོ། །ཨིནམྦྷསུཝིཏྟཾ ལཀྵིཤཱནྟབྷབྷབདཱཔཏུཾ། ཤུདྡྷསྱཱདཱིཔཱནཱམཔྲསཱརེ། ཏྲེརཏྟཾརུཙིཀཱནྟིནཱམཔ བུམངྒལསུཔུཉྫབཱརཱདཱ། གང་མཚན་ཐོས་པའི་ལེགས་བྱས་རྨད་བྱུང་གིས། །སྲིད་ཞིའི་ཕུན་ཚོགས་མཐའ་དག་སྦྱིན་མཁས་པ། །རིན་ཆེན་གསུམ་ཞེས་གྲགས་པའི་སྣང་བ་ཡིས། །རྣམ་ཀུན་ཤིས་པའི་མེ་ཏོག་ཆར་དུ་བསྙིལ། ༡ །འཆི་མེད་གྲུབ་པའི་དཔྱིད་ཀྱིས་འཇིག་རྟེན་ན། །ངལ་འཚོའི་སྤྲིང་ཡིག་གསར་པས་མཛེས་གྱུར་པ། །ཚེ་དཔག་མེད་མགོན་ཐུགས་རྗེའི་ཟླ་རིས་ཀྱིས། །མི་བདག་འཁོར་བཅས་འཚོ་གཞེས་བསྐལ་བརྒྱར་བསྲིངས། ༢ །རབ་དམར་དབང་གི་མཆིལ་པ་རྣོན་པོ་དང་། །འགྲོགས་པའི་ཡེ་ཤེས་སྣང་བ་སྤྲོས་ཙམ་གྱིས། །ཁམས་གསུམ་སྡུད་མཛད་རིག་བྱེད་དགའ་བ་ཡིས། །བརྟན་གཡོའི་ཕུན་ཚོགས་ཇི་སྙེད་བདག་གིར་མཛོད། ༣ །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རོལ་གར། །རྡོ་རྗེའི་ཆོས་སྲུང་རྒྱ་མཚོའི་ཕྲིན་ལས་ཀྱིས། །ཉེ་བར་འཚེ་བའི་ཚོགས་རྣམས་མཐར་བྱས་ནས། །བཞེད་དགུའི་དོན་ཀུན་འབད་པ་མེད་པར་སྒྲུབས། ༤ །བསོད་ནམས་སྤྲིན་གྱི་འཛུམ་དཀར་གཡོ་བ་ལས། །དགོས་འདོད་ནོར་བུའི་གྲུ་ཆར་འབེབས་མཁས་པ། །གནོད་གནས་དབང་པོའི་འབྱོར་པའི་དཔག་བསམ་གྱིས། །རྫོགས་ལྡན་དང་པོའི་དགའ་སྟོན་གསར་དུ་དཀྲིགས། ༥ ། ཞེས་ཤིས་པར་བྱ་བའི་ཚིག་གི་མེ་ཏོག་ཅུང་ཟད་སྔོན་དུ་གཏོར་ནས། དེང་གི་ཆར་ཡང་དུས་ཕུན་སུམ་ཚོགས་པའི་སྐབས་འདིར། ཡོངས་རྫོགས་བསྟན་པ་རྒྱ་མཚོའི་སྦྱིན་བདག །རིས་བྲལ་འགྲོ་བ་ཀུན་གྱི་གཉེན་གཅིག །བསོད་ནམས་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་མི་བདག་སའི་ཚངས་པ་ཆེན་པོ་གང་གི་ཞལ་སྔ་ནས། འགྲོ་བའི་བདེ་སྐྱིད་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་རགས་ལས་ཤིང་། དེ་ཡང་ཆོས་ལྡན་༧ གྱི་རྒྱལ་པོའི་བདག་རྐྱེན་ལ་བལྟོས་པས་ན། དེ་ཉིད་མི་ཉམས་ཤིང་ཡུན་དུ་བརྟན་པ་ནི་སྤྲུལ་པའི་གདུང་རབས་ཟམ་མ་ཆད་བར་ཕེབས་པ་ཁོ་ན་ལས་གཞན་དུ་མ་དམིགས་པའི་ཕྱིར། ལྷག་པའི་ཐུགས་བསྐྱེད་རྣམ་པར་དག་པས་མདུན་བདར་ཏེ། རྒྱལ་སྲིད་དཔག་བསམ་གྱི་ལྗོན་པའི་རྩ་བ་གཡོ་མེད་དུ་བརླིང་པའི་སླད་རིགས་གཟུགས་འབྱོར་པའི་ཡོན་ཏན་འབུམ་གྱིས་མངོན་པར་མཐོ་བའི་བཙུན་མོ་རིན་པོ་ཆེ་གང་ཉིད།


JKT020_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བཞི་དང་རྒྱལ་ཐབས་ཀྱི་ཡན་ལག་བདུན་གྱིས་སྒེག་པའི་དཔལ་གྱི་འབྱོར་པ་ཆེས་རྨད་དུ་བྱུང་བའི་སྒོ་ནས་ཁབ་ཏུ་བཞེས་པར། ཁོ་བོ་ཅག་བྲང་ཏིའི་རིགས་སྐྱེས་ཨེ་ཝཾ་ཐར་རྩེ་མཁན་མིང་པའང་གནའ་ནས་ད་བར་མཆོད་ཡོན་ཆོས་དམ་གྱི་འབྲེལ་ཟབ་ཐུན་མིན་དུ་གྱུར་པས་དགའ་བ་དང་སྤྲོ་བ་ཕན་ཚུན་འགྲན་བཞིན་དུ་འཕེལ་བ་དང་ཆབ་གཅིག །རྣམ་པ་ཀུན་ཏུ་དགེ་ལེགས་ཤིས་པའི་རྟེན་འབྱུང་གི་སྒོ་འཕར་བརྒྱ་ཕྲག་ཏུ་དབྱེ་བའི་ལེགས་གསོལ་དངོས་འབུལ་གྱི་བདོག་འབྱོར་ཟེག་མ་ཙམ་བསྟར་བར། ཐོག་མར་བཀྲ་ཤིས་པའི་ལྷ་གོས་རབ་དཀར་གངས་རིའི་མདོག་ཅན་སྲིད་དུ་རིང་བོ་སོགས། མཐའ་རྟེན་རས་དཀར་ཡུག་བློ བཅས་རྣམ་གྲངས་བཅུ་ཕྲག་གསུམ་ལ་ཉག་མ་བདུན་གྱིས་ལྷག་པ་འབུལ་ལམ་ཞུ་ན་དགྱེས་པའི་སྤྱན་རས་ཀྱིས་ཡུད་ཙམ་རོལ་པ་དང་། འབྱུང་འགྱུར་གྱི་ཆར་ཡང་། སྡེ་བཞི་དགེ་བཅུའི་རྒྱལ་ཐབས་རྨད་བྱུང་གི། །ཆོས་སྲིད་རིགས་བརྒྱུད་འབྱོར་པའི་རྫོགས་ལྡན་སྤྲིན། །ལྷག་པར་འཕེལ་བའི་དགེ་མཚན་གཏམ་གྱི་རྔ། །སྲིད་པ་གསུམ་ན་ཀུན་ཏུ་སྙནུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

སེ་ནཱ་ཤུ་བྷར་ལེགས་སྐྱེས་ཕུལ་བའི་ཡི་གེ་བདུད་རྩིའི་སྙེ་མ།


JKT020_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཛེས་བྱེད་ལོར་སེ་ནཱ་ཤུ་བྷར་ལེགས་སྐྱེས་ཕུལ་བའི་ཡི་གེ་བདུད་རྩིའི་སྙེ་མའོ། །ཏུསྶ བྷིཊྛིཔིབྷོ ཤེཡོཉམུ་ཏིསིདྡྷཾབཀོ༽ ཙྪནྡབཱཀྲྀནཱམ། རྣཕྱི་ལཀྱིས། པཱདཔེཔཾཨཱམིཡོ༔ སྡེ་བཞིའི་ཆུ་གཏེར་ལས་བྱུང་ཞིང་། །དགེ་ལེགས་བདུད་རྩིའི་རང་ ༼འདིའི་ནང་རི་མོ་ཡོད།༽


JKT020_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཅན། །མི་བདག་ཤར་གྱི་ཐིག་ལེ་ཡི། །ཞབས་ཀྱི་པདྨོའི་ཉེ་དྲུང་དུ། ༡ །མཆོག་གསུམ་ཐུགས་རྗེའི་ཉིན་བྱེད་ཀྱིས། །ཉེ་བར་སྐྱོང་བའི་ད་རི་དྲ། །ཨུཏྤལ་གཞོན་ནུའི་མགྲིན་པ་ནས། །ཞུ་གསོལ་རྒྱུད་མང་འདི་ལྟར་བསྒྲེངས། ༢ །གང་ཁྱོད་བསོད་ནམས་བྱེ་སྙེད་ཀྱིས། །རིང་མི་ཉིད་ནས་བསྒྲུབས་པ་ལས། །མཐའ་ཀླས་བསྟན་འགྲོའི་ཉེར་འཚོ་རུ། །མཚན་དཔེའི་གཟི་བྱིན་ལྷམ་མེར་གསལ། ༣ །དེ་ཚེ་རིགས་གཟུགས་ཤེས་རབ་དང་། །ཆོས་སྲིད་འབྱོར་པ་རྨད་བྱུང་གིས། །ཤིས་པར་བྱས་པའི་གཏམ་གྱི་རྔས། །ས་གསུམ་ཁྱབ་དང་ལྷན་ཅིག་པར། ༤ །དེང་དུས་ཞལ་གྱི་དཀྱིལ་འཁོར་མཆོག །མངོན་སུམ་མཇལ་བའི་བཀའ་དྲིན་ནི། །ཚངས་པའི་བློས་ཀྱང་གཞལ་དཀའི་ཕྱིར། །གུས་སྤྲོའི་ལེགས་སྐྱེས་ཅུང་ཟད་སྟོབས། ༥ །ཞེས་ཚིག་གི་མེ་ཏོག་ཕྲ་མོ་ཙམ་སྔོན་དུ་འཐོར་བས་ལམ་ཡངས་པར་བྱས་ནས། དེང་གི་ཆར་ཡང་། གཟོད་མ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་བརྙེས་སུ་ཟིན་ཀྱང་། སྨོན་ལམ་དང་སྙིང་རྗེའི་འཕེན་པས་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་ཤར་བ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་མཚན་དཔེའི་ཉིན་བྱེད་བླ་ན་གསལ་ཞིང་། བོད་དང་བོད་ཆེན་པོའི་ལྗོངས་ཀྱི་རིས་སུ་མ་ཆད་པའི་བསྟན་འགྲོ་ཡོངས་ཀྱི་རྟེན་དང་། གླིང་དང་། དཔུང་གཉེན་གཅིག་པུར་གྱུར་པ་མི་བདག་སའི་ཚངས་པ་ཆེན་པོ་གང་གི་


JKT020_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཀྱི་པདྨོ་ཆེ་དགུའི་རལ་བའི་རྩེ་མོར་འཚོ་ཞིང་གཞེས་ལ་ལུགས་གཉིས་ཀྱི་ཕྲིན་ལས་མཁའ་མཐའ་མཉམ་པར་བརྡལ་བའི་སྐབས་འདིར་གསེར་ཞལ་རིན་པོ་ཆེ་མངོན་སུམ་དུ་མཇལ་ཞིང་། གསུང་གི་བདུད་རྩིས་སྐལ་བཟང་ཐོབ་པའི་ཐོག་མའི་མཇལ་ཕྱག་ལ་རིངས་པར་མཚོན་པ་བཀྲ་ཤིས་པའི་ལྷ་གོས་རབ་དཀར་སོགས། སླར་སྨྲས་པ། རྒྱལ་ཀུན་སོ་སོར་རྟོག་པའི་ཡེ་ཤེས་གཅིག་བསྡུས་སྒྱུ་འཕྲུལ་དྲྭ་བའི་གར། །འོད་མཚན་སྟོང་འབར་ཐུགས་རྗེའི་བདུད་རྩིས་ཁྱེད་ལ་རྟག་ཏུ་དགེ་བྱས་པས། །གསང་གསུམ་རྡོ་རྗེའི་ཆོས་བདུན་ངོ་བོར་བསྐལ་པ་རྒྱ་མཚོར་འཚོ་གཞེས་ཤིང་། །ཆབ་སྲིད་མངའ་ཐང་ཆེས་ཆེར་དར་བའི་དགེ་མཚན་སྣང་བ་འབར་གྱུར་ཅིག ༡ །དེ་མཐུས་བསྟན་པའི་བཤད་སྒྲུབ་དང་། །འགྲོ་བའི་བདེ་སྐྱིད་དར་བབས་ཤིང་། །རྫོགས་ལྡན་གཞོན་ནུའི་དུས་སྟོན་ལ། །ཉམས་མེད་ལོངས་སུ་སྤྱོད་པར་ཤོག ༢ ། གང་ན་སྐྱབས་སུ་བསྙེན་ཙམ་ནས། །སྲིད་ཞིའི་དཔལ་ཀུན་སྦྱིན་མཁས་པ། །མཆོག་གསུམ་ཐུགས་རྗེའི་གདུགས་དཀར་པོས། །ཕན་བདེའི་ངལ་འཚོ་རྒྱས་གྱུར་ཅིག ༣ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

མཁན་ཆེན་རྡོ་རྗེ་འཆང་ཆེན་པོར་ལེགས་འབུལ་གྱི་ཡི་གེ་བདུད་རྩིའི་སྣང་བ།


JKT020_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཁན་ཆེན་རྡོ་རྗེ་འཆང་ཆེན་པོར་ལེགས་འབུལ་གྱི་ཡི་གེ་བདུད་རྩིའི་སྣང་བའོ། །ཨཱཙྪཱཐཱནྟི་ནོསཱིf བིསཝཚོ་བའི་ཀོ། ཙྪརྗོབཱཀྵེ། སཱརཱིཧཱིསཞིསཱུདྡྷིག པདྨོའི་རྩུབཛིéཏ། སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི། །༼འདིའི་ནང་རི་མོ་ཡོད།༽


JKT020_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། །དེང་འདིར་ཡོངས་རྫོགས་བསྟན་པའི་ཉི་མ་མཆོག །ཁྱབ་བདག་རྡོ་རྗེ་འཆང་དངོས་ཞབས་པདྨོར། །གུས་པ་ཆེན་པོས་ཕྱག་དང་བཅས་ཏེ་གསོལ་བ། དེང་གི་ཆར་ཡང་། སྲས་བཅས་རྒྱལ་བ་ཡོངས་ཀྱི་རྣམ་རོལ། ཡོངས་རྫོགས་བསྟན་པ་རྒྱ་མཚོའི་མངའ་བདག །འགྲོ་བ་ལྷ་དང་བཅས་པའི་སྐྱབས་གཅིག །མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་གང་ཉིད་སྟོན་འཁོར་རྣམས་པ་སྐྱབས་འོག་པ་ཁོ་བོ་ཅག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། དྲིན་ལྡན་གྱི་ཕ་མས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་ཟབ་མོའི་སྒོ་ནས། གནས་སྐབས་ཕན་པ་དང་མཐར་ཐུག་བདེ་བའི་གོ་འཕང་ལ་སྦྱོར་བར་མཛད་པའི་བཀའ་དྲིན་ལ་བསམ་ན་སྟོང་གསུམ་ནོར་བུས་བཀང་ཡང་གཞལ་བྱ་མ་ཡིན་མོད། འོན་ཀྱང་དངོས་རྫས་ཀྱི་ཡོ་བྱད་དབུལ་བས་མཎྜལ་མཚོན་བྱེད་མདུན་སྟོང་མིན་ཙམ་དུ་ལྷ་གོས་སོགས།། །།

ཞབས་དྲུང་རིན་པོ་ཆེར་ལེགས་འབུལ་གྱི་ཡི་གེ


JKT020_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཞབས་དྲུང་རིན་པོ་ཆེར་ལེགས་འབུལ་གྱི་ཡི་གེ རྨནྟིསུ་གཏནས་ལོ་དེ་སྤྱོདཱིཙྪན ཕྱི་མོ་མཉམ་པའི་སྡེབ་སྦྱོར་ལས་ཛཱཏིའི་འཕགས་མ་ཞེས་བྱ་བའི་པྲསཱརས་མཛེས་པར་བྱས་པའོ། །བསྒྲིབྷགྷོས། ཝཱཝིཊྛཙཱཡཱ བྱམས་པའི་བདུད་རྩིས་འགྲོ་ཀུན་ ༼འདིའི་ནང་རི་མོ་ཡོད།༽


JKT020_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཕན་བདེའི་དགའ་སྟོན་མཆོག་སྦྱིན་པ། །འཇམ་དཔལ་དབྱངས་དངོས་ས་གསུམ་ན། །གྲུགས་པའི་རྒྱལ་མཚན་རྒྱལ་གྱུར་ཅིག །ཞེས་དགེ་ལེགས་སུ་བྱ་བའི་ཚིག་གི་མེ་ཏོག་སྔོན་དུ་གཏོར་ནས། གུས་པ་ཆེན་པོའི་ཕྱག་དང་བཅས་ཏེ་ཞུ་བ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག །སྐུ་བཞི་ཡེ་ཤེས་ལྔའི་ངོ་བོ། ལྷར་བཅས་བསྟན་འགྲོ་ཡོངས་ཀྱི་དཔལ་མགོན། སྐྱབས་གཅིག་བཀའ་དྲིན་མཉམ་མེད་རྣམ་འདྲེན་རྡོ་རྗེ་འཆང་ཆེན་པོ་གང་ཉིད། སྐྱབས་འོག་ཐ་ཤལ་པ་ཁོ་བོ་ཅག་གིས་གཉུག་མར་བསྟི་བའི་ཁང་བུར་ཞབས་ཀྱི་པདྨོ་བཀོད་ནས། བཅོམ་ལྡན་འདས་འཆི་མེད་མགོན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བས་མཚོན་འབྲེལ་ཚད་དོན་ལྡན་གྱི་མཛད་པ་མཁའ་ཁྱབ་ཏུ་སྤྲོས་པའི་བཀའ་དྲིན་ནི་བྱང་ཆུབ་སྙིང་པོའི་བར་དུ་གཞལ་བྱས་དབེན་ནའང་། རེ་ཞིག་ཡིད་སྤྲུལ་གྱི་མཎྜལ་རྒྱ་ཆེར་བཀོད་པའི་མཚོན་བྱེད་དངོས་བཤམས་མདུན་སྟོང་མིན་ཙམ་དུ། བཀྲ་ཤིས་པའི་ལྷ་གོས་སོགས།

འཇམ་མགོན་བླ་མ་རིན་པོ་ཆེར་ལེགས་འབུལ་གྱི་ཡི་གེ་བདུད་རྩིའི་མེ་ཏོག


JKT020_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

༈ འཇམ་མགོན་བླ་མ་རིན་པོ་ཆེར་ལེགས་འབུལ་གྱི་ཡི་གེ་བདུད་རྩིའི་མེ་ཏོག་གོ། །ཨེཀྐ་སི་ནཱམཾ ཀཛིནཙི་ཙྪཛི ཤི ཛཱ་ཏི་འཕགས་མའི་དབྱངས་ཀྱི་སྡེབ་སྦྱོར་རོ། །ཤཱནྟཙབཔོརནྟ་བྷོཥྛ ཚཧཱུྃཙ སཾཞིའཕོ་ཛཱིཉྩནྟུ། འགྱུར་མེད་གྲུབ་པའི་ཡེ་ཤེས་གཅིག་པུ་ནི། །བྱང་ཆུབ་སྙིང་པོར་འཁྲུངས་པའི་མཐུ་སྟོབས་ཀྱིས། །སྲིད་དང་ཞི་བའི་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ལས་རྣམ་གྲོལ་བ། །ཡོངས་རྫོགས་བསྟན་པའི་ཉི་མ་རྒྱལ་གྱུར་ཅིག །ཅེས་ཚིག་སྦྱོར་གྱི་མེ་ཏོག་སྔོན་དུ་གཏོར་ནས། དེང་གི་ཆར་ཡང་། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཆོག་སྤྲུལ་རྡོ་རྗེ་འཆང་ཆེན་པོ་གང་ཉིད་ནས། སྐྱབས་འོག་ཐ་ཤལ་པ་ཁོ་བོ་ཅག་ལ་དུས་རྟག་ཏུ་ཐུགས་རྗེའི་གཟིགས་སྐྱོང་བླ་ན་མེད་པར་མ་ཟད། ད་ལན་ཡང་ཞབས་ཀྱི་པདྨོ་ལ་ཕྱག་གིས་འདུད་པའི་སྐལ་བཟང་རྙེད་ཅིང་། གསུང་གི་བདུད་རྩིས་སྨིན་གྲོལ་དུ་མཛད་པའི་བཀའ་དྲིན་ནི་བྱང་ཆུབ་སྙིང་པོའི་བར་དུ་གཞལ་བར་དཀའ་ན། ཟང་ཟིང་གི་བདོག་པ་ཕྲ་མོས་ལྟ་ག་ལ། དེ་ལྟར་ནའང་རེ་ཞིག་ཡིད་སྤྲུལ་གྱི་མཎྜལ་རྒྱ་ཆེར་སྤྲུལ་ཏེ་ཕུལ་བའི་མཚོན་བྱེད་དུ་དངོས་བཤམས་ཟེག་མ་ཙམ་བསྟར་བར། བཀྲ་ཤིས་པའི་ལྷ་གོས་རབ་དཀར་སྲིད་དུ་རིང་བ་སོགས། སླད་མའི་ཆར་ཡང་། སྐུ་གསུང་ཐུགས་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ནས། རིང་མིན་ཞལ་གྱི་དཀྱིལ་འཁོར་མངོན་སུམ་དུ་མཇལ་ཞིང་གསུང་གི་བདུད་རྩི་ལྷུག་པར་སྩོལ་བ་དང་། འདི་ནས་བྱང་ཆུབ་བར་དུ་ཡེ་ཤེས་གཟིགས་པ་དམ་པས་མི་འདོར་བར་རྩེ་གཅིག་པའི་ཡིད་ཀྱིས་གསོལ་བ་འདེབས་པ་ལགས་ན་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀལྱཱ་ཎཾ་བྷ་བ་ཏུ།། །།

དཔལ་ལྡན་བླ་མ་དམ་པ་ཤཱི་མཱ་ན་མཚན་ཅན་ལ་ལེགས་འབུལ་སྟོབ་པའི་ཡི་གེ་བདུད་རྩིའི་མྱུ་གུ།


JKT020_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་ལྡན་བླ་མ་དམ་པ་ཤཱི་མཱ་ན་མཚན་ཅན་ལ་ལེགས་འབུལ་སྟོབ་པའི་ཡི་གེ་བདུད་རྩིའི་མྱུ་གུའོ། །རྫྙཱ་ནཱཏྟཱཏུབིདཾཀྲཔཱནཊེ༔ ཙྪརྗོཤུདྡྷདིསྟེ། ཀརྨསོཁྱསུཀལྤབཱརདཱ ཛཱིབནུཏྲསུགབྱབཛྲཏཱ། དཔལ་ལྡན་སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་བརྩེའི་ཡེ་ཤེས་རྨད་དུ་བྱུང་བའི་གར། །ཕྲིན་ལས་སྐལ་བཟང་ཕན་བདེའི་མཆོག་སྦྱིན་པའི། །གསང་གསུམ་རྡོ་རྗེའི་ངོ་བོར་འཚོ་གཞེས་གསོལ། །གུས་པའི་ཐལ་མོ་ཆུ་སྐྱེས་གཞོན་ནུའི་སྤུན་ཟླ་ཅན་སྙིང་གར་དུད་དེ་གསོལ་པ། འཁོར་འདས་མི་ཕྱེད་འོད་གསལ་མཆོག་བདེའི་སྤྲིན། ཟུང་འཇུག་དགྱེས་པའི་རྡོ་རྗེར་ཡོངས་ཤར་བས། །ཐ་མལ་དངོས་ཀུན་ལྷ་དང་ཡེ་ཤེས་སུ། །རྣམ་རོལ་གྲུབ་པའི་སྙེམས་པ་ཅིར་ཡང་བཟུང་། །དེ་ཚེ་གཞིར་གནས་དཀྱིལ་འཁོར་པདྨའི་ཚལ། །སྨིན་བྱེད་བདུད་རྩིས་བརླན་པའི་དགེ་མཚན་གྱིས། །སྐུ་བཞིའི་མཚར་སྡུག་མཆོག་ཏུ་རྒྱས་མཛད་པའི། །བཀའ་དྲིན་བྱང་ཆུབ་བར་དུ་གཞལ་དཀའི་གནས། །དེ་ལྟར་ནའང་རེ་ཞིག་དངོས་འབྱོར་གྱི་མཎྜལ་མདུན་སྟོང་མིན་ཙམ་དུ། བཀྲ་ཤིས་པའི་ལྷ་གོས་སོགས། སླར་ཡང་། ཉེས་པར་སྤྱོད་པ་ཆ་བཅས་རྣམ་གྲོལ་ཤིན་ཏུ་སྦྱངས་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་གཉིས་གཞར་ཡང་གཏོང་མིན་ཨེ་ཝཱི་མཱ་ཡཱའི་རྒྱལ་ཐབས་ལ། །དཔལ་ལྡན་རྡོ་རྗེ་འཛིན་པའི་ངལ་འཚོས་བསྟན་འཛིན་བྱེ་བའི་ཅོད་པན་རྩེར། །འཚོ་གཞེས་རྟག་པ་དམ་པའི་ཕྲིན་ལས་སྲས་བཅས་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བས་བསྒྲུབ་བཞིན་དུ། །ཞབས་ཀྱི་པདྨོར་བསྙེན་པའི་དམན་བདག་ཀྱང་། །ཟླ་མེད་ཞི་བསིལ་ཆོས་ཕུང་བྱེ་སྙེད་ཀྱིས། །བྱང་ཆུབ་སྙིང་པོའི་ལང་ཚོ་རྒྱས་མཛད་པའི། །དགེ་མཚན་འཇིག་རྟེན་གསུམ་ན་འབར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

དགོན་སར་ཆོས་རྗེ་མཆོག་སྤྲུལ་རིན་པོ་ཆེའི་འཕྲིན་ལན་བདུད་རྩིའི་དོ་ཤལ།


JKT020_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

༈ དགོན་སར་ཆོས་རྗེ་མཆོག་སྤྲུལ་རིན་པོ་ཆེའི་འཕྲིན་ལན་བདུད་རྩིའི་དོ་ཤལ་ཅེས་བྱ་བའོ། །ཕུཔཉྩཛོལཙྪིཥྛ པིཝིཡཱིཙྪརིཐོནཱཀི ཙྪརྗོབཱཏྟཾནཱམེ། །༥ཨཙུཧིཏྟོགྲོད ཕྱི་སྒྱུཙིནྡྲིཙྩམཱུལེ། སྤྲོས་པའི་ཆུ་གཏེར་ལས་བརྒལ་ཡང་། །སྙིང་རྗེའི་ཤིང་རྟ་ལ་ཆགས་པས། །གཞན་ཕན་བདུད་རྩིའི་མཆོག་སྦྱིན་པའི། །རྣམ་འདྲེན་ཤར་གྱི་ཐིག་ལེའི་དྲུང་། །སྤྲིན་བྲལ་ཉི་མ་གཞོན་ནུའི་རྡུལ་ཕྲེང་གིས། །ཡིད་འོང་ཨུཏྤལ་དམར་པོ་བྱེ་བ་བཞིན། །གང་གི་ཐུགས་རྗེས་བསྐུལ་བའི་གཞན་དབང་ལས། །དོན་ལྡན་སྙན་པར་སྨྲ་བའི་མཆིད་འདི་གསོལ། །གཟོད་མ་ཉིད་ནས་རྣམ་པར་གྲོལ་ཡང་ཐབས་མཁས་སྤྱོད་པའི་ཨུཏྤལ། །རྨད་བྱུང་ཡོན་ཏན་དུ་མའི་ཚོན་རིས་རྣམ་པར་གཡོ་བའི་དོག་པ་ནི། །ཡིད་ཅན་སྒེག་མོའི་རྣ་བར་དཔྱངས་པས་སྲིད་དང་ཞི་བའི་ཕ་མཐའ་ལས། །རིང་དུ་གྱུར་པའི་སྤྲིང་ཡིག་གསར་པས་ཕྱོགས་ཀྱི་ཁོར་ཡུག་དཀྲིགས་པར་བྱས། ༣ །དེ་ཚེ་ཕྱི་ནང་རིག་པའི་གཞུང་ལུགས་དང་། །བསླབ་གསུམ་དོན་ལ་མཛའ་བའི་བརྟུལ་ཞུགས་ཀྱིས། །འཇམ་མགོན་བླ་མའི་ཆོས་ཀྱི་རྒྱལ་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཆེར། །ལྷར་བཅས་བསྔགས་པའི་རོལ་མོས་ཤིས་པ་བསྒྲུབས། ༤ །ཟབ་མོ་དབུ་མའི་གཞུང་ལུགས་ཟླ་གཞོན་གྱིས། །ཁྱོད་མཁྱེན་ཀུ་མུཏ་འཛུམ་དཀར་གྲོལ་བའི་མོད། །རྒྱལ་བ་གཉིས་པ་དཔལ་ལྡན་ཀླུ་ཡི་ཞབས། །གངས་ཅན་རི་བོའི་ཁོངས་སུ་རྒྱུ་བ་བཞིན། ༥ །གསང་རྒྱུད་རྒྱ་མཚོའི་མཐར་ཐུག་འདུས་པ་ཡི། །སྨིན་གྲོལ་ལང་ཚོ་རྒྱགས་པའི་མེ་ནཱ་ཀར། །བློ་མཆོག་ཟུར་མིག་གཡོ་བས་འཁྱུད་བཞིན་དུ། །བརྟན་མཁས་ཡོན་ཏན་རྫོགས་འདི་རིགས་སམ་ཅི། ༦ །དེ་སོགས་བསྔགས་འོས་རྣམ་ཐར་བྱེ་བ་ཡིས། །མངོན་པར་མཛེས་པའི་གསང་བ་གསུམ་གྱི་དངོས། །འཚོ་གཞེས་ཆོ་ག་མ་ཉམས་གསལ་བ་ལ། །གཅིག་ཏུ་གུས་པ་བཞིན་རས་ཅིར་ཡང་ངོམ། ༧ །ཁྱད་པར་ངེས་དོན་མཛེས་མའི་འགྲམ་པ་ནས། །འཕོས་པའི་ལེགས་བཤད་བདུད་རྩིའི་ཁ་ཆང་གིས། །བདག་ཉིད་མཆོག་ཏུ་དྭངས་པའི་བ་ཀུ་ལ། །དད་གསུམ་འདའ་བརྒྱ་གྲོལ་བའི་མཚར་སྡུག་གཡོས། ༨ །འདི་ན་གྱི་ནའི་སྤྱོད་ཚུལ་སྟུག་པོ་ཡིས། །དམ་ལ་བཞག་པའི་འདུ་ཤེས་གསུམ་པ་ཡང་། །ཐོས་བསམ་རི་མོར་བྲིས་པའི་མར་མེ་དང་། །མཚུངས་བཞིན་ལང་ཚོ་ཉེ་ཞོའི་ཕྱོགས་ཀྱིས་བཏང་། ༩ །སླད་མའི་ཆར་ཡང་སྲིད་པའི་ཟག་པ་རྒྱུ་དང་བཅས་པའི་འཆིང་བ་ཀུན། །འོད་གསལ་བདེ་ཆེན་དྭངས་མའི་ཐིག་ལེར་འཕོ་འགྱུར་མེད་པར་རྒྱས་བཏབ་པས། །སྐུ་


JKT020_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མི་ཕྱེད་གྲུབ་པའི་རྡོ་རྗེ་རྣམ་པ་ཀུན་གྱི་མཆོག་ལྡན་ཞལ། །འཆི་མེད་རྟག་པའི་གོ་འཕང་ཆེན་པོར་གཡོ་བ་མེད་པར་འཚོ་གཞེས་ཤིང་། ༡༠ །བདག་ཀྱང་འདི་ནས་གཏན་དུ་བདེ་བའི་ལམ། །མངོན་དུ་རྙེད་མིན་དེ་སྲིད་མགོན་ཁྱོད་ཀྱི། །དགེ་བའི་བཤེས་སུ་ཡང་དག་མཛད་ནས་ཀྱང་། །རྣམ་གྲོལ་ཆོས་ཀྱི་ཆར་ཆེན་འབེབས་པ་དང་། ༡༡ །རིང་དུ་གནས་ནའང་ལེགས་པར་བཤད་པའི་གཏམ། །འཆད་མེད་སྩོལ་བའི་བཀའ་དྲིན་མི་འགོག་པས། །ཉི་མས་པདྨོར་ཇི་བཞིན་ཕན་བདེའི་དབྱིག །སྦྱིན་པའི་བྱེད་པོ་ཉིད་དུ་མཛོད་ཅེས་སྨྲེངས། ༡༢ །དེ་སྐད་ཞུ་བའི་མཆིད་ཚིག་མདོངས་མཐའ་མོ། །རྟེན་དངོས་གློག་གི་དོ་ཤལ་གཡོ་བ་དང་། །གུས་སྤྲོའི་སྒྲོ་གཤོག་ཟླུམ་པོའི་གར་བསྒྱུར་བཞིན། །ཁྱོད་ཞབས་དག་པའི་ཚལ་དུ་རྩེན་ལ་དེངས། ༡༣ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

དཔལ་ལྡན་བླ་མ་དམ་པ་དྷརྨ་ཏཱ་ར་ཕུལ་པའི་འཕྲིན་ལན་བདུད་རྩིའི་ལྗོན་པ།


JKT020_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་ལྡན་བླ་མ་དམ་པ་དྷརྨ་ཏཱ་ར་ཕུལ་པའི་འཕྲིན་ལན་བདུད་རྩིའི་ལྗོན་པའོ། །ཚྭབྷཱཧཱམཱིཏྟཾཤྲཱིཙྪསུ གྱིཙྪཐུམཧྥདཱིཔེ སྡེབ་སྦྱོར་ཁ་སྒོ་ཞེས་བྱ་བའི་པྲསཱརའོ། །ཉིཏོཨུཀཱནྟི ནཱ ཙི ཚཙཱན་མཱི། རང་བཞིན་དག་པའི་བདུད་རྩི་དང་། །ཡོན་ཏན་མཐའ་ཀླས་སྣང་བ་ཆེས། །ཕན་བདེའི་ཆུ་གཏེར་རྒྱས་མཛད་པ། །རྣམ་འདྲེན་ཟླ་བ་གསར་པའི་དྲུང་། ༡ །རབ་དྭངས་བློ་མཆོག་ནོར་བུའི་སྙེ་མ་ལས། །ཚོགས་གསུམ་འདོད་པ་འཇོ་བའི་དགའ་སྟོན་གྱིས། །༼འདིའི་ནང་རི་མོ་ཡོད།༽


JKT020_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གཟུར་གནས་སྙིང་ལ་མི་ཟད་བདུད་རྩིའི་སྤྲིན། །སྤྲོ་མཁས་དྲི་མེད་ཚིག་གི་འཕྲིན་རྟེན་སོན། ༢ །དེ་ཚེ་ཤིན་ཏུ་དགའ་བས་མྱོས་པའི་ཚུལ། །དབྱར་གྱི་རྔ་གསང་ཐོས་པའི་མདོངས་མཐའ་བཞིན། །གུས་སྤྲོའི་སྙན་པའི་མེ་ཏོག་འཐོར་བ་ཡང་། །ཡིད་འོང་ཟློས་གར་བསྒྱུར་བའི་དཔལ་ལ་འགྲན། ༣ །གང་ན་གནང་བཀག་ཁྲིམས་ཀྱི་ཟླ་ཐིག་གིས། །རབ་བརླན་བྱང་ཆུབ་སྤྱོད་པའི་ཀུ་མུ་དཱ། །གསང་ཆེན་རིམ་གཉིས་འབྲས་བཟང་གཡུར་ཟ་བའི། །སྔོན་མེད་གྲུབ་པའི་མྱུ་གུ་ཁྱོད་གཅིག་མཐོང་། ༤ །ཕྱི་ནང་རིག་ལམ་དུ་མའི་བ་ཀུ་ལ། །རྣམ་དཔྱོད་མཛེས་མའི་འགྲམ་ཆང་མངར་པོ་ཡིས། །བྲན་པས་མཆོག་ཏུ་དགོད་པའི་འཛུམ་དཀར་གྱིས། །མཁས་ཀུན་ཡི་ག་དབང་མེད་འགུགས་ལ་བྲེལ། ༥ །དེ་སོགས་བསྔགས་འོས་གསང་གསུམ་ཨུཏྤ་ལ། །སྐལ་བཟང་ཟུར་ཕུད་རྩེ་མོར་སྒེག་པའི་གཏམ། །རིང་ནས་རྣ་བའི་དཔྱིད་དུ་ཐོས་པའི་མོད། །དང་པོའི་ས་ཡི་དགའ་བ་གློ་བུར་ལངས། ༦ །འདི་ན་རང་རྒྱུད་སོས་ཀའི་ཐང་ཀ་ལ། །ཆོས་བརྒྱད་སྨིག་རྒྱུའི་ཆུ་གཏེར་རབ་གཡོ་ཡང་། །རིས་མེད་བསྟན་ལ་གུས་པའི་དྲོད་གཤེར་གྱིས། །ལང་ཚོའི་ས་བོན་མ་ཉམས་བརྟན་བཞིན་མཆིས། ༧ །མཚམས་ཞུས། སླད་མའི་ཆར་ཡང་སྐྱེ་དང་འགག་པའི་མཐའ། །གཟོད་ནས་རྣམ་གྲོལ་བདེ་ཆེན་རྡོ་རྗེའི་དབྱིངས། །མི་ཕྱེད་འདྲེས་པའི་ངལ་འཚོ་ལ་


JKT020_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བས། །འཆི་མེད་གྲུབ་པའི་མཚར་སྡུག་རྫོགས་པ་དང་། ༨ །འདི་ནའང་གནས་སྐབས་མཐར་ཐུག་ཕན་བདེའི་ལམ། །ལེགས་བཤད་དཔྱིད་ཀྱི་ཕོ་ཉའི་རོལ་མོ་ཡིས། །དོན་གཉིས་དབྱར་གྱི་དགའ་མ་བསུ་བ་དང་། །རྟག་ཏུ་ཐུགས་རྗེས་སྤྱན་ཟུར་གཡོ་བར་མཛོད། ༩ །གང་ལ་དེ་སྐད་སྤྲིང་བའང་གུས་སྤྲོའི་ཡིད། །རབ་དྭངས་ཆུ་གཏེར་ཆེ་ལས་ཉེར་འཁྲུངས་པའི། །ཚིག་རྒྱན་རིན་ཆེན་དོ་ཤལ་གསར་བ་སྟེ། །བྱང་ཆུབ་བར་དུ་མཛའ་བའི་རྒྱན་དུ་རོལ། །སརྦ་དཱ་ཀ་ལ་ཤོ་བྷ་ཝནྟུ།། །།

དགེ་སློང་སྡེ་སྣོད་འཛིན་པ་ངག་དབང་སྙན་གྲགས་ཀྱི་འཕྲིན་ལན་བདུད་རྩིའི་འཁྲི་ཤིང་།


JKT020_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

༈ དགེ་སློང་སྡེ་སྣོད་འཛིན་པ་ངག་དབང་སྙན་གྲགས་ཀྱི་འཕྲིན་ལན་བདུད་རྩིའི་འཁྲི་ཤིང་ངོ་། །ཨཱབཱདཱིཤཱརིཏྟཾརཱ། ཞུཎྷིརནྟིཡུཝཱིབཏྟི། ཙྪནྟཱབཱཀྲྀནཱམསྱཔྲསྟཱརེ། ཤུཀྐིཡཾཤིསྶརཱནུགཱ སཔཱདིརཝིརཱི། ངག་གི་དབང་ཕྱུག་དཔལ་ལྡན་བླ་མ་ཡིས། །རྗེས་བཟུང་བློ་གྲོས་ལང་ཚོ་དར་བབས་པས། །སྙན་པའི་གྲགས་དཀར་རྒྱ་མཚོའི་མཐར་འགྲོ་བ། །མཚུངས་མེད་སྨྲ་བའི་ཉི་མ་རྒྱལ་གྱུར་ཅིག ༡ །ཟླ་ཤེལ་ཞུ་བའི་བཅུད་ཀྱིས་རེག་པ་ལས། །ཡིད་འོང་ཀུ་མུ་དཱ་དཔལ་བྱེ་བ་བཞིན། །ཁྱོད་ཀྱི་ལེགས་གསུང་སྙན་པའི་འཕྲིན་ཡིག་གིས། །བསྐུལ་ལས་ཞུ་མཆིད་རྒྱུད་མང་ཅུང་ཟད་བསྒྲེངས། ༢ །གང་ན་ཚོགས་གསུམ་ནོར་བུའི་ཆུ་གཏེར་ཆེ། །བསྲུབས་སྐྱེས་ངོ་མཚར་གཟུགས་སྐུའི་ཀཏྤར་དབང་། །ཤར་བའི་མོད་ནས་དམ་པའི་ཡོན་ཏན་གྱིས། །ཁོར་ཡུག་ཀུན་དགར་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་གཏམ་དེ་སྙན། ༣ །དེ་ཚེ་ཚུལ་གནས་ཁྲིམས་ཀྱི་ཟིལ་དངར་གྱིས། །བཤེས་པས་མང་ཐོས་སྐྱེད་ཚལ་དར་བབས་ཤིང་། །ཇི་བཞིན་བསམ་དང་སྒོམ་པའི་འབྲས་བཟང་གིས། །དུད་པས་ཕན་བདེའི་ངལ་འཚོ་གཅིག་ཏུ་གྱུར། ༤ །ཕྱི་ནང་རིག་གཞུང་རྒྱ་མཚོར་མཛའ་བའི་སྤྱན། །འཇམ་དཔལ་མཁྱེན་པའི་སྣང་བ་བྱིན་གྱུར་ཕྱིར། །གཟུར་གནས་ཡི་ག་འགུགས་པའི་རྣམ་ཐར་ལ། །མཁས་ཀུན་བསྔགས་པའི་མེ་ཏོག་ཆལ་ཆིལ་འཐོར། ༥ །ཁྱད་པར་རིང་ན་གནས་པའི་འདམ་སྐྱེས་བདག །མ་འདྲེས་བརྩེ་བའི་ཉིན་མོའི་ཐིག་ལེ་ལས། །ལེགས་འོང་སྤྲིང་ཡིག་རྡུལ་དམར་འཛག་པ་ཡིས། །ཀུན་དགའི་འཛུམ་དཀར་གསར་པ་ཁོང་ནས་དགོད། ༦ །འདི་ན་ཤིན་ཏུ་རྨོངས་པའི་དམ་འོག་ཏུ། །ཆུད་པའི་འདུ་ཤེས་གསུམ་གྱི་ཁོལ་པོ་ཡང་། །སྐྱབས་མཆོག་བླ་མའི་ཐུགས་རྗེའི་བྱིན་རླབས་ལ། །བརྟེན་ནས་འཚོ་བའི་འདུ་བྱེད་མ་ཉམས་ཙམ། ༧ །སླད་མའི་ཆར་ཡང་དོན་ལྡན་གསང་བ་གསུམ། །ཡུན་དུ་འཚོ་ཞིང་གཞེས་དང་ཆབ་གཅིག་པར། །འཆད་རྩོད་རྩོམ་པའི་རྒྱལ་རྔ་བརྡུངས་པའི་སྒྲས། །ས་གསུམ་མ་རིག་གཉིད་ལས་སློང་མཛོད་ཀྱེ། །སརྦ་དཱ་ཤེ་ཡོ་བྷ་བ་ཏུ།། །།

བློ་གསལ་མཉྫགྷོ་ཥའི་འཕྲིན་ལན་བདུད་རྩིའི་ཐིག་པ།


JKT020_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

༈ བློ་གསལ་མཉྫགྷོ་ཥའི་འཕྲིན་ལན་བདུད་རྩིའི་ཐིག་པའོ། །ན་མཤཱི་མཱི་གུ་ར་བེ། ཡིད་ལ་འཇམ་དབྱངས་བྱིན་ཞུགས་ཤིང་། །ངག་གིས་འཚོ་བྱུང་རབ་


JKT020_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པའི། །ནོར་བུའི་རྒྱུད་མང་བསྒྲེངས་མཁས་པས། །འཕྲིན་ཡིག་རྟེན་དང་བཅས་པ་སོན། ༡ །ཇི་ལྟར་ཟླ་བ་འཇིག་རྟེན་ན། །བདུད་རྩིའི་རང་བཞིན་ཉིད་དུ་སྒྲོགས། །དེ་བཞིན་གང་གི་བློ་གྲོས་ཀྱང་། །ལེགས་པར་བཤད་པའི་རང་བཞིན་ཉིད། ༢ །ཉིན་མོར་བྱེད་པས་འབྱེད་མིན་པའི། །བདག་ཡིད་པདྨོ་གསར་པའི་ཁ། །ཁྱོད་ཀྱི་ཡོན་ཏན་གྱིས་ཕྱེས་པས། །དམ་ཆོས་དགའ་སྟོན་ཕན་ཚུན་ཆགས། ༣ །འདི་ན་ལྕགས་ཀྱུས་བཏང་བ་ཡི། །ལག་ལྡན་མྱོས་པ་ཇི་ལྟ་བར། །སེམས་ནི་ཞི་ལ་མི་གནས་ཀྱང་། །ལང་ཚོའི་འདུ་བྱེད་བདེ་བར་མཆིས། ༤ །སླར་ལ་འཚོ་ཁམས་ལྗོན་བཟང་དང་། །བྱང་ཆུབ་སྤྱོད་པའི་ཨུཏྤ་ལ། །མཉམ་དུ་རྒྱས་པའི་དགེ་མཚན་གྱིས། །ཕན་བདེའི་འབྲས་བུ་འཛིན་གྱུར་ཅིག །སརྦ་དཱ་ཤུབྷིབྷུཡེཏཱ།། །།

མཆོག་སྤྲུལ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་མདུན་ཕུལ་བ།


JKT020_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཆོག་སྤྲུལ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་མདུན་ཕུལ་བའོ། །རྡོ་རྗེ་འཆང་དངོས་བསྟན་པའི་ཉིན་བྱེད་ཆེན་པོའི་ཞབས་སྟེགས་ཀྱི་ཆུ་སྐྱེས་ག་ལ་བར། གང་ན་དྲང་སྲོང་ཀློག་པས་མི་ངལ་བའི་ནགས་ཀླུངས་སུ་དཀྱུ་བའི་ནེ་ཙོ་རིག་བྱེད་མཁན་གཞོན་ནུ་ཞིག་གིས་གདོང་མཆོག་ཏུ་དུད་པས་འདི་སྐད་དུ། རྡུལ་མུན་སྙིང་སྟོབས་ཀྱི་ཕ་རོལ་ཏུ་ནི་སོན། ཤེས་བྱ་ཐམས་ཅད་ལ་ཆགས་པ་དང་ཐོགས་པའི་ནེམ་ནུར་དང་ནི་བྲལ། ཡང་སྲིད་སླར་མི་ལེན་པའི་རྣམ་གྲོལ་གྱི་བཟོད་པ་ནི་ཐོབ་མོད་ཀྱི། སྨོན་ལམ་དང་སྙིང་རྗེའི་


JKT020_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་པ་ཁོ་ནས་ཚུ་རོལ་མཐོང་བ་རྣམས་དང་སྤྱོད་ཡུལ་མཉམ་པར་སྣང་བའི་མཚན་དཔེའི་དཀྱིལ་འཁོར་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ནི་ངོ་མཚར་ལས་ཀྱང་ངོ་མཚར་བྱེ་བ་ཕྲག་བརྒྱའི་སྙིང་པོས་ལྕི་བའི་བཀའ་དྲིན་གྱི་ཕུལ་དམ་པ་ཚངས་པའི་བློ་གྲོས་ཀྱིས་བགྲངས་ནའང་སླ་བའི་སྐབས་ཅི་ཞིག །བཀའ་སློབ་སེར་གོས་འཛིན་པའང་ཅང་ཤེས་བཟང་པོའི་གཞན་དབང་གིས་བཤུལ་ལམ་དུ་བསྐྱོད་པ་ཡངས་ཤིང་ཟོ་མདོག་བདེ་བ་ནས་རང་གནས་བསམ་གཏན་གྱི་ཁང་བུར་ཡིབས་པའི་ཟོལ་གྱིས་བག་ཕེབས་པར་མཆིས་ལགས། །འབྱུང་འགྱུར་གྱི་ཆར་ཡང་། འཆིང་བའི་མདུད་པ་རབ་ཏུ་གྲོལ། །ཀོ་ཊ་ཀ་སོགས་འགྲོ་ལྡོག་བྲལ། །ཆར་ཡང་སྲོག་གི་ཟུངས་སོང་བའི། །གསང་གསུམ་བསྐལ་བརྒྱར་ཏིཥྛནྟུ། །དེ་སྲིད་དུ་རྡུལ་དང་བྲལ་བའི་ཡེ་ཤེས་ཀྱི་སྤྱན་རས་ཀྱང་ཕྱོགས་འདིར་སྔ་མཁོ་བཞིན་གཟིགས་པའི་གོ་སྐབས་དབྱེ་བར་གསོལ་ན་ཅི་གནང་། བཀྲ་ཤིས་པའི་ལྷ་རྫས་ལ་རྟགས་ཀྱིས་སྤྲས་ཏེ་མཆོག་ཏུ་དགེ་བའི་ཚེས་ལ་ན་བ་ཀ་ཊི་མངྒ་ལ་དེ་བ་གྲྭཏཱ། བནྡ་ནཾ་ས་མདྲི་ཏམ།། །།

མཆོག་སྤྲུལ་རྡོ་རྗེ་འཆང་ཆོས་དབྱིངས་རྡོ་རྗེར་ཕུལ་བའི་ཞུ་ལན།


JKT020_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཆོག་སྤྲུལ་རྡོ་རྗེ་འཆང་ཆོས་དབྱིངས་རྡོ་རྗེར་ཕུལ་བའི་ཞུ་ལན་ནོ། །གསང་བའི་བདག་པོ་ཚུར་མཐོང་ངོར། །རྡོ་རྗེའི་སློབ་དཔོན་མཆོག་གི་ཚུལ། །བཀའ་དྲིན་མཉམ་མེད་རྗེ་བླ་མའི། །ཞབས་ཀྱི་པདྨོའི་ཉེ་དྲུང་དུ། །དགེ་སློང་གཞོན་ནུས་གསོལ་པ། བརྒྱ་


JKT020_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ཐོགས་པའི་ནོར་བུ་ལྟར། །མཚན་དཔེ་རྙོགས་པའི་དྲི་བྲལ་ཞིང་། །ཕྲིན་ལས་ཕ་མཐའ་ཡས་པ་ནི། །འཆི་མེད་ལམ་གྱི་སྤུན་ཟླར་སོང་། །དེ་ཚེ་ཤིན་ཏུ་རྗེས་བརྩེ་བའི། །གཟིགས་པ་དུས་ལས་ཡོལ་མིན་པས། །སྔ་ཕྱིར་བྱིན་རླབས་གཟི་འབར་བའི། །བཀའ་གླེགས་སྐྱེས་བཅས་སྤྱི་བོར་སོན། ༣ །དད་པའི་གཙུག་ཏུ་བཀོད་བྱས་ཤིང་། །དྭང་བའི་མིག་གིས་མཇལ་བ་ན། །སྙིང་ལ་གུས་སྤྲོའི་པདྨོ་ནི། །དབྱར་ཀ་ལྟ་བུར་རྒྱས་པར་གྱུར། ༤ །བསམ་གཏན་ལས་ཀྱང་མ་གཡོས་བཞིན། །རྣམ་དཀར་སྒོ་འཕར་བརྒྱ་དབྱེ་བ། །ཁྱོད་ཀྱི་ལེགས་མཛད་སངས་རྒྱས་ལས། །དཔེ་ཟླས་དབེན་ནོ་རབ་བཏགས་མིན། ༥། ༈ འདི་ན་སེར་གོས་འཛིན་པ་ཡང་། །གཙོ་བོར་གཞན་དབང་ལ་འཆེལ་ནས། །དགྱེས་པ་རྡོ་རྗེའི་བསྙེན་སྒྲུབ་ཚུལ། །དགུན་དུས་འཕྱི་བའི་བརྟུལ་ཞུགས་བཟུང་། ༦ །འོན་ཀྱང་དབང་གི་བྱིན་རླབས་ནི། །ཟླ་བའི་ཟེར་གྱིས་གསོས་པ་ལས། །ལང་ཚོའི་ཀུ་མུད་མ་ཉམས་བཞིན། །གསོལ་འདེབས་དྲི་བསུང་འཐུལ་བཞིན་མཆིས། ༧ །སླར་ཡང་། ཏིཥྛན་ཞེས་གང་ལན། །སྐྱེ་བའི་ཚུལ་རོལ་ཟད་གྱུར་བས། །འཕོ་བའི་མཚན་མ་རིང་བཅད་པའི། །རྡོ་རྗེ་འཆང་དངོས་དེ་ལའོ། ༨ །ཇི་ལྟར་ཉིད་དང་པདྨ་དཀར། །ཟླ་བ་དང་ནི་ཆུ་གཏེར་བཞིན། །བྱང་ཆུབ་བར་དུ་མགོན་ཁྱོད་ཀྱིས། །བདག་ཀྱང་རྗེས་སུ་སྐྱོངས་མཛོད་ཀྱེ། །སརྦ་དཱ་མངྒ་ལམ།། །།

ཧོ་ཐོག་ཐུ་དྷརྨ་མ་ཏིའི་ཞབས་པད་དུ་ཕུལ་བའི་འཕྲིན་ལན།


JKT020_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཧོ་ཐོག་ཐུ་དྷརྨ་མ་ཏིའི་ཞབས་པད་དུ་ཕུལ་བའི་འཕྲིན་ལན་ནོ། །མཁས་པའི་ཅོད་པན་གྲུབ་པའི་ཉི་མ་རྣམ་འདྲེན་རྡོ་རྗེ་འཆང་མངོན་སུམ་པའི་ཞབས་པད་ཉེ་དྲུང་དུ། རྒྱལ་ཁམས་ཀྱི་སྤྲང་པོ་འདུ་ཤེས་གསུམ་པའི་མོས་གུས་ཀྱི་ངག །གང་ན་ཀུན་ཏུ་རྟོག་པ་ཡི། །འཕོ་བ་འགགས་པའི་སྒྱུ་འཕྲུལ་ནི། །རྡོ་རྗེ་སྙེམས་མའི་བདག་པོ་ཉིད། །ངུར་སྨྲིག་ཟོལ་གྱིས་གཞན་ཕྱིར་འོང་། །དེ་ཚེ་ཕྲིན་ལས་མཐའ་ཡས་པ། །མཁའ་དང་སྙོམས་པར་འཇུག་བཞིན་དུ། །བྱིན་རླབས་གཟི་འབར་བདུད་རྩིའི་དཔྱིད། །གླེགས་བམ་ཕྲེང་བཅས་ཉམས་མེད་སོན། །རྣམ་ཀུན་བརྩེ་ཆེན་ཐུགས་རྗེ་ཡིས། །གཞར་ཡང་གཏོང་མིན་འདམ་སྐྱེས་ཀྱང་། །དད་པའི་ལང་ཚོ་མ་རྙིང་བཞིན། །འདུ་ཤེས་གསུམ་གྱི་མནལ་ལ་གཡུར། །མཚམས་ཞུས། ཛི་ཝནྟ་ཞེས་ཤིས་བརྗོད་ཀྱི། །མེ་ཏོག་ཉིན་བཞིན་འཐོར་བ་ཡང་། །རང་ཉིད་མོས་པས་གཙོར་བྱས་ཀྱི། །རྒྱལ་ལ་སྐྱེ་འགག་ཕ་མཐའ་གང་། །བདེན་པ་དེ་ཡིས་འཇིག་རྟེན་ན། །ཁྱོད་ཀྱི་ཕྲིན་ལས་ནུབ་མེད་ཅིང་། །བདག་ཀྱང་བྱང་ཆུབ་སྙིང་པོའི་བར། །སྔར་བཞིན་ཡེ་ཤེས་གཟིགས་པས་སྐྱོངས། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

གསང་བདག་ཧོ་ཐོག་ཐུའི་འཕྲིན་ལན།


JKT020_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསང་བདག་ཧོ་ཐོག་ཐུའི་འཕྲིན་ལན་ནོ། །འཇིགས་བྲལ་བདེ་བ་ཆེན་པོ་དང་། །ཆོས་དབྱིངས་སྟོང་པ་ཟུང་འཇུག་པའི། །རྡོ་རྗེ་འཛིན་པ་ངུར་སྨྲིག་ཟོལ། །ཕྱག་འཚལ་ཡེ་


JKT020_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྐུ་ཅན་ལའོ། །གུས་པས་གསོལ་བ། གསང་བའི་བདག་པོའི་གཟུགས་ཀྱི་སྐུ། །ཕྱག་ན་པདྨའི་རིག་སྔགས་གསུང་། །ཡེ་ཤེས་རབ་ཏུ་འབར་བའི་ཐུགས། །སྲིད་ཞིའི་བླ་ན་མཛེས་པ་ནས། །རྣམ་པར་དཀར་བའི་ཕྲིན་ལས་ནི། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བར། །རྟག་ཅིང་ཁྱབ་དང་ལྷུན་གྲུབ་པར། །གུས་པའི་བློ་མིག་ཉིན་བཞིན་གྲོལ། །ལྷག་པར་འདི་ནས་བྱང་ཆུབ་བར། །གཞལ་དཀའི་བཀའ་དྲིན་རྗེས་བསྐྱངས་ཤིང་། །ཉེ་བའི་བཀའ་གླེགས་ལེ་ཚན་གསུམ། །རིམ་བཞིན་སྤྱི་བོར་སོན་པ་ན། །ཉི་མས་ཀུན་ལ་སྙོམས་མོད་ཀྱང་། །པདྨོ་ལྷག་པར་ཁ་ཕྱེ་བཞིན། །འཇིག་རྟེན་གསུམ་གྱི་མགོན་པོ་གང་། །བདག་ཉིད་ཁོ་ནར་གཟིགས་པར་ངེས། །དེ་སླད་དད་དང་སྤྲོ་བ་ཡི། །དངོས་པོ་གཟུགས་ཅན་ཉིད་གྱུར་ན། །འཆི་མེད་ལམ་གྱི་ཕ་མཐའ་ལས། །རིང་དུ་འགོངས་པའི་ངོ་མཚར་ཐོབ། །རྡོ་རྗེ་འཛིན་པ་དཔལ་ལྡན་ཞབས། །ཐུགས་བསམ་དག་པའི་ཆུ་སྐྱེས་ཚལ། །སླར་ཡང་གསུང་གི་བདུད་རྩི་དེས། །རེག་པས་ཉིན་མཚན་ཀུན་ཏུ་དགོད། །མཚམས་ཞུས། བརྟན་པར་གྱུར་ཅིག་བསྐལ་པ་བརྒྱར། །གྲུབ་པའི་མེ་སྤྱི ཏོག་ཁྱོད་ཅིག་ཅེས། །གསོལ་འདེབས་མགྲིན་པའི་ཏམྦུ་ར། །བསྒྲེང་ལ་ངལ་བའི་སྐབས་མི་དབྱེ། །དེ་སྲིད་དུ་ཡེ་ཤེས་གཟིགས་པ་དམ་པས་གཞར་ཡང་མི་འདོར་བར་ཅི་གནང་། ཞུ་མཚོན་བཅས་གུས་པས་ཕུལ། །

གསང་བདག་དགྱེས་པའི་འབངས་རཏྣ་སྤུ་རིས་ལ་སྤྲིངས་པ།


JKT020_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

༅། །གསང་བདག་དགྱེས་པའི་འབངས་རཏྣ་སྤུ་རིས་ལ་སྤྲིངས་པའོ། །སུ་བྷེ་ཡནྟུ། ཉི་མས་པདྨ་གཞོན་ནུ་ཁ་ཕྱེ་ཞིང་། །པདྨའང་ཉིན་མོར་བྱེད་ལ་ཕྱོགས་པ་ལྟར། །ཕན་ཚུན་ཆོས་ཀྱི་བརྩེ་བས་རྗེས་དགོངས་ནས། །ལྷ་རྫས་ཤིང་བཅུད་ཟུང་བཅས་སྩལ་བ་སོན། །དེ་ཚེ་དབྱར་གྱི་འབྲུག་སྒྲ་དལ་བུ་ཡིས། །རྨ་བྱ་མྱོས་པའི་ཟློས་གར་རྩེ་བ་ལྟར། །སྔར་ནས་དགའ་བའི་ས་བོན་མ་ཉམས་པ། །སླར་ཡང་གཟུགས་ཅན་བཞིན་དུ་གསལ་བར་གྱུར། །འབྱུང་འགྱུར་གསང་བའི་བདག་པོ་མངོན་སུམ་པའི། །ཞལ་མཐོང་ཙམ་གྱིས་ཐར་པ་ཐོབ་ངེས་ན། །སྐུ་ཡི་རིམ་གྲོ་བགྱིས་པའི་བསོད་ནམས་མཐའ། །ཚངས་དང་ཕུར་བུའི་བློས་ཀྱང་གཞལ་དུ་ཅི། །དེ་སླད་སྔར་བཞིན་ཐུགས་ཀྱི་བཞེད་པ་དང་། །གསུང་གི་བསྒོ་བ་རྩེ་གཅིག་ལྷུར་ལེན་བཞིན། །བསྔགས་འོས་འཚོ་ཁམས་མ་ཉམས་དར་བ་ནས། །འདིར་ཡང་དགྱེས་པའི་འཛུམ་དཀར་ལྷུག་པར་སྟོན། །གང་ཤར་མང་དུ་གསོལ་བ་ལ། །རྟེན་གྱི་དངོས་པོ་རབ་ཕྲ་ཡང་། །ལྷག་བསམ་དཀར་པའི་ལྷ་རྫས་དང་། །རྣམ་བཀྲའི་རེག་བྱ་ཟུང་བཅས་དགེ། །སརྦ་དཱ་མངྒ་ལཾ།། །།

ངོར་ཨེ་ཝཾ་པའི་དཔོན་སློབ་རྡོ་རྗེ་འཛིན་པ་ངག་དབང་ལེགས་གྲུབ་དཔལ་བཟང་པོར་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་འབུལ་ཞབས་བརྟན་སྨོན་ཚིག་དང་བཅས་པ་འཆི་མེད་བདུད་རྩིའི་སྒྲ་དབྱངས།


JKT020_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

༈ ངོར་ཨེ་ཝཾ་པའི་དཔོན་སློབ་རྡོ་རྗེ་འཛིན་པ་ངག་དབང་ལེགས་གྲུབ་དཔལ་བཟང་པོར་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་འབུལ་ཞབས་བརྟན་སྨོན་ཚིག་དང་བཅས་པ་འཆི་མེད་བདུད་རྩིའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་


JKT020_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །སྡེབ་སྦྱོར་མཉམ་པའི་བྲྀཏྟཱ་ཡི་གེ་བཅུ་གཅིག་པ་གསུམ་བརྟན་ལ་སྤྱིར་རྣམ་གྲངས། ༢༠༤༨ མཆིས་པ་ལས། བྱེ་བྲག་ཨུདྷིཥྛ། ༢༥༨ ཀྱི་མཚམས་ནས་ཟིན་པ་ཨུ་པེན་བཛྲ་ཞེས་བྱ་བའི་པྲསྣ་རས་མཛེས་པར་བྱས་པ་ཛ་ཡནྟུ། །སུསཱིཙྪསིཙྩཕྱིསཾནྟཾ སཱིའི༽ རྣམཛེསྦོམུཉྩིབིདཾབདོདཱ། ཨམཱརནཱཐསུཀརུཎྱཙནྡྲི རམཱརནིཧཱུྃཏྠཔདེཧིཏུདྡྷཾ། འཆི་མེད་གྲུབ་པའི་བདུད་རྩིའི་བཅུད་ལེན་གྱིས། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་སྦྱིན་པ། །འཆི་མེད་མགོན་པོའི་ཐུགས་རྗེའི་ཟླ་ཤེལ་གྱིས། །འཆི་མེད་རྟག་པའི་དགའ་སྟོན་ཁྱེད་ལ་སྩོལ། ༡ །ཚàརྒྱའjདིཔོརཉྙོ ཙེབ་དྲིལཝིཏ། ༈ ཕྱི་མོ་མཉམ་པ་ཛཱ་ཏིའི་སྡེབ་སྦྱོར་ལས་འཕགས་མའི་དབྱངས་ཞེས་བྱ་བའི་ཕྲ་སྣ་རའོ། །ནཱཾནནུསྶ པཱདཱིཙིཏྟིཡབ་ཤ་བོཛཡ ཤུ རྙིབ་འཇམ་དབྱངས་སྨྲ་བའི་ཉི་མའི་བྱིན་རླབས་ཀྱིས། །བློ་གྲོས་ཨུཏྤལ་མཆོག་ཏུ་རྒྱས་པ་ལས། །ཚངས་སྲས་དགྱེས་པའི་ལང་ཚོ་དར་བབས་པ། །སྲིད་ཞིའི་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག ༢ །སྒྲིབ་གསུམ་ཆ་དང་བཅས་ལས་རྣམ་གྲོལ་བ། །ཤིན་ཏུ་ཞི་བ་དམ་པའི་ཡེ་ཤེས་ནི། །རྨད་བྱུང་གཟུགས་སྐུའི་སྣང་བ་རབ་འབར་བའི། །ཞབས་པད་བསྐལ་པ་རྒྱ་མཚོར་སྐུ འཚོ་གཞེས་གསོལ། ༣ །ལུང་དང་རིག་པས་དག་པའི་མཁྱེན་དཔྱོད་ཀྱིས། །ཟབ་རྒྱས་ཆོས་ཕུང་རྒྱ་མཚོར་དབང་བསྒྱུར་ནས། །འཆད་རྩོད་རྩོམ་ལ་འཇིགས་པ་མེད་པའི་དབྱངས། །སྲིད་པ་གསུམ་ན་ཀུན་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྙན་གྱུར་ཅིག ༤ །ཤེས་དང་ཤེས་བྱ་གཉིས་སུ་མི་ཕྱེད་པའི། །ཡེ་ཤེས་གཟིགས་པ་དམ་པས་སྐྱེ་འགག་དང་། །མཚན་མའི་སྤྲོས་པ་མཐའ་དག་བརྟུལ་བྱས་ཏེ། །འཆི་མེད་རྟག་པའི་བདེན་པ་མངོན་གྱུར་མཛོད། ༥ །བྲལ་སྨིན་ཡོན་ཏན་ནོར་བུའི་ཟ་མ་ཏོག །སྲས་བཅས་རྒྱལ་བ་དགྱེས་པའི་དགེ་མཚན་ཅན། །ཕན་བདེའི་འདོད་དགུ་ལྷུག་པར་འབེབས་པའི་དཔྱིད། །ངེས་པར་ཞིང་ཁམས་འདི་ལས་ཡོལ་མེད་ཤོག ༦ །མདོར་ན་བསླབ་དང་གྲོལ་བའི་བརྟུལ་ཞུགས་ཀྱིས། །མཁས་གྲུབ་རྒྱ་མཚོའི་གཙུག་ཏུ་ངལ་འཚོ་བའི། །ཕྲིན་ལས་སྣང་བ་དམ་པས་འཇིག་རྟེན་ན། །ཀུན་དགའི་དགའ་སྟོན་རྟག་ཏུ་སྦྱིན་གྱུར་ཅིག ༧ །ཅེས་རྗེ་བཙུན་བླ་མ་དམ་པ་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ངག་དབང་ལེགས་གྲུབ་སྙན་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས། སྒྲ་སྙན་སྡེབ་སྦྱོར་སོགས་ཐ་སྙད་རིག་པའི་གནས་ལ་གསན་བསམ་མཐར་ཕྱིན་པར་གྲུབ་ནས་ལེགས་བཤད་ཀྱི་དགའ་སྟོན་ཁྱད་པར་ཅན་སྩོལ་བའི་སྐབས། འཇམ་དབྱངས་སྨྲ་བའི་ཉི་མ་ཚངས་སྲས་དགྱེས་པའི་ལང་ཚོ་ཞེས་མཚན་འབུལ་ཞབས་བརྟན་སྨོན་ཚིག་དང་འབྲེལ་བ་འདིའང་། ཟེ་ཆེན་མ་ཧཱ་པཎྜི་ཏ་འཇམ་དབྱངས་དགྱེས་པའི་བློ་གྲོས་དང་། ངེས་པར་ཐམས་ཅད་མཁྱེན་པ་གུ་ཎ་སཱ་ག་རའི་བཀའ་དྲིན་ལས་བརྡ་སྤྲོད་རིག་པའི་མིང་རྐྱང་ཙམ་ཞིག་ཐོས་པ་


JKT020_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱའི་དགེ་སློང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། ཚངས་སྲས་དགྱེས་པའི་བློ་ལྡན་གདོང་དྲུག་དགའ་བའི་ལང་ཚོ་ཞེས་ཀྱང་བགྱི་བས་ཆེད་དུ་བརྗོད་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

མཆོག་སྤྲུལ་རིན་པོ་ཆེ་ངེས་དོན་དཔལ་བཟང་པོའི་ཞབས་པད་དུ་ཕུལ་པའི་འཕྲིན་ལན་བདུད་རྩིའི་ཐིག་པ།


JKT020_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཆོག་སྤྲུལ་རིན་པོ་ཆེ་ངེས་དོན་དཔལ་བཟང་པོའི་ཞབས་པད་དུ་ཕུལ་པའི་འཕྲིན་ལན་བདུད་རྩིའི་ཐིག་པའོ། །མཐོང་དང་མ་མཐོང་ཡོན་ཏན་གྱི། །ནོར་བུའི་ཆུ་གཏེར་མི་ཟད་པས། །འཇིག་རྟེན་གསུམ་གྱི་གདུང་སེལ་བའི། །ཞབས་ཀྱི་པདྨོའི་ཉེ་དྲུང་དུ། །རྒྱུའོ་ཁོར་ཡུག་རི་བོའི་ཁོངས། །ཟླ་ཤེལ་བདུད་རྩིའི་སྣང་བས་ཏེ། །བདག་གི་གུས་མཆིད་འབབ་སྟེགས་སུ། །གང་གི་རྗེས་བརྩེའི་འཛུམ་དཀར་གཡོ། །དེ་སླད་ཚིག་སྙན་དོན་བཟང་གི། །མཚར་སྡུག་ཆ་ཙམ་མ་མཆིས་བཞིན། །དད་སྤྲོའི་དཔྱིད་ཀྱིས་བཟུང་བ་ལས། །ཞུ་གསོལ་ལོ་འདབ་དུད་པར་གྱུར། །གཟོད་ནས་དག་པའི་བྱང་ཆུབ་སེམས། །རྒྱུ་འབྲས་གཉིས་སུ་མི་ཕྱེད་པས། །རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱང་། །ངུར་སྨྲིག་ཟོལ་གྱིས་རྒྱུ་བ་ན། །རིག་པའི་ལང་ཚོ་རྒྱས་པ་དང་། །བརྩེ་བའི་ཟུར་མིག་གཡོ་བ་དང་། །དེས་ཀྱང་བསྟན་འགྲོར་སྨན་པ་སྟེ། །སྐུ གསུམ་པོ་འདི་ནི་མཉམ་དུ་བྱུང་། །ལྷག་པར་བདག་ལ་མ་འདྲིས་བཞིན། །བཀའ་དྲིན་ཆེན་པོས་ཁྱབ་པའི་ཕུལ། །ཉིན་མོར་བྱེད་པས་པདྨའི་རྫིང་། །སྐྱོང་བའི་ཚུལ་གྱིས་མཚོན་ནུས་ཅི། །ཤིན་ཏུ་ཉེ་བའི་དུས་


JKT020_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡང་། །དྲི་མེད་གསུང་གི་ཅོད་པན་ནི། །རྟེན་གྱི་སྤ་བ་སྤྱི་བོའི་གཙུག །སོན་པའི་མོད་ནས་རབ་དགའ་བའི། །དངོས་པོ་གཟུགས་ཅན་ཉིད་གྱུར་ན། །འཆི་མེད་ལམ་གྱི་ཕ་མཐའ་ཡས། །རིང་དུ་འགོངས་པའི་ངོ་མཚར་གྱི། །ངལ་འཚོའི་དུས་སྟོན་མཆོག་ཏུ་དར། །འདི་ན་རྨོངས་དང་མ་རིག་པའི། །དམ་ལ་བཞག་པའི་དགེ་སྦྱོང་ཟོལ། །ཁྱད་པར་འགའ་ཡང་མེད་བཞིན་དུ། །བསམ་གཏན་ཁང་བུར་བདེ་བར་མཆིས། །མཚམས་ཞུས། བརྟན་པར་གྱུར་ཅིག་གཟོད་མ་ནས། །འཕོ་བའི་ཚུ་རོལ་རིང་བཅད་ཕྱིར། །འཆི་མེད་གྲུབ་པའི་མཐར་སོན་པ། །བྱིས་བློའི་ངོར་ཡང་མི་སྦེད་བཞིན། །རྣམ་དཀར་ཕྲིན་ལས་རྒྱས་པ་དང་། །འདིར་ཡང་རྗེས་སུ་བརྩེ་བ་ཡི། །ནོར་བུའི་རྔ་ཡབ་གཡོབས་པ་ཡིས། །ཡང་ཡང་དབུགས་འབྱིན་སྔར་བཞིན་སྩོལ། །ཅེས་དཀྱུས་གཅིག་ཏུ་གང་ཤར་གྱི་རྟོག་པ་ལྷུག་པར་བྲིས་ཏེ་ཞུ་མཚོན་དང་བཅས་རྒྱལ་ཟླའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ་ལ་གུས་པས་ཕུལ་བའི་ཞུ་ཡིག་གོ། །།

བློ་གསལ་ཨཱ་ཡུ་རིནྡྲ་སིདྡྷཉྫའི་འཕྲིན་ལན་བདུད་རྩིའི་ཟེགས་མ།


JKT020_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

༈ བློ་གསལ་ཨཱ་ཡུ་རིནྡྲ་སིདྡྷཉྫའི་འཕྲིན་ལན་བདུད་རྩིའི་ཟེགས་མའོ། །ཨཱཡུརྡེདཱིཙྪཏིཤུདྡྷེལབིཧཱུཾ ཨཱཛཱནི ཙྪརྗོབཱཀྲྀཧིཏནཱམཔྲསཱརེ། ཚེ་ཡི་རིག་བྱེད་བདུད་རྩིའི་བློ་གྲོས་ཀྱི། །པདྨོ་རྣམ་པར་རྒྱས་པའི་དབང་ཕྱུག་གིས། །རང་གཞན་དོན་གཉིས་ལང་ཚོ་དར་བབས་པས། །ཕན་བདེའི་དགའ་སྟོང་མཆོག་ཏུ་གྲུབ་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག ༡ །གང་ན་བསོད་ནམས་ཆུ་གཏེར་བསྲུབས་པའི་ཕུལ། །དལ་རྟེན་དཔག་བསམ་ཉེར་འཚེ་བྲལ་དང་བཅས། །རྣམ་དཔྱོད་གེ་སར་དགོད་པའི་འཛུམ་ཕྲེང་ལས། །ཚིག་རྒྱན་རྣ་བའི་ཨུཏྤལ་དུས་འདིར་སོན། ༢ །དེ་ཚེ་ནགས་སུ་རྒྱས་པའི་དཔལ་གྱི་དུམ། །ལྷན་སྐྱེས་བསིལ་བའི་ཉམས་བརྒྱས་སྒེག་པ་ཡིས། །མཚོན་མིན་ཡིད་ལ་དགའ་བ་མི་ཟད་པ། །གཟུགས་ཅན་བཞིན་དུ་རྒྱུ་བའི་ངལ་འཚོ་ཐོབ། ༣ །འདི་ན་གནས་པའི་དགེ་སྦྱོང་ཚུལ་འཛིན་ཡང་། །མཆོག་གསུམ་ཐུགས་རྗེའི་ནོར་བུའི་རྔ་ཡབ་ཀྱིས། །ཡང་ཡང་དབུགས་འབྱིན་མཛད་པས་དགེ་བྱས་བཞིན། །འདུ་ཤེས་གསུམ་གྱི་མལ་དུ་མནལ་ལ་གཡུར། ༤ །སླར་ཡང་སྲིད་ཞིའི་ཕུན་ཚོགས་འབྱུང་བའི་རྟེན། །ཡུན་དུ་འཚོ་བའི་ཐབས་ཚུལ་བསྒྲུབ་དང་བཅས། །ཕྱི་ནང་རིག་གཞུང་རྒྱ་མཚོའི་སྣང་བ་ཡིས། །ཐར་པ་དམ་པའི་ལམ་བཟང་བསྙེན་པར་མཛོད། ༥ །ཞེས་པའི་འདེགས་མཚོན་ལྷའི་རེག་བྱ་བཅས་ཤཱཀྱའི་དགེ་སློང་སྡེ་སྣོད་འཛིན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བསྲིངས་པ་སརྦ་དཱ་ཤུ་བྷ་བྷཱ་ཡེཏཱ།། །།

རྒྱལ་དབང་ཕྱག་ན་པདྨོ་མཁས་གྲུབ་རྒྱ་མཚོའི་མདུན་ཐར་རྩེ་མཁན་རིན་པོ་ཆེ་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་ནས་ལེགས་འབུལ་ཕུལ་བའི་སྐབས་ཀྱི་ཡི་གེ་སྙན་པའི་ངང་མོ།


JKT020_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

༈ ས་སྤྲེལ་ལོར་རྒྱལ་དབང་ཕྱག་ན་པདྨོ་མཁས་གྲུབ་རྒྱ་མཚོའི་མདུན་ཐར་རྩེ་མཁན་རིན་པོ་ཆེ་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་ནས་ལེགས་འབུལ་ཕུལ་བའི་སྐབས་ཀྱི་ཡི་གེ་སྙན་པའི་ངང་མོ་ཞེས་བྱ་བ་བཞུགས། །༅། །ཡེཥཱད། །


JKT020_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཡྻཀྲྀཔཱཙཤུནྱཏཱཉྩ བྷེདཛཱནསུམཱཡམེགྷཡོ༔ དག་པའི་སྣང་བའོ། །སུཤེཡོམཎིཔྲཋདཱཔé ཏྲེལོཀྱེཥསདཱབིཛཱིཡཏྭཾ། །གང་དུ་སྟོང་དང་སྙིང་རྗེ་དབྱེར་མེད་པའི། །ཟུང་འཇུག་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་སྤྲིན། །དགེ་ལེགས་ནོར་བུའི་གྲུ་ཆར་འབེབས་མཁས་པ། །འཇིག་རྟེན་གསུམ་ན་རྟག་ཏུ་རྒྱལ་གྱུར་ཅིག ༡ །གུས་པ་ཆེན་པོའི་ལྷ་ཕྱག་གྲངས་མེད་པ་བཙལ་ཏེ་ཞུ་གསོལ། སྨན་མཛད་གྲུ་འཛིན་རི་བོའི་དགའ་ཚལ་ན། །དགྱེས་བཞིན་རོལ་པའི་འཕགས་མཆོག་མིག་མི་འཛུམ། །སྙིང་རྗེའི་དགའ་བ་རྒྱས་པའི་སྤྱན་རས་ཀྱིས། །གངས་ཅན་རི་བོའི་ལྗོངས་འདིར་རྟག་ཏུ་གཟིགས། ༢ །དེ་ཚེ་ཡེ་ཤེས་དམ་པའི་སྙེ་མ་ནི། །བསིལ་ལྡན་བསོད་ནམས་ས་གཞིར་བསྐྱེད་བསྲིངས་པས། །མཐའ་ཀླས་སྲས་བཅས་རྒྱལ་བས་ཕྱག་བྱས་པའི། །ཡོན་ཏན་ལྗོན་པ་མཆོག་གཅིག་འཁྲུངས་པའི་མོད། ༣ །ཡིད་ཅན་རྫོགས་ལྡན་དུས་སྟོན་ཚུགས་པ་དང་། །ཐུབ་བསྟན་བཤད་སྒྲུབ་ལང་ཚོ་དར་བ་དང་། །དེས་ཀྱང་མི་མཐུན་རྒུད་པ་ཀུན་བསྲུང་བའི། །དགེ་མཚན་གསུམ་པོ་འདི་ནི་ལྷན་ཅིག་དར། ༤ །རིགས་དང་བརྩེ་སོགས་འཕགས་བཞིའི་ངོ་མཚར་གཏམ། །མ་ཚང་མེད་པར་གཟོད་ནས་བརྙེས་བཞིན་དུ། །ཐབས་ལ་མཁས་པའི་རྣམ་ཐར་དཔག་ཡས་ཀྱིས། །ལྷར་བཅས་འཇིག་རྟེན་བསྔགས་པའི་དབྱངས་ཀྱིས་བཀང་། ༥ །མཚན་གྱི་ནོར་བུའི་


JKT020_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་ཡབ་ཆ་རེས་ཀྱང་། །འདི་གཏན་ཕོངས་པའི་གདུང་བ་ཀུན་སེལ་ན། །གང་དུ་བསྙེན་པ་ཙམ་ནས་བྱང་ཆུབ་ཀྱི། །གོ་འཕང་དམ་པའང་སྩོལ་ལ་སོམ་ཉི་ཅི། ༦ །དེ་བས་ཚད་བཟུང་བྲལ་བའི་ཡོན་ཏན་ལ། །མཆོག་ཏུ་དད་པའི་པདྨོ་འཛུམ་པ་དང་། །ཐལ་མོའི་ཨུཏྤལ་ཟུམ་པའི་བསྟི་སྟང་གིས། །ཞབས་མཐིལ་འཁོར་ལོའི་རེ་ཁཱར་གུས་ཕྱག་འཚལ། ༧ །དངོས་འབྱོར་མེ་ཏོག་ཕྲ་མོས་མདུན་བདར་ཏེ། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བའི། །བདག་པོས་བཟུང་དང་མ་བཟུང་མཆོད་སྤྲིན་གྱིས། །སྲིད་པ་མཐར་བྱས་བར་དུ་བསྙེན་བཀུར་བགྱི། ༨ །རང་བཞིན་ཉིད་དང་བཅས་པའི་སྡིག་ལྟུང་གིས། །སེམས་ཀྱི་ཡིད་བཞིན་རྙོག་མར་བྱས་པ་ཀུན། །སྟོབས་བཞིའི་སྦྱོང་བ་མཁས་པའི་བརྟུལ་ཞུགས་ཀྱིས། །བྲལ་སྨིན་ཡོན་ཏན་གཟུགས་བརྒྱ་སླར་ལ་རྔམས། ༩ །འཕགས་དང་སོ་སྐྱེའི་རྣམ་ཐར་ཇི་སྙེད་དང་། །ཁྱད་པར་མགོན་ཁྱོད་ཕྲིན་ལས་བདུད་རྩིའི་འོད། །དྭང་བའི་ཡིད་མཁར་སིམ་པའི་དེ་མ་ཐག །ཡི་རངས་པུཎྜ་རཱི་ཀའི་འཛུམ་རླབས་དགོད། ༡༠ །འགོགས་བདེན་ཞི་བ་དམ་པའི་ནཱ་དའི་སྒྲ། །ཆོས་ཕུང་རྒྱ་མཚོའི་དཔྱིད་དུ་འབབས་པ་ཡིས། །འགྲོ་མང་མ་རིག་གཉིད་ལ་གཡུར་བ་རྣམས། །ཐར་པ་དམ་པའི་ངལ་འཚོར་དབུགས་འབྱིན་མཛོད། ༡༡ །མདོར་ན་སྲིད་དང་ཞི་བའི་ཕུན་ཚོགས་ཀུན། །གང་ལས་འབྱུང་བའི་


JKT020_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔེའི་དཔག་བསམ་དབང་། །ངེས་པར་ཞིང་ཁམས་འདི་ལས་ཡོལ་མེད་བཞིན། །ཕན་བདེའི་འདོད་དགུ་ལྷུག་པར་སྦྱིན་མཛད་གསོལ། ༡༢ །དེ་ལྟར་བསགས་དང་དུས་གསུམ་དགེ་བའི་རྒྱུན། །བྱང་ཆུབ་སྙིང་པོའི་རྒྱ་མཚོར་རོ་གཅིག་པས། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་པ། །དབང་འབྱོར་དོན་གཉིས་ཡིད་བཞིན་འགྲུབ་གྱུར་ཅིག ༡༣ །ཅེས་ཡན་ལག་བདུན་གྱི་ཚིགས་སུ་བཅད་པའི་མེ་ཏོག་ཅུང་ཟད་འཐོར་བས་ལམ་ཡངས་པར་བྱས་ཏེ། དེང་འདིར་འགྲོ་བ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། རིས་སུ་མ་ཆད་པའི་ཐུབ་བསྟན་རྒྱ་མཚོ་གསལ་བར་བྱེད་པའི་ཉི་མ། ཁམས་གསུམ་གྱི་གཙོ་བོས་ཕྱག་བྱས་པའི་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་གང་གི་ཐུགས་རྗེའི་གདུགས་དཀར་སྲིད་ཞིའི་བླ་ན་མཐོ་བའི་གྲིབ་བསིལ་དུ་དབུགས་འབྱིན་ཐོབ་པའི་གུས་པ་ངོར་ཨེ་ཝཾ་ཐར་རྩེ་མཁན་མིང་པའང་། རང་རིགས་བླ་མ་གོང་མའི་དུས་ནས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིམ་བྱོན་གྱིས་ཐུགས་རྗེས་གཟིགས་བསྐྱངས་ལེགས་པར་མ་ཟད། གུས་ཕྲན་པ་མདོ་ཁམས་སྡེ་དགེའི་བླ་མཆོད་དུ་བགྲོད་སྐབས་མར་ལན་ཀྱང་ཞབས་པད་རིན་པོ་ཆེ་ཕྱག་གིས་བཏུད་ཅིང་བྱིན་རླབས་ཚད་མེད་པས་རྗེས་སུ་བཟུང་བའི་བཀའ་དྲིན་གྱིས་ཁམས་སུ་སྡོད་རིང་དང་། ལམ་བར་ཀུན་ཏུ་ཉེར་འཚེས་མ་གོས་པར། ད་ལན་


JKT020_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བས་དོན་ལྡན་མཚན་དཔེའི་མཛེས་སྐུ་མངོན་སུམ་པར་མཇལ་ཞིང་། ཚད་མེད་པའི་ཐུགས་རྗེ་ཆེན་པོས་ལྷག་པར་ཁྱབ་པའི་བཀའ་དྲིན་ལ་བསམ་ན་སྟོང་གསུམ་ནོར་བུས་བཀང་ཡང་གཞལ་བྱ་མ་ཡིན་མོད། འོན་ཀྱང་ཡོ་བྱད་ཀྱི་ལག་སྣེ་ཕྲ་བས། ཡིད་སྤྲུལ་གྱི་མཎྜལ་རྒྱ་ཆེར་སྤྲུལ་ཏེ་ཕུལ་བའི་མཚོན་བྱེད་དུ་དངོས་བཤམས་ཟེག་མ་ཙམ་བསྟར་བར། ཐོག་མར་བཀྲ་ཤིས་པའི་ལྷ་གོས་རབ་དཀར་སོགས། མཐའ་རྟེན་རས་དཀར་ཡུག་བཅས་གུས་པ་ཆེན་པོས་འབུལ་ལམ་ཞུ་ན་དགྱེས་པའི་སྤྱན་རས་ཀྱིས་ཡུད་ཙམ་རོལ་པ་དང་། སླད་མའི་ཆར་ཡང་སྨོན་པའི་གནས་ཚིགས་སུ་བཅད་དེ་གསོལ་བ། དྲན་པའི་མདུན་སར་བཀོད་པའི་དེ་མ་ཐག །ཕུན་ཚོགས་འཆི་མེད་བདུད་རྩིའི་མཆོག་སྦྱིན་པ། །བཅོམ་ལྡན་ཚེ་མཐའ་ཡས་པའི་རྣམ་རོལ་ཏུ། །མཚན་དཔེའི་མཛེས་སྐུ་རྟག་བར་འཚོ་གཞེས་གསོལ། ༡ །གསུང་གི་གསང་བ་རྣམ་པ་ཀུན་ལྡན་པ། །ཡན་ལག་དྲུག་ཅུའི་རྒྱུད་མང་དང་འགྲོགས་པས། །ཟབ་རྒྱས་གདམས་པའི་དབྱངས་ཀྱི་རིགས་ཅན་གསུམ། །དོན་གཉིས་ངལ་འཚོར་མཛོད་ཅིག་མཁྱེན་པའི་གཏེར། ༢ །ཤེས་དང་ཤེས་བྱ་རོ་གཅིག་འོད་གསལ་ཐུགས། །གཟུང་འཛིན་སྤྲོས་པའི་མཚན་མ་ལས་འདས་བཞིན། །བརྟན་གཡོ་ཀུན་ལ་སྙོམས་འཇུག་སྒྱུ་མའི་འཕུལ། །མཁའ་ཁྱབ་མཁའ་ཡི་རྡོ་རྗེར་བརྟན་གྱུར་ཅིག ༣ །


JKT020_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་སྨིན་ཡོན་ཏན་བྱེ་བ་ཕྲག་བརྒྱ་དང་། །ཕྲིན་ལས་རྟག་པ་དམ་པའི་དགེ་མཚན་གྱིས། །ལྷར་བཅས་འཇིག་རྟེན་ཀུན་དགའི་དཔལ་སྟེར་བའི། །གསང་གསུམ་བསྐལ་པ་རྒྱ་མཚོར་ཞབས་བརྟན་གསོལ། ༤ །སྐྱབས་འོག་རྣམས་ཀྱང་འདི་ནས་བྱང་ཆུབ་བར། །ཡེ་ཤེས་གཟིགས་པའི་ཕྱག་གིས་རྗེས་བཟུང་ནས། །གནས་སྐབས་མཐར་ཐུག་ཕན་བདེའི་དགེ་མཚན་དང་། །རྣམ་ཀུན་ཤིས་པའི་སྣང་བ་འབར་གྱུར་ཅིག ༥ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

སྲིད་སྐྱོང་རྭ་བསྒྲེང་ནོ་མི་ཧན་ཆེན་པོར་ལེགས་འབུལ་གྱི་ཡི་གེ་སྙན་པའི་རྒྱུད་མང་།


JKT020_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྲིད་སྐྱོང་རྭ་བསྒྲེང་ནོ་མི་ཧན་ཆེན་པོར་ལེགས་འབུལ་གྱི་ཡི་གེ་སྙན་པའི་རྒྱུད་མང་ཞེས་བྱ་བ། ལུསེསཱགརཱིཏི༔ ཛྷནཀལྤམཉྫརཱིཙསཱཧེ །བཱརདཧིཏཾསུཁཏྲིལོཀེ། པཱདཔདྨཀཝམདྡྷིཛིབྷཱུཏྲ། །བསོད་ནམས་དམ་པའི་ཆུ་གཏེར་རྨད་བྱུང་བ། །ཡེ་ཤེས་དཔག་བསམ་སྙེ་མ་དང་འགྲོགས་པས། །འཇིག་རྟེན་གསུམ་ན་ཕན་བདེའི་མཆོག་སྦྱིན་པའི། །ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་གཞེས་གསོལ། ༡ །མི་ཕྱེད་གུས་པའི་ཕྱག་དང་བཅས་ཏེ་གསོལ་བ། ཨེ་མ་འོད་གསལ་རྣམ་པ་ཀུན་ལྡན་ལས། །ཟུང་འཇུག་རྡོ་རྗེའི་སྣང་བརྙན་སྲིད་པ་ན། །རྒྱལ་བའི་མྱུ་གུ་གཞོན་ནུའི་ངང་ཚུལ་གྱིས། །ཡིད་ཅན་ཕན་བདེ་སྒྲུབ་པའི་སླད་དུ་འཆར། ༢ །དེ་ཚེ་རིག་དང་བརྩེ་སོགས་བསྔགས་འོས་ཀྱི། །ཡོན་ཏན་མཐའ་དག་རྫོགས་པའི་ག་བུར་འཛིན། །གྲགས་སྙན་བདུད་རྩིའི་རླབས་ཀྱིས་འཁྱུད་པའི་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མོད། །ཁོར་ཡུག་རི་བོའི་ལྗོངས་ཀུན་དཀར་པོར་གྱུར། ༣ །མཁས་པའི་ཚོགས་རབ་བྱེ་བས་ཕྱག་བྱས་ཤིང་། །གྲུབ་པའི་ཁྱུ་མཆོག་རྣམས་ཀྱི་བསྟེན་བཞིན་དུ། །སྲས་བཅས་རྒྱལ་བ་དགྱེས་པའི་ཤིས་བརྗོད་ཀྱིས། །ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་དབང་བསྐུར། ༤ །ལྷག་པར་རྒྱལ་མཆོག་ཕྱག་ན་པདྨོ་ཡི། །ཆོས་སྲིད་ཕྲིན་ལས་གདུགས་དཀར་སྲིད་པའི་རྩེར། །བསྒྲེངས་པས་ཡོངས་རྫོགས་བསྟན་དང་འགྲོ་བ་ལ། །ཀུན་དགའི་ངལ་འཚོ་གསར་པ་ཅིར་ཡང་བྱིན། ༥ །དེ་ལྟའི་རྟོགས་པ་བརྗོད་པའི་ཟིལ་དངར་ནི། །ཡང་ཡང་དད་གསུམ་པདྨོས་བཏུང་བ་ལས། །མི་ཕྱེད་གུས་སྤྲོའི་མཚར་སྡུག་རྫོགས་པའི་མོད། །གསོལ་འདེབས་སྦྲང་རྩིའི་བསུང་ཞིམ་འཐུལ་དང་བཅས། ༦ །རྡུལ་སྙེད་ལུས་ཀྱི་འཁྲི་ཤིང་རབ་གཡོ་བར། །ཐལ་མོའི་མེ་ཏོག་ཟུམ་པའི་འཇོ་སྒེག་གིས། །ནོར་བུའི་རྡུལ་མང་བརྩེགས་པའི་ཞབས་བསྟེན་ལ། །སྒོ་གསུམ་གུས་པའི་དད་ཕྱག་ཉིན་བཞིན་སྟོབ། ༧ །དངོས་འབྱོར་བདོག་པ་ཉུང་ངུས་ཐོག་དྲངས་ཏེ། །སྲིད་ཞིའི་ཁམས་ཀུན་རྒྱས་པར་འགེངས་བཟོད་པའི། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་སྣང་བ་ཡིས། །ཡེ་ཤེས་གཟིགས་པའི་གཡར་ལམ་མཛེས་པར་བྱ། ༨།སྡིག་དང་ལྟུང་བའི་ཚོན་རིས་རྣམ་མང་པོས། །སེམས་ཀྱི་ཟླ་ཤེས་ཁ་དོག་བསྒྱུར་བའི་དྲི། །སྟོབས་བཞིའི་གངྒའི་རྒྱུན་གྱིས་དག་བྱས་པས། །


JKT020_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་རྣམས་དགྱེས་པའི་སྤྱན་ཟུར་ཕྱོགས་དེར་ལྷུང་། ༩ །འཇིག་རྟེན་འཇིག་རྟེན་འདས་པའི་ལེགས་སྤྱད་ཀྱི། །བསོད་ནམས་ཡེ་ཤེས་དམ་པའི་ཉིན་མོར་བྱེད། །ལན་གཅིག་དྲན་པའི་འདུན་སར་འཆར་བ་ན། །རྗེས་སུ་ཡི་རང་ཨུཏྤལ་འཛུམ་རྒྱ་གྲོལ། ༡༠ །རྒྱལ་ཀུན་གསུང་གི་རྡོ་རྗེ་མགྲིན་པའི་མཚོར། །རྟག་པར་རྩེན་པའི་སྨྲ་དབང་ཟླ་གཞོན་གྱིས། །ཐེག་གསུམ་བདུད་རྩིའི་ཆར་གྱིས་ཡིད་ཅན་རྣམས། །ཐར་པ་དམ་པའི་ལང་ཚོ་བསྐྱེད་བསྲིངས་མཛོད། ༡༡ །གང་དུ་མཚན་གྱི་སྤྲིང་ཡིག་གསལ་ཙམ་ནས། །ཐུབ་བསྟན་བཤད་སྒྲུབ་སྣང་བ་དར་བབས་པ། །སྲིད་ན་མཚུངས་ཟླས་དབེན་པའི་སྐྱབས་ཀྱི་མཆོག ། གསང་གསུམ་རྡོ་རྗེའི་ངོ་བོར་བརྟན་གྱུར་ཅིག ༡༢ །དེ་ལྟར་བསོད་ནམས་ཕུང་པོ་འདུ་བགྱིས་ཀུན། །འཇམ་དཔལ་གཞོན་ནུའི་མཁྱེན་པའི་ཡོངས་བསྔོ་དང་། །མི་ཕྱེད་སྨོན་པའི་འབྲས་བུས་འཇིག་རྟེན་ན། །དོན་གཉིས་དགའ་སྟོན་རྟག་ཏུ་རྒྱས་པར་ཤོག ༡༣ །ཅེས་ཚིགས་སུ་བཅད་པའི་མེ་ཏོག་ཉུང་ངུས་མདུན་བདར་ཏེ་སོགས། སླར་ཡང་གསོལ་བ། ཕུན་ཚོགས་བསོད་ནམས་བྱེ་བའི་གཟི་འབར་ཞིང་། །མཚན་དཔེའི་ཉམས་བརྒྱས་རོལ་པའི་རྡོ་རྗེའི་སྐུ། །ངེས་པར་གངས་ཅན་རི་བོའི་སྐྱབས་གཅིག་པུར། །འཚོ་གཞེས་རྟག་པའི་དགེ་མཚན་བརྙེས་གྱུར་ཅིག ༡ །རིག་པའི་ལམ་དང་མཛའ་བ་མི་ཕྱེད་ཅིང་། །ཟབ་མོའི་དོན་


JKT020_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇིགས་མེད་སེང་གེའི་སྒྲ། །ཆོས་ཕུང་རྒྱ་མཚོའི་གདང་དུ་འཆར་བའི་གསུང་། །སྐལ་བཟང་རྣ་བར་རྟག་ཏུ་སྒྲོགས་མཛད་གསོལ། ༢ །གང་དུ་ཆོས་དང་སྲིད་ཀྱི་གཙུག་ལག་གི། །ཉམས་འགྱུར་མཐའ་དག་གཅིག་ཅར་འཆང་བཟོད་པ། །ཡེ་ཤེས་ནོར་བུའི་མེ་ལོང་དྭངས་པའི་ཐུགས། །ཕྱོགས་འདིར་ལྷག་པར་དགྱེས་པའི་ངང་ཚུལ་སྟོན། ༣ །མདོར་ན་བསམ་གྱིས་མི་ཁྱབ་ཡོན་ཏན་དང་། །ཕྲིན་ལས་ས་གསུམ་འགྲོ་བའི་གདུང་སེལ་དུ། །ནམ་ཡང་ནུབ་པ་མེད་པའི་ངོ་མཚར་གྱིས། །རྫོགས་ལྡན་དུས་སྟོན་འབྱོར་པས་རབ་མཛེས་ཤིང་། ༤ །བདག་ཅག་རྣམས་ཀྱང་བྱང་ཆུབ་སྙིང་པོའི་བར། །མཁྱེན་བརྩེའི་གདུགས་དཀར་གྲིབ་མར་ངལ་འཚོ་ལས། །འདི་དང་གཏན་དུ་བདེ་བའི་ཕུན་ཚོགས་ཀྱི། །བཀྲ་ཤིས་རྟག་པ་དམ་པ་ཉིད་གྱུར་ཅིག །སརྦ་དཱ་ཤེ་ཡོ་བྷ་བ་ཏུ།། །།

ངོར་ཐར་རྩེ་བླ་བྲང་དུ་ལེགས་འབུལ་གྱི་ཡི་གེ་སྙན་པའི་ཏམྦུ་ར།


JKT020_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

༈ ངོར་ཐར་རྩེ་བླ་བྲང་དུ་ལེགས་འབུལ་གྱི་ཡི་གེ་སྙན་པའི་ཏམྦུ་ར་ཞེས་བྱ་བ། སཱིནཱཛིན་པའི་བོནུ་པི སཱཀཱལདཱིགར་ྱབྷཱུཏགེ །ཤཱནྟཾབྷཱབཀགནྟབོདྷནཱ། མཱརཾསཱདབྷབེཏྟིགུཧུཀཾ། ཤིན་ཏུ་དག་པ་གཟོད་མའི་ཡེ་ཤེས་ནི། །སྒྲིབ་གཉིས་ཆ་དང་བཅས་པ་སྤང་གྱུར་བས། །སྲིད་དང་ཞི་བའི་སྙིང་པོར་བྱང་ཆུབ་པའི། །གསང་གསུམ་འཆི་མེད་རྟག་པ་ཉིད་གྱུར་ཅིག ༡ །གང་དུ་སྣང་བས་ཀུན་དགའི་དཔལ་སྟེར་བ། །བདུད་རྩིའི་འབྱུང་གནས་ཟླ་བ་གཞན་ཡིན་ཏེ། །རྣམ་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་ཏུ་ཕན་བདེའི་ཟིལ་དངར་གྱིས། །ཉེར་འཚོ་བྱང་ཆུབ་སེམས་འདྲ་གཉིས་པ་མེད། ༢ །དེ་སླད་དཔྱིད་ཀྱིས་བཟུང་བའི་དགའ་ཚལ་ནི། །ཉིན་རེ་བཞིན་ཡང་འཕེལ་བའི་སྐབས་མཐོང་ལྟར། །དེ་བཞིན་ཐབས་དང་དེ་ལས་བྱུང་བ་ཡི། །ཚོགས་ཟུང་བྱེ་བའི་འདུ་འགོད་འཆར་བ་ན། ༣ །སྒྲིབ་པའི་ཚང་ཚིང་མ་ལུས་བསྲེགས་བྱས་ཏེ། །རིག་དང་བརྩེ་བ་རྒྱ་མཚོའི་མཐར་སོན་པས། །སྲས་བཅས་རྒྱལ་བའི་རྣམ་པར་ཐར་པ་དང་། །མི་ཕྱེད་གྲུབ་པའི་དགེ་མཚན་བརྙེས་བཞིན་དུ། ༤ །མཁའ་ཁྱབ་སྐུ་དང་ཡེ་ཤེས་སྒྱུ་མའི་འཕྲུལ། །དམ་པའི་རིགས་ཀྱི་ས་བོན་དང་འགྲོགས་ནས། །འཕགས་དང་མཁས་མང་བྱེ་བས་ཕྱག་བྱས་པའི། །མཚན་དཔེའི་སྣང་བརྙན་སྲིད་ཞིའི་བླ་ན་གསལ། ༥ །དེ་ཚེ་ཐུབ་བསྟན་བཤད་དང་སྒྲུབ་པ་ཡི། །སྣང་བ་དམ་པས་འཇིག་རྟེན་མཛེས་པའི་ཕུལ། །ཡིད་ཅན་དོན་གཉིས་ངལ་འཚོའི་སླད་རྒྱུ་བའི། །ཡོན་ཏན་གཟུགས་ཅན་བཞིན་དུ་འདི་ན་སྣང་། ༦ །མདོར་ན་བསྔགས་འོས་ཕ་མཐའ་ཡས་པའི་གཏམ། །ལན་གཅིག་དད་པའི་ཡི་གར་སིམ་པ་ལས། །རྡུལ་སྙེད་ལུས་ཀྱི་འཁྲི་ཤིང་དུད་དང་བཅས། །ཐལ་མོའི་ཨུཏྤལ་ཟུམ་པའི་དད་ཕྱག་སྟོབ། ༧ །དངོས་འབྱོར་བདོག་པ་ཕྲ་མོས་ཐོག་དྲངས་ཏེ། །བདག་པོས་བཟུང་དང་ཡོངས་སུ་མ་བཟུང་བའི། །རྣམ་མང་མཆོད་པའི་སྤྲིན་གྱི་ཆར་ཆེན་པོས། །ཡེ་ཤེས་གཟིགས་


JKT020_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདུན་སར་མཛེས་པ་དབྱེ། ༨ །མུན་པར་འཕྱན་ལ་སྣང་བ་དམ་པ་བཞིན། །སྒྲིབ་གཉིས་གཞན་དབང་གྱུར་པའི་སྡིག་ལྟུང་ཀུན། །སྟོབས་བཞིའི་ནོར་བུའི་རྔ་ཡབ་འཛུམ་པ་ལས། །ཚངས་པའི་འབྲས་བུས་འབྱོར་པའི་ངལ་འཚོ་བཟུང་། ༩ །མཐོང་དང་མ་མཐོང་ལེགས་སྤྱད་ཇི་སྙེད་པ། །ཟླ་ཤེལ་བདུད་རྩིའི་ཕུང་པོར་འབབས་པའི་དཔྱིད། །དྭང་བའི་ཡིད་མཁར་འཆར་ལ་ཡི་རང་བའི། །ཀུ་མུད་གསར་པའི་དགའ་ཚལ་ཉིན་བཞིན་གྲོལ། ༡༠ །ཤིན་ཏུ་ཟབ་གསང་རྡོ་རྗེ་ནཱ་དའི་དབྱངས། །ལམ་བདེན་བེཟླུར་རྒྱུད་མང་ལ་སྦྱར་བས། །རིགས་ཅན་གསུམ་གྱི་མཐའ་གཉིས་དབུ་མའི་དབྱིངས། །སྤྲོས་པ་བརྟུལ་བའི་གོ་སྐབས་རྟག་ཏུ་སྟོན། ༡༡ །གང་དུ་གཟོད་ནས་ཞི་བའི་མཆོག་བརྙེས་ན། །འཇུག་དང་ལྡང་སོགས་སྣང་ཚུལ་ལས་འདས་ཀྱང་། །བྱིས་བློའི་ངོར་ཡང་སྐྱེ་འགགས་མ་དམིགས་པའི། །འཚོ་གཞེས་དགེ་མཚན་ནུབ་པ་མེད་པར་མཛོད། ༡༢ །དེ་ལྟར་བསགས་དང་དུས་གསུམ་ལེགས་སྤྱད་ཀུན། །འཇམ་དཔལ་གཞོན་ནུའི་མཁྱེན་པའི་ཡོངས་བསྔོ་དང་། །འཇུག་པ་གཅིག་པའི་འདུན་པས་མཚམས་སྦྱར་བས། །བྱང་ཆུབ་སྙིང་པོའི་ཕ་མཐར་སོན་གྱུར་ཅིག ༡༣ །སླད་མའི་ཆར་ཡང་མངོན་པར་འདོད་པའི་དངོས་པོ་ཚིགས་སུ་བཅད་དེ་གསོལ་པ། ཨོཾ་སྭསྟི་ཀུནྡནྟུ། རྣམ་པ་ཀུན་ལྡན་ཡེ་ཤེས་གཅིག་པུ་ཡིས། །གཞན་


JKT020_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མཚན་མའི་ཆོས་ཁམས་དབང་བྱས་པས། །སྣ་ཚོགས་གཟུགས་ཅན་འཆང་བའི་རྫུ་འཕྲུལ་ཅན། །འཆི་མེད་རྡོ་རྗེའི་སྐུ་རུ་འཚོ་གཞེས་གསོལ། ༡ །སྲིད་པའི་འཕོ་བ་མཐའ་དག་དྷ་ཏིའི་དབྱིངས། །བདག་བྱིན་བརླབས་པའི་ཆོ་གས་ཐིམ་གྱུར་པ། །རྡོ་རྗེ་མི་ཤིགས་ནཱ་དའི་དབྱངས་སྙན་པོས། །སྡེ་སྣོད་རྒྱ་མཚོའི་ཆར་ཆེན་འབེབས་པར་མཛོད། ༢ །གཟུང་དང་འཛིན་པའི་སྣང་ཚུལ་ཇི་སྙེད་པ། །འཁོར་འདས་དབྱེར་མི་ཕྱེད་པའི་ཡེ་ཤེས་དང་། །མི་ཕྱེད་མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་དབྱིངས། །རྟག་པ་དམ་པའི་དགེ་མཚན་རྫོགས་གྱུར་ཅིག ༣ །མདོར་ན་ཡོན་ཏན་དཔག་བསམ་ལྗོན་བཟང་ནི། །ཕྲིན་ལས་འདོད་དགུར་འཇོ་བའི་གྲགས་དཀར་བཅས། །སྲིད་ན་ནུབ་པ་མེད་པའི་ངོ་མཚར་གཏམ། །ཁོར་ཡུག་རི་བོའི་ཁོངས་སུ་སྙན་པ་དང་། ༤ །མཐའ་ཀླས་བསྟན་དང་འགྲོ་ལ་ཕན་བདེའི་རྒྱུན། །རྫོགས་ལྡན་སྤྲིན་གྱི་འཛུམ་དཀར་ལས་འོངས་པའི། །དགེ་ལེགས་ནོར་བུའི་གྲུ་ཆར་རབ་གཡོ་བས། །ས་གསུམ་བཀྲ་ཤིས་སྣང་བ་འབར་གྱུར་ཅིག ༥ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།ཞེས་པའི་ལེགས་འབུལ་གྱི་ཡི་གེ་ལེ་ཚན་འདི་རྣམས་ཀྱང་ཕུར་བུ་ཞེས་པ་ས་སྤྲེལ་ལོར་མཁན་ཆེན་རྡོ་རྗེ་འཆང་མཉྫ་ཤྲཱི་བྷ་དྲ་ཡུལ་དབུས་འགྱུར་འཆང་དུ་ཆིབས་བསྐྱོད་གནང་སྐབས་བཀའ་ཡི་ཅོད་པན་སྤྱི་བོར་བཅིངས་པ་ལ་བརྟེན་ནས་རིག་པར་སྨྲ་བ་མཉྫགྷོ་ཥའི་བློ་མཚོ་ལས་ཕྱུང་བའོ།། །།

མཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་བྱམས་པ་ཀུན་དགའི་མཚན་ཅན་སྟོན་འཁོར་ལ་ཞབས་བརྟན་ལེགས་འབུལ་གྱི་ཡི་གེ་འཆི་མེད་གྲུབ་པའི་བདེན་ཚིག


JKT020_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་བྱམས་པ་ཀུན་དགའི་མཚན་ཅན་སྟོན་འཁོར་ལ་ཞབས་བརྟན་ལེགས་འབུལ་གྱི་ཡི་གེ་འཆི་མེད་གྲུབ་པའི་བདེན་ཚིག་ཅེས་བྱ་བ། གཙུཎྜིབསཾམེདྨོའི་སྒོ༽ སཾཔུཎྞསྱསུལཀྐཎཾཔྲབྷཱ། ཙྪནྡཤུདྡྷདཱིབྷེ། ཏྲེལོཀྱེཥཱཧིཏཾསུཁཾཔྲདཱ། པཏྠདྨསརཀལྤཛིབྱཏྭཾ། །བཀྲ་ཤིས་སྲིད་དང་ཞི་བའི་ལེགས་བྱས་ཀྱིས། །དགེ་མཚན་མཐའ་དག་རྫོགས་པའི་སྣང་བ་ཡིས། །འཇིག་རྟེན་གསུམ་ན་ཕན་བདེའི་མཆོག་སྦྱིན་པའི། །ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་གཞེས་གསོལ། ༡ །གཟོད་ནས་འོད་གསལ་གཉུག་མ་རྡོ་རྗེའི་སེམས། །གློ་བུར་འཁྲུལ་པའི་མཚན་མ་ལས་འདས་བཞིན། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅན། །ལོངས་སྤྱོད་ཡོངས་རྫོགས་འཁོར་ལོར་འཚོ་གཞེས་གསོལ། ༢ །བརྟན་གཡོ་ཀུན་ལ་ཁྱབ་པའི་ཡེ་ཤེས་སྐུ། །ཤེས་རབ་དབྱིངས་ཀྱི་ཕྱག་རྒྱ་ལ་སྦྱར་བས། །མཆོག་ཏུ་མི་འགྱུར་གྲུབ་པའི་སྣང་བརྙན་ནི། །ཁ་སྦྱོར་རྡོ་རྗེའི་གཟུགས་སུ་འཚོ་གཞེས་གསོལ། ༣ །སྲོག་རྩོལ་བརྗོད་པ་འགགས་པའི་དེ་མ་ཐག །མི་ཤིགས་ཚངས་པའི་སྒྲ་དབྱངས་སྲིད་པ་ན། །ལམ་བདེན་རྒྱ་མཚོའི་གདངས་སུ་འབབས་པའི་དཔྱིད། །བདེ་ཆེན་ནཱ་དའི་གསུང་དུ་འཚོ་གཞེས་གསོལ། ༤ །ཤེས་དང་ཤེས་བྱ་རོ་གཅིག་ཉིད་གྱུར་པའི། །གཟུང་འཛིན་སྤྲོས་པ་བརྟུལ་བའི་སེམས་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབྱིངས། །ཡེ་ཤེས་མཆོག་གི་སྣང་བ་དང་འགྲོགས་པ། །རང་བཞིན་མེད་པའི་ཐུགས་སུ་འཚོ་གཞེས་གསོལ། ༥ །གང་དུ་སྐྱེ་བའི་འཇུག་ལྡང་མ་མཆིས་ཀྱང་། །རིག་དང་བརྩེ་བའི་དབང་གིས་སྲིད་པ་འདིར། །བྲལ་སྨིན་ཡོན་ཏན་རྒྱ་མཚོར་འཆར་བའི་ཕུལ། །སྙིང་རྗེས་ཡོངས་གང་ཆེན་པོར་འཚོ་གཞེས་གསོལ། ༦ །མཐའ་གཉིས་དབུ་མར་བསྙལ་བའི་ཕ་རོལ་ན། །བྱང་ཆུབ་མཆོག་གི་འབྱོར་པ་མི་ཟད་པས། །རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་པ་ཡི། །ཕྲིན་ལས་རྒྱུན་མི་འཆད་པར་འཚོ་གཞེས་གསོལ། ༧ །མདོར་ན་མཁའ་ཁྱབ་སྐུ་དང་ཡེ་ཤེས་ཀྱི། །དགེ་མཚན་འགོག་པ་མེད་པར་འཚོ་གཞེས་བཞིན། །ཐུགས་རྗེའི་སྣང་བ་དམ་པས་ས་གསུམ་ན། །ཤིས་པའི་པདྨོ་རྟག་ཏུ་རྒྱས་གྱུར་ཅིག ༨ །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱིས་མཁན་ཆེན་རྡོ་རྗེ་འཆང་ཁུ་དབོན་ལ་ཞབས་བརྟན་ལེགས་འབུལ་ཕུལ་བའི་མགོ་བརྗོད་དུ་བྲིས་པ་དགེ། །།

འཇམ་མགོན་ས་སྐྱའི་གདུང་སྲས་རིན་པོ་ཆེ་མཆེད་ཞལ་ཆོས་ཁྲིར་མངའ་གསོལ་བའི་ལེགས་འབུལ་གྱི་ཤིས་བརྗོད་མེ་ཏོག་དཀར་པོའི་དོ་ཤལ།


JKT020_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

༈ འཇམ་མགོན་ས་སྐྱའི་གདུང་སྲས་རིན་པོ་ཆེ་མཆེད་ཞལ་ཆོས་ཁྲིར་མངའ་གསོལ་བའི་ལེགས་འབུལ་གྱི་ཤིས་བརྗོད་མེ་ཏོག་དཀར་པོའི་དོ་ཤལ་ཅེས་བྱ་བ་བཞུགས་སོ། ༈ །སྡེབ་སྦྱོར་མཉམ་པའི་བྲིཏྟ་ཡི་གེ་བཅོ་བརྒྱད་པ་བསྟན་འཛིན་གྱི་བྱེ་བྲག ༣༣༡༥༧ གྱི་མཚམས་ནས་ཟིན་པ་མེ་ཏོག་གཡོ་བའི་འཁྲི་ཤིང་ཞེས་བྱ་བའི་པྲསཱརའོ། ཨཀཱཡརིག་ཆཛལཛྷིནྡྷོ་ལིཀྲྀནུཔོསྤྱི་བོདྲུགམཱནཾབྷབནསརསོདྷརྨཙསཱིཏབཱཀྱེ། ༼འདིའི་ནང་རི་མོ་ཡོད།༽


JKT020_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གཉྫིརཤཱནྟཾསུབིདlཔུལཾཙིཏྟབིཀྵཤབྷཱཁཾ མངྒལྱཤཱསྟིསཔརམསྲྀདུཤྲཱིཀུམཱརེཎཀུམཱཏུ། །ཤིས་པར་བརྗོད་པའི་སྒོ་དང་པོ་སྟོན་པ་དང་འཇམ་དཔལ་གྱི་གསང་གསུམ་ལ་བསྔགས་པའོ། །རྨད་བྱུང་ཚོགས་གཉིས་ཆུ་གཏེར་ལས་འོང་མཚན་དཔེའི་སྐུ། །ལུང་དང་རྟོགས་པའི་ཆོས་ཕུང་རྒྱ་མཚོ་སྤྲོ་བའི་གསུང་། །ཟབ་ཞི་སྤྲོས་བྲལ་ཡེ་ཤེས་ཆེན་པོའི་ཐུགས་མངའ་བའི། །སྟོན་མཆོག་འཇམ་དཔལ་གཞོན་ནུར་བཅས་པས་ཤིས་པར་མཛོད། ༡ །བཀྲ་ཤིས་སྲིད་དང་ཞི་བའི་དགེ་མཚན་བདུད་རྩིའི་ཕུང་པོ་དལ་འབབས་པའི། །བཀྲ་ཤིས་མཚན་གྱི་སྟེང་འཐུང་དཀར་པོ་ཆེས་ཆེར་རྒྱས་པའི་མཚར་སྡུག་ཅན། །བཀྲ་ཤིས་སྣང་བ་དམ་པའི་དཔལ་སྟེར་ཟས་གཙང་སྲས་དང་འཇམ་མགོན་གྱི། །བཀྲ་ཤིས་གཟུགས་སྐུའི་ཟླ་བ་གསར་པས་ཕན་བདེའི་ངལ་འཚོ་སྦྱིན་གྱུར་ཅིག ༢ །ངོ་མཚར་ཐོག་མཐའ་བར་གསུམ་དགེ་བའི་ཞི་བསིལ་ཆོས་ཕུང་རྒྱ་མཚོའི་ཚུལ། །ངོ་མཚར་དབྱངས་ཀྱི་ཡན་ལག་དྲུག་ཅུའི་ནོར་བུའི་རྒྱུད་མང་ལ་ཆགས་པས། །ངོ་མཚར་ལྷར་བཅས་འཇིག་རྟེན་གསུམ་ན་ཀུན་དགའི་མཆོག་སྦྱིན་ཉི་མའི་གཉེན། །ངོ་མཚར་རྒྱལ་སྲས་ཐུ་བོར་བཅས་པས་འགྲོ་བའི་དམ་པའི་ལམ་དུ་སྲུངས། ༣ །རྣམ་པར་བཅས་པའི་འཇུག་ལྡང་མ་ལུས་ཞི་བའི་དབྱིངས་སུ་སིམ་གྱུར་པའི། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་གར། །རྣམ་འདྲེན་རྨད་བྱུང་ཤཱཀྱའི་


JKT020_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་དང་རྡོ་རྗེ་རྣོན་པོའི་ཐུགས་རྗེ་ཡིས། །རྣམ་ཀུན་ཕུན་སུམ་ཚོགས་པའི་གཞི་གྱུར་དགེ་ལེགས་མེ་ཏོག་ཆར་དུ་བསྙིལ། ༤ །རྨཙྩམཱརསིདྡྷཀུལསྱསུབྲྀཀྵབེསྡེབ་སྦྱོར་ཡི་གེ་བཅུ་པ་ཕྲེང་ལྡན་མའི་བྱེ་བྲག་དག་པའི་སྣང་བའོ། །སཱནྡྷནཾཤུབྷཔུལླབརྙནཱ པུརྦབྷུཤྩཙིམནྡརེཤྭརཿ ཤིས་བརྗོད་ཀྱི་སྒོ་གཉིས་པ་ས་སྐྱའི་གདུང་རབས་སྤྱི་དང་། འཇམ་མགོན་ས་པཎ་ལ་ཁྱད་པར་དུ་བསྔགས་པ། འཇམ་དཔལ་མཁྱེན་པའི་སྣང་བ་གསར་པ་ནི། །འཆི་མེད་གྲུབ་པའི་རིགས་ཀྱི་ལྗོན་བཟང་དང་། །འགྲོགས་པའི་དགེ་མཚན་མེ་ཏོག་དར་བབས་པ། །སྔོན་མེད་དཔག་བསམ་དབང་པོ་ས་སྐྱ་པ། ༡ །གང་དེའི་ཕྲིན་ལས་ནོར་བུའི་ཆུ་གཏེར་སྲིད་པའི་རྩེ་མོར་རབ་གཡོ་བར། །གང་གིས་རེག་པའི་དེ་མ་ཐག་ནས་ཕན་བདེའི་འདོད་དགུ་སྦྱིན་ནོ་ཞེས། །གང་དག་ས་གསུམ་འགྲོ་བའི་རྣ་ལུང་ཡང་ཡང་མཛེས་བྱས་ངོ་མཚར་ཅན། །གང་ཞིག་འཁོན་གདུང་བརྒྱུད་པར་བཅས་ལ་གུས་པས་བསྔགས་པར་མི་བགྱིད་སུ། ༢ །ཁྱད་པར་བཟོ་གསོ་པདྨོ་དགོད་པར་སྒྲ་དང་ཚད་མའི་བདུད་རྩི་ཡིས། །རབ་ཏུ་ལྕི་བའི་སྙིང་པོ་ཡིད་འོང་སྡེ་སྣོད་རྒྱུད་སྡེའི་འབྲས་བུས་གཏམས། །ཚིག་རྒྱན་སྡེབ་སྦྱོར་མངོན་བརྗོད་ཟློས་གར་སྐར་རྩིས་རིག་པའི་གྲིབ་བསིལ་གྱིས། །རྒྱལ་བ་དགྱེས་པའི་ལམ་བཟང་གསལ་མཛད་འཇམ་དཔལ་མགོན་དངོས་པཎྜི་ཏ། ༣ །མཁས་པས་མཁས་པའི་ལེགས་བཤད་གཏམ་གྱིས་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་ལྡན་བྱེ་བའི་བརྟན་པ་འཕྲོག །གྲུབ་པས་གྲུབ་པའི་ངོ་མཚར་མཐའ་ཀླས་སྐལ་བཟང་ཀུན་དགའི་རྒྱལ་མཚན་འཛིན། །ཡོན་ཏན་ཡོན་ཏན་དུ་མའི་གཞི་གྱུར་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི། །ཤིས་པས་ཤིས་པའི་བདུད་རྩིའི་བརླན་གྱིས་ཕན་བདེའི་ཨུཏྤལ་དབྱེ་མཛོད་ཀྱེ། ༤ །མཉྫནཱཐབྷམིཤུཀླཔཊ དྷརྨཙཀྲཡོབསནྟབནྟི སྡེབ་སྦྱོར་རྨ་བྱའི་འགྲོས་སོ། །མཎྜམཱསནཾམནོམདཱིདཾཤཱནབྷབཡོཤུབྷསྤུཊབཱ། ཤིས་བརྗོད་སྒོ་གསུམ་པ་མཚན་གསུམ་དང་ལྡན་པའི་ཆོས་ཁྲི་རིན་པོ་ཆེ་དང་དམ་པའི་ཚུལ་དགུ་སྦྱར་བ། འཇམ་མགོན་ས་སྐྱ་པཎྜི་ཏའི། །ཆོས་ཀྱི་འཁོར་ལོས་བསྒྱུར་བའི་དཔྱིད། །ནོར་བུའི་ཁྲི་འཕང་མཐོན་པོ་འདིར། །སྲིད་ཞིའི་དགེ་མཚན་ཅིར་ཡང་དར། ༡ །རབ་འབྱམས་གཞུང་ལུགས་མང་དུ་ཐོས་དང་དེ་དོན་བསམ་པའི་འོད་རིས་ཅན། །རབ་འབྱམས་སྒོམ་སྤངས་གནས་ལུགས་མངོན་གྱུར་འཁོན་གདུང་ཉིན་མོར་བྱེད་པའི་ཕྲེང་། །རབ་འབྱམས་ལྷར་བཅས་སྐྱེ་རྒུའི་དབུས་ན་ཆོས་ཀྱི་ཁྲི་འདིར་ཞབས་བཀོད་པས། །རབ་འབྱམས་མཁས་པའི་རྒྱུ་སྐར་ཚོགས་ཀུན་ཟིལ་གྱིས་གནོན་པའི་གྲགས་པས་མཛེས། ༢ །སྙན་སྙན་ལེགས་བཤད་འཆད་པའི་འཁོར་ལོས་སྐལ་བཟང་རྣ་བར་བདུད་རྩིར་བྱེད། །གསལ་གསལ་འགལ་འབྲེལ་རྩོད་པའི་འཁོར་ལོས་ཕས་རྒོལ་སྙིང་ལ་གདུང་བ་སྦྱིན། །མཁས་མཁས་སྡེབ་ལེགས་རྩོམ་པའི་འཁོར་ལོས་རྒྱལ་


JKT020_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཡུན་རིང་རྒྱས་མཛད་པའི། །མང་མང་དམ་པའི་བགྱི་བ་གསུམ་ལྡན་དགེ་མཚན་རྒྱུན་མི་འཆད་པར་སྒྲོགས། ༣ །ཕུལ་བྱུང་མཁྱེན་པའི་ཡེ་ཤེས་སྒྲིབ་མེད་ཟླ་བ་ནོར་བུའི་ཐང་ཡངས་པར། །ཕུལ་བྱུང་ཟབ་མོ་སྟོང་པ་ཉིད་དང་བརྩེ་བའི་སྙིང་རྗེ་ཆེ་ལྡན་པའི། །ཕུལ་བྱུང་མཐུ་སྟོབས་ནུས་པའི་མངའ་བདག་མཚན་མཆོག་གསུམ་ལྡན་གདུང་རབས་ཀྱིས། །ཕུལ་བྱུང་དགེ་མཚན་ཕྲག་བརྒྱས་མཛེས་བྱས་རྡོ་རྗེའི་གདན་འདིར་དགེ་ལེགས་སྩོལ། ༤ །ཅེས་རབ་ཡིད་མཛེས་བྱེད་ལོར་འཇམ་མགོན་ས་སྐྱ་པའི་གདུང་སྲས་རིན་པོ་ཆེ་མཆེད་ཞལ་ཆོས་ཁྲི་ཆེན་མོར་མངའ་གསོལ་བའི་ལེགས་འབུལ་གྱི་སྔོན་འགྲོའི་ཤིས་བརྗོད་མེ་ཏོག་དཀར་པོའི་དོ་ཤལ་ཅེས་བྱ་བ་འདིའང་། བདག་ཆེན་འཇམ་པའི་དབྱངས་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱི་ཞལ་སྔ་ནས་ཚུལ་འདི་ལྟ་བུ་ཞིག་སྦྱོར་ཞིག་ཅེས་ཟིན་ཐོ་དང་བཅས་བཀའ་སྩལ་བ་ལྟར། རྒྱལ་ཁམས་ཉུལ་བའི་ད་རི་དྲྭ་མཁྱེན་བརྩེའི་མིང་གིས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོའི་ཕུན་ཚོགས་ཞབས་བརྟན་ལྷ་ཁང་དུ་བྲིས་པ་སརྦ་པྲ་ཛབྷུསྶཐེཡནྟུ།། །།

ས་སྐྱོང་སྡེ་ན་ཤུ་བྷ་ནས་འཇིག་རྟེན་དབང་ཕྱུག་ཀརྨ་ཀར་ལེགས་འབུལ་སྟོབ་པའི་ཡི་གེ་བདུད་རྩིའི་རྒྱུད་མང་།


JKT020_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

༈ ས་སྐྱོང་སྡེ་ན་ཤུ་བྷ་ནས་འཇིག་རྟེན་དབང་ཕྱུག་ཀརྨ་ཀར་ལེགས་འབུལ་སྟོབ་པའི་ཡི་གེ་བདུད་རྩིའི་རྒྱུད་མང་ངོ་། །ཤྲཱི་བི་ཛ་ཡནྟུ། སྲས་བཅས་རྣམ་འདྲེན་ཡོངས་ཀྱིས་རབ་བསྔགས་ནོར་བུའི་མེ་ལོང་ཕྱིས་པའི་ངོགས། །མཐའ་ཀླས་ཡོན་ཏན་དུ་མས་ཉེར་བཟུང་མཚན་


JKT020_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རི་མོ་སྣང་བའི་དཔྱིད། །གང་གིས་ཐོབ་ན་ཐམས་ཅད་མཁྱེན་པའི་གོ་འཕང་དམ་པར་ལེགས་སྦྱོར་བའི། །རིགས་དང་དཀྱིལ་འཁོར་ཀུན་གྱི་ཅོད་པན་རྒྱལ་བ་མཆོག་གི་ཞབས་པདྨོར། ༡ །ཁྱོད་ཚུལ་གསང་གསུམ་ངོ་མཚར་རྨད་བྱུང་སྤྲིན་གྱི་བུ་མོའི་ཏམྦུ་ར། །ཤིན་ཏུ་གུས་པའི་གཟུ་བོའི་བློ་ཅན་མདོངས་མཐའི་རྣ་བར་ལྷུར་ཙམ་ནས། །ཕྱིར་ཞིང་མི་ཕྱེད་དད་གསུམ་རྒྱས་པའི་ཟློས་གར་ཉིན་བཞིན་བསྒྱུར་བ་ཡིས། །ལྷ་དང་བཅས་པའི་ཡིད་ཅན་ཀུན་ཀྱང་བརྟན་པ་བསྙིལ་བའི་བྱེད་པོར་གྱུར། ༢ །གཟོད་ནས་སྤྲོས་པའི་མཐའ་ལས་རྣམ་གྲོལ་ཕྱག་ན་པདྨོའི་ཡེ་ཤེས་ནི། །སེམས་ཅན་ཁམས་དང་མཐུན་པར་འཇུག་པའི་སྒྱུ་འཕྲུལ་དྲྭ་བའི་ཚུལ་སྟོན་ཕྱིར། །ཚུར་མཐོང་བྱིས་བློའི་དགའ་བ་བསྒྲུབ་ལ་ངུར་སྨྲིག་གསར་པའི་ལང་ཚོ་ཅན། །གངས་ཅན་རི་བོའི་བསོད་ནམས་མགྲོན་དུ་ཉིན་ཕྱེད་འཆར་ཀའི་ཟོལ་གྱིས་འོངས། ༣ །དེ་ཚེ་རབ་ཞིའི་ཆུ་གཏེར་འཕྱུར་བའི་རླབས། །ཡིད་འཕྲོག་སྙིང་རྗེའི་ཟླ་བ་གསར་པ་ཅན། །མཚན་དཔེའི་དུམ་བུ་རྫོགས་པའི་མཚར་སྡུག་གིས། །ཕུན་ཚོགས་ཕན་བདེའི་ཀུ་མུད་མཆོག་ཏུ་རྒྱས། ༤ །བཅུ་ཚུ ཕྲག་དྲུག་གི་སྤྲིང་ཡིག་ནཱ་དའི་དབྱངས། །མི་ཕྱེད་ལུང་དང་རྟོགས་པའི་ཉམས་འགྱུར་རྒྱུན། །ཡིད་ཅན་གང་གིས་ཐོས་པའི་དེ་འདྲོག་ཏུ། །ཞི་བསིལ་བདེ་བའི་དཔལ་ནི་ལག་རྩེར་སྦྱིན། ༥ །གཅིག་དང་དུ་མ་


JKT020_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་ཡེ་ཤེས་ནི། །སྤྲོས་པའི་ཕ་མཐར་གཞར་ཡང་མི་གནས་ཀྱང་། །གཟུངས་དང་སྤོབས་པ་ཏིང་འཛིན་བྱེ་བའི་སྒོ། །འབྱེད་ལ་སྲས་བཅས་རྒྱལ་དང་རྗེས་སུ་མཚུངས། ༦ །མི་ཟད་ཡོན་ཏན་ཕུང་པོའི་མཆིལ་པ་ཡིས། །གང་ལ་ཐེབས་པ་ཙམ་ནས་དོན་གཉིས་ཀྱི། །དགའ་སྟོན་ལྷུག་པར་སྦྱིན་ལ་གདེངས་ཅན་དབང་། །གཙུག་ན་མངོན་མཐོའི་ནོར་བུས་མཚོན་མ་ཡིན། ༧ །ཐབས་མཁས་ཕྲིན་ལས་མཛེས་མའི་འགྲམ་ཆང་གིས། །གདུལ་དཀའི་འགྲོ་ཁམས་བ་ཀུ་ལ་ཡི་ཤིང་། །བྲན་པའི་མོད་ནས་ཐར་དང་རྣམ་མཁྱེན་གྱི། །མེ་ཏོག་གཅིག་ཅར་གྲོལ་བའི་གྲགས་སྙན་མཐོ། ༨ །མཚན་བཟང་ཟ་མ་ཏོག་ཏུ་རྒྱས་བཏབ་པའི། །བྲལ་སྨིན་རིན་ཆེན་རྡུལ་མང་གཡོ་བའི་ལྕིད། །མ་བཟོད་འོད་སྲུང་བྱིན་གྱི་བུ་མོ་ཡང་། །རྣམ་པ་དྲུག་ཏུ་འདར་བའི་ཚུལ་སྟོན་བཞིན། ༩ །ཁྱད་པར་འདི་ན་སྐྱེ་བར་གོམས་པའི་སྐལ་བ་བཟང་པོའི་པད་མཚོ་རུ། །གང་གི་ཞབས་སེན་ཉི་གཞོན་འཆར་ཀའི་རྡུལ་ཕྲེང་དམར་པོས་བཏབ་པའི་ཚེ། །འདི་དང་གཏན་གྱི་བདེ་བ་མཐར་སོན་ཕུན་ཚོགས་མཚར་སྡུག་རྫོགས་པ་ལ། །ཡིད་སྲུབས་དཔུང་བཅས་ངོ་ཚའི་མཐར་གྱུར་ལུས་མེད་ཟོལ་གྱིས་ཡིབས་པ་བཞིན། ༡༠ །སླར་ལ་མཉན་པར་འོས་པའི་ལེགས་གསུང་དང་། །ལྷན་ཅིག་དངོས་པོའི་བདོག་པ་གྱ་ནོམ་བཅས། །རྫོགས་ལྡན་གསར་པའི་དགའ་སྟོན་སྒྲུབ་པ་ཡི། །


JKT020_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞིའི་དགེ་མཚན་སྣང་བ་འབྱམས་སུ་ཀླས། ༡༡ །དེ་ཚེ་མཆོག་ཏུ་དྭངས་པའི་ཆུ་གཏེར་ལས། །ཚོགས་གཉིས་ཉི་ཟླའི་སྣང་བ་སྤྲོས་པའི་མོད། །རང་གཞན་བསོད་ནམས་འདུ་འགོད་གསར་རྩོམ་པའི། །གྲགས་དཀར་རི་བོའི་ཁོངས་སུ་རྒྱུ་བ་ན། །མཐའ་ཀླས་ཡིད་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱང་། །འཇིག་རྟེན་གསུམ་གྱི་མགོན་པོ་ཀརྨ་ཀའི། །གསང་གསུམ་ཡེ་ཤེས་ཕུང་པོ་བསྙེན་ཙམ་ནས། །རྣམ་གྲོལ་ཐར་པའི་ངལ་འཚོ་ཅིར་ཡང་རྒྱས། ༡༢ །མདོར་ན་འཇུག་དང་ལྡང་བའི་མཚན་མ་ཟབ་ཞི་སྤྲོས་བྲལ་དབྱིངས་སིམ་བཞིན། །བརྩེ་ཆེན་ཡེ་ཤེས་གཟིགས་པའི་ཕྲིན་ལས་ཕྱོགས་འདི་ཁོ་ནར་རྗེས་དགོངས་པར། །བཀའ་དྲིན་ཕ་མཐས་མཚོན་ནུས་མིན་ཀྱང་ཤིས་པའི་ཚིག་གིས་མདུན་བདར་ནས། །དངོས་འབྱོར་མཆོད་སྤྲིན་ཅུང་ཟད་སྟོབས་འདིར་ཐུགས་རྗེའི་སྤྱན་གྱིས་བཙའ་བར་གསོལ། ༡༣ །སླར་སྨྲས་པ། བྱང་ཆུབ་སྤྱོད་པའི་རིན་ཆེན་འབྱུང་གནས་གཏིང་མེད་སྡིག་བྲལ་མི་ཟད་པ། །བསྲུབས་སྐྱེས་དཔལ་དང་བདུད་རྩིའི་གཏེར་གྱུར་ཟླ་བ་གསར་པའི་རེ་ཁཱ་ནི། །བློ་ལྡན་རྣམས་ཀྱིས་བསྙེན་པར་འོས་ཞེས་གྲགས་དཀར་སྲིད་ན་མཚུངས་མེད་པར། །སྒོ་གསུམ་གུས་པའི་བློ་དང་ལྷན་ཅིག་ཐལ་མོའི་ཆུ་སྐྱེས་སྙིང་གར་ཟུམ། །གང་ཞིག་བླ་ན་ཡོད་དང་མེད་པའི་མཆོད་པའི་སྤྲིན་ཕུང་འབྱམས་ཀླས་པ། །ཕ་མཐའ་བཟུང་ལ་ནམ་


JKT020_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཛའ་མིན་འཆི་མེད་ལམ་གྱི་སྤུན་ཟླ་ཅན། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་རྒྱས་པར་དཀྲིགས་པའི་ངོ་མཚར་གྱིས། །ཡེ་ཤེས་གཟིགས་པའི་འབབ་སྟེགས་དམ་པ་དུས་གསུམ་ཀུན་ཏུ་མཛེས་པར་བགྱི། ༢ །ཡང་སྲིད་མང་པོར་གོམས་པ་བརྟས་པའི་སྡིག་ལྟུང་མིག་སྨན་ཚོན་རིས་ཀྱིས། །བསོད་ནམས་ལམ་དང་མྱ་ངན་འདས་པའི་ལང་ཚོའི་མཛེས་པ་རྨ་དབབས་པས། །འཕགས་རྣམས་དགྱེས་པའི་གོ་སྐབས་བྲལ་བའང་སྟོབས་བཞིའི་གངྒའི་རྒྱུན་བཟང་པོས། །སོ་སོར་སྦྱངས་ཤིང་སླར་ལ་སྡོམ་པས་ཞི་བའི་མཚར་སྡུག་ཅིར་ཡང་འབར། ༣ །ཚད་མར་གྱུར་པས་འགྲོ་ལ་ཕན་བཞེད་སྟོན་པ་བདེ་བར་གཤེགས་།。 པ་ཡི། །གསུང་གི་རྗེས་སུ་བསླབ་ལ་བརྩོན་པའི་འཕགས་དང་སོ་སྐྱེའི་ཚོགས་རྣམས་དང་། །དུས་གསུམ་རྣམ་འདྲེན་ཡོངས་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པ་ཀརྨ་ཀའི། །རྣམ་པར་ཐར་པ་དྲན་པའི་མོད་ནས་རྗེས་སུ་ཡི་རང་དགའ་བས་བརླན། ༤ །ཐོག་མཐའ་བར་གསུམ་རྣམ་པར་དགེ་བའི་ལམ་བདེན་སྤྲིན་གྱི་རྔ་གསང་ནི། །སྤྲོས་པའི་མཚན་མ་ཉེ་བར་ཞི་བ་འགོག་བདེན་བདུད་རྩིའི་སྙིང་པོ་ཅན། །འགྲོ་རྣམས་མ་རིག་གཉིད་ལས་སློང་ཕྱིར་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀུན་ཏུ། །ཕྱག་ན་པདྨོ་དགྱེས་པའི་ཞལ་ལས་རྟག་པ་རྒྱུན་དུ་སྒྲོག་མཛད་གསོལ། ༥ །ཀུན་བརྟགས་འཁྲུལ་པའི་རྒྱུ་བ་ཇི་སྙེད་འོད་གསལ་དབུ་མའི་


JKT020_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་སིམ། །གཞན་དབང་སྐུ་དང་ཡེ་ཤེས་ཕྲིན་ལས་པྲ་ཕབ་བརྒྱད་ཀྱི་སྣང་བརྙན་ཅན། །ཡོངས་གྲུབ་གཙང་རྟག་བདེ་བའི་བདག་ཉིད་འགྱུར་བ་མེད་པའི་དེ་ཁོ་ནར། །འཚོ་ཞིང་གཞེས་པའི་དགེ་མཚན་སྣང་བ་བསྐལ་པ་རྒྱ་མཚོར་འབར་གྱུར་ཅིག ༦ །དེ་ལྟའི་དགེ་ཚོགས་སྐལ་ལྡན་ཤིང་རྟ་མཚན་འཛིན་དྲི་མས་དབེན་བཞིན་དུ། །ཐར་པ་དམ་པའི་ཤུལ་ལམ་ལ་ཞུགས་བྱང་ཆེན་རྒྱ་མཚོར་རོ་གཅིག་པས། །གནས་སྐབས་མཐར་ཐུག་བསམ་པའི་དོན་ཀུན་ཡིད་བཞིན་ཉིད་དུ་འཇོ་བ་དང་། །བསྟན་འགྲོར་ཤིས་པའི་སྣང་བ་གསར་པས་འཇིག་རྟེན་གསུམ་ན་ཁྱབ་གྱུར་ཅིག ༧ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།ཞེས་པའང་བྷུ་མི་པཱ་ལ་སེ་ནཱ་ཤུ་བྷའི་རྒྱལ་ཐབས་ཀྱི་ཡི་གེ་པ་གཅེན་པྲཛྙཱ་སིང་ཧས་བསྐུལ་ངོར་ཚངས་སྲས་དགྱེས་པའི་བློ་ལྡན་གྱིས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་བྲིས་པ་དགེ། །།

ས་སྐྱོང་སེ་ནཱ་ཤུ་བྷ་ནས་སྲིད་སྐྱོང་རྭ་བསྒྲེང་ནོ་མི་ཧན་ཆེན་པོར་ཁྲི་ཕེབས་ཀྱི་ལེགས་འབུལ་སྟོབ་པའི་ཡི་གེ་མེ་ཏོག་ཆུན་པོ།


JKT020_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

༅། །ས་སྐྱོང་སེ་ནཱ་ཤུ་བྷ་ནས་སྲིད་སྐྱོང་རྭ་བསྒྲེང་ནོ་མི་ཧན་ཆེན་པོར་ཁྲི་ཕེབས་ཀྱི་ལེགས་འབུལ་སྟོབ་པའི་ཡི་གེ་མེ་ཏོག་ཆུན་པོ་ཞེས་བྱ་བ། པུཎཛཱནབིམུཀྟབཱིཛཀཾ བོདྷིགཉྙཛལཀྐཎཾཤུབྷེ༔ སྡེབ་སྦྱོར་མཉམ་པའི་བྲིཏྟའི་བྱེ་བྲག་དག་པའི་སྣང་བའོ། །ཤཱན བྷབནཙུཊབིཐམཾ སིཤཱསརླགཏཾརབིརྫཡེཏ། །རྣམ་གྲོལ་བསོད་ནམས་ཡེ་ཤེས་ས་བོན་ནི། །བྱང་ཆུབ་སྙིང་པོར་འཁྲུངས་པའི་དགེ་མཚན་གྱིས། །སྲིད་དང་ཞི་བའི་གཙུག་ན་ངལ་འཚོ་བ། །ཡོངས་རྫོགས་


JKT020_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འགྲོའི་ཉི་མ་རྒྱལ་གྱུར་ཅིག ༡ །ཚངས་སོགས་ཆེ་དགུའི་འདར་ལྡན་ཐོར་ཚུགས་ཀྱིས། །ཡང་ཡང་ཕྱིས་པའི་ནོར་བུའི་བ་གམ་གྱིས། །མངོན་པར་མཐོ་བའི་ཆོས་ཀྱི་རྒྱལ་ཐབས་ཆེ། །ངོ་མཚར་བྱེ་བས་མཛེས་པའི་ཉེ་དྲུང་དུ། ༢ །དཔག་བསམ་རྐང་བས་འཐུང་བས་དགའ་ཚལ་བཞིན། །ཡིད་ཅན་ཀུན་དགའི་འཇུག་ངོགས་གཅིག་གྱུར་པ། །ཁྱོད་ཞབས་དག་པའི་རིན་ཆེན་བེ་ཌཱུརླར། །སྲས་བཅས་རྒྱལ་བས་ཤིས་པའི་མེ་ཏོག་འཐོར། ༣ །དེ་སླད་ལྷས་སྐྱོང་རིགས་ཀྱི་ལྕུག་ཕྲན་ཡང་། །དད་གསུམ་ངང་ཚུལ་རྒྱས་པའི་བརྟུལ་ཞུགས་ཀྱིས། །ཐལ་མོའི་ཆུ་སྐྱེས་སྤྱི་བོར་ཟུམ་དང་བཅས། །བསྔགས་བརྗོད་གཏམ་གྱི་རྒྱུད་མང་ཅུང་ཟད་བསྒྲེངས། ༤ །གང་ཚེ་བསོད་ནམས་རྒྱ་མཚོའི་རོལ་སྒེག་ནི། །ཡེ་ཤེས་འབིགས་བྱེད་རི་བོས་བསྲུབས་པ་ལས། །མཚན་དཔེའི་ཟླ་རིས་བྱས་པའི་དགེ་མཚན་གྱིས། །ས་གསུམ་བཀྲ་ཤིས་གསར་བའི་སྣང་བས་ཁྱབ། །བཅུ་ཕྲག་དྲུག་གི་སྤྲིང་ཡིག་དང་འགྲོགས་བཞིན། །ཆོས་ཕུང་གྲངས་མེད་འཆད་དང་སྒྲུབ་པ་ལ། །འཇམ་མགོན་གཉིས་པའི་ངོ་མཚར་འདིའོ་ཞེས། །བློ་ལྡན་བློ་ཡི་སྙེམས་པ་གཅིག་ཅར་འཕྲོག ༦ །གཟུང་འཛིན་འཁྲུལ་པ་དག་པའི་འོད་གསལ་དབྱིངས། །འཇུག་དང་ལྡང་བ་བྲལ་བ་སྙོམས་འཇུག་བཞིན། །ཇི་ལྟ་ཇི་སྙེད་གཟིགས་པའི་ཡེ་ཤེས་ནི། །སྲས་བཅས་རྒྱལ་བ་ཀུན་དང་


JKT020_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ཉིད། ༧ །ཁྱད་པར་འཕགས་མཆོག་ཕྱག་ན་པདྨོ་ཡི། །ཡོངས་རྫོགས་ཕྲིན་ལས་རྒྱ་མཚོར་དབང་བསྒྱུར་བས། །དེང་ནས་བཟུང་སྟེ་ཁོར་ལུག་རི་བོའི་ཁོངས། །རྫོགས་ལྡན་དུས་ཀྱི་དགའ་སྟོན་གསར་དུ་ཚུགས། །དེ་སོགས་བསྔགས་འོས་ཡོན་ཏན་མི་ཟད་པ། །སྤྲིན་བྲལ་ཉིན་མོར་བྱེད་པ་རྣམ་བརྟག་བློས། །ཐལ་མོའི་ཀུ་མུཏ་སྙིང་གར་ཟུམ་དང་བཅས། །སྒོ་གསུམ་གུས་པའི་དད་ཕྱག་ཉིན་བཞིན་སྟོབས། ༩ །ལྷག་བསམ་དག་པའི་ས་གཞིར་ལེགས་འཁྲུངས་པའི། །དངོས་འབྱོར་མེ་ཏོག་ཕྲ་མོ་འདིས་མཚོན་ཏེ། །ཡིད་སྤྲུལ་མཆོད་པའི་སྤྲིན་ཕུང་མཐའ་ཀླས་པས། །བྱང་ཆུབ་བར་དུ་བསྙེན་བཀུར་བགྱིད་ལ་ཕྱོགས། ༡༠ །གདུང་སེལ་གངྒཱའི་རྒྱུན་གྱི་ཞབས་བསིལ་དང་། །དབང་པོའི་མཚོན་གྱིས་བརྡར་བྱས་འཛད་མིན་པའི། །སྡིག་དང་ལྟུང་བ་ལས་བྱུང་སྒྲིབ་པའི་དྲི། །སྟོབས་བཞིའི་བདུད་རྩིའི་ཐིག་པས་ཡུད་ལ་སྦྱོངས། ༡༡ །མགོན་པོ་ཁྱོད་ཀྱི་བྱང་ཆུབ་སྤྱོད་པས་མཚོན། །འཕགས་དང་སོ་སྐྱེའི་ལེགས་བྱས་ཕུང་པོ་ལ། །ཡི་རང་ཨུཏྤལ་འཛུམ་སྒྲོས་གྲོལ་བ་ཡིས། །རྣམ་དཀར་འབྲས་བུ་ལྷན་ཅིག་དབང་དུ་བགྱི། ཨུ ༡༢ །རིགས་ཅན་གསུམ་གྱི་འགྲོ་བ་མཐའ་ཀླས་པ། །རྨོངས་དང་མ་རིག་འཐིབ་བུས་ནོན་པ་ལ། །ཐར་པ་དམ་པའི་ལམ་བཟང་སྣང་བྱེད་པའི། །ཞི་བསིལ་བདུད་རྩིའི་སྒོ་བརྒྱ་འབྱེད་པར་གསོལ། ༡༣ །


JKT020_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ལྷར་བཅས་ཡིད་ཅན་སྤྱི་དང་ཁྱད་པར་དུ། །འཛམ་བུའི་ལྗོན་པས་མཚན་པའི་སྨན་ལྗོངས་འདིར། །ཕན་བདེའི་བྱེད་པོ་གཅིག་གྱུར་ཐམས་ཅད་མཁྱེན། །ཞབས་པད་སྲིད་མཐའི་བར་དུ་བརྟན་པར་མཛོད། ༡༤ །དེ་ལྟར་བསགས་པའི་དགེ་ཚོགས་ལམ་གསུམ་རྒྱུན། །བྱང་ཆུབ་སྙིང་པོའི་རྒྱ་མཚོར་རོ་གཅིག་པས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །བཀྲ་ཤིས་སྣང་བས་རྟག་ཏུ་ཁྱབ་གྱུར་ཅིག ༡༥ །སླར་ཡང་སྲིད་དང་ཞི་བ་ཡི། །དགེ་མཚན་རིན་ཆེན་བྱེ་བའི་ཕུལ། །ཁྱོད་ཞབས་བསྐལ་བརྒྱར་འཚོ་གཞེས་སླད། །ངག་གི་རྒྱུད་མང་འདི་སྐད་བསྒྲེངས། །བཱི་ཤྲཱི་ཤྲཱི་བི་ཛ་ཡནྟུ། གང་གིས་བསྙེན་པ་ཙམ་ནས་ཕན་བདེའི་མཆོག །སྦྱིན་ལ་ཙིནྟ་མ་ཎིས་མཚོན་མིན་པ། །བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་བྱིན། །རྟག་པ་རྒྱུན་གྱི་འཁོར་ལོ་ཞབས་བརྟན་གསོལ། ༡ །རྒྱལ་ཀུན་སོ་སོར་རྟོག་པའི་ཡེ་ཤེས་དང་། །འཇུག་པ་གཅིག་པའི་དབྱངས་ཀྱིས་དགེ་བྱས་པའི། །ཆོས་ཕུང་རྒྱ་མཚོའི་ངོ་མཚར་སྤྲོ་བཞིན་དུ། །ངེས་པར་ཞིང་ཁམས་འདི་ལས་ཡོལ་མེད་ཤོག ༢ །ཟད་དང་མི་སྐྱེ་ཤེས་པའི་ཡེ་ཤེས་ནི། །འགྱུར་བཅས་སྲིད་པའི་ཁམས་ལས་རྣམ་གྲོལ་ཕྱིར། །ཤིན་ཏུ་ཞི་བ་དམ་པའི་རྒྱལ་ཐབས་ལ། །འཆི་མེད་གྲུབ་པའི་རྣམ་ཐར་བཟུང་གྱུར་ཅིག ༣ །ཡོན་ཏན་མཐའ་ཀླས་བདུད་རྩིའི་དོ་ཤལ་དང་། །ཕྲིན་ལས་


JKT020_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དཀར་པོས་ས་གསུམ་ན། །དོན་གཉིས་ངལ་འཚོ་མཆོག་ཏུ་རྒྱས་བཞིན་དུ། །འདིར་ཡང་ཡེ་ཤེས་གཟིགས་པས་ཁྱབ་པར་གསོལ། ༤ །མདོར་ན་སྐྱབས་ཀུན་འདུས་པའི་ཞལ་སྐྱིན་མགོན་པོ་ཁྱོད་ཀྱི་ཐུགས་རྗེ་ཡིས། །གནས་སྐབས་མཐར་ཐུག་སྨོན་པའི་དོན་ཀུན་ཡིད་བཞིན་འགྲུབ་པའི་དགེ་མཚན་གྱིས། །བསྟན་དང་འགྲོ་བའི་རྒུད་པ་ཀུན་ཞི་ཕུན་ཚོགས་འབྱོར་པས་མངོན་མཐོ་བའི། །བཀྲ་ཤིས་སྣང་བ་དམ་པའི་དཔལ་གྱིས་འཇིག་རྟེན་ཁམས་ཀུན་མཛེས་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡ། །ཞེས་པའང་ས་སྐྱོང་ཆོས་རྒྱལ་ཆེན་པོ་ནས་ཆབ་ཤོག་གི་ལམ་ནས་བསྐུལ་བ་ལྟར་རིགས་པར་སྨྲ་བ་ཚངས་སྲས་དགྱེས་པའི་བློ་ལྡན་གྱིས་བྲིས་ཏེ་ཕུལ་བ་དགེ། །།

དཔལ་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་རྒྱལ་དབང་པདྨ་འོད་འབར་གྱི་སྒྲུབ་ཆེན་སྐབས་སི་ཏུ་རིན་པོ་ཆེར་ལེགས་འབུལ་གྱི་ཐོ་ཡིག་བདུད་རྩིའི་སྒྲ་དབྱངས།


JKT020_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་རྒྱལ་དབང་པདྨ་འོད་འབར་གྱི་སྒྲུབ་ཆེན་སྐབས་སི་ཏུ་རིན་པོ་ཆེར་ལེགས་འབུལ་གྱི་ཐོ་ཡིག་བདུད་རྩིའི་སྒྲ་དབྱངས་ཞེས་བྱ་བ། ཨཀྟརསདཱསཧིནྡྷནཱདྷཱཏབརཾབིལྕཌནིནྣཱཀཱཡཡེ༔ ཛཱ་ཏི་འཕགས་མའི་དབྱངས་སོ། །སཾཔུཎཤཱསནཱཙྪེརྨཧཱརབིབནཱཡབཛ྄དྷརཏཱཛཡནྟུ། །འགྱུར་མེད་རྟག་པ་དམ་པའི་ཡེ་ཤེས་ནི། །རྨད་བྱུང་སྤྲུལ་པ་མཆོག་གི་རྣམ་རོལ་ཅན། །ཡོངས་རྫོགས་བསྟན་པ་རྒྱ་མཚོའི་སྣང་བྱེད་ཆེ། །རྣམ་འདྲེན་རྡོ་རྗེ་འཆང་དངོས་རྒྱལ་གྱུར་ཅིག ༡ །རིགས་ཀྱི་རང་བཞིན་བྲལ་དང་སྨིན་པ་ཡི། །ཡོན་ཏན་མཆོག་གིས་ལྕི་བའི་


JKT020_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

འཛུམ་དཀར་གྱིས། །དྭངས་པའི་བློ་གྲོས་པདྨོ་ཁ་ཕྱེས་པས། །བསྔགས་བརྗོད་མགྲིན་པའི་རྒྱུད་མང་ཅུང་ཟད་བརྡུངས། ༢ །གང་ཚེ་བསོད་ནམས་བྱེ་བའི་འདུ་འགོད་དང་། །ཡེ་ཤེས་གཟིགས་པ་དྲི་མེད་ཟུང་འཇུག་པའི། །རང་གཟུགས་མཚན་དཔེའི་ཉི་མ་སྲིད་པ་འདིར། །ཤར་བ་ཙམ་གྱིས་དགེ་ལེགས་སྣང་བ་རྒྱས། ༣ །དེ་ཚེ་ལུང་གི་ཨུཏྤལ་དར་བབས་རྩེར། །རྟོགས་པའི་སྦྲང་རྩི་འཇོ་བས་ཡིད་ཅན་ཀུན། །ཐར་པ་དམ་པའི་ངལ་འཚོ་ལ་སྦྱར་བས། །རྒྱལ་ཀུན་གསུང་གི་རྡོ་རྗེའི་རྣམ་ཐར་རྫོགས། ༤ །ཕྲ་རབ་རྡུལ་གྱི་ཆོས་ཉིད་ལས་འདས་པ། །ཟད་དང་མི་སྐྱེ་ཤེས་པའི་ཡེ་ཤེས་དབྱིངས། །པྲ་ཕབ་བརྒྱད་དང་མཚུངས་པའི་ཕྱག་རྒྱ་ཆེར། །མཁྱེན་པ་གཉིས་ཀྱི་མཚར་སྡུག་ཅིར་ཡང་འབར། ༥ །བསླབ་དང་གྲོལ་བའི་པདྨའི་ནགས་ཀླུང་ནི། །ཏིང་འཛིན་བདུད་རྩིའི་བརླན་གྱིས་བསྐྱེད་བསྲིངས་པས། །མངོན་དང་ལྐོག་དང་ཤིན་ཏུ་ལྐོག་གྱུར་གྱི། །ཤེས་རབ་འབྲས་བུས་དུད་པ་བདག་གིར་མཛད། ༦ །ཀློག་སྤངས་བྱ་བ་ལས་ཀྱི་བརྟུལ་ཞུགས་ཀྱིས། །རྒྱལ་བསྟན་སྤྱི་དང་སྔ་འགྱུར་རྡོ་རྗེའི་ཐེག །ཉིན་ལ་ཉིན་མོ་བཞིན་དུ་གསལ་མཛད་པའི། །བྱེད་པོ་ཁྱོད་ལས་གཞན་དུ་དམིགས་སུ་མེད། ༧ །མདོར་ན་མངོན་སུམ་ཉིད་དང་རྗེས་དཔག་བློས། །བསྔགས་འོས་ཚངས་པའི་བློས་ཀྱང་གཞལ་དཀའ་བར། །སྒོ་གསུམ་ཤིན་ཏུ་གུས་པའི་དད་


JKT020_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གིས། །ཞབས་མཐིལ་འཁོར་ལོའི་རེ་ཁཱར་རྟག་ཏུ་བསྙེན། ༨ །དངོས་དང་ཡིད་ཀྱི་འདུ་བྱས་མཆོད་སྤྲིན་ནི། །ཀུན་བཟང་རྣམ་པར་འཕྲུལ་པས་མདུན་བདར་ཏེ། །བྱང་ཆུབ་སེམས་གཉིས་བཟུང་བའི་གཡར་དམ་གྱིས། །རྒྱལ་བ་དགྱེས་པའི་ལམ་སྲོལ་གཅིག་ཏུ་དབྱེ། ༩ །ཟླ་ཤེལ་བདུད་རྩི་བྱེ་བའི་འཛུམ་འོད་དང་། །རིན་ཆེན་སྣང་བས་འཕྲོག་མིན་སྡིག་ལྟུང་སྒོ། །མུན་ལས་མུན་པར་གྱུར་གང་སྟོབས་བཞི་ཡི། །ཉིན་མོར་བྱེད་པའི་གཟི་ཡིས་ཡུད་ལ་སྦྱར། ༡༠ །གང་གི་ཚོགས་གསུམ་ཡོན་ཏན་བྱེ་སྙེད་དང་། །འཕགས་དང་སོ་སྐྱེའི་ལེགས་སྤྱད་འཛའ་ན་མོར། །ཡི་རང་ཟུར་མིག་འཕེན་པའི་དེ་མ་ཐག ། བསོད་ནམས་ཕུང་པོའི་བརྟན་པ་བདག་གིར་བགྱིད། ༡༡ །ཇི་ལྟར་ཚ་བས་གདུང་ལ་ག་བུར་དང་། །སྣང་མིན་ལམ་དུ་འཕྱན་ལ་སྒྲོན་མེ་བཞིན། །རིགས་ཅན་གསུམ་གྱི་དབུལ་བ་བསལ་བའི་སླད། །རིན་ཆེན་རིན་ཐང་མེད་པའི་མཆོག་སྦྱིན་མཛོད། ༡༢ །ལྷག་པར་ཕན་བདེའི་སྨན་ལྗོངས་ཉམས་དགའ་བ། །མཛེས་སྟེར་བཤད་སྒྲུབ་ཆར་ཆེན་འབེབས་མཁས་པ། །སྔོན་མེད་གདེངས་ཅན་དབང་པོ་ཁྱོད་ཉིད་ཕྱིར། །བསྐལ་པ་རྒྱ་མཚོར་འཚོ་གཞེས་འབར་གྱུར་ཅིག ༡༣ །དེ་ལྟར་བསགས་ལས་བྱུང་བའི་རྣམ་དཀར་དང་། །དུས་གསུམ་ལེགས་བྱས་ཕུང་པོ་ཇི་སྙེད་ཀུན། །དམིགས་པའི་འཛིན་སྟངས་དབུ་མར་བསྙིལ་བ་ཡིས། །


JKT020_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སྙིང་པོའི་རྒྱ་མཚོར་འཇུག་པར་བགྱི། ༡༤ །དགེ་ལེགས་དཔལ་གྱི་དུམ་བུས་འཇིག་རྟེན་གྱི། །རྨོངས་པའི་རབ་རིབ་མཐའ་དག་འཕྲོག་བྱས་ཏེ། །མཁྱེན་གཉིས་ལང་ཚོ་རྒྱས་པས་ས་གསུམ་ན། །བཀྲ་ཤིས་སྣང་བས་རྟག་ཏུ་མཛེས་གྱུར་ཅིག ༡༥ །སླར་ཡང་འཇིག་རྟེན་དགེ་བའི་ཕུལ། །དཀར་པོའི་ཕྱོགས་ཀྱི་ཟླ་ཤེལ་བཞིན། །གང་ཞབས་བསྐལ་བརྒྱར་འཚོ་གཞེས་སླད། །ཤིས་པའི་མེ་ཏོག་འདི་སྐད་ཡཱའཐོར། །བཱི་ཤྲཱི་ཤྲཱི་བི་ཛ་ཡནྟུ། རྒྱུ་དང་འབྲས་བུ་གཉིས་སུ་མི་ཕྱེད་པའི། །ཚོགས་གསུམ་བྱེ་བས་བསྐྲུན་པའི་མཚན་དཔེའི་སྐུ། །ཁྱབ་ཅིང་རྟག་པ་དམ་པའི་བདག་ཉིད་དུ། །འཆི་མེད་གྲུབ་པའི་དགེ་མཚན་འབར་གྱུར་ཅིག ༡ །ཡེ་ཤེས་རྒྱ་མཚོ་ལས་བྱུང་དམ་པའི་ཆོས། །འདོད་འབྱུང་ནོར་བུའི་རེག་བྱས་ལྷ་དང་མིའི། །ཕོངས་པ་གཅིག་ཅར་འཕྲོག་པའི་གྲགས་སྙན་གྱིས། །ཡིད་སྲུབས་སྡེར་བཅས་ཁེངས་པ་བསྙིལ་བར་མཛོད། ༢ །སྣང་གསུམ་འཕོ་བའི་བག་ཆགས་རྒྱུན་བཅས་པ། །ཨེ་ཝཱ་མཱ་ཡཱའི་ཕྱག་རྒྱར་བསྡམས་པ་ལས། །མཁའ་ཁྱབ་མཁའ་ལྟར་རབ་ཞི་གཉུག་མའི་ངང་། །སྐྱེ་འགགས་མཚན་མའི་སྤྲོས་པ་སིམ་གྱུར་ཅིག ༣ །མདོར་ན་ཡོངས་རྫོགས་བསྟན་འགྲོའི་ཉི་མ་མཆོག །བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་པ་ནས། །འཇིག་རྟེན་གསུམ་ན་གྲགས་པའི་སྣང་བ་ཡིས། །ཐར་བདེའི་པདྨོ་ཅི་ཡང་རྒྱས་པར་


JKT020_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག ༤ །གང་ཞིག་མཚོན་གྱི་ཡི་གེས་རེག་པས་འདི་གཏན་ཕོངས་པ་སེལ་བ་ལ། དཔག་བསམ་རྐང་པས་འཐུང་བས་མཚོན་མིན་མཆོག་གསུམ་འདུས་ཞལ་བླ་མ་ཡི། །ཕུན་ཚོགས་བཀྲ་ཤིས་སྣང་བ་གསར་པས་རྒྱུ་དང་མི་རྒྱུའི་དངོས་པོ་ཀུན། །རྫོགས་ལྡན་གཞོན་ནུའི་དཔལ་གྱིས་འབྱོར་པའི་དགེ་མཚན་དུས་སྟོན་འབར་གྱུར་ཅིག །ཅེས་པའང་གསང་བདག་གྲུབ་པའི་དཔྱིད་རྨོག་སྟོན་རྡོ་རྗེ་འཆང་ཆེན་པོའི་བཀའི་ཅོད་པན་སྤྱི་བོར་བཅིངས་པ་ལས་རིག་པར་སྨྲ་བའི་ཆུ་སྐྱེས་གཞོན་ནུའི་བློ་གྲོས་ཀྱི་འདབ་མ་ལས་ཕྱུང་བའོ།། །།

ས་སྐྱོང་ཆོས་རྒྱལ་ཆེན་པོ་སེ་ནཱ་ཤུ་བྷར་ལེགས་འབུལ་གྱི་ཡི་གེ་པུཎཱརཱི་ཀའི་དོ་ཤལ།


JKT020_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

༈ ས་སྐྱོང་ཆོས་རྒྱལ་ཆེན་པོ་སེ་ནཱ་ཤུ་བྷར་ལེགས་འབུལ་གྱི་ཡི་གེ་པུཎཱརཱི་ཀའི་དོ་ཤལ་ཅེས་བྱ་བ། ཀལྱཱཎཾནཱམཾསུངལནམྲྀཏཾཀཎྞཀིཤཱིཥབཱནེ ཀལྱཱཎཾཧིཏུཾསུཁབྲྀཡབནཾཔུཎཾབུཎཱརཱིཀཔྲབནྟཾ། མེ་ཏོག་གཡོ་བའི་འཁྲི་ཤིང་ཞེས་བྱ་བའི་ཕྲ་སྣ་རའོ། །ཀལྱཱཎཾཤཱཏྟིབྷབཡཤསིབྷཱàསུདཱནཊིརཏྟཱི ཀལཱཎཾ ཤེཡོབཔབརཡོཐཔུཏྠཾབྲྀཐཔྲཡཙྪ། བཀྲ་ཤིས་མཚན་གྱི་བདུད་རྩིའི་བཅུད་ལེན་ཐོས་འཛིན་དཔྱིད་དུ་བཏུང་ཙམ་གྱིས། བཀྲ་ཤིས་ཕན་བདེའི་པུཎྜ་རཱི་ཀའི་དགའ་ཚལ་རབ་ཏུ་རྒྱས་མཛད་ཅིང་། བཀྲ་ཤིས་སྲིད་དང་ཞི་བའི་དཔལ་སྟེར་དཀོན་ཅོག་གསུམ་ཞེས་གྲགས་འབར་བས། བཀྲ་ཤིས་ས་ཡི་ཚངས་པ་མཆོག་ལ་དགེ་ལེགས་མེ་ཏོག་ཆར་དུ་བསྙིལ། ༡ །ནོམྲྀཏུསིདྡྷབྷིཙརཱདྷཱབཱནཾ ནོམྲྀཏྟནིཏཱམྲྀཏནབྱཀཱནྟཾ། བློཀ་གཉིས་སྡེབ་སྦྱོར་དབང་པོ་རྡོ་རྗེའོ། །


JKT020_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ནོམྲྀཏྟཱནཱཐེནྡྲཀརུཙྪཛཱིཔཾ ནོམྲྀཏུཙཛཱནསཏགྲདེཉི། །འཆི་མེད་གྲུབ་པའི་ཆུ་གཏེར་གཡོ་བ་ལས་བྱུང་བའི། །འཆི་མེད་རྟག་པའི་བདུད་རྩི་སར་པས་མཛེས་བྱས་པ། །འཆི་མེད་མགོན་པོའི་ཐུགས་རྗེའི་ཤར་གྱི་ཐིག་ལེ་ཡིས། །འཆི་མེད་ཚེ་དང་ཡེ་ཤེས་དམ་པའི་མཆོག་སྩོལ་ཅིག ༢ །ལཀྵིམཙཏུ ཙསུབྷཱུཏིསེནཱལཀིདཤིཤོབྷནདཱིཔཱཤུཀྐི༔ ལཀྵིཏཱིདྷམཱུབྲིཡབཱརཱདཱནཾ ལཀྵིམཎིརཱསནཙིཏཱམཱུལཾ། །ཕུན་ཚོགས་སྡེ་བཞིའི་དཔལ་གྱི་འབྱོར་པ་དང་། །ཕུན་ཚོགས་དགེ་བཅུའི་སྣང་བ་དཀར་པོ་ཡིས། །ཕུན་ཚོགས་ས་གསུམ་ཀུན་དགའི་མཆོག་སྦྱིན་པའི། །ཕུན་ཚོགས་ཞབས་སྟེགས་ནོར་བུས་བཀྲ་བའི་དྲུང་། ༣ །ཁྱོད་ཚུལ་ཤིན་ཏུ་བསྔགས་པར་འོས་པ་དཔྱིད་དཔལ་ཇི་བཞིན་དར་བབས་པས། །ཀུན་ཏུ་དགའ་བའི་ཡིད་ཀྱི་རྟོག་པ་པདྨོ་ལྟ་བུར་རྒྱས་པའི་རླབས། །རྨད་བྱུང་བསྔགས་པའི་སྦྲང་རྩིའི་ཐིག་པ་འགོགས་པ་མེད་པར་འཇོ་བ་ཡིས། །ས་སྤྱོད་སྤྱན་གྱི་འབབ་སྟེགས་གསར་པ་གཅིག་ཏུ་མཛེས་པའི་གོ་སྐབས་སྒྲུབས། ༤ །བསོད་ནམས་དཔག་ཡས་ཆུ་གཏེར་གཡོ་བ་སྙིང་རྗེའི་སྲུབས་ཐག་གིས་བསྐུལ་བས། །སྡེ་བཞིའི་འཆར་ཀའི་དམར་བས་ཉེར་དྲངས་དགེ་ལེགས་བདུད་རྩིའི་དོ་ཤལ་ཅན། །ཆོས་སྲིད་རྒྱལ་ཐབས་ཡན་ལག་བདུན་ལྡན་ཆེ་དགུའི་རལ་པའི་རི་དབང་སྤོར། །ཞབས་ཀྱི་རྡུལ་ཕྲེང་མཛེས་པ་འབར་བས་སྔོན་མེད་ཟླ་ཤེལ་གཞོན་ནུར་


