cover

འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

གླེགས་བམ་ཉེར་གཉིས་པ། ཟ༽

འཇམ་མགོན་བློ་གྲོས་མཐའ་ཡས།

Nitartha International
Images scanned by BDRC
གངས་ལྗོངས་རྒྱལ་བསྟན་རིས་མེད་ཀྱི་མངའ་བདག་ངོ་མཚར་བཀའ་བབས་བདུན་ལྡན་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་བཀའ་འབུམ་འདི་ནི་ OCR བྱེད་སའི་གཞི་དེ་བོད་རྫོང་སར་བཀྲ་ཤིས་ལྷ་རྩེར་རྫོང་སར་བ་ཁྲ་འབུ་བློ་གྲོས་ཕུན་ཚོགས་མཆོག་གིས་དཔེ་གཟུགས་པོད་ཉེར་ལྔ་ཅན་ཞིག་པར་དུ་བསྐྲུན་གནང་བ་དེ་ཡིན་པས་ཁོང་གི་རྨད་དུ་བྱུང་བའི་མཛད་རྒྱས་ལ་ཡི་རུང་དང་བསྔགས་བརྗོད་ཞུ།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔལ་ལྡན་ལྷ་མོ་དམག་ཟོར་གྱི་རྒྱལ་མོ་འཁོར་དང་བཅས་པ་མཆོད་ཅིང་ཐུགས་དམ་སྐོང་བའི་རིམ་པ་དོན་གཉིས་ཕྲིན་ལས་མྱུར་འགྲུབ།


JKT022_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དཔལ་ལྡན་ལྷ་མོ་དམག་ཟོར་གྱི་རྒྱལ་མོ་འཁོར་དང་བཅས་པ་མཆོད་ཅིང་ཐུགས་དམ་སྐོང་བའི་རིམ་པ་དོན་གཉིས་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།།


JKT022_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མཿཤྲཱི་མཱི་གུ་ར་བེ། །རྒྱལ་ཀུན་ཡུམ་གཅིག་རྡོ་རྗེ་དབྱངས་ལྷ་མོ། །དྲག་མོའི་ཚུལ་གྱིས་གདུག་པ་འདུལ་མཛད་པའི། །དཔལ་ལྡན་དམག་ཟོར་རྒྱལ་མོར་གུས་བཏུད་ནས། །གང་དེའི་གསོལ་མཆོད་ཉུང་ངུའི་ངག་གིས་སྤེལ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། དང་པོ་ནི། །གནས་དབེན་ཞིང་ཡིད་དང་མཐུན་པར། །སྒྲུབ་རྟེན་སྤྱན་གཟིགས་མཆོད་རྫས་ལ་སོགས་པ་མ་ཚང་བ་མེད་པར་འདུ་བྱས་ནས། །བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། །ཐོག་མར་ནང་མཆོད་བྱིན་གྱིས་བརླབ་པ་ནི། ལས་སྔགས་ཀྱིས་བསངས། སྭ་བྷ་ཝས་སྦྱངས། གཟུངས་འཛིན་ཆོས་ཀུན་མི་དམིགས་སྟོང་པའི་ངང་། ཡཾ་དང་རཾ་ལས་རླུང་མེའི་


JKT022_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དང་། །ཨ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་། །ཨ་ཡིག་ལས་བྱུང་ཡེ་ཤེས་ཀཱ་པཱ་ལར། །ཧཱུཾ་ཧཱུཾ་ཛྭ་ལཾ་ཧཱུྃ་ལས་ཤ་ལྔ་དང་། །རཾ་ལཾ་པཱ་ཏཱི་པཾ་ལས་བདུད་རྩི་ལྔ། །སོ་སོའི་མིང་ཡིག་ཐོག་མས་མཚན་པའི་མཁར། །ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་མར་གནས་པ་ལ། །རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་རླུང་གཡོས་མེ་སྦར་རྫས་རྣམས་ཞུ། །འབྲུ་གསུམ་འཕྲོ་འདུས་མ་དག་ཉེས་སྐྱོན་སྦྱངས། །ཡེ་ཤེས་བདུད་རྩི་ནམ་མཁའ་མཉམ་པར་སྤེལ། །ཨོ་ཨཱཧཱུྃ། ལན་གསུམ། མཆོད་རྫས་རྣམས་བསང་སྦྱང་། །སྟོང་པའི་ངང་ལས་ཨཱ་ཡིག་ལས་བྱུང་བའི། །སྟོང་གསུམ་དང་མཉམ་བདེ་སྐྱོང་སྣོད་མཆོག་ཏུ། །ཧཱུྃཞུ་


JKT022_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཞལ་རོལ་མོ་སོགས། །ངོ་བོ་བདེ་སྟོང་སྒྱུ་མའི་རང་བཞིན་ལས། །རྣམ་པ་མཆོད་རྫས་ནམ་མཁའི་ཁམས་གང་བ། །བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ། །ཟག་མེད་བདེ་ཆེན་བསྐྱེད་པའི་རྫས་སུ་གྱུར། །ཨོཾ་ཨགྷཾ་ཨཱ་ཧཱུྃ་ནས། ཤབྡ་ཨཱཧཱུཾ། །ཨོ་རཱུ་པ། ཤརྡ། གནྡྷེ། རཱ་ས། སྤངྒེ་ཨཱཙྪཱཧཱུྃ། ཞེས་རོལ་མོ་དང་བཅས་པས་བྱིན་དབབ། དེ་ནས་ལེགས་པར་བཤམས་པའི་གཏོར་མ་ལ་དམིགས་ཏེ། བསང་སྦྱང་བྱིན་རླབས་ནང་མཆོད་ལྟར་རམ། བསྡུ་ན། སྟོང་པའི་ངང་ལས་རླུང་མེ་ཐོད་སྐྱེད་སྟེང་། །བྷནྡྷའི་སྣོད་དུ་ཤ་ལྔ་འདུད་རྩི་ལྔ། །འབྲུ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི། །གཏོར་མ་འདོད་ཡོན་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿ་ཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ། །གཉིས་པ་དངོས་གཞི་ལ་ལས་རིམ་བཅུ་གཅིག་ལས། །ཐོག་མར་མདུན་དུ་ཆོས་སྐྱོང་འཁོར་བཅས་བསྐྱེད་པ་ནི། བློ་རཀྵ་སོགས་ལན་གསུམ་བཟླས་པའི་རྗེས་སུ། ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། འཁོར་འདས་ཆོས་ཀུན་གཟོད་ནས་སྤྲོས་བྲལ་དབྱིངས། །ལྷན་ཅིག་སྐྱེས་པ་ཕྱག་རྒྱ་ཆེན་པོའི་གཤིས། །འོད་གསལ་རྡོ་རྗེ་ནམ་མཁའི་དབྱིངས་ལྟ་བུའི། །རྣམ་རོལ་འགགས་པ་མེད་པའི་རོལ་རྩལ་ལས། །རང་མདུན་


JKT022_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་མཚོ་རྦ་རླབས་འཁྲུགས་པའི་ཀློང་། །རླུང་ནག་འཚུབ་མའི་གུར་ཆེན་འཁྱིལ་པའི་དབུས། །རྫུ་འཕྲུལ་ཤུགས་ལྡན་དྲེའུ་རྐྱང་སེར་ལ། །སྲིན་པོའི་ཐོད་པའི་སྐྲ་དང་ལྤགས་པས་གཡོགས། །གདུག་པའི་སྦྲུལ་གྱིས་གོང་སྨོད་བྱས་པའི་སྟེང་། །བྱོལས་དཔལ་ལྡན་དམག་ཟོར་རྒྱལ་མོ་ནི། །སྐུ་མདོག་དུས་མཐའི་ཆར་སྤྲིན་འཁྲུགས་པའི་མདངས། །ཞལ་གཅིག་ཕྱག་གཉིས་སྲིན་མོ་ཁྲོས་པའི་ཚུལ། །ཕྱག་གཡས་རྡོ་རྗེའི་བེ་ཅོན་ནམ་མཁར་འཕྱར། །གཡོན་པས་ཐུན་དང་ཁྲག་གིས་བཀང་བ་ཡི། །ནལ་བུའི་ཐོད་པ་ཐུགས་ཀའི་ཐད་དུ་རོལ། །ཞལ་གདངས་མཆེ་གཙིགས་དབུགས་བྲལ་བམ་རོར་དགྱེས། །ཨ་ལ་ཧ་ལའི་གད་རྒྱངས་འབྲུག་བཞིན་སྒྲོགས། །སྤྱན་གསུམ་དམར་ཟླུམ་སྨར་སྨིན་གློགས་ལྟར་འཁྱུགས། །དབུ་སྐྲ་ཁམ་སེར་གྱེན་དུ་བརྗེས་པའི་རྩེར། །རིགས་ལྔའི་རང་བཞིན་ཐོད་སྐམ་རྣམ་ལྔ་དང་། །སྤྲིན་བྲལ་ཟླ་ཤེལ་གཞོན་ནུའི་ཅོད་པན་ལ། །མདངས་མཐའི་ཐུར་མ་བརྒྱ་པའི་གྲིབ་བསིལ་གཡོ། །སྙན་གཡས་གདོང་ལྔ་གཡོན་པར་ལྟོ་འགྲོས་བརྒྱན། །ཁྲག་འཛགས་མགོ་ཕྲེང་ལྔ་བཅུའི་དོ་ཤལ་འཕྱང་། །རཀྟའི་ཐིག་ལེ་ཞག་གི་ཟོ་རིས་དང་། །ཐལ་ཆེན་ཚོམ་བུ་སྐུའི་གནས་སུ་བཀོད། །ལྟེ་བར་ཉིན་མོར་བྱེད་པའི་དཀྱིལ་འཁོར་རྒྱས། །མིག་སྨན་མདངས་ཅན་དར་གྱི་ལྷབ་


JKT022_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུབས་དང་། །མི་ལྤགས་གཡང་གཞི་རེ་སྡེའི་སྟོད་གཡོག་ཤིང་། །དྲེགས་ལྡན་ཤརྟུལ་ཡི་ཤམས་ཐབས་ལ། །ལྟོ་འགྲོའི་དབང་པོ་ཟུང་གི་སྐ་རགས་བཅིངས། །སྒ་ཡི་སྔ་ཤར་ནད་ཀྱི་རྐྱལ་པ་དང་། །བཙན་གྱི་བྱང་དམར་ཤྭ་རྡེལ་དཀར་ནག་འཕྱང་། །ཕྱི་ཤར་མཚོན་གྱི་གྲུ་གུ་སྔོ་དམར་བཏགས། །བདུད་ཀྱི་ཁྲོམ་ཤིང་ནག་པོ་སྐེད་ལ་གཟེར། །འཁོར་དུ་དུས་བཞིའི་ལྷ་མོ་རྣམ་པ་བཞི། །མ་བདུད་གཤིན་རྗེ་སྲིན་པོ་ཞིང་སྐྱོང་དང་། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་གྲུབ་བུམ་སོགས། །སྣང་སྲིད་དྲེགས་པའི་དམག་དཔུང་བསམ་མི་ཁྱབ། །ཀུན་ཀྱང་ཕྱག་གཡས་མཚོན་ཆ་སྣ་ཚོགས་དང་། །གཡོན་པས་ཐོད་པ་ཁྲག་གིས་བཀང་བ་རོལ། །གཙོ་དང་འཁོར་བཅས་རབ་འཇིགས་ཁྲོས་པའི་ཚུལ། །དྲན་པ་ཙམ་གྱིས་དགྲ་དང་བགེགས་ཀྱི་དཔུང་། །དོན་སྙིང་ལྐོག་མར་འབྱིན་པའི་ཁྱད་པར་ཅན། །འགག་མེད་སྒྱུ་མའི་ཏིང་འཛིན་པིར་རྩེ་ཡིས། །ལེགས་བྲིས་དབང་གཞུ་གསར་པའི་སྤུན་ཟླའི་གཟུགས། །སྣང་སྟོང་ཟུང འཇུག་ཆེན་པོར་གསལ་བར་གྱུར། །དེ་ལྟར་དུ་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་མིག་ཏུ་ཀྵ། རྣ་བར་ཚིགས། སྣར་ཁཾ། ལྕེར་རཾ། དཔྲལ་བར་ཀཾ །ལྟེ་བར་པཾ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་


JKT022_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས་བྱང་ཤར་མུ་ལེ་དིང་གི་རྒྱ་མཚོ་ཆེན་པོ་ནས་དཔལ་ལྡན་ལྷ་མོ་དམག་ཟོར་གྱི་རྒྱལ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛ༔ གཉིས་པ་སྤྱན་འདྲེན་པ་ནི། །ཁྱད་པར་གྱི་སྤོས་སྦྱོར་བསྲེག་ཅིང་། རོལ་མོ་དབྱངས་དང་བཅས་པས། བྷྱོ། རབ་འབྱམས་རྒྱལ་བ་ཀུན་གྱི་ཕྲིན་ལས་ལ། །དམག་ཟོར་རྒྱལ་མོ་ཞེས་བྱ་མཚན་གསོལ་བ། །རྩེ་གཅིག་མོས་པའི་དབང་གིས་སྤྱན་འདྲེན་ན། །ཐོགས་པ་མེད་པ་མྱུར་དུ་གཤེགས་སུ་གསོལ། །བདེ་ཆེན་ཐིག་ལེ་གཅིག་ལས་མ་གཡོས་ཀྱང་། །སྲིད་ཞི་ཀུན་ཏུ་ཁྱབ་པའི་གཟུགས་སྟོན་ཤིང་། །ཞི་ཆགས་ཁྲོ་བའི་ཉམས་འགྱུར་མཐའ་ཀླས་པའི། །དཔལ་ལྡན་དམག་ཟོར་རྒྱལ་མོ་གཤེགས་སུ་གསོལ། །སྔོན་ཚེ་སྲས་བཅས་རྒྱལ་བའི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་གཉེན་པོ་སྲུང་བ་དང་། །འགྲོ་ལ་ཕན་བདེ་སྒྲུབ་པར་དམ་བཅས་པའི། །ཞལ་བཞེས་ཐ་ཚིག་མ་གཡེལ་ད་ཚུར་བྱོན། །བྱང་ཤར་མུ་ལེ་དིང་གི་ཕོ་བྲང་ནས། །དྲག་ཤུལ་རྡོ་རྗེ་སྲིན་མོའི་སྣང་ཚུལ་ཅན། །སྲིད་གསུམ་དྲེགས་པའི་དམག་དཔུང་རྒྱ་མཚོ་དང་། །མ་མོ་མཁའ་འགྲོའི་འཁོར་བཅས་གཤེགས་སུ་གསོལ། །དོན་དམ་སྤྲོས་པ་བྲལ་བའི་ཡེ་ཤེས་ལ། །གཤེགས་དང་བཞུགས་པའི་མཚན་མ་ལས་འདས་ཀྱང་། །ཀུན་རྫོབ་སྒྱུ་མ་ལྟ་བུའི་རྣམ་རོལ་པས། །འགགས་མེད་


JKT022_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། བྷྱོ༔ རཀྵ་སོགས་ཀྱི་རྗེས་སུ། ཨེ་ཨ་ར་ལི་ཧཱུཾ་ཧཱུཾ་ཛ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི། བྷྱོ༔ ནག་མོ་གདུག་ཅན་དྲེགས་པ་ཅན། །ཀུན་ཏུ་ཁྱབ་པའི་གཟུགས་སྟོན་མ། །ནག་མོ་གཙོ་མོ་དྲེའུ་རྟ་བཅིབས། །འདིར་བྱོན་དྲེའུ་རྟའི་གདན་ལ་བཞུགས། །བྷྱོརཀྵ་སོགས་ཀྱི་རྗེས་སུ། །ཛ༔ཧཱུྃ་བཾ་ཧོ། །ས་མ་ཡ་ཏིཥྛནྟུ། །བཞི་པ་ཕྱག་བྱ་བ་ནི། །བྷྱོ༔ ཟ་བྱེད་ནག་མོ་མཆེ་བ་ཅན། །དགོད་བྱེད་ཧ་ཧ་ནག་པོ་སྟེ། །གསོད་ལ་དགའ་བ་བྱེད་པ་མོར། །བདག་ནི་བརྡ་ཡིས་ཕྱག་བགྱིད་དོ། །སྦྱོརཀྵ་སོགས་ཀྱི་རྗེས་སུ། ཨ་ཏི་པུ་ཧོ། པྲ་ཏིཙྪ་ཧོ༔ ལྔ་པ་དབང་བསྐུར་བ་ནི། སླར་ཡང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཁྱེད་རྣམས་ཀྱི་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་རེ་ཐོགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཨཱ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར་བས་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཡུམ་དང་བཅས་པས་དབུར་བརྒྱན་པར་བསམ། དྲུག་པ་མཆོད་པ་འབུལ་བ་ལ། །


JKT022_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་ཕྱི་མཆོད་འབུལ་བ་ནི། བྷྱོ༔ དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །སྲིད་དང་ཞི་བའི་ཁམས་ཀུན་ཡོངས་ཁྱབ་འདིས། །རྣམ་མང་མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་གཏེར། །དམག་ཟོར་རྒྱལ་མོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ཞི་རྒྱས་དབང་དང་དྲག་པོ་ཡི། །གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཨོཾ་ཀཱ་ལི་དེ་བཱི་ས་པ་རི་ཝཱ་ར་ཨགྷཾ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། ནས། ཤཔྟའི་བར་གྱིས་མཆོད། ནང་མཆོད་འབུལ་བ་ནི། ཕྲ་མོ་སྦོམ་པོ་ལས་བྱུང་བའི། །བདུད་རྩིས་བྲན་པའི་ཛ་གད་འདི། །དམག་ཟོར་རྒྱལ་མོ་ལ་འབུལ་གྱི། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། ཨོ་ཀཱ་ལི་དེ་བཱི་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རཀྟ་འབུལ་བ་ནི། ཆུ་དང་མ་འདྲེས་དྭངས་མའི་ཁྲག །དྭངས་མ་ཡི་ནི་ཁྲག་ཆེན་པོ། །དམག་ཟོར་རྒྱལ་མོ་ལ་འབུལ་གྱི། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཨོཾ་ཀཱ་ལི་དེ་བཱི་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཏོར་མ་འབུལ་བ་ནི། ཤ་ཁྲག་བདུད་རྩི་ལྔ་སྦྱར་བ། །འབྲུ་སྣ་ལྔ་སྦྱར་གཏོར་མ་འདི། །དམག་ཟོར་རྒྱལ་མོ་ལ་འབུལ་གྱི། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །


JKT022_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་རྗེས་སུ། ལྷ་མོ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར་པ་བསམས་ལ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་དང་བཅས། ཨོཾ་ཀཱ་ལི་དེ་བཱི་ས་པ་རི་ཝཱ་ར་སརྦ་བིགྷཱན་ཤ་ཏཱ་ན་མཱ་རཱ་ཡ་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བདུན་ནམ་ཉེར་གཅིག་གིས་ཕུལ་བའི་མཐར། ཨོཾ་ཀཱ་ལི་དེ་བཱི་ཡ། ས་པ་རི་ཝཱ་ར་ཨབྷཾ་སོགས་ཀྱི་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། བྷྱོ༔ རྣམ་ཀུན་མཆོག་ལྡན་རྡོ་རྗེ་བཙུན་མོའི་དབྱིངས། །དྲག་ཤུལ་སྲིན་མོ་ཁྲོས་པའི་སྐུར་བཞེངས་ནས། །སངས་རྒྱས་བསྟན་པ་གཉེན་པོ་བསྲུང་མཛད་པའི། །དཔལ་ལྡན་དམག་ཟོར་རྒྱལ་མོར་བདག་བསྟོད་དོ། །འཇིགས་རུངས་སྐུ་ནི་གར་དགུའི་ཉམས་ཀྱིས་སྒེགས། །བདེ་ཆེན་གསུངས་ནི་དྲག་སྔགས་རྡོ་རྗེའི་དབྱངས། །སྤྲོས་བྲལ་ཐུགས་ནི་རྨད་བྱུང་མཁྱེན་དང་བརྩེའི། །ཡོན་ཏན་ཕ་མཐའ་ཡས་པ་ཁྱེད་ལ་བསྟོད། །རྨད་བྱུང་ཞི་རྒྱས་དབང་དང་དྲག་པོ་ཡི། །རྣམ་འཕྲུལ་འགགས་པ་མེད་པའི་རོལ་རྩེད་ཀྱིས། །རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ། །དངོས་གྲུབ་ཡིད་བཞིན་སྩོལ་མཛད་ཁྱོད་ལ་བསྟོད། །དོན་དམ་སྤྲོས་བྲལ་ངང་ལས་མ་གཡོས་ཀྱང་། །ཀུན་རྫོབ་སྣ་ཚོགས་གཟུགས་ཀྱི་སྐུར་


JKT022_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ། །བདུད་དང་མ་མོ་ལྷ་ཀླུ་གནོད་སྦྱིན་སོགས། །གཙོ་འཁོར་སྤྲུལ་པ་བཅས་པ་ཕྱག་འཚལ་བསྟོད། །དཔལ་ལྡན་དམག་ཟོར་རྒྱལ་མོ་འཁོར་བཅས་ཀྱིས། །རྒྱ་ཆེན་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་ཤར་བ་དང་། །འགྲོ་བའི་བདེ་སྐྱིད་རྫོགས་ལྡན་དུས་བཞིན་སྤེལ། ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །དམ་ཆོས་བསྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་ལེགས་ཚོགས་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། ཁམས་གསུམ་འགྲོ་བ་མཐའ་དག་དབང་དུ་བསྡུས། །གནོད་བྱེད་དགྲ་བགེགས་འབྱུང་པོ་རྡུལ་དུ་རློག །མདོར་ན་ཡིད་ལ་སྨོན་པའི་དོན་རྣམས་ཀུན། །འབད་མེད་མྱུར་བ་ཉིད་དུ་འགྲུབ་པར་མཛོད། ཞེས་བསྟོད་ཅིང་འདོད་པའི་དོན་ལ་གསོལ་བ་གདབ། བདུན་པ་བཟླ་པ་བྱ་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། །ལྷ་མོའི་ཐུགས་ཀའི་བྷྱོལ་ཕོག་པས་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ནས་ཅི་འདོད་པའི་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་གྱུར་པར་བསམས་ལ། བྷྱོརཀྵ་བྷྱོ༔ རཀྵ་བྷྱོ་བྷྱོ༔ རཀྵ་ཐུན་བྷྱོ༔ ཁ་ལ་རཀ་ཆེན་མོ༔ རཀྐོ་ཨ་བྱ་ཏ་བྱ་ཐུན་བྷྱོ༔ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ། ཞེས་ཅི་ནུས་


JKT022_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་མཐར། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། ཨོ་ཀཱ་ལི་དེ་བཱི་ས་པཱ་རི་ཝཱ་ར་ཨརྒྱུ་སོགས་ཀྱིས་མཆོད། སྐུ་གསུམ་ལྷུན་གྲུབ་ཐུགས་རྗེ་མཐར་ཕྱིན་ཡང་། །སྲིད་གསུམ་གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །དུས་གསུམ་རྒྱལ་བའི་བསྟན་སྲུང་ཆེན་མོ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། གཏོར་བསྔོ་རྐྱང་པ་ལ་ནོངས་བཤགས་ནས་བཟུང་། ཤིས་བརྗོད་ཀྱི་༧ བར་རྗེས་ཆོག་ནས་འབྱུང་བ་ལྟར་བྱའོ། །བརྒྱད་པ་ཐུགས་དམ་བསྐང་ཞིང་བཤགས་པའི་རིམ་པ་ལ། བསྐང་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་གྷོལས་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། མཆོད་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་མཉེས་པར་བྱེད་པའི་དམ་རྫས་སྤྱན་གཟིགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་བརྟ་ཡ། ཨཱ་བརྟ་ཡ་ཧོ༔ བཛྲ་སྤ་ར་ཎ་ཁཾ། ཞེས་པས་བྱིན་གྱིས་བརླབ་དེ་ནས་བསྐང་བ་དངོས་ལ་འཇུག་པ་ནི། རོལ་མོ་དབྱངས་དང་བཅས་པས། བྷྱོ༔ འཁོར་འདས་ཆོས་ཀུན་བཟོད་ནས་རྣམ་དག་ཀྱང་། །འོད་གསལ་ལྷན་གཅིག་སྐྱེས་


JKT022_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་རོལ་ལས། །སྲིད་ཞིའི་ཁམས་ཀུན་ཁྱབ་པའི་མཆོད་སྤྲིན་གྱིས། །དཔལ་ལྡན་ལྷ་མོ་འཁོར་བཅས་མཉེས་གྱུར་གཅིག །རབ་དམར་ཁྲག་གི་མཆོད་ཡོན་རྒྱ་མཚོར་འཁྱིལ། །མཛེས་སྡུག་དབང་པོའི་མེ་ཏོག་ཕང་ཕུང་གཡོ། ཚིལ་ཆེན་བདུག་པའི་བསུངས་ཞིམ་སྤྲིན་ལྟར་གཏིབས། །ཞུན་ཆེན་སྣང་གསལ་ཉིན་མོའི་དཔལ་ལ་འཁུ། །དམ་ཉམས་རཀྟའི་དྲི་ཆབ་རྦ་རླབས་འཁྲུགས། །རོ་ལྡན་ཤ་རུས་ཞལ་ཟས་སྟོང་ཁམས་ཁྱབ། །སྙན་བརྗིད་རོལ་མོའི་བྱེ་བྲག་རྣམ་མང་སོགས། །ཕྱི་མཆོད་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་གིས། །དཔལ་ལྡན་དམག་ཟོར་རྒྱལ་མོའི་ཐུགས་དམ་བསྐང་། །འཁོར་ཚོགས་སྤྲུལ་པར་བཅས་པའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ཤིང་ཉམས་ཆགས་མཐོལ་བཤགས་ན། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་རླུང་ལྟར་འཕྱོ། །ཆར་སྤྲིན་གཟུགས་འཆང་གཡག་རོག་སྟོང་གསུམ་ཁྱབ། །དཀར་མིན་ལུག་གི་ཁྱུ་ཚོགས་ལྷུན་སྟུགས་ཤིང་། །མིག་སྨན་མདངས་ཅན་འདབ་ཆགས་ཀླད་ན་ལྡིང་། །ལྕེ་སྤྱང་ཁྱི་ནག་དགྲ་བགེགས་སྲོག་ལ་རྔམས། །སྲ་བརྟན་གོ་ཁྲབ་རྣོ་དཔལ་རྡོ་རྗེའི་མཚོན། །མི་སྡུག་རྒྱན་སྤྲས་དྲེའུ་རྐྱང་སེར་དང་། །རྡོ་རྗེའི་བེ་ཅོན་ཐུན་ཁྲག་ཀཱ་པ་ལ། །མི་ལྤགས་གཡང་


JKT022_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་རེ་ལྡེའི་སྟོད་གཡོགས་སོགས། །རབ་འཇིགས་སྐུ་ཡི་རྒྱན་ཆ་སྣ་ཚོགས་དང་། །ནད་ཀྱི་རྐྱལ་པ་མཚོན་གྱི་གྲུ་གུ་སོགས། །བསྟན་པ་སྲུང་བའི་མཚོན་ཆ་རྣམ་མང་པོས། །དཔལ་ལྡན་དམག་ཟོར་རྒྱལ༴ །འཁོར་ཚོགས༴ །ཐུགས་དམ །ཕྲིན་ལས༴ །འཆི་མེད་གྲུབ་པའི་བཅུད་ལེན་ཨ་མྲྀ་ཏ། །དམར་སེར་ལྦུ་ཕྲེང་འཁྲིགས་པའི་རཀྟའི་རྒྱུན། །ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ། །བྱིན་གྱིས་བརླབས་པའི་གཏོར་ཚོགས་རྒྱ་མཚོ་དང་། །ཉི་ཟླ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད། །ནོར་བུའི་བང་མཛོད་འདོད་འབྱུང་དཔག་བསམ་ཚལ། །རིན་ཆེན་བདུན་དང་ཉེ་བའི་རིན་ཆེན་བདུན། །བཀྲ་ཤིས་རྫས་རྟགས་བརྒྱད་དང་འདོད་ཡོན་ལྔ། །ཚད་ལྡན་རྒྱུ་དང་བཟོ་བོས་འདུ་བྱས་ཤིང་། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །སྐུ་གསུང་ཐུགས་དང་ཕྱི་ནང་གསང་བའི་རྟེན། །འཇིགས་རུངས་དུར་ཁྲོད་རོལ་པའི་ཕོ་བྲང་སོགས། །སྲིད་དང་ཞི་བའི་ཁམས་ན་གནས་པ་ཡི། །རབ་འབྱམས་མཆོད་པའི་སྤྲིན་ཕུང་རྒྱ་མཚོ་ཀུན། །དངོས་སུ་བཤམས་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །ས་དང་བར་སྣང་ནམ་མཁའི་ཁྱོན་གང་བས། །དཔལ་ལྡན་དམག་ཟོར །འཁོར༴ །ཐུགས་དམ= །ཕྲིན་ལས༴ །སྣོད་བཅུད་ཡེ་ཤེས་ལྷ་མོའི་སྐུར་བསྒོམས་ཤིང་། །སྒྲར་གྲགས་རྡོ་རྗེའི་སྔགས་ཀྱི་རོལ་


JKT022_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མོར་འཁྲོལ། །རྩ་རླུང་ཐིག་ལེའི་འཕྲོ་འདུ་མ་ལུས་ཀུན། །འོད་གསལ་དབུ་མའི་གྲོང་དུ་ཕྱག་བྱས་པས། །གཟོད་ནས་སྤྲོས་བྲལ་བདེ་སྟོང་ཕྱག་རྒྱ་ཆེ། ཁྱོད་ཀྱི་རང་བཞིན་ཉིད་དུ་ངེས་རྟོགས་ཤིང་། །མཆོད་བྱ་མཆོད་བྱེད་བྲལ་བར་མཉམ་བཞག་པའི། །བླ་མེད་མཆོག་གི་མཆོད་པ་དམ་པ་འདིས། །དཔལ་ལྡན༴ །འཁོར་ཚོགས༴ །ཐུགས་དམ༴ །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། བྱེ་བྲག་ཏུ་ཆས་དབུལ་བ་ནི། བྷྱོ༔ བསྟན་སྲུང་གཙོ་མོ་མ་གཅིག་རེ་བ་ཏཱིར། །འཁོར་འདས་ཆེ་བཙན་དྲེགས་པ་ཐམས་ཅད་ཀྱིས། །དགོས་པའི་ཡོ་བྱད་སྣ་ཚོགས་ཕུལ་ནས་ཀྱང་། །སངས་རྒྱས་བསྟན་པ་སྲུང་བར་མངའ་གསོལ་བཞིན། །རྣལ་འབྱོར་བདག་ཀྱང་རྩེ་གཅིག་གུས་པའི་བློས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །དགོས་པའི་ཡོ་བྱད་སྣ་ཚོགས་འབུལ་ལགས་ན། །དགྱེས་པ་ཆེན་པོའི་ཐུགས་ཀྱིས་བཞེས་ནས་ཀྱང་། །བདག་ཅག་འཁོར་བཅས་དེང་ནས་བྱང་ཆུབ་བར། །ཉིན་མཚན་དུས་དྲུག་སྲུང་ཞིང་སྐྱོང་བ་དང་། །དགོས་པའི་ཡོ་བྱད་གང་དང་ཅི་བྱུང་ཡང་། །དེ་ཀུན་ལྷ་མོ་ཁྱོད་ཀྱིས་སྩོལ་བར་མཛོད། །བསྟན་པ་བཤིགས་པའི་དགྲ་དང་བགེགས་ཀྱི་དཔུང་། །བར་ཆད་བྱེད་པའི་ཡིད་སྲུབ་སྡེར་བཅས་ཀུན། །དུས་མཐའི་ཞུགས་ཀྱི་རྩྭ་སྦུར་བསྲེག་པ་།


JKT022_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །སྐད་ཅིག་ཉིད་ལ་ཐལ་བའི་རྡུལ་དུ་རློག །ཆོས་དབྱིངས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྤྲུལ་པའི་རྣམ་འགྱུར་ཆ་ལུགས་སྣ་ཚོགས་ཀྱིས། །གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ་པ་དང་། །བསྟན་འགྲོའི་ཕན་བདེ་སྤེལ་བའི་ཕྲིན་ལས་མཛོད། དེ་ནས་བཤགས་བྱ་བ་ནི། སྐབས་འདིར་བཤགས་བཟླས་བྱེད་པར་སྤྲོ་ན། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་བརྒྱུད་བསྐུལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་གནས་ནས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། དེ་རྣམས་ཀྱི་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་བདུད་རྩིའི་རྒྱུན་དང་བཅས་པ་བསམ་གྱིས་མི་ཁྱབ་པ་བྱུང་། རང་དང་ལྷ་མོའི་གནས་གསུམ་དུ་ཐིམ་པས། རང་གི་དམ་ཚིག་ཉམས་ཆགས་དང་། ལྷ་མོའི་སྐུ་གསུངས་ཐུགས་ལ་གྲིབ་ཕོག་པ་ཐམས་ཅད་བྱང་ཞིང་དག་པར་བསམས་ལ། ཡི་གེ་བརྒྱ་པ་ཉེར་གཅིག་བཟླ། དེ་ནས་བཤགས་པ་དངོས་ནི། བྷྱོ༔ རྡོ་རྗེ་འཆང་དང་པཎ་ཆེན་དམར་པོ་སོགས། །རྩ་བ་བརྒྱུད་པའི་བླ་མ་མཆོག་རྣམས་དང་། །བསྟན་སྲུང་ཆེན་མོ་དམག་ཟོར་རེ་བ་ཏཱི། །འཁོར་བཅས་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་མི་ཤེས་བག་མེད་མ་གུས་དང་། །ཉོན་


JKT022_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་དྲག་པོའི་གཞན་དབང་ལ་བརྟེན་ནས། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆགས་ཀུན། །སྙིང་ནས་འགྱོད་པས་བཤགས་ཤིང་བསྡམ་པར་བགྱི། །སྣོད་བཅུད་ཡེ་ཤེས་ལྷ་མོའི་རོལ་པ་ལ། །གཉིས་འཛིན་དབང་གིས་གཞན་དུ་བཟུང་བ་དང་། །བསྐྱེད་རིམ་མ་གསལ་ཆོ་ག་ལྷག་ཆད་སོགས། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རླུང་སྔགས་བདེ་ཆེན་ནཱ་དའི་རང་བཞིན་ལ། །ཐ་མལ་འཁྲུལ་པའི་མཚན་མས་བཅིངས་པ་དང་། །བཟླས་བརྗོད་མ་དག་བསྙེན་སྒྲུབ་གཡེལ་ལ་སོགས། །གསུང་གི་དམ་ཚིག་ཉམས་པ༴ །ཆོས་སྐུ་ཡེ་ནས་སྤྲོས་དང་བྲལ་བ་ལ། །རྟག་ཆད་བློ་ཡིས་ལོག་པར་བལྟས་པ་དང་། །གནས་ལུགས་མ་བསྒོམ་ཟབ་མོའི་དོན་ལ་གཡེལ། །ཐུགས་ཀྱི༴ །དྲན་པ་ཙམ་གྱིས་ཡིད་བཞིན་འདོད་དགུའི་ཆར། །འབེབས་མཛད་བསྟན་སྲུང་གཙོ་མོ་ཁྱོད་ཉིད་ལས། །འཇིག་རྟེན་དྲེགས་པའི་སྐྱབས་གཞན་ཚོལ་ལ་སོགས། །ཡོན་ཏན༴ །སྐུ་གསུང་ཐུགས་དང་ཕྱི་ནང་གསང་བའི་རྟེན། །མཆོད་དང་སྐོང་བའི་ཆོ་ག་མ་རྫོགས་བཞིན། །ཞི་རྒྱས་དབང་དྲག་ལས་ལ་སྦྱར་བ་སོགས། །ཕྲིན་ལས༴ །མདོར་ན་བཅས་དང་རང་བཞིན་ལས་ཉམས་པའི། །ནོངས་པ་གང་མཆིས་སྙིང་ནས་མཐོལ་བཤགས་ན། །བརྩེ་བ་ཆེན་པོའི་ཐུགས་ཀྱིས་ཉེར་དགོངས་ཏེ། །སྒྲིབ་


JKT022_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། ཡི་གེ་བརྒྱ་པ་བརྗོད། དགུ་པ་བསྟོད་པ་བྱ་བ་ནི། བྷྱོ༔ རྒྱལ་ཀུན་སོ་སོར་རྟོག་པའི་ཡེ་ཤེས་བྱིན། །གཅིག་བསྡུས་འཇམ་དཔལ་གཞོན་ནུའི་ཤེས་རབ་ཡུམ། །རྡོ་རྗེ་དབྱངས་ཅན་ཁྲོ་མོའི་སྐུར་བཞེངས་ནས། །གདུག་པ་མ་ལུས་འདུལ་མཛད་ཁྱོད་ལ་བསྟོད། །དྲན་པས་བདུད་སྡེའི་དཔུང་ཚོགས་འཆིངས་མཛད་པའི། །ཧེ་རུ་ཀ༔དཔལ་དུས་དགྲའི་དབང་པོའི་ལྕམ། །བསྟན་སྲུང་རྒྱ་མཚོའི་གཙོ་མོར་ཡོངས་ཤར་བའི། །དཔལ་ལྡན་དམག་ཟོར་རྒྱལ་མོ་ཁྱོད་ལ་བསྟོད། །གང་སྐུ་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ལས། །དུས་མཐའི་ཆར་སྤྲིན་འཁྲུགས་པའི་ལང་ཚོ་ཅན། །དྲན་པ་ཙམ་གྱིས་དགྲ་དང་བགེགས་ཀྱི་དཔུང་། །དོན་སྙིང་ལྐོག་མར་འབྱིན་མཛད་ཁྱོད་ལ་བསྟོད། །གསུང་གསང་བརྗོད་བྲལ་ནཱ་དའི་སྒྲ་དབྱངས་ནི། །དྲག་སྔགས་རྡོ་རྗེའི་མེ་ཆར་འབེབས་མཁས་པས། །ཡིད་སྲུབ་རི་བོའི་རྐང་པ་འཆིང་མཛད་ཅིང་། །ཐུབ་བསྟན་ལེགས་དྲིས་སྐྱོང་མཛད་ཁྱོད་ལ་བསྟོད། །གང་ཐུགས་སྤྲོས་པའི་ཚོགས་ལས་རྣམ་གྲོལ་ཡང་། །བདེ་ཆེན་སྙིང་རྗེའི་གཟི་བརྒྱ་འབར་བའི་དཔྱིད། །སྣ་ཚོགས་མོས་པའི་རྗེས་སུ་མངོན་སྣང་བས། །གྲུབ་གཉིས་ལྷུག་པར་སྟེར་མཁས་ཁྱོད་ལ་བསྟོད། །ཡོན་ཏན་ཡིད་བཞིན་ནོར་བུའི་ཆུ་གཏེར་ལ། །གང་གིས་རེག་པ་


JKT022_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ནས་ཕན་དང་བདེའི། །རྨད་བྱུང་འདོད་དགུའི་དཔལ་གྱིས་མངོན་མཐོ་བས། །ལྷར་བཅས་ཀུན་དགའི་དཔྱིད་གྱུར་ཁྱོད་ལ་བསྟོད། །ཕྲིན་ལས་སྲས་བཅས་རྒྱལ་བ་ཐམས་ཅད་ཀྱིས། །སྲིད་ཞིའི་ཅོད་པན་གཅིག་ཏུ་དབང་བསྐུར་བས། །བསྟན་པ་བསྲུང་དང་འགྲོ་ལ་ཕན་གདགས་པའི། །རྣམ་འཕྲུལ་ཕ་མཐའ་ཡས་པ་ཁྱོད་ལ་བསྟོད། །ཡིད་འོང་ཟླ་ཤེལ་གཞོན་ནུའི་མཚན་དཔེ་ལས། །ཕུན་ཚོགས་བདུད་རྩིའི་ཟེགས་མ་སྤྲོ་བ་ཡིས། །བརྒྱད་གཉིས་འཇིགས་པའི་ཚ་གདུང་ཀུན་བཅིལ་ནས། །དགེ་མཚན་སྣང་བ་དར་མཛད་ཁྱོད་ལ་བསྟོད། །དམར་སེར་ཉིན་མོར་བྱེད་པ་ལང་ཚོའི་དཔྱིད། །སྐལ་བཟང་གང་གི་ཡིད་མཁར་ཤར་ཙམ་ནས། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཤེས་རབ་སོགས། །དོན་གཉིས་ཨུཏྤལ་རྒྱས་མཛད་ཁྱོད་ལ་བསྟོད། །ཐུན་མཚམས་སྤྲིན་གྱི་འཛུམ་ཞལ་གཡོ་བའི་འོད། །ཕུན་ཚོགས་པདྨའི་རྫིང་བུར་རྣམ་འཕྲུལ་པས། ཁམས་གསུམ་སྐྱེ་དགུའི་སྟོབས་འབྱོར་བྷུ་མ་ར། །གཅིག་ཆར་དབང་དུ་སྡུད་མཛད་ཁྱོད་ལ་བསྟོད། །ཆར་སྤྲིན་འཁྲིགས་པའི་སྣང་བརྙན་འབར་བ་ལས། །དྲག་ཤུལ་རྡོ་རྗེའི་མེ་བོ་ཆེ་སྤྲོས་པས། །དགྲ་བགེགས་འབྱུང་པོའི་བུད་ཤིང་མ་ལུས་ཀུན། །སྐད་ཅིག་ཉིད་ལ་བསྲེགས་མཛད་ཁྱོད་ལ་བསྟོད། ཁྱོད་ཐུགས་ཡེ་ཤེས་ཆེན་པོའི་


JKT022_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རོལ་ལས། །བསྟན་པ་སྲུང་ཕྱིར་འཇིག་རྟེན་དྲེགས་པའི་ཚུལ། །བདུད་དང་མ་མོ་གཤིན་རྗེ་གནོད་སྦྱིན་སོགས། །རབ་འཇིགས་འཁོར་ཚོགས་རྒྱ་མཚོར་སྣང་ལ་བསྟོད། །སྔོན་གྱི་ཤུལ་མཚོན་ཆུ་སྲིན་གདོང་ཅན་དང་། །སླད་ཀྱི་རྗེས་འབྲང་འཕྲོག་བྱེད་དྲེད་ཀྱི་གདོང་། །དམ་ཉམས་སྲོག་ལ་རྔམས་པའི་ཕོ་ཉ་མོ། །བཀའ་བཞིན་སྒྲུབ་མཛད་གཉིས་ལ་ཕྱག་འཚལ་བསྟོད། །མདོར་ན་ཉིན་མོར་བྱེད་དང་འོད་ཟེར་བཞིན། །གཙོ་དང་འཁོར་གྱི་རྣམ་པ་ཅིར་སྣང་ཡང་། །གང་ཤར་བདེ་ཆེན་སྒྱུ་མའི་རྣམ་རོལ་ཏུ། །གཉིས་མེད་གུས་པའི་ཚུལ་གྱིས་བསྟོད་པར་བགྱི། ཅེས་པས་བསྟོད། སྐབས་འདིར་མངའ་གསོལ་བྱ་བར་འདོད་ན་ཕྲིན་ལས་མཆོག་སྦྱིན་ལྟར་བྱའོ། །བཅུ་པ་ཕྲིན་ལས་བཅོལ་བ་ནི། བྷཱུ བསྟན་སྲུང་ཆེན་མོ་མ་གཅིག་རེ་མ་ཏཱི། །འཁོར་བཅས་མཆོད་བསྟོད་ཐུགས་དམ་སྐོངས་ལགས་ལྷན། །དགྱེས་པ་ཆེན་པོའི་སྤྱན་གྱིས་ལེགས་གཟིགས་ནས། །རྣལ་འབྱོར་བདག་གི་བཅོལ་པའི་ཕྲིན་ལས་མཛོད། །ཟུང་འཇུག་རྡོ་རྗེ་འཆང་དབང་ནས་བཟུང་སྟེ། །རིགས་ཀུན་ཁྱབ་བདག་དཔལ་ལྡན་བླ་མའི་བར། །རིམ་པར་བྱོན་པའི་རྩ་བརྒྱུད་བླ་མ་ཡིས། །བཀའ་བསྒོས་དམ་བཞག་མ་གཡེལ་དུས་འདིར་དགོངས། །སྲིད་ཞིའི་ཕན་བདེ་མ་ལུས་འབྱུང་བའི་གཞི། །སངས་རྒྱས་བསྟན་པ་དར་ཤིང་


JKT022_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་དང་། །དེར་འཛིན་ལུང་རྟོགས་དཔལ་གྱིས་མངོན་མཐོ་རྣམས། །ཞབས་པད་སྲིད་མཐའི་བར་དུ་བརྟན་པར་མཛོད། །སྣོད་བཅུད་འཇིག་རྟེན་ཕུན་ཚོགས་གོང་དུ་འཕེལ། །ནད་གདོན་དམག་འཁྲུག་མུ་གེའི་གནོད་པ་ཞི། །བདེ་སྐྱིད་དགེ་བཅུའི་དུས་སྟོན་དར་བབས་པས། །རྫོགས་ལྡན་དང་པོའི་དཔལ་ལ་འགྲན་པར་མཛོད། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཀུན། །འདི་ནས་བྱང་ཆུབ་བར་དུ་བསྐྱང་བ་དང་། །ཡིད་ལ་རེ་བའི་དོན་རྣམས་ཐམས་ཅད་ཀུན། །འབད་མེད་ལག་རྩེར་སྦྱིན་པའི་ཕྲིན་ལས་མཛོད། །ལྷ་ཁྱོད་ཐུགས་རྗེའི་རོལ་པ་ལས་བྱུང་བའི། །ཞི་བསིལ་བདུད་རྩིའི་རྦ་རླབས་འབུམ་གཡོ་བས། །བརྒྱད་གཉིས་འཇིགས་པའི་ཚ་གདུངས་མཐའ་ཡས་ཀུན། །ལྷག་མེད་མྱུར་དུ་འཇིལ་བའི་ཕྲིན་ལས་མཛོད། །ཡོན་ཏན་དཔག་བསམ་རྒྱས་པའི་ཡལ་འདབ་ལས། །ཚེ་དཔལ་འབྱོར་པའི་འདོད་དགུའི་ཆར་འབེས་པས། །བསྔགས་འོས་སྤྲིངས་ཡིག་ཕྱོགས་མཐར་སྤྲོ་བ་ཡིས། །དགེ་ལེགས་སྣང་བས་སྲིད་མཐར་ཁྱབ་པར་མཛོད། །རྗེས་ཆགས་དབང་གི་མཆིལ་བ་རྣོན་པོ་ཡིས། ཁམས་གསུམ་དྲེགས་ལྡན་བྱེ་བའི་ཚོགས་རྣམས་ཀྱིས། །ཡིད་ཀྱི་བརྟན་པ་གཅིག་ཅར་འཕྲོག་ནས་ཀྱང་། །འདར་བཅས་ཐོར་ཚུགས་གཡོ་བས་བཏུད་པར་མཛོད། །ཞི་བའི་


JKT022_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱིས་མ་ཐུལ་གདུག་པ་ཅན། །བསད་དང་དབྱེ་དང་བསྐྲད་རྨོངས་མནན་ལ་སོགས། །དྲག་ཤུལ་དུས་མཐའི་བྱིན་ཟ་འབར་བའི་ངོས། །མིང་གི་ལྷག་མར་བགྱིད་པའི་ཕྲིན་ལས་མཛོད། ཁྱད་པར་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ཏེ། །སྙིང་ནས་ཐར་པའི་ལམ་མཆོག་དོན་གཉེར་བར། །དངོས་དང་བརྒྱུད་ནས་འཚེ་བའི་བར་ཆད་ཀུན། །ཞི་ཞིང་སྲུང་བའི་ཕྲིན་ལས་མཛད་དུ་གསོལ། །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་གྱིས། །རྗེས་བཟུང་སྨིན་གྲོལ་ཟབ་མོའི་ལམ་བཟང་ལ། །ཐོས་བསམ་བསྒོམ་པའི་ཕ་རོལ་ཕྱིན་ནས་ཀྱང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཤིན་ཏུ་ཞི་བའི་ནགས་ཀྱི་སྨན་ལྗོངས་སུ། །རྩེ་གཅིག་བསམ་གཏན་བདུད་རྩིར་སྤྱོད་པ་ལ། །གེགས་བྱེད་ཉེར་འཚེའི་མུན་པ་རྒྱངས་བསྲིངས་ནས། །འཇའ་ལུས་རྡོ་རྗེའི་གོ་འཕང་མངོན་གྱུར་མཛོད། །གཞན་ཡང་ནད་གདོན་བགེགས་ཀྱི་དཔུང་ཚོགས་དང་། །བྱད་ཕུར་རྦོད་གཏོང་རྟགས་མཚན་ངན་པ་སོགས། །མི་མཐུན་མི་འདོད་ཉེ་བར་འཚེ་བའི་རིགས། །དེ་ཀུན་དགྲ་དང་བགེགས་ཀྱི་སྟེང་དུ་བཟློག །གཞིས་སུ་འདུག་ན་ལྟོས་བཅས་ལེགས་ཚོགས་དང་། །སྙན་གྲགས་དབང་ཐང་ཡར་ངོའི་ཟླ་བཞིན་སྤེལ། །བྱེས་སུ་འགྲོ་ན་ཁ་ཆར་དགྲ་རྐུན་སྲུང་། །དོན་དུ་གཉེར་བྱའི་ལས་རྣམས་མྱུར་དུ་


JKT022_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ། །མདོར་ན་བདག་དང་མཐའ་ཡས་སེམས་ཅན་ཀུན། །གནས་སྐབས་མངོན་མཐོའི་དཔལ་འབྱོར་ལ་བརྟེན་ནས། །མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་། །ཕན་བདེའི་འདོད་དགུ་སྨིན་པའི་ཕྲིན་ལས་མཛོད། ཞེས་ཕྲིན་ལས་གསོལ་ཞིང་། དམིགས་གསལ་བཟློག་པའི་ཕྲིན་ལས་བཅོལ་བར་སྤྲོ་ནའང་གཞན་ནས་འབྱུང་བ་ལྟར་སྐབས་འདིར་བྱའོ། །བཅུ་གཅིག་པ་གཏོར་མ་སྐྱོང་བ་ནི། མཚན་མོ་ཡིན་ན་འབུལ་གཏོར་ལ་དཔལ་འབར་དང་། ཉིན་མོ་ཡིན་ན་སྤོས་ཀྱི་རེངས་བུ་བཙུགས། ཕུད་ཆང་སྨན་རཀ་བཅས་སྒྲུབ་ཁང་གི་ཡང་སྟེང་སོགས་ས་གཙང་སར་ཁྱེར་ལ། །གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབ། ཨོཾ་ཀཱ་ལི་དེ་བཱི་ས་པ་རི་ཝཱ་ར་སརྦ་བིགྷཱན་ཤ་ཧཱུྃ་མ་རཱ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མི་བདུན་གྱིས་ཕུལ་ལ། རོལ་མོ་དབྱངས་དང་བཅས་པས། སྦྱོ༔ ཆོས་དབྱིངས་དབང་ཕྱུག་མ་གཅིག་བདུད་ཀྱི་ཡུམ། །དྲག་མོ་ནམ་གྲུ་ཚིམ་བྱེད་མངའ་བདག་མོ། །སྲོག་བདག་མ་མོ་དཔལ་གྱི་རྡོ་རྗེའི་ལྕམ། །སྡེ་བརྒྱད་བདག་མོ་དཔལ་ལྡན་གཤིན་རྗེའི་ཡུམ། །ཁྱོད་ཀྱི་བཀའ་ཉན་བྲན་གཡོག་འཁོར་དང་བཅས། །མ་མོ་འབུམ་སྡེ་ནག་མོ་འབུམ་སྡེར་བཅས། །བདུད་དང་གཤིན་རྗེ་སྲིན་པོའི་ཚོགས་དང་བཅས། །དུར་ཁྲོད་བདག་པོ་ཞིང་


JKT022_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །བྱ་ཁྱི་ལྕེ་སྤྱང་ལ་སོགས་འཁོར་དང་བཅས། །དགྲ་བོའི་སྲོག་ལ་དབང་བྱེད་ཤན་པའི་ཚོགས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཞེས་པའི་མཚམས་གཏོར་མ་བྱང་ཤར་གྱི་མཚམས་སུ་གཤེགས་ལ། །ཛམ་བུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །སྨན་རཀ་ཕུད་ཀྱི་མཆོད་པ༔ ཛ་གད་དཔའ་བོའི་སྨན་ཕུད་འདི་བཞེས༴ །གཙང་མ་ཕུད་ཀྱི་གསེར་སྐྱེམ་འདི་བཞེས་ཤིག །སྔར་བཅོལ་ལེགས་པའི་གཏོང་རག་གཉེན་པོ་འབུལ། །ད་བཅོལ་ལེགས་པའི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཐལ་བའི་རྡུལ་བཞིན་རློག་པ་དང་། །བསྟན་པ་རྒྱས་པའི་ལས་འདི་ཁྱོད་ཀྱིས་སྒྲུབས། །ཞེས་པའི་རྗེས་སུ། སྦྱོརཀྵ་སོགས་ལན་གསུམ་བཟླས་སོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་དྲུག་ལས། དང་པོ་གཏོང་རག་གི་མཆོད་བསྟོད་ནི། །ཨོཾ་ཀཱ་ལི་དེ་བཱི་ས་པ་རི་ཝཱ་ར་ཨརྒྱུ་སོགས་ཀྱིས་མཆོད། སྐུ་གསུམ་ལྷུན་གྲུབ་སོགས་ཀྱིས་བསྟོད། གཉིས་པ་ནོངས་པ་བཤགས་པ་ནི། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། མ་རྙེད་ཡོངས་སུ་མ་ཤེས་དང་། སོགས་ཀྱི་ནོངས་པ་བཟོད་པར་གསོལ། །


JKT022_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་བརྟན་བཞུགས་ནི། རྟེན་ཡོད་པ་རྣམས་ལ། འདི་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་དོར། བཞི་པ་གཤེགས་གསོལ་ནི། ཨོ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། བཛྲ་མུ༔ རྟེན་ལས་བསྟིམ་པའི་ཡེ་ཤེས་པ་རྣམས་གཤེགས། དམ་ཚིག་པ་རྣམས་རང་ལ་ཐིམ། འཇིག་རྟེན་པ་རྣམས་ཀྱང་རང་རང་གི་གནས་སུ་གཤེགས་པར་བསམ། ལྔ་པ་དགེ་བ་བསྔོ་བ་ནི། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །གནས་སྐབས་རྣམ་བཞིའི་ཕྲིན་ལས་ལྷུན་གྲུབ་ཅིང་། །མཐར་ཐུག་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཀློང་། །རྡོ་རྗེ་བཙུན་མོའི་གོ་འཕང་མྱུར་ཐོབ་ཤོག །དྲུག་པ་ཤིས་པ་བརྗོད་པ་ནི། ཟུང་འཇུག་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །གྲུབ་པའི་དབང་ཕྱུག་རྒྱུ།པཎ་ཆེན་དམར་པོ་སོགས། །རྨད་བྱུང་བྱིན་རླབས་སྣང་བ་མཆོག་སྩོལ་བའི། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ལྷན་སྐྱེས་བདེ་ཆེན་ངང་ལས་མ་གཡོས་ཀྱང་། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་


JKT022_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རོལ་ནི། ཁ་སྦྱོར་ཡན་ལག་བདུན་གྱི་དཔལ་འབར་བ། །ཡི་དམ་ལྷ་ཚོགས་རྣམས་ཀྱི= །བཅུ་དྲུག་བདེ་བའི་ལང་ཚོ་དང་འགྲོགས་པའི། །མཆོག་ཐུན་ཕྲིན་ལས་གསར་པའི་དགའ་སྟོན་ཅན། །ཞིང་སྐྱེས་སྔགས་སྐྱེས་ལྷན་ཅིག་སྐྱེས་པ་ཡི། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་བཀྲ་ཤིས་ཤོག །སྲས་བཅས་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །བསྟན་སྲུང་ཀུན་གྱི་གཙོ་མོ་རེ་བ་ཏཱི། །རྣམ་མང་འཁོར་ཚོགས་སྤྲུལ་པར་བཅས་པ་ཡི། །ཆོས་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །གནས་སྐབས་བསམ་དོན་མ་ལུས་ཡིད་བཞིན་འགྲུབ། །མཐར་ཐུག་སྐུ་བཞིའི་གོ་འཕང་མངོན་གྱུར་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱིས། །བཀྲ་ཤིས་སྣང་བས་སྲིད་མཐར་ཁྱབ་གྱུར་ཅིག །ཅེས་སོགས་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །སྨྲས་པ། །ཚིག་སྙན་པུཎྜ་རཱི་ཀཱའི་འཛུམ་རླབས་ལས། །དོན་བཟང་སྦྲང་རྩིའི་བསུང་ཞིམ་འདི་ཐུལ་བས། །བསྐལ་བཟང་ར་ཡིག་གཉིས་པའི་ཚོགས་རྣམས་ཀུན། །ཕན་བདེའི་ངལ་འཚོ་མཆོག་ཏུ་རྒྱས་གྱུར་ཅིག །ཅེས་པའང་དོན་གཉེར་ཅན་གྱི་ནན་ཏན་ཆེན་པོས་བསྐུལ་བའི་བཞེད་པ་བསྐོང་ཕྱིར་དགེ་འདུན་རྒྱ་མཚོའི་གཞུང་གི་དགོངས་དོན་བཞིན་ཤཱཀྱའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཚིགས་བཅད་


JKT022_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྡེབ་པ་དགེ་ལེགས་སུ་གྱུར་ཅིག། ༈ །།དཔལ་ལྡན་དམག་ཟོར་རྒྱལ་མོའི་མངའ་གསོལ་ཕྲིན་ལས་མཆོག་སྦྱིན་ཅེས་བྱ་བ་བཞུགས་སོ།། བྷྱོ །ཆོས་ཀུན་རང་བཞིན་ཡེ་ཤེས་ལྷ་མོའི་དབྱིངས། །ཟབ་ཞི་སྤྲོས་བྲལ་འོད་གསལ་བདེ་བ་ཆེ། །བློ་བུར་འཁྲུལ་པའི་མཚན་མ་ལས་འདས་པའི། །སྐྱེ་མེད་ཆོས་ཀྱི་སྐུ་རུ་མངའ་གསོལ་ལོ། །དག་པའི་ཤེལ་ལ་ཚོན་གྱིས་ཁ་བསྒྱུར་བཞིན། ། ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ལས། །བཞིན་ལག་མཚན་དཔེའི་སྣང་ཆར་ཡོངས་ཤར་བ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུར་མངའ་གསོལ་ལོ། །རྣམ་མང་གདུལ་བྱའི་མོས་པའི་ཆུ་གཏེར་དུ། །གང་འདུལ་སྤྲུལ་པའི་ཟླ་གཟུགས་འཆར་བའི་མོད། །བསྟན་འགྲོར་ཕན་བདེ་སྤེལ་བའི་ཕྲིན་ལས་ཅན། །སྣ་ཚོགས་སྤྲུལ་པའི་སྐུ་རུ་མངའ་གསོལ་ལོ། །དྲན་པ་ཙམ་གྱིས་བྱིན་རླབས་ཉིན་མོར་བྱེད། །ལྷན་སྐྱེས་ཡེ་ཤེས་སྣང་བ་དང་འགྲོགས་ནས། །བརྗོད་བྲལ་གནས་ལུགས་མངོན་སུམ་སྟོན་མཛད་པ། །རྩ་བརྒྱུད་བླ་མའི་ཚོགས་སུ་མངའ་གསོལ་ལོ། །གང་ཞབས་ཡིད་བཞིན་སྤྲིན་ཆེན་ལ་རེག་པས། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀྱི། །ནོར་བུའི་གྲུ་ཆར་ལྷུག་པར་འབེབས་མཁས་པ། །ཡི་དམ་ལྷ་ཚོགས་ངོ་བོར་མངའ་གསོལ་ལོ། །ཤེས་རབ་དབྱིངས་ཀྱི་ཐིག་ལེ་གཅིག་


JKT022_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

པུ་ཉིད། །ཞིང་སྔགས་ལྷན་སྐྱེས་ཌཱ་ཀིའི་སྐུར་བཞེངས་ནས། །མཆོག་ཐུན་ཕྲིན་ལས་ཡིད་བཞིན་སྒྲུབ་མཛད་པའི། །གནས་གསུམ་ཌཱ་ཀིའི་གཙོ་མོར་མངའ་གསོལ་ལོ། །རྒྱལ་ཀུན་ཡུམ་གཅིག་དབྱངས་ཅན་ངག་གི་ལྷ། །དྲག་ཤུལ་གཟུགས་ཀྱིས་གདུག་པ་ཚར་གཅོད་ཅིང་། །འཁོར་འདས་ཕུན་ཚོགས་མ་ལུས་སྒྲུབ་མཛད་ཁྱོད། །བསྟན་སྲུང་ཡོངས་ཀྱི་གཙོ་མོར་མངའ་གསོལ་ལོ། །མདོར་ན་སྐྱབས་གནས་ཀུན་འདུས་བདག་ཉིད་དུ། །གུས་པའི་ཡིད་ཀྱི་མངའ་གསོལ་གཟེངས་བསྟོད་ན། །མ་གཡེལ་མ་གཡེལ་དཔལ་ལྡན་རེ་བ་ཏཱི། །འཁོར་འདས་མཐུ་རྩལ་མ་གཡེལ་དུས་འདིར་བསྐྱེད། །ཞི་རྒྱས་དབང་དང་མངོན་སྤྱོད་དྲག་པོ་ཡིས། །ཕྲིན་ལས་ཐོགས་པ་མེད་པའི་ཆོ་འཕྲུལ་གྱིས། །བདག་ཅག་ཡིད་ལ་སྨོན་པའི་དོན་རྣམས་ཀུན། །འབད་མེད་མྱུར་བ་ཉིད་དུ་འགྲུབ་པར་མཛོད། ཅེས་པའང་མཉྫ་གྷོ་ཥས་སོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། དགེའོ། དགེའོ། དགེའོ། །

བཀྲ་ཤིས་ཚེ་རིང་མཆེད་ལྔའི་གསོལ་མཆོད་མདོར་བསྡུས་པ་བཀྲ་ཤིས་ཆར་འབེབས།


JKT022_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །བཀྲ་ཤིས་ཚེ་རིང་མཆེད་ལྔའི་གསོལ་མཆོད་མདོར་བསྡུས་པ་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།


JKT022_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །བླ་མ་རྡོ་རྗེ་རྣལ་འབྱོར་མར། །བཏུད་ནས་དེ་ཡི་རྣལ་འཕྲུལ་ལས། །ཡོངས་ཤར་སྨན་བཙུན་མཆེད་ལྔ་ཡི། །གསོལ་མཆོད་སྙིང་པོར་དྲིལ་ཏེ་བཤད། དེའང་དབེན་པའི་གནས་སུ་མཆོད་གཏོར་སོགས་ཚོགས་པར་བྱས་ནས། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་ཡོ་བྱད་རྣམས་བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཧཱུཾ་ལས་དར་དཀར་གྱི་གུར་ཁྱིམ་ཡངས་ཤིང་རྒྱ་ཆེ་བ་བཀོད་པས་མཛེས་པའི་དབུས་སུ་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་གཏོར་འདོད་པའི་ཡོན་ཏན་རྣམ་པ་ཐོམས་ཅད་པར་འཆར་བ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར་པར་བསམ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། །དེ་ནས་དམ་ཚིག་གི་འཁོར་ལོ་


JKT022_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གདབ་པ་ནི། ཆོས་ཀུན་གནས་ལུགས་གཟོད་མ་ནས། །སྟོང་ཉིད་སྤྲོས་མཚན་ལས་འདས་ཀྱང་། །སྣང་ཚུལ་རྟེན་ཅིང་འབྲེལ་འབྱུང་གི །རྣམ་རོལ་འགགས་པ་མེད་པའི་རྩལ། ཁོར་ཡུག་གངས་རིས་བསྐོར་བའི་དབུས། །སྤང་ལྗོངས་མེ་ཏོག་སྣ་ཚོགས་དང་། །བདུད་རྩིའི་ཆུ་གཏེར་འཁྱིལ་བའི་གཞིར། །སྤྲིན་དང་ན་བུན་འཁྲིགས་པའི་ཀློང་། །ཟླ་ཞུན་ཐགས་སུ་བཏགས་པ་ལྟར། །རབ་དཀར་ཀཱ་ཤིའི་ལྡིང་གུར་ནི། །དབང་པོའི་གཞུ་ཡི་ཚོན་རིས་ཅན། །ཡངས་ཤིང་རྒྱ་ཆེ་བཀོད་ལེགས་པར། །རྒྱལ་ཀུན་ཡུམ་གཅིག་རྣལ་འབྱོར་མའི། །ཡེ་ཤེས་ལྔ་ཡི་རྣམ་འཕྲུལ་ལས། །ཡོངས་ཤར་གངས་ཅན་བོད་ཡུལ་འདིར། །དཀར་ཕྱོགས་སྐྱོང་བའི་སྲུང་


JKT022_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གཙོ། །དབུས་སུ་བཀྲ་ཤིས་ཚེ་རིང་མ། །དཀར་གསལ་རྡོ་རྗེ་ཚེ་བུམ་བསྣམས། །ཆིབས་སུ་སེང་གེ་དཀར་མོ་བཅིབས། །མདུན་དུ་མཐིང་གི་ཞལ་བཟང་སྔོ། །འཕྲུལ་གྱི་མེ་ལོང་བ་དན་གཡོབ། །ཆིབས་སུ་རྐྱང་མོ་ཁ་དཀར་བཅིབས། །གཡས་སུ་མི་གཡོ་གླང་བཟང་སེར། །རོ་མཆོག་བརྒྱ་ལྡན་ཟས་གཞོང་བསྣམས། །ཆིབས་སུ་རྒྱ་སྟག་གྲུས་མ་བཅིབས། །རྒྱབ་ཏུ་ཅོད་པན་མགྲིན་བཟང་དམར། །རིན་ཆེན་གཏེར་གྱི་སྒྲོམ་བུ་འཛིན། །ཆིབས་སུ་ཤ་བ་ཡུ་མོ་བཅིབས། །གཡོན་ཏུ་གཏར་དཀར་འགྲོ་བཟང་ལྗང་། །རྩྭ་མཆོག་དཱུརྦ་སྦྲུལ་ཞགས་གདེངས། །ཆིབས་སུ་གཡུ་འབྲུག་སྔོན་མོ་བཅིབས། །ཀུན་ཀྱང་དར་དང་རཏྣས་བརྒྱན། །རིན་ཆེན་སྣ་ལྔའི་ཐོར་ཚུགས་ཅན། །མཚར་སྡུག་འོད་ཆགས་གཟི་བྱིན་འབར། །འཛུམ་ཞིང་དགྱེས་པའི་ཚུལ་དུ་བཞུགས། །འཁོར་དུ་བརྟན་མ་བཅུ་གཉིས་དང་། །ལྷ་སྨན་འབུམ་ཕྲག་གྲངས་མེད་སོགས། །སྤྲུལ་དང་ལས་མཛད་བསམ་མི་ཁྱབ། །སོ་སོའི་གནས་གསུམ་འབྲུ་གསུམ་དང་། །རང་ཉིད་ལྷར་གསལ་ཐུགས་ཀ་ནས། །འཕྲོས་པའི་འོད་ཀྱིས་བལ་བོད་མཚམས། །བཀྲ་ཤིས་ལྷུན་ཆགས་གངས་ཀྱི་རི། །མཐོན་མཐིང་རྒྱལ་མོའི་ཕོ་བྲང་ནས། །སྨན་བཙུན་འཁོར་བཅས་སྤྱན་དྲངས་ཏེ། །བསྐྱེད་པའི་རྟེན་ལ་གཉིས་མེད་ཐིམ། །ཕྲིན་


JKT022_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཅི་བཅོལ་བྱེད་པར་གྱུར། །སྤྱན་འདྲེན་པ་ནི། ཧཱུཾ། རྡོ་རྗེ་བཙུན་མོ་སེང་གེའི་གདོང་། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་། །རྣལ་འབྱོར་དབང་ཕྱུག་བཞད་པ་རྗེ། །སྲས་དང་སློབ་མར་བཅས་པའི་མདུན། །ཇི་ལྟར་ཞལ་བཞེས་དེང་དགོངས་ལ། །བརྒྱུད་འཛིན་བདག་གིས་འབོད་པའི་ཚེ། །སྨན་བཙུན་བཀྲ་ཤིས་ཚེ་རིང་མ། །མཆེད་དང་སྤྲུལ་པ་ཡང་འཁོར་བཅས། །དངོས་གྲུབ་འདོད་རྒུའི་ཆར་འབེབས་ཕྱིར། །མ་ཐོགས་མྱུར་དུ་ད་ཚུར་བྱོན། ཨོ་བཛྲ་ས་མ་ཡ་ཌཱ་ཀི་ནཱི་པཉྩ་མ་མ་སརྦ་ཀརྨ་ཛྷཱ་ན་ས་པ་རི་ཝཱ་ར་ཨེ་ཨ་ར་ཝི་ཧཱུྃ་ཧཱུྃ་ཛ༔ ཞེས་བརྗོད་པས་མདུན་གྱི་ནམ་མཁར་བྱོན་པ་ཛ༔ཧཱུྃ་བཾ་ཧོས་མདུན་བསྐྱེད་དང་དབྱེར་མེད་དུ་བསམ། །སླར་ཡང་ནམ་མཁའི་ཁམས་གང་ལྷས། །བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་རྣལ་འབྱོར་མ། །ལྷན་ཅིག་སྐྱེས་མས་དབུར་བརྒྱན་གྱུར། དེ་ནས་གཏོར་མ་འབུལ་བ་ནི། མགྲོན་རིགས་འཁོར་བཅས་ལྗགས་ཧཱུྃ་ལས། །རྡོ་རྗེ་རྩེ་གཅིག་རྣམ་པ་ཡི། །འོད་ཀྱི་སྦུ་གུས་གཏོར་མའི་བཅུད། །དྲངས་ཏེ་ཟག་མེད་བདེ་བས་ཚིམ། ཨོཾ་བཛྲ་ས་མ་ཡ་ཌཱ་ཀི་ནཱི་པཉྩམ་མ་སརྦ་ཀརྨ་ཛྙཱ་ན་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་དབུལ། སྤྲོ་ན་ཐུགས་དམ་བསྐང་བའི་ཆོ་ག་བྱ། གང་ལྟར་ཡང་མཆོད་པ་ནི། ཨོཾ་ཨཱཿཧཱུཾ། ལྷ་


JKT022_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ལས་གྲུབ་ཏིང་འཛིན་མཐུས། །བྱིན་བརླབས་རབ་འབྱམས་མཆོད་པའི་སྤྲིན། །ཕྱོགས་དུས་ཀུན་ཏུ་མི་ཟད་པས། །སྨན་བཙུན་ཆེན་མོ་འཁོར་བཅས་མཆོད། ཨོཾ་བཛྲ་ས་མ་ཡ་ཌ་ཀི་ནི་པཉྩམ་མ་སརྦ་ཀརྨ་ཛྷཱ་ན་ས་པ་རི་ཝཱ་ར་ཨརྒྱུ་སོགས་ཀྱིས་མཆོད། བསྟོད་པ་ནི། བྷྱོ། ཕྱི་ལྟར་གཙང་རིགས་ལྷ་མོ་སྟེ། །ནང་ལྟར་རིག་འཛིན་ལྷ་མོ་ལྔ། །ཨཉྫིདྷ་ར་ས་སྲུང་སྟེ། །གསང་བ་སྔགས་ཀྱི་ཌཱ་ཀི་ལྔ། །དོན་དམ་བདེ་ཆེན་ཡེ་ཤེས་དབྱིངས། །གཅིག་ཉིད་དུ་མའི་རྣམ་རོལ་ཅན། །སྨན་བཙུན་ཆེན་མོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། ཕྲིན་ལས་གསོལ་བ་ནི། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །བཀྲ་ཤིས་ཚེ་རིང་མཆེད་ལྔ་དང་། །བོད་སྐྱོང་བརྟན་མ་བཅུ་གཉིས་སོགས། །སྣང་སྲིད་མ་མོ་འབུམ་སྡེའི་ཚོགས། །སྔོན་ཚེ་ཡེ་ཤེས་མཁའ་འགྲོ་མ། །བདུད་འདུལ་སེང་གེའི་གདོང་ཅན་དང་། །འཆི་མེད་པདྨ་སཾ་བྷ་ཝས། །དབང་བསྐུར་རྡོ་རྗེའི་དམ་ཚིག་བསྟན། ཁྱད་པར་རྣལ་འབྱོར་དབང་ཕྱུག་གིས། །མཛེས་མ་རྣམས་ལ་ཡི་དམ་དུ། །ཇོ་མོ་ལྷན་སྐྱེས་མངོན་རྟོགས་1 །ཕོག །ལྷ་མོ་ལྔ་ཡིས་སྤྱན་སྔ་རུ། །གསང་བའི་རང་སྲོག་སྙིང་པོ་ཕུལ། །རྗེ་བཙུན་བརྒྱུད་པར་བཅས་པ་ཡི། །བཀའ་སྲུང་མཁའ་འགྲོར་དམ་བཅས་པས། །དམ་བཅའ་འགལ་ན་དམྱལ་བར་འགྲོ། །


JKT022_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་དཔལ་ལྡན་རྡོ་རྗེ་འཛིན། །བཞད་པ་རྡོ་རྗེའི་གསུང་བཞིན་སྒྲུབས། །བཀའ་སྲུང་བཀའ་ཡི་བྱ་ར་གྱིས། །ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི། །མཆོད་གཏོར་རྒྱ་ཆེན་འདི་བཞེས་ལ། །གངས་ཅན་ལྗོངས་ཀྱི་བསྟན་དང་འགྲོར། །ཕན་བདེའི་དགའ་སྟོན་རྒྱས་པ་དང་། ཁྱད་པར་བསྟན་འཛིན་སྐྱེས་བུ་རྣམས། །སྐུ་ཆེ་ཕྲིན་ལས་ཕྱོགས་བརྒྱར་སྤེལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་གདོན་བར་ཆད་བསྲུང་བ་དང་། །མི་མཐུན་ཕྱོགས་ཀུན་ཉེར་ཞི་ཞིང་། །བཀྲ་ཤིས་ཚེ་རིང་དཔལ་འབྱོར་སྐྱེད། །སྲིད་དང་ཞི་བའི་དགེ་མཚན་རྣམས། །ཐོགས་པ་མེད་པར་དབང་དུ་སྡུས། །མདོར་ན་ཆོས་མཐུན་བསམ་སྦྱོར་ཀུན། །ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའི་མཐར་གཏོར་མགྲོན་གྱི་གཙོ་མོ་རྣམས་རྟེན་ཡོད་ན་བརྟན་བཞུགས་དང་། །མེད་ན་གཤེགས་སུ་གསོལ། །འཁོར་རྣམས་ཀྱང་དགྱེས་བཞིན་གཤེགས་པར་བསམ། དམ་ཚིག་པ་མི་དམིགས་པའི་ངང་དུ་འོད་གསལ་ཕྱག་རྒྱ་ཆེན་པོའི་གནས་ལུགས་ལ་བློ་གཞག་པར་བྱའོ། །སྨན་བཙུན་2ཆེན་མོ་མཆེད་ལྔ་ཡི། །གསོལ་མཆོད་འཇུག་བདེ་སྙིང་པོའི་ཕུལ། །གྲུབ་པའི་ཞལ་ལུང་ལ་སྦྱར་བས། །བཀྲ་ཤིས་ཆར་ཆེན་འབེབས་གྱུར་ཅིག །ཅེས་པའང་རིག་འཛིན་གྱི་བཙུན་པ་མཉྫགྷོ་ཥས་སྦྱར་


JKT022_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བ་དགེ་ལེགས་ཀྱི་པདྨོ་མཆོག་ཏུ་རྒྱས་པར་སིདྡྷི་རསྟུ།། །སརྦ་མངྒ་ལཾ།།

རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི་གཏོར་མའི་ཆོ་ག་མདོར་བསྡུས་པ་འདོད་དགུའི་དཔལ་སྟེར།


JKT022_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི་གཏོར་མའི་ཆོ་ག་མདོར་བསྡུས་པ་འདོད་དགུའི་དཔལ་སྟེར་བཞུགས་སོ།། །།


JKT022_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་པཱ་ད་ཡ། འདིར་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་གཏོར་མ་མདོར་བསྡུས་པའི་ཚུལ་གྱིས་དབུལ་བར་འདོད་ན། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། ལེགས་པར་བཤམས་པའི་མཆོད་གཏོར། ཨོཾ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ལས་གཏོར་མ་ལྷ་ཡི་ཞལ་ཟས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨ་ཀ་རོས་བདུད་རྩིར་བསྒྱུར། ཨོཾ་རུ་རུ་སྤུ་རུ་སོགས་དང་། ནམ་མཁའ་མཛོད་སྔགས་ཀྱིས་སྤེལ། དེ་ནས་མདུན་བསྐྱེད་ནི། མདུན་དུ་ཧཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རྟ་བབས་དང་བཅས་པ། འཁོར་ས་རིམ་པ་གསུམ་དང་ལྡན་པའི་དབུས་ཁང་པ་བརྩེགས་པ་


JKT022_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཡོད་པ། དབུས་མའི་ཕོ་བྲང་སུམ་བརྩེགས་སུ་གནས་པ་ལ། ནོར་བུ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གནོད་སྦྱིན་བྱེ་བའི་བསྟི་གནས་ལྕང་ལོ་ཅན་གྱི་དགའ་ཚལ་དང་དབྱེར་མེད་པའི་ཕོ་བྲང་དབུས་མའི་ནང་དུ་ཧཱུྃལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བེ་ཡིག་སེར་པོ་གསེར་གྱི་མདོག་ཅན། དེ་ལས་འོད་ཟེར་འཕྲོས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་ངལ་བསོས་པོ་སྐུ་མདོག་ཛམ་བུ་ནཱ་དའི་ལྷུན་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པའི་གཟི་བརྗིད་ཅན། ཞལ་གཅིག་ཕྱག་གཉིས་པ་གཡས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་


JKT022_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཡོན་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་འཛིན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཕྲག་གོང་གཡས་གཡོན་ན་ཉི་མ་དང་ཟླ་བ་འཆར་བ། སེངྒེ་དཀར་མོ་ཉལ་ཐབས་སུ་གནས་ཤིང་གདོང་གྱེན་དུ་ལྟ་བའི་སྟེང་ན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱོགས་མཚམས་ཀྱི་ཁང་བརྩེགས་རྣམས་སུ་གནོད་སྦྱིན་རྟ་བདག་བརྒྱད་དང་། འཁོར་ས་བར་པ་ན་གནོད་སྦྱིན་བྱེ་བའི་ཚོགས། འཁོར་ས་ཐ་མ་ན་སྡེ་དཔོན་ཉི་ཤུ་རྩ་བརྒྱད། སྟོབས་ཆེན་སུམ་ཅུ་རྩ་གཉིས་ལ་སོགས་པ་ལྷ་མ་སྲིན་སྡེ་བརྒྱད་དང་། གནོད་སྦྱིན་དང་སྲིན་པོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། །ཟློརང་གི་ཐུགས་ཀའི་འོད་ཟེར་གྱི་སྣེ་ལ་འདོད་རྒྱལ་དམར་པོ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་ནས་རྒྱལ་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་སྤྱན་དྲངས་ཏེ་མདུན་བསྐྱེད་ལ་ཐིམ་པར་བསམ་ཞིང་། རྡོ་རྗེ་དྲིལ་བུ་འཛིན་པས། མགོན་པོ་ཀུན་གཤེགས་ཐུགས་དམ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །ཐམས་ཅད་ཉོན་མོངས་འདམ་བྱིང་བས། །མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང་། །གཟིགས་ཤིང་གཤེགས་པའི་གནས་པའི་ཡང་། །ཤཱཀྱ་སེངྒེའི་སྤྱན་སྔར་ཁྱོད། །ཐུགས་དམ་ཞལ་བཞེས་དེ་དགོངས་ལ། །འདྲེན་པའི་བསྟན་པ་སྲུང་བ་དང་། །སེམས་


JKT022_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཀུན་ལ་ཕན་སླད་དུ། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ། ཨོཾ་བཻ་ཤྲ་མ་ཎ་ས་པ་རི་ཝཱ་ར་ས་མཱ་ཛཱ༔ ཛཿཧཱུྃ་བཾ་ཧོ༔ ཨོ་བེ་སྭཱ་ཧཱ། ཨོཾ་བ་མ་ཎ་ཨཱ་ཀར་ཡ་ཛ༔ ཞེས་དང་། བེ་རིང་པོ་མིག་འཛུམ་སུམ་ཅུ་རྩ་གཉིས་ཀྱི་ཡུན་ཙམ་བརྗོད་ལ། རྒྱལ་པོའི་ཐུགས་ཀར་པདྨ་འདབ་མ་རེ་རེ་ལ་བེ་བཞི་བཞི་བསམ་ཞིང་། དམ་ཚིག་པ་དང་ཡེ་ཤེས་པའི་ཐུགས་ཀར་འོད་ཟེར་གྱི་ལྕགས་ཀྱུས་དབྱེར་མེད་དུ་བྱས་པར་བསམ། ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩམི། ཞེས་རིན་པོ་ཆེའི་ཅོད་པན་གྱི་དབང་བསྐུར། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཋདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་བར་བསམ། ཨོ་བེ་ཤཱ་མ་ཎ་ས་པ་རི་ཝཱ་པྲཀཱ་ཎཾ་པྲ་ཏིཙྪ་ཨོཾ་ཨཱཿཧཱུྃ། དེ་བཞིན་དུ་ཐོག་མཐའ་འདྲ་བ་ལ། ཨརྒུ་པརྱ་ཨཉྩམ་ཎཾ་པུཥྛ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝིཏུ་ཤཔ་རྣམས་སྤེལ་བས་མཆོད། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜལི་ཧ་ན་ཧ་ན་ཧཱུྃ་ཕྲཊ། ཨོཾ་བཻ་ཤྲ་མ་ཎ་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་གྲོ༔་ཏུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། མ་མ་སརྦ་ཀརྨ་སཱདྷ་ཨ་མོ་གྷ་སྭཱ་ཧཱ། ཞེས་ལྔའམ་བདུན་དང་། འཁོར་སྤྱི་ལ་ཐུན་མོང་དུ་དམིགས་ཏེ། ཨ་ཀཱ་རོ་ལན་གསུམ་གྱིས་གཏོར་མ་ཕུལ། སྤྲོ་ན། རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས། གནོད་སྦྱིན་རྟ་བདག་བརྒྱད། སྡེ་དཔོན་ཉི་ཤུ་རྩ་བརྒྱད། སྟོབས་ཆེན་སུམ་ཅུ་རྩ་གཉིས། གནོད་སྦྱིན་


JKT022_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བདག་གི་ལུས་དང་གྲིབ་མ་བཞིན་དུ་འབྲལ་བ་མེད་པར་འགྲོགས་ནས་བར་དུ་གཅོད་པ་ཐམས་ཅད་ལས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་མཛད་དུ་གསོལ། ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པ་དང་། ལྷ་འདྲེ་མི་གསུམ་གྱི་འགྲོ་བ་མང་པོ་དབང་དུ་འདུས་ནས་ཟས་གོས་ལོངས་སྤྱོད་ཐམས་ཅད་ཕོངས་པ་མེད་པར་ཡིད་བཞིན་དུ་འབྱོར་པ་དང་། དེ་དག་གིས་ཀྱང་སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་མཛད་དུ་གསོལ། མདོར་ན་ཇི་ལྟར་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྲིན་ལས་དང་སྟོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ། ཧཱུྃ། མི་འཇིགས་སེངྒེའི་གདན་སྟེང་ན། །ཁེ་ལས་བྱུང་བའི་མགོན་པོ་ནི། །ངལ་བསོས་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱེད་ལ་བསྟོད། །བཙུན་མོ་བཞི་དང་སྲས་བཞི་དང་། ཁྱད་པར་ལས་སྒྲུབ་གནོད་སྦྱིན་བརྒྱད། །ནོར་སྟེར་བ་ཡི་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ། །མཆོད་ཅིང་


JKT022_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་དེ་ཕྱག་ཀྱང་འཚལ། ཅེས་པས་བསྟོད། དགྲ་བགེགས་མ་ལུས་གཞོམ་པ་དང་། །འབྱོར་པའི་ལོངས་སྤྱོད་ཕུན་ཚོགས་ཤིང་། །འདོད་དགུ་ཡིད་བཞིན་འགྲུབ་པ་དང་། །གཞན་དོན་ལྷུན་གྱིས་གྲུབ་པར་ཤོག །ཅེས་ཕྲིན་ལས་བཅོལ། གཏོར་ཆོས་གཞན་དང་འབྲེལ་ན་རྗེས་ཐུན་མོང་དུ་བྱ་ཞིང་། འདི་རྐྱང་པའི་ཚེ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན། བེ་སྔར་བཞིན་བརྗོད་པས་ཐུགས་ཀའི་འོད་ཀྱི་ལྕགས་ཀྱུས་གྲོལ་ཏེ་པད་འདབ་ཀྱི་བེ་རྣམས་གཤེགས་པར་བསམ། ཨོ་བཛྲ་མུས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་ཐིམ་པར་མོས་ལ། གནས་གསུམ་བྱིན་བརླབས་དང་། བསྔོ་། སྨོན་བཀྲ་ཤིས་སོགས་སྤྱི་དང་མཐུན་པར་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་བསྐུལ་བ་པོའི་བཞེད་པ་བཞིན་གཞུང་སྔ་མ་ལས་མདོར་བསྡུས་པའི་ཚུལ་གྱིས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་འགྲོ་རྣམས་འདོད་དགུའི་འབྱོར་པ་རྫོགས་ལྡན་དུས་ཀྱི་དགའ་སྟོན་ལ་ཡོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག སརྦ་དཱ་ཤི་ཡོ་བྷ་བ་ཏུ། མངྒ་ལཾ།། །།


JKT022_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་

མཐའ་རྟེན་བཀྲ་ཤིས་རྟགས་རྫས་དང་རྒྱལ་སྲིད་སྣ་བདུན་སྦྱིན་པའི་ཚིག


JKT022_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །མཐའ་རྟེན་བཀྲ་ཤིས་རྟགས་རྫས་དང་རྒྱལ་སྲིད་སྣ་བདུན་སྦྱིན་པའི་ཚིག་ནི། བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་དཔལ། །བསོད་ནམས་བཀྲ་ཤིས་རྟགས་སུ་ཡོངས་ཤར་བ། །བསོད་ནམས་དཔལ་གྱི་འབྱོར་པས་དབང་བསྐུར་བས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡོངས་རྫོགས་ཤོག །ཨོཾ་ཨཉྫ་མངྒ་ལཾ་ཨ་བྷི་ཥིཉྩ་མི། །བཀྲ་ཤིས་ཚངས་སོགས་ཆེ་རྒུའི་ཚོགས་རྣམས་ཀྱིས། །བཀྲ་ཤིས་དོན་ཀུན་གྲུབ་ལ་ཕུལ་བ་ཡི། །བཀྲ་ཤིས་རྫས་མཆོག་བརྒྱད་ཀྱིས་དབང་བསྐུར་བས། །བཀྲ་ཤིས་སྲིད་ཞིའི་ཡོན་ཏན་གོང་འཕེལ་ཤོག །ཨོ་མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་མི། །དགེ་ལེགས་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི། །དགེ་ཚོགས་ཆུ་གཏེར་བསྲུབས་ལས་སྐྱེས་པ་ཡི། །དགེ་མཚན་རིན་ཆེན་བདུན་གྱིས་དབང་བསྐུར་བས། །དགེ་ཞིང་ཤིས་པའི་རྒྱལ་སྲིད་བརྟན་གྱུར་ཅིག །ཨོཾ་སརྟ་རཏྣ་ཨ་བྷི་ཥིཉྩ་མི། དེ་ལྟར་ཁྱེད་རང་རྣམས་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ་དུ་གསལ་བའི་མདུན་དུ་བཀྲ་ཤིས་པའི་རྟགས་བརྒྱད་དང་རྫས་བརྒྱད། རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་གྱིས་མདུན་བདར་ཏེ་འཁོད་པ་ལ་སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པའི་ཞལ་ནས་ཤིས་པ་བརྗོད་པའི་གླུ་དབྱངས་ཀྱི་སྒྲ་སྙན་པར་སྒྲོགས་ཤིང་། ཕྱག་ནས་མེ་ཏོག་མནྡ་ར་དཀར་པོའི་ཆར་སིལ་མར་བསྙིལ་པས་དགེ་ལེགས་ཀྱི་


JKT022_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་ཁྱབ་ཅིང་རྟག་པར་སྤེལ་བའི་མོས་པ་མཛོད། བཀྲ་ཤིས་ཀྱི་ཚིག་བཅད་རྣམས་བརྗོད།། མངྒ་ལཾ། །

དཀྱིལ་འཁོར་སྤྱིའི་ས་ཆོག་མདོར་བསྡུས།


JKT022_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དཀྱིལ་འཁོར་སྤྱིའི་ས་ཆོག་མདོར་བསྡུས་བཞུགས་སོ། །ན་མཤཱི་མཱི་གུ་ར་བེ། འདིར་སྦྱིན་སྲེག་སོགས་གང་དུ་བྱ་བའི་ས་ཕྱོགས་དེ་མ་དུལ་བ་ཡིན་ན། གཞི་དེ་ཉིད་དུ་གཏོར་མ་དཀར་ཟླུམ་རྒྱན་ལྡན་མཆོད་པ་དང་བཅས་པ་བཤམ། ཨོ་ཧཱིབཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕྲཊ༔ རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར་པར་བསམས་ལ། གཏོར་མ་རྟ་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝ་ར་བཛྲ་ས་མཱ་ཛས་སྤྱན་དྲང་། བྷུ་མི་པ་ཏི་ས་པ་རི་ཝཱ་ར་ན་མསྶརྦ་ཏ་ཐཱ་ག་ཏེ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས་གནང་བ་བྱིན་པར་བསམ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། བྷུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪས་རང་གནས་སུ་གཤེགས་པར་བསམས་ལ། གཏོར་མ་གཙང་སར་བསྐྱལ། དེ་ནས་རྡོ་རྗེ་དང་བཅས་པའི་ལག་གཡས་སར་བཞག་སྟེ། དཀྱིལ་འཁོར་གང་ཡིན་གྱི་རྩ་བའི་སྔགས་བརྒྱའམ་ཉེར་གཅིག་ཙམ་བཟླ་བ་ཀུན་རྫོབ་ཀྱི་སྦྱང་


JKT022_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཆོས་ཐམས་ཅད་སྟོང་ཉིད་དུ་ཤེས་པས་རང་བཞིན་མེད་པར་རྒྱས་གདབ་པ་ནི་དོན་དམ་པའི་སྦྱང་བའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་སྤེལ་བ་དགེ ༈ །གཞན་ལ་དབང་བསྐུར་བ་དང་འབྲེལ་ན། བདག་བཇུག་རྫོགས་པར་ལེན་པའམ། ཡང་ན་སྤྲོས་པ་འཚམས་པའི་ཕྱིར། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་བསྒོམས་ནས་རིག་པའི་མེ་ཏོག་དོར་བ་ཉིད་དོན་གྱིས་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས། མེ་ཏོག་འཐོར་བ་དང་བཅས། ཨོཾ་བཛྲ་ས་མ་ཡ་ཨཽ། ཨཾབཛྲ་ས་མ་ཡ་ཨཱ༔ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་མེ་ཏོག་ཕུལ་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམས་ཏེ། འཇུག་བྱའི་དཀྱིལ་འཁོར་དང་བདག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་བསམ་པའོ། །ཨོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ན་རག་དོང་སྤྲུགས་སོགས་ལ། ཨོཾ་བཛྲ་ཀྲོདྷ་ས་མ་ཡ་ཧཱུྃ་ཞེས་སྦྱར། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་ས་མ་ཡ་ཧོ༔ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨོཾ། རྡོ་རྗེའི་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་


JKT022_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ། ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ། །ཞེས་པ་འདིའང་ཆོ་ག་སྤྱི་ལ་སྦྱར་ཆོག་པའི་ཕྱིར་ཉེར་མཁོའི་ཡན་ལག་ཏུ་ཟུར་དུ་བྲིས་པའོ།། །།


JKT022_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་

གཏེར་གསར་དམ་རྫས་སོགས་རྟེན་རབ་འབྱམས་ཕྱོགས་བསྡུས་ཀྱི་བཞུགས་བྱང་གཞན་ལ་ཕན་པ་མཆོག་ཏུ་དགེ་བའི་དབྱངས་སྙན།


JKT022_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །གཏེར་གསར་དམ་རྫས་སོགས་རྟེན་རབ་འབྱམས་ཕྱོགས་བསྡུས་ཀྱི་བཞུགས་བྱང་གཞན་ལ་ཕན་པ་མཆོག་ཏུ་དགེ་བའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །
རིང་བསྲེལ། དམ་རྫས་ཀུན་འདུས།། རྟེན་འདུས་བཅས༦།


JKT022_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཨོཾ་སྭ་སྟི་སིདྡྷཾ། སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་གཏེར་གནས་ཐ་དད་པ་རྣམས་ནས་སྤྱན་དྲངས་པའི་མྱོང་གྲོལ་དམ་རྫས་དང་བྱིན་རྟེན་རིགས། དོན་གྲུབ་ཅེས་པ་ས་མོ་ལུག་གི་གནམ་ལོ་ཐོག་མར་ཤར་བ་ཕན་ཆད་ཇི་ཙམ་ལག་ཏུ་འབྱོར་པ་རྣམས། བསྟན་པ་དང་འགྲོ་ཕན་གྱི་བཙས་སུ་གཏའ་སྤེལ་སྦྱར་བའི་ཐོག་མར།། ༈ །།ཡུངས་འབྲུ་ལྟ་བུའི་རིང་བསྲེལ་གྱི་རིལ་བུ་དམ་རྫས་མྱོང་༼༡༽གྲོལ་ཙིནྟ་མ་ཎི་ལ། རྒྱམ་རྒྱལ་རྡོ་ཏིའི་འགྱུར་མེད་གཏན་འཁྱིལ་གཡུ་མཚོ་ནས་བཞེས་པའི་སངས་རྒྱས་འོད་སྲུང་གི་འཕེལ་གདུང་། སྨན་ཤོད་འཛོམ་ནང་བྲག་དཀར་ཡང་རྩེ་ནས་སྤྱན་དྲངས་པའི་སྤྲུལ་སྐུ་དགའ་རབ་རྡོ་རྗེའི་གདུང་གི་དྭངས་མ་བཅས་གངས་ཏིག་དང་ཅུ་


JKT022_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་སྤེལ་ཞིང་ཅོང་ཞིའི་འཕྲོད་སྦྱར་བའོ།། ༈ །།སྐུ་གདུང་རིང་བསྲེལ་ཀུན་འདུས་ཀྱི་རིལ་བུ་དམ་རྫས་བཏགས་༼༢༽གྲོལ་ཡིད་བཞིན་སྙིང་པོ་ལ། མཁའ་འགྲོ་འབུམ་རྫོང་ཨོ་རྒྱན་རིན་པོ་ཆེའི་བཞུགས་ཁྲིའི་འོག་ནས་སྤྱན་དྲངས་པའི་སློབ་དཔོན་པྲ་བྷ་ཧ་སྟིའི་གདུང་། མངོན་རྫོགས་རྒྱལ་པོའི་སྨན་སྐུའི་ཆ་ཤས། ན་བུན་རྫོང་གཏེར་བྱོན་ཁྲི་སྲོང་ལྡེའུ་བཙན་གདུང་རུས། ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་རིང་བསྲེལ་བཅས། ༈ ཆོས་ཀྱི་རིང་བསྲེལ་ཀུན་འདུས་ཀྱི་རིལ་བུ་དམ་རྫས་མཐོང་གྲོལ་ཞི་བའི་སྙིང་པོ་ལ། པདྨ་ཤེལ་ཕུག་གཏེར་བྱོན་རྫོགས་ཆེན་སྡེ་གསུམ་རྩ་བའི་ཤོག་སེར། ནམ་མཁའ་མཛོད་ཀྱི་གཏེར་བྱོན་ཚེ་དཀར་རྩ་གསུམ་དྲག་པོའི་ཤོག་སེར། བདུད་རྩི་


JKT022_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཤོག་ཚོ་ལྔ། དཔལ་སྤུངས་རི་ཁྲོད་ཙཱ་འདྲ་རིན་ཆེན་བྲག་ནས་བཞེས་པའི་ཁ་བྱང་གི་ཤོག་སེར། དཔའ་བོ་བྲག་གི་གཏེར་བྱོན་གནས་ཆེན་ཉེར་ལྔའི་མདོ་བྱང་གི་ཤོག་སེར། ཟབ་པ་སྐོར་བདུན་གྱི་ལུང་བྱང་ཤོག་སེར། ནམ་མཛོད་བོད་ཁམས་ལ་བདེ་ཐབས་ཀྱི་གཏེར་ཤོག་བཅས།། ༈ །།སྐུ་བལ་རིང་བསྲེལ་ཀུན་འདུས་ཀྱི་རིལ་བུ་དམ་རྫས་རེག་གྲོལ་༼༤༽གྲུབ་པའི་སྙིང་པོ་ལ། ཟླ་ཉིན་ཁ་ལ་རོང་སྒོའི་གཏེར་བྱོན་སངས་རྒྱས་འོད་སྲུང་གི་སྐུ་ཆོས། སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པ་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་ཆོས་གོས། འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་ཆགས་ཚལ། ཨོ་རྒྱན་རིན་པོ་ཆེའི་གསང་གོས་སྐུ་བེར་གསེར་མ། སྐུ་ཆིངས། ལྷ་ལྕམ་མནྡཱ་ར་བའི་ན་བཟའ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ན་བཟའ་དང་གསང་གོས། ལོ་ཆེན་བེ་རོ་ཙ་ནའི་སྐུ་ཆོས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ན་བཟའ། འོག་མིན་ཀརྨའི་དཔལ་དེའུ་ནས་སྤྱན་དྲངས་པའི་ཨོ་རྒྱན་རིན་པོ་ཆེའི་དབུ་ལྗོན་དང་སྐུ་རེག །ཟླ་གམ་བྲག་གི་རྒྱབ་ངོས་ནས་ཟབ་བདུན་དང་ལྷན་ཅིག་སྤྱན་དྲངས་པའི་གནུབས་ཆེན་སངས་རྒྱས་ཡེ་ཤེས་དབུ་སྐྲ། མཁའ་འགྲོ་འབུམ་རྫོང་གཏེར་བྱོན་མཚོ་རྒྱལ་གསང་གོས། འཛི་སྨད་མཁའ་འགྲོ་ཤེལ་ཕུག་གཏེར་བྱོན་མཁན་ཆེན་བོ་དྷི་ས་ཏཱའི་སྐུ་ཆོས། སྨན་ཤོད་འཛོམ་ནང་པདྨ་ཤེལ་ཕུག་གཏེར་བྱོན་མཁའ་འགྲོ་ཡེ་ཤེས་


JKT022_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་རྒྱལ་དང་ལོ་ཆེན་བེ་རོའི་དབུ་ལྗོན་བཅས། །བདུད་རྩི་ཆོས་སྨན་སོགས་གཏེར་གསར་དམ་རྫས་རིགས་ཕྱོགས་བསྡུས་ཀྱི་རིལ་བུ་མྱོང་གྲོལ་ཆེན་པོ་༼༥༽དངོས་གྲུབ་བྱེ་བའི་སྙིང་པོ་ལ། ཆམ་གཤིས་ན་བུན་རྫོང་གི་གཏེར་བྱོན་ཨོ་རྒྱན་རིན་པོ་ཆེའི་ཤངས་མཚལ། པཎ་ཆེན་བི་མ་མི་ཏྲའི་ཆོས་སྨན། ཁྲི་སྲོང་ལྡེའུ་བཙན་གདུང་རུས། འཛོམ་ནང་པདྨ་ཤེལ་ཕུག་གཏེར་བྱོན་མཁས་པ་ཤྲཱི་སི་ཧའི་ཆོས་སྨན། ནམ་མཁའ་མཛོད་ཀྱི་གཏེར་བྱོན་དམ་རྫས་སྡུག་བསྔལ་ཞི་བྱེད་འཁོར་བ་དོང་སྤྲུགས། སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩེགས་པའི་གོང་མོ་འོག་མ་ནས་བཞེས་པའི་རིག་འཛིན་དགའ་རབ་རྡོ་རྗེའི་བདེ་ཆེན་ཡེ་ཤེས་སྐྱེད་པའི་བདུད་རྩིའི་ཕབ་རྒྱུན། དེའི་ཕྱི་ཐུམ་འཇམ་དཔལ་བཤེས་གཉེན་ཤེས་རབ་རིལ་བུ། ཨིནྡྲ་བྷུ་ཏིའི་རིན་ཆེན་རིལ་བུ། སངས་རྒྱས་གསང་བའི་རྡོར་སེམས་རིལ་བུ། ཐུགས་རྗེ་ཆེན་པོའི་མ་ཎི་རིལ་བུ། སྐྱེ་བདུན་སྐུ་ཤའི་རིལ་བུ། རིག་པའི་ཡེ་ཤེས་སྨན་གྱི་རིལ་བུ། རྒྱ་གར་རིག་འཛིན་བརྒྱད་ཀྱི་ཆོས་སྨན། མཁའ་འགྲོའི་བྲོ་རའི་དབུ་རྩེའི་བྲག་རྫོང་ནས་བཞེས་པའི་ཨོ་རྒྱན་རྗེ་ལྷོ འབངས་ཉེར་ལྔས་བསམ་ཡས་མཆིམས་ཕུར་བཀའ་བརྒྱད་ཀྱི་སྒོ་ནས་བསྒྲུབས་པའི་བདུད་རྩི་ཆོས་སྨན། སེང་ཕུ་སྨན་གྱི་རི་བོ་ནས་བཞེས་པའི་ཙནྡན་དཀར་དམར། གཏེར་ལྕིབས་ག་བུར་དང་ཅུ་གང་། འབུམ་


JKT022_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་ནས་སྤྱན་དྲངས་པའི་མངོན་རྫོགས་རྒྱལ་པོའི་སྨན་སྐུའི་ཆ་ཤས་དང་གཏེར་སྒྲོམ་ཚལ། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་རིལ་བུ། རྫ་རྒྱལ་གོ་བོ་ཕུག་ཏུ་ཨོ་རྒྱན་རྗེ་འབངས་སྟོང་རྩ་བཅས་ཀྱིས་འོག་མིན་ཚོགས་ཆེན་འདུས་པའི་སྒོ་ནས་བསྒྲུབས་པའི་བདུད་རྩི་ཆོས་སྨན་བདེ་ཆེན་རོལ་པ་ཁྱད་འཕགས་འབུམ་རྫོང་མཚོ་མོ་ནས་ཀླུ་སྨན་གྱིས་མངོན་སུམ་ཕུལ་བ། ཡེལ་ཕུག་ནས་བྱོན་པའི་དམ་རྫས་རོལ་པ་ཆེན་པོ། གླེ་ཐུ་ཀརྨའི་དཔལ་དེའུ་ནས་བཞེས་པའི་གཟི་བརྗིད་སྐྱེད་པ་སྐུའི་རིལ་བུ། ཚངས་དབྱངས་སྐྱེད་པ་གསུང་གི་རིལ་བུ། བདེ་ཆེན་སྐྱེད་པ་ཐུགས་ཀྱི་རིལ་བུ། མ་མོ་སྤྱི་བསྡུས་ཀྱི་གཏེར་སྒྲོམ་ཚལ། མཚོ་སྐེ་ནོར་བུ་སྤུན་གསུམ་ནས་སྐུ་ཚབ་དངོས་གྲུབ་དཔལ་འབར་དང་ལྷན་ཅིག་བཞེས་པའི་གི་ཝཾ། གོ་སྟོད་འོད་འབར་བྲག་ནས་སྐུ་ཚབ་ཐུགས་རྗེའི་ཆར་རྒྱུན་དང་ལྷན་ཅིག་བཞེས་པའི་སྐུ་ཚབ་ཀྱི་རྒྱུ། སིདྡྷི་རིལ་བུ་ཕྲིན་ལས་རོལ་པ། བུམ་སྒྲུབ་ཀྱི་གཏེར་ཤོག་ཕྱི་ཐུམ། རྡོ་རྗེ་ཅོད་ཕུག་གཏེར་བྱོན་ཨོ་རྒྱན་ཡབ་ཡུམ་གྱི་ཚེ་རིལ། ཡེལ་ཕུག་ནམ་མཛོད་འབུམ་རྫོང་ཤེལ་ཕུག་བཅས་ཀྱི་གཏེར་ལྕིབ་སིནྡྷ་ར། ཀརྨར་ཡང་ཕུར་སྒྲུབ་ཆེན་མཛད་སྐབས་ཀྱི་བུམ་ཆུ་རིལ་བུ། རྡུལ་ཚོན། གཏོར་མ་ལས་བབས་པའི་བདུད་རྩི་བཅས། དཔལ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོ་དང་འདབས་ཆགས་པའི་རྡོ་རྗེའི་ཁོར་ཡུག་ལྕང་ལོ་ཅན་གྱི་དགའ་ཚལ་


JKT022_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྤྲུལ་པའི་གཏེར་སྟོན་ཆེན་པོས་ཐུགས་སྒྲུབ་བར་ཆད་ཀུན་སེལ་དང་། བཀའ་བརྒྱད་སྒྲུབ་ཆེན་སོགས་ཀྱི་སྐབས་སུ་བྱིན་གྱིས་བརླབས་པའི་འབྲུ་ཕྱེ་དང་བུམ་ཆུའི་རྒྱུན་གྱིས་ལེགས་པར་འཕྲོད་སྦྱར་ཞིང་བརྫིས་པའོ།། ༈ །།གཏེར་གསར་བྱིན་རྟེན་རིགས་ཐམས་ཅད་འདུས་པའི་རིལ་བུ་དམ་རྫས་གྲོལ་བ་བཞི་ལྡན༼༦༽ཡིད་བཞིན་ནོར་བུ་ནི། གོང་དུ་སྨོས་པའི་རིང་བསྲེལ་བཞི་དང་། ཆོས་སྨན་སོགས་དམ་རྫས་རིགས་ཕྱོགས་བསྡུས་ཀྱི་རིལ་བུ་བཅས་ཐམས་ཅད་འདུས་པ་དང་། ཐུགས་སྒྲུབ་དང་། བཀའ་བརྒྱད་ཀྱི་སྨན་འབྲུའི་ཕྱེ་མ་ལ། དེ་དག་གི་བུམ་ཆུ་དང་། བདག་ཅག་གིས་འོག་མིན་ཚོགས་ཆེན་འདུས་པ་ཐེག་དགུ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ཆེན་པོར་བསྒྲུབས་པའི་བུམ་ཆུ་བཅས་སྦྱར་ནས་རིལ་བུར་འདུ་བགྱིས་པ་སྟེ། དེའང་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་མ་གཏོགས་པའི་གཞན་ཐམས་ཅད་འབྲུ་ཕྱེ་ལ་བཟང་དྲུག་གཞི་བྱས། ཡུངས་འབྲུ་ལྟ་བུ་ལས་གཞན་ཐམས་ཅད་ལ་འབྲས་བུ་གསུམ་དང་བཟང་དྲུག་གིས་བུང་བསྐྱེད། སྐུ་གདུང་རིལ་བུའི་སྐྱོབས་སུ་ཤིང་ཀུན། ཀ་ཀོ་ལ། ཙི་ཏྲ་ཀ ཞོ་ཤ་རྣམ་གསུམ་བཅས་སྦྱར་ཏེ་གཙང་ལ་དག་པར་ས་ལུག་ཆོ་འཕྲུལ་ཟླ་བའི་གྲལ་ཚེས་དགེ་བ་ནས་བརྩམས་ཏེ། ཕུལ་དུ་བྱུང་བའི་དད་པ་དང་གཏོང་བའི་དཔལ་གྱིས་མངོན་པར་མཐོ་བའི་མི་དབང་ཆེན་པོའི་འདུན་ན་འདོན་ཨཱ་ནནྡ་གུ་ཎས་


JKT022_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་རྐྱེན་སྦྱར་ཞིང་། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་རྣམ་འཕྲུལ་དུ་རྡོ་རྗེའི་ལུང་གིས་ལན་གཅིག་མ་ཡིན་པར་བསྔགས་པ་མཁས་བཙུན་གྲུབ་པ་རྒྱ་མཚོའི་ཁྱུ་མཆོག་འཇམ་པའི་དབྱངས་བློ་གྲོས་མཐའ་ཡས་པའི་སྡེས་ཕྱག་གཞེས་ཀྱིས་གཏན་ལ་ཕབ་པས་འདུ་བྱས་ཏེ། ལུགས་བརྒྱའི་འདུན་ས་དཔལ་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲ་ཆེན་པོའི་སྒྲུབ་ཁང་བླ་བྲང་ཕན་བདེ་ཀུན་ཁྱབ་གླིང་ཞེས། མཁས་པ་དང་གྲུབ་པའི་སྐྱེས་ཆེན་བརྒྱུད་མར་བྱོན་པའི་དཔལ་ཨེ་ཝཾ་པའི་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་རྣམས་དང་། བསྟན་འཛིན་གྱི་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་བ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་། བཀྲ་ཤིས་དང་དགེ་མཚན་བྱེ་བས་བརྒྱན་པའི་གཟིམས་སྤྱིལ་དུ་རབ་བྱུང་བཅུ་བཞི་པའི་ས་ལུག་དབོ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་ནས་བརྩམས་ཏེ། བྲང་ཏི་མཁས་པའི་རིགས་འཁྲུངས། རྣམ་འདྲེན་སྲིད་ཞིའི་སྐྱབས་གཅིག་རྡོ་རྗེ་འཛིན་པ་ཆེན་པོ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་གཙོར་གྱུར། བདག་ཅག་འདུས་པ་རྣམས་ཀྱིས། ཟབ་གཏེར་གསར་པ་མཁའ་འགྲོའི་ཞལ་རླངས་མ་ཡལ་བ་བདེ་གཤེགས་ཞི་ཁྲོ་ཐམས་ཅད་འདུས་པའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་དང་། ཡང་ཟབ་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་ཟུང་དུ་འབྲེལ་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་དག་ཞལ་ཕྱེ་ཞིང་། མཆོག་


JKT022_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་གི་དངོས་གྲུབ་མངོན་དུ་བྱེད་པ་བསྙེན་པའི་ཡན་ལག །དངོས་གྲུབ་ཀྱི་ཐབས་སྟ་གོན་དུ་བྱ་བ་ཉེ་བར་བསྙེན་པའི་ཡན་ལག །དངོས་གྲུབ་ཀྱི་ཐབས་ལ་ནན་ཏན་དུ་བྱ་བ་སྒྲུབ་པའི་ཡན་ལག ཐབས་དེའི་འབྲས་བུ་ལ་སྦྱོར་བ་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། བསྙེན་སྒྲུབ་ཡན་ལག་བཞི་ལྡན་དང་ལྡན་པའི་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་སྒོ་ནས་ལེགས་པར་བསྒྲུབས་པ་འདིས་ཀྱང་བསྟན་པ་རིན་པོ་ཆེ་དང་འགྲོ་ཕན་བླ་ན་མེད་པ་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཤུ་བྷ་མསྟུ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སོ། །འདི་ནི་རྟེན་འདུས་ཁག་གི་ནང་དུ་གང་སེང་བའི་བྱིན་རྟེན་རིགས་ཀྱི་མཚན་ཐོ་རྐྱང་པ་མདོར་བསྡུས་པ་ཙམ་སྟེ། སོ་སོའི་ཁུང་དང་ཆེ་བརྗོད་སོགས་རེ་རེ་ནས་ཀྱང་མཐའ་ཀླས་པ་ཞིག་འབྱུང་བ་ནི། གཏེར་གཞུང་དམ་རྫས་ཀྱི་ལོ་རྒྱུས་དཀར་ཆག་རབ་འབྱམས་དང་། འཇམ་པའི་དབྱངས་བློ་གྲོས་མཐའ་ཡས་སོགས་ཟབ་གཏེར་རྒྱ་མཚོའི་མཛོད་ཀྱི་བདག་པོ་མཁས་གྲུབ་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་ལེགས་བཤད་ཀྱི་གཏམ་རྒྱ་ཆེན་སྤྲོ་བར་འགྱུར་བ་ལས་ཤེས་པར་བྱའོ།། །།མངྒ་ལཾ།། །།

འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་པའི་དམ་རྫས་རྟེན་འདུས་རབ་འབྱམས་གཏའ་སྤེལ་བགྱིས་པའི་དཀར་ཆག་སྙིང་པོ་ཤིན་ཏུ་བསྡུས་པ་གཞན་ཕན་མཁའ་ཁྱབ་ཏུ་རྟག་པའི་ལྷའི་རྔ་སྒྲ།


JKT022_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་པའི་དམ་རྫས་རྟེན་འདུས་རབ་འབྱམས་གཏའ་སྤེལ་བགྱིས་པའི་དཀར་ཆག་སྙིང་པོ་ཤིན་ཏུ་བསྡུས་པ་གཞན་ཕན་མཁའ་ཁྱབ་ཏུ་རྟག་པའི་ལྷའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷི་རསྟུ། རྩོད་བྲལ་དུས་བབ་ཀྱི་གཏེར་སྟོན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་རབ་བྱུང་བཅུ་བཞི་པའི་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོའི་སྔོན་ཟླ་བ་ཡན་ཆད་ལ་ཉུང་འབྲུ་ལྟ་བུའི་རིང་བསྲེལ། སྐུ་གདུང་གི་རིང་བསྲེལ། སྐུ་བལ་གྱི་རིང་བསྲེལ། ཆོས་ཀྱི་རིང་བསྲེལ། མྱོང་གྲོལ་གྱི་རིལ་བུ། བདུད་རྩི་ཕུར་མ་སོགས་རབ་འབྱམས་ཞིག་གཏེར་ནས་བཞེས་པ་ལས་རང་གི་ལག་ཏུ་ཇི་ཙམ་སོན་པ་འགྲོ་དོན་རྒྱ་ཆེ་ལ་རྒྱུན་མི་འཆད་པའི་ལྷག་བསམ་བཟང་པོས་གཏའ་སྤེལ་ཇི་ལྟར་བགྱིས་པའི་ཚུལ་ལ་གསུམ། མྱོང་གྲོལ་རིལ་བུའི་སྐོར། བདུད་རྩི་སྨན་གྱི་སྐོར། དེ་རྣམས་ཐུན་མོང་དུ་སྦྱར་བའི་སྐོར་རོ། །དང་པོ་ལ་རྣམ་གྲངས་སུམ་ཅུ་རྩ་བདུན་ལས།། ༈ །།ཐོག་མར་ཡོན་ཏན་གྱི་ཐུགས་ཀྱི་གནས་མཆོག་དཔལ་སྤུངས་ཡང་ཁྲོད་དེ་ཝཱི་ཀོ་ཊ་གསུམ་པ་ཙཱ་འདྲ་རིན་ཆེན་བྲག་ནས་སྤྱན་དྲངས་པའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གདུང་གི་རིལ་བུ་དམ་རྫས་རིན་པོ་ཆེའི་ཏོག་ནི། གངས་ཐིག་དང་། ཅུ་གང་ཞིབ་བཏགས་དབང་ལག་གི་དམ་ཆེ་བར་སྦྱར་ཏེ་ཆུ་གཙང་གིས་སྦྲུས་པར། སངས་རྒྱས་འོད་སྲུང་གི་རིང་བསྲེལ། གུ་རུའི་ཚེམས་ལས་བྱུང་བའི་རིང་བསྲེལ་གྱི་འཕེལ་ཕྱེ། དགའ་རབ་གདུང་རྟེན་ཕྱེ་མ་རྣམས་དང་ལྷན་ཅིག་ཕབ་གཏའ་ཁ་ཆེའི་ཆུར་སྦྱངས་པ་བླུགས་ནས་རིལ་བུ་ཡུངས་ཀར་འབྲུ་དགུའི་ཚད་དུ་


JKT022_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ། ལི་ཁྲིའི་ན་བཟའ་གསོལ་བ་སྐམ་ཐག་ཆོད་པ་དང་། གསེར་འདུར་གྱིས་མདོག་བསྒྱུར། ཀུན་འདུས་རིག་པ་རྡོ་རྗེ་བཀོད་པའི་རྒྱུད་ལས་གསུངས་པ་ལྟར་རིང་བསྲེལ་སྒྲུབ་པའི་སྔགས་ཀྱིས་བྱིན་གྱིས་བརླབས། སྐྱེ་བདུན་རིལ་སྒྲུབ་ཆེན་མོའི་སྒོ་ནས་ལེགས་པར་བསྒྲུབས་པ་སྟེ། ཇི་སྐད་དུ། རྒྱལ་བའི་རིང་བསྲེལ་ནོར་བུའི་མཆོག །དགོས་འདོད་ཐམས་ཅད་འབྱུང་བར་བྱེད། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དེ་བཞིན་རྣལ་འབྱོར་ལྡན་པའི་གདུང་། །མཆོད་ཅིང་ལུས་ལ་བཅང་པ་ཡིས། །གདོན་ཀུན་ཕྱོགས་སུ་ཉེ་མི་ནུས། །ཞེས་སོགས་གསུངས་པ་ལྟར། མཐོང་ཐོས་མྱོང་དང་མགུལ་དུ་འཆང་བ་ཙམ་གྱིས་ཀྱང་ནད་གདོན་སྒྲིབ་གཉིས་ཞི་ཞིང་སྲུང་བ་དང་། ཚེ་བསོད་ཡེ་ཤེས་རྒྱས་པ་སོགས་གནས་སྐབས་དང་། མཐར་ཐུག་རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པས་མཚོན་དགོས་འདོད་ཡིད་བཞིན་དུ་འབྱུང་བའི་་ཕྱིར་བྱིན་རྫས་ཐམས་ཅད་ཀྱི་མཆོག་ཏུ་གྲུབ་པས་ནོར་བུ་རིན་པོ་ཆེ་ཏོག་གི་བློ་གྲོས་དང་མཚུངས་པ་ལས་ཀྱང་ཁྱད་པར་དུ་མས་འཕགས་པ་ཉིད་དོ།། ༈ །།ཁ་ལ་རོང་སྒོ་ནས་བཞེས་པའི་རྫོགས་པའི་སངས་རྒྱས་འོད་སྲུང་དང་། སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པའི་ཐུབ་པ་ཆེན་པོའི་སྐུ་ཆོས་ཀྱི་ཟེག་མ་རིལ་བུར་དྲིལ་བ་དམ་རྫས་མཐོང་གྲོལ་ཆེན་མོ་ནི། དེ་དག་གི་ཟེག་མ་ཅོང་ཞི་དང་ཞིབ་བཏགས་ཁ་ཆེའི་ཆུར་སྦྱར་བ།


JKT022_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་དཀར་གྱི་ཕྱེ། གུར་གུམ་དང་། ཙནྡན་དཀར་པོ་དྲི་ཐོན་བཅས་ཀྱི་ཕྱེ་མར་བརྫིས་ཏེ་རིལ་བུ་ཉུང་ཀར་སྦོམ་པོའི་ཚད་དུ་དྲིལ། འགྲོ་འདུལ་ངན་སོང་དོང་སྤྲུགས་དང་། སྐྱེ་བདུན་རིལ་སྒྲུབ་ཆེན་མོའི་སྒོ་ནས་བསྒྲུབས་པ་སྟེ། མཐོང་ཐོས་མྱོང་དང་འཆང་བས་བར་ཆད་ཐམས་ཅད་སྲུང་ཞིང་། བསམ་དགུའི་དོན་ཀུན་འགྲུབ་པ་སོགས་ཕན་ཡོན་བསྔགས་པ་ཉུང་འབྲུ་ལྟ་བུའི་རིང་བསྲེལ་དང་མཚུངས་པ་ཉིད་དོ།། ༈ །།ཡོན་ཏན་གྱི་གསུང་གི་གནས་མཆོག་བདེ་ཆེན་པདྨ་ཤེལ་ཕུག་གི་དབུ་རྩེ་ནས་སྤྱན་དྲངས་པའི་དགའ་རབ་རྡོ་རྗེའི་གདུང་རྟེན་རིལ་བུ་དམ་རྫས་བསྟན་པའི་བཙས་སུ་བསྔགས་པ་མྱོང་གྲོལ་ཀུན་གྱི་རྒྱལ་པོ་འཁོར་། འདས་རང་གྲོལ་ནི། གདུང་རྟེན་དྭངས་མ་དང་ཤཱི་སིདྷ་ཡབ་ཡུམ་གྱི་བྱང་སེམས། བྲམ་ཟེ་སྐྱེ་བདུན་ཟླ་བ་དྲི་མེད་ཀྱི་གདུང་ལས་གྲུབ་པའི་གཏེར་སྒྲོམ་བཅས་ཞིབ་པར་བཏགས་པའི་ཕྱེ་མ་ལ་དབང་པོ་ལག་པས་དམ་སྦྱར་ཏེ་ཆུ་གཙང་གིས་སྦྲུས་ནས་རིལ་བུ་ཡུངས་ཀར་སྦོམ་པོ་ཙམ་དུ་དྲིལ་བ་དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་དང་། དགའ་རབ་སྙིང་ཏིག་ལས་འབྱུང་བའི་མྱོང་གྲོལ་གྱི་རིལ་སྒྲུབ་ལྟར་ལན་མང་དུ་བསྐྱར་ནས་བསྒྲུབས་པ་སྟེ། གཏེར་ལུང་ལས། འཇིག་རྟེན་ཀུན་ཏུ་རྙེད་དཀའ་བའི༔ མྱོང་གྲོལ་བྱེ་བའི་རྒྱལ་པོ་ནི༔ རིན་ཆེན་ནོར་བུ་ཀུན་གྱི་མཆོག༔ དགའ་རབ་དགྱེས་པ་རྡོ་རྗེ་ཡི༔ ཤེལ་གྱི་གོང་བུའི་


JKT022_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་རྟེན་ཆེ ཤྲཱི་སིདྷ་ཡབ་ཡུམ་དང་༔ ཨོ་རྒྱན་ཡབ་ཡུམ་སྙོམས་ཞུགས་པས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ ཡེ་ཤེས་གཟུགས་སྐུ་ཞལ་དུ་དྲངས༔ སྐུ་ཡི་དབྱིབས་བརྒྱུད་མཁར་འཁྱིལ་བའི༔ བྱང་ཆུབ་སེམས་ཀྱིས་རབ་ཏུ་སྤེལ༔ འཕགས་མཆོག་སྙིང་རྗེ་ཆེན་པོ་ཡི༔ རྣམ་འཕྲུལ་འབྲེལ་ཚད་དོན་ལྡན་པ༔ བྲམ་ཟེ་ཟླ་བ་དྲི་མེད་ཀྱི༔ གདུང་གི་རུས་པས་བུང་བསྐྱེད་དེ༔ མ་འོངས་སེམས་ཅན་དོན་སླད་དུ༔ སྒྲུབ་གནས་ཀུན་གྱི་རྒྱལ་པོ་ནི༔ པདྨ་ཤེལ་གྱི་ཕུག་པ་ཡི༔ སྒོ་སྐྱོང་དྷཱ་ཀིའི་བྲག་ལ་སྦས༔ ནམ་ཞིག་སྨོན་ལམ་དུས་བབ་ཚེ༔ གཏེར་འབྱིན་ཀུན་གྱི་རྒྱལ་པོ་ཆེ༔ མཆོག་གི་མིང་ཅན་སྐྱེས་བུ་ཡིས༔ ཕྱི་ནང་རྟེན་འབྲེལ་གནད་འགྲིགས་པས༔ གློ་བུར་ཐོག་བབ་ཚུལ་དུ་འདོན༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིས༔ བྱིན་བརླབས་དབང་གི་མིང་ཅན་སོགསཿ ལས་ཅན་རྣམས་ཀྱི་སྐལ་བར་འགྱུར༔ ཞེས་དང་། དེ་ལྟ་བུ་ཡི་མྱོང་གྲོལ་རྒྱལ༔ འདི་ཉིད་མྱོང་བས་ངན་སོང་མེད༔ གལ་ཏེ་ངན་སོང་ཡོད་སྲིད་ན༔ རྡོ་རྗེ་སེམས་དཔའ་རྫུན་དུ་ཐལ༔ དགའ་རབ་རྡོ་རྗེའི་བདེན་པ་རྫུན༔ འཇམ་དཔལ་བཤེས་གཉེན་མཁྱེན་རབ་རྫུན༔ ཤྲཱི་སིདྷའི་ཡེ་ཤེས་རྫུན༔ ཨོ་རྒྱན་པདྨའི་རྫུ་འཕྲུལ་རྫུ་ན༔ དེ་རྣམས་འཕགས་ཆེན་ས་བརྙེས་ཕྱིརཿ རྫུན་མི་སྲིད་ཅིང་བདེན་པ་ཆེ༔ དེ་བས་གྲུབ་པའི་རྫས་མཆོག་འདི༔ གནས་སྐབས་བཅུད་


JKT022_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་རྣམས་ཀྱི་མཆོག༔ མཐར་ཐུག་ཐར་པར་འདྲེན་པའི་ལམ༔ བདེ་ཆེན་འཕོ་བ་ཆེན་པོའི་རྫས༔ དྭངས་མ་འོད་སྐུར་གྲུབ་པའི་བཅུད༔ མཐོང་ཐོས་དྲན་རེག་ཐམས་ཅད་ཀུན༔ རྩོལ་མེད་ངང་གིས་གྲོལ་བྱེད་པ༔ རྡོ་རྗེ་སེམས་དཔའ་ཉིད་དང་མཚུངས༔ ཞེས་མྱོང་གྲོལ་ཀུན་གྱི་རྒྱལ་པོར་ཆེས་མཆོག་ཏུ་བསྔགས་སོ།། ༈ །།ཡོན་ཏན་གྱི་ཕྲིན་ལས་གནས་སེང་ཆེན་གནམ་བྲག་གི་བྲག་གོང་མོ་འོག་ནས་སྤྱན་དྲངས་པའི་འཇམ་དཔལ་བཤེས་གཉེན་ཤེས་རབ་རིལ་བུ་ཡེ་ཤེས་སེམས་དཔའི་དྭངས་བཅུད་ནི། གཏེར་ལུང་ལས་འབྱུང་བ་ལྟར། སྤང་རྒྱན་དཀར་པོ་དང་། ཨ་རུ་ར་ཕྱེད་ཁྱེར་དུ་བྱས་པར། སྒྲུབ་གཞུང་ལས་བཤད་པའི་ཤུ་དག་དཀར་པོ་དང་། ཅུ་གང་ཕྱེ་མ་ཞིབ་བཏགས་ཤིང་མངར་གྱི་ཆུས་སྦྲུས་པ་ལ། ཕབ་གཏའ་ཁ་ཆེའི་ཆུར་སྦྱར་བ་བླུགས་ནས་རིལ་བུ་སྲན་མ་ཙམ་དུ་དྲིལ། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་འཇམ་དཔལ་སྨྲ་བའི་སེང་གེའི་རིལ་སྒྲུབ་དང་། འཇམ་དཔལ་སྙིང་ཏིག་གི་མན་ངག་ལྟར་སྔ་ཕྱིར་བསྐྱར་ནས་བསྒྲུབས་པ་སྟེ། དེ་ལྟའི་ཕན་ཡོན་ཀྱང་། བླ་མའི་ཐུགས་སྒྲུབ་ཞལ་ཤེས་ལས། དེ་ལྟར་སྒྲུབ་པའི་རིལ་བུ་ནི༔ ཞག་བདུན་བསྟེན་ན་རྨོངས་པ་སེལ༔ བཅུ་གཉིས་མི་བརྗེད་གཟུངས་ཐོབ་ཅིང་༔ བདུན་གསུམ་ཡེ་ཤེས་སྣང་བ་འཆར༔ ཡུན་དུ་བསྲིངས་ན་ནད་སེལ་ཞིང་༔ ལུས་ཀྱིས་འཆི་མེད་བཅུད་ལེན་འགྲུབ༔


JKT022_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ངག་སྙན་ཚངས་པའི་དབྱངས་ལྟར་འགྱུར༔ ཡིད་ལ་མངོན་ཤེས་ཕྱོགས་མེད་འཆར༔ འཇམ་དཔལ་གཞོན་ནུ་དང་མཚུངས་པའི༔ ཟབ་ཅིང་རྒྱ་ཆེའི་བློ་གྲོས་ཐོབ༔ རྨོངས་པའི་དུད་འགྲོ་ཡིན་ཀྱང་རུང་༔ རིལ་བུ་དྲི་ཙམ་ཚོར་བས་ཀྱང་༔ འཇམ་པའི་དབྱངས་ཀྱི་རིག་སྔགས་མཐུས༔ སྒྲིབ་པའི་དྲི་མ་རབ་སྲབ་ནས༔ ཕྱི་མ་མཐོ་རིས་རྟེན་ཐོབ་ཅིང་༔ བློ་གྲོས་རྒྱ་ཆེར་ལྡན་པར་འགྱུར༔ དེ་ཕྱིར་སྙིང་རྗེར་ལྡན་པ་ཡིས༔ ཀུན་ལ་འགྲོ་དོན་རྒྱ་ཆེར་བྱ༔ ཨེ་མ་ངོ་མཚར་རྨད་ཀྱི་ཆོས༔ མྱོང་གྲོལ་རྫས་ཀྱི་སྦྱོར་བའོ༔ ཞེས་གསུངས་སོ།། ༈ །།གསུང་གི་ཡོན་ཏན་གྱི་གནས་ཆེན་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་གུ་རུ་ཡབ་ཡུམ་གྱི་བྱང་སེམས་བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་དམ་རྫས་རོལ་པ་ཆེན་པོ་བདེ་ཆེན་རང་གྲོལ་ནི། གཞི་གུ་རུ་ཡབ་ཡུམ་གྱིས་བམ་སྒྲུབ་མཛད་པའི་ས་སྦྱིན་བཟང་པོ་ལ། གཏེར་བྱོན་ཅུ་གང་། སིནྡྷ་ར། ཙནྡན་དཀར་དམར། ག་བུར། གི་ཝཾ་རྣམས་དང་། འབྲས་གསུམ། བཟང་དྲུག་སོགས་བྱང་སེམས་དཀར་དམར་གྱི་སྨན་གྱི་སྟོབས་ཕྲན་བུ་དང་བཅས་སྦྱར་ནས་ཞིབ་པར་བཏགས་པའི་ཕྱེ་མ་གུར་གུམ་གྱི་དང་ཆུས་སྦྲུས་པ་ལ། གོང་དུ་སྨོས་པའི་ཕབས་གཏའ་དང་། འབུར་མོ་གནས་ཀྱི་གཏེར་བྱོན་དམ་རྫས་རོལ་པ་ཆེན་པོའི་རིལ་བུ་གསུམ་བཅས་ཁ་ཆེ་གུར་གུམ་གྱི་གྲུང་ཆུར་ཡུན་རིང་དུ་སྦངས་ཤིང་འདྲེས་པར་འདུར་


JKT022_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཁུ་བ་བླུགས་ཏེ་རིལ་བུ་སྲན་ཆུང་སྐམ་པ་ཙམ་དང་། ལེབ་མོ་ཆ་ཤས་བཅས་བཟོས་ནས། ཐུགས་སྒྲུབ་སྙིང་བྱང་ལས་གསུངས་པའི་མ་སྒོམ་སངས་རྒྱས་ཆོས་དྲུག་གི་དམ་རྫས་མྱོང་གྲོལ་གྱི་སྒྲུབ་པ་དང་།བླ་མའི་ཐུགས་སྒྲུབ་སྤྱིའི་སྒྲུབ་ཁོག་ལས་གསུངས་པ་ལྟར་སྔ་ཕྱིར་ལེགས་པར་བསྒྲུབས་པ་སྟེ། འདིའི་ལོ་རྒྱུས་ལས། ཚེ་བདག་པདྨའི་ཞབས་ལ་ཕྱག་འཚལ་འདུད༔ དམ་རྫས་རོལ་པ་ཆེན་པོའི་ཡིག་ཆུང་ནི༔ ནམ་མཁའ་རྫོང་དུ་སྨན་སྒྲུབ་མཛད་པའི་ཚེ༔ ཨོ་རྒྱན་པདྨ་ཡབ་ཡུམ་མཉམ་སྦྱོར་བའི༔ བདེ་བར་གཤེགས་པ་ནམ་མཁའི་སྐར་ཚོགས་ཙམ༔ ཡབ་ཡུམ་སྐུ་ལ་ཐིམ་ཞིང་འོད་དུ་ཞུ༔ རྒྱལ་ཀུན་འདུས་པའི་བདུད་རྩི་མཁའ་ལ་འཁྱིལ༔ དད་ལྡན་དོན་དུ་ཕྱི་རུ་བབ་པ་ལ༔ བམ་པོར་སྤྲུལ་པའི་གང་བུ་རེ་རེ་ཡང་༔ རྗེ་འབངས་སོ་སོའི་ཡི་དམ་དང་མཐུན་པའི༔ སྲོག་གི་ཡིག་འབྲུའི་ཚུལ་དུ་བྱོན་པ་རྣམས༔ གཅིག་ཏུ་བསྡུས་ཏེ་གཏེར་དུ་སྦས་པ་ནི༔ མཐོང་བ་ཙམ་གྱིས་ངན་སོང་སྐྱེ་སྒོ་ཆོད༔ མྱོང་བ་ཙམ་གྱིས་མཁའ་སྤྱོད་གནས་སུ་འདྲེན༔ འཇིགས་པའི་འཕྲང་ལས་འདྲེན་པའི་དམ་པའི་རྫས༔ བདེར་གཤེགས་ཐམས་ཅད་བདེ་བར་རོལ་པ་ཡི༔ ཐུགས་རྗེའི་ལྕགས་ཀྱུ་ཆེན་པོ་འདི་ཁོ་ན༔ དམ་རྫས་མྱོང་གྲོལ་སྙིང་ལ་གཅེས་པར་གྱིས༔ ཞེས་ཡོན་ཏན་བསྔགས་པ་བསམ་གྱིས་མི་ཁྱབ་པར་གསུངས་པ་དང་རྗེས་སུ་མཐུན་པ་ཉིད་དོ།། ༈ །།


JKT022_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་ཐུགས་ཀྱི་གནས་མཆོག་ན་བུན་རྫོང་ནས་སྤྱན་དྲངས་པའི་སློབ་དཔོན་རིན་པོ་ཆེའི་ཤངས་མཚལ་རིལ་བུ་དམ་རྫས་ཉི་མ་ཆེན་པོ་ནི། གཏེར་བྱོན་སོགས་ཀྱི་སིནྡྷ་ར་དང་། ཙན་དན་དམར་པོ་ཕོན་མང་བ་ལ་གཞི་བྱས། སིཧྥ། སྐྱུ་རུ་ར། སྟར་བུ། གནས་ཆེན་རྣམས་ཀྱི་ཅོང་ཞི་དམར་པོ། གངས་རིའི་ལྷ་བཙག ལི་ཤི། གུར་གུམ་བཅས་ཀྱི་ཕྱེ་མ་ཤིན་ཏུ་ཞིབ་པར་ཁ་ཆེའི་ཆུས་སྦྲུས་བའི་ཟན་ལ། གོང་སྨྲོས་ཕབ་གཏའ་དང་། སེང་བྲག་གཏེར་བྱོན་ཨོ་རྒྱན་རིན་པོ་ཆེའི་སྐུ་ཚབ་ཀྱི་གཞི་ཤངས་མཚལ་མཐུག་པོས་བྱུགས་པ་ལས་ཆ་ཤས་ལྟུང་བ་དག་ཁ་ཆེའི་གྲུང་ཆུར་ཡུན་དུ་སྦངས་ཏེ་བླུགས། རིལ་བུ་ཉུང་ཀར་སྦོམ་པོའི་ཚད་ཙམ་དུ་དྲིལ་ནས། པདྨའི་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་སུ་བསྐྱེད་ཅིང་བཟླས་པས་བྱིན་གྱིས་བརླབས་པ་དང་། མྱོང་གྲོལ་རིལ་སྒྲུབ་ཆེན་མོའི་སྒོ་ནས་བསྒྲུབས་པ་སྟེ། གཏེར་ཁ་གཞན་ནས་འབྱུང་བའི་དམ་རྫས་པདྨ་རཱ་གའི་ཡིག་ཆུང་ལས། གསུང་གི་རྡོ་རྗེ་པདྨ་སཾ་བྷཱ་བའི༔ གཉིས་མེད་ཡེ་ཤེས་ཐུགས་རྗེ་ཆགས་པའི་མདངས༔ དངོས་མེད་དངོས་པོའི་ཚུལ་དུ་རང་སྣང་བའི༔ ཤངས་མཚལ་རིལ་བུ་ཉུང་ཀར་འབྲུ་ཚད་ཙམ༔ དེ་ལས་འཕེལ་བ་ཆེ་ཕྲ་དཔག་ཏུ་མེད༔ སུས་མྱོང་ནད་གདོན་སྡུག་བསྔལ་ཐམས་ཅད་ཞི༔ ཁྱད་པར་མཛེ་དང་མ་མོ་འཁྲུགས་པའི་ཡམས༔ ཤིན་ཏུ་གསོ་དཀའ་ཐམས་ཅད་སེལ་


JKT022_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད༔ ཚེ་བསོད་རྒྱས་ཤིང་ཉམས་རྟོགས་འཕེལ་བ་དང་༔ མཆོག་གི་སིདྡྷི་ཚེ་འདིར་ཐོབ་པར་འགྱུར༔ ཞེས་སོགས་རྒྱ་ཆེར་གསུངས་སོ།། ༈ །།ཀེ་རོང་རྡོ་རྗེ་ཅོང་ཕུག་གི་གཏེར་བྱོན་གཟི་སྒྲོམ་ནས་བྱུང་བའི་ཨོ་རྒྱན་ཡབ་ཡུམ་གྱིས་ཤེལ་བྲག་ཏུ་བསྒྲུབས་གནང་རྡོ་རྗེ་ཚེའི་རིལ་བུ་འཆི་མེད་བདུད་རྩིའི་དྭང་བཅུད་ནི། གཞི་སིནྡྷ་ར་འདམ་བཏགས་སོ་མི་སེགས་པར་བྱས་པ་དང་། འབྲས་དཀར་གྱི་ཕྱེ་མ་ལ། བུམ་རྫས་ཉེར་ལྔ། དབང་ལག འབྲས་གསུམ། ཅོང་ཞི། བྲག་ཞུན། རྩ་བ་ལྔ། རྟག་དུ། དུརྦ་བཅས་ཅུང་ཟད་སྦྱར་བ་ཞིབ་བཏགས་དང་། ཤིང་མངར་རོ་འགྱུར་བ། ཙནྡན་དཀར་པོ་དྲི་ཐོན། གཏེར་ཆེན་མཆོག་ནས་སྔ་ཕྱིར་ཐུགས་སྒྲུབ་ཀྱི་སྒྲུབ་པ་གནང་སྐབས། ཚེ་རྫས། སེང་བྲག་དང་། ཤེལ་ཕུག་གི་ཚེ་ཆུ། ཚེ་སྒྲུབ་དཀར་པོའི་བུམ་ཆུ་སོགས་ལྷན་ཅིག་ཏུ་བརྫིས་པའི་ཟན་ལ། ཕབ་གཏའ་ཁ་ཆེའི་དྭང་ཆུར་སྦངས་པ་བསྲེས་ནས་རིལ་བུ་སྲན་ཆུང་འཕོས་པ་ཙམ་དུ་དྲིལ། རྒྱ་མཚལ་དང་སིནྡྷ་ར་བསྲེས་པའི་ན་བཟའ་གསོལ། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྐུ་པདྨ་ཚེ་དཔག་མེད་རིགས་ལྔའི་རིལ་སྒྲུབ་དང་། སྒྱུ་འཕྲུལ་ཚེ་དཀར་རིགས་ལྔའི་སྒྲུབ་པ་ལ་བརྟེན་ནས་བྱིན་གྱིས་བརླབས་པ་སྟེ། ཞལ་གདམས་ཀྱི་གཞུང་ལས། རིལ་བུའི་དྲི་ཙམ་ཚོར་བས་ཀྱང་༔ གདོན་བགེགས་ཞི་ཞིང་ཚེ་བསོད་འཕེལ༔ དམ་ཚིག་ལྡན་


JKT022_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྟེན་གྱུར་ན༔ ཚེ་དབང་རིག་འཛིན་ངེས་པར་འགྲུབ༔ ཅེས་དང་། གཞུང་གཞན་ལས་ཀྱང་རྒྱ་ཆེར་གསུངས་སོ།། ༈ །།ཡོན་ཏན་ཕྲིན་ལས་ཀྱི་གནས་མཆོག་སེང་ཆེན་གནམ་བྲག་གི་བྲག་གོང་མོ་འོག་མ་ནས། ཇི་སྐད་དུ། ཟབ་གཏེར་གྱི་ཐོ་བྱང་ལས། དམ་རྫས་དང་པོ་དགའ་རབ་རྡོ་རྗེ་ཡི༔ བདེ་ཆེན་ཡེ་ཤེས་བདུད་རྩིའི་ཕབ་གཏའ་ཡིན༔ འཇམ་དཔལ་བཤེས་གཉེན་ཤེས་རབ་རིལ་བུ་གསུམ༔ ཀླུ་སྒྲུབ་སྙིང་པོའི་ཀླུ་སྨན་རིལ་བུ་གཅིག༔ རིག་པའི་ཡེ་ཤེས་སྨན་གྱི་རིལ་བུ་གསུམ༔ ཨིན་བྷ་ཏིའི་རིན་ཆེན་རིལ་བུ་བཞི༔ སྐྱེ་བདུན་ཤ་ཡི་རིལ་བུ་བདུན་ཚར་དང་༔ ཐུགས་རྗེ་ཆེན་པོའི་མ་ཎི་རིལ་བུ་༣ སངས་རྒྱས་གསང་བའི་རྡོར་སེམས་རིལ་བུ་གསུམ༔ པོ་ཏཱ་ལ་ཡི་འབྲུ་དང་སྨན་གྱི་རིགས༔ ཞེས་གསུངས་པ་ལྟར་སྔར་ཡོངས་སུ་མ་གྲགས་པའི་རྫས་མཆོག་ངོ་མཚར་ཅན་རབ་འབྱམས་ཞིག་ཁྲོམ་གཏེར་དུ་སྤྱན་དྲངས་པར་མཛད་པ་ལས། ཐུགས་རྗེ་ཆེན་པོའི་མ་ཎི་རིལ་བུ་འགྲོ་འདུལ་འཕགས་པའི་ཐིག་ལེ་རིགས་དྲུག་དོང་སྤྲུགས་ནི། སྤྱན་རས་གཟིགས་རྟག་དུ་གཙོར་གྱུར་གནས་ཆེན་རྣམས་སུ་སྐྱེས་པའི་རྟག་དུ་རིགས་གསུམ་དང་། འབྲུ་དཀར་གྱི་ཕྱེ་མ་སྦྱར་བ་ཆུ་གཙང་གིས་སྦྲུས་པར། ཕབ་གཏའ་ཁ་ཆེའི་ཆུར་སྦྱངས་པ་བླུགས་ནས་རིལ་བུ་སྲན་ཆུང་ཙམ་དུ་དྲིལ། མཚལ་གྱིས་ན་བཟའ་གསོལ། གཏེར་ཁ་གསར་རྙིང་གི་


JKT022_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་སྒྲུབ་ཆེན་དང་འབྲེལ་བར་བྱིན་གྱིས་བརླབས་པ་སྟེ། འདིའི་ཕན་ཡོན་སྤྱིར་བཏང་ཉང་གཏེར་འགྲོ་འདུལ་གྱི་གཞུང་ལས། ཡི་གེ་དྲུག་པའི་སྔགས་ཀྱི་སྒྲ༔ ཐོས་པས་ངན་སོང་སྐྱེ་སྒོ་གཅོད༔ རིལ་བུ་ལ་བཏབ་ཟོས་གྱུར་ན༔ ཚེ་རིང་རྒས་སྲ་ནད་གདོན་སེལ༔ ཚེ་རབ་འཕགས་པས་རྗེས་བཟུང་ཞིང་༔ ལས་ངན་སྒྲིབ་པ་ཀུན་བྱང་སྟེ༔ བདེ་བ་ཅན་ཏུ་ངེས་པར་སྐྱེ༔ ཞེས་སོགས་རྒྱ་ཆེར་གསུངས་པས་མཚོན་ཏེ་ཤེས་པར་བྱའོ།། ༈ །།སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་བྲམ་ཟེ་སྐྱེ་བདུན་ཤའི་རིལ་བུ་རྫས་ཀྱི་ཐིག་ལེ་ངན་སོང་དོང་སྤྲུགས་ནི། འབྲུ་དཀར་གྱི་ཕྱེ་མ་དང་། ཤིང་ཚྭ་རོ་འགྱུར་ངེས་སྦྱར་ནས་བརྫིས་པའི་ཟན་ལ། ཕབ་གཏའ་ཁ་ཆེའི་ཁུ་བ་གར་མོ་ལ་སྦྱངས་པ་བླུགས། རིལ་བུ་ཉུང་དཀར་འབྲུ་དགུའི་ཚད་དུ་དྲིལ། ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་སོགས་ཀྱི་སྐྱེ་བདུན་རིལ་སྒྲུབ་ཆེན་མོའི་སྒོ་ནས་ལེགས་པར་བསྒྲུབས་པ་སྟེ། འདིའི་ཕན་ཡོན་གཏེར་ཁ་ཐ་དད་ནས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་དང་། ཁྱད་པར་ཐུགས་སྒྲུབ་ཞལ་གདམས་སྙིང་བྱང་དུ་ལུང་དྲངས་པ། ངན་སོང་དོང་སྤྲུགས་འགྲོ་བ་འདུལ་བའི་རྒྱུད་ཆེན་པོ་ལས༔ བཅོམ་ལྡན་འདས་པདྨའི་སྤྱན་གྱིས་མཁའ་འགྲོ་མ་གར་གྱི་དབང་མོ་ལ་བཀའ་སྩལ་པ༔ དོན་གྱི་བདུད་རྩི་མྱོང་གྲོལ་ནི་སྐྱེ་བ་མེད་པའོ༔ རྟོགས་


JKT022_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདུད་རྩི་མྱོང་གྲོལ་ནི་སྐྱེ་བ་བདུན་པའི་བཅུད་དོ༔ མཚན་མའི་བདུད་རྩི་མྱོང་གྲོལ་ནི་ཚུལ་བཞིན་ཏུ་བསྒྲུབས་པའི་རིལ་བུའོ༔ འདི་ནི་ངན་སོང་དང་འཁོར་བ་ཐམས་ཅད་དོང་ནས་སྤྲུགས་པའི་ཐབས་ཆེན་པོ་འཕགས་པའི་ཐུགས་རྗེ་ལས་རང་བྱུང་བའོ༔ འགྲོ་བའི་རེ་འདོད་ཚུལ་བཞིན་ཏུ་སྐོང་བའི་ཡིད་བཞིན་གྱི་ནོར་བུའོ༔ འདི་ཉིད་སེམས་ཅན་གང་དང་གང་གིས་མཐོང་ངམ༔ ཐོས་སམ༔ རེག་གམ༔ མགུལ་དུ་འཆང་བའམ༔ དྲི་ཚོར་བའམ༔ ཁར་མྱོང་བ་སོགས་འབྲེལ་ཚད་ཐམས་ཅད་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དུང་དཀར་གྱི་རྡུལ་ཕྱིས་པ་བཞིན་དག་པར་འགྱུར་རོ༔ ལྷོ འཁོར་བ་དང་ངན་སོང་དུ་སྐྱེ་བའི་ལས་ཀྱི་སྒོ་ཆོད་པར་འགྱུར་རོ༔ མཐོ་རིས་དང་ཐར་པའི་ས་བོན་ཐེབ་པར་འགྱུར་རོ༔ གཞན་ཡང་ནད་དང་༔ གདོན་དང་༔ ཡིད་མི་བདེ་བ་ཐམས་ཅད་ཞི་ཞིང་༔ ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པར་འགྱུར་རོ༔ བགེགས་དང་བར་དུ་གཅོད་པས་མི་ཚུགས་པའི་སྲུང་བ་ཆེན་པོར་འགྱུར་རོ༔ མདོར་ན་གཞན་མང་དུ་སྨོས་ཅི་དགོས་ཏེ༔ རིལ་བུ་གང་གི་ལྟོར་སོང་བའི་སེམས་ཅན་དེ་འཕགས་པའི་གདུང་འཛིན་པས་སྤྱན་རས་གཟིགས་དབང་ཕྱུག་དང་སྐལ་པ་མཉམ་པར་ཤེས་པར་བྱའོ། །ཞེས་གསུངས་པས་མཚོན་ནོ།། ༈ །།ཐུགས་ཀྱི་ཡོན་ཏན་གྱི་གནས་མཆོག་ལྷོ་ཟླའི་ཀརྨའི་


JKT022_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་རྫོང་ནས་སྤྱན་དྲངས་པའི་ཨོ་རྒྱན་རིན་པོ་ཆེའི་ཕྱག་དྲིལ་ཐུགས་རྗེ་ཆེན་པོའི་མྱོང་གྲོལ་གྱི་རིལ་བུ་བྱིན་རླབས་ཀྱི་ཐིག་ལེ་འཁོར་བ་དོང་སྤྲུགས་ནི། གཏེར་ཁ་འདིའི་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རིལ་བུའི་ལོ་རྒྱུས་ལས། འཁོར་བ་དོང་སྤྲུགས་རིལ་བུ་འདི༔ བདག་དང་རྗེ་འབངས་སྟོང་ཕྲག་གིས༔ བསྒྲུབ་ཚེ་ཐུགས་རྗེའི་ལྷ་ཚོགས་རྣམསཿ དངོས་སུ་ཐིམ་པས་སུས་མྱོང་བ༔ ཐུགས་རྗེ་ཆེན་པོར་གཉིས་སུ་མེད༔ གཞན་ཡང་འ ས་ཆེར་སྤེལ༔ རིལ་བུ་རེ་ལ་ཁྲི་རེ་བསྒྲུབ༔ ཡིག་དྲུག་ཁྲི་ཕྲག་རེ་བཟླས་ནས༔ རིལ་བུ་སུ་དང་སུས་མྱོང་བ༔ ངན་སོང་མེད་པར་ཐེ་ཚོམ་མེད༔ ཅེས་བསྔགས་པ་ཉིད་ཁ་ཆེའི་གྲུངས་ཆུར་སྦྱར་བ། འགྲོ་དོན་ཆོས་དྲུག་གི་མྱོང་གྲོལ་རིལ་སྒྲུབ་ལས་འབྱུང་བ་ལྟར་ནས་དཀར་གཙང་མའི་ཟན་དང་སྦྱར་ཞིང་ཨོ་རྒྱན་རྗེ་འབངས་ཉེར་ལྔའི་ཆོས་སྨན་དང་། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གདུང་གི་རིལ་བུ་དང་བཅས་ཏེ་ཡུངས་ཀར་སྦོམ་པོའི་ཚད་ཙམ་དུ་དྲིལ་བ་ལ་མཚལ་གྱི་ན་བཟའ་གསོལ། རང་གཞུང་གི་མན་ངག་དང་། སྐྱེ་བདུན་སྒྲུབ་ཆེན་གྱི་སྒོ་ནས་ལེགས་པར་བསྒྲུབས་ཏེ། གཏེར་རྙིང་ཕལ་མོ་ཆེར། རིལ་བུ་སུ་ཡི་ལྟོར་སོང་བ༔ ཚེ་རབས་གང་དང་གང་སྐྱེས་ཀྱང་༔ སྤྱན་རས་གཟིགས་དང་འབྲལ་མི་སྲིད༔ སྐྱེ་བ་དྲན་ཅིང་ཐོས་པ་འཛིན༔ ཡོན་ཏན་བསྔགས་པ་ཚད་ལས་འདས༔ ཞེས་དང་།


JKT022_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གཏེར་འགྲོ་དོན་ལས་སྦྱོར་ལྔ་པ་ལས། རྫས་དེ་སེམས་ཅན་ཐམས་ཅད་ཀྱི༔ ལུས་ལ་རེག་གམ་ལྟོ་རུ་བཏང་༔ ཐམས་ཅད་ལས་ངན་མཐའ་བྱང་ནསཿ རིམ་གྱིས་འཕགས་པའི་ཞིང་དུ་སྐྱེ༔ གང་ཞིག་འཆི་ཁའི་སེམས་ཅན་གྱིས༔ རྫས་དེ་ལྟོར་བཏང་སྡིག་སྒྲིབ་དག༔ བར་དོའི་དུཉཁ་འཕགས་པས་སྐྱོབ༔ རྫ་ས་དེ་ཚོང་འདུས་སྲང་མདོ་དང་༔ དུར་ཁྲོད་གནས་དང་རི་མཐོའི་གནས༔ གང་དུ་བཞག་པ་དགེ་བའི་གནས༔ དེ་ལ་རེག་གམ་དྲི་ཚོར་བའི༔ སེམས་ཅན་ཐམས་ཅད་མཐོ་རིས་འགྲོ༔ འདི་ཡི་ཡོན་ཏན་བརྗོད་མི་ལོང་༔ ཞེས་སོགས་དང་མཐུན་པར་གཞུང་འདི་ཉིད་ལས་ཀྱང་རྡོ་རྗེའི་སྨོན་ལམ་དུ་མཛད་པ་བཞིན་ནོ།། ༈ །།གནས་ཆེན་ནམ་མཁའ་མཛོད་ནས་དྲངས་པའི་འཕགས་པ་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་རི་བོ་ཏཱ་ལའི་ས་རྡོ་མྱོང་གྲོལ་གྱི་རིལ་བུ་དམ་རྫས་སྡུག་བསྔལ་ཞི་བྱེད་ཉོན་མོང་རང་གྲོལ་ནི། གཏེར་གཞུང་ཡིད་བཞིན་འཁོར་ལོའི་མན་ངག་ལས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་བོད་ལ་ཕན་པའི་ཕྱིརཿ པོ་ཏཱ་ལ་ཡི་གནས་སུ་ཕྱིན འཕགས་པ་ཐུགས་རྗེ་ཆེན་པོ་ལ༔ ཞི་མཐུན་ཚེ་ནོར་ཆོས་རྣམས་ནི༔ སྒྲུབ་ཐབས་ཞུས་པས་གདམས་པ་དང་༔ པོ་ཏཱ་ལ་ཡི་ས་རྡོ་ལ༔ ཐུགས་རྗེས་བྱིན་བརླབས་བདག་ལ་གནང་༔ མཆིམས་ཕུར་བསྒྲུབས་ཏེ་བོད་ཁམས་སུ༔ དམ་རྫས་སྡུག་བསྔལ་ཞི་བྱེད་འགྱེད༔


JKT022_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཁམས་བདེ་ཞིང་སྐྱིད་པ་བྱུང་༔ རྒྱལ་ཁམས་མ་ཎིར་བདག་གིས་བསྐུལ༔ ཕྱི་རབས་རྗེས་འཇུག་དེ་བཞིན་མཛོད༔ གདམས་པ་དམ་རྫས་འདི་ལྟ་བུ༔ གཏེར་ཁ་གཅིག་ལས་སྦས་པ་མེད༔ ལྷ་སྲས་སྐྱེ་བར་འཕྲོད་པར་ཤོག༔ ཅེས་གསུངས་པ་ལྟར་ངོ་མཚར་བྱིན་རླབས་ཀྱི་ཕུང་པོར་ཡོངས་སུ་གྲུབ་པའི་མྱོང་གྲོལ་ཉིད་གུར་གུམ་གྱི་ཕྱེ་མ་དང་ལྷན་ཅིག་ཏུ་ཞིབ་བཏགས་ཆུ་གཙང་ལ་སྦྱངས་པར། དེའི་ཐུམ་ཤུན་ཅོང་ཞི་@དང་ལྷན་དུ་འདུར་བ་བཏབ། གནས་ཆེན་པདྨ་ཤེལ་ཕུག་སོགས་ལས་བྱུང་བའི་ས་ཞག་དཀར་དམར། ཅོང་ཞི། ཅུ་གང་། སིནྡྷ་ར། ཕྲན་བུ་བཅས་ཞིབ་འདུར་ཙནྡན་དམར་པོའི་ཁུ་གར་གྱིས་སྦྲུས་པའི་ཟན་དང་སྦྱར་ཏེ་རིལ་བུ་སྲན་ཆུང་ཙམ་དུ་དྲིལ། ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་རྩ་བའི་བུམ་སྒྲུབ་དང་། ཡན་ལག་ཆོས་འཕེལ་པ། ཕན་ཚུན་མཐུན་པ། ནོར་དང་ལོངས་སྤྱོད་རྒྱས་པ། ཚེ་སྤེལ་བར་བྱེད་པའི་བུམ་པ་སྒྲུབ་པའི་མན་ངག་རྣམས་ཀྱིས་ལེགས་པར་བསྒྲུབས་པ་སྟེ། མྱོང་གྲོལ་གྱི་ཕན་ཡོན་སྤྱི་དང་། ཁྱད་པར་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་ཞིང་ཕན་ཚུན་མཐུན་ཅིང་སྐྱིད་པ་དང་། ཚེ་ཆོས་ལོངས་སྤྱོད་ཐམས་ཅད་འཕེལ་བ་དང་། བུམ་གཏེར་གྱི་སྙིང་པོར་སྦས་ན་ཡུལ་ཕྱོགས་དེ་ཐམས་ཅད་ལ་གོང་གི་ཕན་ཡོན་འབྱུང་བ་སོགས་བསམ་གྱིས་མི་ཁྱབ་པས། ལས་སྦྱོར་གྱི་མན་ངག་ཞིབ་ཏུ་ཤེས་པར་འདོད་ན་


JKT022_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གཞུང་རྩ་བ་མན་ངག་ཕྱག་བཞེས་ཀྱིས་བརྒྱན་ཏེ་རྟོགས་པར་བྱའོ།། ༈ །།གོ་སྟོད་འོད་འབར་བྲག་ནས་སྤྱན་དྲངས་པའི་སིདྡྷི་རིལ་བུ་དམ་རྫས་མྱོང་གྲོལ་ཕྲིན་ལས་རོལ་པའི་ལོ་རྒྱུས་བཞུགས་སོ།། །། ཨོཾ་སྭ་སྟི། །སྤྲུལ་པའི་གཏེར་སྟོན་རིན་པོ་ཆེ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་གོ་སྟོད་འོད་འབར་བྲག་ནས་སྤྱན་དྲངས་པའི་སིདྡྷི་རིལ་བུར་གྲགས་པ་དམ་རྫས་མྱོང་གྲོལ་ཕྲིན་ལས་རོལ་པའི་ལོ་རྒྱུས་ནི། ཨོ་རྒྱན་རིན་པོ་ཆེའི་གསུང་བཞིན་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས་ཟིན་བྲིས་སུ་མཛད་པའི་དཀར་ཆག་ལས། པདྨ་བཛྲ་རྩལ་ལ་ཕྱག་འཚལ་ལོ༔ བླ་མའི་ཐུགས་སྒྲུབ་ཟབ་མོ་བསམ་ཡས་ཀྱི༔ སྙིང་པོ་སྐུ་གསུམ་སྤྱི་དང་བྱེ་བྲག་སྟེ༔ དེ་དག་ཀུན་གྱི་ཕྲིན་ལས་སྦྱོར་བའི་ཆེད༔ དམ་རྫས་མྱོང་གྲོལ་སྒྲུབ་པའི་ཕབས་འདི་ནི༔ བོད་ཡུལ་གླིང་དགུའི་ས་ཡི་ལྟེ་བ་མཆོག༔ སྤྲུལ་པའི་ཞིང་ཁམས་བྲག་དམར་བསམ་ཡས་ཀྱི༔ དབེན་གནས་མཆིམས་ཕུ་དབང་ཆེན་ཕོ་བྲང་དུ༔ བཀའ་འདུས་རྒྱ་མཚོ་སྒྲུབ་པའི་ཚོགས་གྲལ་ནས༔ དཀྱིལ་འཁོར་གཙོ་མཆོག་ཁྱབ་བདག་བདེ་བ་ཆེ༔ གུ་རུ་པདྨའི་སྐུ་ཡི་བཀོད་པ་ནི༔ བསམ་གྱིས་མི་ཁྱབ་འཁོར་འདས་ཀུན་ཏུ་འཕྲོས༔ འདས་དང་ད་ལྟར་བཞུགས་པའི་རྫོགས་སངས་རྒྱས༔ བྱང་སེམས་ཁྱུ་མཆོག་ཀུན་གྱི་ཡེ་ཤེས་རྣམས༔ འོད་ཀྱི་གོང་བུ་བྱེ་བ་མཐའ་ཡས་སུ༔ སྤྱན་དྲངས་རིན་ཆེན་བུམ་པའི་ནང་དུ་ཞུགས།


JKT022_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་འཇིག་རྟེན་སྣོད་བཅུད་བདུད་རྩིའི་ཚོགས༔ གཅིག་ཏུ་བསྡུས་ནས་སྔར་བཞིན་ཐིམ་པ་ལས༔ སློབ་དཔོན་ཆེན་པོའི་ཏིང་འཛིན་ཆོ་འཕྲུལ་གྱིས༔ དེ་ཉིད་དམ་རྫས་དངོས་པོའི་གཟུགས་སུ་སྤྲུལ༔ མ་འོངས་དད་ལྡན་མཐོང་ཐོས་དྲན་རེག་ཀུན༔ སྐྱེ་བ་བདུན་ནས་འབད་མེད་གྲོལ་བའི་ཕྱིར༔ ཕྲིན་ལས་རྟེན་མཆོག་སྙིང་པོའི་བཙས་སུ་བཞག༔ ཕྱི་མའི་དུས་སུ་ལས་ཅན་སྐྱེས་བུས་རྙེད༔ དེ་ཚེ་འགྲོ་འདུལ་ཆོས་ཀྱི་བདག་པོ་ཡིས༔ དམ་རྫས་སེལ་མེད་རྣམས་དང་ལྷན་ཅིག་གམ༔ འདི་ཉིད་ཁོ་ན་རིན་ཆེན་སྙིང་པོ་བཞིན༔ ཁམས་སའམ་ནི་འབྲུ་དཀར་ཕྱེ་མ་དང་༔ ལེགས་པར་སྦྱར་ཏེ་དམ་རྫས་རིལ་བུའི་ཚཔཿ ཡུངས་ཀར་ལྔ་བསྒྲིལ་ཙམ་དུ་བྱས་ནས་སུ༔ ཕབས་ཀྱི་རིལ་བུ་རེ་རེར་འབུམ་དུ་སྤེལ༔ ཚུལ་བཞིན་བསྒྲུབས་པའི་རིལ་བུ་སུས་སྤྱོད་པ༔ ཚེ་འདིར་ནད་དང་སྡུག་བསྔལ་བར་ཆད་ཞི༔ ལེགས་དགུའི་བསམ་པ་ཐམས་ཅད་འབད་མེད་འགྲུབ༔ ཕྱི་མ་ངན་སོང་གསུམ་གྱི་སྐྱེ་སྒོ་གཅོད༔ མཐོ་རིས་མི་ལུས་ཆོས་ལྡན་ངེས་པར་ཐོབ༔ རྡོ་རྗེ་གསང་མཆོག་ཉེ་ལམ་ལ་བརྟེན་ནསཿ སྐྱེ་བ་བདུན་ནས་འབད་པ་མེད་པར་གྲོལ༔ རིལ་བུ་འགྱེད་ལ་གུ་རུའི་སྙིང་པོ་མཆོག གསུང་རབ་ཡན་ལག་བཅུ་གཉིས་འདུས་པའི་བཅུད༔ བླ་མའི་གསང་སྔགས་ཡི་གེ་བཅུ་གཉིས་པ༔ ཀུན་ལ་བསྐུལ་ཞིང་མཐོང་ཐོས་དྲན་རེག་ཀུན༔ བྱང་ཆུབ་སྙིང་པོར་


JKT022_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་པའི་སྨོན་ལམ་གདབ༔ དེ་ཚེ་རྔ་ཡབ་དཔལ་གྱི་རི་བོ་ནས༔ ཨོ་རྒྱན་ཡེ་ཤེས་སེམས་དཔའ་མངོན་སུམ་བྱོན༔ དད་ལྡན་སྐྱེས་བུའི་སྙིང་ལ་ཞུགས་ནས་ཀྱང་༔ བྱང་ཆུབ་བར་དུ་མི་འབྲལ་བྱིན་གྱི་རླབས༔ བོད་ཡུལ་འཕྲལ་ཡུན་བདེ་ཐབས་དེ་ལས་མེད༔ གུ་རུའི་ཞལ་ཆེམས་ཡིན་ནོ་ཕྱི་རབས་རྣམསཿ ཁོ་མོ་མཚོ་རྒྱལ་བོད་ལ་སེམས་བརྩེ་སྟེ༔ གདམས་པའི་ཡང་སྙིང་བླ་མའི་སྒྲུབ་ཁོག་དང་༔ དམ་རྫས་ཡང་སྙིང་ཕྲིན་ལས་རོལ་པ་གཉིས༔ མ་འོངས་དོན་དུ་ཟབ་མོའི་གཏེར་དུ་སྦས༔ གལ་ཆེན་དོན་ལ་མོས་པའི་སེམས་ཀྱིས་སྤྱོད༔ ཡལ་བར་མ་དོར་ཕྱི་རབས་སྐྱེས་བུ་རྣམས༔ ཐ་ཚིག་སྙིང་ལ་ཕུར་ཞིག་ས་མ་ཡ༔ རྒྱ་རྒྱ༔ ཞེས་གསུངས་པ་ལྟར། བྱིན་བརླབས་ཀྱི་གཟི་བྱིན་མཆོག་ཏུ་འབར་བའི་རིལ་བུ་འདི་ཉིད་རྡོ་རྗེའི་ལུང་གིས་རྒྱ་ཆེར་སྤེལ་བར་བསྔགས་པའི་རྗེས་སུ་འབྲངས་ཏེ། བཀའ་བརྒྱད་བདེ་གཤེགས་འདུས་པའི་དཔལ་དགུའི་རྟེན་ཐོད་ནས་བྱུང་བའི་འབྲུ་དཀར་གྱི་ཕྱེ་གཙང་མ་དང་། ཙནྡན་དཀར་པོ་དྲི་ཐོན། སྤྲུལ་པའི་གཏེར་ཆེན་རིན་པོ་ཆེ་ནས་ཐུགས་སྒྲུབས་དང་། བཀའ་བརྒྱད་ཀྱི་ཚོམ་བུ་ཚོགས་སྒྲུབ་ལྷོ གནང་བའི་བུམ་ཆུ། བདག་ཅག་གིས་འོག་མིན་ཚོགས་ཆེན་འདུས་པ་ཐེག་དགུ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་བསྒྲུབས་པའི་བུམ་ཆུ་ཁ་ཆེའི་ཁུ་གར་དང་བཅས་ཀྱིས་རིལ་བུར་དྲིལ་ནས། དོན་གྲུབ་ཅེས་པ་ས་


JKT022_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལུག་གི་ལོའི་དབོ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་ནས་བརྩམས། དཔལ་སྡེ་དགེ་ལྷུན་གྲུབ་སྟེང་གི་སྒྲུབ་ཁང་བླ་བྲང་ཕན་བདེ་ཀུན་ཁྱབ་གླིང་དུ་སྐྱབས་མགོན་རྡོ་རྗེ་འཛིན་པ་ཆེན་པོ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་གཙོ་མཛད། བདག་ཅག་འདུས་པ་རྣམས་ཀྱིས་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་དང་། ཐུགས་སྒྲུབ་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་མ་ཟུང་དུ་འབྲེལ་བའི་གཞུང་ལ་གོང་གི་དམ་རྫས་ཉིད་དང་ལྷན་གཅིག་ཏུ་སྤྱན་དྲངས་པའི། འགྲོ་བའི་དོན་ཏུ་དམ་རྫས་མྱོང་གྲོལ་གྱི་སྒྲུབ་པ་བླ་མའི་བསྙེན་སྒྲུབ་ལས་གསུམ་དང་འབྲེལ་བའི་གདམས་པ་ཞེས་སྒྲུབ་ཆེན་གྱི་ཁོག་འབུབས་པའི་ཆོ་ག་ཁྱད་པར་ཅན་སྦྱར་ཏེ། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒོ་ནས་བསྒྲུབས་པ་འདིས་ཀྱང་མཐོང་ཐོས་དྲན་རེག་གི་འགྲོ་ཀུན་འཁོར་བ་དང་ངན་སོང་གི་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་ལས་གྲོལ་ཞིང་། མཆོག་དང་ཐུན་མོང་གི་དངོས་གྲུབ་རབ་འབྱམས་ཡིད་བཞིན་ཏུ་འགྲུབ་པ་དང་། ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་སིདྡྷི་རསྟུ། ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སོ།། ༈ །།སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པའི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་རྡོ་རྗེར་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་ཕྱག་རྒྱ་གཅིག་པ་


JKT022_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཕྱག་རྒྱ་སྤྲོས་བཅས་ཀྱི་དཀྱིལ་འཁོར་དུ་བསྒྲུབས་པའི་རྡོ་རྗེ་སེམས་དཔའི་རིལ་བུ་བདེ་བ་ཆེན་པོའི་ཐིག་ལེ་ཉམས་ཆག་དོང་སྤྲུགས་ནི། སྦས་གནས་ཆེན་པོ་རྣམས་ནས་བྱུང་བའི་ཅུ་གང་གཞི་བྱས། གངས་ཏིག །ཅོང་ཞི། སིནྡྷ་ར། ཡུངས་ཀར་བཅས་ཅུང་ཟད་རེ་སྦྱར་བ་ཞིབ་བཏགས་ཆུ་གཙང་གིས་སྦྲུས་པའི་ཟན་ལ། ཕབས་གཏའ་ཆུ་གཙང་དུ་སྦྱངས་པ་བླུགས་ཏེ་རིལ་བུ་སྲན་མ་ཙམ་དུ་བསྒྲིལ་བར་རྒྱ་དཀར་གྱི་དྭང་མས་ན་བཟའ་གསོལ། དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་གྲོལ་ལམ་གསུམ་གྱི་མན་ངག་དང་། དགའ་རབ་སྙིང་ཏིག་གི་རིལ་སྒྲུབ་ཀྱི་སྒོ་ནས་སྔ་ཕྱིར་ཚད་ལྡན་ཏུ་བསྒྲུབས་པ་སྟེ། འདིའི་ཕན་ཡོན་ཀྱང་། གྲོལ་ལམ་གྱི་མན་ངག་ལས། དེ་ལྟ་བུ་ཡི་དམ་རྫས་དེ། གང་གིས་ཟོས་པས་ཉམ་ཆགས་སྦྱོང་༔ དམ་ཚིག་དངོས་གྲུབ་ཀུན་ཐོབ་ནས༔ འཕོ་མེད་བདེ་ཆེན་གྲུབ་པར་འགྱུར༔ ཞེས་དང་༔ དགའ་རབ་རྡོ་རྗེའི་སྙིང་ཏིག་ལས། བདེ་ཆེན་རྡོ་རྗེ་སེམས་དཔའ་ཡི༔ རྫས་མཆོག་མྱོང་བས་གྲོལ་བ་འདི། མཐོང་ཐོས་དྲན་རེག་ཚོར་བ་ཀུན༔ སྐྱེ་བ་བདུན་ནས་འབད་མེད་གྲོལ༔ གནས་སྐབས་བགེགས་ཞི་ཉམ་ཆག་སྐོང་༔ ཚེ་དང་ལུས་ཀྱི་བཅུད་ལེན་འགྱུར༔ ཞེས་སོགས་རྒྱ་ཆེར་བསྔགས་པའི་ཕྱིར་དམ་རྫས་ཀུན་གྱི་སྙིང་པོ་ངོ་མཚར་ཅན་ནོ།། ༈ །།འཛི་སྨད་མཁའ་འགྲོ་ཤེལ་ཕུག་གི་གཏེར་བྱོན་མཁན་


JKT022_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བོ་དྷི་སཏཱའི་སྐུ་ཆོས་རིལ་བུ་དམ་རྫས་མྱོང་གྲོལ་ཆེན་མོ་ནི། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་ལུང་བྱང་བདེ་གཤེགས་འདུས་པའི་ཕྱི་མ་ལས། གསང་བའི་བདག་པོ་ཀུན་དགའ་བོ༔ ཟ་ཧོར་ཡུལ་དུ་སྐུ་འཁྲུངས་པ༔ བློ་ལྡན་སྙིང་སྟོབས་ཆེན་པོ་ནི༔ བྷྱོ་དྷི་སཏཱ་ཞེས་བྱ་བ༔ མཐོང་བས་དོན་ཡོད་སེམས་དཔའ་སྟེ༔ མིང་ཙམ་གྱིས་ཀྱང་དོན་ཆེན་བྱེད༔ ཞེས་སོགས་གསུངས་པ་ལྟར་དཔལ་གསང་བའི་བདག་པོའི་ཡེ་ཤེས་ཀྱི་སྐུ་ངུར་སྨྲིག་འཛིན་པའི་ཚུལ་དུ་བསྟན་པ་དགེ་སློང་བྱང་ཆུབ་སེམས་དཔའ་ཆེན་པོ་གངས་རིའི་ཁྲོད་ཀྱི་ཐུབ་དབང་གཉིས་པར་གྱུར་ཅིང་། འབྲེལ་ཚད་དོན་ལྡན་དུ་བསྔགས་པ་མཐའ་ཡས་པས་ན། དེའི་སྐུ་ཆོས་ཀྱི་ཟེག་མ་ཅོང་ཞི་དང་ལྷན་ཅིག་ཞིབ་བཏགས་ཁ་ཆེའི་དྭངས་ཆུར་སྦྱར། འབྲུ་དཀར་གྱི་ཕྱེ་མ། གུར་གུམ་མདོག་འགྱུར། ཙན་དཀར་དྲི་ཐོན་བཅས་ཀྱི་ཟན་ལ་སྦྱར་ནས་རིལ་བུ་ཉུངས་ཀར་སྦོམ་པོའི་ཚད་དུ་དྲིལ། མྱོང་གྲོལ་རིལ་བུའི་བསྒྲུབ་པས་བྱིན་གྱིས་བརླབས་པ་སྟེ། གང་གིས་མྱོང་བ་དང་མགུལ་དུ་འཆང་བ་སོགས་བྱང་ཆུབ་སེམས་པའི་ཐུགས་བསྐྱེད་དང་སྨོན་ལམ་བླ་ན་མེད་པས་ཕྱི་ནང་གི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕུང་པོ་རྣམ་པར་དག་པས་ཐར་པའི་མྱུ་གུ་གོང་ནས་གོང་དུ་འཕེལ་བར་འགྱུར་ཉིད་དོ།། ༈ །།ཀརྨའི་འབུམ་རྫོང་གནས་


JKT022_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་གི་གསང་ཕུག་སློབ་དཔོན་རིན་པོ་ཆེ་ནས་སྒྲུབ་ཆེན་མཛད་པའི་སྟེགས་བུ་ནས་སྤྱན་དྲངས་པའི་བྲམ་ཟེའི་སློབ་དཔོན་ཆེན་པོ་པྲ་བྷ་ཧ་སྟིའི་སྐུ་གདུང་རིལ་བུ་སྐྱེ་བདུན་མྱོང་གྲོལ་འགྲོ་འདུལ་ཆེན་མོ་ནི། གངས་ཏིག་དང་། གནས་ཆེན་རྣམས་ཀྱི་ས་ཞག་ཁམ་པ་ལ་གཞི་བྱས། རྟག་ཏུ་རིགས་གསུམ་དང་བཅས་ཞིབ་བཏགས་ཆུ་གཙང་གིས་སྦྲུས་པར། སྐུ་གདུང་གུར་གུམ་དང་ལྷན་ཅིག་ཞིབ་བཏགས་ཁ་ཆེའི་ཆུར་སྦྱངས་པ་བླུགས་ནས་རིལ་བུ་སྲན་ཆུང་ཙམ་དུ་དྲིལ། སྐྱེ་བདུན་སྒྲུབ་ཆེན་གྱི་སྒོ་ནས་ལེགས་པར་བསྒྲུབ་པ་སྟེ། ཕན་ཡོན་ཀྱང་། ཨོ་རྒྱན་ཆེན་པོས། གང་ཞིག་མནར་མེད་མྱོང་འགྱུར་ཀྱང་༔ ཁྱད་འཕགས་རྫས་འདི་ཤིག་སྙིང་ཙམ༔ ལྟོར་སོང་རྒྱལ་བའི་གོ་འཕང་ཐོབ༔ རླུང་ཕྱོགས་དྲི་ཙམ་ཚོར་བས་ཀྱང་༔ ཆོས་ལྡན་མི་ལུས་ངེས་པར་ཐོབ༔ ཞེས་གཏེར་ཁ་ཐམས་ཅད་ལས་དོན་མཚུངས་པར་གསུངས་པས་མཚོན་ཏེ་ཤེས་པར་བྱའོ།། ༈ །།སློབ་དཔོན་པྲ་བྷ་ཧ་སྟིའི་གསང་ཆེན་གསེར་དུ་གྱུར་པ་རྣམ་སྣང་རིལ་བུ་བཅུད་ཀྱི་སྙིང་པོ་ནི། གནས་ཆེན་ནས་བྱུང་བའི་ས་ཞག་དཀར་པོ་དང་། སེར་པོ་དག་ལ་གཞི་བྱས། གླ་རྩི། ཛཱ་ཏི། ཨ་ག་རུ་དཀར་ནག །སྤང་སྤོས་བཅས་ཞིབ་བཏགས་ཆུ་གཙང་གིས་སྦྲུས་པར། ཕབས་གཏའ་ཁ་ཆེའི་ཆུར་སྦྱངས་པ་བླུགས། རིལ་བུ་ཉུངས་ཀར་སྦོམ་པོའི་ཚད་དུ་དྲིལ་ནས་བདུད་རྩི་ཁྲོལ་སྒྲུབ་སོགས་


JKT022_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐབས་སུ་དཔལ་རྟག་པའི་རྡོ་རྗེ་རྣམ་རང་སྣང་མཛད་ཀྱི་ངོ་བོར་བྱིན་གྱིས་བརླབས་པ་སྟེ། ཕན་ཡོན་མྱོང་གྲོལ་གྱི་སྐབས་སུ་བཤད་པ་སྤྱི་དང་། བྱེ་བྲག་ཏུ་འདི་ཉིད་ཁོ་ནའམ། བདུད་རྩི་མར་ཁུ་སོགས་དང་སྦྱར་ཏེ་བསྟེན་པའི་ཕན་ཡོན་ཡོན་ཏན་བདུད་རྩིའི་རྒྱུད་ལས། ཚེ་དང་བསོད་ནམས་འཕེལ་བ་དང་། འབྱུང་བ་སྙོམས་ནས་ལུས་བདེ་སྟེར། བགེགས་ཀྱིས་མི་ཚུགས་རིམས་མི་འོང་། འགྲོ་བ་རྣམས་ཀྱི་མགོན་ཏུ་འགྱུར། ཀུན་ལ་ཕན་ཐོགས་ནོར་བུ་དང་། གནོད་པས་མི་ཚུགས་ནམ་མཁའ་འདྲ། ཞེས་གནས་སྐབས་དང་། དྲི་ཆེན་རྡོ་རྗེ་རྣམ་སྣང་མཛད། །ཉོན་མོངས་གཏི་མུག་སྦྱོང་བ་སྟེ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ། །ཞེས་མཐར་ཐུག་གི་ཡོན་ཏན་དང་། གཞན་ཡང་ཀླུ་གདོན་འཇོམས་ཤིང་། མཛེ་ནད་དང་དུག་ནད་ཐུབ་པ། ཚེ་དང་ལུས་ཀྱི་བཅུད་ལེན་དུ་འགྱུར་པ་སོགས་མཐའ་ཡས་པར་གསུངས་སོ།། ༈ །། སློབ་དཔོན་པྲ་བྷ་ཧ་སྟིའི་གསང་ཆབ་གསེར་དུ་གྱུར་པའི་མི་བསྐྱོད་རིལ་བུ་བདུད་རྩིའི་སྙིང་པོ་ནི། ས་ཞག་གསེར་མདངས་ཅན་ལ་གཞི་བྱས། གུར་གུམ། གླ་རྩི་དྲི་ཐོན། ཅོང་ཞི། བྲག་ཞུན། ལི་ག་དུར། ལི་ཤི། སྤོས་དཀར་རྣམས་ཞིབ་བཏགས་ཆུས་སྦྲུས་པའི་ཟན་ལ། ཕབས་གཏའ་ཁ་ཆེའི་ཆུར་སྦྱངས་པ་བླུགས་ནས་རིལ་བུ་ཉུངས་ཀར་སྦོམ་པོའི་ཚད་དུ་དྲིལ། །བདུད་རྩི་ཁྲོལ་སྒྲུབ་སོགས་ཀྱི་སྐབས་དཔལ་མི་


JKT022_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་རྡོ་རྗེ་སེམས་དཔའི་ངོ་བོར་བྱིན་གྱིས་བརླབས་པ་སྟེ། ཕན་ཡོན་སྐུ་གདུང་མྱོང་གྲོལ་གྱི་སྐབས་སུ་བཤད་པ་སྤྱི་དང་། བྱེ་བྲག་ཏུ། རང་བྱུང་དྭང་མ་བདུད་རྩིའི་རྒྱུན། །མི་བསྐྱོད་དྲི་ཆུ་ཞེས་གྲགས་ཏེ། །རིམས་དང་གག་ལྷོག་འབྲུམ་ནད་སྲུང་། །རྙིང་པ་འབྱོངས་ཤིང་གསར་པ་ཞི། །ལྕེ་བདེ་གྲེ་འགྱུར་སྐད་སྙན་འབྱུང་། །ཞེས་སོགས་དང་། །དྲི་ཆུ་རྡོ་རྗེ་མི་བསྐྱོད་པ། །ཉོན་མོངས་ཞེ་སྡང་སྦྱོང་བ་སྟེ། ། མེ་ལོང་ཡེ་ཤེས་སྐུ་འགྲུབ་བོ། །ཞེས་སོགས་རྒྱ་ཆེར་གསུངས་སོ།། ༈ །།གསུང་གི་ཐུགས་ཀྱི་གནས་མཆོག་ན་བུན་རྫོང་ནས་སྤྱན་དྲངས་པའི་ཆོས་རྒྱལ་ཁྲི་སོང་ལྡེའུ་བཙན་གྱི་གདུང་རུས་རིལ་བུ་དམ་རྫས་ཟླ་ཞུན་ཆེན་མོ་ནི། །འཇམ་དཔལ་རྩ་བའི་རྒྱུད་ལས་ས་འོད་བཟང་པོ་ཞེས་ལུང་བསྟན་ཅིང་། རིག་འཛིན་རྩ་བའི་རྒྱུད་ལས། བཱ་གི་ཤྭ་རིའི་ཐུགས་རྒྱུད་ཀྱི། །རིག་པ་འཛིན་གྱིས་དེ་བཞིན་ཏེ། །བསྟན་པའི་སྙིང་པོ་རབ་ཏུ་འདྲེན། །སོགས་ནས། བྲཧྨ་ཚངས་པ་ལྷའི་མེ་ཏོག་དེ་བ་པུཉྩེ་ཡིས། །ཀུན་གྱི་ལུང་རྩལ་སྣང་བྱེད་ཅིང་། །མཐར་ཕྱིན་བྱང་ཆུབ་སོན་པར་བྱེད། །ཅེས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་བསྔགས་ཤིང་། བྱང་ཆུབ་ཆེན་པོར་ལུང་བསྟན་པས་ན་འབྲེལ་ཚད་དོན་དང་ལྡན་པའི་ཕྱིར། གཏེར་བྱོན་ལས་སྤེལ་པའི་རིལ་བུ་དང་། ས་སྐྱོང་སེ་ནཱ་ཤུ་བྷའི་རྟེན་ཁྲོད་དུ་བཞུགས་པའི་ཆོས་རྒྱལ་ཁྲི་སྲོང་གི་དབུ་ཐོད་ལ་


JKT022_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གསུམ་མགོན་པོའི་སྣང་བརྙན་རང་བྱོན་ཤིན་ཏུ་གསལ་བའི་ཆ་ཤས་བརྡར་བའི་ཕྱེ་མ་ཅོང་ཞི་དང་ལྷན་ཏུ་བཏགས་པ་བཅས་ཁ་ཆེའི་ཆུར་སྦྱངས། གངས་ཏིག་དང་། ཅུ་གང་ཞིབ་བཏགས་ཁ་ཆེའི་ཆུས་སྦྲུས་ཏེ་མདོག་ངང་སེར་དུ་གྱུར་པའི་ཟན་དང་སྦྱར་ནས་རིལ་བུ་ཉུངས་ཀར་སྦོམ་པོའི་ཚད་དུ་དྲིལ། བདུད་རྩི་བསྒྲུབ་པ་སོགས་ཀྱི་སྐབས་དཔལ་དོན་ཡོད་གྲུབ་པ་རྡོ་རྗེ་རྟའི་རྒྱལ་པོའི་ངོ་བོར་བྱིན་གྱིས་བརླབས་པ་སྟེ། ཕན་ཡོན་ནི་མྱོང་གྲོལ་གྱི་སྐབས་སུ་བཤད་པའི་ཕན་ཡོན་སྤྱི་དང་། རྒྱུད་ལས། དོན་ཡོད་གྲུབ་པ་རྒྱལ་པོ་ཆེས། །དཔལ་ལྡན་དོན་ཀུན་གྲུབ་པར་བྱེད། །དེ་ཕྱིར་རྣལ་འབྱོར་པས་བསྟེན་བྱ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་རོ།། ༈ །།འབུར་མོ་གནས་ནས་སྤྱན་དྲངས་པའི་མཁའ་འགྲོ་མཚོ་རྒྱལ་གྱི་གསང་ཆབ་གསེར་དུ་གྱུར་པའི་རིལ་བུ་དམ་རྫས་རིན་ཆེན་སྙིང་པོ་ནི། ས་ཞག་གསེར་མདངས་ཅན་ལ་གཞི་བྱས། དྲི་ཆུའི་སྐྱོབས་གུར་གུམ་སོགས་ཇི་སྐད་བཤད་པ་རྣམས་དང་བཅས་ཞིབ་པར་བཏགས་ཏེ་ཆུ་གཙང་གིས་སྦྲུས་པའི་ཟན་ལ། ཕབས་གཏའ་ཁ་ཆེའི་ཆུར་སྦྱངས་བ་བླུགས་ནས་རིལ་བུ་ཉུངས་ཀར་སྦོམ་པོའི་ཚད་ཙམ་དུ་དྲིལ། རྡོ་རྗེ་ཕག་མོ་ཁྲོས་མའི་དཀྱིལ་འཁོར་དུ་རཏྣ་དྷཱ་ཀི་སེར་མོ་དོན་གྲུབ་པའི་ངོ་བོར་བྱིན་གྱིས་བརླབས་པ་སྟེ། ཕན་ཡོན་ནི། ཨོ་རྒྱན་དྲི་མེད་ཀུན་དགའི་གཏེར་ལུང་ལས། གསང་བ་ཀུན་བཟང་རྡོ་རྗེ་


JKT022_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོའི་དབྱིངས༔ ནང་ལྟར་འགྲོ་འདུལ་རྗེ་བཙུན་སྒྲོལ་མར་བཞེངས༔ དེ་ཉིད་ཐུགས་རྗེ་ཆེན་པོས་རྒྱུད་བསྐུལ་ནས༔ ཕྱི་ལྟར་བོད་འདིར་མི་མོ་མཚོ་རྒྱལ་མ༔ མི་བརྗེད་གཟུངས་ཐོབ་གསང་སྔགས་བཀའ་བསྡུ་མཛད༔ འབྲེལ་ཚད་དོན་ལྡན་བྱང་ཆུབ་སེམས་མ་ཆེ༔ ལས་ལུས་མ་ཡིན་དག་པ་ཡེ་ཤེས་སྐུ༔ མིང་ཙམ་ཐོས་པས་འཁོར་བ་མཐའ་ཅན་འགྱུར༔ ཞེས་སོགས་རྒྱ་ཆེར་བསྔགས་པས་ན་མྱོང་གྲོལ་ཀུན་གྱི་རྒྱལ་པོར་གྲུབ་ཅིང་། བྱེ་བྲག་གི་ཕན་ཡོན་ཀྱང་། ཉང་གཏེར་ཕག་མོའི་བདུད་རྩིའི་གཞུང་ལས། དྲི་ཆུ་རིན་ཆེན་སྤྲུལ་པའི་སྐུ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ༔ ཞེས་དང་། དྲི་ཆུས་བདུད་དང་འབྲུམ་ནག་ཐུབ༔ ཅེས་སོགས་བསྔགས་པའི་ཡོན་ཏན་ཐམས་ཅད་ཀྱང་ཡར་ལྡན་དུ་འབྱུང་བ་ཉིད་དོ།། ༈ །།དེ་ལྟར་རྣམ་སྣང་རིལ་བུ་སོགས་འདི་རྣམས་མྱོང་གྲོལ་གྱི་རིགས་སྤྱི་དང་། ཁྱད་པར་བདུད་རྩི་ཆོས་སྨན་གྱི་རྫས་ལ་མཆོག་ཏུ་བསྔགས་སོ།། ༈ །།ས་སྤྱོད་གསུངས་གི་འཁོར་ལོ་འོག་མིན་ཀརྨའི་ཆོས་གྲྭར་མེ་སྦྲུལ་སྨིན་ཟླའི་ནང་། གཏེར་ཆེན་རིན་པོ་ཆེ་མཁན་སློབ་རྣམས་ཀྱིས་གཏེར་གསར་ཡང་ཕུར་སྦྲགས་མའི་སྒྲུབ་ཆེན་མཛད་སྐབས་སྒྲུབ་གཏོར་ལས་བདུད་རྩི་ཤེལ་ལྟར་དྭང་ཞིང་དྲི་རོ་ཕུན་སུམ་ཚོགས་པ་བབས་པ་ཉིད་གཏའ་སྤེལ་དུ་སྦྱར་བའི་དམ་རྫས་བདུད་རྩི་གྲུབ་པའི་ཐིག་ལེ་ལ། འབྲས་དཀར་ཞིབ་བཏགས་དར་ཚགས་སུ་


JKT022_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པར་གཞི་བྱས། ཤིང་མངར་རོ་འགྱུར་བ། ཙནྡན་དཀར་པོ་དྲི་ཐོན། དེའི་སུམ་ཆ་ཙམ་ཏོང་ཀུ། གཏོར་མའི་སྤྱོད་སྨན་བྱིན་ལྡན་ཕྲན་བུ་བཅས་བཏག་བཙགས་བསྲེ་འདུར་བྱས་པ། ཁ་ཆེའི་ཁུ་བ་གར་མོ་དང་། ཆང་ལ་སྦྱར་བའི་སྦྲང་དཀར་གྱི་ཉིང་ཁུ་ཅུང་ཟད་ཀྱིས་སྦོལ། ཕབས་གཏའ་ཁ་ཆེའི་ཆུར་སྦྱངས་པས་བྲན་ཏེ་ཆ་ཤས་རིལ་བུ་སྲན་ཆུང་ཙམ་དང་། བྱིངས་རྣམས་བདུད་རྩི་ཕུར་མའི་ཚུལ་དུ་བྱས་པ། ཨཱ བླ་མ་ཡིད་དམ་གྱི་སྒྲུབ་པའི་སྐབས་དམ་རྫས་གཏོར་མ་ལྟར་བྱིན་གྱིས་བརླབས། སྐྱེ་བདུན་མྱོང་གྲོལ་སོགས་ཀྱི་སྐབས་སུའང་སྒྲུབ་པའི་ཀློང་དུ་བཞུགས་སུ་གསོལ་བ་སྟེ། ཕན་ཡོན་ནི། གཏེར་གསར་མྱོང་གྲོལ་སྒྲུབ་ཁོག་ཏུ་རྒྱུད་ཀྱི་ལུང་དྲངས་པར། རྡུལ་ཚོན་བུམ་ཆུ་གཏོར་མ་སོགསཿ སྒྲུབ་པའི་རྫས་ཀྱི་ཆ་ཤས་ཙམ༔ མཐོང་ཐོས་རེག་པས་དོན་ཡོད་ཅིང་༔ མྱོང་བས་ཚེ་བསོད་ལུས་ཟུངས་འཕེལ༔ སྒྲིབ་དག་ཐར་པའི་ས་བོན་ཐེབ༔ བུམ་པའི་སྙིང་པོར་བཞུགས་པའམ༔ རྟེན་གྱི་ནང་དུ་གཞུག་ཀྱང་རུང་༔ ཡུལ་ཕྱོགས་དགེ་ཞིང་བཀྲ་ཤིས་འགྱུར༔ ཅེས་སོགས་རྒྱ་ཆེར་གསུངས་པས་མྱོང་གྲོལ་རིལ་བུ་དང་༔ བདུད་རྩི་ཕུར་མ་སོགས་ལ་བསྲེ་བ་དང་། བུམ་གཏེར་གྱི་ནང་གཞུག་སོགས་ལ་བསྔགས་སོ།། ༈ །།སྐུའི་གསུང་གི་གནས་མཆོག་འོག་མིན་ཀརྨའི་དཔལ་གྱི་དེའུ་ནས་ཁྲག་འཐུང་མངོན་རྫོགས་རྒྱལ་པོའི་མན་ངག་མ་མོ་སྤྱི་བསྡུས་


JKT022_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཟབ་ཆོས་དང་ལྷན་ཅིག་ཏུ་སྤྱན་དྲངས་པའི་སྐུ་གསུང་ཐུགས་ཀྱི་རིལ་བུ་ཁྱད་འཕགས་ཚུལ་དྲུག་དང་ལྡན་པ་ལ། གཟི་བརྗིད་བསྐྱེད་པ་སྐུའི་རིལ་བུ་དམ་རྫས་ཉི་མའི་སྙིང་པོ་ནི། དམ་རྫ་ས་སྒྲུབ་པའི་ཡན་ལག་ལས། དཔལ་ཆེན་མངོན་རྫོགས་རྒྱལ་པོ་ཡི༔ འཆི་མེད་བདུད་རྩིའི་ལུང་བསྒྲུབ་ཚེ༔ ལས་ཀྱི་ཁ་བསྒྱུར་ཡན་ལག་ནི༔ སྐུ་གསུང་ཐུགས་ཀྱི་རིལ་བུ་བསྒྲུབ༔ གཟི་བརྗིད་སྐུ་ཡི་རིལ་བུ་ནི༔ ཨ་རུ་དབང་ལག་ཀ་ར་དང་༔ དམར་སེར་བ་ཡི་འོ་མས་བསྒྲིལ༔ ཞེས་གསུངས་པ་ལྟར། ཨ་རུ་ར་གསེར་མདོག་དང་། དབང་ལག་དུག་འདོན་བཅུད་འགུགས་སོགས་ཚད་ལྡན་དུ་བྱས་པ་ཆ་མཉམ་པའི་ཕྱེ་མ། བ་གསར་དམར་ཟལ་གྱི་འོ་མ་དང་ཤེལ་ཀ་ར་སྦྱར་བས་སྦོལ་བ་ལ་ཕབ་གཏའ་བ་འོར་སྦྱར་བ་བྲན་ཏེ། ཐོག་མར་བདུད་རྩི་ཕུར་མའི་ཚུལ་དུ་འོག་མིན་ཚོགས་ཆེན་འདུས་པའི་བདུད་རྩི་སྨན་གྱི་ཆོ་གས་བསྒྲུབས། །སླར་ཡང་རིལ་བུ་སྲན་འཕོས་ཙམ་དུ་དྲིལ་ནས་སངས་རྒྱས་ཀུན་གྱི་སྐུ་རྡོ་རྗེའི་བདག་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའི་ངོ་བོར་བྱིན་གྱིས་བརླབས་པ་སྟེ། ཕན་ཡོན་ནི། གནས་སྐབས་སུ་ལུས་ཀྱི་ནད་གདོན་ཞི། སྡིག་སྒྲིབ་དག །ཚེ་དང་སྟོབས་དང་གཟི་བརྗིད་རྒྱས། གཞན་སྣང་ཟིལ་གྱིས་གནོན། སྐྲ་དཀར་དང་གཉེར་མ་མི་འབྱུང་། མཐར་ཐུག་ལུས་ཀྱི་རྩ་མདུད་གྲོལ་ཞིང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུར་འགྲུབ་པར་


JKT022_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་སོགས་ཕན་ཡོན་མཐའ་ཡས་པས་མྱོང་གྲོལ་གྱི་རིགས་སྤྱི་དང་། བཅུད་ལེན་གྱི་རྫས་སོགས་ལ་མཆོག་ཏུ་བསྔགས་སོ།། ༈ །།དཔལ་གྱི་དེའུ་ནས་སྤྱན་དྲངས་པའི་ཚངས་དབྱངས་སྐྱེད་པ་གསུང་གི་རིལ་བུ་དམ་རྫས་ཟླ་བའི་བདུད་རྩི་ནི། གཏེར་གཞུང་ལས། ཚངས་དབྱངས་གསུང་གི་རིལ་བུ་ནི༔ ཁུག་གྲེ་སྤང་རྒྱན་ཀྱི་ཀྱེ་དང་༔ ཙནྡན་དམར་པོ་ཆ་མཉམ་སྦྱརཿ ཞེས་པ་ལྟར། སྤང་རྒྱན་དཀར་པོ། ཀྱི་ཀྱེ་དཀར་པོ། ཙནྡན་དམར་པོ་རྣམས་ཆ་མཉམ་དང་། ཁུ་བྱུག་གི་གྲེ་བ་བཅས་ཞིབ་པར་བཏགས་པ་ཙནྡན་དམར་པོའི་ཁུ་བས་སྦོལ། ཕབ་གཏའ་ཙན་དམར་གྱི་ཁུ་བ་དང་སྦྱར་བས་བྲན་ཏེ་འོག་མིན་ཚོགས་ཆེན་འདུས་པའི་བསྙེན་སྒྲུབ་བཞི་ལྡན་བདུད་རྩི་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབ་ཅིང་། སླར་རིལ་བུ་སྲན་མ་ཙམ་དུ་བསྒྲིལ་ཏེ་གསུང་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ངོ་བོར་བསྒྲུབས་པ་སྟེ། ཕན་ཡོན་ནི། ཀཾ གནས་སྐབས་ངག་གི་ནད་གདོན་ཞི། སྡིག་སྒྲིབ་དག །ལྕེ་བདེ། གྲེ་བ་སྙན། དབང་པོ་གསལ་ཞིང་དྭངས། ཡིད་འཕྲོག་པ་ཚངས་པའི་དབྱངས་ལྟ་བུ་འཐོབ་ཅིང་། མཐར་ཐུག་རླུང་དབུ་མར་ཐིམ་ནས་གསུང་། རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པ་སོགས་མཐའ་ཡས་པས་ན། མྱོང་གྲོལ་བདུད་རྩིའི་རིགས་སྤྱི་དང་། ཁྱད་པར་བློ་འཕེལ་གྱི་རིལ་བུའི་རིགས་སོགས་ལ་མཆོག་ཏུ་བསྔགས་སོ།། ༈ །།དཔལ་གྱི་དེའུ་


JKT022_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྤྱན་དྲངས་པའི་བདེ་ཆེན་སྐྱེད་པ་ཐུགས་ཀྱི་རིལ་བུ་དམ་རྫ་ས་དགའ་བཞིའི་ཐིག་ལེ་ནི། གཏེར་གཞུང་ལས། བདེ་ཆེན་ཐུགས་ཀྱི་རིལ་བུ་ནི༔ ཤ་ཆེན་ལུག་མུར་ཅོང་ཞི་གཉིསཿ རྒྱལ་བའི་གདུང་རྟེན་རིང་བསྲེལ་བཅས༔ ཞེས་གསུངས་པ་ལྟར། སྟོན་དུས་བརྐོས་པའི་ལུག་མུར་གྱི་ཕྱེ་མ་དང་། ཅོང་ཞི་མཛོ་མོའི་འོ་མར་འདམ་བཏགས་ཆ་མཉམ། ཤ་ཆེན་ནུས་ཐོན་ཞིབ་བཏགས་བཅས་གར་ཆང་གིས་སྦོལ། དེ་ལ་ཕབས་གཏའ་ཆང་གི་ཉིང་ཁུར་སྦྱངས་བ་ལ། སངས་རྒྱས་ཀྱི་འཕེལ་གདུང་དང་། དགའ་རབ་རྡོ་རྗེའི་གདུང་རྟེན་ཅོང་ཞི་དང་ལྷན་ཅིག་ཞིབ་ཏུ་བཏགས་པས་བྲན་པའི་བདུད་རྩི་ཕུར་མ་ཉིད་དཔལ་ཚོགས་ཆེན་འདུས་པའི་བདེ་ཆེན་སྦྱོར་བའི་དཀྱིལ་འཁོར་དུ་ཧེ་རུ་ཀ་བྱེ་བ་སྙེད་ཡབ་ཡུམ་གྱི་དགའ་བཞིའི་ཟིལ་དངར་དང་རོ་གཅིག་ཏུ་བྱིན་གྱིས་བརླབས། སླར་རིལ་བུ་སྲན་མ་ཙམ་དུ་དྲིལ་ནས་ཐུགས་རྡོ་རྗེ་གསང་བའི་བདག་པོའི་ཡེ་ཤེས་སུ་བསྒྲུབས་པ་སྟེ། ཕན་ཡོན་ནི། གནས་སྐབས་སུ་ཡིད་ཀྱི་ནད་གདོན་ཞི། སྡིག་སྒྲིབ་དག །ཉམས་རྟོགས་དང་རིག་རྩལ་ཕྱོགས་མེད་དུ་རྒྱས། གཟུངས་དྲན་དང་། མངོན་ཤེས་ཏིང་ངེ་འཛིན་འགྲུབ། དགའ་བཞིའི་ཡེ་ཤེས་ལ་བརྟེན་ནས་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་གོ་འཕང་ལ་སྦྱོར་བ་སོགས་ཕན་ཡོན་བསྔགས་པ་མཐའ་ཡས་པས་ན། མྱོང་གྲོལ་གྱི་རིགས་སྤྱི་དང་། ཁྱད་པར་བདུད་རྩི་ཕུར་མ་


JKT022_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དང་རིལ་བུ་སོགས་བླ་མེད་ཀྱི་རྫས་མཐའ་དག་ལ་མཆོག་ཏུ་གཅེས་ཤིང་། ཚོགས་ཀྱི་འཁོར་ལོའི་དུས་སུ་མ་ད་ན་ལ་སྦྱར་ནས་བསྟེན་ན་ཉམས་རྟོགས་རྩོལ་མེད་དུ་འཆར་བ་དང་། ཡེ་ཤེས་དབབ་པའི་སྐབས་སུ། གླ་རྩི། ཙནྡན་དཀར་དམར། མིའི་སྐྲ་སེན་དང་ཞྭ་བཞིའི་ཤ །མི་ཀླད། ཚིལ་ཆེན། བྱང་སེམས་དཀར་དམར། བྱི་ལའི་བྲུན། གུ་གུལ། སྤོས་ཀར། ཤུ་དག་ནག་པོ་བཅས་ཀྱི་ཕྱེ་མ་ཆང་གིས་སྦོལ་བ་དང་སྦྱར་ཞིང་། ཐུགས་སྒྲུབ་སྙིང་བྱང་གི་པདྨ་དཔའ་བོའི་ལས་ཚོགས་ལྟར་བསྒྲུབས་པ་རོ་སོལ་གྱི་མེར་བདུག་པས་ཡེ་ཤེས་ཀྱི་ཟིལ་ཆེན་ལྷག་པར་འབེབ་སྟེ། བསྙེན་སྒྲུབ་དུས་སུ་བདུག་པ་ཡིས༔ ཡེ་ཤེས་པ་རྣམས་དབང་མེད་འདུ༔ བྱིན་ཆེན་ཕེབས་ཤིང་ཉམས་རྟོགས་འཕེལ༔ དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར༔ ཞེས་སོགས་གསུངས་པས་མཚོན་ཏེ། དབང་བསྐུར་བའི་དུས་སུ་བདུད་རྩིར་སྦྱར་ནས་བྱིན་པས་དཔེ་དོན་གྱི་ཡེ་ཤེས་འདྲེན་པ་དང་། ཟབ་མོའི་རྣལ་འབྱོར་གྱི་སྐབས་སུ་བསྟན་པས་ཏིང་ངེ་འཛིན་གནད་དུ་འགྲོ་བ་སོགས་མཐའ་ཡས་པར་རྟོགས་པར་བྱའོ།། ༈ །།གོ་སྟོད་འོད་འབར་བྲག་ནས་སྤྱན་དྲངས་པའི་སྐུ་ཚབ་རིན་པོ་ཆེ་ཐུགས་རྗེ་འོད་འཕྲོའི་རྒྱུ་དམ་རྫས་དཔལ་གྱི་སྙིང་པོ་ནི། མཐོང་གྲོལ་སྐུ་རྟེན་རྣམ་གཉིས་ཀྱི་དཀར་ཆག་མཁའ་འགྲོ་མཚོ་རྒྱལ་གྱིས་མཛད་པ་ལས། སྐུ་ཡི་ཆ་ཤས་རྡུལ་ཕྲན་རེ་རེ་དང་༔


JKT022_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མ་དྲོས་ས་དང་བྱེ་མ་ཨ་ཀྲོང་སྦྱར༔ སྐུ་ཚབ་གྲངས་མེད་སྤེལ་ལ་རབ་ཏུ་གནསཿ དད་ལྡན་མོས་པར་མཚམས་པའི་རྟགས་རྣམས་འབྱུང་༔ གང་དུ་བཞུགས་པའི་ཕྱོགས་དེར་བཀྲ་ཤིས་ཤིང་། ཐུགས་རྗེའི་བདག་ཉིད་གུ་རུ་པདྨ་ཡི༔ བྱིན་རླབས་ངེས་པར་འཇུག་པའི་ཞལ་ཆེམས་ཡོད༔ ཤེས་རབ་ཅན་གྱིས་ལེགས་པར་སེམས་ལ་སྤྱོད༔ དེ་བཞིན་སྐུ་རྒྱུའི་ཆ་ཤས་ཕྲ་མོ་དག༔ འབུར་དུ་བཏོད་དམ་རིས་སུ་བྲིས་པ་དང་༔ རྒྱ་ལས་བཏབ་པའི་སྐུ་ལ་འདྲེས་པ་ནི༔ ཡེ་ཤེས་སེམས་དཔའ་དངོས་སུ་བཞུགས་པར་འགྱུར༔ རྟེན་མཆོག་གྲུབ་དང་རབ་གནས་མཉམ་དུ་འབྱུང་༔ ཞེས་རྒྱ་ཆེར་བསྔགས་པ་ལྟར་འབྲས་གསུམ། བཟང་དྲུག །ཙནྡན་དཀར་དམར་སོགས་བཟང་སྨན་གྱི་ཕྱེ་མ་ཁ་ཆེའི་ཆུས་སྦྲུས་པའི་ཟན་ལ། ཕབས་གཏའ་ཁ་ཆེའི་ཆུར་སྦྱར་བས་རིལ་བུ་རྒྱ་སྲན་སྦོས་པ་ཙམ་དུ་བསྒྲིལ། འོག་མིན་ཚོགས་ཆེན་འདུས་པ་དང་། ཐུགས་སྒྲུབ་རྣམ་གཉིས་ཀྱི་སྒྲུབ་པ་ཆེན་པོའི་སྐབས་སུ་ཡེ་ཤེས་ཀྱི་གཟི་བྱིན་ཕབས་ཤིང་བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་ངོ་བོར་བྱིན་གྱིས་བརླབས་པ་སྟེ། ཕན་ཡོན་ནི། གོང་དུ་གཏེར་ལུང་ལས་གསལ་ལ། རིལ་བུ་རེ་རེ་སྐུ་ཚབ་རེ་བཞེངས་པའི་རྒྱུ་ཡིན་ཅིང་། སྤྱིར་གུ་རུའི་སྐུ་ཚབ་གཙོར་གྱུར་རྩ་གསུམ་དང་སངས་རྒྱས་བྱང་སེམས་སོགས་ཀྱི་སྣང་བརྙན་རབ་འབྱམས་བཞེངས་པའི་སྐབས་སྡེར་སྐུའི་རྒྱུར་


JKT022_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེ་བ། བརྡུང་དང་བླུགས་སྐུ་སོགས་ཀྱི་ནང་གཞུག་ཏུ་འཇོག །བྲིས་སྐུའི་རིགས་ཀྱི་གཞིར་བྱུགས་པའམ་ཚོན་དང་སྦྱར་བ་སོགས་གང་འོས་བྱ། གཞན་ཡང་གསུང་རྟེན་སྤྱི་དང་གཟུངས་གཞུག་སོགས་འབྲི་བ་དང་སྤར་བའི་ཚེ་སྣག་ཚལ་བསྲེ་བ། ཐུགས་ཆོས་སྐུའི་རྟེན་གྱི་ནང་དུ་གཞུག་པ་སོགས་མདོར་ན་རྟེན་གསུམ་གང་ལའང་མཆོག་ཏུ་བསྔགས་པའི་སྔོན་མེད་ཀྱི་གྲུབ་པའི་རྫས་ངོ་མཚར་ཆེ་བའོ།། ༈ །།སེང་གནམ་བྲག་ནས་སྤྱན་དྲངས་པའི་སངས་རྒྱས་སྨན་གྱི་བླ་མའི་ཡེ་ཤེས་ཀྱི་སྐུ་གཟུགས་གཞན་དུ་སྣང་བ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱི་འཆི་མེད་བདུད་རྩི་སྨན་གྱི་ནོར་བུ་སྲིད་ཞིའི་ཐིག་ལེ་དུག་གསུམ་དོང་སྤྲུགས་ནི། ཨ་རུ་ར་གསེར་མདོག་སྤུས་ལེགས་ཀྱི་ཕྱེ་མ་ཤིན་ཏུ་ཞིབ་པ་ཆུ་གཙང་གིས་སྦྲུས་པའི་ཟན་ལ། ཕབས་གཏའ་ཆུ་གཙང་དང་སྦྱར་བ་བླུགས་ནས་རིལ་བུ་སྲན་མ་ཙམ་དུ་དྲིལ། གཡུ་ཐོག་བླ་སྒྲུབ་ཀྱི་ལས་གཞུང་དང་སྨན་གྱི་དངོས་གྲུབ་བསྡུ་བའི་སྔགས་གཙོ་བོར་བཏོན་པས་བྱིན་གྱིས་བརླབ། གཞན་ཡང་སྔ་ཕྱིར་བདུད་རྩི་སྨན་གྱི་སྒྲུབ་པ་དང་། ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་མའི་ལས་ཚོགས་ཨོ་རྒྱན་སྨན་བླའི་རིལ་སྒྲུབ་སོགས་ཀྱིས་ཀྱང་བསྒྲུབ་ཅིང་། སྟོང་ཆེན་རབ་འབྱམས་ལས་གསུངས་པའི་སྔགས་དང་བདེན་པའི་ཚིག་གིས་ལྷག་པར་གནས་པ་སྟེ། ཕན་ཡོན་ནི། འདི་ཉིད་གྲོང་ཁྱེར་ལྟ་ན་སྡུག་སྨན་གྱི་ནགས་ཚལ་ཆེན་པོའི་