JKT020_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ༥ །དེ་ཚེ་རང་སྡེ་བྱམས་པས་སྐྱོང་ཡང་མི་སྲུན་སྙིང་ལ་གདུང་བ་སྟེར། །ལྷར་བཅས་ཀུན་དགའི་དཔལ་དུ་གྱུར་ཀྱང་ཡིད་སྲུབས་སྡེར་བཅས་བརྟན་པ་འཕྲོག །གྲགས་དང་ཤེས་རབ་འབྱོར་པ་འཕེལ་ཡང་ཚུལ་མིན་རྒུད་པ་རིང་བཅད་པའི། །རྣམ་ཐར་ཡི་གེ་ལི་ཁྲིའི་ཚོན་རིས་ཕྱོགས་ཀྱི་བུ་མོའི་མཁུར་ཚོས་བྱིན། ༦ །ཨེ་མ་ཤར་རིའི་ཕྲག་པས་བསྟེན་བྱས་ཉིན་མོར་བྱེད་པའི་གཟི་བྱིན་གྱིས། །ལུགས་གཉིས་ཨུཏྤལ་ནགས་ཀླུང་ཉམས་དགའ་གཅིག་ཏུ་དབྱེ་བའི་སྐབས་སྲིད་ན། །བསྐལ་མང་ཚོགས་ཟུང་བྱེད་པོས་ལེགས་བསྐྲུན་མཐོང་ན་མི་མཐུན་མེད་པ་ཡི། །ཁྱོད་ཞལ་དག་པའི་དཔེ་ཟླར་འོས་ཞེས་གཟུར་གནས་ངག་གི་གླིང་བུ་འཁྲོལ། ༧ །ཚུལ་དང་ཚུལ་མིན་རྣམ་པར་འབྱེད་མཁས་ཚངས་པའི་བློ་ཡི་སྤུན་ཟླ་ཅན། །སྐལ་བཟང་རྣ་བར་ཀུན་དགའི་སིམ་སྟེར་བདེ་འཐུང་རྦ་རླབས་གསར་པའི་རོ། །དྲེགས་ལྡན་ཡིད་ཀྱི་བརྟན་པ་འཇིལ་ལ་འཕྲོག་བྱེད་ངག་གིས་མཚོན་མིན་པའི། །གང་གསུངས་དབྱངས་བདུན་ཡོངས་སུ་རྫོགས་འདིས་སྙན་པ་གཞན་གྱི་ཁེངས་པ་ཟུམ། ༨ །དཔྱོད་ལྡན་ཕལ་གྱིས་རྟོགས་པར་དཀའ་བའི་ཨུ ཆོས་སྲིད་ཤེས་བྱའི་རི་མོ་འབུམ། །གཅིག་ཅར་འཆར་བའི་ནོར་བུའི་མེ་ལོང་ཁྱོད་ཐུགས་ཉིད་ལ་རྫོགས་གྱུར་པས། །འཇམ་དཔལ་དཔའ་བོའི་བྱིན་རླབས་འོད་རྡུལ་ཡང་ནས་ཡང་དུ་བཏབ་པ་ཡིས། །བློ་མཆོག་


JKT020_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པུཎྜ་རཱི་ཀའི་འཁྲི་ཤིང་ཆེས་ཆེར་དར་བར་བྱས་པ་བཞིན། ༩ །བསོད་ནམས་བྱེ་བའི་གདེངས་ཅན་གྱིས་བཟུང་ཡོན་ཏན་ནོར་བུའི་སྤྲིན་ཆེན་ལས། །འདོད་དགུའི་གྲུ་ཆར་ལྷུག་པར་འབེབས་པས་བསྟན་དང་འགྲོ་ལ་ཕན་བདེའི་དཔལ། །ཅི་དགར་སྦྱིན་པའི་ངལ་འཚོ་སྟེར་སླད་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞེས། །གྲགས་པའི་བ་དན་རྣམ་པར་དཀར་བས་འཛམ་གླིང་ཐ་གྲུར་ཡོངས་སུ་ཁྱབ། ༡༠ །སྙིགས་མར་སྤྱོད་པའི་དུས་ཀྱི་ཚ་གདུང་ལྷག་མ་མེད་པར་འཇིལ་བ་དང་། །རྫོགས་ལྡན་གཞོན་ནུའི་དཔྱིད་དཔལ་ཡིད་འོང་མགྲོན་དུ་འབོད་པའི་བྱེད་པོ་རུ། །གང་འདུལ་ཕྲིན་ལས་བདུད་རྩིའི་བརླན་གྱིས་ས་གསུམ་ཀུན་དགར་བྱས་པའི་ཕྱིར། །སྔོན་བྱོན་ཆོས་རྒྱལ་མེས་དབོན་ཚོགས་རྣམས་སླར་ཡང་ཕྱོགས་འདིར་འོངས་པ་བཞིན། ༡༡ །དེ་སོགས་བསྔགས་འོས་སྲིད་ན་མངོན་མཐོ་གང་གི་གསང་གསུམ་སུ་མེ་རུ། །དམ་པའི་ཡོན་ཏན་ཉི་ཟླའི་རྣ་ཆས་ལྷག་པར་མཛེས་དང་ཆབ་གཅིག་པར། །མིག་གི་བདུད་རྩིར་བཏུང་བ་ཙམ་ནས་དགེ་མཚན་དུས་སྟོན་རྒྱས་གྱུར་པའི། །བཀའ་དྲིན་ཕ་མཐས་མཚོན་ནུས་མིན་ཕྱིར་དངོས་པོས་གཞལ་བྱ་མ་ཡིན་ཡང་། ༡༢ །ལྷག་བསམ་དག་པའི་ཆུ་གཏེར་ལས། །བྱུང་བའི་ལེགས་སྐྱེས་མནྡར། །ཅུང་ཟད་ཙམ་གྱིས་བསྙེན་བཀུར་ན། །རྗེས་བརྩེའི་གཟིགས་པ་ལྷུར་མཛད་གསོལ། ༡༣ །སླར་ཡང་སྡེ་བཞིའི་


JKT020_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་བྱེ་བ་ཡིས། །ཆོས་སྲིད་རྒྱལ་ཐབས་མཆོག་ལ་དབང་བསྐུར་བ། །ས་སྤྱོད་བཞེད་པའི་དོན་ཀུན་བདེ་བླག་ཏུ། །འགྲུབ་སླད་བདེན་ཚིག་མེ་ཏོག་འདི་སྐད་འཐོར། །བཱི་ཤྲཱི་ཤྲཱི་བི་ཛ་ཡནྟུ། གང་ཞིག་སྐྱབས་སུ་སོང་བ་ཙམ་ནས་ཐུགས་རྗེའི་གདུགས་དཀར་སྣུམ་པོའི་གྲིབ། །རྨད་བྱུང་དོན་གཉིས་ངལ་འཚོ་སྦྱིན་མཁས་བསླུ་བ་སྤངས་པའི་སྐྱབས་རྣམས་ཀུན། །དེང་འདིར་ས་ཡི་ཚངས་པ་ཆེན་པོ་མཆེད་ཞལ་བློན་འབངས་བཅས་པ་ཡི། །བཞེད་དོན་ཡིད་བཞིན་འདོད་པ་འཇོ་བའི་དགེ་མཚན་སྣང་བ་རྒྱས་ཕྱིར་སྤྱོན། ༡ །སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ་ཅན་དཔལ་ལྡན་བླ་མའི་བྱིན་རླབས་ནི། །ཉིན་མོར་བྱེད་པ་འཆར་ཀའི་གཟི་ལྟར་ཡིད་དུ་འོང་བའི་འཛུམ་འོད་ཀྱིས། །ས་བདག་ཐུགས་ཀྱི་པདྨོར་རེག་ལས་སྤངས་རྟོགས་ཡོན་ཏན་འདབ་མའི་རྒྱུ། །གཅིག་ཅར་འབྱེད་པའི་མཚར་སྡུག་རབ་གཡོ་མཆོག་དངོས་གྲུབ་པས་མཛེས་གྱུར་ཅིག ༢ །གང་ཞིག་མཚན་གྱི་སྤྲིང་ཡིག་གསར་པ་རྣ་ལུང་དཔྱངས་པའི་དེ་མ་ཐག །དུས་མིན་ཉི་བུའི་དཔུང་པ་ཡོངས་བཅིལ་རིང་འཚོའི་དཔལ་ཀུན་སྟེར་མཁས་པ། །ཚེ་དཔག་མེད་དང་རྣམ་པར་རྒྱལ་མ་ཡིད་བཞིན་འཁོར་ལོས་ཐུགས་རྗེས་གཟིགས། །འཆི་མེད་རྟག་པའི་བཅུད་ལེན་གྲུབ་པས་བསྐལ་པ་རྒྱ་མཚོར་འཚོ་གཞེས་ཤོག ༣ །རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཉིད་ཕྱིར་སྒྱུ་འཕྲུལ་དྲྭ་བའི་སྤྲིན་


JKT020_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པས། །ཤིན་ཏུ་ཞི་བ་ཆོས་སྐུའི་དབྱིངས་ལས་ཁ་སྦྱོར་ཡན་ལག་བདུན་གྱི་གར། །ཡི་དམ་ལྷ་ཚོགས་ཕྲིན་ལས་འཇུག་པ་ལེགས་བྲིས་ཟིལ་དངར་བཏུང་བ་ཡིས། །གྲུབ་གཉིས་བནྡྷ་ཛཱི་བའི་འཁྲི་ཤིང་ཀུན་ནས་ཀུན་ཏུ་རྒྱས་གྱུར་ཅིག ༤ །རྗེས་ཆགས་དབང་གི་མཆིལ་པ་རྣོན་པོས་ལན་གཅིག་ཙམ་ཞིག་རེག་པས་ཀྱང་། །ལྷར་བཅས་དྲེགས་ལྡན་ཡོངས་ཀྱི་ཐོར་ཚུགས་འཛིན་མའི་ཕངས་པར་བསྙིལ་མཁས་པའི། །རིག་བྱེད་དགའ་མའི་ཐུགས་རྗེའི་སྣང་བ་ཨུཏྤལ་ནགས་སུ་རྣམ་འཕྲུལ་པས། །སྡེ་བཞིའི་དགེ་ལེགས་བུང་བའི་ཚོགས་ཀུན་རང་དབང་ཉིད་དུ་འགུགས་པར་ཤོག ༥ །རྡོ་རྗེ་ཡེ་ཤེས་འབར་བའི་མེ་བུས་ཡིད་སྲུབས་བུད་ཤིང་ཀུན་བསྲེགས་ཀྱང་། །འདོད་དགུའི་གྲུ་ཆར་ལྷུག་པར་འབེབས་ལ་དཔག་བསམ་དབང་པོའི་རྗེས་འགྲོ་བ། །མཐུ་ལྡན་ཆོས་སྲུང་ནོར་ལྷའི་ཚོགས་ཀྱིས་རྣམ་བཞིའི་ཕྲིན་ལས་ཀུན་བསྒྲུབས་པས། །ཕྱོགས་ལས་རྣམ་པར་རྒྱལ་བའི་བ་དན་སྲིད་པའི་རྩེ་མོར་བསྒྲེངས་གྱུར་ཅིག ༦ །དེ་ལྟར་མི་བདག་མཆོག་གི་བཞེད་དོན་ཟླ་ཤེལ་གསར་པའི་འཛུམ་རླབས་ནི། །ཆེས་ཆེར་དར་བའི་མཚར་སྡུག་ལ་བརྟེན་རིས་མེད་བསྟན་པའི་སྟེང་འཐུང་དཀར། །བཤད་སྒྲུབ་ཟུང་གི་འདབ་རྒྱ་གྲོལ་བས་ཐུབ་བསྟན་དབྱར་གྱི་ལང་ཚོ་ཡིས། །ཡིད་སྲུབས་དཔུང་བཅས་མཛེས་པ་ཕམ་བྱས་རྒྱལ་བ་དགྱེས་པའི་དཔལ་ཐོབ་ཤོག ༧ །


JKT020_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པའི་རྒྱལ་ཁམས་འདི་ཉིད་ཀྱིས་མཚོན་གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས། །སྐྱེ་རྒུ་ཀུན་ཀྱང་བརྒྱད་གཉིས་འཇིགས་བྲལ་དགེ་བཅུའི་ལས་ལ་རྟག་སྤྱོད་མཐུས། །ཆར་ཆུ་དུས་བབས་འབྲུ་ནོར་དཔལ་འཕེལ་མཐོ་རིས་ཡོན་ཏན་བདུན་ལྡན་པའི། །ཆབ་སྲིད་རྫོགས་ལྡན་གཞོན་ནུའི་དགའ་སྟོན་ནུབ་མེད་སྲིད་མཐར་རྒྱས་གྱུར་ཅིག ༨ །མདོར་ན་ཡིད་མཁར་ཤར་བའི་མོད་ནས་ཚུལ་མིན་རྒུད་པ་རིང་བཅད་ཕྱིར། །བསླུ་བ་སྤངས་པའི་ཡི་གེས་རབ་བརྗིད་བླ་མ་མཆོག་གི་ཐུགས་རྗེའི་མཐུས། །གནས་སྐབས་མཐར་ཐུག་འདོད་པའི་དོན་ཀུན་འབད་མེད་ལྷུག་པར་འཇོ་བ་ཡི། །ཕུན་ཚོགས་བཀྲ་ཤིས་སྣང་བ་གསར་པས་སྲིད་ཞིའི་ཁམས་ཀུན་མཛེས་པར་ཤོག ༩ །ཛ་ཡ་ཛ་ཡ་སུ་ཛ་ཡ། །ཞེས་པའང་མཛེས་བྱེད་ལོར་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོའི་ཞལ་སྔ་ནས་བོད་ཆེན་པོའི་ལྗོངས་སུ་ཐོག་མར་ཕེབས་པའི་ཚེ། ཆོས་རྒྱལ་བྱང་ཆུབ་སེམས་ལ དཔའ་མཆོག་གི་ཞབས་པད་དུ་ལེགས་སྐྱེས་ཕུལ་བའི་བརྗོད་པ་འདི་ལྟ་བུ་ཞིག་སྦྱོར་བར་འོས་སོ་ཞེས་བཀའི་ཅོད་པན་གཙུག་ཏུ་བཀོད་ནས། རིག་པར་སྨྲ་བ་མཁྱེན་བརྩེའི་དབང་པོས་དབྱར་གྱི་སྨན་ལྗོངས་ཉམས་དགའ་བའི་བསྟི་གནས་སུ་བྲིས་པའོ།། ༈ །།བགྲང་ཡས་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི། །སྤྲོ་བསྡུའི་བྱེད་པོ་ངུར་སྨྲིག་འཛིན་པའི་ཚུལ། །མཁན་ཆེན་ཐམས་ཅད་མཁྱེན་པའི་ཞབས་པདྨོ། །འཇིགས་མེད་སེང་གེས་བཏེགས་པའི་ཉེ་དྲུང་དུ། །མི་ཕྱེད་གུས་པ་ཆེན་


JKT020_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཞུ་གསོལ་འདེབས། །གང་ཚེ་བསོད་ནམས་ཡེ་ཤེས་མཐར་ཕྱིན་པའི། །རྣམ་འཕྲུལ་ཞི་བ་མཆོག་གི་གཟུགས་ཀྱི་ཟླ། །གདུལ་བྱའི་ཁམས་དང་མཐུན་པར་འཆར་བའི་སྐུ། །ལྷ་དབང་གཙུག་གི་ནོར་བུ་ལྟར་དྭངས་ཤིང་། །རླབས་ཆེན་ཕན་དང་བདེ་བའི་ཕྲིན་ལས་འོད། །ཕྱོགས་དུས་ཀུན་ནས་རྒྱས་པར་འགེངས་བཞིན་ཏུ། །བོད་ཆེན་བསྟན་འགྲོའི་ཉེར་འཚོར་ཞབས་བཀོད་པའི། །ངོ་མཚར་བཀའ་དྲིན་ཚངས་པའི་བློ་ལས་བརྒལ། །འཕགས་རྣམས་དམན་ལ་བརྩེ་བ་ཆོས་ཉིད་ཕྱིར། །འདིར་ཡང་སྒྲིབ་བྲལ་ཡེ་ཤེས་གཟིགས་པ་ཡིས། །བཀའ་གླེགས་གནང་སྐྱེས་དང་བཅས་སྤྱི་བོ་རུ། །སོན་པས་གུས་སྤྲོའི་སྐལ་བཟང་མཆོག་ཏུ་ཐོབ། །འདིར་ཡང་སྐྱབས་རྣམས་ཐུགས་རྗེ་ཡི། །གདུགས་དཀར་གྲིབ་མར་ངལ་བསོས་བས། །ཉེར་འཚེའི་གདུང་བ་དང་བྲལ་ཞིང་། །གསོལ་འདེབས་རོལ་མོ་འཁྲོལ་བཞིན་མཆིས། །མཚམས་ཞུས། སླད་མའི་ཆར་ཡང་སྲིད་པའི་དབུགས་འབྱིན་ཞིང་། །ཞི་བ་ཕྱོགས་གཅིག་འགོག་པའི་མཐའ་བསལ་སླད། །ཟབ་རྒྱས་དམ་ཆོས་རྒྱལ་རྔ་བརྡུང་བཞིན་དུ། །བསྐལ་པ་རྒྱ་མཚོར་འཚོ་གཞེས་བརྟན་གྱུར་ཅིག ། དེ་སྲིད་ཀུན་དང་བྱང་ཆུབ་བར། །བརྟན་ཀྱང་ཐུགས་རྗེའི་ཕྱག་རིང་གིས། །རྣམ་པ་ཀུན་ཏུ་རྗེས་བཟུང་བས། །ཕན་བདེའི་དགའ་སྟོན་རྒྱས་མཛད་གསོལ། །ཞེས་པའི་ཞུ་གསོལ་ངང་མོ་དཀར། །རིམ་


JKT020_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རྐང་གདུབ་འགྲོས་བཞིན་དུ། །ཁྱོད་ཞབས་པད་རྫིང་རྗེས་དྲན་བློས། །དབོ་ཟླའི་༢གྲལ་ཚེས་༡༨དགེ་བར་སོང་།། ༈ །།ཡེ་ཤེས་གཟིགས་པ་རབ་འབྱམས་ཀྱི། །དངོས་ཀུན་དེ་ཉིད་ཐུགས་ཆུད་ནས། །ཆོས་ཀྱི་རྒྱལ་མཚན་སྒྲེང་མཛད་པའི། །རྣམ་འདྲེན་མཆོག་གི་ཞབས་པདྨོར། །རྫིང་ན་གནས་པའི་ཀུ་མུ་དཱ། །ཟླ་ཟེར་བདུད་རྩིས་ཕྱེ་བ་བཞིན། །གང་ཚུལ་བསྔགས་འོས་རྣམ་ཐར་ལ། །ཡིད་རབ་ཕྱོགས་པས་འདི་སྐད་གསོལ། །གཟོད་ནས་བྱང་ཆུབ་སྙིང་པོ་རུ། །སྐུ་བཞིའི་གོ་འཕང་མངོན་མཛད་ཀྱང་། །ཐུན་མོང་འགྲོ་བ་སྒྲོལ་བའི་སླད། །སྤྲུལ་པའི་རྣམ་འཕྲུལ་ཅིར་ཡང་སྣང་། །སཱ་ལའི་ཤིང་ལྟར་མཐོ་བའི་རིགས། །མཚན་དཔེའི་མེ་ཏོག་རྒྱས་པ་ན། །འཕགས་དང་མཁས་པ་རབ་དགྱེས་པའི། །བསྔགས་འོས་མཚར་སྡུག་ཅིར་ཡང་དར། །བསླབ་གཞིས་ལེགས་པར་རྒྱུད་བསྡམས་ཏེ། །གསན་བསམ་སྒོམ་པའི་ཆ་རྫོགས་པས། །རྡོ་རྗེ་འཛིན་པའི་རྒྱལ་ཐབས་ཉིད། །མ་བྱིན་པར་ཡང་བདག་གིར་བླངས། །ཁྱད་པར་སྙིགས་དུས་འགྱུར་བ་ཡིས། །ཉམས་པར་བྱས་པའི་བསྟན་དང་འགྲོར། །ཕན་བདེའི་སྲོག་ཟུངས་སྩལ་བ་ཡི། །དགེ་མཚན་ནམ་མཁའི་མཐའ་ཡིས་མཚོན། །དེ་སླད་འཚོ་གཞེས་བརྟན་པ་ནས། །ཡེ་ཤེས་གཟིགས་པའི་སྤྱན་རས་ཀྱིས། །འདིར་ཡང་བཀའ་གླེགས་ནོར་བུའི་སྒྲོམ། །ཐོབ་པས་གུས་སྤྲོའི་པདྨོ་དགོད། །


JKT020_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་སྐྱབས་རྣམས་ཐུགས་རྗེའི་སྤྲིན། །གུས་པའི་ཡིད་མཁར་དཀྲིགས་པ་ལས། །ཉེར་འཚེའི་གདུང་བས་མ་སྨད་བཞིན། །འདུ་ཤེས་གསུམ་གྱི་མལ་དུ་བདེ། །མཚམས་ཞུས། སླད་མའི་ཆར་ཡང་འཇིག་རྟེན་ན། །ཕན་བདེའི་དངོས་ཀུན་སྩོལ་བའི་ཕུལ། །གསང་གསུམ་བསྐལ་བརྒྱར་འཚོ་གཞེས་ཤིང་། །བདག་ཀྱང་རྣམ་ཀུན་རྗེས་བཟུང་གསོལ། །ཞེས་པའི་ཞུ་མཚོན་ལྷའི་རེག་བྱ། ཚེ་རྫས། རིན་གཉིས་སྲང་འཁོར་བཅས་ཟླ་ཚེས་ལ་ཕུལ།། །།

ཀཿཐོག་སི་ཏུ་རིན་པོ་ཆེ་སོགས་ཀྱི་མདུན།


JKT020_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཀཿཐོག་སི་ཏུ་རིན་པོ་ཆེའི་མདུན། ཨོཾ་སྭསྟི་སིདྡྷཾ། རྟག་བརྟན་ཡོངས་གྲུབ་འགྱུར་མེད་ཚེ་མཐའ་ཡས། །བསྟན་པ་རྒྱ་མཚོའི་མགོན་དུ་ལེགས་བཞེངས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྡོ་རྗེའི་སྐུ། །ངེས་པ་ལྔ་ལྡན་ཆེན་པོར་འཚོ་གཞེས་གསོལ། །ཨོ་རྒྱན་བླ་མའི་ཟབ་རྒྱས་བཀའ་བརྒྱུད་ཀྱི། །བསྟན་འཛིན་བྱེ་བའི་གཙུག་གི་ནོར་བུ་མཆོག །འཆད་རྩོད་རྩོམ་ལ་ཟླ་མེད་སྨྲ་བའི་གསུང་། །གདུལ་བྱའི་རྣ་བར་རྟག་ཏུ་སྙན་གྱུར་ཅིག །ཤེས་དང་ཤེས་བྱ་ཀུན་གྱི་དེ་ཁོ་ན། །མཁྱེན་པའི་ཡེ་ཤེས་ཆོས་ཀྱི་བློ་གྲོས་ཆེ། །སྲས་བཅས་རྒྱལ་བའི་ཐུགས་དང་རོ་གཅིག་པའི། །གཟིགས་པས་གངས་ཅན་འགྲོ་འདིར་ལྷག་པར་དགོངས། །ཡོན་ཏན་མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན། །མོས་ལྡན་ཡིད་མཁར་ཀུན་ཏུ་དཀྲིགས་པ་ལས། །ཕྲིན་ལས་འདོད་དགུར་འཇོ་བའི་ཕྲིན་ལས་ཀྱིས། །


JKT020_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་དུས་རྒུད་པ་མཐའ་དག་འཇིལ་གྱུར་ཅིག །མདོར་ན་མཁས་པའི་ཚོགས་ཀྱིས་ཕྱག་བྱས་ཤིང་། །གྲུབ་རིགས་ཡོངས་ཀྱི་དཔལ་དུ་མངོན་མཐོ་བ། །བསྐལ་བརྒྱར་འཚོ་གཞེས་ཆོས་འཁོར་བསྐོར་བ་ཡི། །བཀྲ་ཤིས་སྣང་བས་ས་གསུམ་ཁྱབ་པར་ཤོག །ཅེས་གསོལ་བ་འདེབས་རྟེན་བཀྲ་ཤིས་པའི་ལྷ་རེག །འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་བྲིས་སྐུ་སྒྲོས་ལེགས། དཔལ་ཀརྨ་ཀ་བཅུ་གསུམ་བདུད་ཚོགས་འདུལ་བའི་རྡོ་རྗེའི་གསུང་རབ་གླེགས་བམ་ཟུང་། རྗེ་བཙུན་ཡིད་བཞིན་འཁོར་ལོའི་རིག་པའི་ཙཀྲ། བཟང་སྤོས་དྲི་ཞིམ་བམ་པོ་གསུམ་བཅས་ས་འབྲུག་ཟླ་༥ཚེས༡༦དགེ་བར་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གུས་པ་ཆེན་པོས་ཕུལ་བ་སིདྡྷི་རསྟུ།། །།ཨོཾ་སྭསྟི་སིདྡྷི་རསྟུ། སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝའི། །རིང་ལུགས་གཙོར་གྱུར་དམ་ཆོས་རབ་འབྱམས་ཀྱི། །འོད་ཟེར་སྣང་བས་འཇིག་རྟེན་དགེ་མཛད་པ། །འཇམ་དབྱངས་སྨྲ་བའི་ཉི་མ་འཚོ་གཞེས་གསོལ། །ཟབ་ཅིང་རྒྱ་ཆེའི་ལེགས་གསུང་བྱེ་སྙེད་ཀུན། །གདུལ་བྱའི་ཁམས་དབང་བསམ་པ་ཇི་བཞིན་ཏུ། །འཆད་རྩོད་རྩོམ་པའི་རྒྱལ་རྔ་རབ་བརྡུང་བས། །ཐུབ་བསྟན་དྲི་མེད་ཕྱོགས་བཅུར་རྒྱས་མཛད་གསོལ། །བདག་ཅག་རྣམས་ཀྱང་བྱང་ཆུབ་སྙིང་པོའི་བར། །ཡེ་ཤེས་གཟིགས་པས་རྟག་ཏུ་རྗེས་བཟུང་ནས། །སྲིད་དང་ཞི་བའི་ལེགས་བྱས་བདུད་རྩི་ཡིས། །


JKT020_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པའི་པདྨོ་ལྷག་པར་རྒྱས་མཛོད་ཀྱེ། །ཞེས་ལྷག་བསམ་དག་པས་རྩེ་གཅིག་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས་རབ་དཀར། སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། རིན་པོ་ཆེའི་བུམ་བཟང་བཅུད་ཀྱིས་གང་བ། མདུན་ལྕོག །དམ་ཚིག་གི་ཕྲེང་བ་རྒྱན་ལྡན་བཅས་གུས་པས་ཕུལ་བ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཤེ་ཡོ་བྷ་བ་ཏུ། ༈ །ཨོཾ་སྭསྟི་བི་ཛ་ཡནྟུ། ཕན་བདེའི་དགེ་མཚན་རྟག་པ་དམ་པའི་དཔྱིད། །ཚེ་མཐའ་ཡས་པའི་ཕྱག་གི་བུམ་བཟང་ནས། །འཆི་མེད་བདུད་རྩི་ཁྱོད་ལ་དབང་བསྐུར་བས། །ཐར་པའི་རྒྱལ་མཚན་བསྐལ་བརྒྱར་བརྟན་གྱུར་ཅིག །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕན་བདེའི་དབྱིངས། །གཙུག་ཏོར་ཆེན་པོས་མིག་གི་མཆོག་སྦྱིན་པས། །ཀློག་དང་འཆད་པའི་སྨྲ་བ་བཟང་པོ་ཡིས། །རྟག་ཏུ་རིམ་དགུའི་ལེགས་ཚོགས་རྒྱས་གྱུར་ཅིག །ཡིད་བཞིན་འདོད་པ་འཇོ་བའི་འཁོར་ལོ་བྱིན། །ཕན་དང་བདེ་བའི་རྗེས་སོང་གང་ཐུགས་དང་། །དབྱེར་མེད་འདྲེས་པའི་སྐལ་པ་བཟང་པོ་ཡིས། །དོན་གཉིས་འགྲུབ་པའི་དགའ་སྟོན་འཕེལ་གྱུར་ཅིག །ཅེས་བཀྲ་ཤིས་པའི་ལྷ་རྫས་དང་། །འཆི་མེད་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། དཔལ་ལྡན་འཆི་མེད་ཚེ་རྫ་ས་བཅས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཆེད་དུ་བརྗོད་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་


JKT020_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ༈ །ཨོཾ་སྭསྟི་སིདྡྷཾ། ཐུབ་དབང་མི་ཡི་སེང་གེ་སྲས་བཅས་ཀྱིས། །ཡེ་ཤེས་གཟིགས་པའི་བྱིན་རླབས་མཚན་དཔེའི་ཕུལ། །གང་གིས་མཐོང་བས་ཐར་བདེའི་དོན་ལྡན་པའི། །ཕྲིན་ལས་འཇིག་རྟེན་གསུམ་ན་སྣང་གྱུར་ཅིག །ཅེས་པའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ། ༈ །བསོད་ནམས་རྒྱུ་ལས་འབྲས་བུའི་ཡེ་ཤེས་བརྙེས། །སྒྲིབ་པ་ཀུན་བསལ་རྟོགས་པའི་ཕུལ་ཕྱིན་ཀྱང་། །སྙིང་རྗེའི་ཕྱི་བཞིན་འགྲོ་བའི་སེམས་དཔའ་ཆེ། །རིག་འཛིན་སྤྲུལ་པའི་གར་མཁན་ག་ལ་བར། །གང་ཚེ་འདས་པའི་དུས་ན་སྔོན། །སྟོང་གསུམ་འཇིག་རྟེན་ཤར་གྱི་ཕྱོགས། །འོད་མ་རྒྱ་འབྱམས་ཞིང་ཁམས་སུ། །སྟོན་པ་ཤེས་རབ་རྒྱས་བྱེད་བྱུང་། །དེ་ནས་གཡུང་དྲུང་སེམས་དཔའ་ནི། །ཁྲི་དང་དྲུག་སྟོང་འདུས་པའི་ཕུལ། །རྒྱལ་སྲས་འ་ཞ་དོན་ལྡན་པ། །རིགས་མཆོག་ཡོངས་སུ་སད་པ་ཡོད། །དེར་ནི་གཤེན་རྒྱལ་མི་བོ་ཆེ། །རྫུ་འཕྲུལ་འོད་ཀྱི་རླབས་སྤྲོས་པས། །པདྨའི་དྲི་ལ་བུང་བ་བཞིན། །སྨོན་ལམ་མཐུ་ཡིས་མདུན་ལྷགས་ཚེ། །སྟོན་པས་སྔོན་དང་ཕྱི་མའི་མཐའ། །རྒྱས་པར་སྩལ་བས་དབུགས་དབྱུང་སྟེ། །གསང་བའི་དོན་རྣམས་མདོར་སྡུད་ཕྱིར། །མཚན་གྱི་ཡི་གེ་བརྗིད་པ་བྱིན། །སྤྲོ་བའི་རླན་གྱིས་བསྐྱེད་བསྲིངས་པའི། །བསམ་


JKT020_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་སཱ་ལའི་ལྗོན་པ་ནི། །སེང་གེ་རྒྱབ་བསྣོལ་བྲག་ཕུག་ཏུ། །འཁྲུངས་པས་རབ་ཞིའི་འབྲས་བཟང་མངར། །མ་འོངས་གདུལ་དཀའི་ཞིང་འདི་རུ། །རྣམ་འདྲེན་དོན་ལ་འགྱུར་མེད་མཆོག །ལྷ་དང་མི་ཡི་མགོན་གཅིག་པུར། །ལུང་བསྟན་ནོར་བུའི་ཅོད་པན་འབར། །ཨེ་མ་དེ་ལྟའི་ངོ་མཚར་ཅན། །ཟག་མེད་ཞི་བ་འོད་ཀྱི་ལུས། །འདི་ན་ངུར་སྨྲིག་འཛིན་པའི་ཟོལ། །ཁྱོད་ལས་གཞན་དུ་མ་དམིགས་ཕྱིར། །སྐྱེ་བས་ཐོབ་པའི་སྤངས་རྟོགས་དང་། །སྦྱོར་བྱུང་བསྔགས་འོས་ཡོན་ཏན་དང་། །དེས་ཀྱང་གཞན་ཕན་ཕྲིན་ལས་ཏེ། །གསུམ་པོ་འདི་ནི་ལྷན་ཅིག་རྒྱས། །དེ་ཕྱིར་བརྩེ་བས་དྲངས་པའི་ཚིག །དབྱངས་ཅན་ངག་གི་ཏམྦུ་ར། །འདི་ན་ཐོབ་པའི་རབ་དགའི་ཡིད། །བསམ་གཏན་བདེ་ལ་རེག་སྙམ་བགྱིད། །འདི་ན་འབྱུང་བ་འདུས་པའི་ལུས། །རྣམ་འགྱུར་གདུང་བས་འཁྱུད་བྱས་ཀྱང་། །ཡིད་ནི་བྱང་ཆུབ་སྤྱོད་པ་དང་། །རྗེས་སུ་འདུས་པ་འབྲལ་མི་བཟོད། །མཚམས་ཞུས། །སླད་མའི་ཆར་ཡང་། ནོར་ནི་རྨོངས་པའི་ཁྱད་ཆོས་ཏེ། །ས་ཡི་དབང་ཕྱུག་ལས་ཀྱིས་འཕང་། །འཇིག་རྟེན་འདི་ན་དཀོན་པའི་ཕུལ། །དམ་པའི་སྐྱེས་བུ་འདྲ་བ་སུ། །དམ་པ་དམ་པར་བགྲང་བ་ལ། །ཡོན་ཏན་མཐའ་དག་རྫོགས་དགོས་ཕྱིར། །བསམ་ཡས་ཡོན་ཏན་ཀུན་གྱི་མཛོད། །ཁྱོད་ནི་ཨུ་དུམ་ཝཱ་ར་བཞིན། །དེ་ཕྱིར་ཡིད་ཅན་གདུང་སེལ་ཞིང་། །གཤེན་


JKT020_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་མཛེས་པའི་རྒྱན་གཅིག་པུར། །བསྐལ་པ་རྒྱ་མཚོར་ཛཱི་བནྟུའི། །ཤིས་བརྗོད་རོལ་མོ་རྟག་ཏུ་འཁྲོལ། །ཅེས་པའི་ཞུ་མཚོན་ཨུན་ཆེན་མདངས་ལྡན་ལྷ་ཡི་རེག་བྱ་བཅས་རྒྱལ་བའི་མྱུ་གུ་ཞི་བའི་བློ་གྲོས་ཀྱིས་སྨྲས་ཤིང་བྲིས་ཏེ་ཕུལ་བ་ཤུབྷྲཱུྃ།། ༈ །།ཨོཾ་སྭསྟི་སིདྡྷཾ། གང་གི་མཚན་གྱི་རྒྱལ་རྔ་བརྡུང་ཙམ་གྱིས། །སྲིད་དང་ཞི་བའི་རྒུད་པ་དྲུངས་ཕྱུངས་ནས། །འཆི་མེད་དངོས་གྲུབ་སྟེར་མཛད་ལྷག་པའི་ལྷས། །རྣམ་ཀུན་ཤིས་པའི་མེ་ཏོག་ཆར་དུ་བསྙིལ། །བསོད་ནམས་བྱེ་བའི་ཆུ་གཏེར་བསྲུབས་པའི་ཕུལ། །ལུགས་གཉིས་ཆ་ཤས་ཡོངས་སུ་གང་བའི་ཟླ། །ལྟོས་བཅས་གདུང་བ་སེལ་བའི་དཔྱིད་གཅིག་པུ། །བསྐལ་པ་རྒྱ་མཚོར་འཚོ་གཞེས་བརྟན་གྱུར་ཅིག །གྲགས་པའི་རྔ་ཡབ་ནོར་བུའི་ཡུ་བ་ཅན། །ཕྱོགས་དང་ཕྱོགས་བྲལ་རྣམས་སུ་འགྲོ་བ་ན། །ཕན་བདེའི་དངོས་ཀུན་ཆར་དུ་བསྙིལ་བཟོད་པའི། །རྒྱལ་བའི་མྱུ་གུའི་ལེགས་མཛད་རྒྱས་པར་ཤོག །ཆོས་དང་སྲིད་ཀྱི་གཞུང་ལུགས་མཐའ་དག་ལ། །སྒྲིབ་པ་མེད་པར་འདུས་ཏེ་རེག་པའི་སྤྱན། །འཇམ་དཔལ་གཞོན་ནུའི་རྗེས་སུ་འགྲོ་བ་ཡི། །ལྷར་བཅས་འཇིག་རྟེན་བསྔགས་འོས་ཉིད་གྱུར་ཅིག །ཤིན་ཏུ་བྱམས་པའི་བདུད་རྩིའི་རླན་ཆགས་པའི། །གདུང་སེལ་ཟླ་བ་གཞོན་ནུའི་འཛུམ་འོད་ཅན། །ཕྱག་ན་པདྨོའི་རྣམ་ཐར་མྱུར་མཛད་པས། །ས་གསུམ་ཀུན་ཏུ་དགའ་བའི་དཔལ་སྟེར་


JKT020_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཕས་རྒོལ་མི་སྲུན་རི་བོའི་རྒྱུན་ལུགས་ཀུན། །གཅོད་བྱེད་བརྒྱ་བྱིན་རྡོ་རྗེའི་ཤུགས་འཆང་བ། །གསང་བ་འཛིན་པའི་ནུས་པ་མ་སྨད་པས། །ཡིད་སྲུབས་དཔུང་བཅས་ཁེངས་པ་འཇོམས་གྱུར་ཅིག ། ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ། །མཚུངས་ཟླ་བྲལ་བ་རིག་འཛིན་རྒྱལ་པོའི་སྲས། །མེས་དབོན་གསུམ་གྱི་རྣམ་ཐར་དང་མཚུངས་པའི། །སྐལ་པ་བཟང་པོའི་དུས་སྟོན་དར་བབས་ཤོག ། ཅེས་ཤིས་པར་བརྗོད་པའི་བདེན་ཚིག་གི་མེ་ཏོག་མངོན་པར་འཐོར་བའི་མཚོན་བྱེད་དུ་དགེ་ལེགས་ཀྱི་རེ་ཁཱས་མངོན་པར་བཀྲ་བའི་ལྷ་རྫས་དང་། ཤྲཱི་ཧེ་རུ་ཀ་འཆི་མེད་རྟག་པའི་རྡོ་རྗེ་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་དུ་བསྒྲུབས་པའི་མྱང་གྲོལ་བདུད་རྩིའི་ཕུར་མ་བཅས་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཕུལ་བ་དགེ། ༈ །།ཨོཾ་ཤྲཱི་མ་ཧཱ་བྷ་མེ་ཤྭ་ར་ཀཱ་ཡ་ཛཱི་བ་ཏིཥྛནྟུ། ཚེ་མཐའ་ཡས་པའི་ཕྱག་གི་བདུད་རྩིའི་རྒྱུན། །གང་སྐུའི་གསོས་སུ་རྟག་པར་ཕབ་པ་ལས། །བསྐལ་བརྒྱར་མི་ཤིགས་སྲོག་གི་མདུད་པ་ནི། །རྡོ་རྗེའི་ཟུངས་སུ་མཛོད་ཅིག་འཆི་མེད་ལྷ། །ཡིད་བཞིན་འཁོར་ལོའི་སྒྲ་དབྱངས་བརྗོད་པའི་བྱིན། །གང་གསུང་ནོར་བུའི་རྒྱུད་མང་ལ་རེག་པས། །སྲིད་ཞིའི་སྙན་འགྱུར་རྫོགས་པའི་འཆི་མེད་དབྱངས། །ས་གསུམ་ཁྱབ་པར་མཛོད་ཅིག་འཕགས་མ་ཀྱེ། །གཙུག་ཏོར་ཆེན་མོའི་ཡེ་ཤེས་སྣང་བ་དང་། །


JKT020_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཐུགས་རྣམ་པ་ཀུན་ཏུ་མི་ཕྱེད་པ། །མཁྱེན་གཉིས་ཡོན་ཏན་ཕྲིན་ལས་མཐའ་ཡས་པའི། །སྐལ་བཟང་མངོན་སུམ་སྩོལ་ཅིག་རྣམ་པར་རྒྱལ། །ཞེས་བདེན་ཚིག་ཏུ་གསོལ་བའི་རྟེན་འབྱུང་བཀྲ་ཤིས་པའི་ལྷ་རེག །ཡུན་རིང་དུ་བསྒྲུབས་པའི་རིག་པའི་འཁོར་ལོ། ཚེ་རྫས་ཟུང་བཅས་མཉྫགྷོ་ཥས་ཕུལ་བ་དོན་དང་ལྡན་པར་གྱུར་ཅིག། ༈ །ཨོཾ་སྭསྟི་བིཛ་ཡནྟ། དགེ་ལེགས་དཔྱིད་ཀྱི་དཔལ་མོས་ཡོངས་བཟུང་བ། །རིན་ཆེན་གསུམ་ཞེས་གྲགས་པའི་པདྨ་དཀར། །རྟག་ཏུ་ཁྱེད་ཀྱི་གཙུག་ན་མཛེས་འབར་བས། །ཕན་བདེའི་ངལ་འཚོ་ལྷག་པར་རྒྱས་གྱུར་ཅིག །ངེས་པར་འབྱུང་བའི་ཚུལ་ཁྲིམས་ཕུང་པོ་དང་། །བྱང་ཆུབ་སེམས་གཉིས་ལང་ཚོའི་གཟི་བརྗིད་ཀྱིས། །སྲིད་ན་ཆེར་རློམ་གཞན་དག་ཟིལ་མནན་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཞབས་སྟེགས་སུ། །གང་ཚུལ་རྒྱལ་སྲས་སྤྱོད་ལ་རིང་དད་པ། །ཉེ་བར་མཆིད་འོས་བདུད་རྩིའི་རླན་ཆགས་པས། །གུས་སྤྲོའི་ཨུཏྤལ་རྒྱས་པའི་འཛུམ་སྒྲོས་ལས། །ཞུ་མཆིད་སྦྲང་རྩིའི་དྲི་བསུང་ཅུང་ཟད་འཐུལ། །སྔོན་བསགས་བསོད་ནམས་དམ་པའི་རང་གཟུགས་ནི། །མཐོ་རིས་ཡོན་ཏན་བདུན་གྱིས་རབ་མཛེས་ཀྱང་། །དེ་ལ་ཁེལ་པའི་བརྟུལ་ཞུགས་རིང་བཏབ་ནས། །གཅིག་ཏུ་ཞི་བ་དམ་པར་མངོན་དུ་ཕྱོགས། །དེ་ཚེ་ཚུལ་གནས་ཁྲིམས་ཀྱིས་གཞི་བཟུང་སྟེ། །གསན་བསམ་སྒོམ་པའི་འབྱོར་པ་བརྒྱ་


JKT020_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་བཅས། །འཕགས་དང་མཁས་པ་དགྱེས་པའི་རྣམ་ཐར་ཅན། །འཚོ་གཞེས་ནོར་བུའི་གཟི་འོད་འབར་བ་ནས། །བཀའ་མཆིད་དབྱངས་ཀྱི་རྒྱལ་མོའི་འགྱུར་ཁུགས་ཅན། །གནང་སྐྱེས་མནྡཱ་ར་ཡི་སྒེག་འཆང་བ། །ཡར་ཚེས་༡༤དགེ་བའི་སྔ་ཆར་འདིར་སོན་པས། །གུས་སྤྲོའི་བཀའ་དྲིན་གཟུགས་ཅན་བཞིན་དུ་གྱུར། །འདི་ན་འཁོད་པའི་དགེ་སྦྱོང་རྒན་པོ་ཡང་། །འདུ་ཕུང་རྣལ་དུ་གནས་པའི་སྐབས་བྲལ་མོད། །བསམ་གཏན་ཁང་བུར་རྣམ་དཀར་བཟླས་བརྗོད་ལ། །ཅི་ནུས་ཙམ་ཞིག་གཡར་དམ་སྙིང་པོར་བཟུང་། །མཚམས་ཞུས། སླད་མའི་ཆར་ཡང་། གང་སྐུ་བསོད་ནམས་བྱེ་བའི་ཕུང་པོ་ལ། །འཆི་མེད་པདྨ་ཀཱ་རས་བྱིན་བརླབས་པས། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ནས། །སྐུ་ཚེའི་རྒྱལ་མཚན་བསྐལ་བརྒྱར་བརྟན་གྱུར་ཅིག །ཁྱེད་གསུང་ལེགས་བཤད་བྱེ་བའི་འབྱུང་གནས་ཆེར། །འཇམ་དཔལ་གཞོན་ནུའི་མཁྱེན་པས་དགེ་མཛད་མཐུར། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་མཐའ་ཡས་པས། །ཕན་བདེའི་དཔྱིད་དུ་རྟག་པར་འཇོ་གྱུར་ཅིག །གང་ཐུགས་རིང་ནས་དག་པའི་བེཟླུརྨ། །ལྷ་གཅིག་དཱི་པཾ་ཀ་རའི་ཡེ་ཤེས་དང་། །མི་ཕྱེད་བྱང་ཆུབ་སེམས་གཉིས་འདོད་དགུའི་ཆར། །ས་གསུམ་འགྲོ་བའི་གདུང་སེལ་ཉིད་གྱུར་ཅིག །འདིར་ཡང་རྣམ་ཀུན་དགྱེས་པས་བཟུང་བ་དང་། །ལེགས་གསུང་བདུད་རྩིའི་རྒྱུན་བཟང་སྩལ་བ་དང་། །


JKT020_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་ཆོས་ཀྱི་དགའ་སྟོན་རྨད་བྱུང་བར། །སྲིད་དང་ཞི་བའི་བཀྲ་ཤིས་སྣང་བར་མཛོད། །ཅེས་པའི་ཞུ་གསོལ་ཀོ་ཀི་ལ། །རྟེན་གསུམ་བཀྲ་ཤིས་པའི་ལྷ་རེག །འཆི་མེད་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། སྐུ་ཚེའི་ཚེ་རྫས། མཆན། གཤོག་རླབས་གཡོ་དང་བཅས། །རབ་མྱོས་ཆོ་འཕྲུལ་ཟླ་བ་༡ཡི། །དཀར་ཕྱོགས་གྲལ་ཚེས་དགེ་བར་ཆས། །སརྦ་དཱ་སུ་ཐེ་ཡོ་བྷ་བ་ཏུ།། ༈ །།ཨོཾ་སྭསྟི་སིདྡྷཾ། གྲགས་པའི་མེ་ཏོག་ཡིད་འོང་བཀྲ་ཤིས་རྡུལ། །དཔལ་ཡོན་དམ་པས་ཡོངས་བཟུང་འཆི་མེད་ལྷས། །བྱིན་རླབས་རྒྱལ་རྔ་གསར་པ་བརྡུངས་ཙམ་གྱིས། །སྲིད་ཞིའི་དགེ་མཚན་མཐའ་དག་འཇོ་གྱུར་ཅིག །རྣམ་ཀུན་ལེགས་བྱས་བྱེ་བས་བསྐྱེད་བསྲིངས་པའི། །ཞབས་ཟུང་བཀྲ་ཤིས་འཁོར་ལོའི་མཚན་མ་ཅན། །ཡིད་སྲུབས་དཔུང་གིས་བརྫི་བ་མེད་པའི་ཕྱིར། །ཆེ་དགུས་ཐོད་ཀོས་བཏེག་པའི་ཉེ་དྲུང་དུ། །རིང་ནས་གུས་པའི་ས་ཧཱ་ཀ་རའི་ཚལ། །ཐུགས་བརྩེའི་རླན་གྱིས་སླར་ཡང་བསྐྱེད་བསྲིངས་པས། །དགེ་མཚན་འདབ་བརྒྱ་གྲོལ་བའི་མགྲིན་པ་ནས། །ཞུ་མཆིད་བེ་ཌཱུར་རྒྱུད་མང་ཅུང་ཟད་བརྡུངས། །གང་ཚེ་བསོད་ནམས་དམ་པའི་ཆུ་གཏེར་ལས། །ཚུ་གཟུགས་སྐུའི་ཟླ་རིས་ཐོག་མར་ཤར་ཙམ་ནས། །མི་མཐུན་ཉེས་བརྒྱའི་མུན་པ་གཞིལ་བ་དང་། །དགེ་ལེགས་ཆུ་གཏེར་རྒྱས་པའི་དཔྱིད་དུ་གྲུབ། །འཛམ་གླིང་བསྟན་འགྲོའི་གཙུག་གི་ནོར་བུ་མཆོག །གོང་མ་།


JKT020_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡོན་ཕྲིན་ལས་གདུགས་དཀར་པོ། །སྙིང་སྟོབས་དཔུང་པས་བཟུང་བའི་དགེ་མཚན་གྱིས། །བསིལ་ལྗོངས་ཕན་བདེའི་ངལ་འཚོ་མཆོག་ཏུ་མཐོ། །ཁྱད་པར་མེ་ཏོག་མདའ་ཅན་མངོན་སུམ་པ། །སྡེ་དང་དཔུང་བཅས་ཡོངས་སུ་གཞོམ་པ་ཡིས། །ལྷ་རྒྱལ་སྲསྟི་ཀ་ཡི་དབྱངས་སྙན་པོས། །སྲིད་པའི་མཐར་ཡང་ནུབ་པ་མེད་པར་བྱས། །དེང་ཚེ་རི་གླིང་མཚོ་དང་བཅས་པ་ཡི། །ཕྱོགས་ལས་རྣམ་པར་རྒྱལ་དང་ཆབ་གཅིག་པར། །ཕུན་ཚོགས་དོན་ཀུན་གྲུབ་པའི་གཟི་བརྗིད་ཀྱིས། །སྙིགས་མའི་དུས་ཀྱང་རྫོགས་ལྡན་གཞོན་ནུར་ཤར། །མཚོ་སྐྱེས་རྡོ་རྗེའི་བྱིན་རླབས་རིག་འཛིན་རྗེའི། །ཟབ་ཆོས་མཁྱེན་པའི་སྤྱན་གྱིས་གཟིགས་པ་ན། །སྔོན་སྨོན་ལྷག་པར་སད་པའི་མོས་གུས་ཀྱི། །ཨུཏྤལ་སར་པའི་ནགས་ཀླུང་ཅིར་ཡང་དར། །དབང་རྟུལ་དྭངས་པའི་མཁར་བར་འཆེལ་བ་ཙམ། །མ་ཡིན་སྐྱེས་དང་སྦྱངས་པའི་ཤེས་རབ་ཀྱིས། །ཞིབ་མོར་དཔྱད་པ་འདི་འདྲའི་ཡ་མཚན་ལ། །བསམ་ན་ཚངས་པའི་བློ་ཡང་གཟུགས་བརྙན་ཙམ། །དེ་ཕྱིར་སྲིད་ན་མངོན་མཐོའི་བསྔགས་འོས་ཅན། །ཟླ་བྲལ་གང་ཉིད་འཚོ་གཞེས་བརྟན་པ་དང་། །ལྷན་ཅིག་བཀའ་གླེགས་ཞིབ་འཁོར་སྐྱེས་དང་བཅས། །འདུད་ལྡན་ཐལ་མོའི་རྫིང་བུར་སོན་པའི་མོད། །གུས་དང་སྤྲོ་བའི་རབ་དགའ་ཆེར་བརྟས་པས། །སྙིང་གི་ཆུ་གཏེར་བདུད་རྩིའི་རླབས་གཡོ་བ། །དང་པོའི་ས་ཡི་


JKT020_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་མཚན་ཐོབ་པ་ལས། །གཞན་དུ་འབྱུང་བའི་གོ་སྐབས་ཇི་ལྟར་ཡོད། །འདི་ན་རྨོངས་དང་མ་རིག་མཐུས་ནོན་ཀྱང་། །བླ་མ་ལྷ་ཡི་ཐུགས་རྗེས་མ་བཏང་བས། །ཟག་ཕུང་ཉེ་ཞོའི་གདུང་བ་བྲལ་དང་བཅས། །བསྟན་འགྲོར་སྨན་པའི་བསམ་སྦྱོར་དཀར་བར་མཆིས། །མཚམས་ཞུས། སླར་ཡང་ཕན་བདེའི་འབྱུང་གནས་ཀྱི། །མཛེས་སྐུ་ཡུན་རིང་འཚོ་གཞེས་སླད། །རབ་དྭང་ཡིད་ཀྱི་རོལ་མཚོ་ལས། །ཤིས་པའི་མེ་ཏོག་ཅུང་ཟད་འཐོར། །བཱི་ཤྲཱི་ཤྲཱི་བི་ཛ་ཡནྟུ། དགེ་ལེགས་ཚོགས་གཉིས་བྱེ་བའི་རང་གཟུགས་ནི། །རྣམ་ཀུན་འཆི་མེད་གྲུབ་པའི་གཟི་འོད་ཀྱིས། །ས་གསུམ་འཇིག་རྟེན་ཀུན་ཏུ་རྒྱས་འགེངས་པའི། །ངོ་མཚར་ནམ་ཡང་ནུབ་པ་མེད་གྱུར་ཅིག །ཆོས་དང་སྲིད་ཀྱི་གཞུང་ལུགས་མཐའ་དག་ཀུན། །ཚངས་པའི་སྲས་མོའི་གླུ་རུ་འཇོ་བའི་ག པའི་སྐལ་བཟང་ལྷུར་ལེན་ཤོག །སྒྲིབ་མེད་མཁྱེན་པའི་བེ་ཌཱུར་མེ་ལོང་ངོགས། །ལུགས་གཉིས་རི་མོ་མཐའ་དག་ཡོངས་རྫོགས་པ། །ཆེ་དགུའི་ཡིད་ཀྱི་རྒྱལ་མཚན་ལ་བཀོད་པས། །སྡེ་བཞིའི་དུས་སྟོན་མཆོག་ཏུ་རྒྱས་གྱུར་ཅིག །བསྔགས་འོས་འཛད་པ་མེད་པའི་ཡོན་ཏན་གྱིས། །རྨད་བྱུང་ཕྲིན་ལས་ནོར་བུའི་རྔ་ཡབ་ནི། །བཟུང་བ་མེད་པར་ཕྱོགས་ཀྱི་མཐར་འགྲོ་བས། །ས་འདིར་རྫོགས་ལྡན་གསར་དུ་འཆར་བར་ཤོག །


JKT020_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན་དཔལ་ལྡན་ས་ཡི་དབང་ཕྱུག་མཆོག །བསྐལ་བརྒྱར་འཚོ་གཞེས་ལེགས་མཛད་གོང་འཕེལ་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཀྱིས། །སྣང་བས་སྲིད་ཞིའི་ཁམས་ཀུན་ཁྱབ་གྱུར་ཅིག ། འདིར་ཡང་རྣམ་ཀུན་མཉེས་གཤིན་པའི། །ཐུགས་རྗེའི་ཕྱག་གིས་ཡོངས་བཟུང་བས། །ཡིད་ཀྱི་ཤིང་རྟ་མངོན་འདོད་ཀྱི། །འབྲས་བུས་མཆོག་ཏུ་འགེངས་མཛད་གསོལ། །དེ་སྐད་ལེགས་སྨོན་མེ་ཏོག་གི། ཆར་སྤྲིན་དཀར་པོ་གཡོ་བ་ལ། །གེགས་མེད་གྲུབ་པར་རྩ་གསུམ་གྱི། །བདེན་པའི་ཚིག་གིས་དགེ་གྱུར་ཅིག །ཅེས་མངོན་པར་དྭང་བའི་ཡིད་ཀྱིས་རྩེ་གཅིག་ཏུ་ཞུ་གསོལ་འདེབས་པའི་རྟེན་འབྱུང་གི་ལེགས་སྐྱེས་མཚོན་པ་ཙམ་དུ་བཀྲ་ཤིས་པའི་ལྷ་གོས་རབ་དཀར། རྒྱལ་བ་རྡོ་རྗེ་འཆང་གི་སྣང་བརྙན། བདག་ཅག་གི་དངོས་གྲུབ་ཏུ་ཐོབ་པའི་གསུང་རྡོ་རྗེ་པདྨ་སཾ་བྷཱ་ཝའི་ཞལ་ལུང་གི་གླེགས་བམ། མཉམ་མེད་ཇོ་བོ་ཆེན་པོའི་ཆོས་སྐུའི་རྟེན། རིན་ཆེན་དཀར་པོ་སྲང་འཁོར་ཟླ་བ་ཡར་ངོའི་གྲངས་ལྡན་གཙོས་བྱ་བཏང་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་པདྨ་འོད་གསལ་མདོ་སྔགས་གླིང་པར་མིང་གི་དབང་བསྐུར་བས། གྲུབ་པའི་གནས་ཆེན་བཀྲ་ཤིས་ཟླ་གམ་དབང་ཕུག་གི་མདུན། །རི་རྒྱལ་གླང་ཆེན་འགྱིང་འདྲའི་མགུལ་ནས་རབ་བྱུང་བཅོ་ལྔ་པའི་ཐོག་མ་མེ་ཡོས་ནག་པ་ཟླ་


JKT020_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེས་༡༥བཟང་པོར་གུས་པས་ཕུལ་བ་ཇི་ལྟར་སྨོན་པའི་དོན་ཐམས་ཅད་དེ་དེ་བཞིན་དུ་འགྲུབ་པའི་དགེ་ལེགས་མཆོག་ཏུ་གྱུར་ཅིག། ༈ །།ཨོཾ་སྭསྟི་སིདྡྷཾ། ཡོན་ཏན་དཔག་ཏུ་མེད་པའི་ཞིང་ཁམས་ཀྱི། །འདྲེན་མཆོག་འཆི་མེད་མགོན་པོའི་ཡེ་ཤེས་སྤྱན། །ས་ཡི་དབང་ཕྱུག་ཁྱོད་ལ་གཡོས་པའི་མོད། །ཕུན་ཚོགས་ཚེ་ཡི་དགེ་མཚན་སྦྱིན་གྱུར་ཅིག །བསོད་ནམས་སྟོབས་ཀྱི་དཔུང་པའི་འཁྲི་ཤིང་གིས། །ལུགས་གཉིས་གདུགས་དཀར་བསྒྲེང་བའི་གྲིབ་བསིལ་དུ། །ཁོད་ཆེན་བསྟན་འགྲོ་མཐའ་དག་དབུགས་འབྱིན་པའི། །ཞབས་སྟེགས་ཕྱོགས་ལས་རྣམ་པར་རྒྱལ་བའི་དྲུང་། །གྲགས་པ་མ་ལ་ཡ་ཡི་འཁྲི་ཤིང་དང་། །ཡོན་ཏན་ག་བུར་ཐང་ཆུས་སྒེག་འཆང་བའི། །དམ་པའི་ངང་ཚུལ་སྙིང་ནས་དྲན་པའི་མོད། །ཡུད་གཅིག་བཏུད་དེ་ཞུ་འཕྲིན་འདི་སྐད་གསོལ། །བསྐལ་མང་བསོད་ནམས་ཆུ་གཏེར་བསྲུབས་པ་ལས། །ལེགས་པར་འཁྲུངས་པའི་མཚན་དཀྱིལ་ཟླ་རིས་ནི། །བསྟན་སྲིད་གླིང་བཞིའི་མཁའ་ལ་འཆར་བའི་མོད། །སྙིགས་མའི་རྒུད་མུན་མཐའ་དག་གཅིག་ཅར་བཅིལ། །ཕུན་ཚོགས་རིགས་གཟུགས་ལང་ཚོ་དར་བབ་ཅིང་། །འཇིག་རྟེན་གཞུང་ལུགས་རྒྱ་མཚོའི་ཕ་རོལ་སོན། །དམ་པའི་ཆོས་ཀྱི་འབྱོར་པས་མངོན་མཐོ་བ། །ཁྱོད་འདྲ་ས་སྟེང་འདི་ན་གཉིས་པ་དཀོན། །དེ་སླད་འཚོ་གཞེས་བརྟན་པའི་དགེ་མཚན་དང་། །རྗེས་བརྩེའི་སྤྱན་


JKT020_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་གཡོ་བའི་འོད་རླབས་དང་། །ལེགས་གསུང་རྟེན་དང་བཅས་པ་འདིར་སོན་པའི། །དགའ་སྟོན་གསུམ་པོས་བདག་ཡིད་རིང་དུ་སིམ། །འདི་ན་གནས་པའི་དགེ་སྦྱོང་ཡང་། །མཆོག་གསུམ་ཐུགས་རྗེས་འཚོ་བཞིན་དུ། །བསྟན་འགྲོར་སྨན་འདོད་བྱང་ཆུབ་སེམས། །སྙིང་ལ་རི་མོར་འབྲི་བཞིན་མཆིས། །མཚམས་ཞུས། ཤྲཱི་བི་ཛ་ཡནྟ། ཚེ་མཐའ་ཡས་པའི་ཕྱག་གི་བདུད་རྩིའི་ཀླུང་། །ཕུང་ཁམས་སྐྱེ་མཆེད་སྲོག་ཏུ་འདྲེས་པ་ལས། །མི་ཤིགས་གཟུགས་སྐུའི་ལྷུན་པོ་རབ་བརྟན་པའི། །སྐལ་བཟང་ནམ་ཡང་ནུབ་པ་མེད་གྱུར་ཅིག །ཡིད་བཞིན་འཁོར་ལོའི་དབང་ཕྱུག་རྗེ་བཙུན་མའི། །སྒྲ་དབྱངས་འགག་པ་མེད་པའི་ཡེ་ཤེས་བྱིན། །གང་གསུང་བེ་ཌཱུར་རྒྱུད་མང་ལ་ཆགས་པས། །འཇིག་རྟེན་ཀུན་ན་རྟག་ཏུ་སྙན་གྱུར་ཅིག །སྲིད་ཞིའི་ཕྱོགས་ལས་རྣམ་རྒྱལ་འཕགས་མ་དང་། །འོད་གསལ་དབྱིངས་ཀྱི་ཐིག་ལེ་དབྱེར་མེད་བཞིན། །མ་འགག་ཉམས་བརྒྱས་རོལ་པའི་མཁྱེན་བརྩེའི་ཐུགས། །བསིལ་ལྡན་བསོད་ནམས་དཔྱིད་དུ་བརྟན་གྱུར་ཅིག །བསྔགས་འོས་ཡོན་ཏན་མི་ཟད་ནོར་གྱི་བུ། །ཕྲིན་ལས་རྒྱལ་མཚན་རྩེ་མོར་གཟི་འབར་བས། །ཕན་བདེའི་གྲུ་ཆར་ལྷུག་པར་འབེབས་བཞིན་ཏུ། །ངེས་པར་ཞིང་ཁམས་འདི་ལས་ཡོལ་མེད་ཤོག །བདག་ཀྱང་རྣམ་ཀུན་རྗེས་བརྩེའི་གཟིགས་པ་ཡིས། །ཉི་དང་པདྨའི་ངང་ཚུལ་བཞིན་དུ་སྐྱོངས། །རིང་མིན་


JKT020_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཞལ་མཇལ་བའི་དགེ་མཚན་གྱིས། །སྲིད་ཞིའི་ཕུན་ཚོགས་མཆོག་ཏུ་རྒྱས་གྱུར་ཅིག །ཅེས་པའི་ཞུ་མཚོན་ལྷའི་རེག་བྱ། འཆི་མེད་ཚེའི་རིལ་བུ་བཅས།། ༈ །།ཨོཾ་སྭསྟི་སིདྡྷཾ། ཕུན་ཚོགས་མཚན་གྱི་ཨུཏྤལ་ཆུན་པོ་ནི། །གང་གི་རྣ་ལུང་དཔྱངས་པའི་དེ་མ་ཐག །བརྒྱད་གཉིས་འཇིགས་པའི་གདུང་བ་ཀུན་བཅིལ་བའི། །ཡིད་བཞིན་འཁོར་ལོས་ཁྱེད་ལ་དགེ་ལེགས་མཛོད། །སྡེ་བཞིའི་དཔྱིད་ཀྱི་དཔལ་མོ་དར་བ་ན། །དགེ་བཅུའི་ཡལ་འདབ་རྫོགས་པའི་དཔག་བསམ་ལྗོན། །ཆོས་ཀྱི་རྒྱལ་པོའི་གྲགས་དཀར་རབ་འབར་བ། །ཕྱོགས་ལས་རྣམ་རྒྱལ་ཆེན་པོའི་ཞབས་སྟེགས་དྲུང་། །རིང་ནས་གུས་པའི་ཀྱི་ཡིད་ཀྱིས་མདུན་བདར་ཏེ། །སྙན་ཚིག་དབྱངས་ཅན་ངག་གིས་བསྐུལ་བ་ལས། །ཞུ་གསོལ་མགྲིན་པའི་རྒྱུད་མང་ཅུང་ཟད་ཅིག །རབ་དྭངས་སོར་མོས་བརྡུང་ལ་མངོན་པར་ཕྱོགས། །གང་ཚེ་བསོད་ནམས་དམ་པའི་ས་བོན་ནི། །རིགས་ཀྱི་ལྡུམ་རར་སྨིན་པའི་དེ་མ་ཐག །རྒྱལ་སྲས་གཞོན་ནུའི་མཚན་གྱི་པདྨ་དཀར། །སྐྱེ་རྒུའི་གཙུག་ན་མཛེས་པའི་སྐལ་བཟང་དར། །དབང་ཕྱུག་དམ་པ་རྒྱ་མཚོའི་རོལ་སྒེག་དང་། །སྤྱི སྐྱེ་བས་ཐོབ་པའི་མཁྱེན་རབ་དྲི་མེད་དང་། །སྦྱོར་བྱུང་བརྩོན་འགྲུས་ཟབ་མོའི་རིགས་སད་པས། །མཁས་རྣམས་དགྱེས་པའི་རྣམ་ཐར་ལྷུན་གྱིས་གྲུབ། །འཇིག་རྟེན་མེས་པོར་རློམས་པའི་བློ་གྲོས་ཀྱང་། །


JKT020_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གང་བློའི་གྲྭ་ཟུར་གཅིག་ན་བདེར་བཟུང་སྟེ། །ལུགས་གཉིས་ཀུན་ལ་འཇུག་པའི་སྒྱུ་རྩལ་བརྒྱས། །སྲིད་ཞིའི་ཕུན་ཚོགས་མཐའ་དག་ངང་གིས་འདུ། །དཀོན་མཆོག་གསུམ་ལ་བླ་མར་མཛད་པ་ནི། །ས་ཆེན་ཊྛ ཆོས་བཞིན་སྐྱོང་བའི་ཁྱད་པར་ཕྱིན། །འདིར་ཡང་རྣམ་ཀུན་མཉེས་ཤིང་གཤིམ་པ་ཡི། །ཐུགས་རྗེས་ལྷག་པར་དགོངས་དང་ཆབ་གཅིག་ཏུ། །བཀའ་གླེགས་མཚོ་བྱུང་དགྱེས་པའི་ཏམྦུ་ར། །རྣ་བའི་བདུད་རྩིར་སོན་པའི་དེ་མ་ཐག །དཔྱིད་ཀྱིས་བཟུང་བའི་པུཎྜ་རཱི་ཀ་བཞིན། །གུས་སྤྲོའི་ལང་ཚོ་ཕ་མཐའ་མེད་པར་བརྟས། །གང་གི་བཀའ་དྲིན་ལ་བརྟེན་པའི། །དགེ་སྦྱོང་ལྟར་སྣང་རྒན་པོ་ཡང་། །འདུ་ཤེས་གསུམ་གྱི་གཞན་དབང་ལ། །འཆེལ་བཞིན་བག་ཕེབས་ཚུལ་དུ་མཆིས། །མཚམས་ཞུས། སླད་མའི་ཆར་ཡང་མཐོ་རིས་ལྷ་དབང་དང་། །ས་ཡི་སྟེང་ན་འཁོར་ལོས་སྒྱུར་རྒྱལ་བཞིན། །སྐྱེ་རྒུ་ཀུན་གྱི་ཕན་བདེའི་ཉེར་འཚོ་ཆེར། །བསྐལ་བརྒྱར་ཞབས་བརྟན་ལེགས་མཛད་རྒྱས་གྱུར་ཅིག །རྣམ་པ་ཀུན་ཏུ་བདག་ཅག་ཀྱང་། །དགྱེས་པའི་ཕྱག་གིས་ཡོངས་བཟུང་ཞིང་། །མཉན་འོས་བཀའ་མཆིད་གངྒཱའི་རྒྱུན། །འཆད་མེད་རྟག་ཏུ་སྤྲིང་བར་གསོལ། །རབ་དྭང་ཡིད་ཀྱི་ནགས་ཀླུང་ལས། །བྱུང་བའི་ཞུ་གསོལ་ཀོ་ཀི་ལ། །བཀྲ་ཤིས་དགེ་བའི་གླུ་ལེན་བཞིན། །མཆོག་གི་མདུན་སར་མངོན་པར་ཆས། །ཞེས་ས་འབྲུག་དབོ་ཟླ་༢པའི་


JKT020_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གྲལ་ཚེས་༢༡དགེ་བར་གུས་པས་ཕུལ་བ་སརྦ་དཱ་སུ་ཤྲཱི་ཡོ་བྷ་བ་ཏུ།། ༈ །།ཨོཾ་སྭསྟི་སིདྡྷཾ། ཚེ་དཔག་མེད་པས་མངོན་པར་དབང་བསྐུར་ཞིང་། །རྣམ་པར་རྒྱལ་མས་ཡིད་སྲུབས་དཔུང་ཀུན་བཅོམ། །ཡིད་བཞིན་འཁོར་ལོའི་ཕྱག་གིས་དབུགས་དབྱུང་བས། །རྨད་བྱུང་ཤིས་པའི་དགེ་མཚན་རྒྱས་གྱུར་ཅིག །ལེགས་བྱས་ཆུ་གཏེར་བྱེ་བའི་སྙིང་པོ་ནི། །ཕུང་པོ་བསྔགས་འོས་བདུད་རྩིའི་དོ་ཤལ་ཅན། །བསོད་ནམས་དམ་པའི་ནོར་བུའི་གཟི་འབར་བ། །སྔོན་མེད་ཟླ་བ་གསར་པའི་ཉེ་དྲུང་དུ། །སྤྲིན་སྔོན་ཆུན་པོ་མཐིང་བའི་མདོངས་མཐའ་བཞིན། །མཆིད་འོས་ཟིལ་དངར་ཐོབ་པས་སྤྲོ་དགའི་ཡིད། །དབྱར་གྱི་པདྨོ་ལྟ་བུར་རྒྱས་པ་ནས། །ཞུ་མཆིད་སྦྲང་རྩིའི་དྲི་བསུང་ཅུང་ཟད་འཐུལ། །གང་གི་ལུགས་བརྒྱའི་འབྱོར་པ་མ་སྨད་པའི། །རྒྱལ་རིགས་སཱ་ལ་ཆེན་པོའི་ནགས་ཀླུང་དུ། །མཚུངས་མེད་མི་ཡི་ལྷ་གཅིག་འཁོར་བཅས་དང་། །མཐོ་རིས་ཡོན་ཏན་དུ་མའི་དུས་སྟོན་དར། །དབང་ཕྱུག་དམ་པའི་དཔལ་གྱི་རོལ་སྒེག་དང་། །དད་དང་ཤེས་རབ་བརྩེ་བའི་སྙིང་པོ་དང་། །ཀུན་ལ་ཕན་པར་མཛད་པའི་ཕྲིན་ལས་བཅས། །འཚོ་གཞེས་དགེ་བའི་སྐལ་བཟང་རྒྱས་པ་ནས། །འདིར་ཡང་ཐུགས་རྗེའི་གཟིགས་པ་མ་སྨད་པས། །མངོན་པར་དྭངས་པའི་གསུང་མཆིད་ཏམྦུ་ར། །རྣ་བའི་བཅུད་དུ་སོན་པའི་དགེ་མཚན་གྱིས། །གུས་སྤྲོའི་ཆུ་གཏེར་ཅིར་


JKT020_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འཕེལ་བར་གྱུར། །བླ་མ་ལྷར་བཅས་བྱིན་རླབས་ཀྱིས། །དབུགས་འབྱིན་ཐོབ་པའི་དགེ་སྦྱོང་ཡང་། །ཟག་ཕུང་ཉེར་འཚེ་དང་བྲལ་བཅས། །ཕན་བདེའི་བསམ་སྦྱོར་དཀར་བར་མཆིས། །མཚམས་ཞུས། ཤྲཱི་བི་ཛ་ཡནྟུ། འབྱུང་འགྱུར་དུས་ཀྱང་འཆི་མེད་གྲུབ་པའི་ལྷ། །རྣམ་གསུམ་གཅིག་བསྡུས་མཚོ་སྐྱེས་བླ་མ་ཡིས། །མི་ཡི་དབང་མོའི་སྐུ་ཚེ་ཡུན་དུ་བརྟན། །ལེགས་མཛད་ཕྱོགས་བཅུར་འཕེལ་བའི་བཀྲ་ཤིས་སྩོལ། །དེ་སྲིད་ཐུགས་རྗེའི་སྤྱན་རས་ཀྱིས། །འདིར་ཡང་སྔར་བཞིན་བཙའ་བ་ནས། །གསུང་མཆིད་བདུད་རྩིའི་ཆར་འབེབས་བཞིན། །རིང་མིན་དགྱེས་ཞལ་མཇལ་བར་སྨོན། །ཞེས་པའི་ཞུ་མཆིད་ཀོ་ཀི་ལ། །བརྗོད་པ་སྙན་པ་གླུ་ལེན་ཅིང་། །རྟེན་དངོས་གཤོག་རླབས་གཡོ་དང་བཅས། །གང་ཞབས་དགའ་བའི་ཚལ་དུ་སོང་། །ས་འབྲུག་དབོ་ཟླའི་གྲལ་ཚེས་དགེ་བར་གུས་པས་ཕུལ་བ་སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ།། ༈ །།ཨོ་་སྭསྟི། བསོད་ནམས་བྱེ་བའི་ཆུ་གཏེར་བསྲུབས་པའི་ཕུལ། །མཛེས་སྡུག་སྣང་བརྙན་ཐོག་མར་འཆར་བའི་མོད། །ཕུན་ཚོགས་ཤིས་དགུའི་ལང་ཚོ་དར་བབས་པའི། །ལྷ་སྲས་ཟླ་བ་གཞོན་ནུའི་ཞབས་སྟེགས་སུ། །པུཎྜ་རི་ཀའི་རྗེས་སུ་འགྲོ་བའི་ཡིད། །གསུང་མཆིད་བདུད་རྩིས་རེག་པའི་དེ་མ་ཐག །སླར་ཡང་གུས་པའི་འདབ་བརྒྱ་བྱེ་བཞིན་དུ། །ཞུ་གསོལ་སྦྲང་རྩིའི་བསུང་ཞིམ་ཅུང་ཟད་འབུལ། །གང་ནས་རིགས་ཀྱིས་


JKT020_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བའི་སཱ་ལའི་ལྗོན། །ཡོན་ཏན་མེ་ཏོག་དུ་མའི་སྒེག་འཆང་ཞིང་། །བསྔགས་འོས་འབྲས་བཟང་ཀུན་གྱིས་དུད་པ་ནི། །རིས་བྲལ་བསྟན་འགྲོའི་ཉེར་འཚོ་གཅིག་ཏུ་གྱུར། །འདིར་ཡང་བླ་མ་མཆོག་གསུམ་ཐུགས་རྗེའི་དཔྱིད། །རྫོགས་ལྡན་དུས་ཀྱི་དགེ་བཞིན་ལ་རེག་པས། །ཉེར་འཚེའི་གདུང་བ་ཆེན་པོས་མ་ནོངས་བཞིན། །ལྷག་བསམ་དག་པའི་པདྨོ་ཅིར་ཡང་དགོད། །ཁྱད་པར་ཡི་གེའི་གཟུགས་མཚར་པོས། །བརྗོད་པ་སྙན་པའི་བཀའ་གླེགས་ནི། །སྤྱི་བོའི་པད་མཚོར་ཐོབ་པ་ལས། །གུས་སྤྲོའི་འདབ་བརྒྱ་ལྷག་པར་བྱེ། །མཚམས་ཞུས། སླད་མའི་ཆར་ཡང་འཇིག་རྟེན་ན། །དགེ་ལེགས་དཔལ་སྟེར་གསང་བ་གསུམ། །འཚོ་གཞེས་ཕྲིན་ལས་རྒྱས་པའི་དཔྱིད། །གསོལ་འདེབས་རྨད་བྱུང་འདི་ལྟར་བསྒྲེངས། །ཨོཾ་སྭསྟི་ཀུརྦཅུ། ལེགས་བྱས་བདུད་རྩིའི་བརླན་གྱིས་རབ་བསྒོས་པ། །མཚན་བཟང་འཆི་མེད་སྤྲིན་གྱི་ཕུང་པོ་ནི། །མི་མཐུན་དུས་ཀྱི་རླུང་གིས་གཡོ་མེད་པས། །ལྟོས་བཅས་སྐྱེ་རྒུའི་ཉེར་འཚོ་སྦྱིན་གྱུར་ཅིག །དབྱངས་ཅན་མགྲིན་པར་ཆགས་པའི་ལེགས་གསུང་ཕུལ། །སྙན་བརྗིད་དབྱར་རྔའི་རོལ་མོ་འཁྲོལ་བའི་མོད། །མཐའ་གཞིའི་དྲེགས་ལྡན་ཐམས་ཅད་ཟིལ་མནན་ནས། །སྐལ་བཟང་མདོངས་མཐའི་དགའ་སྟོན་རྒྱས་པར་ཤོག །ལུགས་གཉིས་རྒྱ་མཚོར་འཇུག་པའི་མཁྱེན་རབ་ཀྱིས། །དཔྱོད་ལྡན་ཡིད་ཀྱི་བརྟན་པ་


JKT020_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་བཞིན་ཏུ། །ཡོན་ཏན་ནོར་བུའི་དོ་ཤལ་འོད་འབར་ཞིང་། །ཕྲིན་ལས་འདོད་དགུའི་དགེ་མཚན་རྒྱས་གྱུར་ཅིག །དེ་སྲིད་ཀུན་ཏུ་འདི་ན་ཡང་། །ཐུགས་བརྩེའི་འཇུག་པས་རབ་བཟུང་སྟེ། །མཉན་འོས་བཀའ་ཟླ མཆིད་སྩོལ་བ་དང་། །ཕན་བདེའི་དུས་སྟོན་རྒྱས་པར་སྨོན། །ཅེས་པའི་ཞུ་མཚོན་ལྷའི་རེག་བྱ། འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་སྣང་བརྙན། སྒྲུབ་ཐབས་ཀྱི་གླེགས་བུ། རིག་པའི་འཁོར་ལོ། དམ་རྫ་ས་ལེ་ཚན་བཅས་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེ་ས་ཟླ་༢ཚེས་༥དགེ་བར་གུས་ཕུལ།། ༈ །།ཨོཾ་སྭསྟི་སིདྡྷཾ། ཚེ་མཐའ་ཡས་པའི་ཕྱག་གིས་དབུགས་དབྱུང་ཞིང་། །ཡིད་བཞིན་འཁོར་ལོས་འཆི་མེད་ཟིལ་དངར་སྩོལ། །རྣམ་པར་རྒྱལ་མས་བར་ཆད་ཀུན་བསལ་ནས། །ཁྱེད་ལ་རྟག་ཏུ་དགེ་ལེགས་སྦྱིན་གྱུར་ཅིག །བསོད་ནམས་བྱེ་བའི་དཔལ་གྱིས་མངོན་མཐོ་ཞིང་། །ལུགས་གཉིས་ཀུན་ལ་རྣམ་དཔྱོད་མཆོག་ཏུ་གསལ། །བསྟན་པའི་གདུགས་དཀར་བསྒྲེང་བའི་སྙིང་སྟོབས་ཅན། །མཚུངས་མེད་དམ་པ་མཆོག་གི་མདུན་ས་དེར། །ཞུ་གསོལ། དེང་དུས་སྒྲུབ་བརྒྱུད་སྙིང་པོ་སྟག་ལུང་པའི། །བཤད་སྒྲུབ་ལས་གསུམ་འདུས་པའི་རི་བོའི་སུལ། །ཆོས་དང་སྲིད་ཀྱི་འབྱོར་པ་ཆེན་པོ་ཡི། །ནོར་བུའི་དོ་ཤལ་གསར་པས་མཛེས་པ་གང་། །མཐོ་རིས་ཡོན་ཏན་བདུན་གྱི་སྐྱེད་ཚལ་ན། །འཁོར་ལོ་བཞི་དང་ལྡན་པའི་དཔག་བསམ་དབང་། །


JKT020_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་འཚེའི་དུས་ཀྱི་རླུང་གིས་མི་གཡོ་བཞིན། །འདོད་དགུའི་གྲིབ་བསིལ་སྣུམ་པོར་འཆར་བ་ནས། །འདི་ན་དགྱེས་བརྩེའི་བཀའ་མཆིད་གླེགས་བུ་དང་། །རིན་ཆེན་གཉིས་པའི་སྐྱེས་བཅས་སོན་པ་ཡིས། །ཡིད་སྤྲོའི་བཀའ་དྲིན་ཐོབ་པའི་དགེ་སྦྱོང་ཡང་། །བླ་མ་མཆོག་གསུམ་ཐུགས་རྗེས་འཚོ་བཞིན་མཆིས། །མཚམས་ཞུས། །སླད་མའི་ཆར་ཡང་། རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་མཚོ་སྐྱེས་བླ་མ་གཏེར་ཆེན་རྗེའི། །བྱིན་རླབས་ཐུགས་རྗེས་མངོན་པར་དབུགས་དབྱུང་དམ་པ་མཆོག་གི་མཛེས་སྐུའི་ཁམས། །མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་ཅིང་ལེགས་མཛད་བདུད་རྩིའི་འོད་དཀར་པོས། །ལྟོས་བཅས་ཀུན་དགའི་ངལ་འཚོ་དར་བབས་འདིར་ཡང་རྗེས་སུ་བརྩེ་བར་མཛོད། །ཅེས་པའི་ཞུ་མཚོན་བཅས།། ༈ །།ཨོཾ་སྭསྟི། གཏེར་ཆེན་བླ་མའི་ཕྲིན་ལས་ཀྱི། །ཤིང་རྟ་ཤཱི་མཱི་ཛྙཱ་ནའི་མཚན། །འཚོ་གཞེས་ལེགས་མཛད་རྒྱས་པ་ནས། །འཕྲིན་ཡིག་རྟེན་བཅས་སོན་པས་སྤྲོ། །འདི་ན་དགེ་སྦྱོང་རྒན་པོ་ཡང་། །འདུ་བ་རྣལ་མར་མི་གནས་པས། །མཚམས་རྒྱའི་མིང་གིས་སྒྲོ་བཏགས་ཏེ། །འདུ་ཤེས་གསུམ་གྱི་མལ་དུ་འཁུམས། །སླད་མའི་ཆར་ཡང་སྲས་བཅས་ཀྱི། །རྒྱལ་བས་ཁྱེད་ལ་བྱིན་བརླབས་པས། །རིང་འཚོའི་དགེ་མཚན་རྒྱས་པ་དང་། །ཐུགས་བཞེད་ཆོས་བཞིན་འཕེལ་བར་སྨོན། །ཞེས་པའི་ཞུ་མཚོན་ལྷ་རེག །འཇམ་དཔལ་


JKT020_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་གླེགས་བམ་དང་དམ་རྫས། ཤེས་རབ་ཀྱི་རལ་གྲིའི་མཚོན་བྱེད་བཅས་ཟླ་༡ཚེས་༡༨དགེ་བར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེས་ཕུལ་བ་དགེ། ༈ །།ཨོཾ་སྭསྟི། རྟོགས་པའི་ཡེ་ཤེས་ལྷུན་གྲུབ་པ། །འཚོ་ཁམས་པདྨོ་རྒྱས་པ་དང་། །བསྔགས་འོས་འབྲས་བུས་དུད་པ་ནས། །གསུང་བྲིས་རྟེན་དང་བཅས་པ་ཡི། །ཟིལ་དངར་ཐོབ་པའི་དགེ་སྦྱོང་ཡང་། །རྣམ་པར་འགྱུར་བའི་གཞན་དབང་ལ། །བརྟེན་ནས་བསམ་གཏན་ཁང་བུ་རུ། །སྙོམས་ལས་ཁོ་ནའི་མལ་དུ་མནལ། །སླད་མའི་ཆར་ཡང་ཕུན་ཚོགས་རྟེན། །འཆི་མེད་རྟག་པའི་དཔལ་འབར་ཞིང་། །ཉམས་རྟོགས་ཡོན་ཏན་གོང་འཕེལ་ནས། །དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའི་ཞུ་མཚོན་ལྷ་རེག །འཆི་མེད་གྲུབ་པའི་གླེགས་བུ་དང་དམ་རྫས། སྔགས་མདུད་བཅས་ཟ་འོག་གི་ཚལ་བུས་ལྕིབས་ཏེ་ཟླ་ཚེས་ལ་ཕུལ།། ༈ །།ཨོཾ་སྭསྟི་སིདྡྷཾ། སྲས་བཅས་རྒྱལ་བས་བསྔགས་མཛད་པའི། །རིག་དང་བརྩེ་བ་རྨད་བྱུང་བ། །གཞན་དོན་སྤྲུལ་པའི་ཟློས་གར་ཅན། །རྡོ་རྗེ་འཛིན་དབང་མཆོག་གི་དྲུང་། །གུས་གསོལ། གཞི་རྒྱུད་རྟག་པ་དམ་པ་ལས། །ལམ་རྒྱུད་རིག་པ་འཛིན་པའི་ཚུལ། །འབྲས་རྒྱུད་ཕན་བདེའི་ཕྲིན་ལས་ཅན། །འཚོ་གཞེས་ལེགས་མཛད་རྒྱས་པ་ནས། །འཕྲིན་ཡིག་རྟེན་བཅས་འདིར་སོན་པས། །གུས་སྤྲོ་ཐོབ་ཅིང་དམན་བདག་ཀྱང་། །རྣམ་


JKT020_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གདུང་བའི་ཁུང་དང་བཅས། །འདུ་ཤེས་གསུམ་གྱི་མལ་དུ་འཁུམས། །མཚམས་ཞུས། སླད་མའི་ཆར་ཡང་། ཁྲག་འཐུང་དགའ་བའི་ཡེ་ཤེས་དཔྱིད། །བདེ་ཆེན་འབར་བའི་རྡོ་རྗེ་རྩལ། །འཆི་མེད་གྲུབ་པའི་ཕྲིན་ལས་བཅས། །འདིར་ཡང་རྗེས་སུ་བརྩེ་བར་མཛོད། །ཅེས་པའི་ཞུ་མཚོན་ལྷ་རེག །ལམ་གྱི་རིམ་པའི་གླེགས་བམ་ཨ་མྲྀ་ཏ་ཕྱེ་རིལ། རིན་པོ་ཆེའི་སོར་གདུབ་བཅས་ཟླ་ཚེས་ལ་ཕུལ།། ༈ །།ཨོཾ་སྭསྟི་s སིདྡྷཾ། དགེ་ལེགས་མཚན་གྱི་སྒེག་འཆང་བ། །འཚོ་ཁམས་དཔག་བསམ་དར་བབས་ཤིང་། །ལེགས་མཛད་ཡལ་འདབ་རྒྱས་པ་ནས། །བརྩེ་བས་ཁྱབ་པའི་གསུང་མཆིད་ནི། །རྟེན་དང་བཅས་པ་འདིར་སོན་༧ པས། །ཡིད་སྤྲོ་ཐོབ་པའི་དམན་བདག་ཀྱང་། །རྣམ་འགྱུར་མལ་དུ་མནལ་བཞིན་མཆིས། །སླད་མའི་ཆར་ཡང་བསྔགས་འོས་མཆོག །ཡུན་དུ་འཚོ་བའི་དཔལ་འབར་ཞིང་། །དམ་པའི་ཆོས་དང་མཐུན་པ་ཡི། །དགོངས་བཞེད་ལྷུན་གྱིས་གྲུབ་པར་སྨོན། །ཞེས་པའི་ཞུ་མཚོན་ལྷ་རེག །འཆི་མེད་ཚེའི་གཟུངས་དང་། དམ་རྫས། རས་ཀྱི་རྣལ་མའི་ཆུན་པོ་བཅས་ཟླ་༡ཚེས་༡༨དགེ་བར་ཕུལ།། ༈ །ཨོཾ་སྭསྟི་སིདྡྷཾ། བསླབ་གསུམ་རིན་ཆེན་བྱེ་བའི་དོ་ཤལ་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྤོབས་པ་ཅན། །འཚོ་གཞེས་ཕན་བདེའི་ལེགས་མཛད་རྒྱས་པ་ནས། །འཕྲིན་ཡིག་རྟེན་དང་བཅས་པ་འདི་ན་སོན། །དེ་ཚེ་སྤྲོ་བའི་


JKT020_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིས་རབ་དགའི་ཡིད། །དབྱར་གྱི་པདྨོ་ལྟ་བུར་རྒྱས་གྱུར་པའི། །དམན་པ་བདག་ཀྱང་རྣམ་འགྱུར་གཞན་དབང་གིས། །འདུ་གསུམ་མལ་དུ་མཚམས་རྒྱའི་མིང་གིས་བརྗིད། །སླད་མའི་ཆར་ཡང་གྲུབ་པའི་བདུད་རྩིའི་བཅུད། །དྷཱུ་ཏིའི་སྲོག་ཏུ་སོང་བས་བསྐལ་པ་བརྒྱར། །རྡོ་རྗེ་འཛིན་པའི་རྒྱན་དུ་འཚོ་གཞེས་བཞིན། །ཕྲིན་ལས་བསྟན་འགྲོའི་དཔལ་དུ་རྒྱས་པར་སྨོན། །ཞེས་རྩེ་གཅིག་པའི་ཡིད་ཀྱི་ཞ་མཚོན་། ལྷ་རེག །རྣམ་སྣང་ལོ་ཙཱ་བའི་སྤྲུལ་པའི་སྐུ་སྔ་ཕྱིས་ལེགས་པར་བསྒྲུབས་པའི་སྙིང་ཏིག་གི་གླེགས་བམ་མྱོང་གྲོལ་གྱི་དམ་རྫས་བཅས་རས་སྲབ་མོས་ལྕིབས་ཏེ་རབ་མྱོས་ཆོ་འཕྲུལ་ཟླ་བའི་ཤར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་དགེ་བར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེས་གུས་ཕུལ་དགེ་ཞིང་བཀྲ་ཤིས།། ༈ །།རིན་ཆེན་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ཤིང་། །དར་ཞིང་རྒྱས་ལ་འཆད་རྩོད་རྩོམ་པ་ཡིས། །དྲི་མེད་ཐུབ་བསྟན་ཕྱོགས་བརྒྱར་སྣང་མཛད་པས། །འཕྲིན་ཡིག་རྟེན་བཅས་སོན་པས་རབ་ཏུ་སྤྲོ། །འདི་ན་ཁམས་འདུས་སྦྲུལ་གྱིས་ཕུང་པོའི་ཚོགས། །ཟས་སུ་ཟ་བར་ཉེ་བའི་དགེ་སྦྱོང་གཟུགས། །འདུ་ཤེས་གསུམ་གྱི་མལ་དུ་མནལ་བ་ལ། །སུ་དང་མི་འཕྲད་སྐུ་མཚམས་དམ་མོ་ལོ། །སླད་མའི་ཆར་ཡང་བསླབ་གསུམ་རིན་ཆེན་གྱིས། །ཕན་བདེའི་དགེ་མཚན་དར་རྒྱས་རྫོགས་ལྡན་མགྲོན། །བསྟན་དང་འགྲོ་བའི་


JKT020_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུ་འགུགས་མཛད་གང་། །བསྐལ་བརྒྱར་འཚོ་གཞེས་ཕྲིན་ལས་མཁའ་ཁྱབ་སྨོན། །ཅེས་པའི་ཞུ་གསོལ་རྨད་དུ་བྱུང་བའི་སྐྱེས་ཀྱི་དམ་པ་ལེགས་པར་བཤད་པ་སྣ་ཚོགས་པའི་གླེགས་བུ་དང་། སྐུ་ཚེའི་རིལ་བུ་དར་གྱིས་ལྕིབས་ཏེ་ཟླ་ཚེས་དགེ་བར་བན་རྒན་མཉྫགྷོ་ཥས་གུས་ཕུལ་སུ་ཤེ་ཡསིདྡྷི་རསྟུ།། ༈ །།ན་མཤྲཱི་གུ་ར་བེ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཁྱབ་བདག་དཔལ་ལྡན་བླ་མ་ཡིས། །དོན་བརྒྱུད་དགོངས་པའི་བྱིན་རླབས་ཀྱིས། །ཁྱོད་ལ་རྟག་ཏུ་ཤིས་པར་མཛོད། །དམ་པས་བསྔགས་པའི་དབེན་གནས་སུ། །རྩེ་གཅིག་སྒྲུབ་ལ་གཞོལ་བ་གང་། །རྣམ་དཀར་སྤྱོད་ཚུལ་གོང་འཕེལ་བཞིན། །འཚོ་ཁམས་དགེ་བར་བཞུགས་ལགས་སམ། །འདི་ན་མཆིས་པའི་དགེ་སྦྱོང་གཟུགས། །མཆོག་གསུམ་ཐུགས་རྗེ་ལ་བརྟེན་ནས། །ཉེར་འཚེའི་སྦྱོར་བ་དང་བྲལ་བཞིན། །དམ་ཆོས་འཆད་ཉན་སྤེལ་བར་མཆིས། །སླར་ཡང་བསླབ་བྱའི་སྙིང་པོ་ནི། །ནམ་འཆི་ཆ་མེད་དྲན་པ་དང་། །སྲིད་ལས་ངེས་པར་འབྱུང་བའི་བློས། །བྱང་ཆུབ་སེམས་གཉིས་རྟག་ཏུ་བསྒོམ། །ཁྱབ་བདག་རིག་སྟོང་གཉུག་མའི་གཤིས། །བརྗོད་བྲལ་ངང་ལས་མ་གཡོས་བཞིན། །སྣང་གྲགས་རྟོག་ཚོགས་ལྷ་ཚོགས་དང་། །ཡེ་ཤེས་ཆེན་པོས་རོལ་པར་ཁྱེར། །དེ་ལྟར་རྟོགས་ན་བླ་མ་དང་། །ནམ་ཡང་འབྲལ་བར་མི་སྲིད་དོ། །ཐུགས་ཡིད་གཅིག་ཏུ་འདྲེས་


JKT020_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། །མཆོག་གི་དངོས་གྲུབ་ཐོབ་པར་ངེས། །མདོར་ན་ཆོས་བཞིན་སྤྱོད་པ་ལ། །འགལ་རྐྱེན་ནམ་ཡང་མི་འབྱུང་ཞིང་། །མཐུན་རྐྱེན་ཕུན་སུམ་ཚོགས་པ་ཡིས། །དོན་གཉིས་ལྷུན་གྱིས་འགྲུབ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

འཇམ་མགོན་རིན་པོ་ཆེའི་མདུན།


JKT020_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

༈ ལྷར་བཅས་བསྟན་འགྲོ་ཡོངས་ཀྱི་གཙུག་རྒྱན་འཇམ་མགོན་བླ་མ་རིན་པོ་ཆེའི་ཞབས་པད་དུ། གུས་གསོལ། སྐུ་བསོད་ནམས་ཆེན་པོའི་གཟི་བྱིན་ལྷམ་མེར་གསལ། །གསུང་ཆོས་སྒོ་མཐའ་ཡས་པ་ལྷང་ངེར་སྤྲོ། ཐུགས་ཤེས་དང་ཤེས་བྱ་མི་ཕྱེད་པའི་ཡོན་ཏན་དང་ཕྲིན་ལས་གཞལ་དུ་མེད་པ་ནས་བཀའ་གླེགས་ཞིབ་མོ་ནོར་བུའི་མུ་ཀུ་ཊ་སྐྱེས་བཟང་པོའི་འཕྱངས་འཕྲུལ་ཅན་སྤྱི་བོར་སོན་པས་གུས་སྤྲོ་ཕན་ཚུན་འགྲན་བཞིན་འཕེལ་བ་ནི་ཟླ་བའི་ཆ་ཤས་གངས་ལ་འཛེགས་པ་ཇི་ལྟ་བའོ། །འདི་ན་མགོན་པོ་གང་གི་ཐུགས་རྗེའི་སྐྱབས་སྦྱིན་གྱི་འོག་ཏུ་ངལ་འཚོ་བའི་དགེ་སྦྱོང་རྒན་པོའང་། འདུ་ཁམས་ཤིན་ཏུ་མི་བདེ་བ་རྒྱུན་ཆགས་པ་ལས་བདག་གིར་བགྱི་བའི་ཚུལ་དུ་ཁུར་བཟོད་པར་བྱས་ཏེ་བསམ་གཏན་གྱི་ཁང་བུར་ཉམ་ཆུང་སེམས་ཆུང་འཁོས་ཆུང་དུ་འཁུམས་པར་མཚམས་རྒྱའི་མིང་གིས་སྒྲོ་བཏགས་ཏེ་མཆིས། མཚམས་ཞུས། ཇི་ཕེབས་ཤར་ཕྱོགས་ཏི་ཕུ་ཚུན་ཞབས་སེན་བཀྲ་ཤིས་ཀྱི་རེ་ཁཱ་བཀོད་དེ། འབྲེལ་ཚད་དོན་ལྡན་གྱི་མཛད་པ་མཁའ་ཁྱབ་ཏུ་སྣང་བ་ནས་དེང་འཆི་མེད་གྲུབ་པས་བྱིན་གྱིས་བརླབས་


JKT020_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་གྲྭར་ས་སྤྱོད་དམ་པའི་ཐུགས་ཀྱི་བཞེད་སྐོང་ཡེ་ཤེས་མགོན་པོ་རྣམ་པར་རོལ་པའི་ཞིང་ཁམས་འདུ་མཛད་པའི་ཆོ་འཕྲུལ་ལ་ཞུགས་པ་སོགས་བཀའ་དྲིན་བསམ་ལས་འདས། ན་ནིང་བདེ་གཟིར་སྐབས་སེམས་ཅན་སྤྱིའི་ལས་ཤུགས་བཟློག་དཀའ་ཞིང་། ལྷག་པར་སྙིགས་མའི་དུས་ཀྱི་སྐྱེ་བོའི་བསམ་སྤྱོད་སྨྱོན་པའི་ཟློས་གར་ལ་མཛད་ཐབས་བྲལ་བ་གཞིར་བཅས། ཟླ་ལ་སོགས་དུས་འགྱུར་མི་བཟད་པ་དེ་བཞིན་ཀླ་ཀློའི་འཇུག་པས་བསྟན་པའི་ལྷག་ཞབས་སྡུད་པ་ལ་ཡིད་སྐྱོའང་བྱ་ཐབས་བྲལ། ཕན་མཛད་རེ་རེ་ཙམ་ཡོད་དུ་ཟིན་ཀྱང་ཡིད་སྲུབས་ཀྱི་ཕྲིན་ལས་པ་རྣམས་ཀྱི་གཞན་དབང་གིས་དུག་སྦྲུལ་གདུག་པ་ཅན་གླལ་པའི་ཉེ་ལོགས་ཀྱི་མར་མེ་བཞིན་དུ་གྱུར། དེ་ལྟ་མོད་ཀྱི་སྐྱེས་བུ་དམ་པའི་ཐུགས་བསྐྱེད་ནི་ཚད་མེད་པས་ཇོ་ཤཱཀ་རིན་པོ་ཆེ་རྣམ་གཉིས་སོགས་ཀྱི་སྤྱན་སྔར་རྒྱལ་བསྟན་ལྔ་ཕྲག་ཐ་མ་ཕྱིར་བསྲིང་བའི་སྨོན་གསོལ་གྱི་བཀའ་དྲིན་ཀྱང་ཅི་གནང་ཞེས་གསོལ་བ་འདེབས་པ་ལགས། །སླད་མའི་ཆར་ཡང་། ཉི་མ་བཞིན་དུ་མཚན་དཔེའི་གཟི་བརྗིད་བསྐལ་བརྒྱར་གསལ། །ཟླ་སྟེར་བདུད་རྩིའི་སྙེམས་པ་འཕྲོག་པའི་ཆོས་ཆར་འབེབས། །རྫོགས་ལྡན་སྤྲིན་ལྟར་ཕན་བདེའི་ཕྲིན་ལས་ཀུན་ཏུ་ཁྱབ། །དམན་པ་བདག་ཀྱང་བྱང་ཆུབ་བར་དུ་དབུགས་འབྱིན་མཛོད། །ཅེས་ཞུ་གསོལ་འདེབས་མཚོན་རྣམ་པར་དཀར་།


JKT020_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྷ་རེག །རིན་ཆེན་དང་པོ་སྲུང་འཁོར་ལྔ་བཅས་ཟླ་༣ཚེས་༢༥དགེ་བར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེས་དངོས་པོ་ཀུན་གྱིས་བཏུད་དེ་ཞུ་ཆུང་དགེ། །།

སྡེ་དགེ་རྒྱལ་པོའི་མདུན།


JKT020_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཨོཾ་སྭསྟི། ལྷ་ཡི་གྲོང་ཁྱེར་མཛེས་པའི་གཉེན། །ལྷ་དབང་གཉིས་པ་ས་འདིར་སྣང་། །ལྷར་བཅས་དགའ་སྟེར་མི་རྣམས་ཀྱི། །ལྷ་གཅིག་དམ་པའི་ཞབས་པདྨོར། །གུས་གསོལ། མཛེས་སྐུ་ཟླ་བ་གཞོན་ནུ་བཞིན། །མཛད་བཟང་འོད་དཀར་ཕྲེང་བ་བཞིན། །བཀའ་གླེགས་བདུད་རྩིའི་དོ་ཤལ་བཞིན། །འདི་ན་སོན་པས་ངལ་འཚོར་གྱུར། །མཚམས་ཞུས། ཏིཥྛནྟ་ཞེས་འཆི་མེད་ཀྱི། །བདེན་ཚིག་མེ་ཏོག་དཀར་པོའི་ཆར། །སྲས་བཅས་རྒྱལ་བས་ཁྱེད་ལ་སྩལ། །དགེ་ལེགས་རྟག་ཏུ་རྒྱས་གྱུར་ཅིག །ཅེས་པའི་ཞུ་མཚོན་བཅས་གུས་པས་ཚེས་རབཟང་པོར་འཕྲལ་ཞུས་མངྒལཾ། །སྡེ་དགེ་རྒྱལ་པོ་ལའོ།། ༈ །།ཨོཾ་སྭསྟི། བཀྲ་ཤིས་གླུ་ལེན་མེ་ཏོག་ཆར། །ཕྱོགས་བཅུའི་རྒྱལ་བ་དགྱེས་བཞིན་དུ། །ཁྱེད་ལ་མངོན་པར་དབང་བསྐུར་བས། །སྡེ་བཞིའི་དགེ་མཚན་དམ་གྱུར་ཅིག །ཧ་རི་ཙནྡ་བསྐྱོད་པའི་རླུང་། །སྙིང་ལ་འབབས་པས་མཚོན་མིན་པའི། །བཀའ་གླེགས་སྤྱི་བོར་སོན་པ་ལས། །གདུང་སེལ་ཟླ་བའི་བདུད་རྩིར་གྱུར། །མཚམས་ཞུས། འདོད་དགུའི་ལེགས་བྲིས་དགའ་ཚལ་དུ། །ནོར་གྱིས་འབྱོར་པའི་དཔག་བསམ་དབང་། །ཆོས་དང་ཐར་པའི་བསིལ་གྲིབ་ཅན། །བསྐལ་པ་རྒྱ་མཚོར་ཏིཥྛནྟུ། །ས་དེ་བ་ཀཱཪྻཾ་ནནྡ་ནཾ།། །།

དཔལ་ཀཿཐོག་རྡོ་རྗེའི་གདན་གྱི་ཆོས་སྨྲ་བའི་ཟླ་བ་རྨོག་སྟོན་གསང་བདག་ཆེན་པོའི་རྣམ་འཕྲུལ་སེང་ཁྲིར་མངའ་གསོལ་སྐབས་ལེགས་འབུལ་གྱི་ཡི་གེ་གསང་འཛིན་བཞད་པའི་དབྱངས་སྙན་སོགས།


JKT020_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

༈ དཔལ་ཀཿཐོག་རྡོ་རྗེའི་གདན་གྱི་ཆོས་སྨྲ་བའི་ཟླ་བ་རྨོག་སྟོན་གསང་བདག་ཆེན་པོའི་རྣམ་འཕྲུལ་སེང་ཁྲིར་མངའ་གསོལ་སྐབས་ལེགས་འབུལ་གྱི་ཡི་གེ་གསང་འཛིན་བཞད་པའི་དབྱངས་སྙན་ཅེས་བྱ་བ། ༈ །སྡེབ་སྦྱོར་མཉམ་པའི་བྲིཏྟ་ཡི་གེ་བཅོ་བརྒྱད་པ་བསྟན་འཛིན་ལ་རྣམ་གྲངས་སྤྱིར། ༢༦༢༡༤༤ མཆིས་པ་ལས། བྱེ་བྲག་ཨུདྡིཥྚ། ༣༧༨༥༧ གྱི་མཚམས་ནས་ཟིན་པ་མེ་ཏོག་གཡོ་བའི་འཁྲི་ཤིང་ཞེས་བྱ་བའི་པྲསྣ་རས་མཛེས་པར་བྱས་པ་ཛ་ཡནྟུ། །བཛྲསྶཱཤཱསཱུསུབརཤུདྷིཏཾསཱནུཙཱརོགཎཱམྦྷེ༔ ནིཏྟནནྟཱནཾསམཡསུབཙིསནྡྷདྷརྨསྱམགྷཻཿ ནཱགནྡནིབརསུགགནཾབྱཱསྟིདམྱསྱཀ། སིདྡྷཱམཱརཱཎཱནབཤུབྷརུཙིལཀྵཎཱལོཀབྷཱཡཱཏ། །རྡོ་རྗེའི་གནས་སུ་མཆོག་གི་སྟོན་པས་དག་པའི་འཁོར་ཚོགས་རྒྱ་མཚོ་ལ། །རྟག་པ་རྒྱུན་གྱི་དུས་སུ་ལེགས་འདོམས་མཐའ་ཡས་ཆོས་ཀྱི་ཕུང་པོའི་སྤྲིན། །སྐལ་བཟང་གདུལ་བྱའི་མཁའ་ལ་ཁྱབ་མཛད་མཆོག་གི་སྤྲུལ་སྐུ་གདེངས་ཅན་དབང་། །འཆི་མེད་གྲུབ་པའི་དགེ་མཚན་གསར་བས་འཇིག་རྟེན་ཀུན་ཏུ་སྣང་གྱུར་ཅིག ༡ །རྡུལ་བྲལ་ཤེས་རབ་འོད་གསལ་དབྱིངས་ལས་ཐབས་མཆོག་སྒེག་མོའི་གླུས་བསྐུལ་ཏེ། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རོལ་མོས་མགོན་ཁྱོད་སྲིད་འདིར་བཞེངས་པ་ན། །རྒྱལ་བའི་མྱུ་གུ་དམ་པ་ཉིད་ཅེས་ཐོག་མ་ཉིད་ནས་བསྔགས་བརྗོད་གཏམ། །ཚངས་ཆེན་ཞིང་འདིའི་ཕ་མཐར་བརྒལ་ལ་སླར་ཡང་ཚིག་གི་པདྨོས་


JKT020_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། ༢ །གང་ཞིག་རྟོགས་བྱའི་ཆོས་ཅན་ཇི་སྙེད་སྐུ་དང་ཡེ་ཤེས་རང་སྣང་བས། །དོན་དམ་ཆོས་ཉིད་གཞན་དུ་མ་དམིགས་བདེན་གཉིས་དབྱེར་མེད་ཟབ་མོའི་དོན། །ཇི་བཞིན་ཐུགས་སུ་ཆུད་པའི་རང་གཟུགས་གསང་བདག་དཔའ་བོར་གྲགས་འབར་བ། །རྒྱལ་བའི་མྱུ་གུ་གཞོན་ནུའི་ཟོལ་གྱིས་འཕགས་བཞིའི་སྤྱོད་ཡུལ་ཀུན་ཏུ་འཇུག ༣ །མཐའ་གཉིས་སྤྲོས་པ་དབུ་མར་བསྙིལ་བའི་སྟོང་པ་ཆེན་པོའི་འཆི་མེད་ལམ། །སྙིང་རྗེ་སྒྱུ་མའི་འདུ་འགོད་བྱེ་བས་ཕྱག་རྒྱ་གཅིག་སྤྲོས་ཟླ་ཚེས་ནི། །ཚོགས་ཀྱི་སྤྱོད་པའི་ཡར་ངོར་འཛེགས་ལས་བརྟུལ་ཞུགས་གྲུབ་པའི་ཆ་རྫོགས་པ། །ས་བཅུའི་དབང་ཕྱུག་ཀུན་གྱི་དབུས་ན་ལྷུན་གྲུབ་རིག་འཛིན་གར་གྱིས་རོལ། ༤ །ཆོས་དབྱིངས་ལོངས་སྤྱོད་རྫོགས་པའི་སྣང་བརྙན་སྤྲུལ་པའི་གཟུགས་གཞན་འཆར་བའི་སྐུ། །དངོས་གཅིག་དུ་མའི་ཚུལ་དུ་ཤར་བ་ཡེ་ཤེས་ཆེན་པོའི་བྱིན་འཆང་ཞིང་། །རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་པའི་མཛད་པ་ཕྲིན་ལས་མཐའ་ཡས་པས། །འཇིག་རྟེན་གསུམ་གྱི་འདྲེན་པར་བསྔགས་པའང་དོན་གྱི་སྙིང་པོས་རབ་ཏུ་ལྕི། ༥ །འོག་མིན་ཆེན་པོར་གདམས་ཤིང་གཏད་པའི་དགོངས་འགྲེལ་རྨད་བྱུང་རྡོ་རྗེའི་རྒྱུད། །རྣལ་འབྱོར་གསུམ་གྱི་སེང་གེའི་ང་རོས་ལོག་སྨྲ་རྣམས་ནི་མཐར་མཛད་པ། །རྒྱལ་བ་གཉིས་པའི་ཆོས་ཀྱི་ཁྲི་ལ་སྲས་བཅས་འདྲེན་པས་མངའ་གསོལ་བའི། །ཕུན་སུམ་


JKT020_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་དགེ་མཚན་སྣང་བས་བསྟན་པའི་རྫོགས་ལྡན་གསར་དུ་དྲངས། ༦ །དེ་སླད་གང་གི་ངོ་མཚར་རྣམ་ཐར་སྤྲིན་སྔོན་ཆུན་པོ་གཡོ་བའི་དཔྱིད། །མོས་གུས་མདོངས་མཐའི་སྙིང་དུ་སྡུག་པས་དད་གསུམ་ཟློས་པའི་གར་བསྒྱུར་བཞིན། །ཕྱག་གི་ཕྲེང་བས་མདུན་ནས་བདར་ཏེ་དངོས་པོ་ངེས་པར་བསྟན་པ་ཡི། །བརྗོད་པ་ཉུང་ངུའི་ངག་གི་རྒྱུད་མང་གཟུར་གནས་མཆོད་པའི་སྤྲིན་དུ་སྤྲོ། ༧ །སླར་ཡང་གསོལ་པ། ཨོཾ་སྭསྟི་ཤྲཱི་བི་ཛ་ཡནྟུ། མཚན་པའི་གདུགས་དཀར་ས་གསུམ་བླ་ན་བརྗིད་པའི་སྐུ། །མཁྱེན་གཉིས་གསེར་ཉ་ངག་ཚིག་དབྱངས་སུ་ཟློས་པའི་གསུང་། །འདོད་དགུའི་མཆོག་སྩོལ་བུམ་པ་བཟང་པོའི་ཐུགས་མངའ་བའི། །གསང་གསུམ་ཡོན་ཏན་སླར་ཡང་དྲན་པས་ཕྱག་བགྱིའོ། ༡ །དངོས་ཡིད་མཆོད་སྤྲིན་པདྨ་དཀར་པོས་མདུན་བདར་ཏེ། །སྟོབས་བཞིའི་དུང་གིས་སྒྲིབ་གཉིས་རིམས་ནད་འཇིལ་དང་བཅས། །མགོན་ཁྱོད་ངོ་མཚར་འཕགས་རྣམས་དགྱེས་པའི་བདུད་རྩི་ལ། །རྗེས་སུ་ཡི་རངས་སྙིང་གི་དཔལ་བེ་ཅིར་ཡང་བྱེ། ༢ །བཀྲ་ཤིས་གང་ཞིག་འཚོ་གཞེས་རྒྱལ་མཚན་བསྐལ་པ་རྒྱ་མཚོར་བརྟན་པ་དང་། །ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བས་བསྟན་འགྲོའི་ཕན་བདེ་མཐའ་ཡས་པའི། །སྭསྟིའི་དབྱངས་སྙན་ཕྱོགས་བརྒྱར་བསྒྲགས་པས་ཡིད་སྲུབས་སྡེར་བཅས་སྤ་བཀོང་སྟེ། །སྲིད་ཞིའི་དགེ་ལེགས་


JKT020_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལྡན་འབྱོར་པ་འཇིག་རྟེན་ཀུན་ཏུ་འཕེལ་གྱུར་ཅིག ༣ །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །ཞེས་པའང་སི་ཏུ་མཆོག་སྤྲུལ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་པའི་ཐུགས་བཞེད་སྐོང་སླད་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ནས་བྲིས་ཏེ་ཕུལ་བ་དགེ།། ༈ །།མི་འགྱུར་མཆོག་ཏུ་ཞི་བའི་ཡེ་ཤེས་དང་། །འཕོ་མེད་བདེ་བ་ཆེན་པོར་ཟུང་འཇུག་པའི། །རྩ་གསུམ་ཀུན་དངོས་མཚོ་སྐྱེས་བླ་མ་ཡིས། །ཕུན་%ཚོགས་ཚེ་དང་ཡེ་ཤེས་སྣང་བ་སྩོལ། ༡ །རྨད་བྱུང་ཚོགས་གཉིས་དམ་པའི་ཆུ་གཏེར་ནི། །ལེགས་བྱས་བྱེ་བས་བསྲུབས་པའི་སྙིང་པོའི་ཕུལ། །མཚན་བཟང་ཟླ་བ་བདུད་རྩིའི་དོ་ཤལ་ཅན། །རྣམ་ཀུན་འཆི་ཟླུ མེད་གྲུབ་པ་ཉིད་གྱུར་ཅིག ༢ །སྲས་བཅས་རྒྱལ་བས་ལེགས་པར་གསུངས་པ་ཡིས། །ལུང་གི་ཆོས་ཕུང་རྒྱ་མཚོའི་ཟིལ་དངར་གྱིས། །སྐལ་བཟང་ཡིད་ཀྱི་ཨུཏྤལ་ཁ་བྱེ་ནས། །ཕན་བདེའི་ལང་ཚོ་རྟག་ཏུ་རྒྱས་པར་མཛོད། ༣ །གང་དུ་སྤྲོས་པ་སྤངས་པའི་སྟོང་ཉིད་ལ། །དམིགས་མེད་སྙིང་རྗེ་ཆེན་པོ་སྐྱེས་པ་ཡིས། །མཁྱེན་བརྩེའི་གཟིགས་པས་བདག་སོགས་འདུས་པར་བཅས། །འདི་ནས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། ༤ །ཡོན་ཏན་ནོར་བུའི་རྔ་ཡབ་ལྷར་བཅས་ན། །བཟུང་བ་མེད་པར་འཁོར་བའི་ཕྲིན་ལས་ཀྱི། །སྣང་བས་སྲིད་ཞིའི་མུན་པ་འཇིལ་བ་དང་། །བྱང་ཆུབ་མཆོག་གི་ངལ་འཚོ་རྒྱས་པར་མཛོད།


JKT020_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀྱང་ཡང་སྲིད་ཀུན་ཏུ་བཤེས་ཁྱོད་ཀྱིས། །ཐེག་པ་ཆེན་པོའི་དགེ་བའི་བཤེས་མཛད་ཅིང་། །ཚུལ་གནས་ཐོས་བསམ་སྒོམ་པའི་ཡོན་ཏན་གྱིས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་གྱུར་ཅིག ༦ །མདོར་ན་འགྱུར་མེད་ཐུགས་རྗེའི་སྣང་བ་ཡིས། །ཕུན་ཚོགས་འཇིག་རྟེན་དགེ་བའི་ངོ་མཚར་ཅན། །མཆོག་གསུམ་བཀྲ་ཤིས་ཉིན་མོར་བྱེད་པ་ཡིས། །དགེ་ལེགས་ཤིས་པའི་པདྨོ་རྒྱས་གྱུར་ཅིག ༧ །ཅེས་ཤིས་པར་བྱ་བའི་ཚིག་གིས་མདུན་བསུས་ཏེ། དེང་གི་ཆར་ཡང་། རིག་གྲོལ་གྱི་ཡོན་ཏན་རྨད་དུ་བྱུང་བའི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་གང་གི་ཞལ་སྔ་ནས་ཚད་མེད་པའི་ཐུགས་རྗེས་རྒྱལ་བའི་བཀའ་གངས་ཅན་གྱི་ལྗོངས་སུ་འགྱུར་རོ་ཅོག་གི་ལྗགས་ལུང་རིན་པོ་ཆེ་ཡོངས་སུ་རྫོགས་པར་གནང་བའི་བཀའ་དྲིན་ནི་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་འཁོར་ཐབས་མ་མཆིས་ཀྱང་། ཕྱོགས་ཀྱི་རྒྱལ་ཁམས་ཉུལ་བའི་དཱ་རི་དྭ་ལ་ཡོ་བྱད་ཀྱི་དངོས་པོ་ཕྲ་བས་ཡིད་སྤྲུལ་གྱི་མཎྜལ་རྒྱ་ཆེར་སྤྲུལ་ཏེ་ཕུལ་བའི་མཚོན་བྱེད་དུ་དངོས་བཤམས་ཕྲ་མོ་ཙམ་བསྟར་བར། འབུལ་ལམ་ཞུ་ན་ཡེ་ཤེས་གཟིགས་པ་དམ་པས་ཡུད་ཙམ་བདག་གིར་མཛད་པ་དང་། སླད་མའི་ཆར། སྲིད་ན་བཀའ་དྲིན་མཚུངས་མེད་དགེ་བའི་བཤེས་གཉེན་ཆེན་པོ་གང་ཉིད་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་རྣམ་པར་དཀར་བའི་ཕྲིན་ལས་རྒྱས་པ་


JKT020_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གུས་ཕྲན་པའང་བྱང་ཆུབ་བར་དུ་ཐུགས་རྗེ་བཀའ་དྲིན་གྱིས་མི་བཏང་བར་གསོལ་བ་འདེབས་ན་བདེན་ཚིག་སྨོན་ལམ་གྱི་མཚམས་སྦྱོར་གྱིས་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། །། ༈ ཙྪནྟེནྡྲབཛྲནཱམསྱཔྲསཱརེ། །སུ་ཀྲྀཡཱསཱཀོཊིབྷཝིཀག རླཁཱིཤཏཾཔུཎྱསུཏེཛརསྨི། བྷབེའུམོཀྵསུཁབྷཱུཏིདཱདེ པཱདབྲཡཱདརྣམཎེསྙུམཱུལཾ། །དགེ་ལེགས་བྱེ་བའི་སྙིང་པོ་གཅིག་གྱུར་པ། །ཕུན་ཚོགས་བསོད་ནམས་ཕྲག་བརྒྱའི་གཟི་འོད་ཅན། །སྲིད་ན་ཐར་བདེའི་འབྱོར་པ་སྦྱིན་མཛད་པའི། །ཞབས་སེན་ནོར་བུའི་མེ་ལོང་མཆོག་གི་དྲུང་། ༡ །མོས་གུས་གིའུ་ཝཾ་བཅུད་ཀྱིས་རབ་བརླན་པའི། །དད་ལྡན་གཉིས་འཐུང་དུལ་བའི་ངང་ཚུལ་གྱིས། །འཇམ་མགོན་མཁྱེན་པའི་དཔྱིད་དཔལ་ལ་ཆགས་པས། །ཞུ་གསོལ་ཚིག་གི་མེ་ཏོག་ཅུང་ཟད་འཐོར། ༢ །གཟོད་ནས་གཞན་དོན་ཁོ་ནའི་རྗེས་སོང་བའི། །ཐུགས་བསྐྱེད་ཞོ་ཡི་སྙིང་པོ་ལྟར་དཀར་བས། །འདུ་མི་མཛད་བཞིན་ལྷུན་གྱིས་གྲུབ་པ་ཡི། །འཕགས་བཞིའི་སྤྲུལ་པའི་སྒྱུ་འཕྲུལ་ཅིར་ཡང་སྟོན། ༣ །ལྷག་པར་གྲུབ་པའི་རིགས་ཀྱི་དགའ་ཚལ་དུ། །མཚན་དཔེའི་དཱུརྱའི་འཁྲི་ཤིང་བསྐྱེད་བསྲིངས་པས། །གང་དུ་བསྙེན་པའི་མོད་ནས་ཕན་དང་བདེའི། །འཆི་མེད་དགའ་སྟོན་སྦྱིན་པའི་ངོ་མཚར་དང་། ༤ །གསུང་གི་བདུད་རྩི་ཆ་ཤས་རེ་རེས་ཀྱང་། །སྲིད་ཞིའི་གྲུབ་པ་སྟེར་མཛད་བིལྕེའི་འབྲས། ༼འདིའི་ནང་རི་མོ་ཡོད།༽


JKT020_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་དང་མཁས་པ་ཀུན་གྱིས་ལྷན་ཅིག་ཏུ། །དཔལ་སྟུག་ཡོངས་ཀྱི་བཀའ་བཞིན་སྤྱི་བོས་ནོད། ༥ །ཁྱོད་ཐུགས་མཁྱེན་གཉིས་ཆུ་གཏེར་ལས་བྱུང་བའི། །ཡོན་ཏན་བསྔགས་པ་མཐའ་ཡས་གཡས་འཁྱིལ་དུང་། །སྙན་པ་ཕྱོགས་མཐར་འགྲོ་བའི་ཕྲིན་ལས་ཀྱིས། །སྲིད་ན་ཀུན་མཁྱེན་གཉིས་པའི་གྲགས་དཀར་ལེན། ༦ །དེ་ལྟའི་གསང་གསུམ་འཚོ་གཞེས་བརྟན་པ་ནས། །བྱིན་རླབས་ལི་ཁྲིའི་ཐིག་ལེ་མཛེས་འབར་བའི། །བཀའ་ཡི་སྤྲིང་ཡིག་སྤྱི་བོར་སོན་པའི་མོད། །དད་སྤྲོའི་དགའ་བ་གཟུགས་ཅན་བཞིན་དུ་གྱུར། ༧ །འདིར་ཡང་མགོན་པོ་གང་གི་ཐུགས་རྗེའི་མཐུ། །གྲུབ་པའི་ཉུངས་ཀར་སྙེ་མས་བསྲུང་བ་ལས། །ཉེར་འཚེའི་གདུང་བ་བྲལ་དང་ཆབ་གཅིག་པར། །གསོལ་འདེབས་མགྲིན་པའི་རྒྱུད་མངའ་ཁྲོལ་བཞིན་མཆིས། ༨ །མཚམས་ཞུས། སླད་མའི་དུས་ཀྱང་གྲགས་པའི་གདུགས་དཀར་པོ། །བཟུང་བ་མེད་པར་སྲིད་ཞིའི་བླར་བརྗིད་པས། །ཤེས་རབ་གསུམ་གྱི་མིག་ལྡན་གསེར་ཉའི་ཚོགས། །མོས་གུས་ཆུ་གཏེར་དྭངས་པར་དབུགས་འབྱིན་བཞིན། ༡ །བསོད་ནམས་བྱེ་བའི་མཚན་དཔེའི་བུམ་བཟང་གི། །ཞབས་སེན་པདྨ་དཀར་པོ་བཞད་པའི་འཛུམ། །འཚོ་གཞེས་བསྐལ་བརྒྱར་བརྟན་པའི་དུང་གི་སྒྲས། །རྒུད་པ་ཕོངས་པའི་རིམས་ནད་འཇིལ་དང་བཅས། ༢ །ཐུགས་རྗེའི་དཔལ་གྱི་བེའུར་དམན་


JKT020_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀྱང་། །བརྩེ་ཆེན་ཡེ་ཤེས་གཟིགས་པས་བཅུག་པ་ལས། །མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་གྱིས། །ཕན་བདེའི་འཁོར་ལོས་སྒྱུར་བའི་བཀྲ་ཤིས་སྩོལ། ༣ །ཅེས་དགེ་ལེགས་ཤིས་པའི་ཚིག་གིས་གསོལ་བ་འདེབས་རྟེན་མཚོན་བྱེད་ཙམ་དུ་རྣམ་པར་དཀར་བའི་ལྷ་རེག །ཁྱད་པར་འཕགས་པའི་དམ་རྫས་བཀྲ་ཤིས་པའི་གྲངས་ལྡན། རིན་ཆེན་དཀར་པོ་སྲང་འཁོར་རྩེ་མོའི་གྲངས་བཅས་མདོ་ཁམས་སྡེ་དགེ་ལྷུན་གྲུབ་སྟེང་ནས་ལྕགས་སྤྲེལ་ཁྲུམས་ཟླའི་༨ཡར་ཚེས་༡༠དགེ་བར་སྐྱབས་འོག་ཐ་ཆུང་པ་ཐར་རྩེ་སྤྲུལ་མིང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གུས་པ་ཆེན་པོའི་ཕྱག་དང་བཅས་ཏེ་ཕུལ་བའི་ཞུ་ཡིག། ༈ །། ཨཱདེབློབཤམསུདྷ དཱིདྷིཡཱབནབརྙཏེཛསཱི། ཙྪནྟུདྡྷདིཏྟནཱམསུཔྲསཱརེ། མཉྫབྷིཀམཧཱཛཡཱངྒཱཔཱདིཔདྨཧསོབམཱུལཡོ༔ གཟོད་ནས་ཤིན་ཏུ་ཞི་བའི་ཆོས་ཉིད་ནི། །མཁྱེན་གཉིས་ལང་ཚོ་རྒྱས་པའི་གཟི་འབར་བ། །འཇམ་པའི་དཔལ་དངོས་རྒྱལ་བའི་མྱུ་གུ་ཆེའི། །ཞབས་ཀྱི་པདྨོ་བཞད་པའི་ཉེ་དྲུང་དུ། །མི་ཕྱེད་གུས་པས་མདུན་བདར་ཏེ་ཞུ་གསོལ། གཟུང་འཛིན་སྤྲོས་པར་གཞར་ཡང་མི་གནས་འོད་གསལ་ནམ་མཁའི་རྡོ་རྗེའི་དབྱིངས། །ཟུང་འཇུག་དབང་པོའི་གཞུ་ལྟར་མངོན་སྣང་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་སྤྲིན། །སྲིད་པའི་ཁམས་སུ་གཅིག་ཏུ་རྗེས་ཆགས་མཚན་དཔེའི་ཟླ་རིས་ཤར་ཙམ་གྱིས། །༼འདིའི་ནང་རི་མོ་ཡོད།༽


JKT020_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་རྒུད་པའི་མུན་པ་ཀུན་བསལ་ཕན་བདེའི་སྣང་བ་འབྱམས་སུ་ཀླས། །སྐད་ཅིག་རེར་ཡང་རིག་དང་བརྩེ་བ་ཕྲིན་ལས་འཇུག་པ་མཐའ་ཡས་པའི། །ཀུན་མཁྱེན་གཉིས་པའི་མཛད་པ་ཁོ་ནས་ཕྱོགས་དང་ཆ་བཅས་རྒྱས་འགེངས་བཞིན། །འཚོ་གཞེས་བརྟན་པའི་གཏམ་གྱི་རྔ་སྒྲ་བྱེ་བ་ཕྲག་བརྒྱའི་དགེ་མཚན་གྱིས། །འདུ་ཤེས་གསུམ་ལ་སྙོམས་པར་འཇུག་པའང་དད་བློ་དགེ་བའི་ཕྱོགས་སུ་དྲངས། །ལྷག་པར་འཕགས་རྣམས་སྙིང་རྗེའི་གཟིགས་པ་དམན་ལ་བརྩེ་བ་ཆོས་ཉིད་ཕྱིར། །མ་འདྲིས་བཞིན་དུ་མཉེས་ཤིང་གཤིམ་པའི་ལེགས་གསུང་བདུད་རྩིའི་སྤྲིན་གྱི་ཆར། །འདི་ན་དུས་སུ་སྨིན་པ་ཁོ་ནས་རབ་གུས་ཨུཏྤལ་རྒྱས་གྱུར་ཏེ། །བསམ་གཏན་ཁང་བུའི་པད་མཚོ་ལ་བརྟེན་ཞབས་བརྟན་བསུང་ཞིམ་སྤྲོ་བཞིན་མཆིས། །མཚམས་ཞུས། སླད་མའི་དུས་ཀྱང་སྲིད་ཞིའི་མཐར་སོན་འགྲོ་རྣམས་སྒྲོལ་བའི་ཐུགས་རྗེའི་སྤྱན། །གངས་ཀྱི་རི་བོའི་སུལ་འདིར་རིང་གཟིགས་འཆི་མེད་གྲུབ་པའི་རྒྱལ་རྔ་ཆེས། །ཡིད་སྲུབས་དཔུང་བཅས་ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་མཁའ་མཐར་ཁྱབ་པ་དང་། །འདིར་ཡང་ཡེ་ཤེས་གཟིགས་པ་དམ་པས་བྱང་ཆུབ་བར་དུ་དགེ་མཛད་གསོལ། །ཅེས་རྩེ་གཅིག་གུས་པས་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས་རབ་དཀར། །བཟང་ཇ་འཁོར་དྲུག་བཅས་དབྱུག་པ་ཟླ་བའི་གྲལ་ཚེས་མཆོག་ཏུ་དགེ་བར་སྡེ་


JKT020_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སྨན་ཤོད་རྫོང་གསར་དགོན་གྱི་བསམ་གཏན་ཁང་བུ་ནས། ཐར་རྩེ་སྤྲུལ་མིང་འཇམ་དབྱངས་མཁྱེན་བརྩེས་གུས་པ་ཆེན་པོས་ཕུལ་བའི་ཞུ་ཆུང་། །༅། །བྱམས་པའི་བདུད་རྩིས་ས་གསུམ་གདུང་སེལ་ཕྱིར། །ངག་དབང་འཇམ་དཔལ་གཞོན་ནུ་ངུར་སྨྲིག་ཟོལ། །བསྟན་འཛིན་བྱེ་བའི་ཁྱུ་མཆོག་མཁས་རྣམས་ཀྱིས། །སྙན་གྲུགས་ཕྱོགས་མཐར་སྒྲོགས་དེའི་ཞབས་པདྨོར། །གུས་པའི་ཡིད་ཀྱི་ཨུཏྤལ་དར་བབས་པར། །བཀའ་དྲིན་རྗེས་སུ་དྲན་པའི་ཉི་ཟེར་གྱིས། །དྲན་པས་དད་སྤྲོའི་འདབ་རྒྱ་དགོད་པའི་མོད། །ཞུ་གསོལ་བདུད་རྩིའི་བསུང་ཞིམ་ཅུང་ཟད་འཐུལ། །གཟོད་ནས་སྲས་བཅས་རྣམ་འདྲེན་ཇི་སྙེད་པའི། །ཡེ་ཤེས་ཆེན་པོའི་ངོ་བོར་མི་ཕྱེད་བཞིན། །སྲིད་ན་འཇིག་རྟེན་ཚུལ་དང་རྗེས་མཐུན་པར། །མཆོག་གི་སྤྲུལ་སྐུའི་ཟླ་ཤེལ་གཅིག་ཏུ་ཤར། །དེ་ཚེ་བསླབ་དང་གྲོལ་དང་ཕྲིན་ལས་ཕུལ། །ཀུན་མཁྱེན་གཉིས་པའི་ཆ་ཤས་ཡོངས་རྫོགས་བཞིན། །འཚོ་གཞེས་བརྟན་པའི་གཏམ་གྱི་སིམ་འོད་ཀྱིས། །གུས་སྤྲོའི་ཀུ་མུ་དད་པས་ཉིན་བཞིན་བྱེད། །འདི་ན་ཤིན་ཏུ་བྱིས་པའི་ཐ་ཤལ་ཡང་། །བླ་མའི་ཐུགས་རྗེས་ཉེར་འཚེའི་སྐབས་བྲལ་བཞིན། །བསམ་གཏན་ཁང་བུའི་མལ་དུ་གསོལ་འདེབས་ཀྱི། །བཟླས་བརྗོད་སྙིང་པོར་བགྱི་བའི་སྐལ་བཟང་ཐོབ། །མཚམས་ཞུས། སླད་མའི་ཆར་ཡང་མཁས་དང་གྲུབ་པ་དང་། །འཕགས་རྣམས་དགྱེས་པའི་ཆོས་ཀྱི་


JKT020_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུའི་ཁྲིར། །གསང་གསུམ་འཆི་མེད་མགོན་པོར་ཞབས་བརྟན་ཅིང་། །ཕན་བདེའི་ལེགས་མཛད་སྲིད་མཐར་ཁྱབ་དང་བཅས། །ཇི་སྲིད་བྱང་ཆུབ་བར་དུ་དམན་བདག་ཀྱང་། །སྔར་བཞིན་ཡེ་ཤེས་གཟིགས་པས་རྗེས་བཟུང་ནས། །ཚུལ་གནས་ཐོས་བསམ་སྒོམ་པའི་སྦྱོར་བ་ཡིས། །དོན་གཉིས་དགེ་མཚན་རྒྱས་པའི་བཀའ་དྲིན་སྩོལ། །ཅེས་རྩེ་གཅིག་གུས་པས་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་རྫས། ལྗོན་འདབ་སུ་ཝརྞའི་ཐིག་ལེ་བརྒྱད་པ་སྦག་གཉིས་བཅས་སྐྱབས་འོག་ཐར་རྩེ་སྤྲུལ་མིང་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གུས་པ་ཆེན་པོས་ཕུལ་བའི་ཞུ་ཆུང་།། ༈ །།རྫོགས་པའི་སངས་རྒྱས་འཇིག་རྟེན་སྨན་མཛད་ཐུགས་རྗེའི་གཟུགས། །ངག་གི་དབང་ཕྱུག་ངུར་སྨྲིག་འཛིན་པའི་རྣམ་རོལ་ཅན། །བསྟན་པའི་ཉི་མ་སྲས་བཅས་རྒྱལ་བས་རབ་བསྔགས་པ། །གང་དེའི་ཞབས་པད་སྲིད་ཞིའི་གཙུག་ན་མཐོ་བའི་དྲུང་། །མགོན་ཁྱོད་ཐུགས་རྗེས་ལྷག་པར་དགོངས་པའི་ཆོས་སྨྲ་ཚུལ། །བསམ་གཏན་བདུད་རྩིའི་བཏུང་བར་མངོན་དགའི་ཡིད་ཀྱི་ཚལ། །དད་སྤྲོའི་ཨུཏྤལ་འདབ་བརྒྱ་རྒྱས་པའི་ཁོང་གསེང་ནས། །གསོལ་འདེབས་བུང་བའི་གླུ་དབྱངས་ཅུང་ཟད་ལེན་ལ་ཕྱོགས། །གང་དུ་མཐའ་གཉིས་སྤྲོས་པ་བརྟུལ་བའི་ཕ་རོལ་ནས། །སྨོན་ལམ་སྙིང་རྗེའི་འཇུག་པ་གཞར་ཡང་མི་འགོག་ཕྱིར། །མཆོག་གི་སྤྲུལ་སྐུ་གདན་


JKT020_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཚང་བའི་རྣམ་རོལ་ཅན། །ལྷ་དང་བཅས་པའི་བསྟན་འགྲོའི་དཔལ་དུ་འཚོ་གཞེས་ཤིང་། །རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཐའ། །ནོར་བུའི་བ་གམ་རྒྱས་པར་དཀྲིགས་པའི་སྤྲིན་ཆེན་། ལས། །འདིར་ཡང་ལེགས་གསུང་འདོད་པ་འཇོ་བའི་ཆར་རྒྱན་གྱིས། །དད་སྒོའི་དགའ་སྟོན་ཉིན་རེ་བཞིན་ཡང་གཅིག་ཏུ་འཕེལ། །རྨོངས་དང་མ་རིག་འཐིབ་བུས་ནོན་པའི་དམན་བདག་ཀྱང་། །གང་གི་བྱིན་རླབས་ཟིལ་དངར་བཞིན་དུ་བཏུང་བ་ལས། །ལང་ཚོའི་འདུ་བྱེད་ཉམས་པར་མ་གྱུར་གསོལ་འདེབས་ཀྱི། །བཟླས་བརྗོད་མགྲིན་པའི་རོལ་མོར་འཁྲོལ་བའི་སྐབས་སུ་མཆིས། །མཚམས་ཞུས། སླད་མའི་ཆར་ཡང་སྐྱེ་འགག་མཚན་མ་རིང་དབེན་པའི། །རྡོ་རྗེའི་གསང་གསུམ་བསྐལ་པ་རྒྱ་མཚོར་ཞབས་བརྟན་ཅིང་། །ཕན་བདེའི་མཛད་པ་ནམ་མཁའི་ཕ་མཐར་སྙོམས་འཇུག་བཞིན། །བདག་ཀྱང་བྱང་ཆུབ་སྙིང་པོའི་བར་དུ་རྗེས་སུ་ཟུངས། །དེ་སྐད་གསོལ་མཚོན་རབ་དཀར་གྱི། །ལྷ་རྫས་ལེགས་བཤད་གླེགས་བམ་དང་། །རིན་ཆེན་གཉིས་པ་སྲང་འཁོར་བཅས། བཀྲ་ཤིས་ཟླ་བའི་ཚེས་ལ་ཕུལ། །ཅེས་སྐྱབས་འོག་ཐ་ཆུང་པ་ངོར་ཐར་རྩེ་སྤྲུལ་མིང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དངོས་པོ་ཀུན་གྱིས་བཏུད་དེ་གསོལ་བ་བཏབ་པ་སརྦ་དཱ་སུ་ཤེ་ཡོ་བྷ་བ་ཏུ།། ༈ །།བྱམས་དང་སྙིང་རྗེ་བྱང་ཆུབ་སྤྱོད་པ་མཐར་ཕྱིན་པས། །


JKT020_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཅན་ཀུན་ལ་ཕན་བདེའི་དགའ་སྟེར་སྣང་བའི་ཕུལ། །བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དགེ་མཚན་ཅན། །གང་དེའི་ཞབས་པད་སྲིད་ན་མཐོ་བའི་ཉེ་དྲུང་དུ། ༡ །རིང་ནས་རབ་གུས་དཔྱིད་ཀྱིས་བཟུང་བའི་ཀུ་མུ་དཱ། །སླར་ལ་ཡེ་ཤེས་གཟིགས་པའི་དབྱངས་སྙན་ཟླ་ཟེར་གྱིས། །རེག་པས་དད་བརྒྱའི་འཛུམ་སྒྲོས་བྱེ་བའི་ཁོང་གསེང་ནས། །གསོལ་འདེབས་བརྗོད་པ་བུང་བ་གཞོན་ནུའི་རྒྱུད་མང་ལེན། ༢ །མགོན་ཁྱོད་གཟོད་ནས་སྟོབས་བཅུ་མངའ་བའི་མཆོག་བརྙེས་ཀྱང་། །སྨོན་ལམ་སྙིང་རྗེའི་གཞན་དབང་ཁོ་ནས་འཇིག་རྟེན་འདིར། །མཚན་དཔེའི་སྣང་བརྙན་ཐོག་མར་འཆར་བ་ནས་བརྩམས་ཏེ། །སྲས་བཅས་རྒྱལ་ཀུན་ཕྲིན་ལས་འཇུག་པ་དུས་གཅིག་བཟུང་། ༣ །ལྷག་པར་རྡོ་རྗེ་ཞེས་བྱར་བརྗོད་པ་དོན་ལྡན་པའི། །ལུང་རྟོགས་ཆོས་ཀྱིས་མངོན་མཐོའི་ཁྲི་ལ་དབང་བསྒྱུར་བར། །ཕྱོགས་བཅུའི་རྣམ་འདྲེན་ཡོངས་ཀྱིས་བསྔགས་པའི་ཏམྦུ་རས། །འཚོ་གཞེས་བརྟན་པའི་ཤིས་བརྗོད་མེ་ཏོག་ཉིན་བཞིན་འཐོར། ༤ །དེ་ཚེ་བསླབ་གྲོལ་ཡིད་བཞིན་མཚོ་ལས་ཉེར་བླངས་པའི། །ཕུལ་བྱུང་རིག་དང་བརྩེ་བ་ནོར་བུའི་སྤྲིན་ཆེན་ལས། །འཆད་རྩོད་རྩོམ་པའི་འདོད་དགུའི་གྲུ་ཆར་མཐའ་ཡས་པས། །ཡོངས་རྫོགས་བསྟན་པའི་རྫོགས་ལྡན་གསར་པ་སླར་ལ་འཆར། ༥ །ཨེ་མ་དེ་ལྟའི་གཏམ་ཙམ་ཐོས་པའི་རྣ་ལུང་ཀྱང་། །


JKT020_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་མང་བསོད་ནམས་ཟོང་གིས་བསྒྲུབ་པའི་འོས་ཡིན་ན། །ཤིན་ཏུ་དམན་ལའང་ལྷག་པར་དགོངས་པའི་ལེགས་གསུང་གིས། །དབུགས་འབྱིན་ཐོབ་འདི་ཡང་སྲིད་ཀུན་ཏུ་རྙེད་པར་དཀའ། ༦ །དེ་སླད་མཚོ་བྱུང་ཡི་གེའི་གཟུགས་སུ་མངོན་སྤྲུལ་པར། །དད་གུས་སྤྲོ་བ་མཁའ་མཐས་མཚོན་མིན་འདུ་གསུམ་པའང་། །མགོན་ཁྱོད་བྱིན་རླབས་སྐྱབས་སྦྱིན་གྲིབ་མར་ངལ་འཚོ་བཞིན། །ཞབས་བརྟན་གསོལ་འདེབས་མགྲིན་པའི་རོལ་མོ་རྟག་ཏུ་འཁྲོལ། །མཚམས་ཞུས། འབྱུང་འགྱུར་ཆར་ཡང་། །གཟོད་ནས་འཆི་མེད་རྟག་པ་དམ་པའི་མཆོག་བརྙེས་ཕྱིར། །མཐའ་ཡས་འགྲོ་ཀུན་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །འཚོ་གཞེས་ཕྲིན་ལས་བདུད་རྩིའི་སྣང་བས་འཇིག་རྟེན་ན། །དགེ་ལེགས་ཤིས་པའི་པདྨོ་རྟག་ཏུ་རྒྱས་མཛད་གསོལ། །དེ་སྲིད་དུ་སྐྱབས་འོག་པའང་ཡེ་ཤེས་གཟིགས་པ་དམ་པའི་འབབ་སྟེགས་སུ་སྔར་བཞིན་བཙའ་བར་དངོས་པོ་ཀུན་གྱིས་བཏུད་དེ་གསོལ་བ་ལན་བརྒྱ་སྟོང་ཕྲག་དུ་མར་འདེབས་མཚོན་རྟེན་འབྱུང་ཙམ་དུ་བཀྲ་ཤིས་པའི་ལྷ་གོས་རིན་གཉིས་སྲང་འཁོར་གསུམ། བཟང་ཇ་སྒམ་བཅས་ཆུ་སྟོད་ཟླ་བའི་གྲལ་ཚེས་དགེ་བར་བཀའ་འབངས་ཐ་ཆུང་བ་འཇམ་དབྱངས་མཁྱེན་བརྩེས་མི་ཕྱེད་གུས་པ་ཆེན་པོས་ཕུལ་བའི་ཞུ་ཆུང་།། ༈ །།རྡོ་རྗེའི་སློབ་དཔོན་རྣམ་འདྲེན་ཡོངས་ཀྱིས་རབ་བསྔགས་པ། །ཡེ་ཤེས་མཐའ་ཡས་


JKT020_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་བདུད་རྩིའི་སྣང་བ་ཅན། །བཟང་པོའི་ཕྲིན་ལས་ཆ་ཤས་ཡོངས་གང་ཟླ་བ་ནི། །འཇིག་རྟེན་གསུམ་གྱི་སྒྲོན་མེ་ཉིད་དུ་བརྟན་གྱུར་ཅིག །གང་གི་ཐུགས་རྗེས་རབ་བཟུང་བའི། །དད་སྤྲོའི་པདྨོ་རྒྱས་པ་ལས། །ཞུ་མཆིད་རྐང་པ་དྲུག་པའི་གླུ། །རྒྱུད་མང་བཞིན་དུ་ཅུང་ཟད་ལེན། །འཁོར་བའི་ཚུ་རོལ་མི་གནས་ཡང་། །མྱང་འདས་ཕ་མཐར་གཞོལ་བའི་སར། །ཐེག་མཆོག་དགེ་བའི་བཤེས་ཀྱི་ཚུལ། །ཉི་མ་བཞིན་དུ་ལྷམ་མེར་གསལ། །འཕགས་དང་མཁས་པས་བསྔགས་འོས་པའི། །ལེགས་མཛད་ཕ་མཐའ་ཡས་པ་ནས། །འདིར་ཡང་ལྷག་པར་བརྩེར་དགོངས་པའི། །གསུང་གི་བདུད་རྩི་སྔ་ཕྱིར་ཐོབ། །དེ་ཚེ་གུས་དང་རབ་དགའ་བའི། །ལང་ཚོ་རྒྱས་པའི་དམན་པ་ཡང་། །བསམ་གཏན་ཁང་བུར་བག་ཕེབས་བཞིན། །ཁ་ཏོན་ཚུལ་ལ་གེགས་མེད་མཆིས། །མཚམས་ཞུས། སླད་མའི་ཆར་ཡང་སྲིད་ན་སྨན་མཛད་གསང་བ་གསུམ། །འཆི་མེད་གྲུབ་པའི་རྒྱལ་རྔ་རྟག་ཏུ་བརྡུང་བའི་མོད། །བསྟན་འགྲོའི་ཕན་བདེ་རྫོགས་ལྡན་བཞིན་དུ་དར་བབས་ཤིང་། །འདིར་ཡང་ཡེ་ཤེས་གཟིགས་པ་དམ་པས་སྔར་བཞིན་སྐྱོངས། །དེ་སྐད་ཞུ་གསོལ་འདེབས་པའི་རྟེན། །མཚོན་བྱེད་རབ་དཀར་ལྷ་རྫས་དང་། །རིན་ཆེན་གཉིས་པ་སྲང་འཁོར་བཅས། །བཀྲ་ཤིས་ཟླ་བའི་ཚེས་ལ་ཕུལ། །ཅེས་ཕྲན་ཆུང་ཐར་རྩེ་སྤྲུལ་མིང་པ་འཇམ་དབྱངས་


JKT020_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་བརྩེའི་དབང་པོས་གུས་ཤིང་དྭང་བ་ཆེན་པོས་གསོལ་བ་བཏབ་པ་ལགས།། །།མི་འགྱུར་འཆི་མེད་གྲུབ་པའི་ཡེ་ཤེས་གཟུགས་ཅན་བཞིན། །སངས་རྒྱས་སྲས་བཅས་གདུང་འཚོབ་དམ་པར་འཁྲུངས་པ་ན། །ཟླ ཀུན་ནས་དགའ་བའི་ཕན་བདེའི་འབྱོར་པས་འཇིག་རྟེན་གསུམ། །དགེ་མཛད་རྡོ་རྗེ་འཆང་དབང་ཞབས་པདྨོར། །སྒོ་གསུམ་གུས་པ་ཆེན་པོས་མདུན་བདར་ཏེ་ཞུ་གསོལ། །གཟོད་ནས་རབ་ཞི་བདེ་བར་གཤེགས་པའི་སྙིང་པོའི་ཁམས། །ཐབས་གྲོལ་ལམ་གྱིས་ཟུང་འཇུག་འབྲས་བུར་སད་པ་ལས། །དག་པའི་སྒྱུ་འཕྲུལ་བྱེ་བ་ཕྲག་བརྒྱར་འཆར་ལས་དེང་། །མཚོ་སྐྱེས་བླ་མ་མངལ་གྱི་པདྨོར་བརྟེན་པ་སྙམ། །དེ་སླད་འཚོ་གཞེས་དཔག་བསམ་སར་པའི་ལྗོན་པ་ནི། །ཕྲིན་ལས་ཡལ་འདབ་ཕྱོགས་ཀྱི་བུ་མོའི་མཐར་རྒྱས་པས། །བསྟན་དང་འགྲོ་ལ་ཕན་བདེའི་འདོད་དགུ་མཆོག་སྦྱིན་པའི། །གྲགས་དཀར་ཟླ་བ་བདུད་རྩིར་བཅས་པའི་དཔལ་ལ་འཕྱ། །རྒྱུད་དེས་དད་སྤྲོའི་ཆུ་གཏེར་རྒྱས་པའི་དམན་བདག་ཀྱང་། །མགོན་ཁྱོད་ཐུགས་རྗེའི་སྐྱབས་སྦྱིན་གྲིབ་མར་ངལ་འཚོ་ཞིང་། །བསམ་གཏན་ཁང་བུར་ཞབས་པད་བརྟན་པའི་གསོལ་འདེབས་ལ། །རྩེ་གཅིག་འགྲུས་པས་སྐལ་བ་བཟང་པོའི་དགེ་མཚན་ཐོབ། །མཚམས་ཞུས། སླད་མའི་དུས་ཀྱང་འགྱུར་མེད་རྟག་པ་དམ་པའི་སྐུ། །སངས་རྒྱས་ཕྲིན་ལས་ཡོངས་སུ་རྫོགས་ཕྱིར་ཞབས་


JKT020_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ཅིང་། །འགྲོ་ཀུན་དགའ་བའི་ལེགས་མཛད་སྲིད་ཞིར་ཁྱབ་པ་ནས། །འདིར་ཡང་ཡེ་ཤེས་གཟིགས་པ་དམ་པས་རྟག་ཏུ་སྐྱོངས། །ཞེས་ཞུ་གསོལ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས་རབ་། དཀར། ལྗོན་འདབ་གསེར་ཐིག་བརྒྱད་པ་སྦག་གཉིས་བཅས་མདོ་ཁམས་སྡེ་དགེ་རྫོང་སར་དགོན་ནས་ངོར་ཐར་རྩེ་སྤྲུལ་མིང་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གུས་པ་ཆེན་པོས་ཕུལ་བའི་ཞུ་ཆུང་།། ༈ །།འགྱུར་མེད་རྟག་པའི་ཡེ་ཤེས་ཀྱི། །ཕྲིན་ལས་སྲིད་འདིར་འཆར་བ་ན། །ཆོས་ཀྱི་སྒྲོན་མེས་འཇིག་རྟེན་གསུམ། །སྣང་མཛད་ཞབས་ཀྱི་པདྨོའི་དྲུང་། །གུས་པའི་བདུད་རྩིས་ཕྱེ་བ་ཡི། །ཡིད་ཀྱི་པདྨོ་གཞོན་ནུ་ལས། །ཞུ་གསོལ་མགྲིན་པའི་རྒྱུད་མང་པོར། །སྦྲང་རྩི་འཐུང་བའི་ཟོལ་གྱིས་འོང་། །ཤིན་ཏུ་ཞི་བ་ཆོས་ཀྱི་དབྱིངས། །སྤྲོས་པའི་འདུ་འགོད་མ་དམིགས་བཞིན། །ཁ་སྦྱོར་ལོངས་སྤྱོད་རྫོགས་པའི་སྤྲིན། །རྡོ་རྗེ་བཙུན་མོའི་ཚུལ་དུ་སྣང་། །དེ་ལས་སྒྱུ་འཕྲུལ་དྲྭ་བ་ཡི། །རྣམ་རོལ་ཅིར་ཡང་སྣང་བ་ལས། །འདི་ན་འཕགས་མ་ངུར་སྨྲིག་ཚུལ། །ས་གསུམ་སྐྱེ་རྒུའི་དཔལ་དུ་ཤར། །རྟག་ཏུ་དབྱིངས་རིག་ཟུང་འཇུག་པའི། །ཐིག་ལེ་ཆེན་པོར་མཉམ་གཞག་ཀྱང་། །ཐབས་དང་སྤྱོད་པ་མ་འགགས་པས། །བསྟན་འགྲོར་ཕན་བདེའི་ཆར་ཆེན་འབེབས། །ཨེ་མ་དེ་ཚུལ་བསམ་མི་ཁྱབ། །ཆ་ཤས་ཙམ་ཞིག་བསམ་པའི་མོད། །དད་དང་སྤྲོ་


JKT020_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དང་རབ་གུས་པའི། །སེམས་བྱུང་གཟུགས་ཅན་བཞིན་དུ་གྱུར། །འདི་ན་མཆིས་པའི་དམན་པ་བདག །བསླབ་གྲོལ་ཁྱད་པར་དབེན་མོད་ཀྱི། །མགོན་ཁྱོད་ཐུགས་རྗེ་ལ་བརྟེན་ནས། །དབེན་གསུམ་མལ་དུ་བདེ་བར་མཆིས། །མཚམས་ཞུས། སླད་མའི་ཆར་ཡང་། གཟོད་ནས་མི་འགྱུར་འཆི་མེད་གཉུག་མའི་ཡེ་ཤེས་སྐུ། །ཚུ་རོལ་མཐོང་བའི་གདུལ་བྱར་མངོན་སུམ་སྣང་མཛད་ནས། །ཕྲིན་ལས་དཔག་ཡས་ཆོས་ཀྱི་སྒྲོན་མེའི་སྐལ་བཟང་བཅས། །བདག་ཀྱང་རྣམ་ཀུན་ཐུགས་རྗེའི་འབབ་སྟེགས་ཉིད་དུ་མཛོད། །ཅེས་རྩེ་གཅིག་གུས་པས་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས། རིན་ཆེན་དང་པོ་སྲང་འཁོར་བཅས་མཁྱེན་བརྩེའི་དབང་པོས་ཕུལ་བ་དགེ། ༈ །། ཚཀཱརིཙྩམཉྙོཛལ བྷུཏརཱུཔསྱཀཱཡམཎིཀསཱུཏ། ཙྪརྗེཀདཤཀཾཏཱི:སྤྲསཱརེཎརུཙིཀརསུཤེཡནྟུ། ཤུཀླཚཏཱགྲདེབསསུཔཱུཛེ ཛཱིབཀཱདྷེཉྩཙིནྟབཤརཱཛེ། འགྱུར་མེད་ཆོས་དབྱིངས་ཆུ་གཏེར་ལས་སྐྱེས་པའི། །རྨད་དུ་བྱུང་བའི་གཟུགས་སྐུའི་མ་ཎི་ཀ །ལྷར་བཅས་གདུགས་དཀར་རྩེ་མོར་རབ་མཆོད་པ། །ཡིད་བཞིན་དབང་གི་རྒྱལ་པོ་འཚོ་གཞེས་གསོལ། ༡ ། ཤེས་བྱ་རྒྱ་མཚོར་འདུས་ཏེ་རེག་པའི་སྤྱན། །གསེར་ཉ་ལྟ་བུར་གསལ་བའི་མཚན་དཔེའི་སྐུ། །རིག་འཛིན་ཡོངས་ཀྱི་གཙུག་ན་མངོན་མཐོ་བ། །དབང་བཅུའི་བཅུད་ལེན་མཆོག་ཏུ་གྲུབ་གྱུར་ཅིག ༢ །ངོ་མཚར་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་བཟང་པོའི་དགེ་མཚན་ཅན། །དཔལ་གྱི་མགུར་ལས་ལེགས་གསུང་སེང་གེའི་རྒྱུད། །རིམ་དགུའི་ཐེག་པའི་དབྱངས་སུ་ཉེར་འབབས་པས། །འགྲོ་ཀུན་མ་རིག་གཉིད་ལས་བསླང་མཛད་གསོལ། ༣ །སྤྲོས་པའི་རྡུལ་དང་མི་མཛའ་འོད་གསལ་ཐུགས། །མཁྱེན་གཉིས་འདབ་བརྒྱ་རྒྱས་པའི་པདྨ་དཀར། །ངེས་པར་ཞིང་ཁམས་འདི་ལས་མི་གཡོ་བའི། །གཟིགས་པས་ལྷག་པར་དགོངས་ཤིག་སྙིང་རྗེའི་གཏེར། ༤ །སྲས་བཅས་རྒྱལ་བའི་རྣམ་པར་ཐར་པ་དང་། །མི་ཕྱེད་ཡོན་ཏན་མཐའ་ཡས་གཡས་འཁྱིལ་དུང་། །སྲིད་ཞིའི་ཁམས་ན་སྙན་པ་ཟླ་མེད་པས། །རྒུད་ཅིང་ཕོངས་པའི་རིམས་ནད་འཇིལ་བར་མཛོད། ༥ །རྣམ་བཞིའི་ཕྲིན་ལས་དཔལ་གྱི་བེའུ་ནི། །བཟུང་བ་མེད་པར་ཕྱོགས་ཀྱི་མཐར་འགྲོ་བས། །ཡིད་ཅན་ཀུན་གྱི་རེ་བ་སྐོང་མཛད་པས། །འཆི་མེད་གྲུབ་པའི་རྒྱལ་རྔ་རྟག་ཏུ་བརྡུངས། ༦ །མདོར་ན་སྔ་འགྱུར་རྡོ་རྗེའི་ཐེག་པ་ཡི། །བསྟན་པའི་རྒྱལ་མཚན་སྲིད་ན་སྒྲེང་མཛད་མཆོག །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །བདག་ཀྱང་བྱང་ཆུབ་བར་དུ་རྗེས་སུ་ཟུངས། ༧ ། སྤྱི་ཕན་བདེའི་ལེགས་མཛད་གསེར་གྱི་འཁོར་ལོ་ཡིས། །བསྐལ་བཟང་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་བས། །སྙིགས་མའི་འགྱུར་བ་མཐའ་དག་ཕམ་མཛད་དེ། །རྫོགས་ལྡན་དང་པོའི་དགེ་མཚན་སྣང་གྱུར་ཅིག ༨།


JKT020_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་བཀྲ་ཤིས་པའི་དགེ་མཚན་ཕུན་སུམ་ཚོགས་པའི་རྒྱན་གྱིས་མཛེས་པར་སྤྲས་པའི་སྲ་སྟིའི་དབྱངས་སྙན་མངོན་པར་བསྒྲགས་ཏེ། མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས་རྟེན་དགེ་ལེགས་ཀྱི་རེ་ཁཱས་བཀང་བའི་ལྷ་རྫས། སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། བཅས་རབ་ཚེས་དཀར་པོའི་ལོ་སྔོན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུའི་དུས་དགེ་བ་བྱ་བྲལ་ཆོས་རྗེ་ཤཱཀྱའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། རིག་འཛིན་པདྨའི་བྱིན་རླབས་ཆ་ཙམ་དུ་ཐོབ་པ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་མདོ་ཁམས་སྡེ་དགེའི་མངའ་རིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ནས་བསམ་པ་དག་ཅིང་སྦྱོར་བ་གུས་པས་འབུལ་ལམ་ཞུས་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །། པདྨོབིསཱུཊཔཉྩེའི༽ བྷརཱཎཱནིདྷིཙརླསཱགརཱི་ནྡཤུདྡྷསྱཱདཱིཙྪཏཱགཱཏྲིབྷབིསིཏཱཧིཏཾ བྱསིདྡྷཾབྷབཏཱམཱརཎེ༔ པདྨ་ལྟ་བུར་རྒྱས་པའི་ཡེ་ཤེས་དང་། །ཀུན་ཏུ་བཟང་པོའི་སྤྱོད་པ་རྒྱ་མཚོའི་གཏེར། །ས་གསུམ་འགྲོ་ལ་སྨན་མཛད་གདུགས་དཀར་པོ། །རྣམ་ཀུན་འཆི་མེད་གྲུབ་པ་ཉིད་གྱུར་ཅིག ༡ །ཤིན་ཏུ་ཞི་བ་ཆོས་སྐུའི་ཆུ་གཏེར་ལས། །སྙིང་བརྩེའི་གསེར་ཉ་གཡོ་བའི་ཟློས་གར་ནི། །གཞན་ཕན་མཁྱེན་བརྩེའི་རྣམ་པར་རོལ་པའི་སྐུ། །ངེས་པར་ཞིང་ཁམས་འདི་ལས་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་མེད་གསོལ། ༢ །བཀྲ་ཤིས་གཏེར་གྱི་བུམ་པའི་དགེ་མཚན་ཅན། །དཔལ་གྱི་མགུར་ལས་ཐེག་གསུམ་འདོད་རྒུའི་ཆར། །གཏན་པ་མེད་པར་འཇོ་བའི་ལེགས་བཤད་གསུང་། །ལྷར་བཅས་སྲིད་ན་རྟག་ཏུ་སྙན་གྱུར་ཅིག ༣ །སྒྲིབ་གསུམ་རྡུལ་དང་ནམ་ཡང་མི་མཛའ་བའི། །མཁྱེན་གཉིས་མཚར་སྡུག་རྫོགས་པའི་པདྨ་དཀར། །འགྲོ་ལ་རྗེས་ཆགས་ཐུགས་རྗེའི་འདབ་རྒྱས་པའི། །གཟིགས་པས་བདག་སོགས་གདུལ་བྱར་ལྷག་པར་དགོངས། ༤ །བྲལ་དང་རྣམ་པར་སྨིན་པ་མཐའ་ཡས་པའི། །ཡོན་ཏན་རྨད་བྱུང་བཀྲ་ཤིས་གཡས་འཁྱིལ་དུང་། །གངས་ཅན་རི་བོའི་སུལ་ན་མངོན་སྣང་བའི། །སྐལ་བཟང་ནམ་ཡང་ནུབ་པ་མེད་གྱུར་ཅིག ༥ །རྨད་བྱུང་ཐབས་ལ་མཁས་པའི་རི་མོ་ཅན། །ཕྲིན་ལས་དཔལ་གྱི་བེའུ་འོད་འབར་བ། །འཇིག་རྟེན་དབང་ཕྱུག་དགྱེས་པའི་ཞིང་ཁམས་འདིར། །བགྲང་ཡས་བསྐལ་པ་རྒྱ་མཚོར་འཇུག་པར་ཤོག ༦ །མདོར་ན་རྡོ་རྗེའི་གསང་གསུམ་རྒྱུན་གྱིས་རྟག །འཆད་རྩོད་རྩོམ་པའི་ལེགས་མཛད་སྲིད་མཐར་ཁྱབ། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས། །འགྲོ་ཀུན་བདེ་སྐྱིད་ལྷུན་གྱིས་གྲུབ་པར་ཤོག ༧ །བདག་ཀྱང་རྣམ་གྲོལ་འབྲས་བུར་མཆིས་ཀྱི་བར། །ཡེ་ཤེས་གཟིགས་པས་འབྲལ་མེད་རྗེས་བཟུང་ནས། །བྱང་ཆུབ་སེམས་གཉིས་གསེར་གྱི་འཁོར་ལོ་ཡིས། །


JKT020_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་དཔལ་ལ་དབང་བསྒྱུར་བཀྲ་ཤིས་སྩོལ། ༨ །ཅེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་རྒྱལ་ཚབ། ཡོངས་རྫོགས་བསྟན་དང་འགྲོ་བའི་སྐྱབས་དང་། མགོན་དང་། དཔུང་གཉེན་གཅིག་པུར་གྱུར་པ་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་གང་ཉིད་ཕྱོགས་འདིར་ཆིབས་ཀྱི་ཁ་ལོ་མངོན་པར་བསྒྱུར་ཞིང་། མཐོང་བའི་དོན་ཡོད་པའི་གསེར་ཞལ་རིན་པོ་ཆེ་མཇལ་བ་དང་། ལེགས་གསུང་བདུད་རྩིའི་དགའ་སྟོན་ལྷུག་པར་སྩལ་ཞིང་། དམིགས་མེད་ཐུགས་རྗེའི་འཇུག་པས་དགྱེས་བཞིན་དུ་རྗེས་སུ་བཟུང་བའི་སྐལ་བ་བཟང་པོའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པར་ཐོབ་པའི་ལེགས་འབུལ་དང་། རྡོ་རྗེའི་གསང་གསུམ་ཕྲིན་ལས་དང་བཅས་པ་རྒྱུན་གྱིས་རྟག་ཅིང་། ཡུལ་དབུས་དག་པའི་ཞིང་ཁམས་ཆེན་པོར་ཞབས་པད་བསྐྱོད་པའི་ཐུགས་ཀྱི་བཞེད་དགུ་ལྷུན་གྱིས་གྲུབ་སྟེ། སླར་ཡང་རིང་མིན་ཕྱོགས་འདིའི་གདུལ་བྱའི་བསོད་ནམས་ཀྱི་མགྲོན་དུ་ཞབས་མཐིལ་བཀྲ་ཤིས་ཀྱི་འཁོར་ལོ་གེགས་མེད་དུ་བཀོད་པ་དང་ཆབ་གཅིག་ཕུན་སུམ་ཚོགས་པ་བྱེ་བ་སྙེད་ཀྱི་དུས་སྟོན་ལ་རྟག་ཏུ་ལོངས་སྤྱོད་ཆོག་པར་རྩེ་གཅིག་གུས་པས་གསོལ་བ་འདེབས་པའི་རྟེན་འབྱུང་གི་མཎྜལ་མཚོན་པར་བཀྲ་ཤིས་པའི་ལྷ་གོས་དཀར་པོ་སྲིད་དུ་རིང་བའི་མགུལ་དར། སྐུ་རྟེན་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྣང་བརྙན་བྱིན་ཅན།


JKT020_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རྟེན་དུ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་གླེགས་བམ། ཐུགས་རྟེན་དུ་བཀའ་གདམས་གདུང་རྟེན་རྙིང་མ། ཡོན་ཏན་ཡོངས་རྫོགས་འཕགས་མ་ཡིད་བཞིན་འཁོར་ལོའི་བཟླས་ཕྲེང་། ཕྲིན་ལས་སྙན་པར་གྲགས་པའི་རྟེན་འབྲེལ་དུ་ཕྱག་ཏིང་དངུལ་གྱི་ཉག་ཐག་ཅན། བཅས་བཀྲ་ཤིས་གྲུབ་པ་ཉེར་བདུན་གྱི་གྲངས་ལྡན་འདི་དག །མགོན་པོ་གང་གི་བཀའ་འབངས་ཀྱི་ཐ་ཆུང་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བསམ་པ་དག་ཅིང་སྦྱོར་བ་གུས་པས་འབུལ་ལམ་ཞུས་པ་ལགས་ན་ཡེ་ཤེས་གཟིགས་པ་དམ་པས་ཡུད་ཙམ་བདག་གིར་བཞེས་ཏེ་ཇི་ལྟར་གསོལ་བ་བཏབ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།ཙསིབཙརདྭཡོམཧཱསུརཱཛུབནྟིཙྪནདཱཤབཎཀམཡཱརསཱརིཎཱིནཱམསྱཔྲསཱརཤུབྷྲཱུྃ། སུདཱིབུདྡྷཔཱརནིརྨཀཱཡཾཀལྤསཱགརེཥཛིབཏཾསཿ རིག་འཛིན་གྲུབ་པའི་གསེར་གྱི་འཁོར་ལོ་ཡིས། །ཟུང་འཇུག་རྒྱལ་ཐབས་ཆེ་ལ་དབང་བསྒྱུར་བ། །སངས་རྒྱས་གཉིས་པ་མཆོག་གི་སྤྲུལ་པའི་སྐུ། །བསྐལ་པ་རྒྱ་མཚོར་འཚོ་གཞེས་ཚུ་བརྟན་གྱུར་ཅིག ༡ །བསོད་ནམས་དཔག་ཡས་ཆུ་གཏེར་ལས་བྱུང་ཞིང་། །ཡེ་ཤེས་ཡོངས་རྫོགས་མཚན་དཔེའི་མཛེས་སྐུ་ཆེ། །སྲིད་ཞིའི་གཙུག་རྒྱན་ཡིད་བཞིན་ནོར་གྱི་བུ། །ངེས་པར་ཞིང་ཁམས་འདི་ལས་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་མེད་གསོལ། ༢ །ཤེས་རབ་རྡོ་རྗེ་བཙུན་མོའི་སྒྲ་དབྱངས་ལྷ། །ཐབས་མཆོག་མགྲིན་པའི་པདྨོར་ངལ་བསོས་པས། །སྡེ་སྣོད་རྒྱུད་སྡེའི་ལེགས་གསུང་བདུད་རྩིའི་ཆར། །སྐལ་བཟང་གདུལ་བྱའི་དཔྱིད་དུ་འབེབས་པར་མཛོད། ༣ །རིག་དང་བརྩེ་བ་མི་ཕྱེད་སྙིང་སྟོབས་ཕུལ། །མཐའ་གཉིས་ཡུལ་གྱི་བསྙེངས་བྲལ་བློན་པོ་མཆོག །གང་གི་ཐུགས་རྗེའི་གཟིགས་པས་བསིལ་ལྡན་ལྗོངས། །བྱམས་བསྟན་མ་ཤར་བར་དུ་ལྷག་པར་སྐྱོངས། ༤ །བྲལ་དང་རྣམ་པར་སྨིན་པ་རྨད་བྱུང་བའི། །ཡོན་ཏན་ནོར་བུའི་དྲ་བས་རབ་བརྗིད་པ། །རྒྱལ་སྲས་སྤོས་ཀྱི་གླང་པོའི་ཁྱུ་མཆོག་ཆེས། །སྙིགས་མའི་དུས་ཀྱི་རྒུད་པ་འཇིལ་བར་མཛོད། ༥ །ཕྲིན་ལས་རླུང་གི་ཤུགས་ལྡན་ཅང་ཤེས་རྟ། །རྫུ་འཕྲུལ་རྐང་བཞིའི་ཏིང་འཛིན་གྲུབ་པའི་དཔལ། །ས་གསུམ་བསྟན་འགྲོའི་དཔྱིད་དུ་འཚོ་གཞེས་ཤིང་། །ཕན་བདེའི་དགེ་མཚན་མཐའ་དག་རྒྱས་པར་མཛོད། ༦ །མདོར་ན་བདུད་སྡེའི་གཡུལ་འཇོམས་དམག་དཔོན་བཞིན། །སྲས་བཅས་རྒྱལ་བའི་མཐུ་སྟོབས་ཡོངས་རྫོགས་པས། །ཡིད་སྲུབས་དཔུང་བཅས་རབ་ཏུ་ཕམ་མཛད་དེ། །ཐུབ་བསྟན་རྒྱལ་རྔ་སྲིད་པའི་རྩེ་མོར་བརྡུང་། ༧ །བདག་ཅག་རྣམས་ཀྱང་བྱང་ཆུབ་སྙིང་པོའི་བར། །ཡེ་ཤེས་གཟིགས་པ་དམ་པས་དབུགས་དབྱུང་མཐུས། །དོན་གཉིས་ལྷུན་གྱི་གྲུབ་པའི་དགེ་མཚན་ཆེའི། །བཀྲ་ཤིས་སྣང་བ་རྟག་ཏུ་