JKT022_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་རུ་ར་རྣམ་པར་རྒྱལ་བ་གཙོར་གྱུར་སྨན་ཐམས་ཅད་ཀྱི་བཅུད་བསྡུས་པ་གོང་བུར་གྲུབ་པས་མྱོང་གྲོལ་གྱི་སྐབས་སུ་བཤད་པའི་ཕན་ཡོན་ཐམས་ཅད་འབྱུང་བར་མ་ཟད། སྤྱིར་སློབ་དཔོན་ཆེན་པོ་ངག་དབང་གྲགས་པས། གྲུབ་པའི་སྨན་ནི་གཞན་དག་ཀྱང་། །ངེས་པར་བསྟེན་པར་གྱུར་པ་ཡིས། །ཚེ་འཕེལ་ནད་དང་རྒས་པ་ནི། །ཟད་པས་འཆི་བ་མི་མཐོང་ངོ་། །ཞེས་དང་། སྨན་རྣམས་ཀྱི་ནི་མཐུ་ལ་ཡང་། །༡ སོམ་ཉི་བྱ་བ་རིགས་མིན་ཏེ། །གང་ཕྱིར་སྨན་གྱི་ནུས་པ་ནི། །བསམ་མི་ཁྱབ་པར་ཀུན་ཏུ་སྣང་། །ཞེས་གསུངས་པ་ལྟར། རིལ་བུ་མྱོང་བའམ། མགུལ་དུ་འཆང་བ་ཙམ་གྱིས་ཀྱང་སྟོང་ཕྲག་བརྒྱད་ཅུའི་གདོན་བགེགས་ཀྱིས་མི་ཚུགས་པ་དང་། བཞི་བརྒྱ་རྩ་བཞིའི་ནད་ཞི་བ་སོགས་བྱིན་ནུས་བསམ་གྱིས་མི་ཁྱབ་ཅིང་། བྱེ་བྲག་ཨ་རུ་ར་རྣམ་པར་རྒྱལ་བ་གཅིག་པུའི་ནུས་པས་ཀྱང་། དཔལ་ལྡན་རྒྱུད་ལས། རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་སེལ། །ཁྱད་པར་བཀྲ་ཤིས་དོན་ཀུན་འགྲུབ་པས་བཟང་། ཞེས་དང་། བདུད་རྩི་མཆོག་གི་ལུང་ལས། །རོ་ནུས་ཡོན་ཏན་ཀུན་ལྡན་པ། །རྣམ་པར་རྒྱལ་བའི་དྲི་ཙམ་ཡང་། ། གང་གིས་མཐོང་ཚོར་མྱོང་བ་ན། །ནད་འཕྲོག་གདོན་ཞི་བགེགས་ཀུན་འདུལ། །བསམ་ཀུན་འགྲུབ་ཅིང་བཀྲ་ཤིས་བྱེད། །སྨན་གྱི་ནོར་བུ་ཆེན་པོ་ཡིན། །ཅེས་བསྔགས་པ་དང་། ཁྱད་པར་ཨོ་རྒྱན་སྨན་གྱི་བླ་


JKT022_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྒྲུབ་རྫས་སུ་སྦྱར་བས་ན་ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་མའི་ཞལ་ཆེམས་ལས། སུས་སྤྱོད་འདུ་བ་སྙོམས་ཤིང་ནད་རྣམས་ཞི༔ གདོན་བགེགས་བར་ཆད་ཕྱོགས་སུ་ཉེ་མི་ནུསཿ ལུས་སྟོབས་འཕེལ་ཞིང་གཟི་བརྗིད་རིག་རྩལ་རྒྱསཿ མཐར་ཐུག་འཁོར་བ་ངན་སོང་སྡུག་བསྔལ་ལས༔ རྣམ་གྲོལ་བྱང་ཆུབ་མཆོག་གི་རིགས་སུ་འགྱུར༔ ཞེས་པས་མཚོན་ཏེ་རྒྱ་ཆེར་ཤེས་པར་བྱ་ཞིང་མྱོང་གྲོལ་ཆོས་སྨན་སོགས་སྤྱི་དང་། རིན་ཆེན་རིལ་བུས་མཚོན་སྨན་སྦྱོར་ཁྱད་པར་ཅན་རྣམས་ལ་བསྲེ་བ་མཆོག་ཏུ་བསྔགས་སོ།། ༈ །།སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པའི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོའི་ཀླུའི་ནོར་བུ་སྨན་གྱི་རིལ་བུ་རྩི་སྨན་ཀུན་གྱི་དྭང་བཅུད་དགེ་ལེགས་འཇོ་བ་ནི། རིལ་བུ་སྤེལ་དཔྱད་གཏེར་ལུང་ལས་ཀླུ་སྨན་ཐམས་ཅད་ཚོགས་པའམ། སྤང་སྤོས་ཁོ་ནས་ཀྱང་རུང་པར་གསུངས་པས། འདིར་སྤང་སྤོས་སྟོན་དུས་བརྐོས་པའི་རྩ་བ་སྙིང་པོ་ཁོ་ན་ལོགས་སུ་ཕྱེ་བའི་གཙང་མ་ལ་གཞི་བྱས། ཀླུ་སྨན་གྱི་སྦྱོར་བ་རྒྱས་བསྡུས་མཐའ་ཡས་པར་གསུངས་ནའང་། ཡོངས་སུ་གྲགས་ཤིང་རྙེད་སླ་བ་སེང་གེ་སྒྲའི་ཆོ་ག་ལས་བྱུང་བ། བཟང་པོ་དྲུག འབྲས་བུ་གསུམ། རྒྱ་མཚོ་སྦུ་བ་དངོས་འཁྲུལ་མེད་སྙེད་དཀའ་ནའང་། དེའི་ཚབ་ཆུ་བལ་སྔོན་པོ་སྲོག་ཆགས་སོགས་ཀྱི་རོ་མེད་པའི་གཙང་མ་གྲིབ་སྐམ་བྱས་པ། ཀཎྜ་ཀ་རིའི་བར་ཤུན། བྲག་ལ་སྐྱེས་པའི་སྔོ་ཆུ་


JKT022_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་སྡེར་མོ། དབང་པོ་ལག་པ་སོར་མོ་ལྔ་པ་ནས་གསུམ་པ་ཡན་ཁོ་ན། པདྨ་གེ་སར་དངོས་དང་། ཁ་སབ་ཤང་དྲིལ་དཀར་པོའི་མེ་ཏོག ནཱ་ག་གེ་སར་དངོས་དང་། ཁ་སབ་ཀླུ་ཤིང་འོམ་བུའི་མེ་ཏོག སྔོ་སྙི་བའི་མེ་ཏོག །འདི་མ་འབྱོར་ན་ནུས་མཚུངས་ལུག་མུར་བའི་མེ་ཏོག་གིས་ཀྱང་རུང་། ཨུཏྤལ་སྔོན་པོ་ཡོངས་གྲགས་ཀྱི་མེ་ཏོག །དཔེ་ལ་ལར་གྲ་མའི་མེ་ཏོག་ཞེས་སྣང་བ་ལྟར་ཀླུ་ཤིང་གྲ་མའི་མེ་ཏོག་སེར་པོ། མཚལ་དཀར་རྡོ་མཚལ་ལྷད་མེད། པུ་ཤེལ་རྩེའམ་རྩ་འབའ་ལ། སྙིང་ཞོ་ཤ །མཁལ་ཞོ་དཀར་པོ། མཆིན་པ་ཞོ་ཤ །གླ་གོར་ཞོ་ཤ །བལ་ཡུལ་སོགས་ནས་བྱུང་བའི་རྩ་རྨ་བྱའི་མདོངས་དངོས་དང་། དེའི་ཁ་སབ་རྩ་ཀོ་ཋ་སྟེ་གྲེས་མ་ཆུང་བའི་མེ་ཏོག་དང་ལོ་མ། ཕྱག་ཚང་ཀུ་བ། ནོར་བུ་ཞེས་སངས་རྒྱས་ཀྱི་འཕེལ་གདུང་དང་། དེའི་ཚབ་ཏུ་གངས་ཏིག་རིལ་བུར་འདྲིལ་བ། མྱུ་གུ་ཞེས་རྩ་ཀུ་ཤ །ལྷང་ཚེར་དཀར་པོ། མཁལ་སྲན་དཀར་པོ། གསེར་མེའི་མེ་ཏོག །སྔོ་པྲི་ཡང་། སྤང་རྒྱན་དཀར་པོ་དང་། སྔོན་པོའི་མེ་ཏོག །ཤུ་དག་དཀར་པོ་འཁྲུལ་མེད་དབྱིབས་ཤུ་དག་ནག་པོ་འདྲ་བ་མདོག་དཀར་ཞིང་དྲི་ང་བ་མེད་པ་ཚིགས་མཚམས་རིང་པོ་ཅན། སླེ་ཏྲེས། གྲོ་མ། མོན་བུ་དཀར་པོ། རྒུན་འབྲུམ་དཀར་པོ། ནཱ་ག་པུབྦེ་ཞེས་བལ་ཡུལ་སོགས་སུ་ཡོད་པའི་ཀླུ་ཤིང་མེ་ཏོག་གི་ཚབ་རུང་གོང་སྨོས་འོམ་བུ་དང་གྲ་མའི་མེ་ཏོག་གིས་མཐུས་


JKT022_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅས་དང་། དེ་སྟེང་ཀླུའི་པང་ཀོང་ལས་བྱུང་བ། ཐང་མ་སྒྲོན་ཤིང་གི་ལོ་མ། འདི་ཚབ་ཐང་དཀར་གྱི་ལོ་མས་ཀྱང་རུང་། སྨྱུག་ལོ། ཟི་ར་དཀར་པོ་དང་། ནག་པོ། སྦྲུལ་ལྤགས་སུ་གྲགས་པ་རོང་མཚམས་ནས་འབྱུང་བའི་ཤིང་གི་ཤུན་པ་ཁྲ་བོ་དང་། ཁམས་འདིར་འབྲུག་ཤིང་དུ་གྲགས་པའི་བར་ཤུན། སློབ་དཔོན་དགའ་རབ་རྡོ་རྗེའི་གཞུང་ལས་འདིའི་འབྲས་བུ་ཆར་འབེབས་ཀྱི་རྫས་མཆོག་ཏུ་གསུངས་པས་འབྲས་བུའང་ཅི་རིགས་པ། དུང་ཕོར་མདོག་བཟང་འདི་དུང་དངོས་དང་། རྡོ་མདུང་རྩེ་དཀར་པོ་བཏང་བའི་ཕྱག་ལེན་ཀྱང་སྣང་བས་སྐབས་འདིར་ཕྱི་མ། སྤོས་དཀར། རྡོ་རྒྱུས་བྱ་བལ་མ། ཏིལ་དཀར་པོ་དང་། ནག་པོ། ག་བུར། གུར་གུམ། ཙནྡན་དཀར་པོ། ཙནྡན་དམར་པོ་བཅས་རྣམས་ལས་བཀྲུ་བར་འོས་པ་རྣམས། རྣམ་འཇོམས་དང་སྨེ་བརྩེགས་ཀྱི་བུམ་ཆུས་ལེགས་པར་བཀྲུས་ཤིང་གྲིབ་མང་སྐམ། ཐམས་ཅད་སྤོས་དཀར་དང་། སྤང་སྤོས་ལ་གྲིབ་སེལ་གྱི་སྔགས་ཀྱིས་བཏབ་པས་བདུག་སྟེ་མདོར་ན་དམར་སྐྱུར་གླ་རྩི་སོགས་ཀྱི་དྲིས་ཕོག་པའི་སྐྱོན་སྦྱངས་ཏེ་ཤིན་ཏུ་གཙང་བར་བྱས་རྗེས། སོ་སོར་ཞིབ་བཏགས་བསྲེ་འདུར་སོགས་འཐེམ་པར་བྱས་པ། བལ་ཡུལ་ནས་འབྱུང་བའི་ཀ་ར་སྐྱ་སོབ་ཕག་ཚིལ་གྱིས་མ་བཞུས་པ་དང་། བུར་དཀར་ཚིལ་གྱིས་མ་བཞུས་པ། སྦྲང་དཀར་སྲོག་ཆགས་དང་སྙིགས་མའི་སྐྱོན་བྲལ་བ། ར་


JKT022_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་འོ་མ་དང་། བ་དམར་མོའི་འོ་མ་རྣམས་ལྷན་ཅིག་ཏུ་སྦྱར་བས་སྦོལ། ཐོག་མར་ཉུང་ཤས་ཙམ་གཏེར་བྱོན་གྱི་རིལ་བུའི་ཁ་དོགས་དང་མཚུངས་པར་བྱ་བའི་ཕྱིར་གནས་ཆེན་ལས་བྱུང་བའི་སིནྡྷ་ར་མདོག་འགྱུར་བ་བསྲེས་ཏེ། དེ་ལ་ཕབས་གཏའ་སེང་གེ་སྒྲའི་བུམ་ཆུ་དང་། ཁ་ཆེའི་ཆུར་སྦྱངས་པ་བླུགས་ནས་རིལ་བུ་སྲན་སྦོས་ཙམ་དང་། དེས་ཕབས་གཏའ་བྱས་ཏེ་བྱིངས་རྣམས་ཕུར་མའི་ཚུལ་དུ་སྦྱར། བདག་ཅག་སོགས་ཀླུ་དབང་རྒྱལ་པོའི་བསྙེན་པ་ཚད་ལྡན་སོང་བའི་དགེ་སློང་བརྒྱད་གྲས་ཀླུ་དབང་གཟུངས་འབུམ་ཕྲག་གསུམ་དང་། སེང་གེ་སྒྲའི་རྩི་སྨན་གྱི་བུམ་སྒྲུབ་ལྟར་སྨན་བདུད་རྩིར་བསྒྱུར་བའི་སྔགས་ཁྲི་ཕྲག་གསུམ་གྱིས་བྱིན་གྱིས་བརླབས་ཅིང་། སྟོང་ཆེན་རབ་འབྱམས་ལས་གསུངས་པའི་བདེན་ཚིག་གིས་ལྷག་པར་གནས་པ་དང་། སླར་ཡང་ཐུགས་སྒྲུབ་སྙིང་བྱང་གུ་རུ་རྒྱལ་བའི་གདུང་འཛིན་གྱི་ལས་ཚོགས་པདྨ་མཁའ་འགྲོའི་ལྷ་སྔགས་ཀྱིས་ཀྱང་བསྒྲུབ་པ་སྟེ། ཕན་ཡོན་ནི། སློབ་དཔོན་ཀླུས། ཀླུའི་བུམ་པ་བཞུགས་པའི་ས་ཕྱོགས་སུ་ནོར་རྫས་ལོངས་སྤྱོད་འཕེལ་བ་དང་། སད་སེར་ཐོག་གི་འཇིགས་པ་མི་འབྱུང་བ་དང་། ཀླུའི་གནོད་པ་དང་བྲལ་ཞིང་སྐྱེས་པ་དང་བུད་མེད་ཐམས་ཅད་དར་བར་འགྱུར་པ་སོགས་གསུངས་པ་འདིར་ཡང་མཚུངས་ཤིང་། དཔལ་གྲྭ་ལོའི་ཀླུ་གཏོར་གྱི་གཞུང་རྙིང་ལས། ཀླུའི་སྨན་རྣམས་སྦྱར་


JKT022_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། ས་བདག་ཀླུ་གཉེན་ཐམས་ཅད་ཀྱི་དགོས་འདོད་འབྱུང་བའི་ནོར་བུ། ན་བ་གསོ་བའི་སྨན། འཆི་བ་སློང་བའི་བདུད་རྩི་ཡིན་པས། ཀླུ་རྟེན་དུ་གཞུག་པའམ། གཏོར་མའི་རྫས་ལ་བསྲེས་ན་དེས་ཀླུ་དང་ས་བདག་མཉེས་ཤིང་། ཆར་ཆུ་དུས་སུ་འབེབས་པ་དང་། མི་ཕྱུགས་ཀྱི་ནད་ཡམས་དང་ཀླུའི་གནོད་པ་ཞི། རྩ་ཤིང་ལོ་ཏོག་རྒྱས་པ་སོགས་ཕན་ཡོན་དཔག་ཏུ་མེད་ཅིང་། དགོས་དགུའི་གཏེར་དང་འཕྲད་པར་འགྱུར་རོ། །ཞེས་སྤྱི་དང་བྱེ་བྲག་ཏུ་ག་བུར་ཛཱ་ཏིས་དབུག་ཉམས་གསོ། ཞེས་སོགས་སོ་སོར་བཤད་པ་དང་། ཐུགས་སྒྲུབ་པདྨ་མཁའ་འགྲོའི་ལས་ཚོགས་ལས། མཚོ་ཡི་དཀྱིལ་དང་རྫིང་བུའི་དབུས༔ ཡུལ་། གྱི་ཆུ་མགོ་དག་ཏུ་སྦ༔ ཆར་ཆུ་འབེབས་ཤིང་ལོ་ཕྱུག་ལེགས༔ རྩྭ་ཤིང་མེ་ཏོག་རྒྱས་པ་སོགས༔ སྣོད་བཅུད་འབྱོར་པ་ཕུན་ཚོགས་འགྱུར༔ ཞེས་གཏེར་བུམ་གྱི་སྐབས་སུ་གསུངས་པ་འདིར་ཡང་མཚུངས་པས། ཀླུ་རྟེན་དང་ཀླུ་བུམ་གྱི་ནང་དུ་གཞུག །ས་བཅུད་གསོ་བའི་གཏེར་བུམ་སྤྱི་ལའང་བསྔགས། སེང་གེ་སྒྲ་སོགས་ཀྱི་ཆོ་གའི་སྐབས་རྩི་སྨན་གྱི་བུམ་པར་བླུགས། ཀླུ་གཏོར་དང་ཀླུ་མཆོད་སོགས་ཀྱི་སྐབས་གཏོར་མའི་རྫས་ལ་བསྲེ། ཀླུ་བསང་གི་ཚེ་བསང་རྫས་དང་སྦོལ། ཆར་འབེབས་ཚེ་མཚོ་རྫིང་ཆུ་མིག་ལྟ་བུར་རས་དཀར་གྱིས་བསྟུམ་སྟེ་འཇུག་པར་བྱ། འདི་ལ་དམར་སྐྱུར་གླ་རྩི་སོགས་ཀྱི་དྲིས་ཕོག་ན་ཀླུ་ལ་ཤིན་ཏུ་


JKT022_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པས། ཆོས་སྨན་སོགས་བྱིན་རྟེན་སྤྱི་དང་མཉམ་དུ་མི་བཞག་པར། རས་དཀར་གྱི་སྣོད་དུ་བླུགས་ནས་སྒྲོམ་ལྟ་བུར་བཅུག་ལ་གཙང་སྦྲ་དང་བཅས་པའི་ཕྱོགས་སུ་བཞག་པར་བྱའོ། །ཞར་བྱུང་ཆར་འབེབས་ཀྱི་རྫས་དཀར་གཏའ་འམ་ཆུ་འཛིན་རིལ་བུར་གྲགས་པ་ལ་སྦྱོར་ཚུལ་མང་ནའང་། འདིར་ཐུགས་སྒྲུབ་སྙིང་བྱང་གི་སྤྱིར་བཏང་རྒྱས་པའི་ལས་ཚོགས་ལས་གསུངས་པ་ལྟར། སྤང་སྤོས། ཤུ་དག་དཀར་པོ། སྤོས་དཀར། འོམ་བུའི་མེ་ཏོག །གླང་སྣའི་མེ་ཏོག །ཤང་དྲིལ་དཀར་པོའི་མེ་ཏོག །ཅུ་གང་། བག་ཕྱེ་གཙང་མ་བཅས་སྦྱར་བ་བ་དམར་མོ་དང་། ར་དཀར་མོའི་འོ་མས་སྦྲུས་པའི་ཟན་ལ། གོང་གི་ཕབས་གཏའ་ཁ་ཆེའི་ཆུར་སྦྱངས་པ་བླུགས་ནས་རིལ་བུ་སྲན་འཕོས་ཙམ་དུ་དྲིལ་ཏེ་རང་སྔགས་ཀྱིས་བྱིན་གྱིས་བརླབ། ལས་སྦྱོར་གྱི་དུས་སུ་རས་དཀར་གྱིས་བསྣུམ་ཏེ་ཆུ་མིག་སོགས་སུ་འཇུག་པ་དང་། བག་ཕྱེའི་རིལ་བུ་དང་སྦྱར་ཏེ་སྔགས་རེ་དང་རིལ་བུ་རེ་སྤྲད་ལ་ཆུ་མཚོ་ལྟ་བུར་དོར་བ་སོགས་ཕྱག་ལེན་ལྟར་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཕྲིན་ལས་སུ་བསྔགས་ཏེ་གཞུང་ལས། སྨན་དང་འབྲས་བུ་ལ་སོགས་པ༔ སྣོད་བཅུད་འབྱོར་པ་རྒྱས་པའི་ཕྱིར༔ ཆར་ཆེན་འབེབས་པའི་ཕྲིན་ལས་ནི༔ གཞན་ཕན་བྱང་སེམས་ལྡན་པས་བྱ༔ ཞེས་གསུངས་པའི་ཕྱིར་རོ།། ༈ །།སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པའི་རྒྱལ་


JKT022_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཨིནྡྲ་བྷུ་ཏིའི་རིན་ཆེན་རིལ་བུ་སྲིད་ཞིའི་དྭངས་བཅུད་ཙིནྟ་མ་ཎིར་གྲགས་པ་ནི། གཏེར་བྱོན་རྩ་བའི་དཀར་ཆག་ཨོ་རྒྱན་རིན་པོ་ཆེས་མཛད་པ་ལས། ཆོས་རྒྱལ་ཨིནྡྲ་བྷཱུ་ཏི་ཡིས༔ ལྷ་ཀླུ་མི་ཡི་རིན་ཆེན་ཟླ བསྡུས༔ དེ་ཡི་རིལ་བུ་རྡོག་གཅིག་ནི༔ རིན་ཆེན་སྣ་ཚོགས་དག་གིས་སྤེལ༔ ཞེས་གསུངས་པ་ལྟར། སྔོན་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་སྟག་གི་ལོར་ལྕང་ར་ལྷ་ཀླུ་འཚོ་མེད་དགའ་ཚལ་དུ། འཇམ་པའི་དབྱངས་དངོས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས། གྲུབ་ཆེན་ཨོ་རྒྱན་པར་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་གནང་བའི་མན་ངག་རྩ་བར་བཟུང་། འཕགས་བལ་བོད་ལྗོངས་མ་ཧཱ་ཙཱ་ནའི་གསོ་རིག་འཛིན་པ་མཐའ་དག་གི་ཕྱག་གཞེས་ཉམས་འོག་ཏུ་ཆུད་པའི་དཔྱད་པ་ཡོངས་སུ་རྫོགས་པས་བརྒྱན་ཏེ་ཁུངས་བཙུན་ཁྱད་འཕགས་སུ་སྦྱར་བའི་རིན་ཆེན་རིལ་ནག་ཆེན་མོ་དང་། མང་སྦྱོར་ཆེན་མོའི་རིལ་བུ་བྱིན་རླབས་དང་ནུས་པའི་གཟི་འོད་འབར་བ། ཁོ་བོ་ཅག་གིས་རབ་ཡིད་མེ་འབྲུག་ལོར་ལག་ལེན་དག་པར་སྦྱར་བའི་རིན་ཆེན་མང་སྦྱོར་ཆེན་མོ་བཅས། ཕྱོགས་བསྡམས་རིལ་བུ་གཉིས་བྲེ་གང་རེ་ཙམ་སོ་སོར་ཁ་ཆེའི་ཆུར་ཡུན་རིང་དུ་སྦངས་ཤིང་འདྲེས་པར་འདུར་བའི་ཟན་ལ། གོང་གི་ཕབས་གཏའ་ཁ་ཆེའི་ཆུར་སྦྱར་བ་བླུགས། རིལ་བུ་རྒྱ་ཐུར་ལ་བཏེགས་པའི་སྐར་མ་བཞི་རེའི་རྩིས་སུ་ཕབས་ཏེ་དྲིལ། སྐམ་ཐག་ཆོད་པ་དང་རྒྱ་སྣག་


JKT022_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཟར་མའི་ཁུ་བས་རྩི་ལེགས་པར་གསོལ། རིལ་ཆགས་ཤིན་ཏུ་འཐེམ་པར་བྱས་པ་རིན་པོ་ཆེའི་སྣོད་དུ་བླུགས་ཏེ། ས་རྟ་ཆོ་འཕྲུལ་ཟླ་བའི་ཚེས་བཟང་པོ་ནས་བརྩམས་ཞག་བདུན་ཏུ་གཡུ་ཐོག་བླ་སྒྲུབ་ཀྱི་ལས་བྱང་ལ་བརྟེན། སྨན་གྱི་དངོས་གྲུབ་བསྡུ་བའི་སྔགས་གཙོར་བོར་བཏོན་ཏེ་རྟགས་མཚན་དགེ་བར་བསྒྲུབས། ཞར་བྱུང་རྨ་བྱ་ཆེན་མོའི་སྔགས། དུག་འཇོམས་ཀྱི་གསེར་གཟུངས། སྨན་ལ་སྔགས་ཀྱིས་གདབ་བའི་གཟུངས་སོགས་ཀྱིས་ཀྱང་བྱིན་གྱིས་རླབས། སྟོང་ཆེན་རབ་འབྱམས་ནས་འབྱུང་བའི་སྔགས་དང་ཚིག་དང་དཔལ་ལྡན་རྒྱུད་ལས་གསུངས་པའི་སྨོན་ལམ་སོགས་བརྒྱ་ཕྲག་མང་པོས་ཤིས་པར་། བརྗོད་པའི་མེ་ཏོག་འཐོར། སླར་ཡང་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ཨོ་རྒྱན་སྨན་གྱི་བླ་མའི་རིལ་སྒྲུབ་ལ་བརྟེན་ནས་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པ་སྟེ། ཕན་ཡོན་ནི། སྤྱིར་གཏེར་གཞུང་རྩ་བའི་དཀར་ཆག་ལས། ལྷ་རྟེན་ནང་གཞུག་མགུལ་དུ་བཏག༔ སྒྲུབ་པའི་རྟེན་བྱས་ས་ལ་སྦས༔ དངོས་གྲུབ་ཀུན་གྱི་དབྱིག་ཏུ་འགྱུར༔ ཞེས་དང་། བྱེ་བྲག་ཏུ་འདིའི་སྦྱོར་བའི་གཙོ་བོ་གྲུབ་པའི་དངུལ་ཆུ་ཁོ་ནའི་ཡོན་༈ ཏན་ཀྱང་མཐའ་ཀླས་སྟེ། དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་ལས། ཟླ་བ་དྲུག་གིས་ལྷ་ཡི་ལུས་ཏེ་སྐྲ་དཀར་གཉེར་མ་དང་བྲལ་འདི་ཡིས་འཆི་མེད་ཉིད་དུ་འགྱུར། །ཞེས་ཟླ་བ་དྲུག་ཏུ་བརྟེན་པས་རྡོ་རྗེའི་ལུས་


JKT022_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་གསུངས་པ་དང་། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། རིག་པ་དེ་དག་ལྷ་མོ་ཆེ། །སྦྱོར་བ་ཀུན་གྱི་དམ་པ་ཡིན། །ཚངས་པ་བརྒྱ་བྱིན་སོགས་འགྲུབ་ན། །གཞན་དག་ལ་ལྟ་སྨོས་ཅི་དགོས། །ཞེས་སྤྱིར་གྲུབ་པའི་རྫས་སྦྱོར་ཐམས་ཅད་ཀྱི་དམ་པར་བསྔགས་ཤིང་། འཇིག་རྟེན་གྱི་དངོས་གྲུབ་མཐའ་དག་འགྲུབ་པ་དང་། །དེ་ནི་ཁྲོས་ཤིང་བསྟེན་པ་ཡིས། །ཚེ་དང་ནད་མེད་ཕུན་སུམ་ཚོགས། །རིམ་འདི་རྟག་ཏུ་བསྟེན་བྱས་ན། །ལོ་ནི་སུམ་བརྒྱར་འཚོ་འགྱུར་ཞིང་། །སྐུ་དཀར་དང་ནི་གཉེར་མ་སེལ། །བསྟན་བཅོས་ཀུན་ལ་འཇིགས་མེད་འགྱུར། །ཅེས་སོགས་དམིགས་ཀྱིས་བསལ་བའི་ཕན་ཡོན་མང་པོ་དང་། །གཞན་ཡང་གྲུབ་པའི་དངུལ་ཆུའི་གཞུང་ལས་ཚད་ལྡན་སྦྱར་བའི་བཅུད་ལེན་འདི། །ཀུན་ཏུ་ཚོགས་པར་སྤྱད་གྱུར་ན། །ཉི་ཟླ་གཟའ་སྐར་གནས་ཀྱི་བར། །ཚེ་ཡི་རིག་འཛིན་རྙེད་པར་འགྱུར། །ཅེས་དངུལ་ཆུའི་ནུས་པས། །ཚེ་ཡི་རིག་འཛིན་འགྲུབ་པ་དང་། །འཆི་བདག་སླུ་བའི་རྟོགས་པ་ལས། །རིན་ཆེན་བརྟག་པའི་བསྟན་བཅོས་གང་། །རྟོགས་ལ་མཁས་པས་རྡོ་རྗེ་འཆང་། །ཚེ་ཡི་ནོར་བུ་འཆང་བའང་རུང་། །དེ་བཞིན་ནོར་བུ་སྣ་ཚོགས་འཆང་། །ཨིནྡྲ་ནཱི་ལ་རིན་ཆེན་སོགས། །ནོར་བུ་ཆེན་པོ་གཞན་དག་ཀྱང་། །འཆང་བར་བྱེད་པས་འཆིང་བ་ཀུན། །བཟློག་པར་འགྱུར་བ་ཐེ་ཚོམ་མེད། །ཅེས་རིན་པོ་ཆེའི་ནུས་པས་


JKT022_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གདོན་ཞི་ཞིང་ཚེ་བསྲིང་བ་དང་། དཔལ་ལྡན་རྒྱུད་ལས། ཁྲག་མཁྲིས་བད་རླུང་བཞི་བརྒྱ་རྩ་བཞིའི་ནད། །མགོ་དང་བྱང་ཁོག་ཡན་ལག་རྨ་རྣམས་དང་། །རྨུ་འོར་མཛེ་འབྲས་གག་ལྷོག་གཉན་ནད་དང་། །ཀླུ་གཉན་རྒྱལ་པོ་ལ་སོགས་འབྱུང་པོའི་གདོན། །རིན་པོ་ཆེ་ཡིས་མི་སེལ་འགའ་ཡང་མེད། །ནད་གཞི་མེད་པའི་མི་ལ་བཅུད་ལེན་འགྱུར། །ཅེས་ལེགས་པར་སྦྱར་བའི་ནུས་པས་འཚོ་བར་དཀའ་བའི་ནད་གདོན་ཐམས་ཅད་སེལ་ཞིང་ཚེ་དང་ལུས་ཀྱི་བཅུད་ལེན་དུ་འགྱུར་བ་དང་། །ཐིག་ལེ་དར་ཡ་ཀན་ཞེས་པ། །ཡུངས་འབྲུ་ཙམ་ཞིག་སེམས་ཅན་རྣམས། །སུས་མྱོང་མཁའ་ལ་སྤྱོད་པའི་རྟེན། །ཡོན་ཏན་མཆོག་གིས་བརྒྱན་པ་འཐོབ། །ཅེས་མཁའ་སྤྱོད་གསུམ་གྱི་གོ་འཕང་འགྲུབ་པར་གསུངས་པས་མཚོན་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་མཐའ་ཡས་ཤིང་། རྟོག་པ་ལས། ནོར་བུ། སྨན་དང་སྔགས་གྲུབ་དང་། བཅུད་ལེན་སྟོབས་ཀྱིས་བདག་ཉིད་ནི། །འཆི་བདག་ཕ་རོལ་གནོན་མཐོང་སྟེ། །རིག་འཛིན་གྲུབ་པ་ཇི་བཞིན་ནོ། །ཞེས་གསུངས་པའི་ཁྱད་ཆོས་ཐམས་ཅད་ཀྱང་འདི་ལ་ཚང་བ་ཡིན་ཏེ། གཞི་བཅུད་ལེན་དང་། ནོར་བུ་རིན་པོ་ཆེ་དང་། སྨན་ཐམས་ཅད་ཚོགས་ཤིང་། གྲུབ་པའི་སྔགས་ཀྱིས་བྱིན་བརླབས་པས་ནུས་ལྡན་དུ་བྱས་པའི་ཕྱིར་རོ། །དེས་ན་ནད་གདོན་བར་ཆད་སྲུང་བའི་སླད་དུ་ལུས་ལ་


JKT022_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བ་དང་། དུག་ནད་སོགས་སྲུང་དང་ཞི་བའི་ཕྱིར་གསོ་དཔྱད་ཀྱི་ཆོ་ག་བཞིན་དུ་བསྟེན་པ་དང་། གཞན་ཡང་རྟེན་གྱི་ནང་དུ་གཞུག་པ་དང་། བདུད་རྩི་ཆོས་སྨན་དང་། སྨན་སྦྱོར་ཁྱད་པར་ཅན་གྱི་ཕབས་གཏར་བསྲེ་བ་དང་། ནོར་གཏེར་གྱི་བུམ་པའི་སྙིང་པོར་བྱ་བ་སོགས་ལ་མཆོག་ཏུ་བསྔགས་ཤིང་། འདིའི་དམ་ཚིག་ཏུ་ཁྱི་དང་བུད་མེད་ཀྱིས་མ་མཐོང་བར་བྱ། ནམ་མཁའ་དང་ཉི་ཟེར་ལ་མི་སྟོན། རླུང་མི་འཚོར་བའི་སྣོད་བཟང་པོར་ག་བུར་སོགས་དྲི་བཟང་པོའི་སྨན་དང་ལྷན་ཅིག་ཏུ་བཅང་བར་བྱ་སྟེ། འཚོ་བྱེད་གྲུབ་པས། ལེགས་པར་སྦྱར་བའི་སྨན་མཆོག་རྣམས། །རིན་ཆེན་ཟེའུ་འམ་ར་ཟེ་རུ། །ག་བུར་འབྲས་དང་ལྷན་ཅིག་གཞུག །སྤྲ་ཚིལ་དག་གིས་ཞལ་བ་བྱ། །ཕྱི་ལ་ཁ་ཤའམ་གླ་བ་ཡི། །རྒྱལ་བ་སྲུབས་མེད་བཟང་པོར་བཅངས། །ཞེས་གསུངས་པ་ལྟར་རོ།། ༈ །།སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པའི་རི་བོ་པོ་ཏཱ་ལའི་འབྲུ་དང་སྨན་གྱི་རིལ་བུ་བརྟན་གཡོའི་དྭངས་བཅུད་ནི། ཇི་སྐད་དུ། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་ནས། །དཔལ་ལྡན་ཡིད་འོང་པོ་ཏཱ་ལ། །སྣ་ཚོགས་ཁམས་ཀྱིས་རྣམ་པར་སྤྲས། །སྣ་ཚོགས་ལྗོན་པས་བཀྲ་བ་སྟེ། སོགས་ནས། ཐུབ་པ་འདོད་ཆགས་བྲལ་རྣམས་དང་། །བྱང་ཆུབ་སེམས་དཔའི་ཚོགས་གཞན་དང་། །ས་བཅུའི་དབང་ཕྱུག་རྣམས་དང་ནི། །འཕགས་མ་སྒྲོལ་སོགས་ལྷ་མོ་


JKT022_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །རིག་པའི་རྒྱལ་མོ་སྟོང་གིས་ཀྱང་། །རྟག་ཏུ་ལེགས་པར་བསྟེན་པའོ། །ཞེས་དང་། །པདྨའི་རྣམ་ཐར་ཆེན་མོ་ལས། །དུས་བཟང་ལ་ནི་མཁའ་འགྲོ་དངོས་སུ་བྱོན༔ ཉམས་དགའ་དང་སྤྲོ་སྐྱོ་བ་མེད་པའི་གནསཿ ཏིང་འཛིན་རྒྱུད་ལ་རང་ཤུགས་སྐྱེ་བའི་སཿ ཕོ་བྲང་རི་བོ་ཏཱ་ལའི་རྩེ་མོར་བྱོན༔ ཞེས་སོགས་བསྔགས་པ་ལྟར། ཛམ་གླིང་ན་ཡོངས་སུ་གྲགས་ཤིང་ཆེ་བའི་གནས་མཆོག་རྣམ་པ་ལྔའི་ཡ་༈ གྱལ། ཡོན་ཏན་དང་བཀོད་པ་བསམ་ལས་འདས་པས་ཆེ་བ་ཤར་ཕྱོགས་རི་བོ་ཏཱ་ལའི་ཞིང་ཁམས་ཆེན་པོའི་འབྲུ་དང་། སྨན་དང་། མེ་ཏོག་སྣ་ཚོགས་པ་དག་གུར་གུམ་དང་ལྷན་ཅིག་ཏུ་ཞིབ་པར་བཏགས་ཏེ། དྲི་ཞིམ་པོའི་ཆུར་སྦྱངས་པ་ཉིད། གཏེར་ལུང་ལས་འབྱུང་བ་ལྟར། སད་སེར་སོགས་ཀྱིས་མ་བཅོམ་པའི་གྲོ། ནས་དཀར། འབྲས། སོ་བ། ཁྲེ། ཏིལ་དཀར་པོ། ཉུངས་ཀར། སྲན་མ་དཀར་པོ་སོགས་འབྲུ་དཀར་གྱི་ཕྱེ་གཙང་དང་། འབྲས་གསུམ། བཟང་དྲུག །གེ་སར་གསུམ། ཙནྡན་དཀར་དམར། ཨུཏྤལ་དཀར་སྔོན་སོགས་སྨན་དང་མེ་ཏོག་རིགས་བཟང་པོ། གཞན་ཡང་བུམ་རྫས་ཉེར་ལྔ་ཚད་ལྡན་༈ དང་། དཀར་གསུམ་མངར་གསུམ། རིན་པོ་ཆེ་སྣ་ཚོགས་སོགས་དཔལ་ཅན་གྱི་རྫ་ས་གཙང་དག་ཅུང་ཟད་ཀྱང་སྦྱར་བའི་ཕྱེ་མ་རྣམས་ཅུ་གང་གིས་མདོག་བསྒྱུར་བ་ཆུ་གཙང་གིས་སྦྲུས་པའི་ཟན་ལ་ཕབས་གཏའ་


JKT022_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བླུགས་ནས་རིལ་བུ་སྲན་མ་ཙམ་དུ་དྲིལ། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ནོར་ལྷའི་དཀྱིལ་འཁོར་དུ་བསྒྲུབས་ཤིང་ལྷ་སྔགས་སྤྱི་དང་ཁྱད་པར་རིལ་བུའི་སྔགས་ཀྱིས་བྱིན་གྱིས་བརླབ། ཕྱྭ་གཡང་འགུགས་པའི་ཕྲིན་ལས་ཀྱིས་སྲིད་ཞིའི་དཔལ་བཅུད་བསྟིམ། གུ་རུ་རྒྱལ་བའི་གདུང་འཛིན་གྱི་ལས་ཚོགས་རྡོ་རྗེ་མཁའ་འགྲོའི་ལྷ་སྔགས་དང་བརྟན་མའི་རིག་ལ་སོགས་ཀྱིས་ཀྱང་ནུས་པ་བསྐྱེད་པ་སྟེ། ཕན་ཡོན་ནི། གཙོ་བོར་རྟེན་དང་གཏེར་བུམ་གྱི་ནང་དུ་གཞུག་པ་དང་། གཞན་ཡང་མགུལ་དུ་འཆང་བ་དང་། བཅུད་ལེན་གྱི་ཚུལ་དུ་བསྟེན་པ་དང་། ཆུ་གཙང་ལ་སྦྱར་ཏེ་ས་བོན་དང་། ཞིང་ས་དང་། ལྷས་མལ་དང་། གནས་ཁང་སོགས་སུ་གཏོར་བས། བླ་མ་ནོར་ལྷའི་གཞུང་ལས། དེ་ལྟར་བགྱིས་པས་ཚེ་རིང་ནད་མེད་ཀླུ༔ ཆོས་དང་རིགས་ཀྱི་བརྒྱུད་པ་འཕེལ༔ ལོངས་སྤྱོད་ཆོས་སྲིད་ཕྱ་གཡང་གི་འབྱོར་པ་ནམ་མཁའི་མཛོད་ལ་མངའ་བརྙེས་པར་འགྱུར་རོ༔ ས་ཕྱོགས་ཐམས་ཅད་ཀྱང་བཀྲ་ཤིས་བྱིན་ཆགས་སྣུམ་འོད་དང་ལྡན་ཅིང་ལོ་ཏོག་རྩི་སྨན་ཆུ་ཀླུང་རྒྱས་པ་དང་༔ སྐྱེ་རྒུ་ཐམས་ཅད་བདེ་སྐྱིད་ཀྱི་འབྱོར་པ་བསྐལ་པ་རྫོགས་ལྡན་གྱི་དུས་ལྟར་སྣོད་བཅུད་ཐམས་ཅད་ཕུན་སུམ་ཚོགས་བར་འགྱུར་རོ༔ ཞེས་དང་། ཡུལ་དབུས་ཀྱི་རི་འཕན་བཟང་ལ་སྦས་ན་ཡུལ་ཕྱོགས་ཐམས་ཅད་ལ་ཕན༔ ཁང་པའི་དབུས་སུ་སྦས་ན་གནས་ཁང་བཀྲ་


JKT022_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ལོངས་སྤྱོད་འཕེལ། ཐབ་དཀྱིལ་དུ་སྦས་ན་ཟས་ནོར་ལོངས་སྤྱོད་འདུ་ཞིང་སྲིས་སྨེ། ཞིང་ས་བཟང་པོར་སྦས་ན་ལོ་ཏོག་ལེགས། ཆུ་མིག་བཟང་པོའི་མདུན་རིར་སྦས་ན་ཆར་ཆུ་འབེབས། རྟ་ཕྱུགས་ཀྱི་ལྷས་མལ་དུ་སྦས་ན་གོད་ཀ་རྒྱུན་ཆོད་ཅིང་སྒབ་འཕེལ་བ་སོགས་གཏེར་བུམ་གྱི་སྐབས་སུ་ཇི་སྐད་བཤད་པ་ཐམས་ཅད་འདིར་ཡང་མཚུངས་ཤིང་། གཞན་ཡང་འདི་ལས་སྤྲོས་ཏེ། དམིགས་བསལ་བླ་མ་ནོར་ལྷའི་གཞུང་དུ་བཤད་པའི་གཡང་རྫས་རྣམས་དང་ལྷན་ཅིག་ཏུ་རིལ་བུ་དྲིལ་ནས་བསྒྲུབས་པ་དཔལ་ཅན་རིལ་བུ་དང་། འོག་ཏུ་འབྱུང་བའི་ས་སྣའི་རིལ་བུ་དང་། བཀྲ་ཤིས་གཏེར་བུམ་གྱི་སྐབས་སུ་བཤད་པའི་རྫས་རྣམས་དང་བཅས་ལྷན་ཅིག་ཏུ་རིལ་བུར་དྲིལ་ནས་བསྒྲུབ་པས་ས་བཅུད་གསོ་བའི་རིལ་བུ་སོགས་སོ་སོར་སྦྱར་ནའང་ཤིན་ཏུ་ལེགས་པར་འགྱུར་རོ།། ༈ །།དཔལ་སྤུངས་ཡང་ཁྲོད་དེ་ཝཱི་ཀོ་ཊ་ཙཱ་འདྲ་རིན་ཆེན་བྲག་ནས་སྤྱན་དྲངས་པའི་གཏེར་སྒྲོམ་གྱི་ཆ་ཤས་གནས་ཡུལ་དུར་ཁྲོད་དྲུག་ཅུ་རྩ་བཞིའི་ས་སྣ་རིལ་བུ་བརྟན་གཡོའི་དཔལ་སྐྱེད་ནི། དེ་ལ་ཤཱི་ཧེ་རུ་ཀ་ཡབ་ཡུམ་གྱི་ཐུགས་གསུང་སྐུའི་འཁོར་ལོའི་བཀོད་པ་བགྲང་ལས་འདས་པའི་དཔའ་བོ་དང་རྣལ་འབྱོར་མ་རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་གྲངས་དང་མཉམ་པ་དང་། དེ་ལས་ཀྱང་ཆེས་ལྷག་པས་བྱིན་གྱིས་བརླབས་ཅིང་དགྱེས་རྒུར་རོལ་པའི་རྡོ་རྗེའི་ཞིང་ཁམས་


JKT022_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་གདོད་ནས་གྲུབ་པ་ཛམ་གླིང་ན་ཡོངས་སུ་གྲགས་པའི་གནས་སོ་གཉིས། ཡུལ་ཉེར་བཞི། དུར་ཁྲོད་ཆེན་པོ་བརྒྱད་བཅས་ཀྱི་ས་སྣ་དང་ཆུ་སྣ་ཚོགས་པའི་སྒྲོམ་གྱི་ཆ་ཤས་དང་། གནས་ཡུལ་དུར་ཁྲོད་ཀྱི་ས་རྡོ་ཕྱེ་མ་བཅས་དྲི་བཟང་གི་ཆུ་དང་སྦྱར་བ། གནས་ཆེན་རྣམས་ནས་འབྱུང་བའི་ཁམས་བཟང་པོ་ལ། ཅུ་གང་དང་། སིནྡྷཱར་དང་། ཅོང་ཞི་སོགས་ཅུང་ཟད་བཅས་ཞིབ་བཏགས་ཆུག་ཙང་གིས་སྦྲུས་པར་བླུགས་ཏེ་རིལ་བུ་སྲན་མ་ཙམ་དུ་བསྒྲིལ། བླ་མ་ཡི་དམ་གྱི་སྒྲུབ་པའི་སྐབས་དང་། བཀྲ་ཤིས་གཏེར་བུམ་ཆེན་མོ་སྒྲུབ་པའི་སྐབས་སོགས་སུ་ལྷ་སྔགས་ཀྱིས་བྱིན་གྱིས་བརླབ་ཅིང་། འཁོར་འདས་བརྟན་གཡོའི་དྭང་བཅུད་མཐའ་དག་བསྟིམ་པས་ལས་དང་། ཡེ་ཤེས་ཀྱི་འབྱུང་བཅུད་ཐམས་ཅད་བརྟན་ཅིང་ནུས་ལྡན་གྱི་ཕུང་པོར་བསྒྲུབ་པ་སྟེ། ཕན་ཡོན་ནི། རྟེན་གསུམ་བཞེངས་པའི་རྒྱུར་བསྲེ་བ། ནང་དུ་གཞུག་པ། ས་བཅུད་གསོ་བ་གཙོ་བོར་གྱུར་པའི་བུམ་གཏེར་གྱི་སྙིང་པོར་བྱ་བ། ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་མའི་ལས་ཚོགས་ལས་འབྱུང་བ་ལྟར་ས་བཅུད་གསོ་བའི་དཔལ་གྱི་རིལ་བུ་བསྒྲུབ་པ། མགུལ་དུ་འཆང་བ། ཁོང་དུ་བསྟེན་ཀྱང་རུང་སྟེ། བཀྲ་ཤིས་གཏེར་བུམ་གྱི་གཞུང་ལས། ཆོས་སྲིད་རྣལ་འབྱོར་རིང་གནས་ཤིང་བཀྲ་ཤིས་བྱིན་ཆགས་དགེ་ལེགས་འཕེལ ཚེ་རིང་ནད་མེད་འཐབ་རྩོད་བྲལ༔ མདོར་ན་སྲིད་


JKT022_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞི་བ་ཡི༔ ཕུན་ཚོགས་ཐམས་ཅད་ངང་གིས་འདུ༔ བསྐལ་བའི་བར་དུ་གནས་པར་འགྱུར༔ ཅེས་གསུངས་པ་སྐབས་འདིར་ཡང་མཚུངས་ཤིང་། གཞན་ཡང་ཐུན་མོང་དུ་འབྱུང་བ་བཞིའི་གནོད་པ་དང་རྒུད་པ་ཞི་ཞིང་དཔལ་འབྱོར་རྒྱས་པ་དང་། ཁྱད་པར་སྣོད་བཅུད་ཐམས་ཅད་ཤྲཱི་ཧེ་རུ་ཀའི་ཞིང་དུ་བྱིན་གྱིས་བརླབ་པར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་སོ།། ༈ །།སེང་ཆེན་གནམ་བྲག་གི་གཏེར་ལྕིབས་ཅུ་གང་རིལ་བུ་བྱང་སེམས་ཟླ་བའི་ཐིག་ལེ་ནི། གཏེར་བྱོན་ཆུ་གཙང་དང་སྦྱར་བ། གངས་རི། པྲ་ཏཱ་པུ་རི། ཏི་སྒྲོ་སོགས་བོད་ཁམས་ཀྱི་སྦས་གནས་མང་པོའི་ཅུ་གང་གི་ཕྱེ་མ་དང་ལྷན་ཅིག་ཏུ་བསྲེས་ནས་རིལ་བུ་སྲན་འཕོས་ཙམ་དུ་དྲིལ། བདུད་རྩི་སྨན་སྒྲུབ་སོགས་ཀྱི་སྐབས་རྡོ་རྗེ་ཉི་མ་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་བྱིན་གྱིས་བརླབས་པ་སྟེ། ཕན་ཡོན་ནི་མྱོང་གྲོལ་སྤྱི་དང་མཚུངས་ཤིང་། ཐུགས་རྗེ་ཆེན་པོའི་སྔགས་ཀྱིས་བཏབ་སྟེ་བསྙེན་ན་མིག་ནད་སེལ་བ་དང་། དམ་རྫས་ཀྱི་རིགས་སྤྱི་དང་། ཁྱད་པར་བདུད་རྩི་སྨན་གྱི་སྐབས་བྱང་སེམས་དཀར་པོའི་རྫས་སུ་བཅེས་སོ།། ༈ །།ཤེལ་ཕུག་སོགས་ནས་བྱོན་པའི་སིནྡྷ་རའི་རིལ་བུ་ཤེས་རབ་དཔྱིད་ཀྱི་ཐིག་ལེ་མཁའ་སྤྱོད་གྲུབ་པའི་རྫས་མཆོག་ནི། བདེ་ཆེན་པདྨ་ཤེལ་ཕུག་གི་རྫོགས་ཆེན་སྡེ་གསུམ་གྱི་གཏེར་བཅིབས་ཨོ་རྒྱན་ག་ཛའི་སིནྡྷ་ར་ཡེལ་ཕུག་ནམ་མཁའ་མཛོད་ཀྱི་


JKT022_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་བྱོན་ཁྲོ་སྒྲོམ་ནང་གི་སིནྡྷ་ར། འབུམ་རྫོང་གཏེར་བྱོན་ཆོས་སྐྱོང་དགོངས་འདུས་ཀྱི་གཏེར་སྒྲོམ་ནང་གི་སིནྡྷ་ར། བིརཱུ་པ་དང་། ནཱ་རོ་པའི་སིནྡྷ་རའི་རྒྱུན་བཅས་ཁ་ཆེའི་ཆུར་སྦྱངས་པ། གངས་རི། ཙཱ་རི། ཏི་སྒོ། པདྨོ་བཀོད། ཁམས་ཀྱི་སྤྱི་འབྱམས་བྲག །གནས་མཆོག་ཆོས་སྒྲ་རང་སྒྲོགས། །ཤེལ་ཕུག །བཟང་ཤོད། ཁ་བ་དཀར་སོགས་སྦས་གནས་མང་པོའི་སིནྡྷུ་རས་བུངས་བསྐྱེད་དེ་རིལ་བུ་སྲན་འཕོས་ཙམ་དུ་དྲིལ། རྩ་གསུམ་གྱི་སྒྲུབ་པའི་རྫས་སུ་བྱིན་གྱིས་བརླབ། བདུད་རྩི་སྨན་གྱི་སྐབས་སུ་དཔལ་རྡོ་རྗེ་ཆོས་སྣང་བ་མཐའ་ཡས་ཀྱི་ངོ་བོར་བསྒྲུབས་པ་སྟེ། ཕན་ཡོན་མྱོང་གྲོལ་གྱི་ཡོན་ཏན་སྤྱི་དང་། སྣང་བ་དབང་སྡུད་ཀྱི་རྫས་དང་། དོན་ཏིག་ལས། བྷ་ག་གསང་བའི་སིནྡྷས་ས་ལམ་བསྒྲོད༔ ཅེས་གསུངས་པས། ཁྱད་པར་མཁའ་སྤྱོད་ཀྱི་དངོས་གྲུབ་སྒྲུབ་པ་ལ་བསྔགས་ཤིང་། ཐུགས་རྗེ་ཆེན་པོ་དང་། ཕག་མོ་གཙོར་གྱུར་གྱི་སྒྲུབ་རྫས་དང་། དམ་རྫས་རིགས་གང་ལའང་སྦྱར་དུ་རུང་། བདུད་རྩི་སྨན་གྱི་ཚེ་བྱང་སེམས་དམར་པོའི་རྫས་སོགས་ཉེ་བར་མཁོ་བའི་སྐབས་མང་ངོ་།། ༈ །།སེང་བྲག་གཏེར་བཅིབས་ག་བུར་རིལ་བུ་བདེ་ཆེན་ཐབས་ཀྱི་ཐིག་ལེ་ནི། གཏེར་རྫ་ས་ཉིད་ག་བུར་དཀྱུས་མ་དང་། ཅུ་གང་བཅས་ལྷན་ཅིག་ལེགས་པར་བཏགས་ཏེ་ཆུ་གཙང་གིས་སྦྲུས། རིལ་བུ་སྲན་མ་ཙམ་དུ་བསྒྲིལ། རྩ་གསུམ་སྤྱི་དང་བྱེ་


JKT022_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་གི་སྒྲུབ་པའི་སྐབས་མང་པོར་བྱིན་གྱིས་བརླབས་ཤིང་། སྨན་ཁྲོལ་སྒྲུབ་སྐབས་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་བསྒྲུབས་པ་སྟེ། ཕན་ཡོན་མྱོང་གྲོལ་གྱི་རྫས་སྤྱི་དང་མཚུངས། ཁྱད་པར་ཚད་པའི་ནད་སེལ་བ་ལ་བསྔགས། གྲིབ་སེལ་བ་དང་། ཀླུ་སྨན་གྱི་རིགས་དང་། བདུད་རྩི་སྨན་ཕྱེ་མ་དང་། རིལ་བུ་བསྒྲུབ་པའི་བྱང་སེམས་དཀར་པོའི་རྫས་སུ་གཅེས་ཤིང་། སྤྱིར་དམ་རྫས་ཀྱི་རིགས་གང་ལའང་སྦྱར་དུ་རུང་ངོ་།། ༈ །།སེང་ཆེན་གནམ་བྲག་གི་གནས་ཀྱི་གོང་བ་བྲག་སྨན་རྒྱལ་འདྲ་བ་ནས་སྤྱན་དྲངས་པའི་ཙནྡན་དཀར་པོའི་རིལ་བུ་སྟོབས་བསྐྱེད་དབང་པོའི་ཐིག་ལེ་ནི། གཏེར་བྱོན་ཙནྡན་ཉིད། ཙན་དཀར་དཀྱུས་མས་བུངས་སྐྱེད་དེ་ཞིབ་བཏགས་ཆུ་གཙང་གིས་སྦྲུས་ཏེ་རིལ་བུ་སྲན་འཕོས་ཙམ་དུ་བསྒྲིལ། རྩ་གསུམ་སྤྱི་དང་བྱེ་བྲག་གི་སྒྲུབ་པའི་སྐབས་སུ་བྱིན་གྱིས་བརླབས་པ་སྟེ། ཕན་ཡོན་ནི། དོན་ཏིག་ལས། ཙནྡན་ཧ་རིའི་ཚལ་པས་ཉོན་མོངས་སེལ༔ ཞེས་སོགས་གསུངས་པ་ལྟར་མྱོང་གྲོལ་སྤྱི་དང་མཚུངས། གྲིབ་སེལ་དང་། པདྨ་གཙུག་ཏོར་གྱི་བདུག་སྤོས་ཚོར་གྲོལ་དང་། བདུད་རྩི་ཆོས་སྨན་དང་སྐྱེ་བདུན་སོགས་ཀྱི་སྒྲུབ་རྫས་སུ་བསྔགས་སོ།། ༈ །།སེང་ཆེན་གནམ་བྲག་གི་གནས་ཀྱི་གོང་མ་ནས་སྤྱན་དྲངས་པའི་ཙནྡན་དམར་པོའི་རིལ་བུ་འོད་འབར་ཉི་མའི་ཐིག་ལེ་ནི། གཏེར་བྱོན་དང་ཙན་དམར་དཀྱུས་མ་ལྷན་ཅིག་ཏུ་


JKT022_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་བཏགས་ཆུ་གཙང་དང་སྦྱར་ཏེ་རིལ་བུ་སྲན་འཕོས་ཙམ་དུ་བསྒྲིལ། རྩ་གསུམ་སྒྲུབ་པའི་རྫ་ས་དང་། སྨན་ཁྲོལ་སྒྲུབ་སྐབས་སྣང་བ་མཐའ་ཡས་ཀྱི་ངོ་བོར་བྱིན་གྱིས་བརླབས་པ་སྟེ། མྱོང་གྲོལ་སྤྱི་དང་། དབང་སྡུད་ཀྱི་རྫས་དང་། ཁྱད་པར་བདུད་རྩི་སྨན་སྒྲུབ་སྐབས་བྱང་སེམས་དམར་པོའི་རྫས་དང་། བདུད་རྩི་རིལ་བུ་སོགས་ལ་ཤ་ཆེན་གྱི་དྭང་མའི་རྫས་སུ་བསྔགས་སོ།། ༈ །།རྩི་ནེ་སུམ་མདོ་ནོར་བུ་སྤུན་གསུམ་གྱི་བྲག་ནས་སྤྱན་དྲངས་པའི་གུ་རུའི་སྐུ་ཚབ་བདེ་བ་ཆེན་པོ་དངོས་གྲུབ་དཔལ་འབར་གྱི་གཏེར་བཅིབས་གི་ཝཾ་རིལ་བུ་དོན་ཀུན་གྲུབ་པའི་ཐིག་ལེ་ནི། གནས་ཆེན་རྣམས་ནས་བྱུང་བའི་ས་གི་ཝཾ་དུ་གྲགས་པ་ལ་གཞི་བྱས། ལུག་རུ་སེར་པོ་བུངས་མང་དང་། བྲག་ཞུན་དྲི་ཐོན་བཅས་ཞིབ་བཏགས་ཕྱེ་མ་ཆུ་གཙང་གིས་སྦྲུས་པའི་ཟན་ལ། གི་ཝཾ་སྒྲུབ་པ་ལས་བཤད་པའི་སིནྡྷུ་ར། གླ་རྩི། རྡོ་ཁབ་ལེན། བྱང་སེམས་དཀར་དམར་དམ་རྫས་རོལ་པ་ཆེན་པོ་བཅས་ཅུང་ཟད་སྦྱར། ཕབས་གཏའ་ཁ་ཆེའི་ཆུར་སྦྱངས་པ་བླུགས་ཏེ་རིལ་བུ་སྲན་མ་ཙམ་དུ་དྲིལ། ཐུགས་སྒྲུབ་གུ་རུ་རྒྱལ་བའི་གདུང་འཛིན་གྱི་ལས་ཚོགས་རྒྱལ་ཆེན་བཞིའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་སྟེ། ཕན་ཡོན་ནི། སྤྱིར་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལོ་རྒྱུས་ལས། དྲི་ཚོར་ཙམ་གྱིས་ནད་ཞི་གདོན་འཕྲོག་ཅིང་༔ སྣང་བ་དབང་སྡུད་ཐུགས་རྗེ་ཆགས་པའི་རྫས༔


JKT022_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཀུན་གྲུབ་སྟེར་བྱིན་བརླབས་གི་ཝཾ་བཟང་༔ ཅེས་དང་། བྱེ་བྲག་རྒྱལ་ཆེན་བཞིའི་གི་ཝཾ་སྒྲུབ་པའི་ལས་སྦྱོར་ལས། རྫས་དེས་སྨིན་མཚམས་སུ་ཐིག་ལེ་བྱས་པས་རང་ཉིད་གང་གིས་མཐོང་བ་ཐམས་ཅད་དགའ་ཞིང་དབང་དུ་འགྱུར་རོ༔ མིག་ལ་བྱུགས་པས་རང་གིས་གང་མཐོང་བ་དེ་དབང་དུ་འགྱུར་རོ༔ གོས་ལ་བདུག་སྟེ་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་དེར་གནས་པ་ཐམས་ཅད་དབང་དུ་འདུ་ཞིང་ཟིལ་གྱིས་གནོན་པར་འགྱུར་རོ༔ ཁ་ཟས་སྤྱི་དང་ཁྱད་པར་མངར་སྐྱུར་གྱི་རིགས་ལ་སྦྱར་ཏེ་བྱིན་ན་གང་གི་ལྟོར་སླེབས་པའི་མོད་བདག་ལ་ཆགས་ཤིང་ཞེན་པར་འགྱུར་རོ༔ མགུལ་དུ་འཆང་ན་ནད་ཀྱིས་མི་ཚུགས་ཤིང་ཟས་ནོར་འདུ་བར་འགྱུར་རོ༔ ཞེས་གསུངས། ཁྱད་པར་སྐྱེ་བདུན་དང་། ཆོས་སྨན་སོགས་སྒྲུབ་པའི་རྫས་ལ་བསྲེས་ན་སྒྲུབ་པ་ལ་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་འགྲུབ་པས་ན་མཆོག་ཏུ་གཅེས་ཤིང་། ༈ ཡང་འདི་ཉིད་དབང་སྡུད་ཀྱི་རྫས་སུ་ལྷག་པར་བསྔགས་པས་གུ་རུ་རྒྱལ་བའི་གདུང་འཛིན་གྱི་མཁའ་འགྲོ་ཡོངས་རྫོགས་ཀྱི་ལས་སྦྱོར་དབང་གི་རིལ་བུ་བསྒྲུབ་ན། གོང་གི་རིལ་བུ་ཇི་ལྟར་རིགས་པ་ཆུ་གཙང་ལ་སྦྱར་བ་དང་། ལྷ་ཤིང་ཤུག་པ། སྤང་སྤོས། གུར་གུམ། སིནྡྷ་ར། བྱང་སེམས་དཀར་དམར། ཤུ་དག་ནག་པོ། རྡོ་ཁབ་ལེན། ཙནྡན་དམར་པོ། སྤོས་ཀར། ལན་ཚྭ་རྟ་སོ་མ་རིན་ཆེན་འབྲུ་


JKT022_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་དར་སྣ་བཅས་ཀྱི་ཕྱེ་མ་ཆང་དང་སྦྲང་རྩིའི་དྭང་མ་རྣམས་སྦོལ་ཏེ་རིལ་བུ་སྲན་མ་ཙམ་དུ་དྲིལ། ན་བཟའ་དམར་པོ་གསོལ། ཐོད་པ་མཚན་ལྡན་དུ་བླུགས། ཞལ་གདམས་སྙིང་བྱང་ལྟར་རྟགས་མཐོང་བར་བསྒྲུབས་པས། ལྷ་རྟེན་ནང་ངམ་བུམ་པར་སྦས༔ ལྷ་སྲུང་གཞི་བདག་དབང་དུ་འགྱུར༔ སོགས་ནས། མགུལ་དུ་འཆང་བས་ལས་ཀུན་འགྲུབ༔ སྐྱེ་བོ་ཐམས་ཅད་དགའ་ཞིང་འདུ༔ ཞེས་པའི་བར་གསུངས་པ་བཞིན་ནོ། །གཞན་ཡང་གང་གི་སིནྡྷུ་ར། ག་བུར། ཙནྡན་དཀར་དམར། གི་ཝཾ་འདི་རྣམས་རྒྱུད་དང་མན་ངག་ལས་སྲུང་བ་སྤྱིའི་རྫས་ལའང་མཆོག་ཏུ་བསྔགས་པར་གསུངས་སོ།། ༈ །།པོ་ཏཱ་ལའི་འབྲུ་སྨན་གྱི་གྲས་སུ་སྣང་བའི་གྲིབ་སེལ་ཉུངས་ཀར་རིལ་བུ་བགེགས་འཇོམས་ནུས་མཐུའི་སྙིང་པོ་ནི། གཏེར་བྱོན་གྱི་ཆ་ཤས་དང་། རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོ། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་བཀྲ་ཤིས་སྟོབས་རྒྱལ། པདྨ་དྲག་པོའི་ནུས་རྩལ་འཆང་བ་གཏེར་ཆེན་ཀློང་གསལ་སྙིང་པོ་རྣམས་ཀྱི་ལྗགས་བཟླས་གནང་བའི་བཟླས་ཉུང་བྱིན་ཅན་ཉུང་ཀར་ཁྲོ་ཞལ་ཅན་དཀྱུས་མས་བུངས་བསྐྱེད། གཞན་ཡང་། གུ་གུལ་ནག་པོ། ཤུ་དག །ཡུངས་བ། གླ་རྩི། རུ་རྟ། ཨ་རུ་ར། སྔོ་རྒྱ་སྤོས་སུ་གྲགས་པ་རྩ་བ་ལ་ག་བུར་གྱི་དྲི་བྲོ་བ། སྤང་སྤོས། ག་བུར། རྩ་ཀུ་ཤ། མཁན་པ་དཀར་པོ། སྤོས་དཀར། རུ་རྟ། གི་


JKT022_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཝཾ་རྣམས་ཕྲན་བུ་དང་། བུམ་རྫས་ཉེར་ལྔ་ཚད་ལྡན། གཏེར་ཆེན་ཉིད་ཀྱིས་ལྗགས་བཟླས་མང་དུ་གནང་བའི་སྲི་ཟློག་བདུག་རྫས། གངས་རི་དང་ཙཱ་རི་རྭ་བསྒྲིངས་སོགས་ཀྱི་བསང་སྣ། པྲ་བྷ་ཧ་སྟི་དང་། མཚོ་རྒྱལ་གྱི་གསང་ཆབ་བཅས་སྦྱར་ཏེ་རིལ་བུ་ཉུངས་ཀར་སྦོམ་པོ་ཙམ་དུ་དྲིལ། ན་བཟའ་ཉུངས་ཀར་གྱི་མདོག་ལྟར་དུ་བསྒྱུར། ཐུགས་སྒྲུབ་ཞལ་གདམས་སྙིང་བྱང་ཐུགས་རྗེ་ཆེན་པོའི་བདུད་རྩི་འཁྱིལ་བའི་ལས་ཀུན་བྱེད་པའི་རིལ་སྒྲུབ་དང་། དེའི་ཆ་ལག་སྨེ་བརྩེགས་ཀྱི་བུམ་སྒྲུབ་དང་རྡོ་རྗེ་བདུག་པའི་སྦྱོར་བ་ལྟར་བསྒྲུབས་པ་སྟེ། ཕན་ཡོན་ཀྱང་། བདུད་རྩི་འཁྱིལ་བའི་རིལ་སྒྲུབ་ལས། འདི་ནི་ལུས་ལ་འཆང་བའམཟོས་བདུག་དྲི་ཡིས་བྱུགས་པས་ཀྱང་༔ བསམ་པ་བཞིན་ཏུ་ལས་ཀུན་བྱེད༔ ཞེས་སོགས་ལས་བཞི་ཐམས་ཅད་བསམ་པས་འགྲུབ་པ་དང་༔ གཞན་ཡང་སྲུང་བ་ཆེན་པོ་སྟེ༔ ཁྱད་པར་ཉམས་གྲིབ་འགོ་བའི་རིམས༔ ལྷ་སྲིན་གདུག་པས་མི་ཚུགས་ཤིང་༔ རྟག་ཏུ་ཡིད་བདེ་ཏིང་འཛིན་འཕེལ༔ དེ་ཕྱིར་རྣལ་འབྱོར་ལྡན་རྣམས་ཀྱིསཿ ལས་ཀུན་འགྲུབ་ཕྱིར་འཆང་བར་བྱ༔ ཞེས་དང་། སྨེ་བརྩེགས་ཀྱི་གཞུང་ལས། མགུལ་དུ་འཆང་ངམ་ཁོང་དུ་བཏང་༔ ཟོས་བདུག་བྱུགས་པས་ནད་གདོན་དང་༔ གྲིབ་དང་མི་གཙང་ཐམས་ཅད་སེལ༔ ཞེས་གསུངས་པས་རྣམ་འཇོམས་དང་སྨེ་བརྩེགས་སོགས་ཀྱི་ཁྲུས་རྫས་ལ་མཆོག་


JKT022_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྔགས་ཤིང་། གཞན་ཡང་ནད་གདོན་གང་ལའང་དུ་བས་བདུག་པ། ཁོང་དུ་བཏང་བ། ཕྱི་ནས་བྱུགས་པ་དང་། སྲུང་བ་སྤྱིའི་རྫས་སོགས་ལ་ཁྱད་པར་འཕགས་སོ། །འདི་ལས་འཕྲོས་ཏེ་བྱད་འགྲོལ་རིལ་བུ་བྱེད་ན། གོང་གི་རིལ་བུའི་སྟེང་། བཟང་དྲུག །ཤུ་དག་དཀར་པོ། གི་ཝཾ། བྱང་སེམས་དཀར་དམར་གྱི་རིལ་བུ། བདུད་རྩི་ཆོས་སྨན། ཤིང་ཀུན་ཅུང་ཟད་བཅས་སྦྱར་ཏེ་རྒྱུན་འབབ་ཀྱི་ཆུས་སྦྱངས་ལ་བུམ་པར་བླུགས། ཞལ་གདམས་སྙིང་བྱང་གི་བླ་མ་སྨྲ་སེང་དྲག་པོའི་ལས་ཚོགས་རྡོ་རྗེ་གཙུག་ཏོར་གྱི་བུམ་ཆོག་ལྟར་བསྒྲུབས། དེ་ཉིད་གོང་སྨོས་རྫས་ཀྱི་ཕྱེ་མས་རིལ་བུར་དྲིལ་བ་བྱད་ཁྲོལ་གྱི་བུམ་རྫས་ལ་མཆོག་ཏུ་གཅེས་ཤིང་། རིལ་བུ་ཆུར་སྦྱངས་པས་ཁྲུས་དང་། བཏུང་བ་དང་། གནས་ཁང་སོགས་ལ་གཏོར་བ་དང་། དུ་བས་བདུག་པ་སོགས་བགྱིས་ན་བྱད་ཕུར་ཐོད་གཏོང་གཏད་སེལ་ཐམས་ཅད་ཞི་བར་འགྱུར་རོ། །ཡང་ཞལ་གདམས་སྙིང་བྱང་གི་ལས་ཚོགས་སྤྱིར་བཏང་སྲུང་བའི་སྐོར་དུ་བཤད་པའི་དུག་ཁྲག་རིལ་བུ་རྫས་སྲུང་ནག་པོ་ཀུན་ཐུབ་ལ་སྦྱར་ཏེ་ཚུལ་བཞིན་དུ་བསྒྲུབས་པས། གདོན་བགེགས་འབྱུང་པོ་ཉེ་མི་ནུས༔ ཀླུ་གཉན་གདུག་པ་ཕྱོགས་བཅུར་འབྲོས༔ ཞེས་སོགས་ཀྱི་ཡོན་ཏན་ཀྱང་ལྷག་པར་འབྱུང་བ་ཉིད་དོ།། ༈ །།དབང་གི་གནས་མཆོག་རི་བོ་དབང་ཞུའི་བྲག་ནས་བྱུང་བའི་བཀྲ་ཤིས་བྲག་ཕུག་མ་རཱ་ཏཱི་


JKT022_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ས་སྣ་རིལ་བུ་འཆི་མེད་བཅུད་ཀྱི་སྙིང་པོ་ནི། པདྨའི་རྣམ་ཐར་ཆེན་མོར། བྲག་ཕུག་མཱ་ར་ཏཱི་ཀ་ཞེས་བྱ་བ༔ རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནས༔ དགུན་ཡང་མེ་ཏོག་ཆར་དུ་འབེབས་པའི་སཿ བཀྲ་ཤིས་བྱིན་རླབས་ཆེ་བའི་གནས་མཆོག་དེརཿ ཚེ་དཔག་མེད་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ ཚེ་ཡི་རིག་འཛིན་ཟླ་བ་གསུམ་དུ་བསྒྲུབ༔ ཞེས་བསྔགས་པ་ལྟར། མཱ་ར་ཏི་ཀ་སྟེ་འཆི་བ་མཐར་བྱེད་ཀྱི་བྲག་གི་ས་བཅུད་ལ༔ གངས་རིའི་སློབ་དཔོན་རིན་པོ་ཆེ་ནས་ཚེ་སྒྲུབ་གནང་བའི་ས། གུ་གེ་ཁྱུང་ལུང་གི་ཚེ་རིལ། གཡའ་མ་ལུང་སོགས་འཆི་མེད་གྲུབ་པའི་སྦས་གནས་མང་པོའི་ས་རྡོ་ཆུ་ཤིང་། སེང་བྲག་དང་ཤེལ་ཕུག་གི་ཚེ་ཆུ། ཅོང་ཞི་མཛོ་འོར་འདམ་བཏགས། སྙིང་པོ་ལྔ་སྦྲང་རྩི། བུ་རམ། མར། ལན་ཚྭ། ཀ་ར། ཨ་རུ་གསེར་མདོག། གཞན་ཡང་ཚེ་བཅུད་ཀྱི་སྨན་སྣ་ཐམས་ཅད་ཚོགས་པ་ཅུང་ཟད་དང་བཅས་ཞིབ་བཏགས་འབྲིའི་འོ་མས་རིལ་བུ་སྲན་མ་ཙམ་དུ་བསྒྲིལ། ཐུགས་སྒྲུབ་ཚེ་དཔག་མེད་པདྨ་སྒྱུ་འཕྲུལ་དྲྭ་བའི་ལས་ཚོགས་བཅུད་ལེན་གྱི་གདམས་པ་ལྟར་རིན་འབྱུང་ཚེ་མཐའ་ཡས་པའི་ལྷ་སྔགས་ཀྱིས་བྱིན་བརླབས་པ་སྟེ། ཕན་ཡོན་ནི། བྱང་གཏེར་བཅུད་ལེན་བདུད་རྩིའི་ཕྲེང་བ་ལས། རིན་ཆེན་ནོར་འཛིན་བཅུད་ལེན་འདི༔ ཟོས་པས་ཚེ་རིང་ཡེ་ཤེས་ལྡན༔ ཟས་ནོར་དགོས་འདོད་ཆར་བཞིན་


JKT022_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

འབབ༔ ཏིང་འཛིན་མི་འགྱུར་ལྷ་སྐུ་གསལ༔ ཆུ་རྫིང་ས་གདོན་ནད་ཀུན་འཇོམསཿ ཤ་རྒྱས་དབུགས་རིང་ཉོན་མོངས་ཞི༔ རིགས་བརྒྱུད་འཁོར་འཕེལ་མཁའ་འགྲོ་འདུ༔ རང་རིག་ཡེ་ཤེས་ཚེ་འདིར་རྟོགས སངས་རྒྱས་མྱུར་དུ་འགྲུབ་པར་འགྱུར༔ ཅེས་པའི་བཅུད་ལེན་ཉིད་མཆོག་ཏུ་བསྔགས་པའི་ཡོན་ཏན་ཐམས་ཅད་འདིར་ཡང་ཡར་ལྡན་དུ་འབྱུང་ཞིང་། དགོངས་འདུས་ལས་ཀྱང་ཚིག་རིས་གོང་དང་མཐུན་པར་གསུངས། བྱེ་བྲག་ཐུགས་སྒྲུབ་ཚེ་གཞུང་ལས། རབ་ནི་ཁ་ཟས་ཀུན་སྤངས་ལ། གྲུབ་པའི་བཅུད་ལེན་ཚུལ་དུ་བསྟེན༔ འབྲིང་ནི་གནོད་པའི་ཟས་སྤངས་ལ༔ སྨན་གྱི་བཅུད་ལེན་ཚུལ་དུ་བསྟེན༔ ཐ་མ་ཐོ་རངས་ཁམས་རྒྱས་དུས༔ དམ་ཚིག་རྫས་ཀྱི་ཚུལ་དུ་བསྟེན༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡི༔ ཚེ་དང་ལང་ཚོ་འགྲུབ་པར་འགྱུར༔ ཅེས་གསུངས་པས༔ ཚེ་སྒྲུབ་དང་། བཅུད་ལེན་གྱི་རྫས་ལ་བསྔགས་ཤིང་། བཀྲ་ཤིས་གཏེར་བུམ་གྱི་སྙིང་པོར་གཞུག་ནའང་ཤིན་ཏུ་ལེགས་སོ༔ དེ་ལྟར་ལེགས་པར་སྦྱར་ཞིང་བསྒྲུབས་པའི་རིལ་བུ་འདི་རྣམས་སྤྱིར་བཏང་གི་སྦྱོར་ཚུལ་མདོ་ཙམ་བརྗོད་ན། ཐོག་མར་གཏའ་སྤེལ་དཔྱད་རྣམས་སོ་སོར་ངོས་འཛིན་མ་འཁྲུལ་བའི་ཁུངས་ལྡན་གཙང་དག་ལྷད་དང་བྲལ་བ་འདུ་བྱས་སྟེ། ་བཀྲུ་བར་འོས་པ་རྣམས་རྣམ་འཇོམས་དང་སྨེ་བརྩེགས་ཀྱི་ཁྲུས་ཆུས་བཀྲུས་ཏེ་གྲིབ་མར་སྐམ། གཞན་


JKT022_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལའང་སྦྱོང་ཁྲུས་ཚད་ལྡན་དང་། གྲིབ་སེལ་གྱི་སྔགས་བཏབ་པའི་བསང་བདུག་སོགས་ཡིད་ཆེས་པར་བྱས། དེ་ནས་རྡོ་ཤིང་སྔོ་སྨན་གྱི་རིགས་ཞིབ་འདུར་དར་ཚགས་ལ་དྲངས། སྣུམ་བག་དང་གཤེར་ཆེ་བ་རྣམས་ཡུན་རིང་དུ་བཏགས་པ་དང་། གླ་རྩི་དང་ཤིང་ཀུན་ལྟ་བུའི་རྩི་སྨན་གྱི་རིགས་བསྲེ་འདུར་སྐབས་སུ་བསྲེས། སྤྱིར་ཁ་དོག་གནག་པ་དང་། རོ་ཁ་བ་དང་ལན་ཚྭ་བ། ཤིང་ཀུན་སོགས་དྲི་ང་བའི་རིགས་རྣམས་ཆ་ཆུང་བ་ལེགས། ཕབས་གཏའ་ཁ་ཆེའི་ཆུ་སོགས་གང་འོས་དཀར་ཡོལ་ལྟ་བུའི་སྣོད་གཙང་མ་གཡའ་མེད་པར་བླུགས་པ་ལ་བཏབ། ཁ་ཆོད་བརྒྱབས་ཏེ་ཞག་གཉིས་གསུམ་བཞག་ནས་འདྲེས་པར་འདུར། སྲ་བའི་རིགས་གུར་གུམ་དང་། ཅོང་ཞི་གང་འོས་ཅུང་ཟད་རེ་དང་བཅས་རྡོ་གཞོང་གཙང་མ་ཆུ་འདུར་ཡུན་རིང་དུ་འདུར་བ་སྦྲུ་ཟན་གྱིས་ལེན་པའམ། ཆུར་སྦྱངས་པ་ལས་དར་ཚགས་ལ་དྲངས་ན་ཆུད་ཟོས་སུ་འགྲོ་དོགས་བཞག །ཐམས་ཅད་ལག་ཅེས་པ། དབང་ལག་སྟོན་དུས་སུ་བརྐོས་ཤིང་མ་རུལ་མ་སུམ་པ་སྤུས་ལེགས་ཤིན་ཏུ་ཞིབ་འདུར་དར་ཚགས་ལ་དྲངས་བའི་དམ་རྩི་ཆེ་བ་རེ་སྦྱར། ཁྱད་པར་ས་རྡོ་ཤས་ཆེ་བའི་རིགས་ལ་དམ་རྩི་ཆེ་དགོས་པར་སྣང་། དེ་ཡང་དང་པོ་གཏའ་སྤེལ་དཔྱད་ཀྱི་རྫས་རྣམས་དམ་རྩི་བཅས་ཟན་དུ་སྦྱར་ནས་འདྲེས་པར་སྦྲུས། དེ་ལ་ཕབས་གཏའ་བླུགས་ཏེ་ཐམས་ཅད་


JKT022_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱབ་ངེས་སུ་བརྫིས། དེ་ནས་རིལ་བུར་བསྒྲིལ་སྐབས་དང་པོར་ཚད་བཞག་པ་ལས་ཇེ་ཆེར་འགྲོ་བས་མཚོན་ཆེ་ཆུང་སྣ་ཚོགས་རེད་འདུག་པས་ཡིད་གཞུང་པའི་རྟོག་འཇུག་ཞིབ་ཆ་དང་། བསྒྲིལ་ཚར་རིམ་བཞིན་སྣོད་གཙང་མར་རས་དཀར་གསར་པའི་ཁུད་དུ་བཏིང་། ཅུང་ཟད་སྐམ་པ་ན་ཐོག་མར་པར་བུ་ལྟ་བུའི་སྣོད་དང་། དེ་ནས་ཁུག་མར་བླུགས་ཏེ་རིལ་ཆགས་འཐེམ་པར་བྱས། ན་བཟའ་དམིགས་བསལ་མ་སྨོས་པ་རྣམས་རང་མདོག་དང་། དམིགས་ཀྱིས་བསལ་བ་རྣམས་རིལ་བུ་བསྒྲིལ་ནས་ཟླ་ཤས་ལོན་པའི་སྐམ་ཐག་ཆོད་ངེས་མཚམས། ཚོན་རྩི་རྣམས་ཤེལ་ཀ་རའམ་ཟར་མའི་ཁུ་བ་འོས་མཚམས་དང་སྦྱར་ཏེ་གསོལ་ཞིང་། རིལ་ཆགས་ནན་ཏན་ཏུ་བགྱིས། ཐོག་མཐའ་བར་གསུམ་དུ་སྦྱོང་ཁྲུས་བསང་བདུག་སོགས་གཙང་སྦྲ་གང་ཆེའི་སྒོ་ནས་སྦྱར་ཞིང་། སྔ་ཕྱིར་སྤྱི་སྒོས་ཀྱི་སྒྲུབ་པ་ལན་གྲངས་དུ་མས་བྱིན་གྱིས་བརླབས་པ་ཡིན་ནོ། །གཉིས་པ་བདུད་རྩི་སྨན་གྱི་སྐོར་ལ་ནང་གསེས་སུ་བདུན་ལས། ཐོག་མར་སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པའི་རིག་འཛིན་དགའ་རབ་རྡོ་རྗེའི་བདེ་ཆེན་ཡེ་ཤེས་སྐྱེད་པའི་བདུད་རྩི་ཆོས་སྨན་བདེ་ཆེན་རྡོ་རྗེའི་བཅུད་ལེན་ལ། གཏེར་ལུང་ལས་འབྱུང་བ་ལྟར་ཅོང་ཞི་སྤུས་ལེགས་འདམ་བཏགས་སོ་མི་སེག་པར་བྱས་པའི་ཕྱེ་མ་དང་། བྲག་ཞུན་གྱི་དྭང་མ། གཞན་ཡང་ཨ་རུ་ར། ཙནྡན་དཀར་


JKT022_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ཁ་ཆེ། ནཱ་གི། གླ་རྩི་སོགས་གཙོར་གྱུར་བདུད་རྩི་སྨན་སྒྲུབ་ཀྱི་གཞུང་ནས་བཤད་པའི་སྨན་གྱི་རིགས། ཅུ་གང་མདོག་འགྱུར་བ་བཅས་ཞིབ་བཏགས་དམ་རྩི་དང་ཕབས་བཅས་གར་ཆང་དང་ཁ་ཆེའི་ཆུས་ལ། ཕབས་གཏའ་ཁ་ཆེའི་གྲུང་ཆུར་སྦྱར་བས་ཁྱབ་པར་བྲན། མེ་སྦྲུལ་ས་ག་ཟླ་བའི་ཡར་ངོའི་ཚེས་བརྒྱད་ནས་བརྩམས་བདེ་ཆེན་པདྨ་ཤེལ་ཕུག་ཏུ་གཏེར་གསར་བཀའ་བརྒྱད་རྫོང་འཕྲང་གི་བདུད་རྩི་སྨན་གྱི་སྒྲུབ་པ་ཆེན་པོའི་སྒོ་ནས་ལེགས་པར་བསྒྲུབས། སླར་ཡང་དགའ་རབ་སྙིང་ཏིག་གི་གཞུང་དང་མཐུན་པར་བྱིན་གྱིས་བརླབས་པ་སྟེ། ཕན་ཡོན་ནི། སྤྱིར་ཡོན་ཏན་བདུད་རྩི་རོལ་པའི་རྒྱུད་ལུང་མན་ངག་རྣམས་ལས་རྒྱ་ཆེར་འབྱུང་བ་ལྟར་རྟོགས་པར་བྱ་ཞིང་། །འདིར་དམིགས་ཀྱིས་བསལ་བ་དགའ་རབ་སྙིང་ཏིག་ལས། གང་གིས་དྲི་ཙམ་ཚོར་བས་ཀྱང་༔ ནད་གདོན་བགེགས་ཞི་ཚེ་བསོད་རྒྱས༔ བདེ་ཆེན་ཡེ་ཤེས་རྩོལ་མེད་འཆར༔ མཚམས་མེད་ལས་ལ་སྤྱད་པའང་༔ ངན་སོང་གནས་ལས་ངེས་ཐར་ན༔ དད་དང་དམ་ཚིག་ལྡན་པ་དག༔ བྱང་ཆུབ་ཐོབ་པ་ལྟ་ཅི་སྨོས༔ དེ་ཕྱིར་རང་བྱུང་ཀུན་བཟང་གི༔ རྩོལ་མེད་ཕྲིན་ལས་ཟབ་མོའོ། །ཞེས་གསུངས་སོ།། ༈ །།གངས་རིའི་ཁྲོད་ཙམ་ན་མངོན་པར་མཐོ་བའི་སྒྲུབ་གནས་ཀྱི་རྒྱལ་པོར་བསྔགས་པ་བདེ་ཆེན་པདྨ་ཤེལ་ཕུག་ནས་དམ་ཆོས་ཀུན་གྱི་རྒྱལ་པོ་རྫོགས་ཆེན་སྡེ་


JKT022_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་ལྷན་ཅིག་ཏུ་སྤྱན་དྲངས་པའི་རིག་འཛིན་ཤྲཱི་སེདྷའི་བདུད་རྩི་ཆོས་སྨན་འཆི་མེད་དྭང་མའི་བཅུད་ལེན་ནི། བདུད་རྩིའི་གཞུང་ལས་འབྱུང་བའི་སྨན་སྣ་སྤྱི་དང་། ཁྱད་པར་ཡུང་བ་ཤིན་ཏུ་ཞིབ་བཏགས་ཕྱེ་མ་མདོག་འགྱུར་བ་དང་ཁ་ཆེའི་ཁུ་གར་བསྲེས་པར། ཕབས་གཏའ་ཉིད་ཁ་ཆེའི་ཆུར་ལེགས་པར་འདུར་བ་ཁྱབ་པར་བྲན། གཏེར་ནས་བཞེས་ཏེ་ཉིན་དྲུག་འདས་པའི་མཚམས། ལུང་བྱང་ལས། ཟབ་གཏེར་སྦས་པའི་གནས་མཆོག་དེརཿ སྒྲུབ་པ་ཆེན་པོ་དང་འབྲེལ་བར༔ དང་པོར་བཀའ་བརྒྱད་སྤྱི་དབང་དེ༔ ཀུན་ལ་སྤྲོ་བ་སྐྱེད་ཕྱིར་བསྐུར༔ དམ་རྫས་མྱོང་གྲོལ་འབྲེལ་ཚད་གྲོལ༔ དེ་ཕྱིར་ཆོས་སྒོ་འཕྲལ་དུ་དབྱེ༔ ཞེས་སོགས་གསུངས་པའི་ལུང་དོན་རྗེས་སུ་བསྒྲུབ་ཕྱིར། སྤྲུལ་པའི་གཏེར་ཆེན་རིན་པོ་ཆེ་དང་བདག་ཅག་གིས་མེ་འབྲུག་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་དགུ་ནས་བརྩམས། རིག་འཛིན་ཤྲཱི་སིདྷས་བྱིན་གྱིས་བརླབས་པའི་གནས་མཆོག་བདེ་ཆེན་པདྨ་ཤེལ་ཕུག་གི་ཉེ་འདབས་སུ་ཐོག་མར་གཏེར་ཁ་འདི་ཉིད་ཀྱི་བཀའ་བརྒྱད་རྫོང་འཕྲང་གི་བདུད་རྩི་སྨན་སྒྲུབ་ཀྱི་སྒོ་ནས་བྱིན་གྱིས་བརླབ་ཅིང་། སླར་ཡང་མེ་སྦྲུལ་ས་ག་ཟླ་བར་བསྐྱར་ནས་ཀྱང་བསྒྲུབ་པ་སྟེ། ཕན་ཡོན་ནི། སྤྱིར་བདུད་རྩིའི་གཞུང་རྣམས་ལས་རྒྱ་ཆེར་འབྱུང་བར་མ་ཟད། དམིགས་ཀྱིས་བསལ་བའང་གཏེར་ལུང་ལས། ཟུང་འཇུག་རིག་འཛིན་ཤྲཱི་སིདྷའི འཆི་


JKT022_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བདུད་རྩི་སྨན་གྱི་བཅུད༔ མཐོང་བས་བསྐལ་མང་སྡིག་སྒྲིབ་འདག དྲི་ཚོར་ཙམ་གྱིས་ནད་གདོན་ཞི༔ ལུས་ལ་རེག་པས་བདེ་ཆེན་སྐྱེ རྡུལ་ཕྲན་ཙམ་ཞིག་མྱོང་བས་ཀྱང་༔ མཆོག་ཐུན་དངོས་གྲུབ་ངེས་པར་ཐོབ༔ མདོར་ན་འབྲེལ་ཚད་ཐམས་ཅད་ཀུན༔ ངན་སོང་འཁོར་བའི་སྒོ་འགེག་ཅིང་༔ མཐོ་རིས་ཐར་པའི་ལམ་རྙེད་ཕྱིར༔ རང་བྱུང་ཡེ་ཤེས་ཐུགས་རྗེའི་མཐུ༔ རྩོལ་མེད་ངང་གིས་འཆར་བ་སྟེ༔ དེ་ཕྱིར་ཐུན་ཕྲན་རེ་རེ་ལ༔ ཁྲི་འབུམ་སྤེལ་ཞིང་བསྒྲུབ་པ་བསྐྱར༔ མཁའ་ཁྱབ་འགྲོ་དོན་བླ་ན་མེད༔ བདེ་ཆེན་རྡོ་རྗེའི་གསེང་ལམ་མོ༔ ཞེས་ཆེད་དུ་བསྔགས་པ་ལྟར་རོ།། ༈ །།ན་བུན་རྫོང་ནས་སྤྱན་དྲངས་པའི་རིག་འཛིན་བི་མ་ལ་མི་ཏྲའི་བདུད་རྩི་ཆོས་སྨན་བདེ་ཆེན་བདུད་རྩིའི་བཅུད་ལེན་ནི། སྨན་གྱི་རིགས་སྤྱི་དང་། ཁྱད་པར་ཙནྡན་དམར་པོའི་ཕྱེ་མ་ཤིན་ཏུ་ཞིབ་པ་མདོག་འགྱུར་ངེས་སུ་བཏབ་པ་ལ། ཕབས་གཏའ་དྲི་བཟང་དང་སྦྱར་བ་བླུགས་ཅིང་ལེགས་པར་སྦོལ། མེ་སྦྲུལ་ས་ག་ཟླ་བར་བདེ་ཆེན་པདྨ་ཤེལ་ཕུག་ཏུ་བཀའ་བརྒྱད་རྫོང་འཕྲང་གི་སྒོ་ནས་བསྒྲུབ་ཅིང་། སླར་ཡང་སྙིང་ཏིག་སྐོར་བདུན་གྱི་ནང་ཚན་བི་མའི་ཡང་ཏིག་ཡེ་ཤེས་གསང་ལམ་གྱི་བདུད་རྩི་ཆིག་སྒྲུབ་ལྟར་བསྐྱར་ནས་བསྒྲུབ་པ་སྟེ། དམིགས་ཀྱིས་གསལ་བའི་ཕན་ཡོན་ཀྱང་༔ རང་གཞུང་ལས། བདུད་རྩི་ཆེན་པོ་བླ་ན་མེད༔ མཐོང་བས་བསྐལ་མང་སྡིག་


JKT022_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་འདག དྲི་ཚོར་ཙམ་གྱི་ངན་སོང་བྱང་༔ མྱོང་ན་བདེ་ཆེན་ཡེ་ཤེས་སྐྱེ༔ བཅངས་པས་མི་མཐུན་ཐམས་ཅད་སྲུང་༔ ཚེ་བསོད་ཡེ་ཤེས་རྒྱས་པར་འགྱུར༔ མདོར་ན་བླ་མེད་དམ་ཚིག་རྫས༔ ཐུགས་རྗེ་འཁོར་འདས་མཉམ་ཉིད་ཕྱིར༔ འབྲེལ་པ་ཐོབ་པ་ཐམས་ཅད་ཀུན༔ ཚེ་རིང་ནད་མེད་བསམ་རྒུ་འགྲུབ༔ མཆོག་ཐུན་ཁྱད་པར་དངོས་གྲུབ་ཀུན༔ དཔལ་ཆེན་པོ་དང་མཉམ་པ་འཐོབ༔ ཅེས་སོགས་རྒྱ་ཆེར་གསུངས་པར་མ་ཟད། རིག་འཛིན་བི་མ་ལ་ཉིད་དོན་དམ་པར་འདའ་ཀ་ཡེ་ཤེས་ཕྱག་རྒྱའི་གཟུགས་སུ་རང་སྣང་བ་ཁ་སྦྱོར་བརྒྱད་ལྡན་གྱི་གཙོ་མཆོག་དང་དབྱེར་མ་མཆིས་ཤིང་། རྣམ་པ་ཙམ་དུའང་ཡོན་ཏན་བདུད་རྩི་རོལ་པའི་རྒྱུད་ལུང་མན་ངག་མཐའ་དག་གི་བཀའ་བབ་པས་ཀྱང་ཁྱད་པར་དུ་འཕགས་པར་གྲུབ་བོ།། ༈ །།སེང་ཆེན་གནམ་བྲག་ནས་མེ་སྦྲུལ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་དགུ་ལ་སྤྱན་དྲངས་པའི་འཕགས་ཡུལ་རིག་འཛིན་བརྒྱད་ཀྱི་བདུད་རྩི་ཆོས་སྨན་ཡེ་ཤེས་ཀློང་དགུའི་བཅུད་ལེན་ནི། ཇི་སྐད་དུ། ཕྱི་ལྟར་བྱང་སེམས་ནང་རིག་འཛིན༔ གསང་བ་དཔལ་ཆེན་སྒྲུབ་སྡེ་བརྒྱད༔ ངོ་བོ་ཡེ་ཤེས་ཀློང་དགུའི་རྩལ༔ རྣམ་པ་གྲུབ་པའི་སློབ་དཔོན་ཆེ༔ ཞེས་སོགས་གཏེར་ཁ་ཐམས་ཅད་ནས་དོན་མཚུངས་པར་གསུངས་པ་ལྟར། ཡེ་ཤེས་ཀློང་དགུའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ཆེན་པོ་སྒྲུབ་སྡེ་བརྒྱད་


JKT022_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐ་མི་དད་པར་གྲུབ་པའི་རིག་འཛིན་མཉྫཤྲཱི་མི་ཏྲ། ནཱ་ག་རྫུ་ན། ཧཱུཾ་ཀ་ར། བི་མ་ལ་མི་ཏྲ། པྲ་བྷ་ཧ་སྟི། དྷ་ན་སཾ་སྐྲྀ་ཏ། གུ་རྒྱ་ཙན། ཤནྟཾ་གནྡྷ་རྣམས་གདན་འཛོམས་ནས་རྩ་བ་བརྒྱད་དང་ཡན་ལག་སྟོང་ཚང་བར་སྦྱར་ཞིང་། གདོད་ནས་གྲུབ་པའི་དུར་ཁྲོད་ཆེན་པོ་བསིལ་བ་ཚལ་གྱི་མཆོད་རྟེན་བདེ་ཕྱེད་བརྩེགས་པར་དཀྱིལ་འཁོར་བདུན་དང་སྦྱོར་བ་བརྒྱད་ཀྱི་སྒོ་ནས་ལེགས་པར་བསྒྲུབས་པའི་འཇིག་རྟེན་ན་རྙེད་པར་དཀའ་བའི་དམ་རྫས་སྨན་ཕུད་ཁྱད་པར་ཅན་ཉིད་ཁ་ཆེའི་གྲུང་ཆུར་སྦྱར་ཏེ། རྩ་བ་དང་ཡན་ལག་གི་སྨན་ཇི་ཙམ་རྙེད་པས་བུངས་བསྐྱེད། ཡུང་བ་ཤིན་ཏུ་ཞིབ་བཏགས་དང་ཁ་ཆེའི་ཁུ་གར་གྱིས་སྦོལ་ནས་མདོག་སེར་པོར་བསྒྱུར། བདེ་ཆེན་པདྨ་ཤེལ་ཕུག་ཏུ་གཏེར་གསར་བཀའ་བརྒྱད་རྫོང་འཕྲང་གི་བསྙེན་པ་སྔོན་དུ་འགྲོ་བས་བསྒྲུབ་པ་སྟེ། ཕན་ཡོན་མཐའ་ཡས་པར་རྒྱུད་ལུང་མན་ངག་རྣམས་ནས་རྒྱ་ཆེར་འབྱུང་བའི་དོན་བསྡུས་ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། བདེ་གཤེགས་མ་ལུས་མཆོད་པའི་རྫས༔ བླ་མ་ཡི་དམ་སྡུད་པའི་རྩི༔ མཁའ་འགྲོ་ཀུན་གྱི་སྙིང་ཁྲག་ཡིན༔ ཟོས་པས་ཡོན་ཏན་བརྗོད་མི་ལངས སངས་རྒྱས་ལྔའི་ཡོན་ཏན་ཐོབ༔ ཕྱི་ལྟར་ལུས་ཀྱི་ནད་གདོན་འཇོམས༔ ནང་དུ་ཉོན་མོང་དུག་ལྔ་འདག༔ དམ་ཚིག་ཉམ་ཆག་ཐམས་ཅད་བསྐང་༔ གསང་བ་རང་བྱུང་ཡེ་ཤེས་རྟོགས༔ ཉན་ཐོས་རང་སངས་


JKT022_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་ཀྱིས༔ ཟོས་ན་ས་བཅུ་ཐོབ་ནས་ཀྱང་༔ ཐེག་ཆེན་བྱང་སེམས་ཆེན་པོར་འགྱུར༔ བླ་མ་མཆོད་ན་བྱིན་རླབས་འཇུག༔ ཡི་དམ་མཆོད་ན་དངོས་གྲུབ་སྟེར༔ བདེ་གཤེགས་མཆོད་ན་ཐུགས་རྗེ་འབྱུང་༔ མཁའ་འགྲོ་མཆོད་པས་ལུང་ཡང་སྟོན༔ རྣལ་འབྱོར་པའམ་སུས་ཟོས་ཀྱང་༔ ཕྱི་ཡི་ནད་གདོན་སྡིག་སྒྲིབ་བྱང་༔ ནང་གི་བསྐྱེད་རིམ་ཏིང་འཛིན་གསལ༔ གསང་བ་རང་རིག་ཆོས་སྐུར་རྟོགས༔ ཉམས་དང་ལྷག་ཆད་མ་ལུས་སྐོང་༔ འཆང་བས་དུས་མིན་འཆི་བ་ཟློག༔ གདུག་པའི་དུག་ཀྱང་འཇིལ་བར་ནུས༔ བྱུགས་པས་ནད་གདོན་མ་ལུས་སེལ༔ བསྲེག་ན་གདོན་བགེགས་ཐམས་ཅད་སྤྲོད༔ འདི་ཉིད་བསྒྲུབ་པའི་གནས་དེ་ཡང་༔ དུར་ཁྲོད་བསིལ་བའི་ཚལ་དང་མཚུངས༔ དཔའ་བོ་མཁའ་འགྲོ་ཐམས་ཅད་འདུས༔ ས་ཕྱོགས་བྱིན་དང་ལྡན་པར་འགྱུར༔ ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས༔ གང་བསྒྲུབས་ས་ཡི་གནས་དེ་རུ༔ སུ་བསྡད་མི་རྣམས་ཏིང་འཛིན་འཆར༔ ནམ་ཞིག་ཚེ་ཡི་དུས་བྱས་ནས༔ ཕོ་མོ་བཟང་ངན་མེད་པ་རུ། རིག་འཛིན་དམ་པའི་ས་ལ་གནས༔ དེ་ཕྱིར་མཆོག་གི་དམ་རྫས་སོ༔ ཞེས་གསུངས་ཏེ། གོང་འོག་གི་བདུད་རྩི་སྨན་གྱི་རིགས་ཐམས་ཅད་ལ་མཚུངས་བར་ཤེས་པ་བྱའོ། །།སེང་ཆེན་གནམ་བྲག་གི་གནས་མཐིལ་མཁའ་འགྲོའི་བྲོ་རའི་དབུ་རྩེ་བྲག་རིན་ཆེན་འབར་བ་ནས་སྤྱན་དྲངས་བའི་ཨོ་རྒྱན་རྗེ་


JKT022_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་ཉེར་ལྔའི་བདུད་རྩི་ཆོས་སྨན་བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་བཅུད་ལེན་ནི། ཟབ་གཏེར་ཐོ་བྱང་མཚོ་རྒྱལ་གྱི་ཕྱག་བྲིས་མ་ལས། ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དང་༔ མཁས་གྲུབ་རྗེ་འབངས་ཉེར་ལྔས་མཆིམས་ཕུ་རུ༔ སློབ་དཔོན་བརྒྱད་ཀྱི་ཆོས་སྨན་གཞིར་བྱས་ནས༔ བཀའ་བརྒྱད་སྒོ་ནས་བསྒྲུབས་པའི་སྨན་སྒྲུབ་ནི༔ ཚོན་ཚད་མེ་ལོང་ཡུ་བ་ཅན་ཞིག་གིསཿ གཞལ་བའི་མེ་ལོང་བཅུ་ཕྲག་བཞུགས་པ་འདི༔ མེ་ལོང་གཅིག་ལ་མེ་ལོང་འབུམ་ཕྲག་སྤེལ༔ གྲོག་མའི་རྐང་ཙམ་སུ་ཡི་ལྟོར་སོང་བ༔ དེ་ཉིད་ངན་སོང་གནས་ནས་ངེས་པར་ཐར༔ བླ་མེད་འཕགས་པའི་ས་ལ་ཕྱིན་པར་ནི༔ དུས་གསུམ་རྒྱལ་བ་རྣམས་ཀྱིས་ཡང་ཡང་བསྔགསཿ དེ་བས་གཅེས་པར་ཟུངས་ཤིག་ས་མ་ཡ༔ ཞེས་གསུངས་པ་ལྟར་བླ་ན་མེད་པའི་མྱོང་གྲོལ་གྱི་རྫས་མཆོག་ཁྱད་པར་ཅན་ཉིད་ཁ་ཆེའི་ཆུར་སྦྱར། རྩ་བ་དང་ཡན་ལག་གི་སྨན་སྣ་ཇི་སྙེད་པ་དང་བཅས་ཡུང་བ་ཅུང་ཟད་དང་། ཁ་ཆེའི་ཁུ་གར་ཤས་ཆེ་བས་མདོག་སེར་སྨུག་ཏུ་བསྒྱུར། ཟབ་གཏེར་མེ་སྦྲུལ་ཆོ་འཕྲུལ་ཟླ་བའི་ཚེས་༢༠ལ་སྣང་བར་མཛད་པའི་ལོ་དེ་ཉིད་ཀྱི་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་དུས་མཆོག་ཏུ་དགེ་བར། གཏེར་ལུང་ལས། རྒྱ་གར་སོ་ས་གླིང་གི་གནས༔ བོད་ཀྱི་ཡུལ་དུ་སྤྱན་དྲངས་ནས༔ བསྟིམས་པའི་གནས་ནི་མཆིམས་ཕུ་ཡིན༔ དེ་ཉིད་གཅིག་ལས་


JKT022_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མཆེད་ཚུལ༔ ཁམས་ཀྱི་སྨད་ཤོད་ཛཾ་དུ་འཕོས༔ ལུང་པ་པདྨ་ཁ་བྱེ་འདྲ༔ དབུས་ཀྱི་ལུང་པའི་མདོ་དག་ལཿ བྲག་དཀར་ཤེལ་གྱི་གུར་ཕུབས་འདྲ༔ སྒྲུབ་ཕུག་པདྨ་ཤེལ་ཕུག་འདིརཿ ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ བདེ་གཤེགས་འདུས་པའི་སྒྲུབ་ཆེན་བྱས༔ ཕུག་བའི་ནང་རྣམས་ཐམས་ཅད་དུ༔ དཀྱིལ་འཁོར་དགུ་ཀློང་རང་བྱོན་བྱུང་༔ བདེ་བར་གཤེགས་པ་ཐིམ་པས་ནི༔ མཐོང་ཚད་ངན་སོང་སྐྱེ་སྒོ་ཆོད༔ ཅེས་རྒྱ་ཆེར་བསྔགས་པའི་གནས་མཆོག་ཏུ། བདག་ཅག་གིས་གཏེར་གསར་རྫོགས་ཆེན་སྡེ་གསུམ་གྱི་མན་ངག་སྡེའི་ཡི་དམ་ཁྲོ་བོའི་སྒྲུབ་པ་བཀའ་བརྒྱད་རྫོང་འཕྲང་གི་ལས་བྱང་ལ་ཟབ་བདུན་སྒྲུབ་ཁོག་སྦྱར་བའི་བསྙེན་སྒྲུབ་ཡན་ལག་བཞི་ལྡན་དང་འབྲེལ་བར། ཐུགས་དམ་ཟབ་པ་སྐོར་བདུན་གྱི་མཆོག་གི་ལས་ཚོགས་ཀྱི་ཟབ་པ་བདུད་རྩིའི་གཞུང་གིས་ལྷ་དང་མཁའ་འགྲོ་འདུ་བའི་རྟགས་མཚན་དགེ་བ་དང་- བཅས་ལེགས་པར་བསྒྲུབས་པ་སྟེ། ཕན་ཡོན་གོང་དུ་སྨོས་པའི་རྡོ་རྗེའི་ལུང་སྤྱི་དང་བྱེ་བྲག་གིས་མཚོན་ཏེ་ཤེས་བར་བྱ་ཞིང་། མདོར་བསྡུ་ན་ཟབ་དོན་བདུད་རྩིའི་གཞུང་ལས། བླ་མེད་མཆོག་གི་བདུད་རྩི་འདི༔ ཏིལ་འབྲུ་ཙམ་ཞིག་སུས་མྱོང་བ༔ ཧེ་རུ་ཀ་དང་གོ་འཕང་མཉམ༔ ཅེས་གསུངས་སོ།། ༈ །།ས་རྟ་དབྱུག་པ་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་བཟང་པོར་ཀརྨའི་འབུམ་རྫོང་གི་གཏེར་སྲུང་མཚོ་སྨན་


JKT022_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བྱིན་བརླབས་བདུད་རྩིའི་ཟིལ་པ་ཁྲོམ་མེར་དངོས་སུ་ཕུལ་བའི་ཨོ་རྒྱན་རིན་པོ་ཆེ་རྗེས་འབྲངས་སྟོང་ཕྲག་གིས་བསྒྲུབས་པའི་འདུས་པ་མདོའི་ཆོས་སྨན་བདེ་ཆེན་རོལ་པ་ནི། གོ་སྟོད་འོད་འབར་བྲག་ནས་བཞེས་པའི་མཐོང་གྲོལ་སྐུ་རྟེན་རྣམ་གཉིས་ཀྱི་དཀར་ཆག་སློབ་དཔོན་རིན་པོ་ཆེའི་གསུངས་ལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཟིན་བྲིས་སུ་མཛད་པ་ལས། རྫ་རྒྱལ་གོ་བོ་ཕུག་གི་གནས་མཆོག་ཏུ འདུས་པ་ཆེན་པོ་པདྨ་འབྱུང་གནས་དང་༔ ཡེ་ཤེས་སྐུ་དང་ལས་ལུས་ཚུལ་བཟུང་བའི༔ རྗེས་འབྲངས་ཚོམ་བུར་འདུས་པ་སྟོང་ཕྲག་གིས༔ སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཆེ་བའི་མཆོག༔ ཤིན་ཏུ་རྣམ་པར་གྲོལ་བའི་ཧེ་རུ་ཀས༔ ཆོས་ཉིད་རང་སྒྲས་མངོན་སུམ་བསྟན་པའི་རྒྱུད༔ རྡོ་རྗེ་བཀོད་པའི་གསང་བ་ཟབ་མོའི་དོན༔ འདུས་པ་མདོ་ཡི་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པའི་ཚེ༔ ནམ་མཁའ་གང་བའི་ཁྲག་འཐུང་དཀྱིལ་འཁོར་ལྷ༔ རབ་འབྱམས་སྒྲུབ་པའི་རྫས་ལ་མངོན་སུམ་ཐིམ༔ དེ་ཚེ་སྨན་ལས་ཡེ་ཤེས་འོད་འབར་ཞིང་༔ ཛི་གླིང་ཐམས་ཅད་ཚོར་གྲོལ་དྲི་ཡིས་ཁྱབ༔ གང་གིས་མཐོང་དང་ཐོས་དང་དྲན་རེག་གམ ཐུན་ཕྲན་གཅིག་ལ་ཐུན་ཆེན་འབུམ་སྤེལ་ཏེ༔ དེ་ཉིད་ཏིལ་འབྲུ་ཙམ་ཞིག་མྱོང་བས་ཀྱང་༔ ནད་དང་སྡུག་བསྔལ་བར་གཅོད་ཀུན་ཞི་ཞིང་༔ རྡོ་རྗེའི་ཚེ་དང་ལང་ཚོ་མཆོག་ཏུ་འགྲུབ༔


JKT022_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཡེ་ཤེས་རྩོལ་བ་མེད་པར་འཆར༔ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པ་ཡིས༔ སྐྱེ་བ་བདུན་ན་འབད་མེད་གྲོལ་བའི་ཚུལ༔ ཌཱ་ཀི་བྱེ་བས་རྡོ་རྗེའི་གླུ་རུ་བླངས༔ ཞེས་རྒྱ་ཆེར་བསྔགས་པས་ཡིད་ཉེ་བར་དྲངས་ཏེ། བླ་ན་མེད་པའི་མཆོག་གི་བདུད་རྩི་ཉིད་ཁ་ཆེའི་ཆུར་སྦྱངས་པ་དང་། རྒྱུད་ལུང་མན་ངག་གི་བདུད་རྩིའི་གཞུང་ལས་གསུངས་པའི་རྩ་བ་དང་ཡན་ལག་གི་སྨན་ཇི་ལྟར་འབྱོར་པ་ལ། ནཱ་གི །གླ་རྩི། ཁ་ཆེ་རྣམས་དྲི་རོ་དང་མདོག་འགྱུར་བ་སྦྱར་ཏེ། དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོའི་ཆོ་འཕྲུལ་ཟླ་བར་ཕུན་ཚོགས་ལུགས་བརྒྱའི་འདུན་ས་དཔལ་སྡེ་དགེ་ལྷུན་གྲུབ་སྟེང་གི་གཟིམས་ཆུང་ཁམས་གསུམ་ཟིལ་གནོན་འཆི་མེད་བདེ་ལྡན་བཀོད་པར། བདག་ཅག་སོགས་རིག་འཛིན་འདུས་པའི་ཚོགས་ཀྱིས་དཔལ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་རྒྱུད་ཀྱི་དགོངས་དོན་ལུང་ཨ་ནུ་ཡོ་ག་འདུས་པ་ཆེན་པོ་མདོའི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་དང་འབྲེལ་བར་བདུད་རྩི་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་ཕྱི་ནང་གི་རྟགས་མཚན་དགེ་བ་བཅས་ལེགས་པར་བསྒྲུབས་པ་སྟེ། ཕན་ཡོན་ནི། གོང་དུ་སྨོས་པས་མཚོན་རྒྱུད་ལུང་མན་ངག་རྣམས་ནས་རྒྱ་ཆེར་གསུངས་པ་ལྟར་ཤེས་པར་བྱའོ།། ༈ །།འདུས་པ་མདོའི་བདུད་རྩི་ཆོས་སྨན་བདེ་ཆེན་རོལ་བའི་དཀར་ཆག་བཞུགས་སོ།། །།ཨོཾ་སྭ་སྟི། སྤྲུལ་པའི་གཏེར་སྟོན་


JKT022_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ལ། ས་རྟ་དབྱུག་པ་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་བཟང་པོར། བོད་ཆེན་པོའི་ལྗོངས་ཀྱི་ཐིག་ལེའི་གནས་ཆེན་ཉི་ཤུ་རྩ་ལྔའི་ཡ་གྱལ། ཐུགས་ཀྱི་ཡོན་ཏན་གྱི་གནས་མཆོག་ལྷོ་ཟླ་ཀརྨའི་འབུམ་རྫོང་ནས། གཏེར་སྲུང་མཚོ་སྨན་གྱིས་བྱིན་བརླབས་ཀྱི་ཟིལ་པ་ཕྲོམ་མེར་མངོན་སུམ་དུ་ཕུལ་བའི་ངོ་མཚར་གྱི་རྫས་མཆོག་འདུས་པ་མདོའི་ཆོས་སྨན་བདེ་ཆེན་རོལ་པའི་ལོ་རྒྱུས་ནི། གོ་སྟོད་འོད་འབར་བྲག་ནས་བཞེས་པའི་མཐོང་གྲོལ་སྐུ་རྟེན་རྣམ་གཉིས་ཀྱི་དཀར་ཆག་སློབ་དཔོན་རིན་པོ་ཆེའི་གསུང་ལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཟིན་བྲིས་སུ་མཛད་པ་ལས། རྫ་རྒྱལ་གོ་བོ་ཕུག་གི་གནས་མཆོག་ཏུ༔ འདུས་པ་ཆེན་པོ་པདྨ་འབྱུང་གནས་དང་༔ ཡེ་ཤེས་སྐུ་དང་ལས་ལུས་ཚུལ་བཟུང་བའི༔ རྗེས་འབྲངས་ཚོམ་བུར་འདུས་པ་སྟོང་ཕྲག་གིས༔ སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཆེ་བའི་མཆོག༔ ཤིན་ཏུ་རྣམ་པར་གྲོལ་བའི་ཧེ་རུ་ཀ༔ ཆོས་ཉིད་རང་སྒྲས་མངོན་སུམ་བསྟན་པའི་རྒྱུད༔ རྡོ་རྗེ་བཀོད་པ་གསང་བ་ཟབ་མོའི་དོན༔ འདུས་པ་མདོ་ཡི་དཀྱིལ་འཁོར་ཞལ་ཕྱེས་ཏེ ༈ བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པའི་ཚེ༔ ནམ་མཁའ་གང་བའི་ཁྲག་འཐུང་དཀྱིལ་འཁོར་ལྷ༔ རབ་འབྱམས་སྒྲུབ་པའི་རྫ་ས་ལ་མངོན་སུམ་ཐིམ༔ དེ་ཚེ་སྨན་ལས་ཡེ་ཤེས་འོད་འབར་ཞིང་༔ ཛམ་གླིང་ཐམས་


JKT022_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཚོར་གྲོལ་དྲི་ཡི་ཁྱབ༔ གང་གིས་མཐོང་དང་ཐོས་དང་དྲན་རེག་གམ༔ ཐུན་ཕྲན་གཅིག་ལ་ཐུན་ཆེན་འབུམ་སྤེལ་ཏེ༔ དེ་ཉིད་ཏིལ་འབྲུ་ཙམ་ཞིག་མྱོང་བས་ཀྱང་༔ ནད་དང་སྡུག་བསྔལ་བར་གཅོད་ཀུན་ཞི་ཞིང་༔ རྡོ་རྗེའི་ཚེ་དང་ལང་ཚོ་མཆོག་ཏུ་འགྲུབ༔ བདེ་ཆེན་ཡེ་ཤེས་རྩོལ་བ་མེད་པར་འཆརཿ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པ་ཡིས༔ སྐྱེ་བ་བདུན་ན་འབད་མེད་གྲོལ་བའི་ཚུལ༔ ཌཱ་ཀི་བྱེ་བས་རྡོ་རྗེའི་གླུ་རུ་བླངས༔ ཞེས་སོགས་རྒྱ་ཆེར་བསྔགས་པ་ལ་མཆོག་ཏུ་དད་པ་དང་། གཞན་སྨན་པར་འདོད་པའི་ལྷག་བསམ་ཟོལ་མེད་པ་དང་། སྤྲུལ་པའི་གཏེར་ཆེན་རིན་པོ་ཆེ་ནས་ཀྱང་ལེགས་སོའི་བཀའ་གནང་བས་གཟེངས་བསྟོད་པ་དང་། དཔལ་སའི་ཚངས་པ་ཆེན་པོ་རྒྱལ་བློན་གྱིས་ཡོ་བྱད་ནམ་མཁའ་མཛོད་ཀྱི་མཐུན་རྐྱེན་རྩལ་བས་རྟེན་འབྲེལ་དུས་སུ་སོན་པ་བཅས། ཁོ་བོ་ཅག་གིས་དེང་དུས་རྡོ་རྗེ་སློབ་དཔོན་གྱི་གཟུགས་བརྙན་ལས་ཀྱང་ཆེས་གཟུགས་བརྙན་གྱི་ཁུར་མི་ཐེགས་བཞིན་རང་གིར་བྱས་ཏེ། ས་སྐྱོང་ཆོས་ཀྱི་རྒྱལ་པོའི་དབུའི་མཆོད་གནས་རྡོ་རྗེ་འཛིན་པ་ཆེན་པོ་འཇམས་དབྱངས་བློ་གསལ་དང་། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་ཤར་བླ་མ་མཁས་བཙུན་གྲུབ་པའི་བདག་ཉིད་ཀུན་དགའ་དཔལ་ལྡན་སོགས་དབང་གིས་རྒྱུད་སྨིན་ཅིང་། དམ་ཚིག་དང་སྡོམ་པ་རྣམ་པར་དག་པ། ལུང་དང་རིག་པར་སྨྲ་བའི་བཤེས་གཉེན་གྲོགས་


JKT022_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་འདུས་པས། ཕུན་ཚོགས་ལུགས་བརྒྱའི་མདུན་ས་དཔལ་སྡེ་དགེ་ལྷུན་གྲུབ་སྟེང་གི་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་རྣམས་རིམ་པར་བྱོན་པའི་གཟིམ་ཆུང་ཁམས་གསུམ་ཟིལ་གནོན་འཆི་མེད་བདེ་ལྡན་བཀོད་པར། དོན་གྲུབ་ཅེས་པ་ས་མོ་ལུག་གི་གནམ་ལོ་གསར་དུ་འཆར་བའི་ཆོ་འཕྲུལ་ཆེན་པོའི་ཟླ་བའི་དབང་ཕྱོགས་ཀྱི་རྒྱལ་བ་དང་པོར། བྲང་ཏི་མཁས་པའི་རིགས་འཁྲུངས་ལྷར་བཅས་བསྟན་འགྲོའི་སྐྱབས་གཅིག་ཐར་རྩེ་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ། བདག་ཆེན་ཤར་པའི་རིགས་ཀྱི་ཐིག་ལེ་ཀླུ་ལྡིང་ཞབས་དྲུང་རིན་པོ་ཆེ་རྣམ་འདྲེན་རྒྱལ་བའི་མྱུ་གུ་ཆེན་པོ་ཤེས་རབ་ཆོས་ཀྱི་རྒྱལ་མཚན། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ལྷ་སྲས་བར་པས་བཅུའི་དབང་ཕྱུག་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ། ལོ་ཆེན་བཻ་རོའི་རྣམ་འཕྲུལ་དུ་ཚད་མ་གསུམ་གྱིས་གྲུབ་པ་མཁས་བཙུན་གྲུབ་པའི་ཁྱུ་མཆོག་འཇམ་པའི་དབྱངས་བློ་གྲོས་མཐའ་ཡས། རྒྱལ་སྲས་མུ་ཏིག་བཙད་བོ་དགེ་བ་དཔལ་གྱི་རྣམ་འཕྲུལ་དུ་འཁྲུལ་མེད་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པ་དཔལ་སའི་ཚངས་པ་སྡེ་དགེ་ཆོས་ཀྱི་རྒྱལ་པོའི་ལྷ་སྲས་བྱང་ཆུབ་སེམས་དཔའ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་


JKT022_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་ཡུམ་བློན་འཁོར་དང་བཅས་པས་མཚོན་ཕུན་སུམ་ཚོགས་པའི་རྡོ་རྗེའི་འདུས་པ་ཆེན་པོར། རྣལ་གྲོལ་གྱི་ལམ་མཐའ་དག་ཐེག་པ་རིམས་དགུར་འདུ་བ་ལས། བརྒྱད་པ་ལུང་ཨ་ནུ་ཡོ་ག་སྟེ་རྗེས་སུ་རྣལ་འབྱོར་གྱི་ཐེག་པ། དཔལ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པ་ཆེན་པོ་མདོའི་རྩ་བཤད་ཀྱི་རྒྱུད་རྣམས་ལ་བརྟེན་ནས། གྲུབ་པའི་སློབ་དཔོན་བདེ་བ་གསལ་མཛད་ལ་སོགས་པས་ཇི་ལྟར་བཀྲལ་བའི་དགོངས་པ། དམ་ཉམས་དང་འདྲེས་ཁྱེར་གྱི་སེལ་མེད་ཅིང་། རང་བཟོ་དང་རྙོག་པའི་དྲི་མ་ཕྲ་མོས་ཀྱང་མ་སླད་པར་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པ་སྐུ་མཆེད་ཀྱིས་ལེགས་པར་བཤད་པའི་གཞུང་བཟང་ཟླ་མེད་པའི་རྗེས་སུ་འབྲངས་ཏེ། ཐེག་དགུ་ཡོངས་སུ་རྫོགས་པ་འོག་མིན་ཚོགས་ཆེན་འདུས་པའི་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོར་བསྙེན་སྒྲུབ་ཡན་ལག་བཞི་དང་ལྡན་པའི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་དང་འབྲེལ་བར་རྡོ་རྗེའི་གཏོར་བླུགས་ཀྱིས་མངའ་དབུལ་ཞིང་། བདུད་རྩི་སྨན་གྱི་དགའ་སྟོན་སྤེལ་བ་ལ། ཐོག་མར་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱ་བ་བསྙེན་པའི་ཡན་ལག་ལ། ནུབ་དང་པོར་དཀྱིལ་ཆོག་ལྟར་སའི་ཆོག་དང་ཆ་གསུམ་རྒྱས་པ་སྔོན་དུ་འགྲོ་བས། སྒོ་འབྱེད་ཀྱི་དབང་། གཉིས་པར་ལྷ་མི། ཉན་ཐོས། རང་རྒྱལ། བྱང་སེམས་ཏེ་དཀྱིལ་འཁོར་བཞིའི་དབང་དང་། བྱ་སྤྱོད་ཐུན་མོང་གི་སྟ་གོན།


JKT022_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པར་བྱ་སྤྱོད་ཐུན་མོང་གི་དབང་དངོས་གཞིའི་དབང་དང་། ཡོ་གའི་སྟ་གོན། བཞི་པར་ཡོ་གའི་དངོས་གཞིའི་དབང་སྟེ་ཡན་ལག་གི་དཀྱིལ་འཁོར་རྣམས་དང་། དེ་དག་གི་སྐབས་སུ་ཟུར་འདེབས་ལྟར་ཞི་ཐུང་ཁྲོ་ཐུང་གི་གཞུང་བསྲང་བ་དང་། གཏོར་ཆོག ཆ་གསུམ། ཚོགས་མཆོད་སོགས་རྒྱས་པར་བགྱིས། ལྔ་པར་ཡན་ལག་ཅན་རྩ་བའི་དཀྱིལ་འཁོར་གྱི་བསྙེན་པའི་ཡན་ལག་ལ། ཞི་ཐུང་གི་གཞུང་བསྲང་བ་སྔོན་ཏུ་འགྲོ་བས་ཚོགས་ཀྱི་འཁོར་ལོ་དང་། ཞི་བའི་སྦྱིན་སྲེག དཀྱིལ་ཆོག་ལྟར་ཡན་ལག་རྫས་ལྔ་དང་། ཡན་ལག་ཅན་ལྷ་བུམ་སློབ་མ་ལྷག་གནས་སོགས་དང་། སྒྲུབ་པའི་གྲོགས་དག་གི་སྐོང་གི་ཆོ་ག དྲུག་པར། ཁྲོ་བོའི་གཞུང་བསྲང་བ་སྔོན་ཏུ་འགྲོ་བས་ཆ་གསུམ་བཏང་ཞིང་མཚམས་གསུམ་བཅད་པ་དང་། གནས་འཁོར་ཡོ་བྱད་བྱིན་གྱིས་བརླབས་པ། ཁྱད་པར་སྨན་ཁྲོལ་བུ་དང་ཕྱེ་མའི་སྒྲུབ་པ་ནི། སྒྲུབ་པའི་སྐབས་ཀྱི་རྩ་དཀྱིལ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་ཞལ་བསྒྱུར་བ་ཙམ་ལ་བརྟེན་པའི་སྐབས་འདིར་དམིགས་ཀྱིས་བསལ་བར་མ་གསུངས་ཀྱང་། ཕུན་སུམ་ཚོགས་པའི་ཡན་ལག་ཏུ། སྔ་མ་ནས་རོ་ནུས་ཁ་དོག་སོགས་མཐུན་བསྡེབས་ཤིང་ལེགས་པར་སྦྱར་བའི་སྨན་རྣམས། གཏེར་ཆེན་ཆོས་ཀྱི་རྒྱལ་པོས་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་དང་འབྲེལ་བར་ཡུན་རིང་དུ་


JKT022_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་པར་མ་ཟད། འདིར་ཡང་ས་ཁོངས་འཛིན་བྱེད་དུ་ཁྲོལ་བུའི་བཟླས་ཐུན་དང་། བཏགས་བཙག་བསྲེ་སྦོལ་སོགས་རྒྱུད་དང་གྲུབ་པའི་མན་ངག་ལ་ཡིད་གཞུང་པར་བགྱིས་ཤིང་། དེ་མ་ཐག་དངོས་གྲུབ་ཀྱི་སྦྱོར་བ་ལ་ཞུགས་པ་ཉེ་བར་བསྙེན་པའི་ཡན་ལག་༢༽རས་བྲིས་ཀྱི་དཀྱིལ་འཁོར་དགྲམ་ཞིང་རྒྱན་བཀོད་ནས་བྱིན་དབབ། གྲལ་ལ་དགོད་ཅིང་བསྙེན་པར་གནང་བའི་དབང་བསྐུར། བརྡ་སྒོ་དབྱེ་ཞིང་སྒྲུབ་ཐབས་ལྟར་ལས་ཀྱི་དབུ་དྲངས་པ་ནས། བྱིན་དབབས་པའི་བར་གྱི་རྗེས། སྒྲུབ་ཁོག་ལྟར་མ་ཊ་བསྒྲལ་ཞིང་ཁྲོ་བོ་བཅུའི་ལྟངས་སྟབས་ཀྱིས་བགེགས་གཟིར། མཆོད་པ་བྱིན་རླབས་སོགས་སྒྲུབ་ཐབས་ཀྱི་གཞུང་རྫོགས་པར་བསྲངས། བདུན་པ་ནས་བརྩམས་ཏེ་དངོས་གྲུབ་ཀྱི་ཐབས་དངོས་ལ་ཞུགས་པ་སྒྲུབ་པའི་ཡན་ལག་༣༽གི་གཞུང་ཞག་གསུམ་དུ་བསྲངས་ཏེ། དེའང་ཉིན་མཚན་དུས་དྲུག་ཏུ་སྒྲུབ་ཁོག་ལྟར་བདག་ཅག་སོགས་རྩ་བའི་གཞུང་བསྲང་མཁན་དང་། རྟོགས་ལྡན་བླ་མ་དམ་པ་དཀོན་མཆོག་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་སོགས་སྒྲུབ་པའི་གྲོགས་དང་བཅས་པས་ཆོག་ཁྲིགས་རྒྱས་འབྲིང་བསྡུས་པའི་ཚུལ་གྱིས་ཕྲིན་ལས་བཏང་བ་དང་། ཏིང་ངེ་འཛིན་དང་། བཟླས་པའི་རྒྱུན་མ་ཆད་པར་བསྒྲུབས་ཤིང་། ཉིན་བར་པར་ཟུར་འདེབས་ལྟར་ཛཔྲ་སྐུལ་རྒྱས་པ་དང་། ཕྱི་མར་ཟུར་འདེབས་ལྟར་ལྷ་དབང་དུ་བྱ་བའི་


JKT022_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་བླུགས་ཀྱི་ཆོ་ག་སོགས་ཀྱང་བཤད་ཚོད་ལྟར་ལག་ལེན་དུ་བཏབ། དངོས་གྲུབ་ཀྱི་གེགས་སེལ་དང་བོགས་འབྱིན་པའི་ཕྱིར་ཉུལ་ལེ་གཟར་བ་དང་། བྱིན་དབབས་པ་སོགས་ཀྱང་ཐུན་རེ་བཞིན་བགྱིས། ནུབ་དགུ་པའི་ཕྱི་དྲོ་ནས་དངོས་གྲུབ་ཀྱི་རྫས་རྣམས་ལེགས་པར་བཤམ་སྟེ། བཅུ་པའི་ཐོ་རེངས་སྔ་བར་དངོས་གྲུབ་མངོན་དུ་བྱ་བ་སྒྲུབ་པ་ཆེན་པོའི་ཡན་ལག་ནི། སྒྲུབ་པའི་གཞུང་བསྲངས་ཏེ་སྒྲུབ་ཁོག་ལྟར་བདག་དོན་ཏུ་དངོས་གྲུབ་ལེན་པའི་ཆོ་ག་རྒྱས་པར་བགྱིས་ཤིང་དངོས་གྲུབ་ཀྱི་དགའ་སྟོན་སྤེལ། ཟུར་འདེབས་ལྟར་རྒྱས་པའི་སྦྱིན་སྲེག་གི་ཐབ་ཏུ་བདུད་རྩི་སྨན་གྱི་ཕུད་ཕུལ་ཞིང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྣང་བས་ཁྱབ་པའི་འདུན་པ་བསྒྱུར། རུ་ལུའི་ཛཔ་དབྱངས་དང་རྡོ་རྗེའི་བྲོ་བསྐོར་བ་སོགས་ཕྱག་བཞེས་ལྟར་བགྱིས། །བཅུ་གཅིག་པར་མདོ་རྩ་བའི་དཀྱིལ་འཁོར་དུ་སྒྲུབ་ཅིང་མཆོད་པ། ཚོགས་ཀྱི་འཁོར་ལོ། བདག་ཉིད་འཇུག་ཅིང་དབང་མདོར་བསྡུས་ཏེ་བླངས་པ་སོགས་སྔོན་ཏུ་འགྲོ་བས། ནང་དང་སྒྲུབ་པའི་དབང་སྟེ་བུམ་པའི་དབང་དང་། དབང་གོང་མ་གསུམ་མདོར་བསྡུས་པ་བཅས་པ་རྫོགས་པར་༈ ཕུལ། བཅུ་གཉིས་པར་གསང་དཀྱིལ་དང་། རྫོགས་དཀྱིལ་དུ་དབང་གོང་མ་གཏད་རྒྱ་དང་བཅས་ཕུལ་ཞིང་། རྗེས་ཀྱི་ཆོ་ག་མར་མེའི་སྨོན་ལམ་གདབ་པ་སོགས་ནས་བརྩམས་ཟུར་འདེབས་བཞིན་ལུང་གི་ལྷག་


JKT022_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་ཆབ་དང་བཅས་བསྔོ་སྨོན་ཤིས་བརྗོད་ཀྱི་བར་སྒྲུབ་ཐབས་དང་སྒྲུབ་ཁོག་ནས་ཇི་ལྟར་འབྱུང་བ་བཞིན་བགྱིས་ཏེ་གནས་སྲུང་། བཅུ་གསུམ་པའི་སྔ་བར་འདུས་པ་གཉུག་མར་གནས་པ་རྣམས་ཀྱི་སྟེང་དུ་གློ་བུར་དུ་ལྷག་པ་དང་བཅས་སུམ་བརྒྱར་ཉེ་བ་ལ་ཚོམ་ཆེན་ཏུ་བཀྲ་ཤིས་ཚེའི་དབང་དང་། ཕྱི་རོལ་གྱི་ཁོར་ཡུག་ཏུ་འདུས་པ་ལྔ་སྟོང་ཙམ་ལ་སྒྲུབ་པའི་རྫས་རྣམས་ཀྱི་དངོས་གྲུབ་ཀྱི་སྐལ་བ་ཅི་རིགས་པ་སྦྱིན་ཏེ་སྙིང་རྗེའི་ཤུགས་ཀྱི་ཡིད་དྲངས་པས་མ་འོངས་པ་ན་གདུལ་བྱ་རིན་པོ་ཆེ་ལྟ་བུའི་གང་ཟག་ཤ་སྟག་ཏུ་གྱུར་ནས། ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་ཉེ་རྒྱུས་སྤྱོད་པས་ཁ་སྤོ་ཉིད་དུ་འགྲུབ་པར་སྨོན་པའང་གཅམ་བུ་མིན་པར་སྙིང་ཐག་པ་ནས་བགྱིས་སོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཕྱི་ནང་གི་དགེ་མཚན་མངོན་ཏུ་གྱུར་བ་དང་། དོན་ཆེན་པོ་གྲུབ་པ་དང་བཅས་ལེགས་པར་བསྒྲུབས་པའི་དམ་ཚིག་གི་རྫས་ཆེན་པོ་འདིའི་རྒྱུན་ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་རྟག་པ་དང་། ཁྱབ་པ་དང་། ལྷུན་གྱིས་གྲུབ་པར་གནས་པའི་ཕྲིན་ལས་ཀྱིས། སྣོད་ཐམས་ཅད་འོག་མིན་རྡོ་རྗེ་བཀོད་པའི་ཞིང་དུ་གནས་འགྱུར་ཞིང་། བཅུད་ཀྱི་ཡིད་ཅན་མཐོང་ཐོས་དྲན་རེག་གི་འབྲེལ་པས་བསྡུས་པ་ཐམས་ཅད་དོན་གཉིས་ཀྱི་བསམ་སྦྱོར་ཡིད་བཞིན་དུ་འགྲུབ་པ་དང་། འཆི་མེད་རྟག་པའི་སྐུ་ཅན་


JKT022_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཁྲག་འཐུང་མངོན་རྫོགས་རྒྱལ་པོའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་རྣམ་པ་ཉི་ཤུའི་བྱང་ཆུབ་པར་སྨོན་པ་དེ་དེ་བཞིན་ཏུ་བླ་མ་ལྷ་དང་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་རྡོ་རྗེ་གཟི་བརྗིད་རྩལ་གྱིས་བྲིས་པ་སརྦ་དཱ་སུ་ཐེ་ཡོ་བྷ་བ་ཏུ།། ༈ །།ཨོཾ་སྭ་སྟི་ཛཱི་བནྟུ། སྤྱིར་རྩ་བརྒྱད་ཡན་ལག་སྟོང་དང་སྦྱར་བའི་དམ་ཚིག་གི་རྫས་ཉིད་བསྒྲུབ་པའི་གཞིར་བཟུང་སྟེ། སྒྲུབ་བྱེད་བསྙེན་སྒྲུབ་ཡན་ལག་བཞི་ལྡན་མཐར་ཕྱིན་པས་གྲུབ་པའི་འབྲས་བུ་བདུད་རྩི་རཱ་ས་ཡཱ་ན་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་འབད་མེད་ལྷུན་གྱིས་གྲུབ་པའི་ཚུལ་ཡོན་ཏན་བདུད་རྩིའི་རོལ་པའི་རྒྱུད་སྡེ་རྣམས་ལས་བསམ་གྱིས་མི་ཁྱབ་ཞིང་བགྲང་ལས་འདས་པར་གསུངས་པ། བྱེ་བྲག་ཏུ་ལྷ་སྲས་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་རྩོད་བྲལ་དུས་བབ་ཀྱི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་མཆོག་རྒྱུར་བདེ་ཆེན་གླིང་པའི་སེང་གནམ་བྲག་གི་གཏེར་བྱོན་ཟབ་གཏེར་གྱི་ཐོ་བྱང་མཚོ་རྒྱལ་གྱི་ཕྱག་བྲིས་མ་ལས། ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དང་༔ མཁས་གྲུབ་རྗེ་འབངས་ཉེར་ལྔས་མཆིམས་ཕུ་རུ༔ སློབ་དཔོན་བརྒྱད་ཀྱི་ཆོས་སྨན་གཞིར་བྱས་ནས༔ བཀའ་བརྒྱད་སྒོ་ནས་བསྒྲུབས་པའི་སྨན་སྒྲུབ་ནི༔ ཚོན་ཚད་མེ་ལོང་ཡུ་བ་ཅན་ཞིག་གིས༔ གཞལ་བའི་མེ་ལོང་


JKT022_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ཕྲག་བཞུགས་པ་འདི༔ མེ་ལོང་གཅིག་ལ་མེ་ལོང་འབུམ་ཕྲག་སྤེལ༔ གྲོག་མའི་རྐང་ཙམ་སུ་ཡི་ལྟོར་སོང་བ༔ དེ་ཉིད་ངན་སོང་གནས་ནས་ངེས་པར་ཐར༔ བླ་མེད་འཕགས་པའི་ས་ལ་ཕྱིན་པ་ནི༔ དུས་གསུམ་རྒྱལ་བ་རྣམས་ཀྱིས་ཡང་ཡང་བསྔགསཿ དེ་བས་གཅེས་པར་ཟུང་ཤིག་ས་མ་ཡ༔ ཞེས་དང་། ཟབ་བདུན་བདུད་རྩིའི་སྐོར་ལས་ཀྱང་། བླ་མེད་མཆོག་གི་བདུད་རྩི་འདི༔ ཏིལ་འབྲུ་ཙམ་ཞིག་སུས་མྱོང་བ༔ ཧེ་རུ་ཀ་དང་གོ་འཕང་མཉམ༔ ཞེས་གསུངས་ཤིང་། ཁྱད་པར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དངོས་སྣང་རིག་འཛིན་དགའ་རབ་རྡོ་རྗེའི་བདུད་རྩི་ཆོས་སྨན་འདི་ནི་བདེ་ཆེ་རབ་རྡོ་རྗེའི་བདུད་རྩི་ཆོས་སྨན་འདི་ནི་བདེ་ཆེན་ཡེ་ཤེས་སྐྱེད་བྱེད་ཅེས་། བྱ་སྟེ། འདི་མྱོང་ནས་དམ་ཚིག་མ་ཉམས་ན་སྐྱེ་བ་བདུན་ནམ་བཅུ་གཉིས་ཚུན་ནས་མཆོག་གི་དངོས་གྲུབ་འགྲུབ་པ་དང་། རིག་འཛིན་ཤྲཱི་སེདྷའི་བདུད་རྩི་ཆོས་སྨན་འདི་ནི། གཏེར་ལུང་ལས། ཟུང་འཇུག་རིག་འཛིན་ཤྲཱི་སེདྷའི༔ འཆི་མེད་བདུད་རྩི་སྨན་གྱི་བཅུད༔ མཐོང་བས་བསྐལ་མང་སྡིག་སྒྲིབ་འདག༔ དྲི་ཚོར་ཙམ་གྱིས་ནད་གདོན་ཞི༔ ལུས་ལ་རེག་པས་བདེ་ཆེན་སྐྱེ༔ རྡུལ་ཕྲན་ཙམ་ཞིག་མྱོང་བས་ཀྱང་༔ མཆོག་ཐུན་དངོས་གྲུབ་ངེས་པར་ཐོབ༔ མདོར་ན་འབྲེལ་ཚད་ཐམས་ཅད་ཀུན༔ ངན་སོང་འཁོར་བའི་སྒོ་འགེག་ཅིང་༔ མཐོ་རིས་ཐར་པའི་ལམ་རྙེད་ཕྱིརཿ རང་བྱུང་ཡེ་ཤེས་ཐུགས་རྗེའི་མཐུ༔ རྩོལ་མེད་ངང་


JKT022_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འཆར་བ་སྟེ༔ དེ་ཕྱིར་ཐུན་ཕྲན་རེ་རེ་ལ༔ ཁྲི་འབུམ་སྤེལ་ཞིང་བསྒྲུབ་པ་བསྐྱར༔ མཁའ་ཁྱབ་འགྲོ་དོན་བླ་ན་མེད༔ བདེ་ཆེན་རྡོ་རྗེའི་གསེང་ལམ་མོ༔ ཞེས་སོགས་ཆེད་དུ་བསྔགས་པ་དང་། བི་མ་མི་ཏྲ་ནི་བདུད་རྩི་སྨན་གྱི་བཀའ་བབ་པའི་ཕྱིར། དེས་བསྒྲུབ་པའི་བདུད་རྩི་ཉིད་གཞན་ལས་ཁྱད་པར་དུ་མས་འཕགས་པར་གྲུབ་ཅིང་། །འཇམ་དཔལ་བཤེས་གཉེན། ཀླུ་སྒྲུབ། ཧཱུྃ་ཀཱ་ར། བི་མ་མི་ཏྲ། པྲ་བྷ་ཧས་སྟི། རྡ་ན་སཾ་སྐྲྀ་ཏ་གུ་ཧྱ་ཙནྡྲ། ཤཱནྟཾ་གནྡྷ་སྟེ་རིག་འཛིན་ཆེན་པོ་བརྒྱད་ནི། དོན་དམ་པར་འཇམ་དཔལ་ཧེ་རུ་ཀ་སོགས་དཔལ་ཆེན་སྒྲུབ་སྡེ་བརྒྱད་དང་ཐ་མི་དད་པར་རིག་འཛིན་རྩ་བའི་རྒྱུད་ལས་བསྔགས་པའི་ཕྱིར་དེ་རྣམས་མཆོད་རྟེན་བདེ་བྱེད་བརྩེགས་པར་གདན་འཛོམས་ནས་བསྒྲུབས་པའི་བདུད་རྩི་ནི་འཇིག་རྟེན་ན་རྙེད་པར་དཀའ་ཞིང་དཀོན་པའི་དམ་ཚིག་གི་རྫས་མཐོང་ཐོས་དྲན་རེག་ཐམས་ཅད་གྲོལ་བ་དང་། དེ་ལ་གཞི་བྱས་ཏེ་ཨོ་རྒྱན་རྗེ་འབངས་ཉེར་ལྔས་བསྒྲུབས་པའི་བདུད་རྩིའི་ཆེ་བ་གོང་དུ་སྨོས་པའི་ལུང་གིས་གྲུབ་པས་མཚོན། མདོར་ན་རེ་རེ་ནས་བསྔགས་པའི་ལུང་མཐའ་ཡས་ཀྱང་འདིར་མདོར་བསྡུས་ཕྱོགས་ཙམ་དད་ལྡན་སྤྲོ་བ་བསྐྱེད་པའི་ཆེད་དུ་སྨོས་པ་ལགས། མྱོང་གྲོལ་རིལ་བུའི་སྐོར་ལ། གཏེར་ཁ་འདིའི་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རིལ་བུའི་ལོ་རྒྱུས་ལས༔ འཁོར་བ་དོང་སྤྲུགས་


JKT022_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བུ་འདི༔ བདག་དང་རྗེ་འབངས་སྟོང་ཕྲག་གིསཿ བསྒྲུབ་ཚེའི་ཐུགས་རྗེའི་ལྷ་ཚོགས་རྣམསཿ དངོས་སུ་ཐིམ་པས་སུས་མྱོང་བ༔ ཐུགས་རྗེ་ཆེན་པོར་གཉིས་སུ་མེད༔ གཞན་ཡང་འདི་ལས་ཆེས་ཆེར་སྤེལ། རིལ་བུ་རེ་ལ་ཁྲི་རེ་བསྒྲུབ༔ ཡིག་དྲུག་ཁྲི་ཕྲག་རེ་བཟླས་ནས༔ རིལ་བུ་སུ་དང་སུས་མྱོང་བ༔ ངན་སོང་མེད་པར་ཐེ་ཚོམ་མེད༔ ཅེས་གསུངས་བས་མཚོན་རྒྱ་ཆེར་བསྔགས།། ༈ །།སྐྱེ་བདུན་རིལ་བུའི་ཕན་ཡོན་ཀྱང་༔ གཏེར་གསར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་དུ་ལུང་དྲངས་པས། ངན་སོང་དོང་སྤྲུགས་འགྲོ་བ་འདུལ་བའི་རྒྱུད་ཆེན་པོ་ལས༔ བཅོམ་ལྡན་འདས་པདྨའི་སྤྱན་གྱིས་མཁའ་འགྲོ་མ་གར་གྱི་དབང་མོ་ལ་བཀའ་སྩལ་པ༔ དོན་གྱི་བདུད་རྩི་མྱོང་གྲོལ་ནི་སྐྱེ་བ་མེད་པའོ། །རྟགས་ཀྱི་བདུད་རྩི་མྱོང་གྲོལ་ནི་སྐྱེ་བ་བདུན་པའི་བཅུད་དོ༔ མཚན་མའི་བདུད་རྩི་མྱོང་གྲོལ་ནི་ཚུལ་བཞིན་་དུ་བསྒྲུབས་པའི་རིལ་བུའོ༔ འདི་ནི་ངན་སོང་དང་འཁོར་བ་ཐམས་ཅད་དོང་ནས་སྤྲུགས་པའི་ཐབས་ཆེན་པོ་འཕགས་པའི་ཐུགས་རྗེ་ལས་རང་བྱུང་བའོ༔ འགྲོ་བའི་རེ་འདོད་ཚུལ་བཞིན་དུ་སྐོང་བའི་ཡིད་བཞིན་གྱི་ནོར་བུའོ༔ འདི་ཉིད་སེམས་ཅན་གང་དང་གང་གིས་མཐོང་ངམ༔ ཐོས་སམ༔ རེག་གམ༔ མགུལ་དུ་འཆང་བའམ༔ དྲི་ཚོར་བའམ༔ ཁར་མྱོང་བ་སོགས་འབྲེལ་ཚད་ཐམས་ཅད་ཀྱི་ཚེ་རབས་ཐོགས་མ་


JKT022_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དུང་དཀར་གྱི་རྡུལ་ཕྱིས་པ་བཞིན་དག་པར་འགྱུར་རོ༔ འཁོར་བ་དང་ངན་སོང་དུ་སྐྱེ་བའི་ལས་ཀྱི་སྒོ་ཆོད་པར་འགྱུར་རོ༔ མཐོ་རིས་དང་ཐར་པའི་ས་བོན་ཐེབ་པར་འགྱུར་རོ། གཞན་ཡང་ནད་དང་༔ གདོན་དང་༔ ཡིད་མི་བདེ་བ་ཐམས་ཅད་ཞི་ཞིང་༔ ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པར་འགྱུར་རོ༔ བགེགས་དང་བར་དུ་གཅོད་པས་མི་ཚུགས་པའི་སྲུང་བ་ཆེན་པོར་འགྱུར་རོ༔ མདོར་ན་གཞན་མང་དུ་སྨོས་ཅི་དགོས་ཏེ༔ རིལ་བུ་གང་གི་ལྟོར་སོང་བའི་སེམས་ཅན་དེ་འཕགས་པའི་གདུང་འཛིན་པས་སྤྱན་རས་གཟིགས་དབང་ཕྱུག་དང་སྐལ་བ་མཉམ་པར་ཤེས་པར་བྱའོ༔ ཞེས་གསུངས།། ༈ །།རིག་འཛིན་དགའ་རབ་རྡོ་རྗེའི་གདུང་རྟེན་རིལ་བུ་ནི། རིག་འཛིན་དེ་ཉིད་ཟག་མེད་འོད་སྐུར་གཤེགས་པའི་སྐབས། འོད་གསལ་ཐུགས་ཀྱི་དྭང་མ་ཐིག་ལེ་དཀར་པོའི་རྣམ་པར་འཇམ་དཔལ་བཤེས་གཉེན་གྱི་ཕྱག་ཏུ་བབས་པ་འགྲོ་བའི་དོན་ཏུ་རིང་བསྲེལ་གྱི་གཟུགས་སུ་གྱུར་པ་ཉིད་རིག་འཛིན་ཤྲཱི་སིངྷ་ལ་གནང་། དེས་ཨོ་རྒྱན་པདྨ་ལ་གནང་ནས་ཤྲཱི་སེངྷ་ཡབ་ཡུམ་དང་། ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འདུས་པའི་དྭང་བཅུད་དང་། འཕགས་པའི་རྣམ་འཕྲུལ་བྲམ་ཟེ་སྐྱེ་བ་བདུན་པ་ཟླ་བ་དྲི་མེད་ཀྱི་གདུང་རུས་བཅས་སྦྱར་ཏེ་སྒྲུབ་གནས་ཀྱི་


JKT022_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་བདེ་ཆེན་པདྨ་ཤེལ་གྱི་ཕུག་པའི་དབུ་རྩེར་སྙིང་ཏིག་རྣམ་གཉིས་དང་ལྷན་ཅིག་ཏུ་སྦ་བར་མཛད་པ་སྟེ། གཏེར་ལུང་ལས། འཇིག་རྟེན་ཀུན་ཏུ་རྙེད་དཀའ་བ༔ མྱོང་གྲོལ་བྱེ་བའི་རྒྱལ་པོ་ནི༔ རིན་ཆེན་ནོར་བུ་ཀུན་གྱི་མཆོག༔ དགའ་རབ་དགྱེས་པ་རྡོ་རྗེ་ཡི༔ ཤེལ་གྱི་གོང་བུའི་གདུང་རྟེན་ཆེ༔ ཤྲཱི་སིདྷ་ཡབ་ཡུམ་དང་༔ ཨོ་རྒྱན་ཡབ་ཡུམ་སྙོམས་ཞུགས་པས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ ཡེ་ཤེས་གཟུགས་སྐུ་ཞལ་དུ་དྲངས༔ སྐུ་ཡི་དབྱིབས་བརྒྱུད་མཁར་འཁྱིལ་བའི༔ བྱང་ཆུབ་སེམས་ཀྱིས་རབ་ཏུ་སྤེལ༔ འཕགས་མཆོག་སྙིང་རྗེ་ཆེན་པོ་ཡི༔ རྣམ་འཕྲུལ་འབྲེལ་ཚད་དོན་ལྡན་པ༔ བྲམ་ཟེ་ཟླ་བ་དྲི་མེད་ཀྱི༔ གདུང་གི་རུས་པས་བུང་བསྐྱེད་དེ༔ མ་འོངས་སེམས་ཅན་དོན་སླད་དུ༔ སྒྲུབ་གནས་ཀུན་གྱི་རྒྱལ་པོ་ནི༔ པདྨ་ཤེལ་གྱི་ཕུག་པ་ཡི༔ སྒོ་སྐྱོང་དྷཱ་ཀིའི་བྲག་ལ་སྦས༔ ནམ་ཞིག་སྨོན་ལམ་དུས་བབས་ཚེ༔ གཏེར་འབྱིན་ཀུན་གྱི་རྒྱལ་པོ་ཆེ༔ མཆོག་གི་མིང་ཅན་སྐྱེས་བུ་ཡིས༔ ཕྱི་ནང་རྟེན་འབྲེལ་གནད་འགྲིག་པས གློ་བུར་ཐོག་བབས་ཚུལ་དུ་འདོན༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱི༔ བྱིན་བརླབས་དབང་གི་མིང་ཅན་སོགསཿ ལས་ཅན་རྣམས་ཀྱི་སྐལ་བར་འགྱུར༔ ཞེས་དང་༔ དེ་ལྟ་བུ་ཡི་མྱོང་གྲོལ་རྒྱལ༔ འདི་ཉིད་མྱོང་བས་ངན་སོང་མེད༔ གལ་སྟེ་ངན་སོང་ཡོད་སྲིད་ན༔ རྡོ་རྗེ་སེམས་དཔའ་རྫུན་དུ་ཐལ༔


JKT022_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་རབ་རྡོ་རྗེའི་བདེན་པ་རྫུན༔ འཇམ་དཔལ་བཤེས་གཉེན་མཁྱེན་རབ་རྫུན༔ ཤྲཱི་སེདྷའི་ཡེ་ཤེས་རྫུན༔ ཨོ་རྒྱན་པདྨའི་རྫུ་འཕྲུལ་རྫུན༔ དེ་རྣམས་འཕགས་ཆེན་ས་བརྙེས་ཕྱིརཿ རྫུན་མི་སྲིད་ཅིང་བདེན་པ་ཆེ༔ དེ་བས་གྲུབ་པའི་རྫས་མཆོག་འདི༔ གནས་སྐབས་བཅུད་ལེན་རྣམས་ཀྱི་མཆོག༔ མཐར་ཐུག་ཐར་པར་འདྲེན་པའི་ལམ༔ བདེ་ཆེན་འཕོ་བ་ཆེན་པོའི་རྫས༔ དྭང་མ་འོད་སྐུར་སྒྲུབ་པའི་བཅུད༔ མཐོང་ཐོས་དྲན་རེག་ཐམས་ཅད་ཀུན༔ རྩོལ་མེད་ངང་གིས་གྲོལ་བྱེད་པ༔ རྡོ་རྗེ་སེམས་དཔའ་ཉིད་དང་མཚུངས༔ ཞེས་ཆེས་མཆོག་ཏུ་བསྔགས་སོ།། ༈ །།ཨོཾ་སྭ་སྟི་སིདྡྷཾ། འཆི་མེད་གྲུབ་པའི་སློབ་དཔོན་ཆེན་པོའི་སྣང་བརྙན་འདིར། །གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་བྱོན་དེ་བཞིན་གཤེགས་པའི་འཕེལ་གདུང་། །སངས་རྒྱས་འོད་སྲུང་དང་། ཤཱཀྱ་ཐུབ་པའི་ཆོས་གོས། རང་བྱུང་ཐུགས་རྗེའི་སྒྲོལ་སྐུ་དང་། དཔལ་རྡོ་རྗེ་སེམས་དཔའི་སྐུ་རྒྱན་རྡོ་རྗེ་ལ་ཁྲུས་གསོལ་བའི་ཆབ། རིག་འཛིན་དགའ་རབ་རྡོ་རྗེའི་འོད་གསལ་གྱི་ཐུགས་ལས་རང་ཤར་བའི་དྭང་མ་གདུང་རྟེན་རིལ་བུ། དེས་བསྒྲུབས་པའི་བདུད་རྩི་ཆོས་སྨན། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཤེས་རབ་རིལ་བུ། རིག་འཛིན་ཤྲཱི་སིདྷ་ཡབ་ཡུམ་གྱི་བྱང་སེམས། ཤྲཱི་སེངྒའི་ཆོས་སྨན་དང་། དབུ་ལྗོན། རྒྱ་གར་རིག་འཛིན་བརྒྱད་ཀྱི་བདུད་


JKT022_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ཆོས་སྨན། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་མཆིལ་ལྷམ། སློབ་དཔོན་པྲ་བྷ་ཧ་སྟིའི་གདུངས། སློབ་དཔོན་བི་མ་མི་ཏྲ་ཡི་ཆོས་སྨན། རྒྱལ་ཆེན་ཨིནྡྲ་བྷུ་ཏིའི་རིན་ཆེན་རིལ་བུ། དྲང་སྲོང་རིག་པའི་ཡེ་ཤེས་ཀྱི་སྨན་རིལ། །ཨོ་རྒྱན་རིན་པོ་ཆེ་ཡབ་ཡུམ་གྱི་བྱང་སེམས་དམ་རྫས་རོལ་པ་ཆེན་པོ། ཨོ་རྒྱན་རིན་པོ་ཆེའི་ཤངས་མཚལ། ཨོ་རྒྱན་རིན་པོ་ཆེ་དང་རྗེ་འབངས་ཉེར་ལྔས་བསྒྲུབས་པའི་ཆོས་སྨན། ཨོ་རྒྱན་རིན་པོ་ཆེའི་ཕྱག་བྲིས་མཐོང་གྲོལ་བདུད་རྩི་ལྔ་ཤོག །ཨོ་རྒྱན་རིན་པོ་ཆེའི་ཟ་བེར། གསང་གོས། སྐུ་རེག །ཨོ་རྒྱན་རིན་པོ་ཆེ་དང་མཚོ་རྒྱལ་གྱིས་ཤེལ་བྲག་ཏུ་བསྒྲུབས་པའི་ཚེ་ཆུ་རིལ་བུ། ཨོ་རྒྱན་རིན་པོ་ཆེ་དང་རྗེ་འབངས་སྟོང་ཕྲག་གིས་བསྒྲུབས་པའི་འཁོར་བ་དོང་སྤྲུགས་རིལ་བུ། སྐྱེ་བདུན་མྱོང་གྲོལ་རིལ་བུ། ཐུགས་རྗེ་ཆེན་པོའི་མ་ཎི་རིལ་བུ། པོ་ཏཱ་ལའི་ས་མྱོང་གྲོལ་དམ་རྫས་སྡུག་བསྔལ་ཞི་བྱེད། པོ་ཏཱ་ལའི་འབྲུ་དང་སྨན་གྱི་རིགས་སྣ་ཚོགས། མཁན་ཆེན་བོ་དྷི་ས་ཏྭའི་ཆོས་གོས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གདུང་རུས་རིལ་བུ། ན་བཟའ། ལྷ་ལྕམ་མནྡཱ་ར་བའི་ན་བཟའ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ན་བཟའ། གསང་གོས། ཕྱག་བྲིས། ལོ་ཆེན་བེ་རོའི་སྐུ་ཆོས་དང་། དབུ་སྐྲ། གནུབས་ཆེན་སངས་རྒྱས་ཡེ་ཤེས་དབུ་སྐྲ། གཞན་ཡང་གཏེར་ཤོག་ལེ་ཚན་ལྔ། གཏེར་བྱོན་ཅུ་གང་། སིནྡྷར། ཙནྡན་དཀར་དམར།


JKT022_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ག་བུར། ཡང་ཕུར་སྒྲུབ་མཆོད་ཆེན་མོའི་སྐབས་དཔལ་ཡང་དག་གི་སྒྲུབ་གཏོར་ལས་བབས་པའི་བདུད་རྩི་སོགས་འདྲེས་པར་སྦྱར་ཏེ་བཏབ་པ་འདི། ཟབ་མོ་ཐུགས་ཀྱི་སྒྲུབ་པའི་དཀྱིལ་འཁོར་དུ་ལྷག་པར་གནས་པས་མངའ་གསོལ་བ་སྟེ། གང་གིས་འཆང་བ་ཐམས་ཅད་བར་ཆད་ཀུན་ཞི་ཞིང་དངོས་གྲུབ་རྣམ་པ་གཉིས་རྟག་ཏུ་རྒྱས་པར་གྱུར་ཅིག །མངྒ་ལཾ།། ༈ །།ཨོཾ་སྭ་སྟི་སིདྡྷི། །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བྱིན་སྐུ་འཆང་བ་དོན་ལྡན་ཡིད་བཞིན་ནོར་བུ་འདིར་རྟེན་ཇི་ལྟར་བཞུགས་པའི་ཚུལ་མདོ་ཙམ་ནི། །རྫོགས་པའི་སངས་རྒྱས་ཀྱི་འཕེལ་གདུང་། བྱང་སེམས་ཆོས་འཕགས་ཚེམས། ལྷ་ལྡན་ཇོ་བོ་བཅུ་གཅིག་ཞལ་གྱི་སྐུ་རྒྱུའི་ཆ་ཤས། སྤྱན་རས་གཟིགས་སྤྲུལ་བྲམ་ཟེ་དྲི་མེད་སྙིང་པོའི་རིང་བསྲེལ། ས་ཆེན། ངོར་ཆེན། ཚར་ཆེན་རྣམས་དང་། ཚར་ཆེན་ནས་གནས་གསར་བ་ཡན་ལམ་འབྲས་བླ་མ་བརྒྱུད་པ་སོ་སོའི་གདུང་རུས་གདུང་ཐལ། སྤུར་ཚྭ་སོགས་འཁྲུལ་མེད། མཁན་ཆེན་ནམ་མཁའ་འཆི་མེད་གདུང་རུས། ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་གདུངས། རྒྱལ་སྲས་ཐོགས་མེད་དབུ་སྐྲའི་བསྲེགས་ཐལ། རྩྭ འགྲོ་མགོན་ཕག་གྲུའི་སྐུ་འདྲ་གསུང་བྱོན་མའི་ས། རྗེ་ཀརྨ་པཀྵིའི་ཤངས་མཚལ། ཀུན་མཁྱེན་ཀློང་ཆེན་པའི་གདུང་རུས། སི་ཏུ་རིན་པོ་ཆེའི་གདུང་ཐལ་དང་གདུང་རུས་བཅས་ཕོན་མང་དང་། གཞན་ཡང་བྱིན་


JKT022_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་རིགས་གང་ཡོད་ཚང་མ། ས་སྣ་ཆུ་སྣ་དཀྱིལ་འཁོར་མང་པོའི་རྡུལ་ཚོན། བུམ་ཆུ་རིལ་བུ་སོགས་འདྲེས་པར་བྱས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུ་བརྙེན་ཁྱད་པར་ཅན་བཞེངས་པའི་ཆོ་ག་ལྟར་རབ་གནས་མདོར་བསྡུས་བརྒྱ་རྩས་མངའ་གསོལ་བ་སྟེ། དད་པས་འཆང་ཞིང་གསོལ་བ་བཏབ་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་དོན་དང་ལྡན་པ་དགེ་ལེགས་འཕེལ།། ༈ །།རྡོ་རྗེ་གསུམ་གྱི་སྣང་བརྙན་རབ་འབྱམས་ཙིནྟ་མ་ཎིའི་ཕུང་པོ་གྲུབ་པ་མཆོག་གི་ཞལ་སྐྱིན་གྱི་དཀར་ཆག་ཀུན་ཏུ་དགེ་བ་ལྷའི་རོལ་མོ་ཞེས་བྱ་བ་བཞུགས་སོ།། ༈ །།ཨོཾ་སྭ་སྟི་སིདྡྷཾ། རྡོ་རྗེའི་སྐུ་དང་ནཱ་དའི་གསུང་། །འོད་གསལ་རྟག་པ་དམ་པའི་ཐུགས། །མངོན་སུམ་སྣང་བའི་དགེ་མཚན་གྱིས། །ཕན་བདེའི་པདྨོ་རྒྱས་གྱུར་ཅིག །དེ་ལ་གཟུངས་གཞུག་གི་གནས་གསུམ་བྱིན་བརླབས་རིགས་གསུམ་གྱི་སྐུའི་ཕབ་གཏར། །ཐོག་མར་མཆོད་རྟེན་གྱི་ཏོག་ནས་བྲེའི་བར་དང་། སྐུ་གཟུགས་ལྟ་བུའི་དཔྲལ་བར་བཞག་རྒྱུ་སྐུ་རྡོ་རྗེ་རྣམ་པར་སྣང་མཛད། འཇམ་དབྱངས་ཨ་ར་པ་ཙ་ན་ཆེ་ཆུང་། འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་དང་། དཔའ་བོ་གཅིག་པ། གཙུག་ཏོར་རྣམ་རྒྱལ་ཆེ་ཆུང་རྣམས་ལ། གཏེར་གསར་གཟི་བརྗིད་སྐྱེད་པ་སྐུ་ཡི་རིལ་བུ། སྔ་ཕྱིར་སྦྱར་བའི་སྐུ་གདུང་རིང་བསྲེལ་ཀུན་འདུས། སྐུ་བལ་


JKT022_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བསྲེལ་ཀུན་འདུས། དམ་རྫ་ས་དཔལ་གྱི་སྙིང་པོ་རྣམ་སྣང་རིལ་བུ། པྲ་བྷ་ཧ་སྟིའི་གདུང་རིལ། པྲ་བྷ་ཧ་སྟིའི་རྣམ་སྣང་རིལ་བུ། འོད་སྲུང་དང་ཐུབ་པའི་སྐུ་ཆོས་རིལ་བུར་དྲིལ་བ། སྐྱེ་བདུན་སྐུ་ཤའི་རིལ་བུ། བོ་དྷི་སཏྲའི་ཆོས་གོས། ཁྲི་སྲོང་གདུང་རུས་རིལ་བུ། འཇམ་དབྱངས་རིལ་བུ་ཤེས་རབ་དཔལ་སྐྱེད་རྣམས་དང་།། ༈ །།མཆོད་རྟེན་ལྟ་བུའི་བྲེ་དང་། སྐུ་གཟུགས་ལྟ་བུའི་མགྲིན་པར་བཞག་རྒྱུ་གསུང་རྡོ་རྗེ་སྣང་བ་མཐའ་ཡས། འོད་དཔག་མེད། ཚེ་དཔག་མེད་ཆེ་ཆུང་། སྤྱན་རས་གཟིགས་ཆེ་ཆུང་། རྟ་མགྲིན། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཆེ་ཆུང་རྣམས་ལ། ཚངས་དབྱངས་སྐྱེད་པ་གསུང་གི་རིལ་བུ། ཆོས་ཀྱི་རིང་བསྲེལ་ཀུན་འདུས་རིལ་བུ། སྣང་མཐའ་རིལ་བུ། ཚེ་རྫས་ཀུན་འདུས་རིལ་བུ། ཆོས་གླིང་གཏེར་བྱོན་ཚེ་རྫས་ཧཱིརྒྱ་ཅན། སྒྲོལ་དཀར་ཚེ་བཅུད་རིལ་བུ། གཏེར་གསར་ཚེ་རྫས་རིལ་བུ། །གཡུ་བྲག་ནས་སྤྱན་དྲངས་པའི་ཚེ་རྫས་ཟླ་བའི་སྙིང་པོ། མཱ་ར་ཏི་ཀའི་ཚེ་བཅུད་རིལ་བུ། མ་ཎི་རིལ་བུ། འཁོར་བ་དོང་སྤྲུགས་རིལ་བུ། སློབ་དཔོན་རིན་པོ་ཆེའི་ཤངས་མཚལ་རིལ་བུ་རྣམས་དང་།། ༈ །།མཆོད་རྟེན་གྱི་བུམ་པ་དང་། སྐུ་གཟུགས་ཀྱི་ཐུགས་ཀར་བཞག་རྒྱུ་ཐུགས་རྡོ་རྗེ་མི་བསྐྱོད་པ་དང་། རྡོ་རྗེ་སེམས་དཔའ། ཕྱག་རྡོར་ཞི་བ། ཁྲོ་བོ་འབྱུང་པོ་འདུལ་བྱེད་ཆེ་ཆུང་། སཱཙྪ་ཆེ་ཆུང་རྣམས་ལ། བདེ་ཆེན་སྐྱེད་


JKT022_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐུགས་ཀྱི་རིལ་བུ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཕྱོགས་བསྡུས་རིལ་བུ། བྱང་སེམས་ཟླ་ཐིག་རིལ་བུ། གཏེར་གསར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གདུང་གི་རིལ་བུ་དམ་རྫས་རིན་པོ་ཆེའི་ཏོག་དང་། ༣ སློབ་དཔོན་རིན་པོ་ཆེའི་ཚེམས་ལས་བྱང་བའི་རིང་བསྲེལ་གྱི་འཕེལ་ཕྱེ་བསྲེས་པའི་རིལ་བུ། དགའ་རབ་རྡོ་རྗེའི་ཐུགས་ཀྱི་དངས་མ་གདུང་རྟེན་རིལ་བུ། སངས་རྒྱས་གསང་བའི་རྡོར་སེམས་རིལ་བུ། སློབ་དཔོན་པྲ་བྷ་ཧ་སྟིའི་གསང་ཆབ་རིལ་བུ། གུ་རུ་ཡབ་ཡུམ་བྱང་སེམས་རོལ་པ་ཆེན་པོ། མཚོ་རྒྱལ་གསང་ཆབ་རིལ་བུ་རྣམས་དང་། དེ་ཐམས་ཅད་ལ་ཐུན་མོང་དུ། དམ་རྫས་ཨུ་དུམྦྷ་ར། བུམ་ཆུ་ཁྲུས་ཆབ་ཀུན་འདུས། སྨན་གྱི་ཕབ་གཏའོ། བུམ་རྫས་རིལ་བུ། དཔལ་ས་སྐྱ་པ་གོང་མ་ལྔ་དང་ངོར་ཆེན་རྡོ་རྗེ་འཆང་གི་བདུད་རྩི་རིལ་བུ་སོགས། བདུད་རྩི་རིལ་བུའི་རིགས་མང་པོ། ས་ཆུ་འབྱུང་བཅུད་ཀུན་འདུས་རིལ་བུ། གཏེར་གསར་གྱི་གནས་ཡུལ་དུར་ཁྲོད་དྲུག་ཅུ་རྩ་བཞིའི་ས་སྣ་རིལ་བུ། སྐུ་ཚབ་རིན་པོ་ཆེའི་རྒྱུ་དམ་རྫས་དཔལ་གྱི་སྙིང་པོ་དང་། བྱེ་མ་ཨ་ཀྲོང་ལེ་ཚན། གཏེར་གསར་ཆོས་སྨན་ཀུན་འདུས། དམ་རྫས་མྱོང་གྲོལ་རིལ་ནག་ཕྱག་དྲིལ། པོ་ཏ་ལའི་ས་མྱོང་གྲོལ། པོ་ཏ་ལའི་འབྲུ་སྨན་རིལ་བུ། རིག་པའི་ཡེ་ཤེས་སྨན་གྱི་རིལ་བུ། ཨིནྡྲ་བྷུ་ཏིའི་རིན་ཆེན་རིལ་བུ། ཅུ་གང་རིལ་བུ། ཨོ་རྒྱན་སོགས་ཀྱི་སིནྡྷ་རའི་རིལ་བུ།


JKT022_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཝམ་རིལ་བུ། གཏེར་བྱོན་ག་བུར་དང་ཙནྡན་དཀར་དམར། ཡང་ཕུར་གྱི་སྒྲུབ་གཏོར་ལས་བབ་པའི་བདུད་རྩི་དང་དངོས་གྲུབ་ཀྱི་རྫས། གསར་རྙིང་གི་དཀྱིལ་འཁོར་མང་པོའི་རྡུལ་ཚོན་དང་བུམ་ཆུ་སོགས་འདྲེས་པར་སྦྱར་བ་དང་།། ༈ །།གཞན་ཡང་གོང་གི་སྐུ་གསུང་ཐུགས་དང་། སྤྱི་ཁྱབ་ཀྱི་དམ་རྫས་བཅས་ཡོངས་རྫོགས་ལས། བླ་སྐུ། དབུའི་ནང་། རྡོ་རྗེ་འཆང་། ཀླུ་སྒྲུབ། བིརཱུ་པ། གུ་རུ་ཞི་བ། རཏྣའི་དྲག་དམར། དྲག་དམར་དཔའ་གཅིག །མཚན་བརྒྱད། མནྡ་ར། མཚོ་རྒྱལ། ཇོ་བོ་རྗེ། ས་སྐྱའི་རྗེ་བཙུན་གོང་མ་ལྔ། ངོར་ཆེན། བྱམས་པ་ཀུན་དགའ་བསྟན་འཛིན། དམ་པ་རྒྱ་གར། ལབ་སྒྲོན། མི་ལ། རྗེ་བླ་མ། གྲུབ་ཆེན་ཐང་སྟོང་པ། ཡི་དམ་ཐུགས་ཀའི་སྟོད། ཀྱེ་རྡོ་རྗེ་ཆེ་ཆུང་། བདེ་མཆོག་ལཱུ་ཧི་པ། ལྷན་སྐྱེས། ནཱ་རོ་མཁའ་སྤྱོད་སྐུ་ཆེ་འབྲིང་ཆུང་གསུམ། མཁའ་སྤྱོད་སྐོར་གསུམ། ཕག་མོ། སེང་གདོང་མ། གསང་འདུས། སངས་རྒྱས་བྱང་སེམས་ཐུགས་ཀ་ནས་རིམ་པར་སྐོར་ལ། ཐུབ་སྐུ་ཆེ་ཆུང་། ཐུབ་པ་རྡོར་གདན། སངས་རྒྱས་རིགས་ལྔ། སྨན་བླ། མི་འཁྲུགས་པ། ཚེ་ལྷ་རྣམ་གསུམ་སོགས་འདོད་ལྷ་གཙོ་བསྡུས། ངོར་མཁན་ཆེན་སངས་རྒྱས་ཕུན་ཚོགས་ལ་བཀའ་གདམས་ལྷ་བཞིས་བསྐོར་བ། རིགས་གསུམ་མགོན་པོ་བཞེངས་སྐུ། བྱམས་པ། ཡུམ་ཆེན་མོ། སྒྲོལ་ལྗང་།། ༈ །།ཆོས་སྲུང་པད་


JKT022_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གདན་སྐོར་ལ། གུར་མགོན་ཆེ་ཆུང་། ཞལ་ཁྲ། ལས་གཤིན། མ་ནིང་། གཟའ། དམ་ཅན་རྡོར་ལེགས་སོགས་ཀྱི་སྣང་བརྙན་རབ་འབྱམས་ཞིག་བཞུགས་པ་མཆོད་རྟེན་གྱི་རྩེ་ནས་སེང་ཁྲི་དང་། སྐུ་གཟུགས་ཀྱི་གཙུག་ཏོར་ནས་པད་གདན་བར་གོ་རིམ་འོས་བསྟུན་གྱིས་བཞུགས་སུ་གསོལ་རྒྱུ་དང་། རིག་འཛིན་དགའ་རབ་རྡོ་རྗེའི་གདུང་རྟེན་དང་། ཀུན་མཁྱེན་ཀློང་ཆེན་པའི་གདུང་རུས་ལས་སོ་སོའི་སྣང་བརྙན་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་བླ་བརྒྱུད་སོགས་སྔ་འགྱུར་གཙོ་བོར་གྱུར་པའི་རྟེན་གྱི་ནང་དུ་གཞུག་པ་དང་།། ༈ །།ཀླུ་སྒྲུབ་སྙིང་པོའི་ཀླུ་སྨན་ཕབས་གཏར་སྦྱར་བའི་ཀླུའི་རྩི་སྨན་ཡོན་མང་དུ་བསྲེས་པ་ལས། ཀླུ་དབང་རྒྱལ་པོ་ཆེ་ཆུང་དང་། སེང་གེ་སྒྲའི་སྣང་བརྙན་དག་ཀླུ་བུམ་སོགས་ཀྱི་ནང་གཞུག་ལ་བསྔགས་ཤིང་།། ༈ །།གཏེར་བྱོན་གི་ཝཾ་རིལ་བུ་དང་། ཀུ་རུ་ཀུལླེའི་དོན་ཀུན་གྲུབ་པ་དང་། དབང་དུ་བྱེད་པའི་རྫས་སྦྱོར། ཚོགས་བདག་གི་གཏེར་བུམ་སྒྲུབ་རྫས། འདོད་པའི་རྒྱལ་པོའི་རྗེས་གནང་སོགས་སྒྲུབ་པའི་སྐབས་ཀྱི་རྡུལ་ཚོན་དང་། མེ་ཏོག་སོགས་དབང་གི་རྫས་བྱིན་ལྡན་ལས། དམར་པོ་སྐོར་གསུམ་གྱི་སྣང་སྐུའི་སྨད་བརྙན།། ༈ །།གཡང་རྫས་དཔལ་ཅན་རིལ་བུ་དང་། ཨིནྡྲ་བྷུ་ཏིའི་རིན་ཆེན་རིལ་བུ་སོགས་རིན་ཆེན་རིལ་བུའི་རིགས་ཀྱིས་གཙོས་རིན་ཆེན་འབྲུ་སྨན་ལས་ཛཾ་སེར་ནག་ཆེ་ཆུང་། གྲ་བའི་ཛ་དམར། དཔལ་ཆེན་


JKT022_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ནོར་རྒྱུན་མ། རྣམ་སྲས་མདུང་དམར་ཅན། མགོན་དཀར་ཡིད་བཞིན་ནོར་བུ་དང་། དུར་ཁྲོད་བདག་པོ་ཡབ་ཡུམ་བཅས་ཀྱི་སྣང་བརྙན་རྣམས་གཏེར་བུམ་གྱི་ནང་གཞུག་དང་། གནོད་སྦྱིན་བང་མཛོད་ཀྱི་ཁོར་ཡུག་དང་། སྐྱིལ་ཀྲུང་དང་པད་གདན་གྱི་མཚམས་སོགས་གང་འོས་མཚམས་སུ་གཞུག་རྒྱུར་བསྔགས་སོ། །དེ་ལྟ་བུའི་སྦར་སྐུ་རྣམས། ཐོག་མར་ཕབ་གཏའ་རྣམས་དང་རིན་པོ་ཆེའི་ཕྱེ་མ་ཁམས་གཙང་མ་ལ་བསྲེས་ཏེ་འདྲེས་པར་བརྫིས་པ་རྒྱུ་བྱིན་གྱིས་བརླབས་པ་སྔོན་ཏུ་འགྲོ་བས། སངས་རྒྱས་ཆོས་སྐུའི་དབྱིངས་ལས་མངོན་བྱང་ལྔ་དང་། རྡོ་རྗེའི་ཆོ་ག་གསུམ་ལ་སོགས་པས་གཟུགས་ཀྱི་སྐུར་བཞེངས་པའི་མོས་འདུན་དང་། སྤྱི་དང་བྱེ་བྲག་གི་རིག་པ་བཟླ་བཞིན་ཏུ་ལག་པ་སྡར་ཏེ་བཏབ་ནས་སྐམ་པ་དང་ན་བཟའི་རིགས་མ་འདྲེས་པར་གསོལ། ཐུབ་སྐུའི་ནང་གཞུག་ཏུ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གདུང་གི་རིལ་བུ། བདུད་འདུལ་གཏེར་བྱོན་བདེ་གཤེགས་བདུན་གྱི་གདུང་འཕེལ་རིལ་བུ། རིང་བསྲེལ་བཞིའི་རིལ་བུ། རྟེན་ཅིང་འབྲེལ་བར་འབྱུང་བའི་གཟུངས་རྣམས་དང་། གུ་རུ་རིན་པོ་ཆེའི་སྐུ་ཚབ་ལ། སྐུ་ཚབ་ཀྱི་རྒྱུ་དམ་རྫས་དཔལ་གྱི་སྙིང་པོ་དང་། སློབ་དཔོན་རིན་པོ་ཆེའི་དབུ་སྐྲ། ཤངས་མཚལ། བྱང་སེམས་ཕྱག་བྲིས་ཀྱི་ཤོག་སེར། ཚེམས་ལས་བྱུང་བའི་རིང་བསྲེལ་འཕེལ་ཕྱེ། གཏེར་ཁ་སྔ་ཕྱི་ལས་བྱུང་


JKT022_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐུ་བེར། སྐུ་རེག །གསང་གོས། ཞབས་ལྷམ་རྣམས་ནང་གཞུག་ཏུ་བཅུག་ཅིང་། ཚེ་དཔག་ཏུ་མེད་པའི་ཆོ་ག་དང་འབྲེལ་བར་རབ་ཏུ་གནས་པ་སྤྱི་དང་བྱེ་བྲག་ཏུ་རྟེན་སོ་སོ་རེ་རེ་བཞིན་མངོན་རྟོག་དང་མཐུན་པར་དམ་ཚིག་པ་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་བསྟིམ། དབང་བསྐུར་ཞིང་རྒྱས་གདབ། སྤྱན་དབྱེ་ཞིང་མཆོད་བསྟོད་དང་སོ་སོའི་རིག་པས་མངའ་དབུལ་ཞིང་། མཐར་བརྟན་བཞུགས་བརྒྱ་རྩ་དང་བཅས་དམིགས་འདུན་ནན་ཏན་དུ་བགྱིས་པ་སྟེ། དེ་ལྟར་རྒྱུ་བྱིན་བརླབས་དང་ལྡན་ཅིང་། ཆོ་ག་སྦྱོར་དངོས་རྗེས་གསུམ་ཚང་པའི་རྡོ་རྗེ་གསུམ་གྱི་རིང་བསྲེལ་ཁྱད་པར་ཅན་འདི་རྣམས་འཕགས་པ་གསུམ་གྱི་ཙིནྟ་མ་ཎིའི་སྙིང་པོ་ལྟར་བཟུང་སྟེ། མཆོད་པའི་གྲལ་དུ་བཞུགས་པ་དང་། རྟེན་གྱི་ནང་དུ་གཞུག་པ་དང་། དད་མོས་ཀྱི་རྟེན་མགུལ་དུ་འཆང་བ་སོགས་བགྱིས་པས་ཕན་བདེའི་འབྱོར་པ་ཡིད་བཞིན་ཏུ་འབྱུང་བ་ནི་ངེས་པའོ། །གང་གིས་གྲུབ་པའི་ནོར་བུ་མཆོག །མཐོང་ཐོས་རེག་གམ་དྲན་པས་ཀྱང་། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དངོས་གྲུབ་མཐའ་དག་འགྲུབ་གྱུར་ཅིག །ཅེས་པའང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ངོ་བོར་བཞུགས་པ་འཇིགས་བྲལ་གྱི་སློབ་དཔོན་བློ་གྲོས་མཐའ་ཡས་པའི་ཞལ་སྔ་ནས་ཀྱི་ཐུགས་བཞེད་སྐོང་བའི་ཞབས་འདེགས་སུ་གཙོ་བོར་དམིགས་པས་བྱང་དྲངས་ཏེ།


JKT022_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་གྱི་ཉེར་མཁོའི་སླད་རྡོ་རྗེ་གསུམ་གྱི་རིང་བསྲེལ་ཙིནྟ་མ་ཎི་འདུ་བགྱིས་པའི་ཟིན་ཐོ་ཉུང་དུ་འདིའང་བྱ་བྲལ་རྒྱལ་ཁམས་ཀྱི་དཀྱུས་སུ་ཉུལ་བའི་འཁོས་ཆུང་འཇིམ་ལས་པ་དཱ་རི་དྭ་མཉྫགྷོ་ཥས་བྲིས་པ་རྟེན་འདི་རྣམས་མཐོང་ཐོས་དྲན་རེག་ཐམས་ཅད་དོན་དང་ལྡན་པར་སིདྡྷི་རསྟུ།། ༈ །།རྟེན་འདུས་མ་འདྲེས་ཡོངས་རྫོགས་ཀྱི་རྩ་བའི་ཐོ་བྱང་ངོ་མཚར་རབ་འབྱམས་ཀྱི་འབྱུང་གནས་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷི་རསྟུ། །གྲུབ་མཐའ་རིས་བྲལ་གྱི་རྟེན་འདུས་མ་འདྲེས་ཡོངས་རྫོགས་འཕགས་པའི་ནོར་བུ་ཡིད་བཞིན་འདོད་པ་འཇོ་བའི་རྫོགས་ལྡན་གྱི་སྤྲིན་ཆེན་རྒྱས་པར་དཀྲིགས་པ་གཞན་ཕན་མཁའ་ཁྱབ་ཏུ་རྟག་པ་འཆི་བ་མེད་པའི་དབྱངས་སྙན་མངོན་པར་བསྒྲགས་པ་ལ་གཉིས། སྔ་འགྱུར་དང་། ཕྱི་འགྱུར་རོ། །དང་པོ་ལ་གསུམ། སྤྱི་དང་། བྱེ་བྲག་གོ །དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིང་བསྲེལ་སོགས་བྱིན་རྟེན་ཁྱད་འཕགས་རིགས་ཁོ་ན་སྦྱར་བ་རྟེན་འདུས་སྤྱི་ལ་ཁྱབ་པ་ཡིད་བཞིན་ནོར་བུ་ཏོག་གི་བློ་གྲོས་སོ། །ཁ་དོག་དཀར་པོ་རྒྱ་དཀར་དྭང་པའི་མདངས། གཉིས་པ་ལ་གསུམ། སྤྱི་དང་། བྱེ་བྲག །ཁྱད་པར་རོ། །དང་པོ་ནི། སྔ་འགྱུར། ལོ་པཎ་སྤྱིའི་རྟེན་འདུས་རིལ་བུ་ངོ་མཚར་ནོར་བུའི་རྒྱལ་པོའོ། །མཚལ་མདོག །གཉིས་པ་ནི། སྔ་འགྱུར་གསང་སྔགས་རྙིང་མ་བཀའ་གཏེར་གྱི་རྟེན་འདུས་ཁུངས་ལྡན་སེལ་


JKT022_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཙང་དག་ཏུ་སྦྱར་བ་དམ་རྫས་གྲོལ་བ་བཞི་ལྡན་ནོ། །ཁ་དོག་དམར་སྨུག་ཙན་དམར་མདངས། གསུམ་པ་ནི། འཕྲོས་དོན་གྱི་ཚུལ་དུ་སྨོས་པ་ཙམ་མོ།། ༈ །།གཉིས་པ་ཕྱི་འགྱུར་གསར་མ་ལ་ལྔ། ས་སྐྱ།བཀའ་གདམས། བཀའ་བརྒྱུད། དགེ་ལུགས། གྲུབ་མཐའ་སྣ་ཚོགས་སོ། །དང་པོ་ལ་བདུན། དཔལ་ས་ངོར་ཚར་གསུམ་གྱི་རྟེན་འདུས་ཆེན་མོ་ཡིད་བཞིན་ནོར་བུ། མཚལ་མདོག །བི་རཱུ་པའི་ཁྲུས་ཆབ་སོགས་ཀྱི་ཕུར་མ་བདུད་རྩིའི་ཟིལ་དངར། ཁ་ཆེའི་མདོག །ཚེ་རྫས་ཀུན་འདུས་རིལ་བུ་འཆི་མེད་གྲུབ་སྟེར། དམར་སེར་མཚལ་ལ་ལི་ཁྲི་ཅུང་ཟད་བསྲེས་པའི་མདོག །བདུད་རྩི་རིལ་བུ་ཀུན་འདུས་མྱོང་གྲོལ་ཆེན་མོ། སེར་སྨུག་ཁ་ཆེ་དང་ཙན་དམར་ཅུང་ཟད་བསྲེས་པའི་མདོག །རྟེན་འདམ་དཔེ་བྲལ་མ་གཏའ་སྤེལ་ནོར་བུའི་སྙིང་པོ། སེར་པོ་ཅུང་ཟད་སྨུག་མདངས། ལྗགས་ཆུ་རིལ་བུ་བདུད་རྩིའི་སྤྲིན་གྱི་ཆར་རྒྱུན། ཁ་ཆེའི་མདོག བདུག་རྫས་རིལ་བུ་འོད་ཟེར་སྤྲིན་གྱི་གོ་ཆ། རྒྱ་སྣག་མདོག །རྣམས་སོ།། ༈ །།གཉིས་པ་ནི། དགེ་བའི་བཤེས་གཉེན་ཇོ་བོ་བཀའ་གདམས་པའི་རྟེན་འདུས་རིལ་བུ་ངོ་མཚར་ཨུ་དུམྦ་རའོ། །སེར་པོ་ཡུང་བའི་མདོག། ༈ །།གསུམ་པ་ལ་གཉིས། སྤྱི་དང་། བྱེ་བྲག་གོ །དང་པོ་ནི། བཀའ་བརྒྱུད་གོང་མ་སྤྱིའི་རྟེན་འདུས་རིལ་བུ་མྱོང་གྲོལ་ཙིནྟ་མ་ཎིའོ། །དཀར་དང་། གཉིས་པ་ལ་ལྔ། མཉམ་མེད་ཀཾ་ཚང་བཀའ་བརྒྱུད་ཀྱི་རྟེན་འདུས་རིལ་བུ་དམ་རྫས་ཨིནྡྲ་ནཱི་ལ།


JKT022_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མཐོན་ཀ །དཔལ་ལྡན་འབྲུག་པའི་རྟེན་འདུས་རིལ་བུ་དམ་རྫ་ས་པདྨ་རཱ་ག །དམར་པོར། མགོན་པོ་འབྲི་གུང་པའི་རྟེན་འདུས་རིལ་བུ་དམ་རྫས་བེཟླུརྨ། ལྗང་གུ། དཔལ་སྟག་ལུང་པའི་རྟེན་འདུས་དམ་རྫས་བཛྲ་གནྡྷ། སེར་པོ་ཡུང་བའི་མདོག །ནཱ་རོ་པའི་བུམ་ཆུ་དང་ལུས་མེད་མཁའ་འགྲོའི་བདུད་རྩི་རིལ་བུ་གཏའ་སྤེལ་དམ་རྫས་ཨ་མྲྀ་ཏ་གནྡྷ། སེར་སྨུག །རྣམས་སོ། །བཞི་པ་ནི། ཆོས་རྗེ་རི་བོ་དགེ་ལྡན་པའི་རྟེན་འདུས་རིལ་བུ་ངོ་མཚར་ཛམྦུ་ནཱ་དའོ། །གསེར་མདངས་ཡུང་བ་དང་ལི་ཁྲི་སྤེལ་བའི་མདོག །ལྔ་པ་ནི། གྲུབ་མཐའ་སྣ་ཚོགས་ཀྱི་རྟེན་ཇོ་ཞལ་བོ་ཤངས་ཞི་གཅོད་བཅས། འདུས་རིལ་བུ་ཟླ་བའི་འདོད་འཇོའོ། །རྒྱ་དཀར་དྭང་བའི་མདོག །ཞེས་པའང་རབ་བྱུང་བཅུ་བཞི་པའི་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོའི་དབོ་ཟླ་བའི་གྲལ་ཚེས་དགེ་བར་བྲིས་ཏེ་རིམ་པ་བཞིན་དུ་སྤེལ་བ་སརྦ་དཱ་བྷེ་ཡོ་སིདྷཾ་བྷ་བ་ཏུ། །སྭཱ་སྟི། དམ་རྫས་ཀྱི་དཀར་ཆག་མཐོང་བ་རང་གྲོལ་ཏུ་བཀོད་པའི་སྐོར་ལ་བཞི། རིང་བསྲེལ་བཞི། བདུད་རྩི་ལྔ། རྟེན་འདུས་ཆེ་ཆུང་གི་སྐོར། ཉེར་མཁོའི་སྡེ་ཚན་ནང་། དང་པོ་ལ་བཞི། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་༡༽ཕྱོགས་བསྡུས་རིལ་བུ་དམ་རྫ་ས་ཏོག་གི་བློ་གྲོས་ཆུ་ཤེལ་མདོག །ཆོས་ཀྱི་རིང་༢༽བསྲེལ་ཕྱོགས་བསྡུས་དམ་རྫས་གསེར་ཞུན་ཆེན་མོ། གསེར་མདོག །སྐུ་གདུང་རིང་བསྲེལ་༣༽ཕྱོགས་


JKT022_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་དམ་རྫས་ནོར་བུའི་སྙིང་པོ། ནོར་བུ་མཆིན་ཁའི་མདོག །སྐུ་བལ་རིང་བསྲེལ་ཕྱོགས་བསྡུས་དམ་རྫས་འཇའ་འོད་འཁྱིལ་བ་རྣམས་སོ། །ཙནྡན་མདོག །གཉིས་པ་བདུད་རྩི་ལྔ་ཡི་སྐོར་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ནི། སྨན་གྱི་ཕབ་གཏའ་བཅུད་འདུས་༥༽རཱ་ས་ཡཱ་ན་ཟླ་བ་བདུད་རྩིའི་ཐིག་ལེའི་ཕུར་མ་དཔལ་ཆེན་ཆེ་མཆོག་གི་སྐུ་མདོག །གཉིས་པ་ལ་དྲུག། གསང་ཆབ་ཀུན་འདུས་མི་བསྐྱོད་རིལ་བུ་དམ་རྫས་ཨིནྡྲ་ནཱི་ལ་དབང་སྔོན་གྱི་མདོག་ཅན། གསང་ཆེན་ཕྱོགས་བསྡུས་རྣམ་སྣང་རིལ་༧༽བུ་དམ་རྫས་དཔལ་གྱི་སྙིང་པོ་དུང་མདོག། །བྱང་སེམས་ཟླ་ཐིག་རིན་འབྱུང་རིལ་༨༽བུ་དམ་རྫས་ཟླ་ཤེལ་གཞོན་ནུ་ཟླ་བ་འཆར་ཀའི་མདངས་ཅན། བྱང་སེམས་དམར་ཕོ་༩༽ཤངས་མཚལ་སྐུ་མཚལ་ཕྱོགས་བསྡུས་སྣང་མཐའ་རིལ་བུ་དམ་རྫས་པདྨ་རཱ་ག་པད་རཱག་མདངས་ཅན། སྐུ་ཤ་ཕྱོགས་༡༠བསྡུས་རིལ་བུ་དམ་རྫས་ས་ལེ་སྦྲམ་དེ་ཡི་མདོག་ཅན། དབུ་ཀླད་དང་གདུང་༡༡༽རུས་ཕྱོགས་བསྡུས་དོན་གྲུབ་རིལ་བུ་དམ་རྫས་གཡུ་ཞུན་འཁྱིལ་པ་མརྒད་མདོག་ཅན་རྣམས་སོ། །གསུམ་པ་ལ་བདུན། སྐྱེ་བདུན་མྱོང་གྲོལ་མཁའ་སྤྱོད་བདེ་ལམ་༡༢༽རིལ་བུ་དབང་མདོག་ཡུངས་ཀར་འབྲུ་ཚད། རྟེན་འདུས་ཨུ་དུ༡༣༽ཝཱ་ར་བློ་གཏད་གཅིག་ཆོག་བྱེ་རུའི་མདོག་ཅན་སྲན་ཆུང་འབྲུ་ཚད། རྟེན་འདུས་༡༤༽ཡིད་བཞིན་ནོར་


JKT022_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མྱོང་བ་རང་གྲོལ་ཙནྡན་མདོག་ཅན་སྲན་ཚད། རྡོར་སེམས་རིལ་༡༥ ༽བུ་འཁོར་བ་དོང་སྤྲུགས་ཟླ་བའི་མདོག་ཅན་སྲན་ཆུང་ཚད། ཚེ་སྒྲུབ་གསང་འདུས་༡༦༽རིལ་བུ་འཆི་མེད་སྲོག་སྟེར་དབང་མདོག་སྲན་ཚད། ཚེ་བཅུད་༡༧༽ཀུན་འདུས་རིལ་བུ་འཆི་མེད་བདུད་རྩིའི་བུམ་པ་ཙནྡན་མདོག་ཅན་སྲན་ཚད། སྒྲོལ་དཀར་༡༨༽རིལ་བུ་བདུད་རྩིའི་ཟིལ་ཐིག་ཆུ་ཤེལ་མདོག་སྲན་ཚད་རྣམས་སོ། །བཞི་པ་ལ་བརྒྱད། འཇམ་དབྱངས་༡༽རིལ་བུ་ཤེས་རབ་དཔལ་༡༩༽བསྐྱེད་དྷིཧཱིའི་རྒྱ་ཅན་གུར་གུམ་མདངས། བུམ་ཆུ་ཁྲུས་༢༽ཆབ་ཀུན་འདུས་སྡིག་སྒྲིབ་༢༠༽ཀུན་འཇོམས་ཕུར་མ། བུམ་རྫས་༣༽ཡོན་ཏན་ཀུན་བསྐྱེད་༢༡༽སྤྱི་དང་ཁྱད་པར་གྱི་ཕུར་མ་དང་རིལ་བུ། དེ་ལ་མཁོ་བའི་དྲི་ཆུའི་རྫས་དང་བཅས། ཕྱིའི་མཆོད་༤༽རྫས་ཉེར་མཁོའི་སྐོར་ལ་ནང་གསེས་སུ། ཞི་བའི་མཆོད་ཡོན་རྫས་༡༽བདུན། རྒྱས་༢༽པའི་མཆོད་ཡོན་རྫས་བཞི། ཞབས་༣༽བསིལ་གྱི་རྫས་ཤུན་པ་ལྔ། བདུག་༤༽སྤོས་ཤིང་ཚ་བཞི་སྦྱོར་དང་། དུས་འཁོར་ལུགས། བཀའ་རྒྱ་མ། སྔོ་སྦྱོར། ཁ་ཆེ་པཎ་ཆེན་ལུགས་ཀྱི་སྤོས་སྦྱོར་བཅས། དྲི་ཆབ་སུག་སྨེལ་ལྔ་སྦྱོར་དང་། དྲི་ལྔ། རབ་གནས་སྐབས་སུ་ཉེ་བར་མཁོ་བའི་བཀྲུ་བའི་རྫས་འདག་༦༽ཆལ། བྱུགས་པའི་རྫས་དྲི་༧༽བཟང་། དཀྱིལ་འཁོར་གྱི་བྱ་བ་སྤྱི་ལ་མཁོ་བའི་བ་བྱུང་༨༽ལྔ་རྣམས་


JKT022_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྨན་སྣ། རིན་ཆེན་ཕྱེ་མ་བཅས་བསྡུ་ལུགས། ནང་གི་མཆོད་༥༽རྫས་ལ་ནང་གསེས་སུ། རཀྟའི་རུ་རྩི་དམར་༢༢༽པོ་བཅུད་འདུས་ཉི་མའི་ཐིག་ལེ་རིལ་བུ་དབང་མདོག་ཟུར་གསུམ་ཕུར་མ་དང་ཊྛ བཅས་པ། གཏོར་མའི་སྤྱོད་སྨན་༢ ༣༽འདོད་ཡོན་སྤྲིན་ཕུང་གསེར་མདོག་ཐོབ་ཀྱུ་ཕུར་མ་དང་བཅས་པ་གཉིས། ཀླུ་༥༽སྨན་ཕན་བདེའི་ཆར་རྒྱུན་རིལ་བུ་ཕུར་མ་དང་བཅས་པ། ས་བཅུད་༨༽འབྱུང་བ་ཀུན་འདུས་ཀྱི་རིལ་བུ་འདོད་འཇོའི་ལྗོན་ཤིང་ཟླ་ཞུན་གྱི་ལང་ཚོ་ཅན་ཕུར་མ་དང་བཅས་པ་རྣམས་སོ།། ༈ །།བྱིན་རྟེན་གྱི་དཀར་ཆག་མཐོང་བ་རང་གྲོལ་གྱི་ཁ་སྐོང་རྩ་བའི་ཐོ་བྱང་བཞུགས།། ༈ །།ཨོཾ་སྭ་སྟི་སིདྡྷི་རསྟུ། །བྱིན་རྟེན་དཀར་ཆག་མཐོང་བ་རང་གྲོལ་གྱི་ཁ་སྐོང་ལ་བརྒྱད། སྲུང་བ། ཞི་བ། རྒྱས་པ། དབང་། དྲག་པོ། དེ་རྣམས་སྤྱི་དང་འབྲེལ་བ། མཆོག་གི་རྫས་སྦྱོར། ཞར་བྱུང་མཐའ་བརྟེན་འཆི་མེད་བཅུད་ལེན་རིལ་བུ་རྣམས་སོ། །དང་པོ་སྲུང་བ་ལ་གསུམ། རྫས་སྲུང་རིལ་བུ་རྡོ་རྗེའི་གོ་ཆ། བདུག་རྫས་རིལ་བུ་འོད་ཟེར་གོ་ཆ། སྲུང་བ་སྤྱི་རྫས་ནོར་བུའི་གོ་ཆ་རྣམས་སོ། །གཉིས་པ་ཞི་བ་ལ་ལྔ། ནད་རིགས་ཀུན་སེལ་གྲུབ་ཐོབ་རིལ་དཀར་བདུད་རྩིའི་སྙིང་པོ། རིམས་ནད་ཀུན་སེལ་ལོ་གྱོན་མའི་རིལ་བུ་བདུད་རྩིའི་ཟླ་སྣང་། བྱད་གདོན་ཀུན་སེལ་གསེང་ལྡེའི་རིལ་བུ་བདུད་རྩིའི་ཆུ་རྒྱུན། ནད་གདོན་


JKT022_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་སེལ་རྣམ་སྨེའི་ཁྲུས་རིལ་བདུད་རྩིའི་མཆོད་སྦྱིན། །འཇམ་དཔལ་ནག་པོའི་གྲིབ་འཇོམས་རིལ་བུ་རྡོ་རྗེ་ཕ་ལམ་རྣམས་སོ། །གསུམ་པ་རྒྱས་པ་ལ་བཞི། ཚེ་རྒྱས་པ། དཔལ་འབྱོར་རྒྱས་པ། །ཤེས་རབ་རྒྱས་པ། ལེགས་ཚོགས་སྤྱི་རྒྱས་པར་བྱེད་པའོ། །དང་པོ་ལ་གསུམ། གྲུབ་རྒྱལ་ལུགས་ཀྱི་ཚེ་བཅུད་རིལ་བུ་འཆི་མེད་ཡིད་བཞིན་ནོར་བུ། བཅོམ་ལྡན་འདས་རྡོ་རྗེ་ཚེ་ཡི་ཁྲུས་རིལ་འཆི་མེད་ཙིནྟ་མ་ཎི། རྣམ་རྒྱལ་མའི་བུམ་བཅུད་རིལ་བུ་འཆི་མེད་རྡོ་རྗེའི་བཅུད་ལེན་རྣམས་སོ། །གཉིས་པ་ལ་བཞི། ས་བཅུད་གསོ་བའི་རིལ་བུ་རི་དབང་སྤྱི་བཅོས། བརྟན་གཡོའི་སྙིང་པོ། གཡང་རྫས་དཔལ་ཅན་རིལ་ས་བཅུད་གསོ་བའི་གཏེར་བུམ་ཆེན་མོ་ལས་འབྱུང་བ་བཞི་བུ་འདོད་རྒུའི་སྙིང་པོ། འཕྲོས་དོན་ཏུ་སྨོས་པ་ཀླུའི་རྩི་སྨན་རིལ་བུ་བདུད་རྩིའི་འདི་ལ་ནང་གསེས། སྙིང་པོ། །འདི་ལ་ནང་གསེས་སྙིང་གཏེར། བརྟན་མ། འདི་ལའང་ནང་གསེས་སྤྱིར་བཏང་དམིགས་བསལ་དང་བཅས་པ། སེངྒེ་སྒྲ། པང་ཀོང་། ཀླུ་གཏོར། བླ་མ་དགོངས་འདུས་ཀྱི་ཆར་ཆོག། ནཱ་ག་སྤྱི་བཅོས་ནས་འབྱུང་བ་སྟེ་ལྔ། སྤྱིར་བཏང་སྡེ་ཚན་བཞིའི་ངོས་འཛིན། དེའི་བྱེ་བྲག་ཆར་འབེབས་ཆུ་འཛིན་རིལ་བུ་སྤྲིན་གྱི་སྙིང་པོ་༈ རྣམས་སོ། །གསུམ་པ་ལ་གཉིས། དབྱངས་ཅན་དཀར་མོའི་བློ་འཕེལ་རིལ་བུ་ཤེས་རབ་འདོད་འཇོ་དབྱངས་ཅན་དམར་མོའི་བུམ་བཅུད་རིལ་བུ་བློ་འཕེལ་ནོར་བུའོ། །བཞི་པ་ལ་གསུམ། ཆབ་གཏོར་གྱི་


JKT022_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་བདུད་རྩིའི་འདོད་འཇོ། བསང་རྫས་བརྒྱ་རྩ་བཀྲ་ཤིས་འདོད་འཇོ། དེའི་ཞར་བྱུང་དཀར་གསུམ་རིལ་བུ། མངར་གསུམ་རིལ་བུ། གླུད་རྫས་སྤྱི་ཁྱབ་སྣང་སྲིད་འདོད་འཇོ་རྣམས་སོ། །བཞི་པ་དབང་ལ་གསུམ། རིག་བྱེད་མའི་གསུང་རྡོ་རྗེའི་རིལ་བུ་བརྟན་གཡོ་དབང་སྡུད། དོན་ཀུན་གྲུབ་པའི་རིལ་བུ་འདོད་རྒུ་དབང་སྡུད། དཔལ་ཚོགས་ཀྱི་བདག་པོའི་ཐབ་གཏེར་རིལ་བུ་རོ་བཅུད་དབང་སྡུད་རྣམས་སོ། །ལྔ་པ་དྲག་པོ་ལ་གསུམ། དུག་ཁྲག་རྫས་ཀྱི་རིལ་བུ་གདོན་བགེགས་ཀུན་འཇོམས། རྡོ་རྗེ་ཁྱུང་ཁྱུང་ཁྲ་རིགས་གཉིས་གི་རིལ་བུ་གླུ་གདོན་ཀུན་འཇོམས། གུར་དྲག་རིལ་བུ་རྒྱལ་བསེན་ཀུན་འཇོམས་རྣམས་སོ། །དྲུག་པ་མཆོག་ཐུན་དངོས་གྲུབ་ཀུན་གྱི་གཞིར་གྱུར་དབང་སྒྲུབ་ཆེན་སོགས་ཀྱི་སྐབས་སུ། ཉེར་མཁོ་ལ་ལྔ། དུས་འཁོར་སོགས་ཀྱི་བུམ་རྫས་བདུད་རྩིའི་ཆར་འདི་ལ་ནང་གསེས་དུས་འཁོར། ཀྱེ་རྡོར། ཡོ་ག །སྔ་འགྱུར་བའི་གཞུང་ལས་གསུངས་པ་བཞིས། འབེབས། བྱིན་འབེབས་ཀྱི་འདི་ལ་གསར་རྙིང་གི་ལུགས་སོ་སོ། རྫས་སྦྱོར་ཡེ་ཤེས་ཆར་འབེབས། གུ་རུའི་བྱིན་འབེབས་སྤོས་སྦྱོར་བྱིན་རླབས་ཆར་འབེབས། སྒྲུབ་རྫས་རིལ་བུ་དངོས་གྲུབ་ཆར་འབེབས་རྣམས་དང་། ཞར་བྱུང་རབ་གནས་ཁྲུས་རྫས་ཀྱི། འཕྲོས་དོན་དང་། ཚོགས་རྫས་དང་། དངོས་གྲུབ་ཀྱི་རྫས་ཀྱི་ཟིན་བཅས་སོ། །བདུན་པ་མཆོག་གི་དངོས་གྲུབ་


JKT022_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྫས་ལ་བདུན། བདུད་རྩི་སྨན་གྱི་ཕུར་མ་བདུད་རྩིའི་འབྱུང་གནས། བདུད་རྩི་རིལ་བུའི་བརྡའ་སྨན་བདེ་ཆེན་འབྱུང་གནས། གཏེར་རྫས་རིལ་བུ་མྱོང་གྲོལ་ཀུན་གྱི་འབྱུང་གནས། རྣམ་སྣང་ཀུན་ཏུ་ཞལ་གྱི་བྱེ་མ་རེག་གྲོལ། པདྨ་ཨུཏྟི་ཥའི་བདུག་སྤོས་ཚོར་གྲོལ། འཕོ་རྫས་རིལ་བུ་མཁའ་སྤྱོད་མྱུར་ལམ། ཐུགས་རྗེ་ཆེན་པོའི་གཟུངས་སྒྲུབ་རིལ་བུ་མྱོང་གྲོལ་ཙིན་མ་ཎི་རྣམས་སོ། །བརྒྱད་པ་ནི་འཆི་མེད་བཅུད་ལེན་རིལ་བུ་སྟེ། དེ་ལྟར་ན་རྣམ་གྲངས་བཀྲ་ཤིས་པའི་གྲངས་ཀྱིས་ལེགས་པར་གྲུབ་བོ། །ཞེས་ལྕགས་ཕོ་སྤྲེའུའི་ལོའི་དབོ་ཟླ་བའི་ཡར་ཚེས་ལ་བྲིས་པ་དགེ །སརྦ་དཱ་སུ་ཐེ་ཡོ་སིདྡྷཾ་བྷ་བ་ཏུ།། ༈ །།མྱོང་གྲོལ་རྟེན་འདམ་རིལ་བུའི་དཀར་ཆག་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། སེམས་ཅན་ཀུན་ལ་དུས་རྟག་ཏུ། །སྙིང་རྗེའི་སྤྱན་རས་མི་ཟུམ་པས། །བརྩེ་བའི་གཟིགས་པ་ལྷུར་མཛད་པའི། །འཕགས་མཆོག་ཕྱག་ན་པདྨོར་འདུད། །དེ་ལ་འདིར་འབྲེལ་ཚད་ཀྱི་ཡིད་ཅན་ཀུན་ལ་སྨན་པར་འདོད་པའི་བསམ་པ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། དགེ་བྱེད་ཅེས་པ་ཆུ་ཕོ་སྟག་༈ གི་ལོའི་ས་ག་ཟླ་བར་དཔལ་ཨེ་ཝཾ་ཐར་པ་རྩེར་སྦྱར་བས་མཚོན། སྔ་ཕྱིར་འདུ་བགྱིས་པའི་མྱོང་གྲོལ་གྱི་རིལ་བུ་འདིར་རྟེན་འདམ་ཇི་ལྟར་འདྲེས་པའི་ཚུལ་མདོ་ཙམ་བརྗོད་ན། རྫོགས་པའི་སངས་རྒྱས་ཀྱི་