JKT020_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་མཛད་གསོལ། ༨ །ཅེས་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་དགེ་ཞིང་ཤིས་པའི་རྟེན་འབྱུང་ལས་བརྩམས་ཏེ་ཚིགས་སུ་བཅད་པ་མངྒ་ལའི་གྲངས་ཀྱིས་རྩེ་གཅིག་ཏུ་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས། སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན་བཅས་ཤཱཀྱའི་དགེ་སློང་མང་ཐོས་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་ནམ། རིག་འཛིན་པདྨའི་བྱིན་རླབས་ཆ་ཙམ་བཀའ་དྲིན་དུ་ཐོབ་པ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་མདོ་ཁམས་སྡེ་དགེའི་མངའ་རིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ནས་གུས་པ་ཆེན་པོས་ཕྱག་དང་བཅས་ཏེ་ཕུལ་བ་དེ་དེ་བཞིན་༣། དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།མུནིཤཱསནམཎྜདར དྷཱཛབཱབྷབནེབྷོབྷསཿ ཙྪནོནབབཎྜཀདྲྀཏཏིནཱམསྱཔྲསྟརེ། བྷདྲཀརྨཁབིཥཎཱཀྵིམཱི བྷབཏུདྷཱརནིཛཱིབནྟ། །ཐུབ་པའི་བསྟན་པ་ནོར་བུའི་མེ་ལོང་ནི། །རྒྱལ་མཚན་ལྟ་བུར་སྲིད་ན་གསལ་མཛད་པ། །དཔལ་ལྡན་བཟང་པོའི་ཕྲིན་ལས་མཁའ་ཁྱབ་གང་། །ཀུན་ཏུ་འཆང་བའི་ངོ་བོར་འཚོ་གཞེས་གསོལ། ༡ །སྲིད་ཞིའི་གདུང་སེལ་གི་ཝཾ་མཆོག་གི་སྤྲིན། །རྒྱུན་མཐའི་འཆི་མེད་ལམ་དུ་དཀྲིགས་པ་ལས། །ངེས་པ་ལྔ་ལྡན་ལོངས་སྤྱོད་ཆེན་པོའི་གཞི། །རྡོ་རྗེ་སེམས་དཔའི་ངོ་བོར་འཚོ་གཞེས་གསོལ། ༢ །དྲི་མེད་ཞོ་ཡི་སྙིང་པོ་


JKT020_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དཀར་བའི། །ཆོས་ཚུལ་བདུད་རྩིའི་རིགས་ཅན་རྣམ་གསུམ་གྱི། །ཐར་བདེའི་པདྨོ་རྟག་ཏུ་རྒྱས་མཛད་པ། །ཤཱཀྱ་སེང་གེའི་ངོ་བོར་འཚོ་གཞེས་གསོལ། ༣ །བཀྲ་ཤིས་དུརླའི་ལྗོན་ལྟར་ཡིད་འོང་བ། །ཟླ མཚན་དཔེའི་གཟུགས་སྐུ་གང་གིས་དྲན་པའི་མོད། །ཚེ་དང་ཡེ་ཤེས་སྐལ་བཟང་སྦྱིན་མཛད་པ། །དཔག་མེད་མགོན་པོའི་ངོ་བོར་འཚོ་གཞེས་གསོལ། ༤ །མགྲིན་པ་གཡས་འཁྱིལ་དུང་གི་མཚན་བཟང་ལས། །སྡེ་སྣོད་རྒྱུད་སྡེའི་དབྱངས་སྙན་སྒྲོགས་པའི་གསུང་། །སྲིད་པའི་རིམས་ནད་རྒྱུ་བ་ཕམ་བྱེད་པ། །རྣམ་པར་རྒྱལ་མའི་ངོ་བོར་འཚོ་གཞེས་གསོལ། ༥ །ཤེས་རབ་སྙིང་རྗེའི་གཞན་དབང་ལ་ཆགས་པས། །ཇི་ལྟ་ཇི་སྙེད་གཟིགས་པའི་ཡེ་ཤེས་ཐུགས། །གདུལ་བྱའི་དོན་ཀུན་གྲུབ་སྟེར་བིཝའི་འབྲས། །ཡིད་བཞིན་འཁོར་ལོའི་ངོ་བོར་འཚོ་གཞེས་གསོལ། ༦ །མདོར་ན་སྲས་བཅས་སྟོབས་བཅུ་མངའ་ཀུན་གྱི། །༧ ཡོན་ཏན་ཡོངས་རྫོགས་ལི་ཁྲིའི་ཐིག་ལེ་ཡིས། །བཤད་སྒྲུབ་ལས་ཀྱི་ཕུན་ཚོགས་དབང་མཛད་པ། །པདྨ་སཾ་བྷའི་ངོ་བོར་འཚོ་གཞེས་གསོལ། ༧ །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང་། །འབྲེལ་ཚད་དོན་ལྡན་གྲུབ་པའི་ཡུངས་ཀར་གྱིས། །ཡིད་སྲུབས་དཔུང་བཅས་ཕྱོགས་ལས་རྣམ་རྒྱལ་བའི། །སྙན་པས་ས་གསུམ་ཀུན་ཏུ་ཁྱབ་གྱུར་ཅིག ༨ །ཅེས་མངོན་པར་འདོད་པའི་དོན་གྱི་མཆོག་གཅིག་


JKT020_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པུར་མི་ཕྱེད་པའི་སྨོན་པས་མཚམས་སྦྱར་ཏེ། བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཀྱི་དབྱངས་སྙན་མངོན་པར་བསྒྲགས་པ་དང་བཅས། དངོས་པོ་ཀུན་གྱིས་བཏུད་ཅིང་གསོལ་བ་འདེབས་པའི་མཎྜལ་མཚོན་བྱེད་ཙམ་དུ་ལྷ་རེག་རབ་དཀར་ཟླ་ཞུན་གྱི་མདངས་ཅན་དགེ་ལེགས་ཀྱི་རེ་ཁཱས་བཀྲ་བའི་མགུལ་དར། སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན་ཁྱད་འཕགས། བཅས་རྣམ་གྲངས་བརྒྱ་ཕྲག་གཅིག་ལ་བཀྲ་ཤིས་པའི་གྲངས་ཀྱིས་ལྷག་པ་འདི་རྣམས་རྗེ་བཙུན་འཁོར་ལོའི་དབང་ཕྱུག་མཁས་བཙུན་བཟང་པོའི་ཁྱུ་མཆོག་ཆེན་པོ་གང་ཉིད་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་བརྒྱ་ཕྲག་ལྷག་པའི་གསུང་གི་བདུད་རྩིས་སྐལ་བ་བཟང་པོར་གྱུར་པའི་རིགས་སྐྱེས་པདྨ་སཾ་བྷ་བ་དགྱེས་པའི་འབངས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བསམ་པ་དག་ཅིང་སྦྱོར་བ་གུས་པས་འབུལ་ལམ་ཞུ་བ་ལགས་ན་ཡེ་ཤེས་གཟིགས་པའི་སྤྱན་རས་ཀྱིས་མེ་ཏོག་ཕྲ་མོ་མཆོད་རྫས་ཀྱི་དཔེ་ལྟར་ཡུད་ཙམ་བདག་གིར་བཞེས་ཏེ་ཇི་ལྟར་གསོལ་བ་བཏབ་པའི་དོན་ཐམས་ཅད་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།ལགས་རིན་པོ་ཆེར། བོད་ཁམས་བདེ་ཐབས་ཀྱི་བཀའ་འདྲིའི་ཐད། སྤྱིར་བཀའ་གཏེར་དག་སྣང་གི་ལུང་


JKT020_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྔ་མ་ཕལ་མོ་ཆེ་ནི་སྐབས་དེ་དང་དེར་དགོངས་པའི་དུས་ཚོད་ཐལ་སོང་བ་ཤས་ཆེ་ཞིང་། མ་འོངས་པར་དགོངས་པ་རེ་རེ་ཙམ་ཡོད་རུང་ཞིབ་མོའི་བརྡ་བཀྲོལ་མཁན་ཞིག་མ་བྱུང་ན་གོ་དཀའ། གཞན་དེང་དུས་ཕྱོགས་གང་དུའང་ལུང་བསྟན་མངོན་ཤེས་འཆད་མཁན་ཐན་ཐུན་ཡོད་སྲིད་ཀྱང་། དུས་ཚོད་ཀྱིས་མ་འཁྱོངས་པ་ལྟ་བུས་ཐོག་ཁེལ་ཡིད་བརྟན་ཅན་དཀོན། གུས་ཕྲན་རང་ནི་སོ་སྐྱེ་ཆེས་ཐ་ཤལ་དུ་གྱུར་པས་ལུང་བསྟན་མངོན་ཤེས་ལྟ་ཅི། ཡོལ་བ་ཕྱི་ནང་གི་ལྐོག་གྱུར་ཙམ་ཡང་མི་ཤེས་སྟབས་ཅི་ཞུ་ཆེར་མི་སྣང་རུང་། གཏེར་ཆེན་མཆོག་གྱུར་གླིང་པ་འདི་ཉིད་ཚད་མ་གསུམ་གྱིས་ལེགས་པར་གྲུབ་པའི་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་འཁྲུལ་མེད་དུ་ངེས་པས་དྲངས་ཏེ། དེ་ལོ་སྔ་མ་རང་ནས་རྒན་མོ་བསམ་བཟང་གིས་ལུང་ཞུས་དེ་བཞིན། འཇམ་མགོན་ཀོང་སྤྲུལ་རྡོ་རྗེ་འཆང་བརྒྱུད་ནས་བཀའ་ཕེབས་པའི་སྐབས་འབུལ་ལམ་ཞུས་པ་དགོངས་འབྱོར་བྱུང་བ་ཤིན་ཏུ་བཀའ་དྲིན་ཆེ་ཞིང་། རེ་ཞིག་དེར་མ་འཐུས་པའི་གུང་དུ་སྙན་འབུལ་འོས་པ་ཆེར་མི་སྣང་བ་དང་། སླད་ནས་གཏེར་ཆེན་རང་ལ་བཀའ་འདྲི་གནང་འཐུས་ལས་མ་འདས་རུང་། སྤྱི་བབ་ལུང་བསྟན་སྔ་ཕྱིའི་དགོངས་དོན་ལྟར་ན། གཙོ་ཆེན་བོད་ཁམས་ཕན་བདེའི་འབྱུང་གནས་ཡིད་བཞིན་ནོར་བུ་ལྟ་བུ་ནི་སྐྱབས་མགོན་རྒྱལ་བ་ཡབ་སྲས་དང་། ཆོས་འཁོར་རྣམ་གསུམ་ཁོ་ནར་རག་


JKT020_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པས། སྐྱབས་མགོན་ཆེན་མོའི་ཞབས་བརྟན་དུ་གནས་ཆེན་རྣམས་སུ་ཚེ་དཔག་མེད་པའི་སྐུ་དང་། འདྲ་ཞལ་བཞེངས་ཤིང་ཚེ་སྒྲུབ་ཟབ་མོའི་རྒྱུན་འཛུགས། རྫོང་གཞིས་ཐམས་ཅད་དུ་རི་རྒྱ་ཀླུང་རྒྱ་ལེགས་པར་བསྡམ། ལྷག་པར་སྲོག་བསླུ་གྲངས་མང་དཔུང་བསྐྱེད། ཆོས་འཁོར་རྣམ་གསུམ་དུ་ཉམས་གསོ་མཆོད་འབུལ་སོགས་དང་། ཆོས་འཁོར་གཞན་གྱི་རྩ་བའང་ཁྲ་འབྲུག་ཁོ་ན་གལ་ཆེ་བར་བསྔགས་པས་ཉམས་གསོ། མཆོད་འབུལ་སོགས་དང་། གཞན་ཡང་གངས་ཅན་པའི་མེ་བཙའ་དབུས་ཆོས་འཁོར་གསུམ། ཕྱོགས་སོ་སོའི་ཀོང་པོ་བུ་ཆུ། ལྷོ་བྲག་མཁར་ཆུ། རུ་ལག་གྲམ་པ་རྒྱང་། གཡས་རུ་གཙང་འགྲམ་རྣམས་སུ་ཉམས་པ་གསོ་བ། རབ་གནས་བསྐྱར་བ། མཆོད་པ་འབུལ་བ་དང་ཚོགས་སྐོང་། མཐའ་དམག་གནོན་པ། འགོང་པོ་ཨར་གཏད། ལས་བཞིའི་སྦྱིན་སྲེག །སྒྲུབ་ཆེན་སྨན་སྒྲུབ། གནས་ཆེན་བྱིན་འབེབས་བཀྲ་ཤིས་ཀྱི་མངའ་གསོལ་སོགས་བགྱིས་ན་བོད་ཁམས་མཐའ་དབུས་ཀུན་ཏུ་བདེ་བར་འབྱུང་ཞེས་ཨོ་རྒྱན་རིན་པོ་ཆེའི་ལུང་གིས་ཡང་ཡང་བསྔགས་པ་དབྱིངས་རིན་པོ་ཆེར་གསལ་བ་ལྟར་ལགས་ཤིང་། བྱེ་བྲག་ཀླ་ཀློའི་གྲུབ་མཐའ་འཛིན་པ་ཐན་ཀྲུ་རྒྱ་ལོའི་ཆོས་ལུགས་སྤེལ་བའི་ཉུལ་མ་སླེབས་པ་འདི་ཐད། སྤྱིར་དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ལས། རིགས་ལྡན་རིགས་ཀྱི་དབུས་སུ་


JKT020_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པས་བསྒྱུར་བའི་བུ་དང་ཚ་བོ་དག་ནི་འདས་གྱུར་པ། །དེ་ཡི་དུས་སུ་ངེས་པར་མཁའི་ཡུལ་དུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་དག་ཏུ་འགྱུར། །ཇི་སྙེད་ཀླ་ཀློའི་དབང་པོ་གདུག་པ་ཇི་སྙེད་ལྷ་ཡི་མཆོག་གིས་བཏུད་པའི་དྲག་པོའི་སྔགས་ལྡན་ཡང་། །དེ་ཡི་དུས་སུ་གཉིས་པོ་དག་ཀྱང་ས་ཡི་སྟེང་གི་གནས་སུ་འཁྲུགས་པ་དྲག་པོ་འབྱུང་བར་འགྱུར། །ཞེས་སོགས་ནས། ལོ་ནི་བརྒྱ་དང་བརྒྱ་ཕྲག་གཅིག་ཏུ་ངེས་པར་གནས་ཏེ་དེ་ནས་ཀླ་ཀློའི་ཆོས་ནི་ཉམས་པར་འགྱུར། །དེ་ནས་ལོ་ནི་སྟོང་ཕྲག་ཉི་ཤུ་ལག་པ་བརྒྱ་དང་བྲལ་བར་སངས་རྒྱས་ཆོས་ནི་རབ་ཏུ་འཇུག་པར་འགྱུར། །ཞེས་པའི་བར་གྱིས་ཞིབ་མོར་བཀའ་སྩལ་པ་ལྟར། ནམ་ཕུགས་ཀླ་ཀློའི་འཇུག་པས་འཕགས་ཡུལ་ནས་བརྩམས་ཤམྦྷ་ལའི་བར་དུ་བཀབ་པ་ནི་དུས་ཀྱི་མཚན་ཉིད་དུ་ལུང་བསྟན་པས་ཅིར་ཡང་བྱར་མེད་མོད། རེ་ཞིག་བསོད་ནམས་མ་ཡིན་པ་ཀླ་ཀློའི་གཉེན་པོ་བསོད་ནམས་ཀྱི་བྱ་བ་རླབས་པོ་ཆེ་བསྒྲུབས་ན་དེ་དང་དེའི་ཚོད་ཀྱི་ལོ་ཟླ་ཞག་དུས་ཕྱིར་འགྱངས་པའི་ངང་བསྲིང་རྒྱུ་ནི་ངེས་པར་ཡོད་ལ། ལར་དུས་འཁོར་གྱི་དགོངས་པ་ལྟར་བྱས་ན་ད་དུང་རེ་ཞིག་བོད་དུ་ཀླ་ཀློ་དངོས་འཇུག་པར་མི་འགྱུར་བས། རིང་མཐའ་དྲུག་ཅུ་སྐོར་གཅིག་ནས། ཐུང་མཐའ་ལོ་སྐོར་ཙམ་གྱི་བར་ཧ་ཅང་ངན་པ་རང་མི་འབྱུང་ངམ་སྙམ་པ་དང་། ཐན་ཀྲུ་རྐྱའོའི་ཆོས་ལོག་སྤེལ་མཁན་དེ་ལའང་དེ་སྔ་


JKT020_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དམ་བསྒྲག་བཀའ་དྲིན་བསྐྱངས་ན་ཐུང་གིས་རྒྱ་ཆེ་མུ་མེད་རང་དེ་ཙམ་ཨེ་འོང་ན་སྙམ་ལགས་ཤིང་། གང་ལྟར་ས་མཚམས་འཛིན་པའི་དམ་བསྒྲག་དང་། བསོད་ནམས་ཀྱི་བྱ་བ་རླབས་པོ་ཆེའི་ཆེད་དུ་ཆོས་འཁོར་གསུམ་དུ་མཆོད་འབུལ། གྲྭ་ས་ཆེན་པོ་རྣམས་ཀྱི་དགེ་འདུན་ཐུགས་མཐུན་ཅིང་བཤད་སྒྲུབ་གོང་འཕེལ། ཀླ་ཀློ་དངོས་ཀྱི་གཉེན་པོར་ཆེ་བ་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་རྩེ་གྲུ་འཛིན་གྱི་ཕོ་བྲང་དང་། ཞྭ་ལུ། གངས་དཀར། བཀྲ་ཤིས་ཆོས་སྡེ་སོགས་སྔར་ཡོད་ཉམས་གསོ། སྔར་མེད་གསར་འཛུགས། ལྷག་དོན་དུས་ཕྱིས་རི་བོ་དགའ་ལྡན་གྱིས་བཀྲ་ཉམས་པ། བདག་ཚོ་བོད་དུ་ཚར་སྔ་རྟིང་གི་བར་ལའང་མངོན་དུ་གྱུར་པ་དུས་རྟགས་ཤིན་ཏུ་ཆེ་བས། གདན་ས་ཆེན་པོ་དེ་ཉིད་ཉམས་གསོ། ལྷག་པར་དགེ་སློང་རྡོ་རྗེ་འཛིན་པ་ཚད་ལྡན་འདུས་པས་རབ་གནས་བརྒྱ་རྩ་སོགས་གྲངས་མང་དང་། རྗེ་འཇམ་དཔལ་སྙིང་པོའི་མཆོད་སྡོང་རིན་པོ་ཆེར་མཆོད་པའི་སྤྲིན་རྒྱ་ཆེར་སྤེལ་ན་བསོད་ནམས་ཉི་མ་འབུམ་གྱི་སྣང་བས་ནག་ཕྱོགས་ཀླ་ཀློའི་མུན་པ་མིང་མེད་དུ་བཅོམ་སྟེ་བསྟན་འགྲོའི་བདེ་སྐྱིད་པདྨོའི་ནགས་ཀླུང་ཆེས་ཆེར་རྒྱས་པར་འགྱུར་བ་ནི་ངེས་པའོ་ཞེས་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། ༈ །།ཤུ་བྷ་སྱ་མི་ཏྲ་བནྡྷ་ཀརྨ་དྷརྨ་བནྟ་སྱ་པ་ཎོ་ས་མརཔི་ཏམ། ཤྲིབིཛཡནྟུ། ཀ་དག་གཞོན་ནུ་


JKT020_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་སྐུའི་ཆུ་གཏེར་ལས། །ལྷུན་གྲུབ་འཇའ་ལུས་རྡོ་རྗེའི་རྣམ་རོལ་ཅན། །སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་ཞེས། །འཆི་མེད་གྲུབ་པའི་ལྷ་དེས་ཁྱོད་ལ་སྲུངས། ༡ །ཇི་ལྟར་དག་པའི་ཡིད་འོང་བཻཌཱུརྨ། །རྙེད་པ་ཙམ་གྱིས་འདོད་དགུའི་ཆར་འབེབས་བཞིན། །ཚོགས་ཟུང་བྱེ་བས་བསྐྲུན་པའི་དལ་འབྱོར་རྟེན། །ཐོབ་པའི་མོད་ནས་ཕན་བདེའི་སྣང་བ་རྒྱས། ༢ །ཁྱད་པར་འཇིག་རྟེན་དབང་ཕྱུག་ཀརྨ་ཀས། །ཆོས་འདུལ་ཁྲིམས་ཀྱི་སྣོད་དུ་ལེགས་སྦྱར་གང་། །ངེས་འབྱུང་བློ་ཡི་འབྱོར་པས་མངོན་མཐོ་ཞེས། །ལྷར་བཅས་བསྔགས་པའི་མེ་ཏོག་གཅིག་ཏུ་འཐོར། ༣ །སྨོན་འཇུག་བྱང་ཆུབ་སེམས་ཀྱི་བསླབ་པ་ནི། །པུཎྜ་རཱིཀ་ལྟ་བུར་རྒྱས་པ་ལས། །གཞན་ཕན་སྦྲང་རྩིའི་ཐིགས་པ་འཇོ་བ་ཡང་། །དོན་གཉིས་བུང་བ་དགའ་བའི་དཔྱིད་དུ་གྱུར། ༤ །སྒོ་གསུམ་བྱེད་པ་ཨེ་ཝཾ་མཱ་ཡའི་དབྱིངས། །སྨིན་བྱེད་དབང་བཞིའི་བདུད་རྩིས་རྒྱུད་བརླན་པས། །བསྐྱེད་རྫོགས་ཟུང་འཇུག་དཔག་བསམ་གཞོན་ནུ་ཡིས། །མེད་སྣང་འཁོར་བའི་ཚ་གདུང་རང་སར་བཅིལ། ༥ །ཕུང་པོ་ལྔ་བྲལ་ཀ་དག་གཉུག་མའི་གཤིས། །ཅེར་གྲོལ་སྐད་ཅིག་རིག་པར་ངོ་འཕྲོད་ཅིང་། །འོད་གསལ་ལྷུན་གྲུབ་སྣང་བཞིའི་ཉེ་ལམ་ལ། །མོས་པ་བརྟན་ཁྱོད་མ་ཧཱ་སནྣིའི་རིགས། ༦ །དེ་སླད་དོན་ལྡན་འཚོ་བའི་ཟླ་རིས་ནི། །ཉེར་འཚེའི་ཆུ་འཛིན་གཡོ་བ་ལས་གྲོལ་ཞིང་། །ཆོས་


JKT020_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྤྱོད་པའི་སྣང་བ་རབ་འབར་བས། །འདིར་ཡང་སྤྲོ་དགའི་ཆུ་གཏེར་གཅིག་ཏུ་དགོད། ༧ །ལྷག་པར་ཤེས་བྱ་རབ་འབྱམས་ཀུན་གཟིགས་མ་ཕམ་གཉིས་པའི་དགེ་བའི་བཤེས། །སྙིང་པོའི་བསྟན་པའི་རྒྱལ་མཚན་བསྒྲེངས་མཛད་མཁས་གྲུབ་བྱེ་བའི་གཙུག་ཏོར་དེས། །དབེན་པའི་རི་ངོགས་ཤིན་ཏུ་ཞི་བར་ཆོས་དང་མཐུན་པས་འཚོ་རྣམས་ཀྱི། །ངེས་དོན་རྟོགས་པའི་རྒྱ་མཚོ་འཕེལ་བྱེད་སྔོན་མེད་ལེགས་བཤད་ཆུ་ཤེལ་དབང་། ༨ །ཉེ་བར་ཐོབ་པའི་སྐལ་བཟང་གིས། །དད་དང་སྤྲོ་བའི་ཀུ་མུ་དཱ། །ཅི་དགར་བྱེ་བའི་ངང་ཚུལ་ནི། །དཔྱིད་ཀྱི་དུས་སྟོན་སླར་འོང་བཞིན། ༩ །འདི་ན་སྐྱབས་ཀུན་འདུས་ཞལ་བླ་མ་རྗེའི། །བྱིན་རླབས་ཟིལ་དངར་ཁོ་ནས་འཚོ་བ་ཡང་། །ལང་ཚོའི་འདུ་བྱེད་ཉམས་པར་མ་གྱུར་བཞིན། །གྱི་ནའི་སྤྱོད་པས་རོལ་དང་ཆབ་གཅིག་པར། ༡༠ །རིས་མེད་མཁས་གྲུབ་རྒྱ་མཚོའི་ལམ་བཟང་ལ། །ཕྱོགས་སུ་ལྷུང་བའི་སྐལ་ངན་རིང་བཏང་ནས། །དག་སྣང་པདྨོ་ལྟ་བུར་རྒྱས་པ་ཡིས། །ཆོས་སྤངས་སྒྲིབ་པ་དེ་ཡང་ག་ཤེད་སོང་། ༡༡ །འོན་ཀྱང་ཟབ་དང་རྒྱ་ཆེའི་རོ་མྱོང་ཕྱིར། །གཞུང་ལུགས་ཆེ་ཕྲ་ཀློག་དང་སེམས་པ་ལ། །བྱིས་པའི་རྣམ་ཐར་ཙམ་དུ་འཛིན་དུས་འདིར། །ངལ་བ་ཕལ་ཆེར་དོན་མེད་ཁོ་ནར་ཟད། ༡༢ །ཅི་ཕྱིར་མཁས་རྣམས་ཉི་ཚེའི་ཚིག་ལ་རྩོད། །གྲུབ་པར་རློམས་རྣམས་བཟླས་བརྗོད་


JKT020_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་གཡེངས། །གཞུང་ལུགས་ཆེ་ལས་ཟ་ཆོག་ཁོ་ན་བྲིན། །དེ་ཡང་ཁུངས་མེད་འཆོལ་བར་སྤྱོད་འདི་མཚར། ༡༣ །སྐབས་སུ་གསོལ་བ། ནོར་བུའི་དཔལ་གྱིས་བསྐྲུན་མིན་ལེགས་གསུང་མཆོག ། ཟང་ཟིང་ཕྲན་བུས་གཞལ་བྱ་མ་ཡིན་ཀྱང་། །གནས་སྐབས་སྣག་ཤོག་བཟོ་བོའི་འདུ་བྱེད་ཀྱི། །རིན་ཐང་ཙམ་དུ་དམིགས་པའི་དངོས་པོ་ནི། ༡༤ །སྔ་སོར་རོ་ལྡན་བཏུང་བ་ཡི། །ལོ་འདབ་ཕོན་པོ་འདི་བསྲིངས་ཤིང་། །སླད་ནས་དེ་ཙམ་སྦྱིན་ནོ་ཞེས། །དམ་བཅའི་ཡི་གེ་བསྲུབ་མེད་འགོད། ༡༥ །སླར་སྨྲས་པ། རྩ་ཁམས་དབུ་མར་ཐིམ་པའི་མགྲིན་པ་ནས། །རྒྱུད་སྔགས་མི་ཤིགས་ནཱ་དའི་རོལ་མོ་ཅན། །རྟོག་ཚོགས་འོད་གསལ་དབྱིངས་སུ་ངལ་བསོ་བ། །འཇའ་ལུས་རྡོ་རྗེའི་རྣམ་ཐར་བཟུང་གྱུར་ཅིག ༡༦ །རབ་འབྱམས་ཤེས་བྱའི་གནས་ལ་བློ་མིག་གྲོལ། །གཞན་ཕན་བདུད་རྩིའི་སྤྲིན་དཀར་ཉིན་བཞིན་འཕེལ། །སྲིད་དང་ཞི་བའི་ཤིས་དགུའི་མེ་ཏོག་གིས། །དམ་པའི་ངང་ཚུལ་ཡུན་དུ་འབར་བར་ཤོག ༡༧ །དེ་སྲིད་འདིར་ཡང་བརྩེ་ཞིང་གཅུགས་པའི་ཡིད། །ཉིན་མོར་བྱེད་དང་ཨུཏྤལ་ཇི་བཞིན་དུ། །རྣམ་ཀུན་མཛའ་བ་མི་ཕྱེད་བློ་གྲོས་ཀྱིས། །བྱང་ཆུབ་སྙིང་པོའི་བར་དུ་འགྲོགས་པར་སྨོན། ༡༨ །ཅེས་གང་ཤར་ཉམས་མཚར་དུ་བཀོད་པའི་ཚིག་གི་མེ་ཏོག་དོན་གྱི་འབྲས་བུས་གཏམས་པ་ལས། འདྲེན་བྱེད་ཀྱི་རཡིག་


JKT020_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གཡོ་བའི་རྟེན་ཙམ་དུ་ཏཱ་རུ་མནྟུའི་ཕུར་མ་བམ་པོ་གཅིག་ལ་ཤཱཀྱའི་དགེ་སློང་རིག་པ་འཛིན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བསྲིངས་ཕྱག་རྒྱས་བཏབ་སྟེ་ཀཱནྟི་ཀཱ་ཡིས་ཉ་བའི་ཤར་ཕྱོགས་ཀྱི་དགའ་བ་གཉིས་པ་ལ་། །པ་སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ། །དགེའོ། །དགེའོ། །དགེའོ།། །།

ཉེར་མཁོའི་ཆོས་སྤྱོད་མཛེས་རྒྱན་ནོར་བུའི་སྙིང་པོ།


JKT020_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཨུ པ དྷུ ར སྱ དྷ རྨ ཙརྨ རུ ཙྩ ལཾ ཀཱ ར མ ཎེ༔ ག ཌྷ ནཱ མཱ སྟི།།
༄༅། །ཉེར་མཁོའི་ཆོས་སྤྱོད་མཛེས་རྒྱན་ནོར་བུའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།


JKT020_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཨོཾ་སྭསྟི་སིདྡྷཾ། བསླབ་གསུམ་སྣང་བས་སྲིད་ཞིའི་མུན། །སེལ་མཛད་ཡིད་བཞིན་རིན་ཆེན་མཆོག །འཕགས་བཞིའི་ཚོགས་ལ་གུས་བཏུད་ནས། །དེ་ཡི་སྤྱོད་ཚུལ་ཅུང་ཟད་འབྲི། །གང་ཞིག་སྡོམ་པ་གསུམ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྒོར་སྤྱོད་པ་སྤྱད་པ་རྣམས་ཀྱིས་རྡོ་རྗེ་ཐེག་པ་བླ་མེད་ཀྱི་རྣལ་འབྱོར་ཁྱད་པར་ཅན་ནམ། ཐུན་མོང་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་གཉིད་ལས་ལྡང་། ཁམས་དང་འཕྲོད་ན་ཁྲུས་ཀྱི་རྣལ་འབྱོར་གྱིས་དག་པར་བྱ། དེ་ནས་སྟན་བདེ་བ་ལ་ལུས་དྲང་པོར་བསྲང་། དྲན་པ་མངོན་དུ་བཞག །ཉན་ཐོས་ཀྱི་ངེས་འབྱུང་། བྱང་


JKT020_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་སྨོན་འཇུག །རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་སམ། མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་ཇི་ལྟར་རིགས་པ་ལ་བསླབ། ཁྱད་པར་སྐྱེས་བུ་གསུམ་གྱི་ལམ་རིམ་དང་། སྔགས་ཀྱི་སྐྱབས་འགྲོ། སེམས་བསྐྱེད། རྡོ་རྗེ་སེམས་དཔའི་སྒོམ་བཟླས། བླ་མའི་རྣལ་འབྱོར་མཎྜལ་དང་བཅས་པ་སོགས་རང་རང་གི་མན་ངག་ལས་འབྱུང་བ་ལྟར་ཉམས་སུ་བླང་། དེ་ནས་སྔ་དྲོའི་ཆར་གནས་ཁང་ཕྱགས་དར་བྱ། རྟེན་གྱི་དྲུང་དུ་ཅི་འབྱོར་བའི་མཆོད་པ་གཙང་ཞིང་བཀོད་པས་མཛེས་པར་བཤམས་ལ། ཡན་ལག་བདུན་པའམ། བཅུ་པའམ། ཉི་ཤུ་པ་སོགས་ཆོས་སྤྱོད་


JKT020_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་རྒྱས་པར་འབྱུང་བ་ལྟར་བྱ། དེ་ལ་ཕྱི་མའི་སྡོམ་ནི། ས་༡གཞི་གནས་ཁང་༢མཆོད་པ་༣བརླབ། །ཚོགས་ཞིང་སྤྱན་དྲང་འབྱོན་ལེགས་༥བྱ། །ཁྲུས་༦གསོལ་སྐུ་༧ཕྱི་རྒྱན་འབྱུག་༩དབུལ། །ཕྱག་༡༠འཚལ་བསྟོད་༡༡མཆོད་༡༢སྡིག་པ་༡༣བཤགས། །སྐབས་༡༤ སེམས་༡༥ཡི་རང་༡༦ཆོས་༡༧འཁོར་བསྐལ། །བཞུགས་༡༨གསོལ་བསྔོ་བ་༡༩བཀྲ་ཤིས་༢༠ཏེ། །ཆོས་སྤྱོད་ཡན་ལག་ཉི་ཤུའོ། །ཞེས་པ་ལྟར་ཤིན་ཏུ་བསྡུས་པའི་ཚུལ་གྱིས་བྱེད་ན། སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་སྟོབས་ཀྱིས། །སྣོད་བཅུད་བདེ་ཆེན་ཞིང་གི་བཀོད་པའི་དབུས། །ཡིད་འཕྲོག་ནོར་བུའི་གཞལ་མེད་ཁང་ཆེན་པོར། །རིན་ཆེན་སེང་ཁྲི་པད་ཟླའི་གདན་མཆོག་དང་། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་བརྗོད། དེ་ནས་འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་པས་ཚོགས་ཞིང་སྤྱན་དྲངས། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །


JKT020_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། ཅེས་འབྱོན་ལེགས་བྱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ཞེས་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། ཞེས་སྐུ་ཕྱི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། ཞེས་རྒྱན་དང་། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་བར་བགྱི། ཞེས་བྱུག་པ་དབུལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། ཞེས་བརྗོད་པས་ཚོགས་ཀྱི་ཞིང་དུ་བརྟན་པར་བཞུགས་པར་བསམ། ཇི་སྙེད་སུ་དག་སོགས་ནས། བསྟོད་པར་བགྱི་ཞེས་པའི་བར་གྱིས་ཕྱག་འཚལ་ཞིང་བསྟོད། མེ་ཏོག་དམ་པ་སོགས་ཟློཀ་གསུམ་གྱིས་མཆོད་ཅིང་། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་


JKT020_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དང་རོལ་མོ་བྱ། མཎྜལ་དབུལ། འདོད་ཆགས་ཞེ་སྡང་སོགས་བཤགས་པ་བྱ། དེ་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་སོགས་སམ། བསྡུ་ན་སངས་རྒྱས་ཆོས་ཚོགས་ལན་གསུམ་གྱིས་སྐྱབས་སེམས་བླང་། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སོགས་ནས། ཕྱིར་བསྔོའོ་ཞེས་པའི་བར་གྱིས་རྗེས་སུ་ཡི་རང་སོགས་ཡན་ལག་བཞི་དང་། སྨོན་ལམ་རྒྱས་བསྡུས་ཇི་ལྟར་རིགས་པ་གདབ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །འདི་ལ་གདན་ཁྲི་བྱིན་རླབས་དང་། བཞུགས་སུ་གསོལ་བའི་ཡན་ལག་དང་། སྨོན་ལམ་གྱི་ཡན་ལག་སོ་སོར་བགྲངས་པས་ཡན་ལག་ཉི་ཤུ་རྩ་གསུམ་དུའང་འགྱུར་རོ། །དེ་ནས་བསིལ་གཏོར་བརྒྱ་རྩ་སོགས་མཆོད་སྦྱིན་གཏོར་མའི་རིམ་པ་དང་། གཞན་ཡང་གཙང་ཞིང་དག་པའི་མཆོད་གཏོར་བཤམས་ཏེ། རྒྱུད་སྡེ་ཆེན་པོ་བཞིའི་དབང་བསྐུར་བ་དང་། རྗེས་སུ་གནང་བ་དང་། རིག་པ་ལ གཏད་པ་སོགས་ཇི་ལྟར་ནོས་པའི་ལྷའི་རྣལ་འབྱོར་དང་། གཏོར་མའི་རིམ་པ་སོགས་ལ་བརྩོན་པར་བྱ། ཁྱད་པར་རྒྱུད་སྡེ་འོག་མ་གསུམ་གྱི་དང་པོ་བྱ་བའི་རྒྱུད་རིགས་ཀྱི་བདག་པོ་གསུམ་གྱི་མཆོད་གཏོར་ནི། གཏོར་མ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། ཨ་ཀཱ་རོས་བརླབ། དེ་ནས་ཚོགས་ཞིང་བསྒྲུབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་ཡང་དག་པའི་སྨོན་ལམ་གྱི་སྟོབས་ཕུན་སུམ་ཚོགས་པས་བསྐྲུན་པའི་


JKT020_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཕྱོགས་ཐམས་ཅད་རིན་པོ་ཆེའི་ཞིང་ཁམས་གསེར་གྱི་བྱེ་མ་བརྡལ་བར་གྱུར། །ཨོ་ཙཱ་ལ་བི་ར་ཧཱུཾ་སྭཱ་ཧཱ། དེའི་སྟེང་དུ་འོ་མའི་རྒྱ་མཚོ་དྭངས་ཤིང་བསིལ་བ་པདྨ་རྒྱས་པས་ཁེབས་པར་གྱུར། ཨོཾ་བི་མ་ལ་དྷ་ཧཱ་ཧཱུྃ། དེའི་དབུས་སུ་རིན་པོ་ཆེའི་རི་རབ་ཀྱི་སྟེང་དུ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་རྣམ་འཕྲུལ་ནོར་བུའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་རིན་པོ་ཆེའི་ཁྲི་དང་། པད་ཟླའི་གདན་སུམ་བསྒྲིགས་སུ་གྲུབ་པར་གྱུར། ན་མསྶརྦ་ཏ་ཐཱ་ག་ཏ་བློ་བི་ཤྭ་སོགས་བརྗོད། འདུན་པ་རྩེ་གཅིག་པས། བཅོམ་ལྡན་འཕགས་པ་རིགས་གསུམ་མགོན། ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། བདག་གི་མཆོད་ཡོན་བཞེས་ནས་ཀྱང་། ཐུགས་རྗེས་ཐུགས་དཔག་མཛད་དུ་གསོལ། ཨོཾ་ཝཱ་གཱི་ཤྭ་རི་ལོ་ཀེ་ཤྭ་ར་བཛྲ་པཱ་ཎི་ཨེ་ཧེ་ཧི། ཨགྷཾ་པྲ་ཏཱིཙྪ་སྭཱ་ཧཱུ། རང་བཞིན་གྱི་གནས་ནས་དགྱེས་བཞིན་དུ་གཤེགས་ཏེ་མདུན་གྱི་ནམ་མཁར་རིན་པོ་ཆེའི་གཞལ་མེད་ཁང་གི་ཁྲི་ལ་བཞུགས་པ་ནི། དབུས་སུ་འཕགས་པ་འཇམ་པའི་དབྱངས་དམར་སེར་རལ་གྲི་དང་པུསྟི་འཛིན་ཅིང་། རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། གཡས་སུ་འཕགས་པ་སྤྱན་རས་གཟིགས་དཀར་གསལ་མཆོག་སྦྱིན་དང་ཨུཏྤལ་བསྣམས་ཤིང་། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། གཡོན་དུ་འཕགས་པ་ཕྱག་ན་རྡོ་རྗེ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་


JKT020_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། ཅུང་ཟད་ཁྲོས་པའི་ཉམས་ཅན། གསུམ་ཀའང་ཞི་ཞིང་འཛུམ་ལ་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་ཀྱི་ལྷ་དཔག་ཏུ་མེད་པས་བསྐོར་བར་གྱུར། དེ་རྣམས་ཀྱི་སྐུ་ལ་དམིགས་ཏེ། གུས་པའི་ཚུལ་གྱིས་ཐལ་མོ་སྦྱར་ནས་ཐུགས་རྒྱུད་བསྐུལ་བའི་ཕྱིར། ཨོཾ་ཝཱ་གཱི་ཤྭ་རི་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཞེས་བཟླ། མཐར། ཨོཾ་ཏྲི་ཀུ་ལ་ནཱ་ཐ་ས་པ་རི་ཝཱ་ར་ཨགྷཾ་ནས། ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱས་མཆོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་ངོ་བོ་ཉིད། །བཅོམ་ལྡན་རིགས་གསུམ་མགོན་པོ་ལ། སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། ཅེས་བསྟོད། གཏོར་མ་གོང་གི་སྔགས་རྣམས་སྦྲེལ་བའི་མཐར་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་བཏགས་པས་དབུལ། སླར་ཡང་མཆོད་ཅིང་བསྟོད་ལ། བཅོམ་ལྡན་འདས་རིགས་གསུམ་མགོན་པོས་བདག་དང་སེམས་ཅན་ཐམས་ཅད་ལ་མཁྱེན་བརྩེ་ནུས་པའི་དངོས་གྲུབ་མ་ལུས་པ་སྩལ་ཞིང་བརྟན་པར་མཛད་ན་པར་མཛད་དུ་གསོལ། ཞེས་གསོལ་གདབ། ཨོ་ཨཧཱུྃ་སྭཱ་ཧཱས་མཆོད་ཡོན་དབུལ། བདག་གིས་ནོངས་པ་བགྱིས་པ་ཐམས་ཅད་བཟོད་ཅིང་ཚངས་པར་མཛད་དུ་གསོལ། ཞེས་དང་། སྤྱན་དྲངས་པའི་སྔགས་ཀྱི་མཐར་གཙྪས་གཤེགས་སུ་


JKT020_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། འདིས་ནི་ཤེས་རབ་ཕྱོགས་མེད་དུ་འཆར། སྙིང་རྗེ་རྩོལ་མེད་དུ་སྐྱེ། ནུས་པ་འབད་མེད་དུ་འབྱུང་། གནས་སྐབས་དང་མཐར་ཐུག་གི་དོན་གྲུབ་པ་སོགས་ཕན་ཡོན་དཔག་ཏུ་མེད་དོ། །གཉིས་པ་སྤྱོད་པའི་རྒྱུད་ཀྱི་གཙོ་བོ་རྣམ་སྣང་མངོན་བྱང་གི་མཆོད་གཏོར་ནི། ལག་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར། མཐེ་བོང་གཉིས་བསྒྲེངས་ལ། ན་མཿས་མནྟ་བུདྡྷ་ནཱཾ། ཨ་ས་མེ། ཏྲི་ས་མེ། ས་མ་ཡེ་སྭཱ་ཧཱ། ཞེས་དམ་ཚིག་གསུམ་གྱི་སྔགས་དང་ཕྱག་རྒྱས། མདུན་གྱི་ནམ་མཁར་ཆོས་ཉིད་རང་བཞིན་གྱི་དཀྱིལ་འཁོར་ཐམས་ཅད་ལ་ཁྱབ་པས་ཆོས་ཀྱི་དབྱིངས་ལས་སྐྱེས་པ་ནུབ་ཀྱི་སྒོ་རྟག་ཏུ་བྱེ་བའི་དབུས་སུ། ཨ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་གསེར་གྱི་མདོག་ཅན། དབུ་ལ་ཐོར་ཚུགས་དང་དབུ་རྒྱན་ཅན། དར་གྱི་སྟོད་གཡོགས་དང་སྨད་གཡོགས་བསྣམས་པ། འོད་ཟེར་འབར་བས་འཁྲིགས་པ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། པདྨ་དཀར་པོ་དང་ཟླ་བའི་གདན་ལ་བཞུགས་པ། ཆོས་འབྱུང་། ནོར་བུ། ཡུམ་ནམ་མཁའི་སྤྱན་མ། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ། མི་གཡོ་བ། ཤཱཀྱ་ཐུབ་པ། གཙུག་ཏོར། གནས་གཙང་མའི་ལྷ། འཇིག་རྟེན་སྐྱོང་བ་རྣམས་དང་། རྡོ་རྗེ་དམ་པ་སྦྱིན་པ། སྒྲིབ་སེལ། ས་སྙིང་། མཁའ་སྙིང་། གདུལ་དཀའ། མངོན་ཕྱོགས། རང་རང་གི་རིགས་ཀྱི་


JKT020_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དང་། ཁྲོ་བོ་དང་། ཁྲོ་མོ་དང་། འཁོར་དང་། ཕོ་ཉ་ཚད་མེད་པས་བསྐོར་བ་མངོན་སུམ་དུ་གསལ་བར་གྱུར། ཐུགས་ཀར་ཨ་ལས་ཟླ་བ་ལ་རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་པ་བཀོད། དེ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་མིག་ཟིམ་བུར་བྱས་ལ། ན་མཿས་མནྟ་བུདྡྷ་ནཱཾ། ཨ་ས་མནྟ་དྷམཱ་དྷཱ་ཏུ་ཀཱརཱ་ག་ཏི་ག་ཏཱ་ནཱན། སརྦ་ཐ་ཨོ་ཁཾ་ཨོཾ་ཨསཾ་ས་ཧཾ་ཧ་རཾ་ར་བཻ་བ་ཧི་ཧ་སྭཱ་ཧཱ། ཞེས་རིག་པའི་རྒྱལ་པོ་ཚིག་ཡན་ལག་བཅུ་གཉིས་པ་མྱུར་བ་དང་། བུལ་པ་སྤངས་ཏེ། ཆོས་ཐམས་ཅད་གདོད་མ་ནས་མ་བྱུང་མ་སྐྱེས་པའི་སྟོང་པ་ཉིད་ཡང་ཡང་དྲན་པར་བྱས་ལ་བཟླའོ། །དེ་ནས་མཆོད་རྫས། ན་མས་མནྟ་བཛཱ་ཎཱ་ཙཎྜ་མ་ཧཱ་རོ་ཥ་ཎ་སྤོ་ཊ་ཡ་ཧཱུྃ་ཊ་ཀ་ཧཾ། ཞེས་མི་གཡོ་བའི་སྔགས་ཀྱིས་བསང་། ཆོས་ཀྱི་དབྱིངས་ཀྱི་ཡི་གེ་རས་རྣམ་པར་དག་བར་བྱས། རང་རང་གི་སྔགས་ཀྱི་བྱིན་གྱིས་བརླབས་ནས་ཕུལ་ཏེ་ཐོག་མར་ཕྱག་འཚལ་བ་ནི། ཐལ་མོ་སྦྱར་ནས། ཕྱག་འཚལ་བྱང་ཆུབ་སེམས་ཁྱོད་ལ། །ཕྱག་འཚལ་བྱང་ཆུབ་འབྱུང་ཁྱོད་ལ། །སྤྱོད་གཟུགས་ཁྱོད་དང་ས་དང་ནི། །ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཐོག་མར་བྱེད་ཁྱོད་ལ། །སྟོང་པ་ཉིད་ལ་འདུད་ཕྱག་འཚལ། ཞེས་ཕྱག་བྱའོ། །ན་མཿས་མནྟ་བུདྡྷཱ་ནཾ་བི་ཤུདྨ་གནྡྷོད་བྷ་ཝ་སྭཱ་ཧཱ། བྱུག་པའོ། །ན་མཿས་མནྟ་བུདྡྷ་ནཱི་མ་ཧཱ་མེ་ཏྲ་བྷུད་ག་ཏེ་སྭཱ་ཧཱ། མེ་ཏོག་གོ། །ན་མས་མནྟ་


JKT020_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བུདྡྷཱ་ནཾ་དྷརྨ་དྷཱ་ཏུ་ཨ་ནུ་ག་ཏ་སྭཱ་ཧཱ། བདུག་སྤོས་སོ། །ན་མཿས་མནྟ་བུདྡྷཱ་ནཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་ར་ཛི་སྤ་ར་ཎ་ཨ་ཝ་བྷ་ས་ག་གནོད་ཏ་རེ་སྭཱ་ཧཱ། མར་མེའོ། །ན་མཿས་མནྟ་བུདྡྷཱ་ནཾ་ཏྲེ་ཡ་དྷཱི་ཀཱ་ནཱི་ཨ་ར་ར་པ་ར་ར་བི་ལ་དེ་བ་ལིཏ་དྷཱ་ཧིཾ་སྭཱ་ཧཱ། ལྷ་བཤོས་སོ། །ན་མས་མནྟ་བུདྡྷཱ་ནཱི་ག་ག་ན་ས་མ་ས་མ་སྭཱ་ཧཱ། མཆོད་ཡོན་ནོ། །ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་སོ་སོར་ཕྱེས་ཏེ། ལྷག་མ་སྙིམ་པ་ལྟར་བྱས་པ་ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱ་དང་། ན་མཿས་མནྟ་བུདྡྷ་ནཱཾ་ཨཾ་ཨ་སྭཱ་ཧཱ། ཕྱོགས་བཅུའི་སངས་རྒྱས་ཇི་སྙེད་པ་ཐམས་ཅད་ཀྱི་སྤྱན་སྔར་མཆོད་པའི་ཡན་ལག་དཔེ་མེད་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་བྱུང་བ་ལྟ་བུ་འབྱུང་བར་གྱུར་ཅིག །ན་མསརྦ་ཏ་ཐཱ་ག་ཏེ་བློ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཁཾ་ཨུངྒ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པས་མཆོད་ལ། བདག་གི་དགེ་བ་ཅི་མཆིས་པས་སེམས་ཅན་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག །སྲིད་ཞིའི་ཕུན་སུམ་ཚོགས་པ་དག་ནི་འབྱོར་པར་གྱུར་ཅིག །ཅེས་སྨོན་ལམ་གདབ། སྔགས་ཀྱིས་སྤྲུལ་པའི་ལྷ་མི་དམིགས་པར་བཞག་གོ ། འདིས་ནི་བྱང་ཆུབ་སེམས་གཉིས་རྒྱུད་ལ་སྐྱེ་ཞིང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་མཐའ་ཡས་པ་འགྲུབ་པར་འགྱུར་རོ།། །།གསུམ་པ་རྣལ་འབྱོར་རྒྱུད་རྡོ་རྗེ་དབྱིངས་གཙོ་བོར་གྱུར་པའི་མཆོད་གཏོར་ཤིན་ཏུ་


JKT020_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་ནི། རང་ཉིད་རྡོ་རྗེ་རྒྱུ་སེར་པོ་གཡས་འཁོར་ལོ་བསྐོར་ཞིང་། གཡོན་གདན་ལ་བརྟེན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་དང་མཐེའུ་ཆུང་མདུད་དེ་བཀན་ལ་སྙིང་གར་གཡས་སུ་བསྐོར་ཞིང་། ཨོཾ་བཛྲ་ཙཀྲ་ཧཱུྃ། མདུན་གྱི་ནམ་མཁར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར། འཇིག་རྟེན་གསུམ་རྒྱལ་གྱི་དཀྱིལ་འཁོར། འགྲོ་བ་འདུལ་བའི་དཀྱིལ་འཁོར། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར། རྡོ་རྗེ་རྩེ་མོ་རིགས་བསྡུས་པའི་དཀྱིལ་འཁོར། ཀུན་རིག །གཙུག་དགུ། ཚེ་དཔག་མེད། འཆི་འཇོམས། འཁོར་ལོས་སྒྱུར་བ། མེ་ལྟར་འབར་བ་ལ་སོགས་པ་ངན་སོང་སྦྱོང་བའི་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས་རྣམས་སྤྲུལ། ཕྱག་རྒྱ་དེ་ཀར་བཞག་ལ་བལྟ་ཞིང་སྔགས་དེ་མང་དུ་བརྗོད་ན་དཀྱིལ་འཁོར་དེ་དག་ཏུ་ཞུགས་པར་འགྱུར་རོ། །བསྡམས་པ་ལས་གུང་མོ་གཉིས་ནང་དུ་བཅུག་ནས་མཐེ་བོང་མཐེའུ་ཆུང་བརྐྱངས་ཏེ་གཤིབས་པ་དང་པོའི་རྡོ་རྗེའི་ཕྱག་རྒྱས། ཨ་ནུ་རཱ་ག་ཡཱ་མི་ཧཱུྃ། དཔལ་མཆོག་རིགས་བསྡུས་པའི་དཀྱིལ་འཁོར་ཆེན་པོ་རྣམས་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་སྤྲུལ། ཕྱག་རྒྱ་དེ་ཀར་བཞག་ལ་བལྟ་ཞིང་སྔགས་དེ་མང་དུ་བརྗོད་ན་དཀྱིལ་འཁོར་དེར་ཞུགས་པར་འགྱུར་རོ། །ཨོཾ་བཛྲ་སཏྭ་ཧཱུཾ། པད་ཟླ་ལ་རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་


JKT020_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བུ་འཛིན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཟླ་བའི་རྒྱབ་ཡོལ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲཎ་མེ་ན་བཛྲ་བྷནྡྷ་ནཾ་ཀ་རོ་མི། ཞེས་ཕྱག་བྱ། མཆོད་རྫས་ལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས། ཨོཾ་བཛྲ་ཡཀྵ་ཧཱུཾ། རྡོ་རྗེ་མེའི་ཕྱག་རྒྱས། ཧཱུྃ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐཱ་བྷཉྫ་ར་ཎ་ཧཱུཾ་ཕཊ། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་རྣམས་ཀྱི་ནང་དུ་ཨོཾ་ལས་བྱུང་བའི་མཆོད་པའི་ཚོགས་སུ་གྱུར། ཨོཾ་ཨཱཿཧཱུཾ། །ཨོཾ་བཛྲ་སྤ་ར་ཎ་ཁཾ་གིས་རྒྱ་ཆེན་པོར་བྱིན་གྱིས་བརླབས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ་གིས་མཆོད་ཡོན། ཨོ་པྲ་ཝཱ་ར་ས་ཏ་ཀཱ་རཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞབས་བསིལ། དེ་བཞིན་དུ། པུཝེ། དྷུཔེ། ཨཱ་ལོ་ཀེ །གནྡྷེ། ཨ་ཀཱ་རོ། ཤརྡ། སངས་རྒྱས་སྲས་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་གིས་ཁྱེད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་བཤགས་སོ། །འཕགས་པ་དང་སོ་སོ་སྐྱེ་བོའི་བསོད་ནམས་ཀུན་ལ་རྗེས་སུ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །རིན་ཆེན་རི་བོ་རྒྱ་མཚོའི་དཔལ། །རྒོད་སྒེག་དགའ་བ་རྩེ་འཇོའི་བདེ། །དཔག་བསམ་ཤིང་བཟང་བྱང་ཆུབ་སེམས། །སྦྱིན་དང་ཚུལ་ཁྲིམས་བཟོད་


JKT020_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས། །བསམ་གཏན་ཤེས་རབ་ཡེ་ཤེས་འཇུག །ལུས་ངག་སེམས་ནི་རབ་དྭངས་ཤིང་། །ཚད་མེད་རྣམ་ཐར་བཞི་བསྒོམས་ཏེ། །བདག་ཉིད་ཀྱང་ནི་དབུལ་བར་བགྱི། །དགེ་བ་བྱང་ཆུབ་གཞན་ཕན་བསྔོ། །རྡོ་རྗེའི་སྡོམ་པ་བླ་མེད་པ། བསླབ་པའི་གནས་ནི་བླང་བར་བགྱི། བདག་སོགས་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་དང་། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་ཏེ། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ་ཨོཾ་བཛྲ་མུ སེ་གོལ་བརྡབས་ཏེ། དཀྱིལ་འཁོར་རྣམས་རང་གི་སྙིང་གར་ཐིམ་པར་བསམ་མོ། །འདིས་ནི་སྔགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་། དངོས་གྲུབ་སྣ་ཚོགས་འགྲུབ་པ་དང་། ཡང་དག་པའི་ཡེ་ཤེས་ལ་དབང་ཐོབ་པར་འགྱུར་རོ།། །།བཞི་པ་ལས་རྒྱས་པའི་ལྷའི་མཆོད་གཏོར་སྣ་ཚོགས་པ་ལ། སྡིག་སྒྲིབ་ཞི་བའི་ཕྱིར་རྡོ་རྗེ་མི་འཁྲུགས་པ་ལ་མཆོད་གཏོར་འབུལ་བ་ནི། བྱིན་རླབས་རིགས་གསུམ་གྱི་སྐབས་ལྟར་བྱ། མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་ཧཱུྃ་སྔོན་པོ་ལས་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་སྔོན་པོ། །གཡས་ས་གནོན། གཡོན་མཉམ་གཞག་གི་སྟེང་ན་རྡོ་རྗེ་འགྲེང་བུར་འཛིན་པ། སྤྲུལ་སྐུའི་ཆ་བྱད་ཅན། སྤྱི་བོར་མི་བསྐྱོད་པས་མཚན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་གི་མཐར་


JKT020_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཕྲེང་བ་དཀར་པོས་བསྐོར་བ་ལས་ཟླ་བ་ལྟར་དཀར་ཞིང་བསིལ་བའི་བདུད་རྩིའི་འོད་ཀྱིས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། ཚུར་འདུས་རང་ལ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་དག་པར་བསམས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་གཟུངས་ཅི་ནུས་བཟླས་མཐར། ཨོཾ་བཛྲ་ཨཀོ་ས་པ་རི་ཝཱ་ར་ཨགྷཾ་སོགས་ཀྱིས་མཆོད། གང་གི་ཐུགས་རྗེའི་འོད་ཟེར་གྱིས། །འགྲོ་ཀུན་སྒྲིབ་གཉིས་མུན་བསལ་ནས། །ཡང་དག་ཡེ་ཤེས་སྣང་མཛད་པ། །ཕྱག་འཚལ་རྡོ་རྗེ་མི་འཁྲུགས་ལའོ། །ཞེས་བསྟོད། སྔགས་མཐར་ཨ་ཀཱ་རོ་བཏགས་པས་གཏོར་མ་དབུལ། མགོན་པོ་མི་འཁྲུགས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་བར་བསམ་མོ། །འཇིགས་པ་ཞི་བའི་ཕྱིར་རྗེ་བཙུན་སྒྲོལ་མ་ལ་གཏོར་མ་འབུལ་བ་ནི། རང་ཉིད་ཁ་ལྷོ་རུ་ཕྱོགས་པའམ་ཕྱོགས་པར་མོས་པས། ལྷོ་ཕྱོགས་པོ་ཏ་ལ་ཀའི་རིའི་སུལ། རིན་པོ་ཆེའི་བྲག་སྐྱིབས་དང་། སེང་ལྡེང་ནགས་ཚལ་རབ་ཏུ་རྒྱས་པའི་དབུས་ན་འཕགས་མ་སྒྲོལ་མ་འཁོར་བཅས་དགྱེས་བཞིན་དུ་བཞུགས་པས་གཏོར་མ་གསོལ་བར་བསམས་ལ། ན་མཿསརྦ་བུདྡྷ་བོ་དྷི་སཏཱ་ནཱཾ། ཨ་པྲ་ཏི་ཧ་


JKT020_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཤ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏེ་མ་ཧཱ་ས་ཏྭ་སརྦ་བུདྡྷཨ་ཝ་ལོ་ཀི་ཏེ། མཱ་བི་ལམྦ་མཱ་བི་ལམྦ། ཨི་དཾ་བ་ལི་གྲཉྫཱ་པ་ཡ་གྲཉྫཱ་པ་ཡ། ཧཱུཾ་ཧཱུཾ། སརྦ་བི་པཉྩ་རེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དབུལ། ཨོཾ་ཨཱརཱ་ཏཱ་རེ་ཨཧཱུྃ་སོགས་ཀྱིས་མཆོད། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ལྷའི་སྐུ་ལ་དམིགས་ཏེ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། བརྒྱ་རྩ་སོགས་བཟླ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་ཞི་བ་དང་། འཁོར་བ་དང་ངན་སོང་། གི་སྡུག་བསྔལ་ལས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ལ་དབུགས་འབྱིན་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། །ནད་རིམས་ཞི་བའི་ཕྱིར་འཕགས་མ་རི་ཁྲོད་མ་ལ་མཆོད་གཏོར་འབུལ་བ་ནི། མདུན་གྱི་ནམ་མཁར་རི་ཁྲོད་མ་སེར་མོ་སྐུ་མདོག་ལྗང་སེར་ཞལ་གསུམ་ཕྱག་དྲུག་མ། ཞལ་གཡས་དཀར། གཡོན་དམར་བ། །ཕྱག་དྲུག་གིས་གཡས་གསུམ་རྡོ་རྗེ་དགྲ་སྟ་མདའ། གཡོན་གསུམ་ཞགས་པ་ཤིང་ལོ་གཞུ་བསྣམས་པ། དོན་ཡོད་གྲུབ་པའི་ཅོད་པན་ཅན། ཤིང་ལོ་གསར་པའི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ། ཞབས་གཡས་པའི་མཐིལ་དང་། གཡོན་པའི་པུས་མོ་གདན་ལ་


JKT020_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་པ། ཅུང་ཟད་ཁྲོས་ཤིང་ལྟོ་བ་འཕྱང་བ་མིའུ་ཐུང་མའི་གཟུགས་ཅན་གྱི་གནས་གསུམ་དུ་ཨོ་ཨཱཧཱུཾ། ཐུགས་ཀའི་དབུས་སུ་པཾ། དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་། བཾ་ཧོ༔ གཉིས་སུ་མེད་པར་ཐིམ། ཐུགས་ཀར་ཟླ་བ་ལ་བི་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་བདག་གི་ནད་རིམས་གདོན་བགེགས་ཐམས་ཅད་སྦྱངས་པར་བསམས་ལ། ཨོ་པི་ཤ་ཙི་པཎ་ཤ་བ་རཱི་སརྦ་ཛཱ་ར་པྲ་ཤ་མ་ན་སྭཱ་ཧཱ། ཞེས་བཟླ། ཨོ་པཎ་ཤ་བ་རི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཡེ་ཤེས་ཞི་བའི་ངང་ལ་བཞུགས་བཞིན་དུ། མིའུ་ཐུང་ཤ་ཟ་རོལ་པའི་ཚུལ་བསྟན་ཏེ། ཡུད་ཙམ་དྲན་པས་ཕན་བདེའི་འབྲས་རྩོལ་བ། རི་ཁྲོད་ལོ་མ་ཅན་ལ་ཕྱག་འཚལ་ལོ། །ཞེས་བསྟོད། སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པས་གཏོར་མ་དབུལ། སླར་ཡང་མཆོད་ཅིང་བསྟོད་པ། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་དང་རིམས་དང་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང་མི་འབྱུང་བར་མཛད་དུ་གསོལ། མདུན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། བྱད་ཕུར་རྦོད་གཏོང་ཞི་བའི་ཕྱིར་འཕགས་མ་གདུགས་དཀར་ཅན་ལ་མཆོད་གཏོར་འབུལ་བ་ནི། མདུན་གྱི་ནམ་མཁར་པདྨ་དང་ཉི་ཟླའི་སྟེང་དུ་ཧཱུཾ་ལས་གཙུག་ཏོར་གདུགས་དཀར་མོ་ཞལ་གཅིག་ཕྱག་བཞི།


JKT020_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གཉིས་ཕྲེང་བ་དང་རྒྱལ་མཚན། འོག་མ་གཉིས་སྐྱབས་སྦྱིན་དང་མཉམ་གཞག ཞི་བའི་ཉམས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་འོད་ཟེར་སྣ་ཚོགས་འཕྲོ་བ། རྣམ་སྣང་གི་རྒྱས་བཏབ་པ། གཞན་ཡང་ཕྱག་གཉིས་མ། ཕྱག་དྲུག་མ། ཕྱག་བརྒྱད་མ། ཕྱག་བཅུ་མ། དབུ་སྟོང་། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། གཙུག་ཏོར་རྣམ་རྒྱལ། ངན་འགྲོ་ཐམས་ཅད་སྦྱོང་བ། གཙུག་ཏོར་དྲི་མེད། བདེ་གཤེགས་གཙུག་ཏོར་ལ་སོགས་པས་བསྐོར་བ། དེ་རྣམས་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛ༔ ལག་གཡས་ཁུ་ཚུར་སྡིགས་མཛུབ་སྙིང་གར་བཞག །གཡོན་རྡོ་རྗེ་ཁུ་ཚུར་འཕྱར་བའི་ཕྱག་རྒྱ་བཅིངས་ཏེ། དེ་ནས་ཛ༔ཧཱུྃ་བཾ་ཧོ། །ཞེས་དབྱེར་མེད་དུ་བྱའོ། །སྙིང་པོ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཙྪིཥ་སི་ཏ་ཏ་པ་ཏྲེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་ལ། མཆོད་གཏོར་སྙིང་པོས་བསང་། ཨོཾ་སྭ་བྷཱ་ཝ་སོགས་སྔར་བཞིན་ཏེ། སྙིང་པོའི་མཐར་ཨགྷཾ་སོགས། ཨ་ཀཱ་རོ་སོགས་ཀྱིས་གཏོར་མ་ཕུལ་ལ། །སྲིད་གསུམ་མགོན་པོ་ཤཱཀྱ་སེང་གེ་ཡི། །མཐོན་མཐིང་གཡས་སུ་འཁྱིལ་བའི་སྤྱི་གཙུག་ནས། །ཡ་མཚན་རྨད་བྱུང་གཙུག་ཏོར་གདུགས་ཀར་སྐུ། །ཁམས་གསུམ་འདྲེན་པ་ཁྱོད་ལ་ཕྱག་འཚལ་བསྟོད། ཅེས་བསྟོད་ལ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་


JKT020_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན། རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་མ་ཆེན་མོ། །ཕྱག་སྟོང་མངའ་བ་ཆེན་མོ། །དབུ་སྟོང་མངའ་བ་ཆེན་མོ། །སྤྱན་བྱེ་བ་བརྒྱ་སྟོང་མངའ་བ་ཆེན་མོ། །མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོ། །ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་པ་ཆེན་མོ་ཕྱག་རྒྱའི་ཚོགས་རྣམས་ཐམས་ཅད་ཀྱིས་ཀུན་ནས་བདག་འཇིགས་པ་ཆེན་པོ་ཐམས་ཅད་དང་། གདོན་ཐམས་ཅད་དང་། རིམས་ནད་ཐམས་ཅད་ལས་བསྲུང་དུ་གསོལ། ཕ་རོལ་པོས་བྱས་པའི་རིག་སྔགས་ཀྱི་གནོད་པ་ཐམས་ཅད་གཅོད་དུ་གསོལ། འཆིང་དུ་གསོལ། ཕུར་བུས་གདབ་ཏུ་གསོལ། སྡིག་སྒྲིབ་ཐམས་ཅད་དག་པ་དང་། མཐར་ཐུགས་སངས་རྒྱས་ཀྱི་གོ་འཕང་སྩལ་དུ་གསོལ། ཞེས་གསོལ་བ་གདབ་ཅིང་། བཅོམ་ལྡན་འདས་མ་གནས་ཁང་གི་བླར་སྲུང་བའི་ལས་མཛད་དེ་བཞུགས་པར་བསམ་མོ། །དགྲ་ཇག་ཆོམ་རྐུན་གྱི་འཇིགས་པ་ཞི་བའི་ཕྱིར་འཕགས་མ་འོད་ཟེར་ཅན་ལ་མཆོད་གཏོར་འབུལ་བ་ནི། མདུན་གྱི་ནམ་མཁར་མཆོད་རྟེན་གྱི་ཕུག་ཏུ་པད་ཟླ་ལ་མོ་སེར་པོ་ལས་འོད་ཟེར་ཅན་མ་སེར་མོ་སྤྱི་བོར་མཆོད་རྟེན་གྱིས་བརྒྱན་པ། ཞལ་གསུམ་གཡས་དཀར་བ། གཡོན་ཕག་ཞལ་ནག་པོ། །ཕྱག་དྲུག་གིས་གཡས་ན་མདའ་དང་རྡོ་རྗེ། གཡོན་ན་གཞུ། སྐུད་པ། མྱ་ངན་མེད་པའི་ཤིང་གི་ཡལ་ག་ལོ་མ་མེ་


JKT020_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་ཅན་བསྣམས་པ། སྨད་གཡོགས་སྔོན་པོ་དང་སྟོད་གཡོགས་བཀྲ་བ་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་པས་ཕག་སེར་པོ་ལ་བཞུགས་ཤིང་། ཕག་སེར་པོའི་ཚོགས་ཀྱིས་བསྐོར་བ། དེ་ལ་འོད་ཟེར་ཅན་མ་དཀར་མོ། །མྱ་ངན་མེད་པའི་འོད་ཟེར་ཅན། རྟོག་པ་ལས་བྱུང་བ། རྡོ་རྗེ་དབྱིངས་ཕྱུག་མ། ཨོ་ཌི་ཡཱ་ན། བྱིན་རླབས་རིམ་པ། པི་ཙུ་མ་དམར་མོ་ཞལ་གསུམ་ཕྱག་བཅུ། ཁབ་སྐུད་ཅན་རྣམས་དང་། ཨརྐ་མ་སི་ལ་སོགས་པས་བསྐོར་བ། དེ་རྣམས་ཀྱི་སྤྱི་བོར་ཨོ། །མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་བ་ལ་ཨོྃ། དེ་ལས་འོད་འཕྲོས། ལྷ་མོ་འོད་ཟེར་ཅན་གྱི་ལྷ་ཚོགས་འཁོར་དང་བཅས་པ་སྤྱན་དྲངས། བཛྲ་ས་མཱ་ཛཞེས་པས་ཡེ་ཤེས་པ་གདན་དྲངས་ཏེ། ཛཧཱུྃ་བཾ་ཧོ༔ ཞེས་པས་ཡེ་ཤེས་པ་གཞུག་ཅིང་། མཐེབ་ཆེན་བསྣོལ་བ་དང་། མཛུབ་མོའི་རྩེ་མོ་བཀུག་སྟེ་མཉམ་དུ་གཟུང་། གུང་མོ་གཤིབ། ལྷག་མ་རྡོ་རྗེའི་ཐལ་མོ་ལྟར་བྱས་པ། བཅོམ་ལྡན་འདས་མའི་དམ་ཚིག་གི་ཕྱག་རྒྱ་ལྟ་བའི་ཕྱོགས་སུ་དགོད་པའམ། སྙིང་ག །མཛོད་སྤུ། མགྲིན་པ། སྤྱི་བོར་བཞག་པས་བརྟན་པར་བྱས་ལ། ཡང་ཕྱག་རྒྱ་དེ་ཉིད་སྤྱི་བོར་བཞག་སྟེ། ཨོཾ་བྷུ་ཁཾ་ཨཾ། ཞེས་དབང་བསྐུར་བའི་སྔགས་ཀྱིས་སྤྱི་བོར་རྣམ་སྣང་གི་རྒྱས་གདབ། སྙིང་པོ་ནི། ཨོཾ་མཱ་རཱི་ཙེ་སྭཱ་ཧཱ་ཞེས་སམ།


JKT020_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མཱ་རཱི་ཙེ་ཚྭ་སྭཱ་ཧཱ། ཨོཾ་མཱ་རཱི་ཙེ་ཨཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་ལ། བར་དུ་གཅོད་པའི་བགེགས་དང་། མཆོད་གཏོར་ལ་དམིགས་ནས། གཡས་ཁྲོ་མོའི་ཁུ་ཚུར་གཏོད་དེ། ཨོཾ་མཱ་རཱི་ཙེ་ཧཱུྃ་སརྦ་བིགྷཱན་ནུ་ད་སར་ཡ་ཧཱུྃ་ཕཊ་ཀྱིས་བགེགས་བསང་། སྭ་བྷཱ་ཝ་སོགས་ཀྱིས་སྦྱངས་ཤིང་བྱིན་གྱིས་བརླབས། གཏོར་མ་ཧཱུྃ་ཞེས་བརྗོད་པས་བྱིན་གྱིས་བརླབས་ལ། ཨོཾ་མཱ་རཱི་ཙེ་ཨགྷཾ་པྲ་ཏཱི་ཙྪསྭཱ་ཧཱ། དེ་བཞིན་དུ་འདོན་པ་བསྒྱུར་ལ་པུངྒེ་ལ་སོགས་དང་། གཏོར་མ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། གྲོ༔་གྲིཉྩ། གྲིཉྩནྟ་སརྦ་བོ་དྷི་ཀ་པ་ལི་མ་མ་ཤཱནྟཾ་ཀུརྦནྟ་སྭཱ་ཧཱ། ཞེས་ཕུལ་ལ། གང་ཁྱོད་མིང་ཙམ་འཛིན་དང་དྲན་པ་ཡིས། །མི་མཐུན་ཕྱོགས་རྣམས་མ་ལུས་སེལ་འགྱུར་ཞིང་། །འཇིག་རྟེན་འཇིག་རྟེན་འདས་པའི་དཔལ་སྟེར་བ། །འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་བསྟོད། ཅེས་བསྟོད། བདག་སོགས་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་དང་། ཕྲ་མེན་མའི་རིག་སྔགས་ཀྱི་གནོད་པ་ལ་སོགས་པ་འཇིགས་པ་ཐམས་ཅད་ལས་སྐྱོབ་བ་དང་། སངས་རྒྱས་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། །ཚེ་དང་བསོད་ནམས་རྒྱས་པའི་ཕྱིར་གཙུག་ཏོར་རྣམ་པར་རྒྱལ་མ་ལ་མཆོད་གཏོར་འབུལ་བ་ནི། མདུན་གྱི་ནམ་མཁར་རྣམ་པར་རྒྱལ་མའི་མཆོད་རྟེན་གྱི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པད་ཟླའི་གདན་ལ་བློ་ལས་


JKT020_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་རྣམ་རྒྱལ་དཀར་སེར་སྔོ་བའི་ཞལ་གསུམ་ཕྱག་བརྒྱད་ཀྱི་གཡས་པ་རྣམས་ན་སྣ་ཚོགས་རྡོ་རྗེ། པད་དཀར་ལ་གནས་པའི་འོད་དཔག་མེད། མདའ། མཆོག་སྦྱིན། གཡོན་པ་རྣམས་ན་ཞགས་པ། ཊྛ གཞུ། སྐྱབས་སྦྱིན། བདུད་རྩིའི་བུམ་པ་འཛིན་པ། ཞལ་རེ་རེ་བཞིན་སྤྱན་གསུམ་མ། ཞི་འཛུམ་སྒེག་པའི་ཉམས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཧཱུཾ། ཐུགས་ཀའི་དབུས་སུ་ཟླ་བ་ལ་ཧཱུཾ་དཀར་པོ། །དཔྲལ་བར་ཏཱཾ་སེར་པོ། །ལྟེ་བར་ཧྲིདམར་པོ། བརླ་གཉིས་ལ་ཨོཾ་ཨཱལྗང་གུ། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། ཐུགས་ཀའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། ཛཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། ཐུགས་ཀའི་ས་བོན་གྱི་མཐར་སྔགས་ཕྲེང་གིས་བསྐོར་པའི་འོད་ཀྱིས་ཚེ་དང་བསོད་ནམས་ཡེ་ཤེས་ཀྱི་དངོས་གྲུབ་སྩལ་བར་གྱུར། ཨོཾ་ཧཱུཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཞེས་བཟླ། ཨོཾ་ཨུཏྟཱི་ཥ་བི་ཛ་ཡཱ་ཨརྒྷཾ་སོགས་ཀྱིས་མཆོད། འཆི་བ་མེད་པའི་ཚེ་སྦྱིན་མ། འདོད་རྒུའི་བསོད་ནམས་རྒྱས་མཛད་མ། །ཡེ་ཤེས་མཆོག་གི་དཔལ་སྟེར་མ། །གཙུག་ཏོར་རྣམ་རྒྱལ་མ་ལ་འདུད། ཅེས་བསྟོད། སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པས་གཏོར་མ་དབུལ་ཞིང་། མཆོད་ཅིང་བསྟོད་ལ། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་


JKT020_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་དང་། ཡེ་ཤེས་ཐམས་ཅད་རྒྱས་པར་མཛད་དུ་གསོལ། ལྷ་རང་ལ་བསྟིམ་མོ། ༈ །དཔལ་དང་འབྱོར་པ་རྒྱས་པའི་ཕྱིར་འཕགས་པ་ཛམྦྷ་ལ་དང་ལྷ་མོ་ནོར་རྒྱུན་མ་ལ་མཆོད་གཏོར་འབུལ་བ་ནི། སྟོང་པའི་ངང་ལས་མདུན་དུ་རིན་པོ་ཆེ་སྣ་ཚོགས་པ་གཅལ་དུ་བཀྲམ་ཞིང་ནོར་བུའི་གཏེར་ཁ་ཆེན་པོ་བྱེ་བའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ལྟེ་བ་དང་འདབ་མ་རྣམས་ལ་ཛོ་དགུ་དང་། པོ་དགུ་ཡོངས་སུ་གྱུར་པ་ལས། དབུས་སུ་འཕགས་པ་ཛམྦྷ་ལ་སེར་པོ་ནོར་རྒྱུན་མས་འཁྱུད་པ། ཤར་སོགས་ཕྱོགས་བཞིར་ནོར་བུ་བཟང་པོ་དང་ཟླ་ཤེལ་མ། གང་པ་བཟང་པོ་དང་སྦྱིན་མ། ནོར་སྦྱིན་དང་སྦྱིན་བཟང་མ། རྣམ་ཐོས་སྲས་དང་འཕགས་མ། ཤར་ལྷོ་ནས་བརྩམས་ཏེ་མཚམས་བཞིར་ཀེ་ལི་མཱ་ལི་དང་རབ་བཟང་མ། འཇམ་པོ་འཁྱིལ་པ་དང་རབ་སྦས་མ། ཞལ་གྱི་དབང་པོ་དང་ལྷའི་བུད་མེད། སྤྱོད་པའི་དབང་པོ་དང་དབྱངས་ཅན་མ། ཐམས་ཅད་ཀྱང་གསེར་མདོག་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡབ་རྣམས་རོལ་པའི་སྟབས་ཅན། གཡས་མཆོག་སྦྱིན་གྱི་མཐིལ་ན་བཱི་ཛ་པཱུ་ར་ཀ་དང་གཡོན་གཏེར་གྱི་ནེའུ་ལེ་འཛིན་པ། ཡུམ་རྣམས་གཡས་མཆོག་སྦྱིན་དང་། གཡོན་འབྲས་ཀྱི་སྙེ་མ་བསྣམས་པའི་གནས་གསུམ་དུ་ཨོཾ་ཨཱཧཱུཾ། ཡེ་ཤེས་པ་དབང་ལྷ་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ༔ ཡེ་ཤེས་


JKT020_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐིམ། དབང་ལྷས་དབང་བསྐུར། གཙོ་འཁོར་ཐམས་ཅད་ལ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། ཨོ་ཨཱརྱ་ཛམྦྷ་ལ་བ་སུ་དྷ་རི་ཎཱི་ས་པ་རི་ཝཱ་ར་ཨབྷྲཱུྃ་སོགས་ཀྱིས་མཆོད། །མགོན་པོ་ནམ་མཁའི་མཛོད་འཆང་ཞིང་། །དཔལ་མོ་དབྱིག་གི་ཆར་འབེབས་མ། །གནོད་སྦྱིན་བྱེ་བའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དོ་དངོས་གྲུབ་སྩོལ། རང་ལྷག་པའི་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དཔལ་འབྱོར་ལོངས་སྤྱོད་ནམ་མཁའི་མཛོད་ཀྱི་དངོས་གྲུབ་སྩོལ་བར་གྱུར། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ཨོཾ་བཱ་སུ་དྷ་རི་ཎཱི་སྭཱ་ཧཱ། ཞེས་ཅི་ནུས་བཟླ། འཁོར་སྔགས་བཟླ་ན་གཞན་དུ་ཤེས། སྔགས་ཀྱི་མཐར་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པས་གཏོར་མ་དབུལ། མཆོད་ཅིང་བསྟོད། འཕགས་པ་ཛམྦྷ་ལ་དང་། ལྷ་མོ་ནོར་རྒྱུན་མས་བདག་དང་སེམས་ཅན་ཐམས་ཅད་བ ལ་ཆོས་དང་མཐུན་པའི་འབྱོར་པ་ཟད་མི་ཤེས་པ་སྩལ་དུ་གསོལ། ཡི་གེ་བརྒྱ་པ་བཟླ། སུ་པྲ་ཏིཥྛས་གནས་ཁང་དང་བང་མཛོད་སོགས་ལ་བརྟན་པར་བཞུགས་སུ་གསོལ་ལོ། ༈ །ཁམས་གསུམ་དབང་དུ་བྱེད་པར་འདོད་ན་ལྷ་མོ་རིགས་བྱེད་མ་ལ་མཆོད་གཏོར་འབུལ་བ་ནི། སྟོང་པའི་ངང་ལས་མདུན་དུ་རིགས་བྱེད་ཀྱི་རི་བོའི་ཕུག་ཏུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་ལ་ཧཱིདམར་པོ་ལས་འཕགས་མ་


JKT020_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་གྱི་དབང་ཕྱུག་མ་རྒྱ་སྐྱེགས་ཀྱི་མེ་ཏོག་གསར་བའི་མདངས་ཅན། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཨུཏྤལ་དམར་པོའི་མདའ་གཞུ་དང་། ལྷག་མ་གཉིས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང་ཨུཏྤལ་དམར་པོ་བསྣམས་པ། ཁྲོ་ཞིང་ཆགས་ལ་སྒེག་པའི་ཉམས་ཅན། རིན་པོ་ཆེའི་རྒྱན་དང་དར་དམར་པོའི་ན་བཟའ་ཅན། འོད་ཟེར་དམར་པོ་འཕྲོ་བ། འོད་དཔག་ཏུ་མེད་པའི་ཅོད་པན་ཅན། ཞབས་གཡོན་བརྐྱངས་པའི་གར་སྟབས་ཀྱིས་སྒྲ་གཅན་གྱི་མགོ་བོ་ལ་གནས་པའི་འདོད་ལྷའི་ཆུང་མ་མནན་པ། གནས་གསུམ་དུ་ཨོཾ་ཨཱཧཱུཾ། ཐུགས་ཀའི་དབུས་སུ་ཟླ་བ་ལ་ཧཱུྃ༔ དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ༔ ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་ཉི་མ་འཆར་ཀའི་འོད་ཀྱིས་ཁམས་གསུམ་དབང་དུ་མཛད་པར་གྱུར། ཨོཾ་ཀུ་རུ་ཀུ་ལླེ་ཧཱུྃསྭཱ་ཧཱ། ཅི་ནུས་བཟླ། མཐར་ཨོཾ་ཨཱརྱ་ཀུ་རུ་ཀུ་ལླེ་ས་པ་རི་ཝཱ་ར་ཨགྷཾ་སོགས་ཀྱིས་མཆོད། །རིགས་བྱེད་རི་བོའི་ཕུག་ཏུ་གནས། །རབ་འབྱམས་དབང་གི་ཕྲིན་ལས་མཛད། །དངོས་གྲུབ་མཐའ་ཡས་སྩོལ་བའི་གཏེར། །བཅོམ་ལྡན་འདས་མར་ཕྱག་འཚལ་འདུད། །གཏོར་མ་སྔགས་མཐར་ཨ་ཀཱ་རོ་བཏགས་པས་དབུལ། བདག་དང་སེམས་ཅན་ཐམས་ཅད་ལ་རབ་འབྱམས་དབང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། མདུན་བསྐྱེད་


JKT020_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་བཞིན་པས་འོད་དུ་ཞུ། རང་གི་སྨིན་མཚམས་སུ་ཐིམ་པས་ཁམས་གསུམ་གྱི་དབང་ཕྱུག་ཆེན་པོར་གྱུར་པར་བསམ་མོ། ༈ །བདུད་དང་དགྲ་བགེགས་ཚར་གཅོད་པའི་ཕྱིར་འཕགས་མ་རལ་གཅིག་མ་ལ་གཏོར་མ་འབུལ་བ་ནི། སྟོང་པའི་ངང་ལས་མདུན་དུ་པད་ཉིའི་གདན་ལ་ཊཾ་ལས་ལྷ་མོ་ཁྲོས་མ་རལ་གཅིག་མ་ནག་མོ་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། སྤྱན་གསུམ་མ། ཁྲོས་བའི་ཉམས་ཅན། དར་དང་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བ་དང་སྦྲུལ་གྱིས་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན་ཅན། ལྟོ་བ་འཕྱང་ཞིང་སྟག་གི་པགས་པའི་ཤམ་ཐབས་གསོལ་བ། མི་བསྐྱོད་པའི་ཅོད་པན་ཅན། བདུད་བཞིའི་སྟེང་ན་གཡོན་བརྐྱང་པའི་ཕྱེད་སྐྱིལ་གྱིས་བཞུགས་ཤིང་། ཡེ་ཤེས་ཀྱི་མེ་ཕུང་འབར་བའི་གནས་གསུམ་ཨོཾ་ཨཱཧཱུཾ། ཐུགས་ཀར་ཉི་མ་ལ་ཊཾ། དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། ཐུགས་ཀར་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་མེ་དང་མཚོན་ཆ་ལྟ་བུ་འཕྲོས་པས་བདུད་དང་དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསམས་ལ། ཧཱུཾ་ཏྲི་ཧཱུྃ་ཕཊ། ཅེས་བཟླ། ཨོ་ཨེ་ཀ་ཛ་ཊི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། །ཆར་སྤྲིན་འཁྲུགས་པ་ལྟ་བུའི་སྐུ། །གྲི་གུག་ཐོད་པའི་ཕྱག་རྒྱས་བརྗིད། །ས་གསུམ་གདུག་པ་འདུལ་མཛད་


JKT020_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ཁྲོ་གཉེར་ཅན་མཛད་མ་ལ་འདུད། ཅེས་བསྟོད། སྔགས་མཐར་ཨ་ཀཱ་རོ་བཏགས་པས་གཏོར་མ་དབུལ། འཕགས་མ་རལ་གཅིག་མས་བདུད་དང་དགྲ་བགེགས་ཐམས་ཅད་ཚར་གཅོད་པའི་དྲག་པོའི་ལས་ཀྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པས་གཟི་བརྗིད་ཕུན་སུམ་ཚོགས་པར་བསམ་མོ། །འདི་ཡན་གྱི་མཆོད་པ་བྱིན་རླབས་དམིགས་བསལ་ཟླ མེད་པ་རྣམས་ལ་རིགས་གསུམ་ལྟར་བྱ་ཞིང་། མཇུག་ཏུ་ཡི་གེ་བརྒྱ་པས་ནོངས་པ་བཤགས། དམིགས་བསལ་རྣམས་མ་གཏོགས་མཐར་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུའོ། །དེ་རྣམས་ཀྱང་རང་རང་གང་མོས་དང་། སྐབས་སུ་གང་བབ་པ་ཉམས་སུ་བླང་བ་ལས་མཐར་ཆགས་སུ་བྱ་མི་དགོས་སོ། ༈ །དེ་ནས་ཕྱོགས་སྐྱོང་། རྒྱལ་ཆེན། འབྱུང་པོ། གཞི་བདག །བགེགས་ཀྱི་གཏོར་མ་རྣམས་རྒྱུད་སྡེ་འོག་མའི་ཆོ་གའི་ཡན་ལག་ལས་འབྱུང་བ་ལྟར་རྒྱས་བསྡུས་གང་རུང་བྱ། ཤིན་ཏུ་བསྡུ་ན་བསང་སྦྱང་། ཨ་ཀཱ་རོས་བརླབས་ལ། དང་པོ་ནི། ཨོཾ་ད་ཤ་དིཀྲ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧེ་ཧིས་མགྲོན་དགུག ། པདྨ་ཀ་མ་ལཱ་ཡ་ཧཱུཾ་གྱིས་གདན་དབུལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གྲི༔་དཾ་ཨནྡྷཾ་སོགས་ནས་ཤབྟ་པྲ་ཏཱི་ཙྪ་སྭཱ་ཧཱས་མཆོད། ཨོཾ་ད་ཤ་དིཀྲ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གྲིཉྩ་དཾ་ན་མ་སྶརྦ་ཏ་ཐཱ་ག་ཏེ་བྷོ་བི་


JKT020_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཤྭ་མུ་ཁེ་བྷྱསོགས་ལན་གསུམ་གྱིས་གཏོར་མ་དབུལ། འཇིག་རྟེན་སྐྱོང་བ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་སྤྱི་ལྟར་བརྗོད་པས་ཕྲིན་ལས་གསོལ་བར་བྱའོ། །དེས་མཚོན་ཏེ། གཉིས་པ་ནི། ཨོ་ཙ་ཏུརྨ་ཧཱ་རཱ་ཛ་སེ་ན་ས་པ་རི་ཝཱ་ར་ཨེ་ཧེ་ཧི། པདྨ་ཀ་མ་ལཱ་ཡ་ཧཱུཾ། སྔགས་མཐར་གྲི་ལྕེ་དཾ་ཨརྒྷཾ་སོགས་དང་། གྲིཉྩ་དཾ་ན་མ་སྶརྦ་སོགས་བཏགས་པས་མཆོད་གཏོར་དབུལ། མཐུ་ཆེན་རྒྱལ་པོ་སྡེ་བཞི་རྣམས། མཆོད་སྦྱིན་གཏོར་མ་སོགས་བརྗོད། གསུམ་པ་ནི། ཨོཾ་སརྦ་ལོ་ཀ་ཀཱ་ར་ས་པ་རི་ཝཱ་ར་ཨེ་ཧེ་ཧི། པདྨ་ཀ་མ་ལཱ་ཡ་ཧཱུཾ། སྔགས་མཐར་ཨནྡྷཾ་སོགས་དང་། ན་མསྶརྦ་སོགས་བཏགས་པས་མཆོད་གཏོར་དབུལ། །འཇིག་རྟེན་པ་ཡི་འབྱུང་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་བསྣོམས་ལ། །ཆོས་དོན་བདེན་པ་ལ་གནས་ནས། །ཞི་ཞིང་དུལ་བའི་སེམས་སུ་མཛོད། །བདག་ཅག་བྱང་ཆུབ་མ་ཐོབ་བར། །གེགས་མེད་བར་ཆད་མེད་པ་དང་། །དམ་ཚིག་གནས་ལ་གནས་མཛོད་ལ། །བྱང་ཆུབ་ཐོབ་པའི་གྲོགས་ཀྱང་མཛོད། །བཞི་པ་ནི། ཨོཾ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱ་ཀརྨ་ཡ་ཛ༔ སྔགས་མཐར་ཨནྡྷཾ་སོགས་དང་། ན་མསྶརྦ་བཏགས་པས་མཆོད་གཏོར་སྦྱིན། །གཞི་བདག་གནས་བདག་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་བརྗོད། ལྔ་པ་ནི། རང་


JKT020_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རིགས་ཀྱི་ཁྲོ་བོའི་ང་རྒྱལ་དང་བཅས། །བླ་མ་མཆོག་གསུམ་བདེན་པ་དང་། །གསང་སྔགས་རིག་སྔགས་བྱིན་རླབས་ཀྱིས། །བགེགས་ཀྱི་རིགས་རྣམས་གང་ཡིན་ཀུན། །སྐད་ཅིག་གནས་འདིར་མཆིས་གྱུར་ཅིག །ཊཱཀྐི་ཧཱུྃ་ཛ༔ ཨོཾ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ། ཨོ་པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུང་གུང་སྭཱ་ཧཱ་སརྦ་བིགྷཱན་གྲིཉྩེ་དཾ་ཨགྷཾ་སོགས་དང་། སྔགས་དེ་མཐར་སརྦ་བིགྷཱན་ན་མསྶརྦ་སོགས་བཏགས་པས་མཆོད་གཏོར་བསྔོ། །གང་ཞིག་མཚན་མོར་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡི། །མཆོད་སྦྱིན་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། ཞེས་བསྒོ། ཐུན་མོང་དུ། ཡེ་དྷརྨཱ་སོགས་དང་། སྡིག་པ་ཅི་ཡང་མི་བྱ་སོགས་ཆོས་སྦྱིན་བྱ། གཙྪགཙྪ་སྭ་བྷཱ་ཝ་ནཱི་ཞེས་རང་རང་གི་གནས་སུ་གཤེགས། ནག་ཕྱོགས་པ་སྡོད་སྲིད་པས་ཨ་མྲྀ་ཏ་སོགས་དྲག་སྔགས་ཀྱིས་མཚམས་གཅོད། ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། ༈ །དེ་ནས་ཟས་ཀྱི་རྣལ་འབྱོར་ལ་འཇུག་པའི་སྔ་ལོགས་སུ། དལ་འབྱོར་གྱི་ལུས་ཐོབ་ཅིང་།


JKT020_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་མཐུན་པའི་འཚོ་བའི་ཡོ་བྱད་རྙེད་པའང་དཀོན་མཆོག་གི་ཐུགས་རྗེ་ལས་བྱུང་བར་ངེས་པས་རྗེས་སུ་དྲན་པའི་མདོ་གདོན་ཅིང་དོན་ཡིད་ལ་བྱ། དེ་ནས་བཟའ་བའི་ཚེ། ལོག་པའི་འཚོ་བ་རྣམ་པར་སྤངས་ཏེ་ཆོས་དང་མཐུན་པའི་འཚོ་བ་ཇི་ལྟར་རྙེད་པ་དེ་ལ་ཆ་བཞིར་བགོས་ལ། ཆ་གཅིག་ནི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་སྤྱིར་བཞག །གཉིས་པ་ནི། བཀྲེས་པ་དང་། ལོང་བ། ནད་པ་ལ་སོགས་པ་སྡུག་བསྔལ་བ་རྣམས་ཀྱི་ཕྱིར་བཞག །གསུམ་པ་ནི། སེམས་ཅན་ལོག་པར་ལྟུང་བ་རྣམས་ལ་སྦྱིན། ཆ་བཞི་པ་རང་བཟའ་བའི་ཕུད་སྣོད་གཙང་མར་བཤམས་ལ། ཨོཾ་ཨཱཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིར་བྱིན་གྱིས་བརླབས་ལ། ཨོཾ་གུ་རུ་བཛྲ་ནེ་ཝི་དྱེ་ཨཱཧཱུྃ་གིས་བླ་མ། ༀ་དེ་ཝ་མཎཱ་ལ་ས་པ་རི་ཝཱ་རེ་བྷུབཛྲ་ནེ་ཝི་དྱེ་ཨཱཿཧཱུྃ་གིས་ཡི་དམ་དང་། ཨོཾ་སརྦ་བུདྡྷ་བོ་དྷི་ས་ཏྭ་ཧཱུཾ་བཛྲ་ནེ་ཝི་དྱ་ཨཱཏྟཱཧཱུྃ་ཞེས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། སོ་སོའི་གཏོར་སྔགས་སྤྱི་ཙམ་དུ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་མུ་དྲ་ས་པ་རི་ཝཱ་རེ་བཛྲ་ནེ་ཝི་དྱ་ཨཱ༔ཧཱུྃ་གིས་ཆོས་སྐྱོང་། ཨོ་ཨཱརྨ་ཛམྦྷ་ལ་བཱ་སུ་དེ་ཝ་ས་པ་རི་ཝཱ་རེ་བྷྱབཛྲ་ནེ་ཝཾ་དུ་ཨཱཧཱུྃ་གིས་ནོར་ལྷ་རྣམས་ལ་དབུལ། སྣོད་གཞན་ཞིག་ཏུ་གཏོར་མ་གཅིག་བཞག་ལ། ཨོཾ་ཨཱཧཱུྃ་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུཏྤནྣ་ཏྭ་ཏྲ་ཨོ་ཨཱཧཱུྃ་ཕཊ་སྭཱ་ཧཱ་ཞེས་པས་འབྱུང་པོ་ཐམས་ཅད་ལ་སྦྱིན།


JKT020_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཆ་གསུམ་པ་ལ་ཆང་བུ་གཅིག་ཕུད་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན་ཏེ། ཨོཾ་ཨ་གྲ་པིཎྜ་ཨཱ་ཤི་སྭཱ་ཧཱ། གཏོར་མ་ཆང་བུ་གཅིག །ཨོཾ་དུ་ཏི་ཀཱི་ཨ་གྲ་སཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་ཨཱ༔ཧཱུྃ་ཞེས་པས་ཕོ་ཉ་མོ་རྣམས་ལ་ཕུལ་ཏེ། བཟའ་བའི་མཐའ་ཇི་སྲིད་བར་ས་ལ་བཞག་གོ། །འཕྲོག་མའི་གཏོར་མ་རྒྱས་པ་ནི། གཏོར་མ་ཆང་བུ་གསུམ་དང་ཤ་དང་ཆང་ལ་སོགས་པའང་སྣོད་གཅིག་ཏུ་བཞག་སྟེ་འཕྲོག་མ་ལ་སྦྱིན་པ་ནི། ཁ་ཟས་ཀྱི་སྔོན་འདི་ཉིད་དུ་འམ་དུས་གཞན་དག་ཏུའང་རུང་བས་ཁྱིམ་མམ་ལྷ་ཁང་ངམ། མཆོད་རྟེན་ལ་སོགས་པ་གང་ཡང་རུང་བར་བྱ་སྟེ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། མདུན་དུ་ཧ་ལས་གནོད་སྦྱིན་མ་འཕྲོག་མ་གདོང་གཅིག་པ། ཁ་གདངས་མཆེ་བ་གཙིགས་པ་འཇིགས་སུ་རུང་བ། ལྕེ་འདྲིལ་བ། ལག་པ་གཡོན་པས་མགོ་བོ་འཛིན་ཅིང་། གཡས་པ་ངོ་མཚར་གྱི་ཕྱག་རྒྱ་ཅན། རོ་སྨད་ཀྱི་ཆ་མིའི་པགས་པས་གཡོགས་པ། གར་གྱི་འགྱིང་ཚུལ་བྱས་ཤིང་། སྣ་ཚོགས་པའི་མདོག་ཅན་དང་། ཡཱ་ལས་དེའི་བདག་པོ་རྡོ་རྗེ་གནོད་སྦྱིན་གཅེར་བུ་སྐྲ་བཤིགས་པ་ཆ་ལུགས་འཕྲོག་མ་ལྟ་བུ་དང་། ཁེ་ལས་དེའི་བུ་རྣམ་ཐོས་སྲས་དཀར་པོ་མཆེ་བ་ཅུང་ཟད་གཙིགས་པའི་གདོང་གཅིག་པ། སེང་གེ་ལ་ཞོན་པ། ལག་པ་གཉིས་ཀྱི་གཡོན་ན་སེང་གེའི་རྒྱལ་མཚན་དང་། པདྨའི་གཏེར་གྱིས་སྒེག་པ་དང་བཅས་པ། གཡས་ན་


JKT020_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་ཡབ་དཀར་པོ་གཡབ་ཅིང་། རིན་པོ་ཆེའི་གཏེར་ཐོགས་པའོ། །ཨུཏྤ་ལའི་ཕྱག་རྒྱས། ཨོ་ཨེ་བྱེ་བྱེ་ཡ། ཧ་རི་ཏེ། པཉྩ་ཤ་ཏ་པུ་ཏྲ་ས་པ་རི་ཝཱ་རེ་བཛྲ་ཡཀྵ་སྲི་ཡ་ཨསྨིཾ་སནྟི་ཧི་ཏེ་བྷ་བ་སྭཱ་ཧཱ། ཞེས་པས་བོས་ལ། ཨོ་ཧ་རི་ཏེ་མ་ཧཱ་ཡཀྵ་ཎཱི་ཡེ། ཧ་ར་ཧ་ར། སརྦ་པ་པོ་ཀཱི་སརྦ་ཡཀྵ་ཎི་པྲ་བེ་ཤ །པཉྩ་ཤ་ཏ་པུ་ཏྲ་ས་པ་རི་ཝཱ་ར། ཨི་མཾ་བ་ལིཾ། གྲིཉྩ་གྲིཉྩ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཡཀྵ་རུ་དྲ་མ་ཏྲ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། དེ་ཙམ་མི་ནུས་ན། ཨོཾ་ཧ་རི་ཏེ་མ་ཧཱ་བཛྲ་ཡཀྵི་ཎཱི་ཧ་ར་ཧ་ར་སརྦ་པ་པཱ་ནི་མི་ཀྵ་སྭཱ་ཧཱ། གང་རུང་བརྗོད་ནས། ཆུའི་སྣོད་དུ་བཅུག་སྟེ་དབེན་པར་དོར་བར་བྱའོ། །ཨོཾ་པྲ་ཡཾ་ཀ་ར་སྭཱ་ཧཱ་ཞེས་ཆང་བུ་གཅིག་སྦྱིན་ནོ། །དེ་ནས་བདག་ཉིད་བཟའ་བ་ལ་ཆགས་པ་དང་། བརྐམ་པ་དང་། ཞེན་པ་མེད་པར་བཟའ་སྟེ། ལུས་གནས་པར་འགྱུར་བ་དང་། འཚོ་བར་བྱ་བའི་ཕྱིར་དང་། མི་གཙང་བའི་རྫས་རྣམས་ཀྱིས་གང་བའི་ལུས་སྙིང་པོ་མེད་པ་མཐར་འཇིག་པ་འདིས་སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་སྙིང་པོ་དེ་བཙལ་བར་བྱའོ། །ལུས་འདི་ལ་སྲིན་བུའི་རིགས་བརྒྱད་ཁྲི་ཡོད་པ་དག་འདིའི་མཐུས་བདེ་བར་གནས་པར་གྱུར་ཅིག །ད་ལྟ་ནི་འདི་དག་ཟང་ཟིང་གིས་བསྡུ་བར་བྱ་ཞིང་། བྱང་ཆུབ་ཐོབ་ནས་ནི་ཆོས་ཀྱིས་བསྡུ་བར་བྱའོ་ཞེས་སེམས་བསྐྱེད་ལ། རྡོ་རྗེ་ཐེག་པ་བླ་མེད་ཀྱི་རྣལ་འབྱོར་པས་ནང་གི་སྦྱིན་སྲེག་གི་ཚུལ་དུ་རོལ་པ་ནི། རང་


JKT020_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལྷག་པའི་ལྷར་གསལ་བའི། །ལྟེ་བར་གཏུམ་མོ་འབར་བ་ཡི། །མེ་ལྕེ་སྙིང་གར་སླེབ་པའི་དབུས། །བླ་མ་ཡི་དམ་ལྷ་ཚོགས་དང་། །ལྟེ་དབུས་མཁའ་འགྲོ་ཆོས་སྐྱོང་ཚོགས། །གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན། །གདན་གསུམ་ཚང་བའི་དཀྱིལ་འཁོར་པ། ཏིལ་གྱི་གོང་བུ་ལྟ་བུར་བཞུགས། །ལག་གཉིས་རྡོ་རྗེའི་དགང་བླུགས་ཀྱིས། །བཟའ་བཅའ་བཏུང་བའི་བསྲེག་རྫས་ཚོགས། །ཞལ་གྱི་ཐབ་ཏུ་ཕུལ་བ་ཡིས། །ལྷ་རྣམས་མཉེས་ཤིང་ཚིམ་ནས་ཀྱང་། །མཆོག་ཐུན་དངོས་གྲུབ་སྩལ་བར་གྱུར། ཅེས་གསལ་བཏབ་ལ། ཨོཾ་ཨཱཧཱུྃ་ཞེས་བརྗོད་ཅིང་རོལ། དེ་ལྟ་བུ་མི་ཤེས་པའམ་མི་ནུས་ན། བདག་ཉིད་འཇིག་རྟེན་དབང་ཕྱུག་གི་སྐུར་གསལ་བས། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ་བདུད་རྩིར་བསམས་ལ་བཟའོ། །གཞན་ཡང་ན་མསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨོཾ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ནི་སྭཱ་ཧཱ། ཞེས་ལན་བརྒྱད་བསྔགས་ཏེ། ཐོག་མར་མཐེ་བོང་དང་སྲིན་ལག་གིས་བླངས་ནས་ཟོས་ན་དུག་ལ་སོགས་པའི་ཉེས་པ་ཞི་བར་བཤད་དོ། །དེ་ནས་ཁམ་རེ་རེ་ཞིང་ལྷ་ལ་བདུད་རྩིའི་མཆོད་པ་ཕུལ་བར་བསམས་ཏེ། ཨོ་དི་བྱ་ཨན་ས་མ་དྷི་དྷུ་ན་པྲ་ཎ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་ཁ་བཀང་བ་དང་། སྒྲ་དང་བཅས་པ་དང་། ཁ་གདངས་པ་དང་། བུལ་བ་དང་། མྱུར་བར་མི་ཟ་ཞིང་། བཟའ་བ་ཉུང་ན་དགེ་བའི་བྱ་བ་ལ་


JKT020_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་མི་ནུས། མང་དྲགས་ན་གཉིད་ཆེ་བར་འགྱུར་བའི་ཕྱིར་རན་པར་བཟའོ། །དེ་ལ་ལྟོ་བའི་ཆ་གཉིས་ཟས་ཀྱིས་དགང་། ཆ་གཅིག་སྐོམ་གྱིས་དགང་། རླུང་ལ་སོགས་པའི་གནས་སུ་ཆ་གཅིག་སྟོང་པར་བཞག་གོ །ཁ་ཟས་མང་བ་རྙེད་ན་ནི་ཕྱོགས་འདིར་ཟས་ཀྱིས་ཕོངས་པ་སུ་ཞིག་ཡོད་ཅེས་ཕྱོགས་བཞིར་བརྟགས་ལ་བཀྲེས་པས་ཉེན་པ་དག་ལ་བགོ་བཤའ་བྱའོ།་།ཉུང་བ་ལས་མ་རྙེད་ན་ནི་འདི་སྙམ་དུ་ཁ་ཟས་ཉུང་བས་ནི་ལུས་སེམས་ཡང་བ་དང་། གཉིད་ཆུང་བ་དང་། སྤོང་བ་བཟོད་པ་དང་། གཤང་ལྕི་ཉུང་བ་དང་། དད་པས་བྱིན་པ་ཉུང་བས་སྒྲིབ་པ་ཆུང་བར་འགྱུར་རོ། །ཞེས་བསམ་མོ། །ཟས་ཀྱི་ལྷག་མ་ཆ་གཅིག །ཨོཾ་ཨུཙྪིཥྚ་པིཎྜ་ཨ་ཤི་བྷུསྭཱ་ཧཱ་ཞེས་ལྷག་མ་ཟ་བའི་འབྱུང་པོ་རྣམས་ལ་སྦྱིན། ཟས་བྱིན་པའི་འབྱུང་པོ་འཕྲོག་མ་དང་ཡི་དྭགས་རྣམས་ཚིམ་ནས་རང་རང་གི་གནས་སུ་སོང་བར་བལྟའོ། །ལྷག་མ་ཆ་གཅིག་རྡོ་ལེབ་ལ་སོགས་པའི་སྟེང་དུ་དོར་ལ། གཅན་གཟན་དང་བྱའི་ཚོགས་གང་ལ་ལ་ཟས་འདོད་པ་ལ་བྱིན་ནས་ལེན་པ་དེ་དག་བྱིན་པའི་སྦྱིན་པ་འདི་ལ་ཟོ་ཞིག་ཅེས་སེམས་བསྐྱེད་དོ། །དེ་ལྟ་བུའང་ཤིན་ཏུ་བསྡུ་ན། ཟས་ཀྱི་ཕུད་ལས་སྣོད་གཙང་མར་ལྷ་བཤོས་ལྔ་བྱས་ལ། དང་པོ། ཨོཾ་གུ་རུ་བཛྲ་ནེ་ཝི་དྱ་ཨཱཧཱུྃ་གིས་བླ་མ། གཉིས་པ། ཨོ་དེ་ཝ་བཛྲ་ནེ་ཝི་དྱ་ཨཱཿཧཱུྃ་གིས་ཡི་དམ། གསུམ་པ། ཨོ་ཏྲི་རཏྣ་བཛྲ་ནེ་ཝི་དྱ་ཨཱཿཧཱུྃ་གིས་


JKT020_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་ཨྠྀི། བཞི་པ། ཨོ་དྷརྨ་པཱ་ལ་བཛྲ་ནེ་ཝིདྱ་ཨཱ༔ཧཱུྃ་གིས་ཆོས་སྐྱོང་། ལྔ་པ། ཨོཾ་བ་སུ་དེ་ཝ་བཛྲ་ནེ་ཝི་དྱ་ཨཱ༔ཧཱུྃ་གིས་ནོར་ལྷ་རྣམས་ལ་དབུལ། ཆང་བུ་གསུམ་བྱས་ལ་དང་པོ། །ཨོ་ཧ་རི་ཏེ་སྭཱ་ཧཱས་འཕྲོག་མ། གཉིས་པ། ཨོ་ཧ་རི་ཏེ་བཛྲ་ཡཀྵི་ཎི་སྭཱ་ཧཱས་དེའི་བུ་ལྔ་བརྒྱ། གསུམ་པ། ཨོཾ་ཨ་གྲ་པིཎཱ་ཨ་ཤི་སྭཱ་ཧཱས་ཕུད་ལ་དབང་བའི་འབྱུང་པོ་ལ་སྦྱིན། དེ་ནས་ནང་གི་སྦྱིན་སྲེག་རྒྱས་བསྡུས་གང་ཕྱིན རུང་གི་ཚུལ་དུ་ཚིམ་པར་རོལ་མཐར། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱས་ལྷག་མའི་ཆང་བུ་སྦྱིན་ནོ། །དེ་ནས་ཁ་བཀྲུས་ཏེ་མདོ་ཟབ་མོ་བཏོན་པའི་རྗེས། ན་མོ་བྷ་ག་ཝ་ཏེ། སུ་མེ་རུ་ཀཝ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ་སམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཀཝེ་ཀཝེ། མ་ཧཱ་ཀལྤ་ཀཝེ་པ་རི་ཤོ་དྷ་ནི་སྭཱ་ཧཱ། ཞེས་སམ། ན་མས་མནྟ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ་སམྱཀཾ་བུདྡྷཱ་ཡ། ན་མོ་མཉྫཤཱི་ཡེ། ཀུ་མཱ་ར་བྷུ་ཏཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ནི་ར་ལམྨེ་ནི་ར་བ་སེ། ཛ་ཡེ་ཛ་ཡ་ལ་བྷེ་མ་ཧཱ་མ་ཏེ་དཀྱེ་དཀྵི་ཎཾ་མེ་པ་རི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་མང་དུ་བརྗོད་དེ། གང་གཟུངས་འདི་ལན་གཅིག་རྗོད་པར་བྱེད་པ་དེའི་རི་རབ་ཙམ་གྱི་བསོད་སྙོམས་ཀྱང་ཡོངས་སུ་སྦྱོང་བར་འགྱུར་རོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་ཡིན་ན། འཇིག་རྟེན་གྱི་ཁམས་མ་ལུས་པ་ན་གནས་


JKT020_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགྲོ་བ་གསུམ་པོ་བདེ་བར་གྱུར་ཅིག །ཅེས་བརྗོད། རབ་ཏུ་བྱུང་བས་ནི། སྦྱིན་པའི་ཚིགས་བཅད་བརྗོད་དེ། །རྒྱལ་པོ་སྦྱིན་བདག་ཉིད་དང་གང་། །སེམས་ཅན་ཕུང་པོ་གཞན་རྣམས་ཀྱང་། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །སྦྱིན་པས་འབྱུང་པོ་དབང་དུ་འགྱུར། །སྦྱིན་པས་འཁོན་རྣམས་ཉམས་པར་འགྱུར། །སྦྱིན་པས་ཕ་རོལ་གཉེན་དུ་འགྱུར། །དེ་ཕྱིར་སྦྱིན་པ་གཙོ་བོར་བརྗོད། །སྦྱིན་པ་འཇིག་རྟེན་རྒྱན་ཡིན་ཏེ། །སྦྱིན་པས་ངན་འགྲོ་ཟློག་པར་བྱེད། །སྦྱིན་པ་མཐོ་རིས་ཐེམ་སྐས་ཏེ། །སྦྱིན་པ་ཞི་བྱེད་དགེ་བའོ། །བྱང་ཆུབ་སེམས་དཔའི་ལོངས་སྤྱོད་རྣམས། །མི་ཟད་ནམ་མཁའ་ལྟ་བུ་གང་། །ལོངས་སྤྱོད་དེ་ནི་ཐོབ་བྱའི་ཕྱིར། །སྦྱིན་པ་དེ་ནི་ཡང་དག་སྤེལ། ཞེས་པ་ལ་སོགས་པ་སྦྱིན་པའི་ཚིགས་བཅད་བཏོན་ལ། སྨོན་ལམ་འདི་གདབ་པར་བྱ་སྟེ། གང་གིས་ཡབ་སྲས་མཇལ་བའི་མདོ་ལས། བདག་ལ་ཁ་ཟས་བྱིན་པ་དེ་དག་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག །གང་གིས་བདག་ལ་སྐོམ་བླུད་པ་དེ་དག་དང་། གང་གིས་བདག་ལ་རིམ་གྲོ་བྱས་པ་དང་། བཀུར་སྟི་བྱས་པ་དང་། བསྟི་སྟང་བྱས་པ་དང་། མཆོད་པ་བྱས་པ་དེ་དག་ཐམས་ཅད་ཀྱང་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག །གང་དག་བདག་ལ་གཤེ་བར་བྱེད་པ་དང་། མི་བདེ་བར་བྱེད་པ་དང་། བརྡེག་པ་དང་། མཚོན་


JKT020_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འདེབས་པ་དང་། རྣམ་པ་ཐམས་ཅད་དུ་སྲོག་གཅོད་པའི་བར་དུ་བྱེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་བདེ་བ་ཐོབ་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །ཅེས་དང་། གང་གིས་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པར། སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་རྟོག་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་རྣམས་ལ་ཡོངས་རྫོགས་ཤོག །ཅེས་བརྗོད་དོ། ༈ །གལ་ཏེ་འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་པ་ཡིན་ན། ཁ་ཟས་བཟའ་བཏུང་དང་འབྲེལ་བར་ལག་པའི་མཆོད་པ་བྱ་བར་སྤྲོ་ན་གཉིས། རྒྱས་པ་དང་། བསྡུས་པའོ། །དང་པོ་ནི། བཟའ་བཏུང་རྣམས་མདུན་དུ་བདར་ལ་རང་གི་ལག་པ་གཡོན་པའི་མཐིལ་དུ་ཧ་དམར་པོ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་ཧ་དམར་པོས་མཚན་པ་སྣང་བ་མཐའ་ཡས་ཀྱི་རང་བཞིན་དུ་བསམས་ཏེ་སྟེང་ནས་ཐུར་དུ་ཁ་སྦུབས་པས་དགབ། ལག་པ་གཡས་པའི་མཐིལ་དུ་ཧོ་དཀར་པོ་ལས་བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཧོ་དཀར་པོས་མཚན་པ་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་བསམས་པ་ཁ་འོག་ནས་གྱེན་དུ་བསྟན་པའི་ཁ་ཟས་དངོས་སུ་འཇོག་པའམ་བཞག་པར་མོས། བཟའ་བཏུང་གང་ཡིན་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་ཤ་ལྔ་བདུད་རྩི་ལྔས་གང་བར་བསྒོམས་ཏེ། དེའི་སྟེང་དུ་དབུས་


JKT020_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཧྲུསྔོན་པོ་མི་བསྐྱོད་པའི་རང་བཞིན་ཅན་འཁོད་པར་དམིགས་ལ། ཡི་གེ་གསུམ་པོའི་རང་མདོག་གི་འོད་ཟེར་གྱིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས་པར་བསམས་ཏེ། ཧ་ཧོ་ཧཱུྃཞེས་བརྗོད། ཧཱིའི་གཡས་སུ་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། །གཡོན་དུ་གསུང་རྡོ་རྗེའི་ངོ་བོ་ཨཱདམར་པོ། །མདུན་དུ་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་སྔོན་པོ་གསུམ་ལྷམ་མེར་འཁོད་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་འབྲུ་གསུམ་སོ་སོར་ཐིམ། དེ་བདུད་རྩིར་ཐིམ་པས་དམ་ཚིག་པའི་བདུད་རྩི་ཡེ་ཤེས་ཀྱི་བདུད་རྩིས་ནུས་ལྡན་དུ་བྱས་པར་བསམས་ལ། ཁ་དོག་དྲི་རོ་ནུས་པའི་སྐྱོན་ཐམས་ཅད་སྦྱངས་ནས་བདུད་རྩི་ལྔའི་ངོ་བོར་གྱུར་ཅེས་བརྗོད་ལ། ཨོཾ་ཨཱཧུཾ་ཞེས་ལན་གསུམ་གྱི་བྱིན་གྱིས་བརླབ། དེ་ནས་ཁ་ཟས་བདུད་རྩིར་བྱིན་གྱིས་བརླབས་པ་དེས་ལག་གཡས་པའི་མཐེ་བོང་ལ་ཐིག་ལེ་བཏབ་སྟེ། རྡོ་རྗེ་སེམས་དཔའི་ངོ་བོ་ཨོཾ་ཧ་དཀར་པོ། །རིམ་པ་བཞིན་དུ་མཛུབ་མོ། །གུང་མོ། །སྲིན་ལག །མཐེའུ་ཆུང་། རྒྱབ་ཀྱི་སེན་མོ་ལྔ་སྤྱི་བསྡོམས་རྣམས་ལ་ཐིག་ལེ་བཏབ་སྟེ། རྣམ་སྣང་གི་ངོ་བོ་ན་མ་ཧི་སེར་པོ། །པདྨ་གར་དབང་གི་ངོ་བོ་སྭཱ་ཧཱ་ཧུ་དམར་པོ། །དཔལ་ཧེ་རུ་ཀའི་ངོ་བོ་བོ་ཥཊ་ཧེ་ནག་པོ། །རྡོ་རྗེ་ཉི་མའི་ངོ་བོ་ཧཱུཾ་ཧཱུཾ་ཧོ་དམར་སེར། རྟ་མཆོག་གི་ངོ་བོ་ཕྲཊ་ཧཾ་ལྗང་གུ་རྣམས་ཀྱིས་མཚན་


JKT020_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར། ཅེས་བརྗོད་པས་སོར་མོ་ཐམས་ཅད་ཡི་གེའི་མདོག་གི་འོད་ཟེར་གྱིས་གསལ་བར་བསམ། དེ་ནས་གཡོན་པའི་ལག་མཐིལ་དུ་ཡི་གེའི་མདོག་དང་མཚུངས་པའི་པདྨ་འདབ་མ་ལྔ་པ་ཞིག་བསམས་ལ། དང་པོ་ལག་མཐིལ་གྱི་དབུས། དེ་ནས་མདུན་གྱི་འདབ་མ་ནས་བཟུང་གཡོན་སྐོར་དུ་ཐིག་ལེ་རེ་བཀོད་དེ། རྡོ་རྗེ་ཕག་མོའི་ངོ་བོ་ཨོཾ་བཾ་དམར་པོ། །གཤིན་རྗེ་མོའི་ངོ་བོ་ཧཾ་ཡོ་སྔོན་པོ། །རྨོངས་བྱེད་མའི་ངོ་བོ་ཧྲི་མོ་དཀར་པོ། །སྐྱོད་བྱེད་མའི་ངོ་བོ་ཧཱུཾ་ཧཱུཾ་སེར་པོ། སྐྲག་བྱེད་མའི་ངོ་བོ་ཧཱུྃ་ཧཱུྃ་ལྗང་གུ། ཙཎྜི་ཀའི་ངོ་བོ་ཕཊ་ཕཊ་དུད་ཀས་མཚན་པར་གྱུར། ཅེས་བརྗོད་ཅིང་ཐམས་ཅད་ཀྱང་འོད་ཟེར་འབར་བ་ལྷ་དེ་དང་དེ་དངོས་སུ་གྱུར་པར་བསམ། ལག་པའི་ཤ་རུས་སོགས་ས་ཁམས་ལ་བརྟན་པ་ཐམས་ཅད་སྤྱན་མའི་ངོ་བོ། །ཁྲག་ཆུ་སེར་སོགས་ཆུ་ཁམས་ཐམས་ཅད་མཱ་མ་ཀཱིའི་ངོ་བོ། །དྲོད་སོགས་མེ་ལ ཁམས་ཐམས་ཅད་གོས་དཀར་མོའི་ངོ་བོ། །རླུང་སོགས་སྒྲོལ་མའི་ངོ་བོ། །རྩའི་སྦུབས་སྟོང་སོགས་ནམ་མཁའི་ཁམས་ཐམས་ཅད་རྡོ་རྗེ་ཕག་མོའི་ངོ་བོར་མོས་ཤིང་། ལག་པའི་རྒྱབ་ཀྱི་བོལ་གོང་ཐམས་ཅད་དཔལ་ཧེ་རུ་ཀའི་ངོ་བོའི་ལྷ་ཚོགས་སོགས་ཚོགས་ཞིང་གཞན་རྣམས་ཀྱང་མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བ་བཞིན་དུ་བཞུགས་པར་བསམས་ལ། གོང་གི་ཡི་གེ་ལྷར་མོས་པ་རྣམས་མཆོད་པས་གཞན་


JKT020_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་ཚིམ་པར་བསམས་ལ། སླར་ཡང་བདུད་རྩི་ནས་བླངས་ཏེ་མཐེབ་སྲིན་གྱིས་འཐོར་ཞིང་། ཨོཾ་ཧ་ཨོ་ཨཱཧཱུཾ། ན་མ་ཧི་ཨོ་ཨཱཧཱུྃ། སྭ་ཧཱ་ཧུ་ཨོ་ཨཱཧཱུཾ། བོ་ཥཊ་ཧེ་ཨོ་ཨཱཧཱུཾ། ཧཱུཾ་ཧཱུཾ་ཧོ་ཨོ་ཨཱཧཱུྃ། ཧོ་ཨོ་ཨཱཧཱུཾ། ཨོཾ་བཻ་ཨོ་ཨཱཧཱུཾ། ཧཾ་ཡོ་ཨོ་ཨཱཧཱུཾ། ཧྲི་མོ་ཨོ་ཨཱཧཱུཾ། ཧཱུྃ་ཧཱུྃ་ཨོཾ་ཨཱཧཱུཾ། ཧཱུྃ་ཧཱུྃ་ཨོཾ་ཨཱཧཱུཾ། ཕཊ་ཕྲཊ་ཨོ་ཨཱཧཱུཾ། ཞེས་ལན་གསུམ་བདུན་ཅི་རིགས་ཀྱིས་མཆོད། དེ་ཡང་ཇ་ཆང་འོ་ཞོ་སོགས་བཏུང་བ་རྣམས་ནི་དངོས་སུ་འཐོར་བ་ཡིན་ལ། བཟའ་བ་རྣམས་ནས་བླངས་པའི་མོས་པས་མཆོད། མཐར་ལག་པའི་ལྷ་ཚོགས་ལ་དཔལ་ཧེ་རུ་ཀ་ཡབ་ཡུམ་གྱིས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་གསོལ་བ་དྲག་ཏུ་གདབ། དངོས་གྲུབ་ཞུ་བའི་སླད་དུ་ལག་པ་སྤྱི་བོར་གཞག་ཅིང་ལྷ་ཚོགས་རྣམས་ལག་པའི་གནས་སོ་སོ་དང་། རང་ལ་ཐིམ་པར་བསམ། ལག་པར་འགོས་པའི་ཁ་ཟས་ཁཾ ནས་བཟའ་བཏུང་ལ་བསྲེས་ཏེ་སླར་ཡང་ཕུད་ཀྱིས་ལྷ་ཚོགས་མཆོད་ཅིང་། རང་གིས་མྱང་བར་བྱ་དགོས་ཏེ་ཧེ་རུ་ཀའི་རྒྱུད་ལེའུ་སོ་གཅིག་པ་ལས། །ལག་པ་གཡོན་གྱིས་བརྡ་རྣམས་ཏེ། །སྒྲུབ་པ་པོ་ཡི་ལག་གཡོན་གྱིས། །འདི་ནི་དཔའ་བོའི་གནས་ཡིན་ཏེ། །བརྡ་རྣམས་ལ་ནི་རབ་འཇུག་པའི། །ཁམས་གསུམ་རྒྱུ་དང་མི་རྒྱུ་བའི། །འགྲོ་ཀུན་གཡོན་ནས་འབྱུང་བ་ཡིན། །རྡོ་རྗེ་སེམས་དཔའ་སྦོམ་པོར་གནས།


JKT020_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནས་གསང་བ་འདི་ནི་མི་བཤད་ཅིང་། རབ་ཏུ་འབད་དེ་སྦ་བར་བྱ། ཞེས་པའི་བར་གྱིས་རྒྱས་པར་བསྟན་པའི་ཕྱིར་རོ། །གཉིས་པ་བསྡུས་པ་ནི། གྲུབ་ཆེན་ཛ་ཡ་སེ་ན་སོགས་ཀྱིས་གསུངས་པ་ལྟར་ཉམས་སུ་བླང་སྟེ། མདུན་དུ་བཀོད་པའི་ཁ་ཟས་བདུད་རྩིར་བརླབས་པ་དེ་ནས་སྔར་བཞིན་བླངས་ཏེ། དང་པོ་ལག་པ་གཡོན་པའི་མཐིལ་དུ་ཐིག་ལེ་བཏབ་སྟེ། རྡོ་རྗེ་ཕག་མོའི་ངོ་བོ་ཨོ་བི་དམར་པོ་ཞེས་༧ བརྗོད། རིམ་བཞིན་མཐེའུ་ཆུང་། སྲིན་ལག །གུང་མོ། མཛུབ་མོ། །མཐེ་བོང་རྣམས་ལ་བཀོད་དེ། གཤིན་རྗེ་མའི་ངོ་བོ་ཧ་ཡཾ་སྔོན་པོ། །རྨོངས་བྱེད་མའི་ངོ་བོ་ཧྲི་མོ་དཀར་པོ། །སྐྱོད་བྱེད་མའི་ངོ་བོ་ཧཱུཾ་ཧཱུཾ་སེར་པོ། །སྐྲག་བྱེད་མའི་ངོ་བོ་ཧཱུྃ་ཧཱུྃ་ལྗང་གུ། ཙཎྜི་ཀའི་ངོ་བོ་ཕྲཊ་ཕཊ་དུད་ཀ་རྣམས་ཀྱིས་མཚན་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། སླར་བདུད་རྩི་ནས་རེ་རེར་འཐོར་བ་དང་བཅས། ཨོཾ་བཻ་ཨོཾ་ཨཱཿཧཱུྃ་ནས། ཕཊ་ཕཊ་ཨོ་ཨཱ༔ཧཱུྃ་གི་བར་གྱིས་མཆོད་ལ། བཅོམ་ལྡན་འདས་མའི་ལྷ་ཚོགས་རྣམས་ཀྱིས་སོགས་གསོལ་བ་གདབ། དངོས་གྲུབ་བླང་མཐར་ལྷ་ཚོགས་རྣམས་གནས་སོ་སོར་ཐིམ་པར་བསམ་པ་སོགས་གོང་ལྟར་བྱ། སླར་ཡང་ཕུད་ཀྱིས་མཆོད་ཅིང་། དེ་ནས་རང་གིས་ཚིམ་པར་རོལ། རྒྱས་བསྡུས་གང་ཡིན་ཀྱང་རང་གིས་རོལ་བའི་ཚེ་ཟག་མེད་ཀྱི་བདེ་བས་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་དགྱེས་པ་བསྐྱེད་


JKT020_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམས་ལ་ཚིམ་པར་རོལ་ཞིང་། ལྷག་མ། ཕེ། ཨོ་ཨུ་ཙིཏྟ་བ་ལི་ཏ་བྷཀྵ་སི་སྭཱ་ཧཱས་ལྷག་མ་ལ་དབང་བ་རྣམས་ལ་བྱིན་ལ་བདག་མེད་པའི་ལྟ་བ་དྲན་པར་བྱས་ཏེ་ངལ་བསོ། །དེ་ལས་ལྡང་བ་ན། ཧེ་རུ་ཀ་དཔལ་རྣལ་འབྱོར་མའི། །འཁོར་ལོ་རྒྱལ་བ་རྒྱ་མཚོའི་ཚོགས། །བདེ་བ་མཆོག་གིས་རབ་དགྱེས་པ། །འགྲོ་ཀུན་བདེ་བ་ཆེ་ཐོབ་ཤོག །ཅེས་བསྔོ་བ་དང་། གནས་འདིར་ཉིན་མོ་བདེ་ལེགས་སོགས་ཤིས་པ་བརྗོད་པའང་བྱའོ། །ཟས་ཀྱི་རྣལ་འབྱོར་འདི་དག་ཚུལ་བཞིན་དུ་བགྱིས་པས་ཡོན་བྱང་བ་དང་། སྡིག་སྒྲིབ་དང་ཉམས་ཆག་འདག་པ་དང་། ཚོགས་རྒྱ་ཆེན་པོ་རྫོགས་པ་དང་། ཚེ་དང་ལུས་ཀྱི་བཅུད་ལེན་དུ་འགྱུར་བ་དང་། བཟའ་བཏུང་ལོངས་སྤྱོད་འཕེལ་བ་སོགས་གནས་སྐབས་དང་། མཐར་ཐུག་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དུ་སྨིན་པ་སོགས་ཕན་ཡོན་དཔག་ཏུ་མེད་དོ། ༈ །དེ་ནས་ཐུན་མཚམས་རྣམས་སུ། ཚོ ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བ་བཅུའམ། ཕར་ཕྱིན་དྲུག་གམ། བསྡུ་དངོས་བཞིའམ། མགོན་པོ་བྱམས་པས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། ཉན་དང་ཀློག་དང་ལེན་པ་དང་། འཆད་དང་ཁ་ཏོན་བྱེད་པ་དང་། དེ་སེམས་པ་དང་དོན་བསྒོམ་པ། སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་གཞལ་དུ་མེད། ཅེས་ཆོས་སྤྱོད་བཅུ་དང་། སྤྱན་རས་གཟིགས་ཀྱི་ཞལ་ནས། རྟེན་གསུམ་བཞེངས་


JKT020_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྲོག་འདོན་ཟམ་པ་འཛུགས། མཆོད་སྦྱིན་ཁྲུས་དང་བསྐོར་བ་ཚུལ་ཁྲིམས་རྣམས། འགྲོ་བའི་དོན་དུ་བརྩོན་པ་ང་ཡི་སྲས། ལུས་དེ་བོར་ནས་བདེ་བ་ཅན་དུ་འགྲོ། །ཞེས་ཁྱད་པར་གྱི་ཆོས་སྤྱོད་བཅུ་དང་། འདུལ་བ་ལུང་ལས། ཀུན་དགའ་ར་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་ནར་མ་དང་། །གློ་བུར་ནད་པར་ནད་གཡོག་དང་། །ཡུལ་ངན་ཚེ་ན་སྦྱིན་པ་སྟེ། །རྫས་ལས་བྱུང་བའི་བསོད་ནམས་བདུན། ཅེས་སོགས་གསུངས་པ་རྣམས་སྐབས་སུ་གང་བབ་པ་དག་ཅི་ནུས་སུ་སྤྱད་ཅིང་། ཁྱད་པར་སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱར། ཅེས་གཙོ་བོར་བྱ་བ་དང་། རྡོ་རྗེ་ཐེག་པ་ལ་ལྷག་པར་གནས་པ་རྣམས་ཀྱིས་ནི། རྡུལ་ཚོན་ནམ། རས་བྲིས་སམ། མཎྜལ་གྱི་ཚོམ་བུ་ཙམ་ལ་བརྟེན་པའི་ལྷག་པའི་ལྷ་མཉེས་པར་བྱ་བའི་སྒྲུབ་མཆོད་དང་། དབང་བླང་བ་དང་། ཚོགས་འཁོར་དང་། སྦྱིན་སྲེག་སོགས་སྒོ་དུ་མ་ནས་འབད་པར་བྱ་བ་ཡིན་ལ། དེ་ཐམས་ཅད་ཀྱང་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་བསྔོ་བ་དང་སྨོན་ལམ་གྱི་རྩིས་ཟིན་པར་བྱའོ། ༈ །འདིར་ཉེར་མཁོའི་བྱ་བ་ཅུང་ཟད་བརྗོད་ན། ཕྱག་བསྐོར་བཀའ་བཀླག་སཱཙྪ་གདབ། མཆོད་སྦྱིན་བསག་སྦྱོང་སྤེལ་བའོ། །ཞེས་དགུ་ལས། དང་པོ་ཕྱག་འཚལ་བ་ནི། བདེ་བར་གཤེགས་


JKT020_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་རྟེན་སོགས་ཀྱི་སྤྱན་སྔར་ཡན་ལག་མ་ལྔ་ས་ལ་གཏུགས་པའི་བརྐྱང་ཕྱག་འཚལ་བ་དང་སྦྲགས། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་འདུད་པར་བསམས་ལ། ན་མོ་མཉྫ་ཤྲཱི་ཡེ། ན་མསྶ་ཤྲཱི་ཡེ། ན་མཨུཏྟ་མ་ཤྲཱི་ཡེ། ཞེས་བརྗོད་ཅིང་ཕྱག་འཚལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་དང་བསྙེན་བཀུར་བྱས་པར་འགྱུར་རོ། ༈ །གཉིས་པ་བསྐོར་བ་བྱ་བ་ནི། དེ་ལྟ་བུའི་རྟེན་ལ་སྤྱོད་ལམ་མཛེས་པས་དལ་བྲེལ་སྙོམས་པར་བསྐོར་ཞིང་། དེ་བཞིན་གཤེགས་པ་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ་སམྱ་ཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྟེ་རནྡྷེ་མ་ཧཱ་རཏྟེ། རཏྣ་བི་ཛཱ་ཡ་སྭཱ་ཧཱ། ཞེས་བཟླས་ནས་བསྐོར་བ་གཅིག་བྱས་པས་བྱེ་བར་འགྱུར་རོ། །འདི་བཟླས་ནས་ཕྱག་བྱས་ནའང་ཕྱག་བྱེ་བར་གསུངས་སོ། །བསྐོར་བའི་ཚེ་རྟེན་གྱི་གྲིབ་མ་དང་། གཞན་ཡང་མཆོད་རྫས་དམན་པ་སོགས་འགོམ་དགོས་ན། ཨོཾ་བཛྲ་བེ་ག་ཀྲ་མ་ཧོ༔ ཞེས་བརྗོད་ཅིང་ནམ་མཁའ་ལ་བཏེག་སྟེ་འོག་ནས་འགྲོ་བར་བསམས་ན་ཉེས་པ་མི་འབྱུང་ངོ་། ༈ །གསུམ་པ་བཀའ་བཀླག་པ་ནི། རྒྱུད་ལས། ལངས་ནས་བཅོམ་ལྡན་འདས་ཀྱི་ཡུམ། ཤེས་རབ་ཕ་རོལ་ཕྱིན་པ་བཀླག །ཅེས་གསུངས་པ་ལྟར། སྙིང་རྗེའི་ཡིད་


JKT020_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མི་སྣང་བའི་སེམས་ཅན་རྣམས་ལ་ཆོས་འཆད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་པར་བྱའོ། །གཞན་ཡང་གླེགས་བམ་བཀླག་པར་འདོད་པས་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས་གསུངས་པ། དྲིའི་མཎྜལ་ཟླུམ་པོ་ལ་དབུས་སུ་རི་རབ། ཕྱོགས་མཚམས་སུ་གླིང་བཞི་དང་ཉེ་བའི་གླིང་རྣམས། ཨོཾ་ཧཾ་མ་ཧཱ་མེ་ར་ཝེ་ན་མལ་སོགས་པའི་སྔགས་ཀྱིས་བཀོད་དེ་མཆོད་པས་བསྐོར་ལ། མཎྜལ་དེའི་སྟེང་དུ་གླེགས་བམ་བཞག་ལ། ཆོས་ལ་གུས་པས་བཀླག་གོ །དེ་ལྟ་བུ་མ་གྲུབ་ཀྱང་། གླེགས་བམ་བཀླག་པ་དང་། བྱང་ཆུབ་སེམས་དཔའི་ཆོས་ཁ་ཏོན་དུ་བྱེད་པས། རང་གི་ལྷའི་རྣལ་འབྱོར་གྱིས་སམ། ཡང་ན། རང་ཉིད་པད་ཟླ་ལ་རྡོ་རྗེ་ཆོས་དཀར་དམར། པདྨ་དཀར་པོའི་སྡོང་བུ་བསྣམས་པའི་འདབ་མ་ཁ་འབྱེད་པར་མཛད་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ལྐོག་མར་པདྨ་འདབ་བརྒྱད་ཀྱི་ལྕེའི་འདབ་མར་རྡོ་རྗེ་དཀར་པོ་རྩེ་ལྔ་པའོ། །ཞེས་བསམས་ལ། ཚུལ་ཁྲིམས་མ་ག་ངྷ་བཟང་མོའི་རྟོགས་བརྗོད་ལས། རྣམ་དག་ཤེས་རབ་ཤིན་ཏུ་གྲོལ། །དད་ལྡན་སྙིང་པོ་ཉན་ཐོས་ཆེ་རྣམས་ཀྱིས། །མགོན་མེད་གྱུར་པ་དག་ལ་རྗེས་བཟུང་བའི། །དོན་མཛད་ཐུགས་རྗེས་གཤེགས་པར་མཛད་དུ་གསོལ། ཞེས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་བྱོན་པར་དམིགས།


JKT020_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་མཚན་ཡང་དག་པར་བརྗོད་པའམ། འཇིག་རྟེན་དབང་ཕྱུག་གི་གཟུངས་ལ་སོགས་པ་བཀླག་ན། འཇམ་དཔལ་དང་འཇིག་རྟེན་དབང་ཕྱུག་ལ་སོགས་པ་མདུན་གྱི་ནམ་མཁར་བལྟའོ། །དེ་ནས་དེ་དག་དང་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་བདག་ཉིད་ཀྱི་དམ་པའི་ཆོས་ལ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་ཡན་ལག་བདུན་དབུལ། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྒོམ་པ་སྔོན་དུ་འགྲོ་ཞིང་། སངས་རྒྱས་དང་ཆོས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དྲན་པས། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཚིག་གཅིག་གི་དོན་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་ཡང་ཡིན་ནོ། །འོན་ཀྱང་བདག་ནི་རང་གི་ལས་ཀྱི་ཉེས་པས་ཤེས་རབ་ཆུང་ཞིང་བློ་ཞན་ཏེ། དེ་ལྟ་ཡིན་དུ་ཟིན་ཀྱང་། གང་བཅོམ་ལྡན་འདས་ཀྱི་གསུངས་རབ་ཏུ་བཟུང་ནས་དེང་བདག་གིས་ཁ་ཏོན་བྱས་ཏེ། ཆོས་ག ཀྱི་སྒྲ་སེམས་ཅན་གང་གི་རྣ་ལམ་དུ་གྲགས་པ་དེ། དེ་བཞིན་གཤེགས་པའི་སྤོབས་པ་ཐོབ་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ལ་སོགས་པ་ཇི་ཙམ་འདོད་པར་བཀླག་གོ །མཎྜལ་ཡོད་ན། ཨོ་བཛྲ་མཎྜལ་མུ མཎྜལ་ཕྱིས་ནས་ལྷ་རྣམས་རང་ལ་གཞུག་ཅིང་། བསྔོ་བ་དང་སྨོན་ལམ་ཇི་ལྟར་རིགས་པ་བྱ། བསྡུ་ན། སྲིད་པ་ཐམས་ཅད་དུ་ཡང་འཁོར་


JKT020_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བ་ན་སོགས་བློཀ་གཅིག་བརྗོད་དོ། ༈ །ཡང་སྡུད་པ་སོགས་ཤེར་མདོ་གདོན་པའི་ཚེ། སྐྱབས་སེམས་སྔོན་དུ་འགྲོ་བས། དབང་པོ་རབ་ཀྱིས་ཆོས་ཐམས་ཅད་སྐྱེ་མེད་སྤྲོས་པ་དང་བྲལ་བ་བརྗོད་དུ་མེད་པར་ཤེས་པར་བྱས་ཏེ། དེའི་ངང་ལས་མ་གཡོས་པར་གདོན། འབྲིང་གིས་དེ་ལྟ་བུའི་གནས་ལུགས་སྔོན་དུ་དྲན་པར་བྱས་ཏེ། རྨི་ལམ་དང་སྒྱུ་མ་ལྟ་བུའི་ངང་ནས་གདོན། ཐ་མས་དེ་གཉིས་སྔོན་དུ་དྲན་པར་བྱས་ཏེ། ཚིག་གི་སྒྲ་ལ་སེམས་མ་ཡེངས་པར་བྱས་ལ་གདོན། བཏོན་ཟིན་པ་ན་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། ༈ ཁྱད་པར་སྔགས་ཀྱི་ཚུལ་དང་རྗེས་སུ་འབྲེལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་ན། སྐྱབ་སེམས་རྗེས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་རྣམ་པར་མི་རྟོག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཨ་དཀར་པོ། །པྲ་སེར་པོ། །ར་དམར་པོ་རྣམས་ཡོངས་སུ་གྱུར་པ་ལས་བདག་ཉིད་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ། ལྷག་མ་གཉིས་རྡོ་རྗེ་དང་པུསྟི་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་བ་སྤུའི་ཁུང་བུ་རྣམས་ལས་འོད་ཟེར་འཕྲོས་པ་ལས་སྐྱེ་བ་མེད་པ་དང་ལྡན་


JKT020_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་ཀྱི་སྐུ་རྣམས་དང་། དེ་དག་ལས་ཀྱང་འོད་འཕྲོས་པས་བྱང་ཆུབ་སེམས་དཔའི་སྐུ་རྣམས་དང་། དེ་དག་གི་འོད་ཟེར་ལས་རིག་པའི་རྒྱལ་པོ་རྣམས་འཇིག་རྟེན་པའི་ལྷ་མ་ལུས་པས་བསྐོར་བའོ། །རང་གི་སྤྱི་བོར་ཨ་དཀར་པོ། །སྙིང་གར་པྲ་སེར་པོ། གདན་ལ་ར་དམར་པོ་རྣམས་བསྒོམས་ཏེ། ལག་གཉིས་ཁུ་ཚུར་མཛུབ་མོའི་རྩེ་མོའི་ཚིགས་གསུམ་པ་འཁྱོག་ཅིང་། གུང་མོ་བརྒྱད་པ་སོ་སོར་སྤྱི་བོར་བཟུང་ལ། ཨོཾ་པྲཛྙཱ་པྲཛྷེ་མ་ཧཱ་པྲཛྙཱ་སརྦ་ཛྙཱ་སྭཱ་ཧཱ། བྱིན་གྱིས་རློབས་པའི་སྔགས་རྒྱའོ། །དེ་དང་འདྲ་བ་ལས་མཐེའུ་ཆུང་རྩེ་མོར་བྱས་ཏེ། མཐེ་བོང་གཉིས་བསྐྱོད་པས། ཨེ་ཀྱེ་ཧི་བྷ་ག་ཝ་ཏི་སརྦ་བུདྡྷ་ཛ་ནཱ་ནི། སྭ་ས་མ་ཡ་མནྟ་མ་ནུ་སྨ་ར། མ་མ་ཨ་ནུ་ཀམྦྷ་ཡ་སྭཱ་ཧཱ། སྤྱན་འདྲེན་པའི་སྔགས་རྒྱའོ། །ལག་གཉིས་ཁུ་ཚུར་བྱས་ནས་སོར་མོ་རྣམས་ཀྱི་རྩེ་མོ་བཏུད་དེ་ཅུང་ཟད་སྟེང་དུ་བྱས་པས། ཨོ་པྲཛྙཱ་པྲཛྷེ་མ་ཧཱ་པྲཛྙཱ་ཤུ་ཏི་སྤྱི་ཏི་བི་ཛཱ་ཡ་སྭཱ་ཧཱ། རྩ་བའི་སྔགས་དང་ཕྱག་རྒྱའོ། །ན་མོ་བྷ་ག་ཝ་ཏེ་ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཡེ། ཏདྱ་ཐཱ། ཨོཾ་པྲཛྙཱ་པྲཛྷེ། མ་ཧཱ་པྲཛྷེ། པྲ་ཛྙཱ་ཨཱ་ལོ་ཀ་ཨ་བ་བྷ་སེ། པྲ་ཛྙཱ་ཀ་རི་ཨ་ཛྷཱ་ན་བིརཱུ་མ་ཎི། སིདྡྷི་སུ་སིདྡྷི། མ་མ་སརྦ་ས་ཏྭཱ་ནཾ་ཙ་ས་དྲ་ཏཱི་རཱ་བི་ཀུ་རུ། བྷ་ག་ཝ་ཏཱི་སརྦ་ཨཾ་ག་སུནྡ་རི། བྷལྟ་བཏྤ་ལེ། པྲ་པཱ་རི་ར་ཧ་ཏེ། ས་མ་ཤཱ་ས་ཀ་རི། ཏིཥྛ་ཏིཥྛ། ཙ་ལ་ཙ་ལ། ཀམྤ་ཀམྤ། པཱ་ར་པཱ་ར། གརྫ་གརྫ་། ཨཱ་གཙྪ་ཨཱ་


JKT020_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གཙྪ། མ་བི་ལམྤ་སྭཱ་ཧཱ། སྔགས་རྣམས་ལན་བདུན་བརྗོད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བཀླག་པར་བྱའོ། །དེ་ལྟར་བྱས་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བཟུང་བ་དང་། བཤད་པ་དང་། བྲིས་པ་དང་། བསམ་པར་འགྱུར། དེ་ལྟར་སྤྱོད་པའི་ས་ཕྱོགས་ནི་མཆོད་རྟེན་དང་ཕྱག་བྱ་བའི་འོས་སུ་འགྱུར་རོ། །ཞེས་བཤད་པ་ཡིན་ནོ། །རྗེས་བསྔོ་སྨོན་གྱི་རྒྱས་གདབ། ༈ །ཡང་རྒྱུད་སྡེ་ཟབ་མོ་བཀླག་པའི་ཚེ། རྒྱས་པར་རྒྱུད་རང་རང་གི་གླེང་གཞི་ལས་འབྱུང་བ་ལྟར་གསལ་གདབ་ཅིང་བཀླག་པར་བྱ་བ་ཡིན་ལ། བསྡུ་ན་དཀོན་མཆོག་གསུམ་དང་ཡི་དམ་གྱི་ལྷ་ལ་སྐྱབས་སུ་འགྲོ་བ་དང་། རྡོ་རྗེ་འཆང་གི་བཀའ་དྲི་མ་མེད་པ་ལ་ཡིད་ཆེས་པར་བགྱིས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་རྒྱུད་བཀླག་ཅིང་ཁ་ཏོན་དུ་བྱའོ་སྙམ་པའི་སེམས་བསྐྱེད་ཁྱད་པར་ཅན་བཅོས་མ་མ་ཡིན་པ་དང་ལྡན་པའི་སྒོ་ནས་རྣལ་འབྱོར་པ་རབ་ཀྱིས་རང་ཉིད་རྒྱུད་ཀྱི་སྟོན་པའམ། དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་པའི་རྣལ་འབྱོར་ལ་གནས་པའི་ངང་ནས། རིགས་ཀྱི་འཁོར་ཚོགས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བའི་དབུས་སུ་རྒྱུད་ཀྱི་སྒྲ་བསྒྲགས་པ་ཙམ་གྱིས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དགྱེས་པ་བསྐྱེད། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་


JKT020_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ་ལྷག་པའི་ལྷའི་ངོ་བོར་སངས་རྒྱས། ཁྱད་པར་འབྱུང་པོ་གདུག་པ་ཅན་ལ་སོགས་པ་གདུལ་བར་དཀའ་བ་ཐམས་ཅད་གདུག་རྩུབ་ཀྱི་བསམ་པ་ཞི་སྟེ་ཡང་དག་པའི་ལམ་ལ་འཁོད། འཇིག་རྟེན་གྱི་ཁམས་ཀྱི་ནད་ཡམས་འཁྲུག་རྩོད་སད་སེར་ལ་སོགས་པའི་མི་འདོད་པ་ཐམས་ཅད་རྒྱུད་ཆད། འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་རྒྱས་པར་བསམ། རང་ལུས་ཧེ་རུ་ཀའི་རང་བཞིན་གྱིས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་རྡུལ་ཕྲ་རབ་རེའི་ཁོངས་སུ་མཁའ་ཁྱབ་ཀྱི་འཁོར་ལོ་དང་མཉམ་པའི་ལྷག་པའི་ལྷའི་དཀྱིལ་འཁོར་བསམ་ལས་འདས་པ་དང་། དེ་རེ་རེའི་རྡུལ་ཕྲ་རབ་རེ་རེའི་ཁོངས་སུ་ཡང་དེ་འདྲ་བ་སོགས་ཆོས་ཀྱི་དབྱིངས་མཐས་གཏུགས་པ་མེད་པར་སྤྲུལ་ཏེ། དེ་ཐམས་ཅད་ཀྱིས་རྒྱུད་ཀྱི་ཚིག་འབྲུག་སྟོང་དུས་གཅིག་ཏུ་ལངས་པ་བཞིན་དུ་འུར་དིར་གྱིས་གསུང་བ་དང་། སྣོད་བཅུད་ཀྱི་སྣང་ཆ་ཐམས་ཅད་ལས་རྒྱུད་ཚིག་ཆོས་ཉིད་ཀྱི་རང་སྒྲར་ལྷང་ལྷང་སྒྲོགས་པར་མོས་པ་དང་། རང་ལུས་རེ་རེ་ལ་མགོ་བོ་མཁའ་ཁྱབ་ཀྱི་རྡུལ་གྱི་གྲངས་དང་མཉམ་པ། མགོ་རེ་ལ་ཁ་དེ་འདྲ་བ། ཁ་རེ་ལ་ལྕེ་དེ་འདྲ་བར། ལྕེ་རེ་རེ་ལས་རྣམ་པ་ཐམས་ཅད་པའི་སྒྲ་དབྱངས་ཀྱི་འགྱུར་བ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་རྒྱུད་བསྒྲགས་པར་བསམ་པའི་མན་ངག་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་བཀླག་པས་ཇི་ལྟར་


JKT020_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་དེ་སྙེད་ཀྱི་གྲངས་དང་མཚུངས་པའི་ཕན་ཡོན་འབྱུང་ཞིང་། རྣལ་འབྱོར་པ་འབྲིང་གིས་དེ་ཙམ་བློས་མ་ཆུད་ཀྱང་སྣོད་བཅུད་ཐམས་ཅད་ལྷག་པའི་ལྷའི་དཀྱིལ་འཁོར་དུ་གསལ་བའི་ངང་ནས་ཉན་པ་པོའི་འཁོར་བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པ་དང་། དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་མངོན་སུམ་དུ་བཞུགས་པར་མོས་ཏེ་བཀླག་པ་དང་། ཐ་མས་རྣམ་པ་གསལ་མ་ཐེབས་ཀྱང་རང་ལྷག་པའི་ལྷའི་ངོ་བོར་མོས་པ་ཙམ་མམ། རྒྱུད་ཀྱི་གླེགས་བམ་འོད་ཟེར་འབར་བའི་རང་བཞིན་ཡི་གེ་རྣམས་གྱེན་འགྲེང་ལས་བཞི་གང་འདོད་ཀྱི་ཁ་དོག་གི་རྣམ་པ་རང་སྒྲ་སྒྲོགས་བཞིན་པ་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་མོས་ལ་ཡིད་ཁྱེད་ཤེས་ཀྱི་མོས་གུས་དྲག་པོའི་སྒོ་ནས་སྒྲོགས་པ་དང་། དེ་ཙམ་བློས་མ་ཆུན་ནའང་སེམས་བསྐྱེད་དང་མོས་གུས་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་གསལ་དག་སྙན་པར་བཀླག་ཅིང་། རྗེས་སུ་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པའི་རྒྱས་གདབ་པར་བྱའོ། ༈ །བཞི་པ་སཱཙྪ་གདབ་པ་ནི། དཔུང་བཟང་གིས་ཞུས་པ་ལས། བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། སྡིག་པ་སྦྱང་ཕྱིར་རྟག་ཏུ་གདབ་པར་བྱ། ཞེས་གསུངས་པའི་ཕྱིར་རོ། །གང་དག་དཀྱིལ་འཁོར་ཆེན་པོ་བཀོད་པའི་རྗེས་སུ་འབྲངས་ནས་སཙྪ་གདབ་པ་ལ་སོགས་པའི་ཆོ་ག་གཞུང་རྣམ་དག་རྣམས་


JKT020_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བ་ལྟར་བྱ་བར་འདོད་ན་དེ་ནི་འདི་ཡིན་ཏེ། གཙང་ཞིང་དྲི་ཞིམ་པོའི་ས་དང་ཆུ་ལས་བྱུང་བའི་འཇིམ་པ་ལ་མངོན་པར་ཕྱོགས་ཏེ། ཨོ་ཨཱབིགྷནྟ་ཀྲྀཏྲ་ཧཱུཾ་ཕཊ་ཀྱིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་འཇིམ་པ་རྣམས། ཨོཾ་རཏྣ་ཨཱཧཱུཾ། རིན་པོ་ཆེའི་ཕུང་པོ་ཆེན་པོར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད། འོད་ཀྱི་རྒྱལ་པོའི་ཐུགས་ཀར་ཕོག །ཐུགས་རྒྱུད་བསྐུལ། སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་འཕྲོས། འཇིམ་པ་ལ་ཕོག་པས་འཇིམ་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར། ལག་པ་གཉིས་ཀྱི་མཐེའུ་ཆུང་གིས་མཐེ་བོང་མནན་ནས་སོར་མོ་གཞན་གསུམ་བརྐྱངས་པས་འཇིམ་པ་ལ་རེག་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་བེ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ་ས་མྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སུམྦྷེ་སུམྦྷེ། ས་མེ་ས་མ་ཡེ། ཤཱནྟེ་དནྟེ། ཨ་ས་མཱ་རོ་བེ། ཨ་ན་ལནྡྷེ། ཏ་རམྦྷེ། ཡ་ཤོ་ཝ་ཏི། མ་ཧཱ་ཏེ་ཛོ། ནི་རཱ་ཀཱ་ལེ་ནི་ར་ཝ་ཎེ། སརྦ་བུདྡྷ་ཨ་དྷིཥྛན་ཨ་དྷི་ཊྛི་ཏེ་སྭཱ་ཧཱ། ཞེས་ཉི་ཤུ་རྩ་གཅིག་བརྗོད་པས་འཇིམ་པ་དེའི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་མཆོད་རྟེན་བྱས་པར་འགྱུར་རོ། །གཞན་ཡང་ཕན་ཡོན་མང་ངོ་། །འཇིམ་པ་དེ་བཞིན་གཤེགས་པའི་


JKT020_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར། ན་མསྶ་མནྟ་བུདྡྷ་ནཱཾ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ་ཞེས་འཇིམ་པ་བཅད་དེ་གཟུངས་དང་། རིན་པོ་ཆེ་དང་། འབྲུ་དང་། སྨན་དང་། དྲི་དང་། །བྱིན་རླབས་ཀྱི་རྫས་རྣམས་སྙིང་པོར་གཞུག་ཅིང་། ཨོཾ་བཛྲ་ཨུདྡྷ་ཝཱ་ཡ་སྭཱ་ཧཱ། འབི་འབི་བྱ་བའི་སྔགས་སོ། ཨོ་ཨ་པྲ་ཏིཥྛ་ཏ་བཛྲ་ཡ་སྭཱ་ཧཱ་ཞེས་པས་བཞག་སྟེ། བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་བསྒོས་པར་བསམས་ལ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ་ཞེས་འབྲུ་མར་གྱིས་བྱུགས་ནས། ཨོཾ་བཛྲ་དྷ་ཏུ་གནྡྷེ་སྭཱ་ཧཱ་ཞེས་འབི་འབི་བླངས་ལ། ཐབས་དང་ཤེས་རབ་དབྱེར་མེད་དུ་གྱུར་པར་མོས་ཏེ། ཨོཾ་དྷརྨ་དྷཱ་ཏུ་གནྡྷེ་སྭཱ་ཧཱ་ཞེས་རྒྱར་བཙུད་ནས། ཐོ་བས་བརྡུང་ཞིང་ཨོ་བཛྲ་མུངྒ་ར་ཨཱ་ཀོཊྚ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། རྒྱུ་ལ་འགོག་པ་གང་ཡིན་པ། དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། ཞེས་བརྗོད་དེ་འདིས་ཀྱང་རབ་གནས་སུ་འགྱུར་རོ། །རྒྱུ་དང་འབྲས་བུའི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་བསམས་ལ། ཨོཾ་དྷརྨཱ་ར་ཏེ་སྭཱ་ཧཱ་ཞེས་རྒྱ་ནས་ཕྱུངས་ཏེ་ཆོས་ཀྱི་སྐུའི་བདག་ཉིད་དུ་མོས་པས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ་ཞེས་བཞུགས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱིདྡྷེ་ཛྭ་ལ་ཛྭ་ལ་དྷམཱ་དྷཱ་ཏུ་གནྡྷེ་སྭཱ་ཧཱ་ཞེས་རབ་ཏུ་གནས། ཨོཾ་ཨ་ཀཱ་ཤཱ་དྷཱ་ཏུ་གནྡྷེ་སྭཱ་ཧཱ་ཞེས་པས་


JKT020_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པར་གསོལ་ཏེ་ཐམས་ཅད་ལ་དེ་བཞིན་དུ་བྱའོ། །མཆོད་རྟེན་གདབ་པའི་ཆོ་གའོ། ༈ །དེ་ནས་རང་ཡི་དམ་གྱི་ལྷར་གསལ་བས། ཨོཾ་ཨཱབིགྷནྟ་ཀྲིཏ་ཧཱུྃ་ཕཊ་ཅེས་བགེགས་སྦྱང་། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱཋཀཱ་ཡ་བི་ཤོདྷ་ནེ་སྭཱ་ཧཱ་ཞེས་སྐུ་ཕྱིས་ལ། ཨོཾ་སྭ་བྷཱ་ཝ་སོགས། །སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་དེའི་སྟེང་དུ་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཨོཾ་ལས་མཆོད་རྟེན་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཞེས་ལྷར་བསྐྱེད་ལ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་སྤྱན་དྲངས། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་བཛྲ་ས་མཱ་ཛ༔ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། ཞེས་


JKT020_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་སྤྱན་དྲངས། ཨོཾ་བཛྲ་ཨགྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུབྦེ་ཨཱཧཱུྃ་སྭཱ་ཧཱ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནེ་ཝིཏྟཾ། ཤརྡ་ཨཱཧཱུྃ་སྭཱ་ཧཱ། ཞེས་མཆོད་དེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱས། ཛཧཱུྃ་བཾ་ཧོ༔ དམ་ཚིག་པ་ལ་དགུག་གཞུག་བཅིངས་ནས་གཉིས་སུ་མེད་པར་གྱུར། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་བས། ཕྱོགས་བཅུའི་ཞིང་ཁམས་རྣམས་ན་བཞུགས་པའི་སངས་རྒྱས་ཡབ་ཡུམ་དང་། སེམས་དཔའ་ཡབ་ཡུམ་དང་། ཁྲོ་བོའི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ཤིང་གསལ་བར་གྱུར། བཛྲ་ས་མཱ་ཛ༔ ཨརྒྷཾ་ལ་སོགས་པས་མཆོད་དེ། འདི་རྣམས་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བར་དགོངས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། སེམས་མ་རྣམས་ཀྱིས་མཆོད་པའི་ཚོགས་སྦྱོར་བཞིན་པས། དེ་བཞིན་གཤེགས་པའི་ཡུམ་རྣམས་ཀྱིས་ཡེ་ཤེས་ལྔའི་རང་བཞིན་བདུད་རྩིའི་ཆུ་རྒྱུན་གྱིས་གང་བའི་བུམ་པ་དང་། རིན་པོ་ཆེའི་ཅོད་པན་དང་། རྡོ་རྗེ་དྲིལ་བུ་དང་། མིང་གི་དབང་ལ་སོགས་པ་རྫོགས་པར་བསྐུར་བར་གྱུར། དབང་བསྐུར་བུམ་པ། རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་པོ་ཡིས་ཕྱག་བྱས་པ། སངས་རྒྱས་ཀུན་གྱི་གསང་


JKT020_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། ཨོཾ་ཨཱབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་ཧཱུྃ་ཨ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། དབུ་རྒྱན། ཨོཾ་ཧཱུཾ་ཏྲཾ་ཧཱི ཨོ་བཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་སུ་ར་ཏ་ཙཱ་ཨ་ཧཾ། ཨོཾ་བཛྲ་རྡོ་རྗེ། ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཨོཾ་བཛྲ་དྲིལ་བུ། ཨ་དྷི་པ་ཏི་སྭ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་ཧཱུཾ། ཨོཾ་མིང་བཛྲ་སཏྭ་ཙཱ་ཨབྷི་ཥིཉྩམི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་དཔལ་རྣམ་པར་སྣང་མཛད་དོ། །ཞེས་དབང་བསྐུར། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུར་བརྒྱན་པར་གྱུར། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་ལུས་ཅན་གྱིས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀ་ཙཀྵ་ས་མན་ཙཀཱ་བི་ཤོ་དྷ་ནི་སྭཱ་ཧཱ་ཞེས་སྤྱན་དབྱེ། བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་ཆོས་སྐུའི་མཆོད་རྟེན་མཚན་ཉིད་ཐམས་ཅད་རྫོགས་པར་གྱུར། ཅེས་ཞལ་བསྒྱུར། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དེ་སྲིད་དུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ། ཞེས་དང་། ཁྱད་པར་དུ་ཡང་མཆོད་རྟེན་འདི་དག་ལ་འབྱུང་བ་ཆེན་པོ་བཞིའི་གནོད་པས་མ་ཞིག་


JKT020_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གི་བར་དེ་སྲིད་དུ་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། མེ་ཏོག་འཐོར་ཞིང་། །ཆོས་དབྱིངས་ལྷུན་གྱིས་གྲུབ་པ་ལ། །དབྱེར་མེད་འཁོར་འདས་ཡོངས་སུ་རྫོགས། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །ཆོས་སྐུ་མཆོག་གི་བཀྲ་ཤིས་ཤོག །ཨོཾ་ཨཱཧཱུྃ་ཧཱིདྡྷཾ་ཁཾ་བཛྲ་བྷ་ཝ་དྲི་ཌྷ་ཏིཥྛ་བྷཱུ་ཁཾ་སྭཱ་ཧཱ། ཨོཾ་ཡེ་དྷརྨཱ་སོགས་བརྗོད། དེ་ནས་མཆོད་པ་འབུལ་བ་ནི། །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་པར་ཤོག །སོ་སོའི་ཕྱག་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨགྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པུཀྐེ་སོགས་ཀྱིས་མཆོད། །བྱང་ཆུབ་ཤིང་མཆོག་ཆོས་འཁོར་གདུགས་ཀྱི་རྒྱན། །ཅོད་པན་ཆུ་སྲིན་རྒྱལ་མཚན་ཕྲེང་བ་དང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱི། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡོངས་རྫོགས་ཤོག །ཨོཾ་པུཎྱེ་ཛྙཱ་ན་ཨཱཧཱུྃ་སྭཱ་ཧཱ། ཞེས་མཆོད་རྟེན་ལ་འོས་པའི་རྒྱན་ཕུལ་ནས། །གསེར་གྱི་ས་གཞི་ཁོར་ཡུག་བཅས། །རིན་ཆེན་ལྷུན་པོ་གླིང་བཞིས་བསྐོར། །མཛེས་ལྡན་དང་བཅས་རྣམ་དག་ཞིང་། །རྟག་ཏུ་གུས་པས་དབུལ་བར་གྱི། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤར་ཎ་ས་མ་ཡེ་ཨཱཿཧཱུཾ། ཞེས་རི་རབ་


JKT020_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་བཞི་ཁོར་ཡུག་དང་བཅས་པ་དབུལ། །སྲིད་གསུམ་མཚུངས་མེད་ཐུགས་རྗེའི་བདག །ཐུབ་དབང་མཆོད་རྟེན་བརྒྱད་པ་དང་། །ཕྱོགས་བཅུའི་འཇིག་རྟེན་གཞན་དག་ན་འང་། །བཞུགས་པའི་ཆོས་སྐུ་ཀུན་ལ་འདུད། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དེ། དམ་པའི་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་རྟེན་འདི་དག་གི་སྦྱིན་པའི་བདག་པོ་མཛོད་ལ། འདི་རྣམས་ཇི་སྲིད་གནས་གྱི་བར་དུ་སྲུང་བའི་ཕྲིན་ལས་མཛོད། ཅེས་སྦྱིན་བདག་དང་། ཆོས་སྐྱོང་བསྒོ་བ་ལྷན་དུ་བྱས་ནས་གནོད་པ་མེད་པའི་ཕྱོགས་སུ་འོ་མི་བརྒྱལ་བར་བཞུགས་སུ་གསོལ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། ཅེས་སོགས་བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱ་ཆེར་བྱའོ། །དེའི་ཕན་ཡོན་ཡང་དེ་བྱེད་པ་པོ་མཐོ་རིས་སམ། ས་ཡི་སྟེང་དུ་མཆོད་རྟེན་ནམ། འབི་འབི་རྣམས་ཀྱི་རྡུལ་ཕྲ་རབ་ཡོད་པ་ཇི་སྙེད་པ་དེ་སྙེད་ཀྱི་རྒྱལ་སྲིད་ཀྱི་ཕུན་ཚོགས་མ་ལུས་པ་རྣམས་དང་། གཟུགས་དང་། གཟུགས་མེད་པའི་ཏིང་ངེ་འཛིན་གྱི་བདེ་བ་ཐམས་ཅད་སྤྱད་ནས། མཐར་སྐྱེ་རྒས་རྒུད་པ་དང་བྲལ་བ་སངས་རྒྱས་ཉིད་དུ་འགྱུར་ཏེ། གསལ་རྒྱལ་གྱིས་ཞུས་པར་ཡང་། ཐུབ་པའི་དབང་པོའི་མཆོད་རྟེན་བྱས་པ་ཡིས། །མྱ་ངན་རྣམས་བསལ་ལུས་


JKT020_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྒྱས་པ་དང་། །གཙོ་བོར་གྱུར་པ་རིན་ཆེན་མཛོད་མང་དང་། །ས་སྟེང་དགྲ་ཡི་ཚོགས་ལས་རྒྱལ་བར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། ༈ །ལྔ་པ་མཆོད་པ་ནི། སྤྱིར་གོང་འོག་ཏུ་སྨོས་པའི་མཆོད་གཏོར་སོགས་ཀྱང་ཡིན་མོད། གཞན་ཡང་བླ་མ་དང་། ལྷག་པའི་ལྷ་མཆོད་པའི་ཆོ་ག་ཇི་ལྟར་རིགས་པ་ཉམས་སུ་བླང་། བྱེ་བྲག་གྲུབ་ཆེན་མི་ཏྲ་ཛོ་ཀིའི་གདམས་ངག་ལས་བྱུང་བའི་བསམ་གྱིས་མི་ཁྱབ་པའི་མཆོད་བའི་ཆོ་ག་ནི། གཙང་མའི་གནས་སུ་རྟེན་གསུམ་ཅི་རིགས་པའི་སྤྱན་སྔར་མེ་ཏོག་ལ་སོགས་པའི་མཆོད་པ་བཀོད་པས་མཛེས་པར་དགྲམ། སྐྱབས་སེམས་བྱ། རང་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་རྒྱལ་མཚན་རྩེ་མོ་གསེར་མདོག་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་ལས་མཆོད་པའི་ཆར་ཆེན་པོ་འབེབས་ཤིང་། གཡོན་པདྨོ་རྒྱས་པ་འཆང་བ། མཆོད་སྤྲིན་རྒྱ་མཚོའི་དབུས་ན་བཞུགས་ཤིང་ཡོ་བྱད་ནམ་མཁའི་མཛོད་ལ་མངའ་བརྙེས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ངང་ཚུལ་ཅན་དུ་གསལ་བར་གྱུར། ཨོཾ་བཛྲ་པུབྦེ་ཨཱཎཱཧཱུྃ། དེ་བཞིན། དྷཱ་པེ་ནས་ཤཔྟའི་བར་དང་། མཎྜལ་སྦྱར་བས་བྱིན་རླབས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། བླ་མ་དཀྱིལ་འཁོར་ལྷ་ཚོགས་སོགས། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་


JKT020_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །ཞེས་ཕྱག་འཚལ་བ་སྔོན་དུ་འགྲོ་བས། རང་གི་ཐུགས་ཀའི་ཧཱི༔ལས་མཆོད་པའི་ལྷ་མོ་ཁ་དོག་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་རེ་རེ་ལས་ཀྱང་དཔག་ཏུ་མེད་པའི་སྤྲིན་འཕྲོ་བ་སྤྲོས་ནས་བསྙེན་ཟླ བཀུར་བར་བསམས་ལ། རང་བཞིན་སྟོང་པ་ཉིད་ཅན་གྱི། །སྣ་ཚོགས་མེ་ཏོག་བསམ་མི་ཁྱབ། །རྒྱལ་མཚན་རྩེ་མོའི་རིག་པ་ཡིས། །སྤྲུལ་ནས་འཕགས་ཚོགས་མཆོད་པར་བྱ། ཨོཾ་ན་མོ་བྷ་ག་ཝ་ཏེ་མ་ཧཱ་ཀཱ་རུ་ཎི་ཀ་པུཔྤེ་པཱུ་ཛ་མེ་གྷ་ས་མུ་དྲ་རན་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ་སམྱཀཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུལླེ། སུ་པུལླེ། པུཊྚེ། པུལླ་ཨུཏྟཱ་བེ་པུལླ་ཨ་བ་ཀཱི་ར་ཎེ་སྭཱ་ཧཱ། ཞེས་པའི་རིག་པ་འདི་ལན་གསུམ་དུ་བརྗོད་ཅིང་དབུལ། དེ་བཞིན་དུ་མེ་ཏོག་གི་གནས་སུ་བདུག་སྤོས་དང་། པུ་དང་པུངྒེའི་གནས་སུ་དྷ་པ་དང་དྷཱ་པེ་སོགས་སྦྱར་བས་མཚོན། ཉེར་སྤྱོད་ལྔ་དང་། རོལ་མོ། མཎྜལ་བཅས་དབུལ། ཐོག་མ་མེད་ནས་ད་ལྟའི་བར། ཞེས་སོགས་སྡིག་པ་བཤགས་པས་མཚོན་ཡན་ལག་ལྷག་མ་རྣམས་ཀྱང་བྱས་ཏེ། བདག་དང་སེམས་ཅན་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ཏེ་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་རྗེས་ཚོགས་ཞིང་རྣམས་མི་དམིགས་པར་བལྟས་ལ་དེ་ཁོ་ན་ཉིད་རྗེས་སུ་དྲན་པས་


JKT020_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་རྩ་བ་སངས་རྒྱས་ཀྱི་སར་བསྔོའོ། །ཕན་ཡོན་ནི། མི་ཕྱེད་གུས་པ་མང་ལྡན་པས། །གཟུངས་འདི་ལན་གསུམ་ཆོ་ག་འདིས། །ཉིན་རེ་དུས་གསུམ་མཆོད་བྱེད་ན། །བྱེ་བ་བསམ་མི་ཁྱབ་མཆོད་འགྱུར། ཞེས་སོ། །མཆོད་པ་དངོས་སུ་བཤམ་པ་མ་བྱུང་ཡང་། རི་བོ་ལྷུན་སྡུག །སྤྱོད་ཡུལ་གྱི་གྲོང་། ཁང་བཟང་མཛེས་པ། འབབ་ཆུ་དང་། རྫིང་བུ་སོགས་དྭངས་ཤིང་བསིལ་བ། སྐྱེད་མོས་ཚལ་དང་། ནགས་ཚལ་དང་། སྨན་ལྗོངས་དང་། མེ་ཏོག་གི་ལྡུམ་ར་སོགས་ཡིད་དུ་འོང་བའི་དངོས་པོ་གང་མཐོང་བ་ལ་དམིགས་ཏེ་དེ་ཉིད་རྒྱུར་བྱས་པ་ལས་བྱུང་བའི་མཆོད་པའི་སྤྲིན་བློས་སྤྲུལ་ཏེ་གོང་ལྟར་ཕུལ་བས་ཀྱང་རུང་ཞིང་། རྟེན་གསུམ་གྱི་སྤྱན་སྔར་མེ་ཏོག་དང་། སྤོས་དང་། མར་མེ་སོགས་དབུལ་བའི་སྐབས་སུའང་གོང་གི་སྔགས་ལན་གསུམ་ཁོ་ན་བཟླས་ཏེ་ཕུལ་བས་ཀྱང་མེ་ཏོག་གཅིག་ཕུལ་ན་མེ་ཏོག་བྱེ་བ་བསམ་གྱིས་མི་ཁྱབ་པ་ཕུལ་བའི་ཕན་ཡོན་ཐོབ་པར་འགྱུར་རོ། ༈ །དྲུག་པ་སྦྱིན་པ་ནི། བློ་གྲོས་ཀྱིས་ནུས་ན་ཆོས་ཀྱི་སྦྱིན་པ་བྱ་བའི་ཚུལ་འོག་ཏུ་གསལ། ནད་པ་ལ་སྨན་དང་། དགྲ་ཡིས་འཇིགས་པ་ལ་སྐྱེལ་མ་དང་། དུད་འགྲོ་སོགས་གསོད་པར་བརྩམས་པའི་སྲོག་བསླུ་བ་དང་། གདོན་བགེགས་ཀྱིས་ཉེན་པ་ལ་སྲུང་འཁོར་བྱ་བ་སོགས་མི་འཇིགས་པའི་སྦྱིན་པ་དང་། དབུལ་ཕོངས་ལ་ཟས་སྐོམ་སོགས་ཟང་ཟིང་གི་


JKT020_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་ཅི་ནུས་སུ་བརྩོན་པར་བྱའོ། །བྱེ་བྲག་ཏུ་མདོ་རྒྱུད་རྣམས་ལས་སྲོག་ཆགས་ལ་ཁ་ཟས་སྟེར་བའི་ཚུལ་མང་དུ་གསུངས་པ་ལས། འདིར་རྣལ་འབྱོར་བླ་མེད་ཀྱི་དབང་དུ་བྱས་ཏེ་མགྲོན་རིགས་ལྔའི་གཏོར་མ་སྦྱིན་ཚུལ་ཁྱད་པར་ཅན་ལ། བྱ་ལ་ཟས་སྟེར་བ་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་ལྭ་གདོང་མའི་ང་རྒྱལ་གྱིས། བྱ་རྣམས་ཧཱུཾ་ལས་ཁཱ་གདོང་མ་དྲག་མོ་ཞལ་གཅིག་ཕྱག་བཞི། ཐོད་པ། ཁ་ཊཾ། གྲི་གུག །མགོ་བོ་བསྣམས་པ། སྤྱན་གསུམ་སྨིན་མ་ཁམ་ཞིང་། རོལ་པས་བཞུགས་པ་རྣམས་སུ་གྱུར་པར་བསམས་ལ། འབར་བའི་ཕྱག་རྒྱས། དཔལ་ལྡན་ཐུགས་ཀྱི་འཁོར་ལོ་ནས། །མཁའ་སྤྱོད་མ་ཡི་ཚོགས་ཇི་སྙེད། །འོལ་བ་བྱ་རོག་གཟུགས་ཉིད་དུ། །དེ་དག་ཐམས་ཅད་འདིར་གཤེགས་ཤིག །ཨོཾ་ན་མཎྜཤྲཱི་བཛྲ་ཌཱ་ཀཱ་ཡ། ཨོཾ་བཛྲ་ཀཱ་ཀཱ་སྱེ་ཧཱུྃ་ཧཱུྃ་ཕཊ། ཅེས་སྤྱན་དྲངས་ལ། བཟའ་བ་རྣམས། ཨོཾ་ཨཱཧཱུཾ། ཧ་ཧོ་ཧྲིས་བྱིན་གྱིས་བརླབས་ཏེ། མེ་ཏོག་ལ་སོགས་པ་ཡང་བྱིན་ལ། ཨོཾ་བཛྲ་ཌཱ་ཀི་སྐྱེ་ཁེ་ཙ་རི་རཱུ་པ་ཀཱ་ཀཱ་སྱེ་ཙི་ལ་ལ་ཀ་རུ་པ་ཨི་མཾ་བ་ལིཾ་གྲིཉྩནྟུ། ས་མ་ཡ་རཀྵནྟུ། ཡ་ཐེཥཊ། སརྦ་སིདྡྷི་པྲ་ཡཙྪནྟུ་ཧུཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་སྦྱིན། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ལྷ་མོ་ཚད་མ་དམ་ཚིག་


JKT020_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་དང་། དེས་ཆོས་གསུངས་ཀྱང་ཚད་མའི་མཆོག་ཡིན་པས། བདེན་པ་དེ་དག་གིས་ནི་ལྷ་མོ་རྣམས། བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་སྨོན་ལམ་གདབ། མུཞེས་ཅི་བདེར་གཏོང་ངོ་། །མཁའ་ལ་སྤྱོད་པའི་གཟུགས་ཅན་བྱའི་གཏོར་མའི་རིམ་པའོ། །ཁྱི་ལ་ཟས་སྟེར་བ་ནི། བདག་ཉིད་ཁྱི་གདོད་མའི་ཏིང་ངེ་འཛིན་གྱིས། ཁྱི་རྣམས་ཧཱུཾ་ལས་ཁྱི་གདོང་མ་དྲག་མོ་སོགས་སྔ་མ་ལྟར་ལ། འབར་བའི་ཕྱག་རྒྱས་ཨོ་ཨཱཎཡནྟ་ཌཱ་ཀིཙྩེ་ཤཱ་ན་ཀྲ་མ་ཧོ། ཨ་གྲྭ་བྷི་མ་ཝ་སུ་ཥ་ཨི་མཾ་བ་ལིཾ་བྷུ་ལྗཛི་གྲུ་པི་བ་གྲི་ཧི་ཏ་ཨཱསྨ་ཀཾ་པུཏྟིཾ་ཀུ་རུ་ས་མ་ཡ་མ་ནུ་སྨ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྤྱན་དྲངས་བཟའ་བ་སྔ་མ་བཞིན་དུ་བྱིན་གྱིས་བརླབས་ནས་མེ་ཏོག་སོགས་དང་། ཨོཾ་ཤྲཱི་ནཱ་སྱེ་དྷུ་ཙ་རི་ཡེ། ཨི་མཾ་བ་ལིཾ། ཧཱུྃ་ཧྥུ་གྲི་ཧྥུ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་སྦྱིན། བསྟོད་ཅིང་སྨོན་ལམ་གདབ། མུཞེས་གཏོང་ངོ་། །ས་ལ་སྤྱོད་པའི་གཟུགས་ཅན་ཁྱིའི་གཏོར་མའི་ཆོ་གའོ། །འདི་གཉིས་ཟས་ཀྱི་སྔོན་དུ་བྱ་བར་གསུངས་སོ། །ཉ་ལ་ཟས་སྦྱིན་པ་ནི། རང་ཉིད་གོ་ལས་གོ་རཱི་ནག་མོ། །སྤྱན་གསུམ། གྲི་གུག །རོ་ཧི་ཏའི་ཉ་བསྣམས་ཤིང་། ཉ་གསོལ་བ། ཉའི་གདན་དང་རྒྱབ་ཡོལ་ཅན་ནོ། །ཞེས་བསམས་ལ། ཉ་རྣམས་ཁ་ལས་ཁྱབ་འཇུག་གི་གཟུགས་སུ་གྱུར། ༀ་ཨེ་ཧེ་ཧི། མ་ཧཱ་བ་ལ་བཱིརླ་བ་ར་ཀྲ་མ་ཧཱ་ཡོ་ཛ་ན་ས་ཧ་སྲ་པྲ་མ་བ་སུ་ཤ་བ་ཏི་ལི་ཏི་མི་གི་


JKT020_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ལི་པྲ་བྷི་པྲ་བྷི་ཏ་ཡོ་མ་ཧཱ་མཱི་ན་ཨདྷི་པྲ་ཏི་ཡ་ཨ་ཏྲ་སནྟི་ཧི་ཏོ་བྷ་ཝནྟུ། མ་མ་ཨ་བྷི་པྲ་ཏ་ར་སིདྡྷི་མ་བསྟ་རནྟ་སྭཱ་ཧཱ། ཞེས་པས་བོས་ལ། ཆང་མ་གཏོགས་པའི་ཟས་སྔར་བཞིན་བྱིན་གྱི་བརླབས་ལ། མེ་ཏོག་ཀྵ སོགས་དང་། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱི། ལི་ལཱི། ཨེ་ཨེ། ཨོ་ཨཽ། ཨཾ་ཨ༔ སྭཱ་ཧཱ། ཞེས་པས་སྦྱིན། ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་རྣམས་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་སྨོན་ལམ་གདབ། མུཞེས་གཏོང་ངོ་། །ས་འོག་ན་གནས་པའི་ཉའི་གཏོར་མའི་རིམ་པའོ། །བ་ལང་ལ་ཟས་སྦྱིན་པ་ནི། རང་ཉིད་སྒྲོལ་མ་དཀར་མོ་བགྲང་ཕྲེང་དང་། རྩེ་གསུམ་བསྣམས་པ། ཁྱུ་མཆོག་བཅིབས་པའོ། །མདུན་དུ་ཁྱུ་མཆོག་ཧཱུྃ་ལས་རྡོ་རྗེ་སེམས་དཔའ། བ་རྣམས་ཕྱོགས་སུ་མཁའ་འགྲོ་མ། དྲག་མོ་རོ་ལངས་མ། གཏུམ་མོ། །འི མཚམས་སུ་སེང་གེ་མོ། སྟག་མོ། ཅེ་སྤྱང་མོ། འུག་པ་མོ་རྣམས་ཀྱི་རང་བཞིན་ནོ། །བཟའ་བཏུང་རྣམས། ཨོཾ་ཨ་ཨཱ་ནས། །ཨོཾ་ཨཱསཱ་ཧཱ། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱི་ཨཱ་དྱ་ནུ་ཏྲ་ན་ན་ཏྭ་ཏ་ཨོཾ་ཨཱཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་བྱིན་གྱི་བརླབས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པས་ཟར་གཞུག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། གང་གི་ལམ་གྱིས་གྲོལ་འགྱུར་པ། དེ་


JKT020_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སྨོན་ལམ་གདབ། མུཞེས་པས་གཏོང་ངོ་། །ཐང་ལ་སྤྱོད་པ་བ་གླང་གི་གཏོར་མའི་ཆོ་གའོ། །གྲོག་མོ་ལ་ཟས་སྟེར་བ་ནི། རང་ཉིད་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སྤྲུལ་སྐུའི་རྣམ་པ་ཅན་དུ་གྱུར། མདུན་གྱི་གྲོག་མོ་རྣམས་འཕགས་པ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་པོ་གཡས་མཆོག་སྦྱིན་དང་། གཡོན་གསེར་གྱི་པདྨ་འཆང་བ། རལ་པའི་ཐོར་ཚུགས་ཅན། དར་དང་རིན་པོ་ཆེས་བརྒྱན་པ་གྲངས་མེད་པའི་སྐུར་གྱུར་པ་ལ། བཟའ་བ་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་གྱུར་པ་ཕུལ་བས་ཟག་པ་མེད་པའི་བདེ་བ་ཆེན་པོས་རྒྱུད་ཡོངས་སུ་གང་བར་བསམས་ལ། ཨོ་ཨཱརྱ་ལོ་ཀེ་ཤྭ་ར་ཨི་མཾ་བ་ལིཾ་གྲིབྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་དབུལ། །གཞོན་ནུའི་ཚུལ་འཆང་མཛེས་པའི་སྐུ། །པདྨ་གསར་པས་ཕྱག་བརྒྱན་པ། །སྙིང་རྗེའི་གཏེར་ཆེན་འཇིག་རྟེན་དབང་། །མགོན་པོ་མཆོག་ལ་བདག་འདུད་དོ། །ཞེས་དང་། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་སྨོན་ལམ་གདབ་ཅིང་། མུཞེས་པས་རང་གནས་སུ་སོང་བར་བལྟའོ། །ཀླུང་ན་སྤྱོད་པ་གྲོག་མོའི་གཏོར་མའོ། །དེ་བཞིན་དུ་སྲོག་ཆགས་ཀྱི་རིགས་གང་དང་གང་ལ་ཟས་སྦྱིན་པ་ནའང་རང་ཉིད་ལྷག་པའི་ལྷར་གསལ་བའི་ཐུགས་ཀའི་ས་


JKT020_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བོན་གྱི་འོད་ཀྱིས་རེག་པས་དེ་དག་སྐད་ཅིག་གིས་འཇིག་རྟེན་དབང་ཕྱུག་ལ་སོགས་པའི་ལྷ་གང་ཡང་རུང་བའི་སྐུར་བསྒོམས་ཏེ། བཟའ་བ་རྣམས་ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱི་བརླབས་ལ་ཕུལ་བས་ཟག་པ་མེད་པའི་བདེ་བ་མཆོག་གིས་ཚིམ་པར་བསམས་ལ་སྦྱིན་ཞིང་། མཐར་བསྔོ་བ་ཡང་བྱའོ། །གཞན་ཡང་མཆིལ་མ་དོར་བ་ན། ཨོཾ་ཨཱགླེ་ཟླ་ན་ཨཱ་ཧ་རེ་སྭཱ་ཧཱ། ཟས་སུ་མཆིལ་མ་ཟབ་རྣམས་ཀྱིས་ཐོབ་པར་གྱུར་ཅིག །ཅེས་བརྗོད་ཅིང་སེ་གོལ་བརྡབ་བོ། །དེ་བཞིན་དུ་ལུད་པ་ལ། ཨོཾ་ཨཱཋཁྲེར་ཨཱ་ཧ་རེ་སྭཱ་ཧཱ། ལུད་པ་ཟ་བ་རྣམས་ཀྱིས་ཐོབ་པར་གྱུར་ཅིག །སྣབས་ལ་ཨོཾ་ཨཱཤྲཱི་གྷ་ནི་ཀཱ་ཨ་ཧ་རེ་སྭཱ་ཧཱ། ལུས་ཀྱི་དྲི་མ་སྤྱི་ལ། ཨོཾ་ཨཱཋམ་ལ་ཨཱ་ཧ་རེ་བྷུསྭཱ་ཧཱ། དྲི་ཆེན་ལ། ཨོཾ་ཨཱབིཥྛ་ཨཱ་ཧ་རེ་སྭཱ་ཧཱ། དྲི་ཆུ་ལ། ༀ་ཨཱམུ་ཏྲ་ཨཱ་ཧ་རེ་སྭཱ་ཧཱ། དེ་རྣམས་དེ་དག་ཟ་བ་རྣམས་ཀྱིས་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་སེ་གོལ་བརྡབ་བོ། །དེ་རྣམས་དེ་ལྟར་བྱིན་པའི་བསོད་ནམས་ཅི་བསག་པ་ཡང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཏུ་བསྔོ་བར་བྱ་སྟེ། ཟག་པ་རྒྱུན་གྱི་གཏོར་མ་ཞེས་ཕན་ཡོན་ཆེན་པོ་ཐོབ་པར་གསུངས་སོ། ༈ །བདུན་པ་ཚོགས་བསག་པ་ནི། སྤྱིར་ཚོགས་བསག་པའི་སྒོ་མཐའ་ཡས་པར་གསུངས་ཤིང་། གོང་འོག་གི་མཆོད་སྦྱིན་དང་གཏོར་མའི་ཆོ་ག་སོགས་ཕལ་ཆེར་ཀྱང་ཚོགས་གསོག་གི་ཆོ་ག་ཁོ་


JKT020_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡིན་ལ། ཁྱད་པར་མདོ་རྒྱུད་གཉིས་ཀ་ནས་བསྟན་ཅིང་། དམ་པ་རྣམས་ཀྱིས་ཐུགས་དམ་དུ་མཛད་པའི་ཚོགས་གསོག་གི་མཆོག་མཎྜལ་འབུལ་བའི་ཆོ་ག་ལ། རྒྱས་པར་མདུན་དུ་སྟེགས་བུའི་ཁར་སྒྲུབ་པའི་མཎྜལ་རང་གི་ཡི་དམ་གཙོ་བོར་གྱུར་པའི་ཚོགས་ཞིང་དམ་ཚིག་པ་བསྐྱེད། གནས་གསུམ་བརླབ། ཡེ་ཤེས་པ་གཞུག །དབང་བསྐུར་ཞིང་རིགས་བདག་གི་རྒྱས་གདབ་མཆོད་བསྟོད་ཅི་རིགས་བྱ། དེ་ནས་མཎྜལ་རྒྱས་པར་འབུལ་ཞིང་གྲངས་གསོག །མཐར་འདོད་དོན་གསོལ། ནོངས་པ་བཤགས། ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས། དམ་ཚིག་པ་རང་ལ་བསྡུ། བསྔོ་སྨོན་བཀྲ་ཤིས་བྱའོ། །འབྲིང་དུ་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་ལ། མཎྜལ་ཚོམ་བུ་བདུན་མ། ཉེར་གསུམ་མ། སོ་བདུན་མ་སོགས་རྒྱས་པར་དབུལ། བསྡུ་ན་ཚོགས་ཞིང་མཁའ་ཁྱབ་ཏུ་བཞུགས་པའི་སྤྱན་སྔར། ཇོ་བོ་རྗེས་ཟླ་བ་སྒྲོན་མེའི་མདོའི་དོན་ཚིགས་བཅད་དུ་བསྡེབས་པར་གྲགས་པ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་རེ་བྷྱརཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་སམ། རྒྱུད་སྡེ་ལས་བྱུང་བར་


JKT020_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ཤིང་བླ་མ་གོང་མའི་གསུང་རྒྱུན་གྱིས་བརྒྱན་པ། བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བླངས་ནས་བླ་མ་ཡི་དམ་དཀོན་མཆོག་རྣམས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨི་དཾ་གུ་རུ་རཏྣ་མཎྜལ་ཀཾ་ནིརྱ་ཏ་ཡཱ་མི། ཞེས་སྔགས་དང་བཅས་པས་དབུལ་བར་བྱའོ། ༈ །བརྒྱད་པ་སྡིག་པ་དང་ལྟུང་བ་སྦྱོང་བ་ནི། སྤྱིར་སྡིག་ལྟུང་སྦྱོང་བའི་སྒོ་མཐའ་ཡས་པ་ལས། འདིར་སྡོམ་པ་གསུམ་གྱི་དབང་དུ་བྱས་ན། ཐོག་མར་སོ་སོར་ཐར་པའི་དགེ་བ་གསོ་ཞིང་སྡིག་པ་སྦྱོང་བའི་ཆོ་ག་ནི། དགེ་ཚུལ་དང་དགེ་སློང་གི་དགེ་འདུན་ཚོགས་པའི་ཚེ་ཡར་ངོ་མར་ངོའི་གསོ་སྦྱོང་ཇི་སྐད་བཤད་པ་བཞིན་བསྒྲུབ། རྐྱེན་དབང་གིས་མ་གྲུབ་ན་ལམ་ལྟ་བུར་ཡིད་ཀྱིས་བྱིན་རླབས་བྱ། རི་ཁྲོད་སོགས་སུ་རང་གཅིག་པུའི་ཚེ་གསོ་སྦྱོང་ནི་མེད་དུ་མི་རུང་བའི་སྦྱོར་བ་མ་ཡིན་ཀྱང་། ཚོགས་རྒྱ་ཆེན་པོ་གསོག་པ་སོགས་དགོས་པ་ཁྱད་པར་ཅན་ཡོད་པས། ཡར་ངོ་དང་མར་ངོའི་གསོ་སྦྱོང་གི་དུས་ལ་བབ་པ་ན། སྟོན་པའི་སྣང་བརྙན་གཙོ་བོར་གྱུར་པའི་སྤྱན་སྔར་མཆོད་པའི་བྱེ་བྲག་དང་། ཉེ་ལོགས་སུ་དཀར་གཏོར་བཅས་བཤམ། དེ་ནས་རྒྱུན་ཆགས་གསུམ་པ་དང་། གཏོར་མ་གཏོང་བ་ལ་འཇུག་པར་བྱ་


JKT020_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སྣམ་སྦྱར་ཡོད་ན་གྱོན་ཅིང་ཐོག་མར་ཕྱག་འཚལ་བའི་རྒྱུད་ནི། དངོས་སུ་ཡན་ལག་མ་ལྔ་ས་ལ་གཏུགས་པའི་ཕྱག་དང་བཅས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་


JKT020_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ། གཉིས་པ་མདོ་འདོན་པའི་རྒྱུད་ནི། ཐལ་མོ་བསྣོལ་ལ་ཙོག་པུར་འདུག་སྟེ། སྨྲ་བསམ་བརྗོད་མེད་སོགས་དང་། འདི་སྐད་བདག་གིས་ཐོས་པ་སོགས་ཤེས་རབ་སྙིང་པོའི་མདོ་རྫོགས་པར་བཏོན་པའི་མཐར། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོ་འདི་སྐད་གསུང་། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་༤ སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་བརྗོད། གསུམ་པ་ཡོངས་སུ་བསྔོ་བའི་རྒྱུད་ནི། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་


JKT020_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཀླུ་རྒྱལ་དགའ་བོ་ཉེ་དགའ་བོ། །གཞན་ཡང་གྲོང་ཁྱེར་གནས་པ་རྣམས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་པར་ཤོག །ཅེས་སྨོན་ལམ་གདབ། དེ་ནས་གཙུག་ལག་ཁང་ངམ་གནས་དེར་གཉུག་མར་གནས་པའི་ལྷ་ལ་གཏོར་མ་གཏོང་བ་ནི། ཆབ་བྲན་ལ། རང་རང་གི་སྤྱོད་ཡུལ་དུ་གྱུར་པའི་གཏོར་སྣོད་ཀྱི་ནང་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་ཀྱི་ངོ་བོར་གྱུར་པའི་བཟའ་བཏུང་འདོད་པའི་ཡོན་ཏན་དུ་མས་གང་བར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། གཉུག་མར་གནས་པའི་ལྷ་མོ་འཕྲོག་མ་ལ་སོགས་པ་གནས་དང་གཞིའི་བདག་པོ་དང་། གཞན་ཡང་ནགས་ཚལ་དང་། རི་བོ་དང་། ཆུ་ཀླུང་དང་། ངམ་གྲོག་ལ་སོགས་པར་འཁོད་པའི་འབྱུང་པོ་གཏོར་མ་ཟ་བར་འདོད་པ་རྣམས་ཀྱི་ཞལ་དུ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཕུལ་ནས། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། ཅེས་ཕྲིན་ལས་གསོལ་ལོ། །འདི་རྣམས་ནི་རྒྱུན་དུ་ཞོགས་པར་ཆགས་མེད་ཀྱིས་ཉམས་སུ་བླངས་ཀྱང་ཤིན་ཏུ་ལེགས། དེ་ལྟར་


JKT020_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཆགས་གསུམ་དང་གཏོར་མ་བསྔོ་བ་སྔོན་དུ་བཏང་ནས། གསོ་སྦྱོང་བྱིན་རླབས་དངོས་ནི། ལྷ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆི་ན་བདག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་གཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ཟླ ལྷན་ཅིག་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱང་བར་བྱ་ཞིང་སོ་སོར་ཐར་པའི་མདོ་གདོན་པ་ཡང་གདོན་པར་བགྱིའོ། །ཞེས་ལན་གསུམ་བརྗོད་ཅིང་ཡིད་ལ་བསམ་མོ། །ཡང་དགེ་སློང་གཉིས་དང་གསུམ་ཡོད་ན་ཕན་ཚུན་གཅིག་གི་མདུན་དུ་གཅིག་འདུག་སྟེ། བཙུན་པ་དགོངས་སུ་གསོལ། ཞེས་དང་། མཐར་བཙུན་པས་གཟུང་དུ་གསོལ་ཞེས་བརྗེ་ཞིང་ཐབས་ལེགས་བྱ། དེ་ཙམ་ཡང་མ་གྲུབ་ན། གསོ་སྦྱོང་གི་དུས་ལ་བབ་པ་དང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། ཞེས་སོགས་སྔོན་དུ་བཏང་སྟེ། ཐུབ་པའི་སྔོན་གྱི་གསོ་སྦྱོང་། སྡིག་པ་ཅི་ཡང་མི་བྱ་སྟེ། ཞེས་སོགས་དང་། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་


JKT020_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་ཏུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ཞེས་པ་ཙམ་གདོན། ཡང་འགའ་ཞིག་གིས་སངས་རྒྱས་རབ་བདུན་གྱི་གསོ་སྦྱོང་གི་ཚིགས་སུ་བཅད་པ་རྫོགས་པར་གདོན་པར་གསུངས་པ་ནི་འདི་ཡིན་ཏེ། །བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་། །རབ་ཏུ་འབྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །མིག་ལྡན་འགྲོ་བ་ཡོད་པ་ཡིས། །ཉམ་ང་བ་དག་ཇི་བཞིན་དུ། །མཁས་པས་འཚོ་བའི་འཇིག་རྟེན་འདིར། སྡིག་པ་དག་ནི་ཡོངས་སུ་སྤང་། །སྐར་པ་མི་གདབ་གནོད་མི་བྱ། །སོ་སོར་ཐར་པའང་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །བས་མཐའི་གནས་སུ་གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་གཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །བདག་གིས་རིགས་དང་མི་རིགས་ལ། །བརྟག་པར་བྱ་སྟེ་གཞན་རྣམས་ཀྱི། །མི་མཐུན་པ་དང་གཞན་དག་གི། །བྱས་དང་མ་བྱས་རྣམས་ལ་མིན། །ལྷག་པའི་སེམས་ལ་བག་བྱ་སྟེ། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཉེར་ཞི་


JKT020_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སོགས་མི་འགྱུར་རོ། །དགེ་དང་ལྡན་པས་སྡིག་པ་སྤང་། །ཉོན་མོངས་ཟད་པས་མྱ་ངན་ཟླ འདའ། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པའང་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་ལ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། ཞེས་བརྗོད་ཅིང་དོན་དྲན་པར་བྱས་ལ་མཐར་བསྔོ་སྨོན་བཀྲ་ཤིས་ཀྱང་བྱའོ་གསུངས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་ལྟུང་བའི་ལྷག་མ་བཤགས་ཤིང་སྦྱོང་བ་ནི། སྤྱོད་འཇུག་ལས། །ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟན་པས། །ལྟུང་པའི་ལྷག་མ་དེས་ཞི་བྱ། ཞེས་པས་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕུང་པོ་གསུམ་པའི་མདོ་གདོན་ཅིང་ཕྱག་འཚལ་བར་བྱ་སྟེ། དེའང་སྤྲོ་ན་སངས་རྒྱས་སོ་


JKT020_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་སྐུ་བྲིས་འབུར་གང་རིགས་ཀྱི་སྤྱན་སྔར་མེ་ཏོག་ལ་སོགས་པའི་མཆོད་པ་ཅི་འབྱོར་བཤམ། སྐྱབས་སེམས་ཇི་ལྟར་རིགས་པ་དང་། ས་གཞི་བྱིན་རླབས་སོགས་གོང་དུ་བཤད་པ་ལྟར་བྱ་འདུན་པ་རྩེ་གཅིག་པས། བཅོམ་ལྡན་འདས་ཤཱཀྱའི་དབང་པོ་ལ་སོགས་པ་རྫོགས་པའི་སངས་རྒྱས་སུམ་ཅུ་རྩ་ལྔ་འཁོར་དང་བཅས་པ་རྣམས། བདག་སོགས་སྙིགས་མ་ལྔ་བདོ་བའི་དུས་ཀྱི་སེམས་ཅན་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བ་རྣམས་ཀྱི་ལྟུང་བ་རྣམ་པར་སྦྱང་བའི་སླད་དུ་སྤྱན་འདྲེན་ཞིང་མཆིས་ན། དེང་དུས་ལ་བབ་ཀྱིས་དགོངས་པར་མཛད་དུ་གསོལ། ཞེས་གསོལ་པས། སོ་སོའི་ཞིང་ཁམས་ནས་སྐད་ཅིག་གིས་བྱོན་ཏེ་མདུན་གྱི་ནམ་མཁར་རིན་པོ་ཆེའི་པདྨོ་རྣམ་པར་རྒྱས་པའི་སྙིང་པོར་ཟླ་བའི་གདན་ལ་བཞུགས་པ་ནི། སངས་རྒྱས་དཀར་པོ་བདུན་ཆོས་འཆད། སྔོན་པོ་བདུན་ས་གནོན་མཉམ་གཞག །སེར་པོ་བདུན་མཆོག་སྦྱིན་མཉམ་གཞག །དམར་པོ་བདུན་མཉམ་གཞག །ལྗང་གུ་བདུན་སྐྱབས་སྦྱིན་མཉམ་གཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་སྐུ་མཚན་དང་དཔེ་བྱད་ཀྱིས་མཛེས་པ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཏིང་ངེ་འཛིན་མུ་མཐའ་མེད་པ་ལ་འཇུག་ཅིང་ལྡང་བ། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་ཀློང་ན་བཞུགས་པ་གྱུར་


JKT020_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ། སྤྲོ་ན་འབྱོན་ལེགས་སོགས་ཡན་ལག་ལྷག་མ་རྣམས་བྱ། དེ་ནས་ལངས་ཏེ་ཕྱག་འཚལ་བཞིན་དུ། བདག་སོགས་སེམས་ཅན་ཐམས་ཅད་དུས་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ་སོགས་ཕུང་པོ་གསུམ་པ་ཚར་གསུམ་ལ་ཉུང་མཐའ་བྱས་ལ་གདོན། དེའང་བཤགས་པ་ལ་སྟོབས་བཞི་ཚང་དགོས་པས། སངས་རྒྱས་སོ་ལྔ་ནི་རྟེན་གྱི་སྟོབས། སྡིག་པ་བཤགས་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས། སླན་ཆད་ཀྱང་གཅོད་ཅིང་བསྡམ་པར་བགྱི་ལགས་སོ་ཞེས་པ་གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་སོ། །ཕུང་པོ་གསུམ་ཡང་། བཤགས་པ་ནི་བཤགས་པའི་ཕུང་པོ། ཕྱག་འཚལ་བ་དང་། དགེ་བའི་རྩ་བ་སྒྲུབ་པ་དང་། ཡི་རང་དང་། བསྐུལ་བ་དང་། གསོལ་བ་གདབ་པ་རྣམས་ནི་བསོད་ནམས་ཀྱི་ཕུང་པོ། །བསྔོ་བ་རྣམས་ནི་བསྔོ་བའི་ཕུང་པོ་ཞེས་གསུངས་སོ། །མཐར་བསྔོ་སྨོན་གྱི་རྒྱས་གདབ། གལ་ཏེ་དེ་ལྟ་བུའི་ཆོ་ག་རྒྱས་པར་མ་གྲུབ་ཀྱང་། ཚོགས་ཞིང་གོང་ལྟར་གསལ་བཏབ་པའི་སྤྱན་སྔར་ཕྱག་འཚལ་ཞིང་ཕུང་པོ་གསུམ་པའི་མདོ་ཁོ་ན་བཏོན་པས་ཀྱང་རུང་ངོ་། །གསུམ་པ་སྔགས་ཀྱི་དམ་ཚིག་ཉམས་ཆག་སྦྱོང་བའི་ཐབས་མཐའ་ཡས་པ་ལས། ཡོངས་སུ་གྲགས་པ་ནི་རྡོ་རྗེ་སེམས་དཔའ་དང་། དམ་ཚིག་རྡོ་རྗེའི་སྒོམ་བཟླས་གཉིས་ཀྱི། དང་པོ་ནི། རང་རང་གི་སྒྲུབ་ཐབས་དང་ཁྲིད་ཀྱི་སྔོན་འགྲོ་སོགས་


JKT020_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྱུང་བ་ལྟར་བྱ། གཉིས་པ་ནི་སྐྱབས་སེམས་སྔོན་དུ་འགྲོ་བས། །རང་གཞན་སེམས་ཅན་ཐམས་ཅད་ཀྱི། །སྤྱི་བོར་པད་ཟླའི་གདན་གྱི་སྟེང་། །ཁཾ་ལས་རལ་གྲི་ཁཾ་གིས་མཚན། །ཡོངས་གྱུར་། དམ་ཚིག་རྡོ་རྗེ་ལྗང་། །རལ་གྲི་དྲིལ་འཛིན་ཡུམ་ལ་འཁྱུད། །ཁྲོ་འཛུམ་སྤྱན་གསུམ་གཟི་བརྗིད་འབར། དར་དང་རིན་ཆེན་རུས་པས་བརྒྱན། །དོན་གྲུབ་རིགས་ཀྱི་ཅོད་པན་ཅན། །རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། །ཟླ་བའི་རྒྱབ་ཡོལ་ལ་བརྟེན་བཞུགས། །གནས་གསུམ་ཨོཾ་ཨཱཧཱུྃ་ཡིག་དང་། །ཐུགས་ཀར་རལ་གྲི་ཁཾ་གིས་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་པ། ཨོཾ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོས་དབྱེར་མེད་ཐིམ། །བཅོམ་ལྡན་དམ་ཚིག་རྡོ་རྗེ་ཡིས། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས། །ཐམས་ཅད་བྱང་ཞིང་དག་མཛད་གསོལ། །ཐུགས་ཀའི་ཁཾ་ལས་བདུད་རྩི་བབས། །ཡབ་ཡུམ་སྐུ་གང་སྦྱོར་མཚམས་བརྒྱུད། །བདག་གི་ཚངས་པའི་སྒོ་ནས་ཞུགས། །ལུས་གང་ནད་གདོན་སྡིག་སྒྲིབ་བྱང་། ཞེས་བརྗོད་ཅིང་དམིགས་ལ། ཨོཾ་ཨཱཎཁཾ་སྭཱ་ཧཱ། ཅི་ནུས་བཟླས་པའི་མཐར། །བཅོམ་ལྡན་དམ་ཚིག་རྡོ་རྗེ་ཡིས། །བདག་ཅག་དམ་ཚིག་ཉེས་ལྟུང་ཀུན། །བྱང་ཞིང་དམ་ཚིག་ཉམས་ཆག་རྣམས། །དག་ཅིང་དམ་ཚིག་གཙང་བར་མཛོད། །ལྷ་ཉིད་འོད་ཞུ་རང་ལ་ཐིམ། །བྱིན་རླབས་དབང་དང་དངོས་གྲུབ་


JKT020_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །དགེ་བ་འདི་ཡིས་མྱུར་དུ་བདག །དམ་ཚིག་རྡོ་རྗེ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་བྱའོ། །གཞན་ཡང་ཐུན་མོང་དུ་སྡིག་ལྟུང་སྦྱོང་བ་ལ་མཆོག་ཏུ་བསྔགས་པ་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་ཤིན་ཏུ་བསྡུས་པ་ནི་མེ་ཐབ་དངོས་སམ་མ་འབྱོར་ན་སོལ་མེས་ཀྱང་རུང་ཞིང་། དེའི་མདུན་དུ་ཏིལ་ཇི་ལྟར་རིགས་པ་བཅས་འདུ་བྱ། སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཞི་བའི་ཐབ། །མཚན་རྫོགས་མེ་ཕུང་འབར་བའི་དབུས། །པད་ཉིའི་སྟེང་དུ་ཧཱུཾ་སྔོན་པོ། །ཡོངས་གྱུར་རྡོ་རྗེ་མཁའ་འགྲོ་མཐིང་། །ཕྱག་གཉིས་མཐེའུ་ཆུང་འཁྱུད་པའི་རྒྱས། །རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །སྤྱན་གསུམ་ཞལ་གདངས་མཆེ་བ་གཙིགས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །རློན་པ་ལྔ་བཅུའི་དོ་ཤལ་དང་། །སྟག་གི་པགས་པའི་ཤམ་ཐབས་འཕྱང་། །ཞབས་གཉིས་གཡོན་བརྐྱང་སྟབས་ཀྱིས་འགྱིང་། །མི་བསྐྱོད་རིགས་ཀྱི་ཅོད་པན་ཅན། །དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར། །རང་གི་རྐང་མཐིལ་ཡཾ་ལས་རླུང་། །ལྟེ་བར་གཏུམ་མོའི་ཡེ་ཤེས་མེ། །སྙིང་གའི་སྡིག་པའི་ས་བོན་པོ། །དེ་ལ་ཚེ་རབས་སྡིག་ལྟུང་འདུས། །རླུང་གིས་མེ་བསྐྱོད་སྙིང་གའི་པཾ། །སྡིག་པའི་རྣམ་པས་སྣ་ནས་ཐོན། །ཏིལ་ལ་ཐིམ་པས་ཁྲོ་བོའི་ཞལ། །ཕུལ་བས་སྡིག་ལྟུང་ཀུན་


JKT020_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་གྱུར། ཅེས་གསལ་བཏབ་ལ། ཨོཾ་བཛྲ་ཊཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་ཏིལ་རྫོགས་པའི་བར་དུ་ཕུལ་མཐར། །བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་ཡིས། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྡིག་སྒྲིབ་ཉེས་ལྟུང་ཚོགས་རྣམས་ཀུན། །ཡོངས་སུ་བྱང་ཞིང་དག་མཛད་གསོལ། ཞེས་གསོལ་ཞིང་སྣ་བུག་གཡོན་ནས་རླུང་ནང་དུ་རྔུབས་པ་དང་ལྷན་ཅིག་ཁྲོ་བོ་རང་ལ་ཐིམ་པར་བསམས་ལ་བསྔོ་སྨོན་བྱ། ཐལ་བ་གཙང་སར་དོར་རོ། ༈ །ཡང་སྡོམ་པ་གསུམ་གྱི་ཕྱིར་བཅོས་བྱ་བའི་ཚུལ་ལ། ཐོག་མར་སོ་ཐར་གྱི་ཕམ་པ་འཆབ་བཅས་ཐེག་དམན་རང་རྐང་གི་དབང་དུ་བྱས་ན་སླར་བླང་བ་དང་འཆོས་སུ་མེད། སྐད་ཅིག་ཙམ་ཡང་བཅབ་པ་མེད་ན་ཆད་ལས་ཀྱི་བསླབ་པ་སྦྱིན་ཏེ་སྤྱོད་པའི་སྒོ་ནས་ཕྱིར་འཆོས། ལྷག་མ་འཆབ་བཅས་ཞག་མ་ལོན་པ་ལ་བསྒོ་བ་ལས་གྱུར་པ་ཡིན་ན་མཚམས་ནང་གི་དགེ་སློང་ཐམས་ཅད་དང་། མིན་ན་གཅིག་གི་མདུན་དུ་མཐོལ་ལ། དངོས་གཞིའི་དག་བྱེད་མགུ་བ་ནོད་ནས་དབྱུང་། ཞག་ལོན་ན་ཇི་ཙམ་ལོན་པའི་གྲངས་དང་མཉམ་པའི་སྤོ་བ་སྔོན་དུ་འགྲོ་བས་མགུ་བ་དང་། དབྱུང་བས་ཕྱིར་འཆོས། ཕམ་པར་གཏོགས་པའི་སྦོམ་པོ་ལྕི་ཡང་གི་རིམ་པས་དགེ་སློང་དྲུག་གམ་ལྔ་དང་། ལྷག་མར་གཏོགས་པ་བཞིའམ་གཅིག་གི་དྲུང་དུ་བཤགས། སྤང་ལྟུང་ལ། གང་ལས་བྱུང་


JKT020_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྫས་དེ་སྤངས་ལ་གཟོད་བཤགས་པ་བྱ། སོར་བཤགས་ནི་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སྨྲེ་སྔགས་དང་བཅས་པའི་སྒོ་ནས་བཤགས། གཞན་བཤགས་པར་འོས་པ་ཐམས་ཅད་དགེ་སློང་ལྟུང་བ་དེ་མ་བྱུང་བ་ཞིག་གི་མདུན་དུ་རང་མིང་གིས་བཤགས། བསྡམ་པར་འོས་པ་རྣམས་ཡིད་ཀྱིས་བསྡམ་པར་གསུངས་པ་སོགས་རྒྱ་ཆེར་སོ་ཐར་གྱི་འདུལ་བའི་གཞུང་ལས་ཤེས། འདིར་དེང་སང་གི་ཕྱག་ལེན་ལྟར་དགེ་འདུན་ཚོགས་པ་གནས་ཁང་གཅིག་ཏུ་འདུས་ནས་ཕན་ཚུན་བརྗོད་རེས་ཀྱིས་ཐམས་ཅད་དགེ་འདུན་ལ་བཤགས་ན། གཡས་གྲལ་དུ་དགེ་སློང་རྒན་པ་རྣམས་འདིང་ཆོས་སྣམ་སྦྱར་བཅས་ཙོག་ཕུར་འདུག ། གཡོན་གྲལ་དུ་དགེ་སློང་གཞོན་པ་རྣམས་འདིང་ཆོས་བཅས་འཁོད། ཕྱག་གསུམ་དབུལ། གཟན་ཕྲག་ཁྱེར། འགྲེང་འདུད་བཅས། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། རྒན་པོའི་གྲལ་མགོ་མས། ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། གཞོན་པ་རྣམས་ཙོག་བུར་འདུད་རྒྱས། །དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང་། མི་ཤེས་པ་ཉིད་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས་ཕམ་ལྷག་གི་སྦོམ་


JKT020_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྕི་ཡང་གཉིས་དང་། ལྟུང་བྱེད་འབའ་ཞིག་པ་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱི་སྡེ་ཚན་རྣམས་ལས་ཁ་ན་མ་ཐོ་བ་གང་དང་གང་བྱུང་བ་དེ་དང་དེ་དག་པའི་མཐའ་ཚུན་ནས་བཟུང་སྟེ། དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་མཐོལ་ལོ་འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་བཟླས། རྒན་པས། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དེ་དག་ཏུ་གཟིགས་ལགས་སམ། ཞེས་དྲི། གཞོན་པས། མཐོང་ལགས། རྒན་པས། ཕྱིན་ཆད་ལེགས་པར་བསྡམ་ལགས་སམ། གཞོན་པས། བསྡམ་ལགས། རྒན་པས། ཐབས་ཡིན་ནོ། །གཞོན་པས། ལེགས་སོ། །ཡང་གཞོན་པས་ཕྱག་གསུམ་འགྲེང་འདུད་བཅས། གཟན་ཕྲག་ཁྱེར། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། རྒན་པས། ཆོས་བཞིན་འདུལ་བ་བཞིན་མཛད་པ་རྗེས་སུ་ཡི་རངས། ཞེས་བརྗོད་པར་བྱའོ། །དེ་ནི་ལྟུང་བ་ཕྱིར་བཅོས་པའི་ཆོ་གའོ། །ཡང་ཕམ་པར་གཏོགས་པའི་སྦོམ་པོ་དང་། ལྷག་མ་མན་ཆད་ཀྱི་ལྟུང་བ་ཆད་ལས་དགོས་པ་སྔོན་དུ་མ་གྲུབ་པ་དང་བཤགས་ཕུལ་མེད་པ་དང་། ལྟུང་ཕྱིར་རྩོད་པ་སོགས་ཀྱི་རྐྱེན་


JKT020_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་གསོ་སྦྱོང་སོགས་ཀྱི་ལས་ལ་འདུ་བའི་དུས་དེར་བཤགས་པ་མ་ནུས་པ་རྣམས་བྱིན་གྱིས་བརླབ་པ་ནི། གསོ་སྦྱོང་གི་སྐབས་ལ་མཚོན་ན། གཞོན་པས་ཕྱག་གསུམ་སོགས་སྔར་ལྟར་ལ། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་ལྟུང་བ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། རྒན་པས། ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། གཞོན་པ་རྣམས་སྤྱི ཙོག་པུར་འདུད་རྒྱས། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ། བྱིས་པ་ཉིད་དང་། མི་ཤེས་པ་ཉིད་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། སྤང་ལྟུང་སུམ་ཅུ་ལས་གང་ཡང་རུང་བ་བྱུང་བ་དག །དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་བྱིན་གྱིས་བརླབ་བོ། །དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་དགེ་འདུན་གྱིས་གསོ་སྦྱོང་མཛད་ལ། སླད་ཀྱི་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །ལན་གསུམ། རྒན་པས། ཐབས་ཡིན་ནོ། །གཞོན་པས། ལེགས་སོ། །གཞོན་པས་ཕྱག་གསུམ་སྔར་ལྟར། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་ལྟུང་བ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། རྒན་པས། ཆོས་བཞིན་


JKT020_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་བཞིན་མཛད་པ་རྗེས་སུ་ཡི་རངས། དེ་ནས་གཞོན་པ་རྣམས་ཙོག་པུས་བཞུགས། རྒན་པ་རྣམས་ནས་ཚུལ་ཕྱག་གསུམ་རེ་མཛད་པ་ལས་གཞན་སྔར་ལྟར་ཕྱིར་བཅོས་དང་བྱིན་རླབས་བྱ། བསྙེན་རྫོགས་ལྟ་བུའི་བྱིན་རླབས་ཀྱི་སྐབས། གསོ་སྦྱོང་མཛད་ལ་ཞེས་པའི་མལ་དུ། བསྙེན་པར་རྫོགས་པའི་ཕྲིན་ལས་མཛད་ལ། ཞེས་སྦྱར་བ་ལས་གཞན་འདྲའོ། །དགེ་ཚུལ་གྱི་ལྟུང་བ་བཤགས་པ་ནི། དགེ་སློང་ཞིག་གི་མདུན་དུ་ཕྱག་བྱས། སྙན་གསན་དབབ། ཙོག་པུར་འཁོད་དེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང་སོགས་ནས། ཉོན་མོངས་པ་མང་བའི་དབང་གིས་ཉེས་བྱས་གང་དང་གང་བྱུང་བ་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་སོགས་ལན་གསུམ་དང་། ཐབས་ལེགས་སོགས་འདྲ། འདི་ནི་ཡུལ་དགེ་སློང་སྤྱིར་བཏང་གི་དབང་དུ་བྱས་པ་ཡིན་ལ། དམིགས་བསལ་མཁན་པོའམ། སློབ་དཔོན་ནམ། གནས་བརྟན་སོགས་ཉེ་ཚིག་གིས་བརྗོད་པ་དང་། ཚོགས་སུ་བཤགས་ན། དགེ་འདུན་བཙུན་པ་རྣམས་ཞེས་སོགས་སྦྱར་བར་བྱའོ། ༈ །གཉིས་པ་བྱང་སེམས་ཀྱི་བསླབ་པ་དང་འགལ་བའི་ཕྱིར་བཅོས་ནི། ཀླུ་སྒྲུབ་ཀྱི་ལུགས་ལྟར་ན། རྩ་བའི་ལྟུང་བ་བྱུང་ནས་ཉིན་ཞག་ལས་མ་འདས་ན་བྱང་ཆུབ་སེམས་གཉིས་དང་


JKT020_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྲལ་བའི་སྒོ་ནས་འཆགས། འདས་ན་བཤགས་སྡོམ་སྔོན་དུ་འགྲོ་བས་སློབ་དཔོན་ནམ་རྟེན་གྱི་དྲུང་དུ་སྡོམ་པ་སླར་བླང་། གཞན་ཡང་ནག་པོ་པས། དབང་རབ་སྟོང་ཉིད་ཀྱི་བཤགས་པ། དབང་འབྲིང་རིག་སྔགས་སྤྱིའི་ལྷ་འཕགས་པ་ནམ་མཁའི་སྙིང་པོ་ལ་བཤགས་པ། ཐ་མ་གང་ཟག་ལ་སྟོབས་བཞི་ཚང་བས་བཤགས་པར་གསུངས་པའི། དང་པོ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་ངང་ཡིད་ཀྱིས་བཤགས་སྡོམ་སྔོན་དུ་འགྲོ་བས། ལྟུང་བ་རང་བཞིན་མ་གྲུབ་པར་ཤེས་པའི་དོན་ལ་བློ་བཞག་པ་ཡིན་ལ། གཉིས་པ་འཕགས་པ་ནམ་མཁའི་སྙིང་པོའི་མདུན་དུ་བཤགས་པར་འདོད་ན། ཆོ་ག་རྒྱས་པ་གཞན་དུ་ཤེས། བསྡུ་ན་ལྟུང་བ་བྱུང་བ་ནས་བཟུང་ཁྲུས་དང་གཙང་སྦྲ་བྱ། བྲིས་སྐུའི་མདུན་དུ་ཅི་འབྱོར་པའི་མཆོད་པ་བཤམ། དྲི་ཞིམ་པའི་བདུག་སྤོས་རྒྱུན་མི་འཆད་པར་འཐུལ། སྐྱབས་སེམས། ས་གཞི་བྱིན་རླབས་སོགས་དང་། སྤྱན་འདྲེན་ནས་བཞུགས་གསོལ་གྱི་བར་ཆོས་སྤྱོད་སྤྱི་ལྟར་རྒྱས་བསྡུས་གང་རུང་བྱ། རྟེན་དང་དབྱེར་མེད་པར་སངས་རྒྱས་སྲས་བཅས་ཀྱིས་བསྐོར་ཏེ་བཞུགས་པར་བསམས་ལ་ལངས་ཏེ་ཕྱག་འཚལ་བཞིན་དུ། ཇི་སྙེད་སུ་དག་སོགས་དང་། མགོན་པོ་ཐུགས་རྗེ་ཆེ་ལྡན་པ་སོགས་ཤློ་ཀ་གསུམ་གྱིས་དཀོན་མཆོག་སྤྱི་དང་། ཁྱད་པར། བྱང་ཆུབ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་ནམ་མཁའི་


JKT020_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ལ་ཕྱག་འཚལ་ལོ། །འཕགས་པས་བདག་ལ་ཞལ་བསྟན་ཏེ་སྡིག་པ་དག་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་ཕྱག་བརྒྱ་རྩ་འཚལ། མོས་གུས་དྲག་ཏུ་བྱ། དེ་ནས་མཆོད་པ་སོགས་ཡན་ལག་ལྷག་མ་རྣམས་སྤྱི་ལྟར་ལ། བཤགས་པའི་སྐབས། གསེར་འོད་དམ་པ་དང་། སྤྱོད་འཇུག་སོགས་ལས་འབྱུང་བའི་བཤགས་པ་རྒྱས་པར་བྱ། སླར་ཡང་གོང་བཞིན་ཕྱག་འཚལ་བ་བརྒྱ་རྩ་ལ་སོགས་པའི་མཐར་གཟུངས་སྔགས་བཟླ་བར་འདོད་ན། ཏདྱ་ཐཱ། སུ་པྲི་ཤ། སུ་མྲ་ཤ །ཀཱ་རུ་ཎི་ཀ །ཙ་ར་ཙ་ར། བི་ཙ་ར། སཾ་ཙ་ར། ཀཱ་རུ་ཎི་ཀ །མུ་ར་མུ་ར། བེ་ག་དྷ་རི་མ་ཙ་མ། བྷུ་ཛ་པཱ་ད་ཀ་རུ་ཎི་ཀ ། ཙིནྟ་མ་ཎི་པཱུ་ར་ཡ་ཀ་རུ་ཎི་ཀ །སརྦ་ཤ་མེ་སྠཱ་པཱ་ཡ། ཨ་ཛྷཱ་དྷ་རི། སྤུ་གུང་སྤུ་གུང་། རུ་ཏི་བི་བི་ཀ་གུང་། དྲིའི་བི་བེ་ཀ་གུང་། པཱུ་ར་ཡ་ཀ་རུ་ཎི་ཀ །པཱུ་ར་ཡནྟུ་མ་མ་ཨཱ་ཤ་ཡ། སརྦ་པན་ཙ་ཨ་ཤོ་ཀ་ག་ཏི་སྭཱ་ཧཱ། ཞེས་དང་། དགོངས་ཤིག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཞེས་སོགས་ནམ་མཁའི་སྙིང་པོའི་མདོ་ལས་བྱུང་བས་འདོད་དོན་གསོལ། དེ་ཙམ་མི་ནུས་ན། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་ལ་ཞལ་བསྟན་ཅིང་། སྡིག་པ་དང་ལྟུང་བ་ཐམས་ཅད་བྱང་ཞིང་དག་པ་དང་། ས་དང་ལམ་གྱི་ཡོན་ཏན་ཐམས་ཅད་བདེ་བླག་ཏུ་བགྲོད་དེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་


JKT020_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་འཚང་རྒྱ་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། ལྷག་པ་དང་ནི་ཆད་པ་དང་། །ཆོ་གའི་ཡན་ལག་ཉམས་པ་སོགས། །བདག་གིས་བརྗེད་ངེས་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །ཞེས་ནོངས་པ་བཤགས་པ་དང་། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། ཞེས་པས་བྲིས་སྐུ་ལ་བརྟན་བཞུགས་བྱ། བསྔོ་སྨོན་དང་བཀྲ་ཤིས་བརྗོད། དེ་ལྟ་བུ་ཐུན་བཞི་དང་། ཁྱད་པར་ཐོར་ཐུན་ལ་རྩེ་གཅིག་ཏུ་བརྩོན་པས་དངོས་སམ་རྨི་ལམ་དུ་ཞལ་བསྟན་ཅིང་ལྟུང་བ་འཆག་ཏུ་འཇུག་པར་གསུངས་ལ། དེས་མ་གྲུབ་ན་ལྷའི་བུ་སྐྱ་རེངས་ལ་འཕྲིན་དུ་གསོལ་བ་ནི། ཐོར་ཐུན་གྱི་གཤམ་དུ། སྔ་ན་སྐྱ་རེངས་དང་པོ་དང་། ཕྱི་ན་ཐ་མ་ཤར་བའི་ཚེ་ཁང་སྟེང་ལ་སོགས་བླ་གབ་མེད་པའི་སར་ཕྱིན་ལ་སྤོས་འཐུལ། ཕྱོགས་བཅུར་ཕྱག་འཚལ་ཞིང་གསོལ་བ་གདབ། མཐར་ཁ་ཤར་དུ་ཕྱོགས་པས་པུས་བཙུགས་ཐལ་མོ་སྦྱར་ཏེ། སྐྱ་རེངས་སྐྱ་རེངས་ཐུགས་རྗེ་ཆེན་པོ་ཅན། སྐལ་བ་ཆེན་པོ་ཅན་ཁྱོད་ཛམྦུའི་གླིང་དུ་ཤར་མ་ཐག་ཏུ། བདག་ལ་ཐུགས་རྗེས་དགབ་པར་མཛོད་ཅིག །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཐུགས་རྗེ་ཅན་ལ་བདག་གི་ཚིག་གིས་སྤྲོ་ན་ཏེ། བདག་གི་རྨི་ལམ་དུ་ཡང་དེ་སྟོན་པར་


JKT020_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང་། གང་གི་ཐབས་དེས་ལྟུང་བ་བཤགས་པར་འགྱུར་བ་དང་། འཕགས་པའི་ཐེག་པ་ཆེན་པོ་ལ་ཐབས་དད་ཡེ་ཤེས་ཀྱི་མིག་ཆེན་པོ་ཐོབ་པར་མཛོད་ཅིག །ཅེས་བརྗོད་ནས་མལ་བདེ་བར་གཉིད་ཀྱིས་ལོག་པས་རབ་ཞག་གཅིག་གམ་གསུམ། འབྲིང་བདུན། ཐ་མའང་ཉེར་གཅིག་གིས་རྨི་ལམ་དུ་སྐལ་བ་དང་འཚམས་པར་སྐུ་དངོས་སམ། བླ་མའམ། ཕ་མ་ལ་སོགས་པའི་གཟུགས་སུ་བསྟན་ནས་ཏུ་འཇུག་པར་འགྱུར་ཞིང་། ཇི་སྐད་གསུངས་པ་བཞིན་ལག་ཏུ་བླངས་པས་ལྟུང་བ་ཐམས་ཅད་དག་སྟེ་ལམ་གྱི་ཡོན་ཏན་འཕེལ་བར་འགྱུར་རོ། །གསུམ་པ་གང་ཟག་ལ་བཤགས་པའི་ཚུལ་ནི། ཡུལ་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པ་ཇི་ལྟར་རིགས་པའི་སྤྱན་སྔར་ཕྱག་འཚལ་ཞིང་བཏུད་དེ། གང་ཟག་གཅིག་ཡིན་ན། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོའམ། མང་དུ་ཡོད་ན། བྱང་ཆུབ་སེམས་དཔའི་དགེ་འདུན་པ་རྣམས་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་བརྗོད། ཡུལ་གྱིས། ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། ཞེས་ལན་གདབ། དེ་ནས་འཆག་པ་པོས་ཕྱག་འཚལ་ཞིང་པུས་མོ་བཙུགས་ནས་ཐལ་མོ་སྦྱར་ཏེ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོའམ། བྱང་ཆུབ་སེམས་དཔའི་དགེ་འདུན་པ་རྣམས་དགོངས་སུ་གསོལ། བདག་བྱང་ཆུབ་སེམས་དཔའ་མིང་


JKT020_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཞེས་བགྱི་བ་བྱིས་པ་ཉིད་དང་། མི་ཤེས་པ་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ལས་རྩ་བ་དང་ཡན་ལག་གི་ལྟུང་བ་གང་དང་གང་བྱུང་བ་དེ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོའམ། བྱང་ཆུབ་སེམས་དཔའི་དགེ་འདུན་པ་རྣམས་ཀྱི་མདུན་དུ་མཐོལ་ཞིང་འཆགས་སོ། །མཐོལ་ཞིང་འཆགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ། ཡུལ་གྱིས། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དེ་དག་ཏུ་གཟིགས་ལགས་སམ། རྟེན་གྱིས། མཐོང་ལགས། ཡུལ་གྱིས། ཕྱིན་ཆད་ལེགས་པར་བསྡམ་མམ། རྟེན་གྱིས། བསྡམ་ལགས། ཡང་ཡུལ་གྱིས། ཐབས་ཡིན་ནོ། །རྟེན་གྱིས་ལེགས་སོ་ཞེས་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོའམ། བྱང་ཆུབ་སེམས་དཔའི་དགེ་འདུན་པ་རྣམས་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། ཡུལ་གྱིས་ཆོས་བཞིན་འདུལ་བ་བཞིན་མཛད་པ་རྗེས་སུ་ཡི་རངས། ཞེས་བརྗོད་ཅིང་བསྔོ་སྨོན་སོགས་བྱ། ཡང་ཕན་ཚུན་གཉིས་ཀས་བཤགས་པ་བྱེད་ན། རྒན་གཞོན་གྱི་གྲལ་སོ་སོར་བྱས་ཏེ། ཇི་ལྟར་བྱ་བའི་ཕྱག་ལེན་སོ་ཐར་གྱི་སྐབས་དང་འདྲའོ། ༈ །གསུམ་པ་སྔགས་སྡོམ་ཕྱིར་བཅོས་ནི།


JKT020_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ཚང་བའི་རྩ་ལྟུང་སོགས་ཉེས་པ་ཆེན་པོ་རྣམས་ནི། བླ་མ་ལས་དབང་བླངས་ཏེ་འཆོས་དགོས་ལ། ཡན་ལག་མ་ཚང་བའི་ལྟུང་བ་གང་ཟག་མང་པོ་ཚོགས་པས་ལྷན་ཅིག་ཏུ་འཆོས་པའི་ཚུལ་ནི། རབ་ཚོགས་འཁོར་རམ། མ་གྲུབ་ཀྱང་བདེ་ཀྱེ་སོགས་བླ་མེད་ཀྱི་དཀྱིལ་འཁོར་གང་ཡང་རུང་བའི་སྒྲུབ་མཆོད་དམ། མཁའ་སྤྱོད་མའི་ཚེས་བཅུའི་སྐབས་ལྟ་བུར། ལྷག་གཏོར་གྱི་མགོར་རམ། རྗེས་ཆོག་གི་གོང་དུ། གཡས་གྲལ་ལ་དབང་གིས་རྒན་པ་རྣམས་རྒན་རིམ་གྱིས་འཁོད་པ་ལ། གཡོན་གྲལ་གཞོན་པ་རྣམས་ཀྱང་ནང་གསེས་ཀྱི་རྒན་གྲལ་བྱས་ཏེ་ཕྱག་གསུམ་འཚལ། ཐུན་མོང་དུ་མཎྜལ་ཚོམ་བུ་བདུན་མ་དགོད་ཅིང་མ་ཚང་བ་མེད་པ་འདི་ཉིད་རིག་པ་འཛིན་པའི་དགེ་འདུན་པ་རྣམས་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ་སོགས་ཀྱིས་དབུལ། ཡང་ཕྱག་གསུམ་འཚལ། པུས་བཙུགས་ཐལ་སྦྱར་གྱིས། རིག་པ་འཛིན་པའི་དགེ་འདུན་པ་རྣམས་དགོངས་སུ་གསོལ། །བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང་། མི་ཤེས་པ་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས་ཡན་ལག་མ་ཚང་བའི་རྩ་བའི་ལྟུང་བ་དང་། ཡན་ལག་གི་ལྟུང་བ་ལས་གང་དང་གང་བྱུང་པ་དེ་རིག་པ་འཛིན་པའི་དགེ་འདུན་པ་རྣམས་ཀྱི་མདུན་དུ་མཐོལ་


JKT020_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འཆགས་སོ། །མཐོལ་ཞིང་འཆགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ། རྒན་པའི་གྲལ་མགོ་མས། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དེ་དག་ཏུ་གཟིགས་ལགས་སམ། གཞོན་པ་རྣམས་ཀྱིས། མཐོང་ལགས། ཡང་ཕྱིན་ཆད་ལེགས་པར་བསྡམ་ལགས་སམ་ཞེས་དྲིས་པ་ལ། བསྡམ་ལགས་ཞེས་དང་། ཡང་ཡུལ་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པས། ལེགས་སོ་ཞེས་ལན་བྱའོ། །ཡང་གཞོན་པ་རྣམས་གྲལ་ལ་བཞུགས་པ་ལ་རྒན་པ་རྣམས་བཞེངས་ཏེ། ཕྱག་དབབ་གསུམ་དང་མཎྜལ། པུས་བཙུགས་གྱི་སྒོ་ནས་ཕྱིར་བཅོས་སྔར་བཞིན་བྱ་སྟེ། གཞོན་པའི་གྲལ་མགོ་མ་དེས་ལན་རྣམས་བྱའོ། །དེ་ནས་ཆོ་ག་གང་ཡིན་གྱི་རྗེས་ཆོག་དཀྱུས་ལྟར་བྱ། འདིའང་ཆོ་ག་དང་འབྲེལ་ན་ལེགས་པའི་ཡན་ལག་ཡིན་གྱི། མ་འབྲེལ་བར་དུས་ནམ་དུའང་བྱར་རུང་བ་ཉིད་དོ། །སྡོམ་པ་གསུམ་ཀའི་ཐུན་མོང་གི་ཕྱིར་བཅོས་སྤྱི་བཤགས་ནི། ཨུ་ཧུ་ལགས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས་ཚེ་རབས་འཁོར་བ་ཐོག་མ་མ་མཆིས་པ་ནས་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་།


JKT020_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་དང་། གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང་། ཕ་དང་མ་ལ་མ་གུས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང་། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་མི་འཆབ་བོ། འཆགས་སོ། །ཕྱིན་ཆད་བསྡམ་པར་བགྱི་ལགས་སོ། །མཐོལ་ཞིང་བཤགས་ན་


JKT020_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་བརྗོད་ལ། སློབ་དཔོན་སོགས་ཀྱིས་ཉེས་པ་ལ་ཉེས་པར་གཟིགས་ལགས་སམ། མཐོང་ལགས། ཕྱིན་ཆད་ལེགས་པར་བསྡམ་མམ། བསྡམ་ལགས། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་དོ། །དེ་ལྟ་བུའི་ཕྱིར་བཅོས་གསུམ་ཀའང་བཤགས་ཡུལ་གང་ཟག་དངོས་མེད་ན། རྟེན་གྱི་དྲུང་སོགས་སུ་འཁོད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་ཐོགས་མེད་ཀྱི་གཟིགས་པ་དང་ལྡན་པ་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་ཕྱག་འཚལ་བ་སྔོན་དུ་འགྲོ་བས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་སོགས་བཤགས་ཚིག་བརྗོད་ཅིང་། མཐོང་སྡོམ་དང་ཐབས་ལེགས་སོགས་ཀྱང་དེ་དང་དེ་ལྟར་བགྱིས་པར་བསམས་ལ་དངོས་སུ་རང་གིས་བརྗོད། གང་ལྟར་ཡང་བཤགས་པ་ཐམས་ཅད་ལ་སྟོབས་བཞི་ཚང་བ་དང་། ལྟུང་བ་དམིགས་ཀྱིས་བསལ་བ་ཡོད་ན་སོ་སོའི་མིང་ནས་སྨོས་ཏེ་བཤགས་པ་བྱ་བའང་གལ་ཤིན་ཏུ་ཆེའོ། །མདོར་ན་བྱ་བའི་རྒྱུད་ལེགས་པར་གྲུབ་པ་ལས། ཉིན་པར་བག་མེད་བྱས་པ་དག །མཚན་མོ་སོ་སོར་བཤགས་པར་བྱ། ནུབ་མོར་བྱས་པ་ནངས་པར་བཤགས། ལེགས་པར་བྱས་


JKT020_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མངོན་དགའ་བྱ། ཞེས་སོགས་རྒྱུད་སྡེ་དང་མདོ་སྡེ་རྣམས་ལས་རྒྱ་ཆེར་གསུངས་པ་བཞིན། སྤྱིར་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་། བྱེ་བྲག་ཏུ་སྡོམ་པ་གསུམ་དང་འགལ་བའི་བཅས་པའི་ལྟུང་བ་གང་ཡང་བཤགས་པར་འོས་པ་རྣམས་བཤགས། བསྡམ་པར་འོས་པ་རྣམས་བསྡམ། བྱིན་གྱིས་བརླབ་པར་འོས་པ་རྣམས་བྱིན་གྱིས་བརླབས་ཏེ་ཉེས་ལྟུང་དང་ཞག་གཅིག་ཀྱང་མི་འགྲོགས་པ་མཉམ་མེད་ཇོ་བོ་ཆེན་པོ་དཱི་པཾ་ཀ་རའི་རྣམ་ཐར་ལ་བསླབ་པར་བྱའོ། །དགུ་པ་དགེ་བའི་རྩ་བ་གོང་དུ་སྤེལ་བའི་ཐབས་མང་དུ་གསུངས་པ་ལས། འདིར་ཅུང་ཟད་བརྗོད་ན། ཡུལ་དུས་རྟེན་དང་གསང་སྔགས་དང་། སེམས་བསྐྱེད་ཡི་རང་བསྔོ་བའོ། །ཞེས་བདུན་ལས། དང་པོ་ཡུལ་ཁྱད་པར་ཅན་ལ་བརྟེན་པ་ནི། མཆོད་པའི་ཡུལ་གྱི་གཙོ་བོ་བླ་མ་རྡོ་རྗེ་སློབ་དཔོན་དང་། དམ་པའི་ཆོས་དང་ཆོས་སྨྲ་བ་དང་། རྟེན་གསུམ་བྱིན་རླབས་ཅན་སོགས་ཀྱི་སྤྱན་སྔར་མཆོད་ཅིང་བསྙེན་བཀུར་བ་དང་། ཕན་འདོགས་ཀྱི་ཞིང་ཕ་མ་དང་། ནད་པ་དང་། དབུལ་ཞིང་ཉམ་ཐག་པ་སོགས་ལ་སྦྱིན་པ་བྱིན་པས་བསོད་ནམས་ཀྱི་ཚོགས་ལྷག་པར་འཕེལ་བར་གསུངས་ཏེ། མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། ནད་པ་དང་ནི་ཆོས་སྨྲ་དང་། སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། ཡོན་ནི་གཞལ་དུ་མེད་པ་ཡིན། ཞེས་སོ། །གཉིས་པ་དུས་ནི་


JKT020_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གཅིག་ལ་མཚོན་ན། ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་བདག་ཅག་གི་སྟོན་པས་ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། བཞི་པའི་ཚེས་བདུན་ལ་སྐུ་བལྟམས་པ་དང་། བཅོ་ལྔ་ལ་མྱ་ངན་ལས་འདས་ཤིང་མངོན་པར་བྱང་ཆུབ་པ་དང་། དྲུག་པའི་ཚེས་བཞི་ལ་ཆོས་འཁོར་བསྐོར་བ་དང་། དགུ་པའི་ཉེར་གཉིས་ལ་ལྷ་ལས་བབས་པ། གཞན་དགུ་པའི་བཅོ་ལྔ་ལ་ལྷ་བབས་དང་ཆོ་འཕྲུལ་ཆུང་བར་བཞེད་པ་སོགས་དང་། ཟླ་བ་གཅིག་ལ་མཚོན་ན་སྤྱིར་བཏང་ཉ་སྟོང་བརྒྱད་གསུམ་དང་། ཁྱད་པར་བདེ་མཆོག་ལས། ཚེས་བཅུ་ལ་ནི་དེ་རབ་མཆོད། ཅེས་པས་ཡར་ངོ་དང་། མར་ངོའི་ཚེས་བཅུ་གཉིས་དང་། ཀྱེ་རྡོར་ལས། ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང་། དེ་བཞིན་དུ་ནི་བརྒྱད་པ་ཉིད། ཅེས་ཡར་ངོའི་ཚེས་བརྒྱད་དང་བཅུ་བཞི། མར་ངོའི་ཉེར་གསུམ་དང་། ཉེར་དགུ་སྟེ་དུས་བཞི་དང་། མཁའ་འགྲོ་རྒྱ་མཚོ་ལས། ཚེས་བརྒྱད་དང་ནི་ཁྱད་པར་དུ། བཅོ་ལྔ་དང་ནི་ཚེས་བཅུ་བཞིར། གྲུབ་འདོད་རྣལ་འབྱོར་རྣམས་ཀྱིས་ནི། འབད་པས་གཏོར་མ་སྦྱིན་པར་བྱ། ཞེས་དུས་གསུམ་ལ་ཡར་ངོ་དང་མར་ངོའི་དབྱེ་བས་དྲུག་སྟེ་དེ་རྣམས་དང་། གཞན་ཡང་རང་རང་གི་བླ་མ་གོང་མ་ཁྱད་པར་ཅན་རྣམས་སྐུ་བལྟམས་པ་དང་། ཞི་བར་གཤེགས་པ་སོགས་ཀྱི་དུས་ཆེན་རྣམས་ལ་དགེ་བའི་རྩ་བ་བསྒྲུབས་པ་མཐའ་དག་འབུམ་དུ་འགྱུར་བར་


JKT020_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང་། བྱེ་བྲག་ཏུ་རྒྱུད་ལས་གསུངས་པའི་དུས་དེ་རྣམས་སུ་ཕྱི་ནང་གི་མཁའ་འགྲོ་རྣམས་ཚོགས་དང་གཏོར་མས་མཉེས་པར་བྱ་བ་ལ་མཆོག་ཏུ་བསྔགས་པ་ཡིན་ནོ། །དེ་བཞིན་དུ་ཉི་མ་གཟས་བཟུང་བའི་དུས་སུ་བྱེ་བ་འབུམ་དང་། ཟླ་བ་གཟས་བཟུང་བའི་དུས་སུ་བྱེ་བ་བདུན་འགྱུར་དུ་གསུངས་པ་སོགས་ཏེ། མདོར་ན་སྤྱི་རྒྱུད་ལས། ཉི་ཟླ་གཟའ་ཡིས་ཟིན་པ་དང་། ཡ་མཚན་ཆེ་ལྟས་བྱུང་བ་དང་། ཆོ་འཕྲུལ་གྱི་ནི་ཟླ་བ་ལ། མཁས་པས་དཀྱིལ་འཁོར་འབྲི་བར་བྱ། ཞེས་པས་མཚོན་རྒྱུད་སྡེ་རྣམས་ལས་དུས་ཀྱི་འགྱུར་བ་ལ་བསྔགས་པའི་ཚུལ་མང་དུ་གསུངས་པའི་ཕྱིར། དུས་ཆེན་རྣམས་སུ་དགེ་བའི་བྱ་བ་ལ་ལྷག་པར་བརྩོན་པར་བྱའོ། །གསུམ་པ་རྟེན་ནི། ཇི་སྐད་དུ་དཔལ་དུས་ཀྱི་འཁོར་ལོ་ལས། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། དགེ་ཚུལ་ཞེས་ནི་བྱ་བ་སྟེ། ཁྱིམ་ལ་གནས་པ་ཐ་མའོ། །ཞེས་གསུངས་པ་ལྟར། ཁྱིམ་པ་ལས་དགེ་ཚུལ་དང་། དེ་ལས་དགེ་སློང་ཁྱད་ཞུགས་པ་ལྟར། དེ་ལས་ཀྱང་བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པའི་སྡོམ་པ་དང་ལྡན་པ་རྣམས་ཀྱིས་བྱས་པའི་དགེ་བའི་རྩ་བ་ཆེས་ཁྱད་པར་དུ་འགྱུར་བས་ན། སྡོམ་པ་གསུམ་ལྡན་གྱི་དགེ་སློང་རྡོ་རྗེ་འཛིན་པས་རང་གི་ལྷག་པའི་ལྷའི་རྣལ་འབྱོར་དང་ལྡན་པའི་སྒོ་ནས་དགེ་བའི་རྩ་བ་ལ་འབད་པ་ནི་ཆེས་མཆོག་ཏུ་གྱུར་པ་ཡིན་ལ། ཁྱིམ་


JKT020_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཀྱང་དགེ་བའི་བྱ་བ་རླབས་པོ་ཆེ་ལ་འཇུག་པ་ན་བསྙེན་གནས་ཡན་ལག་བརྒྱད་པ་བླངས་ཏེ་དགེ་བ་ལ་སྤྱད་ན་ཕན་ཡོན་ལྷག་པར་ཆེ་བས་མཚོན་ཏེ་ཤེས་པར་བྱའོ། །བཞི་པ་རིག་པའི་སྔགས་ཀྱིས་དགེ་བའི་རྩ་བ་སྤེལ་བ་ལ། གཟུངས་སྔགས་རྣམས་ལས་མང་དུ་འབྱུང་ཞིང་། ངག་བྱིན་རླབས་དང་། ཕྲེང་བ་བྱིན་རླབས་སོགས་ཀྱང་འོག་ནས་འབྱུང་བ་ལྟར་ལ། ཁྱད་པར་དགེ་བའི་བྱ་བ་ལ་འཇུག་པའི་སྔོན་དུ། ཨོཾ་སྨ་ར་སྨ་ར་བི་མ་ན་ས་ར་མ་ཧཱ་ཛམྦྷ་ཧཱུྃ། ཞེས་པའི་སྔགས་འདི་བརྗོད་པས་འབུམ་འགྱུར་རམ། བྱེ་བ་བྲག་བརྒྱའི་འགྱུར་དུ་གསུངས་སོ། །ལྔ་པ་སེམས་བསྐྱེད་པས་དགེ་བའི་རྩ་བ་སྤེལ་བ་ནི། དགེ་བ་གང་བྱེད་ཀྱང་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་བྱང་ཆུབ་ལ་དམིགས་ཏེ་བགྱིས་ན་ཕན་ཡོན་གྱི་འགྱུར་བ་ལྷག་པར་ཆེ་བའི་ཚུལ་སློབ་དཔོན་ཀླུས། སེམས་ཅན་ཁམས་ནི་མཐའ་མེད་པར། ཕན་འདོད་དེ་ནི་དེ་འདྲའོ། །ཞེས་དང་། སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་འབྱིན་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པ་མི་ཟད་འཕེལ་བར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དྲུག་པ་རྗེས་སུ་ཡི་རང་པས་དགེ་རྩ་སྤེལ་བ་ནི། གཞན་འཕགས་པ་དང་། སོ་སོ་སྐྱེ་བོའི་ཁོངས་སུ་


JKT020_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ་མཐའ་དག་གིས་དུས་གསུམ་དུ་བསགས་ཤིང་བསག་པར་འགྱུར་བའི་དགེ་བ་ཐམས་ཅད་ལ་དགའ་ཞིང་སྙིང་ཐག་པ་ནས་རྗེས་སུ་ཡི་རང་བ་བགྱིས་ན། དེ་དག་གི་བསོད་ནམས་མཉམ་དུ་ཐོབ་པར་གསུངས་པས་མཚོན་ཕན་ཡོན་མཐའ་ཡས་ཏེ། སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་སླ། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཅེས་གསུངས་པས་མཚོན་ནོ། །བདུན་པ་ཡོངས་སུ་བསྔོ་བ་ནི། དགེ་བའི་རྩ་བ་སྤེལ་བའི་ཐབས་མཆོག་ཏུ་གྱུར་པ་སྟེ། སྤྱིར་དགེ་བའི་རྩ་བ་གང་དང་གང་བྱས་པའི་རྗེས་དང་། ཉིན་ཞག་ཕྲུག་གཅིག་ལ་མཚོན་ན། ནུབ་མོ་ཉལ་བའི་ཚེ་དེ་རིང་བསགས་པའི་དགེ་བའི་རྩ་བ་ཉིད་དམིགས་པའི་གཙོ་བོར་བྱས་ཏེ། དེས་མཚོན་རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་བྱང་ཆུབ་ཆེན་པོའི་རྒྱུར་ཡོངས་སུ་བསྔོ་བས་མཚམས་སྦྱར་ནས། བཟང་པོ་སྤྱོད་པ་ལ་སོགས་པའི་བསྔོ་སྨོན་རྒྱས་བསྡུས་ཇི་ལྟར་རིགས་པ་བྱ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོའི་དོན་ཚིགས་བཅད་དུ་བསྡེབས་པར། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་བསྐམས་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་གང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་སོགས་གསུངས་པ་ལྟར། དགེ་རྩ་འཛད་པའི་རྒྱུ་ཁོང་ཁྲོ་ལ་སོགས་པས་ནམ་དུའང་


JKT020_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཛད་ཅིང་། བྱང་ཆུབ་སེམས་ཀྱི་བསྔོ་བའི་རྩིས་ཟིན་པས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་འགྱུར་བ་ཉིད་དོ། །དེ་ལ་བསྔོ་སྨོན་གྱི་གཞུང་རྒྱས་པ་ནི་ཕལ་པོ་ཆེའི་རྡོ་རྗེ་རྒྱལ་མཚན་གྱི་ལེའུ་དང་། ཡོངས་སུ་བསྔོ་བའི་གཟུངས་སོགས་ཡིན་ལ། དེང་སང་ཐམས་ཅད་ལ་གྲགས་པའི་བཟང་པོ་སྤྱོད་པ། བྱམས་པའི་སྨོན་ལམ། བདེ་བ་ཅན་གྱི་སྨོན་ལམ། ཕར་ཕྱིན་བཅུ་གཅིག་གི་སྨོན་ལམ། སྤྱོད་འཇུག་གི་བསྔོ་བའི་ལེའུ་རྣམས་ལ་སྨོན་ལམ་རྣམ་ལྔ་ཞེས་མཚན་དུ་གསོལ་བ་དང་། གཞན་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་ལས་བྱུང་བའི་སྨོན་ལམ་ཉི་ཤུ་པ། སློབ་དཔོན་དཔའ་བོའི་སྨོན་ལམ་བདུན་ཅུ་པ་སོགས་འཕགས་བོད་ཀྱི་བླ་མ་གོང་མ་རྣམས་ཀྱི་གསུང་བྱིན་རླབས་ཅན་རྣམས་ཇི་ལྟར་རིགས་པ་གདབ་ཅིང་། དགེ་སྦྱོང་ཐམས་ཅད་ཀྱི་མཇུག་ཏུ། བཅོམ་ལྡན་འདས་བསྔོ་བ་དང་སྨོན་ལམ་ཐམས་ཅད་ཡོངས་སུ་འགྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། པཉྩནྡྲི་ཡ་ཨ་བ་བོ་དྷ་ན་སྭཱ་ཧཱ། ཞེས་དང་། ན་མསྶརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་ནུ་ག་ཏེ་ༀ་ཀུ་རུཾ་གི་ནི་


JKT020_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ཞེས་བརྗོད་པས་སྔ་མས་སྨོན་ལམ་གང་བཏབ་པ་ཐམས་ཅད་མྱུར་དུ་འགྲུབ་པར་གསུངས་པ་དང་། ཕྱི་མས་དགེ་བ་གང་བྱས་འབུམ་འགྱུར་དུ་འཕེལ་བར་གསུངས་པས་མཚོན་རྒྱ་ཆེར་ཤེས་པར་བྱའོ། ༈ །གཞན་ཡང་གང་དག་སྔགས་བཟླས་པ་གཙོ་བོར་བྱེད་པ་རྣམས་ཀྱིས་ཐོག་མར་ངག་བྱིན་རླབས་དང་། བར་དུ་ཕྲེང་བ་བྱིན་རླབས་དང་། མཇུག་ཏུ་བཟླས་པ་ལྷག་པའི་ལྷ་ལ་འབུལ་བ་རྣམས་ཚུལ་བཞིན་དུ་བསྒྲུབ་པར་བྱ་སྟེ། དེ་ལ་དང་པོ་ངག་བྱིན་གྱིས་བརླབ་པ་ནི། ཐོ་རངས་གཞན་དང་ངག་མ་འདྲེས་པའི་གོང་ལུས་གནད་བཅོས། རླུང་རོ་བསལ་ལ་ཅུང་ཟད་ངལ་བསོ། དེ་ནས་སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་ལྕེའི་སྟེང་དུ་ཨ་ལས་ཟླ་བ་ལ་ཨ་དཀར་པོ་འོད་ཟེར་འབར་བས་མཚན་པའི་མཐར་མདུན་ནས་བརྩམས་ཏེ་གཡས་སྐོར་གྱིས་ཨོཾ་ཨ་ཨཱནས། ཨོཾ་ཨརྣམས་དཀར་པོ། དེའི་ཕྱི་རོལ་ཏུ་གཡོན་སྐོར་གྱིས་ཀ་ཁ་ག་གྷ་ང་ནས། ཧ་ཀྵ་སྭཱ་ཧཱ་རྣམས་དམར་པོ། དེའི་ཕྱི་རོལ་ཏུ། ཨོཾ་ཡེ་དྷརྨཱ་ནས་ཤྲ་མ་ཎ་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་ཁ་དོག་དམར་པོ་གཡས་སྐོར་གྱིས་ལངས་ཐབས་སུ་འཁོད་པ། དེ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ཐམས་ཅད་ལྷ་སྔགས་དབྱངས་གསལ་རྟེན་སྙིང་གི་རྣམ་པས་སྤྱན་དྲངས་ནས་ཐིམ། ཡང་འོད་ཟེར་འཕྲོས་པས་ལྷ་དང་དྲང་སྲོང་གྲུབ་པ་རིག་འཛིན་བདེན་


JKT020_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ལ་དབང་བ་རྣམས་ཀྱི་ངག་གི་ནུས་མཐུ་གཟི་བརྗིད་ཐམས་ཅད་དབྱངས་གསལ་རྟེན་སྙིང་གི་རྣམ་པ་དང་། གཞན་ཡང་འཁོར་འདས་ཀྱི་ངག་གི་དཔལ་ཡོན་ཐམས་ཅད་བཀྲ་ཤིས་རྟགས་བརྒྱད་ཀྱི་རྣམ་པར་བཀུག་སྟེ་ཐིམ་པས་ལྕེ་སྟེང་གི་སྔགས་ཕྲེང་གཟི་བརྗིད་མཆོག་ཏུ་འབར་བར་གྱུར་པར་བསམས་ལ། གོང་གི་བཀོད་པའི་སྔགས་རྣམས་སྦྲེལ་བ་གསུམ། བདུན་ཉེར་གཅིག་སོགས་བཟླ། མཐར་ཨ་ལས་འོད་ཟེར་འཕྲོས་པས་སྔགས་ཕྲེང་གདན་དང་བཅས་པ་ཨ་ལ་ཐིམ། དེའང་བདུད་རྩིར་གྱུར་ནས་ལྕེ་ལ་ཐིམ་པས་གསུང་རྡོ་རྗེའི་ནུས་བྱིན་དང་ལྡན་པར་བསམས་ལ་བསྔོ་སྨོན་བྱའོ། །དེ་ལྟར་བགྱིས་པས་བཟླས་བརྗོད་གང་བྱས་བྱེ་བར་འགྱུར་བ་དང་། སྨྲས་ཚད་སྔགས་སུ་འགྱུར་བ་དང་། ངག་གི་མནན་གཏད་སོགས་ཞི་བ་དང་། སྔགས་ནུས་ལ་གནོད་པའི་ཟས་དང་སྤྱོད་ལམ་གྱིས་སྔགས་ཀྱི་ནུས་པ་མི་འཕྲོག་པ་སོགས་ཕན་སི ཡོན་དཔག་ཏུ་མེད་པར་གསུངས་ཏེ། གྲུབ་ཆེན་ཁྱུང་པོའི་མགུར་བརྒྱད་དང་། རྭ་ལོ་ཙཱ་བའི་གདམས་ངག་ཆོས་བརྒྱད་དུ་གྲགས་པའི་དགོངས་པ་མཐུན་པར་འབྱུང་ངོ་། །གཉིས་པ། སྤྱིར་བྱིན་གྱིས་བརླབ་བྱའི་ཡུལ་ཕྲེང་བ་ལ། བྱ་རྒྱུད་ལེགས་གྲུབ་སོགས་ཀྱིས་མཚོན་རྒྱུད་སྡེ་རྣམས་ལས་རིགས་དང་ལས་ཀྱི་བྱེ་བྲག་རྒྱས་པར་གསུངས་པ་ལྟར་འབྱོར་ན་ལེགས་ཤིང་། རིགས་དང་ལས་ཐམས་ཅད་ལ་བསྔགས་པ་ནི་བོ་དྷི་


JKT020_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཙི་ཉིད་ཡིན་ལ་འགྱུར་ཁྱད་ཀྱང་ལྷག་པར་ཆེ་བའི་ཚུལ། རྩེ་མོ་ལས། ལྕགས་ཀྱིས་བཟླས་པ་ཉིས་འགྱུར་ཏེ། །ཟངས་ཀྱིས་ཡང་ནི་བཞི་འགྱུར་རོ། །རུ་རཀྵ་ཡིས་བྱེ་བ་གཉིས། །མུ་ཏིག་གིས་ནི་བརྒྱ་འགྱུར་རོ། །དབང་པོས་སྟོང་འགྱུར་རྣལ་འབྱོར་ཏེ། །དངུལ་གྱིས་འབུམ་དུ་འགྱུར་པ་ཡིན། །པདྨས་བྱེ་བ་བརྒྱ་འགྱུར་རོ། །བོ་དྷི་ཙིས་ནི་གྲངས་མེད་དོ། །ཞེས་སོ། །གང་ལྟར་ཡང་མཚན་ཉིད་དང་ལྡན་པའི་ཕྲེང་བ་བྱིན་རླབས་བྱ་བའི་ཚུལ་བདེ་ཀྱེ་གཉིས་ཀྱི་དགོངས་པ་ལྟར་ན། ཐོག་མར་བྱིན་རླབས་བྱ་བའི་སྐབས། ཕྲེང་བ་དྲི་ཞིམ་པོའི་ཆུས་བཀྲུས། སྤོས་ཀྱིས་བདུགས་ལ་མེ་ཏོག་གི་སྣོད་དུ་བཞག །བདག་ཉིད་ལྷའི་རྣལ་འབྱོར་ལ་གནས་པས། རང་གི་ལག་པ་གཡོན་པའི་སོར་མོ་རྣམས་པདྨ་འདབ་མ་ལྔ་པ། ལག་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཨཱནས། ཨོཾ་ཨ༔ གཡོན་སྐོར་དུ་གནས་པའི་ལྟེ་བ་ལ་ཨ། ལག་པ་གཡས་པའི་སོར་མོ་རྡོ་རྗེ་རྩེ་ལྔ་པ། ལག་པའི་མཐིལ་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཀ་ཁ་ག་གྷ་ང་ནས། ཧ་ཀྵགཡས་སྐོར་དུ་གནས་པའི་ལྟེ་བ་ལ་ཧཱུཾ། དེ་ནས་པད་ཀོར་སྔོན་དུ་འགྲོ་བས་> ཕྲང་བ་བླངས་ལ། བསང་སྦྱང་། སྟོང་པའི་ངང་ལས་བདུད་རྩིའི་ཡི་གེ་སོ་དཀར་པོ་ལས་འོད་ཟེར་འཕྲོས། ལག་པ་གཉིས་རྡོ་རྗེ་ཐལ་མོ་སྦྱར་བའི་བར་དུ་ཕྲེང་བ་བཟུང་ལ། ཐལ་མོ་ཕན་ཚུན་བསྲུབ་པའི་ཚུལ་ཕྲེང་བ་བླངས་ལ། བསང་སྦྱང་། སྟོང་པའི་ངང་ལས་བདུད་རྩིའི་ཡི་གེ་ཧཱུྃ་དཀར་པོ་ལས་འོད་ཟེར་འཕྲོས། ལག་པ་གཉིས་རྡོ་རྗེ་ཐལ་མོ་སྦྱར་བའི་བར་དུ་ཕྲེང་བ་བཟུང་ལ། ཐལ་མོ་ཕན་ཚུན་བསྲུབ་པའི་ཚུལ་


JKT020_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཞིང་། རྡོ་རྗེ་དང་པདྨ་སྙོམས་པར་ཞུགས། བྱང་ཆུབ་ཀྱི་སེམས་སུཾ་ལ་ཁྱབ། དེས་ཨཱ་ལི་དང་ཀཱ་ལི་ལ་ཁྱབ། དེ་ཕྲེང་བ་དང་གཉིས་སུ་མེད་པར་གྱུར། ཨོཾ་པ་དེ་པ་དེ་མ་ཧཱ་ཛྷཱ་ནཾ་སརྦ་བུདྡྷ་མ་ཡཾ་བྷ་ཝི་ཏེ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་བརྒྱ་རྩ་བཟླས་པས་བྱིན་གྱིས་བརླབ་ཅིང་། རྟེན་འབྲེལ་སྙིང་པོས་བརྟན་པར་བྱ། རྒྱུན་དུ་བཟླས་པའི་སྐབས་སུ་བབ་པ་ན་གོང་གི་བྱིན་རླབས་ཀྱི་དམིགས་པ་དང་བཅས་སྔགས་ལན་གསུམ་བཟླ། དེ་ནས་ལག་པ་གཡོན་པའི་མཛུབ་མོའི་སྟེང་ནས་བགྲང་ཞིང་མཐེ་བོང་རྡོ་རྗེ་ལྕགས་ཀྱུས་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བར་བསམས་ལ་བཟླས་བརྗོད་ལ་འཇུག་པར་བྱའོ། །གཞན་ཡང་ཕྲེང་བ་རབ་གནས་བསྡུས་པ་ནི། ཕྲེང་བ་གསུང་རྡོ་རྗེ་འོད་དཔག་ཏུ་མེད་པའི་སྐུར་གྱུར། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛ༔ ཛ་ཧཱུཾ་བཾ་ཧོ༔ གཉིས་སུ་མེད་པར་ཐིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ཞེས་སོགས་བརྗོད་ཅིང་བུམ་ཆུ་གཏོར། ཨོཾ་བཛྲ་པུབྦེ་ཨཱཧཱུྃ་སྭཱ་ཧཱ་སོགས་ཀྱིས་མཆོད། བདེ་མཆོག་ལ། ཨོཾ་སྭཱ་ཧཱ་ཧུ་ཧཱུཾ་ཧཱུཾ་ཕཊ། དང་གསང་འདུས་ལ། ཨོཾ་ཨཱཨཱ་རོ་ལིཀྲ་ཧཱུྃ་ཧཱུྃ་ཞེས་བརྒྱ་རྩ་བརྒྱད་བཟླས་པས་བྱིན་གྱིས་བརླབ། དེ་འོད་དུ་ཞུ་བ་ལས་ཕྲེང་བའི་རྣམ་པར་བསམ་ཞིང་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་དག་གང་གི་ཚེ་ནའང་། ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་གཟུངས་ལས། ཨོ་རུ་ཙི་ར་མ་ཎི་པྲ་ཝརྡྷ་


JKT020_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྭཱ་ཧཱ། སྔགས་འདིས་ལན་བདུན་བགྲང་ཕྲེང་བ་ལ་བཏབ་སྟེ་བཟླས་བརྗོད་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་གསང་སྔགས་དེ་དག་ཐམས་ཅད་བཟླས་པར་འགྱུར་ཞིང་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མར་ཡང་བཟླས་པར་འགྱུར་རོ། །ཞེས་གསུངས། གཞན་ཡང་། ཨོ་ཀི་རི་ཀི་རི་ནུ་ཧྲི་ནི་ཡེ་སྭཱ་ཧཱ་ཞེས་དང་། ཨོ་ཨ་ཙིནྟེ་ཛྲ་ལཱ་ཡ་སྭཱ་ཧཱ་ཞེས་པ་དག་ཀྱང་བཟླས་པས་བྱེ་བ་ཕྲག་བརྒྱའི་གྲངས་སུ་འགྱུར་བར་གསུངས་པས་ན་དེ་གསུམ་ཀའམ། གང་ཡང་རུང་བ་བཟླས་ཏེ་ཕྲེང་བ་ལ་བཏབ་ནས་སྔགས་བཟླ་བར་བྱའོ། །རྒྱུད་སྡེ་འོག་མ་བྱ་བའི་རྒྱུད་སོགས་ལས་རིགས་གསུམ་སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་གསུངས་པའམ། ཐུན་མོང་དུ་གོང་གི་ནོར་བུ་རྒྱས་པའི་སྔགས་ཀྱིས་བརླབས་ཀྱང་རུང་ངོ་། །གསུམ་པ་ནི། བྱ་རྒྱུད་སོགས་མདུན་དུ་ལྷ་བསྐྱེད་པ་གཙོ་བོར་བཏོན་པའི་སྔགས་བཟླས་པའི་མཇུག་ཏུ། སྲིན་ལག་སོ་སོའི་རྒྱབ་ཏུ་གུང་མོ་སྦྱར། དེ་གཉིས་གཡས་པའི་རྒྱབ་གཡོན་པའི་མདུན་དུ་སྦྱར་ཏེ་བསྣོལ། གཡས་གཡོན་གྱི་མཛུབ་མོས་སོ་སོའི་གུང་སྲིན་ལ་འཁྱུད། མཐེ་བོང་གཉིས་མཛུབ་མོའི་ཚིགས་དབུས་མ་ལ་བཞག །མཐེའུ་ཆུང་གཉིས་གཤིབས་ཏེ་བསྒྲེང་བ་བུམ་པའི་ཕྱག་རྒྱ་བཅས་ལ་བདག་གི་བཟླས་བརྗོད་བགྱིས་པའི་དགེ་བའི་རྩ་བ་འདི་དངོས་གྲུབ་འདི་དམིགས་བསལ་མེད་ན། ཞེས། མཆོག་དང་ཐུན་


JKT020_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མོང་གི་དངོས་གྲུབ་ཀྱི་དོན་དུ་ཞེས་སྦྱར། མཆན། བྱ་བའི་དོན་དུ་བཅོམ་ལྡན་འདས་ལ་དབུལ་ལོ། །འཕགས་པ་ཁྱེད་ཀྱིས་བདག་ལ་དངོས་གྲུབ་འདི་ཞེས་བྱ་བ་སྩལ་དུ་གསོལ། ཞེས་ཕུལ་བས། གནང་བ་བྱིན་པར་བསམས་ཏེ། འདིས་ནི་སྔགས་ཀྱི་ནུས་པ་མི་ཉམས་པ་དང་། དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཁྱད་པར་ཅན་ཡོད་དོ། །གཞན་ཡང་བཟླས་པའི་མཇུག་ཏུ། ཨོཾ་ཨ་ཨཱ་ནས་ཧ་ཀྵ་སྭཱ་ཧཱ། གྲུབ་པར་གྱུར་ཅིག་ཅེས་བཏགས་ནས་བཟླས་པས་སྔགས་མྱུར་དུ་འགྲུབ་པ་དང་། སྔགས་ཀྱི་མ་དག་པ་དང་། ལྷག་ཆད་སོགས་ཁ་བསྐང་བར་འགྱུར་རོ། ༈ །ཡང་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། མཆོག་ཏུ་གྱུར་པ་ཡི་གེའི་སྒྱུ་རྩལ་བཞི། །འདི་ནི་མཁའ་འགྲོའི་སྙིང་ཚིག་སྨྲས་པ་ཡིན། །སྲོད་དང་ཐོ་རངས་འཁོར་ལོའི་གྲིབ་མཚམས་སུ། །ཐབས་དང་ཤེས་རབ་ཡི་གེ་གསུམ་གསུམ་བསྒྲགས། །འདིས་ནི་ངག་ཏུ་ཅི་སྨྲས་སྔགས་སུ་འགྱུར། །ཐོགས་མེད་ནུས་པས་དོན་ཀུན་སྒྲུབ་བྱེད་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་ཏེ། དེའི་དོན་ལ་བཞི། ངག་ནས་བྲེ་མོའི་གཏམ་སྨྲས་པས་གསང་སྔགས་ཀྱི་བསྙེན་སྒྲུབ་ཐེམ་པའི་མན་ངག །ལུས་ཐ་མལ་དུ་བསྡད་པས་རྒྱུད་ལ་ཚོགས་གཉིས་མཉམ་རྫོགས་སུ་འགྲོ་བའི་མན་ངག །ཉོན་མོངས་པ་ཅན་གྱི་ཡིད་ཏིང་འཛིན་རྩལ་རྫོགས་སུ་འགྲོ་བའི་མན་ངག །སྟེང་འོག་གི་སྒོ་


JKT020_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་བརྟེན་པར་རྩ་རླུང་ལས་སུ་རུང་བའི་མན་ངག་གོ །དེ་ལ་དང་པོ་ནི། ནངས་པར་བྱ་རོག་མ་གྲག་པའི་དུས་སུ་ཨཱ་ལི་ཚར་གསུམ་དང་། དགོངས་མོ་བྱེའུའི་སྐད་ཆད་ནས་མི་ཕྱུགས་ཉལ་བའི་དུས་སུ་ཀཱ་ལི་ཚར་གསུམ་སྟེ། སོ་སོར་མི་ཚིག་དང་བྱ་བ་གཞན་གྱིས་བར་མ་ཆད་པར་བཏོན་པས་ཉིན་ཞག་གཅིག་ལ་ཅི་དང་ཅི་སྨྲས་པ་ཐམས་ཅད་སྔགས་སུ་འགྱུར་རོ། །གཉིས་པ་ནི། ནམ་གཉིད་སད་པའི་ཚེ་ཀཱ་ལི་ཚར་གསུམ་བརྗོད་ནས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་རང་གི་སེམས་ཀྱི་རོལ་པ་དང་། ཨཱ་ལི་ཚར་གསུམ་བརྗོད་ནས་དེ་ཡང་སྐྱེ་མེད་སྒྱུ་མ་ལྟ་བུར་ཤེས་པར་བྱ། གཉིད་ལོག་ཁར་ཀཱ་ལི་ཚར་གསུམ་བརྗོད་ནས་རྟོག་ཚོགས་ཐམས་ཅད་སེམས་ཀྱི་རོལ་པ་དང་། ཨཱ་ལི་ཚར་གསུམ་བརྗོད་ནས། དེ་ཡང་སྐྱེ་མེད་ནམ་མཁའ་ལྟ་བུར་ཤེས་པར་བྱས་པས་གཟུང་འཛིན་གྱི་འཁྲུལ་པ་མ་སྤངས་པར་དག་ནས། མྱུར་དུ་བླ་ན་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །གསུམ་པ་ནི། ཤེས་པ་ཡུལ་དང་འཕྲད་ནས་ཉོན་མོངས་པའི་རྟོག་པ་ཇི་ལྟར་ཤར་ཡང་། མ་སྤངས་པར་ཡེ་ཤེས་སུ་འཆར་བར་བྱེད་པ་སྟེ། འདོད་ཆགས་ལྟ་བུ་ལ་མཚོན་ན། རྟོག་པ་ཤར་མ་ཐག་ནས་དེ་ཉིད་ལ་བལྟ་ཞིང་དེའི་རང་བཞིན་ངོས་བཟུང་ལ། ཨོ་པ་ཕ་བ་བྷ་མ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨེ། ཨོ་ཨཽ། ཨཾ་ཨ༔ ཉེར་གཅིག་བརྗོད་པས་འདོད་ཆགས་སོ་སོར་རྟོག་པའི་


JKT020_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སུ་འཆར་རོ། །དེ་བཞིན་དུ་ཞེ་སྡང་ལ། ཨོ་ཊ་ཋ་ཌ་ཌྷ་ཎ། ཨ་ཨཱ་སོགས་དང་། ཕྲག་དོག་ལ། ཨོ་ཙ་ཚ་ཛ་ཛྷ་ཉ་སོགས། ང་རྒྱལ་ལ། ཨོ་ཀ་ཁ་ག་གྷ་ང་སོགས། གཏི་མུག་ལ། ཨོ་ཏ་ཐ་ད་དྷ་ན་སོགས་སྔགས་ཀྱི་ཁྱད་པར་དང་བཅས་ཏེ་ཉམས་སུ་བླངས་པས། ཉོན་མོངས་པ་དེ་དང་དེ་དག་ཐམས་ཅད་སེམས་ཀྱི་ཆོས་ཉིད་དུ་ཐིམ་ནས། ཉམས་མེ་ལོང་། བྱ་གྲུབ། མཉམ་ཉིད། ཆོས་དབྱིངས་ཡེ་ཤེས་རྣམས་སུ་འཆར་བར་འགྱུར་རོ། །བཞི་པ་ནི། རྩ་འཁོར་བཞིར་དབང་བཞིའི་ངོ་བོ་བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་གསལ་འདེབས་པ་ལ། སྤྱི་བོའི་འདབ་མར་རང་བྱུང་གྲུབ་པའི་གསལ་བྱེད་སོ་གཉིས། མགྲིན་པར་དབྱངས་ཡི་གེ་བཅུ་དྲུག །སྙིང་གར་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད། ལྟེ་བར་གསལ་བྱེད་སོ་གཉིས་གཡས་སྐོར་དང་། གཡོན་སྐོར་ཏེ་རྩ་འདབ་ཀྱི་གྲངས་དང་མཉམ་པར་གསལ་བཏབ་ནས། སྤྱི་བོ་ནས་ལྟེ་བའི་བར་གྱི་འདབ་མའི་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་གསལ་གདབ། ཐུན་བསྡུ་བ་ན། ལྟེ་བ་ནས་སྤྱི་བོའི་བར་གྱི་རྩ་འདབ་ཀྱི་ཡི་གེ་རྣམས་ཚར་གསུམ་གསུམ་བརྗོད་པས་ཡིག་འབྲུ་བྱང་ཆུབ་སེམས་སུ་ཞུ་ནས་རྩ་ཨ་བ་དྷ་ཏཱིར་ཐིམ་པས། རང་བཞིན་སྤྲོས་བྲལ་སྟོང་པར་རྗེན་རྗེན་གྱི་ངང་ནས་སོང་བར་བསམ་མོ། །དེ་ལྟར་ཐུན་མགོར་ཐབས་དང་། ཐུན་གཤམ་དུ་ཤེས་རབ་ཀྱི་ཉམས་ལེན་ཟུང་


JKT020_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་དུ་བསྐྱངས་པས་ཁམས་རང་བཞིན་གྱིས་ཞུ་སྟེ། ཟག་མེད་ཀྱི་བདེ་བས་རྩ་རླུང་གི་ནུས་པ་ལས་སུ་རུང་བར་འགྱུར་ཏེ། འདི་ནི་ཉམས་ལེན་ཀུན་ལ་གཅེས་པའི་གདམས་པ་ཁྱད་པར་ཅན་ཡིན་ལ། དེས་མཚོན་ཏེ་ཨཱ་ལི་ཀཱ་ལིའི་གདམས་ངག་གི་རྟེན་འབྲེལ་གཞན་རྣམས་ཀྱང་རྒྱ་ཆེར་ཤེས་པར་བྱའོ། ༈ །གྲུབ་ཆེན་ཌོ་ལླི་པའི་ལུགས་ཀྱི་ཡི་དམ་ལྷ་མང་དུ་ཡོད་ན་གཅིག་ཏུ་བསྡུ་བའི་མན་ངག་ནི། དཔལ་སམྦུ་ཊི་ལས། །ལྷ་རྣམས་ཐམས་ཅད་ཞི་བའམ། །ཡང་ན་ཁྲོ་བོར་བསྒོམ་པར་བྱ། །སངས་རྒྱས་གར་མཁན་བསམ་མི་ཁྱབ། །མན་ངག་བརྗོད་པར་ག་ལ་ནུས། །ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ལོ། །སྟོང་པ་རྡོ་རྗེ་ཅན་གཅིག་ནི། །རིགས་ནི་རྣམ་པ་ལྔ་རུ་བཤད། །ཅེས་གསུངས་པའི་དགོངས་པ་སྟེ། དེ་ལ་ཐོག་མར་རང་གི་རྩ་བའི་ཡི་དམ་དེའི་མངོན་རྟོགས་དང་བཟླས་པ་རྒྱས་པར་ཚར་བ་དང་། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡི་དམ་གཞན་དེ་ཡེ་ཤེས་པའི་ཚུལ་དུ་སྤྱན་དྲངས་ནས་བསྟིམས་པས། ཆུ་ལ་འོ་མ་བླུགས་པ་བཞིན་ལྷ་དེར་གྱུར་པར་བསམ། དེའི་བཟླས་པ་བྱ། དེ་བཞིན་དུ་ཡི་དམ་ཡོད་ཚད་ལ་བྱའོ། །ཞེས་གསུངས་པ་ལྟར་ཡིད་ཀྱིས་གསལ་བཏབ་པའམ། ངག་ཏུ་བརྗོད་ན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཡི་དམ་ལྷ་འདི་ཞེས་བྱ་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛས་སྤྱན་དྲངས། ཛཧཱུཾ་བཾ་


JKT020_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཧོས་གཉིས་སུ་མེད་པར་ཐིམ་པས་རང་སྐད་ཅིག་གིས་ཡི་དམ་འདི་ཞེས་བྱ་བའི་སྐུར་གྱུར། ཅེས་བརྗོད་ཅིང་བསམས་ལ་དེའི་སྔགས་བརྒྱ་རྩ་ལ་སོགས་པ་བཟླ། གཞན་ལའང་དེས་འགྲེའོ། །ཚར་བ་དང་བུམ་པ་གཅིག་ནས་ནོར་བུ་མང་པོ་གདོན་པ་བཞིན། སླར་ཡང་རང་ཉིད་རྩ་བའི་ཡི་དམ་གྱི་སྐུར་གསལ་བ་ལ་བསྟིམས་པའི་ལྷ་ཐམས་ཅད་མདུན་གྱི་ནམ་མཁར་བྱོན་པར་གྱུར་པར་བསམས་ལ། ཨོཾ་བཛྲ་པུབྦེ་ཨཱཧཱུྃ་ཞེས་པ་ལ་སོགས་པས་མཆོད། ཡི་གེ་བརྒྱ་པས་ནོངས་པ་བཤགས། བཛྲ་མུས་གཤེགས། མངོན་རྟོགས་རྩ་བ་གང་བསྒོམས་པའི་རྗེས་ཀྱི་རིམ་པ་རྣམས་བྱའོ། ༈ །གཞན་ཡང་རང་གིས་དབང་དང་རྗེས་སུ་གནང་བ་ཐོབ་པའི་མཆོག་སྒྲུབ་པ་དང་། ལས་རྒྱས་པའི་ལྷག་པའི་ལྷའི་སྒོམ་བཟླས་ལ་རྩེ་གཅིག་ཏུ་བརྩོན་པ་ནི་དངོས་གྲུབ་གཉིས་ཀྱི་ཉེ་རྒྱུ་ཁྱད་པར་ཅན་ཡིན་པས་ཅི་ནུས་སུ་བསྒྲུབ་པར་བྱ་ལ། འདིར་ཉེར་མཁོའི་སྒོམ་བཟླས་འགའ་ཞིག་བརྗོད་ན། ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར་བཅོམ་ལྡན་འདས་སྨན་གྱི་བླ་བསྒོམ་པར་འདོད་ན། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། ཞེས་སྐྱབས་སེམས་ཅི་ནུས་དང་། སྤྲོ་ན་ཚད་མེད་བཞི་བསྒོམ། སྟོང་པའི་ངང་ལས་སྐད་ཅིག་གིས། །རང་གི་སྤྱི་བོར་པད་


JKT020_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའི་སྟེང་། །བླ་མ་སྨན་པའི་རྒྱལ་པོ་མཐིང་། །ཕྱག་གཡས་མཆོག་སྦྱིན་ཨ་རུ་ར། །གཡོན་པས་མཉམ་གཞག་ལྷུང་བཟེད་ནི། །བདུད་རྩི་སྨན་གྱིས་བཀང་བ་བསྣམས། །མཚན་དཔེའི་གཟི་བྱིན་འོད་དུ་འབར། །ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས། སྐྱབས་ཀུན་འདུས་པའི་ངོ་བོར་གྱུར། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བེཌཱུརྨ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། སྐྱབས་སུ་མཆིའོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པ་དང་། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་བདུན་བཟླ། དེ་ནས་གཟུངས་རིང་ཐུང་གང་རུང་ངམ། ཏདྱ་ཐཱ། ཨོཾ་བྷེ་ཥ་ཛེ་གྷོ་ཥ་ཛུ་མ་ཧཱ་བྷེ་ཥ་ཛོ་རཱ་ཛ་ས་མུཏྤ་ཏེ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་ཅི་ནུས་མཐར། བཅོམ་ལྡན་འོད་ཞུ་རང་ལ་ཐིམ། །ནད་གདོན་སྡིག་སྒྲིབ་ཀུན་བྱང་གྱུར། །དགེ་བ་འདི་ཡིས་སོགས་བསྔོ་སྨོན་བྱའོ།། ༈ །།ཚེ་དང་བསོད་ནམས་རྒྱས་པར་འདོད་པས་ཚེ་དཔག་མེད་སྤྲུལ་སྐུའི་སྒོམ་བཟླས་ཉམས་སུ་ལེན་པར་འདོད་ན། ཐོ་རངས་ཀྱི་དུས་སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། རང་གི་མདུན་གྱི་ནམ་མཁའ་རུ། །པདྨ་དམར་པོ་འདབ་སྟོང་པའི། །ལྟེ་བར་ཟླ་སྟེང་ཚེ་དཔག་མེད། །


JKT020_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གསལ་གཞོན་ཚུལ་འཛུམ་ཞིང་ཞི། །ཕྱག་གཉིས་ཐལ་སྦྱར་བེ་ཌཱུརྱའི། །ལྷུང་བཟེད་བདུད་རྩིས་གང་བ་བསྣམས། །ཞབས་ཟུང་མཉམ་པའི་སྟབས་ཀྱིས་བཞེངས། །དབུ་སྐྲ་མཐོན་མཐིང་སྤྱི་བོར་བཅིངས། །ལྷག་མ་ལན་བུས་སྐུ་རྒྱབ་ཁེབས། །སྣ་ཚོགས་དར་གྱི་ཤམ་ཐབས་དང་། །དར་དམར་སྟོད་གཡོགས་ལྷབ་ལྷུབ་བརྒྱན། །རྩ་བརྒྱུད་བླ་མ་སངས་རྒྱས་དང་། །བྱང་སེམས་འཕགས་ཚོགས་རྒྱ་མཚོར་བཅས། །མངོན་སུམ་བཞིན་དུ་བཞུགས་པར་གྱུར། །ཅེས་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་སོགས་ཀྱིས་བསྟོད། ཨོཾ་བཛྲ་ཨཱ་ཡུ་ཥ། ས་ར་ཧེ། ཤཱ་ར་རེ། ཀ་ར་རེ་ཧཱུཾ། གསུམ་གྱིས་གསོལ་བ་གདབ། དེ་ནས་རླུང་རོ་བསལ་ལ་སྣ་བུག་གཡོན་ནས་རླུང་ཕྱིར་ཅུང་ཟད་བུས་པའི་ཚེ། རང་གི་སྣ་རྩེ་ནས་རླུང་སྔོ་བུན་གྱིས་སོང་། ཕྱག་གི་ལྷུང་བཟེད་ནང་དུ་ཞུགས་པས་བདུད་རྩིའི་རྒྱུན་རླུང་དེ་ལ་འཁྲིལ་པའི་ཚུལ་གྱིས་སྐྱ་ནར་གྱིས་བབས། རང་གི་ཁས་རྡུབས་པའི་ཚུལ་བྱས་པས་ཁ་ནས་ཞུགས། ལུས་ཀྱི་ནང་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ་རླུང་བུམ་ཅན་གཟུང་། དེ་ལྟ་བུས་ལྔའམ། བཅུའམ། བཅོ་ལྔ་སོགས་ནས་བརྒྱའི་བར་ཅི་ནུས་བྱ། རྗེས་ལ་དམིགས་པ་གོང་བཞིན་དང་།


JKT020_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་བརྒྱ་སྟོང་ཅི་འགྲུབ་བཟླས་རྗེས་མཆོད་བསྟོད་བྱ། མཐར་ནི་མདུན་གྱི་བཅོམ་ལྡན་འདས། །འོད་དུ་ཞུ་ནས་རང་ལ་ཐིམ། །རང་ཉིད་ཚེ་དཔག་མེད་པའི་སྐུའི། །། ཐུགས་ཀར་ཟླ་སྟེང་ཧཱུྃཡིག་མཐར། སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས། །ལུས་གང་འཆི་མེད་གྲུབ་པར་འགྱུར། །ཅེས་བརྗོད་ཅིང་བསམས་ལ་ཚེ་གཟུངས་ཅི་ནུས་བཟླས་མཐར་བསྔོ་སྨོན་བྱའོ། །འདིའི་སྒོ་ནས་ཚེ་སྒྲུབ་ཞག་བདུན་མ་བྱེད་ན། ཆོ་འཕྲུལ་ཟླ་བ་ལྟ་བུའི་ཚེས་གཅིག་ནས་ཁྲུས་དང་གཙང་སྦྲ་བཅས་མཚམས་དམ་པར་བཅད། གྲུབ་ན་གསོ་སྦྱོང་བླང་། སྔ་དྲོའི་ཐུན་གཉིས་ལ་གོང་བཞིན་བསྒོམ་བཟླས་དང་། ཕྱི་ཐུན་དང་། སྲོད་ཐུན་ལ་ཤེར་སྙིང་སོགས་ཟློག་པ་དང་སྲུང་འཁོར་ལ་འབད། ཉལ་བའི་ཚེ་ནུབ་ཕྱོགས་བདེ་བ་ཅན་ལ་སྔས་གཏད་དེ་སེང་གེའི་ཉལ་སྟབས་ཀྱིས་ཉལ། རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་གཉིད་ལོག་པས་རྨི་ལམ་དུ་དགེ་བའི་མཚན་མ་མཐོང་བར་འགྱུར་བ་ཡིན་ལ། ཞག་བདུན་ཁོ་ནས་མ་བྱུང་ན། སླར་ཡང་ཞག་བདུན་སོགས་བསྐྱར་བས་ངེས་པར་འགྲུབ་པ་ཡིན་ནོ།། ༈ །།ཡང་ལུས་༧ སྲུང་བའི་རིག་པ་སྒྲ་མི་སྙན་གྱི་ཚེ་གཟུངས་ལ་བརྟེན་ནས་རྡོ་རྗེའི་སྲོག་འགྲུབ་པར་འདོད་པས། སྔ་དྲོའི་ཚེ་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སྐད་ཅིག་གིས། །པཾ་ལས་


JKT020_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པད་དཀར་འདབ་བཞིའི་སྟེང་། །གསེར་གྱི་རྡོ་རྗེ་རྩེ་ལྔ་པའི། །ལྟེ་བར་རང་ཉིད་ཚེ་དཔག་མེད། །དམར་པོ་མཉམ་གཞག་ཚེ་བུམ་འཛིན། །དར་དང་རིན་ཆེན་རྒྱན་ལྡན་པའི། །ལུས་དབུས་དྲང་པོར་སྲོག་པ་རྩ། །སྔོན་པོ་ལྕགས་ཀྱི་སྲོག་ཤིང་ཚུལ། །རྡོ་རྗེ་རྩེ་ལྔའི་རྣམ་པར་གསལ། །དེ་ཡི་ལྟེ་བར་རང་སེམས་ཧཱུཾ། །མཐིང་ནག་སྔགས་ཀྱི་ཕྲེང་བས་བསྐོར། །རྩེ་གཅིག་ཡིད་གཏད་བཟླས་པ་ཡིས། །རྡོ་རྗེའི་སྲོག་རྩ་གྲུབ་པར་གྱུར། །ཅེས་པ་སྒོམས་ལ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མསངྒཱ་ཡ། ཏདྱ་ཐཱ། ཨིཊྚེ། བཊེ། ནཊེ། ཀུ་ནཊེ། ཊཀྐེ། ཋཀེ། ཋ་རཀྵ། ཨུ་རུ་མ་ཏེ། རུ་རུ་མ་ཏི། ཏུ་རུ་ཧིལླི་མིལླི། སརྦ་རྣོ་དུ་པ་དག། ནམྨ་སཔྤ། སམྨ་སཾ་མུ་ཛྷཱ་ནཱི། སིཙྪནྟུ་མེ་མནྡྲ་པཱ་ད་སྭཱ་ཧཱ། ཞེས་བརྒྱ་རྩ་ཅི་རིགས་པ་མི་ཚིག་གིས་བར་མ་ཆོད་པར་བཟླས་མཐར། རིག་སྔགས་བཟླས་པའི་བསོད་ནམས་གང་། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ། །བདག་གཞན་འགྲོ་བ་མ་ལུས་ཀུན། །འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོག །ཅེས་བསྔོ་སྨོན་བྱའོ།། ༈ །།གཟུངས་དང་སྤོབས་པ་སོགས་ཕུན་སུམ་ཚོགས་པའི་ཤེས་རབ་རྒྱས་པར་བྱ་བའི་སླད་དུ་བློ་འཕེལ་གྱི་གཟུངས་སྒྲུབ་ཉམས་སུ་བླང་བར་འདོད་པས་སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སྐད་ཅིག་གིས། །པདྨ་ཉི་ཟླའི་གདན་གྱི་སྟེང་། །རང་ཉིད་འཇམ་


JKT020_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གུར་གུམ་མདངས། ཕྱག་གཡས་ཤེས་རབ་རལ་གྲི་འཕྱར། །གཡོན་པས་ཐུགས་ཀར་གླེགས་བམ་འཛིན། །དར་དང་རིན་ཆེན་རྒྱན་ལྡན་པ། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྙིང་ཉིད་པདྨ་འདབ་ཟླུམ་དབུས། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་། །ཧཱུཾ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །བཟླས་པས་འོད་འཕྲོས་པདྨ་བྱེ། །མ་རིག་མུན་པ་ཡོངས་སུ་བསལ། །དེ་ལས་འོད་ཟེར་རབ་འཕྲོས་པས། །འགྲོ་ཀུན་མ་རིག་མུན་བསལ་ནས། །ཡེ་ཤེས་སྣང་བ་བསྐྱེད་པར་གྱུར། །ཅེས་བསྒོམས་ལ། ན་མོ་མཉྫ་ཤྲི་ཡེ། ཀུ་མཱ་ར་བྷུ་ཏཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ། བི་ཤུདྡྷེ། ཤོ་དྷ་ནི། བི་ཤོ་དྷ་ནི། ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཛ་ཡ་བ་ཏི། རུ་རུ་ཙ་ལེ་ཧཱུཾ་ཕ྄ཊ་ཕ྄ཊ་ཕ྄ཊ་སྭཱ་ཧཱ། ཅི་ནུས་བཟླ པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེ་ཡིས་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །ཅེས་བསྔོ་སྨོན་བྱ་སྟེ། སློབ་དཔོན་ཛེ་ཏཱ་རིའི་གདམས་པ་སྙིང་གི་པདྨ་ཁ་འབྱེད་པའི་གདམས་པའོ།། ༈ །།གཟུངས་སྔགས་ཟབ་མོའི་རིགས་བཟླ་བར་འདོད་པས། ཐོག་མར་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ལ་བརྟེན་ནས་སྡིག་པ་སྦྱོང་བའི་ཆོ་ག་རྒྱས་པར་གཞན་དུ་ཤེས། རྒྱུན་


JKT020_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣལ་འབྱོར་ལ། སྐྱབས་སེམས་སྔོན་དུ་འགྲོ་བས། མདུན་གྱི་ནམ་མཁར་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་མངོན་སུམ་བཞིན་དུ་བཞུགས་པ་ལ། གཟུངས་བཟླས་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། གཙུག་ཏོར་དང་སྨིན་མཚམས་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སླར་འདུས་རང་ལ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་དག་ཅིང་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ན་མ་སྦེ་ཡ་དྷཱི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏཱ་པཱ་སྟི། དྷརྨ་ཏཱ་བ་ལི་ནཱི། ཨོཾ་ཨོཾ་ཨོཾ་ས་མ་ས་མ་ས་མནྟ་ཏོ་ཨནནྟ་བཱསྟི་ཤཱ་ས་ནི་ཧ་ར་ཧ་ར། སྨ་ར་སྨ་ར་ཎེ། བི་ག་ཏ་རཱ་ག །བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ཎཱ་ལ་ཀྵ་ཎི་ཛཱ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ། ཞེས་བརྒྱ་སྟོང་ཅི་འགྲུབ་བཟླས་མཐར་དགེ་བ་བསྔོ། གྲུབ་ན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་བསྐོར་བ་བྱ་བཞིན་དུ་བཟླའོ། །དེ་ལྟར་བཟླས་པས་ལས་ཀྱི་སྒྲིབ་པ་ཐམས་ཅད་ཞི་བ་དང་། སྡིག་པ་དང་ལྟུང་བ་ཐམས་ཅད་བྱང་བ་དང་། དམ་ཚིག་དང་སྡོམ་པ་རྣམ་པར་དག་པར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་སོ།། ༈ །།ཚེ་བསོད་རྒྱས་པའི་ཕྱིར་གཙུག་


JKT020_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཏོར་རྣམ་པར་རྒྱལ་མའི་གཟུངས་བཟླ་བར་འདོད་པས། སྐྱབས་སེམས་བྱ། རང་ཉིད་ཐ་མལ་གསལ་བའི་གནས་སོ་སོར། །ཟླ་དཀྱིལ་སྟེང་དུ་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱདམར་སྙིང་གར་ཧཱུྃ་ནག་པོ། །དཔྲལ་བར་ཏཱཾ་སེར་ལྟེ་བར་ཧྲིདམར་དང་། །བརླ་གཉིས་ཨཾ་ཨ༔ལྗང་གུས་མཚན་པར་གྱུར། །ཨོཾ་ཨཱཧཱུྃ་ཏྲཾ་ཧྲིༀ་ཨརཀྵ་རཀྵ་ཏུ་ནཱཾ། ལན་གསུམ། མདུན་དུ་རྣམ་པར་རྒྱལ་མའི་མཆོད་རྟེན་ནི། །མཚན་ཉིད་ཡོངས་སུ་རྫོགས་པའི་བུམ་ནང་དུ། །གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུ་ལ། །སངས་རྒྱས་བྱང་སེམས་ཀུན་གྱིས་བསྐོར་བར་གྱུར། །ཅེས་དམིགས་ལ། ཐལ་མོ་སྦྱར་བའི་མཛུབ་མོ་གཉིས་མཐེ་བོང་གི་རྩེར་སྦྱར་བ་ལེགས་སྦྱིན་གྱི་ཕྱག་རྒྱ་བཅས་གཟུངས་རིང་ཚར་གཅིག་བཟླ། དེ་ནས་ཕྱག་རྒྱ་བཀྲོལ་ཏེ། ཨོཾ་ན་མོ་ཞེས་པའི་ཚེ་ཐལ་མོ་སྦྱར་བས་འདུད་ཚུལ་དང་བཅས་ཉེར་གཅིག་སོགས་ཅི་ནུས་བཟླ། གཟུངས་རིང་མ་ནུས་ན་སྙིང་པོ་སོགས་བཟླས་ཀྱང་རུང་། དེའི་ཚེ་དམིགས་པ་རབ་རང་ལུས་ཀྱི་ཡི་གེ་དང་། བདག་མེད་པའི་དོན་དང་། མདུན་གྱི་ལྷ་དང་། སྔགས་ཀྱི་སྒྲ་རྣམས་ལ་ཡིད་གཏད། འབྲིང་ཡི་གེ་དང་། ཐ་མ་སྒྲ་ལ་དམིགས། སྤྲོ་ན་མཇུག་ཏུ་བསྟོད་གསོལ་སོགས་གང་ནུས་བྱ་ཞིང་དགེ་བ་བསྔོའོ།། ༈ །།ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རྒྱུད་ཡོངས་སུ་གང་བར་འདོད་པས་གཙུག་ཏོར་དྲི་མེད་ཀྱི་གཟུངས་བཟླ་


JKT020_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ན། སྐྱབས་སེམས་དང་། མདུན་གྱི་ནམ་མཁར་གཞུ་གང་ཙམ་དུ་ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་བཞུགས་པར་གྱུར་པའི་སྤྱན་སྔར། དགའ་ཞིང་གུས་པ་དང་རངས་པའི་ཚུལ་གྱིས་གཟུངས་རིང་ཐུང་གང་རུང་གསལ་དག་སྙན་པའི་ཚུལ་གྱིས་བཟླའོ། །དེ་ལ་གཟུངས་རིང་ནི་གཞན་དུ་ཤེས་ལ། གཟུངས་ཐུང་ནི། ཨོཾ་ན་མ་སྦེ་ཡ་དྷཱི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། གནྡྷེ་ཛྭ་ལ་ཛྭ་ལ། དྷརྨ་དྷཱ་ཏུ་གནྡྷེ། སཾ་བྷ་ར། མ་མ་ཨཱ་ཡུསཾ་ཤོདྷ་ཡ། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ས་མནྟ་ཨུཏྟཱི་ཥ་བི་མ་ལེ་ཤུདྡྷེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་བཾ་སཾ་ཛཾ་སྭཱ་ཧཱ། ཞེས་པའོ། །དེ་ནས་མཐར། དགེ་བ་འདི་ཡིས་སྐྱེ་བོ་ཀུན་སོགས་བསྔོ་སྨོན་གང་ཤེས་བྱ།། ༈ །།ལོངས་སྤྱོད་ཁྱད་པར་འཕགས་པའི་བདེ་བ་མི་ཟད་པ་ཐོབ་པ་སོགས་ཀྱི་ཆེད་དུ་འོད་ཟེར་དྲི་མེད་ཀྱི་གཟུངས་བཟླ་བར་འདོད་ན། སྐྱབས་སེམས་དང་། མདུན་གྱི་ནམ་མཁར་སངས་རྒྱས་བྱང་སེམས་རྣམས། །མངོན་སུམ་བཞུགས་པའི་གཙུག་ཏོར་ནོར་བུའི་འོད། །ཞིང་ཀུན་ཁྱབ་ཅིང་འཕགས་རྣམས་ཐུགས་རྒྱུད་བསྐུལ། །སླར་འདུས་ཐིམ་པས་རྒྱལ་ཀུན་དགྱེས་གྱུར་ཏེ། །ཀ་ལ་པིངྐའི་དབྱངས་ལྟར་རབ་སྙན་པས། །གཟུངས་སྔགས་གསུངས་པའི་རྗེས་སུ་བདག་ཉིད་ཀྱིས། །བཟླས་པས་སྒྲིབ་དག་བྱིན་གྱིས་བརླབས་པར་གྱུར། །ཅེས་བསམས་ལ། ན་མསཏྟཾ་ནཱཾ། སམྱཀཾ་བུདྡྷ་ཀོ་ཊི་ནཾ། པ་རི་ཤུདྡྷེ་


JKT020_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མ་ན་སི། ཨ་སྒྱུ་རྩི་ཏ། པྲ་ཏིཊྛི་ཏཱ་ནཱ་ན། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨཱ་ཡུ་ཥ་སྱ། ཏ་ཐཱ་ག་ཏ་སྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ། ཨཱ་ཡུར་བི་ཤོ་དྷ་ནེ། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་བཱིརླ་བ་ལེ་ན་པྲ་ཏི་སཾ་ཧ་ར། ཨཱ་ཡུསཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་ཏཱ་ས་མ་ཡ། བོ་དྷི་བོ་དྷི། བུདྡྷ་བུ་དྨ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལེ། ཚ་ར་སུ་བུདྡྷེ་བུདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ཞེས་པ་རྩ་བའི་སྔགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མཱ་ལ་བི་ཤོ་དྷ་ནི། རུ་དྷ་བ་ལེ། པྲ་ཏི་སཾ་སྐུ་ར། ཏ་ཐཱ་ག་ཏ་དྷ་ཏུ་དྷ་རེ། དྷ་ར་དྷ་ར། སན་ར་སན་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷི་ཊྛི་ཏེ་སྭཱ་ཧཱ། ཞེས་པ་སྙིང་པོའི་སྔགས་ཏེ་ཅི་ནུས་བཟླས་མཐར། བསྔོ་སྨོན་བྱའོ། ༈ །བར་དུ་གཅོད་པ་དང་འཇིགས་པ་ཐམས་ཅད་བསྲུང་བར་འདོད་པས་རྗེ་བཙུན་སྒྲོལ་མའི་བསྟོད་སྒྲུབ་ཉམས་སུ་བླང་ཚུལ་མདོར་བསྡུས་པ་ནི། སྲོད་དང་ཐོ་རངས་སོགས་ཀྱི་དུས་སུ་སྐྱབས་སེམས་སྔོན་དུ་འགྲོ་བས། མདུན་མཁར་ཡིད་འཕྲོག་མཆོད་སྤྲིན་དབུས། །རྩ་བའི་བླ་མ་རྗེ་བཙུན་མ། །ལྗང་གསལ་ཕྱག་གཡས་མཆོག་སྦྱིན་དང་། །གཡོན་པས་སྐྱབས་སྦྱིན་ཨུཏྤལ་བསྣམས། །ཞི་འཛུམ་དར་དང་རིན་ཆེན་བརྒྱན། །འོད་དཔག་མེད་པའི་ཅོད་པན་ཅན། །གཡས་བརྐྱང་རོལ་པས་པད་ཟླར་བཞུགས། །མཐའ་སྐོར་སྒྲོལ་མ་ཉེར་གཅིག་དང་། །སྐྱབས་།


JKT020_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་དང་མཐའ་ཡས་སེམས་ཅན་ལ། །དགྱེས་པའི་ཚུལ་གྱིས་བཞུགས་པར་གྱུར། །ཅེས་གསལ་བཏབ་ལ་དངོས་སམ་ཡིད་ཀྱིས་ཡན་ལག་བདུན་པ་དབུལ། ཚོགས་ཞིང་རྣམས་ཀྱི་ཐུགས་ཀ་ནས། །འོད་འཕྲོས་རང་གི་གནས་གསུམ་ཐིམ། །སྒོ་གསུམ་སྡིག་སྒྲིབ་བག་ཆགས་སྦྱངས། །སྐུ་གསུང་ཐུགས་སུ་བྱིན་རླབས་གྱུར། །ཅེས་དམིགས་ལ་དད་མོས་ཤུགས་དྲག་པོས་ཕྱག་འཚལ་ཉེར་གཅིག་གསུམ་མམ། བདུན་ནམ། ཉེར་གཅིག་སོགས་གདོན། མདུན་གྱི་འཕགས་མ་དང་རང་ཐ་མི་དད་པ་སྟོང་པ་རྟེན་འབྱུང་དབྱེར་མེད་པའི་དོན་ལ་བློ་བཞག །དེ་ནས་ཕན་ཡོན་དང་། གཏང་རག་གི་ཚུལ་དུ་ཡན་ལག་བདུན་པ་དང་། སྔགས་བཟླ་བ་དང་། འདོད་དོན་གསོལ་གདབ་སོགས་ཇི་ལྟར་རིགས་པ་བྱ། མཐར་ནི་མདུན་གྱི་ཚོགས་ཞིང་རྣམས། །འོད་ཞུ་དབུས་ཀྱི་འཕགས་མར་ཐིམ། །དེ་ཉིད་རང་ཐིམ་རང་ལུས་ཀྱང་། །འོད་གསལ་སྟོང་པའི་དབྱིངས་སུ་ཐིམ། །ཞེས་བརྗོད་ཅིང་བསམས་ལ་མཉམ་པར་བཞག །དེ་ལས་ལྡང་བ་ན། བདག་གི་དགེ་བའི་རྩ་བ་འདི་ཡིས་ནི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་ཤོག །སེམས་ཅན་སྡུག་བསྔལ་རྒྱ་མཚོར་བྱིང་བ་རྣམས། །མྱུར་དུ་བྱང་ཆུབ་མཆོག་ལ་འགོད་གྱུར་ཅིག །ཅེས་བསྔོ་སྨོན་བྱའོ། །གཞན་ཡང་ཕྱག་རྒྱའི་མདོ་ལྔ་སོགས་ཟབ་མོའི་མདོ་དང་


JKT020_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་སྔགས་བྱིན་རླབས་ཅན་ཅི་ནུས་སུ་བཀླག། ༈ །ཐུན་མཚམས་སྤྱོད་ལམ་གྱི་གནས་སྐབས་ཐམས་ཅད་དུ་དྲན་དང་ཤེས་བཞིན་ལྡན་པས་དངོས་གཞིའི་ཉམས་ལེན་གང་ལ་གནད་དུ་བསྣུན་པའི་ཉམས་མྱོང་གི་རྩི་དང་མ་བྲལ་བར་དགེ་བའི་བྱ་བ་ལ་གནད་དུ་བསྣུན། ཁྱད་པར་མདོ་སྡེ་རྒྱན་ལས། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་གྱུར་པ། །དེ་ལྟ་དེ་ལྟ་རིགས་ཤིང་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །ཞེས་གསུངས་པ་ལྟར། སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་འབྱུང་བའི་ལམ་ཁྱེར་རྒྱལ་སྲས་ལམ་བཟང་ལས། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་ནང་དུ་འདུག་པའི་ཚེ། ཐར་པ་ཆེན་པོའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག །ཅེས་སེམས་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཉལ་བའི་ཚེ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག །རྨི་ལམ་བྱུང་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར་གྱུར་ཅིག །གཉིད་སད་པའི་ཚེ་མ་རིག་པ་ལས་སད་པར། ལྡང་བའི་ཚེ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཐོབ་པར། གོས་གྱོན་པ་ན་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གྱོན་པར། སྐ་རགས་འཆིང་བའི་ཚེ་དགེ་བའི་རྩ་བ་དང་འབྲེལ་པར། སྟན་ལ་འདུག་པའི་ཚེ་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པར། རྒྱབ་བརྟེན་པའི་ཚེ་བྱང་ཆུབ་ཀྱི་ཤིང་ཐོབ་པར། །མེ་གཏོང་བའི་ཚེ་ཉོན་


JKT020_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་བུད་ཤིང་སྲེག་པར། འབར་བའི་ཚེ་ཡེ་ཤེས་ཀྱི་མེ་འབར་བར། གཡོས་ཟིན་པའི་ཚེ་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པར། ཟས་ཟ་བའི་ཚེ་བསམ་གཏན་གྱི་ཟས་ཐོབ་པར། ཕྱི་རོལ་དུ་འགྲོ་བའི་ཚེ་འཁོར་བའི་གྲོང་ཁྱེར་ལས་ཐར་པར། སྐས་ལས་འབབ་པའི་ཚེ་སེམས་ཅན་གྱི་དོན་དུ་འཁོར་བར་འཇུག་པར། སྒོ་འབྱེད་པའི་ཚེ་ཐར་པའི་གྲོང་ཁྱེར་གྱི་སྒོ་འབྱེད་པར། སྒོ་གཅོད་པའི་ཚེ་ངན་སོང་གསུམ་གྱི་སྒོ་གཅོད་པར། ལམ་དུ་འཇུག་པའི་ཚེ་འཕགས་པའི་ལམ་དུ་འཇུག་པར། གྱེན་ལ་འགྲོ་བའི་ཚེ་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་བདེ་བ་ལ་འགོད་པར། ཐུར་ལ་འབབ་པའི་ཚེ་ངན་སོང་གསུམ་རྒྱུན་གཅོད་པར། །སེམས་ཅན་དང་ཕྲད་པའི་ཚེ་རྫོགས་པའི་སངས་རྒྱས་དང་མཇལ་བར། རྐང་པ་འཇོག་པའི་ཚེ་སེམས་ཅན་གྱི་དོན་ལ་རྟོན་པར། རྐང་པ་འདེགས་པའི་ཚེ་སེམས་ཅན་ཐམས་ཅད་འཁོར་བ་ལས་གདོན་པར། རྒྱན་འོ དང་ལྡན་པར་མཐོང་ན་མཚན་དང་དཔེ་བྱད་ཀྱི་རྒྱན་ཐོབ་པར། རྒྱན་མེད་པ་མཐོང་ན་སྦྱངས་པའི་ཡོན་ཏན་དང་ལྡན་པར། སྣོད་གང་བ་མཐོང་ན་ཡོན་ཏན་གྱིས་གང་བར། སྟོངས་པ་མཐོང་ན་སྐྱོན་གྱིས་སྟོངས་པར། སེམས་ཅན་དགའ་བ་མང་བ་མཐོང་ན་ཆོས་ལ་དགའ་བར། མི་དགའ་བ་མཐོང་ན་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་མི་དགའ་བར། སེམས་ཅན་བདེ་བ་མཐོང་ན་སངས་རྒྱས་ཀྱི་བདེ་བའི་ཡོ་བྱད་


JKT020_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར། སེམས་ཅན་སྡུག་བསྔལ་བ་མཐོང་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱེད་པར། ནད་པ་མཐོང་ན་སེམས་ཅན་ཐམས་ཅད་ནད་ལས་གྲོལ་བར། སེམས་ཅན་ཡིད་དུ་འོང་བ་མཐོང་ན་སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡིད་དུ་འོང་བ་ཐོབ་པར། གཟུགས་མི་སྡུག་པར་མཐོང་ན་སེམས་ཅན་ཐམས་ཅད་མི་དགེ་བའི་བཤེས་གཉེན་ལ་མི་མོས་པར། དྲིན་དུ་གཟོ་བ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔལ་ལ་དྲིན་ལན་ལྡོན་པར། དྲིན་མི་གཟོ་བ་མཐོང་ན་ལྟ་བ་ལོག་པ་ལ་དྲིན་མི་གཟོ་བར། རབ་ཏུ་བྱུང་བ་མཐོང་ན་འཕགས་པའི་ཆོས་ལ་འཇུག་པར། ༈ །དཀའ་བ་སྤྱོད་པ་མཐོང་ན་དམ་པའི་ཆོས་ལ་དཀའ་བ་སྤྱོད་ནུས་པར། གོ་ཆ་གྱོན་པ་མཐོང་ན་དམ་པའི་ཆོས་ཚོལ་བ་ལ་གོ་ཆ་གྱོན་པར། གོ་ཆ་མ་གྱོན་པ་མཐོང་ན་མི་དགེ་བའི་ལས་ལ་གོ་ཆ་མི་གྱོན་པར། རྒོལ་བའི་སེམས་ཅན་མཐོང་ན་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པར། སེམས་ཅན་བསྟོད་པ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པར། གྲོང་ཁྱེར་མཐོང་ན་ཐར་པའི་གྲོང་ཁྱེར་མཐོང་བར། ནགས་ཚལ་མཐོང་ན་ལྷ་དང་བཅས་པའི་བསྟི་གནས་སུ། ཆོས་སྟོན་པ་ན་སངས་རྒྱས་ཀྱི་ཆོས་ལ་སྤོབས་པ་ཟད་མི་ཤེས་པར། ཆུ་ལས་བརྒལ་བའི་ཚེ་འཁོར་བའི་རྒྱ་མཚོ་ལས་


JKT020_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བརྒལ་བར། ཁྲུས་བྱེད་པའི་ཚེ་ལུས་དང་སེམས་དྲི་མ་མེད་པར། ཚད་པ་ཚ་བའི་ཚེ་ཉོན་མོངས་པའི་གདུང་བ་བསིལ་བར། གྲང་བའི་ཚེ་མྱ་ངན་ལས་འདས་པའི་བསིལ་བ་ཐོབ་པར། ཆོས་ཀྱི་གཏམ་བྱེད་པའི་ཚེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར། སངས་རྒྱས་ཀྱི་སྐུ་མཐོང་བའི་ཚེ་སངས་རྒྱས་ཐམས་ཅད་ལྟ་བ་ལ་སྒྲིབ་པ་མེད་པའི་མིག་ཐོབ་པར། མཆོད་རྟེན་མཐོང་བའི་ཚེ་འགྲོ་བ་ཐམས་ཅད་ཀྱི་མཆོད་པའི་རྟེན་དུ། བལྟ་བའི་ཚེ་ལྷ་དང་བཅས་པའི་སེམས་ཅན་ཐམས་ཅད་ཀྱིས་བལྟ་བའི་འོས་སུ། ཕྱག་འཚལ་བའི་ཚེ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤྱི་གཙུག་བལྟར་མི་མཐོང་བ་ཐོབ་པར། སྐོར་བ་བྱེད་པའི་ཚེ་ཐམས་ཅད་མཁྱེན་པའི་དོན་དང་མཐུན་པ་ཐོབ་པར། སངས་རྒྱས་ཀྱི་ཡོན་ཏན་བརྗོད་པའི་ཚེ་ཡོན་ཏན་ཟད་མི་ཤེས་པའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །དེ་བཞིན་དུ་རུང་མཐུན་བརྩིས་ལ། ཚོང་བྱེད་པ་མཐོང་ན་འཕགས་པའི་ནོར་བདུན་ཐོབ་པར། ཞིང་ལ་ཆུ་ལུད་འགྲེམས་པའི་ཚེ་བྱང་ཆུབ་ཀྱི་སེམས་ཀྱི་ལོ་ཏོག་རྒྱས་པར། ས་བོན་འདེབས་པའི་དུས་སུ་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ཐེབས་པར། གླང་དོར་དུ་བསྡེབ་པའི་དུས་སུ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་རྨོས་བྱེད་པའི་ཚེ་ཉོན་མོངས་པའི་ཐ་བ་རློག་པར། ཡུར་མ་འདོན་པའི་ཚེ་ཉོན་མོངས་པའི་ཡུར་མ་འདོན་པར།


JKT020_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བཙས་མ་བརྔ་བའི་དུས་སུ་ཡེ་ཤེས་ཀྱི་ལོ་ཏོག་སྡུད་པར། གཡུལ་བྱེད་པའི་དུས་སུ་སྒྲིབ་པ་བག་ཆགས་དང་བཅས་པ་འདོན་པར། ནས་འཁྲུ་བའི་ཚེ་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར། སྐས་ལ་འཛེག་པའི་ཚེ་ས་བཅུ་རིམ་གྱིས་མཐར་ཕྱིན་པར། ཁང་པར་སླེབ་པའི་དུས་སུ་རྫོགས་པའི་སངས་རྒྱས་ཀྱི་སར་ཕྱིན་པར་གྱུར་ཅིག །ཅེས་བྱ་བ་ལ་སོགས་པ་བྱ་བ་ཅི་བྱེད་པ་ཐམས་ཅད་དེ་དང་ཆ་མཐུན་པར་ཁ་བསྒྱུར་ཤེས་པར་བྱའོ། །འདི་དག་ནི་བློ་དམན་པ་རྣམས་ཀྱིས་གཟུང་སླ་བའི་ཕྱིར་བསྟན་པ་ཡིན་ནོ། །རྒྱས་པར་ནི་སྤྱོད་ཡུལ་ཡོངས་སུ་དག་པ་ཉིད་དུ་བལྟ་བར་བྱའོ། །འདི་ནི་བྱང་ཆུབ་སེམས་དཔའི་སེམས་ཀྱི་ལས་ཡིད་ལ་བྱེད་པའི་སྦྱོར་བ་ཞེས་པ་སྟེ། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། ཞེས་པའི་གདམས་ངག་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང་གཞུང་དེ་ཉིད་ལས། ཆོས་བཞིན་དུ་སྒྲུབ་པ་ལ་གཉིས་ཏེ། སྤྱིར་སྡེ་སྣོད་དང་མཐུན་པར་བྱ་བ་དང་། བྱེ་བྲག་ཏུ་འཕྲལ་གྱི་སྤྱོད་པ་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི། སྤྱོད་པ་འདུལ་བ་དང་མཐུན། སྒོམ་པ་མདོ་སྡེ་དང་མཐུན། བཤད་པ་མངོན་པ་དང་མཐུན། གསང་སྔགས་རྒྱུད་སྡེ་དང་མཐུན་པ་ཅིག་དགོས། དེང་སང་བོད་འདི་ན་སྡེ་སྣོད་གསུམ་དང་མི་མཐུན། རྒྱུད་སྡེ་བཞི་དང་འགལ་བའི་ཆོས་པ་ངོ་མཚར་ཅན་དུ་བྱེད་པ་མང་པོ་


JKT020_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་སྟེ། ངས་ཅི་ཡིན་མ་ཤེས་སོ། །གཉིས་པ་བྱེ་བྲག་ཏུ་འཕྲལ་གྱི་སྤྱོད་པ་ཇི་ལྟར་བསྒྲུབ་པ་ནི། འདུག་པའི་ཚེ་དཀོན་མཆོག་གསུམ་ལ་བརྟེན་པར་བསམ། འགྲོ་བའི་ཚེ་སྤྱིར་དཀོན་མཆོག་གསུམ། ཁྱད་པར་དུ་གར་འགྲོ་བའི་ཕྱོགས་ཀྱི་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་ཅིང་འགྲོ་སྟེ། དབུས་ན་སངས་རྒྱས་རྣམ་པར་སྣང་མཛད། ཤར་ཕྱོགས་ན་མི་འཁྲུགས་པ། ལྷོ་ཕྱོགས་ན་རིན་ཆེན་འབྱུང་ལྡན། ནུབ་ཕྱོགས་ན་སྣང་བ་མཐའ་ཡས། བྱང་ཕྱོགས་ན་དོན་ཡོད་གྲུབ་པ་བཞུགས་པ་རྣམས་ལ་གསོལ་བ་འདེབས་ཤིང་ཕྱིན་པས་གནས་སྐབས་ཀྱི་བར་ཆད་ཞི། བསམ་པ་འགྲུབ། མཐར་ཐུག་སངས་རྒྱས་རྣམས་དང་མཇལ་བ་འཐོབ་བོ། །ཞེས་སོགས་འབྱུང་ངོ་། ༈ །སྲོད་ཀྱི་དུས་སུ་བབ་པ་ན། ཀྱེ་རྡོ་རྗེ་བརྟག་པ་གཉིས་པའི་རྒྱུད་ལས། བགེགས་དང་ལོག་པར་འདྲེན་པ་ལས། །སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་འཛིན་པས་གཏོར་མ་བསྟན། །ཞེས་སོགས་རྒྱུད་སྡེ་རྣམས་ལས་རྒྱ་ཆེར་གསུངས་པ་ལྟར། བར་ཆད་སྲུང་བ་དང་། འགལ་རྐྱེན་ཞི་བ་དང་། དངོས་གྲུབ་དང་ཕྲིན་ལས་མྱུར་དུ་འགྲུབ་པའི་ཕྱིར་རྣལ་འབྱོར་བླ་མེད་ཀྱི་ལྷག་པའི་ལྷ་གང་ཡང་རུང་བའི་བདག་བསྐྱེད་དང་བཅས་ཡི་དམ་དང་ཆོས་སྲུང་གི་གཏོར་བསྔོ་སྐོང་བཤགས་སོགས་རྒྱས་བསྡུས་གང་རུང་རང་རང་གི་གཞུང་ལས་འབྱུང་བ་ལྟར་བྱ་བ་ཡིན་ལ། འདིར་


JKT020_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་མི་ཏྲ་ཛོ་ཀིའི་མན་ངག་ལས་བྱུང་བའི་བླ་མེད་ཀྱི་དཀྱིལ་འཁོར་གཙོ་བསྡུས་ལ་གཏོར་མ་འབུལ་བའི་ཚུལ་ཤིན་ཏུ་བསྡུས་པ་ནི། ཤ་ཆང་གི་དམ་རྫས་དང་བཅས་པའི་གཏོར་མ་ཆང་ཆུ་ནང་མཆོད་ཀྱིས་བྲན་ལ། ཨོཾ་ཨཱབིགྷཱནྟ་ཀྲྀཏ་ཧཱུྃ་ཕཊ་ཀྱིས་བསང་། ཤུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་རླུང་མེའི་སྟེང་དུ་ཀ་པཱ་ལ་པདྨ་ཨཱས་མཚན་པ་དང་བཅས་པའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང་། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ་རྣམས་ཨོཾ་ཡིག་གིས་མཚན་པ། དེའི་སྟེང་དུ་ཟླ་བ་ལ་ཧཱུཾ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པའི་འོད་ཀྱིས་རླུང་གཡོས། མེ་སྦར། རྫས་རྣམས་བསྐོལ། རྡོ་རྗེ་ཧཱུྃ་དང་བཅས་པ་བབས་པས་མ་དག་པའི་དྲི་མ་སྦྱངས། པདྨ་ཨཱདང་བཅས་པའི་འོད་ཟེར་གྱིས་ཉི་མའི་མདོག་ཅན་གྱི་བདུད་རྩིའི་རང་བཞིན་དུ་རྟོགས་པར་བྱས། ཨོཾ་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་བསྣན་པས་དཔག་ཏུ་མེད་པར་སྤེལ་ཞིང་སྦྱར་བར་གྱུར། ཨོཾ་ཨཱཧཱུྃ་མང་དུ་བརྗོད་པས་བརླབ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་པོ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཉི་མའི་གདན་རེ་རེའི་སྟེང་དུ་དབུས་སུ་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ་འཁོར་ལོ་པདྨ། གཡོན་པ་རྣམས་ཀྱིས་དྲིལ་བུ་རིན་


JKT020_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རལ་གྲི་འཛིན་པ། རང་འདྲའི་ཡུམ་རེག་བྱ་རྡོ་རྗེ་མ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། ཞབས་གཉིས་རྡོ་རྗེ་དང་། པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཤར་དུ་ཀྱེ་རྡོ་རྗེ། ལྷོར་དུས་ཀྱི་འཁོར་ལོ། ནུབ་ཏུ་བདེ་མཆོག །བྱང་དུ་མ་ཧཱ་མཱ་ཡཱ། ཤར་ལྷོར་གཤིན་རྗེ་གཤེད་དགྲ་ནག་པོ། ལྷོ་ནུབ་ཏུ་རྡོ་རྗེ་འཇིགས་མཛད། ནུབ་བྱང་དུ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ། བྱང་ཤར་དུ་དཔལ་ཕྱག་ན་རྡོ་རྗེ་རྣམས་སྐད་ཅིག་གིས་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛ༔ དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་རིགས་ལྔ་ཡབ་ཡུམ་གྱིས་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་བླ་མ་དང་གཉིས་སུ་མེད་པའི་སོ་སོའི་རིགས་ཀྱི་བདག་པོས་དབུར་བརྒྱན་པར་གྱུར་པར་བསམ། དེ་ནས་ཐུགས་རྒྱུད་བསྐུལ་བར་དམིགས་ཏེ། ཨོ་ཨཱབཛྲ་དྷིཀ་ཧཱུཾ་ཧཱུཾ། ཨོ་དེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་


JKT020_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ་སྭཱ་ཧཱ། ༀ་ཤྲཱི་ཀ་ལ་ཙཀྲ་ཧཱུྃ་མྲྀ་ཕྲཊ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦྷ་རཾ་སྭཱ་ཧཱ། ཨོ་ཨཱཛཱཧཱིཧཱུཾ། ཨོ་ཧཱིཊྚཝིཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོ་ཧྲིཝིཀྲྀ་ཏ་ན་ན་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུྃ་ཧི༔ ཨོཾ་མ་ཎི་པདྨེ་ཧཱུྃ། དྷ་མ་གྷ་ཡེ་ཧ་རི་ནི་ས་ར་ཙ་ཧཱིཡ་སྭཱ་ཧཱ། ཨོཾ་ནི་ལམྦ་ར་དྷ་ར་བཛྲ་པཱ་ཎི་ཧྲི་ད་ཡ་མ་ཧཱ་ཀྲོ་དྷ་ས་ཏྭ་ཧཱུྃ་ཕཊ། ཅེས་སོ་སོའི་སྙིང་པོ་ཅི་ནུས་བཟླས་མཐར་གཏོར་མ་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་ལྔ་པ་ཨོཾ་གྱིས་མཚན་པའི་འོད་ཀྱིས་གཏོར་མ་དྲངས་ནས་གསོལ་བས་མཉེས་པར་གྱུར་པར་བསམས་ལ། ཨོཾ་ཨཱགུ་རུ་བཛྲ་དྷཱ་ར་ཧཱུྃ་ཧཱུྃ་དང་། གོང་གི་སྔགས་དེ་རྣམས་ཀྱི་མཐར་ཨོ་ཨཱཧཱུྃ་ཞེས་བཏགས་པས་བླ་མ་དང་ཡི་དམ་ལ་དབུལ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨབྷྲཱུྃ་ནས། ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ་གི་བར་གྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །


JKT020_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བསྟོད། བཅོམ་ལྡན་འཁོར་དང་བཅས་པ་རྣམས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་འདོད་དོན་གསོལ། དེ་ནས་རང་གི་ཆོས་སྐྱོང་སོ་སོར་དབུལ། སྤྱི་ཙམ་དུ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་སོགས་པ་བསྟན་པ་སྲུང་བའི་དམ་ཅན་རྒྱ་མཚོའི་ཚོགས་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛས་སྤྲིན་གཏིབས་པ་ལྟར་བྱོན་ནས་གཏོར་མ་གསོལ་བར་བསམས་ལ། ཨོཾ་ཤི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝ་ར་ན་མ་སྶརྦ་ཏ་ཐཱ་ག་ཏེ་བྷོ་བི་ཤྭ་སོགས། ལན་གསུམ་གྱིས་གཏོར་མ་དང་། ཨོ་བཛྲ་ཨགྷཾ་སོགས་ཀྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་རྣམས་དབུལ། རྫུ་འཕྲུལ་སྟོབས་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྲུང་རྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་གསོལ། ཐུན་མོང་དུ་ཕ་རྒྱུད་ཀྱི་ཕྱོགས་སྐྱོང་གཏོར་མ་ཤིན་ཏུ་བསྡུས་པ་ནི། གཏོར་སྣོད་ཀྱི་མཐར་ཕྱོགས་སྐྱོང་བཅུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་འཁོད་པ་རྣམས་སྐད་ཅིག་གིས་འོད་གསལ་དུ་ཞུགས་པ་ལས་དཔལ་གསང་བ་འདུས་པའི་སྐུར་གྱུར། དེ་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་ལྔ་ཨོཾ་གྱིས་མཚན་པའི་


JKT020_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གྱིས་གཏོར་མ་དྲངས་ནས་གསོལ་བར་བསམས་ལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་སརྦ་བྷཱུ་ཏ་ས་པ་རི་ཝཱ་རེ་བྷོ། བ་ལི་ཏཱ་པ་ཡཱ་མི་གྲི་ཧཱི་ཏཱ། སུ་ཁ་སོ་མ་ན་སྱ་ལ་བྷི་ནོ་བྷ་བནྟུ། སྠཱ་ནཾ་ཙ་ནི་རུ་པ་། །དྲ་པཾ་ཀུརྦནྟུ། སརྦ་བུདྡྷ་ཨ་དྷི་ཥྛ་ནེན། ཨོཾ་ཨཱ༔ཧཱུྃ་ཨི་དཾ་ཨ་མྲྀ་ཏ། པིཎྜ་བྷུཀྟ། མ་མ་ས་པ་རི་ཝཱ་ར་སྱ། ཤཱནྟཾ་ཀུཆནྟ་སྭསྟི་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་དང་། ཨོ་བཛྲ་ཨབྷྲཱུྃ་སོགས་ཀྱིས་ཕྱི་མཆོད། ཨོཾ་ཨཱ༔ཧཱུྃ་གིས་ནང་མཆོད་རྣམས་དབུལ། འབྱུང་པོའི་བདག་པོ་འཁོར་བཅས་རྣམས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་གསོལ། མ་རྒྱུད་ཀྱི་མཁའ་འགྲོ་སྤྱི་གཏོར་བསྡུས་པ་ནི། ཕོ། ཨོ་བཛྲ་ཨཱ་རལླི་ཧོ་ཛཧཱུྃ་བཾ་ཧོ༔ བཛྲ་ཌཱ་ཀི་ནྱས་མ་ཡ་་དྲི་ཤྱ་ཧོ༔ ཞེས་དང་། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཛམྦུའི་གླིང་ན་གདོད་ནས་གྲུབ་པའི་དུར་ཁྲོད་བརྒྱད་མདུན་གྱི་ནམ་མཁར་བྱོན་པར་བསམས་ལ། ཨོ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵ་ས། བྷ་ཏ། པྲ་ཏ། པི་ཤཱ་ཙ། ཨུན་ད། ཨ་ས་སྨ་ར། ཌཱ་ཀ །ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལི་གྲི་ཧྥནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུ། ཡ་ཐེ་པཾ། ཡ་ཐེ་ཝཾ། བྷུཉྫ་ཐ། ཛི་གྷ་ཐ། བི་པ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱཏྟ་ཡཱ། སདུ་ཁཾ་བི་ཤུདྡྷེ་ཡེ། ས་ཧཱ་ཡི་ཀ་བྷ་ཝན། ཧཱུཾ་ཧཱུཾ་ཕཊ་ཕྲཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ། ཨོཾ་བཛྲ་པུབྦེ་ཨཱཧཱུྃ་ནས། །


JKT020_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཤབྡའི་བར་གྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་རྣམས་དབུལ། གནས་གསུམ་དཔའ་བོ་མཁའ་འགྲོ་རྣམས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་གསོལ། ཐམས་ཅད་ཐུན་མོང་དུ་ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་བཛྲ་མུ གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རྣམས་རང་ལ་ཐིམ་པར་བསམ། བདག་བསྐྱེད་ལྟར་གནས་གསུམ་དང་སྐྱེ་མཆེད་བསྲུང་བ་སོགས་ཇི་ལྟར་རིགས་པ་དང་། སྤྱི་ཙམ་དུ། ཨོཾ་ཨཱཿཧཱུྃ་གིས་བདག་ཉིད་བསྲུངས་ལ། བསྔོ་སྨོན་ཤིས་བརྗོད་བྱའོ། ༈ །ནུབ་མོ་ཉལ་བའི་ཚེ། འཕགས་པ་ཀླུས། རིག་པའི་བདག་ཉིད་ཉིན་པར་ཐམས་ཅད་དང་། །མཚན་མོ་ནམ་གྱི་སྟོད་སྨད་བཟླས་ནས་ནི། །མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་པར། །དྲན་དང་ལྡན་པས་དེ་དག་བར་དུ་མནོལ། །ཞེས་གསུངས་པ་ལྟར་དྲན་ཤེས་དང་ལྡན་པས་ཁམས་གསོ་བར་བྱ་སྟེ། དེའང་ཐུན་མོང་དུ། ལུས་ཐམས་ཅད་བཏུད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱ་ཞིང་གསོལ་བ་ཡང་ཡང་བཏབ་ནས་ཉལ་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བླ་ན་མེད་པའི་དངོས་གྲུབ་དང་


JKT020_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བདག་ལ་སྩོལ་ཅིག །ཉེ་བར་འཚེ་བ་ཐམས་ཅད་ཀྱང་མེད་པར་མཛད་དུ་གསོལ་ཞེས་པ་དང་། རང་གི་འདོད་ལྷའི་རྣལ་འབྱོར་དང་ལྡན་པས། ན་མོ་བྷ་ག་ཝ་ཏེ་ཨཱརྨ་པྲ་ཛྙཱ་པཱ་ར་མི་ཏ་ཡེ། སརྦ་ཏ་ཐཱ་ག་ཏཱ་པཱ་རི་མི་ཏཱ་པཱུ་རི་ཏ་ཡེ། ཏདྱ་ཐཱ། ཨོཾ་སིདྡྷི་སིདྡྷི། བུདྡྷ་བུདྡྷ། བོ་དྷ་ཡ་བོ་དྷ་ཡ། ཙ་ལ་ཙ་ལ། ཏི་ཥྛ་ཏི་། ཧི་ཀཾ་པ་ཀཾ་པ། བཱ་ར་བཱ་ར། གཙྪགཙྪ། ཨཱ་གཙྪ་ཨཱ་གཙྪ་བྷ་ག་ཝ་ཏི་མ་བི་ལམྦ་སྭཱ་ཧཱ། གཟུངས་འདིས་ལག་པ་གཡས་པ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ། དེའི་སྟེང་དུ་མགོ་བཞག་སྟེ་སེང་གེའི་ཉལ་སྟབས་ཀྱིས་ཉལ། སང་ནངས་པར་སྔ་བར་ལྡངས་ཏེ་དགེ་སྦྱོར་ལ་འཇུག་པར་བགྱིའོ་སྙམ་པ་དང་། རང་དང་སྣང་བ་ཐམས་ཅད་ཉི་མ་ཤར་བ་ལྟ་བུ་གསལ་ལམ་མེ་བའི་ངང་ནས་གཉིད་དུ་འགྲོ་བར་བྱས་ན། ནངས་པར་ལྡང་བ་ཡང་ཞིང་། ཁམས་དྭངས། དགེ་སྦྱོར་ལ་འཇུག་སྤྲོ་བར་འགྱུར་རོ། ༈ །ཁྱད་པར་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་དགོངས་པ། གྲུབ་ཆེན་ཛེ་ཏཱ་རིའི་མན་ངག་སྣང་བ་མཐའ་ཡས་ཀྱི་ཉལ་སྒོམ་ཉམས་སུ་ལེན་པར་འདོད་ན། སྐྱབས་སེམས་ཇི་ལྟར་རིགས་པ་དང་། །ས་ཕྱོགས་ཐམས་ཅད་བདེ་ཅན་ཞིང་། །བཀོད་པ་ཕུན་སུམ་ཚོགས་པའི་དབུས། །རང་ཉིད་འཕགས་པ་སྤྱན་རས་གཟིགས། །མདུན་དུ་པདྨ་ཟླ་བའི་སྟེང་། །སྣང་བ་མཐའ་ཡས་སྐུ་མདོག་དམར། །


JKT020_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །དེ་མཐར་རྩ་བརྒྱུད་བླ་མ་དང་། །སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར། །མངོན་སུམ་བཞིན་དུ་བཞུགས་པར་གྱུར། །ཅེས་གསལ་བཏབ་ལ། ཡིད་ཀྱིས་ཕྱག་གསུམ་བཙལ་ལ་བཟང་སྤྱོད་ལས་བྱུང་བ་སོགས་ཡན་ལག་བདུན་པ་རྒྱས་བསྡུས་གང་རིགས་ཚར་གསུམ་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བདག་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེས་ནས་མྱུར་དུ་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་མཛད་དུ་གསོལ། །ལན་གསུམ་གྱིས་གསོལ་བ་བཏབ་པས་སྡིག་སྒྲིབ་ཐམས་ཅད་དག་པའི་ངེས་ཤེས་བསྐྱེད། ལུས་ལོངས་སྤྱོད་ཉེ་དུ་སོགས་ལ་ཆགས་ཞེན་གཏོང་། ཤི་ནས་བདེ་བ་ཅན་དུ་འགྲོ་བའི་འདུན་པ་དང་སྤྲོ་བ་ཤུགས་དྲག་ཏུ་བསྐྱེད་ལ་འཆི་བས་མི་འཇིགས་པའི་གདེངས་བསྐྱེད། དེ་ནས་དབུགས་ཕྱིར་རྒྱུ་དང་ལྷན་ཅིག་ཏུ། རང་སེམས་རྒྱལ་བའི་ཐུགས་ཀར་ཐིམ། །ནང་དུ་འཇུག་པའི་དུས་ཀྱི་ཚེ། །རྒྱལ་བའི་ཐུགས་ནས་རང་གི་སེམས། །འོད་ཀྱི་རྣམ་པས་སྙིང་གར་ཐིམ། །རྒྱལ་བའི་ཐུགས་དང་རང་གི་


JKT020_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །དབྱེར་མེད་རོ་གཅིག་ངང་དུ་བཞག །ཅེས་བརྗོད་པའམ་དོན་བསམས་ལ་དམིགས་པ་གསལ་ངེས་པ་ལན་གསུམ་སོགས་བྱ། མདུན་གྱི་ཚོགས་ཞིང་འོད་དུ་ཞུ། །སྣང་བ་མཐའ་ཡས་ཉིད་ལ་ཐིམ། །དེ་ཡང་རང་ཐིམ་བདག་ཉིད་ཀྱང་། །འོད་ཞུ་སྤྲོས་བྲལ་དབྱིངས་སུ་ཐིམ། ཞེས་བརྗོད་ཅིང་། སངས་རྒྱས་ཡི་དམ་རང་སེམས་གསུམ་དབྱེར་མེད་དུ་འདྲེས་པའི་ངང་ལ་བཞག །སླར་ཡང་རང་ཉིད་སྐད་ཅིག་གིས། སྣང་བ་མཐའ་ཡས་སྐུ་རུ་གྱུར། ཅེས་དང་། རྒྱས་པར་བཟང་སྤྱོད་སྨོན་ལམ་ཚང་བའམ། མི་ནུས་ན། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་སོགས་སྨོན་ལམ་བཏབ་ནས། བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་བྱེད་པ་དང་མི་འབྲལ་བའི་ངང་ནས་གཉིད་ལོག་པར་བྱའོ། །དེ་ལྟར་མ་ཆག་པར་བསྒོམས་པའི་ཕན་ཡོན་ནི། དེ་ལ་ནད་དང་གདོན་མི་འབྱུང་། །འཆི་བའི་དུས་ན་སྡུག་བསྔལ་མེད། །བར་དོར་ཐུབ་པས་རྗེས་སུ་འཛིན། །ཕྱི་མའི་དུས་ན་ཐར་པ་ཐོབ། །ཅེས་གསུངས་སོ། ༈ །ཐུན་མོང་མ་ཡིན་པ་རྣལ་འབྱོར་བླ་མེད་ཀྱི་ལམ་ལ་བསླབ་པ་དག་གིས། ལྷར་སྣང་སྒྱུ་མ་ལྟ་བུའམ། རིལ་འཛིན་དང་རྗེས་གཞིག་གི་སྒོ་ནས་གཉིད་ཀྱི་འོད་གསལ་ལ་འཇུག་པའི་ཚུལ་སོགས་སོ་སོའི་གདམས་ངག་ལས་འབྱུང་བ་ལྟར་བྱའོ། །ཐོ་རང་ལྡང་བའི་དུས་ལ་བབ་པ་ན། ཐུན་མོང་དུ་ངེས་འབྱུང་ངམ། སྙིང་རྗེ་ཆེན་པོའམ།


JKT020_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་ལྟ་བུའི་ངང་ནས་ལྡང་། ཁྱད་པར་ཉལ་སྒོམ་ལ་བརྩོན་པ་ཡིན་ན་རང་དང་སྣང་བ་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པའི་བཀོད་པར་གསལ་བཞིན་པའི་ངང་ནས་ལྡང་། ཐུན་མོང་མ་ཡིན་པ་སྔགས་བླ་མེད་ཀྱི་རྣལ་འབྱོར་པས་རང་གི་གཞུང་ནས་གསུངས་པ་ལྟར་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་ཞིང་དགེ་སྦྱོར་ལ་འཇུག །རྨི་ལམ་དུ་སྡིག་པ་སྤྱོད་པ་མཐོང་ན་བཤགས་སྡོམ་གྱི་འདུན་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་ཙམ་བྱ། གལ་ཏེ་རྨི་ལམ་ངན་པས་ཡིད་འཁུ་འཕྲིག་ཏུ་གྱུར་ན་བདེན་མེད་དུ་ཤེས་པའི་རྒྱས་འདེབས་པའམ། ལུས་ཚུགས་མ་བཅོས་པར་རིག་སྔགས་ཀྱི་མཐུས། རྨི་ལམ་ངན་པའི་རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་བསྲེགས་པར་བསམས་ལ། ན་མསྶ་མནྟ་བུདྡྷ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛཏི་སརྦ་དུ་ནི་མིཏྟ་དུརསྭཔཱ་ཤཾནྟ་ཀུ་རུ་སྭཱ་ཧཱ། ཞེས་ཉེར་གཅིག་ཙམ་བཟླས་པས་ཞི་བར་བྱའོ། ༈ །བསམ་གཏན་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱ་བ་ནི། ལངས་ཏེ་ཆུ་སྣོད་མདུན་དུ་བཞག །ཨོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷ་སརྦ་དྷརྨཱ་པྲ་ཀྲྀ་ཏི་པ་རི་ཤུདྡྷོཉཧཾ། ཞེས་བྱ་བའི་སྔགས་ཀྱིས་བདག་དང་ཆུ་བྱིན་གྱིས་བརླབས་ལ། བར་དུ་གཅོད་པ་ཐམས་ཅད་བསྲུང་བའི་ཕྱིར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕྲཊ། ཅེས་བྱ་བ་ཡང་ནས་ཡང་དུ་ཟློས་ཤིང་ཁྲུས་བྱས་ལ།