JKT022_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་གདུངས་ལྔ། སངས་རྒྱས་འོད་སྲུང་དང་། གསེར་ཐུབ་སོགས་ཀྱི་རིང་བསྲེལ་རྟེན་འདམ། རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་གསང་བ་དང་། སངས་རྒྱས་ཡེ་ཤེས་ཞབས། མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི། གངས་ཅན་གྱི་ལྗོངས་སུ་འཇམ་དབྱངས་ས་སྐྱ་པཎྜི་ཏ་སོགས་གོང་མ་རིམ་བྱོན་རྣམས་ཀྱིས་རིམ་པར་རྟ་སྤེལ་མཛད་པའི་དཔལ་ས་སྐྱ་པའི་རྟེན་འདམ་དཔེ་བྲལ་མ་ཞེས་དཀར་ཆག་རྒྱས་པ་ལོགས་སུ་གསལ་ལྟར་གྱི་རིལ་བུ་རྡོག་བཅུ་ཕྲག །བདེ་བར་གཤེགས་པ་བདུན་གྱི་རིང་བསྲེལ་ལས་གྲུབ་པའི་རྟེན་འདམ། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲ་པཎ། འཕགས་པ་རིན་པོ་ཆེ་རྣམས་ཀྱི་བདུད་རྩི་རིལ་བུ་རྡོག་གཉིས་རེ། ཡང་གོང་མ་ལྔའི་བདུད་རྩི་རིལ་བུ་གཅིག་ཏུ་བསྡུས་པའི་རྟེན་འདམ། ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་བདུད་རྩི་རིལ་བུ་རྡོག་བདུན། ཀུན་མཁྱེན་བསོད་ནམས་སེངྒེ་། འཇམ་དབྱངས་ཀུན་དགའ་གྲོལ་མཆོག །སྔགས་འཆང་ཀུན་དགའ་རིན་ཆེན། སྔགས་འཆང་གྲགས་པ་བློ་གྲོས། འཇམ་དབྱངས་བསོད་ནམས་དབང་པོ། འཇམ་མགོན་ཀུན་དགའ་བསོད་ནམས། རྩེ་གདོང་ཁྲི་ཆེན་བསོད་ནམས་བསྟན་འཛིན། མཁན་ཆེན་ངག་དབང་ཆོས་གྲགས། ཤར་ཆེན་ཤེས་རབ་འབྱུང་གནས། མཁན་ཆེན་སངས་རྒྱས་ཕུན་ཚོགས་རྣམས་ཀྱི་བདུད་


JKT022_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་རིལ་བུ་ཆ་ཤས་ཚར་ཆེན་རྡོ་རྗེ་འཆང་གི་བདུད་རྩི་སྨན་སྒྲུབས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་ཐུགས་རྗེ་ཆེན་པོའི་མྱོང་གྲོལ་རིལ་བུ་སེམས་ཅན་འབུམ་ཚོ་གསུམ་གྲོལ་བའི་ལུང་བསྟན་ཐོབ་པའི་ཁྱད་འཕགས་གནས་གསར་བ་ལེགས་པའི་འབྱུང་གནས་དང་། ས་ཆེན་ཀུན་དགའ་བློ་གྲོས་ཀྱི་བདུད་རྩི་རིལ་བུ། རྗེ་དེ་ཉིད་ཀྱིས་ལམ་འབྲས་སློབ་བཤད་གནང་བའི་སྐབས་བདག་མེད་མའི་བྱིན་རླབས་ཀྱི་བདུད་རྩི་ཁོལ་བའི་རིལ་བུ། ལྗགས་གུལ་བྱིན་ལྡན། རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ། འཇམ་མགོན་རྡོ་རྗེ་རིན་ཆེན་རྣམས་ཀྱིས་བསྒྲུབ་པའི་བདུད་རྩི་རིལ་བུ་ཕོན་མང་། ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་དབུ་ཞྭ་དང་། ན་བཟའི་ཚལ་བུ། སྤུར་ཚ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག་གི་ན་བཟའ། ཡོངས་འཛིན་དཀོན་མཆོག་འཕེལ་བའི་ན་བཟའ་དང་། སྤུར་ཚ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཚར་ཆེན་རྡོ་རྗེ་འཆང་། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་། བྲང་ཏི་ནམ་མཁའ་སངས་རྒྱས། མུས་ཆེན་དཀོན་མཆོག་རྒྱ་མཚོ། ཁྱབ་བདག་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། ཐར་རྩེ་ནམ་མཁའ་བསམ་འགྲུབ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་།


JKT022_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཆེན་ཀུན་དགའ་བློ་གྲོས། ཤར་ཆེན་མི་འགྱུར་རྒྱ་མཚན། མཁན་ཆེན་ནམ་མཁའ་འཆི་མེད་རྣམས་ཀྱི་ན་བཟའི་ཚལ་བུ། འཇམ་མགོན་སངས་རྒྱས་ཕུན་ཚོགས་སོགས་ཀྱིས་སྒྲུབས་གནང་འཇམ་དབྱངས་སྨྲ་སེང་རིལ་བུ་དྷིཧཱིའི་རྒྱ་ཅན། དབྱངས་ཅན་རིལ་བུ། རིགས་གསུམ་མགོན་པོ་དང་། །དབྱངས་ཅན་མ་དམར་མོའི་བུམ་ཆུ་རིལ་བུ། ས་སྐྱ་གོང་མ་རིམ་བྱོན་གྱི་ཚེ་རིལ། གཞན་ཡང་ས་ངོར་གྱི་བདུད་རྩི་རིལ་བུ་གསར་རྙིང་ཤིན་ཏུ་ཕོན་མང་བ་བཅས་དང་། མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཆོས་གོས་ཀྱི་ཚལ་བུ། འབྲོམ་སྟོན་པའི་ཚེམས་ཀྱི་ཆ་ཤས། བྱང་སེམས་ཟླ་བ་རྒྱལ་མཚན་གྱི་བྱང་སེམས། །ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་གདུང་ས། རྗེ་བཙུན་མི་ལ་རས་པའི་རིང་བསྲེལ། རྗེ་སྒམ་པོ་པའི་ན་བཟའ། ཀརྨ་པཀྵིའི་ཐུགས། རང་བྱུང་རྡོ་རྗེའི་ཞལ་འགྲམ། རྗེ་ཀརྨ་པ་རོལ་པའི་རྡོ་རྗེ། ཆོས་གྲགས་རྒྱ་མཚོ། མི་བསྐྱོད་རྡོ་རྗེ། ཆོས་དབྱིངས་རྡོ་རྗེ། ཡེ་ཤེས་རྡོ་རྗེ། བྱང་ཆུབ་རྡོ་རྗེ། བདུད་འདུལ་རྡོ་རྗེ། ཞྭ་དམར་ཡེ་ཤེས་སྙིང་པོ། དཔལ་ཆེན་ཆོས་ཀྱི་དོན་གྲུབ། རྒྱལ་ཚབ་གྲགས་པ་དོན་གྲུབ། དཔའ་བོ་གཙུག་ལག་ཕྲེང་བ། གཙུག་ལག་དགའ་བ། སི་ཏུ་ཆོས་ཀྱི་རྒྱལ་མཚན། བསོད་ནམས་རྣམ་རྒྱལ། ཆོས་ཀྱི་འབྱུང་གནས། རིག་འཛིན་ཚེ་དབང་ནོར་བུ། འབྲུག་པ་བཀའ་བརྒྱུད་ཕྲིན་ལས་


JKT022_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྟ་རྣམས་ཀྱི་ན་བཟའ། འབྲུག་པ་ཐམས་ཅད་མཁྱེན་པ་པདྨ་དཀར་པོའི་ཤངས་མཚལ། དཔའ་བོ་གཙུག་ལག་ཕྲེང་བའི་སྤུར་རས། དམ་རྫས་མྱོང་གྲོལ་རིལ་ནག་ཆེན་པོ་ཕོན་མང་། འབྲུག་པའི་དམ་རྫས་འཇའ་ཟུག་མ། འབྲི་གུང་པའི་རྟེན་འདུས་དང་། མ་ཎི་རིལ་བུ། སྟག་ལུང་པའི་རྟེན་འདུས། བཀའ་བརྒྱུད་སྤྱིའི་རྟེན་འདུས། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱི་རིང་བསྲེལ། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ན་བཟའ། སྒོམ་ཐག་ཚེ་རིལ། ཅོང་ཞིའི་བཅུད་ལེན་མཛད་པའི་གསང་ཆབ་ཀྱི་རིལ་བུ། རྒྱལ་བ་བཙོང་ཁ་པ་ཆེན་པོའི་ན་བཟའ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ན་བཟའ། རྒྱལ་དབང་ལྔ་པ་རིན་པོ་ཆེའི་དབུ་ལོ། ཁྲུས་རིལ། བདུན་པ་བསྐལ་བཟང་རྒྱ་མཚོའི་འགན་སྦྱར་གྱི་ཆ་ཤས། དགེ་ལུགས་རྟེན་འདུས་དང་། མ་ཎི་རིལ་བུ། བཅུ་གཅིག་ཞལ་དང་། རྣམ་འཇོམས་ཀྱི་ཁྲུས་རིལ། ལྕང་སྐྱ་ཐམས་ཅད་མཁྱེན་པ་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱིས་སྦྱར་གནང་རྟེན་འདུས་ཆེན་མོ་རྡོར་སེམས་རིལ་བུ་དཀར་ཆག་རྒྱས་པར་ལོགས་སུ་གསལ་བ་ལྟར་རྡོག་གསུམ། སྤྱན་རས་གཟིགས་སྤྲུལ་དྲི་༈ མེད་སྙིང་པོ་དང་། པདྨ་དཀར་པོའི་སྐུ་ཤ་གཏེར་བྱོན་ཁྱད་འཕགས། སྐྱེ་བདུན་རིགས་ལྔའི་སྐུ་ཤ་གདུང་རུས། སྐྱེ་བདུན་རིལ་བུ་ཁ་ཤས། བྲམ་ཟེའི་སྐུ་ཤ་ལས་འཕེལ་བའི་རིང་བསྲེལ་ཁྱད་འཕགས།


JKT022_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཤྲཱི་སེདྷའི་དབུ་སྐྲ། གུ་རུ་ཡབ་ཡུམ་དབུ་སྐྲ། ན་བཟའ། གུ་རུ་ཡབ་ཡུམ་བྱང་སེམས་རིལ་བུ། ཤངས་མཚལ་རིལ་བུ། བདུད་རྩི་རིལ་བུ། དམ་ཚིག་རིལ་བུ། སློབ་དཔོན་ཆེན་པོ་ནས་གཡའ་རི་གངས་རི་སོགས་སུ་སྒྲུབས་པ་མཛད་པའི་དམ་རྫས་ཀུན་གྱི་བཅུད་འདུས་རིལ་བུ། གཏེར་རྫས་མྱོང་གྲོལ་ཧཱུྃརྒྱ་ཅན་གསུམ། བདེ་སྟོང་རིལ་བུ་ཨ་རྒྱ་ཅན་གསུམ། གཏེར་ཆེན་རན་གླིང་པའི་ཚེ་རིལ། སློབ་དཔོན་ཆེན་པོ་ནས་སྒྲུབ་པའི་བདུད་རྩི་ཆོས་སྨན་གཏེར་བྱོན། འཇའ་ཚོན་སྙིང་པོའི་རྟེན་འདུས། བདུད་འདུལ་གཏེར་བྱོན་དམ་རྫས་ཡིད་བཞིན་ནོར་བུ། །མྱོང་གྲོལ་མཁའ་སྤྱོད་རིལ་བུ། པདྨ་བཛྲ་དམ་རྫས་ཀུན་འདུས་ཕབ་རྟ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་རིལ་བཅས། སྟག་ཤམ་གཏེར་བྱོན། དམ་རྫས་ཟླ་ཤེལ་ཆེན་མོ། བདུད་འདུལ་སྟག་ཤམ་གཉིས་ཀྱི་དམ་རྫས་སྤེལ་མ། གནམ་ཆོས་མི་འགྱུར་རྡོ་རྗེའི་མྱོང་གྲོལ་རིལ་བུ། རིག་འཛིན་ཆོས་རྗེ་གླིང་པའི་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབས་ཀྱི་ཚེ་རིལ་རྟ་སྤེལ། སྣང་བ་མཐའ་ཡས་དང་། ཐུགས་རྗེ་ཆེན་པོའི་སྙིང་པོ་དུང་ཕྱུར་མང་པོའི་སྒོ་ནས་སྒྲུབ་པའི་རིལ་བུ། ཐུགས་རྗེ་ཆེན་པོའི་གཟུངས་སྒྲུབས་རིལ་བུ། བླ་མ་གསང་བ་འདུས་པ། ཡང་ཟབ་དཀོན་མཆོག་སྤྱི་འདུས། སྐུ་གསུམ་པདྨ་འོད་འབར་རྣམས་ཀྱི་སྐྱེ་བདུན་སྒྲུབས་ཆེན་རིལ་བུ། བླ་


JKT022_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མ་དགོངས་པ་འདུས་པ། ཡི་དམ་བཀའ་བརྒྱད་བདེར་གཤེགས་འདུས་པ། གསང་བ་ཡོངས་རྫོགས། རང་བྱུང་རང་ཤར། ཐུགས་ཀྱི་མེ་ལོང་སོགས་ཀྱི་སྒོ་ནས་སྒྲུབས་པའི་བདུད་རྩི་སྨན་སྒྲུབ། སྔ་འགྱུར་བཀའ་མའི་དཀྱིལ་འཁོར་ཆེན་པོ་འོག་མིན་ཚོགས་ཆེན་འདུས་པ། སྒྱུ་འཕྲུལ་ཞི་ཁྲོ། ཡང་དག །མཉམ་སྦྱོར། དོང་སྤྲུགས་སོགས་དང་། ཞི་ཁྲོ་ཁྲི་མཆོད་མང་པོའི་སྒོ་ནས་སྒྲུབས་པའི་བུམ་ཆུ་རིལ་བུ། བཀའ་བརྒྱད་ཀྱི་སྒོས་བཀའ་སོ་སོའི་སྒོ་ནས་སྒྲུབས་པའི་རིལ་བུ། མཁའ་འགྲོ་ཉང་གཏེར་རྡོ་རྗེ་ཕག་མོ་ལྷ་ལྔའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པའི་བདུད་རྩི་རིལ་བུ། ཀཿཐོག་བླ་རབ་བཅུ་གསུམ་ཚུན་གྱི་བུམ་ཆུ་རིལ་བུ། གཏེར་ཆེན་མངའ་བདག་ཉང་། གུ་རུ་ཆོས་དབང་། རིག་འཛིན་རྒོད་ལྡེམ། པདྨ་གླིང་པ་རྣམས་ཀྱི་གཏེར་ཤོག་འཁྲུལ་མེད། བདུད་འདུལ་སྒྲོལ་དཀར་ཤོག་སེར། ཀློང་གསལ་ཡེ་ཤེས་རབ་འབར་རྩ་རྒྱུད་དང་། ཚེ་སྒྲུབ་ཡང་གསང་བླ་མེད་ཤོག་སེར། ལོ་ཆེན་བཻ་རོའི་ཕྱག་བྲིས་རྒྱ་དཔེ། སློབ་དཔོན་རིན་པོ་ཆེ་དང་། ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་ན་བཟའ་༈ གཏེར་བྱོན། གཏེར་ཆེན་གུ་རུ་ཆོས་དབང་དབུ་ཞྭ། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གདུང་རུས། །བྱང་བདག་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཀུན་བཟང་པདྨ་ཕྲིན་ལས། །


JKT022_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་གཏེར་བདག་གླིང་པ། ལོ་ཆེན་དྷརྨ་ཤྲཱི་རྣམས་ཀྱི་ན་བཟའ། སྐྱེ་བདུན་དུ་གྲགས་པ་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་སྐུ་ཤ །སྟག་བླ་པདྨ་མ་ཏིའི་ན་བཟའ། བདུད་འདུལ་རྡོ་རྗེའི་སྐུ་བེར། རིག་འཛིན་ཀློང་གསལ་སྙིང་པོ། གྲུབ་དབང་པདྨ་རིག་འཛིན། རིག་འཛིན་ཀུན་བཟང་ཤེས་རབ། རྒྱལ་སྲས་བསོད་ནམས་ལྡེའུ་བཙན་སོགས་ཀྱི་ན་བཟའ། རྙིང་ལུགས་ཀྱི་རྟེན་འདུས་ཕྱག་དྲིལ་འཇའ་ཟུག་མ། གཞན་ཡང་ཇོ་བོ་རྣམ་གཉིས་ཀྱི་སྐུ་ལ་ཁྲུས་ཆབ་གསོལ་བའི་རིལ་བུ། གྲུབ་ཆེན་ཐང་སྟོང་རྒྱལ་པོས་འཛམ་གླིང་ལན་གསུམ་བསྐོར་བའི་ས་སྣ་ཆུ་སྣའི་རིལ་བུ། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་ལོ་མ། བལ་ཡུལ་མཆོད་རྟེན་ཆེན་མོའི་སྲོག་ཤིང་རྙིང་པའི་ཆ་ཤས། དེང་སང་གྲགས་ཚོད་ཀྱི་རྒྱ་གར་ཤཱི་གུ་རི། རྩྭ་མཆོག་གྲོང་། མཆོད་རྟེན་རྣམ་དག་དྲུང་། ཆུ་བོ་ནེ་རཉྫ་ན་སོགས་དང་། བལ་ཡུལ་འཕགས་པ་ཤིང་ཀུན། བྱ་རུང་ཁ་ཤོར། ཨ་སུ་ར། ཡང་ལེ་ཤོད་སོགས་གནས་ཆེན་དུ་མ། སྟོད་གངས་རི་ནས་བཟུང་སྟེ་སྨད་རོང་བཙན་བར་གྱི་བོད་ཡུལ་གྱི་གནས་ཆེན་ཡོངས་གྲགས་ཕལ་ཆེར་གྱི་ས་སྣ། ཆུ་སྣ། ཤིང་སྣ། བསམ་ཡས་གཡའ་མ་ལུང་དང་སྦལ་ཡུལ་པདྨོ་བཀོད་པའི་ཚེ་ཆུ་སོགས་སྦས་གནས་མང་པོའི་ཚེ་ཆུ་རིལ་བུ། རྩྭ་ཁྱད་པར་ཅན་མྱོང་གྲོལ་ཀླུ་བདུད་རྡོ་རྗེའི་ཟིལ་དངར། རྒྱ་ནག་རི་བོ་རྩེ་ལྔ་དང་།


JKT022_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གླང་ཆེན་འགྱིང་རི། འཇང་ཡུལ་རི་བོ་བྱ་རྐང་སོགས་གནས་ཆེན་མང་པོའི་སྨན་དང་། ས་སྣ། ཆུ་སྣ། ཀུན་མཁྱེན་སི་ཏུ་རིན་པོ་ཆེ་ནས་སྦྱར་བའི་རིན་ཆེན་རིལ་ནག་ཆེན་མོ་རྡོག་གསུམ། ཕྱིས་སུ་སྦྱར་བའི་རིལ་ནག་རྡོག་ལྔ། སི་ཏུ་རིན་པོ་ཆེ་ནས་སྦྱར་བའི་རིན་ཆེན་མང་སྦྱོར་ཆེན་མོ་རྡོག་གསུམ། ཡང་ཟབ་རིན་ཆེན་རིལ་བུ་རྡོག་གཅིག །སྤྲུལ་སྐུ་ཀརྨ་རཏྟས་སྦྱར་བའི་དབང་རིལ་ཤེལ་དཀར་མཆོད་རྟེན་རྡོག་གཅིག །དབང་རིལ་རྟ་རིམ་རྡོག་གཉིས། བསམ་འཕེལ་རཏྣ་རྡོག་ཁ་ཤས། སྔ་ཕྱིར་སྦྱར་བའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ། ཕྱིས་སུ་སྦྱར་བའི་རིན་ཆེན་ཚ་སྦྱོར་རྡོག་ཁ་ཤས་བཅས་ཕྱོགས་གཅིག་ཏུ་སྦྱར་ནས། ཞྭ་ལུ་རི་སྦུགས་སུ་པཎ་ཆེན་ག་ཡ་དྷ་རའི་བུམ་པ་བུམ་ཆུ་དང་བཅས་པར། བུ་སྟོན་ཐམས་ཅད་མཁྱེན་བས་དུས་ཀྱི་འཁོར་ལོ། དཔལ་རྩེ་དབྱིངས་གསུམ། རྣམ་སྣང་མངོན་བྱང་། དོན་ཡོད་ཞགས་པ་སོགས་རྒྱུད་སྡེ་རྣམ་བཞིའི་སྒྲུབ་མཆོད་གནང་བའི་བུམ་ཆུ་ཁྱད་པར་ཅན། རྒྱུད་སྡེ་ལྔ་བཅུ་རྩ་གཉིས་ཀྱི་བུམ་ཆུ། རྡུལ་ཚོན། ས་སྐྱའི་ག་ཡ་དྷ་རའི་བུམ་ཆུའི་རྒྱུན། ངོར་ཨེ་ཝཾ་པའི་ག་ཡ་དྷ་རའི་བུམ་ཆུ། ངོར་ལུགས་དཀྱིལ་འཁོར་བདུན་གྱི་བུམ་ཆུ་དང་། རྡུལ་ཚོན། གཞན་ཡང་སྔ་ཕྱིར་མཁན་ཆེན་རྡོ་རྗེ་འཆང་སོགས་ལས་ཐོབ་པའི། དབང་། བྱིན་རླབས། རྗེས་གནང་སུམ་བརྒྱ་ལྷག་


JKT022_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱི་བུམ་ཆུ། རྡུལ་ཚོན། བཟླས་ལུང་གི་མེ་ཏོག་སོགས་ཀྱང་འདྲེས་པར་བྱས་ནས། རབ་བྱུང་བཅུ་བཞི་པའི་མཛེས་བྱེད་ཅེས་པ་ཆུ་ཡོས་ལོའི་ས་ག་ཟླ་བའི་ནང་དུ་གྲུབ་པར་བགྱིས་པ་ལས་སླར་ཡང་ཟིལ་གནོན་ཅེས་པ་མེ་ཕོ་རྟ་ཡི་ལོའི་སྔོན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་རྟེན་ཁྱད་པར་ཅན་འགའ་ཞིག་གསར་བསྣན་དང་བཅས་ཏེ་བླ་མ་གསང་བ་འདུས་པའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པའི་རིལ་བུ་འདི་ཉིད་མཐོང་ཐོས་དྲན་རེག་གི་འགྲོ་ཀུན་འཕགས་མཆོག་ཕྱག་ན་པདྨོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །ཞེས་པའང་ཤཱཀྱའི་དགེ་སློང་མལྦུ་གྷོ་ཥས་ལྷག་པའི་བསམ་པ་རྣམ་པར་དག་པས་སྦྱར་ཏེ་སྨོན་ལམ་དུ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །།ན་མོ་གུ་རུ་ཨ་པ་རི་མི་ཏཱ་ཡུཛྙཱ་ནཱ་ཡ། །འཆི་མེད་ཚེ་ཡི་རིལ་བུ་འདི་ཉིད་ལ་རྟེན་ཇི་ལྟར་འདྲེས་པའི་ཚུལ་ནི། ཚེ་སྒྲུབ་གསང་བ་འདུས་པ་སོགས་ལས་གསུངས་པའི་རྫས་རྣམས་ལ་གཞི་བྱས་གོང་དུ་སྨོས་པའི་རྟེན་འདམ་སྤྱི་དང་། ཁྱད་པར་སློབ་དཔོན་རིན་པོ་ཆེའི་ཚེ་རིལ་གཏེར་བྱོན་རྟ་སྤེལ། གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་གཏེར་ཆེན་རཏྣ་གླིང་པའི་ཚེ་རིལ། བདུད་འདུལ་གཏེར་བྱོན་སྒྲོལ་དཀར་ཚེ་རིལ། །ཆོས་རྗེ་གླིང་པའི་འཇའ་ལུས་རྡོ་རྗེའི་


JKT022_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་སྒྲུབས་ཀྱི་ཚེ་རིལ་གཏེར་བྱོན་རྟ་སྤེལ་བསམ་ཡས་གཡའ་མ་ལུང་། འཆི་མེད་ཚེ་ཆུ་ཕུག །ཅོག་རོའི་ཚེ་ཆུ་འབུམ་པ། ལྷོ་བྲག་ཚེ་ལམ་དཔལ་རི། སྦས་ཡུལ་པདྨོ་བཀོད་སོགས་སྦས་གནས་མང་པོའི་ཚེ་ཆུ་རིལ་བུ། གསར་རྙིང་རིས་མེད་ཀྱི་ཚེ་ལྷ་མང་པོའི་སྒོ་ནས་སྒྲུབས་པའི་ཚེ་རིལ། ཚེ་ལྷ་རྣམ་གསུམ་གྱི་དཀྱིལ་འཁོར་དུ་ཡུན་རིང་སྒྲུབས་པའི་བུམ་ཆུ་རྣམས་གཅིག་ཏུ་བསྲེས་ནས་རིལ་བུར་དྲིལ་ཏེ། བཅོམ་ལྡན་འདས་འཆི་མེད་མགོན་པོའི་ངོ་བོར་བྱིན་བརླབས་པ་འདི་ཉིད་གང་གིས་མྱོང་བའི་ཡིད་ཅན་ཐམས་ཅད་གནས་སྐབས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་རྒྱལ་ཏེ། མཐར་ཐུག་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །ཨཱ་ཡུཛྙཱ་ན་པུཎེ་པུཏྟིཾ་ཀུཆཅུ།། ༈ །།ཨོཾ་སྭ་སྟི་སིདྡྷི་རསྟུ། ས་སྣ་ཆུ་སྣའི་རིལ་བུའི་ནང་། གྲུབ་ཆེན་ཐང་སྟོང་རྒྱལ་པོས་འཛམ་གླིང་ལན་གསུམ་བསྐོར་བའི་ས་སྣ་ཆུ་སྣ། རྒྱ་གར་རྡོ་རྗེ་གདན། རྩྭ་མཆོག་གྲོང་། བྱ་རྒོད་སྤུངས་རི། ཆུ་བོ་ནེ་རཉྫན། ཡངས་པ་ཅན། བཱི་གི་རི་སོགས་དེང་སང་གྲགས་ཚོད་ཕལ་ཆེར་གྱི་ས་སྣ་ཆུ་སྣ་རྩྭ་ཤིང་མེ་ཏོག་གི་རིགས། ཆུ་བོ་གངྒཱའི་ཆུ། བྱང་ཆུབ་ཤིང་གི་ལོ་མ། བལ་ཡུལ་འཕགས་པ་ཤིང་ཀུན། བྱ་རུང་ཁ་ཤོར། ཡངས་ལེ་ཤོད། ཨ་སུ་རའི་བྲག་ཕུག །ཆུ་མིག་བྱང་ཆུབ་རིང་མོ།


JKT022_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ཁོམ་སྒྲོལ་མ། འཕགས་པ་དབུ་གང་སོགས་ཀྱི་ས་སྣ་ཆུ་སྣ། སྟོན་པའི་སྐུ་ཆོས་འགེལ་བའི་ལྗོན་ཤིང་གི་ཤུན་པ། སྐྱིད་གྲོང་འཕགས་པ་ཝ་ཏི། པུ་རོང་ཁ་ཆར་ཇོ་བོ་སོགས་ཀྱི་ས་སྣ། བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་སྐུ་དཀར། གངས་རིའི་གངས་ཏིག །སྲེ་ཏ་པུ་རིའི་ཅུ་གང་། གངས་རིའི་གནས་ས། གངས་རིའི་ལྷ་བཙག །ཁྲེ་ཏ་པུ་རིའི་སློབ་དཔོན་རིན་པོ་ཆེའི་ཚེ་ཆུ། ཚེ་རིལ། མཚོ་མ་ཕམ་གྱི་རྡེའུ་དང་། ས་སྣ། ཆུ་སྣ། རྩྭ་སྣ་བཅས། དིང་རི། རྩིབས་རི། ཟང་ཟང་ལྷ་བྲག །རི་བོ་དཔལ་འབར། རི་ཀུན་ཏུ་གཟིགས་སོགས་ལ་སྟོད་ཕྱོགས་ཀྱི་གནས་ཆེན་མང་པོའི་ས་སྣ། ཆུ་སྣ། ཤིང་སྣ། མུ་གུ་ལུང་། ས་སྐྱ། ཁྲོ་ཕུ། ངོར། ཞྭ་ལུ། ཇོ་ནང་། ཟམ་བུ་ལུང་། ཞང་ཞང་རྡོ་རྗེ་གདན། ཤངས་མདའ་དཔལ་ཆེན། བཀྲ་ཤིས་ལྷུན་པོ། །དཔལ་འཁོར་བདེ་ཆེན། གནས་རྙིང་། འབྲུག་ར་ལུང་སོགས་གཙང་ཕྱོགས་ཀྱི་སྒྲུབས་གནས་དང་དགོན་སྡེ་མང་པོའི་ས་རྡོ་ཆུ་སྣ། སྣར་ཐང་བཀྲ་ཤིས་སྒོ་མང་། ལོངས་སྤྱོད་འབུམ་པ། སྣར་ཐང་གཡུ་འབུམ། ཐང་ལ་བྲག་སྐྱེས་སོགས་ཀྱི་ས་སྣ། བླ་བྲང་རྒྱལ་མཚན་མཐོན་པོའི་ཕྱག་ནས་བྱུང་བའི་རྒྱ་བོད་ཐམས་ཅད་ཀྱི་ས་སྣ་ཆུ་སྣ། ཤིང་སྣ། ལྷ་ས། བསམ་ཡས། ཁྲ་འབྲུག་སྟེ་ཆོས་འཁོར་གསུམ་དང་། ཡོངས་རྫོ་ངས། མཆིམས་ཕུ། མཁར་ཆུ། ཤེལ་


JKT022_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བྲག །ནེ་རིང་སེངྒེ་རྫོངས་སོགས་དབུས་དང་ལྷོ་མོན་ཕྱོགས་ཀྱི་སློབ་དཔོན་རིན་པོ་ཆེའི་སྒྲུབས་གནས་ཕལ་ཆེར་གྱི་ས་རྡོ་ཆུ་ཤིང་། འབྲས་ལྗོངས་བྲག་དཀར་བཀྲ་ཤིས་སྡིངས་སོགས་ཀྱི་ས་སྣ་ཆུ་སྣ། སྙེ་ཐང་། ་གསང་ཕུ། རྭ་བསྒྲེངས། ཐང་པོ་ཆེ། རྡོར་སྨིན་དཔལ་རི། མཚུར་ཕུ། གནས་ནང་། སྣ་ཕུ། གདན་ས་ཐེལ། ཟངས་རི་མཁར་དམར། དྭགས་ལ་སྒམས་པོ། འབྲུག་བདེ་ཆེན་ཆོས་འཁོར། གསང་སྔགས་ཆོས་གླིང་། འབྲི་གུང་ཐིལ་དང་ཏི་སྒྲོ་སོགས། སྟག་ལུང་། རྡོ་རྗེ་གདན། ནཱ་ལནྡེ། ཤར་འབུམ་པ། གླང་ཐང་སྒྲོལ་མ། གཞུངས་རྩེ་ཤོད། སེར་འབྲས་དགེ་གསུམ་སོགས་དབུས་ཕྱོགས་ཀྱི་ཆོས་སྡེ་ཆེ་ཕྲ་ཕལ་ཆེ་བའི་ས་སྣ། རྟེན་གསུམ་གྱི་བག་རྡུལ། ཙཱ་རི། རྩྭ་གོང་སོགས་དང་ཀོང་ཕྱོགས་ཀྱི་གནས་ཆེན་དུ་མའི་ས་ཤིང་ཆུ་སྣ། སྦས་ཡུལ་པདྨོ་བཀོད་པའི་ཚེ་ཆུ། རྩྭ་ཀླུ་བདུད་རྡོ་རྗེའི་རིལ་བུ། སྤུ་བོ་དགའ་བ་ལུང་སོགས་ཀྱི་ས་སྣ། རོང་བཙན་ཁ་བ་དཀར་པོ། འཇོང་ཡུལ་རི་བོ་བྱ་རྐང་། ཏཱ་ལའི་མཚོ། རྒྱལ་མོ་མུ་རྡོ། ཕོ་བྲང་ལྔ་རྩེ། རྒྱ་ནག་གླང་ཆེན་འགྱིང་རི་ཡན་གྱི་ས་རྡོ་ཆུ་ཤིང་སྣ་ཚོགས། རྗེ་སྐུ་འབུམ། བྱམས་པ་འབུམ་མང་། ལོ་ཀྱའི་བདེ་མཆོག །བྱང་ཕྱོགས་སྤྲུལ་པ་སྡེའི་ལྷ་ཁང་། རྒྱ་ནག་རི་བོ་རྩེ་ལྔ་སོགས་ཀྱི་ས་སྣ། རི་བོ་རྩེ་ལྔའི་རྩྭ་ཀུན་བཟང་དང་། འཇམ་


JKT022_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་རལ་གྲི་སོགས་དང་། གཞན་དགའ་ལྡན་མཁན་པ་དང་། རྭ་བསྒྲེངས་ཤུག་པ་སོགས་གྲུབ་གནས་མང་པོའི་བསང་ཤུག །གཡའ་མ་ལུང་དང་། ཚེ་ལམ་དཔལ་རི། བྲག་མཱ་ར་ཏི་ཀ་སོགས་གནས་། ཆེན་མང་པོའི་ཚེ་ཆུ། རྒྱ་བལ་བོད་ཡུལ་གྱི་དུག་རིགས་མ་འདྲེས་པའི་སྨན་སྣ་ཚོགས། རིན་ཆེན་སྣ་ཚོགས། འབྲུ་སྣ་ཚོགས། བུམ་རྫས་ཉེར་ལྔ། ཀླུ་སྨན། དཀྱིལ་འཁོར་མང་པོའི་རྡུལ་ཚོན། རྒྱས་པའི་སྦྱིན་བསྲེགས་ཀྱི་ཐལ་བ་བཅས་ལེགས་པར་བཞུགས་པ་འདི་ཉིད། རྟེན་གསུམ་གྱི་ནང་བཞུགས་དང་། བུམ་གཏེར་སོགས་ལ་མཆོག་ཏུ་བསྔགས་སོ།། ༈ །།དྭགས་པོ་རིན་པོ་ཆེའི་ཆོས་གོས། བཀྲ་ཤིས་དཔལ་གྲུབ་དབུ་ཞྭ།། ༈ །།གཏེར་ཆེན་རིན་པོ་ཆེའི་སྤུར་ཚུ། སྐུ་འགགས། སྨན་སྒྲུབ། ལོ་ཆེན་རིན་པོ་ཆེའི་དབུ་སྐྲ། སྐུ་ཆོས། སྣམ་སྦྱར། རིན་ཆེན་རྣམ་རྒྱལ་ན་བཟའ། དབུ་སྐྲ། ཚེ་སྒྲུབ་འཆི་ང མེད་ཡང་སྙིང་དང་། བདེ་ཀུན་གཏེར་རྫས་རྟ་སྤེལ། གར་ཚེ་དང་། རྡོར་སེམས་སྒྲུབ་རིལ། ཆོས་སྨན་དང་། རྟེན་འདུས།། ༈ །།ཡར་ཀླུངས་པའི་བདུད་རྩི་རིལ་བུ། བླ་མ་དམ་པའི་ན་བཟའ།། ༈ །། ས་པཎ་དབུ་ཞྭ། ཐེག་ཆེན་ཆོས་རྗེའི་སྣམ་སྦྱར། རྡོ་རྗེ་གདན་པའི་སྐུ་ཆོས་དང་། བཞུགས་གདིང་། བོ་དོང་ཕྱོགས་ལས་རྣམས་རྒྱལ་དབུ་ཞྭ། བཞུགས་གདན།། ༈ །།འཕགས་པ་རིན་པོ་ཆེའི་ཀ་བ་ལིའི་


JKT022_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ནང་རས། མཁས་གྲུབ་རྗེའི་བཞུགས་གདིང་།། ༈ །།ཕ་དམ་པའི་སྐུ་རགས། མི་ལའི་སྤུར་རས། རྭ་ལོའི་ཕྱག་མཚན་མགུལ་དར། སྟག་ལོའི་དབུ་པཎ། ཞྭ་དམར་སྤྱན་སྔའི་ཞབས་ཆག། །རྗེ་རིན་པོ་ཆེའི་ཆོས་གོས་སྣམ་སྦྱར།། ༈ །།འབྲོམ་སྟོན་ཞབས་ཆག །རམ་ལྡིང་མ་བའི་ཞབས་ཆག །གཏུམ་སྟོན་ཆོས་གོས། སྐྱོ་སྟོན་སྐུ་འགགས། མཆིམས་ཆེན་ཞབས་ཆག །མཆིམས་བློ་བཟང་གྲགས་པའི་ན་བཟའ། གྲོ་སྟོན་ཞབས་ཆག བསམ་བློ་བཟང་ཚུལ་ཁྲིམས། ཞབས་ཆག་བཅས་སོ།། ༈ །།སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་འཆི་མེད་ཀྱི་དགའ་སྟོན་སྤེལ་བའི་གཏམ་བདུད་རྩིའི་བཅུད་ལེན་ཅེས་བྱ་བ་བཞུགས་སོ།། ༈ །། ཨོཾ་སྭ་སྟི་སིདྡྷི་རསྟུ། །སྲས་བཅས་རྒྱལ་བའི་ཡུམ་གྱུར་མ། །དྲན་པས་དངོས་གྲུབ་མཆོག་སྟེར་མ། །ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མས། །རྟག་ཏུ་ཤིས་པའི་དགེ་མཚན་སྩོལ། །གང་ཞིག་ལྷག་པའི་བསམ་པ་གཅིག་ཏུ་དགེ་བས་མཚམས་སྦྱར་ཏེ། རང་གཞན་འབྲེལ་ཐོག་གི་ཡིད་ཅན་སྤྱི་དང་། ཁྱད་པར་ཚེ་རབས་ཀྱི་ཕྲེང་བ་འདིར་མངོན་མཐོ་དང་། ངེས་ལེགས་ཀྱི་ལམ་སྟོན་ཅིང་། རྡོ་རྗེའི་ལུས་ལ་སྐུ་བཞིའི་རྟེན་འབྲེལ་དངོས་སུ་བསྒྲིགས་པའི་བཀའ་དྲིན་ཅན། རིགས་ཐམས་ཅད་ཀྱི་ཁྱབ་བྱེད་མཁན་ཆེན་བླ་མ་ཐམས་ཅད་མཁྱེན་པ་མཆེད་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་རྣམས་ཀྱི་གསང་གསུམ་


JKT022_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་མགོན་པོའི་རྣམ་རོལ་ཏུ་འཚོ་ཞིང་གཞེས་ལ་ཕྲིན་ལས་འཇིག་རྟེན་གསུམ་གྱི་ངལ་འཚོར་འཆར་བའི་རྟེན་འབྱུང་གི་སྒོ་འཕར་དབྱེ་བས་མཚོན་དགོས་པ་དུ་མའི་ཆེད་དུ་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྒོ་ནས་བྱིན་གྱིས་བརླབས་པའི་བཅུད་ལེན་གྱི་རིལ་བུ་འདི་ནི། རྗེ་བཙུན་སྒྲོལ་མའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བའི་སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་འཆི་བ་བསླུ་བའི་རྟོགས་པ་ལས། འབྲས་བུ་གསུམ་ནི་སྤྱིར་བསྡུས་པའམ། །སོ་སོ་བྷངྒི་༼༤༽རཱ་ཛ་ར་བཅས། །ཞེས་གསུངས་པས། ལོ་འགྱུར་གྱི་དབང་གིས་འཆད་ཚུལ་ཅུང་མི་འདྲ་བ་འབྱུང་ནའང་། འདིར་སྔོན་གྱི་གཞུང་རྙིང་པ་བཤད་བཀའི་མཆན་དང་བཅས་པ་ཁུངས་བཙུན་པ་ཞིག་མཐོང་བའི་རྗེས་སུ་འབྲངས་ཏེ། ཨ་རུ་གསེར་མདོག །སྐྱུ་རུ་ར། བ་རུ་ར། ར་མོ་ཤག་བྷིདྷི་རཱ་ཛ་ར་མོ་ཤག་ཡིན་པར་རྗེ་བཙུན་གྲགས་པས་གསུངས་སྟེ་རྩ་བའི་སྨན་སྣ་བཞིའི་སྟེང་དུ། གསོ་དཔྱད་ཀྱི་གཞུང་ལས་འབྱུང་བའི་བཅུད་ལེན་སྤྱི་འགྲོ་རྩ་བ་ལྔ་ལས། ར་མོ་ཤག་གོང་དུ་སོང་བའི་ལྷག་མ་བཞི། དབང་པོ་ལག་པ། དྭང་མ་ལྔ། རྩི་བཞི། རྟག་ཏུ་རིགས་གསུམ་གཙོ་བོར་གྱུར་པ་ལ། བཟང་པོ་དྲུག་སོགས་ཀྱང་ཁ་ཚར་དུ་སྦྱར་ཏེ་སོ་སོར་དུག་ཕྲལ་བ་དང་། བཅུད་དུ་འགུགས་པ་སོགས་ཇི་སྐད་བཤད་པ་བཞིན་བགྱིས་


JKT022_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རིལ་བུར་འདུ་བགྱིས་པ་འདི་ལ་རྟེན་ཇི་ལྟར་འདྲེས་པའི་ཚུལ་ནི། དཔལ་ས་སྐྱ་པའི་སྙན་བརྒྱུད་རྒྱ་མཚོའི་བསྟན་པའི་མངའ་བདག །ཞྭ་ལུ་གསེར་ཁང་གི་མཁན་རབས་བཅུ་བཞི་པ། མཁས་ཤིང་དངོས་གྲུབ་བརྙེས་པ་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་བསྒྲུབས་པའི་སྒྲོལ་དཀར་གྱི་བུམ་ཆུ་རིལ་བུ་ཉིད། གནས་གསར་དབོན་རིན་པོ་ཆེ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱིས་གཏའ་སྤེལ་བསྐྱར་བསྒྲུབས་གནང་བའི་རིལ་བུ་ལ་གཞི་བྱས། དཔལ་ས་སྐྱ་པ་རྡོ་རྗེ་འཛིན་པ་ཀུན་གྱི་གཙུག་རྒྱན་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། གྲུབ་པའི་དབང་ཕྱུག་ཆེན་པོ་རྡོ་རིང་ཀུན་སྤངས་པ་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་རྣམས་ཀྱི་ཚེ་རིལ་ཕྱེ་མ་དང་། སློབ་དཔོན་རིན་པོ་ཆེ་འཆི་མེད་པདྨ་འབྱུང་གནས་ཀྱི་ཚེ་རིལ་འཁྲུལ་མེད་ཀྱི་གཏེར་སྟོན་རིག་འཛིན་ཆེན་པོ་པདྨ་གླིང་པ། ཆོས་རྒྱལ་རཏྣ་གླིང་པ། འགྲོ་འདུལ་གཏེར་བདག་གླིང་པ། རིག་འཛིན་ཆོས་རྗེ་གླིང་པ་རྣམས་ཀྱི་གཏེར་བྱོན་སེལ་མེད་གཏའ་སྤེལ་གནང་བའི་ཕབ་རྒྱུན། འཆི་མེད་གྲུབ་པའི་དབང་པོར་ཡོངས་སུ་གྲགས་པ་ལྕགས་ཟམ་པ་ཆེན་པོ་ཐང་སྟོང་རྒྱལ་པོའི་ཚེ་རིལ་བཅས་ཕབས་གཏར་སྦྱར་ནས། ངོར་ཨེ་ཝཾ་པ་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་


JKT022_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་ཀྱི་ཞལ་སྔ་ནས་གཙོ་བོར་གྱུར་པའི་རིག་པ་འཛིན་པའི་དགེ་འདུན་རྣམས་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་འོད་ཟེར་དྲུག་སྦྲག་གི་ལྷ་ཡི་རྣལ་འབྱོར་དང་བཅས་ཏེ་རིག་སྔགས་འབུམ་ཕྲག་གི་སྦྱོར་བས་བསྒྲུབས་པའི་བུམ་ཆུ་ཉིད། སྤོང་བ་བསམ་གཏན་གྱི་འཁོར་ལོ་ལ་གཅིག་ཏུ་ཐུགས་གཞོལ་བའི་རྡོ་རྗེ་འཛིན་པ་མཉྫ་ཤཱི་ཤ་སཱ་ན་དྷུ་རས་བསྐྱར་བསྒྲུབས་བགྱིས་པས་རིལ་བུ་དྲིལ་ཏེ། སླར་ཡང་རྡོ་རྗེ་འཛིན་པ་དེ་ཉིད་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ལྷའི་རྣལ་འབྱོར་དང་། རིག་སྔགས་འབུམ་ཕྲག་གིས་ཡེ་ཤེས་ཀྱི་བདུད་རྩི་མཆོག་ཏུ་བྱིན་གྱིས་བརླབས་པ་ཡིན་ལ། དེ་མཚུངས་བུམ་ཆུ་རིལ་བུ་ལའང་། ཕབས་གཏའ་གོང་བཞིན་དང་། ཚེ་རྫས་རྣམས་ཀྱང་ཅུང་ཟད་རྟེན་འབྲེལ་གྱི་ཆེད་དུ་བསྐྱར་ནས་བསྒྲུབ་པ་ལྷན་ཅིག་ཏུ་བགྱིས་པ་བཅས་འདི་དག །ར་བ་བཞི་སོགས་ཟླ་བ་གང་ཡང་རུང་བའི་ཡར་ངོའི་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཐོ་རངས་སམ། ཉི་ཤར་ནས་རབ་ལྷའི་རྣལ་འབྱོར་དང་ལྡན་པའམ། དེ་ལྟར་མིན་ཀྱང་སྨན་དང་། སྔགས་ཀྱི་མཐུ་ལ་མི་ཕྱེད་པའི་གུས་པས་རྟག་ཏུ་བསྟེན་པའམ། ཇི་ལྟར་རིགས་པ་བསྟེན་པའི་ཕན་ཡོན་ཀྱང་སློབ་དཔོན་ཆེན་པོ་ངག་དབང་གྲགས་པས། རྣལ་འབྱོར་པ་ཡིས་རྟག་སྤྱད་ན། ཕན་ཞིང་བདུད་རྩིར་འགྱུར་བ་སྟེ། །གཉེར་


JKT022_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྲ་དཀར་རྣམས་དང་བྲལ། །རྡོ་རྗེ་ཡི་ནི་གཟུགས་བཟང་ལྡན། །བསྐལ་པ་ཡི་ནི་གྲགས་རྙེད་དུ། །འཆི་བ་ངེས་པར་བཟློག་པ་ཡིན། །ཅེས་རྣམ་པར་གྱུར་པའི་ནད་ཀྱི་རིགས་ཐམས་ཅད་ལ་ཕན་ཞིང་། །རྣམ་པ་མ་གྱུར་པའི་ལུས་ཟུངས་ཀྱི་དྭང་མ་བདུད་རྩིར་འགྱུར་བ་དང་། །དེ་ཡི་ནུས་པས་གཉེར་མ་དང་སྐྲ་དཀར་ལ་སོགས་པ་རྒས་པའི་རྟགས་རྣམས་དང་བྲལ་ཞིང་། ཁ་དོག་གསལ་བ་དང་། དབྱངས་སྙན་པ་དང་། ཡིད་གཞུང་པ་དང་། རིང་པོར་འཚོ་བས་ན་རྡོ་རྗེ་ལྟར་མི་ཕྱེད་པའི་གཟུགས་བཟང་པོ་དང་ལྡན་པར་འགྱུར་ཞིང་། ཡུན་རིང་དུ་བསྟེན་ན་ལྷག་པའི་ལྷའི་བྱིན་རླབས་དང་། སྔགས་ཀྱི་མཐུ་དང་། སྨན་གྱི་ནུས་པ་ལ་བརྟེན་ནས་བསྐལ་པའམ། བསྐལ་པ་ལས་ལྷག་པའི་བར་དུ་འཆི་བ་ངེས་པར་བཟློག་ཅིང་། ཚེ་ལ་དབང་བའི་རིག་པ་འཛིན་པའི་གཟུགས་སུ་འགྱུར་ལ། དེ་ལྟ་བུའི་རྟེན་ལ དེ་ལ་བརྟེན་ནས་ལམ་གྱི་ལྷག་མ་རྣམས་བགྲོད་དེ་མྱུར་དུ་འཆི་མེད་འཕགས་མ་སྒྲོལ་མའི་ཡེ་ཤེས་ཀྱི་སྐུ་ཐོབ་པར་འགྱུར་བ་ནི་ངེས་པའོ། །ཕུན་ཚོགས་སྨན་གྱི་ནུས་པ་ནི། །རྡོ་རྗེ་སྔགས་ཀྱི་མཐུས་བསྐྱེད་པ། །གྲུབ་པའི་བཅུད་ལེན་ཡིད་འོང་བ། །ཕན་བདེའི་པདྨོ་རྒྱས་བྱེད་ཡིན། །ཅེས་པའང་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་ཟིན་བྲིས་སུ་བཏབ་


JKT022_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། བརྗོད་བྱ་དང་ལྡན་པའི་རིལ་བུ་འདི་ཉིད་ཀྱི་མཐུ་ལ་བརྟེན་ནས། དཔལ་ལྡན་བླ་མ་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་། ཡིད་ཅན་ཐམས་ཅད་འཆི་བདག་གི་གཡུལ་ལས་རྣམ་པར་རྒྱལ་ཞིང་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག ༈ །འདུས་མདོའི་སྨན་ཁྲོལ་སྒྲུབ་སྐབས། ཐོད་པ་དབུས་མར་ཕབས་གཏའ་རྣམ་སྣང་རིལ་བུ། པྲ་བྷ་ཧསྟིའི་རྣམ་སྣང་། སྨན་རིལ། དགའ་རབ་གདུང་རྟེན། ཏོག་གི་བློ་གྲོས། ཆོས་གྲགས་རྒྱ་མཚོའི་སྐུ་ཤ། དབང་དྲག་རྒྱ་མཚོའི་ཐུགས། ཨ་རུ་ར། ཀ་ཀོ་ལ་སོགས་སྨན།། ༈ །།ཤར་དུ། བྱང་སེམས་རིལ་བུ། རོལ་པ་ཆེན་པོ་སྔ་ཕྱི་ལེ་ཚན། ཟླ་བའི་སྙིང་པོ། ཅུ་གང་རིལ་བུ། ག་བུར་རིལ་བུ། སིཧཱ།། ༈ །།ལྷོར། སྐུ་ཤ་རིལ་བུ། སྐྱེ་བདུན་རིལ་བུ། ཝ ཁྲི་སྲོང་དང་། པྲ་བྷ་ཧ་སྟིའི་གདུང་། ཇོ་བོ་རྗེ་དང་། ས་པཎ་གདུང་རུས། སྐྱེ་བདུན་ཁྱད་འཕགས་ཐེག་ཆེན་ཆོས་རྗེའི་གདུང་རུས། གུར་གུམ། ཛཱ་ཏི།། ༈ །།ནུབ་ཏུ་སྣང་མཐའ་རིལ་བུ། སློབ་དཔོན་ཤངས་མཚལ། ཙན་དམར་རིལ་བུ། སིནྡྷ་རིལ་བུ། ཨུཏྤལ།། ༈ །།བྱང་དུ། དོན་གྲུབ་རིལ་བུ། མཚོ་རྒྱལ་མི་བསྐྱོད་ཡུངས་ཀར་གྲིབ་སེལ། ག་བུར། གུ་གུལ། ༈ མཚམས་རྣམས་སུ་སྨན་སྣ་ཚོགས་


JKT022_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་རེ་རེ། ༈ ཡང་། ཤར་ལྷོར་བ་དམར་མོའི་འོ་མ། ལྷོ་ནུབ་རིན་པོ་ཆེའི་ཆུ། ནུབ་བྱང་དུ་ཆང་སྣ། བྱང་ཤར་དུ་ཆུ་སྣ་དགུ་ལ་ས་སྣ་ཆུ་སོ། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ། །དགེ་ལེགས་འཕེལ། ཤུ་བྷཾ། །


JKT022_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་

སྐུ་གསུམ་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས།


JKT022_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཛྷ ན བྲྀ ཋ བེ བྱཱ ཏི ནཱ མ ཏཱི ཀཱ ཡ གུ རོ རྨོ གཱ སྟི།།
༄༅། །སྐུ་གསུམ་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །


JKT022_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་བྷྱ༔ དེ་ལ་འདིར་སྐུ་གསུམ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་ཟུང་འཇུག་གི་གོ་འཕང་མྱུར་དུ་འགྲུབ་པར་འདོད་ན། དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པས། དད་པ་དང་། ངེས་འབྱུང་གི་བསམ་པ་དང་། བྱང་ཆུབ་ཀྱི་སེམས་ཤུགས་དྲག་ཏུ་བསྐྱེད་བཞིན་པའི་ངང་། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་ལྟ་བུར་དམིགས་ཏེ་སྐྱབས་སེམས་བྱ་བ་ནི། ན་མོ། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །འཆི་མེད་སྐུ་གསུམ་ལྷ་ལ་སྐྱབས་སུ་མཆི། །གཞན་དོན་ཟུང་འཇུག་གོ་འཕང་མྱུར་ཐོབ་ཕྱིར། །སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་


JKT022_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ལན་གསུམ། རྡོར་སེམས་སྒོམ་བཟླས་ནི། རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས། །དཀར་གསལ་རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ། །ཐུགས་ཀར་ཟླ་སྟེང་ཧཱུཾ་མཐར་སྔགས་ཕྲེང་འཁོར། །བདུད་རྩིའི་རྒྱུན་བབས་ནད་གདོན་སྡིག་སྒྲིབ་སྦྱངས། །སྟོབས་བཞིའི་གནད་དང་ལྡན་པས་ཡི་གེ་བརྒྱ་པ་ཉེར་གཅིག་ལ་ཉུང་མཐའ་བྱས་པ་བཟླས་ནས། བཤགས་སྡོམ་གྱི་མཐར་རང་ལ་བསྟིམ། དངོས་གཞིར་བླ་མའི་རྣལ་འབྱོར་ནི། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾ། སྣོད་བཅུད་ཐམས་ཅད་མི་དམིགས་སྟོང་པའི་ངང་། །སྣང་སྲིད་རྣམ་དག་འཆི་མེད་པདྨ་འོད། །དག་པའི་ཞིང་


JKT022_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་མཚན་ཉིད་ཡོངས་སུ་རྫོགས། །དེ་དབུས་པདྨ་ཉི་མ་བམ་རོའི་སྟེང་། །རང་ཉིད་གཞི་ལུས་དབང་ཆེན་རྟ་མཆོག་དཔལ། །དམར་སྨུག་གྲི་ཐོད་གར་དགུའི་ཉམས་དང་ལྡན། །རྡོ་རྗེ་ཕག་མོ་ཡུམ་དང་གཉིས་མེད་སྦྱོར། །ཁྲོ་བོའི་ཆས་རྫོགས་མེ་དཔུང་དབུས་ན་འགྱིང་། །བདེ་ཆེན་འཁོར་ལོ་འཇའ་ཟེར་ཐིག་ལེའི་ཀློང་། །རྩ་བའི་བླ་མ་སྤྲུལ་སྐུ་ཐོད་ཕྲེང་རྩལ། །མཐིང་གསལ་མདངས་ལྡན་ཁྲོ་འཛུམ་མཚན་དཔེས་མཛེས། །རྡོ་རྗེ་དྲིལ་འཛིན་མཚོ་རྒྱལ་དཀར་མོ་འཁྲིལ། །ཡིད་འཕྲོག་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །ཞབས་གཉིས་སྐྱིལ་ཀྲུང་པད་ཉི་ཟླ་སྟེང་རོལ། །ཐུགས་ཀར་ཆུ་སྐྱེས་གེ་སར་རྒྱས་པའི་དབུས། །ལོངས་སྤྱོད་རྫོགས་སྐུ་འཕགས་མཆོག་སྤྱན་རས་གཟིགས། །ཞི་འཛུམ་ཕྱག་གཡས་མཆོག་སྦྱིན་གཡོན་པད་དཀར། །དར་དང་རིན་ཆེན་རྒྱན་མཛེས་ཕྱེད་སྐྱིལ་བཞུགས། །རལ་པའི་སྐྲ་གསེབ་ཆོས་སྐུ་སྣང་མཐའ་ཡས། །དམར་པོ་མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས། །མཚན་དཔེའི་དཔལ་འབར་ཆོས་གོས་རྣམ་གསུམ་གསོལ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་པད་ཟླར་རོལ། །མཐའ་སྐོར་བླ་མ་མཆོག་གསུམ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷའི་ཚོགས། །དཔག་ཡས་ནམ་མཁའ་ཁྱབ་པར་གསལ་བ་ཡི། །ཀུན་ཀྱང་གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན། །དེ་ལས་འོད་ཟེར་ཕྱོགས་བཅུར་


JKT022_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འཕྲོས་པས། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿ༔ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛསིདྡྷི་ཕ་ལ་ཧཱུྃ་ཨཱཧཱུྃ་ཧཱུྃ་ཧཱུྃ། ཞེས་ཡང་ཡང་བརྗོད་པས་བྱིན་དབབ། ཛཧཱུྃ་བཾ་ཧོས་དབྱེར་མེད་དུ་བསམས་ལ། ཚོགས་བསགས་ཤིང་སྡོམ་པ་བཟུང་བ་ནི། བླ་མ་སྐུ་གསུམ་རྒྱལ་བ་སྲས་བཅས་ལ། །མི་ཕྱེད་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཕྱི་ནང་གསང་བ་བླ་མེད་མཆོད་སྤྲིན་འབུལ། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་བཤགས། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་རྣམས། །སྲོག་གི་ཕྱིར་ཡང་མི་བཏང་ཅི་ནུས་བཟུང་། །འདིས་མཚོན་དགེ་ཚོགས་ཆོས་དབྱིངས་ཆེན་པོར་བསྔོ། །འགྲོ་ཀུན་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །མཎྜལ་རྒྱས་པའམ། །བསྡུ་ན། བདག་གཞན་དུས་གསུམ་ལོངས་སྤྱོད་དགེ་ཚོགས་དང་། །རབ་འབྱམས་སྐུ་གསུམ་ཞིང་གི་མཆོད་པའི་སྤྲིན། །བློ་ཡིས་བླངས་ཏེ་དཔལ་ལྡན་བླ་མར་འབུལ། །བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་གུ་རུ་བུདྡྷ་བོ་དྷི་ས་ཏཱ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་


JKT022_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་ར་ཎ་ས་མ་ཡེ་ཨཱཿཧཱུཾ། གསོལ་འདེབས་རྒྱས་པ་ཇི་ལྟར་རིགས་པའི་མཐར། བདེ་ཆེན་ཞིང་ན་ཆོས་སྐུ་སྣང་མཐའ་ཡས། །གྲུ་འཛིན་རི་བོར་ལོངས་སྐུ་སྤྱན་རས་གཟིགས། །པདྨོ་བཀོད་པར་སྤྲུལ་སྐུ་ཐོད་ཕྲེང་རྩལ། །དབྱེར་མེད་དྲིན་ཅན་རྩ་བའི་བླ་མ་ལ། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །འབྲལ་བ་མེད་པར་རྟག་ཏུ་རྗེས་བཟུང་ནས། །དབང་བསྐུར་བྱིན་རློབས་མཆོག་ཐུན་དངོས་གྲུབ་སྩོལ། །ཅེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་སྐུ་གསུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་གནས་གསུམ་དུ་ཐིམ། སླར་ཡང་སོ་སོའི་གནས་གསུམ་ནས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པ་འཕྲོས། རང་གི་གནས་གསུམ་དུ་སིབ་སིབ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར། ཅེས་དམིགས་པའི་རྟེན་གོམས་དང་མ་བྲལ་བས། ཨོཾ་ཨ་མི་དྷེ་ཝ་ཧི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་པ་རྣམས་ཇི་ལྟར་རིགས་པ་བཟླས། ཚེ་སྒྲུབ་དམིགས་བསལ་བྱེད་ན། སྤྱི་བོའི་རིགས་བདག་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རང་གི་བླ་ཚེ་ཆད་པ་ཡར་བ། ཉམས་པ་


JKT022_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་དང་། འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་ཕྱག་གི་ལྷུང་བཟེད་ཀྱི་ནང་དུ་བསྡུས་ཏེ། དེ་ལས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དཔལ་ཏུ་མེད་པ་བྱུང་། བླ་མ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྤྱི་བོ་ནས་ཞུགས། སྦྱོར་མཚམས་ནས་བརྒྱུད། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དུས་མ་ཡིན་པའི་འཆི་བའི་འཇིག་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་གྱུར། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་བཟླ་ཞིང་རླུང་ཁ་སྦྱོར་དུ་བཟུང་། ཐུན་མཐར་ལམ་དབང་བླང་བ་ནི། གསོལ་འདེབས་ཀྱི་མཐར། སྤྱི་བོའི་སྟེང་གི་བླ་མ་འཁོར་བཅས་རྣམས། །འཆི་མེད་བདུད་རྩིའི་རྣམ་པར་འོད་དུ་ཞུ། །རང་ལུས་ཀུན་ཁྱབ་ནད་གདོན་སྡིག་སྒྲིབ་དག །དབང་བཞི་ཐོབ་ཅིང་སྐུ་བཞིའི་ས་བོན་བཞག །མཐར་ཐུག་སེམས་ཉིད་ཀ་དག་ཆོས་ཀྱི་སྐུ། །ལྷུན་གྲུབ་འོད་གསལ་རྣམ་རོལ་ལོངས་སྤྱོད་རྫོགས། །ཟུང་འཇུག་ཤར་གྲོལ་དུས་མཉམ་སྤྲུལ་པའི་སྐུ། །དབྱེར་མེད་མ་བཅོས་གཉུག་མའི་རང་ཞལ་བལྟ། །ཅེས་བརྗོད་ཅིང་། དེ་ཡང་སྤྱི་བོའི་ལྷ་ཚོགས་འོད་དུ་ཞུ་བའི་བདུད་རྩིས་རང་ཉིད་དབང་ཆེན་ཧེ་རུ་ཀར་གསལ་བའི་རྩ་གསུམ་འཁོར་ལོ་བཞི་གང་བས་ཡབ་ཡུམ་ལུས་དཀྱིལ་གྱི་ལྷ་དང་


JKT022_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ལྷག་པར་གསལ་བའི་ལྷར་སྣང་སྒྱུ་མ་ལྟ་བུ་ལ་སེམས་འཛིན་པ་བུམ་དབང་གི་ལམ། ལུས་གནད་དང་བཅས་རླུང་རོ་བསལ་ཏེ་འཁོར་ལོ་རེ་རེར་འཇམ་རླུང་བུམ་པ་ཅན་ཅི་རིགས་པ་བཟུང་བ་གསང་དབང་གི་ལམ། དེ་ལ་བརྟེན་ནས་དགའ་བ་བཞིའི་ཡེ་ཤེས་སྐྱེས་པར་བསམ་པ་ཤེར་དབང་གི་ལམ།. དེ་ཐམས་ཅད་ཀྱང་རིག་སྟོང་རྗེན་པ་སྐད་ཅིག་མའི་ངང་ལས་མི་འདའ་བ་དབང་བཞི་པའི་ལམ་མོ། །དེ་ནས་སྤྲོ་ན་ཡི་དམ་གྱི་བཟླས་པ་བྱ་བ་ནི། རང་ཉིད་དབང་ཆེན་ཐུགས་ཀར་ཉི་ཟླའི་དབུས། །ཧཱིཙམཐར་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས། །འཕགས་པ་མཆོད་ཅིང་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་ཤར། །ཨོཾ་ཧྲིབཛྲ་ཀྲོ་དྷ་ཧ་ཡ་གཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཞེས་ཅི་ནུས་དང་། སླར་ཡང་ཡབ་ཡུམ་གཉིས་ཀའི་གནས་བཞི་ནས། །རིགས་བཞི་དཔའ་བོ་མཁའ་འགྲོ་དཔག་མེད་འཕྲོས། །སྣང་སེམས་དབྱེར་མེད་འོད་གསལ་གཉུག་མའི་ངང་། །རྣམ་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར། །ཧཱིཝཔཾ་ཧ་རི་ནི་ས་ར་ཙ་ཧཱི་ཡ་ཙིཏྟ་ཧཱིང་ཧྲིང་ཛ་ཛ༔ ཤཱནྟཾ་པུཏྟཾ་ཝ་ཤཾ་མཱ་ར་ཡ་ཕཊ། ཅེས་པའང་ཅུང་ཟད་བཟླས་མཐར། སྣོད་བཅུད་འོད་ཞུ་རང་ལ་ཐིམ། །རང་ཡང་ཐུགས་སྲོག་ཧཱི༔ཡིག་ལ། །དེ་ཉིད་མི་དམིགས་འོད་གསལ་ངང་། །སྤྲོས་བྲལ་སྟོང་པ་ཉིད་དུ་གྱུར། །ཞེས་པའི་དོན་ལ་རྩེ་གཅིག་ཏུ་མཉམ་


JKT022_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞག །དེ་ལས་ལྡང་བ་ན། སླར་ཡང་རང་དང་སྣང་བ་ཐམས་ཅད་སྐད་ཅིག་གིས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་སད་པར་བསམས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་སྐུ་གསུམ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་གྱིས་རྒྱས་གདབ། སྤྱོད་ལམ་ལ་འཇུག་པའི་ཚེ། རང་ཉིད་དབང་ཆེན་ཧེ་རུ་ཀར་གསལ་བའི་སྙིང་གར་སྐུ་གསུམ་བླ་མའི་ལྷ་ཚོགས་གསལ་བཏབ་ནས། ཁ་ཟས་ཡེ་ཤེས་ཀྱི་བདུད་རྩི་དང་། གོས་ལྷ་རྫས་ཀྱི་ན་བཟས་མཆོད་པར་བསམས་ལ་ལོངས་སྤྱད། ཚོགས་དྲུག་གི་སྣང་བ་གང་ཤར་ཡང་ཐ་མལ་གྱི་སྣང་ཞེན་སྤངས་ཏེ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ལམ་ཁྱེར་དང་མ་བྲལ་བར་བྱ། ནུབ་མོ་ཉལ་བའི་དུས་སུ། སྙིང་གའི་བླ་མ་ཡབ་ཡུམ་གྱི་སྐུ་ལས་བྱུང་བའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་གང་བ་ལ་རླུང་སེམས་བསྡུས་ཏེ་ཁམས་གསོས་ལས། འོད་གསལ་ཟིན་པར་འགྱུར་ཞིང་། ཐོ་༢ རངས་ལྡང་བའི་ཚེ་སྐུ་གསུམ་བླ་མའི་ལྷ་ཚོགས་ཀྱིས་ནམ་མཁའ་ནས་ཌཱ་མ་རུའི་སྒྲ་སྔགས་ཀྱི་གདངས་སུ་བསྒྲགས་པས་བསྐུལ་ཏེ་འོད་གསལ་ལས་ལྡང་བར་མོས་ལ། ལྷར་གསལ་བཞིན་པའི་ངང་ནས་ལྡང་སྟེ། ཇི་སྐད་དུ་བཤད་པའི་ལམ་གྱི་རིམ་པ་རྣམས་ཐུན་དྲུག་གམ། བཞི་ལ་སོགས་པར་ཉམས་སུ་བླངས་པས་རབ་ཚེ་འདི་ཉིད་ལ་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པར་འགྱུར་རོ། །གལ་ཏེ་དབང་པོ་འབྲིང་ཚེ་


JKT022_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་མ་གྲོལ་ན་འཆི་ཁར་སངས་རྒྱས་པར་བྱེད་པ་འདའ་ཀ་མའི་རྣལ་འབྱོར་ཁྱད་པར་བ་ནི། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལྷར་གསལ་བ་ལ་ཐིམ། ཡུམ་བི་ཡིག་གི་རྣམ་པས་ཡབ་ལ་ཐིམ་པས། རང་གི་ལུས་ཟག་མེད་འཇའ་ཚོན་གྱི་རང་བཞིན་དུ་གྱུར། སེམས་རྒྱུད་ལ་བདེ་སྟོང་གི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་ཏེ། སྤྱི་བོའི་ཧཾ་ཡིག་ལས་དཀར་ཆ་ཐུར་དུ་བབས་པས་བདེ་བ། ལྟེ་འོག་གི་དམར་ཆ་གྱེན་དུ་ལྡོག་པས་གསལ་བ། དེ་གཉིས་སྙིང་གའི་ཧཱིཝལ་ཐིམ་པས་མི་རྟོག་པའི་ཡེ་ཤེས་ཉམས་སུ་མྱོང་། མཐར་ལུས་འོད་ཀྱི་རང་བཞིན་གྱིས་ཧཱུྃ་ལ་ཐིམ། ཧཱིཝསྐར་མདའ་འཕངས་པ་བཞིན་ཡུམ་མཚོ་རྒྱལ་ལ་ཐིམ། དེ་ཡབ་ལ། དེ་རིགས་ཀྱི་བདག་པོ་ལ་ཐིམ། རིགས་བདག་བདེ་ཆེན་པདྨོ་བཀོད་པའི་ཞིང་ཁམས་སུ་ཡུད་ཀྱིས་གཤེགས་པར་བསམས་ལ་དམིགས་བསམ་བརྗོད་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག །སླར་ཡང་ནམ་མཁའ་ལས་སྤྲིན་བརྡོལ་བའི་ཚུལ་གྱིས་རིགས་བདག་དང་། དེ་ལས་བླ་མ་ཡབ་ཡུམ་ཡེ་ཤེས་སེམས་དཔའ་དང་བཅས་པ་དང་། ཡུམ་གྱི་ཐུགས་ཀ་ནས་ཧཱུྃཡིག་རང་ཉིད་གནས་པའི་གོ་སར་བབས་པས་ལྷ་སྐུ་སོགས་སྔར་བཞིན་དུ་གྲུབ་པར་བསམས་ལ་ཡང་ཡང་རྩལ་སྦྱངས། ནམ་འཆི་བའི་དུས་ལ་བབ་པའི་ཚེ། རིགས་བདག་བདེ་ཆེན་ཞིང་དུ་གཤེགས་པར་བསམ་པའི་མཐར་རྟོག་པ་གཞན་


JKT022_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བར་མ་ཆོད་པར་འོད་གསལ་འཇུག་པར་བྱའོ། །གལ་ཏེ་འདའ་ཀ་མ་ཐེབ་ན་བར་དོའི་རྣལ་འབྱོར་ནི། ད་ལྟ་སྣང་བ་ཐམས་ཅད་བར་དོར་ངེས་པར་བྱས་ཏེ། ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་སྤངས་ལ་སྣང་གྲག་རིག་གསུམ་ལྷ་སྔགས་ཆོས་སྐུར་བསྲེ་བའི་ཉམས་ལེན་དང་མ་བྲལ་ན། བར་དོར་ཡང་དྲན་པས་ཟིན་ནས་གྲོལ་བར་འགྱུར་ལ། ཐ་མ་ལམ་འདིར་མོས་པས་ཞུགས་པ་རྣམས་ཀྱང་དད་པ་དམ་ཚིག་རྣམ་པར་དག་པས་རྒྱུད་སྦྱངས་ཤིང་། སྨོན་ལམ་གྱིས་མཚམས་སྦྱར་བས་བདེ་བ་ཅན་དང་པདྨ་འོད་སོགས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཞིང་། ལམ་གྱི་ལྷག་མ་མྱུར་དུ་བགྲོད་ནས་མཆོག་གི་དངོས་གྲུབ་འགྲུབ་པ་ནི་ངེས་པའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཟབ་རྒྱས་གདམས་པའི་སྙིང་པོ་ཉུང་ངུར་དྲིལ་ཏེ་སྦྱར་བའི་དགེ་བས་འགྲོ་ཀུན་སྐུ་གསུམ་དབྱེར་མེད་པདྨ་ཐོད་ཕྲེང་གི་གོ་འཕང་མྱུར་བ་ཉིད་དུ་འགྲུབ་པའི་རྒྱུར་གྱུར་ཅིག། ༈ །།བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས་ཀྱི་སྨིན་བྱེད་ཡེ་ཤེས་བཅུད་སྦྱིན་ཞེས་བྱ་བ། ན་མཤྲཱི་གུ་ར་ཝེ། བློ་འདས་གཉུག་མ་དོན་དམ་གྱི། །ཡོངས་གྲུབ་བླ་མར་ཕྱག་བྱས་ནས། །འདི་ན་དེ་ཡི་སྨིན་བྱེད་ནི། །ཡེ་ཤེས་མཆོག་གི་བཅུད་ལེན་སྦྱིན། །དབེན་པའི་གནས་སུ་སྟེགས་བུའི་ཁར། །འབྲུ་ཚོམ་དམར་པོའི་སྟེང་ཉིད་དུ། །བྷནྡྷ་བདུད་


JKT022_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་བཀང་བའི་ཁར། །རྡོ་རྗེ་སེམས་དཔའི་མེ་ལོང་བཀོད། །མཐའ་བསྐོར་ཕྱི་ནང་མཆོད་པས་བསྐོར། །དེ་ནས་ཡེ་ཤེས་བྱིན་འབེབས་ལྟར། །བདག་མདུན་བུམ་གསུམ་དབྱེར་མེད་པའི། །བསྐྱེད་བཟླས་ལྷ་ཚོགས་འོད་དུ་ཞུ། །ལས་བུམ་བདུད་རྩི་འཁྱིལ་བས་བསྒྲུབ། །ཐུན་མཐར་མཆོད་བསྟོད་བདག་འཇུག་བླང་། །དེ་ནས་སློབ་མ་གྲལ་ལ་འཁོད། །ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ། །དེ་ནས་ལོ་རྒྱུས་མཚམས་སྦྱོར་ནི། །ད་ལམ་འདིར་ནི་ཡང་གསང་བླ་མའི་དཀྱིལ་འཁོར་དུ་སྨིན་པར་བྱེད་པ་ཡིན་ཏེ། དེ་ཡང་དཔལ་གྱི་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །ནམ་དུ་ཡང་ནི་མི་རྙེད་པས། །བླ་མའི་དུས་ཐབས་བསྟན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། ཡེ་ཤེས་གྲུབ་པ་ལས། །སྐྱ་བ་འཛིན་པ་མེད་པར་ནི། །གྲུས་ཀྱང་ཕ་རོལ་ཕྱིན་མི་ནུས། །ལ ཡོན་ཏན་ཐམས་ཅད་ཀུན་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། །ཞེས་གསུངས་པ་ལྟར། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱང་དཔལ་ལྡན་བླ་མ་དམ་པའི་བཀའ་དྲིན་ཁོ་ན་ལ་བརྟེན་ཅིང་གནས་ཏེ། ཡང་དག་པར་འབྱུང་བའི་ཕྱིར་དང་། ཁྱད་པར་གསང་སྔགས་ཀྱི་རྩ་བ་ནི་བླ་མ་ཡིན་ཞིང་། དེ་ལ་མོས་གུས་ཀྱི་རྟེན་འབྲེལ་གནད་དུ་སྨིན་ན་རིང་པོར་མི་ཐོགས་


JKT022_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྡོ་རྗེ་འཆང་གི་གོ་འཕང་ལ་འཛེགས་པར་འགྱུར་བ་བཅས་དགོངས་ནས་ལམ་ཐམས་ཅད་ཀྱི་རྩ་བ་ཟབ་མོ་བླ་མའི་རྣལ་འབྱོར་དུ་གསུངས་ཤིང་། དེ་ཡང་སྔོན་དུ་རྒྱུ་དུས་ཀྱི་དབང་གིས་སྨིན་པར་བྱས་ནས་ཕྱིས་ལམ་དབང་ཐོད་རྒལ་དུ་བླངས་པས་འབྲས་བུ་སངས་རྒྱས་རྣམས་ལས་འོད་ཟེར་ཆེན་པོའི་དབང་ནོད་དེ་སྣང་གསུམ་འཕོ་ཆགས་ཀྱི་སྤྲོས་པ་ལས་བརྒལ་བའི་གོ་འཕང་མངོན་དུ་བརྙེས་པ་བྱིན་རླབས་ཟབ་མོ་བགྱི་བ་ལ་བདག་ཉིད་ཀྱིས་བྱ་བར་འོས་པ་ཐམས་ཅད་སྔོན་དུ་སོང་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་མཎྜལ་ཞིག་ཕུལ་མཛོད། མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི། ཨེ་མ། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི། །ཁྱབ་བདག་རྡོ་རྗེ་སློབ་དཔོན་དགོངས། །བདག་ལ་ཡེ་ཤེས་བླ་མེད་ཀྱིས། །བྱིན་རླབས་བཅུད་ཆེན་དབབ་ཏུ་ལ གསོལ། །ལན་གསུམ་རྗེས་སུ་སྐྱབས་སེམས་དང་། །ཡན་ལག་བདུན་གྱིས་ཚོགས་གཉིས་འདུམས། །དེ་ནས་དབང་གི་དོན་པོ་ནི། །ཡེ་ཤེས་དབབ་པ་ཉིད་ཡིན་ཕྱིར། །སློབ་མ་ལུས་གནད་བསྲངས་བྱས་ལ། །ཁ་སྦྱོར་རླུང་བསྡམ་འདི་བཞིན་དམིགས། །ཨོཾ་མ་ཧཱ་ཤུནྱ་ཏཱ་སོགས། སློབ་དཔོན་གྱི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས། ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཟག་པ་ཆ་དང་བཅས་པ་སྦྱངས།


JKT022_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་ཧཱུྃ་ཡིག་མཐིང་གར་གྱུར་པ་རྡོ་རྗེ་འཛིན་པ་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་ཞལ་ནས་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་གསང་དུ་བབས་པ་ལས་བདེ་སྟོང་སྲས་ཀྱི་རྣམ་པར་གྱུར་པ་ནི་ངོ་བོ་ཁྱབ་བདག་དཔལ་ལྡན་བླ་མ་ལ་རྣམ་པ་ཐོག་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར་བ་སྟང་དཔྱལ་དུ་གསལ་བའི་གསང་བ་གསུམ་གྱི་གནས་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རིགས་མཐའ་དག་གི་བདག་ཉིད་འཁོར་ལོའི་མགོན་པོའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས་ཏེ་སྙིང་གར་ཡེ་ཤེས་པའི་ཚུལ་གྱིས་བཞུགས་པའི་མོས་པ་མཛོད། ཧཱུྃ། ཕྱོགས་བཅུའི་ཞིང་ཁམས་དག་པ་རབ་འབྱམས་ནས། །བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་ཀུན། །ཡེ་ཤེས་བླ་མའི་གསང་གསུམ་རྣམ་པ་རུ། །གནས་འདིར་བྱིན་ཕོབ་རྡོ་རྗེའི་ཡེ་ཤེས་སྐྱེད། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨ༔ བརྟན་པར་གྱུར་ཅིག་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་ནས་ཐོད་བུམ་སྤྱི་བོར་གཏུགས། །ཧཱུྃ། རྣམ་པ་ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །ཟུང་འཇུག་སྒྱུ་མའི་དཀྱིལ་འཁོར་ཆེན་པོ་སྟེ། །མཐའ་དག་སྒྱུ་འཕྲུལ་དྲྭ་བར་རྫོགས་པ་ཡི། །སྐུ་ཡི་དབང་མཆོག་དམ་པ་ཁྱོད་ལ་སྦྱིན། །རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོ། དེས་ལུས་ཀྱི་ལས་དང་


JKT022_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ཡི་སྒྲིབ་པ་སྦྱངས། ལམ་སྣང་སྟོང་ཟུང་འཇུག་གི་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་བླ་མ་སྤྲུལ་པའི་སྐུ་འགྲུབ་པའི་ས་བོན་རྒྱུད་ལ་བཞག་པའོ། །གཉིས་པ་བྷནྡྷའི་བདུད་རྩི་སྦྱིན། ཧཱུྃ། བདེ་ཆེན་དགའ་བ་བཞི་ཡི་བདུད་རྩིའི་སྤྲིན། །ཐབས་ཤེས་མཉམ་པར་རོལ་པའི་དངོས་གྲུབ་དབྱིག །འགག་མེད་གསུང་གི་རྡོ་རྗེར་རྫོགས་གྱུར་པའི། །སྔགས་ཀྱི་དབང་མཆོག་དམ་པ་ཁྱོད་ལ་སྦྱིན། །རྩ་སྔགས། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་ངག་གི་ལས་དང་རླུང་གི་སྒྲིབ་པ་སྦྱངས། བདེ་སྟོང་ཟུང་འཇུག་རྩ་རླུང་དང་འཕོ་བའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ །གསུམ་པ་དྭངས་ཤེལ་བསྟན་བྱས་ལ། །ཧཱུྃ། རྟག་ཏུ་ཐིག་ལེ་ཆེན་པོ་གཅིག་གི་ངང་། །སྤྲོ་དང་བསྡུ་བའི་བྱ་རྩོལ་མ་དམིགས་ཀྱང་། །འགགས་མེད་སྣང་ཆ་སྒྱུ་མར་རང་གྲོལ་བའི། །ལ ཀ་དག་གཉུག་མའི་དབང་བསྐུར་ཁྱོད་ལ་སྦྱིན། །རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེས་ཡིད་ཀྱི་ལས་དང་ཉོན་ཤེས་ཀྱི་སྒྲིབ་པ་སྦྱངས། རིག་སྟོང་ཟུང་འཇུག་འོད་གསལ་གྱི་ལམ་སྒོམ་པ་ལ་དབང་། འབྲས་བུ་བླ་མ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ །དེ་ནས་ཁྱད་པར་ཚིག་ཙམ་གྱི། །བརྡ་དང་ཐབས་ལ་བརྟེན་ནས་ཀྱང་། །དོན་དམ་དགོངས་པར་ངོ་སྤྲོད་པའི། །རྡོ་རྗེའི་གླུ་ནི་ལན་གསུམ་བླང་། །


JKT022_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་དགོངས་པའི་དྲོད་གཏད་ཅིང་། །རྗེས་ཐོབ་སྒྱུ་མའི་རྟོགས་པ་སྦྱར། །རྗེས་ལ་དམ་ཚིག་ཁས་བླང་དང་། །གཏང་རག་མཎྜལ་རྒྱས་པར་ཕུལ། །ཤིས་པ་བརྗོད་ཅིང་དགེ་བ་བསྔོ། །དགོངས་བརྒྱུད་བྱིན་རླབས་ལྡན་པ་ཡི། །རྡོ་རྗེའི་སློབ་དཔོན་མཆོག་ཉིད་ཀྱིས། །མོས་གུས་ལྡན་པའི་སློབ་མ་ལ། །ཚུལ་བཞིན་འདི་ནི་སུས་བསྐུར་བས། །ཆོས་ཉིད་དགོངས་པ་རང་གྲོལ་བའི། །རྡོ་རྗེའི་རྣལ་འབྱོར་བསླུ་བ་མེད། །ས་མ་ཡ༔ ལམ་ཟབ་མོ་བླ་མའི་བྱིན་རླབས་ཀྱི་རིམ་པའོ།། ༈ །།སྣང་བ་མཐའ་ཡས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བདེ་ཆེན་ལམ་བཟང་ཞེས་བྱ་བ། ན་མོ་གུ་རུ་ཨ་མི་ཏཱ་བྷཱ་ཡ། བླ་མ་འོད་སྣང་མཐའ་ཡས་ཀྱི། །རྡོ་རྗེའི་རྣལ་འབྱོར་ལ་བརྟེན་ནས། །དངོས་གྲུབ་རྣམ་གཉིས་བསྒྲུབ་འདོད་ན། །སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས། །ཧཱི༔ ཡོངས་གྲུབ་བློ་འདས་འོད་གསལ་རྡོ་རྗེའི་དབྱིངས། །ཟུང་འཇུག་སྙིང་རྗེའི་གཞན་དབང་ལ་ཆགས་པས། །ཀུན་བརྟགས་བརྟན་གཡོའི་དངོས་པོ་ཐམས་ཅད་ཀུན། །རྣམ་གྲོལ་བདེ་ལྡན་པདྨོ་བཀོད་པའི་ཞིང་། །མནན་ནེམ་བཏེགས་འཕར་གསེར་གྱི་ས་གཞི་ལ། །རིན་ཆེན་སྣ་ཚོགས་ལྗོན་པའི་དགའ་ཚལ་དང་། །ཡན་ལག་བརྒྱད་ལྡན་བདུད་རྩིའི་ཆུ་གཏེར་སོགས། །ཡིད་འཕྲོག་ངོ་མཚར་བཀོད་པས་མཛེས་པའི་དབུས། །རང་ཉིད་འཆི་མེད་རིག་འཛིན་མཚོ་སྐྱེས་རྗེ། །


JKT022_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་མདངས་ལྡན་རྡོ་རྗེ་ཐོད་བུམ་བསྣམས། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །མཚན་དཔེའི་གཟི་འབར་འོད་ལྔའི་ཀློང་ན་བཞུགས། །སྤྱི་བོར་རྨ་བྱས་བཏེགས་པའི་རིན་ཆེན་ཁྲིར། །སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ། །བཀའ་དྲིན་མཉམ་མེད་ཁྱབ་བདག་འཁོར་ལོའི་མགོན། །རྣམ་པ་བཅོམ་ལྡན་མགོན་པོ་འོད་དཔག་མེད། །བྱེ་རུའི་རྡུལ་མང་བརྩེགས་པའི་ལྷུན་པོ་ལ། །ཉིན་བྱེད་འབུམ་གྱིས་འཁྱུད་པའི་ལང་ཚོ་འབར། །ངོ་མཚན་མཚན་དཔེའི་འོད་ཟེར་རབ་འཕྲོ་ཞིང་། །ཞལ་གཅིག་ཕྱག་གཉིས་མཉམ་གཞག་ལྷུང་བཟེད་བསྣམས། །སྤྲུལ་སྐུའི་ཆ་ལུགས་ཆོས་གོས་རྣམ་གསུམ་གསོལ། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གདན་ལ་རོལ། །གཡས་གཡོན་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །མཐའ་སྐོར་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་ཚོགས། །དྭངས་པའི་མཁའ་ལ་ཤར་བའི་འཇའ་ཚོན་ལྟར། །སྣང་སྟོང་ཟུང་འཇུག་ཆེན་པོར་གསལ་བ་ཡི། །གནས་གསུམ་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར། །ཧཱི༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ཀྱི། །སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སྐུ། །བཅོམ་ལྡན་འཆི་མེད་མགོན་པོ་འོད་མཐའ་ཡས། །འདིར་གཤེགས་ཐུགས་རྗེའི་དབང་གིས་བཞུགས་སུ་གསོལ། །ཧཱི༔ གཟོད་ནས་རྣམ་གྲོལ་དོན་གྱི་


JKT022_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ། །མཆོག་ཏུ་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ། །སྣང་སྲིད་སྣོད་བཅུད་ཀུན་བཟང་མཆོད་པའི་སྤྲིན། །མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོར་འབུལ། །རིག་སྟོང་སྤྲོས་པ་བྲལ་བའི་གཤིས་ལུགས་ལ། །གློ་བུར་འཁྲུལ་པས་བཅིངས་པ་མཐོལ་ཞིང་བཤགས། །འོད་གསལ་སོ་སོར་རྟོག་པའི་ཡེ་ཤེས་ངང་། །རྟག་ཏུ་འདུ་འབྲལ་མེད་པར་རྗེས་ཡི་རང་། །སྒྲ་ཚིག་མཚན་མའི་ཆོས་ལས་རྣམ་གྲོལ་བའི། །ཐར་པ་དམ་པའི་ལམ་བཟང་སྟོན་པར་བསྐུལ། །ཡོངས་གྲུབ་རྣམ་ཀུན་མཆོག་ལྡན་རྡོ་རྗེའི་སྐུ། །རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་འཁོར་གསུམ་ལས་འདས་པའི། །ཟབ་ཞི་སྤྲོས་བྲལ་ཆོས་དབྱིངས་ཆེན་པོར་བསྔོ། །ཧཱུྃ༔ བཅོམ་ལྡན་མགོན་པོ་སྣང་བ་མཐའ་ཡས་དང་། །དབྱེར་མེད་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་དངོས། །སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ལ། །སྙིང་ནས་གུས་པ་ཆེན་པོས་གསོལ་འདེབས་ན། །བདག་ཅག་ལས་དང་ཉོན་མོངས་དག་སོང་བས། །སྡུག་བསྔལ་གསུམ་གྱི་ཞགས་པས་བཅིངས་པ་རྣམས། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །འདི་ནས་བྱང་ཆུབ་བར་དུ་ཐུགས་རྗེས་ཟུངས། །གནས་སྐབས་བརྒྱད་གཉིས་འཇིགས་པ་ཀུན་ཞི་ཞིང་། །དབང་བཅུའི་ཡོན་ཏན་ལྷུན་གྱིས་གྲུབ་པ་དང་། །མཐར་ཐུག་རིག་སྟོང་དོན་གྱི་འོད་


JKT022_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས། །མངོན་སུམ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །ཚེ་ཡི་མཐར་ཡང་འདྲེན་མཆོག་འོད་དཔག་མེད། །འཁོར་བཅས་དགྱེས་པའི་ཕྱག་གིས་མདུན་བསུས་ནས། །བདེ་ཆེན་པདྨོ་བཀོད་པར་དབུགས་དབྱུངས་ཏེ། །རང་གཞན་དོན་གཉིས་མྱུར་དུ་འགྲུབ་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧི སྟོང་དང་སྙིང་རྗེ་ཟུང་འཇུག་ངང་། །བཅོས་མིན་མོས་གུས་དྲག་པོའི་བློས། །གསོལ་འདེབས་ཚུལ་དུ་རྩེ་གཅིག་བཟླ། །ཁྱད་པར་ཚེ་ཡི་སྒྲུབ་པ་ནི། །གུས་པས་བསྙེན་ཅིང་གསོལ་གདབ་པས། །ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས། །སྲིད་དང་ཞི་བའི་དྭངས་བཅུད་ཀུན། །བདུད་རྩིའི་རྣམ་པར་སྤྱན་དྲངས་ཏེ། །རང་དང་བསྒྲུབ་བྱའི་ཚོགས་རྣམས་ཀྱི། །ཚངས་བུག་ནས་ཞུགས་ལུས་ཀུན་གང་། །འཆི་མེད་རྡོ་རྗེའི་སྲོག་འགྲུབ་བསམ། །མ་ཡེངས་བཟླས་པ་འདི་ལ་འབད། །ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཐུན་མཐར་དབང་བཞི་བླང་བ་ནི། །རྩེ་གཅིག་གུས་པས་གསོལ་བ་བཏབ་པ་ལས། །དཔལ་ལྡན་བླ་མ་འོད་སྣང་མཐའ་ཡས་ཀྱི། །གསང་གསུམ་འོད་ཟེར་བདག་གི་གནས་བཞིར་ཐིམ། །སྒྲིབ་དག་དབང་དང་བྱིན་རླབས་དངོས་གྲུབ་ཐོབ། །མཐར་ནི་བླ་མ་འོད་ཞུ་རང་ཉིད་དང་། །དབྱེར་མེད་བརྗོད་བྲལ་མ་བཅོས་གཉུག་མའི་ངང་། །སྐྱེ་འགག་གནས་གསུམ་སྤྲོས་པ་ལས་འདས་པའི། །དོན་དམ་སོ་སོར་རྟོག་པའི་རང་ཞལ་བལྟ། །


JKT022_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་སྣང་གྲགས་རིག་པ་གསུམ། །བླ་མའི་གསང་བ་གསུམ་དུ་གསལ། །ངེས་འབྱུང་སྙིང་རྗེ་མོས་གུས་དང་། །གནས་ལུགས་བརྗོད་མེད་ལམ་དུ་ཁྱེར། །དེ་ལྟར་ཉམས་སུ་སུས་བླངས་པར། །ཚེ་འདིར་དངོས་གྲུབ་རྣམ་གཉིས་ཐོབ། །ཕྱི་མ་བདེ་བ་ཅན་གྱི་ཞིང་། །པདྨའི་སྦུབས་སུ་སྐྱེས་ནས་ཀྱང་། །སངས་རྒྱས་མཆོད་ཅིང་དམ་ཆོས་ཉན། །མྱུར་དུ་བྱང་ཆུབ་ལུང་སྟོན་འགྱུར། །དེ་ཕྱིར་དད་དང་བརྩོན་ལྡན་རྣམས། །གུས་པས་ཉམས་སུ་བླང་བར་རིགས། །གང་གི་ངོ་བོ་སྤྲོས་པ་ལས། །འདས་ཀྱང་རང་བཞིན་འོད་གསལ་བ། །འཆི་མེད་མགོན་པོའི་ཞལ་ལུང་འདིས། །འགྲོ་ཀུན་སྲིད་མཚོ་ལས་སྒྲོལ་ཤོག ། མངྒ་ལཾ།། ༈ །།གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་དང་འབྲེལ་བའི་སྨོན་ལམ་ཕན་བདེའི་དགའ་སྟོན་ཅེས་བྱ་བ། ན་མོ་གུ་རུ་ཨ་མི་ཏ་བྷཱ་ཡ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ཀྱི། །ཡེ་ལཾ ཤེས་ཕུང་པོ་གཅིག་ཏུ་བསྡུས་པའི་གཟུགས། །གདོད་མའི་མགོན་པོ་འོད་མཐའ་ཡས་པ་དང་། །དབྱེར་མེད་ཁྱབ་བདག་བླ་མར་གསོལ་བ་འདེབས། །ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ལས། །མཁའ་དབྱིངས་དྭངས་པར་ཤར་བའི་འཇའ་ཚོན་བཞིན། །སྣང་སྟོང་ཟུང་འཇུག་མཚན་དཔེའི་དཔལ་འབར་བའི། །འཆི་མེད་རྡོ་རྗེའི་སྐུ་ལ་གསོལ་བ་འདེབས། །དོན་དམ་སྒྲ་ཚིག་མཚན་མ་ལས་འདས་ཀྱང་། །ཀུན་


JKT022_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་དབྱངས་ཀྱི་ཡན་ལག་ཇི་སྙེད་ཀུན། །ཆོས་ཕུང་རྒྱ་མཚོའི་དཔྱིད་དུ་ངལ་འཚོ་བ། །གྲགས་སྟོང་རྡོ་རྗེའི་གསུང་ལ་གསོལ་བ་འདེབས། །གཟོད་ནས་སྤྲོས་བྲལ་ཡེ་ཤེས་མེ་ལོང་དུ། །ཇི་ལྟ་ཇི་སྙེད་ཆོས་ཁམས་ཀུན་འཆར་བས། །སྲིད་དང་ཞི་བའི་དེ་ཉིད་གཅིག་གྱུར་པ། །འོད་གསལ་རྡོ་རྗེའི་ཐུགས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་འདེབས་ན། །ཚད་མེད་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །དགྱེས་པའི་ཞལ་བསྟན་གསུང་གིས་དབུགས་དབྱུང་ནས། །མཐའ་ཀླས་ཏིང་འཛིན་སྒོ་བརྒྱ་དབྱེ་བར་མཛོད། །དེ་མཐུས་སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །མཚན་ལྡན་བླ་མས་རྗེས་བཟུང་བསླབ་གསུམ་དང་། །ཕར་ཕྱིན་དྲུག་གི་སྤྱོད་པ་རྒྱ་མཚོ་ཡིས། །ས་བཅུ་ལམ་ལྔའི་ཕ་མཐར་ཕྱིན་པར་ཤོག །ཁྱད་པར་གསང་ཆེན་ངེས་པའི་སྡེ་སྣོད་ཀྱི། །སྨིན་གྲོལ་བདུད་རྩིས་བརླན་པའི་དགེ་མཚན་གྱིས། །༡ དངོས་ཀུན་ཟུང་འཇུག་ལྷན་སྐྱེས་བདེ་བ་ཆེར། །རྣམ་རོལ་གྲུབ་པའི་མེ་ཏོག་འཛིན་གྱུར་ཅིག །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་པ་ན། །ཕྱི་ནང་འབྱུང་བ་ཕྲ་རགས་ཐིམ་པའི་རྗེས། །ལྷན་སྐྱེས་བརྗོད་བྲལ་དོན་གྱི་འོད་མཐའ་ཡས། །ངོ་ཤེས་ཐག་ཆོད་བརྟན་པ་ཐོབ་པར་ཤོག །གལ་ཏེ་གཉིས་འཛིན་འཁྲུལ་པའི་གཞན་དབང་གིས། །ལྷུན་གྲུབ་ཐུགས་རྗེའི་འཆར་ཚུལ་ཅི་ཤར་ཡང་། །ཐམས་ཅད་རིག་རྩལ་ཁོ་ནར་ངོ་


JKT022_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པས། །ཟུང་འཇུག་སྒྱུ་མའི་དབྱིངས་སུ་གྲོལ་གྱུར་ཅིག །དེར་ཡང་མཆོག་གི་བརྟན་པ་མ་ཐོབ་ན། །འདྲེན་མཆོག་བླ་མ་འོད་དཔག་མེད་མགོན་དང་། །སངས་རྒྱས་བྱང་སེམས་ཚོགས་ཀྱིས་མདུན་བདར་ཏེ། ། བདེ་ཆེན་པདྨོ་བཀོད་དུ་ཕྱིན་པར་ཤོག །གང་ན་རི་བྲག་རོལ་མཚོ་ཡུལ་ལྗོངས་སོགས། །ཐམས་ཅད་དག་པའི་སྣང་བ་འབའ་ཞིག་ལས། །འཁྲུལ་པའི་ར་རི་ནམ་ཡང་མི་འཛིན་པར། །ཐེག་ཆེན་ཆོས་ལ་རྟག་ཏུ་སྤྱོད་གྱུར་ཅིག །དེ་ཚེ་ཁྱབ་བདག་སྣང་བ་མཐའ་ཡས་ཀྱིས། །འོད་ཟེར་ཆེན་པོའི་དབང་གིས་སྨིན་བྱས་ནས། །ཤིན་ཏུ་ཕྲ་བའི་བག་ཆགས་ཀུན་སྦྱངས་ཏེ། །ཡང་དག་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །དེ་ལས་སླར་ཡང་ཚད་མེད་སྙིང་རྗེའི་མཐུས། །གང་ལ་གང་འདུལ་གཟུགས་སྐུའི་རོལ་པ་ཡིས། །མཁའ་ཁྱབ་ཡིད་ཅན་ཐར་པའི་གྲོང་ཁྱེར་དུ། །འདྲེན་པའི་དེད་དཔོན་མཚུངས་པ་མེད་གྱུར་ཅིག །གཞན་ཡང་གནས་སྐབས་ཚེ་བསོད་དཔལ་འབྱོར་སོགས། །དབང་བཅུའི་ཡོན་ཏན་ལྷུན་གྱིས་གྲུབ་པ་དང་། །སྣོད་བཅུད་རྫོགས་ལྡན་གསར་པའི་དགའ་སྟོན་གྱིས། །འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །དེ་ལྟར་རྩེ་གཅིག་སྨོན་པའི་གནས་སྐབས་ཀུན། །སྐྱབས་གསུམ་འདུས་ཞལ་དཔལ་ལྡན་བླ་མ་ཡི། །བྱིན་རླབས་སྣང་བ་གསར་པའི་དགེ་མཚན་གྱིས། །གེགས་མེད་མྱུར་བ་ཉིད་དུ་འགྲུབ་གྱུར་ཅིག །ཅེས་པའང་


JKT022_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་གྲུབ་པའི་དཔྱིད་གཞོན་ནུ་ཨ་བྷཱ་ཡས་སྙིང་ནས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། ༈ །།ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྲུབ་གཉིས་ལམ་བཟང་ཞེས་བྱ་བ། ན་མོ་གུ་རུ་ལོ་ཀེ་ཤཱ་རཱ་ཡ། སྙིང་རྗེའི་དབང་ཕྱུག་པད་དཀར་འཆང་། །དབྱེར་མེད་དཔལ་ལྡན་བླ་མའི་ཞབས། །བསྙེན་ལས་དངོས་གྲུབ་བརྙེས་འདོད་ན། །སྐྱབས་སེམས་སྤྱི་ལྟར་སྔོན་སོང་ནས། །ཧཱུྃ༔ གཟོད་ནས་སྤྲོས་བྲལ་འོད་གསལ་ཆོས་སྐུའི་དབྱིངས། །གཟུང་འཛིན་འཁྲུལ་པའི་མཚན་མ་ལས་འདས་བཞིན། །ཟུང་འཇུག་འགགས་མེད་སྙིང་རྗེའི་སྣང་ཆ་ནི། །སྣོད་བཅུད་༈ ཐམས་ཅད་རི་བོ་པོ་ཏཱ་ལ། །དྲང་སྲོང་རིག་འཛིན་གྲུབ་པའི་དགའ་ཚལ་ཆེ། །ཐ་གྲུ་ཡངས་པའི་གསེར་གྱི་ས་གཞི་ལ། །རིན་ཆེན་བཻཌཱུརྱ་ཡི་བྲག་རིས་མཛེས། །དྭངས་པའི་རོལ་མཚོ་ཡན་ལག་བརྒྱད་ལྡན་ཆབ། །ནོར་བུའི་དྲ་བས་དཔྱངས་པའི་ལྗོན་ཤིང་སོགས། །ཐར་པ་ཆེན་པོའི་གྲོང་ཁྱེར་ཉམས་དགའི་དབུས། །རང་ཉིད་གཞི་ལུས་འཆི་མེད་ཐོད་ཕྲེང་རྩལ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣམས། །མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་པས་འཁྱུད། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །སྤྱི་བོར་ཆུ་སྐྱེས་ཉི་ཟླའི་དཀྱིལ་འཁོར་དབུས། །རྩ་བའི་བླ་མ་མགོན་པོ་སྤྱན་རས་གཟིགས། །སྐུ་མདོག་དཀར་


JKT022_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་མཚན་དཔེའི་འོད་ཟེར་འབར། །ཞལ་གཅིག་ཕྱག་བཞི་ཞི་འཛུམ་སྒེག་པའི་ཉམས། །རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་ཞིང་། །ལྷག་མ་རྣམ་གཉིས་ཤེལ་ཕྲེང་པད་དཀར་བསྣམས། །ཀྲྀཥཱ་སཱ་རའི་པགས་པའི་སྟོད་གཡོགས་དང་། །ལྷ་རྫས་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གདན་ལ་རོལ། །རལ་པའི་གསེབ་ན་རིགས་བདག་འོད་དཔག་མེད། །དམར་པོ་མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས། །དེ་ལྟར་གསལ་བའི་གནས་གསུམ་ཡིག་འབྲུ་ལས། །འོད་འཕྲོས་ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར། །ཧཱུྃ༔ སྟོང་ཉིད་སྙིང་རྗེར་རོལ་བའི་ཡེ་ཤེས་ནི། །སྲིད་ཞིར་མི་གནས་སྒྱུ་འཕྲུལ་རྡོ་རྗེའི་སྤྲིན། །བཅོམ་ལྡན་མགོན་པོ་འཕགས་པ་སྤྱན་རས་གཟིགས། །འགག་མེད་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། །ཧཱིཐ་དད་བློ་ཡི་སྣང་ཆ་ཞིག་གྱུར་པའི། །རོ་གཅིག་གཉུག་མའི་ངང་དུ་ཕྱག་བགྱིའོ། །རྟོག་ཚོགས་གང་ཤར་རང་སར་གྲོལ་བའི་དཔྱིད། །བདེ་སྟོང་རོལ་མོར་འཆར་བའི་མཆོད་སྤྲིན་འབུལ། །བློ་བྲལ་འོད་གསལ་གདོད་མའི་གཤིས་ལུགས་ལ། །ཡིད་བྱེད་མཚན་མས་བཅིངས་པ་མཐོལ་ཞིང་བཤགས། །སློབ་དང་མི་སློབ་ལམ་གྱི་སྤངས་རྟོགས་ཆོས། །ཡེ་ཤེས་ཕ་རོལ་ཕྱིན་ལ་རྗེས་ཡི་རང་། །མི་ཤིགས་རྡོ་རྗེ་ནཱ་དའི་དབྱངས་སྙན་པོས། །བདེན་གཉིས་ཆོས་འཁོར་རྒྱ་མཚོ་


JKT022_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བར་བསྐུལ། །འཆི་མེད་རྟག་པ་དམ་པའི་ཐིག་ལེ་རུ། །རྡུལ་བྲལ་ཕྱག་རྒྱ་ཆེན་པོར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་འཁོར་གསུམ་ལས་འདས་པའི། །ཟབ་ཞི་སྤྲོས་བྲལ་དབུ་མའི་ཀློང་དུ་བསྔོ། །ཧཱི༔ སྙིང་རྗེའི་དབང་ཕྱུག་འཕགས་མཆོག་སྤྱན་རས་གཟིགས། །གང་འདུལ་མོས་པའི་སྣང་ངོར་རྗེས་ཆགས་གར། །ཁྱབ་བདག་བླ་མ་དྲན་མཆོག་འཁོར་ལོའི་མགོན། །སྐུ་གསུམ་དབྱེར་མེད་ཁྱོད་ལ་གསོལ་བ་འདེབས། །བདག་ཅག་སྙིགས་མ་ལྔ་ཡིས་གཟིར་བའི་འགྲོ། །ལས་དང་ཉོན་མོངས་དྲག་པོའི་མཐུས་ནོན་ཚེ། །ཚད་མེད་ཐུགས་རྗེའི་ཕྱག་གིས་དྲངས་ནས་ཀྱང་། །ཕན་དང་བདེ་ཝཱ བའི་གནས་སུ་དབུགས་དབྱུང་མཛོད། །གནས་སྐབས་ངེས་འབྱུང་སྙིང་རྗེའི་གཞན་དབང་གིས། །སྨོན་འཇུག་སེམས་བསྐྱེད་དམ་བཅའ་མི་འདོར་ཞིང་། །མཐར་ཐུག་ལམ་ལྔ་ས་བཅུའི་ཐེམ་སྐས་ལ། །འཛེགས་ཏེ་ཀུན་མཁྱེན་གྲོང་དུ་དཀྲི་གྱུར་ཅིག །ཁྱད་པར་འདིར་སྣང་ནུབ་པར་གྱུར་པའི་ཚེ། །འཕགས་མཆོག་ཕྱག་ན་པདྨོས་རྗེས་བཟུང་སྟེ། །རང་སྣང་རྣམ་དག་ཡིད་འོང་པོ་ཏཱ་ལར། །གྲུབ་པ་གཉིས་ཀྱི་རྩེ་དགའ་རོལ་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱི༔ མི་ཕྱེད་དད་པས་གསོལ་བཏབ་བཟླས། །ཐུན་མཐར་དབང་བཞི་བླང་བ་ནི། །རྩེ་གཅིག་གུས་པས་ཉེ་བར་བསྙེན་པ་ལས། །འཕགས་མཆོག་དགྱེས་པའི་གསང་


JKT022_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འོད་ཟེར་སྤྲིན། །གནས་བཞིའི་འཁོར་ལོར་སྨིན་པའི་བྱེད་ལས་ཀྱིས། །སྒྲིབ་བཞི་དག་ཅིང་དབང་བཞིའི་ཡེ་ཤེས་ཐོབ། །སྐུ་བཞིའི་གོ་འཕང་ཐོབ་པའི་ས་བོན་བཞག །མཐར་ཐུག་བླ་མ་རང་སེམས་དབྱེར་མེད་ངང་། །སྣང་ཞེན་གདན་གསུམ་སྒྱུ་མའི་ལྷ་སྐུར་དག །སྒྲ་གྲགས་མི་ཤིགས་ནཱ་དའི་རོལ་མོར་རྫོགས། །རྟོག་ཚོགས་འོད་གསལ་དབུ་མར་ཐིམ་པ་ལས། །འཕགས་པའི་གསང་གསུམ་གསལ་སྟོང་རོལ་པར་སྤྱོད། །ཞེས་བརྗོད་ལམ་ཁྱེར་འབྲལ་མེད་ངང་། །རྗེས་ཐོབ་དྲན་དང་ཤེས་བཞིན་པས། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་པར། །ཚོགས་གཉིས་རྫོགས་པའི་ཐབས་ལ་འབད། །འདི་ནི་བླ་མ་སྤྱན་རས་གཟིགས། །སྙིང་དབུས་བསྒོམ་ནས་གསོལ་བཏབ་པས། །བྱིན་རླབས་ཅུང་ཟད་ཐོབ་པ་ལས། །གང་ཤར་བཅོས་བསྒྱུར་བྲལ་བར་བཀོད། །དགེ་དེས་བདག་དང་གཞན་གྱི་འགྲོ། །ཐབས་ཤེས་ཟུང་འབྲེལ་ལམ་མཆོག་ལ། །བརྟེན་ནས་གོམས་པ་མཐར་ཕྱིན་པས། །སྐུ་དང་ཡེ་ཤེས་མཆོག་བརྙེས་ཤོག །སརྦ་མངྒ་ལཾ་བྷ་བ་ཏུ།། ༈ །།འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་དང་འབྲེལ་བའི་སྨོན་ལམ་སྐལ་བཟང་དགའ་སྟོན་ཅེས་བྱ་བ། ན་མོ་གུ་རུ་ལོ་ཀེ་ཤཱ་རཱ་ཡ། རྣམ་པ་ཀུན་གྱི་མཆོག་ལྡན་ཡེ་ཤེས་ནི། །དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་། །མི་ཕྱེད་སྲས་བཅས་རྒྱལ་བ་ཀུན་གྱི་དངོས། །བླ་མ་སྤྱན་རས་


JKT022_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ལ་གསོལ་བ་འདེབས། །གང་གི་རང་བཞིན་རྣམ་པ་ཐམས་ཅད་པ། །མཚན་མའི་ཡུལ་ལས་རིང་དུ་འདས་གྱུར་ཀྱང་། །སྣ་ཚོགས་སྤྲོས་དང་རྗེས་སུ་མཐུན་པའི་གཟུགས། །ཟུང་འཇུག་རྡོ་རྗེའི་སྐུ་ལ་གསོལ་བ་འདེབས། །ཤིན་ཏུ་ཕྲ་བ་ནཱ་དའི་ཆོས་ཉིད་ལས། །ལུང་རྟོགས་ཆོས་ཕུང་རྒྱ་མཚོའི་ཆར་འབེབས་པས། །སྐལ་བཟང་སྨིན་གྲོལ་ལང་ཚོ་རྒྱས་མཛད་པ། །ཟབ་གསང་རྡོ་རྗེའི་གསུང་ལ་གསོལ་བ་འདེབས། །སེམས་དང་ཡིད་དང་རྣམ་པར་ཤེས་པའི་ཚོགས། །གདོད་ནས་འགྱུར་བ་མེད་པའི་གཤིས་ལུགས་སུ། །རང་གྲོལ་དོན་དམ་བདེན་པའི་ངོ་བོ་ཉིད། །འོད་གསལ་རྡོ་རྗེའི་ཐུགས་ལ་གསོལ་བ་འདེབས། །ཁྱོད་ཀྱི་རྨད་བྱུང་ཡོན་ཏན་ཕྲིན་ལས་ཀྱིས། །མཐའ་ཀླས་ཡིད་ཅན་སྲིད་པའི་ཆུ་གཏེར་ལས། །བྱང་ཆུབ་སྙིང་པོའི་གྲོང་དུ་དབུགས་དབྱུང་བའི། །ཚད་མེད་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་པ་འབུལ། །སྒྲིབ་པ་གཉིས་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་མྱ་ངན་མི་འདའ་བཞུགས། །འདིས་མཚོན་དགེ་ཚོགས་སྤྲོས་བྲལ་དབྱིངས་སུ་བསྔོ། །བདག་གཞན་རྙེད་དཀའི་དལ་བ་ཐོབ་གྱུར་ཀྱང་། །སྐད་ཅིག་མི་རྟག་འཆི་བ་རྗེས་དྲན་ཤིང་། །འཁོར་བ་གར་སྐྱེས་སྡུག་བསྔལ་རང་བཞིན་ལ། །བཅོས་མིན་ངེས་འབྱུང་འབྱོང་བར་བྱིན་གྱིས་རློབས། །དེས་


JKT022_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས་མཚན་ཉིད་ཀུན་ལྡན་བཤེས་གཉེན་གྱི། །ཞབས་པད་མཉེས་པ་གསུམ་གྱིས་ལེགས་བསྙེན་ནས། །སྨིན་གྲོལ་ཟབ་མོའི་བདུད་རྩི་བཏུང་བ་ལས། །ཐར་པའི་བཅུད་ལེན་གྲུབ་པར་བྱིན་གྱིས་རློབས། །སྐྱབས་ཀུན་འདུས་ཞལ་བླ་མ་སྤྱན་རས་གཟིགས། །གསང་གསུམ་བདེ་ཆེན་རྡོ་རྗེའི་སྣང་ཆ་ཅན། །རྩེ་གཅིག་བསྒོམ་ནས་གསོལ་བ་བཏབ་པའི་མཐུས། །བྱིན་རླབས་ཟབ་མོ་སྙིང་ལ་འཇུག་པར་ཤོག །དེ་ཚེ་རིག་སྟོང་གཉུག་མའི་ཡེ་ཤེས་མཆོག །སྐད་ཅིག་རྗེན་པར་རང་ངོ་འཕྲོད་ནས་ཀྱང་། །འཁོར་འདས་རྟོག་པའི་རི་མོ་མཐའ་དག་ཀུན། །གཏད་མེད་སྒྱུ་མར་གྲོལ་བར་བྱིན་གྱིས་རློབས། །སྣང་སྤྱོད་ཐམས་ཅད་འོད་གསལ་ལྷ་སྐུར་དག །སྒྲ་གྲགས་མི་ཤིགས་རྡོ་རྗེའི་དབྱངས་སུ་རྫོགས། །རླུང་སེམས་དྷུ་ཏིར་སྨིན་པའི་ཡེ་ཤེས་ཀྱིས། །མཆོག་གི་དངོས་གྲུབ་བརྙེས་པར་བྱིན་གྱིས་རློབས། །ནམ་ཞིག་འདིར་སྣང་ནུབ་པར་བ གྱུར་པའི་ཚེ། །རང་སྣང་རྣམ་དག་ཡིད་འོང་པོ་ཏཱ་ལར། །དོན་དམ་འཕགས་པའི་རང་ཞལ་མྱུར་མཇལ་ནས། །སྲིད་ཞིའི་མཐའ་ལས་འདས་པར་བྱིན་གྱིས་རློབས། །སླར་ཡང་ཟག་མེད་སྙིང་རྗེའི་གཞན་དབང་ལས། །སྲིད་པར་རྗེས་སུ་ཆགས་པའི་སྒྱུ་ཐབས་ཀྱིས། །མ་ལུས་འགྲོ་ཀུན་སྒྲོལ་བའི་མཐུ་ཐོབ་ནས། །བཅོམ་ལྡན་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །ཆོས་ཉིད་འགོག་བདེན་འདུས་མ་བྱས་པ་དང་། །


JKT022_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་ཀུན་རྫོབ་རྟེན་འབྲེལ་བསླུ་མེད་པས། །ཇི་ལྟར་གསོལ་བ་བཏབ་པའི་འབྲས་བུ་ཡིས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཞེས་པའང་རིག་འཛིན་གྱི་བཙུན་པ་གཞོན་ནུ་ཨ་བྷཱ་ཡས་གང་ཤར་གསོལ་བ་བཏབ་པ་འགྲོ་ཀུན་འཕགས་མཆོག་ཕྱག་ན་པདྨོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག ༈ །རྗེ་བཙུན་པདྨ་ཀ་ར་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རིག་པ་འཛིན་པའི་ལམ་བཟང་ཞེས་བྱ་བ། ན་མོ་གུ་རུ་པདྨ་ཀ་རཱ་ཡ། །བདེ་ཆེན་འཁོར་ལོའི་ཆུ་སྐྱེས་དབུས། །བླ་མ་འཆི་མེད་ཐོད་ཕྲེང་རྩལ། །བསྙེན་ལས་དངོས་གྲུབ་མཆོག་ཐོབ་སླད། །སྐྱབས་སེམས་སྔོན་སོང་འདི་ལྟར་བསྒོམ། །ཧཱི༔ ཆོས་ཀུན་གདོད་ནས་རིག་སྟོང་གཉུག་མའི་ངང་། །སྣོད་བཅུད་ཐམས་ཅད་པདྨ་འོད་ཀྱི་ཞིང་། །རིག་འཛིན་གྲུབ་པ་རྒྱ་མཚོའི་དགའ་བའི་ཚལ། །མེ་ཏོག་ཆར་འབེབས་འཇའ་ཟེར་འཁྲིགས་པའི་ཀློང་། །བདེ་སྟོང་ཆུ་སྐྱེས་ཉི་མ་བམ་རོའི་སྟེང་། །རང་ཉིད་གཞི་ལུས་དབང་ཆེན་ཧེ་རུ་ཀ །ཐུགས་རྗེ་ཆགས་པའི་སྐུ་མདོག་དམར་པོ་ལ། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་པ་འཛིན། །གར་དགུའི་ཉམས་ལྡན་ཁྲོ་བོའི་ཆས་ཀུན་རྫོགས། །རང་འོད་རྡོ་རྗེ་ཕག་མོ་ཡུམ་དང་སྦྱོར། །ཐབས་ཤེས་སྤྱི་བོར་རྟ་གདོང་ཕག་ཞལ་བཞད། །སྣང་སྟོང་དབྱེར་མེད་ཆེན་པོར་གསལ་བ་ཡི། །བདེ་ཆེན་འཁོར་ལོར་པད་དཀར་ཉི་ཟླའི་སྟེང་། །ངོ་


JKT022_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཁྱབ་བདག་དྲིན་ཅན་བླ་མ་ལ། །རྣམ་པ་འཆི་མེད་པདྨ་ཐོད་ཕྲེང་རྩལ། །སྐུ་མདོག་དཀར་དམར་ཁྲོ་འཛུམ་གཟི་བརྗིད་འབར། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས། །སྐུ་ལ་གསང་ཕོད་ཆོས་གོས་ཟབ་བེར་དང་། །དབུ་ལ་རབ་མཛེས་པདྨའི་མཉེན་ཞུ་གསོལ། །ལྷན་སྐྱེས་འདུ་འབྲལ་མེད་པའི་ཀི་ནི། །མནྡཱ་ར་བ་གྲི་ཐོད་འཛིན་པས་འཁྱུད། །ཞབས་གཉིས་ཕྱེད་སྐྱིལ་མཉམ་པར་རོལ་པ་ཡི། །སྤྱི་བོར་ལོངས་སྐུ་འཕགས་མཆོག་སྙིང་རྗེའི་གཏེར། །དེ་ཡི་སྤྱི་བོར་ཆོས་སྐུ་སྣང་མཐའ་ཡས། །སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོར་བཞུགས། །ཕྱི་རོལ་སྟོང་གསལ་འོད་ལྔའི་དཀྱིལ་འཁོར་དབུས། །ཐོད་ཕྲེང་སྡེ་ལྔ་སྤྲུལ་པའི་མཚན་བརྒྱད་སོགས། །སྒྱུ་འཕྲུལ་རྡོ་རྗེའི་རྣམ་རོལ་བསམ་མི་ཁྱབ། །བར་མཚམས་བརྒྱུད་གསུམ་རིག་འཛིན་བླ་མ་དང་། །སྒྲུབ་སྡེ་བརྒྱད་སོགས་ཡི་དམ་ཞི་ཁྲོའི་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་ཚོགས། །སྣང་སྟོང་ཆུ་ཟླ་ལྟ་བུར་གསལ་བ་ཡི། །སྤྱི་མགྲིན་སྙིང་གར་རྡོ་རྗེ་གསུམ་གྱི་དངོས། །རྣམ་ཐར་གསུམ་ལྡན་ཡི་གེ་འབྲུ་གསུམ་མཚན། །སྙོམས་འཇུག་རྗེས་ཆགས་རོལ་མོའི་འོད་ཟེར་སྤྲིན། །དཔག་ཡས་ནམ་མཁའ་ཁྱབ་པར་འཕྲོས་པ་ཡིས། །འོག་མིན་བདེ་ཆེན་པདྨ་འོད་ལ་སོགས། །ཕྱོགས་བཅུ་དུས་བཞིའི་ཞིང་ཁམས་རབ་འབྱམས་ནས། །ཡེ་ཤེས་སྤྱན་དྲངས་གཉིས་སུ་


JKT022_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་གྱུར། །ཧཱུྃ༔ རྗེ་བཙུན་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ། །སངས་རྒྱས་ཀུན་དངོས་ཡེ་ཤེས་སྒྱུ་མའི་སྐུ། །རྩ་གསུམ་རྒྱལ་བ་རྒྱ་མཚོའི་འཁོར་དང་བཅས། །རྩེ་གཅིག་མོས་པས་གནས་འདིར་སྤྱན་འདྲེན་ན། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང་། །འགག་མེད་སྙིང་རྗེ་ཆེན་པོའི་གཞན་དབང་གིས། །བདག་སོགས་འཁོར་བའི་མཚོ་ལས་བསྒྲལ་བ་དང་། །བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་སྐུར་བཞེངས་ཤིག །ཧཱི༔ གཉིས་སུ་འཛིན་པའི་སྣང་བ་རྣམ་དག་པ། །རོ་གཅིག་གཉུག་མའི་ངང་དུ་ཕྱག་འཚལ་ལོ། །གང་ཤར་བདེ་སྟོང་རོལ་མོར་འཆར་བའི་དཔྱིད། །འོད་གསལ་ཐིག་ལེ་ཆེན་པོའི་མཆོད་པར་འབུལ། །བློས་བྱས་འཁྲུལ་པའི་སྡིག་ལྟུང་ཇི་སྙེད་ཀུན། །འགྱུར་མེད་ཡོངས་གྲུབ་ཀ་དག་ཀློང་དུ་བཤགས། །མཁའ་ལྟར་རབ་ཞི་སྐྱེ་བ་མེད་པའི་དོན། །དྲན་འཛིན་གཉེན་པོ་བྲལ་ལ་རྗེས་ཡི་རང་། །སྒྲ་ཚིག་མཚན་མའི་ཆོས་ལས་རྣམ་གྲོལ་བའི། །དོན་དམ་རྟོགས་པའི་ཆོས་འཁོར་བསྐོར་བར་བསྐུལ། །ཡོངས་གྲུབ་རྟག་པ་དམ་པའི་བདག་ཉིད་ཆེ། །རྣམ་ཀུན་མཆོག་ལྡན་ཆེན་པོར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་འཁོར་གསུམ་ལས་འདས་པ། །སྲིད་ཞི་མི་གནས་དབུ་མའི་དབྱིངས་སུ་བསྔོ། །ཧཱི༔ འཆི་མེད་རིག་འཛིན་པདྨ་ཐོད་ཕྲེང་རྩལ། །ཉེ་རྒྱུའི་བདེ་སྟེར་མནྡཱ་ར་བར་བཅས། །རབ་འབྱམས་


JKT022_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ། །རྟག་ཏུ་སྙིང་ནས་གུས་པས་གསོལ་འདེབས་ན། །གནས་སྐབས་དངོས་ཉམས་རྨི་ལམ་སྣང་ཆ་རུ། །མགོན་པོ་དགྱེས་པའི་འཛུམ་ཞལ་མྱུར་མཐོང་ཞིང་། །མཐར་ཐུག་རིག་འཛིན་རྣམ་བཞིའི་ཐེམ་སྐས་ལ། །བརྟེན་ནས་སྐུ་བཞིའི་ཕ་མཐར་ཕྱིན་གྱུར་ཅིག །ཁྱད་པར་ཚེ་འདིའི་སྣང་བ་ནུབ་མ་ཐག །རླུང་སེམས་ཟུང་འཇུག་སྒྱུ་མའི་སྐུར་ལྡང་སྟེ། །བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་དུ། །འཆི་མེད་གདོད་མའི་གོ་འཕང་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་པས་གསོལ་འདེབས་བསྙེན་པར་འབད། །སྐབས་སུ་མོས་གུས་དྲག་པའི་ངང་། །བྱིན་རླབས་ཚད་མེད་རྡོ་རྗེའི་གསུང་། །གསོལ་འདེབས་རྒྱུད་བསྐུལ་ཅི་རིགས་བྱ། །རེས་འགའ་སྣང་གྲགས་རིགས་གསུམ་ཀུན། །བླ་མའི་སྐུ་གསུང་ཐུགས་སུ་བལྟ། །ལམ་ཁྱེར་ཧཱུྃ་ལྔའི་སྣང་གླུ་ལེན། །ཐུན་མཐར་དབང་བཞི་བླང་བ་ནི། །རྩེ་གཅིག་གུས་པས་བསྙེན་ཅིང་གསོལ་བཏབ་མཐུས། །སྐྱབས་ཀུན་འདུས་ཞལ་འཆི་མེད་པདྨ་འབྱུང་། །ཡབ་ཡུམ་མཉམ་པར་སྦྱོར་བའི་མཁའ་གསང་ནས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན། །ཟླ་བ་ཞུན་མའི་མདོག་ཅན་དཔག་མེད་བབས། །སྤྱི་བོ་ནས་ཞུགས་རྩ་ཁམས་ཀུན་ཁྱབ་པས། །དབང་བཞི་ཐོབ་ཅིང་སྒྲིབ་བཞིའི་འཆིང་བ་སྦྱངས། །སྐུ་བཞིའི་གོ་འཕང་འགྲུབ་པའི་སྐལ་བ་བཞག །མཐར་ཐུག་ལྷ་ཚོགས་


JKT022_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཞུ་རང་ཉིད་དང་། །དབྱེར་མེད་མ་བཅོས་འོད་གསལ་བློ་འདས་དང་། །རིག་སྟོང་སྤྲོས་བྲལ་གདོད་མའི་ཐོད་ཕྲེང་རྩལ། །ལྷུན་གྲུབ་རིག་འཛིན་རང་ཞལ་མཐོང་བར་གྱུར། །ཞེས་བརྗོད་རིག་སྟོང་རྗེན་པར་བཞག །དེ་ལྟར་མོས་གུས་རྩེ་གཅིག་གིས། །ཟབ་མོའི་ལམ་འདི་ཉམས་བླངས་ན། །དོན་གཉིས་འགྲུབ་པར་ཐེ་ཚོམ་མེད། །མཉམ་གཞག་རྣམ་པར་མི་རྟོག་དང་། །རྗེས་ཐོབ་ངེས་གསང་གདམས་པ་འདི། །རྣལ་འབྱོར་གཞོན་ནུའི་རྟོག་ཆོས་ཏེ། །སྐལ་བཟང་རྣམས་ཀྱི་དཔལ་དུ་ཤོག །བདེ་ཆེན་སྙིང་དབུས་དབུ་མའི་ཀློང་། །འོད་གསལ་སྟོང་པའི་ཧེ་རུ་ཀས། །འདུ་འབྲལ་མེད་པར་རྗེས་བཟུང་ནས། །རྣམ་ཀུན་མཆོག་ལྡན་ཉིད་གྱུར་ཅིག ༈ །འཆི་མེད་པདྨ་ཀ་རའི་རྣལ་འབྱོར་དང་འབྲེལ་བའི་གསོལ་འདེབས་སྨོན་ལམ་དང་བཅས་པ་གྲུབ་གཉིས་དགའ་སྟོན་ཅེས་བྱ་བ། ན་མོ་གུ་རུ་པདྨ་ཀ་རཱ་ཡ། མཆོག་ཏུ་མི་འགྱུར་འོད་གསལ་རྡོ་རྗེའི་དབྱིངས། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅན། །སྐུ་གསུམ་རིགས་འདུས་པདྨ་ཐོད་ཕྲེང་དང་། །དབྱེར་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས། །མཁའ་ཁྱབ་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །གང་འདུལ་ཅིར་ཡང་འཆར་བའི་མིག་འཕྲུལ་ལས། །དེང་འདིར་མཆོག་གི་སྤྲུལ་སྐུའི་ཟློས་གར་ཅན། །ཨོ་རྒྱན་སངས་རྒྱས་གཉིས་པར་གསོལ་བ་འདེབས། །ཁྱོད་ནི་སྐྱབས་གནས་ཀུན་


JKT022_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བླ་མ་སྟེ། །དངོས་གྲུབ་རྣམ་གཉིས་ཆར་འབེབས་ཡི་དམ་ལྷ། །གནས་ཡུལ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་རྗེར། །ཡོངས་ཤར་རིགས་བརྒྱའི་ངོ་བོར་གསོལ་བ་འདེབས། །ཀྱེ་མ་སྙིགས་མའི་ཡང་ཊྛ མཐར་སྐྱེས་པ་ཡི། །བདག་དང་བདག་འདྲའི་མགོན་མེད་ཉམས་ཐག་འགྲོ། །བཟོད་དཀའི་སྡུག་བསྔལ་གསུམ་གྱིས་མནར་བ་ལ། །རྨད་བྱུང་ཐུགས་རྗེ་ཆེན་པོས་ཉེར་དགོངས་ནས། །རྡུལ་བྲལ་ཐམས་ཅད་གཟིགས་པའི་ཡེ་ཤེས་སྐུ། །མངོན་སུམ་མིག་གི་དཔྱིད་དུ་བསྟན་ནས་ཀྱང་། །སྨིན་གྲོལ་བདུད་རྩིས་བརླན་པའི་དགེ་མཚན་གྱིས། །དོན་བརྒྱུད་བྱིན་རླབས་པདྨོ་འཛུམ་པར་མཛོད། །དེ་མཐུས་སྲིད་ལས་ངེས་པར་འབྱུང་བ་དང་། །དད་དང་སྙིང་རྗེའི་བློ་གྲོས་ཕུན་ཚོགས་ཤིང་། །རྣམ་དག་བསྟན་ལ་རིམ་བཞིན་བསླབ་དང་བཅས། །རབ་ཞི་ནོར་བུའི་གླིང་དུ་བསྙེན་གྱུར་ཅིག །ཁྱད་པར་མཚན་ཉིད་ཀུན་ལྡན་བླ་མ་མཆོག །མཉེས་བ་གསུམ་གྱི་བྱ་བས་ལེགས་བསྟེན་ནས། །ངེས་དོན་རིག་པ་འཛིན་པའི་སྡེ་སྣོད་ལ། །ཐོས་བསམ་བསྒོམ་པའི་ཕ་མཐར་སོན་པར་ཤོག །སྣོད་བཅུད་པདྨ་འོད་ཀྱི་དཀྱིལ་འཁོར་དུ། །རྟག་པར་ཞེན་མེད་གསལ་བཏབ་སྒྲར་གྲགས་ཀུན། །སྔགས་ཀྱི་རོལ་མོར་འཁྲོལ་ཞིང་རྟོག་པའི་འགྲོས། །གང་ཤར་རང་གྲོལ་དབྱིངས་སུ་ཐིམ་གྱུར་ཅིག །ནམ་ཞིག་འདིར་སྣང་ནུབ་པར་གྱུར་པའི་མོད། །


JKT022_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གསལ་ཀ་དག་དོན་གྱི་མཚོ་སྐྱེས་རྗེ། །ངོ་ཤེས་ཐག་ཆོད་བརྟན་པ་ཐོབ་པའི་མཐུས། །འཆི་སྲིད་ཆོས་ཀྱི་སྐུ་རུ་རོ་གཅིག་ཤོག །གལ་ཏེ་གཉིས་འཛིན་དྲྭ་བས་བཅིངས་པ་ལས། །ལྷུན་གྲུབ་སྒྱུ་མའི་སྣང་ཆ་འཆར་སྲིད་ན། །འགག་མེད་པདྨ་ཐོད་ཕྲེང་རོལ་པ་རུ། །ཟུང་འཇུག་ལོངས་སྤྱོད་རྫོགས་སྐུ་འགྲུབ་གྱུར་ཅིག །དེར་ཡང་མཆོག་གི་གོ་འཕང་མ་ཐོབ་ན། །རྣམ་དག་སྨོན་ལམ་ཐུགས་རྗེའི་འཕེན་པ་ལ། །བརྟེན་ནས་རང་བཞིན་སྤྲུལ་པའི་ཞིང་ཁམས་ཆེ། །རྔ་ཡབ་ཟངས་མདོག་དཔལ་རིར་བགྲོད་པར་ཤོག །དེ་ཚེ་གཟོད་ནས་སྤྲོས་པ་ལས་འདས་ཀྱང་། །འགག་མེད་སྙིང་རྗེ་ཆེན་པོའི་ཡེ་ཤེས་དང་། །མི་ཕྱེད་བདེ་ཆེན་རྡོ་རྗེའི་ངོ་བོ་ཉིད། །ཟུང་འཇུག་པདྨ་ཀ་ར་མཐོང་གྱུར་ཅིག །དེ་མཐུས་བློ་བུར་བསལ་རུང་སྒྲིབ་གཉིས་ཚོགས། །ཟབ་ཞི་སྤྲོས་བྲལ་ཀློང་དུ་ཐིམ་པ་ལས། །ཟག་མེད་དགེ་ཚོགས་རྒྱ་མཚོའི་འདུ་བྱེད་ཀྱིས། །བ ལམ་ལྔ་ས་བཅུ་མྱུར་དུ་ཐོབ་པར་ཤོག །གཞན་ཡང་གནས་སྐབས་མི་མཐུན་ཕྱོགས་ཀུན་ཞི། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །སྣང་སེམས་དབང་འདུས་གཟུང་འཛིན་དགྲ་བགེགས་ཚོགས། །སྲིད་ཞི་དབྱེར་མེད་ཀློང་དུ་སྒྲོལ་གྱུར་ཅིག །ཕྱི་སྣོད་འབྱུང་བའི་དཔྱིད་དཔལ་ངང་གིས་སྙོམས། །ནང་བཅུད་འགྲོ་རྣམས་དགེ་བཅུའི་སྤྱོད་པས་འཚོ། །རྫོགས་ལྡན་གསར་པའི་དགའ་སྟོན་དར་བབས་པའི། །


JKT022_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དཔལ་གྱིས་རྟག་ཏུ་ཁྱབ་པར་ཤོག །མཐར་ཐུག་སྐུ་དང་ཡེ་ཤེས་ཕྲིན་ལས་རྣམས། མགོན་པོ་ཁྱོད་དང་རྣམ་དབྱེར་མི་ཕྱེད་པས། །མཁའ་མཉམ་ཡིད་ཅན་སྲིད་པའི་ཆུ་གཏེར་ལས། །སྒྲོལ་བའི་དེད་དཔོན་ཆེན་པོར་བདག་གྱུར་ཅིག །མདོར་ན་རྩེ་གཅིག་གསོལ་བཏབ་སྨོན་པའི་མཐུས། །རྩ་གསུམ་ཀུན་འདུས་པདྨ་འབྱུང་གནས་དང་། །དབྱེར་མེད་དཔལ་ལྡན་བླ་མའི་ཐུགས་རྗེ་ཡིས། །དོན་གཉིས་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཅེས་པའང་རིག་འཛིན་གྲུབ་པའི་དཔྱིད་གཞོན་ནུ་ཨ་བྷཱ་ཡས་སྙིང་ནས་གུས་པ་ཆེན་པོས་གང་ཤར་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །།བླ་མ་སྐུ་གསུམ་དྲིལ་སྒྲུབ་ཁྱེར་བདེ་བྱིན་རླབས་སྙིང་པོ་བཞུགས། ན་མོ་གུ་རུ་བྷྱ༔ འདིར་བླ་མ་སྐུ་གསུམ་གྱི་དྲིལ་སྒྲུབ་ཤིན་ཏུ་མདོར་བསྡུས་པའི་ཚུལ་གྱིས་ཉམས་སུ་བླང་བ་ནི། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །དཀོན་མཆོག་རྩ་བ་གསུམ་ལ་སྐྱབས་སུ་མཆི། །སེམས་བསྐྱེད་མཁའ་ཁྱབ་འགྲོ་བ་ཀུན་དོན་དུ། །སྐུ་གསུམ་བླ་མའི་གོ་འཕང་བསྒྲུབ་པར་བགྱི། །ལན་གསུམ། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། འཁོར་འདས་ཆོས་ཀུན་གཟོད་ནས་འོད་གསལ་ངང་། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ལས། །སྣོད་བཅུད་ཐམས་ཅད་པདྨ་འོད་ཀྱི་ཞིང་། །ཡིད་འཕྲོག་ངོ་མཚར་བཀོད་པ་འབྱམས་ཀླས་དབུས། །སྐད་ཅིག་དྲན་


JKT022_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་བདག་ཉིད་པདྨ་འབྱུང་། །སྐུ་མདོག་དཀར་དམར་ཁྲོ་འཛུམ་གཞོན་ནུའི་ཚུལ། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་དང་། །མཆན་ཁུང་གཡོན་ན་ཁ་ཊཾ་རྩེ་གསུམ་བསྣམས། །དབུ་ལ་རབ་མཛེས་ཤེའུའི་སྙན་ཞུ་དང་། །སྐུ་ལ་གསང་ཕོད་སྣམ་སྦྱར་ཟབ་བེར་གསོལ། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་རོལ། །སྣང་སྟོང་འོད་ལྔ་འཁྲུགས་པའི་ཀློང་དཀྱིལ་ན། །རབ་འབྱམས་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་སྤྲོ། །སྤྱི་བོར་རིགས་བདག་བླ་མ་འོད་དཔག་མེད། །དམར་གསལ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་སྟེང་། །འཆི་མེད་བདུད་རྩིས་གང་བའི་ལྷུང་བཟེད་འཛིན། །མཚན་དཔེའི་དཔལ་འབར་ཆོས་གོས་རྣམ་གསུམ་གསོལ། །སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོར་བཞུགས། །ཐུགས་ཀར་ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས། །རབ་དཀར་ཞི་འཛུམ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་མཆོག་སྦྱིན་གཡོན་པས་པད་དཀར་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་ཕྱེད་སྐྱིལ་རོལ། །དེ་ཡི་ཐུགས་ཀར་པད་ཟླའི་གདན་གྱི་དབུས། །ཏིང་འཛིན་སེམས་དཔའ་ཧཱིཝཡིག་དམར་པོའི་མཐར། ། སྔགས་ཀྱི་ཕྲེང་བས་བསྐོར་ལས་འོད་ཟེར་འཕྲོས། །རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད། །གསང་གསུམ་བྱིན་རླབས་ལྷ་སྔགས་ཕྱག་མཚན་གྱི། །རྣམ་པར་ཆར་བཞིན་བབས་ནས་རང་ལ་


JKT022_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ། །སྒྲིབ་དག་དབང་དང་དངོས་གྲུབ་མ་ལུས་ཐོབ། །སླར་ཡང་འོད་འཕྲོས་འགྲོ་དྲུག་སྒྲིབ་གཉིས་སྦྱངས། །སྣང་བ་ལྷ་ལ་གྲགས་པ་སྔགས་ཀྱི་སྒྲ། །དྲན་རྟོག་བློ་འདས་འོད་གསལ་གཉུག་མའི་ངང་། །མ་ཡེངས་མི་བསྒོམ་ཆོས་སྐུའི་རང་ཞལ་བལྟ། །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཅི་ནུས་བཟླས་མཐར། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །སྐུ་གསུམ་བླ་མའི་གོ་འཕང་མྱུར་ཐོབ་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་དང་། །ཕན་བདེའི་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་ཅི་ཤེས་བྱའོ། །ཞེས་པའང་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་ལྷས་མདོར་བསྡུས་སྙིང་པོར་དྲིལ་ཏེ་སྦྱར་བའི་དགེ་བས་འགྲོ་ཀུན་སྐུ་གསུམ་བླ་མའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། ༈ །།སྐུ་གསུམ་བླ་མའི་ལས་བྱང་སྙིང་པོའི་མཛེས་རྒྱན་ཞེས་བྱ་བ། བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །སྐུ་གསུམ་དབྱེར་མེད་དཀོན་མཆོག་གསུམ་གྱི་དངོས། །བླ་མའི་སྐུ་གསུང་ཐུགས་ལ་སྐྱབས་སུ་མཆི། ༡ །མཁའ་ཁྱབ་ཕ་མ་རིགས་དྲུག་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་མཆོག་ལ་འགོད་བྱའི་ཕྱིར། །སྨོན་འཇུག་དོན་དམ་སེམས་ལ་རབ་སྦྱར་ནས། །རིམ་གཉིས་ཟབ་མོའི་རྣལ་འབྱོར་


JKT022_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བགྱི། ༢ །བླ་མ་མཆོག་གསུམ་རྒྱལ་བ་སྲས་བཅས་ལ། །གུས་པས་ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤག །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་དུ། །རྟག་པར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། ༣ །ཧཱུྃ། ཡེ་ཤེས་རོལ་པ་ལྷ་ཡི་དཀྱིལ་འཁོར་འདིར། །བར་ཆད་བརྩམས་པའི་གདོན་བགེགས་འབྱུང་པོ་ཀུན། །མཆོད་སྦྱིན་འདོད་ཡོན་ལྔ་ལྡན་འདི་ལོངས་ལ། །རང་རང་སོ་སོའི་གནས་སུ་བདེ་བར་དེངས། ༤ །ཧཱི༔ ཀུན་བརྟག་སྣང་བ་རྡོ་རྗེའི་སྲུང་འཁོར་དབུས། །གཞན་དབང་སྲིད་པ་ལྷ་སྔགས་ཆོས་སྐུར་ཤར། །ཡོངས་གྲུབ་ཡེ་ཤེས་མཆོག་གིས་བྱིན་བརླབས་པས། །གཟུང་འཛིན་འཁྲུལ་པའི་གདོན་བགེགས་མཚམས་བཅད་གྱུར། ༥ །ཨོཾ། ཆོས་ཀྱི་དབྱིངས་དང་བདེ་ཆེན་ལོངས་སྤྱོད་རྫོགས། །ཕྱོགས་བཅུ་རབ་འབྱམས་སྤྲུལ་པའི་ཞིང་ཁམས་ནས། །སྐུ་གསུམ་བླ་མ་ཡི་ས དམ་མཁའ་འགྲོའི་ཚོགས། །འདིར་གཤེགས་དབང་བསྐུར་བྱིན་ཕོབ་དངོས་གྲུབ་སྩོལ། ༦ །ཨོཾ་ཨཱཿ་ཧཱུཾ། སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ། །ཕྱི་ནང་གསང་བ་བླ་ན་མེད་པའི་སྤྲིན། །མི་ཟད་ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལས། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་རྒྱ་མཚོར་གྱུར།། ༧ །།མཎྜལ་གྱི་རིམ་པ་བསོད་ནམས་ཆར་འབེབས་ཅེས་བྱ་བ། ཨོཾ་ཨཱཿཧཱུཾ། བདག་གཞན་ལུས་དང་ལོངས་སྤྱོད་དང་། །


JKT022_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་དགེ་ཚོགས་ལས་བྱུང་བའི། །འོག་གཞི་དབང་ཆེན་གསེར་གྱི་གཞིར། །ཕྱི་རོལ་ལྕགས་རིས་ཁོར་ཡུག་བསྐོར། །དབུས་སུ་རི་རབ་ལྷུན་པོ་དང་། །ཕྱོགས་མཚམས་གླིང་བཞི་གླིང་ཕྲན་བརྒྱད། །རིན་ཆེན་རི་བོ་དཔག་བསམ་ཤིང་། །འདོད་འཇོའི་བ་དང་མ་རྨོས་ཚལ། །རྒྱལ་སྲིད་སྣ་བདུན་གཏེར་ཆེན་བུམ། །སྒེག་སོགས་མཆོད་པའི་ལྷ་མོ་དང་། །ཉི་མ་ཟླ་བའི་སྣང་བས་མཛེས། །གདུགས་དང་རྒྱལ་ཡྻོ མཚན་སྲིད་རྩེར་བསྒྲེང་། །གཞན་ཡང་ལྷ་མིའི་དཔལ་འབྱོར་ནི། །མ་ཚང་མེད་པའི་མཆོད་སྤྲིན་ཆེ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི། །ཞིང་ཁམས་རབ་འབྱམས་བསམ་མི་ཁྱབ། །དངོས་བཤམས་གཟུངས་དང་རིག་པ་དང་། །མོས་པའི་སྟོབས་ཀྱིས་རྣམ་སྤྲུལ་ཏེ། །འཁོར་བ་ཇི་སྲིད་གནས་ཀྱི་བར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས། །ཆོས་སྲུང་ནོར་ལྷའི་ཚོགས་བཅས་ལ། །བ སྒོ་གསུམ་གུས་པས་འབུལ་བར་བགྱི། །ཐུགས་རྗེའི་དབང་གིས་བཞེས་ནས་ཀྱང་། །བདག་དང་མཐའ་ཡས་སེམས་ཅན་གྱི། །ནད་གདོན་སྡིག་སྒྲིབ་ཞི་བ་དང་། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་རཏྣ་མཎྜལ་པཱུ་ཛ་མ་གྷ་ས་མུ་དྲ་སྤུ་ར་ཎ་ས་མ་ཡེ་ཨཱཿཧཱུྃ།། ༈ །།སྐུ་གསུམ་བླ་མའི་རྣལ་འབྱོར་སྐོར་ལ། ལོ་རྒྱུས་ངེས་ཤེས་དད་པའི་


JKT022_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་༡བ། བྱིན་རླབས་ཡེ་ཤེས་འོད་ཀྱི་སྣང་༢བ། ཁྲིད་ཡིག་ཟུང་འཇུག་ལམ་གྱི་སྣང་༣བ། སྐུ་གསུམ་ཡེ་ཤེས་བླ་མའི་རྣལ་འབྱོར་ལམ་བཟང་སྐོར་གསུམ་༦། སྨོན་ལམ་དགའ་སྟོན་སྐོར་གསུམ་༩།། སྐུ་གསུམ་དྲིལ་སྒྲུབ་བྱིན་རླབས་སྙིང་༡༠པོ། རྩ་གསུམ་བླ་མའི་རྣལ་འབྱོར་ཡེ་ཤེས་༡༡སྙིང་པོ། མཆོག་གསུམ་བླ་མའི་རྣལ་འབྱོར་ཕན་བདེའི་སྙིང་༡༢པོ། བླ་མ་མཆོད་པའི་ཆོ་ག་དངོས་གྲུབ་རྒྱ་མཚོའི་སྤྲིན་༡༣། ཉེར་མཁོའི་ཡི་གེ་གཞན་ཕན་རྒྱ་མཚོའི་སྤྲིན་༡༤། འདི་ལ་ནང་གསེས་སུ། བསྙེན་ཡིག །མྱང་གྲོལ། གནས་ལུང་། སྦྱིན་སྲེག །རབ་གནས་བཅས་པའོ།། གཏོར་མའི་ཆོ་ག་ཕྲིན་ལས་རྒྱ་མཚོའི་༡༥སྤྲིན་ཏེ་ལེ་ཚན་བཅོ་ལྔས་རྩ་བའི་ཆོས་སྐོར་རྣམས་ཚང་བ་ཡིན་ནོ། །སརྦ་མངྒ་ལཾ།། ༈ །།བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་སྩོལ་ཞེས་བྱ་བ། ན་མོ་གུ་ར་བེ། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་རྒྱུད་འབྱོངས་པས་བླ་མའི་མོས་གུས་བ ལམ་གྱི་སྲོག་ཏུ་བཟུང་སྟེ་རྣལ་འབྱོར་ཟབ་མོ་རྩེ་གཅིག་ཏུ་བསྒོམ་པ་ནི་གསང་ཆེན་རྡོ་རྗེ་ཐེག་པའི་མྱུར་ལམ་མཐར་ཐུག་པ་ཡིན་ཏེ། དེའི་ཚུལ་ཤིན་ཏུ་མདོར་བསྡུས་ཏེ་བྱ་བ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །སྡུག་བསྔལ་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །ཟབ་མོའི་རྣལ་འབྱོར་བསྒོམ་


JKT022_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པར་སེམས་བསྐྱེད་དོ། །ཞེས་ལན་གསུམ་སོགས་ཅི་ནུས་སུ་བརྗོད་ཅིང་བློ་སྦྱང་། གཉིས་པ་ལ་བཞི་ལས། ཐོག་མར་ཚོགས་རྟེན་གསལ་གདབ་པ་ནི། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། སྣོད་བཅུད་གཟུང་འཛིན་མི་དམིགས་སྟོང་པའི་ངང་། །ཟབ་གསལ་གཉིས་མེད་ཡེ་ཤེས་གཅིག་པུའི་འཕྲུལ། །སྲིད་ཞིའི་ཉམས་འགྱུར་དུ་མར་འཆར་བ་ལས། །གནས་ཡུལ་ཅིར་སྣང་དག་པ་རབ་འབྱམས་ཞིང་། །འོག་མིན་གསང་ཆེན་རྡོ་རྗེའི་ཕོ་བྲང་དབུས། །མདུན་གྱི་ནམ་མཁར་ཡིད་འཕྲོག་མཆོད་སྤྲིན་གྱིས། །མངོན་པར་དཀྲིགས་པའི་རིན་ཆེན་སེང་གེའི་ཁྲི། །དར་ཟབ་འབོལ་བརྩེགས་ངུར་སྨྲིག་གདན་གྱི་སྟེང་། །རིགས་ཀུན་ཁྱབ་བདག་སུམ་ལྡན་རྡོ་རྗེ་འཛིན། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་ནི། །དཀར་དམར་མདངས་ལྡན་གཟི་བརྗིད་དཔལ་དུ་འབར། །ཞལ་རས་རྒྱས་ཤིང་སྤྱན་ཟུང་ཟླུམ་ལ་འཁྱིལ། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་སྐལ་བཟང་ལ། །དངོས་གྲུབ་མཆོག་སྩོལ་རྡོ་རྗེ་ཚེ་བུམ་འཛིན། །གཡོན་པས་མཉམ་གཞག་ཤེས་རབ་དྲིལ་བུ་དང་། །གླེགས་བམ་བསྣམས་པས་མཐའ་ཡས་ཆོས་ཚུལ་སྟོན། །སྐུ་ལ་ཆོས་གོས་རྣམ་གསུམ་མཛེས་པར་བཀླུབས། །སྡེ་སྣོད་རབ་འབྱམས་འཛིན་པའི་པཎ་ཞུ་གསོལ། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །མཆོག་གསུམ་ངོ་བོ་རྩ་གསུམ་རྒྱ་མཚོའི་བདག །


JKT022_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་དབྱེར་མེད་རིགས་བརྒྱའི་འཁོར་ལོས་སྒྱུར། །དྲན་པས་སྲིད་ཞིའི་འཇིགས་པ་འཕྲོག་མཛད་པ། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་གསལ། །གཉིས་པ་བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་བྱ་བ་ནི། སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་འབུལ། །ཚེ་རབས་བསགས་པའི་སྡིག་ལྟུང་སྙིང་ནས་བཤགས། །བྱང་ཆུབ་སྤྱོད་མཆོག་རྒྱ་མཚོར་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་རྟག་ཏུ་བཞུགས་གསོལ་འདེབས། །དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །ཞེས་ཕྱག་དང་བཅས་ཏེ་ཅི་རིགས་སུ་བྱ་ཞིང་། སྤྲོ་ན་མཎྜལ་འབུལ། གསུམ་པ་ཕུར་ཚུགས་སུ་གསོལ་བ་གདབ་པ་ནི། འཇམ་པའི་དབྱངས་སོགས་སྲས་བཅས་རྒྱལ་ཀུན་གྱི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་བསྡུས་པ། །མཁས་གྲུབ་དབང་པོ་དཔལ་ལྡན་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་ཅི་ནུས་དང་། ་གཞོན་ཡང་གསོལ་འདེབས་གང་ཤེས་བྱ། སྤྲོ་ན། ཨོཾ་ཨཱཿགུ་རུ་མཉྫགྷོ་ཥ་སརྦ་སིདྡྷི་ཧཱུྃ། ཞེས་པའི་མཚན་སྔགས་ཀྱང་བཟླ། བཞི་པ་དབང་བླང་ཞིང་ཐུགས་ཡིད་བསྲེས་ཏེ་མཉམ་པར་གཞག་པ་ནི། བླ་མའི་གནས་


JKT022_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་བདུད་རྩི་རིམ་དང་ཅིག་ཅར་བྱུང་། །རང་གི་གནས་གསུམ་ཞུགས་ཤིང་ཐིམ་པ་ཡིས། །དབང་བསྐུར་སྒྲིབ་སྦྱངས་སྨིན་གྲོལ་དངོས་གྲུབ་ཐོབ། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །དུས་གསུམ་རྟོག་པས་མ་བསླད་གཉུག་མའི་ངང་། །བློ་འདས་འོད་གསལ་ཆོས་སྐུའི་རང་ཞལ་བལྟ། །ཞེས་བརྗོད་ཅིང་བསམ་ལ་མཉམ་པར་གཞག །གསུམ་པ་རྗེས་ནི། ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་བདག་སོགས་ཡིད་ཅན་ཀུན། །འཁོར་ལོའི་མགོན་པོས་འབྲལ་མེད་རྗེས་བཟུང་ནས། །དད་དང་མོས་གུས་དམ་ཚིག་རྣམ་དག་པས། །རྗེ་བཙུན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ལ་སྣང་གྲགས་རྟོག་གསུམ་བླ་མའི་གསང་བ་གསུམ་དུ་ཤེས་ཤིང་མོས་གུས་ཕྱག་རྒྱ་ཆེན་པོའི་ལམ་ཁྱེར་དང་མ་བྲལ་བའི་སྒོ་ནས་སྤྱོད་ལམ་ཐམས་ཅད་ཆོས་སྤྱོད་རྣམ་པ་བཅུ་སོགས་དགེ་བའི་བྱ་བས་དུས་འདའ་བར་བྱའོ། །ཞེས་པའང་གཙུག་ལག་དུ་མར་ལྟ་བའི་རྣམ་དཔྱོད་ཀྱི་མཐུ་གྲུབ་པ་ཡུལ་ལྷོ་ཕྱོགས་ཀྱི་པཎྜི་ཏ་ཀརྨ་བི་ཛ་ཡས་ཚུལ་འདི་ལྟ་བུ་ཞིག་བྲིས་ཞེས་རྒྱང་རིང་མོ་ནས་དོན་གཉེར་ཆེན་པོས་བསྐུལ་བ་ལྟར། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པས་སརྦ་དཱ་སུ་ཤེ་ཡསིདྡྷི་རསྟུ།། ༈ །།ཨོཾ་སྭ་


JKT022_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་སྩོལ་དང་འབྲེལ་བར་ཚེ་སྒྲུབ་ཀྱི་དམིགས་བཟླས་བྱེད་པར་སྤྲོ་ན། །རྩ་བའི་མཚན་སྔགས་བཟླས་ཟིན་རྗེས། སླར་ཡང་ཁྱབ་བདག་དཔལ་ལྡན་བླ་མ་ཡི། །ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃཡིག་ལས། །ཚེ་དཔག་མེད་མགོན་དཀར་གསལ་ལོངས་སྐུའི་ཆས། །ཞལ་གཅིག་ཕྱག་གཉིས་འཆི་མེད་ཚེ་བུམ་བསྣམས། །ཐུགས་དབུས་ཟླ་སྟེང་ཧྲིམཐར་སྔགས་ཕྲེང་མཚན། །བཟླས་པས་རྒྱུད་བསྐུལ་གསོལ་བ་བཏབ་པ་ལས། །ཡེ་ཤེས་འོད་ཟེར་མཁའ་ཁྱབ་ཀུན་ཏུ་འཕྲོས། །རང་གི་བླ་ཚེ་ཆད་ཉམས་ཡར་བ་དང་། །འཁོར་འདས་དྭངས་བཅུད་བསྡུས་ནས་བུམ་པར་འཁྱིལ། །ཞུ་ཞིང་ཁོལ་བའི་བདུད་རྩིའི་ཆུ་རྒྱུན་གྱིས། །ལུས་ཀྱི་ནང་གང་དུས་མིན་འཆི་བ་སྦྱངས། །བླ་སྲོག་དབང་ཐང་ཉམས་པ་སོར་ཆུད་ཅིང་། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་འགྲུབ་གྱུར། །ཅེས་བརྗོད་ཅིང་བསམས་ལ། །ཨོཾ་གུ་རུ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླའོ། །ཞེས་པའང་རྡོ་རྗེ་འཛིན་པ་ཆེན་པོ་ཨོ་རྒྱན་བསྟན་སྐྱོང་གིས་འདི་ལྟར་བྲིས་ཞེས་རྒྱང་རིང་མོ་ནས་བསྐུལ་བ་ལྟར་མཉྫགྷོ་ཥས་བྲིས་པ་དགེ།། ༈ །།བྱིན་རླབས་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས་ཞེས་བྱ་བ། ན་མོ་གུ་རུ་བྷྱ༔ འདིར་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་འབེབས་པར་བྱེད་པའི་ཐབས་བླ་ན་མེད་པ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་མདོར་


JKT022_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ་བསྒོམ་པའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། ངེས་འབྱུང་གིས་བློ་བཅོས་པ། ཐེག་པ་སྤྱིའི་འཇུག་སྒོ་སྐྱབས་སུ་འགྲོ་བ། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའོ། །དང་པོ་ནི། གནས་དབེན་པར་སྟན་བདེ་བ་ལ་འདུག་སྟེ། དལ་འབྱོར་རྙེད་དཀའ་ཞིང་འཇིག་སླ་བ་དང་། ལས་འབྲས་སྨིན་ཚུལ་དང་རིགས་དྲུག་སྤྱི་དང་བྱེ་བྲག་གི་ཉེས་དམིགས་རྣམས་སྒོ་དུ་མ་ནས་བསམ་པས་ངེས་འབྱུང་གི་ཤུགས་དྲག་ཏུ་བསྐྱེད་ལ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བར་འདོད་པའི་སྐྱེས་བུ་ཆེན་པོའི་བློས་སྐྱབས་འགྲོ་ལ་འཇུག་གོ། །གཉིས་པ་ནི། སྐྱབས་ཡུལ་གསལ་བཏབ་ལ། སྐྱབས་གསུམ་འདུས་ཞལ་དྲིན་ཅན་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་སྐྱབས་སུ་མཆི། །ཞེས་དང་། གསུམ་པ་ནི། འགྲོ་ཀུན་སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར། །ཟབ་མོའི་རྣལ་འབྱོར་བསྒོམ་པར་སེམས་བསྐྱེད་དོ། །ཞེས་དོན་དྲན་བཞིན་པས་ལན་གསུམ་སོགས་ཅི་ནུས་སུ་བྱ། གཉིས་པ་དངོས་གཞི་ལ་གསུམ། ཚོགས་རྟེན་གསལ་གདབ་པ། བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་བྱ་བ། ཕུར་ཚུགས་སུ་གསོལ་བ་གདབ་པའོ། །དང་པོ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཆོས་ཀུན་གདོད་ནས་འོད་གསལ་སྟོང་ཉིད་ངང་། །རྟེན་ཅིང་འབྲེལ་


JKT022_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་སྒྱུ་མའི་སྣང་ཆ་ལས། །ཕྱི་སྣོད་འོག་མིན་པདྨ་འོད་ཀྱི་ཞིང་། །ངོ་མཚར་བཀོད་པ་ཕུན་ཚོགས་གཞལ་མེད་ཁང་། །ཡངས་ཤིང་རྒྱ་ཆེ་ཡེ་ཤེས་འོད་ལྔའི་ཀློང་། །མདུན་གྱི་ནམ་མཁར་ཆུ་སྐྱེས་ཉི་ཟླའི་སྟེང་། །ངོ་བོ་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །ཐུགས་རྗེའི་དབང་ཕྱུག་ཀརྨ་ཆགས་མེད་ཞབས། །ཐ་དད་མ་དམིགས་ཡེ་ཤེས་སྒྱུ་མའི་སྐུ། །རྣམ་པ་བདེ་བ་ཆེན་པོ་པདྨ་འབྱུང་། །ཞལ་གཅིག་ཕྱག་གཉིས་དཀར་དམར་གཞོན་ནུའི་ཚུལ། །བདེ་སྟོང་ཟུང་འཇུག་ཞི་འཛུམ་སྒེག་པའི་ཉམས། །ཕྱག་གཉིས་མཉམ་གཞག་བདུད་རྩིའི་བྷནྡྷ་བསྣམས། །སྐུ་ལ་རྡོ་རྗེའི་གསང་གོས་དཀར་པོ་དང་། །ཕོད་ཆེན་མཐིང་ག་ཆོས་གོས་ངུར་སྨྲིག་མདངས། །ཟ་བེར་སྨུག་པོའི་ན་བཟའ་བརྩེགས་མར་གསོལ། །དབུ་ལ་པདྨའི་སྙན་ཞུ་བརྗིད་ལྡན་མཛེས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །སྣང་སྟོང་ཟུང་འཇུག་ཡེ་ཤེས་འོད་ཀྱི་སྐུ། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་གསལ། །གཉིས་པ་ནི། བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན། །ཞིང་རྡུལ་མཉམ་པའི་ལུས་སུ་རབ་སྤྲུལ་ནས། །དང་འདོད་ཡིད་ཆེས་དད་པས་ཀུན་བསླངས་ཏེ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །མི་ཟད་ནམ་མཁའ་མཛོད་ཀྱི་རྗེས་འགྲོ་བའི། །ལུས་དང་ལོངས་སྤྱོད་ཀུན་བཟང་


JKT022_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྤྲིན་འབུལ། །རང་བཞིན་བཅས་པའི་སྡིག་ལྟུང་སྙིང་ནས་བཤགས། །བསོད་ནམས་མཛད་པ་རྒྱ་མཚོར་ཡི་རང་ངོ་། །ཞི་བསིལ་བདུད་རྩིའི་ཆོས་འཁོར་བསྐོར་བར་བསྐུལ། །རྟག་པར་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་འདིས་མཚོན་དུས་གསུམ་དགེ་ཚོགས་ཀུན། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོས་པའི་མཐུས། །བདག་དང་མཐའ་ཡས་འགྲོ་བ་མ་ལུས་ཀུན། །དཔལ་ལྡན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་དང་། སྤྲོ་ན་མཎྜལ་རྒྱས་བསྡུས་ཅི་ནུས་དབུལ། །གསུམ་པ་ནི། སྐྱབས་གནས་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཆེ། །སྐུ་གསུམ་རིགས་འདུས་དཔལ་ལྡན་བླ་མ་དང་། །ཐུགས་རྗེ་ཆེ་དངོས་ཀརྨ་ཆགས་མེད་ཞབས། །ཟུང་འཇུག་བདེ་ཆེན་པདྨ་སཾ་བྷ་ཝ། །དགོངས་ཀློང་འདུ་འབྲལ་མེད་པའི་ངང་ཉིད་ལས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །རྣམ་འཕྲུལ་བསམ་མི་ཁྱབ་པའི་ཚུལ་སྟོན་པ། །འདི་ཕྱིའི་རེ་ལྟོས་གཅིག་གྱུར་ཁྱེད་ཉིད་ལ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །དབང་སྐུར་བྱིན་རླབས་ཆར་ཆེན་དབབ་ཏུ་གསོལ། །བདག་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །དམ་ཆོས་ལམ་དུ་ལོངས་པར་བྱིན༔ ལམ་གྱི་འཁྲུལ་པ་སེལ་བར༔ འཁྲུལ་སྣང་ཆོས་སྐུར་འཆར་བར༔ རྩེ་གཅིག་ཏིང་འཛིན་བརྟན་པར་


JKT022_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བྲལ་ལྟ་བ་རྟོགས་པར༔ རོ་གཅིག་མངོན་དུ་འགྱུར་བར༔ སྒོམ་མེད་ཟད་སར་འཁྱོལ་བར༔ ཕྱི་ནང་བར་ཆད་ཞི་བར༔ རྟོགས་པས་བདག་རྒྱུད་གྲོལ་བར༴ ཐུགས་རྗེས་གཞན་རྒྱུད་སྨིན་པར རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་མོས་གུས་རྩེ་གཅིག་པས་གསོལ་བ་གདབ་ཅིང་། གསོལ་འདེབས་ཀྱི་བསྙེན་པ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་པའི་བཟླས་པ་དང་། གཞན་ཡང་གསོལ་འདེབས་གང་འོས་བྱ། མཚན་སྔགས་བཟླ་བར་སྤྲོ་ན། ཨོཾ་ཨཱཿ་མ་ཧཱ་གུ་རུ་བཛྲ་དྷ་ར་སརྦ་སིདྡྷི་ཧཱུྃ། བླ་མ་རྡོ་རྗེ་འཆང་ཆེན་པོས་དངོས་གྲུབ་ཐམས་ཅད་སྩོལ། ཞེས་ཅི་ནུས་སུ་བཟླའོ། །གསུམ་པ་རྗེས་ལ་གསུམ། ལམ་གྱི་དབང་བླང་བ། ཐུགས་ཡིད་བསྲེས་ཏེ་མཉམ་པར་གཞག་པ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཇུག་བསྡུ་བའོ། །དང་པོ་ནི། རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བཏབ་མཐུས། །བླ་མའི་གནས་བཞིའི་རྡོ་རྗེའི་འོད་ཟེར་སྤྲིན། །རང་གི་གནས་བཞིར་ཞུགས་ཤིང་གཉིས་མེད་ཐིམ། - །སྒྲིབ་དག་དབང་བསྐུར་བྱིན་གྱིས་བརླབས་པར་གྱུར། །ཅེས་བརྗོད་ཅིང་བསམ། གཉིས་པ་ནི། མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །བླ་མའི་ཐུགས་དང་རང་སེམས་རོ་གཅིག་འདྲེས། །དབྱེར་མེད་མ་བཅོས་བརྗོད་བྲལ་གཉུག་མའི་ངང་། །དུས་གསུམ་སྤྲོ་བསྡུ་བྲལ་བའི་ངང་དུ་བཞག །ཅེས་བརྗོད་ཅིང་མཉམ་པར་བཞག །


JKT022_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། ཐུན་ལས་ལྡང་བར་བརྩམས་པ་ན། དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་ཀུན། །འཁོར་ལོའི་མགོན་པོའི་གོ་འཕང་མྱུར་ཐོབ་ནས། །སྲིད་དང་ཞི་བའི་ཕན་བདེའི་འབྱོར་པ་ཡིས། །ས་གསུམ་བཀྲ་ཤིས་སྣང་བ་རྒྱས་གྱུར་ཅིག །ཅེས་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ། །ཞེས་པའང་ཀར་རྙིང་བསྟན་པའི་སྣང་བྱེད་མཚུངས་ཟླ་དང་བྲལ་བ་ཆགས་མེད་མཆོག་སྤྲུལ་རིན་པོ་ཆེས་བཀྲ་ཤིས་@པའི་ལྷ་རྫས་དང་། རིན་ཆེན་གཉིས་པའི་གནང་སྐྱེས་བཅས་རྒྱང་རིང་མོ་ནས་བཀའ་སྩལ་སྤྱི་བོར་ཕེབས་པ་གུས་པས་མཆོད་དེ། བྱ་བྲལ་བ་ཀརྨ་སྒར་གྱི་མཁན་པོ་བླ་མ་སྡོམ་བརྩོན་མདོ་རྒྱུད་འཛིན་པ་ཆེན་པོ་ཀརྨ་སངས་རྒྱས་ཆོས་འཕེལ་གྱིས་བྲིས་པའི་དགེ་བས་བླ་མའི་བྱིན་རླབས་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།བླ་མའི་རྣལ་འབྱོར་རྡོ་རྗེའི་ཡེ་ཤེས་འབེབས་པ་ཞེས་བྱ་བ། ན་མོ་གུ་རུ་བྷྱ༔ འདིར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་རྡོ་རྗེའི་ཡེ་ཤེས་ཀྱི་ཉི་མ་སྙིང་དབུས་སུ་འཆར་བ་འདོད་པས། གནས་དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ་འདི་ལྟར་བསམ་པར་བྱའོ། །སྲས་བཅས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །བཀའ་དྲིན་མཉམ་མེད་ཁྱབ་བདག་འཁོར་ལོའི་མགོན། །སྤྱི་བོའི་པདྨོར་འབྲལ་མེད་རྟག་བཞུགས་ནས། །བདག་རྒྱུད་བྱིན་


JKT022_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཆར་ཆེན་དབབ་ཏུ་གསོལ། །རྙེད་དཀའ་དོན་ལྡན་དལ་འབྱོར་རྟེན་ཐོབ་ཀྱང་། །དོ་ནུབ་ཙམ་ཡང་མི་འཆིའི་གདིང་མེད་ཅིང་། །ཤི་བའི་འོག་ཏུ་ལས་ཀྱི་རྗེས་འབྲངས་ནས། །འཁོར་བ་གར་སྐྱེས་སྡུག་བསྔལ་རང་བཞིན་ཕྱིར། །བདག་གཞན་སྲིད་ལས་ངེས་པར་འབྱུང་བའི་བློས། །མཆོག་གསུམ་འདུས་ཞལ་དཔལ་ལྡན་བླ་མ་ལ། །སྙིང་ནས་སྐྱབས་མཆི་སྨོན་དང་འཇུག་པ་ཡི། །བྱང་ཆུབ་སེམས་གཉིས་རྟག་ཏུ་བསྐྱེད་པར་བགྱི། །ཨོ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཉཧཾ། གནས་ཡུལ་སྣོད་བཅུད་མི་དམིགས་སྟོང་པའི་ངང་། །རྣམ་ཀུན་མཆོག་ལྡན་རྡོ་རྗེའི་ཡེ་ཤེས་ནི། །དག་པའི་གཞན་དབང་སྐུ་དང་ཞིང་ཁམས་ཀྱི། །བཀོད་པ་ཚད་མེད་ཅིར་ཡང་འཆར་བ་ལས། །ཕྱི་སྣོད་བདེ་ཆེན་འོད་མཐའ་ཡས་པའི་ཞིང་། །ཡིད་འཕྲོག་ངོ་མཚར་སྣང་བ་འབྱམས་ཀླས་པའི། །མདུན་གྱི་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། །སེང་གེས་བཏེགས་པའི་རིན་ཆེན་སྣ་ཚོགས་ཁྲིར། །པད་དཀར་འདབ་བརྒྱ་རབ་ཏུ་བཞད་པ་དང་། །ཐབས་ཤེས་ཉི་མ་ཟླ་བའི་དཀྱིལ་འཁོར་སྟེང་། - །ཟུང་འཇུག་དང་པོའི་མགོན་པོ་རྡོ་རྗེ་སེམས། །རིགས་རྣམས་སྣ་ཚོགས་སྤྲོ་དང་བསྡུ་བའི་གཞི། །སྐྱབས་གནས་ཀུན་འདུས་དྲིན་ཅན་བླ་མ་ནི། །རྣམ་པ་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་། །སྐུ་མདོག་ཨིནྡྲ་ནི་ལའི་ལྷུན་པོ་ལ། །ཉིན་བྱེད་བྱེ་བས་འཁྱུད་


JKT022_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟི་བྱིན་འབར། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །རང་འོད་ཡུམ་འཁྱུད་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། །སྣང་སྟོང་འཇའ་ཟེར་འཁྲིགས་པའི་ཀློང་ན་རོལ། །སྐུ་ལས་སྐྱེས་པའི་འོད་ཀྱི་དཀྱིལ་འཁོར་དབུས། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །གནས་གསུམ་དཔའ་བོ་དང་ནི་རྣལ་འབྱོར་མ། །ཆོས་སྲུང་ནོར་ལྷ་རྒྱ་མཚོ་སྤྲིན་ལྟར་གཏིབས། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་གསལ། །སྲས་བཅས་རྒྱལ་ཀུན་ཡབ་གཅིག་འཇམ་པའི་དབྱངས། །དེང་འདིར་བཤེས་གཉེན་མཆོག་གི་རྣམ་རོལ་ཅན། །མཁྱེན་བརྩེའི་དབང་པོ་དཔལ་ལྡན་བླ་མ་ལ། །གུས་པས་ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས། །ལུས་དང་ལོངས་སྤྱོད་མཆོད་སྤྲིན་རྒྱ་མཚོར་དབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ། །ཁྱོད་ཐུགས་གཟོད་ནས་རྣམ་གྲོལ་རྫོགས་སངས་རྒྱས། །གསུང་གསང་བདེན་གཉིས་དབྱེར་མེད་དམ་པའི་ཆོས། །སྐུ་ནི་རིག་གྲོལ་མཐར་ཕྱིན་དགེ་འདུན་ཏེ། །ཡོན་ཏན་དགོས་འདོད་ཆར་འབེབས་ནོར་གྱི་ལྷ། །ཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་འདུས་པའི་ཞལ། །དྲན་པས་སྲིད་ཞིའི་གདུང་བ་ཀུན་སེལ་བའི། །བསྔགས་བརྗོད་རྡོ་རྗེའི་ཚིག་


JKT022_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབྱངས་སྙན་པོ། །རིག་པ་འཛིན་པའི་རྒྱུད་དུ་བླངས་པའི་ཚུལ། །ཡང་ཡང་ཡིད་ལ་གོམས་པ་ལས་བྱུང་བའི། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། བྱིན་རླབས་ཆར་ཆེན་ཕོབ་ཅིག་བླ་མ་རྗེ། །དལ་འབྱོར་རྙེད་དཀའ་མཐོང་བར་བྱིན་གྱིས་རློབས། །ནམ་འཆི་ངེས་མེད་དྲན་པར༴ ལས་འབྲས་བླང་དོར་ནུས་པར༴ སྲིད་ལས་ངེས་འབྱུང་སྐྱེ་བར༔ བྱང་ཆུབ་སེམས་གཉིས་འབྱོང་པར ངེས་དོན་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །ཅི་སྣང་ལྷ་སྐུར་ཤར་བར༔ ལྷར་སྣང་བདེ་ཆེན་འཆར་བར་བྱིན་གྱིས་རློབས། །གནས་སྐབས་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས། །སློབ་པའི་འོད་གསལ་ཟུང་འཇུག་མངོན་གྱུར་ཅིང་།མཐར་ཐུག་སློབ་པ་མིན་པའི་འོད་གསལ་ལས། །ཟུང་འཇུག་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །མདོར་ན་དམ་ཚིག་སྡོམ་པ་རྣམ་པར་དག །ཐོས་བསམ་སྒོམ་པའི་ཡོན་ཏན་ཕ་མཐར་སོན། །བླ་མའི་བྱིན་རླབས་སྙིང་ལ་ཞུགས་པ་ལས། །དོན་གཉིས་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ཧཱུཾ། ཞེས་པས་གསོལ་བཏབ་བླ་མ་རྡོ་རྗེ་འཆང་། །ཡབ་ཡུམ་མཉམ་སྦྱོར་བདེ་ཆེན་བདུད་རྩིའི་རྒྱུན། །བདག་གི་འཁོར་ལོ་རྣམ་བཞིར་སོན་པ་ལས། །སྒྲིབ་དག་དབང་དང་བྱིན་རླབས་དངོས་གྲུབ་ཐོབ། །མཐར་ནི་སྐྱབས་ཡུལ་འོད་ཞུ་རང་ཉིད་ལ། །ཐིམ་པས་རང་གི་གཉུག་མའི་སྒོ་གསུམ་


JKT022_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཁྱབ་བདག་བླ་མའི་གསང་གསུམ་དབྱེར་མེད་ངང་། །གསལ་སྟོང་ཟུང་འཇུག་གདོད་མའི་རང་ཞལ་བལྟ། །དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དཔལ་ལྡན་བླ་མས་འབྲལ་མེད་རྗེས་བཟུང་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་འཁོར་ལོའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པའི་སྐུའི་དབོན་མཁྱེན་བརྩེའི་གཏེར་ཆེན་བཤེས་གཉེན་ཆེན་པོ་པྲ་ཛྙཱ་དྷཱ་ཛས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་ནན་དུ་བསྐུལ་བ་ལས། རང་ཉིད་ལ་ཟབ་མོའི་ལམ་དངོས་སུ་སྟོན་པའི་བླ་མ་དམ་པ་སྤྱི་ལའང་སྦྱར་ཆོག་པའི་དབང་དུ་བྱས་ཏེ། རྒྱུད་སྡེའི་དགོངས་པ་གྲུབ་པའི་མན་ངག་གིས་ཕྱེ་བའི་རྗེས་སུ་འབྲངས་ནས་ལམ་ཡོངས་སུ་རྫོགས་པའི་ཚུལ་དུ་རིག་འཛིན་གྱི་བཙུན་པ་མཉྫ་གྷོ་ཥས་གྲོ་བཞིན་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཀྱི་ཉི་ཤར་ལ་གང་ཤར་ཤར་མར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག ༈ །དཀར་པོ་ལྷ་གསུམ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཚེ་དང་ཡེ་ཤེས་གྲུབ་སྟེར་ཞེས་བྱ་བ། ན་མོ་གུ་རུ་བྷྱ༔ འདིར་དཀར་པོ་ལྷ་གསུམ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མདོར་བསྡུས་ཉམས་སུ་བླང་བའི་ཚུལ་ལ། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་སྒོ་དུ་མ་ནས་ཡིད་ལ་བྱས་ཏེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་སྐྱབས་


JKT022_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བློ་རྒྱུད་དང་འདྲེས་པར་བྱ། དངོས་གཞི་ནི། ཨོཾ་སྭ་བྷཱ་བ་ཤུདྡྷསརྦ་དྷརྨཱསྭ་བྷ་ཝ་ཤུདྡྷོཉཧཾ། ཆོས་ཀུན་རང་བཞིན་གཟོད་ནས་སྟོང་པའི་ངང་། །རྟེན་ཅིང་འབྲེལ་འབྱུང་སྒྱུ་མའི་རྣམ་རོལ་ལས། །སྣོད་བཅུད་ཐམས་ཅད་བདེ་བ་ཅན་གྱི་ཞིང་། །ཕུན་ཚོགས་ངོ་མཚར་བཀོད་པ་འབྱམས་ཀླས་དབུས། །པད་ཟླའི་སྟེང་དུ་རང་སེམས་ཧཱུཾ་དཀར་པོ། །ཡོངས་གྱུར་འཆི་མེད་ཡིད་བཞིན་འཁོར་ལོ་ནི། །ཆུ་ཤེལ་མདོག་ཅན་དར་དང་རིན་ཆེན་རྒྱན། །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་བསྣམས། །ཞི་འཛུམ་རབ་དགྱེས་ཡེ་ཤེས་སྤྱན་བདུན་འཛུམ། །རྡོ་རྗེའི་སྐྱིལ་ཀྲུང་འོད་ལྔའི་ཀློང་ན་བཞུགས། །སྤྱི་བོར་དྲིན་ཅན་རྩ་བའི་བླ་མ་དང་། །དབྱེར་མེད་ཚེ་དཔག་མེད་མགོན་སྐུ་མདོག་དཀར། །མཉམ་གཞག་ཚེ་བུམ་འཛིན་ཅིང་ལོངས་སྤྱོད་རྫོགས། །པད་ཟླའི་གདན་ལ་སྐྱིལ་ཀྲུང་སྟབས་ཀྱིས་རོལ། །ཐུགས་ཀར་ཆུ་སྐྱེས་ཟླ་བའི་དཀྱིལ་འཁོར་དབུས། །པདྨའི་རིགས་ཀྱི་ཕོ་ཉ་དབྱངས་ཅན་མ། །ཡིད་འཕྲོག་ཟླ་ཤེལ་ནོར་བུའི་མཚན་དཔེ་ཅན། །ཞི་འཛུམ་སྒེག་ཉམས་རིན་ཆེན་པི་ཝཾ་བསྒྲེང་། །ལྷ་རྫས་ན་བཟའ་རཏྣ་ཨུཏྤལ་རྒྱན། །ཞབས་ཟུང་ཙོག་བུའི་ཚུལ་གྱིས་དགྱེས་བཞིན་བཞུགས། །ཀུན་ཀྱང་གནས་གསུམ་རྡོ་རྗེའི་ཡི་གེས་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་དབྱེར་མེད་གྱུར། །ཅེས་བརྗོད་ཅིང་གསལ་གདབ་ལ་ཡན་ལག་


JKT022_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་འབུལ་བ་ནི། བདག་དང་མཁའ་མཉམ་འགྲོ་ཀུན་ལྷན་ཅིག་ཏུ། །གུས་པས་ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །མྱ་ངན་མི་འདའ་བཞུགས་གསོལ་ཆོས་འཁོར་བསྐུལ། །བསོད་ནམས་དངོས་ཀུན་བྱང་ཆུབ་སྙིང་པོར་བསྔོ། །བདག་གཞན་ཡིད་ཅན་ཚོགས་རྣམས་མ་ལུས་ཀུན། །སྐུ་དང་ཡེ་ཤེས་རྨད་བྱུང་བཅོམ་ལྡན་འདས། །འཆི་མེད་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག །མཎྜལ་རྒྱས་བསྡུས་ཇི་ལྟར་རིགས་པ་ཕུལ། །གསོལ་བ་གདབ་པ་ནི། སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ངོ་བོ་ཉིད། །བླ་མ་ཚེ་དཔག་མེད་དང་དབྱངས་ཅན་མ། །འཆི་མེད་ཡིད་བཞིན་འཁོར་ལོར་གསོལ་བ་འདེབས། །ཚེ་དང་ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས། །ཞེས་ཅི་ནུས་བརྗོད་ཅིང་ཕུར་ཚུགས་སུ་གསོལ་བ་གདབ། བཟླས་པ་བྱ་བ་ནི། རྩེ་གཅིག་གུས་པས་གསོལ་བ་བཏབ་པའི་མཐུས། །བླ་མ་ཚེ་དཔག་མེད་དང་སྒྲ་དབྱངས་ལྷའི། །ཐུགས་ལས་འོད་ཟེར་མཁའ་ཁྱབ་ཀུན་ཏུ་འཕྲོས། །འཕགས་པ་མཆོད་ཅིང་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །སྲིད་ཞིའི་དྭངས་བཅུད་བདུད་རྩིའི་རྣམ་པར་བསྡུས། །ཚེ་དཔག་མེད་མགོན་ཕྱག་གི་བུམ་པར་ཐིམ། །བདུད་རྩིའི་རྒྱུན་བབས་རང་ལུས་ནང་ཀུན་ཁྱབ། །དུས་མིན་འཆི་དང་སྡིག་སྒྲིབ་ཐམས་ཅད་སྦྱངས། །ཚེ་དང་གཟི་བརྗིད་སྟོབས་དཔལ་ཡོན་ཏན་


JKT022_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ། །ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་ཡིས། །བློ་གྲོས་པདྨོ་མཆོག་ཏུ་རྒྱས་པར་གྱུར། །ཅེས་བརྗོད་ཅིང་བསམ་ལ་ཚེ་དཔག་མེད་ཀྱི་གཟུངས་དང་། ཨོ་་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་གཙོ་བོར་བཟླ། མཐར། ཧཱུྃ༔ ཞེས་དབྱངས་ཅན་མའི་རིག་པ་འབྲུ་གཅིག་པ་དང་། ཨ་ཨཱ་སོགས་དབྱངས་བཅུ་དྲུག །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎཱཛཱ་ན་པུཊྚི་ཀུ་རུ་སྭཱ་ཧཱ། ཞེས་སྒྲོལ་དཀར་ཚེ་༧ ཤམ་ཅན་གྱི་སྔགས་རྣམས་ཀྱང་ཅི་རིགས་པ་བཟླའོ། །མཐར་གོང་ལྟར་གསོལ་འདེབས་དང་། མཐར་ནི་སྤྱི་བོའི་བླ་མ་ཚེ་དཔག་མེད། །སྒྲ་དབྱངས་རྒྱ་མཚོའི་བདག་ཉིད་དང་བཅས་པ། །འཆི་མེད་ཚེ་དང་ཡེ་a ཤེས་བདུད་རྩིར་ཞུ། །སྤྱི་བོ་ནས་ཞུགས་རང་གི་ལུས་ཀུན་གང་། །དབང་དང་བྱིན་རླབས་དངོས་གྲུབ་ཀུན་ཐོབ་གྱུར། །ཅེས་བརྗོད་ཅིང་བསམས་ལ་སྤྲོས་བྲལ་གྱི་ངང་དུ་བཞག །དེ་ལས་ལྡང་བ་ན། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ནི། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །བླ་མ་འཆི་མེད་མགོན་པོས་རྗེས་བཟུང་ནས། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཤེས་རབ་རྒྱས། །ཐམས་ཅད་གཟིགས་པའི་གོ་འཕང་མྱུར་ཐོབ་ཤོག་།ཅེས་པས་མཚམས་སྦྱར་ཏེ་སྤྱོད་ལམ་ཐམས་ཅད་ཆོས་དང་མཐུན་པའི་བྱ་བས་གནས་པར་བྱའོ། །ཞེས་པའང་ཐུབ་བསྟན་རྡོ་རྗེ་བྲག་གི་དགེ་སློང་རྣམ་པར་དཔྱོད་པའི་བློ་ཅན་སུ་ཀ


JKT022_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ལྤ་ཤཱི་ལས་འདི་ལྟ་བུ་དགོས་ཞེས་གསུང་ངོར། བླ་མའི་རྣལ་འབྱོར་དང་འབྲེལ་བར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།བླ་མ་འཇམ་དཔལ་ཡབ་ཡུམ་གྱི་རྣལ་འབྱོར་སྙིང་པོ་བཞུགས་སོ། །ན་མོ་མཉྫགྷོ་ཥཱ་ཡ། བླ་མ་འཇམ་པའི་དབྱངས་ཀྱི་རྣལ་འབྱོར་ཉམས་སུ་བླང་བར་འདོད་པས། བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །བླ་མ་འཇམ་དཔལ་གཞོན་ནུ་ལ། ། ཕྱག་འཚལ་སྐྱབས་མཆི་སེམས་ཅན་དོན། །ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི། །རང་མདུན་ནམ་མཁར་འོད་ལྔའི་ཀློང་། །སྣ་ཚོགས་མཆོད་པའི་སྤྲིན་ཕུང་དབུས། །ཆུ་སྐྱེས་ཉི་ཟླའི་གདན་གྱི་སྟེང་། །ཁྱབ་བདག་རྩ་བའི་བླ་མ་ཉིད། །རྣམ་པ་འཇམ་པའི་རྡོ་རྗེའི་སྐུ། །དམར་སེར་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཉིས་རལ་གྲི་དྲིལ་བུ་འཛིན། །རང་འོད་རྡོ་རྗེ་དབྱངས་ཅན་མ། །དམར་མོ་པི་ཝཾ་བསྒྲེང་བས་ལོ འཁྱུད། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། །བདེ་སྟོང་གཟི་བྱིན་ལྷམ་མེར་བཞུགས། །སྐྱབས་ཀུན་འདུས་པའི་ངོ་བོར་གྱུར། །སྲས་བཅས་རྒྱལ་ཀུན་ཡེ་ཤེས་སྐུ། །བླ་མ་འཇམ་དཔལ་ཡབ་ཡུམ་ལ། །སྙིང་ནས་གུས་པས་གསོལ་བ་འདེབས། །ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་སྒྲིབ་ཉེས་ལྟུང་མཐོལ་ཤིང་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རངས། །


JKT022_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཁོར་བསྐོར་བཞིན་བཞུགས་པར་གསོལ། །དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ། །རྨད་བྱུང་རིག་དང་བརྩེ་བ་ཡི། །ཡོན་ཏན་རྒྱ་མཚོར་དབང་འབྱོར་ཞིང་། །འཇམ་དཔལ་དཔའ་བོའི་ཡེ་ཤེས་ཀྱིས། །དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་དང་། སྤྲོ་ན་མཚན་ཡང་དག་པར་བརྗོད་པའི་བསྟོད་པའང་བྱ། གང་ལྟར་ཡང་མཐར། ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཞེས་ཅི་ནུས་དང་། ཨོ་ཨཱམལྦུ་བཛྲ་དྷཱིཀ་ཧཱུྃ་ཧཱུྃ། ཞེས་དང་། ཨོ་པི་ཙུ་པི་ཙུ་པྲཛྙཱ་བནྡྷ་ནི། ཛཱ་ལ་ཛཱ་ལ་མེ་དྷ་བནྡྷ་ནི། དྷི་རི་དྷི་རི་བུདྡྷི་བནྡྷ་ནི་སྭཱ་ཧཱ། ཞེས་པའང་ཅུང་ཟད་བཟླས་མཐར། བླ་མའི་གནས་བཞིའི་འོད་ཟེར་གྱིས། །བདག་ལ་བྱིན་རླབས་དབང་བཞི་བསྐུར། །མཐར་ནི་རང་དང་དབྱེར་མེད་ཐིམ། །བློ་འདས་གཉུག་མའི་རང་ཞལ་བལྟ། །དགེ་བ་འདི་ཡིས་བདག་གཞན་ཀུན། །འཇམ་དཔལ་མཁྱེན་པའི་ཡེ་ཤེས་དང་། །མི་ཕྱེད་མཉམ་པ་ཉིད་གྱུར་ཏེ། །ཕན་བདེའི་དགེ་མཚན་རྒྱས་པར་ཤོག །ཅེས་པའང་རྣམ་འདྲེན་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་ཆེན་པོའི་རྗེ་དབོན་མཆོག་སྤྲུལ་རིན་པོ་ཆེས་བཀའ་སྩལ་བཀྲ་ཤིས་པའི་ལྷ་རྫས་དང་བཅས་སྤྱི་བོར་ཕེབས་པ་གུས་པས་མཆོད་དེ། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག ༈ །འཇམ་དབྱངས་བླ་མའི་རྣལ་འབྱོར་ཡེ་ཤེས་སྣང་སྟེར་ཞེས་བྱ་བ་བཞུགས་སོ། །


JKT022_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫགྷོ་ཥཱ་ཡ། དེ་ལ་ཁམས་གསུམ་གྱི་འཁོར་བ་ལས་རང་གཞན་ཐམས་ཅད་ངེས་པར་འབྱུང་སྟེ་མཐའ་གཉིས་ལ་མི་གནས་པའི་རྣམ་མཁྱེན་གྱི་གོ་འཕང་མྱུར་དུ་ཐོབ་པར་འདོད་པ་དག་གིས་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་མཐའ་ཡས་པ་བསླབ་པར་བྱ་བའི་ཕྱིར་རིགས་ཐམས་ཅད་ཀྱི་ཁྱབ་བདག་འཁོར་ལོའི་མགོན་པོ་འཇམ་དཔལ་གཞོན་ནུའི་རྣམ་པར་བསྒོམ་པའི་ཟབ་མོའི་རྣལ་འབྱོར་ལ་འཇུག་པའི་ཐོག་མར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ་མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་བཞིན་དུ་གསལ་བཏབ་སྟེ། སྐྱབས་སུ་འགྲོ་བ་ནི། བདག་སོགས་འགྲོ་ཀུན་སྲིད་པའི་གྲོང་ཁྱེར་དུ། །ཕ་མཐར་མི་མངོན་སྡུག་བསྔལ་རྒྱ་མཚོར་བྱིངས། །དེ་ལས་སྐྱོབ་ཕྱིར་བླ་མ་མཆོག་གསུམ་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། ཤེས་པས་སྲིད་པའི་སོ སྦྱོར་བ་ལས་བརྒལ་ཀྱང་། །སྙིང་རྗེས་ཞི་བའི་ཕ་མཐར་ལྷུང་མིན་པ། །བླ་མ་འཇམ་དཔལ་གཞོན་ནུའི་ཡེ་ཤེས་སྐུ། །ཐོབ་ཕྱིར་ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི། །ཚོགས་ཞིང་གསལ་གདབ་པ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷསརྦ་དྷརྨཱསྭབྷཱ་བ་ཤུདྡྷོཉཧཾ། འོད་གསལ་སྟོང་ཉིད་ངང་ལས་སྒྱུ་མའི་འཕྲུལ། །སྣོད་བཅུད་ཐམས་ཅད་བདེ་བ་ཅན་གྱི་ཞིང་། །ཡིད་འཕྲོག་ངོ་མཚར་བཀོད་པ་འབྱམས་ཀླས་དབུས། །པད་ཟླའི་


JKT022_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་རང་ཉིད་སྐད་ཅིག་གིས། །སྒྲ་དབྱངས་རྒྱ་མཚོའི་བདག་ཉིད་བཅོམ་ལྡན་མ། །རབ་དཀར་སྟོན་ཟླ་གསར་པའི་ལང་ཚོ་ལ། །མཚན་དཔེའི་ཉམས་འགྱུར་ཆ་ཤས་ཡོངས་སུ་རྫོགས། །ཕྱག་གཉིས་བཻ་ཌཱུར་རྒྱུད་མངས་དལ་གྱིས་བརྡུང་། །ཞབས་ཟུང་ཙོག་པུར་བསྣོལ་བའི་ཚུལ་གྱིས་བཞུགས། །དབུ་སྐྲ་གནས།་སྣུམ་མེ་ཏོག་ཆུན་པོས་བཅིངས། །རྣམ་མང་དར་དང་རིན་ཆེན་རྒྱན་གྱིས་མཛེས། །སྣང་སྟོང་དབང་པོའི་གཞུ་བཞིན་གསལ་བ་ཡི། །མདུན་གྱི་ནམ་མཁར་ཡིད་འཕྲོག་མཆོད་སྤྲིན་དབུས། །སྣ་ཚོགས་ཆུ་སྐྱེས་ཟླ་བའི་དཀྱིལ་འཁོར་སྟེང་། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་ནི། །རྣམ་པ་འཇམ་དཔལ་གཞོན་ནུའི་ཡེ་ཤེས་སྐུ། །གསེར་རི་གུར་གུམ་ཆབ་ཀྱིས་བཀྲུས་པ་ལ། །ཉི་གཞོན་བྱེ་བས་འཁྱུད་པའི་མཚན་དཔེའི་དཔལ། །མཐོང་ན་མི་མཐུན་མེད་པའི་ཕྱག་གཡས་ཀྱི། །གཟུངས་འཛིན་དྲ་བ་གཅོད་འོ པའི་རལ་གྲི་འཕྱར། །གཡོན་པས་ཨུཏྤལ་ཟེའུ་འབྲུར་སྙོམས་ཞུགས་པའི། །ཤེར་ཕྱིར་སྟོང་ཕྲག་བརྒྱ་པའི་གླེགས་བམ་བསྣམས། །ཟུར་ཕུད་ལྔ་ལྡན་དར་དང་རིན་ཆེན་བརྒྱན། །ཟླ་བའི་འོད་ཀྱི་རྒྱབ་ཡོལ་ལ་བརྟེན་ནས། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །མཐའ་སྐོར་སྐྱབས་གནས་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །ཀུན་ཀྱང་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་


JKT022_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ། །ཐིམ་ལས་སྐྱབས་ཡུལ་ཐམས་ཅད་འདུས་པའི་དངོས། །བདག་ལ་དགྱེས་བཞིན་མངོན་སུམ་བཞུགས་པར་གྱུར། །ཚོགས་བསགས་པའི་ཕྱིར་ཡན་ལག་བདུན་པ་ལོགས་སུ་བཀོད་པ་ལྟར་རམ།བསྡུ་ན། བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན། །ཞིང་གི་རྡུལ་རྙེད་ལུས་རབ་སྤྲུལ་བྱས་ཏེ། །འཇམ་དབྱངས་བླ་མར་འཁོར་བཅས་ཞབས་པད་མོར། །སྒོ་གསུམ་གུས་པས་རྟག་ཏུ་ཕྱག་འཚལ་ལོ། །དངོས་ཡིད་ལས་བྱུང་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་ཞིང་མྱ་ངན་མི་འདའ་བཞུགས། །དགེ་ཚོགས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞེས་ཕྱག་དང་བཅས་བྱ། མཎྜལ་རྒྱས་བསྡུས་ཇི་ལྟར་རིགས་པ་འབུལ། །ཐུགས་རྒྱུད་བསྐུལ་བའི་ཕྱིར་གསོལ་བ་གདབ་པ་ནི། ན་མོ་གུ་རུ་མཉྫ་གྷོ་ཥཱ་ཡ། མཁའ་ཁྱབ་རྒྱལ་བ་ཀུན་གྱི་སྐུ་ཡེ་ཤེས། །གཅིག་སོ བསྡུས་བླ་མ་བརྟན་པའི་འཁོར་ལོ་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་འདེབས་ན། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག་འཇམ་པའི་དབྱངས། །རྙེད་དཀའི་དལ་འབྱོར་མི་ལུས་ཐོབ་དུས་འདིར། །ལོང་མེད་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །སྲིད་པའི་ཕུན་ཚོགས་ཀུན་ལ་མ་ཆགས་པའི། །ཐར་འདོད་བློ་གྲོས་སྐྱེད་ཅིག་འཇམ་པའི་དབྱངས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །མཚན་ལྡན་


JKT022_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགེ་བའི་བཤེས་གཉེན་གྱི། །ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནུས་པའི། །སྐལ་བ་བཟང་པོ་སྦྱོར་ཅིག དེ་ལས་ཁས་བླངས་ཚུལ་ཁྲིམས་རྣམ་པར་དག །མང་དུ་ཐོས་དང་བསམ་པའི་ཕ་རོལ་སོན། །རྩེ་གཅིག་བསྒོམ་པས་ཞི་ལྷག་ཟུང་འཇུག་གི །ཏིང་འཛིན་སྒོ་བརྒྱ་འབྱེད་མཛོད༔ ལོག་སྨྲ་ཚར་གཅོད་གཞན་དག་རྗེས་བཟུང་བའི། །ཐུན་མོང་རིག་པའི་གནས་ལ་མ་རྨོངས་ཤིང་། །ཁྱད་པར་སྡེ་སྣོད་རྒྱུད་སྡེའི་ངེས་གསང་ལ། །འཁྲུལ་མེད་བློ་གྲོས་སྩོལ་ཅིག་འཇམ་པའི༔ འཆད་མཁས་བློ་ལྡན་བྱེ་བའི་ཡིད་དབང་འཕྲོག །རྩོད་པས་ཕས་རྒོལ་འཁྲུལ་པའི་དྲེགས་པ་བཅོམ། །རྩོམ་པས་ཐུབ་བསྟན་ཡུན་རིང་གསལ་ནུས་པའི། །སྨྲ་བའི་དབང་ཕྱུག་སྩོལ་ཅིགཌ ཐ་སྙད་ཁོ་ནའི་གནས་ལ་མ་ཞེན་པར། །དབེན་པའི་གནས་སུ་མདོ་སྔགས་ལམ་གྱི་རིམ། །ཚུལ་བཞིན་བསྒྲུབས་པས་ཉམས་རྟོགས་ཡོན་ཏན་ཀུན། །རྩོལ་མེད་རྒྱུད་ལ་སྐྱེད་ཅིག གལ་ཏེ་ཚེ་འདིར་བརྟན་པ་མ་ཐོབ་ན། །འཆི་བ་འོད་གསལ་དོན་གྱི་འཇམ་པའི་དབྱངས། །མངོན་སུམ་མཐོང་ནས་ཆོས་སྐུའི་གྲོང་ཁྱེར་དུ། །འབྲལ་མེད་རྗེས་སུ་ཟུངས་ཤིག དེར་ཡང་འཁྲུལ་ནས་བར་དོར་འཁྱམས་སྲིད་ན། །བླ་མ་མཆོག་དང་བརྟན་པའི་འཁོར་ལོ་ཡིས། །རྣམ་འཕྲུལ་དུ་མས་དག་པའི་ཞིང་ཁམས་སུ། །ལུང་བསྟན་དབུགས་དབྱུང་སྩོལ་ཅིག༔ ལས་ཉོན་དབང་གིས་


JKT022_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པར་སྐྱེས་གྱུར་ཀྱང་། །དལ་འབྱོར་རྟེན་ཐོབ་ཐེག་ཆེན་རིགས་སད་ནས། །དཀའ་བ་མེད་པར་ལམ་གྱི་ལྷག་མ་ཀུན། །རྫོགས་པའི་རྟེན་འབྲེལ་སྒྲིགས་ཤིག༔ མདོར་ན་འདི་ཕྱི་བར་དོའི་གནས་སྐབས་ཀུན། །མགོན་པོ་ཁྱོད་ལས་སྐྱབས་གཞན་མི་འཚོལ་བས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །དགེ་མཚན་མངོན་སུམ་སྩོལ་ཅིག་འཇམ་པའི་དབྱངས། །ཞེས་དད་མོས་ཀྱི་ཤུགས་དྲག་ཏུ་བསྐྱེད་ལ་གསོལ་ཁོ་ན་ཉིད་ལ་མཉམ་པར་གཞག་པ་ནི། །ཕྱོགས་དུས་རྒྱལ་བ་སྲས་བཅས་ཡེ་ཤེས་ཀུན། །གཅིག་བསྡུས་བླ་མ་འཇམ་དཔལ་གཞོན་ནུ་ཡིས། །བདག་ལ་བརྩེ་བའི་ཐུགས་རྗེས་ཉེར་དགོངས་ནས། །དབང་དང་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །ཞེས་པས་གསོལ་བཏབ་མཐའ་སྐོར་སྐྱབས་ཡུལ་ཀུན། །བླ་མ་འཇམ་དཔལ་གཞོན་ནུར་དབྱེར་མེད་ཐིམ། །དེ་ཡི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གའི་ཁ་དོག་ཅན། །རིམ་དང་ཅིག་ཅར་བདག་གི་གནས་གསུམ་ཞུགས། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་རྒྱུར་བཅས་སྦྱོང་། །ཟབ་མོའི་ལམ་བཞི་བསྒོམ་པའི་རྟེན་འབྲེལ་བསྒྲིགས། །འབྲས་བུ་སྐུ་བཞི་ཐོབ་པའི་སྐལ་ལྡན་བྱས། །མཐར་ནི་བླ་མ་ཚངས་པའི་ལམ་ནས་བྱོན། །རང་གི་སྙིང་དབུས་འོད་ལྔའི་གུར་ཁྱིམ་དུ། །པད་ཟླའི་གདན་ལ་དགེས་བཞིན་


JKT022_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ཡིས། །རྟག་ཏུ་བྱིན་རླབས་དངོས་གྲུབ་སྩོལ་བར་གྱུར། །ཅེས་བརྗོད་ཅིང་བསམས་ལ་བླ་མའི་སྐུའི་གསལ་སྣང་ལ་སེམས་ཞུགས་པ་བཞིན་ཆེར་གྱིས་གཏད་ནས་འཛིན་མེད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་གཞག །ཞར་བྱུང་བཟླས་པ་བྱ་བར་སྤྲོ་ན། བླ་མ་འཇམ་པའི་དབྱངས་ཀྱི་ཐུགས་ཀ་རུ། །དྲི་མེད་རི་བོང་འཛིན་པའི་དཀྱིལ་འཁོར་དབུས། །དམར་སེར་དྷིཡིག་སྔགས་ཀྱི་ཕྲེང་བས་བསྐོར། །བཟླས་པས་འོད་འཕྲོས་རང་གི་ལུས་ཀུན་གང་། །སྡིག་སྒྲིབ་ཀུན་སྦྱངས་གཟུངས་དང་སྤོབས་པ་སོགས། །བསམ་གྱིས་མི་ཁྱབ་ཡེ་ཤེས་སྣང་བ་རྒྱས། །སླར་འཕྲོས་འཕགས་མཆོད་འགྲོ་བའི་དོན་བྱས་ནས། །ཚུར་འདུས་བདག་ཐིམ་བྱིན་གྱིས་བརླབས་པར་གྱུར། །ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཞེས་དང་། སྤྲོ་ན་ཤེས་རབ་བློ་འཕེལ་གྱི་གཟུངས་ཀྱང་བཟླ། རྗེས་བསྔོ་སྨོན་ནི། དགེ་བ་འདི་ཡིས་བདག་སོགས་སེམས་༤ ཅན་ཀུན། །ལས་ཉོན་ཤེས་བྱའི་སྒྲིབ་པ་ཀུན་བྱང་ནས། །སྤངས་རྟོགས་ཕྲིན་ལས་མཐའ་ཡས་བདག་ཉིད་ཆེ། །འཇམ་དབྱངས་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པའི་ཚེ་སྣང་གྲགས་རྟོག་གསུམ་བླ་མའི་གསང་བ་གསུམ་གྱི་རྣམ་རོལ་དུ་ལྟ་བ་དང་མ་བྲལ་བའི་ངང་། དོན་ཡོད་བཞིའི་སྒོ་ནས་བླ་མ་མཉེས་པར་བྱ་བ་དང་། ཆོས་སྤྱོད་བཅུ་སོགས་དགེ་བའི་བྱ་


JKT022_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བས་དུས་འདའ་བར་བྱའོ། །ཞེས་པའང་དད་བརྩོན་ཤེས་རབ་དང་ལྡན་པའི་དགེ་སློང་དགེ་བའི་བཤེས་གཉེན་ངག་དབང་འོད་ཟེར་གྱིས་ནན་ཏན་ཆེན་པོས་འདི་ལྟར་དགོས་ཞེས་བསྐུལ་བའི་ངོར། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྨན་ཤོད་ཕུའི་ཆོས་རར་སྦྱར་བའི་ཡི་གེ་པ་ནི་རིག་པར་སྨྲ་བ་འཇམ་དབྱངས་ཡེ་ཤེས་མཐའ་ཡས་ཀྱིས་བགྱིས་པའི་དགེ་བས་འགྲོ་ཀུན་འཇམ་དཔལ་གཞོན་ནུའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག ༈ །བླ་མ་སྨྲ་བའི་སེང་གེའི་རྣལ་འབྱོར་ཤེས་རབ་མཆོག་སྦྱིན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཱ་དི་སཾ་ཧཱ་ཡ། སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་བ་སོགས། ཆོས་ཀུན་གཟོད་ནས་འོད་གསལ་སྟོང་པའི་ངང་། །རྟེན་ཅིང་འབྲེལ་འབྱུང་སྒྱུ་མའི་སྣང་ཆ་ལས། །ཡིད་འཕྲོག་བཀོད་པ་དུ་མས་མངོན་འཕགས་པ། །མགོན་པོ་ཀུན་ཏུ་གཟིགས་ཀྱི་ཞིང་ཁམས་དབུས། །པད་ཟླའི་གདན་ལ་རང་ཉིད་མཚོ་བྱུང་མ། །ནམ་མཁའི་མདངས་ཅན་ཁྲོ་འཛུམ་ལང་ཚོས་སྒེག །ཕྱག་གཉིས་ཐབས་ཤེས་རལ་གྲི་པུསྟི་འཛིན། །དར་དང་རིན་ཆེན་རྒྱན་རྫོགས་བཞེངས་པའི་སྟབས། །མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །རྩ་བའི་བླ་མ་རྗེ་བཙུན་འཇམ་པའི་དབྱངས། །སྨྲ་བའི་སེང་གེ་གུར་གུམ་གཞོན་ནུའི་མདོག །ཞི་ཞིང་འཛུམ་ལ་སྒེག་པའི་ངང་ཚུལ་ཅན། །ཕྱག་གཡས་


JKT022_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་རལ་གྲི་ནམ་མཁར་འཕྱར། །གཡོན་པས་ཨུཏྤ་ལར་གནས་གླེགས་བམ་བསྣམས། །ཟུར་ཕུད་ལྔ་ལྡན་དར་དང་རིན་ཆེན་བརྒྱན། །ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །གསང་གསུམ་རྡོ་རྗེའི་ཡི་གེ་འབྲུ་གསུམ་ལས། །འོད་འཕྲོས་བླ་མ་སངས་རྒྱས་བྱང་ཆུབ་སེམས། །ཡི་དམ་ལྷ་ཚོགས་འཁོར་བཅས་སྤྱན་དྲངས་ཐིམ། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོར་གྱུར། །འཇམ་དབྱངས་གཞོན་ནུ་སྲས་བཅས་རྒྱལ་བའི་ཡབ། །མཁྱེན་བརྩེའི་དབང་པོ་དཔལ་ལྡན་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་གསོལ་བ་འདེབས། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་འབུལ། །ཚེ་རབ་བསགས་པའི་སྡིག་ལྟུང་མཐོལ་ཞིང་བཤགས། །བྱང་ཆུབ་སྤྱོད་པ་རྒྱ་མཚོར་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་རྟག་པར་བཞུགས་སུ་གསོལ། །བསོད་ནམས་དངོས་ཀུན་བྱང་ཆུབ་སྙིང་པོར་བསྔོ། །མཎྜལ་རྒྱས་བསྡུས་གང་རིགས་དང་། གསོལ་འདེབས་ཅི་ཤེས་བྱ། སྔགས་བཟླ་བར་སྤྲོ་ན། ཨོ་ཧཱིདྡྷིམམེ་དཱི་པཾ་མཉྫ་ཤཱི་མཾ་ཧཱིཔྲཛྙཱ་ཝཎྷ་ནི་ཧཱིདྷིསྭཱ་ཧཱ། ཞེས་དང་། ཨོཾ་ཨཱཿགུ་རུ་མཉྫགྷོ་ཥ་ཛྷཱ་ན་ཀྲི་པེནཱ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ། ཞེས་པའང་ཅི་ནུས་བཟླ། བླ་མའི་གནས་གསུམ་རྡོ་རྗེའི་ཡི་གེའི་འོད། །རང་གི་གནས་གསུམ་རིམ་དང་ཅིག་ཅར་དུ། །ཐིམ་པས་སྒྲིབ་དག་དབང་དང་དངོས་གྲུབ་ཐོབ། །སོ་སོར་རྟོག་པའི་


JKT022_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རྒྱས་པར་གྱུར། །ཅེས་བརྗོད་ཅིང་བསམ། མོས་གུས་དད་བརྒྱས་འདུད་པའི་སྤྱི་བོ་དང་། སྙིང་གའི་ཆུ་སྐྱེས་ཐིག་ལེར་རྟག་བཞུགས་ནས། །ཕྱི་ནང་འགལ་རྐྱེན་མཐའ་དག་ཞི་བ་དང་། །ཕན་བདེའི་ལེགས་ཚོགས་འཕེལ་བར་བྱིན་གྱིས་རློབས། །བསོད་ནམས་འདི་ཡིས་དཔལ་ལྡན་བླ་མ་མཆོག །རྗེ་བཙུན་འཇམ་པའི་དབྱངས་དང་དབྱེར་མེད་པས། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་མཛད་ནས། །དོན་གཉིས་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པར་བྱའོ། །ཞེས་པའང་དད་པ་དང་ལྡན་པས་ནན་དུ་བསྐུལ་བའི་རེ་བ་སྐོང་ཕྱིར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གང་ཤར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ༈ །རྡོ་རྗེ་གཞོན་ནུ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་མཆོག་སྦྱིན་ཅེས་བྱ་བ། ན་མོ་གུ་རུ་བཛྲ་ཀུ་མཱ་རཱཡ། སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཆོས་ཀུན་སྟོང་ཉིད་རྡོ་རྗེ་ནམ་མཁའི་དབྱིངས། །ཡེ་ཤེས་རིག་པ་སྙིང་རྗེ་ཁྲོས་པའི་གདངས། །སྣོད་བཅུད་རྣམ་དག་འོག་མིན་གསང་ཆེན་ཞིང་། །དུར་ཁྲོད་རོལ་པའི་བཀོད་པས་བརྗིད་པའི་དབུས། རང་མདུན་ནམ་མཁར་རྩ་བའི་བླ་མ་ནི། །རྣམ་པ་བཅོམ་ལྡན་བཛྲ་ཀུ་མཱ་ར། །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་