JKT020_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་ཟིན་པ་དང་། ཨོ་སུ་སིདྡྷ་ཀ་ར་སྭཱ་ཧཱ། ཞེས་བྱ་བས་གཙུག་ཕུད་ཡོད་པ་རྣམས་ཀྱིས་གཙུག་ཕུད་འཆིང་བར་བྱའོ། །མགོ་རེག་ཡིན་ན་གཡོན་ནས་བསྐོར་ཞིང་སེ་གོལ་ལན་བདུན་གཏོགས་སོ། །དེ་ནས་རིག་སྔགས་འཆང་གིས་ཉི་མའི་ལོགས་སུ་ཁ་བལྟས་ལ། རྟག་ཏུ་ཆུ་ཁྱོ་རབ་གང་གཏོར་ནས་རྡོ་རྗེ་ཁྲོ་བོ་བདུད་རྩི་འཁྱིལ་བའི་སྔགས་ལན་བདུན་བརྗོད་དེ། བདག་ཆེ་གེ་མོ་ཞེས་བྱ་བས་རིག་སྔགས་ཆེ་གེ་མོ་བསྒྲུབ་ཀྱི། ཁྱོད་ཀྱི་ཡིད་དགའ་བར་གྱིས་ཤིག་ཅེས་བརྗོད་ན་བགེགས་དང་ལོག་འདྲེན་རྣམས་ཀྱིས་མི་ཚུགས་པར་གསུངས་སོ། །གཞན་ཡང་སྡིག་ལྟུང་སྦྱང་བའི་ཕྱིར་ཡི་གེ་བརྒྱ་པའི་སྔགས་བཟླས་པས་ཁྲུས་བྱ་བ་དང་། ཉིན་ཞག་གཅིག་གི་བར་ཆད་བསྲུང་བའི་ཕྱིར་མི་གཡོ་བའི་ཆུ་སྲུང་སོགས་ཀྱང་ཤེས་ཤིང་ནུས་ན་སྐབས་འདིར་བྱ། ཁྱད་པར་རྣལ་འབྱོར་བླ་མེད་ཀྱི་ལམ་ལ་སློབ་པས་ནི། དབང་ལྷ་སྤྱན་དྲངས་ཤིང་དབང་བསྐུར་བར་བསམས་པས་དངོས་སམ་ཡིད་ཀྱིས་ཁྲུས་ཀྱི་བྱ་བ་ཚུལ་བཞིན་དུ་བསྒྲུབ་པ་དང་། ནང་གི་ཁྲུས་བདུད་རྩི་རིལ་བུ་མྱང་བ་སོགས་བྱའོ། ༈ །དེ་ནས་སྔར་ཇི་སྐད་སྨོས་པ་བཞིན། སོ་ཐར་གྱི་ངེས་འབྱུང་། བྱང་ཆུབ་སེམས་དཔའི་སེམས་བསྐྱེད། གསང་སྔགས་བླ་མེད་ཀྱི་བླ་མའི་མོས་གུས་རྣམས་ཀྱིས་ཀུན་ནས་བསླངས་ཏེ། ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་གཞི་གཟུང་། ཡན་། །


JKT020_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བདུན་པའི་ཆོ་ག་དང་འབྲེལ་པར་སྨོན་འཇུག་གི་སྡོམ་པ་བླང་། ཕྱི་དཀྱིལ་ལམ། ལུས་དཀྱིལ་ལ་བརྟེན་པའམ། བླ་མའི་རྣལ་འབྱོར་ཙམ་ལ་བརྟེན་ཀྱང་རུང་སྟེ་དབང་བཞི་བླངས་ཤིང་དབང་དོན་གྱི་ཡེ་ཤེས་བསྐྱང་། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡན་ལག་དང་བཅས་པའི་ལུང་གི་ཆོས་རྣམས་ལ་ཐོས་པ་བྱ་ཞིང་། དེ་རྣམས་ཀྱི་དོན་རང་དང་སྤྱིའི་མཚན་ཉིད་བསམ་བྱུང་གི་རིག་པས་གཏན་ལ་དབབ། གཏན་ལ་ཕེབས་པའི་དོན་སྒོམ་པས་ཉམས་སུ་བླང་བའི་ཕྱིར་ཐུན་གྱི་དངོས་གཞིར་འཕགས་པའི་བདེན་པ་བཞིའམ། རྟེན་འབྲེལ་བཅུ་གཉིས་སམ། བྱང་ཆུབ་ཀྱི་སེམས་གཉིས་སམ། མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་རམ། བསྐྱེད་རྫོགས་ཟབ་མོའི་དོན་ལ་མཉམ་པར་བཞག །ཐུན་མཚམས་རྣམས་སུ་ཇི་སྐད་བཤད་པའི་ཆོས་སྤྱོད་རྣམས་ཅི་ནུས་སུ་སྤྱད་པས་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་བའི་ཐབས་ལ་རྩེ་གཅིག་ཏུ་བརྩོན་པར་བྱ། འབྱོར་པ་ཡོད་ཅིང་བསྒྲུབ་པར་ནུས་ན་བྱ་བ་ལས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཀྱི་རྟེན་དང་། དགེ་འདུན་འདུ་བའི་ཀུན་དགའ་ར་བ་སོགས་བཞེངས་པ་དང་། བླ་མ་དང་དགེ་འདུན་ལ་བསྙེན་བཀུར་བ་སོགས་རང་གཞན་གྱི་རྒྱུད་ལ་ཚོགས་གཉིས་ཡོངས་སུ་སྤེལ་བའི་ཐབས་ལ་མཁས་པར་བྱའོ། ༈ །དེ་ལྟ་བུའི་སྒོ་ནས་རང་རྒྱུད་སྨིན་པས་གདུལ་བྱ་གཞན་རྗེས་སུ་འཛིན་པ་ལ། ཟང་ཟིང་གི་


JKT020_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་རྣམ་པར་དག་པས་གདུལ་བྱ་རྣམས་འཁོར་དུ་བསྡུ། དེ་ལ་ཆོས་ཀྱི་སྦྱིན་པ་སྙན་པར་སྨྲ་བས་ཡིད་དྲང་། དོན་སྤྱོད་པ་སྟེ་ཆོས་བཤད་པའི་དོན་ལྟར་ཐབས་ལ་མཁས་པས་ཉམས་ལེན་ལ་སྦྱར། རང་ཉིད་ཀྱང་ཇི་སྐད་བཤད་པའི་ཆོས་ཀྱི་དོན་དང་མཐུན་པར་སྤྱད་པས་གདུལ་བྱ་གཞན་ཡང་དེ་ལ་གཞུག་པ་སྟེ་བསྡུ་བའི་དངོས་པོ་བཞི་ལ་ཅི་ནུས་ཀྱིས་བརྩོན་པ་དང་། ཁྱད་པར་སྡོམ་བརྩོན་སྡེ་སྣོད་འཛིན་པ་དང་མཁས་པའི་བྱ་བ་ནི་གསུམ་སྟེ། འཆད་པ་དང་། རྩོད་པ་དང་། རྩོམ་པའོ། །དང་པོ་ནི། དམ་པའི་ཆོས་པདྨ་དཀར་པོ་ལས། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་ནས། །སེམས་ཅན་ལྷག་པར་བརྩེ་གྱུར་འགྱུར་རྣམས་ལ། །ཆོས་ཀྱི་གཏམ་མང་སྣ་ཚོགས་ཉེ་བར་སྟོན། ཅེས་གསུངས་པ་ལྟར། གནས་གཙང་ཞིང་ཡིད་དང་མཐུན་པར་ཕྱག་དར་ལེགས་པར་བྱ། དཀོན་མཆོག་གི་རྟེན་ཡོད་ན་དགྲམ། ཅི་འབྱོར་པའི་མཆོད་པ་བཀོད་པས་འཕགས་པར་བཤམ། རང་ཉིད་ཇི་ལྟར་འོས་པའི་ཆོས་ཀྱི་ཁྲི་བཟང་པོར་སྒོ་གསུམ་བསྡམས་ཤིང་དུལ་བ་དང་ཞི་བས་འཁོད་དེ། ཏདྱ་ཐཱ། ཤ་མེ་ཤ་མེ་ཤ་མ་ཝ་ཏི། ཤ་མི་ཏ་ཤ་ཧཱུྃ། ཨངྒཱ་རེ། མངྒཱ་རེ། མཱ་ར་ཛི་ཏེ། ཀ་རོ་ཊེ། ཀེ་ཡུ་རེ། ཏེ་ཛོ་ཝ་ཏི། ཨོ་ལོ་ཡ་ནི། བི་ཤུདྡྷཱ་ནིརྨ་ལེ་སཱ་ལ་པ་ན་ཡེ། ཁུ་ཁུ་རེ། ཁ་ཁ་གྲ་སེ། གྲ་ས་ནེ།


JKT020_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་མུ་ཁི། པ་རཾ་མུ་ཁེ། ཨ་མུ་ཁི། ཤ་མི་ཏཱ་ནི། སརྦ་གྲ་ཧ། བན་ནཱ་ནེ། ནེ་གྲི་ཧ་ཏཱ། སརྦ་སཱ་ར། པྲ་ཝཱ་དི་ན། བི་མུཀྟ་མཱ་ར་པཱ་ཤ སྦ་བི་ཏཱ། བུདྡྷཱ་མུ་དྲ། ཨ་ནུངྒ་ཏི་ཏཱ། སརྦ་མཱ་རེ། པུ་ཙ་རི་ཏ་པ་རི་ཤུདྡྷེ། བི་གཙྪནྟུ། སརྦ་མཱ་ར་ཀརྨ་ཎི། ཞེས་ཤུབ་བུའི་ཚུལ་དུ་ལན་བདུན་བཟླ་སྟེ། འདི་བརྗོད་པས་བདུད་ཀྱི་བར་ཆད་མི་འབྱུང་བ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་སོ། །དེ་ནས་སློབ་མ་རྣམས་འདུས་པ་ན་བསླབ་གྲལ་གྱིས་འཁོད་དེ། ཆོས་འཆད་ཉན་ལ་བར་ཆད་བཟློག་པའི་ཕྱིར་ཤེར་སྙིང་བདུད་ཟློག་དང་བཅས་པའང་ཕྱག་ལེན་དུ་མཛད། ཡན་ལག་བདུན་དང་མཎྜལ་འབུལ་བས་མཚམས་སྦྱར་ཏེ། སློབ་དཔོན་གྱིས་ཟང་ཟིང་མེད་པའི་བྱམས་པ་དང་། འཁོར་བ་ལས་བསྒྲལ་འདོད་ཀྱི་སྙིང་རྗེ་ཆེན་པོས། གང་ཞིག་གསེར་མཆོག་རང་བཞིན་རི་རབ་མནྡཱ་རར་གནས་ལྷར་བཅས་གནོད་སྦྱིན་དང་། གདེངས་ཀ་ནོར་བུའི་འོད་ཀྱིས་ས་འོག་མུན་པ་སེལ་མཛད་ཀླུ་རྣམས་གང་ཡིན་དང་། གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་དང་ལྷ་མིན་མིའམ་ཅི་ཡི་དབང་པོ་དང་། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱས་པ་རྣམས། །སངས་རྒྱས་གསུང་རབ་རབ་ཏུ་


JKT020_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཞིང་བདེ་བའི་རྒྱུར་གྱུར་བ། འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག ། དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱི། །ཉན་པར་འདོད་པ་མཐའ་དག་འདིར་གཤེགས་ཤིག །ཅེས་པས་ལྷ་དང་། ཀླུ་དང་། གནོད་སྦྱིན་སོགས་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་འཁོར་དུ་བསྡུ་བ་དང་། འདི་ལྟར་རྒྱ་ཆེན་ཡོན་ཏན་རིན་ཆེན་གཏེར་གྱུར་པ། །དོན་ཆེན་བྱེད་པ་འདི་ལ་དད་ཅིང་གུས་པ་ཡིས། འདི་ལས་ལྷག་པའི་མཉན་བྱ་གཞན་དག་ཡོད་མིན་པས། །དབང་པོའི་རྟ་འདི་ལེགས་པར་ཐུལ་ལ་ཐུབ་པའི་གསུང་མཉན་གྱིས། །སྟོན་པའི་ཞལ་ནས་ལེགས་པར་གསུངས་པའི་སྐྱེ་བོ་མི་རྣམས་བཀྲ་ཤིས་ཀྱི། །འབྱུང་གནས་སེམས་ལ་ཞོག་ཅིག་གང་ཕྱིར་འདི་ནི་ལུས་ཅན་ཀུན་གྱི་རྣ་བའི་བདུད་རྩི་དང་། །ཉོན་མོངས་པ་ཡི་ནད་ཀུན་སེལ་བར་བྱེད་པ་ཡིན་པས་དེ་དོན་ཡང་དག་བསམ་པར་གྱིས། །རྒྱུ་འདི་རྣམས་ཀྱིས་སངས་རྒྱས་གསུང་དག་ལེགས་པར་རབ་ཏུ་མཉན་པར་བྱ་བར་རིགས། ཞེས་མཉན་པར་གདམས་པ་སྟེ་འདི་དག་ཡོངས་སུ་རྫོགས་པའམ་ཚིགས་བཅད་ཇི་ལྟར་རིགས་པ་བརྗོད། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། ཅེས་སོགས་བརྗོད་པའམ་དོན་ཡིད་ལ་བསམས་ཏེ། ཐོག་མ་ཁོ་ནར་ངེས་


JKT020_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་དང་། བྱང་ཆུབ་སེམས་ཀྱི་གཏམ་གྱིས་ཀུན་སློང་འཆོས། ཆོས་ཉན་པའི་སྣོད་ཀྱི་སྐྱོན་གསུམ་དང་དྲི་མ་དྲུག་སྤངས་ཤིང་འདུ་ཤེས་བཞི་བསྟེན་པ་སོགས་ཀུན་སྤྱོད་གསལ་བཏབ་ལ། ལུང་བཀླག་པ་དང་། བཤད་པ་བྱ་བ་དང་། ཁྲིད་དབོག་པ་སོགས་ལ་འཇུག །བཤད་པ་དང་ཁྲིད་སོགས་ཀྱི་སྐབས་སློབ་མའི་སྣོད་དང་འཚམས་པར། ཤེས་རབ་ཆེ་བ་རྣམས་ལ་ཚིག་བརླིང་ཞིང་སྦྲེལ་ལེགས་པ་དང་། དོན་ཟབ་ཅིང་རྒྱ་ཆེ་བར་བཤད། བློ་དམན་པ་རྣམས་ལ་ཚིག་གཟུང་སླ་ཞིང་གོ་བདེ་བ་དང་། དོན་རྟོགས་སླ་ཞིང་རྣ་བར་སྙན་པར་བཤད། དེ་དག་གང་ཡིན་ཀྱང་མདོ་རྒྱུད་བསྟན་བཅོས་དང་མཐུན་པའི་ལུང་གིས་གཞི་བཟུང་། སྒྲ་ཚད་དངོས་སྟོབས་དང་མཐུན་པར་ལུང་དོན་རིག་པས་བསྒྲུབ། མདོ་རྒྱུད་བསྟན་བཅོས་དང་མི་འགལ་བའི་རྗེས་སུ་གདམས་པས་གཞུང་ཉམས་ལེན་དུ་འདྲིལ་བ་དང་། ཉམས་ལེན་གཞུང་དང་མི་འགལ་བར་མདོར་བསྟན། རྒྱས་བཤད། དོན་བསྡུའི་ཚུལ་གྱིས་ལེགས་པར་བཤད། ཁྱད་པར་གཞུང་བཤད་པའི་སྐབས་སུ་ཚིག་དོན་མཐའ་ཆོད་པ་དང་། ཁྲིད་ཀྱི་སྐབས་སུ་བསྒོམ་དོན་དམིགས་པ་གནད་དུ་འདྲིལ་བར་བཤད་དོ། །མཇུག་ཏུ་འཕགས་པ་ཐོགས་མེད་ཀྱི་གསུང་རབ་ལས་བྱུང་བ་ཆོས་བཤད་པའི་བསྔོ་བ། ཐེག་མཆོག་དམ་ཆོས་རིན་ཆེན་བཤད་འདི་ལས། །བདག་གིས་བསོད་ནམས་མཐའ་ཡས་གང་ཐོབ་པ། །


JKT020_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་འགྲོ་ཀུན་ཐེག་མཆོག་དམ་པའི་ཆོས། །རིན་ཆེན་དྲི་མ་མེད་པའི་སྣོད་གྱུར་ཅིག །བདུད་ཀྱི་སྡེ་དང་མུ་སྟེགས་གཞུང་ཀུན་དང་། །ཆོས་ལྟར་བཅོས་པའི་མུན་སྤྲུལ་དུ་མ་དང་། །གཞན་ཡང་འགྲོ་བའི་ཉེ་བར་འཚེ་བ་རྣམས། །བདག་གི་སྟོབས་ཀྱིས་རྩད་ནས་འཇོམས་གྱུར་ཅིག །ཅེས་པ་ལ་སོགས་པས་མཚོན་ཏེ་བསྔོ་སྨོན་རྒྱས་པར་བྱའོ། ༈ །བྱེ་བྲག་ཏུ་རྡོ་རྗེ་ཐེག་པ་བླ་མེད་ཀྱི་རྒྱུད་སྡེ་རིན་པོ་ཆེའི་འཆད་ཉན་སྤྱི་དང་། ཟབ་ཁྲིད་སྟོན་པའི་དུས་སུ། སློབ་མ་རྣམས་འདུས་ནས་དཔོན་སློབ་ཐུན་མོང་དུ་རྒྱུད་སྦྱང་བའི་ཕྱིར་ཡི་གེ་བརྒྱ་བ་བཟླ་ཞིང་བཤགས་སྡོམ་བྱ་བ་དང་། བྱིན་རླབས་འཇུག་པའི་ཕྱིར་རྩ་བརྒྱུད་ཀྱི་བླ་མ་ལ་གསོལ་བ་གདབ་པ་དང་། ཤེས་ཤིང་ནུས་ན་སྲུང་བའི་འཁོར་ལོ་གསལ་གདབ་པ་དང་། སློབ་མ་རྣམས་ཀྱིས་མཎྜལ་དབུལ་ཞིང་། སློབ་དཔོན་གྱིས་བར་ཆད་ཞི་བའི་ཕྱིར་ཡི་དམ་དང་ཆོས་སྐྱོང་ལ་གཏོར་མ་འབུལ་བ་རྣམས་ཕྱག་ལེན་དུ་མཛད་ཅིང་། ས་ཕྱོགས་དང་གནས་ཁང་དག་པའི་ཞིང་དང་གཞལ་མེད་ཁང་། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ། སློབ་མ་རྣམས་འཁོར་གྱི་རྣམ་པར་གསལ་བཏབ་སྟེ། རྡོ་རྗེ་མི་ཤིགས་པའི་ཆོས་ཀྱི་སྒྲ་གདངས་རྒྱུན་མི་འཆད་པར་དུས་རྟག་ཏུ་འབྱུང་བ་སོགས། འོག་མིན་ཆེན་པོར་སྟོན་པ་རྡོ་རྗེ་འཆང་གིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་པ་ལམ་དུ་བྱས་ནས་འཆད་ཉན་ལ་འཇུག །


JKT020_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བསྔོ་སྨོན་སོགས་སྐབས་དང་མཐུན་པར་བྱའོ། ༈ །གཉིས་པ་ནི། བསྟན་པ་རྣམ་པར་དག་པའི་ཕྱིར་ཕྱིར་རྒོལ་དཔང་པོ་སོགས་མངོན་དུ་འདུས་པ་ན། གཞལ་བྱ་མངོན་སུམ། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་གསུམ་ལ། འཇལ་བྱེད་མངོན་སུམ། རྗེས་དཔག །ལུང་ཚད་མ་གསུམ་གྱིས་ལེགས་པར་གཞལ་ཏེ། དེའི་གྲུབ་འབྲས་རང་ཕྱོགས་སྒྲུབ་པ་དང་། གཞན་ཕྱོགས་སུན་འབྱིན་པ་དང་། རང་གིས་ཁས་བླངས་པའི་རྟགས་ཀྱི་ཚེར་མ་དབྱུང་བ་ལ་མཁས་པའི་རྩོད་པས་བསྟན་པ་ལ་བྱ་བ་སྒྲུབ་པ་ཉིད་དོ། ༈ །གསུམ་པ་ནི། གང་བརྩམ་པར་བྱ་བའི་གཞུང་དེ་བརྒྱུད་ལྡན་གྱི་བླ་མ་ལས་ཐོས་ཤིང་རང་ཉིད་ཀྱིས་ཚིག་དོན་གཉིས་ཀར་དཔྱིས་ཕྱིན་པའི་དཔྱད་པ་ཡོངས་སུ་རྫོགས་པ་ན། བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཤིས་བརྗོད་དང་ཕྱག་བྱ་བས་ཐོག་དྲངས། དགོས་དོན་གྱིས་སྤྲོ་བ་བསྐྱེད། བསྡུས་དོན་གྱིས་གཞི་གཟུང་། ཚིག་དོན་གྱིས་རྒྱས་པར་བཤད། སྔ་ཕྱིའི་འབྲེལ་གྱིས་མཚམས་སྦྱར། རྒོལ་བ་དངོས་སུ་ཡོད་པའམ། དགོས་པ་ཁོངས་ནས་བསུས་ཏེ་དཀའ་བའི་གནས་རྣམས་བརྒལ་ལན་གྱིས་ཀྱང་གཏན་ལ་དབབ། བསྔོ་སྨོན་ཤིས་བརྗོད་སྦྱར་བྱང་གིས་མཇུག་བསྡུ། སྒྲུབ་ཐབས་དང་མན་ངག་ལྟ་བུ་གཞུང་ཕྲ་མོ་ཞིག་ཡིན་ནའང་། མཆོད་བརྗོད་ཀྱིས་ཐོག་དྲངས། བཤད་བྱ་དངོས་ས་བཅད་དང་བཤད་པ་སྤེལ་


JKT020_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དོན་གོ་སླ་ཞིང་ལག་ཏུ་བླང་བདེ་བར་བྱ། མཇུག་བསྔོ་སྨོན་སྦྱར་བྱང་སོགས་ཇི་ལྟར་རིགས་པས་བརྒྱན་ཏེ་བརྩམ་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་ལེགས་པར་བཤད་པའི་དགའ་སྟོན་ལ་བརྟེན། བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་འཚོ་ཞིང་གཞེས་པའི་ཐབས་ཚུལ་ལྷུར་བླངས་པས། འཇིག་རྟེན་ན་ཕན་པ་དང་བདེ་བའི་དགེ་མཚན་དུས་རྟག་ཏུ་རྒྱས་པར་འགྱུར་བ་ཡིན་ནོ། །དེ་ལྟར་དུས་དང་རྒྱུན་གྱི་ཆོས་སྤྱོད་རྒྱས་འབྲིང་བསྡུས་པ་དང་། སྙིང་པོ་མདོར་བསྡུས་པའི་ཚུལ་ཇི་ལྟར་རིགས་པ་བར་མ་ཆད་དུ་ཉམས་སུ་བླངས་པས་ཐབས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་འཕེལ་ཞིང་། དེ་ལ་བརྟེན་ནས་ཐབས་བྱུང་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ་མྱུར་དུ་སྐུ་གཉིས་ཟུང་དུ་འཇུག་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་གོ་འཕང་ཆེན་པོ་ལ་དབང་བསྒྱུར་ཏེ་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པར་འགྱུར་རོ། །ཆོས་བཞིན་སྤྱོད་ཚུལ་མཛེས་པའི་རྒྱན། །ནོར་བུའི་སྙིང་པོ་ལ་བརྟེན་ནས། །འགྲོ་ཀུན་ཚོགས་གཉིས་འབྱོར་པ་དང་། །ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་ཚད་མར་གྱུར་པའི་མདོ་རྒྱུད་དང་འཕགས་བོད་ཀྱི་གཞུང་མང་པོ་ལས་ཉེར་མཁོ་ཅུང་ཟད་ཙམ་བཏུས་པ་འདིའང་། བྱ་བྲལ་མཉྫགྷོ་ཥས་བྲིས་པ་དགེ། །།

ཀུན་རིག་ལ་བརྟེན་པའི་རབ་ཏུ་གནས་པ་འབྲིང་པོའི་ཆོ་ག་ཕྲིན་ལས་རབ་ཏུ་རྒྱས་བྱེད།


JKT020_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཀུན་རིག་ལ་བརྟེན་པའི་རབ་ཏུ་གནས་པ་འབྲིང་པོའི་ཆོ་ག་ཕྲིན་ལས་རབ་ཏུ་རྒྱས་བྱེད་ཅེས་བྱ་བ་བཞུགས་སོ།། །།


JKT020_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདིར་རབ་ཏུ་གནས་པ་འབྲིང་དུ་བྱ་བའི་ཆོ་ག་ནི། ལོ་ཆེན་གྱི་སྡོམ་ལས། ལེགས་བཤམས་བདག་བསྐྱེད་བུམ་པ་བཟླས། །རྟེན་སྦྱངས་བཀྲུ་ཞིང་ཕྱི་བ་དང་། །རིང་བསྲེལ་གཞུག་ཅིང་གསོལ་བ་གདབ། །རྟེན་བསྐྱེད་སྤྱན་དྲངས་དགུག་རྒྱས་བཏབ། །དབང་བསྐུར་མཆོད་བསྟོད་སྤྱན་དབྱེ་བྱ། །གསོལ་བཏབ་མངའ་དབུལ་རྒྱས་པར་བྱ། །དེ་ཡང་མཆོད་བསྟོད་བྱེ་བྲག་དང་། །སྦྱིན་སྲེག་སྔགས་ཏེ་དངོས་གཞིའོ། །ཞེས་གསུངས་པ་ལྟར། དང་པོ་ལེགས་བཤམས་ནི། གོ་སླ་ཞིང་། གཉིས་པ་བདག་བསྐྱེད་ནི། མཆོད་པ་བྱིན་རླབས་ནས། ཐམས་ཅད་རྡོ་རྗེའི་བདག་ཉིད་གཙང་གི་བར་གཞན་ཕན་མཐའ་ཡས་ལྟར་བྱའོ། །གསུམ་པ་


JKT020_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་བཟླས་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ། ཧཱུྃ་ལས་རིན་པོ་ཆེའི་བུམ་པ་གཉིས་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་བ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་རྣམ་རྒྱལ་བུམ་པའི་ཆུའི་དབུས་སུ་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རབ་ཏུ་


JKT020_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པའི་སྤྱན་གདངས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་དྲིལ་བུ་ཁ་དཀུར་བསྟེན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ལས་ཐམས་ཅད་ཀྱི་བུམ་པའི་ནང་དུ་ཏཱཾ་ལས་རྡོ་རྗེ་གནོད་སྦྱིན་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཀྱིས་ཞལ་གྱི་གཡས་གཡོན་གྱི་ཐད་ཀར་མཆེ་བ་འཛིན་པ། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་གནོད་སྦྱིན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛ༔ མ་ལུས་སེམས་ཅན་ནས། ཡོངས་དག་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཛཧཱུྃ་བཾ་ཧོ༔ བྷ་ག་ཝཱན་ཨེ་ཧྱ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ་ས་མ་ཡ་ཙཱ། ཨགྷཾ་ནས་ཤབྡའི་བར་བརྗོད། ཨོཾ་བཛྲ་ཨངྐུ་ཤ་སོགས་དང་། ཤྲཱི་ཏ་སོགས་དང་བུདྡྷ་ཨ་དྷི་སོགས་དང་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷྲཱུྃ་སོགས། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །སོགས་ཤློ་ཀ་གཅིག །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ་སོགས་ཤློ་ཀ་གཅིག །རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་སོགས། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་ཡཀྵ་ཧཱུྃ་བརྒྱ་རྩ་རེ། ཨོཾ་སརྦ་ཏ་།


JKT020_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ཞེས་སོགས་ཉེར་གཅིག །མཆོད་བསྟོད་གོང་ལྟར་བརྗོད་ནས། ཡེ་ཤེས་པ་གཤེགས་སུ་གསོལ་ཀུན་རིག་ལྟར་བྱའོ། །དེ་ནས་ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་སོ་སོའི་རྫས་ཀྱིས་ཡོངས་སུ་གང་བར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་སྣ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡཱ་ཧཱུཾ། ཏྲི་མ་དྷུ་སྣ་ན༴ ས་ལ༴ ཕ་ལ༴ བྲུ་ཧཱི༴ ལཛྫ༴ ཨོ་ཥ་དྷི༔ མ་ཎི རྣམ་རྒྱལ་མའི་གཟུངས་དང་། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ནང་རྫས་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་སོ་སོའི་བུམ་པ་རྟེན་གྱི་དྲི་མ་སྦྱོང་བའི་ནུས་པ་དང་ལྡན་པར་གྱུར། བཞི་པ་རྟེན་སྦྱང་བ་ནི། ཨོཾ་སརྦ་བིགྷཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷོ་སོགས་ལན་གསུམ། དེང་འདིར་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བྱེད་པ་ལ་མི་མཐུན་པའི་བགེགས་རིགས་གང་ཡིན་པ་དེ་དག་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ཤིག །ཨོཾ་སུམྦྷ་སོགས་ལན་གསུམ། དེང་འདིར་ནས། དེ་དག་ཐམས་ཅད་གཏོར་མ་ལམ་བརྔན།


JKT020_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ལོ་ལམ་སྒྲོན། ཆང་བུ་ལམ་བརྒྱགས་ཀྱི་ཚུལ་དུ་ཁྱེར་ལ་ས་ཡི་ཕྱོགས་འདིར་མ་གནས་པར་གཞན་དུ་སོངས་ཤིག །རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོ་མེ་ལྟར་འབར་བ་ལ་ཞེས་པ་ནས། བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད་ཀྱི་བར། ན་མོ། །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི་བདེན་པ༴ དགེ་འདུན་གྱི་བདེན གསང་སྔགས་དང་རིགས་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱི༴ བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་སོགས་ཀྱིས་བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། དེང་འདིར་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བྱེད་པ་ལ་མི་མཐུན་པའི་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་ལ་རྒྱུད་སྡེ་དང་མཐུན་པའི་སྦྱོང་བ་རྣམ་པར་དག་པར་བྱས་ཟིན་པས། །དེས་མགུ་བར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོངས་ཤིག །གང་དག་མི་འགྲོ་བ་དེ་དག་ཐམས་ཅད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་བ་བརྒྱར་འགས་པར་བྱའོ། །ཨོཾ་སུམྦྷ་སོགས་བརྗོད། ལན་གསུམ་གྱི་མཐར། བདག་དང་ཡོན་


JKT020_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཡི་གེ་ཀཾ་ནག་པོའི་རྣམ་པས་སྙིང་ག་ནས་ཐོན། སྡིག་པ་རྭ་ཅན་གྱི་རྣམ་པས་མདུན་གྱི་ཏིལ་ལ་ཐིམ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷ་སྨིན་ཀུ་རུ་སྭཱ་ཧཱ། ལྔ་པ་བཀྲུ་ཞིང་ཕྱི་བ་ནི། རྟེན་རྙིང་པ་རྣམས་ལ། ཇི་ལྟར་བལྟམས་པ་སོགས་དང་། འདི་ནི་ཁྲུས་མཆོག་དཔལ་དང་སོགས་དང་། དེ་བཞིན་གཤེགས་པ་རྣམས་དང་སོགས། དེ་དག་སྐུ་ལ་སོགས། ཨོ་ཧཱུྃ་ཧཱུྃ་ཧཱུྃཨཱཋཀཱ་ཡ་སོགས་བརྗོད། རྟེན་གསར་པ། ཇི་ལྟར་བལྟམས་པ་སོགས་དང་། གནྡྷེ་སྣ་ན༔ རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །འགྲོ་བའི་ལུས་སེམས་སྡུག་བསྔལ་སྦྱང་སླད་དུ། །ཆུ་གཙང་སྨན་སྤོས་འདག་ཆལ་འདིས་བཀྲུས་པས། བདག་ཅག་དམ་པའི་སྐུ་མཆོག་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ལན་གསུམ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན་སོགས་དང་། དྲི་མ་དྷ༔ རྒྱལ་བའི་སྐུ་ལ༴ ཀཱ་ཡ་བི་ཤོ་དྷ་ནི༔ ལན་གསུམ། འདི་ནི་སྦྱིན་པའི་སོགས། མ་ལ༴ རྒྱལ་བའི་སྐུ་ལ༴ ཀཱ་ཡ་བི་ཤོ་དྷ་ནི༔ འདི་ནི་ཚུལ་ཁྲིམས༴ ཕ་ལ༴ རྒྱལ་བའི་སྐུ་ལ་ཀཱ་ཡ༔ འདི་ནི་བཟོད་པའི༴ བྲུ་ཧི༔ རྒྱལ་བའི་སྐུ་ལ༔ ཀཱ་ཡ༔ འདི་ནི་བརྩོན་འགྲུས༴ ལཛྫ༴ རྒྱལ་བའི་སྐུ་ལ༴ ཀཱ་ཡཟ འདི་ནི་བསམ་གཏན༴ ཨོ་ཥ་དྷི༔ རྒྱལ་བའི་སྐུ་ལ༴ ཀཱ་ཡ༴ འདི་ནི་ཤེས་


JKT020_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

རབ༴ མ་ཎི་སྣ་ན༴ རྒྱལ་བའི་སྐུ་ལ་སོགས། ཀཱ་ཡ༔ དེ་དག་སྐུ་ལ་སོགས། ཨོ་ཧཱུྃ་ཧཱུྃ་ཧྲཱིཿ ཨཱཿ ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། ཆུ་བོ་དྲུག་གི་ཁྲུས་བྱས་པས། སོགས་ནས། དད་པས་བདག་གིས་ཁྲུས་བགྱིའོ། །ཞེས་པའི་བར། གང་ལ་སེར་སྣ་རྣམས་ཆགས་ཞེས་པ་ནས། ཁྱེད་ཅག་སྡིག་པར་མ་གྱུར་ཅིག་ཅེས་པའི་བར་དང་། དེ་ནས་ཇི་ལྟར་བལྟམས་པ་སོགས་དང་། དེ་བཞིན་གཤེགས་པ་རྣམས་དང་སོགས། དེ་དག་སྐུ་ལ་མཚུངས་པ་མེད་པའི་སོགས་སྐུ་ཕྱིའོ། །དྲུག་པ་རིང་བསྲེལ་གཞུག་པ་ནི། རྟེན་ལ་གཟུངས་ཐག་བཏགས་ལ། ཨོཾ་སརྦ་བིད་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་དང་། སྡིག་པ་ཅི་ཡང་མི་བྱ་ཞེས་སོགས་བརྗོད། དྲུག་པ་གསོལ་བ་གདབ་པ་ནི། སློབ་དཔོན་བཞེངས་ཏེ་ལག་ཏུ་མེ་ཏོག་བཟུང་ལ། ༈ གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ། རྒྱུ་དང་འབྲས་བུའི་དགོས་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་སངས་རྒྱས་བཅོམ་ལྡན་འདས་འདི་དག་གི་རབ་ཏུ་གནས་པར་བགྱིའོ། ༈ གང་འདིར་


JKT020_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཡང་དག་པར་ལྡན་པ་དང་། སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་བཞི་དང་། ཐུགས་རྗེ་ཆེན་པོ་ལ་སོགས་པ་མདོར་ན་སློབ་པ་དང་མི་སློབ་པའི་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་དང་ཡང་དག་པར་ལྡན་པ། དེའི་སྐྱོན་གྱི་ཉེས་པ་ཐམས་ཅད་དང་བྲལ་ཞིང་། བདེ་བར་གཤེགས་པའི་ཡོན་ཏན་གྱི་ཆོས་ཚད་མེད་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་འདི་དག་གི་རབ་ཏུ་གནས་པར་བགྱིའོ། ༈ གང་འདིར་བཅོམ་ལྡན་འདས་ཀྱི་བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་དང་ཡང་དག་པར་ལྡན་པ། ཆོ་འཕྲུལ་གསུམ་དང་། ཏིང་ངེ་འཛིན་གསུམ་དང་། བསླབ་པ་གསུམ་དང་། ཚངས་པའི་གནས་བཞི་དང་། བསམ་གཏན་བཞི་དང་། འཕགས་པའི་བདེན་པ་བཞི་དང་ཡང་དག་པར་ལྡན་པས་དེའི་ཡོན་ཏན་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་། ཤེས་བྱའི་ཡུལ་ཐམས་ཅད་ལ་མངའ་བརྙེས་ནས། ཉོན་མོངས་པ་མ་ལུས་པ་ལ་སོགས་པ་རྣམས་སྤངས་པ་དང་། བདུད་བཞི་ལས་རབ་ཏུ་རྒྱལ་བའི་སངས་རྒྱས་བཅོམ་ལྡན་འདས་འདི་དག་གི་རབ་ཏུ་གནས་པར་བགྱིའོ། ༈ གང་འདིར་བཅོམ་ལྡན་འདས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར


JKT020_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡང་དག་པར་བརྒྱན་པ་དང་། སྐུ་བལྟ་བས་ཆོག་མི་ཤེས་པ་དང་། མཐོང་ན་མི་མཐུན་པ་མེད་པ་སྟེ། དེའི་གཟུགས་ཀྱི་སྐུའི་འབྱོར་པ་མཐར་ཐུག་པའི་འགྲོ་བ་མ་ལུས་པའི་རྩ་ལག་ཏུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་འདི་དག་གི་རབ་ཏུ་གནས་པར་བགྱིའོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏ་ཡ། ཨདྷ་ཏེ་སམྱཀྑཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། དེ་ནས་ཙོག་པུར་འདུག་ལ། ༈ ངོ་མཚར་ཆེན་པོ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་མཆོག་གསུམ་གྱི་རྟེན་རབ་ཏུ་གནས་པར་བགྱི་བ་ལ་དེའི་མཐུས། བདག་གི་སེམས་ཅན་ཐམས་ཅད་ཀྱི་དབུགས་དབྱུང་བར་བགྱིའོ། །འཁོར་བའི་གཅོང་རོང་ཆེན་པོ་ལས་བསྒྲལ་བར་བགྱིའོ། །ཕ་རོལ་གྱི་རྒོལ་བ་དང་བདུད་དང་ལོག་འདྲེན་ཐམས་ཅད་ཕམ་པར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པའི་རྟོག་པ་ཐམས་ཅད་བསལ་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་ང་རྒྱལ་གྱི་རི་བོ་བསྙིལ་བར་


JKT020_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྐྱེ་བའི་ལྗོན་ཤིང་རྩད་ནས་བཅད་དོ། །འཆི་བདག་གི་ཉི་མ་ཕྱེ་མར་བརླག་གོ། མ་རིག་པའི་མུན་པ་བསལ་བར་བགྱིའོ། །མ་དད་པ་དང་། ཕྱིར་རྒོལ་བ་དང་། ལྟ་བ་ཕྱིན་ཅི་ལོག་པ་དག་ཡང་དག་པའི་ལྟ་བ་ལ་གཟུད་ཅིང་བསྒྱུར་རོ། །ལས་ཀྱི་ཆུ་བོ་བཟློག་པར་བགྱིའོ། །སྲིད་པའི་རྒྱ་མཚོ་སྐེམ་པར་བགྱིའོ། །ཆོས་ཀྱི་སྒྲོན་མེ་སྦར་བར་བགྱིའོ། །བྱང་ཆུབ་ཀྱི་ལམ་བསྟེན་པར་བགྱིའོ། །བཟོད་པ་དང་དེས་པ་ལ་གཟུད་དོ། །བསམ་གཏན་གྱི་བདེ་བ་ལ་རྩེར་བཙལ་ཏོ། །འདོད་ཆགས་ཀྱི་མེ་དཔུང་གཞོམ་པར་བགྱིའོ། །ཞེ་སྡང་གི་མཚོན་རྩེ་རྣོན་པོ་གཞོམ་པར་བགྱིའོ། །བདེན་པ་ལ་གཟུད་དོ། །ཕྲག་དོག་གི་འཚུབ་མ་ཞི་བར་བགྱིའོ། །སེར་སྣའི་མདུད་པ་དགྲོལ་བར་བགྱིའོ། །འཇིགས་པ་མ་མཆིས་པ་དང་། བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པར་བགྱིའོ། །དེ་བས་ན་བདག་ལ་ལས་ཀྱི་དངོས་གྲུབ་ཀྱི་མཆོག་གནང་བར་མཛད་དུ་གསོལ། །བརྒྱད་པ་རྟེན་བསྐྱེད་པ་ནི། ཡཀྵས་བསང་། འདི་ནས་སློབ་དཔོན་གྱིས་བསྐུལ། མཆན། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ལྷ་ཁང་དང་མཆོད་རྟེན་རྣམས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ལས་འཁོར་ལོ་ཨོ་ཡིག་གིས་མཚན་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །


JKT020_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་སྐུ་ཅན་དུ་གྱུར། དེ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་ཁང་དང་ཆོས་སྐུའི་མཆོད་རྟེན་ཚད་དང་མཚན་ཉིད་རྒྱན་ལ་སོགས་པ་ཡོངས་སུ་རྫོགས་པར་གྱུར་པའི་གཞལ་ཡས་ཁང་དང་། བུམ་པའི་ནང་གི་དབུས་སུ་སེང་གེའི་ཁྲི། ཤར་དུ་གླང་པོ་ཆེའི་ཁྲི། ལྷོར་རྟའི་ཁྲི། ནུབ་ཏུ་རྨ་བྱའི་ཁྲི། བྱང་དུ་མཁའ་ལྡིང་རྣམས་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། དབུས་སུ་ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཤར་དུ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན། གཡོན་མཉམ་བཞག །ལྷོར་ཧཱུྃ་ལས་རིན་ཆེན་འབྱུང་ལྡན་སེར་པོ་གཡས་མཆོག་སྦྱིན། གཡོན་མཉམ་བཞག །ནུབ་ཏུ་ཧྲིལས་འོད་དཔག་མེད་མཉམ་བཞག །བྱང་དུ་ཨཱལས་དོན་ཡོད་གྲུབ་པ་ལྗང་གུ་གཡས་སྐྱབས་སྦྱིན། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་མཐའ་བསྐོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་བཅས་པ། སྐུ་རྟེན་རྣམས་སྟོང་པའི་ངང་ལས་སེང་གེས་བརྟེགས་པའི་རིན་པོ་ཆེའི་ཁྲི་ལ་གནས་པའི་པདྨ་དང་ཟླ་བའི་སྟེང་དུ་ཨོཾ་ཨཱཧཱུྃ་ལས་


JKT020_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་དར་དང་རིན་པོ་ཆེས་བརྒྱན་ཅིང་། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། གསུང་རྟེན་རྣམས་སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་ལས་པདྨ་ཧཱིས་མཚན་པ་ལས་འོད་དཔག་མེད་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན། དར་དང་རིན་པོ་ཆེས་བརྒྱན་ཅིང་། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཐུགས་ཕྱག་མཚན་གྱི་རྟེན་རྣམས་སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞེས་བསྐྱེད། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དགུ་པ་ཡེ་ཤེས་པ་སྤྱན་དྲངས་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། འོག་མིན་ནས་ཡེ་ཤེས་ཀྱི་འཁོར་ལོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛ༔ མ་ལུས་སེམས་ཅན་ནས། མཆོག་རྣམས་ལེགས་པར་སྩལ་དུ་གསོལ་གྱི་བར། ཛཧཱུྃ་བཾ་ཧོ༔བྷ་ག་ཝཱན་ཨེ་ཧེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲི་བྱ་ཧོ་ས་མ་ཡ་ཧཱུཾ། ཡེ་ཤེས་སེམས་དཔའི་ཕྱི་བཞིན་དུ་འབྲངས་ཏེ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་


JKT020_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟེན་རབ་ཏུ་གནས་པར་བྱེད་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་འདིར་མ་གནས་པར་གཞན་དུ་སོང་ཞིག །བཛྲ་སཏཱ་ཀྲོ་དྷ་སོགས་བརྗོད། བཅོམ་ལྡན་འདིར་ནི་བྱོན་པ་ལེགས་ནས། པདྨ་ཀ་མ་ལཱ་ཡ་སྭཱ་གྱི་བར། ལྷ་ལ་སོགས་པ་དྲི་ཡི་རྫས་ཞེས་སོགས་ཤྭ་ལོ་ཀ་ལྔ་སྔགས་དང་བཅས་པ་དང་། དེ་ལས་གཞན་ཡང་མཆོད་པའི་ཚོགས་ཞེས་དགོས་དང་། ཤརྡ་པྲ་ཏིཙྪ་སོགས་རོལ་མོ་དང་བཅས་པས་མཆོད། ཨོཾ་བཛྲ་ཨངྐུ་ཤ་ཛསོགས་དང་། ཛཧཱུྃ་བཾ་ཧོམང་དུ་བརྗོད། སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་ཨོཾ་བཛྲ་ས་མཱ་ཛ༔ འདི་ལྟར་སངས་རྒྱས་ཐམས་ཅད་ཀྱིས། །དགའ་ལྡན་དུ་ནི་གནས་པ་ན། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །སྦྱིན་པའི་བདག་པོའི་དོན་སླད་དུ། །བདག་གི་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ་ཡིས་མཆོད་པ་དང་། །མེ་ཏོག་ལ་སོགས་འདི་བཞེས་ལ། །བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བར་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་བརླབས་ཤིང་། །འདི་ཉིད་དུ་ནི་བཞུགས་པར་རིགས། །ལན་གསུམ། བཅུ་པ་དགུག་གཞུག་ནི། ཨོཾ་


JKT020_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨངྐུ་ཤ་ཛསོགས་དང་། ཛཧཱུྃ་བཾ་ཧོ༔ མང་དུ་བརྗོད། བཅུ་གཅིག་པ་རྒྱས་གདབ་པ་ནི། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱལས་པདྨ་ཨཱས་མཚན་ལ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། བཅུ་གཉིས་པ་དབང་བསྐུར་བ་ནི། སླར་ཡང་འོད་ཟེར་འཕྲོས་པས་དབང་གི་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛ༔ པཉྩ་ཀུ་ལ་སོགས། ཨགྷཾ་ནས་ཤརྡའི་བར་བརྗོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ་སོགས་ཀྱིས་གསོལ་བ་གདབ། བུམ་པ་སོགས་ཐོགས་ལ། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ལྕི་ཨོ་སོགས་ནས། ཁངྒ་རཏྣ་ཨ་བྷི་ཥིཉྩ་མཾ་གྱི་བར། སྔགས་ཁོ་ནས་དབང་བསྐུར། དེ་ལྟར་དབང་བསྐུར་བས་དབང་གི་ཆུས་སྐུ་ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་ཡར་ལུད་པ་ལས་སོ་སོའི་རིགས་ཀྱི་བདག་པོས་དབུ་བརྒྱན། བཅུ་གསུམ་པ་མཆོད་བསྟོད་ནི། བསང་སྦྱང་གོང་ལྟར་བྱས་ལ། འཇིག་རྟེན་ཁམས་འདི་དཔག་མེད་ན། །ཞེས་སོགས་ཀྱིས་མཆོད། ༈ ཧཱུཾ་སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །ཕྱག་འཚལ་རྣམ་པར་སྣང་མཛད་ལ། །གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །བདུད་འདུལ་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལ། །།


JKT020_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །མཆོག་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་རིན་ཆེན་རྡོ་རྗེ་ལ། །འདོད་ཆགས་རྡོ་རྗེ་ཆོས་ཀྱི་སྐུ། །ཀུན་རྟོག་ཡེ་ཤེས་རྡོ་རྗེའི་སྐུ། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཕྲག་དོག་རྡོ་རྗེ་མི་བསྐྱོད་རླུང་། །བྱ་གྲུབ་ཡེ་ཤེས་རྡོ་རྗེའི་སྐུ། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་དོན་ཡོད་གྲུབ་པ་ལ། ༈ །འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེ་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང་། །ཆགས་པས་མ་གོས་པདྨ་ལྟར་དག་པས། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་བསྟོད། །སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པ། །མ་རིག་འཐིབས་པོའི་ནང་དུ་སོང་གྱུར་ན། །འཕགས་པའི་ནོར་བདུན་དག་གི་སྤྱོད་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་ལ། །ཐུགས་རྗེའི་ཐབས་དང་ཤེས་རབ་གྲུར་ཞུགས་ནས། །ཞི་བ་རིན་ཆེན་མཆོག་གླིང་སྐྱེལ་མཛད་པ། །ཀུན་ནས་དེད་དཔོན་དེ་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་


JKT020_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བོར་གྲུ་ནུབ་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་པའི། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་སོགས་བྱའོ། །བཅུ་བཞི་པ་སྤྱན་དབྱེ་ནི། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀླུ་ཙཀྵ་ས་མན་ཙཀྟ་བི་ཤུ་དྷ་ནེ་སྭཱ་ཧཱ། ལན་གསུམ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་ཐོབ་སྟེ། སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །བཅོ་ལྔ་པ་གསོལ་བ་གདབ་པ་ནི། མཆོད་པ་སྔགས་མཆོད་དང་། བསྟོད་པ་སྣང་སྟོང་མའམ་རྒྱུད་ལྔ་མ་བརྗོད། རྟེན་རྣམས་ཞུ་བ་ལས་བྱུང་བའི་རྟེན་སོ་སོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར། ཕྱོགས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་ལ་ས་དང་ཆུ་དང་།


JKT020_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དང་རླུང་གི་གནོད་པས་མ་ཞིག་གི་བར་དུ་སེམས་ཅན་གྱི་དོན་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་ལན་གསུམ། བཅུ་དྲུག་པ་མངའ་དབུལ་ལ། མཆོད་པས་མངའ་དབུལ་བ་ནི། མཆོད་པ་བསང་སྦྱངས། རབ་འབྱམས་རྒྱ་མཚོ་སོགས་མཆོད་ཕྲེང་དང་། བསྟོད་པས་མངའ་དབུལ་བ་ནི། སྣང་སྟོང་མ་དང་། རྒྱུད་ལྔ་མ་དང་། ༈ མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེས། །དཔེ་ནི་ནམ་མཁའ་དང་ཡང་སྐྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་དཔག་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམ་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་གྲུབ། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་རྣམས་སྩོལ་མཛད་པའི། །


JKT020_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་སྤྱོད་པ་མི་གཡོ་འགགས་པར་ཡོངས་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛོད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་ཅིག་ཙམ་ཞིག་བརྗོད་པས་ཀྱང་། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། ༈ ཉེར་མཁོའི་མངའ་དབུལ་ནི། །དཀྱིལ་འཁོར་ཁྲུས་དང་ན་བཟའ་རྒྱན། །རྣམ་ལྔ་རིན་ཆེན་བདུན་དང་བཅུ། །གདུགས་སོགས་དག་ནི་སྤྱི་ཡིའོ། །ཞེས་པས། ས་གཞི་སྤོས་ཆུས་བྱུག་ཤིང་མེ་ཏོག་བཀྲམ་ཞེས་པ་ནས། ཞིང་དུ་སྤྱོད་པར་ཤོག །ཨོཾ་བཛྲ་རེ་ཁེ་ཨཱཧཱུྃ་སྭཱ་ཧཱ། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི། །སྤྲོས་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་གཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུགས་པར་བགྱི། །ཨོཾ་བཛྲ་གནྡྷེ་ཨཱཧཱུྃ་སྭཱ་ཧཱ། དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་རྒྱལ་མཚན་ངུར་སྨིག་ཕུལ་བ་ཡིས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ཝསྟྲཱ་


JKT020_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཧཱུྃ་སྭཱ་ཧཱ། ཁ་དོག་བཟང་ཞིང་དྲི་ཞིམ་རེག་ན་བདེ། །སྲབ་འཇམ་མཛེས་ལྡན་ལྷ་ལས་བྱུང་བ་ཡི། །ན་བཟའི་མཆོག་འདི་རྡོ་རྗེའི་སྐུ་ལ་འབུལ། །བགྲེས་པ་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་ཝ་ས་ལེ་ཨཱཧཱུྃ་སྭཱ་ཧཱ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་པར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱི། །མཚན་དཔེས་བརྒྱན་པའི་སྐུ་མཆོག་ཐོབ་པར་ཤོག །ཨོཾ་བཛྲ་ཨཱ་ལངྐ་ར་ཝ་བུ་ཥེ་ཨཱཿཧཱུྃ་སྭཱ་ཧཱ། རྒྱལ་བ་ཟག་མེད་འབྱོར་ལ་མངའ་བསྒྱུར་ཡང་། །འགྲོ་བའི་དོན་སླད་འདོད་ཡོན་སྣ་ལྔ་ཡིས། །མཆོད་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །བསོད་ནམས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ས་མནྟ་བྷ་དྲ་པཱུ་ཛ་མེ་གྷ་ཨཱཧཱུྃ་སྭཱ་ཧཱ། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་མ་ཧཱ་སཏྟ་རཏྣ་པཱུ་ཛ་མེ་གྷ་ཨཱཧཱུྃ་སྭཱ་ཧཱ། རྒྱལ་བ་མགོན་པོ་དཔལ་གྱིས་ལྷམ་མེར་བཞུགས། །བསོད་ནམས་ཡེ་ཤེས་སྐུ་ལྔ་བརྙེས་པ་ལ། །ལྔ་ཕྲག་ལྔ་ལྡན་སྙིང་པོ་དམ་པ་འབུལ། །འགྲོ་བས་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག །ཨོཾ་བཛྲ་པཉྩ་བི་མ་ལ་པཱུ་ཛ་མེ་གྷ་ཨཱཧཱུྃ་སྭཱ་ཧཱ། བརྩེ་བའི་འཁོར་ཡུག་སྙན་པའི་བ་དན་དང་། །ཏིང་འཛིན་བླ་བྲེ་སྤོབས་


JKT020_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འོད་གསལ་བ། །མཆོག་རྐྱེན་འོས་པའི་ཉེར་མཁོ་འདི་དག་འབུལ། །སྐྱེ་བོས་རྣམ་དག་ཡེ་ཤེས་ཐོབ་པར་ཤོག །ཨོཾ་བཛྲ་མ་ཧཱ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། ༈ ལྷ་སོ་སོའི་མངའ་དབུལ་ནི། སྤུ་གྲི་འབྲེག་དཔྱད་སོ་མང་དང་། །རྨངས་གཟེར་ཚེམས་ཤིང་སྤབས་བཞར་རོ། །ཞེས་པས། རྒྱལ་བའི་དབུ་སྐྲ་མཐོན་མཐིང་སྐྱོན་བྲལ་ཡང་། །གཞན་དོན་བསྒྲུབ་ཕྱིར་ཁྱིམ་པའི་རྟགས་སྤང་ཕྱིར། །དད་པས་གསེར་གྱི་འབྲེག་སྤྱད་ཕུལ་བ་ཡིས། །འགྲོ་ཀུན་སྡུག་བསྔལ་ཀུན་ལས་གྲོལ་བར་ཤོག །ཨོཾ་བཛྲ་ཙ་ཀ་མུ་ལེ་ཨཱཿཧཱུྃ་སྭཱ་ཧཱ། ཟངས་མདོག་ལྟར་མཛེས་ཡིད་འོང་སྐྱོན་བྲལ་ཡང་། །བདག་ཅག་དད་པས་ཕྱག་དང་ཞབས་རྣམས་ཀྱི། །སེན་མོའི་འབྲེག་སྤྱད་ཕུལ་བས་འགྲོ་ཀུན་གྱི། །སངས་རྒྱས་དཔེ་བྱད་བཟང་པོ་ཐོབ་པར་ཤོག །ཨོཾ་བཛྲ་ན་ཙྪེ་ད་ཛི་ན་ཨཱཧཱུྃ་སྭཱ་ཧཱ། དབུ་སྐུ་རིན་ཆེན་ལྕང་ལོ་མ་འཁྲུག་ཅིང་། །མཛེས་ཤིང་ལྟ་བས་བློ་སྦྱང་ཕྱིར་རྐྱེན་དང་མཚམས་པ་འདི། །ཕུལ་བས་འགྲོ་ཀུན་དུག་གསུམ་བྲལ་བར་ཤོག །ཨོཾ་བཛྲ་པཱ་ལ་ཤོ་དྷ་མ་ཨཱཧཱུྃ་སྭཱ་ཧ། དྲི་འཛིན་རྣམ་དག་ཚུལ་ཁྲིམས་ལས་འཁྲུངས་པ། །དགེ་བ་བསྒྲུབ་ཕྱིར་སྐྱོན་ལས་ངེས་གྲོལ་ཡང་། །མོས་བློས་འཛིན་དཔྱད་དམ་པ་ཕུལ་བ་ཡིས། །འགྲོ་བས་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཨོཾ་བཛྲ་རོ་མ་དྷ་ར་ཨཱཧཱུྃ་སྭཱ་ཧཱ། དཀར་ལ་ཐག་བཟང་བཞི་


JKT020_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ཚང་བའི་ཚེམས། །བརྒྱད་ཁྲི་བཞི་སྟོང་ཆོས་ལ་མངའ་བསྒྱུར་ཡང་། །བདག་ཅག་དད་པས་ཚེམས་ཤིང་ཕུལ་ལགས་ཀྱི། །འགྲོ་བས་སངས་རྒྱས་གསུངས་དབྱངས་ཐོབ་པར་ཤོག །ཨོཾ་བཛྲ་དན་ཤོ་དྷ་ཡ་ཨཱཧཱུྃ་སྭཱ་ཧཱ། བསྙེན་བསྲིང་མི་མངའ་ཀུན་ཏུ་གསལ་བར་ལྡན། །ཐུབ་པའི་སྒྲ་འཛིན་ངོ་བོ་དག་ན་ཡང་། །དག་བྱེད་འདི་ནི་བདག་གིས་འབུལ་ལགས་ཀྱི། །སྐྱེ་བོས་རྟག་ཏུ་དམ་ཆོས་ཐོབ་པར་ཤོག །ཨོཾ་བཛྲ་ཀཎ་ཤོ་དྷ་ཡ་ན་ཨཱཧཱུྃ་སྭཱ་ཧཱ། ༈ མཆོད་རྟེན་ལ་བྱེ་བྲག་ཏུ། སྲོག་ཤིང་འཁོར་ལོ་ཅོད་པན་འཕན། །རྒྱལ་མཚན་གདུགས་དང་ཕྲེང་བ་གདན། །ཅེས་པས། ཨོ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཤིས་པ་བཅུ་དང་ལྡན་པར་གྱུར་ཅིག །བདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་ཡུན་རིང་དུ་མི་ནུབ་ཅིང་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་རྣམ་པར་དག་པས་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་འཇུག་པར་གྱུར་ཅིག །ཨོཾ་པྲ་མརྡ་ནཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་ཐོབ་པར་གྱུར་ཅིག ། རྣམ་པར་ཐར་པ་བརྒྱད་ཐོབ་པར་གྱུར་ཅིག །ཡེ་ཤེས་ལྔ་དང་ལྡན་པར་གྱུར་ཅིག །ཨོ་པ་ཏཾ་ཀ་ལཾ་པ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དུས་ཐམས་ཅད་དུ་དར་གྱི་ཅོད་པན་དང་ལྷབ་ལྷུབ་ལ་སོགས་པས་མཆོད་


JKT020_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། བསྙེན་བཀུར་གྱི་རྣམ་པ་མང་པོས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་དང་། དེ་དག་གི་མཆོད་རྟེན་དང་། སྐུ་གཟུགས་དང་། གསུང་རབ་ལ་སོགས་པ་དག་ལ་མཆོད་པ་བྱེད་པར་གྱུར་ཅིག །ཨོ་པ་ཏཾ་ཀེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཆོས་ཀྱི་གྲགས་པའི་སྙན་པ་བསམ་གྱིས་མི་ཁྱབ་པ་ཐོབ་པར་གྱུར་ཅིག །ཨོཾ་ཀུལླི་ར་དྷ་ཛ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་འཁོར་བ་མི་འཛིན་མི་གཏོང་བས་བདུད་བཞི་ལས་རྒྱལ་ཞིང་ཆོས་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །ཨོ་བྷ་མ་ནཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་སྐྱབས་དང་ལྡན་ཞིང་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཅིག ། རཏྣ་མཱ་ལ་ཧཱུྃ། ན་མ་སྦེ་ཡ་དྷཱི་ཀ །ཨ་ནུ་ག་ཏ་པྲ་ཏིཊྛི་ཏ་པུངྒེ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨདྷ་ཏེ་སམྱཀཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲ་པུབྦེ་ཨཱཧཱུྃ་སྭཱ་ཧཱ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་དང་ལྡན་ཏེ་སྐུ་ལྟ་བས་ཆོག་མི་ཤེས་པ་ཐོབ་པར་གྱུར་ཅིག །ཨོཾ་པུཎྱ་དྷ་རི་ཛ་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཀྱི་གདན་གྱི་ཁྱད་པར་སྟོབས་བཅུ་དང་ལྡན་པ་གླང་པོ་ཆེའི་གདན་དང་། མི་འཇིགས་པ་བཞི་དང་ལྡན་པ་སེང་གེའི་གདན་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་རྟའི་གདན་དང་། དབང་བཅུ་དང་ལྡན་པ་རྨ་བྱའི་གདན་དང་། ཐམས་ཅད་དུ་ཐོགས་པ་མེད་པ་སྟོབས་ཀྱི་ཤུགས་དང་ལྡན་པ་ནམ་མཁའ་ལྡིང་གི་


JKT020_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དང་། འགྲོ་བའི་རེ་འདོད་ཡིད་བཞིན་དུ་སྐོང་བ་ནོར་བུ་རིན་པོ་ཆེའི་གདན་དང་། ཆགས་པའི་སྐྱོན་ཐམས་ཅད་སྤངས་བ་པདྨའི་གདན་དང་། རང་བཞིན་གྱི་འོད་གསལ་བ་ཉི་ཟླའི་གདན་ཐོབ་པར་གྱུར་ཅིག ༈ གླེགས་བམ་ལ་བྱེ་བྲག་ཏུ། བཞུགས་ཁྲི་དང་ནི་ན་བཟའ་དང་། །གླེགས་ཤིང་དང་ནི་གླེགས་ཐག་གོ། །ཞེས་པས། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་གསུང་རབ་མཆོག་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་བཞུགས་གྱུར་ཅིག །ཨོཾ་བཛྲ་ཨཱ་ས་ནཱ་ཡ་ཨཱཧཱུྃ་སྭཱ་ཧཱ། སྣ་ཚོགས་དབང་པོའི་གཞུ་བཞིན་རབ་བཀྲ་ཡང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྡུ་ཨཱཧཱུྃ་སྭཱ་ཧཱ། ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ཡང་། །ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་པའི། །ཉི་ཟླ་ལྟ་བུའི་རྟེན་འབྲེལ་དགབ་བྱ་བ། །ཕུལ་བས་སྐྱེ་བོས་ཟུང་འཇུག་རྟོགས་པར་ཤོག །ཨོཾ་པྲཛྙཱ་ས་ཡ་ཨ་དྷ་ཡ་ཨཱཧཱུྃ་སྭཱ་ཧཱ། སྤྲོས་པ་དུ་མ་རབ་ཏུ་རྒྱས་གྱུར་ཀྱང་། །ཡེ་ཤེས་ཆེན་པོའི་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་བྱད་ཕུལ་བ་ཡིས། །འགྲོ་བས་ཡེ་ཤེས་ཆེན་པོ་རྟོགས་པར་ཤོག །ཨོཾ་བཛྲ་པུསྟ་ཀ་བན་ཨཱཧཱུྃ་སྭཱ་ཧཱ། ཙ་རུའི་བཟའ་བས་མངའ་


JKT020_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་བ་ནི། ཞལ་ཟས་གཙང་མ་ཆབ་ཀྱིས་བྲན། །ཡཀྵས་བསང་། སྭ་བྷ་ཝས་སྦྱོང་། ཨ་ཀཱ་རོའི་སྔགས་རྒྱས་བཏབ་པ་བཏེགས་ལ། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ་ཞེས་སོགས་དང་། ཨོ་ད་བྱི་ཨནེ་སཱ་མཱ་དྷི་དྷཱ་པྲ་ཎ་ནི་སྭཱ་ཧཱ། ཞེས་ཕུལ། སྔགས་ཀྱིས་མངའ་དབུལ་བ་ནི། རྟེན་ལ་གཟུངས་ཐག་བཏགས་ལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་དང་། ཨོཾ་ཧཱུྃ་ཧཱིབྷཱུ་ཁཾ་བཛཱི་བྷ་བ་དྲི་བྷོ་བྷ་ཁཾ་སྭཱ་ཧཱ། སླར་ཡང་མཆོད་པ་སྔགས་མཆོད། བསྟོད་པ་སྣང་སྟོང་མ་དང་། རྒྱུད་ལྔ་མ། སྤྲོ་ན་ལྷ་ངོ་ཤེས་པ་རྣམས་ལ་སོ་སོའི་བསྟོད་པའང་བྱའོ། །དེས་ཆོ་ག་དངོས་གཞི་སོང་ནས། ༈ མཇུག་གི་ཆོ་ག་ལ། གཏོར་མ་སྦྱིན་དང་ཆོས་སྐྱོང་བསྒོ། །ཡོན་བདག་བསྒོ་དང་ཤིས་པ་བརྗོད། །རྟེན་མཆོད་བསོད་ནམས་ཡོངས་སུ་བསྔོ། །སློབ་དཔོན་མཆོད་དེ་དགའ་སྟོན་བྱ། །སླར་ཡང་ཤིས་པ་རྒྱས་པར་བརྗོད། །རྗེས་བསྡུ་སྦྱིན་སྲེག་མཇུག་དོན་ནོ། །དང་པོ་ནི་ཆ་གསུམ་གཏོར་མ་བཏང་། གཉིས་པ་ཆོས་སྐྱོང་བསྒོ་བ་ནི། གཏོར་མ། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཧཱུཾ། ཨཱ་ཀ་རོ་ལན་གསུམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་མགོན་པོ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ མགོན་པོ་ཀུན་གཤེགས་གདན་


JKT020_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཞེངས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཀྱང་། །ཤཱཀྱའི་བསྟན་པ་བསྲུང་བ་དང་། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཨེ་ཧེ་ཧི། པདྨ་ཀ་མ་ལཱ་ཡ་ཧཱུཾ། ཨོཾ་མ་ཧཱ་ཀཱ་ལ་ན་མསརྦ་ཏ་ཐཱ་ག་ཏེ་བྷོ་བི་ཤྭ་ཞེས་སོགས་ལན་གསུམ། ཨགྷཾ་ནས་ཤཔྟའི་བར། ཧཱུྃ། སྲིན་པོའི་གཟུགས་ཅན་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེབས་འཇིགས་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །ནག་པོ་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དར་བ་དང་། རྟེན་འདི་ལ་མཆོད་པ་རྒྱུན་མི་ཆད་པར་འབྱུང་བའི་ཕྲིན་ལས་མཛོད་ཅིག །ཨོཾ་བཛྲ་རཀྵ་ཧཾ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །གལ་ཏེ་དམ་ལས་འདས་གྱུར་ན། །ཞིག་འགྱུར་འདི་ལ་ཐེ་ཚོམ་མེད། །ཨོཾ་མ་ཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། བདག་དང་ཡོན་བདག་འཁོར་དང་བཅས་པ་ལ་བསྲུང་བ་དང་། སྐྱོབ་པ་དང་། བསམ་པ་ཐམས་ཅད་འགྲུབ་པ་དང་། །རྟེན་འདི་ལ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །ཆོས་སྐྱོང་གི་གཏོར་བསྔོ་འདི་ལྟར་མཛད་པའི་ཕྱག་ལེན་ཐམས་ཅད་ལ་འདུག་པ་རྒྱས་བསྡུས་སྐབས་དང་སྦྱར་རོ། །གསུམ་པ་ཡོན་བདག་ནི།


JKT020_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་ང་ལ་གང་གསོལ་ནི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་དེ་བཞིན་དུ། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པར་བྱའོ། །ཁྱོད་ཀྱིས་ང་ལ་གསོལ་བ་འདེབས་པའི་རབ་ཏུ་གནས་པ་དེ་ལེགས་པར་ཚར་བར་བྱས་ཀྱི་རྟེན་འདི་ལ་ཞག་བདུན་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པ་རྒྱུན་མི་ཆད་པར་གྱིས་འདི་རྣམས་སློབ་དཔོན་གྱི་བྱ་བ་ཡིན། མཆན། ཤིག །བཞི་པ་ཤིས་པ་བརྗོད་པ་ནི། ཡོན་བདག་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ནས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་བར། ༈ རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཞེས་པ་ནས། བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད་ཀྱི་བར། ན་མོ། རྗེ་བཙུན་རྩ་བ་དང་ཞེས་པ་ནས་བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། སྦྱིན་པའི་བདག་པོ་བཀྲ་ཤིས་པར་བྱེད་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཀྱི་ཚོགས་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །བཛྲ་སཏཱ་ཀྲོ་དྷ་བརྗོད་དེ་རོལ་མོ་བྱ། ཡཀས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་སྦྱིན་བདག་གིས་གཙོ་བྱས། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་། བསོད་ནམས་དང་། དཔལ་དང་འབྱོར་པ་ཐམས་


JKT020_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྒྱས་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཧཱུྃ་ལན་གསུམ། སྔོན་བཅོམ་ལྡན་འདས་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕྱག་ཏུ་ཕུལ་བ་ན། བཀྲ་ཤིས་པའི་རྫ་ས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་འདི་དང་སྦྱིན་བདག་གིས་གཙོར་བྱས། སེམས་ཅན་ཐམས་ཅད་མེ་ལོང་གི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡི། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་གླང་པོ་ཆེ་ནོར་སྐྱོང་གིས་གི་ཝཾ་ཕྱག་ཏུ་ཕུལ་བ་ན། །གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕྱག་ཏུ་ཕུལ་བ་ན། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་དུརྦ་ཕྱག་རྒྱ་ཕུལ་བ་ན། དུ་རྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་


JKT020_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ནི་འཕེལ་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་ལྷ་ཚངས་པས་ཤིང་ཐོག་བིལ་བ་ཕྱག་ཏུ་ཕུལ་བ་ན། བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་བྱེད་ཤོག །སྔོན་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕྱག་ཏུ་ཕུལ་བ་ན། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག །སྔོན་བཅོམ་ལྡན་འདས་ལ་བྲམ་ཟེ་སྐར་རྒྱལ་གྱིས་ལི་ཁྲི་ཕྱག་ཏུ་ཕུལ་བ་ན། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་གྲུབ་པའི་རྫས་ཡུངས་ཀར་ཕྱག་ཏུ་ཕུལ་བ་ན། ཡུངས་དཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་ཀུན་ཞི་གྱུར་ཅིག །


JKT020_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་མཆོད་པ་ནི། མཆོད་བསྟོད་མདོར་བསྡུས་ཙམ་བྱ། དྲུག་པ་བསོད་ནམས་ཡོངས་སུ་བསྔོ་བ་ནི། ཡན་ལག་བདུན་པ་སོགས་བསྔོ་སྨོན་བྱ། བདུན་པ་སློབ་དཔོན་མཆོད་པ་ནི། སྦྱིན་བདག་གིས་ཡོན་ཕུལ། བརྒྱད་པ་དགའ་སྟོན་ནི། བདེ་གཤེགས་ལྷག་མ་འདི་དག་ནི། །གསོལ་ཞིག་སྡིག་པ་བྱང་བར་འགྱུར། །ཞེས་བརྗོད་ཅིང་ཙཱ་རུའི་བཟའ་བ་ལ་ལོངས་སྤྱོད། དགུ་པ་སླར་ཡང་ཤིས་པ་རྒྱས་པར་བྱ་བ་ནི། བཀྲ་ཤིས་རྒྱས་པར་བྱ། བཅུ་པ་ལས་ཀྱི་རྗེས་བསྡུ་བ་ནི། ཆོ་གའི་རྗེས་ཆོག་བྱའོ། །བཅུ་གཅིག་པ་སྦྱིན་སྲེག་གི་ཚབ་ཏུ་ཡིག་བརྒྱ་མང་དུ་བཟླས། རྟེན་ལ་ཞག་བདུན་དུ་མཆོད་པ་རྒྱས་པར་བྱའོ། །དེ་ལྟར་རབ་ཏུ་གནས་པའི་ཆོ་ག་འདི་ནི་ལོ་ཆེན་གྱི་སྡོམ་གཞིར་བཞག །འོན་ཀྱང་སྟ་གོན་གྱི་སྡོམ་ཚིག་ལེགས་བཤམ་དང་། དངོས་གཞིའི་ཐོ་རངས་གཉིས་གོ་བརྗེས། གཞན་མ་ཚང་བ་མེད་པར་བཀོད་པའི་ཁྲིགས་ཆགས་ལ་རྗེ་བཙུན་ཆེན་པོའི་དོན་གསལ། བླ་ཆེན་འཕགས་པའི་ཉིན་གང་མ་སཾ་གྷ་མི་ཏྲ། རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བཀྲ་ཤིས་རྒྱ་མཚོ། ཀུན་མཁྱེན་ཆེན་པོའི་དགེ་ལེགས་རྒྱ་མཚོ། ལུམ་པ་ཆོས་རྗེ་ཀུན་དགའ་ཆོས་གྲགས་ཀྱི་དངོས་གྲུབ་རྒྱ་མཚོ། གུང་རུ་ཤེས་རབ་བཟང་པོའི་ཟིན་བྲིས་རྣམས་ཀྱི་དགོངས་པ་ཞིབ་ཏུ་དཔྱད་པའི་ཉིན་གོང་མའི་རབ་གནས་ནག་པོ་འགྲོ་ཤེས་སུ་བསྡེབས་པ་ནི་ཤཱཀྱའི་དགེ་སློང་ཀུན་དགའ་


JKT020_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཀྱིས་དཔལ་རྨོར་གྱི་བླ་བྲང་ཡང་རྩེར་སྦྱར་བའོ། །སླར་ཡང་ཞལ་སྐོང་ཅུང་ཟད་དང་བཅས་མཉྫགྷོ་ཥས་དག་པར་བྲིས་པ་དགེ་ཞིང་བཀྲ་ཤིས། །སརྦ་མངྒ་ལཾ། །

མན་ངག་གཅེས་བཏུས་སྣ་ཚོགས་ཕྱོགས་གཅིག་ཏུ་བསྒྲིགས་པ་འདོད་རྒུ་ཀུན་འབྱུང་དབང་རྒྱལ་ནོར་བུའི་ཕྲེང་བ།


JKT020_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །མན་ངག་གཅེས་བཏུས་སྣ་ཚོགས་ཕྱོགས་གཅིག་ཏུ་བསྒྲིགས་པ་འདོད་རྒུ་ཀུན་འབྱུང་དབང་རྒྱལ་ནོར་བུའི་ཕྲེང་བ་བཞུགས་སོ།། །།


JKT020_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །མན་ངག་རྒྱ་མཚོ་རིན་ཆེན་ཕྲེང་བ་ཞེས་ཀུན་སྤངས་ནམ་མཁའ་རྒྱ་མཚོས་བསྒྲིགས་པ་ལས་ཁོལ་དུ་བྱུང་བ་ནི། ༈ །ཨོཾ་སྭསྟི། མིག་ཁ་བས་མི་ཕྱིད་པའི་ཐབས་ལ། ཨོ་གྲ་པ་ལི། བྷུ་ཁང་བྷི་བྷི། བྷུ་ཁང་བྷོ་བྷོ། བྷུ་ཁང་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས། ཁ་བའི་སྟེང་དུ་དྲི་ཆུ་བཏང་། དེ་ལས་དུམ་གཅིག་བླངས་ལ་སྔགས་གདབ་པས་མིག་ལ་གླན། དེས་ཕན་པར་ཐེ་ཚོམ་མེད་དོ། །ཙཱ་རི་པའི་གདམས་པའོ། ༈ །གྲིབ་ཆམ་གྱིས་ལུས་ཁོལ་ཞིང་སྣབས་ལུད་མང་། གྲེ་བ་ཚ་བ་ལ། པི་ལིང་ཐུན་གཅིག་ཞིབ་བཏགས་ཞོ་ལ་བཏབ་པ་བཏུང་། དེས་ཕན་ནོ། །བདེ་ཆེན་གྱི་གདམས་པའོ། ༈ །སོ་ནད་སྲུང་བ་ནི། ཨོ་སོ་ཙིར་ནག་པོ་ཤག་ཐིག་ཚལ་པ་རྦད། འཆང་བ་པོ་ལ་སོ་ནད་སྲིན་བུའི་


JKT020_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་སྲུངས་ཤིག་རཀྵ ཞེས་བྲིས་ལ་རབ་གནས་བྱས་ཏེ་བཏགས་པས་ངེས་པར་ཕན། ཨ་ཧུ་གི་གདམས་པའོ། ༈ །མགོ་སྲིན་ཡ་མ་ནག་པོ་ལ། ལུག་ཐུག་ནག་པོའི་རླིག་བལ་སྲུང་སྐུད་བྱ། སྔགས་འདི་གདབ་བོ། །བྱེར་སོད། མེར་སོད། ཡ་མ་སོད། ཡ་མ་ནག་པོ་སོད། སོའི་ནད་སྲིན་པོ་སོད། དེ་གདགས་པས་ཕན་ནོ། འཇམ་དབྱངས་ཀྱི་གདམས་པའོ། ༈ །གློ་ཆམ་སྲུང་ན། རང་བྲམ་ཟེར་བསྒོམ། ཨོ་བྲམ་ཟེ་བྲ་མ་ན་ཡེ་སྭཱ་ཧཱ། ཞེས་གླ་བ་ཕོ་ཡི་སྲེ་ལོང་ལ་བཏབ། གླ་ལྤགས་ཀྱིས་བསྐུམས་ནས་བཏགས། ནངས་སྔ་སྣ་ལ་བྱུག་ཅིང་། ཆམ་པ་སྲུངས་ཤིག །ཅེས་བརྗོད། བཻ་རོའི་གདམས་པའོ། ༈ །འགོ་བའི་ནད་རིམས་བསྲུང་ན། ནངས་པར་སྔ་མོར་དབེན་


JKT020_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུག །ལག་གཡོན་མཐིལ་དུ་དྲི་ཆུ་བར་པ་བླུགས། །ཧཱུྃ་དམར་མེ་ཡི་རང་བཞིན་བསྒོམ། །ཨོ་ཏྲི་སོད་མཱ་ར་དུ་སྭཱ་ཧཱ། བརྒྱ་རྩ་བཟླས་བཏབ་ཧཱུྃ་འོད་ཞུ། །ཁྲོ་ཆུ་འབར་བའི་རང་བཞིན་བསམ། །གནས་གསུམ་ཐིག་ལེ་ཧུབ་གསུམ་འཐུང་། །ལྷག་མས་ཁྲུས་བྱ་ཤིན་ཏུ་ཟབ། །དྷརྨ་བྷ་དྲའི་གདམས་པའོ། ༈ །ཆུ་འགགས་ལ། ཨོཾ་བུར་ཕྱུང་ཐོན་ཤིག་ཡལ་སྭཱ་ཧཱ། ཆུ་ལ་སྔགས་ནས་བཏང་། གཡུ་ཐོག་པའི་༧ གདམས་པའོ། །༈ །འཛེར་པ་ལ། འཛེར་མ་འཛེར་མ་ཤིག །པྲ་མ་པྲ་མ། ཐོད་པ་སྐྱ་བོ་ཁྱེར་ཁྱེར། སྔགས་འདི་སྨྲ་བཅད་སུམ་བརྒྱ་བཟླས་ཏེ་ཐོ་རེངས་བྱ་རོག་གི་སྒྲ་མ་གྲགས་པའི་གོང་། རེ་བ་དུམ་བུ་ཞིག་ལ་སྔགས་ཏེ་འཛེར་པ་ལ་དྲུད་པས་ཕན་ནོ། །ལག་ལེན་མྱོང་གྲུབ་མའོ། ༈ །སོ་སྲིན་ལ། རང་དམ་པ་རྒྱ་གར་སྐུ་མདོག་སྨུག་ནག་བལ་ཐུལ་མནབས་པ། ཕྱག་གཡས་ཤེལ་ཕྲེང་། – གཡོན་སྲིན་མཛུབ་བསྒྲེང་བ་བྱ་ཤིང་རྟ་མར་བསྒོམས། སོ་ཤིང་དུ་བསྒོམས། ཤིང་རྟ་མས་སྲིན་ཤིང་འབུའི་རྣམ་པ་ཟོས་པར་བསམས་ལ། ས་ཏ་ཀེ་ཡེ་སྭཱ་ཧཱ། སྟོང་ཕྲག་སོགས་ཅི་མང་བཟླས་ཏེ་སྲིན་མཛུབ་སོ་ལ་བཙུགས་དམ་པ་རྒྱ་གར་གྱི་གདམས་པའོ། ༈ །གཞང་སྲིན་ལ། ཤིང་ཀུན། མར་རྙིང་། བལ་གསུམ་སྦྱར་བར། ཨོ་སྲིན་བུ་ཙག་ཤུ་ནན། རྩལ་ནན། ཞེས་སྔགས་པའི་རིལ་བུ་གཞང་ནང་བཅུག །དེ་ཚེ་རིལ་བུ་མེར་བསྒོམ།


JKT020_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གཞང་སྲིན་ཐམས་ཅད་བསྲེག་པར་བསྒོམ། ཤིན་ཏུ་ཟབ་པའི་གདམས་པའོ། ༈ །ཤིག་བསྲུང་བ་ནི། ཨ་ཀ་ནི་ལ་ཀྱི་བྷ་ཕཊ་བྱེར་སྭཱ་ཧཱ། ཁྲི་གཅིག་མར་ལ་བཟླས་ཏེ་བྱུགས་ན་ཕན་ངེས། རྗེ་མར་པ་ལོ་ཙཱའི་གདམས་པའོ། ༈ །བུ་ཆུང་ངུ་འཕྲོ་བཅད་པ་ནི། ཨོ་ས་ཀི་སྭཱ་ཧཱ། ཞེས་ཆུ་ལ་སྔགས་སྟོང་བཟླས་པས་ལུས་བཀྲུས་པའི་ཁུ་བ་ལས་ངར་གླུད་གཅིག་བྱས། ཐོ་རངས་ངུ་ན་སྒོའི་ཡ་ཐེམ། ནམ་ཕྱེད་དུ་ན་ཡག་ཤིའི་སྙིང་། དགོང་ལ་ངུ་ན་མ་ཐེམ། རྟག་ཏུ་ངུ་ན་གཡམ་པའི་འོག་ཏུ་མནན། ངུ་འཕྲོ་མི་ཆོད་མི་སྲིད་པའི་གདམས་པའོ། ༈ །ལྕགས་ལ་རི་མོ་བྱ་བར་འདོད་ན། ཨ་རུ་ར་དང་། ཚ་ལ་གཉིས་ཞོ་དང་སྦྱར། རི་མོ་གང་འདོད་བྲི། དོང་གཏིང་རིང་དུ་ཞག་བདུན་བཞག །དེ་ནས་ཕྱིས་པས་རི་མོ་གསལ་ལོ། ༈ །ཝ་བཅོས་ནི། ཉི་ཤུ་བརྒྱད་ཀྱི་དགོང་མོ་ནས་ཚེས་གཅིག་ཚུན་ངག་བཅད། རང་ཐུགས་རྗེ་ཆེན་པོར་བསྒོམ། ཨ་རུ་ར་རྡོག་པོ་ལྔ། བྲག་ཞུན་ཁམ་བུ་ཙམ་གཅིག །ཀ་ར་ཐུན་གཅིག །ལྷོ་སྒོའི་སྟེང་འོག་བར་གསུམ་གྱིས་ཐུར་མགོ་རེ། བྱ་དང་རི་དྭགས་ཀྱི་རྨེན་བུ་གང་འཛོམ་བསགས། ཚེས་གཅིག་ཐོ་རངས་ཨོལ་གང་སྣ་ཚོགས་བཙོས་པའི་ཁུ་བས་ཕུལ། སྔགས་འདི་རྒྱུན་དུ་བཟླའོ། །ཨོ་རཀྟ་སུ་ར་བ་སྭཱ་ཧཱ། ལྔ་བ་མར་རིལ་དུ་བསྒོམ། སྔགས་བརྒྱ་རེ་སོང་བ་དང་སྔགས་ཆུ་ཁྲོ་ཆུ་ཁོལ་མར་བསྒོམས་ནས་


JKT020_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བཏུང་བས་ཞུ་བར་བསམ། ཚ་བ་ཆེ་ན་ཚེས་ལྔ་ཚུན་ལ་བསྲིང་། རྩུབ་པའི་ཟས་སྐོམ་སྤང་། ཆང་གཞོན་དང་། བཙོས་ཟན། མར་གསར་པ་བརྟེན། མ་ཎི་ཅི་ནུས་བགྲང་། ཤིན་ཏུ་ཟབ། གུ་རུ་ཆོས་དབང་གཏེར་མའོ། ༈ །སྙིང་རླུང་ལ་ཕན་པའི་སྨན་སྦྱོར་ནི། ཨ་རུ། ཛཱ་ཏི། གུར་གུམ། སྤོས་དཀར། ཨར་ནག་སྟེ་རྒྱལ་པོ་ལྔ་བུངས་བསྐྱེད། གི་ཝཾ། ཤིང་ཀུན། བཟང་པོ་བཞི། ལི་ཤི། ཀོ་ལ། ཛཱ་ཏི། གཟའ་དུག །ཙནྡན་དཀར་དམར། བ་རུ་ར། སྒྱུ་རུ་ར། གོ་སྙོད། སྙིང་ཞོ། སེང་ལྡེང་། སྒོག་སྐྱ། ལི་ག་དུར་ཏེ་བློན་པོ་བཅུ་དགུ་ཐུན་རེ་དང་། དེ་ལས་གཟའ་དུག་ཐུན་ཆེན་རེ་སྦྱར། སྒོག་སྐྱ་དང་། སེང་ལྡེང་ནུས་བསྲེག་བྱ། སྦྲང་གིས་རིལ་བུ་དྲིལ་ལ་དགོང་དང་ཐོ་རངས་ཆང་ཞིམ་པོས་ཕུལ། རྗེས་སུ་ཛཱ་ཏི། ཤིང་ཀུན། ཨ་རུ། དོམ་མཁྲིས་རྣམས་བཏབ་པ་བཏང་། རླུང་གསང་ལ་མེ་བཙའ་བྱ། ཤིན་ཏུ་ཟབ་བོ། །སློབ་དཔོན་བི་མ་མི་ཏྲའི་གདམས་པའོ། །མངྒ་ལཾ།། ༈ །།བ་བླའི་ཆ་ཤས་ལྔ་དང་། རྒྱ་སྐྱེགས་ཀྱི་ཤིང་གི་འགྱུར་བྱེད་ཀྱི་ཆ་ཤས་གཅིག་དང་། ཆུ་ཤིང་འགྱུར་བྱེད་ཀྱི་ཆ་ཤས་གཅིག་དང་བཅས་ཞིབ་བཏགས་ཆུ་ལ་སྦྱར་ནས་བྱུགས་པས་སྐྲ་དང་སྨ་ར་སོགས་བྱི་བར་འགྱུར་ཏེ། རཀྟ་ཡ་མཱ་རིའི་རྒྱུད་ལས་སོ། ༈ །བྲམ་ཟེའི་བུ་མོ་གཙང་མས་བཀལ་བའི་སྐུད་པ་ལ། ཨོཾ་ཧ་ར་ཧ་ར་བན་ནེ་ཤུ་ཀ་དྷ་ར་ཎི་སིདྡྷ་


JKT020_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཏབ་པས་སྐེད་པ་ལ་ལན་གསུམ་དཀྲིས་ན་ས་བོན་འཛག་པ་འཆིང་བར་འགྱུར་ཏེ། མནྟྲ་ཤཱི་མཱུ་ལ་ཏན་ལས་སོ། ༈ །ཨོ་ཀཱ་ལུ་མེ། ཀཱ་ལུ་མེ། སྣུམྦྷ་ཡསི་ལཱ་བནྟཾ་ཏུ་ཥཱ་རཉྩ་ལུཙྪ་ཨི་ལུཙྪ་ཨི་སྭཱ་ཧཱ། དང་། ཨོཾ་ཧེ་ཧེ་ཏིཥྛ་ཏིཥྛ། བནྡྷ་བནྡྷ། དྷཱ་ར་ཡ་དྷཱ་ར་ཡ། ནི་དུམྦྷ་ནི་རུནྟ། རྒེ་མོ་ཨུཎྜ་མ་ཎི་སྭཱ་ཧཱ། སྔོན་དུ་བསྙེན་པ་འབུམ་བྱས་ནས། ཐལ་བ་དང་ཡུངས་ཀར་ལ་མངོན་པར་སྔགས་ཏེ་ལྕི་ཐལ་གྱི་མེ་འཇམ་པོ་ལ་བསྲེགས་ན་ཆར་ཆེས་པ་དང་། ཁ་བ་དང་། རླུང་དང་། ཐོག་འབབ་པ་དང་། སེར་བ་འབབ་པ་སོགས་ཟློག་པར་བྱེད་དོ། །ཞིང་དང་སྐྱེད་མོའི་ཚལ་དང་ཁང་པ་སོགས་ལ་གཏོར་ན། དེ་རྣམས་ལ་འཚེ་བའི་འབུ་དང་། བྱ་དང་། བྱི་བ་ལ་སོགས་པའི་ཁ་འཆིང་ངོ་། །རྡོ་རྒྱུས་ཀྱི་ཐུར་མས་ཁམ་ཕོར་ལ་བྲིས་ཏེ་ཐལ་བས་བཀང་ལ་ཁ་སྦྱར་ཏེ་ལམ་སྲང་སུམ་མདོར་སྦས་ན་མི་ཁ་བྲ་མཆུ་མི་སྙན་པར་བརྗོད་པ་ཐམས་ཅད་རེངས་པར་བྱེད་དོ། །གྲོ་གའམ་ཤིང་ཤུན་ལ་བྲིས་ཏེ་ལན་མང་དུ་མངོན་པར་བསྔགས་ཤིང་སྐེའམ་དཔུང་པ་ལ་བཏགས་ན་གཡུལ་སོགས་ཀྱི་མཚོན་ཆའི་དཔལ་ཞི་བར་བྱེད་དོ། །བླ་གོས་ཀྱི་ཐ་མ་ལ་སྔགས་རྗེས་སུ་དྲན་ཅིང་མདུད་པ་བཅིངས་པས་ལམ་དུ་རྐུན་པོ་ལ་སོགས་པ་རེངས་པར་བྱེད་ཅིང་། རྭ་ཅན་དང་གཅན་གཟན་གྱི་གནོད་པ་རེངས་པར་བྱེད་དོ། །ཐལ་བ་ལ་བསྔགས་ནས་མགུལ་


JKT020_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱུགས་པས་སྐྱུགས་པ་ཟློག་གོ །མཐེའུ་ཆུང་གི་རྩེ་དམ་དུ་བཙིར་ལ་སྔགས་བརྗོད་པས་སྐྱིགས་བུ་གཅོད་དོ། །རས་ལ་དྲིས་ཏེ་སྒོ་གོང་དུ་བཏགས་ན་ཁྱིམ་དེར་འབྲུམ་པ་ལ་སོགས་པའི་གནོད་འཚེ་སྲུང་ངོ་། །རྡོ་ལ་བརྐོས་ནས་གང་དུ་སྦས་པ་དེར་སྦྲུལ་དང་གཅན་གཟན་ལ་སོགས་པའི་འཚེ་བ་འཆིང་ངོ་། །གསེག་མ་ལ་བཟླས་ཏེ་གཏོར་བས་ཀྱང་ངོ་། ༈ །ཨོ་ག་རུ་ཌ་ཧཾ་སེ་ཧཾ་སེ། ཙ་ལ་ཙ་ལ་སྭཱ་ཧཱ། རྡོ་རྒྱུས་ཀྱིས་རྔ་ལ་བྲིས་ནས་རྔ་ལྕག་ལ་བསྔགས་ཏེ་བརྡུངས་པས་སེར་བ་བཟློག་ཅིང་། དུང་ལ་སོགས་པར་བསྔགས་པའི་སྒྲས་ཀྱང་དེ་དང་མཚུངས་སོ། ༈ །ཨོ་པདྨེ་པདྨ་ཨཀྱི་པདྨ་སུ་བྷ་གེ་ལཿ པདྨེ་པདྨ། ཨཀྵེ་པདྨ། སུ་བྷ་གེ་ཕུསྭཱ་ཧཱ། ཐལ་བར་བཏབ་སྟེ་བསྐུས་པས་མི་རྒྱ་རེངས་པ་སེལ། བྱབས་པས་ཀྱང་ངོ་། །ལན་བདུན་བཏབ་སྟེ་བལྟས་པས་ཁྲོས་པ་མཐོང་མ་ཐག་རབ་ཏུ་དད་པར་བྱེད། ལན་བདུན་བསྔགས་པའི་ཆུས་འི གདོང་བཀྲུས་པས་ཐམས་ཅད་དགའ་བར་བྱེད། རྩིག་པ་ལ་མིང་སྨོས་པའི་སྔགས་རྡོ་རྒྱུས་ཀྱིས་བྲིས་པས་མིག་ནད་ཐམས་ཅད་འཇོམས། དབེན་པར་འདུག་སྟེ་རྩེ་གཅིག་མིག་ལ་བསྔགས་པས་གཡོན་འགུལ་ན་དགེ་ཞིང་དོན་འགྲུབ། གཡས་འགུལ་ན་དེ་ལས་ལྡོག །ཨོཾ་མོ་ཙ་ནི་མོ་ཙ་ཡ། མོཀྵ་ནི་མོཀྵ་ཡ། ཛཱི་པཾ་བ་ར་དེ་སྭཱ་ཧཱ། འདིས་བསྔགས་པའི་ཏིལ་མར་སྐྱེ་སྒོ་ལ་བསྐུས་ན་སྦྲུམ་མ་བདེ་བར་བཙའ། ལན་བདུན་


JKT020_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པའི་ཆུ་སྙིམ་བདུན་གྱིས་བཅིངས་པར་ཕྱོགས་པ་ལ་གཏོར་ན་གྲོལ། གུར་གུམ་མམ་གི་ཝང་གིས་བྲིས་ཏེ་མགོ་ལ་བཏགས་ན་བཅིངས་ཟིན་པ་གྲོལ། རྟག་ཏུ་བཟླས་པས་ཀྱང་ངོ་། །ཨོཾ་ཧ་རི་མརྐ་ཊ་ནཱ་མ། ས་ཧ་སྲ་བཱ་ཧུ དེ་བ་དཏ་ཏི། བན་ནཱ་ན་མོཀྵ་ཡ་སྭཱ་ཧཱ། འདི་ཡང་ལོ་མ་ལ་མིང་དང་སྔགས་བཅས་བྲིས་ཏེ་མགོ་བོར་བཏགས་པས་ཀྱང་བཅིངས་པ་ལས་གྲོལ། ཨོ་ཏཱ་རི་ཎི། ཏཱ་ར་ཡ། མོ་ཙ་ནི་སོགས། བ་ར་དེ་སྭཱ་ཧཱ། འདིས་ཀྱང་སྦྲུམ་མ་བདེ་བར་བཙའ་ཞིང་། བཟླས་པས་འཆིང་བ་ལས་གྲོལ། སྒེའམ་དཔུང་པ་ལ་བཏགས་པས་འཇིགས་པ་ཐམས་ཅད་སྲུང་ངོ་། །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མོཀྵ་ཡ་ཛཱི་པཾ་སྭཱ་ཧཱ། འདིས་ཀྱང་སྔར་སྨོས་པའི་ལས་ཐམས་ཅད་འགྲུབ། གུར་གུམ་གྱིས་གྲོ་ག་ལ་གང་གི་མིང་སྨོས་པའི་སྔགས་བྲིས། སྦྲ་ཚིལ་གྱིས་བསྣུམས། དྲི་ཞིམ་པའི་ཆུས་གང་བའི་བུམ་པར་བཅུག །མེ་ཏོག་ལ་སོགས་པས་དུས་གསུམ་དུ་མཆོད་ན་འཐབ་རྩོད་ཐམས་ཅད་ལས་རྣམ་པར་རྒྱལ་ཏོ། །ཨོ་བི་ཤཱ་ཙི་པཎྜ་ཤ་བ་རི་སཟོ་བ་དྲ་པ་ནཱ་ཤ་ནི་སྭཱ་ཧཱ། ཁྲུས་ཆུས་ནད་ཐམས་ཅད་སེལ། གྲོ་ག་ལ་གུར་གུམ་གྱིས་བྲིས་པ་དཔུང་པར་བཏགས་པས་རྩོད་པ་ལས་རྒྱལ། རིམས་ཐམས་ཅད་ལས་གྲོལ། སྟག་དང་རྐུན་པོ་ལ་སོགས་པས་མི་མཐོང་བ་སོགས་ཕན་ཡོན་དཔག་ཏུ་མེད་དོ། ༈ །དེཝང་ཏྟརཱི འཁོར་ལོ་འདི་


JKT020_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་ཟླ་བ་ལ་གུར་གུམ་དང་། གི་ཝཾ་གིས་གྲོ་ག་ལ་བྲིས་ཏེ། མགུལ་དུ་བཏགས་ན་བཀྲ་ཤིས་ཤིང་བསམ་དོན་ཐམས་ཅད་འགྲུབ་བོ། ༈ འཁོར་ལོ་འདི་ཤོག་བུར་རྒྱལ་ཕུར་འཛོམ་པའི་ཉིན་བྲིས། ཙནྡན་དཀར་པོ། གླ་རྩི། གུར་གུམ་གསུམ་བྱུགས། ཚོན་སྐུད་སྣ་ལྔས་བཅིངས་ལ་སྐེར་བཏགས་པས་ཚེ་རིང་བ་དང་། ནད་མེད་པ། གཞན་གྱི་ཡིད་དུ་འོང་བ། ལོངས་སྤྱོད་འཕེལ་བ་སོགས་ཡོན་ཏན་དཔག་ཏུ་མེད་ཅིང་། ཁྱད་པར་དགྲ་གང་ཡིན་པ་དབང་དུ་འགྱུར་རོ། ༈ །འཁོར་ལོ་འདི་གྲོགའམ་ཤོག་བུ་ལ་བ་ཡི་འོ་མས་བྲིས་ནས་སྲད་བུ་དཀར་པོས་བཅིངས་ཏེ་བཏགས་པས་ནད་རིགས་ཐམས་ཅད་ཐུབ་ཅིང་ཡིད་ལ་ཅི་འདོད་པ་འགྲུབ་པར་འགྱུར་བ་ནི་ངེས་པའོ། ༈ །འཁོར་ལོ་འདི་གྲོ་ག་ལ་གིའུ་ཝཾ་གིས་བྲིས་ནས་བཏགས་ན་གྲགས་པ་ཆེ་བར་འགྱུར་རོ། ༈ །ཙཀྲ་འདི་གྲོ་ག་ལ་གིའུ་ཝཾ་གིས་བྲིས་ནས་སྲད་བུ་དཀར་པོས་བཅིངས་ཏེ་བཏགས་ན་རྒྱལ་བློན་དབང་དུ་འགྱུར་རོ། ༈ །ཤྲཱི་ག་ཎེ་ཤྭ་ར་ཡ་ན་མཿདཔལ་ཚོགས་ཀྱི་དབང་ཕྱུག་གི་གདམས་པ། ཕྱོགས་གང་དུ་འགྲོ་བ་ཡང་ལམ་དུ་ནད་གདོན་ལ་སོགས་པའི་ཉེར་འཚེ་མི་འབྱུང་ཞིང་། བྱ་བ་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ་དེ་བདེ་བླག་ཏུ་འགྲུབ་པ་དང་། ཟས་གོས་གནས་མལ་སོགས་འབད་མེད་དུ་འབྱུང་བར་འདོད་ན། ཨོ་ཧཱུྃཧཱུྃ། གླུ་སོ། ཧཱུཾ་ཧཱུཾ། ཞེས་པ་འདི་ཐོག་མར་ཡན་ལག་ལྔ་ཁྲུས་བྱས། གུ་གུལ་སོགས་སྤོས་ཀྱི་དུད་པས་སྔགས་བཟླ་བའི་བར་རྒྱུན་མི་ཆད་པ་དང་བཅས་ཞག་ཉེར་གཅིག་གི་རིང་ཉིན་རེར་བརྒྱ་རྩ་རེ་མ་ཆགས་པར་བཟླ་བ་བསྙེན་པ་དང་། དེ་ནས་ལས་སྦྱོར་ཉེ་རིང་གང་དུ་འགྲོ་བའི་དུས་ཚར་བདུན་རེའམ། ཐ་ནའང་ཚར་རེ་བཟླས་ནས་ཕྱིན་ན་གོང་དུ་བཤད་པ་ལ་སོགས་པའི་ཡོན་ཏན་བསམ་ལས་འདས་པ་འབྱུང་བར་ངེས་སོ། །མངྒ་ལཾ།། ༈ །།ཕྱུགས་ལ་བེའུ་འཇུག་པར་འདོད་ན། ཨོ་པཎ་ཤྭ་བ་རཱི། འདི་འཆང་བ་པོ་ལ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་རྒྱ་ཤོག་ལ་རྒྱ་སྣག་གིས་ཚེགས་མེད་དབུ་ཅན་དུ་བྲིས། མཐའ་ནས་ཡར་དྲིལ་སྐུད་པས་བསྡམས་ནས་མཇུག་མ་ལ་བཏགས། ཕྱུགས་ཀྱི་སྒབས་འཕེལ་བར་འདོད་ན། ཨོཾ་ཨཱརྱ་ཛཾ་བྷ་ལ་བཱ་སུ་རཏྣ་ཨོ་བྷྲཱུྃ་ཨཱ༔ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། མ་ཎི་དྷཱ་ར་ཨཱ་ཧཱུཾ་ཧཱུཾ། བིདྨ་ཏན་པུཏྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྔར་བཞིན་བྲིས། ཕྱུགས་མ་སྤུ་མཚན་ཅན་གཅིག་གི་མཇུག་ལ་བཏགས་པས་ད བྱར་གྱི་ཆུ་གཏེར་བཞིན་དུ་རྒྱས་པར་འགྱུར་རོ། ༈ །ཕྱིས་སྲུང་གི་མན་ངག་འདི་བཞིན་བྲིས་མོaཙྪཱ ཟླ་༣ ལ་མཐའ་ནས་ཡར་དྲིལ། རྫས་ལ་ཁྲོ་དུམ་དང་། བུད་མེད་ཀྱི་མཐུ་བ་གཡོན་པ་བཅས་གཞུག །


JKT020_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་འབྲུ་རྣམས་ལ་ཁྱུང་ལྔ་བྱུགས། ཕྱུགས་ཀྱི་རྔ་མ་ལ་བཏགས། ཤིན་ཏུ་ཟབ། ༈ །འཁོར་ལོ་འདི་གཟའ་ཉི་མ་ལ་སྒ་སེར་གྱིས་བྲིས། ཨོཾ་ན་མོ་ཨཱ་དེ་ཤ་གུ་རུ་ཀོ་གད། ཡ་མུ་ནཱ་སཱདྷ་ས་ཏི། གོ་ཙ་རཱ་ཁེ། གོ་རཱ་ཁ་ཥ་ཛ་ཏི་ན་ཨ་ཝེ། མུ་ཁ། ན་པཱ་ཀེ། ཥཱརེ། ལ་ལ། གོ་ལཱ་ལ་ཀི། བཱ་ཙ་ཕུ་རཱི། མེ་རི་བྷཀྟ། གུ་རུ་ཀཱི་ཤཀྟི། ཕུ་རོ་མནྡྷ། ཕ་ཊུ་སྭཱ་ཧཱ། ཞེས་པ་འདི་ལན་བདུན་བཟླས་ལ་འཁོར་ལོ་ལ་ཕུས་བཏབ་སྟེ་ཕྱུགས་རའི་དབུས་སུ་སྦས་ན་ཁ་ཚྭ་གོར་སོགས་ཕྱུགས་ནད་ཐམས་ཅད་ཐུབ། དེ་ཡང་ནད་མ་བྱུང་གོང་དུ་བྱས་ན་སྲུང་བ་དང་། བྱུང་ནས་བྱས་ན་ཞི་ཞིང་སླར་འབྱུང་བར་མི་འགྱུར་རོ། །བི་ཥ་ཨཱརཱ་ཎཱ་མོ་བ་དེ་ཤཾ། ༈ །བྱིས་པ་སྐྱེས་ནས་ཡང་ཡང་མི་འཚོ་བ་ལ་འཁོར་ལོ་འདི་གོ་ག་ལ་༡གླ་རྩི། ༢ཙནྡན་དཀར་པོ། ༣ག་བུར། ༤གི་ཝཾ། ༥གུར་གུམ། ༦སི་ལ། ༧ཨ་ག་རུ། ༨ཤུག་པ་རྣམས་ཆ་མཉམ་བརྡར་བའི་ཁུ་བས་བྲིས་ལ་སྐུད་པ་གང་རུང་གིས་བཅིངས་ལ་མགུལ་དུ་བཏགས་ན་ངེས་པར་འཚོ་བར་འགྱུར་རོ། ༈ །བུད་མེད་མངལ་དུ་བྱིས་པ་ཡང་ཡང་ཆགས་ཀྱང་ཤོར་ནས་ཕན་མ་ཐོགས་པའི་རིགས་ལ་འཁོར་ལོ་འདི་གོང་གི་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བརྒྱད་ཀྱིས་བྲིས་ལ་སྲད་བུས་བཅིངས་ཏེ་བུད་མེད་དེའི་ཟླ་མཚན་བབས་ནས་ཞག་གསུམ་གྱི་ཐོག་སྐེད་པར་བཏགས་ན་ངེས་པར་ཕན་ནོ། །ཕྲུ་གུ་སྐྱེ་མ་ཐུབ་པ་ལ་འཁོར་ལོ་འདི་ལི་སྡེར་ལ་སྣག་ཚས་བྲིས་ལ་རེ་མིག་གི་གྲངས་དང་ཨདྷི་རྣམས་འདི་དང་འདི་ཞེས་ངོ་སྤྲད། དེ་ནས་ཆུས་བཀྲུས་ལ་ཁོང་དུ་ཅུང་ཟད་གཏོང་ཞིང་། ལྷག་མ་མགོ་ནས་བཟུང་རིམ་བཞིན་གཏོར་བས་མྱུར་དུ་བཙའ་བར་འགྱུར་རོ། །ཕྲུ་གུ་སྐྱེས་ནས་མི་ལ་འོ་མ་འཐུང་རྒྱུ་མེད་ན། འཁོར་ལོ་འདི་གཟའ་མིག་དམར་ཡོད་པའི་ཉིན་གྲོ་གར། སི་ལ། ཙནྡན་དཀར་པོ། ག་བུར། ཨ་ག་རུ། གུར་གུམ་རྣམས་ཀྱིས་བྲིས་ལ་སྐུད་པས་བཅིངས་ཏེ་མགུལ་དུ་བཏགས་ན་འོ་མ་ངེས་པར་འབབ་པར་འགྱུར་རོ། །ཡ་མ་སོགས་མགོ་ཕྱེད་ན་བ་ལ་འཁོར་ལོ་འདི་གཟའ་ཉི་མ་ཡོད་པའི་ཉིན་གྲོ་གར་དྲི་བརྒྱད་ཀྱིས་བྲིས་ཏེ་སྐུད་པས་བཅིངས་ནས་མགོ་བོར་བཏགས་ན་མྱུར་དུ་ནད་ལས་གྲོལ་བར་ངེས་སོ། ༈ །གཟའ་མི་རྒྱུན་དུ་མི་འཆམ་པར་འཐབ་མོ་ཁོ་ན་རྒྱགས་པ་ལ། འཁོར་ལོ་འདི་གྲོ་གར་གི་ཝཾ་དང་གུར་གུམ་གྱིས་བྲིས་ལ་སྐྱེས་པའི་གཡོན་དང་། བུད་མེད་ཀྱི་ལག་གཡས་སུ་བཏགས་ན་ཤིན་ཏུ་མཛའ་བར་འགྱུར་བ་མྱོང་བས་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བོ། །འཁོར་ལོའི་ནང་གི་འདབ་མའི་ཡི་གེ་ནི་འདི་རྣམས་སོ། །དྲསཾདྲདྲབྷདཱིཧཱིཧི། ལའཁོར་ལོ་འདི་གྲོ་གར་དྲི་བརྒྱད་ཀྱིས་བྲིས་ཏེ་མགོ་བོར་བཏགས་ན། བཙོན་དུ་ཚུད་པ་ལྟ་བུ་རྒྱལ་པོ་དང་ཡུལ་དཔོན་གང་གིས་ཀྱང་བཅིངས་པ་ལས་གྲོལ་བར་འགྱུར་རོ། ༈ །འཁོར་ལོ་འདི་གཟའ་ཉི་མ་ཡོད་པའི་ཉིན་གྲོ་གར་དྲི་བརྒྱད་ཀྱིས་བྲིས་ལ། གུ་གུལ་གྱིས་བདུག་སྟེ་མགུལ་དུ་བཏགས་པས་ཤག་འགྱེད་པ་ལ་སོགས་པའི་ཚེ་རང་གིས་གང་ལབ་བདེན་པར་འགྱུར་ཞིང་། ཕ་རོལ་པོ་གཉིས་ནས་གྲངས་མེད་ཀྱི་བར་རབ་ལ་ངན་གྲོས་རྩོམ་པ་ལ་སོགས་པ་དེ་དག་ཞི་ནས་རང་གི་ངག་བཙན་ཅིང་དབང་དུ་འགྱུར་རོ། འཁོར་ལོའི་ཕྱི་རོལ་གྱི་རེ་མིག་བཅུག་པ་ནི་ཧཱུྃ་ཡིག་མགོ་ཕྱིར་བསྟན་བརྒྱད་འབྲི་བའོ། ༈ །འཁོར་ལོ་འདི་གཟའ་ཉི་མའི་ཉིན་སྣག་ཚས་ཤོག་བུར་བྲིས་ལ་སྐུད་པས་བཅིངས་ནས་མགུལ་དུ་བཏགས་ན་རྩ་དཀར་གྱི་ནད་ཐམས་ཅ ད་ལ་ཕན་ཅིང་། ཁྱད་པར་དུ་ཡན་ལག་དང་སྐེ་རེངས་པ་དང་། འདར་པ་དག་སྐམ་པ་རྣམས་ལ་ངེས་པར་ཕན་ནོ། །རྩེ་མོར། ཨཾ། བ་ར་དུ། རྫོཊྛིཏྟཾ རྩ་བར། ཀྵ་རཾ། ༈ །རྨི་ལམ་བཟང་ངན་སྣ་ཚོགས་མང་དུ་རྨིས་ན། འཁོར་ལོ་འདི་གཟའ་ཉི་མའི་ཉིན་གྲོ་ག་ལ་དྲི་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱིས་བྲིས་ཏེ་སྐེད་པར་བཏགས་ན་རྨི་བར་མི་འགྱུར་རོ། ༈ །འཁོར་ལོ་འདི་གཤིན་འདྲེ་གང་ཡིན་གྱི་འཆིས་རྩད་ཆོད་ན་དེ་དང་། བསྲུང་བྱའི་ཕྱི་སྒོ་ལ་སིནྡྷུ་རས་བྲིས་ན་མི་ནོར་ལ་གཤིན་འདྲེའི་གནོད་པ་ཐམས་ཅད་ཐུབ་པར་ངེས་སོ། །སྲིད་འབེབས་ཡིད་བཞིན་འབྲུ་བདུན་པ༔ དུས་ནི་སྐར་རྒྱལ་ཁ་ཆེ་གི་ཝང་ངོ་༔ དད་གུས་ལྡན་པའི་བུད་མེད་ལ ཟླ་བའི་བར་དུ་བདུན་བདུན་ནོ༔ མྱུར་དུ་ཚང་རྡོལ་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གི་ཝང་ཆུས་བྲིས་ཟླ་བར་བཟ༢༔ ལྟེ་བསྒྱུར་ལག་བླངས་ཅན་ཡིན་ནོ༔ ཞེས་པའི་ཟ་ཡིག་འདི་གཉིས་འབྲུ་གསུམ་བརྒྱ་རྩ་བཟླས་ལ་རབ་ཏུ་གནས། གོང་མ་ཚར་བདུན་བྲིས་པ་ཐོ་རངས་ཆགས་མེད་དང་། རྗེས་མ་སྟེ་བསྒྱུར་ཚར་གཅིག་རེས་ཆོག །ཉལ་ཁ་བཟའ། ལོ་བསྲིངས་ཤིང་ཡུན་རིང་པོར་བཟའ་དགོས། སྔར་དུས་ཁོ་བོ་ཁམ་བསེངས་ལ་འཆག་པས་ཚེར་ཕུང་ཞིག་ལ་དཔེ་འདི་རླུང་གིས་བསྐྱོད་གིན་འདུག་པ་རྙེད། དེ་ཉིན་དགེ་རྩེའི་དཔོན་ཞིག་ལ་བླ་སྔགས་མང་པོས་གདམས་པ་བསྟན་ཀྱང་མ་ཕན་པས་བདག་ལ་ཡིག་སྲུང་འཁོར་ལོ་སོགས་དགོས་ཟེར་བྱུང་བ་འདི་བཞིན་བྱས་པས་ཤིན་ཏུ་ཕན་ཐོགས་ངོ་མཚར་ཆེ་བར་བྱུང་། ཕྱིས་གདམས་པ་གོང་མ་དེ་བདུད་འདུལ་གཏེར་ཁ་དང་། འོག་མ་སྔར་གྱི་བེའུ་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་རྙིང་པ་ན་ཡོད་པར་གྲགས་སོ། །ཞེས་ཀརྨས་སོ། །ཆོས་འབྱུང་རྐང་མགྱོགས་ཙཀྲ་འཕགས་ཡུལ་གྱི་མན་ངག་གོ། །ཟུར་དྲུག་འདི་འདྲ་བའི་དབུས་སུ། ཀཱིདཱཧ། ཟུར་དྲུག་ལ་ཧཱུཾ་མགོ་ཕྱིར་བསྟན་དྲུག ། ཏཱ་ལའི་ལོ་མའམ་གྲོ་ག་ལ་བྲིས་ཏེ་བཏགས་ན་ཤིན་ཏུ་མགྱོགས་ཤིང་རྐང་པ་ན་བར་མི་འགྱུར་རོ།། ༈། ཤུབྷྲཱུྃ།། ༈ །།ཀོ་ལ་ཛཱ་ཏི་བྱི་རུག་གསུམ། །ཆུར་སྦྱར་བྱུགས་པས་ཤ་འབུ་སྲུང་། །ཨྠྀི། ༈ །ལྷོག་འདུལ་བྲམ་ཟེའི་སྔགས་རྒོད་ནི། རང་ཉིད་སྐད་ཅིག་གིས་ཁྲ་དར་མ་མིག་སེར་ལ་སྡེར་མོ་ལྕགས་ཀྱུ་འདྲ་བ་ཡོད་པ་སྔོ་ཞུང་ངེ་བ་གཅིག་ཏུ་བསམས་ལ། པྲ་དུན་ཏེ་མུག་དུན་ཏེ་། སྭཱ་ཧཱ། ཞེས་བརྒྱ་སྟོང་མང་དུ་བཟླ་ཞིང་སྡེར་མོས་སྐངས་ལ་བྲད་པར་བསམས་ལ། དེས་རྡོ་ཚན་ལ་ཁ་བ་བབས་པ་བཞིན་སྐྱངས་པ་ཐམས་ཅད་ཞི་བར་འགྱུར་པ་མྱོང་བས་གྲུབ་པའི་གདམས་པ་ཐེ་ཚོམ་དང་བྲལ་བ་ཨྠྀི། ༈ །བུ་ཆུང་འཁྲུ་སྐྱུགས་ལ་ཁྱིར་རྒྱ་བོའི་སྤུ། སྲུང་སྐུད་མདུད་པ་གསུམ་བཅས་སྔགས་འདི་བཏབ། རྦད་ནན་རྦད་ཤི། ཞོ་ཤ་ཏེ་ནི་སྭཱ་ཧཱ། སྟོང་ཕྲག་བཟླས་ལ་བྱུགས་ནས་སྐེ་ལ་གདགས། འཁྲུ་ན་རྐང་སྐེད་པར་ཟེར་བའང་སྣང་། པར་གདགས་པས་ཐུབ་པར་ངེས་ཨྠྀི། ༈ །ཡ་མའི་རིགས་ཐམས་ཅད་ལ་སླེབས་པས་ཆོག་པའི་སྲུང་བ་ནི། ཨོ་བྱེར་སོད་མེར་སོད་ཡ་མ་ནག་པོ་སོད། སོ་ནད་སྲིན་བུ་སོད། རང་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཁྱུང་ནག་པོར་བསྒོམས། གོང་བསྙེན་ཁྲི་ཚོ་གཅིག་བྱེད། ལུག་ནག་པོའི་སོག་བལ་སྔགས་ལ་མགོ་ལ་དཀྲིའོ། །ཨྠྀི། ༈ །།དུག་ནད་སྲུང་བ་དང་གསོ་བའི་གདམས་པ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ནས་བརྒྱུད་པ་ནི། སྔགས་མཁན་དང་ནད་པ་གཉིས་ཀརྨ་བྱར་བསྒོམས། ནད་ཡོད་སར་རྨ་བྱའི་མཆུ་བཙུགས་ནས་བཙན་དུག་ཟ་བར་བསམས། ལག་པ་གཉིས་གཤོགས་པར་བསམས་ལ། ནད་པར་བཏབ་པས་ནད་ཐམས་ཅད་ཐལ་བ་བུན་བུན་སོང་བར་བསྒོམས་ལ། སྔགས་ནི། ཨོ་མི་ཏ་ཧྲི་ཡེ་སྭཱ་ཧཱ། ཨོཾ་ཀྲུག་ལེ་ཧཱུྃ་སྭཱ་ཧཱ། ཤནྟེ་ཤནྟེ་བི་ཤནྟེ་སྭཱ་ཧཱ། གོང་བསྙེན་སྟོང་ཕྲག་བཞི་བྱ། རང་གི་དྲི་ཆུ་བར་པ་ལ་བཏབ་ནས་ལྟོ་སྟོང་ལ་བཏང་། དུག་བསྲུང་བ་དང་གསོ་བའི་གདམས་པ་ཤིན་ཏུ་ཟབ། དུར་བྱ་ཀངྐས་ནམ་མཁའ་ནས་བསྐྱུར་བའོ། ༈ །ཀརྨ་པ་རང་བྱུང་རྡོ་རྗེ་ལ་དྲང་སྲོང་གིས་དངོས་སུ་ཕུལ་བའི་ཟ་ཡིག་ནི། རླཐབླ་རྒྱ་ཤོག་ལ་རྒྱ་སྣག་གིས་བྲི། ནངས་མོ་མར་ལ་བསྟུམ། ཨོ་ལས་བྱ་ཁྱུང་དཀར་པོ་གཅིག་ཏུ་བསྒོམས་ལ་ཟ། ཉིན་ཕྱེད་ཤར་དྲིལ། ཨཱལས་རྟ་མགྲིན་དུ་དམིགས། དགོང་མོ་ཟན་དུ་དྲིལ། ཧཱུྃ་ལས་ཕྱག་རྡོར་དུ་དམིགས། གསུམ་ཀ་ལ་འབྲུ་གསུམ་གྱི་སྔགས་ཉེར་གཅིག་བཟླས། ཀརྨ་པ་མཁྱེན་ནོ། །ཞེས་བགྲངས། གཟའ་ནད་སྤྱི་དང་རྒྱལ་གདོན་ལ་བསྔགས་སོ། ༈ །རང་སྲུང་སྔོན་འགྲོའི་ཟ་ཡིག་ནི། །


JKT020_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བྷཊནཤནགུགུནནམནན༔ ཤ་འགུལ་ན། ཨོ་ཕགའནཤདབརཡཕྲཊ སྤྱིའི་བདུག་ཡིག །ཨོ་རཱཧུལམཧཱདེབནཱགརཱཛཧཱུྃཕྲཊ༔ རྒྱ་ཤོག་རྒྱ་སྣག་སྐྱེར་མེར་བསྲེགས། །ཤོག་ཐལ་མར་སྦྱར་ཆུ་དང་བསྲེག །དུ་བ་ནད་པའི་སྣ་རུ་བདུག །ཨྠྀི། ༈ །གྲི་ལྕགས་ཀྱི་སྐུད་པ་ཕྲ་མོས་སྲིན་མཛུབ་ལ་སྐོར་གཉིས་པའི་གདུ་བུ་མགར་ལག་ནས་མ་བླངས་པ་ལ། ཨོཾ་ཡེ་བིད། ཏེ་ལོ་བདྲ། ཏེ་ཤཀྟི་བིད། རཏྣ་བིད། མ་ཧཱ་བིད་སྭཱ་ཧཱ། ཐོ་རངས་མི་དང་གཏམ་མ་འདྲེས་པའི་གོང་སུམ་བརྒྱ་རེ་བཏབ། མིག་གི་རྒྱལ་མོ་ལ་རེག་ཙམ་བྱས་ནས་འཕྱིད་པས་མིག་གསལ་བའི་གདམས་པ་མཆོག་ཏུ་གྱུར་པ་ས་སྐྱ་བླ་བྲང་རྫོང་ཆུང་བའི་ལུགས་སོ། །ཟླ་བ་གཅིག་ཏུ་བར་མ་ཆད་པར་བྱའོ། ༈ །ལྕེ་བདེ་བར་འདོད་ན། དྲོད་སྨན་ཧྲིལ་འཇང་གང་རུང་ཐུན་རེ། སྔ་དྲོ་དྲེགས་པ་བཞར་ནས་སྲིན་ལག་གིས་བྱུགས། ཟླ་རེར་ཐེངས་གསུམ་རེ་བསྟེན་ན་ལྕེ་བདེ་ཞིང་ར་རོ། །མིག་ལ་ལིང་ཏོག་བྱུང་ན་སྒ་སྐྱའི་ཕྱེ་མ་ཐུན་གཅིག་ཟོས་ནས་ཉལ་བས་ཕན། མིག་ཕྱིད་པ་ལ་ཉ་མཁྲིས་ཀྱི་དུད་པ་གཏོང་། རྙེད་ན་ཁ་བའི་དཀྱིལ་གྱི་རྡོ་དང་། མ་རྙེད་ན་རྡོ་བ་མོ་ཅན་གྱིས་བདུགས་པས་ཕན་པ་ལག་བླངས། ༈ །མཚེ་དང་ལོ་ཙན་ཁུར་མང་རྩ་མཁྲིས་དང་། །སྤྲུ་ལོ་མཁན་ལོ་རམ་ལོ་སྐྱེར་ཤུན་དང་། །དཀོན་པ་རྒྱབ་སྐྱ་དམར་གསུམ་སྲན་མེ་ཏོག །རྟ་སྤངས་བཙིར་


JKT020_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཁུ་བས་ཁཎྜ་བྱས། །མི་དོམ་མཁྲིས་པ་གུར་གུམ་དུང་མགྲོན་ཐལ། །ཟ་འོག་བསྲེགས་ཐལ་གཟིག་ནག་སྤུ་རྣམས་དང་། །རྨ་བྱའི་མདོངས་བསྲེགས་ཐལ་བ་ཁ་ཚར་གདབ། །སྔགས་ཀྱིས་ངར་བཏགས་ཁྲག་འཛག་མཐའ་དག་གཅོད། །ཨྠྀི། ༈ །བྱིའུ་ནས་ཟན་བུན་དཀར་ཐུན་ལྔ་ལ། །གསེར་མདོག་དེ་མཉམ་གླ་རྩི་ཐུན་གཅིག་རྣམས། །ཞིབ་བཏགས་ཁབ་མིག་ཙམ་རེ་བཏབ་པ་ཡིས། །ལིང་ཐོག་ཤ་འཛེར་སྐྱ་འགྲིབ་ཀུན་ལ་ཕན། །དེ་ཡང་མིག་ཆུ་མ་ཐོན་བར་དུ་བཞག །དེ་ནས་འབྱེད་བཙུམ་བྱས་པས་སྨན་རོ་དོན། །སྲིན་ལག་ཁྲག་གིས་ལིང་ཐོག་ཤ་འཛེར་གཅོད། །ར་མཆིན་དམར་པོ་ཟོས་ན་སྲོད་ལོང་སེལ། །ཚྭ་ལ་ཆུ་བཅད་རུ་རྟ་བསྲེག་པའི་ཐལ། །ཆ་མཉམ་སྦྱར་བ་ཁབ་མིག་གང་ཙམ་གདབ། །དེས་ཀྱང་ལིང་ཐོག་གསར་རྙིང་རྩད་ནས་ཐོན། །སྤང་རྒྱན་ཁུ་བས་མིག་ཉིད་དུ་བ་དང་། །ཁ་བས་ཕྱིད་པ་ཀུན་ལ་ཕན་ཅེས་བཤད། །གྲ་མ་ཤོར་ན་སྔགས་འདི་སྣ་ནས་གདབ། །ཨོ་ལ་ལིང་ཡ་མ་ད་ན་ཏིང་མ་སྭཱ་ཧཱ། ཡང་ན་སྔགས་འདི་གཡས་གཡོན་གོ་ལྡོག་པའི། །སྲིན་ལག་ལ་གདབ་འཕུར་བས་ངེས་པར་ཕན། །ཨོ་དར་མདིང་སྭཱ་ཧཱ། སོ་སྲིན་སྲུང་ན་སྔགས་འདི་ཤོག་བུར་བྲིས། །གླ་གུལ་ཆུས་བྱུགས་ལུང་ཐག་དམར་པོ་བྱ། །སོའི་སྲིན་བུ་སྲུངས་ཤིག །ཙི་རི་ནི་རི་ནན་རྦདཿ རྟ་སྤུ་བསྲེག་ཐལ་བཏབ་པས་སྣ་ཁྲག་གཅོད། །


JKT020_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཆུ་བར་བས་ཁ་བཀྲུས་གླ་རྩི་དང་། །ནག་མཚུར་ལྡེ་གུ་བྱུགས་པས་ཁ་ནད་སེལ། །ཡང་ན་སྲུང་སྐྱེར་ཧོང་ལེན་སེང་ཕྲོམ་དང་། །རུ་རྟ་མར་དཀར་སྦྱར་ལ་བྱུགས་པས་ཕན། །གསེར་མདོག་བྲག་ཞུན་ཤ་ཆེན་བ་ཤ་ཀ །ཞིབ་བཏགས་བུ་རམ་སྦྱར་བྱུགས་བད་མཆུ་སེལ། །ཡང་ན་ཆུ་རྩ་བུལ་ཏོག་སྦྱར་བའམ། །རྒུན་འབྲུམ་ཐལ་བ་བྱུགས་ཀྱང་ཕན་པར་ངེས། །ལྕེ་རྩེ་སྐྲངས་ནས་རྣག་ཏུ་མི་འགྲོ་བར། །གོང་གི་ཡུངས་སྐྱེར་སྦྱོར་བས་མྱུར་དུ་བརྡོལ། །གྲེ་འགགས་ནལ་ཤམ་པི་ལིང་རྒྱ་སྐྱེགས་རྣམས། །ཆ་མཉམ་ཆུ་དྲོན་ལ་བླུགས་བཏང་པས་ཕན། །གློ་བུར་གྲེ་འགགས་ཨ་རུ་འོ་མར་སྤངས། །སྔགས་ནི། ཨོཾ་མ་ནུ་མ་ནུ་ཏྲིང་ཏོ་ལ་སྭཱ་ཧཱ། ཞེས་པ་མང་བཟླས་བཏབ་པས་མཆོག་ཏུ་ཕན། ༈ །ལི་ཤི་༣༠ཨུག་ཆོས་༣༠འབྲས་བུ་རུ་༣༠རྟ་རྣམས། །སུམ་ཆ་རེ་རེ་ཁྲག་ཤས་ཆེ་གྱུར་ན། །ཨ་རུ་རླུང་ཤས་ཆེ་ན་རྩི་བོ་ཆེ། །རྟ་ནི་ཚ་ན་ཆུ་དང་གྲང་།བ་མར། །སྦྱར་ནས་ཁྱི་བལ་འཇམ་པོར་བསྐུལ་ཏེ་བཅུག །བག་ཟན་གྱིས་བཀང་མཚན་གཅིག་ཉལ་བྱས་ཏེ། །ནངས་པར་ལངས་ནས་བཀྲུས་པས་རྣ་ནད་སེལ། ༈ །རྣག་ཁྲག་འཛག་ན་མ་ནུ་རུ་རྟ་དང་། །ཨ་རུ་སྐྱུ་རུ་ཨུག་ཆོས་འབྲས་བུ་རྣམས། །ཆུ་ལ་སྦྱར་ནས་ལན་འགའི་བར་དུ་བླུགས། ༈ །བརྡབས་སམ་འགྲམ་ན་རྩེ་ཆུང་གཏར་བར་བྱ། །བསེ་དྲི་འདོན་དང་གག་བཅོས་གཞན་དུ་ཤེས། ༈ །སོམ་ཐལ་རྡོ་


JKT020_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཞོ་བུལ་ཏོག་ཡུངས་བ་སྒོ། །རྒྱ་ཚྭ་སེང་ཕྲོམ་ཆུ་མ་རྩི་རྣམས་ཆང་། །སྦྱར་བྱུགས་ངོ་ཤིག་སེལ་བའི་གདམས་པ་ཟབ། ༈ །ཤུ་བ་ཟ་རྐང་ནད་ལ་གཡེར་མ་དང་། །ལན་ཚྭ་ཆ་མཉམ་ཞིབ་བཏགས་མར་རྙིང་པ། །བཙག་བཅད་ལ་སྦྱར་བྱུགས་ཏེ་ཉི་མར་འདུགོ །གླང་ཤུར་བ་དམར་ལྕི་བ་ས་སྟེང་དུ། །མ་ལྷུང་བཞི་ལྔ་བྱུགས་པས་རང་དག་འགྲོ། །ཤུ་བ་འཛེར་པའི་བཅོས་ནི་གཞན་དུ་གསལ། ༈ །སྙུག་མའི་རྩི། དྲེས་མ། ར་རུ་བསྲེག་ཐལ། གླ་རྩི་ལ་སྦྱར་མར་རྙིང་ལ་བཏབ་སྟེ་བྱུགས། ཉི་མར་བསྲོས་པས་ཤིན་ཏུ་ཕན། ༈ །ཞལ་ལྕེ་རྒྱལ་བའི་སྔགས་ནི། ཨོཾ་ཨཱཧཱུཾ་པུ་ཏིང་ཀུ་རུ་མ་ཏི་སྭཱ་ཧཱ། ཞེས་ཡུངས་ཀར་ལ་བསྔགས་ནས་གཏོར། ༈ །འདྲེ་ཤིག་སྲུང་བ་ལ། ཨོཾ་བཛྲ་ནི་བཛྲ་མཱུ་ཧཱུྃ་ཕཊ། སྔགས་ཆུས་ལུས་ལ་བྱུགས། ཡང་ན། ཨོ་ཙིག་ཀི་རི་སྭཱ་ཧཱ། སྲུང་སྐུད་དམར་པོ་ལ་མདུད་པ་བཏབ་ནས་ཁྲི་ཚོས་བསྔགས་ལ་འདོགས། ཡང་ན། ཨོ་ཙི་རི་སྭཱ་ཧཱ། འབྲུ་མར་ལ་བསྔགས་ནས་བྱུགས་པས་ཐུབ་ངེས་ཟབ། ༈ །ཏདྱ་ཐཱ། ཧི་ལི་མི་ལི། ཀི་ལི་མི་ལི། ཧི་ལི་ཏེ། ཧུ་ཡཱ་ཧུ་ཡཱ་ཧུ་ཡཱ། མ་ནི། ཧུ་ལུ་ཧུ་ལུ་ཧུ་ལུ། ཧུ་དུ་ཧུ་དུ་ཧུ་དུ། ཙཀྟར་མུ་ཁ་བི་ཤོ་དྷ་ཡ་སྭཱ་ཧཱ། མིག་རྣམ་པར་སྦྱོང་བའི་རིག་སྔགས་སོ། །ཏདྱ་ཐཱ། རུ་དྷི་རེ་ཕུ་རེ་དྷི་ར། ཨཀྱི་ཕུ། རུ་དྷ་རི་པཾ་ག་ལེ་ཕུ། བྷ་ཏེ་ཕུ། བ་དེ་ལེ་ཕུ། ཧ་ན་ཏེ་ཕུ། ཚྭ་ས་དུ་དྷུ་བྷི་ཕུ།


JKT020_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཨཀྱི་ཕུ། པདྨ་དཎཱ་ཧི་ར་ཎི་ཡེ་ཕུ་སྭཱ་ཧཱ། སྲད་བུ་ལ་ལན་བདུན་བཟླས་ཏེ་མདུད་པ་བདུན་བོར་རོ། །ཆུ་ལ་དེ་སྙེད་སྔགས་ནས་མིག་ལ་བྱབས་པར་བྱའོ། །པདྨའི་སྤྱན་གྱི་གཟུངས་ཀྱང་བཟླ་བར་བྱའོ། ༈ །ཤོ་རྒྱན་རྒྱལ་བའི་སྔགས་ནི། ཨོཾ་ཀ་ཏྲ་མི་ཏྲ་ཐང་ལུ་ཡན། མར་ལ་བསྔགས་ནས་ལག་པར་བྱུགས། དམིགས་རིམ་ནི། ནམ་མཁར་སྒྲོལ་བྱེད་ཁྲ་ཙམ་མེར་ཡར་པར་བསམས་ལ། སྨིན་དྲུག་ཤོ་ལ་ཐིམ་པར་བསྒོམས། ལུགས་གཅིག་ལ། ཤོ་རྒྱན་གང་ལ་རྒྱལ་སྔགས། མགྲོན་བུ་ལྟོ་བ་མ་ཕུག་པ་ལ་སྔགས་འདི་ཚར་སུམ་བརྒྱ་བཟླས་ལ་མཆན་དུ་བཅུག །སྔགས་ནི། ཨོཾ་མ་ཎི་རང་སྐྱེ་ཡེ་སྭཱ་ཧཱ། ཨོཾ་ས་ར་ཧ་མོ་ལོན་ཟློ སྭཱ་ཧཱ། ཤིན་ཏུ་ཟབ་ངེས་མྱོང་གྲུབ། ཤྭ་ཆུང་དགོས་ན། རང་ལག་བྱུང་ན་ལག་གཡས་པས་གཡོན་ལ་གཏད། རང་གི་མཐུ་བ་དང་རྡོག་ཞབས་གཏོང་། རང་གི་སྲོག་ལུས་དབང་རླུང་གུད། ལུས་སེམས་སྨད་པ་ཡིས་ཤོ་རྒྱབ་ན་རྩ་སྒྲིབ་ལག་ལེན་འདིས་ཕན་པར་ངེས་སོ། ༈ །ཤ་དུག་རིགས་ནི་གང་ཡིན་ཀྱང་། །སྒོང་ཐོག་བྱེའུ་ལ་ཕུག་དང་། །སྟོང་ཟིལ་ཧ་བོ་སྲད་ནག་པ། །འོམ་བུའི་ལོ་མ་བོང་ང་དམར། །རེ་རལ་ཨ་རུར་སྔགས་འདི་གདབ། །ཨོ་ཁྲག་ཉག་རཾ་རྦད་སྭཱ་ཧཱ། མྱུར་དུ་སྐྱེས་བུའི་སྲོག་སྟེར་བྱེད། ༈ །ན་མོ་གུ་རུ་བྷྱ༔ དགྲ་ཇག་ཆོམ་རྐུན་བཅིང་བའི་གདམས་པ་ཁྱད་པར་ཅན་ནི། མིས་མ་འགོངས་པའི་རྡེའུ་


JKT020_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ། ནག་པོ། དམར་པོ། སེར་པོ་བཞི་ལ་སྔགས་འདི་ཞག་གསུམ་བཏབ། ཨོ་ཐར་ནི་ཐར་ནི་མ་ཧཱ་ཐར་ནི། དགྲ་རྐུན་ཇག་གསུམ་གྱི་ཟླ་ཆིངས། ཨོཾ་ཤྲཱི་ཧཱུྃ་ཧྲིང་ཧྲིང་མཱ་ར་ཏྲི་ཧུར་ཐུམ། གནོད་བྱེད་དགྲ་རྐུན་ཇག་གསུམ་གྱི་སྲོག་སྙིང་ལ་མཱ་ར་ཡ་རྦད་རྦད། ལུས་ངག་ཡིད་གསུམ་གྱི་བླ་ཆིངས་ཤིག་སྭཱ་ཧཱ། ཞེས་བཟླ་ཞིང་རིན་པོ་ཆེའི་སྣོད་དུ་བཞག་ལ་སྔགས། དགྲ་བྱུང་དུས་དཀར་ནག་འཕངས་ལ་དམར་སེར་ཚག་བྱས་པས་དགྲ་བོ་འགྲོ་མི་ཤེས། གཅིག་ཤོས་གཉིས་འཕངས་པས་དེ་ལས་གྲོལ་ལོ། །ཤིན་ཏུ་ཟབ། ཨྠྀི། ༈ །སད་སྲུང་བའི་མན་ངག་ནི། ཚེས་བཅོ་ལྔའི་ནུབ་མོར་ར་དཀར་མོའི་འོ་མ་ལ། ས་རི་ཀ་ནན། ཅེས་སྟོང་ཚོ་གསུམ་བཏབ། དགོས་དུས་གནམ་ལ་ལན་གསུམ་གཏོར་བས་སྤྲིན་འདུས་པ་ཐེ་ཚོམ་མེད་དོ། །ཡང་ཡང་དུ་ཉམས་སུ་མྱོང་བའི་མན་ངག་ཨྠྀི། ༈ །ཞིང་ལ་འབུ་སྲུང་ན། ཨོ་སྲིན་གྱི་རྒྱལ་པོ་སོད། སྲིན་བུ་ར་ཙ་སོད། སྲིན་སྲིན་སྙིང་པོ་སོད། དར་དུ་གྲང་པ་སོད། ཅེས་བྱེ་མ་ལ་བསྔགས་ནས་གཏོར་ན་ཐུབ་ངེས་སོ། ༈ །སེར་བ་སྲུང་བའི་རྫས་ནི། བཙན་དུག །གུ་གུལ། མུ་ཟི། གླ་རྩི། བོང་བུའི་ཐུན། སྡོང་རོས། ཤུ་དག་ནག་པོ། ཤིང་ཀུན། ཡུགས་ས་མའི་དོར་རྟ། དྲི་ཆེན། རྒྱ་གྲོགས་ཀྱི་ཚང་ས། གྲོང་ཁྱེར་གྱི་ས་རྡོ་རྙིང་པ། རུ་རྟ། བ་བླ། ཚིལ་ཆེན། ར་དུག་ནག་པོ། དེ་རྣམས་གྲི་ཁྲག་གིས་རིལ་


JKT020_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བུར་དྲིལ། ཨོཾ་ཨཱཧཱུཾ་ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ན་ཡ། ཏ་ཐཱ་ག་ཏཱ་ཡ། སུ་ཙ་སུ་ཙ། ས་མ་ཡ་སུ་ཙེ། ས་མ་ཡ། བཱ་ལ་ཡ་ནི་སྭཱ་ཧཱ། ཞེས་སྟོང་བཟླས་ལ་བཏབ། སྐྱེར་པའི་མེ་ལ་བསྲེགས་པས་ངེས་པར་བཟློག་གོ། ༈ །ལོ་ལེགས་པའི་མན་ངག་ལ། ཞིང་ལུད་ཀྱི་ནང་དུ་བདུད་རྩི་འོད་ལྡན། ཕུག་རོན་གྱི་བྲུན། སེ་རུ་བ། འབའ་ཆ། ཕབས་རྣམས་བུ་མོ་ལོ་བརྒྱད་མའི་དྲི་ཆུ་དང་སྦྱར་ལ། ཨོཾ་ཨཱཉྩཱདྷ་རི་རཏྣ་ཛ་བྷ་མ་ཧཱ་སིདྡྷི་སྭཱ་ཧཱ། ཞེས་ཞག་གསུམ་དུ་བསྔགས། ས་བོན་ལའང་མར་ནག་དང་སྦོལ་ནས་གོང་སྔགས་སྟོང་ཚོ་གཅིག་གིས་ངར་བཏགས་ནས་བཏབ་པས། མཆོག་ཏུ་སྙེ་མ་ལེགས་ཤིང་གནོད་པ་ཐམས་ཅད་ལས་བསྲུང་བར་འགྱུར་རོ། ༈ །བྱང་ཆུབ་སེམས་མ། དཔལ་ལྡན་མ། བཀྲ་ཤིས་མ། པདྨའི་ཕྲེང་བ་ཅན། ནོར་གྱི་བདག་མོ། དཀར་མོ། གྲགས་པ་ཆེན་མོ། པདྨའི་སྤྱན། འོད་ཆེན་མོ། བྱེད་པ་མོ། ཟས་སྦྱིན་མ། རིན་པོ་ཆེ་རབ་ཏུ་སྦྱིན་མ། དཔལ་ཆེན་མོ་ཞེས་གྲགས་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མྱུ་ད་ཡ་ཐེ་དཾ། ཛི་ནི། གྷི་ནི། སརྦ་ཨརྦ་སཱ་དྷ་ནི། ཤ་ཤི་ནི། ཨཱ་ལཊྛཱིནཱི། མེ་ནཱ་ཤཱ་ཡ། སི་དྷཱནྟུ་མེ་མནྡྷ་པཱ་དཱ་སྭཱ་ཧཱ། ༀ་ཤྲཱི་ཀུ་ཊི་བ་ར་མ་སུ་བྷ་གེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་མི་མཐུན་པ་ཞི་བ་དང་། དོན་ཐམས་ཅད་འགྲུབ་པ་དང་། འབྱོར་པ་དང་ལྡན་པ་སོགས་ཕན་ཡོན་དཔག་ཏུ་


JKT020_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་གསུངས་སོ། ༈ །ལིང་ཏོག་ལེན་པའི་སྔགས་ནི། ནས་འབྲུ་ལྔ་ལ་སྔགས་བརྒྱ་བཏབ། ལི་སྡེར་གས་ཆག་མེད་པའི་ནང་དུ་འོ་མ་སོགས་དཀར་རིགས་མ་འདྲེས་པའི་ཆུ་གཙང་མ་བླུགས། །ལྕགས་རྒྱུ་བཟང་པོ་ལ་ལྕགས་དཀར་ཟེར་བ་དེའི་སྟེང་དུ་ནས་འབྲུ་བཞག །མིག་གི་ལིང་ཏོག་ཉེར་གཅིག་བསྐོར་བ་ལན་གསུམ་རེ་བྱ། དེ་ནས་ནས་འབྲུ་ཆུ་ནང་ལ་འཕངས་པས་དེའི་སྣ་ལ་ལིང་ཏོག་ལོན་འོང་།། དེ་འདྲ་ལན་དགུ་བྱུང་ན་ཐེ་ཚོམ་མེད། སྔགས་ནི། ཨོཾ་བྱ་ལིང་སོད། བྱི་ལིང་སོད། འདྲེ་ལིང་སོད། འདྲེ་ལིང་ནག་པོའི་སྙིང་ལ་སྭཱ་ཧཱ། ཞེས་སོ། །རྣ་བ་འོན་པ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། སང་སང་ཡེར་ཡེར་སྭཱ་ཧཱ། ཞེས་བཟླས་ནས་ཕུས་བཏབ་པས་ཕན། ༈ །སོ་སྲིན་ལ། སྲིན་ཡ་མ་ནག་པོར་སོད། ར་ཚིལ་ལ་བསྔགས་ནས་དཀར་གོང་སྲིན་མེད་ཀྱི་སྟེང་དུ་བསྲེགས་པའི་དུད་པ་སྨྱུག་སྦུབས་ལྟ་བུས་སོ་ན་བ་དེ་ལ་ཕོག་པར་བྱ། གཞན་ལ་ཕོག་ན་སོ་འཐོར་ཡོང་བས་འཛེམ་པ་གལ་ཆེ། ལག་ལེན་ལ་ས་དུང་གཤམ་ཆེ་ལ། རྩེ་ཕྲ་མོ་བཟོ་ནས་བདུག་གསུངས། ༈ །ལྡི་བས་མི་ཟ་བར་འདོད་ན། ཨོ་ཏ་པ་ལ་ཏེ་ཙེ་རྩེ་མཱ་ར་ཡ་ས་ཧཱུྃ་ཕཊ། མར་ལ་བསྔགས་ནས་ལུས་ལ་བྱུགས་དགོས། བཛྲའི་གདམས་པའོ། ༈ །སོ་ནད་ཡ་མའི་སྔགས་ལ། ཀ་ལ་མུ་ཁྲི་ག་ཏྲི་ག་དྷ། ལི་ཀ །བྷ་ལཾ། སིབ་སིབ། ཁྲིའམ་སྟོང་ལས་མི་ཉུང་བར་


JKT020_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་ལ་བརྒྱ་རེ་སོང་བ་དང་ན་སར་ཕུས་གདབ། ༈ ཡང་སྔགས་འདི་དབུ་ཅན་ཚེགས་མེད་དུ་བྲིས་ཏེ་གཤམ་ནས་ཡར་དྲིལ་ལ་ཟའོ། །ཨོ་པི་ཏི་ག་ག་སྭཱ་ཧཱ། ཤཱ་ས་ནའི་གདམས་པའོ། །ཨྠྀི། ༈ །ཡང་སོ་སྲིན་དངོས་སུ་འདོན་པའི་སྔགས་ནི། ཡ་མ་ནག་པོ་ཆར་བཞིན་བསྒྱུར་ཕུད། ར་ཚིལ་ལ་བསྔགས་ནས་མཁར་གོང་སྲིན་མེད་སྟེང་དུ་བདུག །དྷརྨ་པ་ར་མའི་གདམས་པའོ། །ཨྠྀི། ༈ །ཁ་ཚ་སྲུང་བ་ནི། གྲི་ཆུང་སོ་སར་མ་གཅིག་ལ་སྔགས་འདིས་སྟོང་ཚོ་གཅིག་བསྔགས། ཨོཾ་མ་ཉ་ནག་མོ་མཆུ་ལ་སོད། དེ་ནས་གྲི་རྩམ་ཁུག་ཅིག་གི་ནང་དུ་བཅུག །རྩམ་པ་ཐེབ་ཆུང་དགུ་བླུགས། ཁ་ལ་ཁབ་སོ་མ་ཞིག་བཙུགས། སེམས་ཅན་རེ་རེའི་མགོར་ལན་དགུ་བཞག་པས་ཟླ་གཅིག་ཐུབ་པར་གསུངས་ཀྱང་། ནུབ་རེ་བཞིན་དགུ་རེ་བཞག་པས་ཐུབ་ངེས་པ་རག་ཤུལ་དཔོན་གྱི་མན་ངག་བཀའ་རྒྱ་མའོ། །ཨྠྀི། ༈ །ཨོཀེ་ཀྱེ་ས་མ་ཀྱི་ཡ་སྭཱ་ཧཱ། མིག་གི་ནད་མེད་པར་བྱེད་པའི་སྔགས་སོ། །ན་མོ་ཙི་ཏྲ་རཱ་ག་ཡ་མེ་ཏྲི་སནྟི་ལོ་ཙ་ནི་སྭཱ་ཧཱ། ཆུ་ལ་བསྔགས་ནས་མིག་བཀྲུས་ན་མིག་གི་རབ་རིབ་འཇོམས། ཨོཾ་ཨ་རུ་ཎེ་ཧཱུྃ་ཕཊ་སྭཱ་ཧཱ། ཆུ་ལ་བསྔགས་ནས་མིག་བཀྲུའོ། ༈ །བླ་མ་ནོར་བུ་ནས། རི་སྤྲུལ་རིན་པོ་ཆེས་གསན། དེས་བདག་ལའོ། །ཨོཾ་ཨ་ལུང་མེད། ཀ་ཙ་ན་མུ་ཚར་མར་སོལ། སྲིན་ལག་གཉིས་གསེར་ཐུར་དུ་བསྒོམས་ལ་ནངས་རེ་བཞིན་མིག་ལ་


JKT020_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བྱབས་ཤིང་སྤྲུག་གོ། །ཨོ་ནཱ་ལུང་མེད། ག་བ་ཏུ་ཝ་ཎ་ཨ་ཕཊ། ཅེས་བཟླས་པའི་ཕུ་བཏབ་པས་མིག་ནད་ཐམས་ཅད་ལ་ཕན་ནོ། ༈ །བད་ཀན་མིད་དཀྱུས་སྔགས་ནི། ཨོ་ལུང་ཡོད། ནཱ་ག་རཱ་ཛ་སྲོག་ཤ་ཀ་མ་ལ་ཡ་ཤ་ཀ །ཐ་རོ་ལི་ནི་བོ་ར་ཡ་ནི་ཧཱུཾ་ཕཊ། ཨོཾ་ནཱ་ག་ནཱ་ག་ཤིག་ཤིག །ཧུ་ཡ་ཧུ་ཡ་ཤིག་ཤིག །གནོད་བྱེད་ཀྱི་སྙིང་ལ་རྦད་ཕུད་ཆད་ཡ་ཤིག་ཤིག་ཤིག །ཆམ་ཆམ་གཏུབས་གཏུབས་ཛ་ཛ་ཆུམ་ཆུམ་གཟེར་གཟེར་ཧོར་ཧོར་རྦད་རྦད་ཨ་སྭཱ་ཧཱ། ཨོཾ་ནཱ་ག་ཤི་རི་ཕུད། འདི་ཚ་འགགས་ལ་ཅོང་ཞི་དམར་པོ་དང་། གྲང་འགགས་ལ་ཅོང་ཞི་དཀར་པོ། གཉིས་ཀར་འབྲི་བརྒྱའི་མར་སྦྱར་བའི་རིལ་བུ་ལ་བསྔགས་ནས་ཟ། ཀརྨ་བསྟན་རྒྱས། ཀརྨ་མཁས་མཆོག །དེས་བདག་ལའོ། ༈ །ཞི་བྱེད་ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་ལས། མཁས་པའི་གསང་མཛོད་འབྲས་བུ་ལམ་བྱེད་ཐབས། །མཆོག་བླ་མ་དགྱེས་པའི་ཞལ་ཟས་དང་རང་ལ་མཁོ་བའི་ཡོ་བྱད། གི་རྫས་ལ་གསང་བའི་སྔགས་བཏབ་པས། །གང་ལ་བྱིན་ཀྱང་གསང་ཚིག་འཐོལ་བར་བྱེད། །ཨོཾ་དེ་བ་ཙ་ཀྲ་པྲ་ས་མེ་སིདྡྷི་སྭཱ་ཧཱ། བླ་མས་མཆོག་ཏུ་ཐུགས་ལ་འདོགས་པའི་ཐབས། །གང་ལ་མཉེས་པའི་རྫས་ལ་སྔགས་བཏབ་ལ། ཕྱག་ཏུ་ཕུལ་ནས་ཡིད་ལ་འདོད་པ་བསམ། །ཨོཾ་ན་མོ་གུ་རུ་ཙི་ཏི་ཏ་བྷི་རི་ཧཱུྃ། ཐམས་ཅད་བདག་ལ་བྱམས་པར་བྱ་བའི་ཐབས། །མཚན་དང་ལྡན་པའི་བྱང་སེམས་དཀར་


JKT020_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ལ། །སྔགས་བཟླས་ཐིག་དཔྲལ་བར། ལེ་བཀོད་ཅིང་ཁ་ཡང་བཤལ། །ན་མོ་བྷ་ག་ཝཱ་ཏི་ཨུཏྟིཥ་ཡ་དྷ་རེ་དྷ་རེ་དྷེ་སྭཱ་ཧཱ། ཤེས་རབ་མེ་ལྟར་འབར་བར་བྱ་བའི་ཐབས། །བདེར་གཤེགས་སྐུ་ལ་སྐུ་ཁྲུས་ཊྛ གསོལ་བའི་ཆུ། །སྔགས་དང་བཅས་ནས་ལན་གྲངས་མང་དུ་བཏུང་། །ཏདྱ་ཐཱ། བཛྲ་པྲཛྙཱ་དྷི་རི་དྷི་རི་སྭཱ་ཧཱ། བློ་འཛིན་བསྒམ་ལྟར་མང་དུ་འབྱུང་བའི་སྔགས། །ཉ་རྒྱས་ཟླ་བ་ཆུ་རིན་ཆེན། ཡི་སྣོད་དུ་བཟུང་། །སྔགས་བཟླས་རི་བོང་འཛིན་པ་ཁོང་དུ་བསྟིམས། །ན་མོ་བི་ཤ་པྲཛྙཱ་སརྦ་སིདྡྷི་སྭཱ་ཧཱ། ཐམས་ཅད་རང་གིས་སྨྲས་པར་ཉན་པའི་སྔགས། །རྒུན་འབྲུམ་ཆང་ལ་རིན་ཆེན་གསེར་གཡུ་བརྡར། །སྔགས་བཟླས་རྒྱལ་གྱི་ཉིན་པར་ལུས་ལ་གཏོར། །ཨོཾ་ན་མོ་ཙནྟི་ལོ་ཀ་སརྦ་ཏྲ་ད་ར་ཡ་སྭཱ་ཧཱ། སྡང་བའི་དགྲ་བོ་བཤེས་སུ་འགྱུར་བའི་ཐབས། །བརྣག་པའི་ཁྱིམ་ནས་བླངས་བའི་རྡེའུ་དཀར་ལ། །སྔགས་འདི་བཟླས་ཏེ་རང་གི་མགུལ་དུ་བཏགས། །ཨོ་ཀ་ར་ཀ་ར་ཡར་ཁྲི་ལམ་མམ་སྭཱ་ཧཱ། ལྷ་འདྲེས་ནོར་སྟེར་ལུང་སྟོན་འབྱུང་བའི་ཐབས། །མོ་མའི་ལྕེ་དང་བླ་གང་དམིགས་ས་ནས། རྡོ་བཅས་པ་ལ། །སྔགས་བཏབ་ལུས་ལ་བཅངས་ནས་དམོད་པ་བོར། །ཨོཾ་རཏཱ་ཙི་ཏི་ཙཀྵ་བཛྲ་ས་ར་པྲ་ནི་ཡེ་སྭཱ་ཧཱ། ཞེས་སོ། ༈ །ན་མོ་གུ་རུ། ཡཡེབྷུརྨུ། སྔགས་འདི་རས་དཀར་པོ་ལ་བྲིས། གོང་ཁུག་ཏུ་བཅུག་ན་འབྱུང་པོ་དང་རྦད་འདྲེ་ཟློག །ཨོ་རྒེ་བྱེསཋཐ།


JKT020_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་འདི་ཆོ་ལོ་ལ་བྲིས་ཏེ་རང་གི་སྔས་སུ་བཅུག་ན་རྨི་ལམ་སྟོན། ༈ ཤ་ཧཱུཾ་ཡི་གེ་འདི་མཚལ་གྱིས་བྲིས་ནས་བཅུག་ན་ཕོ་ལོག་འོང་མི་སྲིད། ༈ །སྱེསྠཱེ། ཡི་གེ་འདི་འཁར་བའི་གཡའ་ཡིས་བྲིས་ནས་ཕུབ་ལ་བརླན་ན་མཚོན་ཐུབ། ༈ །ཧཱུྃགྷཱེཿ ཡི་གེ་འདི་ལུག་གི་སྐེ་ལ་བཏགས་ན་སྤྱང་ཀི་ཐུབ། ༈ །ཐུབནི། ཡི་གེ་འདི་ཤིང་སོ་མ་ལ་བྲིས་ཏེ་འབྲུ་ལ་བཙུགས་ན་འོང་ཆེ། ༈ །བྷུཊཔརཱི། ཡི་གེ་འདི་ཕྱི་བའི་སོག་པ་ལ་བྲིས་ཏེ་ཐབ་ཏུ་མནན་ན་ཐབ་ཐུབ་ཟས་བཅུད་ཆེ་སྲིས་སྨེ། ༈ །ཏཀྃཧཱུྃ། ཡི་གེ་འདི་རིན་པོ་ཆེ་གང་རུང་གིས་བྲིས་ནས་མགུལ་དུ་བཏགས་ན་ཆང་སྨྱོན་ཐུབ། ༈ །ཨ་ཙ་ཟླ་བ་གྲགས་པའི་ལུགས་ཀྱི་ནད་པ་འཚོ་འཆི་བ་རྟག་པ་ལ། བལ་ནག་པོའི་སྐུད་པ་སུམ་བསྒྲིལ་དུ་བྱས་པ་ལ་སྔགས་འདི་བརྒྱ་རྩ་བཏབ། སླར་མདུད་པ་ཉེར་གཅིག་བྱས་ལ་མདུད་པ་རེ་ལ་སྔགས་ཉེར་གཅིག་རེ་བཏབ། དམོད་བོར་ནས་མེ་ལ་བསྲེགས་པས་ནད་པ་འཆི་ན་ཚིག །འཚོ་ན་མི་ཚིག་གོ །སྔགས་ནི། ན་མོདྷིནནཏ་ཐཱཀུརུཀུརུཨབཀུརུསཱཧཱ། ལག་ལེན་མ་ཨྠྀི། ༈ །བུ་ཆུང་སོགས་འཁྲུ་སྐྱུགས་གཅོད་པ་ལ། ར་རྒྱ་བོའི་ཨག་ཚོམ་དང་། ཁྱི་རྒྱ་བོའི་མཇུག་སྤུ་བསྲེས་ལ་སྐུད་པ་ཕྱིར་བསྒྲིལ་བྱ། མདུད་པ་བཅུ་ནས་ཉེར་གཅིག་གི་བར་མང་ཉུང་ཅི་རིགས་ལ་སྔགས་སུམ་བརྒྱ་བཟླས་ལ། འཁྲུ་ན་སྐེད་པ། སྐྱུགས་ན་མཇིང་པར་བཏགས། སྔགས་ནི།


JKT020_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་རྦད་ན་ན་ཤག་ཞོ་ཤ་དྷེ་ན་ཡེ་སྭཱ་ཧཱ། ཞེས་སོ། ༈ །མེས་ཚིག་པའི་རྨ་ལ་བྲ་ཙི་དང་རྒྱ་ཚོས་སྦྱར་བ་བྱུགས་ན་ཕན་ངེས་ཟབ། ༈ །གུ་གུལ། སྤོས་དཀར། སྡོང་རོས་གསུམ་མར་རྙིང་ལ་སྦྱར་ནས་བྱུགས་ན་ཤུ་བ་ཐམས་ཅད་ལ་ཕན། ༈ །འབྲུམ་པ་རིགས་གསུམ་སྲུང་བ་ནི། སྲན་མ་འབྲུ་བདུན་ར་གྲོད་བསྟུམས༔ སྔགས་འདི་སྟོང་བཏབ་དར་དམར་དྲིལ༔ དཔུང་པ་གཡོན་གྱི་ལྷུ་ལ་འདོགས༔ ཨོ་ཏྲ་ཏྲིག་ཏྲ་ཏྲིག༔ ཏ་ཐཱ་ག་ཏ་ཝག་ཤིག༔ ཏདྱ་ཐཱ༔ ཙ་ལེ་ཙ་ལེ་ཧཱུཾ་ཧཱུྃ་སྭཱ་ཧཱ༔ ཞག་བདུན་བར་དུ་མ་བྱུང་ན༔ ལོ་གཅིག་བར་དུ་འབྲུམ་པ་ཐུབ༔ ཁ་ཆེ་གིའུ་ཝང་ཙནྡན་དཀརཿ ཙནྡན་དམར་པོ་གླ་རྩིས་བྱུགས༔ དར་སྣ་ལྔས་བཅིངས་འབྲུམ་སྲུང་ཟབ༔ གུ་རུ་ཚེ་བརྟན་རྒྱལ་མཚན་གྱིས་མོན་ཆུ་བུག་ནས་སྤྱན་དྲངས་པའོ། །གཏེར་ཁ་གཞན་ལས་ཀྱང་འབྱུང་ངོ་། ༈ །སྣ་ཁྲག་མ་ཆོད་ན། སྣ་ཁྲག་དུ་བ་མ་ཤོར་བར་ནུས་ལྡན་དུ་བསྲེགས་པའི་ཐལ་བ་དང་། སྲན་མའི་མེ་ཏོག །ཁ་ཆེ་གུར་གུམ། དོམ་མཁྲིས་རྣམས་སྦྱར་བའི་ཐང་བཏང་། དེས་མ་ཆོད་ན། ཁྲག་ཉག་རཾ་རྦད། ཨ་ས་ཊ་ཞེས་བརྒྱ་རྩ་བཟླས་པ་བཏབ་ནས་བཏང་བས་ཆོད་དོ། ༈ །ཨོ་ན་ལེ་ཙ་ལ་ཧཱི༔ སྔགས་འདི་རྡོ་གྲང་ལ་བཏབ། ཨོལ་བར་བརླན། སྐྱུགས་པ་གཅོད་ངེས་ཟབ། ༈ །སྨ་ར་མི་སྐྱེ་བར་འདོད་ན། ལེགས་པར་བཏོགས་ཏེ། བྱ་རྒོད་ཀྱི་སྒོང་སྤྲི། ལི་ཁྲི། ནག་མཚུར་གྱི་ཆུ་རྣམས་


JKT020_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བྱུགས་ན་སླར་མི་སྐྱེ། ཡང་ན། སྲོག་ཆགས་རྨིག་པའི་ཤ་མ་ཉམས་པ་མར་ནག་ལ་བཙོས་ནས་བྱུགས་ཀྱང་ཐུབ་ངེས་ཟབ། ༈ །ཤུ་བའི་རྫས་ལ། རི་བོང་རིལ་མ་ཆ་གཉིས་ལ། དྲེས་མ་ཆ་གཅིག་བསྲེས་ཏེ་སླ་ངའི་ནང་དུ་མེར་བརྗོས། ནག་རམ་སོང་དུས་ཕག་ཚིལ་ལམ་མར་རྙིང་པར་མཉམ་དུ་བསྲེས་ཏེ། སྔགས་འདི་སྟོང་ཚོ་གསུམ་བཟླས་ཏེ་རྫ་ས་ལ་འདེབས། ཤུ་བ་གང་ཡོད་ཀྱི་སྟེང་དུ་དང་མཐའ་བསྐོར་བྱུགས་ལ་མེའམ་ཉི་མར་ཚ་དིང་མ་བྱུང་བར་བསྲོས་པས་ཕན་པར་ཐེ་ཚོམ་མེད་དོ། །སྔགས་ནི་འདིའོ། །ནག་པོ་ཚལ་པ་ཤཀྟི་ཆད། ༈ །ལུས་ལ་ཟ་ཕྲུགས་བྱུང་ན། མར་རྙིང་། གཡེར་མ། ཕག་ཚིལ། ཚ་རྣམས་དྲི་ཆུ་དང་བསྲེས་ལ་སྔགས། ཨོ་ཟ་ཟ་ཟུ་ཟུ་ཞི་ཞི་མལ་མལ་སྭཱ་ཧཱ། ཞེས་བཏབ་ལུས་ལ་བྱུགས་ཏེ་ཉི་མར་བསྲོས་པས་ཕན་ནོ། ༈ །ཡེ་ཤེས་རབ་འབར་ལས། རྫས་ཀྱི་ལས་འཇུག་རྟེན་འབྲེལ་སྤྱི་བཅོས་བཞུགས་སོ། ༈ །རྣཚུ། ཨརཊཧོ། དྲག་པོ་བདེ་ཆེན་གཙོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་ཐུགས་རྗེས་ཐབས་ཀྱི་ཁྱད་པར་དུ༔ འཇིག་རྟེན་རྣམ་གཞག་བསྟན་པའི་ཆེད་དུ་ནི༔ རྟེན་འབྲེལ་དབང་གིས་རྫ་ས་ཀྱི་ལས་གཞུག་སྟེ༔ རྡུལ་བསགས་རི་རྒྱལ་ལྷུན་པོ་ཆོས་ཉིད་ཡིན༔ ས་མ་ཡ༔ དེ་ལྟར་སོ་སོའི་ས་ཡི་གནད་གསོ་བར༔ སྔོན་དུ་ཤིས་ཀྱང་རྐྱེན་གྱིས་འགྱུར་བ་ཡིས༔ སྟེང་འོག་ཤར་ལྷོ་ནུབ་བྱང་ས་ཡི་ཆ


JKT020_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ལམ་ཤིང་ཆུ་རི་བོའི་ཚུལ་འཛུལ་ལམ༔ བྱང་ཧད་མདའ་ཤོར་ཕུག་ནོན་སྲུང་མེད་དམ༔ ཆུ་སྲིན་ཤོད་རེ་སྦལ་སྡིག་སྤྲེའུ་དམར་སོགས༔ འཕྲལ་དུ་གྲོགས་ཕུག་གད་ཆད་གཤའ་མདའ་སོགསཿ ཁྱད་པར་སྤྱོད་ལམ་ལོག་པའི་བྱ་བ་དང་༔ ལེགས་འདོད་ཉེས་པར་སོང་བའི་བྱ་བ་ཡི༔ སྔར་ལེགས་གསར་བཅོས་ཉེས་པ་དུ་མ་འབྱུང་༔ གང་དུ་མི་རུང་དེ་ཡི་ས་རྡོ་དང་༔ རྩ་ཤིང་ལྡུམ་འབྲས་ལོ་མ་རྩ་བ་བཅས༔ རྡོ་རྒྱུས་མདུང་རྩེ་ལྕགས་ལེན་སྦལ་རྒྱབ་དང་༔ ཤེལ་སོགས་རྡོ་ཡི་རིན་ཆེན་ཚོགས་ཚད་དང་༔ གནས་ཆེན་ས་རྡོ་བྱེ་མ་རྣམ་ལྔ་དང་༔ དཀྱིལ་འཁོར་རྡུལ་ཚོན་གསུང་རབས་བག་རྡུལ་དང་༔ རྩི་ཤིང་ས་རྡོའི་སྨན་གྱི་རིགས་གྱུར་ཚད༔ བཟང་པོ་དྲུག་དང་ཀླུ་སྨན་ཚད་ལྡན་དང་༔ རུས་སྦལ་ཁོག་པ་ཕག་རྒོད་མཆེ་བ་དང་༔ སྒོང་ཐུར་རྨ་བྱའི་མདོངས་དང་ཐོག་ལྕགས་དང་༔ དར་སྣ་འབྲུ་སྣ་རིན་ཆེན་སྣ་ཚོགས་ཀུན༔ ཞིབ་ཏུ་བརྡུངས་ལ་ཕྱེ་མར་བཏུལ་བ་དེ༔ གང་གི་ས་ཆའི་ཕྱོགས་བཞིའི་ཆུ་མིག་ཆུ༔ ཚོགས་ཚད་བསྡུས་ཏེ་དེ་ཡིས་བརྫིས་པ་ཡིས༔ དགོན་གནས་ལྟ་བུ་རིལ་བུ་དྲིལ་བའམ༔ ཡང་ན་བང་རིམ་བཞི་ལྡན་རི་རྒྱལ་མཚོན༔ སྐྱོན་རྣམས་ཤེས་ན་དེ་ཡི་གཉེན་པོའི་གཟུགསཿ ཡང་ན་བཀྲ་ཤིས་རྟགས་བརྒྱད་བུམ་བཟང་བྲི༔ ཁང་པའི་ཕྱོགས་མཚམས་ཀུན་ཏུ་གཞུག་པ་ན༔ སྔོན་གྱི་མི་རུང་པ་ཡི་ཆགས་ཚུལ་བཅོས༔ འཕྲལ་


JKT020_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་རུང་པ་ཡི་སྐྱོན་རྣམས་ཞི༔ གནས་སྐབས་མི་རུང་སྤྱོད་ལམ་སོར་ཆུད་དེ༔ ཉེས་པ་ཞི་ཞིང་ལེགས་པའི་ཡོན་ཏན་ལྡན༔ ཕྱོགས་ཀྱི་ཀླུ་གཉན་ས་བདག་ཡུལ་བདག་དང་༔ བཙན་སྨན་དགེ་བསྙེན་སྔ་མ་གང་གནས་པའི༔ ཁོ་རང་རྟེན་བཅས་ཆ་དེའི་ཕར་བཅོས་ནསཿ གང་ལ་ཀོ་ལོང་བསྡམས་པ་མེད་པར་འགྱུར༔ རྨ་བྱ་ལ་སོགས་སྐྱོབ་བྱེད་བཞི་པོས་སྒྲིབ༔ བྱ་སླ་ནུས་པ་ཆེ་བའི་སྤྱི་བཅོས་འདི༔ ཕྱི་རབས་འགྲོ་བ་ཡོངས་ཀྱི་སྐལ་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲག་པོ་སྲོག་བདག་གི་སྲུང་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྤྱན་དྲངས་པའི་ཤོག་སེར་ལས། སྡེ་བརྒྱད་ལྷ་འདྲེས་བརྩེགས་པའི་ཁྲི་ལ་བཞུགས་པའི་རྡོ་རྗེ་འཛིན་པ་ཀློང་གསལ་སྙིང་པོས་དག་པར་ཕབ་པའི་ཡི་གེ་པ་ནི་བཀྲ་ཤིས་བློ་གྲོས་སོ། །འདིའི་ཞལ་ཤེས་སུ། བུམ་པའི་ནང་དུ་སྤྱིར་གཟུངས་སྔགས་བྱིན་ཅན་རིགས་མང་དུ་འཇུག་ཅིང་། ཁྱད་པར་གནམ་གྱི་དགྲ་ལ་རྡོ་རྗེ་མཆུ་དང་། གནམ་ལྕགས་མཆུ། དེའི་རིག་པས་ས་དགྲ་ལ་ས་སྙིང་དང་། སྤྱན་མ་དང་། བརྟན་མའི་སྔགས། ཆུ་དགྲ་ལ་ཀླུ་དབང་རྒྱལ་པོའི་གཟུངས་དང་། ཁྱུང་གི་སྔགས་སོགས་གཞུག །སྤྱིར་སྣང་བརྒྱད་སྙིང་པོ། རྣམ་བཅུ་དབང་ལྡན། དབྱངས་གསལ་རྟེན་འབྲེལ་སྙིང་པོ་རྣམས་གལ་ཆེ། རུ་སྦལ་ཁོག་པ། ཕག་


JKT020_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་མཆེ་བ། སྒང་ཐུར་རྨ་བྱའི་མདོངས་རྣམས་བུམ་པའི་ཁ་རྒྱན་དུ་བཞག་ཅེས་སྣང་ངོ་། །དེས་ན་བུམ་གཏེར་སྤྱི་ལྟར་འདུ་བྱས་པའི་ནང་དུ་ཇི་སྐད་བཤད་པའི་རྫས་རྣམས་རིལ་བུར་བྱས་ཏེ་འཇུག་ཅིང་གཟུངས་སྔགས་རྣམས་སྲོག་ཤིང་ལ་དཀྲིས་ཏེ་དབུས་སུ་འཛུགས་པ་ཡིན་སྣང་།། ༈ །།ཨཾ ༔ ་ཙངག་མནན་འགྲོལ་བ་ལཿ བཟང་དྲུག་གི་བུམ་ཆུར་སྔགས་འདི་བརྒྱ་རྩ་བརྒྱད་བཏབ་སྟེ་བཀྲུ་བ་དང་འཐུང་བར་བྱའོ༔ ཧ་རི་ནི་ས་པ་ར་ན་ན་ཕཊ༔ སཾ་ཧ་ར་ཎ་ཤོ་དྷེ་སྭཱ་ཧཱ༔ ཡང་ཡང་བསྐྱར་ན་ཤིན་ཏུ་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ མིང་གི་ལིང་ཏོག་ལ༔ ཨོཾ་ཡ་མ་དིང་དིང་སྭཱ་ཧཱ༔ ནཱ་ག་ལིང་སོད༔ མིག་རྒྱ་མཚོ༔ ལིང་ཐོག་ཆུ་ལྷུར༔ ལྕེ་ཟངས་སྐྱོགས་སུ་བསྒོམས་ལ༔ སྐྱོགས་ཀྱིས་ལྦུ་བ་ལེན་པར་བསྒོམ༔ གསར་བ་ལ་སུམ་བརྒྱ་དང་༔ རྙིང་པ་ལ་གང་མང་བཏབ༔ ཤིན་ཏུ་ཟབ་བོ༔ ༈ ཆུ་འདྲེ་སྲུང་བ་ནི། ཨོཾ་དེ་བཞིན་གཤེགས་པ་བདེ་བའི་རྡོ་རྗེ་ལ་སྐྱབས་སུ་མཆིའོ། །ན་མོ་རཏྣ་བྷི་ཏི་ཡཾ་སྭཱ་ཧཱ༔ སྔགས་འདི་བྱང་བུ་ལ་བྲིས་ནས་སྐེ་ལ་བཏགས་ན་ཆུའི་གནོད་པ་ཐམས་ཅད་བསྲུང་བར་འགྱུར་རོ། ༈ །རྐུན་མ་སྲུང་ན། མིས་མ་འགོང་བའི་རྡེའུ་གཅིག་ལ་སྔགས་འདི་ཅི་མང་བཏབ་ནས་གང་བསྲུང་བ་ལ་བཏགས་སོ། །ཨོཾ་བར་བར་སྭཱ་ཧཱ༔ ཟབ་བོ། ༈ །སྒྲུབ་ཁང་དང་ཡུལ་ཁྱིམ་མེའི་གནོད་པ་སྲུང་ན། ཆུ་ཤིང་ཕུར་པ་སོར་བརྒྱད་པ་གཅིག་ལ། རྒྱ་མདུད་དང་


JKT020_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་ཟུང་ལ་ཕྱག་རྡོར་གྱི་སྙིང་པོ་དང་། དཔལ་ལ་སྡེ་བརྒྱད་ཀྱི་ས་བོན་བཀོད། རབ་གནས་དང་མངའ་གསོལ་བྱས་ནས་གར་བཙུགས་ན་མེའི་གནོད་པ་མི་འབྱུང་ངོ་། །ཡི་དམ་གྱི་སྔགས་ཤམ་དུ། ཏྲེ་ཧྲིང་ཛ། །སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ ཡ་མ་རཱ་ཙ་དུ་ཏྲི་ཕུ་ཏྲི་མེ་ཁ་མེ་ཁུ་སྭཱ་ཧཱ༔ ཅི་མང་བཟླས་ལ་བསྔགས་སོ། །ཟབ་རྒྱ་ཨྠྀི།། ༈ །མན་ངག་ནོར་བུའི་བང་མཛོད་ལས། ཕན་བྱེད་བདུད་རྩིའི་བཅུད་ལེན་བཞུགས། །ཨོ་ཨ་ཨོ་རྒྱན་སྨན་གྱི་བླ་མ་ལ། །བཏུད་ནས་ཕན་བྱེད་གདམས་པ་ནི། །ཟབ་གསང་གཞུང་གདམས་ཆུ་གཏེར་ལས། །ཡང་སྙིང་བདུད་རྩིའི་བཅུད་ལེན་སྤེལ། །སྙིགས་དུས་ཀྱི་གཉན་ནད་པརྱ་ཏ་དང་། ཕྱི་ནད་ལྷོག་རྒོད་སོགས་གང་ལའང་། རང་ཉིད་ལྕགས་ཀྱི་བྱ་ཁྱུང་མེ་ཡི་གཤོག་པ་ཅན། རྭ་དང་མཆུ་སྡེར་ལས་མེ་འབར་ས་བདག་ཀླུ་གཉན་གཞོབ་ཐུལ་ཐུལ་དུ་བསྲེགས་ཤིང་། ནད་གདོན་ཟས་སུ་ཟ་བར་བསྒོམས་ལ། ཨོཾ་ནཱ་ག་ཤི་ཆད་སོད༔ ཁ་ཐཾ་ཤྲཱི་རྦད་སོད༔ ཐུག་ནན་ཤྲཱི་རྦད་སོད༔ པདྨ་ཀ་ཡེ་སྭཱ་ཧཱ༔ ཞེས་བི་ཥ་ནས་འབྲས་ཙམ་ལ་བསྔགས་ནས་ལྟོ་སྟོང་ལ་ཟོས་ན་ཐུབ་པར་ཐེ་ཚོམ་མེད་དོ། །ཟབ་རྒྱ། ༈ །ལྷོག་སྔགས་ལ། ཨ་ཆད་སོད། ལྷོག་པ་སོད། ཀྲ་མ་སོད། ཨ་ཀར་ཙ་སོད། ཡ་མ་ཙ་སོད། སྤུ་གྲིས་ཆོད་ཆོད། སྤུ་གྲིས་རྦད་རྦད། གནོད་བྱེད་ལྷོག་པ་སྤུན་དགུའི་སྲོག་ལ་ཐུམ་རིལ་རིལ། ༈ །གག་པའི་


JKT020_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ནི། ཤ་ཆུ་ཤུར་ཕུད། ཁྲག་ཆོད། ཁྲག་རཀྟ་རྦད་ཆོད། ༈ །གག་ལྷོག་སྤྱིའི་སྔགས་ནི། ཨོ་ནག་པོ་ཀཱ་ལ་རཀྵ་རྦད་རྦད། ཕྱུང་ཕྱུང་། སྤུ་གྲི་ཟངས་ཟངས། ལྕགས་ཀྱི་སྡེར་མོས་སྙིང་ཕྱུངས། གནོད་བྱེད་འབྱུང་པོའི་ཤ་ཟོ། ཨོཾ་ལྷང་ལྷང་ཙེར་ཙེར་འུབ་འབ་སོད། ཁྱུང་ནག་གི་བསྙེན་པ་ཐེམ་པས་བསྔགས་ན་ས་བདག་ཀླུ་གཉན་གང་ལའང་ཐོགས་པ་མེད། ཟབ་བོ། ༈ །གྲེ་བ་གཉན་གྱིས་འགགས་པ་ལ། ཨོཾ་ཏྲི་ཏྲི་དོ་མཱ་ར་དུ་སྭཱ་ཧཱ༔ གོས་གོང་བའི་རྒྱབ་ལ་མི་ཚོར་བར་སྔགས། ཟབ་བོ། ༈ །རྨ་ཐོར་སྔགས་ལ། ཨོ་ཆུ་སེར་གྱི་བུ་མོ་མིག་སེར་མཆུ་རྣག་རུས་པའི་གཏིང་ནས་སྐམ་ཞིག་སྭཱ་ཧཱ། རྫས་ལ། ཁྱུང་རིལ། རྒྱ་ཚྭ། རྒྱ་ཤིང་གི་ཐལ་བ། བོང་ནག །ནག་པོ་དགུ་སྦྱོར། བ་བླ་རྣམས་ཀྱི་ཕྱེ་མར་མར་རྙིང་པ་དང་སྦྱར་ནས་བསྐུས་ན་ཐེ་ཚོམ་མེད་པར་ཕན་ནོ། ༈ །མེས་ཚིག་པ་ལ། ༀ་མེད་བལ་སོད། སྐྲག་ཐུམ་སོད། བརྒྱ་རྩ་བརྒྱད་བཟླས། ཉ་ལྕིབས་ལ་བཏབ་ནས་བྱུགས་ན་འཕྲལ་དུ་ཕན་ནོ། ༈ །རྩ་འགྱུར་ལ། ཨོཾ་རྩ་འཕྲིག་ནན་སོད་སྭཱ་ཧཱ། ཚ་མར་ལ་སྦྱར་ནས་བྱུགས་པས་ཕན་ནོ། ༈ །མིག་རིམས་སྔགས། ཨོ་ལི་ལི་ཧཱུཾ་ཧཱུཾ་ཕཊ། ༈ །མིག་ཏུ་གྲུ་མ་ཚུད་ན། ཨོ་དར་མ་དིང་སྭཱ་ཧཱ༔ ཞེས་གཡས་གཡོན་གོ་ལྡོག་གི་སྲིན་ལག་ལ་བཏབ་ནས་འཕྱི་ཚུལ་བགྱིས་པས་ཕན་པ་ལག་བླངས་སོ། ༈ །མིག་ལ་ཤིང་ལྕག་སོགས་


JKT020_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཕོག་པ་ལ། ཨོཾ་ར་ཏི་ར་ཏི་ཡེ་ཏི་ཡེ་ཏི་སྭཱ་ཧཱ། ཞེས་བཟླས་ཤིང་བཏབ། བུད་མེད་ཀྱི་ནུ་ཞོ་བྱུགས་པས་ཕན་ནོ། ༈ །གྲྭ་ལིང་སྔགས་ལ། ཨོ་ལིང་ལིང་སོད། རོ་ལིང་སོད། གནོད་ལིང་སོད། ཉང་ལིང་སོད། གྲྭ་ལིང་ནག་པོ་མགོ་དགུ་སོད། གྲིབ་ལིང་ནག་པོ་སོད་སྭཱ་ཧཱ། ཞེས་ནས་འབྲུ་ལ་བཏབ་ནས་ལེན། ༈ །ཡང་ན། ཨོ་ཏང་ལིང་སྭཱ་ཧཱ། ཞེས་བཟླས་པས་ལིང་ཏོག་དང་། ཨོ་གྲ་ལིང་ནག་པོ་རྐང་གཅིག་སོད་སྭཱ་ཧཱ༔ ཞེས་པས་གྲྭ་ལ་ཕན། ༈ །ལིང་ཏོག་ལ་ཐབ་བསྡོངས་ན། ཨོ་སྤྲིན་ཤེལ་སོད་སྭཱ་ཧཱ༔ ༈ ལིང་ཏོག་དངོས་སུ་ལེན་པའི་ཐབས་ནི། ཨོ་ཏྲིང་ལིང་སྭཱ་ཧཱ། ཆུ་ཕོར་གང་ལ་ནས་འབྲུ་བཏབ། ཆུ་ཡི་རྦ་རླབས་ཀྱིས་ལེན་ནོ། །ཡང་ཡང་ཉམས་སུ་མྱོང་བའི་མན་ངག་གོ། །ཡང་སྤྲུལ་གྱི་སྙིང་གིས་རེག་པས་འཕྲལ་དུ་ཕན་པ་མྱོང་གྲུབ་མའོ། ༈ །བད་ཀན་དམར་ཚག་སྔགས་ལ། ཨོཾ་ཤ་འཛེར་སོད། མིག་འཛེར་སོད། འཛེར་མ་འཛེར་ཏྲི་སོད། ༈ །བད་ཀན་སྐྱ་རིབ་སོགས་འགྲིབ་རིགས་ཀུན་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། པདྨེ་པདྨེ་མ་ཁྲི་བ་གེ་བུ་སྭཱ་ཧཱ། ཐོ་རངས་སྲིན་ལག་རེ་ལ་ཉེར་གཅིག་རེ་བཏབ་ནས་མིག་ཕྱི། སྐར་ཆུ་གྲང་མོས་སྐབས་སྐབས་སུ་བཀྲུས་ན་ཕན་ནོ། ༈ །རྣ་བ་འོན་པ་ལ། ཡིག་དྲུག་ཤམ་དུ། སང་སང་ཡེར་ཡེར་སྭཱ་ཧཱ། རླུང་བུས་ནས་རྣ་བ་ནས་ཐོན་པར་བསམ། ཟབ་བོ། ༈ །སྣ་ཁྲག་གཅོད་པའི་


JKT020_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལ། ཨོ་ཁྲག་རཀྟ་རྦད་ཆོད། ཅེས་དང་། ཁྲག་ཉམ་རམ་རྦད་ཆོད། ཅེས་བཏབ་པས་ཕན། འདིས་རྨ་རིགས་ཀྱི་ཁྲག་གཅོད་ཀྱང་ཟབ་བོ། ༈ །ཡང་ལུགས་གཅིག་ལ། ཨོ་ཧཱི་ཛ་ནི་རུ་རུ་རྦད་རྦད་སྭཱ་ཧཱ། ཞེས་ཆུ་གྲང་ལ་བཏབ་ནས་བཏང་། ༈ །ཁྲག་ལོག་ན། ཨོ་ཁྲིག་ཁྲིག །ཆོད་ཆོད། རྦད་རྦད། སོད་སོད་སྭཱ་ཧཱ། ཤིན་ཏུ་ཟབ། ༈ །གྲེ་ཐོག་སྔགས་ནི། ཨོཾ་ནན་སོད་སོད། ཆུམ་ཆུམ། ནག་པོ་ཙིཏྟ་གཏུབས་གཏུབས། ནན་སོད་ཙིཏྟ་ཤིག་ཤིག་འབྲི་བརྒྱའི་མར་ལ་བསྔགས་ནས་སྦྱིན། ནཱ་ག་རཀཱའི་བསྙེན་སྒྲུབ་ལ་བརྩོན་ན་ནད་ཡུལ་ནས་འདོན་ཅེས་ཐོས། ༈ །སོ་སྲིན་ལ། ༀ་ཚལ་ཏི་ཧཱུྃ་ཕཊ། ཤ་ཏི་ཕྲཊ། སོ་ཡི་སྲིན་བུ་ལ་ཕཊ། ཅེས་པའི་སྔགས་འདི་ནད་པའི་མགོ་བོ་ལ་བཏབ། ཤ་བའི་ཚིལ་བུ་དང་། ཐང་ཕྲམ་ནག་པོའི་འབྲུ་ལ་བསྔགས་ནས། རྫ་ཡི་དུམ་བུ་ཐེབ་གོར་ཙམ་ལ་ཡི་གེ་ཨ་གཅིག་བྲིས། དེ་མེ་ལ་བསྲེགས། དམར་ངར་སྟེ་སོང་བ་དང་སྔར་གྱི་རྫས་གཉིས་བླུགས། དུ་བ་གཞན་དུ་མ་ཤོར་བར་སྨྱུགས་སྦུབས་ལྟ་བུས་ཁ་ཡི་ནང་དུ་ཡར་བདུག །དེ་རྗེས། ས་ཧ་ཁྱི་ཤག་པ་ཕཊ། ཅེས་པའི་སྔགས་འདི་ནད་པའི་སོ་ན་ཕྱོགས་ལ་རྒྱགས། སོ་སྲིན་ལ་ཤིན་ཏུ་ཕན་པ་ལག་བླངས་མའོ། །ཟབ་ཨྠྀི། ༈ །ཟླ་འོད་སྒྲ་ཅན་གྱི་མཆུ་མགུལ་དུ་བཏགས་པས་གག་པ་དང་། བུ་ཧ་ར་ལ་གཤའ་ནག་གི་དོ་ཤལ་བྱས་པས་ལྔ་བ་


JKT020_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སྲུངས། སྔགས་དང་དམིགས་པ་གཞན་མི་དགོས་སོ། ༈ །ཡང་སོ་སྲིན་ལ། བྷ་ཏ་བྷ་ནན། ཞེས་པའི་སྔགས་འདི་སྐུད་པ་དམར་པོ་ལ་ལན་ལྔ་བཅུ་བཏབ་ནས་སྲིན་ལག་ལ་བཅིངས་པས་ཐུབ་པ་ལག་བླངས། ༈ །ལྷོག་པ་སྲུང་བའི་རྫས་ནི། སྟག་ཤ །གུ་གུལ། མུ་ཟི། གླ་རྩི། ཤུ་དག སྨན་ཆེན། རྟ་བོན། ར་ཐུག་དང་། ལུག་ཐུག་གི་སྤྲོ། དུང་སྦལ་པ། སྦྲུལ་གྱི་ཤ་བཅས་ལ། ཨོ་ཁྲོམ་ཁྲོམ་ཁྲུས་ཁྲུས་ལྷང་ལྷང་ཚེར་ཚེར་དྷ་དྷ་ཕུག་པོ་ཧཱ། ཞེས་ངག་བཅད་ཀྱི་བརྒྱ་རྩ་གདབ། དེའི་ཐུམ་པོ་གང་སྲུང་བའི་མགུལ་དུ་བཏགས་ན་གཉན་དང་ལྷོག་པའི་རིགས་ཐམས་ཅད་ཐུབ། གོང་གི་རྫས་སྟེང་ལ་ཆ་བསྲེས་པའི་དུ་བས་ལུང་པ་གཅིག་གི་ལྷོག་པ་བྲོས་པར་ངེས། རང་ཉིད་ཕག་ནག་མེ་འབར་བར་བསྒོམས་ལ་གོང་གི་སྔགས་དེ་རལ་གྲི་ལ་བཏབ། མི་ཕྱུགས་གང་ཡིན་གྱི་མགོ་ལ་ལན་གསུམ་བསྐོར་བ་བྱ། ཤིན་ཏུ་ཟབ། ཨྠྀི། ༈ །ཐིག་ལེ་འཛག་པ་སྲུང་བ་ནི། གྲོང་པའི་ཆོས་ཀྱིས་མ་གོས་པའི་བུ་མོ་གཙང་མས་བཀལ་བའི་སྐུད་པ་ལ་མདུད་པ་གསུམ་བྱ། ཨོཾ་ཧ་ར་བྷ་རི་ཤི་གྷ་དྷ་ད་ནི་ཅིན་རྒྱུག་ཐེ་ཡེ་སྭཱ་ཧཱ། ཞེས་མང་དུ་བཟླས་རྗེས། མདུད་པ་རེ་ལ་སྔགས་ཉེར་གཅིག་རེ་བཟླས་ནས་ལྟེ་བའི་ཐད་སོར་འཆིང་བས་ཕན་ངེས་ཨྠྀི། ༈ །ཆུ་ནད་བྱུང་མ་ཐག་ལྕམ་པའི་ཚོད་མ་སླ་ལ་དྭངས་པར་སྔགས་འདི་ཡང་ཡང་བཏབ་ལ་གཏོང་། གྲང་ཆུ་ཚ་ཆུར་


JKT020_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སོང་དོགས་ན་སྐྱུ་རུའི་ཐང་དང་། ཚ་ཆུ་གྲང་ཆུར་བསྒྱུར་ན་སྐྱུ་རུ། ལྕམ་པ། ཅུ་གང་རྣམས་ལ་བཏབ་ནས་བཏང་བས་ཆུ་ནད་ལས་གྲོལ་བར་བྱེད། སྔགས་ནི་འདིའོ། །ཨོ་བུར་བུར་ཐོར་ཐོར་ཤིག་ཤིག་སྭཱ་ཧཱ། ཞེས་སོ། ༈ །གཟའ་ནད་ལ། ཧྲི་ཀྲིང་། ཞེས་མཐིང་ཤོག་ལ་གསེར་གྱིས་བྲིས་ནས་བཏགས། ཐོ་རངས་ཉེར་གཅིག་རེ་མ་ཆགས་པར་བགྲངས་པས་ཐུབ་ངེས་ཟབ། ལྷ་བཙུན་སྔོན་མོའི་གཏེར་མ་ཨཱི། ༈ །ཚེར་ལྷོག་སྔགས་ལ། ཨོཾ་རཀྵ་རཀྟ་བྱེ་མ་རཀྟ་སོད། མཱ་ར་ཡ་མཱ་ར་ཡ་ནག་པོ་ཐུམ་རིལ་སོད། གྲོག་ཚང་གི་ས་ལ་བསྔགས། དགེ་སློང་སྡོམ་ལྡན་གྱི་དྲི་ཆུར་སྦྱར་བ་བྱུགས་པས་འཕྲལ་དུ་སོས་པ་ཉམས་མྱོང་མའོ། ༈ །བསིལ་མཛད་ཆུ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཨོ་བྷ་མ་ནི་བླ་མ་ནི། རྡོ་རི་བླ་མ་ནི་སྭཱ་ཧཱ། ལན་བཅུ་གཅིག་བརྗོད་ནས་མཆིལ་མས་བྱུགས་ན་མེས་ཚིག་པའི་ཟུག་རྔུ་ཞིའོ། ༈ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྲེགས་གསོལ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཧུ་རེ་ཧུ་རེ། ཧུ་ཊ་ག་ཧ་ནེ་སྭཱ་ཧཱ། །ལག་པ་ལ་བཟླས་ནས་ལྟོ་བ་མཉེས་ན་མ་ཞུ་བའི་ནད་བྱང་བར་འགྱུར་རོ། ༈ །འབྲུམ་པ་སྲུང་བ་དང་གསོ་བའི་མན་ངག་འགའ་ཞིག་བཞུགས་སོ། །ན་མོ་བཛྲ་སཏྭཱ་ཡ། བཛྲ་ཀཎྜ་ཀ་རི་སྲུང་བར་འདོད་པས། གནས་དབེན་པར་སྐྱེར་པའི་


JKT020_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུ་སོར་བཅུ་གཉིས། སྲན་མ་ནག་པོ་འབྲུ་བདུན། ར་རོག་པོའི་རིལ་མ་བདུན་སྔགས་འདི་བརྒྱ་ཕྲག་བདུན་ནམ་སྟོང་ཕྲག་བདུན་བཟླས་ལ་མགུལ་དུ་གདགས་སོ། །ཏྲག་ཏྲིག་ཤག་ཤིག་ལ་ཐར་ཙ་ལེ་ཧེ་ཏུཾ་ཧཱུྃ་ཕཊ། རང་ཉིད་སྲུང་བའོ། །ཡུལ་འཁོར་སྲུང་ན། ཡུལ་གྲོང་དེ་ཡི་མཐའ་ནས་གོམ་པ་བདུན་རེ་འདོར་བའི་ས་ལ་སྔགས་བརྒྱ་རེ་བཏབ་ལ་ཕུར་པ་ས་ལ་གདབ། ཕུར་ཁུང་རེ་རེའི་ནང་དུ་ར་རོག་པོའི་རིལ་མ་སྔགས་བརྒྱད་ཅུ་གྱ་བདུན་རེ་བཏབ་པ་དང་། སྲན་མ་ནག་པོ་ལ་སྔགས་བཏབ་ནས་འབྲུ་བདུན་རེ་བླུགས། དེ་ལྟ་བུས་གྲོང་ཡུལ་དེ་མ་འཁོར་བར་དུ་བྱ་བས་ཡུལ་འཁོར་དེ་ཉིད་ངེས་པར་སྲུང་བའི་མན་ངག་གོ། །སྲུང་བ་ཕུར་ལུང་མའོ། ༈ །ཡང་ན། ཨོཾ་བཛྲ་ལ་མ་ཐ་ར་ས་དུ་ཡ་འཆང་བ་པོ་ལ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དབུ་ཅན་ཚེགས་མེད་ཕྲེང་གཅིག་ཏུ་བྲི། རང་སྔགས་སྟོང་བཏབ་སྟེ་ལག་ངར་དང་། སྲན་མ་རྡོག་པོ་བདུན་ལ་རྡོག་པོ་རེར་སྔགས་བརྒྱ་ཕྲག་རེ་བཏབ་པ་མགུལ་དུ་བཏགས་པས་ཐུབ་ངེས། ༈ །ཡང་ན། ཨོ་ས་ར་ཐ་ར་ནི་སྭཱ་ཧཱ། སྔར་བཞིན་བྲིས་ལ་གླ་རྩི་དང་། གུ་གུལ་བྱུགས། མཇུག་ནས་དྲིལ། ཡེ་དྷརྨས་རབ་གནས་བྱས་ལ་དར་དམར་པོའི་ན་བཟས་དྲིལ། སྐྱེས་པའི་གོང་བ་གཡས་དང་། བུད་མེད་ཀྱི་གཡོན་དུ་བཏགས་པས་ངེས་པར་ཐུབ། ༈ །ཡང་ན་བསེ་འབྲས་ཀྱི་ནང་གི་སྣུམ་ཁྲག་ལ། བཛྲ་ཧ་ར་


JKT020_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ན་ཏ་ཛ། ཞེས་སུམ་བརྒྱ་བཏབ་ལ་སྨིན་མཚམས་སུ་ཐིག་ལེ་བྱ། དེ་ལ་འབྲུམ་པ་བྱུང་ན་ཟླ་བ་གསུམ་དུ་སྲུང་ཞེས་གྲགས་སོ། །འབྲུམ་ཕྱི་རུ་འཕུལ་བའི་སྔགས་ནི། ཨོཾ་ནག་པོ་ཤ་ས་རི་རྦད། ཅེས་སྟོང་ཕྲག་ཙམ་བཟླས་ནས་ཆང་བཟང་གར་མ་ལ་སྔགས་བཏབ། བྲོ་ཕྱེད་ཙམ་ཞིག་ལ་བཏབ་ནས་མྱུར་དུ་འཕུལ། ཡང་ན། ཨོ་བེ་ཡི་བེ་ཡི་ས་ར་ཡེ་སྭཱ་ཧཱ། ཡང་ན། ར་ར་ན་ར་ར། ཞེས་ཆང་བཟང་ལ་བཏབ་ནས་ཉུང་ཙམ་རེ་གཏོང་། འཕུལ་སྨན་ལའང་གོང་གི་སྔགས་རྣམས་གདབ། ཟབ་བོ། ༈ །ཡང་ནད་པ་ལ། ༀ་འབར་འབུར་ནན་འབྲུམ་གཟེར་བྷྱོ༔ ཞེས་བཟླར་བཅུག་པ་སྲུང་བ་དང་གསོ་བ་གཉིས་ཀའོ། ༈ །མིག་ལ་འབྲུམ་བུ་བྱུང་ན། བལ་དཀར་ཚེ་ཅན་ལ། ཨོཾ་ནཱ་ག་ཤ་རི་རྦད་ག་ཏོ་ཤ་རི་རྦད། ཐུག་ནན་ཤ་རི་ཆད་སྭཱ་ཧཱ། བལ་འདབ་མིག་ལ་བཀབ་ནས་བཞག ༈ །གྲེ་ཟ་ལ་འབྲུམ་བུ་བྱུང་ན། ཨོ་རེ་རི་རེ་རི་སོད་སོད་ཕྱུང་ཕྱུང་གྲོང་གྲོང་སོད་སྭཱ་ཧཱ། ཞེས་ཆང་ལ་བཏབ་པ་དང་། ཡང་ཚར་བོང་གི་ཁུ་བ་ལ། ཨོཾ་ཤ་ཀུ་རུ་སྭཱ་ཧཱ། ཞེས་དང་། ཡང་ཨ་རུ་ར་འོ་ལ་སྤངས་པར། ཨོཾ་མ་ནུ་མ་ཏུང་ཏྲིང་ཏོ་ལ་སྭཱ་ཧཱ། ཞེས་པའི་ཁུ་བ་གཏོང་བས་ཕན་ངེས་ཟབ། ༈ །བྱེར་བ་བསྡུ་བ་ནི། ཨོ་འདི་ལྟར་སོང་བ་སོང་སོང་། མནྡྷ་ཡ་སོད། སྤུར་སྤུར་ཏུག་ཏུག་ཤག་ཤག་སོད་སོད། འདིས་དོན་སྙིང་ལྡར་བྱེར་བ་ཡང་དྲངས་པར་ཐེ་ཚོམ་མེད། ༈ །ཆུ་


JKT020_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྐྱེམས་སྔགས་ནི། ཨོཾ་ནཱ་ག་ཤ་ར་སྟག་ཤ་སྐམ། མ་མ་ཀོ་ཤ་ན་ཙ་རོ་ཁང་ནི་བཛྲ་ཧཱུཾ་ཕཊ། ཞེས་སྔགས་ཆུ་ཉུང་ཙམ་གཏོང་། གཉན་རིགས་ཐམས་ཅད་ཀྱི་སྐྲངས་དང་ཆུ་སེར་སྐེམས་སོ། ༈ །འབུམ་པའི་གསོ་སྲུང་ཆིག་རྒྱུག་གི་སྔགས་ནི། རང་ཁྱུང་ནག་ཏུ་བསྒོམ། ཨོཾ་ལྷང་ལྷང་ཚེར་ཚེར་ཀྲིག་ཀྲིག་ཤག་ཤག་ཤེལ་ཤེལ། ཐུམ་ཐུམ་གས་བུར་ནམ་སོད་སོད། ཅེས་གདབ་པས་ནད་གདོན་རྣམས་རླངས་པ་སྔོ་དམར་གྱི་རྣམ་པར་རྩ་ནས་བུན་གྱིས་ཐོན་པར་བསམ་མོ། །འདིས་ནད་ཐམས་ཅད་ཐུབ་པར་ཐེ་ཚོམ་མེད། ཁྱད་པར་འབྲུམ་པ་ལ་བསྔགས། སྔོན་དུ་རྟ་བོན་ལྕགས་མཁར་ནད་པའི་སྔས་འོག་ཏུ་སྦས།། གྲ་གུལ་གྱི་ཐང་གཏོང་། དྲི་ཆུ་བར་པས་ཁ་མིག་བཀྲས་ན་བླ་གཉན་གྱི་ནད་ཐོར་བུ་ཐམས་ཅད་ཐུབ་པར་བཤད་སྣང་། གཞན་ཡང་སྲང་བའི་མན་ངག་སྙན་བརྒྱད་ཡི་གེ་མེད་པ་དང་། པ་དང་། མན་ངག་ལྷན་ཐབས་ལས་བཤད་པ་ནི་དེ་དག་གི་སྟེང་དུ་རྟོགས་པར་བྱ་བ་ལས་འདིར་མ་བྲིས་ཤིང་། ལྷག་མ་སྣེ་ཚང་ཙམ་ཞིག་ཕུལ་བ་ལགས། མངྒ་ལཾ། ༈ །རྨུ་ཆུ་སྲུང་བ་ནི། ཐོ་རངས་སྐྱབས་སེམས་སྔོན་དུ་འགྲོ་བས་རླུང་རོ་ལན་གསུམ་བུས། སྙིང་པདྨ་འདབ་བཞིར་གྱེས་པའི་དབུས་སུ་སྨན་བླ། ཕྱོགས་བཞིར་ལྷ་མོ་བཞི་བསྐྱེད། རླུང་ཅུང་ཟད་རྡུབ་སྟེ། ཨོཾ་བྷི་ཤ་ཙེ་བྷི་ཤ་ཙེ། མ་ཧཱ་བྷི་ཤ་ཙེ། ས་མུ་ག་ཙེ་སྭཱ་ཧཱ། བརྒྱ་རྩ་བཟླས་པས་སྲུང་བ་


JKT020_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་མཆོག་ཏུ་འགྲོ་བར་བཤད་དོ། །སྔགས་ཟུར་ཆག་གི་ལུགས་སོ། ༈ །འབྲུམ་སྲུང་ནི། བུ་རམ་གྱི་ཁུ་བ་ལ་རྒྱ་སྣག་བརྡར་བས། ཨོ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་ཧཱུྃ་བཛྲ་ར་བ་ཏུ་ཡེ་འཆང་བ་པོ་ལ་འབྲུམ་ནག་ཐམས་ཅད་རཀྵ་རཀྵ༔ ཞེས་བྲིས་ལ་རྟེན་འབྲེལ་སྙིང་པོས་རབ་གནས་བྱ། གཤམ་ནས་དྲིལ། ཕོའི་དཔུང་པ་གཡས། མོའི་གཡོན་མགོ་མཇུག་མ་ལོག་པར་བཏགས་འབྲུམ་ནད་ཅན་གྱི་གཡོག་བྱས་ཀྱང་ནད་མི་འགོས་པ་མྱོང་བས་གྲུབ་པའི་གདམས་པའོ། །ཨྠྀི། ༈ །བུ་མོ་མགོ་གཙང་གིས་བཀལ་བའི་སྐུད་པ་དམར་པོ་སུམ་བསྒྲིལ་ལ། ཨུ་སེ་ནི་ལ་ཆིངས་ཆིངས། ཞེས་ཉེར་གཅིག་བཏབ་པ་གཡོན་པའི་སྲིན་ལག་ལ་དཀྲིས་ཏེ་ཁ་སྨྲ་བགྱིས་ན་ལན་ཐེབས་ཤིང་ཕས་རྒོལ་གྱིས་ཟེར་ཚད་རང་གི་ཚིག་གྲོགས་སུ་འགྱུར་བར་ཐེ་ཚོམ་མེད་དོ། ༈ །གྲང་བས་མཁལ་རྐེད་ན་བ་ལ། མ་མོའི་མར་བཞུ་བཙག་ཆོད་པར། ཨོ་ད་ག་ཡ། ཞེས་མང་དུ་བཏབ་ནས་སྦྱིན། ༈ །ཆུ་འགགས་ལ། ཨོ་ད་བ་ཤ་ན་མ་སྭཱ་ཧཱ། མི་ཕྱུགས་གང་ལའང་སྔགས་ཆུ་ཐེངས་པས་ཆོག་གོ། །འདི་གཉིས་མི་མ་ཡིན་པའི་རིག་པའོ། ༈ །གླང་ཐབས་སྔགས་ནི། ཨོ་སྲོག་ཚིག་སྲོག་ཚིག་སྲོག་ནོན་སྭཱ་ཧཱ། ཚ་གྲང་སྤྱིའི་སྔགས་ནི། ཨོཾ་ཧ་ར་སིང་མུག་ཐུམ་སྭཱ་ཧཱ། འདི་གཉིས་ལན་ཚྭ་སྙིམ་གང་། ཆང་སྙིམ་བདུན་ནང་བསྐོལ་བ་རང་འཐག་ནས་ཚྭ་དེ་ནས་གཅིག་


JKT020_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བརྔོས། དེ་ལ་སྔགས་བཏག་བཏང་བས་ཕན་ངེས། དཔལ་རིག་པ་འཛིན་པའི་ཞལ་ལུང་མའོ།། ༈ །།སྭསྟི། མིག་ཏུ་རྡུལ་ཚུད་ན། ལ་མ་ད་ཏི། ཞེས་བཟླས་པས་ཐོན་ངེས། ཤུ་མོ་ཟའི་ཆག་ཆག་བཏབ་ན་སྦྱར་བ་མི་ཡོང་། རམ་པའི་ཁུ་བས་ཆག་ཆག་བཏབ་པས་སྡིག་པ་མི་ཡོང་། སོ་སོའི་དུ་བའང་བཏང་ངོ་། །ཨོ་ཙི་དྲུང་ཏིར། ཞེས་བཟླས་པ་ཚྭ་ལ་བཏབ་ནས་བཏང་ན་ཕོ་གླང་དང་ཕོ་སྲིན་ཐམས་ཅད་ལ་ཕན། ཨོ་ནག་པོ་སོད། ཐུན་སོད། ནག་པོ་ཐུན་གྱིས་སོད། ཚ་རྙིང་ཐུར་མ་གང་ལ་བརྒྱ་རྩ་བཏབ་པས་སྲིན་རིགས་ཐམས་ཅད་ལ་ཕན་ངེས་ཟབ། ཨོཾ་སར་རེ་འུབ་འུབ་རྒྱུད་ཆུད་སྭཱ་ཧཱ། ཞེས་སུམ་བརྒྱ་ཙམ་ཕྱི་ནས་གདབ། སྔགས་ཆུ་བཏང་བས་རྩ་ནད་ཐམས་ཅད་སེལ། ཆུ་བལ་གྲོ་སྲན་ཚྭ་ཕབ་དུ་རལ་རྣམས་ཞིབ་བཏགས་མར་ནག་སྦྱར་བྱུགས་ཕན། ཨོ་ཕོ་ཉ་མ་མོ་བུ་ལེ་སྭཱ་ཧཱ། སུམ་སྟོང་ཆུ་གྲང་ལ་བཏང་བས་ཆུ་འགགས་ཐོན་ངེས། ཨོ་ཏི་ལི་ཟད། རྒྱལ་པོའི་སྙིང་ལ་རྦད། དྲི་བོའི་སྲོག་ལ་རྦད། ཆུ་དཀར་ལ་བཏབ་ནས་སྟོད་ལ་འདེབས་པ་དང་། ཆུ་ནག་ལ་བཏབ་ནས་ཛཱ་ཏི་དང་སྦྱར་བཏང་བས་སྲོག་རླུང་ལ་ཕན་ངེས། ཨོ་ཐེབ་ལོང་། ནེབ་ལོང་། པ་ཏི་ལོང་། ཉིལ་ཉིལ། བུར་བུར། སིལ་སོད་སྭཱ་ཧཱ། གསུམ་མམ་གཅིག་ནངས་མ་གསུམ་དུ་བཟླས་པས་ལིང་ཏོག་ལས་གྲོལ་ངེས་ཟབ་སྐྱེས་པ་དར་མ་གྲིར་ཤི་བའི་


JKT020_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་པ་སུམ་སྒྲིལ་མདའ་གང་ལ་མདུད་པར་སྔགས་འདི་མི་ཚིག་གིས་བར་མ་ཆོད་པར་ཁྲི་བཏབ། །ཨོ་བྷ་གེ༔ མ་ཧི་ཤ ཀུ་བྷིར་ཤ༔ ས་ནཱ་ག་རེ༔ ཁའོ་ཤི་རི༔ ཀ་ལི་ཀ༔ མེ་རུ་མ་ཀ་མེ༔ ཁ་ཨནྡྷཾ༔ དེ་གཟའ་རཱ་ཧུ་ལ་སྦྲུལ་ཞགས་བསྣམས་པས་དགྲ་ཇག་རྣམས་འཆིང་བར་བསམ་ལ། ཉེན་ཆེ་དུས་སྔགས་སུམ་བརྒྱ་ཙམ་བཟླ། གྲི་རྒྱུས་ཀྱི་རཱ་ཧུ་ལའི་སྦྲུལ་ཞགས་ཀྱིས་དགྲ་ཇག་བཅིང་བའི་ཕྱི་ལྕགས་ཞུན་ནམ་ཁྲོ་ཆུས་བསྐུམ་པར་བསམ། རང་གི་རྡོག་འོག་གི་ས་ལ་སྔགས་བརྒྱ་རྩ་བཟླས་ཏེ་དགྲ་ཇག་གི་གདོང་ལ་གཏོར་བའམ། འགྲོ་ཕྱོགས་སུ་གཏོར་བས་དུག་རླང་གིས་དགྲ་ཇག་སྦྲུལ་གྱི་ཞགས་པས་བཅིངས་པར་བསམ། ཤིན་ཏུ་ཟབ་མོ་མྱོང་གྲུབ་མའོ། །ཇག་ཆིངས་ཨྠྀི།། ༈ །།རྒྱ་གར་སྐད་དུ། ཨཱརླ་ག་ཎ་པ་ཏི་རཏྣ་ཝནྡྷ་ན་དྷ་ར་ནཱ་མ། བོད་སྐད་དུ། འཕགས་པ་ཚོགས་ཀྱི་བདག་པོ་རིན་པོ་ཆེ་འཕེལ་བའི་གཟུངས་ཞེས་བྱ་བ། འཕགས་པ་ཚོགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །རིན་ཆེན་མཛོད་དང་གཏེར་དབང་ཕྱུག །འབྲུ་དྲུག་སྦྱིན་དང་ལོངས་སྤྱོད་བདག །ཀུན་དབང་བདག་པོ་འཇིག་རྟེན་དཔལ། །བཙུན་པོ་ལེགས་སྦྱིན་དག་པའི་དབང་། །འཁོར་བསྒྱུར་བྲན་རྣམས་ཡངས་པའི་སྦྱིན། །དེ་སོགས་དཔག་ཏུ་མེད་པ་རྣམས། །ཡིད་འཐད་འཆང་འདོན་རབ་ཏུ་འགྲུབ། །མི་ཟད་དཔག་མེད་མྱུར་འགྲུབ་གསོལ། །ཨོ་རཏྟ་ག་ཎ་


JKT020_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཎ་པ་ཏི་རཏྟ་སརྦ། ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། གྷ་གྷ་གྷ་གྷ། གྷ་གྷ་གྷ་གྷ། ན་མོ་ན་མ་ཡེ་སྭཱ་ཧཱ། གཟུངས་འདིའི་བྱིན་རླབས་མཐུ་དབང་གིས། །རིན་ཆེན་ནོར་མཛོད་གཏེར་རྣམས་ལ། །མེ་ཆུ་རླུང་དགྲ་ས་གཡོས་དང་། །འབྲུ་ནད་སད་སེར་བཙའ་ནད་འཇིགས། །ཕ་རོལ་དགྲ་རྐུན་མ་རུངས་འཚེ། །ལོག་ལྟ་གནོད་པ་ཐམས་ཅད་བཟློག །ཨོ་ཀྲོ་དྷ་ཙཀྲ་རཱ་ཛ་སརྦ་ཧ་ན་ཧཱུྃ་ཕཊ། ཁྲོ་རྒྱལ་འཁོར་ལོས་སྒྱུར་རྒྱལ་གྱིས། །གཏེར་དང་རིན་ཆེན་འབྲུ་དང་མཛོད། །རྒྱལ་པོ་བཙུན་མོ་འབངས་འཁོར་བཅས། །ཞིང་དང་ལོ་ཏོག་སྐྱེད་བྱེད་ཚུལ། །དེ་དག་ཐམས་ཅད་སྲུང་དུ་གསོལ། །འཇིག་རྟེན་དབང་ཕྱུག་ན་དང་ནོར་གྱི་དཔལ། །གང་འདོད་འབྱུང་དང་ལེགས་དབང་མཆོག །བཀྲ་ཤིས་སྦྱིན་དང་ཡོན་ཏན་གཏེར། །དཀྱིལ་འཁོར་འགྲུབ་དང་བརྟུལ་ཞུགས་ལྡན། །གང་གིས་མོས་ཕྱོགས་རྣམས་ལ་དགེ། །དེ་དག་ཐམས་ཅད་མྱུར་འགྲུབ་ཤོག །ཨོཾ་ས་མནྟ་བྷ་དྲ་མངྒ་ལཾ་གྷ་ཏ་སྭཱ་ཧཱ། གླང་ཆེན་དང་ནི་གཞོན་ནུ་དང་། །མཆེ་བ་གཙིགས་དང་ཕྱག་བཞི་པ། །གླང་སྣ་དང་ནི་མགྲིན་སྔོན་དང་། །གསུས་པོ་ཆེ་དང་ཕག་གཤེད་དང་། །ཟླ་མདོག་དང་ནི་མལ་གྱི་གཞོན། །ཚོགས་བདག་དང་ནི་སྙིང་རྗེ་ལྡན། །འདི་རྣམས་མཚན་གྱིས་ཁྱོད་ལ་བསྟོད། །དཔལ་ཚོགས་ཀྱི་བདག་པོ་དཀོར་མཛོད་ཞིང་ཁམས་


JKT020_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྤེལ་ཞིང་སྲུང་བ་ཞེས་བྱ་བའི་གཟུངས་ལེའུ་བཅུ་དྲུག་པ་རྫོགས་སོ། །འདི་རྗེ་བུདྡྷ་བྷ་དྲའི་ཕྱག་དཔེ་ལས་བཤུས་སོ།། ༈ །།ཨོཾ་ཤྲཱི་པདྨནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། གནོད་བྱེད་སརྦ་རཀྵ རྟ་ལ་གནོད་བྱེད་ཀུནུ་ཡ་སྭཱ་ཧཱ། རྟ་རྣམས་ཀྱི་ཆ་དཀར་པོ་ཤྲིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བདུད་ཡམ་ཤིང་ནག་པོ་ཤྲིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ས་ཡི་ཕྱོགས་བྱེད་ནག་པོ་ཤྲིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་རྟ་མགྲིན་དབང་གི་རྒྱལ་པོས་མི་ཕྱུགས་རྟ་དང་བཅས་པའི་གནོད་པ་སྲུང་དུ་གསོལ། སེར་བ་སྲུང་དུ་གསོལ། ཁྱད་པར་རྐང་བཞིའི་རྟ་ལ་སྲུངས་ཤིག་རཀྵ་རཀྵ། གཟུངས་སྔགས་འདི་མང་དུ་བཟླས་ཏེ། སྐུད་པ་དམར་པོ་ལ་མདུད་པ་བོར་ནས། རྟ་ཡི་ངོ་ལ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ།། ༈ །།སྐར་རྩིས་དང་འབྱུང་རྩིས་ལས་འབྱུང་བའི་ཉེས་སེལ་རྟེན་འབྲེལ་གྱི་སྐོར་བཞུགས་སོ། །དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པའི་གཟའ་སྐར་དུས་སྦྱོར་སོགས་ཀྱི་ཉེས་པ་ཀུན་སྲུང་བའི་འཁོར་ལོ་ནི། གྲོ་གའམ་ཤོག་བུ་གཙང་མ་ལ་མུ་ཁྱུད་ལྔ་བསྐོར་བའི་དབུས་ཡངས་པར། རླུང་། ནག །མེ། དམར། ཆུ། དཀར། ས། སེར། ཟླ། དཀར། ཉི་མ། དམར། སྒྲ་གཅན་ནག་པོ་རྣམས་ཀྱི་དཀྱིལ་འཁོར་རིམ་པར་ཟླུམ་པོར་བསྐོར་བའི་སྟེང་དུ། ཧཾ མུ་ཁྱུད་དང་པོ་ལ་དབྱངས་ཡིག་བཅུ་དྲུག་ཡིག་མགོ་ནང་བསྟན། གཉིས་པར་གསལ་བྱེད་དང་།


JKT020_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པར་རྟེན་སྙིང་ཡིག་མགོ་ཕྱིར་བསྟན། དེ་གསུམ་ཀའི་ཐོག་མ་ཧཾ་ཡིག་གི་ཐིག་ལེ་ནས་བརྩམས། རྟེན་སྙིང་མཐར། འདི་འཆང་བ་ལ་གཟའ་སྐར་དུས་སྦྱོར་སྒྲ་གཅན་གྱི་གནོད་པ་ཐམས་ཅད་སྲུངས་ཤིག །ཅེས་སྤེལ། བཞི་པ་རྡོ་རྭ་དང་། ལྔ་པ་མེ་རིས་བསྐོར། དེ་ཙམ་མི་ནུས་ན། རྣམ་བཅུ་དབང་ལྡན་ཡ་སྔོ། གྱི་གཤམ་དུ་སྤེལ་ཚིག་སྔར་བཞིན་སྦྱར་བ་བྲིས་ལ་མདུན་དུ་བཀོད། རང་རྡོ་རྗེ་ཤུགས་ཀྱི་ང་རྒྱལ་གྱིས་གཟའ་སྐར་དུས་སྦྱོར་སྒྲ་གཅན་དང་བཅས་པ་ལ་གཏོར་མ་བྱིན་ནས་ཕྲིན་ལས་གཞོལ། འཁོར་ལོ་ལ་རབ་ཏུ་གནས་པའི་མེ་ཏོག་འཐོར། སྲད་བུ་ཁ་དོག་སྣ་ལྔས་བཅིངས་ཏེ་རྒྱ་སྐྱེགས་དང་ལྷན་ཅིག་པར་བཅང་། གཟའ་སྐར་དུས་སྦྱོར་ངན་པ་སོགས་ཐམས་ཅད་སྲུང་བའི་རྟེན་འབྲེལ་རྨད་དུ་བྱུང་བའོ། ༈ །འབྱུང་རྩིས་པའི་ལུགས་ཀྱི་ཉེས་པ་ཀུན་སེལ་བའི་ཙ་ཀྲ་བསྡུས་པ་ནི། ར་དམར། ཝ་དཀར། ལ་སེར། མ་ཆ་ལྔར་བྱས་པའི་དབུས་ལྗང་། ཤར་སྔོ། ལྷོ་དམར། ནུབ་སེར། བྱང་དཀར། ཀ་ལྗང་། ཧ་སྔོ། ཟླ་ཚེས་དཀར། ཐིག་ལེ་དམར། ནཱ་ད་སྔོ། མཆན། རུས་སྦལ་མགོ་བོ་ལྷོར་བསྟན། གྱི་ཁོག་པར་མུ་ཁྱུད་ཟླུམ་པོ་གསུམ་དུ་བསྐོར་བའི་ལྟེ་བར་ལིང་ཚེ་བརྒྱད་དུ་བཅད་པར་ལྔ་སེར་དབུས་ཞུགས་ཀྱི་སྨེ་བ་དང་། མུ་ཁྱུད་དང་པོ་ལ། འཁོར་ལོ་རྩིབས་བརྒྱད་ཀྱི་ལྷོ་ནས་བརྩམས་ཏེ་གཡས་བསྐོར་གྱི། ལི། དམར། ཁོན། སེར། དྭ། དཀར། ཁེན། སྔོ། ཁཾ། ༼འདིའི་ནང་རི་མོ་ཡོད།༽


JKT020_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ནག །གིང་། སེར། ཟིན། ལྗང་། ཟོན་སྔོ་ཏེ་སྤར་ཁ་བརྒྱད་ཀྱི་ཕྱག་རྒྱ་བཀོད། མུ་ཁྱུད་གཉིས་པ་ཤར་སྟོད་ནས་བརྩམས་ཏེ་ལིང་ཚེ་བཅུ་གཉིས་སུ་སྟག་སོགས་ལོ་སྐོར་བཅུ་གཉིས་ཀྱི་གཟུགས། མུ་ཁྱུད་གསུམ་པ་ལ་ལིང་ཚེ་བརྒྱད་ཀྱི་ཤར་དུ། ཨོཾ་མ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱ། ལྷོར། ཨོཾ་མ་མ་རཾ་རཾ་ཡེ་སྭཱ་ཧཱ། ནུབ་ཏུ། ཨོཾ་མ་མ་ཀ་ར་ཀ་ར་ཡེ་སྭཱ་ཧཱ། བྱང་དུ། ཨོཾ་མ་མ་ཁཾ་ཁཾ་ཡེ་སྭཱ་ཧཱ། ཤར་ལྷོར། ཨོ་ཡ་ར་ཡུ་ར་ཡེ་སྭཱ་ཧཱ། ལྷོ་ནུབ་ཏུ། ཨོཾ་མ་མ་ཡུར་ཡུར་སྭཱ་ཧཱ། ནུབ་བྱང་དུ། ཨོཾ་མ་མ་ཛུ་ཛུར་ཡེ་སྭཱ་ཧཱ། བྱང་ཤར་དུ། ཨོཾ་མ་མ་ཕུ་ཕུ་ཡེ་སྭཱ་ཧཱ། རུས་སྦལ་གྱི་ཕྱི་རོལ་ཤར་དུ་ཤིང་། ལྗང་། ལྷོར་མེ། དམར། ནུབ་ཏུ་ལྕགས། དཀར། བྱང་མཇུག དུ་ཆུ། མཐིང་། མཚམས་ས་སེར། དཀྱིལ་གྲུ་བཞི་རེ་བྲི། རང་འཇམ་དབྱངས་སུ་བསྒོམས་ལ་རབ་ཏུ་གནས་པའི་མེ་ཏོག་འཐོར། སྲད་བུ་སྣ་ལྔས་དཀྲིས་ཏེ། སངས་རྒྱས་ཀྱི་རིང་བསྲེལ། བྱིན་རླབས་ཀྱི་དབུ་ལོ་ན་བཟའ། །གནས་ཆེན་གྱི་ས་སྣ་ཆུ་སྣ་ཤིང་སྣ་སོགས་དང་ལྷན་ཅིག་ཏུ་འཆང་བས་སྤར་སྨེ་ཚེས་གྲངས་ས་བདག་སོགས་ཀྱི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ། །འདི་ནི་ཀ་བ་ཡེ་རྡོར་གྱིས་ལྷ་ས་ནས་སྤྱན་དྲངས་པའི་གཏེར་མ་ཡིན་ལ། རྒྱ་ནག་གཏིང་རྫོགས་ནས་བཤད་པའི་ཀུན་ཐུབ་འཁོར་ལོ་ཞེས་གྲགས་པའང་འདི་ཉིད་ཁོ་ནའོ། ༈ །གཞན་ཡང་མཁྱུད་དཔྱད་ཀྱི་མན་ངག་ཐོར་བུ་


JKT020_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་པ་ལ། ས་བདག་སྤྱི་ཡི་སྒྲིབ་ཤིང་ནི། རྟེན་གསུམ་གསུང་རབས་བྱིན་ཅན་དང་། །ཁྱད་པར་གནམ་ས་སྣང་བརྒྱད་དང་། །སཱཙྪ་ས་བདག་རང་འདྲའི་གཟུགས། །རུས་སྦལ་ཁོག་པ་རྨ་བྱའི་མདོངས། །མེ་ལོང་སྟག་རས་གཟུགས་མོ་དང་། །ཚོན་གྱི་གྲུ་གུ་བྱང་མིག་དགུ། །སྦ་ལྕག་མདའ་དར་སྣ་ལྔ་པ། །ལུག་གི་གཡང་ཤོག་བུར་བྲིས་པས་ཀྱང་འཐུས་སོ།། གཞི་གཡག་གི་མགོ། །མགྲོན་བུ་ལ་སོགས་ཕྱོགས་སུ་བཞག །ཡང་ན་བསྲུང་བྱའི་ལུས་ལ་བཅངས། །ཞེས་པ་འདི་རྣམས་སྔར་བཤད་པའི་འཁོར་ལོ་དང་ལྷན་ཅིག་ཏུའོ། །ས་བདག་ཕལ་ཆེར་ཉམས་པ་ལ། །ཏོག་གཟུངས་སྣང་བརྒྱད་སྤང་སྐོང་དང་། །མདོ་ཐིག་གསུང་སྒྲོགས་དོང་རྩེ་དང་། །ས་བདག་འཁྲུགས་གཏོ་གཡོ་འཁྲུགས་བཅོས། །ཆབ་གཏོར་སཱཙྪ་སོགས་ཀྱིས་ཐུབ། །ལས་དང་བྱ་བ་གང་བྱེད་ཀྱང་། །ཐོག་མར་དག་པ་གསེར་མདོ་དང་། །སྣང་བརྒྱད་བཀླག་ཅིང་ལས་གྲུབ་ནས། །བཀྲ་ཤིས་བརྩེགས་པ་སྒྲོག་པར་བཤད། །གཞན་ཡང་གསེར་སྐྱེམས་འབུལ་བ་དང་། །གནམ་གཏའ་བར་གཏའ་ས་གཏའ་དང་། །མན་ངག་སྒམ་ཆིངས་ཟབ་མོ་སོགས། །གང་ལ་གང་འཚམས་སྦྱར་བར་བྱ། །ཞེས་སོ། །ལམ་དུ་འཇུག་ཚེ་གར་འགྲོ་བའི། །ཕྱོགས་དེར་ཐལ་མོ་སྦྱར་བྱས་ནས། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་


JKT020_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སངས་རྒྱས་ཚེས་གྲངས་དང་རྒྱུ་སྐར་ཡུད་ཙམ་གྱི་བདག་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ནཀྵ་ཏྲེ་ནཀྵ་སརྦ་ཏིཎི་མཱུརྟི་ནཀྵ་ཏྲེ་ན་མ་ས་དུནྟེ་བྷ་བནྟ་སྭཱ་ཧཱ། ལན་གསུམ་བརྗོད་པས་དོན་འགྲུབ་བོ། །གཞན་ཡང་རྟག་ཏུ་བཟང་བ་ཡི། །སྙིང་པོ་འདི་ཡང་བཟླ་བར་བྱ། །ན་མོ་རཏྣ་ཏཱ་ཡཱ་ཡ། ན་མསྶ་ཧ་རཱ་ཛེ་གྷོ་དེ་བ་སུ་ཏ་ས་ཧུ་ཏ་ན་ཏ་རེ་སུ་ཏི་ནི་སྭཱ་ཧཱ། བཟླས་པས་གར་འགྲོ་ན་ཡང་དགེ །ལམ་དུ་འཇུག་ཁར་ལག་མཐིལ་དུ། །ཡི་གེའི་རྟེན་འབྲེལ་འབྲི་བ་ནི། །ནམ་མཁའ་ཞེས་བྲིས་དགྲ་མི་འོང་། །འབྲུག་ཅེས་བྲིས་པས་རྙེད་པ་ཐོབ། །སྟག་ཅེས་བྲིས་པས་དམག་ལས་རྒྱལ། །ཆོས་འཚོལ་བ་ལ་ལྷ་ཞེས་བྲི། །དེ་ཡང་ཁྱིམ་ནས་མདའ་རྒྱང་ཙམ། །བྱས་པས་འདོད་དོན་འགྲུབ་པར་འགྱུར། །གཞན་ཡང་ཕྱོགས་ནི་གར་འགྲོ་ཡང་། །ཕྱོགས་དེའི་ལྷ་ལ་ཕྱག་བྱས་པས། །ཕྱོགས་དེའི་ཉེས་པ་ཐམས་ཅད་སེལ། །ཤར་དུ་རྡོར་སེམས་ལྷོར་རིན་འབྱུང་། །ནུབ་ཏུ་སྣང་མཐའ་བྱང་དོན་གྲུབ། །དེ་ནི་ཕྱོགས་ཀྱི་ལྷ་ཞེས་བྱ། །ཡང་ན་སྒྲིབ་ཤིང་ཡང་རྩེ་ནི། །སྟོང་ཉིད་ངང་ལ་གནས་པ་སྟེ། །ཉེས་ཀུན་ལས་རྒྱལ་བསམ་དོན་འགྲུབ། ༈ །ཡུལ་ཕྱོགས་རིམས་ཀྱིས་འཇིགས་པ་ལ། །ལག་མཐིལ་ཧ་ས་ཞེས་བྲིས་ཐུབ། །དོན་གཉེར་གང་ནས་གར་འགྲོ་ཡང་། །ལག་མཐིལ་དུ་ཐུག་ཅེས་བྲིས་པས་གྲོགས་བཟང་འཕྲད། ༈ །རྨ་བྱའི་མདོངས་ཀྱིས་ཐེ་སེ་ཐུབ། །མེ་ལོང་གིས་ནི་


JKT020_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མོ་ཐུབ། །སྟག་གི་པགས་པས་གནམ་ཁྱི་ཐུབ། །གཟུགས་མོ་བྱི་ཐུར་བློན་པོ་ཐུབ། །ཚོན་གྱི་གྲུ་གུས་ནལ་བདུད་ཐུབ། །ཁྲབ་བྱང་མིག་དགུས་ཤན་པ་ཐུབ། །སྦ་ལྕག་གིས་ནི་རང་འདྲ་ཐུབ། །མདའ་དར་གྱིས་ནི་བླ་མཁྱེན་ཐུབ། །ལུག་གི་གཡང་གཞི་གཡག་གི་མགོས། །དྲིས་པས་འཐུས། །གནམ་ཁྱི་ནག་པོ་ཐུབ་པར་བཤད། །མགྲོན་བུ་སྦྲུམ་མས་ས་བདག་གཞན། །ཐུབ་ཀྱི་སྤྱི་ཁྱབ་རུས་སྦལ་གྱི། །ཁོག་པས་ཡིན་ཅིང་གོང་གསལ་རྣམས། སྲིད་པ་ཧུ་ཕྱག་བཅས། ལྷན་ཅིག་བསྡམས་པས་གསོན་གཤིན་གྱི། ལས་རྣམས་བྱེད་དུས་སྒྲིབ་ཕྱོགས་བཞག །དེ་ཡིས་སྒྲིབ་པར་འགྱུར་ཞེས་གསུངས།། ༈ །།འདིའི་གོང་དུ་དབུས་སུ་རྣམ་བཅུ་དབང་ལྡན། གཡས་གཡོན་དུ་ཨེ་ཝཾ། དེ་འོག །ཨོཾ་ཨཱཿཧཱུྃ་ཧོ་ཤྲི་ཀཱ་ལ་ཙཀྲ་ཧཱུཾ་ཕཊ། ཨོ་ཨ་ཀ་ནི། ནི་ཀ་ནི། ཨ་བི་ལ། མཎྜ་ལེ་མ་ཡེ་སྭཱ་ཧཱ། གཤམ་དུ། །ལོ་ཟླ་ཞག་དུས་ལ་དབང་བའི་གཟའ་སྐར་དང་། ལོ་རྒན་དྲུག་ཅུ་སྤར་སྨེ་དང་། ཁྱད་པར་དུ་ས་བདག་ཐེ་སེ་རྒྱལ་པོ་འཁོར་བཅས་ཀྱིས། སྲིད་པ་ཧུའི་ཕྱག་རྒྱ་འདི་ལ་ལྟོས་ཤིག །འཁོར་ལོ་འདི་རུ་སྦལ་གན་རྐྱལ་གྱི་ལྟོ་བར་བཀོད། ཕྲག་དོག་དང་ཀོ་ལོང་མ། བྱེད་པར་མགོན་སྐྱབས་དང་སྡོང་གྲོགས་མཛོད་ཅིག །ཅེས་བྲི་བ་ཕྱོགས་སྲུང་བསྡུས་པའོ། ༈ །འབྲིང་དུ་བྱེད་ན། རུ་སྦལ་གྱི་ཁོག་པར་འབྱུང་རྩིས་ལུགས་ཀྱི་ཉེས་པ་ཀུན་སེལ་གྱི་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཙཀྲ་ཚུལ་བཞིན་དུ་འབྲིའོ། །གང་ལྟར་ཡང་དེ་དང་ལྷན་ཅིག་ཏུ། རྨ་བྱའི་མདོངས། མེ་ལོང་ཆུང་ངུ་། སྟག་རས་གཟིག་རས། གཟུགས་མོ་བྱི་ཐུར། ཚོན་སྐུད་སྣ་ལྔའི་གྲུ་གུ། ཁྲབ་བྱང་མིག་དགུ། སྦ་ལྕག ། མདའ་དར་ཆུང་ངུ་། ལུག་གི་གཡང་གཞི་དང་གཡག་མགོ་རས་ལ་བྲིས་པ། མགྲོན་བུ་སྦྲུམ་མ། རུ་སྦལ་གྱི་ཁོག་པའི་ནང་གཟུགས་དང་བཅས་པ་བྱིན་རླབས་རྟེན་དང་གནས་ཆེན་མང་པོའི་ས་སྣ་ཆུ་སྣ། རིན་པོ་ཆེ་སྣ་ཚོགས་ཀྱི་ཐུམ་བུ་རྣམས་འདུ་བྱའོ། །རྒྱས་པ་ནི་ནག་རྩིས་ཀྱི་གཞུང་ཆེན་པོ་རྣམས་སུ་འབྱུང་བ་ལྟར་རོ། །སརྦ་མངྒ་ལཾ་བུ་བྷྲཱུྃ་བྷཱུ་ཡེ་ཏ།། ༈ །།ས་དགྲ་བཅོས་པའི་མན་ངག་བཞུགས་སོ། །ཨོཾ་སྭསྟི་པྲ་ཛ་བྷྱ༔ ཁང་པ། དུར་ས། ཞིང་ས་སོགས་ཀྱི་ས་དགྲ་ཐམས་ཅད་ཞི་ཞིང་། ས་དཔལ་བསྐྱེད་པའི་མན་ངག་ནི། ཤར་དུ་རྫ་ལས་སྟག་སྐྱའི་གཟུགས། །ལྷོ་རུ་འབྲུག་སྔོན་ནུབ་བྱ་དམར། །བྱང་དུ་རུ་སྦལ་ནག་པོའི་གཟུགས། །ཁོག་སྟོད་ནང་དུ་ཤོག་བུ་ལ། །བདེ་ལེགས་ཡོན་ཏན་ཐམས་ཅད་ཀུན། །འདིར་འདུས་བཀྲ་ཤིས་འཕེལ་བ་དང་། །ས་གྲགས་མགྱོགས་པར་འདིར་འདུས་ཤིག །ས་ཤིང་ཆུ་བྲག་སྒྲོན་ལ་སོགས། །ཤར་གྱི་ཕྱོགས་ཀྱི་སྟག་སྐྱས་བཟློག །ཅེས་སོགས་བསྒྱུར་བྲིས་སོ་སོར་བཅུག །སྨན་འབྲུ་རིན་ཆེན་དར་སྣ་དང་། །གླ་རྩི་ལ་སོགས་དྲི་བཟང་ཚོགས། །དཀར་གསུམ་མངར་གསུམ་བཅས་པ་བཅུག །བུམ་པར་གོང་


JKT020_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་མཆོད་པའི་རྫས། །བཀྲ་ཤིས་རྟགས་རྫས་བྲིས་བཅུག་པ། །ལྷ་བཞིའི་མགུལ་བཏགས་སོ་སོར་སྦྱ། །དཀར་གོང་ལ་ནི་བཀྲ་ཤིས་པར། །གྱུར་བྲིས་བུམ་པའི་ཁ་རུ་བཞག །དེས་ནི་ངན་ཕྱོགས་ཐམས་ཅད་ཐུབ། །ཤར་ཕྱོགས་ས་དགྲ་ཐམས་ཅད་ཀྱི། །གཤེད་ནི་ལྕགས་ཀྱི་གཞི་མ་ལ། །ཟངས་ཀྱི་ཆུ་སྲིན་བྲིས་བྱས་ལ། །ཁང་པའི་ཤར་དུ་བཞག་པ་ན། །ཤར་གྱི་ས་དགྲ་ཐམས་ཅད་ཐུབ། །དེ་བཞིན་ལྷོ་རུ་ཆུ་རྡོ་ལ། །དངུལ་གྱི་སེང་གེ་བྲིས་པ་དང་། །ནུབ་ཏུ་ཟངས་ལ་སྣག་ཚས་འབྲུག །བྱང་དུ་གསེར་གྱི་རྡོ་ལ་ནི། །གསེར་གྱི་རུས་སྦལ་བྲིས་ལ་བཞག །སོ་སོའི་ངན་ཐུབ་ཆིག་ཆོད་ཡིན། །སྲིན་མོ་རལ་གཡེངས་འདྲ་སོགས་ལ། །མཆོད་རྟེན་འདྲ་བའི་རི་བྲག་གམ། །གྲུབ་གནས་རྡོ་བ་གྲུ་བཞི་བླངས། །མཚལ་གྱིས་རིན་ཆེན་འབར་བ་བྲིས། །རབ་གནས་བྱས་ལ་བཞག་པས་ཐུབ། །སྤྱིར་ཡང་རྣམ་བཅུ་དབང་ལྡན་དང་། །སྤར་ཁ་བརྒྱད་ཀྱི་ཕྱག་རྒྱ་སོགས། །ཀུན་ཐུབ་བསྡུས་པ་སྤྱི་ལྟར་བྲིས། །རབ་གནས་ཁང་པའི་ཕྱོགས་བཞིར་བཞག །བཀྲ་ཤིས་དགེ་ལེགས་རྟག་ཏུ་འཕེལ། །སརྦ་མངྒ་ལཾ། ༈ །ཕྱི་ཡི་སྲུང་བ་བཞི་ནི། ཤར་སྟག་ལམ། ལྷོ་གཡུ་འབྲུག་ཆུ། ནུབ་བྱ་ནགས་ཚལ། བྱང་རུ་སྦལ་བྲག་རི་ནག་པོ་ལ་ངོས་འཛིན་ནོ། །ཤུ་བྷྲཱུྃ།། ༈ །།སརཱརྦ་སིདྡྷ་ནཱ་མུ་པ་དེ་ཤཱ་བི་ཛ་ཧཱ་རཾ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་བྷ་ག་ཝ་ཏེ། ཨུའི་


JKT020_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཥ་ཡ་དྷ་རེ། རནེ་སྭཱ་ཧཱ། མ་སྒྲུབ་ཀྱང་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །གིའུ་ཝཾ་ལ་ལན་བརྒྱ་རྩ་བཟླས་ཏེ་དཔྲལ་བར་ཐིག་ལེ་བྱས་ན་གང་བལྟས་པ་དེ་དགའ་བར་འགྱུར་རོ། མིག་རྩི་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཏེ་མིག་ལ་བསྐུས་ན་གང་དང་འཕྲད་པ་དེ་དགའ་བར་འགྱུར་རོ། ཆུ་ཁྱོར་བ་གང་ལ་ལན་བདུན་བཟླས་ཏེ་འཐུང་ན་མ་སློངས་པར་ཡང་ཟས་རྙེད་པར་འགྱུར་རོ། །ཚོགས་པའི་ནང་དུ་འགྲོ་ན་བདག་གི་གོས་ཀྱི་མཐའ་ནས་ལག་པ་གཡོན་པས་བཟུང་ལ་ལན་ཉེར་གཅིག་བཟླས་བརྗོད་བྱས་ནས་ཚོགས་པའི་ནང་དུ་སོང་ན་ཚིག་བཙན་པར་འགྱུར་རོ། །གཞན་ཡང་། ན་མོ་བྷ་ག་ཝ་ཏེ་ཨུཙྪི་ཁཱ་ཡཱ་དྷ་རེ་དྷ་རེ་དྷ་ར་ན་ཏི་ཡེ་སྭཱ་ཧཱ། ཆོ་ག་ནི་སྔར་ཇི་ལྟ་བ་བཞིན་ནོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨོཾ་ན་མ་ཤ་བར་ན་མ་སྭཱ་ཧཱ། སོ་རྩི་གོ་ཡུ་ལ་སྔགས་འདིས་བཏབ་སྟེ་ཁར་བཅུག་ན་གང་ལ་བལྟས་པ་དེ་དགའ་བར་འགྱུར་རོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེས་གྲངས་དང་རྒྱུ་སྐར་ཡུད་ཙམ་གྱི་བདག་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ནཀྵ་ཏྲེ། སརྦ་ཏི་ནི་མཱ་ར་ཏེ། ན་ཤ་ཏྲ་ནི། མེ་ས་མི། ཏ་དྷ་ནི། བ་བྷནྡྷ་སྭཱ་ཧཱ། དེ་ཡི་ཆོ་ག་ནི། ཕྱོགས་གང་དུ་འགྲོ་འདོད་ཀྱང་རུང་སྟེ། དེས་ལན་བདུན་བརྗོད་ནས་སོང་ན་དོན་ཐམས་ཅད་འགྲུབ་


JKT020_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༔ ན་མོ་ཧ་རི་དྷི་ཡེ། ཧ་རི་དྷི་ཀུ་མཱ་རི། གོ་རི། ག་ན་དྷ་རི། ཙནྜ་ལཱི། མ་ཏཾ་གི། ཀ་ལི་ཀ་ལི། རྒེ་མོ་ཞིག་གི་མོ་ཧེ་ཧི། ཁ་ར་ཁ་ར། པ་ཙ་པ་ཙ། ཨ་བ་དྷ་ཡ། མུ་རྩ་ཡ། སྒྲོམོ་ཞིག་གི་མེ་ཤ་མ་ནཱ་ཡ་སྭཱ་ཧཱ། ཨོཾ་ཕུཆུ་བཱ། ཛྭ་ལ་ཛྭ་ལ། ཛྭ་ལི་མ་ནཱ་ནི། དེ་བི་སརྦ་སཾ་སྐུ་ར་ཀ་རི་ན་ཛི། ཏ་ལེ་ཏ་ལེ། ཛྭ་ལ་ཛྭ་ལ་སྭཱ་ཧཱ། འདི་བཀླགས་པ་ཙམ་གྱིས་དོན་ཐམས་ཅད་མ་བསྒྲུབ་པར་འགྲུབ་པར་འགྱུར་རོ། །ནད་དང་གདོན་ཐམས་ཅད་ཞི་བར་འགྱུར་རོ། །ཟས་ཐོབ་པར་འགྱུར་རོ། །ཚིག་བཙན་པར་འགྱུར་རོ། །ལོ་མའམ། །མེ་ཏོག་གམ། འབྲས་བུ་ལ་སྔགས་ན་སུ་ལ་བྱིན་པ་དེ་དགའ་བར་འགྱུར་རོ། །འཕགས་པ་འཇམ་དཔལ་ལ་གསོལ་བ་གདབ་པ་སྔོན་དུ་འགྲོ་བས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་གཟིགས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། དཱི་ཧི་ཏི། ཏ་སྐ་ར་བདྡྷོ་སི་མ་ཙ་ལ་མ་ཙ་ལ་སྭཱ་ཧཱ། ལན་བདུན་བཟླས་ན་མི་ཐམས་ཅད་བྱམས་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏ་རེ་ཏ་རེ་ཏ་རེ་ཡ། བྷ་ག་ཝསྟེ་བནྡྷ་མོ་ཙ་ནི་སྭཱ་ཧཱ། སྒོ་གསུམ་བཅིངས་པ་ལས་གྲོལ་བའི་གཟུངས་སོ། །གཞན་ཡང་ལུས་ཀྱི་


JKT020_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་མཛེས་པའི་གཟུངས་ཀྱང་བཟླ་བར་བྱའོ། ༈ །ཧ་ཐ་པ་ཁ་རུ། མུ་ཁ་དོ་ཨོཾ། ཌ་ཌ་ཀེ་བ་དུ་བ་ར། རཱ་ཛ་ཧེ་ཀ་རུ་མ་བར་ཛ༔ ན་ཧྭ་ཐ་ཧེ་རྒ་རུ་སེ་ཨ་ར་ས་དུ་བ་ཨེ་བེ་ཐུ། སིངྒ་བྷ་ནི་ཀ་སུཾ་ཙིཏྟཾ་ཀ་རེ་ཀྵ ཛི་བྱ་ཙ་རེ། བ་ཐུམ་ནར་སིངྒ་ཛི་གི་མུ་ཧ་ནི། ར་ཧི་ཛ་ག་ཏྲ་མོ་ཚ་མི། དེ་ཁོ་ན་ར་སིངྒ་ཀི་སཀྟི། མེ་རི་བྷཏྟི། ཕུ་རེ་མནྟ་ཨི་ཤྭ་རོ་བ་ཙ། ཞེས་པའི་སྔགས་འདི་ཚར་བདུན་བགྲངས་ལ་ཆུར་ཕུ་བཏབ་ནས་ཁ་ལག་གདོང་གསུམ་བཀྲུས་ཏེ་ཕྱིན་ན། རྒྱལ་པོ། རྒྱལ་ཕྲན། བློན་པོ་གཙོ་བོ་སོགས་ཀྱིས་དགྱེས་པར་བརྩེ་བས་སྐྱོངས་ཤིང་རང་གི་འདོད་པ་གང་ཡིན་སྟེར་ལ་གང་སྨྲས་བདེན་པར་འཛིན་ནོ། ༈ །ན་མོ་རཏྣ་ནཱ་ཡ་སྭཱ་ཧཱ། རྒུན་འབྲུམ་ལ་བཟླས། སྐར་མ་རྒྱལ་ལ་ཟོས་ན། རྒྱལ་པོ་ཡང་ཕོ་ཉར་འགྱུར་རོ། །གིའུ་ཝང་ལ། ཨོ་ཧཱུ་ར་ཧུ་ད་བྷི་ཧཱུ་ར་བྷི་ཧུ་ད་པདྨ་ཨཱ་ལོ་ཀེ། མཱུ་ལ་བྷ་ཡེ་ཧེ་བཛྲ་བཛྲ་དེ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཏབ་སྟེ་ཞིབ་པར་བཏགས་ལ་ཆུ་དང་སྦྱར་ནས། དཔྲལ་བར་བྱུགས་ན་ནམ་མཁར་འགྲོ། །མིག་ལ་བྱུགས་ན་སྲིད་གསུམ་མཐོང་། །སྙིང་གར་བྱུགས་ན་གང་འདོད་འགྲུབ། རྐང་ལག་མཛུབ་བྱུགས་རྟ་བཞིན་འགྲོ། །བརླ་ལ་བྱུགས་ན་ཆུར་མི་བྱིངས། །དཔུང་གཡོན་བཏགས་ན་དབང་གི་ལས། །འགྲུབ་སོགས་ཡོན་ཏན་བསམ་མི་ཁྱབ། །། ༈ །།རྒྱ་ཟི་ནག་པོའི་མཚོན་སྲུང་བཞུགས་སོ། །ཨཱ་ཙརྨའི་མན་


JKT020_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཤིན་ཏུ་གསང་བ་འདི་ཆིག་བརྒྱུད་མ་གཏོགས་གཞན་ལ་སྤེལ་ན་ནུས་པ་ཉམས་པས་གསེར་སྲང་གང་གི་བཀའ་རྒྱ་དང་བཅས་ཏེ་དམ་པར་བྱའོ། །འདི་ལ་རྫས་ནི་ཁབ་རྒྱ་ཟི་ནག་པོ་ལོངས་མ་སྤྱད་པའོ། །སྔགས་ནི། ཨོ་ཆི་ཏི་མོ་ལ་ཛ་འ་ཛ་ཙི་ཀོ །ཞེས་འབུམ་ཚོ་གཅིག་ཁབ་ཀྱི་མིག་ཏུའོ། །ཀོ་ཙི་ཛ་འ་ཛ་ལ་མོ་ཏི་ཆི་ཨོྃ། ཞེས་ཁབ་ཀྱི་རྩེ་མོ་ལའོ། །སོ་སོར་འབུམ་ཚོ་རེ་བཏབ་ལ། རང་གི་དཔུང་མགོ་གཡོན་པའི་གོས་ཀྱི་གསེབ་བམ། གོས་ཤོར་དོགས་ན་དཔུང་མགོའི་པགས་པའི་གསེབ་ཏུ་བཙུགས་ནས་སྔགས་འདི་འདེབས། ཨོཾ་མཚོ་ནི་གི་སོད། འབུམ་ཚོ་གཅིག་འདེབས། འདི་དང་མ་བྲལ་ན་རང་མ་ཤི་བར་དུ་མཚོན་། གྱི་འཇིགས་པ་མེད་དོ། །ཨྠྀི། ༈ །ཡང་སྙིང་གི་དུམ་བུ་ལྟ་བུའི་མན་ངག་ཨཱ་ཙརླ་ནག་པོའི་མཚོན་སྦྱོར་རྒྱ་ཟི་ནག་པོའི་མཚོན་སྒྲུབ་འདི་ལ་གསུམ། རྫས། དམིགས་པ། སྔགས་སོ། །དང་པོ་ནི། ཁབ་རྒྱ་ཟི་ནག་པོའི་མིག་ཏུ་སྐུད་པ་མ་བསྒྲིལ་བ་ཞིག་བརྒྱུས་ཏེ་དཔུང་གཡོན་གྱི་གོང་བའི་ནང་དུ་བཏགས། ཁྱི། ཞུམ་བུ། བུད་མེད་གསུམ་གྱིས་མ་མཐོང་བར་བྱ། གཉིས་པ་ནི། རང་ཨ་ཙར་ནག་པོ་འཇིགས་སུ་རུང་བར་བསྒོམ། གསུམ་པ་ནི། ཨ་ཙར་ནག་པོ་ལྕགས་ཀྱི་ངར་དྲིལ་དྲིལ། མཚོན་སྣ་ལྔ་ལ་རྦད་རྦད། ལྕགས་ཀྱི་ངར་དྲིལ་དྲིལ། མཚོན་ངར་ཞི་ཞི། མདའ་རྩེ་གྲུམ་གྲུམ། མདུང་རྩེ་གྲུམ་གྲུམ། གྲི་རྩེ་


JKT020_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གྲུམ་གྲུམ། མཚོན་དགུ་པའི་ངར་ཆུམ་ཆུམ། མཱ་ར་ཡ་རྦད་རྦད། ཤིན་ཏུ་གསང་བ་གལ་ཆེ། སྔགས་འབུམ་ཕྲག་གདབ། གལ་ལ་ཐུག་ནས་གོས་འཕྲོག་ཤོར་ན་ཁབ་ཁོང་དུ་མིད་པས་ལུས་ཀྱི་དངོས་པོ་གནམ་ལྕགས་རྡོ་རྗེ་དང་མཚུངས་སོ། །ཟབ་རྒྱ། ཨྠྀི། འདིའི་ཕྱག་ལེན་བསྟན་འཛིན་རབ་རྒྱས། གླ་གཅོད་པ། ཀརྨ་མངོན་པ། རི་སྤྲུལ་རིན་པོ་ཆེ། དེས་སོ། ༈ །རྐུན་མ་ངོས་འཛིན་པའི་མན་ངག་ནི། ལ་ཆའི་བུམ་པ་གཅིག་གི་ནང་དུ། མཚུར་ནག་དང་ཐང་ཕྲོམ་བསྲེས་པའི་སྣག་ཚ་བླུགས། དེའི་ཁར་སྨྱུ་གུ་གསར་བ་ཞིག་བྱས་ཏེ་བསྙེས་ལ་བཞག །ཤོག་བུའམ་གྲོ་ག་གཅིག་བཞག །དེའི་མཐར་ཨུ་སྐྱུའི་སྐྱུ་གུ་བདུན་གྱིས་བསྐོར། ཨོ་ཏྲིའུ་ཏྲིའུ་གུར་སྟོན་སད་རྐུན་མ་སྟོན། ཅེས་ཞག་གསུམ་བཟླས་པས་རྐུན་མ་གང་ཡིན་གྱི་མིང་བྲིས་ནས་འོང་། འདིའི་མན་ངག་བྱས་པས་མ་བྱུང་བ་མེད་དོ། །ཤིན་ཏུ་གསང་ནས་བསྒྲུབ་པ་གལ་ཆེའོ། །ཨྠྀི། ༈ །ན་མོ་ཨཱརཱ་མ་རཱི་ཙེ། འོད་ཟེར་ཅན་མའི་སྒོ་ནས་དགྲ་ཇག་འཆིང་བ་ནི། ཨོ་མ་རཱི་ཙེ་ཡཱཾ་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས་པའི་མཆིལ་མས་ལག་གཡས་པའི་སྲིན་ལག་གིས་དཔྲལ་བར་ཐིག་ལེ་བྱས་ལ། རང་ཉིད་ཕག་པ་སེར་པོ་འཇིགས་སུ་རུང་པ་མིག་ཏུ་རེ་བ་ཟེ་བ་གཟེངས་མཐོ་བ། དཔྲལ་བར་ཉིན་མོ་ཉི་མ་དང་། མཚན་མོ་ཟླ་བའི་དཀྱིལ་འཁོར་འོད་འབར་བས་མཚན་པ་ཞིག་ཏུ་བསམ། ལག་


JKT020_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པས་ལམ་གྱི་ས་སྦར་བ་གང་བླངས་ལ། ཨོཾ་ཨཱ་ལོ་ཀེ་ཧཱུྃ། ཞེས་ཉེར་གཅིག་བཟླས་པ་འགྲོ་ཕྱོགས་སུ་གཏོར་བས་ཉིན་མཚན་གང་རེའི་དགྲ་ཇག་འཆིང་བར་ངེས་སོ། །བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱི་གདམས་པ་ཨྠྀི། ༈ །འབྲུམ་པ་སྲུང་བ་ནི། རྒྱ་ཤོག་ལ་གུ་གུལ་ནག་པོ་དང་རྒྱ་སྣག་སྦྱར་བས། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་བཛྲ་བ་ར་དུ་ཡེ་འཆང་བ་པོ་ལ་འབྲུམ་ནད་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ། ཞེས་བྲིས་ལ་རྟེན་འབྲེལ་སྙིང་པོ་བརྒྱ་རྩས་རབ་གནས་བྱ། གཤམ་ནས་དྲིལ། ཕོའི་དཔུང་པ་གཡས་དང་མོའི་གཡོན་དུ་བཏགས་པས་ངེས་པར་ཐུབ་བོ། །ཇོ་བོ་རྗེའི་གདམས་པ་ཨྠྀི། ༈ །སོ་ལ་རླུང་ཞུགས་པའམ་འདྲེ་སྲིན་གྱིས་གཟེར་ན། གུ་གུལ། ཤུ་དག །མུ་ཟི། མཚུར་ནག་སྟེ་ནག་པོ་བཞི་ལ། ༀ་ཀུན་ནི་ཀུན་ནི་མ་ཧཱ་ཀུན་ནི་སྭཱ་ཧཱ། ཞེས་སྟོང་རྩ་བཏབ། རས་ནག་པོར་བསྟུམ། མར་ནག་ཏུ་བཙོས་ལ་སོ་བར་དུ་བཟུང་བས་ཟུག་འཕྲལ་དུ་ཆག་གོ །ཡང་། ཤིང་ཀུན། སྒོག་སྐྱ། ལན་ཚ་གསུམ་གང་བྱུང་ལ། ཨོ་སྲིན་བུ་ཤཀྟི་ནག་པོ་ཚལ་པར་གས། ཞེས་དང་། ཚབ་ཆེ་ན། སྲིན་སོད། སྲིན་བུ་སྲིན་མ་རུ་ཙི་སོད། ཅེས་བཏབ་ལ་བལ་ཚི་མེད་པས་དྲིལ་ཏེ་སོ་བར་དུ་བཙིར་བས་ཕན་ནོ། །ཡང་། ཨོཾཧསཧསསོཧརནནསོམསོདསྭཱ་ཧཱ༔ ཞེས་རྒྱ་ཤོག་ལ་རྒྱ་སྣག་གིས་བྲི། མཐའ་ནས་ཡར་དྲིལ།


JKT020_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྔགས་དང་ཡེ་དྷརྨས་རབ་ཏུ་གནས། དེ་དང་ལྷན་ཅིག་ཏུ་སྲུང་སྐུད་ལ་མདུད་པ་གསུམ་བཏབ་པ་ལའང་བསྔགས་ནས་བཏག་པས་སོ་ནད་སྲུང་བར་ཐེ་ཚོམ་མེད་དོ། །ཨཱ་ཙརྱ་དམར་པོའི་གདམས་པ་ཨྠྀི།། ༈ །།དམ་པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །རང་ཉིད་ཕ་དམ་པར་བསྐྱེད་ལ། ཨོཾ་ས་ར་དུག་རྦད་སྭཱ་ཧཱ། སྔགས་འདི་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་ལ་བཏབ་ནས་མཁའ་ལ་འཕྱར་བས་སེར་བ་ཐུབ་བོ། །རང་གི་མཐེ་བོང་གཡོན་པ་ལ་བཏབ་ནས་ཁུ་ཚུར་བཅངས་ཏེ་ཕྱིན་ན་ཇག་པ་ཐུབ་བོ། །སྲུང་སྐུད་ནག་ཁྲ་ཕྱིར་བསྒྲིལ་བྱས་པ་ལ་བཏབ་ནས་མི་ཕྱུགས་གང་ལ་བཏགས་ཀྱང་རིམས་ཐུབ་བོ། །ཁྱད་པར་ལུག་གི་ནད་སྲུང་བར་བྱེད་དོ། །ལུག་གམ་སྲེ་མོང་གི་རྒྱུས་པ་ལ་རྒྱ་མདུད་གསུམ་བྱས་པར་དར་དཀར་སེར་སྔོ་གསུམ་བཏགས་ལ་རིགས་གསུམ་མགོན་པོར་བསྐྱེད་ཅིང་མངའ་གསོལ། སྔགས་མང་དུ་བཏབ་ནས་མགུལ་དུ་བཏགས་ན་ཕྱོགས་ངན་དང་གྲི་མཚོན་ཐུབ། བུད་མེད་ལ་བཏགས་ན་བུ་སྐྱེ། སྲིའུ་ལ་བཏགས་ན་སྲིའུ་སོས། འདྲེ་ཁ་ཆིངས། དུད་འགྲོ་ལ་བཏགས་ན་འགབ་མི་འཆོར། བུ་ཆུང་ལ་བཏགས་ན་མཚན་དུས་མི་བྱེད། དེས་མཚོན་ཏེ་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །ཨཱ་ཙརྱ་ནག་པོའི་གདམས་པ་ཨྠྀི། ༈ །སྲིས་རྐུན་འཆིང་བ་ནི། ཤུག་པའི་ཕུར་བུ་ལ། ཨོཾ་རུ་ལུ་མུ་ལུ་ཙིནྟི་སྭཱ་ཧཱ། བྲིས་ཏེ་བང་མཛོད་


JKT020_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སུ་བཙུགས་ན་སྲིས་རྐུན་ཐམས་ཅད་ཁ་བཅིང་ངོ་། །ཡུངས་ཀར་ལ་བཟླས་ཤིང་ཞིང་གི་མུ་ལ་བསྐོར་ན་བྱ་དང་བྱེའུ་དང་རི་བོང་རྣམས་ཁ་འཆིང་བར་འགྱུར་རོ། །ཚེར་མ་ཅན་གྱི་ཤིང་སོར་བཞི་པ་ལ་བབབབབྷྲཱུྃབྷྲཱུྃབྷྲཱུྃབབབབབྷྲཱུྃབྷྲཱུྃབྷྲཱུྃབབབབ ཞེས་འབྲུ་བཅོ་བརྒྱད་བྲིས་ལ་རྫ་མའི་ལུང་ལ་སྲད་བུས་བཏགས་ན་ཆང་ཉེས་ཐམས་ཅད་ངེས་པར་ཐུབ་བོ། ༈ །ཨོག་མའི་སྐྲངས་འབུར་སོགས་ལ་བཙག་ཆུས་སྐྲངས་སྣཔའི་རྒྱ་དང་མཉམ་པའི་རྒྱ་གྲམ་མིག་བརྒྱད་བྲིས་པའི་མིག་རེ་ལ། ཉ་རེ་བྲི། ཨོ་ཧྲཱིཿསྭཱ་ཧཱ། སྟོང་ཕྲག་གཅིག་བཏབ་པས་འཕྲལ་དུ་ཕན་ནོ། ༈ །ལིང་ཏོག་ལ། ཨོཾ་མ་ལ་མ་ལ་ཙན་ཞུང་སོད། སྔགས་འདི་གྲོ་ག་ལ་མང་དུ་བཏབ། དེ་ནས་ནད་པའི་ལག་གཡས་སུ་མར་མེ་དང་། གཡོན་དུ་ཆུ་ཕོར་གང་ཁྱེར་བཅུག་ལ། གྲོ་ག་ལ་མེ་སྦར། མིག་ལ་ཕྱི་བསྐོར་ལན་དགུ་ཐེངས་གསུམ་བྱས་རྗེས་ཆུ་ནང་དུ་བསྒྱུར་པས་ལིང་རོ་ལོན་འོང་། ཡང་ན་ལྕེ་རྩེ་ལ་སྔགས་ཀྱང་རུང་ངོ་། ༈ །རླུང་ཆེན་གློ་བུར་དུ་ལངས་ན། རང་མི་གཡོ་བ་རི་རབ་ཙམ་དུ་བསྐྱེད་ལ། ཨོ་ཏི་ཏི་ཏི་ལ་ནན། ཙུར་ཡ་ཙུར་། ཡ་ནན། བཱ་ཡུ་ཧཱུཾ་བྷ་ཡ་ནན་སྭཱ་ཧཱ། མང་དུ་བཟླས་ནས་མཐེ་བོང་ལ་བཏབ། དེ་རལ་གྲིར་བསྐྱེད་ནས་རླུང་གཅོད་པར་བསམ་པས་འཕྲལ་དུ་ཞིའོ། ༈ །བ་སྤྲུའི་ཕྱེ་མ་འོ་མས་རིལ་བུར་དྲིལ་བ་ཆུ་བཀོལ་ཚ་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ཕུལ་ན་གཉིད་ཆུང་ཞིང་དགེ་སྦྱོར་འཕེལ་བར་འགྱུར་རོ། །བ་དམར་མོའི་འོ་མ་ལ་དབང་ལག་དང་བྲེ་གའི་ཕྱེ་མ་བཏབ་སྟེ་མངར་གསུམ་དང་ལྷན་ཅིག་ཏུ་བསྟེན་ན་ལུས་དཀར་ཞིང་གཞོན་ཤ་ཆགས་པའི་ལང་ཚོ་སྐྱེའོ། །ཤིང་མངར། སྤང་རྒྱན་དཀར་པོ། རུ་རྟ་རྣམས་རྒྱུན་འབབས་ཀྱི་ཆུ་ལ་སྤངས་པའི་ཁུ་བ་ཐོ་རངས་བཏུང་ན་དབྱངས་སྙན་པར་འགྱུར་རོ། །ཤུ་དག་དཀར་པོ་དང་། པི་པི་ལིང་དང་། ར་མོ་ཤག་རྣམས་མངར་གསུམ་དང་ལྷན་ཅིག་ཏུ་རའི་མར་ལ་སྦྱར་བ་ཟོས་ན་གླེན་པ་དང་། རིག་པ་བསལ་ཞིང་། ཡིད་གཞུངས་པའི་བློ་གྲོས་སྐྱེའོ། །ཤ་ལ་དུག་ཡོད་པར་དོགས་ན། འོམ་བུ་དང་། དཀར་གོང་སྲིན་མེད་ཀྱི་ཕྱེ་མ་ལ། ཨོཾ་ནན་གྱི་སོད། ས་ར་ནན་གྱི་སོད། ཅེས་བསྔགས་ནས་ཤ་ལ་བཏབ་སྟེ་ཁོག་མར་བཙོས་ན་དུག་ཞི་བར་ཐེ་ཚོམ་མེད་དོ། །གདམས་ངག་སྣ་ཚོགས་ལས་བཏུས་པ་ཨྠྀི། ༈ །ཤྭ་འོད་སྲུང་བ་ནི། ཨོ་སུ་དྷ་ནི་ཧཱུཾ་ཕཊ། ཨོཾ་བནྡྷ་ནི་ཧཱུཾ་ཕཊ། ཨོ་ད་ད་དུ་ནི་ཧཱུཾ་ཕཊ། ཅེས་ཤོག་བུར་བྲིས་པ་དང་། སྔགས་དེས་བཏབ་པའི་ཡུངས་ཀར་བཅས་སཱཙྪ་དཀར། སེར། སྔོ་གསུམ་གྱི་ནང་དུ་བཅུག་ལ་ཞབས་བསྡམས། སྤྱན་རས་གཟིགས། འཇམ་དཔལ། ཕྱག་རྡོར་གསུམ་ཞི་དྲག་གང་རུང་དུ་བསྐྱེད་བསྟིམ་རབ་གནས་ཚད་ལྡན་བྱ། ཆུ་ཡོང་ཕྱོགས་བཞག་པས་ཐུབ་ངེས་ཟབ། ལས་འཕྲོ་གླིང་པའི་གཏེར་མ་ཨྠྀི། ༈ །འབྲུམ་


JKT020_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྲུང་བ་ནི། རྒྱ་ཤོག་ལ་རྒྱ་སྣག་གིས་རྡོ་རྗེ་རྩེ་གསུམ་མེ་འབར་བ་བྲིས་པའི་ཡར་གྱི་དབུས་རྭར། པྲ་མོ་ནི་ཕྲཊ། མར་གྱི་དབུས་རྭར། རུ་ཏ་ནི་ཕཊ། ཅེས་བརྩེགས་མར་མགོ་གྱེན་བསྟན་དུ་བྲི། །ལྟེ་བར། ཨོ་རུ་ཎི་ཕྲཊ། འཆང་བ་ལ་འབྲུམ་པའི་ནད་རཀྵ་རཀྵ ཞེས་བྲིས། རྫས་ནི། གླ་རྩི། ཤུ་དག་ནག་པོ། སྒོག་སྐྱའོ། །རབ་གནས་བྱས་ལ་གཤམ་ནས་དྲིལ། །སྐུད་པ་ནག་པོས་ཁྱབ་པར་དཀྲི། །༣ ལ་ཆས་བསྣུམ་ཤིང་མགུལ་དུ་འདོགས། །དམ་ཚིག་འགོམ་ཡུག་མ་ཤོར་གཅེས། །མངའ་བདག་ཉང་གིས་ཕྲ་མོ་བྲག་ནས་སྤྱན་དྲངས་པའི་ལས་ཚོགས་ཨྠྀི། ༈ །ཞོ་ཉེས་ཆང་ཉེས་ཚོས་ཉེས་སྲུང་བ་ནི། ཆུ་འགྲམ་མིས་མ་འགོང་བའི་རྡེའུ་དཀར་ནག་གཉིས་ལ། ཨོཾ་ས་དུ་ར་རྦད་སྭཱ་ཧཱ། སྟོང་བཟླས་ལ་གདབ། རྡེའུ་དཀར་པོ་སྣོད་ཀྱི་སྟེང་དང་། ནག་པོ་འོག་ཏུ་གདགས་པ་ཐུབ་ངེས་སོ། །ཕ་དམ་པའི་མན་ངག་ཨྠྀི། ༈ །ཆུ་འགགས་ཐོན་པའི་སྔགས་ནི། ཨོ་ཆུ་ཤད་ཤད། དམར་ནར་ནར། ཆལ་ཆལ། ཆུ་ཐོན་ཐོན། ཅེས་བལ་འདབ་གཙང་མ་ལ་བཟླས་ནས་ཆུ་སོར་བརླན། ལྕམ་འབྲུ། པི་ལིང་། རྒྱ་གཡེར། སྡིག་སྲིན། གླ་རྩི། གཟེམ། རྒྱ་ཚྭ་རྣམས་སྦྱར་བའི་ཐང་བཏང་བས་ངེས་པར་འབེབས་སོ། །སྔགས་ཐུགས་རྗེ་ཆེན་པོའི་ལས་ཚོགས་དང་། སྨན་ཤོག་དྲིལ་དཀར་པོའི་མན་ངག་ལས་བྱུང་བ་ཨྠྀི། ༈ །ཤོ་


JKT020_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པན་ཚ་ཏྲེ་དུ་ཕྲཊ། ཉིན་རེ་བརྒྱ་རྩ་རེ་མ་ཆགས་ན་དྲང་སྲོང་གཟའི་གནོད་པ་ཐམས་ཅད་ཐུབ་ངེས། ནད་པ་ལ་ཕན་གདགས་པར་འདོད་ན། སྔགས་གང་མང་སྨྲ་བ་བཅད་ལ་བཟླས་ནས་ན་སར་བརྡེག །ཁ་ཟས་ལའང་བཏབ་ནས་སྦྱིན་ནོ། །བླ་མ་ཞང་གཡུ་བྲག་པའི་མན་ངག་ཨྠྀི། ༈ །སྐྲ་སྐྱེ་བའི་རྫས་སྦྱོར་ནི། རྟ་དམར་པོ་འོག་ཅན་གྱི་སྤངས་མ་འཕྱག་པར་ཉི་མ་ལ་སྐམ། སྐམ་ཐག་ཆོད་པ་དང་རྡོག་པོ་བཅུ་གཉིས་མེ་ལ་བསྲེགས་པའི་ཐལ་བ་རས་གཙང་མའི་ཁུད་དུ་བསྟུམས་ནས་ཆུ་ལ་བཙགས། དྭང་མའི་ནང་དུ་གླ་རྩི་དྲི་ཐོན་ངེས་བཏབ། གཟའ་ཉི་མ་འཆར་བའི་ཉིན་ཕྱེད་ལ་བྱུགས། ཞག་བརྒྱད་རེའི་མཚམས་ཐེངས་རེ་བྱུགས་ཏེ་དྲིལ་བས་ཐེངས་བརྒྱད་བྱུགས། ཐམས་ཅད་གཟའ་ཉི་མ་ལ་ངེས་པར་བྱའོ། །བལ་པོ་ཨཱ་ནན་ཇུའི་ལག་ལེན་མ་ཨྠྀི།། ༈ །།དཔལ་སྟག་ལུང་ཐང་པ་རིན་པོ་ཆེ་བཀྲ་ཤིས་དཔལ་གྱི་གདམས་ངག་སྣ་ཚོགས་ལས་ཉེར་མཁོ་ཕྲ་མོ་བཏུས་པ་བཞུགས་སོ། །ཨོཾ་སྭ་སྟི། དཔལ་སྟག་ལུང་པའི་མན་ངག་ཕན་བདེའི་དཔག་བསམ་ལས། ཏིང་ངེ་འཛིན་བསྒོམ་པའི་དུས་སུ་ཤེས་པ་རྣལ་དུ་ཕེབས་པའི་མན་ངག་ནི། རང་གི་ཕྱོགས་བཞིར་ས་ལས་ཁྲུ་གང་གིས་མཐོ་བ་ན་ཨ་དཀར་པོ་ཁྲུ་རེ་ལ་ཤེས་པ་གཏད་པས་ཤེས་པ་རྣལ་དུ་ཕེབས་པར་འགྱུར་རོ། །ཨྠྀི། ༈ །རང་སྲུང་བ་ནི། ཨོཾ་ཧྲི་ཏོ་མ་ར་དུ་སྭཱ་ཧཱ། རང་ལུས་ཧཱིཡིག་ཏུ་


JKT020_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའི་ཚེག་དྲག་དམར་ནག་གཉིས་ཀྱི་བར་དུ་བྱ་དཀའི་དངོས་པོ་གང་ཡིན་པ་བསྟིམ་པར་བསམ་པས་ཕྱིར་བཟློག་པར་འགྱུར་རོ། །། ༈ །སྔགས་པས་ཆོད་གཏོང་བྱུང་བ་ན། །རང་ལུས་ཀེང་རུས་དཀར་པོར་བསམ། །ཕྱི་ནི་ཐོད་པ་སྲུབ་མེད་པ། །དབྱིབས་ནི་སྒོ་ང་འདྲ་བའི་ནང་། །རང་ཉིད་སྡོད་པར་བསྒོམ་བྱས་ན། །རྦོད་གཏོང་དག་གིས་ཡང་མི་ཐུབ། །ཨྠྀི། ༈ །གཉིད་ལོག་དུས་བླ་བརྡོལ་བྱེད་ན། ཉལ་ཁར་རང་གི་སྟེང་དུ་ཐོད་པ་དུམ་བུ་གཅིག་པ་ཞིག་གིས་བཀབ་པར་བསམ་པས་ཕན་ནོ། །ཨྠྀི། ༈ །མིའི་བྱང་སེམས་དཀར་དམར་གཉིས་སྣོད་གཅིག་ཏུ་ཟས་ལ་བསྲེས་ནས་དགྲ་ཟིན་གཉིས་ཀ་ལ་བྱིན་ན་འདུམ་པར་འགྱུར་རོ། །ཡང་ན་རྡོ་ཁབ་ལེན། ཕ་ཝཾ་ལོང་བུ། བུད་མེད་བུ་སྐྱེ་མ་མྱོང་བའི་ཤ་ཁྲག་སྐྲ་གསུམ་གང་རྙེད་ཟས་ལ་བསྲེས་ནས་བྱིན་ན་འདུམ་མོ།ཨྠྀི། ༈ །དུས་ཀྱི་འཁོར་ལོའི་རྟེན་འབྲེལ་གྱི་གདམས་ངག །མཁར་གྱི་སྟེང་ནས་ས་བླངས་ཏེ་རང་གི་ལུས་ལ་བྱུགས་ན་གཟི་བརྗིད་ཆེ། སྐྱ་ཀའི་ཚང་ཤིང་མེར་བསྲེགས་པའི་སོལ་བ་གཡག་ཤིང་གི་ཁུང་བུར་བླུགས་ན་རྐུན་མ་མི་འོང་། སྨྱུག་མའི་ཚལ་པ་དང་། ལམ་སུམ་མདོའི་ས་བླངས་ནས་ཁྱིམ་དུ་བུས་ན་བུད་མེད་ཀྱི་སྙིང་ཉེ་ཞིང་འཐབ་མོ་མི་འོང་། ལག་མཐིལ་དུ་ཡི་གེ་ཧ་བྲིས་ན་རིམས་མི་འོང་། བྷྲཱུྃ་བྲིས་ནས་ཕྱིན་ན་གྲོགས་བཟང་པོ་དང་འཕྲད། སྟག་བྲིས་


JKT020_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱིན་ན་ཁྱིམ་དགའ་ཞིང་བྱམས་སོ་ཨྠྀི། ༈ །ཁྱི་ནག་པོ་དཀར་མཚན་མེད་པ་ཁྱི་མོ་དང་འབྲེལ་བའི་རྗེས། ཁྱི་མོའི་སྤུ་བོ་ཆེའི་འགྲམ་ན་ཐིག་ལེ་དཀར་པོ་གཅིག་མེད་པའང་མི་སྲིད་པས། དེ་སྐམ་ལ་མི་སྡིག་ཅན་ཡིན་ཡང་དབུགས་དང་མ་བྲལ་བའི་གོང་དུ་སྣ་གཉིས་ཀྱི་ཕྲུམ་ཕྲུམ་ལ་བསྐུས་ན་མིར་མི་སྐྱེ་མི་སྲིད་དོ། །བླ་མ་བུར་སྒོམ་གྱིས་རྗེ་ཕག་མོ་གྲུབ་ལ་གསུངས་པའི་གདམས་ངག་གོ །ཨྠྀི། ༈ །ཨོ་ཙེ་མེ་མེ་མེ་མ་ཧཱ་ལ་ཙོ་ཧ་ན་ཧ་ན་ཧཱུྃ་ཧཱུྃ། ཞེས་གི་ཝཾ་ལ་བརྒྱ་རྩ་བརྒྱད་བཟླས་ནས་དཔྲལ་བར་ཐིག་ལེ་བྱས་ན་སུས་མཐོང་བ་བྱམས་པར་འགྱུར་རོ། །བསྒྲུབ་བྱ་གཅིག་ལ་བྱེད་ན། དེའི་རྐང་རྗེས་ཀྱི་ས་ལ་འཇིམ་པ་བྱས་པའི་ནང་དུ་མིང་རུས་བྲིས་ལ་བཅུག །ཆ་མོ་བདག་གི་དབང་དུ་གྱུར་ཅིག་བྱས་ལ་མལ་གྱི་འོག་ཏུ་གཞུག་གོ །ཨྠྀི། ༈ །སྒྲུབ་ཐབས་ཕྲ་མོ་དངོས་གྲུབ་ཀྱི་བེ་བུམ་ལས། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་བའི་ཆེད་དུ་འོད་དཔག་མེད་སྒྲུབ་སྙམ་པས། ཨོཾ་ཨཱཿཧཱུྃ་བརྗོད་པས་རང་འོད་དཔག་མེད་དམར་པོ་སྤྲུལ་སྐུའི་ཆ་ལུགས་མཉམ་གཞག་གི་ཕྱག་རྒྱ་ཅན་དུ་གསལ་བའི་སྙིང་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཟླ་བ་ལ་ཧཱིདམར་པོ། རང་གི་ལྕེའི་རྩེ་མོ་ལ་ཧའི་ཕྱེད་ཚལ་ད་ལོག་འདྲ་བ་དམར་ཚེ་རེ་བ་ཞིག་ཡོད་པར་བསམས་ལ། ངག་ཏུ་ཧཱིཧཱི༔ཞེས་བརྗོད་པས་སྙིང་གའི་ཧཱུྃལས་ཧཱིདམར་པོ་རྒྱང་རྒྱང་ཕྱིར་འཕྲོ་བར་བསམ་ཞིང་


JKT020_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ། རྗེས་དགེ་བ་བསྔོ། དེ་ལྟར་བྱས་པས་བློ་རྣོ། སྐད་སྙན། འགྲོ་བ་ཀུན་གྱི་ཡིད་དུ་འོང་ངོ་གསུངས་སོ། །ཨྠྀི། ༈ །སེམས་བསྐྱེད་ལ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་ལུས་སེམས་ཀྱི་ངོ་བོ་དྷི༔དམར་པོ་གཅིག་ཏུ་གྱུར་པར་བསམ། དེ་ལ་དམིགས་ཏེ། ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཞེས་པའམ། དྷིཁོ་ན་ནུས་ཚད་བཟླ། བར་ཆད་སྲུང་བའི་སླད་དུ་མི་གཡོ་བའམ་ཁྲོ་བོ་གང་རུང་གི་སྒོམ་བཟླས་ཅུང་ཟད་བྱ། སྐྲའམ། སྲུང་སྐུད་དམ། སྒྲོག་གུ་ལ་མདུད་པ་བྱས་ཏེ་ཁྲོ་བོའི་སྐུར་བསམ། ཤེས་རབ་འཕེལ་བའི་གདམས་ངག་གོ །ཨྠྀི། ༈ །སེམས་བསྐྱེད་ལ་ངག་ཏུ་ཨོ་ཨཱཧཱུྃ་ཞེས་བརྗོད་པས་རང་སྐད་ཅིག་གིས་སྨན་བླར་གསལ་བའི་ཐུགས་ཀར་ཟླ་བའི་དབུས་སུ་ཨོ། དེ་ལ་གཟུངས་རིང་ཐུང་གང་རུང་གིས་བསྐོར་བར་བསམ། དེ་ལས་འོད་ཟེར་འཕྲོས། འགྲོ་བ་རིགས་དྲུག་ལ་ཕོག་པས་དེ་རྣམས་ཀྱི་རྒྱུད་ཀྱི་དུག་གསུམ་གྱི་ནད་དག་པར་བྱས་ཚུར་འདུས་སྔགས་ཕྲེང་ལ་ཐིམ་པར་བསམས་ལ་བཟླའོ། །ནད་ཞི་བའི་གདམས་པ་ཨྠྀི། ༈ །དམ་པ་རྒྱ་གར་གྱི་ལྕགས་ཀྱི་དྲྭ་བས་སྨྱོན་པ་འདུལ་བའི་མན་ངག་བཞུགས་སོ། །ན་མཀ་མ་ལ་ཤཱི་ཡེ། དམ་པ་ལྕགས་དྲྭའི་དམིགས་པ་ནི། རང་ཉིད་དམ་པ་རྒྱ་གར་སྐུ། །ཨ་ཙ་ར་ཡི་གཟུགས་འཇིགས་བསྒོམ། །ཕྱག་གཡོན་ལྕགས་ཀྱི་དྲྭ་བའི་ནང་། །སྨྱོན་པ་དེ་ཉིད་བཟུང་ནས་བཅུག །


JKT020_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་གནམ་ལྕགས་ཐོ་ཆེན་འཕྱར། །དྲྭ་བ་སྨྱོན་པ་བཅས་པ་བརྡུངས། །ཤ་སྐྱོ་ཁྲག་སྐྱོ་བྱས་པར་བསྒོམ། །སྐབས་སུ་གདོན་ལ་སྙིང་རྗེ་བསྐྱེད། །སྐབས་སུ་དམིགས་མེད་ངང་ལ་བཞག །དེ་འདྲ་ལན་མང་བསྒོམ་ན་ནི། །སྨྱོན་པ་འགྲོ་དོགས་མི་དགོས་སོ། །རང་ཉིད་དམ་པའི་སྐུ་ལུས་ལས། །མེ་ཆེན་འུར་སྒྲ་བཅས་པ་འབར། །ནད་པ་གདོན་དང་བཅས་པ་ནི། །རྩྭ་སྦུར་བཞིན་དུ་བསྲེགས་པར་བསམ། །ཡང་གཅིག་རང་གི་སྐུ་ལུས་ལས། །རླུང་ནག་འཚུབས་མ་ཆེན་པོ་འཕྲོས། །ནད་པ་ཚིག་པའི་གཞོབ་ཐལ་རྣམས། །རྒྱ་མཚོའི་ཕ་རོལ་ཙམ་དུ་གཏོར། །དེ་ནས་དམིགས་མེད་ངང་ལ་བཞག །ནད་པའི་སྙིང་གི་དཀྱིལ་དུ་ནི། །མ་གཅིག་ལབ་སྒྲོན་མཐེ་བོང་ཙམ། །སྐྱིལ་ཀྲུང་མཉམ་གཞག་འོད་འབར་བསྒོམ། །སྙིང་ནི་འཇའ་ཚོན་སྣ་ལྔ་ཡི། །སྐུད་པས་ཕུར་པ་ལྟར་དུ་དཀྲིས། །མ་གཅིག་སྐུ་ལས་བདུད་རྩི་བབས། །སྙིང་ནང་བདུད་རྩིས་གང་བར་བསྒོམ། །ཡང་ཡང་དམིགས་པ་གསལ་བ་ན། །སྲོག་རླུང་ཕན་པ་ལག་བླངས་མ། །ཀརྨ་ཤཱཀྱས་བསྐུལ་བྱས་ནས། །རཱ་ག་ཨ་སྱས་འཕྲལ་དུ་བྲིས། །བཀའ་རྒྱ་དམ་པས་གསང་བར་བྱ། །ས་མ་ཡ་གུ་བྱ་ཁ་ཐཾ། ༈ །བྱིས་གདོན་བྱ་འདྲེ་སྲུང་བ་ནི། ལུག་རྫིའི་ལྷམ་ཀྲད་ཀྱི་ནང་དུ་མི་ཁའི་རྫས་དང་། མཐིལ་དུ་ནི་ཏྲི་བྲིས། མགལ་བ་མཆུ་ནག་དང་དཔེའུ་རིས་ལྟར་བྲིས་པའི་ཤིང་བྱང་བཅུག་ཅིང་། རྫས་


JKT020_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་ཀྱི་ཐུམ་དང་བཅས་སྒོ་གཡོན་དུ་འདོགས་པས་ཐུབ་པར་ངེས་སོ། །ཨྠྀི། ༈ །སྲིད་སྲུང་ལྕགས་ཀྱི་བུམ་པའི་འཁོར་ལོ་ནི། རིམ་པ་ཟླུམ་པོ་ལྔ་ཡི་ལྟེ་བ་ལྗང་གུར་རྡོ་རྗེ་སེར་པོ་རྩེ་ལྔ་པའི་མཐར། སྒྲོའི་སྲིད་སྲུངས་ཤིག་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། མུ་ཁྱུད་དང་པོ་ལ། ཨ་ཀ་ཏེ། ཨ་ར་ཏེ། མནྟི་མ་ཧ་ནི། ཨ་བ་རེ་ཤ་མ། ཏུ་རེ། ཏུ་རེ། མུ་རེ། མུ་རེ། སརྦ་ཤ་བ་རི་མུ་ཙི་མུ་ཙི་སྭཱ་ཧཱ། དེ་རྒྱབ་འདབ་མ་བརྒྱད་ལ། ཤར་ནས་བརྩམས་ཏེ་དཔེའུ་རིས་ལྟར་བྲི། དེས་ཐུབ་བོ། ༈ །གཅན་གཟན་ཁ་ཆིངས་མན་ངག་ནི༔ འཁོར་ལོ་དཔེའུ་ཆུང་ལྟར་བྲིས༔ རང་སྔགས་སྟོང་ཚོ་གསུམ་གྱིས་རབ་གནས་བྱ༔ རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱས་ལ༔ དེ་ནས་འཁོར་ལོ་དཔེའུ་ཆུང་ལྟར་བྲིས༔ དེ་ནས་ཙཀྲ་ལྟེབས་ལ་སྤམ་ནག་གི་ཤིང་ལ་སྐམ་པ་སོར་བཞི་བྱས་པའི་ཁར་བཅུག་ལ༔ ཁ་གོ་གསུམ་གྱི་ཐལ་སྐྱོས་བསྡམས དེ་ནས་རྩི་སྐུད་ཀྱིས་བསྡམས༔ དེ་ནས་བུད་མེད་ཀྱིས་མ་རེག་པར་གང་སྲུང་བའི་མགུལ་དུ་བཏགས་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་རཏྣ་གླིང་པས་ལྷོ་བྲག་མཁར་ཆུ་ནས་གདན་དྲངས་པའོ།། །།འདིའི་ཙཀྲ་ནི། སྤྱང་ཀིའི་གཟུགས་ཡན་ལག་བཞི་ལྕགས་སུ་བཅུག་པ་ཞིག་གི་ལྟོ་བར་གཡས་བསྐོར་གྱིས། ཨོཾ་ཙཀཱ་མུ་ཁཾ་གཅན་གཟན་སྤྱང་ཀུ་འཕར་བ་ཁ་ཐཾ། བྷནྡྷ་ཡ་བྷནྡྷ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། འཆང་བ་པོའི་


JKT020_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནོར་འདི་རྣམས་ལ་སྤྱང་ཀུ་འཕར་བ་ལ་སོགས་པ་ཐམས་ཅད་སྲུངས་ཤིག་བཛྲ་རཀྵ་རཀྵ ཞེས་ཚེགས་མེད་དབུ་ཅན་དུ་བྲིའོ། །མགྲིན་པར་ཨོ་ཨཱཧཱུྃ་ཞེས་བརྩེགས་མར་བྲི། འདི་ཁོ་ནའོ། །ཤུ་བྷྲཱུྃ། ༈ །སྟེང་གདོན་སྲུང་བ་ནི། རང་གནམ་ལྕགས་ཀྱི་སྡིག་པ་རྭ་གཡས་མེ་དང་། གཡོན་ཆུའི་རང་བཞིན་ཅན་དུ་བསྒོམས་ལ། ཨོཾ་སུཾ་བྷི་རོ་དྷ་ན་ཡེ་སྭཱ་ཧཱ། ཞེས་ཐོ་རངས་མི་ཚིག་མ་འདྲེས་པར་བཟླས་པས་ངེས་པར་ཐུབ་བོ། ༈ །ཏི་ར་ཏི་ཀ་ནྱ་མུ། འདིའི་མན་ངག་རྒྱས་པ་ཟུར་དུ་ཡོད། རང་དབང་ཕྱུག་ཆེན་པོར་བསྒོམས་ནས་སྔགས་གདབ་པས་རྨ་རིགས་ཐམས་ཅད་སེལ་བ་སྟེ་ལག་ལེན་མའོ།། ༈ །།གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ལས་ཉེར་མཁོའི་སྔགས་འགའ་ཞིག་བཞུགས། །ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱ༔ཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་མ་ལ་ཕྱག་འཚལ་ལོ། །གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ཅེས་བྱ་བ་འདི་ལ། དང་པོ་རིམས་སྲུང་བའི་གདམས་ངག་ནི། རྒྱུ་རྣམ་པར་རྟོག་པ་ཡིན་པས་སེམས་བསྐྱེད། རྣམ་རྟོག་གི་འཁྲི་བ་གཅོད་པ་ཡིན་པས་སྔགས་དང་རྫས་ལ་ནན་ཏན་བསྐྱེད་དེ་གླ་རྩི་ཤུ་དག་རྒྱ་སྣག་གསུམ་སྦྱར་ལ་གཟུངས་འདི་བྲི། ཏདྱ་ཐཱ། ཨ་ལི། མ་ཏ་ལི། ཧ་ལ་ཧ་ལ། ནེམོ་ལ་ཛཱ་ར་ན། ཙན་ལི། ཨ་ཀ །ཧ་ཧི་ཏི། ཀན་ཏེ་ཧི། ཀན་ཙ་དུ་ག །ཐ་གུ་ནི། ཨདྱ་སྭཱ་ཧཱ། ཞེས་རང་གིས་བྲིས་ན་ལེགས། འབྲི་མཁན་མ་ལངས་པར་


JKT020_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་ལ་མགུལ་དུ་གདགས། ཟླ་བ་གསུམ་ནས་སྤོས་ན་ལེགས་སོ། །རིམས་ནད་ཐམས་ཅད་དང་ཁྱད་པར་གག་ལྷོག་རྒྱུ་གཟེར་ཐུབ། ཕྱུགས་ནད་ཐམས་ཅད་ཀྱང་ཐུབ། འདི་ལ་ཐེ་ཚོམ་མ་བྱེད། ཤིན་ཏུ་ཟབ་བོ་ཨྠྀི། ༈ །ཡང་མཎྜལ་གཅིག་གི་སྟེང་དུ་དབུས་སུ་འཇམ་དཔལ་གྱི་རྟེན་ཡུང་བ། གཡས་སུ་སྤྱན་རས་གཟིགས་ཀྱི་རྟེན་ཤུ་དག །གཡོན་དུ་ཕྱག་ན་རྡོ་རྗེའི་རྟེན་བོང་ང་ནག་པོ་གཅིག་བཞག་ལ། སྔགས་འདི་བཟླའོ། །ཨོ་ཐིམ་ཐར་ཏེ་ས་དུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ། ཞེས་རང་བསྲུང་བ་ལ་ལྔ་བརྒྱ། གཞན་སྲུང་བ་ལ་སུམ་བརྒྱ་བཟླས་ལ། ཡུང་བའི་ཕུར་མ་དབུས། ཤུ་དག་གཡས། བོང་ང་གཡོན་དུ་བྱས་ལ་མགུལ་དུ་གདགས་སོ། །དེས་རིམས་ནད་ཐམས་ཅད་ཐུབ་པར་འགྱུར་རོ། །བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་གདམས་པ་ཟབ་མོ། རྗེ་བཙུན་ཆེན་པོའི་ཞལ་གདམས་སོ། ༈ །དུག་སྔགས་ནི། ཨོཾ་མ་ཧཱ་བྷིས། ཀ་རུ་ཙ་བྷིས། ཏི་ལི་བྷིས། ཞེས་པའི་སྔགས་འདིས་དུག་རིགས་ཐམས་ཅད་ཐུབ་སྟེ། དྲན་པ་ཙམ་གྱིས་ཆོག་གོ །རང་དགོས་ན་འགའ་བཟླས། ནད་པ་གསོན་ཆུ་ལ་སྦྱར་ནས་བཏང་ངོ་། ༈ །ཨོཾ་སྭསྟི་སིདྡྷཾ། རིམས་སྲུང་རིན་པོ་ཆེའི་གདམས་པའི་ལུགས་འདི་ལ་སྨན་འདི་རྣམས་སོ། །བོང་ང་ནག་པོ། མུ་ཟི། གུ་གུལ་ནག་པོ། སྤྲུ་པའི་རྩ་བ། ཤིང་ཀུན། གླ་རྩི། ལྡོང་རོས། བ་བླ། སྟག་ཤ་བ། དྲི་ཆེན། དྲི་


JKT020_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ། ར་དུག་པ། རྭ་གཞོབ་འདི་རྣམས་ལེགས་པར་བཏགས་ལ་ཐུམ་བུ་བྱས་ལ། དྲི་སྣ་བུག་ཏུ་བཏང་ངོ་། །ནད་ཚབ་ཆེན་པོ་ལ་འཇུ་ན་དྲི་ཆུ་ལ་སྦྱར་ལ་ནད་པའི་སྒོ་དགུར་ཐིག་ལེ་བྱ། སྲུང་བ་ལ་མི་འགོམ་པར་བྱའོ། །སྔགས་ཀྱིས་སྲུང་བ་ལ། ཨོཾ་མ་ཏཾ་གྷོ་བྷིས་ཆེ་ནི་སྭཱ་ཧཱ། ཞེས་མང་དུ་བཟླའོ། །ས་མཱད་ཨྠྀི། ༈ །ཁྱད་པར་མཆོག་ཏུ་གྱུར་པ་རྡོ་ཆུའི་གདམས་ངག་ནི། མོ་ཅོང་བཟང་པོ་མགར་བའི་སོལ་མེར་བསྲེག ། ཅུ་གང་བཟང་པོའི་ཆུ་ལ་བསྐྱུར་རོ། །དེའི་ཆུ་དེས་བསྐུ་བྱུགས་བྱས་པས་སོ་དམ་པ་དང་། ལུས་རྡོ་རྗེ་བཞིན་དུ་འགྱུར་རོ། །ཚེ་ཉི་ཟླ་ལྟ་བུར་འགྱུར། སྟོབས་ཆེ། མདངས་རྨ་བྱ་དང་འདྲ། མིག་གིས་ཚངས་པའི་གནས་མཐོང་། སྐྲ་དཀར་དང་གཉེར་མ་མེད། རོ་རྩ་བར་བྱེད་དོ། །གཞན་ཡང་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །དཔལ་དུས་ཀྱི་འཁོར་ལོ་ནས་འབྱུང་། ལྕི། ༈ །སྲིན་སྔགས་ནི། ཨོ་ར་ད་ར་སོད། དུ་ར་སོད། ཆར་ཆར། ཆིར་ཆིར། སྲིན་བུ་མགོ་དམར་སོད། ཅེས་སོ་སྲིན་ལ་ཆུ་རྩ་སྲན་མ་ཙམ་གསུམ་ལ་སྔགས་བརྒྱ་སོ་སོར་བཏབ། སོ་ན་བའི་བར་དུ་མནན་ནོ། །མིག་གི་སྲིན་བུ་ལ། གྱོ་མོ་གསར་པ་ལ་བརྒྱ་བཏབ། དར་ཚགས་ལ་བཙགས་ནས་དགབ། ཁོང་སྲིན་ལ་བའི་འོ་མ་ལ་ཚ་བཏབ་ལ་བཀོལ་ཏེ་སྔགས་མང་དུ་བཏབ་ལ་ལྟོར་བཏང་ངོ་། ༈ །བྱིས་པའི་རིམས་སྲུང་བ་ལ། ཤོག་བུ་ཚོན་གང་ལ་སྔགས་


JKT020_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དམར་ནག་གིས་གཟབ་ཏུ་བྲིས་ལ་བཞི་ལྟེབ་ཏུ་བྱ། རྒྱ་སྐྱེགས་དང་། བཙོད་དང་། ཞུ་མཁན་གསུམ་བག་རེ་ཙམ་ནང་དུ་བླུགས་ལ། སྐྱི་དམར་གྱིས་གཡོགས་ཏེ། དབུ་གྱེན་ལ་བསྟན་ལ་གདགས་སོ། །སྔགས་འདི་ལན་བདུན་དང་། རྟེན་འབྲེལ་སྙིང་པོ་ལན་བདུན་གྱིས་རབ་གནས་བྱའོ། །ཨོ་ཀུན་དྷ་ལེ་བི་ལཾ་བྲོ་ཤལ་ཤལ་སྭཱ་ཧཱ། ལག་ལེན་དུ་མ་བྱས་པ་ཡིན། །༈ །འབྲས་ལ་སྔགས་འདིས་བཏབ་པས་གཏིང་ནས་འཚོ་བར་འགྱུར་རོ། །ཨོ་ཉི་མ་བཛར་དྷ་ཤ །ཞེས་བཏབ་པས་མྱུར་དུ་འཚོའོ། །ཡང་ནས་ཡང་དུ་རྟགས་ཐོན་པ་ཡིན། ༈ །དྲེག་སྔགས་ནི། ལྕགས་ཀྱི་ཕུར་པ་རྒྱ་ཞིག །སིབ་སིབ་ནད་ལ་སིབས། གདུང་གདུང་ནད་ལ་གདུངས། ཁྲོ་ཁྲོ་ནད་ལ་ཁྲོ། ཟངས་ཀྱི་ཕུར་པ་རྒྱ་ཞིག སིབ་སིབ་ནད་ལ་སིབས། གདུང་གདུང་ནད་ལ་གདུངས། ཁྲོ་ཁྲོ་ནད་ལ་ཁྲོ། ཞེས་ལྕགས་ཕུར་སོར་བཞི། ཟངས་ཕུར་སོར་བཞི་པ་གཉིས་གངས་ཆུ་ལ་ངར་བཏབ་ལ། རྐང་པའི་དྲེག་གང་ན་བའི་སྟེང་ན་དྲིལ་ཞིང་སྔགས་བཟླས། ཏིང་ངེ་འཛིན་གྱིས་གསོར་ཀྱིས་ཤིང་ལ་ཕིགས་པ་ལྟར་བསམ། སྔགས་འདི་འདེབས་པའི་བར་ལ་སྨྲ་བཅད་བྱ། དམ་ཚིག་ཏུ་འདེབས་པའི་བར་ལ་ཆང་དང་བུད་མེད་སྤང་། རྐང་པའི་དྲེག་ན་བའི་སྔགས་ཡང་ནས་ཡང་དུ་རྟགས་ཐོན་པ་ཡིན་གསུངས། ས་མཱཔ་མི་ཐི། འདི་རྣམས་དཔལ་ས་སྐྱ་པ་རྗེ་བཙུན་


JKT020_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ལས་ཉེ་བར་བཏུས་པའོ། །མངྒ་ལཾ།། ༈ །།ན་མོ་གུ་རུ། མཁའ་འགྲོའི་ལག་འགུལ་གྱི་གདམས་པ་འདི་ལ་གསུམ། ཆུ་ལ་བཏབ་པས་ཁ་ཟས་འདུ་བ། གི་ཝཾ་ལ་བརྟེན་ནས་གཞན་སེམས་འཕྲོག་པ། པདྨ་རཀྟ་ལ་བརྟེན་ནས་གཞན་དབང་དུ་བསྡུ་བའོ། །དང་པོ་ནི། ནངས་པར་བྱ་རོག་གིས་སྒྲ་མ་བསྒྲགས་པ་ལ་ལངས་ཏེ། སྐྱབས་སེམས་སྔོན་དུ་འགྲོ་བས་རང་ཡི་དམ་དུ་བསྒོམ་པའི་སྤྱི་བོར་སཾ་ལས་སེང་གེ་སྔོན་པོ་དང་། པཾ་ལས་པདྨ་འདབ་བརྒྱད་ཀྱི་དབུས་སུ་བཾ་ལས་ལྷ་མོ་སྔོན་མོ་ཕྱག་གཡས་བདུད་རྩིས་གང་བའི་ཀ་པཱ་ལ་དང་། གཡོན་རིན་པོ་ཆེ་བསྣམས་པ། དེའི་སྤྱི་བོར་དམ་པ་རྒྱ་གར་རུས་པའི་རྒྱན་དྲུག་གི་བརྒྱན་པ། གཡས་ཌཱ་མ་རུ་འཁྲོལ་ཞིང་། གཡོན་སྡིགས་མཛུབ་མཛད་པ། པད་འདབ་བརྒྱད་ལ་རྣལ་འབྱོར་བརྒྱད་རང་བཞིན་གྱིས་བཞུགས་པ། དེ་ཐམས་ཅད་ཀྱང་རྒྱན་ཆ་ལུགས་དམ་པ་དང་མཚུངས་པར་བསྒོམ། ཡན་ལག་བདུན་པ་ཇི་ལྟར་རིགས་པ་དང་། ཀྱེ་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དང་། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དང་། པདྨའི་ཞབས་དང་། ཤིང་ལོ་བ་དང་རྗེ་དམ་པ་རྒྱ་གར་ཉི་ཟླ་ལྟར་གྲགས་པས། བདག་མིང་འདི་ཞེས་བགྱི་བ་ལ་ཐུན་མོང་ཟས་ཀྱི་དངོས་གྲུབ་སྩལ་


JKT020_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། སེམས་ཅན་ཐམས་ཅད་བདག་ལ་ཆགས་པར་མཛད་དུ་གསོལ། ཅེས་གསོལ་བ་ལན་གསུམ་དུ་གདབ། དེ་ནས་ལག་གཡོན་པར་ཆུ་གཙང་ཁྱོར་བ་གང་ལ། ན་མོ་བྷ་ག་ཝ་ཏེ། ཨོ་ཨཱ་ཨུཙྪི་ཥ་ཡ། དྷ་ར་དྷ་ར། དྷི་རི་དྷི་རི་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཏབ་ལ་འཐུང་། ཕྱོགས་གང་འགྲོ་སར་སྔགས་བཟླས་ཤིང་ཕྱིན་པས། རྣལ་འབྱོར་པ་ལ་ཟས་ནོར་འདུ་ཞིང་། དགྲ་དང་རིམས་སོགས་ཀྱིས་མི་ཚུགས་སོ། །གཉིས་པ་ནི། ཕྱག་མཆོད་གསོལ་གདབ་གོང་དང་འདྲ། གིའུ་ཝཾ་བཟང་པོ་ལག་གཡས་པའི་མཐིལ་དུ་བཞག །གཡོན་པའི་སྲིན་ལག་གིས་མཉེ་ཞིང་སྔགས་སྟོང་གདབ་ལ་ཐུམ་པོར་བྱས་ཏེ་འཆང་། ལས་སྦྱོར་གྱི་དུས་སུ་གོང་བཞིན་ལག་མཐིལ་དུ་མཉེས་ཏེ་སྔགས་བཏབ་ལ་དཔྲལ་བར་ཐིག་ལེ་བྱས་པས་མཐོང་བ་ཐམས་ཅད་ཡིད་འཕྲོག་ཅིང་། སྐྱེས་པ་དང་། བུད་མེད་ཀ་ཆ་སོགས་གང་དབང་དུ་འདོད་པ་དེ་ལ་བྱུགས་པས་གྲུབ་བོ། །གསུམ་པ་ནི། རབ་སྐྱེས་པས་མ་གོས་པའི་བུད་མེད། འབྲིང་བུ་མེད་པ། ཐ་མ་སྨད་འཚོང་མའི་རང་བྱུང་གང་རྙེད་ལ། གནས་དབེན་པར་སྨྲ་བ་བཅད་ལ་གོང་ལྟར་བསྔགས། ལས་སྦྱོར་གྱི་དུས་སུ་གྲོང་ཁྱེར་གྱི་དབུས་དང་། སྨད་འཚོང་མའི་གླིང་སོགས་གང་དབང་དུ་བྱ་བར་འདོད་པའི་སར་ཙནྡན་དམར་པོ་དང་བསྲེས་ལ། བའི་ལྕི་བ་ལ་སྨད་འཚོང་མའམ། དགེ་འདུན་


JKT020_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་རུང་ཁང་གི་མེས་སྦར། མེ་ནང་དུ་གོང་ལྟར་ལྷ་བསྐྱེད་པ་ལ་འབུལ་བའི་ཚུལ་གྱིས་བསྲེགས། གསོལ་བ་དྲག་ཏུ་གདབ། བདུད་རྩི་རིལ་བུས་མཆོད་ཅིང་རྟེན་གསུམ་ལ་བསྐོར་བ་བྱས་ན་དུ་བ་དེས་གར་ཁྱབ་པའི་རྒྱལ་པོ་སོགས་ཐམས་ཅད་དབང་དུ་འདུའོ། །འདིའི་བརྒྱུད་པ་ནི། ཊཱ་ཀི་སིདྷ་མུ་ཁ། པདྨ་ཞབས། ཤིང་ལོ་པ། དམ་པ་རིན་པོ་ཆེ། དམ་པ་ཕྱར་ཆུང་། རྩ་བ་ཞྭ་ནག །བོ་དྷིདྷཱ་ཛ་སོགས་ལས་བརྒྱུད་པ་ཤིན་ཏུ་ཟབ་བོ། །མངྒ་ལཾ།། ༈ །།མྱོང་གྲུབ་ཀྱི་གདམས་པ་འགའ་རེ་ཡོད། བུད་མེད་བུ་དང་ཤམ་མ་ཐོན་ན། ཀྶྨཀྶྨཀྶྨ་ཀ་ས་མའི་འབྲུ་དགུ་འདི་མར་གྱིས་དྲིལ་ལ་བཏང་ངོ་། །བུ་སྣོད་མ་ཐོན་ན། མྶྐམྶྐམྶྐ་མ་ས་ཀའི་འབྲུ་དགུ་འདི་སྔར་བཞིན་བཏང་ངོ་། །བུ་དང་བུ་སྣོད་འཐོན་པར་སོམ་ཉི་མེད་པའི་གདམས་པ་ཟབ་མོ་ཨྠྀི། ༈ །ཨྷྠྠགྶྨླཀྑྦྨྙ འདི་གྲོ་གའམ། རྩིབས་ཤུན་ལ་བྲི། ལུག་ཁྲག་གིས་བྱུགས། ཟླ་བ་ཡར་ངོའི་ཚེས་གཅིག་ནས་བཟུང་ཉིན་རེ་བཞིན་བསྟེན་ན། ལས་ཐམས་ཅད་འགྲུབ། འབྱུང་པོའི་གནོད་པ་མི་ནུས། ས་རྐོ་ཆུ་འབྲུ་ཤིང་གཅོད་སོགས་གང་ལའང་ཉམ་ང་མི་དགོས། ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པར་འགྱུར། ཨྠྀི། ༈ །བྱིས་པ་མཚན་མོ་དུ་བ་ལ། ན་མ་མ་ཏྲི་ཀ་ན་མ་ཙུ་ཏྲི་ཙུ་ཏྲི་ཛསྭཱ་ཧཱ། ན་མོ་ཁྲི་ག་ན་ཙུ་ཏྲི་ཙུ་ཏྲི་སྭཱ་ཧཱ། ཕྲེང་གཅིག་བྱས་ལ་བྲིས། རྟེན་སྙིང་ལན་བདུན་བཟླས། རབ་གནས་ཧ་བཏབ།


JKT020_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གཤམ་ནས་དྲིལ། སྐུད་པ་ནག་པོས་དཀྲིས། མགོ་མཇུག་མ་ལོག་པར་བཏགས། བརྒྱུད་པ་ཨོ་རྒྱན་ཛཱ་ཀིའོ། །ཟབ།། ༈ །།ཨོབཤིམཤིཐོརིནགཞནསཱཙིནདསྭཱཧཱ། སོ་སྲུང་ཟབ་མོ་འདི་རང་སྔགས་ཉེར་གཅིག་གིས་རབ་གནས་བྱས། གུ་གུལ་གྱི་དུད་པས་བདུག །དར་དམར་གྱི་སྐུད་པས་བཅིངས། གང་ན་བའི་ཕྱོགས་སུ་བཅིང་པས་ཕན་ངེས་ཟབ་བོ། ༈ རྨུ་ཆུ་སྲུང་བ་ནི། ཨོཾ་བྷི་ཤ་ཙེ་བྷི་ཥ་ཙེ། མ་ཧཱ་བྷི་ཤ་ཙེ་བྷི་ཥ་ཙེ། ས་མུ་ག་ཙེ་སྭཱ་ཧཱ། སྐྱབས་སེམས་སྔོན་དུ་འགྲོ་བས། རླུང་རོ་ལན་གསུམ་བུས། སྙིང་པདྨ་འདབ་བཞིར་གྱེས་པའི་དབུས་སུ་སྨན་བླ། ཕྱོགས་བཞིར་ལྷ་མོ་བཞི་བསྐྱེད། རླུང་གི་དྭངས་མ་ཅུང་ཟད་རྡུབས་ཏེ་སྔགས་བརྒྱ་རྩ་རེ་སྔ་དྲོ་བཟླས་པས་སྲུང་བ་ཀུན་གྱི་མཆོག་ཏུ་འགྱུར་རོ། །ཡང་ན་བཟང་དྲུག་དང་ ཨོཾབྱིཤིམཤིཐོརིནགནནསྭཙིནདསྭཱཧཱ། གླ་རྩི་ཐུན་རེ། ཨ་རུ་གསེར་མདོག་གསུམ། སྨན་ཆེན་ནས་ཙམ་བསྲེགས་པའི་ཐལ་བ་རྣམས་བུ་རམ་གྱིས་རིལ་བུ་བྱ། འཆོས་པའི་ཚེ་ནངས་རེ་ལ་རེ་རེ་མིད། ཁྱད་པར་ཆུ་བཙག་པའི་དུས་སུ་བཏུང་བྱུགས་བདུག་པ་སོགས་བྱ། རིམས་དང་མཛེ་ནད་རྨུ་རྫིང་གསུམ་པོ་འགོས་སླ་ཞིང་གསོ་དཀའ་བས་རང་སྲུང་ནན་ཏན་བྱའོ། །སུ་རུ་ཥགི་དེ་བ་མྱོ་པ་ད་ཤ་ས་མ་ལྟ་མི་ཐི། ༈ །སྟེང་གདོན་སྲུང་བ་ནི། རང་སྡིག་པ་རྭ་གཡས་མེ་དང་། གཡོན་ཆུའི་རང་བཞིན་ཅན་དུ་


JKT020_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། ཨོཾ་སུཾ་བྷི་རོ་དྷ་ན་ཡེ་སྭཱ་ཧཱ། ཞེས་བཟླས། ཨྠྀི། ༈ །རིམས་སྲུང་བ་ནི། དྲང་སྲོང་ལྷ་ཆེན་སྨུག་ནག་སྐུ་ལ་དར་སྨུག་གི་ན་བཟའ་གསོལ་བ། གོང་བ་གསེར་ལས་བྱས་པ། ཤེལ་གྱི་མཁར་བ་ཨོ་ཚུགས་སུ་བསྣམས་པར་བསྒོམ། ཨོ་གྷོ་ལ་བྷེ་ལ་ཡེ་སྭཱ་ཧཱ། ནངས་རེ་ལ་ཉེར་གཅིག་ལས་མང་བར་མི་བགྲང་། བློ་ལ་ཡོད་པ་ཙམ་གྱིས་ཐུབ། ཨྠྀི། ༈ །ཨ་རུ་ཞོ་བཞི། རྒྱ་སྐྱེགས་ཁཎྜ་ཞོ་གསུམ། མཚུར་ནག་ཞོ་གང་། ཕོ་བ་རིས་ཞོ་གསུམ། ཧ་ཤིག་ཞོ་གང་། ཆུ་རྩ་རྣམ་གཉིས། ལི་ཤི་དེ་ཕྱེད། ཏིལ་དཀར། གུར་གུམ། རུང་ཐལ། དོམ་མཁྲིས། ཆ་རེ་བཅས་ཞིབ་པར་བཏགས། ཆང་ལ་སྦྱར་བའི་ལྡེ་གུ་བྱུགས་པས་སོ་བརྟན་པའི་མཆོག་གྱུར་ཅེས་མ་ག་དྷཱའི་པཎྜི་ཏ་ཤཱ་རི་པུ་ཏྲས་གསུངས་སོ། ༈ །རྣ་བ་རྣག་ཁྲག་འཛག་ན་དབྱི་མང་གིས། ཁུ་བ་སྦྱར་ཞིང་ར་ཐུག་ཆུར། རྒྱ་ཚ་བཏབ་དང་རླུང་འོན་ལ། ཤིང་ཀུན་ཞུན་མར་སྦྱར་བ་ཞག་གསུམ་བླུགས། རྗེས་སུ་རྔབ་རས་དྲངས་པས་ཤིན་ཏུ་ཕན། མཚེ། ལོ་ཙན། ཁུར་མང་། རྩ་མཁྲིས། སྤྲུ་ལོ། མཁན་ལོ། ར་མ་ལོ། སྐྱེར་ཤུན། ཁྲག་གཅོད་ཆེན་མོ་ཀུན་བྱེད་རྒྱལ་པོ། དམར་གསུམ། སྲན་མའི་པུ། རྟ་སྤངས་བཙིར་བའི་ཁུ་བ་རྣམས་ལ་ཁཎྜ་བྱས། མི་དོམ་མཁྲིས་པ། གུར་གུམ། དུང་། མགྲོན། ཟ་འོག་བསྲེགས་ཐལ། གཟིག་ནག་སྤུ། རྨ་བྱའི་མདོངས་


JKT020_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་པ་རྣམས་ལ་སྔགས་འདི་བཏབ་ནས་ཁོངས་སུ་བཏང་། ཨོ་ཁྲག་ཉག །རམ་རྦད། ཤ་པ་ན་མ་ཏ། ཧབ་ཤ །ཧུབ་གསུམ། རཀྟ་ཟད། བུག་དགུ་ནས་ཁྲག་ཇི་ལྟར་འཛག་པའང་གཅོད། སྣ་ཁྲག་ལ་སྲིན་བལ་ལ་བྱུགས་ནས་བརྫངས། རྨ་ལའང་སྲིན་བལ་གྱིས་བསྐུས་ཏེ་བཙང་ལ་འཇག་གིས་དཀྲིས། སྨན་འདིའི་དྲི་ཚོར་བ་ཙམ་གྱིས་ཀྱང་སྣ་ཁྲག་ཆད། ཤིན་ཏུ་ཟབ་ཨྠྀི། ༈ །ཁ་ནད་ཀྱི་སྙིལ་ཆད་པ་ལ། དྲི་ཆུས་བཀྲུས། གླ་རྩི། ཚྭ་ལ། ནག་མཚུར་གྱི་ལྡེ་གུ་བྱུགས། ལྕེ་སྐྲང་རྣག་ཏུ་མི་ཁུག་བ་ལ། ཉ་ཚ། སྦལ་ཤ། ཤིང་ཀུན། ལན་ཚྭ། ཀླད་གླུམ་ཀླད་ལ་སྦྱར་བཏང་ངོ་། །རྟོལ་བན་ཞོ་ཚྭ་བཏབ་ལ་བཏང་། རྒྱུ་རིམས་ལ། གུར་གུམ། བྲག་ཞུན། སྐྱེར་ཤུན་ཏེ་གསུམ་དང་། ཟུག་ཆེན་ཏིག་གསེར་མེ་བསྣན། གུར་གུམ། དོམ་མཁྲིས། བྲག་ཞུན་གསུམ་གྱིས་མཆིན་ཁྲག་གི་ཟ་ཁ་བསྡམ། གད་ཆུ་གྲང་མོ་ལ་རྒྱ་སྐྱེགས་ཀྱི་ཐང་གིས་རྒྱུ་མའི་རུལ་སྲུང་། ཨ་རུའི་ཐང་གི་བཤལ་གྱི་ཟུག་འཆག་གོ ༈ །ལྕེ་སྐྲངས་ལ་སྤྱང་ལྕེའམ། སྒ་སྐྱ་རློན་པ་བརླན་པས་མྱུར་དུ་རྣག་ཏུ་ཁུག་གོ །འོབ་ཀྱི་སྤུ་གཞོབ་དོམ་མཁྲིས་གཉིས། །ཆང་སྦྱར་བཏང་པས་འཁྲུ་བ་གཅོད། །འོག་གདོན་སྲུང་བ་ནི། ཧཱུྃ་ཧཱི་བཛྲ་ར་ཏུ་ང་ར་ན་མ་སྭཱ་ཧཱ། རང་གི་སྙིང་ཁོང་སྟོང་ཡོད་པའི་ནང་དུ། གསེར་འཁོར་རྩིབས་བརྒྱད་པའི་ལྟེ་བར་ཧཱུྃ་བསམ།


JKT020_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་བརྒྱད་ལ་ཡིག་འབྲུ་བརྒྱད་བསམ། དེའི་མདོག་གུར་གུམ་ལྟ་བུ། འཁོར་ལོའི་སྟེང་ན་མི་ནུབ་ཐོག་ན་ཡར་ལངས་པ་ལྟ་བུར་བསམ། གྲྭ་བཞི་ལ་རོ་རེ་ཡོད་པ། རཾ་ལས་མེ་འབར། དེ་ཆེས་ཆེར་འབར་བས་གནོད་བྱ་གནོད་བྱེད་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས་ཤིང་མེ་དེ་འུ་རུ་རུ་འབར་བར་བསམ། འདོགས་པའི་འཁོར་ལོ་ཡང་གོང་བཞིན་གསེར་རམ་གི་ཝཾ་གུར་གུམ་གྱིས་བྲིས། ཀླུ་འདུལ་ནག་པོའམ། ནག་པོ་མཛེ་འཇོམས་སམ། ཙཀྲ་དགུ་སྐོར་ཞེས་བྱ་བའི་སྲུང་བ་ཏིནྡའི་གདམས་པ་པཎྜི་ཏ་གོ་མཱནྡའི་ཞབས་ཀྱིས་དགེ་བཤེས་གཉན་ལ་གནང་བ་ཤིན་ཏུ་ཟབ་བོ། །ཨྠྀི། ༈ །ལུས་ལ་ཕོལ་པ་གང་བྱུང་སར་མདེ་འབྱིན་ཞིབ་བཏགས་གདབ་པས་ཕན། །ཤ་དུག་སྒོང་ཐོག་ཁོ་ནས་སེལ། །གྲེ་བར་བབ་ན་དཀར་པོ་བཞིས། །དྲི་ཆུ་དྲི་མ་འགག་པ་ལས། །རུ་གསུམ་ཨུག་ཆོས་འབྲས་བུ་བཏང་། །ཕྱི་དང་ཚིག་ལ་གྲམ་པ་ནས། །སོ་མ་རཱ་ཛ་སྦྲང་རྩི་བཏང་། །ཕོ་བར་བབ་ན་གྲིབ་སྐྱེས་ཀྱི། །བ་ལུ་གློར་བབ་གུར་གུམ་དང་། །བྲག་ཞུན་བཏང་བས་སེལ་བར་ངེས། །སྒོང་ཐོག་བྱེའུ་ལ་ཕུག་སྲད་ནག་པ། །ཏང་ཟིལ་འོམ་ལོ་བྲག་སྐྱ་ཧ་བོ་དང་། །བོང་དམར་ཨ་རུ་རེར་ལ་དགུ་ཡིས་སྤང་། །སྔགས་འདི་བཏབ་བཏང་། ཨོ་ཁྲག་ཉག་རཾ་ཆད་སྭཱ་ཧཱ། མྱུར་དུ་སྲོག་སྟེར་བྱེད། །ཨྠྀི། ༈ །ལིང་ཐོག་བྱུང་མ་ཐག་སྒ་སྐྱའི་ཕྱེ་མ་ཐུན་གཅིག་ཟོས་ནས་


JKT020_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་བས་སེལ། མིག་ཕྱིད་པ་ལ། སྲམ་གྱི་མཁྲིས་པའི་དུད་པ་གཏོང་། རྙེད་ན་ཁ་བའི་དཀྱིལ་གྱི་རྡོ་དང་། མ་རྙེད་ན་རྡོ་བ་བ་མོ་ཅན་གྱིས་བདུག །ཤིན་ཏུ་ཕན། བད་མཆུ་ལ་སྟག་གི་པགས་པའི་ནང་ཤུན་སྲབ་མོ་དེ་བརླན། ༈ །ན་མོ་གུ་ར་ཝེ། གཉན་ནད་གསོ་བའི་གདམས་པ་ཤིན་ཏུ་མང་ཡང་། མན་ངག་ཟབ་པ་ཀུན་གྱི་སྙིང་པོར་དྲིལ་བ་ནི། རང་ཉིད་གསང་བདག་ཏུ་བསྒོམས། དེའི་ཐུགས་ཀར་ཁྱུང་ནག་པོ་གཅིག་ཏུ་བསྒོམ། དེའི་ཐུགས་ཀར་ཕག་ནག་པོ་གཅིག་བསྒོམ། ཁྲོ་བོས་སྔགས་ཐུད་བྱས་པས། ཁྱུང་གིས་ཕྱིར་སོང་སྟེ། ཕག་པས་ནད་གདོན་ཐམས་ཅད་ཟ་བར་བསྒོམ། ཨོཾ་བཛྲ་བཛྲ། པཱ་ཎི་པཱ་ཎི། ག་རུ་ཎི། ག་རུ་ཎི། ཧུ་ཡ་ཧུ་ཡ། ཧྲི་ཙི་ཧྲི་ཙི། ཏྲི་ཙི་ཏྲི་ཙི་ཧཱུྃ་ཕཊ། སྔགས་རྒོད་དོ། །ས་ནན། མེ་སོད། ཆུ་གྲང་། རླུང་ཡན་སྭཱ་ཧཱ། ཞེས་ཆང་ངམ་ཆུའམ་དར་བ་གང་རུང་ལ་བཏབ་སྟེ་བཏང་། ལྷོག་པ་སྐྲངས་འབུར་གཉན་ནད་གག་ལྷོག་གཟེར་གསུམ་ཐམས་ཅད་ལ་ཕན། འཁོར་ལོ་གསུམ་གྱི་མན་ངག་དྲག་པོ་སུམ་བསྒྲིལ་གྱི་གདམས་ངག་ཨྠྀི།། ༈ །།དུག་སྲུང་རྡོ་རྗེའི་མཁར་རྫོང་བཞུགས། །ན་མོ་གུ་རུ་བྷེ་ཥ་ཛེ། དུག་རིགས་ཐམས་ཅད་སྲུང་བའི་གདམས་པ་འདི་ལ་དོན་གཉིས་ཏེ། སྔགས་དང་རྫས་སོ། །དང་པོ་ནི། རང་གི་སྤྱི་བོར་ལྷ་མོ་སྐུ་མདོག་དཀར། །གཡུ་ཡི་རལ་པ་གསེར་གྱི་རྒྱན་ཆ་ཅན། །


JKT020_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་མཉམ་གཞག་སྟེང་ན་འཆི་མེད་ཀྱི། །བདུད་རྩིས་གང་བའི་བུམ་པ་དམར་པོ་བསྣམས། །ཞབས་གཉིས་སྐྱིལ་མོ་ཀྲུང་བཅས་བཞུགས་པར་གྱུར། །ཨོཾ་ཁ་རི་བུ་རི། གནམ་གུང་ལ་མ་ལྟར་འདྲ་ལ་ཤ་ལ་ནིང་དུང་མ་བྷོ༔ ཨོ་དཀྲུག་ལེ་ཧྲི་ཀ་ས་ལ་སོ་ར་མེ་སརྦ་བིས་ཙ་བྷནྡྷ། ཨོ་བྷི་ཀ་ཡེ་སྭཱ་ཧཱ། ཞེས་དུག་ལ་སྡང་མིག་བལྟ་ཞིང་བཟླས། རྟགས་ནི་མཆིན་པའམ་གཏར་ཁྲག་དྲོན་མོ་ལ། དུག་བཏབ་ནག་པོར་སོང་བ་ལ་བལྟས་པས། དུག་རྣམས་འདུས་ནས་འཕེལ་བར་མི་ནུས་སོ། །ཨོཾ་དཀྲུག་ལེ་ཧཱུཾ། ནག་པོ་འབྲུ་ལྔས་དུག་ནད་གསོ་ཞིང་སྲུང་། ཨོ་ཁྲག་ཉག་རམ་ཟད། རྒྱ་ནག་ཡིག་འབྲུ་དྲུག་པས་བི་ཥ་སྲུང་། །ཨོ་ཏྲིང་ཏྲིང་སོད་སྭཱ་ཧཱ། རྨ་བྱའི་རང་སྐད་བཙན་དུག་མཐའ་དག་བཤིག །ཨོཾ་ནན་གྱི་སོད། ཨ་རུ་བོང་ང་དཀར་དམར་དཔའ་སེར་གྱིས། །ཐང་ལ་བཏབ་བཏང་ལོག་གནོན་སྔགས་མགོ་ལྡོག །རང་ཉིད་མཁའ་འགྲོ་དཀར་མོ་ཕྱག་གཉིས་ཀྱིས། །ཨ་མྲྀ་ཏས་བཀང་བུམ་པ་བསྣམས་པར་གསལ། །བྷི་ཀྲོ་དྷ་ཀ་ལིང་ཧ་རིན་སྭཱ་ཧཱ། ཞེས་དང་། ཡང་ན་སྔགས་འདི། སྲིདྡྷཾཊ། བཟླས་པའམ། ཨོ་ནན་གྱི་སོད། ཅེས་བཟླས་སྔགས་ཆུས་དུག་གི་མེ་དཔལ་འཇོམས། །མ་ཧཱ་དེ་བའི་གདམས་ངག་ཟབ་པའི་གནད། །གཉིས་པ་ནི། རྫས་སྲུང་རིལ་བུ་ལྕང་སྨན་གཏེར་བྱོན་གྱིས། །རྟ་རི་མ་ཞེས་ཀུན་ལ་གྲགས་པ་ཉིད། །སྦྱར་


JKT020_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་སྦྱར་ཐབས་མན་ངག་ལྡན་པ་ཉིད། །ཤིན་ཏུ་ཟབ་ཕྱིར་སློབ་དཔོན་ཞལ་ལས་དྲིས། །དུག་སྲུང་བའི་སྔགས་དང་རྫས་ཀྱི་རིམ་པ་ཟབ་མོ་ཕྱོགས་གཅིག་ཏུ་བསྡེབས་པ་ཨྠྀི། ༈ །།ཨོ་ཨ་ཐ། སྔོན་རྒྱ་གར་དུ། མ་གྷ་གྷ་ཞེས་བྱ་བའི་བུད་མེད་ཅིག་གིས་ཁྱོ་ག་ཞིག་དང་ཉལ་པོ་བྱས་པས་བུ་གྷ་གྷ་ཞེས་པ་སྐྱེས། དེར་མ་དེས་བུ་དེ་གྱང་ཆག་ཏུ་སྦས། བུ་འཆི་ཀར། ངའི་མས་འདིར་ཉལ་པོ་བྱས་ནས་ང་སྐྱེས། ད་གྱང་ཆག་ཏུ་སྦས་ནས་འཆི་བར་འདུག །ཤི་བ་ན་འབྲུམ་ནག་གི་བདག་པོར་གྱུར་ནས་འགྲོ་བ་དུ་མའི་སྲོག་དབུགས་སྡུད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ། འབྲུམ་པ་སྲུང་ནའང་ངེད་མ་བུའི་ཚིག་འདོན་པ་མེད་པར་གཞན་གང་གིས་ཀྱང་མི་ཐུབ་པར་གྱུར་ཅིག །ཅེས་ལོག་པའི་ཚིག་གི་མཐུས་སྲུང་བ་འདི་མ་གཏོགས་གཞན་གྱིས་མི་ཐུབ། འདི་པཎ་ཤྭ་བ་རཱིས་མཛད། ཡི་གེ་དབུ་ཅན་དུ་ཕྲེང་གཅིག་བྱ། གཞུག་ནས་དྲིལ། མགོ་མཇུག་མ་ལོག་པར་གདགས། རབ་གནས་ཡེ་དྷརྨས་བྱ། འཁོར་ལོ་རྡོལ་བའམ་མ་ཟད་བར་དུ་སྲུང་། ས་གྷ་གྷ་གྷ་སད། ཤ་གྷ་གྷ་གྷ་སད། རི་གྷ་གྷ་གྷ་སད། མ་གྷ་གྷ་གྷ་སད། བུ་གྷ་གྷ་གྷ་སད། འཆང་བ་པོ་ལ་འབྲུམ་པའི་ནད་ཐམས་ཅད་སྲུངས་ཤིག་རཀྵ་རཀྵ གཟུངས་འདི་འདོགས་དུས་མ་བུ་གཉིས་ཀའི་གཏམ་རྒྱུད་བྱ། ཐོས་ཆོག་ཡིན། ཨྠྀི། ༈ །ཀོ་ལ་ཛཱ་ཏི་བྱི་རུག་གསུམ། །ཆུར་སྦྱར་བྱུགས་


JKT020_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཤ་འབྲུ་སྲུང་། ༈ །གཏུམ་གུ་གུལ། པོ་ཧཱུཾ་ཀར་འཛིན་པ། ཁམས་གསུམ་རྣམ་པར་རྒྱལ། གླ་རྩི། གཤིན་ཤིང་ཀུན། རྗེ་འཁྱིལ་དྲི་ཆེན། བ་དབྱུག་ཤུ་དག །སྔོན་འདོད་པའི་རྒྱལ། སྒོག་སྐྱ། སྟོབས་ཆེན་ཤ་ཆེན། གནོད་མུ་ཟི། མཛེས་སྦྱར་བའི་རིལ་བུ་ལ། །རྣམ་པར་འཇོམས་པའི་སྔགས་ཀྱིས་ངར་བཏགས་པས། །གདོན་བགེགས་ནད་རིགས་རྨི་ལམ་ལྟས་ངན་སྲུང་། དྲི་ཚོར་ཙམ་གྱིས་ལྷ་འདྲེ་ཐམས་ཅད་འབྲོས། །ཞོ་ཆང་ཉེས་པ་ལ་སོགས་མཐའ་དག་ཐུབ། །ཨྠྀི། ༈ །དུག་ཤིང་སྟག་མའི་ཐལ་བ་ལ༔ དུད་པ་རལ་པ་ཁ་ཚར་བཏབ། །ཉུངས་ཀར་དག་ལ་སྔགས་འདི་བཏབ༔ ཨོ་སཟིལ་ཀྲོ་ཏ་པ་ཙ་ལ་ཀྲོ་དྷ་བྷནྡཱ་ར་ཡ་པ་ཙ་ལ་ན་ཧ་ན་ཧཱུཾ་ཕཊ། སྟོང་ཕྲག་གཅིག་གིས་སྔགས་དྲོད་བརླན༔ ནངས་སྔ་ཟིལ་པ་མ་ཡལ་གོང་༔ ཞིང་ལ་གཏོར་བས་རྩ་ནད་ཐུབ༔ ས་མ་ཡ༔ ཤུག་བྱང་སྔགས་འདི་གཟབ་ཀྱིས་བྲིས༔ རང་སྔགས་རྟེན་སྙིང་རབ་གནས་བྱ༔ དབྱུག་པའི་རྩེར་བཏགས་ཞིང་ལ་འཛུག༔ ཨོཾ་པདྨ་ནག་པོ་ཧུར་ཐུམ་སོད༔ མེ་བཙའ་ཆུ་བཙའ་སོད༔ ཞིང་འདིའི་ལོ་ཐོག་ལ་བཙའ་ཡི་གནོད་པ་ཐམས་ཅད་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ། ཡང་ཟངས་བཙའ་ལ་བཙན་དུག་རེ་གཉིས་བཙུག་ན་ཐུབ། ཟངས་སྐྱོགས་ཀྱིས་ཆུ་གཏོར་ན་ཡང་ཕན། ཡང་བྱེ་མའམ་ཐལ་ཆེན་དང་། ཉུངས་ཀར་དག་ལ་སྔགས་འདི་བཟླས། ཕྱོགས་བཞིར་སྐྱེར་ཕུར།


JKT020_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བཞིར་སེང་གེ། དབུས་ཆུ་ཤིང་ཕུར་པ་སོར་བརྒྱད་སྔགས་བཟླས་བཙུགས། ཨོ་ཐེང་ཐེང་ནད་ལ་ཐེང་། བྷ་མ་ཏི། ཧ་རི་ཧི་ཙ་མ་ལོ་ནི། ཁོང་ཁོང་ནད་ལ་ཁོང་། ཆུམ་ཆུམ་ནད་ལ་ཆུམ། མུན་ཤག་སྭཱ་ཧཱ། ཡང་ན། སེང་གདོང་ཡི་གེ་བཅུ་བཞི་པ་བྱེ་མ་ལ་སྔགས་བཟླས་གཏོར། འབུ་སྲིན་རི་བོང་སོགས་སྲུང་། བཙའ་དམར་བྱུང་ན་ཕྱི་བའི་པགས་པ་དྲུད་བརྡབ། ཚག་པ་ཚག་བུ་ལ་སྒོ་ལྤགས་དྲུད་། བརྡབ། ༈ །དེ་བཱི་ཤི་ཏ་ལཾ་ཤ་ར་ཎེ་ན་བ་སཾ་ཀཎྜ་ཀ་རཱི་རཀོ་པ་དེ་ཤཱ་ཏི། ཐོ་རེངས་སམ་ཟས་གང་ཡང་མ་ཟོས་པའི་སྔོན་རོལ་ཏུ། རང་གི་མདུན་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུ་དམར་སེར་གྱི་སྟེང་དུ་རང་ཉིད་ལྷ་མོ་ཡེ%༥སྐུ་མདོག་དཀར་མོ་ཤིན་ཏུ་མཛེས་པ། དར་དཀར་གྱི་ན་བཟའ་ཅན། དབུ་སྐྲ་ལྟག་པར་བཅིང་པ། དབུ་ལ་མེ་ཏོག་སྣ་ཚོགས་ཀྱི་ཆུན་པོ་དང་། སྐུ་ལ་ཚངས་སྐུད་ཀྱིས་བརྒྱན་པ། ཕྱག་གཡས་རྩྭ་ཀུ་ཤའི་ཆུན་པོ་དང་། གཡོན་ཤེལ་དཀར་གྱི་བུམ་པ་དག་བྱེད་ཆུས་གང་བ་འཛིན་པ། ཙོག་བུར་བཞུགས་པོར་གྱུར། ཅེས་གསལ་བཏབ་ལ། ཨོཾ་ཧྲི་ཡཾ། ཞེས་པ་འདི་སྟོང་ཕྲག་རེ་བཟླས་པ་ཞག་བདུན་བྱ། དེ་ནས་སྔགས་དེ་རྣམས་ཇི་ལྟར་འོས་པའི་མཇུག་ཏུ། བྷ་བ་ནི་ཧྲི་ཡཾ་མཾ་རཀྵ་ཧུ་ཕུར། ཕུ་རཾ་ག་ནི་ཛཱ་བ་ར་ཏེ་རྩ་རི་དུ༔ཁ་མསྟུ། ཤཱ བྷ་བ་ནི་ན་མཉྩསྟུ་ཏེ། ཞེས་པ་འདི་ལན་གསུམ་རེ་བཟླས་


JKT020_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ན། ༀབྷཏྟཾ མོཀྵ་དང་ཁྱད་མེད་ཅིང་། ཨཱརླ་བི་ཥ་ཡ་པྲདྨོ་བ་དེ་ཤཾ། ཨུ་པ་དེ་ཤེ་དཾ་སེ་ནཱ་ཟུང་གིས་བྱས་པ་གཞན་མར་ཕྱིར་འཁྱར་མི་བྱེད་ཅིང་། གཞན་ལ་གནང་ན་སྲུང་བ་གཅིག་ཤོས་དེ་གནང་བར་ཞུ། ཞེས་པ་འདི་ནི་ལོ་ཙཱ་བ་རཏྣ་བྷ་དྲ་སྱ་ན་རྨ་ཀ་སུ་དྷཱི་ཤཱ་ས་ན་དྷཱ་ཛེ་ནོ་པ་དེ་ཤ་དམ་ཚིག་དང་བཅས་སྩལ་བ་བྱིན་རླབས་དང་ནུས་མཐུ་ཤིན་ཏུ་ཆེ་བ་མྱོང་གྲུབ་ལགས་སོ། །ཞིང་མེ་ཤལ། ཉི་མ་བདུན་དུ་དཀར་རྡོར་བྱ། །ཐོ་རངས་སྐྱ་སེར་ནམ་ལངས་ལ། །ཙོག་བུར་བསྡད་དེ་མངོན་རྟོགས་བསྒོམ། །ཨིལ་ཝཾ་སྟོང་དང་གཟུངས་རིང་གསུམ། །ཉིན་གཅིག་དེ་ལས་མང་མི་དགོས། །ཞག་བདུན་བསྙེན་ཚད་རྫོགས་ནས་བཟུང་། །གཟུངས་རིང་ཚར་གསུམ་ཆགས་མེད་བྱ། །ལྷ་མོའི་དན་་ནང་གི་ལྷ། །ཡིན་ཕྱིར་ནཱསྣ་གུ་བྱ་རྒྱ། བརྒྱུད་པ་གོང་མ་ཡོད་ངེས་ཀྱང་སེ་ནཱ་ས་མ་ཞུས། སེ་ནཱ་གཉིས་ཀྱི་མིང་ལ་གཅིག་མང་ཚལ། གཅིག་ཤོས་ཡེ་ཤེས་བརྩོན་འགྲུས། དེ་ལ་བླ་མས་སོ། །དམ་ཚིག་ཏུ་པཀྵི་ཀཱ་ལ་ཀཱ་ལ་ཤཱནྡ་ལ་རྡོ་མི་བརྡེག །ཐ་མ་ཁ་གཏན་མི་ཉན་ཚངས་སྤྱོད་མི་ནན་མི་ཕན། གཞན་ལ་སྟེར་རྒྱུ་གྲུབ་རྒྱལ་དང་འདྲ་བ་ལུང་བཅས་ཡེ་བརྩོན་ལས་གསན། པཎ་ཆེན་ཞབས་ཕྱིར་འཇམ་བཞད་ཀྱིས་མཛད་པས་ཐོག་མ་ཤིན་ཏུ་ཡང་། མོཀྵ་པ། བགོས་ན་ཡང་། དཔྲལ་བར་རཀྟ་ཚྭ་སྔགས་བཏབ། རཀྟ་ཅུང་བརྟོལ། མེ་བཙའ་ཆུང་ཆུང་བཞག་པས་མཱ་སེ་


JKT020_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཧི་ཏཱ་པ་དཱཏ། མུ་ཁཱ་ཏཱི་དཾ་ཤུ་བྷྲཱུྃ།། ༈ །།སེམས་ཅན་ལ་ཕན་པའི་སྔགས་ལས་བླངས་གྲས་ཁ་ཤས་བྲིས་པ་ཡོད། མིག་ལ་ལིང་ཐོག་གི་སྔགས་ནི། རང་ཉིད་བྲམ་ཟེ་རྒན་པོ་ཨག་ཚོམ་དུང་ལྟར་དཀར་བ་ཞིག་བསྒོམ། མིག་ནམ་མཁའ། ལིང་ཐོག་སྤྲིན་དུམ་བུ། སྔགས་རླུང་དུ་བསྒོམ། རླུང་གིས་སྤྲིན་གཏོར་བར་བསམས་ལ། མིག་སྔ་ཚོ་ནས་ཕྱིར་ཕུས་དེད། ཨོ་ལིང་ཕོར་ཆད། ཅེས་པའོ། ༈ །ཡང་གཅིག་ལ། ཨོ་ཨ་ལིང་ཡ་ལིང་སོད། ཡ་མ་ལིང་བུ་སོད། གང་ཤེལ་བུ་སོད་སྭཱ་ཧཱ། སྔགས་ཆུ་མིག་ལ་བྱུགས་ཤིང་ཕུ་འདེབས། ༈ །ཡང་མིག་ལ་སྐྱེར་ལིང་བྱུང་ན། སྐྱེར་ཟེར་བ་མིག་འབྲས་སྟེང་ངམ་འགྲམ་དུ་མིག་གི་གདིང་ནས་ཟངས་འཛེར་འདྲ་བའི་འབུར་མགོ་ཁམ་སྐྱ་ཅན་ཞིག་ཡོད་པ་དེ་ཡིན། དེ་མིན་མིག་གི་སྟེང་ན་དཀར་སྐྱ་ཡུངས་ཀར་ལྷན་པ་ལྟ་བུ་ཞིག་ཡོད་པ་ལིང་ཐོག་ཡིན། སྐྱེར་ལིང་སྔགས་ནི། ཨོ་སྐྱེར་བུ་རྐང་གཅིག་སོད། ཡང་གཅིག་ལ། ཨོ་སྐྱེར་ལིང་ནག་པོ་རྐང་གཅིག་སོད། ཅེས་སྔགས་ཆུ་མིག་ལ་བྱུགས་ཤིང་ཕུ་གདབ་བོ། །རྟ་ཟོག་གི་མིག་ལ་སྐྱེར་ཟེར་བ་ཁྲག་འབྲུམ་ཆུ་ཐོར་ཅན་མིག་གི་སྔ་ཚོ་ནས་བུད་འོང་། དེའི་སྐེ་ཐོར་ཀྱུ་ལྟ་བུ་ཞིག་ཡོད་པ་དེ་དར་སྐུད་ཀྱིས་སྒྲོགས་ནས་ཚུར་འཐེན་སྲ་ཁབ་ཀྱིས་མིག་ལ་མི་གནོད་པར་བྱ་ནས་བཅད་རྒྱ་སྒོ་ཞབས་སུ་མནན། གོང་གི་སྔགས་དེ་དང་ཁྱུང་དམར་སོགས་ཀྱི་སྔགས་


JKT020_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཕུ་བཏབ་པས་འཕྲལ་དུ་ཕན་པ་མྱོང་གྲུབ་བོ། ༈ །མིག་ལ་རིམས་ཕོག་ན་སྔགས་ནི། རས་སྐུད་དམར་པོ་ལ་མདུད་པ་གསུམ་བརྒྱབ་སྔགས་ནས་གྲིག་གི་ལན་དུ་སྒྲ་ལ་འདོག་གོ །སྔགས་ནི། ཨོ་ལིང་ཤི་ཙཀྲ་ཟད། ཅེས་སོ། ༈ །ཡང་མིག་ལ་འཛེར་ནག་བྱུང་ན། ཨོཾ་ཞུང་ཞུང་ཕུ་ཕཊ། སྔགས་ཆུ་དང་ཕུ་བཏབ་བོ། ༈ །མིག་ཁ་བས་ཕྱིད་ན་གོ་སྙོད་ཕྱེ་མ་ལྕགས་སྡེར་དུ་བརྔོས་པའི་རླངས་པ་མ་ཡལ་བར་རས་དཀར་དྲི་མ་མེད་པར་ཐུམ་ལ་གསོས་ཡང་ཡང་བྱས་ན་ཟུག་གཟེར་མྱུར་དུ་འཇོམས་ནུས་སོ། ༈ རྐང་པ་ཁ་བ་དང་ཆུའི་འཁྱགས་པའི་སྐྱོན་གྱི་ཆུ་སྦུར་བུད་ཅིང་ཁྲག་དང་ཆུ་སེར་བརྡོལ་བ་ལ་གོ་སྙོད་ཕྱེ་མ་དང་ཉ་ཤ་གཉིས་བསྡུར་བའི་ཁུ་བ་ཡང་ཡང་བསྐུས་ན་ཟུག་གཟེར་འཇོམས་ཤིང་མྱུར་དུ་སོས་པར་འགྱུར་རོ། ༈ །མིག་ཁ་བས་མི་ཕྱེད་པའི་སྔགས་ནི། ཨོ་ཙ་ལེ་ཙ་ལེ་གྲང་ལྡེར་ཡེ་སྭཱ་ཧཱ། ཞེས་པའི་སྔགས་མཆིལ་མ་མིག་ལ་བསྐུ་ནས་འགྲོ་ན་ཕན་ངེས། ༈ །ཡང་མིག་རླུང་སེར་བུ་དང་ཁ་བས་མི་ཕྱིད་པའི་གདམས་ངག །བྱ་གོང་མོའི་མིག་རྡོག་དེ་རང་གི་མིག་ལེན་ཐོད་པར་སྐྲ་ལ་བཏགས་ན་ཕན་ནོ། ༈ །སོ་སྲིན་སྔགས་ནི། རྫས་བོང་ང་ཞད་ཙམ། གླ་རྩི། ཆུ་དག །ཤིང་ཀུན། སྒོག་སྐྱ་བཅས་ཕྱེ་མ་སྨན་ལྟར་བརྡུང་ལ་སྔགས་འདི་ལྔ་བརྒྱ་བཟླས་ནས་ཕུ་བཏབ། ཨོ་སྲིན་བུ་ནག་པོ་སོད་སྭཱ་ཧཱ། རྫས་དར་ལིང་