JKT022_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་གར་དགུའི་ཉམས། །ཕྱག་དྲུག་གཡས་གཉིས་རྡོ་རྗེ་རྩེ་དགུ་ལྔ། །གཡོན་གཉིས་མེ་ཕུང་ཁ་ཊཾ་རྩེ་གསུམ་བསྣམས། །ཐ་མ་གཉིས་ཀྱིས་རི་རབ་ཕུར་བུ་འདྲིལ། །འཁོར་ལོ་རྒྱས་འདེབས་ཨུཏྤལ་ཐོད་ཁྲག་འཛིན། །ཡབ་ཡུམ་མཉམ་སྦྱོར་དཔལ་དང་དུར་ཁྲོད་ཆས། །ཞབས་བཞི་པད་ཉི་ལྷ་ཆེན་ཕོ་མོའི་སྟེང་། །ཡེ་ཤེས་མེ་ཕུང་འབར་བའི་དབུས་ན་རོལ། །ཕུང་པོ་སྲས་མཆོག་ཚིགས་རྣམས་ཁྲོ་རྒྱལ་བཅུ། །སྐུའི་ཆ་ཤས་ཕྲ་ཐབས་སྒོ་མ་སོགས། །རབ་འབྱམས་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས། །སྐྱབས་གནས་ཐམས་ཅད་སྤྱན་དྲངས་དབྱེར་མེད་གྱུར། །ཆོས་སྐུ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །གཞོན་ནུའི་གཟུགས་སྐུའི་སྒྱུ་འཕྲུལ་དྲྭ་བའི་གར། །འཁོར་ལོའི་མགོན་པོ་དཔལ་ཆེན་ཧེ་རུ་ཀར། །ཕྱག་འཚལ་སྐྱབས་མཆི་དངོས་ཡིད་མཆོད་པས་མཆོད། །ཉེས་བྱས་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །བྱང་ཆུབ་སེམས་བསྐྱེད་ལུས་དང་ལོངས་སྤྱོད་འབུལ། །བསོད་ནམས་དངོས་ཀུན་རྫོགས་བྱང་ཆེན་པོར་བསྔོ། །ཞེས་ཡན་ལག་བརྒྱད་པའི་སྒོ་ནས་ཚོགས་བསག །མཎྜལ་ཅི་ནུས་འབུལ། བཀྲ་ཤིས་དགེ་མཚན་བྱེ་བས་བརྒྱན་པའི་སྐུ། །ལུང་རྟོགས་ཆོས་ཀྱི་ཆར་པ་འབེབས་མཁས་གསུང་། །ཇི་ལྟ་ཇི་སྙེད་གཟིགས་པའི་


JKT022_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་མངའ་བའི། །དཔལ་ལྡན་ཕྱོགས་ཀྱི་གླང་པོའི་ཞབས་ལ་འདུད། །གསན་བསམ་སྒོམ་པའི་ཆུ་གཏེར་ལས་བྱུང་ཞིང་། །འཆད་རྩོད་རྩོམ་པའི་འོད་སྟོང་དྲྭ་བ་ཅན། །མཁྱེན་བརྩེ་ནུས་པས་ས་གསུམ་སྣང་མཛད་པ། །འཇམ་མགོན་སྨྲ་བའི་ཉི་མར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བསྟན་འཛིན་ཞབས་བརྟན་བསྟན་པ་ཕྱོགས་བཅུར་རྒྱས། །སྡེ་བཞིའི་དགེ་བཅུའི་འབྱོར་པས་འགྲོ་ཀུན་ལ། །ཕན་བདེའི་ལེགས་ཚོགས་འཕེལ་བའི་བཀྲ་ཤིས་སྩོལ། །ཅེས་སོགས་གསོལ་འདེབས་གང་རིགས་གྲངས་གསོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱན་བྷནྡྷ་ཧཱུྃ་ཕཊ། ཅེས་ལྷ་སྔགས་དང་། ཨོ་ཨཱནྟགུ་རུ་ཀུ་མཱ་ར་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ། ཞེས་མཚན་སྔགས་ཀྱང་བཟླ། བླ་མ་ཡབ་ཡུམ་སྨིན་མཚམས་འོད་ཟེར་ལས། །དབང་ལྷ་སྤྲུལ་ནས་བུམ་པའི་དབང་མཆོག་སྩལ། །རང་ཉིད་རྡོ་རྗེ་གཞོན་ནུའི་སྐུ་རུ་གྱུར། །སྦྱོར་མཚམས་ནས་བྱུང་བདུད་རྩིའི་གསང་དབང་ཐོབ། །སྦྱོར་ཡུམ་སྤྲོས་པས་འཁྲིལ་ཏེ་སྙོམས་པར་ཞུགས། །ཤེས་རབ་ཡེ་ཤེས་བཞི་བའི་དབང་མཆོག་གིས། །དཔེ་དང་དོན་གྱི་ཡེ་ཤེས་རྒྱུད་ལ་སྨིན། །ཐུགས་ཡིད་གཅིག་འདྲེས་དབྱེར་མེད་བྱིན་གྱིས་རློབས། །ཞེས་བརྗོད་ཅིང་དོན་བསམ། དཔལ་ལྡན་རྩ་བའི་བླ་མ་ཧེ་རུ་ཀ །སྤྱི་གཙུག་ཛ་ལནྡྷ་རའི་ཟུར་ཕུད་དང་། །སྙིགས་དབུས་མི་ཤིགས་ཐིག་ལེར་འབྲལ་


JKT022_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ། །བཞུགས་ནས་དབང་དང་དངོས་གྲུབ་མ་ལུས་སྩོལ། །དགེ་བ་འདི་ཡིས་ཁམས་གསུམ་ཡིད་ཅན་ཀུན། །དམ་ཆོས་སྒྲུབ་པའི་བར་ཆད་ཀུན་ཞི་ཞིང་། །ལམ་ལྔ་ས་བཅུའི་གོ་འཕང་ལ་བརྟེན་ནས། །མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་གང་ཤེས་བྱས་ཏེ་སྤྱོད་ལམ་ལ་འཇུག་གོ །རྗེ་བཙུན་ས་སྐྱ་པ་དང་ལྷག་པའི་ལྷ་རྡོ་རྗེ་གཞོན་ནུ་དབྱེར་མེད་པར་གསོལ་བ་འདེབས་ཚུལ་གྱི་བླ་མའི་རྣལ་འབྱོར་འདི་ལྟ་བུ་ཞིག་དགོས་ཞེས་དད་ལྡན་ཨཱ་ནནྡ་ཤུ་རས་བསྐུལ་ངོར་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ ༈ །རྡོ་རྗེའི་སློབ་དཔོན་ངག་དབང་ལེགས་གྲུབ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། རྡོ་རྗེའི་སློབ་དཔོན་ངག་དབང་ལེགས་གྲུབ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཉམས་སུ་བླང་བར་འདོད་པས། སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་སྣོད་བཅུད་དག་པའི་ཞིང་། །ཡིད་འཕྲོག་ངོ་མཚར་བཀོད་པས་མཛེས་པའི་དབུས། །མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་། །དབང་སྔོན་མདོག་ཅན་རྡོ་རྗེ་དྲིལ་བུ་འཛིན། །རང་འོད་ཡུམ་འཁྱུད་མཚན་དཔེའི་གཟི་བྱིན་འབར། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་


JKT022_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །གདན་གསུམ་ཡོངས་རྫོགས་དཀྱིལ་འཁོར་རྒྱ་མཚོའི་བདག །དྲན་པས་སྲིད་ཞིའི་རྒུད་པ་ཞི་མཛད་པ། །སྐྱབས་ཀུན་འདུས་པའི་ངོ་བོར་རབ་བཞུགས་པའི། །གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས། །སྐྱབས་གནས་ཐམས་ཅད་སྤྱན་དྲངས་དབྱེར་མེད་གྱུར། །ངག་གི་དབང་ཕྱུག་ཡེ་ཤེས་སྒྱུ་མའི་སྐུ། །ལེགས་བཤད་རབ་འབྱམས་སྨྲ་ལ་མཁས་པའི་ཕུལ། །གྲུབ་གཉིས་མཆོག་སྩོལ་རྩ་བའི་བླ་མ་ལ། །ཕྱག་འཚལ་སྐྱབས་མཆི་ལུས་དང་ལོངས་སྤྱོད་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཕྱོགས་བཅུའི་རྣམ་འདྲེན་སྲས་དང་བཅས་པ་ཀུན། །མྱ་ངན་མི་འདའ་ཆོས་འཁོར་བསྐོར་བར་བསྐུལ། །འདིས་མཚོན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །སྤྲོ་ན་མཎྜལ་རྒྱས་བསྡུས་གང་རིགས་དང་། །ཁོ་བོས་བྱས་པའི་རྣམ་ཐར་གསོལ་འདེབས་བྱིན་རླབས་མྱུར་འབེབས་སོགས་སྐུ་བསྟོད་རིགས་གང་ཤེས་གྲངས་གསོག །མཚན་སྔགས་བཟླ་བར་མོས་ན། ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ཝཱ་གིནྡྲ་སུ་སིདྡྷི་མེ་པྲ་ཡཙྪ་ཧཱུཾ། ཨོཾ་ཨཱཿཧཱུྃ་བླ་མ་རྡོ་རྗེ་འཆང་ངག་དབང་ལེགས་གྲུབ་ཀྱི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། མཆན། ཞེས་ཅི་ནུས་བཟླས་མཐར། དཔལ་ལྡན་བླ་མའི་གནས་གསུམ་འབྲུ་གསུམ་ལས། །དཀར་དམར་མཐིང་འོད་རིམ་དང་གཅིག་ཅར་འཕྲོས། །རང་གི་གནས་གསུམ་ཐིམ་པས་དབང་བཞི་ཐོབ། །སྒྲིབ་དག་བྱིན་རླབས་སྐུ་བཞི་མངོན་


JKT022_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར། །ཅེས་བརྗོད་མཐར་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ལ་མཉམ་པར་གཞག །ཐུན་ལས་ལྡང་བ་ན་ཉིན་མོར་སྤྱི་བོ་དང་། མཚན་མོར་སྙིང་གར་བསྒོམ་ཞིང་སྐུའི་གསལ་སྣང་ལ་སེམས་བཟུང་མཐར། དགེ་བ་འདི་ཡིས་དཔལ་ལྡན་བླ་མ་དང་། །འབྲལ་མེད་གསུང་གི་བདུད་རྩིས་ཉེར་འཚོ་ཞིང་། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་། །མཐུན་རྐྱེན་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་གང་ཤེས་བྱས་ཏེ་སྤྱོད་ལམ་ལ་འཇུག་གོ །ཞེས་པའང་དད་ལྡན་ཨཱ་ནནྡ་ཤཱ་རས་བསྐུལ་བ་ལྟར་ཆོས་སྨྲ་བའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ ༈ །ལམ་ཟབ་ཕྱི་མའི་ཉམས་ལེན་སྙིང་པོར་དྲིལ་བ་བྱིན་རླབས་མཆོག་སྩོལ་ཞེས་བྱ་བ། ན་མོ་གུ་ར་ཝེ། གསུང་ངག་རིན་པོ་ཆེའི་ལམ་ཟབ་ཕྱི་མའི་བླ་མའི་རྣལ་འབྱོར་ཤིན་ཏུ་བསྡུས་པའི་ཚུལ་གྱིས་ཉམས་སུ་བླང་བར་འདོད་ན། སྦྱོར་བ་སྐྱབས་སེམས་ནི། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །ཟབ་མོའི་རྣལ་འབྱོར་ཉམས་སུ་བླང་བར་བགྱི། །ལན་གསུམ། དངོས་གཞིར་ཚོགས་ཞིང་གསལ་གདབ་པ་ནི། རང་མདུན་ནམ་མཁར་ཡིད་འཕྲོག་མཆོད་སྤྲིན་དབུས། །སེང་ཁྲི་པད་ཉི་བདུད་བཞིའི་གདན་གྱི་སྟེང་། །


JKT022_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་བླ་མ་དགེས་པ་རྡོ་རྗེའི་སྐུ། །ཞལ་བརྒྱད་བཅུ་དྲུག་ཕྱག་ཅན་ཞབས་བཞི་པ། །བདག་མེད་ཡུམ་འཁྱུད་གར་དགུའི་ཉམས་ཀྱིས་རོལ། །གནས་གསུམ་རྡོ་རྗེའི་ཡི་གེ་འབྲུ་གསུམ་མཚན། །ཕུང་པོ་རིགས་ལྔ་འབྱུང་བ་ཡུམ་མཆོག་ལྔ། །དབང་པོ་ཚིགས་མཚམས་རྩ་རྒྱུས་སེམས་དཔའ་བརྒྱད། །སྐུ་ཡི་གནས་བཅུ་ཁྲོ་བོའི་དབང་པོ་བཅུ། །ཟག་མེད་ཡུལ་རྣམས་རྡོ་རྗེའི་ལྷ་མོའི་དངོས། །མཐའ་སྐོར་སྐྱབས་ཡུལ་རྒྱ་མཚོའི་ཚོགས་དང་བཅས། །སྣང་སྟོང་ཟུང་འཇུག་དགེས་བཞིན་བཞུགས་པར་གྱུར། །གསོལ་བ་འདེབས་པ་ནི། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །ཅི་ནུས་སུ་བརྗོད། ཞེན་པ་སྤང་བ་ནི། བདག་གི་ཉོན་མོངས་རང་གཟུགས་ལུས་ལོངས་སྤྱོད། །དགྲ་གཉེན་སཾ བར་མའི་སྣང་བ་ཇི་སྙེད་ཀུན། །རྗེ་བཙུན་བླ་མ་མཆོག་ལ་དབུལ་བར་བགྱི། །གཟུང་འཛིན་རྣམ་རྟོག་ཞི་བར་བྱིན་གྱིས་རློབས། །མཆོད་པ་འབུལ་བ་ནི། ལག་གཡས་རལ་གྲིས་ཕུང་པོ་ཚོགས་སུ་སྦར། །ཨོཾ་ཨཱཿ༔ཧཱུྃ་ཧོས་ཟག་མེད་བདུད་རྩིར་བསྒྱུར། །རང་སེམས་ལྷར་གསལ་མཆོད་པའི་ལྷ་མོ་སྤྲོས། །བླ་མ་སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་མཆོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། མཆོད་


JKT022_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་རྣམས་རྩ་བའི་བླ་མར་ཐིམ། །ཟག་མེད་བདེ་ཆེན་དགེས་པའི་གཟི་བྱིན་འབར། །ལྷག་མས་རིགས་དྲུག་མགྲོན་ཀུན་ཚིམ་པར་གྱུར། །རྗེས་དབང་དང་དངོས་གྲུབ་བླང་ཞིང་དེ་ཁོ་ན་ཉིད་ལ་བློ་བཞག་པ་ནི། མཐའ་སྐོར་སྐྱབས་ཡུལ་རྩ་བའི་བླ་མར་འདུས། །བླ་མའི་གནས་གསུམ་འབྲུ་གསུམ་འོད་ཟེར་བཅས། །རིམ་དང་ཅིག་ཅར་བྱུང་ནས་རང་ལ་ཐིམ། །དབང་ཐོབ་སྒྲིབ་དག་བྱིན་རླབས་དངོས་གྲུབ་ཐོབ། །བླ་མ་མཆོག་དང་རང་སེམས་དབྱེར་མེད་པའི། །གཤིས་ལུགས་བརྗོད་མེད་གསལ་གདངས་མ་འགགས་པ། །མོས་གུས་ལམ་ཁྱེར་ཕྱག་རྒྱ་ཆེན་པོའི་ངང་། །བསྒོམ་བྱ་སྒོམ་བྱེད་བྲལ་བའི་དབྱིངས་སུ་བཞག །ཅེས་བརྗོད་ཅིང་བསམས་ལ་མཉམ་པར་གཞག །ཐུན་དེ་ལས་ལྡང་བ་ན། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་བསྔོ་སྨོན་ཇི་ལྟར་རིག་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ ། ཞེས་པའང་རྗེ་བཙུན་བླ་མའི་བཀའ་དྲིན་གྱིས་བསྐྱངས་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་ཇི་ལྟ་བར་ཤིན་ཏུ་བསྡུས་པའི་ཚུལ་གྱིས་སྦྱར་བའི་དགེ་བས་འགྲོ་ཀུན་བླ་མ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག ༈ །རིགས་བདག་རྣམ་པར་སྣང་མཛད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཐར་འདོད་སྙིང་གི་བདུད་རྩི་ཞེས་བྱ་བ།


JKT022_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀུན་ཁྱབ་བདག་རྣམ་པར་སྣང་མཛད་དང་། །དབྱེར་མེད་བླ་མའི་ཞབས་ལ་གུས་བཏུད་ནས། །གང་དེའི་ཟབ་མོའི་རྣལ་འབྱོར་ཉམས་ལེན་ཚུལ། །རྒྱུད་དང་མན་ངག་གཞུང་བཞིན་བཤད་ཀྱིས་ཉོན། །དེ་ལ་ལྔ། སྦྱོར་བ་ཚོགས་ཞིང་གསལ་བཏབ་པ། དངོས་གཞི་བྱིན་རླབས་འཇུག་པའི་ཆེད་དུ་གསོལ་བ་གདབ་པ། ཚོགས་བསགས་པའི་ཆེད་དུ་མཆོད་པ་འབུལ་བ། མཇུག་དབང་བླང་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པ། འཕྲོས་དོན་གཞན་བཤད་པའོ། །དང་པོ་ནི། འཁོར་བའི་ཉེས་དམིགས་དང་། དལ་འབྱོར་རྙེད་དཀའ་འཇིག་སླ། ལས་འབྲས་སྨིན་ཚུལ་ལ་བརྟེན་ནས་ངེས་འབྱུང་གི་ཤུགས་དྲག་ཏུ་བསྐྱེད། བྱམས་པ་དང་། སྙིང་རྗེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྒོ་དུ་མ་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་བསྒོམ་པར་བགྱིའོ་སྙམ་པའི་བློས། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །སྐྱབས་གནས་ཀུན་འདུས་བླ་མར་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །ཟབ་མོའི་རྣལ་འབྱོར་ཉམས་སུ་བླང་བར་བགྱི། །ལན་གྲངས་ཇི་ལྟར་རིགས་པའི་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་འགྲོ་བས། ཨོཾ་སྭ་བྷ་བ་ཤུདྡྷསརྦ་དྷརྨཱསྭ་བྷཱ་བ་ཤུདྡྷོཉཧཾ། ཆོས་ཀུན་


JKT022_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གཟོད་ནས་སྤྲོས་བྲལ་ཡང་། །རྟེན་ཅིང་འབྲེལ་འབྱུང་སྒྱུ་མའི་རྣམ་རོལ་ལས། །སྣོད་བཅུད་དག་པའི་ཞིང་ཁམས་ཆེན་པོའི་དབུས། །རང་གི་སྤྱི་བོར་གླང་པོས་བཏེགས་པ་ཡི། །རིན་ཆེན་མཛེས་ཁྲི་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་རྣམ་པར་སྣང་མཛད་ནི། །སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་འཁོར་ལོ་ཐུགས་ཀར་གཏོད་དེ་འཛིན། །གཡོན་པས་རིགས་ཀྱི་དྲིལ་བུ་འཁོར་ལོས་ཡུ་བ་བྱས་པ། དཀུ་ལ་བརྟེན། དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །ཞབས་ཟུང་གཡས་བརྐྱང་རོལ་པས་བཞུགས་པ་ཡི། །ཕུང་པོ་རིགས་ལྔ་ཁམས་ལྔ་ཡུམ་མཆོག་ལྔ། །རྣམ་ཤེས་ཡུལ་དང་ཚིགས་མཚམས་ཐམས་ཅད་ཀུན། །སེམས་དཔའ་སེམས་མ་ཁྲོ་བོའི་ངོ་བོ་ཉིད། །སྤྱི་བོ་ཛ་ལནྡྷ་ར་ལ་སོགས་པ། །ཉེར་བཞིའི་ཡུལ་གྱི་དཔའ་བོ་རྣལ་འབྱོར་མར། །ཡོངས་ཤར་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །དེ་ལས་འོད་འཕྲོས་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་རྣམས་ཀུན། མ་ལུས་སྤྱན་དྲངས་གཉིས་སུ་མེད་པར་ཐིམ། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །གཉིས་པ་ནི། སངས་རྒྱས་ངོ་བོ་དམ་ཆོས་འབྱུང་བའི་གནས། །འཕགས་པའི་དགེ་འདུན་ཀུན་གྱི་མངའ་བདག་མཆོག །བླ་མ་ཀུན་དངོས་ཡི་དམ་ཞི་ཁྲོའི་བདག །མཁའ་འགྲོ་ཆོས་སྲུང་ནོར་ལྷའི་དེད་དཔོན་ཆེ། །


JKT022_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་ཀུན་འདུས་ཞལ་རྩ་བའི་བླ་མ་ལ། །སྙིང་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་འབྱོངས། །སྨིན་བྱེད་མཆོག་ཐོབ་དམ་ཚིག་རྣམ་པར་དག །བསྐྱེད་རིམ་ཐབས་ཀྱིས་ཐ་མལ་སྣང་ཞེན་སྦྱངས། །རྫོགས་རིམ་ཟབ་མོས་རླུང་སེམས་དབུ་མར་ཐིམ། །ཟུང་འཇུག་བདེ་བ་མཆོག་གི་ཡེ་ཤེས་སྐུ། །ཚེ་འདིར་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །གསུམ་པ་ནི། གང་ལ་དམིགས་ནས་ཆགས་སྡང་རྨོངས་པ་ཡི། །འབྱུང་གནས་གཉེན་དང་དགྲ་བགེགས་བར་མའི་འགྲོ། །རྗེ་བཙུན་བླ་མ་མཆོག་ལ་དབུལ་བར་བགྱི། །ཆགས་སྡང་རྨོངས་གསུམ་ཞི་བར་བྱིན་གྱིས་རློབས། །ཉེར་སྤྱོད་འདོད་ཡོན་མཐའ་ཡས་སྤྲིན་གྱིས་མཆོད། །བསོད་ནམས་ཚོགས་ཆེན་རྫོགས་པར༔ བདེ་ཆེན་ཟིལ་དངར་བླ་ན་མེད་པས་མཆོད། །ཡེ་ཤེས་ཉེར་ལེན་སྨིན་པར་བྱིན༔ ཡིད་འཕྲོག་རིག་མའི་སྙོམས་སཾ འཇུག་བདེ་བས་མཆོད། །དཔེ་ཡིས་ལྷན་སྐྱེས་མཚོན་པར འཁོར་གསུམ་སྤྲོས་བྲལ་ཕྱག་རྒྱ་ཆེན་པོས་མཆོད། །དོན་གྱི་ལྷན་སྐྱེས་རྟོགས་པར སྒྱུ་ལུས་ཕུང་པོ་ཚོགས་ཀྱི་འཁོར་ལོས་མཆོད། །ཉེ་རྒྱུའི་བརྟུལ་ཞུགས་འགྲུབ་པར༔ སྣོད་བཅུད་མཎྜལ་ཀུན་བཟང་སྤྲིན་གྱིས་མཆོད། །སྐུ་དང་ཡེ་ཤེས་རྫོགས་པར་བྱིན་གྱིས་རློབས། །ཞེས་ཞེན་པ་སྤང་བ་སྔོན་དུ་འགྲོ་བས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀུ་སཱ་ལིའི་ཚོགས་


JKT022_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་མཎྜལ་དང་བཅས་པ་འབུལ། སྐབས་འདིར་ཕུར་ཚུགས་སུ་གསོལ་བ་གདབ་པའི་ཕྱིར་མཚན་སྔགས་བཟླ་བར་སྤྲོ་ན། ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་སརྦ་སིདྡྷི་ཧཱུྃ། ཞེས་དེ་ཉིད་སུམ་སྤེལ་ལམ། ཨོ་ཨཱཿགུ་རུ་བཛྲ་དྷ་ར་སརྦ་སིདྡྷི་ཧཱུྃ་སྭཱ་ཧཱ། ཞེས་དེ་ཉིད་ལྔ་སྤེལ་གང་རུང་བཟླ་བ་རྒྱུད་སྡེ་ཆེན་པོའི་དགོངས་པ་ཡིན། བཞི་པ་ནི། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེས། །བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། །ཞེས་པས་གསོལ་བཏབ་སྤྱི་བོའི་བླ་མ་ཡི། །གནས་གསུམ་ཨོ་དཀར་ཨཱཋདམར་ཧཱུྃ་མཐིང་ལས། །འབྲུ་གསུམ་འོད་ཟེར་བདུད་རྩིའི་རྒྱུན་དང་བཅས། །རིམ་དང་ཅིག་ཅར་ཉིད་དུ་བྱུང་ནས་ཀྱང་། །བདག་གི་གནས་གསུམ་རིམ་དང་ཅིག་ཅར་ཐིམ། །དབང་བཞི་ཐོབ་ཅིང་སྒྲིབ་བཞིའི་དྲི་མ་སྦྱངས། །ལམ་བཞི་བསྒོམ་དང་སྐུ་བཞི་ཐོབ་རུང་བའི། །ས་བོན་བག་ཆགས་བཅས་པ་རྒྱུད་ལ་བཞག ། མཐར་ནི་བླ་མའི་ཐུགས་དང་རང་གི་སེམས། །མི་ཕྱེད་ངོ་བོ་སྟོང་པ་ཆོས་ཀྱི་དབྱིངས། །རང་བཞིན་གསལ་ལ་མ་འགགས་ལོངས་སྤྱོད་རྫོགས། །དེ་གཉིས་དབྱེར་མེད་རང་རྩལ་སྤྲུལ་པའི་སྐུ། །བསྒོམ་བྱ་སྒོམ་བྱེད་ལས་འདས་གཉུག་མའི་ངང་། །དོན་དམ་འོད་གསལ་བླ་མའི་རང་ཞལ་བལྟ། །ཞེས་བརྗོད་ཅིང་བསམ་ལ་མཉམ་པར་བཞག །ཐུན་དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་དཔལ་ལྡན་བླ་མ་མཆོག །


JKT022_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་རྣམ་བཞིས་རྟག་ཏུ་མཉེས་བྱས་མཐུས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །ས་དང་ལམ་གྱི་ཡོན་ཏན་ཡོངས་རྫོགས་ཤོག །ཅེས་སོགས་བསྔོ་སྨོན་རྣམ་པར་དག་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །ཉིན་མོའི་དུས་ཐམས་ཅད་དུ་སྤྱི་བོར་འབྲལ་མེད་དུ་བསྒོམ་ཞིང་། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་སྤྱི་བོའི་བླ་མ་ལ་གསོལ་བ་བཏབ་ཅིང་ལམ་དུ་བསླང་ངོ་། . །ལྔ་པ་ནི། ནུབ་མོ་ཉལ་བའི་ཚེ་བླ་མའི་རྣལ་འབྱོར་གོང་བཞིན་གསལ་བཏབ་ལ་དགེ་བ་བསྔོ་བ་དང་བཅས་པའི་མཐར། དཔལ་ལྡན་བླ་མ་ཚངས་པའི་ལམ་ནས་བརྒྱུད། །སྙིང་དབུས་འོད་ལྔའི་གོང་བུར་དགྱེས་བཞུགས་ཏེ། །སྐུ་ཡི་སྣང་བས་ལུས་ཀྱི་ནང་ཀུན་གང་། །འོད་གསལ་ཡེ་ཤེས་མཆོག་གིས་བྱིན་བརླབས་གྱུར། །ཅེས་བརྗོད་ཅིང་བསམ་ལ་བླ་མའི་སྐུའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་བཟུང་སྟེ་དུས་གསུམ་གྱི་རྟོག་པ་དང་བྲལ་བའི་ངང་ངལ་བསོས་པས་གཉིད་ཀྱི་འོད་གསལ་ཟིན་པར་འགྱུར་རོ། །རྒྱལ་ཀུན་ཡུམ་གཅིག་རྡོ་རྗེ་རྣལ་འབྱོར་མའི། །རིགས་བདག་རྣམ་སྣང་བླ་མ་དབྱེར་མེད་དུ། །སྒྲུབ་ཚུལ་མན་ངག་ཟབ་མོ་འདི་བགྱིས་པའི། །དགེ་བས་འགྲོ་ཀུན་སྐུ་བཞི་མངོན་གྱུར་ཤོག །ཅེས་པའང་། མདོ་ཁམས་སྒ་ལུང་རུ་བཞིའི་ཡ་གྱལ། ཁྲི་འདུ་དགོན་གསར་དགོན་གྱི་སྒྲུབ་བརྩོན་བྱམས་པ་བསྟན་འཛིན་སོགས་དོན་གཉེར་ཅན་དག་གིས་ཚུལ་


JKT022_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུ་ཞིག་གྱིས་ཤིག་ཅེས་བསྐུལ་བའི་ངོར་རྒྱུད་དང་གྲུབ་པའི་མན་ངག་ཇི་ལྟ་བར་དྲན་པས་སྙིང་གི་གདུང་སེལ་ཕ་བླ་མ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་བརྒྱ་ཕྲག་ཐལ་བའི་ཞབས་ཀྱི་ཆུ་སྐྱེས་ལ་སྤྱི་བོས་རེག་པས་མདོ་རྒྱུད་མན་ངག་རབ་འབྱམས་ཐོས་པའི་སྐལ་བ་ཅན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག ༈ །བླ་མའི་རྣལ་འབྱོར་བྱིན་རླབས་སྙིང་པོ་ཞེས་བྱ་བ། ན་མོ་གུ་རུ་བཛྲ་དྷཱ་རཱ་ཡ། རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མ་ཡི། །ཞབས་ཀྱི་པདྨོ་གུས་པས་ཕྱག་འཚལ་ནས། །རྣལ་འབྱོར་ཟབ་མོ་བྱིན་རླབས་སྙིང་པོའི་བཅུད། །སྐལ་བཟང་ཡིད་ཀྱི་ཐིག་ལེར་འབེབས་པར་བྱ། འདི་ལ་བཞི། སྦྱོར་བ་བླ་མའི་རྣལ་འབྱོར་གསལ་གདབ་པ། དངོས་གཞི་ཚོགས་བསག་པའི་སླད་དུ་ཡན་ལག་བདུན་པ་བྱ་བ། བྱིན་རླབས་འཇུག་པའི་ཆེད་དུ་གསོལ་བ་གདབ་པ། མཇུག་དབང་བླང་ཞིང་སྙིང་པོའི་དོན་ལ་མཉམ་པར་གཞག་པའོ། །དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་བྱི་དོར་ལེགས་པར་བྱ། རྩ་བའི་བླ་མའི་སྣང་བརྙན་སོགས་དཀོན་མཆོག་གི་རྟེན་ཇི་ལྟར་རིགས་པའི་སྤྱན་སྔར། ཅི་འབྱོར་པའི་མཆོད་པ་བཟང་པོ་གཙང་ཞིང་བཀོད་པས་མཛེས་པར་བཤམ། སྟན་བདེ་བ་ལ་


JKT022_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ་དགེ་སེམས་ཁྱད་པར་ཅན་གྱི་ངང་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས་འདི་ལྟར་གསལ་གདབ་པར་བྱའོ། །ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཆོས་ཀུན་གཟོད་ནས་དག་པའི་སྟོང་ཉིད་ངང་། །རྟེན་ཅིང་འབྲེལ་འབྱུང་བདེ་བ་ཆེན་པོའི་ཚུལ། །ཟུང་འཇུག་དྭངས་བའི་མཁའ་ལ་འཇའ་ཚོན་ལྟར། །སྣོད་བཅུད་འོག་མིན་ཞིང་གི་བཀོད་པའི་དབུས། །རང་མདུན་ནམ་མཁར་ཀུན་བཟང་མཆོད་སྤྲིན་གྱིས། །མངོན་པར་སྤུངས་པའི་སེང་ཁྲི་པད་ཟླའི་སྟེང་། །དྲན་པས་སྲིད་དང་ཞི་བའི་གདུང་བ་ཀུན། །ཐུགས་རྗེ་བདུད་རྩིའི་ཆར་གྱིས་བསིལ་མཛད་པ། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་ནི། །རྣམ་པ་ཡེ་ཤེས་སྐུ་ཅན་མཉྫཤྲཱི། །དམར་སེར་ཕྱག་གཡས་རལ་གྲི་ནམ་མཁར་འཕྱར། །གཡོན་པས་ཨུཏྤལ་ལྟེ་བ་གླེགས་བམ་བསྣམས། །ཟུར་ཕུད་ལྔ་ལྡན་དར་དང་རིན་ཆེན་རྒྱན། །ཞི་འཛུམ་བརྒྱད་གཉིས་ལང་ཚོའི་མཚར་སྡུག་ཅན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་རོལ་པས་བཞུགས། །དེ་ཡི་སྤྱི་བོར་ཁྱབ་བདག་དང་པོའི་མགོན། །བྱམས་པའི་ཐུགས་རྗེས་དུར་སྨྲིག་འཛིན་པའི་ཚུལ། །ཕུན་ཚོགས་སྐུ་བཞིའི་བདག་ཉིད་བླ་མ་མཆོག །རྣམ་པ་ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་། །སྐུ་མདོག་ཨིནྡྲ་ནཱི་ལའི་ལྷུན་པོ་ལ། །ཉི་གཞོན་སྟོང་གིས་འཁྱུད་པའི་གཟི་བྱིན་འབར། །


JKT022_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་མཚན་དཔེར་མཛེས། །རང་འོད་ཡུམ་འཁྱུད་བདེ་བའི་ཉམས་འགྱུར་རྫོགས། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་རོལ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀུན། །རྣམ་དག་གདན་གསུམ་ཚང་བའི་ངོ་བོ་ཉིད། །སྐྱབས་ཀུན་འདུས་ཞལ་ཆེན་པོའི་གནས་གསུམ་དུ། །འབྲུ་གསུམ་ཡི་གེས་མཚན་པའི་འོད་ཟེར་གྱིས། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷའི་ཚོགས། །སྤྱན་དྲངས་རྡོ་རྗེ་གསུམ་དང་དབྱེར་མེད་གྱུར། །གཉིས་པ་ནི། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །ཞིང་རྡུལ་མཉམ་པའི་ལུས་སུ་སྤྲུལ་ནས་ཀྱང་། །མི་ཕྱེད་དད་པའི་གདུང་ཤུགས་དྲག་པོ་ཡིས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོར་འབུལ། །ཐོགས་མེད་ནས་བསགས་སྡིག་ལྟུང་ཇི་སྙེད་ཚོགས། །སྟོབས་བཞི་ཚང་བས་སྙིང་ནས་སོ་སོར་བཤགས། །རྗེ་བཙུན་བླ་མའི་ཕྲིན་ལས་རྨད་བྱུང་བར། །མཆོག་ཏུ་དད་པས་རྗེས་སུ་ཡི་རང་ངོ་། །རིགས་ཅན་གསུམ་གྱི་གདུལ་བྱ་མཐའ་དག་ལ། །གང་འདུལ་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ། །ངེས་པ་ལྔ་ལྡན་ལོངས་སྤྱོད་ཆེན་པོ་དང་། །དབྱེར་མེད་རྒྱུན་གྱིས་རྟག་པར་བཞུགས་


JKT022_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས། །དགེ་བ་འདི་དང་མཐའ་ཡས་དགེ་བ་ཀུན། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བར་བགྱི། །ཞེས་དང་། མཎྜལ་རྒྱས་བསྡུས་གང་རིགས་འབུལ། གསུམ་པ་ནི། མཁའ་ཁྱབ་སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི། །ཡེ་ཤེས་ཕུང་པོ་གཅིག་ཏུ་བསྡུས་པའི་གཟུགས། །དྲན་པ་ཙམ་གྱིས་དངོས་གྲུབ་མཆོག་སྩོལ་བ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བྱམས་པའི་ཐུགས་རྗེས་ཁྱབ་བདག་རྡོ་རྗེ་འཆང་། །ཐེག་མཆོག་དགེ་བའི་བཤེས་ཀྱི་ཚུལ་བཟུང་བས། །ཕུན་ཚོགས་སྐྱབས་གནས་རྒྱ་མཚོའི་ངོ་བོ་ཉིད། །རྣམ་འདྲེན་དང་པོའི་མགོན་པོར༴ འཇམ་དབྱངས་བླ་མ་རྣམས་ཀྱིས་བྱིན་བརླབས་པས། །མཁྱེན་དང་བརྩེ་བའི་ཡེ་ཤེས་རྨད་བྱུང་བརྙེས། །མདོ་སྔགས་སྨྲ་བའི་དབང་པོ་ཆོས་ཀྱི་རྗེ། །བཀའ་དྲིན་མཚུངས་མེད་ཞབས་ལ༔ གསོལ་བ་འདེབས་སོ་བྱམས་མགོན་རྡོ་རྗེ་འཆང་། །བྱིན་གྱིས་རློབས་ཤིག་འཇམ་དབྱངས་བླ་མ་རྗེ། །བདག་ཅག་འདི་ནས་བྱང་ཆུབ་སྙིང་པོའི་བར། །འབྲལ་བ་མེད་པར་རྟག་ཏུ་རྗེས་སུ་ཟུངས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །མགོན་པོ་ཟུང་ལས་སྐྱབས་གཞན་མ་མཆིས་པས། །མི་མཉེས་བྱ་བ་སྐད་ཅིག་མི་བགྱིད་ཅིང་། །མཉེས་པས་ཚུལ་བཞིན་བསྟེན་པར་བྱིན་གྱིས་རློབས། །རྙེད་དཀའ་ཕན་འདོགས་ཆེ་བའི་དལ་འབྱོར་རྟེན། །ངེས་པར་འཆི་ཞིང་ནམ་འཆིའི་ཚད་


JKT022_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་མེད། །ཤི་ན་ལས་ཀྱི་རྗེས་སུ་འབྲང་བའི་ཕྱིར། །དགེ་སྡིག་བླང་དོར་ཤེས་པར༴ །ཁམས་གསུམ་འཁོར་བ་གང་དུ་སྐྱེས་གྱུར་ཀྱང་། །སྡུག་བསྔལ་གསུམ་གྱིས་འགྱུར་བའི་ཚུལ་རིག་ནས། །བདེན་བཞིའི་འཇུག་ལྡོག་ཚུལ་བཞིན་གོམས་པ་ཡིས། །བསླབ་གསུམ་རྣམ་པར་དག་པར །རང་ཡིད་ཁོ་ན་སྲིད་ལས་ངེས་འབྱུང་བློས། །རྣམ་མཁྱེན་གོ་འཕང་ནམ་ཡང་མི་ཐོབ་པས། །མར་གྱུར་འགྲོ་ལ་བྱམས་དང་སྙིང་རྗེའི་བློས། །བྱང་ཆུབ་སེམས་མཆོག་འབྱོངས་པར༔ ཆོས་ཀུན་སྟོང་དང་རྟེན་འབྲེལ་ཟུང་འཇུག་པའི། །གནས་ལུགས་ཟབ་མོའི་དེ་ཉིད་ཁོངས་ཆུད་ནས། །རྩེ་གཅིག་ཏིང་འཛིན་བརྟན་པས་གཟུང་འཛིན་གྱི། །བདེན་ཞེན་མཐའ་དག་ཞི་བར༴ གཞན་ཕྱིར་མྱུར་དུ་སངས་རྒྱས་ཐོབ་བྱའི་ཕྱིར། །ཟབ་མོ་རྡོ་རྗེ་ཐེག་པའི་ལམ་ཞུགས་ནས། །དབང་གིས་རྒྱུད་སྨིན་དམ་ཚིག་སྡོམ་པ་ལ། །ངེས་འབྱུང་དྲི་མ་མེད་པར༔ སྲིད་པ་སྐྱེ་ཤི་བར་དོའི་སྣང་ཞེན་ཀུན། །སྐུ་གསུམ་ལམ་བྱེད་བསྐྱོད་པའི་རིམ་པ་ཡིས། །ཡོངས་སུ་དག་པའི་སྐུ་དང་ཡེ་ཤེས་དང་། །ཡོན་ཏན་ཕྲིན་ལས་རྫོགས་པར༔ སྣང་བ་ལྷ་དང་སྲོག་རྩོལ་སྔགས་སུ་ཤར། །གཟུང་འཛིན་ཉེར་ཞི་ཀུན་རྫོབ་སྒྱུ་ལུས་དང་། །དོན་དམ་འོད་གསལ་ངང་དུ་མཉམ་གཞག་པས། །སློབ་པའི་ཟུང་འཇུག་འགྲུབ་པར མཐར་ཐུག་སྤྱོད་པ་ཟབ་མོས་མཚམས་སྦྱར་ནས། །


JKT022_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་དང་ཆོས་སྐུ་དབྱེར་མེད་པའི། །སློབ་པ་མིན་པའི་ཟུང་འཇུག་མངོན་གྱུར་ནས། །མཁའ་ཁྱབ་འགྲོ་ཀུན་འདྲེན་པར༴ རྒྱལ་བ་དགྱེས་པའི་ལམ་ལ་བསླབ་པ་རྣམས། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པ་ཡིས། །རང་གཞན་ཕན་བདེར་འགོད་པར= བསྟན་འཛིན་སྐྱེས་བུ་མཆོག་རྣམས་ཞབས་པད་བརྟན། །བཤད་སྒྲུབ་བསྟན་པས་ས་ཆེན་ཡོངས་སུ་ཁྱབ། །འགྲོ་རྣམས་དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །བདེ་སྐྱིད་ཆོས་འབྱོར་འཕེལ་བར༔ མདོར་ན་འདི་ཕྱི་བར་དོའི་གནས་སྐབས་ཀུན། །རྗེ་བཙུན་བླ་མས་རྟག་ཏུ་བྱིན་བརླབས་པས། །བསམ་པའི་དོན་ཀུན་ཆོས་བཞིན་འགྲུབ་པ་དང་། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་མོས་གུས་ཤུགས་དྲག་པོས་རྩེ་གཅིག་ཏུ་གསོལ་བ་གདབ། མཚན་སྔགས་བཟླ་བར་སྤྲོ་ན། བླ་མ་རིན་པོ་ཆེ་ལ་མོས་གུས་རྩེ་གཅིག་པས་མཚན་ནས་བོས་ཏེ་བདག་ལ་དངོས་གྲུབ་རྣམ་པ་གཉིས་སྩལ་དུ་གསོལ་སྙམ་པའི་ཡིད་ཀྱིས། ཨོཾ་ཨཱཿཐགུ་རུ་བཛྲ་དྷཱ་ར་མེ་ཏྲི་ལངྒཱི་སརྦ་སིདྡྷི་ཧཱུྃ། ཞེས་དང་། ཨོཾ་ཨཱཿམཉྫགྷོ་ཥ་གུ་རུ་བིད་ཀྱི་པེནྡྲ་སརྦ་སིདྡྷི་ཧཱུྃ། ཞེས་ཅི་ནུས་སུ་བཟླ། བཞི་པ་ནི། དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །རྒྱལ་ཀུན་འདུས་ཞལ་རྗེ་བཙུན་བླ་མ་ཟུང་། །དམིགས་མེད་ཐུགས་རྗེའི་འཇུག་པས་ལྷག་པར་


JKT022_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས། །བདག་ལ་དགྱེས་ཤིང་བརྩེ་བས་བཞུགས་པ་ཡི། །གནས་གསུམ་རྡོ་རྗེ་གསུམ་གྱི་འབྲུ་གསུམ་ལས། །དཀར་དམར་མཐིང་གའི་འོད་ཟེར་བདུད་རྩིར་བཅས། །རིམ་དང་ཅིག་ཅར་བར་མ་ཆད་དུ་བྱུང་། །རང་གི་གནས་གསུམ་ཞུགས་ཤིང་ཐིམ་པ་ཡིས། །དབང་བཞིས་རྒྱུད་སྨིན་སྒྲིབ་བཞི་ཡོངས་སུ་སྦྱངས། །བསྐྱེད་རྫོགས་ཟབ་མོའི་ལམ་བཞི་བསྒོམ་པ་དང་། །འབྲས་བུ་སྐུ་བཞི་འགྲུབ་པའི་སྐལ་ལྡན་བྱས། །མཐར་ནི་རྡོ་རྗེ་འཆང་དབང་བླ་མ་ཆེ། །འཇམ་མགོན་བླ་མ་ཉིད་དང་དབྱེར་མེད་གྱུར། །དེ་ཡང་འོད་ཞུ་རང་ལ་ཐིམ་པ་ཡིས། །སྒོ་གསུམ་བླ་མའི་སྐུ་གསུང་ཐུགས་སུ་འདྲེས། །བྱིན་རླབས་སྟོབས་ཀྱིས་རླུང་སེམས་དབུ་མར་ཐིམ། །དགའ་བཞིའི་བདེ་དང་སྟོང་པ་བཞིའི་འོད་གསལ། །དབྱེར་མེད་ལྷན་སྐྱེས་ཡེ་ཤེས་མངོན་གྱུར་ནས། །སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་སྐུར་ཤར། །ཅེས་བརྗོད་ཅིང་བསམ་ལ་སེམས་བཟུང་། ཐུན་མཚམས་ཀྱི་བྱ་བར་འཇུག་པ་ན། དགེ་བ་འདི་ཡིས་བདག་སོགས་འགྲོ་བ་ཀུན། །དཔལ་ལྡན་བླ་མས་འབྲལ་མེད་རྗེས་བཟུང་ཞིང་། །རྒྱལ་བ་དགྱེས་པའི་ལམ་བཟང་མཐར་ཕྱིན་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ། ཐུན་མཚམས་ཐམས་ཅད་དུའང་བླ་མའི་མོས་གུས་དང་མ་བྲལ་བའི་སྒོ་


JKT022_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པས་དོན་ཡོད་པའི་དགེ་ཚོགས་རླབས་པོ་ཆེ་སྒྲུབ་པའི་ཐབས་ལ་མཁས་པར་བྱའོ། །དེ་ལྟར་ཐུན་མོང་གི་ལམ་གྱིས་རྒྱུད་འབྱོངས། །དབང་བཞི་ཐོབ་ཅིང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་ལམ་འདི་ལྟ་བུ་ལ་བརྩོན་པར་བྱས་པས་རིང་པོར་མི་ཐོགས་པར་བླ་ན་མེད་པའི་དངོས་གྲུབ་ལ་དབང་འབྱོར་བར་འགྱུར་རོ། །འདི་ལས་རྒྱས་པར་སྤྲོས་ཏེ་བླ་མ་མཆོད་པ་བྱེད་པར་སྤྲོ་ན། ཅི་འབྱོར་པའི་མཆོད་པ་དང་། ཚོགས་ཀྱི་ཡོ་བྱད་སོགས་བཤམ། རང་སྐད་ཅིག་གིས་ལྷག་པའི་ལྷར་གསལ་བའི་ངང་ནས་སྐྱབས་སེམས་མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་ཚོགས་ཞིང་བརྗོད། ཡན་ལག་བདུན་པ་དང་མཎྜལ་རྒྱས་པར་འབུལ། གོང་དུ་སྨོས་པའི་གསོལ་འདེབས་དང་། གཞན་ཡང་གསོལ་འདེབས་རྒྱས་པ་ཅི་རིགས་པ་བྱ་ཞིང་མཚན་སྔགས་བཟླ། ཚོགས་མཆོད་ཡོད་ན་ཆོ་ག་རྒྱས་བསྡུས་གང་རིགས་ཀྱིས་ཕུལ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་སོགས་རིགས་ལྔའི་སྡོམ་བཟུང་ལན་གསུམ་གྱི་མཐར། སླར་ཡང་གསོལ་བ་གདབ་ཅིང་དབང་བཞི་བླངས་ནས་མཉམ་པར་གཞག ། དེ་ལས་ལྡང་བ་ན་བསྔོ་སྨོན་དང་ཤིས་བརྗོད་རྒྱས་པར་བྱས་པས་གྲུབ་བོ། །སྲིད་ཞིའི་དགེ་ལེགས་ཀུན་གྱི་སྒོ་གཅིག་པུ། །བླ་མའི་རྣལ་འབྱོར་བྱིན་རླབས་སྙིང་པོའི་ལམ། །འདི་ལ་བརྟེན་ནས་མཐའ་ཡས་ཡིད་


JKT022_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཀུན། །རྣམ་གྲོལ་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་བླ་མ་རྡོ་རྗེ་འཆང་བྱམས་པའི་མཚན་ཅན་གྱི་ཐུགས་སྲས་དམ་པ་ལི་ཐང་རྩེ་རི་ཁྲོད་ཀྱི་དབུ་མཛད་ལུང་རིགས་སྨྲ་བ་དགེ་སློང་ཕྲིན་ལས་རྒྱ་མཚོ་དང་། མཐུ་སྟོབས་ཟུང་ནས་མཎྜལ་དང་བཅས་ཏེ་ནན་ཏན་དུ་བསྐུལ་བ་ལྟར། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག ༈ །བླ་མའི་རྣལ་འབྱོར་བྱིན་རླབས་སྙིང་པོའི་སྒོ་ནས་བླ་མ་མཆོད་པ་རྒྱས་པར་བྱེད་ན། བདེ་ཆེན་ངང་ལས་སོགས་ནས། གང་བར་གྱུར། བར་བླ་མཆོད་བདེ་སྟོང་དབྱེར་མེད་མ་སོར་བཞག་ལ། བར་འདིར་སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་བརྗོད། དེ་ནས། ཨོཾ་ཤུ་ནྱ་ཏཱ་སོགས་ནས། རྡོ་རྗེ་གསུམ་དང་དབྱེར་མེད་གྱུར། བར་དཀྱུས་ལྟར། ཕུན་ཚོགས་བདེ་ལེགས་སོགས་ནས། ཕྱོགས་ཀུན་ཁྱབ་པར། བླ་མཆོད་ལྟར། 2 འདི་ནས་མཎྜལ་རྒྱས་པར་འབུལ། བྱེ་བ་ཕྲག་བརྒྱ་ནས། བཟུང་དུ་གསོལ། བར་དང་། ཐོགས་མེད་དུས་ནས་སོགས་ནས། ཐོབ་ཕྱིར་བསྔོ། བར་བླ་མཆོད་ལྟར། ཡང་ན་ཡན་ལག་བདུན་པ་རྒྱས་པར་གཞན་བྱས་ཀྱང་རུང་། དེ་ནས། མཁའ་ཁྱབ་སྲས་བཅས་སོགས་དཀྱུས་ལྟར་གསོལ་འདེབས་དང་། སྤྲོ་ན། ཡོན་ཏན་མཚུངས་མེད་ནས་བྱང་ཆུབ་སེམས་དངོས་ཁྱོད་ལ་གསོལ་བ་འདེབས། བླ་མཆོད་ལྟར། །


JKT022_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་སྔགས་དཀྱུས་ལྟར། །ཚོགས་མཆོད་རྒྱས་བསྡུས་གང་རིགས་བྱིན་རླབས་ནས་ལྷག་མའི་བར་དང་། བསྔོ་སྨོན་གང་རིགས་བྱ། སངས་རྒྱས་བྱང་ཆུབ་སེམས་ཀུན་སོགས་རིགས་ལྔའི་སྡོམ་པ་བཟུང་། སླར་ཡང་། མཁའ་ཁྱབ་སྲས་བཅས། སོགས་གསོལ་འདེབས་དང་། ཁྱོད་ནི་བླ་མ་སོགས་བླ་མཆོད་ལྟར་ལན་གསུམ། དེ་ལྟར་རྩེ་གཅིག་སོགས་ནས། ཆོས་སྐུར་ཤར། ཞེས་པའི་བར་དཀྱུས་ལྟར། མཐར་མཉམ་པར་གཞག །དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་སོགས་དཀྱུས་ལྟར་ལ། སྤྲོ་ན་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་རྒྱས་པར་གདབ་ཅིང་། གང་ལྟར་ཡང་། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ལས་འབྱུང་བའི་ཤིས་བརྗོད་རྒྱས་པར་བྱའོ།། ༈ །།འཇམ་མགོན་རྡོ་རྗེ་འཆང་ངག་དབང་ཐེག་ཆེན་བཀྲ་ཤིས་རིན་ཆེན་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འབེབས་ཞེས་བྱ་བ། ན་མོ་གུ་རུ་བཛྲ་དྷཱ་རཱ་ཡ། སྐྱབས་སེམས་སྔོན་དུ་འགྲོ་བས་ཚོགས་རྟེན་གསལ་གདབ་པ་ནི། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། སྣོད་བཅུད་གཟུང་འཛིན་མི་དམིགས་སྟོང་པའི་ངང་། །གནས་ཡུལ་འོག་མིན་སྟུག་པོ་བཀོད་པའི་ཞིང་། བྱང་ཆུབ་སེམས་དཔའ་ནོར་བུའི་གཞལ་མེད་ཁང་། །ཡངས་ཤིང་རྒྱ་ཆེ་བཀོད་པས་མཛེས་པའི་དབུས། །རང་མདུན་ནམ་མཁར་འཇའ་ཚོན་འོད་ལྔའི་ཀློང་། །སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ། །


JKT022_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་སུམ་ལྡན་རྩ་བའི་བླ་མ་རྗེ། །ངག་དབང་ཐེག་ཆེན་བཀྲ་ཤིས་རིན་ཆེན་ཞབས། །རྣམ་པ་རྒྱལ་ཀུན་ཡབ་གཅིག་འཇམ་པའི་དབྱངས། །སྐུ་མདོག་དམར་སེར་གཟི་བརྗིད་དཔལ་དུ་འབར། །ཕྱག་གཡས་ཤེས་རབ་རལ་གྲི་མཁའ་ལ་འཕྱར། །གཡོན་པས་ཨུཏྤ་ལར་གནས་གླེགས་བམ་བསྣམས། །ཟུར་ཕུད་ལྔ་ལྡན་དར་དང་རིན་ཆེན་རྒྱན། །སྣང་སྟོང་ཟུང་འཇུག་དབང་པོའི་གཞུ་ལྟ་བུ། །མཚན་དཔེའི་ཆས་རྫོགས་ཞི་འཛུམ་སྒེག་པའི་ཉམས། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ལྷ་ཡི་དངོས། །སྐྱབས་གནས་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་ཚོགས། །གང་འདུལ་མོས་ངོར་སྤྲོ་ཞིང་བསྡུ་བའི་བདག །འབྲེལ་ཚད་དད་ལྡན་མཆོག་གི་ངོ་བོར་བཞུགས། །ཞེས་གསལ་བཏབ་ལ་ཚོགས་བསགས་པའི་སླད་དུ་ཡན་ལག་བདུན་པ་འབུལ་བ་ནི། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་བཞིན་རྟག་པར་བཞུགས་གསོལ་འདེབས། །དགེ་ཚོགས་ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་ཀུན། །དཔལ་ལྡན་བླ་མའི་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་དང་མཎྜལ་རྒྱས་བསྡུས་གང་རིགས་འབུལ། བྱིན་རླབས་འཇུག་པའི་སླད་དུ་


JKT022_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་གདབ་པ་ནི། ངག་གི་དབང་ཕྱུག་ཐེག་ཆེན་བཤེས་གཉེན་མཆོག །སྲིད་ཞིའི་བཀྲ་ཤིས་ཀུན་གྱི་འབྱུང་གནས་ཆེ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་། །འཇམ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་རྗེ་བཙུན་ས་སྐྱ་པ། །བྱིན་གྱིས་རློབས་ཤིག་མངྒ་ལ་རཏྟཱ། །སྙིང་ནས་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་སུ་ཟུངས། །ཞེས་དང་། སྔགས་བཟླ་བར་སྤྲོ་ན། ཨོཾ་ཨ་ར་པ་ཙ་ན་དྷཱི༔ མཚན་སྔགས། ཨོཾ་ཨཱཿ་གུ་རུ་མཉྫནཱ་ཐ་བཛྲ་དྷ་ར་མངྒ་ལ་རཏྣ་སརྦ་སིདྡྷི་མེ་པྲ་ཡཙྪ་ཧཱུྃ། ཞེས་པའང་བཟླ། དབང་བླང་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པ་ནི། བླ་མའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་རིམ་དང་ཅིག་ཅར་འཕྲོས་པ་ཡིས། །སྒྲིབ་པ་བཞི་སྦྱངས་ལམ་བཞིའི་སྣོད་དུ་གྱུར། །སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་བ་བཞག །སེ མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་འོད་གསལ་ཕྱག་རྒྱ་ཆེ། །འཁོར་འདས་དབྱེར་མེད་རྟོགས་པའི་དེ་ཁོ་ན། །བློ་འདས་མ་བཅོས་གཉུག་མའི་ངང་ལ་བཞག །ཅེས་བརྗོད་ཅིང་བསམ་ལ་བསྔོ་སྨོན་ཇི་ལྟར་རིགས་པ་བྱའོ། །ཞེས་པའང་བརྩེ་ཆེན་སྙིང་པོའི་བསྟན་པའི་གསལ་བྱེད་དམ་པ་རྣམ་འདྲེན་རྡོ་རྗེ་འཛིན་དབང་ཕུར་པ་ཆོས་རྗེ་རཏྣ་བྷ་དྲས་བཀྲ་ཤིས་པའི་ལྷ་རེག་དང་། རིན་ཆེན་དང་


JKT022_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མཎྜལ་བཅས་ཆེད་དུ་བསྐུལ་ངོར། འཇམ་མགོན་བླ་མ་ས་སྐྱ་པ་ཆེན་པོ་དེ་ཉིད་ཀྱི་ཞབས་རྡུལ་ལ་སྤྱི་བོས་རེག་ཅིང་བྱམས་པ་ཆེན་པོས་རྗེས་སུ་བཟུང་བའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དད་པས་བྲིས་པ་དཔལ་ལྡན་བླ་མའི་བྱིན་རླབས་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག ༈ །ཟབ་ལམ་བླ་མའི་རྣལ་འབྱོར་མཁའ་སྤྱོད་གྲུབ་སྟེར་ཞེས་བྱ་བ། ན་མོ་གུ་ར་བེ། ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས་སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་བ་སོགས། གདོད་ནས་སྟོང་དང་རྟེན་འབྱུང་དབྱེར་མེད་པའི། །རྣམ་རོལ་གནས་ཡུལ་དག་པ་མཁའ་སྤྱོད་ཞིང་། །ཡིད་འཕྲོག་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །མདུན་གྱི་ནམ་མཁར་པད་ཉི་འཇིགས་དུས་སྟེང་། །ངོ་བོ་སྲས་བཅས་རྒྱལ་བའི་ཡེ་ཤེས་དངོས། །རིགས་བརྒྱའི་ཁྱབ་བདག་རྩ་བའི་བླ་མ་མཆོག །སྐལ་བཟང་བསྟན་པའི་ཉི་མ་དཔལ་བཟང་པོ། །རྣམ་པ་རྒྱལ་ཀུན་སྐྱེད་ཡུམ་རྣལ་འབྱོར་མ། །དམར་གསལ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཛེས། །ཕྱག་གཉིས་གྲི་ཐོད་ཕྲག་གཡོན་ཁ་ཊཾ་འཆང་། །དབུ་སྐྲ་གནག་སྣུམ་རུས་པའི་ཕྱག་རྒྱས་སྤྲས། །ཡེ་ཤེས་མེ་དཔུང་བརྐྱང་བསྐུམ་དོར་སྟབས་བཞེངས། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་ལྷ། །སྒྱུ་འཕྲུལ་དྲ་བ་ཆེན་པོའི་


JKT022_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་དུ། །རྡོ་རྗེའི་ཡི་གེས་མཚན་པའི་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ༔དམ་ཡེ་དབྱེར་མེད་གྱུར། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །ཞིང་རྡུལ་མཉམ་པའི་ལུས་སུ་རབ་སྤྲུལ་ནས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བ་མཆོག་གི་མཆོད་སྤྲིན་དང་། །ལུས་དང་ལོངས་སྤྱོད་ལྟོས་པ་མེད་པར་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །བསོད་ནམས་དངོས་ཀུན་བྱང་ཆུབ་ཆེན་པོར་བསྔོ། །འགྲོ་རྣམས་མཁའ་སྤྱོད་དངོས་གྲུབ་མཆོག་ཐོབ་ཤོག །ཅེས་ཡན་ལག་བདུན་པ་དང་། མཎྜལ་རྒྱས་བསྡུས་གང་རིགས་འབུལ། ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི། སྐལ་བཟང་གདུལ་བྱ་རྒྱ་མཚོའི་མགོན་གཅིག་པུ། །བསྟན་པའི་ཉི་མ་འཇིགས་མེད་སྨྲ་བའི་དབང་། །མཁྱེན་རབ་ཟབ་མོས་ངེས་དོན་བསྟན་པ་འཛིན། །སྐྱབས་མཆོག་རྗེ་བཙུན་དབང་མོར་གསོལ་བ་འདེབས། །འཇམ་པའི་དབྱངས་སོགས་སྲས་བཅས་རྒྱལ་ཀུན་གྱི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་བསྡུས་པ། །མཁས་གྲུབ་དབང་པོ་རིགས་ཀུན་ཁྱབ་བདག་ཆེ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་རིགས་བདག་རྣལ་འབྱོར་མ། །བྱིན་གྱིས་རློབས་ཤིག་རྗེ་བཙུན་མཁྱེན་


JKT022_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེའི་དབང་། །ཐུགས་རྗེས་ཟུངས་ཤིག་ཡེ་ཤེས་སྣང་བ་ཡིས། །མཁའ་སྤྱོད་ཆེན་པོའི་གྲོང་དུ་དབུགས་དབྱུང་གསོལ། །ཞེས་ཅི་ནུས་དང་། སྤྲོ་ན་ཁོ་བོས་བྱས་པའི་ཐུགས་དམ་གནད་བསྐུལ་གསོལ་འདེབས་བྱ། སྔགས་བཟླ་བར་སྤྲོ་ན། ཨོ་གསུམ་མ་ཅི་ནུས་དང་། ཨོ་ཨཱགུ་རུ་བཛྲ་ཡོ་གི་ནཱི་སུ་ཀ་ལྔ་ཤཱ་ས་ན་སཱུ་རྱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ། ཞེས་པའང་ཅི་རིགས་པར་བཟླའོ། །རྗེ་བཙུན་བླ་མའི་གནས་གསུམ་འབྲུ་གསུམ་ལས། །འོད་ཟེར་བདུད་རྩི་རིམ་དང་ཅིག་ཅར་བྱུང་། །རང་ལ་ཐིམ་པས་དབང་བཞིའི་ཡེ་ཤེས་སྨིན། །སྒྲིབ་དག་སྐུ་བཞི་ཐོབ་པའི་ནུས་ལྡན་གྱུར། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་བྱིན་རླབས་རྒྱུད་ལ་ཞུགས། །སྟོང་གསལ་འཛིན་མེད་བློ་འདས་འོད་གསལ་ངང་། །གནས་ལུགས་མ་བཅོས་གཉུག་མའི་རང་ཞལ་བལྟ། །ཞེས་དབང་བླང་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་བཞག ། ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །བླ་མ་རྡོ་རྗེ་བཙུན་མོས་རྗེས་བཟུང་སྟེ། །གནས་སྐབས་མཐར་ཐུག་རྒུད་པ་ཀུན་ཞི་ཞིང་། །གྲུབ་གཉིས་དགའ་སྟོན་རྒྱས་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་བཀྲ་ཤིས་གང་ཤེས་བྱའོ། །ཞེས་པའང་དད་ལྡན་དགེ་བའི་བཤེས་གཉེན་གུ་ཎ་ལཀྵིའི་བཞེད་ངོར་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་རབ་ཚེས་ས་


JKT022_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་སྟག་ལོའི་ཆུ་སྟོད་ཟླ་བའི་དཀར་ཕྱོགས་མཁའ་འགྲོ་མ་འདུ་བའི་ཚེས་བཅུའི་དུས་བཟང་པོར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ༈ །བླ་མ་འཇམ་པའི་དབྱངས་ཁྲི་སྲོང་ལྡེའུ་བཙན་དང་དབྱེར་མེད་དུ་གསོལ་གླུ བ་འདེབས་པའི་རྣལ་འབྱོར་གྲུབ་གཉིས་ཤིང་རྟ་ཞེས་བྱ་བ། ན་མོ་གུ་རུ་བྷྱ༔ ཕྱོགས་བཅུ་དུས་གསུམ་སྐྱབས་གནས་ཐམས་ཅད་ལ། །བྱང་ཆུབ་བར་དུ་གུས་པས་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །རྣལ་འབྱོར་ཟབ་མོའི་ལམ་ལ་འཇུག་པར་བགྱི། །ལན་གསུམ། རང་མདུན་ནམ་མཁར་ཡིད་འཕྲོག་མཆོད་སྤྲིན་དབུས། །རིན་ཆེན་མཛེས་ཁྲི་ཆུ་སྐྱེས་ཉི་ཟླའི་སྟེང་། །རྩ་བའི་བླ་མ་མགོན་པོ་འཇམ་པའི་དབྱངས། །རྣམ་པ་གངས་ཅན་ལྷ་གཅིག་ཁྲི་སྲོང་རྗེ། །དཀར་གསལ་ཞི་འཛུམ་སྤྱན་ཟུང་ཟླུམ་ལ་འཁྱིལ། །ཞལ་གཅིག་ཕྱག་གཉིས་རོལ་པའི་སྟབས་ཀྱིས་བཞུགས། །ཕྱག་གཡས་མཆོག་སྦྱིན་བརྐྱངས་པའི་མཐེབ་སྲིན་གྱིས། །ཨུཏྤལ་གླེགས་བམ་རལ་གྲིས་མཚན་པ་དང་། །གཡོན་པས་མཉམ་གཞག་འཁོར་ལོ་རིན་པོ་ཆེ། །གསེར་སྦྱངས་ལས་གྲུབ་འོད་ཟེར་འཕྲོ་བ་བསྣམས། །ནང་དུ་རྡོ་རྗེའི་འདུང་མ་ཟླ་མདོག་དང་། །གསང་གོས་སྔོན་པོ་ཟ་བེར་སྨུག་པོས་བཀླུབས། །ནོར་བུའི་རྒྱན་ཕྲེང་ལྷ་རྫས་ལ་ཐོད་སོགས། །རྒྱལ་པོའི་ཆ་ལུགས་གཟི་བྱིན་མཚུངས་པ་མེད། །དགོངས་པ་མི་གཡོ་གཞན་


JKT022_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཟིལ་གྱིས་གནོན། །ཐུགས་ཀར་པད་ཟླ་འོད་ཀྱི་གུར་ཁྱིམ་དབུས། །ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུ་ནི། །གསེར་མདོག་རལ་གྲི་གླེགས་བམ་ཕྱག་ན་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །བདག་གཞན་ལུས་དང་ལོངས་སྤྱོད་དགེ་བའི་ཚོགས། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་བརྒྱད། །རྒྱལ་སྲིད་བདུན་དང་ལྷ་མིའི་འབྱོར་པའི་ཕུལ། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོས་མཆོད། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཇམ་པའི་དབྱངས། །གངས་ཅན་བཀའ་དྲིན་མཉམ་མེད་ཁྲི་སྲོང་རྗེ། །དེང་འདིར་སུམ་ལྡན་རྡོ་རྗེ་འཛིན་པའི་ཚུལ། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །བླ་མ་ཀུན་འདུས་འཇམ་དབྱངས་བླ་མ་མཁྱེན། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཡི་དམ་ཀུན་འདུས་འཇམ་དབྱངས་བླ་མ་མཁྱེན། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ཆེན་ཕོབ། །མཁའ་འགྲོ་ཀུན་འདུས་འཇམ་དབྱངས་བླ་མ་མཁྱེན། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །ཆོས་སྐྱོང་ཀུན་* འདུས་འཇམ་དབྱངས་བླ་མ་མཁྱེན། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་མི་མཐུན་ཟློག །ནོར་ལྷ་ཀུན་འདུས་འཇམ་དབྱངས་བླ་མ་མཁྱེན། །མཐུན་རྐྱེན་དཔལ་འབྱོར་འདོད་དགུའི་སྤྲིན་ཕུང་དཀྲིགས། །


JKT022_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་ཀུན་འདུས་འཇམ་དབྱངས་བླ་མ་མཁྱེན། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་སུ་ཟུངས། །གསོལ་འདེབས་ཀྱི་བཟླས་པ་བྱ་བར་སྤྲོ་ན། བླ་མ་འཇམ་དབྱངས་དབྱེར་མེད་ལ་ཕུར་ཚུགས་སུ་གསོལ་བ་བཏབ་ཅིང་། ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཞེས་བརྒྱ་རྩ་སོགས་ཅི་ནུས་བཟླས་མཐར། འཇམ་དབྱངས་བླ་མའི་སྐུ་ལས་བདུད་རྩིའི་རྒྱུན། །འོད་ཟེར་དང་བཅས་ཚངས་པའི་སྒོ་ནས་ཞུགས། །རང་ལུས་ཀུན་ཁྱབ་དབང་བཞིའི་ཡེ་ཤེས་ཐོབ། །སྒྲིབ་དག་སྣོད་རུང་སྐུ་བཞིའི་ངོ་བོར་སྨིན། །མཐར་ནི་བླ་མ་རང་ཐིམ་གཉིས་མེད་ངང་། །སེམས་ཉིད་ངོ་བོ་སྟོང་ལ་རང་བཞིན་གསལ། །དབྱེར་མེད་ཟུང་འཇུག་བློ་འདས་གཉུག་མའི་གཤིས། །དོན་དམ་འོད་གསལ་བླ་མའི་རང་ཞལ་བལྟ། །ཞེས་བརྗོད་ཅིང་བསམས་ལ་མཉམ་པར་བཞག །དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་རྒྱལ་ཀུན་ཡེ་ཤེས་སྐུ། །བླ་མ་འཇམ་དཔལ་དཔའ་བོ་འགྲུབ་གྱུར་ནས། །མཁའ་ཁྱབ་འགྲོ་ཀུན་བརྟན་པའི་འཁོར་ལོ་དང་། །དབྱེར་མེད་བྱང་ཆུབ་ཐོབ་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་སྤྱོད་ལམ་ལ་འཇུག་གོ །ཞེས་པའང་སྒྲུབ་བརྩོན་མཉྫ་ཤྲཱི་དྷཱ་ཛ་ཅན་ཟུང་ནས་འདི་ལྟ་བུ་ཞིག་གྱིས་ཞེས་མེ་ཏོག་དང་བཅས་ཏེ་གསོལ་བ་བཏབ་པའི་ངོར། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གང་ཤར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ༈ །འཇམ་


JKT022_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་སྙིང་པོར་དྲིལ་བ་བཞུགས་སོ། །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བདག །དཔལ་ལྡན་བླ་མར་གུས་བཏུད་ནས། །རང་ཚུལ་སྒྲོ་སྐུར་མ་མཆིས་པར། །དམ་པའི་གསུང་ངོར་མདོར་བསྡུས་བརྗོད། །ཁོ་བོ་བོད་ཆེན་སྡེ་དགེའི་ཤར། །གཏེར་ལྷུང་ཞེས་པའི་ས་ཡི་ཆར། །ཁྱུང་ཆེན་བྲག་གི་འདབས་རོལ་ཏུ། །གཉོས་ཀྱི་རིགས་སུ་གྲགས་པ་ལས། །རབ་ཡིད་ལྕགས་། ཕོ་འབྲུག་གི་ལོའི། །དབྱར་ཐ་ཆུ་སྟོད་ཟླ་བ་ཡི། །ཆོས་འཁོར་བསྐོར་བའི་དུས་ཚེས་དང་། །ཉེ་བ་དཀར་ཕྱོགས་རྫོགས་པའི་ཉིན། ངོ་མཚར་ལྟས་བཅས་བཙས་སོ་སྐད། །དྲན་ཙམ་དུས་སུ་ཡེ་ཤེས་ཀྱི། །མགོན་པོ་ཕྱག་དྲུག་ཨེ་ཀ་ཛས། །ཡང་ཡང་བརྩེ་ཞིང་སྐྱོང་བ་དང་། །ཚེ་སྔོན་བག་ཆགས་འལ་འོལ་དྲན། །ཆུང་ནས་རབ་བྱུང་ཕྱོགས་སུ་བསྙེན། །ཉེར་གཅིག་ལོ་ཡི་གུང་སོན་ཚེ། །སྨིན་གྲོལ་ཆོས་ཀྱི་གླིང་ཆེན་པོར། །བརྟན་མཁས་རྫོགས་པའི་དགེ་བའི་བཤེས། །རིག་འཛིན་བཟང་པོར་བསྙེན་པར་རྫོགས། །ཁྲི་ཆེན་སངས་རྒྱས་ཀུན་དགའ་ལས། །དབུ་མ་ལུགས་ཀྱི་སེམས་བསྐྱེད་དང་། །དཔལ་ཆེན་ཡང་དག་སོ་ལུགས་དང་། །རིག་འཛིན་ཐུགས་ཏིག་དབང་བསྐུར་ནོས། །སྡོམ་པ་གསུམ་དང་ལྡན་པར་བྱས། །སྔ་ཕྱིར་ཁམས་དབུས་གཙང་གསུམ་དུ། །མི་ལོ་བཅུ་གསུམ་ཐོས་པ་བཙལ། །རྡོ་རྗེ་འཛིན་དང་དགེ་བའི་


JKT022_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས། །རིག་བྱེད་གཞུང་ལ་མཁས་པ་སོགས། །གཙུག་ནོར་བརྒྱ་དང་ལྔ་བཅུ་བསྟེན། །བཟོ་གསོ་སྒྲ་ཚད་ཡན་ལག་བཅས། །འདུལ་མཛོད་དབུ་ཕར་བཤད་སྲོལ་ཐོས། །གསར་རྙིང་རྡོ་རྗེ་ཐེག་པ་ཡི། ། དབང་དང་བྱིན་རླབས་རྗེས་གནང་སོགས། །བཀའ་གཏེར་བཀའ་གདམས་ས་སྐྱ་པ། །འབྲི་སྟག་མཚུར་དང་གདན་འབྲུག་གི། །སྔོན་གྱི་ལུགས་སྲོལ་མ་ཉམས་པར། །བཞུགས་པའི་སྨིན་གྲོལ་གདམས་ངག་དང་། །བདེ་དགྱེས་གསང་གསུམ་དུས་འཁོར་ལོ། །སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས། །རྒྱབ་བརྟེན་རྒྱུད་ཀྱི་བཤད་པ་དང་། །བཀའ་བསྟན་དམ་པའི་གསུང་རབ་ལུང་། །གླེགས་བམ་བདུན་བརྒྱ་ལྷག་ཙམ་ཉན། །མདོར་ན་བཤད་རྒྱུད་ཤིང་རྟ་བཅུའི། །རིང་ལུགས་རྒྱུན་བཞུགས་ཕལ་ཆེར་ཐོས། །ཅུང་ཟད་སྦྱངས་ཤིང་ཕྱོགས་ཙམ་ཤེས། །རང་གཞན་གྲུབ་མཐའི་ཁས་ལེན་དང་། །ཆོས་རྒྱུས་ཤིན་ཏུ་ཆེ་བ་བྱུང་། །ཐོས་པས་དེ་རྣམས་ཕལ་ཆེར་ཞིག །ཡང་ནས་ཡང་དུ་འཆད་པ་དང་། །ལན་རེ་མ་འཆད་མེད་པ་ལྟར། །དམ་པའི་སྐྱེས་བུ་མཆོག་རྣམས་དང་། །ཕལ་པ་མུ་ཏོ་ཡན་ཆད་ལ། །ཉིན་མཚན་ཆོས་སྦྱིན་ཅི་ནུས་སྤེལ། །བསྟན་པའི་རྒྱུན་ཙམ་འབྱུང་རེ་བའི། །ལྷག་བསམ་སྨོན་པ་སྙིང་ནས་བགྱིས། །གསེར་ཟངས་འབའ་ཞིག་ལས་གྲུབ་པའི། །སྐུ་རྟེན་སྟོང་ཕྲག་གཉིས་ཙམ་དང་། །ཁྱད་པར་གསུང་རྟེན་གླེགས་བམ་ནི། །པུ་སྟི་


JKT022_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བཅུ་ཉེ་བའི་སྤར། །ཁྲིས་དང་སྤར་ལ་བསྡོམས་པ་ཡི། །གླེགས་བམ་སྟོང་ཕྲག་གཉིས་ཙམ་བཞེངས། །དེ་རྣམས་བཞུགས་པའི་ལྷ་ཁང་ཁག །བཅུ་གསུམ་ཙམ་ཞིག་བཀོད་མཛེས་བསྐྲུན། །ཐུགས་རྟེན་མཆོད་སྡོང་ཆེན་མོས་གཙོས། །གསེར་ཟངས་ལས་གྲུབ་བརྒྱ་ཕྲག་ལྷག །བཞེངས་ཤིང་ཅི་ནུས་མཆོད་འབུལ་བགྱིས། །གནས་གཞི་གསར་དུ་བཞེངས་པ་ནི། །དུས་ཀྱིས་མཐར་འཁྱོལ་དཀའ་བས་ན། །བསྐྲུན་པའི་རྩོལ་བ་མ་མཆིས་ཀྱང་། །ཕྱོགས་འདིར་སྟོད་སྨད་འཁྲུགས་ལོང་གིས། །དགོན་གནས་ཕལ་ཆེར་ཉམས་པ་རྣམས། །རྒྱ་བོད་ཆོས་རྒྱལ་སྡེ་དགེ་བཅས། །དཔོན་བློན་རྣམས་ཀྱི་རྒྱུད་བསྐུལ་ནས། །ཉམས་གསོས་ཞལ་འདེབས་ཞལ་བསྐོས་དང་། །རང་ངོས་མཛུབ་མགོའི་མཆོད་པའི་དཔེས། །དངོས་ཇ་སུམ་སྟོང་ལྷག་པ་ཕུལ། །ཕལ་ཆེར་གསར་བཞེངས་ཉམས་གསོ་སོགས། །ཚགས་སུ་ཚུད་པའི་བྱ་བ་བསྒྲུབས། །ཕན་ཚུན་ཆོས་ཀྱི་སྡེ་རྣམས་སུ། །ལོ་རེ་བཞིན་དུ་ཡོན་སྦྱར་ནས། །གཟུངས་སྔགས་བསྔོ་བ་སྨོན་ལམ་རྟེན། །སྔ་རྗེས་དངོས་ཇ་བཞི་སྟོང་གི །རྩ་བ་ཉམས་པ་མེད་ཕུལ་ནས། །འབྲེལ་ཚད་དོན་ལྡན་སྨོན་པ་བགྱིས། །ས་ཀར་རྙིང་མ་དགེ་ལུགས་ཀྱི། །བསྟན་འཛིན་སྐྱེས་མཆོག་དམ་པ་སོགས། །དགེ་བའི་བཤེས་གཉེན་མཐའ་ཡས་དང་། །རྒྱ་བོད་དཔོན་ཆེན་གཙོར་གྱུར་པའི། །འདུས་པ་ཚད་


JKT022_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་མེད་པ་ལ། །ཆོས་ཀྱི་མཆོད་པ་འབུལ་བ་དང་། །རྐྱེན་སེལ་དབང་དང་བྱིན་རླབས་སོགས། །བློ་སྣ་སུན་སུན་རེ་བ་བསྐངས། །གོང་མའི་ཡུལ་རྣམས་ཐམས་ཅད་ལ། །ཅི་ནུས་མཆོད་པའི་སྤྲིན་ཡང་སྤྲོས། །བ་མཐའ་གང་ལ་ཡ་ང་། །གུས་ཤིང་དད་པ་མ་གཏོགས་པ། །ལོག་རྟོག་ཅུང་ཟད་མེད་པའི་མཐུས། །གཡུང་དྲུང་བོན་ལུགས་ཚུན་ཆོད་ཀྱི། །སློབ་འབྲེལ་རྒྱ་ཆེ་མུ་མེད་བྱུང་། །སྤོང་བ་བསམ་གཏན་དེ་ཁོ་ནར། །མཉམ་པར་འཇོག་པ་དཀའ་ན་ཡང་། །ཆུང་ནས་གདུལ་བྱ་གྲོང་ཆོག་སོགས། །རྨི་ལམ་དུ་ཡང་མ་དྲན་ཅིང་། །ཚེ་འདི་བློ་ཡིས་ཐོངས་པ་ཡིས། །བྱ་བཏང་ཁོ་ནའི་ཚུལ་དུ་འཁུམས། །མཆོག་དམན་སུ་ལའང་ངོ་སྲུང་དང་། །རེ་དོགས་སྤྲོས་པ་དམར་ཐག་བཅད། །སྔ་ཕྱིར་མི་ལོ་བཅུ་གསུམ་ཙམ། །ལྷག་པའི་ལྷ་ཡི་བསྙེན་སྒྲུབ་དང་། །ཟབ་ཁྲིད་བརྒྱ་རྩ་ཤར་སྒོམ་བགྱིས། །ཉམས་དང་རྟོགས་པས་དབེན་མོད་ཀྱང་། །ཁས་བླངས་ཆ་ཙམ་བསྒྲུབས་པ་ཡིས། །སྙིགས་དུས་སྐལ་བཟང་གྲལ་ཚུད་ཙམ། །བྱུང་བས་ཡིད་བདེ་འབའ་ཞིག་ཤར། །དེ་ལྟར་འཁོར་ལོ་རྣམ་གསུམ་གྱི། །ཕྱི་ཡི་རྣམ་ཐར་མདོར་བསྡུས་སོ།། །།ནང་གི་རྣམ་པར་ཐར་པ་ནི། །སྔ་༡འགྱུར་བཀའ་༢གདམས་ས་སྐྱ་༣པ། །མར་ཤངས་བཀའ་བརྒྱུད་༤ སྦྱོར་བ་དྲུག །ཞི་༦གཅོད་༧བསྙེན་སྒྲུབ་རདང་བཅས་པའི། །སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ལ། །


JKT022_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་མོས་ཤིང་དད་པའི་བློས། །སྔོན་གྱི་ལུགས་སྲོལ་མ་ཉམས་པ། །དཀའ་བ་འབད་པ་བརྒྱ་ཕྲག་གིས། །མང་དུ་ཚོལ་ཞིང་ཐོས་པར་བྱས། །དེ་ལྟའི་ཐོས་བསམ་སྒོམ་པའི་སྐབས། །དངོས་ཉམས་རྨི་ལམ་ཅི་རིགས་པར། །བླ་མ་ལྷ་དང་མཁའ་འགྲོ་ཡིས། །ཉེ་བརྒྱུད་གདམས་པ་སྩལ་བ་དང་། །བྱིན་བརླབས་མཚན་མ་ཅི་ཡང་མཐོང་། །དངོས་གྲུབ་ཐོབ་པ་དཀའ་མོད་ཀྱི། །ཚིག་དོན་སྒོམ་ཚུལ་ཕལ་ཆེར་ཞིག །ཤེས་ཤིང་ཁོང་དུ་ཆུད་པ་བྱུང་། །འོན་ཀྱང་གཞན་བློར་ཤོངས་དཀའ་བས། །མདོ་ཙམ་ཡིན་གྱི་རྒྱས་པར་ནི། །བརྗོད་ཀྱིས་མི་ལོངས་དགོས་པ་བསྐྱུང་། །རེ་ཞིག་ནང་གི་རྣམ་ཐར་གྱི། །ས་བོན་ཙམ་དུ་སྨོས་པའོ།། །།གསང་བ་བཀའ་བབས་བདུན་འབྱུང་ཞེས། །ཨོ་རྒྱན་ཆེན་པོའི་ལུང་བྱང་ལས། །ཡང་ཡང་བསྔགས་པར་མཛད་པ་ལྟར། །རང་ལོ་བརྒྱད་པའི་དུས་ཀྱི་ཚེ། །འདུ་འཁྲུགས་དྲག་པོས་མནར་བ་ན། །པདྨ་ཐོད་ཕྲེང་ཡབ་ཡུམ་གྱིས། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ། །དབང་བསྐུར་བྱིན་བརླབས་གེགས་ལས་གྲོལ། །བཅོ་ལྔའི་དུས་སུ་ཉིང་འཁྲུལ་དང་། །མངོན་སུམ་གང་ཡིན་འབྱེད་དཀའ་བའི། ། ཉམས་ཀྱི་གསལ་སྣང་བརྟན་པ་ལ། །རྒྱ་གར་བཛྲ་ཨཱ་ས་ནའི། །ཀེའུ་ཚང་དགུ་རིམ་དྲུང་དུ་སླེབ། །རིམ་གྱིས་འཛེགས་ནས་བརྒྱད་པའི་ནང་། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ནི། །གཡས་གཡོན་གླེགས་


JKT022_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བམ་དང་བཅས་པ། །པཎྜི་ཏ་ཡི་ཚུལ་དུ་མཇལ། །གུས་པས་བཏུད་ཅིང་གསོལ་བཏབ་པས། །ཐོག་མར་གཡོན་གྱི་གླེགས་བམ་ཉིད། །ཤེར་ཕྱིན་སྡུད་པའི་རྒྱ་དཔེར་སྣང་། །དེ་ཉིད་སྤྱི་བོར་བཀོད་ནས་ཀྱང་། ། མཚན་ཉིད་ཆོས་ཀྱི་བཀའ་ལུང་གི །བྱིན་རླབས་རྫོགས་པ་ཡིན་ནོ་གསུངས། །གཡས་ཀྱི་གླེགས་བམ་རྫོགས་པ་ཆེ། །རྡོར་སེམས་སྙིང་གི་མེ་ལོང་གིས། །བྱིན་བརླབས་སྔགས་ཀྱི་ཚུལ་སྤྱི་དང་། །སྡེ་གསུམ་ཚོ རྫོགས་པ་ཆེན་པོ་ཡི། །ཚིག་དོན་བྱིན་རླབས་རྫོགས་པར་སྩལ། །ལུང་བསྟན་འགའ་ཞིག་མཛད་པའི་མཐར། །དགྱེས་པས་འོད་ཞུ་རང་ལ་ཐིམ། །རྟོག་མེད་ངང་དུ་དར་ཅིག་ལུས། །ཕྱིར་འོང་སྒོ་དྲུང་མེ་ཆེན་པོར། །འབར་བའི་ནང་དུ་དབང་མེད་ཞུགས། །རགས་པའི་ལུས་ཕུང་བསྲེགས་པའི་མོད། །བི་མ་མི་ཏྲ་ཡིན་སྙམ་པའི། །འོད་ཀྱི་ལུས་སུ་ལམ་མེར་སྣང་། །གཞན་ཡང་གྲུབ་ཐོབ་ཐང་སྟོང་སོགས། །མང་པོས་* རྗེས་སུ་བཟུང་བ་དང་། །དབང་དང་བྱིན་རླབས་ཐོབ་པ་སོགས། །གྲུབ་ཆེན་སྙིང་གི་ཐིག་ལེར་བསྡུས། །བཅུ་དྲུག་ས་ཟླའི་ཚེས་བཅུ་ཡི། །ཐོ་རངས་པདྨ་འོད་དུ་སླེབ། །དེ་ཡང་སྤྱིར་བཏང་བཀོད་པ་དང་། །མི་མཐུན་བྲག་རི་ལྷུན་ཆགས་ཕུག །སྤྲིན་དཀར་ཤིན་ཏུ་མཛེས་པའི་ཁྲོད། །མཚོ་སྐྱེས་མཁའ་འགྲོའི་ཚོགས་བཅས་མཇལ། །དགོངས་པས་བྱིན་བརླབས་བརྡ་དབང་བསྩལ། །བཀའ་བབས་བདུན་གྱི་དབུགས་


JKT022_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུང་ཐོབ། །དེ་མཐར་ལྟ་སྟངས་དང་བཅས་ཏེ། །གཟུང་བའི་ཡུལ་གྱིས་མ་གོས་ཤིང་། །འཛིན་པའི་རྟོག་པས་མ་བསླད་པར། །རིག་སྟོང་རྗེན་པར་བསྐྱང་བ་ནི། །སངས་རྒྱས་ཀུན་གྱི་དགོངས་པའོ། །ཞེས་གསུངས་རང་ལ་ཐིམ་པ་ཡིས། །ཐུགས་ཡིད་དབྱེར་མེད་འདྲེས་པའི་ངང་། །གནས་ལུགས་རང་སོ་ཟིན་ཙམ་བྱུང་། །དེ་ལ་སྤྲོ་བ་སྐྱེས་ནས་ཀྱང་། །དད་པས་རྩེ་གཅིག་གསོལ་བཏབ་མཐུས། །སྔ་འགྱུར་བཀའ་མའི་རྒྱུན་༡ཀུན་ཐོབ། །ས་༢གཏེར་དངོས་དང་༣ཡང་གཏེར་དང་། །དགོངས་༤གཏེར་དག་༥སྣང་སྙན་བརྒྱུད་༦སྡེ། །རྗེས་༧སུ་དྲན་པའི་གཏེར་བཅས་པའི། །བཀའ་བབས་བརྒྱུད་མར་ཐོབ་པ་རྣམས། །ལོ་ཆེན་བཻ་རོ་དངོས་བྱོན་པ། །རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་ཅན། །ཛམ་གླིང་ཆོས་ཀྱི་ཤིང་རྟ་ཆེ། །འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། །ཤིན་ཏུ་དོན་གཉེར་དགོངས་གཏད་པས། །ས ཕལ་ཆེར་གཏན་ལ་ཕབ་ནས་ཀྱང་། །དགྱེས་པའི་མཆོད་སྤྲིན་མཆོག་ཏུ་སྤྲོས། །རིན་ཆེན་གཏེར་གྱི་མཛོད་ཆེན་པོར། །རྒྱབ་བརྟེན་ལེགས་བཤད་རྨད་བྱུང་བཅས། །བཞུགས་སུ་གསོལ་ཞིང་སྤར་དུ་བསྐྲུན། ། བསྙེན་སྒྲུབ་འཆད་སྤེལ་མཛད་པ་ཡིས། །བགྱི་བ་དོན་དང་ལྡན་པར་གྱུར། །གཞན་ཡང་རིས་མེད་སྐྱེས་ཆེན་ལ། །ཅི་རིགས་ཕུལ་ཞིང་དགྱེས་པ་བསྐྱེད། །འདི་རྣམས་ཐོག་མར་ལུང་བསྟན་དང་། །ཁ་བྱང་ཇི་ལྟར་


JKT022_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་དང་། །བར་དུ་གཏན་ལ་ཕབ་ཚུལ་དང་། །ཐ་མར་འབྲེལ་འཇོག་ཉམས་བླངས་སྐབས། །སློབ་དཔོན་ཡི་དམ་མཁའ་འགྲོ་ཡིས། །དབང་བསྐུར་བྱིན་གྱིས་བརླབས་པའི་ཚུལ། །ཤིན་ཏུ་ཞིབ་པར་ཡོད་ན་ཡང་། །འགའ་ཞིག་ཆོས་ཚན་སོ་སོའི་སྐབས། །ཟུར་ཙམ་གསལ་བས་མཁྱེན་བྱ་ཡི། །རྒྱས་པར་སྤྲོ་བར་མ་ནུས་མོད། །སླད་ནས་སྤྲོ་བའི་རྟེན་འབྲེལ་འཚལ། །དེ་ལྟར་ད་ལྟའི་རྣམ་པར་ཐར། །དོན་གྱི་སྙིང་པོ་ས་བོན་ཙམ། །མདོར་བསྡུས་ཉིད་དུ་གསོལ་བ་སྟེ། །སྔ་མ་དྲན་པའི་མཐུ་ཆུང་ཡང་། །གཏེར་ལུང་རྣམས་སུ་གསལ་བ་དང་། །དམ་པ་རྣམས་ཀྱིས་དམན་པ་ལ། །སྤྲོ་བ་བསྐྱེད་ཕྱིར་དབུགས་དབྱུང་བ། །དཔལ་ལྡན་ཀརྨ་པ་སོགས་ཀྱིས། །གསོལ་འདེབས་ཚིགས་སུ་བཅད་པར་གསལ། །རང་གི་བག་ཆགས་འལ་འོལ་ཙམ། །རྒྱ་གར་ཡུལ་དུ་གྲུབ་པའི་དབང་། །རྡོ་རྗེ་དྲིལ་བུ་པ་དང་ནི། །སྒོ་མཐའ་ཡས་པའི་བློ་གྲོས་མི དང་། །པཎ་ཆེན་ནགས་ཀྱི་རིན་ཆེན་སོགས། །པཎ་གྲུབ་འགའ་ཞིག་གསལ་བ་དང་། །བོད་ཡུལ་ཁྲི་སྲོང་མཆོག་གྲུབ་རྒྱལ། །ཆོས་དབང་མངའ་རིས་པཎྜིཏ། །ཐང་སྟོང་ལྷ་བཙུན་ཆེན་པོ་སོགས། །འལ་འོལ་དྲན་ཡང་ཡིད་བརྟན་ཅི། །མ་འོངས་བི་མའི་བླ་སྒྲུབ་སྐབས། །ཚེ་འདི་འཕོས་མ་ཐག་པ་ནས། །སྤྲུལ་གཞི་རི་བོ་རྩེ་ལྔ་རུ། །པཎ་ཆེན་བི་མའི་ཐུགས་ཀར་ཐིམ། །སྤྲུལ་པ་ལྔ་འབྱུང་སྨོན་ལམ་མཐུས། །


JKT022_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རིས་མེད་བསྟན་པར་ཕན་ཅེས་གསུངས། །དེ་ལྟར་དུས་གསུམ་རྟོགས་བརྗོད་འདི། །ལྷ་སྲས་དམ་འཛིན་སྐྱེ་བའི་མཐའ། །འགྲན་བྲལ་གྲུབ་པའི་འཁོར་ལོས་སྒྱུར། །འཇིགས་མེད་ཕྲིན་ལས་འོད་ཟེར་གྱི། །རྣམ་འཕྲུལ་མཁས་བཙུན་བཟང་པོའི་ཕུལ། །འཇིགས་མེད་བསྟན་པའི་ཉི་མ་ཡིས། །ལྷ་རྫས་རིན་ཆེན་སྐྱེས་དང་བཅས། །ནན་ཏན་བསྐུལ་ངོ་མི་ལྡོག་ཙམ། །ཤིན་ཏུ་མདོར་བསྡུས་ས་བོན་དུ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས། །དགེ་བས་བྱང་ཆུབ་སྙིང་པོའི་བར། །ཐེག་མཆོག་བཤེས་དང་མི་འབྲལ་ཞིང་། །མྱུར་དུ་བྱང་ཆུབ་ཐོབ་པར་ཤོག །མངྒ་ལཾ།། །།འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་ལ། །སྙིང་ནས་མོས་གདུང་དྲག་པོས་གསོལ་འདེབས་ན། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཞེས་རྣམ་འདྲེན་གྲུབ་ཐོབ་མཆོག་གི་སྤྲུལ་པའི་སྐུ་དམ་པ་དང་། དད་ལྡན་ཚེ་དབང་ལྷ་མོའི་བཞེད་སྐོང་དུ་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ཞིང་བཀྲ་ཤིས།། ༈ །།སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་ནད་གདོན་བར་ཆད་སོལ། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་རྒྱས་པ་དང་། །རྣམ་མཁྱེན་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།


JKT022_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་

ཚེ་ལྷ་རྣམ་གསུམ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འཆི་མེད་གྲུབ་པའི་གསེང་ལམ།


JKT022_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཚེ་ལྷ་རྣམ་གསུམ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འཆི་མེད་གྲུབ་པའི་གསེང་ལམ་ཞེས་བྱ་བ་བཞུགས་སོ། །


JKT022_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་ཏཱི་ཨཱ་ཡུརྗེ་བེ་བྷུ༔ བླ་མ་ཚེ་ལྷའི་རྣལ་འབྱོར་ལ། །བརྟེན་ནས་འཆི་མེད་འགྲུབ་འདོད་ན། །ངེས་འབྱུང་བྱང་ཆུབ་སེམས་ཀྱི་བློས། །སྐྱབས་སེམས་སྔོན་སོང་འདི་ལྟར་བསྒོམ། །ཨོ་ཤཱ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། །སྣོད་བཅུད་ཐམས་ཅད་མི་དམིགས་འོད་གསལ་ངང་། །ཟུང་འཇུག་ཏིང་ངེ་འཛིན་གྱི་རྣམ་རོལ་ལས། །ཕྱི་སྣོད་དག་པའི་ཞིང་ཁམས་བདེ་བ་ཅན། །ཡིད་འཕྲོག་ངོ་མཚར་བཀོད་པས་མཛེས་པའི་གཞིར། །རང་ཉིད་ཐ་མལ་གསལ་བའི་སྤྱི་བོ་རུ། །ཕུན་ཚོགས་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །པད་དཀར་ཟླ་སྟེང་རྩ་བའི་བླ་མ་ནི། །རྣམ་པ་ཚེ་དང་ཡེ་ཤེས་མཆོག་སྩོལ་ཕྱིར། །བཅོམ་ལྡན་འཕགས་མ་ཡིད་བཞིན་འཁོར་ལོའི་ཚུལ། །དྲི་མེད་ཟླ་བ་


JKT022_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུའི་མཚན་དཔེ་ལ། །རབ་ཞི་བརྒྱད་གཉིས་ལང་ཚོའི་མཚར་སྡུག་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཕྱག་ཞབས་ཀྱི། །མཐིལ་བཞིར་ཡེ་ཤེས་སྤྱན་རེས་མཚན་པ་སྟེ། །བྱང་ཆུབ་ཡན་ལག་བདུན་གྱི་གཟིགས་པས་མཛེས། །ཕྱག་གཡས་མཆོག་སྦྱིན་རྫོགས་ལྡན་སྤྲིན་ཆེན་ལས། །ཕན་དང་བདེ་བའི་དངོས་ཀུན་ཆར་དུ་འབེབས། །གཡོན་པས་དུས་གསུམ་དེ་བཞིན་གཤེགས་མཚོན་པའི། །ཨུཏྤལ་བསྣམས་པས་སྲིད་ཞིའི་འཇིགས་པ་འཕྲོག །དར་དཀར་སྟོད་གཡོགས་དམར་པོའི་ཤམ་ཐབས་དང་། །ནོར་བུ་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཟླ་བར་རྒྱབ་བརྟེན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དེ་ཡི་སྤྱི་བོར་རིགས་བདག་ཚེ་དཔག་མེད། །


JKT022_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་མདངས་ཅན་མཉམ་བཞག་ཚེ་བུམ་འཛིན། །མཚན་དཔེའི་དཔལ་འབར་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་རོལ། །གཙུག་ཏོར་ལས་སྐྱེས་འོད་ཀྱི་ཕུང་པོའི་དབུས། །འཕགས་མ་རྣམ་པར་རྒྱལ་མ་སྟོན་ཟླའི་མདོག །དཀར་སེར་སྔོ་བའི་ཞལ་གསུམ་ཕྱག་བརྒྱད་མ། །ཞལ་རེར་རབ་ཏུ་རྒྱས་པའི་སྤྱན་གསུམ་མཛེས། །ཕྱག་གཡས་དང་པོས་སྣ་ཚོགས་རྡོ་རྗེ་དང་། །གཉིས་པས་པད་དཀར་ལ་གནས་འོད་དཔག་མེད། །གསུམ་པས་མདའ་དང་བཞི་པས་མཆོག་སྦྱིན་མཛད། །གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང་། །གཉིས་པས་གཞུ་དང་གསུམ་པས་སྐྱབས་སྦྱིན་རྒྱུ། །བཞི་པས་མཉམ་བཞག་བདུད་རྩིའི་བུམ་པ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །རྣམ་གསུམ་སྐུ་ཡི་ཆ་ཤས་ཐམས་ཅད་ནས། །འོད་ཟེར་ཕྲེང་བ་དཔག་ཡས་ཕྱོགས་བཅུར་འཕྲོ། །དེ་དག་རེ་རེའི་རྩེར་ཡང་དག་པའི་ཞིང་། །རབ་འབྱམས་རྡུལ་གྱི་གྲངས་སྙེད་སྣང་བ་ན། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །ཚེ་ལ་དབང་བའི་རིག་འཛིན་དྲང་སྲོང་དང་། །ཆོས་སྲུང་ནོར་ལྷའི་ཚོགས་ཀུན་སྤྲིན་ལྟར་གཏིབས། །ཀུན་ཀྱང་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུའི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་


JKT022_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་ཐིམ། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །དེ་ནས་སྤྲོ་ན་ཡན་ལག་བདུན་པ་རྒྱས་པ་གཞན་དང་བཅས་ཕྱག་འཚལ། མཎྜལ་ཅི་ནུས་འབུལ། མདོར་བསྡུ་ན། གང་གི་སོ་སོར་རྟོག་པའི་ཡེ་ཤེས་ནི། །དྲན་པས་འཆི་མེད་མཆོག་སྩོལ་ཚེ་ཡི་ལྷར། །ཡོངས་ཤར་སྐྱབས་གནས་ཀུན་འདུས་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ་། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །རབ་དཀར་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་མ། །ཡུམ་གྱུར་ཨཏྤལ་བསྣམས་ལ་ཕྱག་འཚལ་ལོ། །གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །ཚེ་ལ་དབང་བའི་དྲང་སྲོང་རིག་པ་འཛིན། །ཆོས་སྲུང་ནོར་ལྷ་རྒྱ་མཚོའི་ཚོགས་བཅས་ལ། །རབ་ཏུ་དྭང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་


JKT022_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ། ལན་གསུམ། དེ་ལྟར་ཕྱག་འཚལ་མཆོད་ཅིང་གསོལ་བཏབ་མཐུས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང་། །རྣམ་དག་བཤེས་དང་མཇལ་བར་བྱིན་གྱིས་རློབས། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་བསྒྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་ནད་གདོན་སྡིག་སྒྲིབ་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡེ་ཤེས་དང་། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཊྚི་ཀུ་རུ་སྭཱ་ཧཱ། ཞེས་ཅུང་ཟད་བཟླས་མཐར། རྩེ་གཅིག་བསྙེན་པས་གསོལ་བ་བཏབ་པའི་མཐུས། །བླ་མ་ཡིད་བཞིན་འཁོར་ལོའི་ཐུགས་ཀ་ནས། །འོད་འཕྲོས་རིགས་བདག་ཚེ་དཔག་མེད་པ་དང་། །དེ་ཡི་གཙུག་ཏོར་ནོར་བུའི་འོད་ཟེར་གྱིས། །འཕགས་མ་རྣམ་པར་རྒྱལ་མའི་ཐུགས་རྒྱུད་བསྐུལ། །ཀུན་ཀྱང་ཐུགས་


JKT022_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་འཇུག་པ་ལྷག་པར་གཡོས། །དཔག་ཡས་འོད་ཟེར་ཕྱོགས་བཅུའི་ཞིང་ཀུན་ཁྱབ། །བདག་གི་བླ་ཚེ་ཆད་ཉམས་ཡར་བ་དང་། །འབྱུང་བཞིའི་དྭངས་བཅུད་འཁོར་འདས་ཐམས་ཅད་ཀྱི། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཀུན། །འོད་ཟེར་སྣ་ལྔའི་རྣམ་པར་སྤྱན་དྲངས་ནས། །རིགས་ཀྱི་བདག་པོའི་ཕྱག་གི་བུམ་པར་ཐིམ། །བདུད་རྩིའི་རྒྱུན་ལུད་དེ་དང་ལྷན་ཅིག་ཏུ། །ཚོགས་ཞིང་ཀུན་གྱི་སྐུ་ཡི་ཆ་ཤས་ལས། །འཆི་མེད་གྲུབ་པའི་ཟིལ་དངར་ཆར་ལྟར་བབས། །རང་གི་སྤྱི་བོ་ཚངས་པའི་སྒོ་ནས་ཞུགས། །ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་སྦྱངས། །བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཆུད། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །འཆི་མེད་གཉུག་མའི་གོ་འཕང་ཐོབ་པར་གྱུར། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་དང་། ཚེ་གཟུངས། རྣམ་རྒྱལ་མའི་གཟུངས་རིང་ཐུང་འབྲིང་པོ་བཅས། སྒྲོལ་དཀར་གྱི་སྙིང་པོ་རྣམས་ཇི་ལྟར་རིགས་པ་བཟླས་མཐར་ཐུན་བསྡུ་བ་ན། ཚོགས་ཞིང་ཐམས་ཅད་འོད་ཞུ་རང་ལ་ཐིམ། །རང་གི་སྒོ་གསུམ་གཉུག་མའི་ཡེ་ཤེས་དང་། །སྐྱབས་ཡུལ་རྣམས་ཀྱི་གསང་གསུམ་དབྱེར་མེད་ངང་། །གནས་ལུགས་འོད་གསལ་ཆོས་སྐུའི་རང་ཞལ་བལྟ། །ཞེས་པའི་དོན་ལ་ཅུང་ཟད་མཉམ་པར་བཞག །སླར་ཡང་། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །ཚེ་འདིར་


JKT022_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་དང་བཅས་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་ཐམས་ཅད་དུའང་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་ལ་ཕྱག་བསྐོར་བྱ་བ། མདོ་བཀླག་པ། སཱཙྪ་གདབ་པ། ཆུ་གཏོར་སོགས་དགེ་བའི་བྱ་བ་ལ་བརྩོན། དེ་ལྟར་རྩེ་གཅིག་འབད་པས་གནས་སྐབས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བ་དང་། ཚེ་དང་། བསོད་ནམས་དང་། བློ་གྲོས་རྒྱས་པ་སོགས་ཕན་ཡོན་དཔག་ཏུ་མེད་ཅིང་། ཤི་འཕོས་ནས་ཀྱང་དག་པའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེས་ནས་མྱུར་དུ་བྱང་ཆུབ་ཆེན་པོར་ལུང་བསྟན་ཐོབ་པར་འགྱུར་བ་ནི་ངེས་པའོ། །འདི་ཡང་བླ་མའི་བྱིན་རླབས་ནི། །བདུད་རྩིས་ཕྱེ་བའི་ཨུཏྤལ་ཏེ། །ཟབ་དོན་བཅུད་ཀྱིས་འགྲོ་བ་ཀུན། །འཆི་མེད་གྲུབ་པ་ཉིད་གྱུར་ཅིག། །།ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སོ། །མངྒ་ལཾ་བྷ་བ་ཏུ།།

བླ་མ་ཚེ་ལྷ་རྣམ་གསུམ་གྱི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་ཚོགས་གཉིས་སྤེལ་བའི་ཆོ་ག་འཆི་མེད་གྲུབ་པའི་དགའ་སྟོན།


JKT022_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །སི དྷཱ་སཱུ མཱ རོ ཏྠ བ ནཱ མ གུ རུ ཏྲེ བྱཱ ཡུ རྡེ ཝཱ ཚྭ ཡོ ག ༔ ནུ བ ནྣཾ དྲི ག ཎ ཐཾ ཧ ཡ ཏེ བི དྷི བི ཧ ར ཏི སྨ།།
༄༅། །བླ་མ་ཚེ་ལྷ་རྣམ་གསུམ་གྱི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་ཚོགས་གཉིས་སྤེལ་བའི་ཆོ་ག་འཆི་མེད་གྲུབ་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །


JKT022_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཨོཾ་སྭ་སྟི་སིདྡྷཾ། །ཕུལ་བྱུང་ཐུགས་རྗེའི་འཇུག་པས་སྲིད་དང་ཞིའི། །ཤིས་རྒུའི་དངོས་ཀུན་འཇོ་བའི་རྫོགས་ལྡན་སྤྲིན། །བླ་མ་འཆི་མེད་ཚེ་ཡི་ལྷ་ཚོགས་ཀྱིས། །དགེ་ལེགས་རྟག་པའི་མེ་ཏོག་ཆར་དུ་སྙིལ། །གང་དེའི་རྣལ་འབྱོར་ཟབ་མོ་ལ། །བརྟེན་ནས་ཚོགས་གཉིས་སྤེལ་བའི་ཐབས། །འཆི་མེད་གྲུབ་པའི་དགའ་སྟོན་མཆོག །སྐལ་བཟང་རྣམས་ཀྱི་དཔལ་དུ་སྦྱིན། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གནས་ཁང་བཀྲ་ཤིས་ཤིང་དབེན་ལ་ཡིད་དང་རྗེས་སུ་མཐུན་པར་ཕྱག་དར་ལེགས་པར་བྱས་པའི་གུང་དུ་དཀོན་མཆོག་གི་རྟེན་སྤྱི་དང་། །ཁྱད་པར་འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་སྣང་བརྙན་བྲིས་༄༅། །འཆི་མེད་མཆོག་སྩོལ་རྒྱལ་ཀུན་ཡུམ། །བླ་མ་ཡིད་བཞིན་འཁོར་ལོའི་ཞབས། །


JKT022_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འབུར་ཇི་ལྟར་རིགས་པ་བཀྲམ་པའི་སྤྱན་སྔར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་། བྱེ་བྲག་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་ལྔ་བརྒྱ་རྩ་སོགས་ཇི་ལྟར་འབྱོར་པ་གཙང་ཞིང་བཀོད་པས་མཛེས་པར་བཤམ། གཞན་ཡང་མཎྜལ་དང་ཚོམ་བུའི་རྒྱུ། དྲི་ཆབ། རོལ་མོའི་བྱེ་བྲག་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ལ་གསུམ། གནས་ཡོ་བྱིན་རླབས། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པའོ། །དང་པོ་ནི། ངེས་འབྱུང་དང་སྙིང་རྗེའི་ཤུགས་དྲག་ཏུ་བསྐྱེད་ཅིང་དཀོན་མཆོག་གི་ཡོན་ཏན་ཡིད་ལ་བྱེད་བཞིན་པས་སྟོང་དང་རྟེན་འབྱུང་དབྱེར་མེད་པའི་གནས་ལུགས་ལ་དྲན་པ་ཉེ་བར་བཞག་སྟེ། དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་མཐུ། །ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་དཔལ། །ཆོས་དབྱིངས་རྣམ་པར་དག་པའི་བདེན་སྟོབས་


JKT022_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །སྣོད་བཅུད་བདེ་ཅན་ཞིང་གི་འབྱོར་པ་ལྟར། །ཡིད་འཕྲོག་ངོ་མཚར་བཀོད་པ་འབྱམས་ཀླས་གཞིར། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་བདེན་པའི་སྟོབས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མཛྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྡ་ཏེསྶམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲ་བཛེ་མ་ཧཱ་བཛྲ། མ་ཧཱ་ཏེ་ཛོ་བཛྲ། མ་ཧཱ་བིདྱ་བཛྲ། མ་ཧཱ་བོ་དྷི་ཙིཏྟ་བཛྲ། མ་ཧཱ་བོ་དྷི་མཎྜོ་པ་སཾ་པྲ་མ་ཎ་བཛེ་སརྦ་ཀརྨ་ཨཱ་པ་ར་ཎ་བི་ཤོ་དྷ་ན་བཛྲ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། གཉིས་པ་ནི། སྐྱབས་ཡུལ་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར་རང་གཞན་ཡིད་ཅན་ཐམས་ཅད་འཁོད་ནས་འདུན་པ་རྩེ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ཏེ། བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བླ་མ་མཆོག་དང་དཀོན་མཆོག་རྣམ་གསུམ་ལ། །མི་ཕྱེད་གུས་པ་ཆེན་པོས་སྐྱབས་སུ་མཆི། ཞེས་ཅི་ནུས་བརྗོད། གསུམ་པ་ནི། འགྲོ་ཀུན་སྲིད་ཞིའི་འཇིགས་ལས་བསྒྲལ་བའི་ཕྱིར། །བདག་གིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །དེ་ཡི་ཆེད་དུ་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་གཉིས་སྤེལ་བའི་ཆོ་ག་བསྒྲུབ་པར་བགྱི། །ཞེས་ལན་གསུམ་གྱིས་སྨོན་འཇུག་གི་སེམས་གསལ་གདབ་ཅིང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་མོ།


JKT022_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དངོས་གཞི་ལ་གསུམ། ཚོགས་ཞིང་གསལ་གདབ་པ། ཡན་ལག་བདུན་པ་འབུལ་བ། བཟླས་པས་ཐུགས་དམ་བསྐུལ་བའོ། །དང་པོ་ནི། ཨོ་ཤཱ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། །སྣོད་བཅུད་ཐམས་ཅད་མི་དམིགས་འོད་གསལ་ངང་། །ཟུང་འཇུག་ཏིང་ངེ་འཛིན་གྱི་རྣམ་རོལ་ལས། །ཕྱི་སྣོད་དག་པའི་ཞིང་ཁམས་བདེ་བ་ཅན། །ཡིད་འཕྲོག་ངོ་མཚར་བཀོད་པས་མཛེས་པའི་གཞིར། །རང་ཉིད་ཐ་མལ་གསལ་བའི་མདུན་གྱི་མཁར། །ཕུན་ཚོགས་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །པད་དཀར་ཟླ་སྟེང་རྩ་བའི་བླ་མ་ནི། །རྣམ་པ་ཚེ་དང་ཡེ་ཤེས་མཆོག་སྩོལ་ཕྱིར། །བཅོམ་ལྡན་འཕགས་མ་ཡིད་བཞིན་འཁོར་ལོའི་ཚུལ། །དྲི་མེད་ཟླ་བ་ནོར་བུའི་མཚན་དཔེ་ལ། །རབ་ཞི་བརྒྱད་གཉིས་ལང་ཚོའི་མཚར་སྡུག་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཕྱག་ཞབས་ཀྱི། །མཐིལ་བཞིར་ཡེ་ཤེས་སྤྱན་རེས་མཚན་པ་སྟེ། །བྱང་ཆུབ་1 ཡན་ལག་བདུན་གྱི་གཟིགས་པས་མཛེས། །ཕྱག་གཡས་མཆོག་སྦྱིན་རྫོགས་ལྡན་སྤྲིན་ཆེན་ལས། །ཕན་དང་བདེ་བའི་དངོས་ཀུན་ཆར་དུ་འབེབས། །གཡོན་པས་དུས་གསུམ་དེ་བཞིན་གཤེགས་མཚོན་པའི། །ཨུཏྤལ་བསྣམས་པས་སྲིད་ཞིའི་འཇིགས་པ་འཕྲོག །དར་དཀར་སྟོད་གཡོགས་དམར་པོའི་ཤམ་ཐབས་དང་། །ནོར་བུ་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཟླ་བར་རྒྱབ་བརྟེན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །


JKT022_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་སྤྱི་བོར་རིགས་བདག་ཚེ་དཔག་མེད། །དཀར་དམར་མདངས་ཅན་མཉམ་གཞག་ཚེ་བུམ་འཛིན། མཚན་དཔེའི་དཔལ་འབར་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་རོལ། །གཙུག་ཏོར་ལས་སྐྱེས་འོད་ཀྱི་ཕུང་པོའི་དབུས། །འཕགས་མ་རྣམ་པར་རྒྱལ་མ་སྟོན་ཟླའི་མདོག །དཀར་སེར་སྔོ་བའི་ཞལ་གསུམ་ཕྱག་བརྒྱད་མ། །ཞལ་རེར་རབ་ཏུ་རྒྱས་པའི་སྤྱན་གསུམ་མཛེས། །ཕྱག་གཡས་དང་པོས་སྣ་ཚོགས་རྡོ་རྗེ་དང་། །གཉིས་པས་པད་དཀར་ལ་གནས་འོད་དཔག་མེད། །གསུམ་པས་མདའ་དང་བཞི་པས་མཆོག་སྦྱིན་མཛད། །གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང་། །གཉིས་པས་གཞུ་དང་གསུམ་པས་སྐྱབས་སྦྱིན་རྒྱ། །བཞི་པས་མཉམ་གཞག་བདུད་རྩིའི་བུམ་པ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །རྣམ་གསུམ་སྐུ་ཡི་ཆ་ཤས་ཐམས་ཅད་ནས། །འོད་ཟེར་ཕྲེང་བ་དཔག་ཡས་ཕྱོགས་བཅུར་འཕྲོ། །དེ་དག་རེ་རེའི་རྩེར་ཡང་དག་པའི་ཞིང་། །རབ་འབྱམས་རྡུལ་གྱི་གྲངས་སྙེད་སྣང་བ་ན། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །ཚེ་ལ་དབང་བའི་རིག་འཛིན་དྲང་སྲོང་དང་། །ཆོས་སྲུང་ནོར་ལྷའི་ཚོགས་ཀུན་སྤྲིན་ལྟར་གཏིབས། །ཀུན་ཀྱང་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུའི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་


JKT022_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཐིམ། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །ཅེས་བརྗོད་ཅིང་ནན་ཏན་དུ་གསལ་གདབ། གཉིས་པ་ལ་བདུན་ལས། དང་པོ་ཕྱག་འཚལ་བ་ལ། ཐོག་མར་ཚོགས་ཞིང་སྤྱིར་ཕྱག་འཚལ་བ་ནི། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །ཞེས་ཕྱག་འཚལ་བའི་དམིགས་རྣམ་གསལ་བཏབ་ལ། ཇི་སྙེད་སུ་དག་སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པའི་བར་གྱིས་ཕྱག་བྱ། བྱེ་བྲག་ཏུ་ཚོགས་ཞིང་སོ་སོར་དམིགས་ནས། གང་གི་སོ་སོར་རྟོག་པའི་ཡེ་ཤེས་ནི། །དྲན་པས་འཆི་མེད་མཆོག་སྩོལ་ཚེ་ཡི་ལྷར། །ཡོངས་ཤར་སྐྱབས་གནས་ཀུན་འདུས་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མར་མེ་མཛད་སོགས་རྒྱལ་བ་འདས་པ་དང་། །བྱང་ཆུབ་ཆེན་པོ་ད་ལྟར་བཞུགས་པ་དང་། །བྱམས་པ་ལ་སོགས་སླད་ནས་འབྱོན་པ་ཡི། །དུས་གསུམ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་


JKT022_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །རབ་དཀར་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་མ། །ཡུམ་གྱུར་ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །རླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ནས། །བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་གྱུར་པ། །རབ་དགའ་ལ་སོགས་ས་ལ་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ཟུང་བཞི་དང་། །ཚོགས་ན་སྤྱོད་དང་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །གང་གིས་འཕྲུལ་དང་མངོན་པར་མཁྱེན་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང་། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །


JKT022_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་ཕྱག་བྱའོ། །གཉིས་པ་མཆོད་པ་འབུལ་བ་ལ། ཐོག་མར་ཐུན་མོང་དུ། མེ་ཏོག་དམ་པ་སོགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་དང་། མཆོད་པའི་སྤྲིན་གྱི་སྔགས་བརྗོད། བྱེ་བྲག་ཉེར་སྤྱོད་སོགས་ཀྱི་མཆོད་པ་ནི། དངོས་སུ་བཤམས་པ་ཉིད་རྒྱུར་བྱས་པ་ལས་བྱུང་བའི་ཡིད་སྤྲུལ་གྱི་མཆོད་སྤྲིན་ནམ་མཁའ་གང་བ་ཁྱབ་ཅིང་རྟག་པའི་ཚུལ་དུ་སྤྲོས་ཏེ་ཕུལ་བར་བསམས་ལ། དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་མཆོད་ཡོན་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨབྷཾ་པྲ་ཏིཙྪ་པཱུ་ཛ་མེགྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། །དངོས་སུ་འབྱོར་དང་༴ རབ་འབྱམས་ཞིང་ཀུན་ཁྱབ་པའི་ཞབས་བསིལ་ཚོགས། །བླ་མ་འཆི་མེད༴ བཞེས་ནས་ཚེ་དང་༴ པཱཏྱཾ༴ དངོས་སུ༴ རབ་འབྱམས་ཞིང་ཀུན་ཁྱབ་པའི་མེ་ཏོག་ཚོགས། །བླ་མ༴ བཞེས་ནས༴ པུཊྚེཝཾ༴ དངོས་སུ༴ རབ་འབྱམས་ཞིང་ཀུན་ཁྱབ་པའི་བདུག་སྤོས་ཚོགས། །བླ་མ༴ བཞེས་ནས༴ དྷ་པེ༴ དངོས་སུ༴ རབ་འབྱམས་ཞིང་ཀུན་ཁྱབ་པའི་མར་མེ་ཚོགས། །བླ་མ༴ བཞེས་ནས༴ ཨཱ་


JKT022_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཀེ༴ དངོས་སུ༴ རབ་འབྱམས་ཞིང་ཀུན་ཁྱབ་པའི་དྲི་ཆབ་ཚོགས། །བླ་མ༴ བཞེས་ནས༴ གནྡྷེ༴ དངོས་སུ༴ རབ་འབྱམས་ཞིང་ཀུན་ཁྱབ་པའི་ཞལ་ཟས་ཚོགས། །བླ་མ༴ བཞེས་ནས༴ ནེ་བི་དྱེ༴ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་རོལ་མོའི་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྨྲ་ར་ཎ་ས་མ་ཡེ་ཧཱུྃ། །འཁོར་ལོས་སྒྱུར་བ་ཆེན་པོའི་བསོད་ནམས་ཀྱི། །འབྱོར་པའི་ཁྱད་པར་ཕུལ་བྱུང་རིན་ཆེན་བདུན། །བླ་མ་འཆི་མེད །བཞེས་ནས་ཚེ་དང་།ༀ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་སབྟ་རཏྣ་པཱུ་ཛི་ཏེ་ཨཱཧཱུྃ། །ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །བླ་མ །བཞེས་ནས །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཧཱུཾ། །དགེ་མཚན་བཀྲ་ཤིས་རྟགས་ཀྱི་ཆར་འབེབས་པའི། །ཡིད་འཕྲོག་མཆོད་པའི་ལྷ་མོ་མཐའ་ཡས་པ། །བླ་མ །བཞེས་ནས །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨབྦ་མངྒ་ལཾ་ཙིཏྣ་པཱུ་ཛི་ཏེ་ཨཱཏྟཱཧཱུྃ། །སྟོབས་བཅུ་མངའ་བས་བྱིན་གྱིས་བརླབས་པ་ཡི། །ཀུན་ཏུ་ཤིས་པ་སྤེལ་བའི་རྫས་མཆོག་བརྒྱད། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །


JKT022_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨཥཱ་མངྒ་ལཾ་དྲ་བྱ་པཱུ་ཛི་ཏེ་ཨཱཧཱུཾ། །ཁྱད་པར་ཞིང་ཁམས་རྒྱ་མཚོའི་མཆོད་པ་ནི། བྱི་དོར་ལེགས་པར་བྱས་པའི་རིན་པོ་ཆེའི་མཎྜལ་ལ་དྲི་བཟང་པོའི་རྒྱན་དང་བཅས་ཏེ་རིན་པོ་ཆེ་དང་། སྨན་འབྲུ་སོགས་པའི་ཚོམ་བུ་དགོད་ཅིང་། ཨོཾ་བཛྲ་བྷུ་མི་ཨཱཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཧཱུཾ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། བླ་མ་འཆི་མེད་ཚེའི་ལྷ་ཚོགས། ཆོས་སྲུང་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་གི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་དགེ་མཚན་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་


JKT022_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྒྱ་སྟོང་སོགས་ཅི་ནུས་དང་། སྤྲོ་ན་ཚོམ་བུ་སོ་བདུན་མ་སོགས་ཇི་ལྟར་རིགས་པའང་འབུལ། སླར་ཡང་ཡིད་ལས་བྱུང་བའི་མཆོད་སྤྲིན་ནམ་མཁའ་གང་བར་སྤྲོས་ཏེ་དོན་སེམས་བཞིན་དུ། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང་། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །


JKT022_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱོད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བར་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་


JKT022_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲས་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོམ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མན་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཆུས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཆང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །


JKT022_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པ། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག ། དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པ་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་དང་། ནམསྶརྦ་བུདྡྷ་བོ་དྷི་ས་ཏྲེ་བྷྱ༔ ཨོཾ་སརྦ་བིཏ་པཱུ་ར་པཱུ་ར། སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་སྭཱ་ཧཱ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་དང་། བསྙེན་བཀུར་བ་དང་། ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ། །གསུམ་པ་སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ནི། འདོད་ཆགས་ཞེ་སྡང་སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །


JKT022_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་བར་འདུན་པ་རྩེ་གཅིག་པས་བརྗོད། སྤྲོ་ན་སྤྱོད་འཇུག་སོགས་ལས་འབྱུང་བའི་ཚིགས་བཅད་རྒྱས་པ་ཇི་ལྟར་རིགས་པའང་སྤེལ། གང་ལྟར་ཡང་སྐབས་འདིར་སེམས་བསྐྱེད་པའི་གོ་ཆ་བླང་བ་ནི་ཐུན་མོང་གི་ཚེ་སྒྲུབ་པའི་ཐབས་ཀྱི་མཆོག་གཅིག་ཏུ་གསུངས་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། ཞེས་དགོངས་གསོལ་སྔོན་དུ་འགྲོ་བས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་སེམས་བསྐྱེད་ཀྱི་རྟེན་དུ་གྱུར་པའི་སྐྱབས་འགྲོ་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་བླང་། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་


JKT022_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་དང་། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་ཏུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་དགའ་བ་བསྒོམ། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག ། བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །དེ་ནས། སྐྱབས་གནས་ཀུན་འདུས་བླ་མ་ཚེ་ཡི་ལྷར། །གུས་པས་ཕྱག་འཚལ་མཆོད་ཅིང་གསོལ་བ་འདེབས། །མཁྱེན་བརྩེ་ནུས་པས་བདག་རྒྱུད་བྱིན་གྱིས་རློབས། །འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཅེས་ཕུར་ཚུགས་སུ་གསོལ་བ་ལན་གྲངས་མང་དུ་བཏབ་པའི་མཐར། དེ་ལྟར་ཕྱག་འཚལ་མཆོད་ཅིང་


JKT022_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བཏབ་མཐུས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང་། །རྣམ་དག་བཤེས་དང་མཇལ་བར་བྱིན་གྱིས་རློབས། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་བསྒྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་ནད་གདོན་% སྡིག་སྒྲིབ་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡེ་ཤེས་དང་། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །ནོར་བུ་སྨན་སོགས་ཕྱི་ཡི་རྟེན་འབྲེལ་དང་། །རྣལ་འབྱོར་ནུས་པ་ནང་གི་ཐབས་མཁས་ཀྱིས། །དུས་མིན་འཆི་བ་མཐའ་དག་ཞི་བྱས་ནས། །རིང་འཚོའི་དགའ་སྟོན་འཕེལ་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་པས་ལྷར་བཅས་ཀུན་གྱིས་སྲུང་། །བྱང་ཆུབ་སེམས་ཀྱིས་གདོན་བགེགས་དབང་དུ་གྱུར། །སྤྲོས་བྲལ་ལྟ་བས་སྐྱེ་འཆིའི་འཁྲུལ་སྣང་ཀུན། །བདེན་མེད་སྒྱུ་མར་གྲོལ་བར་བྱིན་གྱིས་རློབས། །བླ་མ་ལྷར་བཅས་ཐུགས་རྗེའི་འོད་ཟེར་གྱིས། །ཕྱི་སྣོད་འབྱུང་ལྔའི་ཁམས་དང་སྲིད་ཞིའི་བཅུད། །བཀུག་སྟེ་ནང་གི་སྒོ་གསུམ་ལ་བསྟིམས་པས། །འགྱུར་མེད་རྡོ་རྗེའི་ངོ་བོར་བྱིན་གྱིས་རློབས། །རྒུད་པ་མེད་པའི་ལང་ཚོའི་གཟི་འོད་དང་། །


JKT022_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང་རྩལ་གྱིས་ཕས་རྒོལ་ཟིལ་གནོན་ཞིང་། །དངོས་གྲུབ་བསོད་ནམས་རྣམ་པར་རྒྱས་པའི་དཔལ། །དབང་བཅུའི་མངའ་ཐང་འཕེལ་བར་བྱིན་གྱིས་རློབས། །འཆི་མེད་སྲོག་གི་མདུད་པ་དམ་པོར་བཅིངས། །མི་ཤིགས་ཚེ་ཡི་ལྗོན་བཟང་རབ་ཏུ་བརྟན། །མ་འགགས་བློ་དང་མྱུར་བའི་སྤོབས་པ་ཡིས། །ཕྱོགས་ལས་རྣམ་པར་རྒྱལ་བར་བྱིན་གྱིས་རློབས། །མཐར་ཐུག་གསང་ཆེན་མྱུར་ལམ་ལ་བརྟེན་ནས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་གྱུར་ཏེ། །འཆི་མེད་རྟགས་པ་དམ་པའི་ཕྲིན་ལས་ཀྱིས། །མཁའ་ཁྱབ་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས། །གཞན་ཡང་བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་ཡིས། །ས་གསུམ་དགེ་ལེགས་འཕེལ་བར་བྱིན་གྱིས་རློབས། །བཀྲ་ཤིས་སྲིད་དང་ཞི་བའི་ཡོན་ཏན་གྱི། །དགེ་མཚན་སྣང་བ་ནུབ་པ་མེད་པའི་ཕུལ། །ཕུན་ཚོགས་འཆི་མེད་གྲུབ་པའི་ངོ་མཚར་དང་། །ལྷན་ཅིག་ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག །ཅེས་འདོད་པའི་དོན་ལ་གསོལ་བ་གདབ། གསུམ་པ་བཟླས་པས་ཐུགས་དམ་བསྐུལ་བ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཊྚི་ཀུ་རུ་སྭཱ་ཧཱ། ཞེས་ཅུང་ཟད་བཟླས་མཐར། རྩེ་གཅིག་བསྙེན་པས་གསོལ་བ་བཏབ་པའི་མཐུས། །བླ་མ་ཡིད་བཞིན་འཁོར་ལོའི་ཐུགས་ཀ་ནས། །འོད་འཕྲོས་


JKT022_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བདག་ཚེ་དཔག་མེད་པ་དང་། །དེ་ཡི་གཙུག་ཏོར་ནོར་བུའི་འོད་ཟེར་གྱིས། །འཕགས་མ་རྣམ་པར་རྒྱལ་མའི་ཐུགས་རྒྱུད་བསྐུལ། །ཀུན་ཀྱང་ཐུགས་རྗེའི་འཇུག་པ་ལྷག་པར་གཡོས། །དཔག་ཡས་འོད་ཟེར་ཕྱོགས་བཅུའི་ཞིང་ཀུན་ཁྱབ། །བདག་གི་བླ་ཚེ་ཆད་ཉམས་ཡར་བ་དང་། །འབྱུང་བཞིའི་དྭངས་བཅུད་འཁོར་འདས་ཐམས་ཅད་ཀྱི། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཀུན། །འོད་ཟེར་སྣ་ལྔའི་རྣམ་པར་སྤྱན་དྲངས་ནས། །རིགས་ཀྱི་བདག་པོའི་ཕྱག་གི་བུམ་པར་ཐིམ། །བདུད་རྩིའི་རྒྱུན་ལུད་དེ་དང་ལྷན་ཅིག་ཏུ། །ཚོགས་ཞིང་ཀུན་གྱི་སྐུ་ཡི་ཆ་ཤས་ལས། །འཆི་མེད་གྲུབ་པའི་ཟིལ་དངར་ཆར་ལྟར་བབས། །རང་གི་སྤྱི་བོ་ཚངས་པའི་སྒོ་ནས་ཞུགས། །ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་སྦྱངས། །བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཆུད། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །འཆི་མེད་གཉུག་མའི་གོ་འཕང་ཐོབ་པར་གྱུར། །ཅེས་བརྗོད་ཅིང་དམིགས་པ་ནན་ཏན་དུ་གསལ་བཏབ་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་དང་། ཚེ་གཟུངས། རྣམ་རྒྱལ་མའི་གཟུངས་རིང་ཐུང་འབྲིང་པོ་བཅས། སྒྲོལ་དཀར་གྱི་སྙིང་པོ་སོགས་ཇི་ལྟར་རིགས་པ་བཟླ། དེ་ཙམ་མི་ནུས་ན། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཞེས་རྣམ་རྒྱལ་མའི་སྙིང་པོ་དང་། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་སྒྲོལ་དཀར་གྱི་སྙིང་པོ་དང་། སྐབས་སུ་སྤེལ་ཚིག་དང་བཅས་པའང་ཅི་ནུས་སུ་བཟླ་ཞིང་། སྤྲོ་ན་ཚེ་


JKT022_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་པའི་གཟུངས་མདོ། རྣམ་རྒྱལ་མའི་རྟོག་པ། སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་རྣམས་ཀྱང་བཀླག་པར་བྱ་སྟེ། སངས་རྒྱས་རྗེས་དྲན་དུ་བྱས་ནས་ཀློག་པར་གསུངས་པའི་དོན་ཡིན་པས་ཤིན་ཏུ་ལེགས། གཞན་ཡང་འཕགས་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་བསྟོད་ཚོགས་དང་། ཁོ་བོས་བགྱིས་པའི་ཚེ་ལྷ་རྣམ་གསུམ་གྱི་བསྟོད་པ་སོགས་གདངས་སྙན་པོས་བརྗོད་པའི་བར་བར་དུ་སྔགས་རྣམས་སྤེལ་ནས་བཟླས་ཀྱང་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་གསུམ། གཏང་རག་འབུལ་བ། ཚོགས་ཞིང་བསྡུ་བ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པའོ། །དང་པོ་ནི། མཆོད་པ་རྣམས་ཞལ་གསོལ་ལ་མཆོད་པའི་སྤྲིན་གྱི་སྔགས་ཀྱིས་བརླབ། གང་གི་སོ་སོར་རྟོག་པའི་ཡེ་ཤེས་ནི། །དྲན་པས་འཆི་མེད་མཆོག་སྩོལ་ཚེ་ཡི་ལྷར། །ཡོངས་ཤར་སྐྱབས་གནས་ཀུན་འདུས་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །ཞེས་དང་། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད་སོགས་བློ་ཀ་གསུམ་གྱི་མཐར། གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །ཚེ་ལ་དབང་བའི་དྲང་སྲོང་རིག་པ་འཛིན། །ཆོས་སྲུང་ནོར་ལྷ་རྒྱ་མཚོའི་ཚོགས་བཅས་ལ། །རབ་ཏུ་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང་། །མོས་པའི་སྟོབས་ཀྱིས་སྤྲུལ་པའི་མཆོད་སྤྲིན་ནི། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བ། །སངས་རྒྱས་ཞིང་མཐར་ཁྱབ་པས་རྟག་ཏུ་མཆོད། །ཅེས་དང་། མཆོད་པའི་སྤྲིན་གྱི་གཟུངས་བརྗོད། བདག་གཞན་


JKT022_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ། །ཞེས་ཡན་ལག་བདུན་པ་ཚང་བར་བྱ་ཞིང་། དེ་ལྟར་ཕྱག་འཚལ་མཆོད་ཅིང་གསོལ་བཏབ་མཐུས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང་། །རྣམ་དག་བཤེས་དང་མཇལ་བར་བྱིན་གྱིས་རློབས། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་བསྒྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་ནད་གདོན་སྡིག་སྒྲིབ་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡེ་ཤེས་དང་། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །མཐར་ཐུག་གསང་ཆེན་མྱུར་ལམ་ལ་བརྟེན་ནས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་གྱུར་ཏེ། །འཆི་མེད་རྟག་པ་དམ་པའི་ཕྲིན་ལས་ཀྱིས། །མཁའ་ཁྱབ་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས། །གཞན་ཡང་བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་ཡིས། །ས་གསུམ་


JKT022_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་འཕེལ་བར་བྱིན་གྱིས་རློབས། །བཀྲ་ཤིས་སྲིད་དང་ཞི་བའི་ཡོན་ཏན་གྱི། །དགེ་མཚན་སྣང་བ་ནུབ་པ་མེད་པའི་ཕུལ། །ཕུན་ཚོགས་འཆི་མེད་གྲུབ་པའི་ངོ་མཚར་དང་། །ལྷན་ཅིག་ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག །ཅེས་གསོལ་བ་གདབ། གཉིས་པ་ནི། ཚོགས་ཞིང་ཐམས་ཅད་འོད་ཞུ་རང་ལ་ཐིམ། །རང་གི་སྒོ་གསུམ་གཉུག་མའི་ཡེ་ཤེས་དང་། །སྐྱབས་ཡུལ་རྣམས་ཀྱི་གསང་གསུམ་དབྱེར་མེད་ངང་། །གནས་ལུགས་འོད་གསལ་ཆོས་སྐུའི་རང་ཞལ་བལྟ། །ཞེས་བརྗོད་ཅིང་བསམས་ལ་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དབྱིངས་སུ་མཉམ་པར་གཞག གསུམ་པ་ནི། དེ་ལས་ལྡང་བར་བརྩམ་པ་ན། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །ཅེས་དང་། སྤྲོ་ན། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་° ཡི། །ཞེས་སོགས་བཟང་པོ་སྤྱོད་པའི་སྨོན་ལམ་གདབ། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ལས་གསུངས་པའི་བཀྲ་ཤིས་དང་། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་འཆད། །སྐྱིད་


JKT022_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆོས་འཕེལ་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་སོགས་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། །བསྒྲུབ་བྱ་གཞན་གྱི་ཆེད་དུ་བྱེད་པའི་ཚེ། བླ་མ་སོགས་ཡུལ་མཆོག་རྣམས་རང་གི་གཡས་ཕྱོགས་སུ་རིན་པོ་ཆེའི་ཁྲི་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་དུ་བཞུགས་པ་དང་། སྦྱིན་བདག་ཕལ་པའི་རིགས་རྣམས་མདུན་དུ་འཁོད་པ། དེ་དག་ཀྱང་ལང་ཚོ་དར་ལ་བབས་ཤིང་གོས་རྒྱན་གཟབས་མཆོར་ཕུན་སུམ་ཚོགས་པར་གསལ་བཏབ་ལ་ཚེ་བཅུད་བསྡུ་བསྟིམ་ལྷན་ཅིག་ཏུ་བགྱིས་པས་དོན་གྲུབ་པ་ཡིན་ནོ། །དེ་ལྟར་འབད་པའི་ཕན་ཡོན་ནི། ཚེ་དཔག་མེད་ཀྱི་གཟུངས་མདོ་དང་། གཙུག་ཏོར་རྣམ་རྒྱལ་མའི་རྟོག་པ་དང་། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་ཕན་ཡོན་སོགས་ལས་ཇི་སྐད་གསུངས་པ་ལྟར་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་། གནས་སྐབས་དང་མཐར་ཐུག་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ལ་སོགས་པ་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། ཚེ་འཕོས་ནས་ཀྱང་དག་པའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེས་ནས་མྱུར་དུ་བྱང་ཆུབ་ཆེན་པོའི་གོ་འཕང་འཐོབ་པ་སོགས་སྲིད་པ་དང་ཞི་བའི་དགེ་མཚན་མཐའ་དག་གིས་འབྱོར་པར་འགྱུར་བ་ནི་ངེས་པའོ། །རྟག་པར་གཞན་ལ་སྨན་འདོད་པའི། །ཡིད་ཀྱི་ཆུ་གཏེར་ཉམས་དགའ་བ། །སངས་རྒྱས་བྱིན་རླབས་མཐུས་བསྐུལ་བས། །འཆི་མེད་སྒྲུབ་པའི་ཐབས་འདི་བྱུང་། །དེ་ལས་འཐོབ་པའི་དགེ་ཚོགས་བདུད་རྩིའི་སྤྲིན། །བྱང་ཆུབ་སྙིང་པོའི་ཕ་མཐར་ཁྱབ་པ་ལས། །ལེགས་བྱས་ཟིལ་དངར་རྟག་ཏུ་བབས་པ་ཡིས། །ཕན་བདེའི་སྙེ་མ་གཡུར་དུ་ཟ་བར་ཤོག །ཅེས་པའང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཆོས་ཀྱི་འཁོར་


JKT022_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དུས་རྟག་ཏུ་བསྐོར་བ་དང་། རང་གཞན་ཡིད་ཅན་མཐའ་དག་ཚེ་དང་བསོད་ནམས་ཡེ་ཤེས་ཀྱི་དགེ་མཚན་རྒྱས་པའི་རྟེན་འབྱུང་དུ་དམིགས་ཏེ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བ་དེ་དེ་བཞིན་དུ་འགྲུབ་པའི་དགེ་ལེགས་ཀྱི་སྣང་བས་ཕྱོགས་དུས་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །།འཕགས་མ་སྒྲོལ་མ་ལ་རྩ་སྔགས་དང་སྦྱར་བའི་སྒོ་ནས་གསོལ་བ་འདེབས་པ་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། །ཨོཾ་གྱིས་ཐར་དང་འདོད་རྒུའི་ནོར་སྟེར། །དཔལ་དང་གཡང་སོགས་སྐལ་པ་བཟང་པོས། །སྲིད་ཞིར་སྨན་མཛད་གསང་བ་གསུམ་བདག །མཆོག་སྦྱིན་འཕགས་མ་ཡུམ་ལ་འདུད་དོ། །ཏཱ་རེ་ཐུགས་བསྐྱེད་རིན་ཆེན་གྲུ་བོས། །འཁོར་བ་ངན་སོང་སྡུག་བསྔལ་མཚོ་ལས། །མཁའ་མཉམ་ཡིད་ཅན་རྟག་ཏུ་སྒྲོལ་བའི། །རྗེ་བཙུན་སྒྲོལ་མ་ཡུམ་ལ་འདུད་དོ། །ཏུཏྟཱ་རེ་ཞེས་བྱིན་རླབས་བདུད་རྩིས། །འཇིགས་བཅས་རྒུད་པའི་ཚ་གདུང་བསལ་ནས། །ཕན་བདེའི་པདྨོ་རྒྱས་པར་མཛད་པའི། །གདུང་བ་སྐྱོབ་མ་ཡུམ་ལ་འདུད་དོ། །ཏུ་རེ་ཁྱོད་ཞབས་དྲན་པའི་མོད་ནས། །གང་འདུལ་མཚན་དང་སྐུ་ཡི་བཀོད་པས། །བདག་ལྟའི་ཕོངས་པ་ཀུན་ལས་སྲུང་བའི། །ཐུགས་རྗེ་མྱུར་མ་ཡུམ་ལ་འདུད་དོ། །སྭཱ་ཧཱ་ཕྲིན་ལས་རྫོགས་ལྡན་སྤྲིན་གྱིས། །དགེ་ལེགས་ནོར་བུའི་གྲུ་ཆར་འབེབས་པས། །ཁམས་གསུམ་འགྲོ་ཀུན་དབུགས་འབྱིན་སྩོལ་བའི། །


JKT022_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་འཁོར་ལོ་ཡུམ་ལ་འདུད་དོ། །མདོར་ན་སྲས་བཅས་རྒྱལ་བ་ཡོངས་ཀྱི། །ཡེ་ཤེས་གཅིག་བསྡུས་འཕགས་མ་ཁྱོད་ལ། །སྙིང་ནས་གུས་པས་གསོལ་བ་འདེབས་སོ། །བྱང་ཆུབ་བར་དུ་རྗེས་སུ་ཟུངས་ཤིག །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་རིག་དང་བརྩེ་བའི། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པས། །དོན་གཉིས་འགྲུབ་པར་བྱིན་གྱིས་རློབས་ཤིག །ཅེས་པའང་ལྷག་པའི་ལྷ་མོ་འདི་ཉིད་ལ་གཅིག་ཏུ་གུས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྙིང་ནས་དད་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ༈ །ཨོཾ་སྭ་སྟི་སིདྡྷཾ། །རྣམ་དཀར་ཕྱི་མོ་ཆོས་ཀྱི་དབང་པོའི་སྡེས། །དད་པས་བསྒྲུབས་པའི་ལེགས་བྱས་བདུད་རྩི་ཡིས། ། བསྟན་འཛིན་མཆོག་རྣམས་བསྐལ་བརྒྱར་ཞབས་བརྟེན་ཅིང་། །ཕན་བདེའི་ཕྲིན་ལས་ནམ་མཁའི་མཐར་ཁྱབ་ཤོག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་རྣལ་འབྱོར་ཡེ་ཤེས་སྣང་བ་རྒྱས་པ།


JKT022_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཛཱ ནཱ ལོ ཀ བྲི དྷཱི ནཱ མ མ ཉྫ གྷོ ཥ ཏཱ དྷ རྨ རཱ ཛ པྲ ཧྥ དེ ཝ བུ ༉ སྱ ཡོ ག བི ཧ ར ཏི སྨ།།
༄༅། །འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་རྣལ་འབྱོར་ཡེ་ཤེས་སྣང་བ་རྒྱས་པ་ཞེས་བྱ་བ་བཞུགས་སོ། །


JKT022_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་མཉྫ་ཤི་གྷོ་ཥ་ཡ། སྙིང་དབུས་མི་ཤིགས་ཐིག་ལེ་རུ། །སྒྲིབ་གསུམ་ཟད་པའི་འོད་པོ་ཆེ། །ཡེ་ཤེས་སྣང་བ་ལམ་མེ་བ། །འཇམ་དཔལ་གཞོན་ནུ་ཁྲི་སྲོང་ཞབས། །དད་པས་བསྙེམ་པས་བློ་གྲོས་ཀྱི། །པདྨོ་ལྷག་པར་རྒྱས་འདོད་ན། །དབེན་པར་བདེ་བའི་སྟན་ལ་འདུག །ངེས་འབྱུང་སྙིང་རྗེས་རྒྱུད་བསྐུལ་ནས། །སྦྱོར་དངོས་རྗེས་ཀྱིས་ཉམས་སུ་བླང་། །དེ་ལ་དང་པོ་སྦྱོར་བ་ལ། །རྣམ་པ་བདུན་ལས་སྐྱབས་འགྲོ་ནི། ཨ། གཟོད་ནས་སྟོང་པ་ཆོས་ཀྱི་སྐུ། །འོད་གསལ་ཡེ་ཤེས་ལོངས་སྤྱོད་རྫོགས། །དབྱེར་མེད་ཆེན་པོ་སྤྲུལ་པའི་སྐུ། །འཇམ་མགོན་བླ་མར་སྐྱབས་སུ་མཆི། །གཉིས་པ་སྨོན་འཇུག་སེམས་བསྐྱེད་ནི། ཧོ༔ ལས་ཉོན་གཞན་དབང་ལ་བརྟེན་ནས། །ཀུན་བརྟགས་འཁྲུལ་པའི་འགྲོ་བ་ཀུན། །ཡོངས་གྲུབ་གདོད་མའི་སར་འགོད་སླད། །རྡོ་རྗེའི་རྣལ་འབྱོར་བསྒོམ་པར་


JKT022_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། །གསུམ་པ་ཡན་ལག་བདུན་པ་ནི། ཨོཾ་ཨཱཿཧཱུྃ། ཡེ་ཤེས་ལུས་ཅན་བླ་མ་ལྷར། །སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། །རབ་འབྱམས་མཆོད་སྤྲིན་རྒྱ་མཚོས་མཆོད། །སྟོབས་བཞིས་སྡིག་ལྟུང་ཚོགས་ཀུན་བཤགས། །འཁོར་འདས་དགེ་ལ་རྗེས་ཡི་རང་། །ཞི་བསིལ་ཆོས་འཁོར་བསྐོར་བར་བསྐུལ། །སྐྱེ་འཆི་མེད་པར་རྟག་བཞུགས་གསོལ། །དགེ་ཚོགས་འོད་གསལ་དབྱིངས་སུ་བསྔོ། །བཞི་པ་བགེགས་ཚོགས་མཚམས་གཅོད་ནི། ཧཱུཾ། གཟུང་འཛིན་འཁྲུལ་པ་ལས་སྐྱེས་པའི། །བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས། །རིག་སྟོང་གཉུག་མའི་ཧེ་རུ་ཀའི། །བརྟུལ་ཞུགས་ཆེན་པོས་མཐར་བསྐྲད་དོ། །ཧཱུྃ་ཧཱུྃ་ཧཱུྃ། ལྔ་པ་སྲུང་འཁོར་བསྒོམ་པ་ནི། ཨོ། གཉུག་མ་བྱ་རྩོལ་བྲལ་བའི་ཀློང་། །མི་ཕྱེད་མི་ཤིགས་


JKT022_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གུར། །ཡེ་ཤེས་སྣང་བ་རབ་འབར་བས། །གཉིས་སྣང་རྟོག་པ་མཚམས་བཅད་དོ། །བཛྲ་ཛྷཱ་ན་བྷཾ། དྲུག་པ་བྱིན་ཆེན་འབེབས་པ་ནི། ཧཱུྃ། རང་སྣང་དོན་གྱི་འོག་མིན་ནས། །འཇམ་དཔལ་གཞོན་ནུ་ཁྲི་སྲོང་རྗེ། །རབ་འབྱམས་རྩ་གསུམ་རྒྱ་མཚོར་བཅས། །གནས་འདིར་བྱིན་ཕོབ་མཆོག་དབང་སྐུར། །ཧཱུྃ་ཧཱུྃ་ཧཱུྃ། བདུན་པ་མཆོད་རྫས་བྱིན་རླབས་ནི། ཨོཾ་ཨཱཿཧཱུྃ། ཕྱི་སྣོད་འོག་མིན་རྡོ་རྗེའི་ཞིང་། །ནང་བཅུད་མཆོད་པའི་ཕྱག་རྒྱ་ཆེ། །ཕུང་ཁམས་སྐྱེ་མཆེད་སྨན་གཏོར་རག །ཀུན་ཏུ་བཟང་པོའི་སྤྲིན་ཆེན་འཁྲིགས། །ཨོཾ་ཨཱཿཋསརྦ་པུ་ཛ་མེ་གྷ་ཧཱུྃ། གཉིས་པ་དངོས་གཞིར་བསྐྱེད་རིམ་ནི། ཨ། མཁའ་ཁྱབ་མཁའ་ཡི་ཡེ་ཤེས་ནི། །དང་པོའི་སངས་རྒྱས་དེ་བཞིན་ཉིད། །ཀུན་སྣང་སྙིང་རྗེ་སྒྱུ་མའི་སྤྲིན། །རྡོ་རྗེ་རྣོན་པོའི་ངོ་བོར་བཞེངས། །དེ་ལས་རྒྱུ་ཡི་ཡི་གེ་ཨ། །སྐྱེ་མེད་སྐྱེ་བའི་ཚུལ་དུ་ཤར། །ཐུགས་རྗེའི་ཆོ་འཕྲུལ་འོད་ཟེར་ལྔས། །སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས། །འབྱུང་བ་རིམ་བརྩེགས་ཡུམ་ལྔའི་མཁར། །ཐར་པ་ཆེན་པོའི་གཞལ་མེད་ཁང་། །རྒྱ་ཁྱོན་བཀོད་པ་བསམ་འདས་དབུས། །པད་ཉི་ཟླ་བའི་གདན་སྟེང་དུ། རང་རིག་ཨ་ཡིག་ཡོངས་གྱུར་ལས། །འཇམ་དཔལ་གཞོན་ནུ་ཁྲི་སྲོང་རྗེ། །དཀར་དམར་མདངས་ལྡན་རྒྱལ་པོའི་ཆས། །ཞི་འཛུམ་གཟི་བརྗིད་དཔལ་དུ་འབར། །ཕྱག་གཉིས་ཐུགས་ཀར་ཆོས་འཆད་རྒྱས། །ཨུཏྤལ་རྒྱས་


JKT022_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡོང་བུ་འཛིན། །འདབ་མ་སྙན་ཐད་ཁ་བྱེ་བར། །ཤེས་རབ་རལ་གྲི་པུ་སྟི་བསྣམས། །ཞབས་ཟུང་རོལ་སྟབས་འོད་ལྔའི་ཀློང་། །རྒྱལ་ཀུན་འདུས་པའི་ངོ་བོར་བཞུགས། །གནས་གསུམ་རྡོ་རྗེའི་ཨོ་ཨཱཧཱུྃ། །དེ་ལས་འཕྲོས་པའི་འོད་ཟེར་གྱིས། །ཕྱོགས་དུས་བདེ་གཤེགས་རྩ་གསུམ་ཀུན། །སྤྱན་དྲངས་དབྱེར་མེད་ཆེན་པོར་གྱུར། །གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི། ཨོཾ། སྟོང་གསལ་འདུས་མ་བྱས་པའི་དབྱིངས། །གཞོན་ནུ་བུམ་སྐུའི་ཕོ་བྲང་ནས། །ཟུང་འཇུག་སྒྱུ་མར་རང་སྣང་བའི། །ཡེ་ཤེས་སྐུ་ཅན་ཁྲི་སྲོང་རྗེ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་རྒྱ་མཚོའི་འཁོར་དང་བཅས། །མོས་ཤིང་གདུང་བས་སྤྱན་འདྲེན་ན། །མཁའ་ལས་འཇའ་ཚོན་ཤར་བ་ལྟར། །ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །རྡོ་རྗེ་གསུམ་གྱི་བྱིན་ཆེན་ཕོབ། །ཕྱི་ནང་གསང་བའི་དབང་བཞི་སྐུར། །ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་མ་ཧཱ་དྷརྨ་རཱ་ཛ་མནྡྲ་ཤཱི་ས་པ་རི་ཝཱ་ར་ཨེ་ཧེ་ཧི། །གསུམ་པ་བཞུགས་སུ་གསོལ་བ་ནི། ཨ། དམ་ཚིག་ལྷ་སྔགས་ཆོས་ཉིད་ཀློང་། །ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས། །གདོད་ནས་འདུ་འབྲལ་མེད་པའི་ཕྱིར། །རྡོ་རྗེའི་སྟན་ལ་ཏིཥྛ་ལྷན། །བཞི་པ་བརྡ་ཕྱག་འཚལ་བ་ནི། ཧོ༔ རང་བྱུང་གཉུག་མའི་བླ་མ་ལྷར། །རང་ལས་སྤྲུལ་པའི་དྷཱ་ཀི་ནཱིས། །རང་ཞལ་མཇལ་བའི་བརྡ་ཕྱག་གིས། །རང་གྲོལ་ཆོས་སྐུའི་


JKT022_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་དུ་འདུད། །ཨ་ལ་ལ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི། ཧོ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོའི་སྤྲིན། །ཀུན་བཟང་སྨོན་ལམ་སྟོབས་ཀྱིས་སྤྲུལ། །ནང་མཆོད་སྨན་རག་བ་ལི་ཏ། །རྩ་རླུང་ཐིག་ལེ་རྣམ་པར་དག ། གསང་མཆོད་སྦྱོར་སྒྲོལ་འོད་གསལ་དབྱིངས། །དུག་གསུམ་རང་གྲོལ་གདོད་མའི་གཤིས། །སྤང་བླང་བསལ་བཞག་བྲལ་བའི་ངང་། །དག་མཉམ་རྟོགས་པའི་རྒྱན་དུ་མཆོད། །ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ཧོ དྲུག་པ་རྡོ་རྗེའི་གླུ་ཡིས་བསྟོད། ཧོ༔ ཐོག་མཐའ་དབུས་མེད་བྱང་ཆུབ་སེམས། །ངོ་བོ་བློ་འདས་ཅིར་མི་དམིགས། །རང་བཞིན་སྟོང་གསལ་འོད་པོ་ཆེ། །ཐུགས་རྗེ་སྒྱུ་མའི་སྐུ་རུ་ཤར། །རྡོ་རྗེ་མི་ཤིགས་ནཱ་དའི་དབྱངས། །འགྲོ་བའི་ཁམས་དང་དབང་པོ་དང་། །བསམ་པའི་རིམ་པ་ཇི་བཞིན་དུ། །ཆོས་ཀྱི་ཕུང་པོ་རྒྱ་མཚོར་སྣང་། །གཟུང་འཛིན་མཐའ་ལ་མི་གནས་པའི། །ཡེ་ཤེས་སྙིང་རྗེའི་ཚུལ་འཆང་བ། །བསམ་གྱིས་མི་ཁྱབ་ཡོན་ཏན་དང་། །ཕྲིན་ལས་འགག་མེད་ཀུན་ཏུ་འཆར། །འཇམ་དཔལ་གཞོན་ནུ་ཁྲི་སྲོང་རྗེ། །སྲས་བཅས་རྒྱལ་བ་ཀུན་གྱི་ཡབ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཆེ། །དེ་ལ་རྟག་ཏུ་འདུད་ཅིང་བསྟོད། །ཨེ་མ་ཧོ་ཡེ་ཤེས་ཆེན་པོ་ཡིས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །མི་འབྲལ་མངོན་སུམ་བྱིན་བརླབས་ནས། །དངོས་གྲུབ་མཐའ་དག་སྩལ་དུ་གསོལ། །བདུན་པ་ཛཔྲ་ཀྱི་དགོངས་པ་ནི། དྷཱི༔


JKT022_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་དབུས་འཇའ་ཟེར་འོད་ལྔའི་ཀློང་། །ཡེ་ཤེས་སེམས་དཔའ་འཇམ་པའི་དབྱངས། །དྲི་མེད་སྟོན་ཟླ་གསར་བའི་མདངས། །ཕྱག་གཉིས་རལ་གྲི་གླེགས་བམ་བསྣམས། །རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས། །ཐུགས་ཀར་ཏིང་འཛིན་སེམས་དཔའ་ནི། །ཤེས་རབ་འཁོར་ལོ་རྩིབས་དྲུག་པའི། །ལྟེ་བར་དྷི༔ཡིག་དཀར་པོ་དང་། །རྩིབས་དྲུག་རྡོ་རྗེའི་འབྲུ་དྲུག་མཚན། །དེ་ལས་འོད་ཟེར་རབ་འཕྲོས་པས། །ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི། །ཡེ་ཤེས་ཡོན་ཏན་བྱིན་རླབས་ཀུན། །ལྷ་སྔགས་ཕྱག་མཚན་རྣམ་པ་རུ། །སྤྱན་དྲངས་རང་གི་གནས་གསུམ་དང་། །སྙིང་གའི་འཁོར་ལོར་དབྱེར་མེད་ཐིམ། །རབ་འབྱམས་ཤེས་བྱ་ཐམས་ཅད་ལ། །ཐོགས་མེད་བློ་གྲོས་རྒྱས་པར་གྱུར། །ཨོཾ་ཨ་ར་པ་ཙ་ན་དྷཱི༔ བླ་མ་ཡི་དམ་དབྱེར་མེད་པའི། །མཚན་སྔགས་འདིས་ཀྱང་དངོས་གྲུབ་བསྐུལ། ཨོཾ་ཨཱཿམཉྫ་བྲི་པྲཧྨ་དེ་བ་པུཏྤ་སརྦ་པྲཛྙཱ་ཛཱ་ན་སིདྡྷི་ཧཱུྃ། སྣང་བ་ཐམས་ཅད་ལྷ་ཡི་སྐུ། །ཆུ་ཟླ་འཇའ་ཚོན་ལྟ་བུར་བལྟ། །གྲགས་པ་རྟེན་ཅིང་འབྲེལ་འབྱུང་སྔགས། །སྒྲ་བརྙན་བྲག་ཅའི་ཚུལ་དུ་བསམ། །དྲན་རྟོག་འོད་གསལ་དབྱིངས་ཀྱི་ངང་། །སྤང་བླང་བསལ་བཞག་བྲལ་བར་བསྐྱང་། །གསུམ་པ་རྗེས་ཀྱི་རིམ་པ་ལ། །དང་པོ་ཚོགས་ཀྱི་མཆོད་པ་ནི། །བཟའ་བཏུང་སྣ་ཚོགས་ཕུད་ཀྱི་དངོས། །རིན་ཆེན་བྷནྡྷའི་སྣོད་དུ་བཤམ། ཨོཾ་ཨཱཿཏྟཱཧཱུྃ། རྟེན་འབྱུང་སྣང་བའི་ཀ་པཱ་ལར། །སྟོང་ཉིད་ཡེ་ཤེས་བདུད་རྩིར་བསྐྱིལ། །འདོད་ཡོན་རྣམ་པ་ཐམས་ཅད་པ། །


JKT022_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་སྒྱུ་མའི་རོལ་པར་ཤར། །ཨོཾ་སརྦ་པཱུ་ཛ་ག་ཎ་ཙ་ཀྲ་ཨཱཧཱུྃ། ཧཱུྃ། དབྱིངས་ལས་སྐུར་བཞེངས་རྩ་གསུམ་ལྷ། །བདེ་ཆེན་ཚོགས་ཀྱི་འདུ་བར་གཤེགས། །སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ། །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །བཛྲ་ས་མ་ཡ་ཛ༔ ཨོ། སྣོད་བཅུད་རང་བྱུང་བདུད་རྩི་ལྔ། །འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །བླ་ན་མེད་པའི་ཚོགས་མཆོད་ཀྱིས། །རྩ་གསུམ་ལྷ་ཚོགས་མཉེས་གྱུར་ཅིག །སརྦ་པཉྩ་ཨ་མྲྀ་ཏ་ག་ཎ་ཙ་ཀྲ་པཱུ་ཛ་ཨོ། ཨ ཕུང་པོ་རང་བྱུང་བྷནྡྷ་རུ། །རྩ་རླུང་ཐིག་ལེའི་གཏོར་མ་བཤམས། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །སྒོ་གསུམ་དམ་ཚིག་ཉམས་ཆག་བཤགས། །བཛྲ་ས་མ་ཡ་ཤུདྡྷེ་ཨ། ཧཱུྃ། རིག་པ་རང་བྱུང་ཀཱི་ལཱ་ཡས། །གཟུང་འཛིན་བདུད་ཚོགས་དབྱིངས་སུ་བསྒྲལ། །མ་འཁྲུལ་གཤིས་ཀྱི་དམར་ཆེན་པོས། །ཧེ་རུ་ཀ་དཔལ་དགྱེས་གྱུར་ཅིག །ཤྲཱི་བཛྲ་ཧེ་རུ་ཀ་མ་ཧཱ་རཀྟ་པཱུ་ཛ་ཧོ༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀུན། །གདན་གསུམ་དཀྱིལ་འཁོར་གཅིག་ཏུ་རྫོགས། །འདོད་ཡོན་རྡོ་རྗེའི་དམ་ཚིག་གིས། །བདེ་བ་ཆེན་པོར་མཉེས་གྱུར་ཅིག །ཨ་ལ་ལ་ཧོ༔ དགའ་བཞིའི་ཐིག་ལེ་མ་མོའི་གཟུགས། །ཞིང་སྐྱོང་ལང་བྲན་དང་བཅས། །ཁྲག་འཐུང་ཆེན་པོའི་ཕམ་ཕབས་འདི། །དགྱེས་པར་བཞེས་ལ་ཕྲིན་ལས་མཛོད། །ཧཱུྃ་ཧ་ཧེ་བྷྱོ་བ་ལིཾ་ཏ་ཁཱ་ཧི། །གཉིས་པ་སྲུང་


JKT022_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཆོད་པ་ནི། བྷྱོ༔ དབྱིངས་རིག་ཟུང་འཇུག་ཐིག་ལེའི་རྩལ། །སྔགས་སྲུང་ཁྱབ་འཇུག་རྡོ་རྗེ་ལེགས། །འབུམ་ཕྲག་ཡངས་པའི་སྲུང་མའི་ཚོགས། །ཤ་ཁྲག་སྨན་ཕུད་གཏོར་མས་མཆོད། །གཉིས་འཛིན་ཞི་ཞིང་རིག་རྩལ་རྒྱས། །རླུང་སེམས་དབང་སྡུས་རྟོག་ཚོགས་སྒྲོལ། །ཀ་དག་ལྷུན་གྲུབ་རྡོ་རྗེའི་གྲོང་། །མངོན་པར་བྱང་ཆུབ་རྟེན་འབྲེལ་སྒྲིགས། །སརྦ་དྷརྨ་པཱ་ལ་བྷ་ཉྫ་ཧོ༔ གསུམ་པ་དངོས་གྲུབ་གསོལ་བ་ནི། ཧོ༔ རང་བྱུང་དབྱིངས་ཀྱི་དཀྱིལ་འཁོར་ནས། །རིག་པ་རང་སྣང་འཇམ་པའི་དབྱངས། །ཐུགས་རྗེ་འགྲོ་འདུལ་ཁྲི་སྲོང་རྗེ། །ཡེ་ཤེས་ཆེན་པོའི་ཀློང་ནས་བཞེངས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །བདག་རྒྱུད་སྒྲིབ་གཉིས་ཡོངས་སུ་སྦྱོངས། །མཁྱེན་བརྩེ་ནུས་པ་མཐའ་ཡས་པའི། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །སརྦ་སིདྡྷི་ཕ་ལ་ཧོ༔ བཞི་པ་ལྷར་སྣང་བསྡུ་བ་ནི། ཨ། རིག་རྩལ་སྤྲུལ་པའི་ལྷ་ཚོགས་ཀུན། །རིག་པ་འོད་གསལ་དབྱིངས་སུ་ཐིམ། །རིག་སྟོང་ཟུང་འཇུག་གཉུག་མའི་ངང་། །རིག་གདངས་འགག་མེད་ལྷུག་པར་བསྐྱང་། །ཨ་ཨ་ཨ། ལྔ་པ་ཐུན་མཚམས་ལྷ་སྐུར་སྣང་། ཧཱུྃ། ཀ་དག་གཏིང་གསལ་འདུས་མ་བྱས། །ལྷུན་གྲུབ་ཟུང་འཇུག་སྒྱུ་མའི་སྐུ། །སྣང་གྲགས་རིགས་གསུམ་མཉྫ་བྷིའི། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སད། །ཨོཾ་ཨཱཿཧཱུྃ། དྲུག་པ་བསྔོ་སྨོན་བྱ་བ་ནི། ཧོ༔ དུས་གསུམ་བསགས་པའི་ལེགས་བྱས་ཀུན། །


JKT022_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་མཁྱེན་པའི་ཡོངས་བསྔོ་དང་། །མི་ཕྱེད་མཉམ་པ་ཉིད་གྱུར་ཏེ། །མཁའ་ཁྱབ་འགྲོ་ཀུན་སྒྲོལ་བར་ཤོག །བདུན་པ་ཤིས་པ་བརྗོད་པ་ནི། ཧོ༔ འཇམ་མགོན་གཞོན་ནུའི་ཡེ་ཤེས་ཀྱིས། །བྱིན་གྱིས་རློབ་པའི་བཀྲ་ཤིས་ཤོག །ཕྱག་རྒྱ་ཟིལ་གནོན་ཧེ་རུ་ཀས། །དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག །ངག་གི་དཔལ་མོ་དབྱངས་ཅན་ལྷས། །ཕྲིན་ལས་མཛད་པའི་བཀྲ་ཤིས་ཤོག །སྲིད་དང་ཞི་བའི་ལེགས་ཚོགས་ཀྱིས། །འཇིག་རྟེན་དགེ་བའི་བཀྲ་ཤིས་ཤོག །འདི་ནི་བཀའ་མིན་གཏེར་མ་མིན། །དག་པའི་སྣང་བ་ལྟ་ག་ལ། །སོ་སོ་སྐྱེ་བོ་ཐ་ཤལ་གྱི། །རྣམ་རྟོག་འོག་འགྱུའི་ཕྲེང་བ་ཡིན། །དེ་ལྟ་ན་ཡང་འཇམ་པའི་དཔལ། །ཁྲི་སྲོང་རྗེ་དེའི་མཚན་ཙམ་ཡང་། །བསྐལ་མང་རྣ་བར་ཐོབ་དཀའི་ཕྱིར། །དད་པའི་མེ་ཏོག་སྙིང་ནས་རྒྱས། །མོས་གུས་སྦྲང་རྩིའི་ཟིལ་དངར་རྒྱུན། །འགོག་པ་མེད་པར་འཇོ་བ་ལ། །ལེགས་བྱས་ཅུང་ཟད་མཆིས་སྲིད་ན། །འགྲོ་ཀུན་ཉེར་འཚོའི་གཞིར་གྱུར་ཅིག །ཤྲཱི་མཉྫགྷོ་ཥ་བྲཧྨ་པུཉྫ་དེ་བའི་ཡེ་ཤེས་ཆེན་པོའི་བྱིན་རླབས་ཅུང་ཟད་ཐོབ་པ་ལ་བརྟེན་ནས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་བློ་གྲོས་ཀྱི་ཨཱ་དནར་ཇི་ལྟར་ཤར་བ་བཟོ་མེད་དུ་སྐད་ཅིག་གིས་བྲིས་པ་སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།

འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བྱིན་རླབས་དབང་གི་ཆོ་ག་བདུད་རྩིའི་སྤྲིན་ཆེན།


JKT022_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བྱིན་རླབས་དབང་གི་ཆོ་ག་བདུད་རྩིའི་སྤྲིན་ཆེན་ཅེས་བྱ་བ་བཞུགས་སོ།།


JKT022_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མཤྲཱི་མ་ྗབཛཱ་ཡ། གང་ཞིག་བདུད་རྩིའི་གཏོར་བླུགས་ཀྱིས། །སྒྲིབ་པའི་དྲི་མ་གསལ་བ་དང་། །ཡང་དག་ཡེ་ཤེས་མཆོག་ཐོབ་ཕྱིར། །བྱིན་རླབས་དབང་གི་རིམ་པ་ནི། །མཚན་ཉིད་ལྡན་པའི་སློབ་དཔོན་གྱིས། །བཀྲ་ཤིས་ཡིད་མཐུན་དབེན་པའི་སར། །དཀྱིལ་འཁོར་གཞལ་ཡས་མཚན་རྫོགས་དབུས། །བུམ་པ་བདུད་རྩི་སིནྡྲརའི། །མཎྜལ་ཆོས་ཀྱི་འབྱུང་གནས་ཅན། །སྐུ་གསུང་ཐུགས་ཀྱི་རྟེན་དུ་བཤམ། །ཕྱི་ནང་གསང་མཆོད་ཚོགས་པར་དགྲམ། །བདག་མདུན་དབྱེར་མེད་བསྐྱེད་བཟླས་དང་། །རིག་པའི་མེ་ཏོག་དོར་བས་འཇུག །དེ་ནས་དད་ལྡན་དམ་ཚིག་མཆོག །སྲུང་བར་ནུས་པའི་སློབ་མ་རྣམས། །ཁྲུས་བྱས་བགེགས་ཕྲལ་སྲུང་འཁོར་བསྒོམ། །མཎྜལ་དང་བཅས་གསོལ་བ་གདབ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་རབ་ཡེ་ཤེས་གཅིག་བསྡུས་པ། །བླ་མ་འཇམ་དཔལ་དཔའ་བོ་ཡིས། །བྱིན་མ་གཅིག་ལ་ལ། །


JKT022_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་པར་མཛད་དུ་གསོལ། །གདོང་གཡོགས་མེ་ཏོག་ཕྲེང་བ་གཏད། །སྐྱབས་སེམས་ཡན་ལག་བདུན་པ་དང་། །སྡོམ་པས་རྒྱུད་སྦྱངས་ནང་དུ་གཞུག །ཡེ་ཤེས་དབབ་བརྟན་མེ་ཏོག་དོར། །གདོང་གཡོགས་ཕྱེ་ཞིང་དཀྱིལ་འཁོར་བསྟན། །དེ་ནས་དངོས་གཞིར་བུམ་དབང་ལ། །སྦྱོར་དངོས་རྗེས་ལས་དང་པོ་ནི། །གསོལ་གདབ་སློབ་དཔོན་སྨིན་མཚམས་ནས། །ཨོ་ཡིག་དཀར་པོ་གྲངས་མེད་སྤྲོས། །སློབ་མའི་སྨིན་མཚམས་ཨོ་ལ་བསྟིམ། །བུམ་དབང་བསྐུར་བའི་སྣོད་རུང་བསམ། །གཉིས་པ་དབང་ལྷ་སྤྱན་དྲངས་མཆོད། །གསོལ་གདབ་བུམ་པ་སྤྱི་བོར་བཞག ། ཨོ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །འཇམ་དཔལ་གཞོན་ནུ་ཁྲི་སྲོང་རྗེ། །མདུན་གྱི་ནམ་མཁར་མངོན་གཤེགས་ཏེ། །མེ་ཏོག་ཆར་འབེབས་རོལ་མོ་འཁྲོལ། །


JKT022_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་བརྗོད་རྡོ་རྗེའི་གླུ་ལེན་བཞིན། །རྣམ་པར་རྒྱལ་བའི་བདུད་རྩིའི་ཆུས། །དེང་འདིར་ཁྱོད་ལ་དབང་བསྐུར་བས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་པའི་དྲི་མ་ཀུན་བསལ་ནས། །ཕུང་པོ་ཁམས་དང་སྐྱེ་མཆེད་ཚོགས། །གདན་གསུམ་ལྷ་སྐར་དག་པར་ཤོག །ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཞེས་པས་དབང་བསྐར་བདུད་རྩིའི་ཆུས། །ལུས་གང་དྲི་མ་ཀུན་དག་སྟེ། །ཟབ་གསལ་དབྱེར་མེད་ལྷ་ཡི་སྐུ། །ཆུ་ཟླ་འཇའ་ཚོན་ལྟ་བུར་བསམ། །དབང་ལྷ་བསྟིམ་ཞིང་བརྟན་པར་བྱ། །གསུམ་པ་སྙིང་གར་ཡེ་ཤེས་སེམས། །དེ་ཡི་ཐུགས་ཀར་ཤེས་རབ་ཀྱི། །འཁོར་ལོ་རྩིབས་དྲུག་ལྟེ་བ་རུ། །རལ་གྲི་ཆང་ཟུང་དྷིས་མཚན་པ། །དེ་ཉིད་ཐིག་ལེ་དཀར་སེར་གྱུར། །རྩེ་གཅིག་ཡིད་ཀྱིས་མཉམ་བཞག་ནས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་པ། །ནམ་མཁའ་གང་བ་སྤྲོ་ཞིང་བསྡུ། །བཟླས་པའི་ལུང་སྦྱིན་དོན་ངོ་སྤྲད། །འོད་གསལ་དབྱིངས་སུ་མཉམ་པར་འཇོག །གཉིས་པ་གསང་བའི་དབང་བསྐུར་སླད། །སློབ་དཔོན་མགྲིན་པའི་ཨཱཋདམར་སྤྲོས། །སློབ་མའི་མགྲིན་པར་ཐིམ་པའི་མོད། །འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ། སྣང་སྟོང་ཆུ་ཟླ་ལྟ་བུར་གསལ། །བླ་མ་ཡབ་ཡུམ་སྙོམས་འཇུག་གི །བདུད་རྩི་བྷནྡྷར་བསྐྱིལ་ཅིང་སྦྱིན། ཨཱཿ སྣང་བ་རང་གསལ་མཉྫ་ཤི། །ཟབ་མོ་སྟོང་པ་དབྱངས་ཅན་ལྷར། །སྙོམས་ཞུགས་བདེ་བའི་འོད་དང་སྒྲས། །


JKT022_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས། །ཞལ་ཞུགས་ཐུགས་ཀར་འོད་དུ་ཞུ། །ནོར་བུའི་ལམ་ནས་པདྨར་འཁྱིལ། །སྨྲ་མེད་བདེ་བའི་བྱང་ཆུབ་སེམས། །རྡོ་རྗེའི་དམ་ཚིག་རྨད་པོ་ཆེས། །དེང་འདིར་ཁྱོད་ལ་དབང་བསྐུར་བས། །ལས་རླུང་ཉི་ཁྲི་ཆིག་སྟོང་ཀུན། །སྙིང་དབུས་མི་ཤིགས་ཐིག་ལེར་ཐིམ། །གཞོམ་དུ་མེད་པའི་ནཱ་དའི་སྒྲ། །གསུང་གི་རྡོ་རྗེར་རྫོགས་པར་ཤོག །བྷྱོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱ ཨོཾ་ཨཱཿཧཱུྃ་གིས་མྱང་བ་ལས། །ལུས་སེམས་ཟག་མེད་བདེ་བས་ཚིམ། །ཁྱད་པར་གཏུམ་མོ་འབར་བའི་མེས། །ཧཾ་ཡིག་ཞུ་བའི་བདེ་ཆེན་གྱིས། །གཉིས་སྣང་རྟོག་པ་བསལ་བར་བསམ། །རྡོར་བཟླས་ཁ་སྦྱོར་མཉམ་པར་འཇོག །གསུམ་པ་ཤེས་རབ་དབང་བསྐུར་སླད། །སློབ་དཔོན་ཐུགས་ཀའི་ཧཱུྃ་མཐིང་སྤྲོས། །སློབ་མའི་སྙིང་གར་ཐིམ་པའི་མོད། །ཕྱག་རྒྱ་ཟིལ་གནོན་ཧེ་རུ་ཀ །བེ་ཅོན་ཐོད་ཁྲག་བསྣམས་པར་གྱུར། །དེ་ལ་རྡོ་རྗེ་བེ་ཏཱ་ལིའི། །ངོ་བོ་རིགས་ཀྱི་གཟུངས་མ་སྦྱིན། །ཧཱུྃ། ཟབ་མོ་སྟོང་ཉིད་རྣམ་ཐར་གསུམ། །གསལ་བ་སྣ་ཚོགས་གཟུགས་སུ་ཤར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐར་པ་བསྟེན་པའི་ལྷ་མོ་འདི། །ཁྱེར་ཅིག་འཇམ་དཔལ་ཧེ་རུ་ཀ །ཁྱེར་ལ་རྡོ་རྗེའི་བརྟུལ་ཞུགས་ཀྱིས། །སྲིད་པ་དག་བྱེད་དགའ་བ་བཞིས། །ཡེ་ཤེས་བཞི་པོ་མཚོན་པ་ལས། །འཁོར་འདས་ཆོས་


JKT022_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐམས་ཅད་ཀུན། །བྱང་ཆུབ་སེམས་སུ་རོ་གཅིག་པའི། །དཔེ་ཡི་ལྷན་སྐྱེས་མངོན་གྱུར་ནས། །ཐིག་ལེ་དབུ་མར་སྨིན་པར་ཤོག །པྲ་ཛྷ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ། །སིནྡྷུའི་ཐིག་ལེ་སྙིང་གར་དགོད། འདུ་ཤེས་གསུམ་གྱིས་རབ་སྦྱར་མས། །དགའ་བཞིའི་རྒྱུ་འབྲས་མཐར་སོན་པའི། །བཅུ་དྲུག་ཕྱེད་ཕྱེད་ལྷན་སྐྱེས་ཆེ། །བསམ་མི་ཁྱབ་པའི་ངང་དུ་འཇོག །བཞི་པ་ཚིག་གི་དབང་བསྐུར་ཕྱིར། །སློབ་དཔོན་ཐུགས་དབུས་ཨ་དཀར་ལས། །ཨ་ཡིག་གཉིས་པ་དཔག་མེད་འཕྲོས། །སློབ་མའི་སྙིང་ནང་ཆར་ལྟར་བབས། །ཡེ་ཤེས་ཆེན་པོའི་བྱིན་ཐོབ་བསམ། །ངོ་སྤྲོད་རྡོ་རྗེའི་ཚིག་འདི་གདབ། ཨ། ལྟོས་ཤིག་རང་གི་སེམས་ལ་ལྟོས། །ཆོས་ཀུན་སེམས་ཀྱི་རྟེན་འབྲེལ་ཏེ། །སེམས་ཉིད་སྐྱེ་འགག་གནས་གསུམ་བྲལ། །ཟབ་མོ་སྟོང་པ་ཉིད་ཀྱི་ངང་། །གསལ་ཆ་འགག་མེད་ཅིར་ཡང་ཤར། །ཤར་ཙམ་ཉིད་ནས་དབྱིངས་སུ་གྲོལ། ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེ། །བློ་འདས་གཉུག་མའི་གནས་ལུགས་ལྟོས། །སྤྲོ་བསྡུ་བསལ་བཞག་བྲལ་བར་ཞོག །མ་ཡེངས་འཛིན་མེད་ལམ་དུ་ཁྱེར། །མཉམ་རྗེས་ཁོར་ཡུག་ཆོས་སྐུའི་ཀློང་། །དོན་གྱི་ལྷན་སྐྱེས་མངོན་གྱུར་ཤོག །དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ་ཨ། །མི་གཡོ་མི་སྨྲ་བརྗོད་བྲལ་ངང་། །མཉམ་པར་བཞག་མཐར་སློབ་མ་ནི། །ཨ་ཡིག་དཀར་པོར་འོད་དུ་ཞུ། །བླ་


JKT022_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཐུགས་ཀར་དབྱེར་མེད་ཐིམ། །ཐུགས་ཡིད་རོ་གཅིག་འདྲེས་པར་བསམ། །ཨ་ཨ་ཨ་ཞེས་ཉམས་བསྐྱང་ཞིང་། །ཕཊ་ཀྱིས་རིག་རྩལ་གོང་དུ་སྤར། །རང་བཟོའི་ཆོ་གས་གཞན་གྱི་རྒྱུད། །སྨིན་པའི་ངེས་པ་མ་མཆིས་མོད། །དད་དང་ངེས་ཤེས་མཆོག་ལྡན་ན། །མི་སྨིན་པའི་ཡང་ངེས་པ་ཅི། །དེ་ལྟ་མོད་ཀྱི་བྲག་ཅ་ཡང་། །སྐྱེས་བུ་བཞིན་དུ་ཟློ་བྱེད་ལྟར། །མོས་པས་བསྐུལ་བའི་རྗེས་འབྲངས་ཏེ། །རེ་དོགས་མེད་པར་ལྷུག་པར་སྨྲས། །དགེ་བའི་དངོས་པོ་མཆིས་སྲིད་ན། །ཟབ་གསལ་དབྱེར་མེད་དབང་བཞིའི་ཆུས། །འགྲོ་ཀུན་ཡིད་ཀྱི་སར་སྨིན་ནས། །སྐུ་བཞིའི་འབྲས་བུ་མྱུར་ཐོབ་ཤོག །ཅེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོའི་བློ་གྲོས་ཀྱི་ཆུ་གཏེར་ལས་བྱུང་བའོ།། །།


JKT022_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་

གང་ཤར་རྡོ་རྗེའི་གླུ་ཕྲེང་སྐལ་བཟང་རྣ་བའི་དགའ་སྟོན།


JKT022_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཡ དུ ད ཡ བཛྲ ཧཱི ཏི མཱ ལ སུ བྷ ག ཀ ཎྞ ཡོ རུཏྠ བ ནཱ མ བི ཧ ར ཏི སྨ།།
༄༅། །གང་ཤར་རྡོ་རྗེའི་གླུ་ཕྲེང་སྐལ་བཟང་རྣ་བའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །


JKT022_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྡེབ་སྦྱོར་རྐང་བཞི་མཉམ་པའི་བྲྀཏྟ་ཡི་གེ་བཅོ་བརྒྱད་པ་བསྟན་འཛིན་སྡེ་ཚན་པས༣༧༡༥༧གྱི་མཚམས་ནས་ཟིན་པ་མེ་ཏོག་གཡོ་བའི་འཁྲི་ཤིང་གི་པྲ་སྟ་རས་བཅིངས་པ་ཡོངས་སུ་དགེ་བར་གྱུར་ཅིག། །།
།སུ ཛྙཱ སྱཱ ཛྷ ནཾ ཀྲྀ ཡ ཀ ར བ ཧཱུྃ རྒ ཟླ པ དྷཱི ཙ བྷེ དཾ །
མཁས་པས་མཁས་པའི་བགྱི་བའི་ཟེར་གྱིས་གཞུང་མང་ཨུཏྤལ་ནགས་ཚལ་དབྱེ།


JKT022_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

།སི དྡྷཻ སྶི དྡྷཱ ནཱཾ ཧི ཏ སུ ཁ ཀ ནཱི པྲ ཏྱ མ ནྟི ཏུ དཱུ ཏཻཿ
གྲུབ་པས་གྲུབ་པའི་བརྟུལ་ཞུགས་ཕོ་ཉས་ཕན་བདེའི་མཛེས་མ་མགྲོན་དུ་འབོད།


JKT022_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྟུ ཏྱཾ སྟུ ནཱཾ ནི ཏི ས མ བི བྷཱུ ནཱཾ གུ རོ ཝཱ ད པ དྨཾ
བསྔགས་འོས་བསྔགས་པའི་ཚུལ་ལས་མི་འདའ་ཁྱབ་བདག་བླ་མའི་ཞབས་པདྨོ།།


JKT022_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

།དྷི ལཾ དྷི མཱ ཉ ཀིརྙེད ཡ ཛ ལ དྷོ མ དྡྷ ཤུདྡྷེ བ སི ཏཱ།།
བློ་ལྡན་བློ་མིག་དག་པའི་སླད་དུ་སྙིང་དབུས་ཆུ་མཚོར་བསྟི་བྱས་ནས། །


JKT022_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྡེབ་སྦྱོར་མི་མཉམ་པའི་པྲཏཱ་ལས་ཁ་སྒོ་ཟློག་པ་ཙ་ན་ཞེས་བྱ་བའི་པྲ་སྣ་རས་མཛེས་པར་བརྒྱན་པ་དགེ། །།
།པུ ན སཱུ བྷཱ ག ཀ ཎྞཾ ཡོ
སླར་ཡང་སྐལ་བཟང་རྣ་བ་ལ།
ར མྲྀ ཏཱ ན ནྡ དཱ སཱ ། །
བདུད་རྩིའི་དགའ་སྟོན་སྒྲུབ་པའི་ཕྱིར།


JKT022_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གྲཱི ཝཱ པྲ སཱ ནྟ ཏ མྦུ རཾ
།རབ་སྙན་མགྲིན་པའི་ཏམྦུ་ར།
ཡ སྶྨཱར ན ཁ རཱ བེ དཾ
།གང་ཤར་སོར་མོས་བསྒྲེངས་འདིའོ།


JKT022_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

།། ༈ །།རྩ་གསུམ་ལམ་ཁྱེར་རྡོ་རྗེའི་ཐོལ་གླུ་ཟབ་གསང་སྦས་པའི་སྣང་བ་ཉི་ཟླའི་སྤྲིན་གྱི་འཇོ་སྒེག་ཅེས་བྱ་བ། ཨེ་མ་ཧོ། གཞི་དབྱིངས་ཀ་དག་དོན་གྱི་འོག་མིན་ནང་གསལ་གདོད་མའི་ཞིང་ཁམས་སུ། །གཞི་སྣང་ལྷུན་གྲུབ་ཁ་སྦྱོར་བདུན་ལྡན་བདེ་སྟོང་ཆེན་པོར་སངས་རྒྱས་པའི། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་སྲིད་ཞིའི་མིག་འཕྲུལ་གཅིག་པུ་ཅན། །ཁྱབ་བདག་དང་པོའི་མགོན་པོ་མཆོག་དེའི་ཞབས་སེན་སྙིང་དབུས་པདྨོར་རོལ། །མོས་གུས་གཞལ་མེད་ཕོ་བྲང་ཉམས་དགའ་བར། །རིང་ནས་འཁྱུད་པའི་དྲིན་ཆེན་བླ་མའི་ཞལ། །ཡང་ཡང་དྲན་པས་རྟག་ཏུ་ཕྱག་བགྱིད་ན། །དངོས་གྲུབ་རྒྱ་མཚོའི་གནས་ལ་གེགས་མེད་མཛོད། །ཟབ་པའི་གསང་ལམ་རིག་འཛིན་སྡེ་སྣོད་ཆེ། །མཐའ་ཀླས་གཞལ་བར་དཀའ་བའི་དེ་ཉིད་དོན། །རྟོགས་པ་མིན་ཀྱང་དེང་འདིར་སྙིང་པོའི་མཆོག །སྔོན་སྨོན་དག་པའི་མཐུ་ལས་ཅུང་ཟད་དབྱེ། །བྱིན་རླབས་རྩ་བ་དྲིན་ཆེན་བླ་མ་སྟེ། །དངོས་གྲུབ་རྣམ་གཉིས་རྩ་བ་ཡི་དམ་ལྷ། །ཕྲིན་ལས་རྩ་བ་མཁའ་འགྲོ་ཆོས་སྐྱོང་སྟེ། །ཀུན་ཀྱང་རྡོ་རྗེ་ཕུང་པོར་གཟོད་ནས་རྫོགས། །དེ་ཉིད་ཡིན་ལ་ཡིན་བཞིན་གསལ་འདེབས་ཕྱིར། །སྤྱི་བོར་ཛ་ལན་དྷ་རའི་དཀྱིལ་འཁོར་དུ། །པད་དཀར་ཟླ་སྟེང་ཁྱབ་བདག་ཧེ་རུ་ཀ། །སྐུ་མདོག་དཀར་དམར་བདེ་སྟོང་སྙོམས་འཇུག་མདངས། །ཕྱག་གཉིས་ཐབས་ཤེས་རྡོ་རྗེ་དྲིལ་བུས་མཚན། །གཅེར་བུ་རུས་


JKT022_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱག་རྒྱ་དྲུག་གིས་སྒྲས། །དབྱིངས་ཕྱུག་སྔོན་མོ་ཡུམ་དང་འཁྲིལ་བར་བསྒོམ། །གུས་པས་གསོལ་བཏབ་ཁྱེད་ཤེས་དད་པས་བསྐུལ། །དབང་བཞི་བླངས་ཤིང་ཐུགས་ཡིད་གཉིས་མེད་བསྲེ། །མ་ཡེངས་གཉུག་མའི་ངང་དུ་ཅི་བདེར་བཞག །བྱིན་རླབས་སྙིང་པོར་རང་རིག་ཆོས་སྐུར་མཐོང་། །མཐར་ཐུག་དབྱིངས་རིག་དབྱེར་མེད་ངང་དུ་གྲོལ། །སྙིང་གར་དྷ་ཏིའི་དབུས་སུ་དྭངས་མ་ཧཱུྃ། །ཡོངས་གྱུར་ཡི་དམ་རྡོ་རྗེ་ཐོད་ཕྲེང་རྩལ། །སྐུ་མདོག་དམར་སྨུག་ཁྲོ་འཛུམ་ཆགས་པའི་ཉམས། །རྡོ་རྗེ་དྲིལ་འཛིན་མཚོ་རྒྱལ་དཀར་མོ་འཁྲིལ། །ཐུགས་ཀར་ཧཱུྃ་ཡིག་ལྔ་ལྡན་འོད་ཟེར་འཕྲོས། །སྣོད་བཅུད་ཀུན་ཁྱབ་ཕྱི་སྣོད་པདྨ་འོད། །ནང་བཅུད་འགྲོ་ཀུན་ཐོད་ཕྲེང་སྐུ་གསུང་ཐུགས། །སྣང་སྲིད་གཞིར་བཞེངས་སྒྱུ་མ་ཆུ་ཟླ་ལྟར། །ལམ་ཁྱེར་གཞོམ་མེད་ཧཱུྃ་གི་སྣང་གླུ་ལེན། །དངོས་གྲུབ་སྙིང་པོ་གང་ཤར་ལྷ་སྐུར་འཆར། །མཐར་ཐུག་རང་སྣང་ཟངས་མདོག་དཔལ་རིར་གྲོལ། །ལྟེ་བར་ཨ་ཤད་གཏུམ་མོའི་མེ་ཡི་ཀློང་། །ཡེ་ཤེས་ཌཱ་ཀི་སྡེ་ལྔ་ཁྲོ་ཆགས་སྒེག །དཀར་སེར་དམར་ལྗང་མཐིང་གའི་མེ་འོད་འཕྲོ། །རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་དང་། །འཁོར་ལོ་གཡས་ལ་གཡོན་པས་དྲིལ་བུ་འཛིན། །གར་སྟབས་ཁྱུག་ཁྱུག་ཡེ་ཤེས་མེ་ཡི་ཟེར། །དྷཱུ་ཏིའི་ལམ་བརྒྱུད་སྤྱི་བོའི་ཧཾ་ལ་རེག །བདེ་བ་ཆེར་གཡོས་དྭངས་མ་གནས་བཞིར་འཛག །


JKT022_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་དྲི་ཡི་བཞོན་པས་འཕོ་མེད་དུ། །ལུགས་ལྡོག་ཛ་ལན་དྷཱ་རར་བཅིངས་པ་ལས། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་ཡོངས་སུ་སྦྱངས། །དགའ་བ་བཞི་སྐྱེས་སྐུ་བཞིའི་ས་བོན་ཐེབས། །ཁ་སྦྱོར་རླུང་བསྡམ་བུམ་པ་ཅན་གྱི་ངང་། །ཏིང་འཛིན་མ་ཡེངས་བརྒྱ་ཕྲག་གསུམ་ལ་སོགས། །འབར་འཛག་བདེ་དྲོད་འཁོར་ལོ་རབ་ཏུ་བསྐོར། །དེ་མཐར་སྣོད་བཅུད་མེ་དཔུང་གཅིག་ཏུ་འཁྱིལ། །མ་ཡེངས་འཛིན་བྲལ་ལྟེ་བའི་ཨ་ལ་བསྡུ། །ཕྲིན་ལས་སྙིང་པོ་བདེ་སྟོང་ཡེ་ཤེས་སྐྱེ། །མཐར་ཐུག་འཆི་མེད་འཇའ་ལུས་རྡོ་རྗེར་འགྱུར། །གསང་གནས་རྩ་འཁོར་མཐིང་ནག་གྲུ་གསུམ་ཀློང་། །ཨེ་ལས་སྔགས་ཀྱི་བདག་མོ་ཆར་སྤྲིན་མདོག ། མཐིང་ནག་རབ་ཁྲོས་སྤྱན་གཅིག་ཁྲག་ཏུ་ཁོལ། །ཚེམས་གཅིག་གཙིགས་ཤིང་ནུ་འབུར་གཅིག་གིས་མཛེས། །གཡས་པས་ཅེ་སྤྱང་གཡོན་པས་དགྲ་སྙིང་བསྣམས། །འོད་ཟེར་རབ་འཁྲུགས་དྲེགས་པ་ཀུན་གྱི་སྲོག །ཡོངས་འདུས་བློ་ཡིག་སྨུག་ནག་སྙིང་གར་བསྒོམ། །དམ་ཡེ་གཉིས་མེད་གདོད་ནས་ཡོངས་གྲུབ་ལ། །བདེ་སྟོང་བྱང་ཆུབ་སེམས་ཀྱིས་དབང་བསྐུར་ཞིང་། །ཐབས་ཤེས་ཁ་སྦྱོར་འབར་འཛག་མཆོད་པ་འབུལ། །རླུང་སེམས་དབུ་མར་བསྒྲལ་བའི་གཏོར་མ་སྦྱིན། །དབྱིངས་རིག་དབྱེར་མེད་ངང་ནས་གསལ་བཏབ་སྟེ། །རྗེས་ཐོབ་ཐུགས་སྲོག་ལ་བསྡུ་གཏུམ་མོར་བསྟིམ། །དེ་ལས་མེ་འབར་རྣམ་སྨིན་ཕུང་ཁམས་


JKT022_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག །གཉིས་ཆོས་ལས་འདས་བློ་བྲལ་ངང་དུ་བཞག །ནུས་མཐུའི་སྙིང་པོ་གཟུང་འཛིན་དགྲ་བགེགས་གསོད། །མཐར་ཐུག་དབྱེར་མེད་བྱང་ཆུབ་སེམས་སུ་གྲོལ། །འདི་ནི་བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ཀུན་གྱི་ཉམས་ལེན་སྦས་དོན་གནད། །སྐལ་བཟང་དབང་རྣོན་རྣམས་ཀྱི་ལམ་ཁྱེར་ཏེ། །ཐུན་མོང་མ་ཡིན་ཀུན་ལ་གསང་བར་བྱ། །གུབྱ།། ༈ །།ཁྱབ་བདག་དཔལ་ལྡན་བླ་མ་རྗེས་སུ་དྲན་པའི་རྡོ་རྗེའི་ཐོལ་གླུ་ངེས་འབྱུང་གི་ཕོ་ཉ་ཞེས་བྱ་བ། །ཨ་ཧོ། གདོད་ནས་སྤྲོས་པ་བྲལ་བའི་རང་བྱུང་གི་ཡེ་ཤེས། །བསལ་བཞག་བློ་ལས་འདས་པའི་འོད་གསལ་གྱི་སྦུབས་སུ། །བཅིངས་གྲོལ་ཆོས་ཀུན་ཟད་པའི་དཔལ་ལྡན་གྱི་བླ་མར། །ངང་བཞག་རང་གྲོལ་ངང་ནས་གུས་ཕྱག་ཞིག་འཚལ་ལོ། །ཟུང་འཇུག་བདེ་དང་སྟོང་པའི་ཐིག་ལེ་ཡི་གར་མཁན། །ཁ་སྦྱོར་མཚན་དཔེའི་ལང་ཚོ་མངོན་ཤར་གྱི་སྣང་ཆས། །མི་ཤིགས་ཧེ་རུ་ཀ་དངོས་དཔལ་ལྡན་གྱི་བླ་མར། །རླུང་སེམས་རྟོག་བྲལ་ངང་ནས་གུས་ཕྱག་ཞིག་འཚལ་ལོ། །སྲིད་གསུམ་ཟ་བྱེད་རྡོ་རྗེ་བཙུན་མོ་ཡི་མེ་ལྕེ། །ཨ་ཧཾ་ཟུང་འཇུག་འཁོར་ལྔའི་གྲོང་ཁྱེར་དུ་སྦྱར་བས། །འབར་འཛག་སྙོམས་འཇུག་སྤྲིན་སྤྲོ་དཔལ་ལྡན་གྱི་བླ་མར། །ཞུ་བདེ་ལྷན་སྐྱེས་ངང་ནས་གུས་ཕྱག་ཞིག་འཚལ་ལོ། །ཨ་ཧོ། སྙིགས་མའི་སྤྱོད་ཚུལ་ཡལ་གའི་རི་དྭགས་ཀྱི་ཟློས་གར། །སྣ་ཚོགས་ཟིན་མེད་གློག་གི་རྩེ་དགའ་


JKT022_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མཐོང་ནས། །རང་ཕུང་གཞན་མགོ་བསྐོར་བའི་བཅའ་བསྒྲིགས་ཀུན་བོར་བར། །ཁྱབ་བདག་དཔལ་ལྡན་བླ་མས་བྱིན་གྱིས་རང་རློབས་ཤིག །ཕན་སྨྲས་ལོག་པར་བལྟ་བའི་ཉེ་དུ་དང་འབྲེལ་འཁོར། ། གནོད་སྦྱོར་དགའ་བར་འགྱུར་བའི་ཅོལ་ཆུང་གི་སྐྱེས་བུ། །སྦྲུལ་གདུག་བསིལ་གཡབ་ལྟ་བུའི་གཉེན་བཤེས་ཀུན་སྤངས་པར། །ཁྱབ་བདག་དཔལ་ལྡན་བླ་མས་བྱིན་གྱིས་རང་རློབས་ཤིག །ཐ་སྙད་ཤེས་བྱའི་གནས་ནི་ནམ་མཁའ་ལྟར་ཡངས་ཤིང་། །དོན་དམ་རིག་སྟོང་རྗེན་པ་ཆུ་གཏེར་ལྟར་ཟབ་པས། །མཁས་གྲུབ་གཉིས་དང་ལྡན་པ་ཉིན་སྐར་ལས་དཀོན་ཕྱིར། །ལྟོ་དང་གྲགས་ཕྱིར་འབྲང་བར་དགོས་དོན་ནི་མི་འདུག །དབེན་གནས་བྱང་ཆུབ་ཤིང་ཁྲོད་ངེས་འབྱུང་གི་ཁང་བཟང་། །བསམ་གཏན་གྲུབ་པའི་དྲང་སྲོང་རྒན་པོ་ཡི་གནས་མལ། །རི་དྭགས་གཞོན་ནུའི་ཟློས་གར་སྐྱོ་གྲོགས་སུ་ཕེབས་པར། །རྩེ་གཅིག་སྒྲུབ་ལ་གཞོལ་བར་བྱིན་གྱིས་རང་རློབས་ཤིག །འབྲེལ་དང་དགྲ་གཉེན་འགྱུར་ལྡོག་དབྱར་སྤྲིན་ལས་མྱུར་བའི། །ངེས་མེད་གར་མཁན་ལག་པའི་གཉེན་ལྕུག་ལ་བལྟས་པས། །ཁྱིམ་ནས་ཁྱིམ་མེད་རབ་བྱུང་ངེས་འབྱུང་གི་བསམ་པས། །ཚུལ་ཁྲིམས་དོན་དུ་འགྱུར་བར་བྱིན་གྱིས་རང་རློབས་ཤིག །གཞན་ལ་སྨན་པར་འདོད་པའི་བསམ་པ་དང་བྲལ་ཡང་། །རང་གི་འདོད་པ་སྒྲུབ་སླབ་གཞན་དོན་དུ་བསྙད་པའི། །ངང་


JKT022_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཀུན་ལ་ཡིད་འབྱུང་བློ་རྟག་ཏུ་སྐྱེས་ནས། །བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རང་རློབས་ཤིག །མངོན་ཞེན་མཚན་འཛིན་མ་སྤངས་ཐེར་ཟུག་གི་བསྐྱེད་རྫོགས། །སྡུག་ཡུས་སྒྲུབ་པར་འདྲེན་པའི་རང་བཞིན་དུ་མཐོང་ནས། །རྩེ་གཅིག་བརྩོན་པ་དྲག་པོས་རིག་སྟོང་གི་ཡེ་ཤེས། །གཉུག་མ་བརྡར་ཤ་ཆོད་པར་བྱིན་གྱིས་རང་རློབས་ཤིག །དོ་ནུབ་ཙམ་ཡང་འཆི་བདག་ཕོ་ཉ་ཡིས་བཏབ་སྟེ། །སང་ནས་རོ་ལ་ལིང་གིས་སོང་བ་དེ་མཐོང་བས། །འབད་པ་ཐམས་ཅད་དོན་མེད་འཁྲུལ་པ་རུ་གོ་ནས། །མྱུར་དུ་སྙིང་པོ་ལེན་བར་བྱིན་གྱིས་རང་རློབས་ཤིག །དེ་མཐུས་འགྱུར་བཅས་བློ་ཡི་ཆོས་ཉིད་ཀུན་ཟད་པའི། །ཡོངས་གྲུབ་དོན་དམ་བདེན་པའི་རང་ཞལ་ཉིད་མཐོང་སྟེ། །སྤང་བླང་བྲལ་ཐོབ་མེད་པའི་དབུ་མ་ཡི་སྦུབས་སུ། །ས་ལམ་གཅིག་ཅར་རྫོགས་པར་བྱིན་གྱིས་རང་རློབས་ཤིག །དེ་སྐད་རིགས་ཀུན་ཁྱབ་བདག་འཁོར་ལོ་ཡི་མགོན་པོ། །ངང་བཞག་འོད་གསལ་རྡོ་རྗེའི་ཕོ་བྲང་དུ་མཇལ་ཚེ། །བཟོད་མེད་མོས་གུས་དྲག་པོའི་ཕོ་ཉ་ཡིས་བསྐུལ་ནས། །གང་ཤར་སྨོན་པའི་ཚིག་འདི་ཐོལ་བྱུང་དུ་ཐལ་ལོ། །ཞེས་པའང་རིག་འཛིན་གྱི་བཙུན་པ་པདྨ་དགྱེས་པའི་སྡེས་གྲུབ་པ་མཆོག་གི་བསྟི་གནས་སེང་གེ་གནམ་རྫོང་དུ་གྲགས་པའི་འདབས་རོལ་དུ་སྐད་ཅིག་ལ་བརྗོད་པའོ།། ༈ །།ཟླ་བ་སྒྲ་གཅན་ལ་ཞུགས་པའི་རྟོགས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་གྲུབ་པའི་རྣ་རྒྱན་ཅེས་བྱ་བ། ཨ་


JKT022_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མི་འགྱུར་རྣམ་པ་ཀུན་ལྡན་གྱི་ཡེ་ཤེས། །ལྷུན་གྲུབ་ཟག་བྲལ་ཁ་སྦྱོར་མཚན་དཔེ་ཡི་རང་གདངས། །ཨེ་ཝཾ་གཉིས་སུ་མེད་པའི་བདེ་ཆེན་གྱི་ཐིག་ལེ། །དང་པོའི་སངས་རྒྱས་ཧེ་རུ་ཀ་དཔལ་ལ་འདུད་དོ། །འཁྲུལ་བཅས་ཀུན་བརྟགས་སྣང་བ་གཟུགས་ཕུང་གི་ཟླ་གཞོན། །གདོད་ནས་ཡོངས་གྲུབ་གདན་གསུམ་སྒྲ་གཅན་གྱིས་ཟོས་པས། །མེད་བཞིན་མཚན་མར་འཛིན་པའི་སྣང་ཆ་ཀུན་དག་ནས། །ཟུང་འཇུག་ལང་ཚོས་སྒེག་པའི་དཀྱིལ་འཁོར་དུ་ཆས་འགྲོ། །འགྲོ་འོང་རྟོག་པའི་བཞོན་པ་སྲོག་རྩོལ་གྱི་ཟླ་གཞོན། །འོད་གསལ་ཨ་ཝ་དྷུ་ཏིའི་སྒྲ་གཅན་གྱིས་ཟོས་པས། །སྣ་ཚོགས་འཁྲུལ་པའི་མཚན་མ་རང་གྲོལ་དུ་སོང་ནས། །གྲགས་སྟོང་རྡོ་རྗེ་ནཱ་དའི་དཀྱིལ་འཁོར་དུ་ཆས་འགྲོ། །ཉོན་མོངས་འཁོར་བར་འཆིང་བྱེད་རྩ་མདུད་ཀྱི་ཟླ་གཞོན། །ཞུ་བདེ་མས་བརྟན་དགའ་བཞིའི་སྒྲ་གཅན་གྱིས་ཟོས་པས། །ཕན་ཚུན་འཁྲིལ་བའི་འཁྱུད་རྒྱ་% ཡ་བྲལ་དུ་སོང་ནས། །ས་བཅུ་དབུ་མར་སྨིན་པའི་དཀྱིལ་འཁོར་དུ་ཆས་འགྲོ། ཐབས་ཤེས་སྣང་ཚུལ་དཀར་དམར་ཐིག་ལེ་ཡི་ཟླ་གཞོན། །ཟག་བྲལ་གཙུག་ཏོར་འཁོར་ལོའི་སྒྲ་གཅན་གྱིས་ཟོས་པས། །དྲི་བཅས་ཉོན་མོངས་འཁྲུལ་པའི་སྲེད་ལེན་ཀུན་སྦྱངས་ཏེ། །བདེ་སྟོང་རྣམ་ཀུན་མཆོག་ལྡན་དཀྱིལ་འཁོར་དུ་ཆས་འགྲོ། །གཟུང་དང་འཛིན་པའི་རང་གདངས་རྟག་ཆད་ཀྱི་ཟླ་གཞོན། །མི་ཕྱེད་ཤིན་ཏུ་ཕྲ་བའི་སྒྲ་


JKT022_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་གྱིས་ཟོས་པས། །ཉོན་ཤེས་གློ་བུར་བསལ་རུང་སྒྲིབ་པ་ཀུན་བྲལ་ནས། །རང་གྲོལ་དོན་གྱི་ཡེ་ཤེས་ནང་དབྱིངས་སུ་ཆས་འགྲོ། །ཕྱི་རོལ་ཀརླར་དབང་པོའི་གཟུགས་བརྙན་གྱི་ཐིག་ལེ། །སྲིད་གསུམ་རྣམ་པར་རྒྱལ་བའི་མགྲིན་པ་རུ་ཆུད་ཚེ། །ནང་དུ་རང་སེམས་ཟུང་འཇུག་གཉུག་མ་ཡི་གཤིས་ནས། །རྟོགས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་རུ་བླངས་སོ། །དེ་ཡི་དགེ་བས་སྲིད་ཞིའི་ཁམས་གྱུར་གྱི་འགྲོ་ཀུན། །བདེ་ཆེན་འདུས་མ་བྱས་པའི་ཕྱག་རྒྱ་རུ་གྲོལ་ནས། །བསམ་བརྗོད་ལས་འདས་ཆོས་རྣམས་ཐམས་ཅད་ཀྱི་བཞུགས་ཚུལ། །འབད་མེད་ཀུན་གྱིས་རྟོགས་པའི་ཡན་ལག་ཏུ་བསྔོའོ། །ཞེས་པའང་ངེས་དོན་སྨིན་གྲོལ་གྱི་ཆུ་གཏེར་བདེ་ཆེན་པདྨ་འོད་གླིང་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་མགོ་ཟླའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པའི་མཚན་ཐུན་ཐ་མ་ལ་གང་ཤར་སྨྲ་བ་པོ་ནི་རྣལ་འབྱོར་གཞོན་ནུ་འཇིགས་པ་མེད་པའི་སྡེའོ།། །།གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་འབྱུང་པོ་ཀུན་ལ་གཏམ་དུ་བྱ་བའི་རྡོ་རྗེའི་ཐོལ་གླུ་ཧེ་རུ་ཀའི་ཞལ་ལུང་ཞེས་བྱ་བ། ཨ་ཧོ། ཆོས་ཅན་གྱི་སྣང་བ་ཐམས་ཅད་ཀུན། །ཆོས་ཉིད་ཀྱི་ཀློང་དུ་རང་གྲོལ་བ། །སྐུ་གསུམ་པོ་དབྱེར་མེད་ཐིག་ལེའི་གཟུགས། །དཔལ་ཁྱབ་བདག་ཐོག་མའི་མགོན་པོར་འདུད། །ཁྱེད་སྣང་ཞིང་སྲིད་པའི་འབྱུང་པོ་ཀུན། །འཁྲུལ་པ་ལ་བདག་ཏུ་བཟུང་བའི་མཐུས། །ཉིང་འཁྲུལ་གྱི་ཟློས་གར་རྒྱུན་ཆད་མེད། །གཞན་དག་ལ་གནོད་འཚེའི་བསམ་སྦྱོར་


JKT022_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་། །ང་འོད་གསལ་སེམས་ཀྱི་རྡོ་རྗེ་ལས། །ཟུང་འཇུག་གི་ལྷ་སྐུ་ཀཱི་ལ་ཡ །གདན་གསུམ་གྱི་ཕྱག་རྒྱའི་མངོན་རྟོགས་ཅན། །སྙིང་རྗེ་ཡི་རང་རྩལ་འབར་བས་བཞེངས། །སྒྲར་གྲགས་ཀུན་སྔགས་ཀྱི་རོལ་མོ་ལས། །ཐ་མལ་གྱི་འཇུག་ལྡངས་བྲལ་བ་ཡིས། །ཁམས་གསུམ་གྱི་དྲེགས་པ་ཐམས་ཅད་ཀུན། །དབང་མེད་དུ་འདར་ཞིང་འདུད་པར་བྱེད། །དོན་རིག་སྟོང་གདོད་ནས་དག་པའི་ཆོས། །སྙིང་དབུས་ཀྱི་དྷུ་ཏིར་སྦས་པའི་རླབས། །བསལ་བཞག་དང་བྲལ་བར་བསྐྱངས་པ་ཡིས། །རེ་དོགས་ཀྱི་འགྱུ་འཕྲོ་སྤྲིན་བཞིན་དེངས། །སྣ་ཚོགས་ཀྱི་ཆོ་འཕྲུལ་ཅིར་སྣང་ཡང་། །སྤང་བླང་གི་དངོས་པོ་རྡུལ་ཙམ་མེད། །ཐམས་ཅད་ཀྱི་ཆོས་ཉིད་ཁྱབ་གདལ་ཀློང་། །བྲལ་ཐོབ་ལས་འདས་པའི་གདངས་སུ་སྨིན། །དོན་དེ་ཕྱིར་སྟོང་ཉིད་སྙིང་རྗེ་གཉིས། །མཉམ་རྗེས་ཀྱི་རིམ་པར་འཆར་བ་ཡི། །གཏད་མེད་ཀྱི་རྣལ་འབྱོར་གཞོན་ནུ་ཡིས། །ཕྱག་རྒྱ་དེས་བརྟན་གཡོ་ཐམས་ཅད་བཏབ། །དམ་ཚིག་གི་གནས་ནི་འདའ་དཀའ་བ། །རྡོ་རྗེ་ལྟར་མི་ཕྱེད་སྙིང་པོ་ཅན། །ནང་དབྱིངས་སུ་འབར་བའི་དྲྭ་བ་ཡིས། །དུས་གསུམ་དུ་བསྡོམ་པར་གདོན་མི་ཟ། །ཨ་ཧོ་ངེས་པའི་གླུ་འདི་ཉོན། །རང་གཞན་ལ་འཚེ་བའི་རྣམ་འགྱུར་སྤང་། །སྨོན་འཇུག་གི་བྱང་ཆུབ་སེམས་བསྐྱེད་ནས། །འཕྲལ་ཡུན་དུ་དགེ་བའི་དཔལ་ཐོབ་མཛོད། །འདི་ཉིད་ལས་བྱུང་བའི་དགེ་