JKT020_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གང་བྱུང་ནང་ཐུམ་པོ་སྲན་མ་ཙམ་བྱ། ཁ་དམ་དུ་བཅིངས་ནས་སོ་གང་ནའི་བར་དུ་བཙིར་ནས་མཆིལ་མ་ཡང་ཡང་ཕོས་ན་ཟུག་གཟེར་འཕྲལ་དུ་འཇོམས་པར་འགྱུར་རོ། ༈ །གྲེ་ཐོག་སྔགས་ནི། ཨོཾ་ཡ་འཛེར་སོད། ཁྲག་འཛེར་སོད། ཡ་མ་ནག་པོ་ཁྲག་འཛེར་སོད། ཅུ་གང་དང་འབྲི་བརྒྱའི་མར་ཐུད་ཀྱིས་རིལ་བུ་བྱ་ལ་སྔགས་ཅི་མང་བཏབ་ནས་ཟའོ། ༈ །དྲུང་མ་གླང་འཐབ་ཡང་ཟེར། ཁྱི་རྐུན་སྔགས་ནི། ཚྭ་ཐེབ་མཛུབ་གང་ལ་སྔགས་ཕྲེང་སྐོར་གཉིས་གསུམ་བསྔགས་ནས་ཆུ་ཁོལ་ཐག་ཆོད་པ་ཕོར་ཕྱེད་ཀྱི་ནང་བཏབ་ནས་འཐུང་ན་ཕན། སྔགས་ལ། ཕར་སོད། ཡང་གཅིག་ལ། གཤིན་རྗེ་གླང་ཞོན་འབར་བ་ཏིས་ཏིས་སོད། དེ་གཉིས་གང་བྱུང་སྔགས་ན་ཤིན་ཏུ་ཟབ། སྔགས་ཆུ་འདྲའོ། ༈ །གྲང་བ་འགྲམ་གཞི་འདུ་བའི་སྔགས། ལུག་ཕོ་དཀར་ནག་གི་སོག་བལ་གཡོན་པའི་སྲུང་སྐུད་སུམ་སྒྲིལ་ཁྲུ་དོ་པ་ཞིག་ལ་སྔགས་འདི་སྟོང་ཕྲག་གསུམ་བཟླས་ནས་སྐེད་པར་བཅིངས། སྔགས་ནི། ཨོ་ཐེབ་ཐེབ་ཁྲོབ་ཁྲོབ་ཆོད་ཆོད་ཁྲག་ཡམ་སོད། རླུང་ཡམ་སོད། སྲིན་ཡམ་སོད། གཉན་ཡམ་སོད། དམར་སྨུག་འཁྱིལ་པ་སོད། འཆང་བ་པོ་ལ་ཡ་མའི་གནོད་པ་སྲུངས་ཤིག །ཅེས་བསྔགས་གྲངས་སོང་ན་ཕན་ངེས་སོ། ༈ །ལུས་ལ་རྨ་སྲིན་དང་རྒྱ་ཐོར་རྫས་སྔགས་ལ། རྫས་ནི། སྤོས་དཀར། ཆུ་དག་ནག་པོ།


JKT020_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཟི་ནག་པོ། བོང་ང་ཅུང་ཙམ། མི་རུས་བཙའམ་སྔར་གྱི་རུས་པའོ། །བསྲེགས་པའི་ཐལ་བ་བཅས་སྨན་ལྟར་བརྡུང་བའི་ཕྱེ་མ་ཕག་ཚིལ་དང་སྦྱར་ནས་དེ་ལ་སྔགས་འདི་བགྲང་། ཨོ་རྒྱ་གྲི་ཝ་ཧཱུྃ་ཕཊ། ནཱ་ག་རཾ་རཾ། །ཞེས་དང་། ཐེང་ཆོག་སྤྱི་འཇོམས་སྔགས་འདི་བཏབ། ཨོ་ཀ་རུ་ནན། དེ་རུ་ནན། འབྲུག་ཐོག་ནན་ཏེ་སོད། གནམ་ལྕགས་རྡོ་རྗེ་ཁ་ལ་བྲ། གནམ་ལྕགས་རྡོ་རྗེ་དུ་ན་བྲམ། གནམ་ལྕགས་ཐིབ། བེ་ཁྱིམ་སྭཱ་ཧཱ། ཁྲི་ཚོ་གསུམ་དུ་སོང་བས་ན། །མཛེ་རིགས་བཅོ་བརྒྱད་ལྡང་ན་ཡང་། །མར་དང་ཉི་མ་བཞིན་དུ་འགྲོ། །རྨ་ཤུ་ལ་བསྐུས་ནས་ཉི་མ་ལ་བགེད་ན་ཕན་པ་མྱོང་གྲུབ་བོ། ༈ །གོང་གི་ནད་འདིའི་ཐོག་དེང་སྐབས་རྒྱ་ནད་ཚ་དབལ་ཟེར་བ་ལུས་ཀྱི་དྲོད་ཁུང་གང་ལ་རྨ་བྱི་བས་ཡུངས་བཤོར་བ་ལྟ་བུ་ཁྲག་དང་ཆུ་སེར་རྡོལ་བ་ཅན་ཞིག་འོང་བ་དེ་ལ་གོང་གི་རྫ་ས་སྟེང་ཁམ་བུའི་ཚིལ་བུ་དང་། ར་གསེབ་ཀྱི་ཁྲག་སྐམ་ཕྱེ་མ་ལྷན་དུ་བསྲེ་ནས་ཕག་ཚིལ་འཕྲི་ནས་ར་གསེབ་ཀྱི་ཚིལ་བུ་དང་སྦྱར་ནས་དེ་ལ་སྔགས་འདི་ཁྲི་གཅིག་ཟེར་ཡང་གྲངས་ཅི་མང་དགོས། བཟླས་ནས་བསྐུ། སྔགས་ཆུ་བྱང་ཁོག་ཏུ་བཏང་ངོ་། །ཨོ་རྒུར་ལོ་རྒུར་ལོ་ཆུར་འཇམ་ཧྲི་ལ་སྭཱ་ཧཱ། ཞེས་བཟླས་ཕན་པ་མྱོང་གྲུབ་བོ། ༈ །གཟའ་གྲིབ་སྔགས། ཨོཾ་ཤོ་པཉྩ་ཏྲི་དུ་ཏྲི་དུ་ཡེ་སྭཱ་ཧཱ། བུ་ཙ་བུ་ཙ་གཟའ། བུ་ཙ་དྷ་ན་ཡེ་སྭཱ་ཧཱ། ཞེས་པ་ལ་ཆ་དང་གུ་གུལ་


JKT020_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ལ་སྔགས་ནས་བདུག །སྔགས་ཆུ་བྱང་ཁོག་ཏུ་བཏང་། ཕུས་བྲབ་བོ། །རང་གི་རྣམ་འཇོམས་སྔགས་རིང་ཐུང་དང་རྟ་མགྲིན་སྔགས་བཅས་བཟླས་ནས་གཟའ་སྔགས་དང་སྦྲེལ་བར་བྱས་ནས་མི་ཟོག་བེའུ་གསུམ་བཞི་སྔགས་པས་སོས་པ་མྱོང་གྲུབ་བོ། ༈ །ལག་པ་རྩ་དཀར་ན་ནས་ཞྭ་རེངས་བྱུང་ན། མར་རྙིང་དང་ཕག་ཚིལ་སྦྱར་ནས་སྔགས་འདི་བཏབ། ན་སར་བསྐུ། མེ་ཉི་ལ་བགེད། སྔགས་ནི། ཨོ་འདུར་འདུར་ཤ་སོབ། དེས་ཕན། ༈ །ཡང་གཅིག་ལ། སྐུད་པ་ཁྲ་བོ་ལ་མདུད་པ་དགུ་བརྒྱབ། མདུད་པ་རེ་ལ་སྔགས་ཕྲེང་སྐོར་རེའི་ཕུ་བཏབ། ཨོ་ཁྲག་འབྲུམ་བུར་རྩ་གཟེར་འབྲུམ་སོད། ཅེས་སྔགས་སྐུད་པས་ན་སར་དཀྲི་ན་ཕན་པར་འགྱུར་རོ། ༈ །གནམ་ཆོས་སྲོག་སྒྲུབ་ནག་མོའི་ལས་མཐའ་སྔགས་ཡིག་ནས་ཁོལ་ཕྱུང་ལ། སྣ་འཚང་བ་འདོན་ན། ཨོཾ་ཡཾ་ཏོ་ལ་སོ་རྒྱོབ། དེས་སྔགས་སྣ་བུག་ཏུ་ཕུ་བྱ། ཀླད་པ་གཟེར་ན། ཨད་ཚ་གར་བ་སྭཱ་ཧཱ། ཞེས་བཟླས་སྣ་བུག་གཉིས་ལ་ཕུ་བྱ། ༈ །གྲེ་ཆམ་བྱུང་ན། ཧཱུཾ་ཀར་ཏྲ་མ་ལ་སྭཱ་ཧཱ། སྔགས་བཟླས་པའི་མཆིལ་མ་མིད་ཅིང་རང་གི་སྐེ་ལ་བྱུགས། གཞན་ལ་སྔགས་ཆུ་བྱའོ། ༈ །ཆམ་པ་བྱུང་ན། ཨོ་སུབ་བདུད་ནག་མོའི་སྲོག་ལ་རྦད། རང་གི་སྣ་བུག་གཡོན་པར་ཕུ་བྱའོ། ༈ །རྟ་ཟོག་ཕྱིས་སྲུང་ལ། ཨོཾ་ཀྲ་མ་སྒོ་ཁོག །ཀྲ་ཁྱི་མ་སྒོ་


JKT020_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཁོག །ག་ག་མ་སྒོ་ཁོག །འབྱུང་བ་འདུས་པའི་སྒོ་ཁོག །ཅེས་དབུ་ཅན་ཚིག་ཤད་མེད་པར་བྲི་ནས་ཤོག་ཆགས་བྱ། རྫས་ཉ་ཤ །ཉ་སྦྲིད། གྲུ་ཀོ་བཅས་བཞག །རང་སྔགས་དང་ཡེ་དྷར་སྟོང་ཕྲག་གཅིག་བཟླས་ནས་འགོགས་རྣམས་ལ་ཕུ་བྱ། དགོང་མོ་བྱ་ཉལ་དུས་རྔ་མ་ལ་བཏགས་དགོས། བིའུ་བཙའ་ཁར་ཚུར་ལེན་དགོས། ༈ །སེམས་ཅན་ཁ་ཚ་བསྲུང་བ། ཁ་ལ་ཕོག་ན་ཁ་ལྕེ་རིམ་གྱིས་ཤུས། རྐང་ལག་ལ་ཕོག་ཚིག་དང་ནུ་བཞི་བུད། གྲོད་པར་ཕོག་ན་དམར་སེར་དུད་ཁུ་འཁྲུ། དེ་ཉིད་སྲུང་བའི་ཁ་བ་གངས་ཆུ་ལ། སྔགས་འདི་ཁྲི་གཅིག་བགྲང་ནས་བླུད། ཨོ་མེ་ལྟར་འབར་བ་སོད། ཆུ་ལྟར་ཁོལ་བ་སོད། དམར་མོ་ཁྲག་ལྡག་སོད། སྔོན་མོ་རྐང་ལྡག་སོད། རམ་ཞི་རམ་སོད། ཅེས་དང་། སྔགས་ཆུ་གངས་ཆུ་འདྲ། ཨོ་ནག་པོ་གྲི་ཁ་མ་སིདྡྷི་སོད་སྭཱ་ཧཱ། འདི་གཉིས་ཟབ། ༈ །བརྣང་སྔགས་ལ། གོ་བོའི་གྲེ་བ་ཆུས་བཤལ་བའི་ཆུ་ལ་སྔགས་འདི་སྟོང་ཕྲག་གཅིག་བཏབ་བླུད། སྲམ་སྤུ་སྣ་ལ་བདུག །རྟ་ཟོག་ཕོ་གཡས་མོ་གཡོན་རྣ་བ་རང་གི་ལྷམ་སྒྲོག་གིས་སེ་ཆིངས་བདུད་དུ་བཅིངས། ཨོ་རཀྵ་སྤུ་གྲི་ཧ་གཟོ་ན། སེམས་ཅན་བརྣང་འདྲེའི་ཙིཏྟ་རྦད། ཅེས་པའོ། །འདིས་གཟི་དང་བྱི་རུ་གཡུ་སོགས་མིད་འཇང་ཤོར་ན་སྔགས་ཕུ་བཏབ་ལོན་པར་བྱུང་རང་གི་ལག་བླངས། ༈ །སེམས་ཅན་


JKT020_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

འོ་མ་མ་བྱིན་ན། ཚྭ་འདོང་གང་ལ་སྔགས་འདི་བཏབ། ཅུང་ཙམ་ལྡག་བཅུག །སྔགས་ནི། བསྲོ་ཧེར་མ་ནག་པོ་ལྕགས་ཀྱི་མཆེ་བ་ཅན་བཞོན་འདྲེ་དཀར་འགོང་སྙིང་ལ་རྒྱུག་ཅིག ༈ །ཡང་གཅིག །ཨོཾ་ཙིཏྟ་སྡུད་སྡུད་མ་མ་ཡཾ་ཡཾ་གནོད་བྱེད་དམ་སྲི་ཕོ་མོའི་ཁ་ཆིངས། ཞེས་པ་འབྲི་ལ་ཤུག་པ། བ་དང་མཛོ་མོ་ལ་གླང་མའི་བྱང་བུ་ལ་ཕྲེང་གཅིག་བྲི་ནས་རྒྱབ་ཏུ་ཐིག་ལེ་འདི་ལྟར་བྲི། ༔ རང་སྔགས་དང་ཡེ་དྷར་བརྒྱ་རྩ་བརྒྱད་ཀྱི་སྔགས་ཕུ་རབ་གནས་བྱ། བརྡུང་ན་སྐེ་ལ། འཕགས་ན་རྔ་མ་ལ་བཏགས་སོ།། ༈ ལུག་དཀར་མོ་གྲེ་འགགས་སྔགས། རྫས་ཁྱུང་ལྔ་ཆུ་ལ་བཏབ་པའི་སྔགས་༔ ཆུ་བྱ། ཨོ་ཨ་ཝ་ད་ཤ་ལ་ན་ན་ཧི་གི་ཧི་གི་ཧི་ཤག་ཤག །མང་དུ་བཏབ་པའི་སྔགས་ཆུ་ཁོག་ཏུ་བཏང་ཞིང་ཕུ་བྱ་ཕན། ༈ །ཁྲ་བྱིས་ལོ་ཏོག་རྡེབ་ན་ཁ་ཆིངས་སྔགས་ནི། གཏོར་སྐམ་ཕྱེ་མ་ལ་སྔགས་ནས་གཏོར། ཨོ་ར་ཙང་ར་ཙང་བྲི་རི་ཤད་བྲ་བྱི་ཨུ་ཙ་ཏ་ཡ་ཕཊ། ༈ །ཡང་གཅིག །ཡོས་འབྲུ་དང་བྱེ་མ་གང་བྱུང་ལ་སྔགས་གཏོར། ཨོ་ཙི་རི་མི་རི་བྲ་བྱི་གདུག་པའི་ཁ་ཆིངས། ༈ ཞིང་ལ་བཙའ་བྱུང་ན། ཤིང་དྭང་མའི་ཐལ་བ་ལམ་བཞི་མདོའི་ས་བཅས་ཆུ་བོ་རྒྱུན་འབབ་ཀྱི་ཆུ་དང་བསྲེ་ལ་སྔགས་ཆུ་བྱ། ངག་བཅད་ཁྲི་གཅིག་བགྲང་ནས་ནངས་སྔ་མོ་ཟིལ་བ་ཡོད་དུས་གཏོར། ཨོཾ་ཨ་ཏ་ནག་པོ་བཙའ་ཕྱེས་ཕྱེས་གཏོར་གཏོར་ཡེ་སྭཱ་ཧཱ། ༈ །


JKT020_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་ཤ་རུས་ཟོས་ན། ཁྱི་ཤིང་བསྲེགས་པའི་ཐལ། ར་ནག་པོའི་ཁྲག །མུ་ཟི་ནག་པོ། གླ་རྩི་བུང་བཅས་སྔགས་ཆུ་དང་བསྲེལ་གཏོར། སྔགས་ནི། ཨོ་རྡེལ་རྡོ་སོད་མུག་ཆུང་ཤི་གནོད་བྱེད་འབུ་འདྲེ་ནག་པོའི་མཆུ་ཆིངས། སྔགས་གྲངས་མང་དགོས་ཕན། ༈ །སྣ་ཁྲག་མ་ཆོད་ན། ཨོ་རྡོ་རྗེ་འབར་བ་ཐིབ་ཐིབ་ཁྲག་ཏ་རཀྟ་རྦད་ཆོད། རྨ་བྱའི་མདོངས་དང་། བ་སོ་ཕྱེ་མ་ལ་སྔགས་བདུག ། སྣ་བུག་ཏུ་ཕུས་བཏབ་ཆད། ༈ །རྟ་བཙན་སླེབ་ཕོག་པ་ཡིན་མིན་རྔ་མ་ཚོམ་གཅིག་ལེན་ནས་ལག་པ་གཉིས་ཀྱི་ཤུགས་ཀྱིས་འཐེན་པས་ཆད་འགྲོ་བ་ཚིག་འཁུམ་དུ་སོང་ན་སླེབ་ཡིན། དེ་མ་སོང་ན་དུག་སོགས་གཞན་དུ་བརྟགས། བཙན་སླེབ་ཀྱི་སྔགས་ནི། ཨོཾ་བཙན་དྲི་དམར་པོ་ཐོག་ལྟར་རྒྱུག་པ་སོད། བཙན་བདུད་ཁ་ཤོའི་སྲོག་ལ་མཱ་ར་ཡ་ཛ་ཛ༔ ལྕག་ཚན་ལ་སྔགས་ནས་བྲབ། ལྷམ་དོས་ཀྱིས་བརྡུང་། ཐོད་དཀྱིལ་དང་། མིག་གི་སྔ་ཚོའི་གཤོང་དང་། ཚོང་རའི་བཞི་མདོ་བཅས་ལ་མེ་བཙའ་ཆེ་བ་རེ་བཞག །རྟ་མགྲིན་སྔགས་རིང་ཐུང་སོགས་སྔགས་ནས་ཕུ་བྲབ་བྱ་ཕན་ངེས་མྱོང་གྲུབ་བོ། ༈ །མི་ཟོག་གང་ཡང་བུ་དང་ཤམ་མ་ཐོན་ན། བ་མ་ལུ་ལུ་ཆུར་སྦྱང་བའི་ཁུ་བ་ནང་གཡེར་མའི་ཕྱེ་མ་ཞད་ཙམ་བཏབ་པའི་སྔགས་ཆུའམ། ཡང་ན་མར་གྱི་ལྕང་མོའི་གཟུགས་དགུ་བཟོ་ལ་སྔགས་ཁྲི་ཕྲག་


JKT020_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བཏབ་ལ་ཁོག་ཏུ་བཏང་། སྔགས། ཨོ་སྲིད་པ་ནུར་ནུར། སྲིད་པ་ཁྲོལ་ཁྲོལ། སྲིད་པ་ཤིག་ཤིག །འབྱུང་བ་འདུས་པའི་སྒོ་ཕྱེས། ༈ །སེམས་ཅན་རྒྱུ་མཁྲིས་སྔགས། རྒྱུ་ཡར་འཁྲིལ་མར་འཁྲིལ་བདུད་ཀྱི་ཐན། ཡར་འཁྲིལ་ཡར་ལ་དབུགས་མི་འགྲོ། མར་འཁྲིལ་མར་ལ་རྩ་མི་ཐོན། དོན་དུ་རྒྱུ་སྒྲོག་གི་རྒྱུ་མ་བཅིངས་པ་ཡིན། འདི་ལ་ལག་བཅོས་འགའ་རེ་ཡོད་ཀྱང་ལག་ཁྲིད་དམིགས་བསལ་བྱས་ན་ལས་གོ་དཀའ། བཅོས་ཉེས་དོགས་པས་མ་བྲིས། རྒྱ་ཚྭ་ཞད་ཙམ། གཡེར་ཁུ་ཚགས་རྒྱབ་པའི་ཁུ་བ་ལ་སྔགས་ཆུ་བྱ་ཁོག་ཏུ་བཏང་ཞིང་། སྒལ་མདུད་ཐེར་ཁུག་གཉིས་ལ་ཕུ་བྱ། འདི་ལ་ནོར་གཟུངས། གྲ་ལྔ། ཟབ་མདོ་སོགས་རིམ་གྲོ་ཡང་བྱ་སྲོལ་འདུག །སྔགས། ཨོ་ཨ་ཐུ་སོད། རྒྱུ་ཐུ་སོད། རྒྱུ་ཐུ་མདུད་ལ་དགུ་ཁྲིས་ཁྲོལ། ཅེས་པས་ཕན། ༈ །མི་ངན་དྲེག་པས་བདག་ལ་གནོད་པའི་གྲོས་ངན་ཤམ་པ་བྱུང་ན་ནང་བཤིག་བཏང་བ་ནི། གྲོ་ཡོས་ཐེབ་གང་ལ་སྔགས་འདི་བདུད་ཉི་ཕུང་ཉི་ཉི་ནག་སོགས་གཅིག་དང་སྤྲད་ལ་ཉིན་གཅིག་བསྒྲུབ། མཆིལ་མ་གྲེ་བར་མི་བཏང་། གཞན་དང་ངག་མི་བསྲེ། ཨོཾ་ར་ཏྲི་རུ་ཏྲ་རེ་མ་ཏྲི་ཡ་ཕོབ་ཡ་ཕྱེས་ཡ། ཧ་ཡ་ར་ལ་ཝ་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོ་རྒེམོ་འདི་དང་འདི་རྣམས་ཀྱི་གྲོས་ངན་མདུན་གྲོས་ངན་པ་ཤིག་ཅིག །གཏོར་ཅིག །ཕྱེས་ཤིག །


JKT020_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྲུབ་པར་གྱུར་ཅིག །ཅེས་མུན་རུབ་ལ་དགྲ་བོའི་ཁང་པ་མཐོང་སར་སོང་ལ་དགྲ་ཕྱོགས་སུ་རླུང་རྒྱུ་བ་དང་སྤྲད། གྲོ་ཡོས་གཏོར་ནས་གོང་གི་སྔགས་དམོད་བརྗོད། དགྲ་བོ་དེ་རྣམས་རྔ་མོང་ཐལ་ཀའི་སྟེང་དུ་བསྐྱོན་ནས་འཇིགས་པའི་རླུང་ནག་འཚུབས་མས་ལྷོ་ནུབ་ཕྱོགས་སུ་གཏོར་སོང་བར་དམིགས། ཟབ། ༈ །རྣལ་འབྱོར་པ་བྱེས་ལམ་སོགས་ལ་ཀ་ཆ་རྟ་ནོར་རྐུན་ཇག་གི་འཇིགས་པ་བྱུང་དོགས་ན། ཇིལ་བ་ནག་པོ་གཅིག་ལ་གྲི་ཁྲག་གིས་ཡི་གེ་ཧཱུྃ་གཅིག་བྲི། དགྲ་བོའི་བླ་རྡུལ་དུ་དམིགས། ལྷམ་གཡོན་པ་ལྕགས་ཁང་སྒོ་མེད་པ་མུན་འཐིབ་ཀྱི་ནང་དུ་དགྲ་རྐུན་ཇག་པ་ཐམས་ཅད་ཚུད་པར་བསམས་ལ་དྲིལ་བ་བླུགས། དེ་ལ་སྔགས་འདི་བགྲང་ནས་ཟངས་ལྕགས་སྨྱུག་སོགས་སྦུ་གུས་ཕུ་བྱ། ཨོཾ་དྷ་རི་ནག་པོ་ཁ་ཆིངས། ཡ་མ་ནག་པོ་ཕུས་ཆིངས། ཙིཏྟ་ནག་པོ་སེམས་སྒྲིབས། རྨུགས་རྨུགས་ཐུམ་ཐུམ་དྲིལ་དྲིལ་དགྲ་རྐུན་ཇག་པའི་ལུས་ངག་ཡིད་གསུམ་ཆིངས་ཆིངས་ཐིབ་ཐིབ། བརྒྱ་རྩ་རེའོ། །ལྷམ་སྒྲོག་དེ་སྦྲུལ་ནག་མགོ་དགུ་པ་ཞིག་གི་ལྕགས་ཁང་ནག་པོ་དེ་འཆིང་བར་བསམས་ལ་ལྷམ་དེ་བཅིངས་ནས་རང་གི་ཉལ་མང་ཞབས་སུ་མནན། རང་ཉིད་གསེར་གྱི་མཆོད་རྟེན་བསྒོམ། ཕྱིར་ནང་འགྲོ་ཁ་ལྟ་བུ་ཚུར་བཏོན། རྡེལ་བ་དེ་རས་ཁུག་ཏུ་བླུགས། སྔགས་བརྒྱ་རེ་བགྲང་། འགྲོ་གིན་ཕུ་བྱ། །ཟབ། ༈ །ཕ་རོལ་པོ་དང་རྩོད་རྒྱལ་ལ་མདའ་


JKT020_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རྟ། བང་འདྲེན། ཡི་གེ། གླ་ཁ་ལྟག་སྤྲོད་ཀྱི་བར་དུ་བསྒྲུབ་བྱ་བཞག ། སྐུད་པ་དཀར་ནག་རྒྱན་ཆོ་ལོ་ཤཱ་སོགས། གིས་རྒྱ་གྲམ་དུ་བཅིངས། རྐང་པ་གཡས་པའི་ལྷམ་ཚང་བྱ། །ལིངྒ་ལ་ཕ་རོལ་པོ་དངོས་སུ་བཀུག་ཅིང་བསྟིམ། སྔགས་འདི་ཀེ་ཤང་ལ་ཅི་འགྲུབ་བཏབ་ནས་བྲབ། ཨོ་ཙ་པ་ཨ་པ་ན་ཡ་ཧཱུྃ་ཕཊ། རཀྵ་འགྲིག་ཐལ་ནན། ཆ་མོའི་སྟོབས་ནུས་དབང་ཀླུང་ཆིངས་ནན།། ༈ རྩོད་རྒྱལ་ཟ་ཡིག ། སརྦདིཧཱུྃཡཧ གུ་གུལ། མུ་ཟི། སྤང་སྤོས། ཁུ་བྱུག་ཤ ། ༼འདིའི་ནང་རི་མོ་ཡོད།༽


JKT020_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་གྱི་སྙིང་བཅས་བྱུགས། ཉིན་རེ་བདུན་རེ་ཟའོ། །རྒྱ་ཤོག་རྒྱ་སྣག་གོ། ༈ །ཤོ་རྒྱན་རྒྱལ་བར། ཕ་ཝཾ་སྒོ་འབྱེད་གཟུགས་ཤ་འདབ་ལ་ཐིག་ལེ་དཀར་པོ་ཅན་ཞིག་ཡོད་དེ་རྙེད་ན་ཤིན་ཏུ་ལེགས། ཚང་བ་ཞིག་དར་དམར་པོའི་ནང་དྲིལ། སྔགས་འདི་ཁྲི་གསུམ་བཏབ། ཨོ་ཝ་ཏི་བི་བི། རང་གི་མཆན་ཁུང་གཡོན་དུ་ཁྲིད། ཤྭ་རྒྱན་སྐབས་རང་གི་ལག་པ་གཉིས་ཀྱིས་འཕུར་དགོས། ༈ །རྣལ་འབྱོར་པ་ལམ་ཞུགས་སྐབས་ཁ་ཆར་གྱིས་གནོད་པ་བྱུང་ན། དར་ལིང་སྔོན་པོ་ཞིག་རྒྱ་ཁབ་ཀྱི་མིག་ཏུ་བླངས་ནས་སྔགས་འདི་ཅི་མང་བཟླས་ནས་ཕུ་བཏབ། དེ་ཞྭ་ལ་འཛེར་སོང་ན་ལམ་ཆར་ཁོག །ཚྭ་རྩམ་གུ་གུལ་སྔགས་ལ་བདུག །ཨོཾ་ནཱ་ག་རཱ་ཙ་བཛྲ་ཙི་ར་ལ་ཕུ་ཕཊ་ཤིག་ཤིག་སྤྲིན་གཏོར་ཐུལ་ཐུལ་རཾ་རཾ་ཧཱུཾ་རྦད་ཕཊ་རཾ་སྭཱ་ཧཱ། རང་ཉིད་མེའི་བྱ་ཁྱུང་ནམ་མཁའ་བར་སྣང་ས་གཞི་ཁེངས་པ་ཞིག་བསྒོམས་ནས་སྤྲིན་ཕྱོགས་གང་ན་འཐིབས་པ་དེ་མེ་ཡི་ཕུང་པོས་བསྲེགས་གཏོར་སོང་བར་བསྒོམས་ལ་ཕུ་བྱ་སྡིག་མཛུབ་གཏད་དོ། །ཨ་ཙ་ར་དམར་པོ་ཟབ། ༈ །མིག་བད་ཀན་སྐྱ་རིབ་ཀྱི་སྔགས་ནི། མཐིང་རྡོ་ཟངས་སྡེར་སྣུམ་མེད་པའི་ནང་བརྡར་བའི་ཆུ་ལ་སྔགས་འདི་གྲངས་མེད་བཟླས་ནས་ནངས་སྔ་མོ་མིག་ལ་བསྐུས་ན་རབ་རིབ་སེལ། ཨོ་རིབ་ཐང་ཧཱུྃ་འབིར་སྭཱ་ཧཱ། ཨོཾ་སུ་ར་ལོ་མ་བྷེ་སྭཱ་ཧཱ། ཞེས་པས་ཕན། ༈ །ནོར་ཕྱུགས་ཀྱིས་ནངས་སྔ་མོ་ཟིས་རྩྭ་ཟས་སྙེད་ལྟ་བུའམ།


JKT020_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་སྐབས་སྐབས་ཁོག་པ་སྤོས་ནས་ཤི་ཉེར་འོང་བ། དེ་ལ་རྔ་སྙིང་རྩེ་མོ་མགོར་སྤུ་བཞར་བའི་མེ་ཆེ་བ་རེ་བསྲེག་ན་ཟུག་གཟེར་འཕྲལ་དུ་འཇོམས་ནུས་སོ། ༈ །སེམས་ཅན་ལ་ཟེར་མ་ཕོག་ན་ཉལ་ལངས་མང་པོ་བྱེད། ལྕི་བ་བཙིར། སྐེད་པ་མྱང་འགྲོས་བྱེད། སྐེ་འཁྱོགས། མགོ་བོ་བསྐོར་བ་སོགས་འོང་། དེ་གཟའ་གྲིབ་དང་ཧ་ལམ་སྡེ་གཅིག །དེ་རིགས་ལ། ལ་ཆ་བདུག །ཁང་མགོ་མི་རིག་པའི་སྤོ་ཐོ་དུམ་བུ་དགུ་བརྒྱབ། སྔགས་འདི་བགྲང་ལ་མགོ་དང་རྣ་ཁུང་དུ་ཕུ་བྱ། སྔགས་ཆུ་ཁོག་ཏུ་བཏང་། ༀ་གཟའ་ཁ་ཏྲ་རུ་ཏྲ་རཱ་ཧུ་ལ་རཀྟ་རྒྱུག་ནན། ཅེས་པས་ཕན་ངེས། ༈ །རྟ་དྲེལ་སོགས་ནོར་ཕྱུགས་ཇོ་སྔགས་ལ། མེ་ཏོག་བྱ་རྐང་དང་། རྒྱ་རྩི་དུག་ལོ། མུ་ཟི་སེར་ནག་གང་བྱུང་བཅས་ཕྱེ་མ་ཞིབ་པར་བཏུལ། དེ་ལ་སྔགས་འདི་བཏབ། ༀ་འབར་བ་འབར་བ་སོད། འབར་བའི་ལུས་ལ་མེ་འབར་བ་སོད། ཁྲག་གི་ཆུ་སེར་གཏིང་ནས་སྐམ། རྒྱ་འདྲེ་ནག་པོ་བ་ལུམ་སོད། རྫས་དེ་ཕྱི་ཚིལ་ཕག་ཚིལ་གང་བྱུང་དང་བསྣོ་ལ་བྱུགས་པས་ཕན་ངེས། སྔགས་གྲངས་སོང་བ་གནད་དོ།། ༈ །།དམ་ཅན་སྐྱེས་བུའི་དགྲ་ཆིངས་ཟབ་མོ་བཞུགས་སོ། །ན་མོ་གུ་རུ། ནམ་མཁའི་སྙིང་པོས་ཨོ་རྒྱན་པདྨ་ལ་ཕུལ་བའི་ཇག་ཆིངས་ཀྱི་རིག་པ་ནི། ཙཀྲ་ཇི་སྐད་བཤད་པ་བཞིན་བྲིས་ལ། བྱེས་སུ་འགྲོ་དུས་སྐེ་རགས་སུ་བཅུག །ནུབ་མོ་ཉལ་


JKT020_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་གཡས་སུ་བཞག་ལ་ལན་གསུམ་བདབ། ཁྱིམ་དུ་བཞག་ན་རྐུན་མ་མི་འོང་། རྟ་བྲེས་སུ་བཞག་ན་རྟ་ཕྱུགས་རྐུན་མས་མི་ཁྱེར། དེ་ལ་ཙཀྲ་ནི། དམ་ཅན་སྐྱེས་བུའི་ཁོག་པར་སྔགས་འདི་བྲིའོ། །ཨོ་ཨི་དཾ་རཀྟ་ཙ་མུ་ན་མཱ་ར་ཡ་དོ་ནུབ་ཀྱི་ཙོ་རིའི་སྙིང་ཁྲག་རུས་པ་དུར་ཝ་དམ་ཅན་སྔོན་པོ་དགྲ་ཇག་རྐུན་གསུམ་ཆིངས་ཤིག །སྔགས་ཀྱི་དབུས་སུ་ཏྲ་ལ་རྟ་ཁྲག་བྱུགས། དེའི་ཁོག་པར་མྲ་ལ་ར་ཁྲག་བྱུགས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དམ་ཅན་སྐྱེས་བུ་ཆེན་པོ་སྐུ་མདོག་མཐིང་ནག་ལྕགས་ཀྱི་སྡོང་པོ་ལ་མེ་ཡི་ཚྭ་ཚྭ་དམར་ནག་དང་མེ་ཕུང་འཕྲོ་བ། སྤྱན་དམར་ནག་མེ་ལྟར་འབར་བ། ཤངས་ནས་དུག་རླུང་འཐུལ་བ། ཕྱག་གཡས་རྡོ་རྗེ་དང་གཡོན་དགྲ་སྙིང་བསྣམས་པ། ཞབས་གཉིས་པད་ཉི་དགྲ་བགེགས་ཀྱི་སྟེང་ན་གཡས་གེལ་བའི་སྟབས་ཀྱིས་དགྲ་བགེགས་ཀྱི་སྙིང་ག་གཡོན་པུས་མོ་བཙུགས་པས་གསང་གནས་ནས་བརྫིས་པ། ཕྱོགས་ཀྱི་དགྲ་རྐུན་ཐམས་ཅད་འཇོམས་པར་བསམས་ལ། སྔགས་བརྒྱ་རེ་བགྲང་། སྐར་མ་རྒྱལ་ལ་ར་ཚིལ་གྱིས་བསུར་བྱ། དགྲ་ཆེ་དུས་མགོ་ནས་དྲིལ། ནམ་མཁའི་སྙིང་པོས་ཨོ་རྒྱན་པདྨ་ལ་ཕུལ་བའི་གདམས་པ་ཤིན་ཏུ་ཟབ་པོ། །ཁ་ཐཾ། ༈ །ཡང་ཕྱག་ལེན་གཅིག་ལ། དམ་ཅན་གྱི་ཇག་ཆིངས་ལྕགས་སྒྲོག་མའི་ཙཀྲ་ནི། ཤོག་བུ་སོར་བཞི་པ་སྐང་གང་ལ། སྐར་མ་རྒྱལ་གྱི་ཉིན་པར་ར་ཁྲག་བསྲེས་པའི་


JKT020_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སྣག་ཚས་བྲི། སྒོག་པ། ཤིང་ཀུན། གུ་གུལ། གི་ཝཾ། ཨ་ག་ར། ཤུ་དག །རྒྱ་སྣག །མུ་ཟི་ཞད་ཙམ་ཆེ་བ། གླ་རྩི་རྣམས་ཞིབ་པར་བཏགས་ལ་བྱུགས། དེ་སྟེང་ར་ཚིལ་བྱུགས། ཚོན་ནི། དགྲ་ཇག་གིས་ཁྲབ་ཅན་མཐོང་བར་འདོད་ན་སྔོན་པོ། སྐྱེས་པའི་ཚོགས་མཐོང་བར་འདོད་ན་དཀར་པོ། བུད་མེད་མང་པོ་མཐོང་བར་འདོད་ན་སྔོན་པོ། བནྡེ་མང་པོ་མཐོང་བར་འདོད་ན་དམར་པོ་བྱ། འཁོར་ལོ་ངོ་བོ་དམ་ཅན་ལ་རྣམ་པ་ལྕགས་ཀྱི་སྡོང་པོ་མེ་ཡི་ཚྭ་ཚྭ་འཕྲོ་བའི་ནང་དུ་ཇག་རྐུན་ཐམས་ཅད་ཚུད་པ་དེ་མུན་ནག་ཐིབས་སེ་གཞོབ་ཧྲག་གིས་སོང་བར་དམིགས་ལ། དམ་ཅན་བསྐྱེད་བསྟིམ་བྱས་ལ་རང་སྔགས་མང་པོས་རབ་གནས་བྱའོ། །གུ་ཧྱ་ས་མ་ཡ། །འདིའི་ཞལ་ཤེས་ལ། འཁོར་ལོ་འབྲི་བ་ནི། དམ་ཅན་མངོན་རྟོགས་དང་མཐུན་པའི་ལྟོ་བར་ཏྲི། དེའི་ཁོག་པར་ཧཱུྃ། དེའི་མཐར་ཏྲིའི་གི་ཀུའི་སྟེང་ནས་བརྩམས་ཏེ་གཡས་བསྐོར་གྱིས། ཨོ་ཨེ་དཾ་སོགས་འབྲི། ཡན་ལག་བཞི་ལའང་། ཕྱག་གཡས་ཀྱི་ཕྱག་མགོ་དང་། གཡོན་གྱི་དཔུང་མགོ་བརླའི་རྩ་བ་གཉིས་ནས་བརྩམས་ཏེ་སྔགས་ཕྲེང་ཚར་རེ་འབྲི། རྫས་གོང་འོག་གཉིས་ཀ་བྱུགས། ཚོན་འོག་མ་ལྟར་རམ། སྤྱི་ཁྱབ་སྔོན་པོ་བྱ། དང་པོ་རབ་གནས་གོང་མ་ལྟར་བྱས། ལ་བཞི་ལྟེབ་ཕྲེད་དྲིལ་ནར་མོ་དང་། དེ་དུས་རྒྱུན་མཇུག་ནས་ཡར་དྲིལ་ལ་སྐེ་རགས་སྣེར་ཁུག་མ་ལྟ་བུ་བྱས་


JKT020_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཅུག །དགྲ་དོགས་ཆེ་དུས་མགོ་ནས་མར་དྲིལ། དུས་རྒྱུན་འོག་མ་ལྟར་རབ་གནས་ཁ་གསོ། དམ་ཅན་གྱི་གསོལ་ཀ་ལ་བརྩོན་པས་དགྲ་ཇག་ཆོམ་རྐུན་གྱིས་མི་ཚུགས་པ་མྱོང་བས་གྲུབ་པ་ཡིན་ནོ། །མངྒ་ལཾ།། ༈ །།རྨི་ལམ་བརྟག་ཐབས་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །མངོན་ཤེས་བསྒྲུབས་ནས་འགྲོ་བའི་དོན་བྱའོ། །པད་ཟླའི་སྟེང་དུ་རང་ཉིད་པད་འབྱུང་དཀར། །བརྐྱང་བསྐུམ་གྱིས་བཞུགས་རུས་པའི་རྒྱན་དྲུག་མཛེས། །ཕྱག་ན་གསལ་བྱེད་པད་སྡོང་དཀར་པོ་ནི། །སྨིན་མཚམས་ཐད་དུ་པདྨ་རྒྱས་པའི་སྟེང་། །པྲ་ཡི་ཌཱཀྐི་ཞབས་གཉིས་བཞེངས་སྟབས་བཞུགས། །ཕྱག་གཉིས་ཤེལ་བུམ་དངུལ་དཀར་མེ་ལོང་བསྣམས། །དེ་ལ་ཤེལ་གྱི་བུ་མོ་རྒྱན་མེད་གཅིག །བསྐོར་བ་བྱེད་ཅིང་བཞུགས་པ་གསལ་བར་གྱུར། །གནས་གསུམ་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། །ཛ་ཧཱུཾ་བཾ་ཧོ་གཉིས་སུ་མེད་པར་གྱུར། །བཛྲ་གུ་རུ་དྷཱཀྐི་ནཱི་ཨནྡྷཾ། པཏུཾ། པུཉྫ་སོགས། ཨོ། དངོས་གྲུབ་མཆོག་བརྙེས་ཡ་མཚན་སྤྲུལ་པའི་སྐུ། །སྐྱེ་འཆི་གཉིས་སྤངས་པདྨའི་ནང་ནས་འཁྲུངས། །འཁོར་བ་ཐུགས་རྗེས་སྒྲོལ་མཛད་ཐོད་ཕྲེང་སྐུ་ལ་གསོལ། །མཚོ་སྐྱེས་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །རང་གི་ཐུགས་ཀའི་འོད་ཀྱི་འཇིག་རྟེན་ལྷ། །མངོན་ཤེས་ཅན་རྣམས་ཐམས་ཅད་བསྡུས་ནས་ཀྱང་། །རང་དང་ལྷ་མོ་


JKT020_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་ཐིམ་པར་གྱུར། །བདག་ལ་རྨི་ལམ་མངོན་ཤེས་འདི་འདོད་པས། །ལྷ་ཀླུ་ཀུན་གྱི་བུ་མོ་ཁྱེད་གཉིས་ལ། །དྲིས་དང་ཤེས་ཞེས་ཟེར་བ་ཁྱེད་གཉིས་ཀྱིས། །བདག་ལ་དོ་ནུབ་གསལ་བར་བསྟན་དུ་གསོལ། །རང་དང་བུ་མོ་ཀུན་གྱི་སྔགས་བཟླས་གྱུར། །སྔགས་རྣམས་བརྒྱ་རྩ་བརྒྱད་དུ་བཟླས་པ་བྱ། །ཨོཾ་ཨཱཙྪཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཧཱིམ་ཧ་རི་ནི་ས་ཕུ་ཕུ་རུ་རུ་ཆུ་བུར་མིག་གི་སྒོ་སོལ་ཅིག ། དགོང་མོ་མདའ་མོ་བྱ་རྒོད་མར་དར་དཀར་མེ་ལོང་བཏགས་ལ་གཡབ། སྔགས་དེ་བརྒྱ་རྩ་བརྒྱད་དུ་བཟླས། གཉིད་ཁ་གང་འདོད་གསོལ་འདེབས་དང་། མོས་གུས་བྱས་ཏེ་དམིགས་པ་ཡང་ཡང་གསལ། རང་གི་འདོད་དོན་འདི་དང་འདི། །བསྟན་དུ་གསོལ་ཞེས་གསོལ་བ་གདབ། །རང་གི་དོན་རྣམས་མཐོང་བ་དང་། །མཁའ་སྤྱོད་ཨོ་རྒྱན་འོག་མིན་དང་། །སངས་རྒྱས་ཞིང་སོགས་སྲིད་གསུམ་མཐོང་། །འཕྲུལ་གྱི་མངོན་ཤེས་མེ་ལོང་འདི། །སྣོད་ངན་གཞན་ལ་སྤེལ་མི་བྱ། །རཱ་གས་བསྡུས་ཏེ་བྲིས་པའོ།། ༈ །།ཡང་རྨི་ལམ་བརྟག་པ་ནི། ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཧྲིམ་ཧ་རི་ནི་ས་ཕུ་ཕུ་ཏུང་ཏུང་ཆུ་བུར་མིག་གི་སྒོ་སོལ་ཅིག །ཨོཾ་ནན་ཏི་མི་མི་ཏི་མོ་ཏིང་ནི་མོ་ཙི་ལ་ས་མུནྟི་ཤན་མ་ཏ་མང་ལ་སྭཱ་ཧཱ། ཞེས་མང་དུ་བཟླས་པའམ། ཉལ་ཁ་བརྒྱ་རྩ་བརྒྱད་བཟླས་ནས། ཉལ་ཁ་དམོད་བཙུགས་གཞན་དང་གཏམ་མི་སྨྲ་བར་ཉལ་ན་


JKT020_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལོ། །ཨ་རཱ་གས་སོ། །འདིའི་ལག་ལེན་ལ་ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་དང་འགྲིགས་ན་རབ། གང་ལྟར་ཡང་ཉིན་མོ་རྩ་གསུམ་ཆོས་སྲུང་གི་ཚོགས་མཆོད་དང་བསྐང་བཤགས་བཅས་རྒྱས་།། པར་བྱ། ཉལ་ཁར་གོང་གི་སྒོམ་བཟླས་ནན་ཏན་བྱས་ལ། གཞན་དུ་གཏམ་སྨྲ་བ་དང་། རེ་དོགས་ཀྱི་བློ་སྤངས་ཏེ་ལྷའི་གསལ་སྣང་དང་མོས་གུས་ཀྱི་ངང་དུ་གཉིད་དུ་འགྲོ་བར་བྱས་པས་ཐོ་རེང་གི་དུས་མངོན་སུམ་དུ་ལུང་སྟོན་པའི་ཚིག་གམ། བརྡ་རྟགས་ཀྱི་རིམ་པ་གང་རུང་འབྱུང་བས་དཔྱད་ཤེས་པར་བྱའོ། །མངྒ་ལཾ།། ༈ །།དམ་པའི་ཕྱི་སྒྲུབ་བཞུགས། །དྲང་སྲོང་ཆེན་པོ་དུ་བའི་མདོག །མིག་དམར་སྐྲ་ཡི་ལྭ་བ་ཅན། །ཕྱག་གཡས་སྐྱབས་སྦྱིན་མཛད་པ་སྟེ། །གཡོན་པས་རྟེན་འབྲེལ་ཐུགས་ཀར་འཛིན། །སྐུ་སྟོད་གཅེར་བུར་ཕྱུངས་པ་ལ། །དུར་ཁྲོད་རུས་པའི་རྒྱན་གྱིས་བརྒྱན། །སྐུ་སྨད་བལ་ཐུལ་དཀར་པོ་གསོལ། །ཅེས་དང་། འདབ་བཞིར་རིགས་བཞིའི་མཁའ་འགྲོ་ཕྱག་མཚན་སྤྱི་མཐུན། ཐུགས་ཀ་ནས་འོད་ཟེར་དཀར་པོ་བྱུང་། བདག་གི་སྙིང་གར་ཐིམ་པས་དམ་པའི་ཐུགས་ལ་མངའ་བའི་རྟེན་འབྲེལ་ཏིང་འཛིན་བྱང་སེམས་སོགས་ཐམས་ཅད་ཐོབ་པར་བསམ། ཨོཾ་ཨཱཿཧཱུྃ་གུ་རུ་ཀ་མ་ལ་ཤཱི་ལ་ན་མོ་སིདྡྷི་ཧཱུཾ། མ་མ་སིདྡྷི་སརྦ་ཛྙཱ་ན་ཨ་བེ་ཤ་ཡ་གུ་རུ་ཤྲཱི་པཾ། ཞེས་དང་། མཐར་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུ། ལུས་གཟི་བརྗིད།


JKT020_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ནུས་པ། སེམས་རྟོགས་པ་འབར་བར་བསམ། རྗེས་ཆོས་ཉིད་ལ་ལ་བཟླའོ། །ཕྱི་སྐུ་འབགས་ལ་བརྟེན་ནས་སྒྲུབ་པའོ། ༈ །ནང་སྒྲུབ་ནི་རྟེན་བསྐྱེད་རྒྱས་འབྲིང་བསྡུས་གསུམ་ལྟར་དང་། ཡང་རྟེན་འབྲེལ་ལ་བརྟེན་ནས་སྒྲུབ་པ་ནི་བྱིན་རླབས་མི་ཡལ་བར་བྱ་བ་སྟེ། གཞན་འདྲ། ཨེ་ལས་ཆོས་འབྱུང་དམར་པོའི་སྟེང་དུ་སེང་གེའི་གདན་ལ་སོགས་པར་ལྟེ་བར་དམ་པ། འཁོར་གྲུབ་ཆེན་བརྒྱད། ཐམས་ཅད་ཀྱང་ཌ་རུ་ཐོད་པ་བསྣམས་པར་བསྒོམ། སྐུའི་གནས་སུ་རིག་འཛིན་གྲུབ་ཐོབ་ཐམས་ཅད་བསྒོམ། ཨོཾ་ཨཱཿཧཱུྃ་གུ་རུ་ཀ་མ་ལ་ཤཱི་ལ་ན་མོ་སིདྡྷི་ཧཱུྃ། ཞེས་གསོལ་འདེབས་ཀྱི་སྔགས་དང་། ཐེབས་རྟགས་བྱུང་ན། མ་མ་ཛྷཱ་ན་སིདྡྷི། སརྦ་ཨ་ཝེ་ཤ་ཡ་གུ་རུ་ཤྲཱི་བཾ་ཧ་རི་ནི་ས་སྭཱ་ཧཱ། བཟླས། གྲུབ་ན་ཅི་དྲན་ཅི་སྨྲས་ཅིར་སྣང་ཐམས་ཅད་རྟེན་འབྲེལ་དུ་འཆར་བ་ལམ་དུ་འགྲོའོ། །གསང་བ་བྱིན་རླབས་བཙན་ཐབས་སུ་དབབ་པ་ནི། དམ་པ་སྐུ་མདོག་མཐིང་ནག་ཁྲོ་བོའི་ཉམས་ཅན། ཨོ་ཨཱ་ཧཱུྃ་གུ་རུ་ཀ་མ་ལ་ཤཱི་ལ་ན་མོ་སིདྡྷི་ཧཱུཾ། མ་མ་ཛྷཱ་ན་སིདྡྷི་ཨ་བེ་ཤ་ཡ་ཨ་ཨཱ། གུ་རུ་ཧྲི་བཾ་ཧ་རི་ནི་ས་སྭཱ་ཧཱ། བརྗོད་པས་དམ་པའི་ཐུགས་ཀ་ནས་ཧཱུྃ་བར་མ་ཆད་པར་བྱུང་ནས་རང་གི་སྙིང་གར་ཐིམ་པར་བསམས། དེས་ཉམས་རྟོགས་དང་བྱང་སེམས་འཆར་རོ། །འདི་ལས་བར་པ་རྒྱུན་ཁྱེར་དུ་བྱའོ། །བྱིན་རླབས་བསམ་གྱིས་མི་ཁྱབ་པ་མྱོང་བས་


JKT020_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་གདམས་པའོ། །སརྦ་མངྒ་ལཾ།། ༈ །།འཆི་མེད་དྭངས་མ་བཅུད་འདྲེན་གྱི་བཅུད་ལེན་རིལ་བུ་སྒྲུབ་ཚུལ་ནི། ཐོག་མར་རྫས་རྣམས་དམ་ཚིག་སེལ་མེད་ཀྱི་ཕྱོགས་ནས་བསྒྲུབ་ཅིང་། རྫས་ཀྱི་གཞི་ནི་མོ་ཅོང་དྲོམ་རྡོམ་བརྡུངས་པ་མཛོ་ཞོར་ཞག་བཞི་ལྔ་ཙམ་སྦྱངས་པ་ལས། སླར་འོ་མ་དེ་གཞན་དུ་ཕོ་ནས་སྨན་གཞོང་ནང་དུ་ཞིབ་པར་བཏགས། དེ་ཉིད་མཛོ་འོ་བཞོས་མ་ཐག་པས་འདམ་བཏགས་སོ་མི་རྩེག་པར་བྱས་པར་ཉག་གསུམ་ཙམ་ལ། ཨ་རུ་གསེར་མདོག་རྡོག་ཉི་ཤུ། དེ་དང་མཉམ་པའི་བར་སྐྱུར། བཟང་དྲུག་བསྡོམས་པ་དེ་ཕྱེད། རྟག་དུ་ཨ་རུ་ར་དང་མཉམ་པ། བྲག་ཞུན་བཟང་དྲུག་བསྡོམས་པའི་དྲུག་ཆ་རྣམས་ཞིབ་བཏགས་འདྲེས་པར་བྱས་པ་དང་། འདིར་མ་བཤད་ཀྱང་ལྕགས་སྦྲུལ་དུག་བྲལ། དབང་ལག །གུར་གུམ་རྣམས་ཁ་ཚར་བཏབ། སེལ་མེད་ཀྱི་དམ་རྫས་གཏའ་དང་བཅས་སྦྲང་རྩིའི་དྭངས་མ་འོ་མ་དང་སྦྱར་བས་གོང་བུར་བྱས་པའི་རིལ་བུ་ཆེ་ཆུང་གང་འོས་སུ་བསྒྲིལ་ནས་མཚལ་གྱིས་ཁ་བསྒྱུར་བ་དམ་རྫས་ལྟ་བུ་དང་། ཡང་རྒྱུན་དུ་བཅུད་ལེན་ཁོ་ནའི་དབང་དུ་ན། དབང་ལག་གིས་བུང་བསྐྱེད་ཅིང་ཤེལ་དཀར་ཨ་རུ་ར་དང་མཉམ་པའང་བཏབ། སྦྲང་རྩི་ལྷད་མེད་ཀྱི་ཁུ་བའི་དྭངས་མས་རིལ་བུ་རྒྱ་སྲན་སུམ་འགྱུར་ཙམ་བསྒྲིལ་བ་ཐོད་པ་ལ་སོགས་པའི་སྣོད་དུ་དར་གྱིས་གཡོགས་ལ་མཎྜལ་གྱི་དབུས་སུ་བཞག །


JKT020_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྐྱེད་སྔོན་དུ་བཏང་། རིལ་བུ་ལ་བགེགས་བསྐྲད་ཁྲུས་གསོལ་བསང་སྦྱངས་སྟོང་པའི་ངང་ལས་ལྷར་བསྐྱེད་ཡེ་ཤེས་པ་བསྟིམས་ནས་མཆོད་བསྟོད་ནས། སྙིང་གའི་སྔགས་ཕྲེང་མདུན་གྱི་སྒྲུབ་རྫས་ཀྱི་ལྷའི་ཐུགས་ཀར་སྤྲོས་པས་ཐུགས་རྒྱུད་བསྐུལ་བར་བསམས་ལ་རྩ་སྔགས་སྟོང་ཙམ་གྱི་མཐར་མཆོད་བསྟོད་འོད་ཞུ་དམ་རྫས་བདུད་རྩིའི་རང་བཞིན་དུ་གྱུར་བའི་འོད་ཀྱིས་འཁོར་འདས་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་བསྡུས་པས་བདུད་རྩིར་འཁྱིལ་པར་བསམ་ཞིང་། རྩ་སྔགས་མཐར། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧཱིཋ། ཞེས་ཅི་ནུས་བཟླས་ནས་ཤིས་བརྗོད་བྱ། དེ་ཉིད་ནངས་རེ་བཞིན་མཛོ་འོ་བཞོས་ཐོག་གིས་རྟ་བྱས་ནས་ཕུལ་ན་བཤད་ཚོད་ཀྱི་དགོས་པ་འགྲུབ་ཅིང་། ཡང་རྒྱུན་གྱི་ཁམས་བབས་དང་སྦྱར་བའི་སྨན་གྱི་ཁ་བསྒྱུར་ཀྱང་གང་འོས་བཏང་ཆོག་པར་གསུངས་སོ། །ཤུ་བྷྲཱུྃ།། ༈ །།ཕག་མོ་ཟབ་རྒྱ་ལས། གནམ་གང་གི་ཉིན་རྐང་མཐིལ་གཉིས་བཀྲུས། ཙནྡན་དཀར་དམར་དང་། ཛཱ་ཏི། གླ་རྩི་རྣམས་ཞིབ་བར་སྦྱར། སྣུམ་གྱི་སྐུད་པ་བྱ། ཚེས་གཅིག་གཉིས་གསུམ་ལ་བྱིན་པ་མན་ལ་བྱུགས་པ་བྱ། དེ་དག་གི་ཚེ་གསང་གནས་སུ་ལས་ཀྱི་ཊཱ་ཀི་ཡབ་ཡུམ་སྦྱོར་བ་མཛད་པའི་བདེ་རྒྱུན་གྱིས་གསང་བའི་རྩ་འཁོར་ཁེངས་པར་དམིགས་ལ་རླུང་ལ་འབད། སྐབས་སུ་བསྐོར་ཞིང་གཅུད་པ་སོགས་སྨད་ཀྱི་འཁྲུལ་འཁོར་ལ་འབད།


JKT020_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་ཚེས་བཞི་ལྔ་དྲུག་རྣམས་ལ་ལྟེ་བ་དང་། བདུན་བརྒྱད་དགུ་ལ་སྙིང་ག །བཅུ་གཅིག །བཅུ་གཉིས་རྣམས་ལ་མགྲིན་པ། བཅུ་གསུམ་བཅུ་བཞི་བཅོ་ལྔ་རྣམས་ལ་སྤྱི་བོ། བཅུ་དྲུག་བཅུ་བདུན་བཅོ་%བརྒྱད་ལ་མགྲིན་པ། བཅུ་དགུ་ཉི་ཤུ་ཉེར་གཅིག་ལ་སྙིང་ག །ཉེར་གཉིས་ཉེར་གསུམ་ཉེར་བཞི་རྣམས་ལ་ལྟེ་བ། ཉེར་ལྔ་ཉེར་དྲུག་ཉེར་བདུན་རྣམས་ལ་གསང་གནས། ཉེར་བརྒྱད་ཉེར་དགུ་གནམ་གང་རྣམས་ལ་རྐང་མཐིལ་ཡན་ཆད་ལ་བྱུགས་པ་བྱ། དམིགས་པ་བྱ། བྱུགས་པའི་རྗེས་མར་དྲོས་སོ། །དེས་འབྱུང་བ་མི་འཁྲུགས་ནད་མི་འབྱུང་ཁམས་འཕེལ་ཞིང་རྒྱས་པས་དགེ་སྦྱོར་འཕེལ། བདེ་སྟོང་གི་ཏིང་ངེ་འཛིན་གྱི་ངང་དུས་འདའ་བར་འགྱུར་རོ། །ཨྠྀི། ༈ །།རྗེ་བཙུན་དམ་པ་རྒྱ་གར་སོགས་ནས་བརྒྱུད་པའི་མན་ངག་ཟབ་མོ་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཛཱ་ཏིའི་ཕྱེ་མ་དང་རྡོ་སོལ་བུམ་པར་བླུགས་ཤིང་ཁ་རྒྱན་བལ་བུའི་སྡོང་བུ་ལས་བྱས་ན་ཁོལ་ནས་རིམ་གྱིས་ལོ་མ་དང་མེ་ཏོག་འཆར་རོ། ༈ །ཉ་མཁྲིས། མི་ཀླད། རྒྱ་སྤོས། རུ་རྟ། ཕུག་རོན་གྱི་བྲུན། བྱ་རོག་གི་ལྕེ་དང་། སྙིང་རྣམས་ཆ་མཉམ་པར་བཏགས་ཏེ་རིལ་བུ་བྱ། སྦྲང་དང་སྦྱར་ནས་མིག་ལ་བྱུགས་ན་ས་འོག་གི་གཏེར་མཐོང་ངོ་། ༈ །རུ་རྟ་དང་ཤུ་དག་ལེགས་པར་སྦྱར་བ་ནུ་ཞོ་ལ་སྦྱར་ནས་མིག་ཏུ་བླུགས་པས་མིག་ནད་ཐམས་ཅད་སེལ། ༈ །


JKT020_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བྱི་ཏང་ཀ །མ་རུ་ཙེ། སོ་མ་རཱ་ཛ། དྲེས་མའི་འབྲུ། ཕུར་ཐལ་རྣམས་ཆ་མཉམ་སྦྱར་བའི་ཕྱེ་མ་ཤ་བའི་ཚིལ་བུས་སྦྲུས་པའམ། ཡང་ན་ཐང་ཕྲོམ་འབྲས་བུ། ལང་ཏང་རྩེ་གཉིས་ཆ་མཉམ་པའི་ཕྱེ་མ་ཤ་བའི་ཚིལ་བུ་དང་སྦྱར་ནས་དཀར་གོང་སྲིན་མེད་བསྲེགས་པའི་ཁར་བཞག་ཅིང་དུད་པ་སྣ་ནས་བདུག་པས་ཡ་མ་དང་། ཁ་ནས་བདུག་པས་སོ་སྲིན་སེལ་བར་ངེས་སོ། ༈ །སླེ་ཏྲེས་དང་བྲག་ཞུན་བསྲེས་པའི་ཐང་དྲོ་འཇམ་གྱིས་ཆུ་འགགས་སེལ་ལོ། ༈ །སེ་འབྲུ། ཤུ་དག །རྒྱམ་ཚྭ། ཡུངས་ཀར། ཏིལ་དཀར། ཨ་རུ། མུ་ཟི། བ་བླ་རྣམས་ཞིབ་པར་བཏགས་ནས་བྱུགས་ན་གདོང་པདྨའི་མདོག་ལྟར་འགྱུར་རོ། ༈ །བ་གླང་གི་ལྕི་བ་རས་ལ་བཙིར་བའི་ཁུ་བར་པི་ལིང་དུམ་གཅིག་བཏབ་པ་མིག་ལ་བྱུགས་པས་སྲོད་ལོང་སེལ་ལོ། ༈ །མུ་ཟི། སམ་སོལ། ཆུ་རྩ་སྐམ་པོ། ལ་ཆ། སོག་མའི་བར་ཚིག་བསྲེགས་ཐལ། སྙ་ལོའི་རྩ་བ་རྣམས་ཞིབ་པར་བཏགས་ནས་མར་ནག་ལ་བཙོས། མུ་ཟིལ་རེག་པ་ཙམ་གྱིས་མེ་འབར་བར་འགྱུར་རོ། །རྫས་རྣམས་ཞིབ་པར་བཏགས་ཏེ་མུ་ཟི་གསེབ་ཏུ་བཏབ་བོ། ༈ །ཝའི་མིག་གཉིས་གྲིབ་སྐམ་བྱས་ནས་ཕྱེ་མཆུ་ལ་སྦྱར་ཏེ་མིག་ལ་བྱུགས་ན་མིག་མཐོང་འབྱུང་ངོ་། ༈ །བྱ་རོག་གི་ལྕེ་སྙིང་མར་ཁུར་བཙོས་ཏེ་གྲིབ་སྐམ་བྱས་ཤིང་ཕྱེ་མ་ལན་བདུན་མིག་ལ་བྱུགས་ན་ས་འོག་གི་གཏེར་མཐོང་ངོ་། ༈ །མར་ནག་


JKT020_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཞུམ་བུའི་བྲུན་བཙོས་ནས་བྱུགས་ན་སྨ་ར་དང་སྨིན་མ་རྣམས་འབྱིའོ། ༈ །འུག་པའི་མིག་ཕྱེ་མར་བཏགས་ནས། མིག་གཡས་པ་དེ་རང་གི་གཡོན་དང་། གཡོན་པ་དེ་གཡས་སུ་བྱུགས་ན་མཚན་མོ་མཐོང་ངོ་། ༈ །གིའུ་ཝཾ་གྱི་ཕྱེ་མ་རང་བྱུང་གི་མེ་ཏོག་ལ་སྦངས་ནས་དཔྲལ་བར་ཐིག་ལེ་བྱས་ན་གང་བལྟས་པ་དབང་དུ་བསྡུའོ། ༈ །པི་ལིང་ཉེར་དྲུག །ཕོ་བ་རིལ་བཅུ་གསུམ་བཏགས། ཆང་ཞིམ་པ་བྲེ་གང་ཕུལ་བཞི་ཕུལ་དོར་བསྡུས་པ་ལ་སྨན་བླུགས་ཏེ་མོད་ལ་འཐུང་། ལུག་ཤ་གསར་པ་ལྷུ་གཅིག་ཟ། མལ་དྲོ་སར་ཉལ་ཞིང་རྡུལ་འདོན་བྱ། དེ་ནས་གོས་སྲབ་མོ་རེས་ཆོག །ཕྱི་ནས་རྒྱ་མཆིལ་དང་། ནས་ཟན་གྱི་ཤ་སྐམ་བརྡུང་སྟེ་ཐང་བཏང་བས་ལུས་མེ་དཔུང་ལྟར་འགྱུར་བ་ནི་རྫས་ཀྱི་གཏུམ་མོའོ། ༈ །འབྱུང་བཞིའི་ཡི་གེ་ནི། ཨ་རུ་རས་བྲིས་ཏེ་མཚུར་ནག་གི་ཆུར་འདྲེན་པ་ཆུ་ཡིག །བུལ་ཆུས་བྲིས་ཏེ་མེར་བསྲོ་བ་མེ་ཡིག ། མདུང་རྩེ་དམར་པོས་བྲིས་ཏེ་ས་ཐག་ཅན་ལ་སྦྱར་བ་ཆུ་ཡིག །མུ་ཟི་སེར་པོས་བྲིས་ཏེ་རླུང་ལ་འཕྱར་བ་རླུང་ཡིག་གོ །བད་མཆུ་ལ་ལྕགས་གཡའ་དང་ཀར་བྱུགས་ཏེ་དར་དམར་པོས་བཀབ་པ་ལན་གཉིས་ཀྱིས་སོས་པ་མྱོང་གྲུབ། ༈ །བཙན་དུག །ར་དུག །ཐར་ནུ་གསུམ་བསྲེགས་པའི་ཐལ་སོལ་དང་། བུད་མེད། སྐྱེས་པ། བཙུན་པ་གསུམ་གྱི་རོ་བསྲེགས་པའི་ཐལ་སོལ་རྣམས་ཆང་ལ་སྦྱར་ནས་སྣ་བུག་ཏུ་བླུགས་


JKT020_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ན་གོར་ན་བའི་གསེབ་ཏུ་བཏང་ཡང་མི་འགོས། ན་ཟིན་པ་ལའང་རྫ་ས་སྦྱར་ནས་ཕུལ་ཕྱེད་ཙམ་སྣ་བུག་ཏུ་བླུགས་པས་མྱུར་དུ་སོས། ཟབ་ངེས། ༈ །པི་ལིང་ཙནྡན་ཞིབ་བཏགས་བྱུགས་པས་སྒྲོ་བ་སྐྲངས་པ་སེལ་ལོ། ༈ །ལྟས་ངན་བྱ་དམག་བཏང་ཐབས་ནི། སྦྲང་རྒོད་གཡེར་མ་སྒོག་སྐྱ་རྣམས་བྱ་རོག་གི་ཤ་ལ་སྦྱར་ནས་སྲན་མ་ཙམ་བྱས་ཏེ་དགྲ་བོའི་ཁང་ཐོག་ཏུ་བསྒྱུར་ན། དེ་བྱ་གཅིག་གིས་ཟོས་པ་དང་བྱ་དེས་སྐད་སྣ་ཚོགས་སྟོན་པ་དང་ཡུལ་ཁམས་དེའི་བྱ་རྣམས་འདུས་ནས་སྐད་སྣ་ཚོགས་འདོན་ནོ། །ལྟས་ངན་བྱ་དམག་བཏང་ཐབས་སོ། ༈ །དགྲ་ལ་ཉེ་འབྱེད་བཏང་ཐབས་ལ། སྔགས་ནི། ཨོཾ་མུ་ཏིང་སེ་རག་ཏི་མ་སྲད་རཾ་ཕྲ་ཡེ་ཙི་ང་སྭཱ་ཧཱ། འདི་རྫས་ལ་བཏབ་ཅིང་། རྫས་ནི། བྱ་རོག །འུག་པ། སྤྲ་མོ། སྦྲུལ་རྣམས་ཀྱི་ཤ་ཆ་མཉམ་སྟེ། གཉིས་ཀའི་སྒོ་དང་ལམ་ཐོག་ལ་བྱུགས་ན་ཕ་དང་བུ་ཡང་འབྲལ་ལོ། ༈ །རང་གིས་བླ་མ་དང་དཀོན་མཆོག་ལ་གསོལ་བ་གདབ། ཆུ་ནང་གི་རྡོ་མིས་མ་རེག་པ་ལ། ཨོཾ་བྷི་ཙ་ལ་ཝད། གར་རྗེ་ཏིས་ཏིས་སྭཱ་ཧཱ། ལན་གསུམ་བཏབ་ནས་གང་གཟེར་བའི་སྟེང་དུ་བརླན། ཆུ་ལ་བཏབ་ནས་འཐུང་དུ་འཇུག །དེས་འདྲེ་གཟེར་གཟེར་ཐུང་གཟེར་རྒོད་སོགས་གང་ཡིན་ཀྱང་ངེས་པར་གྲོལ་ལོ། ༈ །ཧ་ཀ་ར། དུག་སྔགས་འབྲུ་གསུམ་ཟབ། གཞན་སྔགས་ན་ཆུ་ལ་བཏབ་ནས་སྟེར།


JKT020_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་ཉེར་གཅིག་བཟླ་བ་དང་དབུགས་ནང་དུ་འཇུག་པ་བསྟན་ནོ། ༈ །ཨོ་ཏྲི་མན་ཏྲ་ཏྲི་མ་ཧི་སྭཱ་ན་མ༔ ཨོཾ་ཨ་ཨ་ཨེ་ཨི་མི་རི་ལི་ཨི་ཤ་ཧཱི ཕ་ཕི་ཙ་ཙ་སྭཱ་ཧཱ། ཨ་ཡ་མ་ནི་ཙན་རྨ་སེ་སྭཱ་ཧཱ། ཨོཾ་ཧཱུྃ་ཛ་ལཾ་ཐལ་དེ་ཡེ་སྭཱ་ཧཱ། འདི་ཉིད་བརྒྱ་སྟོང་བཟླས་ལ། ཚེགས་མེད་དབུ་ཅན་དུ་བྲིས་པའི་སྲུང་བ་ལ་བཏབ། རྟེན་འབྲེལ་སྙིང་པོས་རབ་གནས་བྱ། མཇུག་ནས་དྲིལ་ཞིང་སྐུད་པ་ཁྲ་བོས་འཆིངས། མགུལ་དུ་བཏགས་ན་འབྲུམ་པ་ཐུབ་ངེས་ཟབ། ཨྠྀི། ༈ །ཡ་ཀཾ་ཧི་ཏྲིག་ཧྲིག །པ་ཐ་པྲ་བ་ཤིག །ཏ་ཐ་ཡོ་ཐ་ཙ་ལ་ཧེ་ཧཱུཾ་ཧཱུཾ་ཕཊ༔ སྲན་རྡོག་བདུན་རེ་རེ་ལ་བརྒྱ་རྩ་བརྒྱད་བཟླས་ཤིང་དྲི་བཟང་དང་བཅས་མགུལ་དུ་བཏགས་ན་ནད་རིགས་སྤྱི་དང་། ཁྱད་པར་འབྲུམ་ནད་ཐུབ་ངེས་སོ། །འདི་གཉིས་རྒྱ་གར་ཤར་ཕྱོགས་སཏྟཱ་ག་རའི་མ་ཧཱ་པཎྜི་ཏ་བ་ན་རཏྣའི་གདམས་པ་མྱོང་གྲུབ་མའོ། ༈ །ཨོཾ་མ་ཎི་པདྨེ་ཧཱུཾ། མ་ཎི་པདྨེ་ཆུ་ཁྲ་ཕུ་སྭཱ་ཧཱ། བརྒྱ་རྩ་བཟླས། ཆང་ཁ་ཟླ་བ་ཕྱེད་པ་ལྟར་བྱས་ལ་སྔགས་བཏབ་ནས་མར་མེ་ལ་བསྐོར་བས་འོད་ཀྱི་ལྕགས་རིར་གྱུར་པར་བསམས། འདིས་མར་མེའི་ནང་འབུ་མི་ཤི་བ་ལག་བླངས་མའོ། ༈ །ན་མསྟག་ཏི་འབྲུག་ཏི་སོའི་སྲིན་བུ་ཞར་ནན། འདི་ལྟག་སྤྲོད་དུ་བྲིས་ཏེ་དབུ་ཞབས་མ་ལོག་པར་དྲིལ་ནས་སྔགས་བརྒྱ་ཚར་བཟླས་ཤིང་ཐང་ཕྲོམ་འབྲས་བུ་དང་ཕག་ཚིལ་བསྲེས། སོ་སྲིན་མཱ་ར་ཡ་ཛོ༔ བརྒྱ་བཟླས་ཏེ་ལེབ་ལེབ་


JKT020_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སེན་མོ་ཆུང་ངུ་ཙམ་བྱས་པ་དཀར་གོང་སྲིན་མེད་བསྲེགས་པ་ལྕགས་སྡེར་དུ་བཅུག་ནས། དེའི་ཁར་བསྲེགས་པའི་དུད་པ་སེལ་བདུག་ཅིང་། སྲུང་བ་བཏགས་ན་ཕན་ངེས་སོ། ༈ །ལྕགས་འབྱེད་འཕྲུལ་ལྡེ་ནི། རང་བྲམ་ཟེ་ནག་པོ། ཁ་སྦྱད་པ། ལྕེ་ལྡེའུ་མིག །མཆིལ་མ་མེའི་ཚྭ་ཚྭང་བསྒོམས་ལ། སྔགས་མ་གྲུབ་པར་བཟླ། ཨོཾ་ཀ་ར་ཀ་ར། ཐོར་ཐོར། ཆུམ་ཆུམ། ཁྲོལ་ཁྲོལ། ནག་པོ་ལྕགས་ལ་ཁས་ཁས། རང་གི་རྐང་པ་གཉིས་ཀྱི་བར་གྱི་ས་ལ་བཟླས་ཏེ་སྒོ་ལྕགས་ཀྱི་མིག་ཁུངས་སུ་བླུགས། སྐྱ་གའི་སྒྲོས་ལྡེ་མིག་བྱས་ན་འབྱེད་དོ། ༈ །ཨོ་ཐེ་མེ་ཡེ་རྦད། མར་ནག་རྙིང་པ་ལ་བཟླས་བྱུགས་ཏེ་མེད་པ་མན་ཆད་ལ་བྱུགས་ན་མཁལ་རྩ་འགྲམ་པ་རྙིང་པ་ལའང་ཕན་ནོ། ༈ །འཁྲུ་གཅོད་ནི། ཆུ་མིག་ཁ་ཤར་བསྟན་ནས་སྐར་མ་མ་གྱེས་པར་ཆུ་དང་གྲམ་པ་བསྲེས་པ་གནམ་མ་མཐོང་བ་བླངས་ནས། ཨོ་སིང་རྦད་སྭཱ་ཧཱ། ཆུ་ལ་སྔགས། ནད་པར་སྟེར། ལུག་ནག་གི་བལ་ལ་སྲུང་སྐུད་བྱས་པ་སྐེད་ལ་བཅིངས། དེའི་རྡེའུ་གསུམ་ལ་བཟླས། དར་ལེ་བརྒན་ནང་དུ་བསྣུམ་སྟེ་སྐེ་ལ་བཏགས། རྡེའུ་གནམ་མ་མཐོང་བར་བྱའོ། ༈ །རྩ་འཆུས་སྔགས་ནི། ཨོཾ་ཀར་གོང་ནན་སྭཱ་ཧཱ། མཁལ་རྩ་མཁྲིད་པ་དང་རྩ་འཆུས་ན། ན་སར་ཟན་བླན་ཏེ་མི་གཟུགས་བཅོས། གང་ན་སའི་ཐད་ཀར་མི་གཟུགས་ལ་མེ་བཙའ་རྒྱ་གྲམ་དུ་བྱའོ། ༈ །


JKT020_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ཆུ་བསྡམས་ན། བུད་མེད་ཀྱི་ལུས་བཀྲུས་པའི་དྲི་ཁུ་དང་སྤུ་ངན་བསྲེགས་པའི་གཞོབ་ཁོང་དུ་གཏོང་བས་སེལ་ལོ། །བུད་མེད་པའང་དེ་དག་གོ་བཟློག་གོ། །ཕན་ངེས་ལག་བླངས་མའོ། ༈ །ཨོཾ་ཨ་ཐ། རྣ་བ་འོན་པ་ཕྱེ་རུང་མིན་བརྟག་པ་ནི། རྣ་བའི་མདོག་སྣུམ་ན་ཕྱེ་ཐུབ། སྐྱ་ན་མི་ཐུབ་བོ། །ཐུབ་པའི་རིགས་ལ། ཐོག་མར་ལ་ཕུག་དང་། སྒོག་སྐྱ་གང་རུང་གི་ཐང་བཏང་། བ་ཡར་མའི་འོ་མར། སྒ་སྐྱ། aརྒྱམ་ཚྭ། ཡུངས་པ་རྣམས་བཏབ་པ་དྲོ་འཇམ་ཙམ་བྱས་ལ་རྣ་བར་བླུགས། བལ་གཙང་མས་ཁ་བཅད་ལ་བཞག །ཞག་གསུམ་དུ་དེ་ལྟར་བྱ། དེ་ནས་ལུག་མགོ་རྙིང་པའམ། ཉུང་མ་བ་བདུག །དེ་རྗེས་དབྱི་མོང་གི་ལོ་མ། ཤིང་ཀུན། ཤུ་དག །བྱ་བྲུན། ཝ་ཤ་རྣམས་བསྲེས་ལ་སྣུམ་ནག་དང་སྦྱར་ནས་ཐིག་རེ་ཐིག་གཉིས་ཙམ་རྣ་བར་བླུགས། ཟུག་ཆེར་བྱུང་ན། གླ་རྩི། ཤིང་ཀུན་འཛིན་པ་བཅས་མར་ནག་དང་སྦྱར་ཞིང་བླུགས་པས་ཕན་ངེས་སོ། །གཞན་ཡང་སྔགས་ཀྱི་གདམས་པ་ཟབ་མོ་ཇི་ལྟར་རིགས་པའང་བསྟེན་ནོ། །ཟབ་ཨྠྀི། ༈ །མིག་ཁ་བས་མི་ཕྱིད་པའི་སྔགས་ནི། ཨོཾ་ཀྲྀ་ཏྲིང་མེ་ཏྲི་སོད། ཁ་བ་ལ་བསྔགས་ནས་མིག་ལ་གླན་པས་ཕན། ༈ །མིག་ཏུ་རྡུལ་དང་གྲ་མ་སོང་ན། མིག་གཡས་སུ་ཚུད་ན་གཡོན་པའི་སྲིན་ལག་དང་། གཡོན་པར་གཡས་པའི་སྲིན་ལག་ལ། ཨོ་དར་མ་དིང་སྭཱ་ཧཱ།


JKT020_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འདི་ཉེར་གཅིག་བཟླས་ནས་ཕུར་པས་སྐད་ཅིག་ལ་ཐོན་ངེས་ཟབ་བོ། ༈ །མིག་ཚ་བ་དང་། ཟ་བ་ལ། ཨོ་རི་བ་ཐང་ཧཱུྃ་ཧཱུྃ་བྲི་ཡན་སྭཱ་ཧཱ། ཞེས་མཆིལ་མ་ལ་བཏབ་ནས་བྱུགས་པས་ཕན། ༈ །འཛེར་པ་ལ། ལམ་རྒྱ་གྲམ་གྱི་ས་ལ། འཛེར་ནག་རྦད་ཆོད། སོ་སོ་ཟླ་ཚེས་འཛེར་པ་ལོངས་ཤིག །ལམ་རྒྱ་གྲམ་གྱི་ས་ལ་སྔགས་འདི་བརྒྱ་རྩ་བརྒྱད་བཏབ། ཚེས་བཅོ་ལྔའི་ཟླ་བ་ཤར་བའི་དུས་འཛེར་པ་ལ་དྲུད། ཟླ་བ་ལ་གཏོར། དེས་ཕན། ཡང་ན། འཛེར་མ་འཛེར་མ་ཤིག །པྲ་མ་པྲ་མ་ཐོད་པ་སྐྱ་བོ་ཁྱེར་ཁྱེར། སྔགས་འདི་སྨྲ་བཅད་སུམ་བརྒྱ་བཟླས། ཐོ་རངས་བྱ་རོག་མ་གྲགས་དུས་རེ་བའི་དུམ་བུ་ཞིག་གིས་འཛེར་པ་ལ་དྲུད་པས་ཕན་པ་ལག་ལེན་ཅན་ཡིན་ནོ། ༈ །རང་གར་འདུག་པའི་སྟེང་དུ། ཨ་ག་ད་ན། ནུབ་ཏུ། ཙ་ཏེ་ཀཾ། བྱང་དུ། སུ་ཏ་མ་ནི། ཞེས་བྲིས་པས་ཐོག་སེར་གློག་འཁྱུགས་ས་གཡོས་སྟེང་གདོན་ཐམས་ཅད་ཐུབ་བོ། ༈ །མར་མེའི་ནང་འབུ་མི་ཤི་བའི་སྔགས་ནི། ཨོ་ཟླ་བ་ཝ་ལི་སྭཱ་ཧཱ། རང་གི་ལག་གཡོན་ཆང་ཁ་ཟླ་བ་ལྟར་ཟླུམ། དེ་ཉིད་ཟླ་བར་བསྒོམས་ལ་མར་མེ་ལ་ཕྱིར་བསྐོར་བདུན། དྲང་བསྐོར་བདུན་བྱས་ཤིང་སྔགས་པས་ཐུབ་ངེས་ཟབ་བོ། ༈ །ཁྱིའི་ཁ་ཆིངས། རང་གི་མཐེ་བོང་གཡས་པ། ཨོ་ཐི་ལི་ཙི་ལ་ཡེ་སྭཱ་ཧཱ། ཞེས་སྔགས་སེང་གེར་བསྒོམས་ནས་སེ་གོལ་བརྡབ། ཡང་ན། རའི་སྲེ་ལོང་ངམ་


JKT020_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གླ་བའི་སྐྱིད་ཆུང་ལ་གོང་གི་སྔགས་བརྒྱ་རྩ་བཏབ་ནས་ལུས་ལ་བཅང་། ཡང་ན། རྐང་འོག་གི་ས་སྤར་གང་ལ་སྔགས་བརྒྱ་རྩ་བརྒྱད་བཏབ་ནས་ཁྱི་ལ་གཏོར་བས་ཐུབ་བོ། །ཨཱ་ཙ་རའི་མན་ངག་ཨྠྀི། ༈ །། རྨ་གཉན་སྐྲངས་གསུམ་སྤྱིའི་སྔགས། ཧ་ལ་ཏྲི་སོད། དུ་ཏྲི་སོད། ནཱ་ག་ཏྲི་སོད། མུ་ཏྲི་སོད། འདི་ཟན་ལེབ་རྨའི་རྒྱ་འཁོར་ཙམ་སྲབ་མོ་བཅོས། དཀྱིལ་དུ་ཨ་བྲི། མཐའ་གཟུགས་མོ་བྱི་ཐུར་གྱིས། སྐོར་དུ་མིག་ཚག་མང་དུ་ཕུག །དེ་མེ་རིར་བསྒོམས་ལ་སྔགས་རྒྱགས། ཟན་རོ་སྲོག་ཆགས་ལ་མི་སྟེར་བ་དམ་ཚིག་ཡིན། ཨཱ་ཙ་ར་དམར་པོའི་ཞབས་ཀྱི་གདམས་པ་ཨྠྀི། ༈ །མཁལ་རྩ་འགྲམ་པ་ལ། ལུག་ཕོའི་བལ་ལ་སྲུང་སྐུད་སུམ་བསྒྲིལ་མདུད་པ་དགུ་བྱ། དེའང་ཐོ་རེངས་དུད་པ་མ་གཏོང་གོང་དུ་བྱ། མདུད་པ་རེ་ལ་སྔགས་བརྒྱ་རྩ་རེ་བཏབ། སྐེད་པར་བཅིངས། ན་སར་སྔགས་ཉེར་གཅིག་ལན་གསུམ་གདབ། སྔགས་ནི། ཙ་ཏ་ཀ་སྭཱ་ཧཱ། ཞེས་སོ། །དམ་པའི་མན་ངག་ཨཱི། ༈ །ཁྲག་གཅོད་སྔགས། ཁྲག་ཉག་རྦད་ཆོད། ༈ །གྲིབ་ཆམ་སེལ་བ། བུདྡྷ་ཙིཏྟ་བཛྲ་ཀྲོ་དྷ་ནན། ཨོཾ་ཁ་ལ་ནིས་ནིས་ནི་ཀ་བརྒྱ་རྩ་བཟླས། སྣ་བུག་ནས་ཕུས་གདབ་པས་གྲིབ་ཆམ་ཐམས་ཅད་ལ་ཕན། གཞན་གྱི་དོན་ལ་སྔགས་ཆུ་ཚ་གོང་ལ་སྦྱིན་ནོ། ༈ །སྨན་གྱི་བླ་ལ་ཕྱག་འཚལ་ལོ༔ འཛིན་པ་བཟང་པོ་གཙོ་བོ་ལ༔


JKT020_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཕྲོམ་དཀར་པོ་ཤུག་ཚེར་ཅན༔ གླ་རྩི་སྟག་ཤ་རུ་རྟ་དང་༔ གུ་གུལ་ནག་པོ་འཁོར་ཆ་མཉམ༔ སྟོད་སྨོད་གཉན་ཀུན་རོལ་དུ་གསོད༔ ཁྱད་པར་པགས་ནད་གཉན་ལ་རྣོ༔ ཤིན་ཏུ་རྩུབ་པས་རླུང་བསྐྱོད་ཕྱིརཿ སྨན་ནད་ཐོན་པ་གཉིས་གསུམ་ལས༔ མང་དུ་མི་བྱ་ཞལ་གདམས་ཡིན༔ བུད་མེད་སྦྲུམ་དང་རྒན་ལ་སྤངས༔ ས་མ་ཡ༔ ནད་བརྒྱ་སྤྱི་འཇོམས་སྨན་གཅིག་ནི༔ ཨ་རུ་བྲག་ཞུན་པྲི་ཡངྐ་༔ གོ་སྙོད་ཅོང་ཞི་སུམ་ཅུ་ཏིག སྤང་སྤོས་ཤུག་པ་ཚེར་ཅན་རྣམས༔ ལོ་བརྒྱད་དྲི་ཆུས་རིལ་བུའམ༔ ཡང་ན་ཕྱེ་མ་བྱས་ཀྱང་རུང་༔ གཉན་ལ་མིང་ཅན་འཛིན་པ་བསྣན༔ སྟོད་སྨད་བར་གསུམ་ནད་ཀུན་འཇོམས༔ ས་མ་ཡ༔ ནད་བརྒྱ་སྔགས་གཅིག་གདམས་པ་ནི༔ རྩ་གསུམ་གང་ཡང་རུང་བ་ཡི༔ བསྙེན་སྒྲུབ་རྟགས་ཐོན་རྣལ་འབྱོར་པས༔ སེམས་ཅན་རྣམས་ལ་ཕན་དོན་དུ༔ ཚ་གྲང་ནད་རྣམས་ཐམས་ཅད་ཀུན༔ སྦྱོང་བྱེད་སྔགས་ནི་འདི་ལྟར་བརྩམསཿ རྩ་གསུམ་གང་རུང་སྔགས་ཤམ་དུ༔ བཛྲ་བྷི་ཥ་ཙེ་ཧཱུྃ་ཕཊ༔ ཆུ་སྣ་མང་པོ་སྣོད་གཅིག་བསགས༔ སྔགས་འདི་ཅི་མང་བཏབ་ཅིང་གཏོང་༔ ནད་རྣམས་ཐམས་ཅད་སོས་པར་འགྱུར༔ སྔགས་ཀྱི་ནུས་པ་ཤིན་ཏུ་གསང་༔ སེམས་ཅན་སྡུག་བསྔལ་སེལ་བར་ཤོག༔ ས་མ་ཡ༔ སྤྱི་འཇོམས་མན་ངག་ཟ་ཡིག་ནི༔ རྒྱུ ཡིག་འབྲུ་ལྷག་


JKT020_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མེད་པར་བྲིསཿ སྤང་སྤོས་གི་ཝཾ་ཤུ་དག་བྱུགས༔ སྔགས་ཆུ་དང་བཅས་ཁོང་དུ་བཏང་༔ ནད་གདོན་ཀུན་སེལ་ཨེ་མ་ཧོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ སློབ་དཔོན་ཀླུ་སྒྲུབ་ཀྱི་སྦྱོར་བ་བརྒྱ་པ་ལས། སྐྱུ་རུ་ར་ཕྱེད་དྲུག་ཅུ་རྩ་བཞིའི་སྲང་ལ་རང་གི་ཁུ་བ་སྒོས་སྦྲང་རྩི་མར་དང་ཆ་མཉམ་ཞིང་། །དྲོད་སྨན་ནར་མོ་སྲང་བརྒྱད་ཀ་ར་ཉིས་འགྱུར་ཆ་ལྡན་ཐལ་བའི་ཕུང་པོའི་ནང་དུ་བཞག་པར་བྱ། །དབྱར་གྱི་མཐའ་རུ་དེ་བསྟེན་སྐྲ་དཀར་དང་བྲལ་གཟུགས་དང་ཁ་དོག་དང་ནི་སྤོབས་པ་དང་ལྡན་ཅིང་། །ནད་མེད་བློ་དང་དྲན་པ་ཚིག་གསལ་སྟོབས་དང་ལྡན་ཅིང་སེམས་སྟོབས་ལྡན་པར་འགྱུར་པ་ཡིན། །ཅེས་དང་། བཅུད་ལེན་ཀུན་ལ་སྐྱུ་རུ་ར་དང་ལྷ་བཅས་གདོན་གྱི་ནད་ལ་བྲག་ཞུན་བཤད། །ཅེས་སོ། །ཟླ་བ་ལ་དགའ་བས་སྨན་མིང་རྒྱ་མཚོར། ཤིང་ཚྭ། སུག་སྨེལ། གནྡྷ་བྷ་དྲ། ནཱ་ག་གེ་སར་བཞི་ལ་དྲི་སྣ་བཞི་ཞེས་བཤད། ཡང་། ནྱ་གྲོ་དྷ་དང་། ཨུ་དུམྦྷ་ར་དང་། ཨ་ཤཱཏྠ་དང་། བླཀྵ་དང་། ལྕང་མ་དང་ལྔ་པོ་དེ་དག་ཆ་སྙོམས་ཏེ་གཅིག་ཏུ་བྱས་པ་ནི་འོ་མ་ཅན་ཤུན་པ་ལྔ་ཞེས་བྱའོ། །བའི་ལྕི་བ་དང་། གཅིན་དང་། ཞོ་དང་། མར་དང་། འོ་མ་དང་། དེ་རྣམས་སྙོམས་པ་ནི་བ་ཡི་རྣམ་ལྔ་ཞེས་བྱའོ། །ཞེས་བཤད། ༈ །དཔའ་བོའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཚེ་རིང་དྲན་དང་ཡིད་གཞུང་དང་། །ནད་མེད་གཞོན་དང་ལང་ཚོ་དང་། །


JKT020_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བཟང་མདོག་དང་སྐད་གསལ་དང་། །ལུས་དང་དབང་པོའི་སྟོབས་བསྐྱེད་ཅིང་། །ཚིག་གྲུབ་རོ་ཙ་མདངས་ལྡན་པ། །བཅུད་ཀྱི་ལེན་གྱིས་ཐོབ་པར་འགྱུར། །ཞེས་སོ། །བྷིང་གི་རཱ་ཛའི་མྱུ་གུའི་ཆོ་ག་འདིས། །བརྔོས་ཤིང་མར་བཅས་ཟོས་ལ་བསྡམས་དང་བཅས། །ལྟོ་སྦྱངས་པ་ལ་ཨ་ས་ནའི་ཁུ་བ། །འོ་མ་འཐུང་ཞིང་ཟས་ཀྱི་བྱ་བ་བྱེད། །ཟླ་གཅིག་བར་དུ་བསྟེན་པར་གྱུར་ན་ནི། །བདེ་ཞིང་ལོ་ནི་ཉིས་བརྒྱའི་བར་དུ་འཚོ། །ལན་གཅིག་སྨྲས་པའི་ཚིག་ཀྱང་ཟིན་འགྱུར་ཞིང་། །དྲན་དང་དབང་པོ་ཉམས་པ་མེད་པར་འགྱུར། །ཞེས་དང་། བདེན་པར་སྨྲ་ཞིང་ཁྲོ་བ་མེད། །དབང་པོ་བསྡམས་ཤིང་བདག་ཉིད་ཐུལ། །ཞི་ཞིང་དམ་པའི་སྤྱོད་ལ་དགའ། །རྟག་ཏུ་བཅུད་ལེན་ཡིན་ཅེས་བྱ། །ཡོན་ཏན་འདི་དག་ལྡན་གྱུར་པས། །གང་ཞིག་བཅུད་ལེན་བསྟེན་གྱུར་པ། །དེ་ནི་དགའ་ཞིང་ཚེ་རིང་ལ། །འཇིག་རྟེན་འདི་དང་གཞན་དུ་བདེ། །སྤྱོད་པ་བསྟན་བཅོས་རྗེས་འཇུག་ཅིང་། །གམ་ན་གནས་པའི་སེམས་དང་མཐུན། །དོན་ལ་བློ་ནི་མ་འཁྲུགས་པ། །བཅུད་ཀྱིས་ལེན་ནི་རྫོགས་པ་ཡིན། །ཅེས་བཤད། ༈ །སློབ་དཔོན་ངག་དབང་གྲགས་པས་འཆི་བདག་བསླུ་བའི་རྟོགས་པ་བསྡུས་པ་ལས། འབྲས་བུ་གསུམ་ནི་སྤྱིར་བསྡུས་པའམ། སོ་སོ་བྷིདྨ་རཱ་ཛ་བཅས། །རྣལ་འབྱོར་པ་ཡིས་རྟག་སྤྱད་ན། །ཕན་ཅིང་བདུད་རྩིར་འགྱུར་བ་ཡིས། །


JKT020_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་མ་སྐྲ་དཀར་རྣམས་དང་བྲལ། །རྡོ་རྗེ་ཡི་ནི་གཟུགས་བཟང་ལྡན། །བསྐལ་པ་ཡི་ནི་གྲངས་སྙེད་དུ། །འཆི་བ་ངེས་པར་བཟློག་པ་ཡིན། །ཅེས་དང་། སྨན་རྣམས་ཀྱི་མཐུ་ལ་ཡང་། །སོམ་ཉི་བྱ་བར་རིགས་མིན་ཏེ། །གང་ཕྱིར་སྨན་རྣམས་ནུས་པ་ནི། །བསམ་མི་ཁྱབ་པར་ཀུན་ཏུ་སྣང་། །ཞེས་སོ། །འབྲས་བུ་གསུམ་ནི་ཨ་བར་སྐྱུར། །དྭངས་མ་ལྔ་ནི་བྲག་ཞུན་དང་། །ཅོང་ཞི་མར་སྦྲང་བུ་རམ་ལྔ། །རྩི་བཞི་ཤུག་འབྲུམ་བ་ལུ་དང་། །མཁན་པ་མཚེ་སྟེ་དེ་ལྟར་ན། །སྨན་སྣ་བཅུ་བདུན་རྒྱུད་ལས་གསུངས།། ༈ །།དབང་པོ་ཉམས་པ་གསོ་བའི་ཆོ་ག་མདོར་བསྡུས་པ་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡོངས་སུ་དག་པ་ཞེས་བྱ་བ་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །རིག་སྔགས་མཐའ་དག་གི་ལས་ཀྱི་ནུས་པ་འབྱིན་བྱེད་རྡོ་རྗེ་རྣམ་པར་འཇོམས་པའི་ཆོ་གའི་སྒོ་ནས་སེམས་ཅན་དབང་པོ་ཉམས་པ་གསོ་བའི་ཐབས་གསལ་བར་བཤད་པར་བྱའོ། །དེ་ལ་དང་པོ་མིག་གི་ནད་ལས་གྲོལ་བར་འདོད་པའི་སྒྲུབ་པ་པོ་དམ་ཚིག་དང་ལྡན་པས་ཁྲུས་བྱས། གོས་གསར་པ་གཙང་མ་གྱོན། ཁྲུས་ཀྱི་ཆོ་ག་བརྒྱ་རྩ་བརྒྱད་བྱ་བ་ནི་སྔོན་དུ་འགྲོ་བའོ། །དངོས་གཞི་བདག་ཉིད་རྡོ་རྗེ་རྣམ་པར་འཇོམས་པར་གསལ་བའི་སྙིང་གའི་ས་བོན་ལས་གཟུགས་ཀྱི་ལྷ་མོ་དཔག་ཏུ་མེད་པ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས།


JKT020_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་མཛད་པ་ཡོངས་སུ་བསྒྲུབས་ཏེ་སླར་འདུས། བདག་གི་མིག་ལ་ཐིམ་པས་སངས་རྒྱས་ཀྱི་སྤྱན་དྲི་མ་མེད་པར་ཐོབ་པར་བསམས་ལ། ཨུཏྤལ་སྔོན་པོ་དང་སྐྱེར་པའི་ཁཎྜ་ལ་སྙིང་པོ་རྒྱས་བསྡུས་ཇི་ལྟར་རིགས་པས་སྔགས་ཤིང་བྱུག་གོ། །བྱེ་བྲག་ཏུ་དམར་ཚག་ལ་སྤང་མ་དང་། རབ་རིབ་ཅན་ལ་ཨ་རུ་རའི་ཁུ་བ་དང་། ལིང་ཏོག་ལ་མཚལ་དང་ཅོང་ཞིའི་ཁུ་བ་དང་། ཤ་འཛེར་དང་ཟུག་ཆེ་བ་རྣམས་༡ ལ་ཀ་ར་དང་མིའི་འོ་མ་ལ་བཟླས་ཏེ་བྱུགས་པས་འཕྲལ་དུ་སོས་པར་འགྱུར་རོ། །ཨྠྀི། ༈ །རྣ་བ་ཉམས་པ་གསོ་བ་ལ། ཞག་གསུམ་དུ་སྨྱུང་བར་གནས་པས་གོས་གཙང་མ་བགོས་ལ་ཁྲུས་ཀྱི་ཆོ་ག་བརྒྱ་རྩ་བརྒྱད་བྱ། དེ་ནས་རང་ཉིད་རྡོ་རྗེ་རྣམ་པར་འཇོམས་པར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ས་བོན་ལ་ཐིམ། ཡང་འོད་ཟེར་གྱི་རྩེ་ལས་སྒྲའི་ལྷ་མོ་ཕྱག་ན་པི་ཝཾ་དང་། གླིང་བུ་དང་། རྫ་རྔ་སོགས་རོལ་མོའི་བྱེ་བྲག་མཐའ་ཀླས་པ་ཐོགས་པས་ནམ་མཁའ་རབ་འབྱམས་གང་བ་རྣམས་སངས་རྒྱས་ཀྱི་ཞིང་ཁམས་ཁྱབ་པར་སྤྲོས་པས་རྒྱལ་བ་སྲས་དང་བཅས་པ་རྣམས་མཆོད། སླར་ཡང་ཡེ་ཤེས་ཀྱི་འོད་ཕུང་ཆེན་པོ་གཅིག་ཏུ་གྱུར་ནས་བདག་ཉིད་ལ་བསྐོར་བ་ལན་གསུམ་བྱས་ནས་སྙིང་གའི་ས་བོན་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབ། ཡང་སྔར་བཞིན་


JKT020_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས་སེམས་ཅན་གྱི་ཁམས་ཐམས་ཅད་མ་རིག་པའི་གཉིད་ལས་སད་པར་བྱས་ནས་རང་ལ་ཐིམ། སླར་ཡང་འཕྲོས། དོན་གཉིས་གཅིག་ཅར་དུ་རྫོགས་པར་བྱས་ནས་བདག་གི་རྣ་བ་ལ་ཐིམ་པས་སངས་རྒྱས་ཀྱི་སྙན་རྣམ་པར་དག་ཅིང་དྲི་མ་མེད་པ་འོད་གསལ་བ་ཡེ་ཤེས་ཀྱི་མཁྱེན་པ་རྫོགས་པར་དམིགས་ནས་སྙིང་པོ་ཇི་ལྟར་རིགས་པ་བཟླ། དེ་ཡང་རྣ་བ་ན་་བ་རྣམས་ལ་ཁུག་ཆོས་ཆེན་པོའི་ཕྱེ་མ་དང་། རྩི་མར་ལ་བཟླས་ཏེ་བླུགས། འོན་ཅིང་སྒྲ་མི་ཐོས་པ་དག་ལ་འབྲུ་མར་དང་། རུ་རྟ་ལ་བཟླས་ཏེ་བྱུགས། ཟུག་ཆེ་བ་རྣམས་ལ་མར་སྣ་ཚོགས་པ་དང་སྦྲང་རྩི་ལ་བཟླས་ཏེ་རྩ་རྣམས་ལ་བྱུགས་ཤིང་ཉི་མར་བསྲེགས་པས་འཕྲལ་དུ་ཞི་བར་གསུངས་སོ། །ཨྠྀི། ༈ །དེ་བཞིན་དུ་སྣའི་ནད་གསོ་བ་ལ་དྲིའི་ལྷ་མོ་སྤྲོ་བསྡུ་བྱ་བ་དང་། སྣ་འཚུབ་པ་ལ་འབྲུ་མར། ཁྲག་འབབས་པ་ལ་ཙནྡན་དཀར་པོ། ཟུག་ཆེ་བ་ལ་གི་ཝཾ་འོ་མ་དང་སྦྱར་བ་སྟེ། དེ་རྣམས་ལ་བཟླས་ནས་བླུགས་པས་ཕན་ནོ། །ཨྠྀི། ༈ །ལྕེའི་དབང་པོ་ཉམས་པ་ལའང་ཚུལ་དེ་ལྟར་རོའི་ལྷ་མོ་སྤྲོ་བསྡུ་དང་། སྐྱངས་པ་ལ་རྒྱ་ཚྭ། བརྡ་མི་ཤེས་པ་རྣམས་ལ་ཤིང་ཀུན། ཚ་ཞིང་ཟུག་པ་དང་ལྡན་པ་ལ་འབྲས་བུ་གསུམ་དང་ག་བུར། གྲང་ཞིང་སེར་ཀ་ལྡན་པ་རྣམས་ལ་ཚ་བ་གསུམ་དང་ཙནྡན་གྱི་ཆུ་ལ་བཟླས་ནས་བྱུགས་པས་ཞི་བར་འགྱུར་རོ། །ཨྠྀི། ལུས་ཀྱི་དབང་པོ་ཉམས་པ་ལ་རེག་བྱའི་


JKT020_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་སྤྲོ་བསྡུ་དང་། སྟོད་ན་ན་ཆུ། སྨད་ན་ན་དྲི་ཆུ། ཚ་བ་ལ་གི་ཝཾ། གྲང་བ་ལ་བུ་རམ། མགོ་ན་བ་ལ་རྡོ་རྒྱུས། སྐེ་དང་འཛིང་པ་ན་བ་ལ་ཉ་མཁྲིས། ལག་པ་ན་བ་ལ་སྟག་ཚེར། ཕོ་མཆིན་མ་བདེ་ན་བཅའ་སྒ། སྦོས་ན་རྒྱ་ཚྭ། བཤང་གཅི་སྡོམ་ན་སྡིག་སྲིན། འཁྲུ་ན་སྦྲང་རྩི་དང་ཨུཏྤལ། སྐྱུགས་ན་ན་ལེ་ཤམ། ཤུ་བ་ལ་དུར་བྱིད་དང་ཤུ་དག་སོགས། མདོར་ན་ནད་གང་དང་གང་ལ་དེ་དང་དེར་ཕན་yཔའི་སྨན་གྱི་རིགས་ལ་བཟླས་པས་བྱུགས་པ་དང་། ཁོང་དུ་གཏོང་བ་སོགས་བགྱིས་ན་ཕན་པར་འགྱུར་རོ། །ཨྠྀི། །འདི་རྣམས་སློབ་དཔོན་ཡེ་ཤེས་རྡོ་རྗེའི་གཞུང་དང་མཐུན་པར་མདོར་བསྡུས་ཏེ་བྱང་ཆུབ་སེང་གེས་དབེན་གནས་དམ་པ་ཆོས་སྡིང་དུ་བྲིས་པའོ། །དགེ། ༈ །།ཆུ་བསྒྱུར་ཟབ་མོ། གྲོ་ག་ལ་གླ་རྩིས་ཉ་གཟུགས་ཁ་མིག་ཚང་བར་བྲིས་པའི་མཐར་སྔགས་འདིས་བསྐོར། ཨོ་བཛྲ་ལ་ཛཾ་བྷཱ་ནི་ཡེ། ཨོཾ་བཛྲ་ལ་སྟི་ནཱ་ཡེ། ཨོཾ་བཛྲ་མ་སྟེ་བྷ་བྷནྡྷཧེ། མན་དཱ་བྷནྡྷ་བྷནྡྲ་ཨཱ་རི་སྐྱིན་ཐང་ཤྭ་འོད་ཟློག་ཆུ་བསྒྱུར་སྭཱ་ཧཱ། ཞེས་བྲིས་པ་སྤྲ་ཚིལ་དང་ལ་ཆས་དྲིལ། གླང་དམར་གྱི་རྭ་རྩེར་བཅུག །རེ་བས་དྲིལ། ཆུའི་གནོད་པ་ཡོང་སར་སྦས། ཐོ་ལྕོག་རྒྱགས། དེ་ནས་རིག་སུམ་བརྩེགས་ནས་རབ་གནས་བཀྲ་ཤིས་བྱ། དེའི་མདུན་དུ་རྡོ་འཇམ་པོར་ཆོས་འབྱུང་བསྣོལ་མ་བྲིས་པའི་དབུས་སུ། ཨོཾ་ཨཱཧཱུྃ་ཨ་ག་ནེ་རྩིག་ན་མོ་བྷ་ག་ཝ་ཏེ་ཨོཾ་ཧཱུྃ་ཧཱུྃ་


JKT020_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཡུལ་འདིར་ཤྭ་ཁ་དང་ཆུ་ཁ་དང་སྦུད་ཁ་ཐམས་ཅད་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ། རྩིབས་དྲུག་གི་ནང་དུ། ཨོ་བཛྲ་ག་རུ་ཥཱ་ཧཾ་སེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཞེས་བྲིས་པ་ཤྭ་འོད་འོང་སར་བསྟན་ལ་བཞག །གུ་རུ་ཆོས་དབང་གི་གཏེར་མ་ཕྱག་ལེན་མའོ། ༈ །ས་བདག་ཉེས་པ་ཀུན་སེལ་བཞུགས༔ མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ རྣལ་འབྱོར་གར་ཞིག་ལམ་དུ་འཇུག་པ་དང་༔ གནས་བཙལ་བ་དང་ས་བཟུང་རོ་འདོན་དང་༔ ཤིད་བྱེད་རབ་གནས་ལ་སོགས་དུས་རྣམས་སུ༔ དུས་རྩིས་འཁྲུལ་དང་ནོར་བས་བར་ཆད་རྐྱེན༔ ནད་དང་སྡུག་བསྔལ་འཁོན་གཅུགས་དགྲ་གདོན་གདུང་༔ དེ་དུས་གདམས་པ་འདི་དང་ལྡན་གྱུར་ན༔ ཕྱོགས་ངན་བདུད་གཅོད་གསང་ཀེག་རུ་འཛིང་དང་༔ འདུན་ཕུང་གང་ལའང་ཉམ་ང་མི་དགོས་ཤིང་༔ རྟེན་བཞེངས་ཕོ་བྲང་འདེབས་དང་ས་སྒོ་སློང་༔ རོ་དང་བག་མའི་ལམ་སོགས་ནོར་འཁྲུལ་སེལ༔ བུ་ནོར་ཆོས་བརྒྱུད་བཀྲ་ཤིས་རིགས་བརྒྱུད་འཕེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་དུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྱི་ལ་མཎྜ་ལ་མ་ཡེ་སྭཱ་ཧཱ༔ དེ་


JKT020_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རང་ཉིད་ཐུབ་པའི་ཞལ་ནི་ཕྱོགས་བཅུ་རུ༔ མ་འགགས་གསལ་བའི་སྐུ་ལས་འཕྲོས་པའི་འོད༔ ས་འོག་ས་སྟེང་ས་བླའི་ཕྱོགས་མཚམས་བཅུརཿ འཕྲོས་པས་སྣང་སྲིད་འཁོར་ལོར་བསྐོར་བ་ལས༔ འོད་ཟེར་འདོད་པའི་དོན་རྣམས་འགྲུབ་བྱེད་པའི༔ སངས་རྒྱས་སྐུ་གསུང་ཐུགས་སུ་གསལ་བ་ཡིས༔ སྣང་སྲིད་མཉེས་བྱེད་ཕྱག་རྒྱ་བཅས་བྱས་ལ༔ སྐྱོན་སྦྱངས་ཡོན་ཏན་མ་ལུས་སྤེལ་བར་བསམ༔ ཐལ་སྦྱར་ཕྱོགས་མཚམས་ཀུན་ཏུ་གཡས་བསྐོར་དང་༔ གཡོན་དུ་བསྐོར་བ་བཅུ་གཉིས་ཚུལ་དུ་བྱ། བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ་དང་ལུག་སྤྲེལ་བྱ་ཁྱི་ཕག་གི་ལོ་ཟླ་དུསཿ ཐམས་ཅད་བྱང་ཆུབ་ཆེན་པོར་དག་。 གྱུར་ཅིག དེ་ལྟར་བརྗོད་པས་ཕྱོགས་དུས་ཀུན་ལས་གྲོལ༔ ལེགས་པ་ཀུན་འགྲུབ་ཐམས་ཅད་སེམས་ཀྱི་གཟུགས༔ རྣམ་པར་རྟོག་པ་ཐམས་ཅད་དོན་དུ་འགྱུར༔ དུས་ཀྱི་ཐ་མར་ལོ་ཟླ་དུས་ཀྱི་རྩིས༔ གོ་ནོར་ཆད་ལྷག་རྩོད་པ་རྒྱས་དུས་སུ༔ འདི་ཡིས་དུས་གསུམ་དུས་མེད་བདེ་ལེགས་སྟེར༔ ང་ཡི་རྗེས་འཇུག་སྙིང་རྗེ་ཅན་གཅིག་དང་༔ འཕྲད་ནས་འགྲོ་བའི་དཔལ་དུ་འགྱུར་བར་ཤོག༔ ཕྱོགས་ངན་དུས་ཚོད་ངན་པ་སེལ་བྱེད་འདི༔ ལྷ་སྲས་བུ་འབངས་དོན་དུ་གཏེར་དུ་སྦས༔ མ་མགོན་སྡེ་བརྒྱད་བཀའ་འདི་སྲུང་བར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༔ཊཱ་ཀི་མའི་མན་ངག་མཐར་ཐུག་ཡིག་རྒོད་བཅུ་གཅིག་བཞུགས་སོ༔


JKT020_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་རྒོད་འདི་མེད་ན་ལུས་ཀྱི་སྟོབས་བསྐྱེད། ལོངས་སྤྱོད་རྒྱས། ཚེ་རིང་། ཟས་ནོར་འཕེལ། འཁྲུགས་རྩོད་ལས་རྒྱལ། འདིས་ཚང་རྒྱལ། ཕྱུག་པོ་འོང་། བཟའ་བཏུང་ཚེ། ཅི་འདོད་པ་རྙེད། འབྱུང་ལྔའི་སྟོབས་བསྐྱེད། ལུས་ངག་ཡིད་གསུམ་གྱི་ནད་དང་སྡུག་བསྔལ་ཐམས་ཅད་ཞིའོ། །དེ་ལྟར་ཡིག་རྒོད་བཅུ་གཅིག་པོ། རྒྱ་ཤོག་དག་ལ་རྒྱ་སྣག་གིས། །ལེགས་བྲིས་བཟང་དྲུག་ཆོས་སྨན་བྱུགས། །རབ་གནས་བྱས་ལ་དུས་བཟང་བསྟེན། །ལེགས་པའི་ཡོན་ཏན་ཐམས་ཅད་འགྲུབ། །ཟབ་རྒྱ་ཨྠྀི།།སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ་དམག་ཟོར་མས་གསུངས་པའི་ཟ་ཡིག་འདི་མི་ཕྱི་ནད་ལ་ཕན་པའི་ཟ་ཡིག །དམར་བཤལ་ལ་ཕན། བསྲེགས་ཐལ་གྱི་སྙིང་སྲོག་གཟེར་བ་ལ་ཕན། མིད་དཀྱུས་ལ་ཕན། ཕོ་ཐོག་ལ་ཕན། རྩ་ཆུ་འབྱེད། ཅི་བསམ་འགྲུབ། སྨྲ་བཀླག་བདེ། སྲོག་ལུས་དབང་ཐང་ཀླུང་རྟ་བསྐྱེད་པའི་ཟ་ཡིག་བཞིའོ། །རྩ་ཆུ་ཐོན་པའི་ཟ་ཡིག །འདི་གཉིས་སྙིང་རླུང་ལ་ཕན། འདི་


JKT020_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཡིག ལྔ་པོ་འདི་ཆ་རེ་བདུན་ཕྲག་རེ་བསྟེན། སྔོན་མ་རྣམས་སྔ་དྲོ་དང་། རྗེས་མ་རྣམས་ཕྱི་དྲོ་ཟ། བད་ཀན་ཕོ་ཐོག མགུལ་འགགས། གྲེ་ཐོག་ཀུན་ལ་ཟབ་པའི་མཐར་ཐུག་པའོ། །ཨྠྀི། ནད་གཞི་ཇི་ལྟར་ཆེ་ཡང་ལན་གསུམ་བསྟེན་ན་མི་ཕན་མི་སྲིད་དོ། ༈ །ཨོ་འ་གུ་ནི་ཟམ་ཟུང་སྭཱ་ཧཱ། བུ་དང་ཤ་མ་འཐོན་པའི་ཟ་ཡིག་གོ། ༈ །ནམ་མཁའ་ཧྲིང་བློ༔ གཟའབྲིངཧྲགཤགམདྲཡཧྲིངབྷོ འཆང་བ་པོ་ལ་གཟའ་ཡི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྟ་ཡེ་སྭཱ་ཧཱ། །། མཇུག་ནས་ཡར་དྲིལ་ལ་ཆས་བསྣུམས་ལ་མིག་དགུ་གཏོད། ཟབ་བོ།། ༈ །ཨོཾ་ཨ་ཐཱ། ལྕུམ་རྩ་དོམ་མཁྲིས་ཨ་བི་ཥས། །མགོ་ཆག་གཙོར་གྱུར་རྨ་རིགས་འཇོམས། །མིང་ཡང་བདུད་རྩི་སུམ་སྦྱོར་ཞེས། །ཡིད་འཕྲོག་སྨན་གྱི་ལྷ་མོས་བཤད། །ཨྠྀི། །མེ་ཏོག་སྣ་ཚོགས་ཁུ་བ་དང་། །བུང་བའི་ཁོག་པ་སད་རུལ་གྱིས། །མཾཁྱེར་ཙན་དཀར་ཨ་རུ་བཞི། །བསྡུས་ལ་རིལ་བུར་སྔགས་འབུམ་བཟླས། །ཟ་ཁར་སྟོང་ཕྲག་བཟླས་པར་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཧི་མི་སྭཱ་ཧཱ། ཟས་མ་ཟོས་པའི་གོང་ཉིད་དུ། །ཚད་ལྡན་ཟླ་བ་གཅིག་ཏུ་བསྟེན། །སཾ་སྐྲྀ་ཏ་དང་མ་ཡུ་ར། །ཅོ་ག་གནོད་སྦྱིན་ཚངས་པའི་དབྱངས། །རོལ་མོའི་སྒྲ་ ༼ཟ་ཡིག་ཡོད།༽


JKT020_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འབྱུང་བའི་ཕྱིར། །ལེགས་སྦྱར་སྐད་ཀྱིས་བསྒྲུབ་པར་གྲགས། །ཨྠྀི། ༈ །དམ་པ་རྒྱ་གར་ལ་བོད་ཀྱི་ལྷ་འདྲེ་རྣམས་ཀྱིས་ཕུལ་བའི་རྨ་དང་ཚ་གྲང་གི་སྐྲངས་པ་དང་ཆུ་སེར་སོགས་ཀུན་ལ་ཕན་པའི་སྔགས་ནི། རང་ཉིད་དམ་པ་རྒྱ་གར་དུ་བསྒོམས། ཏྲི་ཏྲི་མ་ར་དུ། ཆུ་ལ་བཏབ་ནས་ཁོང་དུ་བཏང་། རྨ་ལའང་གདབ། རང་སྲུང་ལ་བརྒྱ་རྩས་ཆོག་གོ། །། ༈ །འགོང་པོ་སྲུང་བ་ནི། ཨོཾ་ཧ་ར་ཧ་ར། ཤུ་ན་དྷ་ར་ནི། བི་ཏྲ་ས་མ་ཡེ་སྭཱ་ཧཱ། བལ་ཚོན་སྣ་ལྔའི་སྐུད་པ་ལ་སྔགས་ནས་སྐྱེད་པར་བཅིང་ངོ་། །ཨྠྀི། རང་ཉིད་ཇོ་བོ་ཐུགས་རྗེ་ཆེན་པོ་ལ། རྣམ་པ་དབང་ཕྱུག་ཆེན་པོ་ཞལ་གཅིག་ཕྱག་གཉིས། གཡས་ཏྲི་ཤུ་ལ། གཡོན་ཐོད་ཁྲག་བསྣམས་པ། ཐལ་མདོག་རུས་པའི་རྒྱན་དྲུག་གིས་བརྒྱན་པ། རལ་པ་ས་ལ་སླེབས་པ། ཡ་མཆུ་ལ་མེ། མ་མཆུ་ལ་རླུང་། ལྗགས་ལ་ཚྭ་ཚྭ་འཕྲོ་བ། ལྟོ་བ་ངན་སྔགས་ཀྱི་རྒྱ་མཚོ་འཁྱིལ་བར་བསམས་ལ། ནག་པོ་རྦད། དྷུ་ན་ཡ་དུ་ནས། རྦད། མ་ཧཱ་བ་གཅིག་ལ་པཉྩ་སྣང་། ཙ་རྦད། ཐུམ་རིལ་ཧྲི་ལ་སྣད། ཛ་རྦད། ཅེས་བཟླ། ཀླད་གཟེར་ལ་ཕྱི་ནང་གཉིས་ཀ་ནས་སྔགས་ཆུ་བཏང་། སྐྲངས་པ་ལ་ཕྱི་ནས་སྔགས་བཏབ། སྔགས་ཆུའང་བཏང་། རྒྱུ་གཟེར་དང་ཕོ་ལོག་ལ་སྔགས་ཆུ་གཏོང་། རིམས་སྲུང་ལ་དྲི་ཆུ་བར་པར་ལན་གསུམ་བཏབ་ནས་འཐུང་། ཆམ་པའང་ཐུབ། ཕྱུགས་ཀྱི་རིམས་སྲུང་ལ་སྐུད་པ་


JKT020_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོར་མདུད་པ་བདུན་ནམ་གསུམ་བྱས། སྔགས་བདུན་ནམ་ཉེར་གཅིག་བཏབ། ཞོ་ཉེས་ན་རྡེའུ་དཀར་ནག་གཉིས་ལ་སྔགས་བཅུ་གཅིག་བཏབ། ཞོ་མ་ནན་ཁ་གསེབ་ཏུ་བཅུག །ཆང་ལ་ནས་ནག་ལ་བཏབ་འཚེད་ཙ་ན་གསེབ་ཏུ་གཏོར། ཁྲག་གཅོད་པ་ལ་མཐེ་བོང་བཏབ་ནས་རྨ་ཁར་གླན། ཤིང་གཉན་གཅོད་པ། ཆུ་གཉན་དཀྲུགས་པ། གཏད་གཏོང་བ། སེར་བ་འབེབས་པ་སོགས་ལ་རང་དབང་ཕྱུག་ཆེན་པོར་བསྒོམས་ནས་སྔགས་སུམ་བརྒྱ་བཟླས་པས་ཐུབ། ཤྭ་བཟློག་པ་ལ་དབང་ཕྱུག་ཆེན་པོའི་གཟུགས་རྫ་ལ་བྱས་ཏེ། ཁོག་པ་བྲུས། སོ་བཏང་། དེའི་ནང་སྔགས་དང་། དབང་ཕྱུག་ཆེན་པོས་ཤྭ་རྒྱལ་ཟློག་ཅིག །བྱ་བ་བྲིས། ཡུངས་ཀར་བཅས་ནང་དུ་གཞུག །ཤྭ་གང་ནས་འོང་བའི་ཕྱོགས་སུ་གཟུག ༈ །བྱད་ཁ་བཟློག་པ་ལ། རང་དབང་ཕྱུག་ཏུ་བསྒོམས་པའི་རལ་པས་ས་གཞི་ཁེབས་པར་བསྒོམས། རལ་གྲི་དེ་ལས་མེ་འོད་འཕྲོ་བ། དེ་སྲུང་བའོ། །དེ་ལས་དབང་ཕྱུག་གི་སྤྲུལ་པ་དཔག་ཏུ་མེད་པ་བྱུང་ནས། ཕས་རྒོལ་གྱི་ཤ་ཟོས། ཁྲག་འཐུང་། དགྲ་རྣམས་བརྡུངས། བཅིངས་པར་བསྒོམས། དེ་ནས་རྦད་འདྲེ་དེ་ཡི་བསམ་པ་ལ། ངའི་སྡུག་བསྔལ་འདི་ང་ཡི་བདག་པོ་འདི་ཡིན་སྙམ་ནས་སྒྲུབ་པ་པོ་ཅན་དུ་སོང་། ཁོའི་ཤ་ཟོས། ཁྲག་འཐུང་བར་བསྒོམས། ༈ །སེར་བ་བཟློག་ན། རལ་པས་རང་སྲུང་ཞིང་


JKT020_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཞི་འགེབས་པར་བསྒོམས། སྤྱི་བོ་ནས་མེ་འབར་བས་སེར་བ་ཞུ། སྣ་ནས་རླུང་བུས་པས་གཏོར། ཡུངས་ཀར་དང་ཐལ་ཆེན་ལ་སྔགས་གདབ་སྟེ་ཐུན་དུ་འཕང་། གཞན་ཡང་མཛེ་ནད་ཀྱིས་ཟིན་པར་ཟླ་རེར་སྔགས་བརྒྱ་རྩ་མ་ཆགས་ན་རང་ཞིར་འགྲོ། ཁྱད་པར་མཚོན་མེ་ཁྱི་ལ་སོགས་པའི་གློ་བུར་དང་། ལྷོག་པ་སོགས་ལྷན་སྐྱེས་ཀྱི་རྨ་རིགས་ཐམས་ཅད་ལ་ཐེངས་པས་ཆོག་གོ། །ཤིན་ཏུ་ཟབ་ལྷོ ཤ་མ་མཐོན་པ་ལ། ཤོག་བུའི་སྔ་ལོག་ཏུ། ཏདྱ་ཐཱ། ཨོ་ཨ་ཀ་སེ། མ་ཀ་སེ། ཀ་སེ་སྭཱ་ཧཱ། ཕྱིར། ཏདྱ་ཐཱ། ཨོཾ་ཀ་ཤ་ལ། མ་ཀ་པ། བི་ཀ་བེ་སྭཱ་ཧཱ། ཞེས་བྲིས། མི་ལ་མགུལ་དང་། ཕྱུགས་ལ་རྭ་གཡས་སུ་གདགས། ཐོན་འཕྲལ་ནས་བཀྲོལ་བ་གལ་ཆེའོ། །ཨྠྀི། ༈ །བྱིས་པ་ངུ་ན། ན་མོ་ཀྲོ་གྷ་ན་པེ་ཙུ་བུ་དེ་སྭཱ་ཧཱ། ཞེས་བྲིས་མགུལ་དུ་གདགས་པས་ཐུབ། ཨྠྀི། ཁྲག་ངན་མཆོད་ན། ཁུག་རྟའི་བྲུན་ཁེམ་བུ་རེ་གཏོང་བས་ཆོད་དོ། །ཨྠྀི། ༈ །སོ་སྲིན་སྔགས། ཨོ་མི་ཏི་མི་ཏི། ཤག་ཤག །རུག་རུག །ཐོན་ཐོན། སོད་སོད་སྭཱ་ཧཱ། རྣ་བ་ནས་གདབ་པའམ། རས་བལ་ལམ། ཚྭ་སྒོག་སོགས་གང་རུང་ལ་བཏབ་སྟེ་སོ་བར་དུ་གཞུག །ཕན་ངེས་། ༈ །རྟ་སྦང་དྲོན་མོ་རྨ་གཙང་ལས་དཀྲི་བའམ། སྤུ་ལོ་དཀྲིས་པས་ཁྲག་ཆོད། །ཨྠྀི། ༈ །འཁྲུ་གཅོད་སྔགས། ཨོ་ཆད་ནན་རྦད། ཞི་དུལ་ནད་ཀྱི་བདག་མོ་ལ་སྭཱ་


JKT020_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ཆུ་ལ་སུམ་སྟོང་བཏབ་ནས་སྟེར། མི་ཕྱུགས་ཀུན་ལས་སོ། །ཨྠྀི། ༈ །སྣ་ཁྲག་ལ་སྒྲོ་སེར་བཙའ་མ་བདུག་ཅིང་། དེའི་ཐང་བཏང་། ཡང་ན་བ་སོའི་ཕྱེ་མ་བདུག །ཕན་ཨྠྀི། ༈ །ཐངས་རྡོ་སྲིན་བྱའི་ཀླད་པ་གྲི་ཁྲག་དང་། །མཁལ་ཁྲག་བུར་དཀར་གྱིས་བསྡུས་རིལ་སྲན་ཙམ། བུར་དྲིལ། །རིགས་ཡོད་ཟླ་རེ་གཞན་དུ་ལོར་བརྟེན་པས། །ཁྱབ་འཇུག་གཟའ་ཡི་གནོད་པ་ཀུན་ལས་སྲུངས། །ཨྠྀི། ༈ །༧ སྲུང་བ་མཐིང་ཤོག་ལ་མུ་ཁྱུད་རིམ་པ་གསུམ་དུ་བསྐོར་བའི་དབུས་སུ་ལིང་ཚེ་དགུར་བཅད། དེའི་དབུས་སུ་འཆང་བ་པོ་ལ་དྲང་སྲོང་གཟའ་ཡི་གནོད་པ་སྲུངས་ཤིག་རཀྵ༔ ལིང་ཚེ་བརྒྱད་ལ། ཨོ ཨ ཧཱུྃ ཨ བཾ ཧཱུྃ ཧོ ཏྲི ཛ༔ དེ་རྒྱབ་མུ་ཁྱུད་དང་པོར་རྩིབས་བརྒྱད་ལ། ཨོཾ་ཨ། ཨོ་མེ། ཨོ་ཤུ། ཨོ་ཏ། ཨོཾ་ཧ། ཨོ་ཡ། ཨོ་ཧཱུཾ། ཨོཾ་ནུ། ཞེས་བྲིས། དེ་རྒྱབ་མུ་ཁྱུད་གཉིས་པར་རྩིབས་བཅུ་དྲུག་ལ། ཨོཾ། པ ཤ མ ཏྲི་ཏུ་དུ་མ ཏ ཀྲི ཛ མཧི སཱ ཧཱ ཧཱུྃ ཞེས་བྲིས། དེ་རྒྱབ་མུ་ཁྱུད་གསུམ་པར་རྟེན་འབྲེལ་སྙིང་པོ་འཁོར་བར་བྲི། མཐར་མེ་རིས་བསྐོར། དེའི་རྒྱབ་ཏུ། ཆོས་འབྱུང་རྩིབས་ལྔ་པའི་དབུས་སུ་མིང་སྤེལ་བྲི། རྩིབས་ལ། ཨོ ཧྲི ཀྟི ཏོ ཞེས་བྲིས། ཟུར་རྣམས་མེ་རིས་བརྒྱན། མཐིང་ཤོག་ལ་གསེར་གྱིས་བྲིས། ལྟེ་བ་གྲུ་བཞི་མི་ཆག་པར་ལྔ་ལྡེབས་སུ་བྱས། གཞི་གཙང་མའི་སྟེང་མེ་ཏོག་ཚོམ་བུ་དགུ་པའི་དབུས་


JKT020_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཞག །མཆོད་པ་ལྔ་དང་གཏོར་མ་ཅི་འབྱོར་བཤམ། རང་ཕྱག་རྡོར་རམ་འཇམ་དཔལ་དུ་བསྐྱེད། དེའི་བཟླས་པ་བྱས་ཤིང་མཆོད་བསྟོད། བགེགས་བསྐྲད། ཙཀྲ་སྭ་བྷཱ་ཝས་སྦྱངས། དེ་ཧཱུཾ་ངམ་ཚུ་ལས་ཕྱག་རྡོར་རམ་འཇམ་དཔལ་དུ་བསྐྱེད། ཡེ་ཤེས་པ་གཞུག །དབང་བསྐུར། མི་བསྐྱོད་པའམ་རྣམ་སྣང་གི་དབུ་རྒྱན་ཅན་དུ་བསྐྱེད། མཆོད་བསྟོད་གཏོར་མ་ཕུལ། བསྒྲུབ་བྱ་སྲུང་བར་གསོལ་བ་གདབ། ཞུ་བ་ལས་འཁོར་ལོར་བསམ། ལྷ་སྔགས་དང་རྟེན་སྙིང་བཟླས་ལ་མེ་ཏོག་དོར། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་རབ་ཏུ་གནས་པར་བསམ། ཤིས་པ་བརྗོད། ཕྱོགས་སྐྱོང་དང་གདོན་ལའང་གཏོར་མ་བྱིན། སླར་ཡང་ཤིས་པ་བརྗོད། ན་བཟའ་སྔོ་སེར་གང་རུང་གིས་གཡོགས་ཏེ་གདགས། ཐུན་མོང་མ་ཡིན་པའི་སྲུང་བ་བཀའ་རྒྱ་མའོ། །ཨྠྀི། ཏདྱ་ཐཱ། ཨོཾ་ཛཱ་ཛཱ་ཛཱ་ར་པ་ཎ་ཤ་བ་རཱི་སཱ་ང། ན་མ་སི་ཧ་བྱ་ག་རིག་ཤ་ཏ་ར་ག་ཤུ་བྷ་ཧ་ནི། ཁ་ཧི་ན་དྷ་མེ་ཁ་མེ་ཙནྡྷ་དྷི། བ་ཏ་ཡེ་ཏི། རུག་གི་ནི་བ་ཏ་ཡེ་སྭཱ་ཧཱ། སྔགས་འདི་ལན་བདུན་བྲིལ་བུར་བཟླས། །རྟ་དང་གནག་ཕྱུགས་གཙོ་བོའི་མགུལ། །གདགས་པས་སྒྲ་གྲགས་ཙམ་ཉིད་ཀྱི། །ནད་རྣམས་ཞི་ཞིང་གཅན་གཟན་དང་། །ཆུ་གནས་ཀུན་གྱིས་གནོད་མི་ནུས། །ཞེས་པའང་དྲན་པར་གྱིས། །དྲང་སྲོང་གཟའ་གདོན་སྲུང་བ་ལ། ། ༼འདིའི་ནང་རི་མོ་ཡོད།༽


JKT020_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་དགའ་བའི་ཙིཏྟ་ནི། །གནམ་མ་མཐོང་བའི་སྲོག་རྩ་རུ། །གུ་གུལ་ནག་དང་བོང་ནག་བླུགས། །སྔོ་དམར་དར་དྲིལ་གླ་ཧེ་བསྟུམས། །བཏགས་པ་ཙམ་གྱིས་དེ་སྲིད་སྲུངས། །ཨྠྀི། རཱ་ཧུ་ལ་སྲུང་བ་ཏྲི་ཀ་ལའི་སྦྱོར་བ་རྫོགས་སོ། ༈ །རླུང་གནོན་མན་ངག་ཟབ་མོ་ནི། །སྔོན་འགྲོ་དགོང་མོ་གསེར་སྐྱེམས་གཏོང་། སྡེ་བརྒྱད་ཆ་སྙོམས་སོགས། །བཀའ་བསྒོ་དམ་བསྒྲགས་རྒྱས་པར་བྱ། །སྔ་དྲོ་རླུང་མ་ལང་བའི་དུས། །བསང་དང་ཕུད་ཀྱིས་ཡུལ་ལྷ་མཆོད། །དེ་ནས་རང་ཉིད་སྐད་ཅིག་གིས། །མ་ཧཱ་དེ་བ་སྐུ་མདོག་ནག །གཅེར་བུ་རལ་པ་སྤྱི་བོར་བརྗེས། །ཕྱག་གཡས་རལ་གྲི་གཡོན་རང་རྟགས། །རལ་གྲི་དེ་ཡི་རླུང་དཀྱིལ་ནི། །གཞུ་དབྱིབས་བ་དན་དང་བཅས་པའི། །མཆོག་མ་ཆང་ཟུང་ཉལ་ཉལ་དུ། །གཏུབ་པར་བསམས་ལ་སྔགས་འདི་བཟླས། །ཨོ་དབང་ཕྱུག་ཆེན་པོ་ཧཱུྃ། ཨེ་མ་འཛུག་ཀུག་ཏ་ཧཱུཾ། ཁད་ཁ་ལམ་གཏུབ་ནན། ཞེས་བཟླས་རྫིའི་ཕྱོགས་བརྡེག་པར་རལ་གྲི་དར་ལྗང་གིས་དྲིས། མཆན། བྱ། །ཡང་ན་རལ་གྲི་དར་སྣ་ལྔས། །དྲིལ་ལ་རླུང་ལྷའི་ཕྱོགས་སུ་འཛུག །རྗེས་སུ་ལྷ་སྲིན་ཚོགས་རྣམས་ལ། །གཏང་རག་གཏོང་ཞིང་ཏིང་འཛིན་ལྷ། །གཉུག་མའི་ཡི་དམ་ཉིད་དུ་བསྒྱུར། །ཤིན་ཏུ་ཟབ་པའི་ཏི་ཀའོ། །ཨྠྀི། ༈ །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ན་མོ་བྷ་ག་ཝ་ཏེ། ཨུཥྞིཥཱ་ཡ་དྷ་རེ་དྷ་ར་ན་སྭཱ་ཧཱ། མ་བསྒྲུབ་ལས་རྣམས་ཀུན་འགྲུབ་ཅིང་། །


JKT020_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གིའུ་ཝཾ་ལ་བརྒྱ་རྩ་བཟླས། །མིག་བྱུགས་གང་འཕྲད་དེ་ཀུན་དགའ། །ཆུ་ཁྱོར་གང་ལ་ལན་བདུན་བཟླས། །འཐུང་པས་མ་བསླངས་ཟས་ཀྱང་རྙེད། ཐུ་བ་ལག་གཡོན་གིས་བཟུང་ནས། །ཉེར་གཅིག་བཟླས་ནས་ཚོགས་པར་ཕྱིན། །ཚིག་བཙན་ཤག་ཐེབས་ལམ་ཞུགས་ན། །དོན་ཀུན་འགྲུབ་ཅེས་བདེན་པར་བཤད། །ཨྠྀི། ༈ །སོ་སྲིན་ལ། ལན་ཚྭ་བལ་གྱིས་དྲིལ་བར་སྔགས་འདི་སྟོང་གདབ་སྟེ་སོ་བར་དུ་བཟུང་། ཨོ་སྲིན་བུ་ཙ་ཀ་ཤུ་ཙ་ལ་ནན་སྭཱ་ཧཱ། སྔགས་དེས་གསུས་པའི་སྲིན་ལའང་ཕན། མར་རམ་ཆང་ངམ། ཆུས་བཏབ་སྟེ་བཏང་། ཨོ་ན་མ་ལེ་ཙ་ཏྲི། རྡོ་གྲང་ལ་སྔགས་བཏབ། དེ་ཨོལ་བར་གླན། སྐྱུགས་པ་ཆད། ཨོ་ཧཱུཾ་དྷེ་ཧཱུཾ་དྷེ་སྭཱ་ཧཱ། བརྒྱ་རྩ་བཟླས་ཏེ་ཆུ་ཁྱོར་བ་གང་ལ་བཏབ་ནས་འཐུང་ན་ཆང་གིས་བཟི་མི་སྲིད། སྐྱབས་འགྲོ་སེམས་བསྐྱེད་ཡི་དམ་ལྷ་བསྒོམས་ཏེ། སྙིང་པོ་ཅི་རིགས་སྔགས་འདི་བརྒྱ་བརྒྱད་བགྲང་། །ཨོ་ཤེལ་ཐེལ་ཐེལ་སྦུ་ར་གསོད་སྭཱ་ཧཱ། མིག་གཡས་ལིང་ཐོག་རྐང་གཡོན་མཐེ་བོང་དང་། །དེ་བཞིན་གཡས་པར་གཡོན་བཏབ་སྔ་དགོང་བྱ། །ཨྠྀི། ༈ །ཨོ་ནན་སོད། གྲ་མ་ཅིག་ནན་མེད། ཤུ་དག་ཆུར་བཏབ་ཉམས་གྲིབ་ཐམས་ཅད་བྱང་། །ཨོ་ཡ་ཁྱིམ་ཧཱུྃ་ཀཱ་ར་སྭཱ་ཧཱ། ཕྱེ་ལ་ཉེར་གཅིག་བཟླས་བླུགས་དཀར་དམར་གྱིས། །ཐལ་གཞོབ་ཐམས་ཅད་ཐུབ་པར་ཐེ་ཚོམ་མེད། །ཧ་ཀ་ར། དུག་བྱུང་དེ་


JKT020_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་བགྲང་བཤལ་དུ་ཡོང་། །གཞན་གསོ་སྔགས་ཆུ་སྟེར་བས་དེ་བཞིན་ནོ། །ས་མ་ཡ། ༈ །ཆགས་པ་ཞི་བར་བྱེད་པའི་མན་ངག་ནི། སྒ་སྐྱ་གཙོ་བོ་ཡིན་པས་བུངས་ཆེ་བར་བྱ། མ་ནུ། ཡུང་པ། བུལ་ཏོག་གསུམ་འཁོར་ཡིན་པས་གཙོ་བོའི་ཕྱེད་ཙམ་བྱ། རྩིང་ཞིབ་རན་ཙམ་བརྡུངས་ནས་བཏུང་བས་ཕན། ༈ །ཨོཾ་སྭསྟི། འགྲོ་ལ་ཕན་པ་འབའ་ཞིག་པ། །སྟོན་མཛད་ཤཱཀྱའི་གཙོ་བོ་དང་། །དབྱེར་མེད་བླ་མ་ལ་བཏུད་ནས། །ཟབ་མོའི་མན་ངག་ཅུང་ཟད་བྲི། །དེ་ལ་དགྲ་ཇག་ཆོམ་རྐུན་གྱི་འཇིགས་པ་སྲུང་བ་ནི། ལམ་དུ་ཞུགས་པ་ན། རང་དམ་པ་སངས་རྒྱས་སུ་བསྒོམས་ལ་གཡས་ནས་རྡེའུ་བཅུ་གསུམ་བླངས་ཏེ། ཨོཾ་སུ་བ་ཏི་ནན་སྭཱ་ཧཱ། ཞེས་མང་དུ་བཟླས་ནས་བཏབ་སྟེ་རང་གི་གདོང་དུ་གཏོར། དེ་རྣམས་ལྕགས་ཀྱི་མི་རེངས་བཅུ་གསུམ་དུ་གྱུར་ནས་གནོད་བྱེད་ཀྱི་ཚོགས་བརླག་པར་བསམ། ལྷོ་བྲག་ཕྱག་རྡོར་བའི་ཞི གདམས་ངག་གོ། །ཡང་ཟན་ཆང་གཉིས་ལག་གཡས་གཡོན་དུ་བཟུང་ལ། ཐུམ་ཐུམ་རིལ་རིལ་ཤག་ཤག་རྨུགས་རྨུགས་དུ་མའི་མགོ་ལ་ཐུམ༔ ཞེས་བརྒྱ་རྩ་རེ་བཏབ། དེ་གཉིས་གཅིག་ཏུ་དྲིལ་ལ་བརྒྱ་རྩ་རེ་བཏབ། སྐེ་རག་གི་ཁུད་དུ་དྲིལ། འཇིགས་པ་གྲོལ་བ་དང་ཟན་ཁྱི་ལ་བྱིན་ན་རེངས་འགྲོ་བས་སྡིག་ཆེའོ། །ཡང་རང་གི་སྤྱི་བོར་རྗེ་བཙུན་སྒྲོལ་མ་སྔོན་མོ་གཡས་སྐྱབས་སྦྱིན། གཡོན་ཨུཏྤལ་བསྣམས་པ་


JKT020_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས། གང་འགྲོ་བའི་གཡས་ནས་རྡེའུ་ནག་པོ་དགུ་བླངས། རེ་རེ་ལ་སྔགས་ཉེར་གཅིག་རེ་བཏབ། ཐུ་བ་གཡས་སུ་བསྐུམ། མདུད་པ་ལ་སྔགས་ཉེར་གཅིག་བཟླས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བྷནྡྷ་བྷནྡྷ་ཀུ་རུ་ཀུ་རུ་སྭཱ་ཧཱ། རང་གང་འདོད་སར་སླེབས་པ་དང་རྡེའུ་དེ་རྣམས་སྔར་བླངས་པའི་སར་འཐོར། ༈ །།ཤྭ་འུད་བཟློག་པ་ནི། རོས་དང་ཆུ་རྩ་བསྲེས་པས་གཡམ་པ་སྔོན་པོ་ལ་འདི་བཞིན་བྲིས་ཏེ་ཡོང་ཕྱོགས་ལ་གདོང་གཏད་དེ་བཞག །གཡམ་པའི་སྒྲོམ་ཆུས་མི་ཁྱེར་བར་སྦས་སོ། ༈ །རླུང་གནོན་ལུགས་གཅིག་ལ། རྡེའུ་དཀར་ནག་ལྔ་ལ་སྔགས་འདི་བཏབ། ཨོ་བི་ཡ་བི་ཡ་ཡ་མུན་ཐར་འབྱུང་བའི་ཁ་ཆིངས། ཞེས་ཅི་མང་བཟླས་ལ་གཏོར། ༈ །ཆར་འབེབས་ལ་བྲག་ཕྱེར་དཀར་གསུམ་མངར་གསུམ་བསྲེས་ཤིང་ཀླུ་སྨན་སྣ་ཚོགས་བཏབ་པའི་རིལ་བུ་བརྒྱ་རྩ་བྱས། ནཱ་ག་ཀ་ལ་ཀ་ལ་བྷ་རི་ཤ་ཡ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་སྔགས། ཀླུ་ཡོད་པའི་ཆུ་མིག་ཁར་བླུགས་ན་མྱུར་དུ་འབབ་བོ། ༈ །ཆར་འབེབས་ཀྱི་མན་ངག་ལ། རྫས་ནི། ཤོག་བུར་སྔགས་བྲིས་གོ་བོའི་སྒྲོ་རྩའི་ནང་དུ་བཅུག །སོར་དྲུག་གི་སོ་ནས་བཅད་ལ་དར་སྐུད་སྔོན་པོས་དཀྲིས། ཡང་སོར་གསུམ་མཚམས་ནས་དཀྲིས་ལ་ཆུ་མགོའི་ནང་དུ་མགོ་མཇུག་བསྒྱུར་ནས་སྦས་སོ།། ༼འདིའི་ནང་རི་མོ་ཡོད།༽


JKT020_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལའང་གསང་རྒྱ་མ་བྱས་ན་དམ་ཚིག་ལ་སེལ་འགྲོ་བར་ངེས། ཆར་མྱུར་དུ་ལོན་པར་ཐེ་ཚོམ་མེད། ཀླུ་གཏོར་ཚར་གསུམ་བཏོན་ལ་སྤོས། ཞེས་ནམ་མཁའ་ནས་དཔལ་ཕྱག་ན་རྡོ་རྗེས་གསུངས་སོ། །ཟབ་བོ། ༈ །སད་སྲུང་ནི། ཨོཾ་མ་ཎི་པདྨེ་ཧཱུཾ། ནཱ་ག་ཤ་ཤ་ཤུ་ཤུ་མུ་ལི་སྭཱ་ཧཱ༔ ཞེས་མངར་གསུམ་ལ་བཟླས། ཀླུ་ཡོད་པའི་ཆུ་མིག་ཏུ་བླུགས་སོ། །བཙའི་སྔགས་ནི། མེ་ཁུ་ཆུ་ཕོལ་བུ་ཤེལ་ཀའི་ནན་སུམ་བི་བོ་རིན་སད་རྡོ་ཡལ། ཅེས་བྱེ་མར་བཟླས་ནས་ཞོག་ཀྱི་རེས་གཏོར། དེས་ཐུབ་བོ། །ཡང་འབུ་སྲུང་ནི། ཆུ་སྣ་གསུམ་དང་གླུ་མའི་ཐལ་བ་ལ། ཨོཾ་བཛྲ་ཕྲག་ཁམ་ཐུམ་རིལ་རྦད་ཡ་སྭཱ་ཧཱ། ཞེས་བཟླས་ནས་གཏོར་ན་རྩ་བ་ཆད་ཀྱང་སྐྱེའོ། །རི་བོང་སྲུང་བ་ནི། ཨོ་ལམ་ཨ་ཙལ་ཞུ་བྱི་ཞུ་བྱི་ཞུ་བྱི་ཞུ་ནན་ཐུམ་ཐུམ་སྭཱ་ཧཱ། ཞེས་གོ་ཐལ་ལ་བཏབ་ནས་ཞིང་ལ་གཏོར། ལིང་ཏོག་ལ། ཨོཾ་ཨིག་ཤད། ལྟག་པའི་ངོས་ནས་བརྒྱ་རྩ་བརྒྱད་དང་། མིག་ལ་ཉེར་གཅིག་བཏབ། མང་ན་མིག་ཆུ་ཟག །ཡང་ན། ཨོ་ཐིག་ཕོར་ཐིག་ཕོར་ཆད། ཕུག་རོན་གྱི་སྒྲོ་ལ་མང་དུ་བཏབ། ཆུ་ནང་དུ་བསྒྱུར་བར་བསམས། ཤིན་ཏུ་ཟབ་བོ། །ལྕི། །ཡང་ལིང་ཐོག་ཤ་འཛེར་ཁེབ་པ་ལ། རང་གི་སྲིན་ལག་གི་ཁྲག་བྱུགས། རྒྱལ་མོའི་སྟེང་དུ་ལིང་ཐོག་བྱུང་ན། རང་ཕྱག་ན་རྡོ་རྗེར་བསྒོམ། གྱ་ཕུར་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས། གྲོ་སོག་ལ་སྐུད་པ་དཀར་ནག་


JKT020_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དཀྲིས། མིག་གི་ཐད་དུ་བཙུགས། དེའི་སྤུབས་གཉིས་ནས་མར་སྦྲུལ་དཀར་ནག་གཉིས་ཐོན་ནས་ལྕེས་བལྡགས་ནས་ལིང་ཏོག་ལྷག་མ་མ་ལུས་པ་བླངས་ནས་ཞལ་སྒོར་ཐིམ་པར་བསམས། ཟབ་ཨྠྀི། ༈ །མིག་ཏུ་གྲྭ་མ་ཤོར་ན། ཨོ་ལ་ལིང་ཡ་མ་ད་ན་ཏིང་ལ་སྭཱ་ཧཱ། ཞེས་བཟླས་སྣ་ནས་ཕུས་འདེབས། ༈ །མིག་ཕྱིད་པ་ལ། ༀ་སྤུ་ཧེ་སྭཱ་ཧཱ། ཞེས་མང་དུ་བཟླས་ཏེ་ཕུར་པས་སེལ། དུ་བ་དང་ཁ་བས་ཕྱིད་པ་ལ་སྤང་རྒྱན་གྱི་ཁུ་བ་རས་ལ་བཙག་པ་བྱུགས་པས་ཕན་ནོ། །སོའི་སྲིན་འབུ་སྲུངས་ཤིག །ཙི་རི་ནི་རི་ནན་རྦད། ཤོག་བུར་བྲིས་ལ་གླ་གུལ་བྱུགས། སྐུད་པ་དམར་པོས་དཀྲིས་ལུང་ཐག་བྱའོ། །སོ་སྲིན་ན་བ་པོ་དེའི་སོ་དྲེགས་ལ་སྔགས་འདི་ཅི་མང་བཏབ། སོ་ཀ་ར་སོད། སི་དྷི་སོད། ར་ཙ་སྲིན་དམར་པོ་སོད། ཀ་བ་ལ་ཡི་གེ་ཁྲོ་བྲིས། དེའི་དབུས་སུ་སྔགས་བཏབ་པའི་སོ་དྲེགས་སྦྱར་ཏེ་དེའི་སྟེང་དུ་སྤྲ་བ་བཞག ། སོག་མའི་མེ་སྦར། ཕན་ངེས་ཟབ། །ཐང་ཕྲོམ་གྱི་འབྲས་བུ་དང་མར་རྙིང་བསྲེས་ལ། ཨོ་ཨ་ཀ་ན་རི་སོད། ཅེས་ཅི་མང་བཏབ་པ་རྡོག་པོ་གསུམ་བཅོས་ཏེ་ནད་པ་དེའི་ཁ་གདངས། སྨན་ལྕགས་བསྲེགས་ལ་བཏབ་ལ་དུབ་ཁར་འགྲོ་བར་བྱ། དེའི་འོག་ཏུ་ཆུ་ཕོར་གང་གི་ནང་དུ་འབུ་ཐོན་འཇུག །ལག་ལེན་མ་ཟབ་བོ། །ཨྠྀི། །ཐེབ་ཐེབ་ཁྲེབ་ཁྲེབ་ཆོད། ལན་བདུན་གྱིས་སྣ་ཁྲག་ཆོད། མང་ན་ཁོང་ཁྲག་སྐེམས་ཉེན་ཡོད། །


JKT020_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་སྤུ་བསྲེགས་ཐལ་རྨར་བཏབ་ཁྲག་གཅོད་ཟབ། ཁེ་ཁེ་ཤག་ཤག །མང་བཟླས་མཐེ་བོང་ལ་བཏབ། མཐེ་བོང་རྡོ་རྗེ། རྨ་མོ་མཚན་དུ་བསམས་ལ་གླན་པས་ཕན། སྣ་ཁྲག་ཀྱང་ཆོད་ངེས་སོ། །བུ་བཙས་རྗེས་ཁྲག་མ་ཆོད་ན་འོམ་བུའི་དུད་པ་མདོམས་སུ་བཏང་། སྐུད་པ་ཕྲ་མོས་ཞྭ་བཞི་བཀྱིག་གོ ༈ །ཞོ་ཆང་སྲུང་བའི་སྔགས་ནི། ཨོཾ་ཉག་ཉག་སོད། ཉག་ཉག་ན། ཨོ་ཏི་ཐ་ཏི་ཐ། ཨོ་ལོ་ཀ་ལོ་ཀ་པོ་པོ་ཐུམ་ཐུམ་ཁྲམ་ཁྲམ་མུག་མུག་སྭཱ་ཧཱ། ཞེས་ཕབས་ལ་བརྒྱ་རྩ་བརྒྱད་བཟླས། བོ་ལས་བྱུང་བའི་བདུད་རྩི་ལྗང་གུར་བསམས། རང་ཡི་དམ་གང་བྱེད་ཀྱི་སྙིང་པོ་བཟླས་ཏེ་བཏབ། ཡེ་དྷརྨས་རབ་གནས་བྱ། མར་ལ་བཏབ་ནས་ནུ་མར་བྱུགས་ན་འོ་མ་སྟེར། རྡེའུ་དཀར་ནག་ལ་བཏབ་ནས་འོ་མར་བཅུག་ན་མར་ལེགས་པར་འོང་ངོ་། །ཆང་ཞིམ་པའི་ཐབས་ལ། ཟམ་ཤིང་དུམ་བུར། ཨོཾ་པདྨ་རཀྵ་རཀྟ། མང་བཟླས་བསྙལ་བའི་རྒྱབ་ཏུ་བཞག་གོ ། འཁྲུ་སྐྱུགས་གཅོད་པར། མི་ཕོ་མོ་ལ་ར་ཕོ་མོའི་སྤུ། འཁྲུ་ན་ཕྱི་དང་། སྐྱུགས་ན་ནང་ལ་འགྲོ་དུས་བླངས་པ་ལས་སྐུད་པ་སུམ་བསྒྲིལ་བྱ། ཨོ་ཕྲུ་ཕྱྭ་བློ་བློ་ཤལ་ཤལ་སྭཱ་ཧཱ། མང་དུ་བཟླས། འཁྲུ་ན་སྐེད་པ། སྐྱུགས་ན་སྐེ་ལ་འདོགས། ཟབ་བོ། ༈ །དྲེགས་འདོན་པ་ལ། ཆུ་རྡོ་སྔོན་པོར། ཨོ་ན་ཏེ་ཏེ་ཕུ་སྭཱ་ཧཱ། ཞེས་བྲིས་དར་སྔོན་ཁ་གང་གིས་དྲིལ། སླ་ང་ཆུས་བཀང་བའི་ནང་དུ་བཅུག །དེ་ལ་རྐང་པ་བརླན་ལ་བཞག །དེ་ནས་


JKT020_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཟླས་པས་རྐང་པར་བཏབ་བོ། །ཟབ། ༈ །རྡེའུ་ནད་འདོན་པ་ལ། ཧྲི་མ་ཧཱུཾ་ག་དུ་འདར་མ་ན་པ་ཡེ་སྭཱ་ཧཱ། ཞེས་གླ་རྩི་དང་མར་དཀར་ལ་བཏབ། ཆང་ལ་རྟ་བྱས་བཏང་བས་རྡོ་ཕྱེ་དང་ཆུ་འདྲེས་ནས་འོང་། །ངོ་། །ཟབ། མེས་ཚིག་ལ། ཨོ་མེ་རི་དམར་པོ་སོད། ཆུ་རི་སྔོན་པོ་སོད། ལྕགས་རི་ནག་པོ་སོད། ཞི་ཞི་གྲམ་གྲམ་སྭཱ་ཧཱ། ཤིན་ཏུ་ཟབ་བོ། །ཡང་། ཚོས་ཤིང་། སུག་པ། ཆུ་རྩ། བུལ་ཏོག་རྣམས་བསྲེས་ནས་བྱུགས་ན་ཤིན་ཏུ་ཕན་ནོ། ༈ །གླང་ཤུ་ལ་བ་དམར་མོའི་ལྕི་བ་སར་ལྷུངས་བ་ལན་བཞི་ལྔ་བྱུགས་ན་ཕན། ༈ །ཀོ་བྱི་ལ་བརྡར་བའི་ཕྱེ་མ་སྐྱོ་མ་བྱུགས་ན་ཤ་བཀྲ་དང་གླང་ཤུ་སེལ། ༈ །ཞུ་མཁན། ཡུངས་བ། སྒ་སྐྱ་གསུམ་གྱི་ཕྱེ་མས་ངོ་ཤིག་སེལ། ༈ །མི་ཕྱུགས་ཀྱི་རྩ་ཆུ་འགགས་པ་ལ། ཧུ་ཆུ་ཧུ་ཆུ། རྔུབ་ཆུ་རྔུབ་ཆུ། དུ་པ་ཆུ་ཆི་ལེ་ཡེ་སྭཱ་ཧཱ། མར་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་རྩ་ཆུའི་སྒོར་བྱུགས་པས་ཐོན་ངེས་ཟབ་བོ། ༈ །ཁ་ཆེ་གླ་རྩི་ཐར་ནུས་ཁྱི་སྨྱོན་གྱིས། །རྨུགས་པ་ཞག་གསུམ་གང་བཏབ་མི་ལྡང་ཟབ། །ༀ་ཀུར་ཀུར་ཨུ་མ་ན་དུ་ཨ་བི་ས་ཧ་ལ་ཏ་པ་ལ་ཆད་ཎ་མི་རཀྟ་རཀྵ འཆང་བ་པོ་ལ་ཁྱི་སྨྱོན་གྱི་གནོད་པ་ཐམས་ཅད་སྲུངས་ཤིག་སྭཱ་ཧཱ། གསེར་དངུལ་མཚལ་གསུམ་གང་རུང་གིས་བྲིས་ལ་རབ་གནས་བྱ། དར་དམར་གྱིས་དྲིལ་ལ་མགུལ་དུ་བཏགས་པས་ཐུབ་ངེས་སོ། །ཨོ་ཙ་ཏྲི་སོད། ར་མར་ལ་འབུམ་ཚོ་བཏབ་ནས་བྱུགས་པས་ཕྱི་སྲིན་སྲུང་ངོ་། །


JKT020_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ན་མོ་པ་ཏི་གེ་ལོ་ཙཀྲ་ཡེ་སྭཱ་ཧཱ། ཞག་གསུམ་སྨྲ་བཅད་བཟླས་པས་ཚེ་འདི་ཕྱི་གཉིས་ཀའི་ཤིག་སྲུང་ངོ་། །བད་མཆུ་ལ་ཆུ་རྩ་བུལ་ཏོག་སྦྱར་བྱུགས་དེས་ཕན། ལྕེ་དང་ལྐོག་མ་ན་བ་ལ་རྨ་ཡོད་མེད་གང་ལྟར་ཡང་། སྦལ་ཤ་སྐམ་པོ་ཞོ་སྦྱར་ནས་ལྕེ་ཐོག་ཏུ་ཡུན་རིང་བསྐྱིལ་མཐར་ཕྱིར་ཕོ། ༈ །རྣ་བ་འོན་པའི་རིགས་ཐམས་ཅད་ལ་རྒྱ་ཚྭ་ནས་ཙམ། རུ་རྟ་ནས་ཙམ་གཉིས། ལ་ཕུག་ནས་ཙམ་གསུམ་ཞིབ་པར་བཏགས། མར་ནག་ལོ་ལོན་ལྕགས་སྣོད་དུ་བསྲོས་པ་ཐིག་གཅིག་ལ་སྨན་སྲན་མ་ཙམ་གཅིག་སྦྱར་ལ་གོང་དུ་གུ་གུལ་གྱི་དུད་པས་བདུག །རིམ་གྲོར་གཏོར་མ་བརྒྱ་རྩ་རེ་བཏང་། སྨན་བླུགས་ལ་ཟན་དྲོན་གྱིས་བཀབ་སྟེ་བཞག ། ནངས་པར་སྔ་དྲོ་ཉི་ཟེར་དང་སྨན་རྩི་དལ་བུས་བླང་ངོ་། །དེས་ཕན། ༈ །སྤང་རྒྱན་དཀར་པོ། ཀྱི་ལྕེ་དཀར་པོ། ར་དཀར་མོའི་འོ་མ་གསུམ་དང་སྦྱར་ནས་དུ་བ་སྣ་བུག་ཏུ་བཏང་བའམ། ལུག་གི་མིག་སྐམ་པོ་ཞིབ་པར་བཏགས་ཏེ་དཔྲལ་བར་བསྐུས་པས་གཉིད་ཆུང་ཟབ་བོ། །ཡང་མཐིང་རིལ་སྒོང་ཆུར་བཙོས་པ་རིལ་པོར་ཟན་མཚན་གོང་དུ་གཉིད་མི་ཡོང་། དེ་བཞིན་ཕྱེད་དང་སུམ་ཆ་སོགས་རིག་པས་དཔྱད། ༈ །དུག་མདའ་ཕོག་ན། ན་མོ་ལོ་ཀ་བྷི་ཏ་སྭཱ་ཧཱ། ཞེས་མང་དུ་བཟླས་པ་རས་སོགས་ལ་བཏབ་ནས་ཕྱིས། བྱེའུ་ལ་ཕུག །འོམ་བུ། བྲག་སྐྱ། ཨ་རུ བོང་དམར་ལྔའི་ཐང་གིས་ཤ་དུག་ལ་ཤིན་ཏུ་ཕན། ཤ་དུག་གིས་གྲེ་བ་འགགས་པ་སོགས་


JKT020_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྒང་ཐོག་པ་ཆིག་ཐུབ་ཡིན། ཕོ་བ་གཟེར་ཆེན་གྲིབ་སྐྱེས་བ་ལུ་དང་། གློར་བབ་གུར་གུམ་དང་བྲག་ཞུན་སོགས་རིག་པས་དཔྱད། སྟོད་འཚང་ལ་སྒོའི་སྤྱི་ཕོར་གྱིས་ཐུར་མགོ་གང་ཆུས་ཕུལ་བ་ཟབ། ༈ །སྦ་བ་ལ། གནམ་གང་གི་ཐོ་རངས་སྐར་མ་མ་ཡལ་བའི་དུས་སུ་ཨོལ་གོང་གཅིག་ཐེམ་པར་བཞག་ལ། རྐང་པས་མནན། ལག་གཡས་སྐམ་པ་འཕྱར། གཡོན་པས་ཕྲེང་བ་ཉེར་གཅིག་བཟུང་། སྔགས་བཟླས་ནས་ཨོལ་གོང་ས་ལ་སྐྱུར། སྐམ་པས་ཐེམས་པར་བརྡུང་ལ་ཟ། སྔགས་ནི། ཨོཾ་དྷུར་ཁུང་མ་ས་ར་ཁ་གཙྪ་ཧི་མ་ན་སེ་ཧཱུྃ་ཕཊ༔ ཞེས་པས་སོ། །ཟབ། ༈ །མགོ་རླུང་ལ། རྡོ་སྣུམ་ཅན་གཅིག་ས་དཀར་གྱིས་གཡུང་དྲུང་རིས་བྲིས་སྐོར་དུ་བྲིས། །དེ་རྗེས་རྐང་པས་ལན་གསུམ་བསྐོར། ཡེདྷརྨས་རབ་གནས་བྱས། མགོ་ལ་མ་རེག་ཙམ་དུ་རླངས་པས་བདུག་ན་ཤིན་ཏུ་ཕན། དམ་པ་རིན་པོ་ཆེའི་མན་ངག་ཟབ། ༈ །གུ་གུལ། ཤ་ཆེན། བྱ་རྒོད་ཤ །རྣ་རུའི་རྩེ། སྟག་ཤ་ལྔ་པའི ཆ་མཉམ་དུ་སྦྱར་བའི་དུ་བས་བདུག་ན་ཆམ་རྟ་དྲེལ་བོང་གསུམ་གྱི། རིམས་ཟླ་རེ་སྲུང་བ་ལག་བླངས་མའོ། ༈ །གག་པ་ལ། མགྲིན་པར་མེའི་བྱ་ཁྱུང་བསྒོམས། དེ་ལས་གྲངས་མེད་པ་འཕྲོས་ཏེ་ལུས་ཀྱི་ནང་ཐམས་ཅད་ཁེངས་པར་བསམས། ཏྲི་ཤག་ཤག་ཚེག་ཚེག་ཐོལ་ཐོལ་རྦད་རྦད་སོད་སོད། ཆུ་ལ་བཏབ་ནས་གཞན་ལ་བཏང་ཀྱང་ཕན། རང་སྲུང་བློ་ལ་ཡོད་པས་ཆོག ༈ །ཞ་ཉེ་བརྡར་བ། བྱང་བུལ། གཡེར་མ། སྒོག་སྐྱ།


JKT020_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བ་རལ་པ་ཅན། ཙནྡན་ལྔ་ཞོ་རེའི་ལྗིད་མཉམ་མཆན་འོག་ཏུ་བསྐུས་ཤིང་མཉེས་སམ། ཟངས་གཡའ་ཚྭ་མར་རྙིང་པ་གསུམ་གྱི་ལྡེ་གུ་ཚད་པའི་དུས་སུ་མཆན་འོག་ཏུ་ཡང་ཡང་བྱུགས་ནས་ཉི་མ་ལ་བསྲེགས་ན་བསེ་དྲི་འདོན་ངེས་སོ། །བ་གླང་གི་ལྕེ་རྩེ་དར་དམར་གྱི་ཁུད་དུ་དྲིལ་ཏེ་དཔུང་པ་གཡས་པར་བཏགས་པས་ཁ་སྨྲས་ཤག་ལན་ཕམ་མི་སྲིད། ཕྱི་སྒོ་ལ་རྒྱ་གྲམ་བྲིས་ན་མི་ཁ་ཉུང་། རྫ་སོ་མ་ཞིག་ལ་ཁ་ཉེར་གཅིག་བྲིས། ནང་དུ་བྲའོ་དང་ལོ་མ་ལ་ཕུག་རྣམས་བླུགས་ནས་ལམ་ཁར་བསྐྱལ་ན་མི་ཁ་ཞི། དར་ལ་མེ་ལོང་བཏགས་ནས་རྐང་གཡས་སུ་བཅིངས་ཏེ་ཁང་པའི་ནུབ་ཕྱོགས་ཉི་ཟླ་བྲིས་ན་ཁྱིམ་དེར་འཐབ་མོ་ཉུང་། སོག་པ་བཞི་ཁང་པའི་ཕྱོགས་བཞིར་བཞག་ན་དུས་རྒྱུན་དུ་འདྲེས་གནོད་པ་དང་། ཐོག་ཚེགས་པ་དང་འོད་འབྱུང་བ་རྣམས་ནི། སཱ་ཙྪ་སེར་པོ་བཞི་རྒྱ་མཐོང་གི་ཕྱོགས་བཞིར་བཞག་ན་ཐོག་ཐུབ་ངེས། ༈ །ཡི་གེ་སྒྲུབཅུ་པ་འདི་སྲིན་ལག་ལ་ལན་བརྒྱ་བཟླས་ཏེ་རང་གི་མིག་གཉིས་ཕྱིས་ཏེ་རྒྱལ་པོའི་དྲུང་དུ་ཕྱིན་ན་དེ་སློབ་མ་ལྟར་འགྱུར་རོ། །སྐྱེར་བའི་མདའ་འུག་སྒྲོ་མ་གནོད་པའི་ཕྱོགས་སུ་འཕང་ན་ལྟས་ངན་ཐམས་ཅད་ཞི། རྒྱུ འདྲེས་མི་གནོན་པའི་ཐབས་ལ། ཨོཾ་ཨ་རེ་སུ་རེ་ག་ནི་གུང་མ་ཏ་ཏ་ལ་ཤ་ལ་ན་དུར་ཡ་བྷོ༔ ཨོ་རུ་ལེ་ཧྲི་གྲོ་ས་སོར་མ་སརྦ་བི་ཙ་ནི་བྷནྡཱ། ཨོྃ་ཛ་ག་ཡེ་སྭཱ་ཧཱ། ཞེས་པ་འདི་གུར་གུམ་གྱིས་བྲིས། རབ་གནས་བྱ། ཟབ།ཙྩོ ༈ །ཅང་ཤེས་སྔོན་པོའི་


JKT020_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཁོག་པར། ཨོ་ཙཎྜ་མ་ཧཱ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཨ་པ་ར་ཙིཏྟ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་དུར་ལ་ཧ་རི་ཧཱུྃ་ཕཊ༔ ཅེས་བྲིས། ཡེ་ཤེས་པ་ཡི་གེ་སུམ་ཅུ་རྩ་གསུམ་གྱི་རྣམ་པར་སྤྱན་དྲངས། རྟེན་སྙིང་གིས་རབ་གནས་བྱ། །གར་འགྲོ་སར་བཅངས་པས་ཚེ་རིང་ནད་མེད་ཕྱུག་པོར་འགྱུར། ཁྱུ་མཆོག་བསོད་ནམས་སྤེལ་བའི་འཁོར་ལོ་ཨྠྀི། ༈ །ལྕགས་སྒྲོག་གི་འཇིགས་པ་ལས་གྲོལ་བར་འདོད་ན། མཎྜལ་གྱི་དབུས་སུ་བྱེའུ་ནས་ཟན་གྱི་བྲུན་སྤུངས། དེ་ལ་སྔགས་སྟོང་ཕྲག་བརྒྱད་བཟླ། ལྕགས་སྒྲོག་ལ་བསྐུས་པས་ལྕགས་སྒྲོག་ཆད་ནས་གྲོལ་ལོ། །ཆད་ཁྲིག་ཤག་ཤག་སྭཱ་ཧཱ། པྲ་མ་ནི་སིལ་སིལ་སྭཱ་ཧཱ། ཏ་ཁུག་ཏ་ཁུག་སྭཱ་ཧཱ། ལྕགས་ཕ་བོང་ཤག་མེ་བུ་དྷ་ཚ་ཤ །པྲ་བེའི་བྲག་ཤག་དུ་སིང་དུ་ཤག་ཤག་རྦད་རྦད། རང་ཉིད་བྲམ་ཟེའི་ཁ་རླངས་ཀྱི་མེ་ལྕེས་ལྕགས་ཞུ་བར་བསམས་ལ་བརྡེག །ཁྲི་སོང་ན་གང་ཡང་ཐོག་ཐུག་མེད་པར་ཕྱེད། དམ་ཚིག་ཏུ་བཟླས་པའི་རིང་མེ་དང་ལན་ཚྭ་བུད་མེད་རྣམས་སྤང་། ཟབ། ༈ །ཨོཾ་ན་མ་ནི་ཤ་ཁ་དྷི་མ་ནི་གཟེར་ཁྲམ་ཤག །ཡང་ཡང་ཤག་ཤག་གཟེར་ཁྲམ་སྭཱ་ཧཱ། ཞེས་ལྡེའུ་ཁུང་ནས་གདབ། བཙུན་མོ་འགྲོ་ལ་ཨྠྀི། ༈ །གཞན་གྱི་ཡིད་འགུགས་པའི་སྔགས་ནི། ཨོ་མངྒ་ལཾ་ཨཱ་ཡུར་པུཎྱེ་ཨ་ཛཱི་དྷ་ར་ཡེ་སྭཱ་ཧཱ། སྐྱེས་པ་ཕོ་མོའི་བླ་ཁུག །ཅེས་ཕོ་ལ་མགྲོན་བུར་གདབ་སྟེ་རྐང་རྗེས་ཀྱི་ས་ལ་ཚེས་གཅིག་དང་། མོ་ལ་ཤིང་ཚར་