JKT022_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀུན། །འཁོར་གསུམ་ལས་འདས་པ་དབུ་མའི་ཀློང་། །འཕོ་འགྱུར་དང་བྲལ་བར་རོ་གཅིག་པས། །གདོད་མ་ཡི་གཏན་སྲིད་ཟིན་པར་ཤོག །ཅེས་པའང་དགོས་པ་འགའ་ཞིག་གི་ཆེད་དུ་སྨྲས་པའོ།། །།ཨོ་རྒྱན་སངས་རྒྱས་གཉིས་པའི་དུས་ཀྱི་མཆོད་པ་ལ་ཆེད་དུ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་ངོ་མཚར་རྣ་རྒྱན་ཅེས་བྱ་བ། ཨ་ཧོ། སྲིད་དང་ཞི་བར་མི་གནས་རང་བྱུང་གི་ཡེ་ཤེས། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་ལང་ཚོ་ལ་ཆགས་པས། །མཐའ་ཀླས་འགྲོ་ཀུན་ཐར་པའི་གྲོང་ཁྱེར་དུ་བཀྲི་བའི། །སྐུ་གསུམ་དབྱེར་མེད་པདྨ་ཐོད་ཕྲེང་ལ་འདུད་དོ། །གཞི་རྒྱུད་ལྷན་སྐྱེས་པདྨ་དྲ་བ་ཡི་ཀློང་ན། །ཁྱད་ཆོས་དྲུག་ལྡན་འཆི་མེད་མཚོ་སྐྱེས་ཀྱི་རྡོ་རྗེ། །རང་གྲོལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་མཇལ་བས། །བདེན་གཉིས་ཟུང་དུ་འཇུག་པའི་ཉམས་ལེན་འདི་ཨ་ཧོ། །དཀྱིལ་འཁོར་རྣམ་བཞི་པདྨ་དྲྭ་བ་ཡི་ཀློང་ན། །སྨིན་བྱེད་དབང་བཞིའི་འཆི་མེད་མཚོ་སྐྱེས་ཀྱི་རྡོ་རྗེ། །དད་བརྩོན་བརྟུལ་ཞུགས་ལྡན་པའི་སྐལ་བཟང་གིས་མཇལ་བས། །སྐུ་བཞིའི་ས་བོན་འཇོག་པའི་ཐབས་མཁས་འདི་ཨ་ཧོ། །ཕུང་ཁམས་སྐྱེ་མཆེད་པདྨ་དྲྭ་བ་ཡི་ཀློང་ན། །ཡོངས་གྲུབ་གདན་གསུམ་འཆི་མེད་མཚོ་སྐྱེས་ཀྱི་རྡོ་རྗེ། །སྲོག་རྩོལ་ཁ་སྦྱོར་བཟླས་པའི་བྱེད་ལས་ཀྱིས་མཇལ་བས། །རླུང་ལྔ་ཡི་གེའི་སྤྲིན་དུ་དེངས་པ་འདི་ཨ་ཧོ། །དཀར་དམར་ཐིག་ལེ་པདྨ་དྲྭ་བ་ཡི་ཀློང་ན། །ཟག་བྲལ་བདེ་ཆེན་འཆི་མེད་མཚོ་


JKT022_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཀྱི་རྡོ་རྗེ། །འབར་འཛག་དགའ་བ་བཞི་ཡི་ཏིང་འཛིན་གྱིས་མཇལ་བས། །རྣམ་པ་ཀུན་གྱི་མཆོག་ལྡན་གྲུབ་པ་འདི་ཨ་ཧོ། །ཀ་དག་འོད་གསལ་པདྨ་དྲྭ་བ་ཡི་ཀློང་ན། །ལྷུན་གྲུབ་སྣང་བཞིའི་འཆི་མེད་མཚོ་སྐྱེས་ཀྱི་རྡོ་རྗེ། །ཟུང་འཇུག་དབྱིངས་རིག་དབྱེར་མེད་ཕྱག་རྒྱ་ཡིས་མཇལ་བས། །ཆོས་ཟད་བློ་འདས་ཕ་མཐར་སོན་པ་འདི་ཨ་ཧོ། །ངོ་མཚར་དུས་སྟོན་པདྨ་དྲྭ་བ་ཡི་ཀློང་ན། །མཚོན་བྱེད་དཔེ་ཡི་འཆི་མེད་ལ་བས། །མི་ཕྱེད་དད་གསུམ་ཆུ་གཏེར་འཕེལ་བ་འདི་ཨ་ཧོ། །མཐར་ཐུག་སྒྲིབ་བྲལ་པདྨ་དྲྭ་བ་ཡི་ཀློང་ན། །སྐུ་བཞིའི་བདག་ཉིད་འཆི་མེད་མཚོ་སྐྱེས་ཀྱི་རྡོ་རྗེ། །ཟབ་གསང་སྦས་པའི་ལམ་གྱི་མིག་འཕྲུལ་གྱིས་མཇལ་བས། །རྨད་བྱུང་དོན་གཉིས་ལྷུན་གྱིས་གྲུབ་པ་འདི་ཨ་ཧོ། །དེ་སྐད་ས་སྤྱོད་བསམ་གཏན་ཆོས་གླིང་གི་འདུས་གྲྭར། །ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཚེས་བཅུ་ཡི་དུས་སུ། །གང་ཤར་རྟོགས་པ་བརྗོད་པའི་རྡོ་རྗེ་ཡི་ཐོལ་གླུ། །གྱི་ནའི་སྤྱོད་པས་འཚོ་བའི་མགྲིན་པ་ནས་སྐྱེས་སོ། །ཞེས་པའང་མདོ་ཁམས་རྫོགས་ཆེན་པའི་འཁོར་ལོ་གསུམ་གྱི་ཕྱག་རྗེས་རྨ་མེད་པའི་གནས་རུ་དམ་བསམ་གཏན་ཆོས་གླིང་དུ་ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་དུས་སྟོན་མཇལ་བའི་སྐབས་སུ་ཕྱི་རོལ་གྱི་ཡུལ་རྐྱེན་སྒྱུ་མ་ལྟ་བུས་བསྐུལ་ནས་རྣལ་འབྱོར་གཞོན་ནུ་ཨ་བྷཱ་ཡས་སོ།། ༈ །།འཕགས་མཆོག་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་བའི་ཚེ་ཆེད་དུ་བརྗོད་


JKT022_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྡོ་རྗེའི་ཐོལ་གླུ་རྣལ་འབྱོར་གསུམ་གྱི་འབབ་སྟེགས་ཅེས་བྱ་བ། ཨ་ཧོ། འགྱུར་མེད་ཀྱི་བདེ་སྟོང་ཟུང་འཇུག་ལས། །ཟག་བྲལ་གྱི་སྙིང་རྗེའི་དཔལ་འབར་བས། །འགྲོ་ཁམས་ལ་ལྷག་པར་ཆགས་རྒྱས་པ། །མགོན་ཕྱག་ན་པདྨས་དགེ་ལེགས་མཛོད། །ཕུང་ཁམས་ཀྱི་སྐྱེ་མཆེད་ཟ་མ་ཏོག །གདན་གསུམ་གྱི་ལྷ་སྐུར་རྒྱས་བཏབ་པས། །སྣང་བ་དང་སྟོང་པ་མི་ཕྱེད་པའི། །ཀུན་བརྟགས་ཀྱི་ཉམས་སྣང་འཇའ་ལྟར་བཀྲ། །ལྷན་སྐྱེས་ཀྱི་ཡེ་ཤེས་ཆེན་པོ་ནི། །བསལ་བཞག་དང་བྲལ་བར་མཉམ་རོལ་པས། །འཛིན་བྱེད་ཀྱི་འོད་གསལ་ཁོར་ཡུག་ངང་། །ཡོངས་གྲུབ་ཀྱི་རྟོགས་པ་མཁའ་ལྟར་ཡངས། །བདེ་སྡུག་ཀུན་ཆོས་ཉིད་ཀྱི་རོལ་པ་ལ། །བླང་དོར་གྱི་འདམ་ཁ་ཡེ་ནས་བྲལ། །རང་གྲོལ་གྱི་རིག་པ་སོ་མའི་ངང་། །ལམ་ཁྱེར་གྱི་བརྟུལ་ཞུགས་གཟེངས་སུ་མཐོ། །ཚོགས་དྲུག་གི་ཡུལ་ལ་ཤར་བའི་ཆོས། །ལན་ཚྭ་ཉིད་ཆུ་ལ་ཐིམ་པ་ལྟར། །ད་ལྟ་ཡི་ཤེས་པ་རྣམ་དག་པས། །བོགས་འདོན་གྱི་གདམས་ངག་གནད་དུ་ཐེབས། །སྒྲར་གྲགས་ཀུན་རང་བྱུང་སྔགས་ཀྱི་སྒྲ། །མི་ཤིགས་པ་ནཱ་དའི་རོལ་མོ་ཅན། །མགྲིན་པ་ནས་ལེན་པའི་པདྨོ་ཡིས། །གྲུབ་གཉིས་ཀྱི་བུང་བ་སྤྲིན་བཞིན་སྡུད། །ནང་གསལ་གྱི་ཀ་དག་གཉུག་མའི་གཤིས། །ཕྱིར་གསལ་གྱི་དབྱིངས་སུ་རྒྱས་བཏབ་པས། །སེམས་བྲལ་གྱི་རིག་པ་རྗེན་པའི་དངོས། །མངོན་སུམ་དུ་ལྷུག་པར་འཆར་འདི་


JKT022_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རྨད། །ཨ་ཧོ། ཡེ་གཞི་ཉིད་གཅིག་རྒྱུད་འཕགས་པ་མཆོག །ལམ་རྒྱུད་ཀྱིས་ཟག་བཅས་སྦྱངས་པ་ལས། །འབྲས་རྒྱུད་ཀྱི་ངོ་བོ་མངོན་གྱུར་པའི། །ངེས་དོན་གྱི་གྲུབ་མཐའི་གསང་ལམ་རྙོགས། །ཚིག་དེ་སྐད་ངོ་མཚར་ནི་ཙུ་ལའི། །དགའ་ཚལ་དུ་མིག་མི་འཛུམ་པའི་ལྷ། །བསྙེན་སྒྲུབ་ཀྱི་བྱིན་ཆེན་དབབ་པའི་ཚེ། །གཏད་མེད་ཀྱི་རྣལ་འབྱོར་གཞོན་ནུས་བྲིས། །ཞེས་པའང་མཆོག་གི་སྤྲུལ་པའི་སྐུ་བི་བྷ་ཡ་དྷརྨ་དྷཱ་ཏུ་བཛྲའི་ཞབས་ཀྱིས་ལྕང་ར་ལྷ་ཀླུ་འཆི་མེད་དགའ་ཚལ་དུ་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་དཀྱིལ་འཁོར་དུ་རིལ་སྒྲུབ་གནང་བའི་སྐབས་ཉམས་མཚར་དུ་སྨྲས་པའོ།། །།འོད་གསལ་ཕྱག་རྒྱ་ཆེན་པོའི་ཤིང་རྟ་ཆེན་པོ་རྣམས་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་ངེས་དོན་དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བ། ཨ་ཧོ། ཤིན་ཏུ་རྣམ་པར་དག་པའི་སྤྲོས་བྲལ་གྱི་ཡེ་ཤེས། །འོད་གསལ་བདེ་བ་ཆེན་པོའི་ལང་ཚོ་ལ་སྦྱར་བས། །ཟུང་འཇུག་རྣམ་ཀུན་མཆོག་ལྡན་ཡོངས་གྲུབ་ཀྱི་མཚན་དཔེ། །སངས་རྒྱས་རྡོ་རྗེ་འཆང་ཆེན་སྙིང་དབུས་ནས་དྲན་བྱུང་། །སྐྱེ་མེད་གཉུག་མ་རྟོགས་པར་བྱིན་གྱིས་རང་རློབས་ཤིག །སྲིད་གསུམ་ཟ་བྱེད་རྡོ་རྗེ་བཙུན་མོ་ཡི་སྒྱུ་མས། །སྐལ་བཟང་གྲུབ་པ་གཉིས་ཀྱི་དགའ་སྟོན་ལ་སྦྱར་ནས། །རང་གྲོལ་དོན་གྱི་གནས་ལུགས་མངོན་སུམ་ལ་སྟོན་པའི། །ཡེ་ཤེས་ཌཱ་ཀིའི་ཚོགས་རྗེ་སྙིང་དབུས་ནས་དྲན་བྱུང་། །མི་འགྱུར་མཆོག་བདེ་འགྲུབ་པར་བྱིན་གྱིས་རང་རློབས་ཤིག །གཟོད་ནས་འཕོ་འགྱུར་མེད་


JKT022_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཉིད་ཀྱི་ཐིག་ལེ། །ཆོས་ཅན་གདན་གསུམ་སྤྲུལ་པའི་ཟློས་གར་ལ་རྩེན་པས། །རྣལ་འབྱོར་གསང་མཐའི་ཉེ་ལམ་སྐལ་བཟང་ལ་སྩལ་བའི། །ཏེ་ལོ་པྲཛྙཱ་བྷ་དྲ་སྙིང་དབུས་ནས་དྲན་བྱུང་། །བློ་འདས་བྱར་མེད་རྟོགས་པར་བྱིན་གྱིས་རང་རློབས་ཤིག །བརྒྱད་གཉིས་དཀའ་བའི་སྤྱོད་པ་རྨད་བྱུང་གི་ཤིང་རྟས། །ཁྱབ་བདག་དཔལ་ལྡན་བླ་མའི་ཞབས་པད་དུ་བསྙེན་པས། །ས་ལམ་ཡོན་ཏན་ནོར་བུ་ཀླུ གཅིག་ཅར་དུ་ཐོབ་པའི། །རྗེ་བཙུན་ནཱ་རོ་ཏ་པ་སྙིང་དབུས་ནས་དྲན་བྱུང་། །སྨིན་གྲོལ་བདུད་རྩི་ཐོབ་པར་བྱིན་གྱིས་རང་རློབས་ཤིག །རྣམ་མང་བཤད་སྒྲུབ་རྒྱ་མཚོར་གསང་རྒྱུད་ཀྱི་མེ་ཏོག །མན་ངག་སྙིང་པོའི་སྦྲང་རྩིའི་བཅུད་ལེན་དུ་གཡོ་བས། །དབང་རྣོན་གྲུབ་པ་མཆོག་གི་ངལ་བསོ་ལ་སྦྱར་བའི། །རྣལ་འབྱོར་མར་པ་ལོ་ཙཱ་སྙིང་དབུས་ནས་དྲན་བྱུང་། །ལྷན་སྐྱེས་ཡེ་ཤེས་རྟོགས་པར་བྱིན་གྱིས་རང་རློབས་ཤིག །བཅོས་མིན་ངེས་འབྱུང་དྲག་པོའི་དྲི་བཞོན་གྱིས་བསྐུལ་ནས། །ནང་གི་དེ་ཉིད་གཉུག་མའི་གྲུ་བོ་ལ་འཆེལ་ཏེ། །སྲིད་དང་ཞི་བའི་རྒྱ་མཚོའི་ཕ་རོལ་དུ་བརྒལ་བའི། །མི་ལ་བཞད་པ་རྡོ་རྗེ་སྙིང་དབུས་ནས་དྲན་བྱུང་། །ཚེ་གཅིག་གྲུབ་མཐའ་རྙོག་པར་བྱིན་གྱིས་རང་རློབས་ཤིག །ཕྱི་ལྟར་བྱང་ཆུབ་སེམས་འབྱོངས་ཐེག་ཆེན་གྱི་བཤེས་གཉེན། །ནང་ལྟར་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་མཁན། །གསང་བ་ཟབ་དོན་


JKT022_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་བསྟན་འཛིན་གྱི་གཙུག་རྒྱན། །ཆོས་རྒྱལ་ཟླ་འོད་གཞོན་ནུ་སྙིང་དབུས་ནས་དྲན་བྱུང་། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རང་རློབས་ཤིག །མདོར་ན་མྱུར་ལམ་མཐར་ཐུག་སྙན་བརྒྱུད་ཀྱི་སྒྲོན་མེས། །གངས་ཅན་འགྲོ་ཀུན་ཐར་པའི་སྣང་བ་ལ་སྦྱོར་ཅིང་། །འབྲེལ་ཚད་སྐུ་གསུམ་བདེ་ཆེན་གྲོང་ཁྱེར་དུ་བཀྲི་བའི། །རང་གྲོལ་དྭགས་པོ་བཀའ་བརྒྱུད་སྙིང་དབུས་ནས་དྲན་བྱུང་། །ཅིར་སྣང་སྒྱུ་མར་རྟོགས་པར་བྱིན་གྱིས་རང་རློབས་ཤིག །ཨ་ཧོ། རྙེད་དཀའ་དལ་འབྱོར་མི་ལུས་རིན་ཆེན་དེ་ཐོབ་ཀྱང་། །སྐད་ཅིག་མི་རྟག་འགྱུར་བའི་སྣང་ཚུལ་ལ་སྐྱོ་ཞིང་། །འཁོར་བ་གར་སྐྱེས་སྡུག་བསྔལ་རང་བཞིན་དུ་རྟོགས་པས། །རྒྱུ་འབྲས་བླང་དོར་ནུས་པར་བྱིན་གྱིས་རང་རློབས་ཤིག །གནས་གྲོགས་ལོངས་སྤྱོད་སྒྱུ་མའི་ཟློས་གར་དུ་ཤེས་པས། །ཅིས་ཀྱང་དགོས་མེད་ཞེན་ལོག་སྙིང་དབུས་ནས་དྲན་ཅིང་། །ཤིན་ཏུ་དབེན་ཞིང་* ཉམས་དགའི་བྲག་སྐྱིབས་ཀྱི་ཁང་བུར། །རྩེ་གཅིག་སྒྲུབ་ལ་གཞོལ་བར་བྱིན་གྱིས་རང་རློབས་ཤིག །དཀོན་མཆོག་གསུམ་པོ་སྐྱབས་ཀྱི་དྭངས་མ་རུ་བཟུང་སྟེ། །སྨོན་དང་འཇུག་པའི་བྱང་ཆུབ་སེམས་མཆོག་ལ་སྦྱངས་ཤིང་། །སྟོབས་བཞིས་སྒྲིབ་པའི་ཚོགས་ཀུན་ལྷག་མེད་དུ་བཅིལ་ནས། །ཚོགས་གཉིས་ལམ་ལ་བརྩོན་པར་བྱིན་གྱིས་རང་རློབས་ཤིག །ཁྱད་པར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་རང་གཟུགས། །


JKT022_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་ཡེ་ཤེས་ཕུང་པོའི་རྣམ་རོལ་དུ་ཤར་བའི། །ཁྱབ་བདག་བཀའ་དྲིན་སུམ་ལྡན་དཔལ་ལྡན་གྱི་བླ་མར། །བཅོས་མིན་མོས་གུས་འབྱོངས་པར་བྱིན་གྱིས་རང་རློབས་ཤིག །དེ་མཐུས་རྡོ་རྗེ་ཡེ་ཤེས་འཕོ་བ་ཡི་དབང་གིས། །སྒོ་གསུམ་ཆ་མཉམ་འཕོ་བའི་བག་ཆགས་ཀུན་སྦྱངས་ཏེ། །འཕོ་མེད་དོན་གྱི་གནས་ལུགས་མངོན་སུམ་དུ་མཐོང་བས། །འཁོར་འདས་དབུ་མར་གྲོལ་བར་བྱིན་གྱིས་རང་རློབས་ཤིག །ངོ་བོ་སྟོང་པ་ཉིད་ཀྱི་རང་བཞིན་ལས་སྐྱེས་པའི། །རྣམ་པ་སྣང་སྟོང་ཟུང་འཇུག་ལྷ་སྐུ་རུ་བལྟ་བས། །ཐ་མལ་འཁྲུལ་པའི་ཀུན་རྟོག་གཡོ་མེད་དུ་འཆིང་བའི། །བསྐྱེད་རིམ་ལམ་བཟང་གོམས་པར་བྱིན་གྱིས་རང་རློབས་ཤིག །སྦྱོང་བ་རྣམ་པ་གསུམ་གྱི་བདུད་རྩི་ཡིས་བརླན་པས། །འཇུག་གནས་ལྡང་བའི་རླུང་ཀུན་ཁ་སྦྱོར་དུ་བསྒྲུབས་ཤིང་། །ཕྱི་ནང་གསང་བའི་གཏུམ་མོའི་རྣལ་འབྱོར་ལ་གོམས་པས། །འབར་ས་ཤིག །མཉམ་གཞག་ཉེར་ཐོབ་དོན་གྱི་ཡེ་ཤེས་ལ་འཇོག་ཅིང་། །རྗེས་ཤེས་དངོས་ཀུན་སྒྱུ་མའི་དཔེ་བརྒྱད་དུ་མཐོང་བས། །ཞེན་མེད་དག་པའི་སྒྱུ་མའི་གསལ་སྟོང་ལ་གོམས་ནས། །ཟུང་འཇུག་གོ་འཕང་འགྲུབ་པར་བྱིན་གྱིས་རང་རློབས་ཤིག །རིག་འཛིན་རྗེས་གཞིག་མཆོག་བདེའི་འོད་གསལ་ལ་འཇུག་ཅིང་། །སྟོང་པ་བཞི་ཡི་ངོ་བོར་རོ་སྙོམས་སུ་སྦྱར་བས། །


JKT022_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྲུབ་སེམས་ཀྱི་རྡོ་རྗེའི་མཁའ་དབྱིངས་སུ་གྲོལ་ནས། འཆི་སྲིད་ཆོས་སྐུར་ཐིམ་པར་བྱིན་གྱིས་རང་རློབས་ཤིག །མགྲིན་པའི་ཐིག་ལེར་རླུང་སེམས་དབྱེར་མེད་དུ་སྡུད་ཅིང་། །ཉིན་སྣང་རྨི་ལམ་ཁོ་ནའི་འཇུག་ལྡང་དུ་བལྟ་བས། །ཉིང་འཁྲུལ་རང་ངོ་ཤེས་པའི་ཉམས་ལེན་དང་སྦྲགས་ནས། །སྦྱང་སྤེལ་སྤྲུལ་བསྒྱུར་འབྱོངས་པར་བྱིན་གྱིས་རང་རློབས་ཤིག །དངོས་ཀུན་བདེན་མེད་བར་དོའི་སྣང་ཆ་རུ་གོམས་པས། །ལྷ་སྔགས་ཆོས་སྐུར་འཆར་བའི་ཐབས་མཁས་ཀྱི་ཉེ་རྒྱུས། །བར་སྲིད་ལོངས་སྤྱོད་རྫོགས་སྐུའི་གོ་འཕང་ལ་སྦྱོར་བའི། །མཆོག་གི་དངོས་གྲུབ་བརྙེས་པར་བྱིན་གྱིས་རང་རློབས་ཤིག །དོན་དམ་འགྲོ་འོང་སྤྲོས་པའི་མཚན་མ་ལས་འདས་ཀྱང་། །ཀུན་རྫོབ་སྲོག་དང་རྩོལ་བའི་ཕོ་ཉ་ལ་བརྟེན་ནས། །རླུང་སེམས་ཐིག་ལེ་དྷཱ་ཏིའི་མཁའ་དབྱིངས་སུ་འཕོ་བས། །འཕྱུགས་མེད་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རང་རློབས་ཤིག །ཕྲ་རགས་རྟོག་ཚོགས་སྤངས་པའི་ཞི་གནས་ཀྱི་ཏིང་འཛིན། །གཡོ་མེད་རྒྱ་མཚོ་ལྟ་བུ་ལྷུན་ཆགས་སུ་རྫོགས་པར། །བརྗོད་བྲལ་རང་བྱུང་གཉུག་མའི་ལྷག་མཐོང་གིས་འཁྱུད་པས། །དབྱེར་མེད་ཟུང་འཇུག་རྟོགས་པར་བྱིན་གྱིས་རང་རློབས་ཤིག །རྩེ་གཅིག་གསལ་སྟོང་ངང་གནས་སྣང་ཉམས་ཀྱི་རྣལ་འབྱོར། །སྤྲོས་བྲལ་གདོད་མའི་གནས་ལུགས་མཐོང་ལམ་དུ་རྟོགས་ཏེ། །སྤང་བླང་བསལ་བཞག་བྲལ་


JKT022_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རོ་གཅིག་གི་ངང་ནས། །སྒོམ་མེད་བཙན་ས་ཟིན་པར་བྱིན་གྱིས་རང་རློབས་ཤིག །གཟོད་ནས་ལྷན་ཅིག་སྐྱེས་པའི་འཕོ་མེད་ཀྱི་བདེ་ཆེན། །ཨེ་ཝཾ་མི་ཕྱེད་དཔྱད་ཀྱི་ཐིག་ལེ་ལ་གོམས་པས། །མཚོན་བྱ་དོན་གྱི་ཡེ་ཤེས་རྗེན་པ་རུ་སྦྱོར་བའི། །ངེས་དོན་ཕྱག་ཆེན་མཐོང་བར་བྱིན་གྱིས་རང་རློབས་ཤིག །དེ་ལྟར་མྱུར་ལམ་རྡོ་རྗེའི་རྣལ་འབྱོར་ལ་བརྟེན་ཅིང་། །དམ་ཚིག་སྡོམ་པའི་གནས་ལ་ཉེས་སྐྱོན་དང་བྲལ་བས། །འདིའམ་འཆི་ཁར་བར་དོའི་གནས་སྐབས་ཀྱི་སྣང་ཆར། །སྐུ་གསུམ་གོ་འཕང་བརྙེས་པར་བྱིན་གྱིས་རང་རློབས་ཤིག །གལ་ཏེ་ལས་ཀྱི་མཐུ་ཡིས་སྲིད་པ་ལ་འཇུག་ན། །དབང་རྣོན་རྡོ་རྗེ་ཐེག་པའི་རིགས་ཅན་དུ་སྐྱེས་ནས། །སྨིན་གྲོལ་བདུད་རྩིས་མྱོས་པའི་གླུ་དབྱངས་དང་སྦྲགས་ནས། །གྲུབ་པའི་གྲོང་དུ་གཤེགས་པར་བྱིན་གྱིས་རང་རློབས་ཤིག །དེ་ལྟར་མི་ཕྱེད་གུས་པའི་ངེས་དོན་གྱི་གསོལ་འདེབས། །དཔའ་བོ་ཌཱ་ཀི་འདུ་བའི་དམར་ཕྱོགས་ཀྱི་ཚེས་༡༥ལ། །ཆགས་བྲལ་པདྨ་དགྱེས་པའི་མགྲིན་པ་ནས་བླངས་པས། །བློ་འདས་འོད་གསལ་རྟོགས་པའི་སྨོན་ལམ་ཞིག་ཞུའོ། །ཅེས་འོད་གསལ་ཕྱག་རྒྱ་ཆེན་པོའི་ལམ་ནས་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་རྣམས་༢༥ལ་གསོལ་འདེབས་ལམ་ཟབ་མོའི་པྲ་ཎི་དྷ་དང་འབྲེལ་བ་འདི་ནི་གཙུག་ལག་སྨྲ་བའི་ཉི་མ་ཞེས་བགྱི་བའི་ད་རི་དྭས་དཔལ་སྟག་ལུང་ཆོས་གྲྭ་དང་ཉེ་བའི་འདབས་རོལ་དུ་སྣང་གསལ་ཞིག་གི་ངོགས་སུ་ཤར་མར་སྤེལ་བ་སིདྡྷི་རསྟུ། ༈


JKT022_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

འཕཊ་ཡུལ་རིག་འཛིན་རྣམ་དགུ་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་བདེ་སྟོང་ཌ་ཀའི་གླུ་གར་ཞེས་བྱ་བ། ཨེ་མ་ཧོ། །ཕྱི་ནང་རྩ་ཡི་འཕོ་ཆགས་ཐ་མལ་གྱི་རྒྱུ་བ། །སྣང་སྟོང་འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་དུ་བསྡམས་པས། །རྡུལ་བྲལ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་ཤར་བའི། །རིག་འཛིན་མཉྫམི་ཏྲ་སྙིང་དབུས་ནས་དྲན་བྱུང་། །ཕུང་ཁམས་སྤྲུལ་སྐུར་དག་པར་བྱིན་གྱིས་རང་རློབས་ཤིག །འགྲོ་འོང་སྲོག་དང་རྩོལ་བའི་དྲི་བཞོན་གྱི་རྒྱུ་བ། ། ཆཊ་བྲལ་པདྨ་གསུང་གི་དྲྭ་བ་རུ་བསྡམས་པས། །བདེ་ཆེན་སོ་སོར་རྟོག་པའི་ཡེ་ཤེས་སུ་ཤར་བའི། །རིག་འཛིན་ནཱ་ག་རྫུ་ན་སྙིང་དབུས་ནས་དྲན་བྱུང་། །ལྷ་སྔགས་ལོངས་སྐུར་རྫོཊ་པར་བྱིན་གྱིས་རང་རློབས་ཤིག །ཀུན་རྫོབ་གཟུང་འཛིན་འཁྲུལ་པའི་གཉིས་སྣང་གི་རྒྱུ་བ། །དོན་དམ་ཡང་དག་ཐུགས་ཀྱི་ཐིག་ལེ་རུ་བསྡམས་པས། །ཟུང་འཇུག་ལྷན་སྐྱེས་ཆོས་དབྱིངས་ཡེ་ཤེས་སུ་ཤར་བའི། །རིག་འཛིན་ཧཱུཾ་ཆེན་ཀཱ་ར་སྙིང་དབུས་ནས་དྲན་བྱུང་། །རྟོག་ཚོགས་ཆོས་སྐུར་སྨིན་པར་བྱིན་གྱིས་རང་རློབས་ཤིག །སྣ་ཚོགས་སྐྱེ་ཤིའི་འཁྲུལ་འཁོར་འཕོ་འགྱུར་གྱི་རྒྱུ་བ། །འཆི་མེད་ཡོན་ཏན་བདུད་རྩིའི་དཀྱིལ་འཁོར་དུ་བསྡོམས་པས། །འདའ་དཀའ་འཕོ་བ་ཆེན་པོའི་ཡེ་ཤེས་སུ་ཤར་བ། །རིག་འཛིན་བི་མ་མི་ཏྲ་སྙིང་དབུས་ནས་དྲན་བྱུང་། །ཟག་བཅས་འོད་སྐུར་འགྲུབ་པར་བྱིན་གྱིས་རང་རློབས་ཤིག །རྡུལ་མུན་སྙིང་སྟོབས་རང་


JKT022_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཁམས་གསུམ་གྱི་རྒྱུ་བ། །དབྱིངས་དང་རིག་པ་དབྱེར་མེད་ཕུར་བུ་རུ་བསྡམས་པས། །ཅིར་སྣང་བྱ་བ་གྲུབ་པའི་ཡེ་ཤེས་སུ་ཤར་བའི། །རིག་འཛིན་པྲ་བྷ་ཧ་སྟི་སྙིང་དབུས་ནས་དྲན་བྱུང་། །དབང་ཡུལ་ལྷ་སྐུར་དག་པར་བྱིན་གྱིས་རང་རློབས་ཤིག །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གནས་བཞི་རུ་རྒྱུ་བ། །སྣང་སྲིད་མ་མོའི་དཀྱིལ་འཁོར་དབུ་མ་རུ་བསྡམས་པས། །སྲིད་ཞི་ཀློང་དུ་གྱུར་པའི་ཡེ་ཤེས་སུ་ཤར་བའི། །རིག་འཛིན་དྷ་ན་སཾ་སྐྲ་སྙིང་དབུས་ནས་དྲན་བྱུང་། །ཆར་ཡང་དགའ་བཞིར་རྫོགས་པར་བྱིན་གྱིས་རང་རློབས་ཤིག །སེམས་དང་སེམས་བྱུང་འཚོལ་བའི་ཉོན་མོངས་ཀྱི་རྒྱུ་བ། །ཟུང་འཇུག་འཇིག་རྟེན་མཆོད་བསྟོད་ཕྱག་རྒྱ་རུ་བསྡམས་པས། །འཁོར་འདས་གཞི་དབྱིངས་གྲོལ་བའི་ཡེ་ཤེས་སུ་ཤར་བའི། །རིག་འཛིན་རཾ་བུ་གུ་རྒྱ་སྙིང་དབུས་ནས་དྲན་བྱུང་། །སྒྲིབ་གསུམ་ཀ་ནས་དག་པར་བྱིན་གྱིས་རང་རློབས་འི ཤིག །ཀུན་བརྟགས་དངོས་པོར་ཞེན་པའི་གཞན་དབང་གི་རྒྱུ་བ། །ཡོངས་གྲུབ་དྲག་སྔགས་དམོད་པའི་དྲྭ་བ་རུ་བསྡམས་པས། །མཐའ་བརྒྱད་རང་སར་གྲོལ་བའི་ཡེ་ཤེས་སུ་ཤར་བའི། །རིག་འཛིན་ཤྲིནྟཾ་གནྡྷ་སྙིང་དབུས་ན་དྲན་བྱུང་། །འོད་གསལ་དབུ་མར་སྨིན་པར་བྱིན་གྱིས་རང་རློབས་ཤིག །ཚོགས་བརྒྱད་གློ་བུར་འཁྲུལ་བའི་འཇུག་ལྡང་གི་རྒྱུ་བ། །དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་དུ་བསྡོམས་པས། །


JKT022_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀློང་དགུའི་རང་གཟུགས་མཚན་དཔེ་རུ་ཤར་བའི། །རིག་འཛིན་པདྨ་སཾ་བྷཱ་སྙིང་དབུས་ནས་དྲན་བྱུང་། །དབྱེར་མེད་སྐུ་བཞིར་སྨིན་པར་བྱིན་གྱིས་རང་རློབས་ཤིག །དེ་སྐད་གསོལ་བ་འདེབས་པའི་རྡོ་རྗེ་ཡི་ཐོལ་གླུ། །བདེ་སྟོང་ཊཱ་ཀི་འདུ་བའི་དཀར་ཕྱོགས་ཀྱི་ཚེས་ལ། །འོག་མིན་གྲུབ་པ་མཆོག་གི་བསྟི་གནས་སུ་བླངས་པས། །དོན་གཉིས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཞིག་ཞུའོ། །ཞེས་པའང་དཔལ་གྱི་བསམ་ཡས་མཆིམས་ཕུའི་བྲག་དམར་རྡོ་རྗེའི་ཀེའུ་ཚང་དུ་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ཞིང་། ཚོགས་ཀྱི་འཁོར་ལོ་སྟོང་ཕྲག་ཐལ་བས་དགྱེས་པ་བསྐྱེད་པའི་ཚེ་གང་ཤར་གྱི་རྟོགས་པ་གླུར་ལེན་པ་པོ་ནི་རྣལ་འབྱོར་པ་པདྨ་དགྱེས་པའི་སྡེའོ།། ༈ །།རང་བཞིན་རྫོགས་པ་ཆེན་པོའི་ཤིང་རྟ་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་འོད་གསལ་དཔྱིད་ཀྱི་ཐིག་ལེ་ཅེས་བྱ་བ། ཨ་ཧོ། གཟོད་ནས་བྱང་ཆུབ་སྙིང་པོའི་ཐིག་ལེ་རུ་གཤེགས་ཀྱང་། །ངེས་དོན་བསྟན་པ་སྤེལ་ཕྱིར་ངུར་སྨྲིག་གི་སྒྱུ་འཕྲུལ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྙིང་དབུས་ནས་དྲན་པའི། །གསོལ་འདེབས་རྡོ་རྗེའི་གླུ་ཡི་རོལ་མོ་ཞིག་འཁྲོལ་ལོ། །སྐྱེ་གནས་རྣམ་བཞིའི་འདྲ་འབག་ཀུན་བརྟགས་ཀྱི་རིམ་པས། །ཐ་མལ་སྣང་བའི་ཞེན་རྟོག་དཀྱིལ་འཁོར་དུ་ཤར་བའི། །སྣ་ཚོགས་གཟུགས་ཅན་འཆང་བ་སྤྲུལ་སྐུ་ཡི་རྣམ་རོལ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྙིང་དབུས་ནས་དྲན་བྱུང་། །ཕུང་ཁམས་ལྷ་སྐུར་དག་པར་བྱིན་གྱིས་


JKT022_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རང་རློབས་ཤིག །ཁ་སྦྱོར་རྡོ་རྗེའི་ལམ་གྱི་ཐབས་མཁས་ཀྱི་ཕོ་ཉས། །འགྲོ་འོང་སྲོག་རྩོལ་རྒྱུ་བ་དབུ་མ་རུ་བཅིངས་པའི། །ཨེ་ཝཾ་གཉིས་སུ་མེད་པ་ལོངས་སྐུ་ཡི་རྣམ་རོལ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྙིང་དབུས་ནས་དྲན་བྱུང་། །རླུང་ཁམས་ཡི་གེར་རྫོགས་པར་བྱིན་གྱིས་རང་རློབས་ཤིག །ལུགས་ལྡོག་དགའ་བ་རྣམ་བཞིའི་ཉེ་རྒྱུ་ཡིས་རེག་པས། །ལུགས་འབྱུང་འཕོ་བའི་བག་ཆགས་གཙུག་ཏོར་དུ་བཅོམ་པའི། །འོད་གསལ་རྣམ་ཀུན་མཆོག་ལྡན་ཆོས་སྐུ་ཡི་རྣམ་རོལ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྙིང་དབུས་ནས་དྲན་བྱུང་། །འབར་འཛག་དབུ་མར་ཐིམ་པར་བྱིན་གྱིས་རང་རློབས་ཤིག །ཀ་དག་ལྷུན་གྲུབ་དབྱེར་མེད་ཟུང་འཇུག་གི་སྣང་བས། །སེམས་དང་སེམས་བྱུང་རྒྱུ་བ་ཆོས་ཟད་དུ་དག་པའི། །སྐུ་དང་ཡེ་ཤེས་རྒྱ་མཚོའི་ངོ་བོ་རུ་བཞུགས་པ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྙིང་དབུས་ནས་དྲན་བྱུང་། །སྣང་བཞིའི་ཕ་རོལ་སོན་པར་བྱིན་གྱིས་རང་རློབས་ཤིག །དེ་སྐད་གུས་པས་གསོལ་འདེབས་རྡོ་རྗེ་ཡི་ཐོལ་གླུ། །དཔའ་བོ་ཌཱ་ཀི་འདུ་བའི་དགའ་ཚལ་གྱི་ངོགས་སུ། །ཀུན་རྨོངས་རྣལ་འབྱོར་གཞོན་ནུའི་མགྲིན་པ་ནས་བླངས་པས། །གདོད་མའི་གཏན་སྲིད་ཟིན་པའི་སྨོན་ལམ་ཞིག་ཞུའོ། །ཞེས་གངས་རིའི་ཁྲོད་ཀྱི་འོད་གསལ་རྡོ་རྗེ་སྙིང་པོའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་དྲི་མེད་འོད་ཟེར་ལ་དོན་གྱི་རྟོགས་པ་བརྗོད་པ་དང་མཐུན་པའི་གསོལ་འདེབས་འདིའང་རྗེ་ཉིད་


JKT022_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བྱིན་གྱིས་བརླབས་པའི་གནས་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཀྱི་བྲག་རིའི་བ་གམ་ཅན་དུ་ཚོགས་ཀྱི་མཆོད་པ་བགྱིས་པའི་ཚེ་གང་ཤར་གྱི་སྣང་ཆ་གླུར་བླངས་པའོ།། ༈ །།འཆི་མེད་པདྨ་ཐོད་ཕྲེང་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་ཕྱིན་དྲུག་མི་ཤིགས་སྒྲ་དབྱངས་ཅེས་བྱ་བ། ཨེ་མ་ཧོ། ཨེ་དབྱིངས་ཤེས་རབ་འབར་བའི་ཙཎྜ་ལཱིའི་རེག་བྱས། །ཝཾ་ཡིག་ཐབས་མཆོག་དབང་པོའི་སྣང་ཆ་ལ་འཁྱུད་པས། །འབར་འཛག་དགའ་བཞིའི་ཆུ་རྒྱུན་དབུ་མ་རུ་འཇོ་བའི། །བདེ་སྟོང་སྦྱིན་པའི་ཕ་རོལ་ཕྱིན་པ་ལ་འདུད་དོ། །ལུགས་འབྱུང་འཕོ་བ་བཅུ་གཉིས་རྟེན་འབྲེལ་གྱི་ཕོ་ཉ། །ལུགས་ལྡོག་ཛ་ལནྡྷ་རའི་དགའ་ཚལ་དུ་བཅིངས་པས། །ཆར་ཡར་འཕོ་འཛགས་སྦར་བའི་ལང་ཚོ་ཡིས་སྒེག་པའི། །ཟག་བྲལ་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ལ་འདུད་དོ། །སེམས་དང་སེམས་བྱུང་རྒྱུ་བ་ཁམས་གསུམ་གྱི་རྟོག་པ། །གཟོད་ནས་རྣམ་པར་དག་པའི་གཤིས་ལུགས་སུ་བསྡམས་པས། །ནང་གསལ་ཤིན་ཏུ་ཕྲ་བའི་ཡེ་འི ཤེས་ལ་རོལ་པའི། །འོད་གསལ་བཟོད་པའི་ཕ་རོལ་ཕྱིན་པ་ལ་འདུད་དོ། །སྣ་ཚོགས་ཀུན་ཏུ་འགྲོ་བའི་ཕྲ་རྒྱས་ཀྱི་ཚོགས་ཀུན། །རླུང་སེམས་དྷ་ཏཱིར་འཆིང་བའི་ཐབས་མཁས་ཀྱིས་སྤངས་པས། །སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་ལ་ཆགས་པའི། །ཟུང་འཇུག་བརྩོན་འགྲུས་ཕ་རོལ་ཕྱིན་པ་ལ་འདུད་དོ། །འཁོར་འདས་གཉིས་སུ་འཛིན་པའི་འཁྲུལ་ཆོས་ཀྱི་ཡོ་ལང་། །གཉིས་མེད་བརྟུལ་ཞུགས་གྲུབ་པའི་ཞགས་པ་


JKT022_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་བཟུང་བས། །བདེ་སྟོང་ཕྱག་རྒྱ་ཆེན་པོའི་ངལ་གསོ་ལ་སྦྱར་བའི། །ཞི་གནས་བསམ་གཏན་ཕ་རོལ་ཕྱིན་པ་ལ་འདུད་དོ། །ཀ་དག་གཞི་དབྱིངས་རིག་པ་སྒྲིབ་བྲལ་གྱི་རང་རྩལ། །ལྷུན་གྲུབ་སྐུ་དང་ཡེ་ཤེས་ཕྲིན་ལས་སུ་ཤར་བས། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་དགའ་བ་ཡིས་བསྙེམས་པའི། །ལྷག་མཐོང་ཤེས་རབ་ཕ་རོལ་ཕྱིན་པ་ལ་འདུད་དོ། །ཀོ་ཊ་ཁུ་སོགས་སྲོག་རྩོལ་འཇུག་ལྡངས་ཀྱི་རྒྱུ་བ། །ཐབས་ཤེས་ཁ་སྦྱོར་ལམ་གྱིས་གཞོམ་མེད་དུ་དག་པས། །འཆི་མེད་གཉུག་མའི་མཚན་དཔེ་ཡོངས་གྲུབ་ཏུ་ཤར་བའི། །མཐོང་ལམ་ཚེ་ལ་དབང་བའི་རིག་འཛིན་ལ་འདུད་དོ། །དཀར་དམར་ཐིག་ལེ་ལྡོག་ཁྱབ་བསྲེ་བ་ཡི་སྦྱོར་བས། །ཟག་བཅས་བརྟན་པ་འཕྲོག་པའི་བདེ་ཆེན་གྱི་ལང་ཚོས། །སྟོང་ཉིད་ཤེས་རབ་མཛེས་མའི་བཞིན་རས་ལ་འཁྱུད་པའི། །སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་འདུད་དོ། །གཅིག་པུ་མ་ཡིན་ཀུན་ཁྱབ་ལྷན་སྐྱེས་ཀྱི་རྣམ་འགྱུར། །དུ་མར་མི་གནས་བློ་བྲལ་རང་བྱུང་གི་ཡེ་ཤེས། །ཟུང་འཇུག་རྣམ་ཀུན་མཆོག་ལྡན་ཕ་མཐའ་རུ་གཤེགས་པའི། །མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་འདུད་དོ། །དེ་ལྟར་སྐྱབས་ཀུན་འདུས་ཞལ་མཚོ་སྐྱེས་ཀྱི་རྡོ་རྗེར། །སྙིང་ནས་གུས་པའི་གསོལ་འདེབས་ཐོལ་གླུ་རུ་བླངས་པས། །འགྲོ་ཀུན་གདོད་མའི་བཙན་ས་ཟིན་པ་རུ་ཤོག་ཅིག །ཅེས་དུས་གསུམ་ཀུན་མཁྱེན་


JKT022_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་ཆེན་པོའི་ངེས་དོན་གྱི་རྟོགས་པ་བརྗོད་པ་དང་མཐུན་པའི་རྡོ་རྗེའི་ཐོལ་གླུ་འདིའང་། འཇམ་དཔལ་དབྱངས་དངོས་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་བསྐྱེད་ལས་གྲུབ་པའི་འོག་མིན་དཔལ་གྱི་བསམ་ཡས་སུ་རིག་འཛིན་གྱི་བཙུན་པ་པདྨའི་མིང་གིས་གང་ཤར་གླུར་བླངས་པའི་འཆར་གཞིའོ།། ༈ །།ངེས་པ་དོན་གྱི་རྡོ་རྗེའི་ཐོལ་གླུ་འོད་གསལ་གྲུབ་པའི་རྒྱན་ཅེས་བྱ་བ། ཨ་ལ་ལ་ཧོ། རང་རིག་གཉུག་མ་བསལ་བཞག་བྲལ་བའི་དབྱིངས། །སྐུ་གསུམ་མི་ཕྱེད་དོན་དམ་བདེན་པའི་དངོས། །འོད་གསལ་ཨུ་རྡོ་རྗེ་སྙིང་པོའི་གཤིས་ལུགས་ལ། །ངང་བཞག་ལྷུན་འབྱམས་ངང་ནས་ཕྱག་བགྱིའོ། །ངོ་བོ་རང་བཞིན་ཐུགས་རྗེ་མ་བཅོས་པ། །དཀོན་མཆོག་གསུམ་གྱི་ཞལ་སྐྱིན་བླ་ན་མེད། །དེ་ཕྱིར་སྤང་བླང་རང་སར་གྲོལ་བ་ཡིས། །རྟག་པར་འདུ་འབྲལ་མེད་པར་སྐྱབས་སུ་མཆི། །གང་ཕྱིར་བདག་དང་སེམས་ཅན་མ་དམིགས་པས། །རང་གཞན་གཉིས་སུ་འཛིན་པའི་བློ་ལས་འདས། །དེ་སླད་གནས་ལུགས་རྒྱུན་ཆད་མེད་པའི་ངང་། །ངེས་དོན་རྡོ་རྗེའི་སེམས་མཆོག་བསྐྱེད་པར་བགྱི། །ཟག་མེད་ལེགས་སྤྱད་རྒྱ་མཚོའི་ངོ་བོ་ནི། །འདུས་བྱས་ལས་འདས་སོ་སོར་རྟོག་པའི་གཤིས། །དེ་ལས་འཁྱུད་པའི་བློ་གྲོས་རབ་གསལ་བས། །ཚོགས་གཉིས་འདུམས་པའི་དགའ་བས་ཀུན་ཏུ་མཛེས། །རྣམ་པར་རྟོག་པའི་བགེགས་ཚོགས་མཐའ་ཀླས་ཀུན། །ཤར་གྲོལ་དུས་མཉམ་དོན་གྱི་དཔལ་ཆེན་པོས། །འདའ་དཀའི་ཕྱག་རྒྱ་གཉན་པོས་བཅིངས་


JKT022_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །འོད་གསལ་དབུ་མའི་ཀློང་ལས་འགྲོ་འོང་མེད། །རང་སྣང་ཤིན་ཏུ་རྣམ་པར་དག་པ་ནི། །རྡོ་རྗེའི་འོག་མིན་ཆེན་པོ་ཉིད་ཡིན་ན། །ཐམས་ཅད་ཆོས་ཉིད་གཅིག་གི་རོལ་པ་རུ།ཀུན་བརྟགས་ལས་འདས་སྲུང་འཁོར་གཟོད་ནས་གྲུབ། །ཐོག་མ་མེད་ནས་འཇུག་ལྡང་ལས་འདས་པའི། །ཀ་དག་རྫོགས་པ་ཆེན་པོའི་མཁའ་དབྱིངས་ནས། །ལྷུན་གྲུབ་མངོན་སུམ་སྣང་བ་རྣམ་པ་བཞིས། །མ་ལུས་ཆམ་ཆམས་གཅིག་ཏུ་བྱིན་དབབ་བོ། །ཚོགས་དྲུག་སྣང་བའི་འགྲོ་འོང་མ་ལུས་པ། །གཏད་མེད་སྒྱུ་མའི་དཔའ་བོར་ཕྱག་བྱས་པས། །ལུས་སེམས་བཀོད་པ་མཛེས་པའི་མཆོད་སྤྲིན་ཆེ། །བདེ་སྟོང་ཟུང་འཇུག་ཆེན་པོར་བྱིན་གྱིས་བརླབས། །ཤིན་ཏུ་རྣམ་དག་དེ་བཞིན་ཉིད་དབྱིངས་ལས། །འགགས་མེད་ཀུན་སྣང་སྙིང་རྗེའི་རྒྱུ་རུ་ཤར། །སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལྷ། །མ་བསྐྱེད་ཡེ་རྫོགས་བསྐྱེད་རིམ་ངང་གིས་གྲུབ། །སྣང་གྲགས་རིགས་གསུམ་གདོད་ནས་བདེ་གཤེགས་ཀྱི། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྒྱས་བཏབ་ཅིང་། །དབྱིངས་དང་རིག་པ་ཡེ་ཤེས་གཉིས་མེད་ལྷས། །འཁོར་འདས་ཀུན་ཁྱབ་ཆེན་པོར་དབང་བསྐུར་རོ། །གཞི་གྲོལ་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །གཞི་སྣང་ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་ལྷ། །གཞི་གནས་འཕོ་འགྱུར་མེད་པའི་བརྟུལ་ཞུགས་ཀྱིས། །གཞི་དབྱིངས་རིག་སྟོང་


JKT022_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མར་སྤྱན་འདྲེན་ནོ། །ཇི་ལྟར་ཆུ་ལ་ཆུ་བུར་ཐིམ་པ་ལྟར། །དམ་ཚིག་སེམས་དཔའ་བདེ་གཤེགས་སྙིང་པོའི་གྲོང་། །ཡེ་ཤེས་སྒྲིབ་བྲལ་སེམས་དཔའི་ཐིག་ལེ་ཆེ། །ཁྱབ་ཅིང་རྟག་པའི་ཚུལ་གྱིས་བཞུགས་སུ་གསོལ། །ཚོགས་བརྒྱད་འཁྲུལ་པའི་རྟོག་ཚོགས་དབྱིངས་དེངས་པས། །ལྷན་སྐྱེས་ཉི་མ་འབར་བའི་ལང་ཚོ་ཡིས། །གློ་བུར་འཁྲུལ་པའི་དྲྭ་བ་ཀུན་ཟོས་ཕྱིར། །གཉིས་མེད་འདྲེས་པའི་ཕྱག་གིས་རྟག་ཏུ་བསྙེན། །དབང་ཡུལ་སྒྱུ་མར་ཞིག་པ་ཕྱིའི་མཆོད་སྤྲིན། །ཨེ་ཝཾ་མཉམ་སྦྱོར་སྨན་རག་གཏོར་མ་ནང་། །གསང་བ་བདེ་སྟོང་སྦྱོར་སྒྲོལ་རྨད་བྱུང་སྟེ། །ཡང་གསང་བྱང་ཆུབ་སེམས་ཀྱིས་དགྱེས་པ་བསྐྱེད། །རིག་སྟོང་སེམས་ཉིད་རྡོ་རྗེའི་རང་བཞིན་ལ། །བྲལ་སྨིན་ཡོན་ཏན་རྒྱ་མཚོ་ངང་གིས་གནས། །དེ་ཕྱིར་མཉམ་པར་མ་བཞག་མེད་པ་ཡི། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད་པར་བགྱི། །འགྲོ་འོང་སྲོག་དང་རྩོལ་བའི་རྒྱུ་བ་ཀུན། །ཁ་སྦྱོར་རྡོ་རྗེའི་ལམ་གྱིས་གཅིངས་པ་ལས། །མི་ཤིགས་ནཱ་དར་དེངས་པའི་གླུ་དབྱངས་ཀྱིས། །ཟབ་གསང་བཟླས་པའི་འཕྲོ་འདུ་རྒྱུན་ཆད་མེད། །བདེ་སྟོང་འབར་འཛག་དགའ་བཞིའི་མཆོད་སྤྲིན་སྤྲོ། །གང་ཤར་རྟོག་པའི་མདུད་པ་ཕྲ་སར་བཅད། །དེ་ཡང་རང་རིག་གཅིག་པུར་རོ་མཉམ་པའི། །ཟག་མེད་ཚོགས་ཀྱི་འཁོར་ལོ་བསྐོར་བར་བྱ། །ཕུང་པོ་ལྔ་ཡི་དྭངས་མ་འཛག་མེད་འཆིང་། །དུག་ལྔའི་


JKT022_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པ་སྐུ་བཞིའི་དྲྭ་བར་བསྡམས། །རླུང་སེམས་ཨ་ཝ་དྷཱ་ཏཱིར་གཞུག་པ་ཡི། །གཏོར་མའི་རྣལ་འབྱོར་ལྡན་པས་བར་ཆད་བསལ། །ཐོག་མ་ཉིད་ནས་སྐྱེ་བ་མ་དམིགས་ན། །གང་དུ་འགགས་པའི་ཕ་མཐར་སུ་ཡིས་དྲངས། །དེ་སླད་ཁམས་གསུམ་ལས་འདས་ཡེ་ཤེསཾ་ཀྱིས། །རྟེན་ཅིང་འབྲེལ་བར་འབྱུང་བར་རབ་ཏུ་གནས། །རླུང་སེམས་གཞན་དབང་ལ་ཆགས་བར་དོའི་ཡིད། །ཤར་གྲོལ་དུས་མཉམ་ངང་དུ་དབུགས་འབྱིན་ཅིང་། །ཐར་པ་ཆེན་པོའི་གྲོང་དུ་ཉེར་བཀྲི་བ། །གནས་ལུང་སྟོང་ཉིད་སྙིང་རྗེའི་ཕོ་ཉ་ཡིན། །ཀུན་གཞི་རང་བྱུང་ཀློང་ཡངས་ཐབ་ཁུང་དུ། །གཉུག་མ་བསམ་བརྗོད་བྲལ་བའི་ཡེ་ཤེས་མེར། །སེམས་དང་སེམས་བྱུང་སྒྲོ་བརྟགས་ཀུན་བསྟིམས་ཏེ། །གཟུང་འཛིན་དབུ་མར་ཞིག་པའི་བསྲེག་བླུགས་བྱ། །སྒོ་གསུམ་བྱེད་པ་ཨེ་ཝཾ་མཱ་ཡཱའི་དབྱིངས། །འགྱུར་བ་མེད་པར་བསྡམས་པའི་དེ་མ་ཐག །རང་སྣང་དག་པ་རབ་འབྱམས་ཆེན་པོ་རུ། །བདག་ཉིད་འཇུག་པའི་དབང་བཞི་བླང་བར་བརྩོན། །ངོ་བོ་ཀ་ནས་དག་པའི་ཕོ་བྲང་ནས། །རང་བཞིན་ལྷུན་གྲུབ་སྣང་བཞིའི་རྩ་གསུམ་ལྷ། །ཐུགས་ཚུ རྗེ་སྒོ་ཡུལ་རླུང་རིག་གནད་གཅུན་ནས། །ཆོས་ཟད་བློ་འདས་དོན་གྱི་ཕྲིན་ལས་བཅོལ། །རྟོག་གཉིས་ཞེན་པའི་དྲེགས་ཚོགས་མཐའ་ཀླས་ཀུན། །རྟོག་བྲལ་འདོད་འབྱུང་གཏོར་མས་ཚིམ་བྱས་ཏེ། །རྟོག་ཚོགས་


JKT022_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ་དཔལ་ཆེན་ཧེ་རུ་ཀས། །རྟོག་མེད་ཆད་མདོའི་དམ་ཚིག་གཉན་པོ་བསྒྲག །ཁ་སྦྱོར་བཅུ་གཉིས་གྲོང་དུ་གནས་བཅས་པའི། །འཕོ་ཆེན་བཅུ་གཉིས་གནས་སུ་དག་པའི་གཟུགས། །བོད་སྐྱོང་བརྟན་མ་བཅུ་གཉིས་འཁོར་བཅས་ལ། །ལུགས་འབྱུང་བཅུ་གཉིས་དག་པའི་བཤལ་ཆུས་མཆོད། །རྣམ་ཐར་གསུམ་དང་ལྡན་པའི་ཨེ་ཀློང་དུ། །དུག་གསུམ་རྒྱུ་འབྲས་ཆོས་ཀུན་རྒྱས་བཏབ་སྟེ། །ངོ་བོ་རང་བཞིན་ཐུགས་རྗེའི་བྲོ་བརྡུངས་པས། །རང་རིག་སྐུ་གསུམ་དགོངས་པ་འདུ་འབྲལ་མེད། །སྐྱེ་གནས་རྣམ་བཞིའི་བག་ཆགས་ལྷ་སྐུར་དག །ཐིག་ལེ་རྣམ་བཞི་དགའ་བཞིའི་སྤྲིན་དུ་རྫོགས། །གནས་སྐབས་རྣམ་བཞི་འོད་གསལ་དབྱིངས་སྨིན་པའི། །མཆོག་ཐུན་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བླང་། །མ་བཅིངས་མ་གྲོལ་རང་བབས་གནས་ཚུལ་ལ། །གློ་བུར་འཁྲུལ་བའི་དྲི་མ་ལས་འདས་ཕྱིར། །འགྲོ་འོང་མེད་པའི་ངང་དུ་མཐོལ་བཤགས་པས། །ཚངས་པ་མཆོག་གི་ས་ལ་མྱུར་དུ་རེག །སེམས་ཅན་ཀུན་གྱི་སྲོག་ཀྱང་ཡེ་ཤེས་སེམས། །སངས་རྒྱས་ཀུན་གྱི་ཐུགས་ཀྱང་ཡེ་ཤེས་སེམས། །སེམས་ཉིད་ཐིག་ལེ་གཅིག་ཏུ་བསྡུ་བ་ལས། །གསལ་སྣང་ལྷ་སྔགས་ཆོས་སྐུའི་དྲྭ་བར་ཤར། །དེ་ལྟའི་བླ་མེད་ཡེ་ཤེས་ཆེན་པོའི་རྒྱུན། །རང་ལས་བྱུང་ཞིང་རང་སར་བསྔོས་པའི་མཐུས། །སོ་མ་རང་གྲོལ་ངང་བཞག་ལྷུན་འབྱམས་ཀློང་། །འགྲོ་ཀུན་ཕྱམ་


JKT022_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སངས་རྒྱས་སྨོན་ལམ་གདབ། །ཚོགས་གཉིས་བསགས་ཕྱིར་གོང་མའི་ལམ་སྦྱོར་ཕྱིར། །ཆོས་ཉིད་བདེན་པ་མངོན་མཐོང་དེ་བསྒོམ་པས། །མི་སློབ་གོ་འཕང་འཐོབ་པའི་བཀྲ་ཤིས་ཀྱིས། །རྒྱུ་དང་མི་རྒྱུའི་དངོས་ཀུན་ཤིས་པར་བྱ། །དེ་ལྟར་ངེས་དོན་ཆོ་གའི་རྡོ་རྗེའི་གླུ། །འོད་གསལ་གྲུབ་པའི་དཔའ་བོའི་རྣ་རྒྱན་དུ། །གཏད་མེད་རྣལ་འབྱོར་གཞོན་ནུའི་མགྲིན་པ་ནས། །ས་ལ་སྤྱོད་པའི་འོག་མིན་ཆེན་པོར་བླངས། །ཞེས་པའང་གཏད་སོ་བྲལ་བའི་རིག་གདངས་ལས་ཇི་ལྟར་ཤར་བ་བཞིན་དཔལ་ས་ལ་སྤྱོད་པའི་འོག་མིན་བསམ་འགྲུབ་ཤེལ་གྱི་བྲག་ཕུག་གི་འདབས་རོལ་དུ་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་དགེ་བར་ཡི་གེའི་གཟུགས་སུ་བྱས་པ་གུ་ཧུ།། །། འོད་གསལ་རྡོ་རྗེ་སྙིང་པོའི་ཤིང་རྟ་པ་ཆེན་པོ་ཀུན་མཁྱེན་གཉིས་པའི་ཞབས་ལ་གསོལ་བ་འདེབས་པ་རྡོ་རྗེའི་ཐོལ་གླུ་གྲུབ་གཉིས་རྣ་རྒྱན་ཅེས་བྱ་བ། ཨ་ཧོ། གཅིག་པུ་མ་ཡིན་འཁོར་འདས་བསྟན་གཡོ་ཀུན་ཁྱབ་ཅིང་། །དུ་མར་མི་གནས་བློ་བྲལ་རང་བྱུང་གི་གཤིས་ལུགས། །ཐིམ་ལ་མ་རྨུགས་ནང་གསལ་ཀ་དག་གི་བདག་ཉིད། །ངོ་བོ་ཆོས་སྐུ་ཁྱབ་བདག་ཀུན་མཁྱེན་གྱི་བླ་མར། །གཞི་གྲོལ་རིག་པའི་ངང་ནས་གསོལ་བ་ཞིག་འདེབས་སོ། །ཤིན་ཏུ་རྣམ་པར་གྲོལ་བའི་བདེ་སྟོང་གི་ཡེ་ཤེས། །ཟག་བྲལ་བཞིན་ལག་མཚན་དཔེའི་སྣང་ཆ་རུ་ཤར་བའི། །ཁ་སྦྱོར་ཡན་ལག་བདུན་ལྡན་ཕྱིར་གསལ་གྱི་རོལ་མོ། །རང་བཞིན་ལོངས་སྐུ་ཁྱབ་བདག་ཀུན་མཁྱེན་གྱི་


JKT022_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མར། །ཟུང་འཇུག་དགའ་བཞིའི་ངང་ནས་གསོལ་བ་ཞིག་འདེབས་སོ། །འགྲོ་འོང་རྟོག་པའི་མཚན་མ་རང་གྲོལ་དུ་ཞིག་ཀྱང་། །གཞན་ཕན་སྙིང་རྗེ་ཆེན་པོའི་ཐབས་མཁས་ལ་སྦྱར་བས། །སྣ་ཚོགས་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་ལ་རྩེན་པའི། །ཐུགས་རྗེ་སྤྲུལ་སྐུ་ཁྱབ་བདག་ཀུན་མཁྱེན་གྱི་བླ་མར། །མི་ཕྱེད་གུས་པའི་ངང་ནས་གསོལ་བ་ཞིག་འདེབས་སོ། །ཆོས་དང་ཆོས་ཅན་རོ་གཅིག་གདོད་མ་ཡི་དབྱིངས་སུ། །སྒྲིབ་གཉིས་གློ་བུར་རྟོག་པའི་འཇུག་ལྡང་ཀུན་ཟད་པས། །སྐུ་གསུམ་དབྱེར་མེད་མི་ཕྱེད་འོད་གསལ་གྱི་ཐིག་ལེ། །ངོ་བོ་ཉིད་སྐུ་ཁྱབ་བདག་ཀུན་མཁྱེན་གྱི་བླ་མར། །མངོན་སུམ་ལྷུག་པའི་ངང་ནས་གུས་ཕྱག་ཞིག་འཚལ་ལོ། །ཨ་ཧོ། སྐྱེ་གནས་རྣམ་བཞིའི་འདྲ་འབག་བསྐྱེད་རིམ་གྱི་ཐབས་མཁས། །གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ཕ་རོལ་དུ་སོན་པས། །ཐ་མལ་འཁྲུལ་པའི་རྒྱུ་བ་ལྷ་སྐུ་རུ་བསྡམས་པའི། །བུམ་དབང་གྲུབ་མཐའ་སྙོགས་པར་བྱིན་གྱིས་རང་རློབས་ཤིག །མཐའ་མེད་འཁོར་བར་འཆིང་བའི་རླུང་སེམས་ཀྱི་གར་མཁན། །འོད་གསལ་ཨ་ཝ་དྷུ་ཏིའི་ཁྲི་མུན་དུ་བཅུག་པས། །གསལ་སྟོང་བསམ་མི་ཁྱབ་པའི་ཡེ་ཤེས་ལ་སྦྱོར་བའི། །གསང་དབང་གྲུབ་མཐའ་སྙོགས་པར་བྱིན་གྱིས་རང་རློབས་ཤིག །ལུགས་འབྱུང་དགའ་བ་རྣམ་བཞིའི་ཕོ་ཉ་ཡི་རྣམ་འགྱུར། །ལུགས་ལྡོག་ཛ་ལནྡྷ་རའི་གྲོང་ཁྱེར་དུ་སོན་པས། །


JKT022_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་སེམས་བྱུང་འཇུག་པ་བདེ་སྟོང་དུ་ནུབ་པའི། །ཤེར་དབང་གྲུབ་མཐའ་སྙོགས་པར་བྱིན་གྱིས་རང་རློབས་ཤིག །སྐྱེ་འགགས་གནས་གསུམ་བྲལ་བ་དོན་དམ་གྱི་བདེན་པ། །བསམ་གྱིས་མི་ཁྱབ་བརྗོད་བྲལ་རང་བྱུང་དུ་མཐོང་བས། །གཟུང་འཛིན་སྤྲོས་པའི་འཆིང་བ་བཙན་ཐབས་སུ་ཞིག་པའི། །ཚིག་དབང་གྲུབ་མཐའ་སྙོགས་པར་བྱིན་གྱིས་རང་རློབས་ཤིག །མངོན་སུམ་རིག་པ་མཐོང་ཞིང་གོམས་པ་ལ་འཆེལ་བས། །ཉམས་སྣང་གོང་འཕེལ་ཚད་ཕེབས་ངལ་གསོ་ལ་སྦྱར་ཏེ། །ཆོས་ཉིད་ཟད་པའི་ཀློང་དུ་འཁོར་འདས་ཀུན་གྲོལ་བའི། །རྩལ་དབང་གྲུབ་མཐའ་སྙོགས་པར་བྱིན་གྱིས་རང་རློབས་ཤིག ། གལ་ཏེ་གྲུབ་པའི་གསང་ལམ་མ་སྙོགས་སུ་ཟིན་ན། །ནམ་ཞིག་འཕོས་ཚེ་མཁའ་སྤྱོད་ཌཱ་ཀི་ཡི་གྲོང་ཁྱེར། །འོག་མིན་པདྨ་དྲྭ་བའི་དགའ་ཚལ་དུ་རྩེན་ནས། །ས་ལམ་གཅིག་ཆར་རྫོགས་པར་བྱིན་གྱིས་རང་རློབས་ཤིག །དེ་སྐད་གང་ཤར་རང་གྲོལ་གྲགས་སྟོང་གི་གླུ་དབྱངས། །རིག་འཛིན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་སྤྲོས་པས། །སྐྱེ་བའི་ཕྲེང་བ་ཀུན་ཏུ་ངེས་དོན་གྱི་ཐེག་མཆོག །འོད་གསལ་རྫོགས་ཆེན་སྒོམ་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་གྲུབ་པ་མཆོག་གི་བསྟི་གནས་དཔལ་ལྡན་པདྨ་འོད་གླིང་ཐེག་མཆོག་གླིང་གི་དྲི་གཙང་ཁང་དུ་ཚོགས་ཀྱི་འཁོར་ལོའི་མཆོད་པ་འདུ་བགྱིས་པའི་རྗེས་ཐོག་ཏུ་སྨྲས་པའི་དྷཱནྟ།། ༈ །།རྗེ་བཙུན་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་དོན་གྱི་རྣམ་


JKT022_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐར་པ་ལ་བསྟོད་པའི་རྡོ་རྗེའི་ཐོལ་ཀླུ་ཡེ་ཤེས་དྲྭ་བའི་རྒྱན་ཅེས་བྱ་བ། ཨེ་མ་ཧོ། གཟོད་ནས་འགྱུར་བ་མེད་པའི་དངོས། །བདེ་ཆེན་གྲུབ་པའི་ཐིག་ལེ་ཅན། །ཁྱབ་བདག་རྡོ་རྗེ་སེམས་དཔའ་ལ། །གཉིས་སུ་མེད་པའི་ཕྱག་གིས་འདུད། །ཉེ་བར་སྦས་པའི་ཙཎྜ་ལཱིས། །བྱང་ཆུབ་སེམས་མཆོག་བཞུ་བའི་དཔྱིད། །རྟག་པ་དམ་པར་འཇོ་མཛད་པ། །སྦྱིན་པའི་ཕ་རོལ་ཕྱིན་ལ་འདུད། །ཟུང་འཇུག་གྲུབ་པའི་ཐབས་མཁས་ཀྱིས། །ཆར་ཡང་གཙུག་ཏོར་རྩེར་བཅིངས་པས། །འཕོ་འཛག་སྤྲོས་པ་རིང་བཅད་པ། །ཚུལ་ཁྲིམས་ཕ་རོལ་ཕྱིན་ལ་འདུད། །སྲོག་དང་རྩོལ་བའི་འཇུག་ལྡང་ཀུན། །ཨ་བ་དྷུ་ཏིར་རྒྱས་བཏབ་པས། །གཟུང་འཛིན་མཚན་མ་རང་གྲོལ་བ། །བཟོད་པའི་ཕ་རོལ་ཕྱིན་ལ་འདུད། །ཕྲ་མོའི་རྩ་ཡི་རྒྱུ་བ་ཡང་། །སྒྲ་གཅན་ཁམས་སུ་ཉེར་དག་པས། །འབད་པ་ཆེན་པོས་རབ་འཇུག་པ། །བརྩོན་འགྲུས་ཕ་རོལ་ཕྱིན་ལ་འདུད། །དངོས་ཡིད་ཕྱག་རྒྱ་ལ་སྦྱར་བའི། །བདེ་རླུང་སེམས་གསུམ་རོ་གཅིག་པས། །རྣམ་པར་རྟོག་པ་འཆིང་མཛད་པ། །བསམ་གཏན་ཕ་རོལ་ཕྱིན་ལ་འདུད། །ཀ་དག་འོད་གསལ་གཉུག་མའི་གཤིས། །ལྷུན་གྲུབ་ཕྲ་བའི་སྐུར་སྨིན་པས། །འཁོར་འདས་ཀུན་གྱི་ཁྱབ་བདག་ཆེ། །ཤེས་རབ་ཕ་རོལ་ཕྱིན་ལ་འདུད། །ཟག་པ་མེད་པའི་ཚོགས་གཉིས་ལམ། །དབུ་མའི་སྦུབས་སུ་རྫོགས་པ་ཡིས། །ཟག་པའི་ཆ་བཅས་མཐའ་


JKT022_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀུན། །ཡོངས་སུ་བྱང་བདེ་ཁྱོད་ལ་འདུད། །གང་དུ་སྣང་བའི་བདེན་བདེན་ཀུན། །སྒྱུ་མའི་ལྷ་སྐུར་རྒྱས་བཏབ་པས། །འོད་གསལ་མཆོག་ལ་སྦྱོར་བའི་ལམ། །རྣམ་སྨིན་རིག་འཛིན་ཁྱོད་ལ་འདུད། །བསམ་གྱིས་མི་ཁྱབ་བརྗོད་དུ་མེད། །འཇུག་དང་ལྡང་བ་ཡོངས་སུ་སྤངས། །གཟོད་མའི་བཞུགས་ཚུལ་མཐོང་བའི་ལམ། །ཚེ་དབང་རིག་འཛིན་ཁྱོད་ལ་འདུད། །གང་ཤར་རྟོག་པ་རྒྱུ་དང་བཅས། །ངང་བཞག་ཆེན་པོར་སྒོམ་པའི་ལམ། །ཆོས་དང་ཆོས་ཅན་རོ་གཅིག་པའི། །ཕྱག་རྒྱ་ཆེན་པོ་ཁྱོད་ལ་འདུད། །ལམ་བདེན་བྲལ་བྱ་ཐམས་ཅད་ཀུན། །འགོག་བདེན་བྲལ་འབྲས་ཆོས་སྐུར་དག །མི་སློབ་ལམ་ཀྱི་འབྲས་བུ་ཅན། །ལྷུན་གྲུབ་རིག་འཛིན་ཁྱོད་ལ་འདུད། །ལྷན་སྐྱེས་གྲུབ་པས་རབ་དགའ་བ། །གློ་བུར་དྲི་མ་མེད་པའི་དཔྱིད། །ཉོན་མོངས་བུད་ཤིང་སྲེག་པ་ཡི། །འོད་གསལ་འདུ་བྱེད་ལྡན་ལ་འདུད། །སྲོག་རྩོལ་དག་པའི་འོད་འཕྲོ་ཞིང་། །རྡོ་རྗེའི་སྐུ་མཆོག་སྦྱང་དཀའ་བ། །བདེ་སྟོང་གྲུབ་པའི་བརྟུལ་ཞུགས་ཀྱིས། །མངོན་དུ་གྱུར་པ་ཁྱོད་ལ་འདུད། །སྲིད་དང་ཞི་ལས་རིང་དུ་སོང་། །ཉོན་མོངས་རྐྱེན་གྱིས་གཡོ་བ་མེད། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །ལེགས་པའི་བློ་གྲོས་ཐོབ་ལ་འདུད། །ཆོས་ཁམས་མི་ཤིགས་ནཱ་དའི་སྤྲིན། །པདྨ་ཅན་གྱི་སར་སྤྲོ་ཞིང་། །རིགས་ཀྱི་འཁོར་ལོ་མཐའ་ཡས་ཚོགས། །


JKT022_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་ཆེན་པོ་ཁྱོད་ལ་འདུད། །འགྱུར་མེད་རྟག་པའི་རྡོ་རྗེ་ཡིས། །ཕྲ་མོའི་ས་བོན་ཡོངས་བཅོམ་སྟེ། །སྐུ་བཞིའི་རྒྱལ་ས་འཛིན་མཁས་པ། །ཧེ་རུ་ཀ་དཔལ་ཁྱོད་ལ་འདུད། །དེ་ལྟར་ཕ་རོལ་ཕྱིན་པའི་སྤྱོད་པ་ལམ་ལྔ་ས་བཅུའི་གཙུག་ཏོར་ཅན། །རྡོ་རྗེ་ཐེག་པའི་ལམ་གྱིས་བགྲོད་པས་གྲུབ་པའི་འཁྲི་ཤིང་གཅིག་པུ་ཁྱོད། །གང་ཤར་བསྔགས་པའི་རྡོ་རྗེའི་གླུ་འདིར་མོས་དང་ཡིད་ལ་བྱེད་པ་ཀུན། །འགྱུར་མེད་བདེ་ཆེན་རྡོ་རྗེའི་དགའ་བས་མི་ཕྱེད་སྙིང་ལ་འཁྱུད་པར་ཤོག །ཅེས་རིགས་དང་དཀྱིལ་འཁོར་ཀུན་གྱི་དེ་ཁོ་ན་ཉིད་རྗེ་བཙུན་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པའི་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པ་ལ་བསྔགས་པའི་རྡོ་རྗེའི་ཐོལ་གླུ་ཡེ་ཤེས་དྲྭ་བའི་རྒྱན་ཅེས་བྱ་བ་འདི་ཡང་མགོན་པོ་གང་གི་རིན་པོ་ཆེའི་མཆོད་སྡོང་ཆེན་པོའི་མདུན་སར་ཕྱི་ནང་གི་ཚོགས་ཀྱི་མཆོད་པའི་འདུ་བ་འདུ་བགྱིས་པའི་རྗེས་ཐོག་ཏུ་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །།ཌཱ་ཀི་མཚོ་རྒྱལ་ལ་བསྟོད་པའི་རྡོ་རྗེའི་ཐོལ་གླུ་ཕྱིན་དྲུག་ནཱ་དའི་སྒྲ་དབྱངས་ཅེས་བྱ་བ། ཨེ་མ་ཧོ། གཙུག་ཏོར་བདེ་ཆེན་ཟླ་བ་བཞུ་བའི་རྒྱུན། །འོད་གསལ་དྷཱ་ཏཱིར་རྟག་ཏུ་འཇོ་བ་ཡིས། །འབར་འཛག་བདེ་བའི་ཉམས་བརྒྱས་སྒེག་པ་པོ། །སྦྱིན་པའི་ཕ་རོལ་ཕྱིན་མ་ཁྱོད་ལ་འདུད། །ལུགས་འབྱུང་དགའ་བ་རྣམ་བཞིའི་འཕོ་ཆགས་རྒྱུན། །ལུགས་ལྡོག་ཛ་ལནར་ར་བཅིངས་བ་ལས། །ཆར་ཡང་ཟག་པ་བྲལ་བས་བརྟུལ་ཞུགས་ཅན། །ཚུལ་ཁྲིམས་ཕ་རོལ་ཕྱིན་མ་ཁྱེད་ལ་འདུད། །གང་དུ་རླུང་


JKT022_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འཇུག་པ་ཆ་དང་བཅས། །ཉེ་བར་ཞི་བའི་དབྱིངས་སུ་རོ་གཅིག་པས། །གཟུང་འཛིན་ཡུལ་གྱིས་བརྫི་བར་མི་ནུས་པའི། །བཟོད་པའི་ཕ་རོལ་ཕྱིན་མ་ཁྱོད་ལ་འདུད། །དཔྱིད་དང་ཐིག་ལེ་མཉམ་པར་སྦྱོར་བ་ཡི། །མི་ཤིགས་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ལ། །བསལ་བཞག་བྲལ་བའི་དགའ་བས་རྟག་བསྙེན་པའི། །བརྩོན་འགྲུས་ཕ་རོལ་ཕྱིན་མ་ཁྱོད་ལ་འདུད། །ཀ་དག་སེམས་ཉིད་གཉུག་མའི་ངོ་བོ་རུ། །ལྷུན་གྲུབ་སེམས་བྱུང་མཐའ་ཀླས་ཐིམ་པ་ལས། གཡོ་མེད་ཏིང་འཛིན་དག་པའི་རོས་མྱོས་པའི། །བསམ་གཏན་ཕ་རོལ་ཕྱིན་མ་ཁྱོད་ལ་འདུད། །ཨེ་ཝཾ་གཉིས་སུ་མེད་པའི་ཕྱག་རྒྱ་ཆེ། །མཐའ་བྲལ་དབུ་མའི་དགོངས་པ་ལེགས་ཤར་གང་། །དོན་དམ་འགོགས་བདེན་རྫོགས་པ་ཆེན་པོའི་ཞལ། །ཤེས་རབ་ཕ་རོལ་ཕྱིན་མ་ཁྱོད་ལ་འདུད། །མདོར་ན་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །འབྱུང་གནས་རྡོ་རྗེ་བཙུན་མོའི་སྒྱུ་མ་ལ། །ཕྱིན་དྲུག་ལང་ཚོས་སྒེག་པའི་གླུ་དབྱངས་ཀྱིས། །རྟག་པ་རྒྱུན་གྱི་འཁོར་ལོར་བསྟོད་པར་བགྱི། །གཟུགས་སྣང་གདན་གསུམ་སྒྱུ་འཕྲུལ་དྲྭ་བར་དག །སྒྲར་གྲགས་མི་ཤིགས་ནཱ་དའི་ངོ་བོར་རྫོགས། །རྟོག་ཚོགས་མཐའ་གྲོལ་ཆོས་སྐུར་སྨིན་པ་ཡིས། །འགྲོ་ཀུན་གདོད་མའི་ས་ལ་ཕྱིན་པར་ཤོག །ཅེས་པའང་བསྒྲགས་མདའ་མཚོ་རྒྱལ་བླ་མཚོར་ཚོགས་ཀྱི་མཆོད་པ་སྟོང་ཕྲག་ཐལ་བ་འདུ་བགྱིས་པའི་ཚེ་སྣང་གསལ་ཆུང་ངུ་ཞིག་


JKT022_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོགས་སུ་ཤར་མར་སྤེལ་པ་པོ་ནི་རྒྱལ་ཁམས་ཉུལ་བའི་དཱ་རི་དྭ་པདྨ་དགྱེས་པའི་ལང་ཚོའོ།། ༈ །།གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་ནང་གི་རྣམ་པར་ཐར་པ་ལ་བསྔགས་པ་རྡོ་རྗེའི་ཐོལ་གླུ་རིག་པ་འཛིན་པའི་མེ་ཏོག་ཅེས་བྱ་བ། ཨ་ཧོ། སྲིད་གསུམ་དུས་གཅིག་ཟ་བའི་ཙཎྜ་ལཱིར། །ཧཾ་ཡིག་བདུད་རྩིའི་བགོ་བཤར་སྦྱིན་པ་ཡིས། །འབར་འཛག་དབུ་མར་ཐིམ་པའི་ཡེ་ཤེས་སྐུ། །བདེ་སྟོང་གཏུམ་མོའི་ཕ་རོལ་ཕྱིན་ལ་འདུད། །དཀར་དམར་ཐིག་ལེའི་འཕྲོས་འདེད་ལ་གོམས་པས། །འཕོ་མེད་དགའ་བས་ཚིམ་པའི་ཚུལ་ཁྲིམས་ཀྱིས། །ཉིང་འཁྲུལ་རང་སར་དག་པའི་ནཱ་དའི་གསུང་། །གསལ་སྟོང་རྨི་ལམ་ཕ་རོལ་ཕྱིན་ལ་འདུད། །རབ་ཞི་སྐྱེ་མེད་བདུད་རྩིའི་རླབས་འཐུངས་པས། །ཟབ་མོའི་དོན་ལ་བཟོད་པའི་པདྨོ་ནི། །དྲི་བྲལ་མཚར་སྡུག་རྫོགས་པའི་རྡོ་རྗེའི་ཐུགས། །རིག་སྟོང་འོད་གསལ་ཕ་རོལ་ཕྱིན་ལ་འདུད། །ཆོས་ཀུན་བདེན་མེད་གོམས་པའི་བློ་གྲོས་དང་། །གཅིག་ཏུ་མཛའ་བའི་བརྩོན་འགྲུས་བརྩམས་པ་ཡིས། །ཉེ་འཁོན་ལས་འདས་ལྷུན་གྲུབ་ཡོན་ཏན་དཔྱིད། །སྣང་སྟོང་སྒྱུ་ལུས་ཕ་རོལ་ཕྱིན་ལ་འདུད། །དོན་དམ་འགྲོ་འོང་སྲེད་ལེན་མ་གྲུབ་ཀྱང་། །ཀུན་རྫོབ་སྲོག་རྩོལ་སྦྱོར་བའི་བསམ་གཏན་གྱིས། །འཕྱུགས་མེད་མཁའ་སྤྱོད་གྲུབ་པའི་ཕྲིན་ལས་ཅན། །ཚོར་སྟོང་འཕོ་བའི་ཕ་རོལ་ཕྱིན་ལ་འདུད། །བར་སྲིད་འཁྲུལ་པའི་སྣང་ཆ་ཇི་སྙེད་ཀུན། །ལྷ་སྔགས་ཆོས་སྐུར་རྟོགས་པའི་


JKT022_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱིས། །ཟུང་འཇུག་ལོངས་སྤྱོད་རྫོགས་སྐུར་ལྡང་ནུས་པའི། །མྱོང་སྟོང་བར་དོའི་ཕ་རོལ་ཕྱིན་ལ་འདུད། །མདོར་ན་ངེས་དོན་ཕ་རོལ་ཕྱིན་དྲུག་དང་། །དབྱེར་མེད་རྡོ་རྗེའི་ཆོས་དྲུག་ལ་གོམས་པས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་མི་ཟད་པ། །རྟག་པ་དམ་པའི་ཕ་རོལ་ཕྱིན་ལ་འདུད། །དེ་ལྟར་གུས་པའི་ཉི་གཞོན་བཅུད་གཡོ་བས། །རིག་འཛིན་དགྱེས་པའི་ཚིག་སྦྱོར་ཨུཏྤལ། །འཛུམ་བཅས་རོལ་འདིས་མགོན་པོ་ཁྱོད་ཉིད་དང་། །དབྱེར་མེད་གྲུབ་པའི་རྣམ་ཐར་འཛིན་པར་ཤོག །ཅེས་བསིལ་ལྗོངས་གྲུབ་རིགས་རྒྱ་མཚོའི་ཁྱུ་མཆོག་པདྨའི་རྣམ་འཕྲུལ་ཐང་སྟོང་པའི་ནང་གི་རྣམ་པར་ཐར་པ་ལ་ཡེ་ཤེས་ཌཱ་ཀི་ནི་གུ་མས་བཀྲལ་བའི་རྡོ་རྗེའི་ཆོས་དྲུག་གི་སྒོ་ནས་བསྔགས་པའི་གླུ་དབྱངས་འདིའང་། རྗེ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་གནས་ཤྲཱི་ཛ་ལ་སརྦ་ཏའི་ལྕགས་ཟམ་དང་ཉེ་བའི་གནས་ལོ་ཧེ་ཏའི་ཕུང་པོ་དལ་གྱིས་འབབས་པ་རྐང་འཐུང་གི་ལང་ཚོས་བཀྲ་བའི་གཟིངས་ཀྱི་འཁྲུལ་འཁོར་ལ་བརྟེན་ནས་བརྒལ་བའི་ཚེ་བར་ཁོ་ནར་བྲིས་ཏེ་གསོལ་བ་བཏབ་པའོ།། ༈ །།རྗེ་བཙུན་མྱུར་མ་དཔའ་མོ་ལ་བསྔགས་པ་རྡོ་རྗེའི་ཐོལ་གླུ་ངེས་དོན་རོལ་མོ་ཞེས་བྱ་བ། ཨེ་མ་ཧོ། གཞི་གྲོལ་རིག་པ་འདུས་མ་བྱས། །ཐོག་མཐའ་དབུས་བྲལ་དག་པའི་དབྱིངས། །བདེ་ཆེན་རྡོ་རྗེའི་མཎྜ་ལ། །རྒྱལ་ཡུམ་འཕགས་མའི་ཕྱག་རྒྱར་འདུད། །གཉུག་མའི་ཕུང་ཁམས་སྐྱེ་མཆེད་ཀུན། །ཡོངས་གྲུབ་ལྷ་སྐུར་གདོད་ནས་ཤར། །གཉིས་སུ་མི་ཕྱེད་ཐིག་ལེ་ཆེ། །འགྲོ་འོང་སྲོག་དང་རྩོལ་བའི་


JKT022_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་། །ཁ་སྦྱོར་དབུ་མར་ཐིམ་པ་ལས། །འབར་འཛག་བདེ་བའི་རང་བཞིན་ཅན། །རྡོ་རྗེ་ནཱ་དའི་གསུང་དུ་བསྒྲགས། །རྣམ་པར་རྟོག་པའི་འཇུག་ལྡང་ཀུན། །སྤྲོས་བྲལ་དབྱིངས་སུ་རོ་གཅིག་བས། །སྲིད་དང་ཞི་ལ་མི་གནས་པའི། །ཆོས་སྐུའི་ཕ་རོལ་ཕྱིན་པར་རོལ། །གང་གི་འགྲོ་བའི་ཁམས་དབང་དང་། །བསམ་པའི་རིམ་པར་རྗེས་མཐུན་པའི། །འདོད་དགུའི་རེ་བ་སྦྱིན་པའི་ཕྱིར། །ཡོན་ཏན་རྨད་བྱུང་ཚད་ལས་འདས། །ལ་ལར་ཞི་དང་ཁ་ཅིག་ཏུ། །ཁྲོ་ཆགས་སྒེག་པའི་ཉམས་བརྒྱ་ཡིས། །རྣམ་བཞིའི་ཕྲིན་ལས་རབ་བསྒྲུབ་སླད། །གཅིག་དང་དུ་མའི་མཐའ་མ་དམིགས། །དེ་ཕྱིར་སོ་སྐྱེའི་བློ་གྲོས་ཀྱིས། །ཕྱོགས་རེར་གཞལ་བས་ཁྱོད་བསྔགས་ན། །རྣམ་པ་ཀུན་ཏུ་རིགས་མིན་པར། །འདི་ནི་བདག་གིས་ཡང་དག་མཐོང་། །ཨ་ལ་ལ་ཧོ། རྟག་ཆད་ལས་འདས་རང་རིག་པ། །རྣམ་ཀུན་མཆོག་ལྡན་འཕགས་མའི་ཞལ། །འདུ་འབྲལ་མེད་པར་མཇལ་བའི་ཕྱག །མཉམ་རྗེས་དབྱེར་མེད་ངང་ནས་འཚལ། །ཚོགས་དྲུག་ཡུལ་གྱི་སྣང་ཆ་ལ། །ཇི་ལྟར་ཤར་ཡང་རང་གྲོལ་བའི། །མ་བཅོས་ལྷུག་པའི་མཆོད་པ་ཡིས། །རྟག་པ་རྒྱུན་དུ་མཉེས་གྱུར་ཅིག །གཟོད་ནས་དག་པའི་དེ་ཁོ་ན། །གློ་བུར་དྲི་མས་བསྒྲིབས་པའི་མཐུས། །མི་འཚམས་ལས་དང་བཤེས་པ་ཀུན། །འོད་གསལ་གཉུག་མའི་ངང་དུ་བཤགས། །ལྷན་སྐྱེས་ཡེ་


JKT022_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཕྱག་རྒྱ་མཆོག །རྒྱུད་ལ་བརྟེན་གོམས་སྦྱོར་བ་ལ། །གུས་པའི་འཕགས་དང་སོ་སྐྱེའི་སྡེར། །མི་ཕྱེད་དགའ་བའི་འཛུམ་དཀར་གྲོལ། །འགོག་བདེན་ཞི་བ་དམ་པའི་དངོས། །ལམ་བདེན་ཚིག་ཏུ་བརྗོད་པའི་སྒྲར། །རབ་ཏུ་འཇུག་པའི་བྱེད་ལས་ཀྱིས། །བརྗོད་བྲལ་ཆོས་འཁོར་རྟག་བསྐོར་བསྐུལ། །གང་ཁྱོད་སྐྱེ་དང་འགག་པ་ཡི། །ཕ་མཐའ་ལྟ་ཡང་ག་ལ་འཚལ། །དེ་ཕྱིར་འཆི་བ་མེད་པའི་དཔྱིད། །རྡོ་རྗེའི་སྐུ་མཆོག་སྟོན་པར་གསོལ། །དེ་ལས་བྱུང་བའི་དགེ་ཚོགས་ཀུན། །འཁོར་གསུམ་མཚན་མས་མ་རེག་པའི། །ཤེས་རབ་ཕ་རོལ་ཕྱིན་པའི་དབྱིངས། །ཐ་དད་མེད་པར་བསྔོ་བར་བགྱི། །ཀྱེ་མ་རྗེ་བཙུན་རྣལ་འབྱོར་མ། །ཐུགས་རྗེའི་བདག་ཉིད་ཁྱོད་དགོངས་ལ། །བདག་སོགས་སྙིགས་མའི་གདུང་བ་ཡིས། །མནར་བའི་འགྲོ་རྣམས་བསྐྱབ་པར་མཛོད། །རང་སྣང་འཁྲུལ་པའི་བྱེད་པོ་ཡིས། །མེད་བཞིན་སྣང་བྱས་ལས་ཉོན་དཔུང་། །ཐུགས་རྗེའི་དབྱིག་གིས་བསལ་ནས་ཀྱང་། །བདེ་བ་དམ་པས་རྒྱུད་བརླན་མཛོད། །ཕྱི་རོལ་བཟང་ངན་ཆོ་རོལ་ལ། །བླང་དོར་སྒྲིབ་པའི་འདུ་བྱེད་ཀྱིས། །ནད་མཚོན་མུ་གེའི་དུཉཁ་སོགས། །བརྒྱད་གཉིས་འཇིགས་ལས་དབུགས་དབྱུང་མཛོད། །ཚེ་དང་བསོད་ནམས་དཔལ་ལ་སོགས། །དབང་བཅུའི་ཡོན་ཏན་རབ་རྒྱས་པས། །གནས་སྐབས་མཐར་ཐུག་ཕན་དང་བདེའི། །ས་བོན་ཡིད་


JKT022_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འོང་སྨིན་པར་མཛོད། །སྣང་དང་ཕྱེད་སྣང་མི་སྣང་གི །གྲོང་ཁྱེར་གསུམ་དང་གཞན་ཡང་རུང་། །བསམ་པ་ཙམ་གྱིས་ཐོགས་མེད་པར། །དབང་དུ་འདུ་ཞིང་གུས་པར་མཛོད། །གལ་ཏེ་རང་སྣང་དགྲར་ལངས་པའི་བསམ་སྦྱོར་འཆང་བ་ཀུན། །དྲག་ཤུལ་ཆོ་གས་བརླག་པར་མཛོད། །ཁྱད་པར་བདག་གི་ལུས་ངག་ཡིད། །རྡོ་རྗེ་གསུམ་གྱིས་བྱིན་བརླབས་ནས། །འབར་གཡོ་བརྟན་པའི་ཐ་མ་རུ། །རྡོ་རྗེའི་ཡེ་ཤེས་བརྙེས་པར་མཛོད། །དེ་ཡིས་ཁྱོད་དང་དབྱེར་མེད་པའི། །གོ་འཕང་ཐོབ་ནས་སླར་ཡང་ནི། །དམིགས་མེད་སྙིང་རྗེའི་རོས་གང་བས། །འགྲོ་ཀུན་སྒྲོལ་བའི་མཐུ་བརྙེས་ཤོག །ཨ་ཧོ་གང་ཤར་རྡོ་རྗེའི་གླུས། །མཆོག་སྦྱིན་དཔའ་མོར་མཆོད་པའི་མཐུས། །ཁམས་གསུམ་བཀྲ་ཤིས་སྣང་བ་ཡིས། །དགེ་ལེགས་མེ་ཏོག་བཞད་པར་ཤོག ༈ །།འཕགས་མཆོག་ཕྱག་ན་པདྨོ་ལ་གསོལ་བ་འདེབས་པ་ཐུགས་དམ་བསྐུལ་བའི་རྡོ་རྗེའི་ཐོལ་གླུ་དྲང་སྲོང་དགྱེས་པའི་འབབ་སྟེགས་ཞེས་བྱ་བ། ཨ་ཧོ། སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས། །ཚད་མེད་སྙིང་རྗེའི་རང་གཟུགས་སུ་སྣང་བས། །འགྲོ་ཀུན་ཐར་པའི་གོ་འཕང་ལ་སྦྱོར་བའི། །འཕགས་མཆོག་ཕྱག་ན་པདྨོ་ལ་འདུད་དོ། །སྤྲིན་བྲལ་ཟླ་བ་གསར་པ་ཡི་ལང་ཚོར། །རབ་མཛེས་མཚན་དཔེའི་མཚར་སྡུག་གིས་འཁྱུད་པས། །ཡིད་ཅན་ཐར་པའི་ངལ་གསོ་ལ་


JKT022_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི། །འཕགས་མཆོག་ཕྱག་ན་པདྨོ་ལ་འདུད་དོ། །ཡན་ལག་དྲུག་ཅུའི་རྒྱུད་མངས་ཀྱི་གདངས་སྙན། །ལུང་རྟོགས་ཆོས་ཀྱི་བདུད་རྩི་དང་བསྲེས་ནས། །སྐལ་བཟང་རྣ་བའི་བཅུད་ལེན་དུ་སྩལ་བའི། །འཕགས་མཆོག་ཕྱག་ན་པདྨོ་ལ་འདུད་དོ། །ཐུགས་ནི་སྟོང་ཉིད་སྙིང་རྗེ་ཡི་རོལ་མོ། །དབྱེར་མེད་མཁྱེན་གཉིས་སྣང་བ་དང་འགྲོགས་པས། །སྲིད་དང་ཞི་བའི་མུན་སྟུག་ཀུན་སེལ་བའི། །འཕགས་མཆོག་ཕྱག་ན་པདྨོ་ལ་འདུད་དོ། །ལུས་ཅན་གང་གིས་ཁྱོད་མཚན་ཙམ་ཐོས་པས། །གནས་སྐབས་མཐར་ཐུག་འདོད་པ་ཀུན་འཇོ་བའི། །ཡོན་ཏན་ཟད་མེད་ཡིད་བཞིན་གྱི་ནོར་བུ། །འཕགས་མཆོག་ཕྱག་ན་པདྨོ་ལ་འདུད་དོ། །མཐའ་ཀླས་སེམས་ཅན་ཁམས་རྣམས་ཀུན་མ་ལུས། །མི་ཕྱེད་ཐུགས་རྗེའི་སྤྱན་རས་ཀྱིས་གཟིགས་ནས། །སྒྲོལ་བའི་ཕྲིན་ལས་ཁུར་ཆེན་ལ་འཆེལ་བའི། །འཕགས་མཆོག་ཕྱག་ན་པདྨོ་ལ་འདུད་དོ། །ཀྱེ་མ་ཀྱི་ཧུད་སྙིགས་མ་ཡི་འགྲོ་ཀུན། །ཤིན་ཏུ་བཟོད་དཀའི་དུ་ཁ་ལ་སྤྱོད་ཅིང་། །རྒྱལ་བསྟན་ཉི་མ་ནུབ་རི་ཡི་རྩེ་མོར། །རིངས་པར་ཐལ་བའི་ངང་ཚུལ་འདི་སྐྱོ་བ། །ཕན་བདེའི་འབྱུང་གནས་བཤད་སྒྲུབ་ཀྱི་སྙིང་པོ། །སྟོབས་དང་འབྱོར་པའི་གཟུགས་བརྙན་ལ་འཁྲུལ་ཏེ། །ཆོས་བཞིན་བཅོས་པས་ཆོས་མིན་ལ་སྦྱོར་བའི། །དགེ་སྦྱོང་ཀླ་ཀློའི་ཆོས་ལུགས་འདི་སྐྱོ་བ། །གཏན་གྱི་སྐྱབས་གཅིག་བསླུ་མེད་


JKT022_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདག་ཉིད། །རྒྱལ་དང་དེ་སྲས་རྣམ་འདྲེན་ཀུན་བོར་ནས། །རང་རྒྱུད་དྲེགས་པའི་ཕྱི་བཞིན་དུ་འདུད་པའི། །བློ་གྲོས་གདོན་གྱིས་བཏབ་པ་འདི་སྐྱོ་བ། །གནས་སྐབས་ཕྱག་ལེན་ཕྲ་མོ་ཡི་གནང་བཀག །སྲོག་ལྟར་གཅེས་པའི་བརྫུ་བག་ལ་བརྟེན་ནས། །མཐར་ཐུག་མི་དགེ་འཇོལ་ཉོག་ཏུ་སྤྱོད་པའི། །འདུལ་བ་འཛིན་པའི་གཟུགས་བརྙན་འདི་སྐྱོ་བ། །གཞན་ཕན་འགྲོ་དོན་སྒྲོ་བཏགས་ལ་བསྙད་ནས། །རང་དོན་ཕུགས་སུ་བཅུག་པ་ཡི་སྤྱོད་པས། །མངའ་ཐང་གཟི་བརྗིད་རྒྱལ་ཕམ་ལ་འགྲན་པའི། །བྱང་ཆུབ་སེམས་དཔའི་གྲགས་སྐམ་འདི་སྐྱོ་བ། །དངོས་གྲུབ་རྩ་བ་ཁྱབ་བདག་གི་བླ་མར། །དབང་ལུང་མན་ངག་གདམས་པ་ཀུན་ནོས་ཏེ། །དད་དང་དམ་ཚིག་རྩ་བ་ནས་འདོར་བའི། །རིག་པ་འཛིན་པའི་རྐང་འདྲེན་འདི་སྐྱོ་བ། །གཞུང་ལུགས་མང་པོར་ཐོས་བསམ་ལ་འབད་ཀྱང་། །ང་རྒྱལ་དྲེགས་པའི་སྣོན་མ་རུ་སོང་ནས། །རྒྱལ་བསྟན་ཐ་དད་འགལ་འདུ་རུ་བརྩི་བའི། །ཆོས་སྤངས་སྡིག་པའི་ཁུར་ཆེན་འདི་སྐྱོ་བ། །དབེན་པའི་གནས་སུ་བསམ་གཏན་ལ་འབད་ཀྱང་། །རྒྱུད་ལུང་མན་ངག་རྒྱང་རིང་དུ་དོར་ནས། །བླུན་སྒོམ་གཏི་མུག་ཉམས་ལེན་དུ་འདོད་པའི། །ངལ་བཅས་མི་ཚེ་སྟོང་ཟད་འདི་སྐྱོ་བ། །མདོར་ན་སྙིགས་མའི་འགྱུར་བ་ཡིས་བཏབ་པས། །གང་ལ་བསམས་ཀྱང་སྐྱོ་ཤེས་སུ་གྱུར་ན། །མགོན་ཁྱོད་ཕྲིན་ལས་རྩེ་གཅིག་


JKT022_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྐུལ་ན། །ད་ཙམ་ཐུགས་རྗེའི་སྒྱུ་འཕྲུལ་ཞིག་སྟོན་རན། །དུས་གསུམ་གཞན་དོན་ཁོ་ན་ལ་དགྱེས་པའི། །དམ་བཅའི་རི་མོ་བྲིས་པ་དེ་དགོངས་ལ། །གངས་ཅན་བསྟན་འགྲོར་ཕན་བདེ་ཡི་དགའ་སྟོན། །ནུབ་མེད་དད་བའི་དཔྱིད་དཔལ་ལ་སྦྱོར་མཛོད། །དེ་སྐད་བོད་ཡུལ་རུ་བཞི་ཡི་ལྟེ་བ། །གྲུ་འཛིན་གཉིས་པའི་ཕོ་བྲང་གི་འདབས་ཞོལ། །ནི་ཙུ་ལ་ཡི་དགའ་ཚལ་གྱི་དབུས་སུ། །འཁོས་མེད་རྣལ་འབྱོར་སྤྲང་པོ་དེས་བྲིས་སོ། །ཞེས་པའང་གངས་ཅན་བོད་ཀྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོ་དང་ཉེ་བའི་ཕོ་བྲང་དམར་པོ་རིའི་འདབས་འབྱོར་དུས་ཟླའི་གྲལ་ཚེས་དགེ་བར་གང་ཤར་གླུར་བླངས་པའི་འཆར་གཞིའོ།། ༈ །།འདུན་ཅིང་སྨོན་པར་བྱ་བའི་རྡོ་རྗེའི་ཐོལ་གླུ་ཡོངས་རྫོགས་བསྟན་པའི་ལམ་རིམ་ཞེས་བྱ་བ། ཨ་ཧོ། གང་མཚན་གྱི་བདུད་རྩི་ཐོབ་པ་ལས། །སྲིད་ཞི་ཡི་ཚ་གདུང་རིང་བཅིལ་ནས། །རྣམ་གྲོལ་གྱི་ཨུཏྤལ་དར་བབས་པའི། །མགོན་ཕྱག་ན་པདྨོས་དགེ་ལེགས་མཛོད། །རྗེ་དེ་དང་ངོ་བོ་དབྱེར་མེད་ཀྱང་། །ཚུ་རོལ་གྱི་མཐོང་ངོར་ས་སྤྱོད་གཟུགས། མཚན་སྲོང་བཙན་སྒམ་པོར་རབ་འབར་བ། །གངས་ཅན་གྱི་ལྷ་གཅིག་དེ་ལ་འདུད། །སྐྱབས་ཁྱོད་ལ་སྙིང་ནས་གསོལ་བཏབ་པས། །བདག་གཞན་ཀུན་སྐྱེ་དང་ཚེ་རབས་སུ། །མི་ཁོམ་པའི་གནས་ལས་རབ་ལྡོག་ཅིང་། །རྟེན་དལ་འབྱོར་ཚང་བའི་ལུས་ཐོབ་ཤོག །དེར་ནམ་ཡང་མི་རྟག་འཆི་བ་དང་། །དུས་དེ་ཚེ་


JKT022_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ཐབས་བྲལ་བ་ཡི། །ངང་ཚུལ་ལ་བསམ་ནས་ཡིད་བྱུང་སྟེ། །འཕྲལ་དམ་པའི་ཆོས་ལ་འཇུག་པར་ཤོག །གནས་འཁོར་བ་མཐོ་དམན་གར་སྐྱེས་ཀྱང་། །སྡུག་བསྔལ་གྱི་དམ་འོག་ཆུད་པའི་ཕྱིར། །དཔེ་མེ་འོབས་ལྟ་བུར་མཐོང་བ་ཡིས། །བཅོས་མིན་གྱི་ངེས་འབྱུང་སྐྱེ་བར་ཤོག །ལས་དཀར་ནག་ས་བོན་བཏབ་པ་ལས། །བདེ་སྡུག་གི་འབྲས་བུ་སྨིན་ཤེས་ནས། །བླང་དོར་གྱི་ལག་ལེན་འཛོལ་མེད་པས། །མངོན་མཐོ་ཡི་གྲོང་དུ་བཀྲི་བར་ཤོག །མཚན་ཉིད་དང་ལྡན་པའི་བཤེས་གཉེན་ནི། །སྲིད་ཞི་ཡི་དགེ་ལེགས་ཐམས་ཅད་ཀྱི། །རྩ་བ་རུ་ངེས་པ་རྙེད་པའི་བློས། །ཚུལ་བཞིན་དུ་གུས་པས་བསྙེན་པར་ཤོག ། དུས་འདི་ནས་བྱང་ཆུབ་སྙིང་པོའི་བར། །མཐའ་ཀླས་པའི་སེམས་ཅན་ཀུན་དོན་དུ། །སྐྱབས་དཀོན་མཆོག་རིན་ཆེན་རྣམ་གསུམ་ལ། །སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བར་ཤོག །ཡུལ་ཚད་མེད་མ་གྱུར་འགྲོ་ཀུན་ལ། །དུས་ཚད་མེད་སངས་རྒྱས་ཐོབ་ཀྱི་བར། །བློ་ཚད་མེད་རྣམ་བཞི་ལེགས་བསྒོམས་པས། །རྒྱུད་ཐེག་ཆེན་སྣོད་དུ་འགྱུར་བར་ཤོག །གཞན་དོན་གྱི་ཕྱིར་དུ་ཐར་འདོད་པའི། །ཆོས་ཀུན་གྱི་རྩ་བ་བྱང་ཆུབ་སེམས། །སྨོན་འཇུག་གི་གོ་ཆ་ལེགས་བགོས་ཏེ། །ཚོགས་གཉིས་ཀྱི་ལམ་ལ་བརྩོན་པར་ཤོག །ཁྱད་པར་དུ་མྱུར་ལམ་རྡོ་རྗེའི་ཐེག །ཚུལ་བཞིན་དུ་སྟོན་ནུས་བླ་མ་ལས། །སྨིན་བྱེད་ཀྱི་དབང་བསྐུར་


JKT022_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ནོས་ནས། །རིམ་གཉིས་ཀྱི་ལམ་ལ་འཇུག་པར་ཤོག །སྣང་སྲིད་དང་འཁོར་འདས་ཆོས་སོ་ཅོག །ཡེ་གདོད་མ་ནས་སྤྲོས་པ་བྲལ་བ་ལས། །རྟེན་འབྱུང་གི་སྣང་ཚུལ་མ་འགགས་པའི། །གཞི་ལྟ་བའི་གནས་ལུགས་རྟོགས་པར་ཤོག །ཞི་གནས་ཀྱིས་ཉོན་མོངས་ཟིལ་མནན་ནས། །ལྷག་མཐོང་གིས་དྲུང་ནས་འབྱིན་པའི་ཕྱིར། །དེ་གཉིས་པོ་དབྱེར་མེད་ཉམས་ལེན་གྱིས། །ལམ་སྒོམ་པའི་ཕ་རོལ་སོན་པར་ཤོག །མཉམ་གཞག་ནི་མཁའ་ལྟར་མི་རྟོག་ཀྱང་། །རྗེས་ཐོབ་ཀྱི་སྣང་ཆ་སྒྱུ་མ་ལྟས། །ལེགས་སྤྱད་ཀྱི་དགེ་ཆོས་སྡུད་བཟོད་པའི། །ཐབས་མཁས་ཀྱི་སྤྱད་པ་སྤྱོད་པར་ཤོག །དེ་ལྟར་གྱི་ཐབས་ཤེས་ཟུང་འབྲེལ་གྱིས། །སྒྲིབ་གཉིས་ཀྱི་དྲི་མ་བསལ་བ་ལས། །སྐུ་ཡེ་ཤེས་ཕྲིན་ལས་དབང་འབྱོར་བའི། །བླ་མེད་ཀྱི་འབྲས་བུ་ཐོབ་བར་ཤོག །ཚིག་དེ་སྐད་གསོལ་འདེབས་སྨོན་བའི་གླུ། །དོན་བསྟན་པ་ཡོངས་རྫོགས་ཉམས་ལེན་གནད། །དཔལ་དེ་བཱི་ཀོ་ཊིའི་དགའ་ཚལ་དུ། །དུས་དཀར་ཕྱོགས་རྫོགས་པ་གཉིས་པར་བྲིས། །ཞེས་པའང་སྤྲུལ་པའི་རྒྱལ་པོ་ཕྱག་ན་པདྨ་སྲོང་བཙན་སྒམ་པོའི་སྒྲུབ་གནས་ཕ་ཝང་ཁ་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་གནས་འབྲེལ་ལྷགས་པའི་ཚེ་ཚོགས་ཀྱི་འདུ་བའི་རྗེས་ཐོག་ཏུ་བྲིས་པ་སྟེ་ས་ཟླའི་ཚེས་བཅུ་ལའོ།། ༈ །།ཀུན་མཁྱེན་སངས་རྒྱས་གཉིས་པ་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་ལྷན་སྐྱེས་སྐུ་བཞིའི་སྒྲ་དབྱངས་ཞེས་བྱ་བ། ཨ་ཧོ། ཕྱི་ནང་གི་འབྱུང་བ་རྒྱུ་དང་


JKT022_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །འོད་གསལ་བའི་དབྱིངས་སུ་ཟད་ནས་སླར། །འཕོ་ཆེན་གྱི་ཕྱག་རྒྱར་ཡོངས་བཞེངས་པ། །རྗེ་སྐུ་ཡི་རྡོ་རྗེར་གསོལ་བ་འདེབས། །རྩ་གནས་ཀྱི་ཡི་གེའི་འཁོར་ལོ་ཀུན། །ཡེ་ཤེས་ཀྱི་དྲ་བར་བསྡོམས་ནས་སླར། །བརྗོད་མེད་ཀྱི་ཆོས་འཁོར་རྟག་བསྐོར་བའི། །རྗེ་གསུང་གི་རྡོ་རྗེར་གསོལ་བ་འདེབས། །སྐད་ཅིག་གི་རིག་པ་གདོད་མའི་སར། །རང་གྲོལ་གྱི་བཙན་ས་ཟིན་པ་ལས། །མཁྱེན་གཉིས་ཀྱི་ཡོན་ཏན་ཡོངས་རྫོགས་པ། །རྗེ་ཐུགས་ཀྱི་རྡོ་རྗེར་གསོལ་བ་འདེབས། །ནང་གསལ་གྱི་ངོ་བོ་བུམ་སྐུའི་སྦུབས། །ཞལ་ཕྱག་གི་སྤྲོས་པ་ཉེར་ཞི་ཡང་། །ཟུང་འཇུག་གི་སྒྱུ་འཕྲུལ་རྒྱུན་ཆད་མེད། །རྗེ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས། །ཕྱི་བསྐྱེད་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། །ལུས་བུམ་པའི་དབང་གིས་སྨིན་བྱས་ནས། །དབྱིབས་ལྷ་སྐུར་བལྟ་བའི་རིམ་པ་ཡིས། །ཐ་མལ་གྱི་སྣང་ཞེན་དག་བྱིན་རློབས། །ནང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །ངག་གསང་བའི་དབང་གིས་སྨིན་བྱས་ནས། །ལམ་རང་བྱིན་རླབས་པའི་རིམ་པ་ཡིས། ཁམས་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ཐབས་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ། །ཡིད་ཤེས་རབ་དབང་གིས་སྨིན་བྱས་ནས། །ལམ་ཕོ་ཉའི་རེག་བྱ་དང་འགྲོགས་པ། །དཔེའི་ལྷན་སྐྱེས་ཡེ་ཤེས་འགྲུབ་བྱིན་རློབས། །མཆོག་སྙིང་པོ་འོད་གསལ་དཀྱིལ་འཁོར་དུ། །རླུང་བཞི་པའི་དབང་


JKT022_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྨིན་བྱས་ནས། །ལམ་རྡོ་རྗེའི་རྦ་རླབས་གོམས་པ་ལས། །དོན་མངོན་སུམ་རིག་པ་མཐོང་བྱིན་རློབས། །ཚིག་དེ་སྐད་ཀུན་མཁྱེན་ཆོས་ཀྱི་རྗེའི། །བྱིན་རླབས་ཀྱི་སྤྲིན་ཕུང་འཁྲིགས་པའི་གནས། །ཉམས་རབ་དགའ་དབེན་པའི་ནགས་ཁྲོད་ཆེར། སྤྲང་གཏད་མེད་པདྨ་དགྱེས་པས་བྲིས། །ཞེས་པའང་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་དུ་གནས་འབྲེལ་ལ་ལྷགས་པའི་ཚེ་ཚོགས་ཀྱི་འཁོར་ལོ་སྟོང་ཕྲག་ཐལ་བར་བགྱིས་བའི་དགའ་སྟོན་དུ་དམར་ཕྱོགས་ཌ་ཀི་འདུ་བའི་དུས་ཀྱི་རྒྱལ་པོར་གླུ་བླངས་པའོ།། ༈ །།ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་དེ་ཁོ་ན་ཉིད་ཀྱི་རྣམ་པར་ཐར་པ་ལ་བསྔགས་པའི་རྡོ་རྗེའི་ཐོལ་གླུ་ཕྱིན་དྲུག་རོལ་མོ་ཞེས་བྱ་བ། ཨ་ཧོ། མཆོག་མི་འགྱུར་འབར་བའི་ཙཎྜ་ལཱིས། །ཐབས་བདེ་ཆེན་དམ་ཚིག་བསྲེགས་བཞུའི་ཕུལ། །བདེ་སྟོང་གི་སྙིང་པོས་ཚིམ་པ་ཅན། །རྗེ་སྦྱིན་པའི་ཕ་རོལ་ཕྱིན་ལ་འདུད། །ཁམས་ལུགས་འབྱུང་རྣམ་བཞིའི་འཕོ་ཆགས་རྒྱུན། །གནས་ཛ་ལནྡྷ་རར་འཆིང་བ་ལས། །ཟག་བྲལ་གྱི་བརྟུལ་ཞུགས་གྲུབ་པ་ཅན། །རྗེ་ཚུལ་ཁྲིམས་ཕ་རོལ་ཕྱིན་ལ་འདུད། །དོན་མངོན་སུམ་རིག་པའི་སྤོབས་པ་ཡིས། །ཟབ་དོན་ལ་འཇིགས་པ་མེད་བརྙེས་པས། ། ཡིད་དཔྱོད་ཀྱི་འཕྲང་ལས་བརྒལ་བ་པོ། །རྗེ་བཟོད་པའི་ཕ་རོལ་ཕྱིན་ལ་འདུད། །དབྱིངས་ཀློང་ཆེན་དྲི་མེད་དགོངས་པའི་མཛོད། །འོད་གསལ་གྱི་དྲྭ་བར་བཟླུམས་པ་ལས། །ཟུང་འཇུག་གི་ཡེ་ཤེས་མཆོག་


JKT022_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས་པ། །རྗེ་བརྩོན་འགྲུས་ཕ་རོལ་ཕྱིན་ལ་འདུད། །རླུང་སེམས་ཀྱི་གར་མཁན་གཡོ་འཕྲུལ་པོ། །ལམ་བྱེད་པ་བཅིངས་པའི་ཐབས་མཁས་ཀྱིས། །རྩ་ཨ་ཝ་དྷུ་ཏིར་རྒྱས་བཏབ་པའི། །རྗེ་བསམ་གཏན་ཕ་རོལ་ཕྱིན་ལ་འདུད། །ལམ་སྣང་བ་རྣམ་བཞིའི་དོ་ར་རུ། །ཆོས་འཁྲུལ་སྣང་རགས་པ་ཀུན་ཟད་པས། །དཔལ་སོ་སོར་རྟོག་པའི་ཞལ་སྐྱིན་ཅན། །རྗེ་ཤེས་རབ་ཕ་རོལ་ཕྱིན་ལ་འདུད། །རང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་རྟོགས། །མཆོག་གསང་བའི་དགོངས་དོན་སྙིང་ལ་ཤར། །འཁོར་འདས་ཀྱི་ཕ་མཐར་མི་གནས་པ། །རྗེ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོར་འདུད། །བདག་མཐའ་འཁོབ་སྐྱེས་པའི་དལ་འབྱོར་པ། །བློ་གཏད་མེད་བདེན་པ་མཐུ་ཆེ་བས། །ཕྱོགས་མེད་ཀྱི་རི་ལ་སྙེགས་ཙ་ན། །རྗེ་ཁྱེད་ཀྱི་སྒྲུབ་གནས་འདི་རུ་སླེབས། །དུས་དེ་ཚེ་བཟོད་མེད་དད་པ་ཡིས། །ངེས་དོན་གྱི་རྟོགས་པ་བརྗོད་པའི་གླུ། །དཔལ་ཡེ་ཤེས་སྐུ་ཅན་ཁྱེད་ལ་འབུལ། །རྒྱུད་བྱིན་གྱིས་བརླབ་པའི་བཀའ་དྲིན་སྩོལ། །བློ་བྲལ་གྱི་རིག་པའི་གཤིས་ལུགས་ལ། །ངེས་དོན་གྱི་གྲུབ་མཐའ་རབ་རྙོགས་ཤིང་། །སྣང་བཞི་ཡི་ཕ་རོལ་སོན་པ་ལས། །ཟུང་འཇུག་གི་གོ་འཕང་འགྲུབ་པར་ཤོག །ཅེས་གྲུབ་པའི་བསྟི་གནས་བོད་ཀྱི་རི་བོ་རྩེ་ལྔར་གྲགས་པའི་ས་འཛིན་གྱི་ལྟེ་བ་ལྷ་རི་ཀློང་ཆེན་བྲག་ཏུ་གང་ཤར་ཡི་གེར་བཀོད་པའི་འཆར་གཞིའོ།། ༈ །།སྤྲུལ་པའི་སྐུ་གུ་རུ་མཚན་བརྒྱད་ལ་གསོལ་བ་འདེབས་པའི་རྡོ་རྗེའི་


JKT022_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཐོལ་གླུ་རིག་འཛིན་ཌཱ་ཀིའི་རྒྱུད་མངས་ཅེས་བྱ་བ། ཨོ་ཨཱཧཱུཾ། འཆི་མེད་བདེ་ཆེན་གཉུག་མའི་ཞལ། །ཟུང་འཇུག་གྲུབ་པའི་ཐིག་ལེ་ཅན། བརྟུལ་ཞུགས་སྤྱོད་པ་ཡོངས་ཀྱི་རྗེ། །མཚོ་སྐྱེས་རྡོ་རྗེ་ལ་ཕྱག་འཚལ། །གཟུང་འཛིན་འཁྲུལ་སྣང་རྒྱུར་བཅས་པ། །བདེ་སྟོང་དྷུ་ཏིར་དག་པ་ལས། །ཟག་བྲལ་མཆོག་ཏུ་དགྱེས་པའི་གར། །པདྨ་སཾ་བྷ་ལ་ཕྱག་འཚལ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །ལེགས་པའི་བློ་གྲོས་རབ་བརྙེས་པས། །ཇི་ལྟ་ཇི་སྙེད་མཁྱེན་པའི་གཏེར། །བློ་ལྡན་མཆོག་སྲེད་ལ་ཕྱག་འཚལ། །རྡུལ་མུན་སྙིང་སྟོབས་ཁམས་གསུམ་པོ། །རིག་སྟོང་ཕྱག་རྒྱར་དབང་བྱས་པས། །གདོད་མའི་གོ་འཕང་ཆེར་གཤེགས་པ། །པདྨ་རྒྱལ་པོ་ལ་ཕྱག་འཚལ། །དངོས་ཀུན་འོད་གསལ་དྭངས་མའི་སྦུབས། །ལྷུན་གྲུབ་བུམ་སྐུར་བསྐྱིལ་བ་ལས། །འཆི་མེད་དཔྱིད་དུ་སྨིན་པའི་གར། །ཉི་མ་འོད་ཟེར་ལ་ཕྱག་འཚལ། །སེམས་དང་སེམས་བྱུང་བདུད་བཞིའི་དཔུང་། །ཡེ་ཤེས་སྒྱུ་མའི་མཐུས་བཅོམ་པས། །བྱང་ཆུབ་སྙིང་པོ་མངོན་བགྱིས་པའི། །ཤཱཀྱ་སེང་གེ་ལ་ཕྱག་འཚལ། །ཀུན་ཏུ་རྟོག་པའི་རླུང་སེམས་གཟུགས། །ཡོངས་གྲུབ་དབུ་མར་ཟོས་པའི་སྟོབས། །གཙུག་ཏོར་གདེངས་ཀར་རབ་སྨིན་པ། །སེང་གེ་སྒྲ་སྒྲོགས་ལ་ཕྱག་འཚལ། །གཅིག་དང་དུ་མ་ལས་འདས་པའི། །རྣམ་ཀུན་མཆོག་ལྡན་མཚན་དཔེའི་ཞལ། །འབར་གཡོ་བརྟན་པའི་ཕྱག་


JKT022_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཅན། །རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ། །དེ་ལྟར་གུས་པས་གསོལ་བཏབ་པས། །མཐར་ཐུག་འཕོ་བའི་བག་ཆགས་རྒྱུན། །བདེ་ཆེན་ཡེ་ཤེས་ཀྱིས་བཅོམ་པས། །སྐུ་གསུམ་མི་ཕྱེད་གྲུབ་གྱུར་ཅིག །ཅེས་པའང་དུས་གསུམ་མཁྱེན་པ་པདྨ་ཀ་རས་ཡེ་ཤེས་སྒྱུ་མའི་སྐུས་བྱིན་གྱིས་བརླབས་པའི་ཟངས་ཡག་བྲག་ཏུ་གཏད་མེད་ཀུན་ཏུ་རྒྱུ་བ་པདྨའི་མིང་གིས་གསོལ་བ་བཏབ་པའོ།། ༈ །།སྐྱབས་ཀུན་འདུས་ཞལ་འཆི་མེད་པདྨ་ཐོད་ཕྲེང་ལ་གསོལ་འདེབས་ཐུགས་དམ་སྐུལ་བྱེད་རྡོ་རྗེ་ཐོལ་གླུ་པདྨ་དྲྭ་བའི་ལམ་བཟང་ཞེས་བྱ་བ། ཨ་ཧོ། སྤྱིར་དུས་གསུམ་རྒྱལ་བའི་ཕྲིན་ལས་པ། །སྒོས་བོད་ཁམས་བསྟན་འགྲོ་ཡོངས་ཀྱི་མགོན། །རྗེ་པདྨ་འབྱུང་གནས་བཀའ་དྲིན་ཅན། །བདག་གསོལ་འདེབས་བུ་ལ་ཐུག༤ པ་རྗེས་གཟིགས། །གནས་འདི་ནས་ལྷོ་ནུབ་མཚམས་ཤེད་ན། །ས་སྤྱོད་ཀྱི་བསྟི་གནས་པདྨ་འོད། །ཉམས་དགའ་བ་འཇའ་ཟེར་འཁྲིགས་པའི་ཀློང་། །འཁོར་དཔའ་བོ་མཁའ་འགྲོའི་ཚོགས་དབུས་ན། །འཆི་མེད་ཀྱི་རིག་འཛིན་མཚོ་སྐྱེས་རྗེ། །སྐུའི་ཆ་ལུགས་རྣམ་འགྱུར་མ་ངེས་པ། །སྣ་ཚོགས་སུ་སྣང་བའི་རོལ་མོ་ཡིས། །ཆོས་བརྡ་ཐབས་ཀྱི་ཕྲིན་ལས་ཅིར་ཡང་སྟོན། །ཚུལ་དེ་འདྲ་སྙིང་ལ་དྲན་དྲགས་པས། །བཅོས་མིན་གྱིས་གསོལ་བ་འདེབས་ལགས་ན། །མགོན་སྐུ་ཡི་རྡོ་རྗེའི་ངོ་བོ་ཡིས། །ཕྱི་སྣང་སྟོང་བུམ་པའི་དབང་བསྐུར་ནས། །ཕུང་ཁམས་དང་སྐྱེ་མཆེད་རགས་པའི་ཆོས། །གདན་གསུམ་གྱི་ལྷ་སྐུར་དག་བྱིན་རློབས། །


JKT022_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་གསུང་གི་རྡོ་རྗེའི་ངོ་བོ་ཡིས། །ནང་གསལ་སྟོང་གསང་བའི་དབང་བསྐུར་ནས། །ཕུང་ཁམས་དང་སྐྱེ་མཆེད་རགས་པའི་ཆོས། །མི་ཤིག་པའི་ནཱ་དར་རྫོགས་བྱིན་རློབས། །མགོན་ཐུགས་ཀྱི་རྡོ་རྗེའི་ངོ་བོ་ཡིས། །མཆོག་བདེ་སྟོང་ཕྱག་རྒྱའི་དབང་བསྐུར་ནས། ཡིད་ཐིག་ལེ་སྲེད་ཞེན་རྒྱུར་བཅས་པ། །བདེ་ཆེན་གྱི་དྲྭ་བར་སྨིན་བྱིན་རློབས། །མགོན་ཡེ་ཤེས་རྡོ་རྗེའི་ངོ་བོ་ཡིས། །དོན་རིག་སྟོང་བཞི་པའི་དབང་བསྐུར་བས། །ཀུན་གཞི་དང་ཤེས་བྱའི་སྒྲིབ་པའི་ཚོགས། །བློ་འདས་ཀྱི་དབྱིངས་སུ་གྲོལ་བྱིན་རློབས། །དེ་ལྟ་བུའི་གྲུབ་མཐའ་མ་རྙོགས་ན། །ནམ་ཚེ་འདིའི་སྣང་བ་ནུབ་པའི་ཚེ། །རླུང་སེམས་ཀྱི་གཞན་དབང་གྱུར་པའི་ཡིད། །གནས་ཟངས་མདོག་དཔལ་རིར་དྲོང་དུ་གསོལ། །ཕྱི་ཚད་བཟུང་བྲལ་བའི་ཆུ་གཏེར་དབུས། །ས་འཛིན་གྱི་དབང་པོ་ཙིཏྟའི་དབྱིབས། །ཚེ་ནམ་མཁའི་ཁམས་སུ་སྙེགས་པ་ལྟའི། །གནས་ཟངས་མདོག་དཔལ་རིར་དྲོང་དུ་གསོལ། །དེ་སྟེང་དུ་འཇའ་ཟེར་ཐིག་ལེ་ཡི། །ཚོམ་བུ་དང་འདྲ་བར་འབྲེལ་པའི་སྦུབས། །རིན་ཆེན་ལས་གྲུབ་པའི་གཞལ་མེད་ཁང་། །གནས་ཟངས་མདོག་དཔལ་རིར་ཚུ དྲོང་དུ་གསོལ། །ཕྱོགས་ཀུན་ན་པདྨའི་འཁྲི་ཤིང་དང་། །བདུད་རྩི་ཡི་རྫིང་བུ་གཡོ་བའི་ཁྲོད། །དཔལ་རིག་འཛིན་ཌཱ་ཀིའི་གླུ་གར་རྩེན། །གནས་ཟངས་མདོག་དཔལ་རིར་དྲོང་དུ་གསོལ། །དབུས་ཐར་པ་ཆེན་


JKT022_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གྲོང་ཁྱེར་དུ། །འོད་གསལ་བ་འཕོ་ཆེན་དྭངས་མའི་ཞལ། །སྐྱབས་ཀུན་འདུས་མགོན་ཁྱོད་དགྱེས་པར་བཞུགས། །གནས་ཟངས་མདོག་དཔལ་རིར་དྲོང་དུ་གསོལ། །འཁོར་དུས་གསུམ་རྩ་བརྒྱུད་བླ་མ་དང་། །ཡི་དམ་དང་མཁའ་འགྲོ་ཆོས་སྐྱོང་ཚོགས། །དཔེ་ཏིལ་གོང་ཁ་ཕྱེ་ལྟ་བུར་བཞུགས། །གནས་ཟངས་མདོག་དཔལ་རིར་དྲོང་དུ་གསོལ། །བར་ཁང་དུ་འཕགས་མཆོག་སྙིང་རྗེའི་བདག །མགོན་ཕྱག་ན་པདྨས་མཛེས་པའི་ལྷར། །རིགས་ཚོམ་བུའི་དཀྱིལ་འཁོར་རྒྱ་མཚོས་བསྐོར། །གནས་ཟངས་མདོག་དཔལ་རིར་དྲོང་དུ་གསོལ། །དེའི་སྟེང་ཁང་ཕྱོགས་བཅུའི་ཞིང་ཁམས་སུ། །དཔལ་འོད་མཚན་སྟོང་དུ་འབར་བའི་སྐུར། །འཁོར་རིག་པ་རང་སྣང་སེམས་དཔས་མཛེས། །གནས་ཟངས་མདོག་དཔལ་རིར་དྲོང་དུ་གསོལ། །རྣམ་ཐར་གྱི་སྒོ་བཞིའི་སྲུང་མ་རུ། །རིགས་བཞི་ཡི་དཔའ་བོ་ཌཱ་ཀིའི་བསྐོར། །དགའ་བ་བཞིའི་ཟློས་གར་ཅིར་ཡང་སྟོན། །གནས་ཟངས་མདོག་དཔལ་རིར་དྲོང་དུ་གསོལ། །ཕྱི་ལྟར་ན་སྤྲུལ་པའི་འོག་མིན་ཆེ། །ས་སྤྱོད་ཀྱི་བསྟི་གནས་ཉམས་རེ་དགའ། །རྔ་ཡབ་ཀྱི་གླིང་གི་ཟེའུ་འབྲུར་མཛེས། །གནས་ཟངས་མདོག་དཔལ་རིར་དྲོང་དུ་གསོལ། །ནང་ལྟར་ན་རྡོ་རྗེའི་ལུས་ཀྱི་གྲོང་། །སྙིང་དབུས་ཀྱི་མི་ཤིགས་ཐིག་ལེ་ཆེར། །ལྷན་སྐྱེས་ཀྱི་ཞིང་མཆོག་པདྨ་འོད། །གནས་ཟངས་མདོག་དཔལ་རིར་དྲོང་དུ་གསོལ། །


JKT022_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་ན་བསྐྱེད་རྫོགས་ཐབས་མཁས་ཀྱིས། །ཚོགས་བརྒྱད་ཀྱི་འཁྲུལ་པ་བསྡམས་པ་ལས། །ཞིང་པདྨ་དྲ་བར་རང་སྣང་བའི། །གནས་ཟངས་མདོག་དཔལ་རིར་དྲོང་དུ་གསོལ། །དེ་ལྟར་ན་རྣལ་འབྱོར་ཟབ་མོ་ལ། །སྨིན་གྲོལ་གྱི་ཆོ་གས་དགེ་བྱས་པས། །ལམ་རིག་འཛིན་རྣམ་བཞིའི་བགྲོད་པ་ཡིས། །སྐུ་གསུམ་གྱི་གོ་འཕང་མྱུར་ཐོབ་ཤོག །ཚུལ་དེ་ལས་ཚད་མེད་སྙིང་རྗེའི་མཐུས། །སྣ་ཚོགས་ཀྱི་ཕྲིན་ལས་ཟབ་མོ་ཡིས། །ཁམས་གསུམ་གྱི་འགྲོ་བ་ཡོངས་སྒྲོལ་བར། །རྗེ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །ཚིག་དེ་སྐད་གསོལ་འདེབས་སྨོན་པའི་གླུ། །དཔལ་གཞོང་པ་ལྷ་ཆུའི་འགྲམ་ངོགས་སུ། །སྤྲང་གཏད་མེད་པདྨ་དགྱེས་པའི་སྡེས། ཡིད་བཟོད་མེད་དད་པའི་ངང་ནས་བྲིས། །ཞེས་རྒྱལ་ཀུན་འདུས་ཞལ་འཆི་མེད་པདྨ་ཐོད་ཕྲེང་གིས་སྒྱུ་འཕྲུལ་རྡོ་རྗེའི་བཀོད་པ་ལ་བརྟེན་ནས་སྣང་སེམས་རོ་གཅིག་ཏུ་འདྲེས་པའི་བརྡར་གྲམ་པ་ལས་བདུད་རྩིའི་རྒྱུན་བཟང་ཆལ་ཆིལ་གཡོ་བར་མཛད་པའི་སྟོད་ལུང་གཞོང་པ་ལྷ་ཆུར་རིགས་འདུས་གུ་རུའི་དཀྱིལ་འཁོར་དུ་ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་ཐལ་བ་བགྱིས་པའི་རྗེས་ཐོག་སྐད་ཅིག་ལ་གསོལ་བ་བཏབ་པ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ།། ༈ །།སྒྲུབ་རྒྱུད་སྙིང་པོའི་གྲུབ་པའི་རྣལ་འབྱོར་རྣམས་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་ཟབ་དོན་རོལ་མོ་ཞེས་བྱ་བ། ཨ་ཧོ། སྤང་བྱ་ཡི་མཐར་ཐུག་འཕོ་བའི་དྲི། །བདེ་ཆེན་གྱི་ཡེ་ཤེས་ཀྱིས་བཅོམ་པས། །ཁ་སྦྱོར་ལ་ཡན་ལག་བདུན་ལྡན་སྐུ། །དཔལ་རྡོ་རྗེ་འཆང་ལ་


JKT022_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །རྩ་རླུང་དང་ཐིག་ལེའི་རྟོག་པ་ཀུན། །ལྷན་སྐྱེས་ཀྱི་ཝཾ་ཡིག་གིས་བསྡོམས་པས། །བདེ་སྟོང་གི་མཚན་དཔེའི་མཚར་སྡུག་ཅན། །ཡུམ་རྡོ་རྗེ་རྣལ་འབྱོར་མ་ལ་འདུད། །སྣང་སེམས་ཀྱི་འཇུག་ལྡང་རྒྱུར་བཅས་པ། །ཕྱག་ཆེན་གྱི་དྲྭ་བར་བཅིངས་པ་ལས། །བློ་བྲལ་གྱི་བརྟུལ་ཞུགས་གྲུབ་པའི་གཉེན། །དཔལ་ས་ར་ཧ་ལ་གསོལ་བ་འདེབས། །ཐ་མལ་གྱི་སྣང་བ་གཡོ་འཁྲུལ་པོ། །འོད་གསལ་གྱི་དྷ་ཏིར་དག་པ་ལས། །ཟུང་འཇུག་གི་དགའ་བས་བསྙེམས་པའི་གཟུགས། །དཔལ་ལཱུ་ཧི་པ་ལ་གསོལ་བ་འདེབས། །ལམ་སྨིན་ཅིང་སྦྱངས་པའི་ཐབས་མཁས་ཀྱིས། །སྒོ་གསུམ་གྱི་བྱེད་པ་བཅིངས་པ་ལས། །སྲིད་ཞི་ལ་མི་གནས་ཧེ་རུ་ཀ །དཔལ་ཌོམྦི་པ་ལ་གསོལ་བ་འདེབས། །བཅུ་དྲུག་གི་དགའ་བའི་རྩེ་མོ་རུ། །ཆགས་བཅས་ཀྱི་འཆིང་བ་རབ་བཅད་པས། །ཉེ་རྒྱུ་ཡི་སྤྱོད་པའི་མཆོག་གྲུབ་པ། །དཔལ་དྲིལ་བུ་པ་ལ་གསོལ་བ་འདེབས། །མཆོག་དེ་རྣམས་ལས་བྱུང་གདམས་པའི་རྒྱུན། །མཐའ་དག་གིས་ཐུགས་མཚོར་གཏམས་པ་ལས། །གྲུབ་གཉིས་ཀྱི་མེ་ཏོག་མཛེས་འབར་བ། །དཔལ་ཏེ་ལོ་པ་ལ་གསོལ་བ་འདེབས། །རྗེ་དེ་ཡི་ཞབས་པད་ལེགས་བསྙེན་པའི། །དཀའ་སྤྱད་ཀྱིས་ས་ལམ་གཅིག་ཅར་བགྲོད། །རྒྱུད་ལུང་དང་མན་ངག་རྒྱ་མཚོའི་བདག །དཔལ་ནཱ་རོ་པ་ལ་གསོལ་བ་འདེབས། །གཟུང་འཛིན་གྱི་སྤྲོས་


JKT022_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབུ་མར་ཞིག །ཡིད་བྱེད་ཀྱི་རྟོག་པ་དབྱིངས་སུ་ཡལ། །གནས་ལུགས་ཀྱི་གཏན་སྲིད་ཟིན་པ་པོ། །དཔལ་མེ་ཏྲི་པ་ལ་གསོལ་བ་འདེབས། །མགོན་ཟུང་གི་སྙན་བརྒྱུད་སྒྲོན་མེ་ཡིས། །གངས་ཅན་གྱི་ལྗོངས་ཀུན་སྣང་མཛད་པ། །དགྱེས་རྡོར་གྱི་སྤྲུལ་པ་མི་གཟུགས་ཅན། །དཔལ་མར་པ་ལོ་ཙཱར་གསོལ་བ་འདེབས། །ཐབས་ངེས་འབྱུང་དང་སྙིང་རྗེ་མོས་གུས་ཀྱིས། །ཚེ་གཅིག་གིས་རྡོ་རྗེའི་སར་གཤེགས་པ། །གངས་ཁྲོད་ཀྱི་གྲུབ་རིགས་རྒྱ་མཚོའི་ཏོག །དཔལ་མི་ལ་རས་པར་གསོལ་བ་འདེབས། །གསུང་རྡོ་རྗེའི་བདག་ཉིད་བྱང་སེམས་ཚུལ། །ཕྱི་ནང་གི་ཡོན་ཏན་ཡོངས་སུ་རྫོགས། །ཕྱོགས་བྲལ་གྱི་གདུལ་བྱ་སྨིན་མཛད་པ། །དཔལ་སྒམ་པོ་པ་ལ་གསོལ་བ་འདེབས། །ཚུལ་དེ་ལས་འོངས་པའི་ཟབ་དོན་གྱིས། །སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་མཁས་པ། །ཟུང་བཞི་སོགས་མཐའ་ཀླས་གྲུབ་བརྙེས་ཚོགས། །སྙིང་དབུས་ནས་དྲན་པས་གསོལ་བ་འདེབས། །གནས་འཁོར་བ་ལ་ངེས་པར་འབྱུང་བ་དང་། །མི་རྟག་པ་སྙིང་ནས་དྲན་པ་དང་། །ཅིས་ཀྱང་དགོས་མེད་ཀྱི་ཞེན་ལོག་གིས། །ཐེག་དམན་གྱི་ལམ་རིམ་རྫོགས་པར་ཤོག །སྡུག་བསྔལ་གྱིས་མནར་བའི་རིགས་དྲུག་འགྲོར། །བཅོས་མིན་གྱི་སྙིང་རྗེས་དྲངས་པ་ཡིས། །གཞན་ཕྱིར་དུ་སངས་རྒྱས་ཐོབ་འདོད་པས། །ཐེག་ཆེན་གྱི་ལམ་ལ་འཇུག་པར་ཤོག །


JKT022_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་བླ་མ་སངས་རྒྱས་ཀུན་འདུས་སུ། །ངེས་ཤེས་ཀྱི་དད་པས་རྒྱུད་བརླན་ཅིང་། །མོས་གུས་ཀྱིས་ཁམས་འདུས་གསོ་ནུས་པའི། །གསང་སྔགས་ཀྱི་ལམ་ལ་བརྩོན་པར་ཤོག །ཚུལ་དེ་ལྟའི་རྟེན་འབྲེལ་ལེགས་འགྲིགས་ནས། །མི་ཕྱེད་ཀྱི་དབང་བཞིའི་བདུད་རྩི་ཡིས། །གནས་སྐབས་བཞིའི་འཁྲུལ་པའི་དྲི་སྦྱངས་ནས། །སྐུ་བཞི་ཡི་ས་བོན་ཐེབས་པར་ཤོག །ཁྱད་པར་དུ་རྡོ་རྗེའི་ཡེ་ཤེས་མཆོག །མངོན་སུམ་དུ་འཕོ་བའི་དབང་བསྐུར་གྱིས། །གཅིག་ཤེས་པས་ཀུན་གྲོལ་ཕྱག་རྒྱ་ཆེའི། །གནས་ལུགས་དེ་རྗེན་པར་མཐོང་བར་ཤོག །ཐ་མལ་གྱི་སྣང་ཞེན་འཆིང་བ་དང་། །ཡོངས་གྲུབ་ཀྱི་རིམ་པའི་སྨིན་བྱེད་དུ། །ཀུན་བརྟགས་ཀྱི་བསྐྱེད་རིམ་ལེགས་བསྒོམས་ཏེ། །ཕུང་ཁམས་ཀུན་ལྷ་སྐུར་འཆར་བར་ཤོག །ལུས་འཁྲུལ་འཁོར་གྱིས་རྩ་ཡི་བྱེད་པ་བཅིངས། །ངག་ཁ་སྦྱོར་གྱིས་སྲོག་རྩོལ་དྷཱ་ཏཱིར་བསྡམས། །ཡིད་འབར་འཛག་དབུ་མར་ཐིམ་པ་ལས། །ལམ་གཏུམ་མོའི་ཕ་རོལ་ཕྱིན་པར་ཤོག །དོན་དམ་གྱི་ལྷ་སྐུ་སྒྱུ་མ་དང་། །ཀུན་རྫོབ་ཀྱི་སྣང་བ་སྒྱུ་མ་ལྷས། །མཉམ་རྗེས་སུ་བསྲེ་བའི་ཉམས་ལེན་གྱིས། །ལམ་སྒྱུ་ལུས་ཀྱི་ཕ་རོལ་ཕྱིན་པར་ཤོག །རིལ་འཛིན་དང་རྗེས་སུ་གཞིག་པ་ཡིས། །སྟོང་གཞི་ཡི་འོད་གསལ་ཆེར་འཇུག་ཅིང་། །ཟུང་འཇུག་གི་ལྷ་སྐུར་ལྡང་ནུས་པའི། །ལམ་འོད་གསལ་ཕ་རོལ་ཕྱིན་པར་ཤོག །རླུང་སྦྱོར་དང་


JKT022_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་སྟོབས་གོམས་པའི་མཐུས། །ཉིང་འཁྲུལ་གྱི་རང་ངོ་ཤེས་པ་དང་། །སྦྱོང་སྤེལ་དང་སྤྲུལ་བསྒྱུར་འབྱོངས་པ་ཡིས། །ལམ་རྨི་ལམ་གྱི་ཕ་རོལ་ཕྱིན་པར་ཤོག །དོན་འགྲོ་འོང་སྲེད་ལེན་མ་གྲུབ་ཀྱང་། །ཐབས་སྲོག་རྩོལ་གནད་ལ་གོམས་པ་ལས། །ཞིང་དག་པའི་གྲོང་དུ་བགྲོད་ནུས་པའི། །ལམ་འཕོ་བའི་ཕ་རོལ་ཕྱིན་པར་ཤོག །འཆི་སྲིད་ཀྱི་རིམ་པ་ཆོས་སྐུར་དག །བར་སྲིད་ཀྱི་ཡིད་ལུས་ལོངས་སྐུར་རྫོགས། །སྐྱེ་སྲིད་ཀྱང་སྤྲུལ་སྐུར་སྨིན་ནུས་པའི། །ལམ་བར་དོའི་ཕ་རོལ་ཕྱིན་པར་ཤོག །གཟོད་མ་ནས་ལྷན་སྐྱེས་གཉུག་མའི་དངོས། །བྱུང་ཚོར་གྱི་སྤྲོས་པ་ལས་འདས་པ། །སྐྱེ་འགགས་དང་གནས་གསུམ་བྲལ་བའི་གཤིས། །སྐུ་གསུམ་གྱི་དགོངས་དོན་རྟོགས་པར་ཤོག །འཁོར་འདས་ཀྱི་ཆོས་ཀུན་སེམས་ཀྱི་རྩལ། །སེམས་དེ་ཡང་རིག་སྟོང་ནམ་མཁའི་དཀྱིལ། །ཟུང་འཇུག་གི་རང་བཞིན་བརྗོད་ལས་འདས། །རང་གྲོལ་གྱི་བཙན་ས་ཟིན་པར་ཤོག །ལམ་གསལ་སྟོང་གི་ངང་དུ་རྩེ་གཅིག་གནས། །སྤྲོས་བྲལ་གྱི་ཆོས་ཉིད་བདེན་པ་མཐོང་། །སྣང་སེམས་ཀྱི་རྟེན་འབྲེལ་རོ་གཅིག་པས། །སྒོམ་མེད་ཀྱི་ཕ་མཐར་སོན་པར་ཤོག །སྒྲིབ་གཉིས་ཀྱི་ས་བོན་བཅོམ་པ་ལས། །སྐུ་གསུམ་གྱི་འབྲས་བུ་ཉེར་སྨིན་ཅིང་། །སྨོན་ལམ་དང་སྙིང་རྗེའི་འཕེན་པ་ཡིས། །མཐའ་ཀླས་ཀྱི་འགྲོ་བ་འདྲེན་པར་ཤོག །ཚིག་དེ་སྐད་གསོལ་


JKT022_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ཉམས་ཀྱི་གླུ། །ས་སྤྱོད་ཀྱི་བསྟི་གནས་ཉམས་དགའ་བར། །སྤྲང་གཏད་མེད་པདྨའི་མིང་ཅན་གྱིས། །བཅོས་མིན་གྱི་དད་པས་བསྐུལ་ནས་བྲིས། །ཞེས་པའང་ཕྱག་ན་པད་དཀར་འཆང་བ་སུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་རོལ་གྱིས་རྩེན་པ་མཐོན་མཐིང་གི་ཅོད་པན་འཆང་བ་ཆེན་པོའི་གདན་ས་མཁའ་སྤྱོད་དཔལ་གྱི་མཚུར་ཕུར་ས་ཟླ་ཕྱི་མའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པའི་གྲལ་ཚེས་དགེ་བར་བཀའ་བབས་བཞི་ལྡན་གྱི་སྒྲུབ་རྒྱུད་སྙིང་པོའི་རྣམ་ཐར་ལ་རྩེ་གཅིག་གིས་དད་པས་རྐྱེན་བྱས་ཏེ་གང་ཤར་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་བར་གྱུར་ཅིག། ༈ །།འཆི་མེད་པདྨ་ཀཱ་ར་ལ་གསོལ་བ་འདེབས་པ་རྡོ་རྗེའི་ཐོལ་གླུ་བདེ་སྟོང་དཔྱིད་ཀྱི་ཕོ་ཉའི་རྒྱང་གླུ་རིང་མོ་ཞེས་བྱ་བ། ཨེ་མ་ཧོ། རང་རིག་གདོད་ནས་དག་པའི་རྩལ། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་གར། །འཆི་མེད་པདྨ་ཐོད་ཕྲེང་ལ། །གཉིས་སུ་མེད་པས་ཕྱག་འཚལ་ལོ། །རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ན། །རྩ་ཁམས་དག་པ་རབ་འབྱམས་སྒྲུབས། །ཐིག་ལེ་ཚོམ་བུར་གྲོལ་བའི་སྐུ། །ལྷུན་གྲུབ་རིག་འཛིན་ཁྱོད་ལ་འདུད། །འགྲོ་འོང་སྲོག་དང་རྩོལ་བའི་རླུང་། །ཨ་བ་དྷཱ་ཏཱིར་ཐིམ་པ་ལས། །བརྗོད་བྲལ་བདེ་ཆེན་ནཱ་དའི་དངོས། །གསུང་གི་རྡོ་རྗེ་ཁྱོད་ལ་འདུད། །འཇུག་དང་ལྡང་བའི་རྟོག་པ་ཀུན། །རྣམ་ཐར་གསུམ་ལྡན་དབྱིངས་སུ་བཅོམ། །བསམ་གྱིས་མི་ཁྱབ་སྤྱོད་ཡུལ་ཐུགས། །ལྷན་ཅིག་སྐྱེས་པ་ཁྱོད་ལ་འདུད། །སྣང་སེམས་འཛིན་པ་མཐའ་དག་དང་། །ཕྲ་མོའི་ས་བོན་བཅོམ་པ་ལས། །གང་བཞེད་


JKT022_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ངོར་འཆར་བ་ཡི། །ཡོན་ཏན་མཐའ་ཡས་ཁྱོད་ལ་འདུད། །ཆོས་ཀུན་སྡོམ་པ་གཅིག་པུ་ཉིད། །དུ་མའི་གར་དུ་རོལ་པ་ལས། །རྣམ་བཞིའི་ཕྲིན་ལས་སྦྱིན་མཛད་པའི། །ཧེ་རུ་ཀ་དཔལ་ཁྱོད་ལ་། འདུད། །རྒྱལ་ཀུན་ཐུགས་རྗེའི་གོང་བུ་ནི། །ཁྱབ་བདག་དཔལ་ལྡན་བླ་མ་སྟེ། །དེ་ཕྱིར་སྐྱབས་གནས་འདུས་པའི་ཞལ། །རྡོ་རྗེ་སློབ་དཔོན་ཁྱོད་ལ་འདུད། །ཕུང་ཁམས་སྐྱེ་མཆེད་འདུས་བྱས་ལས། །རྣམ་གྲོལ་ཁ་སྦྱོར་མཚན་དཔེའི་དཔལ། །རབ་འབར་ཡི་དམ་ལྷ་ཡི་དངོས། །ཕྱག་རྒྱ་ཆེན་པོ་ཁྱོད་ལ་འདུད། །གནས་དང་ཡུལ་གྱི་ཌཱ་ཀི་ཀུན། །རྡུལ་བྲལ་ལྷག་མེས་ཞུ་བདེ་ཡིས། །བརྟན་པ་འཕྲོགས་ནས་རོལ་མཛད་པ། །མཁའ་འགྲོའི་ཚོགས་རྗེ་ཁྱོད་ལ་འདུད། །ཡིད་ཆོས་དབུ་མར་འཁྱུད་པ་ཡི། །འདའ་དཀའི་དམ་ཚིག་གིས་གཟིར་བས། །ཆོས་སྲུང་དྲེགས་ཚོགས་མཐའ་དག་གི །ཆེ་བའི་ཆེ་མཆོག་ཁྱོད་ལ་འདུད། །ཁྱད་པར་ཚོགས་བརྒྱད་འཁྲུལ་པའི་ཆོས། །ཡེ་ཤེས་དྲྭ་བར་བསྡོམས་པ་ལས། །བརྟུལ་ཞུགས་གྲུབ་པའི་སློབ་དཔོན་མཆོག །རྣམ་པ་བརྒྱད་དུ་སྟོན་ལ་འདུད། །ཀ་དག་ངང་ལས་མ་གཡོས་ཀྱང་། །ལྷུན་གྲུབ་སྙིང་རྗེའི་སྤྲིན་བཀོད་པས། །ཟུང་འཇུག་འཇའ་ལུས་རྡོ་རྗེའི་ཞལ། །པདྨ་ཀཱ་ར་ལ་ཕྱག་འཚལ། །སོ་སོར་རྟོག་པའི་ཡེ་ཤེས་མེས། །སྒྲིབ་གཉིས་རྒྱུར་བཅས་ཡོངས་བསྲེགས་པས། །ཐམས་ཅད་


JKT022_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའི་སྣང་བ་ཅན། །བློ་ལྡན་མཆོག་སྲེད་ལ་ཕྱག་འཚལ། །བདེ་སྟོང་འཕོ་མེད་གྲུབ་པའི་སྲོག །ཐུགས་ཀྱི་ཐིག་ལེར་རོ་གཅིག་པས། །ཕྱོགས་ལས་རྣམ་རྒྱལ་སྤྱོད་པ་ཅན། །ཉི་མ་འོད་ཟེར་ལ་ཕྱག་འཚལ། །བདག་ཏུ་བལྟ་བའི་ཉེར་ལེན་ཀུན། །བདག་མེད་སྙིང་རྗེ་ཁྲོས་པའི་མཐུས། །སྤྲོས་བྲལ་ཆོས་དབྱིངས་ཆེན་པོར་བཅོམ། །སེང་གེ་སྒྲ་སྒྲོགས་ལ་ཕྱག་འཚལ། །རླུང་སེམས་རྟོག་ཚོགས་རྒྱུར་བཅས་པ། །ཨེ་ཝཾ་གཉིས་སུ་མེད་པར་བསྡོམས། །སྣ་ཚོགས་ཕྱག་རྒྱའི་གཟུགས་འཆང་བ། །པདྨ་སཾ་བྷ་ལ་ཕྱག་འཚལ། །ཟག་པ་བྲལ་བའི་ཚུལ་ཁྲིམས་མཆོག །གཙུག་ཏོར་གདེངས་ཀར་མངོན་རྫོགས་པས། །ཕྱི་ནང་བདུད་ཚོགས་ཕམ་མཛད་པ། །ཤཱཀྱ་སེང་གེ་ལ་ཕྱག་འཚལ། །རྡུལ་མུན་སྙིང་སྟོབས་ཁམས་གསུམ་པོ། །དབུ་མའི་གྲོང་དུ་དབང་བྱས་པས། །རྗེས་ཆགས་ཞུ་བདེའི་ལང་ཚོ་ཅན། །པདྨ་རྒྱལ་པོ་ལ་ཕྱག་འཚལ། །ཀུན་བརྟགས་གཉིས་སུ་སྣང་བ་ཡི། །གཞན་དབང་གྱུར་པའི་བར་ཆད་བགེགས། །ཡོངས་གྲུབ་ཕྱག་རྒྱར་སྒྲོལ་མཛད་པ། །རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ། །མདོར་ན་སྲིད་དང་ཞི་བ་ཡི། །ཕན་བདེའི་དངོས་ཀུན་ཡོངས་སྩོལ་བ། །སྐྱབས་ཀུན་འདུས་ཞལ་མཚོ་སྐྱེས་རྗེར། །དུས་གསུམ་དུས་མེད་ཆེན་པོར་འདུད། །ཀུན་རྫོབ་དམ་ཚིག་སེམས་དཔའ་ལ། །དོན་དམ་ཡེ་ཤེས་སེམས་དཔའ་ཡིས། །བྱིན་གྱིས་བརླབས་


JKT022_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དེ་མ་ཐག །གཟུང་འཛིན་བྲལ་བས་ཕྱག་བགྱིའོ། །བརྟན་དང་གཡོ་བའི་དངོས་པོ་ཀུན། །རང་གྲོལ་གཉུག་མར་དག་པའི་མོད། །སྣོད་བཅུད་མཆོད་པའི་སྤྲིན་ཕུང་ཆེ། །འཁོར་གསུམ་ཡང་དག་ངང་ནས་འབུལ། །རང་རིག་བདེ་གཤེགས་སྙིང་པོ་ལ། གློ་བུར་འཁྲུལ་པའི་ནོངས་པས་སྒྲིབ། །མཉམ་རྗེས་མཐའ་ལས་འདས་པའི་དབྱིངས། །དག་པ་གཉིས་ལྡན་ཆེན་པོར་བཤགས། །ཆོས་ཉིད་བདེན་པ་མཐོང་བ་དང་། །ཚོགས་གཉིས་ཀྱིས་མཚོན་དགེ་བའི་ཚོགས། །འཕགས་དང་སོ་སྐྱེའི་ཡུལ་གྱུར་པར། །མི་ཕྱེད་དགའ་བས་རྗེས་ཡི་རངས། །གང་ཞིག་རྒྱུད་ལ་བརྟེན་པ་ཡིས། །ཆགས་བྲལ་ཐབས་མཁས་སྦྱིན་བྱེད་པ། །འགོགས་དང་ལམ་གྱི་བདེན་པའི་དབྱངས། །རྟག་པ་རྒྱུན་དུ་སྟོན་གྱུར་ཅིག །ཐོག་མར་སྐྱེ་བ་མ་མཆིས་ན། །ཐ་མར་གང་དུ་འགགས་པར་འགྱུར། །དེ་ཕྱིར་འཆི་མེད་ཡེ་ཤེས་སྐུ། །སེམས་ཀྱི་རྡོ་རྗེར་བཞུགས་པར་གསོལ། །དེ་ལྟར་བསགས་ལས་བྱུང་བ་ཡིས། །མཐའ་ཀླས་དགེ་བ་གང་ལགས་པ། །ཐོག་མ་བླ་མ་དང་བྲལ་བ། །བློ་ལ་མི་གནས་ངང་དུ་བསྔོ། །ཨེ་མ་རྒྱལ་བ་ཐམས་ཅད་ཀྱི། །ཡེ་ཤེས་ཕུང་པོའི་རང་གཟུགས་མཆོག །སྐྱབས་གཅིག་མ་ཧཱ་གུ་རུ་རྗེར། །གུས་པས་གསོལ་འདེབས་བུ་ལ་དགོངས། །དངོས་ཉམས་རྨི་ལམ་སྣང་ཆ་རུ། །མགོན་ཁྱོད་དགྱེས་པའི་ཞལ་བསྟན་ནས། །གསུང་གི་


JKT022_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་དབུགས་དབྱུང་བའི། །སྐལ་བ་བཟང་པོ་གྲུབ་པར་མཛོད། །དེ་མཐུས་དྲི་བཅས་འཁྲུལ་པའི་ལུས། །སྣང་སྟོང་ཆེན་པོར་བྱིན་བརླབས་པས། །སྐྱེ་དང་འཆི་བ་བྲལ་བ་ཡིས། །རྡོ་རྗེའི་སྐུ་མཆོག་འགྲུབ་བྱིན་རློབས། །འགྲོ་འོང་རླུང་གི་རྒྱུ་བ་ཀུན། །དག་པའི་སྔགས་ཀྱིས་བྱིན་བརླབས་པས། །འཇུག་ལྡང་བྱེད་རྩོལ་བྲལ་བ་ཡིས། །རྡོ་རྗེའི་གསུང་མཆོག་འགྲུབ་བྱིན་རློབས། །རྣམ་པར་རྟོག་པའི་སྒྱུ་མ་ཀུན། །མཁའ་ཁྱབ་རིག་པས་བྱིན་བརླབས་པས། །གཟུང་འཛིན་མཚན་མ་ལས་འདས་པའི། །རྡོ་རྗེའི་ཐུགས་མཆོག་འགྲུབ་བྱིན་རློབས། །གནས་སྐབས་བདག་གཞན་འགྲོ་བ་ལ། །རྣམ་པར་འཚེ་བའི་འཇུག་པ་ཅན། །བརྒྱད་གཉིས་འཇིགས་པའི་དཔུང་ཚོགས་ཀུན། །ཡོངས་སུ་ཞི་བར་བྱིན་གྱིས་རློབས། །ཚེ་བསོད་དཔལ་འབྱོར་སྟོབས་བཅུ་ཡི། །ཡོན་ཏན་འབད་པ་མེད་པའི་གཏེར། །ཕྱོགས་དུས་ཀུན་ཏུ་རྒྱས་པ་ཡིས། །དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །བརྟན་དང་གཡོ་བའི་དངོས་པོ་ནི། །ཡིད་ལ་མཛའ་བའི་ཉེར་སྤྱོད་ཚོགས། །དྲན་པ་ཙམ་གྱིས་རང་དབང་དུ། །འགྱུར་བའི་དགའ་སྟོན་ཐོབ་བྱིན་རློབས། །གང་ན་མི་དང་མི་མིན་གྱི། །དཔུང་པས་བཏེགས་པའི་ཉེར་འཚེའི་གཡུལ། །རྡོ་རྗེ་སྲིན་པོ་ཁྲོས་པའི་གཟིས། །ལྷག་མེད་བཅོམ་པར་བྱིན་གྱིས་རློབས། །མཐར་ཐུག་ཕྱོགས་བཅུའི་འགྲོ་བ་ཡི། །


JKT022_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མོས་དང་སྐལ་བར་ཉེར་འཚམས་པའི། །སྣ་ཚོགས་གཟུགས་ཅན་འཆང་བ་པོ། །སྤྲུལ་པའི་སྐུ་རུ་འགྲུབ་བྱིན་རློབས། །བདེ་སྟོང་ཁ་སྦྱོར་བདུན་ལྡན་པའི། །དག་པ་དོན་དམ་སྒྱུ་མའི་ཚུལ། །འོག་མིན་ཞིང་དུ་རྣམ་རོལ་པ། །ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་རློབས། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ནི། །ཆ་དང་བཅས་པའི་ཡུལ་ལས་གྲོལ། །ཤིན་ཏུ་རྟག་པ་མཆོག་གི་དཔྱིད། །ཆོས་ཀྱི་སྐུ་རུ་འགྲུབ་བྱིན་རློབས། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ། །ཕྱི་མའི་སྣང་བ་མ་ཤར་ཚེ། །བརྗོད་བྲལ་འོད་གསལ་མཚོ་སྐྱེས་རྗེར། །སྐད་ཅིག་གྲོལ་བར་བྱིན་གྱིས་རློབས། །གལ་ཏེ་རླུང་སེམས་ཟག་པ་ཡིས། །གཞན་གྱི་དབང་དུ་གྱུར་པ་ན། །ཟུང་འཇུག་རྡོ་རྗེའི་སྐུར་ལྡངས་ནས། །མི་སློབ་གོ་འཕང་ཐོབ་བྱིན་རློབས། །དེར་ཡང་བརྟན་པ་མ་ཐོབ་ན། །དག་པའི་སྣང་བ་ལ་གོམས་པས། །ས་སྤྱོད་ཟངས་མདོག་དཔལ་རི་རུ། །ཐོགས་མེད་བགྲོད་པར་བྱིན་གྱིས་རློབས། །དེ་ཚེ་མགོན་པོ་མཆོག་ཁྱོད་ཀྱིས། །སྨིན་གྲོལ་བདུད་རྩིས་ཉེར་གསོས་པས། །རིག་འཛིན་རྣམ་བཞིའི་གསང་ལམ་དུ། །མཆོག་གི་དངོས་གྲུབ་ཐོབ་བྱིན་རློབས། །ཨ་ཧོ་གང་ཤར་རྡོ་རྗེའི་གླུས། །ཡེ་ཤེས་སྐུ་ཅན་ཁྱོད་མཆོད་པས། །སྐྱེ་ཞིང་སྐྱེ་བར་བདག་སོགས་འགྲོ། །ཁྱོད་ཞབས་རྟག་ཏུ་བསྙེན་པར་ཤོག །ཅེས་པའང་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་


JKT022_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་མཆོག་གི་ནགས་ཚལ་ཡེར་བ་ཟླ་བ་ཕུག་ཏུ་ས་ཟླ་ཕྱི་མའི་དཀར་ཕྱོགས་ཀྱི་རྫོགས་པ་གཉིས་༡༠པར་ཚོགས་ཀྱི་འདུ་བ་བརྒྱ་ཕྲག་བགྱིས་པའི་རྗེས་ཐོག་ཏུ་ཉམས་དགའི་རྟོགས་པ་ཀླུར་ལེན་པ་པོ་ནི་གཏད་མེད་ཀུན་ཏུ་རྒྱུ་བ་རྡོ་རྗེ་ཐུགས་མཆོག་རྩལ་ཏེ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། ༈ །།ཟབ་དོན་སྙིང་པོའི་རྡོ་རྗེའི་ཐོལ་གླུ་པྲཎི་དྷ་གྲུབ་པའི་ལམ་བཟང་ཅེས་བྱ་བ། ཨ་ཧོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཅོད་པན་དུ་གྱུར་ཀྱང་། །ཚུར་མཐོང་འགྲོ་བ་སྒྲོལ་ཕྱིར་དུར་སྨྲིག་གི་སྒྱུ་འཕྲུལ། །ཁྱབ་བདག་དཔལ་ལྡན་བླ་མའི་ཞབས་སེན་གྱི་པདྨོ། །སྙིང་དབུས་མི་ཤིགས་ཐིག་ལེར་འབྲལ་མེད་དུ་བཞུགས་ཤིག །མཐའ་ཀླས་མ་གྱུར་འགྲོ་ཀུན་འཁོར་མཚོ་ལས་བསྒྲལ་ཕྱིར། །བྱམས་དང་སྙིང་རྗེས་དྲངས་། པའི་སྨོན་འཇུག་གི་ལམ་ནས། །གཞན་ཕན་ཡིད་བཞིན་ནོར་བུའི་འཁྲི་ཤིང་ལ་རེག་པའི། །བཅོས་མིན་བྱང་སེམས་འབྱོང་པར་བྱིན་གྱིས་རང་རློབས་ཤིག །རང་ལུས་ཐ་མལ་ཞེན་པའི་འཁྲུལ་སྣང་གི་དྲི་མ། །སྣང་སྟོང་ཟུང་འཇུག་གཉུག་མའི་ལྷ་སྐུ་རུ་གསལ་ཞིང་། །སྒྲར་གྲགས་གསང་བ་སྔགས་ཀྱི་དེ་ཉིད་ལ་གཞོལ་བའི། །བསྐྱེད་རིམ་ལམ་བཟང་གོམས་པར་བྱིན་གྱིས་རང་རློབས་ཤིག །གཙུག་ཏོར་ཛ་ལནྡྷ་རའི་དགའ་ཚལ་གྱི་དབུས་སུ། །སྐྱབས་ཀུན་འདུས་ཞལ་ཁྱབ་བདག་འཁོར་ལོ་ཡི་མགོན་པོར། །ཁྱེད་ཤེས་དད་པས་གསོལ་བཏབ་ལམ་དབང་གི་ས་བོན། །རང་རྒྱུད་ཞིང་སར་སྨིན་པར་བྱིན་གྱིས་རང་རློབས་ཤིག །


JKT022_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གཟོད་ནས་སྤྲོས་བྲལ་འོད་གསལ་གཉུག་མ་ཡི་གཤིས་ལུགས། །སྐྱེ་འགགས་གནས་གསུམ་བྲལ་བའི་རང་ངོ་ལ་བལྟས་པས། །ཞི་ལྷག་ཟུང་དུ་འབྲེལ་བའི་ཉམས་ལེན་དང་སྦྲགས་ནས། །ལྷན་སྐྱེས་སྐུ་བཞི་འགྲུབ་པར་བྱིན་གྱིས་རང་རློབས་ཤིག །དེ་ལྟར་བསགས་དང་ཡོད་པའི་ཚོགས་གཉིས་ཀྱི་འབྲས་བུ། །འཁོར་གསུམ་མཚན་མས་མ་བཅིངས་ཉམས་ལེན་གྱི་ངང་ནས། །བླ་མེད་ཕྱག་རྒྱ་ཆེན་པོའི་ཉེ་རྒྱུ་རུ་བསྔོས་པས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རང་རློབས་ཤིག །དེ་སྐད་ཟབ་དོན་སྙིང་པོའི་ལམ་རིམ་གྱི་གནད་གསང་། །ཉུང་ངུའི་ཚིག་གིས་སྨོན་པའི་རྡོ་རྗེ་ཡི་ཐོལ་གླུ། །བྱིན་རླབས་བཀྲ་ཤིས་འབྱུང་བའི་དབེན་གནས་ཀྱི་ངོས་སུ། །གཏད་མེད་ཀུན་ཏུ་རྒྱུ་བའི་རྣལ་འབྱོར་དེས་བླངས་སོ། །ཞེས་པའང་འཕགས་མཆོག་ནཱ་ག་རྫུ་ནའི་ཡེ་ཤེས་སྒྱུ་མའི་ཟློས་གར་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པའི་གདན་ས་ཐིལ་བྱང་གླིང་རྡོ་རྗེའི་གདན་དུ་རྟེན་གསུམ་གྱི་ཕྲེང་བ་ཚར་དུ་དངར་བའི་མདུན་སར་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ལམ་རིམ་དང་འབྲེལ་བར་གང་ཤར་སྨོན་ལམ་བཏབ་པ་སིདྡྷི་རསྟུ།། ༈ །།འོད་གསལ་རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་རིམ་པ་དང་འབྲེལ་བར་རྡོ་རྗེའི་ཐོལ་གླུ་ཡེ་ཤེས་གྲུབ་པ་ཅེས་བྱ་བ། ཨ་ཧོ། གཟོད་ནས་དྲི་མེད་གཉུག་མའི་ངང་། །འོད་གསལ་སྣང་བཞིའི་རྩལ་རྫོགས་པས། །སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ཞལ། །ངེས་དོན་བླ་མར་ཕྱག་འཚལ་ལོ། །རྒྱལ་བས་ཐེག་པ་སྣ་ཚོགས་པ། །


JKT022_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཀྱང་མཐར་ཐུག་རྫོགས་པ་ཆེའི། །ལམ་གྱི་ངལ་སྟེགས་ཉིད་དོ་ཞེས། །ཟབ་གསང་སྙིང་པོའི་རྒྱུད་ལས་གསུངས། །དེ་སླད་དེ་ཡི་ལམ་གྱི་རིམ། །སྐལ་བཟང་ཚེ་གཅིག་གྲོལ་འདོད་པའི། །དབང་རྣོན་རྣམས་ཀྱི་བགོ་སྐལ་དུ། །མདོར་བསྡུས་གང་ཤར་དབྱངས་སུ་ལེན། །ཐོག་མར་དབེན་ཞིང་ཉམས་དགའི་སར། །ཕྱི་ནང་འབྱུང་བ་སྙོམས་པའི་དུས། །བདེ་བའི་སྟན་ལ་ལེགས་འདུག་སྟེ། །འབྱུང་བའི་རླུང་དུག་ལན་གསུམ་བུས། །སྤྱི་བོར་དཔལ་ལྡན་བླ་མ་བསྒོམ། །ཁྱེད་ཤེས་དད་པས་གསོལ་བ་གདབ། །དེ་ནས་དལ་འབྱོར་ཚང་བའི་རྟེན། །འདི་ཉིད་དཔེ་གྲངས་རྒྱུ་ངོ་བོའི། །རྙེད་པར་དཀའ་བའི་ཚུལ་བསམས་ལ། །ཚེ་འདིའི་འཁྲུལ་པའི་སྣང་ཞེན་ལྡོག །ཕྱི་ནང་སྣོད་བཅུད་གང་ལ་ཡང་། །མཐའ་བཞིའི་ཕྱག་རྒྱས་བཏབ་པའི་ཕྱིར། །ནམ་འཆི་ཆ་མེད་བློས་བསྐུལ་ཏེ། །སྙོམ་ལས་ལེ་ལོའི་ཞགས་པ་ཕྲོལ། །འཆི་ཚེ་དཀར་ནག་ལས་འབྲས་ཀྱི། །རྗེས་སུ་འབྲེངས་ལས་གཞན་མིན་ན། །སྙིང་ནས་དགེ་སྡིག་བླང་དོར་ལ། །རྣམ་པ་གཅིག་ཏུ་དམ་བཅའ་བརྟན། །འཁོར་བ་གར་སྐྱེས་རྣམ་གསུམ་གྱི། །སྡུག་བསྔལ་རྒྱུ་འབྲས་ཀྱིས་གཟིར་ཕྱིར། ལྟར་སྣང་བདེ་བ་གང་ལ་ཡང་། །བཅོས་མིན་ངེས་འབྱུང་དྲག་པོ་བསྐྱེད། །དེ་ཕྱིར་དེ་ལས་འདྲེན་ནུས་པ། །མཚན་ལྡན་དགེ་བའི་བཤེས་གཉེན་མཆོག །མཉེས་པ་གསུམ་གྱིས་ཉེར་བསྟེན་


JKT022_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཚེ་གཅིག་ཐར་པའི་གོ་འཕང་བསྒྲུབ། །དེ་ལྟར་ཡང་ཡང་བསམ་པ་ཡིས། །བློ་རྒྱུད་ལས་སུ་རུང་བ་ན། །སྐྱེས་བུ་ཆེན་པོའི་སེམས་ཀྱིས་སུ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །མཐའ་ཀླས་མ་གྱུར་འགྲོ་ཀུན་ལ། །བཟོད་མེད་སྙིང་རྗེས་དྲངས་པ་ཡིས། །སྨོན་དང་འཇུག་པའི་བྱང་ཆུབ་སེམས། །རྣམ་པ་ཀུན་ཏུ་བསྐྱེད་པར་བྱ། །འགལ་རྐྱེན་སྡིག་སྒྲིབ་བསལ་བའི་ཕྱིར། །སྟོབས་བཞིའི་གནད་དང་ལྡན་པ་ཡིས། །རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ངང་། །ཡང་དག་གཉུག་མའི་གནས་ལུགས་བལྟ། །མཐུན་རྐྱེན་ཚོགས་གཉིས་མྱུར་འདུམ་པ། །ཕྱི་ནང་གསང་བ་དེ་ཁོ་ནའི། །རབ་འབྱམས་མཆོད་པའི་མཎྜལ་གྱིས། །སྐུ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཁྱད་པར་རྡོ་རྗེའི་ཡེ་ཤེས་མཆོག །མངོན་སུམ་རྒྱུད་ལ་འཕོ་བྱེད་པ། །མོས་གུས་བླ་མའི་རྣལ་འབྱོར་ནི། །ཉམས་ལེན་ཀུན་གྱི་རྩ་བའོ། །དེ་ལྟར་ལམ་གཞན་ཐུན་མོང་གི །སྔོན་འགྲོའི་བདུད་རྩིས་སྙིང་བརླན་པས། །ཐུན་མོང་མ་ཡིན་ཉམས་རྟོགས་ཀྱི། །ས་བོན་རྒྱུད་ལ་ཆགས་པར་འགྱུར། །རྡོ་རྗེའི་ཐོལ་གླུ་ཡེ་ཤེས་གྲུབ་པ་ལས། །སྦྱོར་བའི་ལམ་གྱི་རིམ་པའི་ཚོམས་ཏེ་དང་པོའོ།། །།དེ་ནས་ཁྱད་པར་སྔོན་འགྲོ་ལ། །དང་པོ་རིག་པའི་སྣ་འཁྲིད་ཕྱིར། །འཁོར་འདས་རུ་ཤན་དབྱེ་བ་ནི། །སྲིད་དང་ཞི་བའི་སྤྱོད་པ་གང་། །ལུས་ངག་ཡིད་ཀྱིས་རྗེས་


JKT022_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་ཅིང་། །སྤྱད་བྱ་རིགས་དྲུག་ས་བོན་རྣམས། །སྦྱོང་བྱེད་འབྲུ་གསུམ་འོད་ཀྱིས་སྦྱངས། །དེ་འབྲས་གནས་སྐབས་འཁྲུལ་པའི་རྒྱུ། །འཁོར་བའི་ས་བོན་ལས་ལྡོག་ཅིང་། །མཐར་ཐུག་སྒོ་གསུམ་བྱེད་པ་ཀུན། །རྡོ་རྗེ་གསུམ་གྱི་དྲྭ་བར་བསྡོམས། །གཉིས་པ་སེམས་ཀྱི་སྣ་འཁྲིད་ཕྱིར། །ལུས་ནི་རྡོ་རྗེའི་འདུག་སྟངས་ཏེ། །ངག་ནི་ཧཱུཾ་གི་རྒྱས་གདབ་དང་། །རྩལ་སྦྱང་གཉེན་བཙལ་ལམ་དུ་གཞུག །ཡིད་ཀྱང་བྱུང་གནས་འགྲོ་གསུམ་པོ། །བརྟག་པས་ཐ་མལ་སྒོ་གསུམ་པོ། །སྒྲིབ་བྲལ་རྡོ་རྗེ་གསུམ་དུ་བྱེད། །དེ་བཞིན་འགུལ་སྤྱོད་སྨྲ་བརྗོད་དང་། །རྟོག་པ་བྲལ་བར་རྣལ་དབབ་ཅིང་། །ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །དངོས་གཞི་སྒོམ་མེད་ཁྲེགས་ཆོད་དང་། །སྒོམ་ཡོད་ཐོད་རྒལ་རྣམ་པ་གཉིས། །དང་པོ་དབང་བསྐུར་སྔོན་འགྲོ་བས། །ཡིད་དཔྱོད་ལས་འདས་མངོན་སུམ་དོན། །རང་གསལ་རྗེན་པར་ངོ་སྤྲད་དེ། །དེ་ཚེ་ད་ལྟའི་རིག་པ་ནི། །བཅས་བཅོས་སྤྲོ་བསྡུ་བྲལ་བའི་གཤིས། །ཡེ་བབས་གཉུག་མའི་གནས་ལུགས་དོན། །གདོད་མའི་གཞི་དབྱིངས་ལྷག་གེར་མཐོང་། །དེ་ལྟའི་ཆོས་ཉིད་མི་འགྱུར་དོན། །བསྒོམ་པས་རྩལ་སྦྱང་བསྟེན་པ་ནི། །ཅོག་གཞག་བཞི་ཡི་རྣལ་འབྱོར་ལ། །ལྷུམས་སུ་ཞུགས་པར་བྱ་བ་སྟེ། །དེ་ལྟའི་ཡིན་ལུགས་བསམ་ངོ་དང་། །བྲལ་བའི་ངང་དེར་ལྷོད་ཀྱིས་ཀློད།


JKT022_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཡན་འཕོ་འགྱུར་མེད་པར་འཇོག །ལྟ་བ་རི་བོ་ཅོག་གཞག་གོ །སྐྱིལ་ཀྲུང་བར་སྣང་ལྟ་སྟངས་གཏད། །ཚོགས་དྲུག་སྣང་བའི་འཇུག་ལྡོག་ཀུན། །བཟོ་མེད་དྭངས་གསལ་རྗེན་པར་རོལ། །སྒོམ་པ་རྒྱ་མཚོ་ཅོག་གཞག་གོ །སྒོ་གསུམ་རབ་བབས་ཁ་ཡན་ངང་། །ལྟ་སྒོམ་བཟའ་གཏད་མདུད་པ་བཤིག །རང་གསལ་ཡེ་ཤེས་ཅར་ཕོག་བསྐྱང་། །སྤྱོད་པ་མན་ངག་ཅོག་གཞག་གོ །ཕྱི་རོལ་ཡུལ་ལྔའི་ཤེས་པ་ལ། །གང་ཤར་སྤང་བླང་བྲལ་བ་ཡིས། །ནང་དུ་ངང་བཞག་རྗེན་པར་འཆར། །འབྲས་བུ་མ་བཅོས་ཅོག་གཞག་གོ །མདོར་ན་སྟོང་པར་རྒྱས་འདེབས་དང་། །དབྱིངས་ལ་གཏོད་པའི་འཛིན་པ་སྤངས། །ད་ལྟའི་ཤེས་པ་མྱོང་ཐོག་ཏུ། །ངོ་ཤེས་ཐག་ཆོད་བརྟན་པ་ཐོབ། །དེ་ལྟར་གོམས་པ་བརྟན་པ་ལས། །སྐུ་དང་ཡེ་ཤེས་ཕྲིན་ལས་ཀྱང་། །ལྷུན་གྲུབ་ཆེན་པོར་རྫོགས་པའི་ཕྱིར། །ལམ་བདེན་སྤྲོས་པ་དབྱིངས་སུ་ཡལ། །འདི་ནི་གྲངས་མེད་རྡོ་རྗེ་འཆང་། །བྱོན་དང་འབྱོན་འགྱུར་ཐམས་ཅད་ཀྱི། །ཉེ་ལམ་སྦས་པ་ཟབ་མོ་སྟེ། །འབྲས་བུའི་ཐུས་ཀ་བླ་ན་མེད། །གཉིས་པ་འོད་གསལ་གསང་བ་ཆེ། །ཁྱད་པར་བདུན་གྱི་འཕགས་པའི་ཆོས། །སྐུ་གསུམ་ལམ་གྱི་སྣང་བ་ལ། །རྩལ་རྫོགས་ཐོད་རྒལ་གདམས་པ་ནི། །སྒོ་གསུམ་དགེ་དང་མི་དགེ་བའི། །བྱ་བ་དགུ་ཕྲུགས་བཏང་ནས་ཀྱང་། །ལུས་གནད་སེང་གླང་དྲང་སྲོང་ཚུལ། །


JKT022_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གནད་སྨྲ་བ་ཡོངས་སུ་སྤངས། །སེམས་གནད་རིག་པ་མཁའ་ལ་གཏད། །དེ་ནས་འཆར་བྱེད་སྒོ་ཡི་གནད། །སྐུ་གསུམ་གཟིགས་སྟངས་ལྡོག་ཕབ་དང་། །ཟུར་གྱིས་བལྟའམ་ཐུན་མོང་དུ། །ཕྱེད་བཙུམ་ཟིལ་བུས་ཡུལ་ཉིད་ལ། །གྲུ་གང་ཙམ་གྱིས་མ་རེག་བལྟ། །འཆར་གཞི་སློང་བྱེད་རྐྱེན་གསུམ་དང་། །བྲལ་བ་ཟེར་གཉིས་དུས་སུ་སྟེ། །རླུང་གནད་མཆུ་སོར་མ་རེག་པར། །དལ་བུས་འཇུག་དང་ལྡང་བར་ཨཱ བྱེད། །དེ་ལྟར་བཤད་མ་ཐག་པ་ཡི། །གནད་ལ་གཡོ་བ་མེད་པ་ཡིས། །ཐོག་མར་འོད་སྣང་སྔོ་རིབ་ནི། །ཤིན་ཏུ་དག་པར་སྣང་བ་ལས། །ནང་དབྱིངས་ཕྱི་རུ་གསལ་བའི་གདངས། །འོད་ལྔའི་དྲ་བས་འབྲེལ་བ་ཤར། །དེ་དབུས་ཐིག་ལེ་སྟོང་སྒྲོན་ནི། །ཐིག་ཟླུམ་འོད་ལྔའི་མུ་ཁྱུད་ཅན། །མཐོང་ཚེ་ནང་དུ་སྟོང་གསལ་ཉམས། །འཆར་བ་ཤེས་རབ་རང་བྱུང་གི །སྒྲོན་མ་ཉིད་ཡིན་དེ་ཉིད་ལས། །ལྷག་མཐོང་རྡོ་རྗེ་ལུ་གུ་རྒྱུད། །མུ་ཏིག་བསྟར་ལ་བརྒྱུས་པ་ལྟར། །ཤར་ཚེ་དབྱིངས་རིག་དྲྭ་བ་རུ། །བཙུད་ཅིང་བསྒོམ་པ་རིག་པའི་གནད། །དེ་ཡང་ཞེན་མེད་རང་གསལ་དང་། །ཐུན་བཞིའི་རྣལ་འབྱོར་དང་ལྡན་པས། །ཉམས་ལེན་སྲང་དུ་གཞུག་པ་ཡིས། །སྣང་བཞིའི་ཕ་རོལ་སོན་འགྱུར་ཏེ། །དང་པོ་ཆོས་ཉིད་མངོན་སུམ་ནི། །བདེ་གཤེགས་སྙིང་པོའི་རང་གདངས་ཕྱིར། །ཤར་བའི་དབྱིངས་སྣང་མཐོང་ནས་བཟུང་། །ཐིག་


JKT022_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ཐིག་ཕྲན་འོད་ཟླུམ་དང་། །ཐིག་ལེ་སུམ་འབྲེལ་སྣང་བའི་མཚམས། །ཀ་དག་རིག་པ་ལུ་གུ་རྒྱུད། །ཕྲ་ཞིང་འཁྱོགས་ལ་ཐིག་ལེས་འབྲེལ། །འགྲོ་འོང་བཅས་པར་ཤར་བ་གང་། །དབྱིངས་རིག་ཕྱག་རྒྱར་བཅིངས་ནས་བསྒོམ། །དེ་ཚེ་ནང་དུ་རྟོག་དཔྱོད་ཀྱིས། །ཤེས་རབ་ཁྱད་པར་ཅན་འཆར་ཞིང་། །ཡེ་ཤེས་སུམ་ཆ་ཙམ་ལ་དབང་། །འདི་དུས་བར་དོ་ཆོད་གྱུར་ཀྱང་། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ། །དབུགས་འབྱིན་ཐོབ་པར་ཐེ་ཚོམ་མེད། །གཉིས་པ་ཉམས་སྣང་གོང་འཕེལ་ནི། །སྔ་མའི་འོད་སྣང་དེ་ཉིད་ལས། །ཆེས་ཆེར་འཕེལ་ཞིང་རྩིབས་ཤར་དང་། །གྱེན་འགྲེང་ཟླུམ་འཕྲིགས་མཆོད་རྟེན་དབྱིབས། །པདྨ་མཁར་ཐབ་མདུང་རྩེ་དང་། །དྲྭ་བ་དྲྭ་ཕྱེད་མིག་མངས་རིས། །ཐིག་ཟླུམ་སྲན་མ་ཙམ་ནས་བཟུང་། །བསེ་ཕུབ་ཙམ་གྱི་བར་སྐྱེ་ཞིང་། །ལུག་རྒྱུད་འགྲོ་འོང་གཡོ་བ་ཡང་། །འདབ་ཆགས་འཕུར་སྐྱེན་ཙམ་ཉིད་ནས། །བུང་བ་བཅུད་ལ་འཁོར་བ་བཞིན། །ཅུང་ཟད་གོམས་པའི་རིམ་པ་ཡིས། །འོད་སྣང་འཕེལ་དང་རིག་པ་དལ། །མཐར་གྱིས་སྟོང་ཉམས་འོད་གསལ་གྱི། །སྣང་བས་གར་བལྟས་གཡོ་མེད་ཁྱབ། །དབྱིངས་སྣང་ཟླུམ་འཕྲིག་པད་འདབ་བཞིས། །བརྒྱན་པའི་ཚོམ་བུ་འཆར་གྱུར་ན། །འཆི་སྲིད་འོད་གསལ་ངང་དུ་འགྲོ། །གསུམ་པ་རིག་པ་ཚད་ཕེབས་ནི། །ཡེ་ཤེས་ལྔ་ཡི་ཐིག་ལེའི་དབུས། །


JKT022_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་ཚོམ་བུ་ཐ་དད་པ། །རིམ་བཞིན་གསལ་བས་གདོས་བཅས་འགགས། །ཅིར་སྣང་དག་པ་རབ་འབྱམས་སུ། །ཤར་ཞིང་ཡུལ་དུ་ཐོགས་རྡུགས་བྲལ། །ལུས་སེམས་རྟེན་འབྲེལ་རྒྱུན་ཆད་པས། །ཁམས་གསུམ་གནས་སུ་མི་ལྡོག་གོ །བཞི་པ་ཆོས་ཉིད་ཟད་པ་ནི། །ལས་རླུང་གཡོ་མེད་ཡེ་ཤེས་སུ། །འཕེལ་བས་ཕྱི་འབྱུང་གཟུང་ཡུལ་དང་། །ནང་འབྱུང་འཛིན་པའི་སེམས་བྱུང་བཅས། །འགགས་ཤིང་གསང་བ་འོད་གསལ་གྱི། །སྣང་བ་ཀུན་ཀྱང་ཆོས་དབྱིངས་ཐིམ། །དེ་ཚེ་སྐྱེ་བར་དབང་ཐོབ་པས། །སྣང་སྟོང་ཆུ་ཟླ་ལྟ་བུའི་ངང་། །འོད་གསལ་འཕོ་ཆེན་དྭངས་མའི་སྐུས། །འགྲོ་སྒྲོལ་ཕྲིན་ལས་རྟག་ཏུ་སྤྱོད། །དེ་བཞིན་འཇུག་པར་དབང་ཐོབ་པས། །གདོད་མའི་གཞི་དབྱིངས་ཆེན་པོ་རུ། ནང་གསལ་ཐིམ་ལ་མ་རྨུགས་པར། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །དེ་ལྟར་དངོས་གཞིའི་ཉམས་ལེན་མཐིལ། །བསྟན་ནས་མཐའ་བརྟེན་མན་ངག་ནི། །མི་འགུལ་གསུམ་གྱི་གཞི་བཅའ་ཞིང་། །སྡོད་པ་གསུམ་གྱིས་ཚད་བཟུང་སྟེ། །ཐོབ་པ་གསུམ་གྱིས་གཟེར་གདབ་པར། །གདིང་བཞིའི་གྲོལ་ཚད་བསྟན་པའོ། །དང་པོ་བཞུགས་སྟངས་གཟིགས་སྟངས་དང་། །བཟོ་མེད་ངང་ལས་མི་གཡོ་བས། །རྩ་རླུང་དལ་ཞིང་སྣང་བ་འཕེལ། །དབྱིངས་རིག་ཟུང་དུ་ཆུད་པར་འགྱུར། །གཉིས་པ་ལུས་ཀྱི་བྱ་བ་དང་། །རྩ་ཁམས་འཕེལ་མེད་


JKT022_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཡང་། །འདར་འཕྲིག་མེད་པར་སྡོད་པ་ཡིས། །འཁྲུལ་སྣང་འཁྲུལ་རྟོག་ཀུན་ཟད་ཅིང་། །ཞིང་ཁམས་ཚད་ལ་ཕེབས་པར་འགྱུར། །འདི་དུས་སྣང་བ་རྣམ་བཞི་ལ། །ལུས་ངག་ཡིད་ཀྱི་རྟགས་ཚད་རྫོགས། །དེ་ཚེ་བར་ཆད་བདུད་དང་ནི། །འཕེལ་འགྲིབ་ཉམས་དང་མི་འགྱུར་བ། །གསང་བའི་རྟགས་ཀྱང་ངེས་པ་ཡིས། །སོ་སོའི་འཇུག་ལྡོག་མ་འཁྲུལ་བྱ། །གཞན་ཡང་དྲོད་ཚད་ཉིང་འཁྲུལ་ནི། །རབ་ཀྱིས་འོད་གསལ་ཉིད་དུ་འཆར། །འབྲིང་གིས་ངོ་ཤེས་སྤྲུལ་སྒྱུར་ནུས། །ཐ་མས་བག་ཆགས་ངན་པའི་རྒྱུན། །ཆད་ཅིང་དགེ་བའི་རྨི་ལམ་འགྱུར། །གསུམ་པ་ཕྱི་ནང་ཡུལ་དང་ལུས། །གསང་བ་རླུང་སེམས་དབང་ཐོབ་པས། །རྐྱེན་སྣང་ཞིང་ཁམས་ཉིད་དུ་འཆར། །གདོས་བཅས་ཕུང་པོ་འོད་དུ་གསལ། །མཚམས་མེད་ལྔ་དང་ལྡན་པ་ཡི། །རྣམ་ཤེས་ཡིད་ཀྱང་འདྲོངས་པར་ནུས། །བཞི་པ་འཁོར་བའི་སྡུག་བསྔལ་དང་། །རྒྱུ་འབྲས་རྣམ་སྨིན་གདོད་ནས་དག །མྱ་ངན་འདས་པའི་གོ་འཕང་དང་། །བྲལ་བའི་འབྲས་བུ་བཙལ་དུ་མེད། །དེ་ཕྱིར་ཞི་དང་སྲིད་པ་ཡི། །རེ་དོགས་རྫུན་ཕུག་རང་སར་ཡལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །ཡང་དག་མངོན་པར་རྫོགས་སངས་རྒྱས། །མདོར་ན་སྲས་དང་བཅས་པ་ཡི། །རྒྱལ་བ་ཀུན་གྱི་ཡེ་ཤེས་མཆོག །འོད་གསལ་ཐིག་ལེ་ཆེན་པོའི་དབྱིངས། །རང་གྲོལ་་ང་ཙན་ས་ཟིན་པའོ། །


JKT022_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཐོལ་གླུ་ཡེ་ཤེས་གྲུབ་པ་ལས། །དངོས་གཞིའི་ལམ་གྱི་རིམ་པའི་ཚོམས་ཏེ་གཉིས་པའོ། །དེ་ལྟར་དབང་པོ་རྣོན་པོའི་ཚོགས། །ཚེ་འདིར་གྲོལ་བའི་ལམ་བསྟན་ནས། །སླར་ཡང་འབྲིང་དང་རྟུལ་པོའང་། ། དབུགས་འབྱིན་བགྱི་སླད་ཚུལ་འདི་གདམས། །གང་ཞིག་རང་བཞིན་བར་དོ་རུ། །ཐོས་བསམ་སྒྲོ་འདོགས་ལེགས་ཆོད་ཅིང་། །ལྷག་པར་ཐེག་མཆོག་སྙིང་པོའི་ལམ། །ཚུལ་བཞིན་སྟོན་ནུས་བཤེས་གཉེན་བསྟེན། །དེ་ནས་ནམ་ཞིག་ཚེ་འདི་ཡི། །འཕེན་པ་རྫོགས་པར་བརྩམ་པ་ན། །འཆི་ཁའི་བར་དོ་ཞེས་བྱ་སྟེ། །དུས་དེར་ཆགས་ཞེན་འཁྲི་བ་བཅད། །སྐུ་དང་ཡེ་ཤེས་དབྱེར་མེད་དབྱིངས། །འོད་གསལ་སྦུབས་ལ་འཇུག་བྱའི་ཕྱིར། །ཕུང་པོ་སེང་གེ་ཉལ་སྟབས་ཀྱིས། །ཤེས་པ་མིག་ལ་གཏད་ནས་ཀྱང་། །དེ་ཉིད་དབྱིངས་རིག་ཐིག་ལེར་གཏད། །ཡང་ན་གྲོང་འཕོ་གྲོང་འཇུག་ནི། །དབུགས་ཀྱི་འགྲོ་འོང་དང་བསྟུན་ནས། །རིག་པ་ཨ་ཡི་རྣམ་པར་འཕང་། །འདི་དག་གིས་ནི་བཙན་ཐབས་སུ། །གྲོལ་བའི་གོ་འཕང་སྟེར་བར་བྱེད། །གལ་ཏེ་ལས་ཀྱི་གཞན་དབང་གིས། །དུས་དེར་བརྟན་པ་མ་ཐོབ་ན། །ཕྱི་རོལ་འབྱུང་བཞི་ཐིམ་པ་དང་། །ནང་དུ་རླུང་ལྔ་འགྲོས་ཐིམ་རྗེས། །རིག་གདངས་སྙིང་གི་སྦུབས་སུ་འཇུག །རླུང་ནི་ཁ་སྣའི་ལམ་ནས་སྡུད། །སེམས་ནི་ཡེ་ཤེས་རྒྱབ་གྱེས་ཏེ། །ཚེ་འདིའི་སྣང་བ་འགགས་པར་འགྱུར། །དེ་


JKT022_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དབུགས་ཀྱི་སྦྱོར་བ་ཡིས། །རྣམ་ཤེས་ཡུལ་ལ་དྲངས་པའི་རྗེས། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །མཐེབ་འཛུབ་སྦྱོར་བས་མཚོན་བྱས་ཏེ། །རང་སྣང་ཡེ་ཤེས་ཆེན་པོ་རུ། །ཕྱིར་མི་ལྡོག་པའི་ངོ་སྤྲོད་གདབ། །གཞན་དུ་སྐྱེ་མེད་ཡི་གེའི་སྒྲས། །གོང་ནས་གོང་དུ་འཕོ་བར་བྱ། །དེ་ནས་ཀུན་གཞིའི་རྣམ་ཤེས་ཉིད། །དྲན་བྱ་དྲན་བྱེད་མེད་པའི་ཕྱིར། །ནམ་མཁར་ཐིམ་པའི་བརྡར་བཏགས་ཚེ། །ཆོས་ཉིད་བར་དོའི་སྣང་བ་ནི། །རྒྱ་ཆད་ཕྱོགས་ལྷུང་བྲལ་བར་འཆར། །དེ་ཚེ་སྤང་བླང་མེད་པ་རུ། །རང་སར་བཞག་པའི་སྐད་ཅིག་མར། །གཞི་ལས་ཁྱད་ཆོས་དྲུག་ལྡན་གྱིས། །འཕགས་པའི་ནང་དབྱིངས་ཆེན་པོར་གྲོལ། །གལ་ཏེ་དེ་རུ་མ་གྲོལ་ན། །ནམ་མཁའ་འོད་གསལ་ལ་ཐིམ་སྟེ། །ཕྱོགས་དང་ཕྱོགས་མཚམས་ལྔ་ལྡན་གྱི། །འོད་ཟེར་ཚོམ་བུས་ཁྱབ་པའི་དུས། །རང་སྣང་རང་བཞིན་མེད་པ་རུ། །ངོ་ཤེས་རང་གྲོལ་བཙན་ས་ཟིན། །དེ་ནས་འོད་གསལ་ཟུང་འཇུག་ལ། །ཐིམ་པས་སྣང་བ་དེ་རྣམས་ཀུན། །ཁྲོ་བོའི་དཀྱིལ་འཁོར་ཆེར་ཤར་ཏེ། །སྒྲ་འོད་ཟེར་གྱིས་འཇིགས་པའི་ཚེ། །སེང་གེའི་གསོབ་ལྟར་རང་སྣང་ལ། །བག་མི་ཚ་བའི་གདེངས་རྙེད་བྱ། །དེ་བཞིན་བསམ་གཏན་ཞག་ལྔ་ལ། །ཡེ་ཤེས་རིག་པའི་ཚོམ་བུར་སྣང་། །རིག་པ་འོད་ལ་འཇུག་པ་དང་། །འོད་ཉིད་རིག་པར་འཇུག་པ་རྣམས། །གཞན་མིན་རང་གི་རང་རྩལ་དུ། །


JKT022_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཤེས་བརྟན་པ་ཐོབ་པར་འགྱུར། །སླར་ཡང་ཟུང་འཇུག་ཡེ་ཤེས་ལ། །ཐིམ་པས་སྙིང་ནས་མཐིང་དཀར་སེར། །དམར་བའི་འོད་སྣམ་རིམ་བརྩེགས་སྟེང་། །སོ་སོའི་མདངས་མཚུངས་ཐིག་ལེ་ནི། །འོད་ལྔའི་ཐིག་ཕྲན་གྱིས་བརྒྱན་པ། །འཆར་ཚེ་གང་ཤར་ཐད་ཀ་རུ། །རིག་པ་གཡོ་མེད་བཞག་པ་ཡིས། །ཡེ་ཤེས་བཞི་སྦྱོར་ཀློང་དུ་གྲོལ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ། །ཐིམ་པས་ཀ་དག་སྣང་བ་ནི། །མཁའ་ལྟར་དག་པའི་འོག་རོལ་དུ། །སྟེང་ཁར་ཁྲོ་བོ་ཐད་ཀ་རུ། །ཞི་བའི་དཀྱིལ་འཁོར་འཁོར་ལོ་སྟེ། །འོག་ཏུ་རིགས་དྲུག་གནས་རིགས་ནི། །འདུལ་བྱེད་སྟོན་པར་བཅས་པ་ཀུན། །ཐུགས་རྗེའི་འོད་དང་སྐུ་ཡེ་ཤེས། །གཉིས་མེད་མཐའ་གྲོལ་མ་དག་དང་། །དག་པའི་སྒོ་ལྟར་ཤར་བ་ཡིས། །འཁོར་འདས་གཉིས་སུ་རྒྱ་མ་ཆད། །ཆེས་ཕྲའི་ཡེ་ཤེས་ནང་དུ་གསལ། །སྣང་བ་གང་དུའང་མི་ཕྱེད་ལ། །རྟེན་འབྲེལ་ཟང་ཐལ་རྗེན་པའི་ངང་། །ཤེས་པ་རྩེ་གཅིག་ཉིད་དུ་གནས། །རྟག་ཆད་མཐའ་གྲོལ་ངོ་བོར་སངས། །སྲིད་པའི་འབྱུང་ཁུངས་མ་འགགས་ཤིང་། །འོད་གསལ་ཆོས་ཉིད་མ་བུ་འདྲེས། །དེ་ལྟའི་འཆར་ཚུལ་བརྒྱད་པོ་ཡང་། །རིག་གདངས་གཅིག་གི་ལྡོག་ཆ་ལས། །འཁོར་འདས་སྣང་ཆ་མ་འགགས་ཤར། །གཞན་ཡང་ལྷ་དང་ལམ་སྐྱེ་གནས། །བསམ་གཏན་ལྟ་བ་གདམས་ངག་རྣམས། །རྗེས་སུ་དྲན་པས་ཡི་དམ་ལྷའི། །ཞལ་


JKT022_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བར་དོའི་ཆོས་ཉིད་དབང་། །སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཞིང་། །བསམ་གཏན་ལ་གནས་རང་སྣང་དང་། །གཉིས་སུ་མེད་སྤྱོད་སྔར་འདྲིས་ཀྱི། །མི་དང་འཕྲད་བཞིན་གྲོལ་བ་ཐོབ། །དེ་བཞིན་སྔོན་གྱི་སྐྱེ་གནས་དང་། །འཆི་འཕོ་སྐྱེ་བ་ཕ་རོལ་གྱི། །སེམས་དང་སྣང་བ་ལྐོག་གྱུར་ཤེས། །རིགས་དྲུག་གནས་མཐོང་དབང་པོ་རྣམས། །རྣམ་དག་མངོན་ཤེས་དྲུག་ཀྱང་འཆར། །དེ་ལྟར་ལྷུན་གྲུབ་སྣང་བ་ལ། །སོམ་ཉི་མེད་པའི་གདིང་རྙེད་པས། །འཆར་ལུགས་བརྒྱད་ཀྱང་རང་ཐིམ་སྟེ། །ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པས། །རིགས་དྲུག་འཁོར་བའི་འཁྲུལ་སྣང་ཟད། །འོད་ཉིད་འོད་ལ་ཐིམ་པ་ཡིས། །འཇའ་ཚོན་ནམ་མཁར་ཡལ་བ་བཞིན། །སྐུ་ཉིད་སྐུར་ཐིམ་མཚན་མ་ཡི། །ཞལ་ཕྱག་ནང་གསལ་ཆེན་པོར་དག །ཡེ་ཤེས་ཡེ་ཤེས་ལ་ཐིམ་པས། །ཆོས་ཉིད་མ་བུ་དབྱེར་མེད་འདྲེས། །གཉིས་མེད་གཉིས་མེད་ལ་ཐིམ་པས། །གདོད་མའི་ཆོས་སྐུར་འཇུག་ལྡང་བྲལ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས། །བློས་འདས་ཆེན་པོའི་དགོངས་པར་གནས། །མ་དག་ཡེ་ཤེས་སྐོར་ཐིམ་པས། །ཐིག་ལེ་ཉག་གཅིག་ཀློང་དུ་འདྲེས། །དག་པ་ཡེ་ཤེས་ངོ་བོ་ལ། །ཐིམ་པས་གདོད་མའི་བཙན་ས་ཟིན། །མདོར་ན་དུས་འདིར་གྲོལ་བའི་གནད། །ཕྱི་རོལ་སྣང་བའི་འཆར་སྒོ་ལ། །རྟོག་པས་བཏགས་ན་མཐའ་མེད་ཀྱང་། །དཔྱོད་མཁན་


JKT022_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ཚུར་བརྟགས་པས། །གང་དུའང་གྲུབ་པ་མེད་པའི་ངང་། །མེད་དོ་སྙམ་པའང་རང་གྲོལ་བ། །འདི་ནི་ཉམས་ལེན་སྙིང་པོའོ། །གལ་ཏེ་གོམས་པའི་སྟོབས་ཞེན་པས། །སྲིད་པ་བར་དོར་ཁ་འཁྱལ་ཚེ། །ཇི་ཙམ་གནས་ཀྱི་ཕྱེད་ཆ་ཡན། །སྔ་མའི་གཟུགས་ཀྱི་རྣམ་པ་དང་། །གཅིག་ཤོས་ཕྱི་མའི་གཟུགས་འཛིན་ཞིང་། །དྲི་ཟ་ཕྲ་མོའི་མངོན་ཤེས་ཅན། །ངེས་མེད་རྨི་ལམ་ལྟ་བུ་རུ། །སྣང་བ་བན་བུན་བཟའ་གཏད་བྲལ། །དེ་ཚེ་བར་དོའི་གནས་སྐབས་སུ། །ངོ་ཤེས་མོད་ནས་ཕྱོགས་བཅུ་ཡི། །སྤྲུལ་པའི་ཞིང་ཁམས་དྲན་པའི་མོད། །ཆོས་ཉིད་བདེན་པའི་ནུས་མཐུ་དང་། །རྡོ་རྗེ་བླ་མའི་བྱིན་རླབས་ཀྱིས། །སྐད་ཅིག་ཉིད་དུ་དབུགས་འབྱིན་འགྱུར། །གཞན་ཡང་མངལ་དུ་འཇུག་བརྩམ་ཚེ། །མཐོ་རིས་འོད་དཀར་མགོ་ཡང་གྱེན། །ལྷ་མིན་ཁ་ཆར་བྱོལ་སོང་ནི། །ཁྲག་བཙོའི་རྣམ་པ་འཕྲེད་དུ་སྟེ། །ཡི་དྭགས་དུ་བ་དམྱལ་བ་ལ། །སྡོང་དུམ་ལྟ་བུར་འོག་ཏུ་བལྟ། །དེ་ཚེ་རབ་ཀྱིས་བདེན་མེད་ངང་། །འབྲིང་གིས་བདེ་སྟོང་ལམ་ཁྱེར་ཏེ། །ཐ་མས་འདོད་ཆགས་མི་གཙང་བའི། །འདུ་ཤེས་བསྒོམ་པས་ཞེན་པ་སྤངས། །དེས་ཀྱང་ལྡོག་པར་མ་ནུས་ན། །མངལ་སྒོ་དམན་པ་སྨོན་ལམ་དང་། །སྐྱབས་སུ་འགྲོ་བའི་མཐུས་དགག་སྟེ། །ཁམས་དྲུག་ལྡན་པའི་རྡོ་རྗེའི་ལུས། །ཐེག་ཆེན་རིགས་སུ་སྐྱེ་སྲིད་བཟུང་། །དེ་ལྟར་དབང་པོ་ཐ་མ་ནི། །


JKT022_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་གསང་ལམ་འདིར་ཞུགས་གྱུར་ཀྱང་། །མོས་པས་སྤྱོད་པ་ཙམ་ཉིད་ལས། །འདིའང་འཆི་ཁ་ཆོས་ཉིད་ཀྱི། །བར་དོར་བརྟན་པ་ཐོབ་པ་ཡི། །གྲུབ་མཐའ་མངོན་དུ་མ་རྙོགས་ཚེ། །དུས་འདིར་བླ་མའི་མོས་གུས་ཀྱིས། །གདམས་ངག་རྗེས་སུ་དྲན་པ་ལས། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ། །འདུན་པ་གཏད་པའི་དེ་མ་ཐག །རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྟར། །བདེ་གཤེགས་རིགས་ལྔའི་ཞལ་མཐོང་ཞིང་། །དབང་བསྐུར་ལུང་བསྟན་དབུགས་དབྱུང་ནས། །ཀ་དག་གདོད་མའི་གཞི་དབྱིངས་སུ། །མངོན་པར་རྫོགས་སངས་རྒྱས་པར་འགྱུར། །རྡོ་རྗེའི་ཐོལ་གླུ་ཡེ་ཤེས་གྲུབ་པ་ལས། །འཕྲོས་དོན་གྱི་ཁྱད་པར་གཞན་ཕྱེ་བའི་ཚོམས་ཏེ་གསུམ་པའོ།། །།དེ་ལྟར་སྡེ་གསུམ་ཀློང་དགུའི་བཅུད། །མཐར་ཐུག་མན་ངག་སྙིང་ཏིག་གི །ཐུན་མོང་ཁྱད་པར་ལམ་གྱི་རིམ། །ཉུང་ངུའི་ངག་གིས་འདོམས་པ་གང་། །གཏད་མེད་ཀུན་ཏུ་རྒྱུ་བ་ཡི། །རྣལ་འབྱོར་པདྨ་དགྱེས་པའི་སྡེས། །གནས་གསུམ་ཌཱ་ཀིའི་དགའ་ཚལ་ཆེར། །གང་ཤར་རྡོ་རྗེའི་གླུ་རུ་བླངས། །འདི་ལ་ནོངས་པར་གྱུར་པ་གང་། །རང་རིག་གཞུག་མའི་ཀློང་དུ་འཆགས། །དགེ་བས་འགྲོ་ཀུན་སྐུ་གསུམ་གྱི། །གྲོང་ཁྱེར་མཆོག་ཏུ་འཇུག་གྱུར་ཅིག །ཅེས་པའང་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་ཡེ་ཤེས་ཌཱ་ཀི་བདེ་ཆེན་མཚོ་རྒྱལ་ལ་མན་ངག་སྙིང་གི་ཐིག་ལེའི་ཆོས་འཁོར་བསྐོར་བའི་གནས་ཀྱི་གཙུག་ཏོར་


JKT022_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གཞོ་སྟོད་ཏི་སྒྲོ་མཁའ་འགྲོའི་ཚོགས་ཁང་ཆེན་མོར་མེ་མཆོད་དང་ཚོགས་ཀྱི་འདུ་བ་བགྱིས་པའི་ཚེ་ཇི་ལྟར་ཤར་བ་བཞིན་དེ་དང་ཉེ་བའི་འདབ་རོལ་དྲང་སྲོང་དགྱེས་པའི་ཚལ་དུ་བྲིས་པ་ལས་རྣམ་པར་ཕྱེ་བ་སྟེ་ཤིན་ཏུ་གསང་བའི་སྡེ་ཚན་ནོ། །གུ་བྱ།། ༈ །།རྣལ་འབྱོར་གསུམ་གྱི་རྡོ་རྗེའི་ཐོལ་གླུ་འོད་གསལ་སྣང་བ་ཞེས་བྱ་བ། ཨ་ཧོ། དབྱིངས་དང་རིག་པ་དབྱེར་མེད་པའི། །འོད་གསལ་ཐིག་ལེ་ཆེན་པོའི་ཀློང་། །འཁོར་འདས་འཛིན་པ་རང་གྲོལ་བ། །ཁྱབ་བདག་དོན་གྱི་བླ་མར་འདུད། །ཤིན་ཏུ་རྣལ་འབྱོར་ཟབ་མོའི་ལམ། །ཉིན་མཚན་ཀུན་ཏུ་ཉམས་ལེན་ཕྱིར། །ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་གི །གདམས་པའི་སྙིང་པོ་འདི་ལྟར་བསྒོམ། །དེ་ཡང་ཉིན་པར་འཆར་གཞིའི་ཡུལ། །སློང་བྱེད་རྐྱེན་གྱིས་སྤངས་པའི་ཚེ། །ཕྱི་དབྱིངས་ནམ་མཁའ་སྤྲིན་བྲལ་དང་། །ནང་དབྱིངས་ཀ་ཏི་ཤེལ་སྦུབས་རྩ། །གསང་དབྱིངས་ཀ་དག་རིག་པ་སྟེ། །དབྱིངས་གསུམ་ལུས་ཀྱི་གནད་གཅུན་ནས། །རང་རིག་འོད་གསལ་སྦུབས་སུ་འཇུག །མངོན་སུམ་ཡེ་ཤེས་ལྷུག་པར་འཆར། །འདི་ལ་གོམས་པ་བརྟན་པ་ཡིས། །འཆི་སྲིད་ཆོས་སྐུའི་གྲོང་ཁྱེར་དུ། །འཕོ་མེད་བཙན་ས་ཟིན་པར་འགྱུར། །ཉིན་མོའི་རྣལ་འབྱོར་སྣང་སེམས་ཨར་གཏད་ཀྱི་རིམ་པའོ། །དེ་ནས་མཚན་མོའི་དུས་ཀྱི་ཚེ། །སྣོད་བཅུད་སྦྱངས་ནས་རང་ལ་བསྟིམ། །རང་ལུས་དབང་ཆེན་ཡབ་ཡུམ་སྐུ། །སྣང་སྟོང་ཆུ་ཟླ་ལྟ་བུར་གསལ། །ཨ་ཝདྷུ་ཏཱིའི་དཀྱིལ་འཁོར་དུ། །


JKT022_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ལྔའི་ཐིག་ལེ་ཟླུམ་སྐོར་སྦུབས། །ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟང་། །སྟོང་གསལ་འཇའ་ཚོན་ཕྱག་རྒྱའི་གཟུགས། །དེ་ལས་འོད་འཕྲོས་ཕུང་ཁམས་ཀུན། །འོད་གསལ་ཐིག་ལེ་ཆེན་པོར་སྡུད། །འགྲོ་འོང་ལས་འདས་གཉུག་མའི་ངང་། །སྣང་ལ་ཞེན་མེད་རང་རྩལ་སྦྱངས། །གོམས་པས་ཕྱི་ནང་འབྱུང་བའི་དངོས། །ཟད་ས་ཉིད་དུ་ཕྱིན་པར་འགྱུར། །མཚན་མོའི་རྣལ་འབྱོར་རྒྱ་མཚོ་ཨར་གཏད་ཀྱི་རིམ་པའོ། །ནང་ནུབ་འཆར་དང་སྡུད་པ་ཡི། །ཟེར་གཉིས་དང་བསྟུན་སྣང་བ་བཞིའི། །རྣལ་འབྱོར་ཉམས་སུ་བླང་བ་ནི། །སྒོ་གསུམ་བྱ་བ་དགུ་ཕྲུགས་བཏང་། །བཞུགས་སྟངས་གཟིགས་སྟངས་སྒོ་ཡུལ་རླུང་། །རིག་པའི་གནད་ཀྱིས་དབྱིངས་ལ་གཟིར། །དེ་ཚེ་འོད་ཁྱིམ་ཐིག་ལེ་ནི། །བར་མཚམས་རྡོ་རྗེ་ལུག་རྒྱུད་ཀྱིས། །འབྲེལ་བའི་ཆོས་ཉིད་མངོན་སུམ་མཐོང་། །གོམས་པས་འོད་སྣང་ཆེར་འཕེལ་ཞིང་། །རིག་པ་དལ་དང་འོད་ཟེར་གྱིས། །གར་བལྟས་ཁྱབ་ཅིང་གཡོ་མེད་པས། །ཉམས་ཀྱི་སྣང་བ་གོང་དུ་འཕེལ། །དེ་ནས་ལོངས་སྐུ་ཚད་ཕེབས་མཐུས། །ཐིག་ལེ་སྐུ་གསུམ་ཚོམ་བུར་སྨིན། །ཅིར་སྣང་དག་པ་རབ་འབྱམས་ཀྱི། །ཕྱག་རྒྱ་ཆེན་པོ་ཉིད་དུ་རྫོགས། །མཐར་ཕྱིན་ཆོས་ཉིད་ཟད་པ་ན། །སྲོག་རྩོལ་གཡོ་བ་ཡེ་ཤེས་སུ། །དེངས་པས་འབྱུང་སེམས་འོད་གསལ་གྱི། །ཆོས་ཀུན་སྣང་དབྱིངས་ཆེན་པོར་ཐིམ། །


JKT022_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་དང་འཇུག་པར་དབང་ཐོབ་པས། །སྐུ་གསུམ་ལྷུན་གྱིས་གྲུབ་པར་འགྱུར། །ནང་ནུབ་རྣལ་འབྱོར་དབྱིངས་རིག་ཨར་གཏད་ཀྱི་རིམ་པའོ། །ཚུལ་འདི་གདོད་མའི་མགོན་པོ་མཆོག །ཀུན་མཁྱེན་ཆོས་རྗེས་བྱིན་བརླབས་པའི། །རྒྱ་མ་ལྕོགས་པའི་ཉེ་འདབས་སུ། །རྣལ་འབྱོར་པདྨ་དགྱེས་པས་བྲིས། །དགེ་བས་སྲིད་དང་ཞི་བའི་ཆོས། །འོད་གསལ་དབུ་མར་ཐིམ་པ་ལས། །རང་གྲོལ་དོན་གྱི་བླ་མའི་ཞལ། །ཡོངས་གྲུབ་ཆེན་པོར་མཇལ་གྱུར་ཅིག །གུ་བྱ།། ༈ །།བསྐྱེད་རིམ་གསལ་འདེབས་ཀྱི་རྡོ་རྗེའི་ཐོལ་གླུ་སྣང་སྲིད་གཞིར་བཞེངས་ཞེས་བྱ་བ། ཨ་ཧོ། འཁོར་འདས་ཆོས་རྣམས་གཟོད་མ་ནས། །ཡོངས་གྲུབ་ལྷ་ཡི་ཕྱག་རྒྱ་ཆེ། །དེ་ཕྱིར་གཉིས་སུ་མེད་པ་ཡི། །དོན་གྱི་ལྟ་བས་མཇལ་ཕྱག་འཚལ། །སྣང་བ་གང་ཤར་ཐམས་ཅད་ཀུན། །ཡི་དམ་ལྷ་ཡི་སྐུ་རུ་གསལ། །དེ་ཡང་ཞེན་པ་མེད་པའི་དངོས། །ཆུ་ཟླའི་གར་མཁན་ཉིད་དུ་དག ། འགྲོ་འོང་སྲོག་དང་རྩོལ་བའི་རླུང་། །ཁ་སྦྱོར་སྔགས་ཀྱི་སྤྲོ་བསྡུ་ཡིས། །རྡོ་རྗེ་མི་ཤིགས་ནཱ་དའི་གླུ། །འོད་གསལ་དྷཱུ་ཏཱིའི་སྦུབས་སུ་རྫོགས། །དྲན་རིག་ཅི་ཤར་རང་གྲོལ་བ། །ད་ལྟའི་ཤེས་པ་གཉུག་མའི་སྲོག ། ཡེངས་མེད་ངང་དུ་གཟེར་ཐེབས་པས། །འབྲས་བུ་ཡེ་ཤེས་ཆེན་པོར་སྨིན། །ཕྱི་སྣོད་འོད་ལྔ་ཡུམ་ལྔའི་མཁར། །ནང་བཅུད་པདྨ་ཧེ་རུ་ཀ །སྒྲར་གྲགས་ཧཱུྃ་གི་སྣང་གླུ་ཡིས། །བརྟན་གཡོའི་ཞེན་པ་ཕྲ་སར་


JKT022_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བཅད། །དེ་ཚེ་གཟུང་འཛིན་བདུད་དགྲའི་སྡེར། །སྤང་གཉེན་བྲལ་བའི་རྒྱས་བཏབ་པས། །རང་སྣང་དོན་གྱི་འོག་མིན་དུ། །དག་པ་རབ་འབྱམས་གཅིག་ཏུ་ཤར། །ཨ་ཧོ་གསལ་འདེབས་ཉམས་ཀྱི་གླུ། །འོན་ཕུ་སྟག་ཚང་གསང་ཕུག་ཏུ། །ཚོགས་ཀྱི་འདུ་བ་བགྱིས་པའི་ཚེ། །རྣལ་འབྱོར་པདྨ་དགྱེས་པས་བླངས། །དགེ་བས་སྣང་ཞེན་ལྷ་སྐུར་དག །འབྱུང་འཇུག་རླུང་ཁམས་སྔགས་སུ་རྫོགས། །གཟུང་འཛིན་ཆོས་སྐུར་སྨིན་པ་ཡི། །ཧེ་རུ་ཀཿདཔལ་མངོན་གྱུར་ཤོག། ༈ །།ཟབ་མོ་བདུད་ཀྱི་གཅོད་ཡུལ་དང་འབྲེལ་བའི་བརྟུལ་ཞུགས་ལམ་ཁྱེར་གྱི་རྡོ་རྗེའི་ཐོལ་གླུ་འཁོར་འདས་རང་གྲོལ་ཅེས་བྱ་བ། ཨ་ཧོ། ཆོས་སྐུ་ཤེས་རབ་ཕ་རོལ་ཕྱིན། །ལོངས་སྤྱོད་རྫོགས་སྐུ་རྣལ་འབྱོར་མ། །ཟུང་འཇུག་སྤྲུལ་པའི་ཟློས་གར་ཅན། །ལབ་ཀྱི་སྒྲོལ་མར་ཕྱག་འཚལ་ལོ། །གང་དེས་ཉེ་བར་རྗེས་བསྟན་པ། །དམ་ཆོས་བདུད་ཀྱི་གཅོད་ཡུལ་ལས། །སྙིང་པོར་དྲིལ་བའི་རྡོ་རྗེའི་གླུ། །སྐལ་བཟང་རྣམས་ཀྱི་དོན་དུ་དབྱེ། །དེ་ཡང་ཐོག་མར་དལ་བའི་རྟེན། །འདི་ཉིད་ཤིན་ཏུ་རྙེད་པར་དཀའ། །རྙེད་ན་སྲིད་པའི་མཐར་འགྲོ་བའི། །དོན་གྱི་སྙིང་པོ་དང་ལྡན་ཀྱང་། །ནམ་འཆི་ངེས་པ་མ་མཆིས་ཤིང་། །དེ་ལ་ཅིས་ཀྱང་མི་སྟོངས་པར། །འཆི་ཚེ་དཀར་ནག་ལས་འབྲས་ཀྱི། །རྗེས་སུ་འབྲང་བའི་ཚུལ་བསམས་ནས། །འཁོར་བ་སྡུག་བསྔལ་ཅན་ཕུང་པོར། །ངེས་འབྱུང་བསམ་


JKT022_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡིད་དྲངས་ཏེ། །འདི་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་དཀོན་མཆོག་རྣམ་གསུམ་ལ། །སྐྱབས་ཀྱི་སྙིང་པོར་བཟུང་བ་དང་། །གཞན་ཕྱིར་སངས་རྒྱས་ཐོབ་འདོད་བློས། །སྨོན་དང་འཇུག་པའི་བྱང་སེམས་བསྐྱེད། །ཁྱད་པར་ཐུན་མོང་ཐུན་མིན་གྱི། །ཡོན་ཏན་ཐམས་ཅད་འབྱུང་བའི་གཞི། །ཟབ་མོ་བླ་མའི་རྣལ་འབྱོར་བསྒོམས། །ཁྱེད་ཤེས་དད་པས་རྒྱུད་བསྐུལ་ཏེ། །དབང་བཞི་སྟན་ཐོག་གཅིག་ཏུ་བླང་། །ལུས་དང་ལོངས་སྤྱོད་ཡོ་བྱད་ཀུན། །འཁོར་གསུམ་ཡང་དག་མཎྜལ་འབུལ། །རེ་དོགས་ཐད་ཀར་ཆོད་པ་དང་། །འཁོར་འདས་འཛིན་པ་རང་གྲོལ་ནས། །གནས་ལུགས་མ་བཅོས་གཉུག་མའི་ངང་། །བཙན་ས་ཟིན་པར་གསོལ་བ་གདབ། །འདི་དག་ལམ་གྱི་སྔོན་འགྲོ་སྟེ། །ངེས་པར་རྒྱུད་ལ་མ་སྐྱེས་ན། །དངོས་གཞིའི་ཉམས་མྱོང་མི་འབྱུང་ཕྱིར། །ཁ་ཙམ་མ་ཡིན་གནད་དུ་བསྣུན། །བརྟུལ་ཞུགས་ལམ་ཁྱེར་གྱི་རྡོ་བ རྗེའི་ཐོལ་གླུ་འཁོར་འདས་རང་གྲོལ་ལས་སྦྱོར་བའི་ལམ་གྱི་རིམ་པར་ཕྱེ་བའི་ཚོམས་ཏེ་དང་པོའོ།། །།དངོས་གཞི་གཟོད་ནས་ལྷན་སྐྱེས་པའི། །རྒྱལ་བ་ཀུན་གྱི་ཡུམ་གྱུར་མ། །ཤེས་རབ་ཕ་རོལ་ཕྱིན་མ་ནི། །འགྲོ་ཀུན་སྙིང་ལ་ཡང་དག་གནས། །འོན་ཀྱང་གློ་བུར་འཁྲུལ་པའི་དྲིས། །བསྒྲིབས་ལས་ལྐོག་ཏུ་གྱུར་པ་ཉིད། །མངོན་སུམ་ཅར་ཕོག་ངོ་སྤྱད་ཕྱིར། །སྔོན་དུ་འདི་ལྟར་བརྟག་པར་བྱ། །ལུས་གནད་རྣམ་སྣང་


JKT022_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བདུན་ཏེ། །ངག་གནད་སྲོག་རྩོལ་རང་བབ་བཞག །སེམས་གནད་བྱུང་གནས་འགྲོ་གསུམ་དང་། །དབྱིབས་དང་ཁ་དོག་དཔྱད་ཅིང་གཞིག །དེ་ཚེ་བཙལ་བས་མ་རྙེད་ཅིང་། །གང་དུའང་གྲུབ་པ་མེད་མཐོང་བ། །གནས་ལུགས་ཉིད་ལ་འཕྲིགས་ཚུད་ཕྱིར། །མ་བཅོས་རང་བབ་ངང་དུ་བཞག །དེ་ནས་ནམ་མཁའ་སྒོ་འབྱེད་ལ། །བརྟེན་ནས་སྙིང་པོ་ཉམས་བླང་ཚུལ། །དོན་ཁྲིད་ཉིད་དུ་ངོ་སྤྲད་ཅིང་། །ཆིག་ཁྲིད་དག་གིས་གཏན་ལ་དབབ། །ཉམས་ཁྲིད་སྒོ་ནས་བསྐྱང་བར་བྱ། །དང་པོ་མ་ཡེངས་རིག་པ་ནི། །རང་གསལ་ངང་དུ་ཧྲིལ་གྱིས་བསྒྲིམ། །བློ་འདས་དབྱིངས་སུ་ལྷོད་ཀྱིས་ཀློད། །དམིགས་གཏད་བྱ་རྩོལ་བྲལ་བའི་གཤིས། །བཅས་བཅོས་མེད་པར་ལྷུག་པར་འཇོག །དེ་ཉིད་མདོ་རྒྱུད་དགོངས་མཐུན་གྱི། །ཡིད་ཆེས་ལུང་གི་སློབ་དཔོན་ནི། །གཟུགས་རྣམས་མིང་མཐོང་ཚོར་བ་དང་། །འདུ་ཤེས་འདུ་བྱེད་སེམས་པ་ཡང་། །རྟོག་བྲལ་དོན་དམ་བདེན་པ་ནི། །ཤེས་རབ་ཕ་རོལ་ཕྱིན་ཞེས་མཐོང་། །ཡོན་ཏན་རིན་ཆེན་སྡུད་པ་ལས། །ཇི་ལྟར་བཤད་པས་མཚོན་བྱས་ཏེ། །མཐའ་ཀླས་སྡེ་སྣོད་རྒྱ་མཚོས་བསྟན། །དེ་བཞིན་ཡེ་ཤེས་ཌཱ་ཀིས་ཀྱང་། །གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཞེས་སོགས་གསུང་སྒྲོས་མན་ངག་གིས། །སློབ་དཔོན་གྱིས་ཀྱང་ངེས་ཤེས་བསྐྱེད། །དེ་ལྟར་ངོ་སྤྱད་ཇི་


JKT022_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། །རང་རིག་བསམ་བརྗོད་བྲལ་བའི་དབྱིངས། །གཟོད་ནས་ལྷུན་གྲུབ་མཐོང་བ་ནི། །ཉམས་མྱོང་ཡིད་ཆོས་སློབ་དཔོན་ནོ། །ཚུལ་འདིས་ངེས་པར་རྟོགས་པའི་དོན། །བསྒོམ་པས་འབྲས་བུ་མཆོག་རྙེད་ཕྱིར། །འདུ་འཛི་བྲལ་བའི་དབེན་གནས་སུ། །མཉམ་བཞག་རྩེ་གཅིག་གཉུག་མ་བསྒོམ། །རྗེས་ཐོབ་སྣང་ཆ་སྒྱུ་མར་བལྟ། །དུས་ཀུན་རང་རིག་བློ་འདས་རྩལ། །འགགས་མེད་ཤར་ཡང་དངོས་པོས་@དབེན། །དེ་ཕྱིར་མཉམ་རྗེས་དབྱེར་མེད་པ། །ཟུང་འཇུག་ཆེན་པོར་ལ་བཟླའོ། །དེ་ཚེ་དགའ་བྲོད་སྙེམ་བྱེད་དང་། །ཐོག་བཅས་ཐོག་མེད་བདུད་བཞི་པོ། །ཐོལ་གྱིས་ཤར་བའི་དེ་མ་ཐག །ཕཊ་ཅེས་འཛིན་མེད་དབྱིངས་སུ་གཅོད། བརྟུལ་ཞུགས་ལམ་ཁྱེར་གྱི་རྡོ་རྗེའི་ཐོལ་གླུ་འཁོར་འདས་རང་གྲོལ་ལས། དངོས་གཞིའི་ཉམས་སུ་བླང་བའི་རིམ་པར་ཕྱེ་བའི་ཚོམས་ཏེ་གཉིས་པའོ།། །།དེ་ནས་རྐྱེན་ངན་ཐོག་བརྫིས་ཀྱིས། །རོ་སྙོམས་ལམ་དུ་ཁྱེར་བ་ཡིས། །ཉམས་རྟོགས་བཙན་ཐབས་སྐྱེ་བྱེད་པ། །བོགས་འདོན་གསང་བའི་སྤྱོད་པ་ནི། །ལུང་སྟོང་ལྷ་ཁང་དུར་ཁྲོད་སོགས། །འཇིགས་ཤིང་སྐྱི་གཡའི་གནས་ཉིད་དུ། །མཚན་མོ་ལྷ་འདྲེ་འདུ་བའི་དུས། །གནས་གདོན་ལུས་གདོན་འཁྱམས་པོ་དང་། །ས་བདག་ཀླུ་གཉན་བཅས་པ་ཀུན། །དབང་དུ་བསྡུས་ནས་གང་དམིགས་སར། །འདེད་ཅིང་རང་གི་ལུས་ལ་བསྟིམ། །ལྟ་


JKT022_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སྟངས་ཕྱག་རྒྱས་གཟིར་བ་སྟེ། །འགྲོ་ལུགས་རྣམ་བཞིའི་དཔའ་བོའི་སྟག་འགྲོས། མཁའ་འགྲོའི་གར་འགྲོས། སྦྲུལ་ནག་འཁྱོགས་འགྲོས། རྣལ་འབྱོར་ལྡིང་འགྲོས་སོ། །མཆན། ཚུལ་གྱིས་འགྲོ། །དངོས་གཞི་གནས་དང་ལྷ་འདྲེ་དང་། །བདག་ཉིད་ཟིལ་གནོན་དམིགས་པ་ནི། །དང་པོར་དབྱིངས་རིག་བསྲེས་པའི་ངང་། །བདག་ལུས་ཕྱོགས་དེ་ཀུན་ཁྱབ་པར། །གསལ་བཏབ་འཁོར་བ་མ་སྟོང་བར། །གཞན་དུ་གཡོ་མེད་གནས་པར་དམིགས། །གཉིས་པ་སེམས་བསྐྱེད་སྔོན་འགྲོ་བས། །གནོད་བྱེད་གཙོར་གྱུར་ལྷ་འདྲེ་ལ། །སྙིང་རྗེའི་ཡིད་ཀྱིས་རླུང་ཕྱིར་བུས། །ཁོར་ཡུག་ཐམས་ཅད་ཡོངས་བཀང་སྟེ། །དེ་དག་དབང་དུ་འདུས་པའི་ངང་། །ནང་དུ་རྔུབ་པས་རང་ཉིད་ཀྱི། །མལ་གྱི་འོག་ཏུ་ཧྲིལ་བཅུག་གནས། །ཕྱོགས་མཚམས་རྩ་གསུམ་ཆོས་སྲུང་གིས། །བསྲུངས་པའི་གུར་གྱིས་བཅད་པ་ཡིས། །ནམ་ཡང་འདའ་བ་མེད་པར་དམིགས། །གསུམ་པ་རང་སེམས་རང་བཞིན་གྱིས། །རྣམ་པར་དག་པ་ཉིད་ཡིན་ཡང་། །དེ་ལྟར་མ་རྟོགས་ལྷ་འདྲེ་རྣམས། །འཁྲུལ་པར་སྤྱོད་པ་ཐང་རེ་ཆད། །སྙམ་དུ་ཕཊ་ཅེས་བརྗོད་པའི་རྗེས། །མ་ཡེངས་བློ་བྲལ་གཉུག་མའི་ངང་། །སྤྲོ་བསྡུ་མེད་པར་ཆམ་མེར་བཞག །དེ་ལྟར་འབད་པས་ལྷོངས་ཚད་ནི། །ཕྱི་རོལ་ཡུལ་གྱི་འཇིགས་སྣང་དང་། །ནང་དུ་ལུས་ལ་ན་ཚ་དང་། །གསང་བ་སེམས་ལ་རེ་དོགས་ཀྱི། །རྣམ་པར་


JKT022_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་སྣ་ཚོགས་འབྱུང་། །དེ་ཚེ་རིག་པའི་ཆོ་འཕྲུལ་དུ། །ངོ་ཤེས་ཐག་ཆོད་གདིང་ཐོབ་པས། །ཕཊ་ཅེས་སྣང་བ་ཐད་ཀར་བཅད། །དབྱིངས་རིག་བསྲེས་ལ་ཅི་བདེར་བཞག །རྗེས་སུ་ཕུང་པོ་གཟན་བསྒྱུར་ནི། ། ལུས་གནད་ཆོས་བདུན་ལྡན་པའི་ངང་། །མིག་གནད་བར་སྣང་ཧ་རེར་གཏད། །སེམས་ཉིད་ཐིག་ལེའི་རྣམ་པ་རུ། །ཕཊ་ཀྱིས་རིམ་སྤར་ནམ་མཁར་བསྲེ། །ནམ་མཁས་གར་ཁྱབ་རིག་སྟོང་གིས། །ཁྱབ་པའི་བརྗོད་བྲལ་འོད་གསལ་ངང་། །སྤང་བླང་མེད་པར་ལྷུག་པར་འཇོག །གལ་ཏེ་རྣམ་རྟོག་འཕྲོ་གྱུར་ན། །རང་རིག་རྡོ་རྗེ་རྣལ་འབྱོར་མར། །གསལ་བའི་ཕྱག་གཡས་གྲི་གུག་གིས། །བེམས་པོའི་མགོ་བོ་བྲེགས་ནས་ཀྱང་། །ཕུང་ཁམས་དཀར་འགྱེད་བདུད་རྩི་ཡིས། །མཆོད་སྦྱིན་མགྲོན་རྣམས་ཐམས་ཅད་མཆོད། །ཁྲ་འགྱེད་འདོད་རྒུའི་ཕུང་པོ་ནི། །ནམ་མཁའ་མཛོད་ཀྱི་སྒོ་འཕར་དབྱེ། །དམར་འགྱེད་ཤ་ཁྲག་རུས་པའི་དངོས། །སྟོང་གསུམ་ཁྱབ་པས་གདོན་བགེགས་ཚིམས། །ནག་འགྱེད་རང་གི་སྡིག་ལྟུང་ཀུན། །བསྡུས་ཏེ་ལྷ་འདྲེའི་ཚོགས་ལ་སྦྱིན། །མཐར་གྱི་ནམ་མཁར་འཇའ་ཐིམ་ལྟར། །དབྱིངས་རིག་ཟུང་འཇུག་ངང་དུ་བཞག །དེ་རྣམས་ཐོ་རངས་ཉི་དྲོས་དང་། །ཉི་ནུབ་སྲོད་དུས་གཙོ་བོར་སྤྱད། །དུས་དེར་ཆགས་སྡང་འཇིགས་སྐྲག་སོགས། །བདུད་བཞིའི་རྣམ་འགྱུར་ཅི་བྱུང་ཡང་། །ལུས་ནི་ཚོགས་སུ་ཕྱིན་ཟིན་ཅིང་། །


JKT022_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་སྐྱེ་འགགས་སྤྲོས་བྲལ་ཕྱིར། །རེ་དོགས་མེད་པར་ལ་བཟླའོ། །རྗེས་ལ་འཁོར་གསུམ་མི་དམིགས་ངང་། །ཕཊ་ཅེས་བརྗོད་ལ་དབྱིངས་རིག་བསྲེ། །བདེ་སྡུག་གཏོང་ལེན་དམིགས་པ་ཡིས། །དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ། །དེ་ལྟར་རྩེ་གཅིག་འབད་པ་ཡིས། །དུས་ཀྱི་ཚར་ཚད་ཞག་གསུམ་དང་། །བདུན་དགུ་བཅུ་གཅིག་ལ་སོགས་ཏེ། །རྟགས་ནི་དངོས་ཉམས་རྨི་ལམ་དུ། །ཐུན་མོང་ཁྲོམ་ཚོགས་འདུ་བ་ཡིས། །རང་ལ་བསྙེན་བཀུར་བྱེད་པ་དང་། །ཉམ་ངའི་གནས་བརྒལ་སེང་གླང་ཞོན། །ལུས་ལས་འོད་ཟེར་འཕྲོ་སོགས་སྣང་། །ཁྱད་པར་ཉོན་མོངས་འབྲེལ་རྒྱུན་ཆོད། །ཉམས་དང་རྟོགས་པའི་མཛོད་ཀློང་རྡོལ། །མངོན་ཤེས་རྫུ་འཕྲུལ་སྣ་ཚོགས་འབྱུང་། །དེ་ལྟར་ན་ཡང་དགའ་བྲོད་ཀྱིས། །མ་བཅིངས་གང་ཤར་ངང་དུ་བཞག །གཞན་ཡང་འདི་ལ་མུ་བཞི་སྟེ། །ཚར་ཚད་འདྲ་བའི་ལྷོངས་ཚད་ནི། །གོས་དམར་གྱོན་དང་ཤ་ཁྲག་ཟ། །མ་གུས་ཕྱག་འཚལ་སྐད་མེད་པའི། །རོལ་ཆ་བརྡུང་བ་ལ་སོགས་ཏེ། །ལྷོངས་ཚད་འདྲ་བའི་ཚར་ཚད་ནི། །དུད་འགྲོ་རྭ་ཅན་རྣམ་པ་ཡིས། །བརྡུངས་དང་མི་གཙང་རྣག་ཁྲག་འབབས། །རང་གི་ཡན་ལག་གཏུབ་སོགས་འབྱུང་། །གཉིས་ཀ་འདྲ་བའི་འདྲེས་མ་ནི། །ནམ་སྟོད་ཚར་ཚད་རྟགས་མཐོང་ལ། །ནམ་སྨད་དེ་ལས་ལྡོག་པ་སོགས། །མ་ངེས་འཆོལ་བར་སྟོན་པ་དང་། །


JKT022_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་མ་འདྲ་བའི་བག་ཆགས་ནི། །རང་ཉིད་ཉོན་མོངས་གང་ཞིག་ལ། །གོམས་པ་བརྟས་པ་དེ་དང་དེར། །ལྷག་པར་ཞེན་པའི་རྟོག་པ་སྐྱེ། །དེ་སོགས་བཟང་ངན་ཅིར་སྣང་ཡང་། །རེ་དོགས་བླང་དོར་དབྱིངས་སུ་ཀློད། །ཇི་ལྟར་བརྩོན་ཀྱང་ལྷོངས་ཚད་ལས། །ཚར་ཚད་བྱུང་བར་མ་གྱུར་ན། །ཕྱི་རོལ་གནས་དང་ནང་ཕུང་པོ། །གསང་བ་བདག་འཛིན་མཐའ་གཏད་ནི། །ཤིན་ཏུ་འཇིགས་པའི་གཉན་ཁྲོད་དུ། །ཕྱིན་ལ་ཉམས་ལེན་དཔའ་གདིང་བསྐྱེད། །སེམས་ཀྱིས་ཚེ་རབས་དུ་མ་རུ། །ཕུང་པོ་འདི་འདྲ་དོན་མེད་འདོར། །ལྷ་འདྲེར་སྦྱིན་ལ་སྤྲོ་བ་བསྐྱེད། །གཏོང་མ་ནུས་ན་བདག་ཞན་ཅིང་། །ཟ་མ་ནུས་ན་ཁྱོད་ཞན་ཕྱིར། །སྐད་ཅིག་ཙམ་ཡང་མ་བཞག་པར། །ལྷག་མ་མེད་པར་རོལ་པ་དང་། །གཞན་ཡང་བདག་གི་སྒོ་གསུམ་ལ། །འགལ་རྐྱེན་ཅི་ནུས་ཐོང་སྙམ་པ། །བཅོས་མིན་རྒྱུད་ལ་སྐྱེས་པའི་ཚེ། །བདུད་ཚོགས་ཀུན་གྱིས་གླགས་མི་རྙེད། །དེ་ལྟར་འབད་ཀྱང་བོགས་མེད་ན། །གདམས་ངག་སྟོན་པའི་བླ་མ་ལ། །སངས་རྒྱས་དངོས་ཀྱི་མོས་གུས་དང་། །མར་གྱུར་འགྲོ་བ་ཐམས་ཅད་ལ། །བཟོད་དུ་མེད་པའི་སྙིང་རྗེ་དང་། །འགལ་རྐྱེན་སྡུག་བསྔལ་ཅི་བྱུང་ཡང་། །ཐོག་བརྫིས་ནུས་པའི་བརྟུལ་ཞུགས་ཏེ། །དེ་གསུམ་གཅིག་ཏུ་དྲིལ་བྱས་ལ། །ཉམས་སུ་བླངས་པས་བོགས་ཆེན་འབྱིན། །རྗེས་ཐོག་གནས་གཞན་འགྲོ་བའི་ཚེ། །


JKT022_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གནོན་དམིག་པའི་འཁྲུལ་འཁོར་ཀློད། །ཤུལ་དུ་ཐོད་ཀར་བརྩིགས་པ་ཉིད། །ཐུགས་རྗེ་ཆེན་པོར་བསྐྱེད་པ་ཡི། །སྐུ་ལས་བདུད་རྩིའི་རྒྱུན་བབས་ཏེ། །གཉན་ཁྲོད་དེ་ཡིས་གཞི་བདག་དང་། །གནོད་བྱེད་གཙོར་བྱས་ལྷ་འདྲེ་ཀུན། །ཟག་མེད་བདེ་བས་ཚིམ་པར་བསམ། །རྣམ་དག་བསྔོ་སྨོན་རྒྱ་ཆེར་གདབ། །གཞན་ཡང་ཕྲ་མོའི་དམ་ཚིག་ནི། །རྐང་རྗེན་དག་གིས་མི་བགྲོད་ཅིང་། །མཚན་མོར་མེ་འོད་སྤངས་པ་དང་། །གཤང་གཅི་ཕྱོགས་གཅིག་དག་ཏུ་འདོར། །གནས་གཅིག་ནམ་ཡང་འགྲོ་མི་བྱ། །ཚར་ཚད་རྫོགས་ནས་མི་སྡོད་ཅིང་། །དེ་བར་གཞན་དུ་མི་འཕོའོ། །མདོར་ན་ཕྱི་ལྟར་ཕྱོགས་མེད་ཀྱི། །གཉན་ས་རི་ཁྲོད་ཀུན་ཏུ་རྒྱུ། །ནང་ལྟར་ཕུང་པོ་གཟན་བསྒྱུར་གྱིས། །ཚོགས་གཉིས་མྱུར་དུ་འདུམས་པར་བྱ། །གསང་བ་འཁོར་འདས་རང་གི་སེམས། །ཐིག་ལེ་ཉག་གཅིག་ཆེན་པོར་གཅོད། །ལྟ་བ་ཡུམ་དོན་ངོ་འཕྲོད་ཅིང་། །སྒོམ་པ་མཉམ་རྗེས་ཟུང་འཇུག་དང་། །སྤྱོད་པ་རོ་སྙོམས་ལམ་ལོངས་ནས། །འབྲས་བུ་གདོད་མའི་བཙན་ས་ཟིན། །བརྟུལ་ཞུགས་ལམ་ཁྱེར་རྡོ་རྗེའི་ཐོལ་གླུ་འཁོར་འདས་རང་གྲོལ་ལས། རྗེས་ཐོབ་བོགས་འདོན་སྤྱོད་པའི་རིམ་པར་ཕྱེ་བའི་ཚོམས་ཏེ་གསུམ་པའོ།། །།ཚུལ་འདི་མ་གཅིག་ཡེ་ཤེས་ཀྱི། །མཁའ་འགྲོས་བྱིན་གྱིས་བརླབས་པའི་གནས། །ཟངས་རི་མཁར་དམར་གསང་ཕུག་ཏུ། །


JKT022_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་འདུ་བ་བགྱིས་པའི་ཚེ། །ཇི་ལྟར་ཤར་བའི་རྟོགས་པ་དང་། །ཟབ་ལམ་མན་ངག་ཟུང་སྦྲེལ་ཏེ། །རྡོ་རྗེའི་གླུ་རུ་བླངས་པའི་དགེས། །འགྲོ་ཀུན་རང་གྲོལ་ས་བརྙེས་ཤོག །ཅེས་པའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱད་པ་སྤྱོད་པར་འདོད་པའི་རང་གཞན་ཀུན་ལ་སྨན་པའི་ཕྱིར་གཏད་མེད་རྣལ་འབྱོར་གྱི་ན་བ་པདྨ་དགྱེས་པའི་སྡེས་སྦྱར་བ་སྟེ་ཐུན་མོང་མ་ཡིན་པའི་མན་ངག་གུ་།། ༈ །།ཚོགས་ཀྱི་འཁོར་ལོའི་རྟོགས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་ཚིམ་པ་དྲུག་ལྡན་གྱི་རོལ་མོ་ཅེས་བྱ་བ། ཨ་ཧོ། འཆི་མེད་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཀྱི་སྒྱུ་འཕྲུལ། །འཆི་མེད་འོད་གསལ་གཉུག་མའི་མཚན་དཔེ་རུ་ཤར་བས། །འཆི་མེད་བདུད་རྩིའི་དགའ་སྟོན་སྐལ་བཟང་ལ་སྦྱིན་པའི། །འཆི་མེད་མཚོ་སྐྱེས་རྡོ་རྗེ་སྙིང་དབུས་ནས་དྲན་བྱུང་། །འཆི་མེད་རིག་འཛིན་འགྲུབ་པར་བྱིན་གྱིས་རང་རློབས་ཤིག །ཏིང་ངེ་འཛིན་གྱིས་སྤྲུལ་པའི་སྣང་སྟོང་གི་དཀྱིལ་འཁོར། །ཐབས་ཤེས་ཟུང་འཇུག་མཆོད་པའི་སྤྲིན་ཕུང་གིས་ཚིམས་པས། །བདེ་སྟོང་མཆོག་ཏུ་མི་འགྱུར་དངོས་གྲུབ་ལ་སྦྱོར་བའི། །འཕོ་མེད་སྦྱིན་པའི་ཕ་རོལ་ཕྱིན་པ་འདི་ཨ་ཧོ། །སྙིང་དབུས་མི་ཤིགས་ཐིག་ལེ་ཡོངས་གྲུབ་ཀྱི་དཀྱིལ་འཁོར། །ལྷན་སྐྱེས་ཡེ་ཤེས་འགུགས་པའི་བདུད་རྩི་ཡིས་ཚིམས་པས། །རླུང་སེམས་ཐིག་ལེའི་བྱེད་པ་དྷཱ་ཏཱི་རུ་སྦྱོར་བའི། །ཟག་བྲལ་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་འདི་ཨ་ཧོ། །ཡིད་ཆོས་དབུ་མར་ཐིམ་པའི་དྲེགས་ཚོགས་ཀྱི་དཀྱིལ་


JKT022_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར། །ཕུང་ལྔའི་དྭངས་མ་འཆིང་བའི་གཏོར་མ་ཡིས་ཚིམས་པས། །གཟོད་ནས་རྣམ་པར་དག་པའི་ཡེ་ཤེས་ལ་སྦྱོར་བའི། །འོད་གསལ་བཟོད་པའི་ཕ་རོལ་ཕྱིན་པ་འདི་ཨ་ཧོ། །འདའ་དཀའི་དམ་ཚིག་ཉམས་མེད་རྣལ་འབྱོར་གྱི་དཀྱིལ་འཁོར། །བཟའ་བཅའ་བཏུང་བར་བཅས་པའི་འདོད་ཡོན་གྱིས་ཚིམ་པས། །སྨིན་གྲོལ་ཉེ་རྒྱུའི་ལམ་ལ་གཡེལ་མེད་དུ་སྦྱོར་བའི། །རང་གྲོལ་བརྩོན་འགྲུས་ཕ་རོལ་ཕྱིན་པ་འདི་ཨ་ཧོ། །ཕུང་པོ་ཁམས་དང་སྐྱེ་མཆེད་གདན་གསུམ་གྱི་དཀྱིལ་འཁོར། །གྲགས་སྟོང་རྡོ་རྗེའི་གླུ་ཡི་ཟློས་གར་གྱིས་ཚིམས་པས། །ཐ་མལ་འཁྲུལ་པའི་སྣང་ཞེན་ལྷ་སྐུ་རུ་སྦྱོང་བའི། །ཞི་གནས་བསམ་གཏན་ཕ་རོལ་ཕྱིན་པ་འདི་ཨ་ཧོ། །རྩ་གསུམ་འཁོར་ལོ་བཞི་ལྡན་རང་བྱུང་གི་དཀྱིལ་འཁོར། །ཆར་ཡང་ལྡོག་ཁྱབ་བསྲེ་བའི་བདེ་བ་ཡིས་ཚིམས་པས། །སྟོང་ཆེན་རྡོ་རྗེ་བཙུན་མོའི་སྒྱུ་མ་ལ་སྦྱོར་བའི། །ལྷག་མཐོང་ཤེས་རབ་ཕ་རོལ་ཕྱིན་པ་འདི་ཨ་ཧོ། །དེ་སྐད་ཕྱི་ནང་གཞན་གསུམ་དབྱེར་མེད་ཀྱི་དཀྱིལ་འཁོར། །དྲུག་ལྡན་ཚོགས་ཀྱི་མཆོད་པའི་འདུ་བ་ཡིས་ཚིམས་པས། །ངེས་དོན་ཕ་རོལ་ཕྱིན་པའི་ཉེ་ལམ་ལ་སྦྱོར་བའི། །རྟོགས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་འདི་ཨ་ཧོ། །ཞེས་པའང་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་ལྷ་སྲས་མཆོག་གྲུབ་རྒྱལ་པོར་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་དུ་སྨིན་གྲོལ་མཛད་པའི་གནས། དཔལ་གཡོ་རུ་ཁྲ་འབྲུག་གི་གནྡྷོ་ལའི་


JKT022_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱམས་སྟོད་དུ་ཀུན་ལྡན་ཆུ་སྟོད་ཟླ་བའི་གྲལ་ཚེས་༨དགེ་བར་ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་ཐལ་བར་བགྱིས་པའི་རྗེས་ཐོག་ཏུའོ།། ༈ །།ངོ་མཚར་རང་བྱུང་གི་མཆོད་སྡོང་ཆེན་པོའི་རྟོགས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་ཟབ་གསང་རྒྱུད་མངས་ཅེས་བྱ་བ། ཨ་ཧོ། སྙིང་དབུས་ཐིག་ལེར་འབྲལ་མེད་དུ་བཞུགས་པའི། །སྐུ་བཞིའི་དབང་ཕྱུག་ཁྱབ་བདག་གི་བླ་མར། །སྒོ་གསུམ་གུས་པའི་དད་ཕྱག་ཞིག་འཚལ་ནས། །གང་ཤར་ཉམས་དགའི་གླུ་དབྱངས་ཞིག་ལེན་ནོ། །རྡོ་རྗེ་ཕུང་པོའི་དགའ་ཚལ་གྱི་དབུས་ན། །གདན་གསུམ་ཡོངས་སུ་གྲུབ་པ་ཡི་མཆོད་སྡོང་། །སྣང་སྟོང་ཟུང་འཇུག་འདྲེན་བྱེད་ཀྱིས་མཇལ་ནས། །རིག་འཛིན་རྣམ་བཞིའི་ཤུལ་ལམ་ལ་ཆས་འགྲོ། །ཟག་བྲལ་དྷ་ཏིའི་དགའ་ཚལ་གྱི་དབུས་ན། །ཨ་ཧཾ་ལྷན་སྐྱེས་འབར་འཛག་གི་མཆོད་སྡོང་། །གསལ་སྟོང་ཟུང་འཇུག་འདྲེན་བྱེད་ཀྱིས་མཇལ་ནས། །མི་ཤིགས་ནཱ་དའི་ཤུལ་ལམ་དུ་ཆས་འགྲོ། །རྗེས་ཆགས་ཐིག་ལེའི་དགའ་ཚལ་གྱི་དབུས་ན། །མཆོག་ཏུ་མི་འགྱུར་བདེ་ཆེན་གྱི་མཆོད་སྡོང་། །བདེ་སྟོང་ཟུང་འཇུག་འདྲེན་བྱེད་ཀྱིས་མཇལ་ནས། །རྣམ་ཀུན་མཆོག་ལྡན་ཤུལ་ལམ་དུ་ཆས་འགྲོ། །ཀ་དག་གཉུག་མའི་དགའ་ཚལ་གྱི་དབུས་ན། །ལྷུན་གྲུབ་འོད་གསལ་སྣང་བཞི་ཡི་མཆོད་སྡོང་། །དབྱིངས་རིག་ཟུང་འཇུག་འདྲེན་བྱེད་ཀྱིས་མཇལ་ནས། །འཇའ་ལུས་རྡོ་རྗེའི་ཤུལ་ལམ་ལ་ཆས་འགྲོ། །ལོ་ཧི་ཏ་འགྲམ་དགའ་ཚལ་གྱི་དབུས་ན། །ངོ་མཚར་


JKT022_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་རྡོ་བ་ཡི་མཆོད་སྡོང་། །མི་ཕྱེད་དད་པའི་འདྲེན་བྱེད་ཀྱིས་མཇལ་ནས། །ཕྱོགས་མེད་རྒྱལ་ཁམས་ཤུལ་ལམ་ལ་ཆས་འགྲོ། །དེ་སྐད་གང་ཤར་ངོ་མཚར་གྱི་རྟོགས་པ། །གྱི་ནར་འཕྱན་པའི་རྣལ་འབྱོར་གྱི་མགྲིན་ལས། །རྡོ་རྗེའི་གླུ་ཡི་རྒྱུད་མངས་འདི་བསྒྲེངས་པས། །དོན་གཉིས་འགྲུབ་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་གནས་སྐབས་ཀྱི་སྟེས་དབང་བ་བརྟེན་ནས་ཟུར་མཁར་ནི་ཙུ་ལའི་དགའ་ཚལ་དང་ཉེ་བའི་ངོ་མཚར་རྡོ་བའི་མཆོད་སྡོང་གི་འདབ་རོལ་དུ་རས་དཀར་གྱི་ལྡིང་གུར་ལ་བརྟེན་ནས་ངལ་གསོ་བའི་ཚེ་གང་ཤར་རྩེ་འཇོའི་ཚུལ་དུ་བྲིས་པའོ།། ༈ །།འཇམ་དཔལ་སྐུའི་དཀྱིལ་འཁོར་དུ་རྟོགས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་དུས་དགྲའི་དབང་པོའི་ཞལ་ལུང་ཅེས་བྱ་བ། ཨ་ཧོ། གཟོད་ནས་རྣམ་པར་དག་པའི་འོད་གསལ་གྱི་ངང་ལས། །ཟུང་འཇུག་བཞིན་ལག་མཚན་དཔེའི་སྣང་ཆ་རུ་ཤར་བས། །གྲུབ་གཉིས་ལྷུག་པར་སྩོལ་བའི་ཡི་དམ་གྱི་ལྷ་མཆོག །འཇམ་དཔལ་དུས་དགྲའི་དབང་པོའི་དཀྱིལ་འཁོར་ལ་བཏུད་ནས། །ཟབ་དོན་རྡོ་རྗེའི་གླུ་ཡི་རོལ་མོ་ཞིག་དཀྲོལ་ལོ། །སྒོ་གསུམ་ཀུན་གཞིར་བཅས་པའི་ཉོན་མོངས་ཀྱི་བདུད་དགྲ། །སྨིན་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག ། གནས་བརྟན་རྒན་པོ་སྐྱེ་རྒུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་གསུངས་པ་ཉིད་སྨིན་གྲོལ་གྱི་ལམ་འཁོར་དང་བཅས་པ་ལ་སྦྱར་དུ་ཡོད་པ་ལྟ་བུ་དང་འབྲེལ་ལོ། །མཆན། བྱེད་འཇམ་དཔལ་ཁྲོས་པའི་


JKT022_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མཁས་ཀྱིས་བཅོམ་པས། །བསྐྱེད་རྫོགས་ཟུང་འཇུག་བསྒོམ་རུང་སྐལ་བ་ལ་སྦྱོར་ཞིང་། །སྐུ་བཞིའི་ས་བོན་འཇོག་པའི་ལམ་བཟང་འདི་ཨ་ཧོ། །ཐ་མལ་འཁྲུལ་པའི་སྣང་ཞེན་ཀུན་བརྟགས་ཀྱི་བདུད་དགྲ། །སྣང་སྟོང་འཇམ་དཔལ་ཁྲོས་པའི་དཀྱིལ་འཁོར་ཟླ་གསང་སྙིང་པོ་ལས། ཁམས་དྲུག་ལྡན་པའི་ལུས་ཀྱི་རྟེན། །རྡོ་རྗེ་བཞི་ཡི་གོ་འཕང་ལ། །སྦྱོར་བ་རྡོ་རྗེའི་ཏན་ལས། །རྒྱུ་འབྲས་དག་གྲོལ་ལམ་གྱིས་མིན། །སོགས་གསུངས་པའི་ཕྱིར་རོ། ། ལ་བཏུད་ནས། །གསལ་བརྟན་གྱད་དུ་གྱུར་བའི་ཉམས་ལེན་དང་སྦྲགས་ནས། །ཕུང་ཁམས་ལྷ་སྐུར་སྨིན་པའི་ཐབས་མཁས་འདི་ཨ་ཧོ། །རྩ་རླུང་ཐིག་ལེར་བཅས་པའི་འཁྲུལ་བཅས་ཀྱི་བདུད་དགྲ། །མྱུར་ལམ་འཇམ་དཔལ་ཁྲོས་སྒྱུ་དྲྭར། ས་ཡི་དཀྱིལ་འཁོར་གཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐེབ་ཀྱིས་གནོན། །རྐང་མཐིལ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་སོགས་དང་འབྲེལ། པའི་དཀྱིལ་འཁོར་ལ་བཏུད་ནས། །བྱེད་བཅིངས་ཁ་སྦྱོར་ཞུ་བདེའི་སྒྱུ་ཐབས་དང་འགྲོགས་ནས། །འཕོ་མེད་འཇའ་ལུས་འགྲུབ་པའི་མིག་འཕྲུལ་འདི་ཨ་ཧོ། །གཟུང་འཛིན་གློ་བུར་ཤར་བའི་གཉིས་སྣང་གི་བདུད་དགྲ། །དབྱིངས་རིག་འཇམ་དཔལ་ཁྲོས་རྒྱུད་ལས། ཡེ་ནས་མ་སྐྱེས་གཤིན་རྗེ་ཆེན་པོའི་ཚོགས། །དབྱིངས་ཀྱི་རང་བཞིན་རྣམ་པར་དག་པ་ལས། །གཉིས་མེད་འདུས་པའི་སྲས་མཆོག་གཤིན་རྗེའི་གཤེད། །ཅེས་དང་། ཞི་བ་གཉིས་མེད་ཆོས་དབྱིངས་ངང་ཉིད་ལས། །སྙིང་པོ་གཉིས་མེད་བྱང་


JKT022_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་ཀྱི་དོན། །ཐམས་ཅད་འདུས་པ་བླ་མེད་དམ་པ་སྟེ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བཤད་དོ། །ཞེས་སོ། །པའི་མཚོན་ཆ་ཡིས་བཅོམ་པས། །ཟུང་འཇུག་གདོད་ནས་དག་པའི་ངལ་གསོ་དང་སྦྲགས་ནས། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པ་འདི་ཨ་ཧོ། །གནས་སྐབས་ལས་ཉོན་ངར་འཛིན་ཕས་རྒོལ་གྱི་བདུད་དགྲ། །དྲག་ཤུལ་འཇམ་དཔལ་ཁྲོས་པའི་བརྟུལ་ཞུགས་ཀྱིས་བཅོམ་ནས། །གང་འདུལ་ཕྲིན་ལས་རྣམ་བཞིའི་རྒྱུད་ལས། ངང་གིས་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་། །ཕྲིན་ལས་རྣམ་བཞིས་འགྲོ་བ་སོ་སོར་འདུལ། ཞེས་སོ། །རོལ་མོ་དང་སྦྲགས་ཏེ། །ཕན་བདེའི་དགའ་སྟོན་གྲུབ་པའི་རྣམ་ཐར་འདི་ཨ་ཧོ། །དེ་སྐད་སྙིང་དབུས་འཇམ་དཔལ་ཁྲོས་པ་ཡི་དཀྱིལ་འཁོར། །བདེ་སྟོང་ཚོགས་ཀྱི་འཁོར་ལོའི་འདུ་བ་ཡིས་མཉེས་པའི། །ཟབ་ལམ་རྡོ་རྗེའི་ཚིག་རྐང་རང་བྱུང་གི་ཐོལ་གླུས། །དོན་གཉིས་དགའ་སྟོན་འགྲུབ་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་སྐུའི་དབེན་གནས་བསྒྲགས་ཀྱི་ཡོངས་རྫོངས་སུ་གྲོ་བཞིན་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོར་འཇམ་དཔལ་དུས་དགྲའི་དབང་པོའི་དཀྱིལ་འཁོར་དུ་ཚོགས་ཀྱི་འདུ་བ་བགྱེས་པའི་ཚེ་གང་ཤར་རྡོ་རྗེའི་གླུར་བླངས་པའོ།། ༈ །།པདྨ་གསུང་གི་དཀྱིལ་འཁོར་དུ་རྟོགས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་སོ་སོར་རྟོག་པའི་ཞལ་ལུང་ཅེས་བྱ་བ། ཨ་ཧོ། ཆགས་བྲལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ། །འགགས་མེད་པདྨ་ཁྲོས་པའི་ལང་ཚོ་རུ་ཤར་བས། །ཉོན་མོངས་བདུད་དགྲའི་སྒྱུ་ཐབས་ཆོས་


JKT022_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་བཅོམ་པའི། །དབང་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་ལ་བཏུད་ནས། །རང་མཚན་ཟབ་པའི་ལམ་གྱི་ཐོལ་གླུ་ཞིག་ལེན་ནོ། །སྒྲིབ་གཉིས་རྒྱུ་དང་འབྲས་བུའི་གནས་སྐབས་ཀྱི་དྲི་མ། །ཟབ་ལམ་སྣོད་དུ་རུང་རྟ་མཆོག་རོལ་པའི་རྒྱུད་ལས། རིགས་ཀྱི་བུ་མ་འོངས་པའི་འགྲོ་བ་གསང་སྔགས་ཀྱི་ལམ་དུ་འཇུག་པར་འདོད་པ་དག་ནི། །རྡོ་རྗེ་སློབ་དཔོན་ལ་བརྟེན་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་གཞུག་པར་བྱའོ། །ཞེས་སོ། །བའི་དབང་བསྐུར་གྱིས་སྦྱངས་ནས། །རྨད་བྱུང་རྡོ་རྗེ་སྙིང་པོའི་འདུལ་བ་ལ་བསླབས་པས། །རྣམ་བཞིའི་རྒྱུད་ལས། མཆོག་ཏུ་གསང་བའི་གྲོང་ཁྱེར་འདིར། །གང་གིས་འདོད་དོན་གང་སྟེར་བ། །དེས་ནི་སྒྲིབ་སོགས་ཀུན་སྤངས་ཤིང་། །མི་གནས་ཡེ་ཤེས་གསལ་བར་སྦྱོར། །ཞེས་སོ། །ཡེ་ཤེས་མཐོང་བའི་ཐབས་མཁས་འདི་ཨ་ཧོ། །གཟུང་འཛིན་འཁྲུལ་པ་ལས་འདས་ཆོས་ཉིད་ཀྱི་གཤིས་ལུགས། །བདེན་གཉིས་རྣམ་དབྱེར་མེད་རྒྱུད་སྔ་མ་ལས། ཐམས་ཅད་སྒྱུ་མ་ལྟ་བུའི་ཚུལ། །ཐམས་ཅད་རང་བཞིན་སྟོང་པ་ཉིད། །ཟུང་དུ་འཇུག་པའི་ཡེ་ཤེས་ནི། །དེ་ནི་བླ་མེད་མཆོག་དམ་པ། །ཞེས་སོ། །པའི་རང་བཞིན་དུ་རྟོགས་པས། །དོན་དམ་འགོགས་བདེན་དབང་ཆེན་སྙིང་དབུས་སུ་སད་པའི། རྟ་མགྲིན་དགོངས་པ་ལུང་སྟོན་པའི་རྒྱུད་ལས། །ཡུལ་སེམས་རབ་ཏུ་རྟོགས་གྱུར་ན། །གང་བལྟས་པདྨ་དབང་གི་ལྷ། །ཇི་ལྟར་བྱས་ཀྱང་སྐྱོན་མེད་པ། །དབང་ཆེན་ཞེས་ནི་དེ་ལ་སྦྱར། སོགས་དང་འབྲེལ་ལོ། །གཞི་འབྲས་དབྱེར་མི་ཕྱེད་པའི་ཉམས་ལེན་འདི་ཨ་ཧོ།


JKT022_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ཁམས་དང་སྐྱེ་མཆེད་ཐ་མལ་གྱི་སྣང་ཞེན། །གདན་གསུམ་ཡོངས་སུ་གྲུབ་པའི་ལྷ་སྐུ་རུ་ཤར་བས། རྒྱུད་ལས། ཕུང་པོ་ཆོས་རྣམས་སངས་རྒྱས་ཏེ། །འབྱུང་ལྔ་དབྱིངས་ཕྱུག་ཡུམ་གྱི་མཁའ། །ཁམས་དང་སྐྱེ་མཆེད་སེམས་དཔའ་དང་། སེམས་མའི་ཚོགས་དང་ཁྲོ་མོའི་སྐུ། །ཕྱི་ནང་གསང་གསུམ་དངོས་སྣང་བའི། །དཀྱིལ་འཁོར་རིགས་ཀྱི་བདག་ཉིད་ཆེ། །ཞེས་སོགས་རྒྱས་པར་བཀའ་སྩལ་ཏོ། །སྣོད་བཅུད་དག་པ་རབ་འབྱམས་བརྟན་གཡོ་དངོས་པོ་ཐམས་ཅད་ཀུན། །བདེ་ཆེན་སྐུ་ལས་གཞན་མེད་དོ། །སོགས་ཀྱི་དོན། གྲོང་ཁྱེར་དུ་མཐོང་བའི། །སྣང་སྲིད་གཞིར་བཞེངས་ཆེན་པོའི་བསྐྱེད་རིམ་འདི་ཨ་ཧོ། །ཁམས་གསུམ་ཀུན་ཏུ་འཕོ་བའི་བག་ཆགས་ཀྱི་རྒྱུ་བ། །བདེ་ཆེན་ཐིག་ལེ་ཕྲ་མོའི་རྣལ་འབྱོར་གྱིས་བཅོམ་པས། རྒྱུད་ལས། པདྨ་རང་གི་གནས་སུ་བསྒོམ། །འདོད་ཆགས་ཆོས་ཀུན་སྤྱོད་པ་ཡི། །མགོན་པོ་རང་རང་གནས་ན་གསལ། །དྲི་མེད་དག་པའི་ཐིག་ལེ་ལས། །འོད་ཟེར་ལྔ་ཡི་སྣང་བར་བཅས། །རང་གི་གནས་ནས་འཕྲོ་མཛད་ཅིང་། །སོགས་ཀྱི་སྦས་དོན། རྒྱུད་ལས། ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ། །རྡོ་རྗེ་སྙིང་པོ་མཁའ་འདྲ་ཞིང་། །རྡུལ་བྲལ་ཐར་པ་ཞི་བའི་ཆོས། །དྭང་བའི་རང་བཞིན་དེ་ཡིན་ནོ། །ཞེས་སོ། །ཡེ་ཤེས་ནམ་མཁའི་གཟུགས་ཅན་མངོན་སུམ་དུ་མཐོང་བའི། །མ་བཅོས་གཉུག་མར་བཞག་པའི་ཉམས་ལེན་འདི་ཨ་ཧོ། །གནས་སྐབས་རྡོ་རྗེ་གསུམ་གསལ་སྣང་བ་ལ་གོམས་པས། །རྣམ་བཞིའི་ཕྲིན་རྒྱུད་ལས། རྒྱལ་


JKT022_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀུན་གྱི་བདག་ཉིད་དེ། །རྣམ་གསུམ་ཕྱག་རྒྱ་ལ་སྦྱར་ནས། ལས་ཀྱི་དངོས་གྲུབ་སྒྲུབ་པ་ནི། །གནས་བཟང་དག་ཏུ་བརྩམ་པར་བྱ། །ཞེས་སོགས་ཀྱིས་བསྟན། ལས་གྲུབ་པའི་བརྟུལ་ཞུགས་དང་སྦྲགས་ནས། །མཐར་ཐུག་སློབ་པའི་རྣལ་འབྱོར་རིམ་གཉིས་ཀྱི་སྦྱོར་བས། རྒྱུད་ལས། སློབ་པའི་རྣལ་འབྱོར་གཉིས་བརྟེན་ནས། །ལྷུན་གྱིས་གྲུབ་པ་ལ་གོམས་ཏེ། །མི་འགྱུར་བདེན་པ་གཉིས་ལ་གནས། ཞེས་སོ། །ལྷུན་གྲུབ་གདོད་མའི་ཕ་མཐར་སོན་པ་འདི་ཨ་ཧོ། །དེ་སྐད་དྷ་ཏིར་སྦས་པའི་འོད་གསལ་གྱི་ཐིག་ལེ། །བདེ་སྟོང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཞལ་ལུང་། །གྲགས་སྟོང་རྡོ་རྗེའི་གླུ་ཡི་རོལ་མོ་རུ་ཤར་བས། །ལྷན་སྐྱེས་སྐུ་བཞི་འགྲུབ་པར་བྱིན་གྱིས་རང་རློབས་ཤིག །ཅེས་པའང་གསུང་གི་དབེན་གནས་བསམ་ཡས་མཆིམས་ཕུར་གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་དབང་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་དུ་ཚོགས་ཀྱི་འདུ་བ་བགྱིས་པའི་ཚེ་གང་ཤར་གླུར་བླངས་པའི་རྟོགས་པའོ།། །།ཡང་དག་ཐུགས་ཀྱི་དཀྱིལ་འཁོར་དུ་རྟོགས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་ཧེ་རུ་ཀའི་ཞལ་ལུང་ཅེས་བྱ་བ། ཨ་ཧོ། བརྟན་གཡོ་ཀུན་ལ་ཁྱབ་པའི་ཆོས་ཉིད་ཀྱི་རང་བཞིན། །བདེ་སྟོང་ཁ་སྦྱོར་མཚན་དཔེའི་སྣང་ཆ་རུ་ཤར་བས། །གློ་བུར་འཁྲུལ་པའི་རྒྱུ་བ་འོད་གསལ་དུ་ཐིམ་པ། །ཧེ་རུ་ཀཿ ཧེ་རུ་ཀའདུས་པ་ལས། །ཧེ་ནི་དགྱེས་པ་ཆེན་པོ་སྟེ། །རུ་ནི་ཚོགས་དང་བྲལ་བ་ཉིད། །ཀནི་ཕྲིན་ལས་མཛད་པར་ཤར། །ཅེས་སྐུ་གསུམ་དུ་རྣམ་པར་བཞག་གོ །དཔལ་འབར་བའི་དཀྱིལ་འཁོར་ལ་བཏུད་ནས། །ངེས་དོན་རྡོ་རྗེའི་


JKT022_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་ཐོལ་གླུ་ཞིག་ལེན་ནོ། །མཚན་ཉིད་ཀུན་ལྡན་ཁྱབ་བདག་འཁོར་ལོ་ཡི་མགོན་པོས། །དད་བརྩོན་བརྟུལ་ཞུགས་ལྡན་པའི་སྐལ་བཟང་གི་སློབ་མར། །ཕྱི་ནང་གསང་སྔ་མ་ལས། དཀྱིལ་འཁོར་འདི་ལ་རིམ་ཞུགས་ནས། །དབང་བཞི་རིམ་པ་བཞིན་དུ་སྦྱིན། ཞེས་སོ། །བའི་དབང་བསྐུར་དམ་ཚིག་ཀུན་བྱིན་པས། །རྒྱུད་དག་ནུས་པ་དེ་ཉིད་ལས། གང་གིས་གང་ལ་དབང་བསྐུར་བ། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་སོ། །ཐོབ་པའི་འཇུག་སྒོ་འདི་ཨ་ཧོ། །ཡང་དག་གྲུབ་པ་གཅིག ཧེ་རུ་ཀགལ་པོ་ལས། ཡང་དག་གྲུབ་པ་གཅིག་པུ་ནི། །སངས་རྒྱས་བདེ་གཤེགས་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་པས་རྒྱུད་གསུམ་གྱི་རྣམ་བཞག་དང་སྦྱར་ནས་རིམ་པར་བསྟན། པུའི་ལྷན་སྐྱེས་ཀྱི་རྣམ་འགྱུར། །སྲིད་དང་ཞི་བ་རོ་མཉམ་མཁའ་ཁྱབ་ཀྱི་ཡེ་ཤེས། །སངས་རྒྱས་ཀུན་དང་མཉམ་སྦྱོར་བློ་འདས་ཀྱི་གཤིས་ལུགས། །འགགས་མེད་མངོན་སུམ་རང་ངོར་ཤར་བ་འདི་ཨ་ཧོ། །མཉམ་བཞག་ལྷ་སྐུ་སྒྱུ་མའི་ཕྱག་རྒྱ་ལ་རོལ་ཞིང་། །རླུང་སྔགས་མི་ཤིག་རུ་ལུའི་སྒྲ་དབྱངས་སུ་གོམས་པས། །རྗེས་ཐོབ་ཅིར་སྣང་དག་པ་རབ་འབྱམས་སུ་སད་པའི། ཧེ་རུ་ཀའདུས་པ་ལས། སྐུ་ནི་སྣང་བ་ཐམས་ཅད་སྟེ། །གསུང་ནི་བརྗོད་པ་ཀུན་ཉིད་དོ། །དྲན་རྟོགས་ཐུགས་སུ་དབྱེར་མེད་པས། །མ་ལུས་སྐུ་གསུང་ཐུགས་སུ་རྫོགས། །ཞེས་སོ། །འཁོར་འདས་དབྱེར་མེད་ཟླ


JKT022_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་གསུམ་གྱི་སྣང་ཞེན་རྣལ་འབྱོར་དུ་སྦྱོར་བས། སངས་རྒྱས་མཉམ་སྦྱོར་བའི་རྒྱུད་ལས། །ལྡང་བ་སྤྲུལ་པའི་སྐུ་ཡིན་ཏེ། །རྨི་ལམ་ལོངས་སྤྱོད་རྫོགས་པའི་སྐུ། །གཉིད་ལོག་ཆོས་སྐུར་བསྒོམ་པར་བྱ། །ཅེས་པས་བསྟན། །སྐྱེ་བར་འཆི་བའི་རིམ་པ་སྐུ་གསུམ་དུ་རྫོགས་ཤིང་། །མཚན་མེད་ཇི་བཞིན་ཉིད་དབྱིངས་ཕྱག་རྒྱ་ཡིས་བཏབ་པས། །གཞི་འབྲས་གཉིས་སུ་མེད་པར་གྲོལ་བ་འདི་ཨ་ཧོ། །ཐུན་མོང་གང་འདུལ་ཕྲིན་ལས་རྣམ་བཞི་སྔ་མར། སྟོང་དང་སྟོང་མིན་ཧེ་རུ་ཀ །བདེ་ཆེན་ཆོ་འཕྲུལ་སྣ་ཚོགས་གཟུགས། །ཞི་ལ་ཞི་དང་ཁྲོ་ལ་ཁྲོ། །ཆགས་ལ་ཆགས་དང་རྨོངས་ལ་རྨོངས། ཞེས་པས་བསྟན། ལ་སྤྱོད་ཅིང་། །ཁྱད་པར་ལམ་གྱུར་འབྲས་བུའི་བརྟུལ་ཞུགས་དང་འགྲོགས་ནས། དེ་ཉིད་ལས། རབ་ནི་སྐུ་ལྔ་ལྷུན་གྲུབ་ཐོབ། །འབྲིང་ནི་རིག་འཛིན་རྣམ་བཞིའི་ལུས། ཐ་མ་ལྷ་མིའི་མཚན་རྫོགས་པ། །འགྲུབ་པར་འགྱུར་བ་གདོན་མི་ཟ། །ཞེས་དང་། གལ་པོ་ཆེར། རྡོ་རྗེ་ཕུང་པོ་རིགས་ལྔ་ཉིད། །ཉོན་མོངས་ཡེ་ཤེས་ཆེན་པོར་གསལ། །ཁར་ཆད་དངོས་གྲུབ་ཉིད་དུ་གྲོལ། །རྡོ་རྗེའི་སྐུ་ལ་འཆི་བདག་མེད། །ཅེས་སོ། །མཁའ་ལྟར་དག་པའི་དབྱིངས་འགྲོ་ཡེ་ཤེས་ཀྱི་སྐྱ་ལུས། མཉམ་སྦྱོར་བས། ངོ་མཚར་སྒྱུ་མའི་ཕྱག་རྒྱ་ནི། །མཁའ་འགྲོ་མ་ཞེས་རབ་བསྟན་ཏོ། །དེ་ནི་ནམ་མཁའ་འགྲོ་བ་ཞེས། །ཁམས་ལས་མངོན་དུ་བརྟག་བ་སྟེ། །ནམ་མཁའ་ཀུན་གྱི་སྤྱོད་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་བརྟགས། །ཅེས་བསྟན། བདེ་ཆེན་མཆོག་ཏུ་མི་འགྱུར་གྲུབ་པ་འདི་ཨ་ཧོ། །དེ་སྐད་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི་དབུས་ན། །གདོད་


JKT022_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡོངས་གྲུབ་བཞུགས་པའི་དཔལ་ཆེན་གྱི་དཀྱིལ་འཁོར། །བདེ་སྟོང་བདུད་རྩིས་མྱོས་པའི་ཟབ་དོན་གྱི་རྒྱངས་གླུས། །འགྲོ་ཀུན་གདོད་མའི་བཙན་ས་ཟིན་པ་རུ་ཤོག་ཅིག །ཅེས་པའང་ཐུགས་ཀྱི་དབེན་གནས་ལྷོ་དྲག་མཁར་ཆུ་དཔལ་གྱི་ཕུག་རིང་དུ་ཀུན་ལྡན་གྱི་ལོའི་ཁྲུམས་ཟླའི་དམར་ཕྱོགས་ཀྱི་སྟོང་པ་གསུམ་པར་དཔལ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་དུ་ཚོགས་ཀྱི་འཁོར་ལོའི་འདུ་བ་བགྱིས་པའི་ཚེ་གང་ཤར་གྱི་རྟོགས་པ་བརྗོད་པའི་ས་བོན་ནོ། ༈།ཡོན་ཏན་བདུད་རྩིའི་དཀྱིལ་འཁོར་དུ་རྟོགས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་བདེ་ཆེན་གྲུབ་པའི་ཞལ་ལུང་ཅེས་བྱ་བ། ཨ་ཧོ། མི་འགྱུར་མཁའ་ལྟར་དག་པའི་འོད་གསལ་གྱི་རང་མདངས། །འགགས་མེད་སྐུ་དང་ཡེ་ཤེས་ཕྲིན་ལས་སུ་ཤར་བས། །ཐམས་ཅད་ལྷན་སྐྱེས་གྲུབ་པའི་ཐིག་ལེ་རུ་སྦྱོར་བའི། །ཡོན་ཏན་བདུད་རྩིའི་དཀྱིལ་འཁོར་འཁོར་ལོ་ལ་བཏུད་ནས། །རྒྱུ་ལམ་འབྲས་བུའི་རྣལ་འབྱོར་གླུ་དབྱངས་སུ་ལེན་ནོ། །བདུད་རྩི་མཆོག་གི་ལུང་བམ་པོ་བརྒྱད་པར། །སྒྲུབ་དང་བསྒྲུབ་པར་བྱ་བ་དང་། །འབྲས་བུ་ཐོབ་པར་བྱ་བའི་ཕྱིར། །གསང་སྔགས་གསང་བའི་མན་ངག་འདི། །བདུད་རྩི་དམ་པ་མཆོག་གི་ལུང་། ཞེས་དང་། ལྟ་བ་དང་ནི་སྤྱོད་པ་དང་། །དམ་ཚིག་སྒྲུབ་པ་ཕྲིན་ལས་དང་། །ངེས་བར་སྒྲུབ་པ་བསྒྲུབ་བྱའི་ཕྱིར། །ཟབ་མོ་བསྡུས་པའི་ལུང་འདི་གསུངས། །ཞེས་པ་དང་འབྲེལ་ལོ། །སྐྱེ་མེད་སྤྲོས་པ་ཀུན་བྲལ་ཆོས་ཉིད་ཀྱི་བདུད་རྩི། སྔ་མར། ཆོས་བདུད་རྩི་ཆེན་པོའི་དོན་འདི་ཡང་། །མ་སྐྱེས་མ་འགགས་མི་རྟོག་པས། མཚན་མ་དང་། མཚན་མ་མེད་པ་དང་། མི་


JKT022_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཐམས་ཅད་ལ་ཁྱབ་སྟེ་གནས་སོ། །ཞེས་དང་། བདུད་རྩི་ཆེན་པོའི་རང་བཞིན་ནི། །ཁ་དོག་དབྱིབས་དང་མཚན་མ་མེད། །འགོགས་པ་མེད་ཅིང་དབྱེ་བའང་མེད། །རྩ་བ་མེད་ཅིང་བསྟན་པའང་མེད། །བདུད་རྩི་ཆེ་ལ་བརྗོད་པའང་མེད། །ཉོན་མོང་དུག་དང་བདུད་བཞི་བཅོམ། །དྲི་མེད་དག་པའི་བྱང་ཆུབ་སེམས། །ངེས་དོན་དེ་ལ་འདུད་པར་བྱོས། །ཞེས་དང་། སྣང་སྲིད་ཡེ་ནས་བདུད་རྩི་ལྔ། །མ་བཅོས་མ་བསླད་དེ་བཞིན་གཤེགས། །ཞེས་སོགས་གསུངས་ཤིང་། གཞན་ཡང་ཆོས་དོན་རྟགས་ཀྱི་བདུད་རྩི་ལ་སྦྱར་ཚུལ་སོགས་ཞིབ་པར་དབྱེ་རུ་ཡོད་དོ། །འཁོར་འདས་ཡོངས་སུ་ཁྱབ་པའི་རང་བཞིན་ལ་བལྟས་པས། །སྣང་སྲིད་གདོད་ནས་བྱང་ཆུབ་འཕོ་མེད་ཀྱི་དྲ་བར། །གློ་བུར་འཁྲུལ་པའི་བདུད་བཞི་འཆིང་བ་འདི་ཨ་ཧོ། །ལྷུན་གྲུབ་རྡོ་རྗེ་ཕུང་པོའི་རང་བྱུང་གི་བདུད་རྩི། །ཡེ་ནས་རིགས་མཆོག་རྣམ་ལྔའི་དམ་རྫས་སུ་རྫོགས་ཤིང་། སྔ་བམ་ལས། བྱང་ཆུབ་སེམས་ནི་དཀར་བས་ན། །དྲི་མེད་དག་པ་ཡེ་ཤེས་སྐུ། །ཞེས་སོགས་ནས། སྐུ་ལྔ་ལྷུན་གྲུབ་བདུད་རྩི་འདི། །སོ་སོའི་ལུས་ལ་གནས་པ་ཡིན། །ཅེས་པའི་བར་གྱིས་བསྟན། རྩ་བ་ཡན་ལག་སྟོང་དེ་ཉིད་ལས། རྩ་བ་སྡོང་བུ་ཡལ་ག་དང་། །ལོ་མ་འདབ་མ་མེ་ཏོག་དང་། །ཤུན་ལྤགས་འབྲས་བུ་སྙིང་པོར་བཅས། །རོ་དང་མཐུ་དང་ཁ་དོག་ལས། །རྩ་བ་གཅིག་ལ་ཡན་ལག་བརྒྱད། །ཡན་ལག་བརྒྱད་ལས་ཡོན་ཏན་སྟོང་། །ཞེས་སོ། །སྦྱར་སྨན་མཆོག་དང་སྦྱར་བས། །སྐལ་བཟང་སྨིན་ཅིང་སྦྱོང་བའི་ཉེ་རྒྱུ་འདི་ཨ་ཧོ། །ཐ་མལ་མཚན་མའི་རྟོག་ཚོགས་བདུད་རྩི་རུ་སྦྱར་བའི། དེ་ལས། རྒྱུ་དང་


JKT022_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་ཐམས་ཅད་ནི། །སངས་རྒྱས་སྒྲུབ་པའི་རྒྱུ་དང་གཞི། །དམ་ཚིག་དམ་པར་སྲུང་བའི་རྫས། །བྱིན་གྱིས་བརླབ་པར་བྱ་བའོ། །བསྙེན་སྒྲུབ་ཡན་ལག་བཞི་ཡི་གྲོང་ཁྱེར་གྱི་དབུས་ན། །རྨད་བྱུང་ཏ་ན་ག་ནའི་བརྟུལ་ཞུགས་ལ་སྤྱོད་པའི། །གསང་སྔགས་ཐབས་ཀྱི་སྔ་མར། རི་ནི་ཉམས་དགའ་མདངས་བཟང་བ། །ཡིད་འོང་གནས་སུ་འདུག་ནས་ན། །བྱིན་རླབས་མཚམས་བཅད་བརྟག་བྱས་ལ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་པ། །དྲི་སྣ་ལྔ་ཡི་མཎྜལ་བྱ། སོགས་ཀྱིས་རྒྱས་པར་བསྟན། ལམ་མཆོག་ཟབ་མོ་འདི་ཨ་ཧོ། །གནས་སྐབས་རྣམ་པར་གྱུར་པའི་གདུང་བ་ཀུན་ཞི་ཞིང་། །བདེ་སྟོང་ཁམས་ཀྱི་འདུ་བ་དབུ་མ་རུ་རྒྱས་ཏེ། སྒྱུ་འཕྲུལ་དྲྭ་བ་ལས། འཐུང་ན་ངན་སོང་སྒྲིབ་པ་བྱང་། །རྟག་བརྟན་དངོས་གྲུབ་མཆོག་ཀྱང་འགྲུབ། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ལྷ་ལ་རྟག་ཏུ་མཆོད་བྱས་ན། །བདག་དང་གཉིས་སུ་མེད་པར་འགྱུར། །མི་མཐུན་ཕྱོགས་ལ་གཏོར་བྱས་ན། །དྲག་པོ་གཏུམ་པོའང་ལྷན་ནེར་འགྱུར། །གཞན་ཡང་དངོས་གྲུབ་ཐམས་ཅད་ནི། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། ཅེས་སོ། །སྙིང་པོ་བདེ་བམ་བརྒྱད་ལས། སྐྱེ་མེད་ཡེ་ཤེས་ཡུམ་གྱི་དབྱིངས། །གཉིས་མེད་བདུད་རྩི་ཆེན་པོ་སྟེ། །ཡབ་ཡུམ་བདེ་བའི་ངང་དུ་གསལ། །འདི་ནི་སྙིང་པོ་བྱང་ཆུབ་སེམས། །བདེ་གཤེགས་ཀུན་གྱིས་བཀའ་སྩལ་ཏོ། ། ཞེས་སོ། །བ་ཆེན་པོའི་ཕྱག་རྒྱ་ལ་སྦྱར་བས། །གཟུང་འཛིན་དབྱིངས་སུ་སྒྲོལ་བའི་དངོས་གྲུབ་འདི་ཨ་ཧོ། སྔ་མར། ཡེ་ནས་རྒྱུ་ཉིད་དག་པ་ལ། །ང་དང་བདག་ཏུ་འཛིན་པ་ཡིས། །ཁམས་གསུམ་འཁོར་བའི་རྒྱུ་རུ་འགྱུར། །ཁམས་གསུམ་


JKT022_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་བསྒྲལ་བའི་ཞིང་། ཞེས་སོགས་རྒྱས་པར་བསྟན་ཏོ། །མཐར་ཐུག་ཕུང་པོའི་ཟག་ཟད་འཆི་མེད་ཀྱི་ལང་ཚོས། །མཁའ་སྤྱོད་རིག་པ་འཛིན་བའི་གོ་འཕང་ལ་བརྟེན་ནས། དེ་ཉིད་ལས། ཟག་པ་ཟད་པས་ནམ་མཁར་འཕུར། ། རྡོ་རྗེའི་འགྲོས་ཀྱི་ནམ་མཁར་འགྲོ། །མཁའ་སྤྱོད་གོ་འཕང་འདིས་ཐོབ་བོ། །ཞེས་སོ། །སྐུ་གསུམ་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་དབྱིངས་སུ། །སྒྲིབ་གཉིས་རྒྱུ་བཅས་དག་པའི་འབྲས་བུ་འདི་ཨ་ཧོ། །དེ་སྐད་རང་བྱུང་ཡེ་ཤེས་སྔ་མར། ནམ་མཁའི་མཚན་ཉིད་སངས་རྒྱས་ཏེ། །མཚན་ཉིད་མེད་པས་ནམ་མཁའ་འདྲ། །བྱ་བ་མེད་པས་གྲོལ་བ་སྟེ། །བདུད་རྩི་མཆོག་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟན། ཨ་མྲྀ་ཏའི་ཕུང་པོ། །དཀྱིལ་འཁོར་དྲུག་དང་སྦྱོར་བ་བརྒྱད་ལྡན་དུ་ཤར་བའི། །རྟོགས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་འདི་བླངས་པས། །གཉིས་སྣང་རང་སར་གྲོལ་བའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་ཡོན་ཏན་དབེན་གནས་བསམ་འགྲུབ་ཤེལ་གྱི་བྲག་ཕུག་ཏུ་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་ཆེ་མཆོག་བདུད་རྩིའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་སྐབས་གང་ཤར་རྡོ་རྗེའི་གླུར་བླངས་པའི་རྟོགས་པའོ།། ༈ །།ཕྲིན་ལས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་རྟོགས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་རྡོ་རྗེ་ཁྲོས་པའི་ཞལ་ལུང་ཅེས་བྱ་བ། ཨ་ཧོ། ཆོས་དབྱིངས་འགྱུར་མེད་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས། །ཐབས་དང་ཤེས་རབ་ཟུང་འཇུག་གཟུགས་སྐུ་ཡི་སྒྱུ་འཕྲུལ། །གང་འདུལ་ཕྲིན་ལས་རྣམ་བཞིའི་རོལ་མོ་རུ་སྟོན་པའི། །བཅོམ་ལྡན་རྡོ་རྗེ་ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་


JKT022_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རྡོ་རྗེ་ཆོས་དབྱིངས་མི་འགྱུར་བ། །གཞོན་ནུ་གཟུགས་སྐུ་རྣམ་གཉིས་སོ། །ཞེས་བཤད། གཞོན་ནུའི་དཀྱིལ་འཁོར་ལ་བཏུད་ནས། །ཟབ་གསང་སྙིང་པོའི་ལམ་གྱི་ཐོལ་གླུ་ཞིག་ལེན་ནོ། །བུམ་གསང་ཤེས་རབ་ཡེ་ཤེས་དབང་བཞི་ཡི་ཕུར་བུ། །གནས་སྐབས་རྣམ་བཞིའི་བསྐྱེད་པའི་འཁྲུལ་ཆོས་ལ་ཐེབས་པས། ཐུགས་རྗེ་ཁྲོས་པའི་བཤད་རྒྱུད་ལས། །རྡུལ་ཚོན་ལུས་དང་བྱང་ཆུབ་སེམས། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་མཆོག །བརྟེན་ནས་དབང་རྣམས་ཡང་དག་བསྐུར། །བུམ་པ་གསང་བ་ཤེས་རབ་དབང་། །བཞི་པ་མཆོག་གི་དབང་ཆེན་ཡིན། །ཞེས་སོ། །ཕྱི་ནང་གསང་བ་མཐར་ཐུག་དཀྱིལ་འཁོར་བཞིའི་ཀློང་ནས། །སྐུ་གསུམ་དབྱེར་མེད་རྡོ་རྗེ་གཞོན་ནུ་དང་མཇལ་བྱུང་། །ཤིས་བློ་འདས་ཀྱི་ཕུར་བུས། ཕུར་པ་རྡོ་རྗེ་བཀོད་པའི་རྒྱུད་ཀྱི་རྒྱལ་པོ་ལས། །ཕུར་ནི་ཐབས་ཀྱི་རྒྱལ་པོ་ལ། །པ་ནི་ཤེས་རབ་ཡུམ་གྱི་དོན། །གཉིས་སུ་མེད་པ་རྡོ་རྗེའི་ངང་། །ཅེས་འབྱུང་ངོ་། །གཟུང་འཛིན་སྤང་བླང་བྲལ་བའི་ཆོས་དབྱིངས་སུ་ཐེབས་པས། ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། །ཕུར་པ་རང་བྱུང་ཡེ་ཤེས་ལ། །དབྱེ་བ་རྣམ་པ་བཞི་ཡིན་ཏེ། །རང་རིག་ཡེ་ཤེས་ཕུར་པ་ཡིས། །ཡུལ་ཆོས་དབྱིངས་ལ་གདབ་པ་དང་། །ཐུགས་རྗེ་ཆེན་པོའི་ཕུར་བ་ཡིས། །ཁམས་གསུམ་སེམས་ཅན་ཀུན་ལ་གདབ། །གསང་བ་བྱང་སེམས་ཕུར་པ་ཡིས། །ཡུམ་གྱི་མཁའ་ལ་གདབ་པ་དང་། །མཚན་མ་བྱང་སེམས་ཕུར་པ་ཡིས། །ཉམས་པ་བདུན་ལ་གདབ་པའོ། །ཞེས་གསུངས་ཤིང་། རྒྱུད་གཞན་ལས་ཀྱང་དེ་དང་མཐུན་པར་བསྟེན་པའི་དོན་རིམ་


JKT022_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཕྱེ་བ་སྟེ་ལུགས་འདིའི་གྲུབ་པའི་མཐའ་ཐུན་མོང་མ་ཡིན་པའོ། །འཁོར་འདས་གཉིས་སུ་མི་ཕྱེད་རྡུལ་བྲལ་གྱི་ཀློང་ནས། །ངེས་དོན་འགོགས་བདེན་རྡོ་རྗེ་གཞོན་ནུ་དང་མཇལ་བྱུང་། །ཚད་རྡོ་རྗེ་བཀོད་པ་ལས། ལྟ་བ་མཉམ་པར་བཀོད་པ་དང་། །སྤྱོད་པ་ཅིར་ཡང་མི་སྙམས་ཞིང་། །ཐབས་ཀྱིས་འགྲོ་བའི་དོན་བྱེད་པ། །དེ་ནི་དམ་ཚིག་མཆོག་ཏུ་གསུངས། །ཞེས་སོ། །མེད་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡི་ཕུར་བུ། །སྲིད་པ་སུམ་ཅུ་རྩ་གཅིག་གྲོང་ཁྱེར་དུ་ཐེབས་པས། འཁོར་བ་གདོད་ནས་དག་པའི་དཀྱིལ་འཁོར་གྱི་ཀློང་ནས། །སྣང་སྲིད་གཞིར་བཞེངས་རྡོ་རྗེ་གཞོན་ནུ་དང་མཇལ་བྱུང་། །རྗེས་ཆགས་སྒྱུ་མར་ཤར་བའི་བྱང་སེམས་ཀྱི་ཕུར་བུ། །ཤེས་རབ་སྟོང་ཆེན་ཡུམ་གྱི་མཁའ་དབྱིངས་སུ་ཐེབས་པས། །དབབ་བཟློག་འདྲེན་དགྲམ་དགའ་བཞིའི་ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། །མཚན་ལྡན་ཤེས་རབ་དག་ལ་ནི། །སྣ་ཚོགས་དྲི་ཡིས་རབ་བརྒྱན་ཞིང་། །བསྲུབས་དང་སྒྲུབ་པའི་ཐབས་དག་ལས། །མི་རྟོག་པ་ནི་རབ་ཏུ་སྐྱེ། །དགའ་བ་མཆོག་ཏུ་དགའ་བ་དང་། །མངོན་དགའ་རང་བཞིན་དགའ་བ་སྟེ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །བགྲོད་བྱེད་མན་ངག་དག་གིའོ། །ཞེས་སོ། །དཀྱིལ་འཁོར་གྱི་ཀློང་ནས། །བདེ་སྟོང་ཟུང་འཇུག་རྡོ་རྗེ་གཞོན་ནུ་དང་མཇལ་བྱུང་། །རྟེན་འབྲེལ་སྣང་ཚུལ་མ་འགགས་འདུས་བྱས་ཀྱི་ཕུར་བུ། །ཉོན་མོངས་རང་གར་ཤོར་བའི་དགྲ་བགེགས་ལ་ཐེབས་པས། །ལས་ངན་རྒྱུན་ཐག་གཅོད་བའི་དཀྱིལ་ཕུར་པ་རྡོ་རྗེ་བཀོད་པའི་རྒྱུད་ལས། །གང་ལ་


JKT022_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་ངོ་བོ་ལ། །གདབ་པའི་ལས་དག་བྱས་ནས་ནི། །རྣམ་ཤེས་དབྱིངས་སུ་ཡང་དག་སྦྱར། །ལྷག་མ་ལྷ་ལ་མཆོད་པར་བྱ། །ཞེས་དང་། གཞན་ཡང་རྣལ་འབྱོར་ཆེན་པོའི་རྒྱུད་ལས། བསྲེག་པ་མེ་ཡི་ལས་ལ་བསྐུར། །མནན་པ་ས་ཡང་དེ་བཞིན་ཏེ། །འཕང་བ་ཟོར་རུ་ཤེས་པར་བྱ། ཞེས་སོགས་ཀྱང་འདྲེན་ཏོ། །འཁོར་གྱི་ཀློང་ནས། །སྲིད་གསུམ་ཡོངས་སྒྲོལ་རྡོ་རྗེ་གཞོན་ནུ་དང་མཇལ་བྱུང་། །དེ་སྐད་རྡོ་རྗེ་ཁྲོས་པའི་ཞལ་ལུང་ལས་སྐྱེས་པའི། །རྒྱུད་ལུང་མན་ངག་སྙིང་པོར་དྲིལ་བ་ཡི་ཐོལ་གླུས། །དབྱིངས་དང་ཡེ་ཤེས་དབྱེར་མེད་རྡོ་རྗེ་ཡི་ཕུར་པར། །འཁོར་འདས་རང་སར་གྲོལ་བའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་ཕྲིན་ལས་ཀྱི་དབེན་གནས་མོན་ཁ་ནེའུ་རིང་སེང་གེ་རྫོང་དུ་ཀུན་ལྡན་དབྱུག་པ་ཟླ་༩བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་༦པར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་ཐལ་བ་བགྱིས་པའི་རྗེས་ཐོག་ཏུ་རྐང་འཐུང་ལང་ཚོས་བཀྲ་བའི་བསྟི་གནས་ཉམས་དགའ་བར་བྲིས་པའོ།། །།འདི་དག་དབེན་གནས་སོ་སོར་གནས་འབྲེལ་རེ་བྱས་པའི་ཚེ་བྲིས་པ་ལ། སླད་ནས་ཕྱོགས་གཅིག་ཏུ་བསྡེབས་ཤིང་རྒྱུད་དོན་དང་ཇི་ལྟར་འབྲེལ་བའི་ཚུལ་མཚོན་ཙམ་མཆན་བུ་གསལ་བར་བྱས་པ་སྟེ། གཞན་དུ་ཚུལ་འདི་ལས་བརྩམས་ནས་སོ་སོའི་གྲུབ་པའི་མཐའ་ཆུང་ཟད་འཆད་དུ་ཡོད་ཀྱང་། རྒྱུད་ལུང་མན་ངག་དབང་པོར་བཞག་ནས་ཟབ་མོའི་ལམ་སྒྲ་ཇི་བཞིན་དུ་སྟོན་པ་ལས། ཁམ་རེའི་ཟས་ལ་འདོམས་པས་མཚོན་གལ་ཆུང་ཆོས་ལ་བྱེད་པའི་དུས་འདིར་སྙིང་ནས་དོན་དུ་གཉེར་བ་ནམ་མཁའི་མེ་ཏོག་གི་སྤུན་ཟླར་སོང་བས་རེ་ཞིག་སྙིང་དབུས་དབུ་མའི་གྲོང་ཁྱེར་དུ་ངལ་གསོ་བར་བྱའོ། །གུ་


JKT022_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བྱ།། ༈ །།འོད་གསལ་ཕྱག་རྒྱ་ཆེན་པོའི་ལམ་གྱི་རིམ་པ་དང་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་ངེས་དོན་གྲུབ་པ་ཞེས་བྱ་བ། ཨ་ཧོ། རང་གྲོལ་གཉུག་མའི་ཡེ་ཤེས་ནི། །དྲི་མེད་སེམས་ཀྱི་རྡོ་རྗེ་སྟེ། །དོན་དམ་འགོགས་བདེན་ཆེན་པོའི་ཞལ། །ཡོངས་གྲུབ་བླ་མར་ཕྱག་བགྱིའོ། །སྦྱང་གཞི་རང་བཞིན་འོད་གསལ་བའི། །སྦྱང་བྱ་གློ་བུར་འཁྲུལ་པའི་དྲི། །སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་གྱིས། །སྦྱངས་འབྲས་ལྷན་སྐྱེས་མངོན་དུ་འགྱུར། །དེ་སླད་དེ་ཡི་ཨཱི ལམ་གྱི་རིམ། །སྐལ་བཟང་ཚེ་གཅིག་གྲོལ་འདོད་པའི། །དབང་རྣོན་རྣམས་ཀྱི་བགོ་སྐལ་དུ། །མདོར་བསྡུས་གང་ཤར་གླུ་རུ་ལེན། །ཐོག་མར་མཚན་ཉིད་ཀུན་ལྡན་པའི། །རྡོ་རྗེའི་སློབ་དཔོན་མཉེས་བྱས་ཏེ། །ཟབ་མོའི་མན་ངག་ལེགས་ཐོབ་ནས། །བློ་སྦྱོང་རིམ་པོ་འདི་ལྟར་བརྟག །དལ་བ་བརྒྱད་དང་འབྱོར་པ་བཅུས། །བརྒྱན་པའི་མི་ལུས་རིན་ཆེན་གང་། །དཔེ་གྲངས་རྒྱུ་དང་ངོ་བོ་ཡིས། །རྙེད་དཀའ་རྙེད་པ་འབྲས་བུར་བཅས། །དེ་ལྟ་ན་ཡང་བརྟན་གཡོའི་དངོས། །ཅིས་ཀྱང་མི་རྟག་འཇིག་པའི་ཕྱིར། །ནམ་འཆི་ཆ་མེད་འཆི་བའི་ཚེ། །དམ་ཆོས་མ་གཏོགས་སྐྱབས་གཞན་མེད། །ཤི་ནས་དཀར་ནག་ལས་ཉིད་ཀྱི། །རྗེས་སུ་ངེས་པར་འབྲངས་བ་ལས། །བདེ་བ་དང་ནི་སྡུག་བསྔལ་གྱི། །འབྲས་བུ་མི་བསླུ་སོ་སོར་སྨིན། །ཚུལ་དེས་འཁོར་བའི་གནས་རིགས་ནི། །གང་དུ་སྐྱེས་ཀྱང་འདུ་བྱེད་དང་། །འགྱུར་དང་སྡུག་བསྔལ་


JKT022_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ལས། འདའ་བ་མེད་པར་ངེས་རྙེད་བྱ། །དེས་ནི་དོན་མེད་བགྱི་བ་དང་། །ལེ་ལོ་དཀར་མིན་འཇུག་པའི་ལས། །སྲིད་པའི་གནས་ལས་བློ་ལྡོག་ཕྱིར། རྒྱུད་དང་འདྲེས་པར་ཉམས་སུ་བླང་། །དེ་ནས་ད་ལྟའི་མ་གྱུར་འགྲོ། །ཐམས་ཅད་བྱང་ཆུབ་མཆོག་ཐོབ་ཕྱིར། །བླ་མ་དཀོན་མཆོག་རྣམ་གསུམ་པོ། །མི་ཕྱེད་གཏན་གྱི་སྐྱབས་སུ་བཟུང་། །གཞན་ཕྱིར་རྫོགས་བྱང་འདོད་པའི་བློས། །སྨོན་དང་འཇུག་པའི་བྱང་ཆུབ་སེམས། །ཡང་དག་ཉིད་དུ་བླངས་ནས་ཀྱང་། །རྟག་ཏུ་བསླབ་ལ་གནས་པར་བྱ། །རྟོགས་པའི་ཡོན་ཏན་སྐྱེ་བའི་གེགས། །སྡིག་སྒྲིབ་རྒྱུར་བཅས་སྦྱང་བྱའི་ཕྱིར། །སྟོབས་བཞིའི་གནད་དང་ལྡན་པ་ཡིས། །རྡོ་རྗེ་སེམས་དཔའི་བསྒོམ་བཟླས་འབད། །མཐུན་རྐྱེན་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་གཉིས་མྱུར་དུ་བཟླུམས་པའི་སླད། །ཕྱི་ནང་གསང་བའི་མཎྜལ་གྱི། །མཆོད་པའི་སྤྲིན་* ཕུང་རྒྱ་ཆེར་སྤྲོ། །ཁྱད་པར་བྱིན་རླབས་འཕོ་བའི་དབང་། །ཐོབ་པའི་སྐད་ཅིག་དེ་ཉིད་ལ། །མངོན་སུམ་གཉུག་མའི་དོན་མཐོང་ཕྱིར། །བླ་མའི་རྣལ་འབྱོར་གནད་དུ་བསྣུན། །མདོར་ན་འདིར་སྣང་ཞེན་པ་ལྡོག ། མོས་གུས་དྲན་དང་ཤེས་བཞིན་དང་། །བཅོས་མིན་སྙིང་རྗེས་རྒྱུད་བརླན་པས། །ཚེ་གཅིག་དོན་གྱི་བཙན་ས་ཟིན། རྡོ་རྗེའི་ཐོལ་གླུ་ཡེ་ཤེས་གྲུབ་པ་ལས། སྔོན་དུ་འགྲོ་བའི་ལམ་གྱི་རིམ་པ་རྣམ་པར་ཕྱེ་བའི་


JKT022_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམས་ཏེ་དང་པོའོ། །དེ་ལྟར་ཐུན་མོང་ཐུན་མིན་གྱི། །སྦྱོར་བའི་ཆོས་ཀྱི་རིམ་པ་ལ། །ཉམས་མྱོང་བརྟན་པོར་སྐྱེས་པ་ཡིས། །དངོས་གཞིའི་ལམ་འདིར་འཇུག་པར་བྱ། །ཐོག་མར་གནས་ལུགས་གཅིག་ཉིད་ཀྱི། །དོན་ལ་རྗེས་སུ་དཔག་པའི་ཚེ། །བློ་དང་དབང་པོའི་ངོ་སྐལ་ལས། །རང་སྡེའི་གྲུབ་མཐའ་རྣམ་བཞིར་དབྱེ། །འོན་ཀྱང་བྱེ་མདོ་སེམས་གསུམ་པོ། །དངོས་པོར་སྨྲ་བའི་ཕྱོགས་བསླན་ནས། །དེ་ཀུན་རྩེ་མོར་གྱུར་པ་ནི། །དབུ་མ་ཉིད་དུ་འཇོག་པར་མཛད། །དེ་ལའང་གནས་སྐབས་ངེས་དོན་དང་། །མཐར་ཐུག་ངེས་དོན་གྱིས་དབྱེ་བས། །རང་སྟོང་གཞན་སྟོང་སྨྲ་བ་ཡི། །ཤིང་རྟའི་ལམ་སྲོལ་རྣམ་གཉིས་བྱུང་། །ཕྱི་མ་འཁོར་ལོ་ཐ་མ་ཡི། །མདོ་སྡེ་ལས་ཀྱང་རབ་གསལ་ཞིང་། །ས་བཅུའི་དབང་ཕྱུག་མ་ཕམ་པས། །རྡོ་རྗེའི་ཚིག་གིས་ལེགས་པར་བསྡུས། །དེ་ཡང་ཀུན་རྫོབ་ཆོས་རྣམས་ཀུན། །རང་གི་ངོ་བོས་སྟོང་པ་དང་། །དོན་དམ་བདེ་གཤེགས་སྙིང་པོ་ནི། །ཉོན་མོངས་གཞན་གྱིས་སྟོང་ཞེས་གསུངས། །ངོ་བོ་རྟག་བརྟན་འགྱུར་མེད་ཕྱིར། །རང་བཞིན་གནས་པའི་རིགས་ཞེས་བྱ། །སེམས་ཅན་ཁམས་ལ་ལྷུན་གྲུབ་ཏུ། །དབུལ་པོའི་ཁྱིམ་གྱི་གཏེར་བཞིན་བཞུགས། །དེ་ལྟ་ན་ཡང་གཉིས་འཛིན་མཐུས། ཀུན་གཞི་ཡིད་ཤེས་ཚོགས་དྲུག་དང་། །ཉོན་མོངས་ཡིད་ཀྱི་རྒྱུ་འབྲས་ལས། །སྲིད་པའི་འཁོར་ལོ་རྟག་ཏུ་འཕྱན། །ལམ་


JKT022_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཚོགས་གཉིས་མཐུས་སྦྱངས་པས། །རྒྱས་འགྱུར་རིགས་ཀྱིས་གློ་བུར་གྱི། །དྲི་མ་བསལ་ཏེ་ཡོན་ཏན་ཚོགས། །འབྲས་བུའི་ཤིང་བཞིན་གོང་དུ་འཕེལ། །མཐར་ཐུག་དག་པ་གཉིས་ལྡན་གྱི། །ཆོས་ཉིད་འདུས་མ་བྱས་པ་ཡི། །སྦྱང་གཞི་མངོན་དུ་གྱུར་པའི་ཕྱིར། །གཞི་འབྲས་རྣམ་དབྱེར་མེད་པའོ། །འདི་ནི་སྔགས་ཀྱི་སྡེ་སྣོད་དུའང་། །རྒྱུ་ཡི་རྒྱུ་དང་དག་པའི་བདག །སེམས་ཀྱི་རྡོ་རྗེ་འོད་གསལ་སེམས། །རྣམ་པ་ཀུན་གྱི་མཆོག་ལྡན་སོགས། །རྡོ་རྗེའི་མིང་གིས་རབ་ཕྱེ་ཞིང་། །ཁྱད་པར་ངེས་དོན་ཕྱག་རྒྱ་ཆེ། །ཁམས་གསུམ་ཀུན་ལ་རྒྱས་གདབ་པ། །བླ་ན་མེད་པའི་ཡེ་ཤེས་ནི། །འདི་ཁོ་ན་ལས་འདའ་བ་མེད། །དེ་ལྟར་རྟོགས་པའི་སྐལ་བཟང་དེས། །བསྒོམ་པའི་རིམ་པར་འཇུག་པ་ནི། །ཤིན་ཏུ་དབེན་ཞིང་ཉམས་དགའི་གནས། །འདུ་འཛིའི་གཡེང་བ་དང་བྲལ་བར། །བསམ་གཏན་ཚེར་མ་རིང་སྤངས་ནས། །ཞི་ལྷག་ཟུང་འབྲེལ་ཉམས་བླངས་ཏེ། །དང་པོ་བདེ་བའི་སྟན་ཉིད་ལ། །ལུས་གནད་རྣམ་སྣང་ཆོས་བདུན་དང་། །སེམས་གནད་འདས་པའི་རྗེས་མི་འབྲིངས། །མ་འོངས་འཁྲུལ་པའི་འདུན་མི་བསུ། །* ད་ལྟའི་རྟོག་པ་ཅི་ཤར་ཡང་། །ཐད་ཀར་བཟོ་མེད་ལྷན་ནེར་འཇོག །སྐབས་སུ་ཤིང་བུ་རྡེའུ་དང་། །ཁྱད་པར་ཐུབ་པའི་དབང་པོའི་སྐུར། །དམིགས་པ་ཉེ་བར་གཏད་ནས་ནི། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །


JKT022_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་བུམ་ཅན་སྦྱོར་བ་དང་། །རྡོར་བཟླས་ཐིག་ལེ་ཕྲ་མོ་དང་། །སྟོང་ཆེན་རིམ་སྡུད་བསམ་གཏན་སོགས། །ཇི་ལྟར་འོས་པའི་སེམས་འཛིན་བསྟེན། །གང་ཚེ་བྱིངས་ན་སྤྱི་བོར་དང་། །རྒོད་ན་ལྟེ་འོག་ཐིག་ལེ་ལ། །དམིགས་པ་གཏོད་སོགས་ཐབས་མཁས་དང་། །མ་བཅོས་རང་གྲོལ་ངང་དུ་བཞག །དེ་ལྟར་འབད་པས་འཇུག་པ་ལ། །དང་པོ་རྣམ་རྟོག་གཡོ་བ་ཡིས། །མཉམ་བཞག་ངང་དུ་མི་གནས་པ། ། རི་གཟར་འབབ་ཆུ་ལྟ་བུ་འབྱུང་། །དེ་ནས་ཆུ་བོ་དལ་འབབ་ལྟར། །རྟོག་པ་རེས་འཕྲོ་རེས་ཟིན་པས། །ཐ་མ་རྒྱ་མཚོ་ཆེན་པོ་ལྟར། །གཡོ་མེད་ཉིད་དུ་རྩེ་གཅིག་གནས། །གཞན་དུ་གཡོ་ཐོབ་གོམས་བརྟན་དང་། །མཐར་ཕྱིན་ཉམས་ལྔར་བཤད་པ་ཡང་། །དོན་དུ་སྨོས་མ་ཐག་པ་ཡི། །ཉམས་ཀྱི་རིམ་པར་འདུ་བའོ། །མདོར་ན་ཡུལ་དང་ཡུལ་ཅན་གྱི། །སྣང་བ་གསལ་ལ་འཛིན་མེད་དང་། །ལྷན་ནེར་གནས་ཤིང་ལུས་དང་སེམས། །ཤིན་ཏུ་སྦྱངས་པའི་བདེ་བས་ཚིམ། །དེ་ཚེ་ཟག་པར་བཅས་པ་ཡི། །མངོན་ཤེས་རྫུ་འཕྲུལ་སྣ་ཚོགས་འབྱུང་། །ཉོན་མོངས་ཞེན་པ་ཤུགས་ཀྱིས་ཆུང་། །འདི་དག་གོམས་པའི་རྟགས་སུ་བཤད། །གཉིས་པ་ཆོས་རྣམས་རབ་འབྱེད་པའི། །སྒོམ་བྱུང་ཤེས་རབ་ཟབ་མོ་ཡིས། །སྔ་མ་བས་ལྷག་ངོ་བོ་ཉིད། །མངོན་སུམ་ཉིད་དུ་མཐོང་བ་སྟེ། །འདི་ལྟར་ཕྱི་རོལ་སྣང་བ་ཀུན། །བདེན་མེད་སྒྱུ་མ་


JKT022_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་བཞིན། །དེ་ཡང་སེམས་ཀྱི་རྣམ་འཕྲུལ་དུ། །ལེགས་པར་བརྟགས་པས་གཟུང་ཡུལ་འཇིག །ནང་གི་སེམས་ཀྱང་སྐྱེ་འགགས་དང་། །འགྲོ་འོང་གནས་པའི་མཚན་མ་སྟོང་། །བསམ་གྱིས་མི་ཁྱབ་ཆེན་པོ་སྟེ། །འཛིན་པའི་རང་གཟུགས་ངེས་པར་སྤངས། །དེ་ལྟར་གཟུང་འཛིན་བྲལ་བ་ཡི། །འགྱུར་མེད་རིག་སྟོང་ཕྱག་རྒྱ་ཆེ། །འཁོར་དང་འདས་པའི་དུས་ཀུན་ཏུ། །སྤང་ཐོབ་མེད་པར་ལྷུན་གྱིས་གྲུབ། །མཐར་ཐུག་གློ་བུར་སྒྲིབ་པའི་རྒྱུན། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བཅོམ་ལས་གདོད་མའི་དེ་ཁོ་ན། །རང་རིག་གཉུག་མའི་ངོ་བོར་གྲོལ། །གཞན་དུ་འདི་ལ་རིག་པ་དང་། །སྔ་མར་རྐང་པའི་སྒྲས་བསྟན་ཏེ། །རྟེན་དང་བརྟེན་པའི་ཚུལ་ཉིད་ཀྱིས། །ཐར་པའི་གྲོང་དུ་དཀྲི་ཕྱིར་རོ། །གསུམ་པ་ཞི་གནས་གོམས་པ་ལས། །ལྷག་མཐོང་ཤེས་རབ་སྐྱེས་པའི་ཚེ། །དེ་ཉིད་བསམ་གཏན་ངོ་བོ་རུ། །རྫོགས་པས་ཟུང་དུ་འཇུག་པ་ཡིན། །དེ་སླད་བསལ་བཞག་སྤང་བླང་དང་། །དགག་སྒྲུབ་རེ་དོགས་ལས་འདས་པའི། །ཐ་མལ་ཤེས་པ་རྗེན་པའི་ངང་། །མ་ཡེངས་དྲན་པའི་རང་རྩལ་སྐྱོངས། །མདོར་ན་མཉམ་པར་བཞག་པའི་སྐབས། །ཞི་ལྷག་ཟུང་འབྲེལ་རྣལ་འབྱོར་དང་། །རྗེས་ཐོབ་སྣང་ཆ་ཐམས་ཅད་ཀུན། །རྟེན་འབྱུང་སྒྱུ་མའི་ཚུལ་དུ་བལྟ། །དེ་ལྟར་མ་རྟོགས་འགྲོ་བ་ལ། །བཟོད་མེད་སྙིང་རྗེས་རྒྱུད་བརླན་ཅིང་། །


JKT022_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ངོ་བོ་སྟོང་པ་རུ། །རྟོགས་པས་དོན་གཉིས་ལྷུན་གྱིས་གྲུབ། །རྗེས་སུ་བསགས་དང་ཡོད་པ་ཡི། །རྣམ་པར་དཀར་བའི་ཚོགས་གཉིས་རྒྱུན། །འཁོར་གསུམ་ཡང་དག་ཆེན་པོའི་ངང་། །འགྲོ་ཀུན་ཚོགས་གཉིས་རྒྱུ་རུ་བསྔོ། །གེགས་སེལ་བོགས་འདོན་བླ་མ་ལ། །སྙིང་ནས་གསོལ་གདབ་དབང་བཞི་བླང་། །གང་ཤར་རང་ངོར་འཇོག་པ་དང་། །ཐབས་ཤེས་ཟུང་འབྲེལ་དགེ་ཆོས་སྡུད། །མཐར་གྱིས་དྲན་འཛིན་རྩོལ་བ་དང་། །མཉམ་གཞག་རྗེས་ཐོབ་སོ་མཚམས་ཞིག །གཉིས་སྣང་ཕྲ་མོ་བཅས་པ་ཡང་། །སྤངས་པས་གཟོད་མའི་ས་ལ་རེག །དེ་ཚེ་ངོ་བོ་རང་བཞིན་དང་། །ཐུགས་རྗེ་དབྱེར་མི་ཕྱེད་པ་ཡི། །ལྷན་སྐྱེས་སྐུ་བཞི་མངོན་གྱུར་པ། །བྲལ་སྨིན་ལས་འདས་འབྲས་བུའོ། རྡོ་རྗེའི་ཐོལ་གླུ་ངེས་དོན་གྲུབ་པ་ལས། དངོས་གཞིའི་ལམ་གྱི་རིམ་པ་རྣམ་པར་ཕྱེ་བའི་ཚོམས་ཏེ་གཉིས་པའོ།། །།སླར་ཡང་དེ་ལས་འཕྲོས་པ་ཡི། །ཚིག་འགའ་སྙིང་པོར་དྲིལ་ཏེ་བརྗོད། །གང་དག་བླ་ན་མེད་པ་ཡི། །སྤྱོད་ཡུལ་ཟབ་མོ་འདི་རྟོགས་ནས། །མཐའ་བྲལ་བདེན་པའི་མཆོག་བརྙེས་ཕྱིར། །ངེས་དོན་དབུ་མ་ཆེན་པོ་སྟེ། །དང་པོ་ལྷན་ཅིག་སྐྱེས་པ་ལ། །ཕྱིས་ནས་སྦྱོར་བར་བྱེད་པའི་ཕྱིར། །ལྷན་ཅིག་སྐྱེས་སྦྱོར་ཞེས་སུ་བརྗོད། །འཁོར་འདས་ལམ་གསུམ་ཆོས་རྣམས་ཀུན། །རིམ་དང་གཅིག་ཅར་བྲལ་བ་རུ། །གཉུག་མའི་དབྱིངས་སུ་རྫོགས་པའི་ཕྱིར། །


JKT022_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་རྫོགས་པ་ཆེན་པོ་ཡིན། །རྟོག་ཚོགས་ཤར་གྲོལ་དུས་མཉམ་དབྱིངས། །ཉེ་བར་ཞི་བས་ཞི་བྱེད་ལ། །གཟུང་འཛིན་ཐད་ཀར་གཅོད་པའི་ཕྱིར། །གཅོད་ཡུལ་ཞེས་སུ་སྒྲོགས་པར་མཛད། །མདོར་ན་ཟབ་དང་རྒྱ་ཆེའི་ཆོས། །མཐའ་དག་དངོས་དང་རྒྱུད་ཉིད་ནས། །སྦྲང་རྩིའི་རོ་དང་ཁོང་སྦུབས་བཞིན། །དམ་པའི་ཆོས་འདིར་གཞོལ་ཞིང་འབབ། །ཁྱད་པར་དུས་གསུམ་རྒྱལ་བའི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་མ་ཞེས། །གྲགས་པ་ཆོས་ཀྱི་འབྱུང་གནས་ཀྱང་། །ཕྱག་རྒྱ་འདི་ལས་མི་གཞན་ནོ། །ལས་ཆོས་དམ་ཚིག་སྔོན་སོང་བས། །སྒྲུབ་པ་རིམ་འཇུག་ཙམ་ཞིག་སྟེ། །དབང་རྣོན་གཅིག་ཅར་རིགས་ཅན་གྱིས། །སྐད་ཅིག་གཅིག་གིས་མཐོང་ཞིང་གྲོལ། །རླུང་དང་ཕྱག་རྒྱའི་བྱེད་ལས་ལས། །བྱུང་བའི་གསལ་བདེའི་ལྟ་བ་དང་། །བློ་དང་ལྷན་ཅིག་གནས་པའི་ཕྱིར། །གྲོལ་བ་ཉིད་དང་ཁ་ཐག་རིང་། །དེ་ཕྱིར་གཅིག་ཤེས་ཀུན་གྲོལ་གྱི། །ལྟ་བའི་རིམ་པ་འདི་རྟོགས་ནས། །བསྒོམ་པའི་ལམ་ལ་འཇུག་པ་ཡང་། །འབྲས་བུའི་ཉམས་ལེན་མཐར་ཐུག་སྟེ། །དབང་བསྐུར་ཀུན་གྱི་དེ་ཁོ་ན། །རྡོ་རྗེ་ཡེ་ཤེས་འཕོ་བ་ཡི། །དཔེ་དང་གཏན་ཚིགས་ཙམ་མིན་པར། །རྒྱུ་རྒྱུད་གནས་ལུགས་མངོན་སུམ་བསྟན། །ལམ་རྒྱུད་གང་གིས་རྒྱས་འདེབས་པ། །ཟབ་མོའི་བླ་མའི་རྣལ་འབྱོར་ནི། །ཀུན་བརྟགས་ཙམ་མིན་ཡོངས་གྲུབ་པའི། །


JKT022_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་རིམ་པའི་མཆོག་ཡིན་ཏེ། །མི་ཤིགས་ནཱ་དར་སོན་པ་ཡི། །ཟུང་འཇུག་བཟླས་པ་རྒྱུན་ཆད་མེད། །འོད་གསལ་ལྷན་ཅིག་སྐྱེས་པའི་དངོས། །རྫོགས་རིམ་ཀུན་གྱི་རྩེ་མོར་ཤར། །རྡོ་རྗེ་ལུས་ཀྱི་བྱེད་ལྷ པ་ནི། །གཉིས་མེད་ཡེ་ཤེས་ཉིད་དུ་བཅིངས། །འབྱུང་ལྔའི་རླུང་སེམས་རྒྱུར་བཅས་པ། །འགྲོ་འོང་མེད་པའི་དབྱིངས་སུ་ཐིམ། །འཕོ་ཆགས་བྲལ་བའི་བདེ་ཆེན་རོལ། །མཚན་མའི་ཐིག་ལེ་རབ་ཟོས་པས། །སྣང་སེམས་ཉམས་མྱོང་ཀུན་འཆར་ཞིང་། །མཐར་ཐུག་དབུ་མར་མཆོག་འགྲུབ་བོ། །གཞན་ཡང་སྔགས་ཀྱི་འདུལ་བ་ནི། །འདུ་ཤེས་འདོད་ཆགས་བྲལ་བ་ལ། །ཡེ་སྲུང་ཆེན་པོར་རྫོགས་པས་ནས། །སྡོམ་དང་སྡོམ་མིན་ཡོངས་སུ་སྤངས། །སྣང་སེམས་གཉིས་ཀྱིས་བསྡུས་པའི་ཆོས། །རོ་མཉམ་ཆེན་པོར་བརྡལ་བའི་ཕྱིར། །ཉེ་རྒྱུའི་སྤྱོད་པའི་མཐར་ཐུག་གིས། །གཟུང་འཛིན་འཁྲུལ་པའི་ཕྱོགས་ལས་རྒྱལ། །ཤེས་དང་ཤེས་བྱ་སྙོམས་འཇུག་པ། །མཆོག་ཏུ་མི་འགྱུར་ཚོགས་རྫོགས་པས། །ལྷན་སྐྱེས་སྒྲིབ་བྲལ་འབྲས་བུའི་རྒྱུད། །ཚེ་འདི་ཉིད་ལ་མངོན་དུ་བྱེད། །དེ་བཞིན་ཕར་ཕྱིན་ཐེག་པ་དང་། །རྗེས་མཐུན་ས་ལམ་རྫོགས་པའི་ཚུལ། །རེ་ཞིག་ཐུན་མིན་བཞེད་པའི་སྙིང་། །རྣལ་འབྱོར་བཞི་ཡི་རིམ་པའང་། །རྩེ་གཅིག་འཇིག་རྟེན་ཚོགས་ལམ་སྟེ། །ཐོག་མར་ཆུང་ངུའི་གནས་སྐབས་སུ། །ངོ་བོ་མི་རྟོག་པར་གནས་ཤིང་། །


JKT022_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་པོར་དེ་ཉིད་བརྟན་པ་དང་། །མཐར་ཕྱིན་ཉིན་མཚན་ཁོར་ཡུག་འབྱུང་། །འདི་ལ་བདེ་གསལ་སྟོང་ཉིད་ངང་། །གཡོ་མེད་གནས་པ་མཉམ་བཞག་དང་། །གཅིག་ཤོས་རྗེས་ཐོབ་ཉིད་ཡིན་ཕྱིར། །འདུ་འཛི་སྤངས་པའི་བརྩོན་འགྲུས་ཀྱིས། །ཞེན་པ་མེད་པར་ཉམས་བླངས་པས། །ཟག་བཅས་མངོན་ཤེས་སོགས་ཀྱང་འགྲུབ། །དེ་ནས་སྔར་གྱི་ཉམས་ཞིག་པས། །རང་སེམས་སྐྱེ་འགགས་བྲལ་བ་དང་། །བཟང་ཞེན་འཆིང་བ་རྣམ་སྤངས་པའི། །སྤྲོས་བྲལ་ཆུང་ངུ་འབྲིང་པོའི་མཐུས། །ངོ་བོའི་བཞུགས་ཚུལ་ཇི་ལྟ་བའི། །ཉམས་མྱོང་རྣལ་མར་སྦྱོར་བའི་ལམ། །མཐར་ཕྱིན་ཕྱི་རོལ་སྣང་ཆ་ཀུན། །སེམས་ཀྱི་རོལ་པར་ཤེས་པ་དང་། །དེ་ཡང་བློ་འདས་ལྷུན་གྲུབ་ཏུ། །རྟོགས་པས་ཆོས་ཉིད་བདེན་པ་མཐོང་། །དུས་འདིར་དྲན་པས་ཟིན་ཙམ་ནས། །རྩོལ་བྲལ་མཉམ་བཞག་དབང་བསྒྱུར་ཞིང་། །དེ་ལས་ལྡོག་ཚེ་འཁྲུལ་བཅས་པའི། །རྗེས་ཐོབ་ཡིན་ཕྱིར་དྲན་འཛིན་གཅེས། །མཐོང་ཟིན་ཡིད་བྱེད་ལས་འདས་པས། །གོམས་པར་བྱ་བ་སྒོམ་པའི་ལམ། །ཆུང་ངུར་འཁོར་དང་འདས་པའི་ཆོས། །སྣང་སྟོང་རོ་མཉམ་གཅིག་ཏུ་རྟོགས། །འབྲིང་པོར་སྣ་ཚོགས་གཟུང་འཛིན་ཡུལ། །སེམས་ཉིད་ཁོ་ནའི་རང་རྩལ་དུ། །ཤེས་པས་སྟོང་ཉིད་རྒྱུ་འབྲས་སུ། །ཤར་ནས་སྒྲོ་སྐུར་རང་ངོར་ཞིག །ཆེན་པོར་སྣང་སྲིད་སྐྱེ་མེད་དབྱིངས། །ཞི་བས་


JKT022_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྣང་ཕྲ་མོའང་སྤངས། །ཡུལ་ཅན་གཉུག་མའི་ཡེ་ཤེས་དང་། །ཡུལ་སྣང་ལུང་མ་བསྟན་པ་ལ། །མཉམ་རྗེས་ཐ་དད་གདགས་པ་སྟེ། །དོན་དུ་བློས་བྱས་འཇུར་དྲན་དང་། །ཐ་མལ་འཁྲུལ་པས་མ་བསླད་པའི། །ཡེངས་མེད་འཛིན་མེད་རྣལ་འབྱོར་མཆོག །གོ་ཡུལ་ཙམ་མིན་ཉམས་སུ་མྱོང་། །མཐར་ཐུག་བཞག་བྱ་འཇོག་བྱེད་ཀྱི། །སྤྲོས་པ་མ་ལུས་རྒྱུན་ཆད་ནས། །མཉམ་རྗེས་རེས་འཇོག་སྤངས་པ་ཡི། །སྒོམ་མེད་ཆུང་ངུར་རྗེས་ཐོབ་ཀྱི། །སྒྱུ་མའི་གཟུགས་བརྙན་སྤངས་པ་སྟེ། །འབྲིང་པོར་རྗེས་ཤེས་བག་ཉལ་གྱི། །གཉིས་སྣང་ཤིན་ཏུ་ཕྲ་བ་ཉིད། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བཅོམ་པའི་སྐད་ཅིག་དེ་ཉིད་ལ། །ཆེན་པོར་སློབ་ལམ་ལས་འདས་པའི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ། །མདོར་ན་ཉམས་སྣང་རྩེ་གཅིག་བརྟན། །རྣམ་རྟོག་སྤྲོས་བྲལ་ཆོས་སྐུར་ཤར། །སྣང་བ་སྒོམ་དུ་རོ་གཅིག་ཅིང་། །སྒྱུ་མའི་མྱོང་བ་བྲལ་བའོ། །འདི་ནི་རྡོ་རྗེ་ཐེག་པ་ཡི། །འཇུག་སྒོ་དབང་བཞིའི་རྟོགས་པ་སྟེ། །དེས་ན་ཀུན་ཉོན་ས་བོན་བཅས། །མཐའ་དག་སྤངས་པའི་ནུས་པར་ལྡན། །དེ་ལྟའི་ཉམས་ལེན་གནས་སྐབས་སུ། །གོལ་ཤོར་ནོར་སའི་གེགས་བསལ་ཏེ། །དང་པོ་བདེ་གསལ་མི་རྟོག་ཀྱང་། །ཉམས་ཀྱི་འཆར་སྒོ་ཙམ་ཉིད་ཕྱིར། ཞེན་ན་འདོད་གཟུགས་གཟུགས་མེད་ཀྱི། །ཁམས་གསུམ་ངག་ཏུ་འཆིང་བར་བྱེད། །གཉིས་


JKT022_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟོང་ཉིད་གཤེས་དང་ལམ། །རྒྱས་འདེབས་གཉེན་པོར་ཤོར་བ་སྟེ། །དེ་ཡང་ཐམས་ཅད་སྟོང་ཉིད་ཕྱིར། རྒྱུ་འབྲས་གྲུབ་པ་མེད་སྙམས་དང་། །ཇི་ཙམ་གོ་ཡང་རང་རྒྱུད་ལ། །ཉམས་མྱོང་བྲལ་བ་དང་པོའོ། །སྐུ་གསུམ་ལྷན་སྐྱེས་མ་ཤེས་པར། །འབྲས་བུ་གཞན་ན་རེ་བ་དང་། །མ་བཅོས་གཉུག་མ་ལས་གཞན་པའི། །བློ་བྱས་འཛིན་རྩོལ་གཉིས་པར་བཤད། །ཐབས་ཤེས་དབྱེར་མེད་མ་རྟོགས་པར། །ཐབས་ལ་སྟོང་པས་རྒྱས་འདེབས་དང་། །གང་ཤར་སྣང་བ་ལམ་ཁྱེར་ལ། །རེ་དོགས་བླང་དོར་གསུམ་པ་སྟེ། །རྟོག་ཚོགས་གཟོད་ནས་རང་གྲོལ་ཀྱང་། །གཉེན་པོའི་ཡེ་ཤེས་བརྟེན་པ་དང་། །སེམས་བྱུང་འཇུག་པ་སྟོང་འཛིན་གྱིས། །ཆེད་དུ་དགག་པ་བཞི་པར་འདོད། །གསུམ་པ་ཚོགས་དྲུག་དགག་པ་དང་། །གསལ་ཆ་མེད་པའི་མི་རྟོག་པ། ལུང་མ་བསྟན་དུ་བྱིང་བ་སོགས། །ཞི་གནས་རྩེ་གཅིག་ཤར་བར་རློམ། །རྟོག་གེ་ཁོ་ནའི་ཐལ་འགྱུར་རོ། །ཡིད་དཔྱོད་བཅོས་མའི་ཆོས་ཉིད་དང་། །དྲན་པས་མ་ཟིན་འཁྲུལ་པ་ལ། །ལྷག་མཐོང་ཡེ་ཤེས་ཉིད་དོ་ལོ། །ཟུང་འཇུག་གནས་ལ་རྨོངས་པའམ། །ཞི་གནས་ཙམ་དང་མ་བྲལ་བཞིན། །རྟོག་ཅིང་དཔྱོད་པར་སྨྲ་བ་སོགས། །ཐམས་ཅད་འཁྲུལ་པའི་ཕྱོགས་སུ་ལྷུང་། །དེ་ཕྱིར་རྟོགས་པ་མཆོག་ལྡན་པའི། །བཤེས་གཉེན་དམ་པར་གུས་བསྟེན་ནས། །སྤྲོས་བྲལ་མངོན་སུམ་


JKT022_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་བར། །རིམ་པ་བཞིན་དུ་རྗེས་སུ་སློབས། །གཞན་ཡང་ཉམས་ལེན་བོགས་འདོན་ཅིང་། །དགེ་སྦྱོར་སྲང་དུ་གཞུག་པའི་ཕྱིར། །དུས་ཀྱི་གནས་སྐབས་དང་བསྟུན་པའི། །རྣལ་འབྱོར་རྣམ་པ་དྲུག་ཡིན་ཏེ། །ཐོ་རངས་ཡེ་ཤེས་གསལ་འདེབས་ཕྱིར། །གཉིད་ལས་སད་པའི་དེ་མ་ཐག །སྟོང་ཉིད་སྙིང་རྗེ་ཟུང་འཇུག་པས། །གཞན་ཕྱིར་དགེ་བའི་སྤྱོད་པ་བརྩམས། །ཉིན་པར་སྣང་བ་གང་ཤར་ཀུན། །རྨི་ལམ་སྒྱུ་མར་རྒྱས་གདབ་སྟེ། །རང་བཞིན་མེད་པར་བསྒོམ་པ་ཡིས། །བདེན་འཛིན་འཇིག་ཅིང་བར་དོ་འབྱོངས། །ནང་ནུབ་བཟའ་བཏུང་འདོད་ཡོན་ཀུན། །ཞེན་མེད་སྟོང་པར་ལམ་ཁྱེར་རམ། །ཕུང་ཁམས་དཀྱིལ་འཁོར་མཆོད་པའི་ཕྱིར། །རོལ་པས་མི་འཆིང་ཚོགས་ཆེན་རྫོགས། །སྲོད་ལ་དབང་པོ་གཞི་བསྡུའི་ཕྱིར། །ཉིན་པར་ཚུལ་མིན་ཡིད་བྱེད་ཀྱི། །རྗེས་སུ་མི་འབྲེངས་རང་ངོ་བལྟ། །མཚན་མོ་རྣལ་འབྱོར་སྲང་དུ་འཛུད། །ནམ་གུང་ཤེས་བྱ་བུམ་གཞུག་གིས། །སྙིང་དབུས་ཁྱབ་བདག་བླ་མ་བསྒོམ། །གསོལ་གདབ་སྤྲོས་བྲལ་ངང་དུ་བཞག །འོད་གསལ་མ་བུ་འདྲེས་པར་བྱེད། །ནམ་ཞིག་འཆི་བའི་དུས་བབ་ཚེ། །ཡེ་ཤེས་ཟང་ཐལ་རྣལ་འབྱོར་ནི། །དངོས་པོ་ཀུན་ལ་ཆགས་ཞེན་བཅད། །ཉེས་ལྟུང་བཤགས་ཤིང་སྙིང་ནས་བསྡམ། །དགེ་ཚོགས་རྗེས་སུ་ཡི་རང་བློས། །བླ་མེད་བྱང་ཆུབ་རྒྱུ་རུ་བསྔོ། །ཕུང་ཁམས་ཟག་མེད་


JKT022_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ཡིས། །མཆོད་སྦྱིན་མགྲོན་རྣམས་ཚིམ་བྱས་ཏེ། །འདི་ལྟར་ཐོག་མར་མ་སྐྱེས་ཕྱིར། །ཐ་མར་གང་དུ་འགགས་པར་འགྱུར། །དེ་ཕྱིར་སྐྱེ་འཆི་བྲལ་བ་ཡིས། །ཕྱག་རྒྱ་ཆེན་པོར་མཉམ་བཞག་པས། །དོན་གྱི་བསྲེ་འཕོ་ལམ་དུ་ལོངས། །མདོར་ན་འཆི་བའི་རྟོག་པ་ནི། །མ་བཅོས་ཆོས་སྐུའི་དབྱིངས་སུ་གྲོལ། །བར་དོ་སྣང་སྟོང་རོ་མཉམ་དུ། །རྟོགས་པས་ལོངས་སྤྱོད་རྫོགས་སྐུར་ཤར། །སྐྱེ་སྲིད་བླ་མའི་མོས་གུས་ཀྱིས། །སྤྲུལ་པའི་སྐུ་རུ་དབུགས་འབྱིན་ཕྱིར། །དབང་པོའི་རིམ་པ་རྗེས་མཐུན་པའི། །ལམ་གྱི་རྣལ་འབྱོར་རྫོགས་པའོ། །སྤྱོད་པ་གནས་སྐབས་རྗེས་ཐོབ་ཏུ། །སྒྱུ་མ་ལྟ་བུའི་དགེ་ཆོས་སྡུད། །གཞན་དུ་མཉམ་བཞག་སེམས་བརྟན་ན། །དེ་ལ་གཙོ་བོར་སྟོན་མི་བྱ། །ཅི་ཕྱིར་ཟག་བྲལ་ཚུལ་ཁྲིམས་དང་། །དམིགས་མེད་སྙིང་རྗེ་དོན་དམ་སེམས། །རྣམ་གྲོལ་དམ་ཚིག་སྡོམ་པ་སྟེ། །སྦྱིན་སོགས་ཐབས་ཀྱི་སྤྱོད་པ་ཡང་། །དེ་ཁོ་ན་ལས་མི་འདའ་བར། །རྡོ་རྗེའི་ཚིག་གིས་རབ་བཀྲལ་ཞིང་། །གྲུབ་པའི་སློབ་དཔོན་རྣམས་ཀྱིས་ཀྱང་། །དགོངས་པ་གཅིག་ཏུ་འབབ་པར་གསུངས། །དེ་སླད་བཅིང་གྲོལ་ལས་འདས་པའི། །གནས་ལུགས་འདི་ནི་སུས་རྟོགས་པ། །དབང་རྣོན་གཅིག་ཅར་རིགས་ཅན་ཏེ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །རྟེན་དང་བརྟེན་པར་བཅས་པ་ཡི། །བྲལ་སྨིན་ཡོན་ཏན་མཐའ་ཀླས་ཀྱང་། །


JKT022_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་མ་ཡི་སྲད་བཞིན་དུ། །ཨེ་ཝཾ་གཉིས་སུ་མེད་པར་བཞུགས། །རང་བཞིན་ལྷན་སྐྱེས་ཆོས་སྐུ་སྟེ། །འགགས་མེད་ཟུང་འཇུག་ལོངས་སྤྱོད་རྫོགས། །སྣ་ཚོགས་གཟུགས་ཅན་སྤྲུལ་པའི་གར། །དབྱེར་མེད་བདེ་ཆེན་ངོ་བོ་ཉིད། །དག་པའི་ཡེ་ཤེས་མ་འདྲེས་པར། །གཟིགས་པས་མེ་ལོང་ལྟ་བུ་དང་། །དངོས་ཀུན་གཅིག་ཏུ་ཐུགས་ཆུད་ཕྱིར། །མཉམ་པ་ཉིད་ཅེས་བྱ་བར་བཤད། །ཀུན་ཁྱབ་འགྱུར་མེད་བདེན་པ་ཡིས། །ཤེས་བྱ་ཀུན་མཁྱེན་སོ་སོར་རྟོགས། །སྒྲིབ་གཉིས་ཆ་དང་བཅས་པའི་རྒྱུན། །ཤིན་ཏུ་རྣམ་དག་ཆོས་དབྱིངས་སོ། །དེས་ན་སྐུ་དང་ཡེ་ཤེས་ཀྱི། །ཡོན་ཏན་བདེ་ཆེན་རོ་མྱོང་བརྒྱད། །འདུ་འབྲལ་མེད་པར་དབང་བྱས་པས། །ཇི་སྲིད་འཁོར་བ་དེ་སྲིད་དུ། །རྟག་ཅིང་ཁྱབ་དང་ལྷུན་གྲུབ་པའི། །དོན་གཉིས་ཕྲིན་ལས་རྒྱུན་མི་ཆད། །དེ་ཕྱིར་སྐལ་བཟང་རྣམ་དཔྱོད་ཅན། །ཚེ་གཅིག་བྱང་ཆུབ་ཐོབ་འདོད་ཀུན། །བཤད་པ་གང་དེའི་རྗེས་ཞུགས་ཏེ། །གྲུབ་པའི་རྣམ་ཐར་འཛིན་པར་མཛོད། །རྡོ་རྗེའི་ཐོལ་གླུ་ངེས་དོན་གྲུབ་པ་ལས། འཕྲོས་དོན་གྱི་རིམ་པ་རྣམ་པར་ཕྱེ་བའི་ཚོམས་ཏེ་གསུམ་པའོ།། །།འདི་ནི་གྲུབ་པའི་ཧེ་རུ་ཀཿ །རྗེ་བཙུན་ཆོས་ཀྱི་བློ་གྲོས་ཀྱིས། །བྱིན་བརླབས་འོག་མིན་གཉིས་པའི་ཞིང་། །པུ་ཏྲ་ཀོ་ཊི་ཞེས་གྲགས་པར། །གཏད་མེད་ཀུན་ཏུ་རྒྱུ་བ་ཡི། །རྣལ་འབྱོར་པདྨ་དགྱེས་པའི་སྡེས། །མགོན་པོ་


JKT022_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཞལ་སྐྱིན་ལ། །སྙིང་ནས་དད་པས་གསོལ་བཏབ་སྟེ། །ལམ་དབང་ཆོ་གས་དགེ་བྱས་ཚེ། །ཇི་ལྟར་ཤར་བའི་རྟོགས་པ་ལས། །མདོ་སྔགས་ཐུན་མོང་ཁྲིད་ཚུལ་གྱི། །འོད་གསལ་ཕྱག་རྒྱ་ཆེན་པོའི་ལམ། །ཟབ་ཅིང་རྒྱ་ཆེའི་གཞུང་བཟང་ཀུན། །སྙིང་པོར་དྲིལ་ཏེ་ཉེ་བར་གདམས། །འོན་ཀྱང་སོ་སྐྱེའི་བློ་གྲོས་ཀྱིས། །ནོངས་པ་གྱུར་ཀུན་མཐོལ་བགྱིད་ཅིང་། །དགེ་བས་ནང་གི་དེ་བཞིན་ཉིད། །ཡེ་ཤེས་མིག་གིས་མཐོང་བ་ལས། །སྲིད་མཚོར་བྱིངས་པའི་འགྲོ་བ་ཀུན། །ཕྱག་རྒྱ་ཆེན་པོར་རེག་གྱུར་ཅིག། ༈ །།ན་ཚ་ལམ་ཁྱེར་གྱི་རྡོ་རྗེའི་ཐོལ་གླུ་ཆོས་ཉིད་གྲུབ་པའི་བདུད་རྩི་ཞེས་བྱ་བ། ཨ་ཧོ། འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ཀུན། །འོད་གསལ་བའི་དབྱིངས་སུ་ཟད་ནས་སླར། །འཕོ་ཆེན་གྱི་གཟུགས་སྐུར་ཡོངས་བཞེངས་པ། །དཔལ་འཆི་མེད་པདྨ་ཀཱ་རར་འདུད། །ཕྱི་འབྱུང་བཞི་འདུས་པའི་ཕུང་པོ་ལ། །གློ་བུར་བྲོ་ནད་ཀྱིས་ཐེབས་པའི་ཚེ། །ནང་རིག་སྟོང་གཉུག་མའི་ཁྱེའུ་ཡིས། །སྣང་བ་ལམ་ཁྱེར་གྱི་གླུ་འདི་བླངས། །གནས་འཁོར་བ་མཐོ་དམན་གར་སྐྱེས་ཀྱང་། །ཚུལ་འདི་ལྟའི་སྡུག་བསྔལ་འབའ་ཞིག་ལས། །གཏན་བདེ་བའི་གོ་སྐབས་བྲལ་བར་མཐོང་། །འདི་ངེས་འབྱུང་ལམ་ཁྱེར་གྱི་གནད་གཅིག་ལགས། །དོན་དེ་སླད་མ་གྱུར་འགྲོ་བ་ཡི། །སྡུག་བསྔལ་བདག་ལ་ལེན་པ་དང་། །བདག་ཉིད་ཀྱི་བདེ་བ་གཞན་ལ་


JKT022_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་། །འདི་སྙིང་རྗེ་ལམ་ཁྱེར་གྱི་གནད་གཅིག་ལགས། །ཚེ་རབས་ནས་བསགས་པའི་སྡིག་ལྟུང་ཚོགས། །རྐྱེན་ངན་ལ་བསྟེན་ནས་སྦྱང་བའི་ཕྱིར། །ཕ་བླ་མའི་ཐུགས་རྗེར་སྙིང་ནས་དད། །འདི་མོས་གུས་ལམ་ཁྱེར་གྱི་གནད་གཅིག་ལགས། །ནད་ཟུག་རྔུའི་ངོ་བོར་བལྟས་པའི་ཚེ། །སྤང་གཉེན་གྱི་གཟུང་འཛིན་དབྱིངས་སུ་ཡལ། །བདེ་སྟོང་གི་ཉམས་ཤིག་དེ་རུ་འཆར། །འདི་ཕྱག་ཆེན་ལམ་ཁྱེར་གྱི་གནད་གཅིག་ལགས། །ནང་བདག་གཞན་གཉིས་ཀ་རྒྱུ་མེད་པས། །སྐྱེ་བ་དང་འགགས་པ་མ་མཆིས་ཕྱིར། །སྟོང་པ་དང་རྟེན་འབྱུང་འགལ་མེད་རྟོགས། །འདི་དབུ་མ་ལམ་ཁྱེར་གྱི་གནད་གཅིག་ལགས། །སྡུག་བསྔལ་གྱི་ཟུག་རྔུ་མྱོང་བའི་སེམས། །རང་རིག་པའི་དཔའ་བོས་ཟིལ་མནན་པས། །ཅེར་གྲོལ་གྱི་ཡེ་ཤེས་དེ་རུ་མཇལ། །འདི་རྫོགས་ཆེན་ལམ་ཁྱེར་གྱི་གནད་གཅིག་ལགས། །གཤིས་གདོད་ནས་དག་པའི་ཆོས་ཉིད་ལ། །གློ་བུར་གྱི་རྟོག་པ་རང་སར་གྲོལ། །དོན་དེ་ཕྱིར་སྨྲ་བསམ་བརྗོད་ལས་འདས། །འདི་ལྟ་བ་ལམ་ཁྱེར་གྱི་གནད་གཅིག་ལགས། །སེམས་ཐོག་ཏུ་ནད་ཟུག་མ་བླངས་པར། །ནད་ཐོག་ཏུ་རིག་སྟོང་རྗེན་པར་བཞག ། ཡེངས་མེད་ལ་འཛིན་མེད་ཀྱི་དྲན་པས་སྐྱོང་། །འདི་སྒོམ་པ་ལམ་ཁྱེར་གྱི་གནད་གཅིག་ལགས། །ཀུན་རྫོབ་ཏུ་གཟུགས་ཕུང་ཚོགས་སུ་ཕུལ། །དོན་དམ་དུ་དབྱིངས་རིག་དབྱེར་མེད་བསྲེས། །དུས་ཀུན་ཏུ་


JKT022_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གསུམ་སྒྱུ་མར་བལྟས། །འདི་སྤྱོད་པ་ལམ་ཁྱེར་གྱི་གནད་གཅིག་ལགས། །བཟོད་མེད་ཀྱི་ནད་ཟུག་གཡོ་འཕྲུལ་པོ། །ད་ལྟ་ཡེ་ཤེས་པ་རྗེན་པའི་ཀློང་། །སྐྱེ་འགགས་དང་གནས་གསུམ་བྲལ་བར་ཐིམ། །འདི་ཆོས་སྐུ་ལམ་ཁྱེར་གྱི་གནད་གཅིག་ལགས། །དབྱིངས་བློ་འདས་རྣམ་ཀུན་མཆོག་ལྡན་པས། །རྩལ་སྣང་སྟོང་ཆུ་ཟླ་ལྟ་བུར་ཤར། །ཤར་ཙམ་ནས་རང་གི་ངོ་བོར་གྲོལ། །འདི་ལོངས་སྐུ་ལམ་ཁྱེར་གྱི་གནད་གཅིག་ལགས། །རྐྱེན་གང་བྱུང་ངོ་བོའི་ཐུགས་རྗེ་ལ། །རོ་སྙོམས་ཀྱི་བརྟུལ་ཞུགས་ལམ་ལོངས་པས། །རེ་དོགས་ཀྱི་བླང་དོར་ཐད་ཀར་བཅད། །འདི་སྤྲུལ་སྐུ་ལམ་ཁྱེར་གྱི་གནད་གཅིག་ལགས། །ཚིག་དེ་སྐད་གསལ་འདེབས་ཉམས་ཀྱི་གླུ། །གནས་ལྷོ་མོན་ནགས་མའི་ལྗོངས་ཀྱི་མགོ །དཔལ་སྐུ་ལྷ་མཁའ་རིའི་ཉེ་ཞོལ་དུ། །སྤྲང་གཏད་མེད་པདྨ་དགྱེས་པས་བྲིས།། ༈ །།པཎྜི་ཏ་ཆེན་པོ་དྲི་མེད་བཤེས་གཉེན་དང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གཉིས་སུ་མེད་པར་བསྔགས་པའི་རྡོ་རྗེའི་ཐོལ་གླུ་དད་པའི་ཏམྦུར་ཞེས་བྱ་བ། ཨ་ཧོ། ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་གྲོང་དུ། །ཟུང་འཇུག་གྲུབ་པའི་ངལ་གསོལ་རོ་ལ་ཀྱང་། །འཕོ་ཆེན་འཇའ་ལུས་རྡོ་རྗེ་རུ་བཞེངས་པའི། །པཎ་ཆེན་དྲི་མེད་བཤེས་གཉེན་ལ་འདུད་དོ། །གང་གི་ཡེ་ཤེས་ཆེན་པོ་ཡི་སྒྱུ་འཕྲུལ། །ཚུར་མཐོང་གདན་གསུམ་རྩེ་དགའ་རུ་ཆགས་པས། །སྙིང་པོའི་བསྟན་པའི་ཤིང་རྟ་རུ་སྣང་བའི། །


JKT022_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་འདུད་དོ། །རྨད་བྱུང་ཟག་བྲལ་ཚུལ་ཁྲིམས་ཀྱི་ལང་ཚོར། །རིག་གྲོལ་སྤོབས་པའི་འཇོ་སྒེག་གིས་འཁྱུད་པས། །ཟབ་ཅིང་རྒྱ་ཆེའི་བློ་གྲོས་ཀྱི་མཚར་སྡུག །དཔྱོད་ལྡན་ཀུན་ཡིད་འཕྲོག་པ་ལ་འདུད་དོ། །ངག་གི་དཔལ་གྱུར་འཇམ་མགོན་གྱི་ཞབས་སེན། །སྙིང་དབུས་མི་ཤིགས་དགའ་ཚལ་དུ་བཀོད་པས། །ཤེས་བྱའི་གནས་ཀུན་ཐོགས་མེད་དུ་གཟིགས་པའི། །ངོ་མཚར་གྲུབ་པའི་དབང་པོ་ལ་འདུད་དོ། །དྲི་བྲལ་དབྱིངས་རིག་དབྱེར་མེད་ཀྱི་ཆོས་ཉིད། །འོད་གསལ་འཇའ་ཟེར་ཐིག་ལེ་ཡི་གར་མཁན། །ཡིད་དཔྱོད་དང་བྲལ་མངོན་སུམ་དུ་གཟིགས་པས། །མཐའ་གཉིས་འཕྲང་ལས་བརྒལ་བ་ལ་འདུད་དོ། །འཁྲུལ་ཆོས་ལས་འདས་སྣང་ཉམས་ཀྱི་རོལ་མོ། །གོང་འཕེལ་དབྱིངས་ཀྱི་བཀོད་པ་ལ་སྦྱར་བས། །སྣ་ཚོགས་ཡུལ་གྱི་རྒྱུ་བ་ཀུན་མ་ལུས། །གང་ཤར་རང་སར་གྲོལ་བ་ལ་འདུད་དོ། །གཞི་འཛིན་ལྷག་མཐོང་ཡུལ་སྣང་གི་རིག་པ། །དབྱེར་མེད་དག་པ་ཚད་ཕེབས་ཀྱི་ནམ་མཁར། །བློས་བྱས་འཛིན་རྩོལ་སྤྲིན་ཚོགས་ཀུན་དེངས་པའི། །རྡོ་རྗེའི་རྣལ་འབྱོར་གྲུབ་པ་ལ་འདུད་དོ། །ཤིན་ཏུ་ཕྲ་བ་ཆོས་ཉིད་ཀྱི་ཀློང་དུ། །སྤང་གཉེན་བསལ་བཞག་མཚན་མ་ཀུན་ཟད་པས། །བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས། །རབ་འབྱམས་རྒྱལ་ཀུན་ངོ་བོ་ལ་འདུད་དོ། །རྟག་པར་གཞན་ཕན་སྙིང་རྗེ་ཡིས་དྲངས་


JKT022_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པས། །བསམ་ལས་སྤྲུལ་པའི་ཕྲིན་ལས་དང་སྦྲགས་ནས། །འགྲོ་ཁམས་རྒྱ་མཚོ་ཐར་པ་ལ་སྦྱོར་བའི། །ཡོན་ཏན་ཕ་མཐའ་ཡས་པ་ལ་འདུད་དོ། །རང་སྣང་རྡུལ་བྲལ་འོག་མིན་གྱི་ཞིང་དུ། །ཁ་སྦྱོར་རྡོ་རྗེའི་མཚན་དཔེ་ཡི་གཟི་བརྗིད། །ཡན་ལག་བདུན་ལྡན་ཆེན་པོ་རུ་འབར་བའི། །ལོངས་སྤྱོད་ཡོངས་རྫོགས་འཁོར་ལོ་ལ་འདུད་དོ། །གཞི་ལས་འཕགས་པའི་གཞི་སྣང་གི་ཕྱག་རྒྱར། །ཀློང་ཡངས་ནང་གསལ་ཟུང་འཇུག་གི་སྣང་བས། །དྲི་བཅས་འཁྲུལ་པའི་མུན་པ་ཀུན་ཟོས་པས། །འཕོ་མེད་ཁྱད་ཆོས་དྲུག་ལྡན་ལ་འདུད་དོ། །དེ་སྐད་མགྲིན་པ་ལོངས་སྤྱོད་ཀྱི་རྒྱུད་མངས། །གང་ཤར་བསྔགས་པའི་སོར་མོ་།. ཡིས་བསྐུལ་བས། །རང་སྣང་པདྨ་དྲྭ་བ་ཡི་གླིང་དུ། །མཆོག་དངོས་གྲུབ་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་ལྷོ་མོན་ནགས་མའི་ལྗོངས་ཀྱི་ནུབ་ཕྱོགས་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་དུ་ཀུན་མཁྱེན་ཆེན་པོ་དེ་ཉིད་ཀྱི་དབུ་ཀླད་རིང་བསྲེལ་། གྱི་ཕུང་པོ་ངོ་མཚར་ཟད་མི་ཤེས་པ་མངོན་སུམ་འདྲེན་བྱེད་བདུད་རྩིར་ལོངས་སྤྱད་པའི་རྗེས་ཐོག་ཏུ་དད་གདུང་ཆེར་འབར་ཏེ་བརྗོད་པ་འགྲོ་ཀུན་ཀ་དག་དང་ལྷུན་གྲུབ་ཟུང་དུ་འཇུག་པའི་ནང་དབྱིངས་ཆེན་པོར་སྐད་ཅིག་ལ་གྲོལ་བའི་རྒྱུར་གྱུར་ཅིག། ༈ །།རྡོ་རྗེའི་གནས་ཡུལ་འཛུམ་བཅས་ཨུཏྤལ་འབར་བས་རེག་པའི་ནགས་ཚལ་དང་། །དེ་དེར་རྒྱུ་བའི་རྣལ་འབྱོར་གཞོན་ནུ་སྦྲང་རྩིས་མགྲིན་པར་འཁྱུད་པ་སྟེ། །གང་གིས་མི་ཟད་གླུ་དབྱངས་སྒྲོག་པའང་རྣ་བར་བདུད་རྩིའི་དགའ་སྟོན་


JKT022_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །སྔོན་མེད་དཔྱིད་ཀྱི་དཔལ་མོ་འདི་ཡིས་སྐལ་བཟང་ཚོགས་རྣམས་ངལ་འཚོར་གྱུར། དེ་སླད་དོན་བཟང་རོ་ལྡན་པའི། །ཚིག་སྙན་པུཎྜ་རཱི་ཀའི་ཕྲེང་། །དབང་རྣོན་མཛེས་མའི་རྣམ་འབྱེད་པའི། །མཚར་སྡུག་གྲོགས་སུ་ད་ལོངས་ཤིག །ཅེས་པའང་བར་སྐབས་ཀྱི་ཆེད་དུ་བརྗོད་པའི་སྙན་ངགས་ཀྱི་ཏམྦུར་ཅུང་ཟད་བསྒྲེངས་པའོ། །སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ།། ༈ །།ཞེས་བྱ་བ་བཞུགས། ན་མོ་གུ་རུ་བྷྱ༔ ཡེ་གྲོལ་གདོད་ནས་རྣམ་དག་ཀ་དག་གི་གཞི་དབྱིངས། །བསྐྱར་གྲོལ་རང་ཤེས་རང་གྲོལ་ལྷུན་གྲུབ་ཀྱི་ངོ་བོ། །མཐའ་གྲོལ་གཞོན་ནུ་བུམ་སྐུའི་བླ་མ་དེ་མཁྱེན་ནོ། །དག་པ་གཉིས་ལྡན་ཆོས་སྐུའི་དངོས་གྲུབ་དེ་སྩོལ་ཤོག །བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ། །སྟོང་དང་སྙིང་རྗེ་ཟུང་འཇུག་ཕྱིར་གསལ་གྱི་རང་གདངས། །གང་འདུལ་ལོངས་སྤྱོད་རྫོགས་སྐུའི་བླ་མ་དེ་མཁྱེན་ནོ། །ཁ་སྦྱོར་ཡན་ལག་བདུན་ལྡན་དངོས་གྲུབ་དེ་སྩོལ་ཤོག །ཆོས་ཉིད་ཇི་བཞིན་ཉིད་དབྱིངས་རྣམ་དག་གི་ཀློང་ནས། །ཆོས་ཅན་འགྲོ་རྣམས་བདེ་ཆེན་ཡེ་ཤེས་སུ་སྒྲོལ་ཕྱིར། །སྣ་ཚོགས་མ་ངེས་སྤྲུལ་པའི་བླ་མ་དེ་མཁྱེན་ནོ། །འགྲོ་འདུལ་མཁྱེན་དང་བརྩེ་བའི་དངོས་གྲུབ་དེ་སྩོལ་ཤོག །སྐུ་གསུམ་རྣམ་པར་དབྱེ་བའི་ངོ་བོ་དང་རང་བཞིན། །ཐུགས་རྗེའི་བྱེ་བྲག་སོ་སོར་འབྱེད་པ་ཡི་ཆོས་རྣམས། །རོ་གཅིག་བློ་


JKT022_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དབྱེར་མེད་བླ་མ་དེ་དྲན་བྱུང་། །ངོ་བོ་ཉིད་སྐུའི་ཡེ་ཤེས་ཆེན་པོ་དེ་སྩོལ་ཤོག །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་ལ་སོགས་ཀྱི་ཡོན་ཏན། །རང་རིག་བདེ་གཤེགས་སྙིང་པོ་ཉག་གཅིག་ལ་རྫོགས་པས། །། མངོན་པར་བྱང་ཆུབ་དཔལ་ལྡན་བླ་མ་དེ་དྲན་བྱུང་། །ས་ལམ་ཡོན་ཏན་རྫོགས་པར་བྱིན་གྱིས་རང་རློབས་ཤིག །གང་ལྟར་སྣང་ཡང་སྣང་སྲིད་འཁོར་འདས་དེ་མ་གྲུབ། །ཇི་ལྟར་གཡོས་ཀྱང་རང་བྱུང་ཐུགས་རྗེ་ཡི་ཡེ་ཤེས། །མི་འགྱུར་རྡོ་རྗེའི་ངོ་བོ་བླ་མ་དེ་དྲན་བྱུང་། །བློ་བྲལ་འགྱུར་མེད་རྟོགས་པར་བྱིན་གྱིས་རང་རློབས་ཤིག །ཨ་ཧོ། མ་སྐྱེས་གདོད་ནས་དག་པ་ཀ་དག་གི་ངང་ནས། །འགག་མེད་རྡོ་རྗེའི་ཐོལ་གླུའི་སྐྱེས་བཟང་དེ་བླངས་པས། །དཔའ་བོ་མཁའ་འགྲོ་དགྱེས་པའི་འཛུན་ཞལ་རང་སྟོན་ནས། །ལྷན་སྐྱེས་སྐུ་བཞི་ཐོབ་པར་བྱིན་གྱིས་རང་རློབས་ཤིག ༈ །།བླ་མ་སྐུ་གསུམ་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་གཉུག་མའི་སྒྲ་དབྱངས་ཅེས་བྱ་བ། ཨ་ཧོ། ཡེ་ནས་མངོན་སངས་རྒྱས་པའི་ཀ་དག་གི་ཀློང་ནས། །གཟུང་འཛིན་འཁྲུལ་པས་མ་གོས་རང་རིག་གི་ངོ་བོ། །ཐོག་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དེ་བཞུགས་ཡོད། །ཁྱད་ཆོས་དྲུག་ལྡན་ཆོས་སྐུའི་དངོས་གྲུབ་རང་སྩོལ་ཤོག །རང་སྣང་རང་བཞིན་མེད་པའི་ངོ་བོ་ལས་སྐྱེས་པའི། །ཀུན་བརྟགས་འཁྲུལ་པ་ཟད་པའི་རིག་སྟོང་གི་རོལ་པ། །རིགས་ལྔའི་སངས་རྒྱས་འཁོར་ཚོགས་རྒྱ་མཚོ་དེ་


JKT022_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཡོད། །ཁ་སྦྱོར་ཡན་ལག་བདུན་ལྡན་དངོས་གྲུབ་རང་སྩོལ་ཤོག །ཐུགས་རྗེ་ཕྱོགས་རིས་མེད་པའི་བདེ་ཆེན་གྱི་ཀློང་ནས། །གང་ཤར་མཚན་དཔེའི་ཡོན་ཏན་རང་ངོ་རུ་གྲོལ་བའི། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོམ་བུ་དེ་བཞུགས་ཡོད། །སྣང་སྟོང་ལྷུན་གྲུབ་ཆེན་པོའི་དངོས་གྲུབ་རང་སྩོལ་ཤོག །ཚོགས་བརྒྱད་དབུ་མར་ཐིམ་པ་སྲིན་ཡུལ་གྱི་གྲོང་དུ། །འཁོར་འདས་མིང་བཏགས་ཟད་པའི་སྐུ་གསུམ་གྱི་ངོ་བོ། །འཆི་མེད་འཇའ་ལུས་པདྨ་ཐོད་ཕྲེང་དེ་བཞུགས་ཡོད། །དོན་གཉིས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་རང་སྩོལ་ཤོག །རང་ལུས་ཕུང་ཁམས་སྐྱེ་མཆེད་ཡོངས་གྲུབ་ཀྱི་ཀློང་ནས། །ཞི་དང་ཁྲོ་གར་རྨད་བྱུང་སྒྱུ་འཕྲུལ་གྱི་དྲྭ་བ། །གདན་གསུམ་ཡོངས་རྫོགས་དཀྱིལ་འཁོར་ལྷ་ཚོགས་དེ་བཞུགས་ཡོད། །སྣང་ཞེན་ཕྱག་རྒྱར་རོལ་པའི་དངོས་གྲུབ་རང་སྩོལ་ཤོག །འཁོར་ལོ་ལྔ་ཡི་རྩ་སྦྱོང་རྩ་གནས་ཀྱི་གྲོང་དུ། །བདེ་སྟོང་མཉམ་པར་སྦྱོར་བའི་ལྷན་སྐྱེས་ཀྱི་གར་མཁན། །དཔའ་བོ་ཌཱ་ཀིའི་ཕྱག་རྒྱས་མཛེས་པ་དེ་བཞུགས་ཡོད། །རླུང་སེམས་དབུ་མར་ཐིམ་པའི་དངོས་གྲུབ་རང་སྩོལ་ཤོག །སྒྲོན་དྲུག་འཇའ་ཟེར་བཞད་པའི་འཛུམ་དཀར་གྱི་ཀློང་ནས། །སྣང་བཞིའི་ངོ་བོ་གོང་འཕེལ་རང་ངོ་རུ་གྲོལ་བའི། །ཆོས་ཟད་བློ་འདས་དོན་གྱི་བླ་མ་དེ་བཞུགས་ཡོད། །ཟག་བཅས་འོད་སྐུར་ཐིམ་པའི་དངོས་གྲུབ་རང་སྩོལ་ཤོག །རང་བྱུང་རང་


JKT022_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤར་བའི་གསོལ་འདེབས་ཀྱི་གླུ་དབྱངས། །མགྲིན་པ་རྡོ་རྗེའི་རོལ་མོའི་དཀོར་མཛོད་ནས་བླངས་པས། །ལྷན་སྐྱེས་སྐུ་བཞིའི་དབང་ཕྱུག་བདེ་གཤེགས་ཀྱི་སྙིང་པོར། །གདོད་མའི་བཙན་ས་ཟིན་པའི་སྨོན་ལམ་ཞིག་ཞུའོ།། ༈ །།དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ལ་གསོལ་བ་འདེབས་པ་ཡོ་ག་གསུམ་གྱི་གླུ་དབྱངས་ཞེས་བྱ་བ། ཨ་ཧོ།ལྷོ་ནུབ་སྲིན་ཡུལ་ཟངས་མདོག་དཔལ་རི་ཡི་གྲོང་ཁྱེར། །སྐུ་གསུམ་རིགས་འདུས་འཆི་ང མེད་མཚོ་སྐྱེས་ཀྱི་རྡོ་རྗེ། །རིག་འཛིན་ཌཱ་ཀིའི་ཚོམ་བུའི་བསྐོར་བ་དེ་བཞུགས་ཡོད། །དག་པ་རབ་འབྱམས་ངང་ནས་གསོལ་བ་རང་འདེབས་སོ། །སྒྱུ་ལུས་རྩ་ཁམས་རྣམ་དག་འོད་གསལ་གྱི་ཀློང་ནས། །གཡོ་བ་རླུང་ཀུན་དབུ་མར་ཐིམ་པ་ཡི་རིག་གདངས། །ཐིག་ལེ་ཚོམ་བུར་ཤར་བའི་མཚོ་སྐྱེས་ཀྱི་རྡོ་རྗེར། །བདེ་སྟོང་གཉིས་མེད་ངང་ནས་གསོལ་བ་རང་འདེབས་སོ། །སྙིང་དབུས་ཚོགས་བརྒྱད་རྣམ་དག་དཔལ་རི་ཡི་གྲོང་ཁྱེར། །འགྲོ་འོང་རྟོག་པ་བྲལ་བའི་ཡེ་ཤེས་ཀྱི་ཀློང་ནས། །མཐའ་གྲོལ་གཞོན་ནུ་བུམ་སྐུ་མཚོ་སྐྱེས་ཀྱི་རྡོ་རྗེར། །སྤྲོས་བྲལ་གཉུག་མའི་ངང་ནས་གསོལ་བ་རང་འདེབས་སོ། །སྒྲོན་དྲུག་འཇའ་ཟེར་སྒྱུ བཞད་པའི་དཀྱིལ་འཁོར་གྱི་དབུས་ནས། །ཚད་ཕེབས་དཔའ་བོ་མཁའ་འགྲོའི་ཚོགས་འཁོར་ལ་རོལ་པའི། །འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་མཚོ་སྐྱེས་ཀྱི་རྡོ་རྗེར། །ཟག་བཅས་རྟོག་བྲལ་ངང་ནས་གསོལ་བ་རང་


JKT022_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སོ། །ཕྱི་ནང་གཞན་གསུམ་ཉམས་ལེན་སྦྱར་བ་ཡི་སྒྲ་དབྱངས། །ཡོ་ག་རྣམ་གསུམ་གླུ་དབྱངས་གཏད་མེད་དུ་འབུལ་བས། །ཕུང་ཁམས་སྐྱེ་མཆེད་འདུ་བ་དབུ་མ་རུ་ཐིམ་ནས། །དོན་དམ་ཆོས་ཟད་ཆེན་པོ་མངོན་གྱུར་དུ་ཤོག་ཅིག ཅེས་བདེ་བ་ཆེན་པོ་པདྨ་ཀ་ར་ལ་ཐུན་མོང་མ་ཡིན་པར་གསོལ་བ་གདབ་པའི་རིམ་པའོ།། ༈ །།སྙིང་ཐིག་བསྟན་པ་འཛིན་པའི་མངའ་བདག་ཆེན་པོ་བརྒྱུད་པར་བཅས་པ་རྣམས་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་ཟུང་འཇུག་འོད་གསལ་གཉུག་མའི་སྒྲ་དབྱངས་ཞེས་བྱ་བ། ན་མ་ཛྙཱ་ན་གུ་རུ་བྷྱ༔ ཡེ་གྲོལ་འགྱུར་མེད་རྡུལ་བྲལ་ཤེར་ཕྱིན་གྱི་ངོ་བོ། །ཡེ་ཤེས་ནང་གསལ་རྣམ་ཐར་གསུམ་ལྡན་གྱི་མཁའ་དབྱིངས། །ཡེ་ནས་འཕོ་འགྱུར་བྲལ་བའི་བདེ་སྟོང་གི་མཚན་དཔེ། །ཡེ་རྫོགས་ཀུན་བཟང་ཡབ་ཡུམ་སྙིང་དབུས་ནས་དྲན་བྱུང་། །ཀ་དག་རང་ངོར་གྲོལ་བར་བྱིན་གྱིས་རང་རློབས་ཤིག །ཚད་ཕེབས་བཀོད་པ་མཐར་ཕྱིན་ཕྱིར་གསལ་གྱི་རོལ་པ། །ཚད་མེད་ཡན་ལག་བདུན་ལྡན་ཁ་སྦྱོར་གྱི་དཀྱིལ་འཁོར། །ཚད་བཟུང་མུ་མཐའ་བྲལ་བའི་སྣང་སྟོང་གི་ངོ་བོ། །ཚད་མའི་སྟོན་པ་ལོངས་སྐུའི་སངས་རྒྱས་དེ་དྲན་བྱུང་། །ལྷུན་གྲུབ་འོད་སྐུར་གྲོལ་བར་བྱིན་གྱིས་རང་རློབས་ཤིག །དགའ་ཆེན་སྒྱུ་མར་རོལ་པའི་ཡེ་ཤེས་ཀྱི་ཀློང་ནས། །དགའ་ལྡན་ལྷ་བརྒྱའི་མགོན་དུ་ཞབས་པད་དུ་བཀོད་ཅིང་། །དགའ་བཞིའི་མྱུ་གུ་གསར་པ་འཛམ་གླིང་དུ་བསྒྱུར་བའི། །དགའ་རབ་དགྱེས་


JKT022_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྡོ་རྗེ་སྙིང་དབུས་ནས་དྲན་བྱུང་། །ཟབ་མོའི་བསྟན་པ་འཛིན་པར་བྱིན་གྱིས་རང་རློབས་ཤིག །སྙིང་པོར་གྱུར་པའི་ངེས་གསང་འབྲས་བུ་ཡི་ཐེག་པ། །སྙིང་ནས་བསྒྲེང་བའི་ཐུགས་བསྐྱེད་རྨད་བྱུང་དང་ལྡན་ཅིང་། །སྙིང་ཏིག་སྡེ་གསུམ་བསྟན་པ་སྐལ་བཟང་ལ་སྤེལ་བའི། །སྙིང་རྗེའི་གཟུགས་སྐུ་མཉྫམི་ཏྲ་དེ་དྲན་བྱུང་། །བླ་མེད་དོན་མཆོག་མཐོང་བར་བྱིན་གྱིས་རང་རློབས་ཤིག །དཔལ་ལྡན་རྒྱལ་བའི་སྒྱུ་འཕྲུལ་འགོགས་མེད་དུ་རྒྱུ་བས། །དཔལ་སྟུག་འདྲེན་པ་ཡོངས་ཀྱི་ཐུགས་རྗེ་ཡི་རོལ་པ། །དཔལ་མཆོག་འོད་གསལ་དྲྭ་བའི་འཁོར་ལོ་རུ་རོལ་པའི། །དཔལ་གྱི་སེང་གེར་གྲགས་པ་སྙིང་དབུས་ནས་དྲན་བྱུང་། །ཟབ་དོན་དགོངས་པ་རྟོགས་པར་བྱིན་གྱིས་རང་རློབས་ཤིག །རྣམ་བཅས་མཚན་མའི་ཆོས་ཀུན་ཟུང་འཇུག་ཏུ་ཐིམ་པས། །རྣམ་མང་མཁྱེན་པའི་གཏེར་མཛོད་རང་བྱུང་དུ་རྡོལ་ཅིང་། །རྣམ་དག་འཇའ་ལུས་རྡོ་རྗེའི་ཕྱག་རྒྱ་རུ་རོལ་པའི། །རྣལ་འབྱོར་ཛྷཱ་ན་སཱུ་ཏྲ་སྙིང་དབུས་ནས་དྲན་བྱུང་། །སྲིད་ཞི་དབྱེར་མེད་རྟོགས་པར་བྱིན་གྱིས་རང་རློབས་ཤིག །འོད་གསལ་འཕོ་བ་ཆེན་པོའི་ཡེ་ཤེས་སུ་སྨིན་པའི། །འོད་གསལ་རྫོགས་ཆེན་སྤེལ་ཕྱིར་གཟུགས་སྐུ་ཡི་སྒྱུ་འཕྲུལ། །འོད་གསལ་འཛིན་རྟོག་བྲལ་བའི་བདེ་ཆེན་གྱི་ལང་ཚོ། །འོད་གསལ་བི་མ་མི་ཏྲ་སྙིང་དབུས་ནས་དྲན་བྱུང་། །འཁོར་འདས་རང་སར་གྲོལ་བར་བྱིན་གྱིས་རང་


JKT022_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རློབས་ཤིག །ཟག་མེད་འདུས་བྱས་བྲལ་བའི་སྣང་སྟོང་གི་ཡེ་ཤེས། །ཟག་བཅས་གདན་གསུམ་བྲལ་བའི་འཁོར་ལོ་རུ་བཞེངས་ཀྱང་། །ཟག་ཟད་མཁྱེན་བརྩེའི་ཡེ་ཤེས་མཁའ་མཐའ་རུ་གདལ་བའི། །ཟག་བྲལ་མཚོ་སྐྱེས་རྡོ་རྗེ་སྙིང་དབུས་ནས་དྲན་བྱུང་། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རང་རློབས་ཤིག །རང་རིག་བརྗོད་པ་བྲལ་བའི་ཆོས་ཉིད་ཀྱི་ཀློང་ནས། །རང་སྣང་འགྲོ་བ་འདུལ་ཕྱིར་གཟུགས་སྐུ་ཡི་རོལ་པ། །རང་བྱུང་པདྨས་རྗེས་བཟུང་རྣལ་འབྱོར་གྱི་དབང་ཕྱུག །རང་གྲོལ་རྗེ་འབངས་ཉེར་ལྔ་སྙིང་དབུས་ནས་དྲན་བྱུང་། །ཚེ་འདིར་གྲུབ་མཐའ་རྙོག་པར་བྱིན་གྱིས་རང་རློབས་ཤིག །ཀློང་ལྔ་མི་ཤིགས་ཟློ ཟབ་དོན་བདུད་རྩི་ལ་རོལ་པས། །ཀློང་ཡངས་འོད་གསལ་རྟོགས་པའི་ངོ་བོ་རུ་མྱོས་ཏེ། །ཀློང་གསལ་སྣང་བ་བརྡ་དང་དཔེ་ཆ་རུ་ཤར་བའི། །ཀློང་ཆེན་དྲི་མེད་འོད་ཟེར་སྙིང་དབུས་ནས་དྲན་བྱུང་། །དབང་བཞིའི་དོན་རྒྱུད་སྨིན་པར་བྱིན་གྱིས་རང་རློབས་ཤིག །ཀུན་ཏུ་སྤྲོས་བྲལ་ཆོས་སྐུའི་ངོ་བོ་ལས་མ་གཡོས། །ཀུན་སྣང་སྟོང་དང་སྙིང་རྗེ་ཟུང་འཇུག་གི་རོལ་པ། །ཀུན་ཁྱབ་སྤྲུལ་པའི་སྒྱུ་འཕྲུལ་དྲྭ་བ་རུ་བཞེངས་པའི། །ཀུན་མཁྱེན་འཇིགས་མེད་གླིང་པ་སྙིང་དབུས་ནས་དྲན་བྱུང་། །དགོངས་བརྒྱུད་འཕོ་བ་ཐོབ་པར་བྱིན་གྱིས་རང་རློབས་ཤིག །འཕོ་མེད་སྣང་སྟོང་ཟུང་འཇུག་གདན་གསུམ་གྱི་གཟུགས་སྐུ། །ཟག་མེད་གསང་


JKT022_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འཁོར་ལོ་བདེན་གཉིས་ཀྱི་སྒྲ་དབྱངས། །སྤྲོས་མེད་གཉུག་མར་རོལ་པའི་བདེ་སྟོང་གི་ཡེ་ཤེས། །བླ་མེད་ཁྱབ་བདག་བླ་མ་སྙིང་དབུས་ནས་དྲན་བྱུང་། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རང་རློབས་ཤིག །ཨ་ཧོ། ཕུང་ཁམས་སྐྱེ་མཆེད་སྣང་སྟོང་སྒྱུ་འཕྲུལ་གྱི་དྲྭ་བ། །སྲོག་རྩོལ་རླུང་ཀུན་མཉམ་རོལ་ཟུང་འཇུག་གི་ངོ་བོ། །རྟོག་ཚོགས་གང་ཤར་སྐྱེ་འགག་མཐའ་གྲོལ་གྱི་ཡེ་ཤེས། །རྣལ་འབྱོར་གསུམ་གྱི་དངོས་གྲུབ་རང་ངོ་རུ་སྩོལ་ཤོག །སྒྲོན་དྲུག་ལམ་ནས་ཐོན་པའི་སྣང་བཞི་ཡི་རོལ་པར། །ཟག་བཅས་འཁྲུལ་པའི་ཆོས་རྣམས་མ་ལུས་ཀུན་ཐིམ་པས། །དངོས་སྣང་འོད་གསལ་ཆེན་པོའི་དྲྭ་བ་རུ་བསྡམས་པའི། །ཡིད་བྱེད་རྟོག་པ་བྲལ་བའི་དངོས་གྲུབ་དེ་སྩོལ་ཤོག །རྩ་ཁམས་དབུ་མར་ཐིམ་པའི་བདེ་སྟོང་གི་གཟུགས་སྐུ། །ཁམས་གཉིས་ནཱ་དར་བཅིངས་པའི་རྡོ་རྗེ་ཡི་གསུང་མཆོག །རླུང་སེམས་ཐིག་ལེར་མཉམ་སྦྱོར་འཕོ་མེད་ཀྱི་ཡེ་ཤེས། །སྒོ་གསུམ་འཁྲུལ་པ་ཟད་པར་བྱིན་གྱིས་རང་རློབས་ཤིག །གཞན་གནོད་གཞི་བཅས་སྤངས་པ་ཉན་ཐོས་ཀྱི་ཚུལ་ཁྲིམས། །གཞན་ཕན་ཡོངས་སུ་བསྒྲུབས་པ་བྱང་སེམས་ཀྱི་ལམ་མཆོག །གཉིས་ཀ་ཐབས་ཀྱིས་ཟིན་པ་གསང་སྔགས་ཀྱི་དམ་ཚིག །སྡོམ་གསུམ་ཉམས་མེད་བསྲུང་བར་བྱིན་གྱིས་རང་རློབས་ཤིག །དེ་སྐད་འབར་འཛག་བདུད་རྩིའི་ཐིག་ཕྲེང་གི་གཡོ་བས། །རླུང་


JKT022_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྣང་བ་གཏད་མེད་རང་ངོ་རུ་གྲོལ་ཚེ། །གང་ཤར་གསོལ་བ་འདེབས་པའི་རྡོ་རྗེ་ཡི་ཐོལ་གླུས། །འགྲོ་རྣམས་དཔལ་ལྡན་བླ་མའི་གོང་འཕང་དེ་ཐོབ་ཤོག། ༈ །།འོད་གསལ་རྫོགས་པ་ཆེན་པོའི་ཉེ་བརྒྱུད་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་བདེ་སྟོང་གཉུག་མའི་རྒྱན་ཅེས་བྱ་བ། ཨ་ཧོ། བདེ་སྟོང་ཟུང་འཇུག་ལྷན་སྐྱེས་དཀྱིལ་འཁོར་གྱི་ཀློང་ནས། །རྟག་ཆད་མཚན་མ་མ་དམིགས་གཞོན་ནུ་ཡི་བུམ་སྐུ། །རང་རིག་ཀུན་བཟང་གདོད་མའི་མགོན་པོ་དེ་མཁྱེན་ནོ། །གཟུང་འཛིན་གཉུག་མར་ཞིག་པར་བྱིན་གྱིས་རང་རློབས་ཤིག །ངེས་པ་ལྔ་ལྡན་འཇའ་ཟེར་ཐིག་ལེ་ཡི་ཀློང་ནས། །སྟོང་དང་སྙིང་རྗེ་ཟུང་འཇུག་བདེ་ཆེན་གྱི་ངོ་བོ། །རང་གསལ་ལོངས་སྤྱོད་རྫོགས་སྐུའི་སངས་རྒྱས་དེ་མཁྱེན་ནོ། །མཚན་འཛིན་དབུ་མར་ཞིག་པར་བྱིན་གྱིས་རང་རློབས་ཤིག །སྣང་སྟོང་ཟུང་འཇུག་གང་འདུལ་དེར་སྟོན་གྱི་ཀློང་ནས། །དགའ་ཆེན་སྒྱུ་མར་རོལ་པའི་ཡེ་ཤེས་ཀྱི་ངོ་བོ། །མཆོག་གི་སྤྲུལ་སྐུ་དགྱེས་པ་རྡོ་རྗེ་དེ་མཁྱེན་ནོ། །ཟག་བཅས་འོད་སྐུར་ཐིམ་པར་བྱིན་གྱིས་རང་རློབས་ཤིག །ཚོགས་བརྒྱད་དབུ་མར་བསྒྲལ་བའི་དུར་ཁྲོད་ཀྱི་ཀློང་ནས། །དགའ་བཞི་འཁོར་ལོར་སྦྱོར་བའི་རྣལ་འབྱོར་གྱི་དབང་ཕྱུག །རིག་འཛིན་ཀུན་གཙོ་ཤཱི་སིདྷ་དེ་མཁྱེན་ནོ། །སྣང་བཞི་གོང་དུ་བགྲོད་པར་བྱིན་གྱིས་རང་རློབས་ཤིག །ཀ་དག་གཏིང་མཐའ་བྲལ་བའི་ཆུ་གཏེར་གྱི་ཀློང་ནས། །ལྷུན་གྲུབ་ཟག་


JKT022_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བདེ་ཆེན་པདྨོ་ཡི་སྦུབས་སུ། །རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་གནས་དེ་མཁྱེན་ནོ། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རང་རློབས་ཤིག །ཨ་ཧཾ་འབར་འཛག་ཞུ་བདེའི་དཀྱིལ་འཁོར་གྱི་ཀློང་ནས། །བཅུ་དྲུག་དགའ་བའི་ཡེ་ཤེས་མཚན་དཔེ་རུ་བཞད་པའི། །ཌཱ་ཀིའི་གཙོ་མོ་ཛྙཱ་ན་སཱ་ར་དེ་མཁྱེན་ནོ། །བདེ་སྟོང་དབུ་མར་སྨིན་པར་བྱིན་གྱིས་རང་རློབས་ཤིག །རང་སྣང་རྣམ་པར་དག་པའི་དཀྱིལ་འཁོར་གྱི་ཀློང་ནས། །གཞན་སྣང་གང་ལ་གང་འདུལ་དེར་སྟོན་དུ་རོལ་པས། །གཉིས་སྣང་རྟོག་བྲལ་དྲིན་ཆེན་བླ་མ་དེ་མཁྱེན་ནོ། །སྣང་རིག་དབྱེར་མེད་རྟོགས་པར་བྱིན་གྱིས་རང་རློབས་ཤིག །དོན་དམ་སྟོང་ཉིད་བརྗོད་བྲལ་ཡེ་ཤེས་ཀྱི་ཀློང་ནས། །ཀུན་སྣང་སྙིང་རྗེར་རོལ་པའི་སྒྱུ་འཕྲུལ་དུ་ཤར་བའི། །སྐུ་གསུམ་ཟུང་འཇུག་དཀྱིལ་འཁོར་ལྷ་ཚོགས་དེ་མཁྱེན་ནོ། །གདན་གསུམ་དབྱེར་མེད་རྟོགས་པར་བྱིན་གྱིས་རང་རློབས་ཤིག །ཕྱི་སྣོད་རབ་འབྱམས་རྔ་ཡབ་དཔལ་རི་ཡི་གྲོང་ཁྱེར། །ནང་བཅུད་འགྲོ་ཀུན་ཟུང་འཇུག་མཚོ་སྐྱེས་ཀྱི་རྡོ་རྗེ། །གཞན་སྣང་རྟོག་བྲལ་དཀྱིལ་འཁོར་གསུམ་ལྡན་གྱི་ངང་ནས། །ཉམས་དགའི་རྡོ་རྗེའི་ཐོལ་སྤྱི གླུ་བླངས་པ་ཡི་དགེ་བས། །གཞི་རིག་འཁྲུལ་བྲལ་རང་བྱུང་གཉུག་མ་ཡི་གཤིས་སུ། །ལྟ་སྒོམ་སྤྱོད་པའི་མིང་འདོགས་ཐ་སྙད་ཀུན་བྲལ་ཏེ། །གློ་བུར་འཁྲུལ་པའི་ཚོགས་ཀུན་གཏད་མེད་དུ་དག་པས། །སྐུ་


JKT022_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རང་རྩལ་རྫོགས་པའི་སྨོན་ལམ་ཞིག་ཞུའོ། །འོད་གསལ་རྫོགས་པ་ཆེན་པོའི་ཉེ་བརྒྱུད་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་བདེ་སྟོང་གཉུག་མའི་རྒྱན་ཅེས་བྱ་བ་འདི་ཡང་དུས་ཀྱི་རྒྱལ་པོའི་ཚེས་བཅུ་ལ་བརྗོད་པའོ།། ༈ །།བླ་མ་སྐུ་བཞིའི་བདག་ཉིད་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་བྱིན་རླབས་ཐིག་ལེ་ཅེས་བྱ་བ། ཨ་ཧོ། གདོད་ནས་སྤྲོས་པ་བྲལ་བའི་ཡེ་ཤེས་ཀྱི་ཀློང་ནས། །ཚོགས་སྦྱོར་མཐོང་སྒོམ་ལམ་ཀུན་མི་སློབ་ཏུ་རྫོགས་པའི། །རིག་སྟོང་ཟུང་འཇུག་ཆོས་སྐུའི་བླ་མ་དེ་མཁྱེན་ནོ། །དག་པ་གཉིས་ལྡན་ཆེན་པོར་བྱིན་གྱིས་རང་རློབས་ཤིག །སྟོང་དང་སྙིང་རྗེ་ཟུང་འཇུག་བདེ་ཆེན་གྱི་ཀློང་ནས། །སྐུ་གསུམ་ཡན་ལག་བདུན་ལྡན་ཁ་སྦྱོར་དུ་རྫོགས་པའི། །གསལ་སྟོང་ཟུང་འཇུག་ལོངས་སྐུའི་བླ་མ་དེ་མཁྱེན་ནོ། །རྟོག་ཚོགས་རང་སར་གྲོལ་བར་བྱིན་གྱིས་རང་རློབས་ཤིག །གང་འདུལ་སྣ་ཚོགས་སྒྱུ་མར་འཕྲུལ་པ་ཡི་ཀློང་ནས། །ཐབས་ཤེས་མཚན་དང་དཔེ་བྱད་ཡོན་ཏན་དུ་རྫོགས་པའི། །སྣང་སྟོང་ཟུང་འཇུག་སྤྲུལ་སྐུའི་བླ་མ་དེ་མཁྱེན་ནོ། །དཀྱིལ་འཁོར་གསུམ་དུ་སྨིན་པར་བྱིན་གྱིས་རང་རློབས་ཤིག །སྐུ་གསུམ་དབྱེར་མེད་ལྷན་སྐྱེས་གཉུག་མ་ཡི་ཀློང་ནས། །ཟབ་ཞི་སྤྲོས་བྲལ་ནང་གསལ་ཆེན་པོ་རུ་རྫོགས་པའི། །བདེ་སྟོང་ཟུང་འཇུག་ཉིད་སྐུའི་བླ་མ་དེ་མཁྱེན་ནོ། །བློ་བྲལ་ངང་བཞག་རྟོགས་པར་བྱིན་གྱིས་རང་རློབས་ཤིག །དེ་སྐད་གསོལ་བ་འདེབས་པའི་རྡོ་རྗེ་ཡི་ཐོལ་གླུ། །


JKT022_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པ་ལོངས་སྤྱོད་འཁོར་ལོའི་དཀོར་མཛོད་ནས་བླངས་པས། །གཟུང་འཛིན་འཁྲུལ་པར་སྤྱོད་པའི་འགྲོ་བ་ཡི་ཚོགས་ཀུན། །རང་རིག་བརྗོད་བྲལ་མཐོང་བར་བྱིན་གྱིས་རང་རློབས་ཤིག ༈ །དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་ཡོ་ག་གསུམ་གྱི་སྒྲ་དབྱངས་ཞེས་བྱ་བ། ཨ་ཧོ། འཇིགས་མེད་རྒྱལ་བ་ཀུན་གྱི་སྤྱི་སྐྱེས་སུ་གྱུར་ཀྱང་། །སྲིད་འདིར་མི་ཡི་མྱུ་གུ་དམ་པ་རུ་བཟུང་ནས། །སྐལ་བཟང་འགྲོ་ཀུན་ཐར་པའི་ལམ་མཆོག་ལ་སྦྱོར་བའི། །ཁྱབ་བདག་འཁོར་ལོའི་མགོན་པོ་སྙིང་དབུས་ནས་དྲན་བྱུང་། །བློ་སྣ་ཆོས་ལ་འགྱུར་བར་བྱིན་གྱིས་རང་རློབས་ཤིག །རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་དེ་ཐོབ་ཀྱང་། །འཆི་བདག་གཤིན་རྗེའི་ཕོ་ཉ་ནམ་འོང་ནི་མི་འདུག །དེ་ཚེ་དཀར་ནག་ལས་འབྲས་འཕེན་པ་ཡི་རྗེས་འགྲོ། །སྡུག་བསྔལ་འཁོར་བའི་རྒྱ་མཚོ་ཟད་མེད་དུ་འཁྱམས་ཚེ། །ངེས་འབྱུང་གཏིང་ནས་སྐྱེ་བར་བྱིན་གྱིས་རང་རློབས་ཤིག །མཚན་ལྡན་བླ་མ་དགེ་བའི་བཤེས་གཉེན་དང་མཇལ་ཏེ། །གསང་ཆེན་རྡོ་རྗེ་ཐེག་པའི་ལམ་མཆོག་ལ་ཞུགས་ཤིང་། །སྨིན་གྲོལ་བདུད་རྩིའི་དགའ་སྟོན་ཟད་མེད་དུ་རོལ་པས། །བསྐྱེད་རྫོགས་ཟུང་འཇུག་ཉེ་ལམ་སྣོད་མཆོག་ཏུ་གྱུར་ནས། །དམ་ཚིག་ཉམས་མེད་སྲུང་བར་བྱིན་གྱིས་རང་རློབས་ཤིག །གདན་གསུམ་དབྱེར་མེད་སྒྱུ་འཕྲུལ་དྲྭ་བ་ཡི་ཀློང་ནས། །སྣང་སྟོང་ཟུང་འཇུག་ཕྱག་རྒྱ་རྣམ་


JKT022_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་རུ་རོལ་པས། །བཀོད་པ་ལུས་ཀྱི་དཀྱིལ་འཁོར་ལྷ་སྐུ་རུ་རྫོགས་པའི། །ཉམས་ལེན་མཐའ་རུ་ཕྱིན་པར་བྱིན་གྱིས་རང་རློབས་ཤིག །འཁོར་ལོ་རྣམ་ལྔའི་ཞིང་དུ་རིག་འཛིན་དང་ཊཱ་ཀི། །ཡས་བབས་མས་བརྟན་དགའ་བཞིའི་བདུད་རྩི་ཡིས་ཚིམ་པས། །ཞུ་བདེ་མི་རྟོག་བདེ་སྟོང་དྲྭ་བ་ཡི་འཁོར་ལོ། །རླུང་སེམས་དབུ་མར་ཐིམ་པར་བྱིན་གྱིས་རང་རློབས་ཤིག །སྤྲོས་པའི་མཐའ་བརྒྱད་ཀུན་བྲལ་ལྟ་བ་ཡི་ཡང་རྩེ། །སྐྱེ་འགག་རང་སར་གྲོལ་བའི་ངང་བཞག་གི་སྒོམ་པ། །དམིགས་གཏད་ཆེད་འཛིན་སྤངས་པའི་ཡང་དག་གི་སྤྱོད་ལམ། །འབྲས་བུ་རང་ངོར་རྫོགས་པར་བྱིན་གྱིས་རང་རློབས་ཤིག །སྒྲོན་མ་རྣམ་བཞིར་བཞད་པའི་ཉམས་ལེན་གྱི་ཀློང་དུ། །སྣང་བཞིའི་རྟོགས་པ་གོང་འཕེལ་ཆོས་ཟད་དུ་བསྐྱལ་བས། །ནང་གསལ་ཁྱད་ཆོས་དྲུག་ལྡན་ངོ་བོ་རུ་རོལ་པའི། །ཟག་བཅས་འོད་སྐུར་ཐིམ་པར་བྱིན་གྱིས་རང་རློབས་ཤིག ། དེ་སྐད་དུས་ཀུན་སྐྱོ་ཤས་ངེས་འབྱུང་གི་ངང་ནས། །དཔལ་ལྡན་བླ་མར་དད་པའི་རང་བཞིན་ལས་སྐྱེས་པའི། །འགག་མེད་རྡོ་རྗེའི་ཐོལ་གླུ་བསྒྱུར་བ་ཡི་དགེ་བས། །འགྲོ་རྣམས་གང་དང་དབྱེར་མེད་འགྲུབ་པ་རུ་ཤོག་ཅིག །དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་པ་རྡོ་རྗེའི་ཐོལ་གླུ་ཡོ་ག་གསུམ་གྱི་སྒྲ་ཚིག་ཅེས་བྱ་བ་འདི་ཡང་ངེས་འབྱུང་གི་བློ་ཅན་ཨ་བྷ་ཡའི་མིང་གིས་རང་ལོ་བཅུ་དྲུག་པར་བརྗོད་མེད་ཀྱི་ངང་ནས་གསོལ་བ་བཏབ་པའོ།། ༈ །།རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་


JKT022_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་སྤྲོས་བྲལ་བདུད་རྩིའི་སྒྲ་དབྱངས་ཞེས་བྱ་བ། ཨ་ཧོ། །གདོད་ནས་སྤྲོས་པ་བྲལ་བའི་ཆོས་ཉིད་ཀྱི་ངང་ནས། །སྣ་ཚོགས་སྣང་བའི་སྒྱུ་འཕྲུལ་གཟུགས་སྐུ་རུ་སྟོན་པས། །ཟུང་འཇུག་བདེ་བ་ཆེན་པོའི་བདུད་རྩི་ཡིས་མྱོས་པའི། །དཔའ་བོ་ཌཱ་ཀིའི་ཕྱག་རྒྱ་མཛེས་པ་ལ་འདུད་དོ། །ཤིན་ཏུ་བརྒལ་བར་དཀའ་བའི་སྡུག་བསྔལ་གྱི་སྲིད་པར། །ངེས་འབྱུང་གཏིང་ནས་སྐྱེ་བའི་དྲི་བཞོན་གྱི་ཕོ་ཉས། །རྩེ་གཅིག་སྒྲུབ་པའི་སྣང་བྱེད་བར་མེད་དུ་བསྐུལ་བས། །ཉོན་མོངས་འཆིངས་བརྒྱའི་མུན་པ་བཅོམ་པ་ལ་འདུད་དོ། །ཐོབ་པར་དཀའ་བའི་སྙན་བརྒྱུད་བདུད་རྩི་ཡི་ཐིགས་པས། །རང་རྒྱུད་ཞིང་ས་གཤིན་པོར་བར་མེད་དུ་བྲན་ནས། །ཚེ་གཅིག་སྐུ་བཞིའི་འབྲས་བུའི་གོ་འཕང་ལ་གཤེགས་པའི། །ཧེ་རུ་ཀ་དཔལ་འཁོར་ལོའི་མགོན་པོ་ལ་འདུད་དོ། །ཡས་བབས་མས་བརྟན་དགའ་བཞི་བདེ་སྟོང་གི་བདུད་རྩིས། །རྩ་གསུམ་འཁོར་ལོའི་མདུད་པ་དབུ་མ་རུ་གྲོལ་བས། །ཟག་བཅས་གཟུགས་ཀྱི་འཁོར་ལོ་ས་བཅུ་རུ་སྨིན་པའི། །དཀྱིལ་འཁོར་ཀུན་གཙོ་རྣལ་འབྱོར་དབང་ཕྱུག་ལ་འདུད་དོ། །སྲོག་དང་རྩོལ་བའི་རྒྱུ་བ་དྷཱ་ཏི་རུ་བཅིལ་ནས། །ཐབས་ཤེས་ཡི་གེའི་འཁོར་ལོ་མགྲིན་པ་རུ་སྨིན་ནས། །སྣང་གྲགས་རྡོ་རྗེའི་སྒྲ་དབྱངས་ཟད་མེད་དུ་བསྒྱུར་བའི། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ངོ་བོ་ལ་འདུད་དོ། །གཟུང་འཛིན་རྟོག་


JKT022_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲི་བཞོན་གཉུག་མ་རུ་ཐིམ་པས། །མཁྱེན་དང་བརྩེ་བའི་ཉི་ཟླ་བློ་བྲལ་དུ་ཤར་ཏེ། །ཆོས་ཅན་སྤྲོས་པའི་དྲྭ་བ་ཆོས་ཉིད་དུ་ཐིམ་པའི། །ཀུན་ཁྱབ་ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་ལ་འདུད་དོ། །བུམ་གསང་ཤེས་རབ་ཡེ་ཤེས་མཉམ་བཞག་གི་དམ་ཚིག །སྐུ་གསུང་ཐུགས་མཆོག་ལྷན་སྐྱེས་བདེ་ཆེན་དུ་བཅིངས་པས། །གནས་ཡུལ་དུར་ཁྲོད་དཔའ་བོ་ཌཱ་ཀི་ཡི་གྲོང་ཁྱེར། །སྤྲོ་དང་སྡུད་མཛད་བརྟུལ་ཞུགས་གྲུབ་བརྙེས་ལ་འདུད་དོ། །རླུང་སེམས་རྟོག་པའི་འཕྲོ་འདུ་ཡེ་ཤེས་སུ་རོལ་པས། །བཀོད་པ་ལུས་ཀྱི་རྫུ་འཕྲུལ་འགག་མེད་དུ་བསྒྱུར་ནས། །མཐོང་ཐོས་དྲན་རེག་འགྲོ་ཀུན་གཏན་བདེ་ལ་རེག་པའི། །གྲུབ་པའི་མཚན་མ་མངོན་དུ་བརྙེས་པ་ལ་འདུད་དོ། །ཕྱི་ལྟར་གང་སྣང་དེར་སྟོན་སྤྲུལ་པ་ཡི་དཀྱིལ་འཁོར། །ནང་ལྟར་ཁ་སྦྱོར་བདེ་ཆེན་ལོངས་སྤྱོད་ཀྱི་རྫོགས་སྐུ། །གསང་བ་ཟབ་ཞི་སྤྲོས་བྲལ་ཆོས་དབྱིངས་སུ་རོལ་པའི། །སྐུ་གསུམ་དབྱེར་མེད་རྣལ་འབྱོར་དབང་ཕྱུག་ལ་འདུད་དོ། །དངོས་ཡིད་ལས་བྱུང་ཤེས་རབ་ཌ་ཀི་ཡི་ཕོ་ཉས། །ཨ་ཧོ་བདུད་རྩིའི་འབྲོས་འདེད་བར་མེད་དུ་སྦྱར་བས། །ཉོན་མོངས་རྟོག་ཚོགས་ཡང་དག་དབུ་མ་རུ་བཤད་པའི། །རྡོ་རྗེའི་རིག་འཛིན་བདེ་བའི་བདག་ཉིད་ལ་འདུད་དོ། །ཁྱོད་མཚན་ནོར་བུའི་དོ་ཤལ་རྣ་ལུང་དུ་དཔྱངས་པས། །ངན་སོང་འགྲོ་བར་སྤྱོད་པའི་དབུལ་བ་ཀུན་སེལ་ཏེ། །གཏན་བདེའི་འབྱོར་པའི་


JKT022_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱིས་མངོན་པ་རུ་ཕྱུག་པའི། །ཐུགས་རྗེ་ཚད་མེད་སྤྲུལ་པའི་འཁོར་ལོ་ལ་འདུད་དོ། །མཉམ་གཞག་རང་དབང་བསྒྱུར་བ་རྩེ་གཅིག་གི་རྣལ་འབྱོར། །མཉམ་རྗེས་དབྱེར་མེད་སྤྲོས་བྲལ་ཆེན་པོ་རུ་དག་ཅིང་། །སྣང་སེམས་མི་ཕྱེད་ཆོས་ཉིད་རོ་གཅིག་གི་ཀློང་དུ། །སྒོམ་མེད་སྐུ་གསུམ་རང་རྩལ་རྫོ་བ ས་པ་རུ་ཤོག་ཅིག །སྣང་སྟོང་བརྗོད་པའི་མཐའ་བྲལ་རང་རིག་གི་ངོ་བོ། །རྟག་ཆད་མཚན་མ་ཉེར་ཞི་བློ་བྲལ་གྱི་སྦུབས་སུ། །ཡེངས་མེད་འཛིན་བྲལ་བདེ་ཆེན་འཁོར་ལོ་རུ་སྤྱོད་པའི། །ཕྱག་རྒྱ་ཆེན་པོ་མངོན་དུ་གྱུར་པ་རུ་ཤོག་ཅིག །རང་ལུས་རྡོ་རྗེ་ཕུང་པོ་གདན་གསུམ་དུ་དག་ཅིང་། །འགྲོ་འོང་རླུང་ཀུན་སྐྱེ་མེད་བཟླས་པ་རུ་རྫོགས་ཏེ། །གཉིས་སྣང་འོད་གསལ་སྤྲོས་བྲལ་ཆེན་པོ་རུ་སྨིན་པའི། །ཉམས་ལེན་མཐའ་རུ་ཕྱིན་པར་བྱིན་གྱིས་རང་རློབས་ཤིག །དེ་སྐད་དུས་ཀུན་རྗེ་བཙུན་ཆེན་པོ་ཡི་རྣམ་ཐར། །མཐོང་ཐོས་རྗེས་སུ་སྨོན་པའི་དྲན་འཛིན་ལས་སྐྱེས་པའི། །འགག་མེད་རྡོ་རྗེའི་ཐོལ་གླུ་བསྒྱུར་བ་ཡི་དགེ་བས། །འགྲོ་ཀུན་བློ་བྲལ་གཉུག་མ་མཐོང་བ་རུ་ཤོག་ཅིག། ༈ །།རིག་འཛིན་འཇིགས་མེད་གླིང་པ་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་– བདེ་སྟོང་ཌཱ་ཀིའི་སྒྲ་དབྱངས་ཞེས་བྱ་བ། ཨ་ཧོ། གདོད་ནས་འཇིགས་མེད་བདེ་ཆེན་ཆོས་སྐུ་ཡི་ཀློང་ནས། །ཁ་སྦྱོར་ཡན་ལག་བདུན་ལྡན་མཚན་དཔེ་རུ་བཞད་པས། །སྐལ་བཟང་འགྲོ་ཀུན་ཐར་པའི་གླིང་མཆོག་ལ་


JKT022_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བའི། །འོད་གསལ་རྫོགས་ཆེན་སྟོན་པ་སྙིང་དབུས་ནས་དྲན་བྱུང་། །དལ་འབྱོར་དོན་དང་ལྡན་པར་བྱིན་གྱིས་རང་རློབས་ཤིག །རྣམ་པ་ཀུན་བྲལ་ཟུང་འཇུག་ཆོས་དབྱིངས་ཀྱི་ཀློང་ནས། །རྣམ་བཅས་གདན་གསུམ་སྒྱུ་འཕྲུལ་དྲྭ་བ་རུ་སྟོན་པས། །རྣམ་མང་ཞི་དང་ཁྲོ་བོའི་ངོ་བོ་རུ་བཞུགས་པའི། །རྣམ་ཐར་ཡོངས་རྫོགས་གཟུགས་ཀྱི་འཁོར་ལོ་ལ་འདུད་དོ། །གཡོ་བྱེད་རླུང་གི་འཁོར་ལོ་ཡི་གེ་རུ་དེངས་པས། །གྲག་སྟོང་བརྗོད་པ་བྲལ་བའི་ཆོས་ཕུང་གི་ངོ་བོ། །རྣམ་ཀུན་མཆོག་ལྡན་ཀློང་ལྔའི་གསང་མཛོད་ནས་ཤར་བའི། །ལོངས་སྤྱོད་ཡོངས་རྫོགས་གསུང་གི་ངོ་བོ་ལ་འདུད་དོ། །ཨེ་ཝཾ་མཉམ་པར་རོལ་པའི་བདེ་ཆེན་གྱི་ཀློང་ནས། །ཉོན་མོངས་བཅུ་དྲུག་དགའ་བའི་ཡེ་ཤེས་སུ་བཞད་པས། །རྟོག་བྲལ་འོད་གསལ་ཆོས་སྐུའི་རྒྱལ་ས་རུ་བཞུགས་པའི། །འགྱུར་མེད་གཉུག་མ་ཐུགས་ཀྱི་རྡོ་རྗེ་ལ་འདུད་དོ། །ངོ་བོ་མཚན་ཉིད་མེད་པས་རྟག་པ་ནི་མ་ཡིན། །རང་བཞིན་བསམ་གྱིས་མི་ཁྱབ་ཆད་མཐའ་དང་བྲལ་བའི། །ཟུང་འཇུག་བློ་ལ་མི་གནས་དོན་དམ་གྱི་བདེན་པ། །མཐའ་བྲལ་དབུ་མ་ཆེན་པོའི་ངོ་བོ་ལ་འདུད་དོ། །ཕྱི་ནང་གཞན་གསུམ་རྟོག་པའི་མཚན་མ་ཡི་ཆོས་ཀུན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོ་རུ་ཐིམ་པས། །གཟུང་འཛིན་རྣམ་སྤང་མི་ཕྱེད་འཕོ་མེད་ཀྱི་ཐིག་ལེ། །ཁྱབ་བདལ་ཕྱག་རྒྱ་ཆེན་པོའི་ངོ་བོ་ལ་འདུད་དོ། །ཀ་དག་


JKT022_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་སྐྱེ་མེད་ཆོས་སྐུ་ཡི་སྦུབས་སུ། །ལྷུན་གྲུབ་རང་རྩལ་འགགས་མེད་སྣང་བཞི་ཡི་ངོ་བོ། །ཟུང་འཇུག་ཁྱད་ཆོས་དྲུག་ལྡན་དགོངས་པ་ལ་རོལ་པའི། །བློ་བྲལ་རྫོགས་པ་ཆེན་པོའི་ངོ་བོ་ལ་འདུད་དོ། །རྨད་བྱུང་མཁྱེན་པའི་ལང་ཚོའི་སྒྱུ་རྩལ་གྱིས་བརྒྱན་ཅིང་། །འཁོར་ལོ་གསུམ་ལྡན་གསེར་གྱི་དྲྭ་བ་ཡིས་གཡོགས་ཏེ། །བསྟན་དང་འགྲོ་བའི་ཁུར་ཆེན་ཐར་ལམ་དུ་འདེགས་པའི། །མཁས་གྲུབ་གཉིས་ལྡན་ས་སྲུང་དབང་པོ་ལ་འདུད་དོ། །གུས་པའི་ཡིད་ལས་སྐྱེས་པའི་རྡོ་རྗེ་ཡི་ཐོལ་གླུས། །དཔལ་ལྡན་བླ་མར་གསོལ་འདེབས་དུས་ཀུན་ཏུ་བསྒྱུར་བས། །སྐྱེ་བའི་ཕྲེང་བ་ཀུན་ཏུ་ཁྱོད་རྗེས་སུ་ཞུགས་ཤིང་། །གསང་སྔགས་སྙིང་པོའི་བསྟན་པ་འཛིན་པ་རུ་ཤོག་ཅིག །ཀུན་རྫོབ་གསལ་སྣང་གདན་གསུམ་ལྷ་སྐུ་རུ་བལྟ་ཞིང་། །དོན་དམ་ཞུ་བདེའི་སྟོང་ཉིད་མཚུངས་ལྡན་དུ་རོལ་བས། །བདེན་གཉིས་དབྱེར་མེད་གཟུགས་སྐུའི་ཕྲིན་ལས་ལ་རོལ་ཏེ། །ཚོགས་གཉིས་མྱུར་དུ་རྫོགས་པར་བྱིན་གྱིས་རང་རློབས་ཤིག །བདེ་དང་སྟོང་པ་གཉིས་མེད་དགའ་བཞི་ཡི་ཕོ་ཉས། །ལྷན་སྐྱེས་ཨ་ཝ་དྷུ་ཏིའི་མཁའ་དབྱིངས་ལ་རོལ་བས། ། དོན་དམ་ཨེ་ཝཾ་མཉམ་སྦྱོར་རྣམ་ཀུན་གྱི་མཆོག་ལྡན། །འཕོ་མེད་ཟུང་འཇུག་ཕྱག་རྒྱར་ཐིམ་པ་རུ་ཤོག་ཅིག །དོན་དམ་བརྗོད་པའི་མཐའ་བྲལ་རང་རིག་གི་ཡེ་ཤེས། །ཡོངས་གྲུབ་བཅོས་བསྒྱུར་བྲལ་བའི་མཉམ་


JKT022_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ཏུ་གོམས་པས། །ཀུན་བརྟགས་འཁྲུལ་པའི་ཚོགས་ཀུན་རང་ངོ་རུ་དག་སྟེ། །གཞན་དབང་སྲིད་པའི་འཁྲུལ་འཁོར་འགག་པ་རུ་ཤོག་ཅིག །དེ་སྐད་གསོལ་བ་འདེབས་པའི་རྡོ་རྗེ་ཡི་ཐོལ་གླུ། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་དཀོར་མཛོད་ནས་བླངས་པས། །རྟོག་འཛིན་འཁྲུལ་པར་སྤྱོད་པའི་འགྲོ་བ་དེ་མ་ལུས། །བདེ་གཤེགས་སྙིང་པོའི་ངོ་བོར་གྲོལ་བ་རུ་ཤོག་ཅིག། ༈ །།རྗེ་གྲུབ་ཐོབ་ཆེན་པོ་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་སྐུ་གསུམ་དྲྭ་བ་ཅེས་བྱ་བ། ན་མོ་གུ་ར་ཝེ། སྣང་སྟོང་ཟུང་འཇུག་བདེ་བ་ཆེན་པོ་ཡི་ཀློང་ནས། །གང་འདུལ་སྒྱུ་མར་རོལ་པའི་ཀུན་སྣང་གི་ཡེ་ཤེས། །གདན་གསུམ་དབྱེར་མེད་ལྷ་ཡི་འཁོར་ལོ་ལ་རོལ་བའི། །བརྟན་གཡོ་ཀུན་ཁྱབ་རྡོ་རྗེའི་སྐུ་མཆོག་ལ་འདུད་དོ། །འགྲོ་འོང་རླུང་གི་རྒྱུ་བ་དབུ་མ་རུ་བཅིལ་ཏེ། །གྲགས་སྟོང་གཞོམ་མེད་ནཱ་དའི་ངོ་བོ་རུ་རྫོགས་པས། །སྒྲ་ཚིག་ལས་འདས་ཆགས་བྲལ་སོར་རྟོག་གི་མཁའ་དབྱིངས། །གསལ་སྟོང་དབྱེར་མེད་རྡོ་རྗེའི་གསུང་མཆོག་ལ་འདུད་དོ། །ཐབས་ཤེས་ལྷན་སྐྱེས་ཌཱ་ཀིའི་འཁོར་ལོ་རུ་རོལ་པས། །ཁ་སྦྱོར་རྩ་གནས་མདུད་པ་དབུ་མ་རུ་གྲོལ་ཏེ། །བདེ་སྟོང་དགའ་བཞི་སྒྱུ་འཕྲུལ་དྲྭ་བ་རུ་རོལ་པའི། །སྤྲོས་པ་ཀུན་བྲལ་རྡོ་རྗེའི་ཐུགས་མཆོག་ལ་འདུད་དོ། །རྟག་ཆད་མཚན་མའི་གཟུང་འཛིན་ཀ་དག་ཏུ་རོལ་པས། །ཡིད་བྱེད་རྟོག་པའི་དྲྭ་བ་ལྷུན་གྲུབ་ཏུ་གྲོལ་ཏེ། །ཟུང་འཇུག་


JKT022_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་པའི་ཆོས་ཉིད་དུ་ཤར་བའི། །སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོ་ལ་འདུད་དོ། །སྟོང་དང་སྙིང་རྗེ་ཟུང་འཇུག་ཞི་ཁྲོ་ཡི་རོལ་པས། །མ་ཧཱ་བྷྱོ་ཊའི་ལྗོངས་ཀུན་རྫོགས་ལྡན་ལ་སྦྱོར་ཏེ། །ངོ་མཚར་གྲུབ་པའི་རྫུ་འཕྲུལ་ཟད་མེད་དུ་སྟོན་པའི། །རྣལ་འབྱོར་དབང་ཕྱུག་ཧེ་རུ་ཀ་དཔལ་ལ་འདུད་དོ། །འཇིག་རྟེན་འཇིག་རྟེན་ལས་འདས་ཤེས་རབ་ཀྱི་མཁའ་འགྲོས། །འབར་འཛག་བདེ་སྟོང་བདུད་རྩིས་དབུ་མ་རུ་བྲན་པས། །ཉི་ཟླའི་རྒྱུ་བ་སྒྲ་གཅན་མཁའ་དབྱིངས་ལ་རོལ་ཏེ། །འཆི་མེད་འཇའ་ལུས་རྡོ་རྗེ་གྲུབ་པ་ལ་འདུད་དོ། །ལྷོ་མོན་ཚལ་ན་གནས་པའི་ཁུ་བྱུག་གི་གླུ་དབྱངས། དབྱར་སྐྱེས་གཞོན་ནུ་འདྲེན་པའི་སྐྱོ་གྲོགས་ལ་ཕེབས་བཞིན། །སྐུ་གསུང་ཐུགས་རྟེན་ཆུ་ཀླུང་ལྕགས་ཞུན་གྱི་སྐ་རགས། །འཆིང་བའི་བྱེད་ལས་ཕན་བདེའི་དགའ་སྟོན་དུ་ཕེབས་སོ། །དེ་སྐད་གསོལ་བ་འདེབས་པའི་རྡོ་རྗེ་ཡི་ཐོལ་ཀླུ། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་དཀོར་མཛོད་ནས་བླངས་པས། །ཀུན་རྟོག་དགེ་བར་མཛའ་བའི་ཤིང་རྟ་ཡིས་དྲངས་པའི། །ཆོས་བཞིན་སྤྱོད་པའི་ཉིན་བྱེད་འབར་བ་རུ་ཤོག་གཅིག །ཕྱི་ལྟར་སྣོད་བཅུད་འཁྲུལ་པར་སྤྱོད་པ་ཡི་འགྲོ་ཀུན། །ནང་ལྟར་བདེ་ཆེན་གཉུག་མའི་ངོ་བོ་རུ་རོལ་ཏེ། །སྐུ་བཞི་དབྱེར་མེད་ཟུང་འཇུག་ཐང་སྟོང་གི་རྒྱལ་པོར། །གདོད་མའི་བཙན་ས་ཟིན་པའི་སྨོན་ལམ་ཞིག་ཞུའོ།། ༈ །།དམ་ཅན་