JKT020_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་ཏེ། གོས་ཀྱི་ཐུམ་བུ་ལ་གནམ་གང་གི་དུས་སུ་བརྡེག་གོ །དགྲ་བོ་བྲན་དུ་བཀོལ་བའི་སྔགས་ནི། ཨོ་ཡར་ཁྲིད་མི་ལ་སྭཱ་ཧཱ། ཞེས་ཆུ་ཕ་གའི་རྡེའུ་དཀར་པོ་ལ་ཉི་མ་གཟས་ཟིན་པའི་དུས་སུ་ལན་བརྒྱ་བཟླས་ནས་མགུལ་དུ་གདགས་ན་བྲན་བཞིན་དུའོ། །མི་ཐམས་ཅད་བྱམས་པར་འདོད་ན། ན་མོ་བྷ་ག་ཝ་ཏེ་ཨུཙྪིཥ་ཡ་དྷ་རེ་དྷ་ར་ནནྡ་སྭཱ་ཧཱ། ཆུ་ཁྱོར་གང་ལ་ལན་བདུན་བཏབ་སྟེ་འཐུང་ན་ཐམས་ཅད་ཀྱི་སྙིང་དུ་སྡུག་ཅིང་། མ་བསླངས་པར་ཡང་ཟས་སྦྱིན་པར་འགྱུར་རོ། ༈ །གློ་ཞི་བའི་སྔགས་ནི། ཨོཾ་ཏ་ར་ནན་པ་ར་ནན་པ་རི་ནན་སྭཱ་ཧཱ། ཞེས་མང་དུ་བཟླའོ། ཟབ། ༈ །ཤྭ་རྒྱན་ཐོབ་པར་འདོད་ན། ན་མོ་བྷ་ག་ཝ་ཏེ་ཛྷཱ་ན་ནི་པ་ཧཱུཾ། རས་གཙང་མའི་ཁུག་མར་བཟླས་ཡུང་། ཟངས་ཀྱི་བྱང་བུ་མིག་དགུ་པ། མགྲོན་བུ་བུ་ཆེམ་གཅིག །གཡུ་རྙིང་གཅིག་སྟེ་བཞི་བཅུག །ལག་གཡས་སུ་བཏགས་ལ་དྲིལ་བས་ཐོབ་བོ། ༈ །སློབ་དཔོན་པདྨས་མཛད་པའི་རྫས་སྲུང་འཕྲུལ་སྙོལ་ནག་པོའི་སྦྱོར་བ་ལ། མི་ཁྱིའི་བྲུན་དང་སྤུ་རྩ་ཤ་ཆེན་པ། །སྒོག་སྐྱ་མུ་ཟི་ནག་པོ་མཁན་དམར་རྩ་བ་རྭ་གཞོབ་བརྒྱ། །རིལ་བུ་ཤུག་འབྲུ་ཙམ་གྱི་ལྟོ་བ་ནས། །མིག་ཕུག་ལུག་ནག་བལ་སྐུད་བརྒྱུས་པ་བཏགས། །གདོན་བགེགས་ཀུན་ཐུབ་ལྷན་སྐྱེས་རྨ་རིགས་དང་། །གག་ལྷོག་གཉན་སྐྲངས་ཀུན་ལ་རང་ཉིད་ཀྱིས། །ཆུང་ན་རྟ་བོང་སྦྲང་སྦྱར་བྱུགས་པས་


JKT020_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས། །ནངས་པར་དུད་པ་གཏོང་བས་མི་ཕྱུགས་ནད་ཀུན་སེལ། །འོ་མ་མི་སྟེར་ནུ་མ་ལ་བྱུགས་ཤིང་། །ཞོ་ཆང་སྲུང་ན་གང་སྲུང་སྣོད་ལ་བྱུགས། །སེར་བ་འབེབས་དང་གཏད་བྱེད་འགོས་པའི་རིམས། །རོ་ཁུར་སོགས་ལ་ལྟོ་བར་བག་ཙམ་དྲི་ཆུ་བར་བ་དང་སྦྱར། བཏང་། །ལུས་ལ་བྱུགས་པས་ལྷ་འདྲེ་ཐམས་ཅད་ཐུབ། །ཨྠྀི། ༈ །མེས་མི་ཚིག་པའི་ཐབས་ལ། འུག་པའི་བྲུན་ད ༧ ནན། མེ་ཁ་མེ་ཁ་མེ་ཁ་ར་ན་མེ་སོད། མེར་བར་སོད། མེ་འཕོ་བ་སོད། མེ་རི་དམར་པོ་སོད། ལྕགས་རི་སྔོན་པོ་ཚ་བའི་དཔལ་ཆོག་སྭཱ་ཧཱ། ཞེས་བཏབ། རྫས་ལག་པ་ལ་བྱུགས་ན་མེས་མི་ཚིག །དར་སྐུད་བལ་གྱིས་དྲིལ་ནས་ཐབ་ཏུ་བསྐྱུར་ཡང་མི་ཚིག །དར་གྱི་ཁར་ཡོས་བརྔོས་ཀྱང་མི་ཚིག །ལྕགས་བསྲེགས་བལྡགས་ཀྱང་མི་ཚིག་གོ། ཨྠྀི། ༈ །བྱ་ཐན་ཕོག་ན། ཟན་ལ་ཤར་དུ་འུག་པ་སེར་པོ། ལྷོར་པའི པུ་ཤུད་ཁྲ་བོ། ནུབ་ཏུ་སྲེག་པ་བསྲེ་བོ། བྱང་དུ་ཕ་བོང་དཀར་པོ་བྱས་ལ་བྱ་རེའི་མདུན་དུ་བཤོས་བུ་རེ། འཐེབ་སྐྱུ་རེ་བཞག །བྱ་ཁྱོད་བཞི་པོས་བྱ་འདྲེ་བྱ་ཐན་ཐམས་ཅད་བཟློག་པར་འགྱུར་རོ། །ཟེར་ཞིང་མི་བཞིས་བྱ་རེ་ཁྱེར་འགྲོ། ཟབ་བོ། ༈ །བྱིས་པ་ངུ་ན། ན་མོ་ཤྲཱི་ག་ན་པྲ་མོ་ཙུ་ལུ་དེ་ཙུ་ཏ་ཛོ་སྭཱ་ཧཱ། ཞེས་བྲིས་གདགས་པས་ཐུབ་བོ། །ཨོཾ་མ་མ་མད་ཁྱེ་མུ་ན་ཡེ་སྭཱ་ཧཱ། ཞེས་ཉེར་གཅིག་བཟླས་པ་ལྕགས་


JKT020_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་བལྡགས་པའི་སྔགས་སོ། ༈ །ཨོཾ་ཀཱ་མ་དེ་བ་ཧ་ཏ་མ་རི་ཤ་ཨུརྨ་ཏི་ཀུ་རུ་སྭཱ་ཧཱ། ལག་པ་ལ་ལན་བདུན་བསྔགས་ཏེ་གང་ལ་རེག་པས་བརྒྱ་བྱིན་ཀྱང་དབང་དུ་འགྱུར་རོ། །།ཨོ་ཨ་ཀ་དེ་བ་ནི་རཀྵ་ཡ་སྭཱ་ཧཱ། མིག་ལ་བཟླས་པས་གང་བལྟས་པ་དེ་དབང་དུ་འགྱུར་རོ། ༈ །རྐང་མགྱོགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་བ་ར་ཙ་ལ་ནི་ཙ་ལ་སྭཱ་ཧཱ། སྔགས་འདི་བྱི་བའི་རྐང་མཐིལ་གྱི་པགས་པ་ལ་རེག་སྟེ་ཉེར་གཅིག་བཟླས་ལ་བླངས། ཕྱི་མིག་མི་བལྟ་བར་རང་གནས་སུ་ལོག །དེ་ནས་ཕྱིས་བརྒྱ་རྩ་བརྒྱད་སྔགས་ལ་ཚ་བའི་མར་ནག་ལ་བཅུག་སྟེ་བཙོ། དེ་ལས་བླངས་ནས་ལན་བདུན་སྔགས་ཏེ་རྐང་པ་ལ་བྱུགས་ན་དཔག་ཚད་སྟོང་དུ་ཕྱིན་ཡང་ཐང་མི་ཆད་དོ། །ཨྠྀི། ༈ །ཨོ་རུ་ཙི་ར་མ་ཎི་པྲ་ཝནྡྷ་ན་ཡེ་སྭཱ་ཧཱ། ཚར་བདུན་བགྲང་ཕྲེང་ལ་བཏབ་སྟེ་བཟླས་བརྗོད་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་གསང་སྔགས་དེ་དག་ཐམས་ཅད་བཟླས་པར་འགྱུར་ཞིང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བཟླས་པར་འགྱུར་རོ། །ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་གཟུངས་ལས་གསུངས་སོ། །སྲམ་གྱི་ཚིལ་བུ་བཞུ་བའི་ནང་དུ་རས་བཅུག་ལ་ཀོང་བུར་བཙུག །ཆུ་དེའི་ཕྱེད་ཙམ་བླུགས་ལ་མེ་སྦར་བ་ནི་ཆུའི་མར་མེའོ། །རྩ་འདྲེས་པ་ན། རང་ཐུགས་རྗེ་ཆེན་པོར་བསྒོམས་ལ་མ་ཎི་བརྒྱ་རྩ་བཟླས། རྩ་མདུད་རང་སར་ཤིག །


JKT020_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་སྦྲིད་རྦད་ནན་སྭཱ་ཧཱ། ནད་དམིགས་སུ་བཏབ། རང་གི་ལག་པས་ཕུར་པས་ཕན། ཟབ་བོ། ༈ །ཟ་ཡིག་ནོར་བུའི་བང་མཛོད་ལས། གཉིད་སད་ལྟོ་ལ་ཟོས་གྱུར་ན༔ རྨི་ལམ་ངན་པ་ཐམས་ཅད་ཞི༔ ཊྛ ས་མ་ཡ༔ ཁ་ཆེ་གི་ཝཾ་གུ་གུལ་གླ་རྩི་བཞིསཿ སྐར་མ་རྒྱལ་དང་བསྟུན་ཏེ་བྲིས༔ རང་ཉིད་རྡོ་རྗེ་རྩེ་ལྔར་བསམས༔ སྲོད་དང་ཐོ་རངས་ཐོས་པ་ཡིས༔ ཟས་ནོར་ལོངས་སྤྱོད་རྒྱས་པར་འགྱུར༔ ས་མ་ཡ༔ གུར་གུམ་ལི་ཁྲིའི་ཆུ་ཉིད་ཀྱིས༔ ཚེས་གཅིག་ཉི་མ་རྩེ་ཤར་བྲིས ཐོ་རངས་དུས་སུ་ལྔ་ལྔ་ཟ༔ འགྲོ་བ་དབང་དུ་འདུས་པར་འགྱུར༔ ས་མ་ཡ༔ དང་གཏད་སོགས་གང་གིས་ཀྱང་༔ ལུས་ངག་ཡིད་ལ་ཚུགས་མི་འགྱུར༔ ས་མ་ཡ༔ སིནྡྷུ་ར་དང་ཁ་ཆེས་བྱུགས༔ གཟང་ཆེན་ཉི་མ་དར་དུས་བྲིས ཧ་ལ་ཝི་ཤ་དག་གིས་དྲིལ༔ ཐོ་རངས་བདུན་བདུན་ཟས་སུ་ཟ༔ སྙིང་གི་གཟེར་དང་སྨྱོ་འབོགས་ཀུན༔ རང་སར་གྲོལ་བར་ཐེ་ཚོམ་མེད༔ ས་མ་ཡ༔ སྔགས་ནུས་རྒྱས་པ་གི་ཝཾ་ཁ་ཆེའི་ཆུ་ཡིས་བྲིས སྐར་མ་རྒྱལ་དང་བསྟུན་ལ་བྱ༔ དམ་ཚིག་ལྡན་པས་ནངས་མ་རཿ༔ མོས་གུས་ལྡན་པས་ཟས་སུ་ཟ༔ སྔགས་ཀྱི་ནུས་པ་རྒྱས་པ་དང་༔ བརྒྱ་སྟོང་བྱེ་བ་འབུམ་དུ་འགྱུར༔ སྒྲ་ཡི་དམ་ལྷ་ཡིས་བྱིན་གྱིས་རློབས༔ ཉམས་གྲིབ་བར་ཆད་ཀུན་དང་བྲལ༔ ས་མ་ཡ༔ མུ་སྟེགས་ཀྱི་རྦད་


JKT020_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་མ་བྱེད་ན། རང་ཉིད་དབང་ཕྱུག་ཆེན་པོ་སྐུ་མདོག་དུད་ཁ་ཞལ་གཅིག་ཕྱག་གཉིས་གཡས་རྩེ་གསུམ། གཡོན་ཐོད་ཁྲག་འཛིན་པ། ཡས་མཆུ་ལ་མེ། མས་མཆུ་ལ་རླུང་། ལྗགས་ལ་མེའི་ཚྭ་ཚྭ་འཕྲོ་བ། རལ་པ་ས་གཞི་ཁྱབ་པ། ལྟོ་བར་ངན་སྔགས་རྒྱ་མཚོ་འཁྱིལ་བར་བསྒོམ། ནག་པོ་རྦད། དུ་ན་ཡ་རྦད། མ་ཧཱ་པཉྩ་ཆད། ཐཾ་ཧྲི་ལ་ཛ་རྦད། །ཅེས་པ་འདི་གཉན་ལྷོག་སྐྲངས་པ་རྣམས་ལ་སྔགས་༥འདེབས། ཁོང་སྲིན་ལ་ཚྭ་སྔགས། ཆུ་སྐོལ་གྱིས་ཕུལ། ཚ་སྲིན་ལ་ཆུ་གྲང་གིས་ཕུལ། སོ་སྲིན་ལ་ཚྭ་ལ་བཏབ། སོ་བར་བཏེམ། རྒྱུ་གཟེར་ལ་སྔགས་ཆུ་བྱིན། ཤུ་བ་ལ་མར་རྙིང་པར་བཏགས་ནས་བྱུགས། ཉི་མར་བསྲེགས། གཟེར་ལ་ཉུངས་ཀར་དང་ཐལ་ཆེན་ལ་བཏབ་ནས་གཏོར། ཡ་མ་ལ་ཁུང་དུ་འདེབས། ལིང་ཐོག་ལ་ཕུས་འདེབས་ཡལ་བར་བསམ། ཁྲག་ལ་འཐེབ་ཆེན་ལ་བཏབ་ནས་གླན། པགས་ནད་ལ་སྒྱེད་བུ་གསུམ་གྱི་དྲེགས་པ་དང་མར་རྙིང་ཞོ་ཤ་རྙིང་པ་བསྲེས་སྔགས་བཏབ་སྟེ་བྱུགས། ཉི་མར་བསྲེགས། རྨ་རྙིང་ལ་སྣུམ་བཙག་བཅད་སྔགས་བཏབ་བྱུགས་པས་ཕན། ཁྱི་རྨ་ལ་ཁྱི་སྤུ་དང་རྨ་ལ་སྔགས་བཏབ། ཁྱི་སྤུ་མེར་གཞོབ་རོག་ཙམ་བསྲེགས་ཏེ་དེ་མ་ཐག་གླན། དེའི་སྟེང་དུ་རེ་བ་ནག་པོས་བཀབ། སྐུད་པ་དཀར་པོས་རྒྱ་གྲམ་དུ་བཅིངས། ཞག་གསུམ་ནས་བལྟས་སོ། །ཐིག་ལེ་འཛག་ན། ཁྱི་ནག་


JKT020_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྤུ་ལ་སྐུད་པ་སུམ་སྒྲིལ་རྡོ་རྗེའི་མདུད་པ་གསུམ་བརྒྱབ། སྐེད་པ་ལ་བཅིངས་པས་ཕན་ནོ། །མདུད་པ་རེ་ལ་སྔགས་སྟོང་རེ་བཏབ་པ་གལ་ཆེ། ཨྠྀི། ༈ །རི་ཁྲོད་དུ་སྡོད་པའི་དུས་སུ་ཕྱོགས་བཞིར་ཐོའི་འོག་ཏུ་དགའ་འཁྱིལ་བཞི་གཡོན་བསྐོར་དུ་བྲིས། དེ་སྟེང་རྡོ་རྗེ་རྒྱ་གྲམ་བཞག །ཁ་སྦྱར་ལ་རབ་གནས་བྱ། དེས་མི་རྒོད། ཇག་ཆོམ། ཁྱི་དང་དབོ་དཀར་སོགས་ཀྱི་གནོད་པ་སྲུང་ངོ་། །བརླ་གཡས་ལ་སི་ཧཱ་བྲིས། སྒོའི་ཡ་ཐེམ་ལ། ས་སྐྲ་བྲིས། གཞན་གྱིས་མི་མཐོང་བར་བྱ། རྗེ་བཙུན་མི་ལ་རས་པ་ལ་ཚེ་རིང་མཆེད་ལྔས་ཕུལ་བའི་གདམས་པ་ཟབ། །༈ །ཁྱིམ་གྱི་ཀ་བ་ལ། ཧ ས ཀཾ། ཞེས་བྲིས་ནས་གླན་པས་ཆོམ་རྐུན་སྲུང་ཞེས་རས་ཆུང་པའི་ལུགས་སོ། ༈ །ན་མཔདྨ་ཀཱ་རཱ་ཡ། བཟླས་ཆོག་སྔགས་འབུམ་དཀར་པོ་འདི། །གོང་བསྙེན་ཞག་གསུམ་སྨྲ་བཅད་བྱ། །དེ་ནི་བརྒྱ་རྩ་མ་ཆགས་བཟླས། །མཐིང་ཤོག་དག་ལ་གསེར་གྱིས་བྲིས། །རབ་གནས་བྱས་ཏེ་མགུལ་དུ་བཏགས། །གཞན་དོན་སྔགས་ཆུའི་རྟ་དང་སྦྱར། །ཨོཾ་པདྨ་ཤ་བ་རི་ཕཊ༔ ནན་པར་ཤིག༔ ནཱ་ག་ནན༔ ཏདྱ་ཐཱ༔ སརྦ་བི་རི་ཏ༔ ཧ་ན་ཧ་ན༔ བཛེ་ཎ་རཀྵ་རཀྵ་སྭཱ་ཧཱ༔ འདི་ཡིས་མི་ཐུབ་གང་ཡང་མེད། །གློ་བུར་ལྷན་སྐྱེས་རྨ་རིགས་དང་། །སྦྱར་དང་གྱུར་ལས་བྱུང་བའི་དུག །ཡམས་ཐབ་འགོ་བའི་ནད་རིགས་དང་། །དོན་སྣོད་དབང་པོའི་


JKT020_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཀུན་འཇོམས། །ཁྱད་པར་སྟེང་འོག་འབྱུང་གདོན་དང་། །རིམས་ནད་ཀུན་ལ་མཆོག་ཏུ་བསྔགས། །ལིང་ཐོག་སོགས་དང་ཕྱི་ཡི་ནད། །ཀུན་ལ་སྔགས་ཀྱིས་གདའ་བ་སེལ། །སོ་སྲིན་ལན་ཚྭར་སྔགས་ལ་བྱིན། །ཚ་ན་གངས་ཆུ་གྲང་བ་ལ། །ཆང་ལ་སྔགས་ཆུ་བྱས་ཏེ་གཏོང་། །གློ་བུར་ནད་རིགས་ཐམས་ཅད་ལ། །ཡུངས་ཀར་སྔགས་བཏབ་བྲབ་པར་བྱ། །གྲིབ་དང་མི་གཙང་རིགས་ཀུན་ལ། །བུ་རམ་ར ཆུ་ལ་གདབ་སྟེ་བཏང་། །དེ་སོགས་རིག་པའི་མདའ་ཡིས་བསྣུན། །སྲུང་དང་བཟློག་པ་གཅིག་དྲིལ་ཡིན། །རྒྱ་གར་མཁས་པ་མི་བཞི་དང་། །ཨོ་རྒྱན་མཁན་པོའི་ཐུགས་ཀྱི་བཅུད། །སྙིགས་དུས་འགྲོ་ལ་བརྩེར་སྐུ དགོངས་ནས། །ཐུགས་ཀྱི་དབེན་གནས་དགའ་བའི་ཚལ། །མཁར་ཆུ་གནམ་སྐས་ཅན་དུ་སྦས། །ཕྱིས་སུ་ལོ་ཆེན་བེ་རོ་རྗེའི། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་གར། །སྤྲུལ་སྐུ་རྡོ་རྗེ་གླིང་པས་བཏོན། །གཞན་ཡང་གཏེར་ཁ་དུ་མ་ནས། །མགྲིན་གཅིག་དག་ཏུ་ཟབ་པར་བསྔགས། །དེ་བས་ཐེ་ཚོམ་བྲལ་བའི་བློས། །སྙིང་དབུས་ཏི་ལ་ཀ་རུ་སྦོས། །འགྲོ་དོན་ནམ་མཁའི་མཐའ་མཉམ་ཤོག །ས་མ་ཡ། རྒྱ་རྒྱ་རྒྱ། ཨྠྀི། ༈ །ཟངས་ཀྱི་ཁབ་རྩེ་གསུམ་པ་གཅིག་བྱས། ཤ་ཏུནྡའི་བཱ་དའི་རྗེས་ཤུལ་དང་བྲག་ཕྱེ་བསྲེས་པའི་དགྲ་བོའི་གཟུགས་སོར་བཞི་པ་བྱས་མིང་ཤེས་ན་བྲིས་ནས་སྙིང་གར་བཅུག །མི་ཤེས་ན་རྐང་རྗེས་ཀྱི་ས་སྙིང་གར་། །


JKT020_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག །བུད་མེད་ལ་བུ་ཚ་མི་སྐྱེ། ཙཀླུ་སྒྲིབ་པར་འདོད་ན་ཁབ་ཙཀྵ། སྲོག་གཏོང་བར་འདོད་ན་རྒྱབ་མདུན་ལ་དྲངས། གཟའ་འདོད་ན་པཱ་དའི་མཐིལ། མཛེ་འདོད་ན་དེ་ནས་སྤྱི་བོར་ཏལ་མལ་གདབ། བུར་ཀུར་ཤིང་ཀུན་ནན་རྡོལ་སོལ་བས་ཆོས་འབྱུང་བྲིས་པའི་སྟེང་དང་འོག་ཏུ་འདིང་། ཡུགས་སྐྲས་ཁབ་མིག་ནས་དྲངས། ཞག་བདུན་བར་ཉིན་ཕྱེད་ནས་རྒས་པའི་མཐར་ཐུག་པར་བཟླས། རང་གི་མཆིལ་མ་ཁོང་དུ་མི་གཏོང་བར་ཕྱིར་གཏོང་། བཟླས་པ་ཐོན་ནས་རཱུ་པ་ལམ་རྒྱ་གྲམ་དུ་མནན། ཏིརྦའི་ཁབ་མཐུ་ཨྠྀི། ༈ །དབྱེ་བར་འདོད་ན། བྲག་ཟན་ལས་རཱུ་པ་བྱས། ཁོག་པར་མིང་རུས་གཞུག །ཕོ་མོ་ལ་ཕོ་རོག་དང་། འུག་པའི་སྒྲོ་རྒྱབ་ཏུ་བཅིང་། རྒྱབ་སྤྲོད་དུ་སྦྱར། སྐུད་པ་ནག་པོས་བཅིང་། ལམ་རྒྱ་གྲམ་དུ་མནན། ཊམ་ཚ་ཙག་ཕྱེ་ལ་ཏྲི་ཙ་ཤག་ཕྱེ་ཕྱེ་ཞུར་ཞུར་པ་ཏི་ཤག་ཕྱེ། ལན་གསུམ་གྱིས་ཐེ་ཚོམ་མེད། ཧ་ཡ་ཀྲྀཥའི་ཁྲག །སྡིག་ནག་རོ། སྦྲུལ་ཤ །དེ་རྣམས་བྲག་ཟན་དང་བསྲེས། སྦྲུལ་མགོ་དགུ་པ་གཅིག་བྱས། ཟངས་སྡེར་དུ་བཞག །མ་ཧཱ་དེ་བ་སུ་པྲ་ཏི་སྭཱ་ཧཱ། མ་ཧཱ་དེ་བ་ཁ་ལིང་སཱ་ཧཱ། སྔགས་སྟོང་ཚོ་གསུམ། ཡུངས་ཀར་གྱིས་བྲབས། དགྲ་བོའི་ཁྱིམ་སྦྲུལ་གྱིས་གང་བར་ཐེ་ཚོམ་མེད། ཨྠྀི། ༈ །སྟག་གི་ཤ་དང་སྲེ་མོང་གི་ཀླད་པ་སྦྱར་ཏེ་སྒོའི་ཡ་ཐེམ་ལ་བྱུགས་ན་མི་ཕྱུགས་ཐམས་ཅད་ཁད་ཀྱིས་ཟད་


JKT020_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའོ། །ཨྠྀི། ༈ །རྡོ་ཞོ། རྡོ་རྒྱུས། རྡོ་སྲིན་ཅན། བྲག་ཚ་འདི་རྣམས་ནས་ཙམ་བརྡུག་མཐོ་གང་གི་སྲབ་མཐུག་ཙམ་དུ་བརྡལ་ཆགས་ལེགས་པར་བྱས་པའི་གསེབ་ཏུ་རྡོ་ཕྱེ་དེ་རྣམས་ཞིབ་མོར་བརྡུངས། ཅོང་ཞིའི་ཕྱེ་མ་བླུགས་བྱེ། རྫས་ཕྱེ་མ་རྣམས་བསྲེས་ལ་ལེགས་པར་བརྡལ། ཆུ་ཡིས་བྲན་བརྡུངས་བཅག་ལེགས་པར་ཐོ་བར་བྱ། དེ་ལྟར་བྱས་ནས་ལོ་གཅིག་ན་རྡོ་ཐོག་ཆུས་མི་འཇིགས་པ་འོང་། རྡོ་ཕྱེ་དེ་རྣམས་ཀྱི་འདག་པ་ཆུ་རྡོ་ལྟ་བུའི་ངོས་སུ་གླན། ཕྱག་ཞབས་ཀྱི་རྗེས་སོགས་བྱ། བསྐོར་ནས་ས་འོག་སྦས། ལོ་གཉིས་བཞག་པས་རྡོ་རུ་འགྱུར་རོ། །ས་མ་ཡ། ༈ །རྡོ་བ་སྣ་རིང་མཉེན་ལ་ཕྲ་བ་ཀླུམ་ནང་དུ་ཞག་གསུམ་བཙོ། དེ་བཀྲུས་ལ་རྫས་འདག །སྦ་བྱེ་མགོ་དཀར་གྱི་ཁྲག །བྱེ་མ་རག་ཆོད། ཟེ་ཚྭ། སྐྱ་གའི་བྲུན། ཁྱི་ནག་ཚིལ། རྟ་ནག་ཁྲག་རྣམས་བསྲེས་ཞིབ་བཏགས་ཆང་ལ་སྦྱར་ནས་བྱུགས། དྲོ་སར་ཞག་གསུམ་མནན། དེ་ནས་ཉོལ་མོར་སོང་བ་དང་། ཇི་ལྟར་འདོད་པའི་གཟུགས་བྱ་ཟིན་ནས་ཆུ་གྲང་དུ་བཅུག་པས་སྔར་གྱི་རྡོ་ལྟར་འགྱུར་རོ། །རྡོ་འདུལ་གྱི་མན་ངག ས་མ་ཡ། ༈ །ཐང་ཕྲོམ་དང་སུག་ཕྱེ་ཞིབ་པར་བཏགས། སྒ་དང་པི་ལིང་གི་ཕྱེ་མའང་བསྲེ། གཏོར་ཟོར་བྱས་ལ་ཆུ་ཡིས་བྲན་པས་སག་སག་ཁོལ། དགུན་ཡང་མི་འཁྱགས་ས་མ་ཡ། ༈ །བུམ་ཆུ་ལ་རྡོ་སོལ་བཅུག་པའམ། ཡང་ས།


JKT020_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དྲོད་སྨན་ཧྲིལ་འཇང་། ཛཱ་ཏི། ཆུ་ཚན་ཁའི་རྡོ་རུལ་སེར་པོ་རྣམས་ཞིབ་བཏགས་བཏབ་པས་ལྷག་ལྷག་ཁོལ་ལོ། །ས་མ་ཡ། དབྱར་དུས་མེ་ཏོག་གི་རིགས་ཁ་བྱེ་རན་པ་ཕུ་མས་དྲིལ་ལ་མར་དཀར་གྱི་ནང་དུ་ལེགས་པར་བསྟུམས་ནས་ཆུ་ཆག་བྱ། དགུན་ཀ་བླངས་ལ་བུམ་ཆུ་ཁོལ་མའི་ཁར་བརྒྱན་པས་མེ་ཏོག་འཆར་བ་ངོ་མཚར། ས་མ་ཡ། ནམ་མཁའ་དྭངས་པའི་དུས། ཆུ་རྩ། ཐང་ཆུ། སྤོས་དཀར། ཡུང་བ། བཙོད་ཚིགས་བརྡུངས་བའི་ཕྱེ་མ་རྣམས་སླ་ངར་མེ་ལ་བཏབ་སྟེ་སྦྱད་པ་བཏང་བས་འཇའ་ཚོན་སྔོ་དམར་དུ་འཁྲིགས་པ་ངོ་མཚར། ས་མ་ཡ། ར་དུག །རེ་ལྕགས་པ། བཙན་དུག །ཐང་ཕྲོམ་ལོ་མ་རྣམས་ལེགས་པར་སྐམ་པའི་ཕྱེ་མ་དང་། ཆུ་རྩའི་ཕྱེ་མ་བུངས་ཆེ་དགོས། སྦྱར་ནས་སོལ་མེ་ལ་བཏབ་པ་འཇའ་ཚོན་འཁྲིགས་པ་ངོ་མཚར། ས་མ་ཡ། སྐྲ་བཞར་བ་ཨ་རུའི་ཆུས་ལན་བདུན་བཀྲུས། དེ་རྗེས་ནག་མཚུར་གྱི་ཆུས་བྱུགས། དེ་འདྲ་ལན་བདུན་བྱས་པས་བརྒྱད་ཅུ་པའི་སྐུ་ཡང་ནག་པོར་འགྲོ་བ་ངོ་མཚར། ས་མ་ཡ། མ་ཧེའི་དཔྲལ་རུས། འབྲུག་རུས། ཅོང་ཞི། རྒོད་བྲུན་རྣམས་ཆ་མཉམ་ཞིབ་པར་བཏགས། ཞོ་དང་སྦྲང་བསྲེས་ལ་རུ་སྦལ་གྱི་ཁོག་པར་བླུགས། གོས་ཀྱིས་དབྱིབ་སྟེ་ཆུ་རྒྱུད་བསྙལ། དེ་ལ་དཀར་ནག་རི་མོ་སོང་བའམ། ཡང་ན་དམར་པོའི་རི་མོ་འོང་། དེ་ནས་ཞག་གསུམ་ལྟོ་བཀུག་ཅིང་འོ་མ་འཐུང་།


JKT020_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗེས་སོ་ཤུལ་དུ་རྫས་བྱུགས། དེ་སྟེང་པྲ་རྩིས་མནན་ལ་བཞག །དེ་ལྟར་ལན་བདུན་བསྐྱར་བས་ཟླ་བ་གཅིག་གི་ཁོང་དུ་སོའུ་ངེས་པར་སྐྱེ། ལོ་དུས་མཚམས་ནས་རྫས་བྱུགས། དེ་སྟེང་སྦྲང་རྩི་བྱུགས། དེ་སྟེང་ཟར་མའི་མར་ཁུ་བྱུགས་པས་སོ་རྩ་དམ་ལ་མཁྲེགས། ངོ་མཚར་ས་མ་ཡ། །སྐྱེས་གྲིར་ཤི་བའི་ཉ་ཤ་དང་། །མི་རོ་བསྲེགས་ཤུལ་སྦུར་ནག་ཚང་། །དེ་གཉིས་བཏགས་ལ་རུ་ཅོར་བཏབ། །མུན་ནག་ནང་དུ་ཟླ་གཅིག་ཏུ། །རྫས་ལ་སྔགས་འདི་འབད་ལ་སྔགས། །ཨོཾ་ན་མོ་རུ་ཏྲི་ཡ་ན་མོ། ཧི་རི་མི་རི་སྭཱ་ཧཱ། ནམ་དགོས་རྫས་དེ་སྨིན་དབྲག་བྱུགས། །སུས་ཀྱང་མི་མཐོང་ངོ་མཚར་ཆེ། །ས་མ་ཡ། །ཟླ་བ་གསུམ་བསྒྲུབ་ན་མི་འགྲུབ་མི་སྲིད་དོ། །ཝ་ཡི་མིག་གཉིས་གྲིབ་སྐམ་གྱིས། །ཕྱེ་མ་མིག་ཏུ་བྱུགས་པ་ཡིས། །མཚན་མོ་འབྱུང་པོའི་ཚོགས་ཀུན་མཐོང་། །ས་མ་ཡ། བྱ་རོག་ཤིན་ཏུ་གནག་པ་ཡི། །ལྕེ་དང་སྙིང་གཉིས་མར་ཁུར་བཙོ། །གྲིབ་སྐམ་ཕྱེ་མ་ལན་བདུན་དུ། །མིག་བྱུགས་ས་འོག་གཏེར་རྣམས་མཐོང་། །ས་མ་ཡ། གྲི་བོའི་བརླ་རུས་འཛེར་བུ་བཅོས། །མི་ཡིས་མ་ཚོར་སྒོ་ཀླད་གདབ། །ཁྱིམ་ཞིག་མི་རུང་སྣ་ཚོགས་འོང་། །ས་མ་ཡ། སྲེ་མོའི་རྒྱུས་པ་སུམ་བསྒྲིལ་གྱིས་སྲིན་ལག་གི་རྩ་བ་བསྡམས་པས་ཐིག་ལེ་བཙོན་དུ་བཟུང་ངོ་། །ས་མ་ཡ། ཙན་དཀར་ཏི་ཚ་གཡེར་སྲན་སྦྱར། །བུད་མེད་སྐྱེ་སྒོ་གཅོད་


JKT020_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངེས། །ཞིབ་བཏགས་ལྟོ་སྟོང་དུས་སུའོ། །ས་མ་ཡ། འབྲུག་ཤིང་གནམ་མ་མཐོང་བར་བཅད་ནས་ཕུར་པ་སོར་བཞི་པ་བྱ། ཆུ་ཤིང་གི་ཕུར་པ་སོར་བཞི་པ་གཉིས་ཐག་པས་བསྡམས། རས་ཁུག་གཙང་མར་བཅུག །ནམ་མཁའ་མ་མཐོང་བ་གལ་ཆེ། རས་ཁུག་ཁར་ཐག་པས་བཏོད་ནས་ཆུ་མིག་གམ་མཚོ་གཉན་སར་སྦ། ཆབ་གཏོར་རྒྱས་པར་བཏང་། སྦྲུལ་ཤ་མེར་བསྲེགས་ཤིང་། ཧ་རི་ནི་ས་ཌཱ་ཀི་ཙ་རི་ཆར་ཕོབ། ཁམ་ཁམ་ནཱ་ག་རཱ་ཛ་པཉྩ་བྷ་རི་ཤ་ཡ་ཕོབ་ཕོབ་ཁམ་ཁམ། ཞག་གསུམ་ཚུན་ལ་འཇམ་ཆར་འབབ་པར་ངེས། ཕུར་པའི་ཕྱིའི་རྩི་བཞར་ནས་སླར་ཡང་བྱས་པས་ཆོག །ལན་གྲངས་མང་ན་ཕུར་པ་བརྗེའོ། །ཤིན་ཏུ་ཟབ་ཨྠྀི། ༈ །སངས་རྒྱས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །སྲིད་སྤེལ་བའི་ཙཀྲ་ནི། ལྷ་བབས་མཆོད་རྟེན་གྱི་བུམ་པའི་དབུས་ཁྱེའུ་བཞིན་བཟང་བརྒྱན་དང་ལྡན་པ། གཡས་ཞལ་ཟས་དང་གཡོན་སྣང་གསལ་ཐོགས་པ་ཕོ་མཚན་བཅས་བྲིས། དེའི་མཐར། ཨོཾ་མ་མ་ཏེ་ཏི་ཧཱུཾ་དྷི་ན་ཏེ་ཏི་ཧཱུཾ་མ་མ་བསྐྱེད་བསྐྱེད་ཧཱུྃ། བདག་འཆང་བ་མོ་ཆ་མོ་ཞེས་བགྱི་བ་ལ་ཡིད་ཀྱི་བུ་ཁྱེའུ་བསྐྱེད་དུ་གསོལ། །ཅེས་དང་། དེ་རྒྱབ་ཡེ་དྷརྨ་སྟེ། དེ་གཉིས་ཡིག་མགོ་ཕྱིར་བསྟན་ལ་བྲི། རབ་གནས་རྒྱས་པར་བྱ། མགོ་མཇུག་མ་ལོག་པར་བཏགས་ལ་བཟུང་། ཚོན་སྐུད་སྣ་ལྔས་བཅིངས། སྣམ་བུ་སར་པས་གཡོགས། རབ་གནས་གྲུབ་


JKT020_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ས་ལ་མི་འཇོག །མི་གཞན་ལག་མི་བརྒྱུད། སྲུང་བ་འདོགས་པའི་དུས་ཚེས་བཟང་པོ་བཅོ་ལྔ་ལ་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་ཕོག །མཆོད་རྟེན་ལ་སྐུ་དཀར་དར་ལྕོགས། གཞན་ཡང་ཞལ་ཟས་མར་མེ་སོགས་ཅི་འབྱོར་འབུལ་དུ་གཞུག །དེ་ལས་བྱུང་བའི་དགེ་བ་རྣམས་གནས་སྐབས་ཁྱེའུ་འབྱུང་བ་དང་། མཐར་ཐུག་ཐར་པའི་སར་བསྔོ། དེའི་ཚེ་ཁྲུས་བྱས། གོས་གཙང་མ་གྱོན།། རྒྱན་ཆ་ལུགས་སོགས་རྟེན་འབྲེལ་བསྒྲིགས་སོ། །ཨྠྀི། །ཡང་བུད་མེད་གང་ཡང་ཕྲུ་གུ་མི་ཆགས་པའི་རིགས་ལ་ཉ་ཁ་སྤྲོད་ཀྱི་ལྟོ་བར། ཨོ ཨ ཀ སྭ ཀ ས མ ཨ སྭཱ ཧཱ། ཞེས་བརྩེགས་མར་ཕྲེང་གཅིག་བྱས་ནས་བྲི། མི་ལ་བྱེད་ན་གཅིག་གསེར་ཉ་དང་། གཅིག་དངུལ་ཉར་བསྒྱུར། ཕྱུགས་ལ་གཉིས་ཀ་གསེར་ཉར་བསྒྱུར། ཡི་གེའི་མགོ་ཉ་མགོར་བསྟན་ལ་མཚལ་གྱིས་བྲིས། རང་སྔགས་བརྒྱ་རྩས་རབ་གནས་བྱ། ཕྱུགས་ཀྱི་རྔ་མའམ། བུད་མེད་ཀྱི་དོར་རྟ་ལ་བཏགས། ཟླ་དྲུག་ཐེམས་ནས་མ་དཀྲོལ་ན་སྐྱེར་མི་ཉན་ནོ། །ལྟེ་བསྒྱུར་གྱི་ཙཀྲ་ཨྠྀི། །ཡང་ཤོག་བུར་ཁྲག་གི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར། རྒེ་མོའི་སྲིད་ཀྱི་ལྟེ་བ་སྒྱུར་ཅིག །ཅེས་དང་། རྩིབས་བརྒྱད་ལ། མ མ ཐིབ ཐིབ གནམ ས ཁ ཕྱེ། ཞེས་བྲིས། དར་དམར་པོས་དྲིལ་ཏེ་རྐེད་པར་བཅིངས། ལྕི། ༈ སྐར་མ་རྒྱལ་གྱི་དུས་ཚོད་དུ༔ གི་ཝཾ་


JKT020_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཡིས་ལེགས་པར་བྲིས༔ དད་དང་དམ་ཚིག་ལྡན་པ་ཡིས༔ རྩེ་གཅིག་གུས་པའི་བུད་མེད་ཀྱིས༔ ཟླ་བའི་བར་དུ་ཟོས་གྱུར་ན༔ མྱུར་དུ་བུ་དང་ལྡན་པར་འགྱུར༔ ས་མ་ཡ༔ སྤྱི ཙནྡན་མེ་ལ་བསྲེགས་ནས་ཀྱང་༔ མེ་བཏུལ་མར་དང་ལེགས་པར་བསྲེས༔ བུ་ཡི་ལྟོ་ལ་བྱིན་གྱུར་ན༔ ཆུང་སྲི་ཕོ་མོའི་བར་ཆད་ཞི༔ འཁྲུ་སྐྱགས་གདོན་རིགས་ཀུན་ལ་མཆོག༔ མ་བུ་རྡོ་རྗེའི་ཆོ་ག་འདི༔ མ དད་ཅིང་དམ་ཚིག་ལྡན་ལ་སྤྲོད༔ ས་མ་ཡ༔ སྲིད་སྤེལ་དང་ལྟེ་བསྒྱུར་གྱི་སྐོར་བདུད་རྩིའི་བུམ་བཟང་མ་སྟི་མི་ཐི། །འཁོར་ལོའི་ལྟེ་བར། ཨོཾ་ཤིག་ཤིག་ནཱ་ག་ཤིག །ཀར་ཤིག །འཆང་བ་པོ་ལ། རྩིབས་བཞིར། སྦལ་པ་དམར་པོས་ཆུ་ལྷོག་སྲུངས་ཤིག །སྡིག་པ་ནག་པོས་ས་ལྷོག་སྲུངས་ཤིག །རུས་སྦལ་སྔོན་པོས་མེ་ལྷོག ལྕང་མོ་དཀར་པོས་རླུང་ལྷོག༔ སྲོག་ཆགས་དུག་གསུམ་ཕྱིའི་མུ་ཁྱུད་ལ་འདི་བྲིས། ཨོཾ་ལྷང་ལྷང་། ཙེར་ཙེར། དུམ་དུམ། ཤིག་ཤིག་སོད། ནད་སོད། དཔལ་སོད། ནད་ཀྱི་སྙིང་པོ་སོད། མེ་ནད་སོད། ཆུ་ནད་སོད། གཉན་ནད་སོད། གཉན་འབུར་སོད། ཅེས་ཕག་ནག་གི་ལྟོ་བར་འཁོར་ལོ་ཆུག་པར་བྲི། གུར་གུམ། གིའུ་ཝཾ། གླ་རྩི། ཤུ་དག ཤིང་ཀུན། གུ་གུལ་ནག་པོ། སྨན་ཆེན་རྣམས་བྱུགས། སྣམ་དཀར་གཙང་མ་དང་ནས་ཀྱི་སྟེང་དུ་བཞག །རྟེན་སྙིང་བཟླས། མེ་ཏོག་དོར། མགོ་མཇུག་མ་ལོག་པར་དྲིལ། །


JKT020_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕྱུགས་གང་གི་མགུལ་དུ་བཏགས་པས་གག་ལྷོག་གཟེར་གསུམ་གྱི་འཇིགས་པ་སྲུང་། གཉན་ནད་ཀྱིས་ཉེ་མི་ནུས། ཤིན་ཏུ་ཟབ་པའི་མན་ངག་ཨྠྀི། ༈ །ཁམ་རྨ་རུལ་ཉག་རྦད། རྒེ་མོའི་རཀྟ་ཙརྱ་ཟད། འདི་ཤོག་བུར་བྲིས་ནས་བཏགས་པས་སྲིད་ཐུབ། ཉེར་གཅིག་ཆུ་ལ་བཏབ་པས་བུ་དང་རོག་མ་ཐོན་པ་འབྱིན་ནོ། །ཏིརྦ་མྱ་མན་གུ་ཧྱ༔ ཨེ་ཀ་པུ་ར་ལིང་ར་ཙ་ན་ཀི་ལི་ཀཱི་ལ་སྭཱ་ཧཱ། ཟླ་འོད་སྐྲ་ཅན་གྱི་མཆུའམ། ཤུ་དག་གི་སྡོང་པོ་ལ་བཟླས་ནས་བཏགས་པས་གག་པ་སྲུང་བར་ཐེ་ཚོམ་མེད། ཨྠྀི། ༈ །མི་དང་རྟ་ཕྱུགས་ཆུ་མ་ཐོན་ན། ཧུབ་ཆུ་ཧུབ་ཆུ། རྔུབ་ཆུ་རྔུབ་ཆུ། དུ་ས་དུ་ཆུ་ཆེ་མེ་ཡེ་སྭཱ་ཧཱ། ལྕི། ཤིང་ཀུན། སྒོག་སྐྱ། གཡེར་མ། སྒ་རྣམས་ཆང་ལ་བཏབ་སྟེ་སྣ་བུག་ནས་བཏང་ཨྠྀི། ༈ །རིགས་གསུམ་མགོན་པོ་སྤྱི་བོར་བསྒོམས། ཨོ་ཐིམ་ཐར་ར་ཏི་ས་དུནྟི་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ། ཞེས་བཟླས་ཡུང་བ་ཤུ་དག་དང་། །བོང་ང་རིགས་གསུམ་མགོན་པོར་བསྐྱེད། །མགུལ་དུ་བཏགས་པས་ནད་རིམས་ཀུན། །སྲུང་བྱེད་རྡོ་རྗེའི་ཁྲབ་རིང་གི། །སྙིང་ཐིག་སྙིང་པོར་དྲིལ་བའོ། །ཤིན་ཏུ་ཟབ། །༈ །ཨོཏྲིཁྱེéཧཱུྃ། འདི་དབུ་ཅན་དུ་བྲིས། རབ་གནས་བྱས། ཉལ་བའི་སྟེང་དུ་བཞག་ན་གཟའ་ནད་ཐམས་ཅད་ཐུབ། ཨྠྀི། ༈ །རང་དོན་གཉེར་དུ་འགྲོ་ན། སྙིང་གར། སི་ཧི། སྒོ་གོང་དུ། ཧས་སྐར་ཞེས་བྲིས། དེ་མ་


JKT020_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བསུབས་པར་གར་ཕྱིན་གང་དུ་བསྡད་ཀྱང་གནོད་པས་མི་ཚུགས་སོ། །ཨྠྀི། ༈ །ཨོཾ་ཙཀྲ་རྦད། དུ་དུ་ཆིལ་ཆིལ་ཧཱུཾ། བརྒྱ་རྩ་སོགས་གང་མང་བཟླས། ཕྱེ་དང་ཚྭ་བསྲེས་པ་ལ་བརྒྱ་རྩ་ཙམ་བཟླས་ནས་བསྲེགས་པས་ཁ་ཆར་ཆད་དོ། །ཨྠྀི། ༈ །ནད་བརྒྱ་སྨན་གཅིག་སྦྱོར་བ་ནི༔ བོང་ང་ནག་པོ་འབྲས་ཡོས་ཙམ༔ ལེགས་པར་བླངས་ལ་སྔགས་འདི་བཏབ༔ ཨོ་ཐོག་ཐོག་ཆོམ་ཆོམ༔ མེར་མེར་ཤིག་ཤིག༔ ཧ་ལ་ནག་པོ་ཆོམ༔ སུམ་བརྒྱ་བཏབ་ནས་ཁོང་དུ་བཏང་༔ བཞི་བརྒྱ་རྩ་བཞིའི་ནད་རིགས་དང་༔ ཁྱད་པར་རིམས་ནད་རྒྱུ་གཟེར་རིགས༔ ཡ་མ་དཀར་ནག་གཉན་ལྡོག་སོགས༔ ཀུན་ལ་བདུད་རྩི་ལྟ་བུ་སྟེ༔ སྟེང་འོག་བར་མཚམས་གདོན་རིགས་འཇོམས༔ འདི་ཡང་འཆི་མེད་ཐོད་ཕྲེང་ངས༔ ཟབ་ཕྱིར་རིན་ཆེན་གཏེར་དུ་སྦས༔ ས་མ་ཡ༔ ༈ སྲུང་འཁོར་སོ་སོའི་རྫ་ས་སྟེང་དུ། །སྡེ་བརྒྱད་སྤྱི་རྫས་འདི་ལྟར་བྱུགས། །ལྡོང་རོས་གླ་གུལ་ཤུ་དག་ནག །ཟི་ར་དཀར་ནག་ཤིང་ཀུན་དང་། །སྤྲུ་ནག་མུ་ཟི་ནག་པོ་བསྣན། །བཟང་དྲུག་བསྲེས་ཀྱང་འགལ་བ་མེད། །འདི་ཡང་ནམ་མཁའི་མིང་ཅན་གྱིས། །ཞལ་གདམས་སྙན་བརྒྱུད་ཟབ་མོ་ཡིན། །ལྕི། ༈ །སེམས་ཅན་ཕྱིར་ལམ་བཅད་པའི་སྔགས། ཨོཾ་ཏྲི་ཏྲི་ཏྲི་རྦད། ཏྲི་མཱ་ར་ཡ་རྦད། ས་ཚེ་ཟད་ལ་སྔགས་སྟོང་བཏབ་ནས་མགོ་ལུས་མེད་པར་བྲབས་ན་འགྲོ་མི་ཤེས་པ་ལག་བླངས་མ་ཡིན། ལྕེ། བརྣང་


JKT020_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས། ཨོཾ་ནཱ་གས་ཆུམ་ཆུམ། བུམ་པ་ཤིག་ཤིག །རུ་ལུ་སྐྱུགས་སྐྱུགས། ཟབ་ངེས་སོ། །རྟ་རྒྱབ་ཆོད་པ་ལ། ཨོཾ་ཨ་བར་སོད། ཐོ་བར་ཞི། ལག་གཡས་ལ་སྔགས་ནས་རྟ་རྒྱབ་ལ་བྱུགས། ༈ །མཁས་པ་ཆེན་པོས་མནྟ་བྷ་དྲས་བསྒྲིགས་པའི་ཕན་བྱེད་ཀྱི་མན་ངག་བེ་བུམ་གྱི་ནང་གསེས་སུ། བླ་མ་གོངས་འདུས་ཀྱི་ཐེམས་མེད་མན་ངག་ཐོར་བུའི་ལས་ཚོགས་བརྒྱ་རྩ། འདི་ལྔ་པ་རིན་པོ་ཆེ་སོགས་ཀྱི་གསན་ཐོར་མེད་པས་ལུང་རྒྱན་ཡོད་མེད་བརྟག །འདི་ནང་ཕལ་ཆེར་ལག་ལེན་བྱས་པས་ཤིན་ཏུ་ཟབ་ཅེས་གསུངས། ༈ །དགོངས་འདུས་ཐེམས་ཅན་སྔགས་འབུམ་དགོས་འདོད་ཀུན་འབྱུང་། ༈ །བླ་མ་གསང་། འདུས་ཀྱི་ལས་ཚོགས་གསེར་ཁང་དང་ཁ་བསྒྱུར་ཉེར་གཅིག་གི་འཁོར་ལོ། ༈ །འཇའ་ཚོན་མ་ནིང་ལས་མཐའ་གྲིབ་སེལ། མིག་ཚ་བ་དང་སོ་ནད། ཁོང་དུ་མདེའུ་ལུས་པ། མིག་ཏུ་རྡུལ་ཚུད་པ། རྩགས་རྣམས་ཀྱི་སྔགས། ཤེས་རབ་སྐྱེ་བ། ངག་འགྲོལ། ལིང་ཏོག་སྔགས། ཆུ་འདྲེ་སྲུང་བ། རྐུན་སྲུང་། མར་མེ་ལ་ཕྱེ་ལེབ་སྲུང་བ། སྒྲུབ་ཁང་དང་ཁྱིམ་མེའི་གནོད་པ་སྲུང་བ། ལྷ་འདྲེ་འདུལ་བ་རྣམས་དང་། ༈ །རིམས་སྲུང་དབུ་བཅད་མ། ཕག་འཁོར་ཆུང་བ་ཉང་གི་གཏེར་ཁ། རཏ་གླིང་གཏེར་ཁ་འགོ་ནད་སྲུང་བ། ཆམ་པའི་སྔགས། ཕྱུགས་ཤེལ་འགྲོ་བ། ལྟས་ངན་ཟློག་པ་ཆོས་རྒྱལ་གླིང་པའི་གཏེར་མ། ༈ །


JKT020_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་འགྲམ། རྩ་འཁྲིས། རྩ་འགྱུར། གདོང་རྩགས་པ། སྐྲན་རྣམས་ཀྱི་སྔགས། གཤེད་སྲུང་། མར་བུད་ཐབས། འདྲེ་ཤིག་སྲུང་བ། ཐོག་སྲུང་ཟབ་ཁྱད་ཅན་རྣམས་ཁུངས་མ་ངེས། སྨིན་གླིང་གཏེར་མ་ཐོག་སྲུང་། ༈ །རཏྣ་གླིང་པའི་དབང་ཆེན་གསང་འདུས་ཀྱི་ལས་ཚོགས་གཏེར་གྱི་བུམ་པ། འདི་ཡང་ཐེམས་མེད་ཡིན་ནམ་གསན་ཡིག་ཏུ་མི་སྣང་། ༈ །ཡང་ཁ་འཐོར་སྣ་ཚོགས་ལ། ཕག་མོའི་མངལ་སྲུང་། གདོན་ཆིངས། ཕྱིས་སྲུང་། བེའུ་ནད་སྔགས། གནམ་ཆོས་ཨོལ་འགགས་སྲུང་བ། ལུག་ནད་སྲུང་སྔགས་སྐོར་ལེ་ཚན། གློ་གོར་ཧོན་གསུམ་སྲུང་བ། ནོར་ནད་སྔགས་ལེ་ཚན། བེའུ་སྨྱོ་སྲུང་། ཁ་ཚའི་སྔགས་དུག །སྐྲངས་སྲིན་རྣམས་ཀྱི་སྔགས། ཆག་སྦྱོར། ཇག་ཆིངས། ཁ་ཚ་སྲུང་སྔགས། བིས་ནད་སྔགས། རྡོ་སྔགས། ནོར་ནད་སྲུང་བ། མཚོན་སྲུང་། མར་འདོན་བཅས་དགེ། ༈ །།མན་ངག་ཉེར་མཁོ་ཐོར་བུའི་སྐོར་ལ། རྟེན་འབྲེལ་སྙིང་པོའི་བྱིན་རླབས། དེ་ཡི་ལས་ཚོགས་སྐོར་མདོ་ནས་བཏུས་པ། སད་སྲུང་། སེར་སྲུང་། བཙའ་སྲུང་། འབུ་སྲུང་། ཆར་འབེབས། རླུང་གནོན་རྣམས་ཀྱི་མན་ངག །སེང་གེ་སྒྲ་ཡི་སྒོ་ནས་ཀླུ་སྨན་བསྡུ་ཞིང་སྒྲུབ་ཐབས། གློ་གོར་ཧོན་གསུམ། ས་སྐྱོན། སྐྱེ་འགགས། ་ཁ་ཚྭ། རྟ་ཕྱུགས་ཀྱི་གོད་ཁ། བེའུ་སྲུང་བ་སོགས་ནོར་ཕྱུགས་ལ་ཕན་གདགས་པའི་རིགས།


JKT020_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་འབྲེལ་བའི་སྔགས་འབུམ། གཅན་གཟན་ཁ་ཆིངས། ནོར་ཕྱུགས་འཕེལ་བའི་མན་ངག །རྐུན་ཆིངས། ས་གཡོས་སྲུང་བ། ཤྭ་བཟློག །ཆུ་འདྲེ་སྲུང་བ། ཁ་ཆར་སྲུང་བ། མེ་དགྲ་སྲུང་བ། ཐོག་སྲུང་། སམྦུ་ཊའི་ཐོག་སྲུང་དང་འཇམ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་ཐོག་སེར་སྲུང་བ་ཆེན་མོ་འབྱུང་བའི་གནོད་པ་ཀུན་ཐུབ། རིགས་གསུམ་སྤྱི་ཡི་མཆོད་རྟེན་བཞེངས་ཐབས། གདུགས་དཀར་གྱི་རྒྱལ་མཚན་འཛུགས་ཐབས། དགྲ་ཇག་ཆོམ་རྐུན་སྲུང་བ་སྤྱི་དང་། དུར་བདག་ཡབ་ཡུམ་གྱི་ཕྲིན་ལས་སྐོར་ཆགས་མེད་སོགས་ཀྱིས་མཛད་པ། ཇག་ཆིངས་ར་རུ་མ། སྒྲོལ་མ་བཙོན་འདོན་མ། དུས་འཁྲུགས་སྲུང་བཟློག །མཚོན་སྲུང་རིགས། སྦྱར་དུག་སྲུང་བ་དང་གསོ་བའི་མན་ངག །དུག་དབང་རྡོ་རྗེ་ཕ་ལམ་བྱང་གཏེར་ལས་བྱུང་བ། གྲེ་ཐོག་སྲུང་བ་དང་ཞི་བའི་མན་ངག་རིགས། ཉང་གཏེར་མིག་འབྱེད་སྐོར། རིམས་སྲུང་སྣ་ཚོགས། ཡིག་རྒོད་རལ་གྲི་མ། རྡོ་རྗེ་ཁྲབ་རིང་རྒྱས་འབྲིང་བསྡུས་གསུམ། ཇོ་བོའི་རིམས་སྲུང་ཨཱ་ལི་མ། བཛྲ་མ་ཏིའི་རིམས་སྲུང་། འབྲུམ་བཅུད་སྲུང་འཁོར། སྲད་བརྒྱུད་ལུགས་ཀྱི་རི་ཁྲོད་མའི་མན་ངག་སྐོར། དགུ་སྦྱོར་གྱི་མན་ངག །སྣ་ཚོགས་ཡུམ་གྱི་རིམས་སྲུང་དང་ཐུན་མིན། ལྟས་ངན་སྲུང་བཟློག །རཱ་ཛ་རྒྱུ་ལམ་བཅད་པའི་འཁོར་ལོ། རྒྱལ་འགོང་། རྒྱལ་བསེན། བཙན། གཤེད་ཁ། །


JKT020_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་གྲིབ་རྣམས་སྲུང་བ། སྲི་བཟློག་འཁོར་ལོ་འབར་བའི་མན་ངག་སྐོར་ཚང་མ། རཏ་གླིང་གཏེར་མ་ཕྱག་རྟགས་རྡོ་རྗེ་གཏད་བཤིག །གཏད་རུལ། མདུན་གྲོས་བཤིགས་པ། སེང་གདོང་། ལོཀྟི། སྲུང་བཟློག་རྣམས་ཀྱི་བྱད་སྲུང་། ཡིག་རྒོད་ཆར་ཁྲུས། གཙུག་འབར་དང་སངས་རྒྱས་སྤྱན་གྱི་རྨི་ལམ་ངན་པ་ཞི་བའི་མན་ངག །གཟའ་གདོན་སྲུང་བ་དང་བཅོས་པའི་བེ་བུམ་ཡོངས་རྫོགས། ཉམས་གྲིབ་ཞི་བ་དང་སྲུང་བའི་མན་ངག་འཁོར་ལོ་བཅས། བཟང་སྤྱོད་འཆི་བསླུ། ཇོ་བོས་འབྲོམ་ལ་གནང་བ་དང་། ཁྲོ་ཕུ་ལོ་ཙཱ་བའི་ལུགས་ཀྱི་འཆི་བསླུ། ཚེ་འཁོར་རིགས། ཟ་ཡིག །ནམ་མཁའ། རླུང་། ཆུ། མེ་ཏོག་བཅུད་ལེན། འོད་ལྡན་གྱི་བཅུད་ལེན། འབྱུང་བཞིའི་འཆི་བསླུ། ཚེ་རྫས་བསྡུ་ཐབས། ཚེ་སྒྲུབ་ཀྱི་མན་ངག༢ །ཤེས་རབ་བློ་འཕེལ་གྱི་མན་ངག །པདྨ་ཁ་འབྱེད་ཀྱི་གདམས་པ། ཤེས་རབ་འཕེལ་བའི་ཙཀྲ་དང་ཟ་ཡིག་བཅས། འཇམ་དབྱངས་དང་དབྱངས་ཅན་རིལ་བུ་སྒྲུབ་ཐབས་རྣམས་དང་། སྤྱིར་སྲུང་བའི་སྐོར་ལ། བླ་མ་དགོངས་འདུས་ཀྱི་སྲུང་བརྒྱ། དེ་ཡི་བུ་ཡིག །འཇམ་དབྱངས་བརྒྱ་རྩ། དམ་པའི་མཁྱུད་སྤྱད་ཀྱི་མན་ངག་ཉེར་མཁོ་སྣ་ཚོགས། དམ་པའི་ཐོད་བརྒྱད་མ། ཁྱུང་པོའི་མགུར་བརྒྱད་རྩ་འགྲེལ་གྱི་མན་ངག དེའི་ནང་ངག་སྲུང་འགྲོ་ལ་བྱིན་རླབས་སྐོར། རྟ་མགྲིན། ཕྱག་རྡོར། གུར་དྲག་རྣམས་


JKT020_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྲུང་འཁོར། གདུགས་དཀར་སྲུང་འཁོར་རྒྱས་བསྡུས། སེང་གདོང་མའི་སྲུང་འཁོར་གྱི་མན་ངག །སོར་འབྲངས་མའི་སྲུང་འཁོར་བཅུ་གསུམ་གྱི་ལག་ལེན། གསང་འདུས་ལས་ཚོགས་ཉེར་གཅིག ། བསོད་ནམས་གླང་པོ་སྟོབས་བསྐྱེད་དང་དགེ་འདུན་འདུ་བའི་འཁོར་ལོ། ཟས་ནོར་ལོངས་སྤྱོད་འདུ་བའི་ཐབས་གཏེར། སྲིད་འབེབས་སྲུང་གི་ཙཀྲ་ཟ་ཡིག་སོགས་ཟབ་བཏུས། དགོངས་འདུས་ཀྱི་ཀུན་ཐུབ་དྲུག་སྐོར། སྲུང་བ་དྲུག་སྐོར། ཟ་ཡིག་སྐོར་དང་སྔགས་འབུམ་སྐོར་ཟབ་བཏུས། དུག་ཁྲག་དང་རྭ་སྲུང་སྐོར། རྫས་རྒོད་དང་གདོན་བདུག་སྐོར། སྲུང་བ་ཟ་ཡིག་སྤྱི་འགྲོའི་རབ་གནས་བྱེད་ཚུལ་ལུགས་གཉིས། ཁ་འབར་མ་དཀར་ནག་ཁྲ་གསུམ་གྱི་མན་ངག །ཇོ་བོའི་གྲོང་ཁྱེར་སྒྲོལ་བའི་འཁོར་ལོའི་མན་ངག །སྨྱོ་འབོགས་འདུལ་བ་དང་སྲུང་བའི་མན་ངག་ཟབ་བཏུས། གཟའ་སྐར་དང་ས་བདག་ཉེས་པ་ཀུན་སེལ་གྱི་སྐོར། དགོངས་འདུས། གྲོལ་ཐིག །ཕུར་པ་ཡང་གསང་བླ་མེད་ཡེ་ཤེས་རབ་འབར་སོགས་ལས་བྱུང་བ། ལྷ་མོ་ཤ་པ་ཎ་ཡི་སྒོ་ནས་རྨི་ལམ་བརྟག་ཐབས། དམ་པའི་རྟེན་འབྲེལ་རྡོ་མོ། མར་མེ་བརྟགས་པ། བླ་རྟ་ཚེ་དབང་པའི་མན་ངག་བརྒྱ་རྩ་ལས་ཁོལ་བཏུས་རིགས། དྲག་ཤུལ་གྱི་ལས་ཕྲན་ཟུར་གསལ། ལྷ་མོ་དབྱུ་གུ་སྤུན་གསུམ་གྱི་སྒོ་ནས་ཟས་ནོར་ལོངས་སྤྱོད་ཆར་བཞིན་དུ་འབེབས་པའི་མན་ངག་བཅས་སོ།། ༈ །།བསོད་


JKT020_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་གླང་པོ་སྟོབས་བསྐྱེད་ཀྱི་འཁོར་ལོའི་ཞལ་ཤེས་ཟིན་བྲིས་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་རཱ་ཡ། འདིར་གསང་སྔགས་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་ལ་བཀའ་གཏེར་དག་སྣང་གསུམ་དུ་ཕྱེ་བའི་ནང་ཚན། ཟབ་མོ་གཏེར་གྱི་འཁོར་ལོས་བསྒྱུར་བ་ཇི་སྙེད་གཅིག་བྱོན་པ་ལ་དབྱེ་ན། གཏེར་ཆེན་གཏེར་ཕྲན་གཉིས་ལས་ཕྱི་མ། ཟུང་མཁར་བ་ཨ་ཇོ་དཔལ་དང་། འབྲེ་ཤེས་རབ་འོད། གཉལ་བ་ཉི་མ་སེང་གེ་སྟེ་གཏེར་སྟོན་གསུམ་ཚོགས་ཀྱིས་ཟབ་གཏེར་ནས་སྤྱན་དྲངས་པའི་བསོད་ནམས་གླང་པོ་སྟོབས་བསྐྱེད་ཀྱི་འཁོར་ལོའི་ཕྱག་ལེན་ནི། རྒྱལ་ཕུར་འགྲུབ་སྦྱོར་སོགས་གཟའ་སྐར་ཤིན་ཏུ་ཤིས་པའི་ཉིན། གནས་གཙང་ཞིང་ཡིད་དང་མཐུན་པར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས། བྲི་གཞི་རབ་དར་རམ་རས་ལ་གསེར་དངུལ་དང་། འབྲིང་རྒྱ་ཤོག་ལ་རྒྱ་མཚལ། ཐ་མའང་ཤོག་བུ་བུག་རྡོལ་མེད་པར་རྒྱ་སྣག་གིས་འཁོར་ལོ་དཔེའུ་རིས་ལྟར་བྲིས། །རྫས་ལ་རིན་པོ་ཆེ་སྣ་ལྔ། སྨན་ལྔ། འབྲུ་ལྔ། དྲི་ལྔ། རྒྱལ་པོ་ལ་སོགས་པའི་དབང་ཆེན་གྱི་ལག་ནས་བྱུང་བའི་ནོར་སྣ་དང་ཟས་སྣའི་ལྷག་མ། བླ་མ་གོང་མ་བྱིན་རླབས་ཅན་གྱི་ན་བཟའ་དང་གདུང་རུས། བདུད་རྩི་ཆོས་སྨན་དང་། བདུད་རྩི་རིལ་བུ་སེལ་མེད། དགེ་འདུན་ཆེན་པོ་འདུ་བའི་ཀུན་དགའ་ར་བའི་ས། དགེ་འདུན་གྱི་གཡོས་ཁང་གིས། དགེ་སློང་གཙང་


JKT020_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྣམ་སྦྱར། ཚོང་དུས་ཆེན་པོ་ཚོགས་པའི་ས། ཆུ་བོ་རྒྱུན་འབབས་ཀྱི་ཆུ། ཐང་ཁོད་སྙམས་དེའུའི་ས། བུད་མེད་ཆང་མ་སོགས་ཕྱུག་པོའི་ཁང་པའི་ས། གོས་སྣམ། བུད་མེད་བུ་མང་པོ་བྱུང་བའི་གོས་ཀྱི་དུམ་བུ། གླ་རྩི། པདྨ་རཀྟའམ་མ་འབྱོར་ན་སིནྡྷུ་ར། གཞན་ཡང་ནོར་སྣའི་རིགས་ཚང་བར་བསག་སྟེ་བཅུག །དེ་ནས་སྒྲུབ་པོ་བདེ་བའི་སྟན་ལ་ཁ་ནུབ་ཏུ་ཕྱོགས་པས་དཔལ་རྟ་མཆོག་རོལ་པའི་བདག་བསྐྱེད་གསལ་བཏབ་ཅིང་བཟླས་པ་བྱ། འཁོར་ལོ་བགེགས་བསྐྲད། གུ་གུལ་གྱིས་བདུག །སྟེགས་ཁར་སྤྱན་དྲངས་ནས་མཆོད་པས་བསྐོར། རྟ་སྔགས་ཀྱིས་བསངས། སྭ་བྷ་ཝས་སྦྱངས་ཏེ། སྐད་ཅིག་གིས་དབང་ཆེན་རྟ་མཆོག་རོལ་པར་གསལ་བཏབ། ཡེ་ཤེས་པ་སྤྱན་དྲངས། བཞུགས་སུ་གསོལ། མཆོད་བསྟོད་གཏོར་མ་འབུལ་བ་སྤྱན་དབྱེ་རྣམས་བགྱིས་ནས། ཐུགས་ཀར་སྔགས་འཁོར་གསལ་གདབ་ལ། འོད་ཟེར་སྤྲོ་བསྡུས་ཕྲིན་ལས་རྣམ་པ་བཞི་སྒྲུབ་ཅིང་། ཁྱད་པར་ཁམས་གསུམ་གྱི་འགྲོ་བའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་འོད་ཟེར་དམར་སེར་གྱི་རྣམ་པར་བསྡུས་ཏེ་ཐིམ་པས་ནུས་རྩལ་མཆོག་ཏུ་འབར་བར་བསམ་ལ་ཡི་དམ་གྱི་སྔགས་དང་། འཁོར་ལོའི་སྔགས་རྣམས་ཅི་ནུས་བཟླས། ཐུན་མཐར་མཆོད་ཅིང་བསྟོད་ལ་འདོད་པའི་དོན་ལ་གསོལ་བ་གདབ། །ནོངས་པ་བཤགས།


JKT020_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་གྱི་སྔགས་དང་། འཁོར་ལོའི་སྔགས་ཅི་ནུས་དབྱངས་གསལ་དང་སྤེལ་བ་དང་། རྟེན་འབྲེལ་སྙིང་པོ་མང་དུ་བཟླས་པའི་མེ་ཏོག་འཐོར་ལ་བརྟན་བཞུགས་ཀྱི་མཐར་བསྐྱེད་པའི་ལྷ་འོད་དུ་ཞུ་བ་ལས་འཁོར་ལོའི་རྣམ་པར་ཞལ་བསྒྱུར། ཤིས་པ་བརྗོད་པ་སོགས་སྤྱི་དང་མཐུན་པར་བྱས་ལ་ལེགས་པར་བལྟབས་ནས་ཚོན་སྐུད་སྣ་ལྔའི་ཆིངས་དང་བཅས་ཟ་འོག་དམར་སེར་གྱི་ཁུག་མར་བཅུག་ནས་མི་ལག་མི་འགྲིམ་པར་མགུལ་དུ་གདགས་སོ། །དེ་ལྟར་བགྱིས་པའི་ཕན་ཡོན་ནི། སྤྱིར་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་སྲུང་བ་དང་། ཁྱད་པར་ཚེ་བསོད་དཔལ་འབྱོར་མངའ་ཐང་སྙན་གྲགས་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་རྒྱས་ཤིང་། ཁམས་གསུམ་གྱི་འགྲོ་བ་སོགས་འདོད་པའི་དངོས་པོ་མཐའ་དག་ཡིད་བཞིན་དུ་དབང་དུ་འགྱུར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཉིད་དོ། །ཞེས་པའང་ཞལ་ཤེས་ཀྱི་ཟིན་བྲིས་རྙིང་པ་ལས་ཤིན་ཏུ་གསལ་བར་བཀོད་པའི་དགེ་བས་འགྲོ་ཀུན་འདོད་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཡུཛྙཱ་ན་པུཎྜ་བྷོ་ག་པུཏྟིཾ་ཀུ་རུ། །།། རྒྱལ་པོ་གནད་འབེབས་འདིའི་ལོ་རྒྱུས་ནི། །སྔོན་སློབ་དཔོན་སློབ་མ་གཉིས་མ་འཆམ་ནས་སློབ་མས་སློབ་དཔོན་བསད་པས་སློབ་དཔོན་དེ་ལྕགས་ཀྱི་སྡིག་པ་མགོ་དགུ་པར་སྐྱེས། སློབ་མ་དེ་བསད་ནས་ཟོས་


JKT020_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །སློབ་མ་དམ་ཉམས་པས་རྒྱལ་པོར་སྐྱེས། དེས་ན་རྒྱལ་པོའི་གཉེན་པོ་སྡིག་པར་ཤིས་སོ། །འདི་བལ་པོའི་ཚོང་དུས་ཡམ་བུའི་སྒོ་ཀླད་ན་ཟངས་ཀྱི་གའུ་ནང་ནས་བླ་མ་ཁ་ལ་མེ་འབར་གྱིས་བཏོན་པའོ། །འདི་ལ་སྔགས་བཟླས་པ་དང་སྲུང་S འཁོར་བཏགས་པ་དང་བསྲེགས་མནན་གང་ཡང་མི་དགོས་སོ། །འདི་ཕྱི་སྒོའི་ཡ་ཐེམ་ལ་བཏགས་པས་རྒྱལ་པོའི་རིགས་སུ་གྱུར་པ་ལ ཐམས་ཅད་འདི་མཐོང་བ་ཙམ་གྱིས་གཏད་ཡར་བྲོས་སོ། །སྙིང་གས་པ་ཙམ་དུ་འབྲོས་སོ། །མ་དྲིལ་ན་ལྟེབས་འདི་ཀ་ལྟར་བྲིས་པ་ལ་ཡ་ཐེམ་ལ་བཏགས་སོ། །སྡིག་པ་ཁ་སྤྲོད་འདི་ཕོ་འདྲེ་རྒྱལ་པོ་ཐམས་ཅད་ལམ་བཅད་པའི་མན་ངག་འདི་ལས་ཟབ་པ་མེད་དོ། །མི་ལ་མ་སྤེལ་ཅིག །རང་ལ་གནོད་པ་ཡིན། འདིས་རྭ་ཙ་ཐམས་ཅད་བརླག་པར་ཐེ་ཚོམ་མེད་དོ། །འདིའི་བྱ་ཐབས་ལ། འཁོར་ལོ་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དཔེའུ་རིས་ལྟར་བྲིས་པའི་རྒྱལ་པོའི་གཟུགས་ནང་དུ་འདི་བྲིའོ། །སུ་ཏྲི་མ་ར་ཡཱ༔ ས་དུ་ཀཾ་པ་ཡཱ། གཏུབ་གཏུབ། ཏྲི་ཏོ་པར་ཤག་ཕྱེ་ཕྱེ། རུ་མེ་ཙ་དུ་ལ་ཙཀྲ་ལྟ། ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། སྲོག་ཏི་དྲི་མ་ཡཾ་ཤག་ཕྱེ། ཐུམ་རིལ་ཧཱུྃ་ཕཊ། ཁྱིམ་སྒོ་ལམ་སྲང་འདི་ལ་རྒྱལ་འགོང་གནོད་པ་ཐམས་ཅད་སྲུངས་ཤིག །རཀྟ། གཟུགས་ནང་དུ་ཚུད་པར་བྱའོ། །སྤྱི༔ ཨོཾ༔ གཉིད་སྲུང་བའི་མན་ངག་ཁྱད་པར་ཅན་ནི། གྲོ་གའམ་ཤོག་བུ་ལ་འཁོར་ལོ་དཔེའུ་ཆུང་ལྟར་བྲིས། བྲིས་བསུབ་དང་ལྷག་ཆད་མེད་པར་བྱ། དེ་ལ་ཆའི་སྦལ་པའི་ནང་དུ་བཅུག་སྦལ་གཟུགས་དང་སྐྱེ་མཆེད་མིག་འབུར་བ་དོད་པ་བྱས་ལ། སྔགས་འདི་སྦལ་པའི་མིག་ཏུ་གདབ་བོ། །ཨོཾ་སད་ལ་རྒྱུད། སྦྱིད་ལ་བྱེར། སུ་ར་དཀར་པོ་ཆོ་ཆོ། ཅེས་ཞག་གསུམ་ལ་བསྙེན་པ་བྱ། དེ་ལ་ནུབ་རེ་བརྒྱ་རེ་སྦལ་པའི་མིག་ལ་གདབ། །གཉིས་མི་འདོད་ན་ཉལ་ཁ། མུན་རུབ། སྲིད་གཉིས་ནམ་བྱུང་ཙམ་མ་གཏོགས་མི་གཉིད་པར་འདོད་ན། སྦལ་པའི་ཁ་རང་ལ་བསྟན་མིག་ལ་སྔགས་བག་རེ་བཏབ། མཆིལ་མ་དང་ཆུ་གཉིས་ཀ་བྱ། གཉིད་འདོད་ན་ཁ་ཕར་བསྟན་དེ་ནས་གཉིད་དོ། །གཏི་མུག་གཉིད་ལ་དབང་པོ་མི་འཆོར་བའི་གདམས་སྔགས་འདི་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་བསླབ་བོ། མུན་པས་དབང་པོ་འཕྲོག་པ་ན། །༼འདིའི་ནང་རི་མོ་ཡོད།༽


JKT020_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་བསམ་དོན་རྣམས་མི་འགྲུབ་པས། །སྔགས་འཆང་རིག་འཛིན་རྣམ་རྒྱལ་གྱིས་བསླབ་པའོ། །གཉིད་བཟློག་སྤྱི༔ ཨོཾ༔ འགོ་ནད་སྲུང་བའི་འཁོར་ལོ་ནི། མ་དང་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། འཁོར་ལོ་འདི་གྲོ་ཤོག་ལ་ཟླ་བ་གང་ཡང་རུང་བའི་ཚེས་གཅིག་ལ་བྲིས་ནས་གཅིག་བསྲེགས་ལ་གཞན་རྣམས་དུད་པ་དེ་ལ་བདུག་གོ། དེའི་ཐལ་བ་ཡང་བྱུག །བྱ་རྒོད་སྤུ་དང་ཉུངས་དཀར་གཏུམ། ལུག སྐྱིའི་ཐུམ་བྱ། མགོ་ལ་གཡོན་བསྐོར་ལན་གསུམ། དེ་ནས་གོང་བ་གཡོན་དུ་བཏགས། དེ་ནས་ཚེས་གཅིག་ནམ་བྱུང་འཁོར་ལོ་བཀྲོལ་ནས་མགོ་ལ་ཆོས་སྐོར་ལན་གསུམ་བྱས་ལ་བཏག་གོ། མཁའ་འགྲོ་མའི་བརྡ་ཡིག་ཡིན་པས་རབ་གནས་མི་དགོས། བཏགས་པས་ཆོག །བསྲེགས་འཁོར་གྲོ་ག་ལ་བྲིའོ། བསྒོམ་དང་དམིགས་པ་གང་ཡང་མེད་དོ། ཨྠྀིཿ བླ་མ་པདྨའི་གདམས་པའོ། ཨོཾ༔ ཆང་སྲུང་བདུད་རྩིའི་རྒྱ་མཚོ་བཞུགས་སོ། གུ་རུ་ཨོ་རྒྱན་ཆེན་པོ་ལ་ན་མོ། རང་ཉིད་ཨ་ཙ་ར་ནག་པོ་ཁ་ནས་མེ་འབར་བ། སྣ་ནས་དུད་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཐུལ་བ། མགོ་ལ་བལ་ཐོད་གོན་པ། ཆང་ལ་གནོད་བྱེད་འདྲེ་ཀུན་ཐམས་ཅད་ཚར་བཅད་པར་བསམ། སྔགས་ནི། ན་མོ་ཏྲི་ཀྲོ་ཡེ་སྭཱ་ཧཱ༔ སྲུང་སྐུད་ནག་པོ་ལ་སྔགས། མཚོན་ལ་བཏགས་ནས་ཆང་གིས་སྟེང་དུ་བཞག །སློབ་དཔོན་པདྨ་བསམ་ཡས་ལྷུན་གྲུབ་བརྩེགས་པའི་སྐབས་སུ་མཛད་པ་ཆང་འདྲེ་སྲུང་བའི་ཨུ་པ་དེ་ཤའོ། ཨྠྀི༔ ༁ྃ༔ སོ་སྲུང་འཁོར་ལོ་གྲུ་ཆོད་མ་བཞུགས་སོ། །བསམ་ཡས་ཀ་ལོ་མ་བྱ་བ་ཡིན། བཏགས་མི་དགོས་འདུད་པས་ཆོག །མི་ལ་གཡར་མི་ཉན། རྟེན་འབྲེལ་སྙིང་པོའི་རབ་གནས་བྱ། ལྷ་བསྒོམ་རྒྱུ་མེད། ཡི་གེ་བྲི་བསུབ་མ་རེད་པ་གལ་ཆེ། སྔགས་ཕྱི་ནང་གཉིས་ཀ་ལ་བརྒྱ་ཚོ་རེ་བཏབ། རྟེན་འབྲེལ་བརྒྱ་རྩ་བརྒྱད་བྱའོ། །ན་སར་འདྲུད་པས་ཆོག་པའི་སོ་སྲུང་འཁོར་ལོ་འདྲུད་ཆོག་མ་བྱ་བ་སློབ་དཔོན་པདྨའི་གདམས་པ་ཨི་ཐི༔ །མིས་མ་མཐོང་བར་བྱས་ནས་སྒོ་ལ་སྦྱར་ན་རྐུན་ ༼འདིའི་ནང་རི་མོ་ཡོད།༽


JKT020_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྲུང་བའི་མན་ངག་ཁྱད་པར་ཅན་གཅིག་གོ། ༈ །ཆགས་པ་ཞི་བར་བྱེད་པའི་རྫས་དང་སྔགས་ནི། སྒ་སྐྱ་གཙོ་བོ་ཡིན་པ་བུང་ཆེ་བར་བྱ། མ་ནུ། ཡུང་བ། བུལ་ཏོག་གསུམ་འཁོར་ཡིན་པས་གཙོ་བོའི་ཕྱེད་ཙམ་བྱེད། རྩིང་ཞིབ་རན་པར་བརྡུངས། ཧ་རི་ནི་ས་རཱ་ག་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཅེས་ནང་དུ་སྔགས། ཁེམ་ཆུང་གང་ཙམ་རས་དཀར་གཙང་མའི་ནང་དུ་བསྣུམ་པ་མང་དུ་བྱས་ནས་ཆུ་ནང་དུ་བཙོས་པའི་ཁུ་བ་ཐང་ཐང་བྱས་ཏེ་སྐབས་སྐབས་སུ་བཏུང་བས་མེ་ལ་ཆུ་བཏབ་པ་ལྟར་ཆགས་པ་ཞི་བར་གསུངས། འདི་ཟུར་མཁར་གྱིས་མཛད་པ་དང་། ཨོ་རྒྱན་གྱིས་མཛད་པ་མཚུངས་ཏེ་ཟུར་མཁར་ལུགས་ལ་སྔགས་ནི་མེད། འདི་ཨོ་རྒྱན་དྲི་མེད་ཀུན་དགའི་གཏེར་མའི་དོན་གོ་བདེར་བཀོད་པ་སྟེ། ནད་དང་གཤིས་ཀྱིས་ཆགས་པ་ཆེ་བའི་རིགས་ཀུན་ལ་ཕན་པའི་གདམས་པ་ཁྱད་པར་ཅན་ནོ། ཨྠ ྀི༔ ༈ །བདེ་མཆོག་སྙན་བརྒྱུད་ཀྱི་མན་ངག་ལས་བྱུང་བའི་རྫས་ཀྱི་འཕོ་བ་ནི། མགྲོན་བུ་བུ་མའི་ཐལ་བ། རྡོ་ཁབ་ལེན། སྦྲང་རྒོད་བཅས་གར་ཆང་གིས་རིལ་བུ་སྲན་སྤོས་ཙམ་དྲིལ་བ་ལ། ཐཾ་ཧ་རི་ནི་ས་པྲ་བེ་ཤ་ཡ་ཕཊ། ཅེས་སྨྲ་བ་བཅད་ལ་མང་དུ་བཏབ། ལས་སྦྱོར་དུས་རིལ་བུ་རེ་རེ་ཚངས་བུག་ཏུ་བྱུགས་པས་ངེས་པར་འཕོའོ། ༈ །རྟེན་འབྲེལ་རྫས་ཀྱི་འཕོ་བ་ནི། བྱང་སེམས་དཀར་དམར་སིནྡྷ་ར༔ བདུད་རྩི་ཆོས་སྨན་གུར་གུམ་དང་༔


JKT020_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རྒོད་ཚལ་བུ་ཤིང་ཀུན་པ༔ དབང་ལག་རྟག་ཏུ་སྐྱེ་བདུན་ཤ དེ་རྣམས་ཕྱེ་གཙང་རིལ་བུ་དྲིལ༔ བུ་མོ་མཚན་ལྡན་ཐོད་པའམ༔ མ་རྙེད་བུམ་པའི་ནང་དུ་བླུགས༔ དར་དམར་ཁ་བཅད་དལ་དབུས་བཞག བདག་མདུན་སེང་གདོང་རིགས་ལྔར་བསྐྱེད༔ ཡེ་ཤེས་སེམས་དཔའ་ཡང་ཡང་བསྟིམས༔ ཨོཾ་བི་ཧ་རི་ནི་ས་ཌཱཀྐི་གུརྱ་ཙིཏྟ་ཨ། ཧ་རི་ནི་ས་ཌཱཀྐི་ནཱི་ར་ཙ་ཧྲི་ཡ་ཧཱུཾ། ཏྲིག་འདུས་ཆད་ནན་སིདྡྷི་མ་ཧཱ་སིདྡྷི་ཧཱུྃ༔ ཟླ་གསུམ་བསྒྲུབ་ན་མཁའ་སྤྱོད་སྐྱེ༔ རིལ་བུ་རེག་ཚད་ངན་འགྲོ་འགེགསཿ ཞེས་སོ། ༈ །ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། ཡི་གེ་དྲུག་པའི་ལས་ཚོགས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨ་མྲྀ་ཏ་ཤནྟཾ་ཀུ་རུ་སྭཱ་ཧཱ། ནད་ཐམས་ཅད་ཞི་བར་གྱུར་ཅིག །ཞེས་ཆུ་ལ་བཏབ་ནས་བདུད་རྩིར་བྱིན་གྱིས་བརླབས་ཏེ་བྱིན་པས་ནད་ཞིའོ། །དེ་བཞིན་དུ། སརྦ་ཨ་པ་ཡ་ན་བཟློག །ཞེས་ཡུངས་ནག་རྡོ་ཕྱེ་ལྕགས་ཕྱེ་ལ་བཏབ་ནས་གཏོར་ན་བྱད་ཁ་དང་རྦོད་གཏོང་བཟློག་གོ །རི་ཏི་རི་ཏི་སྭཱ་ཧཱ། ས་ལ་བཟླས་ནས་གཏོར་ན་གཅན་གཟན་སྲུང་ངོ་། །ཏདྱ་ཐཱ་ཀ་པ་ཙ་ག་ལ་ལ་ལ་དེ་སྭཱ་ཧཱ། ཆུ་ལ་ལན་བདུན་བཏབ་ནས་འཐུང་ན་སྐྱེ་བོ་ཐམས་ཅད་དགའ་ཞིང་ཤེས་རབ་འབར་བར་འགྱུར་རོ། །ཏདྱ་ཐཱ། ཨ་ལི་ཀ་ལི་ཨ་ལི་ཀ་ལི་མུ་ཏ་ཙི་ཏེ་སྭཱ་ཧཱ། ཞེས་ཁ་ཤར་དུ་བལྟས་ནས་ཆུ་ལ་ལན་ཉེར་གཅིག་བཏབ་ནས་གཏོར་ན་གནས་ཁང་ལ་རྐུན་མས་མི་ཚུགས་སོ། །རྨོག་གེ་


JKT020_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རྨོག་གེ་ཧཱུྃ་དམ། ས་ལ་སྔགས་ནས་ཁྱི་ལ་གཏོར་ན་ཁ་ཆིངས་སོ། །བཛྲ་བྷི་ཤ་ཧཱུཾ་ཕཊ། ཆུ་སྣ་འདུས་པ་ལ་བཟླས་ནས་བཏང་ན་ཚ་གྲང་གི་ནད་ཐམས་ཅད་སེལ་ལོ། །པདྨེ་པདྨེ་མཁྲི་བ་གེ་བུ་སྭཱ་ཧཱ། སྲིན་ལག་རེ་ལ་ཉེར་གཅིག་རེ་བཏབ་ནས་མིག་ཕྱིས་ན་མིག་ནད་མེད་པ་དང་མིག་གསལ་ལོ། །སང་སང་མེར་ཡེར་སྭཱ་ཧཱ། རླུང་བུས་ན་རྣ་བ་འོན་པ་སངས་སོ། །ཏདྱ་ཐཱ་ནཀྵ་ཏྲ་སརྦ་ཏི་ཐ་མུ་ཧུ་ནུར་ཏིཥྛ་ཏི་ནི་མེས་སྨྲ་ད་ཏ་ནི་བྷ་བནྡྷ་སྭཱ་ཧཱ། ཞེས་འགྲོ་ཁར་ལན་བདུན་བཟླས་ན་དོན་ཐམས་ཅད་འགྲུབ་བོ། །ཡི་གེ་དྲུག་པའི་ལས་ཚོགས་སྤྱི ༈ །ན་མ་སྭཱ་རེ་ཡ། །རང་ཉིད་སྒྲོལ་མ་ཁྲོ་མོ་ནི། །སྐུ་མདོག་དམར་ཞིང་ཞལ་བདུན་མ། །ལྗགས་བསྐྱོད་དབུ་སྐྲ་སྨིན་མ་འབར། །ཕྱག་གཉིས་ནོར་བུ་ཆུ་ཤེལ་གྱིས། །དཀྱིལ་འཁོར་འཛིན་ཅིང་རྒྱན་རྣམས་རྫོགས། །པད་ཟླར་རོལ་སྟབས་བཞུགས་པ་བསྒོམས། ཨོ་ཤི་ཁཱི་པ་ད་ནེ་མ་ཧཱ་ཨུལྟ་མུ་ཁཱི། ཛཱ་ལ་མཱ་ལ་ནཱི་ས་སྟ་ཛི་ཧཱ་ས་སྟ་མུ་ཁཱི་བི་ཤྭ་ན་རི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་མེ་ཡི་འཇིགས་པ་སྲུང་། གོང་དུ་བཤད་པའི་སྒྲོལ་མའི་སྐུ་མཚན་ཉིད་དང་ལྡན་པར་བྲིས་པའི་རྒྱབ་ཏུ་སྔགས་སྤེལ་ཚིག་བཅས་བྲིས་ནས་སྒྲོལ་མར་བསྐྱེད་ལ་རབ་གནས་བགྱིས་པ་གནས་ཁང་གང་དུ་བཞུགས་ཀྱང་དེ་ཡི་བར་ཆད་བསྲུང་ངོ་། ཨྠྀི། ༈ །རང་ཉིད་སྒྲོལ་སེར་ཞལ་གཅིག་མ། །ཕྱག་གཉིས་རི་རབ་ས་


JKT020_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཛིན། །ནོར་བུ་མེ་འབར་གདན་ལ་བཞུགས། །ཞི་ཚུལ་དམ་ཡེ་དབྱེར་མེད་གྱུར། །ཨོཾ་ཛ་ལེ་ཛ་ལེ་མ་ཧཱ་ཛ་ལེ་ཏཱ་ར་ཡ། ཏཱ་ར་ཡ། ཨཱ་ཏཱ་ར་ཡ། ཨཱ་ཏཱ་ར་ཡ། ཤྲཱིདྨ་ལ་ཧ་སྟི་མ་ཧཱ་ཛ་བེ། ཨེ་ཀ་བི་རི་མ་མ་ཧཱ་ཀ་རུ་ཎི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་ཆུ་ཡི་འཇིགས་པ་སྲུང་། །སྒྲོལ་མ་མངོན་འབྱུང་རྒྱུད་ལས་སོ། འདི་ཉིད་ཀྱི་སྒོ་ནས་གཞན་སྲུང་ན། མཐིང་ཤོག་ལ་གསེར་རམ་མཚལ་གྱིས་སྤེལ་ཚིག་དང་བཅས་ཏེ་ཕྲེང་གཅིག་ཏུ་བྲིས། བཟང་དྲུག་བྱིན་རྟེན་རིགས་བྱུགས། སྒྲོལ་མར་བསྐྱེད། རང་སྔགས་ཀྱིས་རབ་གནས་བྱས་ལ་མེ་ཏོག་འཐོར། འདོད་པའི་དོན་ལ་གསོལ་བ་གདབ། ལྷ་འོད་དུ་ཞུ་བ་ལས་ཡི་གེར་བསམ་ལ་རྟེན་འབྲེལ་སྙིང་པོ་བདུན་ནམ་ཉེར་གཅིག་གིས་བྱིན་རླབས་ཀྱི་རྒྱུན་བརྟེན་པར་བྱས་ནས་མགོ་ནས་དྲིལ་ཏེ་གང་སྲུང་བའི་མགུལ་དུ་གདགས་སོ། །ཨྠྀི། ༈ །འགོ་ནད་སྲུང་བ་བཅུད་འཁོར་ནག་པོ་ཞེས་གྲགས་པའི། བཅུད་འཁོར་ནི་ཕྱི་ནང་བྲམ་ཟེ་དྲང་སྲོང་སོགས་ཀྱི་སྔགས་རྒོད་ཐམས་ཅད་ཀྱི་བཅུད་བསྡུས་པའི་དོན་དང་། ཆིག་དྲིལ་ཞེས་པའང་རྒྱུ་མཚན་དེ་ལྟ་བུའི་སྒོ་ནས་བཏགས། ཡང་དཔེ་ལ་ལར་བཅུན་འཁོར་ཞེས་སྣང་བ་ནི་ནད་བདག་ཕོ་མོ་གཅུན་པ་སྟེ་གནད་ལ་དབབ་པའི་དོན་དུ་སྣང་། གུ་གེ་ནི་གཏེར་སྟོན་བྱོན་ཡུལ་གྱི་མིང་ཡིན། སྤྱིར་གཏེར་སྟོན་འདི་ཐོག་ཤིན་ཏུ་སྔ་པ་སྟེ། གཉན་རིམས་སོགས་


JKT020_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་དར་བའི་དུས་ཙམ་ནས་བྱོན་པར་མངོན། རིག་འཛིན་རྒོད་ལྡེམ་པས་ཀྱང་སྲུང་བ་འདི་འབྲལ་མེད་དུ་མཛད་ཚུལ་སོགས་བླ་མ་གོང་མ་རྣམས་ཐུགས་རྩིས་ཤིན་ཏུ་ཆེ། དེའང་གྲོང་ཁྱེར་དང་དགོན་སྡེ་སོགས་སྲུང་བ་དང་། གང་ཟག་སོ་སོའི་སྲུང་བ་གཉིས་ལས། དང་པོ་ནི། ཟིན་བྲིས་རྙིང་པ་འགའ་རེར། ཤིང་བྱང་ལ་བྲིས་པར་རྫས་ཀྱིས་བྱུགས། ཆུ་འདྲེད་པའི་རྩི་བཟང་པོ་བཏང་ལ་གྲོང་ཁྱེར་གྱི་ཕྱོགས་བཞིན་བཙུག་ཅེས་འབྱུང་ནའང་། དེང་སང་དར་ལྕོགས་ལ་རྒྱ་སྣག་དང་སྲུང་རྫས་སྦྱར་བས་སྤར་བཏབ་ནས་ནད་བདག་སྟོབས་འཇོམས་སོགས་དང་འབྲེལ་པའམ། བསང་དང་གསེར་སྐྱེམས་ཡུལ་ཁྲུས་སོགས་སྔོན་དུ་འགྲོ་བས་ཕྱོགས་བཞིར་བཙུག །འོག་ནས་འབྱུང་བ་ལྟར་བསྒོམ་བཟླས་བརྟན་བཞུགས་ཤིས་བརྗོད་སོགས་བྱ། ལར་རིག་འཛིན་གོང་མ་རྣམས་ཀྱིས་ཕྱོགས་ཕེབས་ཀྱི་འཕྱར་དར་ལ་འདི་དང་། གྲྭ་མངོན་གྱི་འགོ་བའི་ལྷ་ལྔ་བསྐྱེད་པའི་འཁོར་ལོ་སོགས་བྲིས་པ་དང་། འགའ་ཞིག་གིས་འཁོར་ལོ་འདི་ཟངས་སྦུབས་སུ་བཅུག་ནས་རྔ་ཐུག་གི་རྩེར་སྦྲགས་པའང་མཐོང་གསུངས་གཉིས་པ་ནི། རྒྱ་ཤོག་ལ་རྒྱ་སྣག་གིས་སྤར། རྫས་སྣ་ཉེར་བདུན། བཟང་དྲུག །གིའུ་ཝཾ་བཅས་བྱུགས། གོ་རིམ་ལྟར་གོང་མའི་གཤམ་དུ་འོག་མ་མཐུད། དེ་ནས་གཞུང་དུ་བསྙེན་པ་ཞག་བདུན་གསུངས་ཀྱང་། དེང་སང་བདུད་རྩི་བུམ་


JKT020_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ལས་ཀྱི་ལྷ་གང་རུང་ལ་བསྙེན་པ་སོང་བས་འཐུས་པར་མཛད། བདག་བསྐྱེད་རྟ་མགྲིན་ཡང་གསང་དང་། གསང་སྒྲུབ་ལྟ་བུ་འོས་འབྲེལ་ཆེ་ཡང་། ཕལ་ཆེར་གྱིས་བདུད་རྩི་བུམ་པའི་བསྒོམ་བཟླས་ཙམ་སྔོན་དུ་འགྲོ་བས། སྲུང་བ་རྣམས་ལ་སྦྱོང་ཁྲུས་སྤྱི་ལྟར་དང་། དེ་ནས་བསང་སྦྱངས། སྟོང་པའི་ངང་ལས་གཟུགས་བརྙན་རྣམས་ངོ་བོ་རིགས་གསུམ་མགོན་པོ་ཞི་དྲག་ལ། རྣམ་པ་སོ་སོར་བྲིས་པ་ཇི་ལྟ་བ་བཞིན་དང་། སྔགས་ཀྱི་ཡིག་འབྲུ་རྣམས་ཀྱང་སོ་སོའི་གསུང་གི་ནུས་སྟོབས་ཐམས་ཅད་འདུས་པའི་ངོ་བོར་མོས་ལ། སྔགས་རྣམས་ཇི་ཙམ་ནུས་པ་དབྱངས་གསལ་རྟེན་སྙིང་དང་སྦྲེལ་བ་བཟླས་པའི་མེ་ཏོག་འཐོར། དེ་ནས་བརྟན་བཞུགས་གསོལ་གདབ། བསྔོ་སྨོན་ཤིས་བརྗོད་སོགས་སྤྱི་ལྟར་བྱས་ལ་གཤམ་ནས་ཡར་དྲིལ། གསོགས་ནག་པོ་དང་བཅས་ཏེ་འཕྲེད་དུ་གདགས། དེའང་ལུས་ཀྱི་གཡས་གཡོན་དང་སྔགས་ཀྱི་མགོ་གཞུག་མ་ནོར་བར་བྱེད། རྫས་དང་འཁོར་ལོ་མགུལ་དུ་གདགས༔ ཞེས་པའི་རྫས་སྲུང་ནི་འདིའི་ལེ་ལག་ཏུ་འབྱུང་བ་དེ་ཡིན་པར་བཞེད་མཁན་སྣང་ནའང་། དེང་སང་དེའི་དཔེ་ལུང་དཀོན་པས་འཁོར་ལོ་ལ་བྱུགས་པའི་རྫས་དེ་ཀར་སྔགས་ཀྱིས་ངར་བཏགས་པའི་ཐུམ་པོའང་མཉམ་དུ་བཏགས་ནས་ཞོག་པ་ལྟོ་སྟོང་ལ་བསྣམས། ནད་ཀྱི་དོགས་པ་ཆེ་བའི་སར་འགྲོ་བའམ། མི་དང་གཏམ་ལབ་པ་སོགས་


JKT020_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚེ་རྫས་དུད་བཏབ། འཁོར་ལོར་བཀོད་པའི་གཟུགས་དང་སྔགས་རྣམས་ཡིད་ལ་བྱས་ཏེ་སྐྱབས་ཞུ་བའི་བསམ་པ་དང་བཅས་ལག་པས་འཇུས་ཤིང་གཏམ་སྨྲ་བ་སོགས་བྱ་ཞེས་སྣང་། དར་ལྕོགས་འཛུགས་པའི་ཚེའང་རྫས་དུད་ཀྱིས་ཕྱོགས་ཐམས་ཅད་ཁྱབ་པར་བྱ། འདི་སོགས་སྔགས་རྒོད་རིང་པོའི་གྲས་རྣམས་རྒྱུན་དུ་འདོན་མི་ནུས་ཤིང་རབ་གནས་སོགས་ཀྱི་ཚེའང་གྲངས་མང་འདོན་མི་ནུས་པས། དེས་ཀླུང ན་ཞོག་པ་སྔ་མོ་སྔགས་ནུས་ལ་གནོད་པའི་ཟས་སྤྱོད་དང་མ་འདྲེས་པའི་གོང་དུ་རྣམ་འཇོམས་སོགས་ཀྱི་ཆུས་ཁྲུས་བྱ། དེ་ནས་ངག་བྱིན་རླབས་སྔོན་དུ་འགྲོ་བས་སྔགས་ནུས་རྒྱས་པའི་ཟ་ཡིག་བསྟེན་རྫས་ལས་ལ་འཇུག་ན་ཤིན་ཏུ་ལེགས། སྲུང་བ་ཟངས་སྦུབས་སོགས་བཅུག་པ་ལའང་། ནང་གཡོགས་ནག་པོ་ནི་ངེས་པར་དགོས་ཏེ། བཅུད་འཁོར་ནག་པོ་ཞེས་པའང་གཡོགས་ཀྱི་མིང་ལས་བཏགས་པར་གསལ་འདི་སྤྱིར་འགོ་ནད་ཐམས་ཅད་སྲུང་བ་དང་། ལྷག་པར་འབྲུམ་པ་སྲུང་བ་ལའང་བསྔགས་པས་དར་ལྕོགས་བཙུགས་པ་ཙམ་གྱིས་ལུང་ཕྱོགས་རེ་སྲུང་ནུས་པ་མཐོང་ཐོས་ངེས་པ་ཅན་ཡོད་ཅེས་གསུངས་སོ། །འདིས་ཀྱང་གཞན་ལ་མཆོག་ཏུ་སྨན་པར་གྱུར་ཅིག །སྔགས་འབུམ་རིགས་ཉེ་བར་མཁོ་བ་ཟབ་བསྡུས་ཕྱོགས་བསྒྲིལ་འདི་རིགས་རྗེ་བླ་མའི་ཕྱག་བྲིས་དངོས་ལས་བཤུས་ཤིན་ཏུ་དག་པར་རྣམ་དཀར་སྤར་གྱི་ཕྱི་མོ་བཀོད་པ་


JKT020_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་ཀྱི་སྣང་བས་འཇིག་རྟེན་གསུམ་དུ་ཁྱབ་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། དགེའོ།། དགེའོ།། དགེའོ།། །།

ཐུགས་རྗེ་ཆེན་པོ་ལ་བརྟེན་ནས་མི་ཁ་ཟློག་པའི་གདམས་ངག་ཟབ་མོ།


JKT020_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་བརྟེན་ནས་མི་ཁ་ཟློག་པའི་གདམས་ངག་ཟབ་མོ་བཞུགས། །ན་མོ་མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཐུགས་རྗེ་ཆེན་པོ་ལ་བརྟེན་ནས་མི་ཁ་ཟློག་པ་ནི། རྒྱལ་བ་རྒྱ་མཚོ་སོགས་ཐུགས་རྗེ་ཆེན་པོ་གང་རུང་གི་བདག་བསྐྱེད་ལ་གནས་པས་འདི་ལྟར་སྒོམ་བཟླས་བྱའོ། །རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་ལྗང་གུ་འཕྲོས། གཏམ་ངན་མི་ཁ་ཐམས་ཅད་བཟློག་པར་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱི༔ ཧུར་ཐུམ་མི་ཁ་གཏམ་ངན་ཐམས་ཅད་ཟློག །རི་ལི་རི་ལི། ཨོཾ་མ་ཧཱ་དྷེ་ཝ་དགྲ་བོ་ནི་ཏྲི་ནི་སྲོག་ལ་རྦད་ཆོད། བྷྱོ་མི་ཁ་ངན་པ་བསྒྱུར། མི་ཁ་དགྲ་བོ་མཱ་ར་ཡ་ཐུམ་ཐུམ། རྦད་རྦད། དྲིལ་དྲིལ། བློ་སྦྱོ། །ཟློག་ཟློག །བརྒྱ་ཡི་མི་ཁ་ཟློག །སྟོང་གི་བྲ་མཆུ་ཟློག །སྟོང་ཁ་མང་མེར་མེར་ཟློག །ནད་སྣ་ཟློག །གདོན་སྣ་ཟློག །ཡམས་སྣ་ཟློག །རིམས་སྣ་ཟློག །དགྲ་སྣ་ཟློག །གྱོད་སྣ་ཟློག །རྐུན་སྣ་ཟློག ། དམག་སྣ་ཟློག །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་མི་ཁ་གཏམ་ངན་ཟློག །ངན་སེམས་ཚུར་ལ་འཆང་བའི་དགྲ་བོ་ཐམས་ཅད་རྦད་རྦད། དྲིལ་དྲིལ། ཐུམ་ཐུམ། ཤིག་ཤིག བྷོ་བྷོ། ཟློག་ཟློག་ཅིག་ཅེས་བཟླས་མཐར་ཐལ་མོ་བརྡབ་བོ། ཞེས་ཀརྨ་ཨ་རཱ་གས་སོ།། ༈ །།འཇམ་དཔལ་གཤིན་རྗེའི་ལས་མཐའ་རྩོད་དང་མི་ཁ་ཟློག་པ་ཟབ་མོ་བཞུགས་སོ། །ན་མོ་ཡ་མནྟ་ཀཱ་ཡ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་


JKT020_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བས། ཨོཾ་མ་ཧཱ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོཉ་ཧཾ། སྟོང་ཉིད་ཀ་དག་སྤྲོས་པ་བྲལ་བའི་ངང་རང་ཉིད་བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ དགྲ་དཔུང་འཇོམས་མཛད་རཀཱ་ནག་པོའི་ལས༔ མཐར་བྱེད་སྐུ་མདོག་དམར་པོ་ཁྲོ་བོའི་ཞལ༔ ངོ་བོ་གཅིག་ལས་འགྱུར་མེད་གཤིན་རྗེའི་གཤེད༔ ཐབས་ཤེས་ཟུང་འབྲེལ་སྡིག་མཛུབ་ཕྱག་གཉིས་པ༔ མཆེ་བ་བཞི་དཀར་རབ་གཙིགས་སྤྱན་གསུམ་ལྡོག༔ སྨིན་ཕྲག་ཁྲོ་གཉེར་བཞིན་བསྡུས་རྔམས་ཤིང་བསྒྲད༔ དབུ་སྐྲ་སྨ་ར་སྨིན་མ་དམར་སེར་མདོག༔ མེ་ལྟར་གཡོ་ཞིང་རལ་པ་གྱེན་དུ་འབར༔ སྐུ་སྨད་གསང་བའི་གནས་ནས་གནམ་ལྕགས་ཀྱི༔ གསུམ་དཔལ་ལྡན་ཕུར་པས་དགྲ་དང་བགེགས། གནོད་བྱེད་ཉམས་པའི་སྙིང་ལ་དྲག་ཏུ་གཟིར༔ ཕྱག་གཡས་རལ་གྲིས་དགྲ་བགེགས་བསྒྲལ་བའི་ཕྱིརཿ ནམ་མཁར་ཕྱར་བས་སྲོག་རྩ་རྩད་ནས་གཅོད༔ ཕྱག་གཡས་ལྕགས་ཀྱུས་དགྲ་བོའི་དོན་སྙིང་ལཿ བཟུང་ནས་ཤོར་བ་མེད་པར་འགུགས་ཤིང་བཟུང་༔ ཞབས་གཉིས་གཡས་བརྐྱང་མཐིལ་ལ་གནམ་ལྕགས་དང་༔ གཡོན་བསྐུམ་ཟངས་ཀྱི་སོག་ལེ་རྣོ་ངར་ཅན༔ དེ་གཉིས་བར་དུ་དགྲ་བགེགས་མགོ་ལུས་སོང་༔ ཤ་ཁྲག་དུམ་བུ་དུམ་བུར་དམར་ཉིལ་ཉིལཿ གཏུབ་ཕྱིར་དྲག་པོའི་གདོང་བསྟན་ཚུལ་དུ་བགྱིད༔ འཇིགས་པའི་སྐུ་ལ་བསྐལ་པའི་མེ་ཆེན་པོ༔ རི་ལྟར་བ་སྤུ་རེ་


JKT020_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབར་བ་ཡིས༔ གནོད་པར་བྱེད་པའི་དགྲ་དང་བགེགས་ལ་སོགསཿ ཐམས་ཅད་གཞོབ་ཐུལ་བསྲེགས་ཤིང་ཐལ་བར་གཏོརཿ ཕྲིན་ལས་ཐོགས་མེད་ཁྲོ་རྒྱལ་སྐུར་གྱུར་ཏོ༔ ཏྲག་རཀྵ་བྷྱོ༔ ཧུར་ཐུམ་མི་ཁ་ཐུམ་རིལ་ཆད་ནན༔ ས་མ་ཡ་དགྲ་ལ་བྷོ་བྷོ༔ ཟློག་ཟློག༔ མི་ཁ་ཐུམ་རིལ་རྡུད་ལིང་༔ ཐུམ་རི་ལི་ལི་དགྲ་ལ་བློ་སྦྱོ་ཟློག་ཟློག༔ དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད་རྦད་ཛ༔ མ་ཧཱ་དེ་ཝ་དགྲ་ལ་བྷྱོ༔ ཨུ་མ་དེ་བཱི་དགྲ་ལ་བྷྱོ༔ ལྷ་སྲིན་སྡེ་བརྒྱད་དགྲ་ལ་སྦྱོ༔ བྷོ་མཱ་ར་ཡ་མི་ཁ་ཧུར་ཐུམ༔ རྦད་དྲིལ་ནན་ཐུམ་ཐུམ་ཤིག་ཤིག་རྦད་རྦད་དྲིལ་དྲིལ་ནན་ནན་བློ་སྦྱོ་ཟློག་ཟློག་མི་ཁ་ཟློག་ཟློག་མི་ཁ་ཟློག༔ མི་ཁ་སྒྱུར༔ མི་ཁ་ཏྲི་ལིང་ཤག་མཱ་ར་ཡ་རྦད༔ ཅེས་ཅི་ནུས་མཐར། རང་ཉིད་འཇམ་དཔལ་ཁྲོ་བོ་ཡོངས་གྱུར་ལས༔ སྐད་ཅིག་དབང་ཕྱུག་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ༔ སྐུ་མདོག་སྔོ་ནག་རི་རབ་བང་རིམ་དགུ་པ་བསྣམས༔ དགྲ་བགེགས་བྱད་མ་ལྷ་སྲུང་ལ་བརྒྱབ་པས། ལུས་ངག་ཡིད་གསུམ་ནག་ཆོམ་སོང་བར་གྱུར༔ མ་ཧཱ་དེ་བ་བྷ་ག་ཏུ་ཨུ་ནི་ཚྭ་ཛཐུམ་ལམ་ཧུ་ར་ཧུ་ར། ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཎྞཾ གཉིས་དང་བཅུ་ནས་བདག་ལ་གནོད་པའི་དགྲ་བགེགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཙཱ་བྷ་ཡ་ནན༔ ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་ཟད་ནན༔ ཞག་དང་ཟ་མ་ལ་དགྲ་དར་བ་ཐམས་


JKT020_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཱ་ར་ཡ་ཆད་ནན༔ སྲོག་ལུས་དབང་ཐང་ལ་དགྲ་དར་བ་ཐམས་ཅད༔ ཁ་རྗེ་དང་ཀླུང་རྟ་ལ་དགྲ་དར་བ༔ ཟ་མ་ལ་དུག་གཡོས་པ་ཐམས་ཅད་མཱ་ར་ཡ༔ འགྲོ་ལམ་དུ་རྩང་བཙུགས་པ་ཐམས་ཅད༴ བསད་ཤམ་འཕྲོག་ཤམ་རྐུ་ཤམ་བྱེད་པ་ཐམས་ཅད༔ བྱད་ཁ་ཕུར་ཁ་མོ་ངན་ཚེར་རྩུབ་ཐམས་ཅད༴ བྱུར་མི་ཁ་སྙིང་སྟོང་ངན་པ་ཐམས་ཅད༔ དགྲ་ཤམ་དམག་ཤམ་བསམ་ངན་འདུན་མ་ངན་པ་ཐམས་ཅད༴ ཨོ་ཀིང་ཀང་ཧཱུྃ་ཧྲིདགྲ་བོ་ཙཱ་བྷ་ཡ་རཀཱ་ནན་ཧཱུཾ་ཧཱུཾ་ལཾ་ལཾ་ཧཱུཾ་ལཾ་ཧཱུཾ་བྷ་ཡ་ནན་སྭཱ་ཧཱ༔ ཞེས་བཟླས་ལ་ཐལ་མོ་བརྡབ་བོ། །གཟའ་དང་སྐར་མ་དར་བ་དང་༔ དུས་གསུམ་དགུ་སོགས་ཅི་མང་བཟླས༔ ཕ་རོལ་རྩོད་ལས་རྒྱལ་བར་འགྱུར༔ སེང་ལྡེང་ཕུར་དར་ནག་པོ་དགོས། ཕུར་པ་ཚོན་གང་པ༔ གོང་པ་གཡོན་དུ་བཙུགས་ནས་བཟླསཿ ཕ་རོལ་རྩོད་ལས་རྒྱལ་ཞིང་འཇོམས༔ མི་ཁ་བྱད་མ་ལ་སོགས་ཟློག༔ ཅེས་སྤྲུལ་སྐུ་སྟག་ཤམ་ནུས་ལྡན་རྡོ་རྗེའི་ཟབ་གཏེར་ལས་བྱུང་བའི་ཨུ་པ་དེ༔ ཤའོ། །ས་མ་ཡ། གུ་ཧྱ། གཞན་ལ་སྲུང་བར་བྱེད་ན། སྔགས་གོང་འོག་སྦྲེལ་ནས་དར་ནག་ལ་གསེར་རམ་མཚལ་གྱིས་བྲི། ཐལ་ཆེན། པདྨ་རཀྟ། གྲི་ཁྲག་གིས་བྱུགས་ནས་དྲིལ་ལ་ཕུར་པའི་མགུལ་དུ་གདགས། ལྷ་བསྐྱེད་བསྟིམ་དང་སྔགས་སྟོང་རྩས་རབ་གནས་བྱས་ལ་གདགས་པ་ཞལ་ཤེས་ཡིན་གསུངས། །།

གཤིན་རྗེ་ཡི་གེ་བཞི་པའི་སྲུང་བཟློག་བསད་པའི་མན་ངག་རྡོ་རྗེ་ཕ་ལམ།


JKT020_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

༈ གཤིན་རྗེ་ཡི་གེ་བཞི་པའི་སྲུང་བཟློག་བསད་པའི་མན་ངག་རྡོ་རྗེ་ཕ་ལམ་བཞུགས་སོ། །ན་མོ་བཛྲ་བྷེ་ར་ཝཱ་ཡ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་སྲུང་བ་དང་། བཟློག་བསད་ཀྱི་མན་ངག་ལ་གཉིས་ཏེ། དང་པོ་སྲུང་བ་ནི། ཐོ་རངས་གཉིད་སད་མ་ཐག་གཞན་དང་གཏམ་མ་འདྲེས་པའི་ཚེ་ཁ་ཤར་དུ་ཕྱོགས་ཏེ། སྐྱབས་སེམས་སྤྱི་ལྟར་རྗེས། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཱསྭ་བྷ་ཝ་ཤུ་དྡྷོ་ཉ་ཧཾ། སྟོང་པའི་ངང་ལས་སྲེག་བྱེད་མེའི་དཀྱིལ་འཁོར་གྱི་དབུས་སུ་པདྨ་དང་ཉི་མའི་གདན་ལ། ཧཱུྃ་ཞེས་བརྗོད་པས། རང་སྐད་ཅིག་གིས་རྡོ་རྗེ་འཇིགས་བྱེད་དྲག་པོ་སྲུང་བྱེད་འབར་བ། སྐུ་མདོག་ནག་པོ་མུན་པའི་གོས་ཅན། བསྐལ་པའི་མེ་ལྟར་དྲག་པ། ཞལ་གཅིག་ཕྱག་གཉིས་པ། གཡས་གནམ་ལྕགས་ཀྱི་རལ་གྲི་འབར་བ་དང་། གཡོན་དྲག་པོའི་སྡིག་མཛུབ་མཛད་པ། ལྕགས་བསྲེགས་ཀྱི་རལ་པའི་གུར་ཁང་ལས་མཚོན་ཆའི་མེ་འོད་རབ་ཏུ་འཕྲོ་བ། ཞབས་གཉིས་བགྲད་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། སྐུ་རི་རབ་དང་མཉམ་པ་དྲག་ལ་རྔམ་པའི་ཆ་ལུགས་ཅན། ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཨེ། དེའི་ཁོང་སེང་གི་ནང་དུ་ཐིག་ལེ་ཁ་དོག་ལྔ་ལྡན། དེའི་ནང་དུ་ཉི་ཟླའི་གྲྭའུ་ཁ་སྦྱོར། དེའི་ནང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཧཱུཾ་སྔོན་པོ། ཧཱུྃ་གི་ཐིག་ལེའི་ནང་དུ་བླ་མ་ཡི་དམ། ཁོག་པའི་ནང་དུ་མཁའ་འགྲོ་ཆོས་སྐྱོང་། གཡས་


JKT020_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་ཕ་མ། མདུན་དུ་འཁོར་གཡོག། །རྒྱབ་ཏུ་ནོར་རྫས་ཡུལ་འཁོར་སོགས་བསྲུང་བྱ་ཐམས་ཅད་མངོན་སུམ་བཞིན་དུ་འཁོད་ཅིང་། བྱད་མའི་ལྷ་སྲུང་ནུས་མཐུ་དང་བཅས་པ་ཐམས་ཅད་བསྡུས་ཏེ། །རལ་པའི་གུར་ཁང་གི་ཕྱི་རོལ་མཚོན་ཆའི་འཁོར་ལོ་ལ་ཐིམ་པས། འཁོར་ལོ་གཡས་སུ་ཤུགས་དྲག་ཏུ་འཁོར་བས་འགལ་རྐྱེན་བར་ཆད་ཐམས་ཅད་ཕྱོགས་སུ་ཉེ་མི་ནུས་ཤིང་། རང་གི་ལུས་ངག་ཡིད་གསུམ་རྡོ་རྗེའི་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། ཨེ་ས་བྷོ་སྲུང་། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་མཆིལ་མས་རང་གི་གནས་གསུམ་དུ་ཐིག་ལེ་རེ་བྱའོ། །གཉིས་པ་བཟློག་བསད་ཟུང་དུ་འཇུག་པའི་མན་ངག་ནི། ཉི་མ་ནུབ་ཁ་མདུང་གང་ཙམ་གྱི་དུས་ཁ་ནུབ་ཏུ་ཕྱོགས་པས། སྐྱབས་སེམས་དང་། སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་སྲེག་བྱེད་མེའི་དཀྱིལ་འཁོར་གྱི་དབུས་སུ་པདྨ་དང་ཉི་མའི་གདན་ལ་ཧཱུྃ་ཞེས་བརྗོད་པས། རང་སྐད་ཅིག་གིས་རྡོ་རྗེ་འཇིགས་བྱེད་ནག་པོ་ཟློག་བྱེད་འབར་བ། སྐུ་མདོག་ནག་པོ་མུན་པའི་གོས་ཅན། བསྐལ་པའི་མེ་ལྟར་དྲག་པ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡོན་པའི་མཐེ་བོང་གསེར་ཀྱི་སྟ་རེ་རྣོ་ཞིང་མེ་འོད་འབར་བ། མཛུབ་མོ་དངུལ་གྱི་གཏན་པ་ཡངས་ཤིང་རྒྱ་ཆེ་བ། ལྕགས་བསྲེགས་ཀྱི་རལ་པའི་གུར་ཁང་། སོགས་ནས། བསྲུང་བྱ་ཐམས་ཅད་མངོན་སུམ་བཞིན་དུ་


JKT020_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

འཁོད། ཅེས་པའི་བར་སྲུང་བའི་སྐབས་ལྟར་བརྗོད། རང་གི་མདུན་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་མཐིང་ནག་འབར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། འཆི་བདག་ལས་ཀྱི་གཤིན་རྗེ་འཇིགས་པའི་ཆ་བྱད་ཅན་ཁ་རབ་ཏུ་གདངས་པ། ལྟོ་བ་ན་སྲིད་པ་གསུམ་གྱི་གྲོང་ཁྱེར་དང་། མཚོན་ཆའི་འཁོར་ལོ་ལས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པར་གྱུར་ཅེས་བརྗོད་ཅིང་བསམ། དེ་ནས་རང་གི་ཐུགས་ཀ་ནས་ཕོ་ཉ་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། དགྲ་བགེགས་ཐམས་ཅད་ལྕགས་ཀྱུས་སྙིང་ཁ་ནས་བཟུང་། མགྲིན་པ་ནས་ཞགས་པས་བཅིངས། ཡན་ལག་ལྕགས་སྒྲོག་གིས་བསྡམས། མཚོན་ཆ་སྣ་ཚོགས་ཀྱིས་བསྡིགས་ནས་རང་དབང་མེད་པར་བཀུག་སྟེ། དངུལ་གྱི་གཏན་པའི་སྟེང་དུ་བཞག་པ་ཉིད། གསེར་གྱི་སྟ་རེས་མགོ་ལུས་དུམ་བུར་གཏུབས་ཤིང་། གཤིན་རྗེའི་ཞལ་དུ་བསྟིམ་པ་ཆོས་སྒྲ་དང་བཅས་ཏེ་གསོལ། ལྟོབ་ནས་ལས་ཀྱི་མེ་རླུང་འབར་བས་ཐལ་བར་བྱས་པ་གྱུར་པར་བསམས་ལ། ཕྲེང་བ་ཕྱིར་ཕུལ་ཞིང་། དབུགས་ཐོག་གཅིག་ལ། ཨེ་ས་བྷོ་བཟློག །ཅེས་དྲུག་ཅུ་རྩ་བཞི་སོགས་དྲག་ཏུ་བཟླ། རྗེས་སུ་ཐལ་མོ་སྦྱར་ལ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། བཅོམ་ལྡན་དཔལ་རྡོ་རྗེ་འཇིགས་བྱེད་འཆི་བདག་ལས་ཀྱི་གཤིན་རྗེའི་ཚོགས་དང་བཅས་པ་


JKT020_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་སྡང་བའི་སེམས་དང་ལྡན་པ། གདུག་པའི་སེམས་དང་ལྡན་པ། དྲག་ཤུལ་གྱི་སེམས་དང་ལྡན་པ། བསམ་པ་ངན་པ། སྦྱོར་བ་རྩུབ་པར་བྱེད་པའི་དགྲ་བགེགས་བྱད་མ་འཁོར་དང་བཅས་པའི་ལུས་བཅིང་བར་བགྱིའོ། །ངག་བཅིང་བར་བགྱིའོ། །ཡིད་བཅིང་བར་བགྱིའོ། །མཐུ་བརླག་པར་གྱུར་ཅིག །སྟོབས་བརླག་པར་གྱུར་ཅིག །རྫུ་འཕྲུལ་བརླག་པར་གྱུར་ཅིག །དེས་བཟླས་པའི་སྔགས་ཀྱིས་དེ་ཉིད་བརླག་པར་གྱུར་ཅིག །དེས་བསྒྲུབ་པའི་ལྷ་འདྲེས་དེ་ཉིད་ཀྱི་ཤ་ཟ་བར་གྱུར་ཅིག །ཅེས་བརྗོད་ཅིང་ཐལ་མོ་བརྡབ། མཆིལ་མ་ཕྱིར་དོར། ཏིང་ངེ་འཛིན་ནི། གནམ་ལྕགས་ཀྱི་རལ་པའི་གུར་ཁང་ནས། གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཡོན་དུ་དྲག་ཏུ་འཁོར། དེ་ལས་མཚོན་ཆ་སྣ་ཚོགས་དང་། ལས་ཀྱི་མེ་རླུང་རབ་ཏུ་གཡོས་པས་གནོད་བྱེད་ཐམས་ཅད་ཀྱི་ལུས་བྱ་སྒྲོ་མེས་བསྲེགས་པ་བཞིན་དུ་ཐལ་བ་བྱས། རྣམ་ཤེས་འོད་གསལ་གྱི་དབྱིངས་སུ་ཐིམ་པར་བསམས་ལ། ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཅེས་བརྗོད་ཅིང་སྤྲོས་བྲལ་གྱི་ངང་དུ་བཞག །དགེ་བ་འདི་ཡིས་


JKT020_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་བདག །རྡོ་རྗེ་འཇིགས་བྱེད་འགྲུབ་གྱུར་ནས། །གཟུང་འཛིན་དགྲ་བགེགས་ཇི་སྙེད་ཀུན། །འོད་གསལ་ཀློང་དུ་སྒྲོལ་བར་ཤོག །ཅེས་སོགས་བསྔོ་སྨོན་བྱ། འདི་དུས་སྤྱི་དང་། ཁྱད་པར་ཉི་ཤུ་དགུ་སོགས་དྲག་པོའི་དུས་ལ་འབད། རྨི་ལམ་སོགས་ཤིན་ཏུ་རྩུབ་ན། ལག་གཡས་ཀྱི་མཐིལ་དུ་ཤ་དམར་དུམ་བུ་ཞིག་བཞག་ལ། བདེན་སྟོབས་བརྗོད་པ་དང་བཅས་པས་བྱད་མ་དགུག་གཞུག་གི་དམིགས་པས་དངོས་སུ་གསལ་ལ། ལག་གཡོན་པའི་མཐེབ་འཛུབ་ཀྱིས་བླངས་ཏེ། ཨེ་ས་བྷོ་རྦད། ཅེས་བཟླ་བ་དང་ལྷན་ཅིག་དམིགས་པ་སྔར་བཞིན་གྱིས་བསད་པའི་ཤ་ཁྲག་ཚོགས་སུ་རོལ་བས། དྭངས་མ་ཕུང་ཁམས་ལྷར་གསལ་བ་ཚིམ། སྙིགས་མ་ལྟེ་འོག་གཏུམ་མོའི་མེའི་ཁྲོད་དུ་ཆོས་སྲུང་ལས་གཤིན་འཁོར་བཅས་གསལ་བའི་ཞལ་དུ་སོང་བས་རྔམས་པའི་བཞད་སྒྲ་དང་བཅས་ལྷག་མེད་དུ་གསོལ་བར་བསམས་ལ་འཛིན་མེད་ཀྱི་ངང་དུ་བཞག་གོ། །གཤིན་རྗེ་ཡི་གེ་བཞི་པའི་སྲུང་བཟློག་བསད་པའི་མན་ངག་ཞལ་ཤེས་དང་བཅས་པ་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བལ་པོ་ཐུགས་རྗེ་ཆེན་པོ་ལ་གསེར་སྲང་བརྒྱ་འབུལ་བར་དམ་བཅས་ནས་གནང་བའི་གདམས་པ་ཆིག་བརྒྱུད་ཤིན་ཏུ་ཟབ་མོ་ཨྠྀི། །གུ་བྱ།། །།

ལོ་ཐོག་ལ་ཕན་པའི་གདམས་ངག་བདུད་རྩིའི་སྙིང་པོ།


JKT020_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

༈ ལོ་ཐོག་ལ་ཕན་པའི་གདམས་ངག་བདུད་རྩིའི་སྙིང་པོ་བཞུགས་སོ། །བླ་མ་དང་རིགས་གསུམ་མགོན་པོ་ལ་ཕྱག་འཚལ་ལོ། །འབྱུང་ཁམས་ཆུ་ནང་འཕྲད་སོགས་གཟའ་སྐར་འཕྲོད་སྦྱོར་ཤིས་པའི་ནམ་ལངས་ཀླུ་གནས་ངེས་པའི་མཚོ་འམ་ཆུ་མིག་ཏུ་ཕྱིན་ལ་ཁྲུས་དང་གཙང་སྒྲ་ཤིན་ཏུ་ཆེ་བར་བྱ། དེ་ནས་ཆར་འབེབས་པའི་སེམས་བསྐྱེད་བཟང་པོས་དངུལ་ལམ་རྫའི་བུམ་པ་གཙང་མར་ཀླུ་སྨན་དང་འོ་ཆབ་ཀྱིས་བཀང་བ་ཀླུ་ཤིང་གིས་ཁ་བརྒྱན་པའི་མདུན་དུ་མཆོད་གཏོར་བཤམས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་སྐྱབས་སེམས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཡས་མཆོག་སྦྱིན་ལས་བདུད་རྩིའི་རྒྱུན་འབེབས་ཤིང་། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་པདྨ་དཀར་པོ་བསྣམས་པ། གཡས་སུ་འཕགས་པ་འཇམ་དཔལ་གཡས་རལ་གྲི་འཕྱར་ཞིང་། གཡོན་གླེགས་བམ་ཐུགས་ཀར་བསྣམས་པ། གཡོན་དུ་ཕྱག་ན་རྡོ་རྗེ་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། གསུམ་ཀའང་སྐུ་མདོག་དཀར་གསལ་ཞི་ཞིང་འཛུམ་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་གཉིས་མཉམ་པའི་སྟབས་ཀྱིས་པད་ཟླའི་གདན་ལ་བཞེངས་པ། སོ་སོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཐུགས་སྲོག་ས་བོན་ཧྲིདྷིཧཱུྃ་གསུམ་གྱིས་ཐར་


JKT020_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཀླུ་དང་ས་བདག་གཙོ་བོར་གྱུར་པའི་འབྱུང་པོའི་ཚོགས་ཐམས་ཅད་ལ་ཕོག་པས་གནོད་འཚེ་དང་གདུག་སེམས་ཞི་ནས་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ། སྟོང་ཕྲག ཨོཾ་ཝཱ་གཱི་ཤྭ་རི་མཱི། དང་། ཨོཾ་བཛྲ་པཱ་ཎི་ཧཱུྃ། སུམ་བརྒྱ་སོགས་བཟླས། འཕགས་པ་རིགས་གསུམ་མགོན་པོས་ཆར་ཆུ་དུས་སུ་རྒྱུན་མི་འཆད་པར་འབེབས་ཤིང་། སྨན་དང་། ནགས་ཚལ་དང་། ལོ་ཏོག་དང་། འབྲུའི་ཚོགས་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་གསོལ་བ་གདབ། དེ་ནས་མདུན་གྱི་བུམ་པ། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་བུམ་པ་ཀླུའི་ཕོ་བྲང་ཉམས་དགའ་ཞིང་ཡིད་དུ་འོང་བའི་ནང་དུ་བུམ་རྫས་དེ་ཉིད་ཡི་གེ་ཕུདཀར་པོ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པས་དེ་དག་ན་གནས་པའི་ཀླུའི་རིགས་ཐམས་ཅད་ཀྱི་སྲོག་གི་སྙིང་པོ་བསྐུལ་ཏེ་ཕུལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ཀླུ་བདུད་དཀར་པོ་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟར་དཀར་ཞིང་གསལ་ལ་འོད་ཟེར་འཕྲོ་བ། ཞི་ཞིང་འཛུམ་ལ་གུས་པའི་རང་ཚུལ་ཅན། །ཞལ་གཅིག་ཕྱག་གཉིས་པ། སྦྲུལ་མགོ་དགུའི་


JKT020_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གདེངས་ཀ་དང་ལྡན་ཅིང་། ཡིད་བཞིན་ནོར་བུའི་དབུ་རྒྱན་ཅན། ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་ནོར་བུ་རིན་པོ་ཆེ་འཛིན་པ། སྟོད་ལྷའི་རྣམ་པ་ལ་སྨད་སྦྲུལ་མཇུག་འཁྱིལ་བ། རང་འདྲ་བའི་འཁོར་བརྒྱ་ཕྲག་དང་། གཞན་ཡང་ཀླུ་དང་ས་བདག་གི་རིགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པ། རང་ཉིད་རིགས་གསུམ་མགོན་པོར་གསལ་བའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་བདུད་རྩིའི་རང་བཞིན་ཟླ་བ་ལྟར་དཀར་ཞིང་བསིལ་བའི་རེག་བྱ་དང་ལྡན་པ་དཔག་ཏུ་མེད་པ་འཕྲོས། ཀླུ་དང་ས་བདག་འཁོར་བཅས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སྦྲུལ་མཇུག་རྣམས་ཀྱིས་རྒྱ་མཚོ་ཆི་ལི་ལི་དཀྲུགས་པས་རྦ་རླབས་དྲག་ཏུ་འཁྲུགས་ཤིང་། ས་གཞི་བར་སྣང་ནམ་མཁའི་ཁམས་ཐམས་ཅད་ན་བུན་དང་ཆར་སྤྲིན་ནག་ཐིབ་ཐིབ་དང་། གློག་དམར་འཁྱུག་ཅིང་འབྲུག་སྒྲ་སྒྲོག །དབང་པོའི་སྒོ་དང་བ་སྤུའི་བུ་ག་རྣམས་ནས་ཀྱང་བདུད་རྩིའི་རླངས་པ་ན་བུན་གྱི་ཚུལ་དུ་འཁྲིགས། དེ་ཐམས་ཅད་ལས་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པ་འུར་འུར་དིར་དིར་དུ་འབབས་པས་རྩི་ཤིང་ནགས་ཚལ་ལོ་ཏོག་ལྗང་པ་ཐམས་ཅད་མཆོག་ཏུ་རྒྱས་པར་གྱུར། རིགས་གསུམ་མགོན་པོའི་སྙིང་པོའི་མཐར། ཨོཾ་ནཱ་ག་ལེ་ལེ་ཧཱུཾ། ནཱ་ག་ལེ་ལེ། དུམ་པ་ལེ་ལེ། ནཱ་ག་རཱ་ཛ་ཧཱུྃ་ཕཊ། ཅེས་བཏགས་པ་སྟོང་རྩ་དང་། དེའི་མཐར།


JKT020_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་རི་ཤ་ཡ། པྲ་ཏ་ཡ། དྲག་ཏུ་ཕོབ། ནཱ་ག་རཱ་ཛ་ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ། དྲག་ཏུ་ཕོབ། མྱུར་དུ་ཕོབ། ཅེས་སྦྱར་བ་བརྒྱ་ཕྲག་གསུམ་སོགས་བཟླ། དེའི་ཚེ་ཀླུ་རྣམས་ཀྱིས་སྔགས་འུར་དིར་གྱིས་སྒྲོག་པར་བསམ། ངག་བཅད་ཤིན་ཏུ་དམ་པར་བྱའོ། །དེ་ལྟར་བཟླས་པ་ཚར་བ་དང་ཀླུ་ལ་ཀླུ་གཏོར་ཅི་ནུས་སུ་བཏང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་གཙྪས་ཀླུ་དང་ས་བདག་རྣམས་རང་རང་གི་གནས་སུ་གཤེགས། བུམ་པའི་རྫས་རྣམས་ཀླུའི་ནད་གསོ་ཞིང་དགོས་འདོད་འབྱུང་བའི་བདུད་རྩིར་གྱུར་པར་བསམས་ལ། ཆུ་མིག་ནང་ཀླུ་རྟེན་སོགས་ལ་གཏོར་ཞིང་གནས་མིན་དུ་མ་ཟགས་པར་བྱའོ། །ཐུན་མཚམས་ཐམས་ཅད་དུ་རང་ངམ་གཞན་གྱིས་བསང་མཆོད་དང་། གསེར་སྐྱེམས་གཏོང་། ཀླུ་གཏོར་ཅི་མང་བྱ། ཀླུ་གཏེར་སྦ། སྤྲིན་ཆེན་དང་དཔང་སྐོང་སོགས་ཀློག །ཁྱད་པར་སྤྲིན་བསྡུ་བའི་དམིགས་བཟླས་ནི། རང་འཕགས་པ་སྤྱན་རས་གཟིགས་སུ་གསལ་བ་དེ་ཉིད་སྐད་ཅིག་གིས་གཡུ་འབྲུག་སྔོན་པོ་ཆེ་ཞིང་བརྗིད་པའི་རྣམ་པར་གྱུར་པ་ལས་དེ་ལྟ་བུའི་འབྲུག་ཆེ་ཆུང་བསམ་རྩྭ གྱིས་མི་ཁྱབ་པ་འཕྲོས། སྟེང་འོག་བར་མཚམས་མེད་པར་ཁྱབ་པའི་བ་སྤུའི་ཁུང་བུ་ལས་སྤྲིན་དང་ན་བུན་ཚོགས་འཐིབ་ཅིང་འབྲུག་སྒྲ་སྙན་པར་སྒྲོག །དབང་པོའི་སོ་རྣམས་ནས་གློག་འོད་འཁྱུག་ཅིང་འཁྲུགས་


JKT020_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ཆར་གྱི་རྒྱུན་དྲག་ཏུ་འབེབས་པར་བསམས་ལ། ཨོ་ས་བ་ས་བ་ཧཱུྃ་སོབ་སོབ་ཧཱུྃ། ཞེས་སྟོང་ཕྲག་སོགས་བཟླ། འབྲུག་བསྐུལ་བ་ནི་དམིགས་པ་དེ་དང་མ་བྲལ་བའི་ངང་། ཨོ་ཏྲ་ཞི་ཞི་བ། ཀྱི་ཆི་བར་ན་སོ་བི་ཤ །པ་ཙ་པ་ཙ་ཧཱུྃ་ཕཊ། སུམ་བརྒྱ་སོགས་བཟླ། གཞན་ཡང་ཡུལ་དེའི་སྐྱེ་བོ་ཕོ་མོ་སོགས་གང་ཡོད་ལ་རིགས་གསུམ་མགོན་པོའི་སྙིང་པོ་འུར་འདོན་དུ་བཅུག །སྐབས་སྐབས་སུ་གསོལ་འདེབས་ཀྱི་རིམ་པའང་གང་ཤེས་བྱའོ། །རླུང་གནོན་ནི། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རླུང་ལྷ་རླུང་བདག་དང་བཅས་པ་རང་དབང་མེད་པར་བཀུག་སྟེ། ཞབས་ཀྱི་གདན་ཁྲིའི་འོག་ཏུ་ཆོས་འབྱུང་གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བ་གོ་སྐབས་མེད་པའི་ནང་དུ་ཚུད་ནས་ཐོབ་ཐིབ་ནོན་པར་བསམས་ལ། ཨོ་ཆར་ཡ་ཆུར་ཡ་བཱ་ཡུ་ཧཱུཾ་བྷ་ཡ་ནན༔ ཅེས་སྟོང་ཕྲག་གཅིག་བཟླ། རླུང་ནོན་པའི་ཚེ་མི་དམིག་པ་བར་བསམ། ཡང་བར་སྣང་ནས་འབབས་ཀྱང་ས་གཞིར་ཆེར་མི་ཕན་པ་ལྟ་བུ་ནི་དམ་སྲི་འབྱུང་པོའི་བར་ཆད་ཡིན་པས་གླུད་གཏོར་ཅི་མང་བསྔོ། གཞན་ཡང་ཞི་དྲག་གི་ཐབས་ཇི་ལྟར་རིགས་པར་བྱའོ། །རྗེས་ཐོབ་ཐམས་ཅད་དུ་དགེ་བ་བསྔོ། སྨོན་ལམ་གདབ། བཀྲ་ཤིས་རྒྱ་ཆེར་བརྗོད། དེ་ལྟར་འབད་པས་ཞག་གསུམ་བདུན་ཚུན་ཆད་ཆར་གྱི་རྒྱུན་ཆེན་པོ་འབེབས་པར་འགྱུར་རོ། །ཆར་འབེབས་ཀྱི་གདམས་པ་ཟབ་མོ་


JKT020_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོར་དྲིལ་བ་བསྟན་ཟིན་ཏོ། ༈ །སད་སྲུང་བ་ནི། གོང་དུ་བཤད་པའི་མན་ངག་མཐའ་དག་དང་། ཁྱད་པར་དུས་རྒྱུན་དུ་རིགས་གསུམ་མགོན་པོའི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། སྤྲིན་སྡུད་ཀྱི་དམིགས་བཟླས་ཁོ་ན་གཙོ་བོར་བྱ། ཐུན་མཚམས་རྣམས་སུ་གཏོར་མ་བརྒྱ་རྩ། བསང་གསུར་གཞི་བདག་གཏོར་མ་དང་། གསེར་སྐྱེམས་སོགས་ལ་འབད། དུས་བཟང་རྣམས་སུ་དཀོན་མཆོག་ལ་མཆོད་པ་དང་། སྦྱོང་བ་གསུམ་སྔོན་དུ་འགྲོ་བས་ཡུལ་ཁྲུས་སོགས་ལ་འབད་པས་སད་ཀྱི་འཇིགས་པ་ལས་གྲོལ་བར་འགྱུར་རོ། ༈ །སེར་བ་སྲུང་བ་ནི། འཕྲལ་དུ་གདོང་བཟློག་དང་། ཡུན་དུ་སྲུང་བ་གཉིས་ལས། དང་པོ་ནི། སེར་སྤྲིན་བྱུང་བ་ན་དེའི་ཕྱོགས་སུ་ཁ་བལྟས་ཏེ། ཁྲོམ་ཞེས་བརྗོད་པས་རང་སྐད་ཅིག་གིས་ལས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་སྟོང་གསུམ་ཁྱབ་པའི་སྐུ་ལས་མེ་འོད་༧ ཕྱག་མཚན་ཕོ་ཉའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་སེར་བ་སེར་བདག་དང་བཅས་པ་སྐད་ཅིག་གིས་རང་དབང་མེད་པར་རྒྱང་རིང་དུ་བསྐྲད་པར་བསམས་ལ། ཨོཾ་བཛྲ་པཱ་ཎི་ཧཱུཾ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཁྲོམ་བཛྲ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཁྲོ་ཧཱིཧཱུཾ་ཧཱུཾ་ཕཊ། བྷ་རི་ཤ་ཡ་ཟློག་ཟློག་སྒྱུར་སྒྱུར་ཕཊ། ཅེས་དང་། ཧཱུྃ་རིང་དྲག་ཏུ་བརྗོད་ཅིང་སྡིགས་མཛུབ་དང་སྡང་མིག་གིས་གཟིར། ཚབ་ཆེར་བྱུང་


JKT020_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ན་འོག་ནས་བཤད་པའི་རྫ་ས་སྣའི་དུད་པ་བཏང་། ཡུངས་ཀར་གྱི་ཐུན་དང་ཕུར་པས་གཟིར། ཨོ་ག་རུ་ཊ་ཧཾ་སེ་ཧཾ་སེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཨོཾ་ཧེ་ཧེ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། དྷཱ་ར་ཡ་དྷ་ར་ཡ། ནི་རུན་ནི་རུནྡྷ། སེར་བ་སེར་བདག་དང་བཅས་པ་ཨུཎྜ་མ་ཎི་སྭཱ་ཧཱ། ཞེས་དྲག་ཏུ་བཟླའོ། །གཉིས་པ་ཡུན་དུ་སྲུང་བ་ལ། རྫས་ནི། གླ་རྩི་ནག་པོ། མུ་ཟི་ནག་པོ། ཤུ་དག་ནག་པོ། གུ་གུལ་ནག་པོ། ཨ་རུ་ར་ནག་པོ། བོང་ང་ནག་པོ། སྤུ་བ་ནག་པོ། ཤིང་ཀུན་ནག་པོ། སྒོག་གཅིག་མ། གྲུབ་ཐོབ་ཀྱི་དྲི་ཆེན། རྟ་ནག་པོའི་བོན། ཡུང་བ། ཐར་ནུ་སྟེ་རྫས་སྣ་བཅུ་གསུམ་རིལ་བུར་བྱ། སྐྱེར་པའི་ཕུར་པ་སོར་བརྒྱད་པ་ལ། ཁྲོ། ཧཱུྃ། ཧཱུྃ༔ བྲི། ཤིང་བྱང་ལའང་སྔགས་དེ་དང་། གོང་གི་སྔགས་རྣམས་ཀྱི་མཐར། ཡུལ་ཕྱོགས་འདི་ལ་སེར་བ་སྲུངས་ཤིག་རཀྵ་རཀྵ༔ ཞེས་བྲི། རྡོ་འཁོར་ལ། ལྟེ་བར། ཁྲོ། ཧཱུྃ། ཧྲི༔ མུ་ཁྱུད་6 དང་པོ་ལ་གོང་སྔགས་འདོད་གསོལ་དང་བཅས་པ། གཉིས་པ་ལ། ཨཡམདུ་རུཙཤནས་མ་ཡ༔ ཡུལ་ཕྱོགས་འདི་ལ་སེར་བ་སྲུངས་ཤིག་རཀྵ་རཀྵ གསུམ་པ་ལ་ཨཱ་ལི། བཞི་པ་ལ་ཀཱ་ལི། ལྔ་པ་ལ་རྟེན་འབྲེལ་སྙིང་པོ་རྣམས་ཡི་གེ་དབུ་ཅན་ཚེགས་མེད་དུ་བྲི། དེ་ཐམས་ཅད་ལ་རྫས་སྣ་བཅུ་གསུམ་བྱུགས་ཤིང་ཆུས་མི་གནོད་པའི་པྲ་རྩི་བཏང་། རྫས་རྣམས་ཐུམ་བུར་བྱས་ཏེ་ཕུར་པ་ལ་འདོགས། དེ་ནས་


JKT020_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་མདུན་དུ་བཀོད་ལ། བདག་བསྐྱེད་ཡི་དམ་གང་བྱེད་སྔོན་དུ་འགྲོ་བས། རྫས་དང་། སྔགས་རྣམས་དབུས་སུ་ཕྱག་རྡོར། གཡས་སུ་བྱ་ཁྱུང་། གཡོན་དུ་རྟ་མགྲིན། མཐའ་བསྐོར་ཀུན་ཏུ་སྤྲུལ་པའི་ཁྲོ་བོ་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསྐྱེད་ལ་ཡེ་ཤེས་པ་བསྟིམ། མཆོད་བསྟོད་བྱ། གོང་གི་སྔགས་རྣམས་བརྒྱ་རྩ་དང་། ཁྲོ། ཧཱུྃ། ཧཱུྃ༔ ཞེས་པའི་སྲོག་སྔགས་སྟོང་ཕྲག་སོག་བཟླས་པའི་མེ་ཏོག་གིས་གཏོར། རབ་གནས་བརྟན་བཞུགས་བྱས། ལྷ་འོད་དུ་ཞུ་ནས་ཡིག་འབྲུའི་རྣམ་པར་བཞུགས་པར་བསྒོམ། དེ་ལྟར་བསྒྲུབ་པ་ཅི་ནུས་སུ་བྱས་ནས། དངོས་གཞིར་གཟའ་སྐར་བཟང་པོའི་ཉིན་ཡུལ་དེའི་ཕྱོགས་བཞི་དབུས་དང་ལྔར་ཐོ་མི་ཚད་ཙམ་བརྩིགས་པའི་སྟེང་དུ་ཤིང་བྱང་བཙུགས། དེའི་མདུན་དུ་རྡོ་འཁོར་བཞག་ཅིང་ཕུར་པའང་གཟིར། གསེར་སྐྱེམས་བསང་མཆོད་ཡུལ་ལྷ་གཞི་བདག་ལ་བཀའ་བསྒོ་ཕྲིན་བཅོལ་སྔོན་དུ་འགྲོ་བས་གོང་དུ་བཤད་པ་ལྟར་བསྐྱེད་བསྟིམ་བཟླས་པ་རབ་གནས་བརྟན་བཞུགས་ཤིས་བརྗོད་སོགས་རྒྱས་པར་བྱ། དེ་ནས་བཟུང་དུས་རྒྱུན་དུ་ཡི་དམ་གྱི་སྒོམ་བཟླས་དང་། ཆོས་སྐྱོང་ལ་བསྐང་བཤགས། བསང་གསེར་སྐྱེམས་སོགས་མ་ཆགས་པར་བྱས་པས་ངེས་པར་ཐུབ་བོ། །ཞར་བྱུང་ཐོག་སྲུང་ནི། རང་ལུས་སྐད་ཅིག་གིས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་རྭ་གདེངས་པ་ལས་ཡེ་ཤེས་ཀྱི་མེ་


JKT020_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་སྟེང་གི་ནམ་མཁའ་ཐམས་ཅད་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པས་ཁེབས་པའི་དབུས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། རྩིབས་རྣམས་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྣམས་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། འོག་གི་ཆ་ཐམས་ཅད་རྒྱ་མཚོ་ཆེན་པོ་སྔོ་ཞིང་མེར་བ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་གུར་མེ་འབར་བས་གོ་སྐབས་མེད་པར་གཏམས་པར་བསམས་ལ། ནི་ནཱ་ག་ཛ་མུནྟི་ཀཿ ཞེས་ཡིད་ཀྱིས་བཟླས་པ་ལ་སེམས་མི་གཡོ་བར་བཟུང་བས་ངེས་པར་ཐུབ་བོ། །འདི་ལ། ནི་ར་ག་ཛ་མུནྟི་ཨ༔ ཞེས་པའང་སྣང་སྟེ་གང་བཟླས་ཀྱང་རུང་ངོ་། །གཞན་སྲུང་ན་མཐིང་ཤོག་ལ་གསེར་གྱི་ཆོས་འབྱུང་ཟུར་དྲུག་པའི་དབུས་སུ། གོང་གི་སྔགས་ཤམ་དུ། འཆད་པ་པོ་ལ་སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་གནམ་ལྕགས་ཐོག་གི་འཇིགས་པ་དང་གནོད་པ་ཐམས་ཅད་རཀྟ་རཀྟ ཟུར་དྲུག་ལ་མདུན་དུ་རཀྟ། རྒྱབ་ཏུ་ཨོ། གྲ་བཞིར་ཤར་ལྷོ་ནས་གཡས་བསྐོར་དུ། ཧ། པོ། ཏ། ཀཿ ཞེས་བྲིས་རང་སྔགས་དང་ཡེ་དྷརྨ་བརྒྱ་རྩས་རབ་གནས་བྱ་ཞིང་རིན་ལྷན་ཅིག་ཏུ་འཆང་ན་ངེས་པར་བསྲུང་ཞིང་། ཁང་པ་དང་གུར་སོགས་ལ་བཏགས་པས་ཀྱང་ཐུབ་བོ། ༈ །ལོ་ཏོག་ལ་བཙའི་གནོད་པ་སྲུང་བ་ནི། སྐམ་བཙའ་ལ། ཆུ་སྣ་ཅི་མང་དང་། ཁྱད་པར་ཆར་ཆུ།


JKT020_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཆུ། ཆུ་བོ་ཆེན་པོའི་གཞུང་ཆུ། ར་དཀར་མོ་དང་། བ་དམར་མོ་འོ་མ་ལ་ཀླུ་སྨན་བསྲེས་ནས་གཙང་སྦྲ་དང་བཅས་པས་ངག་བཅད་ལ་སྔགས་འདི་བཏབ་བོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཨོ་ནཱ་ག་བུམ་པ་ཤིག །ཛ་དྲི་ཆུ་མ། བྲབ་རྩད་ནས་དྲོངས། ནཱ་ག་ར་ཙ་ཁ་ཐཾ་ཞེས་ཁྲི་འབུམ་སོགས་ཅི་ནུས་བཟླས་པས་བསྒྲུབ། དེ་ནས་ཁྱེའུ་ལོ་བརྒྱད་པ་དང་། བུ་མོ་ལོ་བཅུ་གཉིས་མ་གཉིས་ཀྱིས་ཤིང་ལོས་ཞིང་རྣམས་ལ་སྔགས་ཆུ་གཏོར། རློན་བཙའ་ལ། གོང་གི་སྔགས་ཆུ་བྱེ་མ་དང་། རིན་པོ་ཆེ་སྣ་ལྔའི་ཕྱེ་མ་དང་བསྲེས་ནས་སྔགས་ཅི་མང་བཏབ་ལ་སྐྱེས་པ་ཁྱི་འབྲུག་གླང་ལུག་གི་ལོ་པས་གཏོར། དེ་གཉིས་ཀའང་ཞིང་ས་རྒྱ་ཆེ་བས་མཐར་ཆགས་སུ་གཏོར་མ་ཐུབ་ན། ཞིང་རེ་རེ་ནས་དབུས་དང་ཕྱོགས་བཞིར་གཏོར། དམིགས་པ་ནི། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཕྱག་གཡས་མཆོག་སྦྱིན་ལས་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བབས་པས་ལོ་ཡམས་ཀྱི་ནད་བཙའི་གནོད་པ་ཐམས་ཅད་ཤཱའུད་ཆེན་པོས་སྦྱར་མ་དེད་པ་ལྟར་བཀྲུས་ནས་ས་རིམ་པ་དགུའི་འོག་ཏུ་སོང་བར་བསམས་ལ་ཡིག་དྲུག་འུར་འདོན་བྱ། སྔགས་རྩྭ ཀྱི་ཁྱད་པར་གཞན་ཡང་། ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ སརྦ་ཁམ་ཡེར་ཁམ་ཡེར་བྱི་ལ་སྭཱ་ཧཱ། རྫས་གོང་བཞིན་ལ་བཏབ་ཀྱང་ཆོག་གོ། །དེས་མ་ཕན་ན་བཙའ་བདའ་བའི་མན་ངག་སོགས་གཞན་དུ་ཤེས་པར་བྱའོ། ༈ །


JKT020_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ལོ་ཏོག་ལ་འབྱུང་པོ་དང་ལན་ཆགས་ཀྱི་ཆོ་འཕྲུལ་འབུ་སྲིན་གྱི་འཚེ་བ་བྱུང་ན། ཐོག་མར་ལན་ཆགས་གཏོར་མ་མང་དུ་བཏང་། དེ་ནས་བྱེ་མ་གཙང་མ་དང་། གཙང་ཆབ་བུམ་པ་གང་ལ་ག་བུར་དྲི་ཐོན་བཏབ་པ་ལ་སྔགས་འདི་ཁྲི་ཕྲག་བཟླས་ནས་བསྒྲུབ་བོ། །རུང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་རྫས་ལ་ཐིམ་པས་ནུས་པ་མཆོག་ཏུ་གྱུར། ཨོཾ་མ་ཎི་པདྨེ་ཧཱུཾ་ཧཱི ནཱ་ག་ཛ་ཛ། མ་ནུ་ཛ་ཛ། འབུ་སྲིན་ཛ་ཛ། ཞེས་དང་། བཛྲ་པ་ན་ཁཾ་ཐུམ་རིལ་ཆད་སྭཱ་ཧཱ། ཞེས་པའང་བཟླས། དེ་ནས་ཞིང་ལ་ས་བོན་མ་བཏབ་གོང་ནས་བ་དམར་གྱི་ལྕི་བ་དང་ཤིང་སྣའི་དུད་པ་བཏང་། དེ་རྗེས་ཁྱེའུ་ལོ་བརྒྱད་པ་གཅིག་གི་བྱེ་མ་དང་བུམ་ཆུ་གཏོར། སླར་ཡང་། རྣམ་འཇོམས་སོགས་ཀྱིས་བསྒྲུབས་པའི་བུམ་ཆུ་དང་། རྟེན་བྱིན་ཅན་ལ་ཁྲུས་གསོལ་བའི་ཆུ་དང་། ས་སྣ་ཆུ་སྣ་བྱིན་ཅན་ཡང་ཡང་གཏོར་བས་ཐུབ་བོ། །ཡང་ཆུ་སྣ་གསུམ་པ་སྔོ་སྲུབས་ཀ་མེ་ལ་བསྲེགས་པའི་ཐལ་བ་བཏབ་པ་ལ་སྔགས་རྗེས་མ་མང་དུ་བཟླས་པའང་ལུགས་གཅིག་གོ། ༈ །ལོ་ཏོག་ལ་ཕྱི་བ་དང་རི་བོང་སོགས་ཀྱི་གནོད་པ་སྲུང་ན། ཉུངས་ཀར་དང་། རོ་བསྲེགས་པའི་ཐལ་བ་ལ། ཏེ་པ་ཏེ་པ་ཀྲིན་ཛ་ལེ་བྷོ༔ ཞེས་པས་སྔགས་ཤིང་བྱེ་མ་དང་བསྲེས་ལ་ཞིང་གི་མཐའ་དབུས་ཁྱབ་པར་གཏོར་བས་ཐུབ་བོ། ༈ །བྱེའུའི་གནོད་པ་སྲུང་ན། གྲོ་གའམ་


JKT020_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཤུག་པའི་བྱང་བུ་ལ་སྔགས་བྲི། གཙང་པོའི་བྱེ་མ་ལ་སྔགས་མང་དུ་བཏབ། བྱང་བུ་དང་བྱེ་མ་བྱི་དང་བུད་མེད་ཀྱིས་མ་མཐོང་བར་ནམ་ཐོ་རངས་ཁྱེར་ལ། བྱང་བུ་ཞིང་གི་དབུས་སུ་གཟུག །བྱེ་མ་གཏོར། སྔགས་ནི། ༀ་ཀྱུ་མ་ལེ་ཀྱུ་མ་ལེ། འབྱུང་པོ་བྱིའུའི་མཆུ་ཁ་གཞན་ལ་སྒྱུར་ཅིག །ཡང་ན། ཨོ་ཏིང་ཤེ་ཏིང་ཤེ་ཕུར་ལོང་ཕུར་ལོང་གནོད་བྱིན་བྱིའུ་ཁ་ཆིངས་ཤིག །གཉིས་ཀའམ་གང་རུང་བྲི་བཟླས་བྱ། འབྲི་བའི་ཚེ་དབུ་ཅན་ཚེགས་མེད་དུ་བྲིའོ། ༈ །ཁང་ཁྱིམ་དང་ལོ་ཏོག་ལ་བྱི་བའི་གནོད་པ་སྲུང་ན། ཡུངས་ཀར་ལ། ཨོཾ་ནཱ་ག་ཤ་པ་ནན། ཨོ་ར་ཤུ་ཙུ་རུ་ཙུ་རུ་སྭཱ་ཧཱ། ཞེས་མང་དུ་བཏབ་ནས་བྱི་ཁུང་ལ་གཏོར་བས་བྱི་བ་རྣམས་རིང་དུ་འབྲོས་པར་འགྱུར་རོ། ༈ །ལོ་ལེགས་པའི་མན་ངག་ལུད་ཀྱི་སྦྱོར་བ་ནི། བདུད་རྩི་འོད་ལྡན། ཕུག་རོན་གྱི་བྲུན། སེ་རུལ། འབའ་ཆ། ཕབས་རྣམས་བུ་མོ་ལོ་བརྒྱད་མའི་དྲི་ཆུ་དང་སྦྱར་བ་ལ། ཨོཾ་ཨཱདྷཱ་རི་རཏྣ་ཛཾ་བྷ་མ་ཧཱ་སིདྡྷི་སྭཱ་ཧཱ། ཞེས་ཞག་གསུམ་དུ་བསྔགས་པས་ལུད་ལ་བྲན། ས་བོན་ལའང་མར་ནག་དང་སྦོལ་ནས་གོང་སྔགས་སྟོང་ཚོ་གཅིག་བཏབ་པས་བཙའ་སད་འབུ་གསུམ་སོགས་ཀྱི་གནོད་པ་ལས་སྲུང་ཞིང་། སྙེ་མ་ཆེ་བ་དང་། འབྲུ་སྣུམ་པ་སོགས་ལོ་ཏོག་ཕུན་སུམ་ཚོགས་པར་འབྱུང་བར་གསུངས་སོ། །དེ་ལྟར་བཀའ་གཏེར་དག་སྣང་གི་ཆོས་སྡེ་རྣམས་ནས་ལོ་ཏོག་ལ་ཕན་བྱེད་


JKT020_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མན་ངག་མཐའ་ཡས་པ་ཞིག་གསུངས་ཀྱང་། ཤིན་ཏུ་མདོར་བསྡུས་ལག་ཏུ་བླངས་བདེ་བ་ཕྲན་ཚེགས་འགའ་ཞིག་ཕྱོགས་གཅིག་ཏུ་བྲིས་པ་སྟེ། སེམས་བསྐྱེད་བཟང་པོ་དང་ལྡན་ཅིང་། ཡི་དམ་གྱི་བསྙེན་པ་མཐར་ཕྱིན་པ། ཏིང་ངེ་འཛིན་ལ་གསལ་སྣང་ཅུང་ཟད་ཐོབ་པའི་རྣལ་འབྱོར་པ་དག་ལ་འདི་ཙམ་གྱིས་ཀྱང་དོན་འགྲུབ་པར་འགྱུར་པ་ཉིད་དོ། །ཞེས་པའང་མཉྫགྷོ་ཥས་བྲིས་པ་དགེ། མངྒ་ལཾ།། ༈ །།མི་མང་ཁྲོམ་ཚོགས་འདུ་ལོང་རྒྱས་པའི་དུས། །འགྲོ་དོན་མཐོང་གྲོལ་སྐུ་ཚབ་དེ་དུས་དགོས། །འོན་ལོང་དྲན་ཉམས་ཆོས་གཞན་མི་བཏུབ་དུས། །སྐྱེ་བདུན་མྱོང་གྲོལ་བདུད་རྩི་དེ་དུས་དགོས། །གདམས་ངག་ཆུང་ལ་ལེ་ལོ་ཆེ་བའི་དུས། །མ་བསྒོམ་མྱུར་ལམ་འཕོ་བ་དེ་དུས་དགོས། །ལས་ངན་སྡིག་ཅན་འཆི་ཁ་འགྱོད་པའི་དུས། །བཏགས་གྲོལ་སངས་རྒྱས་ལག་བཅངས་དེ་དུས་དགོས། །བྱ་དང་རི་དྭགས་དུད་འགྲོར་ལམ་འཕྲད་དུས། །ཐོས་གྲོལ་གསང་སྔགས་ཟབ་མོ་དེ་དུས་དགོས། །བཤེས་གཉེན་ངན་པས་ལམ་ལོག་སྟོན་པའི་དུས། །ངོ་སྤྲོད་བཙན་ཐབས་རྫོགས་ཆེན་དེ་དུས་དགོས། །བཀའ་འཆལ་རྒྱུད་དཀྲུགས་བྱིན་རླབས་ཡལ་བའི་དུས། །གཏེར་གསར་བྱིན་རླབས་སོ་མ་དེ་དུས་དགོས། །གཟའ་ཀླུ་རྒྱལ་པོས་སྲོག་དབུགས་སྡུད་པའི་དུས། །ཟ་ཡིག་རྣོ་ནུས་ལྡན་པ་དེ་དུས་དགོས། །དམ་ལོག་ཤི་འདྲེ་མེ་ལྟར་འབར་བའི་དུས། །


JKT020_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་དྲག་སྔགས་དྲག་སྒྲུབ་དེ་དུས་དགོས། །ཆོས་མཛད་བརྙས་ཤིང་ཡོ་བྱད་འཕྲོག་པའི་དུས། །ངན་སྔགས་དུག་གི་སྤུ་གྲི་དེ་དུས་དགོས། །སྔར་མེད་དལ་ཡམས་རིམས་ནད་དར་བའི་དུས། །སྲུང་བ་རྡོ་རྗེའི་རྫོང་ཆེན་དེ་དུས་དགོས། །མཐའ་དམག་གདུག་པས་ཕྱོགས་མཚམས་གང་བའི་དུས། །སྲིད་པའི་དམག་བཟློག་ཟོར་ཆེན་དེ་དུས་དགོས། །ཅི་ལ་ཅི་དགོས་གནད་མི་གོ་བའི་དུས། །ཕྲིན་ལས་ཞལ་གདམས་འདི་ཡང་དེ་དུས་དགོས། །སརྦ་མངྒ་ལཾ།། ༈ །།

ཀླུ་གཏོར་དང་འབྲེལ་བའི་ཆར་འབེབས་ཁྱེར་བདེ་ཉུང་ངུ་།


JKT020_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཀླུ་གཏོར་དང་འབྲེལ་བའི་ཆར་འབེབས་ཁྱེར་བདེ་ཉུང་ངུ་བཞུགས་སོ།།


JKT020_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། ཀླུ་གཏོར་དང་འབྲེལ་བའི་ཆར་འབེབས་ཁྱེར་བདེ་བྱ་བའི་ཚུལ་ལ་གསུམ། སྦྱོར་བ་དངོས་གཞི་ཡན་ལག་གོ །དང་པོ་ནི། གཟའ་སྐར་འབྱུང་ཁམས་ཆུ་ནང་འཕྲད་པ་དང་། ཀླུ་ཐེབས་སོགས་ཡོད་པའི་དུས་ཚེས་དགེ་བར་དཀར་ཕྱོགས་ཀྱི་ཀླུ་གནས་ངེས་པའི་ཆུ་མིག་འཕན་བཟང་གི་དཀྱིལ་ལམ། ཉེ་ལོགས་སོགས་གང་བདེར་ཀླུ་གཏོར་གྱི་བཅའ་གཞི་རྒྱས་བསྡུས་གང་རིགས་གཞུང་ལྟར་བཤམ་པའི་མདུན་དུ། དཀར་གསུམ། མངར་གསུམ། ཀླུ་སྨན། བག་ཕྱེ་རྣམས་སྦྱར་བའི་རིལ་བུ་བརྒྱ་རྩ་བརྒྱད་ཟངས་སོགས་རིན་པོ་ཆེའི་སྣོད་དུ་བཤམས། བདག་བསྐྱེད་སོགས་ནས་བརྩམས་ཀླུ་གཏོར་གྱི་འབུལ་བའི་བར་ཀླུ་གཏོར་གྱི་གཞུང་ནས་འབྱུང་བ་ལྟར་རྒྱས་བསྡུས་གང་རུང་བྱའོ། །གཉིས་པ་ནི། རྫས་རྣམས་ཀླུའི་རེ་བ་ཡིད་བཞིན་ཏུ་སྐོང་བའི་བདུད་རྩིའི་རང་བཞིན་དུ་བབས་པས་ཀླུའི་སྡུག་


JKT020_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཐམས་ཅད་བསལ། ཕན་བདེའི་དཔལ་ལ་བཀོད། མཉེས་ཤིང་ཚིམས་ནས་འཇིག་རྟེན་གྱི་ཁམས་ཀྱི་སྤྲིན་རྣམས་བསྡུས་ཆར་གྱི་རྒྱུན་ཆེན་པོ་འབེབས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། ཨོཾ་ནཱ་ག་ཀཱ་ལ་ཧཱུཾ། ནཱ་ག་ལེ་ལེ། དུམ་པ་ལེ་ལེ། ནཱ་ག་རཱ་ཛ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་རིལ་བུ་གཅིག་ཆུ་མིག་ཏུ་བསྒྱུར། དེ་བཞིན་ཏུ་རིལ་བུ་རེ་ལ་སྔགས་བརྒྱ་དང་བརྒྱད་རེ་ལོངས་པར་བཏབ་ནས་ཆུ་མིག་བསྒྱུར་ལུགས་སྔར་བཞིན་བྱ། རིལ་བུ་རྫོགས་པ་དང་། ༀ་མ་ཧཱ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨབྷྲཱུྃ་ནས། ཤབྷཱ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་མཆོད། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པ་མ་ལུས་སེལ་མཛད་ཅིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། ཅེས་བསྟོད། ཡི་གེ་བརྒྱ་པ་དང་། །


JKT020_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྙེད་ཡོངས་སུ་མ་ཚང་དང་། །གཙོ་བོར་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། ཞེས་ནོངས་པ་བཟོད་པར་གསོལ། ཀླུ་གཏོར་གྱི་མཇུག་ནས་འབྱུང་བ་ལྟར། འོད་ཀྱི་ར་བ་མི་དམིགས་པར་བསམས་ལ། གཤེགས་གསོལ་དང་། བསྔོ་སྨོན་བཀྲ་ཤིས་གང་རིགས་བྱ། དེ་དག་གི་ཚེ་རང་ཉིད་གཅིག་པུ་ལས་མེད་ན་མཆོད་བསྟོད་རྫོགས་པའི་བར་མཚམས་དང་། སྒྲུབ་གྲོགས་གཞན་ཡོད་ན་ཆོ་ག་དང་ལྷན་ཅིག་ཀླུའི་དཔང་ཀོང་དང་། སྤྲིན་ཆེན་འདོན། གཞན་ཡང་བསང་དང་གསེར་སྐྱེམས་སོགས་མཆོད་སྦྱིན་གྱི་རིམ་པའང་ཅི་རིགས་སུ་བྱའོ། །གསུམ་པ་ལ་གསུམ། འབྲུག་བསྐུལ། སྤྲིན་སྡུད། རླུང་གནོན་ནོ། །དང་པོ་ནི། ཐུན་མཚམས་གང་རིགས་སུ། །རང་ཉིད་གཡུ་འབྲུག་སྔོན་པོ་འབྲུག་སྒྲས་ནམ་མཁའ་འགེང་བར་གྱུར་པར་བསམས་ལ། ཨོཾ་ཏྲ་གི་ཞིམ་གྱི་ཆི་བར་ན་ལེ་དྷེ་ཤ་ཕ་ཚ་ཕ་ཚ་ཧཱུྃ་ཕྲཊ། ཅེས་བཟླ། གཉིས་པ་ནི། རང་ཉིད་ལྷར་གསལ་བའི་ཞལ་གྱི་རླངས་པ་ནམ་མཁའི་ཁམས་སུ་སྤྲིན་དུ་འཁྲིགས་པར་གྱུར་པའི་མོས་པས། ཧཱུྃ་སབ་སབ་ཧཱུྃ། ཧཱུྃ་སོབ་སོབ། ཅེས་བཟླ། གསུམ་པ་ནི། བག་ཟན་ལ་རླུང་ལྷ་ཤ་བ་ལ་ཞོན་པ་ལག་ན་བ་དན་ལྗང་གུ་བསྐལ་ཐབས་སུ་འཛིན་ཅིང་མྱོས་པའི་རྣམ་པ་ཅན་དུ་བྱས་ལ་རང་ཉིད་ལྷའི་ང་རྒྱལ་བརྟན་པོ་དང་བཅས། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་ཞི་ཁྲོའི་ལྷ་ཚོགས་


JKT020_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། དུས་མ་ཡིན་པའི་རླུང་གིས་ཆར་པ་འབབ་པ་ལ་བར་དུ་གཅོད་པའི་གནོད་བྱེད་པ་བྱུང་པོ་བགེགས་ཀྱི་རིགས་རྣམས་དམིགས་པའི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨོཾ་ཡཾ་སརྦ་བིགྷཱན་ཛཧཱུྃ་བཾ་ཧོ༔ ཞེས་ཡང་ཡང་བརྗོད་པས་བསྟིམ། ནུབ་བྱང་གི་ཕྱོགས་སུ་རྫ་གསར་ཁ་གཅོད་འགྲིགས་པར་བཅུག་པའི་སྟེང་ནས་རྡོ་རྗེ་རྒྱ་གྲམ་བྲི། སཱཙྪསེར་པོས་མནན་༑ རླུང་ལྷའི་སྟོབས་དང་ནུས་པ་ཐམས་ཅད་བཅོམ་པར་བསམ། ཆར་ཡ་ཆུར་ཡ་ཏི་ཏི་ལ་ཡཾ་ནན། ཞེས་བཟླ་ཞིང་བྲོ་བརྡུང་། ལས་གྲུབ་པ་ན་རླུང་ལྷའི་གཟུགས་འོ་མས་བཀྲུ་ཞིང་། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦ་ཨརྦ་སཱ་དྷ་ནི་སྭཱ་ཧཱ། ཞེས་སྤྱན་མའི་གཟུངས་མང་དུ་བཟླས་པར་གསོ་བར་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་ལུགས་འདི་ལ་ཚད་མར་གྱུར་པའི་གཞུང་ལས་ཟུར་དུ་ཕྱུངས་ཏེ་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །མངྒ་ལཾ།