JKT022_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་ལ་ཕྲིན་དུ་བཅོལ་བའི་རྡོ་རྗེའི་ཐོལ་གླུ་ཧེ་རུ་ཀའི་སྒྲ་དབྱངས་ཞེས་བྱ་བ། ཨ་ཧོ། །ཚོགས་བརྒྱད་དབུ་མར་ཐིམ་པའི་རང་རྩལ་ལས་བྱུང་བའི། །ཐབས་ཤེས་མཉམ་སྦྱོར་བདེ་སྟོང་ཟུང་འཇུག་གི་ངོ་བོ། །དམ་ཅན་ཆོས་སྐྱོང་། རྒྱ་མཚོ་སྐྱོ་གྲོགས་ལ་ཕེབས་དང་། །ང་ཡི་གཟུང་འཛིན་རྟོག་པ་ཟད་ས་རུ་བསྒྲལ་མཛོད། །ཀུན་གཞི་བདེ་གཤེགས་སྙིང་པོ་འཁྲུལ་གྲོལ་ལས་འདས་ཀྱང་། །སྣ་ཚོགས་སྣང་བའི་ཆོ་རོལ་ཨེ་དབྱིངས་སུ་བསྒྲལ་།། བའི། །ས་བཅུའི་བཀའ་རྟགས་འཆང་བ་གཟའ་བདུད་ཀྱི་རྒྱལ་པོ། །ང་ཡི་འཁྲུལ་པ་རང་གྲོལ་ཆེན་པོ་རུ་ཐོང་ཞིག །སྲིད་ཞི་ཀུན་ཁྱབ་སེམས་ཉིད་གཅིག་པུ་ཡི་ཆོ་འཕྲུལ། །དངོས་པོའི་བདེན་གྲུབ་བྲལ་བའི་ཟླ པདྨོ་རུ་རོལ་པའི། །ཤེས་རབ་དབྱིངས་ཀྱི་ཌ་ཀི་སྔགས་སྲུང་གི་རྒྱལ་མོ། །ང་ཡི་ཡིད་དཔྱོད་འོད་གསལ་ཆེན་པོ་རུ་སྒྲོལ་མཛོད། །སྣང་དང་སྟོང་པའི་མཚན་འཛིན་ཟུང་འཇུག་ཏུ་ཐིམ་པས། །སྤྲོས་བྲལ་བདེ་ཆེན་དཔའ་བོའི་སྣང་ཚུལ་དུ་སྟོན་ཅིང་། །ཁྲོ་ཆགས་སྒེག་པའི་ཉམས་ཅན་རྡོ་རྗེ་ཡི་ལེགས་པ། །ང་ཡི་གཉིས་སྣང་ཟད་པའི་ཐེག་པ་རུ་སྒྲོལ་མཛོད། ཨ་ཧོ། ཁྲག་གི་ཆུ་གཏེར་རྦ་རླབས་འཁྱིལ་བ་ཡི་ཀློང་ནས། །གར་དགུའི་ཕྱག་རྒྱ་དཔའ་བའི་ཡེ་ཤེས་ཀྱི་མགོན་པོ། །མཐིང་ནག་སྤྱན་གསུམ་མེ་འབར་དམ་ཚིག་ལ་བཞེངས་ནས། །སེམས་དང་སེམས་བྱུང་འཆོལ་བའི་དགྲ་བགེགས་ཀུན་གཞོམ་མཛོད། །གངས་རིའི་ཕྲེང་


JKT022_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བས་བསྐོར་བའི་ཁང་བཟང་གི་དབུས་སུ། །ཆུ་ཤེལ་གཞོན་ནུའི་དཔལ་འཛིན་སྨན་བཙུན་གྱི་ཌཱ་ཀི །བདེ་སྟོང་ལང་ཚོ་གསར་པའི་འཇོ་སྒེག་དང་སྦྲགས་ནས། །ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངལ་བསོ་ལ་སྦྱོར་མཛོད། །གདུག་པའི་སྣང་ཚུལ་སྟོན་པ་འཇིག་རྟེན་གྱི་མཁའ་འགྲོ། །ཞིང་སྐྱོང་འབྱུང་པོ་ཀུན་གྱི་སྡེ་དཔོན་དུ་བཞེངས་ནས། །རྣལ་འབྱོར་བུ་བཞིན་སྐྱོང་བ་དུར་ཁྲོད་ཀྱི་ལྷ་མོས། །ང་ཡི་རྟེན་དང་བརྟེན་པ་མེལ་ཚེ་ཡིས་སྐྱོངས་ཤིག །གཞན་ཡང་སྣང་ཚུལ་བརྗོད་བྲལ་ཕྱི་ནང་གི་བསྟན་སྲུང་། །ཕོ་རྒྱུད་མོ་རྒྱུད་སྤྲུལ་འཁོར་བཅས་པ་ཀུན་མ་ལུས། །ཧེ་རུ་ཀ་དཔལ་འབར་བའི་དམ་ཚིག་ལ་དགོངས་ཏེ། །རྟེན་ཅིང་འབྲེལ་འབྱུང་ལོག་པའི་བར་ཆད་ཀུན་བཟློག་ཅིག །ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་ཡི་བསྟན་པ། །རྣལ་འབྱོར་གསུམ་གྱི་ལམ་མཆོག་རྨད་བྱུང་གི་ནོར་བུ། །རྟག་པར་བསྟན་འཛིན་ཚོགས་ཀྱི་ཤིང་རྟ་ཡིས་དྲངས་ཏེ། །བོད་ཁམས་ཨོ་ཌི་བི་ཤ་གཉིས་པ་རུ་འགྱུར་མཛོད། །གཞན་ཡང་རི་སུལ་དབེན་པའི་བྲག་སྐྱིབས་ཀྱི་ཁང་བུར། །བསྐྱེད་རྫོགས་དོན་ལ་བརྩོན་པའི་དམ་བཅའ་ལ་འཇུག་ཀུན། །ཡིད་སྲུབ་སྦྱོར་བ་ཚུ མིང་གི་ལྷག་མ་རུ་བཅོམ་ནས། །ངེས་གསང་སྒྲུབ་པའི་རྒྱལ་མཚན་ཚུགས་པ་རུ་ཤོག་ཅིག །ཅེས་པ་འདི་ཡང་ཆོས་སྲུང་གི་ཚོགས་ལ་འདོད་དོན་གཞོལ་བའི་ཕྱིར་གང་ཤར་དུ་བླངས་པ་ཛ་ཡནྟུ། །།དགའ་སྟོན་ཚོགས་ཀྱི་འཁོར་ལོ་ཡི་རྟོགས་པ་


JKT022_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའི་རྡོ་རྗེའི་ཐོལ་གླུ་ཡོ་ག་གསུམ་གྱི་རྒྱན་ཅེས་བྱ་བ། ཨ་ཧོ། མ་སྐྱེས་མི་འགགས་སྤྲོས་པའི་མཚན་མ་ཀུན་བྲལ་ཞིང་། །ཡིད་བྱེད་རྟོག་པའི་དྲྭ་བ་རང་ངོ་རུ་གྲོལ་བའི། །ནང་གསལ་སྐྱེ་བ་མེད་པའི་ཡེ་ཤེས་ཀྱི་ཀློང་ཡངས། ། ཀ་དག་སྤྲོས་མཚན་བྲལ་བའི་དངོས་གྲུབ་ཞིག་ཞུའོ། །ཡུལ་ཅན་མཚན་མའི་དྲི་མ་རང་ངོ་རུ་དག་ཀྱང་། །ཡུལ་སྣང་ཡེ་ཤེས་ཆེན་པོར་གཉིས་མེད་དུ་རོལ་པས། །ཁ་སྦྱོར་ཡན་ལག་བདུན་ལྡན་ཚད་ཕེབས་ཀྱི་རིག་གདངས། །ལྷུན་གྲུབ་ཕྱིར་གསལ་ཆེན་པོའི་དངོས་གྲུབ་ཞིག་ཞུའོ། །ཟུང་འཇུག་བདེ་སྟོང་དབྱེར་མེད་ཡེ་ཤེས་ཀྱི་སྒྱུ་འཕྲུལ། །སྲིད་ཞི་གཉིས་ཀྱི་ཁམས་ལ་རང་བྱུང་དུ་ཁྱབ་པས། །འགྲོ་འོང་བྲལ་བཞིན་སྣ་ཚོགས་མཛད་པ་རུ་རོལ་པའི། །གང་འདུལ་སྤྲུལ་པའི་འཁོར་ལོའི་དངོས་གྲུབ་ཞིག་ཞུའོ། །ཐབས་ལྡན་ལུས་ཀྱི་དཀྱིལ་འཁོར་གདན་གསུམ་གྱི་གྲོང་དུ། །ཞི་དང་ཁྲོ་གར་སྣ་ཚོགས་སྒྱུ་འཕྲུལ་གྱི་དྲྭ་བ། །གཉིས་མེད་མཉམ་པར་སྦྱོར་བའི་རང་བྱུང་གི་ལྷ་ཚོགས། །གདོད་ནས་དབྱེར་མེད་རྟོགས་པའི་དངོས་གྲུབ་ཞིག་ཞུའོ། །འགྲོ་འོང་རླུང་གི་རྟོག་པ་དབུ་མ་རུ་རོལ་པས། །འབར་འཛག་བདུད་རྩིའི་ཐིགས་ཕྲེང་ཟད་མེད་དུ་གཡོ་བས། །དགའ་བཞིའི་གྲོང་དུ་བདེ་སྟོང་ཡེ་ཤེས་ཉིད་འཕེལ་བའི། །ཉོན་མོངས་རང་ངོར་གྲོལ་བའི་དངོས་གྲུབ་ཞིག་ཞུའོ། ཐབས་ཤེས་སྣང་སྟོང་གཉིས་མེད་ཤིང་རྟ་ཡི་འཕངས་སུ། །ཨེ་ཝཾ་མཉམ་


JKT022_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པར་རོལ་པའི་ཉིན་བྱེད་ཀྱི་ཐིག་ལེ། །དམིགས་བསམ་བརྗོད་པ་བྲལ་བའི་མཁའ་དབྱིངས་སུ་རོལ་པའི། །ཟུང་འཇུག་བདེ་སྟོང་དབྱེར་མེད་དངོས་གྲུབ་ཞིག་ཞུའོ། །ཡོད་མེད་རྟག་ཆད་སྐྱེ་འགག་འགྲོ་འོང་གི་རྟོག་པ། །བློ་དང་བྲལ་བའི་ཡེ་ཤེས་འཁོར་ལོ་རུ་ཟད་པས། །ཟབ་ཞི་སྤྲོས་བྲལ་སྨྲ་བསམ་བརྗོད་འདས་ཀྱི་ཆོས་ཉིད། །ཀུན་ཁྱབ་འཁོར་འདས་དབྱེར་མེད་དངོས་གྲུབ་ཞིག་ཞུའོ། །ངོ་བོ་ཀུན་ཏུ་བརྟགས་པའི་མཚན་མ་དེ་བྲལ་ཡང་། །རང་བཞིན་གང་དུའང་དམིགས་མེད་བདེན་གཉིས་ཀྱི་མཚན་ཉིད། །ཐུགས་རྗེས་འཇུག་པའི་ཡུལ་ཀུན་སྣ་ཚོགས་སུ་སྟོན་པ། །སྐུ་གསུམ་རང་ངོར་རྫོགས་པའི་དངོས་གྲུབ་ཞིག་ཞུའོ། །མ་སྐྱེས་གདོད་ནས་དག་པའི་ཀ་དག་གི་རིག་གདངས། །མ་འགགས་རང་རྩལ་དབྱེར་མེད་ལྷུན་གྲུབ་ཀྱི་རོལ་པ། །ཐ་དད་ཟུང་འཇུག་འོད་གསལ་དྲྭ་བ་ཡི་འཁོར་ལོ། །གཉུག་མ་རང་ངོར་གྲོལ་བའི་དངོས་གྲུབ་ཞིག་ཞུའོ། །བཟའ་དང་བཅའ་བར་བཅས་པའི་འདོད་ཡོན་གྱི་རོལ་པ། །ཐབས་ཤེས་གཉིས་སུ་མེད་པའི་ཕྱི་ནང་གི་འབྱོར་ཚོགས། །ཟག་བཅས་རྫས་ཀྱིས་ཟག་མེད་བདེ་བ་མཆོག་འཕེལ་བའི། །ཚིམ་པ་དྲུག་དང་ལྡན་པའི་དངོས་གྲུབ་ཞིག་ཞུའོ། །ཀུན་གཞི་འཁྲུལ་གྲོལ་ལས་འདས་འཛིན་མ་ཡི་ལྟོ་བ། །རིག་པ་རང་རྩལ་རྫོགས་པའི་སྣ་ཚོགས་ཀྱི་འབྲས་བུ། །ཐབས་ཤེས་གཉིས་མེད་ཡེ་ཤེས་དྲྭ་བ་རུ་རོལ་


JKT022_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བཱ་ལི་གཏོར་ཚོགས་རྒྱ་མཚོའི་དངོས་གྲུབ་ཞིག་ཞུའོ། །ཟུང་འཇུག་རྟོགས་པའི་བདུད་རྩིའི་ཐིགས་ཕྲེང་གིས་རེག་པས། །སྲོག་རྩོལ་རླུང་ཀུན་སྒྱུ་འཕྲུལ་དྲྭ་བ་རུ་མྱོས་ནས། །གང་ཤར་སྣང་བ་གཏད་མེད་རང་ངོ་རུ་གྲོལ་བའི། །ཐབས་ལམ་གསང་སྔགས་བཏུང་བའི་དངོས་གྲུབ་ཞིག་ཞུའོ། །རྟེན་འབྲེལ་བཅུ་གཉིས་འཁོར་བར་འཁོར་བ་ཡི་དགྲ་སྡེ། །ཀུན་སྣང་ལྷ་ཡི་ཕྱག་རྒྱའི་དཔུང་ཆེན་དེས་བཅོམ་པས། །ཕུང་ཚོགས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་རུ་རོལ་པ། །མ་ཧཱ་ཚྭ་སའི་བཟའ་བའི་དངོས་གྲུབ་ཞིག་ཞུའོ། །གནས་ཡུལ་དུར་ཁྲོད་ཕྱི་ནང་རོལ་པ་ཡི་ཞིང་ཀུན། །རྣམ་ཐར་གསུམ་གྱི་མཁའ་རུ་གཏད་མེད་དུ་མཆོད་པས། །མ་ཚོགས་མཁའ་འགྲོ་རྒྱ་མཚོ་དགྱེས་པ་མཆོག་བསྐྱེད་པའི། །གདོད་ནས་རྣམ་དག་ཆེན་པོའི་དངོས་གྲུབ་ཞིག་ཞུའོ། །དྲི་མར་བཅས་པའི་རྩ་རླུང་ཐིག་ལེ་ཡི་ཚོགས་ཀུན། །སྐུ་གསུམ་དབྱེར་མེད་ལྷ་ཡི་འཁོར་ལོ་རུ་དག་ནས། །ཀུན་སྣང་ཕྱག་རྒྱ་ཆེན་པོའི་ངོ་བོ་རུ་འགྱུར་བའི། །ཐབས་མཆོག་བསྐྱེད་པའི་རིམ་པའི་དངོས་གྲུབ་ཞིག་ཞུའོ། །དཀར་དམར་དཔའ་བོ་ཌཱ་ཀི་ཐབས་ཤེས་ཀྱི་གར་མཁན། །གཅིག་ཏུ་མཉམ་པར་རོལ་པའི་བཅུ་དྲུག་གི་བདེ་ཆེན། །ཟག་བྲལ་འོད་གསལ་དབུ་མའི་མཁའ་དབྱིངས་སུ་ཤར་བའི། །ཤེས་རབ་རྫོགས་པའི་རིམ་པའི་དངོས་གྲུབ་ཞིག་ཞུའོ། །དཔྱད་དུ་མེད་པས་ངོ་བོ་རྟག་པ་ནི་མ་


JKT022_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །འཁོར་འདས་ཀུན་ཁྱབ་རང་བཞིན་ཆད་མཐའ་དང་བྲལ་བའི། །འདུས་མ་བྱས་པའི་ཐ་མལ་རང་བྱུང་གི་རིག་པ། །གཉིས་མེད་མཉམ་པར་སྦྱོར་བའི་དངོས་གྲུབ་ཞིག་ཞུའོ། །སྒྲོན་དྲུག་འཇའ་ཟེར་བཞད་པའི་འཛུམ་དཀར་གྱིས་བསུས་པས། །འགྲོ་འོང་རྟོག་པ་ཚད་ཕེབས་རང་ངོ་རུ་གྲོལ་ནས། །སྣང་བཞིའི་ལམ་ཀུན་ཡང་དག་དབུ་མ་རུ་རོལ་པ། །ཟག་བཅས་འོད་སྐུར་ཐིམ་པའི་དངོས་གྲུབ་ཞིག་ཞུའོ། །རང་བྱུང་བྲག་སྐྱིབས་མེ་ཏོག་འབྲས་བུ་ཡིས་བརྒྱན་ཅིང་། །ལྗོན་ཤིང་ལང་ཚོ་བཀྲ་བའི་བསིལ་གཡབ་དང་བཅས་པ། །བདེ་སྟོང་བུང་བ་གཞོན་ནུའི་འཕུར་རྩལ་དེ་གཡོ་བའི། །ཆོས་བརྒྱད་རང་ངོར་གྲོལ་བའི་དངོས་གྲུབ་ཞིག་ཞུའོ། ཨ་ཧོ། རིག་པ་གདོད་ནས་དག་པའི་མན་ཤེལ་གྱི་སྦུབས་སུ། །ཚོགས་བརྒྱད་ཉེར་ལེན་བྲལ་བའི་རང་བྱུང་གི་ཡེ་ཤེས། །ཁྱད་ཆོས་དྲུག་ལྡན་མ་འགག་འཆར་གཞི་རུ་གནས་པའི། །ཀ་དག་ཆོས་ཀྱི་སྐུ་ཡི་སྨོན་ལམ་ཞིག་ཞུའོ། །རང་སྣང་ཉིན་བྱེད་གསར་པའི་ཕོ་ཉ་ཡིས་བསུས་པས། །ཁ་སྦྱོར་བཞི་ལྡན་རྡོ་རྗེ་སེམས་དཔའ་ཡི་ཆུ་སྐྱེས། །ཟག་བྲལ་རྣམ་པར་གྲོལ་བའི་སྣང་སྟོང་གི་རོལ་པ། ། ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུའི་སྨོན་ལམ་ཞིག་ཞུའོ། །གནས་རིགས་ཁམས་ལ་དམིགས་པའི་འདུ་ཤེས་དེ་བྲལ་ཡང་། །མོས་དང་བསམ་པའི་སྐལ་པ་ཇི་བཞིན་དུ་སྟོན་ནས། །ཐུགས་རྗེའི་ཡུལ་ཀུན་ཐར་པའི་


JKT022_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གོ་འཕང་དུ་སྦྱོར་བའི། །གཉིས་མེད་ཟུང་འཇུག་སྤྲུལ་སྐུའི་བླ་མ་དེ་མཁྱེན་ནོ། །མཁའ་ལ་ལྷ་རྣམས་མནྡཱ་ར་བ་ཡི་ཆར་འབེབས། །ས་ལ་འགྲོ་ཀུན་རྫོགས་ལྡན་དགའ་སྟོན་ལ་སྤྱོད་ཅིང་། །སྣོད་བཅུད་ཕྱི་ནང་བཀྲ་ཤིས་དགེ་མཚན་གྱིས་ཕྱུག་པའི། །གནས་སྐབས་དོན་རྣམས་ལྷུན་གྲུབ་སྨོན་ལམ་ཞིག་ཞུའོ། །འཁོར་གསུམ་རྣམ་པར་དག་པའི་ཤིང་རྟ་ཡི་བཞོན་པར། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཉིན་བྱེད་ཀྱི་དཔལ་ཡོན། །མི་གནས་མཐའ་གྲོལ་ཆོས་དབྱིངས་མཁའ་ཁམས་སུ་བསྔོས་པས། །དོན་གཉིས་ལྷུན་གྱིས་གྲུབ་པའི་སྨོན་ལམ་ཞིག་ཞུའོ། །མཚན་དཔེ་ནང་གསལ་ལ་གནས་དོན་དམ་གྱི་སངས་རྒྱས། །སྒྲ་ཚིག་རང་མཚན་ལས་འདས་ངེས་དོན་གྱི་དམ་ཆོས། །འགྲོ་འོང་རྟོག་པ་རང་གྲོལ་ཚད་ཕེབས་ཀྱི་དགེ་འདུན། །དཀོན་མཆོག་རིན་ཆེན་གསུམ་གྱི་བཀྲ་ཤིས་དེ་ཤོག་ཅིག །ཅེས་པའང་འཁོར་ལོའི་མགོན་པོའི་བྱིན་རླབས་ཀྱིས་བསྐྱངས་པའི་གཞོན་ནུ་ཨ་བྷཱ་ཡས་སོ།། ༈ །།རང་གཞན་གྱི་རྟོགས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་དཔེ་དོན་འབྲེལ་བ་ཞེས་བྱ་བ། ཨ་ཧོ། ཆོས་ཀུན་གདོད་ནས་སྐྱེ་མེད་ཆེན་པོ་རུ་ཐིམ་པས། །ཟུང་འཇུག་རིག་སྟོང་དབྱེར་མེད་དོན་དམ་གྱི་སངས་རྒྱས། །འཁོར་འདས་མིང་བཏགས་ཟད་པའི་བློ་བྲལ་གྱི་རོལ་པ། །འདུ་འབྲལ་སྤངས་པའི་གཞོན་ནུ་བུམ་སྐུ་ལ་འདུད་དོ། །རྙེད་དཀའི་དལ་འབྱོར་སྤུ་སྡུག་མཚར་བ་ཡི་ཀློང་དུ། །རྒྱུ་འབྲས་བསླུ་མེད་


JKT022_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བར་སྤྱོད་པ་ཡི་འདབ་གཤོག །སྐྱོ་ཤས་ངེས་འབྱུང་དྲི་བཞོན་གཡོ་བ་དང་འགྲོགས་ཏེ། །སྡུག་བསྔལ་ཀུན་བྲལ་གཏན་བདེའི་མཁའ་དབྱིངས་ལ་འཕྱོ་བའི། །ང་ཅག་འདུན་པ་འདབ་ཆགས་རྒོད་པོ་ལ་ཤོར་སོང་། །ཆོས་བརྒྱད་འཆིང་བ་རབ་གྲོལ་བས་མཐའ་ཡི་ཚལ་དུ། །ཟུང་འཇུག་གསང་སྔགས་ཆུ་རྒྱུན་བཏུང་བ་ལ་རོལ་ཅིང་། །འགྱུར་མེད་སྐུ་བཞིའི་སྨན་ལྗོངས་ངོས་ཡངས་སུ་རྩེ་ནས། །བསམ་གཏན་གཉུག་མའི་བྲག་སྐྱིབས་གནས་མལ་དུ་བཟུང་བའི། །ང་ཅག་འདུན་པ་སྐྱེད་ཚལ་རི་དྭགས་ལ་ཤོར་སོང་། །སྐྱབས་གསུམ་རང་ངོ་ཤེས་པའི་གྲིབ་བསིལ་ལ་བསྟི་ཞིང་། །གཞན་ཕན་པདྨ་གཞོན་ནུའི་ཟེའུ་འབྲུ་ལ་ཆགས་པས། །ཕར་ཕྱིན་སྤྱོད་པ་རྒྱ་མཚོའི་སྦྲང་རྩི་ཡིས་མྱོས་ཏེ། །ལུང་རྟོགས་ཆོས་ཚུལ་རྒྱ་མཚོ་མགྲིན་གླུ་རུ་ལྡིར་བའི། །ང་ཅག་འདུན་པ་སྨན་ལྗོངས་བུང་བ་ལ་ཤོར་སོང་། །རང་རྒྱུད་དུལ་བའི་ཞིང་ས་གཤིན་པོ་ཡི་ངོགས་སུ། །སྨིན་གྲོལ་བདུད་རྩིའི་ཆར་གྱིས་བར་མེད་དུ་བྲན་པས། །ཐར་པའི་ས་བོན་བསྐྱེད་རྫོགས་ཕང་ཕུང་དུ་གཡོ་བར། །ཟུང་འཇུག་བདེ་ཆེན་སྐུ་བཞིའི་འབྲས་བུ་ཡིས་མཛེས་པ། །ང་ཅག་འདུན་པ་སྟོན་ཀའི་ལོ་ཏོག་ལ་ཤོར་སོང་། །འཆད་རྩོད་རྩོམ་པའི་སྤྲིན་དཀར་ལང་ལོང་དུ་གཡོ་ཞིང་། །གཞན་ཕན་སེམས་བསྐྱེད་དབྱར་གྱི་རྔ་གསང་དེ་བརྡུངས་པས། །སྐལ་བཟང་ཐིག་ལེས་སྒེག་པའི་འདབ་ཆགས་


JKT022_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚོགས་ཀུན། །དགའ་དང་གུས་པའི་ཟློས་གར་སྣ་ཚོགས་སུ་རྩེ་བའི། །ང་ཅག་འདུན་པ་དབྱར་གྱི་རྨ་བྱ་ལ་ཤོར་སོང་། །ཚོགས་གཉིས་འབྲས་བུས་ཕྱུག་པའི་ནགས་ཚལ་གྱི་དབུས་ནས། །དོན་གཉིས་གཅིག་ཅར་འགྲུབ་པའི་གླུ་དབྱངས་ཀྱི་རོལ་མོས། །སྲིད་པའི་སྡུག་བསྔལ་བྲལ་བའི་ངལ་བསོ་ལ་སྦྱར་ཅིང་། །མྱང་འདས་ཐར་པའི་དགའ་ཚལ་མངོན་སུམ་དུ་འགུགས་པའི། །ང་ཅག་འདུན་པ་དཔྱིད་ཀྱི་ཁུ་བྱུག་ལ་ཤོར་སོང་། །ཐོས་པའི་གངས་རིའི་སྤོ་ལ་གནས་མལ་དུ་བཅས་ཤིང་། །བསམ་བྱུང་རྣམ་པར་དག་པའི་གཡུ་རལ་གྱིས་མཛེས་ཏེ། །སྒོམ་སྤང་འཕགས་པའི་ང་རོ་བར་མེད་དུ་སྒྲོགས་བས། །ལོག་རྟོག་འཁྲུལ་པའི་རི་དྭགས་ཆོས་དབྱིངས་སུ་བཅིལ་བའི། །ང་ཅག་འདུན་པ་སེང་ལྕམ་དཀར་མོ་ལ་ཤོར་སོང་། །སྣང་དང་སྟོང་པ་ཟུང་འཇུག་ཤིང་རྟ་ལ་ཞོན་ནས། །བསྐྱེད་དང་རྫོགས་པའི་འོད་ཟེར་བར་མེད་དུ་སྤྲོ་བས། །ལས་ཉོན་ཤེས་བྱའི་སྒྲིབ་པའི་མུན་པ་ཀུན་བཅོམ་སྟེ། །བདེ་སྟོང་དབྱེར་མེད་སྐུ་བཞིའི་ཆུ་སྐྱེས་མཆོག་བཞད་པའི། །ང་ཅག་འདུན་པ་སྣང་བྱེད་བདག་པོ་ལ་ཤོར་སོང་། །དཔེ་བརྒྱད་དོན་བརྒྱད་སྦྱར་བའི་ཉམས་ལེན་གྱི་གླུ་དབྱངས། །གང་ཤར་རང་གྲོལ་ཆོས་ཉིད་གཉུག་མ་ཡི་རང་སྒྲ། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་དཀོར་མཛོད་ནས་བླངས་པས། །ཆོས་བརྒྱད་འཁྲུལ་པ་ཞིག་པར་བྱིན་གྱིས་རང་རློབས་ཤིག ༈ །


JKT022_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་དོན་དང་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་གཞན་གསོས་མགྲིན་པའི་རོལ་མོ་ཞེས་བྱ་བ། ན་མོ་གུ་རུ་ཛྙཱ་ན་ཝེ། ཡར་གཅིག་བལྟས་པས་ནམ་མཁའ་དྭངས་པ་ཡི་དཀྱིལ་ན། །ཁྲི་གདུགས་ཉི་མས་གླིང་བཞི་བསྐོར་བ་དེ་མཐོང་ནས། །ད་ལྟ་དལ་འབྱོར་ཉིན་མོའི་སྣང་བ་དང་ལྡན་ཚེ། །བླ་མེད་ཐར་པའི་ཤུལ་ལམ་རྙོགས་དགོས་དེ་དྲན་བྱུང་། །ཕར་གཅིག་བལྟས་པས་ཞིང་ས་དུལ་མ་ཡི་ངོགས་སུ། །ཐ་དད་འབྲས་བུ་སོ་སོར་སྨིན་པ་དེ་མཐོང་བས། །དཀར་ནག་ལས་ཀྱི་འབྲས་བུ་བསླུ་མེད་དེ་འབྱུང་ཕྱིར། །ཐར་པ་ཆ་མཐུན་དགེ་ལ་གཞོལ་བ་དེ་དྲན་བྱུང་། །ཚུར་གཅིག་བལྟས་པས་སྨན་ལྗོངས་གཞོན་ནུ་ཡི་དོ་རར། །ཉེས་མེད་རི་དྭགས་རྔོན་པས་གཟིར་བ་དེ་མཐོང་བས། །མྱུར་དུ་ཐར་པ་དམ་པའི་ཐབས་ཚུལ་ལ་འགྱངས་ནས། །བཟློག་མེད་འཆི་བདགི་ཞགས་པས་བཏབ་པོ་དེ་དྲན་བྱུང་། །མར་གཅིག་བལྟས་པས་ལྷུང་ལྷུང་འབབ་པ་ཡི་ཆུ་རྒྱུན། །ཟད་མེད་སྣ་ཚོགས་རི་མོས་བཀྲ་བ་དེ་མཐོང་ནས། །འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་འཁོར་ལོ། །བཟོད་པར་དཀའ་བ་འཛད་དུ་མེད་པ་དེ་དྲན་བྱུང་། །ལྷོ་ནུབ་ནམ་མཁའི་ཁམས་སུ་འཇའ་ཚོན་གྱི་དཀྱིལ་འཁོར། །ཟླ་བ་ཞུན་མའི་མདོག་གིས་སྤྱད་པ་དེ་མཐོང་ནས། །རྔ་ཡབ་དཔལ་རི་སྤྲུལ་པའི་ས་འཛིན་གྱི་སྤོ་ལ། །སྐྱབས་གཅིག་མཚོ་སྐྱེས་རྡོ་རྗེ་བཞུགས་པ་དེ་དྲན་བྱུང་། །གངས་རི་དཀར་པོ་དྲི་མེད་ལྷུན་


JKT022_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཀྱི་ངོས་སུ། །ན་བུན་འཁྲིགས་པའི་མགུལ་དར་བཀྲ་བ་དེ་མཐོང་ནས། །སྤྲོས་པ་ཀུན་བྲལ་འོད་གསལ་དབུ་མ་ཡི་ལྟ་བར། །རྟོག་གེའི་ཚིག་གིས་རང་ཞལ་བསྒྲིབས་པ་དེ་དྲན་བྱུང་། །སྤྲིན་དཀར་བར་ནས་གཡོ་བའི་ཆིལ་ཆིལ་གྱི་ཆུ་རྒྱུན། །ད་ལྟ་ཐན་པའི་གདུང་བས་འཕྲོག་བ་དེ་མཐོང་ནས། །ཡིད་བྱེད་ལས་འདས་བློ་བྲལ་ཕྱག་ཆེན་གྱི་སྒོམ་པར། །མི་བརྩོན་རང་གར་ཤོར་བའི་འཁྲུལ་འབྱམས་དེ་དྲན་བྱུང་། །འབྲས་ལྡན་ཤུགས་པའི་ཡལ་གར་ཁུ་བྱུག་གི་གླུ་དབྱངས། །སྙན་པར་སྒྲོགས་ཀྱང་སྙིང་པོས་དབེན་པ་དེ་མཐོང་ནས། །རྩེ་གཅིག་གཞན་དོན་ལ་གཞོལ་བྱང་ཆུབ་ཀྱི་སྤྱོད་པ། །རང་འདོད་ཚུལ་འཆོས་གསོབ་ཀྱིས་བསླུས་བ་དེ་དྲན་བྱུང་། །འོད་གསལ་ཟླ་བའི་བཞིན་རས་རྙོག་བྲལ་གྱི་ངོས་སུ། །གློ་བུར་ཆར་སྤྲིན་སྟུག་པོས་བཀབ་པ་དེ་མཐོང་ནས། །སྐུ་དང་ཡེ་ཤེས་ལྷུན་གྲུབ་རྫོགས་ཆེན་གྱི་འབྲས་བུར། །ཞེ་འདོད་མཚན་མའི་གོལ་སས་སྒྲིབ་པ་དེ་དྲན་བྱུང་། །སྣང་བ་ཡུལ་རྐྱེན་སྣ་ཚོགས་ཕོ་ཉ་ཡིས་བསྐུལ་ནས། །ངེས་འབྱུང་སྙིང་རྗེ་བྲལ་བའི་རང་རྒྱུད་ལ་བལྟས་པས། །སྐྱོ་ཤས་བཟོད་མེད་སྐྱེས་ཏེ་མ་བཅོས་ཀྱི་ཐོལ་གླུ། །གང་ཤར་རྡོ་རྗེའི་གླུ་ཡི་དཀོར་མཛོད་ནས་བླངས་སོ། །རང་གཞན་འགྲོ་ཀུན་ཐར་པ་བསྒྲུབ་པ་ལ་འདུག་ནས། །ཚེ་གཅིག་མཆོག་གི་གོ་འཕང་ཐོབ་པ་རུ་ཤོག་ཅིག ༈ །ཆེད་དུ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་ལུང་དང་རྟོགས་པའི་རོལ་


JKT022_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཞེས་བྱ་བ། ཨ་ཧོ། སྐུ་གསུམ་བདེ་བ་ཆེན་པོའི་ངོ་བོ་རུ་བཞུགས་པས། །རྣམ་གསུམ་སྣང་བའི་ཉམས་མྱོང་ཡེ་ཤེས་སུ་དག་པའི། །བརྒྱུད་གསུམ་རིག་འཛིན་བླ་མ་སྙིང་དབུས་ནས་མཁྱེན་ནོ། །སྒོ་གསུམ་སྤྲོས་དང་བྲལ་བར་བྱིན་གྱིས་རང་རློབས་ཤིག །ད་ལྟ་དལ་འབྱོར་མི་ལུས་རིན་ཆེན་འདི་ཐོབ་ཚེ། །བླ་མེད་གཏན་གྱི་འདུན་མ་གཅིག་ཅར་དུ་བསྒྲུབ་ཕྱིར། །ང་ཡི་དེད་དཔོན་བཤེས་གཉེན་སྐྱོ་གྲོགས་ལ་ཕེབས་དང་། །རི་ཁྲོད་དབེན་པར་རྩེ་གཅིག་སྒྲུབ་པ་ལ་བསྒྲིལ་གཏོང་། །ཆོས་བརྒྱད་རྒོད་དཀར་སྐྱོ་གྲོགས་ལ་ཕེབས་དང་། །ཟབ་གསང་རྫོགས་པ་ཆེན་པོའི་ལམ་སྣང་ལ་འབད་གཏོང་། །རྟག་འཛིན་ཚ་གདུང་སྟུག་པོ་གཏད་མེད་དུ་བཟློག་པས། །སྐྱོ་ཤས་ངེས་པར་འབྱུང་བའི་ཆུ་ཀླུང་གི་ངོགས་སུ། །ང་ཡི་མི་ཚེའི་གསེར་ཉ་སྐྱོ་གྲོགས་ལ་ཕེབས་དང་། །ཉིན་མཚན་བར་མེད་དགེ་བའི་གཤོག་རྩལ་རང་བསྒྱུར་གཏོང་། །འདུ་འཛི་ཁྱིམ་པའི་འཚོ་བ་ཞེན་ལོག་གིས་བཟློག་ནས། །ཐབས་ཤེས་ཟུང་འཇུག་འདེགས་འཇོག་བར་མེད་དུ་བསྒྱུར་བས། །ང་ཡི་བློ་སྣ་དབེན་རི་སྐྱོ་གྲོགས་ལ་ཕེབས་དང་། །བགྱི་བ་དོན་ལྡན་དམ་པའི་ལྷ་ཆོས་ལ་འབད་གཏོང་། །ཉེས་བྱས་དགུན་གྱི་ཕོ་ཉ་བསླབ་གསུམ་དུ་བསྡམས་པས། །སྤངས་


JKT022_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཇུག་པའི་ཚུལ་ཁྲིམས་སྨན་ལྗོངས་ཀྱི་དོ་རར། །ང་ཡི་སྤྱོད་ལམ་རི་དྭགས་སྐྱོ་གྲོགས་ལ་ཕེབས་དང་། །ཁོར་ཡུག་རིག་གྲོལ་གཉིས་ལྡན་འཚོ་བ་རང་སྦྱར་གཏོང་། །འཁོར་བ་སྡུག་བསྔལ་དཔག་མེད་གཟའ་སྐར་ལས་བཟློག་སྟེ། །འདུན་པ་དགེ་བར་སྤྱོད་པའི་སྐྱ་རེངས་ཀྱིས་དྲངས་ཚེ། །ང་ཡི་བསྐྱེད་རྫོགས་ཉིད་བྱེད་སྐྱོ་གྲོགས་ལ་ཕེབས་དང་། །བསྐལ་པར་གོམས་པའི་ལས་ཉོན་མུན་པ་འདི་བཟད་གཏོང་། །ལྷའཆད་རྩོད་རྩོམ་པའི་གྲགས་སྙན་དྲི་བཞོན་ལས་བཟློག་པས། །བཟླས་བརྗོད་ཆོས་སྤྱོད་དབྱར་རྔའི་ང་རོ་རུ་བསྒྲགས་ཚེ། །ང་ཡི་རླུང་སེམས་རྨ་བྱ་སྐྱོ་གྲོགས་ལ་ཕེབས་དང་། །ཡང་དག་དབུ་མར་སྨིན་པའི་ཟློས་གར་རང་བསྒྱུར་གཏོང་། །གཉིས་འཛིན་ཕྱོགས་ཆའི་དགུན་གྱི་གྲང་ངར་ལས་བཟློག་པས། །སྨོན་སེམས་དཔྱིད་ཀྱི་ཕོ་ཉ་ཅི་དགའ་རུ་རྒྱུ་བར། །ང་ཡི་འཇུག་པ་ཁུ་བྱུག་སྐྱོ་གྲོགས་ལ་ཕེབས་དང་། །ཚོགས་གཉིས་ཟུང་འབྲེལ་དབྱར་གྱི་དུས་སྟོན་ལ་སྦྱར་གཏོང་། །ཐ་མལ་འཁྲུལ་པའི་མུན་པ་ཕ་མཐའ་རུ་བཟློག་པས། །སྣང་སྟོང་ཟུང་དུ་འཇུག་པའི་གདན་གསུམ་གྱི་འོད་དཀར། །ང་ཡི་བསྐྱེད་རིམ་ཟླ་བ་སྐྱོ་གྲོགས་ལ་ཕེབས་དང་། །རིག་འཛིན་རྣམ་པ་བཞི་ཡི་ཀུན་རང་བཞད་གཏོང་། །འདོད་ཆགས་རྟོག་པའི་སྒྲོན་མེ་བདེ་ཆེན་དུ་བཟློག་པས། །ཆགས་བྲལ་དགའ་བའི་ལང་ཚོ་ཟུར་མིག་གིས་མཛེས་པ། །ང་ཡི་བྱང་སེམས་


JKT022_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་ཀི་སྐྱོ་གྲོགས་ལ་ཕེབས་དང་། །དབབ་བཟློག་འབེབས་སྐྱིལ་དགའ་བཞིའི་ངལ་བསོ་ལ་སྦྱར་གཏོང་། །མཐའ་བརྒྱད་སྤྲོས་པའི་རི་དྭགས་ཆོས་དབྱིངས་སུ་བཟློག་པས། །ཉམས་མྱོང་སྒོམ་པའི་གཡུ་རལ་སྟུག་པོ་ཡིས་བརྗིད་པ། །ང་ཡི་གཉུག་མ་སེང་ལྕམ་སྐྱོ་གྲོགས་ལ་ཕེབས་དང་། །ཁྱད་ཆོས་དྲུག་ལྡན་གངས་རིའི་ལ་ཐོད་ལ་སྦྱར་གཏོང་། །ཡིད་བྱེད་ལས་འདས་སྒྲོན་བཞིའི་འཛུམ་ཟེར་གྱིས་ཕྱེས་པའི། །ཐེག་བརྒྱད་རྩོལ་སྒྲུབ་ངལ་བསོའི་ཆུ་སྐྱེས་ཀྱི་ཟེ་འབྲུར། །ང་ཡི་དབྱིངས་རིག་བུང་བ་སྐྱོ་གྲོགས་ལ་ཕེབས་དང་། །སྣང་བཞི་གོང་འཕེལ་སྦྲང་རྩིའི་དགའ་སྟོན་ལ་སྦྱར་གཏོང་། །དགེ་ཚོགས་བདག་ཏུ་འཛིན་པའི་དྲི་བཞོན་ལས་བཟློག་པས། །འཁོར་གསུམ་རྣམ་པར་དག་པའི་གློག་ཕྲེང་གི་དོ་ཤལ། །ང་ཡི་བསྔོ་སྨོན་སྦྱང་ཆར་སྐྱོ་གྲོགས་ལ་ཕེབས་དང་། །ཆོས་དབྱིངས་མཐའ་བྲལ་ཆུ་གཏེར་ཆེན་པོ་རང་འཕེལ་གཏོང་། །སྣ་ཚོགས་ཀུན་བརྟགས་མཚན་མའི་སྤྲོས་པ་ཀུན་བཟློག་པས། །མགྲིན་པ་རྡོ་རྗེའི་ཐོལ་གླུའི་དཀོར་མཛོད་ཀྱི་ཀློང་ནས། །ང་ཡི་ཉམས་དགའི་སྒྲ་དབྱངས་སྐྱོ་གྲོགས་སུ་ཕེབས་པས། །གཟུང་འཛིན་ལས་འདས་ཆོས་ཉིད་མཐོང་བ་རུ་ཤོག་ཅིག ༈ །ཟབ་གསང་རྫོགས་པ་ཆེན་པོའི་རྡོ་རྗེའི་ཐོལ་གླུ་འོད་གསལ་སྤྲིན་གྱི་རོལ་མོ་ཞེས་བྱ་བ། ཨེ་མ་ཧོ། ཚོགས་བརྒྱད་འཁྲུལ་པ་དབུ་མར་ཐིམ་པ་ཡི་གྲོང་ཁྱེར། །རྔ་ཡབ་དཔལ་རི་འཇའ་ཟེར་ཐིག་


JKT022_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ཡི་ཀློང་ནས། སྐུ་གསུམ་བདེ་བ་ཆེན་པོའི་ངོ་བོ་རུ་བཞུགས་པའི། །འཆི་མེད་པདྨ་ཀ་ར་སྙིང་དབུས་ནས་དྲན་བྱུང་། །ང་ཡི་སྣང་བ་དག་པ་རབ་འབྱམས་ལ་སྐྱོལ་ཐོང་། །རྩ་གསུམ་འཁོར་ལོ་ལྔ་ལྡན་ཌཱ་ཀི་ཡི་གྲོང་ཁྱེར། །སྲོག་རྩོལ་བདུད་རྩིའི་ཐིགས་ཕྲེང་འཆི་མེད་ཀྱི་ཆུ་རྒྱུན། །བརྒྱད་ཁྲི་བཞི་སྟོང་དྲི་བཞོན་ལྷན་སྐྱེས་ཀྱི་གར་མཁན། །རྡོ་རྗེ་ཕུང་པོའི་ངོ་བོ་མཚོ་སྐྱེས་རྗེ་དྲན་བྱུང་། །ང་ཡི་རྟོག་ཚོགས་ཡེ་ཤེས་ཆེན་པོ་རུ་སྦྱོར་ཐོང་། །ལྟ་བ་མཐའ་བརྒྱད་སྤྲོས་བྲལ་ཀ་དག་གི་ཀློང་ནས། །སྒོམ་པ་མ་བཅོས་ལྷུན་གྲུབ་ཚོགས་གཉིས་ཀྱི་ལམ་མཆོག །སྤྱོད་པ་ཤར་གྲོལ་དུས་མཉམ་ཁྱབ་གདལ་གྱི་ཡེ་ཤེས། །འབྲས་བུ་འཁོར་འདས་གཉིས་མེད་མཚོ་སྐྱེས་རྗེ་དྲན་བྱུང་། །ང་ཡི་མྱོང་བ་བློ་བྲལ་ཆེན་པོ་རུ་སྐྱོལ་ཐོང་། །སྒྲོན་མ་རྣམ་བཞིའི་འཇའ་ཟེར་འཛུམ་དཀར་གྱི་ཀློང་ནས། །སྣང་བཞིའི་ཆོས་ཉིད་ཡིད་དཔྱོད་མཐའ་གྲོལ་གྱི་ངོ་བོ། །རྟོག་ཚོགས་གཞོན་ནུ་བུམ་སྐུའི་ཕྱག་རྒྱ་རུ་བཅིངས་པའི། །འཕོ་མེད་འཇིགས་བྲལ་མཚོ་སྐྱེས་རྡོ་རྗེ་དེ་དྲན་བྱུང་། །ང་ཡི་ལས་རླུང་ཅོག་གཞག་འཁྱིལ་བ་རུ་སྐྱོལ་ཐོང་། །རྣམ་ཐར་གསུམ་ལྡན་བདེ་སྟོང་པདྨོ་ཡི་ཀློང་དུ། །ཟག་བཅས་འཁྲུལ་པའི་ཕུང་ཁམས་སྐྱེ་མཆེད་ཀུན་བཅིངས་པས། །དུས་གསུམ་རྒྱལ་ཀུན་དགྱེས་པའི་མཆོད་སྤྲིན་དུ་སྤྲོ་བའི། །ཤེས་རབ་ཕ་རོལ་ཕྱིན་ཡུམ་མཚོ་རྒྱལ་རྗེ་དྲན་བྱུང་། །ང་ཡི་ཀུན་


JKT022_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་ལྷན་སྐྱེས་ཆེན་པོ་རུ་སྐྱོལ་ཐོང་། །ཀུན་གཞི་ཕྱོགས་ལྷུང་བྲལ་བའི་གདོད་མ་ཡི་ཀློང་ནས། །རྣམ་ཤེས་འཁྲུལ་པའི་རྟོག་ཚོགས་ཕྱག་རྒྱ་རུ་བཅིངས་པའི། །ཆོས་དབྱིངས་ཡེ་ཤེས་དཔའ་བོ་ཌཱ་ཀི་ཡི་ཚོམ་བུ། །རིག་པ་རང་གསལ་སྒྲོན་མའི་སྐྱོ་གྲོགས་དེ་དྲན་བྱུང་། །ང་ཡི་སྣང་སེམས་ཀ་དག་གཞི་དབྱིངས་སུ་སྐྱོལ་ཐོང་། །དབྱིངས་རིག་མཉམ་པར་སྦྱོར་བའི་བདེ་ཆེན་གྱི་ཀློང་ནས། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཕྱག་རྒྱ་རུ་བཅིངས་པའི། །མེ་ལོང་ཡེ་ཤེས་རིག་འཛིན་ཌཱ་ཀི་ཡི་ཚོམ་བུ། །ཤེས་རབ་རང་བྱུང་སྒྲོན་མའི་སྐྱོ་གྲོགས་དེ་དྲན་བྱུང་། །ང་ཡི་སྣང་བ་ཆོས་ཉིད་མངོན་སུམ་དུ་འཁྲིད་དང་། །གི་ཀློང་ནས། །བདེ་སྡུག་བར་མའི་ཚོར་བ་ཕྱག་རྒྱ་རུ་བཅིངས་པའི། །མཉམ་ཉིད་ཡེ་ཤེས་རིག་འཛིན་ཌ་ཀི་ཡི་ཚོམ་བུ། །རྒྱངས་ཞགས་འོད་གསལ་སྒྲོན་མའི་སྐྱོ་གྲོགས་དེ་དྲན་བྱུང་། །ང་ཡི་རླུང་སེམས་ཉམས་སྣང་གོང་འཕེལ་དུ་སྦྱོར་ཐོང་། །འཇའ་ཟེར་ཐིག་ལེས་སྤྲས་པའི་འོད་གསལ་གྱི་ཀློང་ནས། །རྟོག་དཔྱོད་འདུ་ཤེས་རང་གྲོལ་ཕྱག་རྒྱ་རུ་བཅིངས་པའི། །སོར་རྟོག་ཡེ་ཤེས་དཔའ་བོ་ཌཱ་ཀི་ཡི་ཚོམ་བུ། །དག་པ་དབྱིངས་ཀྱི་སྒྲོན་མའི་སྐྱོ་གྲོགས་དེ་དྲན་བྱུང་། །ང་ཡི་སྣང་བ་རིག་པ་ཚད་ཕེབས་སུ་སྐྱོལ་ཐོང་། །ལས་རླུང་འཁྲུལ་པ་ཟད་པའི་བུམ་སྐུ་ཡི་ཀློང་ནས། །སེམས་བྱུང་


JKT022_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་རྟོག་ཚོགས་ཕྱག་རྒྱ་རུ་བཅིངས་པའི། །བྱ་གྲུབ་ཡེ་ཤེས་དཔའ་བོ་ཌཱ་ཀི་ཡི་ཚོམ་བུ། །ཐིག་ལེ་སྟོང་པའི་སྒྲོན་མའི་སྐྱོ་གྲོགས་དེ་དྲན་བྱུང་། །ང་ཡི་སྣང་བ་བློ་བྲལ་ཆོས་ཟད་ལ་སྐྱོལ་ཐོང་། །སྒྲ་ཚིག་ལས་འདས་ཟག་བྲལ་ལོངས་སྤྱོད་ཀྱི་འཁོར་ལོ། །ཉི་ཁྲི་ཆིག་སྟོང་དྲི་བཞོན་དག་པ་ཡི་ཀློང་ནས། །བདེ་སྟོང་འོད་གསལ་ཡི་གེའི་རོལ་མོ་རུ་བཀྲོལ་བའི། །ལུང་དང་རྟོགས་པ་གཉིས་ལྡན་སྐྱོ་གྲོགས་དེ་དྲན་བྱུང་། །ང་ཡི་སྣང་བ་བརྡ་དང་དཔེ་ཆ་རུ་སྐྱོལ་ཐོང་། །ཆོས་བརྒྱད་རེ་དོགས་འཆིང་བ་བྲལ་བ་ཡི་ཀློང་ནས། །རང་བྱུང་བྲག་སྐྱིབས་མེ་ཏོག་འབྲས་བུ་ཡིས་བརྒྱན་ཅིང་། །ཐབས་ཤེས་རི་དྭགས་ཁྱོ་ཤུག་རྩེ་དགའ་ལ་རོལ་པའི། །འདུ་འཛིའི་སྤྱོད་པ་བྲལ་བའི་སྐྱོ་གྲོགས་དེ་དྲན་བྱུང་། །ང་ཡི་སྣང་བ་ཟབ་མོའི་སྒོམ་སྒྲུབ་ལ་སྐོལ་ཐོང་། །སྨིན་གྲོལ་བདུད་རྩིའི་རྒྱན་བཟང་ཟད་མེད་དུ་བཏང་བས། །ཕན་ཚུན་དམ་ཚིག་ཕྱག་རྒྱ་གཅིག་པ་རུ་སྦྲེལ་ཞིང་། །བདེ་དང་སྟོང་པའི་སྙིང་པོས་རྟོག་ཚོགས་ཀུན་མྱོས་པའི། །ཕན་བདེའི་དགའ་སྟོན་སྤེལ་བའི་སྐྱོ་གྲོགས་དེ་དྲན་བྱུང་། །ང་ཡི་སྣང་བ་འོད་གསལ་ཆོས་སྐུ་རུ་སྐྱོལ་ཐོང་། །གནས་བཟང་མི་མེད་སྔར་འདས་གྲུབ་ཐོབ་ཀྱི་ཤུལ་ལམ། །བྱ་བ་དགུ་ཕྲུགས་གཏད་སྐྱེ་ཚད་ཕེབས་ཀྱི་ལམ་སྟེགས། །སྣང་བཞི་གོང་དུ་བགྲོད་པ་རྫོགས་ཆེན་གྱི་ཉམས་ལེན། །ཟག་བཅས་འོད་སྐུར་འགྲུབ་པའི་སྐྱོ་གྲོགས་དེ་དྲན་


JKT022_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། །ང་ཡི་སྣང་བ་གཞོན་ནུ་བུམ་སྐུ་རུ་སྐྱོལ་མཛོད། །འོན་ཀྱང་བརྩོན་འགྲུས་ལས་འཕྲོའི་མཐུ་སྟོབས་ཀྱིས་དམན་ནས། །དོན་གཉིས་ལྷུན་གྲུབ་ཕྱོགས་མེད་འགྲོ་དོན་ལ་སྤྱོད་ན། །སྐྱོ་གྲོགས་གཅིག་ཏུ་རྗེས་བཟུང་དྲིན་ཆེན་རྗེ་དྲན་བྱུང་། །ང་ཡི་སྣང་བ་མཁའ་སྤྱོད་དབུ་མ་རུ་ཁྲིད་མཛོད། །དེ་སྐད་རང་སྣང་དག་པ་རབ་འབྱམས་ཀྱི་ཀློང་ནས། །གང་ཤར་སྣང་བ་གཏད་མེད་ཆོས་སྐུ་རུ་གྲོལ་ཏེ། །དོན་བརྒྱུད་བྱིན་གྱིས་བརླབས་པའི་མཚན་མ་ཡིས་སྤྲད་ཚེ། །ང་ཡི་སྐྱོ་གྲོགས་ཌཱ་ཀིའི་དབྱངས་རྟ་ལ་དྲངས་སོ།། ༈ །།བསྐྱེད་རིམ་རྫོགས་པར་ཤར་བའི་རྡོ་རྗེའི་ཐོལ་གླུ་གྲུབ་པའི་རོལ་མོ་ཞེས་བྱ་བ། ཨ་ཧོ། ཨེ་དབྱིངས་རྡོ་རྗེ་གཞོན་ནུ་ཡེ་ཤེས་ཀྱི་ཀློང་ནས། །ཝཾ་ཡིག་འཁོར་ལོ་རྒྱས་འདེབས་དགའ་བ་ཡི་རང་གདངས། །གཉིས་མེད་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་རུ་རོལ་པས། །དོན་དམ་རྣམ་དབྱེར་མེད་པའི་དངོས་གྲུབ་དེ་ཐོབ་བྱུང་། །རྡོ་རྗེ་ཕུང་པོ་རྩ་གནས་ཉེར་བཞི་ཡི་གྲོང་ཁྱེར། །ཡས་བབས་མས་བརྟན་དགའ་བའི་བདུད་རྩི་ཡིས་མཆོད་པས། །ཞུ་བདེ་མི་རྟོག་བདེ་སྟོང་དྲུ་བ་ཡི་འཁོར་ལོ། །རླུང་རིག་སྣང་སེམས་ཟད་པའི་ཀློང་དུ་དེ་རྫོགས་བྱུང་། །གདོད་ནས་རྣམ་དག་ཡེ་ཤེས་ཆེན་པོ་ཡི་ངོ་བོ། །འགག་མེད་བྱ་གྲུབ་གང་ཤར་སྣང་སྟོང་གི་རང་བཞིན། །གང་འདུལ་ཐུགས་རྗེ་ཁམས་གསུམ་ཡོངས་སྒྲོལ་གྱི་ཕྲིན་ལས། །མཐའ་བརྒྱད་སྤྲོས་བྲལ་ཡེ་


JKT022_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དྲྭ་བ་དེ་འགྲུབ་བྱུང་། །བསྐྱེད་རིམ་རྫོགས་པར་འཆར་བའི་ཉམས་ལེན་གྱི་གླུ་ཆུང་། །ཀུན་སྣང་ལྷ་ཡི་ཕྱག་རྒྱར་རྫོགས་པ་ཡི་ངང་ནས། །འགག་མེད་རྡོ་རྗེའི་རོལ་མོར་བསྒྱུར་བ་ཡི་དགེ་བས། །འགྲོ་རྣམས་དཔལ་ཆེན་གོ་འཕང་ཐོབ་པ་རུ་ཤོག་ཅིག ༈ །ཚོགས་གཉིས་ཟུང་འཇུག་གི་རྡོ་རྗེའི་ཐོལ་གླུ་འདོད་འཇོའི་འཁྲི་ཤིང་ཞེས་བྱ་བ། ཨ་ཧོ། ཀ་དག་སྲིད་ཞི་དབྱེར་མེད་བདེ་ཆེན་གྱི་རྫས་མཆོག །ཁ་དོག་སྣ་ཚོགས་ཤར་བ་རིགས་ལྔ་ཡི་རོལ་པ། །ག་བུར་འཛིན་མདོག་བདེ་སྐྱོང་སྣོད་མཆོག་ཏུ་བསྐྱིལ་བ། །ང་བདག་འཛིན་པ་བྲལ་བའི་འདོད་ཡོན་རུ་གྱུར་ཏོ། ཨོཾ་ཨཱཿཧཱུཾ། །ཅ་ཅོ་བྲལ་བའི་གུས་པའི་གདུང་དབྱངས་ཀྱིས་འབོད་ཚེ། །ཆ་ལུགས་དུ་མར་རོལ་པའི་ཚོགས་གཏོར་གྱི་མགྲོན་ཀུན། །ཇ་ཆང་ལས་འདས་ཟག་མེད་དམ་རྫས་མཆོག་བཞེས་ཕྱིར། །ཉ་ཟླ་ཆུ་ལ་རོལ་ལྟར་ཐུགས་རྗེ་ཡིས་གཤེགས་ཤིག །ཏ་ཐཱ་ག་ཏའི་སྙིང་པོ་གསང་སྔགས་ཀྱི་མཆོད་པ། །ཐ་དད་ཟུང་དུ་འཇུག་པའི་དགའ་བཞི་ཡི་འདོད་ཡོན། །ད་ལྟར་རྩ་གསུམ་དགྱེས་པའི་འདོད་ཡོན་དུ་འབུལ་ལོ། །ན་མར་ཐུགས་རྗེའི་བྱིན་རླབས་འབད་མེད་དུ་སྩོལ་ཅིག །པ་སངས་ལྟ་བུའི་ཉེས་བྱས་ཚུལ་ཁྲིམས་ཀྱི་བསླབ་པ། །ཕ་རོལ་ཕྱིན་ལམ་ཁྱད་པར་གསང་སྔགས་ཀྱི་དམ་ཚིག །བ་ལང་ལྟ་བུའི་རྨོངས་པའི་གཞན་དབང་གིས་འགལ་བ། །མ་ལུས་ཞལ་ཟས་མཆོད་པའི་སྤྲིན་ཕུང་གིས་བཤགས་སོ། །ཙ་ར་


JKT022_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་སྤྲུལ་པ་ཕྱག་རྒྱ་ཡི་གྲོང་དུ། །ཚ་གྲང་འདོད་པས་མནར་བའི་དགྲ་བགེགས་ཀུན་བཀུག་ནས། །ཛ་ཡ་དཔང་དུ་གསོལ་ཏེ་ཆོས་དབྱིངས་སུ་བསྒྲལ་བའི། །ཝ་སྐྱེས་ཤ་ཁྲག་རུས་པས་ཐུགས་དམ་དེ་བསྐང་ངོ་། །ཞྭ་ལྟར་མཐོ་བའི་སྲིད་རྩེའི་བྲོང་ཁྱེར་ནས་བཟུང་སྟེ། །ཟ་ལྟར་རྩུབ་པའི་མནར་སྤྱོད་དམྱལ་བ་དེ་ཡན་ཆོད། །འ་འུར་སྣང་སྲིད་གཞིར་བཞེངས་ཆེན་པོ་ཡི་ངོ་བོ། །ཡ་བྲལ་ཙམ་མིན་མཆོད་པའི་ཕྱག་རྒྱ་རུ་འབུལ་ལོ། །རཱ་ཙ་སྲིན་པོའི་གཟུགས་འཛིན་ལེགས་ཉེས་ཀྱི་རྗེས་གཅོད། །ལ་ཀླུང་ཉུལ་པའི་རྣལ་འབྱོར་ཚོགས་ཁང་དུ་འགྲིམ་པའི། །ཤ་ཟ་ཁྲག་འཐུང་སྲུང་མའི་ཚོགས་རྣམས་ཀུན་མ་ལུས། །ས་བཅུའི་ཀློང་དུ་རོལ་པའི་གཏོར་མ་འདི་བཞེས་ཤིག །ཧ་ལ་ལྟ་བུའི་རྟོག་པ་དབུ་མ་རུ་ཐིམ་པས། །ཨ་ཏི་ལྡོག་མེད་ཡེ་ཤེས་ཚོགས་མཆོད་དེ་རྫོགས་འགྲོ། །ཨ་ལས་སྐྱེས་པའི་བདེ་སྟོང་སྐྱེ་མེད་ཀྱི་ཌཱ་ཀིའི། །འབར་འཛག་བདེ་བས་མྱོས་པའི་དངོས་གྲུབ་ཤིག་ཞུའོ། ཞེས་ནང་དང་གསང་བའི་ཚོགས་འཁོར་དང་སྦྱར་བའི་རྡོ་རྗེའི་ཐོལ་གླུ་གུ་བྱ།། ༈ །།དགའ་སྟོན་ཚོགས་ཀྱི་འཁོར་ལོའི་རྡོ་རྗེའི་ཐོལ་གླུ་བདེ་སྟོང་འཁོར་ལོའི་སྒྲ་དབྱངས་ཞེས་བྱ་བ། ཨེ་མ་ཧོ། ཀ་ན་ཀ་ལྟར་བདེ་སྟོང་ཉིན་བྱེད་ཀྱིས་སྨིན་པའི། །ཁ་དོག་དཀར་དམར་ཟུང་འཇུག་སྟོང་གསལ་གྱི་ཐིག་ལེ། །ག་བུར་འཛིན་པ་གསར་པའི་ལང་ཚོ་ལས་ལྷག་པའི། །ངར་འཛིན་བདེ་བས་མྱོས་པའི་དངོས་གྲུབ་


JKT022_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཞུའོ། །ཅ་ག་སྣ་ཚོགས་ཤར་བའི་སྣོད་བཅུད་ཀྱི་རོལ་པ། །ཆ་མཐུན་ཙམ་མིན་སྣང་སྟོང་ཟུང་འཇུག་གི་དཀྱིལ་འཁོར། །ཇ་ཧོང་སྲིད་པའི་མུན་ནག་རང་ངོ་རུ་བཅིལ་བའི། །ཉ་རྒྱས་ཟླ་འདྲས་བསྐྱེད་པའི་དངོས་གྲུབ་ཞིག་ཞུའོ། །ཏ་ཐཱ་ག་ཏའི་སྙིང་པོ་རྫོགས་པ་ཡི་ཆེན་པོ། །ཐ་དད་མ་དམིགས་རིག་སྟོང་ཟུང་འཇུག་གི་རོལ་པ། །ད་བཟོད་བསྐྱར་གྲོལ་འབྲས་བུ་རེ་འདོད་དང་བྲལ་བའི། །ན་མར་འོད་གསལ་དྲྭ་བའི་དངོས་གྲུབ་ཞིག་ཞུའོ། །པཱ་པ་རྡོ་རྗེའི་ལམ་ནས་བབ་པ་ཡི་བྱང་སེམས། །ཕ་མཐའ་བྲལ་བའི་སྲིད་གསུམ་ཡོངས་སྒྲོལ་གྱི་ཚྭ་ས། །བ་ལིཾ་གཏོར་ཚོགས་ཐབས་ཤེས་ཟུང་འཇུག་གི་མཆོད་སྤྲིན། །མ་དག་མཚན་མ་བྲལ་བའི་དངོས་གྲུབ་ཤིག་ཞུའོ། །ཙ་མ་ར་ལྟར་འཁྲུལ་པའི་མུན་པ་ཀུན་མ་ལུས། །ཚ་ཟེར་ཅན་བཞིན་གསང་སྔགས་ལམ་མཆོག་གིས་བཅོམ་སྟེ། །ཛ་ཧུའི་རྒྱུན་ལྟར་ཡེངས་མེད་སྒོམ་བྲལ་གྱི་ཏིང་འཛིན། །ཝ་ལྟར་བས་མཐར་སྒོམ་པའི་དངོས་གྲུབ་ཤིག་ཞུའོ། །ཞྭ་ལྟར་མཐོ་བའི་བླ་དཔོན་དྲེགས་པ་ཡང་སྤང་ཞིང་། །ཟ་ཐང་གྱི་ནར་རེ་བའི་སྙམ་ཆུང་གི་ངང་ནས། །འ་ཅག་ཐར་པར་ཕྱིན་པའི་ཉེ་ལམ་ལ་འབད་པའི། །ཡ་མཚན་དགེ་ལ་འདུན་པའི་དངོས་གྲུབ་ཤིག་ཞུའོ། །རྭ་ཅོ་ལྟ་བུའི་ལམ་གོལ་ཐེག་དམན་དུ་མི་འཁྱམས། །ལ་ཀླུང་རྒྱུ་བའི་ལྟར་སྣང་འགྲོ་དོན་དང་བྲལ་ཏེ། །ཤ་བ་ནགས་སུ་གནས་བཞིན་བག་


JKT022_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་ཀྱི་ངང་ནས། །ས་བཅུ་རང་ལ་རྫོགས་པའི་དངོས་གྲུབ་ཤིག་ཞུའོ། །ཧ་ལའི་རྟོག་ཚོགས་བྲལ་བའི་རང་བྱུང་གི་ཡེ་ཤེས། །ཨ་ཏི་བྱ་རྩོལ་བྲལ་བའི་ཆོས་དབྱིངས་སུ་ཐིམ་ཚེ། །ཧ་ཅང་མཚན་མའི་ཆོས་ལ་དམིགས་གཏད་ཀུན་སྤངས་ཏེ། །ཨ་དོན་འོད་གསལ་དྲྭ་བའི་དངོས་གྲུབ་ཤིག་ཞུའོ། །སྲིད་པའི་དགྲ་ལས་རྒྱལ་བའི་བདེ་སྟོང་གི་མཚན་དཔེ། །སྲིད་ཞིའི་དེ་ཉིད་རྟོགས་པ་བདེ་ཆེན་གྱི་གསུང་དབྱངས། སྲིད་གསུམ་དབུ་མར་རོལ་པའི་འོད་གསལ་གྱི་ཐིག་ལེ། །སྲིད་ཞིའི་མཐའ་ལས་འདས་པའི་དངོས་གྲུབ་ཤིག་ཞུའོ། །འབར་འཛག་བདུད་རྩིའི་ཐིགས་ཕྲེང་བདུད་རྩི་ལ་རོལ་པས། །ཨེ་ཝཾ་ཟུང་འཇུག་བདེ་སྟོང་དྲྭ་བ་ཡི་འཁོར་ལོ། །འཆི་མེད་བཅུད་ལེན་བྲལ་བའི་སྣང་ཚུལ་དུ་བཞེངས་ནས། །བསྟན་འགྲོའི་འདོད་དོན་འཇོ་བའི་དངོས་གྲུབ་ཤིག་ཞུའོ། །དེ་སྐད་གང་ཤར་བདེ་བའི་གླུས། །ལོངས་སྤྱོད་ཡོངས་རྫོགས་འཁོར་ལོ་ནས། །གྲགས་སྟོང་རྡོ་རྗེའི་རོལ་མོར་བསྒྱུར། །ལྷན་སྐྱེས་བདེ་བར་རོ་གཅིག་ཤོག ༈ །འཆི་མེད་གཉུག་མའི་རྡོ་རྗེའི་ཐོལ་གླུ་བདེ་སྟོང་སྲོག་འཛིན་ཞེས་བྱ་བ། ཨེ་མ་ཧོ། ཨེ་དབྱིངས་ཐབས་མཆོག་བདེ་ཆེན་སྙིང་རྗེ་ཡི་ཀློང་ནས། །ཝཾ་ཡིག་ཤེས་རབ་སྟོང་ཉིད་ཟུང་འཇུག་ཏུ་རོལ་པས། །སྤྲོས་བྲལ་དགའ་བཞིའི་ཡེ་ཤེས་དབུ་མ་རུ་ཤར་བའི། །འཆི་མེད་འཇའ་ལུས་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །རང་རིག་


JKT022_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་གྲོལ་ལས་འདས་རྩེ་གཅིག་གི་ངོ་བོར། །ཆོས་ཉིད་མངོན་སུམ་བདུད་རྩིའི་ཐིགས་ཕྲེང་གིས་རེག་པས། །གདན་གསུམ་མངོན་རྟོགས་ངོམ་པའི་རྣམ་སྣང་གི་རང་ཞལ། །ལྷན་སྐྱེས་དགའ་བའི་ཡེ་ཤེས་བདེ་ཆེན་དུ་ཤར་རོ། །མཐའ་བརྒྱད་སྤྲོས་པ་ཀུན་བྲལ་གཉུག་མ་ཡི་ངོ་བོར། །ཉམས་སྣང་གོང་འཕེལ་བདུད་རྩིའི་ཐིགས་ཕྲེང་གིས་རེག་པས། །མཉམ་སྦྱོར་མཉམ་ཉིད་འཆི་བ་མེད་པ་ཡི་ཐིག་ལེ། །རང་བྱུང་མཆོག་གི་ཡེ་ཤེས་བདེ་སྟོང་དུ་ཤར་རོ། །འཁོར་འདས་སྣང་སྲིད་རོ་གཅིག་དབུ་མ་ཡི་ངོ་བོར། །རིག་པ་ཚད་ཕེབས་བདུད་རྩིའི་ཐིགས་ཕྲེང་གིས་རེག་པས། །ཆགས་བྲལ་སོ་སོར་རྟོག་པའི་འཆི་མེད་ཀྱི་ཐིག་ལེ། །དགའ་བྲལ་མི་ཤིགས་ཆོས་ཉིད་འཁོར་ལོ་རུ་ཤར་རོ། །ཡེངས་འཁྲུལ་བྲལ་བའི་བློ་བྲལ་སྒོམ་མེད་ཀྱི་ངོ་བོར། །ཆོས་ཟད་བློ་འདས་བདུད་རྩིའི་ཐིགས་ཕྲེང་གིས་རེག་པས། །འཛིན་བྲལ་བྱ་བ་གྲུབ་པའི་འཆི་མེད་ཀྱི་ཐིག་ལེར། །ལྷན་སྐྱེས་སྐུ་བཞི་དབྱེར་མེད་སྤྲུལ་པ་རུ་ཤར་རོ། །ཀ་དག་གདོད་མའི་ངོ་བོ་བུམ་སྐུ་ཡི་སྦུབས་སུ། །ལྷུན་གྲུབ་སྣང་བཞིའི་ཚོགས་ཀུན་ཟུང་འཇུག་ཏུ་རོལ་པས། །དབྱིངས་རིག་དབྱེར་མེད་བདེ་ཆེན་གཉུག་མ་ཡི་བདུད་རྩི། །སྐྱེ་འགགས་འཕོ་འཇིགས་བྲལ་བའི་ངོ་བོ་རུ་ཤར་རོ། །འགྲོ་འོང་རྟོག་པའི་དྲི་གཞོན་དབུ་མ་རུ་བཅིལ་བས། །ཐབས་ཤེས་ཨེ་ཝཾ་མཉམ་སྦྱོར་ཟུང་འཇུག་གི་བདུད་རྩི། །རྩ་


JKT022_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འཁོར་ལོ་བཞི་ཡི་ལྗོན་ཤིང་ལ་རེག་པས། །བདེ་སྟོང་འཆི་བ་མེད་པའི་འབྲས་བུ་རུ་ཤར་རོ། །ཧཾ་ཡིག་བྱང་ཆུབ་སེམས་མཆོག་འཕོ་མེད་ཀྱི་ཐིག་ལེ། །ཨ་ཤད་ཙཎྜའི་ཉི་མས་གནས་བཞི་རུ་བཞུ་བས། །ལྷན་སྐྱེས་དཔའ་བོ་ཌཱ་ཀི་ཡོངས་གྲུབ་ཀྱི་ལང་ཚོ། །བཅུ་དྲུག་འཆི་བ་མེད་པའི་རང་བཞིན་དུ་བཞད་དོ། །སྣང་སྟོང་ཟུང་འཇུག་རྡོ་རྗེ་ཕུང་པོ་ཡི་གྲོང་ཁྱེར། །གདན་གསུམ་དབྱེར་མེད་དཀྱིལ་འཁོར་ཉག་གཅིག་ཏུ་རྫོགས་པས། །ཕྱི་ནང་གཞན་གསུམ་མཉམ་སྦྱོར་རང་རིག་ཏུ་བསྡམས་ཏེ། །སྐྱེ་ཤི་གཉིས་མེད་ལྷུན་གྲུབ་ཆེན་པོ་རུ་ཤར་རོ། །དེ་སྐད་ལོངས་སྤྱོད་ཡོངས་རྫོགས་མགྲིན་པ་ཡི་རོལ་མོ། །ཐབས་ཤེས་ཨཱ་ལི་ཀཱ་ལིའི་ཡི་གེ་རུ་ཤར་བ། །གྲགས་སྟོང་སྐྱེ་མེད་རྡོ་རྗེའི་རོལ་མོ་རུ་བསྒྱུར་བས། །ལྷན་སྐྱེས་སྐུ་བཞིའི་ལམ་མཆོག་རྨད་བྱུང་དུ་གྲུབ་བོ། །དགེ་བ་དེ་ཡིས་ཕྱི་ནང་གཞན་གསུམ་གྱི་རྟོག་པ། །ཐབས་ཤེས་རོ་རྐྱང་ལམ་ནས་དྷ་ཏཱི་རུ་བཅིལ་བས། །ཞུགས་གནས་ཐིམ་གསུམ་ཡོངས་རྫོགས་ལྷན་སྐྱེས་ཀྱི་ངོ་བོར། །ཉེར་ལེན་སྲིད་པའི་འཁྲུལ་འཁོར་འགགས་པ་རུ་ཤོག་ཅིག། ༈ །།ཚོགས་ཀྱི་འཁོར་ལོའི་རྟོགས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་སྐུ་གསུམ་མཆོད་སྤྲིན་ཅེས་བྱ་བ། ཨ་ཧོ། རང་ལུས་རྡོ་རྗེ་ཕུང་པོ་གདན་གསུམ་གྱི་གྲོང་ཁྱེར། །འགྲོ་འོང་རླུང་ཀུན་སྐྱེ་མེད་སྐུ་གསུམ་གྱི་རོལ་གར། །རྟོག་ཚོགས་ཤར་གྲོལ་དུས་མཉམ་ཆོས་ཉིད་ཀྱི་ངོ་བོ། །ཡེ་


JKT022_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་གསལ་བདེ་ཆེན་དཀྱིལ་འཁོར་དེ་མཁྱེན་ནོ། །སྙིང་ག་རོ་རྐྱང་དབུ་མ་ཟུང་འཇུག་གི་སྣོད་དུ། །གཡོ་བྱེད་རླུང་གིས་མ་བསླད་རང་རིག་གི་བཅུད་མཆོག །དག་པ་གཉིས་ལྡན་ཆོས་སྐུའི་དཀྱིལ་འཁོར་དུ་མཆོད་པས། །གདོད་ནས་འཁྲུལ་བྲལ་རྟོག་པའི་ཡོ་ལང་ལས་འདས་སོ། །མགྲིན་པ་ལོངས་སྤྱོད་ཡོངས་རྫོགས་ཆགས་བྲལ་གྱི་སྣོད་དུ། །བཟའ་བཏུང་ལྷུན་གྲུབ་གསལ་སྟོང་དབྱེར་མེད་ཀྱི་བཅུད་མཆོག ། ངེས་པ་ལྔ་ལྡན་ལོངས་སྐུའི་དཀྱིལ་འཁོར་དུ་མཆོད་པས། །མཆོག་ཏུ་དགའ་བའི་ཉམས་མྱོང་ལྷན་སྐྱེས་སུ་ཤར་རོ། །སྤྱི་བོ་སྣང་སྟོང་ཟུང་འཇུག་བདེ་ཆེན་གྱི་སྣོད་དུ། །ཚོགས་དྲུག་རང་སར་གྲོལ་བའི་གཉུག་མ་ཡི་བཅུད་མཆོག །ཟུང་འཇུག་སྒྱུ་མ་སྤྲུལ་སྐུའི་དཀྱིལ་འཁོར་དུ་མཆོད་པས། །མཐའ་བྲལ་གཟུང་འཛིན་གཉིས་སྤང་ངོ་བོ་རུ་གྲོལ་ལོ། །འཁོར་འདས་འཛིན་རྟོག་བྲལ་བའི་བདེ་སྟོང་གི་སྣོད་དུ། །སྣ་ཚོགས་སྣང་བ་མ་འགག་སྣོད་བཅུད་ཀྱིས་གཏམས་ཏེ། །ཏིང་འཛིན་སྒྱུ་མར་སྤྲུལ་པའི་དཀྱིལ་འཁོར་དུ་མཆོད་པས། །དོན་གཉིས་ལྷུན་གྲུབ་ཚིམ་པ་དྲུག་ལྡན་དུ་ལོངས་སོ། །དེ་སྐད་དགའ་སྟོན་སྣོད་བཅུད་ཕྱི་ནང་གི་དཀྱིལ་འཁོར། །མཆོད་བྱ་མཆོད་བྱེད་ལས་འདས་དབུ་མ་ཡི་སྦུབས་ནས། །འབར་དང་འཛག་པའི་རྡོ་རྗེའི་ཐོལ་གླུ་འདི་བླངས་པས། །འགྲོ་ཀུན་རྟོག་བྲལ་བདེ་ཆེན་ཐོབ་པ་རུ་ཤོག་ཅིག ༈ །རེ་དོགས་གཉིས་འཛིན་བྲལ་བའི་


JKT022_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཐོལ་གླུ་ཕུང་པོ་མཆོད་སྦྱིན་ནོར་བུའི་འཁྲི་ཤིང་ཞེས་བྱ་བ། ཕཊ། ཀ་དག་གཉུག་མའི་ཀློང་ནས་གང་ཤར་གྱི་ཕྱག་རྒྱ། །ཁ་དོག་དམར་སྨུག་ཁྲོ་འཛུམ་ཆགས་པ་ཡི་འཇོ་སྒེག །ག་བུར་འཛིན་པ་ཇི་བཞིན་འོད་ཟེར་གྱི་ཕུང་པོ། །ང་བདག་འཛིན་བྲལ་ཡེ་ཤེས་ཌཱ་ཀི་རུ་ཤར་རོ། །ཅ་ག་མཚར་བར་རེ་བའི་ཕུང་ཁམས་དང་སྐྱེ་མཆེད། །ཆ་མཐུན་ཙམ་མིན་ཟག་མེད་བདེ་ཆེན་གྱི་བདུད་རྩི། །ཇ་ཆང་ལས་ལྷག་རྣམ་གྲོལ་བདེ་སྟོང་གི་མཆོད་སྤྲིན། །ཉ་རྒྱས་ཟླ་མདོག་བྱང་སེམས་ཐོད་པ་རུ་བསྐྱིལ་ལོ། །ཕཊ། ཏ་ཐཱ་ག་ཏའི་སྙིང་པོ་བྱང་སེམས་མཆོག་ཡིན་ཕྱིར། །ཐ་དད་མ་དམིགས་སྲིད་ཞི་མཉམ་ཉིད་ཀྱི་མགྲོན་ཀུན། །ད་ལྟའི་སྒྱུ་ལུས་ཚོགས་གཉིས་མཉམ་རྫོགས་སུ་སྤྱོད་ཕྱིར། །ན་མར་སྣང་སྟོང་སྒྱུ་མའི་རོལ་པ་ཡིས་གཤེགས་ཤིག །ཕཊ། པཱ་བ་རྡོ་རྗེའི་ལམ་ནས་བབ་པ་ཡི་བྱང་སེམས། །ཕ་རོལ་ཕྱིན་པའི་བདུན་པ་ཐབས་ལམ་གྱི་དགའ་བཞི། །བ་ལང་ལྟ་བུའི་རྨོངས་པའི་འཁྲུལ་འཁོར་ཀུན་བཅོམ་བྱེད། །མ་གཅིག་སྐུ་གསུམ་ལྷ་ལ་མཆོད་སྤྲིན་དུ་འབུལ་ལོ། །ཙཱ་རུའི་ཞལ་ཟས་ཀྱིས་མཚོན་འདོད་ཡོན་གྱི་རོལ་པ། །ཚ་གྲང་ཚིམ་པ་དྲུག་ལྡན་སྦྱོར་སྒྲོལ་གྱི་ཚོགས་འཁོར། །ཛ་ཧུའི་རྒྱུན་ལྟར་ཟག་མེད་སྣ་ཚོགས་ཀྱི་མཆོད་པས། །ཝ་སྐྱེས་དགྲ་བགེགས་སྒྲོལ་བའི་སྲུང་མ་ཀུན་མཆོད་དོ། །ཞྭ་ཐོད་གདུགས་སུ་གཡོ་བའི་འགྲོ་བ་ནས་བཟུང་སྟེ། །ཟ་


JKT022_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་གྱི་ནར་བརྟེན་པའི་ཚོགས་རྣམས་ཀུན་ཡན་ཆད། །འ་འུར་སྣང་སེམས་འཁྲུལ་པའི་སྲིད་པ་ཡི་མགྲོན་ཀུན། །ཡ་མཚན་གཏན་པ་བྲལ་བའི་མཆོད་སྦྱིན་ལ་རོལ་ཅིག །རཀ་གདུག་པས་མཚོན་པའི་སྣ་ཚོགས་ཀྱི་འབྱུང་པོ། །ལ་ཀླུང་འགྲོ་ལ་འཚེ་བའི་བསམ་སྦྱོར་དང་ལྡན་རྣམས། །ཤ་ཁྲག་རུས་པའི་བཟའ་བཅའ་ཟད་མེད་ལ་རོལ་ནས། །ས་བཅུ་ལྡོག་མེད་ཀློང་དུ་བྱང་ཆུབ་དེ་ཐོབ་ཤོག །ཧ་ཅང་རེ་དོགས་གཉིས་སུ་འཛིན་པ་ཡི་ལྷ་འདྲེ། །ཨ་ཏི་ཐོབ་ཤོར་ཟད་པའི་ཆོས་ཉིད་དུ་ཐིམ་སྟེ། །ཧ་ལའི་རྟོག་ཚོགས་བྲལ་པའི་རྣམ་དཀར་གྱི་དགེ་བ། །ཨ་དོན་སྐྱེ་མེད་རྟོགས་པའི་ཡན་ལག་ཏུ་བསྔོའོ། ཕཊ། ཅེས་ཐུན་མོང་མ་ཡིན་པའི་རོ་སྙོམས་སྤྱོད་པའི་ཚུལ་སྨྲས་པ་འདི་ཡང་གང་ཤར་དུ་བླངས་པ་གུ་བྱ།། ༈ །།གྲགས་སྟོང་རྡོ་རྗེའི་ཐོལ་གླུ་སྒྱུ་མའི་མཆོད་སྤྲིན་ཞེས་བྱ་བ། ཨ་ཧོ། ཚོགས་བརྒྱད་འཁྲུལ་པ་ཟད་པ་ཡི། །གཞི་གྲོལ་ཀ་དག་དཔལ་གྱི་རི། །འོད་གསལ་སྒྱུ་མར་རོལ་པའི་གར། །རིག་འཛིན་མཁའ་འགྲོའི་ཚོམ་བུར་འདུད། །ཡང་གྲགས་སྟོང་གླུ་ཡི་མཆོད་པ་ཡིས། །དཔའ་བོ་ཌཱ་ཀི་དགྱེས་ཕྱིར་ལེན། །རྩ་དག་པ་རབ་འབྱམས་ཀྱི་མགྲིན་པ་ནས། །སྣང་སྟོང་བསྐྱེད་རིམ་གྱི་གླུ་བླངས་པས། །ཀུན་བརྟགས་འཁྲུལ་པའི་ཕུང་ཁམས་ཚོགས། །གདན་གསུམ་ལྷ་ཡི་སྐུ་རུ་སྨིན། །རླུང་དབུ་མར་རོལ་པའི་མགྲིན་པ་ནས། །གསལ་སྟོང་བཟླས་བརྗོད་ཀྱི་གླུ་བླངས་པས། །སྒྲ་ཚིག་རང་


JKT022_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཞེན་པ་ཀུན། །ལུང་དང་རྟོགས་པའི་ངང་དུ་སྨིན། །ཐིག་ལེ་བདེ་ཆེན་གྱི་མགྲིན་པ་ནས། །བདེ་སྟོང་དགའ་བཞི་ཡི་གླུ་བླངས་པས། །ཐ་མལ་ཉོན་མོངས་ཀྱི་འཆིང་བ་ཀུན། །ཟུང་འཇུག་འོད་གསལ་གྱི་ངང་དུ་ཐིམ། །རང་རིག་བརྗོད་མེད་ཀྱི་མགྲིན་པ་ནས། །ངང་བཞག་ལྷུན་འབྱམས་ཀྱི་གླུ་བླངས་པས། །སྣ་ཚོགས་གཟུང་འཛིན་གྱི་རྟོག་པ་ཀུན། །ཤར་གྲོལ་དུས་མཉམ་གྱི་ངང་དུ་ཐིམ། །ཀ་ཏི་ཤེལ་སྦུག་གི་མགྲིན་པ་ནས། །འཇའ་ཟེར་ཐིག་ལེ་ཡི་གླུ་བླངས་པས། །ཕུང་ཁམས་གདོས་བཅས་ཀྱི་མཚན་མ་ཀུན། །ཆོས་ཟད་བློ་འདས་ཀྱི་ངང་དུ་ཐིམ། །སྒོ་གསུམ་ཆ་སྙོམས་ཀྱི་མགྲིན་པ་ནས། །བསྐྱེད་རྫོགས་རྫོགས་ཆེན་གྱི་གླུ་བླངས་པས། །འཁོར་འདས་གཉིས་འཛིན་གྱི་རྟོག་ཚོགས་ཀུན། །བྱར་མེད་འབྲས་བུ་ཡི་ཀློང་དུ་ཐིམ། །ཆོས་དྲེད་སྐལ་དམན་གྱི་མགྲིན་པ་ནས། །སྣ་ཚོགས་གྲགས་སྟོང་གི་གླུ་བླངས་པས། །བྱེད་སྙམ་བསྒྲུབ་འདོད་ཀྱི་དམ་ཆོས་ཀུན། །ལེ་ལོ་ཕྱི་བཤོལ་གྱི་ངང་དུ་ཐིམ། །དེ་ངེས་དོན་གླུ་ཡི་མཆོད་པ་ཡིན། །རང་རྒྱུད་ལ་སྐྱོ་བའི་གདུང་དབྱངས་ཡིན། །དགེ་བ་དེས་མ་རྒན་འགྲོ་བའི་ཁམས། །རང་རིག་གི་ངོ་བོར་ལྷུན་གྲུབ་ཤོག ༈ །གཏད་མེད་གྲུབ་པའི་རྡོ་རྗེའི་ཐོལ་གླུ་ཟུང་འཇུག་རོལ་གར་ཞེས་བྱ་བ། ཨེ་མ་ཧོ། ཚོགས་བརྒྱད་དབུ་མར་ཐིམ་པ་ཡི་རིག་གདངས། །ལྷོ་ནུབ་སྲིན་ཡུལ་ཟངས་མདོག་གི་དཔལ་རི། །


JKT022_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་རིགས་འདུས་བདེ་ཆེན་གྱི་གྲོང་ནས། །འཆི་མེད་རིགས་འདུས་མཚོ་སྐྱེས་ཀྱི་རྡོ་རྗེ། །དཔའ་བོ་ཌཱ་ཀིའི་ཚོམ་བུ་ཡིས་བསྐོར་བའི། །དག་པའི་ཞིང་ཁམས་རབ་འབྱམས་དེ་མཁྱེན་ནོ། །བླུན་རྨོངས་བདག་ལ་ཐུགས་རྗེ་ཡིས་གཟིགས་མཛོད། །སྣང་སྟོང་དབྱེར་མེད་རྡོ་རྗེ་ཡི་བྲོ་གར། །ཟུང་འཇུག་སྒྱུ་མའི་མཆོད་སྤྲིན་དུ་སྤྲོའོ། །ཕུང་ཁམས་སྐྱེ་མཆེད་འདུས་བྱས་ཀྱི་གྲོང་ཁྱེར། །གདན་གསུམ་ཞི་ཁྲོའི་བྲོ་གར་དུ་རོལ་པས། །ཀུན་བརྟགས་སྣང་བའི་བདེན་ཞེན་ཀུན་ཟད་ནས། །རིག་འཛིན་བཞི་ཡི་གསང་ལམ་དུ་ཆས་འགྲོ། །འགྲོ་འོང་རླུང་ཁམས་ཉི་ཁྲི་དང་ཆིག་སྟོང་། །ཁ་སྦྱོར་གསལ་སྟོང་བྲོ་གར་དུ་རོལ་པས། །ཐ་མལ་ཉོན་མོངས་འཁྲུལ་ཆོས་ཀུན་ཟད་ནས། །ཛ་ལནྡྷ་རའི་དགའ་ཚལ་དུ་ཆས་འགྲོ། །སྣ་ཚོགས་འཁྲུལ་པའི་གང་ཤར་གྱི་རྟོག་པ། །ཤར་གྲོལ་དུས་མཉམ་བྲོ་གར་ལ་རོལ་པས། །མ་རིག་གཟུང་འཛིན་འཁྲུལ་ཆོས་ཀུན་ཟད་ནས། །འོད་གསལ་ཆོས་སྐུའི་དཀྱིལ་འཁོར་དུ་ཆས་འགྲོ། །དབྱིངས་རིག་དབྱེར་མེད་ལུག་རྒྱུད་ཀྱི་ཐིག་ལེ། །སྣང་བཞི་གོང་འཕེལ་བྲོ་གར་དུ་རོལ་པས། །གདོས་བཅས་འབྱུང་བའི་ཞེན་པ་ཀུན་ཟད་ནས། །ཆོས་ཟད་བློ་འདས་ཕོ་བྲང་དུ་ཆས་འགྲོ། །སྔོན་སྨོན་དུས་སུ་སྨིན་པ་ཡི་རྣལ་འབྱོར། །སྐྱོ་ཤས་ངེས་འབྱུང་བྲོ་གར་ལ་རོལ་པས། །རེ་དོགས་མཐུན་འཇུག་དགག་སྒྲུབ་ཀུན་ཟད་ནས། །


JKT022_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲོད་དབེན་པར་ཏིང་འཛིན་ལ་ཆས་འགྲོ། །མདོ་མེད་ཤེས་བཞིན་དྲེད་པོ་ཡི་སྐལ་ངན། །སྣ་ཚོགས་ཆོས་བརྒྱད་བྲོ་གར་ལ་རོལ་པས། །དད་དང་མོས་གུས་བླང་དོར་ཀུན་ཟད་ནས། །ཐར་མེད་དམྱལ་བའི་གཏིང་རྡོ་རུ་ཆས་འགྲོ། །དེ་སྐད་ངེས་དོན་རྣལ་འབྱོར་གྱི་བྲོ་གར། །རིག་འཛིན་ཌཱ་ཀིར་མཆོད་དབྱངས་སུ་འབུལ་ལོ། །རང་རྒྱུད་རེངས་པའི་སྙིང་རྗེ་ཡི་སྐྱོ་གླུས། །ལེ་ལོ་སྙོམ་ལས་སེལ་བ་རུ་ཤོག་ཅིག །རྒྱལ་ཀུན་འདུས་ཞལ་དྲིན་ཆེན་གྱི་བླ་མ། །རྟག་ཏུ་མོས་པས་སྤྱི་གཙུག་ཏུ་བསྒོམས་ཏེ། །དད་གུས་བཟོད་མེད་བྲོ་གར་ལ་རོལ་ནས། །ཚུལ་བཞིན་དམ་པའི་སྤྱོད་ཚུལ་ལ་འཇུག་ཤོག། ༈ །།ཉམས་ལེན་ཐུན་མོང་དུ་གདམས་པའི་རྡོ་རྗེའི་ཐོལ་གླུ་དྲང་སྲོང་གི་གཏམ་ཅེས་བྱ་བ། ཨ་ཧོ། སྐུ་བཞིའི་དབང་ཕྱུག་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ། །ཚུར་མཐོང་འགྲོ་བའི་མོས་ངོར་གཟུགས་སྐུ་རུ་བཞེངས་པའི། །ཁྱབ་བདག་འཁོར་ལོའི་མགོན་པོ་སྙིང་དབུས་ནས་མཁྱེན་ནོ། །ཆོས་བརྒྱད་འཁྲུལ་པ་ཟད་པར་བྱིན་གྱིས་རང་རློབས་ཤིག །རྙེད་དཀའི་དལ་བརྒྱད་འབྱོར་བཅུའི་མི་ལུས་དེ་ཐོབ་ཀྱང་། །ངེས་ལེགས་ཐར་པའི་གོ་འཕང་སྒྲུབ་འདོད་དང་བྲལ་ཞིང་། །རྟག་ཏུ་དགྲ་གཉེན་ཕྱོགས་ཆའི་བརྟུལ་ཞུགས་ལ་གོམས་པའི། །སྣང་ཚུལ་འདི་ཡང་འཇིག་རྟེན་སྤྱི་མཐུན་གྱི་སྤྱོད་ཚུལ། །བཟློག་མེད་གཤིན་རྗེའི་ཕོ་ཉས་རང་གཞན་ཀུན་བཏབ་ཚེ། །བསགས་


JKT022_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནོར་དང་མཛའ་བའི་གཉེན་བཤེས་ཀྱིས་བོར་ཏེ། །གཅིག་པུར་དབང་མེད་ལས་ཀྱི་ཕྱི་བཞིན་དུ་འབྲངས་ཚེ། །ཐུགས་རྗེས་ཟུང་ཞིག་རྗེ་བཙུན་བླ་མ་དེ་མཁྱེན་ནོ། །ཆགས་པས་རང་ཉིད་བསླུ་བའི་བདོག་པ་དེ་བསྒྱུར་ཐོང་། །ཁོང་ཁྲོས་གཞན་སེམས་མནར་བའི་ཚིག་རྩུབ་ཀྱང་སྤོངས་མཛོད། །རྟག་ཏུ་གཞན་ཕན་སྤྱོད་ཅིང་དུལ་བ་ལ་གོམས་པའི། །བག་ཡོད་ཆོག་ཤེས་འབྱོར་པས་ཕྱུག་པ་རུ་མཛོད་ཅིག །སྐྱབས་སུ་སོང་ཡང་བསླབ་བྱའི་ཡོན་ཏན་དང་བྲལ་ཞིང་། །སྨོན་འཇུག་སེམས་བསྐྱེད་བདག་གཞན་ཕྱོགས་རིས་སུ་དབྱེ་བ། །ཚོགས་དྲུག་དངོས་པོར་བཅིངས་པའི་ཀུན་རྟོག་དེ་སྤོངས་ལ། །རྒྱལ་སྲས་འཕགས་པའི་རྣམ་ཐར་ཇི་བཞིན་དུ་བསྙེན་ཅིག །དག་རྫོགས་སྨིན་གསུམ་བྲལ་བའི་མངོན་ཞེན་གྱི་བསྐྱེད་རིམ། །རླུང་ནུས་ཅུང་ཟད་ཐོན་པ་རྫོགས་རིམ་གྱི་མཐར་ཐུག །སེམས་འཛིན་གཉེན་པོས་རྒྱས་བཏབ་ཟུང་འཇུག་ཏུ་འདོད་པས། །ཡང་དག་ལམ་དང་བྲལ་བ་དུས་ཀུན་ཏུ་སྤོངས་ཤིག །ཆོས་དང་བསྒྲིགས་ལ་རེ་བའི་རིག་གྲོལ་གྱི་ཡོན་ཏན། །རྔ་རོལཾ་གཏོར་དབྱངས་གར་མཆམས་གསང་སྔགས་ཀྱི་སྙིང་པོ། །ཐོ་ཅོའི་སྤྱོད་པ་གྲུབ་པའི་རྣམ་ཐར་དུ་རློམ་པ། །གཞན་མགོ་གདུགས་ལྟར་བསྐོར་བའི་ཇོ་བརྫུ་རང་ཡིན་འདྲ། །རླུང་སེམས་དབུ་མར་མ་འདུས་རས་དཀར་གྱི་གོས་དང་། །གདོད་མའི་བཙན་ས་མ་ཟིན་རལ་པ་ཡི་ཟུར་ཕུད། །དོན་


JKT022_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བྱིན་རླབས་མེད་པའི་གླེགས་བམ་གྱི་དཀྱིལ་འཁོར། །སྙིང་པོས་དབེན་པ་རི་མོའི་མར་མེ་དང་འདྲ་བྱུང་། །དབང་བསྐུར་སྲང་མདོར་བཙུགས་པ་སྙིགས་མ་ཡི་སྤྱོད་ཚུལ། །གསང་སྔགས་ཁྱབ་གདལ་སྒྲོགས་པ་དམ་ཚིག་དང་རྒྱབ་འགལ། །ལོག་འཚོའི་གཟི་བྱིན་སྒྲུབ་པས་སྤངས་རྟོགས་ནི་མི་འབྱུང་། །བསྟན་པའི་ནང་དབྱེན་རླབས་ཆེན་དེ་ག་རང་ཡིན་མོད། །གཞན་དོན་ཕྱོགས་མེད་བསྒྲུབ་པའི་བགྱི་བ་རང་བྲལ་ཡང་། །རང་ཉིད་དགེ་བཅུའི་དོན་ལ་འབྲལ་མེད་དུ་སྤྱོད་ཅིང་། །སེམས་བསྐྱེད་བསྔོ་སྨོན་བཙན་པོའི་མཚམས་སྦྱོར་དང་འབྲེལ་ན། །ཐོག་ཐ་བར་གསུམ་རྣམ་དཀར་བྱང་ཆུབ་ཀྱི་ཤུལ་ལམ། །མཛའ་བའི་གྲོགས་དང་འགྲོགས་པ་ལྷ་བདུད་ཀྱི་གཡབ་མོ། །ལོང་གཏམ་བག་མེད་སྨྲ་བ་ཉེས་ལྟུང་གི་འབྱུང་ཁུངས། །གྲགས་སྙན་སྲིད་རྩེར་ཁྱབ་པ་ང་རྒྱལ་གྱི་ཕོ་ཉ། །བྱང་ཆུབ་སྒྲུབ་འདོད་ཀུན་གྱི་དེ་ག་རང་སྤོངས་མཛོད། །ཆགས་སྡང་ཆུ་ལྟར་འཁྲུགས་པའི་འཆད་རྩོད་དང་རྩོམ་པ། །བག་མེད་དཀོར་ལ་སྤྱོད་པ་ཐར་པ་ཡི་སྲོག་གཅོད། །ཤེས་བཞིན་ལེ་ལོར་འཁྱམས་པ་མདོ་མེད་ཀྱི་དྲེད་པོ། །འདི་འདྲས་རང་ཕུང་གཞན་བརླག་ངན་སོང་དེ་སྒྲུབ་འདུག །མི་ཚེའི་ཉི་མ་ནུབ་རིའི་གཟིམ་མལ་ལ་གཤེགས་ཏེ། །འཆི་བདག་མུན་པ་སྟུག་པོས་དབང་མེད་དུ་འདེད་ཚེ། །ག་ཙུག་དྲག་ཏུ་སྐྱོ་བའི་གདུང་དབྱངས་ཀྱིས་འབོད་ཀྱང་། །


JKT022_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཕན་དང་བཤོལ་བའི་ཐབས་ཚུལ་ནི་མི་འདུག །སྐྱེད་མོའི་ཚལ་དུ་རྩེ་བ་གནས་སྐབས་ཀྱི་སྒྱུ་མ། །ཤ་ཆང་ཟས་ལ་རོལ་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ། །བེར་གོས་ཁྲི་རྐང་མཐོན་པོ་དུར་ཁྲོད་དུ་བསྐྱལ་ཚེ། །ཕན་པ་མེད་པའི་ངང་ཚུལ་འདི་ཉིད་ལ་གཟིགས་མཛོད། །ཅི་ཙམ་སྨྲས་ཀྱང་སྐྱོ་ཤས་ངེས་འབྱུང་དང་བྲལ་བའི། །རང་རྩིས་དྲེགས་པས་མྱོས་པའི་སྐྱེ་བོ་ལ་ཅི་ཞུ། །ཐར་པའི་ཕྱོགས་ལ་འདུན་པའི་སྐལ་མཉམ་གྱི་གྲོགས་པོར། །ལོངས་སྤྱོད་འཁོར་ལོའི་མཛོད་ནས་རང་གྲོལ་དུ་བླངས་སོ། །དགེ་བ་དེ་ཡིས་སྲིད་ལམ་དུབ་པ་ཡི་འགྲོ་ཀུན། །དབེན་པར་ཚུགས་ཐུབ་བསླབ་གསུམ་བདུད་རྩི་ལ་རོལ་ཞིང་། །བློ་བྲལ་རྫོགས་པ་ཆེན་པོའི་གསེང་ལམ་ལ་བརྟེན་ཏེ། །གདོད་མའི་བཙན་ས་ཟིན་པའི་སྨོན་ལམ་ཞིག་ཞུའོ།། ༈ །།རང་གཞན་ལ་གདམས་པའི་རྡོ་རྗེའི་ཐོལ་གླུ་ཕན་བདེའི་ཆུན་པོ་ཞེས་བྱ་བ། ཀ་དག་ཁྱད་ཆོས་དྲུག་ལྡན་ཆོས་སྐུ་ཡི་ཀློང་དུ། །ཁ་སྦྱོར་ཡན་ལག་བདུན་ལྡན་ཕྱིར་གསལ་གྱི་རང་གདངས། །ག་བུར་ཐིགས་ཕྲེང་གཡོ་བས་གདུང་བ་དེ་སེལ་བཞིན། །ང་བདག་འཛིན་བྲལ་སྐུ་གསུམ་བླ་མ་དེ་མཁྱེན་ནོ། །ཅ་ཅོའི་ཚིག་གིས་མི་མཚོན་སྤྲོས་བྲལ་གྱི་ངོ་བོ། །ཆ་མཐུན་ཡིད་བྱེད་བྲལ་བའི་ངང་བཞག་གི་རོལ་པ། །ཇ་དར་དབྱིག་གིས་མི་བསྒྱུར་རང་བྱུང་གི་ཡེ་ཤེས། །ཉ་རྒྱས་ཟླ་འདྲའི་བྱང་སེམས་རང་ངོ་རུ་རྫོགས་མཛོད། །ཏ་ལའི་ནགས་ཚལ་དབེན་པར་བག་


JKT022_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཀྱི་བསླབ་པས། །ཐ་དད་ཟུང་འཇུག་གསང་སྔགས་ཉེ་ལམ་ལ་སྤྱོད་དང་། །ད་གཟོད་བསྐྱར་གྲོལ་འབྲས་བུར་རེ་བ་ནི་མ་དགོས། །ན་མར་བདེ་སྟོང་འོད་གསལ་རོལ་པ་རུ་རྫོགས་འགྲོ། །པ་ར་མི་ཏའི་སྙིང་པོ་བྱང་སེམས་ལ་སྦྱངས་པས། །ཕ་མཐའ་བྲལ་བའི་རྣམ་ཐར་གསུམ་ལྡན་དང་མཇལ་འོང་། །བ་ལང་ལྟ་བུའི་རྨོངས་ཚོགས་གཉུག་མ་རུ་བསྐྱངས་པས། །མ་རིག་འཁྲུལ་པ་བློ་འདས་ཆོས་སྐུ་རུ་གྲོལ་འགྲོ། ཙཱ་རུའི་ཞལ་ཟས་འདྲེན་པས་ཚོགས་དྲུག་ནི་མི་གྲོལ། །ཚ་གྲང་ཚོགས་ཀྱི་འཁོར་ལོས་རླུང་སེམས་ཡང་མི་འདུ། །ཛ་ཧུའི་རྒྱུན་ལྟར་སྟོང་ཉིད་དབྱེར་མེད་དུ་བསྒོམས་ཏེ། །ཝ་མོས་རི་སུལ་འགྲིམ་ལྟར་བས་མཐའ་རུ་འགྲིམ་མཛོད། །ཞྭ་ལྟར་མཐོ་བའི་རྒྱལ་ས་ཆགས་སྡང་གི་གཞི་མ། །ཟ་ལྟར་རྩུབ་པའི་འཁོར་འབྲེལ་ངན་སོང་གི་ས་མཁན། །འ་འུར་རྒྱུ་འབྲས་འཆོལ་བའི་གདོལ་སྤྱོད་འདི་བསམ་ན། །ཡ་མཱནྟ་ཀས་འབོད་ཚེ་གར་འགྲོ་རང་མི་འདུག །ར་མ་ཎ་ལྟར་སྙིང་སྟོབས་སྒྲུབ་པ་ལ་བསྐྱེད་ཅིང་། །ལ་ཀླུང་ངེས་མེད་དགྲ་གཉེན་སྤངས་པ་རུ་རྒྱུ་ནས། །ཤ་ཁྲག་གཡོས་སུ་སྦྱར་བའི་དགའ་སྟོན་དེ་བསྒྱུར་ཐོང་། །ས་བཅུ་རང་ལ་སྒྲུབ་པའི་གདིང་ཆེན་ཞིག་སྒྲུབ་ཤོག །ཧ་ལ་ལྟ་བུའི་སྤང་གཉེན་རང་ངོ་རུ་གྲོལ་ཚེ། །ཨ་དོན་སྐྱེ་མེད་རྟོགས་པའི་རྣལ་འབྱོར་དུ་འདོགས་རུང་། །དོན་དམ་འོད་གསལ་ལྷུན་གྲུབ་སྣང་བཞི་ཡི་སྦུབས་སུ། །སྐུ་གསུམ་


JKT022_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་རྫོགས་པའི་སྨོན་ལམ་ཞིག་ཞུའོ། །དེ་སྐད་གང་ཤར་བཅོས་མེད་རྡོ་རྗེ་ཡི་ཐོལ་གླུ། །ཀ་མད་སུམ་ཅུའི་སྒྲ་དབྱངས་བྱུང་རྒྱལ་དུ་བླངས་པས། །ནང་དབྱིངས་གདོད་ནས་གྲོལ་བའི་བདེ་སྟོང་གི་ངོ་བོར། །སྲིད་ལམ་དུབ་པའི་འགྲོ་ཀུན་ངལ་བསོ་རུ་གྱུར་ཅིག ༈ །རྡོ་རྗེའི་ཐོལ་གླུ་ཡོ་ག་གསུམ་གྱི་རྒྱན་ཅེས་བྱ་བ། ཨ་ཧོ། ཆོས་དང་ཆོས་ཅན་སྤྲོས་པའི་འཆིང་བ་ཀུན་མ་ལུས། །ནང་གསལ་གཞོན་ནུ་བུམ་སྐུའི་ངང་གདངས་སུ་ཐིམ་པས། །སྐུ་གསུམ་འཆར་གཞི་སྐྱེ་འགགས་གནས་གསུམ་དང་བྲལ་བའི། །གདོད་ནས་རང་རྩལ་རྫོགས་པའི་བླ་མ་དེ་མཁྱེན་ནོ། །ངོ་བོ་གནས་ལུགས་མ་བཅོས་སྒོམ་མེད་ཀྱི་ལྟ་བ། །རང་བཞིན་གང་ཤར་རང་གྲོལ་བདེན་གཉིས་དེ་དབྱེར་མེད། །ཐུགས་རྗེ་འཇུག་པའི་ཡུལ་ཀུན་སྣང་སྟོང་དང་ཟུང་འཇུག །གཉུག་མའི་ཡེ་ཤེས་རང་ཞལ་ལྟ་བ་འདི་ཨ་ཧོ། །གདན་གསུམ་དབྱེར་མེད་སྣང་སྟོང་སྒྱུ་འཕྲུལ་གྱི་དྲྭ་བ། །རང་ལུས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ་རྫོགས་པས། །བསྐྱེད་རིམ་ཟབ་མོའི་དཀྱིལ་འཁོར་གསུམ་ལྡན་གྱི་ངོ་བོ། །ཡེ་ནས་རང་ལ་རྫོགས་པའི་ཉམས་ལེན་འདི་ཨ་ཧོ། །བདེ་སྟོང་ཟུང་འཇུག་ཡེ་ཤེས་དྲྭ་བ་ཡི་ངང་དུ། །བཀོད་པ་རྩ་དང་གཡོ་བ་རླུང་གི་དེ་དཀྱིལ་འཁོར། །ཐིག་ལེ་བདུད་རྩིའི་འབྲོས་འདེད་བར་མེད་དུ་སྦྱར་བས། །རྡོ་རྗེ་གསུམ་དངོས་རང་ལ་རྫོགས་པ་འདི་ཨ་ཧོ། །དེ་སྐད་སྣང་སྲིད་ཕྱི་ནང་གཞན་གསུམ་གྱི་ཆོས་ཀུན། །རང་


JKT022_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

རིག་བདེ་གཤེགས་སྙིང་པོའི་ངོ་བོ་རུ་རྫོགས་པས། །བདེན་གཉིས་ཁས་ལེན་བྲལ་བའི་བསྐྱེད་རྫོགས་ཀྱི་ཉམས་ལེན། །མགྲིན་པ་རྡོ་རྗེའི་ཐོལ་གླུའི་དཀོར་མཛོད་ནས་བླངས་སོ། །དེ་ཡི་དགེ་བས་མ་རྟོགས་འགྲོ་བ་ཡི་ཁམས་ཀུན། །བརྗོད་བྲལ་ཀ་ནས་དག་པའི་ཡེ་ཤེས་སུ་གྲོལ་ཏེ། །སྐུ་གསུམ་དབྱེར་མེད་བདེ་ཆེན་ངོ་བོ་ཡི་ཉིད་སྐུར། །གདོད་མའི་གཏན་སྲིད་ཟིན་པའི་སྨོན་ལམ་ཞིག་ཞུའོ།། ༈ །།རྣལ་འབྱོར་གསུམ་ལྡན་གྱི་རྡོ་རྗེའི་ཐོལ་གླུ་གསང་བ་སྔགས་ཀྱི་རོལ་མོ་ཞེས་བྱ་བ། ཀ་དག་རིག་སྟོང་ཟུང་འཇུག་བདེ་ཆེན་གྱི་ཀློང་ནས། །ཁ་དོག་སྣ་ཚོགས་ཤར་བའི་རྩ་རླུང་དང་ཐིག་ལེ། །ག་རུ་འདུག་ཀྱང་གདན་གསུམ་ཞི་ཁྲོ་ཡི་མངོན་རྟོགས། །ང་བདག་འཛིན་བྲལ་སྣང་སྟོང་དབྱེར་མེད་ཀྱི་དཀྱིལ་འཁོར། །རྣལ་འབྱོར་ཆེན་པོ་བསྒོམ་ན་དེ་ལྟར་དུ་མཛོད་ཅིག །ཅ་ཅོའི་བྱུང་གནས་འགྲོ་གསུམ་རླུང་སེམས་ཀྱི་རྒྱུ་བ། །ཆ་མཐུན་མཚན་ཉིད་བཞི་ལྡན་དབུ་མ་ཡི་ཀློང་དུ། །ཇ་ཆང་སྐྱེམས་ལ་རོལ་བཞིན་ཁ་སྦྱོར་དུ་འཁྱུད་པས། །ཉ་རྒྱས་ཟླ་ལྟར་བཅུ་དྲུག་བདེ་ཆེན་དེ་འཕེལ་བའི། །རྗེས་སུ་རྣལ་འབྱོར་བསྒོམ་ན་དེ་ལྟར་དུ་མཛོད་ཅིག །ཏ་ཐཱ་ག་ཏའི་སྙིང་པོ་རྫོགས་ཆེན་གྱི་གསེང་ལམ། །ཐ་དད་མ་དམིགས་རང་སེམས་གཉུག་མ་རུ་གཅིག་པས། །ད་བཟོད་བསྐྱར་གྲོལ་ལས་འདས་འབྲས་བུ་ཡི་མཐར་ཐུག །ན་མར་ངང་བཞག་ཤར་གྲོལ་དུས་མཉམ་གྱི་རང་བཞིན། །


JKT022_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྣལ་འབྱོར་བསྒོམ་ན་དེ་ལྟར་དུ་མཛོད་ཅིག །པ་ར་མི་ཏའི་སྙིང་པོ་བྱང་ཆུབ་ཀྱི་སེམས་མཆོག །ཕ་རོལ་རྒྱུད་ལ་ལྷག་པར་མཛའ་བ་ཡི་ངང་ནས། །བ་ལང་ལྟ་བུའི་འདུ་ཤེས་འོད་གསལ་དུ་གྲོལ་ཏེ། །མ་རིག་མཐའ་ལས་འདས་པའི་སྐུ་གསུམ་གྱི་རོལ་པ། །བདེན་གཉིས་ཟུང་འཇུག་བསྒོམ་ན་དེ་ལྟར་དུ་མཛོད་ཅིག །ཙཱ་རུའི་ཞལ་ཟས་ཀྱིས་མཚོན་འདོད་ཡོན་གྱི་རོལ་པ། །ཚ་གྲང་ག་ཎ་ཙ་ཀྲའི་འདུ་བ་ལ་སྤྱོད་། ཅིང་། །ཛ་ཧུའི་རྒྱུན་ལྟར་ཡེངས་མེད་སྒོམ་མེད་ཀྱི་ངང་ནས། །ཝ་མོ་རི་སུལ་འགྲིམ་ལྟར་དབེན་པ་རུ་རྒྱུ་བའི། །ཚོགས་གཉིས་ཟུང་འཇུག་བསྒོམ་ན་དེ་ལྟར་དུ་མཛོད་ཅིག །ཞྭ་ཐོད་སྤངས་པའི་ཐོར་ཚུགས་གསང་སྔགས་ཀྱི་བརྡ་རྟགས། །ཟ་འདྲེ་གནོད་བྱེད་རྒྱུད་ཀྱང་སྙིང་རྗེ་ཡིས་བསྒྱུར་ནས། །འ་འུར་སྤངས་ཏེ་རང་རྒྱུད་དུལ་བ་ལ་བསྙེན་པས། །ཡ་མཱནྟ་ཀས་འབོད་ཚེ་འཇིགས་པ་དེ་མི་ཡོང་། །བསླབ་གསུམ་ཡར་ལྡན་བསྒོམ་ན་དེ་ལྟར་དུ་མཛོད་ཅིག །རཱ་ཙ་ལ་སོགས་མི་མིན་གདུག་པ་ཡི་ཚོགས་ཀུན། །ལ་ཀླུང་འགྲོ་ལ་འཚེ་བ་གཞན་ཕན་གྱིས་བཏུལ་ཏེ། །ཤ་ཁྲག་གཡོས་སུ་སྦྱར་བའི་དགའ་སྟོན་གྱི་བཟའ་བཏུང་། །ས་བཅུ་རང་ངོར་རྫོགས་ཚེ་བདེ་སྟོང་དུ་རོལ་པའི། །དོན་གཉིས་ལྷུན་གྲུབ་བསྒོམ་ན་དེ་ལྟར་དུ་མཛོད་ཅིག །ཧ་ཅང་རང་གིས་མ་རྟོགས་གཞན་རྒྱུད་ལ་གདམས་འདི། །ཨ་ལ་ལ་ཞེས་གུས་པས་འཛིན་པ་དེ་བྲལ་


JKT022_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ཧ་ལ་ལྟ་བུའི་རྟོག་ཚོགས་ཤར་གྲོལ་དང་ཟུང་འཇུག །ཨ་ཏི་ཁྲེགས་ཆོད་ངང་ནས་གང་ཤར་དུ་བླངས་སོ། །དེ་སྐད་བརྗོད་པ་དུས་གསུམ་མཁས་གྲུབ་ཀྱི་ཚོགས་ལ། །མི་ཕྱེད་དད་དང་གུས་པའི་རང་བཞིན་ལས་སྐྱེས་ཏེ། །འོད་གསལ་སྤྲུལ་པར་ཤར་བའི་རིག་འཛིན་གྱི་གླུ་དབྱངས། །རང་དེར་སྐལ་མཉམ་དོན་དུ་སྤྲིང་པ་ཡི་གཏམ་མོ།། ༈ །།ལྟ་སྒོམ་སྤྱོད་པའི་དོན་བསྡུས་རྡོ་རྗེའི་ཐོལ་གླུ་ཟབ་དོན་ལྟ རོལ་མོ་ཞེས་བྱ་བ། ལྟ་བ་མཐའ་བརྒྱད་བྲལ་བ་ལ། །ཚིག་དང་གོ་བས་མ་དཔྱད་ཅིག །དོན་དམ་རང་ངོར་གྲོལ་བའི་ངང་། །འཛིན་མེད་ཡེ་གྲོལ་ཆེན་པོར་ཞོག །སྒོམ་པ་རང་གསལ་རང་གྲོལ་ལ། །བློས་བ བྱས་ཀྱི་ཞེན་པས་མ་འདེབས་ཤིག །དོན་ཡིན་ལུགས་བསམ་ངོ་བྲལ་བའི་ངང་། །ཤར་གྲོལ་དུས་མཉམ་ཆེན་པོར་ཞོག །སྤྱོད་པ་ཡེངས་མེད་དྲན་མེད་ལ། །བསྒོམ་བྱའི་མེ་བཙའ་མ་འདེབས་ཤིག །དོན་སྒོམ་མེད་གཏིང་མཐའ་བྲལ་བའི་ངང་། །ཤེས་རིག་རང་ཚུགས་ཟུང་ལ་ཞོག །འབྲས་བུ་བྲལ་ཐོབ་མེད་པ་ལ། །སླར་ཡང་གུད་ནས་མ་རེ་ཞིག །ད་ལྟའི་རིག་པ་རྗེན་པ་ལ། །སོ་མ་ངང་བཞག་ཆེན་པོར་ཞོག ། – ལྟ་སྒོམ་སྤྱོད་འབྲས་ཀྱི་ཐ་སྙད་དེ། །བཞག་ཐབས་རྣམ་བཞི་རུ་བསྟན་པ་འདི། །ཡེ་ཤེས་བླ་མའི་ཞལ་ལུང་སྟེ། །སྐལ་བར་ལྡན་པའི་སྙིང་ལ་ཟུང་།། ༈ །།ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རང་བཞིན་གསལ་བ་ལོངས་


JKT022_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས། །ཐུགས་རྗེ་འགགས་མེད་སྤྲུལ་པའི་སྐུ། །སྐུ་གསུམ་ལྷུན་གྲུབ་ཞབས་ལ་འདུད། །ལྟ་བ་མཐའ་བརྒྱད་དྲི་བྲལ་ལ། །སྨྲ་བསམ་བརྗོད་པ་ཀུན་དང་བྲལ། །སྒོམ་པ་ཤར་གྲོལ་དུས་མཉམ་ལ། །སྐྱེ་འགགས་སྔ་ཕྱིའི་དབྱེ་བ་བྲལ། །སྤྱོད་པ་མཉམ་རྗེས་དབྱེར་མེད་ལ། །ཡེངས་དང་མ་ཡེངས་འཛིན་པ་བྲལ། །འབྲས་བུ་རང་རིག་རྗེན་པ་ལ། །འཁྲུལ་གྲོལ་རྟོག་པ་ཀུན་དང་བྲལ། །གྲོལ་བཞིའི་གདིང་ཐོབ་སངས་རྒྱས་ཏེ། །ཀ་དག་ཆེན་པོར་ཡེ་ནས་གྲོལ། །དེ་སྐད་བརྗོད་མེད་ཉམས་ཀྱི་གླུ། །སྤྲོས་བྲལ་ཚིག་ཏུ་ཤར་བ་འདི། །ཡེ་ཤེས་བླ་མའི་སྙན་བརྒྱུད་དེ། །སྐལ་བར་ལྡན་པའི་ཙིཏྟར་སྦོས།། ༈ །།རང་གཞན་ལ་གདམས་པ་རྡོ་རྗེའི་ཐོལ་གླུ་ལྷག་བསམ་ཆུན་པོ་ཞེས་བྱ་བ། ཀ་ནས་དག་པ་ཆོས་སྐུ་ཞལ་ཕྱག་མཚན་མ་བྲལ་ཡང་། །ཁ་སྦྱོར་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས་པའི་སྒྱུ་འཕྲུལ། །ག་ལ་བ་དེར་མཁྱེན་བརྩེའི་ཡོན་ཏན་ཡོངས་སུ་རྫོགས་པ། །ང་བདག་འཛིན་པ་བྲལ་བའི་སྐུ་གསུམ་བླ་མ་མཁྱེན་ནོ། །ཅ་ཅོའི་ཚིག་གིས་གཞལ་བས་མཐའ་བརྒྱད་སྤྲོས་བྲལ་མི་རྟོགས། །ཆ་མཐུན་བསྐྱེད་རྫོགས་བསླབ་པས་ལས་རླུང་འཁྲུལ་པ་ཟད་དེ། །ཇ་ཆང་འཛིན་རྟོག་བྲལ་བའི་བློ་འདས་གཉུག་མ་རྟོགས་ཡོང་། །ཉ་རྒྱས་ཟླ་འདྲའི་བྱང་སེམས་རྟག་ཏུ་གོམས་པ་གཅེས་སོ། །ཏ་ཐཱ་ག་ཏའི་ལམ་རིམ་བདེན་གཉིས་སོ་སོར་ཕྱེ་ཡང་། །ཐ་དད་ཟུང་


JKT022_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་རྟོགས་ཚེ་གསང་སྔགས་ལས་ནི་ཅི་ཞིག །ད་ལྟའི་རིག་སྟོང་རྗེན་པ་དབང་བཞིའི་དོན་བརྒྱུད་ཡིན་ཕྱིར། །ན་མར་རྟོག་པའི་དྲ་བ་མཐའ་གྲོལ་ཆེན་པོར་ཐོངས་ཤིག །པ་སངས་གསར་པ་ལྟ་བུའི་སྨོན་འཇུག་གོ་ཆ་བགོས་ནས། །ཕ་མཐའ་བྲལ་བའི་ཉོན་མོངས་མུན་པ་གཏན་ནས་བཅོམ་མཛོད། །བ་མཆོག་ནོར་བུ་ལས་ལྷག་ཆགས་བྲལ་ཚུལ་ཁྲིམས་ཡིན་ཕྱིར། །མ་སྤང་རྟག་ཏུ་སྤྱོད་ལ་ཆོག་ཤེས་མེད་བར་བསྙེན་ཅིག །ཙཱ་རི་ཏྲ་སོགས་གནས་ཡུལ་ཌཱ་ཀིའི་གྲོང་ཁྱེར་ལགས་ཀྱང་། །ཚ་གྲང་ཡུས་ཀྱིས་བགྲོད་པས་ཚེ་འདིར་གྲུབ་མཐའ་མི་རྙོགས། །ཛ་ཧུའི་རྒྱུན་ལྟར་ཏིང་འཛིན་བསྐྱེད་རྫོགས་ཟུང་འཇུག་ཉེ་ལམ། །ཝ་ལྟར་རི་སུལ་འགྲིམ་ནས་རྟག་ཏུ་བསྒོམ་པར་མཛོད་ཅིག །ཞྭ་ཐོད་ཇི་བཞིན་དཀོན་མཆོག་སྤྱི་བོའི་གཙུག་ཏུ་འཁུར་ནས། །ཟ་མའི་ཚེ་ཡང་མི་རྟག་དྲན་ཚེ་ཕན་བདེ་སྦྱིན་ཡོང་། །འ་འུར་གདོལ་པའི་སྤྱོད་པས་པཚོ་རྒྱུ་འབྲས་ཁྱད་དུ་མ་བསད། །ཡ་མཱནྟ་ཀས་འབོད་ཚེ་འཇིགས་པ་མེད་པར་མཛོད་ཅིག །ར་མ་ཎ་ལྟར་དཔའ་ཆེན་སྙིང་སྟོབས་རང་ཕུང་གཞན་བརླག །ལ་ཀླུང་ངེས་མེད་ཉུལ་ནས་ཐར་བ་ཐོབ་པར་མཛོད་ཅིག ། ཤ་ཁྲག་གཡོས་སུ་སྦྱར་བས་ཚོགས་ཀྱི་འཁོར་ལོར་མི་འགྲོ། །ས་བཅུ་རང་ངོར་རྫོགས་པའི་ཟབ་མོའི་གསང་ལམ་སྒོམས་ཤིག །ཧ་ཅང་སྙིགས་མའི་དུས་འདིར་དེ་འདྲ་སྤྱོད་པ་དཀོན་ཡང་། །ཨ་དོན་སྐྱེ་མེད་ངང་


JKT022_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རེ་དོགས་བྲལ་བར་སྨྲས་སོ། །དགེ་བ་དེ་ཡིས་འགྲོ་ཀུན་ཉོན་མོངས་འཆིང་བ་གྲོལ་ཏེ། །ལྷན་སྐྱེས་སྐུ་བཞིའི་དབྱིངས་སུ་བཙན་ས་ཟིན་པར་ཤོག་ཅིག །ཅེས་པའང་རང་གཞན་གྱིས་བསླབ་པར་བྱ་བའི་ཚུལ་བྱུང་རྒྱལ་དུ་སྨྲས་པའོ།། ༈ །།རྫོགས་པ་ཆེན་པོ་གཞི་ལམ་འབྲས་གསུམ་གྱི་བསྡུས་དོན་རྡོ་རྗེའི་ཐོལ་གླུ་རིག་འཛིན་དགྱེས་པའི་སྒྲ་དབྱངས་ཞེས་བྱ་བ།། ཨ་ཧོ། བློ་ཡིས་མཚོན་དུ་མེད་པ་ནི། །རྣམ་ཐར་སྒོ་གསུམ་དབྱིངས་སུ་འདྲེས། །ཟུང་འཇུག་ཤེས་རབ་ཕ་རོལ་ཕྱིན། །ཡེ་ཤེས་ཌཱ་ཀིའི་ངོ་བོར་འདུད། །དོན་གནས་ལུགས་རྫོགས་པ་ཆེན་པོའི་ཞལ། །དྲན་པ་ཀུན་ཏུ་བཟང་པོ་ཞེས། །འགྲོ་རྒྱུད་ལ་གཉིས་མེད་གནས་མོད་དེ། །ཕུང་པོ་ལྔ་ཡི་སྒྲོག་གིས་བཅིངས། །རིག་པ་ཡེ་གྲོལ་སོར་བཞག་ལ། །ཚིག་དང་གོ་བས་མི་མཚོན་ཀྱང་། །གཞི་ལམ་འབྲས་བུ་རྣམ་པ་གསུམ། །འཁོར་འདས་ཀྱི་ཆོས་ཀུན་མཚོན་ཕྱིར་བཤད། །དེར་ཐོག་མར་གཞི་ཡི་གནས་ལུགས་ནི། །འཁྲུལ་གྲོལ་གྱི་སྦུབས་སུ་མ་ཆུད་པའི། །གཉིས་སྣང་དང་བྲལ་བའི་རང་ངོ་ལ། །ལམ་དུས་ཀྱི་རྟོགས་པའི་འཆར་གཞིར་གནས། །དེར་རླུང་རིག་གཡོས་པའི་རྩལ་སྣང་སེམས། །རང་ཤར་དུ་འབྱུང་བའི་སྐད་ཅིག་མར། །རྟོག་འཛིན་གྱི་ཤེས་པ་བྲལ་གྱུར་ཚེ། །གྲོལ་ལུགས་བརྒྱད་ཀྱི་རོལ་པ་ལས། །གཞི་དབྱིངས་ཀྱི་ངོ་བོར་རོ་གཅིག་སྟེ། །གདོད་མའི་མགོན་པོར་མངོན་སངས་རྒྱས། །དེ་རང་གཞན་རྟོག་པས་བཅིངས་ནས་ཀྱང་། །འཁྲུལ་


JKT022_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བདག་ཏུ་བཟུང་བའི་མཐུས། །མ་རིག་པ་རྣམ་གསུམ་དང་འགྲོགས་ནས། །མཐའ་མེད་ཀྱི་འཁོར་བའི་རྒྱ་མཚོ་བྱུང་། །ཡང་ཉམས་ལེན་ལམ་གྱི་གནས་སྐབས་སུ། །ལྟ་སྒོམ་སྤྱོད་འབྲས་རྣམ་པ་བཞི། །གཟུགས་ཕུང་ལ་རྟེན་ཅིང་འབྲེལ་འབྱུང་ཞིང་། །ཚོར་བ་ཡིས་བདེ་སྡུག་སྣང་ཚུལ་མྱོང་། །འདུ་ཤེས་ཀྱི་སྣ་ཚོགས་ཡུལ་ལ་འཇུག །འདུ་བྱེད་ཀྱིས་སླད་མའི་རྗེས་སྒྲུབ་ཅིང་། །རྣམ་ཤེས་ཀྱིས་དེ་ཀུན་ངོ་བོར་ཁྱབ། །དེ་ཕུང་པོ་ལྔ་ཡི་རང་བཞིན་ཏེ། །དེ་ཡིན་ལུགས་བསམ་ངོ་བྲལ་བ་ལ། །ཟག་ཟད་ཀྱི་རིག་པ་མངོན་འགྱུར་ཕྱིར། །ཕུང་པོ་ལྔ་བྲལ་གྱི་ཡེ་ཤེས་ཏེ། །ཀ་དག་རྫོགས་པ་ཆེན་པོ་དང་། །གཞན་དུ་ཤེས་རབ་ཕ་རོལ་ཕྱིན། །རྣམ་ཐར་གསུམ་ལྡན་སྟོང་པ་ཉིད། །དོན་དམ་བདེན་པ་ཆེན་པོ་སྟེ། །ཡོངས་གྲུབ་འདི་ལྟ་བའི་རྩེ་མོ་ལགས། །དེ་ཉིད་ལྷན་སྐྱེས་ཉིད་ཡིན་ཀྱང་། །ཉོན་སྒྲིབ་དྲུ་བར་འཐུམས་ཆེས་ཤིང་། །ཤེས་སྒྲིབ་བློ་དང་ལྷན་ཅིག་ཕྱིར། །ཚོགས་གཉིས་མྱུར་དུ་འདུམ་བྱེད་པ། །མདོ་སྔགས་ཀྱི་ལམ་མཆོག་རྨད་བྱུང་སྤྱད། །ཁྱད་པར་དུ་སེམས་ཅན་ལ་སྙིང་རྗེ་དང་། །བླ་མ་ལ་མོས་གུས་སྲོག་བཟུང་ནས། །སྒོམ་མེད་བློ་བྲལ་གྱི་དོན་ལ་བལྟ། །ཉམས་དང་ཞེན་པའི་མཐའ་སྤངས་ནས། །ཡེངས་མེད་ཀྱི་དྲན་རིག་རྟག་ཏུ་སྐྱོངས། །མཐར་རྒྱུ་རྐྱེན་ཟད་པའི་མེ་བཞིན་དུ། །ཤར་གྲོལ་དུས་མཉམ་ཆེན་པོར་ལོངས། །


JKT022_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉམས་ལེན་སྒོམ་པའི་མདོ་འགག་ལགས། །ཁྱད་པར་རྫོགས་པ་ཆེན་པོའི་ལམ། །སྒྲོན་མ་རྣམ་བཞིའི་བསྐྱེད་པ་ཡི། །འཇའ་ཟེར་ཐིག་ལེའི་སྦུབས་འཇུག་པས། དབྱིངས་རིག་དབྱེར་མེད་སྣང་བཞིའི་ངང་། །ཕྱི་གཟུང་བ་འོད་གསལ་ཆེན་པོར་ཡལ། །ནང་འཛིན་པ་ཀ་དག་གཞི་རུ་གྲོལ། །བདེ་བའི་བསམ་གཏན་ཙམ་མིན་པའི། །ཁམས་གསུམ་འོད་གསལ་ཐུགས་ཀྱི་དངོས། །ཁྱད་ཆོས་དྲུག་ལྡན་ནང་དབྱིངས་སུ། །རོ་གཅིག་འགྱུར་བའི་ཁྱད་པར་ལྡན། །དུས་ཀུན་སྤྱོད་པས་ཉམས་བླང་ཕྱིར། །ཅོག་བཞག་རྣམ་བཞིའི་ལྷུམས་སུ་ཞུགས། །ཁྱད་པར་ནམ་མཁའ་སུམ་ཕྲུགས་དང་། །སེམས་རིག་དབྱེ་བའི་ཉམས་ལེན་ནི། །རྟག་པར་འབད་པ་གསང་བའི་ལམ། །བླ་ན་མེད་པར་ཤེས་མཛོད་ཀྱེ། །ལམ་དེའི་རྟོགས་པ་མངོན་གྱུར་ཏེ། །བསྒོམ་མོ་ཞེས་པའི་ཐ་སྙད་དང་། །མི་བསྒོམ་ཐ་མལ་བློས་བཏང་མིན། །རེ་དོགས་ལས་འདས་ཆོས་སྐུའི་ཞལ། །ཚེ་འདི་ཉིད་ལ་མངོན་དུ་འགྱུར། །འདི་ནི་འབྲས་བུའི་སྐྱེལ་སོ་ལགས། །གཞན་དུ་ཁྲེགས་ཆོད་ཐོད་རྒལ་ལ། །སོ་སོའི་གྲུབ་མཐའ་ཐ་དད་དེ། །སྔ་མ་ནང་དབྱིངས་ཆེན་པོ་རུ། །དབྱེར་མེད་མངོན་སངས་རྒྱས་པ་དང་། །ཕྱི་མས་སྣོད་བཅུད་འོད་གསལ་ངང་། །གྲོལ་བའི་ཁྱད་པར་མཁྱེན་འཚལ་ལོ། །སྤྱིར་རྒྱལ་བས་ཆོས་སྒོ་དཔག་མེད་ཀུན། །ཉོན་མོངས་ཀྱི་གཉེན་པོར་བསྟན་མོད་དེ། །ཚིག་སྤྲོས་


JKT022_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐའ་ལ་ཟད་མེད་ཀྱི། །དོན་ཉམས་སུ་ལེན་པ་དེ་ལ་མཛོད། །དེ་སྐད་ཉམས་སུ་ལེན་པའི་མོད། །མཁའ་སྤྱོད་རིག་འཛིན་དགྱེས་པའི་གླུ། །གང་ཤར་རང་གྲོལ་ངང་ནས་བྲིས། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག ༈ །ཆེད་དུ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་གཞན་ཕན་ཟློས་གར་ཅེས་བྱ་བ། ཨ་ཧོ། ཀ་དག་བསམ་བརྗོད་བྲལ་བའི་རང་ངོ་ལ་བལྟས་པས། །ཁ་དོག་བཟོ་དབྱིབས་མཚན་མའི་འཁྲུལ་ཆོས་ཀུན་ཟད་ནས། །ག་བུར་འཛིན་ལྟར་དྲི་བྲལ་རིག་སྟོང་གི་གཤིས་སུ། །ང་བདག་ལས་འདས་ཆོས་སྐུའི་བླ་མ་དང་མཇལ་བྱུང་། །ཅ་ག་ངེས་འབྱུང་སོ་ཐར་ཚུལ་ཁྲིམས་ཀྱིས་བསྡམས་ཏེ། །ཆ་མཐུན་འགྲོ་ཀུན་སྒྲོལ་འདོད་བྱང་སེམས་ལ་བསླབས་ནས། །ཇ་ཆང་འཁྲུལ་རྟོག་རིག་འཛིན་དམ་ཚིག་གིས་འཆིང་བའི། །ཉ་རྒྱས་ཟླ་འདྲའི་བསླབ་གསུམ་ཡར་ལྡན་ལ་བསྙེན་ཅིག །ཏ་ཐཱ་ག་ཏའི་བསྟན་པ་རིམ་དགུ་རུ་ཕྱེ་ནས། །ཐ་དད་བདེན་གཉིས་དབྱེར་མེད་གསང་སྔགས་ཀྱི་ཉེ་ལམ། །ད་ལྟའི་ཤེས་པ་རིག་སྟོང་རྗེན་པ་རུ་རྫོགས་པས། །ན་མར་ཤར་གྲོལ་དུས་མཉམ་ཆེན་པོ་རུ་སྐྱོངས་ཤིག །པ་ར་མི་ཏིའི་སྤྱོད་པ་རྒྱ་མཚོ་ལ་བསླབས་པས། །ཕ་མཐའ་མི་མངོན་ས་ལམ་ཡོན་ཏན་ཀུན་རྫོགས་ཀྱང་། །བ་མཆོག་དཔག་བསམ་ཤིང་ལྟར་མཆོག་ཐུན་གྱི་དངོས་གྲུབ། །མ་ལུས་མྱུར་དུ་སྦྱིན་པ་གསང་སྔགས་ཀྱི་ཁྱད་ཆོས། །ཙཱ་རི་ཏྲ་སོགས་ཤུལ་ལམ་བཟོད་སྲན་


JKT022_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བགྲོད་པས། །ཚ་གྲང་ལས་འདས་རྣམ་ཀུན་མཆོག་ལྡན་དང་མི་མཇལ། །ཛ་ཧུའི་རྒྱུན་ལྟར་བདེ་སྟོང་ཏིང་འཛིན་ལ་རོལ་པས། །ཝ་ལྟར་ཉུལ་བའི་རླུང་སེམས་དབུ་མ་རུ་ཕེབས་སོ། །ཞྭ་ཐོད་གསེར་དུ་གཡོས་ཀྱང་ཆོས་སྐུ་ནི་མི་ཐོབ། །ཟ་ར་ཟི་རིའི་བཙུན་ཆས་ལོངས་སྐུ་དང་མི་མཛའ། །འ་འུར་དབྱངས་དང་རོལ་མོས་སྤྲུལ་སྐུ་ཡང་མི་འགྲུབ། །ཡ་མཱནྟ་ཀས་འབོད་ཚེ་གདིང་ཆེན་ཞིག་རྙེད་མཛོད། །རྭ་ཅོ་ལྟ་བུའི་ཐེག་དམན་རང་དོན་གྱི་འཁོར་ལོ། །ལ་ཀླུང་རྒྱུ་བའི་སྔགས་སྨོན་དམྱལ་བ་ཡི་གཏིང་རྡོ། །ཤ་ཁྲག་གཡོས་སུ་སྦྱར་བས་གསང་སྔགས་ནི་མ་ཡིན། །ས་བཅུ་རང་ངོར་རྫོགས་པའི་དངོས་གྲུབ་ཤིག་བརྙེས་མཛོད། །ཧཾ་ཡིག་བདེ་སྟོང་ལང་ཚོའི་འཇོ་སྒེག་དང་སྒྲགས་ནས། །ཨ་ཤད་གཏུམ་མོའི་མེ་ལྕེའི་འབྲོས་འདེད་ལ་སྦྱར་བས། །ཧ་ལའི་རྟོག་ཚོགས་ཅེར་གྲོལ་གཉུག་མ་རུ་ཐིམ་ནས། །ཨ་དོན་འོད་གསལ་རྫོགས་ཆེན་སྙིང་དབུས་སུ་ཕེབས་ཤོག ༈ །རྡོ་རྗེའི་ཐོལ་གླུ་ལམ་གྱི་རིམ་པ་ཉེ་བར་བསྡུས་པ་ཞེས་བྱ་བ། ཨ་ཧོ། རིག་སྟོང་སྤྲོས་བྲལ་འོད་གསལ་གཉུག་མ་ཡི་སྦུབས་ནས། །དབྱིངས་རིག་དབྱེར་མེད་སྐུ་གསུམ་བདེ་ཆེན་གྱི་ཌཱ་ཀི །ང་ཡི་སྙིང་དབུས་གཞོན་ནུ་བུམ་སྐུ་རུ་བཞུགས་དང་། །གཏད་མེད་གསང་སྔགས་ལམ་གྱི་ཐོལ་གླུ་རུ་བསྒྱུར་བཏང་། །དལ་བ་བརྒྱད་ཀྱི་འཁྲི་ཤིང་འབྱོར་བཅུ་ཡི་མེ་ཏོག །འཕྲལ་རྐྱེན་རིས་ཆད་མི་ཁོམས་ཚ་གདུང་


JKT022_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྤངས་པས། །སྐྱོན་བྲལ་མི་ལུས་རིན་ཆེན་རྙེད་དཀའ་ཡི་བསིལ་ཡབ། །གཏན་བདེའི་ངལ་བསོ་བསྟེན་པའི་སྐྱོ་གྲོགས་སུ་ཕེབས་སོ། །དེ་ཡང་ཕྱི་སྣོད་མི་རྟག་རྣམ་བཞི་ལ་སྤྱོད་ཅིང་། །ནང་བཅུད་མཆོག་དམན་བར་མ་འཆི་བདག་གིས་བཟུང་ཕྱིར། །སྙིང་པོ་མེད་པའི་ངང་ཚུལ་མཐའ་བཞི་ཡིས་བསྡུས་པས། །སྐད་ཅིག་དལ་མེད་ཐར་པའི་གོ་འཕང་ལ་སྦྱོར་འཚལ། །དཀར་ནག་ལས་ཀྱི་ས་བོན་སོ་སོ་རུ་བཏབ་པས། །བདེ་སྡུག་འབྲས་བུ་མི་བསླུ་ཐ་དད་དུ་སྨིན་ནས། །གཞི་དང་བསམ་སྦྱོར་མཐར་ཐུག་ཡན་ལག་ཀུན་རྫོགས་ཕྱིར། །ཐར་པའི་དཔག་བསམ་དབང་པོ་བསྐྱེད་པ་རུ་མཛོད་ཅིག །སྣ་ཚོགས་ལས་ཀྱིས་སྣ་ཚོགས་སྣང་ཚུལ་ལ་སྤྱོད་པའི། །འགྲོ་དྲུག་སྡུག་བསྔལ་གསུམ་གྱིས་མནར་སྤྱོད་དེ་མཐོང་ནས། །བདེན་པ་བཞི་ཡི་ཤིང་རྟ་དམ་པ་ལ་ཞོན་ཏེ། །ངེས་ལེགས་ཐར་པའི་གླིང་དུ་ཕྱིན་པ་རུ་མཛོད་ཅིག ། གང་ཞིག་བསྟེན་ན་འཕྲལ་ཡུན་ཕན་བདེ་ཀུན་སྦྱིན་པའི། །དགེ་བའི་གྲོགས་དང་བཤེས་གཉེན་འབྲལ་མེད་དུ་བསྟེན་ཅིང་། །ངེས་ལེགས་ལམ་ཀུན་བསོད་ནམས་ཚོགས་ཀུན་ཏུ་སྤེལ་བའི། །འཁོར་ལོ་བཞི་ཡི་བདོག་པ་ཐོབ་པ་རུ་མཛོད་ཅིག །ཞི་བསིལ་བླ་ན་མེད་པའི་ཡོན་ཏན་གྱིས་ཕྱུག་ཅིང་། །སྲིད་ལས་རྣམ་གྲོལ་གཞན་དོན་ལྷུན་གྲུབ་ཀྱི་མཛད་པ། །མངོན་དུ་བརྙེས་པའི་འཕགས་པ་རྣམ་གསུམ་གྱི་གོ་འཕང་། །


JKT022_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་འབྲས་བུ་ལྡན་པས་ཉེ་བ་རུ་བླང་མཛོད། །ཁྱད་པར་སྐྱབས་གསུམ་ཟོལ་མེད་དད་པ་ཡིས་བསྟེན་ཏེ། །སྨོན་འཇུག་སེམས་གཉིས་འབྲལ་མེད་ཐེག་ཆེན་གྱི་སྐྱེས་བུ། །སྡིག་ལྟུང་ཞི་བྱེད་སྟོབས་བཞིའི་གོ་ཆ་དང་བཅས་ཏེ། །ཚོགས་གཉིས་སྤེལ་ཕྱིར་བསོད་ནམས་བསགས་པ་ལ་འབད་མཛོད། །དབང་བཞི་ཡོངས་རྫོགས་འཁོར་ལོའི་མགོན་པོ་མཆོག་དེ་ཉིད། །ཟབ་མོའི་རྒྱུད་ལས་རྒྱལ་བ་ཀུན་དངོས་སུ་གསུངས་ཕྱིར། །རྟག་ཏུ་བསྒོམ་ནས་གསོལ་གདབ་ལམ་དབང་དང་འབྲེལ་བར། །ཁྱེད་ཤེས་དད་པས་བསྐྱེད་པ་མདོ་སྔགས་ཀྱི་དགོངས་བཅུད། །དེ་ལྟར་སྔོན་འགྲོའི་ཆོས་ཀྱི་བློ་སྦྱོང་ལ་ཞུགས་ཏེ། །ཁྱད་པར་དབྱིབས་ཀྱི་རྗེས་འགྲོ་སྣང་སྟོང་གི་བསྐྱེད་རིམ། །རང་བཞིན་སྟོང་པའི་ལམ་འགྲོ་རྫོགས་རིམ་གྱི་ལམ་དང་། །ཟུང་འཇུག་འོད་གསལ་ངང་ནས་རྫོགས་ཆེན་གྱི་གསང་བ། །དམ་ཚིག་གྲོགས་བཅས་འབྲལ་མེད་འབད་པ་རུ་མཛོད་ཅིག །གདན་གསུམ་དབྱེར་མེད་རྡོ་རྗེ་ཕུང་པོ་ཡི་གྲོང་ཁྱེར། །ཉི་ཁྲི་ཆིག་སྟོང་སྲོག་རྩོལ་སྐྱེ་མེད་ཀྱི་བཟླས་པ། །བརྒྱད་ཁྲི་བཞི་སྟོང་རྟོག་ཚོགས་གཉུག་མ་རུ་རོལ་པའི། །དཀྱིལ་འཁོར་གསུམ་ལྡན་ཟབ་མོའི་གསང་ལམ་གྱི་དགོངས་བཅུད། །སྦྱོར་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་གིས་བསྐྱེད་དེ། །དངོས་གཞི་འཁོར་གསུམ་མི་དམིགས་འཛིན་བྲལ་གྱི་ལམ་མཆོབ། །དེ་ལྟར་ཐོས་བསམ་སྒོམ་པའི་རྗེས་འགྲོ་


JKT022_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྤྱོད་ཚུལ། །བསླབ་གསུམ་དོན་དང་ལྡན་པའི་སྐ པ་བཟང་ལ་བསྙེན་ནས། །རང་གཞན་ཐར་བར་སྦྱོར་བའི་ཕྲིན་ལས་ཀྱིས་འབྱོར་པས། །ལེགས་གསུངས་དམ་ཆོས་རྒྱ་མཚོའི་སྙིང་པོ་རང་ཡིན་ནོ། །དེ་སྐད་ལམ་ཀུན་བསྡུས་པའི་རྡོ་རྗེ་ཡི་ཐོལ་གླུ། །རང་གཞན་དོན་དུ་སྨྲས་པའི་ཚོགས་གཉིས་ཀྱི་འབྲས་བུ། །དེང་ནས་འགྲོ་ཀུན་བླ་མེད་བྱང་ཆུབ་ཀྱི་ཤུལ་ལས། །རྒྱལ་ཀུན་གཤེགས་པའི་ས་དེར་བགྲོད་པ་རུ་ཤོག་ཅིག །ཅེས་པའང་ཟབ་མོའི་དོན་གྱི་གསལ་འདེབས་སུ་གང་ཤར་ལྷུག་པར་བརྗོད་པའོ།། ༈ །།ལམ་ཐུན་མོང་གི་རྡོ་རྗེའི་ཐོལ་གླུ་ངེས་པར་འབྱུང་བའི་རོལ་མོ་ཞེས་བྱ་བ། ཨ་ཧོ། སྤངས་རྟོགས་ཡོན་ཏན་ནོར་བུའི་ཟ་མ་ཏོག་གི་གཏེར། །ཕན་བདེའི་འདོད་འཇོ་མཚན་དཔེའི་དཔལ་གྱིས་མཛེས་འཁྱུད་སྐུ། །གང་གི་ཞབས་ན་སྲིད་ཞིའི་ཐོར་ཚུགས་ཀྱིས་བཏུད་པ། །དེ་ལ་བདག་ཀྱང་མི་ཕྱེད་དད་པའི་སྲིད་ཞུ་སྟོབ། །རྙེད་པར་དཀའ་ཞིང་རྙེད་ན་དོན་གྱི་མཆོག་ལྡན་པ། །ངོ་བོ་དལ་བ་བརྒྱད་ཀྱི་མྱུ་གུ་གཞོན་ནུའི་ངོགས། །ཁྱད་པར་འབྱོར་བཅུའི་ཀུན་གསར་བའི་ལ་ཐོད་ཅན། །འཕྲལ་རྐྱེན་རིས་ཆད་ཚ་གདུང་སྟུག་པོ་ལས་བརྒལ་མཛོད། །ཕྱི་སྣོད་བརྟེན་པ་ཆགས་གནས་འཇིག་སྟོང་རྣམ་བཞི་དང་། །ནང་བཅུད་སེམས་ཅན་སྐྱེ་རྒ་ན་འཆིའི་གཞན་དབང་ཅན། །ཀུན་ཀྱང་མཐའ་བཞིས་བསྡུས་པའི་ངང་ཚུལ་འདི་བསམས་ནས། །སྐད་ཅིག་བགྱི་བ་དལ་མེད་དགེ་བའི་


JKT022_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་སྤྱོད། །དེ་ཡང་དཀར་ནག་ལས་ཀྱི་ས་བོན་བཙུགས་པ་ལས། །ཀུན་ཏུ་མི་བསླུའི་མྱུ་གུ་སོ་སོར་སྨིན་པ་གང་། །གཞི་དང་བསམ་སྦྱོར་མཐར་ཐུག་རྫོགས་པས་བྱུང་གྱུར་ན། །ཐར་པ་ཆ་མཐུན་ཚོགས་་གཉིས་ལམ་ལ་འབད་པར་འཚལ། །གང་ཞིག་མེ་ཚོགས་སྤུ་གྲིའི་སོར་ཆགས་སྦྲང་རྩི་བཞིན། །སྤྱོད་པ་ཙམ་ནས་སྡུག་བསྔལ་གསུམ་གྱི་ཁོར་ཡུག་ཅན། །གནས་རིས་དྲུག་གི་ཆུ་གཏེར་སྲིད་རྩེར་གཡོ་བ་ལས། །ངེས་པར་འབྱུང་བའི་རིན་ཆེན་གྲུ་བོ་བརྙེས་པར་མཛོད། །སྐྱོན་བྲལ་སྤངས་རྟོགས་ཡོན་ཏན་ཕུན་སུམ་ཚོགས་པའི་གཏེར། །སྲིད་པའི་འཇིགས་འཕྲོག་ཐར་པ་ལ་སྦྱོར་ཐུགས་རྗེ་ལྡན། །སངས་རྒྱས་དངོས་དང་མི་ཕྱེད་དད་པས་བླ་མ་མཆོག །རྟག་ཏུ་བསྙེན་ཅིང་དོན་ལྡན་གསུང་གི་གསང་བ་བསླབ། །རང་རྒྱུད་ཉེས་པ་སུམ་ཅུ་རྩ་དྲུག་རྡུལ་རྫབ་ཁྲོད། །ལྟུང་བའི་ནོར་བུ་དེ་ལྡོག་ཡོན་ཏན་ཡན་ལག་གིས། །ལེགས་བླངས་བྱི་དོར་དང་བཅས་ཐོས་པའི་རྣམ་པ་ནི། །བརྒྱད་ཅུ་རྩ་བཞིའི་གདུགས་དཀར་རྩེ་མོར་ངལ་བསོ་བྱ། །རྣམ་པ་ཀུན་ཏུ་སྒོ་གསུམ་ཐར་པ་ལས་གོལ་བའི། །ཤིན་ཏུ་རེངས་པ་སྦྲུལ་གདུག་ལྟ་བུའི་གྲོགས་པོ་ནི། །བསྟེན་པ་ཉིད་ནས་ཚུལ་མིན་དུག་གིས་མྱོས་བྱེད་ཕྱིར། །དེ་དག་ཕྱི་ཕྱིར་བསྲིང་བའི་དམ་བཅའ་ལེགས་བརྟན་པར། །བག་ཡོད་ཚུལ་ཁྲིམས་ནོར་གྱིས་རབ་ཕྱུག་སྤྱོད་པ་དང་། །བྱང་ཆུབ་སེམས་གཉིས་རིན་ཆེན་


JKT022_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དྲ་བའི་ཐོར་ཚུགས་ཅན། །འཇིག་རྟེན་འདི་ན་རྙེད་དཀའ་དགེ་བའི་གཉིས་འཐུང་དབང་། །ཕན་བདེའི་འདོད་པ་སྟེར་ཕྱིར་དུས་ཀུན་བཤེས་པར་བྱ། །དཀར་པོའི་ཡུལ་རྐྱེན་གྱིས་བསྐུལ་མི་ཕྱེད་དད་པའི་སྤྲིན། །རྟག་ཏུ་འབྲལ་མེད་འཁོར་བའི་ཚ་གདུང་ཀུན་སྐྱོབ་ཅིང་། །ཡོན་ཏན་ལོ་ཏོག་གོང་འཕེལ་འགྱུར་ཕྱིར་སྲོག་གི་ཕྱིར། །འདི་ཉིད་མི་བཏང་བསྙེན་པའི་འབྲས་བུ་ཚད་བཟུང་མེད། །གང་ན་སྙིང་པོའི་ལྕིད་ཀྱིས་ལྷག་པའི་གོ་འཕང་ནི། །སྲིད་པའི་སྡུག་བསྔལ་མཐའ་དག་མངོན་བཏང་འཕོ་འགྱུར་མེད། །ཞི་བདེ་བསིལ་བའི་བདུད་རྩིའི་སིམ་པ་སྟེར་བྱེད་པ། །འགྲོ་སྒྲོལ་ཕྲིན་ལས་ལྷུན་གྱིས་གྲུབ་ཕྱིར་སྤྲོ་བ་བསྐྱེད། །རྟག་ཏུ་ཐོས་པའི་རྩ་བ་མི་གཡོ་རྣམ་པར་བརྟན། །བསམ་བྱུང་ཤེས་རབ་ཡལ་ག་མཛེས་པའི་གདེངས་ཀ་ཅན། །སྒོམ་སྤང་དེ་ཉིད་ཁྱད་པར་འཕགས་པའི་འབྲས་བུའི་གཏེར། །འདི་ནི་རྒྱལ་བསྟན་ཡོངས་རྫོགས་ལྗོན་ཤིང་ཡིན་ཕྱིར་བསྙེན། །དེ་ལྟར་ཐུན་མོང་སྤྱོད་ཚུལ་སྙིང་པོ་མདོ་ཙམ་ཞིག །རང་གཞན་དོན་དུ་རྡོ་རྗེའི་གླུ་རུ་བླངས་པ་ལ། །རྣམ་པར་དགེ་བའི་ཚོགས་ཀུན་གཅིག་བསྡུས་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་དམ་པར་གཤེགས་པའི་རྒྱུ་རུ་བསྔོ།། ༈ །།ཐེག་པ་ཆེན་པོའི་རྡོ་རྗེའི་ཐོལ་གླུ་བྱང་སེམས་འཁྲི་ཤིང་ཅེས་བྱ་བ། ཨ་ཧོ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ཆུ་གཏེར་ལས། །ལེགས་དབྱུང་ཚོགས་གཉིས་ཡོངས་


JKT022_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྫོགས་པའི་ཟླ་ཤེལ་དབང་། །རབ་གུས་དད་པའི་ཀུ་མུད་རྩེ་མོར་ངལ་བསོས་པས། །འདི་ན་བྱང་ཆུབ་སེམས་ཀྱི་འཛུམ་དཀར་གྲོལ་བར་འགྱུར། །གང་ཞིག་སྲིད་པའི་གཅོང་རོང་དམ་པོར་ལྷུང་བ་ཀུན། །དཀོན་མཆོག་གསུམ་གྱི་ཐུགས་རྗེའི་དཔྱང་ཐག་ལ་བརྟེན་ཏེ། །ཞི་བདེ་རིན་ཆེན་གླིང་དུ་ཕྱིན་ཕྱིར་ཐོག་མ་ནས། །དེ་ཉིད་ཁོ་ན་སྐྱབས་ཀྱི་སྙིང་པོར་བསྟེན་པར་བྱ། །དེ་ཡང་སྐྱེས་བུ་གསུམ་གྱི་ལམ་ནི་གང་རུང་བ། །བློ་ཡི་ནུས་སྟོབས་དག་གི་རྗེས་འགྲོས་ལེགས་བླངས་ཏེ། །འཇིག་རྟེན་ཕལ་དང་བདག་ལྟའི་སྐྱོབ་འདོད་མངོན་བཏང་ནས། །སྤངས་རྟོགས་ཡོན་ཏན་ཡོངས་སུ་རྫོགས་པའི་སངས་རྒྱས་དང་། །བརྗོད་བྱ་རྗོད་བྱེད་ཐར་པའི་ལམ་དཀྲི་དམ་པའི་ཆོས། །རིག་གྲོལ་འཕགས་པའི་ཡོན་ཏན་ལྡན་པ་དགེ་འདུན་ཏེ། །རྣམ་གསུམ་གདུག་དཀར་གཡོ་མེད་དད་པའི་དཔུང་པས་བཟུང་། །ཉིན་དང་མཚན་མོ་རྟག་ཏུ་སྐྱབས་འགྲོ་བྱང་ཆུབ་བར། །བསྙེན་ནས་སྤང་བྱ་བསླབ་བྱ་ཆ་མཐུན་འབད་པས་བསྒྲུབ། །གཞན་དུ་ཕྱི་ནང་གསང་བ་ཡང་གསང་བཞིར་དབྱེ་ཕྱིར། །ཐོག་མ་དེ་དང་དེ་རྗེས་གཞན་ལ་འཇུག་པའམ། །དབང་པོའི་རིམ་པའི་བགོ་སྐལ་ཇི་བཞིན་འབད་པར་བྱ། །ཁྱད་པར་གཤེགས་དང་གཤེགས་འགྱུར་རྒྱལ་ཀུན་གཞན་དོན་ཕྱིར། །བྱང་ཆུབ་སེམས་ཀྱི་གོ་ཆ་བརྟན་པོ་བགོས་པ་ན། །མཐར་ཕྱིན་འདོད་ལྷའི་སྙིང་ལ་ཚེར་མས་བཅིངས་


JKT022_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདས། །སྡིག་པར་མ་ནུས་གོང་མའི་ཡོན་ཏན་ཚད་བཟུང་མེད། །རྟེན་ནི་རིགས་སད་བྱིན་གྱིས་བརླབས་དང་དད་ལྡན་སོགས། །ཁྱད་པར་སྙིང་རྗེ་ཆེན་པོའི་བློ་དང་ལྡན་པ་དེར། །སྦྱོར་དངོས་རྗེས་གསུམ་རྫོགས་པའི་ཆོ་གས་འཐོབ་བྱས་ནས། །བྱམས་པའི་མྱུ་གུ་སྙིང་རྗེའི་ཆུ་ཡིས་རབ་བརླན་ཅིང་། །དགའ་བའི་མེ་ཏོག་བཏང་སྙོམས་འབྲས་བུས་མཛེས་དུད་པའི། །སྨོན་སེམས་དབྱར་སྐྱེས་གཞོན་ནུ་མགྲོན་དུ་ཉེར་བསྟེན་ཏེ། །ཁྱད་པར་འཇུག་པའི་རིན་ཆེན་ཤིང་རྟ་བསྙེན་པར་བྱ། །ཐར་པ་ལ་སྦྱོར་དམ་ཆོས་སྦྱིན་པའི་གདུགས་དཀར་པོ། །འབད་མེད་དགོས་རྒུ་རྣམས་སྟེར་ནོར་བུའི་གཙུག་ཏོར་ཅན། །གནས་སྐབས་འཇིགས་བཅས་ཚ་གདུང་སྐྱོབ་པའི་གྲིབ་བསིལ་ཅན། །འདི་དེ་འགྲོ་བའི་བླ་ན་མངོན་པར་མཛེས་པར་བྱ། །རང་གཞན་ཉེས་སྤྱོད་རྡུལ་དང་རྣམ་པར་མི་མཛའ་ཞིང་། །དགེ་ཚོགས་བུང་བ་ཡོངས་སུ་བསྡུ་བའི་དྲི་བསུང་ཅན། །གཞན་དོན་མཆོག་གི་སྦྲང་རྩིའི་དོགས་པས་རབ་གཏམས་པའི། །ཚུལ་ཁྲིམས་ཆུ་སྐྱེས་སྤྱི་བོའི་ལ་ཐོད་བཞིན་དུ་བསྟེན། །གནོད་པའི་ཡུལ་གྱིས་ཁོང་མི་འཁྲུགས་པའི་བརྟུལ་ཞུགས་ཅན། །ཐར་པའི་ཕྱིར་ན་དཀའ་བ་སྤྱད་པའི་སྐྱེས་བུ་དེའི། །ཡིད་ནི་ཟབ་མོའི་དོན་དང་མཛའ་བ་སྐྲག་པ་མིན། །རྣམ་གསུམ་བཟོད་པའི་གོ་ཆ་བགོ་ལ་རྟག་ཏུ་འདུན། །བྱང་ཆུབ་བར་དུ་འདོར་མེད་བསྒྲུབ་པའི་


JKT022_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅའ་དང་། །རྟག་ཏུ་དེ་བཞིན་སྦྱོར་བས་ཉམས་བླངས་གཡེལ་བ་མེད། །མི་འགོད་མི་ལྡོག་ཆོག་མི་ཤེས་པས་བརྩོན་པ་གང་། །ཐར་པ་འཛིན་པའི་སྲོག་ཏུ་ཀུན་ནས་རིག་པར་བྱ། །དབེན་ཞིང་འདུ་འཛི་ལས་བརྒལ་ནགས་ཁྲོད་དམ་པ་དེར། །རྟག་ཏུ་ཞི་བར་མཉམ་བཞག་དོན་ལ་ལེགས་པར་སྦྱོར། །ལམ་ལ་མ་ཞུགས་དེ་ལྡོག་མོས་སྤྱོད་ཏིང་འཛིན་དང་། །ཟག་མེད་འཕགས་པའི་བསམ་གཏན་རྣམ་གསུམ་སྒྲུབ་པར་བྱ། །ཁྱད་པར་ཐོས་པའི་བདུད་རྩི་བར་མེད་བཏུང་བ་ལས། །དེ་དོན་རྗེས་སུ་བསམ་པའི་ལང་ཚོ་རབ་རྒྱས་ཤིང་། །སྒོམ་སྤང་དེ་ཉིད་བཅུད་ལེན་གྲུབ་པ་གང་དག་ནི། སྲིད་ཞི་ལས་གྲ་ལ་ཐར་པ་མཆོག་ལ་མྱུར་དུ་འགྲོ། བསླབ་བྱ་དེ་ཀུན་མི་མཐུན་ཕྱོགས་དང་བཤེས་མིན་ཅིང་། །ཀུན་ཏུ་གོང་འཕེལ་ཆུད་མི་འཛའ་བའི་གྲོགས་དང་བཅས། །རྟག་ཏུ་གཡེལ་མེད་སྐྱེས་བུ་ཆེན་པོའི་ལམ་མཆོག་ཉིད། །བསྙེན་པར་མཛོད་ཅིག་གུས་པའི་ཐལ་མོ་སྙིང་གར་འཛུམ། །མཐར་ཕྱིན་ཚོགས་སྦྱོར་མཐོང་སྒོམ་ལམ་ནི་རྣམ་པ་བཞིར། །ས་བཅུའི་མངོན་རྟོགས་ཡོན་ཏན་མ་ལུས་ཡོངས་རྫོགས་ཏེ། །གྲངས་མེད་གསུམ་མཐར་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྒྲིབ་ཀུན་སྤངས་ཏེ་མཐའ་རུ་ཕྱིན་པའི་ལམ་རྙེད་ནས། །སྐུ་དང་ཡེ་ཤེས་ཕྲིན་ལས་བསམ་མི་ཁྱབ་པར་སྤྱོད། །ཚུལ་འདི་སྡེ་སྣོད་གསུམ་གྱི་བརྗོད་བྱ་རྒྱ་ཆེ་ལ། །བརྗོད་དོན་ཟབ་ཕྱིར་


JKT022_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བརྒལ་བར་དཀའ་ཡང་རྡོ་རྗེའི་གླུའི། །རྣམ་པར་ཕྱེ་ལས་གྲུབ་པའི་དགེ་ཚོགས་རྨད་བྱུང་གིས། །འགྲོ་ཀུན་ཐར་པ་མཆོག་གི་ས་ལ་གཤེགས་གྱུར་ཅིག། ༈ །།སྒྲིབ་གཉིས་རྣམ་པར་ཞི་བའི་རྡོ་རྗེའི་ཐོལ་གླུ་རིག་སྟོང་གཉུག་མའི་རྒྱན་ཅེས་བྱ་བ། ཨ་ཧོ། བཟོད་ནས་གློ་བུར་དྲི་མའི་དག་བྱ་མ་ལུས་པ། །ཀུན་ཏུ་རྟོག་དང་ལྷན་ཅིག་མཛའ་བ་མིན་པའི་ཆོས། །གཟུང་འཛིན་ལས་འདས་རིག་སྟོང་ཟུང་འཇུག་བདེ་བ་ཆེ། །ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་དེ་ལ་འདུད། །ཤིན་ཏུ་བརྒལ་དཀའ་འཇིགས་རུང་འཁོར་བའི་རྒྱ་མཚོ་ཆེ། །སྡུག་བསྔལ་གསུམ་གྱི་རྦ་རླབས་རབ་ཏུ་གཡོ་བའི་དབུས། །དལ་འབྱོར་རིན་ཆེན་གྲུ་བོ་མཆིས་པ་གང་ཉིད་ཀྱང་། །སྡིག་ལྟའི་འཐོར་རླུང་དྲག་པོས་བཅོམ་ལས་ཕྱིར་བཟློག་སླད། །བདེ་ཆེན་འཁོར་ལོའི་ཟུར་ཕུད་མཛེས་པ་ག་ལ་བར། །པད་དཀར་ཟླ་སྟེང་རྒྱལ་ཀུན་ཐུགས་མཆོག་རྡོ་རྗེ་སེམས། །ཤེས་རབ་ཡུམ་བཅས་མཉམ་པར་སྦྱོར་བའི་ཐུགས་ཀ་རུ། །གསང་སྔགས་ཐིག་ལེ་བརྒྱ་པའི་ཕྲེང་བ་རྣམ་བཀོད་དེ། །སྔར་བྱས་འགྱོད་དང་ཕྱིན་ཆད་སྡོམ་པའི་སེམས་བརྟན་པོས། །གུས་པའི་གསོལ་བ་གདབ་ཅིང་འདུན་པས་གཅུར་བ་ལས། །རྗེས་སུ་ཆགས་པའི་ཐུགས་རྗེས་རིངས་གཟིགས་སྦྱོར་མཚམས་ནས། །བདེ་ཆེན་བྱང་སེམས་ཟླ་བ་ཞུན་མ་ལྟར་བབས་ཏེ། །ཚངས་པའི་སྒོ་ནས་སྙོམས་པར་ཞུགས་དང་ཆབ་གཅིག་པར། །ནད་


JKT022_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་སྒྲིབ་ཀུན་དུད་སོལ་རྣམ་པར་ཕྱིན་ཐོན་ཏེ། །རྩ་གསུམ་འཁོར་ལོ་བཞི་ལྡན་གནས་ཀུན་ཁེངས་པ་ལས། །ལུས་སེམས་ཟག་མེད་བདེ་ཆེན་དགའ་བ་བཞི་ཡིས་མྱོས། །བསྐྱེད་པའི་འཁོར་ལོ་རང་ལ་བསྟིམ་ཞིང་རང་ཉིད་ཀྱང་། །ལྷག་པའི་ལྷར་གྱུར་དཀྱིལ་འཁོར་གསུམ་དང་ལྡན་པའི་ངང་། །སྡིག་དང་ལྟུང་བ་སྐྱེ་འགག་གནས་གསུམ་རབ་བྲལ་ཞིང་། །ཡང་དག་དྲན་པའི་ངང་དུ་མཉམ་པར་འཇོག་པ་ལས། །བཟང་ངན་ཤེས་བྱའི་རྟོག་པས་ཕ་མཐའ་ཐུག་མིན་པའི། །སྤྲོས་དང་བྲལ་བ་འདི་ནི་བཤགས་སྦྱང་ཀུན་གྱི་མཆོག །དེ་ལྟར་བསྐྱེད་དང་རྫོགས་པ་ཟུང་འཇུག་ཟླ་བའི་ཟེར། །ཤིན་ཏུ་གནག་པའི་ཁ་ན་མ་ཐོ་ལ་རེག་པས། །སྟོབས་བཞིའི་མཐུ་ཡིས་སྒྲིབ་གཉིས་མུན་པ་ཡོངས་སྦྱངས་ཏེ། །བླ་ན་མེད་པའི་གཏན་བདེའི་སྣང་བ་འཐོབ་པར་འགྱུར། །དེ་ལྟར་གང་ཤར་བཛྲ་གཱི་རྟིའི་རོལ་མོ་ཆེ། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་མཛོད་ནས་འཁྲོལ་བའི་མོད། །སྒྲིབ་གཉིས་གཉིད་ལས་གཡུར་བ་མ་ལུས་ཀུན་སད་དེ། །བྱང་ཆུབ་མཆོག་གི་ངལ་བསོ་བསྟེན་པའི་རྒྱུ་རུ་བསྔོ། ཞེས་པའང་སྣང་ཆའི་རྟེན་འབྲེལ་གསར་པས་མཚམས་སྦྱར་ཏེ་གང་ཤར་ལྷུག་པར་བླངས་པའོ།། ༈ །།ཚོགས་གཉིས་ཡོངས་སུ་རྫོགས་པའི་རྡོ་རྗེའི་ཐོལ་གླུ་བསོད་ནམས་སྤྲིན་གྱི་གྲུ་ཆར་ཞེས་བྱ་བ། ཨེ་མ་ཧོ། །བླ་ན་མེད་མཆོག་བདེ་བ་ཆེན་པོའི་ངོ་བོ་ལ། །རྒྱུ་དང་འབྲས་བུའི་ཚོགས་ཆེན་གཉིས་ཀྱིས་སྤྱད་གྱུར་པས། །


JKT022_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་མཐར་ཐུག་སྒྲིབ་འཇོམས་དགེ་ལེགས་འཕེལ་བགྱིད་པའི། །བྱེད་པོ་གང་ཡིན་དེ་ནི་ཡོངས་སུ་རྒྱལ་གྱུར་ཅིག །ཀུན་ལ་ཁྱབ་མཉམ་ལྷན་སྐྱེས་སྙིང་པོའི་རིགས་ཀྱི་ཁམས། །ལམ་དུས་ཐབས་དང་ཤེས་རབ་འཕེན་པས་བསྐྱེད་བསྲིངས་པས། །དག་པ་གཉིས་ལྡན་རང་བཞིན་གང་ཡིན་མངོན་བགྱིད་ཕྱིར། །བྱང་ཆུབ་འདོད་ཀུན་ཚུལ་འདིར་འབད་པས་འཇུག་པར་བྱ། །གང་ཞིག་མངོན་མཐོའི་དཔལ་གྱི་དཀྱིལ་འཁོར་ལེན་པའམ། །དེ་བཞིན་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་ཉིད་དག་ཏུ། །རྣམ་ཐར་གསུམ་ལྡན་ཡེ་ཤེས་ཆེན་པོ་མཉམ་རྫོགས་ཕྱིར། །ཐུན་མོང་གསང་བའི་སྒྲ་དོན་ཉིད་དུ་ངེས་པར་བརྗོད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དང་། །ཤེས་རབ་ཕ་རོལ་ཕྱིན་པའི་བདག་ཉིད་གང་ཡིན་པ། །དྲི་ཡི་ཐིག་ལེ་རྣམ་པར་བསྒོས་པ་བྱས་གྱུར་ནས། །ཚོམ་བུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཚེ་ན་འགྲུབ། །ཛམྦུའི་གསེར་གྱི་ཞུན་མས་བྱུགས་པའི་ས་གཞིའི་ངོས། །སྣ་ཚོགས་རཏྣའི་བ་གམ་བརྩེགས་པའི་ལྷུན་པོ་ལ། །གླིང་བཞི་གླིང་ཕྲིན་ལྕགས་རི་མུ་ཁྱུད་མཛེས་པའི་དབུས། །དགོས་འདོད་ཀུན་འབྱུང་རིན་ཆེན་རི་བོ་དཔག་བསམ་ཤིང་། །འདོད་འཇོའི་བ་མཆོག་འབད་རྩོལ་བྲལ་བའི་འབྲས་བུའི་ཚལ། །འཁོར་ལོས་བསྒྱུར་རྒྱལ་བསོད་ནམས་ཆུ་གཏེར་ལས་འཁྲུངས་པའི། །ཡོན་ཏན་ཆ་ཤས་


JKT022_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གང་བའི་རིན་པོ་ཆེ། །གནས་སྐབས་བདེ་སྟེར་རྣམ་པ་བདུན་གྱི་གཉིས་སྐྱེས་དབང་། །གཏེར་ཆེན་བུམ་བཟང་ཀུན་ཏུ་སྒེག་པའི་གཞོན་ནུ་དང་། །རིན་ཆེན་ཕྲེང་འཛིན་མཉན་པར་འོས་པའི་གླུ་དབྱངས་ཅན། །མཉེན་ལྕུག་འཁྲིལ་ལྡེམ་ཟློས་གར་རབ་མཛེས་ཆུ་སྐྱེས་ཐོགས། །སྣང་བའི་དཔལ་སྟེར་ནོར་བུའི་སྒྲོན་མེ་བསུང་ཞིམ་སྤྲིན། །སྙིང་ནས་སིམ་པ་སྟེར་བྱེད་དྲི་མཆོག་ཆུ་རྒྱུན་བཅས། །འཇིག་རྟེན་སྣང་བྱེད་ཉི་ཟླའི་རྣ་ཆ་མངོན་པར་གཡོ། །རིན་ཆེན་གདུགས་མཛེས་བསམ་འཕེལ་མཆོག་གི་གཙུག་ཏོར་ཅན། །ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་ལྷབ་ལྷུབ་གཡོ་བ་སོགས། །སྲིད་པ་གསུམ་ན་ཡོངས་སུ་བཟུང་དང་མ་། བཟུང་བའི། །མཆོད་པའི་སྤྲིན་ཕུང་རབ་འབྱམས་ནམ་མཁའི་དབྱིངས་ཁྱབ་ཀུན། །བློ་ཡིས་བླངས་ཏེ་དཀོན་མཆོག་རིན་ཆེན་རྣམས་ལ་འབུལ། །གཞན་ཡང་ཚོགས་བརྒྱད་སྣང་བ་ཤར་ཀུན་འདོད་ཡོན་གཏེར། །རྡོ་རྗེ་ཕུང་ཁམས་སྐྱེ་མཆེད་ལྷུན་གྲུབ་མཉེས་པའི་སྤྲིན། །འཁོར་གསུམ་མི་དམིགས་བདེ་སྟོང་བློ་འདས་ཆེན་པོར་འབུལ། །གསང་གསུམ་མི་བཟད་རྒྱན་གྱི་འཁོར་ལོའི་སྤྲུལ་པའི་ཞིང་། །ངེས་པ་ལྔ་ལྡན་རྟག་ཏུ་ལོངས་སྤྱོད་ཡེ་ཤེས་སྐུ། །ནང་གསལ་རིག་སྟོང་ཟུང་འཇུག་ཆོས་སྐུའི་དེ་ཉིད་དབྱིངས། །སྨྲ་བསམ་བརྗོད་འདས་བླ་ན་མེད་པའི་མཆོད་སྤྲིན་ཏེ། །ཕྱི་ནང་གསང་བའི་བཀོད་པས་ཁྱད་པར་འཕགས་པ་གང་། །


JKT022_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་ཀྱི་སྙིང་པོ་གང་དག་དད་ཅིང་དྲན་པ་དང་། །དེ་བཞིན་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བའི་ཚེ། །ཆོས་བཞིན་སྤྱོད་པའི་སྙིང་པོ་འདི་ཉིད་དབུལ་བར་བགྱི། །དེ་ནི་ཡོན་ཏན་དམ་པ་ཚད་བཟུང་བྲལ་བ་སྟེ། །ཚོགས་གཉིས་མ་ལུས་ཡོངས་སུ་རྫོགས་པའི་མཐུ་དཔལ་གྱིས། །ཆོས་དང་གཟུགས་སྐུའི་འཁོར་ལོ་དབང་འབྱོར་རྒྱུན་མི་ཆད། །གནས་སྐབས་དག་ཏུ་འང་བདེ་བའི་འབྲས་བུ་ཀུན་ནས་ཐོབ། །དེ་སྐད་བསོད་ནམས་ཡོངས་སུ་རྫོགས་བྱེད་རྡོ་རྗེའི་གླུ། །ལོངས་སྤྱོད་འཁོར་ལོའི་མཛོད་ནས་གང་ཤར་འཁྲོལ་བའི་མོད། །དཀོན་མཆོག་གསུམ་དངོས་བྱང་ཆུབ་སེམས་ཀྱི་སྐྱེས་བུ་གང་། །གློ་བུར་འཁྲུལ་པའི་གཉིད་ལ་གཡུར་བ་སེལ་བགྱིད་ཤོག །ཅེས་པའང་ལམ་འདིར་འབད་པས་འཇུག་པའི་ཚེ་ཐོལ་བྱུང་དུ་བླངས་པའོ།། ༈ །།ལམ་ཟབ་མོའི་རྡོ་རྗེའི་ཐོལ་གླུ་གྲུབ་གཉིས་ཐིག་ལེ་ཞེས་བྱ་བ། ཨེ་མ་ཧོ། ལེགས་པའི་ཡོན་ཏན་ཀུན་གྱི་བདག་ཉིད་འི འཁོར་ལོའི་མགོན། །རྟག་པར་འབྲལ་མེད་སྙིང་དབུས་མི་ཤིགས་ཐིག་ལེ་རུ། །མངོན་པར་བཞུགས་ནས་གནས་སྐབས་མཐར་ཐུག་ཕན་བདེ་ཡི། །འདོད་དོན་ཅི་དགར་འཇོ་བའི་ཕྲིན་ལས་རྨད་བྱུང་སྩོལ། །གང་དེ་ལན་གཅིག་བསམ་པའི་ཡོན་ཏན་ཟད་མེད་པ། །རབ་ཏུ་བསྔགས་པ་བདེན་པར་གསུངས་ཕྱིར་འདིར་བཤད་དོ། །བདེ་བའི་སྟན་ལ་ཆོས་བདུན་ལྡན་པ་ཕུང་པོའི་གྲོང་། །རིག་རྩལ་ཡུལ་ལས་འཕྲོ་བ་སྡུད་


JKT022_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་གཏན་དང་། །རང་གི་སྤྱི་བོར་པདྨ་དཀར་པོ་ཉི་ཟླའི་སྟེང་། །རྒྱལ་ཀུན་འདུས་ཞལ་ཁྱབ་བདག་དྲིན་ཆེན་བླ་མ་རྗེ། །རྟོག་པའི་རིམ་པ་རྣམ་པ་རྡོ་རྗེ་སེམས་དཔའི་སྐུ། །སྟོན་མཚན་དྭངས་པའི་མཁའ་ལ་ཤར་བའི་ཟླ་བ་ལྟར། །ཀུན་ཏུ་རབ་དཀར་བདེ་སྟོང་རྡོ་རྗེ་དྲིལ་བུས་མཚན། །ཟག་བྲལ་སངས་རྒྱས་ཌཱ་ཀི་འཁྲིལ་བར་གསལ་བཏབ་བམ། །གཞན་དུ་འཆི་མེད་བདེ་བའི་བདག་ཉིད་མཚོ་སྐྱེས་རྗེ། །ཨུཏྤལ་དམར་པོའི་འདབ་མ་ཆུ་ཤེལ་དབང་པོ་ཡིས། །རྣམ་པར་མདངས་འདྲའི་མཚན་དཔེའི་དཀྱིལ་འཁོར་ལྷག་པར་རྒྱས། །ཐེག་གསུམ་ཆས་རྫོགས་ཐབས་ཤེས་རྡོ་རྗེ་བདེ་སྐྱོང་བསྣམས། །ཤེས་རབ་ཌ་ཀི་སྦས་ཚུལ་ཁ་ཊཾ་གྲུ་མོར་འཆང་། །རྗེས་སུ་ཆགས་པའི་སྤྱན་གྱིས་རྣམ་པར་གཟིགས་པར་བསྒོམ། །གཞན་ཡང་ལྷག་པའི་ལྷ་མཆོག་གང་ཡང་རུང་བར་གསལ། །གུས་གདུང་དད་པའི་སྤུ་ལང་མངོན་པར་གཡོ་བ་ཡིས། །ཞི སྙིང་ནས་གསོལ་བཏབ་བསྟོད་བསྔགས་མགྲིན་པའི་རོལ་མོར་འཁྲོལ། བདེ་ཆེན་ལོངས་སྤྱོད་ཆོས་ཉིད་འཁོར་ལོའི་འབྲུ་གསུམ་ལས། །འོད་ཟེར་འཕྲོས་ནས་གདན་གསུམ་ཆུ་གཏེར་ལ་ཞུགས་པས། །སྒྲིབ་བཞི་རྣམ་སྦྱང་ལམ་བཞི་བསྒོམ་རུང་འཛུམ་ཟེར་གྱིས། །སྐུ་བཞི་ཐོབ་རུང་ཀུན་བཞད་པའི་དཔལ་ཡོན་ཅན། །ཐུན་མོང་མ་ཡིན་སྨིན་བྱེད་ཟླ་བ་གསར་པ་ནི། །འབྲལ་མེད་རྟག་ཏུ་ཡིད་ཀྱི་ཐིག་ལེར་བསྟེན་གོམས་བྱ། །


JKT022_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗེས་ཉིད་དུ་ཨ་ཝ་དྷུ་ཏིའི་ཤུལ་ལམ་ནས། །ཚོགས་བརྒྱད་ལས་འདས་རིག་པ་སྤྲོས་བྲལ་བུམ་སྐུའི་སྦུབས། །སྙིང་དབུས་མི་ཤིགས་འཇའ་ཟེར་ཐིག་ལེར་དྲངས་བྱས་ཏེ། །རོ་གཅིག་ཉིད་གྱུར་ཕ་རོལ་ཚུལ་རོལ་མཐའ་ལ་མིན། །རྟག་ཆད་ལས་འདས་དབུ་མ་ཙམ་དུའང་མ་དམིགས་པའི། །བློ་འདས་ཟང་ཐལ་རྒྱ་ཡན་ཐ་མལ་ངང་དུ་བཞག །དེ་ནི་རྒྱུད་ལུང་མན་ངག་ཀུན་གྱི་སྙིང་ཐིག་སྟེ། །གཞན་དུ་ཕྲིན་ལས་གང་ཡང་འབད་པས་སྒྲུབ་མི་དགོས། །ཡིད་བཞིན་ནོར་ལྟར་གསོལ་བ་བཏབ་པ་ཙམ་གྱིས་འབྱུང་། །སྨིན་གྲོལ་གཉིས་ལྡན་བླ་མེད་མཆོག་གི་ཉམས་ལེན་ནོ། །གཞན་ཡང་ལྡང་ཚེ་བླ་མས་ལུང་བསྟན་དབྱུགས་དབྱུང་ཞིང་། །ཉིན་སྣང་ལྷ་སྔགས་ཆོས་ཉིད་གང་གི་རོལ་པར་སྦྱངས། བཟའ་བཏུང་ལྷུན་གྲུབ་ཚོགས་ཀྱི་འཁོར་ལོར་རྟག་ཏུ་དབུལ། བསྒུལ་བསྐྱོད་གར་དང་ཕྱག་རྒྱ་བསྐོར་བའི་ཚུལ་དུ་བསམ། །བདོག་པ་ཡོ་བྱད་དག་ཀྱང་མཎྜལ་དག་ཏུ་དབུལ། །ཚོགས་དྲུག་རང་གྲོལ་བདེན་མེད་སྒྱུ་མའི་མཆོད་སྤྲིན་སྤྲོ། །བྱང་ཆུབ་བར་དུ་སྐྱབས་གཞན་མེད་སྙམ་འབད་པས་སྒྲུབ། །མཉམ་འགྲོགས་ཐེ་ཚོམ་བར་ཆད་བདུད་ཡིན་རིང་དུ་སྤོང་། །ཡོན་ཏན་རྗེས་དྲན་དད་པ་མངོན་བསྐྱེད་རྟག་ཏུ་བླངས། །རྒྱལ་ཀུན་ཕྱག་གི་སོར་མོའི་ཆུ་སྐྱེས་དམར་འོད་ཀྱིས། །གང་ཞབས་དུས་གསུམ་བཏུད་ན་ཉོན་མོངས་ལྕགས་སྒྲོག་གིས། །


JKT022_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་བཙོན་རར་རྟག་ཏུ་ཉམ་ཐག་འཆིང་གྱུར་པ། སུ་ཞིག་ཅི་ཕྱིར་དད་པའི་མཆོད་སྤྲིན་སྤྲོ་མི་བྱེད། །ཐུགས་ནི་བདེ་གཤེགས་རྣམས་དང་རོ་གཅིག་ཆུ་གཏེར་ལས། །རིག་གྲོལ་ཆ་ཤས་ཡོངས་གང་གདན་གསུམ་གཟུགས་སྐུའི་ཟླ། །བདག་ཅག་དད་པའི་གཙུག་ཏོར་རྩེ་མོར་མངོན་འཕགས་ཕྱིར། །ཐུན་མོང་མ་ཡིན་གུས་པའི་ཀུན་འཛུམ་པར་བགྱི། །གསུང་གི་གསང་བ་ཅི་ལྟར་གནང་བའི་རྗེས་སྒྲུབ་ཅིང་། །ལུས་སེམས་འདོར་ཕོད་སྙིང་སྟོབས་མཆོག་གི་སྲི་ཞུས་བསྙེན། །འདི་ལྡན་གྲུབ་པའི་ཐེམ་སྐས་མཆོག་ལ་མྱུར་འཛེགས་པ། །འཕགས་བོད་ཀུན་ན་ཡོངས་སུ་གྲགས་པ་རྣམ་པར་བསྟེན། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་མེད་རྗེས་བསྔོ་བ། །མཚམས་སྦྱོར་རྣམ་གསུམ་དུས་ཀུན་གཅེས་པས་དང་དུ་བླང་། །དེ་སྐད་ཐར་པའི་ལམ་མཆོག་སྒྲུབ་པའི་སྙིང་པོ་ནི། །གང་ཤར་མགྲིན་པའི་རོལ་མོར་འཁྲོལ་ལས་དགེ་བའི་འབྲས། །མཆིས་གྱུར་གང་དེས་རང་གཞན་བྱང་ཆུབ་དམ་པའི་མཆོག །མངོན་དུ་བརྙེས་ནས་སྲིད་པའི་ཆུ་གཏེར་སྐེམ་ནུས་ཤོག །ཅེས་པའང་འཁོར་ལོའི་མགོན་པོ་ཀུན་ལ་མི་ཕྱེད་པའི་དད་པ་ཅན་ཨ་བྷཱ་ཡས་གང་ཤར་བླངས་པའོ།། ༈ །།ཡན་ལག་བདུན་པ་དང་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་འཁོར་ལོའི་མགོན་པོ་དགྱེས་པའི་རོལ་མོ་ཞེས་བྱ་བ། ཨ་ཧོ། དཔལ་ལྡན་སྐུ་བཞིའི་དབང་ཕྱུག་བདེ་ཆེན་རྡོ་རྗེའི་དངོས། །དཀྱིལ་འཁོར་འཁོར་ལོ་རྒྱ་མཚོའི་བདག་ཉིད་བདེ་བར་


JKT022_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། །གང་ཁྱོད་གཙུག་ཏོར་ནོར་བུའི་ཁང་བུར་ལེགས་བཞུགས་ཏེ། །རྟག་པར་རྒྱུན་དུ་འབྲལ་མེད་ཐུགས་རྗེས་གཟིགས་མཛོད་ཀྱེ། །རྟག་ཆད་རྡུལ་བྲལ་དོན་དམ་བདེན་པའི་ཡེ་ཤེས་ཆེར། །མཉམ་པར་སྦྱོར་བས་འདུད་བྱེད་བྲལ་བའི་གུས་ཕྱག་ནི། །མཐའ་གྲོལ་ཀློང་ཡངས་འོད་གསལ་སྦུབས་སུ་ཉེར་ཞི་ནས། །རོ་གཅིག་ཉིད་གྱུར་དབྱེར་མེད་མཇལ་བའི་དོན་ལ་སྤྱོད། །རྗེས་ཆགས་གོས་དཀར་ཊཱ་ཀི་བསྐུལ་བའི་ཧེ་རུ་ཀ །འཁོར་ལོ་ལྔ་ཡི་གཞལ་མེད་ཁང་དུ་ལེགས་སྦྱིན་པས། །ཟག་བྲལ་དགའ་བཞིའི་མཆོད་པའི་སྤྲིན་ཕུང་འབྱམས་ཀླས་པ། །ཚོགས་དྲུག་སྣང་བ་དབུ་མར་ཐིམ་པའི་ངང་དུ་འབུལ། །ཀུན་ཏུ་བྲལ་ཐོབ་སྤངས་པའི་དེ་ཉིད་ཆོས་ཀྱི་དབྱིངས། །གནག་པའི་ལས་ལ་རྗེས་སུ་གོམས་པས་བསླད་གྱུར་གང་། །འཁོར་གསུམ་མི་དམིགས་མཁའ་ལྟར་རབ་ཞི་དེ་ཉིད་ཀློང་། །ཉེ་བར་ཞི་བས་ལས་དང་བག་ཆགས་འབྲེལ་རྒྱུན་ཆད། །གང་ན་སྣ་ཚོགས་ཐེག་པའི་རིམ་པ་རྨད་བྱུང་དང་། །བགྲོད་བྱའི་རྩེར་གྱུར་མཆོག་ཏུ་ཟབ་པའི་གཞུང་ལམ་ལ། །བསྙེན་ཅིང་གྲོལ་བའི་འཕགས་དང་སློབ་པའི་ཚོགས་རྣམས་ལ། །མི་ཕྱེད་དགའ་བས་རྗེས་སུ་ཡི་རང་འཛུམ་དཀར་གྲོལ། །སྲིད་པའི་རྟེན་འབྲེལ་ཉི་ཟླའི་རྒྱུ་བ་གང་ཡིན་པ། །གཟུང་འཛིན་ཀུན་བྲལ་དབུ་མ་སྒྲ་གཅན་མཁར་རོལ་པས། །དོན་དམ་ཟག་བྲལ་དབྱིངས་སུ་གཤེགས་


JKT022_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་ཀུན་ལ། །མི་ཕྱེད་ཉེར་གསང་རྡོ་རྗེའི་ཆོས་འཁོར་བསྐོར་བར་བསྐུལ། །འཕོ་འཇིག་བྲལ་བའི་ཡེ་ཤེས་མི་འགྱུར་རྟག་པ་ཉིད། །ཚུ་རོལ་སྣང་ངོར་སྐྱེ་དང་འགགས་པའི་ཟློས་གར་ཀུན། །བསྒྱུར་བ་མ་ཡིན་ཐབས་ཤེས་མཚན་དཔེའི་ཟ་མ་ཏོག །ཕྱོགས་བཅུའི་གཙུག་ཏོར་རྩེ་མོར་མཆོག་ཏུ་ངལ་བསོས་མཛོད། །ཁྱོད་ནི་བདག་གི་ཕ་དང་མ་སྟེ་དེ་བཞིན་དུ། །སྐྱོབ་པའི་མགོན་དང་མཛའ་བའི་བཤེས་གཉེན་ཉིད་ཡལགས་ན། །ལས་ཀྱི་རྗེས་འབྲངས་སྐྱེ་བའི་འཁྲི་ཤིང་གཙུག་ཀུན་ཏུ། །རིགས་བདག་པདྨ་དཀར་པོའི་ལ་ཐོད་དམ་པར་མཛོད། །ཨེ་མ་ཕྱོགས་བཅུའི་མགོན་པོ་ཀུན་གྱིས་དུས་ཀུན་ཏུ། །དད་པའི་ཕྱག་གིས་ཞབས་ཀྱི་འཁོར་ལོ་ལ་བཏུད་ནས། །ཉོན་མོངས་ལྕགས་སྒྲོག་དམ་པོས་བཅིངས་པ་བདག་སོགས་ཀྱིས། །རུས་པའི་ཁོང་ནས་མི་འགྱུར་དད་པ་དང་བཅས་ཏེ། །དངོས་དང་ཡིད་ཀྱི་ཉམས་སམ་གཞན་དུ་རྨི་ལམ་སྐབས། །ངེས་པར་མི་འབྲལ་ཁྱོད་ཞལ་དགྱེས་པར་མཐོང་བ་དང་། །ཐུགས་ཀྱི་དགོངས་ཏེ་འབྲལ་མེད་དལ་འབབ་ཇི་བཞིན་དུ། །བཟུང་བར་མཛོད་ཅེས་གུས་དང་སྐྱོ་བས་མངོན་པར་གསོལ། །དེ་ལས་བསྐྲུན་པའི་དགེ་བ་ཀུན་དང་དུས་གཞན་དུ། །བསགས་པ་ཆབས་གཅིག་བསྡོམས་ཏེ་ཆོས་དབྱིངས་ཟད་མེད་པ། །དག་པ་དོན་དམ་གཞོན་ནུ་བུམ་སྐུར་ཉེར་བསྔོས་པས། །འགྲོ་སྒྲོལ་ཕྲིན་ལས་ཡིད་བཞིན་འཁྲི་ཤིང་


JKT022_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་རྙེད་ཤོག །ཅེས་པའང་ཟབ་མོའི་དོན་གྱི་ཕྱོགས་ནས་གཙོ་བོར་བགྱིས་ཏེ་གང་ཤར་རྡོ་རྗེའི་གླུར་བླངས་པ་གུ་བྱ།། །།རྡོ་རྗེའི་ཐོལ་གླུ་སྨིན་པར་བྱེད་པའི་རྒྱན་ཅེས་བྱ་བ། ཨ་ཧོ། ཆོས་ཉིད་སྤྲོས་བྲལ་བློ་འདས་གཉུག་མ་ཡི་ངང་ནས། །འགགས་མེད་ཟུང་འཇུག་བདེ་ཆེན་སྙིང་རྗེ་ཡི་རང་བཞིན། །སྐུ་གསུམ་དབྱེར་མེད་དཔལ་ལྡན་བླ་མ་དེ་མཁྱེན་ནོ། །དབང་བཞིས་རང་རྒྱུད་སྨིན་པར་བྱིན་གྱིས་རང་རློབས་ཤིག །སྣང་སྟོང་མཉམ་རོལ་མཚན་མའི་དཀྱིལ་འཁོར་གྱི་ཀློང་ནས། །གདན་གསུམ་ཟུང་འཇུག་དབྱེར་མེད་རྡོ་རྗེ་ཡི་སློབ་དཔོན། །ཐུན་མོང་བུམ་པའི་དབང་བདུན་སྨིན་བྱེད་དུ་སྩལ་བས། །ཕུང་ཁམས་ཟབ་མོའི་ཉམས་ལེན་སད་པ་འདི་ཨ་ཧོ། །ཞུ་བདེ་མི་རྟོག་བྱང་སེམས་དཀྱིལ་འཁོར་གྱི་ཀློང་ནས། །ཐབས་ཤེས་མཉམ་སྦྱོར་བདེ་སྟོང་རྡོ་རྗེ་ཡི་སློབ་དཔོན། །ཞུགས་གནས་ཐིམ་གསུམ་དབུ་མར་སྦྱོར་བ་ཡི་བདུད་རྩི། །རྩ་ཁམས་ཡི་གེའི་སྤྲིན་དུ་དེངས་པ་འདི་ཨ་ཧོ། །ཡས་བབ་མས་བརྟན་བཅུ་དྲུག་དགའ་བ་ཡི་ཀློང་ནས། །ཨེ་ཝཾ་མཉམ་པར་རོལ་པའི་རྡོ་རྗེ་ཡི་སློབ་དཔོན། །འཁྱུད་སྦྱོར་ཤེས་རབ་བདེ་བའི་ཡེ་ཤེས་ལ་མྱོང་བས། །སྣང་མཆེད་ཐོབ་གསུམ་ཐིམ་པའི་འོད་གསལ་འདི་ཨ་ཧོ། །དོན་དམ་བདེན་གཉིས་མ་གྲུབ་སྤྲོས་བྲལ་གྱི་ཀློང་ནས། །ཀུན་རྫོབ་གང་འདུལ་དེར་སྣང་རྡོ་རྗེ་ཡི་སློབ་དཔོན། །ལྷན་སྐྱེས་ཡེ་ཤེས་མངོན་དུ་སྟོན་བྱེད་ཀྱི་ཐུགས་རྗེ། །གཅིག་དང་


JKT022_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྲལ་འདུས་མ་བྱས་པ་འདི་ཨ་ཧོ། །སྦྱང་བྱ་ཉོན་མོངས་ཤེས་སྒྲིབ་ཕྲ་རགས་ཀྱི་རང་བཞིན། །སྤྱོད་བྱེད་སྣང་སྟོང་ཡེ་ཤེས་དཔེ་དོན་དུ་བཀྲལ་བའི། །སྦྱངས་འབྲས་སྐུ་གསུམ་ཟུང་འཇུག་ངོ་བོ་ཡི་ཉིད་སྐུ། །གཞི་ལམ་འབྲས་བུར་རྫོགས་པ་སྨིན་བྱེད་འདི་ཨ་ཧོ། །ཀུན་རྫོབ་མཚན་མ་རྫས་ཀྱི་དཀྱིལ་འཁོར་ལ་བརྟེན་ཅིང་། །དོན་དམ་ཡེ་ཤེས་དབྱིངས་རིག་ཉམས་སྣང་གི་ཀློང་དུ། །ཞུགས་དང་མ་ཞུགས་སྐལ་བར་ལྡན་པ་ཡི་སློབ་མ། །སྨིན་པར་བྱེད་འདོད་ཡོངས་ཀྱི་སྲོག་ཤིང་རང་ཡིན་ནོ། །བསྐྱེད་རིམ་ཟབ་མོ་གཡོ་ཐོབ་གོམས་བརྟན་གྱི་རང་བཞིན། །རྫོགས་རིམ་རླུང་སེམས་ཡང་དག་དབུ་མ་རུ་འཛུད་དང་། །ཟུང་འཇུག་དཔེ་དང་དོན་གྱི་ཡེ་ཤེས་དེ་བསྒོམ་ཕྱིར། །སྨིན་པར་བྱེད་པའི་རྡོ་རྗེའི་ཐོལ་གླུ་འདི་བླངས་སོ། །དེ་ལས་བྱུང་བའི་ཚོགས་གཉིས་དགེ་བ་ཡི་འབྲས་བུ། །འཁོར་གསུམ་རྣམ་པར་མི་རྟོག་ཆོས་དབྱིངས་སུ་བསྔོས་པས། །ཉོན་མོངས་ཤེས་བྱའི་སྒྲིབ་པ་མ་ལུས་ཀུན་བཅོམ་སྟེ། །འགྲོ་ཀུན་བླ་མེད་གོ་འཕང་ཐོབ་པ་རུ་ཤོག་ཅིག ༈ །རྣལ་འབྱོར་ཆེན་པོ་དང་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་དཀྱིལ་འཁོར་གསུམ་ལྡན་ཅེས་བྱ་བ། ཨེ་མ་ཧོ། སྣང་སྲིད་སྣོད་བཅུད་གཟུང་འཛིན་འཁྲུལ་པ་ཡི་ཚོགས་ཀུན། །ཟུང་འཇུག་བདེ་ཆེན་གཉུག་མའི་དཀྱིལ་འཁོར་དུ་བསྡམས་པས། །བདེ་སྟོང་སྒྱུ་འཕྲུལ་དྲྭ་བའི་རང་བཞིན་དུ་ཤར་བའི། །ལྷན་སྐྱེས་ཀ་ནས་དག་པའི་ངོ་བོ་


JKT022_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདུད་དོ། །སྦྱང་གཞི་ཀུན་ཁྱབ་བདེ་གཤེགས་སྙིང་པོ་ཡི་གནས་ལུགས། །སྦྱོང་བྱེད་དཀྱིལ་འཁོར་གསུམ་ལྡན་བསྐྱེད་རིམ་གྱི་སྙིང་པོ། །སྦྱང་བྱ་གློ་བུར་འཁྲུལ་པའི་རྟོགས་ཚོགས་ཀྱི་དྲྭ་བ། །སྦྱངས་འབྲས་དག་རྫོགས་སྨིན་གསུམ་གོ་འཕང་དུ་སྦྱོར་རོ། །སྒོང་མངལ་བག་ཆགས་སྦྱང་ཕྱིར་སྤྲོས་བཅས་ཀྱི་དཀྱིལ་འཁོར། །བདག་སྲས་གཞན་སྲས་རྣམ་པར་རིམ་སྐྱེས་སུ་བསླབས་ཤིང་། །ས་བོན་ལས་སྐྱེས་གློ་བུར་རང་བྱུང་གི་ལྷ་སྐུས། །དྲོད་གཤེར་སྐྱེས་ཀྱི་བག་ཆགས་མ་ལུས་པ་ཟད་དོ། གསལ་སྣང་གང་ཤར་ལྷ་ཡི་དཀྱིལ་འཁོར་དུ་རྫོགས་པས། །སྐད་ཅིག་མངོན་གྱུར་རྫུས་སྐྱེས་བག་ཆགས་ཀུན་སྦྱང་ངོ་། །དེ་ལྟར་གཞི་ལ་བརྟེན་པའི་ཉམས་ལེན་གྱི་ལམ་དུ། །གཡོ་ཐོབ་གོམས་བརྟན་མཐར་ཕྱིན་རྣམ་ལྔ་རུ་རྫོགས་པས། །འཁྲུལ་པའི་ཆོས་ཀུན་ཟུང་འཇུག་དཀྱིལ་འཁོར་དུ་སྡུད་དེ། །ཉེར་ལེན་སྲིད་པའི་འཁྲུལ་འཁོར་རང་ངོ་རུ་དག་གོ །སྲོག་སྡོམ་གཟེར་བཞིའི་གནད་ཀྱིས་ལྷན་སྐྱེས་སུ་གོམས་པས། །རྡོ་རྗེ་གསུམ་དང་ཕྲིན་ལས་དཀྱིལ་འཁོར་ལ་དབང་ཞིང་། །བསྙེན་སྒྲུབ་ཡན་ལག་བཞི་ཡི་རིམ་པ་ཡི་ཁོངས་སུ། །ལམ་ལྔ་རིག་འཛིན་རྣམ་བཞིའི་གོ་འཕང་ལ་སྦྱོར་རོ། །སྣང་སྟོང་ལུས་ཀྱི་འཁོར་ལོ་གདན་གསུམ་གྱི་རང་བཞིན། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཉག་གཅིག་ཏུ་རྫོགས་པས། །དག་བྱ་དག་བྱེད་དག་འབྲས་ང་རྒྱལ་ལ་


JKT022_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བསླབས་ཤིང་། །སྣང་ཡུལ་ལྷ་སྐུའི་ཁྱེར་སོ་རོལ་པ་རུ་ཤར་རོ། །འགྲོ་འོང་རླུང་གི་རང་བཞིན་གསང་སྔགས་སུ་གོམས་པས། །སྐྱོན་བཅུ་སྤངས་ལ་རྣམ་གསུམ་བཟླ་ཚུལ་གྱིས་སྤྲས་ཏེ། །སྒྲ་གྲགས་ཐབས་ཤེས་། མཉམ་སྦྱོར་དཀྱིལ་འཁོར་དུ་ཤར་བས། །མཐར་ཐུག་སྲོག་རྩོལ་ཡིད་བཞིན་འཁོར་ལོ་རུ་སྨིན་ནོ། །བསྒོམ་བྱ་འཇོག་བྱེད་བྲལ་བའི་སྤྲོས་བྲལ་གྱི་ངོ་བོ། །མཐའ་ལ་མི་གནས་དབུ་མའི་རང་བཞིན་དུ་དག་པས། ། ཚོགས་དྲུག་འཁྲུལ་པའི་བདེན་ཞེན་རང་རིག་ཏུ་གྲོལ་ཏེ། །ཤར་གྲོལ་དུས་མཉམ་སྐྱེ་མེད་ཆེན་པོ་རུ་སྨིན་ནོ། །དེ་སྐད་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་གྱི་ཐོལ་གླུ། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་དཀོར་མཛོད་ནས་བླངས་པས། །གཟུང་འཛིན་བདེན་ཞེན་འཁྲུལ་པ་ཐབས་མཆོག་གིས་བཟུང་སྟེ། །བདེ་སྟོང་མཚན་དཔེའི་དཀྱིལ་འཁོར་སྨིན་པ་རུ་ཤོག་ཅིག ༈ །རྗེས་སུ་རྣལ་འབྱོར་དང་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་བདེ་སྟོང་བདུད་རྩིའི་རླབས་ཕྲེང་ཞེས་བྱ་བ། ཨ་ཧོ། རྣམ་ཀུན་མཆོག་ཏུ་མི་འགྱུར་བདེ་ཆེན་གྱི་ངོ་བོ། །ཟུང་འཇུག་ཀུན་ཁྱབ་ལྷན་སྐྱེས་གཉུག་མ་ཡི་རང་བཞིན། །ཉོན་མོངས་བདེ་བ་ཆེན་པོའི་ཡེ་ཤེས་སུ་སྦྱོར་བའི། །ཐབས་ཤེས་ཟུང་འཇུག་འཁོར་ལོའི་མགོན་པོ་ལ་འདུད་དོ། །རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གདན་གསུམ་གྱི་ལྷ་ཚོགས། །རྩ་གསུམ་འཁོར་ལྔའི་མདུད་པ་ཌཱ་ཀི་ཡི་གྲོང་ཁྱེར། །སྣང་སྲིད་སྣོད་བཅུད་དག་པ་རབ་འབྱམས་ཀྱི་ངང་


JKT022_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །བཀོད་པ་རྩ་ཁམས་རྣམ་དག་ཐབས་ཤེས་ཀྱི་རོལ་པ། །འགྲོ་འོང་སྲོག་རྩོལ་རླུང་ཀུན་རོ་རྐྱང་གི་ལམ་ནས། །ཁ་སྦྱོར་བདེ་བ་ཆེན་པོའི་གཉུག་མ་རུ་བསྡོམས་པས། །དབྱིངས་རིག་འཕོ་འགྱུར་བྲལ་བའི་འོད་གསལ་གྱི་ངང་དུ། །རྟོག་ཚོགས་ཐིམ་ལ་མ་རྨུགས་རང་གྲོལ་དུ་ཡོང་ངོ་། །ཨ་ཤད་གཏུམ་མོའི་ཉི་མ་མཁའ་དབྱིངས་སུ་འབར་བས། །ཧཾ་ཡིག་ཟླ་བའི་བདུད་རྩི་འཁོར་ལོ་རུ་བཞུ་ནས། །ཡས་བབས་རྒྱུ་དང་མས་བརྟན་འབྲས་བུ་ཡི་དགའ་བས། །ཉེ་བའི་འདུ་བ་ལྷན་སྐྱེས་ཡེ་ཤེས་སུ་ཤར་རོ། །འགྱུར་མེད་བདེ་ཆེན་ཞུ་བདེའི་བདུད་རྩི་ཡིས་མྱོས་པས། །རླུང་སེམས་མི་རྟོག་དབུ་མའི་ངོ་བོ་རུ་ཐིམ་ནས། །ཟག་བྲལ་རྡོ་རྗེ་གསུམ་གྱི་རང་བཞིན་ལས་སྐྱེས་པའི། །རྣལ་འབྱོར་ལྔ་ལྡན་དྷ་ཏིའི་མཁའ་དབྱིངས་སུ་སྨིན་ནོ། །ཐབས་ཤེས་རོ་རྐྱང་རྒྱུ་བ་དབུ་མ་རུ་བཅིལ་བས། །ས་བཅུའི་རྒྱུན་མཐར་ཛ་ལནྡྷ་ར་རུ་སྨིན་ཏེ། །ཞི འོད་ཟེར་ཆེན་པོའི་དབང་གི་བྱེད་ལས་ལ་བརྟེན་ནས། །མི་སློབ་ལམ་གྱི་གོ་འཕང་མངོན་འགྱུར་དུ་འགྲུབ་བོ། །གཞན་ལུས་ལ་བརྟེན་བདེ་ཆེན་རིག་མ་ཡི་ཕོ་ཉས། །ཟུང་འཇུག་བདུད་རྩིའི་ཉིང་ཁུ་མཉམ་སྦྱོར་དུ་འབེབ་པས། །བཅུ་དྲུག་དགའ་བའི་ཡེ་ཤེས་པདྨོ་རུ་རྫོགས་ཏེ། །ཕྱག་རྒྱ་ཆེན་པོ་ལྷན་སྐྱེས་ངོ་བོ་རུ་ཤར་རོ། །བྱ་བ་རྒྱུ་དང་བྱེད་པ་ལམ་མཆོག་གི་རྐྱེན་ལས། །བྱ་བྲལ་འབྲས་བུའི་གོ་འཕང་ཆེན་པོ་ལ་སྦྱོར་


JKT022_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །རྣམ་པར་གྲོལ་བའི་དཔལ་སྟེར་ཉེ་རྒྱུ་ཡི་སྤྱོད་པ། །རྨད་བྱུང་ཐབས་མཆོག་ངེས་པའི་གསང་ལམ་དུ་ཤར་རོ། །དེ་སྐད་ཨེ་དབྱིངས་སྣང་སྟོང་སྒྱུ་མ་ཡི་ཀློང་ནས། །ཝཾ་ཡིག་ཤེས་རབ་དགའ་བཞིའི་ཐོལ་གླུ་རུ་བླངས་པས། །ལྷན་ཅིག་སྐྱེས་པ་བརྗོད་བྲལ་རང་རིག་གི་གཤིས་སུ། །གདོད་མའི་གཏན་སྲིད་ཟིན་པའི་སྨོན་ལམ་ཞིག་ཞུའོ།། ༈ །།ཟུང་འཇུག་རྫོགས་པ་ཆེན་པོའི་རྡོ་རྗེའི་ཐོལ་གླུ་བྱ་བྲལ་གཉུག་མའི་རྒྱན་ཅེས་བྱ་བ། ན་མོ་གུ་རུ་ཛྷཱ་ན་ཝེ། གདོད་ནས་སྤྲོས་པའི་མཚན་མ་ཆོས་དབྱིངས་སུ་ཞི་བའི། །ནང་གསལ་ཁྱད་ཆོས་དྲུག་ལྡན་ཀ་དག་གི་ཀློང་དུ། །ཕྱིར་གསལ་ལོངས་སྤྱོད་ཡོངས་རྫོགས་འཁོར་ལོ་རུ་བཞེངས་པའི། །རང་རིག་བརྗོད་དུ་མེད་པའི་ངོ་བོ་ལ་འདུད་དོ། །ཀུན་གཞི་ལུང་མ་བསྟན་པའི་མན་ཤེལ་གྱི་ངོས་སུ། །སྣ་ཚོགས་སྣང་བའི་རང་རྩལ་གཉིས་སྣང་དུ་བཟུང་བས། །མཐའ་མེད་འཁོར་བའི་འོད་རིས་སྟུག་པོ་ཡིས་བསླུས་ཏེ། །མ་རིག་འཁྲུལ་པའི་སྡུག་བསྔལ་འདོར་མེད་དུ་སྤྱོད་དོ། །ངོ་བོ་སྟོང་ཉིད་བརྗོད་བྲལ་རྟག་པ་ནི་མ་ཡིན། །རང་བཞིན་གསལ་ལ་མ་འགག་ཆད་མཐའ་དང་བྲལ་ཞིང་། །བློ་འདས་ཟང་ཐལ་རྒྱ་ཡན་ཐ་མལ་གྱི་ངང་དུ། །གཟུང་འཛིན་གཉིས་བྲལ་གདོད་མའི་ཆོས་ཉིད་དུ་གྲོལ་ལོ། །དེ་ལྟའི་གཞི་རིག་འཁྲུལ་དང་མ་འཁྲུལ་ལས་འདས་པའི། །ཀ་དག་བསམ་བརྗོད་བྲལ་བའི་ཉམས་ལེན་གྱི་གནད་གསང་། །ཐེག་བརྒྱད་ཡིད་


JKT022_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་ལས་འདས་རྫོགས་ཆེན་གྱི་ལམ་དུ། །བྱར་མེད་གཉུག་མའི་གཏན་སྲིད་ཟིན་པ་རུ་མཛོད་ཅིག །ཕུང་ལྔའི་ཉེར་ལེན་བྲལ་བའི་ཆོས་ཉིད་ཀྱི་དྲན་པ། །རིག་པ་བཟོ་མེད་ངང་གནས་ཤར་གྲོལ་དང་དུས་མཉམ། །འཁོར་འདས་མཉམ་ཉིད་འཁྲུལ་སྣང་ནང་དབྱིངས་སུ་དག་ནས། །ལྟ་སྒོམ་སྤྱོད་འབྲས་མིང་འདོགས་ཐ་སྙད་ཀུན་ཞིག་གོ །ཁྱད་པར་སྒྲོན་བཞིས་བསྐྱེད་པའི་སྣང་བཞི་ཡི་རོལ་པ། །རིག་གདངས་མངོན་སུམ་མཐོང་བ་ཐོད་རྒལ་གྱི་ལམ་མཆོག །གནད་གསུམ་གཅུན་པས་རྟོག་མེད་རང་གསལ་གྱི་ཉམས་ལེན། །འབྲས་བུའི་ཐུས་ཀ་ཟབ་གསང་མན་ངག་གི་མཐར་ཐུག །ཟུང་འཇུག་ཉམས་སུ་ལེན་པའི་སྐལ་ལྡན་གྱི་རྣལ་འབྱོར། །རྟག་པར་གྲོལ་བཞིའི་རྗེས་མཐུན་ཅོག་བཞག་གི་རིག་པ། །འབྲལ་མེད་བྱ་བྲལ་འབྲས་བུ་ཆོས་ཉིད་ལ་གཟིར་བས། །ཐེག་ཀུན་ཟད་སར་འཁྱོལ་བའི་གོ་འཕང་ལ་སྦྱོར་རོ། །མཐའ་གྲོལ་པའི ཆོས་སྐུ་གཡུང་དྲུང་འཁྱིལ་པ་ཡི་གྲོང་དུ། །འགྱུར་མེད་རང་གསལ་རྗེན་པའི་ཡེ་ཤེས་ལ་སྤྱོད་པས། །ས་ལམ་རྟོག་པའི་དྲྭ་བ་བརྗོད་བྲལ་དུ་རྫོགས་ཏེ། །སྣང་སྟོང་དབྱེར་མེད་འགྲོ་བའི་དོན་མཆོག་ལ་སྤྱོད་དོ། །དེ་སྐད་དགེ་བའི་བསམ་གཏན་ལས་འདས་ཀྱི་ཡེ་ཤེས། །ཁམས་གསུམ་འོད་གསལ་ཐུགས་སུ་སྒྲུབ་བྱེད་ཀྱི་ལམ་མཆོག །ཤིན་ཏུ་རྣལ་འབྱོར་རྡོ་རྗེའི་ཐོལ་གླུ་རུ་བླངས་པས། །ཀུན་བཟང་གདོད་མའི་གཞི་རུ་


JKT022_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ་དུ་ཤོག་ཅིག། ༈ །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་སྤྲོས་བྲལ་སྒྲ་དབྱངས་ཞེས་བྱ་བ། ཨ་ཧོ། སྨྲ་བའི་ཚིག་ལམ་མི་གནས་ཡང་དག་གི་དྲན་པས། །བསམ་པས་དཔྱད་བྱ་བྲལ་བའི་བློ་འདས་ཀྱི་ཡེ་ཤེས། །བརྗོད་བྱས་གཏན་ལ་མི་ཕེབས་ལམ་བདེན་དང་འགལ་བའི། །བྱར་མེད་རྒྱལ་པོའི་གཤིས་ལུགས་གཉུག་མ་ཡི་ལྟ་བ། །ཤེས་རབ་ཡིད་བྱེད་ཀུན་གྱི་ཕ་རོལ་ཏུ་ཕྱིན་པས། །མ་སྐྱེས་ངོ་བོ་ཀ་དག་རྟག་པ་ནི་མ་ཡིན། །མི་འགག་རང་རྩལ་ལྷུན་གྲུབ་ཆད་མཐའ་དང་བྲལ་བའི། །འགྱུར་མེད་ཡོངས་གྲུབ་བདེན་པ་ནམ་མཁའ་ཡི་ངོ་བོ། །ཆོས་ཉིད་ཐོབ་ཤོར་བྲལ་བའི་གཉུག་མ་ལ་རོལ་པས། །སོ་སོར་རྟོག་པའི་རིག་ཤེས་ཀུན་བརྟགས་ཀྱི་ཡོ་ལང་། །གཟུང་འཛིན་གཉིས་ཆོས་བྲལ་བའི་རང་རིག་ལ་ཐིམ་སྟེ། །སྒྲོ་འདོགས་སྐུར་འདེབས་སྤངས་པའི་ངང་གནས་ཀྱི་ཡེ་ཤེས། །གྲུབ་མཐའི་ལྟོས་གཞི་ཟད་པའི་རྣལ་འབྱོར་གྱི་སྤྱོད་ཡུལ། །དུས་གསུམ་མཐའ་དང་བྲལ་བའི་པདྨོ་ཡི་ཀློང་དུ། །རྒྱལ་བའི་ཐུགས་ཀྱི་དེ་ཉིད་མངོན་སུམ་དུ་སྡུད་པས། །ཐོག་མའི་ཡུམ་གྱུར་རྣམ་ཐར་གསུམ་ལྡན་གྱི་ངོ་བོ། །རང་རིག་བདེ་གཤེགས་སྙིང་པོའི་བདག་ཉིད་ལ་འདུད་དོ། དེ་སྐད་དོན་དམ་དགོངས་བཅུད་ཉུང་ངུ་རུ་འདོམས་པའི། །སྤྲོས་བྲལ་སྤྲོས་པར་ཤར་བའི་རྡོ་རྗེ་ཡི་གླུ་དབྱངས། །དཔའ་བོ་ཌཱ་ཀི་དགྱེས་པའི་དགའ་སྟོན་དུ་བླངས་པས། །


JKT022_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་གཞོན་ནུ་བུམ་སྐུར་ཐིམ་པ་རུ་ཤོག་ཅིག། ༈ །།ལྷན་ཅིག་སྐྱེས་པའི་རྟོགས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ཞེས་བྱ་བ། ན་མོ་གུ་རུ་མ་ཧཱ་མུ་དྲ་ཛྷཱ་ནཱ་ཡ། གཟུང་འཛིན་ཉི་ཟླའི་རྒྱུ་བ་དབུ་མ་སྒྲ་གཅན་མཁའ་རུ་རོལ། །སྲོག་ཐུར་དྲི་ཡི་བཞོན་པ་གཙུག་ཏོར་ཛ་ལནྡྷ་རར་བཅིངས། །ཞུགས་གནས་ཐིམ་གསུམ་ཡོངས་རྫོགས་བརྗོད་དུ་མེད་པའི་ངོ་བོ་གང་། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག །བདེ་ཆེན་འཁོར་ལོར་མཛེས་པའི་རིགས་བདག་ཧེ་རུ་ཀ །ཁྱབ་བདག་བླ་མའི་ཞལ་ལས་ངེས་རྙེད་རྡོ་རྗེའི་དོན། །མི་ཕྱེད་བརྟག་པར་དཀའ་ཞིང་བསམ་ན་དོན་ལྡན་པ། །འདི་དེ་ཟབ་མོའི་རྒྱུད་དང་མན་ངག་རྗེས་འགྲོ་ཡིན། །དཔལ་ལྡན་རྡོ་རྗེ་ཐེག་པ་མཐའ་དག་བསྡུས་པའི་དོན། །གསང་བ་ངེས་པའི་ཚུལ་འདི་གཞན་དུ་མ་ཡིན་ཕྱིར། །འཇུག་སྒོ་གྲོགས་དང་ཉམས་ལེན་རང་གི་འབྲས་བུ་སྟེ། །རྣམ་པ་བཞི་ཡིས་ཡང་དག་ཉིད་དུ་བསྟན་པར་བྱ། །ཐོག་མར་ཕྱི་ཡི་དཀྱིལ་འཁོར་མཐོང་དང་དེ་བཞིན་དུ། །ནང་ན་བྱང་སེམས་གསང་བ་པདྨ་བྷཉྫའི་གྲོང་། །ཡང་གསང་དེ་ཉིད་ཆོས་སྐུའི་སྙིང་པོ་མ་ནོར་བར། །གཞུག་བྱ་འཇུག་པའི་སྦྱོར་བ་རྫོགས་ནས་དངོས་གཞིའི་ལམ། །སྣང་སྟོང་བདེ་ཆེན་ཟུང་འཇུག་དཔེ་དོན་ཡེ་ཤེས་ནི། །ངེས་པ་བརྡ་རྟགས་རྟེན་འབྲེལ་རྣམ་པ་ལམ་བྱེད་པས། །ས་བོན་བསླད་བྲལ་བྱིན་པ་ཇི་བཞིན་འགྱུར་


JKT022_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། །དེས་ནི་སྒྲིབ་བཞི་སྤང་དང་ལམ་བཞི་བསྒོམ་པ་དང་། །འབྲས་བུ་སྐུ་བཞི་ཐོབ་རུང་སྐལ་བ་མངོན་འཇོག་ཕྱིར། །ཐོག་མར་བླང་བྱ་གཅིག་ཏུ་གྱུར་པ་འདི་མཐོང་མཛོད། །དེ་ཡི་རྗེས་སུ་མི་ཉམས་འཕེལ་བའི་ཟླ་གྲོགས་ནི། །མཚན་རྟོག་ཉོན་མོངས་ཐབས་སུ་བསྡམ་མམ་གཞན་དུ་ཡང་། །འདའ་དཀའི་དམ་ཚིག་རྩ་བ་ཡན་ལག་གྲངས་ངེས་དང་། །མདོར་བསྡུས་སྣང་སྟོང་གདན་གསུམ་ལྷ་ཡི་དཀྱིལ་འཁོར་ལུས། །གྲགས་སྟོང་བརྗོད་བྲལ་གསང་བ་སྔགས་ཀྱི་རོལ་མོའི་ངག །ཆོས་ཅན་འཁྲུལ་པ་ཆོས་ཉིད་ཐིམ་པའི་མི་རྟོག་ཡིད། །སྒོ་གསུམ་གཞུག་མ་དག་ཏུ་རོལ་པའི་གར་མཛོད་ཅིག །ཁྱད་པར་དབང་བསྐུར་རྒྱུད་བཤད་མན་ངག་ཀུན་གནང་བའི། །དོན་དམ་དེ་ཉིད་མ་ནོར་སྨིན་པའི་བདག་པོ་ནི། །རྟག་ཏུ་མཉེས་པ་ཁོ་ན་བགྱིད་ནས་དུས་ཀུན་ཏུ། །སྒོམ་དང་སྒྲུབ་དང་རྗེས་སུ་སློབ་པའི་མཆོད་སྤྲིན་སྤྲོ། །དངོས་གཞི་ཉམས་སུ་ལེན་པའི་ཚུལ་ལ་རྣམ་གཉིས་ཏེ། །ཀུན་བརྟགས་བསྐྱེད་པས་སེམས་ཀྱི་ཐ་བ་འདུལ་ནས་ཀྱང་། །ཡོངས་གྲུབ་རྫོགས་པས་རྗེས་ཆགས་མྱུ་གུ་མངོན་པར་བདོ། །ཟུང་འཇུག་མི་ཕྱེད་ཕྱག་རྒྱ་ཆེན་པོའི་མེ་ཏོག་གིས། །མཛེས་གྱུར་འབྲས་བུ་གདོད་མའི་ངོ་བོར་རོ་གཅིག་འགྱུར། །དབྱིབས་ཀྱི་རྗེས་འགྲོ་གསལ་དག་བརྟན་པའི་སྐུ་རྡོ་རྗེ། །སྔགས་ཀྱི་རྗེས་འགྲོ་གྲགས་སྟོང་བཟླས་བརྗོད་གསུང་རྡོ་རྗེ། །ཟབ་པའི་རྗེས་འགྲོ་བདེ་


JKT022_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྱག་རྒྱ་ཐུགས་རྡོ་རྗེ། །དབྱེར་མེད་ཡེ་ཤེས་རྡོ་རྗེར་རོལ་པའི་འོད་གསལ་དོན། །སྨིན་བྱེད་བཞི་ཡི་རྗེས་སུ་འགྲོ་བས་ངེས་པར་བསྒོམ། །ཐབས་དེས་ཐོབ་པའི་དོན་གྱི་ཕྱག་རྒྱ་ཆེན་པོ་ནི། །འགྱུར་བདེའི་མཐའ་སྤང་མི་ཕྱེད་བདེ་བའི་རོལ་པས་སྒེགས། །དུས་གསུམ་ཀུན་རིགས་ཁམས་གསུམ་མཐའ་གྲོལ་གདོད་མའི་གཞི། །སྐུ་གསུམ་དབྱེར་མེད་ཨེ་ཝཾ་མཉམ་སྦྱོར་པྲ་ཕབ་གཟུགས། །རོ་གཅིག་སྟོན་གནམ་དག་པའི་དབྱིངས་ལྟར་དྲི་མེད་རྟོགས། །ལས་མེད་རྒྱུ་བྲལ་འབྲས་བུའི་རྫུན་ཕུག་དེ་རུ་རྡིབ། །ལྟ་སྒོམ་སྤྱོད་པའི་སྒྲོ་བཏགས་རྣམ་པར་རྟོག་ཅན་དེའི། །ཐབས་ཤེས་འགལ་འདུའི་ཚིག་གི་ཕྲེང་བ་དབྱིངས་སུ་ཡལ། །པདྨ་དཀར་པོ་རྒྱས་པའི་དཔལ་ཅན་སྙིང་དབུས་སུ། །མི་ཤིགས་ཟག་བྲལ་སྦྲང་རྩིའི་བཅུད་ཀྱིས་ལེན་པ་ཅན། །རྟག་བརྟན་ལང་ཚོའི་རྣམ་པར་མཛེས་པའི་མེ་ནཱ་ཀ །སྟོང་གཟུགས་སྒྱུ་མའི་རོལ་པར་སྤྱོད་པའི་ངོ་མཚར་མཐོང་། །གང་དེ་གཞན་གྱིས་རྟོགས་པ་མིན་མོད་དོན་ལྡན་གྱི། །འཁོར་ལོའི་མགོན་པོ་སྲི་ཞུས་མཉེས་པའི་རྟེན་འབྲེལ་དང་། །རྩེ་གཅིག་ནང་དུ་མཉམ་པར་བཞག་ལས་བྱུང་བའི་ཕྱིར། །དོན་དེ་གཉིས་ནི་འདི་ཡི་སྲོག་ཏུ་གྱུར་པར་མཐོང་། །གཞན་དུ་ཌཱ་ཀི་མཚན་ལྡན་བཙལ་བའི་བརྟུལ་ཞུགས་དང་། །དབབ་བཟློག་འབེབས་བསྐྱིལ་བདེ་སྟོང་ལྷན་སྐྱེས་ཉམས་མྱོང་ཡང་། །བཏགས་པ་ཉིད་ཡིན་


JKT022_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་ན་ཡང་ཞེན་པ་ལས། །རྣམ་པར་གྲོལ་བའི་རང་བཞིན་ཡོངས་གྲུབ་དོན་ལ་སྤྱོད། །བུང་བ་མྱོས་པའི་སྦྲང་རྩིའི་བཅུད་བཞིན་བདེ་བའི་བསམ་གཏན་ཙམ་མི་དམིགས། །རྟག་ཏུ་སྤྱོད་ཀྱང་འཛིན་པར་མི་འགྱུར་ཡེ་ནས་རང་ལ་གནས་པ་ཉིད། །ཐ་སྙད་ཚིག་གི་ཞེན་པའི་དྲྭ་བ་དོན་གྱི་རལ་གྲིས་བཀྲལ་བ་ལས། །མི་མནོ་མི་བསམ་མི་ཕྱེད་གཤིས་ལུགས་ལྷུག་པའི་ངང་དུ་གནས་པའོ། །ཡིད་ལ་མི་བྱེད་གཉུག་མ་ཕྱག་རྒྱ་ཆེ། །སྒོམ་མེད་ཡེངས་མེད་མཚོན་བརྗོད་དཔེ་ལས་འདས། །ཐ་སྙད་ཙམ་དུ་དངོས་ཀུན་དཔེར་གྲུབ་པའི། །དོན་དེ་རང་ངོ་མཐོང་ཞིང་རང་སར་གྲོལ། །སྐྱེ་བ་མེད་ཅིང་འགག་པ་མེད། །སྤྲོས་པ་ལས་འདས་སྟོང་ཉིད་ངང་། །འགྱུར་མེད་བདེ་བ་ཟུང་སྦྱོར་བའི། །རྣམ་པ་ཀུན་གྱི་མཆོག་ལྡན་ནོ། །བྱིན་ཟས་འཁྱུད་པའི་བུད་ཤིང་ཇི་བཞིན་སྐལ་མེད་ལ། །གསང་སྔགས་བསྟན་པས་རང་རྒྱུད་སྲེག་པའི་རྒྱུ་རུ་ཟད། །སྣོད་ལྡན་བཙལ་ལ་གདམས་པའི་བདུད་རྩི་དེ་བྱིན་ན། །ངེས་པར་ཡང་དག་མྱུར་དུ་གྲོལ་བ་མཐོང་བའི་ཆོས། །བརྟན་གཡོ་ཀུན་ཁྱབ་ལོངས་སྤྱོད་ཡོངས་རྫོགས་ཧེ་རུ་ཀཿཡིས་བསྐྱེད་པའི་རྒྱུ་ནི་རྩ་ཁམས་ཡི་གེའི་རོལ་མོ་ཉིད། །རྣམ་པར་དཀྲོལ་བའི་ལམ་མཆོག་རྨད་བྱུང་འདི་རུ་བསྟན་པ་ཟུང་འཇུག་གྲུབ་པའི་རྣལ་འབྱོར་དག་གི་རྗེས་འབྲང་ཏེ། །སྙིང་པོར་བསྡུས་པས་གཅིག་ཏུ་སྨན་པའི་ལང་ཚོ་ཡོངས་རྫོགས་ཟླ་བ་གསར་


JKT022_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕོ་ཉ་དེས། །རང་མཚན་སྦས་པའི་ཚུལ་གྱིས་མངོན་བསྟན་ཐེག་པ་བླ་མེད་ཀུནྡའི་འཁྲི་ཤིང་སྐྱེད་བསྲིངས་ཤོག །ཅེས་པའང་རང་གི་མྱོང་བ་བྲལ་ཡང་ལྷ་ཡུལ་གྱི་བདུད་རྩི་བརྗོད་པའི་དཔེ་ལྟར་སྔོན་བྱོན་ངག་གི་གཞུག་མའི་དོ་ཧ་ལས་གསུངས་པའི་དགོངས་དོན་མཚོན་ཕྱིར་གང་ཤར་གླུ་རུ་བླངས་པ་གུ༔ ༈ །།འོད་གསལ་རྫོགས་པ་ཆེན་པོའི་དོན་བསྡུས་དོན་གྱི་རྡོ་རྗེའི་ཐོལ་གླུ་ཡེ་ཤེས་འཁོར་ལོ་ཞེས་བྱ་བ། ཨ་ཧོ། ཚོགས་བརྒྱད་དབུ་མར་ཐིམ་པ་ཡི། །གཞི་གྲོལ་ཀ་དག་དཔལ་གྱི་རི། །རང་སྣང་རྣམ་དག་བུམ་སྐུའི་རྩལ། །རྗེ་བཙུན་མ་ཧཱ་གུ་རུར་འདུད། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ། །འཇའ་ཟེར་ཐིག་ལེའི་འཆར་གཞིར་གནས། །ཞི་ཁྲོ་སྤྲུལ་པའི་ཕྱག་རྒྱ་ཡང་། །རང་ལས་བྱུང་ཞིང་རང་ལ་ཤར། །ལུང་མ་བསྟན་གྱི་ཀུན་གཞི་ལ། །འཁྲུལ་གྲོལ་དབང་གིས་འཁོར་འདས་ཀྱི། །འཆར་སྒོ་སོ་སོར་བྱུང་མོད་དེ། །རང་རིག་ཉག་གཅིག་ངང་ལས་ཤར། །གཟུགས་ཚོར་འདུ་ཤེས་འདུ་བྱེད་དང་། །རྣམ་པར་ཤེས་པའི་འཁྲུལ་ངོ་ལས། །འདས་པའི་ཀ་དག་གཉུག་མའི་གཤིས། །ཟག་པ་བྲལ་བའི་ཡེ་ཤེས་ཡིན། །ཅེར་གྲོལ་རང་ཤེས་སྐད་ཅིག་ལ། །སོ་སོ་རང་གིས་རིག་པའི་དོན། ། ཤར་གྲོལ་སྔ་ཕྱི་ལས་འདས་ངང་། །རྟག་ཏུ་བསྒོམ་མེད་མཉམ་པར་བཞག །ནང་དབྱིངས་འོད་གསལ་གསང་ཆེན་རྩལ། །ཕྱིར་གསལ་རིག་པ་ལུ་གུ་རྒྱུད། །དབྱེར་མེད་བསྲེས་ལ་གནད་གསུམ་གྱིས། །


JKT022_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

གཅུན་པས་སྣང་བཞིའི་དཀྱིལ་འཁོར་སྨིན། །བློ་འདས་གདོད་མའི་ཡེ་ཤེས་ནི། །ད་ལྟའི་ཤེས་པ་སྐད་ཅིག་མར། །ངོ་ཤེས་ཐག་ཆོད་གདིངས་ཐོབ་པས། །སྤྱོད་པ་ཕ་རོལ་ཕྱིན་དྲུག་རྫོགས། །བདེ་བའི་ཉམས་ཀྱིས་མ་བསླུས་ཤིང་། །སྟོང་པ་ཚིག་གིས་མ་བསྒྲུབས་པའི། །ཡིད་དཔྱོད་ལས་འདས་རྫོགས་པ་ཆེ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །སྒྲིབ་པའི་མཐའ་ཀུན་ཟད་བྱེད་ཅིང་། །ཕུང་པོ་ལྔ་ཡི་བདུད་བཅོམ་པས། ཡང་དག་སངས་རྒྱས་ས་བརྙེས་ཕྱིར། །རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །མདོར་ན་ལྷ་སྔགས་ཏིང་ངེ་འཛིན། །བསྐྱེད་རྫོགས་གྲུབ་མཐའི་དབྱེ་བསྡུ་ཀུན། །ལམ་འདིར་འཇུག་པའི་ངལ་སྟེགས་སུ། །༧ དགོངས་ནས་རྒྱལ་བས་རབ་ཏུ་བསྒྲགས། །སོ་སོའི་དོན་རྣམས་རྣལ་མ་རུ། །འདོད་པའི་ཐེག་བརྒྱད་ལྟ་སྒོམ་ཀུན། །ལས་འདིར་ངང་གིས་འདུ་བའི་ཕྱིར། །ཡེ་ཤེས་སྤྱི་ཡི་གཟུགས་སུ་བསྟན། །ཡོངས་སུ་དག་པའི་ཆོས་ཉིད་སྐུ། །རིག་གདངས་མངོན་སུམ་མཐོང་བ་ཡིས། །རྡོ་རྗེ་འཆང་ཆེན་ས་འགྲུབ་ཕྱིར། །ཀུན་ལས་ཐུན་མོང་མིན་པར་བསྔགས། །འབྲས་བུའི་མཐར་ཐུག་ནང་གསལ་དབྱིངས། །གཞི་ལས་ཁྱད་ཆོས་དྲུག་ལྡན་གྱིས། །རབ་འཕགས་ཀུན་ཏུ་བཟང་པོའི་ཞལ། །མཐོང་བྱེད་གསང་བ་མཆོག་གི་ལམ། །ངེས་པ་དོན་གྱི་མདོ་སྡེ་དང་། །གཉིས་སུ་མེད་པའི་རྒྱུད་སྡེ་ཡིས། །འདི་དོན་ཅུང་ཟད་གསལ་བྱས་ཀྱང་། །


JKT022_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་ལས་ཀུན་ཏུ་བསྟན་པ་མེད། །རྫོགས་ཆེན་སྡེ་གསུམ་མན་ངག་སྐོར། །ཟབ་གསལ་གཉིས་སུ་མེད་པའི་རྒྱུད། །ཀུན་དང་དེ་ཡི་དགོངས་འགྲེལ་བ། །འཕགས་ཡུལ་དགའ་རབ་འཇམ་དཔལ་། ཞབས། །ཤྲཱི་སེང་དྲི་མེད་བཤེས་གཉེན་རྩལ། །མཚོ་སྐྱེས་པདྨ་ཀ་ར་སོགས། །མཆོག་གཟིགས་འཕགས་པའི་ཟློས་གར་ཅན། །འཇའ་ལུས་འཕོ་ཆེན་རྡོ་རྗེའི་སྐུ། །མངོན་བརྙེས་རིག་འཛིན་རྒྱ་མཚོ་ཡི། །འགྲེལ་པས་བཀྲལ་ཞིང་ཉམས་སུ་བླངས། །བོད་འདིར་བེ་རོ་ཏིང་འཛིན་བཟང་། །དྲི་མེད་འོད་ཟེར་ཡབ་སྲས་སོགས། །མཁས་དང་གྲུབ་པའི་རྣམ་དཔྱོད་ཀྱིས། །སྙིང་ཐིག་བསྟན་པ་གསལ་མཛད་པའི། །。 རྗེ་བཙུན་རྣམས་ཀྱི་བཀའ་དྲིན་ལས། །ཟབ་མོའི་བཤད་སྒྲུབ་ཅུང་ཟད་དར། །མ་ནོར་ལམ་ལ་རབ་འཇུག་པའི། །ཉམས་ཙམ་ཕྱོགས་ལེན་མཆིས་དུས་འདིར། །ཀུན་ཀྱང་ཚུལ་དེར་རབ་ཞུགས་ནས། །ཆོས་ཀུན་ཟད་སར་འཁྱོལ་བར་མཛོད། །དེ་སྐད་རང་ཤར་ཉམས་ཀྱི་གླུ། །ཡེ་ཤེས་འཁོར་ལོར་རོལ་པའི་སྒྲ། །སྙིང་པོའི་བསྟན་པ་དེར་འཛིན་ལ། །མི་ཕྱེད་དད་པའི་ངང་ནས་སྨྲས།། ༈ །།སྤྲོས་བྲལ་ཤེས་རབ་ཀྱི་ཕ་སྒྱུ རོལ་ཏུ་ཕྱིན་པའི་རྡོ་རྗེའི་ཐོལ་གླུ་འོད་གསལ་དབུ་མའི་སྒྲ་དབྱངས་ཞེས་བྱ་བ། ཨ་ཧོ། མཐའ་བྲལ་མི་གནས་ཡེ་ཤེས་ཞལ། །ཟུང་འཇུག་རྣམ་ཐར་སྒོ་གསུམ་དབྱིངས། །འདུ་འབྲལ་སྤངས་པའི་ཆོས་ཉིད་ཆེ། །ཤེས་རབ་ཕ་རོལ་


JKT022_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ལ་འདུད། །རྒྱལ་བས་གསུངས་པའི་དམ་ཆོས་ཀུན། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཇི་ལྟར་རབ་རིབ་མཐུས་བསྐྱེད་པས། །སྐྲ་ཤད་སོགས་སུ་སྣང་བ་ལྟར། །འཁྲུལ་ངོར་སྣང་བའི་ཆོས་ཇི་སྙེད། །འཇིག་རྟེན་ཀུན་རྫོབ་བདེན་པར་གྲགས། །གཟུང་དང་འཛིན་ལས་རྣམ་གྲོལ་ཞིང་། །སྤྲོས་པ་ཀུན་བྲལ་ཆོས་ཀྱི་དབྱིངས། །རྣམ་པར་རྟོག་མེད་ཟུང་འཇུག་དོན། །འགྱུར་མེད་དོན་དམ་བདེན་པར་བསྟན། །དེ་ཡང་གཟུགས་སོགས་ཕུང་ལྔ་ཡི། །འཁྲུལ་རྒྱུན་ཟད་པའི་འོད་གསལ་དོན། །བདག་དང་བདག་གིར་འཛིན་པ་ལས། །རྣམ་པར་གྲོལ་བའི་སྟོང་པ་ཉིད། །རྟོག་གེའི་བློ་ཡིས་མ་རིག་ཅིང་། །རང་བཞིན་ངང་།། གིས་གྲོལ་བའི་ཆོས། །ཁས་ལེན་དམིགས་གཏད་མཚན་མ་ལས། །རབ་འདས་གདོད་མའི་གཤིས་ལུགས་ལ། །སྒྲོ་བཏགས་སྐུར་འདེབས་ལས་གྲོལ་ཞིང་། །སངས་རྒྱས་སྤྱོད་ཡུལ་ལྷུན་གྲུབ་ཆོས། །རང་བཞིན་འབྱུང་ཕྱིར་སྨོན་པ་ཡི། །དངོས་པོ་ཀུན་ལས་ལྡོག་པའི་དོན། །ལྟ་བའི་གནས་ལུགས་རབ་ཤེས་ནས། །སྦྱོར་བ་བྱང་ཆུབ་སེམས་བསྐྱེད་པའི། །ཚུལ་ལ་བསྟེན་གོམས་བྱས་ནས་ཀྱང་། །དངོས་གཞི་ཆོས་རྣམས་ཐམས་ཅད་ཀུན། །སློབ་དཔོན་ནཱ་ག་རྫུ་ན་ཡིས། །གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །རྟག་པ་མེད་པ་ཆད་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་


JKT022_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞིའི་ཆོས་བསྟན་པ། །ཞེས་པའི་དོན་ལྟར་ཐག་བཅད་དེ། །སེམས་དང་སེམས་བྱུང་སྤྲོ་བསྡུ་ལས། །འདས་པའི་ངང་དེར་མཉམ་བཞག་བྱ། །དེ་སྐད་དུ་ཡང་ཞི་བ་ལྷས། །གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་ཚུལ་དེར་གནས་ཀྱི་བར། །བསྒོམས་ནས་རྗེས་ཐོབ་དགེ་བ་བསྔོ། །དེ་ཉིད་དོན་དམ་བདེན་པ་ཆེ། །ཉམས་སུ་བླང་བའི་ཚུལ་ཡིན་ནོ། །མཉམ་བཞག་དེ་ལས་ལྡང་མ་ཐག །རྨི་ལམ་སྒྱུ་མ་ཆུ་ཟླ་དང་། །དྲི་ཟའི་གྲོང་ཁྱེར་བྲག་ཅའི་སྒྲ། །སྨིག་རྒྱུ་འཇའ་ཚོན་ལྟ་བུ་རུ། །བདེན་མེད་དག་ཏུ་རྟོག་བྱ་བ། །ཀུན་རྫོབ་ཉམས་སུ་བླང་ཚུལ་ཏེ། །མདོར་ན་གཞི་དུས་དབུ་མ་ནི། །བདེན་གཉིས་ཟུང་དུ་འཇུག་པ་སྟེ། །ལམ་དུས་ཚོགས་གཉིས་ཟུང་འཇུག་དང་། །འབྲེལ་བའི་སྤྱོད་པ་སྤྱད་བྱས་ནས། །མཐར་ཐུག་སྐུ་གཉིས་ཟུང་འཇུག་པའི། །འབྲས་བུ་དབུ་མ་ཆེན་པོ་འཐོབ། །རྣམ་ཐར་སྒོ་གསུམ་རབ་སྟོན་པའི། །འཁོར་ལོ་བར་བའི་སྡེ་སྣོད་དོན། །ཀླུ་སྒྲུབ་ཡབ་སྲས་ཀྱིས་བཀྲལ་ཞིང་། །གངས་ཅན་ལྗོངས་འདིར་ཀུན་མཁྱེན་མཆོག །རྒྱལ་སྲས་དྲི་མེད་འོད་ཟེར་སོགས། །མཁས་གྲུབ་ཀུན་གྱི་དགོངས་པའི་དོན། །ཉམས་སུ་ལེན་ཚུལ་ཅུང་ཟད་ཙམ། །བློ་གསལ་ཐར་པ་


JKT022_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ནི། །རང་ངམ་གཞན་དག་ཡིན་ཡང་རུང་། །དེ་དོན་དམིགས་ཏེ་གང་ཤར་དུ། །རྡོ་རྗེའི་གླུ་རུ་བླངས་པ་འདིས། །འགྲོ་རྣམས་མ་ལུས་སྒྲོལ་བར་ཤོག། ༈ །།ཟབ་དོན་བསྡུས་པའི་རྡོ་རྗེའི་ཐོལ་གླུ་ངེས་དོན་ཐེམ་སྐས་ཞེས་བྱ་བ། ཨེ་མ་ཧོ། །གཟུང་འཛིན་ལས་འདས་གདོད་མའི་དེ་བཞིན་ཉིད། །སྤྲོས་པ་ཀུན་བྲལ་འོད་གསལ་གཉུག་མའི་གཤིས། །འགྱུར་མེད་བདེ་བ་ཆེན་པོས་རབ་འཁྱུད་པའི། །རྣམ་པ་ཀུན་གྱི་མཆོག་ལྡན་སྙིང་གར་རོལ། ་།སྦས་དོན་གསང་བའི་དེ་ཉིད་སྟོན་པ་ཡི། །གྲུབ་པའི་རིག་འཛིན་རྣམས་ཀྱི་དགོངས་པའི་བཅུད། །རབ་མཐོང་མིན་ཀྱང་གང་ཤར་རྡོ་རྗེའི་གླུས། །ཟབ་མོ་དགའ་བའི་ཆུ་རྒྱུན་དེང་འདིར་འབེབས། །རྡོ་རྗེ་ལུས་ཀྱི་གནས་ལུགས་ངེས་པའི་དོན། །ཀུན་ཏུ་རྟོགས་ནས་གནད་དུ་བསྣུན་པ་ཡིས། །བདེ་སྟོང་ཡེ་ཤེས་སྐྱེ་བར་རབ་གཟིགས་ནས། །ཐབས་ལམ་ཟབ་མོ་རྫོགས་པའི་རིམ་པ་བསྟན། །དེ་ལ་བཀོད་པ་རྩ་དང་གཡོ་བ་རླུང་། །ཐིག་ལེ་བྱང་ཆུབ་སེམས་མཆོག་རྣམ་པ་གསུམ། །ཆགས་གནས་འཇིག་གསུམ་མཛད་པ་རྫོགས་པའི་གར། །རང་བཞིན་ཡེ་ཤེས་ཆེན་པོའི་རྟེན་དུ་གནས། །རྩ་གསུམ་འཁོར་ལོ་རྣམ་པ་བཞི་ལྡན་པའི། །མདུད་པ་ཀུན་དང་ཐབས་ཤེས་མ་ནིང་གི། །ཡི་གེ་གསུམ་དང་སྲོག་རྩོལ་མཉམ་པའི་རླུང་། །དེ་བཞིན་བདེ་སྟོང་འཁྲིལ་སྦྱོར་ཐིག་ལེ་སྟེ། །གསུམ་ཚན་རིམ་པས་བདེ་གསལ་མི་རྟོག་གི། །ཆོས་


JKT022_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བསྐྱེད་དང་སྐུ་གསུམ་རྟེན་འབྲེལ་འགྲུབ། །རྡོ་རྗེའི་ཆོས་དང་ལྡན་པ་རྩ་ཡི་ལམ། །གཅུན་ཅིང་འཁྲུལ་འཁོར་བྱ་བ་རྩ་ཡི་གནད། །སྲོག་རྩོལ་བུམ་པར་བསྐྱིལ་བ་རླུང་གི་ལམ། །སྦྱོར་བ་བཞི་ལྡན་རླུང་གི་གནད་མཆོག་ཡིན། །ཨ་ཧོ་ཞུ་བདེའི་འགྲོས་འདེད་ཐིག་ལེའི་ལམ། །འཁོར་ལོ་བཞི་རུ་བཅིངས་པ་ཐིག་ལེའི་གནད། །བདེ་སྟོང་ལྷ་སྐུར་ལྟ་བ་སྒྱུ་ལུས་ལམ། །ཞེན་མེད་སྤྲུལ་པར་ལྡང་བ་སྒྱུ་ལུས་གནད། །ཉལ་ཁར་འདུན་པས་གཅུར་བ་རྨི་ལམ་ལམ། །ཉལ་སློང་སྐྱེ་མེད་ལ་གཞོལ་རྨི་ལམ་གནད། །སྣོད་བཅུད་དྭངས་མར་བསྡུ་བ་འོད་གསལ་ལམ། །རླུང་སེམས་མཉམ་པར་འཆིང་བ་འོད་གསལ་གནད། །ཆོས་ཉིད་རྣམ་གསུམ་དྲན་པ་བར་དོའི་ལམ། །རྟག་ཏུ་འཁྲུལ་པར་ལྟ་བ་བར་དོའི་གནད། །ཚངས་བུག་དྭངས་མ་འཕོ་བ་འཕོ་བའི་ལམ། །རླུང་སེམས་བསྡུ་ཞིང་བཀག་པ་འཕོ་བའི་གནད། །དེ་ལྟར་རྩ་བ་ཡན་ལག་རིམ་པ་ཡིས། །ཟབ་མོ་རྫོགས་པའི་དོན་རྣམས་བསྡུས་པ་སྟེ། །གཞན་ལས་རླུང་ལ་གནད་དུ་བསྣུན་པ་ཡིས། །གསལ་བའི་ཉམས་དང་ཐིག་ལེ་བདེ་བ་ཉིད། །འཐོབ་བྱེད་སོ་སོར་དབྱེ་བས་རབ་ཏུ་བསྟན། ། མི་རྟོག་མཚན་མ་མེད་པའི་རྫོགས་རིམ་ནི། །གདོད་ནས་མ་སྐྱེས་མཁའ་འདྲའི་འོད་གསལ་དོན། །ཆོས་དང་གང་ཟག་བདག་གིས་མ་བཅིངས་པ། །སྟོང་པ་ཉིད་ཀྱི་མཆོག་ཏུ་རྣམ་པར་གནས། །དེ་ཕྱིར་ཕྱག་རྒྱ་


JKT022_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བློ་ཡུལ་ལས། །འདས་པའི་ཡིད་ལ་མི་བྱེད་སྙིང་པོའི་དོན། །རབ་ཀྱིས་དམ་པས་ངོ་སྤྲད་དེ་མ་ཐག །གཅེར་མཐོང་སྐྱེས་ནས་རང་བཞིན་ངང་གིས་གྲོལ། །གཞན་དག་མྱོང་བ་གང་སྐྱེས་དེར་བསྟུན་ནས། །རླུང་སེམས་ཐིག་ལེའི་གནད་ཀྱིས་གཅུན་པ་ཡིས། །བརྟེན་པ་འོད་གསལ་བསམ་མི་ཁྱབ་པར་འཆར། །དེ་སྐད་དུ་ཡང་རྗེ་བཙུན་ཏེ་ལོ་པས། །བློ་དམན་སྐྱེ་བོ་དོན་ལ་མི་གནས་ན། །རླུང་གི་གནད་བཟུང་རིག་པ་གཅུད་ལ་བོར། །ལྟ་སྟངས་དང་ནི་སེམས་འཛིན་དུ་མ་ཡིས། །རིག་པ་ངང་ལ་མི་གནས་བར་དུ་གཅུན། །དཔེར་ན་ནམ་མཁའི་དཀྱིལ་ནི་བརྟག་བྱས་ན། །མཐའ་དང་དབུས་སུ་འཛིན་པ་འགགས་པར་འགྱུར། །དེ་བཞིན་སེམས་ཀྱིས་སེམས་ལ་བརྟག་བྱས་ན། །རྣམ་རྟོག་ཚོགས་འགགས་ཐོགས་མེད་གནས་འགྱུར་ནས། །བླ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་མཐོང་། །ཞེས་གསུངས་དེ་ཕྱིར་ཟབ་མོའི་གསང་ལམ་གྱི། །ཐབས་ལ་བརྟེན་ནས་གནད་ཀྱིས་གཅུན་པ་ཡིས། །བརྩོན་འགྲུས་དག་དང་དབང་པོའི་བགོ་སྐལ་ལས། །དུས་གསུམ་སྒྲོལ་བ་སྙིང་པོའི་དོན་མཆོག་གོ །རིག་འཛིན་ཌཱ་ཀིའི་ཞལ་ལུང་ངེས་པའི་དོན། །རང་གི་རྒྱུད་ལ་མྱོང་བ་མ་སྐྱེས་ཤིང་། །མོས་པས་སྤྱོད་པའི་གྲལ་མཐར་ལྷུང་གྱུར་ཕྱིར། །འདི་ལྟར་སྨྲ་བར་འོས་མིན་དེ་ལྟ་ནའང་། །གང་ཤར་རྡོ་རྗེའི་རོལ་མོར་འཁྲོལ་བ་ལ། །ཉེས་པའི་ཚོགས་ཀུན་རྩ་གསུམ་དཀྱིལ་


JKT022_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ། །མི་འཆབ་མཐོལ་ཞིང་དགེ་ཚོགས་གང་མཆིས་དེས། །འགྲོ་ཀུན་ཕྱག་རྒྱ་ཆེ་ལ་གནས་པར་ཤོག། ༈ །།འདའ་དཀའ་མའི་རྡོ་རྗེའི་ཐོལ་གླུ་མྱུར་ལམ་ཐེམ་སྐས་ཞེས་བྱ་བ། ཨ་ཧོ། ཕ་སྐུ་བཞིའི་དབང་ཕྱུག་རྡོ་རྗེ་འཆང་། །དོན་རང་སེམས་ངོ་བོར་དབྱེར་མེད་པར། །ཡིད་དད་བརྒྱའི་སྒོ་ནས་གསོལ་བ་འདེབས། །རྟེན་འདི་ལ་བྱང་ཆུབ་ཐོབ་པར་ཤོག །ཡང་རང་གཞན་འཆི་ལ་ཉེར་ཕྱོགས་པའི། །ཅི་བྱ་གཏོལ་མེད་སྐྱོ་ཤེས་ཀྱིས། །གདུངས་ཀྱང་ཐབས་གཞན་བྲལ་བའི་ཕྱིར། །ཟབ་ལམ་གདམས་པའི་དབྱངས་གཅིག་ལེན། །ནམ་ཞིག་དུས་ལ་བབས་པའི་ཚེ། །སྤྱི་གཙུག་བདེ་ཆེན་འཁོར་ལོ་རུ། །ངོ་བོ་དྲིན་ཆེན་བླ་མ་ལ། ། རྣམ་པ་མགོན་པོ་འོད་དཔག་མེད། །སྐད་ཅིག་གིས་གསལ་གདབ་མོས་གུས་བཅས། །ལུས་ལོངས་སྤྱོད་དགེ་རྩ་ཡོངས་སུ་འབུལ། །ཆགས་ཞེན་གྱི་འཁྲི་བ་བཅད་ནས་ཀྱང་། །མྱུར་ལམ་འཕོ་བའི་གདམས་པ་ཡིས། །རིག་པ་ཧྲིཡིག་གི་རྣམ་པར་འཕང་། །དབྱེར་མེད་དུ་བསྲེས་ལ་མཉམ་པར་བཞག །ཐབས་ཤེས་ཀྱི་རླུང་རྣམས་ཕྱིར་འགྲོ་ཚེ། །གཉུག་མ་སེམས་ཀྱི་ངོ་བོ་དང་། །ཕྱི་རོལ་གྱི་མཁའ་དབྱིངས་དབྱེར་མེད་བསྲེས། །ནམ་མཁའ་སུམ་སྤྲུག་སྦུབས་སུ་འཇུག །དེ་ཟབ་མོའི་ལམ་གྱི་བཅུད་ཐིག་ཡིན། །འཆི་བ་ཞེས་སྡུག་བསྔལ་ཕུང་པོ་དེ། །དོན་བརྟག་ན་མཉམ་བཞག་རྗེས་ཐོབ་ཙམ། །ཐོག་མེད་ནས་ད་ལྟའི་བར་


JKT022_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཡང་། །བདེ་གཤེགས་སྙིང་པོ་ལ་སྐྱེ་འཆིས་དབེན། །རྡོ་རྗེའི་རྣལ་འབྱོར་ལ་གོམས་པས། །མྱུར་ལམ་གྱི་ཐེམ་ལ་འཛེགས་པ་རྣམས། །བསྐྱེད་རྫོགས་ཀྱི་ངང་དུ་གྲོལ་བ་དང་། །དག་པའི་ཞིང་དུ་འཁྲིད་བྱེད་ཡིན། །དེ་ཕྱིར་སྐྱོ་ཤས་རབ་སྲངས་ལ། །དགའ་དང་སྤྲོ་བའི་སེམས་ཀྱིས་སུ། །ནུབ་བདེ་བ་ཅན་དང་པདྨ་འོད། །ཁེཌུརླ་སྣང་ཞིང་ལ་སོགས། །དག་པའི་སྣོད་བཅུད་ལ་རིག་པ་གཏད། །ལུས་ངག་ཡིད་གསུམ་གཡོ་མེད་དུ། །རང་ཉིད་ཀྱིས་གོམས་པའི་བསྐྱེད་རྫོགས་ལ། །རྩེ་གཅིག་ཏུ་མཉམ་བཞག་གནད་ཀྱི་གཟེར། །དེ་འདའ་དཀའི་གདམས་པའི་ཟབ་གསང་ཡིན། །ནམ་ཞིག་འདིར་སྣང་རྫོགས་པའི་ཚེ། །ཕྱི་ནང་གི་ཕྲ་རགས་ཀུན་ཐིམ་ནས། །སྟེང་འོག་ཁུ་རྡུལ་གྱི་རྒྱུ་བ་གཉིས། །དབུ་མའི་ལམ་ནས་སྙིང་གར་ཕྲད། །སྣང་མཆེད་ཐོབ་གསུམ་རྫོགས་པའི་མཐུས། །རང་བཞིན་བརྒྱད་ཅུའི་རྟོག་པ་འགགས། །དེ་ཉེར་ཐོབ་ནམ་མཁའ་ལ་ཐིམ་དུས། །རྣམ་རྟོག་སྔ་ཕྱིའི་རྒྱུན་ཐག་ཆད། །སྤྲིན་མེད་ནམ་མཁའ་ལྟ་བུ་ཡི། །ལྷན་སྐྱེས་སྟོང་གསལ་འཆར་བའི་ཚེ། །ཀ་དག་ལྷུན་གྲུབ་དབྱེར་མེད་པ། །གཉུག་མ་བློ་བྲལ་གོམས་པའི་མཐུས། །ངོ་ཤེས་ཐག་ཆོད་གདིངས་ཐོབ་སྟེ། །འཆི་སྲིད་ཆོས་སྐུའི་ཀློང་དུ་གྲོལ། །དེར་མཆོག་གི་བརྟན་པ་མ་ཐོབ་ཚེ། །ནམ་མཁའ་འོད་གསལ་ལ་ཐིམ་པས། །ཆོས་ཉིད་ཀྱི་བར་དོའི་གཞི་སྣང་ལས། །


JKT022_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་རྣམ་པ་ལྔ་རུ་གསལ། །དེ་ལ་རང་བཞིན་མེད་པ་རུ། །ཡིད་ཆེས་གྲོལ་ནས་བཙན་ས་ཟིན། །དེ་ལྟའི་འོད་གསལ་ཟུང་འཇུག་ལ། །ཐིམ་པ་ཞི་དང་ཁྲོ་བོ་ཡི། །སྒྱུ་འཕྲུལ་རོལ་མོ་ཅིར་ཡང་འཆར། །མི་འཇིགས་གདིངས་ཆེན་ཐོབ་ནས་ཀྱང་། །གནད་གསུམ་དག་གིས་རྣམ་པར་གྲོལ། །དེ་ནས་ཟུང་འཇུག་ཡེ་ཤེས་ལ། །ཐིམ་ཚེ་བཞི་སྦྱོར་སྣང་བ་འཆར། །རྡོ་རྗེ་སེམས་དཔའི་ཁང་གསེང་ནས། །མ་ཡེངས་རིག་པའི་ངང་དུ་གྲོལ། །སླར་ཡང་ཡེ་ཤེས་ལྷུན་གྲུབ་ལ། །ཐིམ་པས་རིག་པ་ཤར་ལུགས་བརྒྱད། །འབྱུང་ཚེ་དག་པ་ལྟར་ཤར་བའི། །ཆོས་ཉིད་ལེགས་པར་ངོ་འཕྲོད་དེ། །སྔར་འདྲིས་མི་དང་འཕྲད་པ་ལྟར། །ཡིད་ཆེས་བཙན་ས་བཟུང་བས་གྲོལ། །དེ་ཚེ་མངོན་ཤེས་རྗེས་དྲན་དྲུག །འཆར་ཞིང་ཆོས་ཀུན་མི་བརྗེད་པའི། །གཟུངས་ལ་དབང་ཐོབ་ཏིང་ངེ་འཛིན། །ཉམས་སུ་མྱོང་བ་དག་ཀྱང་འབྱུང་། །དེ་ནས་ལྷུན་གྲུབ་སྣང་བ་ཉིད། །ཐིམ་ལུགས་བརྒྱད་ཀྱི་རིམ་པ་ཡིས། །གདོད་མའི་གཞི་ལ་གྲོལ་བའི་ཚེ། །ཁྱད་ཆོས་དྲུག་དང་ལྡན་པ་དེ། །འཁྲུལ་གཞི་ལས་འཕགས་རིག་པའི་དངོས། །རང་ངོའི་ཆོས་ཉིད་རྣམ་པར་གསལ། །སོ་སོ་རང་རིག་བྱེ་བྲག་ཕྱེད། །ཡེ་ཤེས་སྤྱོད་ཡུལ་དག་ཏུ་གྲོལ། །འབྲས་བུ་གཞན་རྐྱེན་ལ་རག་མིན། །ཆོས་ཉིད་རང་སར་གནས་པའོ། །དེ་ལྟར་རྟག་ཆད་ལས་འདས་པའི། །ངོ་བོ་ཆོས་


JKT022_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མ་འཁྲུལ་པ། །ཀ་དག་གཞོན་ནུ་བུམ་པའི་སྐུ། །ནང་གསལ་ཆེན་པོའི་འཆར་གཞི་ལས། །རང་བཞིན་གསལ་ལ་མི་རྟོག་པའི། །ཐུགས་རྗེའི་འཇུག་པས་འགྲོ་ཁམས་ལ། །ལྷུན་གྲུབ་རྟག་ཏུ་འཆར་བ་ནི། ། ཕྱིར་གསལ་ཆེན་པོ་རྣམ་པར་བརྗོད། །མདོར་ན་ཆོས་ཉིད་བར་དོ་ཡི། །སྣང་བ་མུ་མཐའ་མེད་པ་ལ། །ཕ་རོལ་བལྟས་ན་མཐའ་ཡས་ཀྱང་། །ཚུ་རོལ་སྤྱོད་མཁན་རང་རིག་པར། །བལྟས་ཚེ་གཅིག་ཀྱང་མ་མཆིས་ཤིང་། །མེད་དོ་སྙམ་པའི་འཛིན་པའང་། །ཤར་གྲོལ་དུས་མཉམ་ནམ་མཁའ་ལ། །སྤྲིན་དང་ཁུ་རླངས་དེངས་པ་ལྟར། །རང་སར་གྲོལ་བའི་སྐད་ཅིག་མར། །གདོད་མའི་ས་ལ་ཕྱིན་པའོ། །དེས་ན་ད་ལྟའི་ཤེས་པ་ལ། །དགག་སྒྲུབ་ཆགས་སྡང་གང་ཤར་ཀྱང་། །ཕྱི་རོལ་དག་ཏུ་རྗེས་མི་བཅད། །བར་དུ་བྱུང་ཁུངས་མི་བཙལ་ཞིང་། །ནང་དུ་གཉེན་པོས་མི་དགག་པར། །ཤར་ས་དེ་ཀར་མཉམ་བཞག་པས། །བར་དོའི་སྣང་བ་རིག་གདངས་སུ། །ཅེར་གྱིས་གྲོལ་བའི་གནད་མཆོག་གོ །གལ་ཏེ་གོམས་པའི་སྟོབས་ཞན་ཅིང་། །སྐལ་པ་དམན་པའི་གང་ཟག་ཕལ། །དེར་མ་གྲོལ་ན་སྲིད་པ་ཡི། །བར་དོ་འབྱུང་བཞི་འདུས་པའི་ལུས། །རྨི་ལམ་ཙམ་གྱི་གནས་སྐབས་ཅན། །འཇིག་པའི་སྒྲ་བཞི་གཡང་ས་གསུམ། །ངེས་དང་མ་ངེས་རྟག་འཆར་ཞིང་། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །དྲི་ཟ་ཕྲ་མོའི་མངོན་ཤེས་ཅན། །


JKT022_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཚོར་བ་ཉམས་མྱོང་ཚེ། །བར་དོ་ཡིན་པར་ངོ་ཤེས་ནས། །སྐྱོ་ཤས་སྡུག་བསྔལ་རབ་སྤངས་ཏེ། །དགའ་དང་དད་པའི་སེམས་ཀྱིས་ནི། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་ཀྱི། །ཡོན་ཏན་ཡིད་ལ་དྲན་བྱས་ནས། །འགྲོ་བའི་འདུན་པ་རབ་ཏུ་གཏད། །ཆོས་ཉིད་བདེན་པའི་ནུས་མཐུ་དང་། །བླ་མ་དམ་པའི་བྱིན་རླབས་ཀྱིས། །སྐྱེ་བ་ཕྱི་མ་མི་བརྒྱུད་པར། །དག་པའི་ཞིང་དུ་དབུགས་རབ་འབྱིན། །གལ་ཏེ་དེ་རུ་མ་གྲོལ་ན། །རིགས་དྲུག་སྐྱེ་བའི་ལྟས་ཤར་ཚེ། །གནས་ངན་འབྲེལ་བ་ཡོངས་བཅད་ཅིང་། །ཆགས་སྡང་མིག་སེར་རྣམ་པར་སྤང་། །སྣང་བ་བདེན་མེད་སྦྱོང་བའམ། །འབྲིང་གིས་བདེ་སྟོང་ལམ་ཁྱེར་དང་། །གཞན་དུ་འདོད་ཆགས་མི་གཙང་བའི། །འདུ་ཤེས་བསྒོམ་པས་ཞེན་ལོག་སྟེ། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ཆེ། །ཡིད་ལ་བྱེད་པ་ཙམ་གྱིས་སླེབ། །ཐ་མ་ཆོས་ཀྱི་བག་ཆགས་ལས། །རིང་དུ་གྱུར་པ་གང་དག་ནི། །རིགས་དྲུག་མངལ་གྱི་རྒྱར་འཐུམས་ནས། །དབང་མེད་ལས་ཀྱི་རྗེས་འབྲངས་ཚེ། །མངལ་སྒོ་ངན་པ་སྨོན་ལམ་དང་། །སྐྱབས་འགྲོའི་མཐུ་ཡིས་ལྡོག་བྱས་ནས། །དག་པའི་སྐྱེ་བ་འཛིན་འདོད་པས། །དལ་འབྱོར་བཅོ་བརྒྱད་ཚང་བ་ཡི། །ལུས་རྟེན་ཕུན་སུམ་ཚོགས་ཐོབ་སྟེ། །དགེ་བའི་བཤེས་ཀྱིས་རྗེས་བཟུང་གྲོལ། །མདོར་ན་འདི་དུས་གྲོལ་འདོད་པས། །ཟབ་མོའི་གདམས་ངག་


JKT022_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་མཛད་པའི། །བླ་མར་བཟོད་མེད་དད་པ་དང་། །ཉིན་དུས་རང་སྣང་གང་ཤར་ཡང་། །མངོན་སུམ་ཆོས་ཉིད་ངང་དུ་བཞག །རྗེས་ཐོབ་བར་དོར་འདུ་ཤེས་པས། །དག་པའི་ཞིང་ལ་འདུན་པ་གཏད། །སྨོན་ལམ་བཏབ་ཅིང་ངེས་ཤེས་བསྐྱེད། །ཉལ་ཁར་འཆི་བ་ལམ་ཁྱེར་ནས། །ཐིམ་རིམ་ངོ་ཡིས་བཟུང་བྱས་ཏེ། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ། །འགྲོ་བའི་འདུན་པ་རབ་གཏད་ནས། །ཟབ་ལམ་རླུང་ཞོན་གདམས་པ་ལ། །རྟག་ཏུ་རང་རྩལ་འབྱོང་བ་གཅེས། །དེ་ལྟར་དུས་ཀུན་གོམས་པ་ཡིས། །སྲིད་པ་བར་དོར་ངོ་ཤེས་ཤིང་། །དག་པའི་ཞིང་དུ་འགྲོ་སྙམ་པའི། །རྟོག་པ་སྐྱེས་ཚེ་ངེས་པར་དུ། །པདྨོའི་སྦུབས་སུ་རྫུས་ཏེ་སྐྱེ། །སངས་རྒྱས་མཐོང་ཞིང་དམ་ཆོས་ཉན། །སྒྲིབ་པ་ཟད་ནས་བླ་མེད་ཀྱི། །བྱང་ཆུབ་མཆོག་ཏུ་རེག་པར་འགྱུར། །འཆི་ཆོས་སྲིད་པའི་བར་དོ་གསུམ། །སྐུ་གསུམ་ལམ་སྣང་མཆོག་ཡིན་བར། །རྒྱུད་སྡེ་ཀུན་ནས་གསལ་བར་བསྟན། །དེ་རུ་གྲོལ་བའི་གནད་ཀྱི་མཆོག །མཆོག་གསང་རྫོགས་པ་ཆེན་པོའི་གནད། གནད་བསྡུས་རྡོ་རྗེའི་རོལ་མོ་འདི། །འདིར་སྣང་ཟད་ཚེ་མངོན་གྱུར་ཤོག ། རང་རྒྱུད་མྱོང་བ་མ་སྐྱེས་ཤིང་། །སྡེབ་སྦྱོར་སྤེལ་བའི་མཐུ་དམན་ཡང་། །མཆོག་གཟིགས་རྣམས་ཀྱི་དགོངས་པའི་དོན། །གང་ཤར་རྡོ་རྗེའི་གླུ་རུ་བླངས། །འདི་ལ་ཉེས་པའི་ཆ་གང་མཆིས། །དཔལ་ལྡན་བླ་


JKT022_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མར་བཟོད་པར་གསོལ། །དགེ་བས་བདག་གཞན་འགྲོ་བ་ཀུན། །གཞི་གྲོལ་རིག་པ་སངས་རྒྱས་ཤོག །ཅེས་པའང་གཞན་བསྐུལ་ངོར་ལྷུག་པར་སྨྲས་སོ།། ༈ །།གེགས་སེལ་རྡོ་རྗེའི་ཐོལ་གླུ་རིན་པོ་ཆེའི་དྲྭ་བ་ཞེས་བྱ་བ། ཨ་ཧོ། གདོད་ནས་རྣམ་པར་དག་པའི་བློ་བྲལ་གྱི་ངོ་བོ། །བཏང་བཞག་ཆེད་འཛིན་ལས་འདས་གཉུག་མ་ཡི་སྦུབས་སུ། །སྒྲོ་འདོགས་སྐུར་འདེབས་འབད་རྩོལ་རང་གྲོལ་དུ་ཞིག་པའི། །སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ངོ་བོ་ལ་འདུད་དོ། །གང་ཞིག་བརྗོད་པ་བྲལ་བའི་རང་བྱུང་གི་ཡེ་ཤེས། །འཁོར་ལོའི་མགོན་པོའི་ཐུགས་རྗེའི་རང་བཞིན་ལ་བརྟེན་ནས། །དད་དང་གུས་པའི་རྐྱེན་གྱིས་རང་ངོ་རུ་ཤར་བའི། །ཅེར་མཐོང་རིག་སྟོང་འོད་གསལ་རྫོགས་ཆེན་གྱི་ངོ་བོར། །གེགས་དང་གོལ་ཤོར་ནོར་བའི་ཐ་སྙད་ལས་འདས་ཀྱང་། །དེ་ལྟར་མ་རྟོགས་རིམ་སྐྱེས་མཉམ་རྗེས་ཀྱི་རོལ་པར། །འཛིན་བཅས་སེམས་ཀྱིས་བསླུས་པའི་ལྟ་སྒོམ་དང་སྤྱོད་འབྲས། །རྣལ་མའི་ལམ་དུ་སྒྲུབ་པའི་རྡོ་རྗེ་ཡི་ཐོལ་གླུས། །སྨིན་པའི་མོད་ལས་དགོས་འདོད་ལྷུན་གྲུབ་ཏུ་འབྱུང་ངོ་། །ཧོ་ཧོ། གདོད་ནས་དག་པའི་སྟོང་ཉིད་དེ། །མཚན་མའི་ཆོས་ལ་བརྟེན་པས་མིན། །མེད་དགག་བློ་ཡིས་དཔྱད་གྱུར་ན། །གཅེར་བུ་པ་ཡི་རྗེས་སུ་འགྲོ། །རྟོག་ཚོགས་སེམས་སུ་ཞི་བ་དེ། །རང་སར་དྭངས་གསལ་རྗེན་པ་ཡིན། །དྲན་མེད་ཧད་པོའི་སླད་ཞུགས་ན། །ལུང་མ་བསྟན་


JKT022_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྗེས་སུ་འགྲོ། །གནས་འགྱུ་རང་ངོ་ཤེས་པ་དེ། །གསལ་རིག་འཛིན་མེད་ལྷག་མཐོང་ཡིན། །བརྟག་ཅིང་དཔྱད་པའི་རྗེས་འབྲངས་ན། །རྟོག་པའི་འཁོར་ལོ་སྤེལ་ཏེ་མཆི། །ཅེར་མཐོང་ཡེངས་མེད་མཉམ་བཞག་ངང་། །རང་ཤེས་སྤྲུལ་བསྒྱུར་རྗེས་ཐོབ་སྟེ། །སྣང་བའི་ཐག་པས་འཆིང་བ་དང་། །སྒྱུ་མར་སྟོང་ཉིད་རྒྱས་འདེབས་ནོར། །འཁྲུལ་འབྱམས་འོག་འགྱུ་ལས་འདས་པའི། །ཡང་དག་གཉུག་མར་ཡེངས་མེད་དེ། །ཡེངས་ཀྱིས་དོགས་པའི་བྱ་ཤོར་ན། །གཉིས་ཆོས་མཚན་མ་བརྒལ་བ་མེད། །བསལ་བཞག་ལས་འདས་རྗེན་པ་ལ། །ཐ་མལ་རིག་པ་ཞེས་བཤད་དེ། །འཇིག་རྟེན་འཁྲུལ་པའི་བློར་བཟུང་ན། །གཟུང་དང་འཛིན་པའི་དྲྭ་བར་འཐུམ། །ཞེན་འཛིན་དག་པའི་རང་སེམས་ལ། །ཁྱབ་གདལ་ངང་གནས་སྒོམ་མེད་དེ། །དྲན་པས་བཏང་བའི་ཐ་མལ་ནི། །འཇིག་རྟེན་པ་ཡི་འཁྲུལ་པ་ཡིན། །གང་ཤར་དགག་སྒྲུབ་མེད་པ་རུ། །ཤར་མཁན་རིག་ཐོག་ཀློད་པ་དེ། །རང་གར་འཁྲུལ་རྟོག་རྗེས་འབྲངས་ནས། །བརྟག་དཔྱད་རྟོག་པའི་དོ་རར་ལྷུང་། །ཁྱད་པར་བདེ་གསལ་མི་རྟོག་ཀྱང་། །ལམ་གྱི་འཆར་སྒོ་ཙམ་ཉིད་དེ། །དེ་ཡི་ངོ་བོར་ཞེན་གྱུར་ན། །འདོད་གཟུགས་གཟུགས་མེད་དག་ཏུ་གོལ། །ངོ་བོ་གདོད་ནས་དག་པ་ཡི། །ཀ་དག་ཕྱོགས་ཡན་མ་རྟོགས་བཞིན། །སྟོང་པ་ལོག་ནས་བསྒྲུབ་པ་ན། །གཤིས་ལ་ཤོར་བ་ཞེས་སུ་


JKT022_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །རང་རིག་ཟང་ཐལ་ཆེན་པོ་ལ། །རྒྱུ་འབྲས་ལྷུན་གྲུབ་མ་ཤེས་པར། །སྟོང་ཉིད་ལམ་ནས་འབྲས་བུ་གཞན། །བཙལ་བ་ལམ་དུ་ཤོར་བའོ། །སྤང་གཉེན་གཉིས་ལས་རབ་འདས་པའི། །སྦྲུལ་མདུད་ཞིག་ལྟར་ངང་གནས་ལས། །ཉམས་མྱོང་སྟེང་དུ་གཉེན་པོ་གཞན། །བསྒོམ་པ་གཉེན་པོར་ཤོར་བའོ། །གསལ་སྟོང་ལྷུན་གྲུབ་མ་རྟོགས་བཞིན། །བློ་དང་རྣམ་རྟོག་རྗེས་འབྲངས་ནས། །རྒྱུ་འབྲས་མེད་པར་སྐུར་འདེབས་པ། །འདི་ནི་རྒྱས་འདེབས་སྟོང་ལྟའོ། །ཆེད་དུ་འཛིན་པ་ཞུགས་པ་ནི། །གོལ་ཤོར་ནོར་ས་ཀུན་གྱི་གཞི། །དེས་ན་གང་ལའང་མཆོག་འཛིན་གྱི། །ཞེན་པ་མི་བྱ་རང་སར་ཀློད། །ཁྱད་པར་ཚངས་བ་འི་དཀྱིལ་འཁོར་དུ། །པད་དཀར་ཟླ་སྟེང་རྡོ་རྗེ་འཆང་། །དཔལ་ལྡན་བླ་མ་རྟག་བསྒོམ་ནས། །དབང་བཞི་བླང་ཞིང་ཐུགས་ཡིད་བསྲེ། །ཁྱེད་ཤེས་དད་པས་རྒྱུད་བསྐུལ་ནས། །སྒྲུབ་པས་མཉེས་པའི་མཎྜལ་འབུལ། །ལྟེམ་རྐྱང་མེད་པར་སངས་རྒྱས་ལས། །ལྷག་བའི་བཀའ་དྲིན་དྲན་པར་བྱ། །ལུས་ནི་དབེན་པའི་སྒྲུབ་ཁང་ལ། །ཚོགས་དྲུག་རང་ཤར་རང་གྲོལ་དོན། །སེམས་ཉིད་རིག་སྟོང་མཚམས་བསྡམས་ཏེ། །མ་ཡེངས་དྲན་པའི་བཟླས་བརྗོད་འབུངས། །སྒོམ་མེད་ཡེངས་མེད་སྒྲུབ་པ་ཐེམ། །འཁོར་འདས་མཐའ་ཀུན་རིག་ངོར་ཞིག །སྡུག་བཙིར་ཞེ་ཡུས་དབྱིངས་སུ་ཡལ། །བཟང་ངན་ཆོས་


JKT022_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་མགོ་བོ་བཅོམ། །རྗེས་ཐོབ་དེ་ལྟར་མ་རྟོགས་པའི། །སེམས་ཅན་ཀུན་ལ་སྙིང་རྗེ་དང་། །དམིགས་པ་མེད་པའི་སེམས་བསྐྱེད་ཀྱིས། །མཚམས་སྦྱར་སྨོན་ལམ་རྣམ་དག་གདབ། །ཚོགས་གཉིས་རྫོགས་པའི་ཐབས་འབད་ཅིང་། །རྒྱུ་འབྲས་བླང་དོར་ཞིབ་པར་སྤྱོད། །དེ་དག་ཀུན་ཀྱང་སྒྱུ་མ་དང་། །རྨི་ལམ་ལྟ་བུར་ཞེན་མེད་བྱ། །ཚུལ་འདིར་འབད་པས་ཚེ་གཅིག་གམ། །བརྒྱུད་ནས་རིང་པོར་མི་ཐོགས་པར། ། མཆོག་གི་དངོས་གྲུབ་མངོན་བྱས་ཏེ། །སེམས་ཅན་སྒྲོལ་བའི་མཐུ་ཐོབ་འགྱུར། །དེ་སྐད་གང་ཤར་རྡོ་རྗེའི་གླུ། །སྔོན་བྱོན་མཁས་དང་གྲུབ་བརྙེས་པའི། །སྙིང་ཏིག་བསྟན་འཛིན་རྣམས་ཀྱི་རྗེས། །ཞུགས་པར་འདོད་དེ་ཀུན་ཏུ་སྨྲས། །དགེ་བ་ཅུང་ཟད་མཆིས་གང་དེས། །རང་གཞན་མོས་པའི་འགྲོ་རྣམས་ཀུན། །འཁོར་ལོའི་མགོན་པོས་རྗེས་བཟུང་ནས། །ཟབ་དོན་གྲུབ་མཐའ་རྙོག་པར་ཤོག །བསྐྱེད་རྫོགས་བོགས་འདོན་རྡོ་རྗེའི་ཐོལ་གླུ་གྲུབ་གཉིས་རོལ་མོ་ཞེས་བྱ་བ། ཨ་ཧོ། ཆོས་ཅན་གྱི་སྤྲོས་པ་མ་ལུས་ཀུན། །ཆོས་ཉིད་ཀྱི་ངང་དུ་ཐིམ་ཙ་ན། །གང་དུའང་མིང་བཏགས་ཟད་པ་ཡི། །ཁྱབ་བདག་རྡོ་རྗེ་སེམས་དཔར་འདུད། །རིག་སྟོང་གཉུག་མ་སྐྱོང་ཙ་ན། །བློས་བྱས་འཛིན་པས་གྲོལ་བ་མིན། །ངང་བཞག་འདུ་འབྲལ་སྤངས་པའི་དབྱིངས། །མ་ཡེངས་ཙམ་དུ་རང་སར་སྐྱོང་། །སྣང་སྟོང་བསྐྱེད་རིམ་གསལ་ཙ་ན། །ཀུན་བརྟགས་ཞེན་པས་


JKT022_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ་མིན། །བརྡ་རྟགས་མཚན་ཉིད་རྫོགས་པའི་ངང་། །དག་པ་རབ་འབྱམས་ཆེན་པོར་བསྒོམ། །གསང་སྔགས་བཟླས་བརྗོད་འབུངས་ཙ་ན། །སྒྲ་ཚིག་འདུ་འཕྲོས་གྲོལ་བ་མིན། །ཞེན་མེད་ལམ་ཁྱེར་ཆེན་པོའི་ངང་། །རིག་པ་མཁའ་དབྱིངས་ཨར་ལ་གཏད། །མཐའ་བརྒྱད་སྤྲོས་བྲལ་ལྟ་བ་དེ། །རྟོག་གེའི་ཚིག་གིས་གཞལ་བ་མིན། །རིག་པ་རྗེན་པ་ཅར་ཕོག་ཏུ། །ངོ་སྤྲད་ལྷན་སྐྱེས་ཡེ་ཤེས་ཡིན། །བདེ་སྟོང་དགའ་བཞི་བསྐྱེད་ཙ་ན། །ཉོན་མོངས་རང་གསལ་གྲོལ་བ་མིན། །ཐབས་ལྡན་གསང་སྔགས་ལམ་ཁྱེར་གྱིས། །ཞེན་མེད་འཛིན་མེད་ངང་དུ་སྤྱོད། །ཚོགས་གཉིས་མྱུར་རྫོགས་འབད་ཙ་ན། །ཐབས་ཤེས་ཡ་བྲལ་ལམ་གྱིས་མིན། །སོ་སོ་འགལ་མེད་སྤྱོད་བྱས་ཏེ། །མཆོག་འཛིན་སྤངས་པའི་བརྟུལ་ཞུགས་བཟུང་། །ཐེག་ཆེན་ལམ་ལ་འཇུག་ཙ་ན། །སྟོང་ཉིད་སྙིང་རྗེ་བྲལ་བས་མིན། །ངོ་བོ་གདོད་ནས་རྣམ་དག་པའི། །རང་གདངས་སྙིང་རྗེ་ཆེན་པོར་སྦྱངས། །སོ་སོར་ཐར་པར་བསླབ་ཙ་ན། །འཇིགས་སྐྱོབས་ལེགས་སྨོན་བློ་ཡིས་མིན། །ངེས་པར་འབྱུང་བའི་བསམ་པ་ཡིས། །ཚུལ་ཁྲིམས་དོན་ལྡན་གནས་ལ་སྦྱོར། ། གསང་བ་སྔགས་ལ་འཇུག་ཙ་ན། །དབང་བཞིའི་ལམ་དང་བྲལ་བས་མིན། །མཚན་ཉིད་ལྡན་པའི་བླ་མ་ལ། །མོས་གུས་བརྟན་པོས་དེ་ཉིད་བླངས། །བསྐྱེད་རྫོགས་དོན་ལ་བསྒོམ་ཙ་ན། །དམ་ཚིག་སྲོག་དང་


JKT022_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བས་མིན། །རྩ་བ་ཡན་ལག་མཉམ་རྗེས་དང་། །བཟའ་བཅའ་སྲུང་བའི་ལམ་ལ་བསླབས། །བརྟུལ་ཞུགས་སྤྱོད་པས་བསྐྱང་ཙ་ན། །ཚུལ་འཆོས་མཚན་མས་གྲོལ་བ་མིན། །འཁོར་འདས་རོ་སྙོམས་ཆེན་པོའི་ངང་། །རེ་དོགས་ཟིལ་གནོན་དགོངས་པར་སྦྱོར། །ཞལ་གཟིགས་ལུང་བསྟན་བྱུང་ཙ་ན། །དགའ་བྲོད་རྟོག་པས་གྲོལ་བ་མིན། །བདེན་མེད་སྒྱུ་མ་ལྟ་བུའི་ངང་། །སྤྲོས་བྲལ་དགོངས་པའི་རྒྱ་ཡིས་བཏབ། །ནད་གདོན་རྐྱེན་བགེགས་བྱུང་ཙ་ན། །འབུ་འཁྲིགས་ཐབས་ཀྱིས་གྲོལ་བ་མིན། །རེ་དོགས་གཉིས་མེད་ཐོག་བརྫིས་ཀྱིས། །སྣ་ཚོགས་རྟོག་པའི་རྫུན་ཕུག་བརྡིབ། །རྩེ་གཅིག་ཏིང་འཛིན་བསྒོམ་ཙ་ན། །སྡུག་བཙིར་ཡུས་ཀྱིས་གྲོལ་བ་མིན། །ངེས་འབྱུང་སྙིང་རྗེ་ཆེན་པོ་ཡིས། །སྐྱོ་དུབ་མེད་པར་ཉམས་སུ་བླངས། །དབེན་གནས་ནགས་ཁྲོད་རྙོགས་ཙ་ན། །རང་འདོད་ཚུལ་འཆོས་བཅས་པས་མིན། བཅོས་མིན་སྙིང་རྗེ་ཆེན་པོ་ཡིས། །མཚམས་སྦྱོར་ཀུན་ལ་སྙོམས་པར་བྱ། །སྣ་ཚོགས་ཕྲིན་ལས་བསྒྲུབ་ཙ་ན། །རང་རྒྱུད་ཁེངས་པས་གྲོལ་བ་མིན། །སེམས་ཅན་ཀུན་ལ་ཕན་འདོད་པས། །ཡང་དག་ཉིད་དུ་ཉམས་སུ་བླངས། །མདོར་ན་ཐབས་དང་ཤེས་རབ་དང་། །སྟོང་ཉིད་སྙིང་རྗེ་སྣང་སྟོང་སོགས། །ཡ་བྲལ་ལམ་གྱིས་གྲོལ་མིན་ཕྱིར། །ཟུང་འཇུག་དགོངས་པ་རྒྱུད་ལ་སྦྱོར། །བསྐྱེད་རིམ་བོགས་མེད་རྫོགས་རིམ་དང་། །དེ་བཞིན་


JKT022_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་བསྐྱེད་རིམ་སོགས། །ཕན་ཚུན་ལྟོས་གྲུབ་རྟེན་འབྱུང་གིས། །འགལ་མེད་གྲོགས་སུ་སྤེལ་བྱས་ན། །མྱུར་དུ་འཁོར་ལོའི་མགོན་པོ་ཡིས། །རྗེས་སུ་གདམས་པའི་དོན་རྟོགས་ཏེ། །ཟུང་འཇུག་སྐུ་གཉིས་དབྱེར་མེད་པའི། །གོ་འཕང་མཆོག་ལ་སྦྱོར་འགྱུར་བ། །སྔོན་བྱོན་མཆོག་གི་དོན་གཟིགས་དང་། །མདོ་རྒྱུད་བསྟན་བཅོས་ཀུན་མཐུན་པར། །བླ་མེད་འདྲེན་པས་གསལ་བར་བསྟན། །འདིར་ཡང་དེ་དག་རྗེས་ཞུགས་ཏེ། །གང་ཤར་རྡོ་རྗེའི་ཐོལ་གླུ་རུ། །བརྗོད་པའི་དགེ་བས་བདག་དང་གཞན། །ཟག་མེད་བདེ་ཆེན་མཆོག་བརྙེས་ཤོག། ༈ །།སྨོན་པར་བྱ་བའི་རྡོ་རྗེའི་ཐོལ་གླུ་པྲ་ཎི་དྷ་གྲུབ་པའི་ཟློས་གར་ཅེས་བྱ་བ། ཨེ་མ་ཧོ། ནང་གསལ་ཁྱད་ཆོས་དྲུག་ལྡན་གཉུག་མ་ཡི་ཀློང་ནས། །ཕྱིར་གསལ་ངེས་པ་ལྔ་ལྡན་ལྷུན་གྲུབ་ཀྱི་བཀོད་པ། །རང་གདངས་སྤྲུལ་པའི་དཀྱིལ་འཁོར་ལྷ་ཚོགས་སུ་བསྒྱུར་བའི། །སྐུ་གསུམ་དབྱེར་མེད་རྗེ་བཙུན་བླ་མ་ལ་འདུད་དོ། །དལ་བརྒྱད་འབྱོར་བཅུའི་མཛེས་པའི་རྙེད་དཀའ་ཡི་ལུས་རྟེན། །མྱུར་དུ་མི་རྟག་འཆི་བའི་ངེས་འབྱུང་གིས་བསྐུལ་ནས། །འཁོར་བའི་སྡུག་བསྔལ་བཟོད་མེད་སྐྱོ་ཤས་དང་བཅས་ཏེ། །རྒྱུ་འབྲས་སྤང་བླང་སྤྱོད་པའི་སྨོན་ལམ་ཞིག་ཞུའོ། །མཚན་ལྡན་བླ་མས་དགྱེས་བཞིན་དུས་ཀུན་ཏུ་བསྐྱངས་པས། །གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་གྲོལ་ལ་རོལ་ཞིང་། །སངས་རྒྱས་དངོས་


JKT022_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྷག་པའི་མོས་གུས་ཀྱི་སྲི་ཞུས། །ལུས་སྲོག་ཕོངས་མེད་བསྟེན་པའི་སྨོན་ལམ་ཞིག་ཞུའོ། །རང་རྒྱུད་རེངས་པའི་བསམ་སྦྱོར་དུས་ཀུན་ཏུ་སྤངས་པས། །འགྲོ་ཀུན་ཡོངས་སུ་དགའ་བའི་སྤྱོད་ཚུལ་དང་བཅས་ཏེ། །བཤེས་པ་ཙམ་ནས་མི་དགེ་རང་ཤུགས་ལ་འགོ་བའི། །སྡིག་པའི་གྲོགས་དང་འབྲལ་བའི་སྨོན་ལམ་ཞིག་ཞུའོ། །ཆོས་བརྒྱད་འཆིང་བ་བྲལ་བཞིན་དབེན་གནས་ཀྱི་ནགས་ཚལ། །དགེ་བའི་གྲོགས་ཀྱིས་བསྟེན་པར་བསམ་གཏན་ལ་གཞོལ་ཞིང་། །རྟག་ཏུ་དམན་ས་བཟུང་ནས་བག་ཡོད་དང་ཆོག་ཤེས། །གཞན་ཕན་ནོར་གྱིས་ཕྱུག་པའི་སྨོན་ལམ་ཞིག་ཞུའོ། །ངེས་འབྱུང་བསམ་པས་རབ་བླངས་སོ་ཐར་གྱི་ཚུལ་ཁྲིམས། །གཞན་ཕན་སྨོན་འཇུག་གཡེལ་མེད་བྱང་སེམས་ཀྱི་བསླབ་པ། །སྨིན་བྱེད་རྗེས་སུ་འབྲེལ་བའི་གསང་སྔགས་ཀྱི་དམ་ཚིག །སྡོམ་གསུམ་ཉམས་མེད་བསྲུང་བའི་སྨོན་ལམ་ཞིག་ཞུའོ། །ཕྱི་ནང་སྣོད་བཅུད་སྣང་སྟོང་ཟུང་འཇུག་གི་དཀྱིལ་འཁོར། །སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཉག་གཅིག་ཏུ་གོམས་པས། །ཕུང་པོ་ཁམས་དང་སྐྱེ་མཆེད་གདན་གསུམ་གྱི་ངོ་བོར། །དག་རྫོགས་སྨིན་གསུམ་བརྙེས་པའི་སྨོན་ལམ་ཞིག་ཞུའོ། །འགྲོ་འོང་དྲི་ཡི་བཞོན་པ་དབུ་མ་རུ་བཅིལ་ནས། །འབར་འཛག་བདེ་སྟོང་དགའ་བཞིའི་ཏིང་འཛིན་ལ་རོལ་བས། །འཁྲུལ་པའི་རྩ་མདུད་ས་བཅུའི་དགའ་ཚལ་དུ་གྲོལ་ཏེ། །རྣམ་ཀུན་མཆོག་


JKT022_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྲུབ་པའི་སྨོན་ལམ་ཞིག་ཞུའོ། །བློ་འདས་རིག་སྟོང་རྗེན་པའི་གཤིས་ལུགས་ལ་བལྟས་པས། །སྤང་བླང་བཟོ་བཅོས་བྲལ་བའི་ངང་བཞག་དང་མཇལ་ནས། །འོད་གསལ་སྤྲོས་བྲལ་སྐུ་བཞི་དབྱེར་མེད་ཀྱི་ངོ་བོ། །གདོད་མའི་བཙན་ས་ཟིན་པའི་སྨོན་ལམ་ཞིག་ཞུའོ། །དབྱིངས་རིག་དབྱེར་མེད་འཇའ་ཟེར་ཐིག་ལེ་ཡི་སྦུབས་སུ། །གཞི་སྣང་གོང་འཕེལ་ཆོས་ཟད་ཆེན་པོ་ལ་རོལ་ཞིང་། །འཕོ་ཆེན་འཇའ་ལུས་འོད་གསལ་ཟུང་འཇུག་གི་གཟུགས་སྐུས། །འགྲོ་ཀུན་ཟད་པར་སྒྲོལ་བའི་སྨོན་ལམ་ཞིག་ཞུའོ། །གནས་སྐབས་ཕྱོགས་རྣམས་ཀུན་ཏུ་དུས་བཞི་ཡི་མགྲོན་པོས། །སྣོད་བཅུད་རྫོགས་ལྡན་གསར་བའི་དགའ་སྟོན་ལ་སྦྱར་བས། །འཇིགས་ཆེན་བརྒྱད་དང་བཅུ་དྲུག་རང་བཞིན་དུ་བཅིལ་ནས། །ཆོས་མཐུན་སྤྱོད་པས་འཚོ་བའི་སྨོན་ལམ་ཞིག་ཞུའོ། །མཐར་ཐུག་བདག་ཉིད་མཐོང་ཐོས་དྲན་རེག་གི་འགྲོ་ཀུན། །མངོན་པར་དགའ་སོགས་རང་བཞིན་སྤྲུལ་པ་ཡི་ཞིང་དུ། །པདྨོའི་སྦུབས་ལས་གྲོལ་བའི་བྱང་སེམས་སུ་གྱུར་ཏེ། །ཀུན་མཁྱེན་གོ་འཕང་བརྙེས་པའི་སྨོན་ལམ་ཞིག་ཞུའོ། །ཁྱད་པར་དུས་གསུམ་བསགས་དང་བསགས་འགྱུར་གྱི་དགེ་ཚོགས། །དཔལ་ལྡན་བླ་མ་མཉེས་པའི་མཆོད་སྤྲིན་དུ་གྱུར་ནས། །ཐུགས་ཀྱི་དགོངས་པ་ཡོངས་རྫོགས་འགྲོ་བ་ཡི་མོས་ངོར། །རྟག་པར་ཞབས་པད་བརྟན་པའི་སྨོན་ལམ་ཞིག་ཞུའོ། །


JKT022_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྒྱ་ཆེན་གསོལ་བཏབ་རྟེན་འབྱུང་གིས་བསྐུལ་ནས། །མཆོག་གསུམ་དབྱེར་མེད་དཔལ་ལྡན་བླ་མ་ཡི་བདེན་པས། །ཇི་སྐད་སྨོན་པའི་དོན་རྣམས་གེགས་མེད་དུ་འགྲུབ་སྟེ། །དོན་གཉིས་ཡོངས་སུ་སྨིན་པར་བྱིན་གྱིས་རང་རློབས་ཤིག །ཡུལ་སྣང་ཆོས་ཅན་བླ་མའི་གཟུགས་སྐུ་རུ་བལྟ་ཞིང་། །རང་རིག་ཆོས་ཉིད་འོད་གསལ་དད་པ་ཡིས་བསྐུལ་ཏེ། །སྣ་ཚོགས་སྨིན་པའི་རྡོ་རྗེའི་ཐོལ་གླུ་རུ་བླངས་སོ། །དགེ་བས་འགྲོ་ཁམས་རྒྱ་མཚོ་སྨིན་གྲོལ་དུ་ཤོག་ཅིག། ༈ །།ཤིས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་སྤྲིན་དཀར་འཛུམ་པའི་གླུ་དབྱངས་ཞེས་བྱ་བ། ཨེ་མ་ཧོ། བཟོ་མེད་ལྷུན་འབྱམས་ཀ་དག་གཉུག་མ་ཡི་གཤིས་ལུགས། །རྒྱ་ཡན་ཅོག་གཞག་འཁོར་འདས་གཟུང་འཛིན་གྱི་མཚན་མ། །ནང་གསལ་གཞོན་ནུ་བུམ་སྐུའི་ངང་གདངས་སུ་ཐིམ་པའི། །བླ་མ་ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ལ་ཕེབས་དང་། །ས་ལམ་རང་ངོར་རྫོགས་པར་བྱིན་གྱིས་རང་རློབས་ཤིག ། གཞི་སྣང་ལྷུན་གྲུབ་འོད་གསལ་ཐུགས་རྗེ་ཡི་སྒྱུ་འཕྲུལ། །ཁ་སྦྱོར་བདེ་སྟོང་གཉིས་མེད་ཚོམ་བུ་རུ་ཤར་བའི། །ངེས་པ་ལྔ་ལྡན་ཡོངས་གྲུབ་ཆེན་པོ་ཡི་ཀློང་ནས། །བླ་མ་ལོངས་སྤྱོད་རྫོགས་སྐུ་བཀྲ་ཤིས་ལ་ཕེབས་དང་། །གཟུང་འཛིན་འཁྲུལ་པ་ཟད་པར་བྱིན་གྱིས་རང་རློབས་ཤིག །རིགས་ལྔ་གངས་ཆེན་མཚོ་ཡི་སྒྱུ་འཕྲུལ་ལ་ཆགས་པའི། །ཚད་མེད་ཞིང་ཁམས་རབ་འབྱམས་གདུལ་བྱ་ཡི་མོས་ངོར། །རང་རང་


JKT022_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

པ། ༄༅། །བསམ་པའི་རྗེས་འགྲོ་ཆུ་ཟླ་ཡི་རོལ་གར། །བླ་མ་སྤྲུལ་སྐུའི་ཚོམ་བུ་བཀྲ་ཤིས་ལ་ཕེབས་དང་། །གང་འདུལ་སྒྱུ་མར་འཆར་བར་བྱིན་གྱིས་རང་རློབས་ཤིག །ཚོགས་བརྒྱད་དབུ་མར་ཐིམ་པའི་བདེ་སྟོང་གི་གྲོང་ཁྱེར། །སྙིང་དབུས་འཇའ་ཟེར་ཐིག་ལེའི་དཀྱིལ་འཁོར་གྱི་ཀློང་ནས། །ལྷན་སྐྱེས་བདེ་ཆེན་ཌཱ་ཀིའི་ཕྱག་རྒྱ་རུ་རོལ་པའི། །འཆི་མེད་མཚོ་སྐྱེས་རྡོ་རྗེ་བཀྲ་ཤིས་ལ་ཕེབས་དང་། །དབང་བཞི་ཡོངས་སུ་རྫོགས་པར་བྱིན་གྱིས་རང་རློབས་ཤིག །རང་ལུས་སྣང་སྟོང་ཟུང་འཇུག་དཀྱིལ་འཁོར་གྱི་དབུས་ནས། །ཕུང་ཁམས་སྐྱེ་མཆེད་དག་པ་རབ་འབྱམས་ཀྱི་ངོ་བོ། །ཞི་དང་ཁྲོ་གར་སྒྱུ་འཕྲུལ་དྲྭ་བ་རུ་སྟོན་པའི། །གདན་གསུམ་ཡི་དམ་ལྷ་ཚོགས་བཀྲ་ཤིས་ལ་ཕེབས་དང་། །གྲུབ་གཉིས་རྣལ་དུ་འབྱོར་པར་བྱིན་གྱིས་རང་རློབས་ཤིག །རྩ་གསུམ་འཁོར་ལོ་ལྔ་ལྡན་བདེ་སྟོང་གི་གྲོང་ཁྱེར། །སྲོག་རྩོལ་དབུ་མར་ཐིམ་པ་འོད་གསལ་གྱི་འཆར་གཞི། །གནས་ཡུལ་དུར་ཁྲོད་རང་བྱུང་ལྷུན་གྲུབ་ཀྱི་ཀློང་ནས། །དཔའ་བོ་ཌཱ་ཀི་རྒྱ་མཚོ་བཀྲ་ཤིས་ལ་ཕེབས་དང་། །དགའ་བཞིའི་ལང་ཚོ་རྒྱས་པར་བྱིན་གྱིས་རང་རློབས་ཤིག །སྤྱི་གཙུག་ཛ་ལནྡྷ་རའི་ཟུར་ཕུད་ཀྱི་རྩེ་ནས། །དད་དང་མོས་པའི་པད་དཀར་འདབ་བརྒྱ་ཡི་ཟེའུ་འབྲུར། །རྟག་ཏུ་གཡེལ་མེད་བཞུགས་པའི་ཐུགས་རྗེ་ཡི་མངའ་བདག །ཁྱབ་བདག་འཁོར་ལོའི་མགོན་པོ་བཀྲ་ཤིས་ལ་


JKT022_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་དང་། །ཚེ་འདིར་གྲུབ་མཐའ་རྙོག་པར་བྱིན་གྱིས་རང་རློབས་ཤིག །ཚོགས་བརྒྱད་དབུ་མར་བསྒྲལ་བའི་དུར་ཁྲོད་ཀྱི་དཀྱིལ་འཁོར། །ཀུན་བརྟགས་མཚན་འཛིན་ལས་འདས་ཁྲག་མཚོ་ཡི་ཀློང་ནས། ། ཉམས་པའི་དགྲ་བགེགས་བསྒྲལ་བའི་བརྟུལ་ཞུགས་ལ་རོལ་པའི། །དམ་ཅན་ཆོས་སྐྱོང་རྒྱ་མཚོ་བཀྲ་ཤིས་ལ་ཕེབས་དང་། །རྣམ་བཞིའི་ཕྲིན་ལས་འགྲུབ་པར་བྱིན་གྱིས་རང་རློབས་ཤིག །མཁའ་ལ་མནྡཱ་ར་བའི་ཆར་སྤྲིན་གྱིས་ཁེངས་ཤིང་། །ས་ལ་འགྲོ་ཀུན་རབ་སྙན་གླུ་དབྱངས་ལ་རོལ་ནས། །སྣོད་བཅུད་རྫོགས་ལྡན་གསར་བའི་དགའ་སྟོན་ལ་སྤྱོད་པའི། །ངོ་མཚར་ཕུན་སུམ་ཚོགས་པའི་བཀྲ་ཤིས་དེ་སྩོལ་ཤོག ། དེ་སྐད་ཀུན་ཏུ་ཤིས་པའི་རྡོ་རྗེ་ཡི་ཐོལ་གླུ། །བདེན་སྨོན་སྤྲིན་གཞོན་དཀར་པོའི་ཟློས་གར་འདི་བསྒྱུར་བས། །འགྲོ་རྣམས་གནས་སྐབས་མཐར་ཐུག་ཕན་བདེ་ཡི་ཆུ་སྐྱེས། །ནུབ་མེད་ཡོངས་སུ་རྒྱས་པའི་བཀྲ་ཤིས་མཆོག་ཞུའོ། མངྒ་ལཾ་ས་མནྟ་པུཊྚི་ཀུ་རཱནྟ། འདི་མན་ཆད་རང་ལོ་བཅུ་དྲུག་པ་ཁོ་ནར་གང་ཤར་རྡོ་རྗེའི་གླུ་རུ་བླངས་པའོ།། ༈ །།ཀུན་མཁྱེན་སངས་རྒྱས་གཉིས་པ་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་གྲགས་སྟོང་སྒྱུ་མའི་གར་མཁན་ཞེས་བྱ་བ། ན་མོ་གུ་རུ་བྷྱ༔ ཀ་དག་ཆོས་ཉིད་མངོན་སུམ་གཉུག་མ་ཡི་ཀློང་ནས། །ཁ་དོག་ཉམས་སྣང་གོང་འཕེལ་འཇའ་ཟེར་གྱི་དཀྱིལ་འཁོར། །ག་ལ་བ་དེར་ཚད་ཕེབས་ཁ་སྦྱོར་གྱི་ཚོམ་བུ། །ང་བདག་འཛིན་བྲལ་ཆོས་


JKT022_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་བླ་མ་དེ་མཁྱེན་ནོ། །ཅ་ཅོའི་སྒྲ་ཚིག་ལས་འདས་དབུ་མ་ཡི་སྦུབས་ནས། །ཆ་མཐུན་ལུང་དང་རྟོགས་པའི་ཡེ་ཤེས་ཀྱི་རླུང་གིས། །ཇ་དར་སྐྱེམས་ཀྱིས་མི་མཚོན་ལོངས་སྤྱོད་ཀྱི་འཁོར་ལོ། །ན་རྒྱས་ཟླ་འདྲའི་རྣམ་པར་གྲོལ་བ་ལ་འདུད་དོ། །ཏ་ཐཱ་ག་ཏའི་སྙིང་པོ་ཀུན་ཁྱབ་ཀྱི་གཞི་རྒྱུད། །ཐ་དད་མོས་པའི་རྗེས་འགྲོ་ཐེག་དགུ་ཡི་ལམ་རྒྱུད། །ད་བཟོད་བསྐྱར་གྲོལ་ལས་འདས་སྐུ་གསུམ་གྱི་འབྲས་རྒྱུད། །ན་མར་ཁོར་ཡུག་མཉམ་པར་རོལ་པ་ལ་འདུད་དོ། །པ་ར་མི་ཏའི་སྙིང་པོ་གཞན་ཕན་གྱི་ལོ་འདབ། །ཕ་རོལ་ཕྱིན་པ་དྲུག་གི་མེ་ཏོག་གིས་མཛེས་ཤིང་། །བ་མཆོག་དཔག་བསམ་ཤིང་ལྟར་བསྡུ་དངོས་ཀྱི་འབྲས་བུས། །མ་རིག་འགྲོ་ཀུན་ཚིམ་པར་མཛད་པ་ལ་འདུད་དོ། །ཙཱ་རི་ཏྲ་སོགས་གདན་གསུམ་དཀྱིལ་འཁོར་དུ་རྫོགས་པས། །ཚ་གྲང་རྣམ་རྟོག་སྤངས་པའི་བདེ་སྟོང་གི་བདུད་རྩི། །ཛ་ཧུའི་རྒྱུན་ལྟར་འཁོར་ལྔའི་ཕོ་བྲང་དུ་བཀྲམ་པས། །ཝ་ལྟར་ཉུལ་བའི་རླུང་སེམས་སྡུད་པ་ལ་འདུད་དོ། །ཞྭ་ཐོད་སྤངས་པའི་གླེགས་རལ་ཆུ་སྐྱེས་ཀྱི་སྙིང་པོར། །ཟ་ཧོར་རྒྱལ་པོའི་མཆོད་གནས་མཚོ་སྐྱེས་ཀྱི་རྡོ་རྗེ། །འ་ཅག་འགྲོ་བ་སྒྲོལ་ཕྱིར་རིགས་བདག་ཏུ་བསྙེན་ནས། །ཡ་བྲལ་ལས་འདས་སྙིང་ཏིག་སྟོན་པ་ལ་འདུད་དོ། །རཱ་ཛ་དྲེགས་པས་བཀུར་ཀྱང་ཁེངས་སེམས་དང་བྲལ་ཞིང་། །ལ་ཀླུང་འགྲོ་བས་སྨད་ཀྱང་གཞན་དོན་ལ་སྤྱོད་པའི། །


JKT022_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཟ་འབོད་སྒྲོགས་རྒྱལ་པོ་ཕྲིན་ལས་ཀྱི་ཕོ་ཉ། །ས་བཅུའི་བྱང་སེམས་གཞོན་ནུར་བཞེངས་པ་ལ་འདུད་དོ། །ཧ་རིའི་དྲི་བསུང་འཐུལ་བའི་ངུར་སྨྲིག་གི་རྒྱལ་མཚན། །ཨ་དོན་ནང་གསལ་གཞོན་ནུ་བུམ་སྐུ་ལ་བཀླུབས་པས། །དྲི་མེད་འོད་ཟེར་སྟོང་ལྡན་མི་གཟུགས་སུ་བསྟན་པའི། །བསླབ་གསུམ་རྣམ་དག་གདོད་མའི་མགོན་པོ་ལ་འདུད་དོ། །དེ་ལྟར་གུས་པའི་ཆུ་གཏེར་ཆེན་པོ་ལས་སྐྱེས་ཤིང་། །ཡུལ་སྣང་རྟེན་འབྲེལ་རོལ་པའི་འཕྲིན་ཡིག་གིས་བསྐུལ་བས། །གང་ཤར་གསོལ་བ་འདེབས་པའི་གྲགས་སྟོང་གི་རླབས་ཕྲེང་། །རྣལ་འབྱོར་སྒྱུ་མར་སྤྱོད་པའི་ཉམས་དབྱངས་རང་ཡིན་ནོ། །དགེ་བ་དེ་ཡིས་ཐ་མལ་གཉུག་མ་ཡི་གཤིས་ལུགས། །བཏང་བཞག་འགྲོ་སྡོད་བྲལ་བའི་ངང་བཞག་གི་དབྱིངས་སུ། །མངོན་པར་བྱང་ཆུབ་འཁོར་འདས་དབྱེར་མེད་ཀྱི་ངོ་བོ། །གདོད་མའི་བཙན་ས་ཟིན་པའི་སྨོན་ལམ་ཞིག་ཞུའོ།། ༈ །།བདེ་ཆེན་མཚོ་རྒྱལ་ལ་བསྟོད་པ་རྡོ་རྗེའི་ཐོལ་གླུ་བདེ་སྟོང་ཆུ་སྐྱེས་གཞོན་ནུ་ཞེས་བྱ་བ། ན་མཛྙཱ་ན་ཌཱ་ཀི་ནཱི་ཡེ། ཀ་མ་ལ་ལྟར་རབ་བཀྲའི་ཆུ་སྐྱེས་ཀྱི་ཟེའུ་འབྲུར། །ཁ་དོག་མཚམས་སྤྲིན་གསར་པའི་འཇོ་སྒེག་ལ་རོལ་ཞིང་། །ག་བུར་འཛིན་དང་པུཎྜ་རཱི་ཀ་ཡི་རྒྱན་ལྡན། །ང་བདག་གདུང་སེལ་མཚན་དཔེའི་དཀྱིལ་འཁོར་ལ་འདུད་དོ། །ཅ་ཅོ་བྲལ་བའི་གསུང་དབྱངས་ནཱ་ད་ཡི་ངོ་བོར། །ཆ་མཐུན་བདེན་གཉིས་ཆོས་ཚུལ་ཀཱི་རྟི་རུ་འཇོ་བས། །


JKT022_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་ཆང་སྐྱེམས་ཀྱིས་མི་མཚོན་ཐར་མཆོག་གི་བཅུད་ལེན། །ཉ་རྒྱས་ཟླ་ལྟར་གོང་འཕེལ་སྦྱིན་པ་ལ་འདུད་དོ། །ཏ་ན་ག་ཎ་སྦྱོར་སྒྲོལ་ཟུང་འཇུག་གི་དབྱིངས་སུ། །ཐ་དད་གཟུང་འཛིན་འཁྲུལ་པ་དབུ་མ་རུ་བསྡམས་ཏེ། །ད་གཟོད་བདེ་བ་ཆེན་པོ་དགའ་བཞི་ཡི་ཕོ་ཉས། །ན་མ་ཁ་སྦྱོར་སྐུ་གསུམ་རོལ་པ་ལ་འདུད་དོ། །པཱ་པ་རྡོ་རྗེའི་ལམ་ནས་ཐབས་ཤེས་ཀྱི་བྱང་སེམས། །ཕ་རོལ་ཕྱིན་ལམ་རྣམ་ཐར་གསུམ་ལྡན་དུ་རོལ་པས། །བ་མོར་ཉི་བཞིན་འཁོར་བའི་བག་ཆགས་ཀུན་བཅོམ་སྟེ། །མ་ལུས་སྤངས་རྟོགས་པདྨོ་བཞད་པ་ལ་འདུད་དོ། །ཙཱ་རི་ཏྲ་སོགས་གནས་ཡུལ་ཌ་ཀི་ཡི་གྲོང་ཁྱེར། །ཚ་གྲང་ཉི་ཟླ་བཞུ་བའི་འཁོར་ལོ་རུ་རྫོགས་པས། །ཛ་ལང་འབོད་དབྱངས་རོལ་མོས་ཐ་དད་དུ་འགུགས་པའི། །ཝ་ལྟར་ཉུལ་བའི་རྟོག་ཚོགས་སྡུད་པ་ལ་འདུད་དོ། །ཞྭ་ཐོད་ཀུ་མུད་གསར་པའི་འཁྲི་ཤིང་ལ་ཆགས་པའི། །ཟ་ཧོར་རྒྱལ་པོའི་མཆོད་གནས་པད་འབྱུང་གི་ཟླ་བ། །འ་ཅག་བྱིན་གྱིས་བརླབ་ཕྱིར་གཟུགས་སྐུ་རུ་བཞེངས་ཏེ། །ཡ་བྲལ་ལས་འདས་བདེ་སྟོང་སྦྱིན་པ་ལ་འདུད་དོ། །ར་མ་ཎ་ལྟར་དཔའ་ཆེན་སྙིང་སྟོབས་ཆེ་བྲལ་ཀྱང་། །ལ་ལ་ན་སོགས་འཁྲི་ཤིང་དབུ་མ་རུ་སྡུད་པས། །ཤ་ཟ་འབོད་སྒྲོག་རྒྱལ་པོ་ཆགས་ཆེན་གྱིས་བསླུས་ཏེ། །ས་བཅུ་ཕོ་ཉའི་ལམ་གྱིས་བགྲོད་པ་ལ་འདུད་དོ། །ཧ་རིའི་དྲི་བསུང་འཐུལ་བའི་འབར་འཛག་གི་བདེ་ཆེན། །


JKT022_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཧཾ་ཟུང་འཇུག་འཁོར་ལྔའི་ཕོ་བྲང་དུ་ཆགས་པས། །ཧ་ལ་ལྟ་བུའི་རྟོག་ཚོགས་དབུ་མ་རུ་ཐིམ་པའི། །ཨ་དོན་སྐྱེ་མེད་ནང་གསལ་ཆོས་སྐུ་ལ་འདུད་དོ། །གྲགས་སྟོང་ཨཱ་ལི་ཀཱ་ལི་ཅང་ཏེའུ་ཡི་སྒྲ་དབྱངས། །ཚོར་སྟོང་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་རོལ་ཅིང་། །གཟུང་འཛིན་རྟོག་པའི་འཁྲི་ཤིང་བློ་བྲལ་དུ་གཅོད་པའི། །བདེ་ཆེན་གྲི་གུག་བདེ་བར་བསྟེན་པ་ལ་འདུད་དོ། །ཐ་མལ་སྣང་ཞེན་འཁྲུལ་པའི་འཁོར་ལོ་ཀུན་མ་ལུས། །གདན་གསུམ་ཟུང་འཇུག་དཀྱིལ་འཁོར་ཆེན་པོ་ལ་རོལ་ཅིང་། །རྩེ་གཅིག་བསྙེན་དང་སྒྲུབ་པའི་དྲི་བཞོན་གྱིས་བསྐུལ་བས། །ཕན་བདེའི་སྤྲིན་གྱི་མྱུ་གུ་འཇོ་བ་རུ་ཤོག་ཅིག །རྣམ་ཐར་གསུམ་དང་ལྡན་པའི་ཆུ་སྐྱེས་ཀྱི་ཟེའུ་འབྲུར། །སྲིད་གསུམ་ཐིག་ལེར་དྭངས་པའི་རྡོ་རྗེ་ཡི་སྐུ་མཆོག །ལྷན་སྐྱེས་བདེ་བའི་རོས་ཚིམ་མཚན་དཔེ་ཡི་དཀྱིལ་འཁོར། །མངོན་སུམ་མིག་གི་བདུད་རྩིར་མཐོང་བ་རུ་ཤོག་ཅིག ། འགྱུར་བཅས་འཕོ་བ་བཅུ་གཉིས་དྷཱ་ཏི་རུ་བཅིལ་བས། །ཟག་བྲལ་དྭངས་མ་ཛ་ལནྡྷ་ར་རུ་སྨིན་ནས། །ཉི་ཟླ་ནཱ་དར་དེངས་པའི་སྒྲ་གཅན་གྱི་ལྟོ་བར། །ཤེས་དང་ཤེས་བྱའི་ཆོས་ཀུན་བསྡམ་པ་རུ་ཤོག་ཅིག ། ཀུན་བརྟགས་འཁྲུལ་པའི་ཆོས་ཀུན་རང་ངོ་རུ་དག་ནས། །གཞན་དབང་སྲིད་པའི་འཁྲུལ་འཁོར་ཆོས་དབྱིངས་སུ་ཐིམ་སྟེ། །ཡོངས་གྲུབ་བདེ་གཤེགས་སྙིང་པོ་དོན་དམ་གྱི་གནས་ལུགས། །བསལ་བཞག་བྲལ་


JKT022_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ངང་དུ་སྨིན་པ་རུ་ཤོག་ཅིག །གཞི་སྣང་ཆོས་ཉིད་མངོན་སུམ་འཇའ་ཟེར་གྱི་དབུས་སུ། །གོང་འཕེལ་ཀློང་དུ་ཡིད་དཔྱོད་ལྷུན་གྲུབ་ཏུ་ཤར་བས། །ཚད་ཕེབས་སྐུ་དང་ཐིག་ལེ་འབྱམས་ཀླས་ལ་རོལ་ཏེ། རགས་ལུས་ཆོས་ཟད་དབྱིངས་སུ་བསྡམ་པ་རུ་ཤོག་ཅིག །གནས་སྐབས་བརྒྱད་གཉིས་འཇིགས་པའི་ཉིན་བྱེད་ཀྱི་ཞགས་པས། །སྒོ་གསུམ་ཨུཏྤལ་དཀར་པོ་བཅིངས་པ་ལས་གྲོལ་ཏེ། །མཁྱེན་བརྩེའི་ཟླ་བ་གསར་པའི་སྨན་མཆོག་གིས་རེག་པས། །ཚེ་དཔལ་འབྱོར་པའི་སྦྲང་རྩི་རྒྱས་པ་རུ་ཤོག་ཅིག །ཁྱད་པར་ནམ་ཞིག་ཚེ་ཡི་འདུ་བྱེད་འདི་བཏང་ཚེ། །རང་རིག་ཕྱག་རྒྱ་ཆེན་པོ་བདེ་སྟོང་གི་གཞོན་ནུ། །སྙིང་ག་དབུ་མའི་ལམ་ནས་མཁའ་སྤྱོད་དུ་ཁྲིད་པའི། །ང་ཡི་ཤེས་རབ་ཌ་ཀི་ཕོ་ཉ་རུ་ཕེབས་ཤིག །གང་ན་ཟག་བྲལ་མེ་ན་ཀ་རྣམས་ཀྱིས་བསྟེན་པའི། །ཁྱོད་ཞབས་པདྨ་དཀར་པོའི་འཁྲི་ཤིང་ལ་རེག་པས། །ཉོན་ཡིད་གློ་བུར་སྒྲིབ་པའི་ཚ་གདུང་ཀུན་བསལ་ཏེ། །ཐམས་ཅད་མཁྱེན་པའི་ངལ་བསོ་བསྟེན་པ་རུ་ཤོག་ཅིག །དེ་ལས་སླར་ཡང་ཡན་ལག་བདུན་ལྡན་གྱི་འཁོར་ལོ། །བཀོད་པའི་ཕུང་པོ་ཟླ་བའི་སྐྱེ་མཆེད་ཀྱི་གྲངས་བཞིན། །འགྲོ་ཀུན་སྲིད་ལས་སྒྲོལ་བའི་དམ་བཅའ་ལ་འཇུག་སྟེ། །མཐའ་གཉིས་རྣམ་བྲལ་ཁྱོད་དགོངས་འགྲུབ་པ་རུ་ཤོག་ཅིག །དེ་སྐད་ལོངས་སྤྱོད་ཡོངས་རྫོགས་ཡི་གེ་ཡི་རོལ་མོ། །ཉོན་མོངས་ལས་འདས་


JKT022_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་དྲི་བཞོན་གྱིས་བསྐུལ་བས། །གང་ཤར་བསྟོད་ཅིང་སྨོན་པའི་རྡོ་རྗེ་ཡི་ཐོལ་གླུས། །ཉེ་བའི་འདུ་བ་བདེ་སྟོང་བདུད་རྩི་ཡིས་མཉེས་སོ། །དེ་ལས་བྱུང་བའི་དགེ་ཚོགས་ཙིནྟ་ཡི་མ་ཎི། །ཟབ་ཞི་སྤྲོས་བྲལ་ཆོས་དབྱིངས་རྒྱ་མཚོ་རུ་བསྔོས་པས། །མི་བཟད་འགྲོ་བའི་ཀླུ་དབང་གཙུག་རྒྱན་དུ་གྱུར་ཏེ། །ཕན་དང་བདེ་བའི་དགའ་སྟོན་རོལ་པ་རུ་ཤོག་ཅིག །ཅེས་པའང་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཀྱི་རྒྱལ་པོར་ཚོགས་ཀྱི་འཁོར་ལོས་དགྱེས་པ་བསྐང་བའི་ཚེ་ཕྱི་ནང་གསང་བའི་རྟགས་མཚན་དགེ་བ་ལ་བརྟེན་ནས་རིག་སྟོང་གཉུག་མ་བསལ་བཞག་བྲལ་བའི་འོད་གསལ་རྣམ་ཀུན་མཆོག་ལྡན་གྱི་ཀློང་ནས་གང་ཤར་ཐོལ་བྱུང་དུ་བཀོད་པ་འདིས་ཀྱང་སྐལ་ལྡན་གྱི་འགྲོ་བ་ཐམས་ཅད་ཡེ་ཤེས་མཁའ་འགྲོས་དགེས་པ་ཆེན་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག སརྦ་མ་ཧཱ་སུ་ཁཛྷཱ་ན་ཌཱ་ཀི་ཤུ་བྷཾ།། ༈ །།རང་གིས་རང་ལ་གྲོས་གདབ་པའི་རྡོ་རྗེའི་ཐོལ་གླུ་བདེན་པའི་འཁྲི་ཤིང་ཅེས་བྱ་བ། ཨ་ཧོ། དཔལ་སྐུ་བཞིའི་དབང་ཕྱུག་ཧེ་རུ་ཀ །ཁྱབ་བདག་འཁོར་ལོའི་མགོན་པོ་ལ། །མི་ཕྱེད་གུས་པས་གསོལ་བ་འདེབས། །ཐུགས་རྗེ་ཆེན་པོས་རྗེས་སུ་སྐྱོངས། །སྔོན་བསྐལ་པ་རྫོགས་ལྡན་དུས་ཚོད་དེར། །ཕྱི་སྣོད་ཀྱི་འབྱུང་བ་ངང་གིས་སྙོམས། །ནང་བཅུད་ཀྱི་འགྲོ་བ་བདེ་ལ་སྤྱོད། །ལྷ་ཡི་དཔལ་འབྱོར་ལ་འགྲན་པའི་ཚེ། །ཆགས་སྡང་རགས་པའི་འདུ་བྱེད་ཀྱིས། །རང་གཞན་ཀུན་ངན་སོང་གི་གནས་མལ་ལ། །སྦྱར་བའི་ངང་ཚུལ་བག་ཉལ་བས། །རང་བཞིན་གྱི་རྣམ་པར་དུལ་


JKT022_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

མོད་དེ། །དུས་དེང་སང་སྙིགས་མའི་གནས་སྐབས་འདིར། །ཕན་པར་སྨྲས་ཀྱང་ལོག་པར་བལྟ། །ཆོས་ལ་སྦྱར་ཞིང་ཕྱི་ཕྱིར་གྱོང་། །བསྒྲུབ་སླ་བའི་གསང་སྔགས་ལ་འཇུག་རློམ་ཞིང་། །དེ་དམ་ཚིག་གི་གྲོགས་ཀྱིས་རིང་སྤངས་ཚེ། །རྡོ་རྗེ་དམྱལ་བར་སྦྱོར་མོད་ཀྱང་། །ད་རུང་རིག་པ་འཛིན་པར་རློམས། །ཨ་ལ་བསྟན་པའི་ཞབས་འདྲེན་པ། །དེ་དག་རྣམས་ལ་ཅི་ཞིག་སྨོན། །དམ་པའི་བཤེས་ལ་བསྟེན་བྱས་ནས། །དམ་ལྡན་གྲོགས་དང་འགྲོགས་ནས་ཀྱང་། །དམ་པའི་གདམས་ངག་རྟག་མཉན་ཅིང་། །དམ་པའི་སྤྱོད་པར་བསླབ་འདོད་པར། །ཁྱད་པར་ཅན་གྱི་འཕྲིན་འདི་གདམས། །རང་ལ་ཡོན་ཏན་ནོར་བུའི་གཏེར། །ཕན་བདེའི་ཟ་མ་ཏོག་དག་གིས། །ཕྱུག་པ་ཅུང་ཟད་མེད་མོད་ཀྱང་། །ཡོད་པར་རློམ་པ་རིང་དུ་སྤང་། །གཞན་གྱིས་བསྙེན་བཀུར་འདོད་པའི་སྤྲིན། །རྟག་པར་སྙིང་ལ་ངལ་འཚོས་ཀྱང་། །རེ་དོགས་རྡོ་རྗེ་ལྕག་མ་ཡིས། །ཐར་པའི་བྲག་རི་ཚལ་བར་བཀས། །དེས་ན་གང་དང་གང་དུ་རུང་། །ཉམ་ཆུང་གྱི་ནའི་འཚོ་བ་གང་། །བག་ཡོད་བསླབ་པས་དུས་འདའ་ཞིང་། །ཆོག་ཤེས་ནོར་ལ་མངོན་པར་བསྙེན། །རང་ཉིད་དམའ་བའི་ས་བཟུང་ཞིང་། །ཀུན་དང་མཐུན་པར་དཀའ་ན་ཡང་། །སྙིང་ལ་འབབ་པར་སྨྲ་བའི་ཚིག །བདེན་པའི་དོན་གྱིས་ལྕི་བར་གླེང་། །མཁས་པ་དང་ནི་གྲུབ་པ་ཡི། །སྙན་གྲགས་ཤུགས་ལ་


JKT022_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་རུང་། །དེ་བས་འདོད་པར་མི་བྱ་བར། །རྟག་ཏུ་སྙིང་གི་ཐིག་ལེར་ཟུངས། །ཇོ་བོ་བཀའ་གདམས་བརྒྱུད་འཛིན་པའི། །དགེ་བའི་བཤེས་གཉེན་ཐམས་ཅད་ཀུན། །ཡོན་ཏན་སྦེད་པར་གཙོར་མཛད་ན། །བདག་གིས་ཅི་ཕྱིར་སྒྲོགས་པར་བྱེད། །འཇིག་རྟེན་འདི་ན་གྲགས་པ་ཡི། །ཆེན་པོ་འགའ་ཡང་ཆོས་བརྒྱད་ཀྱི། །ཞགས་པས་བཅིངས་པ་དེ་མཐོང་ནས། །འདི་ལ་བག་ཟོན་མཛད་པའི་རིགས། །ལར་ཡང་རྒྱ་གར་འཕགས་ཡུལ་དུ། །གྲུབ་པའི་དབང་ཕྱུག་བརྒྱད་ཅུ་དང་། །འཛམ་གླིང་མཛེས་པའི་རྒྱན་དྲུག་སོགས། །སྟོན་པ་གཉིས་པར་གྲགས་ཀུན་ཀྱང་། །ཚུལ་བཞིན་བསླབ་དང་བསྒྲུབས་པ་ལས། །ཚེ་འདིར་མཆོག་གི་གོ་འཕང་དུ། །གཤེགས་ལས་གདུང་དང་སྐུ་སྐྱེ་ཡི། །གྲགས་སྙན་མེད་ཀྱང་བྷྱོ་ཊ་འདིར། །དེ་ལ་གཙོ་བོར་བྱེད་པ་ལ། །ཕལ་ཆེར་ངོ་མཚར་ཆེ་མོད་ཀྱང་། །ཕལ་པ་འགའ་ཡང་དེ་རྗེས་སུ། །འབྲང་བ་མང་བས་སྐབས་དབྱེ་དཀའ། །དེ་ལྟར་ན་ཡང་ལུང་རིག་གིས། །རྗེས་སུ་བསྒྲུབ་པའི་ཡོན་ཏན་དག །མངའ་བ་ཛ་ལནྡྷ་ར་རུ། །ཞབས་སེན་བླང་བའི་ཡུལ་ཡིན་ཅིང་། །དག་སྣང་ཁྱབ་ལ་ཉིན་བྱེད་ཀྱིས། །དད་གསུམ་ཨུཏྤལ་ཕྱེ་བ་ཕལ། །རང་བཞིན་དུལ་བ་ཆོས་གཟུགས་ཡིན། །ཡིད་ཀྱི་ཟེའུ་འབྲུར་བསྟེན་པར་འོས། །ཁྱད་པར་རྒྱུད་ལུང་མན་ངག་ལས། །ཉེ་བར་བསྟན་པ་རྗེས་སྤྱོད་ཅིང་། །བྱ་བ་


JKT022_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤངས་བསླབ་གསུམ་ལྡན། །སྐྱབས་ཀྱི་དམ་པར་བཟུང་བར་མཛོད། །གཞན་ཟེར་ཚིག་གི་རྗེས་འབྲངས་ཤིང་། །གར་མཁན་ལག་པའི་མཉེན་ལྕུག་ལས། །བྲེལ་བའི་སྤྱོད་པར་ཡིད་དབྱུང་ནས། །དབེན་པའི་གནས་སུ་སྙེགས་ན་ལེགས། །བསྟན་བཅོས་རྩོམ་པའི་ངལ་བ་དང་། །འཆད་སྤེལ་སྨིན་གྲོལ་གཡེང་པ་ཡང་། །རང་འདོད་བྲལ་ན་ལེགས་མོད་དེ། །གཞན་དུ་བདུད་ཀྱིས་བློ་བསྒྱུར་ནས། །ཟས་ནོར་སྙན་གྲགས་བསྡུ་བའི་ཕྱིར། །འཇིག་རྟེན་མཐུན་འཇུག་ཤུལ་ལམ་དུ། །ཞུགས་པ་འདི་ལས་རིང་དུ་བྲོས། །ཕ་རོལ་ཡོན་ཏན་ལྡན་གྱུར་ཀྱང་། །སྐྱོན་གྱི་གོང་བུར་རབ་བཟུང་ནས། །བདག་གི་སྐྱོན་ཡང་ཡོན་ཏན་དུ། །རློམ་པའི་ང་རྒྱལ་རྩད་ནས་ཆོད། །བདེ་ན་ཚོགས་གཉིས་འབྲས་བུ་ལས། །དེ་ཉིད་བྱུང་བ་ཤེས་བྱས་ཏེ། །དཀར་པོའི་ཕྱོགས་ལ་འབད་བྱས་ནས། །དགའ་བའི་བདོག་པ་འགྲོ་ལ་བསྔོ། །སྡུག་ན་མི་དགེའི་འབྲས་སྐྱེས་པར། །མཐོང་ནས་བྱང་ཆུབ་སེམས་བསྒོམས་ཤིང་། །ཚུལ་མིན་ཀུན་ཀྱང་འགྲོ་རྣམས་ཀྱི། །དུ་ཁ་བདག་གི་ཁུར་དུ་བླངས། །གང་ལ་རབ་ཏུ་ཆགས་ཆེ་བའི། །ཡོ་བྱད་བསྙུང་ནས་སྦྱིན་ནུས་ན། །བསྐམ་ཆགས་གཞན་དག་མི་འདོད་ཕྱིར། །ཆོག་ཤེས་ནོར་གྱི་མཆོག་དེ་འཐོབ། །སྲོག་བཅད་མ་བྱིན་ལེན་པ་དང་། །མི་ཚངས་སྤྱོད་པ་རྫུན་སྨྲ་བ། །རྩ་བ་བཞི་པོ་ཆང་བཅས་པ། །རིང་


JKT022_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྤང་བའི་ཚུལ་ཁྲིམས་བླངས། །ཕ་རོལ་ངན་སྨྲས་ཚིག་གི་མདས། །སྙིང་ལ་འབིགས་གང་ལྡོག་དཀའ་བའི། །ཟུག་རྔུའི་ཚོར་བས་མནར་མོད་དེ། །བཟོད་པའི་གོ་ཆ་རྟག་ཏུ་བགོ །རིམ་གྱིས་ཡོན་ཏན་གོང་འཕེལ་ཞིང་། །དེ་ལྡོག་ཕྱི་ཕྱིར་བསྲིངས་པའི་ཕྱིར། །བརྩོན་པ་དོན་ཡོད་རྡོ་བ་ལ། །རི་མོ་བྲིས་ལྟར་བསླུ་མི་བགྱིད། །གཅིག་པུར་སྡོད་པའི་དུས་ཀྱི་ཚེ། །བསམ་གཏན་ཐག་པས་དྲན་འཛིན་ཡིད། །འཆིང་བས་ཕྲ་རགས་ཉོན་མོངས་ཚོགས། །རྩེ་གཅིག་ཞི་བའི་དོན་ལ་གཞོལ། །མང་པོའི་དབུས་སུ་ཞུགས་པའི་ཚེ། །ལྷག་མཐོང་ཤེས་རབ་ཕ་རོལ་ཕྱིན། །རང་གྲོལ་རྗེན་པ་གཉུག་མའི་ངང་། །བསལ་བཞག་བྲལ་བར་ལ་བཟླ་བྱ། །ཡི་གེ་འབྲི་ཀློག་སྦྱིན་པ་སོགས། །ཆོས་སྤྱོད་བཅུ་ལ་རབ་འབད་ཅིང་། །རྟག་ཏུ་མི་དགེ་རྣམས་བསྡམ་སྟེ། །དགེ་བའི་དོན་ལ་བརྩོན་པའི་ཚེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་ནི། །དམིགས་མེད་འཁོར་གསུམ་ཡང་དག་ལ། །རྗེས་ཐོབ་བསྔོ་བས་མཚམས་སྦྱོར་བའི། །དམ་པ་གསུམ་གྱིས་ཟིན་པ་གཅེས། །མཐོ་ཡང་ང་རྒྱལ་རྣམ་སྤང་ཞིང་། །དམན་པར་ལྷག་པར་ཞུམ་པ་བྲལ། །བར་མའི་དུས་སུ་འཚམས་པར་སྤྱད། །འདི་ནི་དམ་པའི་བསླབ་པ་ཡིན། །དབེན་པར་བསྒོམ་ཚེ་འཆད་ཉན་སྤྲོ། །འཆད་ཉན་འབད་ཚེ་ཏིང་འཛིན་ལ། །གཞོལ་བར་ཕྱོགས་པའི་སྐྱེས་བུ་ནི། །མཐའ་མ་གཅིག་ཀྱང་གྲུབ་


JKT022_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད། །ཁྱད་པར་སྤྲེའུའི་སྒྱུ་རྩལ་ལས། །བྲེལ་བའི་བློ་སྣ་ཚོགས་པ་ནི། །རླུང་མང་དབུས་ཀྱི་མར་མེ་ལྟར། །མྱུར་དུ་དམན་པར་འགྲོ་བའི་ལྟས། །མདོར་ན་མང་དུ་སྨོས་ཅི་དགོས། །རྟག་ཏུ་དམ་པའི་རྗེས་སློབ་ཅིང་། །ཡོན་ཏན་ཉེར་སྦས་སྐྱོན་རྣམས་བསལ། །སྙོམ་ཆུང་ཆོག་ཤེས་སྙན་གྲགས་ཀྱི། །བཀུར་སྟིའི་རེ་བ་རིང་དུ་ཆོད། །ངེས་པར་འཆི་བ་མ་དྲན་པའི། །ཐོས་བསམ་སྒོམ་གསུམ་ཐམས་ཅད་ཀུན། །ཚེ་འདིའི་ཤོམ་རར་འགྲོ་བའི་ཕྱིར། །བྱ་བྱེད་མང་པོའི་སྤྲོས་པ་སྐྱུངས། །ནམ་ཞིག་འཆི་འཕོ་དུས་ཀྱི་ཚེ། །དོན་གྱི་བཙན་ས་མ་ཟིན་ན། །འདིར་སྣང་ཚོགས་དྲུག་འཇའ་སྤྲིན་གྱིས། །བསླུ་བར་ངེས་སོ་ཡིད་ལ་ཟུངས། །བཅོམ་ལྡན་བདེན་པར་གསུངས་པ་དེས། །ནང་པའི་ཆོས་རྣམས་ཐམས་ཅད་ལས། །མི་རྟག་བསྒོམ་པ་མཆོག་ཡིན་ཅེས། །ཡང་ནས་ཡང་དུ་བཀའ་སྩལ་ཕྱིར། །འཕགས་ཡུལ་གྲུབ་པའི་དབང་ཕྱུག་དང་། །བོད་དུ་རྗེ་བཙུན་མི་ལ་སོགས། །མཁས་དང་གྲུབ་པས་ཕྱག་ལེན་གྱིས། །གཏན་ལ་ཕབ་པ་དེ་དགོངས་ལ། །རྙེད་དང་བསྟོད་སྨད་ཆགས་སྡང་སོགས། །ཚེ་འདིའམ་ལོ་དང་ཟླ་བ་ལས། །ངེས་པར་རྟག་མི་ཐུབ་པ་རུ། །བསམ་ནས་ངེས་ཤེས་བསྐྱེད་པར་མཛོད། །དེ་སྐད་རང་དང་གཞན་ཡང་རུང་། །སྐལ་མཉམ་དག་གི་དོན་ཆེད་དུ། །རྡོ་རྗེའི་གླུ་རུ་བླངས་པ་འདི། །བདེན་པའི་ཚིག་ཏུ་ངེས་པར་


JKT022_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། །དགེ་བས་ཆོས་མཐུན་སྤྱོད་ཚུལ་ལ། །རྟག་ཏུ་བསླབ་པས་མངོན་མཐོ་དང་། །ངེས་ལེགས་ཐེམ་སྐས་ལ་འཛེགས་ཏེ། །བྱང་ཆུབ་སྙིང་པོར་གཤེགས་པར་ཤོག ༈ །བུམ་དབང་གི་ལམ་ཁྱེར་དང་རྗེས་སུ་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་སྣང་སྟོང་ཟུང་འཇུག་ཅེས་བྱ་བ། ཨ་ཧོ། གདན་གསུམ་དབྱེར་མེད་སྒྱུ་འཕྲུལ་དྲྭ་བ་ཡི་ཀློང་ནས། །ཞི་དང་ཁྲོ་གར་ཕྱག་རྒྱ་རྣམ་བཞི་རུ་བསྡམས་པས། །ཕུང་ཁམས་བདེ་བ་ཆེན་པོའི་ཡེ་ཤེས་སུ་སྨིན་པའི། །སྣང་སྟོང་ཟུང་འཇུག་སྤྲུལ་སྐུའི་བླ་མ་དེ་མཁྱེན་ནོ། །སྣོད་བཅུད་ལྷ་སྐུར་རྫོགས་པར་བྱིན་གྱིས་རང་རློབས་ཤིག །དག་མཉམ་འཁོར་འདས་དབྱེར་མེད་ཆོས་ཉིད་ཀྱི་ངང་ནས། །རྣམ་བཞིའི་སྐྱེ་གནས་སྦྱང་ཕྱིར་བསྐྱེད་རིམ་གྱི་འཁོར་ལོ། །ཐབས་ཤེས་མངོན་བྱང་ཆོ་གས་མངོན་གྱུར་དུ་སད་པས། །རིགས་གསུམ་འཁྲུལ་པའི་ཚོགས་ཀུན་རང་ངོ་རུ་དག་གོ །གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ཏིང་འཛིན་གྱི་རོལ་པ། །བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་རང་རྒྱུད་ལ་སྦྱོར་བས། །སྣང་བ་ལྷ་ཡི་དཀྱིལ་འཁོར་ཆེན་པོ་རུ་སྨིན་ནས། །གཉིས་ཆོས་མཚན་མའི་ཆོས་ཀུན་སྣང་སྟོང་དུ་ཤར་རོ། །འཁོར་བའི་འཁྲུལ་མཚན་ཆོས་ཀུན་ཏིང་འཛིན་དུ་དག་ཅིང་། །མྱང་འདས་བཞུགས་ཚུལ་འབྲས་བུ་གཞི་དབྱིངས་སུ་རྫོགས་ཏེ། །གོང་མའི་ས་བོན་ཐེབས་པའི་སྨིན་བྱེད་དུ་འགྲོ་བས། །ཁྱད་པར་བཞི་ལྡན་ལམ་མཆོག་སྙིང་པོ་རུ་བཟུང་ངོ་། །ཕྱི་སྣོད་


JKT022_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་ཐར་པ་ཆེན་པོ་ཡི་གྲོང་ཁྱེར། །ནང་བཅུད་འགྲོ་ཀུན་ཐབས་ཤེས་ཞི་ཁྲོ་ཡི་རོལ་པ། །སྒྲ་གྲགས་ཟུང་འཇུག་ཨ་ལི་ཀཱ་ལི་ཡི་རང་སྒྲ། །དྲན་རྟོག་སྤྲོས་བྲལ་དག་པ་རབ་འབྱམས་ལ་བསླབ་བོ། །རྗེས་སུ་ཆགས་པའི་མཆོད་བསྟོད་མཚན་མ་ལ་སྤྱོད་ཅིང་། །ཚིམ་པ་དྲུག་ལྡན་ཚོགས་ཀྱི་འཁོར་ལོ་ལ་རོལ་པས། །ཡུལ་ལ་སྲེད་པའི་མཆིལ་པ་བློ་བྲལ་དུ་ཞིག་སྟེ། །ཡུལ་ཅན་གནས་ལུགས་ཆེན་པོར་རང་གྲོལ་དུ་ལོང་ངོ་། །ཀུན་རྫོབ་བདེན་ཞེན་སྒྱུ་མའི་དཀྱིལ་འཁོར་དུ་རོལ་ཅིང་། །དོན་དམ་འོད་གསལ་འཕོ་འཇིགས་བྲལ་བ་རུ་ཐིམ་པས། །བདེན་གཉིས་ཟུང་འཇུག་དགྱེས་པའི་ཧེ་རུ་ཀའི་དབྱིངས་སུ། །སྐུ་གསུམ་དབྱེར་མེད་རང་རྩལ་རྫོགས་པ་རུ་ཤོག་ཅིག། ༈ །།གསང་དབང་གི་ལམ་ཁྱེར་དང་རྗེས་སུ་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་གསལ་སྟོང་ཟུང་འཇུག་ཅེས་བྱ་བ། ཨ་ཧོ། ཀུན་རྫོབ་བྱང་ཆུབ་སེམས་མཆོག་འཕོ་མེད་ཀྱི་ཐིག་ལེ། །རྣམ་ལྔའི་རྩ་འཁོར་གྲོང་དུ་བཀྲམ་པ་ཡི་བདེ་བས། །ཁ་སྦྱོར་མདུད་པ་ཡང་དག་དབུ་མ་རུ་གྲོལ་བའི། །གསལ་སྟོང་ཟུང་འཇུག་ལོངས་སྐུའི་བླ་མ་དེ་མཁྱེན་ནོ། །རྩ་ཁམས་ཡི་གེར་དེངས་པར་བྱིན་གྱིས་རང་རློབས་ཤིག །ཟུང་འཇུག་ཨ་ཝ་དྷཱ་ཏིའི་འཁྲི་ཤིང་ལ་རེག་པའི། །ལ་ལ་ན་དང་ར་ས་ན་དག་གི་རོལ་པ། །འཁོར་ལོ་ལྔ་ཡི་མེ་ཏོག་མཛེས་པ་ཡིས་སྤུད་པའི། །བཀོད་པ་རྩ་ཁམས་རྣམ་དག་འོད་གསལ་གྱི་སྦུབས་སུ། །


JKT022_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་རླུང་བཅུའི་རྟེན་འབྲེལ་རང་བཞིན་ལས་སྐྱེས་པའི། །ཉི་ཁྲི་ཆིག་སྟོང་རྟོག་ཚོགས་འགྲོ་འོང་གི་བཞོན་པ། །ཕུང་ཁམས་སྐྱེ་མཆེད་དྭངས་མའི་ཐིག་ལེ་རུ་འཆིང་བས། །རིན་ཆེན་འོད་འཕྲོ་སྐྱེ་མེད་བཟླས་པ་ལ་རོལ་ཅིང་། །དཀར་དམར་དབང་བོ་ཌཱ་ཀི་ཐབས་ཤེས་ཀྱི་གར་མཁན། །འབར་འཛག་དགའ་བ་བཞི་ཡི་བདུད་རྩི་ལ་རོལ་པས། །བདེ་སྟོང་རྟོགས་པའི་ངོ་བོས་ཉོན་མོངས་ཀྱི་འཁྲུལ་པ། །ཀུན་ཁྱབ་བདེ་ཆེན་དཔའ་བོའི་གྲིབ་བསིལ་ལ་རེག་གོ །གནས་ཡུལ་ཌཱ་ཀིའི་གྲོང་ཁྱེར་རང་ལུས་ལ་རྫོགས་པས། །ཨ་ཧཾ་ཟུང་འཇུག་བདེ་ཆེན་ཚོགས་འཁོར་ལ་རོལ་ཏེ། །ཉེ་བའི་འདུ་བ་ཟག་བྲལ་དྭངས་མ་ཡིས་མཆོད་པས། །མཆོག་ཐུན་ཕྲིན་ལས་གསར་པའི་དགའ་སྟོན་ལ་སྦྱོར་རོ། །མཐར་ཐུག་ཞུ་བདེའི་རོལ་མོས་མགྲིན་པ་ཡི་འཁོར་ལོ། །ཐབས་ཤེས་ཨཱ་ལི་ཀཱ་ལིའི་ཡི་གེ་རུ་འཁྲོལ་པས། །འཁོར་ལོའི་ཚོགས་ཆེན་རྒྱལ་སྲིད་རང་དབང་དུ་བསྒྱུར་ཏེ། །འཆི་མེད་གྲུབ་པའི་རིག་འཛིན་ཐོབ་པ་རུ་ཤོག་ཅིག། ༈ །།ཤེར་དབང་གི་ལམ་ཁྱེར་དང་རྗེས་སུ་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་བདེ་སྟོང་ཟུང་འཇུག་ཅེས་བྱ་བ། ཨ་ཧོ། ཤེས་རབ་ཌ་ཀིའི་ཕོ་ཉས་ཐབས་མཆོག་ལ་འཁྲིལ་བས། །ཉེ་རྒྱུའི་ལམ་ནས་འབར་འཛག་ཚུལ་ཁྲིམས་ཀྱི་དོགས་པ། །དབྱིངས་རིག་དབྱེར་མེད་མཚན་དཔེའི་དཀྱིལ་འཁོར་དུ་ཆགས་པའི། །བདེ་སྟོང་ཟུང་འཇུག་ཆོས་སྐུའི་བླ་མ་དེ་མཁྱེན་ནོ། །དཔེ་ཡི་


JKT022_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་འགྲུབ་པར་བྱིན་གྱིས་རང་རློབས་ཤིག །རྣམ་ཐར་གསུམ་ལྡན་པདྨ་བྷཉྫལི་གྲོང་ཁྱེར། །ཐར་པ་མཆོག་གི་མེ་ཏོག་དབུ་མ་རུ་བཞད་དང་། །ཐབས་ཆེན་བདེ་སྟོང་ཟུང་འཇུག་བཅུད་མཆོག་ལ་རོལ་པས། །དགའ་བཞི་དབྱེར་མེད་རྟོགས་པའི་ཡེ་ཤེས་ཀྱིས་མྱོས་ཏེ། །ཡས་བརྟན་བཅུ་དྲུག་དགའ་བའི་འོད་གསལ་གྱི་ངང་དུ། །མི་སློབ་ལམ་གྱི་འབྲས་བུ་མཉམ་ཉིད་དུ་རྫོགས་སོ། །འཁོར་བའི་སྡུག་བསྔལ་འཕོ་མེད་ཐིག་ལེ་རུ་བཅིངས་ཤིང་། །མྱང་འདས་བཞུགས་ཚུལ་མངོན་སུམ་རྟོགས་པ་རུ་མྱོང་བས། །དབྱེར་མེད་སྒྱུ་འཕྲུལ་དྲྭ་བའི་ཞུ་བདེ་ཡི་བདུད་རྩི། །མ་དག་འཁྲུལ་པའི་སྐྱེ་ཤི་རང་ངོ་རུ་ནུབ་བོ། །གཉིས་མེད་མཁའ་དབྱིངས་རོལ་པའི་དྭངས་མ་ཡི་བཅུད་མཆོག །ཛ་ལནྡྷ་རའི་དཀྱིལ་འཁོར་ཆེན་པོ་རུ་སྨིན་ཚེ། །འོད་ཟེར་ཆེན་པོའི་དབང་གི་བྱིན་རླབས་ལ་བརྟེན་ནས། །རྣམ་ཀུན་མཆོག་ལྡན་ཡེ་ཤེས་བརྙེས་པ་རུ་ཤོག་ཅིག། ༈ །།བཞི་པའི་དབང་དང་རྗེས་སུ་འབྲེལ་བ་རྡོ་རྗེའི་ཐོལ་གླུ་རིག་སྟོང་ཟུང་འཇུག་ཅེས་བྱ་བ། ཨ་ཧོ། རྟག་ཆད་མཚན་མའི་ཆོས་ཀུན་ཟུང་འཇུག་ཏུ་རོལ་པས། །འཕོ་མེད་ལྷན་སྐྱེས་བདེ་སྟོང་དབྱེར་མེད་ཀྱི་ངོ་བོ། །ཉེར་ལེན་ཟག་བྲལ་བློ་འདས་གཉུག་མ་ཡི་གཤིས་ལུགས། །རིག་སྟོང་ཟུང་འཇུག་ཉིད་སྐུའི་བླ་མ་དེ་མཁྱེན་ནོ། །ཡེ་ཤེས་རྡོ་རྗེར་རོལ་པར་བྱིན་གྱིས་རང་རློབས་ཤིག །ངོ་བོ་སྟོང་ཉིད་བརྗོད་བྲལ་སྐྱེ་མེད་ཀྱི་ངང་


JKT022_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རང་བཞིན་གསལ་ཁྱབ་ཕྲ་བའི་ཡེ་ཤེས་སུ་སྨིན་པས། །ཐུགས་རྗེ་འཁོར་འདས་མཉམ་ཉིད་སྣ་ཚོགས་ཀྱི་རོལ་པ། །བསམ་གྱིས་མི་ཁྱབ་ཐ་མལ་ཡིད་དཔྱོད་ཀྱིས་མི་མཚོན། །ངང་བཞག་འདུ་འབྲལ་སྤངས་པའི་ཆོས་སྐུ་ཡི་ཀློང་དུ། །ལམ་མཆོག་གྲོལ་བཞིའི་གདིང་གིས་རྟོག་ཚོགས་ཀྱི་འཁྲུལ་པ། །སྐྱེ་འགག་སྔ་ཕྱི་བྲལ་བའི་ལྷུན་གྲུབ་ཀྱི་རོལ་པས། །དབྱེར་མེད་རྣམ་པ་ཀུན་གྱི་མཆོག་ལྡན་དུ་ཤར་རོ། །སྒྲོན་བཞིའི་འཛུམ་ཟེར་གསར་པའི་ཕོ་ཉ་ཡིས་བསུས་པས། །སྣང་བཞིའི་ལམ་དུ་མཚན་མའི་འཁྲུལ་ཆོས་ཀུན་ཟད་དེ། །ཐིག་ལེ་བཞི་ཡི་འགྲོས་ཀུན་དབུ་མ་རུ་བསྡམས་ནས། །ནང་གསལ་ཁྱད་ཆོས་དྲུག་ལྡན་སྐུ་བཞི་རུ་ཐིམ་མོ། །མཐར་ཐུག་གཟུང་འཛིན་ཡུལ་ལས་རྣམ་གྲོལ་གྱི་རིག་པ། །སོ་སྐྱེའི་བློ་ཡིས་མ་གོས་བསམ་བྲལ་གྱི་ངོ་བོར། །སྐུ་དང་ཡེ་ཤེས་མཛད་པ་ཕྲིན་ལས་ལ་རོལ་བས། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་བརྙེས་པ་རུ་ཤོག་ཅིག །ཅེས་དབང་བཞིའི་ལམ་ཁྱེར་དང་མཐུན་པར་མདོ་ཙམ་དུ་སྨོས་པ་འདི་ཡང་དུས་ཀྱི་རྒྱལ་པོ་ཚེས་བཅུའི་འདུ་བའི་ཚེ་གང་ཤར་དུ་བླངས་པ་ཛ་ཡནྟུ།། ༈ །།དབེན་པའི་ཡོན་ཏན་ལ་བསྔགས་བའི་རྡོ་རྗེའི་ཐོལ་གླུ་ཚོགས་དྲུག་སྒྱུ་མར་ཤར་བའི་རོལ་མོ་ཞེས་བྱ་བ། ཨ་ཧོ། ཆོས་ཉིད་སྤྲོས་བྲལ་གཞོན་ནུ་བུམ་སྐུ་ཡི་སྦུབས་ནས། །འོད་གསལ་རྡོ་རྗེའི་རིག་པ་ཅོག་གཞག་གི་ངོ་བོ། །ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་སྐུ་ལ་འདུད་དོ། །སྐུ་གསུམ་ལྷུན་གྲུབ་།


JKT022_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་བྱིན་གྱིས་རང་རློབས་ཤིག །ཕྱི་ལྟར་ཚོགས་དྲུག་བདེན་ཞེན་གཟུང་འཛིན་གྱིས་མ་བཅིངས། །ནང་ལྟར་རིག་པ་བཅོས་བསྒྱུར་སྤང་གཉེན་དང་བྲལ་ཞིང་། །གསང་བ་གློ་བུར་འཁྲུལ་རྟོག་ཆོས་དབྱིངས་སུ་ཞི་བའི། །ཟུང་འཇུག་ཀུན་ཁྱབ་གདོད་མའི་དབེན་གནས་ལ་སྤྲོའོ། །ཡུལ་སྣང་ཉམས་དགའི་བྲག་སྐྱིབས་འདུ་འཛི་དང་བྲལ་ཞིང་། །ཡུལ་ཅན་རིག་སྟོང་རྗེན་པའི་མཛའ་གྲོགས་དང་འཕྲད་པས། །བརྩོན་པ་དོན་ལྡན་ལས་ཀྱི་འཕེན་པ་ཡིས་བསྐྱེད་ནས། །སྨོན་ལམ་རྣམ་པར་དག་པའི་ཞིང་མཆོག་ལ་དེངས་ཤིག །དེ་ན་བསྔགས་པར་འོས་པའི་ཡོན་ཏན་གྱི་རོལ་པ། །སྲ་མཁྲེགས་རྡོ་རྗེའི་བ་གམ་ཁང་བཟང་དུ་གྲུབ་པར། །སྣང་སྟོང་ལྗོན་ཤིང་ཕྲེང་པའི་ཡལ་འདབ་ཀྱིས་དུད་པས། །གདན་གསུམ་ཞི་ཁྲོའི་ཚོམ་བུ་རང་བྱུང་དུ་ཤར་རོ། །ཐོས་ན་མི་མཐུན་བྲལ་བའི་འབབ་ཆུ་ཡི་སྒྲ་སྐད། །གྲགས་སྟོང་བདེན་པ་གཉིས་འི ཀྱི་རོལ་མོ་རུ་འཁྲོལ་བས། །ལུང་རྟོགས་ཤེས་རབ་པདྨོ་རང་གྲོལ་དུ་བཞད་དེ། །སྣ་ཚོགས་སྤོབས་པའི་གཏེར་མཛོད་ཆོས་ཉིད་དུ་གྲོལ་ལོ། །མར་གད་ཞུན་མའི་མདོག་ལྡན་སྤང་ལྗོངས་ཀྱི་དོར་ར། །ལྷོ་རླུང་དལ་བུར་རྒྱུ་བའི་ཕོ་ཉ་ཡིས་བསྐྱོད་ནས། །ཚོར་སྟོང་ཆོས་སྤྲིན་འཁྲིགས་པས་ཐ་མལ་གྱི་རིག་པ། །ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངལ་བསོ་ལ་སྦྱར་རོ། །ལོ་འདབ་ལང་ཚོས་བཀྲ་བའི་འཁྲི་ཤིང་གི་ངོས་སུ། །


JKT022_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

རོ་བརྒྱའི་དཔལ་ལ་འགོངས་པའི་འབྲས་བུ་ཡིས་སྤྱད་པས། །གསལ་སྟོང་གཞོམ་བྲལ་བདེ་བའི་དགའ་སྟོན་ལ་སྦྱོར་ཞིང་། །འཆི་མེད་བློ་བྲལ་གཉུག་མའི་བཅུད་ལེན་རང་སྦྱིན་ནོ། །སྲབ་འཇམ་ལྕིད་ཀྱིས་སྤངས་པའི་ལྗོན་པ་ཡི་ཡལ་འདབ། །ཚ་གྲང་གདུང་བ་སྐྱོབ་པའི་གདུགས་དཀར་དུ་གྱུར་པས། །རིག་སྟོང་ཕུང་ཁམས་སྐྱེ་མཆེད་གདན་གསུམ་གྱི་གྲོང་དུ། །འོད་གསལ་ཕྱག་རྒྱ་རྣམ་བཞིའི་ངལ་བསོ་རང་བསྟེན་ནོ། །སྙིང་ལ་འབབ་པར་སྨྲ་བའི་གྲགས་སྟོང་གི་འདབ་ཆགས། །ཡིད་འོང་གླུ་དབྱངས་བསྒྱུར་བའི་བདེ་སྟོང་གི་བུང་བ། །གཏད་མེད་གར་ལ་རོལ་པའི་རིག་སྟོང་གི་རི་དྭགས། །རྣམ་གསུམ་སྐྱོ་གྲོགས་ཡུལ་སྣང་གཉུག་མ་རུ་ཕེབས་སོ། །ཀུན་རྫོབ་འཁྲུལ་པའི་ཆོས་ཀུན་སྒྱུ་མ་རུ་ཤར་ཤིང་། །དོན་དམ་ནང་གི་རྩ་མདུད་དྷ་ཏི་རུ་གྲོལ་བའི། །ཡོངས་གྲུབ་རྣལ་འབྱོར་ཚོགས་ཀྱི་བཞུགས་གནས་ལ་བསྔགས་པ། །ངེས་པ་དོན་གྱི་རྡོ་རྗེའི་ཐོལ་གླུ་རུ་བླངས་སོ། །དགེ་བ་དེ་ཡིས་བླ་མེད་བྱང་ཆུབ་ཀྱི་ས་རུ། །མངོན་པར་རྫོགས་སངས་རྒྱས་པ་མ་ཐོབ་ཀྱི་བར་དུ། །ཤིན་ཏུ་དབེན་པའི་གནས་སུ་བག་ཡོད་ཀྱི་བསླབ་པས། །སྒོ་གསུམ་རྒྱུད་སྡོམ་རྣལ་འབྱོར་བརྙེས་པ་རུ་ཤོག་ཅིག། ༈ །།གསང་བསྔགས་ཀྱི་དོན་བསྡུས་རྡོ་རྗེའི་ཐོལ་གླུ་རིག་འཛིན་ཌཱ་ཀིའི་ཞལ་ལུང་ཞེས་བྱ་བ། ཨེ་མ་ཧོ། གདོད་ནས་རྣམ་དག་ནང་གསལ་ཆོས་སྐུའི་གཤིས་ལུགས་སུ། །ཞལ་ཕྱག་མཚན་འཛིན་


JKT022_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པ་འདས་ཀྱང་ཕྱིར་གསལ་གདངས། །ཁ་སྦྱོར་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས་པའི་གར། །འགྲོ་བའི་མོས་ངོར་སྣ་ཚོགས་སྟོན་པར་མཛད་དེ་རྒྱལ། །རྒྱུ་ལས་ཁྱད་ཞུགས་འབྲས་བུར་གྱུར་པའི་རྡོ་རྗེའི་ཐེག །ཟབ་དང་རྒྱ་ཆེའི་ལམ་ནས་མྱུར་བདེའི་བཅུད་སྦྱིན་ཅིང་། །ལྟ་བ་ཤིན་ཏུ་རྣམ་དག་མཉམ་པ་ཆེན་པོ་སྟེ། །འདིར་ནི་དེ་ཡི་བརྗོད་བྱར་གྱུར་པ་ཅུང་ཞིག་བསྟན། །ཐོག་མ་ཐ་མ་མཐའ་དང་དབུས་བྲལ་རྡོ་རྗེའི་ཁམས། །བཅིངས་གྲོལ་ལས་འདས་གློ་བུར་སྒྲིབ་ཚོགས་བཏགས་པའི་གཞི། །དོན་དམ་སྐར་བདུན་རྩལ་སྣང་ལས་སྐྱེས་སྐུ་ཡེ་ཤེས། །བདེན་གཉིས་དབྱེར་མེད་ཟུང་དུ་འཇུག་པའི་ཧེ་རུ་ཀ དེ་ཉིད་རྟོགས་ཤིང་གོམས་བྱེད་རིམ་པ་རྣམ་པ་གཉིས། །བསྐྱེད་དང་རྫོགས་པ་དངོས་བཏགས་ཀྱིས་དབྱེ་ལམ་གྱི་མཆོག །མཐར་ཐུག་རྫོགས་རིམ་ཆེན་པོ་འབྲས་བུའི་ཐུས་ཀ་སྟེ། །སུམ་ཆར་རྣམ་པར་ངེས་པ་ཁམས་དབང་བསམ་པའི་ཕྱིར། །བློ་བཟང་དང་པོ་གང་ཞིག་འཇུག་འདོད་ལས་ཅན་དེས། །སྨིན་པར་བྱེད་པས་བསྒོམ་དང་ཐོབ་རུང་སྐལ་བ་ཆེ། །འཇོག་ཕྱིར་གཞི་ལམ་འབྲས་བུའི་ཚུལ་གྱིས་ཤེས་བླངས་ཏེ། །སྡོམ་དང་དམ་ཚིག་དག་ལ་རྟག་ཏུ་ཉེར་གནས་བྱ། །ཡུལ་ལ་ལྟོས་པའི་སྟོང་ཉིད་དབུ་མའི་ལྟ་བ་ཆེ། །ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་བསྡམས་པས། །བདེ་སྟོང་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གོ་


JKT022_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་ལ། །སྦྱོར་བར་བྱེད་པ་ཐུན་མོང་མ་ཡིན་གྲུབ་པའི་མཐའ། སྐྱེ་སོགས་བག་ཆགས་སྦྱང་ཕྱིར་རྗེས་སུ་མཐུན་པ་ཉིད། །དག་རྫོགས་སྨིན་གསུམ་ལྡན་པ་ཤེས་དང་འཇུག་པ་ཡིས། །རྣམ་པར་བསྒོམ་པས་ཉམས་ལྔ་མ་ལུས་ལྷུན་གྲུབ་སྟེ། །བསྙེན་སྒྲུབ་ཡན་ལག་རྣམ་བཞིས་རིག་འཛིན་གོ་འཕང་བགྲོད། །ཐབས་ཤེས་ཟུང་འཇུག་གསལ་སྟོང་དབྱེར་མེད་ཉམས་ལེན་ལ། །སྙིང་པོར་བཟུང་བས་དོན་དམ་ཐོབ་པར་འདོད་ཀུན་དང་། །རྩ་རླུང་ཐིག་ལེའི་ཁམས་ལ་གནད་དུ་བསྣུན་པ་ཡིས། །བདེ་སྟོང་མདུད་གྲོལ་ས་ལམ་ཡོན་ཏན་མྱུར་དུ་རྫོགས། །ཁྱད་པར་གཞི་དོན་ཀ་དག་གདོད་མའི་གནས་ལུགས་ཆེ། །འཇལ་བྱེད་སྡེ་གསུམ་རྫོགས་པའི་རིམ་པ་ཀུན་གྱི་རྩེ། །ལམ་མཆོག་བླ་མེད་ལྷུན་གྲུབ་ཐིག་ལེ་ཆེན་པོའི་དབྱིངས། །ཡིད་དཔྱོད་བློ་དང་བཅས་པའི་ཚོགས་ཀུན་ངལ་བསོས་ཤིག །གློ་བུར་སྒྲིབ་བྲལ་ངོ་བོའི་ཡོན་ཏན་མཐར་ཕྱིན་པའི། སྤངས་རྟོགས་ཡོངས་རྫོགས་སྐུ་དང་ཡེ་ཤེས་ཕྲིན་ལས་མཐའ། །བསམ་གྱིས་གཞལ་དཀའ་རྟག་ཁྱབ་ལྷུན་གྲུབ་དབང་འབྱོར་ནས། །འགྲོ་སྒྲོལ་ཕྲིན་ལས་མཆོག་ལ་ཡོངས་སུ་སྤྱོད་པར་འགྱུར། །འདི་ནི་ས་བོན་ཙམ་གྱིས་བསྡུས་པའི་ཚིག་གི་ཕྲེང་། །རིག་འཛིན་ཌཱ་ཀིའི་རྣམ་པར་ཕྱེ་བའི་ཞལ་ལུང་ལས། །ཡིན་ཕྱིར་དེ་ལ་སོ་སྐྱེའི་བློ་ཡིས་ནོངས་གྱུར་གང་། །སྟོན་དང་བསྟན་པའི་ཚོགས་ལ་སྙིང་ནས་བཟོད་


JKT022_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསོལ། །ཅུང་ཟད་དགེ་བའི་ཚོགས་མཆིས་གང་ཡང་རྣམ་པར་རྟོག །བྲལ་བའི་དམིགས་མེད་བསྔོ་བའི་ཚོགས་ཀྱི་རྗེས་ཞུགས་ཏེ། །སྦྱིན་པར་བྱའོ་མཐུ་དེས་ཀུན་ཁྱབ་གདོད་མའི་དངོས། །རྟོགས་ཏེ་མཐར་ཕྱིན་གོ་འཕང་མཆོག་ལ་གནས་གྱུར་ཅིག །ཅེས་པའང་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་གྱི་མཚན་མོར་གང་ཤར་རྡོ་རྗེའི་གླུ་རུ་བླངས་པ་གུཧྱ༔ ༈ །།བརྗོད་མེད་བརྗོད་བྱར་སྟོན་པའི་རྡོ་རྗེའི་ཐོལ་གླུ་གཞུག་མའི་ཉམས་དབྱངས་ཞེས་བྱ་བ། ཨ་ཧོ། ཟུང་འཇུག་སྤྲོས་བྲལ་དེ་ཤེས་རབ་ཕར་ཕྱིན། །བདེ་སྟོང་དབྱེར་མེད་དེ་ལྷན་སྐྱེས་གཞུག་མ། ཡེ་ནས་ལྷུན་གྲུབ་དེ་ཁྱད་ཆོས་དྲུག་ལྡན། །འདུ་བྱེད་བྲལ་བ་དེ་ཡིད་དཔྱོད་རང་གྲོལ། །ངང་བཞག་ཆས་ཀུན་ཐུགས་རྗེ། །སྐུ་གསུམ་ལྷུན་གྲུབ་དེ་བདེ་གཤེགས་སྙིང་པོ། །སྣང་བ་རང་ཤར་དེ་སྐུ་ཡི་དཀྱིལ་འཁོར། །སྟོང་པ་ཚིག་བྲལ་དེ་གསུང་གི་དཀྱིལ་འཁོར། །ཟུང་འཇུག་འོད་གསལ་དེ་ཐུགས་ཀྱི་དཀྱིལ་འཁོར། །དཀྱིལ་འཁོར་སུམ་ལྡན་དེ་ལྷན་སྐྱེས་ཡེ་ཤེས། །འཁྲུལ་པའི་སྣང་བ་ནི་མ་བྱས་ལྷུན་གྲུབ། །སྐུ་དང་ཡེ་ཤེས་ནི་མ་བཙལ་ཡེ་རྫོགས། །རྣལ་འབྱོར་སྣང་བ་ནི་མ་སྤང་རང་གྲོལ། །ཉམས་མྱོང་གསུམ་ལྡན་དེ་སྲིད་ཞི་ཡོངས་ཁྱབ། །ཀ་དག་གནས་ལུགས་དེ་ཡིད་བྱེད་བྲལ་བ། །ལྷུན་གྲུབ་རང་རྩལ་དེ་ཐིག་


JKT022_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ཆེན་པོ། །དབྱིངས་རིག་དབྱེར་མེད་དེ་ཀུན་བཟང་མཁའ་ཀློང་། །ཉམས་ལེན་གསུམ་ལྡན་དེ་རྫོགས་པ་ཆེན་པོ། །མ་སྐྱེས་རྩ་བྲལ་དེ་ཆོས་སྐུའི་དགོངས་པ། །ལྷུན་གྲུབ་འོད་གསལ་དེ་ལོངས་སྐུའི་རང་བཞིན། །གང་ཤར་སྣང་བ་དེ་སྤྲུལ་སྐུའི་ཐུགས་རྗེ། །སྐུ་གསུམ་ཡེ་རྫོགས་དེ་ཕྱག་རྒྱ་ཆེན་པོ། །དོན་དམ་བདེན་པ་དེ་ཁས་ལེན་བྲལ་བ། །ཀུན་རྫོབ་འཁྲུལ་པ་དེ་སྒྱུ་མའི་གར་མཁན། །ཟུང་འཇུག་འོད་གསལ་དེ་མྱང་བྱར་འདས་པའི། །གཏན་ཚིགས་གསུམ་ལྡན་དེ་དབུ་མ་ཆེན་པོ། །རྣལ་འབྱོར་རྟོགས་པ་དེ་གཞི་མེད་རྩ་བྲལ། །དགའ་བྲོད་འཁུ་འཕྲིགས་དེ་ཆུ་ནང་རི་མོ། །སྤང་བླང་དགག་སྒྲུབ་དེ་ནམ་མཁའི་འཇའ་ཚོན། །བདེན་མེད་རྣམ་གསུམ་དེ་ཞི་བྱེད་གཅོད་ཡུལ། །སྲིད་པའི་ལས་སྣང་དེ་བྱིས་པའི་རྩེད་མོ། །སྐུ་དང་ཡེ་ཤེས་དེ་སྒྱུ་མའི་གར་མཁན། །བདེ་སྡུག་དགག་སྒྲུབ་དེ་སྒྲིག་རྒྱའི་འོད་རླབས། །སྲིད་ཞི་དབྱེར་མེད་དེ་རོ་སྙོམས་ལམ་མཆོག །གསལ་ལ་འཛིན་མེད་དེ་ཆུ་ཟླའི་རོལ་གར། །སྟོང་ལ་གཟུང་བྲལ་དེ་བརྗོད་མེད་ཡེ་ཤེས། །འཁོར་འདས་དབྱེར་མེད་དེ་རང་སེམས་དྭངས་མ། །དཔྱད་ཚུལ་གསུམ་ལྡན་དེ་ལམ་དང་འབྲས་བུ། །སྣ་ཚོགས་ཞེ་འདོད་ཀྱི་གྲུབ་མཐའི་ལྟ་བ། །རང་བཞིན་རང་གསལ་གྱི་ཐ་མལ་རིག་པ། །ཅེར་གྲོལ་སྐད་ཅིག་མའི་ཤེས་པའི་སྟེང་དུ། །དགག་སྒྲུབ་བྲལ་སྙམ་དེ་ཁོ་ཐག་ཆོད་སོང་། །ཨ་ཧོ་


JKT022_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་ཀྱང་དེ་བརྗོད་མེད་ཡེ་ཤེས། །མངོན་སུམ་རྟོགས་པ་ཡི་རྣལ་འབྱོར་མིན་ཀྱང་། །དཔལ་ལྡན་བླ་མ་ཡི་ཐུགས་རྗེའི་རོལ་པས། །གོ་བ་སྐྱེས་ཚུལ་ཞིག་གླུ་རུ་ཐལ་ལོ།། ༈ །།ཉམས་སུ་ལེན་ཚུལ་བསྡུས་པའི་. རྡོ་རྗེའི་ཐོལ་གླུ་ཐར་པའི་ཐེམ་སྐས་ཞེས་བྱ་བ། ཨ་ཧོ། སྲིད་ཞིར་མི་གནས་ཡོན་ཏན་བརྙེས། །ཟུང་འཇུག་དབྱེར་མེད་ཆེན་པོའི་སྐུ། །འཁོར་ལོའི་མགོན་པོར་ཕྱག་བགྱིས་ཏེ། །ཉམས་སུ་ལེན་ཚུལ་མདོར་བསྡུས་འཆད། །དང་པོ་དལ་འབྱོར་རྙེད་དཀའ་དང་། །དེ་ཉིད་འཇིག་པར་སླ་བ་དང་། །དེ་ཚེ་ལས་འབྲས་རྗེས་འབྲངས་ཤིང་། །དེ་ལྟའི་འཁོར་བར་སྡུག་བསྔལ་བསྒོམ། །དེ་ནས་སྐྱབས་སུ་འགྲོ་བ་དང་། །སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་དང་། །རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དང་། །ཚོགས་གཉིས་རྫོགས་པའི་ཐབས་ལ་འབད། །དངོས་གཞི་བསྐྱེད་དང་རྫོགས་པ་གཉིས། །དང་པོ་བླ་མ་སྤྱི་བོར་བསྒོམ། །གསོལ་བ་གདབ་ཅིང་དབང་བཞི་བླངས། །སྣང་སྟོང་འཛིན་བྲལ་ཆེན་པོར་སྦྱངས། །དེ་རྗེས་བླ་མ་སྙིང་གར་བསྟིམ། །རིག་སྟོང་རྗེན་པའི་ངང་ཉིད་དུ། །དཔལ་ལྡན་བླ་མའི་རང་ཞལ་བལྟ། །ཉལ་ཁར་སྣོད་བཅུད་འོད་གསལ་དང་། །རིག་པ་སྙིང་གའི་ཨ་ལ་གཏད། །སྟོང་པ་བཞི་ཡི་འོད་གསལ་བཟུང་། །ལྡང་ཚེ་རིག་འཛིན་ཌཱ་ཀི་ཡི། །བདེ་སྟོང་རོལ་མོའི་སྒྲས་བསྐུལ་བསམ། །བཟའ་བཏུང་ཚོགས་ཀྱི་འཁོར་ལོ་དབུལ། །


JKT022_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་བཞག་བཟོ་བཅོས་བྲལ་བ་ལ། །རྗེས་ཐོབ་སྒྱུ་མར་ཤེས་པས་སྤྱོད། །ཉིན་སྣང་བདེ་བ་ཆེན་པོར་སྦྱངས། །སྐྱེ་བའི་སྲེད་པ་ངེས་པར་བལྟ། །མཚན་སྣང་སྟོང་པ་ཆེན་པོར་སྦྱངས། །འཆི་བའི་དུས་སུ་ངེས་པར་བལྟ། །རྨི་ལམ་སྐྱེ་མེད་ཆེན་པོར་སྦྱངས། །བར་དོའི་དུས་སུ་ངེས་པར་བལྟ། །དེ་ལྟར་ལམ་དུ་ཁྱེར་ནས་ཀྱང་། །རྗེས་ལ་འཁོར་གསུམ་རྣམ་དག་པའི། །དམིགས་མེད་བསྔོ་བར་མཚམས་སྦྱོར་ཞིང་། །བདག་ཉིད་མཐོང་ཐོས་དྲན་རིག་ཀུན། །རྣམ་པར་གྲོལ་བའི་སྨོན་ལམ་གདབ། །རྟག་ཏུ་བདག་ལ་མ་ཆགས་ཤིང་། །གཞན་དག་ལ་ཡང་སྣང་བ་མིན། །གཉིས་ཀ་མཉམ་པ་ཉིད་དུ་སྤྱད། །བདེ་ན་འགྲོ་བའི་དོན་དུ་བསྔོ། །སྡུག་ན་ལུས་ཅན་སྡུག་བསྔལ་འཁུར། །བར་མ་ཉིད་ནི་མཉམ་བཞག་རྒྱུ། །གང་ལྟར་བྱས་ཀྱང་ཚོགས་གཉིས་འཕེལ། །དེ་ཕྱིར་རྟག་ཏུ་བརྩོན་པར་རིགས། །འདི་ནི་ཚིག་ཉུང་དོན་འདྲིལ་བ། །བློ་དམན་རྣམས་ལ་ཕན་བྱའི་ཕྱིར། །རྡོ་རྗེའི་གླུ་རུ་བླངས་ཏེ་ཐལ། །འགྲོ་ཀུན་བྱང་ཆུབ་མཆོག་ཐོབ་ཤོག། ༈ །།རྡོ་རྗེའི་ཐོལ་གླུ་ཚོགས་དྲུག་འཛིན་པ་བྲལ་བའི་རྒྱན་ཅེས་བྱ་བ། ཨ་ཧོ། སྣང་ཞིང་སྲིད་པའི་ཀུན་བརྟགས་མཐའ་གྲོལ་དུ་ཐིམ་པས། །ཟུང་འཇུག་ཆོས་དབྱིངས་ལྷན་སྐྱེས་ཡེ་ཤེས་ཀྱི་གར་མཁན། །གདོད་མའི་མགོན་པོ་ཁྱབ་བདག་བླ་མ་དེ་མཁྱེན་ནོ། །ཚོགས་དྲུག་གཉུག་མར་རྫོགས་པར་བྱིན་གྱིས་རང་རློབས་ཤིག །


JKT022_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི་ཆོས་ཀུན། །སྣང་ཙམ་ཉིད་ནས་རང་རིག་རང་བཞག་ཏུ་གྲོལ་བས། །སྣང་སྟོང་ཟུང་འཇུག་སྒྱུ་མའི་དཀྱིལ་འཁོར་དུ་ཤར་ཏེ། །བུམ་དབང་ལམ་ཁྱེར་མ་སྒྲུབ་རང་བབས་སུ་འགྲུབ་བོ། །རྣ་བའི་ཡུལ་དུ་གྲགས་པའི་བཟང་ངན་གྱི་སྒྲ་ཀུན། །སྤྲོས་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་སུ་ཐིམ་པས། །འགྲོ་འོང་བྲལ་བའི་གྲགས་སྟོང་སྐྱེ་མེད་ཀྱི་དཀྱིལ་འཁོར། །གསང་དབང་ལམ་ཁྱེར་གསལ་སྟོང་གཉིས་མེད་དུ་ཤར་རོ། །རྣབའི་ཡུལ་དུ་ཚོར་བའི་སྣ་ཚོགས་ཀྱི་དྲི་ཀུན། །ཆོས་ཉིད་ཁྱབ་གདལ་ཆེན་པོའི་ངོ་བོ་རུ་ཐིམ་པས། །ཚོར་སྟོང་བདེ་ཆེན་ལྷན་སྐྱེས་ཌ་ཀི་ཡི་དཀྱིལ་འཁོར། །ཤེར་དབང་ལམ་ཁྱེར་མ་སྒྲུབ་རང་བབས་སུ་འགྲུབ་བོ། །ལྕེ་ཡི་ཡུལ་དུ་སྤྱོད་པའི་སྣ་ཚོགས་ཀྱི་རོ་ཀུན། །ཆགས་བྲལ་མཉམ་པར་མ་བཞག་མེད་པ་རུ་ཐིམ་པས། །ཁོར་ཡུག་འོད་གསལ་གཟུང་འཛིན་བྲལ་བ་ཡི་དཀྱིལ་འཁོར། །ཚིག་དབང་ལམ་ཁྱེར་ཀ་དག་ཁྲེགས་ཆོད་དེ་འགྲུབ་བོ། །ལུས་ཀྱི་ཡུལ་དུ་སྤྱོད་པའི་སྣ་ཚོགས་ཀྱི་རེག་ཀུན། །ལྷུན་གྲུབ་གསང་བའི་སྐུ་དང་ཡེ་ཤེས་སུ་ཐིམ་ནས། །འཇའ་ཟེར་ཐིག་ལེ་དཀྱིལ་འཁོར་རང་བྱུང་དུ་བཞད་པས། །རྩལ་དབང་ལམ་ཁྱེར་དབྱིངས་རིག་ཟུང་འཇུག་ཏུ་འགྲུབ་བོ། །ཡིད་ཀྱི་ཡུལ་དུ་ཤར་བའི་རྟོག་ཚོགས་ཀྱི་ཡོ་ལང་། །ཤར་གྲོལ་དུས་མཉམ་འཁོར་འདས་རོ་གཅིག་ཏུ་ཐིམ་པས། །


JKT022_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བླང་ཡེ་ཟད་རྫོགས་པ་ཆེན་པོ་ཡི་དཀྱིལ་འཁོར། །ཟུང་འཇུག་ལམ་ཁྱེར་མ་སྒྲུབ་རང་བབས་སུ་འགྲུབ་བོ། །དེ་ཡིས་ཚོགས་དྲུག་ཡུལ་སྣང་སྒྱུ་མ་རུ་ཤར་ཤིང་། །ཡུལ་ཅན་སེམས་ཀྱི་གནས་ལུགས་རྩ་བྲལ་དུ་རྟོགས་པས། །སྣང་སྲིད་འཁོར་འདས་ཆོས་ཀུན་རིག་ངོ་རུ་དག་སྟེ། །སྐུ་བཞི་དབྱེར་མེད་འགྲུབ་པར་བྱིན་གྱིས་རང་རློབས་ཤིག །ལོངས་སྤྱོད་ཡོངས་རྫོགས་འཁོར་ལོའི་དཀྱིལ་འཁོར་གྱི་དབྱིངས་ནས། །ཐབས་ཤེས་རྡོ་རྗེའི་གླུ་ཡི་རོལ་མོ་རུ་བཀྲོལ་བས། །གཉིས་འཛིན་སྤྲོས་པའི་འཆིང་བ་དབུ་མ་རུ་ཞིག་སྟེ། །འོད་གསལ་སེམས་ཀྱི་དེ་ཉིད་མཐོང་བ་རུ་ཤོག་ཅིག། ༈ །།ཟབ་མོ་ལས་ཀྱི་རྡོ་རྗེའི་ཐོལ་གླུ་བྱིན་རླབས་ཆར་རྒྱུན་འཇོ་བའི་སྤྲིན་དཀར་ཅེས་བྱ་བ། ཨེ་མ་ཧོ། བདེ་སྟོང་ཟུང་འཇུག་འོད་གསལ་དབུ་མ་ཡི་སྦུབས་སུ། །སྙིང་དབུས་མི་ཤིགས་གཞོན་ནུ་བུམ་སྐུ་ཡི་ངང་མདངས། །ཆོས་ཉིད་མངོན་སུམ་འཇའ་ཟེར་ཐིག་ལེ་ཡི་ཀློང་ནས། །ཉམས་སྣང་གོང་འཕེལ་ཁྱབ་བདག་དྲིན་ཆེན་གྱི་བླ་མ། །རིག་པ་ཚད་ཕེབས་མཚན་དཔེའི་འཇོ་སྒེག་ལ་རོལ་ཞིང་། །ཆོས་ཟད་བློ་འདས་མཉམ་གཞག་ཕྱག་རྒྱ་ཡིས་མཛེས་པའི། །གཟུགས་སྐུ་རིག་གྲོལ་གཉིས་ལྡན་དགེ་འདུན་གྱི་ངང་ཚུལ། །གསུང་དབྱངས་བདེན་གཉིས་ཟུང་འཇུག་དམ་ཆོས་ཀྱི་རོལ་མོ། །ཐུགས་རྗེ་ཚད་མེད་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད། །རང་བཞིན་ཡོངས་གྲུབ་སྣང་སྟོང་


JKT022_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་གི་གར་མཁན། །ཁྱེད་ཤེས་དད་པས་བསྐུལ་བའི་སྐལ་ལྡན་གྱི་མོས་ངོར། །རྟག་ཏུ་འདུ་འབྲལ་མེད་པར་དགྱེས་བཞིན་དུ་བཞུགས་སོ། ཨ་ཧོ། །འོད་གསལ་ཟབ་ཞི་སྤྲོས་བྲལ་ཆོས་ཉིད་ཀྱི་ངོ་བོ། །ཁ་སྦྱོར་ཡན་ལག་བཞི་ལྡན་ཟུང་འཇུག་གི་རོལ་པ། །ཚད་མེད་ཐུགས་རྗེས་གང་འདུལ་འགྲོ་བ་ཀུན་སྒྲོལ་བའི། །སྐུ་གསུམ་དབྱེར་མེད་ཁྱབ་བདག་དྲིན་ཆེན་གྱི་བླ་མ། །སྐྱབས་ཀུན་འདུས་པའི་བདག་ཉིད་སྙིང་དབུས་ནས་དྲན་བྱུང་། །ལུས་ཀྱི་བ་སྤུའི་འཁྲི་ཤིང་དབང་མེད་དུ་ལྡང་ནས། །ངག་གི་གདུང་དབྱངས་རོལ་མོའི་མཆོད་སྤྲིན་དང་བཅས་ཏེ། །རྩེ་གཅིག་ཁྱེད་ཤེས་དད་པས་གསོལ་བ་རང་འདེབས་ན། །རྟག་ཏུ་འདུ་འབྲལ་མེད་པར་ཐུགས་རྗེ་ཡིས་གཟིགས་ཤིག །མཐོང་ན་འཁོར་བའི་ལམ་ལས་རང་ཤུགས་ཀྱིས་བཟློག་ཅིང་། །སྣང་སྟོང་ཟུང་འཇུག་ཚུར་མཐོང་གདུལ་བྱ་ཡི་མོས་ངོར། །ཕུང་ཁམས་སྐྱེ་མཆེད་རྣམ་དག་གདན་གསུམ་གྱི་སྒྱུ་འཕྲུལ། །དཔལ་ལྡན་བླ་མའི་སྐུ་ཡི་དཀྱིལ་འཁོར་ལ་འདུད་དོ། །ཐོས་པས་ཐར་པའི་ས་མཁན་གཅིག་པུ་རུ་གྱུར་ཅིང་། །ལུང་རྟོགས་བདེན་གཉིས་དབྱེར་མེད་དམ་ཆོས་ཀྱི་སྒྲ་དབྱངས། །ལོངས་སྤྱོད་འཁོར་ལོའི་རྩ་ཁམས་ཡི་གེ་རུ་སྨིན་པའི། །དཔལ་ལྡན་བླ་མའི་གསུང་གི་དཀྱིལ་འཁོར་ལ་འདུད་དོ། །དྲན་པས་སྲིད་དང་ཞི་བའི་འཇིགས་པ་ཀུན་འཕྲོགས་ཤིང་། །རྟག་ཆད་གཟུང་


JKT022_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལས་འདས་ནང་གསལ་གྱི་ཡེ་ཤེས། །འགྱུར་མེད་བདེ་བ་ཆེན་པོའི་འཇོ་སྒེག་གིས་འཁྱུད་པའི། །དཔལ་ལྡན་བླ་མའི་ཐུགས་ཀྱི་དཀྱིལ་འཁོར་ལ་འདུད་དོ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་བཅས་ཀྱི་ཕྱག་གིས། །དུས་གསུམ་ཀུན་ཏུ་ཁྱོད་ཀྱི་ཞབས་མཐིལ་ལ་བཏུད་ཅིང་། །གང་གིས་བསྟེན་ན་མྱུར་དུ་ཐར་པ་ལ་སྦྱོར་བའི། །ཡོན་ཏན་མི་བཟད་དཔལ་ལྡན་བླ་མ་ལ་འདུད་དོ། །བྱེ་བ་ཕྲག་བརྒྱའི་ཞིང་གི་འགྲོ་རྣམས་ཀྱི་མོས་ངོར། །སྐད་ཅིག་རེར་ཡང་གཟུགས་སྐུ་དེ་ཉིད་དུ་སྟོན་ནས། །ཕན་དང་བདེ་བའི་ཐེམ་སྐས་ཡིད་འོང་ལ་དཀྲི་བའི། །དཔལ་ལྡན་བླ་མའི་ཕྲིན་ལས་རོལ་པ་ལ་འདུད་དོ། །སྣོད་བཅུད་མི་རྟག་ཆུ་བོའི་མཉེར་མ་ལས་སྐྱེན་ཀྱང་། །རང་ཐོག་ངེས་པར་འོང་སྙམ་མེད་པ་ཡི་སེམས་པས། །ཆོས་བཞིན་སྤྱོད་ལ་བརྩོན་པ་ཕྱི་བཤོལ་དུ་བྱེད་ཚེ། །སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རང་རློབས་ཤིག ། འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ཕུང་པོ། །བཟོད་དཀའ་ཐར་མེད་ལས་ཀྱི་གཏིང་རུམ་དུ་མཐོང་བཞིན། །རྒྱུ་འབྲས་བླང་དོར་ཚུལ་ལ་འཇོལ་ཉོག་ཏུ་སྤྱོད་ཚེ། །ངེས་འབྱུང་གཏིང་ནས་སྐྱེ་བར་བྱིན་གྱིས་རང་རློབས་ཤིག །བདག་ཅག་ཆོས་བཞིན་འདོད་ཀྱང་ཆོས་བརྒྱད་ཀྱི་དྲྭ་བར། །ལས་ངན་རྣམ་སྨིན་ཐག་པས་དབང་མེད་དུ་བཅིངས་ཚེ། །རེ་དོགས་འདུ་འཛི་བྲལ་བའི་ནགས་ཁྲོད་ལ་གནས་ཤིང་། །རྩེ་གཅིག་


JKT022_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་བསྒོམ་པར་བྱིན་གྱིས་རང་རློབས་ཤིག །རྟག་ཏུ་ཆགས་དང་སྙོམ་ལས་ང་རྒྱལ་ཀུན་སྤངས་ནས། །བག་ཡོད་ཆོག་ཤེས་རབ་དུལ་དམན་པ་ལ་གནས་ཤིང་། །དགེ་བའི་བཤེས་དང་རབ་འགྲོགས་ཆོས་བཞིན་དུ་སྤྱོད་ནས། །སྡིག་པའི་གྲོགས་དང་བྲལ་བར་བྱིན་གྱིས་རང་རློབས་ཤིག །གཞན་གནོད་གཞིར་བཅས་རབ་སྤངས་སོ་ཐར་གྱི་ཚུལ་ཁྲིམས། །གཞན་ཕན་སྨོན་འཇུག་བསྒྲུབ་པ་བྱང་སེམས་གླུ ཀྱི་བསླབ་བྱ། །སྤང་བླང་ཐབས་ཀྱིས་ཟིན་པ་གསང་སྔགས་ཀྱི་དམ་ཚིག །ཉམས་མེད་ཡོངས་སུ་བསྲུང་བར་བྱིན་གྱིས་རང་རློབས་ཤིག །སྣང་སྟོང་ཟུང་འཇུག་ཀུན་བརྟགས་བསྐྱེད་རིམ་གྱི་བསམ་གཏན། །བདེ་སྟོང་དབྱེར་མེད་ཞུ་བདེ་མི་རྟོག་གི་རྫོགས་རིམ། །ཟུང་འཇུག་འོད་གསལ་ཀ་དག་ཁྲེགས་ཆོད་ཀྱི་གསང་ལམ། །ཚེ་འདིར་མངོན་དུ་བརྙེས་པར་བྱིན་གྱིས་རང་རློབས་ཤིག །ཤིན་ཏུ་དབེན་པའི་བས་མཐའི་བྲག་སྐྱིབས་ལ་བརྟེན་ཅིང་། །གསོལ་འདེབས་གདུང་དབྱངས་འོ་དོད་མགྲིན་པ་ནས་བརྩེགས་ཏེ། །རྩ་གསུམ་འདུས་ཞལ་བླ་མ་སྙིང་དབུས་ནས་དྲན་ནོ། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རང་རློབས་ཤིག །མདོར་ན་ས་ལམ་ཡོན་ཏན་མཐར་ཕྱིན་གྱི་བར་དུ། །རེ་ས་ཁྱོད་ལས་མེད་དོ་ཐུགས་རྗེ་ཡིས་གཟིགས་ནས། །གེགས་དང་གོལ་ཤོར་ནོར་བའི་བར་ཆད་ལས་བསྒྲལ་ཏེ། །དོན་གཉིས་ལྷུན་གྱིས་འགྲུབ་


JKT022_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱིན་གྱིས་རང་རློབས་ཤིག །ཨ་ཧོ། བཅོས་མིན་མོས་གུས་དྲག་པོའི་ཕོ་ཉ་ཡིས་བསྐུལ་ཏེ། །འཁོར་ལོའི་མགོན་པོའི་གནས་གསུམ་ཆུ་གཏེར་གྱི་དབུས་ནས། །ཐུགས་རྗེའི་རང་གཟུགས་ཟླ་ཤེལ་གསར་པ་ཡི་འཛུམ་ཟེར། །བདག་གི་དད་པའི་གནས་བཞིའི་ཀུ་མུད་ལ་ཞུགས་ནས། །སྨིན་བྱེད་དབང་བཞིའི་བདུད་རྩིའི་བཅུད་ལེན་ལ་རོལ་ཞིང་། །གྲོལ་བྱེད་ལམ་བཞིའི་བསྒོམ་རུང་འདབ་བརྒྱ་ཡིས་མཛེས་པར། །ཟུང་འཇུག་སྐུ་བཞིའི་འབྲས་བུ་ཟད་མེད་དུ་འཇོ་བའི། །སྐལ་བཟང་ཐེག་པ་མཆོག་གི་དགའ་སྟོན་ལ་སྤྱོད་ནས། །མཐར་ཐུག་འོད་གསལ་གཉུག་མ་རིག་སྟོང་གི་ངང་དུ། །རྟོག་ཚོགས་ཤར་གྲོལ་དུས་མཉམ་བཟོ་མེད་དུ་ཐིམ་པས། །དཔལ་ལྡན་བླ་མ་རང་ཞལ་འབྲལ་མེད་དུ་མཇལ་ཏེ། །རེ་དོགས་ལས་འདས་ཆོས་སྐུའི་གོ་འཕང་ལ་སྦྱོར་རོ། །དེ་སྐད་གང་ཤར་རྡོ་རྗེའི་ཐོལ་གླུ་ཡི་སྒྲ་དབྱངས། །ལོངས་སྤྱོད་ཡོངས་རྫོགས་ཡི་གེའི་རོལ་མོ་ལས་སྐྱེས་པས། །རྟག་ཏུ་འཁོར་ལོའི་མགོན་པོར་མཆོད་སྤྲིན་དུ་སྤྲོས་ནས། །འགྲོ་ཀུན་རྗེས་སུ་འཛིན་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་འཁོར་ལོའི་མགོན་པོ་ལ་མི་ཕྱེད་པའི་དད་ནོར་འཆང་བ་གཞོན་ནུ་ཨ་བྷཱ་ཡས་སོ།། ༈ །།དཔལ་ལྡན་བླ་མ་དམ་པར་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་འཆི་མེད་སྤྲིན་དཀར་བཞད་པའི་རོལ་མོ་ཞེས་བྱ་བ། ཨ་ཧོ། ཀ་དག་ཟབ་ཞི་སྤྲོས་པའི་མཚན་མ་ལས་འདས་ཀྱང་། །རང་གདངས་ལྷུན་གྲུབ་


JKT022_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་གཉུག་མ་ཡི་གཤིས་ལུགས། །འགྱུར་མེད་བདེ་ཆེན་རྣམ་ཀུན་མཆོག་ལྡན་གྱི་ངང་དུ། །དཔལ་ལྡན་བླ་མ་ཞབས་པད་བརྟན་པ་རུ་ཤོག་ཅིག །འགྲོ་འོང་སྲོག་རྩོལ་དྲི་བཞོན་དབུ་མ་རུ་ཐིམ་ཞིང་། །གཟུང་འཛིན་ཉི་ཟླའི་རྒྱུ་བ་འཕོ་མེད་དུ་དག་པས། །ཕྱི་ནང་གཞན་གསུམ་རོ་གཅིག་བདེ་ཆེན་གྱི་ངང་དུ། །དཔལ་ལྡན་བླ་མ་ཞབས་པད་བརྟན་པ་རུ་ཤོག་ཅིག །དགའ་བཞིའི་ཕོ་ཉས་བསྐྱེད་པའི་རྩ་ཁམས་ཀྱི་དྭངས་མ། །ཐབས་ཤེས་ཟུང་འཇུག་ཛ་ལནྡྷ་ར་རུ་སྨིན་ནས། །སྣང་སྟོང་གདན་གསུམ་མཚན་དཔེའི་དཀྱིལ་འཁོར་དུ་འབར་བའི། །དཔལ་ལྡན་བླ་མའི་ཞབས་པད་བརྟན་པ་རུ་ཤོག་ཅིག །གསུང་དབྱངས་བདེན་གཉིས་དབྱེར་མེད་དམ་ཆོས་ཀྱི་སྒྲ་དབྱངས། །ཐར་པའི་ལམ་སྟོན་གཅིག་གྱུར་གྲགས་སྟོང་གི་རོལ་མོ། །སྐལ་བཟང་འགྲོ་བའི་མོས་ངོར་ཆད་མེད་དུ་སྩལ་བཞིན། །དཔལ་ལྡན་བླ་མ་ཞབས་པད་བརྟན་པ་རུ་ཤོག་ཅིག །ཐུགས་མཆོག་གདོད་ནས་འཁྲུལ་བྲལ་མཁྱེན་བརྩེ་ཡི་རོལ་པས། །ཇི་ལྟ་ཇི་སྙེད་ཤེས་བྱ་ཐོགས་མེད་དུ་གཟིགས་ཤིང་། །སྐད་ཅིག་རེར་ཡང་འགྲོ་རྣམས་བདེ་ཆེན་ལ་སྦྱོར་བའི། །ཚུ དཔལ་ལྡན་བླ་མ་ཞབས་པད་བརྟན་པ་རུ་ཤོག་ཅིག །འཇིགས་མེད་བདེ་སྟོང་ཟུང་འཇུག་ཆོས་སྐུ་ཡི་ཀློང་ནས། །འགགས་མེད་མཚན་དཔེའི་རོལ་གར་གཟུགས་སྐུ་རུ་སྟོན་པ། །དེང་འདིར་རྒྱལ་བའི་མྱུ་གུ་


JKT022_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་ཡི་ཚུལ་ཅན། །སྐུ་གསུམ་དབྱེར་མེད་ཞབས་པད་བརྟན་པ་རུ་ཤོག་ཅིག །མཁྱེན་རབ་འཇམ་དཔལ་གཞོན་ནུའི་བློ་གྲོས་དང་དབྱེར་མེད། །བརྩེ་ཆེན་པད་དཀར་དབང་པོའི་ཐུགས་རྗེ་དང་རོ་གཅིག །མཐུ་སྟོབས་གསང་བའི་བདག་པོའི་གོ་ཆ་ལ་རོལ་པའི། །རིགས་གསུམ་འདུས་ཞལ་ཞབས་པད་བརྟན་པ་རུ་ཤོག་ཅིག །སངས་རྒྱས་བྱང་སེམས་དྲང་སྲོང་གྲུབ་པ་ཡི་བདེན་སྟོབས། །བདག་གི་ལྷག་བསམ་སྨོན་པའི་མཐུན་འགྱུར་དུ་བཞེངས་ནས། །བསྐལ་བའི་བར་དུ་ཁྱབ་བདག་དྲིན་ཆེན་གྱི་བླ་མ། །ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་པ་རུ་ཤོག་ཅིག །འཆི་མེད་པདྨ་ཀཱ་རའི་ཐུགས་རྗེ་ཡི་བྱིན་རླབས། །འཆི་མེད་གྲུབ་པའི་བདུད་རྩི་བཅུད་ལེན་དུ་གཡོ་བས། །འཆི་མེད་བདེ་སྟོང་དབུ་མའི་མཁའ་དབྱིངས་སུ་སྨིན་པའི། །འཆི་མེད་ཚེ་མཐའ་ཡས་པའི་ངོ་བོ་རུ་གྱུར་ཤོག །དེ་སྐད་གང་ཤར་རང་གྲོལ་གྲགས་སྟོང་གི་གླུ་དབྱངས། །མགྲིན་པ་རྡོ་རྗེའི་ཐོལ་གླུའི་དཀོར་མཛོད་ནས་བླངས་པས། །ཇི་སྐད་སྨོན་པའི་དོན་རྣམས་གེགས་མེད་དུ་འགྲུབ་སྟེ། །བསྟན་འགྲོར་ཕན་བདེའི་དགའ་སྟོན་འཕེལ་བ་རུ་ཤོག་ཅིག ། ན་མོ་གུ་རུ་ཨཱ་ཡུཛྙཱ་ན་བཛྲ་ཡེ་སྭཱ་ཧཱ།། ༈ །།སྨོན་པར་བྱ་བའི་རྡོ་རྗེའི་ཐོལ་གླུ་ངོ་མཚར་ཆུ་གཏེར་ཞེས་བྱ་བ། ཨེ་མ་ཧོ། རྣམ་བཅས་སྤྲོས་པའི་དྲྭ་བ་དབུ་མར་ཐིམ། །རྣམ་མང་གྲུབ་མཐའི་འདོད་པ་གཞི་ལ་རྫོགས། །རྣམ་


JKT022_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་གསུམ་ལྡན་དབྱིངས་སུ་རོ་གཅིག་པའི། །རྣམ་པ་ཀུན་གྱི་མཆོག་ལྡན་དེ་ལ་འདུད། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཆུ་གཏེར་ཆེ། །ཐར་འདོད་སྐྱེས་བུའི་རི་མོས་བསྲུབས་པ་ལས། །ངོ་མཚར་གཏན་བདེའི་བདུད་རྩིའི་བཅུད་ལེན་གྱིས། །འཆི་མེད་གྲུབ་པའི་ལང་ཚོ་རྒྱས་གྱུར་ཅིག །འདི་ན་ཕྱི་ནང་གསང་གསུམ་ཆོས་ཁམས་ཀུན། །ཡོངས་གྲུབ་བདེ་གཤེགས་སྙིང་པོར་རོ་གཅིག་པས། །མི་ཕྱེད་དགེ་མཚན་གསར་པའི་ཕོ་ཉ་ཡིས། །བར་ཆད་བདུད་ཀྱི་དཔུང་ཚོགས་འཐག་བགྱིད་ཤོག །སྦྱིན་དང་བཟོད་སོགས་ཐབས་ཤེས་ཕར་ཕྱིན་གྱི། །ཀུན་ནས་མུ་ཁྱུད་བཟང་པོས་ཡོངས་འཁྲིལ་ཞིང་། །རྡོ་རྗེ་ཐེག་པའི་ལྟེ་བར་གཅིག་བཟླུམས་པས། །བདེན་གཉིས་ཆོས་ཀྱི་རྒྱལ་སྲིད་དབང་བསྒྱུར་ཤོག །ཕུང་ཁམས་སྐྱེ་མཆེད་འདུས་བྱས་རྟག་མིན་ཁམས། །རྟག་བརྟན་གཞོམ་གཞིག་བྲལ་བའི་ཕྱག་རྒྱ་ཆེས། །གདན་གསུམ་ལྷ་ཡི་འཁོར་ལོར་མཉམ་སྦྱོར་ནས། །ལྷན་ཅིག་གྲུབ་པའི་དགའ་སྟོན་སྦྱིན་གྱུར་ཅིག །བདེ་སྟོང་ཟུང་འཇུག་ཆང་གིས་རབ་མྱོས་པས། །བཅུ་དྲུག་དགའ་བའི་ལང་ཚོ་ཆེར་བརྟས་པའི། །རྣམ་པ་ཀུན་བྲལ་གཉིས་འཐུང་དབང་པོ་ཡིས། །ཉོན་མོངས་འཁྲུལ་པའི་དཔུང་ཚོགས་འཐག་བགྱིད་ཤོག །སྙིང་དབུས་ཚོགས་བརྒྱད་ལས་འདས་བུམ་སྐུའི་སྦུབས། །མངོན་སུམ་ཡང་དག་རིག་པ་ལ་


JKT022_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པས། །བློ་བྲལ་བདེ་བ་ཆེན་པོར་རོ་གཅིག་སྟེ། །གྲོལ་ལུགས་བརྒྱད་ཀྱི་དེ་ཉིད་མངོན་གྱུར་ཤོག །ཀ་དག་མཚོན་བརྗོད་ལས་འདས་ཆུ་གཏེར་ཆེར། །ལྷུན་གྲུབ་སྣང་བཞིའི་ཉིན་བྱེད་ཆེས་འབར་ཏེ། །མི་ཕྱེད་ནང་གསལ་ཁྱད་ཆོས་དྲུག་ལྡན་གཞིར། །འཕོ་འགྱུར་བྲལ་བའི་པདྨོ་བཞད་གྱུར་ཅིག །དེ་སྐད་ལོངས་སྤྱོད་འཁོར་ལོའི་ཡི་གེའི་སྤྲིན། །གྲགས་སྟོང་རླུང་གི་ཕོ་ཉས་བསྐུལ་བ་ལས། །གསང་ལམ་མཐར་ཐུག་སྨོན་པའི་བདུད་རྩི་ཡིས། །སྡུག་བསྔལ་བདེན་པའི་ཚ་གདུང་བཅིལ་བར་ཤོག །ཅེས་པའང་སྒྲུབ་པའི་དམ་བཅའ་ལ་ཐོག་མར་འཇུག་པའི་ཚེ་ཨོ་རྒྱན་སངས་རྒྱས་གཉིས་པས་རྫུ་འཕྲུལ་རྡོ་རྗེའི་བཀོད་པ་ལ་བརྟེན། ཕྱི་རོལ་གྱི་གྲུབ་མཐའ་ལས་རྒྱལ་བའི་དུས་ཀྱི་རྒྱལ་པོ་ཚེས་བཅུའི་མཆོད་པའི་སྐབས་སུ་གང་ཤར་ལྷུག་པར་བླངས་བ་འགྲུབ་གྱུར་ཅིག །སརྦ་སིདྡྷ་ནཱུབཛྲ་གཱི་རྟིའི་རྟོགས་པ་བརྗོད་པའི་རྡོ་རྗེའི་ཐོལ་གླུ་ངོ་མཚར་དྲང་པོའི་ས་བོན་ཅེས་བྱ་བ། ཨ་ཧོ། །དཔལ་སྐུ་བཞིའི་དབང་ཕྱུག་རྡོ་རྗེ་འཆང་། །དུས་གསུམ་གྱི་རྒྱལ་བ་ཀུན་གྱི་དངོས། །ཁྱབ་བདག་འཁོར་ལོའི་མགོན་པོ་ལ། །སྒོ་གསུམ་གུས་པས་གསོལ་བ་འདེབས། །ཐུགས་རྗེ་ཆེན་པོས་རྗེས་སུ་སྐྱོངས། །གང་ཤར་རང་སར་གྲོལ་བའི་དབྱིངས། །འོད་གསལ་དབུ་མའི་མཁའ་ཀློང་ནས། །གྲགས་སྟོང་རྡོ་རྗེའི་ཐོལ་གླུའི་སྒྲ། །ཟད་མེད་ལེན་པའི་དཔྱིད་དཔལ་འདི། །སྙིང་པོས་དབེན་པ་མ་ལགས་ཏེ། །སྔོན་སྨོན་གྱི་


JKT022_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པོ་དཀར་བ་དང་། །རྟེན་འབྲེལ་གྱི་འཆར་སྒོ་མ་འགགས་པས། །ཆོས་རྣམས་ལ་སྡུག་བཙིར་གྱི་བསླབ་པ་དང་། །རྟོག་གེའི་ཐལ་འགྱུར་རྣོན་པོ་ཡིས། །ཡེ་གྲོལ་ལ་རྗེས་དཔག་མ་དགོས་པར། །ཅེར་གྲོལ་གྱི་བདེན་པ་མཐོང་བའི་མཐུས། །གང་ཤར་ཀུན་རང་རིག་རྗེན་པར་གྲོལ། །རྟོག་འཛིན་གྱི་འཆིང་བ་མཐའ་དག་ཀུན། །ངང་བཞག་གི་སྦུབས་སུ་དག་ཙ་ན། །ཡུལ་སྣང་ཀུན་དག་པ་རབ་འབྱམས་ཏེ། །ཐ་མལ་གྱི་འཛིན་པ་དབྱིངས་སུ་ཡལ། །རྡོ་རྗེ་ལུས་ཀྱི་མཎྜ་ལར། །གདན་གསུམ་ཞི་ཁྲོའི་ལྷ་ཚོགས་ཀུན། །ཡོངས་གྲུབ་ཏུ་གནས་པ་ཤེས་པའི་མོད། །ཀུན་བརྟགས་ཀྱི་སྤུ་རིས་འཇའ་ལྟར་།དེངས། །འབྱུང་བ་དང་འཇུག་པའི་སྲོག་རྩོལ་རླུང་། །ཟག་བྲལ་གྱི་དྷཱུ་ཏཱིར་དབང་བྱས་པས། །མི་ཤིགས་ནཱ་དའི་མཁའ་དབྱིངས་ནས། །ལུང་རྟོགས་ཀྱི་ཆོས་ཕུང་འབད་མེད་བརྡོལ། །རྩ་གསུམ་དང་འཁོར་


JKT022_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་གྲོང་ཁྱེར་དུ། །ཐབས་ཤེས་ཀྱི་ཊཱ་ཀི་རང་ཆས་གནས། །འགྱུར་མེད་ཀྱི་བདེ་བས་བརླན་པའི་ཚེ། །གནས་ཡུལ་གྱི་ཡིད་བྱེད་ཆད་དེ་ཐལ། །སྣང་ཚུལ་གྱི་རང་བཞིན་སྣ་ཚོགས་ཀྱང་། །གནས་ལུགས་དང་མཐུན་པའི་གདིང་རྙེད་པས། །བཅོས་མ་ཡི་སྒོམ་ལ་རེ་མ་དགོས། །ཡིད་དཔྱོད་གྱི་མཚན་མ་རང་སར་དག །འདི་དོན་མེད་ཀྱི་ཁ་ཕོ་མ་ལགས་ཏེ། །ཁྱབ་བདག་དྲན་ཆོག་བླ་མ་ཡིས། །སྐད་ཅིན་རྗེན་


JKT022_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངོ་སྤྲད་པས། །འཁོར་འདས་ཀྱི་འདུག་ཚུལ་ཇི་བཞིན་རྟོགས། །འདི་རྡོ་རྗེ་ལམ་གྱི་གནད་ཅིག་ཡིན། །ཕྱི་རོལ་གྱི་ཡུལ་སྣང་མཐའ་དག་རྣམས། །སྒྱུ་མ་དང་རྨི་ལམ་ལྟ་བུར་མཐོང་། །དེ་མཐོང་བས་རེ་དོགས་བློ་སྣ་ཞིག །དེ་ཞིག་པས་གང་ཤར་གླུ་རུ་ལེན། །དེ་བླངས་པས་རང་སྣང་དབང་དུ་འདུས། །དེ་འདུས་པས་གཞན་སྣང་ཟིལ་གྱིས་གནོན། །དེ་ནོན་པས་སྲིད་ཞི་མཉམ་པར་བརྡལ། །ཚུལ་དེ་ལ་མོས་པར་མ་གྱུར་ཀྱང་། །རྨོངས་ཞེན་གྱིས་གཤེ་བར་མི་འཚལ་ཏེ། །སྟོང་པ་དང་རྟེན་འབྱུང་མ་འགགས་པའི། །རྒྱུ་འབྲས་གྱི་སྣང་ཚུལ་ཡིན་ཕྱིར་རོ། །དཔལ་དེ་རིང་དཀར་ཕྱོགས་ཀྱི་གོང་བ་ལ། །དགུང་མཁའ་ཁམས་མེ་ཏོག་ཆར་གྱིས་ཁེངས། །ས་གཞི་ཀུན་ཟླ་ཞུན་གོས་སུ་གྱོན། །ཕྱི་ནང་གི་འབྱུང་བ་ངང་གིས་སྙོམས། །སེམས་བདེ་གསལ་མི་རྟོག་ཁོང་ནས་འབར། །འདི་ཟབ་དོན་གྱི་སྒོ་འཕར་དབྱེ་བ་ལ། །ཁོང་དཔའ་བོ་ཌཱ་ཀིའི་ཚོམ་བུ་ཀུན། །ཐུགས་དགྱེས་པའི་རྟགས་སུ་གདོན་མི་ཟ། །དེ་གོའམ་གཟུར་གནས་དཔྱོད་ལྡན་ཚོགས། །ཨ་ལ་ལ་སྲིད་དང་ཞི་བ་ཀུན། །བདེན་མེད་དུ་མཐོང་བའི་རྣལ་འབྱོར་པ། །རེ་དོགས་གྱི་སྡུག་ཡུས་མ་མཆིས་ཀྱང་། །ཉམས་མཚར་གྱི་གླུ་འདི་ངག་ནས་ཐལ། །དེའི་དགེ་བས་མ་གྱུར་འགྲོ་བ་ཀུན། །བདེན་དོན་གྱི་ཤེས་པ་མངོན་མཇལ་ནས། །སྐུ་གསུམ་པོ་རྣམ་དབྱེར་


JKT022_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕྱེད་པའི། །གདོད་མ་ཡི་གཏན་སྲིད་ཟིན་པར་ཤོག །ཅེས་པའང་སོ་སོ་སྐྱེ་བོའི་ཀུན་ཏུ་རྨོངས་པའི་འཆིང་བ་མཚུངས་པར་ལྡན་པའི་ཉམས་ཀྱི་ར་རི་འཆལ་གཏམ་དུ་བྱས་པ་ལ་རྡོ་རྗེའི་གླུར་སྒྲོ་བཏགས་པའི་ལེའུ་ཚན་འདི་རྣམས་ཕྱོགས་གཅིག་ཏུ་བསྡེབས་པའི་ཚེ་ཤིན་ཏུ་སྦ་བར་འོས་པའི་ཚིག་འདིའང་རྣལ་འབྱོར་པ་འཇིགས་པ་མེད་པའི་སྡེས་གང་ཤར་བླངས་པའི་དེ་འཕྲལ་ཉིད་དུ་ཟིན་བྲིས་སུ་བགྱིས་པ་སརྦ་སིདྡྷིནྟུ།། །།ངོ་མཚར་ཚིག་གི་གླུ་དབྱངས་སྙན་པོའི་ཁུ་བྱུག་དངོས་ཏེ་འདོད་པའི་ཕོ་ཉ་དེ་མ་ཡིན། །དོན་བཟང་སྤྲིན་གྱི་བཞད་ལྡན་མ་འདི་མདོངས་མཐའ་ཉིད་ཡིན་ལག་འགྲོའི་ཟས་ཅན་དེ་མ་ཡིན། །གྲུབ་གཉིས་བདུད་རྩིའི་བཀོ་བཤའ་འགྱེད་འདི་ཟླ་ཤེལ་དངོས་ཏེ་རྡུལ་གྱི་ཐིག་ལེ་དེ་མ་ཡིན། དེས་ཀྱང་སྐུ་བཞིའི་སྣང་བ་སྦྱིན་འདི་ཉིན་བྱེད་དངོས་ཡིན་ཚ་བའི་འོད་ཟེར་ཅན་དེ་མ་ལགས་སོ། །དེ་སླད་དབང་རྣོན་སྐལ་བཟང་ནི། །འགའ་ཞིག་སྲིད་ན་བློ་གྲོས་ཀྱི། །བུང་བ་རྣམ་པར་གཡོ་བ་ཡིས། །དོན་བཟང་སྦྲང་རྩིའི་བཅུད་འཐུངས་ཤིག །ཅེས་པའང་བར་སྐབས་ཀྱི་ཆེད་དུ་བརྗོད་པའོ། །འདི་ཡན་རང་ལོ་བཅུ་ཕྲག་གཅིག་ལ་བརྒྱད་ཀྱིས་ལྷག་པར་སོན་པ་མེ་ཁམས་ཡན་ལག་དྲུག་པ་སྟེ་གསེར་འཕྱང་གི་ལོའི་དབོ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར་ཕྱོགས་གཅིག་ཏུ་བསྡེབས་པའོ།། ༈ །།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཚོགས་ཀྱི་མཆོད་པའི་རྡོ་རྗེའི་གླུ་བདེ་ཆེན་རྟག་པ་དམ་པའི་སྤྲིན་གྱི་རོལ་མོ་ཞེས་བྱ་བ། འོད་གསལ་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཀྱི་རོལ་མོ། །ཟུང་འཇུག་དྭངས་མའི་


JKT022_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སྐུར་མངོན་སུམ་དུ་ཤར་བ། །དྲན་པས་སྙིང་གི་གདུང་སེལ་དཔལ་ལྡན་གྱི་བླ་མས། །བདེ་སྟོང་ཡེ་ཤེས་སྐྱེ་བར་བྱིན་གྱིས་རང་རློབས་ཤིག །ཨེ་དབྱིངས་ཤིན་ཏུ་རྣམ་དག་སྤྲོས་བྲལ་གྱི་གནས་ལུགས། །ཝཾ་ཡིག་བཅུ་དྲུག་དགའ་བའི་མཚན་དཔེ་རུ་བཞེངས་པའི། །ལྷན་སྐྱེས་མཁའ་ལ་སྤྱོད་པ་རྣལ་འབྱོར་གྱི་དབང་མོས། །རླུང་སེམས་དབུ་མར་ཐིམ་པའི་དངོས་གྲུབ་ཞིག་སྩོལ་དང་། །ཡུལ་ཆེན་ཉི་ཤུ་རྩ་བཞིར་རང་བཞིན་གྱིས་སྣང་བའི། །ཐབས་ཤེས་ཕྱག་རྒྱའི་གཟུགས་འཆང་དཔའ་བོ་དང་མཁའ་འགྲོ། །ཞིང་སྐྱེས་ཕོ་ཉའི་ཚོགས་ཀྱི་འདུ་བ་ལ་བརྟེན་ནས། །བདེ་ཆེན་ཉམས་བརྒྱས་སྒེག་པའི་སྐལ་བཟང་ལ་སྦྱོར་ཞིག །སྟོང་ཉིད་མཁའ་ལ་བྲིས་པའི་ཏིང་འཛིན་གྱི་ཉམས་འགྱུར། །ངོ་མཚར་དབང་པོའི་གཞུ་བཞིན་སྣ་ཚོགས་སུ་འཆར་བའི། །སྔགས་སྐྱེས་རྡོ་རྗེ་བཙུན་མོའི་བསམ་གཏན་གྱི་དགའ་མ། །ཅིར་སྣང་བདེ་ཆེན་འདྲེན་པའི་སྐྱོ་གྲོགས་ལ་ཕེབས་དང་། །རྨད་བྱུང་རྡོ་རྗེ་ཐེག་པའི་ལམ་བཟང་གི་མཐར་ཐུག །རྣལ་འབྱོར་གསང་མཐའི་བདུད་རྩིའི་དགའ་སྟོན་ལ་སྤྱོད་པས། །བརྟན་གཡོའི་ཚུལ་དུ་སྣང་བའི་ཐ་མལ་གྱི་དངོས་ཀུན། །ཧེ་རུ་ཀ་དཔལ་འགྲུབ་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་འཇམ་མགོན་བླ་མ་རིན་པོ་ཆེ་ངག་གི་དབང་ཕྱུག་བྱམས་པ་ཕུན་ཚོགས་དཔལ་བཟང་པོས་འདི་ལྟར་བྲིས་ཞེས་རྡོ་རྗེ་བཀའ་སྩལ་སྤྱི་བོར་མཆོད་དེ། བྱ་


JKT022_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ་ཀུན་ཏུ་རྒྱུ་མཉྫ་གྷོ་ཥས་གསོལ་བ་བཏབ་པ་སིདྡྷི་རསྟུ།། དགེའོ།། དགེའོ།། དགེའོ།།